| Wylie | e-texts based on the ACIP/ALL Input |
text in 3 volumes
volume 1 (gso rig (e)) - volume 2 (gso rig (ko)) - volume 3 (gso rig (kho)) -
དེ་ནས་དམུ་རྫིང་གསོ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདིའི་གོ་རིམ་དང་མཚན་ཉིད་ཀྱིས་ནད་གསོ
་བ་འདི་བརྩམས་པ་ཡིན་ནོ། །ནད་ནི་ཤས་ཆེར་བ་སོགས་པ་དང། བུ་གའི་རྒྱུན་སྲང་འགགས་པ་དང། །དམུ་རྫིང་འབྱུང་བས
་དེ་ཡི་ཕྱིར། །རྟག་ཏུ་བཀྲུ་སྨན་བཏང་བར་བྱ། ཞེས་བྱ་བ་ལ། གང་གི་ཕྱིར་དམུ་རྫིང་གི་ནད་ཐམས་ཅད་ནི་དང་པོར་ནད་ཀྱི
་དཀྱེལ་ཤས་ཆེར་བསོགས་ཤིང་ནང་ན་འཕེལ་བར་འགྱུར་བ་དང། དེ་བཞིན་དུ་བུ་གའི་རྒྱུན་སྲང་རླུང་གིས་དཀྲུགས་པར་གྱུར་པ
་ལས་དམུ་རྫིང་འབྱུང་བར་འགྱུར་བ་ཡིན་ནོ། །རྒྱུ་དེ་བས་ན་དམུ་རྫིང་གི་ནད་ཀྱིས་ཐེབས་པ་ལ་ནི་རྟག་པར་རྒྱུན་དུ
་བཀྲུ་སྨན་བཏང་བས་གསོ་བར་བྱའོ། །ཡང་ན་ཟླ་བ་གཅིག་གམ་གཉིས། །ེ་རཎྜའི་མར་བ་གཅིན་བཅས། །འོ་མར་བཅས་པའམ
་བ་གཅིན་ནམ། མ་ཧེའི་གཅིན་ནི་བླུང་བྱ་ཞིང། །བ་ཡི་འོ་མ་བླུད་པར་བྱ། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་དང་ལྡན་པ་དེ་ལ་ཟླ་བ
་གཅིག་གམ་གཉིས་ཀྱི་བར་དུ་ཨེ་རཎྜའི་མར་བ་གཅིན་དང་སྦྱར་བ་ཉིན་རེ་ཞིང་བླུད་པར་བྱ་བ་འམ། ཡང་ན་བའི་འོ་མ་ཟླ་བ་གཅིག་གམ
་གཉིས་ཀྱི་བར་དུ་ཉིན་རེ་ཞིང་བླུད་པར་བྱ་བ་འམ་ཡང་ན་བའི་འོ་མ་འཐུང་ཞིང་བའི་གཅིན་ནམ་མ་མ་ཧེའི་གཅིན་ཟླ་བ་གཅིག་གམ་གཉིས་ཀྱི་པར་དུ་བླུད་པར
་བྱའོ། །ལྷོ་སྦོས་ཚ་བས་ཉམ་ཐག་ཅིང། །སྐོམ་བ་དང་བརྒྱལ་བས་ནོན་པ་ལ། །རྔ་མོའི་འོ་མ་བླུད་པར་བྱ། ཞེས་བྱ་བ་ལ། ཡང་དམུ་རྫིང་གི་ནད་ཅན
་ལྟ་པ་སྤོས་པ་ལ་སོགས་པའི་ནད་ཀྱིས་བླ་གཉན་གྱི་ཉམས་ཐག་པ་ལ་ནི་རྔ་མོའི་འོ་མ་བླུད་པར་བྱའོ། །རྩུབ་ཅིང་རླུང་ཤས་ཆེ་བ་ཡི། །ནད་ན་སྦྱིན་པར
་འདོད་པ་ཡིས། །སྣུམ་ཆོས་དང་ནི་སྨན་མར་དག་།དམུ་རྫིང་འཇོམས་པར་སྦྱང་པར་བྱ། །ཞེས་བྱ་བ་ལ། དམུ་རྫིང་ཅན་གྱི་ནད་པ་ཁོང་རྩུབ་ཅིང་ལྷག
་པར་རླུང་གི་ཤས་ཆེ་བར་གྱུར་པའི་ནང་ཀྱི་ཚོགས་སྦྱང་ཞིང་སེལ་བར་འདོད་སྣུམ་གྱི་ཆོ་ག་དང་སྨན་མར་གྱི་སྦྱོར་བ་དམུ་རྫིང་སེལ་བར་བྱེད་པ་དག་བཏང
་བར་བྱའོ། །སྲང་དྲུག་རྩ་བ་ཅུ་ཡི་ཆུ། །ཞོ་ཁ་ཆུ་ནི་བྲེ་བརྒྱད་བསྐོལ། །ཞེས་བྱ་བ་ལ། ཡང་ན་རྩ་བ་བཅུའི་ཆུ་དང་ཞོ་ལ་ཆུ་གཉིས་དང་བསྐོལ
་བ་སྲང་དྲུག་པ་སྨན་མར་ཇི་སྐད་སྨོས་པ་དེ་སྦྱིན་པར་བྱའོ། །དོང་གྲ་སྲང་གསུམ་མར་དང་ནི། །ཏིལ་མར་བྲེ་ནི་རེ་རེ་དག་།ཞོ་ཁ་ཆུ་ནི་བྲ་བཞི་དག་།བསྐོལ་བ་འདི་ནི
་བླུད་གྱུར་ན། །དམུ་རྫིང་ཐམས་ཅད་འཇོམས་པར་བྱེད། །རླུང་དང་བད་ཀན་ལས་བྱུང་བའི། །སྐྲན་ལ་མཆོག་ཏུ་ཕན་པ་ཡིན། ཞེས་བྱ་བ་ལ། དོང་གྲ་སྲང
་གསུམ་གྱི་ལྡེ་གུ་དང། མར་བྲེ་གང་དང། ཏིལ་མར་བྲ་གང་དང། ཞོ་ཁ་ཆུ་བྲེ་བཞིའི་ནང་དུ་བསྐོལ་ཏེ། རླུང་ན་ཡང་ཕན་ཞིང། རླུང་དང་བད་ཀན་གྱི་སྐྲན་ལ་ཡང
་ཕན་ནོ། །བཞི་འགྱུར་ཆུ་དང་ཉིས་འགྱུར་གཅིན། །ཀྲུ་དྲུག་ཏྲེས་སྲང་གཅིག་ལྡེ་ཀུ་།བྲེ་གང་མར་བསྐོལ་ཐལ་སྨན་བཅས། །དམུ་རྫིང་ཅན་ལ་བླུད་པར་བྱ།
་ཞེས་བྱ་བ་ལ། མར་བྲེ་གང་སྟེ་དེ་ལས་བལྟོས་པའི་ཆུ་བཞི་འགྱུར་ཏེ་བྲེ་བཞི་པ་གཅིན་ཉིས་འགྱུར་དེ་བྲ་དོ། །ཀྲུ་དྲུག་སྲང་གཅིག་གི་ལྡེ་གུ་དང། བསྐོལ་བའི་མར་ཐལ་སྨན་དང་བཅས་པ་བླུད་ན་ཡང་དམུ་རྫིང
་སེལ་བར་བྱེད་དོ། །ནས་དང་རྒྱ་ཤུག་རྒྱ་སྲན་དང། །རྩ་བ་ལྔ་དང་བསྐོལ་བའི་ཆུ། །ཆང་དང་རང་སྒྱུར?་བཅས་པ་དང། །མར་བསྐོལ་པ་ཡང་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་ནས་ལ་སོགས་པའི
་ཁུ་བ་དང་མར་བསྐོལ་བ་བླུད་ན་ཡང་ཕན་ནོ། །སྣུམ་འདིས་སྣུམ་བྱས་ཉམས་སྟོབས་ནི། །སྐྱེ་ཞིང་རླུང་ནད་ཞི་གྱུར་ནས། །ནད་ནི་གནས་ལས་བསྐྱོད་པ་དང། །ཆོག་གྲུབ་བཤད་བཀྲུ་སྨན་བཏང།།
་ཞེས་བྱ་བ་ལ། སྔར་བཤད་མ་ཐག་པའི་སྨན་མར་གྱི་སྣུམ་འདི་སྣུམ་པར་བྱས་ཤིང་ལུས་ཀྱིས་ཉམས་སྟོབས་བསྐྱེད་པ་དང། ཁོང་པའི་རླུང་ཞི་ཞིང་དག་པར་གྱུར་པ་དང། །ནད་རང་གི་གནས་ལས
་བསྐྱེད་ཅིང་འགུལ་པར་གྱུར་ནས་ཚོགས་གྲུབ་པ་ལས་ཇི་སྐད་བཤད་པའི་བཀྲུ་སྨན་དག་སྦྱིན་པར་བྱའོ། །པ་ཏོ་ལའི་རྩ་འབྲས་བུ་གསུམ། །སྐྱེར་པ་བྱི་དང་གཞོ་རེ། །ཀཾ་བི་ལི་དང་ནི་ལི་ནི། །ཙི་ཏྲ
་ཀ་ནོ་གཉིས་གསུམ་བཞི། །ཕྱིར་བཏགས་པ་གཅིན་སྦྱར་བ་བླུད། །འཁྲུས་ནས་ཐུགས་ལ་ཤ་ཁུ་ནི། །སྐམ་སར་གནས་པའི་ཤ་ཁུ་སྦྱིན། །དེ་ནས་ཞག་དྲུག་འོ་མ་དང། །ཚ་བ་གསུམ
་དང་བསྐོལ་བ་ནི། །ཡང་དང་ཡང་དུ་བླུད་བྱས་ན། །འདི་ཡིས་དམུ་རྫིང་ཐམས་ཅད་ནི། །དམུ་ཆུར་གྱུར་ཀྱང་འཇོམས་པར་བྱེད། །ཅེས་བྱ་བ་ལ། པ་ཏོ་ལའི་རྩ་བ་ལ་སོགས་པ་སྨན
་སྣ་རེ་ཞིང་ཞོ་རེ་རེ་ཀཾ་བི་ལ་ཞོ་གཉིས། ནི་ལི་ནི་ཞོ་གསུམ་ཙི་ཏྲཀ་ཞ་བཞི་སྟེ། དེ་དག་ཐམས་ཅད་ཕྱེ་མར་བཏགས་ལ་བག་ཅན་དང་སྦྱར་བ་བླུད་ན་དེ་འཁྲུས་ནས་ཐུག་པ་ལ་སོགས་པ་སྦྱོར་བ་སྦྱིན་ཞིང་དེའི་འོག་ཏུ་ཞག
་དྲུག་འོ་མ་དང་ཚ་བ་གསུམ་བསྐོལ་བ་བླུད་ལ། དེའི་འོག་ཏུ་ཞག་བདུན་པ་ལ་ཡང་བླུད་པར་བྱ་སྟེ། དེ་ལྟར་ཕྱེ་མ་དེ་ཡང་དང་ཡང་དུ་བླུད་ན་དམུ་རྫིངས་ཐམས་ཅད་སེལ་བར་འགྱུར་རོ། །བཤི་ལ་དང་ཤང་ཁི་ནི།
་དནད་སེང་ཕྲོམ་ཤུན་ཤུ་དག་།རྒྱ་ཤུག་ཕྲེའུ་རྒུན་འབྲུམ་དང། །རྒྱ་ཤུག་སྦོམ་ཆུ་བུར་མཆང། །བ་གཅིན་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། བི་ཤ་ལ་སོགས་པའི་སྨན་རྒྱ་ཤུགས་ཕྲེའུ་ཀ་རིཀཎྜ་ཞེས་བྱ་བ
་བསྐོལ་བའི་ཁུ་བ་འམ། རྒུན་ཆུ་འམ་རྒྱ་ཤུག་སྦོམ་པོ་བ་དིར་ཞེས་བྱ་བའི་ཆུ་འམ། བུ་རམ་ཆང་གང་ཡང་རུང་བ་དང། སྦྱར་ཏེ་བླུད་ན་ཡང་ཕན་ཏེ། བུ་རམ་ཆང་དང། བག་ཅིན་དང་སྦྱར་ཏེ་བླུད་པ་ནི་བཀྲུ
་སྨན་གྱི་དོན་དུ་བཏང་ངོ། །ལ་ལ་བུད་དང་སྦ་མའི་འབྲས། །འུ་སུ་ཤུ་ཏི་ཟི་རི་གནག་།པི་པི་ལིང་ཙ་ཀ་ར་བཱི། ། ཟ་གནད་ཟུར་བ་དཀར། །ཤུ་དག་ཟི་ར་ཙི་ཏྲ་ཀ་།ཚ་བ་གསུམ་དང་ཁྲོན་བུ་དང།།
་འབྲས་བུ་གསུམ་དང་ཐལ་སྨན་གཉིས། །མ་ནུ་རུ་རྟ་ལན་ཚྭ་ལྔ། །བྱི་དང་ག་རྣམས་ཆ་བསྙམས་དང། །དན་ད་ཆ་གསུམ་དེ་བཞིན་དུ། །དུར་བྱིད་བི་ཤ་ལ་ཉིས་འགྱུར། །ས་ཏ་ལ་ནི་བཞི་འགྱུར་ཏེ། །ཕྱེ་མ་འདི་ནི་སྲེད་མེད་བུ། ཞེས་བྱ་ཚོགས་ཀྱི་ནད་འཇོམས་བྱེད། །འདི
་བརྟེན་ནད་ནི་གནས་མིན་ཏེ། །ཁྱབ་འཇུག་གིས་བཅོམ་ལྷ་མིན་མཚུངས། །དམུ་རྫིང་ཅན་ལ་དར་བ་བླུང། །སྐྲན་ཅན་རྒྱ་ཤུག་ཆུ་སྦྱར་བླུད། །རླུང་གིས་ལྟོ་སྤོས་ཆད་སྦྱར་བླུད། །རླུང་ནད་ཉིད་ལ་ཆང་དང་སྦྱར། །ཕྱིས་འགགས་ལ་ཞོ་ཁ་ཆུས། །གཞང་བྲུམ་ཅན
་ལ་ཞོ་ཁ་ཆུས། །བཅད་སྙམ་སེམས་ལ་ང་ཏྲིག་ཆུས། །མ་ཞུ་བ་ལ་ཆུ་དྲོན་ལས། །མཚན་པར་རྡོལ་དང་སྐྱབས་པ་དང། །ལུད་པ་དབུག་མི་བདེ་སྐད་འགགས། །སྙིང་ནད་ཕོ་བའི་ནད་དང་ནི། །མཛེ་དང་མེ་དྲང་ཉམས་དང་རིམས། །མཆེ་བའི་རིམས་དང
་རྩ་བའི་དུག་།དབྱིག་དུག་སྦྱར་བའི་དུག་བཅས་ལ། །ཅི་རིགས་པ་ནི་ཕྱེ་མ་འདི། །ཁོང་པ་སྣུམ་དང་ལྡན་པ་ལ། །བླུད་ནས་འཁྲུ་རུ་གཞུག་པར་བྱ། །ཞེས་བྱ་བ་ལ། །ལ་ལ་ཕུང་ནས་བྱི་དང་གའི་བར་གྱི་སྨན་ཆ་མཉམ་པར་བྱས་ལ། །སྨན་དང་པོ་ལ་བལྟོས་པའི
་དན་ད་ཆ་གསུམ་གཞུག་ཅིང། །དེ་བཞིན་དུ་དུར་བྱིང་དང་བི་ཤ་ལ་དང་པོའི་ཉིས་འགྱུར་ས་ཏ་ལ་ཞེས་བྱ་བ་སྨན་སབཏ་ལ་དང་པོའི་བཞི་འགྱུར་དུ་བྱས་ཏེ། ཕྱེ་མ་འདི་ནི་སྲེད་མེད་ཀྱི་བུ་ཞེས་བྱ་སྟེ། དེ་ནི་ནད་ཀྱི་ཚོགས་དུམ་འཇོམས་པར་བྱེད་པ་ཡིན་ཏེ། ཕྱེ
་མ་འདི་བསྟེན་ཆིང་ཟོས་ནས་ནང་ལ་གནས་ཤིང་འདུག་པའི་མཐུ་མེད་ཅིང། །དཔེར་ན་ཁྱབ་འཇུག་ཅེས་བྱ་བ་སྲེད་མེད་ཀྱི་བུས་ལྷ་མ་ཡིན་རྣམ་པར་བཅོམ་པར་གྱུར་ན་གནས་ཤིང་འདུག་པའི་མཐུ་མེད་པ་དང་འདྲའོ། །དེ་དམུ་རྫིང་ཅན་གྱི་ནད་པ་ལ་ནི
་དར་བ་དང་སྦྱར་ཏེ་བླུང་བར་བྱ་བ་ནས་མ་ཞུ་བ་ལ་ཆུ་དྲོན་དང་སྦྱར་ཏེ་བླུད་པར་བྱ་བ་ལ། བཅད་སྙམ་སེམས་པ་ནི་རྒྱུ་མའི་ནང་གྲིས་བཅད་པ་སྙམ་དུ་སེམས་ཏེ་དེ་ལ་དེ་ཏྲིག་བསྐོལ་བའི་ཆུ་དང་བླུད་པར་བྱའོ། །མཚན་པར་རྡོལ་ནས་སྦྱར་བའི་དུག་གིས་བར་དུ
་འདི་ཕྱེ་མ་འདི་དང་པོ་ཁོང་པ་སྣུམ་གྱིས་ཞེན་པར་བྱས་ལ། སྦྱོར་བ་ཇི་ལྟ་བ་བཞིན་དུ་བླུད་དེ་ལེགས་པར་འཁྲུར་གཞུག་པར་བྱའོ། །སྦ་མའི་འབྲས་བུ་བྱ་སྣུ་དང། །འབྲས་བུ་གསུམ་དང་ནི་ལི་ནི། །པུ་ཙ་ཤལ་དང་ཁྱི་ལྕེ་བ། །དུར་བྱིད་དུ་?
་སབཏ་ལ། །རྒྱམ་ཚ་དང་ནི་ཁ་རུ་ཚ། །བི་བི་ལིང་ནི་ཕྱེ་མར་བཏགས། །སེའུ་འབྲུའི་ཁུ་བ་འམ་འབྲས་བུ་ནི། །གསུམ་གྱིས་ཁུ་བའམ་ཤ་ཁུ་འམ། །བ་གཅིན་དྲོ་འཇམ་ཆུ་ལས་བྱུང། །འདིས་ནི་སྐྲན་ནད་ཐམས་ཅད་དང། །མཚར་པ་དམུ་རྫིང་ཐམས
་ཅད་དང། །ཤ་སྐྲ་མཛེ་ནད་མ་ཞུ་དང། །དྲོད་ཉམས་མ་དྲོད་མ་སྙོམས་དང། །གཞས་འབྲུམ་སྐྱ་ཐབ་མིག་སེར་དང། །རྐང་ལག་?་བའི་ནད་དང་ནི། །རླུང་དང་མཁྲིས་པ་བད་ཀན་རྣམས། །བཀྲུ་སྨན་བཏང་བས་མྱུར་དུ་སེལ། །ཞེས་བྱ་བ་ལ། སྦ་མའི་འབྲས་བུ་ཞེས
་བྱ་བ། །ཧ་བུ་ཤ་ལ་སོགས་པའི་སྨན་ཕྱེ་མར་བྱས་ལ། །ཕྱེ་མ་འདི་སེའུ་འབྲུའི་ཁུ་བ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་ཅི་རིགས་པར་བླུད་ན་སྐྲན་གྱི་ནད་ཐམས་ཅད་ལ་སོགས་བསལ་ཅིང་ཕྱེ་མ་དེ་བཀྲུ་སྨན་དུ་བཏང་བས་ནད་གཞི་སུམ་ཆར
་སལ་བར་བྱེད་དོ། །ནི་ལི་ནི་དང་ཚ་བ་གསུམ། །ལྕང་མ་ཡང་བཀྵ་ར་དང། །ལན་ཚེ་ལྔ་དང་ཀྲུ་དྲུག་ཏྲེས། །ཕྱེ་མ་ཞུན་མང་བླང་ན་ནི། །དམུ་རྫིང་སྐྲན་གྱིས་ནད་རྣམས་སེལ། །ཞེས་བྱ་བ་ལ། ནི་ལི་ནི་ལ་སོགས་པའི་སྨན་ཕྱེ་མར་བཏགས་ལ་ཞུན
་མར་དང་སྦྱར་ཏེ་བླུད་ནས་དམུ་རྫིང་དང་སྐྲན་གྱི་ནད་རྣམས་སེལ་བར་བྱེད་དོ། །སྤྱད་བྱས་ཉམ་ཆུང་བར་བར་དུ། །རྔ་མོ་འམ་བ་འམ་ར་ཡི་ནི། །འོ་མ་སྔོན་བཞིན་བླད་པར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་བཏང་པས་ལུས་ཉམ་ཆུང་བར་གྱུར་བ་ལ་ནི
་བར་བར་ཏེ། །སྐབས་སྐབས་སུ་རྔ་མོ་འམ་བའམ་རའི་འོ་མ་ཚ་བ་གསུམ་དང་ཅས་པ་བླུད་པར་བྱའོ། །བཤོལ་དུ་མེད་པའི་ནད་ལ་ནི། །བཀྲུས་སྨན་ཕྱིར་ནི་སྣུམ་བཅས་བཏང། །མཆོག་ཏུ་ཉམ་ཆུང་གྱུར་ལ་སྦྱིན། །ཞེས་བྱ་བ་ལ། དམུ
་རྫིང་གི་ནད་གདོན་མེ་ཟ་བར་བྱ་དགོས་ཤིང་ཤིན་ཏུ་གཏུགས་པར་གྱུར་བ་ལ་ནི། །བཀྲུ་སྨན་སྣུམ་བག་ཅན་དག་བཏང་བས་གསོ་བར་བྱ་ལ། དེ་ལས་ཀྱང་མཆོག་ཏུ་ཉམ་ཆུང་བར་གྱུར་བ་ལ་ནི་སྣུམ་གྱི་བཀྲུ་སྨན་བཏང་བར་བྱའོ། ། རུ་ར་ཡི་ཕྱེ་མ་ནི། ཁྲེ་གང་མར་ནི་བྲེ
་བཞི་དང། །མེ་ལ་བཞུ་ནས་གཟར་བུ་ཡིས། །དཀྲུགས་ནས་ནས་ཀྱིས་སྤུན་པའི་ནང། །ཟླ་གཅིག་གཞག་ནས་དེ་རྗེས་ལ། །ཕྱུང་ནས་ལེགས་པར་བཞུས་ནས་ནི། ། རུ་ར་བསྐོལ་ཁུ་བ་དང། །ཞོ་ནི་སྒྱུར་བོར་བཅས་པར་བསྐོལ། །དེ་འཐུངས་དམུ་རྫིང་སྐྲར་ལྟོ་སྦོས།།
་གཏུན་འདྲའི་རླུང་ནད་ཁོང་འབྲས་དང། །མཛེ་དང་སྨྱོ་བྱེད་རྗེད་བྱེད་རྣམས། །ཉེ་བར་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ། རུ་རའི་ཕྱེ་མ་ཞིབ་ཏུ་བཏགས་པ་བྲེ་གང་མར་བྲེ་བཞི་དང་བཅས་པ་མེལ་བཞུ་ནས། །དེའི་འོག་ཏུ་གཟར་བུས་ལེགས་པར་དཀྲུགས
་ལ་ལེགས་པར་འདྲེས་པར་བྱས་ཏེ། །ནས་སམ་ནས་ཀྱི་སྤུན་པའི་ནང་དུ་ཟླ་བ་གཅིག་གི་བར་དུ་སྤངས་ནས་དེའི་རྗེས་ལ་ཕྱུང་སྟེ། །ཡང་ཨ་རུར་བསྐོལ་བའི་ཁུ་བ་དང། །ཞོ་སྐྱུར་པོ་དང་བཅས་པར་སྨན་མར་དེ་འཐུངས་ན་དམུ་རྫིང་ལ་སོགས་པའི་ནད་འཇོམས་པར
་བྱེད་དོ། །ཤི་ཁཎྜ་བའི་འོ་མ་བསྐོལ་ཏེ་བསྒྲངས་ནས་གཟར་བུས་དཀྲུགས། །ལས་བྱུང་མར་ནི་སྣུ་ཧ་ཡི། །འོ་མར་བཅས་བསྐོལ་སྔ་མར་མཚུངས། །ཞེས་བྱ་བ་ལ། ཤྲཱི་ཁཎྜ་ཞེས་བྱ་བ་ཤིང་སྣུ་ཧའི་འོ་མ་དང་བའི་འོ་མ་བསྐོལ་ཏེ་བསྒྲངས་ནས་གཟར་བུས་དཀྲུགས་ཤིང
་བསྲུབས་པ་ལས་བྱུང་བའི་མར་སར་གང་ཡིན་པ་དེ་ཡང་ཤིང་སྣུ་ཧ་དེ་ཉིད་ཀྱི་འོ་མ་དང་བསྐོལ་བ་བླུད་ན་ཡང་ཡོན་ཏན་སྔ་མ་དང་མཚུངས་ཏེ་དམུ་རྫིང་ལ་སོགས་པ་སེལ་བར་བྱེད་དོ། །འོ་མ་བྲིན་བཅུ་དྲུག་དང། །སུ་དཀྵི་ར་?་ཕྱེད་བཅས། །ཞོར་གྱུར་བསྲུགས
་ལས་བྱུང་མར། །དུར་བྱིད་བསྒོལ་བ་ཡང་ཡོན་ཏན་དེའོ། །ཞེས་བྱ་བ་ལ། འོ་མ་དང་སུ་དཀྵི་ར་ཇི་སྐད་སྨོས་པ་ཞོར་གྱུར་བ་ལ་སོགས་པའི་སྦྱོར་བ་ཡང་ཡོན་གོང་དང་འདྲའོ། །མར་ནི་བྲེ་གང་དག་དང་ནི། །འོ་མ་བརྒྱད་འགྱུར་ནང་དུ་ནི། །སྣུ་ཧའི་འོ་མ་
་སྲང?་གཅིག་དང། དུར་བྱིད་སྲང་དྲུག་བསྐོལ་ཏེ་བཞིན། །ཞེས་བྱ་བ་ལ། མར་བྲེ་གང་དང་འོ་མ་དེའི་བརྒྱད་འགྱུར་གྱི་ནང་དུ་ཤིར་སྣུ་ཧའི་འོ་མ་སྲང་གཅིག་དང་དུར་བྱིད་ཞོ་དྲུག་གི་ལྡེ་གུར་བྱས་པ་དང། །བསྐོལ་ཏེ་བླུད
་ན་ཡང་ཡོན་ཏན་སྔ་མ་དང་འདྲ་སྟེ། གོང་མ་བཞིན་ནོ། །འདི་བླུད་འོག་ཏུ་ཐུག་པ་དང། ཤ་ཁུ་མར་པོའམ་འོ་མ་བླུད། །ཅེས་བྱ་བ་ལ། འདིར་མར་འདི་བླུད་པའི་འོག་ཏུ་ཐུག་པ་ལ་སོགས་པ་གང་ཡང་རུང་བ་བླུད་པར་བྱའོ། །མ་ཞུ་ལ་བྲུས་པར
་གྱུར་པ་དྲང། །བཅའ་སྒ་བསྐོལ་བའི་ཆུ་དྲོན་བླུང། །དེ་ནས་ཐུག་པ་དེའི་འོག་ནི། །ཀུ་ལཏྠ?་ཡི་ཡུ་ཤ་བླུང། །ཅེས་བྱ་བ་ལ། ཡང་སྨན་མར་དེ་ཞུ་ཟིང་ལ་བྱས་པར་གྱུར་པ་དང། ནད་པ་ལ་བཅའ་སྒ་དང་བསྐལ་བའི་ཆུ་དྲོན་བླུད་པར་བྱ་ལ། དེ་ནས
་ནི་ཐུག་པ་རྐྱང་རྐྱང་བོ་བླུད་པར་བྱ་ལ། དེའི་འོག་ཏུ་ནི་རྒྱ་སྲན་ཀུ་ལཏྠ་གཡོས་པའི་ཡུ་ཤ་བླུད་པར་བྱའོ། །དེ་ལྟར་ཁོང་རྩུབ་ཞག་གསུམ་བླུད། །སླར་ཡང་ཐུག་སོགས་རིམས་པ་བླུད། །ཅེས་བྱ་བ་ལ། དེ་ལྟར་རིམ་པ་འདིས་ཁོང་རྩུབ་ཅིང་རླུང་ཤས
་ཆེ་བ་དག་གིས་ནི་སྔགས་བཤད་པའི་མར་གང་ཡང་རུང་བ་ཞག་གསུམ་གྱི་བར་དུ་བླུད་ཅིང་ཐུག་པ་ལ་སོགས་པའི་རིམ་པ་འདི་ཡང་ཞག་གསུམ་གྱིས་བར་དུ་བླུད་པར་བྱའོ། །རིམ་པ་འདི་དག་ཉིད་ཀྱིས་ནི། །ཞུན་མར་ཡང་དང་ཡང་དུ་བླུད
་ཅེས་བྱ་བ་ལ། གོ་རིམ་འདིས་སྨན་མར་ཡང་དང་ཡན་དུ་བླུད་ཅིང་སྦྱིན་པར་བྱའོ། །མར་འདི་བསྐོལ་བར་གྱུར་པ་འདི། །སྨན་པ་ལས་ལ་བྱང་བ་ཡིས། །སྐན་རྣམས་དང་ནི་དབྱིག་དུག་དང། །དམུ་རྫིང་བསལ་ཕྱིར་བླུད་པར་བྱ། །ཞེས་བྱ་བ་ལས། །མར་དེ
་ལྟར་བསྐོལ་བ་འདི་སྨན་པ་ལས་ལ་བྱང་ཞིང་རྨོངས་པ་མེད་བ་ངག་གིས་སྐྲན་ལ་སོགས་པ་བསལ་བར་བྱ་བའི་ཕྱིར་སྦྱིན་པར་བྱའོ། །ཡང་ན་པི་ལུའི་ལྔ་གུར་བསྐོལ། །ལྟོ་སྦོས་སེལ་བ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་བི་ལུ་བཏགས་པའི
་ལྡེ་གུ་དང་བསྐོལ་བའི་མར་བླུད་ན་ཡང་ཕན་ནོ། །སེང་ཕྲོམ་ནི་ལ་ནིའི་མར་རམ། །འདྲེས་པའི་སྨན་ནི་བླུད་པར་བྱ། ཞེས་བྱ་བ་ལེ་ཡང་ན་སྔར་བཤར་པའི་སེང་ཕྲོམ་གྱི་སྨན་མར་རན?་ནི་ལི་ནིའི་སྨན་མར་རམ། འདྲེས་པའི་སྨན་ནད་གང་ཡང་རུང་བ་བླུད་པར་བྱའོ། །ནད་བསལ
་?་ནི་རིམས་ཀྱིས་ཟས། །ས་ལུའི་འབྲས་ཆན་ཡང་ཞིང་རུང། །བྱིན་ལ་དམུ་རྫིང་ཅན་གྱིས་ནི། །ནད་ནི་ལྷག་མ་དག་བྱའི་ཕྱིར། ། རུ་ར་ནི་རྡོག་མ་སྟོང། །བ་གཅིན་དང་སྦྱར་འོ་མ་བླུད། །ཡང་ནི་པི་པི་ལིང་རྡོག་སྟོང། །སུ་ད་སཱི་དར?་ལེགས་བསྲེས་བའམ། །པི་པི་ལིག
་ནི་བསྒྱོང?་སྦྱིན་པ་འམ། །འོ་མར་འཐུངས་ཤིང་བྲག་ཞུན་བཟའ་། །དེ་བཞིན་གུ་གུལ་འོ་མ་དང། །ཆ་མམ་སྒེའུ་གཤེར་ཁུ་བ་སྦྱིན། །ཞེས་བྱ་བ་ལ། ལྟོ་བའི་ནད་བསལ་ཅིང་སྦྱངས་ནས་ཐུགས་པ་ལ་སོགས་པའི་རིམ་བས་ཁ་ཟས་སྦྱིན་པར་བྱ་བ་དང་ས་ལུའི་འབྲས་ཆན་ཡང་ཚད་བཞིན་དུ་ཉུང་གཞིང་སྦྱིན་པ་དང་ཡང་ནད་ཀྱི་ལྷག་མ་ལུས་པར་དག་བར་བྱ་བའི་ཕྱིར་ཨ་རུ་ར་རྡོག་མ་སྟོད་པ་གཅན་དང་སྦྱར་བ་བླུད་པ་དེའི་རྗེས་ལ་འོ་མ་བླུད་པར་བྱའོ། །ཡང་ན་ཉེས་པའི་ལྷག་མ་དེ་དག་བར་བྱ་བའི་ཕྱིར།
་པི་པི་ལིང་གི་རྡོག་མ་སྟོང་ཤྲི?་ཁཎྜ་དང་བསྲེས་ཤིར་དེ་ལ་སྤངས་པ་སྦྱིན་པར་བྱའོ། །ཡང་ན་པི་པི་ལིང་གི་ཆ་བསྐྱེད་པའི་ཚུལ་བཅུད་ཀྱི་ལེན་པའི་ཆོ་ག་ལས་ཇི་སྐད་སྨོས་པར་ཞིན་དུ་སྦྱིན་པ་འམ་ཡང་ན་འོ་མ་བླུད་ཅིང་བྲ་བ་ཞུན་སྦྱིན་པར
་བྱ་བའམ། དེ་བཞིན་དུ་གུ་གུ་ལ་དང་འོ་མ་སྦྱར་ཏེ་སྦྱིན་པར་བྱ་བ་འམ། ཡང་ན་ཉེས་པའི་ལྷག་མ་སྤྱད་པའི་ཕྱིར་འོ་མ་དང་སྒེའུ་གཤར་གྱི་ཁུ་བ་སྦྱར་ཏེ་བླུད?་པར་བྱའོ། །ཡང་ན་ཐང་ཤིར་ཙི་ཏྲ་ཀའི་།ལྡེ་གུ་འོ་མ་སྦྱར་བ་བླུད། །ཟླ་གཅིག་ཧསྟི་པི་པི
་ལིང། བཅའ་སྒ་འོ་མར་བཅས་པ་བླུད། །ཅེས་བྱ་བ་ལ། །ཡང་ན་ལྟོ་བའི་ཉེས་པའི་ལྷག་མ་དག་པར་བྱའི་ཕྱིར་ཐད་ཤིང་དང་ཅི་ཏྲ་ཀའི་ལྡེ་གུ་འོ་མ་དང་སྦྱར་ཏེ་བླུད་པར་བྱ་བ་འམ། །ཡང་ན་ཧསྟི་པི་པི་ལིང་དང་བཅའ་སྒ་དང་བཅས་པའི་ལྡེ་བུ
་འོ་མ་དང་སྤྱིར་ཏེ་ཟླ་བ་གཅིག་གིས་བར་དུ་སྦྱིན་པར་བྱའོ། །དནད་ཙིཏྲ་བྱི་དང་ག་།དབྱི་མོ་ཚ་གསུམ་ལྡེ་གུ་ནི། །ཞོ་གཉིས་འོ་མར་སྦྱར་བླུང?་མ་།དམུ་རྫིང་འཕེལ་བ་སེལ་བར་བྱེད། །ཅེས་བྱ་པ་ལ། ད?་ལ་སོགས་པའི་?
་དེ་དག་གི་ལྡེ་གུ་ཞོ་གཉིས་ཀྱི་ཚད་ཙམ་འོ་མ་དང་སྦྱར་ཏེ་བླུད་ན་ཡང། དམུ་རྫིང་འཕེལ་ཅིང་སྟོབས་དང་ལྡན་པ་དག་སེལ་བར་བྱེད་དོ། །ཡང་ན་སུ་དཀྵི་ར?་མར?། །བཅས་པའི་ཁ་ཟས་ཟླ་གཅིག་སྦྱིན། །ཞེས་བྱ་བ་ལ། ཡང་ན་སུ་དཀྵི་ར་དང་མར་བསྲེས?
་བ་ཁ་ཟས་ཟླ་གཅིག་བར་དུ་སྦྱིན་པར་བྱའོ། །སུ་དཀྵི་ར་བཅས་སྤངས་པའི། །པི་པི་ལིང་དང་ཁུར་བ་སྦྱིན། །ཞེས་བྱ་བ་ལ། ཡང་ན་སུ་དཀྵི་ར་ལ་སྤངས་པའི་པི་པི་ལིང་དང་བཅས་པའི་བུར་བ?་ཟླ་གཅིག་གིས་བར་དུ་སྦྱིན་པར་བྱའོ། །གལ་ཏེ་?་བ
་ལོགས་གཟེར་ཅིང་རེངས། །སྙིང་རྒལ་རླུང་གི་ནད་ལྡང་ན། །དེ་ལ་ཏིལ་མར་བིལྤ?་དང། །ཐལ་སྨན་དང་ནི?་ལྡན་པ་སྦྱིན་།ཞེས་བྱ་བ་ལ། གལ་ཏེ་དམུ་རྫིང་ཅན་གྱི་ནད་དེ་ལ་རྩིབས་ལོགས་ན་བ་ལ་སོགས་པའི་རླུང་ནད་ལྡང་པར་གྱུར་ན་ནད་པ་དེ་ལ་ཏིལ
་མར་བིལྤ་དང་ཐལ་སྨན་དང་སྦྱར་པ་སྦྱིན་པར་བྱའོ། །ཏུན་ཏུ་གདབ་ལ་དང། །པ་ལ་ཤ་དང་ཏིལ་སྡོང་དང། ། པ་མརྒ་ཀ་ཏ་ལེ། ཨགནི་མནྠ་ཐལ་བ་རྣམས། སོ་སོ་གཟགས་པ་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ན་ཏུན་ཏུ་ཀ་ལ་སོགས་པའི་ཐལ་བ
་སོ་སོར་གཟགས་པའི་ཁུ་བ་བསྐོལ་བ་བླུད་པར་བྱའོ། །ཏུན་ཏུ་ཀ་ནི་སོན་ཀའོ། །གནི་མནྠ་ཀརྐ་ངའོ། །བད་ཀན་རླུང་ངམ་མཁྲིས་པ་འམ། །དེ་གཉིས་རླུད་དང་འདྲེས་གྱུར་བ། །སྟོབས་ལྡན་རང་གི་སྨན་བཅས་པའི། །ེ་རཎྜ་ཡི་ཏིལ་མར་ཕན། །
་ཞེས་བྱ་བ་ལ། བད་ཀན་རླུང་ལས་འདྲེས་གྱུར་པ་འམ། མཁྲིས་པ་དང་རླུང་འདྲེས་པར་གྱུར་པའམ། །བད་ཀན་དང་མཁྲིས་པ་དེ་གཉིས་ཀ་རླུང་གང་ཡང་རུང་བ་དང་འདྲེས་བར་གྱུར་པའི་དབུ་རྫིང་ཅན་ཉམས་སྟོབས་དང་ལྡན་པ་ལ་ནི་རང་རང་གི་སྨན
་གང་དག་ཡིན་པ་དང། །བསྐོལ་བའི་ཨེ་རཎྜའི་ཏིལ་མར་བླུད་ན་ཕ་ནོ། ། །ཐང་ཤིང་ཨརྒ་བ་ལ་ཤ་།ཧ་ཏི་པི་པི་ལིང་ཤི་ཀྲུ་། ཤྭ་ཀརྞ་བ་གཅིན་བཅས། །ལྡེ་གུ་ལྟོ་པའི་ཕྱི་རིམ་བྱུག་།ཅེས་བྱ་བ་ལ། ཐང་ཤིང་ལ་སོགས་པ་པོ་གཅིན་དང་བཅས་པའི་ལྡོ་གུས་དམུ་རྫིང
་གི་ལྟོའི་ཕྱི་རིམ་ནས་བསྐུ་ཞིང་བྱུག་པར་བྱའོ། །བྲེ་ཤཙིཀ་ལི་ཤུ་དག་དང། །བཅའ་སྒ་རྩ་བ་ལྔ་པ་དང། །འུ་སུ་ཏ་བ་བ་སྤུ་གཉིས། །བསྐོལ་བ་པ་གཅིན་བཅས་བ་བླང། །ཅེས་བྱ་བ་ལ། པྲི་ལྕིཀ་ལི་ལ་སོགས་པའི་?་བསྐོལ་པའི་ཁུ་པ་དང་?་གཅིན་སྦྱར
་དམུ་རྫིང?་པ་ལ་བླུགས་པའི་ཆོ་ག་ཇི་སྐད་སྨོས་པ་དག་ཀྱང་བྱའོ། །འཁྲུས་ཤིང་ལྟོ་བ་ཞུམ་གྱུར་པའི། །ས་ལབ་བ་ལ་སོགས་དུགས་བྱ། །གོས་ཀྱིས་ལེགས་པར་དཀྲི་བར་བྱ། །དེ་ལྟར་རླུང་གིས་སྤོས་མི་འགྱུར། །ཞེས་བྱ་བ་ལ། དཀྲུས་སྨན་གྱིས་འཁྲུས
་ཤིང་ལྟོ་བ་སྦྱངས་པས་སྲ་བ་དེ་ཞུམ་ཞིང་སི་བར་གྱུར་པ་དང། །ས་ལ་བབ་ལ་བ་སོགས་པའི་སྨན་གྱི་དུགས་ཀྱི་ལེའུ་ལས་ཇི་སྐད་བཤད་པའི་ཚུལ་གྱིས་དུགས་བྱས་ལ་གོས་ཀྱིས་བཅིང་ཞིང་ལེགས་པར་དཀྲི་བར་བྱ་སྟེ། དེ་ལྟར་བྱས་ན་དེའི་སྟོབ་རླུང་གིས
་སླང?་སྦོས་ཤིང་རྒྱས་པར་མི་འགྱུར་རོ། །གང་ཞིག་ལེགས་པར་ཁྲུས་གྱུར་པ། །སླར་ཡང་སྤོས་གྱུར་དེ་ལ་ནི། །སྣུམ་ཅན་སྐྱུར་དང་ལན་ཆཝ་གཉིས། །བཀྲ་སྨན་མས་བཏང་དྲག་པོ་བྱ། །ཞེས་བྱ་བ་ལ། དམུ་རྫིང་ཅན་གྱི་ནང་བ་གང་ཞིག་ལེགས་པར་འཁྲུས
་ཤིང་བཀྲུ་སྨན་གྱི་སྦྱོར་བ་ལེགས་པར་གྱུར་ནས་སླར་ཡང་སྤོས་པར་གྱུར་ན་ནད་བ་དེ་ལ་སྣུམ་དང་བཅས་པ་སྐྱུར་བ་དང་ལྡན་ཚའི་བག་དང་སྦྱར་བའི་བཀྲུ་སྨན་ནི་རུ་ཏ་བཏང་བས་ངོ་ཚར་བཅད་ཅིང་གསོ་བར་བྱའོ། །རླུང་གིས་རེངས་དང་བཅས་གྱུར་པས།།
་གང་ཞིག་ལྟོ་སྤོས་གྱུར་པའི་མི། །དེ་ལ་ཐལ་སྨན་རྣོན་པོ་ནི། །བ་གཅིན་བཅས་ཟ་མས་བཏང་བྱ། ཞེས་བྱ་བ་ལ། རླུང་གིས་ནད་རེངས་ཤིང་འགྱུར་མི་ཤེས་པ་ལ་སོགས་བས་འགྱུར་མི་ཤེས་པ་ལ་ནི་ཇི་སྐད་སྨོས་པའི་བཀྲུ་སྨན་མས་བཏང་བ་དྲག་བ
་འདིས་བཏང་བར་བྱའོ། །དེ་ལྟར་དམུ་རྫིང་སྤྱི་ཡི་ནི། །གསོ་བ་དྲགས་པར་བཤད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་སྔར་ཇི་སྐད་བཤད་པའི་དམུ་རྫིང་ཐམས་ཅད་ཀྱི་སྤྱིའི་ཐུན་མོང་གསོ་བ་སྨན་དཔྱད་ཀྱི་རྒྱུད་ཐམས་ཅད་ལ་གྲགས་པ་མངོན
་སུམ་དུ་གྲུབ་པར་སྣང་བ་བཤད་པ་བསྟན་པ་ཡིན་ནོ། །དེ་ནས་རླུང་གྱུར་དམུ་རྫིང་ཅན། །བི་ཏ་རི་སོགས་མ?་བསྐོལ་བླུད། །དེ་ནས་སྣུམ་གྱིས་ཞེན་བྱས་ཤིང། །ཡན་ལག་དུགས་བྱས་བཀྲུ་སྨན་བཏང། །འདི་ལ་སེང་ཕོམ་?་ནི། །འདྲེས་པའི
་སྤྱན་མར་ལན་མེད?་བྱུང། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རླུང་ལས་གྱུར་བའི་དམུ་རྩིང་ཅན་གྱིས་ནད་པ་ཉམས་སྟོབས་དང་ལྡན་པ་ལ་བི་ད་རི་ལ་སོགས་པའི་སྨན་གྱི་སྡེ་ཚན་དང་བསྐོལ་བའི་མར་བླུད་པར་བྱ་ལ། དེའི་འོག་ཏུ་སེར་ཕྲོམ
་གྱི་སྨན་མར?་འམ་འདྲེས་པའི་སྨན་མར་གྱི་སྣུམ་གྱི་ཆེན་པར་བྱས་པ་ལ་ཡན་ལག་ལ་དུག་བྱས་ནས་བཀྲུ་སྨན་པའང་བར་བྱའོ། །ཐུག་སོགས་རིམ་པ་བྱས་ནས་ནི། །སྟོབས་སྐྱེད་ཕྱིར་ནི་འོ་མ་བླུད། །ཅེས་བྱ་བ་ལ། འཁྲུས་པར་གྱུར་ནས་ཐག་པ
་ལ་སོགས་པའི་རིམ་པ་བྱས་པའི་རྗེས་ལ་ལུས་ཀྱི་སྟོབས་སྐྱེད?་པར་བྱ་བའི་ཕྱིར་འོ་མ་བླུད་པར་བྱའོ། །ཉམས་སྟོབས་རྙེད་ནས་རིམ་གྱིས་ནི། །འོ་མ་དེ་ནི་སྤང་བར་བྱ། ཞེས་བྱ་བ་ལ། འོ་མ་དེས་ཉམས་སྟོབས་རྙེད?་བར་གྱུར་ནས་ནི་འོ་མ་གྱིས་འོ?
་མ་དེ་མི་བཏུང་བར་སྤང་བར་བྱའོ། །ཡུ་ཤ་ཤ་ཁུ་སྐྱུར་དང་ནི?། །ལན་ཚྭར་བཅས་བས་མི་དྲོད་བསྐྱེད། །རྟུག་འགགས་གྱུར་ནས་སླ་བསྣུམ་དང། །དུག་བྱས་དེ་འོག་མ་སེལ་ཏང་བྱ། །རྩུབ་ཅིང་མས་བཏང་སྨན་བཅས་པའི། །རྩ་བ་བརྩུ་བའི་ནས?
་བཏང་སྦྱར། །ཞེས་བྱ་བ་ལ། དེའི་འོག་ཏུ་དམུ་རྫིང་ཅན་གྱི་ནད་བ་དེ་ལ་སྲན་ཁུ་ཡུ་ཤ་ངང་ཤ་ཁུ་སྐྱུར་དང་ལན་ཚྭ་ཤས་ཆུང་བ་བླུད་ལ། མེ་དྲོད་བསྐྱེད་པར་བྱ་ཞིང་རྟུག་འགགས་ཀྱི་ནད་ཀྱིས་བཏབ་ནམས་བཏང་བའི་བཀུར་སྨན་དང་སྦྱར
་བའི་རྩ་པ་བཅུ་བ་བསྐོལ་བའི་བཀྲུ་སྨན་བཏང་བར་བྱའོ། །གཡོ་ཞིང་ཚིགས་རུས་ལ་འཇུག་པ། རྩུབ་ཅིང་བྱན་དང་ཕྱིས་དགགས། །མེ་དྲོད་ཆེས་ཏེ་ལ་མར་དང། ཨེ་རཎྜའི་མར་རླུང་འཇོམས་པའི། །སྨན་དང་བསྐོལ་བའི་འཇམ་རྩི་བཏང། །བྲུས་མི་བྱ་པའི་མི་མར?
་ཤ་གུ?་ལ་སོགས་ཞི་བྱེད་བཏང། །ཞེས་བྱ་བ་ལ། གཡོ་ཞིང་ཚིགས་དང་རུས་པ་ལས་འཇུག་པའི་རླུང་ནད་སྐྱེས་པར་གྱུར་པ་དག་ལ་ཨེ་རཎྜའི་ཏིལ་མར་ཚུལ་བཞིན་དུ་བསྐོལ་པའི་ཇམ་རྩི་བཏང་བར་བྱའོ། །དབུ་རྫིང་ཅན་གང་ལ་ཁྲུས་བྱར་མི་རུང་བའི་ནད
་ཡོད་པ་དེ་ལ་ནི་འོ་མ་ལ་སོགས་ཞི་བར་བྱེད་པའི་སྨན་བཏང་བར་བྱའོ། །མཁྲིས་པ་ལས་གྱུར་སྟོབས་ཆེ་ལ། །མངར་དང་སྦྱར་བའི་སྣུམ་ཆོས་བྱ། །ཤ་མ་དུར་བྱིད་འབྲས་བུ་གསུམ། བསྐོལ་བའི་ཁུ་བའི་བཀུ་སྨན་བཏང། །ཞེས་བྱ་བ་ལ། མཁྲིས་པ
་ལས་གྱུར་དམུ་རྫིང་ཅན་ཉམས་སྟོབས་ཆེ་བར་གྱུར་བ་ལ་ནི་དང་པོར་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་ཇི་སྐད་སྨོས་པའི་བཀྲུ་སྨན་བཏང་བྱར་བྱའོ། །དེའོ་བ་ནྱ་གྲོ་དྷ་སོགས་བསྐོལ། །ཁུ་བ་ཁར་སྦྲང་རྩི་མར། ལྡན་ལ་ནི་རུ་ཧ་ཡང་ཕ། །དེ་བསྐོལ
་སྣུམ་གྱི་འཇམ་རྩི་བར་བཏང། །ཉན་ཆུང་དང་པོ་འཇམ་རྩི་བཏང། །འོ་མའི་མས་བཏང་གིས་སྦྱང་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ནད་པ་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་བསྐོལ་པའི་ཁུ་བའི་ནང་དུ་ཁ་བ་དང། །སྦྲང་རྩི་ཤས་ཆེ་བའི་མས་བཏང་བ་དྲག་པོ?་ནི
་?་བཏང་ལ་དེའི་རྗེས་ལ་སོགས་པ་དེ་ཉིད་ལ་བསྐོལ་བའི་སྣུམ་གྱི་འཇམ་རྩི་བཏང་བར་བྱའོ། །ཉམ་ཆུང་བར་གྱུར་པའི་ནད་པ་ལ་ནི་དང་པོར་འཇམ་རྩི་བྱས་ལ་དེའི་འོག་ཏུ་འོ་མའི་བཀྲུ་སྨན་མས་བཏང་བས་སྦྱར་ཞིང་བསལ་བར་བྱའོ། །མེ་སྟོབས་སྐྱེད་ཅིང་སྣམ
་ཆོས་བྱས་པ་འོ་མ་དང་?་?་?། །ེ་རཎྜ་དང་བསྐལ་བ་འམ?། །ས་ཏ་ལ་དང་ཁྱི་ལྕེའམ། །དོང་ག?་བསྐོལ་བ་དག་གིས་བྱ། །བད་ཀན་ཅན་ལ་བ་གཅིན་བཅས། །རླུང་ཅན་ཏི་སྟ་མར་བཅས་པས། །ཡང་དང་ཡང་དུ་བཀྲུ་སྨན་བཏང། །ཞེས་བྱ་བ་ལའོ?།
་མེ་དྲོད་ཀྱིས་སྟོབས་སྐྱེས་ཤིང་རྙེད་ནས་ནད་པ་དེ་ལ་སྣུམ་ཆོས་བྱ་ཞིང་འོ་མ་དང། དུར་བྱིད་སྦྱར་བའི་ལྡེ་གཱུམ། ཨེ་རཎྜ་དན་འོ་མར་བསྐོལ་པ་འམ། ས་ཏ་ལ་དང་ཁྱི་ལྕེ་བ་དང་འོ་ནར་སྐོལ་བའམ། དོང་ག་དང་འོ?་མ་བསྐོལ་བ
་དག་གིས་ཡང་དང་ཡང་དུ་བཀྲུ་སྨན་བཏང་ནས་སྦྱར་བར་བྱ་ལ། བད་ཀན་དང་མཁྲིས་པར་བཅས་པ་ལ་ནི་བ་གཅིན་དང་བཅས་པའི་འོ་མས་བཀྲུ་སྨན་བཏང་ངོ། །རླུང་གིས་དམུ་རྫིང་དེ་རླུང་བཅས་པ་ཡིན་ན་ཏིཀྐ་དང?་མོང?་དང་བཅས་པའོ་མས་ཡང
་དང་ཡང་དུ་བཀྲུ་སྨན་བཏང་བར་བྱའོ། །འདི་དག་འོ་མར་བཅས་བ་བཟའ་བ་འམ། །པིོ་ད་རི་སོགས་པ་དེ་བསྐོལ་སྦྱིན། །དམུ་རྫིང་ཅན་ལ་འོ་ཐུག་སྦྱིན། །སྦྱིན་ཞིང་ཉེ་བར་བཐུ?་བར་བྱ། ཞེས་བྱ་བ་ལ། འོ་མ་སྨན་དང་བཅེས་པའི་སྦྱོར་བ་ངག་གང་ཡང
་རུང་བ་དང་བཅས་པར་ཁ་ཟས་སྦྱིན་པར་བྱ། ཡང་ན་བིད་རི་ལ་སོགས་པའི་སྡེ་ཚན་བསྐོལ་བའི་འོ་མ་དང། ཁ་ཟས་སྦྱིན་པར་བྱའོ། །ཡང་དམ་རྫིང་ཅན་དེ་ལའོ་ཐུག་སྦྱིན་ཞིང་འོ་ཐུག་དེས་ལྟོ་བ་བསྐུ་བར་བྱའོ། །སླར་ཡང་འོ་མ་འཇམ
་རྩི་དང། བཀྲུ་སྨན་ཡང་དང་ཡན་དུ་བཏང། །རིམ་པས་ངེས་པར་གནས་བྱས་ཏེ། །མ་ཡེངས་མཁྲིས་གྱུར་དམུ་རྫིང་བསལ། །ཞེས་བྱ་བ་ལ། འོ་མ་དང་འཇམ་རྩི་ལ་སོགས་པའི་སྦྱོར་བ་ཡང་དང་ཡང་དུ་བྱ་བ་གནས་པའི་རིམ་པས་གཞན
་དུ་མ་ཡེངས་ཞིང་དེ་ལ་བཏོད་པར་གྱུར་པ་དང། མ་བྲིས་པ་ལས་གྱུར་བའི་དམུ་རྫིང་གསོ་ཞིང་བཅོས་བར་བྱའོ། །བད་ཀན་ལས་གྱུར་སྣུམ་ཆོས་བྱས། །དུ་ག་མོ་ཉུང་སོགས་མར་བསྐོལ་བཏང། །ཉམས་སྟོབས་ལྡན་པ་དུག་བྱས་ཏེ།
་སུ་དཀཱི?་ར་བཀྲུ་སྨན་བཏང། །ཐུག་སོགས་རིམས་དང་ཐལ་སྨན་ཚྭ། །ལྡན་པས་བད་ཀན་སེལ་པ་སྦྱིན། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་དམུ་རྫིང་གིས་ནད་ལ་ནི་དུག་མོ་ཉུང་ལ་སོགས་བ་དང་བསྐོལ་བའི་?་བླུད
་ཅིང་སྣུམ་ཆོས་བྱས་ལ། དེ་ཉམས་སྟོབས་དང་ལྡན་པ་ཡིན་ན་དུགས་བྱས་པའི་འོག་ཏུ་སུ་དཀའ་ཨི་ར་དང་སྦྱར་བའི་བཀྲུ་སྨན་བཏང་ལ། བད་ཀན་སེལ་བའི་བཟས?་བ་དང་ཚ་བ་དང་ཐལ་སྨན་དང་ལྡན་པ་བླུད་པར་བྱའོ། །པ་གཅིན་ཚ་བ
་ཏིལ་མར་བཅས། །མས་བཏང་དྲག་པོ་བྱ་བ་འང་ཕན། །མུ་སྐ་ཀ་སོགས་ལྡེ་གུ་དང། །སྣམ་གྱི་འཇམ་རྩི་དེ་ནས་བཏང། །ཞེས་བྱ་བ་ལ། ཡང་དེ་ལ་ཇི་སྐད་སྨོས་པའི་མས་བཏང་བ་དྲག་བོ་དང། འཇམ་རྩི་མུ
་ཁ་ཀ་ལ་སོགས་པའི་སྨན་གྱི་སྡེ་ཚན་དང་སྦྱར་བ་བཏང་ན་ཕན་ནོ། །ཁ་ཟས་འོ་མ་ཚ་བ་གསུམ། །ཡང་ན་རྒྱ་སྲན་ཁུ་བར་སྦྱིན། །ཞེས་བྱ་བ་ལ། ཁ་ཟས་ཀྱང་འོ་མ་དང་ཚ་བ་གསུམ་སྦྱར་པ་འམ། རྒྱ་སྲན་ཀུ་ལ་ཏྠའི?
་ཁུ་བ་སྦྱིན་ན་ཕན་ནོ། །བད་ཀན་འཐས་ཤིང་ལྟོ་བས། །རྨོངས་བག་སྙིང་འཕང་ཡིག་འཆུས། །མེ་དྲོད་ཆུང་བ་ཆང་གོམས་ན། །ཆང་རྟིང?་ནས་ཚིག་འཁུས་ཐལ་བླུད། །ཅེས་བྱ་བ་ལ། བད་ཀན་གྱི་དམུ
་རྫིང་ཅན་དེ་འོ་མས་བད་ཀན་དེ་འཐས་པ་ནས་མེ་དྲོད་ཚུང་པའི་བར་དུ་ཡང་གྱུར་ལ། སྔར་ཆང་གོམས་ཤིང་འདྲིས་ལ་ཡིན་ན། ཆང་རྙིང་པ་རྣོན་པོ་དང། ནས་ཚིག་འཁུས་པའི་ཐལ་བའི་ཆུ་བླུང?་བར་བྱའོ། །ཤིང
་ཀུན་དང་ནི་པི་པི་ལིང། །འབྲས་བུ་གསུམ་དང་ཧ་དེ་ཤིང་དང། །སེར་པོ་རྣམས་གཉིས་གོ་བྱེ་དང། །ན་ལེ་ཤམ་དཀར་པུ་ཙེ་ཤེལ། །སེར་ཕོམ་ཤུ་དག་བཅའ་སྒ?་དང། །བོང་ང་གླ་སྤང་རུ་རྟ་དང། །ས་ར་ན
་དང་ལན་ཚྭ་ལྔ། །བཏགས་པ་ཞོ་དང་སྣུམ་བཞིར་སྐྱར། །དུ་བ་མ་ཤོར་བར་བསྲེགས་ལ། །ཐལ་བ་དེ་ལས་ཞོ་གཉིས་གཉིས། །ཆང་དང་ཆུ་དྲོན་ཞོ་ཁ་ཆུ། །རང་རྙིང་བསྣན་ཆང་སྦྱར་བ་བླུད། །སྐྲན་དང་དམུ་རྫིང
་བདུན་འདྲའི་ནང། །རྩིག་པ་འདྲ་དང་གསུང་དང་སྐྲངས། །སྙིང་ནད་མ་ཆེར་པ་གཞང་འབྲུམ་དང། །རྟུག་འགགས་ནང་རྣམས་འཇོམས་པར་བྱེད། །ཅེས་བྱ་བ་ལ། །ཤིང་ཀུན་ནས
་ལན་ཚྭ་ལྔའི་བར་དུ་ཞིབ་ཏུ་བཏགས་འ་ཤོ་དང་སྣུམ་རྣམ་པ་བཞི་པོ་ཞུན་མར་ལ་སོགས་པ་དང་སྦྱར་ཏེ་རྫ་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ལ། །ཐལ་བ་དེ་ལས་ཞོ་གཉིས་གཉི་ཀྱི་ཚང་དུ་བྱས་པ
་འཆང་དངས་མ་ལ་སོགས་པ་གང་ཡན་རུང་བ་དང་སྦྱར་ཏེ། བླུད་ནས་སྐྲན་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །བད་ཀན་དམུ་རྫིང་ཉམ་ཆུང་ལ། །ཆང་རྙིང་དང་ནི་བ་གཅིན་དང། །ལྕག་ཕྱེད་དུ་སྤྱང་བཏུང་བར་བྱ།།
་ཐལ་སྨན་ཏིལ་མར་བཅས་པ་བླུད། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་དམུ་རྫིང་ཅན་གྱི་ནང་བ་ཉམ་ཆུང་བར་གྱུར་པ་ལ་ནི། །ཆང་རྙིང་ལ་སོགས་པ་བླུད་པར་བྱའོ། །ཡུངས་ཀར་བབས་དང་ལ་བུག་གི་།ས
་བོན་བཏགས་པའི་ལྡེ་གུ་ཡིས། །བསྐུ་ཞེས་དམུ་རྫིང་དུགས་བྱ་བ། །འདི་ལ་རྒྱུན་དུ་སྦྱང་བར་བྱ། །ཞེས་བྱ་བ་ལ། དེ་ལ་ཡུངས་ཀར་ལ་སོགས་པའི་ལྡེ་གུས་བསྐུ་ཞིང་དཀྲིས་པ་ལ་ཡང་དང་ཡང་དུ་དུགས་བྱའོ།།
་འདུས་པ་ལས་གྱུར་དབུ་རྫིང་ནི། །མེ་དྲོད་ཉམས་སྟོབས་མ་ཟད་ལ། །ནང་ཤས་ཆེ་ལྟང?་དེ་ཐུག?་བཅང། །གསོ་བའི་སྟོང་པ་འདི་བྲའོ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་དམུ་རྫིང་ཅན་གྱི་མེ་དྲོད་ཉམས་སུ་སྟོབས
་ཤས་ཆེར་ཟང་བ་མ་ཡིན་པ་ལ་ནི་ནད་ཤས་ཆེ་ཞིང་གསོང?་མི་རུང་བའི་ཚུལ་དུ་དེ་ཐག་བཅད་དེ་འདུས་པ་ལས་གྱུར་པའི་ནད་ལ་ནི་གསོང་མི་རུང་ངོ་ཞེས་བསྒོ་ཞིང་གསོ་བ་མ་བྱས་ན་ནི་ངེས་པར་པ་ཆི་པར་འགྱུར་ལ། གཙོ?་བ་བྱས
་སུ་ཟིན་ཀྱང་ཐེ་ཚོམ་དང་བཅས་པ་ཡིན་ནོ། ཞེས་བརྗོད་ལ་ནད་བཞི་གང་ཤེས་ཆེ་པའི་དབང་དུ་བྱས་ཏེ་འོག་ནས་འབྱུང་བའི་གསོ་བ་འདི་བྱའོ། །དནདི་ཏྲ་བ་ན་ཏིའི་འབྲས་བུ། །བརྩིར་བའི་མར་ནི་བླུད་པ་བསྔགས། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་དམུ་རྫིང་ཅན་ལ་ནི་དནྟི་དང
་ཏྲ་བན་ཏིའི་འབྲས་བུ་བ་རྩིར་བའི་མར་བླུད་པར་ཕན་ནོ། །དམུ་རྫིང་བསོས་ཀྱང་མ་འཆོས་དང། །མཆོག་ཏུ་ཉེས་གསུམ་ལས་གྱུར་ལ། །དེ་ཡི་ཉེ་དུ་དྲིས་ནས་ནི། །ཀ་ཀ་ང་ནི་འོལ་མ་སེ། །ཀ་ང?་བའི་རའི་རྩ་བ་དང། བཏགས་པའི་ལྔ་གུ་ཆང་བླུད། །ཅེས་བྱ་བ
་ལ། དེ་ལྟར་དསོས?་པར་གྱུར་ཀྱང་དམུ་རྫིང་ཞི་པར་མ་གྱུར་ཅིང་སོ་བ་ལས་འདས་བ་དང་མཆོ་ཏུ་ཡང་ནད་བཤི་གསུམ་ཆར་གྱུར་བའི་དམུ་རྫིང་འཆོས་པ་ན། ནད་པ་དེའི་ཉེ་དུ་ལ་དྲིས་ནས་གྲོས་སུ་བྱས་པའི་རྗེས་ལ། །ཀ་ཀ་ང་ནི་ལ་སོགས་པ་སྨན
་རྣོ་ཞེང་བརྒྱལ་བར་བྱེད་པའི་ལྡེ་གུ་སྦྱིན་པར་བྱའོ། །ཡང་ན་བཟའ་བཏུང་ནང་ནུ་ནི། །དུག་ཀྱང་རིམ་པས་སྦྱིན་པར་བྱ་ཞེས་བྱ་བ་ལ། ཡང་ན་རྩ་དུག་གི་ནང་རིགས་ཀྱི་སྦྱོར་བ་ལེགས་པར་བཅོས་པའི་ནང་དུ་སྦྱིན་པར་བྱའོ། །གང་དུ་སྦྲུལ་ནི་ཁྲོས་གྱུར
་ནས་ཤིང་ཐོག་ལ་ཡི་དུག་བསྒོས་བ། དེ་ཡིས་འདི་ཡི་ནད་ཚོགས་ནི། །བརྟན་ཞིང་ཞེན་ལམ་ལོག་ཞུགས། །བཤིག་སྟེ་ཕྱིར་ནི་འབྱིན་པར་བྱེད། །དུག་གིས་མྱུར་དུ་འཇིག་པར་བྱེད། །དེ་བཞིན་ནད་མེད་འགྱུར་བ་འམ། །འཆི་བ་ཉིད་དུ་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཡང་?
་ཤིང་རྟོག་གང་ལས་སྦྲུལ་ཁྲོས་པས་དུག་གིས་བསྒོས་པར་གྱུར་བའི་ཤིང་ཏོག་དེ་སྦྱིན་པར་བྱ་སྟེ། དུག་ངེས་ནད་པ་དེའི་ནད་ཀྱིས་ཚོགས?་བརྟན་ཞིང་གཏིང་ཟུག་པ་དང་བརྩ་སྦུབས་ལ་སོགས་པའི་བུ་བ་ལ་ཞེན་པར་གྱུར་པ་རྣམས་དང། ལམ་ལོག་པར་ཞུགས་ཤིང་བདེ་བླག
་ཏུ་འབྱུང་བར་མི་བྱེད་པ་རྣམས་བཤིག་ཅིང་ཕྱེ་ནས་ཕྱི་རོལ་འབྱིན་པར་བྱེད་དོ། །དེ་ནས་དུག་དེ་ནད་དེ་མྱུར་དུ་འཇིག་པར་བྱེད་པས་ན། དེའི་ཚེ་ནད་མེད་ཅིང་བདེ་བར་འགྱུར་རམ། །ཡང་ན་དུས་དེའི་ཤུགས་ཀྱིས་འཆི་བར་འགྱུར་བ་ཡིན་ནོ། །ནད་པས་ནད་དེ་ཆུ་གྲང་གིས། །ཁྲུས་བྱས་འོ་མའམ?
་ཐུག་པ་བླུང། །ཅེས་བྱ་བ་ལ། གལ་ཏེ་དུག་ངེས་ནད་བསལ་བར་གྱུར་ན་ནི་ནད་བ་དེ་ཆུ་གྲང་གིས་ཁྲུས་བྱས་ལ། འོ་མ་འམ་ཐུག་བ་གང་ཡང་རུང་བ་བླུད་པར་བྱའོ། །དུར་བྱིད་ཀྱི་ནི་ཚོད
་མ་འམ། །རྒྱ་སྣའུ་མན་ཏུ་ཀ་བརྞི། །ཀ་ལ་ཤ་ཀ་སྣེའུ་ཡི། །ཁུ་བ་དང་ནི་བསྐོལ་བ་ལ། །སྐྱུང?་དང་ལན་ཚ་སྣམ་མེད་ཅིང། །ཤིན་ཏུ་ཆོས་པའང་མ་ཚོས་མིན། །ཟས་མེད་ཟླ་བ་གཅིག་སྦྱིན་ལ། །དེ་ནས་སྐོམ་ན་ཁུ་བ
་བླུད། །ཅེས་བྱ་བ་ལ། དུར་བྱིད་ཀྱི་ཚོད་མལ་སོགས་པ་ནས་སྣེའུའི་བར་གྱི་ཁུ་བ་དང་བསྐལ་བ་སྐྱུང?་བ་ལ་སོགས་བ་མེད་ཅིང་ཤིན་ཏུ་ཆོས་པ་འམ་མ་ཚོས་པ་མིན་བ་ཟླ་བ་གཅིག་བར་དུ་སྦྱིན་ནོ། །དེ་ནས་སྐོམ་ན
་ཚོད་མ་དེ་དག་གིས་ཁུ་བ་བླུང་བར་བྱའོ། །དེ་ལྟར་ཟླ་བ་གཅིག་གི་པར། ཆུ?་ཚོད་མས་ནད་ནི་བསལ་གྱུར་ནས། །ཉམ་ཆུང་གལ་བརྟས་བྱེད་པ། །རྔ་མོའི་འོ་མ་བླུད་བར་བྱའོ། །ཞེས་བྱ་བ་ལ། དེ་ལྟར་རིམ
་པ་འདིས་ཆོད་མའི་སྦྱོར་བས་ནད་བསལ་ནས་ཟླ་བ་གཅིག་གི་རྗེས་ལ་ཉ་མ་བརྟ?་བའི?་ཕྱིར། རྔ་མོའི་འོ་མ་བླུད་བར་བྱའོ། །མཆེར་བའི་དམུ་རྫིང་ནད་གཞི་ནི། ཇི་བཞིན་སྣུམ་ཆོས་དུགས་བྱས་ཏེ། །ཞོ་དང་འབྲས
་ཆན་བཅས་སྦྱིན་ལ། དེ་ལག་པ་གཡོན་ལ་གཏར་ག་གང་བ། །ཅེས་བྱ་བ་ལ། མཆེར་བའི་དམུ་རྫིང་ལ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་སྣུམ་ཆོས་དང་དུགས་བྱས་ལ། ཞོ་དང་འབྲས་ཆེན་དུ་བྱས་བ་ལ
་བྱིན་ནམ། ཡང་ན་ཞོ་ཉི་ཚེ་བླུད་ལ་ལག་བ་གཡོན་པ་ནས་གཏར་ག་བྱའོ། །ཉམ་སྟོབས་རྙེད་ནས་སླར་ཡང་ནི། །སྣུམ་བླུད་ནས་ནི་སྦྱང་བར་བྱ། །རྱ་མཚོའི་ཉི་བྱེས་ཐལ་སྨན་དང། །འོ་མ་སྦྱར་བར་བླུད
་བར་བྱ། །ཞེས་བྱ་བ་ལ། ཉམ་སྟོབས་རྙེད་ནས་ནད་པ་དེ་ལ་ཡང་སྣུམ་བླུད་ལ་བཀྲུ་སྨན་གྱིས་སྦྱང་བར་བྱ་སྟེ། རྒྱ་མཚོའི་ཉ་ཕྱིས་བསྲེགས་པའི་ཐལ་བ་དང་འོ་མ་སྦྱར་བ་བླུད་པར་བྱའོ། །བུ་དི་ཀ་ར་ཉའི་ཐལ་བ། །སྐྱར་ཁུ
་ཁ་རུ་ཚ་དང་ནི། །པི་པི་ལིང་གི་ཕྱེ་བཏབ་བླུད། །ཅེས་བྱ་བ་ལ། ཡང་དེ་བཞིན་དུ་པུ་དི་ཀ་ར་ཉྫ་ཞེས་བྱ་བ་ཏ་མའ?་ལའི?་ཐལ་པ་རོ་སྐྱུར་བའི་ཁུ་བ་དང་བཙགས་པའི་ཆུའི་ནད་དུ་ཁ་རུ་ཚ་དང་པི་པི་ལིང་གི་ཕྱེ་མ་བཏབ་སྟེ་བླུད་པར
་བྱའོ། །ཤི་ཀྲུ་བསྐོལ་བར་པི་པི་ལིང། །རྒྱམ་ཚ་ཙི་ཏྲཀ་བཏབ་བླུད། །ཅེས་བྱ་བ་ལ། ཡང་ན་ཤི་ཀྲུ་ཞེས་བྱ་བ་ལ་པི་པི་ལིང་དཀར་པོ་བསྐོལ་པའི་ཁུ་བ་དང་པི་པི་ལིང་ལ་སོགས་པ་བཏབ་པ་བླུད་པ་བྱའོ། །ཤིང་ཀུན
་སོགས་ཕྱ་ཐལ་སྨན་དང། །མང་སྦྱར་མེ་དྲོད་ཇི་བཞིན་སྦྱིན། ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་བའི་ཕྱེ་མ་སྐྲན་གསོ་བའི་སྐབས་སུ་བཤད་བ་དང། ཐལ་སྨན་རྣམ་གཉིས་དང་མར་ཞེས་པའི་སྲང་དྲུག་པའི་སྨན་མར་དག་ཀྱང
་ཕོ་བའི་མ་དོང་ཇི་ལྟ་བ་བཞིན་དུ་སྦྱིན་བར་བྱའོ། །དོད?་གྲ་ངནད་པི་པི་ལིང། ཆ་མཉམ་ཨ་རུ་ར་ཉིས་འགྱུར། །ཁ་རུ་ཚ་ནི་ཆ་ཕྱེད་བཅས་ཁྱེན་ཆུ་དྲོན་སྦྱར་བ་བྱུང། ཅེས་བྱ་བ་ལ། དོད་གྲ་ལ་སོགས་པའི་ཆ་མཉམ་པོ་བྱས་ཤིང་ཨ་རུ་ར་དོད
་གྲའི་ཉིས་འགྱུར་ཁ་རུ་ཚ་དོང་གྲའི་ཆ་ཕྱེད་དང་བཅས་བའི་ཕྱེ་མ་ཆུ་དྲོན་དང་བླུད་ན་ཡང་ཕན་ནོ། །ཕྱི་དང་ག་དང་ཀྲུ་དྲུག་ཏྲེས། །ཕྱེ་དང་རྒྱ་མཚར་ཤུ་དག་རྣམས། །ཁམས་སྐྱོགས་ནས་བསྲེགས་འོ་མར་བཅས། །བླུད
་ན་སྐྲན་དང་མཆར་ནད་འཇོམས། །ཞེས་བྱ་བ་ལ། ཕྱི་དང་ག?་ལ་སོགས་བའི་སྨན་རྫ་སྦྱོགས?་ཀྱི་ནང་དུ་བསྲེགས་ལ་ཐལ་བ་དེ་འོ་མ་དང་སྦྱར་ཏེ་བླུད་ན་སྐྲན་དང་མཆེར་བའི་ནད་དམུ་རྫིང་འཇོམས་པར་འགྱུར་རོ། །རྒྱ་ཤུག?
་ལོ་མ་ཏིལ་མར་སྲེས་པ་དག་།ལེགས་པར་མཉེས་པ་བསྲེགས་ཏེ་དེ་འོག་ཏུ། གདུན་བུར་བཙིར་ལ་དེ་ནས་འོ་མ་བླུད། །མཆེར་བ་དམུ་རྫིང་སོགས་ནི་འཇིག་པར་འགྱུར། །ཤེས
་བྱ་བ་ལ། རྒྱ་ཤུག་གི་ལོ་མ་ཏིལ་མར་དང་བསྲེས་ལ། ལེགས་པར་ཉེས་པ་ངེས་དཀྲིས་ཤིང་བཅིངས་ལ། །དེའི་འོག་ཏུ་མཆེར་པའི་ཕྱོགས་དེར་གཏན་ཤིང་གིས་མནན་ཅིང་བཅིང་ནས་དེའི་རྗེས་ལ་འོ་མ་བླུད་པར
་གྱུར་ན་ཡང། མཆེར་བའི་དམུ་རྫིང་ལ་ཕན་ནི། །རོ་ཧི་ཏ་ཡི་ལྕུག་མ་བཏུབས། །དུམ་བུ་ཨ་རུ་ར་བཅས་ཆུ་འམ། །གཅིན་གྱི་ནང་དུ་ཞག་བདུན་ནི?་ནོ། །སྤངས་ལ་དེ་ནི་བླུད་གྱུར་ན། །མིག་སེར་མཆེར་བ་སྐྲན
་གཞང་འབྲུམ། །སིན་ནད་གཅིན་སྙི་དམུ་རྫིང་འཇོམས། །ཞེས་བྱ་བ་ལ། རོ་ཧི་ཏི་ཞེས་བྱའི་ལྕུག་མ་མཚོན་གྱིས་དུམ་བུ་དུམ་བུར་གཏུམས་ལ། དུམ་དེ་དང་ཨ་རུ་ར་འམ་པ་གཅིན་གྱི་ནད་དུ་ཞག་བདུན་ཡི་བར་དུ་ལེགས་པར་སྤངས
་ལ་དེའི་འོག་ཏུ་ཁུ་བ་དེ་བཙགས་ཏེ། བླུད་ན་ཡང་མི་གསེར་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །རོ་ཧི་ཏ་ཀའི་ཤུན་ལྤགས་ནི། །སྲང་ནི་ཉི་དུ་བ་མ་ལྔའི་ཚད། །རྒྱ་ཤུག་བྲེ་དོར་བཅས་པ་ནི། །བསྐོལ་བའི་ཁུ་བ་བྱས་ནས་ནི།
་ཚ་བ་ལྔ་ནི་སྲ་ང་རེ་དང། །དེ་དག་ཀུན་དང་མཉམ་བ་ཡི། །རོ་ཧི་ཏ་ཡི་ཤུན་ལྤགས་ཕྱེ། །མར་བྲེ་གང་བཙོས་ནས་ནི། །འདི་བླུད་པ་ཡིས་མྱུར་དུ་ནི། །མཆེར་བ་རབ་ཏུ་འཕེལ་བ་སེལ། ཞེས
་བྱ་བ་ལ། རོ་ཧི་ཏ་ཀའི་ཤུན་ལྤགས་སྲང་ཉི་ཤུ་རྩ་ལྔ་ལ་སོགས་པ་དང་མར་བྲེ་གང་ཇི་སྐད་སྨོས་བའི་སྦྱོར་བས་བསྐོལ་ལ། སྨན་མར་དེ་བླུད་ན་ཡང་མཆེར་བ་རབ་ཏུ་འཕེལ་ཞིང་སྐྱེ་བ་ཡང་སེལ་བར་བྱེད་དོ། ཆུ་ཤིང་ཏིལ་གྱི
་སྡོང་བུ་དང། །བུ་རམ་ཤིང་ཕྲན་ཐལ་བ་ནི། །ཏིལ་མར་བསྐོལ་བ་བླུད་གྱུར་ན། །བད་རླུང་ལས་གྱུར་མཆེད་ནད་འཇོམས། །ཞེས་བྱ་བ་ལ། ཆུ་ཤིང་ལ་སོགས་བ་བསྲེགས་པའི་ཐལ་བ་དང། ཏོལ་ནད་བསྐོལ་བ་བླུད་ནེ?་ཡང་ནད་དེ་འཇོམས?་བར་བྱེད་དོ། །?
་སྐྲན?་གྱེ་ཆོ་ག་ལྟར། །རླུང་དང་བད་ཀན་ཤས་ཆེ་ལ། །མཆེར་ནད་སྤྱི་བག་མ་གྱུར་ན། །མ་ཡི་ལས་ནི་སྤྱད་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་བྱས་ཀྱང་ནད་ཞི་ཞིང་བྱང་བར་མ་གྱུར་ན། །བད་ཀན་དང་ཆུང་ཤས་ཆེ་བའི་མཆེར་བའི་ནད་སྤྱི་བས་གྱི་ཆུ་སྐྱེས་བར
་མ་གྱུར་བ་ལ་སྲན་གྱི་ཆོ་ག་ལས་སྨོས་བའི་ཚུལ་དུ་ལྡེ་གུ་བསྲེགས་བ་ལ་སོགས་པས་མེའི་ལས་བྱའོ། །མཁྲིས་གྱུར་འཚོ་བྱེད་སྣ་ཆུ་དང། །མར་དང་འོ་མའི་འཇམ་རྩི་བཏང། །ཁྲག་དབྱུང་སྦྱང་པ་བྱ་བ་དང། །འོ་མ་བླུད་བར་གྱུར་བའང་བསྔགས། །ཞེས་བྱ
་བ་ལ། མཁྲིས་བ་ལས་གྱུར་བའི་མཆེར་བའི་དམུ་རྫིང་ལ་ནི་འཚོ་བྱེད་སྣ་ཆུ་དང་སྦྱར་བའི་སྨན་མར་བླུད་པ་དང། འོ་མའི་འཇམ་རྩི་ལ་སོགས་བ་དང། བཀྲུ་སྨན་དང། སླགས?་སྨན་གྱི་སྦྱང་བར་བྱ་བ་དང། །འོ་མ་བླུད་བར་བྱ་བ་བསྔགས་སོ། །མཆིན
་བར་མཆེད་བ་ལྟ་བུར་གསོ། །གཏང?་བ?་ལག་བ་གཡས་ནས་བྱ་ཞེས་བྱ་བ་ལ་མཚན་པའི་དམུ་རྩིང་ལ་ནི་མཆེད་བའི་གསོ་བ་ཇི་སྐད་སྨོས་པ་ངག་གིས་བྱ་བ?་ལ། ཁྱད་བར་དུ་ནི་ལག་པ་གཡས་པ་ལ་གཏར?་ག་བྱའོ། །རྒྱུ་ལ་འགགས་གྱུར་དུ་བས?
་བྱ་བ་ལ། །བ་གཅེན?་སྨན་ནི་རྣོ?་བཅས་པའི། །ཏིལ་མར་ལན་ཆ་བཅས་པ་ཡིས། །ནི་རུ་ཧ་ནི་འཇམ་རྩེ་བཅས། །ཕྱི་ས་སླ་གྱུར་ཁ་ཟས་དང། །?་སྨན་རྣོན་པོ་འདོལ་བཏང། །རྟུག་བ་སོགས་བསལ?་བའི་གསོ
་པ་ནི། རཁུང་ན་འཇོམས་བ་གང་ཡང་བྱ། །ཞེས་བྱ་བ་ལ། རྒྱུ་མ་འགགས་པ་ལས་གྱུར་པའི་དམུ་རྫིང་ལ་ནི་དང་པོར་དུགས་བྱས་བ?། །བག་ཅིན་སྨན་རྣོན་བོ་དང་ཏིལ་མར་དང་ལན་ཆ་དང་བཅས་པའི་ནེ་རུ་ཧ་བྱས་ལ། དེའི་འོག་ཏུ་འཇམ་གྱི?
་བྱའོ། །གཞན་ཡང་ཕྱིས་སླ་བར་བྱ་བའི་ཟས་དང་བཏུང་བ་སྦྱིན་པར་བྱ་བ་དང་བཀྲུ་སྨན་རྣོན་པོ་ཇི་སྐད་བཤད་པ་དག་ཀྱང་བཏང་བར་བྱས་ལ། དེ་བཞིན་དུ་རྟུགས་པ་འགགས་པའི་རྟུག་སྐམ་གྱི་ནད་གསོ་བ་གང་དག་ཡིན་པ་རླུད་འཇོམས་པར་བྱད་པ་དེ
་དག་བྱའོ། །རྒྱུ་མ་རྡོལ?་བའི་དམུ་རྫིང་ལ། །དུགས་མ་གཏོགས་པའི་གསོ་བཀུན། །བད་ཀན་དམུ་རྫིང་བལྟ་བུར་བྱ། །བསོགས་པ་བཞིན་དུ་ཆུ་གཟགS་ཤིང། །སྨན་པས་དེ་ལྟར་འཚོ་ཙམ་བྱ། །ཞེས་བྱ་བ་ལ། རྒྱུ་མ་རྡོལ་བའི་དམུ་རྫིང་ལ་ནི་དུགས་ཀྱི་སྦྱོར་བ་མ་གཏོགས་པ
་བད་ཀན་གྱི་གསོ་བ་ལྟར་བྱ་སྟེ། དེར་ནི་དུགས་བར་མི་རུང་ངོ། །ཞེས་སྟོན་པ་ཡིན་ནོ། །དེ་བཞིན་དུ་ཆུ་བསོགས་ཤིང་འདུས་པ་བཞིན་དུ་གཟིགས་ཤིང་བསལ་བར་བྱ་ལ། །སྨན་པས་དེ་ལྟར་བྱེད་བཞིན་དུ་ནད་པ་དེ་རེ་ཞིག་འཚོ་བ་ཙམ་དུའོ། །དམུ་ཆུ་ལ་ནི་ཆུ་ཡིས་ནི།།
་ཉེས་སལ་སྨན་ནི་དང་པོར་ནི། །སྨན་རྣོ་བ་གཅིན་ལྡན་པ་དང། །སྣ་ཚོགས་ཐལ་སྨན་ལྡན་བར་སྦྱིན། །ཞེས་བྱ་བ་ལ། དམུ་ཆུའི་རྫིང་ལ་ནི་དང་པོ་ཁོ་ནར་ཆུ་ལ་སོགས་པའི་ཉེས་པ་སེལ་བར་འགྱུར་བའི་སྨན་རྣོ་བ་གཅིན་དང་ཐལ་བ་སྣ་ཚོགས་དང་བཅས་པ་སྦྱིན་པར་བྱའོ།།
་དོད་བསྐྱེད་བད་ཀན་འཇོམས་པ་ཡི། །ཟས་ཀྱིས་དེ་ནི་བར་བྱ། ཞེས་བྱ་བ་ལ། དམུ་རྫིང་ཅན་དེ་ལ་ནི་མེ་དྲོད་བསྐྱེད་པའི་ཁྱད་བར་དུ་ཡང་བད་ཀན་འཇོམས་པའི་ཟས་བྱིན་ལ་བཅོས་པར་བྱའོ། །ར་ཡི་རིལ་མའི་ཐལ་བའི་ཆུ། །བ་གཅིན་བཅས་གནགས་མས?་བསྐོལ
་བ་དང་བསྐོ་བེར?་གྱུར་པ་དེའི་ནང་དུ། །པི་པི་ལིང་དང་དེ་རྩ?་བ། བཅའ་སྒྲ་དུང་བྱིང་ལན་ཚ་ལྔ། །དནད་ཁྲོན་བུ་འབྲས་སུ་གསུམ། །ཤུ་དག་ཀརྐ་ཏ་སྲིང་གི་།ཡ་བཀྵར་ས་ཏ་ལ། །སྭ་རྫི་ཀྵར་ཞེས་བྱ་བ། །ཞེ་ནི་གཉིས་གཏགས་ཕྱེ་མ་གཞུག་།རྒྱ་ཤུག་ཙམ་གྱི་རིལ་བུ་བྱ། །དེ་ནས
་སྐྱུར་རྩབས་དང་སྦྱར་ལ། །བླུད་ནམ་བུ་འོང་ནད་དང། །དམུ་ཆུའི་ནད་ནི་འཕེལ་བ་སེལ། །ཞེས་བྱ་བ་ལ། །རའི་རིལ་མ་ལེགས་པར་བསྲེགས་བའི་ཐལ་བ་བ་གཅིན་དང་བསྲེས་ཏེ། བཙགས་པ་གཟགས་པའི་ཁུ་བ་མེས་ལེགས་པར་བསྐོལ་ལ་ཐལ་ཆུ་བསྐ་བར་གྱུར་པ
་དང་དེའི་ནང་དུ་པི་པི་ལིང་ལ་སོགས་པའི་སྨན་ཞོ་གཉིས་གཉིས་ཀྱིས་ཚད་བཏགས་པའི་ཕྱེ་མ་བཅུགས་ལ། དེའི་འོག་ཏུ་རྒྱུ་ཤུག་ཙམ་གྱི་རིལ་བུ་སྐྱུང?་རྩབས་ཀཉྫ་དེང་སྦྱར་ཏེ། བླུད་ན་མ་ཞུ་བའི་སོགས་པའི་ནད་སེལ་བར་བྱེད་དོ། །དེ་ལྟར་སྨན་གྱིས་མ་ཐུབ་ན། །རྒྱུ་འགགས་ལ
་སོགས་དམུ་རྫིང་གསུམ། །གཉེན་གྱི་རྒྱལ་པོ་ལ་ཞུས་ཏེ། །མཚོན་གྱིས་ལས་ནི་སྦྱད་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་སྨོས་པའི་སྨན་གྱི་སྦྱོར་བ་བྱས་སུ་ཟིན་ཀྱང་ནད་དེ་མ་ཐུབ་ཅིང། ཞི་པར་མ་གྱུར་ན་རྒྱུ་མ་འཕགས་པའི་དམུ་རྫིང་དང། རྒྱུ་མ་རྡོལ་པའི་དམུ་རྫིང་དང། ཆུའི
་དམུ་རྫིང་སྟེ། གསུམ་ལས་མཚོན་གྱི་ལས་བྱ་དགོས་ལ། །དེ་ཡང་ནད་པ་དེ་གཉེན་གྱིས། །རྒྱལ་པོ་ལ་ཞུས་ཤིང་གསོལ་བ་བཏབ་པ་ལ། དེ་ཡི་གནད་པ་མནོས་ཏེ་མཚོན་གྱི་ལས་བྱའོ། །རྒྱུ་འགག་རྡོལ་པའི་དམུ་རྫིང་ལ། སྣུན་ཞེན་དུགས་བྱས་ལྟ་བའི་འོག་།གཡོན་ལོགས་སུ་ནི?
་སོར་བཞི་ཡི་།ལྟོ་བའི་བྱོས་གསུ་བཞག་ནས་སུ། །སོར་བཞི་ཙམ་གྱི་ཚང་གྲངས་ལ། །དེ་ལས་རྒྱུ་མ་བྱུང་ནས་ནི། །བརྟགས་ཏེ་སྤུ?་དང་དྲིན་དང། །འབྱར་བག་རྔོ་བ་ལ་སོགས་བསལ། །ཞེས་བྱ་བ་ལ། རྒྱུམ་འགགས་པ་དང། རྒྱུ་མརྡོལ་བ་ལས་བྱུང་པའི་དམུ་རྫིང་ལ་དང་པོ་སྣུམ
་གྱིས་ཞེན་ཅིང་དུགས་བྱས་པའི་ནད་པའི་ལྟེ་བའི་འོག་གཡོན་ལོགས་སུ་སོར་བཞིའི་ཚད་གཞལ་ཏེ། དོར་བའི་ལྟོ་བའི་ཕྱོགས་སུ་སོར་བཞི་ཙམ་གྱི་ཚད་ལེགས་པར་དབྲལ་ལ་སྒོ་དེ་ནས་རྒྱུ་མ་དྲངས་ལ་བྱུང་སྟེ་བརྟགས་ནས། གལ་ཏེ་སྤཱུམ་དྲི་མའམ་རྒྱུ་མ་ལ་འབྱར་བའི་ལྗན་ལྗིན
་ནམ་རྡོག?་ལ་སོགས་པའི་རྒྱུན་འགགས་པར་བྱེད་པ་གང་དག་ཡིན་པ་བསལ་ཅིང་གདོན་པར་བྱའོ། །བརྟོལ་ལ་ཞུག་རྔུ་ཕྱུང་ནས་ནི། །རྣམ་པར་བསལ་ལ་གཟགས་པར་བ། །བུ་ག་དབྲལ་ལ་འཆད་གཞུག་ཅིང། །ཟིན་ནས་དེ་མི་ལུས་ཀྱི་ནི། །མགོ་བོ་རྣམ་པར་བཅད་པར་བྱ། །དེར
་རྗེས་མར་དང་སྦྲང་རྩི་ཡིས། །བསྐུས་ནས་རྒྱུ་མ་ལེགས་པར་བཞུག་།དེ་འོག་ཕྱིར་གནས་རྨ་འཚེན། །ཞེས་བྱ་བ་ལ། རྒྱུན་རྡོལ་བའི་དམུ་རྫིད་ལ་ནི། །གང་ནས་འཇིག་པའི་སྒོ་དེ་ནས་ནང་གི་ཟུག་རྒྱུའི་གནོད་པ་བྱུང་སྟེ་ལྗན་ལྗིན་རྣམ་པར་བསལ་ཞིང་ཆུ་ཅི་ཡོད་པས
་ལེགས་པར་གཟགས་ལ་གྲོག་མ་སྦོམ་པོ་ལ་བྱའོ། །དེའི་བུ་ག་མ་ཀ་ལ། ཞེས་བྱ་བ་རི་སྲིན་བུ་སོས་འདེབས་སུ་གཞུ་གོ་།སྲིན་བུ་དེས་ཟིན་པ་དང། །དེའི་ལུས་ལས་མགོ?་བོ་བཅད་པར་བྱའོ། །དེ་ནས་དེའི་རྗེས་ལ་རྨད་སྦྲང་རྩི་དང། པུ་རམ་གྱིས་?
་ནས། རྒྱུ་མ་གནས་གང་ཡིན་པར་ལེགས་པར་བཅུ་གནས་རང་གི་གནས་གཞག་པར་བྱའོ། །དེ་ལྟར་གཞག་པའི་རྗེས་ལ་ལྟའོ་ཕྱི་རོལ་ནས་རྨ་བཅོམ་པར་བྱའོ། །དེ་ནས་ས་ན་གཤིན་མངར་གྱིས། །ལྡེ་གུས་ལེགས་པར་བསྐུལ་བར་བྱ། ཞེས་བྱ་བ་མ། དེ་ནས
་དེའི་འོག་ཏུས་ནག་སོར་རྟ་ཞེས་བྱ་བ་དང། ཤིང་ངར་བཏགས་པའི་ལྡེ་གུས་ལགས་པར་བསྐྲུས་ལ་རྨ་དཀྲི?་ཞིང་བཅིང་བར་བྱའོ། །དེ་འོག་རླུང་མེད་གནས་སུ་ནི། །བཞག་ནས་འོ་མས་བསེས་པ་དང། །སྣུམ་རྒྱུས་སྣོད་དུ་གནས་བར་བྱ། ཞེས་བྱ་བ་ལ་དེ་ལྟར་བཅིངས
་པའི་རྗེས་ལ་ནད་པ་དེ་རླུང་མེད་པའི་ཁང་པའི་ནང་དུ་བཞག་ལའི་མ་བླུད་ཅིང་བསྟེན་པ་དང། སྣུམ་གྱིས་དང་པོའི་སྣོད་ཆེན་པོའི་ནང་དུ་ལུས་སྦྱིང་བར་བྱའོ། །རླུང་བཅས་དབུ་རྫིང་ཏིལ་མར་ནི། །རླུང་འཇོམས་བསྐལ་བས་བསྐྱལ་ནས་ནི་ཆུ་དྲོན་བླུགས་བས་དུགས་བྱ་ཞིང?
་ལྟོ་བར་ངས་ཀྱིས་དཀྲིས?་ནས་ནི། །རྒྱུ་འགགས་རྡོལ་བར་བཤད་ནས་སུ། །སོར་གཅིག་ཙམ་ནེ་དབུག་པར་བྱ། །དེར་ནི་གཅེའུ་གཅུ་གནས་སུ། །དེ་ལ་ཆུ?་བྱེད་གཟག་པར་བྱ། །ཞེས་བྱ་བ་ལ་ཆུ་དང་བཅས་པའི་དམུ་རྫིང?་?་ལ་ནི་རླུང?་འཇོམས་པའི་?་?
་བའི་ཏིལ་མར་ཕྱི་ནད་པའི་ལུས་བསྐུས་ལ་སྩམ?་གྱི་ཚོ?་བ་བྱས་ནས་ཆུ་དྲོན་བོ་སྣམ?་ཅན་བླུགས་པ་ཇི་སྐད་སྣོས་པ་བཞིན་དུ་དུགས་བྱས་ཞིང་ལྟོ་བ་མཚན?་ཁུང་མན་ཆད་རས་ཀྱིས་དགྲེས?་ཞིང་བཅིངས་ནས་རྒྱུན་འགགས་པ་དང། ཆ་མརྡལ་བའི་སྐབས་སུ་བཤད་པའི་ལུ?་གྱི་གནས
་ལྟེ་བའི་འོག་ཏུ་གཡོན?་ལོགས་སུ་སོར་བཞི་གཅིལ་བ་མ་གཏོགས་པའི་འོག་གི་གནས་ཀྱི་ཕྱོགས་སུ་འབྲས་ཀྱི་འབྱིར?་ལྟ་བུའི་གཙོ་མོ་ཡོད་པའི་གཙགས?་བུ་སོང་གཅིག་ཙམ་ཞེས་བྱ་བ་མཐེ་བང?་ཤོད?་བཙམ་ཞེས་དཔུགས་ཤིང་དྲལ་བར་བྱའོ། །དེ་ནས་རྨ་ཁ་དར་དང་འཆས་པའི
་གཅེའུ་དེ་ལས་ནད་ཀྱི་ཆུ་དེའི་ཕྱེད་ཙམ་གཟག་ཤིང་གདོན་པར་བྱའོ། །དེ་ནས་གཅེའུ་ཕྱུང་ནས་ནི། །ཏིལ་དང་རྒྱམ་ཚ་དེ་ལྟ་བུ་ཡིས། །རྨ་བསྐུས་ནས་ནི་བཀག་ནས་སུ། །ངས་ཀྱིས་ལྟོ་བ་དཀྲི་བར་བྱ། །ཞག་གསུམ་ཡང་ན་ཞག་བཞི་ཞིང། །བཞག་ནི་བཅུ་དྲུག་པར་གྱིས་བྱ། ཞེས་བྱ
་བ་ལ། དེ་ནས་དེའི་འོག་ཏུ་ཞག་གསུམ་པའམ། ཞག་བཞི་བ་ལན། །ལྔ་པའམ། ཞག་བཅུ་གཉིས་པའི་བར་རམ། ཞག་བུ་དྲུག་པའི་བར་གྱིས། ཉམས་དང་དུས་ལ་སོགས་པའི་རང་བཞིན་གྱིས་དབགས་ཏེ། ཆུ་གཟགས?་པར་བྱས་ལ་དེ་ལྟར་གཟགས་པའི་ཚེ་གཅེའུ་ནས་?
་ཤིང་བསྟན་བ་འོག་ཏུ་ཅིའི་དེ་བྱང་ནས་ཏིལ་དང་རྒྱམ་ཚྭ་བཏགས་པའི་ལྡེ་གུས་རྣ་བཀག་ཅིང་རླན་དེ་ལྟོ་བ་ངས?་ཀྱིས་དཀྲིས་ཤིང་བཅིང་བར་བྱའོ། །དེ་ནི་བར་བར་གྱིས་བརྟ་ཞིང། །ཆུ་ནི་ཉུང་ཟད་ཉུང་ཟད་དབྱུང། །ཞེས་བྱ་བ་ལ། ཡང་ན་དང་དེ་ཆུ་བྱིན་ཕན?་བར་སྐབས་སུ་ཞག་ཚིགས་ཀྱི་བཅད
་ཅིང་ངལ་བསོས་པའི་དུ་བ་བརྟས་ནས་ནད་ཀྱི་ཆུ་རིམ་གྱིས་ཉུང་ཟད་ཉུང་ཟད་དབྱུང་བར་བྱ་སྟེ། གལ་ཏེ་གཅིག་ཆུར་ཆུ་ཐམས་ཅད་དུས་གཅིག་ཏུ་བྱུང་ན་མི་སྐོམ་དང་རིམས་དང་རྐང་ལག་བཅོམ་སྙམ་དུན་བ་དང། འཁྲུ་བ་དང། ལུད་པ་དང། དབུགས་མི་བདེ་བ་དང། རྐང་བསྒྲིབ་ཅིང་ཆ་བར
་གྱུར་བའི་སྐྱོན་ཡོད་པའམ། སླར་ཞིང་ཤས་ཆེར་ཆུས་འགེངས་པར་འགྱུར་བའི་སྐྱེན་ཡོད་དོ། །ལྟེ?་ནི?་ལྷོད་པར་གྱུར་པ་ན། །ཤིན་ཏུ་དམ་དུ་དཀྲི་བར་བྱ། ཞེས་བྱ་བ་ལ། མུ་ཆུ་དེ་གཟགས་ནས་ལྟོ་ལེགས་པར་མཉེས་པ་ལ་ལྟོ་བ་དེ་ལྷོད་ཅིང་སྙེ་བར་གྱུར་བ་ནི་ལུག་གི་པགS
་?་ནམ། རི་བོང་ལ་སོགས་པའི་ཕགས་རློན་གྱིས་ཤིན་ཏུ་དམ་དུ་བཅིང་བར་བྱ་སྟེ། དེ་ལྟར་བྱས་ན་རླུང་འཇུག་ཅིང། ལྟོ་སྦོས་པར་མི་འགྱུར་རོ། །ཆུ་ནི་གཟགས་ནི་སྨྱུང་བྱས་ལ། །ཐུག་པ་ལན་སྣུམ་མེད་བླུད། །ཅེས་བྱ་བ་ལ། ནད་ཀྱིས་ཆུ་གཟགས་ཤིང་སྟོན་ནས་ནད་བ་དེ་སྦྱད?
་དབྱེས་ཤིང་ནས་ཀྱི་ཐུག་པ་ལ་ཚ་དང་སྣུམ་མེད་པ་ཚད་ཙམ་ཞིག་བླུང་ཅིང་སྦྱིན་པར་བྱའོ། །ཐཱ་དྲུག་བར་དུའོ་མས་གསོ། །ཟླ་གསུམ་ཐུག་པའི་འོ་ཐུག་བླུང། །ཟླ་གསུམ?་བར་དུ་འོ་ཐུག་གམ། །འབྲས་འབུ་སྒྱུར་བཅས་ཤ་ཁུ་ནི། །ལན་ཚྭ་སྣུམ་ནི་ཉུང་བ་བླུད། །ཁྲེ་དང་ཅི
་བརྙིང་པ་སྦྱིན། །ཞེས་བྱ་བ་ལ། དེ་ནས་ཟླ་བ་དྲུག་གི་བར་དུ་ཕལ་ཆེར་འོ་མ་བླུང་ཅིང་འོ་ཐུག་སྦྱིན་པ་དང། །དེའི་འོག་ཟླ་བ་གསུམ་ནས་ཐུག་པ་འམ་རོ་ཐུག་བླུང་པ་དང། དེའིའོག་ཏུ་བླ་བ་གསུམ་གྱི་བར་དུ་འོས?་ཐུག་གམ་འབྲས་ཐུག་ལ་སོགས་པའི་འབྲས?
་བུ་སྐྱར་བ་བཏབ་པ་དང། ཤ་ཁུ་ལན་ཆ་དང་སྣུམ་ཉུང་བ་བླུད་པར་བྱའོ། །ཁྲེ་དད་ཅི་ཚེ་ལ་སོགས་པའི་རྩ་འབྲུ་རྩུ་བཅིང་ཡང་བ་པོ་གཅིག་ལོན་པ་སྦྱིན་ཞིང། མདོར་ན་ཁ་ཟས་ཡང་བ་དང་རྩུབ་པ་སྦྱིན་པར་བྱའོ། །དེ་ལྟར་ལོ་གཅིག་འབད་བ་མིན། །ཆུ་ཡི་དམུ་རྫིང་ལེགས་པར
་གསོ། །སྤང་པ་རྣམས་ནི་བསྡམ་བ་དང། བརྟན་པར་བྱ་ཞིང་སྐམ་མེད་བྱ། །ཞེས་བྱ་བ་ལ་ཇི་སྐད་སྟོས?་པའི་ཚུལ་འདིས་ལོ་གཅིག་གི་ངར་དུ་འབད་ཅིང་བརྩོན་པ་དང་ལྡན་པས་དམུ་ཆུའི་དམུ་རྫིང་གི་ནད་ལེགས་པར་གསོ་བར་བྱ་ཞིང། དེ་ལ་གནོད་པའི་བག་སྤང་བར་བྱ་བ་རྣམས་ཤིན་ཏུ
་བསྔམ་བ་དང། སྲོག་འཚོ་བའི་བསློབ་དཔོན་སྨན་པས་བསླབས་ཤིང་བསྟན་པའི་ཁ་ཟས་དང་སྦྱོད་ལམ་རྣམས་བསྟེན་པར་བྱ་ཞིང་བཀག་པ་རྣམས་ལ་དབང་པོ་ཐུལ་ཞིང་སྐམ་བ་མེད་པར་བྱའོ། །གང་ཕྱིར་དམུ་རྫིང་ཐམས་ཅད་ནི། །ནང་སོགས་བ་ལས་བྱུང་བས་ན། །དེ་ཕྱིར་དང
་སོགས་བསལ་བ་ཡིས། །གསོ་བ་ཀུན་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཕལ་ཆེར་སོགས་ཤིང་འདས་པ་ཡིན་པས་ན་དེའི་ཕྱིར་རྒྱུ་རླུང་ལ་སོགས་པའི་ནད་གསལ་བའི་ཆོ་ག་གང་དག་ཡིན་པ་དེ་གསོ་བ་ཐམས་ཅད་ལ་ལྷག་བར་བསྔགས་ཤིང་ཕན་པ་ཡིན་ནོ།།
་ནང་ཀྱི་ལྟེ་བ་གང་གྱུར་པས། །མེ་དྲོད་འབྲི་བར་གྱུར་བ་ཡིན། །དེ་བས་ཡང་བ་དོད་བསྐྱེད་པའི། །རྩ་བ་ལྔ་བཅས་ཉུང་བ་དང། །ལན་ཚ་སྣུམ་དང་ཁ་བ་ཉུང། །འཇུ་སླའི?་ཁ་ཟས་སྦྱིན་པར་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་ཁོང་པའི་ནད་གང་ཞིང་རྒྱས་པར་གྱུར
་ན་ཁོད་པའི་མེ་དྲོད་འདྲི་ཞིང་ཞན་པར་འགྱུར་བ་ཡིན་པས་དེའི་ཕྱིར་དམུ་རྫིང་ཅན་ལ་ཁ་ཟས་ཀྱང་ཡང་བ་དང། དྲོད་བསྐྱེད་བརྩ་བ་ལྔ་དང་བཅས་པ་དང། ཁ་ཟས་ལན་ཚྭ་ལ་སོགས་པའི་ཞད་ཉུང་བ་འཇུ་སླ་བ་དག་སྦྱིན་པར་བྱའོ། །བག་ཅིན་དང་ནི་སྦས་པ་ཡི། །དྲུག་ཅུ་བའི་འབྲས
་ང་ལས། །ཐུག་པའོ་ཐུག་བཅོས་ནས་ནི། ཅི་འདོད་པད་ནི་སྦྱིན་པར་བྱ། །དམུ་རྫིང་སྐྱོན་ནི་སྤྱང་བའི་ཕྱིར། །དེ་རྗེས་བུ་རམཤིང་ཀུན་བླུང། །དེས་ནི་རླུང་མ་དྲིས་བདཀན་རྣམས། །རང་རང་གནས་སུ་འགྲོ་བར་འགྱུར། །ཞེས་བྱ་བ་ལ། འབྲས་དྲུག་ཅུ་པ་བ་གཅིན་ཕྱི་ནང་དུ་སུངས་པ་ལས་ཅི
་འདོད་པར་ཐུག་པ་ལ་སོགས་པ་བྱས་ནས་སྤྱན་པར་བྱ་ཞིང། དེའི་རྗེས་ལང་མུ་རྫིང་གནང་སྦྱང་ཞིང་དག་པར་བྱ་བའི་ཕྱིར། །བུ་རམ་ཤིང་གི་ཁུ་བ་བླུད་པར་བྱ་སྟེ། སྤྱོད་པ་དེས་ནི་རླུང་ལ་སོགས་པའི་ནད་རང་རང་གིས་གནས་སུ་སོང་སྟེ། བདེ་བར་གནས་པར་འགྱུར་རོ། །དེ་མུ་རྫིང་གི་ནད
་ཐམས་ཅད་ལ་ཤེན་ཏུ?་ཚ་བ་ལ་སོགས་པའི་ཁ་ཟས་སྤྱོད་ལམ་སྤང་པར་བྱའོ། །ཤིན་ཏུ་ཚ་བའི་ལན་ཆཝ། །རྩུབ?་ཤིང་བཤང་སྲི་གྲང་ཞེར་ལྕི། །བུ་རམ་ཏིལ་གཡས་ཚོང?་མ་དང།ཆུ་འཐུངས་ལུས་ནི་འཁྲུ་བ་དང། །རྩོལ་དྲགས་པ་མ་རུབ་ཉིན་མོ་ཉིད།།བཞོན་པས་འགྲོ་བསྟང་བར་བྱ།།
་ཤིན་ཏུ་བསྐལ་སྨིན་ཞིང་མངར། །དར་བསྒོམ་དུ་བླུང་པར་སྔགས། །རླུང་ལ་རྒྱམ་ཚྭ་པི་པི་ལིང། །མཁྲིས་པ་ཁར་ཆ་བ་གསུམ།།བདག་ན་ལས་གྱུར་པ་ལ་ཕུང། །རྒྱམ་ཚྭ་ཟིར་སྒྲང་རྩི་དང། །ཚ་བ་གསུམ་དང་ལྡན་པ་སྤྱིན། །འདུས་པ་ལས་གྱུར་སྦྲང་རྩི་དང། ?་དག་ཏིལ་མར
་?་?་དང། །ཤུ་ཏི་རུ་རྟ་ཕྱེ་མྱང་ཚྭ། །མཆེར་པ་རྒྱུ་འགང་སད་ནུ་རྫིང་ལ། །ཚ་བ་གསུམ་དང་ལལ་ཕུད། །རྒྱམ་ཚྭ་གོ་སྙོད་པ་འབྲས་བཅས། །རྒྱུ་རྡོལ་སྦྲང་རྩི་པི་པི་ལིང། །ཚ་བ་གསུམ་དང་ལྡན་པ་བླུད། །ཅེས་བྱ་བ་ལ། དར་བ་ཤིན་ཏུ་བསྐབ་ཡང་མ་ཡིན་ལ། སླབ་ཡང་མ
་ཡིན་པའི་དར་དུ?་?་?བླུད་པ་བསྔགས་པ་དེ་ཡན་རླུང་ལས་གྱུར་པའི་དམུ་རྫིང་ལ་ནི། །དར་བ་མངར་པོ་རྒྱམ་ཚྭ་དང་པི་པི་ལིང་བཏབ་པ་བླུད་པ་ཡང་ཕན་ནོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་ལ་ནི་ཁར་དང་ཚ་བ་གསུམ་བཏབ་པའི་དང་བ་བླུད་ན་ཕན་ནོ། །བད་ཀན
་ལས་ནི་དར་བ་དེ་ལང་ལ་ཕུད་ལ་སོགས་པའི་སྨན་བཏབ་པ་བླུང་དོ། །འདུས་པ་ལས་གྱུར་པའི་དམུ་རྫིང་ལ་ནི་སྦྲང་རྩི་ལ་སོགས་པ་བཏབ་པའི་དར་བ་བླུད་པ་ཕན་ནོ། །མཚང་པ་དང་མཆིན་པ་དང་རྒྱུ་མ་འགགས་པའི་དམུ་རྫིང་ལ་ནི། ཆེ་བ་གསུམ་སྣས་བ་ཏྨའི་འབྲས་བུ་ཏ?་པུ
་ཤ་ཞེས་བྱ་བའི་བར་དང་བཅས་བར་བླུད་ན་ཕན་ནོ། །རྒྱུ་མོ་རྡལ་བའི་དམུ་རྫིད་ལནི་པི་པི་ལིང་དང་སྦྲང་རྩི་བཅས་པའི་ད་དབ་བླུད་ན་ཕན་ནོ། །ཆུ་འདི་མུ་རྫིང་ཅན་ལ་ནི། །ཚ་བ་གསུམ་བཅས་བླུད་ན་ཕན་ཞེས་བྱ་བ་ལ། ཆུའི་དམུ་རྫིང་དམུ་ཆུ་ཅན་ལ་ནི་ཚེ་གསུམ
་དང་བཅས་པའི་དར་བ་བླུད་ན་ཕན་ནོ། །རླུང་དང་བད་ཀན་གྱིས་གཟིར་ཅིང། །ལུས་ལྕི་ལྟོ་སྤོས་ཡི་ག་འཆུས། །ཚད་འཁྲུ་མེ་དྲོད་ཉམས་པ་ལ། །དད་བ་བདུད་རྩི་ལྟ་བུ་ཡིན། །ཞེས་བྱ་བ་ལ། རླུང་དང་བད་ཀན་གྱིས་ཉེན་པའི་ནང། །ལུས་ལྕི་བ་ལ་སོགས་པའི་ནང། །ཉམས་ཐག
་པ་ལ་དད་པ་བླུད་པ་ནི། བདུད་རྩི་ལྟ་བུར་ཕན་ཞིང་བསྔཌ་པ་ཡིན་ནོ། །སྤྱོད་བཀུན་གྱིས་རྗེས་ལ་ནི། །འོ་མ་ཉེ་བར་སྦྱང་བྱས་ཏེ། །ལུས་ཟུངས་ཐམས་ཅད་བརྟན་བྱེད་ཅིང། སྟོབས་བསྐྱེད་ནས་ནི་ལྷག་ལུས་སེལ། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་གསོ་བའི་སྦྱོར་བ་ཀུན་གྱི
་རྗེས་སམ་གཏིང་རྟོགས་ལ་འོ་མ་བླུད་ཅིང་སྦྱིན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འོ་མ་དེས་ལུས་དངས་མ་ལ་སོགས་པ་བརྟན་པར་བྱེད་ཅིང་ལུས་ཀྱི་སྟོབས་བསྐྱེད་པར་བྱ་བ་དང། ནད་ཀྱི་ལྷག་མ་ལུས་པ་སེལ་ཙིར་ཕྱིས་ནད་འབྱུང་བར་མི་བྱེད་པ་ཡིན་ནོ། །སྨན་གྱི་ཉམས་སྨད་གྱུར
་ལུས་ལ། །འོ་མ་བདུད་རྩི་ལྟ་བུ་ཡིན། །ཞེས་བྱ་བ་ལ། སྨན་གྱིས་སྦྱར་བས་གང་ལུས་ཀྱི་ཉམས་སྨད་ཅིང་རིང་པར་གྱུར་པ་དེ་ལ་འོ་མ་བླུད་པ་ནི་བདུད་རྩི་ལྟར་ཕན་བ་ཡིན་ཞིང་སྲོག་སྟེར་པར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི
་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པ་སྦྱད་བ་ལས། གསོ་བའི་གནས་ལེའུ་བཅཝ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྐྱ་རྦབ་གསོ་བའི་ལེའུ་བཤད་པར་བྱའོ།། །།ཞེས་བྱ་བ་ལ། ནད་གཞི་ཇི་སྐད
་བསྟན་པའི་རིམ་བས་གསོ་བ་ཡང་དེ་?་འདྲ་བར་བརྩམས་པ་ཡིན་པའི་ཕྱིར་གོ་རིམ་ལ་བབ་བས་སྐྱ་བབ་ཀྱི་ནད་གསོ་བ་བརྩམས་པ་ཡིན་ནོ། །སྐྱ་བབ་ནད་པ་དང་པོར་ནི། །དགེ་བ་ཆེན་པོའི་སྨན་མར་རམ། །བ་ཡི་ལྔ་དང་ཏིཀྟ་ཕྱེ་འམ། དོད་ག་སོགས་བསྐོལ་སྨན་མར་བླང། ཅེས་བྱ་བ་ལ
་དེ་ལ་སྐྱ་རྦབ་ཀྱི་ནད་དང་ལྡན་བའི་མི་ལ་ནི་དང་པོ་ཁོ་ནར་དགེ་བ་ཆེན་པོ་ཞེས་བྱ་བའི་སྨན་མར་རམ། བའི་རྣམ་ལྔའི་སྨན་མངར་མ། ཏིཀྟ་ཆེན་པོའི་སྨན་མར་རམ། དོ་དག་ལ་སོགས་པའི་སྡེ་ཚན་དང་ཀློག་པའི་སྨན་མར་བླུད་ན་ཕན་ནོ། །སེའུ་འབྲུ་ཕུལ་གང་འོ་སུ་ཕྱེད། །ཙི་ཏྲ་ཀ
་དང་བཅའ་སྒ་ལས། །སྲང་རེ་པི་པི་འདི་སྲད་ཕྱེད། །ལྡེ་གུར་བྱས་པ་མང་སྲང་ནི། །ཉི་ཤུ་ཆུ་བྲེ་བཞི་ནད་བསྐོལ། །སྐྱ་རྦབ་སྙིང་ནད་གཞང་འབྲུམ་སྟན?། །མཆེར་རླུང་བད་ཀན་གྱིས་ཉོན་པོ་སེལ། །དྲོང་སྐྱེད་ལུང་བ་དབུགས་མི་བདེ། །སེལ་ཅིང་དང་འཁྱིལ་བ་དེར་འབྱུང་བྱེད། །བུ་?
་དགའ་དང་མོ་གཤམ་ལ། །འདི་ནི་མཆོག་ཏུ་བསྔགས་པ་ཡིན། །ཞེས་བྱ་བ་ལ། སེའུ་འབྲུའི་ཁུ་བ་ལས་ཕུལ་གང་སྟེ་སྲང་བཞི། །འོ་སུའི་འབྲས་བུ་ཕུལ་ཕྱེད་སྟེ་སྲང་གཉིས། ཙིཏྟ་ཀ་དང་བཅའ་སྒྲ་སྲང་རེ་རེ། །པི་པི་ལིང་སྲང་ཕྱེད་དེ། དེ་དག་བཏགས་ལ་ལྔ་བུར་བྱས་ནS
་མར་སྲང་ཉི་ཤུ་དང་ཆ་བྲེ་བཞིའི་ནང་དུ་བསྐོལ་བའི་སྨན་མ་དབྱིན་ན་སྐྱ་རྦབ་ལ་སོགས་པའི་ནང་སེལ་བར་བྱེད་ཅིང། དྲོད་བསྐྱེད་པལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། བུད་མེད་བུ་བཙས?་པའི་ཚེ་ན་སྡུག་བསྔལ་ཞིང་མཐོན་པ་དང། བུད་མེད་མོ་གཤམས་སྟེ་བུ་མེད་པ
་དག་ལ་མཆོག་ཏུ་ཕན་བ་ཡིན་ནོ། །སྣུམ་བྱས་སྐྱུག་སྨན་རྣོན་པོ་གཏང། །སླར་ཡང་སྣུམ་བྱས་བཀྲུ་སྨན་ནི། འོ་མ་བ་གཅིན་སྦྱར་བ་བཏང་བ་འམ། མཁུར་བཀང་ལན་མང་བྱས་པས་སྦྱང་ཞེས་བྱ་བ་ལ། ཡང་སྐྱ་རྦབ་ཀྱི་ནད་དང་ལྡན་པ་དེ་ལ། དང་པོར་སྣུམ་གྱི་ཆོ་ག་ལེགས་པར
་རྒྱས་ལ་སྐྱུགས་སྨན་རྣོན་པོ་བཏང་ལ་།སློན་དུ་གཞུག་བར་བྱའོ། །དེ་ནས་ཡང་ལྟས་ལ་སླར་སྣུམ་གྱི་ཆོ་ག་བྱས་ནས། འོ་མ་དང་བ་གཅིན་སྦྱར་བའི་བཀྲུ་སྨན་བཏང་བ་འམ། འོ་མ་འཁུར་བར་བཀང་བ་ལན་མང་ཏུ་བསྟན་པར་སྦྱངས་ཤིང་དག་བར་བྱའོ། །དན་དའི་འབྲས་བུའི་ཁུ་བ
་དྲག། ཏང་བལ་ཡངན་རྒུན་འབྲུམ་ནི། །སྤང་བརྒྱད་ལ་སྤངས་མཉེས་བྱས་བ། །དེ་འཐུངས་སྐྱ་རྦབ་ནད་སེལ་ཏོ་ཞེས་བྱ་བ་ལ། དན་དའི་འབྲས་བུའི་ཁུ་བཅུད་ཟད་ཙམ་དྲོ་བར་ཏང་པ་ལ་སྲང་བརྒྱད་དམ། རྒུན་འབྲུམ་སྲང་བརྒྱད་དང་མཚན་མོ་སྦྱངས་ལ་དེ་ནད་པར་མཉེས་ཏེ་ཚིགS
་ཀྱིས་བཙགས་དེ་འཐུངས་བ་ན། སྐྱ་རྦབ་ཀྱི་ནད་སེལ་བར་བྱེད་དོ། ། རུ་བཏགས་བ་བ་གཅིན་སྦྱར། །ཡང་ན་དེ་བསྐོལ་འབྲས་བུ་གསུམ། །ཞེས་བྱ་བ་ལ། ཨ་རུ་ད་བཏགས་ཏེ་བག་ཅིན་དང་སྦྱར་བ་བླུད་བ་འམ། ཡང་ན་བ་གཅིན་དེའི་ནང་དུ་འབྲས་བུ
་གསུམ་བསྐོལ་བའི་ཁུ་བ་བླུད་ན་ཡང་སྐྱ་རྦབ་ཀྱི་ནད་ལ་ཕན་ནོ། །ཁྲོན་བུ་ཤ་མདུར་བྱིད་དང། ཐད་ཤིང་བཅའ་སྒོའི་ལྡེ་གུ་ནི་།བ་གཅིན་སྲང་བརྒྱད་སྦྱར་བ་འམ། བ་གཅིན་ལྷན་གཅིག་བསྐོལ་བ་བླུད་ཅེས་བྱ་བ་ལ། ཁོ་ན་བུལ་སོགས་པ་བཏགས་པའི་ལྡེ
་གུ་དང་བ་གཅིན་སྲང་བརྒྱད་སྦྱར་ཏེ་བླུད་པ་འམ། ཁྲོན་བུ་ལ་སོགས་པ་དེ་དག་ཉིད་དང་གཅིན་དང་སྲང་བརྒྱད་བསྐོལ་བདེ་བླུད་ན་ཡང་ཕན་ནོ། །དེ་བདག་ཉིད་ནི་མིང་བསྐོར་ག་།བླུད་ན་འང་ནད་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། ཡང་ན་ཁྲོན་བུ་ལ་སོགས་པ་སྨན་དེ་དག་ཉིད
་དང་མར་བསྐོལ་བ་བླུད་ན་ཡང་སྐྱ་རྦབ་གྱི་ནད་སེལ་ཅིང་སྦྱོར་བར་བྱེད་དོ། །ཡང་ན་ལྕག་ཕྱེ་གཅིན། ན་མ། འོ་མར་ཞག་བདུན་བཞག་པ་བླུད། །ཞུ་ནས་ཁ་ཟས་དོ་མ་འམ། །ཤ་ཁུ་མངར་པོ་སྦྱིན་བར་བྱ། ཞེས་བྱ་བ་ལ། ཡང་ན་ལྕགས་ཀྱི་ཕྱེ་མ་ཞག་བདུན་གྱིས་དུ་བ་གཅིན
་ནམ་འོ་མའི་ནང་དུ་བཞག་པ་བླུད་ལ་སྨན་དེ་ཞུ་ནས་ཁ་ཟས་འབྲས་ཆན་འོ་མ་འམ། ཤ་ཁུ་མ་དང་པོ་དང་སྦགས་ཏེ་ཕྱིན་ན་ཡང་ཕན་ནོ། །སྟོང་སྨད་སྦྱངས་ནས་ཨ་རུ་ར། །སྦྲང་རྩི་མར་སྦྱར་ལྡེ་གུ་སྦྱིན་ཞེས་བྱ་བ་ལ། སློན་སྨན་དང་བཀྲུ་སྨན་གྱི་སྟེད་དང་སྨད་ཀྱི
་ནད་སྦྱངས་ནས། ། རུ་ར་དང་མར་དང་སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །ཅི་ཤ་ལ་དང་པུ་ཙི་ཤེལ། །གླ་སྒང་དུ་རྟ་ཐ་དང་ཤིང་དང། །དུག་མོ་ཉུང་ནི་ཞོ་གཉིས་གཉིས། །ུང་བ་སྲང་ཕྱེད་བོད་བ་ནི་ཞོ་གཅིག་དེ་ཡི་ཕྱེ་བཏགས་ཆུ། །དོ་འཇམ་སྦྱར་བླུད
་སྦྲང་རྩི་སྦྱིན། །སྐྱ་རྦབ་རིམས་དང་ཁོང་ཚད་ད། །ལུང་པ་དབུགས་མི་བདེ་སྐྲན་སྦོ། །ཡི་ག་འཆུས་དང་མ་ཞུ་རླུང། །ཁྲག་མཁྲིས་དེས་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། བི་ཤ་ལ་སོགས་པའི་སྨན་ཞོ་གཉིས་གཉིས་དང་མུར་བསྲང་ཕྱེད་དང་བོད་ད་དཀར
་པོ་ཞོག་ཅིག་སྟེ། དེ་རྣམས་ཕྱེ་མར་བཏཌ་ལ་ཆུ་བསྐོལ་བ་རྣམ་ཙམ་དང་སྦྱར་ཏེ་བླུད་ལ། དེའི་འོག་ཏུ་སྦྲང་རྩི་སྦྱིན་ན་ཕྱེ་མ་ངེས་སྐྱ་རྦབ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །སླེ་ཏྲེས་དང་ནི་བ་ཤ་ཀ། འབྲས་བུ་གསུམ་དང་བུ་ཙ་ཤེལ། །ཏིཀྟ་ནིམྦ་རྩ་མཁྲིས་རྣམས། །བསྐོལ་ཏེ
་བསྒྲངས་པར་སྦྲང་རྩི་ནི། །བཏབ་པ་བླུད་ན་སྐྱ་རྦབ་དང། །མིག་སེར་ཁྲག་མཁྲིས་འཇོམས་པར་བྱེད། །ཅེས་བྱ་བ་ལ། སླེ་ཏེས་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བསྒྲང་པའི་ནང་དུ་སྒྲངས་རྩི་བཏབ་ཏེ་བླུད་ན་ཡང་སྐྱ་རྦབ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །ཚབ་གསུམ་པ
་ཙིཏྲ་ཀ་འབྲས་བུ་གསུམ་དང་བྱི་ད་དག་།གདུར་དང་མཉམ་ལྕགས་ཀྱི་ཕྱེ། །མད་དང་སྦྲང་རྩི་དང་བའམ། །ཆུ་དོན་འོ་མར་སྦྱར་བླུད་ན། །མིག་སེར་སྙིང་ནད་སྐྱ་རྦབ་དང། །མཛེ་དང་གཞང་འབྲུམ་ནང་རྣམས་སེལ། ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་དགུ་བོ་ཆ་བསྙམS
་བའི་ཕྱེ་མ་སྦྱི་ཇི་སྙེད་མོད་པ་དང་མཉམ་པའི་ལྕགས་ཀྱི་ཕྱེ་མ་མངལ་སོགས་པའམ། ཆུ་དྲོན་དང་སྦྱར་ཏེ་བླུད་ན་མིག་སེར་གྱི་ནད་ལ་སོགས་པ་སེལ་བར་བྱེད་དོ། །དོད་གྲ་ལྕགས་ཕྱེ་ཏི་ལ་དང་ནི། བུ་རམ་ཆ་བསྙམས་པ་ཡི་ཚད། །པི་པི་ལིང་ནི་ཉིས་འགྱུར་གཞུག་།རིལ་བུ
་སྒྲ་རྦབ་ཅན་ལ་སྦྱིན། །ཞེས་བྱ་བ་ལ། དོ་དགྲ་ལ་སོགས་པ་མ་མཉམ་བར་བྱས་པི་པི་ལིང་དོང་གའི་ཉིས་འགྱུར་བཅུ་གནས་རིལ་བུའི་སྦྱོར་བ་བྱས་ཏེ་སྐྱ་རྦབ་ཅན་ལ་བྱིན་ན་ཕན་ནོ། །ཏསྱ་སྐྱེད་བའི་ཤུན་ལྤགས་དང། དབྱི་མོ་པི་པི་ལིང་རྩ་བ། །ཐང་ཤིང་རྩ་བ་གསུམ་སོགS
་ཚུ། །ཕྱེ་མར་བཏགས་པ་ཉིས་འགྱུར་གྱིས། །མན་དུ་དའི་ཕྱེ་དབུལ་རྡོ་འདྲ། །དེ་དག་གིས་ནི་བརྒྱད་འགྱུར་གྱི། །བག་ཅིན་ནང་དུ་སོ་སོར་བསྐོལ། །རིལ་བུ་བྱ་བར་བཟོད་པ་དང། །གཅིག་ཏུ་བསྲས་ཏེ་རིལ་བུར་བྱ། །དེ་ནི་མན་དུ་རའི་རིལ་བུ། །དེ་ཟོས་དང་བ་འཐུངས་ན་ནི།།སྐྱ
་རྦབ་ཅན་ལ་སོག་སྟེར་ར། །མཛོ་དང་མ་ཞུ་ནོད་ནད་དང། །བརླ་རེངས་ཡི་ག་འཆུས་པ་དང། །གཞང་འབྲུམ་མིག་སེལ་གཅིན་སྙི་དང། །མཆེད་པའི་ནད་རྣམས་ཞི་བར་བྱེད། །ཅེས་བྱ་བ་ལ། ཏ་སྤྱི་ན་པད་བཀྵི་ཀའོ། །ཚ་བ་གསུམ་ལ་སོགས་པའི་དགུ་པ་ན་ཆོས?
་གསུམ་དང་ཙིཏྲ་ཀ་དང། བྱིད་དག་དང། འབྲས་བུ་གསུམ་དང་གླ་སྒང་སྟེ་དགུའོ། དེ་དག་ཐམས་ཅད་ཕྱེ་མར་ཞིབ་ཏུ་བཏགས་ལ་དེ་ཕྱེ་མ་དེའི་ཉིས་འགྱུར་གྱི་མན་དུར་ཞེས་བྱ་བ་ལྕགས་ནག་པོའི་ཕྱེ་མ་ཡིན་ནོ་ཞེས་ཉི་མ་འཆར་ཀའི་ཞེས་བྱ་བའི
་སྨན་ཟ་མོ། སྨན་བ་རྒན་པོ་གཞན་དག་ནི་གཅིབས་མ་ཚ་ཚ་ཞེས་བྱ་བ་ལ་མན་དུར་ཞེས་བྱའོ། །ཞེས་ཟེར་རོ། །དེ་ཕྱེ་མ་ཕྱེ་མ་བྱིན་བའི་ཉིས་འགྱུར་གནག་ཅིང་འཚེ་རབས་དངུལ་རྡོ་འདྲ་པར་གཏགས་ལ། དེ་ནས་ཕྱེ་མ་དེ་སོ་སོརྦཞག་སྟེ། བ་གཅིན་བརྒྱད་འགྱུར་གྱི་ནད
་དུ་སོ་སོར་བསྐོལ་ལ། རིལ་བུར་བྱ་བར་བཟོད་པ་དང། །གཅིག་ཏུ་བསྲེས་ལ་རིལ་བུར་བྱའོ། །འདི་ནི་མན་དུ་དིའི?་རིལ་བུ་ཞེས་བྱ་སྟེ། དེ་ལ་སར་ན་པད་ཟོས་ཤིང་དེའི་རྗེས་ལ་དད་བ་བླུང་ན་སྐྱ་རྦབ་ལ་སོགས་པའི་ནད་ཞི་བར་བྱེད་དོ། །ཏསྱ་བྲག་ཞུན་དངུལ་ལྕགས་ཀྱི། དྲི་སྣ་སྣ
་བཤད་ལྔ་ལྔ་།ཙི་ཏ་ཀ་དང་འབྲས་བུ་གསུམ། །ཚ་བ་གསུམ་དང་བྱི་དང་ག། སྤང་རེ་ཁར་སྲང་བརྒྱད་སྦྱར་ཕྱེ་བ་སྦྲང་རྩིས་བྲུས་པ་ཡིས། །སྐྱ་རྦབ་དུག་དང་ལུས་པ་ལུ་།གཅོད་ཆེན་མི་ཟད་རིམས་དང་ནི། །མཛེ་དང་མཆུ་གཅིན་སྲི་དང། །སྐྲན་དབུགས་མི་བདེ་ཡི
་ག་ཆུས། །ཁྱད་པར་དུ་ནི་བརྗེད་བྱེད་དང། །མིག་སེང་གཞང་འབྲུམ་ནད་རྣམས་སེལ། །ཞེས་བྱ་བ་ལ། ཏ་སྱ་ལ་སོགས་པའི་སྨན་བཞི་པོ་སྣ་རེ་ཞིང་སྲད་ལྔ་ལྔ་དང། ཙི་ཏ་ཀ་ལ་སོགས་པ་སྲད་དེ་རེ་ཁར་སྲང་བརྒྱད་དང་སྦྱར་བའི་ཕྱེ་མ་ཞིབ་ཏུ་བཏགས་པ
་སྦྲང་རྩིས་སྦྲས་ཏེ་ལྡེ་གུར་བྱས་ལ། བྱིན་ན་སྐྱ་རྦབ་ལ་སོགས་པའི་ནང་རྣམས་འཇོམས་པར་བྱེད་དེ། དུག་མོ་ཉུང་དང་འབྲས་བུ་གསུམ། །ནིམ་པ་གླ་སྒང་པ་ཏོ་ལ། །དོང་གྲ་སྐོལ་བའི་ཁུ་བར་ནི། །བྲག་ཞུན་སྲང་བརྒྱད་ཞག་བཅཱུམ། ཉི་ཤུ་འམ་སུམ
་ཅུའི་བར་དུ་སྤངས། །བར་དཀར་པོ་དེ་མཉམ་དང། །སྨིག་རྐང་དང་ནི་པི་པི་ལིང། །ཀརྐ་ཏ་སྲིང་སྐྱུ་རུ་ར། །སྲང་རེ་ཚང་དུ་བྱས་པ་དང། །ཀཎྜ་ཀཱ་རཱིའི་རྩ་འབྲས་བུ། །སྲད་གཅིག་ཆད་དུ་བྱས་པ་དང་ཁྲི་སྣ་གསུམ་ནི་ཞོ་གཉིས་གཉིས། །སྦྲད་རྩི་སྲང་གསུམ་བཅS
་བར་ནི། །རིལ་བུ་ཞོ་གཉིས་ཚང་བྱས་ཟོས། །སྲེའུ་འབྲུའི་ཁུ་བ་འོ་མ་དང། །བྱི་ཡི་ཤ་ཁུ་ཆུ་དྲོན་དང། ། ས་པི་དང་ཆར་རྙིང་དང། །དེ་ཡི་ཟོས་རྗེས་བླང་པ་འམ། །ཟས་སྔོན་ཟས་ཀྱི་རྗེས་བླུད་ན། །སྐྱ་རྦབ་མཛེ་དང་རིམས་འཆེད་པ། །མགོ་འཁོར་གཞག་འབྲུམ་མཚན་བར་རྡོལ་?་དང
་སྙིང་ནད་ཁུ་བའི་ནད། །གཅིན་ནད་དྭོད་ཉམས་སིལ་བྱད་ཅིང། །སྐེམས་དང་སྦྱར་དུག་དམུ་རྫིད་དང། །ལུད་པ་ཁྲག་མཁྲིས་གསང་བ་དང། །འོད་ནང་སྐྲན་དང་ལྐོག་མའི་ནང། །རྒྱུ་རླུགས་འོག་འཁྲོ་བཅས་པ་ཡི། །ནད་ཀུན་སེལྡ་ཅིང་དགེ་བ་ཡིན་ཞེས་བྱ་བ་ལ། །དུག་མོ་ཉུང་པ་སོགས
་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་བྲ་གཞུན་བཟང་པོ་སྲད་བརྒྱད་ཞག་བཅུ་ཉི་ཤུ་འམ་སུམ་ཅུ་སྟེ་ཟླ་བ་གཅིག་གི་རབ་ཏུ་སྤངས་ལ་ཁར་དཀར་བོ་བྲག་ཞུན་དད་མཉམ་པར་སྲད་བརྒྱད་དང། སྨིག་རྐང་ལ་སོགས་པའི་སྨན་སྣེར་ཞིང་སྲང་རེ་དང། འབྲས་བུ
་སྲད་གཅིག་དང། །དྲི་སྣ་གསུམ་ཞེས་བྱ་བ་ཤིང་ཚ་དང། སུ་སྦེལ་དང་གནད་པ་ཏ་ཅི་རིགས་པར་གཞུང་པར་བྱ་སྟེ། དེ་དག་ལ་སྦྲང་རྩི་སྲད་གསུམ་བསྲེས་ཏེ། རིལ་བུ་དེ་ཞོ་གཉིས་ཀྱི་ཚད་དུ་བྱས་པ་དང། སེའུ་འབྲུའི་ཁུ་བ་ལ་སོགས་པ་གང་ཡང་རུང་བ་དང། ཅི་རིགས་པར
་གླུད་ཅིང་དེ་ཡང་ཟས་ཟོས་པའི་སྔོན་དུ་བླུད་ན་དེས་སྐྱ་རྦབ་ལ་སོགས་པའི་ནད་སེལ་བར་བྱེད་ཅིང་དགེ་བ་དང། བདེ་ལེགས་སྐྱེད་པར་བྱེད་པ་ཡིན་ནོ། །རྒུན་འབྲུས་པི་པི་ལིང་བྲེ་རེ། །བར་སྲང་ནི་ལྔ་བཅུ་དང། །ཤིང་མངར་བཅའ་སྒ་སྨིག་རྐང་དང། །སྤང་ནི་གཉིས་གནིས་བ་མར
་གླ། སྐྱ་རུ་རའི་ཁུ་བྱེ་བཅུ་དྲུག། ནང་གཞུག་ལྡེ་གུང་བཞིན་བསྐོལ། །བསྒྲང་པར་སྦྲང་རྩི་བྲེ་གང་གཞུག། དེ་ལ་ཞོ་གཉིས་ཚད་ཟོས་ན། །གཟུགས་འཁུམས་སྐྱ་རྦ་བ་ནད་དང་ནི། །མིག་སེར་གྱི་ནད་ནི་འཇོམས་སོ། །ཞེས་བྱ་བ་ལ། རྒུན་འབྲུམ་བྲེ་གང་དང་པི་པི་ལིང་བྲེ་གང་དང། ཁ
་བསྲང་ལྔ་བཅུ། ཞིང་མངར་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ཏེ། དེ་མ་ལུས་པར་བྱེ་མར་བྱས་ཏེ། སྐྱུ་རུ་བསྐོལ་པའི་ཁུ་བ་བྲེ་བཅུ་དྲུག་གི་ནང་དུ་བཅུག་ལ། མེ་ཆུང་དུས་ལྡེ་གུད་གྱུར་པ་དང། དེ་བསྒྲངས་པའི་སྦྲང་རྩི་བྲེ་གང་བཅུག་ལ། དི་ལས་ཞོ་གཉིས
་གཉིས་ཀྱི་ཚད་དུ་ཟོས་ན་གཟུགས་ཁུམས་པ་ལ་སོགས་པའི་ནང་འཇོམས་པར་བྱེད་དོ། །རྩ་བ་ལྔ་བ་ཆུད་དུའི་ཆུ། །རྒུན་འབྲུམ་སྐྱུ་རུ་རའི་ཁུ་བ། བཟའ་དད་བཏུང་བར་སྦྱར་བ་ནི། །སྐྱ་རྦབ་མིག་སེད་ནད་སེལ་ཏོ། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ཉེན་པའི་མི་?
་བ་བསྐོལ་བའི་ཆུ་ལ་སོགས་པ་དང། བཟའ་བ་དང་བཏུང་བ་དང་སྦྱར་ཏེ་བསྟེན་ན་བསྔགས་སོ། །དེ་ལྟར་སྐྱ་རྦབ་ནད་ལ་ནི། །སྤྱི་ཡི་སྨན་ནི་བསྟན་པ་ཡིན། །མཁས་པས་ནད་དམིགས་སོ་སོ་ཡི། །སྟོབས་དབང་ལས་ཀྱང་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་ཚུལ
་གྱིས་སྐྱ་རྦབ་ཀྱི་ནང་བསལ་བར་བྱ་བའི་ཕྱིར། །ཐུན་མོང་གི་སྨན་བཏང་བ་ཡིན་ནོ། །སྨན་ད་གསོ་བ་ལ་མཁས་པའི་སྨན་པས་རླུང་ལ་སོགས་པ་སོ་སོའི་ནད་ཀྱིས་སྟོབས་གང་ཤས་ཆ་བའི་དབང་དུ་བྱས་ནས་ཀྱང་དེ་ཅི་རིགས་པའི་གསོ་བར་སྦྱར་ཞིང་བཏང་བར་བྱའོ། །
་རླུང་གྱུར་ཕལ་ཆེར་སྣུམ་ཆོས་བྱ། །མཁྲིས་པ་ཁ་དང་བསིལ་བཏང། །བད་ཀན་ལས་གྱུར་རྩུབ་ཚ་དྲོ། །འདུས་པར་འདྲེས་པར་སྦྱད་བར་བྱ། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་རླུང་ལས་གྱུར་བ་ལ་ནི་སྔར་སྨོས་པའི་སྨན་ལས་ཕལ་ཆེར་སྣུམ་གྱིས་ཤས་ཆེར་གསོ་བར་བྱའོ།།
་མཁྲིས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ལ་ནི། །སྨན་ཁ་བ་དང་བསིལ་བ་བཏང་ཞིང་གསོ་བར་བྱའོ། །བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་བ་ནི་སྨན་རྩུབ་བ་དང། ཚ་བོ་དང། དྲོ་བའི་བག་གཏང་བར་བྱའོ། །འདུས་པ་ལས་གྱུར་བའི་ནད་ལནི་སྨན་དེ་དག་ཕན་ཚུན
་སྲེན་མང་སྦྱར་ཞིང་བཏང་བོར་བྱའོ། །ས་ཟོས་ལས་གྱུར་སྦྱད་པ་ནི། །རྣོན་པོས་ལུས་ལས་བསལ་བར་བྱ། །དེ་འོག་ལྟོ་སྦྱངས་སྟོབས་བསྐྱེད་ཕྱིར། །དེ་ལ་ཞུན་མར་སྦྱིན་པར་བྱ། ཞེས་བྱ་བ་ལ། ས་ཞག་ཟོས་བ་ལས་གྱུར་བའི་སྐྱ་རྦབ་ལནི་དང་པ་ཁོ་ནར་བཀྲུ་སྨན
་དང། སློན་སྨན་རྣོན་པོ་བཏང་བས་ལུས་ལ་བསལ་ཞིང་གདོན་པར་བྱའོ། །དེའི་འོག་ཏུ་ལྟོ་བའི་ནང་སྦྱངས་པའི་སྐྱ་རྦབ་ཅན་གྱི་ནད་པའི་ལུས་ཀྱི་སྟོབས་བསྐྱེད་ཅིང་བརྟ་བར་བྱ་བའི་ཕྱིར་ཞུར་མར་དག་སྦྱིན་པར་བྱའོ། །ཚ་བ་གསུམ་དང་བིལྦ་དང། །སེར་བོ་གཉིས་དང
་འབྲས་བུ་གསུམ། །བ་སྦྲུ་བ་གཉིས་གླ་སྒང་དང། །ལྕགས་ཕྱེ་བ་ཐ་བྱི་དང་ག། ཐ་ཤིང་བྲི་ཤཙ་ཀི་ལི་དང། ག་བྲའི་རྩ་བ་འོ་མང་ནི། །བསྐོལ་བ་འཐུངས་ནས་ཞག་ཟོས། །ལས་གྱུར་ནད་ནི་ཐམས་ཅད་སེལ། ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་འདི་དག་དང་འོ
་མ་དང་མར་ཚུལ་བཞིན་དུ་བསྐོལ་བ་བླུད་ནས་ཞག་ཟོས་པ་ལས་གྱུར་བའི་ནད་ཐམས་ཅད་ས་པ་ཅིང་འཇོམས་པར་བྱེད་དོ། །དེ་བཞིན་ན་ག་གེ་སར་དང། །ཤིང་མངར་ཀུ་ཤ་པི་ལིང། །འོ་མ་བསྐོལ་བ་བླུད་ན་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་ནག་གོ་སང་ལ་སོགས་བའི
་སྨན་དད་འོ་མར་བསྐོལ་ཏེ། བླུན་ན་ཡང་ས་ཞག་ཟོག་པ་ལས་གྱུར་བའི་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་ལས་སྲེད་པར་གྱུར་པ་ན་ནི། །བྱང་དག་དང་བ་ཐ་དང། །ནིམྦ་བསྐོལ་པའི་ཁུ་བ་འམ། །མུར་བ་དང་བསྲེས་ས་ཞག་དག་།སྲེད་པར་གག་ཕྱིར་སྦྱིན་པར། །ཞེས་བྱ་བ་ལ
་སྐྱ་རྦབ་ཅན་གྱི་ནད་པ་དེའི་ས་ཞགས་སྲེད་ཅིང་དེ་ལ་དགའ་བར་གྱུར་ན་དེའི་སྲེད་པ་དགག་ཅིང་དེ་དང་འགལ་འདྲས་པས་བྱ་བའི་ཕྱིར་བྱི་དང་ག་ལ་སོགས་པ་དང། ས་ཞག་ཏུ་བསྲེས་བ་སྦྱིན་པར་བྱའོ། །ཡང་ན་མུར་བ་དང་བསྲེས་པའི་ས་ཞག་སྦྱིན་པར་བྱའོ། །ས་ཞག་བྱེ་བྲག
་ཐ་དད་ནང། །རྗེས་སུ་མཐུན་པའི་སྨན་སྦྱིན་བྱ། །ཞེས་བྱ་བ་ལ། ས་ཞག་གི་བྱེ་བྲག་ཐ་དད་པར་ཟོས་པ་ལས། ནད་ཐ་དད་པར་གྱུར་པ་ལས་ནི་དེ་དང་རྗེས་སུ་མཐུན་ཞིང་ནད་དམིགས་ཇི་ལྟར་བ་བཞིན་དུ་སྨན་གྱི་སྦྱོར་བ་སྦྱིན་པར་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། རོ་བསྐ་བའི་ས
་ཞག་ཟོས་པ་ལས་ནད་དུ་གྱུར་པ་ལནི་རླུང་འཇོམས་པའི་སྨན་སྦྱིན་པར་བྱ་བ་ལ། ཚ་རྒོ་ཅན་གྱིས་ཟོས་པ་ལས་ནང་དུ་གྱུར་པ་ལ་ནི་མཁྲིས་པ་སེལ་བའི་སྨན་སྦྱིན་པར་བྱ་ལ། ས་མངར་པོ་ཟོས་པ་ལས། །ནད་དུ་གྱུར་པ་ལ་ནི་བད་ཀན་སེལ་བའི་སྨན་སྦྱི་པར་བྱའོ། །མིག་སེར་+
་ལ་ནི་མཁྲིས?་འཇོམས་སྨན། །སྐྱ་རྦབ་གནད་པ་མད་བ་སྦྱིན། ཞེས་བྱ་བ་ལ། མིག་སེར་གྱི་ནད་ལ་ནི་མཁྲིས་པ་འཇོམས་ཤིང་སེལ་བའི་སྨན་སྦྱིན་པར་བྱ་ལ་ད་ཡང་སྐྱ་རྦབ་ལ་གནོད་ཅིང་མི་མཐུན་པ་མེད་པ་སྦྱིན་པར་བྱའོ། ། རུ་ར་ནི་བརྒྱའི་ཁུ་བབ?་ཨ་རུ་ར་རྡོག?
་བཅུའི་བྱེད། །མར་ནི་བྲེ་གང་ནང་དུ་བསྲོལ། །སྐྲ་ན་དང་མིག་སེར་སྐྱ་རྦབ་འཇོམས། །ཞེས་བྱ་བ་ལ། ཨ་རུ་ར་བརྒྱ་བསྐོལ་བའི་ཁུ་བ་དང། མར་བྲེ་གང་བསྐོལ་བའི་ནང་དུ་ཨ་རུ་ར་ལྔ་བཅུ་བཏགས་པའི་ཕྱེ་མ་བཏབ་པའི་ལྡེ་གུ་བྱིན་ན་སྐྲན་ལ་སོགས་པའི་ནད
་འཇོམས་སོ། །དོང་ག་བུ་རམ་ཤིང་ཁུ་འམ། བི་ད་རི་དང་སྐྱ་རུ་རའི། ཁུ་བ་ཚ་བ་གསུམ་བཅས་པ། །སྲད་གཅིག་བླུང་ན་མིང་སྲ་འཛམས། །ཞེས་བྱ་བ་ལ། བུ་རམ་ཤིང་གི་ཁུ་པ་དང་དོང་ག་ཚ་བ་གསུམ་དང་བཅས་བ་སྲང་གཅིག་ཙམ་བྱིན་ན་ཡང་མིག་སེར་གྱི་ནང་འཇོམས་སོ། །
་ཡང་ན་བི་ད་རི་དང་སྐྱུ་རུ་རའི་ཁུ་བ་ཚ་བ་གསུམ་དང་བཅས་པ་སྲང་གཅིག་ཙམ་བྱིན་ན་ཡང་ཕན་ནོ། །ད་ན་ད་བུ་རམ་ཉིས་འགྱུར་བྱིས། །ལྡེ་གུ་ཆུ་གྲང་སྦྱར་བ་གླུད། །ཅེས་བྱ་བ་ལ། ཡང་ནད་ནད་བུ་རམ་ཉེས་འགྱུར་དང་སྒྱུར་བའི་ལྡེ་གུ་ཆུ་གང་དང་སྦྱར་ཏེ་རླུང་ན་ཕན་ནོ།།
་དུར་བྱིང་ཕྱེ་མར་སྦྲང་རྩིར་བཅས། །འབྲས་བུ་གསུམ་གྱི་ཁུ་བ་བླུང། །ཅེས་བྱ་བ་ལ། དུར་བྱིད་ཀྱི་རྩ་བ་ཕྱེ་མ་སྦྲང་རྩི་དང་བཅས་པའི་ལྡེ་གུ་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུང་ན་ཡང་ཕན་ན། །འབྲས་བུ་གསུམ་འམ་སླེ་ཏྲེས་སམ། །སྐྱེར་བ་འམ
་ནིམྦ་འམ་ཁུ་བ་དང?། །སྤྲང་རྩི་སྦྱར་བ་ནང་རོ་ནི། །མིག་སེར་གྱི་ནི་ཉེན་ལ་བླུང། །ཅེས་བྱ་བ་ལ། འབྲས་བུ་གསུམ་གྱི་ཁུ་བ་དང་སྦྲང་རྩི་སྦྱར་བ་འམ། སླེ་ཏྲེས་བསྐོལ་བའི་ཁུ་བ་སྦྲང་རྩིར་སྦྱར་བའམ། །སྐྱེར་པའི་ཁུ་པ་སྦྲང་རྩིར་སྦྱར་བའམ། ནི་མཱའི་ཁུ་བ་སྦྲང
་རྩིར་སྣང་བ་འམ། དེ་དག་གང་ཡང་རུང་བས་མིག་སེར་གྱི་ནད་གྱི་ཉེན་བ་ལ་མངར་ཞིང་བླང་ན་ཕན་ནོ། །སེལ་བར་བྱེད་དོ། །སྐྱེར་པ་ཡུག་རྣམས་སྐྱུ་རུ་ར། །མིག་སེར་སེལ་བའི་མིག་སྨན་ཡིན། །ཞེས་བྱ་བ་ལ། སྐྱེར་བ་དང་བཅིག་ཡུལ་རྣམས་དང། སྐྱ་རུ་ར་སྦྱར
་བའི་མིག་སྨན་བསྐུས་ན་ཡང་མིག་སེར་གྱི་ནད་སེལ་བར་བྱེད་དེ། །མིག་སེར་ཅན་གིར་དྲི་མ་ནི། །ཏིལ་བཏགས་ལྔ་བུར་བྱུང་གྱུར་ན། །བད་ཀན་ལམ་འགགས་དེ་ལ་ནི། །བདེ་ཀན་མཁྲིས་པ་སེལ་བས་གསོ། ཞེས་བྱ་བ་ལ། མིག་སེར་ཅན་གི་མི་གང?
་ཞིག་བཤད་པ་ཞེས་བྱ་བའི་དྲི་མ་ཏིལ་གཏགས་པའི་མདོག་འདྲ་བ་བྱུང་བར་གྱུར་ཅིང་བད་ཀན་གྱིས་མཁྲིས་པ་རྒྱུ་བའི་ལམ་འགགས་པ་ཡིན་པས། །དེ་ལ་ནི་བད་ཀན་དང་མཁྲིས་པའི་ཁ་ཟས་དང་སྤྱོད་ལམ་དང་སྨན་གྱིས་གསོ་བར་བྱའོ། །ཅུང་གྲང་ལྕི་དང་མངར་བ་དང།
་དྲག་ཤུལ་རླུང་གིས་བཀག་པ་ཡིས། །རླུང་དང་བད་ཀན་གཅིག་གྱུར་པ། །མཁྲིས་པ་ཕྱིར་འབྱིན་དེ་ཡི་ཚེ། །མིག་དང་པགS་པ་སེར་བ་དང། །ཕྱིས་སྐྱ་བར་གྱུར་བ་དང། །བཤད་འགགས་རྒྱུ་མ་འཁྲུགས་པ་དང། །སྙིང་ག་ལྕི་བ་ཉིད་གྱུར་ལ། །མཁྲིས་པ་ཡན་ལག
་ལ་བརྟེན་ན། །རིང་ཅིང་དྲོད་ཆུང་རྩིབ་ལོགས་གཟེར། །སྐྱིགས་བུ་ལུད་པ་ཡི་ག་འཆུས། །རིམས་འདེབས་རིམ་གྱིས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རྩུབ་པ་ལ་སོགས་པའི་རྒྱུས་རླུང་དང་བད་ཀན་འདྲེས་ཤིང་གཅིག་ཏུ་གྱུར་བ་དེའི་ཚེ་མཁྲིས་པ
་ཁོང་བ་ནས་ཕྱིར་འབྱིན་པར་བྱེད་ལ་དེའི་ཚེ་མིག་དང་པགས་པ་སེར་པོར་འགྱུར་ཞིང་ཕྱིས་ཤིན་ཏུ་སྐྱ་རྦབ་ཞིང་དཀར་བར་འགྱུར་བ་དང། བཤང་བ་འགགས་ཤིང་རྒྱུ་མ་ཀྲུག་ཀྲུག་ཟེར་ཞིང་སྦོ་བ་དང་བཅས་ཏེ། སྙིང་ག་ཤིན་ཏུ་ལྕི་ཞིང་ན་བར་གྱུར་ན་མཁྲིས
་པ་རིམ་གྱིས་ཡན་ལག་བྱེད་ཞིང་བརྟེན་པར་གྱུར་བ་དང། འབྲི་བར་གྱུར་བ་ན། རིང་ཅིང་དྲོད་ཆུང་པ་ལ་སོགས་པའི་བླ་གཉན་གྱི་ནང་རྣམས་འབྱུང་བར་འགྱུར་རོ། །དེ་ལ་རྨ་བྱ་ཁྱིམ་བྱ་དང། །སྲེག་བའི་ཤ་ཁུ་འམ་ལ་ཕུག་ནི། །སྐམ་པོའི་ཁུ་བ་འམ་རྒྱ་སྲན
་ཁུ་བརྩུབ་ཁ་སྐྱུར་བ་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། ཡན་ལག་ལ་བརྟེན་པའི་མིག་སེར་གྱི་ནད་དེ་ལ་རྨ་བྱ་ལ་སོགས་པའི་ཤ་ཁུ་དང། །ལ་ཕུག་སྐམ་པོའི་ཁུ་བ་ལ་སོགས་པའི་ཁུ་བ་དེ་དག་རྩུབ་བ་དང་ཁ་པ་དང་སྐྱུར་བ་དང། །སྦྱར་པ་སྦྱིན་པར་བྱའོ། །རབ་ཚ
་སྐྱུར་དང་རྣོ་བ་དང། །ལན་ཚྭ་ཤིན་ཏུ་དྲོ་བ་བསྔགས། །ཞེས་བྱ་བ་ལ། ཡང་ནད་དེ་ལ་ཟས་སྐོམ་དང་སྨན་ལ་སོགས་རབ་ཏུ་ཚ་བ་དང། སྐྱུར་བ་ལ་སོགས་ཕན་ནོ། ཁ་ལུང་ཁུ་བ་ཚ་བ་གསུམ། །སྦྱར་བའི་ལྡེ་གཱུང་སྐྱར་བར་བ། །ཞེས་བྱ་བ་ལ། མིག་སེར་གྱི་ནང་དང་ལྡན
་པས་ཁ་ལུང་ལ་སོགས་པའི་ལྡེ་གུ་ཟོས་ན་ཡང་ཕན་ནོ། །ངེས་ནི་མཁྲིས་བ་རང་གནས་སུ། །འཇུག་ཅིང་བཤད་བཟློག་ཐ་མལ་འགྱུར། །རྒྱུ་མ་འཁྲུགས་སོགས་བླ་གཉན་བཅས། །རླུང་ཡང་རབ་ཏུ་ཞི་བར་འགྱུར། །ཞེས་བྱ་བ་ལ་།བཤད
་མ་ཐག་བ་ལྟར་བྱས་ལ། ངེས་ནང་གི་རླུང་དང་བད་ཀན་བསལ་བས་ཡན་ལག་ལ་བྱེར་བའི་མཁྲིས་བ་རང་གི་གནས་གང་ཡིན་པ་དེར་འཇུག་ཅིང་འོང་པར་འགྱུར་ལ། དེས་ན་བཤད་བ་ཡང་སྔ་མ་ལས་མདོག་འགྱུར་ཏེ། ཏིལ་བཏགས་བ་ལྟ་བུ་ལས་སེར
་པོར་འགྱུར་རོ། །དེ་བཞིན་དུ་རླུང་བླ་གཉན་དང་བཅས་པ་ཡང་ཞི་བར་འགྱུར་རོ། །འདི་ཡི་བླ་གཉན་ཞི་ནད་ནི། །མིག་སེར་གསོ་བའི་ཆོ་ག་བྱ། །ཞེས་བྱ་བ་ལ། སྐྱེས་བུ་དེ་ཡི་བླ་གཉན་ཞི་བར་གྱུར་ནS། །མིག་སེར་ལ་ཕན་པའི་གསོ་བ་བྱའོ། །མིག་སེར་ཁོང
་དུ་ཞེན་པ་ན། །བྲག་ཞུན་བ་གཅིན་དང་སར་བ། །གསེར་གྱི་དྲི་འམ་མ་ཏསྱ་ནི། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཅེས་བྱ་བ་ལ་།མིག་སེར་ཁོང་བའི་ནང་དུ་ཞེན་པ་ལ་ནི་བྲག་ཞུན་དང་བ་གཅིན?་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བླུད་བ་འམ། གསེར་བཞུས
་པའི་དྲི་མ་དང། བག་ཅེན་ནམ། ཏ་སྱ་དང་བ་གཅིན་སྦྱར་བ་ཟླ་བ་གཅིག་གི་བར་བླུད་པར་བྱའོ། །ཧ་ལི་ས་ཀ་སླེ་ཏོས་ཁུ། །འོ་མ་མ་ཧེའི་མར་བསྐོལ་བའི། །སྐྱུ་རུ་ར་ཡི་ཁུ་བ་དང། །དུར་བྱིང་སྦྱར་བའི་བཀྲུ་སྨན་བླུད། །འཁྲུས་ནས་ཁ་ཟས་མངར་བག་ནི། །རླུང
་འཇོམས་མཁྲིས་པ་འཇོམས་པ་སྦྱིན། །ཞེས་བྱ་བ་ལ་སོགས་པའི་ཏ་ལིས་ཀ་ཞེས་བྱ་བ་འབིའི?་ནད་ཡོད་པ་ལ་ནི། སླ་ཏྲས་ཀྱི་ཁུ་བ་དང། །འོ་མར་གྱི་ཉེས་འགྱུར་དང་མ་ཧའི་མར་བསྐོལ་བས་ལུས་སྣམ་པར་བྱས་ལ། སྐྱུ་རུ་ར་ལི་ཁུ་བ་དང། དུར
་བྱིང་སྦྱར་བའི་བཀྲུ་སྨན་བླུད་ནས་འཁྲུས་བར་འགྱུར་བ་དང། །མཁྲིས་པ་ལ་ཕན་པའི་ཁ་ཟས་མངར་བག་སྦྱིན་པར་བྱའི་གཞན་སྦྱིན་པར་མི་བྱའོ། །སྔར་བཤད་རྒུན་འབྲུའི་ལྡེ་གུ་དང། །མངར་བའི་སྨིན་སྦྱར་ཞུན་མང་སྦྱིན་ལོ་མམས?་བཏང
་སྨན་དང་ནི་།འཇམ་རྩིར་བྱས་པ་བརྟེན་པར་བྱ། །ཞེས་བྱ་བ་ལ། སྔར་ལེའུ་འདི་ཉིད་ལས་བཤད་པའི་རྒུན་འབྲུའི་ལྡེ་གུ་དང། མངར་པའི་སྨན་དང་སྦྱར་བའི་མར་དང། འོ་མའི་མས་བཏང་བ་འོག་ནས་བཤད་པ་དང། སྣུམ་གྱི་འཇམ་རྩི་དང་བཅས་པ་སྦྱིན་པར་བྱའོ། །མེ་དྲོད
་བསྐྱེད་པར་བྱ་བའི་ཕྱིར། །རྒུན་ཆང་ཆང་སྙིང་སྦྱིན་པར་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་རྒུན་ཆར་དང་ཆར་རྙིང་དག་ཀྱང་ཁོང་པའི་མེ་དྲོད་བསྐྱེད་པ་བླུད་པར་བྱའོ། །ལུང་པའི་སྐབས་བཤད་ཨ་རུ་རའི། །ཤིང་མངར་བ་ལ་པི་པི་ལིང། །འོ་མ་སྦྱར་པ་ནད་དམིགས་དང། །མེ་དྲོད་ཇི་བཞིན་སྦྱིན
་བར་བྱ། །ཞེས་བྱ་བ་ལ། ཧ་ལི་ས་ཀའི་ནང་དེ་ལ་ལུང་པ་གསོ་པའི་སྐབས་སུ་བཤད་པའི་ཨ་རུ་རའི་ལྡེ་གུ་རི?་ཥིས?་བ་ཤད་པ་སྦྱིན་པར་བྱའོ། །ཡང་ན་པི་པི་ལིང་ལ་སོགས་པ་ནད་ཀྱི་ཚུལ་ཇི་ལྟ་བ་དང། མེ་དྲོད་ཀྱེ་སྟོངས་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །མཁས་པས་འོང་ན་སྐབས་གཤད?
་པའི། །གསོ་བ་སྐྱ་རྦབ་ལ་ཡང་སྦྱར། །ཞེས་བྱ་བ་ལ། སྨན་པ་མཁས་བས་འོང་ནད་ཀྱི་གསོ་བར་བཤད་པ་དག་ཀྱང་ནང་དམིགས་ཇི་ལྟ་བ་བཞིན་དུ་སྐྱ་རྦབ་ཀྱི་ནད་ལ་སྦྱར་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་བཟླ་ཟེར་ཞེས་བྱ
་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་འོང་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་གྱིས་ན་བོར་ནད་གསོ་བ་བཤད་པའི་ཕྱིར་ལེའུ་འདི
་བརྩམས་པ་ཡིན། །འོར་ནང་ཡན་ལག་ཀུན་ཞུགས་ཤིང། །ནད་སྐྱེས་མ་སྨིན་ལ་དང་པོར། །སྨྱུང་བྱས་ཁ་ཟས་ཡང་བ་བཟའ་། ཁོང་ང་ཐང་ཤིང་བྱི་དང་ག། དུག་མོ་འུང?་དང་ན་ལེ་ཤམ། །བསྐོལ་བའི་ཆུ་དྲོན?་བླུང་པར་བྱ། །ཞེས་བྱ་བ་ལ། འོར་ནད་ཀྱི་རྣམ་པ་ལུས་ཀྱིས
་ཡན་ལག་ཐམས་ཅད་ལ་ཞུགས་ཤིང་ནང་གཞི་སོ་སོ་དང། གཉིས་དང། ཀུན་འདུས་པ་ལས་སྐྱེས་པ་མ་ཡིན་པ་ལ་དང་པོ་ཁོ་ནར་སྨྱང་བ་བྱས་པས། དེའི་རྗེས་ཐུག་པ་ལ་སོགས་པའི་ཁ་ཟས་ཡང་པོ་སྦྱིན་པར་བྱའོ། །དེའི་ཐོག་ཏུ་བོད་ང་ལ་སོགས
་པ་དང་བསྐོལ་བའི་ཆུ་དྲོ་འཛམ་བླུང་བར་བྱའོ། །ཡང་ན་ཨ་རུ་ར་བཅས་དང། །ཐང་ཤིང་བ་སྦུ་བསྐོལ་བའམ། །ལྕགས་ཕྱེ་དགུ་བར་བཅས་པ་བླུད། །ཅེས་བྱ་བ་ལ། །ཡང་ན་ཨ་རུ་ར་རྣམ་པར་རྒྱལ་བ་ལ་སོགས་པའི་ཁུ་བ་སྨྱང་པར་བྱས་ཤིང། བཟས
་ཡང་བཟོས་པའི་འོག་ཏུ་བླུད་བར་བྱའོ། །ཡང་ན་ལྕགས་ཕྱེ་དགུ་པ་སྐྱ་རྦབ་ཀྱི་ནང་གསོ་བའི་སྐབས་སུ་བཤད་པ་དང་དྲོན་དུ་སྦྱར་ཏེ་བླུང་པར་བྱའོ། །འོན་ནང་ཤས་ཆེར་ཨ་རུ་ར། །བ་གཅིན་བཅས་བ་སྦྱང་ཕྱིར་བླུད། །ཅེས་བྱ་བ་ལ། འོད་ནང་ཤས་ཆེར་བདོ་བ་ལ་ནི་ཨ་རུ་ར
་དང་བ་གཅིན་བཅས་བ་བླུད་ཅིང་སྦྱང་ཞིང་དག་པར་བྱའོ། །འབྲས་བུ་གསུམ་གསོལ་པུ་ཙ་ཤེལ། །དུར་བྱིད་ལྕགས་བྱེ་ཚ་བ་གསུམ་བཅས། །ཞེས་བྱ་བ་ལ། ཡང་ན་འབྲས་བུ་གསུམ་བསྐོལ་བའི་ནང་དུ་བུ་རྩ་ཤེལ་ནས་ཚ་བ་གསུམ་གྱི་སྨན་བཏབ་བ་བླུད་པར་བྱའོ།།
་ཡང་དེ་བཞིན་གུ་གུལ་ལམ། །དྲག་ཞུན་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་འབྲས་བུ་གསུམ་བསྐོལ་པའི་ཁུ་བ་གུ་གུལ་ལམ་བྲག་ཞུན་གང་ཡང་རུང་བ་དང་སྦྱར་ཏེ། བླུད་པར་བྱའོ། །མ་དྲོད་ཆུང་ཞིང་མ་སྨིན་ལ། ལྕི་ཞིང་རྟུག་འགགས་ཡང་ན་འཁྲུ། །ཚ་བ
་གསུམ་དང་རྩལ་རུ་ཚ། །སྦྲང་རྩི་དར་བ་སྦྱར་བ་འམ། ཨ་རུ་ར་དང་བུ་རམ་བཅས། །བུ་རམ་བཅའ་སྒར་བ་ཅས་བ་དང། །ཟོས་རྗེས་དར་བ་བླུད་པར་བྱ། །ཞེས་བྱ་བ་ལ། འོང་ནད་ཅན་གྱི་ནད་པ་མེ་དྲོང་ཆུང་བ་ལ་སོགས་བ་དང་ལྡན་བ་ལ་ཚ་བ་གསུམ་ལ་སེགས་པ་དང
་ལྡན་པའི་དར་བ་བླུད་བ་འམ་ཡང་ན་ཨརུ?་ར?་དང་བུ་རམ་ཟོས་པའི་རྗེས་ལ། དར་བ་བླུད་པར་བྱ་བ་འམ། ཡང་ན་བུ་རམ་དང་བཅའ་སྒར་སྦྱར་བ་བླུད་ནས། དེའི་རྗེས་ལ་དར་བ་བླུད་བར་བྱའོ། །སྒེའུ་ག་ཤེར་བུ་དམ་ཆ་བསྙམས་པ། །སྲང་བྱེད་ཚད་ཀྱིས་བསྐྱེད་ནས་ནི། །ཆེ་ཆང་སྲང
་ལྔའི་བར་དུ་ནི། །ཟླ་གཅིག་ཟ་ཞིང་ཡུ་ཤ་དང། །འོ་མ་ཤ་ཁུ་བཅས་ཟོས་ན། །འོང་ནས་དམུ་རྫིང་སྐྲན་གཞང་འབྲུམ། །གཅིན་ནད་དབུགས་མི་བདེ་ཆམ་པ། །སྒྱིང་སྙོམས་མ་ཞུ་མིག་སེར་དང། །ལུས་སྐེམ་གདོན་གྱི་ནང་རྣམས་དང། །ལུད་བ་བད་ཀན་སྦྱོར་འདིས་སེལ
་ཞེས་བྱ་བ་ལ། ཡང་ན་སྒེའུ་གཤེར་བུ་རམ་དང་ཆ་མཉམ་པ་སྲབ?་ཕྱེད་ཕྱེད་ཀྱིས་བསྐྱེད་ནས་ཚེ་ཆད་སྲད་ལྔར་ཕྱིན་གྱི་བར་དུ་ཟླ་བ་གཅིག་གི་བར་དུ་བཟའ་ཞིང་བསྟེན་པར་བྱའོ། །དེ་ནི་འདི་སང་སྟོན་ཏེ། སྒེའུ་གཤེར་དང་བུ་རམ་ཆ་བསྙམས་ཏེ། བསྲེས་པ་ཉི་མ་དང་པོ་ལ་སྲང་བྱེད?
་བཟའ་། །ཉི་མ་གཉིས་བའི་སྲང་གཅིག། གསུམ་པ་ལ་སྲང་ཕྱེད་དང་གཉིས། བཞི་བ་ལ་སྲང་གཉིས། ལྔ་པ་ལ་སྤྲང་ཕྱེད་དང་གསུམ། །དྲུག་པ་ལ་སྲང་གསུམ། །བདུན་པ་ལ་སྲང་ཕྱེ་དང་བཞི། བརྒྱད་པ་ལ་སྲང་བཞི། དགུ་པ་ལ་སྲང་ཕྱེད་དང་ལྔ་ཞག་བཅུ་པ་ལ་སྲང་ལྔ། ཞག
་བཅུ་གཅིག་པ་ནས་ཟླ་བ་གཅིག་གི་བར་གྱི་ཉི་ཤུ་ལ་སྒེའུ་གཤེར་དང་བུ་རམ་ཡོད་ན་སྲང་ལྔ་ལྔ་བཟའ་བར་བྱའོ། །སྨན་དེ་ཞུ་བར་གྱུར་ནས་བད་ཀན་གྱི་ཤས་ཆེ་བའི་འོར་ནད་ལ་ནི་སྦུ་ཤས་སྲང་ཁུ་བླུད་པར་བྱའོ། །མཁྲིས་བ་ཤས་ཆེ་བ་ལ་འོ་མ་བླུད་པར་བྱའོ། །རླུང་ཤས་ཆེ
་བ་ནི་ཤ་བུ་དང་བཅས?་བར་ཟས?་སྦྱིན་པར་བྱའོ། །འདི་ནི་འོར་ནད་ལ་སོགས་པ་ནས་བད་ཀན་གྱི་མཛའ་ཨི་ནད་སེལ་བར་བྱེད་དོ། །གདོན་གྱི་ནད་ནི་སྨྱོ་བྱེད་དང་བརྗེད་བྱེད་ལ་སོགས་པའོ། །སྒེའུ་གཤེར། །དོང་གྲ?་ལྡེ་གུའི་ཁུལ་དང། །འོ་མདག་དང་མར་ནི་བསྐོལ་བླུད་ན། །འོང་ནད
་སྤྲིང་བར་མུ་རྗེད་མེ་དྲོད་ཉམས། །ནད་ཀྱིས་གྲའི?་མན་ནན་ཡང་ནད་མེད་འགྱུར། ཞེས་བྱ་བ་ལ། སྒེའུ་གཤེར་དེ་ཉིད་དོང་གྲ་མིན་བས་ན། །སྒེའུ་གཤེར་དོད་གྲའོ། །ཡང་ན་གསར་ཞིང་རང་གི་ཁུ་བ་རང་བཅས་པ་བཟང་ཞིང་ཁྱད་པར་དུ་གྱུར་པའི་སྒེའུག་ཤིར་ཉིད་ལ་སྒེའུ
་ཤའི?་དོང། བྲ་ཞེས་བྱ་སྟེ། དེའི་ལྡེ་གུའི་ཁྲུ་བ་དང། འོ་མ་གཉིས་དང་མར་བསྐོལ་ཏེ། བླུད་ན་འོར་ནད་ལ་སོགས་པ་ཉམ་ཐག་ཅིང་ཟིལ་གྱིས་མནན་ན་ཡང་ནད་མེད་པར་བྱེད་པར་འགྱུར་རོ། །མ་ཞུ་མེད་ཅིང་བྱིས་འགགས། །འོར་ནད་གྱིས་གཟེར་ཚ་བ་གསུམ། །དུར་ཕྱིར་དནྟ་ཀུ་དྲུག
་ཏྲེས་།བསྐོལ་བའི་འོ་མ་བླུད་བར་བྱ་ཞེས་བྱ་བ་ལ། མ་ཞུ་བ་མེད་ཅིང་ཞུ་བའི་ནད་དེ་བྱང་བར་གྱུར་ནས་ཀྱང་ཕྱི་ས་འགགས་པ་དང་ལྡན་པའི་འོད་ནང་ཀྱིས་གཟིར་བར་གྱུར་པ་ལ། ?་གསུམ་ལ་སོགས་པ་དང། བསྐོལ་བའི་འོ་མ་བླུད་བར་བྱ། །མ་ཧེ་འམ་ཡང་ན་པ་གཅིན་འམ
་འོ་མ་བཏུང་ཞིང་དེ་དང་བཟའ་། ཞེས་བྱ་བ་ལ། ཡང་ན་འོ་མ་དང་བཅས་པར། ཟས་བཟའ་ཞིང་མ་ཧེ་འམ། བའི་གཅིན་ཞེས་བྱ་བ་གང་ཡང་རུང་བ་འོ་མ་བཅས་པ་བླུད་པར་བྱའོ། །ཞག་བདུན་ཡང་ན་ཟླ་གཅིག་བར། །རྔ་མོའི་འོ་མ་བླུད་པས་གསོ། །ཞེས་བྱ་བ
་ལ། ཡང་ན་ཞག་བདུན་ནམ། ཟླ་བ་གཅིག་གི་བར་དུ་ཟས་གཞན་མི་སྦྱིན་པར་རྔ་མོའི་འོ་མ་བླུད་པས་གསོ་བར་བྱའོ། །ཏི་མུ་ས་དང་ནས་ཚིག་ཐལ། །ལ་ལ་ཕུད་དང་ཚབ་ལྔ། །ན་ལེ་ཤམ་དང་སེའུ་འགྲུ་དང། །པ་ཏ་འོ་སུ་ཏ་ར་པུ་དང། །བིལྦ་ཞོ་ནུ་ཞོ་གཉིས་གཉིས། །ཆུ་བྲ
་བཞི་བསྐོལ་མར་བྲེ་གང། །བསྐོལ་བ་བླུང་ན་འོར་ནད་དང། །ཞང་འབྲུམ་སྐྲན་དང་ཟ་གུ་འཇོམས། །ཞེས་བྱ་བ་ལ། ཡང་འོར་ནད་ལ་ཏིལ་མུ་ས་ཞེས་བྱ་བ། ཡང་བ་ན་ཀ་ལ་སོགས་པའི་སྨན་སྣར་ཞིང་ཞོ་གཉིས་གཉིས་ཆུ་བྲེ་བཞའི་ནང་དུ་བསྐོལ། །དེའི་ཁུ་བ་བཞི
་ཆ་ལུས་བ་དང། །སྨན་གྱི་ཁུ་བ་གཙགས་པ་བྲེ་གང། །མར་བྲེ་གང་བསྐོལ་བ་བླུད་ན་འོར་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །ཞོ་དང་ཅི་ཏྲ་ཀར་བསྲེས་ལS། །བྱུང་བའི་མར་ནི་དར་བར་བཅས། །ཙི་ཏྲ?་ཀ་བཏབ་བསྐོལ་བ་ནི། །ཡོན་ཏན་གོང་མ་མཚུངས་པ་ཡིན། །ཞེས་བྱ་བ
་ལ། ཙི་ཏྲ་ཀ་དང་བསྲེས་པའི་ཞོ་བསྲུབས་པ་ལས་མར་སར་གང་ཞིག་བྱུང་བར་གྱུར་དེ་དར་བ་ཉིད་དང་བཅས་ལ་ཅི་ཏྲ་ཀའི་ལྡེ་གུང་ཏབ་ཏེ་བསྐོལ་བའི་སྨ་པར་བླུད་ན་ཡང་ཡོན་ཏན་སྔ་མ་དང་འདྲ་སྟེ། འོར་ནད་གཞན་འབྲུམ་ལ་སོགས་པ་འཇོམས་བར་བྱེད་དོ། །ཐང
་ལ་འབར་དང་ཏིཀྟ་ཆེ་།དགེ་བའམ་ཨ་རུ་རའི་སྨན་མར། །དུས་ཤེས་པ་ཡིས་སྦྱིན་པར་བྱ། །ཞེས་བྱ་བ་ལ། དུས་ཤེས་པའི་སྨན་པ་མཁས་བས་ནད་དམིགས་ཀྱིས་ཤས་གང་ཆེ་བ་ལས་དཔགས་ཏེ། ཐད་ལ་འབར་གྱིས་བཤད་པའི་སྨན་པར་གཅིན་ནད་ཟ་ཁུའི
་སྐབས་སུ་བཤད་པ་དང། ཏིཀྟ་ཆེན་པོའི་སྨན་མར་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང། དག་བ་ཆེན་པོའི་སྨན་མར་སྨྱོ་བྱེད་གསོ་བའི་སྐབས་སུ་བཤད་པ་དང། ཨ་རུ་རའི་སྨན་མར་དམུ་རྫིང་གསོ་བའི་སྐབས་སུ་བཤད་པ་དེ་དག་ལས་ཅི་རིགས་པར་སྦྱིན་པར་བྱའོ།།
་རྩ་བ་བཅུ་བའི་ཁུ་བ་ནི། །ཁྲེ་བཞི་ཨ་རུ་ར་བརྒྱ་སྐོལ། །དེར་ནི་བུ་རམ་སྲང་བརྒྱ་གཞུག། ཚབ་གསུམ་དང་དྲི་སྣ་གསུམ། །ནས་ཚིག་འཁུས་ཐལ་ཆུང་ཟད་བཏབ། །སྤངས་ནས་སྦྲང་རྩི་བྲེ་ཕྱེད་གཞུག་ཏེ་བྱིན་ན་ནི་འོང་ནད་དང། །རིམས་སྐྲན་གཅིན་ནད་ལུས་སྐེམ་པ། །མ་ཞུ་མཁྲིས
་བརླུང་དང་ནི། །སྒྲགས་གྱུར་ཁ་དོག་མི་སྡུག་དང། །གཅེན་ནད་རླུང་ནི་ཁུ་ཆུའི་ནད། །དབུགས་མི་བདེ་དང་ཡིག་འཆུས། །མཆར་བ་ན་དང་སྦྱར་བའི་དུག་།དམུ་རྫིང་གིས་ནི་ནང་རྣམས་སེལ། ཞེས་བྱ་བ་ལ། རྩ་བ་བཅུ་པ་བསྐོལ་བའི་ཁུ་བ། བྲེ་བཞིའི་ནང་དུ་ཨ་རུ་འཇོག་མ་བརྒྱ་བསྐོལ
་ལ་དེང་བུ་རམ་སྲང་བརྒྱ་གཞུག་བར་བྱ་སྟེ། དེ་ཚུལ་བཞིན་དུ་བསྐོལ་ལ། གཟང་བུར་ཆགས་པའི་ཚད་ཀྱིས་ལྡེ་གུ་གྱུར་པ་དང་དེའི་ནང་དུ་ཚ་བ་གསུམ་དང་པི་པི་ལིང་དང། ན་ལོ་ཤེམ་དང། བཅའ་སྒ་ཞེས་བྱ་བ་དང། དྲི་སྣ་གསུམ་པོ་སུག་སྨེལ་དང། ཤིང་རྩ་དང། གནད
་པ་ཏྲ་ཞེས་བྱ་བ་དང། ནས་ཚིག་འཁུས་པའི་ཐལ་བ་ལས་ཅུང་ཟད་ཅིག་ཅི་རིགས་པར་བཏབ་སྟེ་གཏགས་པའི་ཕྱེ་མ་དང་བསྲེས་ལ་བསྒྲངས་པ་དང། སྦྲང་རྩི་བྱེ་ཕྱེད་དེ་སྲད་བཅུ་དྲུག་གཞུག་གོ། ཚ་བ་གསུམ་དང། དྲི་སྣ་གསུམ་དང། ཡ་བཀྵ་ངའི་ཚད་འདིར?་སློབ་དཔོན་གྱིས
་མ་བཤད་མོད་ཀྱི། དེ་གཞུང་གཞན་ལས་ཤེས་པར་བྱ་སྟེ། དེ་ཡང་རྒྱུད་གཞན་ལས་ཚ་བ་གསུམ་ལས་སྲང་བཞི་དང། དྲེ་སྣ་གསུམ་ལས་སྲང་གཉིས་དང། །ཡ་བཀྵ་ལ་སོགས་ཞོ་གཉིས་། །བསྒྲངས་པའི་སྦྲང་རྩི་བྲེ་ཕྱེད་གཞུག་།ཅེས་བཤད་བ་ཡིན་ནོ།།
་སྨན་དེ་བྱིན་ནས་འོང་ནད་ནས་དམུ་རྫིང་གི་ནད་ཀྱི་བར་དུ་སེལ་བར་བྱེད་དོ། །ནས་དང་ས་ལུ་འབྲས་རྙི་དང་ཟས། །རྩ་བ་བཅུའི་ཆུ་དང་བསྐོལ། །ལན་ཚྭ་ཉུང་ཞིང་སྣམ་ཤས་ཆུང། །བྱིན་ན་འོར་ནད་སེལ་བར་བྱེད། །རྒྱ་སྲན་མུངྒའི་ཁུ་བ་ནི། །ཐལ་སྨན་ཚ་བ་གསུམ་ལྡན
་དང། །དེ་བཞིན་སྒམ་སའི་ཤ་རུས་སྦལ། སྐྱིན་འཁོང་བྱི་ཐུང་ཤ་ཁུ་སྦྱིན། །ཞེས་བྱ་བ་ལ། འོར་ནད་ལ་ནི་ནས་དང་ས་ལུ་ལ་སོགས་པའི་འབྲས་རྙིང་བ་རྩ་བ་བཅུའི་ཆུ་དང་བསྐོལ་བའི་ལན་ཚྭ་དང་སྣུམ་ཅུང་ཟད་ཅིག་བྱིན་ན་ཕན་ནོ། །རྒྱ་སྲན་དང་མུངྒ?་ཁུ་བ་ནས་ཚིག
་འཁུས?་བའི་ཐལ་བ་དང། ཚབ་གསུམ་དང་ལྡན་པ་དང། དེ་བཞིན་དུ་སྐམ་ཟའི་སྲོག་ཆགས་དང་དུས་སྦལ་ལ་སོགས་པའི་ཤ་ཁུ་ལ་ཐལ་སྨན་དང་ཚ་བ་གསུམ་དང་བྱིན་ན་ཡང་ཕན་ནོ། །བཏུང་བར་དང་བ་སད་པ་དང། ཆང་ནི་སྨན་དང་བཅས་བཟླས
་ཅེས་བྱ་བ་འོར་ནང་ཅན་ལ་བཏུང་བར་ནི། །དར་བ་སར་པ་བསྲུབས་མ་ཐག་གམ། ཆང་སྨན་དང་ལྡན་པ་མནན་པའི་ཨས་པ་དང། ཆང་རྙིང་དང་རྒུན་ཆད་ལ་སོགས་པ་བླུད་ན་ཕན་ནོ། །ཟིར་ཟུང་བ་ཛི་བནདཱ། །མ་ནུ་ཙི་ཏྲ་ཀ་ར་བཱི། །ཡ་བཀྵ་ར་བིལྦའི་རྐང། །ད་ཏྲ་དི་ཞོ་རེའི་ཚད
་དུ་བྱས། །མར་དང་ཏིལ་མར་ནང་དུ་བསྔོས། །བྱིན་ན་འོར་ནད་སྐྲན་གཞང་འབྲུམ། །མེ་དྲོད་ཆུང་བ་གཅིན་ནད་སེལ། །ཚ་བ་ལྔ་དང་སྦྱར་བ་ཡིན། །ཐུག་བའང་ཡོན་ཏན་དེ་དང་འདྲ། །ཞེས་བྱ་བ་ལ། ཟ་ར་ལ་སོགས་པའི་སྨན་མང་དང། ཏིལ་མར་གྱིང་ནང་དུ་བརྗོས?
་ནས་ཐུག་པར་བྱས་ཏེ་བླུད་ནས་ཡང་འོར་ནད་ལ་སོགས་པ་ལ་མཆོག་ཏུ་ཕན་ལ། དེ་བཞིན་དུ་ཚ་བ་ལྔ་དང་སྦྱར་བའི་ཐུག་པ་ཡང་འོར་ནད་ལ་སོགས་པ་ལ་མཆོག་ཏུ་ཕན་པ་ཡིན་ནོ། །རུ་རྟ་རྡོ་དྲེག་སྟོ་ནེ་ཡ། །ཧ་རེ་ནུ་ཀ་ཨ་རུ་ར། །ཤི་རི་བ་ཏ་ཤུག་པ་དང། །ཆུ
་སྲིན་སེན་མོ་པྲི་ཡང་སྐུ། །སྤྲི་ཀ་ཐང་ཤིང་སྤང་སྤོས་དང། །པི་པི་ལིང་དང་དབྱི་མོ་དང། །ཀུནྟ?་ན་ཏ་བྱ་མ་ཀ། བ་ལ་ཀ་དང་དྲི་སྣ?་བཞི། །བལ་བུའི་ལོ་མ་གླ་སྒང་དང། །གནད་བ་ལ་ཤ་ལས་ནི། །བསྐུས་པའི་ཏིལ་མར་དག་དང་ནི། །ཁྲུས་ཀྱི་ཆུ་དང་ལྡེ་གུ་བྱ། །ཞེས་བྱ་བ་ལ། རྡོ
་དྲེག་ལ་སོགས་པའི་སྨན་ལྡེ་གུང་བྱས་པ་དང། ཏིལ་མར་དུ་བཅས་པས་བསྐུ་བར་བྱ་བ་དང། ཡང་སྨན་དེ་དག་ཞིབ་ཏུ་བཏེགས་པའི་ལྡེ་གུས་བསྐུ་པ་དང། ཡང་སྨན་དེ་དག་ཉིད་དང་བསྐོལ་བའི་ཆུས་ལུས་ཁྲུས་བྱའོ། །རྡོ་དྲེག་ནི་ཤི་ལ་པུསྤའོ། །སྟོ་ནེ་ཡ་ནི་ཏེ་ལ
་པིང་ཀའོ། །ཤི་རྦི་བེ་ཏ་ཀ་ནི་ཐད་ཤིང་ཕྲ་མོའི་ཐང་ཆུའོ། །པྲི་ཀ་ནི་དེ་པི་ལ་ཏའོ། །ཀུན་ཏ་ན་ཏན་པ་དེ་པེ་ལའོ། །ནིམཔ་ཨརྒ་བ་སྤྲུ་བ། ནག་ཏ་མ་ལིའི་ཆུས་ཁྲུས་བྱ་ཞེས་བྱ་བ་ལ། ཡང་ན་ནིམ་པ་དང། ཨརྒ་དང། བ་བསྤུ་བ་དང་ནག་ཏ་མ་ལ་བསྐོལ་བའི་ཆུས་ཁྲུས་བྱའོ།།
་ཡན་ལག་ཕྱོགས་གཅིག་སྒྲངས་པ་ལ། ཀ་ར་བཱི་ར་པ་སྤུ་བུ། །ཀིཾ་ཤུ་ཀ་དང་བི་ཤ་ལ། འབྲས་བུ་གསུམ་དང་སེད་ཕྲོམ་དང། ན་ལི་ཀ་དང་ཐད་ཤིང་དང། །སྤང་སྤོས་ཀོ་ཤཏ་ཀི་དང། །བོད་ང?་ཏ་ལའི་ལོ་མ་དང། །ཇ་ཡནྟི་དང་འོ་མ་སེ། །ཀ་ཀ་ཏཱ?་ནི་ས་ལའི་ཤིང། །པྲི་ཤ་པརྞི་དབྱི་མོ་དང
་རིཏྟི་པྲི་ཏྲི་གླང་པོའི་སྣ། །ལྡེ་གུ་དྲོ་འཇམ་བསྐུས་པ་ཕན། །ཞེས་བྱ་བ་ལ། ཡན་ལག་གི་ཕྱོགས་གཅིག་སྐྲངས་པའི་ནད་ལ་ནི། གར?་པཱི་ངལ་སོགས་བའི་སྨན་གྱི་ལྡེ་གུ་དོ་འཇམ་ཚམ་གྱིས་བསྐུས་པ་ཕན་ནོ། །བ་སྦུ་བ་ནི་སྤུ་ན་རྣའོ། །ཀ་ཤུ་ཀ་ནི་བ་ལ་ཤའོ། །ན་ལི་ཀ་ནི་བིདུ
་ན་ལ་ཏའོ། །ཀོ་ཤ་ད་ཀ་ནི་ཀྲི་ཏྲི་ཙི་ཏྲའོ། །ཁོད་ད་ནི་ཨ་ཏྲི་པི་ཤའོ། །ཏ་ལའི་ལོ་མ་ནི་མོས་ལིའོ། །ཛ་ཡནྟ་ནི་ཨགནི་མནྟའོ། །ངོ་ལ་མ་སེ་ནི་གུལཛའོ?། །པྲི་ཤ་ཀརྞ?་མུ་ཤ་ཀརྞིའོ། །རིཏྟི་ནི་དུ་སྟ་འོ་བྲིཏྟ་སྲ་བ་ནི་ཤིར་ཤའོ། ཧསྟི་ཀརྞཱ?་ནི་གླང་པོའི་རྣ་བ་སྟེ་བ་རད་ངའོ། །དེ་ནས་འོང་ནད་རླུང
་གྱུར་ལ། །ཟླ་ཕྱེད་ཕར?་དུ་དུང་བྱིད་དམ། །ཡང་ན་ཨེ་རཎྜའི་མང་བླུད། །ཞེས་བྱ་བ་ལ། དེ་ནས་རླུང་ལས་གྱུར་པའི་འོར་ནད་ལ་དུར་ཕྱེད་དང་བསྐོལ་བའི་མར་ངམ?། ཨེ་རཎྜལ་བ་བྱུང་བའི?་མར་ཟླ་བ་ཕྱེད་ཀྱི་བར་བླུད་བར་བྱའོ། །རླུང་གིས་རྟུག་འགགས་ལ་དེ་ཉིད། །ཟས་ཀྱི་སྔོན་དུ་འོ་མ
་འོམ?། །ཤ་ཁུ་བླུད་ཅིང་རླུང་འཇོམས་པའི། །སྨན་གྱི་དུགས་དང་བསྐུ་བར་བྱ། །ཞེས་བྱ་བ་ལ། འོར་ནད་ལ་རླུང་གིས་རྟུག་འགགས་དང་ལྡན་པ་ལ་ནི་ཨེ་རཎྜ་ཏིལ་མར་དེ་ཉའི་ཟས་མ་ཟོས་པའི་སྔོན་དུ་འོ་མའམ། ཤ་ཁུ་དང་སྦྱར་ཏེ་བླུད་བར་བྱའོ། །ཡང་ན་རླུང་ལས་གྱུར་བའི
་འོང་ནད་ལ་ནི་རླུང་འཇོམས་བར་སྨན་གང་དག་ཡིན་པ་དུགས་དང་བསླུ་བའི་རྣམ་པ་དག་བྱའོ། །ཕྱོགས་གཅིག་སྲངས་ལ་ཁ་ལུད་དང། ཨགནི་མན་ཐ་སྤང་སྦོས་དང། །བཅའ་སྐ་ཐད་ཤིང་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ལུས་ཀྱི་ཕྱོགས་གཅིག་སྐྲངས་པར་གྱུར་པ་ལ་ནི། །ཁ་ལུད
་ལ་སོགས་པའི་སྨན་གྱིས་ལྡེ་གུས་བསྐུ་བར་བྱའོ། །མཁྲིས་གྱུར་ཏིཀྟའི་སྨན་མར་རམ། ནྱ་གྲོ་དྷ་ལ་སོགས་བ་བླུད། བསྐོལ་བའི་བར་བླུད་བར་བྱའོ། །སྒོ་མ་དང་ཆེ་དང་རྨོངས་པ་ག་ཚ། །འོ་མ་བསྐུ་བྱུག་བསིལ་བ་བྱ། །མཁྲིས་པའི་འོར་ནད་སྐོམ་ནད་ཆེ་བ་དང། རྨོངས་བག་དང
་བསྐུས་ན་ཕན་ནོ། །སར་ལ་ནི་ཅི་ཏྲའོ། །ི་བརྟ་ནི་ཨེའི་ཀ་ཤི་ཀའོ། ། ཛ་གནད་ནི་བསྟ་གནདའོ། །ནད་གཞི་ཇི་བཞིན་ཡན་ལག་ནི། །ཉེ་བའི་ཕྱོགས་ནས་གཏང་ག་བྱ། །ཞེས་བྱ་བ་ལ། ཡན་ལག་གིས་ཕྱོགས་གཅིག་ལ་བརྟེན་པའི་སྐྲན་ནད་ལ་ནད་གཞི་སོ་སོ་ཇི་ལྟ་བ་དང།
་ཡན་ལག་གི་ཕྱོགས་གང་དང་ཉི་བའི་ཕྱོགས་ནས་བཏང་ག་བྱ་བ་ལ། སློན་སྨན་དང་བསྐྲུ་སྨན་གྱི་སྦྱང་བར་བྱའོ། །འདྲེས་པའི་ནད་ལ་ནད་གཞི་ནི། །ཤས་ཆེའི་དབང་དུ་གསོ་བ་བྱ། །ཞེས་བྱ་བ་ལ། འདྲེས་པའི་ནད་དང་ལྡན་པ་དང། འདུས་བ་ཞེས་བྱ་བ་ལ་ནི། །ནད་གཞི་གང་ཤས་ཆེ་བའི
་དབང་དུ་བྱས་ནས་ཇི་སྐད་སྨོས་པའི་གསོ་བ་ཉིད་ཅི་རིགས་པར་སྦྱར་བར་བྱའོ། །གོ་སྙོད་པ་ཐ་གླ་སྒར་དང། །ཀཎྜ་ཀཱ་རཱི་ཚ་བ་ལྔ། །སྐྱེར་བ་ཆུ་དྲོན་སྦྱར་བ་བླུད། །རྩ་མཁྲིས་བཅའ་སྒ་ཆུ་དྲོན་བླུད། །ནད་གཞི་གསུམ་གྱི་འོངནད་ནི། །ཡུན་རིང་ལོན་ཞིང་ཚབས་ཆེན་སེལ། །ཞེས་བྱ་བ་ལ། གོ
་སྙོད་ལ་སོགས་པའི་ལྡེ་གུ་ཆུ་དྲོན་དང་སྦྱར་ཏེ། བླུང་ན། ནད་གཞི་གསུམ་འདུས་པ་ལས་གྱུར་པའི་འོང་ནད་ཡུན་རིང་པོ་ལོན་ཞིང་ཚབས་ཤིན་ཏུ་ཆེ་བ་དག་ཀྱང་སེལ་བར་བྱེད་དོ། །དེ་བཞིན་དུ་རྩ་མཁྲིས་ཞེས་བྱ་བ་བུ་ནིམྦ་དང་བཅའ་སྒ་བསྐོལ་བའི་ཆུ་དྲོན་བླུད་ན་ཡང་ཡོན
་ཏན་དེ་དང་འདྲའོ། །སླེ་ཏྲེས་དང་ནི་ཨ་རུ་ར། །ཐང་ཤིང་གུ་གུལ་བ་སྤྲུ་བ། །བ་གཅིན་སྤྱད་བླུད་དམུ་རྫིང་དང། །མཛེ་དང་སྐྱ་རྦབ་སྲིན་བུའི་ནད། །གཅིན་ནང་ཟ་ཁུ་བད་ཀན་དང། །རླུང་ནི་སྟོད་དུ་འཇོམས་པ་སེལ། ཞེས་བྱ་བ་ལ། སླ་ཏྲེས་ལ་སོགས་པའི་སྨན་བ་གཅན?་དང་སྦྱར་ཏེ་བླུད
་ན་བླུད་ནད་མུ་རྫིང་ལ་སོགས་པའི་ནད་སེལ་བར་བྱེད་དོ། །དེ་ལྟར་དང་དང་ནད་ཀྱི་དབང་བྱས་བཤད། །སྣང?་པ་ལས་བྱུང་བ་ལ་ཁྲག་དབྱུང་ཞིང། །བསིལ་སྨན་མར་བསྐུས་བྱུགས་ཤིང་བླུག་པར་བྱ། །དུགས་སྐྱེས་སྐྲངས་ལ་དུགས་སེལ་སྦྱོར་བ་བྱ། །ཞེས་བྱ་བ་ལ། ཚུལ་དེ་ལྟར
་དང་རང?་གིས་ནད་གཞིའི་དབང་དུ་བྱས་ནས་འོར་ནད་ཀྱི་གསོ་བ་བཤད་པ་ཡིན་ལ། མཚོན་ལ་སོཌ་ད་ས་སྣང་བ་ལས་བྱུང་བ་སྤང་བ་ནི་ཁྲག་དབྱུང་ཞིང་གཏང་ག་བྱ་བ་དང། བསིལ་བའི་སྨན་དང་མངལ་སོགས་པས་བསྐུ་བ་ལ་སོགས་པ་བྱས་ལ་དུག་གིས་ཕོག་པ་ལས་གྱུར་པའི་སྒྲངS་
་ནད་ལ་ནི་དུག་སེལ་པའི་སྦྱོར་བ་གང་དག་ཡིན་པ་བྱས་ན་ཕན་ནོ། །གློང་དང་རླན་ཅན་ཆུང་གནས་ཤ?་?་རློན། །ཚོང་སྐམ་ཏིལ་གྱིས་ཟས་དང་བུ་རམ་ཅན་ཁྱེར་བཏགས་ཟས་དང་ཞོ་དང་ལན་ཚ་དང། །ཁ་ཟས་རུལ་བག་ཆང་སྦྱར་ཡོས་ཤ་སྐམ།། ངེས
་པའི་ཟས་དང་ལྕི་དང་མ་གོམས་ཟ། །ཚ་པ་བསྐྱད་དང་ཉིན་པར་གཉིད་ལོག་དང། །མཚན་མོ་གཉིད་མ་ལོག་དང་ཉལ་པོ་རྣམས། །འོང་ནད་ཅན་གྱིས་དེ་དག་ཐམས་ཅད་སྤང། ཞེས་བྱ་བ་ལ། སྐད་ནད་དང་ལྡན་པ་ཐམས་ཅད་ཀྱིས་ཀྱང་གྲོང་གི་ཕྱུགས་ཀྱི་ཤ་ལ་སོགས་པ
་དང། ཚོད་མ་སྐམ་པོ་ལ་སོགས་པ་སྤང་པར་བྱའོ། །ཆུང་གནས་པའི་ཆུ་ན་སྤྱོད་པའི་སྲོག་ཆགས་ཀྱི་ཤའོ། །ཆུང་གནས་བ་ཞེས་སྨོས་པ་རླན་ཅན་གྱི་ཤའི་སྒྲས་ཀྱང་སྤུང་བ་ཉིད་ཡིན་མེད་ཀྱི། །འདིར་གཙོ་བོར་བྱ་བའི་ཕྱིར་རོ། །གསག་ཤིན་ཏུ་སྨོས་པ་ཡིན་ནོ། །ཡང་ན
་རླན་ཅན་ཉིད་ཆུང་གནས་པ་ཡིན་པར་སྦྱར་རོ། །ཤ་འདི་ནི་སྲོག་ཆགས་སློབ་པའི་ཤའོ། །ཤ་རློན་ནི་མ་བཅས་པའོ། །ཚོད་མ་སྐམ་པོ་ནི་?་ཏོ་ལ་བ་སོགས་པ་ཚོད་མའི་སྡེ་ཚན་ལས་བཤད་པའོ། །?་གྱི་ཁ་ཟས་ནི་ཏིལ་ལས་བྱས་པའི་ལ་ཐུ་ལ་སོགས་?་།བུ
་རམ་ཅན་ནི་བུ་དམ་ལས་བྱས་པའི་ཟས་སམ་བཏུང་བའོ། །ཕྱི་ཟན་ནི་འབྲས་ལ་སོགས་པའི་བཏགས་པ་ལས་ཟན་དུ་བྱས་པའོ། །དེ་བཞིན་དུ་ཞོ་འབའ་ཞིག་ཀྱང་སྐྲངས?་པར་བྱེད་པ་ཡིན་པས་སྤངས་བར་བྱའོ།། དེ་བཞིན་དུ་ལན་ཚ་དང་ཁ་ཟས་?་ཅིང་སྤྱི་བག་ཏུ་གྱུར
་བ་ཡང་སྤང་པར་བྱའོ། །ཚད་འབའ་ཞིག་ཀྱང་སྤང་བར་བྱའོ། །དེ་བཞིན་དུ་སྒྱུར་བའི་རྣམ་པ་དང་སྐྱུར་ལ་སོག་པ་གང་ཡང་རུང་བ་དང། ནས་བརྡོས་པའི་?་དང་ཤ་སྐོམ་དང་འདྲེས་པའི་ཟས་ཕན་དང་མི་བར་ཞེས་བྱ་བ་དང། དེ་བཞིན་དུ་གཞན་ཡང་ལྕེ་ཁ་ལ་སོགས་པའི
་མཚན་ཉིད་དང་ལྡན་བའི་ཁ་ཟས་ཀྱང་སྤང་བར་བྱ་བ་དང། དེ་བཞིན་དུ་ཉིན་པར་གཉིད་ལོག་ཅིང་ཉལ་ལ་མཚན་མོ་གཉིད་མ་ལོག་པ་དང། བུད་མེད་ལ་འཁྲིག་པ་སྤྱོད་ཅིང་ཉལ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་འོང་ནད་ཅན་གྱིས་སྤོང་བར་བྱའོ།། །།ཡན་ལག་བརྒྱད
་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློན་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལས། ལེའུ་བཅུ་བདུན་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་མེ་དབལ
་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་གྱིས་ན་འདི་ཉིད་ཀྱིས་གསོ་བ་བཤད་དགོས་བས་འདི་བརྩམས་པ་ཡིན་ནོ། །མེ་དབལ་ནད་ལ་ཐོག་མ་ཉིད།། སྨྱུང་བ་དང་ནི་རྩུབ་ཆོས་དང། །བྲག་དབྱུང་སྐྱུག་སྨན་བཀྲུ་སྨན་ཕན། །སྣུམ་ཆོས་སྤང་བར་མི་བྱའོ། །ཞེས་བྱ་བ་ལ།
་མེ་དཔལ་གྱི་ནང་ལ་ནི་ནད་ཀྱི་སྔོན་བྱུང་བའི་ཚུལ་སྐྱེས་པའི་ཐོག་མ་ཉིད་ལ་སྨྱུང་བ་བྱ་ཤིང་ཉམས་སྨད་པ་དང་།རྩུབ་པར་འགྱུར་བའི་ཆོ་ག་བྱ་བ་དང། གཏང་ག་བཏབ་ཅིང་ཁྲག་དབྱུང་བ་དང། བཀྲུ་སྨན་དང་སྐྱུག་སྨན་བླུང་བས་སྤྱད་པ་བྱས་ན་ཕན་གྱི། མེ་དཔལ་གྱི་ནང
་གང་ལ་ཡང་ཐོག་མ་ཁོ་ནར་སྣུམ་ཆོས་བྱ་བ་ནི་ཕན་པ་མ་ཡིན་ནོ། །པོ་སོན་ཆིན་དུ་ཀ་མོ་ཉུང། །ཤིང་མངར་བཅས་པ་ཏོ་ལ། །ནིམ་པའི་ལོ་མ་བི་པི་ལིང། །སྐྱུག་སྨན་བཏང་ན་མེད་བ་ལ་འཇོམས། །ཞེས་བྱ་བ་ལ། དེ་ལ་སྐྱུགས་སྨོན་ནི་པོ་སོན་ཆ་ལ་སོགས་པའམ། ཡང་ན
་པོ་སོན་ཆ་དང་པ་ཏོལ་ལ་སྒྱུགས་སྨན་བཏང་ན་ཡང་མེ་དབལ་གྱི་ནད་འཇོམས་པར་བྱེད་དོ། །ཁྱི་ལྕེ་བ་ཡི་ཁུ་བའམ། །རྒུན་འབྲུའི་འབྲས་བུ་གསུམ་ཡང་རུང། །དུར་བྱིང་ཕྱེ་མ་བཏབ་པ་འམ། །འོ་མ་མར་སྦྱར་བཀྲུ་སྨན་ནི། །ཁོང་ན་ཞེན་པའི་ནད་ལ་ནི། །ཁྱད་པར་དུ་ནི་སྤྱད
་བ་བཏང་ཞེས་བྱ་བ་ལ། །བྱི་ལྕེ་བསྐོལ་བའི་ཁུ་བ་འམ། རྒུན་འབྲུའི་ཁུ་བ་འམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་འམ། གང་ཡང་རུང་བའི་ནར་དུ་དུད་བྱིད་ཀྱི་ཕྱི་མ་བཏབ་པའི་བཀྲུ་སྨན་བཏང་བ་འམ། ཡོད་ན་དུར་བྱེད་དང། འོ་མ་དང་མར་དུ་སྦྱར་བའི་བཀྲུ་སྨན་བཏང་བར
་བྱའོ། །དེ་ལས་ཀྱང་ཁྱད་པར་དུ་ནི་ཁོང་པའི་ནང་དུ་ཞེན་བའི་ནད་ལ་སྐྱུགས་སྨན་གིས་སྦྱད་པར་བྱའོ། །སྦྱད་ཞིང་ནད་ཚབས་ཚུང་བ་ལ། །ཞི་སྨན་ཙན་དན་མུད་པ་ལ་བཏང་ཞེས་བྱ་བ་ལ། མེ་དཔལ་གྱི་ནད་དང་ལྡན་པ་ལས་སྦྲུམ་མ་ལ་སོགས་པ་སྦྱར་བར་མི་རུང་ལ། ནད?་ཚབS?
་ཆུང་བ་ཡིན་ན་ཞི་བར་བྱ་བའི་སྨན་ཙན་དན་དང་ཨུཏཔལ་ལ་ལ་སོགས་པ་བཏང་བར་བྱའོ། །གླ་སྒང་ནིམཔ?་པ་ཏོ་ལ། །པ་ཏོ་ལ་སོགས་ཉིད་དག་གམ། ཞེས་བྱ་བ་ལ། ཡང་ན་སྦྱར་བ་བྱར་མི་རུང་ཞིང་ནད་ཚ་བས་ཆུང་བ་ལ་ཞི་བར་བྱ་བའི་སྨན་གླ་སྒང་ལ་སོགས་པ
་བླུད་པར་བྱའོ། །པ་ཏོ་ལ་ལ་སོགས་པ་ནི་པ་ཏོ་ལ་དང་པུ་ཙ་ཤེལ། ཞེས་བྱ་བ་བསྟན་པ་ཡིན་ནོ། །ཐལ་ཏྲེས་གླ་སྒང་སྐྱ་རུར། །བུ་ཤེལ་ཙེ?་ནི་ཆུང་བསྐོལ་བླུད་ཅེས་བྱ་བ་ལ། ཡང་ན་དེ་ལ་ཞི་བར་བྱ་བའི་སྨན་ཐལ་ཏྲེས་ལ་སོགས་པ་བླུད་པར་བྱའོ། །མེ་དཔལ་སྐམ་དང་ཅན་ལ་ནི།
་བྱི་ཚར་བ་དང་བརྟ་དང། །སླེ་ཏྲེས་བཅའ་སྒ་བསྐོལ་བ་ནི། །ཁུ་བ་བསྒྲངས་བ་བླུད་པར་བྱ། །ཞེས་བྱ་བ་ལ། མེད་བའི་གྱི་ནད་སྐོམ་ནད་ཅན་གྱིས་བཏབ་པ་ལ་ནི། བྱི་ཚང་བ་ལ་སོགས་པ་བསྐོལ་བའི་ཁུ་བ་འམ། །བསྐོལ་ཏེ་བསྒྲངས་པ་བླུད་པར་བྱའོ། །སྐྱེད་པ་སྲན་ཆུང་ངུ་ཙེ
་ཤེལ། །ནིམྦ་ཤིང་མངར་ཁྱི་ལྕེ་བ། །བསྐོལ་བ་མར་དང་བཅས་པ་བླུད། །ཅེས་བྱ་བ་ལ་ཡང་མེད་པ་ལ་སྐོམ་དང་ཅན་ལ་སྐྱེར་བ་ལ་སོགས་པའི་སྨན་གྱི་ཁུ་བ་ཉིད་བླུད་པའི་སྦྱོར་བ་བསྒོལ་ལ་དེའི་ནང་དུ་མར་བཅུག་སྟེ་བླུད་ན་ཡང་ཕན་ནོ། །ཡན་ལག་ནད་ཞུགས་ནང་ཁྲག
་ཉིད། །ཐོག་མ་ཉིད་དུ་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། ལག་མངར་དང་བྱིན་པ་ལ་སོགས་པ་ཡན་ལག་རྣམས་ལ་ནང་ཁྲག་ཡོད་པ་ལས་གྱུར་བའི་མེད་པ་ལ་ནི་ཐོག་མ་ཉིད་དུ་ཁྲག་དེ་ཕྱུང་བས་བསལ་པར་བྱ་སྟེ། ནད་གཞི་ཇི་ལྟ་བ་ལས་རྫབ་དྭ་དང། བསྐུ་བ་དང་སྲིན་བུ་པདྨས་ཁྲག
་དབྱུང་བ་གཏང་ག་གདབ་སྟེ་ཁྲག་དབྱུང་བར་བྱའོ། །པགས་པ་ཤ་དང་རྒྱུས་པ་ལྔ་ལ། །ཁྲག་རུལ་པ་ལས་བྱུང་བ་ཡིན་ཞེས་བྱ་བ་ལ། གང་གི་ཕྱིར་ཁྲག་རུལ་པ་ལས་པགས་པ་ལ་སོགས་འདྲུལ་ཞིང་བརྣགས་པར་འགྱུར་བས་དེའི་ཕྱིར་ཁྲག་དེ་དབྱུང་བར་བྱའོ། །སྨིན
་ཞིང་བད་ཀན་ཟད་པ་དང། །རླུང་དང་མཁྲིས་པ་ཤས་ཆེ་ལ། ཏིཀྟ་ཏིཀྟ་ཆེན་པོའི་མེད། །ཁྱི་ལྕེ་བ་བསྐོལ་མར་ཕན་ནོ། །ཞེས་བྱ་བ་ལ། སྨིན་ཅིང་བད་ཀན་ཟད་པར་གྱུར་ནས། རླུང་དང་མཁྲིས་པ་ཤས་ཆེ་ཞིང་རྒྱས་པར་གྱུར་པ་ལས་ནི་ཏིཀྟ་དང་ཏིཀ་ཆེན་པོའི་སྨིན་མར
་མཁྲིས་པ་ལས་གྱུར་པའི་མཛེ་ནད་ཀྱི་སྐབས་སུ་བཤད་པ་འམ། ཁྱི་ལྕེ་བའི་སྨན་མར་ཁོང་འབྲས་ཀྱི་སྐབས་སུ་བཤད་པ་གང་ཡིན་པས་ཕན་ནོ། །ཁྲག་བྱུང་ཁོད་པ་དག་གྱུར་ནས། །ནང་ནི་ཤ་པགས་ལ་གནས་པ། །ཕྱི་རོལ་ནས་ནི་བྱུགས་སོགས་ཀྱིས། །འབྲལ་དུ་མེད་?
་ཞི་བར་འགྱུར་ཞེས་བྱ་བ་ལ། ཁྲག་ཕྱུང་ཞིང་བསལ་བར་འགྱུར་བ་དང། སྦྱང་བ་བྱས་བས་ཁོངས་པ་དག་པར་གྱུར་ནས་ནང་གི་སྐྱོན་མེད་པར་རླུང་ལ་སོགས་པའི་ནད་གང་ཡང་མེད་པར་ཤ་དང་པགས་པ་ལ་གནས་པར་གྱུར་པ་ལ། ཕྱི་རོལ་ནས་སྨན་གྱིས་བྱུག་པ་ལ་སོགས་པ་བྱས
་ནས་འཕྲལ་དུ་དེའི་མོད་ལ་མེའི་དབལ་ཞི་བར་འགྱུར་རོ། །རླུང་གྱུར་ཤུ་ཏི་གླ་སྒང་དང། །འོ་མ་འུས་སུ་བ་ར་ཧི། །རྟ་ཀ་ལ་པི་པི་ལིང། །ཐང་ཤིང་ཀྲུ་རུ་རྟ་ནི། །ལྡེ་གུས་བྱུག་པ་བྱས་ན་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མེད་བལ་ལ་ནི་ཤུ་ཏི་ཞེས་བྱ་བའི་ཤ་ཏ་པུསྦ
་ལ་སོགས་པའི་སྨན་བཏགས་པའི་ལྡེ་གུས་བསྡུས་ན་ཕན་ནོ། །?་ཧན་བ་ན་མ་ལི་ཀའོ། །དྷ་ཀ་ལ་ནི་རུ་ཛག་རའོ། །འུ་སུ་ནི་འུ་སུའི་འབྲས་བུའོ། །ཤིང་ཀྲུ་ས་བོན་ཛ་ནའོ། །མཁྲིས་པར་ནྱ་གྲོདྷ་སོགས་ཏེ། །དེ་བཞིན་པད་མ་ཨུད་པ་ལ་སོགས། །ཞེས་བྱ་བ་ལ། མཁྲིས་པ་ལས
་གྱུར་པའི་མེ་དཔལ་ལ་ནི་ནྱ་གྲོདྷ་ལ་སོགས་བའི་སྡེ་ཚན་གྱིས་བསྐུ་བའམ། ཡང་ན་པདྨ་དང་ཨུཏཔལ་ལ་སོགས་པ་བསྡུས་པ་ལས་བཤད་པས་བསྐུས་ན་ཕན་ནོ། །དེ་ལས་མཁྲིས་པ་ནི་པདྨ་དང་ཨུཏཔལ་ལ་དང་ཉ་ལྕིབས་དང། འདབ་དང་པདྨའི་རྩ་བ་དང། སྲིད་གཏག་དག་ཀ་ཤི་རུ
་ཀ་དང། ཤ་ཁ་ར་དང། བ་ལ་ཀ་དང། ཙན་དན་དཀར་པོ་དང། མུ་ཏིག་དང། ནོར་བུ་དང་ཅག་ཡུལ་རྣམས་དང། བ་ཡས་ས་ཡང་ག་པྲ་པུཎདརའི?་ཀ་ར་དང། ཤིང་མདར་དང། ཤུག་པ་དང། མར་སར། འོ་མའི་ལྡེ་གུ་བསྐུས་ན་ཕན་ནོ། །ཞེས་བཤད་དོ། །ནྱ་གྲོ་དྷའི་རྩ
་གཞོན་ནུ་དང། ཆུ་ཤིང་ནང་གི་ལོ་མར་བཅས། །པདྨའི་རྩ་བའི་ལྡེ་གུ་དང། ལན་བརྒྱ་བཀྲུས་པའི་མར་གྱིས་བྱུག་།ཅེས་བྱ་བ་ལ། ནྱ་གྲོ་དྷའི་རྩ་བ་གཞོན་ནུ་སར་བ་དང་?་གི་ནང་གི་ལོ་མ་དང་བཅས་ཤིང་བསྲེས་པ་དང། པདྨའི་རྩ་བའི་ལྡེ་གུར་སྦྱར་བ་ལན་བརྒྱ
་ཕྲག་མང་དུ་བཀྲུས་ཤིང་བཙིར་བའི་མར་དང་སྦྱར་བས་བྱུག་པར་བྱའོ། །པདྨ་ཅན་འདབ་མ་བསྲིལ་བའམ། མུ་ཏིག་བཏགས་བར་གྱུར་པ་ལ། །དུད་དམ་བྱུ་རུ་ཉ་ཕྱིས་སམ། །ཡུག་རྣམས་མར་དང་བཅས་པས་ཕྱུག་ཅེས་བྱ་བ་ལ། གང་?
་མ་སྐྱེས་པའི་འོག་གི་འདམ་བསིལ་བས་བྱུག་པ་འམ། མུ་ཏིག་གི་ཞིབ་ཏུ་བཏགས་པ་ཉིད་ཀྱིས་བྱུག་པ་འམ། དུང་ལ་སོགས་པ་གང་ཡང་རུང་བ་བཏགས་ནས་མར་དང་བཅས་པ་མ་བྱུག་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་འབྲས་བུ་གསུམ། །ཤུག་པ་བཙོད་དང
་པུ་ཤེལ་ཅེ། །ཀ་ར་བཱི་ར་འདམ་བུའི་རྩ། །ེ་རཎྜའི་ལྡེ་གུས་བསྐུས། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མེ་དབལ་ལ་ནི་འབྲས་བུ་གསུམ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །ད་བ་ལ་མ་བདུན་པ་དང། །སེང་ལྡེང་ཐང་ཤིང་ཀུ་སྨན་དང། གླ་སྐད
་དོད་གར་བཅས་པ་འམ་བར་ན་སོགས་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ད་བ་ལ་སོགས་པའི་ལྡེ་གུར་སྦྱར་བ་འམ། བར་ན་ལ་སོགས་པའི་སྡེ་ཚན་གྱི་ལྡེ་གུ་བསླུས་ན་ཡང་བད་ཀན་ལས་གྱུར་པའི་མེ་དཔལ་སེལ་ཏོ། །དོང་གཡིས་ནི་ལོ་མ་དང། །སླེ་སྨན་ཏ་ཀའི་ཤུན
་ལྤགས་དང། །ིནྡྲ་བ་རུ་ནའི་ལོ་མ། །ཤྲི་ཤ་འོ་མ་སེའི་མེ་ཏོག་།ཞེས་བྱ་བ་ལ། དོང་གའི་ལོ་མ་དང། སླེ་སྨན་ཏ་ཀ་ལས་སྐྱེས་བའི་ཤུན་ལྤགས་དང། ཨིནྡྲ་བ་རུ་ནི་ད་ལོ་མ་དང། ཤྲི་དི་ཤ་དང། འོལ་མ་སེའི་མེ་ཏོག་ལྡེ་གུར་བྱས་པ་བསྐུས་པ་ཡང་ཕན་ནོ། །ཆུ
་བླུགས་རྨ་བསྐུ་སྨན་མར་དང། །ལྡེ་གུ་ཕྱེ་མ་ཇི་བཞིན་དུ། །སྨན་ནི་འདི་དག་ཉིད་ཀྱིས་བྱ། །ཞེས་བྱ་བ་ལ། བཀྲུ་བའི་དོན་དུ་བཤད་བའི་སྨན་ཤུ་ཏིལ་སོགས་པ་འདི་དག་ཉིད་ཀྱིས་ཆུ་བླུགས་པ་དང་།རྨའི་ཕྱི་རོལ་ནས་བསྐུ་བའི་མར་དྭང?་ལྡེ་གུ་དང་ཕྱེ་མའི་སྦྱོར་བ་ཡང་ཇི་ལྟ་བ་བཞིན་དུ
་བྱས་ཏེ་བཏང་བར་བྱའོ། །རླུང་རྒྱས་མར་ནི་ཤས་ཆེར་སྦྱར། །ཞེས་བྱ་བ་ལ། འཛམ་བུའི་སྨན་ལ་སོགས་པ་འདི་དག་རླུང་ཤས་ཆེ་བའི་མེ་དཔལ་ལ་ནི་མར་ཤས་ཆེ་བར་བྱ། །བད་ཀན་གནས་ཞེན་མ་སྨིན་ལ། །དྲོ་དང་རྩུབ་ཤལ་ཆེ་བ་སྦྱར། །དེ་བཞིན་མཁྲིས་བའི་གནས་?
་ཁྲག་མཁྲིས་ལ་ནི་མར་ལྡན་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་གནས་ལ་གནས་ཤིང་བསྟེན་པའི་མེ་དབལ་མ་སྨིན་པར་གྱུར་བ་ལ་ནི་དྲོ་བ་དང་རྩུབ་པའི་ལྡེ་གུས་བསྐུ་བ་ཕན་ལ། དེ་བཞིན་དུ་མཁྲིས་པའི་གནས་སུ་ཞུགས་པའི་མེད་བ་ལ་དང་ཁྲག་དང་།མཁྲིས་པ་ལས་གྱུར?་མེ
་དབལ་ནི་མར་སར་དང་ལྡན་པའི་སྨན་དེ་དག་གིས་ལྡེ་གུས་བསྐུ་བར་བྱའོ། །ཤིན་ཏུ་བསིལ་ཤིང་བསྲབ་པ་དང། གོས་སྲབ་ནང་དུ་བཞག་པ་ནི། །ནུས་པ་ཆུང་བས་ཡང་དང་ཡང། །གཞན་དང་གཞན་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། ཤིན་ཏུ་བསིལ་ཞིང་གྲང་ལ་སྲབ་ཅིང་ཆུང་ཐ་དད
་གོས་སྲབ་མོའི་ནང་དུ་གཏུམས་ཤིང་བཞག་བའི་ལྡེ་གུ་ནི་སྐད་ཅིག་མ་རེ་རེ་ཞིང་ཡང་དང་ཡང་དུ་གཞན་དང་གཞན་སྤོས་ལ་སྦྱར་བར་བྱ་སྟེ་།གང་གི་ཕྱིས་ལྡེ་གུ་དེ་དེ་ལྟར་བསྐུས་པ་ནི་ནུས་པ་ཆུང་བ་ཡིན་པའི་ཕྱིར་རོ། །འདྲེས་པའི་ནང་ལ་ལས་འདི་ནི། །མདྲེན་མར་བྱ་བ་བསྔགས་པ་ཡིན།
་ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པའི་ལྡན་པ་ལས་གྱུར་པའི་མེ་དབལ་ལ་ནི། གོང་དུ་བཤད་པའི་གསོ་བའི་ལས་དེ་འདྲེན་པ་བྱས་ན་བསྔགས་ཤིང་ཕན་བ་ཡིན་ནོ། །མི་ལྟར་ཚ་བ་ལན་བརྒྱ་ནི། །བཀྲུས་བའི་མར་སར་འབའ་ཞིག་ཕན། །ཞེས་བྱ་བ་ལ། མེ་ལྔ་བུར་ཚ་བའི
་མེ་དཔལ་ནི། མར་མར་ཆུ་གྲང་མོའི་ནང་དུ་ལན་མང་དུ་མཉེས་པ་འབའ་ཞིག་གིས་བསྐུས་ན་ཕན་ནོ། །མར་གྱི་ཉིད་ཁུ་བླུགས་བའམ། ཤིང་མངར་བསྐོལ་བའི་ཆུ་གྲང་འམ། །ུད་པ་ལ་པད་མ་ཁ་རའི་ཆུ། །འོ་མ་བུ་རམ་ཤིང་ཁུ་བླུགས་ཞེས་བྱ་བ་ལ། ཡང་མ་ལྟར་ཚ་བའི་མེད་བས་ལ
་མར་གྱི་ཉིད་ཁུ་དངས་མ་དྲངས་པ་བླུགས་པ་འམ། ཡང་ན་ཆུ་གྲངས་བསྐོལ་བའི་ཆུ་བསྒྲངས་ཏེ་བླུགས་པ་འམ། ཡང་ན་ཨུཏཔལ་ཁར་འམ། འོ་མ་འམ། བུ་རམ་ཤིང་ཁུའི་ཁུ་བ་གྲང་མོ་བླུགས་བར་བྱའོ། །བཏུང་བ་བསྐུ་དང་བླུགས་པ་དང། །ཏིཀྟ་ཆེན་པོའི་སྨན་མར་པ་ན་ཞེས་བྱ་བ་ལ། །དེ
་ལྟ་བུའི་མེ་དབལ་ལ་ཏིཀྟ་ཆེན་པོའི་སྨན་མར་མཛེ་ནད་ཀྱི་སྐབས་ནས་བཤད་པ་བླུད་པ་ལ་སོགས་པ་སྦྱོར་ན་མཆོག་ཏུ་ཕན་ནོ། །རྨེན་བུ་ཁྲག་མཁྲིས་སེལ་བ་ཡི། །གསོ་བ་ཅི་རིགས་ལེགས་བྱས་ལ། །རླུང་དང་བད་ཀན་འཛམ་བྱེད་ལ། །རླན་དང་དཀྲི་བ་ལ་སོགས་ཕན། ཞེས་བྱ་བའམ?
་རྨེན་བུའི་མེ་དབལ་ལ་ནི་སྔག་བཤད་པའི་ཁྲིས་པ་དང་འདྲེས་པ་ལས་བྱུང་བ་ནས། བཀྲུ་བ་སྨན་གྱི་བར་ཁྲག་དང་ཁྲིས་པ་སེལ་བའི་གསོ་ལེགས་པར་བྱས་ལ། དེའི་རྗེས་ལ་རླུང་དང་བད་ཀན་ལ་ཕན་པའི་གསོ་བ་རླན་པའི་དུགས་དང། བཀྲུ?་བའི
་དུགས་ལ་སོགས་པ་བྱས་ན་ཕན་ནོ། །རྨེན་བུ་མེ་དབལ་གཟེར་བཅས་པ། །ཏིལ་མར་རྩ་བ་བཅུ་དང་བསྐོལ། བ་གཅིན་དྲོན་པོའི་ཆུ་དྲོན་བླུགས་ཞེས་བྱ་བ་ལ། རྨེན་བུའི་མེ་དབལ་གཟེར་དང་བཅས་པ་ལ་འབྱུང་བ་ལ་ནི་རྩ་བདུན་དང་བསྐོལ་བའི་ཏིལ་མར་བླུགས་བའམ།
་དེ་བཞིན་དུ་བ་གཅིན་དྲོན་མོ་འམ་ཆུ་དྲོན་མོ་བླུགས་པར་བྱའོ། །ཡང་ན་ཤི་ཀྲུའོ་ལྡེ་གུ་འམ། །ནག་ཏ་མ་ལའི་ཤུན་པ་འམ། །ལ་ཕུག་སྐམ་པོ་བ་རུ་རའི། །ལྡེ་གུ་དྲོ་འཇམ་བསྐུ་བ་ཕན། །ཞེས་བྱ་བ་ལ། ཡང་ན་ཤི་ཀྲུའི་ཤུན་ལྤགས་ལྡེ་གུར་བཏགས་པ་?་འཇམ་ཙམ་གྱིས
་བསྐུ་བ་འམ་།ཡང་ནན་གཏམ་ལ་ཞེས་བྱ་བ་ཀར་ལྗིང་ཤུན་ལྤགས་བཏགས་པའི་ལྡེ་གུ་ཆུ་དྲོན་འཇམ་ཙམ་འམ། ཡང་ན་ལ་ཕུག་སྐམ་པོ་གཏགས་པའི་ལྡེ་གུ་དྲོ་འཇམ་ཙམ་བསྐུ་བ་འམ། བ་རུ་རའི་ལྡེ་གུ་དྲོ་འཇམ་ཙམ་བསྐུས་ན་ཡང་རྨེན་དུའི་མེ་དབལ་གཟེར་དང་བཅས
་པ་ལ་ཕན་ནོ། །དནྟ་ཤིང་རྩ་ཅིང?ཀ། ཨ་ན་སྣུ་ཏིའི་འོ་མ་དང། །བུར་མགོ་བྱེའི་རུས་ནག་ཚུར། །ལྡེ་གུས་རྡོ་ཡང་ལ་གིས་བྱེད་ན། །བད་ཀན་ལས་གྱུར་རྨེན་པུའི་དང། །ཕྱི་རོལ་གནས་པ་སྨོས་ཅི་དགོས། །ཞེས་བྱ་བ་ལ། དནྟ་དང། ཙིཏྲ་ཀའི་རྩ་བའི་ཤུན་ལྤགས་དང།
་ཨརྐ་དང། ཤིང་སྣུ་?་དང་བུར་མདང། གོ་བྱེད་མང་གི་རུས་པ་དང། ནག་ཚུང་གྱི་ལྡེ་གུར་བྱས་པས་བསྐུས་ན་རྡོ་ཡང་འབིགས་པར་བྱེད་ན་བད་ཀན་ལས་གྱུར་པའི་རྨེན་བུ་ལུས་ཀྱི་ཕྱི་རོལ་ན་གནས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེས་པར་འབིགས?་པར་བྱེད་དོ། །ཡུན
་རིང་གནས་པའི་རྨེན་བུ་ལ། ལ་ཕུག་རྒྱ་སྲན་ཀུ་ལཏྠ། །ཁུ་བ་ཐལ་སྨན་སེའུ་འབྲུར་བཅས། །གྲོ་ཡི་ཟན་དང་ནས་ཀྱི་ཟན། །རྒུན་འཆང་སྦྲང་རྩི་བུ་རམ་དང། །ཁར་ཚང་གི་དངས་མར་བཅས། །ཁ་ལུང་ཁུ་བར་བཅས་པ་དང། །འབྲས་བུ་གསུམ་གྱིས་སྦྱོར་བ་འདི། །བི?་བི?་ལིང
་?་སྦྲང་རྩིར་བཅས། །ཐང་ཤིང་དང་ནི་སླེ་ཏྲེས་དང། །བྲག་ཞུན་གྱིས་ནི་སྦྱོར་བ་དང། །གླ་སྒང་གོ་བྱེའི་སྦྱོར་བ་འམ། །སྦྲང་རྩི་ཡིས་ནི་སྦྱོར་བ་དང། །མགོ་བཀྲུ་སྨན་དུང་རྡུབ་པ་དང། །སྔར་བཤད་ནི་གཞིག་པ་དང། །ལྕགས་གཟེར་ལ་མོ་སྤོ་བསྲེགས་པ་དང། །རྡོ་བས་བཙིར་བར་བྱ་བ་ཡན། །སྨན
་འདི་ཡིས་ནི་འཇིག་པར་བྱེད། །ཅེས་བྱ་བ་ལ། རྨེན་བུའི་ནད་ཡུན་རིང་གནས་ཤིང་རྒྱུན་ཏུ་ཆགས་པར་གྱུར་པ་ལ། འོག་ནས་བཤད་པའི་སྨན་འདི་དག་གིས་བཤིག་པར་བྱའོ། །ལ་ཕུག་གི་ཁུ་བ་ཐལ་སྨན་རྣམ་གཉིས་གང་ཡང་རུང་བ་དང་བཅས་པ་སེའུ་འབྲུ་དང་བཅས་པ་དང། དེ་བཞིན་དུ་རྒྱ
་སྲན་ཀུ་ལཏྠའི་ཡུ་ཤའི་ཁུ་བ་དང་ཐལ་སྨན་བཅས་པ་དང། དེ་བཞིན་དུ་གྲོའི་ཟན་དང་ནས་ཀྱིས་ཟན་རྟག་ཏུ་སྦྱིན་པ་དང། རྒུན་ཆད་ལ་སོགས་པ་བླུད་པ་དང། དེ་བཞིན་དུ་འབྲས་བུ་གསུམ་མམ། པི་པི་ལིང་གི་སྦྱོར་བ་ལྡེ་གུ་འམ། ཕྱེ་མར་བྱས་པ་འམ། དེ་བཞིན་དུ་ཐད་ཤིང་ལ་སོགས
་པའི་སྦྱོར་བ་སྡེ། ཅི་རིགས་པར་སྦྱོར་བ་དེ་དང་དེས་བྱ་བ་དང། ནང་ཚོམས་ཡན་ཆད་ཀྱི་ནང་དུ་གཏོགས་པའི་རྨེན་བུ་ལ། མགོ་བོའི་བཀྲུ་སྨན་དང་དུད་པ་རྡུབ་བའི་རྣོན་བོ་དང་སྔར་བཤད་པའི་སྐྲན་གཞིག་པའི་སྦྱོར་བ་གང་ཡིན་པ་དང། ལྕགས་ལ་སོགས་པ་བསྲེགས་པས་བཅིར་ཞིང་མནན་བས་ཡུན་རིང
་དུ་གནས་པའི་རྨེད་བུ་འཇིག་བར་བྱེད་དེ། །ཞེས་ཐམས་ཅད་ལ་སྦྱོར་བར་བྱའོ། །སྦྱོར་བ་སྣ་ཚོགས་དེ་དག་ནི། །བྱས་ཀྱང་ཞི་བར་མ་གྱུར་ཅིང། །ཤིན་ཏུ་སྲི་བར་གནས་གྱུར་ལ། །ནང་སྟོབས་ཆེ་བར་གྱུར་ན་ནི། །དེ་འོག་འདི་ལ་ཐལ་སྨན་ནས། །སྡེ་གུ་འམ་གསེར་གྱིས་བསྲེགས་པ་ཕན་།ཞེས་བྱ་བ་ལ། སྦྱོངས
་གོང་དུ་སྨོས་བ་སྣ་ཚོགས་པ་དེ་དག་གིས་གསོ་བ་བྱས་ཀྱང་དེ་ཞི་བར་མ་གྱུར་ཅིག་།རྡོ་ལྟར་ཤིན་ཏུ་སྲ་བར་གནས་པར་གྱུར་ལ་ནང་ཀྱིས་སྟོབས་ཤིན་ཏུ་ཆེ་ཞིང་ཞིག་པར་མ་གྱུར་མ་སྨན་གྱི་སྦྱོར་བདེ་དག་གིས་?་རྨེན་བུའི་ནང་འདི་ལ་ཐལ་སྨན་གྱིས་བསྲེས་པ་འམ། །ལྡེ་གུ་མེས
་བསྲེགས་བས་སྲེག་པ་འམ། །གསེར་མའང་སོགས་པས་བསྲེགས་ན་ཕན་ནོ། །སྨིན་བར་བྱེད་?་རྣམས་བྱས་ལ། །དབྲལ་ནས་དེ་ནི་བྱུང་བར་བྱ། །ཞེས་བྱ་བ་ལ་ཡང་རྨེན་བུ་དེ་སྨན་པར་བྱེད་པའི་སྨིན་གྱིས་སྨིན་ཅིང་བསྲུབས་ལ། དེའི་འོག་ཏུ་གཅགས་དབྱད་ཀྱིས་བསལ་ཏེ། རྨེན་བུ་གང་?
་དབྱུང་བར་བྱའོ། །འདི་ལ་ཁྲག་འདི་བརྣགས་འདོད་པ། ཡང་དང་ཡང་དུ་བདོན་པར་བྱ་ཞེས་བྱ་བ་ལ། རྨེན་བའི་མེ་དབལ་ཞེས་བྱ་བ་ལ། ཁྲག་བརྣགས་པར་འདོད་ཅིང་གནས་ལས་གཡོས་ཤིང་ཕྱེད་ཙམ་སྨིན་པར་གྱུར་པ་ལ། ཡང་དང་ཡང་དུ་ཁྲག་གདོན་ཅིང་?
་བར་བྱའོ། །ཁྲག་བསལ་འོག་ཏུ་སླར་ཡང་ནི། །རླུང་དང་བད་ཀན་སེལ་སྨན་བཏང། །ཞེས་བྱ་བ་ལ། ཁྲག་བསལ་ཞིང་བཏོན་ནས་དེ་ལིས?་འོག་ཏུ་རླུང་དང་བད་ཀན་སེལ་བའི་སྨན་གང་དག་ཡིན་པ་བཏང་བར་བྱའོ། །ཆ་ཞིང་སྨིན་པས་བརྣགས་གྱུར་ལ། །ཕྱི་ནང་?་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ
་རྨེན་དུའི་མེ་དབལ་དེ་དང་ཚབ་དང་སྨིན་པས་བརྣགས་པར་གྱུར་པ་ལ་ནི་ཕྱི་དང་ནང་གི་རྨའི་གསོ་བ་ལྟར་གསོ་བར་བྱའོ། །སྐྱར་པ་སྲིན་སྨན་ཀིང?་ལི་ལྱ། །བསྐོལ་བའི་ཏིལ་མར་རྨ་ལ་ཕན། །ཞེས་བྱ་བ་ལ། སྐྱེད་བ་ལ་སོགས་པའི་སྨན་དང་ཏིལ་མར་བསྐོལ་བ་རྨལ་ཕན་ནོ། །བད་ཀན་མཁྲིས་བ
་ཤས་ཆེ་ལ། དུར་བའི?་ཁུ་བ་མར་བསྐལ་ཕན་ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ཤས་ཆེར་གྱུར་བའི་མེད་བལ་ནི་དུར་བསྐོལ་བའི་ཁུ་བ་དང་མར་བསྐོལ་བ་ཕན་ནོ། །གསོ་བའི་ལས་ཀུན་ཕྱོགས་དང་སྟེང། །ཁྲག་དབྱུང་པ་ནི་ཕྱོགས་གཅིག་ཡིན། །མེ་དབལ་ནི་མཁྲག་མཁྲིས་དང། །?
་འདྲེས་པ་ལས་བྱུང་མི་འགྱུར། །འདི་ཡི་རྟེན་ནི་ཁྲག་ཉིད་ཡིན། །དེ་བས་ཁྲག་ནི་མང་དུ་བྲི། །ཞེས་བྱ་བ་ལ། མེ་དབལ་གྱི་ནད་ལ་སྐྱུགས་སྨན་དང། །བཀྲུ་སྨན་བཏང་བ་ལ་སོགས་པའི་གསོ་བའི་ལས་ཀུན་ནང་སེལ་བའི་ལས་བྱེད་པའི་ཕྱོགས་གཅིག་ཏུ་བཞག་པ་དང། ཁྲག་དབྱུང་ཕ་གཅིག
་བུ་གསོ་བའི་ཕྱོགས་གཅིག་སྟེ་བྱེད་ཡིན་ནོ། །དེ་ཡང་གང་གི་ཕྱིར་མེ་དབལ་དེ་ནི་ཁྲག་དང་མཁྲིས་པ་དང་མ་འདྲེས་ཤིང་དེ་ལ་མི་བརྟེན་པ་ལས། འབྱུང་བར་མི་འགྱུར་ཏེ། དེ་བས་ན་རྒྱུ་དེའི་ཕྱིར་མེ་དཔལ་འདིའི་རྟེན་ནམ། །གནས་ནི་ཁྲག་ཉིད་ཡིན་ཏེ་།དེ་བས་ན་ཁྲག་མང་དུ་དབྲི་ཞིང་དབྱུང
་བ་ཁོ་ན་འདིའི་དཔྱད་ཀྱི་མཆོག་ཡིན་ནོ། །ནད་གཞི་མང་པོའི་མེ་དབལ་ལ། །བཀྲུ་སྨན་མ་གྱུར་མར་མི་སྦྱིན། །དེ་ཡོས?་ནད་ནི་སྲ་འགྱུར་བས། །པགས་པ་ཁྲག་དང་ཤ་འཚོད་བྱེད། །ཅེས་བྱ་བ་ལ། གང་ནད་གཞི་མང་པོ་ལས་གྱུར་པའི་མེ་དཔལ་དེ་ལ་ནི་བཀྲུ་སྨན་བུར?་??
་བླུད་ན་འཁྲུ་པའི་བྱ་བ་མི་བྱེད་པའི་མར་དེ་སྦྱིན་པར་མི་བྱའོ། དེ་ཅིའི་ཕྱིར་ཞེ་ན། འཁྲུ་བར་མི་བྱེད་པའི་མར་ངེས་ནང་དེ་སླར་ཞིང་སྲ་ལ་རེངས་ཤིང་འཐས་པར་འགྱུར་བས་བགས་པ་དང་ཁྲག་དང་ཤ་འཚེད་ཅིང་སྲེག་པར་བྱེད་པའི་སྐྱོན་ཡོད་དེ། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པ?
་འགྲེལ་པ་ཚིག་གོ་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་པ་ལས་གསོ་བའི་པ་ནས། ལེའུ་བཅོ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མཛེ་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་པ་ལ་གོ་རིམ་གྱིས་ན་མཛོ་ནད་ཀྱི་གསོ་བ་བརྩམས་པ་ཡིན་ནོ། །མཛོ?
་ཅན་ཀུན་ལ་ཐེག་མ་ཉིད། །སྣུམ་?་པས་ནི་གསོ་དང་བྱ། ཞེས་བྱ་བ་ལ། མཛོའི་ནད་ཀྱིས་བཏབ་པ་ཐམས་ཅད་ལ་ནི་དང་པོ་ཁོ་ནར་སྨོན་མར་བླུད་ཅིང་སྣུམ་སྦྱིན་པས་གསོ་ཞིང་བཅོ་བར་བྱའོ། །དེ་ལ་རླུང་ཤས་ཆེ་བ་ལ་།རྩ་བ་བཅུ་བ་སླེ་ཏྲེས་དང། །?་རང་གདང་ཨ་རཎྜ། །མེ་ཤ་སྲིང་གི་མར་མར་ནི།
་ཏིལ་མར་བསྐོལ་ཏེ་བླུད་པ་ཕན། ཞེས་བྱ་བ་ལ། དེ་ལ་མཛེ་ནད་དེ་རྣམས་ཀྱི་ནང་ནས་རླུང་ལས་གྱུར་པ་སྟེ་ཤས་ཆེ་བའི་མཛེ་ནད་ལ་ནི་རྩ་བ་བཅུབ་བསྐོ་བ་ལ་སོགས་པའི་མར་རམ། ཏིལ་མར་བསྐོལ་དེ་བླུད་ན་ཕན་ནོ། །ནིམཔ་པ་ཏོདུཙ་ཤེལ་སྒྱུར་པ་བཏབ་ཚེར་བ། །ཡརྤ?་དང་ཁྱི་ལྕེ་བ། །སྲང་རེ་ཆུ་བྲེ
་འགྱུར་ཀྱི་ནི། །ནད་བསྐོལ་བརྒྱད་ཆ་ལུས་བ་རུ། བླ་སྒང་རྩ་མཁྲིས་གྱི་ལྕེ་བ་དུ་གོ་མ་ཉུང་དང་བི་གེ་ལིང། །ཙན་དན་ཞོ་ནི་གཉིས་གཉིས་དང། །ཞུན་མར་སྲང་ནི་བཅུ་གཉིས་བསྐོལ། །ཏིཀྟི?་སྨན་མར་དེ་འཐུངས་ན། །མཁྲིས་བའི་རྗེ་དང་མེ་དབལ་དང་?་འབྲུམ་ཕྲན་ལུས་ཆ་སྐོམ་དང་ཆེ། །མགོ་འཁོར
་གཡན་པ་སྐྱ་རྦབ་འབྲས། །རྨ་འགྲམས་འབྲས་ཀྱི་ཕྲད་བ་དང། །མཐོང་དུ་ཁོང་འབྲས་སྐྲན་དང་ནི། །ཟད་བྱེད་སྨེ་བྱེད་མྱོས་པ་དང། །སྙིང་ནད་རབ་རིབ་ངོ་ཁབས་དང། །ཤ་སྐམ?་གསེར་ཕོ་བའི་ནང། །མཚན་པར་རྡོལ་དང་བརྗེད་བྱེད་དང། །དམུ་རྫིང་ཟླ་མཚན་མཆོད་དང། །སྦྱར་དུག་གཞང་འབྲུམ
་ཁྲག་མཁྲིས་སེལ། །གཞན་ཡང། །ཁྲིས་པ་ལས་གྱུར་ན། །ཤིན་ཏུ་གསོ་དཀའ་རྣམས་ལའང་ཕན། །ཞེས་བྱ་བ་ལ།། ནི་སྦ་ལ་སོགས་པའི་སྨན་སྣ་རེ་སྲང་རོ་ཆུ་བྲེ་བརྒད་ཀྱི་ནང་དུ་བསྐོལ་ལ་བསྐོལ་བ་དེ་བརྒྱད་ཆ་ལུས་པ་དང་ཞུམ་མར་སྲང་བཅུ་གཉིས་དང་གླ་སྒང་ལ་སོགས་པའི་སྨིན་
་རེ་ཞོ་གཉིས་གཉིས་ལྡེ་གུར་བྱས་པ་དང་བསྐོལ་བའི་སྨན་མར་ཏེ་ཏིཀྟའི་སྨན་མར་ཞེས་བྱ་སྟེ། དེ་བླུད་ན་མཁྲིས་པ་ལས་གྱུར་པའི་མཛེ་དང་མེ་དབལ་ལ་སོགས་པའི་སེལ་བར་བྱེད་དོ། །དེ་བཞིན་དུ་འདིར་པ་སྨོས་པའི་མཁྲིས་པ་ལས་གྱུར་པའི་ནད་གཞན་དག་ཀྱང་སེལ་བར
་བྱེད་ཅིང་དེ་ལ་ཕན་པ་ཡིན་ནོ། །ལོ་མ་བདུན་པ་པར་ཏེ?། །དད?་ག་ཤུ་དག་པུ་ཙ་ཤེལ། །ཤུ་བདག་པ་ཏ་འབྲུ་ཅན་བུ་གསུམ། །སེར་པོ་གཉིས་དང་ཐལ་ཏྲེས་གཉིས། །ནིམཔ་ཙན་དན་པི་པི་ལིང་གཉིས། །?་ཤིང་མདར་སླེ་ཏྲེས་བི་ཤལ། །དུག་མོ་ཉུང་དང་པུ་ཤེལ་ཙེ། །རྩཝ་མཁྲིས་མུར་པ་བ་ཤ་ཀ་།ཉེས?
་ཤིང་བུ་ག་པ་ཏོ་ལ། །གླ་སྒང་བྱི་ཚེར་ཁྱེ་ལྕེ་བ། །སྐྱུ་རུ་རའི་ཁུ་བ་ཉིས་འགྱུར་ཏེ། །དེ་རྣམས་མར་གྱི་བརྒྱད་འགྱུར་ཆུར། །བསྐོལ་བའི་ཏིཀྟ་ཆེན་པོ་སྟེ། །ཡོན་ཏན་ཡང་ནི་སྔར་བས་ལྷག་།ཅེས་བྱ་བ་ལ། ལོ་མ་བདུན་པ་ལ་སོགས་པའི་སྨན་ལེ་གུར་བྱས་བ་དང། སྐྱུ་རུ་རའི་ཁུ་བ་ཉིས་འགྱུར་དང། །མར་གྱི
་བརྒྱད་འགྱུར་གྱི་ཆུའི་ནང་དུ་བསྐོལ་བའི་སྨན་མར་ནི་ཏིཀྟ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། །དེའི་ཡོན་ཏན་ཡང་སྔར་སྨོས་པའི་ཏིཀྟའི་སྨན་མར་བས་ཡོན་ཏན་ཆེ་བ་ཡིན་ནོ། །ལོ་མ་བདུན་པ་ནི་སཔཏ་ལའོ། །བར་ཏ་ནི་ལྡུམ་པ་སྐྲ་ཟད་དོ། །སེར་བོ་རྣམ་གཉིས་ནི་ཡུངས་དང་སྐྱེར་པའོ། །ཐལ
་ཏྲེས་གཉིས་ནི་ཤ་རིབ་དཀར་ནག་གཉིས་སོ། །པི་པི་ལིང་གཉིས་ནི་པི་པི་ལིང་དང་ཧསྟི་པི་པི་ལིང་ངོ། །བད་ཀན་ལས་གྱུར་ནིམ་པ་དང། །ལོ་མ་བདུན་བ་ཙི་ཏྲཀ་།རུ་རྟ་དོང་ག་ཙ་བ་གསུམ་།བ་ལ་པི་ལ་ཡ་མར་བླུད། །ཅེས་བྱ་བ་ལ་།བད་ཀན་ལས་གྱུར་པའི་མཛེ་ནད་ལ་ནི་ནིམཔལ?
་སོགས་པའི་སྨན་ལྡེ་གུང་བྱས་པ་དང། །མར་ཆུལ་བཞིན་དུ་བསྐོལ་བ་བླུད་ན་ཕན་ནོ། །ཀུན་ལ་གོ་བྱེའི་མར་རམ་ནི། །ཡུངས་ཀར་ཏུ་བའི་ར་མང་བླུད། ཅེས་བྱ་བ་ལ། མཛེ་ནང་ཐམས་ཅད་ལ་གོ་བྱེ་ཞེས་བ་བསོ་ཞིང་གི་འབྲས་བུ་བཙིར་བའི་མར་རམ། ཡུངས་ཀར་གྱི་མར་རམ། ཏུ་བ
་རི་བཅིར་བའི་མིར་བླུད་ན་ཕན་ནོ། །བྱི་དང་ཀ་དང་ཨ་ཀ་རུ། །གོ་བྱེའི་ལྡེ་གུ་མར་བསྐོལ་བླུད་ཅེས་བྱ་བ་ལ། ཡང་ན་མཛེ་ནད་ཐམས་ཅད་ལ་སྲིན་སྨན་བྱི་དང་ཀ་དང་། ཀ་རུ་དང་གོ་བྱེ་བཏགས་བའི་ལྡེ་གུ་དང་བསྐོལ་བའི་སྨན་མར་བླུད་དོ། དོད་གའི་རྩ་བ་དག་དང་མར། །ལན
་བརྒྱའི་བར་བསྐོལ་མར་ཡང་རླུང། །སེང་ལྡེང་བསྐོལ་བའི་ཆུ་བསྟེན་ན། །མཛེ་ནད་མྱུར་དུ་སེལ་བར་བྱེད། ཅེས་བྱ་བར།། དོང་གིའི་རྩ་བ་ལྡེ་གུར་བྱས་པ་དང། མར་གཉིས་ལན་དུ་མའི་བར་དུ་བསྐོལ་ལ་བླུད་ལ་།སེང་ལྡེང་བསྐོལ་བའི་ཆུ་འཐུངས་ན་མཛེ་ནང་ཐམས་ཅད་མྱུར་དུ་སེལ
་བར་བྱེད་དེ། །འདི་དག་ཉིད་ཀྱིས་ཅི་རིགས་པར། །སྣུམ་ཆོས་བསྐུ་བ་བྱས་པའང་ཕན། །ཞེས་བྱ་བ་ལ། །བཤད་མ་ཐག་པའི་སྣུམ་དེ་དག་གིས་ཅད་གཉི་ཇི་ལྟ་བ་ལས། ཅི་རིགས་པས་ཆོ་ག་བྱས་པ་དང། བསྐུ་པ་བྱས་ན་ཡང་ཕན་ནོ། །སྣུམ་གྱིས་ཞེན་ལ་མ་དབལ་གྱི། །སྐབས་སུ་བཤད
་པའི་སྦྱར་སྨན་འབྱེད། ཞེས་བྱ་བ་ལ། མཛེ་ནང་གྱིས་ཐེབས་པ་དེ་ལུས་སྣུམ་གྱིས་ཁེབས་པར་བྱས་ནས། མེ་དབལ་གསོ་བའི་ཀ་བསུ་བཤད་པའི་བཀྲུ་སྨན་སྐྱགས་སྨན་བཏང་?་སྤྱད་བར་བྱའོ། །དཔལ་བ་ལག་པ་རྐང་བ་ལས། །འདི་ལ་གང། ག་གདབ་པར་བྱ་ཞེས་བྱ་བ་ལ། ཡང་ནང
་པ་དེ་ལ་ཉམས་སྟོབས་ཀྱི་ཚུལ་ནས་དཔགས་ཏེ་དཔྲལ་བ་ལ་སོགས་པར་གཏང་ག་གང་བཅིང་ཁྲག་དབྱུང་བར་བྱའོ། །མཛ?་ནད་ཚེ་བ་ཞལ་ཞལ་གདག་།ར་སོགས་ཀྱིས་ཀྱང་ཁྲག་འབྱུང་བྱ། །ཞེས་བྱ་བ་ལ། མཛེ་ནང་ཅུང་ཟད་ཀྱིས་གཏབ་པར་ནི་གཅགས་པུས་ཞལ
་ཞལ་གདབ་ཅིང་ཁྲག་དཔྱད་བར་བྱའོ། །ནང?་དམིགས་ཀྱི་ཚུལ་ལས་དཔགས་ཏེ། །གཏར་ག་གདབ་པའི་ལེའུ་ལས་འབྱུང་བའི་ཚུལ་དུ་རྡང་པ་དང་བསྐུབ་ལ་སོགས་པས་ཁྲག་ཕྱུང་བ་ཡང་ཡིན། །མཛ་ནང་འཇོམས་པའི་སྣུམ་གྱིས་ནི། །འདི་ལ་བར་?་ལྟ་བར་བྱ། །ཁྲག་བྱུང
་བཀྲུས་ན་གྱིས་སྦྱར་ཞིང། །ལྟོ་སྟོངས་གྱུར་པའི་མཛེ་ཅན་ལ་།ཅི་ནས་རླུང་གིས་འདི་ཡིས་ནི། །ལུས་ནི་འཇིག་པ་དེ་ལྟར་བྱ། ཞེས་བྱ་བ་ལ། ཡང་མཛེ?་ཅན་དེ་ལ་མཛེ་ནང་འཇོམས་ཤིང་སེལ་བར་བྱེད་པའི་སྣུམ་གོ་བྱ་དང་།ཡུངས་ཀར་གྱི་མར་ལ་སོགས་པས་བར་དུ་ཉམས་བརྟ?
་ཞེས་ཚིམ་བར་བྱས་མ་དེ་ལྔར་བྱུང་བ་དང། བཀྲུ་སྨན་གྱི་སྤྱད་བར་གྱུར་བས་རླུང་ལྡང་བར་བྱེད་པའི་རྒྱུ་ལུས་ལ་གནོད་ཅིང་འཇིག་པར་བྱེད་པར་མི་འགྱུར་རོ། །ནིམཔ་སློ་ཏྲེས་བཤ?་འབྲས་བུ་གསུམ་དང་པོ་ཏོ་ལ། །ཀཎྜ་ཀཱ་རཱི་ཀར་ཉྫ། །ལྡེ་གུ་ཆུ་དང་མར་བསྐོལ་བ། །སྨན་མར?
་རྡོ་རྗེ་ཅན་ཞེས་བྱ། དེས་ནི་མེ་དབལ་ནི་གསེར་རིམས། །ཁྲག་ནད་ལུང་པ་མཛེ་ནང་འཇོམས་ཞེས་བྱ་བ་ལ། ཅིམཔ་ལ་སོགས་པའི་སྨན་ལྔ་གུང་བྱས་པ་བསྐོལ་པའི་སྨན་མར་དེ་ནི་སློབ་དཔོན་གྱིས་རྡོ་རྗེ་ཅན་ཞེས་བཤད་དོ། །དེ་བླུད་པ་ན་མེ་དཔལ་ལ་སོགས་པའི་ནང
་སེལ་བར་བྱེད་དོ། །འབྲས་བུ་གསུམ་དང་ཚ་བ་གསུམ། །དུར་བྱེད་ཀཎྜ་ཀཱ་རཱི་གཉིས། །དན་དོ་དག་བུ་ཙ་ཤེལ། །ཤུ་དག་བོར་ད་ཙི་ཏྲཀ། བ་ཐར་བཅས་པ་ཞོ་གཉིས་གཉིས། །སྣུ་ཧའི་འོ་མ་སྲང་གཅིག་དང། །བྲེག་མར་བསྐུལ་ལྟོས་བའི། །སྣུམ་བཅོས་བཀྲུ་སྨན་དག་ཏུ་སྦྱར། །མཛེ
་དང་ཤ་གྲ་མཆེར་བ་དང། རྒྱུ་བླུགས་རྡེའུ་འགགས་སྐྲོན་འཇོམས་བྱེད། །འདི་ནི་རྡོ་རྗེ་ཆེན་པོ་བཤད། ཅེས་བྱ་བ་ལ་འབྲས་བུ་གསུམ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ཀྱིས་ཚར་དུ་བྱས་པ། སྣུ་ཏེ་ཞེས་བྱ་བ་སུ་ངོ་?་འོ་མ་སར་པ་སྲང་གཅིག་དང
་བཏགས་ཏེ་ལྡེ་གུད་བྱས་ཏེ། །ལྡེ་གུ་དེ་དང་མར་བྲེ་བར་བསྐོལ་བའི་སྨན་མར་དེ་ནི་ལྟོ་སྲ་བདག་ལ་སྣུམ་ཆོས་བྱ་ཞིང་བཏང་བ་དང་བཀྲུ་སྨན་གཉིས་ཀ་ཅི་རིགས་པར་སྦྱར་ཞིང་བཏང་བར་བྱ་སྟེ་དེས་མཛེ?་ནང་ལ་སོགས་པའི་ནད་ཤིན་ཏུ་གསོ་དཀའ་བ?་དག་ཀྱང་སེལ་བར་བྱེད་དོ། །སྨན
་མར་ད་ནི་?་ཛེ་ཆེན་པོར་ཞེས་བྱ་བའོ། །ཀཎྜ་ཀཱ་རཱི་གཉིས་ནི་ཀཎྜ་ཀཱརི་དང། པྲི་ཧ་ཏཱིའོ། །དན་དབྱེ་བཞི་ཆུ་བྲ?་ནི། །བཅུ་དྲུག་བསྐོལ་བ་དམར་བསྐོལ། །ཀོ?་ཤ་ཏི་ཀ་སད་གཅིག་བཏབ་།དེ་བླུད་སྟེང་འོག་སྦྱོར་བྱེད་ཡིན། །ཞེས་བྱ་བ་ལ། དནད་བྲེ་བཞི་ཆུ་བྲེ་བཅུ་དྲུག་མ་དུ་བསྐོལ་བ
་དའི་བརྒྱད་ཆ་ལུས་བར་མར་བྲེ་གང་བསྐོལ་བ་མར་དང་ཀོ་ཤ་ཏ་ཀི་སྲང་གཅིག་ལྡེ་གུར་བྱས་ཏེ་བསྲེས་ལ་དེ་ལས་ཅི་རིགས་བར་བླུད་ན་སྟེང་དང་འོག་ཏུ་སྦྱང་ཞིང་སློན་པ་དང་ཁྲུས་བྱས་པས་དག་པར་བྱེད་པ་ཡིན་ནོ། ། པར་ཏ་ཀ་སྲང་བརྒྱད་ཆུ། ཁྲེ་བཅུ་དྲུག་བསྐོལ་བརྒྱད་ཆ་ལུས།། ལ
་བདེར་ཅིང་ཡི་རྩབ་མང་ནི་བྲེ་གང་བསྐོལ་བྱར་བྱ། །བླུད་ལ་དེའི་ཞག་གཅིག་གིས། །བར་དུ་མཆོད་ལེགས་ཞུ་ནས། །ཁྲེ་རྒོད་དང་སྐྱུར་མར་བསྐོལ་བླུད། །མཛེ་ནད་ཤ་བཀྲ་འབྲས་ཀྱི་ཕེབ། །སེལ་ཅིང་བུ་དས་དྲན་འཛིན་འགྱུར་ཞེས་བྱ་བ་ལ། ཨ་པར་ཏཀ་ནི་?་ཏེ་འུ་སླེང་གཙིར་མར་དག་??
་ནི་ཞེས་བྱ་བ་མེ་ཏོག་དམར་པོ་ཅན་སག་ཏི་འཚེད་པ་ཞིག་ཡོད་པ་ལ་བྱའོ། །ལ་ལ་ནི་སཔཏལ?་ལ་ཨར་པ་ཏ་ཀ་ཞེས་བྱ་བའོ་ཞེས་ཟེར་རོ། །དེ་སྲང་བརྒྱ་ཆུ་བྲ་བཅུ་དྲུག་གི་ནང་དུ་བསྐོལ་བ་དེ་ལས་ཆུ་བྲེ་དོ་ལུས་པ་དང་ཁུ་བ་དེའི་ནང་དུ་ཨར་ག་ཏ་ཀ་དེའི་རྩ་བ་ལྡེ་གུ་བྱས་པ་དང།། མར་བྲེ
་གང་བསྐོལ་བ་མེད་དེས་ཞག་གཅིག་གིས་བར་དུ་ཆོད་པའི་ཚུལ་གྱིས་བླུད་ལ་དེ་ལོགས་པར་ཞུ་བར་གྱུར་བ་དང། ཁྲེ་རྒོད་དམ་ཅི་ཚེའི་ཆན་དང་དང་སྐྱུར་ཀནཇི?་ཞེས་བྱ་བ་བསྐོལ་བ་བླུད་ན་མཛེ་ནང་ལ་སོགས་པ་སེལ་ཅིང་འཇོམས་པར་བྱེད་པ་དང་དེ་བཞིན་དུ་བུ་ཚེ་མང་དུ་འཕེལ་བ
་དང་དྲན་པ་འཛིན་ཅིང་མི་བརྗེད་པར་འགྱུར་རོ། །ལི་ལི་ཏ་ཀའི་ཚིལ་སྦྲང་རྩི། །ཛཱ་ཏིའི་ཁུ་བ་མར་བཅས་པ་འམ། །སེང་ལྡང་ཨས་ནའི་ཆུང་བཅས། །དབང་པོ་བསྡམས་བརྟན་མཛེ་ནྔ་འཇོམས། །ཞེས་བྱ་བ་ལ། དབང་པོ་བསྡམས་ཤིང་ཡུལ་ཐུབ་པ་དང་ནི་ལ་ཀའི་ཆིལ་སྤྲང་རྩི་དང
་མེ་ཏོག་ཛ་ཏིའི་ཁུབ་དང་བཅས་པ་ཟོས་ན་མཛེ་ནང་འཇོམས་པར་འགྱུར་རོ། །ཡང་ན་ནི་ལི་ཏ་ཀའི་ཚིལ་མར་དང་ཆ་བསྙམས་པ་ཟོས་ན་ཡང་མཛེ་ནང་འཇོམས་པར་འགྱུར་རོ། །ཡང་ན་ནི་ལི་ཏ་ཀའི་ཆིལ་དང་སེང་ལྡེང་དང་ཨས་ན་བསྐོལ་བའི་ཆུ་དང་བཅས་པ་བླུད་ན་ཡང་མཛེ་ནང
་འཇོམས་པར་འགྱུར་རོ། །ས་ལུ་ནས་དང་གྲོ་དང་ནི། །ཅི་ཚེ་ཁྲེལ་དང་མུངྒ་དང། །སྲན་ཆུང་དང་ནི་ཏུ་ཀ་རའི། །ཚོད་མ་ཁ་བོའི་སྐམ་སའི་ཤ་།འབྲས་བུ་གསུམ་དང་པོ་ཏ་ལ། །སེང་ལྡང་ནིམཔ་གོ་བྱེ་སྦྱར། །ཆང་ནི་སྨན་དང་སྦྱར་བ་དང། །དར་བ་སོ་མར་ཛར་བཅས། །བཟའ་དང་བཏུང་བ
་མཛེ་ལ་ཕན། །སྐྱུར?་ཚ་ལན་ཚ་ཅན་རྣམས་གནོད། །ཅེས་བྱ་བ་ལ། ས་ལུ་ཡིས་ནི་ས་ལུ་རྩ་སྣར་ལ་སོགས་བ་སྟེ། ད་དང་ནས་དང་སྐམ?་སའི་ཤའི་བར་གྱི་ཁ་ཟས་འབྲས་བུ་ལ་སོགས་པ་དང་སྦྱར་བ་བཟའ་པར་བྱ་བ་དང། དེ་བཞིན་དུ་བཏུང་བར་ནི་ཆབ་ཀྱི་ནང་དུ་སྨན
་བཅུག་པ་ལ་སོགས་པ་བླུད་ན་ཕན་ནོ། །སྐུར་བ་དང་ཚ་བ་དང་ལྡན་པའོ་བཟའ་བ་དང། བཏུང་བ་ནི་དེ་གནོད་པ་ཡིན་པར་ཤེས་པར་བྱའོ། །ཞོ་དང་འོ་མ་རླན་ཅན་?་།བུ་རམ་མ་ཤ་ཏིལ་བ་སྤང། །ཞེས་བྱ་བ་ལ། ཞེ་ལ་སོགས་པ་ནི་མཛེ་ཅན་གྱི
་ཤིན་ཏུ་ཡང་སྤང་བར་བྱའོ། །པ་དོ་ལའི་རྩ་འབྲས་བུ་གསུམ། །པ་ཤལ་ནི་རེ་རེ་ནི། །ཆ་གསུམ་གྱིས་དབྲི་ཞོ་ཕྱེད་གསུམ། །ཁྱི་ལྕེ་བ་དང་བུ་ཅོ་ཤེལ། །ཞོ་བྱེད་དོང་གྲ་བཞི་ཆར་བཅས། །ཇི་ལྟར་སྲང་གཅིག་བརྡུངས་པ་དག་།བསྐོལ་བའི་ཆུ་ནིའུ?་?
་ནང་ཀྱིས་ཚོགས་ནི་སྦྱོང་བར་བྱེད། །སྨན་དེ་ཞུ་ནས་སྐམས་ཡིན། །རི་དགས་བྱར་ཡི་བ་ཤ་ཁུ་དག་།འབྲས་རྙིད་ཆང་དང?་སྦྱར་བ་?། །སྦྱོར་འདི་ཞག་དྲུག་བསྟེན་ན་ནི། །མཛེ་ནད་ཀུན་དང་སླངས་པའི་ནང། །འཕོ་བའི་ནད་དེ་དག་གཅིན་སྤྱི་དང། །གཟུས་འཁུམས་གསོ་དཀའ་ཨི་ནད
་རྣམས་དང། །སྙིང་ནད་ཆུ་སོར་གཟེར་རིམས་སེལ། །ཞེས་བྱ་བ་ལ། པ་ཏོ་ལའི་རྩ་བ་ལ་སོགས་པའི་སྨན་སྣ་ར?་ཞོང་སུམ་ཆ་སུམ་ཆ་དབྲི་བའི་ཞོ་བྱེད་སུན་ཆ། དེས་ན་སྨན་ལྔ་བོར་དག་སྣ་རེ་ཞིང་ཆ་གསུམ་པས་ཕྱི་བའི་ཞོ་ཕྱེད་དང་གཉིས་ཏེ། དེ་ལ་ངན་ན་དྲུག་ལ་ཞོ་ཕྱེད
་ཡོད་གས་དེ་ལ་བཏོལ་ཞོ་ཕྱེད་དང་གཉིས་།དེ་ལས་ཞོ་ཕྱེད་ཀྱི་སུམ་ཆད་ན་གཉིས་ཀྱིས་དབྲི། དེས་ན་པ་ཏོ་ལ་ད་ན་བཅོ་བརྒྱད་ལས་བཅུ་དྲུག་བྱ། །དེ་བཞིན་དུ་ཨ་རུ་ར་དང་སྐྱུང་རུ་ར་དང་བ་རུ་ར་བ་ཤ་ལ་ཡང་ད་ན་གཉིས་གཉིས་ཕྱི་ཏེ་།ད་ན་བཅུ་དྲུག་བཅུ་དྲུག་བྱ། །དེ་ལྟར་བཅུ
་དྲུག་ཕྲག་ལྔ་པ་དན་བརྒྱད་ཅུ་ཡོད་ལ། །བྱི་ལྕེ་བ་དང་པུ་ཅོ་ཤོལ་གཉིས་ཆ་གཅི་གིས་བསྐྱེད་པ་དང་དོང་གྲ་བཞི་ཆ་དང་བཅས་བ་དེ་ལྟར་སྦྱར་ན་ཁྱི་ལྕེ་བཞོ་ཕྱེད་དེ། ད་ན་དྲུག་བུ་ཙ་ཤེལ་ཡང་ཞོ་ཕྱེད་དེ། །དན་དྲུག་དོང་གྲ་བཞི་ཆེ་སྟེད་ན་བཞི་སྟེ་སྦྱིར་དོན་དགུ་བཅུ་རྩ་དྲུག་ལ
་སྦྱང་སྲང་དྲུག་ཡོད་དེ། སྨན་གཅིག་པ་དེ་བརྡུང་ལ་ཕྱེ་མར་བྱས་ཏེ་བསྐོལ་བའི་ཆུ་འཐུངས་ན་ནང་ཀྱི་ཚོགས་བྱོད་ཞིང་དག་པར་བྱེད་ལ་སྨན་དེ་ཞུ་ནས་སྦམ་སའི་རི་དགས་དང་བྱའི་ཤ་ཁུ་དང་འབྲས་སྙིང་པའི་ཆང་ཟོས་ཤིང་སྤྱད་ལ་སྦྱོར་བ་འདི་ཞག་དྲུག་བར་དུ་བསྟེན་ཅིང་ལོངས་སྤྱད
་བར་གྱུར་ན་མཛེ་ནང་ལ་སོགས་བ་སེལ་བར་འགྱུར་རོ། །དེ་བཞིན་དུ་རྟག་པའི་རིམས་ལ་སོགས་པའི་རིམས་ཐམས་ཅད་ཀྱང་སེལ་བར་འགྱུར་རོ། །བྱེ་དང་གཡི?་སྙིང་པོ་དང། ། རུ་རང་བསྐྱུ་རུ་ར། །སྲང་རེ་དན་ད་སྲད་གསུམ་དང། །བུ་རམ་སྲད་ན་བཅུ་གཉིས་དག་རིལ་བུར་བྱས་འདི་བྱིན་གྱུར་ན
་མཛེ་དང་ཤ་བཀྲ་དབུགས་མི་བདེ། །ལུང་བད་མུ་རྫིང་གཞང་འབྲུམ་དང། གཅིན་ནད་མཆེར་པ་སྨིན་བུའི་ནད། །ཐོང་བུ་སྲིན་ནད་སྐྲན་རྣམས་འཇོམས། །གྲུབ་པའི་སྦྱོར་འདི་གནོད་སྦྱིན་ནོ། །ནོར་བུ་བཟང་བོ་དགེ་སློང་ནི?། །སྲེག?་འདོར་ཉིད་ལ་བཤད་ཅེས་བྲག་ཞེས་བྱ་བ་ལ།། ཕྱི་དང་གལ་སྙིང?་པོ་ལ་སོཌ
་པ་སྦྱིར་སྲ་རེ་རེ་སྲང་གསུམ། །ངན་ད་གཅིག་པུ་སྲང་གསུམ། །བུ་རམ་སྲང་བཅུ་གཉིས་ཏེ། །དེ་དག་སྤྱིར་རིལ་བུ་བྱས་བ་དབང་པོ་ཐུལ་ཞིང་བསྡམས་པའི་ནད་ལ་བྱིན་ན། །མཛེ་ནང་ལ་སོགས་པ་སེལ་བར་བྱེད་དོ། །སྦྱིར་བ་འདི་ནི་རབ་ཏུ་གྲུབ་པར་གྲགས་བ་ཡིན་ཏེ། གནོད་སྦྱིན་ནོར་བུ་བཟང་ངོས
་དགེ་སློང་ཞིག་སྲོག་འདོར་དུ་ཉེ་བའི་ཚེ་སྦྱོར་བ་འདི་བཤད་ཅིང་བསྟན་ཏོ། །ཞེས་གྲགས་ཏེ། གྲག་ཅེས་བྱ་བ་ནི་དེ་སྐད་ཟེར་རོ། །ཞེས་ལུང་འབྱུང་བསྟོན་པ་ཡིན་ནོ། །ཐོར་བུ་ནི་ཚིགས་དག་ཏུ་རྩེ་བ་ཆེར་ལ་ཆོས་པའི་འབྲད་ནད་ལ་བྱའོ། །ཏིཀྟ་ནིམཔ?་འབྲས་བུ་གསུམ།། ཤུག་པ་པོ་དང་པི་པི་ལིང
་མུང་པ་དང་ནི་པ་ཏོ་ལ?། །སེར་བ་རྣམ་གཉིས་བུ་ཙ་ཤེལ། །ཤུ་དག་ཨིནྡྲ་པ་རུ་ནི། །དུག་མོ་ཉུང་བཅས་ཆ་བསྙམས་པ། །དན་དི་དུང་བྱེད་བྲམ་ཤ་མི། །ཕྱེ་མ་བཞིན་དུ་ཉེས་འགྱུར་བྱས། །ཕྱེ་མ་སྦྲང་རྩི་མར་བཅས་ཟོས། །མཛེ་དང་ཟག་ཏུ་ཚིར་བ་ཆུང། །སེལ་བའི་སྨན་གྱི་མཚོ་བ་ཡིན་ནོ།།
་ཞེས་བྱ་བ་ལ། ཏིཀྟ་ལ་སོགས་པའི་སྨན་ཆ་མཉམ་བར་བྱས་ལ། དན་དེ་དང་དུར་བྱེད་དང་བྲམ་ཤ་མི་ཞེས་བྱ་བ་ཕྱི་མ་བཞིན་ཉིས་འགྱུར་དུ་བྱས་ཏེ། དེས་ན་གལ་ཏེ་ཏིཀྟ་ཞོ་གཅིག་བྱེད་ནད་ནང་ཞོ་གཉིས་དུ་?་ཤིམ་ཞོ་བརྒྱད་དང་སྦྱར་རོ། །སྨིན་དེ་དག་བྱེ་མང་ཞིག་ཏུ
་བཏགས་པ་སྔ?་ཅི?་དང་སྦྱར་བརྟག་ཏུ་མཛེ་ནད་ལ་ཕན་ནོ། །འབྲས་བུ་གསུམ་དང་པི་པི་ལིང། །བྱི་དང་གདང་སྦྲང་རྩི་ནི། །ཏིལ་མར་མར་སྦྱར་ལྡེ་གུ་འམ་ཞེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་ལྔ་གུ་སྦྱར་བཟོས་ན་ཡང་མཛེ་ནད་ལ་ཕན་ནོ། །ཀ་ཀ་ཨུ་དུམྦ་ར་དང། །ནིམྦ
་?་བྱ་དང་ག་།ཚ་གསུམ་གྱི་ལྡེ་གུ་ནི། དུག་མོ་ཏུང་གི་ཁུ་བར་བཅས་།བླུད་ན་པགས་ནང་ཐམས་ཅད་འཇོམས། །ཞེས་བྱ་བ་ལ། ཀ་ཀོ་ཨུ་དུམ་བ་ར་ལ་སོགས་བའི་ལྡེ་གུ་དུག་མོ་ཉུང་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུད་ན་མཛེ་ནད་དུ་གཏོགས་པའི་སྐྱོན་ཐམས་ཅད་སེལ་བར་བྱེད་དེ། །??
་ཨུ་དུམྦ་ར་ནི་ཕལ་གུ་སྟེ། ཕྱེ་དུ་ཞེས་བྱའོ། །དུག་མོ་ཉུང་དང་ཙི་ཏྲ་ཀ་།ནིམྦ་ཐང་ཤིང་སེང་ལྡེང་དང་།ལོ་མ་བདུན་པ་ཨ་ས་ན། །ཁུ་བ་བསྐལ་མར་དང་ཨ་རུ་ར། །སྦྲང་རྩི་ལྡན་ཟོས་མཛེ་ནད་འཇོམས་ཞེས་བྱ་བ་ལ། དུག་མོ་ཉུང་ལ་སོགས་པའི
་སྨན་བསྐོལ་བའི་ཁུ་བའི་ནང་དུ་ཨ་རུ་ར་དང་སྦྲང་རྩི་དང་མར་བཏབ་སྟེ། ཟོས་ན་མཛེ་ནང་ཐམས་ཅད་སེལ་བར་འགྱུར་རོ། །སེང་ལྡེང་ནིམཔ་སླེ་ཏྲེས་དང། པ་ཏོ་ལ་དང་བྱི་ཚེར་བསྐོལ། །སེང་ལྡེང་ལ་སོགས་ལྔ་པ་སྟེ། །ཁྱབ་འཇུག་གིས་ནི་ལྷ་མིན་བཞིན། །མཛེ་ནང་འཕྲལ་དུ་འཇོམS
་པར་བྱེད། །ཅེས་བྱ་བ་ལ། སེང་ལྡེང་ནས་བྱི་ཚེར་བའི་སྨན་ལྟ་པོ་བསྐོལ་བའི་ཁུ་བ་ནི་སེང་ལྡེང་ལྔ་བ་ཞེས་བྱ་སྟེ། དེས་ནི་མཛེ་ནད་ཀྱི་རྣམ་བ་འཕྲལ་དུ་འཇོམས་ཤིང་སེལ་བར་བྱེད་དོ། །དཔེར་ན་ལྷ་ཆེན་པོ་ཁྱབ་འཇུག་གིས་ལྷ་མ་ཡིན་རྨེག་མེད་པར་བྱེད་པ་དང་འདྲའོ། །
་སྐྱེར་པ་ནིམཔ་སེང་ལྡེང་གི། ཤུན་ལྤགས་བསྐོལ་བས་མཛེ་ནང་སེལ་ཞེས་བྱ་བ་ལ། སྐྱེར་བ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་བས་ཀྱང་མཛེ་ནང་སེལ་བར་བྱེད་དོ། །སྐྱེར་པ་ནིམཔ་འབྲས་བུ་གསུམ། །པ་ཏོ་ལའི་རྩ་བུ་ཅེ་ཤེལ།། ཤུ་དག་བཅོང་ནི་བསྐོལ་བ་ཡིS།།
་དམ་ཆོས་ལ་བརྟེན་འཁོར་བ་ལྟར། །ཁྲག་མཁྲིས་ལས་གྱུར་མཛེ་ནང་བཅོད། །སྨན་འདི་ཉིད་དང་བ་ཡི་མར། །བསྐོལ་བས་རླུང་གྱུར་མཛེ་ནད་རྣམས། །མཆོག་ཏུ་སེལ་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བླུད་ན
་ཡང་ཁྲག་དང་མཁྲིས་བ་ལས་གྱུར་པིར་མཛེ་ནང་སེལ་པར་བྱེད་དོ། །དཔེར་ན་དམ་པའི་ཆོས་ལེགས་པར་བསྟེན་ཅིང་བསྒོམས་པས་འཁོར་བའི་འཆིང་བ་བཅོད་པ་དང་འདྲའོ། །ཡང་སྐྱེད་པ་ལ་སོགས་པའི་སྨན་འདི་དག་ཉིད་དང་བའི་མར་བསྐོལ་བའི་སྨན་མར་བླུད་ན
་རླུང་ལས་གྱུར་པའི་མཛེ་ནང་སེལ་བར་འགྱུར་རོ། །སེང་ལྡེང་ནི་མ་སྐྱེར་པ་དང། །སླེ་ཏྲེས་ཐང་ཤིང་སྣ་རེང་བསྐོལ། །ཞེས་བྱ་པ་ལ་།དེ་བཞིན་དུ་སེང་ལྡེང་ལ་སོགས་པའི་སྨན་སྣ་རེ་རེ་བསྐོལ་བའི་ཁུ་བ་འམ་སྨན་དེ་དག་མར་དུ་བསྐོལ་བ་བླུད་ན་ན་ཡང་མཛེ་ནང?་ལ་ཕན་ནོ?
་?་བསྐྱེར?་པ་ཙིཏྲ། །དནད་དུག་ཉུང་དུ་ཙ་ཤེལ། ཁ་གཅིན་ཡང་ན་ཆུ་དྲོན་བཅས། །ཟླ་བ་གཅིག་བླུད་མཛེ་ནང་དང། །གཞང་འབྲུམ་ཟ་ཁུ་སྐྲན་ནང་དང། །སྐྱ་རྦབ་མ་ཞུ་སྲིན་ནད་འཇོམས། །ཞེས་བྱ་བ་ལ། པ་ཏ་ལ་སོགས་པའི་སྨན་གྱི་ལྡེ་གུ་བ་གཅིན་དང་སྦྱར་བའམ། ཆུ་དྲོན
་དང་སྦྱར་བ་སྟེ་ཟླ་བ་གཅིག་གི་བར་དུ་བླུད་ན་མཛེའི་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །རྒྱ་སྐྱགས་ངན་དའི་འབྲས་བུ་གསུམ། །མུར་པ་བཏ་ཙི་ཏྲ་ཀ། ། པ་མདག་བྱི་དང་ག་།ལོ་མ་བདུན་པ་ཚ་བ་གསུམ། །གཅོད་དང་སྐྱེད་པ་ཤ་ཀ། ནིམཔ་ཐད
་ཤིང་རྩ་བ་ལྔ། །གཉིས་པོ་ཕྱེ་མ་བ་གཅིན་སྦྱར། །ཟླ་བ་གཅིག་འཐུངས་ཕན་ཟས་བཟའ་། །མཛེ་ཡི་ནང་ཀུན་འཇོམས་པར་བྱེད། །ཅེས་བྱ་བ་ལ། །རྒྱ་སྐྱེགས་ལ་སོགས་པ་ནས་རྩ་བ་ཆེན་པ་ལྔ་དང། ཆུང་ངུ་ལྔ། གཉིས་བོའི་བར་ཕྱེ་མར་བྱས་བ་དང་བ་གཅིན་དུ་སྦྱར་ཏེ
་ཟླ་བ་གཅིག་གི་བར་དུ་བླུད་ཅིང་ཕན་ཟ་ཧིང་འཕྲོད་བའི་ཟས་ཟོས་ན་མཛའ་ནད་ཐམས་ཅད་སེལ་བར་བྱེད་དོ། །མུར་བ་ནི་མ་དུར་སའོ། །སྐྱེར་པ་པི་པི་ལིང་དོང་གྲོ། བྱི་དང་ག་དང་དོར་བ་རི། །ཙིཏྲ་ཀ་དང་ཏ་སྱ་རྣམས། །གོ་རིམས་བཞིན་དུ་ཆ་རེས་བསྐྱེད། ཁ་གཅིན་སྦྱར་བོའམ་རིལ་བུ་ནི། །
་ཕྱིན་ན་མི་ཟད་མཛེ་ཡང་འཇོམས། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས་པ་གོ་རིམ་བཞིན་དུ་ཆ་ངེས་བསྐྱེད་པའི་ཕྱེ་མ་བ་གཅན་དང་སྦྱར་ཏེ་བླུད་པ་འམ། ཡང་ན་བསྐོལ་ཏེ་རིལ་བུར་བྱས་བ་བྱིན་ན་མཛེ་ནད་གསོ་དཀའ་ཞིང་མི་ཟད་བ་ཡང་འཇོམས་ཤིང་སེལ་བར་བྱའོ། །ཚ་བ་གསུམ་དང་འབྲས
་བུ་གསུམ། །ཏིལ་དང་གོ་བྱའི་ཕྱེ་མ་ནི་མང་དང་སྦྲང་རྩི་ཁ་དང་སྦྱར། །རིལ་བུར་བྱས་པ་ཚ་བདུན་པས། །མཛ་ཡི་ནང་རྣམས་འཇོམས་བྱེད་ཅིང། །བཅུད་ཀྱི་ལེན་དང་རོ་རྩིར་འགྱུར། །ཞེས་བྱ་བ་ལ། ཚ་བ་གསུམ་ཆ་གཅིག་།འབྲས་བུ་སུམ་ཆ་གཉིས་གཏིལ་གསུམ་པ། གོ་བྱེ་བཞིས?།
་མར་ལྔ་པ། །སྦྲང་རྩི་དྲུག་པ། །བ་ར་བདུན་པ་སྟེ། དེ་ལྟ་བུའི་ཆ་བདུན་བོ་མཉམ་པར་བྱས་པའི་སྨན་འདི་ནི་འཛའི་ནད་ཐམས་ཅད་འཇོམས་པར་བྱེད་ཅིང་བཅུད་ཀྱི་ལེན་དུ་འགྱུར་ཞིང་རོ་ཙ་བ་དང་སྟོབས་སྐྱེད་བར་འགྱུར་བ་ཡིན་ནོ། །སོ་མ་ར་ཛ་ཙི་ཏྲ་ཀ། སྐྱེད་པ་ཏུ་བའི་འདུས་པS།
་གོ་བྱེའི་སིན་སྨན་འབྲས་ལུ་གསུམ་སྟེན་ན་མཛེ་ནད་མ་ལུས་འཇོམས། །ཞེས་བྱ་བ་ལ། སོ་མར་ཛ་ལ་སོགས་པའི་སྨན་བུ་རམ་དང་རིལ་བུར་བྱས་པ་བསྟེན་ཅིང་ཟོས་ན་མཛེ་ནད་ལ་ལུས་པར་འཇོམས་ཤིང་སེལ་བར་བྱེད་དོ། །སོ་མར་ཛ་བྱི་དང་ག།
་གོ་བྱེ་ཙི་ཏྲ་པ་ར་ཧི། ། རུ་ར་དང་ལང་གི་ལི། །ཏིལ་ནག་པ་དང་པོ་པི་ལང། །བུ་རམ་དང་ནི་རིལ་བུར་བྱས། །མཛེ་ཡི་ནང་རྣམས་འཇོམས་པར་བྱེད། ཅེས་བྱ་བ་ལ། སོ་མ་ར་ཛ་ལ་སོགས་པའི་ཕྱེ་མ་གཅིག་ཏུ་བསྡུས་ཏེ་བུ་རམ་དང་རིལ་བུར་བྱས་པ་གང་ཡིན་པ་དག་གིས
་ཀྱང་མཛེའི་ནང་རྣམས་འཇོམས་བར་བྱེད་དོ། །འདིས་སོ་མར་ཛ་ལ་སོགས་པའི་ཕྱེ་མ་སྙེད་ཡོད་པའི་བུ་རམ་ཉིས་འགྱུར་དང་རིལ་བུར་བྱས་ཏེ། དེ་ཡང་ཚད་ནི་རྣམ་པར་མ་བཤད་པར། །ཕྱེ་མ་བུ་རམ་ནིས་འགྱུར་གཞུག་།ཅེས་སྨྲས་པ་ཡིན་ནོ། །ལང་གལ་ནི་སི་ཤ
་ལའོ། །སོ་མ་ར་ཛ་པི་པི་ལིང། །དེ་ཡིས་རྩ་བ་བྱི་དང་བའི། །སྙིང་པོ་ལྕགས་རྒྱུག་སྐྱུར་རུ་རོ། །ཏིལ་མར་ལྡེ་གུས་མཇོ་ནང་འཇོམས། །ཞེས་བྱ་བ་ལ། སོ་མར་ཛ་ལ་སོགS་པ་ཏིལ་མར་བ་བུ་རམ་རིལ་བུར་བྱས་བ་བྱིན་ན་ཡང་ཕན་ནོ། ། རུ་ར་དང་གོ་བྱེ་ཏིལ། །བུ་རམ
་རི་ལུས་མཛེ་ནད་འཇོམས། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་སོགས་པའི་རེ་ལུ་བྱིན་ན་ཡང་མཛེ་ནད་ལ་ཕན་ནོ། །སོ་མ་ད?་ཛ་བྱི་དང་ག་།བུ་རམ་རིལ་བུར་བྱས་བའང་ཕན། །སེང་ལྡེང་བྲག་ཞུམ་བྱི་དང་ག་།སྒྲང་རྩི་མར་དང་ལྡན་ཟ་ཞིང། །ཕན་དང་རན་པར་ཟོས་ན་ནི། །འབྲུཾ
་ཕྲན་ཤ་བཀྲ་ཤུ་པ་འཇོམས། །ཞེས་བྱ་བ་ལ། སེང་ལྡེང་གི་ཕྱེ་མ་དང་བྲག་ཞུན་དང་བྱ་དང་ག་མར་དང་སྦྲང་རྩི་དེང་སྦྱར་བ་བ་ཞིང་མཛེ་ལ་ཕན་པའི་ཁ་ཟས་འབྲུམ་ཕྲན་ལ་སོགས་པ་འཇོམས་པར་བྱེད་པ་ཟོས་ན་ཡང་མཛེ་ནད་ལ་ཕ་ནོ། །ཁ་ར་ལྕགས་ཕྱེ་བྱི་དང་ག
་ཙིཏྲ་ཀ་དང་སྒྱུར་རུ་ར། །པི་པི་ལིང་གི་ལྡེ་གུ་ཡིས། །མཛེ་ནད་ཤིན་ཏུ་གསོ་དཀའ་འཇོམས། །ཞེས་བྱ་བ་ལ། །བ་ད་ལ་སོགས་པའི་?་གྱི་ལྡེ་གུ་བྱིན་ན་ཡང་ཤིན་ཏུ་གསོ་དཀའ་ཞིང་ལྕི་བའི་མཚན་ཉིད་འཇོམས་སོ། །གླ་སྒང་ཚ་གསུམ་འབྲས་བུ་གསུམ།།
་རྩ་བ་ལྔ་ཉིད་ཐང་ཤིང་བཙོང། །ནིམཔ་ཤིང་ཚ་ལོ་མ་བདུན།། ཤིང་ཚེ་ཙི་ཏྲ་ཀ་དང་ནི། །མུར་བའི་ཤ་ལའི་ཕྱེ་མ། །ནས་ཕྱེ་དགུ་ཆ་སྦྲང་རྩི་ནི། །ཆ་གཅིག་སྦྱར་བ་འདི་རྟག་ཏུ། །འཐུངས་ན་མཛེ་ནད་འཇོམས་བྱེད་ཅིང། །འོར་ནད་སྐྱ་རྦད་ཤ་བཀྲར་བཅས། །ཕོ་ནན་གཞང་འབྲུམ་ཆུ་དྲུག་བ
་དག། མཚན་བར་རྡོལ་དང་འབྲུམ་ཕྲན་དང། །གཡན་པ་ཤུ་བ་ནད་རྣམས་འཇོམས། །ཞེས་བྱ་བ་ལ། གླི་སྒང་ལ་སོགས་པའི་སྨན་ཕྱེ་མར་བརྟགས་པ་ནས་ཕྱེ་དབུ་ཆ་དང། སྦྲང་རྩི་ཆ་གཅིག་ཏུ་སྦྱར་ཏེ། སྐྱོ་མར་བཅས་པ་འཐུངས་ན་མཛེ་ནད་འཇོམས་པར་བྱེད་བ་ཡིན་ནོ། །ཏུ་བ་ཨི?
་རུས་པ་འམ། གོ་བྱེས་མར་ཛ་དང། །ཚི་ཏ་ཀ་དང་བྲག་ཞུན་རྣམས། །བཅུད་ལེན་ཆོ་ག་ལྟར་བསྟེན་ཕན། ཞེས་བྱ་བ་ལ། ཏུ་བ་རའི་ནད་གི་རུས་བ་བཅུད་ཀྱི་ལེན་གྱིས་ཆོ་ག་ལས་བཤད་བའི་ཚུལ་བསྟན་ན་ཡང་ཕན་ནོ། །དེ་བཞིན་དུ་གོ་བྱེད་དང། སོ་མ་ར་ཛ་དང། ཙི་ཏྲ་ཀ་དང།
་བྲག་ཞུན་རྣམས་རེ་རེ་ཞིང་བཅུད་ཀྱི་ལེན་གྱི་ཆོ་ག་ལྟར་བསྟེན་ན་ཡང་མཛེའི་ནད་ལ་ཕན་ནོ། །དེ་ལྟར་ནད་བསལ་ནད་གི་ནི། །ནད་སྤྱངས་ནས་ནི་ཕྱི་རོལ་གྱི། །པགས་བར་གནས་ལ་སྨན་བྱུགས་ཕམ། །ནད་ཀྱི་དྲི་མ་མ་དག་ལ། །སྨན་རྣོན་བྱུགས་ན་མཛེ་ནད་ནི། །གློངས་པས་བླང་ནི
་འཕེལ་པར་འགྱུར། །ཞེས་བྱ་བ་ལ། ཚུལ་དེ་ལྟར་མཛེའི་ནད་ནང་།དུ་སྤྱངས་ཤིང་བསལ་ནས་པགས་པར་གནས་པའི་ནད་ལ་ནི་སྨན་གྱིས་ཕྱི་རོལ་ནས་བསྐུ་བ་ལ་སོགས་པ་ཕན་ཏེ། གང་གི་ཕྱིར་དྲི་མ་ཅན་གྱི་ལུས་མ་དག་པར་གྱུར་པ་ལ་སྨན་རྣོན་པོས་བྱུགས་ཤིང་བསྐུས་ན
་ནད་དེ་གློངས་བས་སླར་ཞིང་འཕེལ་བར་འགྱུར་བས་ན་དང་པོར་ནང་གིས་སྦྱངས་ནས་གཟོད་བསྐུ་བར་བྱའོ། །གཏིང་ཟུག་སྲ་ཞིང་ཀོང་ཀོར་བོའི། །མཛེ་ལ་དུགས་བྱ་རྙིང་བ་དང། འབུལ་བར་གྱུར་ནས་མཚོན་གྱིས་ནི། །ཞལ་ཞལ་གབ་ཅིང་བྱུག་པར་བྱ། ཞེས་བྱ་བ་ལ། མཛའ་ཨི་ནང
་གཏེར་ཟུག་ཅི་བཞིན་བ་དང། སྲ་ཞིང་མཁྲད་པ་དང། ཟླུམ་པོ་ཀོར་ཀོར་བོ་འམ། ཏིལ་ཏིལ་དུ་ཆགས་པ་ལ་ནི་སྨན་རྣོ་བ་ལ་སོགས་པས་དུགས་བྱ་ཞིང་དཀྲིས་ལ་འབུག་ཞིང་མཐོ་བར་གྱུར་པ་དང་མཚོན་གྱིས་བསྲལ་ཞིང་ཞལ་ཞལ་བྱས་ལ་སྨན་གྱིས་བྱུག་ཅིང་བསྐུ་བར་བྱའོ།།
་གང་ཞིག་བགས་པ་ཀུན་ཉམས་ཤིང། །མཚོན་གྱིས་གང་བ་དུ་མི་རུང་བ་།དེ་ལ་ཁྲག་ནི་ཕྱུང་ནས་སུ། །ཐལ་སྨན་རྣོན་པོས་བསྐུ་པར་བྱ། །ཞེས་བྱ་བ་ལ། མཛེ་ནད་གང་པགས་པ་ཀུན་ཉམས་ཤིང་ཞིབ་སྟེ། མཚོན་གྱིས་གདབ་དུ་མི་རུང་བ་དེ་ལ་ནི་ནད?་ཀྱིས
་བྱུང་ཞིང་བསལ་ལ་ཐལ་སྨན་རྣོན་པོས་བསྐུ་བར་བྱའོ། །མཛོ་ནད་རབ?་སྲང་རྩུབ་པ་དང། ཚོར་བ་མེད་བརྟན་?་ན་རིང་ལོན། །བསྔགས་བཅས་དུག་ཁུ་བླུད་པ་དང། །དུག་གི་སྨན་ནི་རྗེས་སུ་བསྐུ། །ཞེས་བྱ་བ་ལ། མཛོའི་ནང་སྲ་ཞིང་རྩུབ་པར་གྱུར་པ་དང། ཚོར་བ་མེད་ཅིང་བེན?
་བམ་པོར་གནས་པ་དང། བརྟན་ཞིང་འགྱུར་བ་མེད་པ་དང། ཡུན་རིང་ཞིང་ལ་མང་ཞིག་ལོན་པ་ལ་དུག་གིས་བྱུག་ཅིང་བླུད་པར་བྱ་བ་དེ་ཡང་སྔགས་ཀྱིས་བཏབ་པས་བྱུག་ཅིང་བསྐུ་བར་བྱ་ལ། དེའི་འོག་ཏུ་དུག་གིས་སྨན་རྗེས་སུ་སྦྱར་ཅིང་བླུད་པར་བྱའོ། །མཛེ་ནད་རེངས་ཤིང
་ཚོར་བ་མེད། །རྡུལ་མི་འབྱུང་ཞིང་གཡའ་བ་ལ། །ལྕི་སྐམ་རྒྱ་མཚོའི་དབུ་པ་འམ། །མཚོན་གྱིས་བདར་ལ་ལྔ་གུས་བྱུག། ཅེས་བྱ་བ་ལ། མཛེ་ནད་གང་ལུས་རེངས་ཤིང་འགྱུར་མི་ཤེས་པ་དང། ཤིན་ཏུ་ཚོར་བ་མེད་ཅིང?་བམ་བེམ་པོར་འདུག་པར་དང། འབྱུང་མི
་ཤེས་པ་དང། གཡའ་བ་དང་ལྡན་པའི་མཛེ་ནད་ལ་ནི་ལྕི་བ་སྐམ་པོ་འམ། རྒྱ་མཚོ་ལྦུ་བ་འམ། མཚོན་གྱིས་བདར་ཞིང་དྲུང་ལ་དེའི་འོག་ཏུ་ལྡེ་གུས་བསྐུ་བར་བྱའོ། །གླ་སྒང་དོང་གྲ་འབྲས་བུ་གསུམ། །པོ་སོན་ཆ་དང་ཀཉྫ། །ལོ་མ་བདུན་པ་དུག་མོ་ཉུང། །དུ་རྟ་སྐྱེད་པ
་བྲི་ཡངཀུ། ཡུངས་ཀར་སྦྱོར་བས་ལུས་བཀྲུ་ཞིང། །ལྡེ་གུས་སློན་སྨན་བཀྲུ་སྨན་དང། །བཞར་ཞིང་ལུས་ནི་བསྐུས་གྱུར་ན། པགས་པའི་ནད་དང་མཛེ་ནད་དང། །སྐྲངས་ནད་སྐྱ་རྦབ་མཛེ་ནད་འཇོམས། །ཞེས་བྱ་བ་ལ། གླ་སྒང་ལ་སོགས་པའི་ལྡེ་གུས་ནི་དོན་ཐམས་ཅད
་གྲུབ་པའི་ལྡེ་གུ་སྟེ། དེ་ལ་ལུས་ཁྲུས་བྱས་པ་དང། ཡང་དས་སློན་སྨན་དང་བཀྲུ་སྨན་གྱི་སྦྱོར་བ་བྱས་པ་དང། བཞར་བའི་རྗེས་ལ་བསྐུས་ན་དགས་པའི་ནད་ལ་སོགས་བསེལ། ཡིན་ནོ། །ཀ་ར་བཱི་ར་ནིམཔ་དང། དུག་མོ་ཉུང་དོད་ག་དང། ཙི་ཏྲཀའི་རྩ་བ
་གཅིན་སྐོལ། །བསྐུས་ན་མཛེ་ནད་འཇོམས་པར་བྱེད། ཅེས་བྱ་བ་ལ། ཀ་ར་བཱི་ར་ལ་སོགས་པའི་སྨན་པ་གཅིན་དང་བསྐོལ་བ་གཟར་བུ་ལ་ཆགས་པ་ཙམ་ཞིག་བླུད་ན་ཡང་མཛེ་ནད་ལ་ཕན་ནོ། ཀ། ར་བཱི་ར་ཀ། རྩ་བ། །དུག་མོ་ཉུང་དང་ཀ་རཉྫ་ཉི། །འབྲས་བུའི་སྐྱེར་པའི་ཤུན་ལྤགས་ནི།
་སོ་མ་ཤི་མྱུ་གུར་བཅས། །བསྐུས་ན་མཛེ་འཇོམས་གྲུབ་པ་ཡིན། །ཞེས་བྱ་བ་ལ། ཀ་ར་བཱི་ར་དཀར་པོའི་རྩ་བ་དང། དུག་མོ་ཉུང་དང་ཀ་རཉྫ་ཡི་འབྲས་བུ་དང་སྐྱེར་པའི་ཤུན་ལྤགས་དང། སོད་མན་ཞེས་བྱ་བ་ཛཱ་ཏིའི་མྱུ་གུ་དང་བཅས་པ་བཏགས་པའི་ལྡེ་གུས་ན་ཡང་མཛེ་ནད་མོ་རྣམ?
་པར་མངོན་སུམ་དུ་གྲུབ་ཅིང་མཐོང་བས་ཡིད་ཆེས་པ་ཡིན་ནོ། །ཤྲི་ཤའི་ཤུན་ལྤགས་རས་པ་ལ་གྱིས། །མེ་ཏོག་དང་གའ་ལོ་མ་དང། །མོན་སྣེ་མེ་རུ་བཞི་པོ་ནི། གཏགས་པའི་ལྡེ་གུས་འཛེ་ནད་འཛམས། །ཞེས་བྱ་པ་ལ། ཤིང་ཤྲི་ཤའི་ཤུན་ལྤགས་དང། རས་པ་ལ་གྱི
་ས་བོན་གྱི་མེ་ཏོག་དང། དོ་དགའ་ཨི་ལོ་མ་དང། མོན་སྣེ་མེ་རུ་ཀ་ཀ་མ་ཅི་ཞེས་བྱ་བའི་རྩ་བ་དང་ལོ་མར་བཅས་པ་སྟེ་རྣམ་པ་བཞི་པོ་དེ་དག་བཏགས་པའི་ལྡེ་གུས་བསྐུས་ན་ཡང་མཛེ་ཡིན་པ་རྣམས་འཇོམས་ཤིང་སེལ་བར་བྱེད་དོ། །ནིམཔ་སེར་པོ་རྣམ་པ་གཉིས། །བྱེ་རུ་རུག་པ་དང
་བ་ཏོ་ལ། །རུ་རྟ་ཨ་ཤྭ་གན་ཏ་དང། །བུད་ཤིང་ཤིང་བཀྲུ་ཡུངས་ཀར་དང། །གཡེར་མ་འོ་སུ་བླ་བ་དང། །ཙ་རོང་ཆ་སྙམ་ཕྱེ་མར་བཅས། །དར་བ་སྦྱར་བ་ཏིལ་མར་གྱིས། །བསྐུས་པའི་ལུས་བྱུག་དྲིལ་གྱུར་ན། །མཛེ་ནད་གཡམ་བ་འདུམ་བོར་བཅས། །འབྲུམ་ཕྲན་སྐྲངས་པའི་ནད
་རྣམས་སེལ། །ཞེས་བྱ་བ་ལ། ནིམཔ་ལ་སོགས་པའི་སྨན་ཆ་མཉམ་བོར་ཕྱེ་མར་བྱས་ལ། ཕྱེ་མ་དེ་དང་དར་བ་བསྲེས་ནས་དང་པོར་ལུས་ཏིལ་མར་གྱིས་བསྐུས་ལ་ཕྱུགས་ཏེ། དེའི་འོག་ཏུ་ལྡེ་གུ་དེ་བསྐུ་ཞིང་དྲིལ་ཕྱིས་བས་ན་མཛེའི་ནད་ལ་སོགས་པ་སོལ་བར་བྱེད་དོ།།
་རླ་སྒང་དང་ལི་རྡོ་དབང་སྐྱེར་པ་དང། །ནག་ཚུར་གམ་པ་ལྱ་དང་རུ་རྟ་དང། །སེང་འཕྲོམ་མུ་ཟ་པོག?་ཀར་བྱི་དང་ག་།ལྡོད་རོས་པ་བླ་ཀ་ར་བཱི་རའི་ཤུན། །ཕྱེ་མར་བྱས་པའི་ཏིལ་མར་གྱིས་བསྐུས་པའི། །སྟེང་དུ་ཕྱེ་མའི་དོང་དུ་འདི་བླུགས་ན། །ཤུ་བ་གཡན་པ་འབྲུམ་བུ
་ཕྲ་མོ་དང། རྐང་ཤུ་ལ་སོགས་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། ཡང་སྔར་ཏིལ་མར་གྱིས་བསྐུས་པའི་ལུས་ལ་གླ་སྒང་ལ་སོགས་པའི་སྨན་ཕྱེ་མར་བྱས་པ་ཞིང་ཏུ་བཏགས་པས་ལུས་ཀྱིས་སྟེང་དུ་གཏོར་ཞིང་བླུགས་པར་གྱུར་ན་ཤུ་བ་དང། གཡན་པ་ལ
་སོགས་པའི་མཛེ་ནད་ཀྱིས་རྣམ་པ་འབྱུང་བར་མི་འགྱུར་རོ། །ཀམ་བི་ལྱི་ནར་ཛན་གའོ། །མུན་ཟི་ནི་གན་དཔེ་ཤ་ན་སྟེ། རྡོ་དྲི་ཅན་ནོ། །ཀ་ར་བཱི་རའི་ཤུན་ལྤགས་ནི་ཨ་ཤྭ་མ་རའི་ཤུན་ལྤགས་སོ། །ཡུངས་ཀར་སྣུ་ཧའི་ཤིང་དུམ་བཏགས། །ལྡེ་གུ་མེ་མ་མུར་བཙོས་ཏེ། །འདོད་ཆགས
་ཤུགས་ཀྱིས་དེ་ཆ་བཞིན། །བསྐུས་ན་གླང་ཤུ་འཇིག་པར་བྱེད། ཅེས་བྱ་བ་ལ། ཡུངས་ཀར་དང་སྣུ་ཏའི་ཤིང་གི་དུམ་བུའི་ནང་བསྐོལ་བ་གཏགས་པའི་ལྡེ་གུས་སྨན་གྱི་ཕུར་མ་བཅོ་བའི་ཚུལ་དུ་མེ་མ་མུར་གྱི་ནང་དུ་བཙོས་ཏེ་བསྐུས་ན་གླང་ཤུའི་ནད་འཇིག་ཅིང་སེལ་བར་བྱེད་དོ
་ཇི་ལྟར་འདོད་ཆགས་ཀྱི་ཤུགས་བོད་པར་གྱུར་ན་ངོ་ཚ་འཇིག་པར་བྱེད་པ་བཞིན་དུ་ལྡེ་གུས་གླང་ཤུ་འཛིག་པར་བྱེད་དོ། །ལྡོད་རོས་བ་བླ་ན་ལེ་ཤམ་ཏིལ་མར། །རྐའི་འོ་མའི་ལྡེ་གུས་མཛེ་འཇོམས་བྱེད། །ཅེས་བྱ་བ་ལ། ལྡོད་རོས་ལ་སོགས་པའི་སྨན་ཏིལ་མར་ཨརྐའི
་འོ་མ་དང་ལྡེ་གུར་བྱས་པ་བསྐུས་ན་ཡང་ཕན་ནོ། །དེ་བཞིན་ཙཀྲ་མར་ད་ཀ་རཉྫ། །རུ་རྟར་བཅས་པ་བ་གཅིན་གཏགས་པ་འང་ཕན། །ཞེས་བྱ་བ་ལ། ཙཀྲ་མར་དང་ཀ་རཉྫའི་ས་བོན་དང། རུ་རྟ་དང་བཅས་པ་བ་གཅིན་དང་གཏགས་ཏེ་བསྐུས་ན་ཡང་མཛེས་ནད་སེལ་བར་བྱེད་དོ།
་གུ་གུལ་ཡུངས་ཀར་ན་ལེ་ཤམ། །ནག་ཚུར་དང་ནི་བྱི་དང་ག། ཤྲི་བེཤཊི་དང་སྲ་རྩི་པོག། བ་བླ་ལྡོང་རོས་མུ་ཟི་དང། །རུ་རྟ་དང་ནི་ཀཾ་པི་ལྱ། །སེར་པོ་གཉིས་དང་བཅས་པ་ནི་འཁོར་ལོས་བཙིར་བའི་ཏིལ་མར་བསྲེས། །འདི་ནི་མཚོན་གྱིས་བཞར་ཏེ་བསྐུས། །ཉིན་མར་བསྲེག་པ
་?་མཛེ་ནང་སེལ?། ཞེས་བྱ་བ་ལ། གུ་གུལ་སོགས་པའི་སྨན་འཁོར་ལོས་བཙིར་བའི་ཏིལ་མར་བཅིང་བས་མཚོན་ཆ་ལ་སོགས་པས་བཞར་ཞིང་བདར་བ་ལུས་ལ་བསྐོས་ནས་ཉི་མའི་འོད་ལ་བསྲེག་ན་མཛེ་ནད་དེའི་མོད་ལ་སེལ་བར་བྱེད་དོ། །ཏ་མ་?་ལོ་མ་ན་ལེ་ཤ་མ
་རུ་རྟ་ལྡོང་རོས་ནག་ཚུར་བཅས། །ཟངས་ཀྱི་སྣོད་དུ་ཏིལ་ནང་དུ། །ཞག་བདུན་ལེགས་པས་སྤངས་པ་དེས། །ཞག་བདུན་བསྐུ་ཞིང་ཉི་མས་བསྲེག། ཤ་བཀྲ་སར་བར་ཟླ་བ་གཅིག། བསྟེན་ཅིང་སྦྱངས་པ་བྱས་ན་སེལ་ཞེས་བྱ་བ་ལ། ཏ་མ་ལའི་ལོ་མ་ན་ལེ་ཤམ་ལ
་སོགས་བཟངས་ཀི་སྣོད་དུ་བཅུག་ལ་ཏིལ་མར་གྱིས་ནང་དུ་ཞག་བདུན་སྤངས་པ་དེས་བསྐུ་ཞིང་བླུབས་ནས་ཉི་མ་ཐན་པ་ལ་སྲེག་ན་ཤ་བཀྲ་ཟླ་བ་གཅིག་གིས་སེལ་བར་བྱེད། །དེ་ཡང་སྐྱུགས་སྨན་དང་བཀྲུ་སྨན་གྱི་སྦྱང་བ་བྱས་ན་དེ་སེལ་ཅིང་འཇོམས་པར་འགྱུར་རོ། ། པ་མརྒའི་ཐལ་བའི་ཆུ།།
་ལན་བདུན་ལེགས་པར་རྒྱགས་པ་རུ། །པྲི་ཡངཀུ་ཡི་མར་བསྐོལ་བ། །བསྐུས་ན་ཤ་བཀྲ་སེལ་བར་བྱེད། །ཅེས་བྱ་བ་ལ། ཨ་བ་མརྒའི་ཐལ་བའི་ཆུ་ལན་བདུན་གྱི་བར་དུ་ལེགས་པར་གཟགས་ཤིང་འཁུས་བར་བྱས་ལ། དེའི་ནང་རུ་པྲི་ཡངཀུའི་མར་བསྐོལ་བས་བསྐུས་ན་ཡང་ཤ་བཀྲའི་ནང
་སེལ་བར་?། །ཀ་ཀ་?་སྒྲའི་རྩ་བ་དང། རས་བལ་ས་བོན་འདབ་མ་དང། ལ་ཕུགས་བོན་དང་བར་སྦྱར། མིག་དམར་གཟའ་ལ་བསྐུས་ན་ནི། །ཤ་ཀྲ་སེལ་བར་གྲུབ་པ་ཡིན། ཞེས་བྱ་བ་ལ། ཀ་ཀ་ཛིདཀྲའི?་རྩ་བ་ལ་སོགས་པའི་སྨན་དར་བ་དང། སྦྱར་བ་གཟའ་མིག་དམར་ལ་བབ་པའི་ཞིག་ལ
་བསྐུས་ན་ཡང་ཤ་བཀྲ་སེལ་བར་བྱེད་ཅིང་མངོན་སུམ་དུ་མཐོང་བས་ཡིད་ཆེས་པ་ཡིན་ནོ། །ཇི་བནདི་དང་སྐྱེར་བ་བཙོད། །ཀི་བི་ལྱ་དང་སྤང་མ་ནི། །འོ་མ་མད་དང་ཏིལ་མར་འགོལ། །སྲ་རྩིཾ་པོ་ག་དང་སྤྲ་ཚིལ་ནི། །བཏབ་པར་སྐུས་ན་དེ་ཡིས་ནི། །རྐང་ལག་ཞིགས་པ་སེལ་བར་བྱེད།།
་ཕགས་པ་གཅིགས་པའི་མཛེན་པ་ནི། །འབྲུམ་ཕྲན་འབྲས་ནི་འབྱེད་པ་ཡི། །མཛེ་ནད་འཇིགས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཛི་བནྟི་ལ་སོགས་པའི་ལྡེ་གུར་བྱས་ལ། འོ་མ་བཞི་འགྱུར་བཅུག་སྟེ། མར་དང་ཏིལ་མར་དང་ཇི་སྐད་སྨོས་པ་ལྟར་བསྐོལ་ལ། དེའི་ནང་དུ་སྦ་རྩི་བོ་ག
་སྲང་ཛར་ཞེས་བྱ་བ་ལ། སྲ་ཚིལ་མཏབ་སྟི་བསྐུས་ན་རྐང་ལག་བཞིབས་ཅིང་འབྲུལ་བ་རྣམས་སེལ་བར་བྱེད་ལ། པགས་པ་གཅིག་པའི་མཛེ་ནད་རྣམས་འཇིག་པར་བྱེད་དོ། །ལོ་མ་བདུན་པའི་རྩ་བ་དང། །ཤྲི་ཤ་ཡི་ནི་ཤུལ་ལྤགས་དང། །ཀ་ར་བའི་དང་ཨ་རྐང་ད་གསུམ་མ་?་ཏི་འཐལ
་ཏེས་ཞིམ་པའི་ཤུན་པ་དང། ཀརྙྫ་དང་ཡུངས་ཀར་དང། །ཙཀྲ་མར་དང་འབྲས་བུ་གསུམ། །བྱི་རང་དག་དང་ཚ་བ་གསུམ། །སེར་བ་རྣམ་གཉིས་ཏིལ་མར་དང། །པ་གཅིན་བཅས་པས་བསྐོལ་བས་ནི། །བགས་པའི་ནང་དང་རྨ་འགྲིམས་དང། །རླུང་དང་བད་ཀན་ལས་གྱུར
་པའི། །མཛེ་ཡི་ནད་ནི་སེལ་བར་བྱེད། །འདི་ནི་རྡོ་རྗེ་འདྲ་བས་ན། །རྡོ་རྗེ་ཅན་ཞེས་བྱ་བ་ཡིན། །ཞེས་བྱ་བ་ལ། ལོ་མ་བདུན་པའི་རྩ་བ་དང། །ཤྲི་ཤ་ལ་སོགས་པའི་ཤུན་ལྤགས་དང། ག་རཉྫ་ལ་སོགས་པའི་ས་བོན་དང། འབྲས་བུ་གསུམ་ལ་སོགས་པའི་སྨན་ལྡེ་གུར་བྱས་ལ
་བ་གཅིན་བཞི་འགྱུར་དང་ཏིལ་མར་དང་བཅས་པར་བསྐོལ་ན་བགས་པའི་ནད་ལ་སོགས་པ་སེལ་ཅིང་འཇོམས་པར་བྱེད་དོ། །དེས་ན་འདི་ནི་རྡོ་རྗེ་དང་འདྲ་བས་ན་མིང་རྡོ་རྗེ་ཅན་ཞེས་བྱའོ། །ེ་རཎྜ་དང་དངུལ་རྡོ་དང། །གླ་སྒང་ནི་མ་པ་ཀད་ནི། །འབྲིའི?་རྩ་བ་ཀ་བ་ལྱ། །བྱི་དང་གདང་ནི
་ཀུན་ཐི། །གོ་བྱེ་ཨིནྡྲ་པ་རུ་ནི། །ཐང་ཤིང་ཁྲོན་བུ་གུ་གུ་ལ་དང། ལྡོང་རས་ཤི་རི་བི་ཏ་དང། །ལན་ཚ་ཏ་ལ་བཅའ་སྒ་རྣམས། །ཆ་བསྙམས་སྣུ?་ཧའི་འོ་མ་དང། ཨརྐ་ཏིལ་མར་ལྷན་ཅིག་བསྐོལ། །ལྡེ་གུ་རྡོ་རྗེ་ཆེན་པོ་སྟེ། །རྡོ་རྗེ་ཅན་པས་ཡོན་ཏན་?། ཤ་བཀྲད་ད་ནི
་གཞང་འབྲུམ་དང། འབྲས་ཀྱིས་ཕྲེང་བ་ལ་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཨེ་རཎྜ་ལ་སོགས་པའི་སྨད་ཆ་མཉམ་དང་ཏིལ་མར་བསྐོལ་ལ་ཨརྐ་དང་སྣུ་ཧའི་འོ་མ་ཏིལ་མར་དང་ཆ་མཉམ་པར་བྱས་ཏེ། དེ་དག་ལྷན་ཅིག་བསྐོལ་སྨན་མར་ནི་རྡོ་རྗེ་ཆེན་པོ་ཞེས་བྱ
་སྟེ། སྔར་གྱི་རྡོ་རྗེ་ཅན་གྱིས་ཡོན་ཏན་པས་ཡོན་ཏན་ཆེས་ལྷག་ཅིང་ཆེ་བ་ཡིན་ལ། ཁྱད་པར་དུ་ཡང་ཤ་བཀྲལ་སོགས་པའི་ནད་སེལ་བར་བྱེད་པ་ཡིན་ནོ། །རུ་རྟ་ཀར་བཱི་ར་དང། འབྲིང་ག་རོ་ཛ་ཨ་རྐ་དང། སུདཀྵིར་རྒྱམ་ཆ་གཅིན། །ཏིལ་མར་བསྐོལ་བར་དུག་བཅུག་པ། །བསྐུབ
་?་སེལ་བའི་མཆོག་ཉེས་བྱ་བ་ལ། རུ་རྟལ་སོགས་པའི་སྨན་ལྡེ་གུར་བྱས་བ་འམ། །བ་གཅིག་དང་ཏིལ་མར་བསྐོལ་ཏེ་དེའི་ནང་དུ་བཅུག་པས་བསྐུལ་ན་མཛེ་ནད་སེལ་བའི་མཆོག་ཡིན་ནོ། །སྤྲ་ཚིལ་ལི་ཁྲི་གུ་གུལ་དང། སྤང་ན་དངུལ་རྒོ་ཡུངས་མར་བསྐོབ?།། །
་གཡན་བ་གླང་ཤུ་མུར་དུ་སོལ་ཞེས་བྱ་བ་ལ། སྒྲ་ཚིལ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་ཡུངས་ཀར་གྱི་མར་བསྐོལ་བས་ནི་གཡན་པ་ལ་སོགས་པ་སེལ་བར་བྱེད་དོ། །རྒྱ་སྐྱེགས་རྩ་ཀར་མར་ད་དང། །ཤི་བེ་ཤྲི་ཏ་ཚ་བ་གསུམ། རུ་རྟ་ཡུངས་ཀར་ལ་ཕུག་གི། ས་བོན་སེར་པོ་རྣམས
་གཉིས་ཀྱི། །ལྡེ་གུས་དར་བར་སྦྱར་བསྐུས་ན། །ཤུ་བ་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། རྐྱ་སྐྱེགས་ལ་སོགས་པའི་ལྡེ་གུ་དར་བ་དང་སྦྱོར་ཏེ། བསྐུས་ན་ཤུ་བའི་ནད་ཐམས་ཅད་སེལ་ཏེ། ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཙི་ཏྲ་ཀ་དང་ཤི་ཀྲུ་འམ། །སླེ་ཏྲེས་ཟང་ཤིང
་ཨ་བ་མར། །སེང་ལྡེང་ད་བའི་ལྡེ་གུ་འམ། །དུར་བྱིད་དནད་པྲ་བནདི། །རྒྱ་སྐྱེགས་དངུལ་རྡོ་སུ་ག་སྨེལ་ལམ། །པུ་ན་རྣ་བའི་ལྡེ་གུ་སྟེ། ཆིག་རྐང་དྲུག་བཤད་ལྡེ་གུ་དྲུག། ཞོ་ཁ་ཆུ་དང་སྦྱར་བ་ཡིས་སོ། །བསྐུས་ན་བད་ཀན་རུང་ལས་ནི། གྱུར་བོའི་མཛེ་ནད་སེལ་བར་བྱེད། །ཅེས་བྱ་བ་ལ། ཙི་ཏྲ་ཀ
་དང་ཤིང་ཀྲུ་ཞེས་བྱ་བའི་པི་པི་ལིང་དཀར་པོ་ཞོ་ཁ་ཆུ་དང་སྦྱར་བའི་ལྡེ་གུ་བསྐུས་ན་ཡང་བད་ཀན་དང་རླུང་ལས་གྱུར་པའི་མཛེ་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་སླེ་ཏྲེས་དང་ཨ་བ་མརྒ་དང་ཐང་ཤིང་ཞོ་ཁ་ཆུ་དང་སྦྲང་བའི་ལྡེ་གུ་ཡང་སེང་ལྡེང་དང། །ད་བ་གཏགས་པའི་ལྡེ
་གུ་དང། དུར་ཉིད་དང་དམ་དང་ཏྲ་བནྟའོ། །ལྡེ་གུ་འམ། རྒྱ་སྐྱེགས་སམ་དངུལ་རྡོ་དད་སུག་རྨེལ་སྦྱར་བའི་ལྡེ་གུ་འམ་པུ་ན་རྣ་བ་གཅིག་བུའི་ལྡེ་གུ་སྟེ། དེ་ལྟར་ཚིག་རྐང་པ་རེ་རེས་བཤད་པའི་ལྡེ་གུ་དྲུག་པོ་དེ་དག་གང་ཡང་རུང་བཞོ་ག་ཆུ་དང་སྦྱར་བ་དེས་བསྐུས་ན་རླུང་དང
་བད་ཀན་ལས་རྒྱུར་པའི་མཛེ་ནད་སེལ་བར་བྱེད་དོ། །པ་ལ་ཀ་དང་མ་ནུ་དང། ། ཀར་ནག་གེ་སར་པ་གནད་པ་ཏྲ་བླ་བ་དང། །ཙན་དན་དང་ནི་བུ་ཤེལ་ཙེ། །ཆ་རེས་བསྐྱེད་པའི་ལྡེ་གུ་ཡིས། །བད་མཁྲིས་མཛེ་ནད་སེལ་བར་འགྱུར། །ཞེས་བྱ་བ་ལ། བ་ལ་ཀ་ལ་སོགས་པའི་སྨན་ཆ་བརྒྱད
་པོ་ཆ་?་བསྐྱེད་པའི་ལྡི་གུས་བསྐུས་ན་བད་ཀན་དང། མཁྲིས་པས་ལས་གྱུར་པའི་མཛེ་ནད་སེལ་བར་བྱེད་པ་གྲུབ་ཅིང་མངོན་དུ་གྱུར་པ་ཡིན་ནོ། །དེ་ལ་བ་ལ་ཀ་ཞོ་གཅིག། མ་ནུ་ཞོ་གཉིས། ཨ་རུ་ར་ཞོ་གསུམ། ན་ག་གེ་སར་ཞོ་བཞི། གནད་བ་ཏྲ་ཞོ་ལ། བླ་བཞི
་བྱ་བ་ནི་རི་བེ་ལ་བ་ཞོ་དྲུག། ཙན་དན་ཞོ་བདུན། བུ་ཤེལ་ཙེ་ཞེ་བྱ་བ་ཨུ་ཤིར་ཞོ་བརྒྱད་སྦྱར་བར་བྱའོ། །ཏིཀྟའི་སྨན་མར་བརྒྱར་བཀྲུས་མར། བསྐུས་ན་མཛེ་ཡི་ཚ་བ་སེལ། ཞེས་བྱ་བ་ལ། མཛེ་ནད་མེས་སྲོགས་པོ་ཚ་བ་དང་སྦྱར་བ་ལ་ནི་སྔར་བཤད
་པའི་ཏིཀྟའི་སྨན་མར་ཆུའི་ནང་དུ་ལན་དུ་མ་བསྐུས་ན་ཕན་ནོ། །ཏིལ་མར་ཅན་དན་ཤིང་མངར་དང། །སྟག་ཚེར་བ་དང་ཨུཏཔལ། །བཅས་པ་བསྐུས་ན་ཕན་པ་ཡིན་ནོ། །ཞེས་བྱ་བ་ལ། ཡང་ཚ་དང་ལྡན་པའི་མཛེ་ནད་དེ་ལ་ཏིལ་མར་ཙན་དན་དང་ཤང་མངར་དང་སྟག་ཚེར་བ
་ཞེས་བྱ་བ་བྲ་བུཎྜ་རཱི་ཀ་དང་ཨུཏཔལ་སྦྱར་བའི་ལྔ་གུས་བསྐུས་ན་དེ་ལ་ཕན་ཞིང་སེལ་བར་བྱེད་དོ། །བརྣགས་ཤིང་ཡན་ལག་འདྲུལ་བ་དང། ལུས་ཚ་འབྲུམ་བུ་ཕྲ་མོ་དང། པགས་པ་མྱགས་དང་བཅས་པའོ། །བསིལ་བའི་སྨན་ཆུས་བླུགས་ཤིང་བྱུགས། །གཏང་ག
་བཀྲུ་སྨན་བཏང་བ་དང། ཏིཀྟའི་སྨན་མར་བྱིན་ན་ཕན། །ཞེས་བྱ་བ་ལ། བརྣགས་ཤིང་རུལ་བར་གྱུར་བས་ཡན་ལག་དང་ཉིད་ལག་འཕྲུལ་བར་གྱུར་པ་དང། ལུས་ཚ་འབྲུམ་བུ་ཕྲ་མོ་ཙག་ཅག་བྱུང་པ་དང། པགས་པ་མྱགས་ཤིང་ཞགས་པར་གྱུར་པ་ལ་ནི་སྨན་བསིལ
་བ་ཅན་ལ་སོགས་པའི་ཆུས་ལུས་ལ་བླུགས་པ་དང། ལྡེ་གུས་བྱུགས་པ་ཕན་ནོ། །དེ་བཞིན་དུ་ནད་དེ་ལ་ནི་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང། བཀྲུ་སྨན་སྦྱིན་བ་དང་ཏིཀྟའི་སྨན་མར་བཟའ་བ་དང། བཏུང་བ་དང། བླུགས་པ་དང། བསྐུ་བའི་དོན་དུ་སྦྱར་བ་ཕན་ནོ།།
་སེང་ལྟེང་ནིམཔ་བར་ཤ་ཀ། དུག་མོ་ཉུང་དང་འབྲས་བུ་གསུམ། །བྱི་དང་ག་དང་སླེ་ཏྲེས་དང། །བཏོལ་དང་བ་གཅིན་སྦྱར། །ཕྱི་དང་ནང་མས་གཏང་གྱུར་ན། །སིན་བུ་ལས་གྱུར་མཛེ་ནད་འཇོགས། །ཞེས་བྱ་བ་ལ། སེང་ལྡེང་ལ་སོགས་པའི་སྨན་བ་གཅིན་དང་སྦྱར་བ་ཕྱི་ནས་བླུགས་པ་དང། ནང
་ནས་བཏུང་བར་སྦྱར་ན་སྲིན་བུ་ལས་གྱུར་བའི་མཛེ་ནད་སེལ་བར་བྱེད་དོ། །རླུང་ཤས་ཆེ་ལ་ཐོག་མར་ནི། །མར་དང་བད་ཀན་ཤས་ཆེ་ལ། །སྐྲུགས་སྨན་མཁྲིས་པ་ལས་གྱུར་ལ། གཏར་ཀ་གདབ་ཅིང་བཀྲུ་སྨན་བཏང་ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བའི་མཛེ་ནད་ལ་ནི་དད་གོ་ཁོ་ནར་ཞུན
་མར་སྦྱིན་པར་བྱའོ། །བད་ཀན་ཤས་ཆེ་བའི་མཛེ་ནད་ལ་ནི་དང་པོ་ཁོ་ནར་སྐྱུགས་སྨན་བཏང་བར་བྱའོ། །མཁྲིས་བརྒྱས་པར་གྱུར་པའི་མཛེ་ནད་ལ་ནི་དད་པོར་གཏར་གོས་ཁྲག་དབྱུང་ལ་བཀྲུ་སྨན་བཏང་པར་བྱའོ། ནང་སྤྱངས་ཁྲག་ནི་བྱུང་པ་དང། གནས་ནི་དག་པར་གྱུར་པ་ལ། །བསྐུབ?་གང
་ཞིག་བྱས་གྱུར་པ། །དེ་ནི་མོད་ལ་བྱང་བར་འགྱུར། །ཞེས་བྱ་བ་ལ། མཛེའི་ནང་གང་ཞིག་ལ་ནང་གི་ནང་པ་གྲུ་སྨན་ལ་སོགས་པའི་བསལ་ཞིང་ཁྲག་ཕྱུང་ནས་ལུས་ཀྱི་གནས་དག་པར་བྱས་པ་ལས་ཇི་སྐད་སྨོས་པའི་ལྔ་གུས་བསྐུས་ན་འཕྲལ་དུ་བདེ་ནད་མེད་པར་འགྱུར་རོ།།
་ནང་གཞི་བསལ་ཅིང་ཁྲག་ནི་ཕྱུང་བ་དང། ཕྱི་དང་ནང་ནས་ཞི་བའི་གསོ་བ་བྱས། །སྨན་མར་ཡང་ནི་དུས་སུ་བྱིན་གྱུར་ན། །མཇེ་ཡི་ནང་ནི་གོས་བླ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། མཇེ་ནད་གཞི་སྦྱངས་ཞིང་བསལ་བ་ལ་སོགས་པ་བྱས་པར་གྱུར་ན་མཛེའི་ནད་དེ་གསོ་སླ
་ཞིང་བདེ་བླག་ཁོ་ནར་འགྱུར་དུ་རུང་བར་འགྱུར་རོ། །མཛེ་ཅན་ནད་ནི་ལན་མང་དུ་སྦྱངས་གྱུར་པ། །དེ་ཡིས་སྲོག་སྲུང་ལན་མང་འབད་བྱ་སྟེ། ནང་ནི་ལྷག་པར་ཕྱུང་བས་ཉམ་ཆུང་བ། །རླུང་ལྡང་མྱུར་དུ་གསོལ་པ་བྱེད་པར་འགྱུར། ཞེས་བྱ་བ་ལ། མཛེའི་ནད་དང་ལྡན་བ་གང་ཞིག་ནད
་ལན་མང་དུ་སྦྱངས་ཤི་ད་དག་པར་གྱུར་པ་དེའི་སྲོག་ལེགས་པར་བསྲུང་ཞིང་གནོད་པར་མི་འགྱུར་པར་སྨན་བས་འབད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ནང་གི་ནང་ལྷག་པར་མང་དུ་ཕྱུང་བར་གྱུར་བ་ན། ཉམས་སྟོབས་ཤིང་ཏུ་དྲི་ཞིང་ཆུང་བར་གྱུར་པ་ལ། རླུང་ནང
་སངས་ནས་མྱུར་བ་ཁོ་ནར་གསོད་པའི་སྐྱོན་ཡོད་པའི་ཕྱིར་རོ། །ཟླ་བ་ཕྱེད་ཅིང་སྐྱབས་སྨན་བཏང་བ་དང། ཟླ་བ་རེ་རེ་ནས་ནི་བཀྲུ་སྨན་བཏང་།མགོ་བོ་སྦྱངས་པ་ཞག་ནི་གསུམ་གསུམ་ནས། ཟླ་བ་དྲུག་དྲུག་ནས་ནི་གཏང་ག་བྱ། །ཞེས་བྱ་བ་ལ། ?་ཅན་ལ་ཟླ་བ
་ཕྱེད་བྱེད་འདས་པ་དང་སྐྱུགས་སྨན་བཏང་ཞིང་སློན་དུ་གཞུག་པ་དང། །ཟླ་བ་རེ་རེ་ལ་ནས་ན་བཀྲུ་སྨན་བཏང་ཞིང་འཁུར་གཞུག་པ་དང། ཞག་གསུམ་གསུམ་འདས་པ་དང་མགོ་བོའི་བཀྲུ་སྨན་ཇི་སྐད་སྨོས་པ་བཞིན་དུ་བྱ་བ་དང་ཟླ་བ་དྲུག་དྲུག་ནས་གཏང་ག་བྱ་ཞིང
་ནད་ཁྲག་དབྱུང་བར་བྱའོ། །གང་ཞིག་སློན་དང་འགྲུབ་དཀའ་འགྱུར་ཏེ། མཛེ་ཅན་ནད་ཤས་ཆེ་བས་ཁྱབ་གྱུར་པ། །དེ་ནི་ངེས་པར་གསོ་དཀའ་ཉིད་འགྱུར་བས། །དེ་བས་དེའི་ནད་མ་ལུས་དབྱུང་བར་བྱ། །ཞེས་བྱ་བ་ལ། མཛེ་ཅན་གང་ཞིག་སྐྱུགས
་སྨན་བྱིན་ཡང་སློན་པར་དཀའ་ཞིང་དེ་བཞིན་དུ་བཀྲུ་སྨན་བྱིན་ཡང་འཁྲུས་པར་དཀའ་བར་གྱུར་པ་འམ། ཡང་ན་ཅུང་ཟད་ཙམ་ཞིག་སློན་ཞིང་འཁྲུས་ནས་ནད་འཐོན་པར་མ་གྱུར་པའི་མཛེ་ཅན་དེ་ནི་ནད་ཀྱིས་ཤས་ཚབས་ཆེ་བས་ཁྱབ་པར་གྱུར་པ་ཡིན་ལ།།
་ལྟ་བུ་དག་ནི་ངེས་པར་གསོ་དཀའ་བ་འམ། གསོར་མི་རུང་བའི་མཛེ་ནད་དུ་འགྱུར་བས་དེ་བས་ན་མཛེ་ཅན་དེའི་ནད་ཅི་ནས་ཀྱང་མ་ལུས་པར་དབྱུང་བར་བྱ་ཞིང་གཏིང་ཕྱིན་པར་བྱ་བའི་ནད་ཆུད་ཟད་འབྲི་བ་ཙམ་གྱིས་གསོ་བར་ནི་མི་བྱའ།། །།དེ
་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ་བཅུ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཤ་བཀྲ་དང་སྲིན་བུའི་ནད
་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར་ནད་གཞི་བཤད་པའི་གོ་རིམས་ཀྱིས་གསོ་བ་ཡང་དེ་ལྟར་བཤད་དགོས་པའི་ཕྱིར། །སྐབས་འདིར་ལེའུ་བརྩམས་པ་ཡིན་ནོ། །གང་ཞིག་མཛད་ནད་པས་ཀྱང་འཇིགས་འགྱུར་ཅིང། །མྱུར་དུ་གསོ་དཀའ་ཉིད་དུ་འགྱུར
་བས་ན། ཁང་པ་འབར་བར་གྱུར་པ་ལྟ་བུར་ནི། །ཤ་བཀྲའི་ནད་ཞི་བའི་ལ་འབད་པར་བྱ། །ཞེས་བྱ་བ་ལ། ཤ་བཀྲའི་ནད་ལ་ནི་མཛེའི་ནད་པས་ཀྱང་སྨད་ཅིང་འཇིགས་པར་གྱུར་པ་ཡིན་པས་དེ་ནི་མ་བཅོས་ན་མྱུར་དུ་གསོ་དཀའ་བ་ཉིད་དུ་འགྱུར་ཏེ། རྒྱུ་དེ་བས་ན་ཤ
་བཀྲའི་ནད་དེའི་གོས?་བའི་སྦྱོར་བ་ལ་འབད་ཅིང་བརྩོན་པར་བྱ་སྟེ། དཔེར་ན་ཁང་པའི་མེ་འབར་བར་གྱུར་པ་ལ། མྱུར་དུ་ཞི་ཞིང་བསིལ་བར་བྱ་དགོས་པ་དང་འདྲའོ། །ཁྱད་པར་དུ་ནི་དང་པོར་ལུས་ལ་ནི། །སྦྱང་བ་བྱ་བ་ཉེ་བར་སྦྱར་བ་བྱ། །ཞེས་བྱ་བ་ལ། ཤ་བཀྲའི་ནད་ཐམས
་ཅད་ལ་ནི་གསོ་བ་གཞན་པས་ཁྱད་པར་དུ་དང་པོ་ཁོ་ནར་ལུས་ཀྱི་ནད་སྤྱད་པའི་ཅོ་ག་འོག་ནས་སྨོས་པ་ཉེ་བར་སྦྱར་བར་བྱའོ། །ཤ་བཀྲ་ལ་ནི་སོ་མར་ཇེའི་ཁུ། །བུ་རམ་ཆད་དམ་ཤ་ཁུ་བཀྲུ་སྨན་མི། །སྣུ་ཧའི་འོ་མར་བཅས་པ་བླུད་པར་བྱ། །དེ་འཐུངས་ནས་ནི་ལུས་བཀྲུས་ཉམ
་སྟོབས་དག་།ཅི་ཡོད་པ་ལས་ཉི་མཚན་བརྟེན་པར་བྱ།། །སྐོམ་དད་སྐྱེས་ན་ཞག་གསུམ་ཐུག་པ་བླུད། ཅེས་བྱ་བ་ལ། ཤ་བཀྲའི་ནད་སོ་མར་ཙ་བསྐོལ་བའི་ཁུ་བ་བུ་རམ་དང་ཆད་སྦྱར་ཏེ་བླུད་པའམ། ཡང་ན་སོ་མར་ཛ་བསྐོལ་བའི་ཁུ་བ་ཤ་ཁུ་དང་སྦྱར་ཏེ་བླུད་པར་བྱ་སྟེ། དེ་ནི་བཀྲུ་སྨན
་གྱི་དམ་པ་འམ། །མཆོག་ཡིན་པར་འདོད་ལ། དེ་བས་ན་སོ་མར་ཛའི་ཁུ་བ་དེ་ནས་ལུས་བསྐྲུས་ཏེ་ཉམས་སྟོབས་ཀྱིས་ཇི་ཙམ་བཟོད་པར་ཉི་མཚན་ལ་བརྟེན་ཅིང་འདུག་པར་བྱའོ། །དེས་ཤ་བཀྲ་ཅན་དེ་བཀྲུས་པར་གྱུར་བ་དང། སྐོམ་དང་སྐྱེས་ན་ཞག་གསུམ་གྱིས་བར་དུ་ཐུག་པ་རྐྱང
་རྐྱང་པོ་བླུད་བར་བྱའོ། །ཤ་བཀྲའི་ལུས་ལ་ཆུ་བུར་བྱུང་གྱུར་ན། །དེ་ནི་ཚོར་མ་དག་གིས་བརྟོལ་བར་བྱ། །ཞེས་བྱ་བ་ལ། གོང་གིས་སྨན་དེས་བསྐུས་ནས་ཉི་མ་ལ་འདུག་ཕན་ཤ་བཀྲ་ཅན་གྱི་ལས་དེ་ལས་འབྲུམ་བུ་འམ་ཆུ་བུ་དང་བྱུང་བར་གྱུར་ན་ཆུ་བུར་དེ་ཚེར་མས་བརྟལ་ལ་ཆུ
་གཟགས་ཕར་བྱའོ། །ཆུ་བུར་གཟགས་པར་བྱས་ནས། ན་དིར་ཞིག། སོ་མར་ཛ་དང་ནི་ཨ་ས་ན། །པྲི་ཡངཀུ་དང་ཤུ་ཏི་ཆུར་བསྐོལ་བླུད་ཅེས་བྱ་བ་ལ། དེ་ལྟར་ཆུ་བུར་དེ་བརྟོལ་ཏེ་ཆུག་ཟགས་པའི་འོག་ཏུ་ཉི་མ་རེ་རེ་ཞིང་ནང་བར་གི་དུས་སུ་སེ་མར་ཛ་ལ་སོགས་པའི་སྨན་ཆུང་བསྐོལ་བ་བླུད་པར་བྱའོ
་རྒྱ་སྐྱེགས་ཤིང་ཐལ་བུ་མང་ཕྲན་སྦྱར་བའི། །ཆུ་ནི་ཉམས་སྟོབས་ཅི་ཡོད་པ་ལས་བླུད། །ཅེས་བྱ་བ་ལ། ཡང་ན་ཆུ་བུར་གཟུགས་པའི་འོག་ཏུ་རྒྱ་སྐྱེགས་ཀྱི་ཤིང་པ་ལ་ཤ་ཞེས་བྱ་བའི་ཐལ་བ་དང། བུར་མ་ཕྲ་མོ་པ་ནི་རྟ་ཞེས་བྱ་བ་སྦྱར་བའི་ཆུ་ཉམས་སྟོབས་ཅི་མོད་པ་ལས་ཟླ་བ་ཕྱེད་ཀྱི་བར
་དུ་ནང་རེ་བླུད་པར་བྱའོ། །བལ་གུ་སྐྱུ་རུ་རའི་ཤིང་དུག་ཉུང་ཤུན། །ཁུ་བ་སོ་མར་ཇ་བཅས་པ་བླུང། །དྲོ་བར་འདུག་ནས་ཆུ་ངུར་བྱུང་བ་ན། །ལན་ཆཝ་མེད་ཟས་དང་བར་བཅས་པ་སྦྱིན། །ཞེས་བྱ་བ་ལ། སོ་མར་ཛའི་ལྡེ་གུ་ཤིང་བལ་གུ་དང་སྐྱུ་རུ་ར་ལ་སོགས་པའི་ཤུན་པ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་
་བླུད་ནས་ཤ་བཀྲ་ཅན་དེ་ཉི་མཚན་ལ་འདུག་ཏུ་བཅུག་ནས་ཆུ་བུར་བྱུང་བར་གྱུར་པ་དང། ཚྭ་མེད་པའི་ཟས་དང་བ་དང་བཅས་པ་སྦྱིན་པར་བྱའོ། །བ་གཅིན་ཙི་ཏྲ་ཀ་དང་ཚ་བ་གསུམ། །སྦྲང་རྩིར་སྦྱར་བ་མར་གྱི་སྣོད་དུ་བཞག་།ཟླ་ཕྱེད་ལོན་ནས་ཤ་བཀྲ་ཅན་ལ་བླུད། །འདི་ལ
་?་ནད་གསོ་བའི་ཆོ་ག་འང་བྱ། །ཞེས་བྱ་བ་ལ། བ་གཅིན་དང། ཙི་ཏྲ་ཀ་དང། ཚ་བ་གསུམ་སྦྱར་བའི་ནང་དུ་སྦྲང་རྩི་བཏབ་ལ་མར་གཙུག་པའི་རྫ་མའི་སྣོད་ཀྱི་ནང་དུ་ཟླ་བ་ཕྱེད་ཀྱི་བར་དུ་བཞག་ལ། དེའི་འོག་ཏུ་བླུད་པར་བྱ་ཞིང་ཡང་ཤ་བཀྲའི་ནད་ཀྱིས་བཏབ་པ་འདི་ལ
་མཛེའི་ནད་ཀྱིས་གསོ་བའི་ཆོ་ག་ཇི་སྐད་བཤད་པ་བྱས་ན་ཡང་ཕན་ནོ། །ཡང་ན་འབྲིང་གིར་ཛ་ལྕགས་སྣོད་བཅུག་།ཏིལ་མར་ནང་དུ་བརྔོས་པ་སྦྱིན་བྱ་ཞིང། ། ས་ན་ཡི་ས་བོན་འོ་མར་བསྐོལ། །དེ་རྗེས་བླུད་ན་ཤ་བཀྲ་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཡང་ཤ་བཀྲའི་ནད་ཀྱིས
་བཏབ་པ་ལ། འབྲིང་གིར་རེ་ཛ་ལྕགས་ཀྱི་སྣོད་ཀྱི་ནང་དུ་བཅུག་སྟེ། ཏིལ་མར་གྱིས་བརྔོས་པ་བྱིན་ན། དེའི་རྗེས་ལ་ཨ་ས་ནའི་ས་བོན་འོ་མར་བསྐོལ་བ་བླུད་ན་ཤ་བཀྲའི་ནད་འཇོམས་པར་བྱེད་དོ། །དོང་ག་ཨ་རཀ་པུ་ཏི་ཀ་རཉྫ། །སྣུ་ཧ་ཛ་ཏིའི་ལོ་མ་བ་གཅིན་ལྷན་ཅིག་བཏགས།།
་ལྡེ་གུ་བསྐུས་ན་ཤ་བཀྲ་གཞང་འབྲུམ་དང། །ཤུ་བ་གཡན་བ་རྨ་འགྲམས་སེལ་བར་བྱེད་ཅེས་བྱ་བ་ལ། དོང་གནས་སྣུ་ཧའི་དང་ཛ་ཏིའི་བ??ར་གྱི་ལོ་མ་བ་གཅིན་དང་ལྷན་ཅིག་ཞིབ་ཏུ་བཏགས་པའི་ལྡེ་གུས་བསྐུས་ནི་ཤ་བཀྲ་ལ་སོགས་པའི་ནད་སེལ་བར་བྱེད་དོ།།
་གླངས་ཆེན་གཟིགས་གི་བགས་བསྲེགས་ཏིལ་མར་དང། སྦྱར་བ་བསྐུས་ན་ཤ་བཀྲ་སེལ་མཆོག་ཡིན་ཞེས་བྱ་བ་ལ། གླང་པོ་ཆེའི་པགས་བ་དང། གཟིག་གི་པགས་པ་མེའི་ནང་དུ་བསྲེགས་ལ་ཏིལ་མར་དང་བཅས་པའི་ལྡེ་གུས་བསྐུས་ན་ཡང་ཤ་བཀྲའི་ནད
་སེལ་བའི་མཆོག་དམ་པ་ཡིན་ནོ། །སྦུར་བ་དྲི་ངན་དོང་གའི་འོ་མ་དང། སྦྱར་ཏེ་བསྐུས་པ་གཅིག་བུས་ཤ་བཀྲ་སེལ་ཞེས་བྱ་བ་ལ། སྦུར་བ་དྲི་ད་ཞིང་གནག་པ་གང་ཡིན་པ་དེའི་དོང་གའི་ཤིང་གི་འོ་མ་དང་སྦྱར་ཏེ། ཤ་བཀྲ་ལ་བསྐུས་ན་རྫས་ཀྱི་སྦྱོར?་བ
་གཞན་དང་མ་འདྲེས་པ་གཅིག་པུ་དེས་ཀྱང་ཤ་བཀྲའི་ནད་སེལ་བར་བྱེད་དོ། །ཆུ་བུར་བསྐྱེད་ཕྱིར་གོ་བྱེ་ཆམ་ཆོམ་བརྡུངས། །ནུབ་མོ་བ་གཅིན་ལ་སྤངས་ཉི་གྲིབ་བསྐམས། །དེ་ལྟར་ལན་གསུམ་བྱས་ཏེ་ཞིབ་ཏུ་གཏགས། །སྣུ་ཧའི་འོ་མ་སྦྱར་བསྐུས་ཤ་བཀྲ་འཇོམས། །ཞེས་བྱ་བ་ལ། ཤ
་བཀྲ་ལས་ཆུ་བུར་སྐྱེད་ཅིང་འབྱུང་བར་བྱ་བའི་ཕྱིར། གོ་བྱེའི་ཞེས་བྱ་བ་བསེ་ཤིང་གི་འབྲས་བུ་ཆམ་ཆོམ་བརྡུངས་ཏེ། ནུབ་མོ་བ་གཅིན་གྱི་ནང་དུ་སྤངས་ནས་ཉིན་པར་གྲིབ་མ་ལ་བསྐམས་ཏེ་ཚུལ་དེ་ལྟར་ལན་གསུམ་སྤངས་ཤིང་བསྐམས་ནས་དེའི་འོག་ཏུ་དེ་ཞིབ་པར་བཏགས་ལ། ལྡེ་གུད
་སྦྱར་ཏེ། ཤིང་སྣུ་ཧ་ཞེས་བྱ་བ་ཤྲི་ཁཎྜ་འབྱུང་བའི་འོ་མ་དང་སྦྱར་ཏེ་བསྐུས་ན་ཤ་བཀྲའི་ནད་འཇོམས་ཤིང་སེལ་བར་བྱེད་དོ། །སྦྲུལ་ནག་བསྲེགས་པ་ལས་བྱུང་སྣག་ཆེ་ནི། །བ་རུ་ར་ཡི་མར་དང་སྦྱར་ཏེ་བསྐུ། ཞེས་བྱ་བ་ལ། སྦྲུལནག་པོ་སྣོད་ཁ་སྦྱར་བའི་ནང་དུ་དུ་བ་མ་ཤོར་བར་བསྲེགས
་པའི་ཐལ་བསྣག་ཚ་ལྟར་གྱུར་བདེ་བ་རུ་རའི་ཚི་གུ་བཙིར་བའི་ཁུ་བ་མར་དང་སྦྱར་ཏེ་བསྐུས་ན་ཡང་ཤ་བཀྲ་སེལ་བར་བྱེད་དོ། །དེ་བཞིན་རྨ་བྱའི་མཁྲིས་པ་བསྲེགས་པའམ། བལ་ཀ་བསྲེགས་རྨ་བྱའི་མཁྲིས་བསྲེགས་ཕན་ཞེས་བྱ་བ་ལ་རྨ་བྱའི་མཁྲིས་པ་བསྲེགས་པ་བསྐུས
་པའམ། །བ་ལ་ཀ་བསྲགས་པའི་ཐལ་བ་འམ། རྨ་བྱའི་མཁྲིས་པ་བསྲེགས་ཏེ། བསྐུས་ན་ཡང་ཤ་བཀྲའི་ནད་ལ་ཕན་ནོ། །སོ་མ་ར་ཛ་ས་བོན་ཕུལ་གང་དང། །བ་བླ་བཞི་ཆ་དག་ནི་བསྲེགས་ནས་སུ། །བ་ཡི་གཅིན་དང་སྦྱར་ཏེ་བཏགས་བསྐུས་ན། །ཤ་བཀྲ་པགས་མདོག་འདྲ་བར
་བྱེད་པའི་མཆོག་ཅེས་བྱ་བ་ལ། སོ་མར་ཛའི་ས་བོན་ལས་ཕུལ་གང་སྟེ་སྲང་བཞི། བ་བླ་དའི་བཞི་ཆ་སྟེ། སྲང་གཅིག་གཅིག་དུ་བསྲེས་ནས་པའི་གཅིན་དང་སྦྱར་ཏེ་བསྐུས་ན་ཡང་ཤ་བཀྲའི་ནད་དེ་པགས་པ་གཞན་དང་མདོག་འདྲ་བར་བྱེད་པའི་མཆོག་ཡིན་ནོ། །གླང་ཆེན་རྟུག་པ
་ལེགས་བསྲེགས་ཐལ་བ་ནི། །གླང་ཆེན་གཅིན་དང་བསྲེ་ཏེ་གཟགས་གྱུར་པ། །བྲེ་བཅུ་དྲུག་དང་སོ་མ་ར་ཛ་ཡི། །ས་བོན་བཅུ་ཆས་བཏབ་བསྐོལ་སྤྱི་བག་གྱུར། །མང་དུ་བརྡར་བདེ་ཡིས་བསྐུས་ནས་ནི། །ཤ་བཀྲའི་ནད་ནི་རྣམ་པར་འཇོམས་འགྱུར་ཞིང། མཛེ་ཡི་ནད་དམ་སྨྲེ་ངན་ག
་པོའན། །ཤ་ལྟག་སྐྱེས་པའི་རྨ་ནི་སྤྱོད་པར་བྱེད། ཅེས་བྱ་བ་ལ། བླང་པོ་ཆེའི་རྟུག་པ་ལེགས་པར་བསྲེགས་པའི་ཐལ་བ་ཡང་གླང?་པོ་ཆེའི་གཅིན་དང་ལྷན་ཅིག་ཏུ་བསྲེགས་པ་ལན་མང་དུ་གཟགས་པའི་ཁུ་བ་བྲེ་བཅུ་དྲུག་ཙམ་གྱི་ཆེད་ལ་སོ་མར་ཛའི་?
་གཅིན་ཁུའི་བཅུ་ཆ་བཏབ་སྟེ། བསྐོལ་ལ་ད་ཆོས་ནས་སྦྱིན་འགའ་བྱར་བག་ཅན་དུ་གྱུར་པ་དང། ཤ་བཀྲའི་ནང་ལྕིབ་བསྐམ་པོ་ལ་སོགས་པས་མང་དུ་བརྡུར་སྟེ། ལྡེ་གུ་དེས་བསྐུས་ན་ཤ་བཀྲའི་ནད་འཇོམས་པར་གྱུར་ལ། དེ་བཞིན་དུ་མཛེ་ནད་ལ་སོགས་པའི་ནང་ཡང
་དང་པོར་བདར་ཏེ་ངེས་བསྐུས་ན་སྦྱོར་ཞིང་སེལ་བར་བྱེད་དོ། །གོ་བྱེའི་ཙི་ཏྲ་ཀ་དང་སྣུ་ཧ་དང། །ཡརྒའི་རྩ་བ་དང་ནི་ལོ་མ་སེ། །དེ་བཞིན་ཚ་བ་གསུམ་དང་དུང་དང་ན། །སྤངས་མ་རུ་རྟར་བཅས་དང་ལན་ཚྭ་ལྔ། །ཐལ་བ་གཉིས་དང་ལངྒ་ལི་བཏགས་ཕྱེ། །སྣུ་ཧ་ཨརྐའི་འོ་མར་བསྐོལ
་ནས་ནི། །བསྐ་བར་གྱུར་པ་ལྕག་སྣོད་ནང་དུ་བཞུག། དེ་ཡི་ཐུར་མས་བསྐུས་ན་མཛེ་ནད་དང། །ཤ་བཀྲ་སྤེ་བ་ནག་ལ་པོར་གྱུར་པ་དང། །མཛེར་པ་གཞང་འབྲུམ་པགས་པའི་རྨེན་བུ་སེལ། ཞེས་བྱ་བ་ལ། ཤིང་སྣུ་ཧ་དང་ཨར་རྒའི་འོ་མའི་ནང་དུག་བྱེ་ལ་སོགས་པའི་སྨན་ཕྱེ
་མར་བྱས་ཏེ། བསྐོལ་ནས་འོ་མ་དེ་བསྐ་བར་གྱུར་པ་དང་དེ་ཐུར་མས་བླངས་ནས་བསྐུས་ན་མཛེ་ནད་ལ་སོགས་པ་སེལ་བར་བྱེད་དོ། །སྦྱར་བྱས་གཏར་ག་གདབ་པ་དང། །རྩུབ་ཆོས་བྱེ་ཟན་ཟོས་གྱུར་པས། །སྡིག་པ་ཟད་པར་གྱུར་པ་ཡིས། །འགའ་ཞིག་གིས་ནི་ཤ་བཀྲ་འབྱེད་ཞེS
་བྱ་པ་ལ། ཤ་བཀྲིལ་ནས་སྐྱེས་པར་གྱུར་ནས་སྐྱུགས་སྨན་དང་བཀྲུ་སྨན་གྱི་སྦྱང་བ་བྱས་པ་དང། གཏར་ག་གདབ་ཅང་ཁྲག་དབྱུང་བ་དང། རྩུབ་ཆོས་ཀྱི་རྣམ་པ། ཁ་བ་དང། ཕྱེ་ཟན་ཟོས་པར་གྱུར་པ་ལ་ནི། །སྡིག་བཟང་ཅིང་བསོད་ནམས་དང་ལྡན་པའི་མི་འགའ་ཞིག་གི
་ཤ་བཀྲ་འབྱུང་བར་འགྱུར་གྱི་ཐམས་ཅད་ནི་མ་ཡིན་ནོ། །ཁོང་བའི་སྲེན་ཡོད་སྣུམ་དུགས་བྱ། །བུ་རམ་འོ་མ་ཉ་སོགས་ཀྱིས། །བད་ཀན་སྲན་བུ་གློངས་ནས་ནི། །ནུབ་མོ་དེ་ནི་བདེ་བར་གནས། །བྱེའུ་རུག་སོགས་སྡེ་བ་གཅིན་དང། ཆུ་བྱེད་བཅས་པ་བསྐོས་ནས་ནི། །ཁུ
་པ་དེའི་ནང་པི་པི་ལིང། པོ་སོན་ཆ་དང་ཕྱི་དང་གཏིལ?་མང་སྤྲང་རྩི་ཀྱུ་རར་བཅས། །མས་བཏང་བས་ནི་གཏང་བར་བྱ། །ཞེས་བྱ་བ་ལ། སྲིན་བུ་ཁོད་པ་ན་ཡོད་པ་ཡི་ནང་པ་ལ་ནི་སྣུམ་གྱིས་ཤེས་པར་བྱས་ལ། དེའི་འོག་ཏུ་དུགས་བྱས་ནས་བུ་རམ་?་མ་དང་ཉའི་ཤེལ?་སོགས་?
་བད་ཀན་དང། སྲིན་བུ་གློངས་ཤིང་གནས་ལས་བཀོད་ལ་ནུབ་མོ་དེ་བདེ་བར་གནས་ཤིང་གཉིས་ལོག་ལ། ནང་པར་བྱེད་འུ་རུག་པ་ལ་སོགས་པའི་སྡེ་ཚན་པ་གཅིན་དང་ཆུ་བ་གཅིན་བྱེད་བླུགས་པའི་ནད་དུ་?་ལ། ཁུ་བའི་ནང་དུ་པི་པི་ལིང་ལ་སོགས་པའི་ལྡེ་གུ་བཏབ་ལ་ཏིལ
་མར་དང་སྭ་རྫི་ཀ་ཀྵ་དང་བཅས་པའི་མས་བཏང་བའི་བཀྲུ་སྨན་བཏང་བར་བྱའོ། །དེ་ཉིད་དེ་ལ་ད་ཉིད་དམ་དུར་བྱིད་ལྡེ་གུ་པོ་སོན་ཆེ། །པི་པི་ལིང་ནི་ཁུ་བར་བསྲེས། །དཀྲུ་སྨན་དེ་ལ་བླུད་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཉིན་ཞག་དེ་ཉིད་ལ། ལྟོ་ན་སྲིན་བུ་ཡོད་པའི་ནང་པ་དེ་ལ་ནི་རུ་ཉི
་མས་བཏང་བ་དེ་ཉིད་བླུད་པ་འམ། དུར་བྱིང་དང་ལྡེ་གུ་པོ་སོན་ཆ་དང་པི་པི་ལིང་བསྐོལ་བའི་ཁུ་བ་དང་བསྲེས་པའི་བཀྱུ་སྨན་བླུད་པར་བྱའོ། །དེ་ལྟར་སྟེང་འོག་སྦྱངས་བྱས་ནས། །ཚབ་སྔར་ལྡན་ཐུགས་གོས་བླུང། །ཚ་དང་ཁ་དང་བསྐ་བ་ཡི། །སྨན་བསྐོལ་ཆུས་ནི་བླུང་བར་བྱ། །ཞེས་བྱ་བ་ལ
་དེ་ལྟར་སྟེང་དང་འོག་ནས་སྦྱང་བར་བྱས་པའི་རྗེས་ལ་ནད་བ་དེ་ལ་ཆབ་ལྔ་དང་ལྡན་པའི་ཐུག་པ་ལ་སོགས་པའི་རིམ་པ་རླུང་པར་བྱའོ། །དེ་བཞིན་དུ་སྨན་ཚ་བ་དང། ཁ་བ་བསྐ་བ་དང་ལྡན་པའི་སྨན་ཆུ་བསྐལ་པ་བླུང་བར་བྱའོ། །དུས་སུ་བྱི་དང་གའི་ཏིལ་མར་འཇམ་རྩི་དེ་ལ་བཏང་བར་བྱ
་ཞེས་བྱ་བ་ལ། བཀྲུ་སྨན་དང་སྐྲགས་སྨན་བཏང་བའི་རྗེས་ལ། སྲིན་བུ་ཡོད་པའི་ནང་པ་དེ་ལ་འཇམ་རྩི་གཏང་བར་འོས་པའི་དུས་སུ་བྱི་དང་གལ་ཏིལ་མར་གྱིས་འཇམ་རྩི་མས་བཏང་པར་བྱའོ། །མགོ་ཡི་སྲན་བུར་མགོ་ན་དེ་ན། །གསོ་པར་བྱ་པའི་རིམ་པ་བྱ། །ཚ་དང་ཁ་བ་ཤས་ཆེ་ཞིང། །སྣུམ་ཉུད
་ཁ་ཟས་སྦྱིན་པར་བྱ། །ཞེས་བྱ་པོ་ལ། མགོ་བོ་ལ་བརྟེན་ཅིང་གནས་པའི་སིན་བུ་ཡོད་པ་ལ་ནི་མགོ་བོའི་ནང་གསོ་བ་ལས་བཤད་པའི་སྨན་གྱིས་གསོ་བའི་རིམ་བ་བྱ་ཞིང་?་ཟས་ཚ་བ་དང་ཁ་བའི་ཤས་སོ་ཆེ་ཞིང་དེ་ལྟ་བུ་ལས་གཞི་བླངས་པ་སྦྱིན་ཞིང་སྣུམ་ཆུང་བའི་བཟས་སྦྱིན་པར་བྱའོ།།
་བྱི་དཔག་དང་པི་པི་ལིང། །པི་པི་ལིང་རྩན་ལེ་ཤམ། །ན་ལེ་ཤམ་ནི་དཀར་པོ་དང། །སྭ་རྫི་ཀ་ནི་ཐལ་བར་བཅས། །ནས་ཐུག་དར་བར་བཙོས་པ་བླུད། །ཅེས་བྱ་བ་ལ། བྱི་དང་ག་ལ་སོགས་པའི་སྨན་དང་བཅས་པའི་ནས་ཐུག་དར་བར་བཙོས་པ་བླུད་པར་བྱའོ། །གི་རིག་?
་ཤྲི་ཤ་ཀ། པ་རི་པཏྲ་ཀེ་པུ་ཀ་།པ་ལ་ཤའི་འབྲས་བུ་ཏུ་ར། །པུ་ཏི་ཀ་ནི་སོ་སོར་བསྐོལ། །ཁུ་བ་སྦྲང་རྩི་བཅས་པ་འམ། ཞེས་བྱ་བ་ལ། ཀི་ནི་ཀརྞི་ལ་སོགས་པའི་སྨན་སྣ་གང་ཡང་རུང་བ་སོ་སོར་བསྐོལ་བའི་ཁུ་བ་དང། བྱེའུ་རུག་པ་དང་སྦྲང་རྩིར་སྦྱར་བ་བླུད་པར་བྱའོ། །བྱེའུ་རུག་པ
་ལ་སོགས་སྦྲང་རྩིར་སྦྱར་ཞེས་བྱ་བ་ལ། ཡང་ན་བྱེའུ་རུག་པ་ལ་སོགས་པ་སྟེ། བྱེའུ་རུག་པ་གཉིས་དང་ཕ་ནི་ཏ་ཞེས་བྱ་བ་ལ་སོགས་པའི་སྨན་སྣ་རེ་རེ་སྦྲང་རྩི་དང་སྦྱར་པའི་ལྡེ་གུ་སྦྱིན་པར་བྱའོ། །རྟ་སྤངས་ཕྱེ་མ་བྱི་དང་ག། བསྐོལ་བའི་ནང་སྦྲངས་མང་དུ་བཟའ་། །སྦྲང་རྩིར་བཅས
་པའི་ལྡེ་གུ་འམ། །འབྲས་བུ་གསུམ་ཁུར་སྤངས་པ་སྦྱིན། །མགོ་བོའི་སྲིན་བུའི་ནང་ལ་ནི། །དེ་ཡི་བྱེ་མ་བུང་པར་བྱ། ཞེས་བྱ་བ་ལ། ཡང་རྟ་སྤངས་ཀྱི་ཕྱེ་མ་བྱི་དང་གདང་བསྐོལ་བའི་ནང་དུ་སྦྱངས་ཤིང་བསྲེས་པ་ལན་མང་དུ་བཟའ་པ་འམ། །ཡང་ན་རྟ་སྤངས་ཀྱི་ཕྱེ་མ་སྦྲང་རྩི་དང་བཅས
་པའི་ལྡེ་གུ་འམ། །འབྲས་ཀྱི་ཁུ་བ་དང་སྦྱར་བ་སྦྱིན་པར་བྱ་སྟེ། ཡང་ན་མགོ་པོ་ན་སྲིན་བུ་ཡོད་པའི་ནད་ལ་ནི་རྟ་སྤངས་ཀྱི་ཕྱེ་མ་སྣའི་སྒོ་ནས་བུས་ལ་བཏང་ན་ཡང་ཕན་ནོ། །མུ་ཤ་ཀརྞ་འདབ་མ་ནི། །ཞིབ་ཏུ་བཏགས་པ་འབྲས་ཕྱེར་བཅས། །བཅོས་པའི་ཁུ་བ་སྦྱིན་པར་བྱ། དེ་ཡི་རྗེས
་ལ་རང་སྐྱུར་རམ། །དར་བ་སླབ་ཚ་བ་ལྔ། །ལན་ཚར་བཅས་པ་བླུད་པར་བྱ། །ཞེས་བྱ་བ་ལ། མུ་ཤ་ཀརྞི་ཞེས་བྱ་བ་ཨ་ཀུ་ཀརྞའི་འདབ་མ་བྱི་བའི་རྣ་བ་འདྲ་བ་ཞིབ་ཏུ་བཏགས་ལ། འབྲས་ས་ལུའི་ཕྱེ་མ་དང་སྦྱར་ཏེ་འདབ་མ་ལ་བཙོས་པའི་སྐྱ་ཁུར་བྱིན་ན་དེའི་འོག་ཏུ་འབྲས་ཀྱི་ཁུ་བའི་?་སྐྱུར
་ཀན་ཟི་ཞེས་བྱ་བ་ལ། ཚ་བ་ལྔ་དང་ལན་ཚར་བཅས་པ་བླུད་པ་འམ། དར་བ་སླ་བ་ལྔ་དང་བཅས་བླུད་པར་བའོ། །ནིམཔ་ཨ་པ་མརྒ་དང། །ནི་རྒུན་ཐི་ལོང་བཞིན་བྱ། །ཞེས་བྱ་བ་ལ། ནིམཔ་དང་ཨ་པ་མརྒ་དང། ནི་རྒུན་ཐའི་ལོ་མ་ལ་ཡང་མུ་ཤ་ཀརྞའི་སྐབས་སུ་བཤད་པའི་ཆོ་ག་དེ་བཞིན་དུ
་བྱས་པའི་ཁུ་བ་སྦྱིན་པར་བྱའོ་ཞེས་སྦྱར་རོ། །བྱི་དང་ག་ཡི་ཕྱེ་མ་དང། །བསྲེས་པའི་འབྲས་བྱེའི་ཁུར་བ་སྦྱིན། །གོ་བྱེའི་མར་ནི་རྙིང་པ་ལ། །བྱི་དང་ག་ཡི་ཤུན་པ་བསལ། །ཆ་ཕྱེད་བཅུག་སྟེ་ཉི་མར་བཞག། བཏུང་དང་འཇམ་རྩིར་སྦྱར་བར་བྱ། །ཐང་ཤིང་ཤྲི་ཕེ་ཊའི་སྣུམ། །སོ་སོར་དེ་བཞིན་སྦྱར
་བར་བྱ། །ཞེས་བྱ་བ་ལ། ཡང་ན་བྱི་དང་གའི་ཕྱི་མ་དང་བསྲེས་པའི་འབྲས་ཀྱི་ཕྱེའི་ཁུ་བ་སྦྱིན་པར་བྱ་བ་འམ། གོ་བྱེ་བཅིར་བའི་མར་གྱི་ནང་དུ་བྱི་དང་གཤུན་པ་དྲུས་པ་མར་དེའི་ཆ་ཕྱེད་བཅུག་ལ་ཉི་མ་ལ་བཞག་པ་ལ་བཏུང་བ་དང་འཇམ་རྩིར་སྦྱར་ན་ཡང་སྲིན་བུའི་ནད་སེལ་ཏོ། །ཐང་ཤིང་དང་ཤྲི་ཕཊ
་ཞེས་བྱ་བས་ར་ལའི་ཤིང་གི་སྣུམ་ཁུ་སོ་སོར་སྔ་མ་བཞིན་དུ་བྱི་དང་ག་སྣུན་པ་ཆ་ཕྱེད་བཅུག་སྟེ། བཏུང་བ་དང་འཇམ་རྩིར་སྦྱར་ན་ཡང་ཕན་ནོ། །བཤང་བར་སྐྱེས་ལ་ལྷག་པར་ཡང། བཀྲུ་སྨན་དང་ནི་འཇམ་རྩི་བཏང། །ཞེས་བྱ་བ་ལ། བཤང་བ་ལས་སྐྱེས་པའི་སྲིན་བུ་ལ་ཁྱད་པར་དུ་ཡང
་སྲིན་བུ་འཇོམས་པར་བྱེད་པའི་སྨན་དང་སྦྱར་ཏེ། བཀྲུ་སྨན་དང་འཇམ་རྩི་བཏང་བར་བྱའོ། །བད་ཀན་ལས་གྱུར་མགོ་བོ་ཡི། །བཀྲུ་སྨན་སློན་དང་ཞི་སྨན་བཏང་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྲིན་བུ་ལ་ནི་མགོ་བོའི་བཀྲུ་སྨན་དང་སློན་སྨན་ཞི་བའི་སྨན་བཏང་བས་གསལ་བར་བྱའོ། །ཁྲག
་ལས་གྱུར་པའི་སྲིན་བུ་ལ། །གསོ་བ་མཛེ་ཡིག་ཚུལ་དུ་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་སྲིན་བུ་ལ་ནི་མཇེ་ནད་གསོ་བའི་ཆོ་ག་ཇི་སྐད་སྨོས་པ་བཞིན་དུ་བྱའོ། །སྤུ་འབྱི་བྱེད་ལ་གསོ་བ་ནི། །ིནྡྲ་ལུཔཏའི་ཆོ་ག་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་སྲིན་བུ་སྤུ་ཟ་ཞིང་འབྱིན
་པར་བྱེད་པ་ལ་ནི། དེའི་གསོ་བ་ཨིནྡྲ་ལུཔཏའི་ཞེས་བྱ་བའི་ནད་གསོ་བའི་ཆོ་ག་རྒྱུད་ཕྱི་མ་ལས་མགོན་པའི་སྐབས་སུ་བཤད་པ་གང་དག་ཡིན་པ་དེ་བྱའོ། །འོ་མ་ཤ་དང་མར་དང་བུ་རམ་དང། །ཞོ་དང་འདབ་མ་ཅན་གྱི་ཚོད་མ་དང། །མདོར་ན་མངར་དང་སྐྱུར་བའི་ཁུ་བ་རྣམས། །སྲིན་བུ་གཞོམ་པར
་འདོད་བས་ཡོངས་སུ་སྤང། །ཞེས་བྱ་བ་ལ། མི་སྲིན་བུའི་ནད་གཞོམ་ཞིང་གསལ་བར་འདོད་པས་འོ་མ་ལ་སོགས་པ་སྤང་བར་བྱ་བ་དང། དེ་བཞིན་དུ་འདབ་མ་ཅན་གྱི་ཚོད་མ་སྟེ་རྒྱ་སྣེའུ་དང་ལྕམ་པ་ལ་སོགས་པའི་ཆོད་མ་སྤང་བ་དང། མདོར་བསྡུས་ན་མངར་བ་དང་སྐྱུར་པའི་བག་ཐམས་ཅད་ཡོངས་སུ
་སྤང་ཞིང་དོར་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས།ལེའུ་ཉི་ཤུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་བླུ་དང་ནད?
་གསོ་བ་བཤད་པར་བྱའོ། ཞེས་བྱ་བ་ལ། གོ་རིམ་འདི་ཉིད་ལ་བབས་པས་འདིའི་གསོ་བ་བསྟན་པའི་ཕྱིར་བརྩམས་པ་ཡིན་ནོ། །མ་འདྲེས་རླུང་ལ་དང་པོར་ནི། །མར་དང་རྐང་དང་ཚིལ་དད་ནི། །ཏིལ་མར་བླུད་ཅིང་སྣུམ་གྱི་ནི། །སྦྱོར་བས་ལེགས་པར་གསོ་བར་བྱ། །ཞེས་བྱ་བ་ལ། རླུང་?་མ
་འདྲེས་པ་དེས། བད་ཀན་དང་མཁྲིས་པའི་ནད་མེད་པ་ལ་ནི་དང་པོར་མར་ལ་སོས་པའི་སྣུམ་བླུད་ཅིང་བསྐུ་བ་དང་དུགས་ལ་སོགས་པ་སྣུམ་གྱིས་སྦྱོར་བས་གསོ་བར་བྱའོ། །དེ་ནས་སྣུམ་ཞེན་དལ་བསོད་ཏེ། །འོ་མས་སླར་ཡང་སྣུམ་ཆོས་བྱ། །རླན་ཅན་གྲོང་དང་ཆུ་ལ་གནས། །ཤ་ཁུ
་སྣུམ་དང་ལྡན་པ་གཏང། །འོ་ཐུག་ཀྲི་སྲར་སྐྱུར་དང་བཅས། །ལན་ཚྭར་ལྡན་བླུད་འཇམ་རྩི་བཏང། །སྣ་སྨན་སྐྱོ་བྱས་ཁ་བྲས་ནི། །སྣུམ་བྱས་བྱིན་ཞིང་དུགས་བྱས་ལ། །ལེགས་བསྐུས་སྣུམ་དང་ལྡན་པ་ལ། །གཤམ་མ་ལ་སོགས་དུགས་བྱའོ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རླུང་ནད
་ཀྱིས་ཞེན་པའི་ནད་ལ་སྣུམ་གྱི་ཆོ་ག་བྱས་པ་མ་དུབ་བར་གྱུར་པ་དེ་ལ། གསོ་ཞིང་དུབ་བརྟས་ཏེ་འོ་མ་བླུད་ཅིང་སྣུམ་གྱིས་ཆོ་ག་བྱ་བ་འམ། རླན་ཅན་གྱི་སྲོག་ཆགས་ལ་སོགས་པའི་ཤ་ཁུ་གང་ཡང་རུང་བ་བླུད་ཅིང་འོ་ཐུག་དང་དཀྲིས་རིལ་ཐུག་པ་སྐྱུར་དང་ལན་ཚ་དང་ལྡན་པ་རླུང་བ་ལས
་འཇམ་རྩིམས་བཏང་བ་དང། སྣ་ནས་སྨན་གྱིས་སྦྱོར་བ་བཏང་བ་དང། །སྐྱེ་མ་ལ་སོགས་པའི་ཁ་ཟས་སྣུམ་ཅན་བྱིན་པ་བརྟབ་བྱས་ལ། དེའི་འོག་ཏུ་ལེགས་པར་སྣུམ་གྱིས་ཞེན་པ་དང་གཤག་མ་ལ་སོགས་དུགས་ཀྱི་ལེའུ་ལས་བཤད་པ་རྣམས། སྣུམ་དང་ལྡན་པས་དུག་?་སྣུམ
་གྱིས་ཞེན་ཅིང་དུགས་བྱས་པS། །གཡོས་ཤིང་རེངས་པར་གཟེར་བཅས་པ། །ཞེས་བྱ་བ་ལ། སྣུམ་གྱིས་ལེགས་པར་ཞེན་པར་བྱས་པ་དང། དུགས་ལེགས་པར་བྱས་པ་ནི་ལུས་རླུང་ནད་ཀྱིས་གཡོ་ཞིང་སྒྲུབ་བལྟར་རེངས་པ་དང། གཟེར་དང་བཅས་པ་ལྷང་ལྷང་པོར་ན་?་བདག་ཀྱང་ཇི
་ལྟར་འདོད་བ་བཞིན་དུ་འགུགས་ཤིང་ལུས་སྡང་བར་བདེ་བླག་ཁོ་ནར་ནུས་བར་འགྱུར་རོ། །ཇི་ལྟར་འདོད་བཞིན་དགུག་བ་ནི། །བདེ་བླག་ཉིད་དུ་ནས་བར་འགྱུར། །ཇི་ལྟར་ཤིང་སྐབས་དག་ཀྱང་ནི། །སྣུམ་བསྐུས་བསྲོས་པར་གྱུར་ན་ནི། །ལས་སུ་བྱ་བར་རུང་གྱུར་ན། །སྲོག་བཅས་ལུས་ནི་སྨོས་ཅི
་དགོས། །ཞེས་བྱ་བ་ལ། དེ་ཡང་དཔེར་ན་ཤིང་སྐམ་པར་གྱུར་བ་དག་ཀྱང་སྣུན་གྱིས་བསྐུས་ཤིང་མེ་ལ་སྲོས་བར་གྱུར་ན་དགུག་བ་ལ་སོགས་བ་ལས་སུ་བྱ་བ་ཇི་ལྟར་འདོད་བ་ལྟར་བྱར་རུང་བ་ཡིན་ན། འཚོ་བའི་དང་པོ་སོགས་བཅས་པའི་ལུས་ལ་སྣུམ་དང་དུགས་ཀྱིས་བདེ་བླག་ཏུ་མནོS
་བ་ལྟ་སྨོས་ཀྱང་ཅ་དགོས་ཏེ་ངེས་པར་ནུས་སོ། །ཞེས་བྱ་བའི་དོན་ཏོ། །སྦུ་རྩེ་གཟེར་ན་སྙོམ་པ་དང། །ལུས་སྐེམ་རེངས་བའི་ནད་ལ་སོགས། །དུགས་བྱས་མྱུར་དུ་ཞི་འགྱུར་ཞིང། །མཉན་བ་ཉིད་དཱུང་འགྱུར་བ་ཡིན། །ཞེས་བྱ་བ་ལ། སྣམ་དང་དུགས་བྱས་པའི་རླུང་ནང་ཅན་གྱི་བ་སྦུ་རྩེ
་བ་ལ་སོགས་པའི་ནང་མྱུར་དུ་ཞི་བར་འགྱུར་བ་དང། མཉེན་ཞིང་འཇམ་བ་ཉིད་དུ་ཡང་འགྱུར་བ་ཡིན་ནོ། །སྣམ་བཏང་བས་ནི་ལུས་ཟུངས་རྣམས། །སྐམས་བ་ཉིད་དུ་རྒྱས་པར་བྱེད། །ཉམས་སྟོབས་མེ་དྲོད་འཕེལ་འགྱུར་ཞིང། །དེ་ཡི་སྲོག་ཀྱང་རིང་ནས་བྱེད། །ཅེས་བྱ་བ་ལ། རླུང་གི་ནད
་ཀྱིས་ཉམ་ཐག་པ་དེ་ལ་སྣུམ་གྱིས་སྦྱོར་བ་བཏང་བས། དངས་མ་ལ་སོགས་པའི་ལུས་ཟུང་བསྐམས་བ་རྒྱས་ཤིང་འཕེལ་བ་ལ། སོགས་པའི་ཡོན་ཏན་སྐྱེད་པར་བྱེད་པ་ཡིན་ནོ། །ལན་མང་སྣུམ་དང་དུགས་ཀྱིས་ནི། །ཆོ་ག་ལེགས་པར་སྦྱར་བར་བྱ། །དེ་ལྟར་སྣུམ་གྱིས་གཉེན་བྱས་ལྟོར།།
་གྱིས་དེ་ནི་སྦྱད་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་བཤད་མ་ཐག་པའི་སྦྱོར་བ་འདིས་རླུང་ནད་བད་ཀན་ལ་སོགས་པའི་ནང་གཞན་དང་འདྲས་པའི་ཕྱིར་བྱང་པར་མ་གྱུར་ན་སྣུན་ཅན་གྱི་སྐྱུགས་སྨན་བཀྲུ་སྨན་གྱིས་ཅི་རིགས་པར་སྦྱང་བར་བྱའོ། །ཞུན་མ་སེང་ཕྲོམ་བཙོས་པ་འམ། །ས་ཏལ་དང
་བསྐོལ་བ་འམ། །འོ་མ་ཨེ་རཎྜ་ཡི་མར། །བསྐོལ་བ་ནད་སེལ་དགེ་བ་བླུད་ཅེས་བྱ་བ་ལ། སྦྱང་བ་དེ་ཡང་སེང་ཕྲོམ་གྱིས་མངལ་སོགས་བ་གསུམ་ལས་གང་ཡང་རུང་བ་ཀླུད་པར་བྱའོ། །སྣུམ་གྱུར་དྲོ་དང་ལན་ཚ་སོགས། །ཟས་བྱིས་དྲི་མ་སོགས་གྱུར་ནས། །?
་འགགས་ཏེ་རླུང་འགག་བས། །དེ་ཕྱིར་དེ་ཡི་བདེ་རྒྱུ་བྱ། །ཞེས་བྱ་བ་ལ། སྣུམ་སེལ་བའི་ཟས་སྣུམ་བ་དང་སྐྱུར་བ་ལ་སོགས་བས་བཤད་ཞེས་བྱ་བའི་དྲི་མ་སོགས་ཤིང་འཕེལ་བར་གྱུར་པས་རླུང་རྒྱུ་བའི་བུ་ག་འགགས་པར་བྱེད་བ་ཡིན་པས་དེའི་ཕྱིར་དེ་བཀྲུ་སྨན་གྱི་སྦྱངས་བ
་བདེ་བར་རྒྱུ་བར་བྱའོ། །ཉམ་ཆུང་བཀྲུ་སྨན་བྱང་འོས་པས། །དེ་ལ་དྲོང་བསྐྱེད་སྨིན་བྱེད་པའི། །ཁ་ཟས་སྦྱིན་པ་འམ་དེ་བཅས་པའི། །མས་བཏང་བཀྲུ་སྨན་སྦྱང་བར་བྱ། །ཞེས་བྱ་བ་ལ། རླུང་ནད་ཅན་གང་ཞིག་ལུས་ཀྱི་ཉམས་སྟོབས་ཆུང་བར་གྱུར་ཀྱང་བཀྲུ་སྨན་བཏང་བར་འོས་བ་ཡིན་ན
་དེ་ལ་དྲོང་བསྐྱེད་ཅིང་སྨིན་པར་བྱེད་པའི་སྨན་དང། ཁ་ཟས་སྦྱིན་པར་བྱ་བ་འམ། །དྲོད་བསྐྱེད་པ་དང་སྨིན་པར་བྱེད་པ་དང་བཅས་པའི་མས་བཏང་པའི་ནེ་རུ་ཧ་བཏང་བར་བྱའོ། །སྦྱངས་ཤིང་མེ་དྲོད་བསྐྱེད་གྱུར་ནས། །སླར་ཡང་སྣུམ་དང་དུགས་བྱས་ཕན། །ཞེས་བྱ་བ་ལ། དེ་ལྟར་སྦྱང་བ
་བྱས་ནས་མེ་དྲོང་ཀྱང་ལེགས་པར་བསྐྱེད་པར་གྱུར་པ་དང་དེའི་འོག་ཏུ་སླར་ཡང་སྣུམ་དང་དྲུགས་ཀྱི་ཆོ་ག་བྱས་ན་རླུང་ནད་བདེ་བར་འབྱུང་བར་འགྱུར་རོ། །མ་ཞུ་བའི་གནས་སུ་ཞུགས་པའི་རླུང། །སློན་བྱས་ཟས་རིམས་བྱིན་ནས་ནི། །བ་ར་ཎ་སོགས་དྲུག་པ་འམ། །བུ་དག་སོགས
་ཆུ་དྲོ་སྦྱང་བླུང། །ཅེས་བྱ་བ་ལ། མ་ཞུ་བའི་གནས་ཕོ་བ་ཡན་ཆད་དུ་ཞུགས་པའི་རླུང་དད་པོར་སྐྱུགས་སྨན་གྱི་སློན་བྱས་ལ་ཐུག་པ་ལ་སོགས་པའི་ཁ་ཟས་ཀྱི་རིམ་པ་ཚུལ་བཞིན་དུ་བྱིན་པའི་འོག་ཏུ་བར་ཎ་ལ་སོགས་པའི་སྨན་གྱི་སྦྱོར་བ་དརྒ་གི་ཕྱེ་མ་བར་ཎ་དྲུག་བ་མཛེ་ནད་གྱི
་སྐབས་ནས་བཤད་པའམ། ཤུ་དག་ལ་སོགས་བ་སྐྱུགས་སྨན་ག་ཡི་སྡེ་ཚན་སྐབས་སུ་བཤད་པ་ཆུ་དྲོན་དང་སྦྱར་ཏེ་བླུད་པར་བྱའོ། །མེ་དྲོད་བསྐྱེད་ནས་དེ་འོག་ཏུ། །རླུང་ཅན་གཅིག་བུའི་གསོ་བར་བྱ། །ཞེས་བྱ་བ་ལ། ཐུག་པའི་རིམ་པ་ལ་སོགས་པའི་སྦྱོར་བས་ཨོང་བའི་མེ་དྲོང
་བསྐྱེད་ཅིང་སྦང་ནས་དེ་ཡི་འོག་ཏུ་རླུང་ན་དམ་འདྲེས་པ་དང་ལྡན་པ་ལ་རླུང་ནད་གཅིག་པུའི་གསོ་བ་ཇི་སྐད་སྨོས་པ་བའོ། །ལྟོ་བའི་ཕྱོགས་ཞུགས་?་བླ་ནི། །གཞོན་དང་ཉ་ཤས་གཡོས་བྱས་སྦྱིན་ཞེས་བྱ་བ་ལ། རླུང་གི་ནད་ལྟེ་བའི་ཕྱོགས་སུ་ཞུགས་ཤིང་བརྟེན་པ་ལ་ནི་བི་?་འབྲས་བུ་མ
་སྨོན་པ་གཞོན་ནུ་དང་ཉའི་ཤ་བཙོས་བ་སྦྱིན་པར་བྱའོ། །ལྟེ་བའི་འོག་ཞུ་འཇམ་རྩི་དང། །ཟས་ཀྱི་སྔོན་དུ་སྣུམ་བཏང་ཕན། །ཞེས་བྱ་བ་ལ། ལྡོ་བའི་འོག་ཞུ་བའི་གནས་སུ་བརྟེན་པའི་རླུང་ལ་ནི་སྣུམ་གྱི་འཇམ་རྩི་མས་བཏང་དང་དེ་བཞིན་དུ་ཁ་ཟས་མ་ཟོས་པའི་སྔོན་དུ་མངར་?། ཏིལ་མར
་སྦེན་ན་ཕན་ནོ། །ཁོད་པར་ཞུགས་ན་ཐལ་སྨན་སོགས། །ཕྱེ་མ་དྲོང་བསྐྱེད་སྨན་བྱིན་ཕན། །ཞེས་བྱ་བ་ལ། རླུང་ལྟོ་པའི་ནང་དུ་ཞུགས་པ་ལ་ནི། །ཐལ་སྨན་རྣོན་པོ་ལ་སོགས་པ་དང་སྦྱད་པའི་སྨན་གྱི་ཕྱེ་མ་ཕན་ནོ། །སྙིང་གནས་ས་ལ་པརྞི་དག། འོ་མ་དང་ནི་བསྐོལ་བ་ཕན་།ཞེས་བྱ་བ་ལ།
་སྙིང་ལ་གནས་པའི་རླུང་ལ་ནི་ས་ལ་བརྞི་ཞེས་བྱ་བ་སྨན་སྠ་དེར་བསྐོལ་བའི་འོ་མ་སྦྱིན་ན་ཡང་ཕན་ནོ། །མགོ་བོར་གནས་ལ་མགོ་སྣུམ་བསྐུ། །སྣ་སྨན་དུད་བརྡུ་བ་སྣུམ་ཅན་དང། །རྣ་བ་སོགས་ལ་ལྟ་བྱ་ཕན། །ཞེས་བྱ་བ་ལ། མགོ་བོ་ལ་བརྟེན་པའི་ནད་ལ་ནི། །མགོ་བོ་སྣུམ་གྱིས་བསྐུ་བའི
་སྦྱོར་བས་གསོ་བ་དང། རྣམས་སྨན་སྣུམ་ཅན་བཏང་བ་དང། དུད་པ་སྣུམ་ཅན་བརྡུབ་པར་བྱ་བ་དང། རྣ་བ་དང་མིག་ལ་སོགས་པ་ལ་ཡང་ལྟ་ཞིང་སྣུམ་གྱིས་དགང་པ་དག་ཀྱང་བྱས་ན་ཕན་ནོ། །པགས་པར་གནས་ལ་བསྐུ་བྱུགས་དུགས། །རླུང་མེད་གནས་སུ་གནས་བ་དང། །།བཟ་ཡིག་འབྱེད་པ
་ཕན་ཞེས་བྱ་བ་ལ། པགས་པ་ལ་བརྟེན་པའི་ནད་ལ་ནི་སྣུམ་གྱིས་བསྐུས་པ་དང། དུགས་བྱ་བ་དང། རླུང་མེད་ཅིང་སེར་བུས་མི་འཕོག་པའི་གནས་ཁང་པ་ལ་སོགས་པར་གནས་པ་དང། །བཟས་ཞིམ་ཞིང་བསོད་བ་ཕན་ནོ། །ཁྲག་གནས་བསིལ་སྨན་བསྐུ་བ་དང། བཀྲུ་སྨན་ཁྲལ?
་ནི་དབྱུང་བ་ཕན། ཞེས་བྱ་བ་ལ། ཁྲག་ལ་གནས་པའི་རླུང་ལ་བི་ཙན་དན་ལ་སོགས་པའི་སྨན་བསིལ་བ་བསྐུ་བ་དང། བཀྲུ་སྨན་བྱ་ཞིང་སྦྱང་བ་དང། །གཏར་ག་གདབ་ཅིང་ཁྲག་དབྱུང་བ་ཕན་ནོ། །ཤ་ཚིལ་བརྟེན་ལ་བཀྲུ་སྨན་དང། །མས་བཏང་བྲག་དང་ཞི་བྱའི་སྨན། །ཞེས་བྱ་བ་ལ་།
་ཤ་དང་ཆིལ་གནས་པའི་རླུང་ལ་ནི། །བཀྲུ་སྨན་དང་མས་བཏང་བའི་བཀྲུ་སྨན་ནི་ནི་རུ་ཧས་སྦྱང་བ་བྱ་བ་དང། ཕྱི་དང་ནང་ནས་ཞི་བར་ལ་བྱ་བའི་སྨན་བསྟེན་པ་དག་ཕན་ནོ། །རུས་པ་རྐང་ལ་གནས་པ་ལ། །ཕྱི་དང་ནང་ནས་སྣུམ་གྱིས་གསོ། །ཞེས་པ་ལ། རུས
་བ་དང་རྐང་ལ་གནས་པའི། །རླུང་ལ་ནི་ཕྱི་དང་ནང་ནས་སྣུམ་གྱིས་སྦྱོང་བ་བྱ་བས་བསལ་བར་བྱའོ། །ཁུ་ཆུར་གནས་ལ་སེམས་དགའ་དང། །ཁ་ཟས་སྟོབས་བསྐྱེད་རོ་ཙ་དན། །ཞེས་བྱ་བ་ལ། ཁུ་ཆུ་ལ་གནས་པའི་རླུང་ལ་ནི། །སེམས་དགའ་བར་བྱ་བ་དང། ལུས་ཀྱིས་སྟོངས་བསྐྱེད
་ཅིང་རོལ་ཁུ་བ་འཕེལ་བར་བྱེད་པའི་ཁ་ཟས་སྦྱིན་པར་བྱའོ། །ཁུ་བ་རྒྱུ་བ་འགགས་གྱུར་ན། །བཀྲུ་སྨན་བཏང་བས་གསོ་བར་བྱ། །ཞེས་བྱ་བ་ལ། ཁུ་བ་རྒྱུ་བ་འགགས་ཤིང་རྒྱུ་མི་ཤེས་པར་གྱུར་ན། བཀྲུ་སྨན་གྱི་སྦྱང་བས་གསོ་བར་བྱའོ། །འཁྲུས་ཤིང་ཟས་རིམས་བརྟེན་གྱུར་ནས
་སྔར་བཤད་པ་ཡི་གསོ་བ་བྱ། །ཞེས་བྱ་བ་ལ། དང་པོར་བཀྲུ་སྨན་གྱིས་འཁྲུས་པར་གྱུར་ཅིང་དེ་ཡི་འོག་ཏུ་ཐུག་པ་ལ་སོགས་པའི་ཟས་ཀྱི་རིམ་པ་བསྟེན་པར་གྱུར་ནས་སྡང་བཤད་མ་ཐག་པའི་སྦྱར་བར་གསོ་བར་བྱའོ། །རླུང་ལས་མངལ་ཆགས་བསྐམས་གྱུར་དང།
་བྱིས་པ་སྐེམས་པར་གྱུར་པ་ལ། །ཁར་ཏང་པ་ལ་ཤིང་མངར་རྣམས། །འོ་མར་སྦྱར་བསྐོལ་བླུད་པ་ཕན། ཞེས་བྱ་བ་ལ། རླུང་ནད་ཀྱིས་ཤས་ཆེ་བའི་ཁུ་བ་ལས་མངལ་དུ་སེམས་ཅན་ཆགས་པར་གྱུར་ནས་དེའི་ལུས་བསྐམས་པར་གྱུར་པ་དང། དེ་བཞིན་དུ་བཅས་ནས
་བྱིས་པའི་ལུས་དེ་སྙམ་བོར་བྱུང་ལ་ལ་ནི་ཁང་དཀར་པོ་དང་བཏང་བ་ལ་དང་ཤིང་མངར་འོ་མའི་ནང་དུ་བསྐོལ་བ་བླུད་པ་རྟ་ཞིང་ཤ་བསྐྱེད་པ་ཕན་ནོ། །རྒྱུས་པ་ཚིལ་དང་རྩར་ཞུགས་ལ། །སྣུམ་ཚར་ཀྲི་བའི་དུགས་བྱས་ཕ། །ཞེས་བྱ་བ་ལ། །རྒྱུས་པ་ལ་སོགས་པ་བཞུགས་པའི
་རླུང་བ་ནི་སྤུན་ཆེ་བ་དང་དཀྲི་བའི་དུགས་ཇི་སྐད་བཤད་པ་བྱས་ན་ཕན་ནོ། །ཡན་ལག་འཁུམས་ལ་མ་ཤ་དང། །རྒྱམ་ཚ་ཏིལ་མར་བསྐོལ་བས་བསྐུ། །ཞེས་བྱ་བ་ལ། ཡན་ལག་གི་གཟུགས་འཁུམས་ཤིང་འཇས་པ་ཡིན་མ་ཤ་ཞེས་བྱ་བ་མོན་སྲན་གྲེའུ་དང་རྒྱ་མཚ
་བསྐོལ་བའི་ཏིལ་མར་བསྐུས་ན་ཕན་ནོ། །ཁྲག་ཟགས་གྲགས་ལ་ཡན་ལག་ནི། །ཚོར་བ་མེད་པར་ཁྱིམ་དུད་པ། །རྒྱམ་ཚ་ཏིལ་མར་སྦྱར་བ་བསྐུ། །དཀྲི་བའི་དུགས་ནི་སྦྱར་བར། །ཞེས་བྱེ་བ་ལ། ཁྲག་གཟགས་ཤིང་ཕྱུང་དྲགས་པ་ལས་ཡན་ལག་ཚོར་བ་མེད་ཅིང་བེམ་བེམ་པོར
་གྱུར་པ་ལ་ནི་ཁྱིམ་གྱི་དུད་པ་དང། རྒྱམ་ཚ་དང་ཏིལ་མར་བཏགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །དེ་བཞིན་དུ་དཀྲི་བའི་དུགས་བྱས་ན་ཡང་ཕན་ནོ། །གཞན་དབང་གྱིས་གཟིར་གྱུར་ཅིང། །མིག་འགྱུར་མི་ཤེས་འདར་བ་མེད། །ཕོ་མཚན་མི་ལྡང་རྡུལ་མི་འབྱུང། །ཕྱི་རོལ་རྩོལ་བ་མེད
་གྱུར་པ། །ཁྲི་ཡི་བཅིངས་པས་མ་ནོན་པ། །དེ་ལ་མྱུར་དུ་གསོ་དཔྱད་བྱ། །ཞེས་བྱ་བ་ལ། གཞན་དབང་ཅན་ཞེས་བྱ་བའི་རླུང་གི་ནད་ཡོད་དེ། །ངེས་གཟེར་བར་གྱུར་ཅིང་མིག་གི་འབྲས་བུ་འགྱུར་མི་ཤེས་པ་དང། འདར་ཞིང་གཡོ་བ་མེད་པ་དང། ཕོ་མཚན་མི་ལྡང་ཞིང་ལས་སུ་མི་རུང་བ་དང
་རྡུལ་འབྱུང་མི་ཤེས་པ་དང། །ཕྱི་རོལ་གྱི་ལུས་གྱི་རྩལ་བ་འགྱུར་ལྡོག་མེད་པ་དང། ཁྲིའི་བཅིངས་པས་བསྡམས་ན་མནོན་པ་དེ་ལྟ་བུ་དེ་ལ་ནི་གསོ་དཔྱད་ཤིན་ཏུ་གསར་ཏེ་བྱའོ། །དེར་ནི་ཐོག་མར་སྣུམ་ཞེན་བྱ། །དུགས་བྱས་སྣ་སྨན་རྣོན་པོས་ནི། །བུ་ག་སྦྱང་ཕྱིར་བཏང་བ་དང། །རི་དང་ཡི
་བདེ་བསྐོལ་དང། །ཞོ་དང་འོ་མ་ཤ་ཁུ་དང། །མར་བསྐོལ་བ་ཡི་དངས་མ་བླུད། །ཅེས་བྱ་བ་ལ། གཞན་དབང་ཅན་གྱི་ནད་ཀྱིས་བཏབ་པ་དེ་དེ་ལ་ཐོག་མ་ཁོ་ནར་སྣུམ་གྱིས་ལེགས་པར་ཞེན་པར་བྱ་བ་དང། དུགས་ཀྱིས་བརླན་པར་བྱས་ནས་སྣ་སྨན་རྣོན་པོ་བཏང་ཞིང་སྤི་བོར་བཀྲུ་སྨན་གྱིས
་སྦྱང་?་བྱ་ཞིང། ཚ་བ་གསུམ་དང་བྱི་དང་ག་དང་པི་པི་ལིང་དཀར་པོ་ལ་སོགས་པ་བཏང་ཞིང་བུ་གའི་རྒྱུན་དག་པར་བྱའོ། །དེ་ལྟར་སྣ་སྨན་བཏང་ནས་དེ་ལ་འབིད་རི་ལ་སོགས་པའི་སྡེ་ཚན་བསྐོལ་བ་དང། ཞོ་དང་འོ་མ་དང་ཤ་ཁུ་དང་འོ་མ་ཆ་མི་ཉམ་བསྐོལ་བའི་མེད་གྱི་དངས་མ་བླུད་པར་བྱའོ
་དེས་ནི་རླུང་ནད་ཚབས་ཆེ་བའམ། འཕྲལ་དུ་ཁྱབ་པར་མི་འགྱུར་རོ་ཞེས་བྱ་བ་ལ། དེ་ལྟར་བྱས་པར་གྱུར་ན་རླུང་ནད་ཚབས་པོ་ཆོས་འདབས་བར་མི་འགྱུར་བའམ། །འཕྲལ་དུ་ལུས་ལ་ཁྱད་ཅིང་འབྱེར་བར་མི་འགྱུར་རོ། །རྒྱ་སྲན་ན་དང་རྒྱ་ཤུག་སོགས། །ཐད་ཤིང་ལ་སོགས་སྡེ་ཚན་ནི། རློན
་ཅན་ཤ་ནི་བསྐོལ་བ་དང། །སྐྱུར་དང་ལོ་མ་དག་དང་ནི། །མངར་བའི་སྡེ་ཚན་བཏབ་པ་ཡིས། །སྣུམ་ཆེན་དག་ནི་བསྐོལ་བ་ཡི། །བླུགས་དང་བཀྲུ་སྨན་ལུས་སྦྱིན་དང། །བཏུད་དང་སྣ་སྨན་འཇམ་རྩི་བྱ། །སྣུམ་དང་དུགས་ནི་ལེགས་སྤང་བ། །དེ་དང་དེས་ནི་རླུང་ནད་འཇོམས།།
་ཞེས་བྱ་བ་ལ། རྒྱ་སྲན་ཀུ་ལཏྟུ་ལ་སོགས་པ་དང། དེ་བཞིན་དུ་ཐང་ཤིང་ལ་སོགས་པའི་སྡེ་ཚན་སྐྱགས་སྨན་ལ་སོགས་པའི་སྡེ་ཚན་ལས་བཤད་པའི་རླུང་འཇིམས་པའི་སྨན་སྡེ་དང། རླན་ཅན་ན་གནས་པའི་སྲོག་ཆགས་ཀྱི་ཤ་ཁུ་བསྐོལ་བའི་ཆོགས་བསྐོལ་བའི་ཁུ་བ་དང། དེ་བཞིན
་དུ་རང་སྐྱུར་ལ་སོགས་པའི་སྐྱེད་དང། སྣུམ་ཆེན་པོ་མར་དང། ཏིལ་མད་དང་རྐད་དང། ཚིལ་ཞེས་བྱ་བ་དང། འོ་མ་?་དང་མངར་པའི་སྡེ་ཚན་གྱི་སྨན་བསྐོལ་བ་བྱས་ལ། །དེ་ལྟ་བུའི་སྣུམ་ཆེན་པོ་དེས་ནི་ལུས་ལ་བླུགས་པ་བྱས་ན་རླུང་འཇོམས་པར་བྱེད་ལ། དེ་བཞིན་དུ་ནུམ་དང་རྟགས
་ཀྱི་ལེའུ་ལས་བཤད་པའི་སྦྱོར་བ་དེ་དང་དེ་དག་ལེགས་པར་སྦྱར་ཅིང་བཏང་ན་དེས་རླུང་ནད་འཇོམས་པར་བྱེད་དོ། །ནད་ཤུགས་མ་དག་པ་ཡིན། །བད་ཀན་སེལ་ཅིང་རྣོ་བ་ཡི། །སྤྱི་ཡི་བཀྲུ་སྨན་ལན་མང་བཏད། །བུད་ཅིང་བཏད་པར་བྱས་པ་ཡིས། །དབུགས་རྒྱུའི་གནས་ནི་དག་གྱུར་ན་ཞེས
་ནི་དྲན་བརྙེད་པར་འགྱུར་ཞེས་བྱ་བ་ལ། གཞན་དབང་ཅན་གྱི་རླུང་ནད་ཅན་གྱིས་བཏབ་པའི་དབུགས་དང་པོ་ལས། གཞན་པའི་ཤུས་བར་མའི་གནས་སྐབས་སུ་སྤྱིའི་ཀྲུ་སྣང་བད་ཀན་སེལ་ཅིང་འཇོམས་པར་བྱེད་པའི་ན་གོ་བའི་བཀྲུ་སྨན་ཡང་དང་ཡང་དུ་བཏང་བར་བྱ་བར་དང་སྣ་ནས་སྨྲས
་གྱི་ཕྱེ་མ་བུད་ཅིང་བཏད་པར་བྱ་བ་དང། དེ་ལྟར་བྱས་པས་དབུགས་རྒྱུ་བའི་བུ་གའི་གནས་དག་པར་གྱུར་ན་སྐྱེས་བུ་དེ་དྲན་པ་རྙེད་པར་འགྱུར་རོ། །བ་རུ་ཚ་དད་ཨ་རུ་ར། །ཚིག་གསུམ་བསྐོལ་རླུང་ཆེན་སེལ། ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བར་གྱུར་པ་ལ་ནི་ཁ་རུ་ཚ་ལ་སོགས་པ་བསྐོལ
་བའི་མང་བླུད་ན་ཕན་ནོ། །སེང་ཕྲོམ་སྲང་བརྒྱ་འབྲས་བུ་གསུམ། ཁྲི་གང་རྩ་བ་ཆེན་པོ་ལྔ། །ེ་རཎྜ་དང་བྲི་ཧ་ཏཱི། །དུར་བྱིད་སྲད་ནི་ཆུ་བྲ་ནི། །བཅུ་དྲུག་ནད་དུ་བསྐོལ་ནས་ནི། །བཞི་ཆ་ལུས་པ་དེ་དང་ནི། །མང་བྲེ་གད་དང་ཞོ་བྲ་བཞི། །ནས་ཚིག་འཁྲུས་ཐལ་སྲང་གསུམ་བསྐོལ། །ཇི་སྟེང
་རླུང་ནད་མ་རུངས་བ། །ཡན་ལག་ཕྱོགས་གཅིག་ཀུན་ལ་ཞུགས། །མངལ་གྱི་ནད་དང་རྒྱུ་བླུགས་དང། །སྐྲན་དང་དམུ་རྫིང་འཇོམས་པར་བྱེད་ཅེས་བྱ་བ་ལ། །སེང་ཕྲོམ་ཞེས་བྱ་བ་ལ་རོ་ཧ་སྲང་བརྒྱད། །འབྲས་བུ་གསུམ་བྲེ་གང། །རྩ་བ་ལྔ་ཆེན་པོ་སྣ་དེ་ཞིང་སྲང་རེ་རོ། །ི་རཎྜ་དང། །བྱེག་ཉི
་དང། དུང་བྱིད་ཀྱང་སྲང་རེ་རེ་ཆུ་བྲེ་བཅུ་དྲུག་གི་ནད་དུ་བསྐོལ་ལ་སྣང་གྱི་ཁུ་བ་བཞི་ཆ་ལུས་བདད། །མར་བྲེ་གང་དང་ཞོ་བྲེ་བཞི་ནས་ཚིག་འཁྲུས་པའི་ཐལ་བ་སྲང་གསུམ་གྱི་ལྡེ་གུ་དང་ཡང་བསྐོལ་ལ་སྨན་མར་དེ་བསྟེན་ཅིང་གོམས་པར་བྱས་ན་རླུང་ནང་ཤིན་ཏུ་མ་རུངས་ཤིང་གསོད་དཀར་བ
་ལུས་ཀྱི་ཕྱོགས་གཅིག་གམ། ཡན་ལག་ཀུན་ལ་ཞུགས་པའི་ནང་ལ་སོགས་པ་འཇོམས་པར་བྱེད་དོ། །དམ་མྱ་ཀ་དང་ཨ་ཤྭ་ཀ། ཚ་ག་སེང་ཕྲོམ་ལྟ་བུར་བྱ། །ཞེས་བྱ་བ་ལ། རམ་མྱ་ཀ་དང། ཨ་ཤྭ་ཀ། ཆོ་ག་ཡང་སེང་ཕྲོམ་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟར་སེང་འཕྲོམས་པS
་སྲད་བརྒྱད་བཅུག་སྟེ། འབྲས་བུ་གསུམ་ལ་སོགས་པའི་ཚད་གོང་དུ་ཇི་སྐད་བཤད་པ་དང། སྨན་མར་སྦྱོར་བ་ཡང་འདི་ལྟར་ཤེས་པར་བྱའོ། །གསོ་བ་འདི་ནི་གཞན་དབང་ཅན། །རླུང་ན་དམ་འདྲེས་པ་ལ་བྱ། །ཞེས་བྱ་བ་ལ། འདས་མ་ཐག་པའི་གསོ་བ་འདི་ན་གཞན་དབང་ཅན་གྱི
་རླུང་ནད་ཅད་གཞི་གཞན་དང་མ་འདྲེས་པ་ལ་བྱ་བ་ཡིན་ནོ། །ནད་གཞི་འདྲེན་མར་འདྲེན་མར་བྱ། །ཞེས་བྱ་བ་ལ། རླུང་ནད་གཞན་དབང་ཅན་དེ་ཉིད་བད་ཀན་ནམ་མཁྲིས་པ་དང་འདྲེས་པར་གྱུར་ན་གསོ་བ་ཡང་འདྲེན་པར་བྱའོ། །བད་ཀན་བཅས་པའི་གཞན་དབང་ཅན། །སྙིང་ག་རྩི་བ
་ལོགས་ན་བར་ལ། །གཡེང་མ་ཤིང་ཀུན་ཨ་རུ་ར། །མ་ནུ་དང་ནི་ལན་ཚ་གསུམ། །ནས་བསྐོལ་ཁུ་བར་སྦྱད་བ་བླུད། །ཅེས་བྱ་བ་ལ། བད་ཀན་དང་འདྲེས་བའི་གཞན་དབང་ཅན་གྱི་རླུང་ནད་སྙིང་དང་རྩིབས་ལོགས་ན་བདག་ལ་ནི་གྱེང་མ་ལ་སོགས་པའི་སྨན་གི་ཕྱེ་མར་བསྐོལ་བའི་ཁུ་བ་དང
་སྤྱན་ལ་བླུད་པར་བྱའོ། །ཤིང་ཀུན་བཅའ་སྒ་རྟ་ལ་དུ་ཚ། སེའུ་འབྲུ་ལྟར་བུ་བཅས་པ་བླུད་ཅེས་བྱ་བ་ལ། ཡང་ན་གཞན་དབང་ཅན་གྱི་ནང་སྙིང་ག་དང་རྩི་བས་ལོགས་ན་བ་ལ་ཤིང་ཀུན་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བླུད་པར་བྱའོ། །བད་ཀན་རླུང་ནི་འདྲེས་པ་ལ། །སྙིང
་ནང་གསོ་བའི་སྐབས་བཤད་ཕན། །ཞེས་བྱ་བ་ལ། བད་ཀན་དང་རླུང་འདྲེས་པའི་ནད་ལ་ནི། །སྙིང་ནད་གསོ་བའི་སྟབས་སུ་བཤད་པའི་སྦྱོར་བ་གང་ཡིན་པ་ཕན་ནོ། །ད་སྒན་ཕྱིར་དགྱེ་ནང་གུག་གཉིས། །ཀླང་བ་གཞོགས་ཕྱེད་ན་ལྟར་གསོ། །ཏིལ་མར་གྱིས་བཀང
་སྣོད་དུ་བསྙལ། འདིར་ནི་ནང་གུག་རབ་གསོ་དཀའ་། །ཞེས་བྱ་བ་ལ། ད་སྐྲན་གྱི་ནང་ཕྱིར་དགྱེ་བ་དང། ནང་དུ་གུག་པ་གཉིས་ལ་ཡང་བླུད་པ་གཞགས་ཕྱེད་ན་བའི་གསོ་བ་ཇི་སྐད་སྨོས་བདག་བྱས་ན་ཕན་ནོ། །དེ་བཞིན་དུ་ཏིལ་མར་གྱིས་སྣང་ཆེན་པོ་དཀར་བའི་ནང་དུ་ལུས་བཅིངས
་ཀྱིས་ཉལ་བ་ཡང་ཕན་ནོ། །དེ་ལྟར་ཕྱིར་དགྱེ་བ་དང་ནང་དུ་གུག་པའི་ནང་འདི་ལས་ནང་དུ་གུག་པའི་ད་སྒན་གང་ཡིན་པ་དེ་ནི་ཤིན་ཏུ་གསོ་དཀའ་ཞིང་མི་བཟད་པའི་ནད་ཡིན་ནོ། །སོ་དང་བཞིན་གྱི་མདོག་ཉམས་ཤིང། །ཡན་ལག་ལྷོད་ཅིང་དྲན་པ་ཉམས། །རབ་ཏུ་རྡུལ་འོག་ཏུ
་རེངས་ཡིན། །དེ་ནི་ཞག་བཅུ་ལས་མི་འཚོ། །ཞེས་བྱ་བ་ལ། གཞུ་ལྟར་རེངས་པ་ཞེས་བྱ་བའི་ད་སྐྲན་གྱི་ནང་སོ་དང་བཞིན་པས་ཀྱི་མདོག་ཉམས་པ་དང་ལུས་ཀྱི་ཡན་ལག་ལྷོད་ཅིང་ཞི་གསང། །དྲན་བ་སྟོད་ཅིང་ཉམས་པ། རྡུལ་ཤས་ཆེར་འབྱུང་བ་དེ་ནི་ཞངས?་ཆུ
་ལས་མི་འཚོ་སྟེ། དེ་ལས་མི་ཐུབ་བོ། དེ་ལས་གཞན་ཤུགས་སྨན་གྱུར་འཚེ། །ལུས་སྒུ་པ་དང་འོན་གླེན་དང། །འཐེང་དང་ཞ་འོ་གཞོགས་ཕྱེད་ཉམས། །ཕྱེ་བོའམ། དབང་པོ་མ་ཚང་འགྱུར། །ཞེས་བྱ་བ་ལ། གལ་ཏེ་གཞུ་ལྟར་རེངས་པའི་དེ་རྒན་དེ་ལྟར་བཤད་པ་ལས
་གཞན་དུ་ཤུགས་མན་ཞིག་ཞན་པར་འགྱུར་བས། ཞག་བཅུས་འཆི་སྟེ། གལ་ཏེ་འཚོ་བར་གྱུར་ན་ལུས་དགུ་ཞིང་རྒུར་བ་དང། འོ་ན་ཞིང་རྣ་བའི་དབང་པོ་ཉམས་པ་དང། འཐེང་ཞིང་རྐང་གིས་འགྲོ་མི་ཤེས་པ་དང། ཞ་ཞིང་ལག་པས་བྱ་བ་མི་ནུས་པ་དང། ལུས་ཀྱི་གཞོགས
་ཕྱེད་ཉམས་ཤིང་བསྐམས་པ་དང། ཕྱེ་མོ་སྟེ་བརླ་གཉིས་ཀྱིས་འགྲོ་བར་འགྱུར་བ་འམ། ཡང་ན་དབང་པོ་མ་ཚང་སྟེ་འོན་པ་དང་མོད་པ་ལ་སོགས་པར་འགྱུར་རོ། །འགྲམས་པ་ཉམས་པར་འགྲམ་པ་སྣུམ། །དུགས་བྱས་ནས་ནི་རང་གནས་གཞུག། །བ་གདངས
་ཕེལ?་ཀོ་ཀོ་ནི། །བཏེག་ཏེ་མཁས་པས་གཞུག་པར་བྱ། །འཐམས་བར་གྱུར་བ་ལྷག་མ་ལ། །ཕྱོགས་གཅིག་གུག་པ་ལྟ་བུས་གསོ། །ཞེས་བྱ་བ་ལ། འགྲམ་པ་གནས་ལས་བསྐྱོད་ཅིང་འཆུས་ཏེ་ཉན་ས་བར་གྱུར་པའི་ནད་ལ་ནི་སྣུན་གྱིས་བསྡུ་ཞིང་དུགས་བྱས་ནས་རང་བདག་ནས་སུ་པའི
་གཞུག་པར་བྱ་བ་དང། ཡང་ཁ་གདངས་པར་གྱུར་པའི་རླུང་གི་ནད་ལ་གོ་ཀོའི་ཕྱོགས་ནས་ལེགས་པར་བཏག་སྟེ་རང་གི་གནས་སུ་བཞུག་པར་བྱ་ལ། འཐམས་པར་གྱུར་པའི་ནད་ལྷག་མ་ལ་ནི་ཕྱོགས་གཅིག་ཏུ་གུག་པའི་དེ་དུན་ཇི་ལྟ་བ་བཞིན་དུ་སོ་བའོ། །ལྕི་ལྔི་བ་གནས་སྐབས་ཇི་བཞིན་དུ
་རླུང་ནད་ཀྱིས་ནི་གསོ་བ་བྱ། །ཞེས་བྱ་བ་ལ། ལྕེ་ལྡིབ་པའི་རླུང་ནད་ལ་ནི་རླུང་ནད་ཀྱིས་གསོ་བ་ཇི་སྐད་ཤས་པ་དག་ནད་ཀྱི་གནས་ཇི་ལྟ་བ་ལས་བརྟགས་ཏེ་སྦྱར་བར་བྱ་བའོ། །ཀླད་པ་གཞོགས་ཕྱེད་ན་བ་ལ། །སྣ་སྨན་སྤྱི་བོར་ཏེ་ལེ་མར་དང། །མིག་དང་རྣ་བ་གང་བར་བྱ། །ཞེས་བྱ་བ་ལ་།ཀླད
་པའི་གཞོགས་ཕྱེད་ན་བའི་རླུང་གི་ནད་ལ་ནི་སྨན་སྣ་ནས་བཏང་བ་དང། སྤྱི་བོར་ཏིལ་མར་བསྐུ་བའི་སྦྱོར་བ་དང། མིག་དང་རྣ་བ་དགང་བའི་སྦྱོར་བ་ཇི་སྐད་སྨོས་པ་དག་བྱའོ། །སྐྲངས་ལ་སྐྱུགས་སྨན་བཏང་བར་བྱ། །ཚ་ཞིང་དམར་བཅས་གཏང་ག་གདག། ཅེས་བྱ་བ་ལ། ཀླད་པའི་གཞོགས
་བྱེད་ན་བ་དང། སྐྲངས་དང་བཅས་པའི་ནད་ལ་ནི་སྐྱུགས་སྨན་བཏང་བར་བྱའོ། །ཡང་ན་ཀླད་ནད་དེ་ཚ་ཞིང་དམར་བ་དང་བཅས་པ་ལ་ནི་གཏང་ཁ་གོང་བ་པས་གསོ་བར་བྱའོ། །གཞོགས་ཕྱེད་བསྐམས་པ་སྣམ་ཆོས་དང། སྣུམ་དང་ལྡན་པའི་བཀྲུ་སྨན་བཏང། ཞེས་བྱ་བ་ལ། བཞོགས
་བྱེད་བསྐམས་པའི་ཕྱོགས་གཅིག་པའི་རླུང་ནད་ལ་ནི་སྣུམ་གྱི་ཆོ་ག་ལ་སོགས་པ་བྱའོ། །དབུ་དང་འཇས་ལ་སྣ་སྨན་དང། །ཟས་ཀྱི་རྗེས་ལ་སྣུམ་སྦྱིན་བྱ། ཞེས་བྱ་བ་ལ། དཔུང་པ་འཇས་པའི་རླུང་ནད་ལ་ནི་སྨན་སྣ་ནས་བཏང་བ་ལ་སོགས་པ་བྱའོ། །བརླ་རེངས་པ་ལ་སྣུམ་ཆོས་དང།
་སྦྱོར་བྱས་ཕན་པ་མ་ཡིན་ཏེ། །བད་ཀན་མ་ཞི་ཚིལ་མདེབས། །དེ་ཕྱིར་དེ་ལ་རྩུབ་ཆོས་ཀྱིས། །ཟད་པར་བྱ་བས་གསོ་བར་བྱ། །ཞེས་བྱ་བ་ལ། བརླ་རངས་ཀྱི་རླུང་ནད་ལ་ནི་སྣུམ་གྱི་ཆོག་དང། སྤྱད་པ་བྱས་པ་བཀྲུ་སྨན་དང་སློན་སྨན་དང་མས་བཏང་བ་དང་གཏང་ག་གདབ་པ་པན་པ
་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བད་ཀན་དང་མ་ཞུ་བ་དང་ཚིལ་མང་བའི་རྒྱུ་ལས་བྱུང་བའི་ཕྱིར་ཏེ། དེ་ལ་ནི་སྐྱུགས་སྨན་ལ་སོགས་པ་གནོད་པ་ཡིན་ཏེ། དེ་བས་ན་དེ་ལ་རྩུབ་པའི་ཆོ་ག་བྱས་པ་དག་གིས་བད་ཀན་ལ་སོགས་པ་དེ་དག་ཟད་ཅིང་བསྐམས་པས་གསོ་བར
་བྱའོ། །ནས་དང་ཁྲེ་དང་ཁྲེ་རྒོད་སྦྱིན། །ཚོད་མ་ལན་ཚྭ་མེད་པ་ནི། །ཏིལ་མར་ཆུང་ཟད་ཆུར་བསྐོལ་བའམ། སྐམ་སའི་ཤ་ནི་མར་མེ་དང། །སྦྲང་རྩི་ཆུ་དང་ཆུང་རྙེད་སྦྱིན་ཞེས་བྱ་བ་ལ། རྩུབ་པའི་ཆོ་ག་བྱ་བ་དེ་ཡང་ནས་ལ་སོགས་པའི་ཁ་ཟས་སྦྱིན་ཞིང་ཚོད་མ་ཡང་ལན་ཚ་མེད
་པ་ཏིལ་མར་ཅུང་ཟད་བཏབ་ནས་ཆུའི་ནང་བསྐོལ་བ་སྦྱིན་ལ། གཞན་ཡང་སྐམ་སའི་ཤ་མར་མེད་པ་ལ་སོགས་པ་སྦྱིན་པར་བྱའོ། །ཕྱུག་པོའི་རླུང་ལ་དུགས་མོ་ཡུངས། །ཡུད་པའི་སྡེ་ཚན་ཤུ་དག་སོགས། །བསྐལ་བ་རྒྱམ་ཚྭར་བཅས་པ་འམ། །བར་ཎ་སོགས་ཕྱེད
་སྦྱར་བླུད། །ཅེས་བྱ་བ་ལ། ཕྱུག་པོའི་རླུང་ནད་ཅེས་བྱ་བའི་བརླ་རེངས་ཀྱི་ནད་ལ་ནི། དུག་མོ་ཉུད་ལ་སོཌ་པའི་སྡེ་ཚན་ནཾ། ཤུ་དག་གི་སྡེ་ཚན་ནཾ། ཡུང་བའི་སྡེ་ཚན་གང་ཡང་རུང་བ་བསྐོལ་བའི་ནད་དུ་རྒྱམ་ཚ་བཏབ་པའི་ཆུ་དྲོ་འཇམ་ཙམ་གདབ་པར་བྱའོ། །ཡང་ན་བར་ཎ་ལ་སོགས་པའི
་ཕྱེ་མ་བར་ཎ་དྲུག་པ་ཞེས་བྱ་བ་ཕྱེ་མ་ཆུ་དྲོ་འཇམ་ཙམ་རང་སྦྱར་ཏེ་བླུད་པར་བྱའོ། །ཡང་ན་དབྱི་མོ་འབྲས་བུ་གསུམ། །པུ་ཙ་ཤེལ་དང་པི་པི་ལིང། །སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན། ཞེས་བྱ་བ་ལ། །ཡང་ན་དབྱི་མོ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །ཡང་ན་དབྱི
་མོ་ཨ་རུ་ར། །ཙིཏ་ཀ་དང་ཐང་ཤད་དང། སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན། ཞེས་བྱ་བ་ལ། ཡང་ན་དབྱི་མོ་དང་ཨ་རུ་ར་ལ་སོགས་པའི་ལྡེ་གུ་སྦྱིན་པར་བྱའོ། །གུ་གུལ་བྲག་ཞུན་ཨ་རུ་ར། །བག་ཅིན་དང་ནི་བྱང་བ་བླུད། །ཅེས་བྱ་བ་ལ། ཡང་ན་བ་གཅིན་དང་གུ་གུལ་ལམ། བྲག་ཞུན་ནམ།
་ཨ་རུ་ར་གང་ཡང་རུང་བ་བླུད་པར་བྱའོ། །གླ་སྒང་ཙིཏྲ་ཆེ་བ་གསུམ། །འབྲས་བུ་གསུམ་དང་བྱི་དང་ག། གུ་གུལ་ཆ་མཉན་ཕྱེ་མ་སྦྱིན། །ཚིལ་དང་བད་ཀན་མ་ཞུ་ལས། །གྱུར་བའི་ནང་རྣམས་ཐམས་ཅད་སེལ། །ཞེས་བྱ་བ་ལ། གླ་སྒང་དང་ཙི་ཏྲ་ཀ་ལ་སོགས་པའི་སྨན་ཆ་མཉམ
་པའི་ཕྱེ་མ་བྱིན་ན་ཚིལ་པ་ལ་སོགས་ལས་གྱུར་པའི་རླུང་ནང་ཐམས་ཅད་སེལ་བར་འགྱུར་རོ། །དེ་ལྟར་བད་ཀན་ཤས་ཆེ་ཞིང། ཚིལ་བཅས་རླུང་ནི་ནད་སེལ་བྱེད། །ཅེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་གསོ་བའི་རིམ་པ་ཉེ་བར་སྦྱར་བར་གྱུར་པས་བད་ཀན་གྱི་ཤས་ཆེ་ཞིང་ཚིགས
་གྱུར་པའི་རླུང་གི་ནད་སེལ་ཅིང་འཇོམས་པར་བྱེད་དོ། །ཐལ་སྣན་པ་གཅིན་སྦྱར་དུགས་དང། བླུགས་ད་ལུས་ལ་དྲིལ་བའང་བྱ། །ཞེས་བྱ་བ་ལ། བརླ་དེངས་ཀྱི་ནང་དེ་ལ་ཐལ་སྨན་དད་ཐ་གཅིན་སྦྱར?་བའི་དུགས་བྱ་བ་དང། ལུས་ལ་སོགས་པ་དང། བསྐུ་ཞིང་དྲིལ་ཕྱིས་ཀྱང་ཐག་སྨན་དད་པ
་གཅིན་སྦྱར་བར་བྱའོ། །ཡུངས་ཀར་ཀརྙྫའི་འབྲས་བུ། བག་ཅིན་སྦྱར་བས་བསྐུ་བ་བྱ། །ཞེས་བྱ་བ་ལ། ཕྱི་རོལ་ནས་ཀྱང་བད་ཀན་ཟད་པར་བྱ་བའི་ཕྱིར། ཀ་རཉྫའི་འབྲས་བུ་དང་ཡུངས་ཀར་བ་གཅིན་མང་པོ་དང་སྦྱར་བའི་ལྔ་གུས་བསྐུ་བར་བྱའོ། །མང་ཨཾ་སྣམ་མཉྫ་དང། ནིམཔའི་རྩ་ལ་ཐད་ཤིང
་དང། །བོད་བ་དང་ནི་གྲོག་མཁར་ས། །ཡུངས་ཀར་སྦྲང་རྩིར་བཅས་བ་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་བད་ཀན་ཟད་པར་བྱ་བའི་ཕྱིར་ཨརྙ་དང། ཨགནི་མནྠ་དང། ནིམཔ་གསུམ་གྱི་རྩ་བ་ཐད་ཤིང་དང་ཡུངས་ཀར་བཏགས་ཏེ། སྦྲང་རྩི་དང་སྦྱར་བ་བསྐུ་བར་བྱའོ། །གྲོག་མ་ཁང་ཞེས་བྱ་བ་ནི་གྲོག
་མས་ས་བཀོས་བ་ལས་བཏོན་པའི་སའོ། །བད་ཀན་ཟད་ཕྱིར་དྲག་ཤུལ་ནི། །བཟོད་ན་དེ་ལ་བརྟེན་པར་བྱ། །ཞེས་བྱ་བ་ལ། བརླ་དེངས་ཀྱི་ནད་དང་ལྡན་པ་དེ་ལ་བད་ཀན་ཟད་པར་བྱ་བའི་ཕྱིར་དྲག་ཤུལ་ཀྱི་རྩོལ་བས་ལུས་དུབ་པར་བྱེད་པ་དག་པ་དོག་བཟོད་ཅིང་ནུས་ན་དེ་ལ་ཚེ་བརྟན་ནི་གནད་ནས་བྱ་བའོ།།
་དེ་ཡང་འདི་དག་སྟེ་ཐད་ལ་མཆོད་དང་ཅི་ནུས་ཀྱི། །ཉལ་པོ་དག་ཀྱང་ཡོངས་སུ་བསྟེན། །ཞེས་བྱ་བ་ལ། གཞི་མཉམ་པའི་ས་གཞི་ལ་མཆོད་ཞིང་བསྒལ་བ་དང། དེ་བཞིན་དུ་ལུས་ཀྱི་ཉམས་སྟོབས་ལས་དཔགས་ཏེ་བུད་མེད་པ་བརྟེན་ཅིང་ཉལ་པོ་བྱའོ། །ཆུ་མི་གཡོ་དང་སྟེང་བ་དང། །ཆུ
་རྒྱུན་བཟློག་པས་ཆུ་བོ་རྒལ། ཞེས་བྱ་བ་ལ། དེ་བཞིན་དུ་ཆུ་མི་གཡོ་ཞིང་བརྟན་པར་གནས་པ་ལ། ཅི་བདེད་གནས་པ་དང། དེ་བཞིན་ཆུའི་རྒྱུན་བཟློག་ཅིང་གྱེན་དུ་བརྒལ་བར་བྱའོ། །འདིར་ནི་ཚིལ་དང་བད་ཀན་དག། ཟད་ནས་སྣུམ་ལ་སོགས་པ་བཏང། །ཞེས་བྱ་བ་ལ། བརླབས་ཀྱི་ནང
་འདི་ལ་ཚལ་དང་བད་ཀན་གཉིས་ཟད་ཅིང་བྲི་བར་གྱུར་ནས་སྣུམ་ལ་སོགས་པ་རླུང་གིས་གསོ་བར་བཤད་པར་བྱའོ། །གནས་དང་ལུས་ཟུངས་སོགས་བརྟགས་ལ། །ལྷག་མ་རྣམས་ཀྱང་གསོ་བར་བྱ། །ཞེས་བྱ་བ་ལ། །རླུང་ནད་ལྷག་མ་གཟུགས་ལ་ཁུམས
་པ་ནས་རྐང་པ་ཚ་བའི་བར་གྱི་རླུད་ནད་ལ་གནས་དང་ལུས་ཟུངས་ཉམས་སྟོབས་དང་དུས་ལ་སོགས་པ་ལ་བརྟགས་ཏེ་ཅི་རིགས་པར་གསོ་བར་བྱའོ། །ས་ཧ་ར་ཙ་ཐད་ཤིང་དང། དོང་གྲ་བསྐོལ་བ་ཏིལ་མར་སྦྱར། །རླུང་གིས་ལུས་གི་ཟར་ལ་བླུད་ལ། ཅི་འདོད་ཐོགས་པ་མེད་འགྲོ
་ནུས། །ཞེས་བྱ་བ་ལ། ས་ཧ་ར་ཙ་ཐང་ཤིང་དང། །དོར་གྲ་མར་དང་སྦྱར་ཏེ། རླུང་གིས་ལུས་གཟིར་ཅིང་ཉེན་པ་ལ་བླུད་ན་ཅི་འདོད་པ་བཞིན་དུ་ཐོགས་པ་མེད་བར་འགྲོ་ནུས་པར་འགྱུར་རོ། །རསྣ་དོང་གྲ་ཙི་ཏྲ་ཀ། །ཟུར་པ་མ་ནུ་པི་པི་ལིང། །བཏགས་པའི་བྱེ་མར
་མར་བསྐོལ་བ། །རླུང་ནད་སེལ་བར་བྱེད་པའི་མཆོག་ཅེས་བྱ་བ་ལ། ར་སྣ་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་མར་དང་བསྐོལ་བ་རླུང་ནད་སེལ་བར་བྱེད་པའི་མཆོག་ཡིན་ནོ། །ནམཔི་སླེ་ཏྲེས་པ་ཤ་ཀོ། །ཀཎྜ་ཀཱ་རཱི་པ་ཏོ་ལ། སྲད་ནི་བཅུ་བཅུ་ཚང་བྱས་པ། །ཆུ་བྲེ་བཅུ་དྲུག་ནད་ན་བསྐོལ
་ཁུ་བ་བརྒྱད་ཆ་ལུས་པ་དེར། །མར་ནི་བྲེ་གང་བཅུག་སྟེ་བསྐོལ། པ་ཏི་ཐད་ཤིང་བྱི་དཔག། དོང་གྲ་ཉ་ཏི་པི་པི་ལིང། །སྐྱེད་པ་ཤུ་ཏིར?་?་མོ་དང། །ཏེ་ཙོ་བ་རྟེན་ལེ་ཤམ། །རུ་རྟ་དད་ནི་དུག་མོ་ཉུང། །ཐལ་སྨན་རྣམ་པ་གཉིས་པོ་དང། །ཏིལ་མུ་ས་དང་ཀྲུ་ཏྲུག་ཏེས། །ངེས་ཤིང་འདྲ་དུམ་བུ
་ཙ་ཤེལ། །ཤུ་དག་པི་པི་ལིང་རྩ་བ། །བཅོད་དང་བོད་དལ་ལ་ཕུད། །ཞོ་ནི་གཉིས་གཉིས་ཚང་བྱས་པ། །གུ་གུལ་སྤང་བ་སྲང་ལྔ་དང། །ལྡེ་གུ་བཏབ་སྟེ་བསྐོལ་བའི་བར། །བླུད་ན་རླུང་གི་ཚབས་ཆ་བ། །དུས་ཚིགས་རྐང་ལ་ཞེ་ནང་འཇོམས། །མཛེ་ནད་དེ་འདྲའ་ངེས་ལ་དང་བྱིད། །བུ་ག་རྨ་དང་ལབ་?་དད།
་མཚན་པར་རྡོལ་དང་འབྲས་ཀྱིས་ཕྲེང། །ནང་ཚོམ་ཡན་ཆད་ནད་ཀུན་དང། །སྐྲན་དང་གཞང་འབྲུམ་ནད་ཀུན་དང། །གཅོད་ཆེན་དབུགས་ནི་མི་བདེ་དང། །ཡི་ག་འཆུས་དད་ཆམ་པ་དང། །ལུད་པ་འོད་ནད་སྙིང་ནད་དང། །སྐྱ་རྔ་བ་མྱོས་དང་ཁོང་འབྲས་དང། །རླུང་དང་ཁྲག་གི་ནད་རྣམས་ལ་ཆོས?
་ཞེས་བྱ་བ་ལ། ནིམཔ་ལ་སོགས་པའི་སྨན་སྲང་བཅུ་བཅུའི་ཚད་དུ་བྱས་པ་ཇི་སྐད་སྨོས་པ་བཞིན་བསྐོལ་ཏེ། དེ་ལས་སྨན་ཁུ་བྲེ་དོ་ལུས་རལ་མར་བྲེ་གང་བཅུག་སྟེ། །བ་ཐལ་སོགས་ཞོ་གཉིས་ཀྱིས་ལྡེ་གུང་བྱས་པ་དང། གུ་གུལ་དག་ཅིང་དྲི་མ་མེད་པར་བྱས་པ་སྲད་ལྔ་ཡང་བཅུག
་སྟེ་ལྡེ་གུར་བྱས་པ་དང་བསྐོལ་བའི་མར་བླུད་ན་རླུང་ནད་ཤིན་ཏུ་ཆ་བས་ཆེ་བར་འཁྲུགས་ཤིད་རུས་པ་དང། ཚིགས་དང་རྐང་ལ་ཡང་ཞེན་པ་འཇོམས་པར་བྱེད་ལ། དེ་བཞིན་དུ་མཛེ་ནད་རུས་པ་དང། ཚིགས་དང་རང་པ་ལ་ཞེན་པ་ཡང་སེལ་བར་བྱེད་པ་དང། །དུ་གའི་ནང་གི་རྨ་དང་ལྔ་པ་ལ
་སོགས་པའི་མིང་འཇོམས་པར་བྱེད་པ་ཡིན་ན། །ཐལ་སྨན་གཉིས་ནི་ཡ་བཀྵ་ར་དང། སྭ་རྫི་ཀཥ་རའོ། །བིལྤ?་གཞོན་ནུའི་འོ་མ་དང། །མར་གྱི་ཉིད་ཁུས་བསོལ་ནས་ནི། །དེ་ལས་སྲང་ནི་གཅིག་གམ་ཕྱེད། །སྣ་སྨན་བྱས་གོ་རླུང་ནད་སེལ། །ཞེས་བྱ་བ་ལ། བིལྤ་།གཞོན་ནུ་རོའམ་བསྐོལ་བ་དང།།
་མར་གྱི་ཉིད་ཁུ་ཞེས་བྱ་བ་མར་ཁུའི་སྟེང་གི་ཆའི་དངས་མ་བསྐོལ་ལ་དེ་ལས་སྲང་གཅིག་གམ་ཕྱེད་ཙམ་སྣ་སྨན་དུ་བཏད་ན་མགོ་བོའི་རླུང་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་བཞིན་ཆུ་སྲིན་ནག་ཁྲ་དང། །ཉེ་དད་རུས་སྦལ་འུག་པའི་ཚུལ། །བསྐོལ་བ་མར་འདྲེས་རླུང་ལ་ནི། །ཁྱད་པ་དུ་ནི
་བཏང་བར་བྱ། །ཞེས་བྱ་བ་ལ། ཆུ་སྲིན་ལ་སོགས་པའི་ཚིལ་སྔ་མ་བཞིན་དུ་པིལྤཏ་གཞོན་ནུ་དང། བསྐོལ་བ་ཡང་རླུང་གིས་ནད་གཞན་དང་མ་འདྲེས་པ་ལ་ཕན་ནོ། །ཏིལ་གྱི་ཚིགས་མ་རྙིང་པ་དང། །རྩ་བ་ལྔ་པ་སོ་སོར་བསྐོལ། །གཅིག་ཏུ་བསྲེས་པ་ཏིལ་མར་ནི། །འོ་མ་བརྒྱད
་ཆའི་ནང་དུ་བསྐོལ། །བླུད་ན་རླུང་དང་བད་ཀན་དག། བསྲེས་པའི་ནང་ནི་མཆོག་ཏུ་འཇོམས། །ཞེས་བྱ་བ་ལ། ཏིལ་གྱི་ཚིག་མ་འབབ་ཆ་རྙིང་པ་དང། རྩ་བ་ལྔ་པ་ཆེན་པོ་སྟེ། དེ་གཉིས་སྨེན་སྐོལ་བའི་ཚོགས་སོ་སོར་བསྐོལ་ལ། །དེ་གཉིས་གཅིག་ཏུ་སྲེས་པ་ཏིལ་མར་འོ་མ་བརྒྱད་ཆའི་ནང་དུ་བསྐོལ་ལ།།
་ཏིལ་མར་བླུད་ན་རླུང་དང་བད་ཀན་འདྲེས་པའི་ནད་གང་དག་ཡིན་པ་དེ་སེལ་ཅིང་འཇོམས་པར་བྱེད་དོ། །བྲ་ས་ར་ནི་སྲང་བརྒྱད་སྐོལ། །ཏིལ་མར་འོ་མ་བྲེ་རེ་དང། །མེད་གཉི་དང་ཤ་བུ་སྦ། །གཅོད་དང་དུ་རྟ་ར་སྣ་དང། །ཙན་དན་དམར་པོ་ཛེ་བ་ཀ། །ར་སྣར་མཉེ་བ་གཉིས་དང། །ཐང་ཤིང་བཏགS
་པའི་ལྡེ་གུ་དང། །བསྐོལ་བླུང་རླུང་ནད་ཐམས་ཅད་སེལ། །ཞེས་བྱ་བ་ལ། སྨན་པྲ་ས་ར་སྲད་བརྒྱད་བསྐོལ་བའི་ཁུ་བའི་ནང་དུ་ཏིལ་མར་བྲེ་གང་དང་པོ་མ་བྲེ་གང་བསྲེས་ལ་མེད་གཉིས་ལ་སོགས་པའི་སྨན་ལྡེ་གུའི་ཚུལ་དུ་བཏགས་ལ་བསྐོལ་བའི་སྙིང
་མར་ངེས་ནི་རླུང་ལ་སོགས་པའི་ནང་ཇི་སྙེད་པ་ཐམས་ཅད་སེལ་ཅིང་འཇོམས་པར་བྱེད་དོ། །ས་ཧ་ཅང?་བརྩབ་ཡལ་ག་བཅས། །སྲང་བརྒྱ་རྩ་བ་བཅུ་འདི་དེ་དང་མཉམ། །ཉེའུ་ཤིང་སྲང་ནི་ལྔ་བཅུ་ཆུ་བྲེ་དྲུག་ཅུ་ནི། །རྩ་བ་བཞི་ནད་བསྐོས་ཆུ་ལུས་པ་དང། །ཆུ་སྲིན་སེན་མོ་རུ་རྟ་པུ
་ཤེལ་ཅོ། །ཙན་དན་སུག་སྨེལ་པྲི་ཀ་པྲི་ཡངཀུ། །ན་ལི་ཀ་དང་རྡོ་དྲེག་པ་ལ་ཀ། སྤང་པོས་ཐད་ཤིང་བཙོད་དང་ཡང་ཀ་རུ། །ཙ་རོང་ཤི་ཏི་རྒྱ་སྤོས་དུ་རུ་ཀ། སྲད་རེ་ཆ་མཉམ་འོ་མང་བཅས་པ་ནི། །ཏིལ་མར་བྲེ་བཞི་ལྷན་ཅིག་བསྐོལ་བ་བླུད། །རླུང་ནད་གསོ་དཀའ་དག་ཀྱང་འཇོམས
་པར་བྱེད། །ལུས་འདར་ལུས་ལ་རླུང་འཇུག་ལུས་རེངས་དང། །ལུས་བསྐམས་པ་ཡིས་ཤིན་ཏུ་གཟིར་ལ་སོགས། །སྐྲན་དང་སྨྱོ་བྱེད་ཆམ་པ་མངལ་ནང་འཇོམས། །ཞེས་བྱ་བ་ལ། སྨན་ས་ཧ་ཙར་ཙའི་རྩ་བ་དང་ཡལ་ག་སྲང་བརྒྱ་རྩ་བ་བཅུ་ཡང་དེ་དང་མཉམ་པ་སྟེ། སྤྱིར་སྲང་བརྒྱ
་ཉེའུ་ཤིང་སྲང་ལྔ་བཅུ་ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ལ། སྨན་གྱི་ཁུ་བ་བཞི་ཆ་ལུས་བ་དེར་ཆུ་སྲིན་སེན་མོ་ལ་སོགས་པ་སྨན་སྣ་རེ་ཞིང་སྲང་རེ་འོམ་ཁྲེ་བཅུ་དྲུག་དང་ཏིལ་ཡང་བྲེ་བཞི་ལྷན་ཅིག་སྐོལ་ཏེ། ཏིལ་མར་བླུད་ན་རླུང་གི་ནད་ཤིན་ཏུ་གསོ་བར་དཀའ་བར་། ལུད་འདར་ལ་སོགས་པ་འཇོམས་པར་བྱེད
་བྲི་ཀ་ནི་བིལ་ཏ་སྟེ། འབུག་སུག་ཧང་དོ། །ན་ལི་ཀ་ནི་བི་རུམ་ལ་ཏའོ། །བ་ལ་ཀ་ནི་ཨམ་ལུའོ། །རྡོ་དྲེག་ནི་ཤི་ལ་བུ་སྤའོ། །ཅོ་དོ་ད་ནི་ཙན་དན་ནོ། །ས་ཧ་ཙ་ར་སྲང་བརྒྱ་ཡི། །ཁུ་བར་ཏིལ་མར་བྲེ་བཞི་བསྐོལ། །དེ་རྩ་ལྡེ་གུ་སྲད་བཅུ་དང། །འོ་མ་བཞི་འགྱུར་བཅུག་སྟེ་བསྐོལ། །ཡང་ན
་རྒྱ་སྨོས་ཤུ་དག་དང། །སྠ་རི་རུ་རྟ་ཤུ་དག་དང། སུག་སྨེལ་རྡོ་དྲེག་སྤང་པོས་དང། །ཤུ་ཏི་ཙན་དན་དམར་པོ་གཞུག། བསྐོལ་དེ་ནི་ཁ་རའི་ཕྱེ། །སྲང་ནི་བཅོ་བརྒྱད་གཞུག་པར་བྱ། །ཏིལ་མར་སྨན་མང་ཡིན་པར་བཤད། །དེ་ནི་རླུང་ནད་མ་ལུས་དང། །རླུང་ནད་འཁྱིལ་ནས་སྨྱོ་བྱེད་དང།།
་སྲན་དང་རླིག་རླུགས་ལ་སོགས་སེལ་ཞེས་བྱ་བ་ལ། ས་ཧ་ཅང་སྲང་བརྒྱ་སྨ་ཁུ་བསྐོལ་བའི་སྦྱོར་བས་བསྐོལ་ལ། ཁུ་བ་དེའི་ནང་དུ་ཏིལ་མར་བྲེ་བཞི་དང་བསྲེས་ཏེ། ས་ཧ་ཙ་རའི་ལྡེ་གུ་སྲང་བཅུ་དང། འོ་མ་ཏིལ་མར་གྱི་བཞི་འགྱུར་བཅུག་ལ་བསྐོལ་ཏེ་སྨན་མང་དབྱ་བའམ། ཡང་ན་ཧ་ཅའི་རྩ་བསྲང
་བཅུ་བོ་མི་གཞུག་པར་རྒྱ་སྤོས་ལ་སོགས་པ་སྲང་བཅུ་བཅུག་ལ་བསྐོལ་བར་བྱས་ཏེ། ཏིལ་མར་གཉིས་གང་བྱས་ཀྱང་དུང་སྟེ། དེ་བསྐོལ་བའི་ནང་དུ་ཁང་དཀར་པོའི་ཕྱེ་མ་སྲང་བཅོ་བརྒྱད་གཞུག་པར་བྱའོ། །དེ་ལྟ་བུའི་མར་གྱི་སྨན་མར་བླུད་ན་དེས་རླུང་ནད་གསོ་དཀའ་བ་མ་ལུས་པ་དང། རླུང་ནད
་མཁྲིས་པ་ལ་སོགས་པ་སེལ་བར་བྱེད་དོ། །བ་བླ་སྲང་བརྒྱ་སླ་ཏྲེས་ནི། །བཞི་ཆར་ར་སྣ་བརྒྱད་ཆ་ནི། །ཆུ་བྲེ་བཞི་བརྒྱ་ནང་དུ་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་དང། །ཞོ་དང་ཞོ་ཁུ་ཆུ་བུར་རམ། །ཤིང་ཁུ་ཚ་དང་ཏིལ་མར་རྣམས། །བྲེ་ནི་བཞི་བཞི་བསྐལ་ནས་ནི། །ང་ཡི་འོ་ན་ཆ་ཕྱེད་དང། །དྲུང་བསྐྱེད་པ
་མངལ?། །སྲུག་སྨེལ་བཅོད་དང་ཨ་ཀ་རུ། །ཙན་དན་ཨ་ཏི་བ་ལ་དང། ཤུག་པ་གླ་སྒང་མུངྒའི་ལོ། །ཧ་རེ་ནུ་ཀ་ཤིང་མངར་དང། །བྱ་བྲག་ནག་བྱའུ་དུག་པ། །ཟངས་རྩི་བ་དང་ཛི་བ་ཀ། །གླ་རྩི་ལྕེ་པོག་པ་ལ་ཤ། ཛཱ་ཏི་ཤོ་ཀ་ན་ལི་ཀ། གུར་གུམ་ཛ་དྲག་པྲི་ཀ་དང། །ཛཱ་ཏི་པ་ལ་ཀ་ཧྭ་ལ། །པ་ལ་ཀ་དང
་ཤིང་རྩ་དང། །ཀུན་ཏུ་རུ་དང་ག་བུར་དང། །ཤེ་རི་བ་ས་དུ་རུ་ཀ། ཡི་ཤི་ཆུ་སིན་སེན་མོ་དང། དུ་རྟ་སྤང་བོས་ཀ་ཀོ་ལ། །པྲི་ཡངཀུ་དང་སྟོན་ནེ་ཨ། །རྒྱ་སྤོས་ཤུ་དག་བྱ་མ་ཀ། མངན་ག་བླ་བ་དག། །ན་ག་གེ་སེར་སྲང་རེ་དང། །བསྐོལ་ཏེ་བཙགས་པར་གྱུར་པ་དུ། །གནད་པ་ཏྲའི་ལྡེ་གུ་ནི། །ཆོག
་བཞིན་དུ་བཅུག་པ་དེས། །ལུད་པ་དབུགས་མི་བདེ་དང་རིམས། །བརྒྱལ་དང་སློན་སྐྲན་ཟད་བྱེད་པ། །གློ་འགྲམས་མཆེད་ནང་སྐམས་པ་དང། བརྗེད་བྱེད་བཀྲ་མི་ཤིས་པ་སོལ། །པ་ལི་ཏིལ་མར་བཟང་པོ་ནི། །རླུང་གི་ནང་ནི་འཇོམས་བྱེད་ཡིན། ཞེས་བྱ་བ་ལ། སྣང་བ་ལ་སྲང་བརྒྱ། །སླ་ཏྲེས
་བ་ཉི་ཚ་སྟེ་སྲང་ཉི་ཤུ་རྩ་ལྔ། །དེ་སྣ་བརྒྱད་ཆ་སྟེ། སྲང་ཕྱེད་དང་བཅུ་གསུམ། ཆུ་བྲེ་བཞི་བརྒྱ་ཆ་སྟེ། ཆུ་སྲང་ཁྲི་ཉིས་སྟོང་དགུ་བཅུ་རྩ་དགུ་དང་བསྐོལ་ལ། དེ་ལ་ཆུ་བྲེ་བརྒྱད་ཆ་སྟེ། །བྲེ་བཞི་ལུས་པར་གྱུར་པ་དང། ཞོ་དང་ཞོ་ཁ་ཅུ་བཱུམ་ཤིང་གི་ཁུ་བདག་ཚ་བྲེ་བཞི་ཏིལ་མར་བྲེ་བཞི་དང
་བསྐོལ་ནས་རའི་འོ་མ་ཆ་ཕྱེད་དེ་བྲེ་དོ་བཅུག་ལ་ཟུར་པ་ལ་སགས་པའི་སྨན་སྣ་རེ་ཞིང་སྲང་རེའི་ལྡེ་གུ་བཅུག་ལ། བསྐོལ་ལ་ཆོས་པ་དང་ཕབ་སྟེ་བཙགས་པའི་ནང་དུ་གནད་པ་ཏྲའི་ལྡེ་གུ་སྲང་གཅིག་ཙམ་མ་མ། ཡང་ན་ཅི་རན་གཞུག་པར་བྱའོ། །དེ་ནས་ཏི་བ་མར་དེ་ཚེ་ག
་བཞིན་དུ་བཅུག་ན་བུད་པ་དང་དབུགས་མི་བདེ་བ་ལ་སོགས་བསེལ་བར་བྱེད་དོ། །བ་ལའི་ཏིལ་མར་འདི་ནི་སྨན་མར་གྱིས་མཆོག་དམ་པ་ཡིན་པས་རླུང་གི་ནང་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །མུངྒའི་ལོ་མ་ནི། །མུངྒ་པརྞཱིའོ། །ཏ་རེ་ནུ་ཀ་ནི་ཀེ་ནིའོ། །ལྕེ་ཕོར་ནི་པ་ལའོ་ཁ་མ་ཤ་རྙི
་རྒྱ་སྐྱེགས་ཤིང་ཛ་ཏི་ཀ་ཤ་ནི་ཇ་པ་ཏྲའོ། །ན་ལི་ཀ་ནི་བི་དུ་མ་ག་ཏའོ། །ཛ་ཏི་པ་ལ་ནི་རླིག་ཤི་ཝེར་རེ། །བ་ལ་ཀ་ནི་ཨམ་བུའོ། །ཀ་ཀོ་ལ་ནི་བ་ཏུའི་ཛ་ག་སྟེ། །ས་བོན་དང་མང་པོ་ཅན་ནོ། །ཏེ་ན་ཡ་ནི་ཏྲེ་ལ་པ་ཏྲི་ཀའོ། །བྱ་བ་ཀ་ནི་དབང་གི་ཐའོ། །མངན་ཀ་ནི་མན་མཛའ་ཨོ། །བླང་ནི་ཀུན་ཏན་ན་ཐོབ
་བཏུད་དང་སྣ་སྨན་བསྐུ་བ་དང་འཇམ་རྩི་ནི། སྣུམ་གྱི་སྦྱོར་བའང་སུ་ལེགས་བསྟེན་ན། །དེས་ནི་མ་རུངས་རླུང་ནད་མྱུར་ཞི་བྱེད། །བུར་མིང་མོ་གཤམ་བུ་ཡིས་སྣོད་བྱེད་འགྱུར། ཞེས་བྱ་བ་ལ། སྨན་འདི་བཏུང་བ་དང་སྣ་སྨན་ལ་སོགས་པ་སྦྱོར་བ་བཞི་ལ་སྣུམ་གྱིས་སྦྱོར་བ་བྱ་བ་བད
་རྗེས་སུ་མཐུན་པར་བསྟན་ཅིང་གོམས་པར་བྱས་ནས་རླུང་ནང་ཤིན་ཏུ་མི་ཟད་པ་དག་ཞི་ཞིང་སེལ་བར་བྱེད་ལ། དེ་བཞིན་དུ་བུད་མེད་མོ་གཤམ་བུད་མེད་པ་དག་ཀྱང་དུའི་སྣོད་ཉིད་དུ་འགྱུར་ཞིང་བུ་སྐྱེད་པར་བྱེད་པའི་དོན་ནོ། །གང་ཚེ་བད་ཀན་མཁྲིས་པ་ནི། །ཞུ་བའི་གནས་འདུག་སྣུམ་དགས
་ཀྱིས། །ཞུ་ནས་མཁྲིས་པར་སྣང་གྱུར་པ། །དེ་ལ་འཇམ་རྩིས་བསལ་བར་བྱ། ཞེས་བྱ་བ་ལ། སྣུམ་དང་དུགས་ཀྱི་སྦྱོར་བ་བྱས་པས་གང་གིས་བད་ཀན་ཞུ་བའི་གནས་ནི་འདུག་ཅིང་ཞུ་ཞིང་མཁྲིས་པའི་ཚུལ་དུ་སྣང་བར་གྱུར་པའམ། ཡང་ན་མཁྲིས་པ་ཞུ་བའི་གནས་ན་འདུག་པ་དེ་སྣུམ
་དང་དུགས་ཀྱིས་ཞུ་ནས་མཁྲིས་པའི་ཚུལ་དུ་སྣང་བར་གྱུར་ན་དེ་གཉིས་ཀ་ལ་འཇམ་རྩི་བཏང་བས་བསལ་ཞིང་སྦྱང་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས
་ངེས་པར་སྦྱར་བས་ལས་གསོ་བའི་གནས་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནང་དྲེག་ནས་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། བསྟན་པ་ཇི་ལྟ་བ་བཞིན་དུ་བཤད་པ་ཡང་དེ་ལྟ་བུར་བྱས་པའི་ཚུལ་བྱིས་རིམས་ལ་སོགས་པའི་གསོ་བ
་རྣམ་པར་དགོད་པ་ཡིན་པས་དྲེག་ནད་གསོ་བསྐབས་འདིར་བརྩམས་པ་ཡིན་ནོ། །དྲེག་ནང་ཅན་ནི་སྣུམ་ཆོས་བྱས། །རླུང་བསྲུངས་ནད་གཞི་ཉམས་སྟོབས་ལས། །དཔགས་ཏེ་ཁྲག་ནི་ཅུང་ཐར་ཙམ། །ལན་མར་དུ་ནི་དབྱུང་བ་བྱ། །ཞེས་བྱ་བ་ལ། དྲེག་ནད་ཀྱིས་བཏབ་པའི་མི་ལ་ནི་དང་པོར་སྣུམ
་བཅོས་བྱས་ནས་དེའི་རྗེས་ལ་ཁྲག་འབྱུང་ཞིང་གཏར་ག་བྱ་ལ། དེ་ཡང་ནད་གཟིའི་ཚུལ་དང་ལུས་ཀྱི་ཉམས་སྟོབས་ཅི་ཡོད་པ་ལས་དཔག་ཅིང་རླུང་མི་ལྡང་བར་བསྲུངས་ལ་ཁྲག་ཉུང་ཟང་ཉུང་ཟད་ལེན་མང་དུ་བསྟུང་མར་དབྱུང་བར་བྱའོ། །དམར་གཟེར་ན་ཞིང་ཚ་བ་ལ། །སྲིན་བུ་པད་མས
་ཁྲག་དབྱུང་ངོ། །གཡའ་ཞིང་ན་ལ་ཙག་ཙག་ཚོ། །ཤས་ཆེས་ཚ་ལ་རྡབ་རྭས་དབྱུང། །ཞེས་བྱ་བ་ལ། དྲེག་ནད་མདོག་དམར་པ་ལ་སོགས་པར་གནད་པར་གྱུར་པ་ལ་ནི་སྲིན་བུ་པང་པས་འཇིབས་པས་ཁྲག་དབྱུང་ཞིང་གདོན་པར་བྱའོ། །དེ་བཞིན་དུ་གཡའ་བ་དང་ལྷང་ལྷང་པོར་ན་བ་དང། ཡུངས་ཀར་གྱི
་ལྡེ་གུས་བསྐུས་པ་ལྟར་ཙག་ཙག་པོར་ཚ་བ་དང། ཤས་ཆེར་ཚ་ཞིང་ཚ་བ་འུར་འུར་པོར་ཁྱབ་པ་ལ་ནི་རཱ་འམ་བསྐུབས་ཁྲག་དབྱུང་བར་བྱའོ། །གནས་ནས་གནས་སུ་འཕོས་པ་ལ། །གཏང་ག་འམ་ཞལ་ཞལ་གྱིས་ཁྲག་དབྱུང་ཞེས་བྱ་བ་ལ། ནད་ཁྲག་ལུས་ཀྱི་གནས་ཀྱི་ཕྱོགས་གཅིག་ནས
་གཅིག་ཏུ་འཕྲོས་ཤིང་འགྲོ་བ་ལ་ནི་གཏར་ག་གདབ་པ་འམ་ཞལ་ཞལ་བྱ་ཞིང་ཁྲག་དབྱུང་བར་བྱའོ། །དེ་ཡང་ཉུང་ཤས་ཉུང་ཤས་ལན་མང་དུ་དབྱུང་བར་བྱའོ། །ལུས་ཞུམ་པ་དང་ཁོང་རྩུབ་ཅིང། །རླུང་ཤས་ཆེ་ལ་ཁྲག་མི་དབྱུང། །ཞེས་བྱ་བ་ལ། ལུས་ཞུན་ཞིང་རྙིང་ལ་ཉམ་ཆུང་བ་དང། ཁོང
་ཐུབ་ཅིང་རླུང་ནད་ཀྱིས་ཤས་ཆེ་བར་གྱུར་པའི་དྲེག་ནད་ལ་ནི་ཁྲག་དབྱུང་བར་མི་བྱའོ། །ཁྲག་ཟད་པ་ལ་རླུང་གིས་ནི། །སྐྲངས་པ་གཏིང་ཟབ་རེངས་པ་དང། འདར་ཞིང་རྩ་རྒྱུས་ན་དང་ཞུམ། རླུང་ནད་གཞན་ཡང་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཁྲག་གཏར་དྲེགས་པ་ལས་ཟད་པར་གྱུར་ནས་ཆུ་ངེས་རླུང
་ནད་ལྔ་བཞིང་འཁྲུགས་པར་གྱུར་པ་ལ། དྲེག་ནད་ཀྱིས་སྐྲངས་པ་འདི་ཟབ་ཅིང་མི་དོན་པ་དང། ལུས་ཤིན་ལྟར་དེངས་པ་དང། འདིར་ཞིང་གཡོ་བ་དང་རྩ་དང་རྒྱུས་པ་ལྷད་ལྷད་པོ་ན་ན་བ་དང་རྐང་ལག་ཞུམ་ཞིང་རྙིང་པ་དང། དེ་བཞིན་རླུང་ནད་ལས་གྱུར་བའི་ནང་སེ
་ཟད་པ་གཞན་ཡང་སྐྱེད་པར་བྱེད་དོ། །སྣུམ་ཆོས་བྱས་ལ་བཀྲུ་སྨན་ནི་སྣུམ་དང་ལྡན་པས་འཁྲུའོ་དུ་གཞུག། ཅེས་བྱ་བ་ལ། རླུང་ལས་གྱུར་པའི་དྲེ་བ?་ནད་ཅན་དེ་ལ་དང་པོར་སྣུམ་ཆོས་ལེགས་པར་བྱས་ལ། དེའི་འོག་ཏུ་སྣུམ་དང་ལྡན་པའི་བཀྲུ་སྨན་བྱིན་ལ་འཁྲུར་གཞུག་པར་བྱའོ།།
་རླུང་ཤས་ཆེ་བའི་དྲག་ནད་ལ། །མར་ནི་སྙིང་བ་བླུང་པར་བྱ། །ཞེས་བྱ་བ་ལ། རླུང་གི་རགས?་ཆེ་བའི་རླུང་ཁྲག་འདྲེས་པའི་དྲེག་ནད་ལ་མར་རྙིང་པ་བླུད་པར་བྱའོ། །ད་མཉེ་བ་དང་སྲ་བ་ནི། །པ་ཡ་སྱ་དང་ཛི་པ་ཀ། ཟངས་རྩི་ལ་རྣམས་ཆ་བསྙམས་ཏེ། །འོ་མ་མར་བསྐོས་དྲེག་དང
་འཇོམས། །ཞེས་བྱ་བ་ལ། རམ་ཉེ་བ་ལ་སོགས་པའི་སྨན་གྱི་ལྟེ་གུར་བྱས་པོད་དཔའ་ཨོ?་མར་བཅས་པ་བསྐོལ་ཏེ་བླུད་ན་དྲེག་ནད་འཇོམས་པར་འགྱུར་རོ། །རྒུན་འབྲུམ་མ་དུ་ཀ་བསྐོལ་བའི། །ཁུ?་བ་ཁ་ར་མར་གཅེས་པ་འམ། དེར་ཞིང་སླེ་ཏྲེས་ཁུ་བར་མི། འོ་མ་བསྐོལ་བ་བླུད
་བར་བྱ། །ཞེས་བྱ་བ་ལ། །རྒུན་འབྲུམ་མདུག་གཉིས་པ་སྐལ་པའི་ཁུ་བའི་ནང་དུ། ཁ་དང་དཀར་པོ་བཅུག་པ་དང་བསྐོལ་བ་བླུད་པར་སྦྱར་བའི་མར་དང། །དེ་བཞིན་དུ་སླེ་ཏྲེས་བསྐོལ་བའི་ཁུ་བ་དང་འོ་མ་གཉིས་བསྐོལ་བའི་ནད་དུ་ཁར་བཏབ་པ་བླུད་པར་བྱའོ། །ཏིལ་དམར་པོ
་མཁའ་དང་བཅས། །ལེགས་པ་དང་ཞེས་པ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་ནད་པ་དེ་ལ་ཏིལ་དམར་ལ་སོགས་པ་ལེགས་པར་བསྲེས་ཏེ་སྦྱར་བ་བླུད་པར་བྱའོ། །བ་ལ་ལ་ཉེ་ཤིང་ན་སྣ་དང། པི་ལུ་རྩ་བ་བཅུ་བར་གནས། །དུར་འདི་སྦྱིར་ཨེ་ར་རྒྱ། །བསྐོལ་བའི་འོ་མ་རླུང་དྲེག་སེལ
་ཞེས་བྱ་བ་ལ། །པ་ལ་ལ་སོགས་པའི་སྨན་དང་བསྐོལ་བའི་འོ་མས་ཀྱང་རླུང་གི་དྲག་ནད་འཇོམས་པར་འགྱུར་རོ། །པ་གཅིན་འོ་མ་ཞེས་མ་ཐག། བཅས་པའང་ནད་ནི་བདེ་འབྱུང་བྱེད་ཅེས་བྱ་བ་ལ། བ་གཅིན་དད་པ་འམ་མེ་རོའི་འོ་མ་བཞིས་མ་ཐག་སྦྱར་བ་བླུད་ན་སང
་ནང་འཁྱིལ་བ་བཏེ་བར་འབྱུང་བར་བྱེད་དོ། །མཁྲིས་པས་ཉེའུ་ཤིང་པུ་ཙ་ཤེལ། པ་ཏོ་ལ་ཡི་རྩ་འབྲས་གསུམ། །སླེ་ཏྲེས་སམ་ནི་སྨན་མངར་ཁ། །འོ་ན་འམ་དམར་དང་བསྐོལ་ལ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་དྲེག་ནད་ལ་ནི། །ཉིའུ་ཤིང་ལ་སོགས་པ་བསྐོལ་བའི་ཁྲུ་བ་བླུད་བླ
་བྱ་བ་འམ། ཡང་ན་སྤན་རད་རབ་དང་ཁ་བ་བསྐོལ་བའི་འོ་མ་འམ། མར་བླུད་པར་བྱའོ། །ནད་གཞི་ཤས?་ཚེར་བ་ཀྲུ་མན་ཕྱིར། །ི་རཎྜ་མང་འོ་མ་སྤྱད། །སྦྱོར་བ་ཇི་བཞིན་བླུད་པར་བྱ། །ཞུ་ནས་འོ་མ་འབྲས་ཆན་སྦྱིན་ཞེས་བྱ་བ་ལ། །བྲིས་ནད་དང་གཞི་མང་པོ་སྐྱེལ་ཆེ་བ་ལས་གྱུར་པ་ལ་ནི་བཀྲུ་སྨིན
་གྱི་དོན་དུ་ཨེ་རཎྜའི་མར་འོ་མ་དང་སྦྱར་བ་སྦྱོར་བ་ལས་ཇི་སྐད་བཤད་པའི་རིགས་པས་བཤད་པར་བྱ་ལ། དེ་ཞུ་ནས་འོ་མ་དང་འབྲས་ཆད་སྦྱར་བ་སྦྱིན་པ་ཕྱའོ། ། རུ་ར་ནི་མར་བརྔོས་པ། །ཁུ་བ་བླུད་བྱ་བ་འམ། ཞེས་བྱ་བ་ལ། ཡང་ན་ཨ་རུང་མར་བརྔོས་པ་བསྐོལ་བའི་ཁུ་བ་བླུད་པར་བྱའོ། །དུང
་བྱེད་ཕྱེ་མརྒུན?་ཆཱུམ། །འོ་མར་སྦྱར་ད་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་དུར་བྱིད་ཀྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བ་འམ། འོ་མ་དང་སྦྱར་པ་དེ་ལ་བླུད་པར་བྱའོ། །ཡང་ན་དེ་ཡི་ནད་གཞི་ནི། །འཇམ་རྩི་འོ་མར་བཅས་སྤྱང། །ཞེས་བྱ་བ་ལ་དྲེག་ནད་ཅན་དེའི་ནད་གཞི་གང་དག་ཡོད་པ་འཛམ་རྩེ་འོ་མ
་དང་མེར་དུ་བཅས་པ་མས་བཏང་བས་སྦྱང་བར་བྱའོ། །རླུང་དང་ཁྲག་ནང་གསོ་བ་ལ། འཇམ་རྩི་ལས་ལྷག་གང་ཡང་མེད། །མཆོག་ཏུ་གཞང་དང་རྩི་བ་ལོགས་པར། །ཚིགས་ནད་དམུ་རྫིང་ཉམས་ཐག་སེལ། །ཞེས་བྱ་བ་ལ། གང་གི་ཕྱིར་རླུང་དང་ཕྲག་འཛག་པ་དྲེག་ནད་གྱིས་གསོ་པ་ལ་ནི་འཇལ་རྩི
་མས་བཏང་བ་ལས་མཚོག་ཏུ་གྱུར་པའི་སྨན་གང་ཡང་ཡོད་པ་མ་ཡིན་ལ། དེ་ལས་ཁྱད་པར་དུ་གཞང་ལ་སོགས་པ་ན་བའི་དྲེག་ནང་ལ་ནི་འཇམ་རྩི་ལས་ལྷག་པ་གང་ཡང་མེད་དོ། །བད་ཀན་ཤས་ཆེ་གླ་སྒང་དང། །རྒུན་འབྲུམ་སྐྱེད་པ་བསྐོལ་པ་དང། འབྲས་བུ་གསུམ་བསྐོས་སྦྲང་རྩི་བཅས
་ཡང་ན་དེའི་?་ཅི་རིགས་བླུད་ཅེས་བྱ་བ་ལ། བད་ཀན་གྱི་ཤེས་ཆེ་བ་ལང་གྱུར་པའི་དྲེག་རང་ལ་ནི་གླ་སྒང་ལ་སོགས་པ་བསྐོལ་བའི་ཁུ་པ་དང་སྦྲང་རྩིར་བྱས་པ་འམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་བཅས་པ་བླུད་པར་བྱ་བའམ། ཡང་སླེ་ཏྲེས་ཁུ་བར་བསྐོལ་བའམ། ལྔ?
་གུར་བྱས་པའི་མར་དང་བསྐོལ་བའི་སྦྱོར་བས་ཇི་ལྟར་འཚམ་པར་བྱའོ། །ཇི་ལྟར་འཚམ་པར་སྣུམ་བླུད?་དེ། སློན་བྱས་ནས་ནི་རྩུབ་ཆོས་བྱ། ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བར་གྱུར་པའི་དྲེག་ནད་དང་ལྡན་པར་གྱུར་བ་ལ་ནི་ཇི་ལྟར་འཚམ་བཞིན་དུ་སྣུམ་བླུད་དེ། དེའི་འོག་ཏུ
་སྐྱུགས་སྨན་གྱིས་སློན་དུ་བཅུག་ལ། དེའི་འོག་ཏུ་རྩུབ་པའི་སྦྱོར་བས་གསོ་བར་བྱའོ། །འབྲས་བུ་གསུམ་དང་ཚ་བ་གསུམ། །གནད་པ་ཏྲ་ཤིང་ཚ་དང། ཅུ་གང་ཁ་ར་ཙི་ཏྲ་ཀ། པི་པི་ལིང་རྩ་བྱིང་དག་།སྤང་སྤོས་པ་ཤ་ཀའི་ཤུན་ལྤགས། །རིཏྟི་དབྱི་མོ་ལང་ག་ལི། །ཆ་མཉམ་ལྟ་གུར་བྱས་ཕ་ལས། །ནད་པར
་ལྕགས་སྣང་དུ་བསྐུས་ཏེ་བཞག། ཉི་མ་ཕྱེད་དུས་དེ་ཟོས་ན། །ནད་གཞི་ཀུན་འགྱུར་དྲེག་ནད་ནི། །གཟེར་དང་ལྡན་ཡང་མཆོག་ཏུ་བ་ན། །ཞེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་སྨན་ཆ་མཉམ་པ་བཏགས་པ་ལྡེ་གུར་སྦྱར་ལཱ?་ནད་པར་གྱི། །དུས་སུ་ལྕགས་ཀྱི་སྣོད་དུ་བསྐུས་ཏེ་བཞག་ལ།
་དེའི་འོག་ཏུ་ཉི་མ་ཕྱེད་ཀྱི་དུས་སུ་བཀོག་སྟེ། ཟོས་ན་ལྡེ་གཱུམ་ཕྱེ་མ་དེ་ནི་ནད་གཞི་ཀུན་ལས་གྱུར་པ་སྟེ། མཁྲིས་པ་ལས་གྱུར་དྲེག་ནད་གཟེར་དང་ལྡན་པ་ལ་ཁྱད་པར་དུ་ཕན་པ་ཡིན་ནོ། །ཀོ་ཀི་ལཀྵ་བསྐོལ་བའི་ཁ། །བླུད་ཅིང་དེ་ཡི་ཚོད་མ་ཟོས། །སྙིང་རྗེ་གོམས་པའི་ཁྲོ་བ་ལྟར། །དྲེག་ནད
་སེལ་ཁར་བྱེད་པ་ཡིན། །ཞེས་བྱ་བ་ལ་ཀོ་ཀོ་ལང་ཥ་བསྐོལ་བའི་ཁུ་བ་བླུད་ཅིང་ཀོ་ཀི་ལ་ཀཱའི་ཚོད་མ་དང་བཅས་པའི་ཁ་ཟས་ཟོས་ན་དྲེག་ནད་སེལ་བར་བྱེད་དོ། །དཔེར་ན་སྙིང་རྗེ་ལ་གོམས་པའི་སྐྱེས་བུ་འགྲོ་བ་ལ་ཞེ་སྡང་བ་སེལ་ཅིང་སྤོང་བར་བྱེད་པ་དང་འདྲའོ། །རྩ་བ་ལྔ་འམ་སྐྱུ་རུ་རའོ། །བུ་པ་ལི་ལི་ཏ
་བའི་ཞག། འཁྲིག་པ་སྤོང་ཞིང་འཐུངས་ནས་ནི། །དྲེག་འཐེང་ཤིན་ཏུ་གཏིང་ཟུག་སེལ། ཞེས་བྱ་བ་ལ། རྩ་བ་ལྔ་པ་ཆེན་པོ་བསྐོལ་བའི་ཁུ་པ་འམ། །སྐྱུ་རུ་ར་བསྐོལ་བའི་ཁུ་བ་སྲོག་ཆགས་ལི་ལི་ཏག་ཞེས་བྱ་བའི་ཞག་དང་བཅས་པར་འཐུངས་ཞིལ་ཉལ་པོའི་ལས་འཁྲིས་པ་སྤང
་ཞིང་ཚངས་པར་སྦྱོད་པ་དང་ལྡན་པས་བསྟེན་ན་དྲེགས་ནད་ཀྱིས་འཐེང་བར་གྱུར་ཅིང། ལུས་ལ་ཤིན་ཏུ་གཏིང་ཟུག་པར་ཞེན་པ་ཡང་སེལ་བར་བྱེད་དོ། །དེ་ལྟར་ནང་གི་བསྟན་ནས་ནི། །དེ་འོག་ཕྱི་རོལ་གསོ་བ་བཤད། ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ནད་གསོ་བའི་ཆོ་ག་བསྟན
་ནས། འདི་མན་ཆད་ནི་ཕྱི་རོལ་ནས་ཇི་ལྟར་གསོ་བ་བཤད་པར་བྱའོ། །རང་སྐྱུར་བྲེ་བཞིར་ཏིལ་མར་ནི། །སྲ་རྩི་བོག་ནི་བཞི་ཆར་བསྐོལ། ཆུ་ནད་གཟར་བུ་མང་དུ་བཀྲུས། །རིམས་ཚ་ན་གཟིར་སེལ་མཆོག་ཡིན། ཞེས་བྱ་བ་ལ། རང་སྐྱུར་ཀཉྫི་ཞེས་བྱ་བ་སྐྱེ་བ་བཞིའི་ནད་དུ་ཏིལ་མར་དང། སྲ་རྩི་པོ་ག་དེའི་བཞི་ཆ
་བཅུག་སྟེ། བསྐོལ་བ་གཟར་བུས་བཀྲུས་ནད་ལྡེ་གུར་བྱས་པ་ཕྱི་རོལ་ནས་བསྐུས་ན་རིམས་དག། ཚ་བ་ལ་སོགས་པའི་ནད་ཀྱིས་གཟེར་བ་སིལ་ཅིང་འཇོམས་པར་བྱེད་པའི་མཆོག་དམ་པ་ཡིན་ནོ། །ཏིལ་མར་བཅོད་དང་སྦྲང་རྩི་འོག་དང་ཐལ་ཏེ་རྦ་བཅས། །ཏིལ་མར་བསྐབས་ལུས་བསྐུས་ན།།
་དྲེག་ནས་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། ཏིལ་མར་བཅོད་ལ་སོགས་པ་དང་བསྐོལ་ཏེ། གོང་བོར་གྱུར་པའི་བསྐབས་བསྐུས་ན་དྲེག་ནད་སེལ་བར་བྱེད་པ་ཡིན་ནོ། །རྩ་བ་བཅུ་དང་འོ་མ་བསྐོལ། །ཡང་ན་ལྡེ་གུ་ཆུ་དྲོན་སྦྱར། །བླུགས་ན་རླུང་ཤས་ཆེ་བ་ཡི། །གཟེར་ནང་འཕྲལ་དུ་སེལ་བྱེད་ཡིན་ནོ།།
་ཞེས་བྱ་བའི?། །རྩ་བ་བཅུ་དང་བསྐོལ་བའི་འོ་མ་བླུགས་ན་རླུང་ཤས་ཆེ་བར་གྱུར་པའི་དྲེག་ནད་གཟེར་དང་བཅས་པ་བ་འཕྲལ་དུ་སེལ་བར་བྱེད་པ་ཡིན་ནོ། །ཡང་ན་རྩ་བ་བཅུའི་ལྡེ་གུ་དྲོ་འཇམ་ཙམ་དང་སྦྱར་ཏེ་བླུགས་ན་ཡང་དེ་དང་འདྲའོ། །ལུས་འཇུག་རེངས་དང་གཟེར་གྱི་ཉེན། སྣུམ་བཞི་སོ་ནི
་མངར?་ཡི་སྨན། །དྲོ་འཇམ་སྦྱར་བླུགས་པར་བྱ། ཞེས་བྱ་བ་ལ། ལུས་ལ་འཇུག་པའི་རླུང་ནང་ལ་སོགས་པས་ཉེན་ཅིང་གཟིང་བའི་ནད་པ་ལ་སྣུམ་བཞི་བོ་ཞུན་མར་དང། རྐང་དང་ཚིག་ཀ་རྟིལ་མར་དང། རྒུན་འབྲུམ་ལ་སོགས་པ་མངར་བའི་སྨན་དང་སྦྱར་བ་དྲོ་འཇམ་ཙམ་ལུས་ལ་བྱུག་བས་བྱའོ
་ཚ་བར་གྱུར་ལ་དྲང་མོ་བླུགས། ཞེས་བྱ་བ་ལ། གལ་ཏེ་ལུས་ལ་འཇུག་པ་ལ་སོགས་པའི་དྲེག་ནད་དེ་ཚ་བ་ཡིན་ན་ནི་སྣུམ་བཞི་པོ་དང་མངར་བའི་སྨན་སྐོལ་བའི་བསྒྲངས་པ་བླུགས་པར་བྱའོ། །དེ་བཞིན་རྭ་ལུག་པ་ཡིས་ནི། འོ་མ་ཏིལ་མར་སྦྱར་བའམ། ཞེས་བྱ་བ་ལ། དེ་བཞིན་དུ་རའི
་སོགས་པའི་འོག་ཏིལ་མར་དང་སྦྱར་བ་ལ་ཡང་ངོ?་འཇམ་ཙམ་དུ་བྱས་ཏེ་ལུས་ལ་བྱུག་པ་དང་རེངས་པ་ལ་སོགས་པ་དང་གཟེར་གྱིས་ཉེན་པར་གྱུར་པའི་རླུང་ལས་གྱུར་པའི་དྲེག་ནད་ལ་བླུགས་པར་བྱའོ། །དྲེག་ནད་ཚ་བ་ལ་ནི་འོ་མ་འདི་དག་དང་ཏིལ་མར་སྦྱར་བ་གྲང་མོ་བླུགས་པར་བྱའོ།།
་འཚོ་བྱེད་སྡེ་ཚན་བསྐོལ་བ་འམ། རྩ་བ་ཆུ་ངུ་ལྔ་བསྐོལ་བླུགས་ཞེས་བྱ་བ་ལ། འཚོ་བྱེད་ཀྱི་སྡེ་ཚན་བསྐོལ་བའི་ཁུ་བ་འམ། རྩ་བ་ཆུ་དུ་ལྔ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་ལུས་ལ་འཇུག་པ་ལ་སོགས་པའི་ནད་ཀྱིས་ཉེན་པ་ལ་བླུགས་པར་བྱ་བ་ལ། ཚ
་བ་ལ་ནི་གྲང་མོ་བླུགས་པར་བྱའོ། །རྒུན་ཆུ་བུར་མ་ཤིང་ཁུ་ཆང། །རང་སྐྱུར་ཞོ་དང་ཞོ་ཁ་ཚུ། །འབྲས་བཀྲུས་ཆུ་དང་སྦྲང་རྩི་ཆུ། །ཁ་རའི་ཆུ་ནི་བླུགས་པའང་པན། ཞེས་བྱ་བ་ལ། དྲེག་ནད་ཚ་བ་དང་ལྡན་པ་ལ་རྒུན་ཆཱུམ་བུ་རམ་ཤིང་གི་ཁུ་བ་ལ་སོགས་བ་བླུད་ན་ཕན་ནོ། །བུད་མེད་གཟུགས
་སྡུག་སྙན་པར་སྨྲ། །ལག་པ་ནུ་མ་ཙན་དན་བསྐུས། །རེག་ན་བསིལ་ཞིང་བདེ་བ་ཡིS། །ཚ་དང་ན་དང་རྨྱ་བ་སེལ། ཞེས་བྱ་བ་ལ། བུད་མེད་གཟུགས་སྡུག་ཅིང་ཡིད་དུ་འོང་ལ། སྙན་པར་སྨྲ་བ་ལག་པ་དང་ན་མ་ཙན་དན་གྱིས་བསྐུས་བ་རེག་ན་བསིལ་ཞིང་བདེ་བ་སྐྱེད་པར་བྱེད་པ་ལ་འཁྱངས་པས
་ཀྱང་ལུས་ཚ་བ་དང་ན་བ་དང་རྨྱ་ཞིང་དུབ་པ་སེལ་བར་བྱེད་དོ། །མདོག་དམར་ཚ་དང་ནད་བཅས་པ། །ཁྲག་བྱུང་ནས་ནི་ལྡེ་གུ་བསྐུ། །སྟག་ཆེར་བ་དང་ཤིང་མངར་བཅོད། །སྐྱེད་པ་ཙན་དན་ཁ་ར་དག་པ། ཨེ་རཎྜ་ཡི་ས་བོན་ཕྱེ། །སྲན་ཆུང་ཤུག་པ་པུ་ཤེལ་ཙ། །ལྡེ་གུས་ཆེ་ན་ཤུ་བ་འབྱེད། །ན་ཞིང
་མདོག་དམར་སྐངས་པ་སེལ། །ཞེས་བྱ་བ་ལ། སྟག་ཚེར་བ་ཞེས་བྱ་བ། པྲ་བུཎྜ་རཱི་ཀ་ཙ་ལ་སོགས་པའི་ལྡེ་གུས་བསྐུས་ན་མདོག་དམར་ཞིང་ཚ་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །ཀྲི་ས་ར་ནི་རླུང་འཇོམས་སྨན། །སྣུམ་བཅའ་བསྐོལ་བ་འམ་མུངྒ་དང། །འོ་ཐུག་ཡུངས་ཀར་ཏིལ་ཚིགས་སམ
་བརླན་ཅིང་དཀྲིས་མས་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། ཀྲི་ས་ར་ནི་ཏིལ་དང་མོན་སྲན་སྡེའུ་ལ་སོགས་པ་ལས་བྱས་པའི་ཐུག་པ་སྟེ། དེ་རླུང་འཇོམས་པའི་སྨན་གྱི་ཁུ་བ་དང། སྣུམ་དང་བཅས་པ་བསྐོལ་བའི་ལྡེ་གུ་ལྟ་བུས་བསྐུས་ལ་དཀྲིས་པ་འམ་དེ་བཞིན་དུ་མུངྒ་ཞེས་བྱ་བ་མོན
་སྲན་སྡེའུ་དཔ་འོ་ཐུག་གམ་ཡུངས་ཀར་དང་ཏིལ་གྱི་ཚིགས་མ་རླུང་འཇོམས་པའི་སྨན་དང་སྣུམ་བསྐོལ་བ་བརླན་ཅིང་དཀྲིས་པས་དྲེག་ནད་ཀྱི་གཟེར་འཇོམས་པར་བྱེད་དོ། །ཆུར་གནས་རླན་མཆུ་རྩལ་གྱིས། །གཟས་ཚེལ་ཤ་བཏགས་གཡེས་ལེགས་པ། །འཚོ་བྱེད་སྣུམ་དང་སྨན་བཅས་པས། །བདུན་ཅིང
་དཀྲི་བ་བྱས་གྱུར་ན། །སྲ་ཞིང་གཟེར་ལན་བ་དང། །སྐྲངས་དང་གཡན་པ་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྲོག་ཆགས་ཆུ་ན་གནས་པ་དང། །རླན་ཅན་དང་མཐུ་རྩལ་གྱིས་ཟས་འཚོ་བའི་ཤ་ཞིབ་ཏུ་བཏགས་ཏེ། ཚལ་སོགས་པས་གཡོས་ལེགས་པར་བྱས་པ་དང། འཚོ་བྱེད་ཀྱིས་སྨན་གྱི་སྡེ་ཚན
་པ་སྣུམ་དང་བཅས་པ་བརླན་ཞིང་དཀྲིས་པས་ཀྱང་དྲག་ནད་སྲ་ཞིང་དེངས་ལ་གཟེར་པ་ལ་སོགས་པ་འཇོམས་པར་བྱེད་དོ། །འཚོ་བྱེད་སྨན་དང་བསྐོལ་བ་ཡི། །འོ་མའམ་ཞག་གིས་བསྐུས་ན་ཕན་ཞེས་བྱ་བ་ལ། ཡང་ན་སྲབ?་ལ་སོགས་པའི་ནད་ལ་འཚོ་བྱེད་ཀྱི་སྒེ་ཚན་དང་བསྐོལ་བའི་འོ་མ་འམ
་ཞག་གིས་བསྐུས་ན་ཡང་དེ་ལ། ས་ཧ་ཙ་བའི་རྩ་བ་དང། །ཛ་བནྟིའི་མར་རའི་འོ་མ། །ལྡེ་གུས་བསྐུས་པ་དེ་བཞིན་དུ། །ཏིལ་བཏགས་བརྔོས་པའི་འོག་མར་སྦྱར་ཞེས་བྱ་བ་ལ། ས་ཧ་ཅིང་ལ་སོགས་པ་མར་དང་བསྐོལ་བའམ། །དའི་འོ་མ་དང་ལྡེ་ཞུང་སྦྱར་བའི་མ་ཏིལ་བཏགས་པ་བརྔོས་པ་འོ་མ
་དང་སྦྱར་བའི་ལྡེ་གུ་བསྐུས་ན་ཡང་ཕན་ནོ། །ཟར་མའོ་མར་སྦྱར་བ་འམ། །ེ་རཎྜ་ཡི་འབྲས་བུ་ནི། །འོ་མ་དག་དང་སྦྱར་བ་འམ། །ཤུ་ཏིའི་འོ་མར་སྦྱར་བ་ནི། །རླུང་ཤས་ཆེ་བའི་གཟེར་འཇོམས་བྱེད། ཅེས་བྱ་བ་ལ། འོ་མ་དང་ཟར་མའི་ས་བོན་བཏགས་པ་འམ། ཡང་ན་ཨེརཎྜའི?་འབྲས་བུ་འོ་མ་དང་བཏགས་པའམ
་ཡང་ཤུ་ཏིའི་འོ་མ་དང་སྦྱར་བའི་ལྡེ་གས་བསྐུས་ན་རླུང་གི་ཤས་ཆེ་བའི་དྲེག་ནད་གྱིས་གཟེར་བའི་ནད་འཇོམས་པར་བྱེད་དོ། །བ་གཅིན་ཐལ་སྨན་ཆད་དང་བསྐོལ། །མར་གྱིས་བསྐུས་ནའང་དེ་ལ་ཕན། ཞེས་བྱ་བ་ལ་ཡང་ན་བ་གཅིན་ལ་སོགས་པ་དང་བསྐོལ་བའི་མར་གྱིས་བསྐུས་ན་ཡང་རླུང་ཤས་ཆེ་བའི
་དྲེག་གི་ནད་འཇོམས་པར་བྱེད་དོ། །བད་ཀན་ཤས་ཆེར་རྒུན་ཚ་དང། །བསྐོལ་བའི་མང་ཁུས་བླུགས་པ་ཕན། །ཞེས་བྱ་བ་ལ། དྲེག་ནད་བད་ཀན་གྱི་ཤས་ཆེ་བ་ལ་ནི་རྒུན་ཆག་གི་ཚ་དང་བསྐོལ་བའི་མར་བསླུ་བ་དང་བླུགས་པ་ཕན་ནོ། །ཤུ་དག་རུ་རྟ་ཁྱིམ་དུད་པ། །ཤུ་ཏི་སེར་པོ་རྣམ་གཉིས་ཀྱིས
་ལྡེ་གུས་ན་དྲེག་ནད་ནི། །རླུང་དང་བད་ཀན་ཤས་ཚ?་སེལ། ཞེས་བྱ་བ་ལ། རླུང་དང་བད་ཀན་ཤས་ཆེ་བའི་དྲག་ནད་ལ་ནི་ཤུ་དག་ལ་སོགས་པ་བཏགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །ཤུ་ཏི་ནི་ཤ་ཏ་པུསྤའོ། །སེར་བ་རྣམ་གཉིས་ནི་ཡུད་པ་དང་སྐྱེད་པའོ། །དེ་བཞིན་ཤི་བཀྲུའི་ས་བོན་ནི། །འབྲས
་ཁུ་རང་སྐྱུར་བཏགས་པ་ནི། །ཡུད་ཙམ་བརྟགས་ནས་སྐྱུར་གྱུར་པ། །བླུགས་ན་བད་རླུང་ཤས་ཆེ་སེལ་།ཞེས་བྱ་བ་ལ། དེ་བཞིན་དུ་ཤི་ཀྲུའི་ས་བོན་འབྲས་ཀྱི་ཁུ་བའི་རང་སྐྱུར་དང་བཏགས་པ་དེས་ཡུད་ཙམ་བསྐུས་ལ་དེའི་འོག་ཏུ་ཚ་ལ་སོགས་པ་སྐྱུར་པོ་བླུགས་ན་བད་ཀན
་དང་རླུང་ཤས་ཆེ་བའི་དྲག་ནད་སེལ་བར་བྱེད་དོ། །རྟོགས་པར་སླ་དང་བླུགས་དང་བསྐུ། །བླུགས་དང་ལུས་ནི་བཅིང་བས་བསལ། །རྟོགས་དཀའ་མས་བཏང་དྲག་པོ་དང། བཀྲ་སྨན་སྣུམ་གྱིས་བླུད་པས་གསོ། །ཞེས་བྱ་བ་ལ། དྲེག་ནད་རྟོགས་པར་སླ་བ་མཐོན་པར་བསྟེ་ན་གནས་པ་ནི་སྨན་གྱི་མོས་གུས
་བྱུགས་པ་ལ་སོགས་པས་གསོ་བར་བྱའོ། །དྲག་ནད་རྟོགས་པར་དཀའ་བ་ཞེས་བྱ་བ་མི་མངོན་ཞིང་ཁོད་པར་གཏིང་ཟུག་པར་ནམ་།ནི་རུ་ཧ་ལ་སོགས་པས་གསོ་བར་བྱའོ། །?་རླུང་ཤས་ཆེར་དྲོ་འཇམ་སྦྱར་རོ། །དེ་བྱུགས་ལ་སོགས་གྲང་མོ་ཡིས། །ལུས་ཚ་ན་ཞིང་གཡའ་ཞིང་སྐྲངས་བསྲེ?་བ?
་རྣམ་པར་འཕེལ་བར་འགྱུར། །ཞེས་བྱ་བ་ལ། བད་ཀན་དང་རླུང་ཤས་ཆེ་བའི་དྲག་ནད་ལ་ནི་བསྐུ་བ་ལ་སོགས་པ་དྲོ་འཇམ་ཙམ་བཏང་ན་ཕན་གྱི། །དེ་བསྐུ་བྱུགས་ལ་སོགས་པ་གྲང་མོ་བྱས་ནི་ན་ལུས་ཚ་བ་ལ་སོགས་པ་འཕེལ་བར་འགྱུར་རོ། །ཁྲག་མཁྲིས་ཤས་ཆའི་དག་ནང
་ལ། །བྱུགས་པ་ལ་སོགས་བསིལ་པས་བྱ། །དྲོ་བས་ཆེ་ཞིང་ནལ་དམར། །རྡུལ་འབྱུང་གསོ་བ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ཤས་ཆེ་བ་ལ་ནི་བྱུག་པ་ལ་སོགས་པ་བསིལ་པ་ཕན་གྱི། བྱུག་པ་ལ་སོགས་པ་དྲོ་བར་བཏང་ན་ཚ་བ་ལ་སོགས་པ་འབྱུང་བར
་འགྱུར་རོ། །ཤིང་མངར་སྲང་བརྒྱ་བསྐོལ་བ་ཡི། །ཁུ་བ་བཞི་ཆ་ལུས་?་ཏིལ་མར་བྲེ་བཞིའོ་མ་མཉམ། །ཏིལ་བར་མུར་བ་ཏམ་ལ། །ཉེའུ་ཤིང་ཨ་ཀ་ར་བ་ཡུས། །ཙན་དན་ཧ་ནས་བཏང་དང། །སྤང་སྤོས་སླེ་ཏྲེས་མེད་གཉིས། །མར་ཉི་བ་གཉིས་ཤུ་ཏི་དང།། ཤུག་པ་རྣམ་གཉིས་རྗེ
་བིནྟ། །ཛི་པ་ཀ་དང་རི་ཤ་བ། ཤིང་ཚིགནད་པ་ཏྲ་དང། །ཆུ་སྲིན་སེན་མོ་པ་ལ་ཀ་།བཙོད་དང་པྲ་པུཎྜ་རཱི་ཀ་།རི་ཤ་བ་དང་?་ཤ་ལ། །ཀུ་དན་ནད་སྲད་རེ་ཡི། །ལྡེ་གུར་བཅས་པ་བསྐོལ་བར་བྱ། །སྦྱོར་བ་བཞི་པོ་དྲེ་གནད་ཀྱི། །མཁྲིས་པའི་ཚ་བ་རིམས་ནད་སེལ། །ཞེས་བྱ་བ་ལ། ཤིང་མངར་སྲང
་བརྒྱ་བསལ་བའི་ཆོགས་བསྐོལ་ལ་།དེའི་སྨན་ཁུ་བཞི་ཆ་ལུས་པར་ཏིལ་མར་པྲེ་བཞི་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། འོ་མ་བྲེ་བཞི་བསྲེས་ལ་སྠིར་ལ་སོགས་པའི་སྨན་སྣ་རེ་སྲང་རེར་བྱས་པ་དང། བསྐོལ་བའི་སྦྱོར་བ་བཞི་པོ་དེ་བླུད་པ་དང་སྣ་ནས་བཏང་བ་དང་འཇམ་རྩི་དང། བསྐུ་བའི་སྦྱོར་བ་བཞི
་བོ་བྱས་ན་དྲེག་ནད་ཀྱི་ཚ་བ་ལ་སོགས་སེལ་བར་བྱེད་དོ། །སྠཾ?་ར་ནི་ས་ལ་པརྞིའོ། །ཏ་མ་ལ་ཀ་ནི་བུ་ད་ཏྲེའོ། །པ་ཡས་སྱ་ནི་ཨར་གི་པུསྤའོ། ། ཀ་རུ་ནི་ཨ་ཀ་རུ་ནག་པོའོ། །ཧ་ན་བཏི་ནོ་ཏྲེ་པ་དེ་དང་ཀྲི་མི་མར་ཞེས་བྱ་བའོ། །མེད་གཉིས་ནི་མ་དང་མ་ཧ་མེ་དའོ། །བི་ཤ་ལི་ནི་ཨིནྡྲ་འོ། །ཀུ་ཏ་ནན་ཏ
་ནི་བ་རི་པེར་ལའོ། །བ་ལའི་ཁུ་བའི་ལྡེ་གུ་དང། ཏིལ་མར་འོ་མ་ཆ་མཉམ་བསྐོལ། །ལན་བརྒྱའི་བར་དུ་བསྐོལ་བ་དེས། །དྲེག་ནང་རླུང་ཅན་སེལ་བར་བྱེད། །བཅུད་ཀྱི་ལེན་གྱིས་དམ་པ་སྟེ། །དབང་པོ་གསལ་བར་བྱེད་པ་ཡིན། །ཚེ་རིང་ལུས་འཕེལ་སྐད་སྙན་དང། །ཁུ་ཆུ་ཁྲག་གི་ནད་སེལ་བྱེད
་ཅེས་བྱ་བ་ལ། སྨན་པ་ལ་བསྐོལ་བའི་ཁུ་བ་འམ། །བཏགས་པའི་ལྡེ་གུ་ཏིལ་མར་དང་འོ་མ་ཆ་མཉམ་པོར་བསྐོལ་ལ། ཏིལ་མར་དེ་ལན་བརྒྱ་ཕྲག་མང་པོའི་བར་དུ་བསྐོལ་བ་དེས་ན་རླུང་ལས་གྱུར་པའི་དྲེག་ནང་སེལ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་ཡང་མཆོག
་ཡིན་ཞིང་མིག་ལ་སོགས་པའི་དབང་པོ་གསལ་བ་དང། ཚེ་རིང་ཞིང་སྲོག་འཛིན་པ་དང། ལུས་འཕེལ་ཞིང་རྒྱས་པ་དང་གདངས་སྙན་པ་དང། ཁུ་བ་དང་ཁྲག་གི་ནད་གང་དག་ཡིན་པ་སེལ་ཅིང་འཇོམས་པ་ཡིན་ནོ། །རྒྱུ་བའི་ལམ་འགགས་འཁྲུགས་གྱུར་པས། །ཚིལ་ལམ་བད?
་ཀརྩ?་ཤིན་ཏུ་ནི། །འཕེལ་བར་གྱུར་བའི་རླུང་ནད་ལ། སྣམ་རྟ་དང་པོ་ཕན་པ་ཡིན། །ཞེས་བྱ་བ་ལ། རླུང་གི་རྒྱུ་མ་ལ་འགགས་པར་གྱུར་པའི་རྒྱུ་ཚིལ་ལྷག་པར་འཕེལ་བ་འམ། །བད་ཀན་ལྷག་པར་འཕེལ་བར་གྱུར་པ་ལ་དང་པོར་སྣུམ་པ་དང་བརྟ་བར་བྱ་བའི་ཕྱིར་གྱི་སྦྱོར་བ་བྱས་པས་ནི་ཕན་པ
་མ་ཡིན་ནོ། །དེར་ནི་ཕྱུག་པོའི་རླུང་ནད་ཀྱིས། །གསོ་བྱ་དྲེག་ནད་གསོ་བར་བྱ། །ཁྲག་ནི་དང་པོར་བྱེད་པ་ཡི། །སྣུམ་དང་སྨན་གྱི་སྦྱོར་བ་བྱ། ཞེས་བྱ་བ་ལ། ཚིལ་ལམ་བད་ཀན་འཕེལ་བར་གྱུར་བའི་ནད་དེ་ལ་ནི་ཕྱུག་པོའི་རླུང་ནང་ཅེས་བྱ་བའི་ཚི་དབྲིགས་པའི་སྦྱོར་བས་གང་དག་ཡིན
་པས་རླུང་གིས་དྲེག་ནད་དེ་གསོ་བར་བྱས་དེའི་འོག་ཏུ་དྲེག་ནད་གསོ་བའི་སྦྱོར་བ་ཇི་སྐད་སྨོས་པ་བྱ་ཞིང་ཁྲག་ནད་མེད་པར་བྱ་བའི་སྦྱོར་བ་གང་དག་ཡིན་པ་དེ་ཡང་བྱའོ། །དྲེག་ནད་ཀྱི་གསོ་བ་བཤད་ཟིན་ནས་དེའི་ཞར་ལ་སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་རླུང་?
་གསོ་བ་སྨྲ་བ་ནི། །སྲོག་སོགས་རླུང་ནི་ཅིག་ཅར་འཁྲུགས་ཇི་སྐད་བསྟན་དང་ནད་ཇི་བཞིན། །ཇི་ལྟར་ཉེ་བར་སྨན་རྣམས་ནི། ནད་ཚུལ་ཇི་བཞིན་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྲོག་ལ་སོགས་པའི་རླུང་ལྔ་པོ་ཅིག་ཅར་དུས་གཅིག་ཏུ་འཁྲུགས་ཤིང་ལྡང་བར་གྱུར་པ་ལ་ནི། རླུང་གི་ནད་གསོ་བའི་མཚན
་ཉིད་ཇི་སྐད་བསྟན་པ་དང་མི་འགའ་ཞིང་སྲོག་ལ་སོགས་པའི་ནང་ལྡང་བ་ལས་གྱུར་བའི་ཚད་གྱི་ཚུལ་ཇི་ལྟ་བུ་དང་སྲོག་ལ་སོགས་པའི་གནས་གང་དག་ཡིན་པ་དང། ཇི་ལྟར་ཉ་བའི་ཚུལ་དང་མི་འགལ་བར་ནད་གང་ཡིན་པ་སྲོག་ཅེས་བྱ་བའི་རླུང་ལ་སོགས་ལ?་གང
་ཞིག་ཕན་པར་གྱུར་པའི་སྨན་ནད་གྱིས་ཚུལ་ལས་བརྟགས་ཏེ་སྦྱིན་ཞིང་གསོ་བར་བྱའོ། །དེ་ལྟར་ན་འདིར་སྨན་ཅི་རིགས་པར་བློས་བརྟགས་ཏེ་སྦྱིན་པར་བྱ་བའི་དོན་ཡིན་ནོ། །མ་ཞུ་བཅས་ལ་དུགས་དང་སྨྱུང། །སྨིན་བྱ་རྩུབ་སྨན་བྱུག་པ་དང། །བླུག་སོགས་ཀྱིས་ནི་མ་ཞུ
་བསལ་བྱས་ལམ་འདྲེས་རླུང་གསོ་བྱ། །ཞེས་བྱ་བ་ལ་མ་ཞུ་བ་དང་བཅས་པའི་རླུང་ནད་ལ་ནི་དུགས་དང། སྨྱུང་བ་ལ་སོགས་པས་སྨིན་ཅིང་མ་ཞུ་བ་མེད་པར་བྱས་ལ། དེའི་འོག་ཏུ་མ་འདྲེས་པའི་རླུང་ནད་ཉི་ཚེ་བའི་གསོ་བ་ཇི་སྐད་སྨོས་པ་དག་བྱའོ། །སྐེམ་དང
་བྱ་མྱང་ཡན་ལག་འཁུམས། །རངས་དང་འདར་བུ་ཚོར་བ་མེད། །འགྲམ་ཉམས་ཁ་ཡོ་འཐེད་པོ་དང། །ཞ་བོ་དྲེག་ནད?་ཀྱིས་འཐེང་དང། །ཚིགས་འཁྲུགས་གཞོགས་ཕྱེད་ན་བ་དང། །ཚིགས་དང་རྐང་རུས་ལ་ཞུགས་ནང། །འདི་དག་གནས་ནི་གཏིང་རིང་བས། །དེ་བས
་འདི་དག་གསར་བཏབ་བཏབ་དང། །བླ་གཉན་མེད་ཅིང་ཉམས་སྟོབས་ལྡན། །འབད་ན་འཚོ་ཡི་གཞན་དུ་མིན། །ཞེས་བྱ་བ་ལ། སྐོལ་བའི་ལུས་ནི་རེད་ཅིང་སྐམ་པོར་འགྱུར་རོ། །བྱ་རྨྱང་ནི་ལུས་འགྱུར་ཞིང་བཅུ་པའོ། །ཡན་ལག་འཁུམས་པ་ནི་ལུས་ཀྱི་ཡན་ལག
་འདུས་ཤིང་ཞུམ་པའོ། །རེངས་པ་ནི་ཤིང་ལྟར་རེངས་པའོ། །འདར་བ་ནི་ལུས་འདར་བའོ། །ཚོར་བ་བྱེད་པ་ནི་བེམ་བེམ་པོར་གྱུར་པའོ། །འགྲམས་པ་ཉམས་པ་ནི་འགྲམ་པ་གཉིས་གནས་ལས། འཆུགས་ཤིང་ཉམས་པའོ། །ཁ་ཡོ་བ་ནི་རླུང་གིས་ཁ་བྱེད་ཡོན་པོར་བཅུས་བའོ། །འཐེང་བོ་ནི་རྐང་བའི
་གཟུགས་ཕྱེད་ཉམས་པའོ། །ཞ་བོ་ནི་ཡན་ལག་འཇས་པའོ། །དྲེག་ནང་གྱིས་འཐེང་བ་དེ་ནི་རླུང་དང་ཁྲིག་ནད་གྱིས་འགྲེང་བར་གྱུར་བའོ། །ཚིགས་འཁྲུལ་པ་ནི་རང་གི་གནས་འཚུར་བའོ། །གཞོགས་ཕྱེད་ན་པ་ནི་ལུས་གཞོགས་ཕྱེད་ལྷག་པར་ན་བའོ། །གཞན་ཡང་ཚིགས་ལ་སོགས་པ་ལ་གནས་ཤིང་གཏིང་དུ་ཞེན
་པའི་ནད་འདི་དག་ནི་གནས་གཏིང་རིང་?་བརྟག་དཀའ་བར་ཞེན་པ་ཡིན་པས་དེའི་ཕྱིར་ནད་འདི་དག་ནི་ནད་ཀྱིས་གསར་དུ་བཏང་ཅིང་ནད་བྱུང་ནས་རིང་པོ་མ་ལོན་པ་དང། བླ་གཉན་གྱི་ནད་གཞན་མེད་ཅིང་ནད་པ་ཉམས་སྟོབས་དང་ལྡན་པ་དག་ལ་སྨན་པས་འབད་པ་དང་བཅས་ཏེ་བསོས་ན་འཚོ
་ཡིད། །གཞན་དུ་ནི་འཚོ་བར་མི་འགྱུར་བར་གསར་དུ་བཏབ་པ་དང་བླ་གཉན་མེད་པའི་སྐབས་སུ་འབད་དེ་གསོ་བར་བྱའོ། །མཁྲིས་འདྲེས་རླུང་ལ་གྲང་དྲོ་བའི། །གསོ་པ་རིམ་གྱིས་མང་དུ་བྱས། །འཚོ་བྱེད་སྡེ་དང་བསྐོལ་བ་ཡི། །སྣད་མར་དག་ཀྱང་བླུད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པ་དང
་འདྲེས་པའི་རླུང་ནང་ལ་ནི་གྲང་བ་དང་དྲོ་བའི་གསོ་བའི་རིམ་གྱིས་སྤྲོ་ཞིང་མང་དུ་བྱས་པ་ལ། དེ་བཞིན་དུ་འཚོ་བྱེད་ཀྱིས་སྡེ་ཚན་དང་བསྐོལ་བའི་སྨན་མར་དག་ཀྱང་ནང་བདེ་ལ་བླུད་པར་བྱའོ། །སྐམ་སའི་ཤ་དང་ས་ལུ་ནས། བཀྲུ་སྨན་འོ་མར་བཅས་འཇམ་བསྐོལ། །ཞེས་བྱ་བ་ལ།
་མཁྲིས་པ་དང་འདྲེས་ཤིང་མཁྲིས་པ་བསྒྲིབས་པའི་རླུང་གི་ནད་འདི་ལ་?་སྲོག་ཆགས་ཀྱི་ཤ་དང་འབྲས་ས་ལུ་དང་ནས་ཀྱི་ཁ་ཟས་སྦྱིན་ཞིང། བཀྲུ་སྨན་འོ་མ་དང་སྦྱར་བའི་འཇམ་པོ་བཏང་བར་བྱའོ། །རྩ་བ་ལྔ་དང་བ་ལར་བསྐོལ། འོ་མའི་མས་བཏང་སྦྱོར་བ་བྱ། ཞེས་བྱ་བ
་ལ། མཁྲིས་པ་དང་འདྲིས་པའི་རླུང་འདི་ལ་མས་བཏང་བའི་སྨན་རྩ་བ་ལྔ་ཆེན་པོ་དང་བ་ལ་བསྐོལ་བའི་ཁ་བ་དང་ལྷན་ཅིག་བསྐོལ་བའི་མོས་བཏང་བའི་སྦྱོར་བདག་བཏང་པར་བྱའོ། །སྨན་མངར་བསྐོལ་བའི་ཏིལ་མར་གྱི། །འཇམ་རྩི་དུས་སུ་གཏང་བར་བྱ། །ཞེས་བྱ་བ་ལ། ཡང་དེ་འཇམ་?
་བཏང་བའི་དུས་ལ་དབང་ན་སྨན་མངར་བའི་སྡེ་ཚན་དང་བསྐོལ་བའི་ཏིལ་མར་གྱི་སྣུམ་གྱི་འཛམ་རྩི་མས་བཏང་བར་བྱའོ། །ཤིང་མངར་བ་ལ་ཏིལ་མར་དང། །མར་དང་འོ་མ་མངར་བ་བླུགས། །རྩ་བ་ལྔ་ཡི་ཁུ་བའམ། །ཆུ་ནི་གྲང་མོ་ཉིད་བླུགས་བྱ། །ཞེས་བྱ་བ་ལ
་ཡང་ན་དེ་ལ་ཤིང་མངར་བསྐོལ་བའི་ཏིལ་མར་འོ་ན་དང་མར་དང་བསྐོལ་བ་བླུད་ན་ཡང་ཕན་ནོ། །ཡང་ན་རྩ་བ་ལྔ་བསྐོལ་བའི་ཁུ་བ་བླུགས་པ་འམ། ཡང་ན་ཆུ་གྲང་མོ་བླུགས་ན་ཡང་མཁྲིས་པ་དང་འདྲེས་པའི་རླུང་ལ་ཕན་ནོ། །བད་ཀན་བཅས་ལ་ནས་ཀྱི་ཟིན། །སྐམ་ཟའི་རི་དྭགས་བྱ
་ཡི་ཤ། དུགས་དང་མས་བཏང་བཀྲུ་སྨན་ནོ། །སྨོན་སྨན་བཀྲུ་སྨན་བཅས་པ་བཏང། །མར་རྙིང་ཏིལ་མར་ཡུངས་ཀར་ལས། །བྱུང་བའི་མར་ནི་བླུད་ན་ཕན། །ཞེས་བྱ་བ་ལ། བད་ཀན་དང་བཅས་ཤིང་འདྲེས་པའི་རླུང་ལ་ནི་ནས་ཀྱིས་ཟན་དང། སྐམ་ན་གནས་པའི་རི་དྭགས་དང་བྱའོ?
་ཤ་དང་།དུགས་བྱ་བ་དང། ནི་རུ་ཧ་རྣོན་པོ་བཏང་པ་དང་སློན་སྨན་དང་བཀྲུ་སྨན་བཏང་བ་དག་ཕན་ལ། དེ་བཞིན་དུ་མར་རྙིང་པ་དང་ཡུངས་ཀར་གྱི་མར་བླུད་ན་ཕན་ནོ། །བད་ཀན་མཁྲིས་པ་འདྲེས་པ་ལ། དང་པོར་མཁྲིས་པ་གསོ་བར་བྱ། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ
་གཉིས་ཀ་དང་འདྲེས་པའི་རླུང་ནད་ལ་ནི་དང་པོ་ཁོ་ནར་མཁྲིས་པ་བསོས་ལ། དེའི་རྗེས་ལ་བད་ཀན་འདྲེས་པའི་རླུང་ནད་བསལ་བར་བྱའོ། །ཁྲག་དང་འདྲེས་པ་དྲེག་ནད་ཀྱི། །གསོ་བ་ཇི་སྐད་བཤད་པར་བྱ། ཞེས་བྱ་བ་ལ། ཁྲག་དང་འདྲེས་པའི་རླུང་ནང་ནི་དྲེག་ནད་ཀྱི
་གསོ་བ་གོ་དུ་ཇི་སྐད་སྨོས་པ་དག་བྱའོ། །དུགས་བསྐུ་ཤ་ཁུ་འོ་མ་དང། །སྣུམ་དང་བཅས་པས་འདྲེས་སེལ། ཞེས་བྱ་བ་ལ། ཤ་ལ་གནས་ཤིང་དེའི་ནང་དུ་ཞུགས་པའི་རླུང་ལ་ནི་དུགས་ལ་སོགས་པ་ཅི་རིགས་སུ་སྦྱར་རོ། །ཕྱུག་པོའི་རླུང་ལ་གཅིན་སྙིང་དང།
་ཚིལ་དང་རླུང་འཇོམས་སྨན་གྱིས་གསོ། ཞེས་བྱ་བ་ལ། ཕྱུག་པོའི་རླུང་ནང་ཚིལ་དང་རླུང་དུ་འདྲེས་པ་ལ་གཅིན་སྙི་ཟ་ཁུའི་ནད་འཇོམས་པ་དང། ཚིལ་འཇོམས་པ་དང་རླུང་འཇོམས་པའི་སྨན་གང་དག་ཡིན་པས་གསོ་བར་བྱའོ། །རུས་པ་རྐང་གནས་སྣུམ་ཆེན
་གྱིས། །ཁུ་ཚུར་གནས་ལ་སྔར་བཤད་པས། །ཞེས་བྱ་བ་ལ། རུས་པ་དང་རྐན་ལ་གནས་པའི་རླུང་ལ་ནི་སྣུམ་ཆེན་པོ་བཞིའི་སྦྱོར་བས་གསོ་བར་བྱའོ། །ཁུ་ཚུར་གནས་པའི་རླུང་ནད་ལ་ནི་སྔར་རླུང་ནད་ཀྱིས་གསོ་པའི་སྐབས་སུ་ཁུ་ཚུ་ལ་གནས་པའི་རླུང་ལ་ཕན་པའི་སྨན་གྱིས་གསོ་པར་བྱའོ། །ཟས་དང
་འདྲེས་ལ་འཇུ་བྱེད་དང། །དྲོད་བསྐྱེད་སྐྱུགས་སྨན་ཡང་བ་བཏང། ཞེས་བྱ་བ་ལ། ཟས་དང་འདྲེས་པ་ལས་གྱུར་པའི་རླུང་ནད་ལ་ནི་འཇུ་བར་བྱེད་པའི་སྨན་དང་།དེ་བཞིན་དུ་དྲོད་བསྐྱེད་པ་སྐྱུག་སྨན་གྱིས་སློན་པ་དང། རང་བཞིན་དང་ཚར་ཀྱིས་སྤང་བར་འགྱུར་བའི་སྨན་གང་དག་ཡིན་པ་བཏང་པས
་གསོ་བར་བྱ་བའོ། །གཅིན་འདྲེས་གཅིན་ནི་འཕེལ་བ་དང། །དུགས་དང་འཇམ་རྩི་གོང་མས་གསོ། །ཞེས་བྱ་བ་ལ། གཅིན་དང་འདྲེས་པའི་རླུང་ལ་ནི་གཅིན་འཕེལ་བར་བྱེད་པའི་སྨན་གོན་དང། གཟམ་ལ་སོགས་པའི་སྨན་བྱིན་ན་ཕན་པ་དང་དེ་བཞིན་དུ་དུགས་དང་མཚན་གྱི་སྒོ་ནས་འཇམ་རྩི
་བཏད་བས་གསོ་བར་བྱའོ། །བཤད་འདྲེས་ཨེ་རཎྜའི་མར་དང། །འཛམ་རྩི་སྣམ་གྱི་འཁྲུ་བྱེད་ཕན། །ཞེས་བྱ་བ་ལ། བཤང་བ་ལ་གནས་ཤིང་དེ་དང་འདྲེས་པའི་རླུང་རཎྜའི་ཏིལ་མར་དང་འཇམ་རྩི་དང་སྣུམ་འཁྲུ་བར་བྱེད་པ་བྱིན་ན་ཕན་ནོ། །ལུས་ཟུངས་ཀུན་ཞུགས་རླུང་ནད་ལ། བད
་ཀན་མཁྲིས་པ་མི་གནོད་དག་།གང་ཡང་རླུང་ནི་བདེ་རྒྱུ་བའི། །སྨན་དེ་རླུང་ནད་དེ་ལ་བཏང། ཞེས་བྱ་བ་ལ། ལུས་ཐམས་ཅད་ལ་ཞུགས་ཤིང་བརྟེན་པའི་རླུང་ནད་ལ་ནི་སྨན་གང་བད་ཀན་དང་མཁྲིས་པ་ལ་གནོད་པ་མི་བསྐྱེད་ཅིང། ལྡང་བར་མི་འགྱུར་བ་རླུང་ནི་བདེ་བར་རྒྱ་བར་བྱེད་པའི
་སྤྱན་ཏེ་བཏང་བར་བྱའོ། །འཁྲུ་བར་མི་བྱེད་སྣུམ་པ་དང། །རྩ་རྒྱུན་སྦྱོར་བ་བྱེད་པར་བྱ། །མས་བཏང་བ་ནི་མངར་བ་དང། །སྣུམ་གྱིས་འཇམ་རྩིས་གསོ་བར་བྱ། །ཉམས་སྟོབས་ཅི་ཡོད་བརྟགས་ནས་ནི། །བཀྲུ་སྨན་འཇམ་པོ་བཏང་བར་བྱ། །བཅུད་ཀྱི་ལན་ནི་ཐམས་ཅད་ཀྱི། །སྦྱོར་བ་དག?
་བསྔགས་པ་ཡིན། །མཆོག་ཏུ་བྲ་གཞུན་སྦྱོར་བ་དང། །དེ་བཞིན་གུ་གུལ་ཉི་ཚེ་འམ། །ཁ་ར་སྲང་སྟོང་ཚིག་བརྒྱར་བཅས། །པ་བསངས་བཤད་ལྡེ་གུ་འང་ཕན། །ཞེས་བྱ་བ་ལ། ལུས་ཟུངས་ཐམས་ཅད་ལ་གནས་པའི་རླུང་ནད་དེ་ལ་ནི་ཡང་འཁྲུ་བར་མི་བྱེད་པའི་སྣུམ་དང
་བུ་གའི་རྩ་རྒྱུན་སྦྱོང་ཞིང་དག་པར་བྱེད་པའི་ཟས་དང་སྐོམ་དང་སྨན་ཐམས་ཅད་བཏང་བར་བྱའོ། །དེ་བཞིན་དུ་ཕལ་ཆེར་མངར་བ་དང་སྦྱོར་བའི་འཇམ་རྩིམས་བཏང་བ་དང། སྣུམ་གྱིས་འཇམ་རྩི་དག་གིས་གསོ་བར་བྱ་བ་དང། ནད་པའི་ཉམས་སྟོབས་ལས
་དཔགས་ཏེ། བཀྲུ་སྨན་འཇམ་པོ་བཏང་བ་དང། བཅུད་ཀྱི་ལེན་གྱིས་སྦྱོར་བ་ཇི་སྐད་སྨོས་པ་དག་བསྟེན་ན་ཕན་པ་དང། ཁྱད་པར་རམ་མཆོག་ཏུ་བྲག་ཞུན་གྱི་སྦྱོར་བ་ལན་མང་དུ་བསྟེན་ན་ཕན་པ་དང། དེ་བཞིན་དུ་གུ་གུལ་ཉི་ཚེའི་སྦྱོར་བ་བཏང་ན་ཕན་པ་དང། པ་བསངས་ཀྱིས་བཤད
་པའི་བཅུད་ཀྱིས་ལེན་པའི་སྦྱོར་བ་ཇི་སྐད་པ་དག་ཀྱང་ཕན་ཏེ། དེ་ནི་ཁར་སྲང་སྟོང་ཚིག་བརྒྱ་དང་བཅས་པའི་ལྕགས་ཕྱེའི་སྦྱོར་བ་ལས་བྱེད་པ་ཡིན་ནོ། །ཐུར་སེལ་འདྲེས་ལ་དྲོད་བསྐྱེད་དང། །འཁྲུག་གཙོན་རླུང་ནི་བང་རྒྱུ་བྱེད། །གཅིན་གྱི་གནས་ནི་སྦྱོར་བྱེད་པའི། །སྨན་རྣམས་དེ་ལ
་བཏང་བར་བྱ། །ཞེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་གང་དང་འདྲེས་ཀྱང་རུང་སྟེ། དེ་ལ་ནི་ཕོ་པའི་མེ་དྲོད་སྐྱེད་པར་བྱེད་པ་དང། འཁྲུ་བ་གཙོར་པར་བྱེད་པ་དང། །རླུང་བདེ་བར་རྒྱུ་ཞིང་འབྱུང་བར་བྱེད་པ་དང། །གཅིན་གྱི་གནས་ལྒང་པར་སྦྱོང་བར་བྱེད་པའི་སྨན་གང་དག་ཡིན་པ
་དེ་ཐམས་ཅད་བཏང་བར་བྱའོ། །དེ་ལྟར་སྲོག་ལ་སོགས་པ་ཡིས། །འདྲེས་པའི་གསོ་བ་མདོར་བཤད་ཡིན། །སྨན་པས་དེ་གསོ་རྒྱས་པར་ནི། །བློ་ཡིས་བརྟགས་ཏེ་ཅི་རིགས་བྱ། །ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་དང་ནད་གཞན
་འདྲེས་པའི་གསོ་བ་མདོ་ཙམ་དུ་བསྟན་པ་ཡིན་གྱིས། །སྲོག་ལ་སོགས་པའི་རླུང་ལྔ་པོ་དེ་དག་གིས་གསོ་བརྒྱ་ཆེར་ནི་སྨན་པས་བློས་ལེགས་པར་བརྟགས་ལ་ཇི་ལྟར་འོས་པ་དང་ཅི་རིགས་སྦྱར་བར་བྱའོ། །སྟོང་དུ་རྒྱུ་བའི་སྤྱི་བོར་བསྡུ། །ཐུར་སེལ་དེ་ལས་བཟློག་པར་བྱ། །མེད་མཉམ
་གནས་མཉམ་པར་བྱ། །ཁྱབ་བྱེད་གསུམ་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། སྟོད་དུ་རྒྱུ་བའི་རླུང་ནི་སྤྱི་བོར་དྲང་ཞིང་བསྡུ་བར་བྱ་ལ། ཐུར་དུ་སེལ་བའི་རླུང་ནི་དེ་ལས་གོ་བཟློག་པ་སྟེ་།ཅི་ནས་ཀྱང་ཐུང་ངུ་རྒྱུ་ཞིང་འགྲོ་བར་བྱ་ལ། །མོ་དང་མཉམ་དུ་གནས་པ་ནི། །ཆ་མཉམ་པ་ཉིད་དུ་བྱས་ཏེ།
་སྟེང་དུ་དྲང་པར་ཡང་མི་བྱ་ལ། འོག་ཏུ་དྲན་པར་ཡང་མི་བྱའོ། །ཅི་ནས་ཀྱང་དེ་ཉིད་དུ་མཉམ་པར་བྱའོ། །ཁྱབ་བྱེད་ཅེས་བྱ་བའི་རླུང་ནི་སྟེང་དང་འོག་དང་བར་གསུམ་ཆར་དུ་གནས་པར་བྱའོ། །བཞི་པོ་བས་ཀྱང་སྲོག་བསྲུང་སྟེ། དེ་གནས་ན་ནི་ལུས་ནས་འགྱུར། ཞེས་བྱ་བ་ལ། །སྟོད་དུ་རྒྱུ་བ
་ལ་སོགས་པའི་རླུང་བཞི་པ་བས་ཀྱང། རྣམ་བ་ཐམས་ཅད་དུ་འབད་དེ་སྲོག་ཅེས་བྱ་བའི་རླུང་ལྷག་པར་བསྲུང་བར་བྱ་སྟེ། གང་གི་ཕྱིར་སྲོག་ཅེས་བྱ་བའི་རླུང་དེ་གནས་ན་ལུས་གནས་ཤིང་མི་འཇིགས་པར་འགྱུར་བ་ཡིན་ནོ། །དེ་ལྟར་རླུང་ནི་ལམ་གཞན་ཞུགས། །རང་རང་གི་ནི་གནས་སུ་བཞག།
་ཅེས་བྱ་བ་ལ། དེ་ལྟར་ཚུལ་འདིས་ན་ལམ་གཞན་དུ་ཞུགས་པའི་རླུང་ཐམས་ཅད་རྣམ་པ་སྣ་ཚོགས་ཀྱིས་དེ་ལམ་བཟློག་ཅིང་རང་གི་གནས་སུ་བཞག་ཅིང་བསྡུ་ཞིང་བཞག་པར་བྱའོ། །ཁྲག་མཁྲིས་འདྲེས་པ་མ་གཏོགས་པ། །འདྲེས་པའི་གནས་ནི་ཐམས་ཅད་ལ། བཅུད་ཀྱི་ལེན་གྱིས
་ཆོ་ག་བཞིན། །སྒོག་སྐྱ་བསྟེན་ན་སེལ་བར་བྱེད། །ཅེས་བྱ་བ་ལ། རླུང་ནང་གཞན་དང་འདྲེས་པ་སྔར་བཤད་པ་ཐམས་ཅད་ལ་ཁྲག་དང་འདྲེས་པ་མཁྲིས་པ་དང་འདྲེས་པ་མ་གཏོགས་པར་གཞན་ཐམས་ཅད་ལ་བཅུད་ཀྱི་ལེན་གྱི་ཆོ་ག་ཇི་སྐད་བཤད་པ་བཞིན་དུ་སྒོག་སྐྱ་བསྟེན་ན
་ཡང་ནང་དེ་ཐམས་ཅད་སེལ་བར་བྱེད་དོ། །མཁྲིས་པར་འདྲེས་ལ་མཁྲིས་སེལ་བས། །རླུང་ནི་བདེ་བར་རྒྱུ་བར་བྱ། །ཞེས་བྱ་བ་ལ། མཁྲིས་པ་དང་སྟོང་དུ་རྒྱུ་བ་ལ་སོགས་པ་འདྲེས་པ་ནི་མཁྲིས་པ་སེལ་བར་བྱེད་པའི་སྨན་གང་དག་ཡིན་པ་དང། དེ་བཞིན་དུ་རླུང་བདེ་བར་རྒྱུ་བ་གང་དག་ཡིན་པ་དེ
་བྱའོ། །ཁྲག་དང་འདྲེས་ལ་དེ་ཉིད་དང། །མཐོང་བའི་ནད་བཤད་སྨན་བྱའོ། །ཞེས་བྱ་བ་ལ། སྟོང་དུ་རྒྱུ་བ་ལ་སོགས་པ་ཁྲག་དང་འདྲེས་པ་ལ་ནི་མཁྲིས་པའི་སྨན་དང་རླུང་དེ་བར་རྒྱུ་བ་སྔ་མ་དེ་ཉིད་དང། རླུང་ནང་འཐེན་པའི་སྨན་གང་དག་ཡིན་པ་དེ་བྱའོ། །ཁྲག་མཁྲིས་རླུང་ནི་སེལ་བ་ཡི། །
་བཅུད་ཀྱི་ལེན་ནི་སྣ་ཚོགས་སྦྱོར་ཞེས་བྱ་བ་ལ། ཡང་ནད་དེ་ལ་ནད་གཞི་དང། །ལུས་ཟུངས་ལ་སོགས་པ་ཁྲག་དང་འདྲེས་པ་ལ་ནི?་ལེགས་པར་བརྟགས་ལ་ཁྲག་ལ་སོགས་པ་སེལ་བའི་བཅུད་ཀྱིས་ལེན་པ་སྣ་ཚོགས་དང་ཅི་རིགས་པར་སྦྱར་པར་བྱའོ། །ནང་གཞི་ཇི་ལྟར
་བསྟན་པ་བཞིན། །གསོ་བ་ཇི་ལྟར་ཡང་དག་བཤད། །ཉམ་ཐག་འཕྲལ་དུ་སེལ་བ་འདི། །ཚེ་ཡིས་རིག་བྱེད་གནས་འབྲས་བུ། །ཞེས་བྱ་བ་ལ། །ནང་གཞི་སྔར་ཇི་སྐད་བསྟན་པ་བཞིན་དུ་གསོ་བའི་བཤད་པ་ཡང་དེ་ལྟར་བཀོད་ཅིང་བ་ཤིང་ཚུལ་དེ
་ལྟར་ལེའུ་ཉི་ཤུ་རྩ་གཉིས་ཀྱི་གསོ་བ་ཡང་དག་པར་བཤད་པ་ཡིན་ནོ། །གསོ་བའི་གནས་འདི་ནི་གནད་ཀྱིས་ཉན་ཐག་པ་ཉིད་འཕྲལ་དུ་དེའི་མདོ་ལ་སེལ་ཅིང་འཇིག་པར་བྱེད་པའི་རྒྱུས་ན་ཚེའི་རིགས་བྱེད་ཀྱི་གནས་མ་ལུས་པའི་འབྲས་བུར་གྱུར་པ་ཡིན། །གསོ་བ
་ཕན་པ་གནོད་སེལ་དང། །སྦྱོར་བ་སྨན་པ་རྩི་དང་ནི། །ཞི་བར་བྱེད་དང་སྔགས་བྱ་སྟེ། །དེ་དག་སྨན་མིན་རྣམ་གྲངས་ཡིན། །ཞེས་བྱ་བ་ལ། སྨན་ནི་གསོ་བ་དང་ཕན་པ་ཞེ་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱི་ཚེའི་རིག་བྱེད་ལ་མཁས་པའི་དྲང་སྲོང་རྣམས་ཀྱིས་བསྟན་ཅིང
་བཤད་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་།ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་འགྲེལ་པའོ།། །།
་ཡན་ལག་བརྒྱད་པའི་སྙིང་པོའི་གནས་ཞེས་བྱ་བ་གནས་བཞི་པའི་འགྲེལ་པ།། །།རྫོགས་སོ། །དེ་ནས་སྐྱུགས་སྨན་གྱི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། གསོ་བའི་གནས་ཀྱི་འོག་ཏུ་ཆོ་ག་གྲུབ་པའི་གནས་བཤད་པ་ནི་ཤིན་ཏུ་རིགས་པ་ཁོ་ན
་ཡིན་ཏེ། གསོ་བ་ནི་ཆོ་གའི་གནས་ལ་བལྟོས་པ་བྱ་དགོས་པ་ཡིན་པའི་ཕྱིར་རོ། །དེ་ཡང་དུས་སྟོབས་བྱ་བ་ཤེས་པ་ཡིས། །སྐྱོ་མ་ཤ་ཁུ་བུ་རམ་ཤིང། །ཁུ་བ་འམ་ཆོ་ག་ལས་བཤད་ཆང། །སྐྱུགས་སྨན་དོན་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་པའི་རིགས
་པས་གསོ་བ་ནི་ཕལ་ཆེར་ཆོ་གའི་གནས་ལ་བལྟོས་དགོས་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱུགས་པར་བྱེད་པའི་སྨན་རྣམས་བྱ་བའི་སྦྱོར་བ་ནི་ཆོ་ག་སྟེ། ལས་སུ་བྱའོ། །དེ་ལ་ནང་འབྱིན་པར་བྱེད་པ་ནི་སྐྱུགས་པའི་སྨན་ཏེ། དེ་ལྟར་སྐྱུགས་སྨན་སྔོན་དུ་སྨོས་པས་བཀྲུ་སྨན
་ལ་སོགས་པ་ལས་རྣམ་པ་ལྔའི་ནང་ན་སྐྱུགས་སྨན་མཆོག་ཡིན་པར་བཤད་པ་ཡིན་ནོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་ཞེས་བྱ་བ་ལ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །སྐྱུགས་སྨན་ན་ཆོག་ནི་པོ་སོན་ཆ། །དུར་བྱིད་རྩ་བར་ཀྲུ་སྨན་མཆོག
་གཞན་དག་ནད་ཀྱི་དབང་ལས་ནི། །ཁྱད་པར་དུ་ནི་གྱུར་པ་ཡིན། །ཞེས་བྱ་བ་ལ། སྐྱུགས་སྨན་དུ་བཏང་བའི་སྨན་རྣམས་ཀྱི་མཆོག་ནི་པོ་སོན་ཆ་ཞེས་བྱ་བ་མེད་ན་ཕལ་མཆོག་དམ་པ་ཡིན་ཏེ། དེ་ནི་སྐྱོན་མེད་པ་ཡིན་ལ། དེ་བས་ན་སྨིན་དེ་ནི་དུས་ཐམས་ཅད་དུ་ནད་ཐམས་ཅད་ལ་ཕན་པ་?
་པའི་ཕྱིར་རོ། །བཀྲུ་སྨན་རྣམས་ཀྱི་ནང་ན་དུར་བྱིད་ཀྱི་རྩ་བ་མཆོག་ངེས་པ་ཡིན་ཏེ། རྟོག་པར་ནང་ཐམས་ཅད་བདེ་བར་འཁྲུ་བར་བྱེད་ཅིང་གནོད་པ་མི་བསྐྱེད་པ་ཡིན་པའི་ཕྱིར་རོ། །ཛི་མུ་རྟ་ལ་སོགས་པའི་སྨན་གཞན་རྣམས་ནི་ནད་རེ་རེའི་དབང་དུ་བྱས་པའི་ཁྱད་པར་ལ་བལྟོས་ནས
་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་གྱུར་པ་ཡིན་གྱི། པོ་སོན་ཆ་འབྲས་བུ་དང། དུར་བྱིད་ཀྱི་རྩ་བ་ལྟར་དུས་ཐམས་ཅད་ནད་ལ་ཕན་ཞིང་མཆོག་དུ་གྱུར་པ་མ་ཡིན་ནོ། །པོ་སོན་ཆ་དེ་མདོག་སྐྱ་ཞིང། །ཤིན་ཏུ་སྡེ་བའང་མ་ཡིན་པ། །ཉིན་ཞག་ཚེས་གྲངས་ཤིས་པ་ལས།།
་?་དཔྱིད་ཀྱི་མཚམས་སུ་བཏུ། །ཕྱིས་?་འཇག་མའི་སྣོད་དུ་ནི། །བཅུག་སྟེ་བཅིངས་ལ་བ་ལན་གི། ལྕིབས་སྣོད་དབྱུགས་ནས་ནི། །འབྲུ་ཡི་ནང་དུ་བཞག་པར་བྱ། །ཞེས་བྱ་བ་ལ་། པོ་སོན་ཆ་དེ་བཏུ་བ་ཡང་མདོག་སྐྱ་བ་སྟེ། སྨིན་པ་ལས་ཤིན་ཏུ་ཐལ་བའི་མདོག་ཧ་ཅང་སྐྱ་བམ?
་ཡིན། །དང་།དེ་བཞིན་དུ་ཤིན་ཏུ་སྔོ་བ་ཡང་མ་སྨིན་པ་ཡིན་པས་དེ་ལྟ་བུ་ཡང་མ་ཡིན་པ་སྟེ། དེ་ལྟར་སྨིན་ནས་ཐལ་ཆེས་པ་དང་མ་སྨིན་པར་ཐལ་ཆེས་པ་དང། མ་སྨིན་པ་གཉིས་ཀ་མ་ཡིན་པ་དེ་ཉིན་ཞག་དང་ཚེས་གྲངས་ཤིས་ཤིང་བཟང་བ་ལ་སོགས་པའི་དུས
་ཚིགས་དང། དབྱིད་ཀྱི་དུས་ཀྱི་བར་མཚམས་སུ་ལེགས་པར་བཏུ་ཞིང་བླངས་ན་ཕྱིས་ཤིང་སྦྱངས་ནས་འཇག་མའི་སྣོད་དུ་བྱས་པའི་ནང་དུ་བཅུག་སྟེ། སྟེང་ནས་སྲང་བུ་ལ་སོགས་པས་བཅིངས་ལ་དེའི་འོག་ཏུ་བ་ལང་གིས་ལྕི་བས་སྣོད་དེའི་ཕྱི་རོལ་ནས་བསྐུ་ཞིང་བྱུག་པར
་བྱའོ། །དེ་ལྟར་བསྐུས་པའི་རྗེས་ལ་འཇག་མའི་ཐུན་བུ་དེ་ཞག་བརྒྱད་ཀྱི་བར་དུ་འབྲས་ཀྱི་ཕུང་པོའི་ནང་དུ་བཅུག་ལ་བཞག་པར་བྱའོ། །འཇག་མས་དཀྲིས་པས་འཇམ་པ་དང། །སྦྲང་རྩི་ལྟ་བུར་དྲི་ཞིམ་ལ། །ཞག་བརྒྱད་འདས་པར་གྱུར་པ་དང། །ཕྱུང་སྟེ་དེ་ནི་ཉི་མར་སྐམས་ཞེས
་བྱ་བ་ལ། པོ་སོན་ཆ་དང་འཇག་ནས་དཀྲིས་པའི་དབང་གིས་གང་གི་ཚེ་འཇམ་པོར་གྱུར་ཅིང་སྦེང?་རྩི་ཏ་བུར་དྲི་ཅུང་ཟད་ཞིམ་པར་གྱུར་པ་དང། །ཞག་བརྒྱད་འདས་པ་དེའི་ཚེ་འཇག་མའི་སྣོད་ཀྱི་ནང་ནས་བྱུང་ལ་ཉི་མ་ལ་སྐམ་པར་བྱའོ། །དེ་འོག་ལགས་པར་བསྐམས་པ་དང། །ནད་གི
་འབྲས་བུ་བྱུང་ནས་ནི། །ཞོ་དང་ཞོ་ཁ་ཆུ་མར་གྱི། །ལྡེ་གུང་མཉེས་ལ་སླར་ཡང་བསྐམ། །ཞེས་བྱ་བ་ལ། །པོས་ན་ཆད་ལེགས་པར་བསྐམས་པར་གྱུར་པ་དང། ནང་གི་འབྲས་བུ་གང་ཡིན་པ་དེ་བླུང་ལ་དེ་ཞོ་ལ་སོགས་པ་དང་མཉེས་ལ། ལྡེ་གུ་དེ་ཡང་བསྐམ་པར་བྱའོ། །དེ་ནས་ལེགས་པར
་སྤས་ཏེ་བཞག་།དགོས་པའི་དུས་སུ་སྦྱར་བར་བྱའོ། །ཞེས་བྱ་བ་ལ། དེའི་འོག་ཏུ་ནང་གི་འབྲས་བུ་བསྐམས་པ་དེས་རྫ་མའི་བུམ་པ་སང་བ་མགྲིན་པའི་བར་དུ་བཀང?་སྟེ། ལེགས་པར་སྦྱས?་ལ་དེ་ནས་ནམ་སྦྱོར་བ་ལ་དགོས་པའི་དུ་སུར་སྦྱང་ཞིང་བཏང་བར་བྱའོ། །དེ་ནས་དེ་ལ་ཚད་ཙམ་དུ་།བླངས
་ལས་ཆ་མཆོམ་བརྡུངས་ནས་ནི། ཤིང་མངར་གོ་བྱེད་རའམ། ཁིམ་པ་ལྕང་མ་སྲེ་སྨན་དང། །བུཏི་ཨ་པྲ་མརྒ་དང། ཨརྒ་གང་ཡང་རུང་བའི། སྐོལ་བའི་ཆུའི་ནང་དུ་ནི། །ནུབ་གཅིག་ལ་?་སྦད་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་པོ་སོན་ཆའི་འབྲས་བུ་དེ་ལས་ཅི་ཙམ་གྱིས་སློབ་པར
་གྱུར་བའི་ཚད་ཙམ་བླངས་ལ། གཏུན་གྱི་ནང་དུ་ཆོམ་ཆོམ་བརྡུངས་ཏེ་བཏགས་པ་ཤིང་མངར་ལ་སོགས་པ་གང་ཡང་རུང་བ་བསྐོལ་བའི་ཆུའི་ནང་དུ་ནུབ་གཅིག་གི་བར་དུ་སྦང་པར་བྱའོ། །དེ་ནས་སྨན་གྱི་ཁུ་བ་དེ། །མཉེས་ཤིང་བཅེགས་ལ་ནད་པར་ནི། །མདོ་ནས་བསྟན་པའི་ཆོ་ག་བཞིན།།
་ལེགས་པར་བླུད་ལ་སྐྱུག་ཏུ་བཞུག་།ཅེས་བྱ་བ་ལ། དེ་ལྟར་ནུབ་གཅིག་སྤངས་ནས་སྨན་གྱི་ཁུ་བ་ད་ལེགས་པར་མཉེས་ལ། ཆགས་ཀྱིས་བཙགས་ཏེ། ནད་པར་གྱི་དུས་སུ་བླུད་པ་ལ་སྡང་མདོའི་གནས་སུ་ཇི་སྐད་བསྟན་པའི་ཆོ་ག་བཞིན་དུ་ལེགས་པར་བྱས་ཏེ། སློན་ཞིང་སྐྱུག་ཏུ་གཞུག་པར
་བྱའོ། དུ?་བད་ཀན་ལས་བྱུང་རིམས་ཆམ་པ། །སྐྲན་ཁང་ཁོང་འབྲས་རྣམས་ལ་ནི། །ཇི་སྲིད་མི་ལུས་པ་སྣང་གི་བར། །ཁྱད་པར་དུ་ནི་སྐྱུག་ཏུ་གཞུག་།ཅེས་བྱ་བ་ལ། བད་ཀན་ལས་གྱུར་བའི་རིམས་ལ་སོགས་པའི་ནད་ལ་སྐྱུགས་སྨན་བྱིན་ཏེ། དུས་ཇི་སྲིད་དུ་མ་བྲིས་པ་སྣང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ལྟུས?་ཏུ
་བཞུ་གོ། པོ?་སོན་ཆ་ཡི་འདྲས་བུ་ཡི། །ཕྱེ་མ་བསྐོལ་བའི་ཁུ་བ་ཡི། །འབྲས་བུ་གསུམ་ཕྱེ་མ་གསུམ་བཏབ། །ཀོ་བི་དར?་སོགས་ཁུ་བཅས། །བླུད་ན་རིམས་དང་དམུ་རྫིང་དང། །རྨེན་བུ་འབྲས་དང་འབྲུམ་ཆེན་དང། །གཏུན་འདྲ་རླུང་ནད་སེལ་བར་བྱེད། །ཅེས་བྱ་བ་ལ། པོ་སོན་ཆའི་ནང་གི
་འབྲས་བུའི་ཕྱེ་མའམ། དེ་བསྐོལ་བའི་རང་གི་ཁུ་བ་དང་དེའི་སུམ་ཆའི་འབྲས་བུ་གསུམ་གྱི་ཕྱི་མ་བསྲས་ལ། ཀོ་བདིར?་ལ་སོགས་པའི་ཁུ་བ་དང། བཅས་པར་བླུད་ན་རིམས་ལ་སོགས་པའི་ནད་སེལ་བར་བྱེད་དོ། །མཁྲིས་པ་བད་ཀན་གནས་ཞུགས་ལ། ཛི་མུ་ཏ་སོགས་ཁུད་བླུད། ཅེས
་བྱ་བ་ལ། པོ་སོན་ཆའི་ནང་གི་འབྲས་ཕྱེ་མ་དེ་ཛི?་མུ་ཏ་ལ་སོགས་པ་སྟེ། ཛི་མུ་ད་ཀ་དང། ཨིཀྵ་?་དང། ཀ་ཤ་ཏ་ཀི་རྣམ་གཉིས་དང། དུག་མོ་ཉུང་གིས་དོན་བསྐོལ་བའི་ཁུ་བ་དང། སྦྱང་བ་བླུད་ན་མཁྲིས་པ་བད་ཀན་གྱི་གནས་ཞུགས་པའི་ནད་ལ་ཕན་ནོ། །སྙིང་ཚ་ཁྲག་མཁྲིས་དག
་ལ་ནི། །དེ་འབྲས་འོ་ནང་བསྐོལ་བའམ། །འོ་ཐུག་བཅས་བྱུང། ཅེས་བྱ་བ་ལ། པོ་སོན་ཆ་དེའི་ནང་གི་འབྲས་བུ་འོ་མ་བསྐོལ་བ་དང་སྦྱར་ཏེ་བླུད་པའམ། འོ་ཐུག་གི་ནང་དུ་པོ་སོན་ཆའི་ནང་གི་འབྲས་བུ་བཏབ་པ་བླུད་ན་སྙིང་ཚབ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །བད་ཀན་སློན། །ཆམ་བ
་མུན་?་བྱེད་བ་ལ། དེ་བསྐོལ་འོ་མ་ལས་བྱུང་བའི། །ཞོ་ཡི་སྦྲིས?་མ་འམ་ཞོ་བླུད?་བྱ། །པོ་སོན་ཆ་སོགས་ལྡེ་བུ་དང། །བསྐོལ་བའི་འོ་མ་ལས་བྱུང་བའི། །མང་སར་བད་ཀན་གྱིས་དྲོད་ཉམས། །ལུས་བསྐམས་པ་ལ་སྐྱུགས་སྨན་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན
་དྲ་བ་ལ་སོགས་པའི་ནད་ལ་ནི་པོ་སོན་ཆའི་ནད་ཀྱི་འབྲས་བུ་འོ་མ་དང་བསྐོལ་བ་མནན་པ་ལས་གྱུར་པའི་ཞོའི་སྦྲིས་མ་འམ་མནན་པའི་ཞོ་དེ་ཉིད་བླུད་ལ་སློན་དུ་གཞུག་པར་བྱའོ། །ཆམ་པའི་བད་ཀན་གྱིས་ལྗན་ལྗིན?་མང་དུ་འབྱུང་བར་བྱེད་པའོ། །མུན་པའི་ཐིབས་ཞེས་བྱ་བ་ནི།
་དབུགས་མི་བདེ་བའི་ནད་ཀྱིས་མུན་པར་ཞུགས་པ་སྙམ་དུ་སེམས་པའོ། །པོ་སོན་ཆ་ལ་སོགས་པའི་ལྡེ་གུ་དང། བསྐལ་པའི་འོ་མ་བླུགས་པ་ལས་བྱུང་བའི་མར?་སར?་བླུད་ན། བད་ཀན་གྱི་དྲོད་ཉམས་པར་བྱས་པ་དང། དེ་བཞིན་དུ་ལུས་བསྐམས་ཤིང་ཚེ་གང་?
་གྱུར་པ་ལ་སྐྱགས་སྨན་དུ་བྱའོ། །བོ་སོན་ཆ་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ནི། ཛི་མུ་ཏ་ཀ་དང་ཨིཀྵ་བུ་དང་ཀོ་ཤ་ཏ་ཀི་དང་ཛ་ཀོ་ཤ་ཏི་ཀི་དང། དུག་མོ་ཉུང་གི་ས་བོན་བསྡུས་ཏེ་སྐྱུགས་སྨན་གྱི་མཆོག་དྲུག་པ་དེ་དག་བསྐོལ་བའི་ཁུ་བ་འམ་བཏགས་པའི་ལྡེ་གུ་དང
་ལམ་བསྲེས་པ་ལས་བྱུང་བའི་མར་སར་རོ། །པོ་སོན་ཆའི་ཁུར་ནི་བས་ཤིང་གི་ཆོགས་བཙགས་ནས་ནི། །གཟང་བུས་ཆགས་པའི་བར་དུ་བསྐོལ། །བྱིན་པ་བདེ་བར་སྐྱུག?་ཏུ་བཞུ?་གོ་།ཅེས་བྱ་བ་ལ། བོ་སོན་ཆའི་ནད་གེས་འབྲས་བུ་བསྐོལ་བའི་ཁུ་བར་སོ་ཤིང་དེའི?་འབྲས
་པུའི་ཆོ་ག་ཇི་སྐད་སྨོས་པ་ལྟར་བཙགས་ཏེ། གཟང་བུ་ལ་ཆགས་ཀྱི་བར་དུ་བསྐོལ། དེའི་འོག་ཏུ་ལྡེ་གུ་དེ་བྱིན་ལ། བདེ་ཞིང་ཉམ་དང་མེད་པར་སྐྱུག་ཏུ་གཞུག་པར་བྱའོ། །ལྡེ་གུ་དེ་འམ་དེ་ཁུ་བ་བཟའ་དང་བཏུང་བར་སྦྱར་ཏེ་བཏང། ཞེས་བྱ་བ་ལ། བཤད་མ་ཐག་པའི
་ལྡེ་གུ་དེ་བཟའ་?་བ་དང་བཏུད་བ་བསྲེས་ཏེ་བཏང?་བའམ། པོ་སོན་ཆ་དེའི་ནང་གི་འབྲས་བུ་བསྐོལ་བའི་བསྐོལ་བའི་ཁུ་བ་བཟའ་བ་དང་བཏུང་བ་ལ་སོགས་པ་དང་སྦྱར་ཏེ་བྱིན་ལ་སློན་དུ་གཞུག་པར་བྱའོ། །པོ་སོན་ཆ་ཡི་འབྲས་བུའི་ཁུ་།དུག་མོ་ཉུང་སོགས་སྡེ་ཆེན་བཏབ?། །ནིམཔ?
་ཨརྐ?་གང་ཡང་རུང། །བསྐལ་པའི་ཁུ་བར་བཅས་པ་ནི། །བླུད་ན་ཉམས་བརྔས་གང་བྱུང་ནང། །གཏིང་ཟུག་ཀུན?་ཀྱང་སེལ་བར་བྱེད། ཅེས་བྱ་བ་ལ། པོ་སོན་ཆའི་ནང་གི་འབྲས་བུ་བསྐོལ་བའི་བུ་བའི་ནང་དུ་དུག་མོ་ཉུང་ལ་སོགས་པའི་སྨན་གྱི་སྡེ་ཆན་གྱི་ཕྱེ་མ་དང་བ
་ལ། ནིམཔ་འམ་ཨརྐ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུད་ན། ཉམས་བརྟས་པ་ལས་བྱུང་བའི་ནད་གཏིང་ཟུག་ཅིང་ནང་དུ་ཞེན་པར་གྱུར་བ་ཐམས་ཅད་ཀྱང་སེལ་ཅིང་འཇོམས་པར་བྱེད་དོ། །པོ་སོན་ཆ་ཡི་མེ་ཏོག་ནི། །ཞིབ་བཏགས་ཕྲེང་བསྒོས་མནམས་ནས་ནི། །ཐུག
་ཤ་ཁུ་སོགས་དོམས་བླུད། །སྐྱིད་དེ་བ་ནི་བདེར་སློན་གཞུག་ཅེས་བྱ་བ་ལ། པོ་སོན་ཆ་ནི་མདན་ཕ་ལ་སྟེ། དེའི་མེ་ཏོག་ཞིབ་ཏུ་བཏགས་པ་མེ་ཏོག་གི་གེ་སར་གྱི་རྡུལ་འདྲ་བར་བྱས་ལ། ཕྱེ་མ་དེས་མེ་ཏོག་གིས་ཕྲེང་བ་ལ་འཆགས?་བསྐོས་པ་དེ་ལྟ་བུའི་དྲི་ཕུན་སུམ་ཚོགས་དར?་ནམས་པས?
་བད་ཀན་དང་མཁྲིས་པ་ལེགས་པར་གློངས་ཤིང་གཡོས་པར་བྱས་ནས་ཐུག་པ་དང། ཤ་ཁུ་དང། ཀྲིས?་ར་དང་ནས་ཐུག་ལ་སོགས་པ་གང་ཡང་རུང་བ་ངོམས་པར་བླུད་དེ། སྐྱེད་དེ་རྣམས་ལ་དེ་ལྟ་བུས་སྡུག་མ་མྱོང?་ཞིང་སྐྱིད་དེ་པར་གནས་པའམ། བྱིས་པ་གཞོན་ནུ་ངག་བདེ་ཞིང་ཉམས་དང?
་མེད་པར་སློན་དུ་གཞུག་པར་བྱའོ། །པོ་སོན་ཆ་མེད་མེ་ཏོག་དང། །འབྲས་བུ་གཞོན་ནུ་དེ་བཞིན་སྦྱར། །ཞེས་བྱ་བ་ལ། གལ་ཏེ་པོ་སོན་ཆའི་འབྲས་བུ་མེད་ཅིང་མཆེད་པར་གྱུར་ན་དེ་བཞིན་དུ་པོ་སོན་ཆའི་མེ་ཏོག་གམ། པོ་སོན་ཆའི་བྲས་བུ་མ་སྨིན་པ་གཞོན་ནུ་བཏགས་ལ་ཤིང་མངར་ལ་སོགས
་པ་བསྐལ་བའི་ཆུའི་ནང་དུ་ནུབ་གཅིག་སྤངས་ལ། སློང་བཙགས་པའི་ཁུ་བ་མདོའི་གནས་ལ་སྨོས་པའི་ཆོ་གས་བཏུང་བར་བྱ་བ་ལ་སོགས་པ་ནས། དེའི་ཕྱེ་མ་ཞིབ་མོས་བསྒོས་པའི་ཕྲེང་བ་མནམས་པས་བདེ་བར་སློན་དུ་གཞུག་པའི་བར་ཇི་སྐད་སྨོས་པ་བཞིན་དུ་བྱའོ་དེ་ཡན་ཆད་ནི་པོ་སོན་ཆའི
་ཆོ་ག་ཇི་ལྟར་བསྟན་པ་ཡིན་ནོ། །ཛི?་མུ་ཏ་སོགས་དེ་དང་འདྲ། ཞེས་བྱ་བ་ལ། ཛི་མུ་ཏ་ཀ་དང། ཨཀྵ་བུ་དང། ཀོ་ཤ་ཏ་ཀི་རྣམ་གཉིས་དང། །དུག་མོ་ཉུང་གི་ས་བོན་གྱི་བར་དེ་དག་ཀྱང་པོ་སོན་ཆ་དང་འདྲ་བར་བཏང་བར་བྱ་ཞིང། ཆོ་ག་ཡང་དེ་དང་མཐུན་པར་སྦྱར་བར་བྱའོ། །ཛི་མ་ཏ་ནི
་ཁྱད་པར་དུ། །རིམས་དང་ལུང་པ་དབུགས་མི་བདེ། །སྐྱིགས་བུ་ལ་སོགས་ནད་ལ་བཏང། ཞེས་བྱ་བ་ལ། ཛི་མུ་ཏ་ནི་དེ་བ་ཏ་ལི་དང་དཀར་པོ་དེ་དང། བི་ནི་དང་ཛི་མུ་ཏ་ཀ་ཞེས་མིང་གི་རྣམ་གྲངས་ཀྱིས་བཤད་པ་ཡིན་ཏེ། ཛི་མུ་ཏ་དེ་ཁྱད་པར་དུ་རིམས་ལ་སོགས་པའི་ནད་ཀྱིས་བཏབ་པ་ལ
་བཏང་བར་བྱའོ། །འདི་ཡིས་མེ་ཏོག་འོ་མར་བཙོས། །འབྲས་བུ་སྨིན་པའོ་ཐུག་བཅས། །སྡུ་བཅས་འོ་མའི་ཐུག་ངར?་སྦྱར། །སླུ?་མེད་ཞོ་ཡི་སྤྲིས་ནང་སྤྱད། །ཞེས་བྱ་བ་ལ་ཛི་མུ་ཏའི་མེ་ཏོག་སྐྱེས་བརྗོད་འགྱུར་བ་དེ་འོ་མའི་ནང་དུ་བཙོས་པ་བླུང་ལ་སྐྱུག་ཏུ་གཞུག་པར་བྱ་བའམ། ཛི་མུ་ཏ་འདི་འབྲས་བུ་སྨིན་པ?
་བྱུང་པ་དེའོ་ཐུག་གི་ནང་དུ་བཏབ་སྟེ། བླུད་ལ་སྐྱུག་ཏུ་གཞུག་བར་བྱའོ། །ཡང་འདིའོ་འབྲས་བུ་སྦུ་དང་བཅས་པར་གྱུར་ཏི?་ནི་འོ་མའི་སྟེང་གིས་སྤྲིས?་མ་དང་སྦྱར་ཏེ། སྐྱུགས་སྨན་དུ་བཏང་བར་བྱ་ལ། འབྲས་བུ་སྤུ་མེད་པ་ནི་ཞོའི་སྦྲིས་མ་དང་སྦྱར་བསྐྱུགས?
་སྨན་དུ་བཏང་བར་བྱའོ། །སྐྱ་བ་འམ་སྔོན་འགྱུར་འོ་མར་བཅུག། ཞོ་ནི་སྐུར་བར་གྱུར་པའམ། ཞེས་བྱ་བ་ལ། ཇི་མུ་ཏའི་འབྲས་བུ་སྐྱ་བའམ་སྔོ་བར་གྱུར་བའི་མའི་ནང་དུ་བཅུག་ལ། དེ་མནན་པས་ཞོ་སྐྱུར་པོར་གྱུར་པ་དེ་སྐྱུགས་སྨན་གྱི་དོན་དུ་སྦྱིན་བར་བྱ་བའོ་མ
་ཡང་ན་མནན་པའི་ཆང་གི་དངས་མར་ནི། །མཉེས་ཏེ་ཞུ་བར་གྱུར་?། ཅེས་བྱ་བ་ལ། ཇི་མུ་ཏེར་མནན་པའི་ཆང་ཨ་སུར་ཞེས་བྱ་བའི་དངས་མར་དང་པོར་མཉེས་ཏེ་ཞུ་བར་གྱུར་ནས་བཙགས་ཏེ་བླུད་པར་བྱ་བའོ། །བད་ཀན་ལུང་བ་ཡི་ག་ཆུས། །སྐྱབས་གཅོད་ཆེན་ནད་ལ
་བཏང། ཞེས་བྱ་བ་ལ། ཛི་མུ་ཏའི་སྦྱོར་བ་འདི་དག་ནི་བད་ཀན་ལས་གྱུར་པའི་ལུང་པ་ལ་སོགས་པའི་ནད་ལ་བཏང་བར་བྱའོ། །ཀུ་བཀོ་ཤ་ཀ་ཏི་ཡང། །སྦྱོར་བའི་ཆོ་ག་འདི་ཉིད་བྱ། །ཞེས་བྱ་བ་ལ། ཀུ་བ་ནི་ཀུ་བ་ཁ་བོ་སྟེག་ཏ་ཀ་ལ་བུ་ཞེས་བྱའོ། །ཀོ་ཤ་ཏ་ཀི་ནིར་ཛ་ཀོ
་ཤ་ཏ་ཀི་ཞེས་བྱ་བ་ཀོ་ཤ་པ་ལ་ཞེས་བྱ་བ་དང། ཀ་ཏ་ཀོ་ཤ་ཏི་ཀ་ཞེས་བྱ་བ་ཀོ་ཤ་ཏ་ཀི་རོ་ཁ་བ་སྟེ། དེ་ལྟར་ཀོ་ཤ་ཏ་ཀི་རྣམ་གཉིས་དང་ཀུ་བ་ཁ་བ་སྟེ། སྨན་གསུམ་པོ་འདི་དག་ལ་ཡང་འདིའི་མེ་ཏོག་འོ་མར་བཅོས་ཞེས་བྱ་བ་ནས་མཉེས་ཏེ་ཞུ་བར་གྱུར་པ་བླུད
་ཅེས་བྱ་བའི་བར་དུ་སྟོར་བ་སྔ་མ་དང་མཐུན་པ་ཁོ་ནར་བྱའོ། །སྨིན་ཅིང་བསྐམས་པར་གྱུར་པ་ཡི། །ཛི་མུ་ཏ་ཡི་འབྲས་བུ་དག་ཕྱེ་མ་སང་བྱེད་འོ་མར་བསྲེས། རླུང་མཁྲིས་ནད་ཀྱིས་ཉེན་པ་བླུང། ཅེས་བྱ་བ་ལ། ཛུ་མུ་ཏའི་འབྲས་བུ་སྨིན་ཅིང་བསྐམས་ལ་རྙིང་བར
་གྱུར་བའི་ཕྱེ་མ་སྲང་བྱེད་འོ་མ་དང་བསྲེས་བས་རླུང་དང་མཁྲིས་པས་ཉེན་པའི་ནད་པ་ལ་བླུད་ཅིང། སྐྱུག་ཏུ་གཞུག་པར་བྱའོ། །ཛི་མུ་ཏ་འབྲས་གཉིས་སམ་གསུམ། །བརྡུངས་བ་དེ་ཡི་ཁུ་བ་ནི་དེ་དག་ལ་སོགས་དགུ་པ། །གང་ཡང་རུང་བ་ལ་སྤངས་ཏེ། །མཉེས
་ལ་བཙགས་པར་གྱུར་བ་དག་།བད་ཀན་མཁྲིས་རིམས་ཅན་ལ་བླུད། ཅེས་བྱ་བ་ལ། ཛི?་མུ་ཏའི་འདྲས?་བུ་གཉིས་སམ། གསུམ་ཆ་མཚོམ་བརྡུངས་ལ་པ་ཏའོ། །བསྐོལ་བའི་ཁུ་བའི་ནང་དུ་སྤངས་བའམ། ཡང་ན་དོང་ག་ལ་སོགས་པའི་སྨིན་གྱི་སྡེ་ཚན་ཏེ། དེ་བདག?
་དང། དུག་མོ་ཉུང་དང། ཀ་ཀ་ཏིཀྟ་དང། པ་ཊ་ལི་དང། ནིམཔ་དང། སླ་ཏྲིས་དང། མུར་དང་བ། དུར་བ་དང། ཕྱི་དང་ག་དང། པ་ཐའི་བར་གྱི་སྨན་གང་ཡང་རུང་བ་གཅིག་བསྐོལ་བའི་ཁུ་བའི་ནང་དུ་སྤངས་ཏེ། ནང་པར་མཉེས་ལ་ཚེས་གཉིས་བཙགས་པའི་ཁུ་བ་དང་དགའ་
་དང་མཁྲིས་པ་ལྡན་པའི་རིམས་ཀྱིས་བཏབ་པའི་མི་ལ་བླང་པར་བྱའོ། །ཛི་མུ་ཕྱེ་མའམ་སྡེ་གུ་ནི། །ཆུ་གང་དང་ནི་སྦྱར་བདག་།མཁྲིས་?་ཅན་བླུད་བད་ཀན་དང་རླུད་འདྲེས་ཞིས?་ལ་ཆུ་དྲེན་བླུད། །ཅེས་བྱ་བ་ལ། ཛི་མུ་ཏི་འབྱེ་མའམ། །ལྡེ་གུར་བྱས་བདག་མ་བྲིས་བ་ལས
་གྱུར་པའི་རིམས་ལ་ནི་ཆུ་གྲངས་དང་སྦྱར་ཏེ་བླུད་ལ་བད་ཀན་དང་རླུང་འདྲེས་ག་འམ། །བད་ཀན་འབའ་ཞིག་ལས་གྱུར་པའི་རི་མས་ལ་ནི་ཆུ་ཅུང་ཟད་དྲོ་བ་དང་སྤྱིར་ཏ་བླུད་པར་བྱའོ། །ལུང་པ་དབུགས་མི?་ངེད་དང?་དུག་།སློན་རིམས་བད་ཀན་རིམ་གྱིས་ཉེན། མུན་ཐིབས་བྱེད་པའི་ནང་ལྡན་ལ
་ཀུ་བ་ང་བོ་སྐྱུགས་སྨན་བསྔགས། །ཀུབ?་ཁ་བ་ནི་ཨི་ཀྵ་ཀུ་སྟེ། དེ་ནི་ཁྱད་པར་དུ་ལུང་པ་ལ་སོགས་པའི་ནད་ཀྱིས་བཏབ་པའི་སྐྱུགས་སྨན་དུ་སྔགས་སོ། །དེ་བཞིན་དུ་མུན་བའི་ནད་དུ་ཞུགས་པ་སྙམ་བྱེད་པའི་ནད་ལ་ཡང་བསྔགས་སོ། །དེ་ནི་མེ་ཏོག་འབྲས་བུ་མིང། །མྱུ་གུ་གཞོན
་ནུ་འོ་མར་བཙོས། །བད་ཀན་མཁྲིས་པ་ལས་གྱུར་རིམས། །མཁྲིས་བ་ཤེས་ཆེར་གྱུར་པ་བླུད། །ཅེས་བྱ་བ་ལ། ཀུ་བ་ཁ་པོ་དེ་མེ་ཏོག་འབྲས་བུ་མེད་པར་གྱུར་པའི་སྐབས་གྱི་མྱུ་གུ་འདབ་མ་འཇམ་པོ་ཡོད་པ་དང་བསྐལ་བའི་འོ་མ་བད་ཀན་དང་མཁྲིས་བ་ལས་གྱུར་པའི
་རིམས་མཁྲིས་པའི་ཤས་ཚེལ་ལ་གླུང་ཅིང་སློན་དུ་གཞུག་པར་བྱའོ། །འབྲས་བུ་སྨིན་པའི་ནད་ཤིས་ནི། །འབྲས་བུ་གྱུར་སྟེ་འོ་མ་བཅུག་།ཞོར་གྱུར་ལུང་པ་དབུགས་མི་བདེ། །བླུད་དེ་སློན་དུ་བཞུག་པར་བྱ། །ཞེས་བྱ་བ་ལ། ཀུག་བ་པོའིའ་བྲ་བུ་ལེགས་པར་སྨིན་བར་གྱུར?
་པ་དང། ཀུ་བའི་ནང་ནས་འབྲས་བུ་ཕྱུང་ལ། ཀུ་བའི་ནང་དུ་འོ་མ་བཅུག་སྟེ། མནན་ལ་ཞོར་གྱུར་པ་དང། ལུད་པ་དང་དབུགས?་མི་བདེ་བའི་ནད་པ་ལ་བླུད་ལ། སྲོན་དུ་གཞུག་གོ་།འབྲས་བུའི་ནད་མ་ཞོ་ཁ་རྐུ། །མཛེ་དུག་སྐྱ་རྦབ་ཉིད་ལ་བླུད། །ཅེས་བྱ་བ་ལ། ཀུ་བ་ཁྲ?་བོའི
་ནང་གི་འབྲས་བུ་ཞོཁ་ཆུ་དང་སྦྱར་ཏེ། མཛེ་ནད་ལ་སེམས་པས་བཏབ་པ་ལ་བླུད་དེ། སློན་དུ་གཞུག་པར་བྱའོ། །དེ་དང་དར་བ་བསྐོལ་བ་ནི། །རྒྱམ་ཆཝ་སྦྲང་རྩིར་བཅས་པ་འམ་བླུད། །ཅེས་བྱ་བ་ལ། ཡང་ན་ཀུ་བ་ཁ་བོ་དང། དང་བོ་བསྐོལ་བའི་ནང་དུ་རྒྱམ་ཚ་དང་སྦྲང་རྩི་བཏབ
་དེ་བླུད་ལ། མཛེད་དང་དུག་དང་སྐྱ་རྦབ་ཀྱིས་ཉེན་པའི་ནད་པ་སློན་དུ་གཞུག་པར་བྱའོ། །ཡང་ན་དེ་ཡི་ས་བོན་རི། །ར་ཡི་འོ་མར་བཅས་པ་དག་།དུག་སྐྲ་ནད་མུ་རྫིང་རྨན་བུ་དང། །འབྲས་དང་རྐང་བམ་ནད་ལ་བླུད་ཅེས་བྱ་བ་ལ། ཀུ་བ་ཁ་བོ་ས་བོན་རའི་འོ་མ་དང་སྦྱར་བ
་།རའི་འོ་མ་དེཉིད་དང་བཙོས་ལ་དུགས་ལ་སོགས་པའི་ནད་ཀྱིས་བཏབ་པ་ལ་བླུད་བསློན་དུ་གཞུག་གོ་།བད་ཀན་ལས་གྱུར་ལུད་པའི་རིམས། །ལྐོག་མའི་ནད་དང་མ་ཞུ་ལ། ཀུ་བ་ཁ་བོའི་ཁུ་བ་མི་ཕྱེ་དང་སྦྱར་བའི་སྐྱོ་མ་བླུད། ཅེས་བྱ་བ་ལ། བད
་ཀན་ལས་གྱུར་པའི་ལུང་པ་ལ་སོགས་པའི་ནད་ལ། ཀུ་བ་ཁ་པོ་བསྐོལ་བའི་ཁུ་བ་ཕྱེ་དང་སྦྱར་བའི་སྐྱོ་མ་བླུད་ལ་སློན་དུ་གཞུག་གོ་།སྐྱན་དང་རིམས་རྙིང་བྱིད་པ་ལ། ལྡེ་གུ་ཤ་ཁུར་སྦྱར་བླུད་ན། །ལེགས་པར་ཁོ་ནར་སློན་འགྱུར་ཞིང། །ཉམ་ཆུང་བར་ཡང་གྱུར་པ
་ཡིན། །ཞེས་བྱ་བ་ལ། ཡང་ཀུ་བ་ཁོ་བོའི་ལྡེ་གུ་ཤ་ཁུ་དང་སྦྱར་བ་བླུད་ན་སྐྲན་དང་རིམས་བྱིད་བ་ཡུན་རིང་དུ་ལོན་པ་རྙིང་པ་སེལ་ཅིང་སྦྱར་བ་དེ་ལྟ་བུས་ཉ་མང་བ་མེད་པར་ལེགས་པར་སློན་པར་འགྱུར་ཞིང། ནད་པ་དེ་ཉམ་ཆུང་བས་ཉོན་པར་མི་འགྱུར་རོ། །ཀུ་བ
་ཁ་པོའི་མེ་ཏོག?་དང། འབྲས་བུའི་བྱེ་མས་བསྒོས་པ་ཡི། །མེ་ཏོག་ཕྲེན་བ་མནམ་པ་ཡི། །སྐྱིད་ང་བ་ཡི་སྐྱུགས་སྨན་ཡིན། ཞེས་བྱ་བ་ལ། ཀུ་བ་ཁ་བོའི་མེ་ཏོག་དང། འབྲ་བུ་བསྐམས་པ་ཞིབ་ཏུ་བཏགས་པས་མེ་ཏོག་གི་ཕྲེང་བ་ལ་བསྐོས་ཏེ
་དེའི་དྲི་མ་ནམས་པས་སྐྱིད་དེ་བ་བདེ་བ་ལ་བརྟེན་པ་དང་སྐྱུག་ཏུ་གཞུག་གོ་།སྐྲན་ལུད་དམུ་རྫིང་ལྐོག་མའི་ནད། །བད་ཀན། གནས་ལ་བརྟེན་པའི་རླུང། །བད་ཀན་ཁ་དང་མགྲིན་པར་གནས། །བད་ཀན་འཕེལ་པར་གྱུར་པ་དག་།བརྟན་ཞིང་དཀྱེལ་ནི་སྐྱེས་པ་ལ། །ཀོ་ཤ་ཏ་ཀའི་སྐྱུག་སྨན་སྔགས
་ཞེས་བྱ་བ་ལ། སྐྲན?་ལ་སོགས་པའི་ནད་དང་བད་ཀན་གནས་ལ་བརྟེན་པའི་རླུང་ནད་ལ། ཁ་དང་ལྐོག་མང་གནས་པའི་བད་ཀན་དང། བད་ཀན་འཕེལ་ཞིང་རྒྱས་པར་གྱུར་པ་དང་བརྟན་ཅིང་དཀྱེལ་ཆེ་བར་གྱུར་བ་ལ་ནི་ར་ཛ་ཀོ་ཤ་ཏ་ཀི་ཞེས་བྱ་བ་ཨརྦ་མརྒའི་སྐྱུགས་སྨན་བཏང་ན་བསྔགས་པ
་ཡིན་ནོ། །འཚོ?་བྱེད་ཉའུ?་ཤིང་ཟབ་ལྕི་བ། །ཁ་བསླད་པེའུར་མཉེ་གཉིས། །བྲིང་ནི་དང་མེད་དང། །མཧ་མང་མདྷུ?་ལི། །འདི་དག་རེ་རེའི་ཕྱེ་མ་དང། །ཀོ་ཤ་ཏ་ཀའི་ཕྱེ་མར་བཅས། །སྦྲང་རྩི་ཁ་རར་སྦྱར་བ་ནི། །ལུང?་བ་སྙིང་ན་ཚ་ལ་བསྔགས། ཞེས་བྱ་བ་ལ། འཚོ་བྱེད་དང། ཉེའུ་ཤིང་ལ
་སོགས་པ་གང་ཡང་རུང་བའི་ཕྱེ་མར་ཛ་གོ་ཤ་ང་གིའི་ཕྱེ་མ་དང་བཅས་པ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱ་ནི་ཏེ་སློན་དུ་བཅུག་ན་ལུད་པ་ལ་སོགས་པའི་ནད་ལ་ཕན་ནོ། །དེ་རྫས་ཆུ་དྲན་བླུད་པ་ནི། །བད་ཀན་མཁྲིས་ཚ་ལྡན་པ་བསྔགས། །ཞེས་བྱ་བ་ལ། ལྡེ་གུ་དེ་བྱིན་པའི་རྗེས་ལ་ཆུ
་དྲོན་བླུད་པ་ནི་མཁྲིས་པ་ཆ་བ་དང་ལྡན་པའི་བད་ཀན་ལ་སྐྱུགས་སྨན་དུ་བསྔགས་སོ། །འུ་སུ་གཡེང་མའི་ཁུ་བ་དང། །དེ་ཡི་ཁུ་བས་དུག་འཇོམས་སོ། །ཞེས་བྱ་བ་ལ། འུ་སུའི་འབྲས་བུ་དང། གཡེང་མ་བསྐོལ་བའི་ཁུ་བར་ཛ་ཀོ་ཤ་ཏ་དེའི་ལྡེ་གུ་དང་སྦྱར་བའི་སྐྱུགས་སྨན་བླུད་ན་དུག་?
་པར་བྱེད་པར་འགྱུར?་རོ། །བིམ?་པ་ཀ་ས་མ་ངའམ། བ་སྤུ་བ་ཡི་ཁུ་བར་ནི། །ང་ཛ་ཀོ་ཤ་ཏ་ཀ་ནི། །རྡོག་མ་གཅིག་མ་གཉིས་མཉེས་པའི། །དངས་མ་སྙིང་གི་ནད་ལ་བླུད། །ཅེས་བྱ་བ་ལ། ར་ཛ་ཀོ་ཤ་ཏ་ཀའི་རྡོག་མ་གཅིག་གམ་གཉིས་ཀྱི་བམ་པོའི་བསྐོལ་བའི་ཁུ་བའམ། ཀ
་ས་མར་དེ?་བསྐོལ་བའི་ཁུ་བ་འམ། བསྤུ?་བ་བསྐོལ་བའི་ཁུབའི་ནང་དུ་མཉེས་ལ་བཙགས་པའི་དངས་ན་བླུང་དེ་སློན་དུ་བཅུག་ན་མཆོ་ཏུ་སྙིང་གི་ནད་སེལ་ཅིང། འཇོམས་པར་བྱེད་པའི་དམ་པ་ཡིན་ནོ། །དེ་བསྐོལ་འོ་མ་ལ་ལས་བྱུང་མར། །པོ་སོན་ཆ་སོགས་བསྐོལ་བ་བླུད?
་ཅེས་བྱ་བ་ལ། ཡང་ན་ར་ཛ་ཀོ་ཤ་ཏ་དེ་དང་བསྐོལ་བའི་འོ་མ་ལས་བྱུང་བའི་མར་སར་དང་པོ་སོན་ཆ་བ་སོགས་པ་སྟེ། བོ་སོན་ཆ་དང། ཛི་མུ་ཏ་ཀ་དང་ཀུ་བ་ཁ་པོ་དང། ཀོ་ཤ་ཏ་ཀ་དང། དུག་མོ་ཉུང་གི་ས་བོན་དང། ཀྲིང་བེ་ད་ཞེས་བྱ་བ་གོ་ཤ་ཏ་ཀི་གཉིས
་བ་བསྐོལ་བའི་ཁུ་བ་དང། བཅས་པའི་སྐྱུགས་སྨན་བླུད་ན་སྙིང་གི་ནད་ལ་ཕན་ནོ། །གོ་ཤ་ཏ་སོགས་ཁ་དང་ཚ། །མཛེ་དང་སྐྱ་རྦབས་ཚར་བའི་ནད། །འོང་ནད་སྐྲན་ནང་སྦྱར་དུག་སོགས། །གཏིང་ཟུག་པ་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཀོ་ཤ་ཏ་ཀ་ལ་སོགས་པའི་སྨད
་རོ་ཁ་བ་དང། ཚ་བའི་སྐྱུགས་སྨན་བཏང་ན་།མཛེ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །པོ་སོན་ཆ་སོགས་དྲུག་སོ་སོར། །བསྐོལ་བ་དང་ནི་རླན་ཅན་ཤ། ཀོ་ཤ་ཏེ་ཀ་ཆ་མཉམ་བསྐོལ། །ཁུ་བརྒྱ་མཚར་བཅས་བ་བླུད། ཅེས་བྱ་བ་ལ། པོ་སོན་ཆ་ལ་སོགས་བ
་གོང་དུ་སྨོས་པའི་སྐྱུགས་སྨན་དྲུག་པོ་སོར་སོར་བསྐོལ་བའི་ཁུ་བ་དང། རླན་གྱིས་སྲོག་ཆགས་ཀྱི་ཤ་ཀོ་ཤ་ཏ་ཀ་དང་ཆ་མཉམ་པ་བསྐོལ་ལ། བསྐོལ་བའི་ཁུ་བ་དེ་རྒྱམ་ཚ་དང་བཅས་པ་བླུད་ནས་སློན་དུ་བཅུག་ན་ཡང་མཛེ་ལ་སོགས་པའི་ནད་ལ་ཕན་ནོ། །པོ་སོན་ཆ
་སོགས་པ་པའི་ང། ཆ་མཉམ་ཀོ་ཤ་ཏ་ཀར་སྦྱང། ཡང་ན་ཀོ་ཤ་ཏ་ཀ་ཡི། །ཁུ་བ་བུ་རམ་ཤིང་ཁུ་བླུད། ཅེས་བྱ་བ་ལ། པོ་སོན་ཆ་ལ་སོགས་པའི་སྐྱུགས་སྨན་དྲུག་པོ་པི་པི་ལིང་དང་ཆ་མཉམ་པ་ཀོ་ཤ་ཏ་ཀའི་ཁུ་བ་དང་སྐྱུར་བའི་སྐྱུགས་སྨན་ཟད?་པ་ལས?
་ཡང་ན་ཀོ་ཤ་ཏ་ཀ་བླུད་པའི་ཁུ་བ་བུ་རམ་ཤིང་གི་ཁུ་བ་དང་སྦྱར་ཏེ། བླུད་དེ་སློན་དུ་གཞུག་གོ་།ཡང་མཛེ་ནད་ལ་སོགས་པའི་རླུང་ལ་ཕན་ནོ། །དུག་མོ་ཉུང་ནི་སྐྱེད་དེ་ག་།བད་ཀན་མཁྲིས་པ་ཁྲག་བཅས་དང། །རིམ་ནད་ཤུ་བ་སྙིང་ནད་དང། དྲག་ནད་ཀྱིས་འཐེང?
་མཛལ་བསྔགས། །ཞེས་བྱ་བ་ལ། དུག་མོ་ཐུད་གི་ས་བོན་བསྐལ་བའི་ཁུ་བ་ནི་སྐྱིད་དེ་བའམ། བྱིས་པ་གཞོན་ནུ་བད་ཀན་དང། །མཁྲིས་པ་ལ་སོགས་པའི་ནད་དང་བཅས་པའི་སྐྱུགས་སྨན་དུ་བཏང་བ་བསྔགས་སོ། །དུག་མོ་ཉུང་ག་ས་བོན་ཏེ། ཡུངས་ཀར
་རམ་ནི་མ་དུ་ཀ། བསྐོལ་བའི་ཆུ་ནི་རྒྱམ་ཚའི་ཆུ། །ཡང་ན་ཀྲིས་ར་ལྡན་བླུད། །ཅེས་བྱ་བ་ལེ། ཡང་ན་དུག་མོ་ཉུང་གི་ས་བོན་ཡུངས་ཀར་བསྐོལ་བའི་ཆུ་འམ། མ་དུ་ཀ་བསྐོལ་བའི་ཆུ་འམ། རྒྱ་མཚའི་ཆུ་གང་ཡང་རུང་བ་དང་སྦྱར་ཏེ་སྐྱུགས་སྨན་དུ་བཏང་བའམ?། ཡང་ན་དུག་མི་ཉུང?
་ས་བོན་ཀྲི་ས་ཞེས་བྱ་བའི་ཏིལ་བྱ་སྦྱར་དུག་དང་ལྡན་པ་བླུད་ལ་སློན་དུ་གཞུག་གོ་།ད་ཡིས་ཁོ་ན་ཨང་ག་ཡི། །འོ་མར་ཞག་བདུན་སྤངས་པ་ནི། །།པོ་སྲོན་ཆ་དང་ཇི་མུ་ཏ། །ཀུ་བ་ཁ་བ་ཇི་བནྟི། །ཇི་པ་ཀ་ནི་བསྐུལ་བི་ཡ། །ཁུ་བ་གང་ཡང་རུང་བ་བླུད། །ཅེས་བྱ་བ་ལ། དུག་མཉུང
་དེའི་ས་བོན་གྱི་ཕྱེ་མ་ཨང་གའི་འོ་མའི་ནང་དུ་ཞག་?་བླང་སུ་སྤངས་པ་པོ་ཡོན་ཆ་ལ་སོགས་པ་གང་ཡན་རུང་བ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ། སྐྱུགས་སྨན་དུ་སྐུད་པར་བྱའོ། །སྐྱུགས་སྨན་གྱི་ནི་གཙོ་བོ་ཡི། །ཆོ་ག་ཕྱོགས་ཙམ་བཤད་པ་ཡིན། །བློ་དང་ལྡན་བས་ཚུལ
་འདི་ཡིས། །གཞན་ཡང་ཅི་རིགས་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཚུལ་འདི་ཡིས་སྐྱུགས་སྨན་གྱི་གཙོ་བོ་པོ་སོན་ཆ་ལ་སོགས་པའི་ཚིག་བྱ་བའི་ཐམས་མ་སྨོས་པ་དེའི་ཕྱོགས་ཙམ་ཞིག་བཤད་ཅིང་བསྟན་པ་ཡིན་པས། །བློ་དང་ལྡན་པའི་སྨན་བས་ས་བོན
་ཙམ་དུ་སྨོས་པའི་ཚུལ་འདིས་སྐྱུགས་སྨན་གྱི་རྣམ་པ་གཞན་དག་པ་ཡན་ཅི་རིགས་པར་རྗེས་སུ་དཔགས་ཏེ་སྦྱར་ཅིང་བཏང་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཆི་གི་དོན་གྱི་ཟླ་ཟེར་ཞེས
་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་པ་ལས། ཆོ་གྒ་བྲུག་པའི་གནས་ཀྱི་ལེའུ་དང་པོའི་འབྲེལ་བའོ།། །།དེ་ནས་བཀྲུ་སྨན་བྱ་བའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། རོ་སྟོད་གྱི་སྦྱང་བ་བཤད་པའི་རྗེས་ལ།
་རོ་སྨད་གྱི་སྦྱར་བ་བསྟན་པར་བྱ་བའི་ཕྱིར་ལེའུའི་དེ་བརྩམས་པ་ཡིན་ནོ། །དེ་ལས་ཀྱང་དུར་བྱིད་ཀྱི་བཀྲུ་སྨན་གཙོ་བོ་ཡིན་པས་དང་པོར་བཤད་པར་ཡིན་ཏེ། དེའི་ཕྱིར་སྨོས་པ་ནི་དུར་བྱིད་བསྐ་ཞིང་མངར་ལ་རྩུབ། ཞུ་རྗེས་ཚ་བར་གྱུར་པ་ཡིན། །བད་ཀན་མཁྲིས་པ?་ཞི
་བྱེད་དེ། རྩུབ་བས་རླུང་ནི་འཁྲུག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དུར་བྱིད་ནི་ཤ་མ་དང། ཏྲི་བདི་དང་མ་ཀ་ཏི་ཀ་ཞེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། །དེ་ནི་རོ་ནི་བསྐ་བ་དང་མངར་བ་ཡིན་ལ། རང་བཞིན་ནི་རྩུབ
་པའི་ཡོན་ཏན་རང་ལྡན་པ་ཡིན་ལ། ཞུ་བར་གྱུར་པ་ནི་ཞུ་རྗེས་ཀྱི་རོ་ཚ་བ་ཡིན་ནོ། །དེ་བཞིན་དུ་བསྐ་བ་ལ་སོགས་པའི་རྒྱུས་བད་ཀན་དང་མཁྲིས་པ་ནི་ཞི་ཞིང་སེལ་བར་བྱེད་པ་ཡིན་ལ། རྩུབ་པའི་རྒྱུས་རུང་གིས་འཁྲུག་ཅིང་ལྡང་བར་བྱེད་པ་ཡིན་ནོ། །དེ་འདིར
་སྨན་གྱི་སྦྱོར་བ་ཡིས། །རླུང་དང་བད་ཀན་མཁྲིས་པ་སེལ། །ཆོ་གའི་ཁྱད་པར་ལ་བརྟེན་ནས། །ནང་ཀུན་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཡང་ངུར་བྱིང་དེ་ནི་རླུང་དང་མཁྲིས་པ་དང་བད་ཀན་སེལ་བར་བྱེད་པའི་སྨན་གྱི་སྦྱོར་བ་དང་བསྲེས་ཤིང་ཚེ་གའི་ལས
་ཀྱི་རིམ་པ་ལ་བརྟེན་ཅིང་གནས་ནས། ནད་ཐམས་ཅད་ཀྱང་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ངུར་བྱིང་རྣམ་པ་གཉིས་སུ་བཤད་རྩ་པ་དམར་ནག་དཀར་བ་ཡིས། །རྣམ་པ་གཉིས་སུ་བཤད་པ་ཡིན། །ཞེས་བྱ་བ་ལ། དུར་བྱིང་དེའི་རྩ་བ་རྣམ་པ་གཉིས་སུ་བཤད
་དེ། ཤམ་ཞེས་བྱ་བ་རྩ་བ་དམར་ནག་དུ་འདུག་པ་ནི་གཅིང་ཡིན་ལ་ཏྲི་བིད་ཅེས་བྱ་བ་རྩ་བ་དཀར་པོ་ཡོད་པ་ནི་གཉིས་པ་ཡིན་ནོ། །དེ་ལ་ཏྲི་བིད་མཆོག་ཏུ་བཤད། །ཉེས་བ་མེད་ཅིང་བདེ་བར་འཁྲུ། །ཞེས་བྱ་བ་ལ། རྩ་བ་རྣམ་གཉིས་སུ་ཡོད་པ་དེའི་ནང་ནས་ཏི་བད་ཅིག
་བྱ་བ་དུར་བྱིད?་དཀྐར་པོ་ནི་ཤིན་ཏུ་མཆོག་ཡིན་པར་བཤད་དེ། ཅིའི་ཕྱིར་ཞེ་ན། ཉེས་པའི་སྐྱོན་མེད་པར་ནད་སེལ་ཅིང་བདེ་བླག་ཏུ་འཁྲུ་བར་བྱེད་པས་མཆོག་ཡིན་ལ། དེ་ནི་བྱིས་པ་དང་རྒན་པོ་དང་མི་སྐྱིད་དེ་བར་གནས་པ་དག་དང་ལྟོ་སྙི་པའི་ནད་པའི་བཀྐརུ་སྨན
་དུ་མཆོག་ཏུ་བསྔགས་པ་ཡིན་ནོ། །བརྒྱལ་རྨོངས་བྱེད་ཅིང་ལྐོག་མ་ནི། །རྩུབ་ཅིང་གནོད་པ་དང། །རྣོ་ཅིང་མྱུར་རུ་འཁྲུ་བྱེད་པ་།ལྟོ་སྲ་ནང་གཞི་ཤས་ཆེ་དང། སྡུག་བསྔལ་གྱིས་ཉེན་ནང་པ་ལ། །ཤ་མ་དུར་བྱིད་བསྔགས་པ་ཡིན། །ཞེས་བྱ་བ་ལ།
་དུག་བྱིད་དམར་ནག་ཏུ་འདུག་བ་ཤམ་ཞེས་བྱ་བའི་སྒྲས་བཤད་པ་དེ་ནི་ཤིན་ཏུ་རྣོ་ཞིང་མྱུར་དུ་བྱེད་བ་ཡིན་པས་བརྒྱལ་བ་དང་སེམས་རྨོངས་པར་བྱེད་པ་དང། ལྐོག་མ་ཤས་ཆེ་རཀྩུ?་བ་ཅིང་འདར་བ་སྙི་སེམས་ལ་ཉམས་ཤིང་གནོད་པར་བྱེད་པ་ཡིན་ནོ། །དེ་བས་ན་?་དམར
་ནག་ཏུ་འདུག་པའི་དུར་བྱིད་དེ་ནི་ནད་པ་ལྟོ་སྲ་པ་དང། ནད་གཞི་སོགས་པའི་ཤས་ཆེ་བ་དང། ནད་གྱི་སྡུག་བསྔལ་གྱིས་ལུས་ཉེན་ཅིང་གཟིར་བ་དག་ལ་དེ་བསྔགས་ཤིང་ནད་ཀྱི་གཏིང་འབྱིན་པ་ཡིན་ནོ། །དེ་ནི་ཟ་བསུ་ཟུག་ཅིང་འཇམ། །ཐད་ཀར་འཕྲོས་པ་མ་ཡིན་པ། བཏུས་པ
་སྙིང་བོ་བོང་ནས་ནི། །ཤུན་བ་བསྐམས་ཏེ་སྦ་བར་བྱ། །ཞེས་བྱ་བ་ལ། རྩ་བ་དེ་གཉིས་ཀྱང་ཟབས་སུ་ཟུག་ཅིང་སའི་གཏིང་རིང་བོར་ནུབ་པར་གྱུར་པ་དང། འཇམ་ཞིང་མཉེན་པ་དང། རྩ་བ་ཡན་མན་དུ་མ་འབྲས་པར་ཐུར་དུ་དྲང་པོར་ཟུག་བ་བཏུས་ཤིང་བཏོན་ལ། ནང
་ག་སྙིང་པོ་ཤིང་བུ་ལྟར་སྲ་བ་དེ་བོར་ནས་ཤུན་པ་ལེགས་པར་བསྐམས་ཏེ། སྣོད་བཟང་པོའི་ནང་དུ་སྦ་བར་བྱའོ། དེ་ནས་དེའི་འོག་དེའི་ཕྱེ་མ། རྒྱམ་ཚད་ངོ་གྲ་ཅུང་ཟད་བཏབ། །རླུང་ནང་ལས་ནི་སྐྱུར་ལས་བླུང། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བཀྲུ་སྨན་བཏོང་པའི་དུས་སུ་རླུང
་གི་ནང་ལ་ནི། དུད་བྱིད་ཀྱི་ཕྱེ་མ་རྒྱ་མཚ་དང་དེ་གའི་ཕྱེ་མ་ཅུང་ཟད་ཙམ་དང་བསྲས་ཏེ། རང་སྐྱུར་ཀཉྫིའམ། རྩ་མོའི་དངས་མ་ལ་སོགས་བ་བཏུང་བ་སྐྱུར་བག་དང་སྦྱར་ཏེ་བླུང་པར་བྱའོ། །མཁྲིས་པར་སྒྲང་རྩི་ཁར་མར། །འོ་མ་རྒུན་འབྲུམ་བུ་རམ་ཤིང། །ཁུ་བ་བཏང་བལ་མདའ
་བ་ཡི། །སྨན་དེ་འབྲས་བུ་གསུམ་གྱིས་ནི། །ཁུ་བར་བཅས་པ་བླུད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པའི་ནད་ལ་ནི་དུར་བྱིད་ཀྱིས་ཕྱེ་མར་དེ་སྦྲང་རྩི་དང་?་རང་མར་དང་སྦྱར་ཅིང་བསྲེས་པའི་འམ་འམ། རྒུན་ཆུ་འམ། བུ་རམ་ཤིང་གི་ཁུ་བ་འམ། ཏང་བལ་བསྐོལ་བའི
་ཁུ་བའམ། མངར་བའི་སྨན་གྱི་སྡེ་ཚན་བསྐོལ་པའི་ཁུ་བ་འམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་གང་ཡང་དུང་བ་དང་ཅི་རིགས་པར་སྦྱར་ཏེ་བླུད་པར་བྱའོ། །བད་ཀན་ནད་ལ་བི་ལུ་ཡི། །ཁུ་བ་བ་བཅིན་ཆད་སྐྱུར་རྩ་བས། །ཚ་བ་ལྔ་སོགས
་ཕྱེ་མ་ནི་ཀ་བད་ཀན་འཇོམས་དང་ཅི་རིགས་སྦྱར། །ཞེས་བྱ་བ་ལ། བད་ཀན་གྱི་ནང་ལ་དུར་བྱིད་ཀྱི་ཕྱེ་མ་པོ་ལུ་བསྐོལ་བའི་ཁུ་བའམ། །བ་གཅིན་ནམ། ཆང་ངམ་སྐྱུར་རྩ་བས་ཀཉྫི་ཞེས་བྱ་བ་གང་ཡང་རུང་བ་དང་སྦྱར་ཚ་བལྟ་པའི་ཕྱེ་མ་ལ
་སོགས་བད་ཀན་འཇོམས་བར་བྱེད་པའི་སྨན་གྱི་ཕྱེ་མ་བཏབ་ཏེ་ཅི་རིགས་བར་བླུད་པར་བྱའོ། །དུར་བྱིད་ལྡེ་གུ་ཁུ་བ་དང། བསྐོལ་བའི་ཁུ་བ་བསྒྲངས་ཁ་ར། །སྦྲང་རྩི་དྲི་འབྲང་གསུམ་དང་བཅས། །ལྔ་གུ་ཡིད་འོང་བཀྲུ་སྨན་ཡིན། །ཞེས་བྱའོ་ལ། དུར་བྱིད་ལྡེ་གུར་བཏགS
་པ་འམ། བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ཁར་དང་ཤིང་རྩ་ལ་སོགས་པ་དྲི་བཟང་གསུམ་གྱི་ཕྱེ་མ་བཏབ་པའི་ལྡེ་གུ་ནི་བཀྲུ་སྨན་ཤིན་ཏུ་ཡི་གར་འོང་པ་ཡིན་ནོ། ། ཛ་གནད་སྨིག་རྐང་དང། །ཁར་དང་དུར་བྱིང་བ་དི་རི། །ཕྱེ་བཏགས་སྦྲང་རྩི་མར
་དང་ནི། །ལྡེ་གུར་བྱིན་ནི་འདུས་པ་དང། ལུས་དང་ལུས་རིམས་ཚ་བ་དང། །སྐོམ་དད་ཀྱིས་གཟེར་ལེགས་པར་འཁྲུ། །ཞེས་བྱ་བ་ལ། ཨ་ཛ་གནད་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་དང། སྦྲང་རྩི་དང་མར་དུ་སྦྱར་བའི་ལྡེ་གུ་བྱིན་ན་འདུས་པའི་ནད་ལ་སོགས་བས
་གཟིར་བ་ལེགས་པར་འཁྲུ་ཞིང་བདེ་བར་བྱད་པར་འགྱུར། བུ་རམ་ཤིང་ནི་ཚལ་བར་བཀས། །ནང་ངོས་ངུར་བྱིང་ལྡེ་གུས་བསྐུས། །གཅིག་ཏུ་སྦྱར་ཏེ་ཕུར་མ་ཡིས། །བཙོས་པའི་ཚུལ་བྱས་ད་བཟའ་བྱ། །ཞེས་བྱ་བ་ལ། བུ་རམ་ཤིང་གི་དུམ་བུ་ཚལ་བ
་གཉིས་སུ་བཀས་ལ། དེའི་ནང་ངོས་དུད་བྱིང་ཀྱི་ལྡེ་གུས་བསྐུས་སོ་?་སྤང་གཅིག་ཏུ་སྦྱར་ཏེ་སྨན་གྱི་བུ་རམ་བཙོས་པའི་ཚུལ་ཏེ་བཙོས་པ་དེ་ཟོས་ན། འདུས་པ་དང་རིམས་ལ་སོགས་པས་གཟིར་བའི་ནད་ལ་ལེགས་པར་འཁྲུ་བར་འགྱུར་རོ། །ཤིང་ཆེ་སུག་སྨེལ་མཉམ་ནི་ལ། །དེ་མཉམ
་དུར་བྱིད་ཤ་ཁར། །ཕྱེ་མ་རྒུན་ཆུ་སྤྲང་རྩི་དང། །ཕྱེ་དང་སྐྱོ་མར་སྦྱར་ཏེ་བླུད། །རླུང་མཁྲིས་བད་ཀན་ལས་གྱུར་དང། །མི་དྲོང་ཆུང་བའི་ནད་དང་ནི། །སྐྱིད་དེ་བ་ཡི་མི་རྣམས་ལ། །གནོད་པ་མེད་པའི་བཀྲུ་སྨན་བཏང། ཞེས་བྱ་བ་ལ། ཤིང་ཆ་སུག?་སྨེལ་སྦྱིར
་ཆ་གཅིག་དང། དེ་གཉིས་ཀྱི་ཆ་ཇི་ཙམ་ཡོད་པ་དང། ནི་ལི་ཞེས་བྱ་བ་སྨན་ནི་ཆ་མཉམ་དུ་བྱ། །སྨན་དེ་གསུམ་ཇི་སྙེད་ཡོད་པའི་ཆ་དང། དུར་བྱིད་ཆ་མཉམ་དུ་བྱ། དུར་བྱིང་ཡན་ཆད་གྱི་སྨན་བཞི་པོ་དང། །ཁར་ཆ་མཉམ་དུ་བྱ། །དེ་ལྟ་བུའི་སྨན་གྱི་ཕྱེ་མ་དེ་རྒུན་ཆུ་དང་སྦྲང
་རྩི་དང་ཕྱེད་དང་ལྷན་ཅིག་སྐྱོ་མར་སྦྱར་ཏེ་བླུད་ན། རླུང་དེར་མཁྲིས་པ་བད་ཀན་ལས་གྱུར་བའི་ནད་དང། ཕོ་བའི་མེ་དྲོང་ཉམས་པ་དང། སྐྱིད་དེ་བར་གནས་པའི་མི་རྣམས་ལ་བཀྲུ་སྨན་འདི་ནི་སྡུག་བསྔལ་བསྐྱེད་པའི་གནོད་པའི་འཚེ་བ་མེད་ཅིས་དམ་པར་གྱུར་པ
་ཡིན་ནོ། །བྱི་དང་གང་ཡི་སྙིང་པོ་དང་།འབྲས་བུ་གསུམ་ཞེས་བྱ་བ་དང། ཡ་བགཥ་ར་པི་པི་ལིང། །དུར་བྱིང་ཀུན་གྱིས་ཆ་ཕྱེད་བཅས། །སྦྲང་རྩི་མར་རམ་བུ་རམ་གྱིས། །ལྡེ་གུར་བྱས་པ་བྱིན་ན་ནི། །སྐྲན་དང་མཆེར་བ་དམུ་རྫིང་དང། །གཟུགས་འཁུམས
་ལུད་པ་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །མང་པོ་གཞན་དག་སྤྱོད་བར་བྱེད་ཅེས་བྱ་བ་ལ། བི་དང་གའི་སྤུན་པ་གསལ་བའི་སྙིང་པོ་དང། འབྲས་བུ་གསུམ་དང་ཡ་བཀྵ་ར་ཞེས་བྱ་བ་ནས་ཚིག་འཁུས་པའི་ཐལ་བ་དབ་པི་པི་ལིད་ཆ་མཉམ
་པོར་བྱ། བྱི་དང་ག་ལ་སོགས་པའི་སྨན་དེ་དག་ཀུན་གྱི་ཆ་ཕྱེད་ཕྱེད་དུ་བྱས་ཏེ། ཕྱེ་མར་བཏགས་པ་དེ་སྦྲང་རྩི་དང་མར་གྱི་ལྡེ་གུར་བཅས་པ་བྱིན་ན་སྐྲན་ལ་སོགས་པའི་ནང་སྦྱོང་ཞིང་དག་པར་བྱེད་དོ། །དེ་བཞིན་དུ་རླུང་དང་བད་ཀན་ལས་གྱུར་པའི་ནད་འདིར
་མ་སྨོས་པ་གཞན་དུ་དག་ཀྱང་སྦྱོང་བར་བྱེད་དོ། །པི་པི་ལིང་རྩ་བྱི་དང་ཀ་།འབྲས་བུ་གསུམ་དང་འུ་སུ་དང། །ཙི་ཏྲ་ཀ་དང་ན་ལེ་ཤམ། །པི་པི་ལིང་དང་དུག་མོ་ཉུང། །ཟིར་ཧ་ཧི་པི་པི་ལིང། །ཏིང་མུ་ས་དང་ལན་ཚ་ལྔ། །ཞོ་ནི་གཉིས་གཉིས་ཕྱེ་མར་བྱས། །དུར
་བྱིད་དང་ནི་ཏིལ་མར་གཉིས། །སྲང་ནི་བརྒྱད་བརྒྱད་ཆར་བསྲེས་དང། །སྐྱུ་རུ་རའི་ཁུ་བྲེ་གསུམ་དང། །བུ་རམ་སྲང་ནི་ལྔ་བཅུ་དང། །ཆུར་བསྐོལ་དེ་ལས་རན་ཙམ་ནི། །ཟོས་ན་མཇེ་དང་གཞང་འབྲུམ་དང། །མིག་སེར་ཟ་ཁུ་སྐྲན་དང་ནི། །དམུ་རྫིང་མཚན་བར
་རྡོལ་བ་དང། ཕོ་པའི་ནང་དང་སྐྱ་རྦབ་རྣམས། །འཇོམས་ཤིང་ཆོ་ག་སུན་མི་དགོས། །བུ་བསྐྱེད་པར་ཡང་དེ་ཡིས་བྱེད། །བུ་རམ་དགེ་བ་ཅན་ཞེས་བྱ། །དུས་ཀུན་ཏུ་ནི་འཕྲོད་པ་ཡིན། །ཞེས་བྱ་བ་ལ་པི་པི་ལིང་གི་རྩ་བ་ལ་སོགས་པ་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ཚད་དུ
་བྱས་པའི་ཕྱེ་མ་དང། །ཏིལ་མར་དང་དུར་བྱིད་ཀྱི་ཕྱེ་མ་གཉིས་སྲང་བརྒྱད་བརྒྱད་ཀྱི་ཚད་དུ་བྱས་པ་དང་བསྲེས་ལ། སྐྱུ་རུ་རའི་འབྲས་བུ་བསྐོལ་བའི་ཁུ་བ་བྲེ་གསུམ་དང། བུ་རམ་སྲང་ལྔ་བཅུ་གཅིག་ཏུ་བསྲེས་ལ་དེ་ཐམས་ཅད་མེ་ཆུང་དུ་ལ་བསྐོལ་ལ། དགེ་བའི་བུ་རམ་ཞིང་བྱ་བ་དེ་ལས
་ཇི་ཙམ་རན་བའི་ཆད་ཅམ་ཟོས་ནི?་དེ?་མཛ་ནད་ལ་སོགས་པའི་ནང་འཇོམས་པར་འགྱུར་བ་དང། བུ་སྐྱེད་པར་བྱེད་པ་དང་དུས་དྲུག་ཆད་དུ་ཡང་འཕྲོད་ཅིང་བསྔགས་བ་ཡིན་ནོ། །ཆ་བ་གསུམ་དང་དྲི་སྣ་གསུམ། །གླ་སྒང་དང་ནི་བྱིང་དག་།སྐྱུ་རུ་ར་དེ་ཐམས་ཅད་ནི། །མཉམ་པའི་དུར་བྱིང་ཁར
་དང། །སྦྲང་རྩི་རིལ་བུར་བྱས་ཟོས་ན། །གཅིན་སྲིའི་མས་དང་སློན་བྲོ་དང། །ལུད་བ་ཤ་སྐེམས་མོག་འཁོར་དང། །ཟད་བྱེད་ལུས་ཚ་སྐྱ་རྦབ་དང། །མེ་དྲོད་ཆུང་དང་ནང་སྤྱོད་ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་ཆ་མཉམ་པོར་བྱས་བ་སྦྱིར་ཇི་སྙེད་པ་ཡོད་པ་དང།
་དུར་བྱིད་ཆ་མཉམ་པར་བྱས་ལ། །ཁར་ཡང་དུར་བྱིད་དང་ཆ་མཉམ་པར་བྱས་ཏེ། དེས་ཆ་བ་གསུམ་ལ་སོགས་པའི་སན་སྦྱིར་ཆ་གཅིག་དུར་བྱིད་ཆ་གཉིས་ཁར་ཆ་གསུམ་བ་སྦྱར་ལ་དེ་ཐམས་ཅད་སྦྲང་རྩི་དང་ཅིག་རིལ་བུར་བྱས་ལ། གཅིན་སྲི་བའི་ནང་ལ
་སོགས་པ་སྦྱོང་བར་བྱེད་ཅིང་བསྔགས་པ་ཡིན་ནོ། །དུར་བྱིད་དུག་མེ་ཉུང་ས་བོན། །པི་པི་ལིང་དང་བཅའ་སྒ་རྣམས། །སྦྲང་རྩི་རྒུན་འབྲུའི་ཆུང་སྦྱར་བ་པར་བྱར་གྱི་དུས་ཀྱི་བཀྲུ་སྨན་ཡིན་ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་གྱི་ཕྱེ་མ་སྦྲང་རྩི་དང་རྒུན་འབྲུའི་ཆུ་དང་སྦྱར་བ་ནི
་དབྱར་གྱི་དུས་ཀྱི་བཀྲུ་སྨན་དུ་བསྔགས་སོ། །དུར་བྱིད་བླ་སྒང་བྱི་ཚེར་དང། །ཁར་ཙན་དན་པ་ལེ་ག། ཤིང་མངར་ས་ཏ་ལ་ཕྱེ་མ། །རྒུན་ཆུ་དང་སྦྱར་སྟོན་གྱི་ཡིན། །ཞེས་བྱ་བ་ལ། དུར་བྱིང་ལ་སོགས་པའི་སྨན་གྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བ་སྟོན་གྱི་དུས་སུ་བཀྲུ་སྨན་བཏང་བར
་བསྔགས་སོ། །དུར་བྱིད་པ་དང་བཀྲུ་ཀྲུག་ཏྲེས། །ཟིར་ཤུ་དག་སར་ལ། །ཁྲོན་བུའི་ཕྱེ་མ་ཆུ་དྲོན་སྦྱར། །རྒུན་གྱི་དུས་སུ་བླུད?་པར་བྱ། །ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་ཆ་མཉམ་སྟེ་ཕྱེ་མར་བཏགས་བ་ཆུ་དྲོན་མོ་དང་སྦྱར་བ་ནི་རྒུན་གྱི་དུས་སུ་བཀྲུ་སྨན་དུ་བྱ་བར་བསྔགས་?་ནོ
་དུར་བྱིད་ཁར་ཆ་མཉམ་པ། །སོས་ཀའི་དུས་ཀྱི་བཀྲུ་སྨན་ཡིན་ཞེས་བྱ་བ་ལ། དུར་བྱིད་དང་ཁར་ཆ་མཉམ་པ་ནི་སོས་ཀ་བའི་དུས་སུ་བཀྲུ་སྨན་དུ་བླུང་པར་བྱའོ། །དུར་བྱིད་ལྤགས་འབྲས་ཁྱི་ལྕི་བ། །ས་ཏ་ལ་དང་བུལ་ཙ་ན་ལ། ཁྲོན་བུ་ལེགས་བཏགས་ནས་ནི། །བ་གཅིན་ནང་དུ་ཞག་གསུམ
་སྤངས། འདི་ནི་དུས་ཀུན་སྦྱོར་བ་སྟེ། །སྣུམ་ཞེ་ན་དྲི་མ་ནད་རྣམས་སེལ། ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨྲན་ཕྱེ་མར་བཏགས་པ་བ་གཅིན་གྱི་ནང་དུ་ཞག་གསུམ་སྤངས་བ། །འདི་ནི་དུས་ཀུན་ཏུ་བཏང་བའི་སྦྱོར་བ་ཡིན་ཏེ། སྣུམ་གྱིས་ཞེན་པར་བྱས་པའི་ལུས་ལས་དྲི་མ་ཞེས
་བཤད་པ་དང་ནང་རྣམས་འབྱིན་པར་བྱེད་པ་ཡིན་ནོ། །ཤ་མ་དུར་བྱིང་ཕྱི་ཆེར་བ། །གླ་སྒང་ཧ་ཏི་པེ་བ་ལིང། །དུག་མོ་ཉུང་དང་ནི་ལི་ནི། །འབྲས་བུ་གསུམ་དང་པུ་ཙ་ཤལ། །ཕྱེ་མ་ཤ་ཁུ་འམ་མར་ནི། །ཆུ་དྲོན་དང་སྦྱར་ཐམས་ཅད་ནི། །ཁང་རྩུབ་ལ་ཡང་བཏང་བར་བྱ། །ཅེས་བྱ་བ་ལ། ཤ་ན་དུག
་བྱིད་ལ་སོགས་པའི་སྨན་ཆ་བསྙམས་ཏེ་ཕྱེ་མར་བཏགས་ལ། ཤ་ཁུ་འམ་མར་རམ་ཆུ་དྲན་དང་སྦྱར་ཏེ། དུས་ཐམས་ཅད་དུ་སྐྱེས་བུ་ཁེང་རྩུབ་བ་དག་ལ་ཡང་བཏང་བར་བྱ་བ་ཡིན་ནོ། །རིམས་དང་སྙིང་ནད་དྲེག་ནད་དང། །རྟུག་བསྐམས་ལ་སོགས་ནད་རྣམས་ལ། །དོང་གའི་བཀྲུ་སྨན
་ལྷག་པར་ནི། །འཇམ་མངར་བསིལ་ལ་ཕན་པ་ཡིན། །ཞེས་བྱ་བ་ལ། རིམས་ལ་སོགས་པའི་ནང་ལ་ནི་ལྷག་པར་ཡང་དོང་གའི་བཀྲུ་སྨན་ཕན་པ་ཡིན་ཏེ། དེ་ནི་འཇམ་བར་འཁྲུལ་རོ་མངར་ཞིང་བསིལ་བའི་ནུས་པ་ལྡན་པ་ཡིན་ནོ། །བྱིས་པ་རྒན་པོ་བློ་རྡོ་ལ་དང། །སྐྱིད་དེས་ཡི་མི
་རྣམས་ལ། །བརྡམ?་ཞིང་སྐྱེན་ནི་མེད་པའི་ཕྱིར། །མཆོག་ཏུ་དོང་གའི་བཀྲུ་སྲན་བཏང། །ཞེས་བྱ་བ་ལ། ཁྱད་པར་དུ་བྱིས་པ་ལ་སོགས་པའ?་ནད་པ་རྣམས་ལ་ལྷག་པར་འཇམ་བར་འཁྲུ་ཞིང་འཚ་བའི་སྐྱོན་མེད་པའི་ཕྱིར་དོང་ཀའི་བཀྲུ་སྨན་བཏང་བ་ལྷག་པར་ཡང་བསྔགས་ཡིན་ནོ
་འབྲས་བུའི་དུས་སུ་ལེགས་སྨིན་པའི། །དེ་ཡི་འབྲས་བུ་བཏུས་ནས་ནི། །ཞེས་བྱ་བ་ལ། དོང་ག་དེའི་འབྲས་བུ་འབྱུང་བའི་དུས་སུ་སྐྱེས་ཤིང། དུས་མ་ཡིན་པར་སྐྱེས་པ་མ་ཡིན་ལ། ལེགས་པར་སྨིན་ཅིང་ཚེས་བ་སྟེ་བཏུ་ཞིང་བླང་པར་བྱའོ། །དེ་ནི་ཡོན་ཏན
་ལྡན་གྱུར་པས། །ཁུང་གཅིག་ཕྱེ་མའི་ནང་དུ་གཞུག་ཅེས་བྱ་བ་ལ། དོང་གའི་འབྲས་བུ་དེ་འབུས་ཟོས་པ་ལ་སོགས་པའི་སྐྱོན་མེད་པ་དེ་ཁུར་གཅིག་ཙམ་ཞིག་གཞུག་པར་བྱའོ། །ཞག་བདུན་ལོན་ནས་བྱུང་ནས་ནི། །ཉི་མ་ལ་ནི་བསྐམས་པར་བྱ། །ཞེས་བྱ་བ་ལ། འབྲས
་བུ་དེ་ཕྱེ་མར་སྦས་པའི་འོག་ཏུ་ཞག་བདུན་ནས་ཕྱུང་ལ་ཉི་མ་ལ་བསྐམ་པར་བྱའོ། །དེ་ནས་རྐང་ནི་ཕྱུང་ནས་སུ། །སྣོད་ནི་གཙང་མར་གཞུག་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་བསྐམས་པའི་འོག་ཏུ་འབྲས་བུ་དེའི་ནང་གི་རྐང་ཕྱུང་ལ། རྫ་སྣོད་ལ་སོགས་པའི་སྣོད
་གཙང་མའི་ནང་དུ་གཞུག་པར་བྱའོ། །བྱིས་པ་ལོ་བཞི་ལོན་པ་ནས། ལོ་ནི་བཅུ་གཉིས་ལོན་གྱི་བར། །ལུས་ཆ་རྟུག་འགགས་ཀྱིས་གཟིར་ལ། །རྒུན་ཆུར་སྦྱར་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། དོང་ཀའི་རྐང་དེ་ལུས་ཚ་བ་དང། རྟུག་པ་འགགས་པའི་ནད་ཀྱིས་གཟེར
་པར་བྱེར་བའི་བྱིས་པ་ལོ་བཞི་ནས་ལོ་བཅུ་གཉིས་ལོན་པའི་བར་དག་ལ་རྒུན་ཆུ་དང་སྦྱར་ཏེ་བླུང་ན་བདེ་བར་འཁྲུ་བར་བྱེད་དོ། །དོང་གའི་རྐང་ནི་མཉེས་པ་དང། །བསྐོལ་བའི་ཆུ་ནི་གྲང་མོ་བླུད། །ཅེས་བྱ་བ་ལ། ཡང་དེ་ལ་དོད་གའི་ཉེས་པ་བསྐོལ་བའི་ཆུ་བསྒྲངS
་བ་བླུང་ན་ཡང་བདེ་བར་འཁྲུ་བར་བྱེད་པ་ཡིན། ཡང་ན་ཆང་དངས་ཞོ་ཁ་ཆུ། སྐྱ་རུ་ར་ཡི་ཁུ་བའམ། །དང་སྐྱུར་དག་དང་བཅས་པ་འམ་།དུར་བྱིད་ལྡེ་གུས་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། ཡང་དོང་གའི་རྐང་མཉེས་པའི་ཁུ་བ་ཆང་གི་དངས་མ་འམ། ཞོ་ཁ་ཆུ་ལ
་སོགས་པ་འོ་མ། །དུར་བྱིད་ཀྱི་ལྡེ་གུ་ཡང་བླུད་པར་བྱའོ། །དན་དའི་ཁུ་བ་དེ་ཡི་རྐང། །བུ་རམ་རྙིང་པ་བཅུག་ནས་ནི། །ཟླ་བ་གཅིག་གམ་ཟླ་ཕྱེད་པར། །མནན་པའི་ཆང་ནི་བླུད་པར་བྱ། ཞེས་བྱ་བ་ལ། དོང་གའི་རྐང་དང་བུ་རམ་རྙིང་པ་ད་ནད་བསྐོལ་བའི་ཁུ་བའི
་ན་བདུ་བཅུག་ལ་དེ་ཟླ་བ་གཅིག་གམ་ཟླ་བ་ཕྱེད་ཀྱི་བར་དུ་མནན་ཏེ་བླུད་ན་ཡང་བདེ་བར་འཁྲུ་བར་བྱེད་དོ། །སེང་ཕྲོམ་རྩ་བའི་ཤུན་བ་ཅི། །ནང་གི་ཤུན་ལྤགས་པོར་ནས་སུ། །བསྐམས་?་ཨར་བྱས་ནས་ནི། །དེ་ལ་ཆ་གཉིས་བསྐོལ་ཏེ་གཟགས། །སེར་འཕྲོམ་ཆ་ནི་གསུམ
་བ་སྤངས། །?་བ་བཅུ་ཡི་ཁུ་བ་དང། །ཆ་དེ་སླར་ཡང་སྦང་བར་བྱ། །སླར་ཡང་སྐམ་དེ་ཕྱེ་མར་བྱས། །དེ་ལས་ཞོ་གཉིས་པ་གཅིན་ནམ། །ཆང་གི་དངས་མ་ཞོ་ཁ་ཆུ། །རྒྱ་ཤུགས་སྐྱུ་རུ་ར་ཁུབ། །གང་ཡང་རུང་བར་སྦྱར་ཏེ་བླུད་ན་ཅེས་བྱ་བ་ལ། སེར་ཁྲོམ་ན་རོ་ཏྲ་དང། བིང?
་པ་ཏྲ་ཞེས་བྱ་བ་སྟེ། དེའི་རྩ་བ་དང་ཤུན་པ་ལས་ཤུན་ལྤགས་ཀྱི་ནང་རིག་བོར་ཏེ། ལེགས་པར་བ་སྐམས་ནས་ཕྱེ་མར་བྱས་ལ་དེའི་འོག་ཏུ་ཕྱེ་མ་དེ་ཆ་གསུམ་དུ་བྱས་ཆ་གཉིས་བསྐོལ་བའི་ཁུ་པ་བཙགས་ནས། །བུ་བ་དེ་དང་སེང་ཕྲོམ་ཆ་གསུམ་པ་བསྲེས་ལོ།
་སྦྲང་བར་བྱ་བ་དང། རྩ་བ་བཅུའི་ཁུ་བ་དང་ཡང་ཆ་དེ་སྤང་བར་བྱའོ། །དེ་ནས་སླར་ཕྱུང་ལ་བསྐམས་ཏེ། ཕྱེ་མར་བྱས་ནས་ཕྱེ་མ་དེ་ལ་ཞོ་གཉིས་ཀྱི་ཆད་བ་གཅིན་དང་འཆང་གི་དངས་མ་འམ། ཞེ་ཁ་ཆུ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ། ཅི་རིགས་པར་བླུང་བར་བྱའོ། །སང་ཕྲོམ
་བསྐོལ་བའི་ཁུ་བ་དང། ལྡེ་གུར་བྱས་ཏེ་ཁ་ར་དང། །མར་དང་བསྐོལ་བའི་ལྡེ་གུ་དེ། །བཀྲུ་སྨན་གྱི་ནི་དམ་པ་ཡིན། ཞེས་བྱ་བ་ལ། སེང་ཕྲོམ་ཞེས་བྱ་བའི་རོ་ཏྲ་བསྐོལ་བའི་ཁུ་བ་ཁ་ར་དང། བསྐོལ་བའི་ལྡེ་གུ་དེ་བྱིན་ཡང་བཀྲུ་སྨན་གྱི་མཆོག་ཡིན་ནོ། །ཤྲི་ཁཎྜས་ནད་ཀྱི
་ཚོགས། །ཤས་ཆེར་བ་སོགས་པའང་འཇིག་བྱེད་དེ། །མྱུར་དུ་འཁྲུ་ཞིང་གྲགས་པས་ན། །ལྟོ་སྙིང་ཉམས་ཆུང་བྱིས་པ་དང། །རྒན་པོ་ནད་བ་ཡུན་རིང་ལ། །དེ་ནི་བཏང་བར་མི་བྱའོ། །ཞེས་བྱ་བ་ལ། ཤྲ་ཁཎྜ་ཞེས་བྱ་བ་ཤིངས་སུ་ཏའི་འོ་མ་བསྐོལ་བས་ནད་ཀྱི་ཚོགས་ཤས་ཆེར
་བ་སོགས་ཤིང་དཀྱིལ་སྐྱེས་པ་ཡང་མྱུར་དུ་འཁྲུ་བར་བྱེད་ཅིང་སྐྲག་ཅིང་སྡུག་?་སེམས་མྱོས་པར་བྱེད་པ་ཡིན་པས་ན་དེའི་ཕྱིར་ལྟོ་སྙི་བས་ལ་སོགས་པ་ལ་བཀྲུ་སྨན་དུ་བཏང་བར་མི་བྱའོ། །སྐྲན་དང་དམུ་རྫིང་སྦྱར་བའི་དུག། པགས་ནད་གཅིན་ནང་སྦྲང་རྩི་འདྲ། སྐྱ་རྦབ
་སྐྲན་དང་དུག་གོས་པོག། ནད་ཀྱིས་སེམས་བཀྲུགས་གྱུར་ལ་བཏང། ཞེས་བྱ་བ་ལ། ཡང་ཤྲི་ཁ་ཏྲ་ཏེ་སྐྲན་ལ་སོགས་པའི་ནང་ཀྱིས་བཏབ་པ་ལ། བཀྲུ་སྨན་དུ་བཏང་བར་བྱའོ་།དེ་ནི་ཆེར་མ་རྣན་པོ་ནི། །མང་པོས་ཁྱབ་པར་གྱུར་པ་མཆོག་།ཅེས་བྱ་བ་ལས་ཤིང
་སུ་ཏྲ་དེ་ཡང་ཚེར་མ་རྣོན་པོ་མང་པོས་ཁྱབ་ཅིང་གཡོགས་པར་གྱུར་པ་དེ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ལོ་གཉིས་པ་འམ་ལོ་གསུམ་པ། །ཁྱད་པར་དུ་ནི་རྒུན་གྱི་མཐར། །དེ་ནི་མཚོན་གྱི་རྣམ་བཅད་ལ། །དེ་ལ་འོ་མ་བླང་བར་བྱ། །ཞེས་བྱ་བ་ལ། ཡང་ཤིང
་སུ་ཏད་ལོ་གཉིས་སམ་ལོ་གསུམ་ལོན་པའི་གཞོན་ནུ་རྩ་བ་ལེགས་པར་ཟུག་པ། །དཔྱིད་ཟླ་ར་བའི་ཚེ་མཚོན་གྱིས་བཅད་ལ། དེ་ལས་འོ་མ་གཟགས་ཤིང་བླང་བར་བྱའོ། །བལྦ་ལ་སོགས་རྩ་བ་ལྔ། །བྲི་ཧ་ཏཱི་རྣམ་གཉིས་དག་།བསྐོལ་བའི་ཁུ་བ་དང་མཉམ་པའི
་སུ་ཏའི་འོ་མ་དང་བསྒྲེས་ལ། །དེ་ལོག་མེ་ཡི་མདག་མེར་བསྐམ། །རིལ་བུར་བྱས་བ་ཞོ་ཁ་འཆཱུམ། ཆད་དམ་བ་གཅིན་སོཌ་སྦྱར་བླུང། ཅེས་བྱ་བ་ལ། བི་ལ་བ་ལ་སོགས་པ་རྩ་བ་ཆེན་པོ་ལྔ་དང། བྲི་ཧ་ཏཱི་རྣམ་གཉིས་ཏེ་ཀཎྜ་ཀཱ་རཱི་དང། བྲི་ཧ་ཏཱི་གཉིས་པོ
་ལས་སྨན་སྣ་རེ་རེ་ཞིང་བསྐོལ་བའི་ཁུ་བ་དང། ཤིང་སུ་ཏིའི་འོ་མ་བསྲེས་ཏེ་ཆ་མཉམ་དུ་བྱས་ལ། དེ་ནས་དེའི་འོག་ཏུ་དེ་གཉིས་ཀ་མེའི་མདག་མ་ལ་བསྐམས་ཏེ། དེ་ནས་རིལ་བུར་ཆ་མཉམ་བར་བྱས་ལ་ཞོ་ཁ་ཆུ་འམ་ཚད་དམ། རྩབས་མོའི་དངས
་མ་བ་གཅིན་ནམ། རྒྱ་ཤུག་གི་ཁུ་བ་འམ། སྐྱ་རུ་རའི་ཁུ་བ་འམ། སྐྱུར་རྩབས་ཀཉྫི་གང་ཡང་རུང་དང་སྦྱར་ཏེ་བླུད་པར་བྱའོ། །དུར་བྱེད་སོགས་དགུ་འབྲས་བུ་གསུམ། ཁྲོན་བུ་ས་ཏ་ལ་དང་བཅས། སུ་ཏའི་འོ་མ་ཞག་བདུན་སྤངས། །ཤ་ཁུའམ་ལར་དང
་སྦྱར་ཏེ་བླུང། །ཅེས་བྱ་བ་ལ། དུར་བྱིད་ལ་སོགས་པོ་དགུ་སྟེ། ཏྲི་བིད་ཅེས་བྱ་བ་དུར་བྱིད་དཀར་པོ་དང། ཤ་དུར་བྱ་དེ་དང་དོང་ག་དང། སང་ཕྲོམ་དང་སུ་ད་ཞེས་བྱ་བ་ཤྲི་ཁཎྜ་དང་ཤིང་ཁི་ནི་དང། དནད་དང་ཏྲ་བནདི་དང་ས་ཏ་ལ་ཞེས་བྱ་བ་དང་བཅས་པ་སྟེ་དགུ་པོ་དང།
་འབྲས་བུ་གསུམ་གྱི་ཕྱེ་མ་དང། རྩད་སྨན་ཁྲོན་བུ་དང་བཅས་པ་ཤིང་སུ་ད་ཞེས་བྱ་བ་སྣརེ་ཧའི་འོ་མའི་ནང་དུ་ཞག་བདུན་སྤངས་པ་ཤ་ཁུ་འམ་མད་དང་སྦྱར་ཏེ་བླད་ན་ལད་བདེ་བདེ་འཁྲུ་བར་བྱེད་དོ། །ཚ་བ་གསུམ་དང་འབྲས་བུ་གསུམ། །དུར་བྱིང་ད་རྒན་དད་ག་ཙིཏྲ་ཀ་དི་བྱེ་མར་མ
་བཞིན་དུ་སུ་དེའི་འོ་མའི་ནང་དུ་སྤངས་པ་བླུད་ན་ཡང་ངེས་པར་འཁྲུ་བར་བྱེད་དོ། །ཤང་ཁི་ནི་ཡི་འབྲས་བུ་ནི། །ཕུབ་མ་མད་ཅིང་མ་བསྐམས་བཏུ། །དེ་བཞིན་ས་པཏ་རྩ་བ། །དེ་དག་རྣོན་པོར་ལ་བྲུ་བྱེད་ཡིན། །བད་ཀར་ད་མུ་རྫིང་སྦྱར་བ་འདུག་།སྐྲན་སོགས་ནད་ལ་བཏང་བར་བྱ། །ཞེས་བྱ་བ
་?་བཤད་ཁི་ནི་ནི་ཏུལ་དང། །ཡ་བ་ཏིཀྟ་ཞེས་བྱ་བའི་སྨན་དེ་དེའི་འབྲས་བུའོ། །ཕུ་བ་མ་མེད་པར་གྱུར་པ་དང། ཤས་ཆད་མ་བསྐམས་པ་བཏུ་བ་དང། དེ་བཞིན་དུ་སབཏའི་རྩ་བ་སྦྱར་ཏེ། དེ་དག་ནི་རྣོ་བར་འཁྲུ་བར་བྱེད་པ་ཡིན་བས་བད་ཀན་གྱི་ནད་ལ་སོགས་པ་ལ་བཏང་བར་བྱའོ། །
་དེ་གཉིས་རའི་བུ་ཞོ་གཉིས་ཙམ། །ཆད་དང་རྒྱམ་ཚྭར་སྦྱར་བ་ནི། །བད་རླུང་ལས་གྱུར་སྙིང་ནད་དང། །དེ་བཞིན་སྐན་གྱི་ནད་ལ་བཏང། །ཞེས་བྱ་བ་ལ། ཤང་ཁི་ནིའི་འབྲས་བུ་དང། སཏྭ་ལའི་རྩ་བ་དེ་གཉིས་ཕྱེ་མར་བཏགས་ཏེ། རིལ་བུར་བསྒོངས་པ་ཞོ་གཉིས་ཙམ་ཆད་དང་རྒྱམ་ཚ
་དང་སྦྱར་བ་ནི་བད་ཀན་དང་རླུང་ལས་གྱུར་པའི་སྙིང་ནད་དང་སྐན་གྱིས་ནད་ལ་བཏང་བར་བྱའོ། །དནད་ཏྲ་པནྟིའི་རྩ་བ། །གླང་པོའི་སོ་ལྟར་བརྟན་ཞིང་སྦོམ། །དམར་ཞིང་གནག་ལ་རྣོ་ཞིང་དྲོ། །མྱུར་དུ་འཁྲུ་བར་བྱེད་པ་ཡིན། །ལྕི་ཞིང་རླུང་ནི་འཁྲུ་བར་བྱེད་ཅིང། །མཁྲིས་པ་བད་ཀན་?
་བར་བྱད། ཅེས་བྱ་པ་ལ། དནད་ནི་ནི་ཀུམ་པ་སྟེ་དེ་དང་ཏ་པནྟ་ཞས་བྱ་བའི་རྩ་པ་གླང་པོ་ཆེའི་སོ་ལྟར་བརྟན་ཞིང་སྦོམ་པར་གནས་པར་དམར་གནག་ཏུ་འདུག་པ་རང་བཞིན་རྣོ་ཞིང་དྲོ་བ་ནམྱུར་དུ་འཁྲུ་ཞིང་སྤྱོད་བར་བྱེད་པ་ལྕི་བའི་ནུས་པ་དང་ལྡན་པ། རླུང་གི་ནད་འབྲུ་བར་བྱེད་པ།
་མཁྲིས་པ་དང་བད་ཀན་གྱི་ནང་འཇུ་བར་བྱེད་པ་ཡིན། །དེ་ནི་སྦྲང?་རྩི་པི་པི་ལིང་?་གུས་བསྐུས་ལ་འཇག་མ་དང། འཇིམ་པས་བསྐུས་ཤིང་མེས་བསྲེག་ཅིང། ཉི་མས་ཅུང་ཟས་དྲོ་བསྐམས་པས། །དེ་ཡི་རྣོ་པས་བསལ་བར་བྱ། ཞེས་བྱ་བ་ལ། དནྟ་ཏྲ་བནྟའི?་རྩ་བར་སྦྲང་
་རྩི་དང་པི་པི་ལིང་གཉིས་ཀྱིས་ལྡེ་གུས་བསྐུས་ལ་འཇག་མ་དང་འཇིམ་པས་ཀྱང་བསྐུས་ཏེ་སྨན་གྱི་ཕུར་མའི་ཚུལ་དུ་བསྲེགས་ལ་ཆོས་པར་གྱུར་པ་དང། ཉི་མའི་ཧ་ཅང་ཚ་བ་ལ་ཡང་བསྐམ་པར་མི་བྱ་སྟེ། ཅིའི་ཕྱིར་ཞེང་ན། དེ་དག་ནི་རྣོ་བ་ལུས་?
་ལ་གནོད་པར་བྱེད་པ་མེད་པ་དང། ཉི་མའི་ཚབས་བསལ་ཞིང་གཞིག་པར་བྱའོ། །དེ་ནི་ཆད་དངས་ཞོ་ཁ་ཆུ། །དར་བ་མནན་ཚང་བི་ལུ་ཡི། །ཁུ་བ་གང་ཡང་རུང་སྦྱར་བླུད། །ཉམ་ཆུང་སྐྲན་དད་གཅིན་སྙི་དང། །དམུ་རྫིང་སྦྱར་བའི་དུག་རྣམ་སེལ། ཞེས་བྱ་བ་ལ། དེ
་ལྟར་བྱས་པའི་རྩ་བ་དེ། ལྡེ་གུར་བྱས་བ་ལ་ཆང་གི་དངས་མ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་མ་ལུས་ཀྱིས་ཉམས་སྨད་པའི་སྐྲན་ལ་སོགས་པའི་ནད་རྣམས་སྤྱོད་བར་བྱེད་དོ། །བ་ལང་རི་དྭགས་ར་ཤ་ཡིན། །ཁུ་བས་སྦྱར་བས་སྐྱ་རྦབ་དང། །ལྟོ་སྲིན
་མཚན་པར་རྡོ་ལ་ནད་སེལ། །ཞེས་བྱ་བ་ལ། དནད་ད་དུ་ཏ་བནདིའི་རྩ་བའི་ཕྱེ་མ་བ་ལང་ངམ་རི་དྭགས་སམ་རའི་ཤི་བི་ཁུ་བ་དད་སྦྱར་ཏེ་བླང་ན་སྐྱ་རྦབ་དང་ལྟོ་ན་སྲིན་བུ་ཡོད་པ་དང། མཚན་པར་རྡོལ་བའི་ནད་སེལ་ཅིང་སྦྱོར་བར་བྱེད་དོ། །དེ་བསྐོལ་ཁུ་བ་ལྡེ་གུ་དང། །རྩབ
་བཅུ་ཡིས་ཁུ་བ་བསྐོལ། །ན་ར་བྱིས་མེ་དཔལ་ཁོང་འབྲས་དང། །འབྲུམ་འཕྲན་མཆན་ཁུད་ཚ་བསེལ། ཞེས་བྱ་བ་ལ། དནྟ་ཏྲ་བནྟིའི་རྩ་བ་བཏགས་པའི་ལྡེ་གུ་རྩ་བཅུ་བསྐོལ་བའི་ཁུ་བ་དང། བསྐོལ་བའི་མར་བླུད་ན་མེ་དཔལ་གྱི་ནང་ལ་སོགས་པ་སེལ་བར
་བྱེད་དོ། །ཏིལ་མར་བཅས་བས་སྐན་ཟག་ཁུ། གཞང་འབྲུམ་རྟུག་འགགས་བང་རླུང་སེལ། །ཞེས་བྱ་བ་ལ། །བཤད་མ་ཐག་པའི་ཚིག་འདི་ཉིད་ཀྱི་ཏིལ་མར་བསྐོལ་ཏེ་བླུད་ན་སྐྲན་ལ་སོགས་པའི་ནད་སེལ་བར་བྱེད། །སྨན་ཆན་སྦྱར་བས་ཁུ་ཆུ་བཤད། །ཕྱེན
་འགགས་རླུང་གི་ནད་རྣམས་སྤྱིར། །ཞེས་བྱ་བ་ལ། ཆོག་འདིས་སྣུམ་ཆེན་པོ་སྟེ་ཞུན་མ་དེ་དང་རྐང་དང་ཚིལ་དད་ཏིལ་མར་བསྐོལ་པ་བླུད་ན་ཁུ་ཚུ་འགགས་པ་ལ་སོགས་པའི་ནད་དང་རླུང་གི་ནད་གཞན་དག་ཀྱང་སྦྱོང་བར་བྱེད་དོ། །དུད་བྱིད་ལ་སོགS་པ་དགུ་པོ་འདི
་བཀྲུ་སྨན་གྱི་སར་བ་མཆོག་ཡིན། །ཞེས་བྱ་བ་ལ། དུར་བྱིད་རྣམ་གཉིས་དང། དེ་དག་ལ་སོགས་པ་སྨན་དགུ་པོ་འདི་དག་ནི་བཀྲུ་སྨན་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཡིན་ནོ། ། རུ་རང་ད་དུར་བྱིད་ཀྱི། །ཆོ་ག་བཞིན་དུ་སྦྱང་བར་བྱ། ཞེས་བྱ་བ་ལ། ཨ་རུ་ར་ཡ་དགོང་དུ་བཤད
་པའི་དུར་བྱིན་གྱི་ཆོ་ག་བཞིན་དུ་སྦྱར་བར་བྱ་སྟེ། དེ་ནས་དུས་སུ་དའི་ཕྱེ་མ། །རྒྱམ་ཚ་དང་གྲ་ཅུང་ཟད་གདབ། །རླུང་ནད་ལ་ནི་སྐྱུར་ལས་བླུད་ཅེས་བྱ་བ་ནས། །ཤ་མ་དུར་བྱིད་བྱི་ཚོར་བ། །གླ་སྒང་ན་ཉེ་པི་པི་ལིང། །ཞེས་བྱ་བ་ལ་སོགས་བ་སྦྱར་བའི་ཐར་དི་སྙེད་སྨོས་པ་རྣམས་ལ་དུར་བིང
་ཀྱི་གོང་ཨ་རུ་ར་བཅུག་ལ་སྨན་གྱིས་སྦྱོར་བར་བྱའོ། །བུ་རམ་སྲད་བརྒྱད་ཨ་རུ་ར། །ཉི་ཤུ་དནད་ཅི་ཏྲ་ཀ་།སྲད་རི་པི་པི་ལིང་དུ་དཔྱིད། །ཞོ་ནི་གཉིས་གཉིས་ལྷག་ཅིག་སྦྱར། །རིལ་བུ་བཅུ?་བྱས་ཞག་བཅུ་བར། །རིལ་བུ་རེ་ར་ཟོས་རྗེས་ལ། །ཆུ་དྲོན་རླུང་ཅིང་ཆོ་གའི?་ནས། །དེ་དག་ཐམས
་ཅད་ཟོས་གྱུར་ན། །ཀུན་ཟོས་བསྲུང་བ་འང་མི་དགོས་པར། །འདི་ནི་ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་སྐྱ་རྦབ་འཕོ་བའི་ནད། །པགས་ནང་ཟླུམ་པོ་གཞང་འབྲུམ་དང། །གཡན་པའི་ནང་རྣམས་ལ་སེལ་བ་ཡིན། །ཞེས་བྱ་བ་ལ། དུ་རམ་སྲད་བརྒྱད་དང། ཨ་རུ་ར་རྡོ་མ་ཉི་ཤུ།
་དནད་དང་ཙིཏྲ་ཀ་སྲང་རེ་རེ། །པི་པི་ལིང་དང་དུར་བྱིད་གཉིས་ཞོ་གཉིས་གཉིས་སྦྱར་ལ་དེ་དག་ལས་རིལ་བུ་ཆ་མཉམ་ལ་བཉུར་བྱས་ཏེ། རིལ་བུ་རེ་རེ་ཞག་བཅུ་བཅུའི?་བར་བར་དུ་ཟོས་ལ། དེའི་རྗེས་ལ་ཆུ་དྲོན་བླུད་དེ་ཆོ་ག་འདིས་རིལ་བུ་དེ་ཐམས་ཅད་ཟོས་པར་གྱུར་?་རིལ་བུ་འདིས
་ཚེ་ག་བསྲུང་ཞིང་པ་སྔ་མ་མི་དོགས་པར་ནང་ཐམས་ཅད་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ལ། དེ་ལས་ཀྱང་ཁྱད་པར་དུ་སྐྱ་རྦབ་ལ་སོགས་པའི་ནད་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ཆུང་ཡང་དོན་ནི་ཆེན་པོ་དང། །ཆེན་པོ་འང་ལས་ནི་ཉུང་ཟད་དག། འདྲེ་དང་དབྱེ་བ་བྱས
་བ་དང་?་དུས་དང་སྦྱོར་པ་ལྔར་བར་བྱེད་ཅེས་བྱ་བ་ལ། ཆུང་བ་དེ་ནུས་པ་ཆུང་དུ་ཡང་ཚད་ཆེན་པོ་དང་ལྡན་པས་དེ་ནི་ཆན་པོ་སྟེ། ལས་སུ་བྱ་བ་ཆེན་པོ་བྱེད་པར་འགྱུར་བ་དང། ནུས་པ་ཆེན་པོ་དང་ལྡན་པ་དག་ཁྱབ་ཚད་ཆུད་དུར་བཏང་བས། ལས་ཀྱི་བྱ་བ་ཉུང་ཟད་བྱེད་ཅིང་ནུས་པ
་ཞན་པར་འགྱུར་ཏེ། ཇི་ལྟར་ཞེ་ན་འདྲེས་པ་ལ་སོགས་པས་བྱ་བ་དེ་དག་བྱེད་དེ། དེ་ལ་སྨན་རྣོན་པོ་དང་སྦྱར་བ་ཆུང་དུས་ཀྱང་དོས?་ཆེན་པོ་བྱེད་པར་འགྱུར་ལ། མང་པོ་ཡང་སྨན་རྣོན་པོ་དང། དབྱེ་ཞིང་དེ་དང་མི་ལྡན་ན་ལས་ཉུང་བར་བྱེད་པར་འགྱུར་རོ། །དེ་བཞིན་དུས
་ཀྱིས་ཀྱང་སྨན?་བཏུལ་ཞིང་འཇམ་པ་དེ་ཉིད་སོས་ཀའི་ཚེ་བཏང་ན་དོན་ཆེན་པོ་བྱེད་པར་འགྱུར་ལ། སྨན་རྣོན་པོ་ཡང་དགུན་གྱི་དུས་སུ་བཏད་ན་ལས་ཉུང་ཟད་བྱེད་པར་འགྱུར་རོ་སྦྱོར་བ་ནི་ནུས་པ་བསྐྱེད་པར་བྱེད་པ་སྟེ། སྦྱོར་བ་ངེས་ན་སྨར་འཇམ་པོ་རྣོན་པོ་དང་སྦྱར་པས་ཀྱང་པ་ནི་ཆན
་པོ་བྱེད་པར་འགྱུར་ལ། སྨན་རྣོན་པོ་ཡང་སྨན་བཏུལ་པོ་དང་སྦྱར་ན་ཡང་ལས་ཉུང་ཟད་བྱེད་པར་འགྱུར། །ཡང་དེ་བཞིན་དུ་རིགས་པའི་སྦྱོར་པས་ནུས་བཞན་པའི་སྨན་དེ་ཉིད་སྨན་རྣོན་བོད་པ་ཅི་དིར?་བར་སྦྱར་ན་རྣོན་པོར་འགྱུར་ལ་དེ་བཞིན་དུ་རྣོན་པོ་ཡང་ནུས་བཞན་པའི་སྨན་དང་སྦྱར་ན
་རྟུལ་བར་འགྱུར་རོ། །དེ་ཡང་དྲང་སོང་ཙང?་ཀས། །སྨན་ནི་འདྲེ་བས་ཆུད་དུ་ཡང། །ལས་ནི་མང་པོ་བྱེད་པར་འགྱུར། །དེ་བས་སྨན་ནི་ནུས་བདག་།མཚུངས་ཕབ་ཉེ་བར་སྦྱར་བར་བྱ། ཆུ་མིང་དུས་གནོད་མ་བྱས། ཡུལ་དང་དུས་ཀྱི་ཡོན་ཏན་ལྡན་ཚད་ནི་ཆུད་དང་ལྷག་པར་ལྡན
་ནུས་པ་ཚུངས་ཤིང་ལེགས་སྦྱར་ལ། སྣམ་དང་དུགས་ཀྱིས་ཆོ་ག་བྱས། །སྨན་ནི་རྣོ་བ་ཉིད་དུ་འགྱུར་རོ། །ཡོན་ཏན་འདི་དག་ཆུང་ཟ་བསྟན། །སྔར་བཤད་ཚད་ཀྱིས་མཉམ་འགྱུར་བ། །སྣམ་དུགས་ལེགས་པར་མ་བྱས་ལ། །སྨན་གྱི་ནུས་པ་འབྲིང་པོར་འགྱུར། །སྨན་མཐུ
་ཆུབ་ཞིང་རྩུབ་པ་དང། ཚད་ནི་ཚུང་བར་གྱུར་བ་དང། །མཐུ་ནི་མི་མཚུངས་སྦྱར་གྱུར་པས། །ཤུགས་ལྟ་བུར་ནུས་ཞན་པར་འགྱུར། །ཞེས་བྱ་པ་ལ་བཤད་པ་ཡིན། །ཤིང་ཚ་ན་ག་གེ་སར་དང། །མྲ་ཏ་ཀ་སེའུ་དང། །སུག་སྨེལ་ཁ་ར་སྦྲང་རྩི་དང། །ཁུ་ལུང་ཆད་སོགས་དེ་དང
་དེ། །ཡིད་དང་རྗེས་སུ་མཐུན་པ་ཡིས། །རིགས་པས་བཀྲུ་སྨན་བཏང་བར་བྱ། ཞེས་བྱ་བ་ལ། །ཤིང་ཚལ་སོགས་དང་ལྡན་པའི་བཀྲུ་སྨན་དེ་དང་དེ་རང་བ་སོ་སོའི་ཡིད་དང་རྗེས་སུ་མཐུན་པ་འདི་མ་བཤད་པ་གཞན་དག་ཀྱང་ཅི་རིགས་པར་སྦྱར་ཞིང་བཀྲུ་སྨན
་དུ་བཏང་བར་བྱ་སྟེ། གང་གི་ཕྱིར་ཡིད་དང་རྗེས་སུ་མི་མཐུན་ཞིང་ཞེ་འགྲས་པ་ཡིད་དུ་མི་འོང་བདག་བྱིན་ན་སྨོན་པ་ལ་སོགས་པ་འབྱུང་བར་འགྱུར་པའི་སྐྱོན་ཡོད་པའི་ཕྱིར་རོ།། །།ཡན་ལག་བརྒྱད་པའི་སྙིང་པོའི
་རྣམ་བད་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བར་ལས་ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་གཉིས་པའི་འགྲེལ་པའོ།། །།དེ་ནས་སྐྱུགས་སྨན་དང་བཀྲུས་སྨན་གྱིས་ཉེས
་བ་གྲུབ་བད་བྱ་བའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། སྐྱུགས་སྨན་དང་བཀྲུ་སྨན་གྱི་ཆོ་ག་བཤད་ནས་དེ་དག་ཉིད་ཀྱིས་ཆོ་གའི་སྦྱོར་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་གྲུབ་པར་བྱ་ཞིང་གསོ་བར་བྱ་བ་དང། བཅོས་པར་བྱ་བའི་སྦྱོར་བ་བཤད་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ
་ཡིན་ནོ། །སྐྱུགས་སྨན་ལྟོ་ནི་སྙི་པ་འམ། །ལྟོགས་པ་འམ་བད་ཀན་ཤས་ཆུང་བ་འམ། ཤིན་ཏུ་རྣོ་བ་འམ་གྲང་བ་འང་ཆུང། །མ་ཞུབ་འམ་ཉེམ་ཆུང་ལ། བླུད་ན་ནད་འབྱུང་རེ་བ་ཉམས། །དེ་ཚ་ཐུར་འབྱུང་ནད་གློང་འགྱུར། །དེ་ལ་སླར་ཡང་སྣུམ་ཆོས་བྱ། །སྔར་གྱི་རྐྱེན་དྲན
་སྐྱུགས་སྨན་བཏང། །ཞེས་བྱ་བ་ལ། གལ་ཏེ་སྐྱུགས་སྨན་ནད་པ་ལྟོ་སྙི་བར་འགྱུར་བ་འམ། ལྟོགས་ཤིང་བཀྲེས་པར་གྱུར་པ་འམ། བར་ཀན་གྱི་ཤས་ཆུང་བའམ། ཤིན་ཏུ་རྣོ་བ་ལ་སོགས་པ་ལ་བུད་པར་གྱུར་ན། ནད་གྱེན་དུ་འབྱུང་བའི་རེ་བ་དེ་ཉམས་པར་འགྱུར་ཞིང
་འདོད་པའི་དོན་ཐོབ་པར་མི་འགྱུར་ལ། སྨན་ཡང་ཐུར་དུ་འབྱུང་བར་འགྱུར་ཞིང་སླར་ཡང་ནད་གློངས་བསྐྱེད་པར་འགྱུར་རོ། །ཉེས་པ་དེ་ལྟར་གྱུར་པའི་ནད་པ་དེ་ལ་སླར་ཡང་སྣུམ་ཆོས་བྱས་ལ་སྔར་སྐྱོན་གང་གིས་ཉེས་པད་གྱུར་པ་དེར་ན་པར་བྱས་ལ་ཚད་དང་དུས་ལ་སོགས
་པ་བལྟོས་པའི་སྨན་གྱིས་དེ་སྐྱུག་སྨོན་དུ་གཞུག་པར་བྱའོ། །བཀྲུ་སྨན་མ་ཞུ་བད་ཀན་དང། །ལྡན་པ་འམ་ཤིན་ཏུ་རྣོ་ཆེས་པ། །དྲོ་བ་འམ་ལན་ཚ་ཤས་ཆེ་བ། །ཡི་གར་མ་འོང་མངས་པ་ཡིད།། །གྱེན་དུ་རྒལ་བར་གྱུར་པ་དག་།སྔར་བཤད།།
་ཉེས་བ་དེ་ལ་ནི། །གྲུབ་པའི་སྦྱོར་བ་དེ་བཞིན་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་དེ་ནད་པ་མ་ཞུ་བ་དང། ལྡན་པ་འམ། བད་ཀན་དང་ལྡན་པ་ལ་ནི་ཤིན་ཏུ་རྣོ་ཆེས་པ་འམ། དྲོ་ཆེ་བ་འམ། ལན་ཚྭ་ཤས་ཆེ་བའི་ཡི་གར་མི་འོང་ཞིག། ཡིད
་དང་མི་འཐད་པ་འམ། སྨན་ཤིན་ཏུ་མང་པོ་འཐུངས་པས་ཚད་ལ་ཆེས་པར་གྱུར་པ་ལ་སོགས་པས་གྱེན་དུ་རྒུལ་ཤིང་ཁའི་སྒོ་ལས་བྱུང་བར་གྱུར་པས་སྔར་བཤད་པའི་ཉེས་པ་ནང་འབྱུང་བའི་རེ་བ་ཉམས་པ་དང། ནད་སླར་གློངས
་པར་གྱུར་པ་དག་ལ་གྲུབ་པའི་སྦྱོར་བ་ཡང་སྔར་བཤད་པ་དང་འདྲ་བར་ནད་པ་དེ་སྣུམ་ཆོས་བྱ་ཞིང་སྔར་གྱི་སྐྱོན་གང་ཡིན་པ་ཡང་ངོས་ཟིན་པར་བྱས་ལ། ཚད་དང་དུས་ལ་སོགས་པ་ལ་བལྟོས་པའི་བཀྲུ་སྨན་བཏང་ཞིང་སྔར་སྐྱོན་དུ་གྱུར་པའི་ཉེས་པ་དག
་ཀྱང་སྤང་བར་བྱའོ། །དེ་ཡང་སྣོད་དུ་མ་ཆགས་ན། གསུམ་པོ་དེ་ལ་བླུད་པར་བྱ། །གཞན་དུ་གོམས་པ་འམ་ཞིམ་པ་ཡི། །སྨན་ནི་གནོད་པ་མེད་པ་བཏང། །ཞེས་བྱ་བ་ལ། དེ་ལྟར་གསོ་བ་ལོགས་པར་གྱུར་པའི་ཚུལ་གྱིས་བླུད་པས
་སྨན་དེ་ཡང་ཁོང་པའི་སྣོད་ཀྱིས་ནང་དུ་ཆགས་པར་མ་གྱུར་ཅིང་ཡང་གྱེན་དུ་རྒལ་བར་གྱུར་ན། དེའི་འོག་ཏུ་སྨན་གསུམ་པོ་དེ་ལ་བླུད་པར་མི་བྱ་ཞེས་གཞན་དུ་སྔར་གོམས་པར་གྱུར་པ་དང། ཞིམ་ཞིང་ཡི་གར་འོང་བའི་སྨན་གི་ནོད་པ་མེད་པའི་ལྡེ
་གུ་ལ་སོགས་པ་སྦྱིན་པ་ནི་མ་གཏོགས་ཏེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ནི་གསུམ་པ་ཡིན་ཀྱང་བཏང་བར་བྱའོ། །སྣུམ་ཆོས་དུགས་ནི་མ་བྱས་ལ། །སྨན་ནི་རྙིང་ཞིང་རྩུབ་པ་ཡིས། །ནང་གློང་ཕྱིན་པར་མ་གྱུར་པས། །མགོ་འགོ?་སྐྲན་དང་སྐྱིགས
་བུ་དང། མུན་པར་འཐོམ་དང་སྐོམ་དད་ཆེ། །བྱིན་སྙིང་ན་ཞིང་ལུས་གཡའ་དང། །བརླན་ཁ་དོག་མི་སྦུག་པའི། །ནད་ནི་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ནད་པ་སྣུམ་ཆོས་དང་དུགས་མ་བྱས་པའི་ལུས་ལ་སྨན་རྙིང་པ་དང་རྩུབ་པ
་དག་གིས་ནད་གློངས་ཤིང་གནས་ལས་བསྐྱོད་ནས་ཕྱིར་འབྱིན་ཅིང་བསྐྱོད་པར་མ་ནུས་པས་འགོ་འཁོར་བ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །སྣུམ་ཆོས་དུགས་བྱས་སྨན་ཉུང་ཞིང། །མི་དྲོད་ཆེ་བས་ཞུ་གྱུར་པ། །གྲང་བས་ངེས་པ་འམ་མ་ཞུབས། །
་ནད་གློངས་པས་ནི་མ་ཕྱིན་པ། །ནད་ནི་དེ་དག་ཉིད་བསྐྱེད་ཅིང། །དེ་ཉིད་སྦྱོར་ཉེས་ཐམས་ཅད་ཡིན། ཞེས་བྱ་བ་ལ། སྣུམ་ཆོས་དང་དུགས་ལེགས་པར་བྱས་པའི་ནད་པ་ལ་སྨན་ཤིན་ཏུ་ཐུན་ཆུང་ཞིང་ཉུང་བ་བྱིན་པ་ལ། འཕོ་བའི་མེ་དྲོད་ཆེ་བས་སྨན་ཚད་ཆུང་དུ་དེ
་ཞུ་བར་བྱས་པ་འམ། གྲང་བ་རེངས་ཤིང་འཐས་པར་གྱུར་པ་འམ། མ་ཞུ་བ་དང་ལྡན་པས་ནད་གློངས་ནས་ཕྱིར་འབྱིན་པར་མ་ནུས་བདག་གིས་སྔར་བཤད་མ་ཐག་པའི་ནད་འགོ་འཁོར་བ་དང་སྐྲངས་པ་ལ་སོགས་པ་དེ་དག་ཉིད་སྐྱེད་པར་བྱེད་དེ། །དེ་དག་ཉིད་ནི་སྦྱོར
་བ་ཉེས་པ་ཞེས་བྱ་བ་ཐམས་ཅད་ཡིན་ནོ། །དེ་ལ་ཏིལ་མར་རྒྱམ་ཚས་བསྐུ། །གཤག་མ་རྡོ་བས་དུགས་བྱས་ཤིང་།མས་བཏང་དྲག་ཤས་སྐམ་སའི་ཤ། ཁ་ཟས་བྱིན་ལ་འཐམ་རྩི་ནི། །པོ་སོན་ཆ་དང་པི་པི་ལིང། །ཐང་ཤིང་ཏིལ་མར་བསྐོལ་བ་བཏང། །ཞེས་བྱ་བ
་ལ། དེ་ལྟ་བུའི་ཉེས་པ་དང་ལྡན་པའི་མི་དེ་ལ་ཏིལ་མར་དང་རྒྱམ་ཚས་ལུས་བསྐུས་ལ། གཤག་མ་དང་རྡོ་ཡིས་དགུ་བྱ་ཞིང་མས་བཏང་བ་དྲག་པོ་ནི་རུ་ཏ་བྱས་པ་སྐམ་སའི་ཤ་ཁུ་དང་ཁ་ཟས་བྱིན་པ་པོ་སོན་ཆ་ལ་སོགས་པ་དང་བསྐོལ་པའི་ཏིལ་མར་གྱིས་འཇམ
་རྩི་མས་བཏང་ཐ་ཚད་དང་ལྡན་ཕབ་བྱས་པ་ནད་གཞི་དང་ལུས་ཟུངས་ལ་སོགས་པའི་ཚུལ་ལ་བཏགས་ཏེ་བཏང་པར་བྱའོ། །རླུང་འཇོམས་སྣུམ་གྱིས་རླུང་ཆོས་བྱ། །སླར་ཡང་བཀྲུ་སྨན་རྣོན་པོས་སྤྱད། །ཞེས་བྱ་བ་ལ་ཡང། དེ་ལ་སྣུམ་འཇོམས་པར་བྱེད་པའི་སྣུམ
་གྱིས་སྦྱོར་བར་སྣམ?་ཆོས་བྱས་ལ་བཀྲུ་སྨན་སྔ་མ་བས་རྣོ་བ་གཏང་ལ་སྦྱང་བར་བྱའོ། །ནང་གཞི་ཚེ་ཞིང་ཁོང་རྩུབ་ལ། །མེ་དྲོད་ཆུང་དང་སྨན་ཆུང་པ། །རྟུག་བསྐམས་བཅས་པས་གློངས་པ་དང། །ནད་ཀྱིས་ལམ་ནི་འགགས་པར་འགྱུར། །མི་བཟང་སྦོ་དང་ལྟེ་བ་དང། །
་རྒྱབ་དང་རྩིབས་ལོགས་མགོ་པོ་ན། །ཕྱིས་གཅིན་འགགས་དབུགས་མི་བདེ། །མི་བཟང་པ་ནི་སྐྱེད་པར་བྱེད། ཅེས་བྱ་བ་ལ། ནང་གཞི་ཤས་ཆེ་བ་དང། ཁོང་རྩུབ་པ་ལ་སོགས་པ་དང་ལྡན་པ་དང། རྩུག?་སྐམས་དང་བཅས་པས་གྱེན་དུ
་འཁྱིལ་ཅིང་ནད་གློངས་པ་དང། ནད་དེས་རྩ་བ་སྦུབས་ཀྱི་ལམ་འགགས་པར་བྱས་ནས་མི་བཟང་པར་སྦོ་བ་དང། ལྟེ་བ་ལ་སོགས་པ་ན་བ་དང། ཕྱིས་འགགས་པ་ལ་སོགས་པ་བརྣགས་པར་དཀའ་བ་སྐྱེད་པར་བྱེད་པར་འགྱུར་རོ། །སྐུ་དང་དུགས་དང་རིལ
་བུ་སོགས་།མས་བཏང་དྲག་པོ་འཇམ་རྩི་བྱ། །རྟུག་སྐམས་སེལ་བའི་གསོ་དཔྱད་ལས་།ཐམས་ཅད་སྦོ་བ་དག་ལ་ཕན། །ཞེས་བྱ་བ་ལ། སྤོ་བ་ལ་སོགས་པའི་ནད་དང་ལྡན་པའི་མི་དེ་ལ་སྐུ་བ་ལ་སོགས་པའི་ལས་རྣམས་དང། རྟུག་པ་སྐམས་སེལ
་བའི་གསོང་སྐྱུད་ཀྱི་ལས་གཞང་འབྲུམ་གསོ་བའི་སྐབས་སུ་བཤད་པ་ཐམས་ཅད་ཕན་ནོ། །རྩ་བ་ལྔ་པ་ནས་ཚིག་འཁུས། །ཤུ་དག་པོ་ཏ་ཀ་རཉྫ། །རྒྱམ་ཚྭ་ནས་ཐུག་ལགས་སྦྱར་བས། །གཟེར་ནད་རྟུག་སྐམ་ལྟོ་སྤོས་འཇོམས། །ཞེས་བྱ་བ་ལ། རྩ་བ
་ལྔ་པོ་ལ་སོགས་པའང་སྨིན་པ་དང། ནས་ཐུག་ལེགས་པར་གཡོས་པས་ནི་གཟེར་ནད་ལ་སོགས་པའི་ནང་སེལ་བར་འགྱུར་རོ། །ཐལ་སྨན་སེའུ་འབྲུ་པི་པི་ལིང། །ཤིང་ཀུན་བཅའ་སྒ?་ལྟ་བུ་དང། །རྒྱམ་ཚ་བཅས་པའི་ཆང་འམ་ནི། །མར་རམ་ཆུ་དོན་སྦྱར
་བ་བླུད། །མཁྲེག་ཅིང་ཡོངས་སུ་འཛག་པ་དང། །ན་ཞིང་བཅད་སྙམ་སེམས་པ་སེལ། ཞེས་བྱ་བ་ལ། ཐལ་སྨན་ཡ་བཀྵ་ར་དང་སེའུ་འབྲུ་ལ་སོགས་པ་དང་ཆད་ལ་སོགས་པ་གང་ཡང་རུང་པ་དང་སྦྱར་ཏེ། བླུད་ན་མཁྲེག་ཅིང་འཁྲུ་བ་ལ་སོགས་པའི་ནད་སེལ
་པར་བྱེད་དོ། །སྨན་འཐུངས་གྱུར་པའི་ཤུགས་བཀག་ན། །རླུང་ལ་སོགས་པའི་ནད་རྣམས་ནི། འཁྲུག་སྟ་སྙིང་གི་ཕྱོགས་སོང་ནས། །སྙིང་ནད་མི་བཟང་བསྐྱེད་པར་བྱེད། །སྐྱིགས་བུ་ལུད་པ་རྩིབས་ལོགས་ན། །རྨྱ་ཞིང་མིག་མགུལ། བ་ཆུ་འཛག། །དྲན་པ
་ཉམས་ཤིང་ལྕ་འཆའ་ལ། །སོ་ནི་ཁྲིག་ཁྲིག་འཆའ་བར་བྱེད། །ཅེས་བྱ་བ་ལ། ནད་བས་སྨན་འཐུངས་པར་གྱུར་ནས། འབྱུང་བར་འགྱུར་བའི་ཤུགས་བཀག་ཅིང་བརྣགས་ཏེ་འབྱུང་དུ་མ་གཏེར་ན་རླུང་ལ་སོགས་པའི་ནད་སེལ་ཅིང་ཤི་ལྡང་པར་འགྱུར་ཏེ། སྙིང་གི་ཕྱོགས་སུ?
་ནས་སྙིང་གིས་ནང་བཙིར་སྙམ་སེམས་བ་ལ་སོགས་པ་མི་བཟང་ཅིང་མནགས་པར་དཀའ་བ་བསྐྱད་པ་དང། སྐྱིགས་བུ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །དེ་ལས་སྨན་པས་མ་རྣོངས་ཕ། །མཁྲིས་པས་ཉེན་ལ་མངར་བ་དང། བད་ཀན་གྱིས་ཉེན་ཁ་པ་ཡི། །སྐྱུགས?
་སྨན་དག་ནི་མྱུར་དུ་བཏང། །ཞེས་བྱ་བ་ལ། །དེ་ལྟར་བུའི་གནས་སྐབས་སུ་གྱུར་པའི་ནད་པ་དེ་ལ་སྨན་པ་རྨོངས་ཤིང་འཁྲུལ་བར་མ་གྱུར་པས་གལ་ཏེ་ན་དེ་དེ་མཁྲིས་པས་བརྒྱལ་བར་གྱུར་བ་ཡིན་ན། །སྨན་མངར་བའི་སྐྱུགས་སྨན་བླུད་དེ་མྱུར་དུ་སྐྱུག་ཏུ་གཞུག་ལ། བད་ཀན
་གྱིས་བརྒྱལ་བ་ཡིན་ན། སྨན་ཁ་བའི་སྐྱུགས་སྨན་བླུད་དེ་སྐྱུག་ཏུ་གཞུག་པར་བྱའོ། །དེ་ནས་དེ་ལ་སྨིན་བྱེད་པའི། །ནད་ཀྱི་ལྷག་མ་སྨིན་པར་བྱ། །ཞེས་བྱ་བ་ལ། དེ་ནས་ནད་པ་དེ་སྨིན་པར་བྱེད་པའི་སྨན་གྱིས་ནང་ལྷག་མ་རྣམས་སྨིན་ཅིང་ཟད་པར་བྱའོ། །དེ་ཡི་མེ་དྲོད་ལུས་ཀྱི
་སྟོབས། །དམིས་ཀྱིས་མངོན་པར་འཕོལ་བར་བྱེད། །ཅེས་བྱ་བ་ལ། ཡང་ནད་པ་དེའི་འཕོ་བའི་མེ་དྲོད་དང་ལུས་ཀྱི་སྟོབས་རྗེས་སུ་མཐུན་པའི་སྨན་དང། ཟས་དང་སྐོམ་གྱི་རིམས་ཀྱིས་མངན་པར་འཕེལ་བར་བྱ་ཞིང་བསྐྱེད་པར་བྱའོ། །ཤས་ཆེར་སློན་གྱུར་རླུང་གིས་མི།
་གང་གིས་སྙིང་ནི་གཟེར་གྱུར་པ། །དེ་ལ་སྣུམ་སྒྱུར་ལན་ཚ་སྦྱིན། །མཁྲིས་པ་བད་ཀན་ང་ལས་གཞན། ཞེས་བྱ་བ་ལ། གང་ཞིག་ཤས་ཆེར་སློན་པར་གྱུར་པས་རླུང་གིས་སྙིང་གཟེར་ཅིང་ན་བར་གྱུར་པ་དེ་ལ། སྨན་དང་ཟས་དང། སྐོམ་སྣུམ་དང། སྐྱུར་བ་དང། ལན
་ཚའི་ཤས་ཆེ་བ་སྦྱིན་པར་བྱའོ། །མཁྲིས་པ་དང་བད་ཀན་ཀྱིས་ཤས་ཆེར་སློན་པའི་ནང་ནི་ད་ལ་གཞན་པ་སྟེ། རྩུབ་པ་དང་ཁ་བ་དང་བསྐ་བའི་ཟས་སྐོམ་དང་སྨན་སྦྱིན་པར་བྱའོ། །སྨན་ནི་འཐུངས་པར་གྱུར་ནས་ཤུགས། །བཀག་པར་གྱུར་བ་འམ?་བདག?
་གྱིས། འགག་སེང་འམ་ཤིན་ཏུ་སྦྱངས་གྱུར་བའི། །ལུས་ལ་རླུང་ནི་འཇུག་གྱུར་ནས། །རེངས་དང་འདར་དང་ཟུག་པ་དང། །ལུས་རྙོམས་དཀྲིས་སྙམ་སེམས་ཤིང་ཟུག། ཅེས་བྱ་བ་ལ། སྐྱེས་བུ་སྨན་འཐུངས་པར་གྱུར་ནས་ཤུགས་འབྱུང་བ
་བཀག་པས་རླུང་གིས་ལམ་སྲང་འགགས་པར་བྱས་པ་བད་ཀན་གྱིས་འགགས་པར་བྱས་པའམ། ཡང་ན་ཤིན་ཏུ་སྦྱངས་ཤིང་སློན་ཁྲུས་དྲགས་པར་གྱུར་པས་ལུས་ལ་རླུང་ནི་འཇུག་པར་འགྱུར་ཏེ། དེ་བ་རླུང་རེངས་པ་ལ་སོགས་པའི་ནང་འབྱུང?་བར་འགྱུར
་རོ། །དེ་ལ་རླུང་ནི་འཇོམས་པ་ཡི། །སྣུམ་ཆོས་དུགས་སོགས་ཐམས་ཅད་བསྔགས། །ཞེས་བྱ་བ་ལ། སྦྱོར་བ་ཉེས་པ་དེ་ལ་ནི་རླུང་འཇོམས་པར་བྱེད་པའི་གསོ་བ་དང་སྣུམ་ཆོས་ལ་སོགས་པ་ཐམས་ཅད་ཕན་ནོ། །སོགས་པས་ནི་འཇམ་རྩི་དང། བསྐུ་པ་དང
་སྨན་ཆུ་བླུགས་པ་དང། ལུས་བྱིང་པ་དང། ཁ་ཟས་དང། སྐོམ་དང། སྨན་རླུང་འཇོམས་པར་བྱེད་པ་དག་བསྡུའོ། །སྨན་ཐུན་ཆེ་ལ་རྣོ་བ་ནི། །བཀྲེས་ཉེན་ལྟོ་སྙིལ་བླུང་ནི། །བད་ཀན་མཁྲིས་པ་བཤད་པ་ནི། །བསལ་ནས་ལུས་ཟུངས་འཇིག་པར་བྱེད་ཅེས་བྱ་བ་ལ།
་བཀྲེས་བས་ཉེན་པ་དང། ལྟོ་སྙི་བའི་ནད་པ་ལ་སྨན་ཐུན་ཆེ་ཞིང་མང་བར་བཏང་པར་གྱུར་ན། བད་ཀན་ལ་སོགས་པ་མྱུར་དུ་བསལ་ཅིང་ཕྱུང་ནས་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་འཛག་ཅིང་འབྱུང་པར་བྱེད་དོ། །དེ་ལ་སྦྱོར་དྲགས་མངར་བ་ཡིས།།
་སྨན་གྱི་ལྷག་མ་སློན་དུ་གཞུག། ཅེས་བྱ་བ་ལ། སྦྱོར་བ་དྲགS་པའི་ཉེས་པ་བྱུང་པ་དེ་ལ་མདོར་བའི་སྨན་གྱིས་མ་ཞུ་བའི་ལྷག་མ་སློན་དུ་གཞུག་ཅིང་སྦྱར་བར་བྱའོ། །སྐྱུགས་སྨན་དྲགས་ལ་བཀྲུ་སྨན་བཏང། །འཁྲུས་དྲགས་སྐྱུགས་སྨན་འཏམ་པོ་བཏང། ཞེས་བྱ
་པ་ལ། སྐྱུགས་སྨན་གྱི་སྦྱོར་བ་དྲགས་པ་ལ་ནི་བཀྲུ་སྨན་བཏང་བར་བྱའོ། །བཀྲུ་སྨན་དྲགས་པར་གྱུར་པ་ལ་ནི་སྐྱུགས་སྨན་འཇམ་པོ་བཏང་པར་བྱའོ། །དེ་ལ་ཆུ་གྲང་བླུགས་པ་དང། །རོ་སྨད་བཅིང་བས་བཅས་པར་བྱ་ཞེས་བྱ་བ་ལ། །སྦྱོར་བ་དྲགས་པའི་ནང་པ
་དེ་ལ་ཆུ་གྲང་བླུགས་པར་བྱའོ། །རོ་སྨད་མན་ཆད་བཅིང་པ་དང་ཟས་དང་སྐོམ་ཤིན་ཏུ་བསིལ་བས་དེ་བཅད་པར་བྱའོ་།སྟེང་ཟིལ་ཙན་དན་པུ་ཤེལ་ཙ། །ར་ཁྲག་ཁ་རའི་ཆུ་དང་ནི། །འབྲས་ཡོས་ཕྱེ་ཡི་སྐྱོ་མ་ནི། །སྦྱོར་དྲགས་སེལ་བའི་དམ་པ་ཡིན་ཞེས་བྱ་བ་ལ
་སྟང་ཟིལ་ད་དངུལ་རྡོལ་སོགས་པ་དང་སྦྱར་བའི་ཆུ་དད་འབྲས་ཡོས་སྐྱོ་མར་བྱས་པ་ནི་སྤྱོད་བདྲགས་པ་སེལ་བའི་མཆོག་ཡིན་པས་དེ་བླུད་པར་བྱའོ། །སློན་སྨན་སྦྱོར་བ་དྲགས་པ་ལ། ཆུ་གྲང་དག་ནི་བླུགས་པར་བྱ། །རྒུན་འབྲུམ་ལ་སོགས་ཁུ་བ་མར། །སྦྲང
་རྩི་ཁ་རའི་སྐྱོ་མ་བླུད། ཅེས་བྱ་བ་ལ། སྐྱུགས་སྨན་གྱི་སྦྱོར་བ་དྲགས་པ་ལ་ཆུ་གྲང་གི་ལུས་ལ་བླུགས་པར་བྱ་ཞིང་རྒུན་འབྲུམ་ལ་སོགས་པའི་སྐྱོ་མ་བླུང་པར་བྱའོ། །སྒྲག་པར་བཙས་བ་ཤིན་ཏུ་སྐྱུགས། མུར་པ་ལུས་གླ་སྒད་དང། །སྟང་ཟིལ་མ་དུ་ཀའི་ཕྱེ་མ། །སྦྲང་རྩིར
་བཅས་པའི་ལྡེ་གུ་སྦྱིན་ཞེས་བྱ་བ་ལ། སྣུམ་ལ་སྒྲེག་པ་དང་བཅས་པར་དྲག་ཏུ་སྐྱུག་ལ། མུར་པ་ལ་སོགས་པའི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བཅས་པ་སྦྱིན་ཞིང་ལྡེག་ཏུ་གཞུག་པར་བྱའོ། །སློན་མཐར་ལྕེ་ནི་འཁུམས་པ་ལ། སྣུམ་དང
་སྒྱུར་དང་ལན་ཚྭ་དང། །ལྡན་པའི་ཁུར་བ་བཀང་བ་དང། །ཡིད་འོང་ཡུ་ཤ་ཤ་ཁུ་དང། །ཞེས་བྱ་བ་ལ། མི་སློན་དྲགས་པས་ལྡེ་འཁུམས་ཤིང། ནང་དུ་ཞུགས་པར་གྱུར་པ་ལ་སྣུམ་ལ་སོགས་པ་དང་ལྡན་པས
་འཁུར་བ་དཀང་བ་དང། དེ་བཞིན་དུ་ཡིད་དུ་འོང་བའི་ཡུ་ཤ་དང་ཤ་ཁུ་བླུད་ན་ཕན་ནོ། །དེ་ཡི་མདུན་དུ་མི་གཞན་ནི། །འབྲས་བུ་སྐྱུར་བ་ཟ་རུ་གཞུག་།ཅེས་བྱ་བ་ལ། ལྕེ་འཁུམས་པིའི་ནང་པོ་དའི་མདུན་དུ་སྐྱེས་བུ་གཞན
་སྲས?་བུ་སྒྱུར་?་ཟར་བཅུག་ན་ཕན་ནོ། །ལྕེ་ཕྱིར་བྱུང་པ་ཏིལ་དང་ནི། །རྒུན་འབྲུམ་སྡེ་གུ་བསྐུས་ནས་གཞུག་ཅེས་བྱ་བ་ལ། སློན་དྲགས་པས་ལྕེ་ཕྱིར་བྱུང་ཞི་སྡུད་མི་ཤེས་པ་ལ་ནི་ཏིལ་དང་རྒུན་འབྲུ་བཏགས་པའི་ལྡེ་གུས་བསྐུས་ལ་ནད་དུག?་ཞུག?་
་པར་བྱའོ། །ཚིག་ལྐུགས་རླུང་གིས་ནད་ལ་ནི། །མར་དང་ཤ་དང་གཡོས་བ་ཡི། །ནས་ཐུག་སླ་བ་སྦྱིན་བྱ་ཞིང། །སྣུམ་དང་དུགས་ཀྱིས་སྦྱོར་བ་བྱ་ཞེས་བྱ་བ་ལ། ཚིག་ལྐུགས་ཤིང་ཐོགས་པ་དང། དེ་བཞིན་དུ་རླུང་གིས་ནད་ལྡང་བ་ལ་ནི་དུས་ཤེས
་པའི་སྨན་པས་མར་དང་ཤ་དང་གཡོས་སུ་བྱས་པ་ནས་ཐུག་སླ་བ་སྦྱིན་པར་བྱ་ཞིང། །དེ་བཞིན་དུ་སྣུམ་དང་དུགས་ཀྱི་སྦྱོར་བ་དང་ལྡན་པར་བྱའོ། །སྨན་གྱི་སྦྱོར་བ་དྲགས་པ་ཡིས། །སྲོག་ཅེས་བྱ་བའི་ཁྲག་ཕྱུང་པས། །གང་ཕྱིར་དེ་ནི་སྲོག་འཕྲོག
་པ། །སྲོག་ལེན་པ་ནི་ཡིན་པར་བཤད་ཅེས་བྱ་བ་ལ། སྨན་གྱི་སྦྱིར་བ་དྲགས་པས་ཤས་ཆེར་འཁྲུས་པས་ན། །སྲོག་ཅེས་བྱ་བའི་ཁྲག་འབྱུང་བར་འགྱུར་ལ། དེས་ནི་མི་རྣམས་ཀྱི་སྲོག་འཕྲོག་ཅིང་གསོད་པར་བྱེད་པས་དེའི་ཕྱིར་དེ་ལ་ནི
་སྲོག་ལེན་པ་ཞེས་སློབ་དཔོན་གྱིས་བཤད་དོ། ཁྲག་དང་དེ་ནི་ཟོས་བཅས་པ། །ཁྱི་འམ་བྱ་རོག་ལ་བྱིན་ལ། །བྲོས་ནས་སྲོག་ཅེས་བརྗོད་པར་བྱ། །མ་ཟོས་མཁྲིས་པ་ཡིན་པར་བཤད་ཅེས་བྱ་བ་ལ། སྲོག་ཅེས་བྱ་བའི་ཁྲག་འཁྲུས་པ་དེ་དང་ཟས
་སུ་སྦྱར་ལ། ཁྱི་འམ་བྱ་རོག་ལ་བྱིན་ན། གལ་ཏེ་དེ་ཟ?་བར་གྱུར་ན་ནི། །སྲོག་ཅེས་བྱ་བའི་ཁྲག་ཡིན་པར་བརྗོད་པར་བྱ་ལ། གལ་ཏ?་ཟ་བར་མ་གྱུར་ན་སྲོག་མ་ཡིན་གྱི་མཁྲིས་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་རས་དཀར་ལ་བསྒོས་ཏེ། །བསྐམས
་ལ་ཆུ་དྲོན་གྱིས་བཀྲུས་ལ། །བཀྲུས་ཀྱང་དག་པར་མ་གྱུར་ན། །མཁྲིས་པ་འོ་དག་ན་ཁྲག་ཡིན་ནོ་ཞེས་བྱ་བ་ལ། ཡང་ན་འཁྲུས་པའི་ཁྲག་དེ་རས་དཀར་བོ་ལ་བསྒོས་ཏེ། དེའི་འོག་ཏུ་ཉི་མ་ལ་བསྐམས་ལ། དེ་ནས་ཆུ་དྲོན་གྱི་བཀྲུ་སྟེ་མ་དག་པར་གྱུར་ན་ནི
་མཁྲིས་པ་ཡིན་ལ། གལ་ཏེ་དེ་དག་པར་གྱུར་ན་ནི་སྲོག་ཅེས་བྱ་བའི་ཁྲག་ཡིན་པར་ཤེས་པར་བྱའོ། །སྐོམ་དང་བརྒྱལ་དང་མྱོས་པས་ཉེན། །དེ་ལ་སྲོག་ནི་མྱུར་བསྲུང་ཕྱིར། ཁྲག་དང་མཁྲིས་པ་སེལ་བ་ཡི། །གསོ་བ་འཆི་བའི་བར་དུ་བྱ། །ཞེས་བྱ་བ་ལ། སྒོམ
་དད་ལ་སོགས་པས་ཉེན་པའི་ནད་བལ?་སྲོགས་བསྲུང་པར་བྱ་བའི་ཕྱིར་ཁྲག་དང་མཁྲིས་པ་སེལ་བའི་གསོ་བ་ཇི་སྐད་བཤད་པ་དག་ཤིས་པར་གྱུར་གྱི་བར་དུ་རྒྱུན་དུ་བྱའོ། །རི་དྭགས་བ་ལང་མ་ཧེ་ར། །གསོན་པོའི་ཁྲག་ནི་བྱུང་མ་དག། སྲོག་ནི་འབྱོར་བར་བྱེད་པ་བླུད། །དེ་ནི
་མྱུར་དུ་སྲོག་ཏུ་འགྱུར། །ཞེས་བྱ་བ་ལ། རི་དགས་ལ་སོགས་པ་གསོན་པོའི་ཁྲག་ཕྱུང་མ་ཐག་མིའི་སྲོག་ཅེས་བྱ་བའི་ཁྲག་འབྱོར་ཅིང་འཛིན་པར་བྱེད་པ་ཡིན་བས་དེ་བླུད་པར་བྱ་སྟེ། དེས་ནི་དེའི་སྲོག་མྱུག་དུ་འཛིན་པར་བྱེད་ཅིང་ཚིམ་པར་བྱེད་པར་འགྱུར་རོ། །དེ་ཉིད་འཇག་མ
་དང་ཉེས་པའི། །ཁྲག་ནི་འཇམ་རྩིར་བཏང་བར་བྱ། །ཞེས་བྱ་བ་ལ། ཁྲག་དེ་ཉིད་འཇག་མ་དང་མཉེས་ཏེ་བཙགས་པའི་འཛམ་རྩི་མས་བཏང་བར་བྱའོ། །དུར་བྱིད་ཏང་བལ་ཤིང་མངར་དང། །དཱུརྦ་པུ་ཤེལ་ཙེ་འོ་མ། །བསྐོལ་བ་མར་གྱིས་སྙིང་པོ་དང། །སྟང་ཟིལ་ནང?་ནི་བཅས
་པ་ཡི། །འཇམ་རྩི་གྲང་མོ་བཏང་བར་བྱ། །ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་དང་འོ་མ་བསྐོལ་བ་དང། མར་གྱི་སྙིང་བོ་དང། སྟང་ཟིལ་དང་བཅས་པའི་འཇམ་རྩི་གྲང་མོ་བཏང་ན་ཡང་ཕན་ནོ། །སྤྱི་བག་འཇམ་རྩིར་བགྲང་པ་འམ། །མར་གྱི་སྙིང་པོ་འཇམ་རྩི་བཏང། །ཞེས་བྱ་བ་ལ
་ཁང་ན་སྤྱི་བག་གི་འཇམ་རྩི་རབ་ཏུ་གྲང་སོ་འཁྲུ་བ་གསོ་བའི་སྐབས་སུ་བཤད་པ་བཏང་བར་བྱ་འམ། དེ་བཞིན་དུ་མར་གྱི་ཉིང་ཁུའི་འཇམ་རྩི་བཏང་བར་བྱའོ། །གཞང་ཕྱིར་བྱུང་ལ་སྨན་ཁུ་ཡིས། །འཁྲུ་བ་བཅད་ལ་གཞུག་པར་བྱ། །ཞེས་བྱ་བ་ལ། གཞང་ཕྱིར་བྱུང་བ་ལ
་ནི་སྦྱོར་བ་དང་འཕྲོད་པའི་སྨན་གྱི་ཁུ་བས་འཁྲུ་བ་བཅད་ལ། ནང་དུ་ལེགས་པར་གཞུག་པར་བྱའོ། །དྲན་པ་སྟོང་ལ་རིག་བྱེད་ཚིག། གླིང་བུ་གླུ་དབྱངས་སྙན་དུ་གཞུག། ཅེས་བྱ་བ་ལ། སྨན་གྱི་སྦྱོར་བ་དྲགས་བས་དྲན་པ་སྟོང་བར་གྱུར་པ་ལ་ནི་སྙན་བྱེད་ཀྱི་ཚིག་གི་རིག
་བྱེད་དང། གླིང་བུ་དང། གླུ་དབྱངས་སྙན་པ་ཉན་དུ་གཞུག་ཅིང་ཡིད་གསོ་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འབྲེལ་བའི་ཚིག་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན
་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོག་གྲུབ་པའི་གནས་ཀྱི་ལེའུ་གསུམ་པའི་འགྲེལ་པའོ།། །།དེ་ནས་སྨན་མས་བཏང་བའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར
་བྱས་ཟིན་པའི་འོག་ཏུ་འཇམ་རྩི་མས་བཏང་བར་བྱ་བ་ཡང་རིགས་པ་ཡིན་པས་སྐྱུགས་སྨན་དང། བཀྲུ་སྨན་བཏང་བའི་ཆོ་གའི་འོག་ཏུ་ལེའུ་འདི་བརྩམས་པ་ཡིན་ནོ། །བ་ལ་སླེ་ཏྲེས་རསྣ་འབྲས་བུ་གསུམ། །རྩ་བ་ལྔ་རྣམ་གཉིས་སྲང་དེའི་ཚད། །པོ་སོན་ཆ?་དཔར?
་ཤ་སྲང་ལྔ་བཅུ། །ཆུ་ནང་བསྐོལ་ཏེ་བཞི་ཆ་ལུས་གྱུར་པ། །བཙགས་པར་ལ་ལ་ཕུད་དང་པོ་སོན་ཆ། བིལ་བ་རུ་རྟ་ཤ་རྟ་པུསྦ་དང། །ཤུ་དག་གླ་སྒང་པི་པི་ལིང་རྣམས་ཀྱང། །ལྡེ་གུར་བུ་རམ་སྦྲང་རྩི་མར་དང་ནི། །ཏིལ་མར་རྒྱམ་ཚ་ངག་དང་ལྡན?་གྱུར་པ། ཕྲོ་འཇམ
་ཆོ་ག་བཞིན་དུ་བཏང་བར་གྱུར་པ། །མས་བཏང་མཆོག་དེ་ནད་ཀུན་འཇོམས་བྱེད་ཡིན། །ནང་མེད་ལ་བཏང་ཚེ་འདི་ཉམས་རྟས་བྱེད། །འཇམ་རྩི་གང་དུ་ལྡེ་གུ་མ་སྨོས་པ། །དེར་ནི་ཀུན་ལ་དེ་ཉིད་ཞུགས་པར་བྱ། །ཞེས་བྱ་བ་ལ། བ་ལ་ནས་རྩ་བ་བཅུ་པའི་བར
་སྨན་སྣ་རེ་ཞིང་སྲང་རེའི་ཚད་དུ་བྱས་པ་དང། པོ་སོན་ཆ་རྡོག་མ་བརྒྱད་སྲང་གཅིག་རྩ་མ་ཡོད་པ་དང། ར་ཤ་སྲང་ལྔ་བཅུ་ཆུ་ཚད་བཞིན་དུ་བྱས་པའི་ནང་དུ་བསྐོལ་ལ། དེའི་ཁུ་བ་བཞི་ཆ་ལུས་པ་བྱས་ཏེ། དེ་ཡང་འདིར་བ་ལ་ལ་སོག་པ་སྨན་སྣ་བཅུ་དྲུག་པོ་དེ་དག?
་གིས་ཆུ་བཅུ་དྲུག་འགྱུར་ཏེ། ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ཡོད་དོ། །དེ་ཙམ་དང་དེ་དག་བསྐོལ་ལ། དེའི་བཞི་ཆ་སྟེ་ཆུ་སྲང་དྲུག་ཅུ་རྩ་བཞི་ལུས་པ་དང་དབས?་པར་བྱ་སྟེ། འདིར་སྨན་ལ་བལྟོས་ནས་ཆུ་སྲང་བཅུ་དྲུག་འགྱུར་གཞུག་པར་བྱའོ། ཤལ་བལྟོས་ན
་ནི་ཆུ་ཤིན་ཏུ་མང་དུ་བསྐོལ་བ་མངས་པས། །བསྐོལ་བ་ཐལ་ཆེས་པར་འགྱུར་པའི་ཕྱིར་དང། དགོས་པ་མེད་པའི་ཕྱིར་སྨོན་པ་རྒན་པོ་དག་དེ་ལྟར་ཉེ་བར་སྤྱོད་པར་བྱེད་དོ། །འདིར་དཔེར་བརྗོད་པ་ནི་ར་སྣ་ལ་སོགས་པའི་སྨན་མར་ལུད་པ་གསོ་བའི་སྐབས་སུ
་བཤད་པ་ལྟ་བུ་ཡིན་ནོ། །དེ་ལྟར་བཞི་ཆ་ལུས་པའི་སྨན་གྱིས་ཁུ་བ་དེ་བཙགས་ལ། དེའི་ནང་དུ་ལ་ལ་ཕུང་ལ་སོགས་པ་བཏགས་པའི་ལྡེ་གུ་དང་བུ་རམ་དང་སྦྲང་རྩི་ལ་སོགས་པ་དང་ལྟན་པར་བྱས་པ་དྲོ་འཛམ་ཙམ་སྔར་བཤད་ལ་བཞིན་དུ་མས་བཏང
་བར་གྱུར་བར་ནི་འཇམ་རྩའི་མཆོག་ཡིན་ཏེ། ནད་ཐམས་ཅད་འཇོམས་པར་བྱེད་ཅིང་ནད་མེད་པ་ལ་ཡང་ཕན་ཞིང་ཚེ་རིང་པར་བྱེད་པ་ཡིན་ནོ། །འདིར་ལྡེ་གུ་ལ་སོགས་པའི་ཚད་མས་བཏང་བའི་ཆོ་ག་ལས་བཤད་པ་ལྟར་འབྲས་པར་བྱ་སྟེ། དབང?
་བླག་ཏུ་དྲན་པར་བྱ་བའི་ཕྱིར་ཡང་དེ་ཉིད་བསྟན་པར་བྱ་སྟེ། ལྡེ་གུ་བསྐོལ་བའི་སྨན་གྱིས་བརྒྱད་ཆ་གཞུག་པར་བྱ་བ་འམ། ཤིན་ཏུ་སླ་བའམ་ཤིན་ཏུ་དཀའ་བར་མ་གྱུར་བ་དེ་ཙམ་དུ་གཞུག་ལ། བུ་རམ་ནི་སྐད་གཅིག་གཞུག་པར་བྱ་ཞིང། སྦྲང་རྩི་དང་རྒྱ་མཚོ་ནི་རྩི
་རིགས་པར་གཞུག་པར་བྱའོ། །འདིར་སྣུམ་ནི་བསྐོལ་བའི་སྨན་ཁུའི་བཞི་ཆ་དང་ཆ་མཉམ་པར་གཞུག་པར་བའོ། །དེ་ཡང་གང་གི་ཕྱིར་སྦྲང་རྩི་རྒྱམ་ཚྭ་ལ་སོགས་པ་ཅི་རིགས་པ་ཞེས་བཤད་བ་ཡིན་ལ། རིགས་པ་དེ་ཡང་བཀྲུ་སྨན་དྲག་པོ་མས་བཏང་བ་བཤད
་པའི་ཚིགས་གཞན་དག་ལས་བཤད་པར་བྱ་སྟེ། དེ་ཡང་སྦྲང་རྩི་དང་ཏིལ་མར་ནི་ཁྱོད་བཞི་གཞུག་པར་བྱ་ལ། རྒྱམ་ཚྭ་ནི་ཞོ་གཉིས་གཞུག་པར་བྱའོ། །ཞེས་ཇི་སྐད་བཤད་པ་དང། དེ་བཞིན་དུ་སྙིང་པོ་ལས་སྣུམ་དང་སྦྲང་རྩི་རེ་རེ་ཞིང་སྲང་ནི་གསུམ་གསུམ་ཚད་དུ
་བྱ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །མས་བཏང་པའི་འཇམ་རྩིའི་སྐབས་གང་དུ་ལྡེ་གུའི་སྨན་མ་སྨོས་པ་དེ་འཇམ་རྩི་ཀུན་ལ་ཡང་ལ་ལ་ཕུང་ལ་སོགས་པའི་ལྡེ་གུ་འདི་ཉིད་གཞུག་པར་བྱའོ། །རྩ་བ་བཅུ་པའི་ཁུ་བསྐྱུར་དང་ནི། །ར་ཤ་བཅས་པ་སྔ་མ་བཏགS
་པ་དང། །སྣུམ་ཆེན་གསུམ་ལྡན་མས་བཏང་མཆོག་ཡིན་ཏེ། རླུང་གི་ནང་ཀུན་རབ་ཏུ་འཇོམས་པར་བཤད། །ཅེས་བྱ་བ་ལ། སྨན་རྩ་བ་ལྔ་པ་ཆེ་ཆུང་གཉིས་དང་ཤ?་དང་བཅས་པའི་ཁུ་བ་བསྐོལ་བའི་ཆོ་ག་བཞིན་དུ་བསྐོལ་བའི་སྨན་གྱི་ཁུ་བ་སྦྱོར་བ་དང་འཚམ་པའི་སྐྱུར
་དང་ལྡན་པ་དང་སྔར་བཤད་པའི་ལ་ལ་ཕུང་ལ་སོགས་པའི་སྨན་བཏགས་པ་གཞུག་པ་དང། སྣུམ་ཆེན་པོ་གསུམ་པོ་ཏིལ་མར་དང་ཞུན་མར་ཞག་དང་ལྡན་པ་འམ། ནད་གཞིའི་ཚུལ་ལ་དཔགས་ཏེ། སྣུམ་གསུམ་པོ་དེ་དག་ལས་གང
་ཡང་རུང་བ་དང་སྦྱར་ཏེ། མས་བཏང་བར་ནི་མས་བཏང་ངའི་ངམ་པ་ཡིན་ཏེ། རླུང་གིས་ནད་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བ་ལ་པ་ཏོ་ལ་སྩ?་བ་ཆུང་དུ་ལྔ་ཁྱི་ལྕེ་བ་དང་ཨེ་རཎྜ་དང་ནས། །བསྐོལ་བའི་།བུ
་བ་བྲེ་གང་ར་ཤའི་ཁུ། །དེ་ཡི་ཕྱེད་བཅུག་ལ་བསྐོལ་བྲེ་གང་ལུས། །བྲི་ཡངཀུ་དང་གླ་སྒང་པི་པི་ལིང། །ལྡེ་གུར་བཅས་ཤིང་ཏིལ་མར་ཞུན་མར་དང། །སྦྲང་རྩི་རྒྱམ་ཚྭ་དང་ནི་ལྡན་གྱུར་པ། །འཇམ་རྩི་བཏང་ན་མེ་དྲོད་འཕེལ་བ་དང། །ཉམས་སྟོབས
་བསྐྱེད་ཅིང་ཤ་ནི་རྒྱས་པ་དང་།མིག་གི་གསལ་སྟོབས་འཕྲལ་དུ་བསྐྱེད་པར་བྱེད་།ཅེས་བྱ་བ་ལ་སོགས་པའི་སྨན་གྱི་ཚོགས་བསྐོལ་བའི་ཆོ་ག་བཞིན་དུ་ལེགས་པར་བསྐོལ་བ་བྲེ་གང་དང་ཤའི་ཁུ་བ་བྲེ་ཕྱེད་བཅུག་ལ་ཡང་དེ་བྲེ་གང་ལུས་ཀྱི
་པར་དུ་བསྐོལ་ལ། པྲི་ཡངཀུ་དང་གླ་སྒང་དང་པི་པི་ལིང་གི་ལྡེ་གུ་བརྒྱད་ཆ། ཆ་བསྙམས་པ་དང་ལྡན་པ་ཏིལ་མར་དང་སྦྲང་རྩི་དང་རྒྱམ་ཚྭ་དང་ལྡན་པར་བྱས་པའི་འཇམ་རྩི་དེས་ནི་འཕོ་བའི་མེ་དྲོད་འཕེལ་བར་བྱེད་པ་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནོ། །ེ
་རཎྜ་རྩ་སྲང་གསུམ་པ་ལ་ཤ། སྲང་གསུམ་རྩ་བ་ལྔ་པ་ཆུང་ངུ་དང། ར་སྣ་པ་ལ་སླེ་ཏྲེས་བ་སྤྲུ་བ། ཨ་ཤྭ་གནད་དོང་ག་ཐང་ཤིང་རྣམས་།པོ་སོན་ཆ་བརྒྱད་ཆུ་བྲེ་བརྒྱད་དུ་བསྐོལ། །བརྒྱད་ཆ་ལས་པར་གྱུར་པ་དེ་ཡི་ནང། །ཤུ་དག་ཤུ་ཏིལ་མ་ཡི་འབྲས་བུ་དང།།
་པྲི་ཡང་ཀུ་དང་ཤིང་མངར་པི་བི་ལིང། །དུགས་མོ་ཉུང་གི་ས་བོན་གླ་སྒང་དང། །སྐྱེར་པའི་ཁཎྜར་བཅས་པ་ཞིབ་ཏུ་བཏགས། །ཞོ་གཉིས་ཚང་ཀྱིས་རྒྱས་ཚར་བཅས་པ་དང། །སྦྲང་རྩི་ཏིལ་མང་བ་གཅིན་དང་སྦྱར་བའི། །མས་བཏང་སྐྱུགས་བྱེད་མེ་དྲོད་བསྐྱེད་པ་དང། །རྐང
་བའི་བྱིན་པ་བརླ?་དང་འཇུག་དོ་དང། །ལྟོ་བ་སྙིང་དང་ཕོ་མཚན་ནས་དང། །ལུས་ལྕི་རླུང་དང་བཤད་གཅི་འགགས་དང་སྐན། །རྡེའུ་ཆགས་རྒྱུ་དྲུགས?་གཞང་འབྲུམ་ཕོ་བའི་ནང། །བད་ཀན་རླུང་ནད་དེ་དང་དེ་དཀ?་འཇོམས་ཞེས་བྱ་བ་ལ། ཨེ་རཎྜའི་རྩ་བ་དང། བ་ལ་ཤ་སྲད་གསུམ་གསུམ། །
་རྩ་བ་ཆུང་ངུ་ལྔ་ལ་སོགས་པའི་སྨན་སྣ་རེ་ཞིང་སྲ་དེར་པོ་སོན་ཆ་རྫོགས་བརྒྱད་ཆུ་བྲེ་བརྒྱད་དེ། སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གེ་ནང་དུ་དེ་ཐམས་ཅད་བསྐོལ་ཏེ། །བསྐོལ་བདེ་ལས་བརྒྱད་ཆ་སྟེ། །བྲེ་གང་ལུས་པར་གྱུར་པ་དང། སྨན་གྱི་ཁུ་བ་དེའི་ནང་དུ་ཤུ་དག་ལ་སོགས་པ་ནང་སྐྱེད
་པའི་ཁཎྜ་དང་བཅས་པས་ནི་བ་ཏུ་གཏགས་པའི་ལྡེ་གུ་དང། རྒྱམ་ཚོ་ཞོ་གཉིས་སམ། ནང་གཞིའ?་ཚུལ་ལས་དབགས་པའི་ཚད་དང་ལྡན་པའི་སྦྲང་རྩི་ལ་སོགས་པའི་སྦྱར་བས་མS་བརྟག?་གཞི་བད་ཀན་དང་ཚིགས་ལ་སོགས་པའི་ནང་ལ་སོགས་པ་སྐྱུག་པར་བྱེད་པ་དང་རྐང་པའོ་ནད
་ལ་སོགས་པ་བད་ཀན་དང་རླུང་ལས་གྱུར་བའི་ནད་གང་དག་ཡིན་པ་དེ་དང་དེ་དག་ཐམས་ཅད་འཇོམས་ཤིང་སེལ་པར་བྱེད་དོ། །ཤིང་མངར་སང་ཕྲོམ་ཨ་ཀ་རུ། །ཙན་དན་ཨུཏི?་པལ་བ་ཡི་འོ་མ་བསྐོལ། །འཚོ་བྱེད་ཁར་མར་དང་བཅས་པ་ཡི། །འཇམ་རྩི་མཁྲིས
་པའི་ནད་རྣམས་སེལ་བར་བྱེད། ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་པའི་འོ་མར་བསྐོལ་བའི་ནད་འཚོ་བྱེད་ཀྱི་སྡེ་ཚན་གྱི་ལྡེ་གུ་དང་ཁར་དང་མར་དང་བཅས་པར་སྦྱར་བའི་འཇམ་རྩི་མས་བཏང་བས་ནི་མཁྲིས་པ་ལ་སོགས་པའི་ནད་འཇོམས་ཤིང
་སེལ་བར་བྱེད་དོ། །ར?་སྣ་པ་ཤ་ཀ་བཙོང་བྱ་ཚོར་མ། །བ་ལ་རྩ་བ་ཆུང་ལྔའི་རྩའི་ལྔ། །ཐལ་ཏེས་ཅེ་ན་དར་ཤུག་པ་རྣམ་གཉིས་དང། །ཤིང་མངར་སེང་ཕྲོམ་སྲང་ནི་ཕྱེད་ཕྱེད་དང། །ཆུ་དང་བསྐོལ་བའི་ཁུ་བ་དེ་དང་ནི། །འོ་མ་བྲེ་བཞི་བསྲོལ་ཏེ་ཆུང་ངུ་བར།།
་ཇི་བནྟི?་དང་མེ་དང་རྣམ་གཉིས་དང། །ཉེའུ་ཤིང་ར་མཉེ་བ་གཉིས་བདེ་རི། །ཀ་ཤེ་རུ་དང་ཁ་ར་དཀར་པོ་དང། །ཇི་པ་ཀ་དད་པདྨ་གེ་སར་དང། །སྟག་ཚིར་ཨུཏཔ་ལ་དང་པདྨ་དཀར། །སེང་ཕྲོམ་ཁ་སྲལ་ཕྲེའུ་ཤིང་མངར་དང། །ནག་གེ་སར་མུཉྫ་ཏ་ཀ་དང། །?
་ཙན་དན་རྣམ་གཉིས་བཏགས་པ་མར་དང་ནི། །སྤང་རྩི་རྒྱམ་ཚ་དང་ནི་ལྡན་བྱས་པ། །བསྒྲངས་པ་ནི་རུ་ཧ་བཏང་བར་བྱ། །སླར་ཕྱུང་སྐམ་སའི་ཤ་ཁུ་འམ་འོ་མ་དང། །འབྲས་ཆན་བྱིན་ལ་ལུས་ལ
་ཆུ་བླུགས་བྱ། །ལུས་ཚ་ཚད་འཁྲུ་མངལ་ནད་ཁྲག་མཁྲིས་དང། །སྙིང་ནང་སྐྱ་རྦབ་མི་བཟང་རིམས་དང་ནི། །སྐྲན་བཅས་གཅིན་འགགས་མིག་སེར་ལ་སོགས་བ། །མཁྲིས་པ་ལས་གྱུར་ནད་ནི་ཐམས་ཅད་འཇོམས། ཞེས་བྱ་བ
་ལ། བ་ཤ་ཀ་ནི་བི་ཤའོ། །རྩ་བ་ཆུང་དུ་ལྔ་ནི་བྲེ་ཧ་ཏི་ལ་སོགས་པའོ། །རྩའི་རྩ་བ་ལྔ་ནི་ཏུ་རྦ་དང། འཇག་མ་དང། བུ་རམ་ཤིང་དང། འདམ་བུ་དང་འབྲས་ཀྱི་རྩ་བའོ། །ཐལ་ཏྲེས་ནི་ཤ་རི་བ་སྟེ། གོ་སྦང་གནད་ཞེས་བྱ་བའོ། །ར་སྣ་ལ
་སོགས་པ་འདི་དག་གི་སྨན་རེ་རེ་ཞིང་སྲང་ཕྱེད་ཕྱེད་སྨན་གྱི་ཁུ་བ་བསྐོལ་བའི་ཆགས་ཆུའི་ནང་དུ་བསྐོལ་ལ། དེ་དང་འོ་མ་བྲེ་བཞི་བསྐོལ་ལ་ཆུ་གདུ་བར་གྱུར་ཅིང་འོ་མ་ལུས་ཀྱི་བར་དུ་བསྐོལ་ནས་དེའི་ནང་དུ་ཛི་བནྟི་ལ་སོགས་པ་ལྡེ་གུའི་ཆོ་ག
་བཞིན་དུ་བཏགས་ཏེ་སྦྱར་པའི་ལྡེ་གུ་དང། མར་ལ་སོགས་པ་དང་ལྡན་པའི་ནི་རུ་ཧ་བཏང་བར་བྱའོ། །མས་བཏང་བ་དེ་སླར་བྱུང་བར་གྱུར་ན་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་འམ་འོ་མ་དང་སྤགས་ཏེ། འབྲས་ཆན་སྦྱིན་པར་བྱའོ།།
་དེ་བཞིན་དུ་ལུས་ལ་ཆུ་བླུགས་ཤིང་ཁྲུས་བྱས་ཏེ་དེ་ལྟར་བཏང་བའི་འཇམ་རྩི་དེ་ལ་ནི་ལུས་ཀྱི་ཁོང་ཚ་བ་ལ་སོགས་པའི་ནད་དང། མཁྲིས་པ་ལས་གྱུར་པའི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །ཀོ་ཤ་ཏ་ཀི་དོང་ག་ཐང་ཤིང་དང།
་མུར་པ་གཟིམ་ཨརྒ་དུག་མོ་ཉུང། པ་ཐ་རྒྱ་སྲན་བྲི་ཧ་ཏི་ཆུར་བསྐོལ། །ཁུ་བ་སྲང་ནི་ཉི་ཤུ་ལུས་པ་དང། །ངེས་ནི་ཡུངས་ཀར་སུག་སྨེལ་པོ་སོན་ཆ། །རུ་རྟ་ཞོ་ནི་གཉིས་གཉིས་ཆད་དང་ནི། །སྦྲང་རྩི་པོ་སོན་ཆའི་མར་དང་ནི། །ཕལ
་སྨན་ཡུངས་མར་སྲད་ནི་གཉིས་གཉིས་བཅས་པ། །མས་བཏང་དྲོད་ཆུད་པ་དང་ཡིག་འཆུས། །བད་ཀན་ལས་གྱུར་ནང་ནི་ཀུན་ལ་ཕན། །ཞེས་བྱ་བ་ལ། ཀོ་ཤ་ཏ་ཀི་ལ་སོགས་པའི་སྨན་གྱི་ཁུ་བ་བསྐོལ་བའི་ཆོ་གས་བསྐོལ་ལ་དེའི་ཁུ་བ་སྲང་ཉི་ཤུ་སྟེ།
་ཁྱོར་བཅུ་ལུས་པར་གྱུར་ཏེ། །དེ་ནས་ཀོ་ཤ་ཏ་ཀི་ནས་བྲི་ཧ་ཏཱིའི་བར་གྱི་སྨན་སྲང་ལྔ་བཅུ་ཆུ་དྲུག་འགྱུར་གྱི་ནང་དུ་བསྐོལ་ལ། །ཁུ་བ་སྲང་ནི་ཉི་ཤུ་ལུས་པར་བྱས་ལ་ཁུ་བ་སྲང་ཉི་ཤུ་པོ་དེར་ཡུངས་ཀར་ལ་སོགས་པའི་སྨན་བཞི་བོ་ཞོ་གཉིས་དང་བཅས་ཤིང
་སྦྲང་རྩི་དང། །བོ་སོན་ཆའི་མར་དང་ཐལ་སྨན་དང། ཡུངས་མར་སྣ་རེ་རེ་ཞིང་སྲང་གཉིས་དང་ལྡན་པར་བྱས་ལ། མས་བཏང་བ་དྲག་པོ་ནི་རུ་ཧེ་ཞེས་བྱ་བ་བཏང་ན་མེ་དྲོད་ཆུང་བ་ལ་སོགས་པའི་ནད་ཐམས་ཅད་ལ་ཕན་ནོ། །དེ་ནས་ནི་དུ་རྟ་དེ་ནི། སྣུམ་འཇམ
་སྦྱིན་དེ་བ་དང་ནི། །ལས་ཀྱི་ལུས་སྙོམས་གྱུར་པའི་སྨན། །སྲང་ནི་གཉིས་གཉིས་སོ་སོར་བཤད། །ཅེས་བྱ་བ་ལ། །དེ་ནས་དེའི་འོག་ཏུ་མས་བཏང་བ་ནི་རུ་ཧ་སྣུམ་ཞིང་སྣུམ་པར་བྱེད་ནུས་པ་འཇམ་ཞིང་རྩུབ་པ་མ་ཡིན་པ་སྐྱིད་དེ་བའི་མི་རྣམས།།
་དང། སྐྱུགས་སྨན་ལ་སོགས་པའི་ལས་ཀྱི་ལུས་སྙོམས་ཤིང་རབ་ཏུ་ཞིག་པར་གྱུར་པའི་སྨན་སྲང་གཉིས་གཉིས་མཚོན་པ་སོ་སོར་བཤད་པར་བྱའོ། །འོ་མ་ལས་ནི་སྲང་བཞི་བྱ། །སྦྲང་རྩི་ཏིལ་མར་མར་ཁྱོར་ར། །ག་?་དཀྲུགས
་པའི་མས་བཏང་བས། །རླུང་འཇོམས་སྟོབས་དང་ཁ་དོག་བསྐྱེད། །ཅེས་བྱ་བ་ལ། འོ་མ་ལས་སྲང་བཞི་སྟེ། ཁྱོད་དོ། །སྦྲང་རྩི་དང། ཏིལ་མར་དང། མར་ལས་སྲང་གཉིས་གཉིས་ཏེ་ཁྱོར་ར་བསྡུས་ལ་གཟར་པུས་དཀྲུགས་པའི་མས
་བཏང་བས་ནི་རླུང་གི་ནང་ནམས་འཇོམས་པར་བྱེད་ཅིང། སྟོབས་དང་ཁ་དོག་རྣམས་བསྐྱེད་ཅིང་འཕེལ་པར་བྱེད་དོ། །ཏིལ་མར་ཆང་དང་སྦྲང་རྩི་མར། །ཁྱོར་ནི་རེ་རེའི་ཚེད་དུ་བྱས། །བིལ་པ་ལ་སོགས་རྩ་བ་ནི། །ཁྱོར་གཉིས་རྒྱ་སྲན་?
་ནི། །ཁྱོར་དོ་བཅས་པས་རླུང་ནང་སེལ། །ཞེས་བྱ་བ་ལ། ཏིལ་མར་ལ་སོགས་པ་སྣ་རེ་བྱོར་རེ་ཏེ་སྲང་གཉིས་གཉིས། །བིལ་བ་ལ་སོགས་པོའི་རྩ་བ་ལྔའི་སྨན་ཁྱོར་གཉིས་གཉིས། རྒྱ་སྲན་གྱི་ཁུ་བ་ཁྱོར་དོ་སྟེ་སྲང་བཞི་དང
་བཅས་པའི་འཇམ་རྩི་མས་བཏང་བམ་ནི་རླུང་གི་ནད་རྣམས་སེལ་བར་བྱེད་དོ། །པ་ཏོ་ལ་དང་ནིམ་པ་དང། །ལོ་མ་བདུན་པ་པུ་ཏི་ཀ་།ར་སྣའི་ཁུ་བ་སྲང་གཉིས་གཉིས། །མར་སྲང་གཉིས་དང་ཡུངས་ཀར་གྱི། །ལྡེ་གུར་བྱས་པ་ཁ་བ་ལྔ། བད་ཀན་མང་དང་སྲིན་ནང
་དང། །མཛེ་དང་ཟ་ཁུའི་ནང་རྣམས་འཇོམས། ཞེས་བྱ་བ་ལ། །པ་ཏོ་ལ་སོགས་པའི་སྨན་སྣ་ལྔ་པོ་སྲང་གཉིས་གཉིས་ཏེ། ཁྱོད་དོ་དང་མར་སྲང་གཉིས་ཏེ་དེ་ཁྱོར་དྲུག་དང། ཡུངས་ཀར་གྱི་ལྡེ་གུ་དང་བཅས་པའི་ཁ་བ་ལྔ་པ་ཞེས་བྱ་བའི་འཇམ་རྩི་ཡིན
་ཏེ། །དེས་ནི་བད་ཀན་མང་པ་ལ་སོགས་པའི་ནད་རྣམས་འཇོམས་པར་བྱེད་དོ། །ཏིལ་མར་བ་གཅིན་ཞོ་ཁ་ཆུ། །སྐྱུར་རྩབས་ཁྱོད་ནི་རེ་རེ་དག་།ཡུངས་ཀར་བཏགས་པའི་ལྡེ་གུར་སྦྱར། །རྟུག་འགགས་ལྟོ་སྤོས་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཏིལ
་མར་ལ་སོགས་པ་ཁྱོར་རེ་རེ་སྟེ་ཁྱོར་བཞི་སྟེ། ཡུངས་ཀར་བཏགས་པའི་ལྡེ་གུས་ནི་རྟུག་པ་འགགས་པ་ལ་སོགས་པ་སེལ་ཅིང་འཇོམས་པར་བྱེད་དོ། །པ་ཡ་སྱ་དང་བུ་རམ་དང། །ས་ལ་པརྞི་བི་ད་རི། །ར་སྣ་ཁྱོར་རེ་པི་པི་ལིང། །ལྡེ་གུ་སྦྲང
་རྩི་མར་སྦྱར་བའི། །མས་བཏང་ཁུ་བ་འཕེལ་བར་བྱེད། །ཅེས་བྱ་བ་ལ། པ་ཡ་སྱ་ལ་སོགས་པ་ལྔ་པོ་ཁྱོར་རེ་རེ་བསྐོལ་བའི་ནང་དུ་པི་པི་ལིང་གི་ལྡེ་གུ་དང། སྦྲང་རྩི་དང་མར་སྦྱར་བའི་མས་བཏང་བས་ནི་ཁུ་བ་འབེལ་ཞིང་རོ་ཙེ་བར་བྱེད་དོ། །དེ
་ནས་གྲུབ་པའི་འཇམ་རྩི་ནི། །ཉེས་པ་མེད་ཅིང་འབྲས་བུ་ཆེ། །སྟོབས་བསྐྱེད་ལུས་འཕེལ་བདེ་བར་བྱེད། །ཀུན་ཏུ་སྦྱོར་བ་བཤད་པར་བྱ། །ཞེས་བྱ་བ་ལ། །དེ་ནས་དེའི་འོག་ཏུ་གྲུབ་པའི་འཇམ་རྩི་སྟེ་འབྲས་བུ་དག་གིས་མངོན་སུམ་རྒྱུ
་མཐོང་བ་ཉེས་པ་མེད་ཅིང་གནོད་པར་འགྱུར་པའི་སྐྱོན་དང་བྲལ་བ་འབྲལ་བུ་ཆེ་ཞིང་ཡོན་ཏན་མང་བ་ཉམས་སྟོབས་བསྐྱེད་ཅིང་ལུས་འཕེལ་ཞིང་རྒྱས་པར་བྱེད་པ་དང། དུས་ཀུན་ཏུ་སྦྱར་ཅིང་བཏང་བར་བྱ་བ་གང་ཡིན་པ་དེ་བཤད་པར་བྱའོ། །སྦྲང་རྩི་ཉིལ
་མར་ཆ་མཉམ་ལ། །རྒྱ་མཚྭ་ཞོ་གཉིས་ཤུ་ཏི་གཞི། །ེ་རཎྜ་ཡི་རྩ་བ་བསྐོལ། །མས་བཏང་སྦྲང་རྩི་ཏིལ་མར་ཅན། །བཅུད་ཀྱི་ལེན་ཏེ་གཅིན་སྙི་དང། །གཞད་འབྲུམ་སྲིན་བུ་སྐྲན་ནད་དང། །རྒྱུ་མ་རླུགས་པའི་ནད་རྣམས་སེལ། །ཞེས་བྱ་བ་ལ། སྦྲང་རྩི་དང་ཏིལ
་མར་གཉིས་ཆ་མཉམ་པོར་བྱས་པ་དང། རྒྱམ་ཚྭའམ་ལྕེ་མྱང་ཚ་ཞོ་གཉིས། །ཤུ་ཏི་ཞོ་བཞི་བཞི། །ེ་རཎྜའི་རྩ་བ་བསྐོལ་བ་དང་སྦྲང་རྩི་དང་ཏིལ་མར་བསྐྲོལ་བ་གཙོ་བོར་གྱུར་པའི་མས་བཏང་བའི་འཇམ་རྩི་ནི་བཅུད་ཀྱིས་ལེན་དུ་འགྱུར་ཞིང་གཅིན་སྙི་བ
་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །འདི་ནི་ཤིང་མངར་ཕྱེ་མར་བཅས། །མིག་ལ་ཕན་ཞིང་ཁྲག་མཁྲིས་སེལ། ཞེས་བྱ་བ་ལ། །བཤད་མ་ཐག་པའི་སྨན་འདི་ཉིད་ཤིང་མངར་གྱི་ཕྱེ་མ་དང་བཅས་པའི་འཇམ་རྩི་ནི་མིག་ལ་ཕན་པར་བྱེད་པ་དང།
་ཁྲག་དང་མཁྲིས་པའི་ནད་སེལ་བར་བྱེད་དོ། །གླ་སྒང་ལྡེ་གུ་སྦྲང་རྩི་དང། ཏིལ་མར་ཤ་ཁུ་མར་བཅས་པ། །འཚོ་བའི་བྱེད་བ་ཞེས་བྱ་སྟེ། །གཞད་གི་ནང་དང་བརླ་ནད་?། །ཆུ་སོ་དང་ནི་རླིག་པ་དང། །ཕོ་མཚན་ཟུག་པའི་ནང་རྣམས་སེལ། །ཞེས་བྱ་བ
་ལ། གླ་སྒང་གི་ལྡེ་གུ་དང་གོང་དུ་སྨོས་པའི་འཇམ་རྩི་འདི་ཉིད་སྦྲང་རྩི་དང་ཏིལ་མར་དང་ཤ་ཁུ་དང་ལྡན་པ་ནི་མིང་འཚོ་བར་བྱེད་པ་ཞེས་བྱ་སྟེ། །གཞང་གི་ནད་ལ་སོགས་པ་སེལ་བར་བྱེད་དོ། །སྦྲང་རྩི་མར་དང་ཞག་དང་ནི། །ཏིལ་མར་ཁྱོར་ནི་རེ་རེའི
་ཚང། །རྒྱམ་ཚ་ཞོ་གཅིག་སྤ་མ་ཡི། །འབྲས་བུ་སྲང་ཕྱེད་བཅས་པ་དག་།དེ་ཡང་འཚོ་བ་ཡིནྣ་པར་བཤད། །ཅེས་བྱ་བ་ལ། །སྦྲང་རྩི་ལ་སོགས་པ་སྣ་རེ་ཞིནྔ་ཁྱོར་རེའི་ཚད་དང། རྒྱལ་ཚ་ཞོ་གཅིག་སྤ་མའི་འབྲས་བུ་སྲང་ཕྱེད་དང་སྦྱར་བ་དེ
་ཡང་འཚོ་བར་བྱེད་པ་ཞེས་བྱ་བའི་འཇམ་རྩི་ཡིན་ཏེ། །དེས་ཀྱང་གཞད་གི་ནད་ལ་སོགས་པ་སེལ་བར་བྱེད་དོ། །ེ་རཎྜ་ཡི་རྩ་བསྐོལ་བའོ། །ཁུ་བ་ཤུ་དག་པི་པི་ལིང། །པོ་སོན་ཆ་ཡི་ཕྱེ་མར་བཅས།།
་སྦྲང་རྩི་ཏིལ་མར་རྒྱམ་ཚ་ཅན། །འདི་ནི་ཤིང་རྟ་ཅན་ཞེས་བྱ་བ་ལ། །ེ་རཎྜའི་རྩལ་བསྐོལ་བའི་ཁུ་བ་ལ་སོགས་པ་དང། ཚུལ་བཞིན་དུ་སྦྱར་བའི་འཇམ་རྩི་འདི་ནི་མིང་ཤིང་རྟ་ཅན་ཞེས་བྱ་སྟེ། དེས་ཀྱང་གཞང་གི་ནད་ལ་སོགས་པ་སེལ་བར་བྱེད
་དོ?། །དེ་བསྐོལ་ཤུ་ངག་ཤུ་ཏི་དང། །ཤིང་ཀུན་རྒྱམ་ཚ་ཐང་ཤིང་དང། །ར་སྣ་སྦྲང་རྩི་སྦྱར་བ་ཡི། །འཇམ་རྩིས་ནད་སེལ་ཅེས་བྱ་དགེ་།ཞེས་བྱ་བ་ལ། །ེ་རཎྜའི་རྩ་བ་དེ་བསྐོལ་བའི་ཁུ་བ་ཤུ་དག་ལ་སོགས་པ་དང་ལྡན་པའི་འཇམ་རྩི་ནི་མིག་ནང་སེལ
་ཞེས་བྱ་སྟེ། དགེ?་ཞིང་མཆོག་ཏུ་གྱུར་པ་ཡིན་ནོ། །རྩ་བ་ལྔ་པའི་ཁུ་བ་དང། པི་པི་ལིང་དང་རྒྱམ་ཚ་དང། ཤིང་མངར་སྦྲང་རྩིར་བཅས་པ་ཡི། །ཏིལ་མར་གྲུབ་པའི་འཇམ་རྩིར་བཤད། །ཅེས་བྱ་བ་ལ། །རྩ་བ་ལྔ་བ་བསྐོལ་བའི་ཁུ་བ་དང་པི་པི་ལིང་ལ
་སོགས་པ་སྦྱར་བའི་འཇམ་རྩི་ནི་མིང་གྲུབ་པའི་འཇམ་རྩི་ཞེས་བྱ་བ་ཡིན་ནོ། །རྩ་བ་བཅུ་བ་འབྲས་བུ་གསུམ། །པོ་སོན་ཆ་ནི་བི་ལྦར?་བསྐོལ། །བ་གཅིན་དང་ནི་དེ་བཏགས་ཤིང། །པ་ཏ་གླ་སྒད་དུག་མོ་ཉུང། །ལན་ཚོ་བོ་སོན་ཆ་ཏིལ་མར། །ཐལ་སྨན་ལན
་ཚར་བཅས་པ་ནི། །རིགས་པའི་འཇམ་རྩི་བད་ཀན་ནད། །སྐྱ་རྦབ་གསུང་པའི་ནད་རྣམས་དང། །ཁུ་བ་རླུང་ནི་འགགས་པ་དང། །རླུང་འཁྲུགས་པ་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། །རྩ་བ་བཅུ་པ་ལ་སོགས་པའི་ལ་སྨན་ཚུལ་བཞིན་དུ་བསྐོལ་པ་ནི
་རིགས་པའི་འཇམ་རྩི་ཞེས་བྱ་སྟེ། །དེས་ནི་བད་ཀན་གྱི་ནད་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །གླ་སྒང་པ་ཏ་ཨེ་རཎྜ། །སླེ་ཏྲེས་པ་ལ་བ་སྤུ་བ། །ར་སྣ་བཙོང?་དང་དོང་གདང། །པུ་ཤེལ་ཙེ་དང་ཁྱི་ལྕེ་བ། །བ་རུ་ར་དང་པུ་ཙ་ཤེལ། །རྩ་པ་ལྔ་བ
་ཆུང་ངུ་རྣམས། །སྲང་རེ་པོ་སོན་ཆ་རྡོག་བརྒྱད། །དེ་ནི་ཆུ་བྲེ་བཞི་ནད་བསྐོལ། །བཞི་ཆ་ལུས་པ་བཙགས་ནས་ནི། །འོ་མ་བྲེ་དོ་དང་བསྲེས་ལ། །འོ་མ་ལུས་པ་སླར་ཡང་བསྐོལ། །སྐམ་སའི་ཤ་ཁུ་བཞི་ཆ་དང། །སྦྲང་རྩི་རྒྱམ་ཚ་འདི་མངར་དང། །ཤུ་ཏི་དུར་བྱེད་པི་པི
་ལིང། །དུག་མོ་ཉུང་དང་སྐྱེར་ཁཎྜ། །བཏགས་པ་དང་ནི་བསྲེས་པ་ཡི། །འཇམ་རྩི་དྲོ་འཇམ་བཏང་ན་ནི། །ཤ་དང་མེ་དྲོད་ལུས་ཀྱི་སྟོབས། །ཁུ་བ་འཕེལ་བར་བྱེད་པ་ཡིན། །དྲེག་ནད་རྨོངས་བག་གཅིན་སྙི་དང། །གཞང་འདུན་སྐྲན་དང་བཤང་ལྕི་འགགས། །མི་བཟང
་རིམས་དང་མེད་པ་ལ?་དང། །རྒྱུ་རླུག་ལྟེ་སྦོས་མཁྲེག་ཅིང་འཁྲུ། །ཆུ་སོ་རྐེད་བརླ?་དགུ་ན། །གཉེའུ་རེངས་རྣ་བ་མགོ་ཡིན་ད། །ཟླ་མཚན་ནད་དང་སྨྱོ?་བྱེད་དང། །འོར་ནད་ལུད་པ་རྡེའུ་ཆགས་དང། །གཅིན་འཁྱིལ་པ་ཡིན་པ་རྣམས་འཇོམས། །མིག་ལ་ཕྲན་ཞིང་བུ་སྐྱེད
་བྱེད། །འཚོ་བྱེད་རྒྱལ་པོ་བཅུད་ལེན་ཡིན། །ཞེས་བྱ་བ་ལ། །གླ་སྒང་ནས་རྩ་བ་ལྔ་པ་ཆུང་ངུའི་བར་སྨན་རེ་རེ་ཞིང་སྲང་རེ་རེ་དང། །པོ་སོན?་ཆ་བརྒྱད་ཆུ་བྲེ་བཞིའི་ནད་དུ་བསྐོལ་ལ། །དེ་ལས་བཞི་ཆ་སྟེ། །བྲེ་གང་ལུས་པ་བཙགས་ནས་སྨན་གྱི་ཁུ་བ་དང་འོ་མ་བྲེ་དོ་བསྲེས
་ལ། ཡང་འོ་མ་ལུས་ནས་ཆུང་ངུ་བར་གྱུར་གྱིས་བར་དུ་བསྐོལ་ལ། །དེའི་ནད་དུ་སྐམ?་སའི་སྲོག་ཆགས་ཀྱི་ཤ་ལུ་བཞི་ཆ་དང་སྦྲང་རྩི་དང་རྒྱམ་ཚ་ལ་སོགས་པ་དང་བསྲེས་པའི་འཇམ་རྩི་དྲོ་འཇམ་ཙམ་བཏད་བས་ནི་ཤ་ལ་སོགས་པ་འཕེལ་བར་བྱེད་པ་དང། མིག
་ལ་ཕན?་ཞིང་བདེ་བར་བྱེད་པ་དང། །ཁུ་བ་སྐྱེད་ཅིང་མངལ་འཆགས་པར་བྱེད་པ་དེ་འཚོ་བྱེད་ཀྱི་འཇམ་རྩི་རྣམས་ཀྱི་རྒྱལ་པོ་ཡིན་ཞིང་ཡོན་ཏན་གྱིས་ཁྱད་པར་འཕགས་པར་བྱེད་པ་དང། །བཅུད་ཀྱི་ལེན་དུ་གྱུར་པ་ཡིན་ནོ། །རི་དགས་ཕྲ་མོ་མགོ་ཆུད་བ། །རྩ་བ
་བཅུ་པ་བསྐོལ་བའི་ཆུ། །སྦ?་མའི་འབྲས་བུ་ཤུ་ཏི་དང། །གླ་སྒང་ལྡེ་གུ་སྣུམ་ཆེན་བཅས། །མས་བཏང་རླུང་ནི་སེལ་བའི་མཆོག་།ཤིན་ཏུ་རོ་ཙར་བྱེད་པ་ཡིན། །ཞེས་བྱ་བ་ལ། རི་དགས་ཕྲ་མོ་རེ་བོང་ལ་སོགས་པ་དང། མགོ་བོ་ཆུང་བ་ཕག་རྒོང་ལ་སོགS
་པའི་ཤ་དང་རྩ་བ་བཅུ་པ་བསྐོལ་པའི་ཆུ་དང། སྤ་མའི་འབྲས་བུ་ལ་སོགས་པའི་ལྡེ་གུ་དང། སྣུམ་ཆེན་པོ་ཞུན་མར་དང། ཏིལ་མར་དང། རྐང་དང། ཚིལ་གཅིག་ཏུ་སྦྱར་བ་མས་བཏང་བ་ནི། །རླུང་གི་ནད་སེལ
་བར་བྱེད་པའི་མཆོག་ཡིན་ཞིང་དེ་བཞིན་དུ་ཤིན་ཏུ་རོ་ཙ་བར་བྱེད་པ་ཡིན་ནོ། །རྨ་བྱའི་མཁྲིས་པ་གཤོག་པ་དང། །རྒྱུ་མ་རྐང་པ་མཆུ་རྟུག་པ། །པོར་བའི་ཤ་ནི་འབའ་ཞིག་དང། །རྩ་བ་ལྔ་པ་ཆུང་ངུ་ནི། །སྲད་རེ་དང་ནི་ལྡན་གྱུར་པ། །ཆུ
་དང་འོ་མར་བསྐོལ་ནས་ནི། །འོ་མ་ལུས་པར་སྦྲང་རྩི་མར། །བཅ་དང་དེ་བཞིན་བྱིད་རི། །ཤིང་མངར་ཤུ་ཏི་པི་པི་ལིང། །པོ་སོན་ཆ་ཡི་ལྡེ་གུར་བསྲེས། །རྒྱས་ཆ་ཅུང་ཟད་བཏབ་པ་ཡི། །འཇམ་རྩི་སྟོབས་འཕེལ་རོ་རྩའི་མཆོག་།ཅེས
་བྱ་བ་ལ། རྨ་བྱའི་གཤོག་པ་ལ་སོགས་པ། བོར་བའི་ཤ་འབའ་ཞིག་དང། །རྩ་བ་ལྔ་པ་ཆུང་ངུ་སྲང་རེ་ཆུ་དང་འོ་མ་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ། ཆུང་ངུ་སྟེའོ་མ་ལུས་པ་སྦྲང་རྩི་དང་མར་དང་བཅས་པར་བྱས་པ་དང། བིད་རི་ལ་སོགས
་པའི་ལྡེ་གུ་བཅུག་ལ། རྒྱམ་ཚ་ཆུང་ཟད་བཏབ་པའི་འཇམ་རྩིས་ནི་ཤིན་ཏུ་སྟོབས་སྐྱེད་པར་བྱེད་པ་དང། རོ་ཙ་བར་བྱེད་པའི་མཆོ?་ག་ཡིན་ནོ། །གོང་མ་སྲེག་ལ་སོགས་པ་འང། །ཆོག་འདི་ནི་སོ་སོར་བྱ། །ཁྲོན་གྱི་གཟས་ཚོལ་ཐམས་ཅད་དང།།
་མཐུ་རྩལ་ཆུ་ཡིས་གཟས་ཚོལ་བ། །ཆུ་ལ་གནས་པའང་དེ་བཞིན་ཏེ། །ཉ་ལ་འོ་མ་སྦད་པར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་རྨ་བྱའི་ཤའི་སྐབས་ཀྱི་ཆོ་ག་འདི་ནི་གོང་མ་སེག་ལ་སོགས་པ་དང། ཁྲོན་གྱི་གཟས་ཚོལ་བ་ལ་སོགས་པའི
་ཤ་རེ་རེ་ལ་ཡང་ཆོ་ག་དེ་བཞིན་དུ་བྱ་ལ། །ཆུ་ལ་གནས་པའི་སྲོག་ཆགས་དང་པ་ལ་ཡང་དེ་བཞིན་དུ་བྱ་ཞིང། རོ་ད་ལ་སོགས་པའི་ཉ་ལ་ཡང་དེ་བཞིན་དུ་བྱས་ལ་ཉའི་སྐབས་སུ་སྔར་གྱི་འོ་མ་སྨོས་པ་དེ་སྤང་པར་བྱའོ། །སྲམ་དང་ནེའུ་ལེ་བྱི་ལ་དང།།
་དགེ་འཇམ་བྱི་བ་རྣམས་ཀྱི་ཤ་།རེ་རེ་སྲང་བཅུ་རྩ་བ་ལྔ། །འོ་མའི་ནང་དུ་བསྐོལ་བ་ལ། །འོ་མ་དེར་ནི་པོ་སོན་ཆ། །པི་པི་ལིང་དང་ལན་ཚ་གཉིས། །ཁ་ར་ཏི་ལ་མར་སྦྲང་རྩིར། འཇམ་རྩི་བཏང་བ་བཅུད་ལེན་ཡིན། །རྩོལ་བས་བཀྲུགས་ནས་གློ་འགྲམས་དང། །དབང་པོ་ཉམས
་དང་གཟི་མདངས་སྟོབས། །ཁུ་བ་བཤད་རྩི་འགགས་པ་དང། །དྲེག་ནད་ཀྱིས་འཐེད་ནད་རྣམས་དང། །རྟ་དང་གླང་པོ་ཤིང་རྟས་གཡེངས། །རྐང་ལག་ཆགས་གྲུགས་གྱུར་པ་ལ། །སླར་ནི་བདེ་བར་འཚོ་བྱེད་ཅིང། །རོ་ཙ་བྱེད་པའི་མཆོག་ཡིན་ནོ།།
་ཁ་སྲལ་བུ་རམ་ཤིང་ཕྲན་ལས། །གཡོས་སུ་བྱས་པའི་འོ་ཐུག་རླུང། ཅེས་བྱ་བ་ལ། སྲམ་ལ་སོགས་པའི་ཤྲ་སྲོག་ཆགས་རེ་རེ་ཡི་སྲང་བཅུ་བཅུ་དང། རྩ་བ་ཆེན་པོ་ལྔ་ལས་སྣ་རེ་རེ་ཞིང་སྲང་བཅུ་བཅུ་འོ་མ་བཅུ་འགྱུར་གྱི་ནང་དུ་བསྐོལ་ལའོ་མ་དེའི་ནང
་དུ་པོ་སེན་ཆ་དང་པི་པི་ལིང་གི་ལྡེ་གུ་ལན་ཚ་གཉིས་ལ་སོགས་པ་དང་ལྡན་པའི་འཇམ་རྩི་བཅུད་ཀྱི་ལེན་གྱི་དམ་པར་འགྱུར་ཞིང། རྩོལ་བས་ལུས་དཀྲུགས་ཤིང་བསྐྱད་དོ། །གློ་འགྲམས་པར་གྱུར་པའི་མི་དང་དབང་པོ་ཉམས་ཤིང་ཞུམ་པར་གྱུར་པ་ལ
་སོགས་པ་རྣམས་སླར་ཡང་བདེ་བར་འཚོ་བར་བྱེད་ཅིང། སྐྱོན་དེ་དག་སེལ་བར་བྱེད་པ་དང་རོ་ཙ་བར་བྱེད་པའི་སྦྱོར་བ་རྣམས་ཀྱི་ནང་དུ་མཆོག་དམ་པ་ཡིན་ནོ། །སྨན་གྱི་སྦྱོར་པ་འདི་ལ་ནི། །ཁ་སྲལ་པདྨ་ཀུཔཏ་དང། །བུ་རམ་ཤིང་ནི་ཕྲ་མོ་ལས། །གཡོས
་སུ་སྦྱར་བའི་འོ་ཐུག་ཏུ་སྦྱར་བ་བླུད་པར་བྱའོ། །སྣུམ་ཞིང་བསྒོམ་པ་མི་དགོས་པའི། །གྲུབ་པའི་སྨན་ནི་སྦྱར་བར་བྱ། །ཞེ་བྱ་བ་ལ། གྲུབ་པའི་སྨན་གང་དུ་བཤད་མ་ཐག་པའི། སྦྲང་རྩི་ཏིལ་མར་ཆ་མཉམ་ལ། །རྒྱམ་ཚྭ?་ཤོ་གཉིས་ཤུ་ཏི་བཞི།།
་ཨེ་རཎྜ་གི་རྩ་བ་བསྐོལ། །མས་བཏང་འཇམ་རྩི་ཏིལ་མར་ཅན། ཞེས་བྱ་བ་ལ་སོགས་པ་སྨོས་པའི་སྣུམ་གྱིས་མས་བཏང་བ་བསྡམས་ཤིང་བསྲུང་པར་བྱ་མི་དགོས་པ་གྲུབ་པའི་སྨན་གྱི་སྦྱོར་བ་ནི་རུ་ཧ་བཏང་བར་བྱའོ། །ནད་འཇོམས་བསྲུང་དང
་བཅས་པ་ཡི། །སྣུམ་གྱི་འཇམ་རྩི་བཤད་པར་བྱ་སྟེ། །ཞེས་བྱ་བ་ལ། །འདི་མན་ཆད་གྱི་སྣུམ་མས་བཏང་འཇམ་རྩི་ཞེས་བྱ་བ་ནད་གྱི་ཚོགས་འཇོམས་པར་བྱེད་ཅིང་བསྲུང་ཞིང་བསྡམ་པ་དང་བཅས་བརྒྱད
་པར་དུ་རླུང་ནད་འཇོམས་པར་བྱེད་པ་གང་ཡིན་པ་དེ་བཤད་པ་ཡིན་ནོ། །རྩ་བ་བཅུ་བ་བ་ལ་དང། །ར་སྣ་ཨ་ཤྭ་གནད་དང། བ་སྤྲུ་བ་དང་ཨེ་རཎྜ། སླེ་ཏེས་ག་བླེའི་རྩ་བ་དང། །བ་ཤ་ཀ་དང་པུ་ཏི་ཀ་།ས་ཧ་ཙ་ར་ཉེའུ་ཤིང་པ། །ཀ་ཀ་ན?་སེ?
་སྲད་དེ་དངམ་།ནས་དང་མ་ཤ་ཟར་མ་དང། །རྒྱ་ཤུགས་རྒྱ་སན་ཁྱོར་རེའི་ཆོད། །ཆུ་བྲེ་དྲུག་ཅུ་རྩ་བཞིར་བསྐོལ། །དེ་ལས་བྲེ་ནི་བཅུ་དྲུག་ལས། །འཚོ་བྱེད་སྡེ་ནི་སྲང་རེ་བཅུག་།ཏིལ་མར་བྲེ་ནི་བཞི་དང་བསྐོལ། །འདི་ནི་འཇམ་རྩིར་བཏང་གྱུར
་ན། །རླུང་ནད་ཐམས་ཅད་སེལ་བར་བྱེད། ཅེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི་སྨན་སྣ་རེ་ཞིང་སྲད་གཉིས་གཉིས། ཆུ་བྲེ་དྲུག་ཅུ་རྩ་བཞི་སྟེ། དྲོན་བཞིའི་ནང་དུ་བསྐོལ་ལ། དེ་ལས་བཅུ་དྲུག་སྟེ། དྲོན་གཅིག་ལུས་པ་དང། འཚོ
་བྱེད་ཀྱི་སྨན་གྱི་སྡེ་ཚན་སྲང་རེ་བཅུག་པ། ཏིལ་མར་བྲེ་བཞི་དང་བསྐོལ་ཏེ་འཇམ་གྱི་འདི་བཏང་ནརླུང་ལས་གྱུར་བའི་ནད་ཐམས་ཅད་སེལ་ཅིང་འཇོམས་པར་བྱེད་དོ། །ཤུ་ཏི་ནས་བིལྤ་རང་སྒྱུར། །ཏིལ་མར་བསྐོལ་བས་རླུང་ནད་སེལ། །ཞེས
་བྱ་བ་ལ། ཤུ་ཏིལ་སོགས་པའི་སྨན་ཀཉྫི?་ངང?་སྐྱུར?་ལ་སོགས་པ་དང། ཏིལ་མར་བསྐོལ་བའི་འཇམ་རྩི་བཏང་ན་ཡང་རླུང་ལས་གྱུར་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །རྒྱམ་ཚ་མདོག་དམར་གྱུར་གྱི་བར། །མེར་བསྲགས་མར་སུར་རྒརུབ?
་ནད་འཇོམས། །ཞེས་བྱ་བ་ལ། རྒྱམ་ཚ་འམ་ལྕེ་མྱང་ཚ་མདོག་དམར་པོར་གྱུར་གྱི་བར་དུ་མེར་བསྲེགས་ལ། དེ་མར་གྱི་ནད་དུ་གསུང་པའི་ནད་འཇམ་རྩི་བཏང་ན་ཡང་རླུང་ནད་འཇོམས་པར་བྱེད་དོ། །ཛི་བནྟི་དང་པོ་སོན་ཆ། །མེད་རྣམ་གཉིས་སྲ
་ནི། །ཤིང་མངར་བལ་ཤུ་ཏི་དང། །ཟངས་རྩི་པ་དང་པི་པི་ལིང། །ཀ་ཀ་ན་སི་ཉེའུ་ཤིང་པ། །ཁ་སྲལ་ཀྵི་ར་ཀ་ཀ་ལི། །ཟུར་པ་ཀར་ཀ་ཏ་སྲིད་གི་།ཤུ་དག་བཏོགས?་པའི་ལྡེ་གུ་དང། །མར་དང་ཏིལ་མར་འོ་མ་ནི། །བཞི་འགྱུར་ཕྱི་ནི་ནང་དུ་བསྐོལ།།
་འཇམ་རྩི་ཉམས་བརྟས་རླུང་ནད་འཇོམས། །སྟོབས་དང་ཁུ་བ་མེ་དྲོད་འཕེལ། །ཁྲག་དང་ཁུ་པའི་ནད་སེལ་བྱེད། །བུ་སྐྱེད་པར་ཡང་བྱེད་པ་ཡིན། ཞེས་བྱ་བ་ལ། ཛི་བནྟི་ལ་སོགས་པའི་སྨན་བཏགས་ཏོ་ལྡེ་གུར་བྱས་པ་དང། མར་དང་ཏིལ་མར
་ཆ་མཉམ་པར་བྱས་པ་འོ་མ་བཞི་འགྱུར་དང་བསྲེས་ཏེ། ཚུལ་བཞིན་དུ་བསྐོལ་བའི་འཇམ་རྩི་བཏང་ན་ཉམས་རྟས་པར་བྱེད་པ་དང། རླུང་དང་མཁྲིས་པ་འཇོམས་པ་ལ་སོགས་པའི་ཡོན་རྟན་སྐྱེད་པར་བྱེད་དོ། །རྒྱམ་ཚ་རུ་རྟ་པོ་སོན་ཆ། །ཤུ
་ཏེ་ལྕང་མ་ཤུ་དག་དང། །བ་ལ་ཀ་དང་ཤིང་མངར་དང། ག་བྲའི་རྩ་བ་ཀང་བ་ལ། །ཐང་ཤིང་དོང་ཀྲ་མ་ནུ་དང། །མེད་དབྱི་མོ་ཅི་ཏྲ་ཀ་།ཟུར་པ་བོ་ང་བྱི་དང་ག་།ཤ་མ་དུར་བྱིད་ཧ་རེ་ནུ། །སྟི་ར་བིལྦ་ནི་ལི་ནི?། །ཏིང་མུ་ས་དང་པི་པི་ལིང། །ད་ན་ང་ར་སྣ་ཆ
་མཉམ་པ། །ེ་རཎྜ་པི་མར་རམ་ནི། །ཏིལ་མར་བསྐོལ་བའིའ་ཇམ་རྩི་ཡིས། །བད་ཀན་ནང་འཇོམས་རྒྱུ་བླུགས་དང། །རྟུག་སྐམས་སྐྲན་དང་གཞང་འབྲུམ་དང། །མཆེར་པའི་ནད་དང་གཅིན་སྙི་དང། །རླུང་འཁྱིལ་བ་དང་ལྟོ་སྤོས་དང། །རྡེའུ་ཆགས
་དང་ནི་མྱུར་དུ་སེལ། ཞེས་བྱ་བ་ལ། རྒྱམ་ཚྭ་ལ་སོགས་པ་ཆ་མཉམ་པར་བྱས་པ་ལྡེ་གུར་བཏབ་ལ། ། རཎྜ་འབྲས་བུ་བཅིང་བའི་མར་དང་བསྐོལ་བའི་འཇམ་རྩིས་ནི། བད་ཀན་གྱིས་ནད་འཇོམས་ཤིང་རྒྱུ་བླུགས་ལ་སོགས་པའི་ནད་སེལ་བར་བྱེད
་དོ། །ཡང་ན་བིལྤ་ལ་སོགས་པའི། །རྩ་བ་ལྔ་དང་ཏིལ་མར་བསྐོལ། །ཞེས་བྱ་བ་ལ། ཡང་ན་བིལྤ་ལ་སོགས་པའི་འམ། །རྩ་བ་དང་ཏིལ་མར་བསྐོལ་བའི་འཇམ་རྩི་བཏང་ན་ཡང་རླུང་གི་ནད་འཇོམས་པར་བྱེད་དོ། །ཡང་ན་བད་ཀན་སེལ་བར་སྦྱད།།?་།།
་ཏིལ་མར་དང་བཏང་བད་ཀན་འཇོམས། །ཞེས་བྱ་བ་ལ། ཡང་ན་བད་ཀན་སེལ་བའི་སྨན་ཚ་བ་ལྔ་ལ་སོགས་པ་དང། སྦྱར་བའི་ཏིལ་མར་གྱི་འཇམ་རྩི་བཏང་ན་བད་ཀན་འཇོམས་པར་བྱེད་དོ། །ཡང་ན་པོ་སོན
་ཆ་བརྒྱད་འགྱུར། །སྐྱུར་བསྐོལ་འཇམ་རྩི་བད་ཀན་སེལ། །ཞེས་བྱ་བ་ལ། ཡང་ན་རང་སྐྱུར་ལ་སོགས་པ་ཁུ་བ་སྐྱུར་པོ་ཏིལ་མར་གྱི་བརྒྱད་འགྱུར་དང། པོ་སོན་ཆའི་ལྡེ་གུ་བསྐོལ་བའི་ཇམ་རྩི་བཏང་ན་ཡང་བད་ཀན་སེལ་བར་བྱེད་དོ། །འཇམ
་རྩི་འཇམ་པས་རྨོངས་གྱུར་པ། །རྣོན་པོས་ཉེ་བར་སྦྱར་བར་བྱ། །རྣོ་བས་སྣོད་ལ་སྣུམ་པ་དང། །མངར་ཞིང་བསིལ་ལ་འཇམ་པ་བཏང། ཞེས་བྱ་བ་ལ། འཇམ་རྩི་འཇམ་ཞིང་བརྟུལ་བ་བཏང་བས་སྐྱེས་བུ་རྨོངས་བག་ཏུ་གྱུར་པ་འཇམ་རྩི་རྣོན?
་པོས་སྦྱང་ཞིང་ངག་བར་བྱ་བ་དང། དེ་བཞིན་དུ་འཇམ་རྩི་རྣོན་པས་གནོད་པར་གྱུར་པ་ལ། སྣུམ་དང། མར་དང། བསིལ་བ་དང། འཇམ་པའི་འཇམ་རྩི་བར་བྱའོ། །རྣོན་པོ་བ་གཅིན་བི་ལུ?་དང། །ཅི་ཏྲ་ཀ་དང་ལན་ཚྭ་དང། །བལ་སྨན་དང་ནི་ཡུངS
་ཀར་རྣམས། །དུས་ལ་བབ་པར་བཏང་བར་བྱ། །འོ་མ་མར་སོགས་འཇམ་པོ་ཡིན། །ཞེས་བྱ་བ་ལ། འཇམ་རྩི་འཇམ་པོ་ལས་ཉེས་པར་གྱུར་པ་ལ་ནི་བ་གཅིན་ལ་སོགས་པ་མས་བཏང་བ་རྣོན་པོ་དུས་ལ་བབ་པའི་ཚེ་བཏང་བར་བྱ་ལ།
་རྣོན་པོས་ཉེས་པར་གྱུར་པ་ལ་ནི་འོ་མ་དང་མར་ལ་སོགས་པ་རྫས་འཇམ་པོའི་མས་བཏང་བ་དག་གིས་གསོ་བར་བྱའོ། །ཉམས་སྟོབས་དུས་དང་ནད་བཞི་རང་བཞིན་དག་།རྣམ་པར་བྱ་སྟེ་འཇམ་རྩི་བཏང་བར་བྱ། །རང་རང་གི་ནི་སྨན་གྱི་སྡེ
་ཚན་གྱིས། །རང་རང་གི་ནི་ནད་རྣམས་བསལ་བར་བྱ། ཞེས་བྱ་བ་ལ། བློ་དང་ལྡན་པའི་སྨན་པས་ནད་པའི་ཉམས་སྟོབས་ལ་སོགས་པ་རྣམ་པར་ཕྱེ་ཞིང་བརྟགས་ཏེ་རང་རང་གི་སྨན་གྱི་བ། བསིལ་བས་ཉེས་ལ་དྲོ་འཇམ་སྦྱར། དེ་དང་འཚམ་པའི་སྨན་རྣམས་ཀྱིས་རླུང་ལ་སོགས་པ་རང་རང་གི་ནད་བས་བའི་ཕྱིར་འཇམ་རྩི་བཏང་བར་བྱའོ། །ཚ་ངས་ཉམ་ཐག་ལ་བསིལ་བ། བསིལ་བས་ཉེས་ལ་དྲོ་འཇམ་སྦྱར། དེ་དང་འཚམ་པའི་སྨན་ལྡན་པར། །འཇམ་རྩི་བརྟགས་ཏེ་བཏང་བར
་བྱ། ཞེས་བྱ་བ་ལ། ཟས་དང་སྤྱོད་ལམ་ལ་སོགས་པ་མཁྲིས་པ་སྐྱེད་པར་བྱེད་པ། ཉམ་ཐག་ཅིང་གཟིར་བར་གྱུར་པ་ལ་ནི་བསིལ་བའི་སྨན་དང་འཇམ་རྩི་བཏང་བར་བྱ་ལ་དེ་བཞིན་དུ་ཟས་དང་སྤྱོད་ལམ་ལ་སོགས་པའི་གྲང་པའི་དབང་གིས
་རླུང་དང་བད་ཀན་གྱིས་ཉེན་པའི་ནད་ལ་ནི། དེ་དང་འཚམ་པའི་སྨན་དང་སྦྱར་བའི་འཇམ་རྩི་དྲོ་འཇམ་ཙམ་གང་ཡིན་པ་བཏང་བར་བྱ་སྟེ། །དེ་དག་ཀྱང་སྨན་དང་ནད་ཀྱི་མཚན་ཉིད་བརྟགས་ཏེ། ཇི་ལྟར་འཚམ་པ་བཞིན་དུ་བཏང་བར་བྱའོ། །སྦྱང་བར་བྱ་བའི
་ནད་རྣམས་ལ། །རྟ་བྱེད་འཇམ་རྩི་མི་བཏང་ཞིང། །མི་གང་མཛེ་གཅིན་ནད་ཀྱིས་ཉེན། །ཆིལ་རྒས་ནད་ལ་བཏང་མི་བྱ། །ཞེས་བྱ་བ་ལ། སྦྱང་བར་བྱ་བ་སྐྱུགས་སྨན་དང་བཀྲུ་སྨན་བཏང་བར་རིགས་པའི་ནད་རྣམས་ལ་རྟ་བར་བྱེད་པའི་འཇམ་རྩི་བཏང་བར
་མི་བྱ་ཞིང། ཡང་མི་གང་མཛེ་ནད་དང་གཅིན་ཀྱིས་ཉེན་པ་ལ་སོགས་པ་ལ་འཇམ་རྩི་བཏང་པར་མི་བྱའོ། །ཉམ་ཆུང་གློ་འགྲམས་པ་དང་བརྒྱལ་བ་དང། ལུས་སྐེམ་རིང་དང་སྦྱར་བའི་ལུས་ཅན་དང། །གང་ཡང་དྲི་མས་ཚེ་ནི་གཟུང་གྱུར་པ།།
་སྦྱང་བར་བྱེད་པའི་མས་བཏང་བཏང་མི་བྱ། །ཞེས་བྱ་བ་ལ། ཉམ་ཆུང་བ་དང། གློ་འགྲམས་པ་དང། བརྒྱལ་བར་གྱུར་པ་དང། ལུས་ཟུངས་ཟད་པས་ཤས་ཆེར་རིང་ཅིང་སྐོམ་པ་དང། བཀྲུ་སྨན་ལ་སོགས་པས་ལུས་སྦྱངས་ཟིན་པའི
་ལུས་ཅན་གང་དང་གང་དྲི་མ་སྟེ་བཤང་བས་ཚེ་གཟུང་ཞིང་སྲོག་གི་རྟེན་བྱས་པ་དྲ་དག་ལ་སྦྱོར་ཞིང་བཀྲུ་བར་བྱེད་པའི་མས་བཏང་བ་གང་ཡིན་པ་དེ་གསང་ཞིང་སྦྱང་དུ་མི་རུང་ངོ།། །།ཡན་ལག་བརྒྱད་པའི་སྙིང
་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེ་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་བཞི་པའི་འགྲེལ་པའོ།། །།
་དེ་ནས་མས་བཏང་བའི་ཆོ་གའི་ཉེས་པ་གྲུབ་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། མས་བཏང་བ་ཕྱིན་ཅི་ལོག་ཏུ་ཉེ་བར་སྦྱར་བ་ལ་ཉེས་པ་གང་ཞིག་འབྱུང་བ་དེ་བསལ་ཅིང་གསོ་བར་བྱ་བའི་ཕྱིར་དེ་གྲུབ་པར་བྱ་བའི་ཆོ་གའི་ལེའུ་བརྩམས་པ
་ཡིན་ནོ། །སྣུམ་ཆོས་དུགས་ནི་མ་བྱས་དང། །ལྟོ་ལྕི་བ་ལ་སྨན་གྲང་སྣུམ། །ཚ་ཉུང་སྨན་ཚད་ཆུང་བའམ། །སྨན་ནི་བསྐ་བ་བཏང་གྱུར་ན། །དེ་ཡིས་ནད་ནི་གློངས་གྱུར་དང། །སྟོབས་ཆུང་བ་ཡིས་ནད་མ་ཕྱིན། །སྦྱོར་བ་ཉེས་པ་བསྐྱེད་གྱུར་ཞིང། །ཕྱེན?
་དང་ཕྱིས་གཅིན་སྲི་དང། །ལྟེ་བ་ཆུ་སོན་ཞིང་ཆེ?། །དང་གར་ཆགས་ཤིང་གཞང་སྐྲངས་དང། །གཡན་པ་ཐོར་བུ་མདོག་མི་སྡུག་།མི་དགའ་མེ་དྲོད་ཆུང་བར་འགྱུར། །ཞེས་བྱ་བ་ལ། དང་པོར་སྣུམ་ཆོས་ཀྱི་སྦྱོར་བ་དང། དུགས་མ་བྱས་ཤིང་ལྟོ་ལྕི
་བར་གྱུར་པ་ལ། འཇམ་རྩིའི་སྨན་གྲང་པ་དང་སྣུམ་ཉུང་བ་དང་ལན་ཚ་ཉུང་བ་དང་སྨན་གྱི་ཚད་ཆུང་བར་གྱུར་པ་ལ་ཡང་སྨན་སྐ་ཞིང་འཇུག་པ་བུལ་བ་བཏང་བར་གྱུར་ན། སྨན་དེས་ནད་གློངས་ཤིང་དཀྲུགས་པར་གྱུར་ནས་མི་བདེ་བར་བྱེད་ལ།
་སྟོབས་ཆུང་བས་ནད་ཕྱིན་ཅིང་སེལ་བར་བྱེད་མི་ནུས་ཏེ། སྦྱོར་བ་ཉེས་པའི་མཚན་མ་ནམས་བསྐྱེད་པར་འགྱུར་ལ། སྦྱོར་བཉེས་པ་དེ་དག་ཕྱེན་དང་ཕྱིས་ལ་སོགས་པ་འགག་པར་བྱེད་ཅིང་སྲི་བ་ལ། ལྟེ་བ་དང་ཆུ་སོར་ཟུག་ཅིང་ན་བ་དང། ལུས
་ཁོང་ཚ་བ་དང། དང་དཀར་འདམ་གྱིས་བསྡུས་པ་སྙམ་སེམས་ཤིང་མར་མེར་པོར་བྱེད་པ་དང། བཞང་སྐྲངས་པ་དང་གཡན་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཚང་འཁྲུའི་ཉེས་པ་བར་མ་ལ། །སྔར་བཤད་སྨན་གྱི་ཁུ་བ་གཉིས། །དེ་ལས
་གཅིན་ནི་དྲོ་བ་ཡི། །བཏུང་བར་གྱུར་པ་བསྔགས་པཡིན་ཞེས་བྱ་བ་ལ། དེ་ལ་མས་བཏང་བ་ལ་ཉེས་པར་གྱུར་པའི་ནད་ལ། ཚད་པར་འཁྲུ་བའི་ཉེས་པ་བར་མ་ལ། ཕན་པའི་སྐབས་སུ་སྔར་བཤད་པའི་སྨན་གྱི་ཁུ་བ་གཉིས་པོ། །པུ་ཏི་ཀ་དང། པི་པི
་ལིང་དང། བཅའ་སྒ་དང། ཤུ་དག་དང། འུ་སུ་དང་ཨ་རུ་ར་བསྐོལ་བའི་ཁུ་བ་འམ། ཡང་ན་བིལྤ་དང་འུ་སུའི་འབྲས་བུདང། གླ་སྒང་དང། དོང་གྲ་དང་བལ་ཀ་བསྐོལ་པ་སྟེ། སྨན་གྱི་ཁུ་བ་དེ་གཉིས་ལས་གང་ཡང་རུང་བ་ཞིག་བླུད་ན་གོང་དུ་སྨོས
་པའི་ནད་རྣམས་སྟོད་ཅིང་བསྔགས་པ་ཡིན་ནོ། །པོ་སོན་ཆ་ཡི་རེན་བུ་དུགས། །དུས་ཤེས་པ་ཡིས་བཀྲུ་སྨན་བཏང། ཞེས་བྱ་བ་ལ། འདིར་ལྟེ་བར་ཐུག་པ་དང། རླུང་དང་བཤང་བ་ལ་སོགས་པ་འགགས་པ་ལ་པོ་སོན་ཆ་བཏགས་པའི་རེང་བུ་མས་བཏང་བ་དང།
་དུས་ཚོད་ཤེས་པར་བྱས་ནས་བཀྲུ་སྨན་བཏང་བ་ཡང་ཕན་ཞིང་བསྔགས་པ་ཡིན་ནོ། །བིལྤའི་རྩ་བ་དུར་བྱེད་དང། །ཐང་ཤིང་ནས་དང་རྒྱ་ཤུག་དང། །རྒྱ་སྲན་ཆང་དང་གཅིན་བཅས། །མས་བཏང་འགགས་པ་སེལ་བར་བྱེད། །ཅེས་བྱ་བ་ལ། མས་བཏང་བ
་འགགས་པར་གྱུར་པ་དེ་བིལྤའི་རྩ་བ་ལ་སོགས་པ་བཏགས་པའི་ལྡེ་གུ་དང། ཆན་དང་བ་གཅིན་སྦྱང་བ་མས་བཏང་བས་ཡང་སེལ་ཅིང་སྦྱོར་བར་བྱེད་དོ། །ནད་གཞི་ཤས་ཆེ་ལུས་རྩུབ་དང། ལྟོ་སྲ་ནུས་པ་ཆུང་བཏང་ན། །མས་བཏང་ནད་གཞི་གློངས་ནས་ནི།།
་རླུང་གི་ལན་ནི་འགག་པར་བྱེད། །རླུང་ནི་ལམ་ལོག་ཞུགས་པ་དེ། །ལྟོ་སྦོས་ནད་རྣམས་གཟིར་བར་བྱེད། །གཞང་དང་ལྟོ་བ་ཚ་བ་དང། །རླིག་པ་ཆུ་སོན་བྱིད་ཅིང། །སྙིང་གར་འགགས་པས་གཟེར་བ་དང། །ཕན་ཚུན་དུ་ནི་འགོར་བར་བྱེད། །ཅེས་བྱ་བ་ལ།།
་ནད་གཞི་ཤས་ཆེ་སྐྱེལ་དུས་བསོགས་ཤིང་ཆེ་བ་དང། ཁོང་རྩུབ་ཅིང་སྣུམ་གྱིས་མ་ཞེན་པ་དང། ལྟོ་སྲང་ཞིང་གྱུར་པ་ལས་མས་བཏང་བའི་སྨན་ནུས་པ་ཆུང་བསམས་བཏང་བ་དེ་དང་དེ་རླུང་འདྲེས་པར་གྱུར་ནས་རླུང་རྒྱུ་བའི་ལམ་འགགས་པར་གྱུར་ལ། དེ་ལྟར་ལམ་འགགས་པས་རླུང་རང་གི
་རྒྱུ་པའི་ལམ་སྤངས་ནས་ལམ་ལོག་པར་ཞུགས་པར་གྱུར་ནས། དེས་ལྟོ་སྦོས་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་ཅིང་སྙིང་གང་རླུང་གིས་འགགས་ཤིང་རྒྱས་པས་གཟེར་པར་བྱེད་པ་དང། རླུང་དེ་གཟེར་དང
་བཅས་པར་ལུས་ཕན་ཚུན་དུ་འགྲོ་ཞིང་ཁྱབ་པར་བྱེད་པར་འགྱུར་རོ། །དེ་ལ་ལུས་བསྐུ་དུགས་བྱས་པའི། ལུས་ལ་རེད་བུ་གཞུག་པར་བྱ། ཞེས་བྱ་བ་ལ། ལྟོ་སྦོས་ལ་སོགས་པའི་ནད་ཀྱིས་ཉེས་པ་བྱུང་པར་གྱུར་བ་དི་ལ་དང་བོར་ལུས་བསྐུ་ཞིང་དུགS
་བྱས་ལ་པོ་སོན་ཆ་བཏགས་པའི་ལྡེ་གུ་མས་གཞུག་པར་བྱའོ། །བིལྦ་སོགས་སམ་པི་ལུ་དང། །ཡུངས་ཀར་བ་གཅིན་བཅས་པ་བཏང། །ཞེས་བྱ་བ་ལ། ཡང་དེ་ལ་བིལྦའི་རྩ་བ་དུར་བྱིང་དང། ཞེས་བྱ་བ་ལ་སོགས་པ་བཤད་མ་ཐག་པའི། ནི་རུ་ཏ
་འམ་ཡང་ན་བི་ལུའི་འབྲས་བུ་དང། ཡུངས་ཀར་དང་པ་གཅིན་སྦྱར་བའི་མས་བཏང་བའི་བཀྲུ་སྨན་དྲག་པོ་བྱའོ། །ཅི་ཏྲ་ཐང་ཤིང་ཏིལ་མར་དང། །བསྐོལ་བའི་འཇམ་རྩི་བཏང་བར་བྱའོ། །ཞེས་བྱ་བ་ལ། ཙི་ཏྲ་ཞེས་བྱ་བ་ཤྲི་པེ་ཏའི་ཤིང་ཐོང?
་ཤིང་གཉིས་དང་བསྐོལ་བའི་འཇམ་རྩི་བཏང་ན་དེ་ལ་ཕན་ནོ། །ཤུགས་ནི་བཀག་པར་གྱུར་པའམ། བཙིར་དྲགས་པར་ནི་བྱས་པ་འམ། ལན་ཚ་སྣུམ་ཤས་ཆུང་ལ་ཚེ། །སྨན་ཆུང་བ་ཡི་མས་བཏང་བ། །འཇམ་པས་རླུང་གིས་གྱེན་དུ་འཕུལ། །ཁ
་དང་ས་ནས་འབྱུང་བར་འགྱུར། །དེ་ཡིས་བརྒྱལ་དང་སྙིང་ནད་དང། །སྐོམ་དང་ཚ་བ་ལ་སོགས་འབྱུང། །ཞེས་བྱ་བ་ལ། འཇམ་རྩི་བཏང་བས་ཤུགས་བཀག་པར་གྱུར་པ་འམ། ལྒང་པ་ཤས་ཆེར་བཙིར་དྲགས་པ་འམ། ལན་ཚ་སྣུམ་ཤས་ཆུང
་ཞིང་ཆི་དྲགས་པ་འམ། སྨན་ཉུང་ཤས་བཏང་པ་འམ། འཇམ་པོ་བཏང་པས་སྨན་དེ་རླུང་གིས་གྱེན་དུ་ཕུལ་ནས་ཁ་ངང་སྣའི་སྒོ་ནས་འབྱུང་བར་འགྱུར་ལ། །དེ་ལྟར་གྱེན་དུ་འབྱུང་བ་ངེས་བརྒྱལ་བ་ལ་སོགས་པའི་ནད་སྐྱེ་བར་བྱེད་དོ། །བརྒྱལ་བའི
་ནང་ནི་མཐོང་གྱུར་ན། །དེ་ཡི་གདོང་ལ་ཆུ་གྲང་གཏོར། །ངལ་བསོས་བར་དུ་གཡོ་བ་བ་དང། །དབུགས་རྡུག་འབྱུང་བར་བྱེད་དུ་གཞུག་།ཁ་སྤུབ་བཞག་སྟེ་རྒྱབ་རྩིབ་ལོགས། །ལྟོ་བ་ལག་པ་དྲོན་བོས་གཉེ། སྐྲ་ནས་བཏེ་ཀ་སྟེ་སྔགས?་བ་དང། །སྤྲུལ?
་དང་མཚོ་བ་ཅན་འཇིགས་བསྟན། །མཚོན་དང་ཐོག་འབབ་རྒྱལ་པོའི་མིས། །སྐྲག་བྱས་མས་བཏང་ཐུར་དུ་འབྱུང། །ཞེས་བྱ་བ་ལ། དེ་ལྟར་ནད་བ་བརྒྱལ་བར་གྱུར་པར་སྣང་ན། དེའི་གདོང་ལ་ཆུ་དྲང་གི་འཕྲལ་དུ་གཏོར་བ་དང། །ཇི་སྲིད་ངལ་བསག?་པར
་གྱུར་པ་དེ་སྲིད་ཀྱི་བར་དུ། རླུང་ཡབ་ཀྱིས་གཡོབ་ཅིང་དུབ་པ་བསང་བ་དང། དེའི་དབུགས་རྡུབ་པ་དང། །འབྱུང་བ་ལ་ཤས་ཆེར་རྡུབ་ཅིང་དྲང?་དུ་དགག་པ་བྱེད་དུ་གཞུག་པ་དང། ནད་བ་ཁ་སྤུབ་ཏུ་བཞག་སྟེ།། རྒྱབ་ལ་སོགས་བ་ལག་བ་དྲོན་པོས
་མཉེ་བར་བྱ། །དེའི་སྐྲ་ནས་གཟུང་སྟེ། །གྱེན་དུ་བཏེག་ལ་སྤྲག་པ་དང། །དེ་བཞིན་དུ་སྦྲུལ་ལ་སོགས་པ་དང་འཇིགས་ཤིང་སྐྲག་ཏུ་གཞུག་པ་དང། མཚོན་དང་རྒྱལ་པོའི་སྐྱེས་བུ་མི་བསྲུན་པ་དང། །ཐོག་འབབ་པ་ལ་སོགས་པས་ཀྱང་འཇིགས་ཤིང་སྐྲས
་ཏུ་གཞུག་པར་ཕྱེ?་སྟེ། དེ་ལྟར་བྱས་ན་འཇམ་རྩི་ནང་དུ་འཁྱིལ་པ་དེ་ཐུར་དུ་འབྱུང་ཞིང་བཤད་པའི་སྒོ་ནས་འཛག་པར་འགྱུར་རོ། །ལག་པ་གོས་ཀྱིས་མགུལ་བར་བསྡམས། །ཅི་ནས་འཆི་བར་མི་འགྱུར་བྱ། །སྲོག་དང་གྱེན་རྒྱུ་རླུང་བཀག་པས།
་ཐུང?་སེལ་ཤིན་ཏུ་བདེ་རྒྱུ་བ། །གྲུབ་པ་ཡིས་ནི་མས་བཏང་བ། །མྱུར་དུ་འདྲེན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཡང་ནང་པ་དེའི་ལག་པ་གཉིས་སམ་གོས་ཀྱིས་མགུལ་བསྡམས་ཞིང་བཅིང་པར་བྱ་ལ། བསྡམས་པའི་ཚེན་ཡང་དེ་འགེགས་ཏེ་འཆི་བར་མི
་འགྱུར་པེ་དེ་ལྟར་སྨན་པས་འབྱུང་ཞིང་ཚོད་ཟིན་པར་བྱས་ལ། དེ་ལྟར་བྱས་པས་སྲོག་ཅེས་བྱ་བ་དང། གྱེན་དུ་རྒྱུ་བ་ཞེས་བྱ་བའི་རླུང་བཀག་པར་གྱུར་པས་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ཤིན་ཏུ་བདེ་བར་རྒྱུ་བ་གྲུབ་པ་ཡིན་པ་སྟེ། དེས་ན་མས་བཏང་?
་དེ་མྱུར་བ་ཁོ་ནར་ཐུར་དུ་འདྲེན་ཅིང་བཤད་སྒོ་ནས་འབྱིན་པར་བྱེད་དོ། །འུ་རྟ་གླ་གོར་ཞོ་ཤ་ཡི། །ལྡེ་གུ་སྐྱུར་རྩ་བས་སྦྱར་ཏེ་བླུད། །དྲོ་དང་རྣོ་དང་འཁྲུ་བ་ཡི། །མས་བཏང་ལུགས་བཞིན་འབྱུང་བར་བྱེད།
་ཅེས་བྱ་བ་ལ། རུ་རྟ་དང་གླ་གོར་ཞོ་ཤ་བཏགས་པའི་ལྡེ་གུ་སྐྱུར་རྩ་བས་ཀཉྫི?་དང་སྦྱར་ཏེ་ནང་པ་དེ་ལ་བླུང་ན། ལྔ་གུ་དེ་ནི་རྣོ་བ་དང། དྲོ་བ་དང། འཁྲུ་བར་བྱེད་པའི་ཡོན་ཏན་གྱིས་མས་བཏང་བ་གྱེན་དུ་འབྱུང་དེ་ལུགས་བཞིན་དུ
་ཐུར་དུ་འབྱུང་བར་བྱེད་དོ། །དུར་བྱིད་ཨ་རུ་ར་བ་གཅིན། །སྦྱར་བླུང་ལུགས་བཞིན་འབྱུང་བར་བྱེད། ཅེས་བྱ་བ་ལ། ཡང་དུར་བྱིང་དང་ཨ་རུ་རའི་ལྡེ་གུ་བ་གཅིན་དང་སྦྱར་ཏེ་བླུང་ན་ཡང་གྱེན་དུ་བྱུང་བ་དེ་ཐུར་དུ་འབྱུང་བར་བྱེད་དོ།།
་ཞུ་བའི་གནས་འདུག་དུགས་བྱས་ལ། །རྩ་བ་བཅུ་པ་རྒྱ་ཤུག་ནས། །རྒྱ་སྲན་པ་གཅིན་བསྐོལ་བ་ཡིས། །མས་བཏང་དྲག་པོ་སྦྱར་བར་བྱ། ཞེས་བྱ་བ་ལ། མས་བཏང་བ་ཞུ་བའི་གནས་ན་འཁྱིལ་ཅིང་འདུག་པར་གྱུར་ན། ནང་པ
་དུགས་བྱ་ཞིང་རྩ་བ་བཅུ་པ་ལ་སོགས་པའི་སྨན་པ་གཅིན་དང་བསྐོལ་བའི་ནི་རུ་ཧ་མས་བཏང་བར་བྱའོ། །སླེ་ཏྲེས་སྨྱུག་མའི་ལ་མ་དང། པུ་ཏི་ཀ་རཉྫའི་ཤུན་པ། །འོ་མ་ཟུར་པ་ཐང་ཤིང་དང། །བུ་ཏི་ཀ་ནི་པ་གཅིན་བསྐོལ། །ཏིལ་མར
་བུ་རམ་རྒྱམ་ཚར་བཅས། །བཀྲུ་སྨན་ལྡེ་གུར་བཅས་པ་བཏང། ཞེས་བྱ་བ་ལ། ཡང་ན་མ་ཞུ་བའི་གནས་ན་འཁྱིལ་བ་དེ་ལ་སླེ་ཏྲེས་སྨྱུག་མའི་ལོ་མ་དང། པུ་ཏི་ཀ་རཉྫའི་ཤུན་པ་དང་འོ་མ་པ་གཅིན་དང་བསྐོལ་བའི་ནང་དུ་ཏིལ་མར་ལ
་སོགས་པ་བཏབ་སྟེ། བཀུ་སྨན་གང་ཡང་རུང་བའི་ལྡེ་གུ་བཅུག་བ་བཏང་བར་བྱའོ། །མས་བཏང་བྲང་ན་གནས་པ་ལ། །པིལྦ་ལ་སོགས་ལྔ་བསྐོལ་བཏང། ཞེས་བྱ་བ་ལ། མས་བཏང་བའི་སྨན་བྲང་དམ། །སྙིང་གར་འཁྱིལ་བ་ནི
་བིལྦ་ལ་སོགས་པ་རྩ་བ་ལྔ་བསྐོལ་བའི་སྨན་མས་བཏང་བར་བྱའོ། །མགོར་གནས་སྣར་བླུགས་དུད་པས་བརྡུག་།ཡུངས་ཀར་ལྡེ་གུས་མགོ་བོ་བསྐུ། ཞེས་བྱ་བ་ལ། མས་བཏང་བ་མགོ་བོར་གནས་ཤིང་འཁྱིལ་བ་ལ་ནི་སྣ་ནས་སྨན་བླུགས་བ་དང
་དུད་པ་རྣོན་པོ་བརྡུབ་པ་དང། །ཡུངས་ཀར་བཏགས་པའི་ལྔ་གུར?་མགོ་བོ་བསྐུ་བར་བྱའོ། །མས་བཏང་དྲོ་ཆེས་རྣོ་གྱུར་དྲགས། །བསྐ་ཆེས་དུགས་ནི་དྲགས་པ་དང། །ནད་གཞི་ཆུང་ཞིང་ལྟོ་སྙི་ལ། །ཡང་དང་ཡང་དུ་བཏང་བ་ཡིས། །སྦྱོར་བ་དྲགས་པས
་ཉིད་གྱུར་པས། ལྟོ་བའི་ནད་ནི་སྐྱེད་པར་བྱེད། །དེ་ལ་བཀྲུ་སྨན་སྦྱར་དྲགས་དང། །ག་པོ་བ་མཚུངས་པ་ཉིད་དུ་བྱ། ཞེས་བྱ་བ་ལ། གལ་ཏེ་སྨན་མས་བཏང་བ་དེ་དྲོད་ཆེས་པའམ། རྣོ་དྲགས་པ་འམ། སྐྱུར་དྲགས་པ་འམ། ཤིན་ཏུ་བསྐ་དྲགས་པ་འམ།
་དུགས་ཀྱི་སྦྱོང་བ་དྲགས་པ་འམ། ནད་གྱི་གཞི་ཆུང་ཞིང་ལྟོ་སྙི་བ་ལ་ཡང་དང་ཡང་དུ་བསྟུང་མར་བཏང་བར་གྱུར་ན། དེ་ནི་སྦྱོར་བ་དྲགས་པའི་ཉེས་པར་གྱུར་ཅིང་ལྟོ་བའི་ནད་རྣམས་བསྐྱེད་པར་འགྱུར་རོ། །དེ་ལྟ་བུའི་སྦྱོར་བ་དྲགས་པའི་ནང་དུ་གྱུར
་པ་དེ་ལ་ནི་བཀྲུ་སྨན་གྱི་སྦྱོར་བ་དྲགས་པའི་གསོ་བ་སྔར་ཇི་སྐད་བཤད་པ་དང། གསོ་བ་མཚུངས་པ་ཁོ་ནར་བྱའོ། །དེ་ནས་བཀྲུ་སྨན་གྱི་སྦྱོར་བ་དྲགས་པའི་མཚན་ཉིད་ཀྱི་ལྟར་ཤེས་པར་བྱ་ཞིང་གསོ་བའི་ཚུལ་ཡང་དེ་ཉིད་ལས་བཤད་པའི་ཚུལ
་ཡང་ཤེས་པར་བྱའོ། །མས་བཏང་ཐལ་སྨན་སྐྱུར?་རྣོ་དྲོ། །ལན་ཚྭ་ཅན་ནམ་མཁྲིས་ཅན་ལ། །གནང?་ཚ་འབྲུད་ཅིང་གནོད་པ་དང། །ཡོངས་སུ་འཇིག་པར་བྱེད་པར་འགྱུར། །ཁྲག་ནི་ཆོས་པ་ལྟ་བུར་འབྱུང། །མཁྲིས་པ་འང་མདོག་མང་འབྱུང་བར་བྱེད། །ལན
་ཡང?་ཤུགས་དྲག་འབྱུང་བ་དང། །ཡང་དང་ཡང་དུ་བརྒྱལ་བར་འགྱུར། ཞེས་བྱ་བ་ལ། མས་བཏང་བའི་སྨན་ཐལ་སྨན་ལ་སོགས་པ་ཤས་ཆེ་བར་སྦྱར་ཅིང་བཏང་པ་འམ། མཁྲིས་པ་ཅན་གྱི་མི་ལ་དེ་ལྟ་བུ་བཏང་ན། མས་བཏང་བ་དེས་?་གཞད?་ལ?
་ཚབ་ལ་སོགས་པ་འབྱུང་པར་འགྱུར་ལ། མི་དེ་ལས་ཁྲག་བཙོས་ཤིང་སྨིན་པར་བྱས་པ་ལྟ་པུར་འབྱུང་བ་དང། དེ་བཞིན་དུ་མཁྲིས་པ་ཡང་ཁ་དོག་སྣ་ཚོགས་པ་འབྱུང་བར་བྱེད་ཅིང། ལན་མང་དུ་ཤུགས་དྲག་ཏུ
་འབྱུང་བར་བྱེད་ལ། ཡང་དང་ཡང་དུ་བརྒྱལ་ཅིང་མི་དྲན་པ་ཉིད་དུ་འགྱུར་རོ། །དེ་ལ་ཁྲག་མཁྲིས་འཁྲུབ་སེལ། །གེས་བ་རབ་ཏུ་བསྔགས་པ་ཡིན། །ཞེས་བྱ་བ་ལ། གཞང་ཁ་ཚ་བ་ལ་སོགས་པའི་མཁྲིས་པ་ལ་སོགས་པའི་མཁྲིས་ནད་དེ་ལ
་ཁྲག་དང་མཁྲིས་པ་འཁྲུ་བ་སེལ་བར་བྱེད་བའི་གསོ་བ་སྔར་བཤད་པ་དེ་བསྔགས་ཤིང་བཤད་པ་ཡིན་ནོ། །ཚ་བ་ལ་སོགས་དུར་བྱིད་ཀྱི། །ལྡེ་གུ་རྒུན་ཆུར་སྦྱར་བ་བླུང། །དེ་ཡིས་བཤད་རླུང་མཁྲིས་པ་ནི། །བསལ་ནས་ཚ་བ་ལ་སོགས་འཇོམS
་ཞེས་བྱ་བ་ལ། གལ་ཏེ་ཚ་བ་ལ་སོགས་པ་དང་ལྡན་པར་གྱུར་ན། དུར་བྱིད་ཀྱི་ལྡེ་གུ་དང་ཀུན་ཆུ་དང་སྦྱར་བ་བླུད་པར་སྟེ། དེས་ནི་བཤང་བ་ལ་སོགས་པ་བསལ་ཅིང་ཕྱུང་ནས་ཚ་བ་ལ་སོགས་པའི་བླ་གཉན་འཇོམས་པར་བྱེད་དོ། །དག་གྱུར་ནས
་ཐུག་གྲང་མོ་ནི། ཁ་ར་དང་ནི་བཅས་པ་བླུད། ཅེས་བྱ་བ་ལ། སྐྱེས་བུ་དེའི་ནད་དག་ཅིང་སྤྱངས་པར་གྱུར་ནས་ཐུག་པ་གྲང་མོའི་ནང་དུ་ཁ་ར་བཏབ་ལ་བླུད་པར་བྱའོ། །འཁྲུ་བ་དྲགས་པར་གྱུར་པ་ཡིས། །བཤད་པ་ཟང་ལ་ཁ་ཟས་ནི། །མ་ཤའི་ཁུ་བ
་ཟན་དྲོན་སྦྱིན། །ཞོ་དང་ཆང་ནི་བླུང་བར་བྱ་ཞེས་བྱ་བ་ལ། འཁྲུ་བ་དྲགས་པར་གྱུར་ཅིང་བཤད་བ་ཟད་བར་གྱུར་པ་ལམ་ཤའི་ཁུ་བ་ཡུ་ཤ་དང་ཟན་དྲོན་ནམ་ཤ་བཙོས་པ་སྦྱིན་པར་བྱ་ཞིང། བཏུང་པར་ཞོ་ཆང་བླུད་བར་བྱའོ། །དེ་ལྟར་གྲུབ་པའི
་ཟས?་བཏང་ཉེས། །བཤད་ནས་སྣུམ་གྱིས་མས་བཏང་བཤད། །ཅེས་བྱ་བ་ལ། དེ་ལྟར་ཚུལ་འདིས་གྲུབ་པའི་མས་བཏང་བའི་ཉེས་པའི་གསོ་བ་བཤད་ཟིན་ནས། དེའི་འོག་ཏུ་སྣུམ་གྱི་འཇམ་རྩིམས་བཏང་བའི་ཉས་པའི་གསོ་བ་བཤད་བའི་ཕྱིར
་སྣུམ་གྱིས་མས་བཏང་བ་བཤད་ཅེས་སྨོས་པ་ཡིན་ཏེ། དེ་ནི་སྣམ་གྱི་འཇམ་རྩི་མས་བཏང་བའི་ཉེས་པ་གང་ཡིན་པ་དེའི་གསོ་པ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། །།རླུང་ཅན་གྲང་ཞིང་ཆུང་བ་དང། །མཁྲིས་པ
་རབ་ཚ་བད་ཀན་འཇམ། །འདྲངས་ཆེས་པ་ལ་ལྕི་པ་དང། །བཤང་བ་སོགས་ལ་སྟོབས་ཆུང་བཏང། །དེ་ནི་སྣུམ་དང་འདྲེས་གྱུར་ཅིང། །ཟིལ་གྱིས་མནན་པར་འབྱུང་མི་འགྱུར། ཞེས་བྱ་བ་ལ། རླུང་གི་ནད་ཤས་ཆེ་བ་ལ་སྣུམ་གྱི་འཇམ་རྩི
་གྲང་བ་འམ། ཆུང་བ་བཏང་བ་དང། ཁྲག་དང་མཁྲིས་པ་ཤས་ཆེ་བའི་ནང་ལ་སྣུམ་གྱི་འཇམ་རྩི་ཤིན་ཏུ་ཚ་བ་བཏང་པ་དང། བད་ཀན་ཤས་ཆེ་བའི་ནད་ལ་སྣུམ་གྱི་འཇམ་རྩི་འཇམ་པོར་བཏང་བ་དང། ཤིན་ཏུ་འདྲངས་ཆེས་པ་ལ་སྣུམ་གྱི་འཇམ
་རྩི་ལྕི་བར་བཏང་བ་དང། བཤད་པ་བསོགས་ཤིང་ནད་དུ་འཕེལ་བར་གྱུར་པ་ལ། སྣུམ་གྱི་འཇམ་རྩི་ནུས་པ་ཆུང་བར་བཏང་པར་གྱུར་ན། རླུང་ལ་སོགས་པའི་ནད་དེ་དག་སྣུམ་དུ་འདྲེས་པར་གྱུར་ཅིང། ནད་ཀྱིས་ཟིལ་གྱིས་མནན་པས་ཐུར་དུ
་འབྱུང་བར་མི་འགྱུར་རོ། །རེངས་དང་བརླ་ན་སྤོ་བ་དང། རིམས་དང་གཟེར་དང་ཡན་ལག་དང། །རྩིབ་ལོགས་ན་དང་འདར་པ་ནི། །རླུང་སྣུམ་འདྲེས་ལས་འབྱུང་ཞེས་བྱ། །རླུང་དང་སྣུམ་འདྲེས་པ་ལས་འབྱུང། །ཞེས་བྱ་བ་ལ། རླུང་དང་སྣུམ་འདྲེས
་པར་གྱུར་བ་ལ་ནི། རེངས་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་བར་ཤེས་པར་བྱའོ། །དེ་སྣམ་ལན་ཚ་དྲོ་དང་སྐྱུར། །ར་སྣ་བི་ཏ་དྲོ་ཡི་མར། །ར་བསྐྱུར?་ཆང་དང་རྒྱ་ཤུག་དང། །རྒྱ་སྲན་ནས་དང་བསྐོལ་བ་འམ། །རྩ་ལྔ་བ་གཅིན་བཅས་པ་ཡི། །
་མས་བཏང་དྲག་པོས་ལེགས་བསལ་བྱ། ཞེས་བྱ་བ་ལ། སྣུམ་པ་དང་ལན་ཚ་དང་དྲོ་བ་དང་སྐྱུར་པའི་བག་དབར?་སྣ་དང་བི་ད?་དྲོ་བཙིར་བའི་མར་དང་སྐྱུར། ལ་སོགས་བ་བསྐོལ་བའི་ནི་རུ་ཧ་མས་བཏང་བས་ལེགས་པར་བསལ་བར་བྱ་བའམ། རྩུབ?
་ལྔ་པ་དང་བ་གཅིན་བཅས་པའི་ནི་རུ་ཧ་མས་བཏང་བས་ལེགས་པར་བསལ་བར་བྱའོ། །དེ་དག་ཉིད་ཀྱི་ཏིལ་མར་དང། །དགོངས་ཀར་ཟན་ཟོས་འཇམ་རྩི་བཏང་ཞེས་བྱ་བ་ལ། བཤད་མ་ཐག་པའི་ནི་རུ་ཧའི་སྨན
་འཕྲོད་པ་གཉིས་པོ་གང་ཡང་རུང་བ་དང། ཏིལ་མར་བསྐོལ་ལ། དགོངས་ཀ་ཟས་ཟོས་པའི་རྗེས་ལ་ཏིལ་མར་དེའི་འཇམ་རྩིམས་བཏང་ན་ཡང་ནང་དེ་ལ་ཕན་ནོ། །བསྐོལ་དང་ལུས་ཚ་རྨོངས་བག་དམར། །མདོག་ཉམས་རིམས་འདེབས་མུན་པར། །
་མཐོང། །མཁྲིས་པ་དང་འདྲེས་ཡིན་ཞེས་བྱ་བ་ལ། །སྐོམ་དད་ལ་སོགས་པའི་རླུང་གཉན་དང་བཅས་པའི་འཇམ་རྩིའི་སྣུམ་མཁྲིས་པ་དང་འདྲེས་ཤིང་ངེས་གནོད་པ་ཡིན་པར་ཤེས་པར་བྱའོ། །ཁ་མདར་མས་བཏང་བས་དེ་སྦྱར་ཞེས་བྱ་བ་ལ། །?
་སྣུམ་དང་མཁྲིས་པ་འདྲེས་པ་དེ་སྨན་ཁ་བ་དང་མངར་བའི་མས་བཏང་བས་སྤྱད་ཞིང་ཐུར་དུ་འབྱུང་བར་བྱའོ། །ལུས་སྙོམ་བྲིང་ཞན་རིམས་གྲངས་འདེབས། །ཆམ་པར་ལུས་ལྕི་ཡི་ག་འཆུས། །བརྒྱལ་བཅས་ན་བས་བད་ཀན་དང། །
་འཇམ་རྩི་རྣམས་ནི་འདྲེས་ཤེས་བྱ། །ལུས་སྙོམས་པ་ལ་སོགས་པའི་བླ་གཉན་དང་བཅས་ན་ནི་འཇམ་རྩིའི་སྣུམ་དེ་བད་ཀན་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་བསྐ་དང།?་བ་དང་ཚ། །ཆད་དང་པ་གཅིན་ལ་བསྐོལ་པ། །པོ་སོན་ཆ
་དང་ཏིལ་མར་དང། །སྐྱུར་བཅས་མས་བཏང་བ་ཡིས་བསལ། །ཞེས་བྱ་བ་ལ། བད་ཀན་དང་འདྲེས་པའི་ནད་དེ་ལ་སྐ་བ་ལ་སོགས་པའི་སྨན་གྱི་སྦྱོར་བ་བྱས་པའི་ཏིལ་མར་རང་སྐྱུར་ལ་སོགས་པའི་སྐྱུར་བག་དང་བཅས་པའི་མས་བཏང་བས
་བསལ་ཅིང་ཐུར་དུ་ད་བྱུང་བར་བྱའོ། །སློན་དང་བརྒྱལ་དང་ཡི་གྲ་འཆུས། །སྙོམ་པར་གཟེར་གཉིད་ཆེས་ཡན་ལག་ན། །མ་ཞུའི་མཚན་མར་ལུས་ཚར་བཅས། །དེ་ནི་འདྲེངས་ཆེས་འདྲེས་ཤེས་བྱ་ཞེས་བྱ་བ་ལ། འདྲངས་ཆེས་?་འདྲེས་?
་གཉན་ནི་སློན་པ་ལ་སོགས་པའི་ཡིན་པར་ཤེས་པར་བྱ་ཞིང། མ་ཞུ་བའི་མཚན་མ་གཞན་དག་ཀྱང་དེ་ལ་འབྱུང་བར་ཤེས་པར་བྱའོ། །དེ་ལ་ཚ་དང་ལན་ཚའི་ཕྱེ། བསྐོལ་བའི་སྨིན་ཆེས་སྨན་དང་ནི། །བཀྲུ་སྨན་འཇམ་པོ་བཏང་བ་དང། །
་མ་ཞུ་ལ་ཕན་ཐམས་ཅད་ཕན། །ཞེས་བྱ་བ་ལ། འདྲངས་ཆེ་སད་པ་དང་འདྲེས་པའི། སྣུམ་དེ་ལ་ནི་སྨན་ཚ་བ་དང་ལན་ཚྭ་རྣམས་ཀྱི་ཕྱེ་མ་དང་བསྐོལ་བའི་ཁུ་བ་སྨིན་ཅིང་འཇུ་བར་བྱེད་པ་སྦྱིན་པ་དང། བཀྲུ་སྨན་འཇམ་པོས་འཁྲུར་གཞུག་པ
་དང། མ་ཞུ་བ་ལ་ཕན་པའི་ཟས་དང་སྤྱོད་ལམ་གང་དག་ཡིན་པ་ཐམས་ཅད་ཀྱང་ཕན་ནོ། །གཅིན་རྟུག་ཕྱེན་ནི་འགགས་པས་ཉེན། །ལུས་ལྕི་ལྟོ་སྦོས་སྙིང་ག་ན། །སྣུམ་དང་བཤད་འདྲེས་ཡིན་ཞེས་བྱ། །དེ་ལ་སྣུམ་དུགས་རིང་བུར་བཅས། །
་དུར་བྱིད་བིལྦ་སོགས་བསྐོལ། །མས་བཏང་དྲགས་དང་འཇམ་རྩི་བཏང། །རྟུག་པ་འགགས་པ་སེལ་བས་ཀྱང། །ཆོ་ག་བཞིན་དུ་ལེགས་པར་བསལ་ཞེས་བྱ་བ་ལ། །གཅིན་དང་རྟུག་པ་དང་འཕྱིན་འགགས་པས་ཉེན་པ་ལ་སོགས་པའི་བརླ
་གཉན་ལས་ནི་སྣུམ་དེ་བཤད་པ་ལ་སོགས་པ་དང་འདྲེས་པ་ཡིན་པར་ཤེས་པར་བྱ། ནད་དེ་ལ་ནི་སྣུམ་དང་དུགས་ཀྱི་ཆོ་ག་བྱ་བ་དང། པོ་སོན་ཆའི་རེང་བུ་གཞུག་པ་དང། ཤ་མདུར་བྱིད་ལ་སོགས་པ་བསྐོལ་བའི་སྦྱོར་བ་བཏང་བ་དང། རྟུག
་པ་འགགས་པ་སེལ་པའི་ཆོ་གས་ཀྱང་ལེགས་པར་བསལ་ཅིང་ཐུར་དུ་དབྱུང་བར་བྱའོ། །ལྟོགས་པ་འམ་གཞན་ནི་སྐྲངས་པ་འམ། ཐུག་པ་རན་པར་འཐུངས་པ་ཡིས། །རྐུབ་ཏུ་སྣུམ་པ་ནི་བཏང་གྱུར་པ། སྡོད་པ་མེད་པར་ཤུགས་ཀྱི་རྒྱུ། །
་དེ་ནས་བོ་སྟོང་མགྲིན་པ་དང། །སྤྱོད་ཀྱི་བུ་ག་དག་ཏུ་འབྱུང་ཞེས་བྱ་བ་ལ། ལྟོགས་ཤིང་ཁ་ཟས་ཅི་ཡང་མ་ཟོས་པའམ། ཡང་ན་གཞང་སྐྲངས་པར་གྱུར་པ་འམ། ཐུགས་པ་འཐུངས་པར་གྱུར་བ་ནི་སྡོང་པ་མེད་པར་རྒྱུ་ཞིང་རོ་སྟོད་དུ་སོང
་ཞིང། སྟོད་གྱི་བུག་མིག་དང། རྣ་བ་དང། སྣ་ལ་སོགས་པ་ལས་འབྱུང་བར་འགྱུར་རོ། །དེ་ལ་དུར་བྱིད་རྒྱ་ཤུག་ནས། །རྒྱ་སྲན་བ་གཅིན་བསྐོལ་བ་དང། །དེ་དང་བསྐོལ་བའི་ཏིལ་མར་ནི། །མས་བཏང
་འཇམ་རྩའི་བཅས་པ་བཏང། །ཞེས་བྱ་བ་ལ་ཉེས་པ་དེ་དུར་བྱིད་ལ་སོགས་པ་དང་བ་གཅིན་བསྐོལ་བའི་མས་བཏང་བ་བྱས་ལ་ཡང་དུར་བྱིད་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་གྱི་འཇམ་རྩི་བཏང་བར་བྱའོ། །ལྐོག་མར་འབྱུང་ལ
་འགགས་པ་དང། །ལྐོག་མ་བསྡམས་ཤིང་སྐྱགས་སྨན་བཏང་སློན་བྲོ་སེལ་བའི་གསོ་བས་ཀྱང། །བཟློག་པ་དག་ནི་དེ་ལ་བྱ་ཞེས་བྱ་བ་ལ། སྣུམ་དེ་ལྐོག་མར་བྱུང་བར་གྱུར་པ་ལ་ནན་གྱིས་དགག་པ་དང་ལྐོག་མ་བསྡམས་པ་ལ་སོགས
་པས་གྱེན་དུ་འབྱུང་བའི་སྣུམ་ངེས་བཟློག་པར་བྱའོ། །སྣུམ་ཆོས་མ་གྱུར་མི་བཏང་སྟེ། དེས་ནི་གཞང་ཁར་ཆགས་གྱུར་ཅིང། །དེ་ལས་ནད་བཅས་རྨོངས་བག་དང། །གཡའ་དང་སྐྲངས་པ་འང་སྐྱེད་པར་བྱེད་ཅིས་བྱ་བ་ལ། འཇམ་རྩིའི
་སྣུམ་ཚོས་པར་གྱུར་པ་ལ་ནི་བཤད་པའི་སྒོ་ནས་བཏང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མཚོས་པའི་སྣུམ་ནི་གཞང་གི་ཁར་ཆགས་ལ་གོས་པར་གྱུར་ལ། དེ་ལས་ནི་རྨོངས་བག་ལ་སོགས་པའི་ནད་བསྐྱེད་པར་འགྱུར་རོ། །དེ་ལམས
་བཏང་རྣོན་པོ་དང། །རྒའི་ལོ་བསྐོལ་ཏིལ་མར་བཏང་ཞེས་བྱ་བ་ལ། དེ་ལྟ་བུའི་ནད་དེ་ལ་གསོ་བ་ནི་མས་བཏང་བ་སྣོན་པོ་དང། ཤིང་ཨརྒའི་ལོ་མ་དང་བསྐོལ་བའི་ཏིལ་མར་བཏང་བར་བྱའོ། །དབུགས་མོ་ཕྱུང་བར་བཅིངས་པ་འམ། །མ
་ལུས་པར་ནི་བཏང་བ་ཡིས། །རླུང་ཞུགས་ནས་ནི་འཁྲུགས་བྱེད་ཅིང། །གཟེར་དང་ན་པ་བསྐྱེད་པར་འགྱུར། །ཞེས་བྱ་བ་ལ་འཇམ་རྩི་ལྒང་པའི་ཁའི་དབུགས་མ་ཕྱུང་བར་བཅིངས་པ་འམ། ཡང་ན་དེར་བླུགས་པའི་སྣུམ་ལུས་པར་བཙིར་ཏེ་བཏང
་བར་གྱུར་ན། རླུང་ཁོང་པའི་ནང་དུ་ཞུགས་ནས་འཁྲུག་པར་བྱེད་ཅིང་གཟེར་བ་ལ་སོགས་པའི་ནད་སྐྱེད་པར་བྱེད་དོ། །དེ་ལ་གཞན་ཁ་བསྐུ་དུགས་བྱ། རླུང་འཇོམས་པ་ཡིས་ཁ་ཟས་བཏང་ཞེས་བྱ་བ་ལ། གཟེར་དང་ན་འབྱུང་བར་གྱུར་པ་དེ་ལ་གཞང་ཁ
་བསྐུབ་ངང?་དུགས་བྱ་བ་དང། རླུང་འཇོམས་པའི་ཁ་ཟས་ཤ་ཁུ་ལ་སོགས་པ་སྦྱིན་པར་བྱའོ། །མྱུར་དུ་བཅུག་ཅིང་ཕྱུང་བ་འམ། །གློ་བུར་དུ་ནི་བཏེག་པ་ཡིས། །རྐེད་པ་གཞང་དང་པརླ་བྱིན་པ། །ཆུ་སེར་རེངས་ཅིང་ན་བར་འགྱུར་ཞེས་བྱ་བ་ལ་།
་འཇམ་རྩིའི་གཅེའུ་དེ་རེངས་ཤིང་མྱུར་དུ་བཅུག་པ་དང། མྱུར་དུ་ཕྱུང་བ་འམ། ཡང་ན་གློ་བུར་དུ་རྐུབ་ཀྱི་སྔས་ལས་བཏེག་པར་གྱུར་ན། རྐེད་པ་ལ་སོགས་པའི་ཡན་ལག་རྣམས་ན་བ་དང་རེངས་པར་འགྱུར་རོ། །དེ་ལ་རླུང་འཇོམས་ཁ་ཟས་དང། །
་དུགས་བསྐུ་འཇམ་རྩིར་བཅས་པ་ཕན་ཞེས་བྱ་བ་ལ། རྐེད་པ་རེངས་པ་ལ་སོགས་པ་དེ་ལ་རླུང་འཇོམས་པ་སེལ་བར་བྱེད་པའི་ཁ་ཟས་སྦྱིན་པ་དང། །དུགས་ལ་སོགས་པ་རླུང་འཇོམས་པར་བྱེད་པ་བྱས་ན་ཕན་ནོ། །འཆིར?་བའི་ཚེན་བར་དུ
་གྲོལ། །རླུང་གིས་གཞང་ལབ?་གནོད་གྱུར་ནས། །བྲང?་དང་མགོ་བོ་གཟེར་ཅིང་ན། བརླ་ཡི་ནད་ཟི་སྐྱེད་པར་བྱེད། ཅེས་བྱ་བ་ལ། །ལྒང་པ་འཆིར་བར་བྱེད་པའི་ཚེ་ན། ལེགས་པར་མ་བསྡམས་པས་པར་དུ་གྲོལ་བར་གྱུར་ན། རླུང་གིས་གཞང
་ལ་གནོད་པ་སྐྱིད་པར་བྱེད་པས། །གྲང་ན་བ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་ལ་བིལྦ་ལ་སོགས་དང། །པོ་སོན་ཆ་དང་དུར་བྱིད་སོགས། བ་གཅིན་དང་ནི་སྦྱར་བ་བཏང་ཞེས་བྱ་པ་ལ། ཉེས་པ་དེ་ལ་བིལྦ་ལ་སོགས་པའི་རྩ་བ་ལྔ་དང། པོ་སོན
་ཆ་དང་དུར་ཕྱི་རོལ་སོགས་པའི་སྡེ་ཚན་པ་གཅིན་དང་སྦྱར་བ་བཏང་བར་བྱའོ། །བཅང་དྲ་བས?་པ་ཡིས་ཁོང་པ་ནི། །མི་འདུག་ལྐོག་མར་འགྱུར་བར་འགྱུར་ཞེས་བྱ་བ་ལ། ལྒང་པ་བཙིར་དྲགས་པར་གྱུར་པ་ལས་ཁོང་པའི་ནད་དུ་སྣུམ་དེ་མི་འཆགས
་པ་འམ་ལྐོག་མར་གྱེན་དུ་འབྱུང་བར་འགྱུར་རོ། །དེ་ལ་མས་བཏང་བཀྲུ་སྨན་དང། །མགུལ་པ་བསྡམས་སོགས་ལས་རྣམས་བྱ་ཞེས་བྱ་བ་ལ། ཉེས་པར་གྱུར་པ་དེ་ལ་འཇམ་རྩིའི་ཁྱད་པར་མོས་བཏང
་པ་དང། །བཀྲུ་སྨན་བཏང་བ་དང་མགུལ་པ་བསྡམས་པ་ལ་སོགས་པའི་ལས་གོང་དུ་བཤད་པ་རྣམས་བྱས་ན་ཕན་ནོ། །བཀྲུ་སྨན་སོགས་པས་དག་བྱས་ནས། །ལུས་དང་ཉམས་སྟོབས་མེ་དྲོད་ཆུང། །སྒོང་གཞོང་ནུ་འམ་ཏིལ་མར་གྱི། ?
་ནི་གང་བ་ཇི་བཞིན་དུ། །གནོད་པར་གྱུར་པ་ཐམས་ཅད་ལས། །སྨན་པས་འབད་དེ་བསྲུང་བར་བྱ་ཞེས་བྱ་བ་ལ། བཀྲུ་སྨན་སོགས་ཞེས་བྱ་བ་སྐྱུགས་སྨན་དང་བཀྲུ་སྨན་དྲག་པོ་མས་བཏང་བའི་ལས་ཀྱིས་དག་ཅིང་ལུས་སྦྱངས
་པར་གྱུར་པས་ལུས་རིད་པ་དང། ཉམས་སྟོབས་ཞན་པ་དང་མེ་དྲོད་ཆུང་བར་གྱུར་པ་ལ་གནོད་པར་གྱུར་པའི་ཟས་དང་སྤྱོད་ལམ་ཐམས་ཅད་ལས་སྨན་པས་འབད་པ་དང་བཅས་པས་བསྲུང་ཞིང་བསྐྱང་བར་བྱ་སྟེ། དཔེར་ན་བྱའོ་སྒོ་ང
་གཞོན་ནུ་མ་སྨིན་པ་འམ་ཏིལ་མར་གྱིས་སྣོད་གང་ལ་བསྲུང་བ་ཇི་ལྟ་བ་བཞིན་དུ་ནད་པ་དེ་སྨན་པས་ཉེ་བར་བསྲུང་བར་བྱའོ། །ཁ་ཟས་མངར་དང་ཡིད་འོང་སྦྱིན། །དེ་འོག་སྐྱུར་དང་ལན་ཆར་བཅས། དེ་ནས་མངར་དང་ཁོ་བ་སྦྱིན། །དེ་འོག་བསྐ་རང
་ཚ་བ་སྦྱིན། །རོ་ནི་སྣམ་དང་རྩུབ་པ་ལྟར་ཕན་ཚུན་གཉེན་པོར་གྱུར་པ་ཡིན། །རིམ་པར་ཉེ་བར་སྦྱར་བ་ཡི། །རིམ་པ་ད་ནི་རྣལ་དུ་དབབ། ཅེས་བྱ་བ་ལ་དེ་ལྟར་སྦྱང་བ་བྱས་ཤིང་དག་པར་གྱུར་པའི་ནད་དེ་ལ། །དང་པོར་མངར་ཞིང་ཡི་གང
་འོང་བའི་ཟས་དང་སྐོམ་དག་སྦྱིན་པར་བྱའོ། །དེའི་འོག་ཏུ་ནི་རོ་སྐྱུར་བ་དང་ལན་ཆ་དང་བཅས་པའི་ཟས་སྐོམ་སྦྱིན་པར་བྱའོ། །དེ་ནས་རོ་མངར་བ་དང། །ཁ་བ་སྦྱིན་པར་བྱའོ། །དེའི་འོག་ཏུ་ནི་ཡང་རོ་བསྒ་བ་དང་ཁ་བ་སྦྱིན་པར་བྱའོ། །
་ངོད་དག་ནི་སྣུམ་པ་དང་རྩུབ་པའི་ཚུལ་དུ་ཕན་ཚུན་གཅིག་ལ་གཅིག་གཉེན་པོར་གྱུར་པ་ཡིན་ཏེ། དེ་ལྟར་རིམ་པར་ཉེ་བར་སྦྱར་བའི་དེ་རིམས་བཞིན་དུ་རང་བཞིན་རྣལ་མ་ལ་དབབ་པར་བྱའོ། །ཀུན་བཟོད་ཉམས་སྟོབས་བརྟན་པ་ནི། །ནལ
་མར་གྱུར་པ་ཡིན་ཞེས་བྱ། ཞེས་བྱ་བ་ལ། དེ་ལ་ནད་པས་ནམ་ཟས་དང་སྤྱོད་ལམ་ཐམས་ཅད་བསྟེན་བཟོད་ཅིང་ཉམས་སྟོབས་བརྟན་པ་ཉིད་དུ་གྱུར་ན་ནད་པ་དེ་རྣལ་མར་གྱུར་པ་ཡིན་པར་ཤེས་པར་བྱའོ།། །།
་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན?་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་ལྔ་པའི་འགྲེལ་པའོ།། །།དེ་ནས་སྨན
་གྱི་ཆེ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། སྨན་རྣམས་ཀྱི་སྤྱིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ལའུ་འདི་བརྩམས་པ་ཡིན་ནོ། །ས་ཕྱོགས་སྐམ་ཞིང་ཆ་མཉམ་པ། གཞི་མཉམ་གཙང་ཞིང་ས་གཞི་བཟང། །དུར་ཁྲོད་ཤིང་ཆེན་ལྟ
་གནས་དང། །གཡང་ས་གྲོག་མ་ཅན་མ་གཏོགས། །འཇམ་ཞིང་ཆུ་ནི་གཡས་ནས་འབབ། །འཇག་མ་དཱུ་རྭ་དང་ལྡན་པ། །མཐོད་ལྕགས་ཀྱིས་མི་མ་སྣང་བ། །ལྗོང་ཤིང་གྲིབ་མས་མ་ཕོག་པ། །ཁ་དོག་བཅུད་ལ་སོགས་དང་ལྡན། །
་སྨན་སྐྱེས་པ་ནི་སྔགས་པ་ཡིན། །འབུས་མ་ཟོས་ཤིང་མེས་མ་ཚིག་།འབྱུང་བ་སོགས་ཀྱི་གནོད་མ་གྱུར། །ཉི་གྲིབ་ཆུ་ལ་སོགས་མ་ཉན། །ཇི་བཞིན་དུས་སུ་བསྟན་གྱུར་པ། །རྩ་བ་ཆེ་ཞིང་གཏིང་དུ་ཟུག་།བྱང་གི་ཕྱོགས་སུ་བརྟེན་པ
་བཟང། ཞེས་བྱ་བ་ལ། སྨན་སྐྱེ་བའི་ས་ཕྱོགས་སྐམ་སེར་གྱུར་ཅིང་རླན་གྱི་ཤས་ཆུང་བ་དྲོ་གང་གི་ཆ་མཉམ་བ་གཞི་མཉམ་ཞིང་མཐོ་སྨན་མེད་པ་གཙང་ཞིང་དག་པས་ས་གཞི་བཟང་བ་སྟེ། །སྣུམ་ཞིང་མདངས་དང་ལྡན་པ་དང། །གནག་པ་དང།
་གསེར་གྱི་མདོག་ཅན་ལ་རོ་མངར་བའི་ས་ཡོད་པ་དང། དེ་བཞིན་དུ་དུར་ཁྲོད་ལ་སེམས་པ་མ་ཡིན་པའི་ས་ཕྱོགས་དང། མཆེད་བརྟེན་ནམ་ཤིང་ཆེན་ཏེ་གྲོང་གི་ཕྱི་རོལ་ན་ཤིང་ཆེན་པོ་གཅིག་པུ་གནས
་པ་དང། ལྷ་གང་སྟེ་ལྷ་རྣམས་ཀྱི་གནས་སུ་བྱས་པའི་ཁང་བ་དང། གཡངས་ས་དང། གང་ཁ་དང། གྲོག་མ་ཅན་གྱི་ལས་སྐྱེས་པ་མ་གཏོགས་པ། འཇམ་ཞིང་ས་ཕྱོགས་ཅུ་བ་ཤས་མེད་པ་དང། ཆུ་གཡས་ཕྱོགས་ནས་འབབ?
་པ་དང། དེ་བཞིན་དུ་འཇག་མ་དང། དུར་བའི་ནེའུ་སིང་གིས་ཁྱབ་ཅིང་གདལ་བ་དང། དེ་བཞིན་གྱི་མཐོང་ལྕགས་ཀྱིས་རྨས་ཤིང་སྣང་པར་མ་གྱུར་པ་དང། ལྗོན་ཤིང་གི་གྲིབ་མས་ཁེབས་པར་མ་གྱུར་པ་དང། གཞན་ཡང་སྦྲུལ་ལ་སོགས
་པས་གདུག་པས་ཕོག་པར་མ་གྱུར་པ་སྟེ། དེ་ལྟ་བུའི་ས་ཕྱོགས་སུ་སྐྱེས་པར་གྱུར་པའི་སྨན་ནི། བསྔགས་ཤིང་ཤེས་པ་ཡིན་པར་བཤད་པར་བྱའོ། །ཡང་སྨན་དེ་ཡང་སྲིན་བུ་རྣམས་ཀྱིས་མ་ཟོས་ཤིང་མ་རྨས་པ་དང། ནགས་ཀྱིས
་མེས་མ་ཚིག་པ་དང། གྲངས་ལྷག་པ་ལ་སོགས་པ་འབྱུང་བའི་གནོད་པ་རྣམས་ཀྱིས་གནོད་པར་མ་གྱུར་པ་དང། ཉེ་མ་དང། གྲིབ་མ་དང། རྒྱལ་སོགས་བསམ་ཉེན་ཅིང་གནོད་པར་མ་གྱུར་པའི་སྨན་དེ་དུས་ཇི་ལྟ་བ་བཞིན་དུ
་བཅུས་པ་དང། རྩ་བ་ཆེ་ཞིང་སའི་གཏིང་དུ་ཟུག་པ་དང། བྱང་གི་ཕྱོགས་ནས་གནས་པ་གང་ཡིན་པ་དེ་བཟང་ངོ། །དེ་ནས་དགེ་བ་ལ་སྤྱོད་ཅིང། །དང་ལྷན་གཙང་སྦྲ་སྨྱུང་བ་བྱས། །སྨན་ནི་ལགས་པར་གནས་པ་བཏུ། །འོ་མར་བཅས
་པ་དུས་སུ་སྤྱར། །བུ་རམ་མར་དང་སྦྲང་རྩི་དང། །པི་པི་ལིང་དང་བྱི་དངག?་།འབྲུ་རྣམས་མ་གཏོགས་འོ་མ་མེད། །འོ་གཅིག་འདས་པར་མ་གྱུར་སྦྱར། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི། བཀྲ་ཤིས་པའི་དོན་ཏེ། །དེ་ལྟར་སྨན
་བཏུབ་དེ་ཡང་སྨན་པ་དགེ་བ་ལ་སྤྱོད་ཅིང་གནས་པ་དང། དད་པ་དང་ལྡན་ཞིང་དང་ཚུལ་བཟང་བ་དང། ཁྲུས་དང། གཙང་སྦྲ་བྱས་པ་དང། སྨྱུང་བ་བྱས་པས་སྨན་ལེགས་པར་གནས་ཤིང་འདུག་པ་བཏུ?་ཞིང་བླང་བར་བྱ་ལ། བཏུས་ནས་ཀྱང་ཡོན་ཏན
་དང་ལྡན་ཞིང་དེ་དང་འཚམ་པའི་སྡོང་དུ་བཅུག་ལ། དུས་སུ་འོ་མ་དང་བཅས་པ་སྦྱར་བར་བྱ། འོ་མ་མེད་པའི་སྨན་ནི་ལོ་གཅིག་འདས་པར་མ་གྱུར་པ་སྦྱར་བར་བྱ་སྟེ། དེ་ལ་བུ་རམ་ལ་སོགས་པའི་ནི་མ་གཏོགས་ཏེ། དེ་དག་ནི་རྙིང་པ་ཉིད་བཟང་པ་ཡིན་ནོ། །འོ་མ
་བ་ནི་ཡར་བ་ཡི། །གཅིན་དང་ལྕི་བསྐྱོན་མེད་ཡིན། །ན་ཚོད་སྟོབས་ལྡན་ལུས་ཟུངས་དང། །རྭ་འཇུག་རྨིག་པ་ལ་སོགས་བཟང། །ཞེས་བྱ་བ་ལ། བ་ཡར་ནི་བེའུ་བཙས་ནས་ཡུན་རིང་པོ་མ་ལོན་པ་སྟེ། དེའི་འོ་མ་ནི་ལྷག་པར་བཟང་བ་ཡིན་ནོ། །བའི་གཅིན་དང་ལྕི་པ་ནི
་ནད་ཀྱི་སྐྱོན་མེད་པ་གང་ཡིན་པ་དེ་བླང་བར་བྱའོ། །ལུས་ཟུངས་ལ་སོགས་པ་ན་ནི་ཚོད་དང་ལུས་ཀྱི་སྟོབས་དང་ལྡན་པའི་བླང་བར་བྱའོ། །སོགས་པའི་སྒྲས་ནི་སྤུ་དང་པགས་པ་ལ་སོགས་པ་བསྡུའོ། །ལན་ཚྭ་མ་གཏོགས་རོ་ལྔ་པོ། །སྨན་ཁུ་ཡི་ནི་སྐྱེ་གནས་ཡིན།།
་ཞེས་བྱ་བ་ལ། མངར་བ་ལ་སོགས་པའི་རོ་ལན་ཚ་མ་གཏོགས་པ་རོ་ལྔ་པོ་ནི་སྨན་གྱི་ཁུ་བ་འབྱུང་བའི་གནས་ཡིན་ཞིང་སྨན་ཁུ་ཞེས་བཏགས་པ་ཡིན་ནོ། །སྨན་ཁུ་ལྡེ་གུ་བསྐོལ་དང་བསྒྲངས། །ཁཎྜ་ཞེས་ནི་བྱ་བ་སྟེ། སྨན་ནི་རྣམ་པ་ལྔ་རུ་བརྟག་།སྔ་མ་བཞིན་དུ་མཐུ
་སྟོབས་ཆེ། །ཞེས་བྱ་བ་ལ། སྨན་ཁུ་ལ་སོགས་པ་ལྔ་པོ་མངར་པ་ལ་སོགས་པའི་དབྱེ་བས་ཕྱེ་བདག་ནི་དབྱ་བ་རྣམ་པ་ལྔར་འགྱུར་ཏེ། སྨན་ཁུའི་སྨན་གྱི་ཁུ་བ་སྟེ། མིང་གི་རྣམ་པར་སྨན་གྱི་བཅུད་ཅེས་ཀྱང་བྱའོ། །ལྡེ་གུར?་ནི་གཤེར་པའི་རྫས་དང་བསྲེས་ཏེ། རྡོ་ལེབ
་ལ་བཏགས་པའོ། །བསྐོལ་བའི་བཅོས་པའི་ཁུ་བ་སྟེ། བསྐོལ་པའི་སྨན་གྱི་ཁུ་བ་ཞེས་བྱའོ། །བསྒྲངས་བ་ནི་སྨན་གྱི་ཁུ་བ་བསྐོལ་བ་སྟེ། མཚན་མོ་འདས་པར་བྱས་པའོ། །སྨན་གཏུམས་ཏེ་བཅུག་ནས་འཕྲལ་དུ་བཙགས་པ་ནི་ཁཎྜ་ཞེས་བྱ་སྟེ། དེ་ལྟར་སྨན་གྱི་ཁུ་པའི
་སྦྱོར་བ་ནི་རྣམ་པ་ལྔ་ཡིན་ནོ། །དེ་ལས་སྔ་མ་བཞིན་མཐུ་སྟོབས་ཆེ་བ་ཡིན་ཏེ། ཁཎྜ་བས་ནི་བ་སྤྲངས་པ་མཐུ་སྟོབས་ཆེ་ལ། །བསྒྲངས་པ་བས་ནི་བསྐོལ་བའོ། །བསྐོལ་བ་བས་ནི་ལྡེ་གུའོ། །ལྡེ་གུ་བ་ནི་སྨན་ཁུ་མཐུ་སྟོབས་ཆེ་བ
་ཡིན་ནོ། །འབྲལ་དུ་བཏུས་ཏེ། བརྡུངས་ནས་ནི། །ཚགས་ལས་བཙིར་ཏེ་བཙགས་པའང། དེ་ཡི་ཁུ་བ་ཞེས་བཤད་དོ། །ཞེས་བྱ་བ་ལ། སྨན་འཕྲལ་དུ་བཏུས་མ་ཐག་རྡོ་ལེབ་སྟེང་དུ་བརྡུངས་ལ་སོགས་པའི་ཚགས་ཀྱིས་བཅིང་བ་ལས། སྨན་གྱི་ཁུ་བ
་གང་ཞིག་བྱུང་བ་དེ་ནི། །སློབ་དཔོན་གྱིས་སྨན་གྱི་ཁུ་བ་ཡིན་ནོ་ཞེས་བཤད་དོ། །ལྡེ་གུ་གཤེར་གྱིས་སྦྲུས་བཏགས་པའོ། །ཞེས་བྱ་བ་ལ། ལྡེ་གུ་ནི་སྨན་གྱི་ཕྱེ་མ་སྐམ་པ་ཉིད་ཆུ་ལ་སོགས་པའི་རྫས་གཤེར་བས་སྦྲུས་ཏེ་བཏགས་པ་དེ་ཉིད་ལ་ལྡེ་གུ
་ཞེས་བྱའོ། །དེ་བསྐོལ་བ་ཡིན་ཞེས་བྱ་བ་ལ། བསྐོལ་བ་ནི་སྨན་དེ་ཉིད་ཕྲ་མོར་བླགས་ཤིང་བཏགས་པ་བཅད་པར་བྱ་བ་ཡང་བཅང་དེ། ཆུའི་ནད་དུ་བསྐོལ་པའི་སྨན་གྱི་ཁུ་བ་དེ་ནི་བསྐོལ་བ་ཞེས་བྱའོ། །བསྒྲངས་པ་མཚན་མོ་བཞག་པ་ཡིན། །ཞེས་བྱ
་བ་ལ་བསྒྲངས་པའི་སྨན་གང་ཆུ་གྲང་མོ་དང་སྤངས་ཏེ་མཚན་མོ་བཞག་པའི་ཞག་ལོན་པ་ནང་པར་བཙགས་པའོ། །ཁཎྜ་འཕྲལ་དུ་སྦྱར་བཏགས་པ། །ཞེས་བྱ་བ་ལ། ཁཎྜ་ནི་སྨན་འཕྲལ་དུ་དྲོན་པོའི་ནང་དུ་སྦངས་ཤིང་མཉེས་ཏེ་བཙགས་པའོ་།དེ་དག
་གི་ནི་ཚད་བརྟགས་པ། །ནང་སོགས་སྟོབས་ལས་སྦྱར་བར་བྱ། །ཞེས་བྱ་བ་ལ། སྨན་གྱི་ཁུ་བ་ལ། སོགས་པ་དེ་དག་གི་ཚང་ཀྱི་ངེས་པར་བརྟག་པ་ནི་ནང་དང་ནང་གཞི་ལུས་ཟུངས་ལ་སོགས་བ་གནོད་པར་བྱེད་པ་ལ་དུས་དང། ཁ་ཟས་དང། རོ་དང། གོམས
་པ་དང། དུས་ཚིགས་ལ་སོགས་པའི་སྟོབས་ལས་དཔགས་ཏེ། ཅི་ཙམ་རན་པའི་ཚད་ཙམ་སྦྱར་བར་བྱའོ། །གཞན་ཡང་སྨན་གྱི་རོ་དང་ནུས་པ་ལ་སོགས་པ་ཡང་ལེགས་པར་བརྟགས་ཏེ་སྦྱར་བར་བྱའོ་།དེ་ཡང་དྲང་སྲོང་གིས་བཤད་པ། །ཚད་གྱི་ངེས་པ
་ཡོད་མིན་ཏེ། །ནང་དང་ལྟོ་ཚ་ཉམས་དང་ནི། །དུས་དང་ཡུལ་ནི་རྣམ་བརྟགས་ཏེ། །དེ་ལྟར་སྨན་ནི་བཏང་བར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་ཚིག་དེ་ཚང་མ་དང་ལྡན་བ་ཉིད་དུ་བསྒྲུབ་པའི་ཕྱིར་དྲང་སྲོང་སྟེ། རྒྱུན་ཤེས་ཀྱི་པུས་བཤད་པ་ནི་ཚད་ཀྱིས་ངེས་པ
་ཡོད་པ་མ་ཡིན་ནོ། །ཞེས་དམ་བཅས་པ་སྟེ། སྨན་གྱི་ཁུ་བ་ལ་སོགས་པ་ནི་ནང་ཀྱི་དུས་སུ་བཏང་བར་བྱ་ལ། དེ་ཡང་ནང་ཀྱི་།དཀྱིལ་དང། ལྟོ?་སྲ་སྙིའི་ཚད་དང། ཉམ་ཆེ་ཆུང་དང། དུས་གྲང་དྲོ་དང། ཐུན་མོང་དང། ཡུལ་སྐམས་དང། རླན་ཅན་དང་ཆ་མཉམ་པ
་སྟེ་དེ་དག་གིས་ཚུལ་ལས་བརྟགས་ནས་བློ་བད?་ལྡན་པའི་སྨན་པས་སྨན་བཏང་བར་བྱའོ། །ཞེས་མཁས་པ་དག་གིས་སྨན་བཏང་བ་ཐམས་ཅད་ཀྱི་ཚད་བསྟན་པའི་ཕྱིར་འདི་སྐད་བཤད་པ་ཡིན་ལ། དེ་ལས་ཀྱང་ཕྱོགས་གཅིག་ཙམ་བཤད་པ་ནི་སྨན་གྱི་ཁུ་བ་སྲང
་བཞི་ནི། འབྲིང་ཚང་ཙམ་དུ་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྨན་གྱི་ཁུ་བའི་འབྲིང་ཚད་ནི་སྲང་བཞི་ཙམ་ཡིན་ནོ། །ཞེས་སློབ་དཔོན་གྱིས་བཤད་ལ་ཡིན་ནོ། །ལྡེ་གུ་ཞོ་གཉིས་དག་དང་བསྲེ། །དེ་ནི་ཆུ་སད་གསུམ་ཀྱི་ཚད། །ཅེས་བྱ་བ་ལ། སྨན་ལྡེ་གུར
་བཏགས་བདེ་དག་གིས་འབྲིང་ཚད་ནི་ལྡེ་གུ་བཞོ་གཉིས་ཙམ་དུ་བྱས་ལ། ལྡེ་གུ་དེ་རྫས་གཤེར་བ་གང་དང་གཏོང་ཡང་གཤིར་སྲང་གསུམ་གྱི་ནང་དུ་བཅུག་སྟེ། བཀྲུགས་ཏེ་བླུང་པར་བྱའོ། །བསྐོལ་བའི་སྨན་ནི་སྲང་གཅིག་བྱ། །བྲེ་བྱེད་ཆུ་བསྐོལ་བཞི་ཆ་ལུས། ཞེས
་བྱ་བ་ལ་སྨན་བསྐོལ་པའི་འབྲིང་ཚད་སྨན་སྲང་གཅིག་ཆུ་བྲེ་ཕྱེད་ཅེས་བྱ་པ་སྲང་བཅུ་དྲུག་གི་ནང་དུ་བསྐོལ་བ་དེ་ལས་བཞི་ཆ་སྟེ། སྲང་བཞི་ལུས་པ་ན་ཕབ་སྟེ་བླུད་བར་བྱའོ། །བསྒྲངས་པ་སྲང་གཅིག་སྲང་དྲུག་གི་ཞེས་བྱ་བ་ལ། བསྒྲངས་པའི་སྨན་ཁུ་ནི་སྨན་སྲང་གཅིག
་ཆུ་ལ་སོགས་པ་གཤེར་བའི་རྫས་སྲང་དྲུག་གི་ནང་དུ་ནུབ་མོ་སྤངས་ཏེ་བླུད་པར་བྱའོ། །དེ་ལས་བཞན་པ་སྲང་བཞི་ཡིན། ཞེས་བྱ་བ་ལ། བསྒྲངས་པའི་སྨན་ཁུ་དེའི་ལས་གཞན་པ་སྟེ། དེའི་འོག་མ་ཁཎྜ་ཞེས་བྱ་བ་ནི་སྨན་གཅིག་དང་ཆུ་སྲང་བཞིར་སྤངས་ལ། བཙགS?
་ཏེ་བླུད་པར་བྱའོ། །སྨན་མར་བསྐོལ་ཚད་མ་སྨོས་པར། །ལྡེ་གུ་སྣུམ་དང་གཤེར་རྗེས་ནི། བཞི་འགྱུར་དུ་ནི་བསྐྱེད་དེ་སྦྱར། །ཞེས་བྱ་བ་ལ། སྨན་མར་བསྐོལ་བ་དེ་དག་དུ་ཚད་མ་སྨོས་པ་དེར་ལྡེ་གུ་རང?་?
་དང་ཆུ་ལ་སོགས་པ་གཤེར་པའི་རྫས་བཞི་འགྱུར་དུ་སྐྱེད་ལ་སྦྱར་བར་བྱའོ། །མར་ལ་སོགས་པའི་སྣུམ་ནི་སྨན་གྱི་ལྡེ་གུའི་བཞི་འགྱུར་བྱ་ལ། ཆུ་ལ་སོགས་པའི་གཤེར་བའི་རྫས་ནི། སྣུམ་གྱིས་བཞི་འགྱུར་གཞུག་པར་བྱའོ། །ཤ་ཆེ་ག?
་ཡིས་བཤད་པ་ནི། །སྣུམ་བསྐོལ་ཆུ་ནི་འབའ་ཞིག་དང། །ཁུ་བ་བསྐོལ་བ་རིམ་བཞིན་དུ། །ལྡེ་གུའི་ཆུ་ནི་བཞི་དང་དྲུག་།བརྒྱད་ནི་རིམས་བཞིན་སྦྱར་བར་བྱའོ། །ཞེས་བྱ་བ་ལ། དྲང་སྲོང་ཤོན་ཀ་ཞེས་བྱ་བར་བཤད་པའི་གཞུང་ནི་སྣུམ་གང་ཆུ
་འབའ་ཞིག་དང་བསྐོལ་བ་དེར་ནི་སྣུམ་ལྡེ་གུའི་བཞི་འགྱུར་གཞུག་པར་བྱ་ལ། གང་སྨན་གྱི་ཁུ་བ་དང་བསྐྱོལ་དེར་?་ལྡེ་གུའི་དྲུག་འགྱུར་དང་བསྐོལ་བར་བྱའོ། །གང་དུ་བསྐོལ་བའི་ཁུ་བ་དང། བསྐོལ་པ་དེ་ནི་ལྡེ་གུ་བརྒྱད་འགྱུར་དངས་སྐྲོལ
་བར་བྱའོ། །ལྡེ་གུ་སོར་མོ་མ་མཇར?་དང། །སྣུམ་ནི་མེར་བཅུག་སྒྲ་མེད་དང། །གང་ཚེ་ཁ་དོག་སོགས་ཕུན་ཚོགས། དེ་ཚེ་དེ་ནི་མྱུར་དུ་དབབ། ཅེས་བྱ་བ་ལ། སྨན་མར་བསྐོལ་པ་ནི་ལྡེ་གུ་སོར་མོ་ལ་དྲིལ་བ་ན་མ་འབྱར་བ་དང། །དེ་བཞིན་དུ་སྣུམ་མེར
་བཅུག་པ་དང། སྒྲ་ཚེག་ཚེག་ཟེར་ག་མི་འབྱུང་བ་དང། དེ་བཞིན་དུ་ཁ་དོག་དང། དྲི་དང། རོ་ཕུན་སུམ་ཚོགས་པར་གྱུར་པ་དེའི་ཚ། སྨན་མར་དེ་ཚོས་པ་ཡིན་པས་དབབ་པར་བྱའོ། །མར་ནི་ལྦུ་བ་དངས་མ་དང། །ཏིལ་མར་སྦུ་པ་བྱུང་བ་དང། །
་ལྡེ་གྲུན་པ་ནལ་པོར་གྱུར་ཅིང། །ཆུ་ནང་འབྱུང་ཞིང་གྱིས་མི་འགྲོ། ཞེས་བྱ་བ་ལ། གཞན་ཡང་མར་བསྐོལ་བ་ལེགས་པར་ཚོས་པར་གྱུར་བ་ན། བསྐོལ་བའི་ལྦུ་དངས་ཤིང་མེད་པར་འགྱུར་རོ། །ཏིལ་མར་བསྐོལ་བ་ལེགས་པར་ཆོས
་ང་ནི་སྦུ་བ་འབྱུང་བར་འགྱུར་རོ། །ལྡེ་གུ་བསྐོལ་བ་ཚོས་པ་ན་ནི་སོར་མོས་མཉེས་པ་ན། རྒྱུན་ནལ་ནལ། པོར་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་ཆུའི་ནང་དུ་བཅུག་པ་ན་འོག་ཏུ་འབྱིན་ཞིང་ཕན་ཆུན་འགྱེད་པར་མི་འགྱུར་གྱི། །གཅིག་ཏུ་འདུས
་ཏེ་གནས་པར་འགྱུར་རོ། །ཚོས་པའི་ཚད་ནི་རྣམ་གསུམ་སྟེ། །འཇམ་ཚོས་འབྱར་བག་འབྱར་ལ་རྩུབ། །ཅེས་བྱ་བ་ལ། སྣུམ་ཚོས་པའི་ཚད་ནི་རྣམ་པ་གསུམ་སྟེ། འཇམ་པོར་ཚོས་པ་དང། འབྱུར་བག་དང། འབྱར་བག་རྩུབ་པའོ་།འམ་ཚོས་ཚིགས་མ་ལྡེ་གུ་འདྲ།
་འབྱུང་བག་སྦྲང་རྩི་ལྟ་བུ་ཡིན། །ཅུང་ཟད་ཚིག་ཅིང་མདོག་གནང་པར། །སྣང་གྱུར་དེ་ནི་ཐ་མ་ཡིན། །ཞེས་བྱ་བ་ལ་གསུམ་པོ་ད་དག་ལས་ཀྱང། འཇམ་པོར་ཚོས་པ་ནི་འོག་གི་ཚིགས་མ་ལྡེ་གུ་འདྲ་བར་གྱུར་པ་ཡིན་ནོ། །པར་མ་འབྱར་བག་ཅན་ནི
་བཙོས་པ་ན་སྦྲང་རྩི་ལྟར་འབྱར་བར་སྣང་བ་ཡིན་ནོ། །འབྱར་བག་རྩུབ་པོར་གྱུར་པ་ནི་ཅུང་ཟད་ཚིག་པར་འགྱུར་ཅིང། །གཟར་བུས་ཆགས་པ་རྩུབ་ལ་མདོག་གནག་པར་གྱུར་པ་ཡིན་ནོ། །དེ་ལས་འདས་པ་དོན་མི་བྱེད། །མ་ཚོས་མེ་དྲོད་ཉམས་པར་བྱེད།།
་ཅེས་བྱ་བ་ལ། དེ་ལྟར་ཚོས་ཐམས་འབྱར་བག་རྩུབ་པ་དེ་ལས་ཀྱང་?་གྱུར་ཅིང་སྣུམ་ཚིག་པར་གྱུར་པ་ཡིན་སྨན་གྱི་དོན་བྱེད་པ་མི་ནུས་ཏེ་ནུས་པ་དང་འབྲལ་བར་འགྱུར་རོ། །ཤིན་ཏུ་མཚོས་པ་ནི་ཕོ་བའི་མེ་དྲོད་ཉམས་པར་བྱེད་དོ། །འཇམ་ཚོས་སྣང་བཏང་རྩུབ
་པས་བསྐུ། བཏུང་དང་འཇམ་རྩི་འབྱར་བག་བྱ། ཞེས་བྱ་བ་ལ། སྨན་སྣ་ནས་གཏོང་བ་བསྐོལ་བའི་ཚད་ནི་དང་པོ་འཇམ་ཙམ་དུ་ཚོས་ཕ་བཏང་བར་བྱའོ། །ལུས་བསྐུ་བ་ལ་ནི་ཐ་མ་སྨིན་པ་རྩུབ་བར་གྱུར་བས་བསྐུ་བར་བྱའོ། །སྨན་མམ་བཏང་བ་དང། འཇམ
་རྩི་བཏང་བ་ལ་ནི་བར་མ་འབྱར་བག་ཅན་བཏང་བར་བྱའོ། །ཤ་ན་ཀར་ཤ་ལག་མཐིལ་དང། །སྦར་གང་ཕུལ་བྲེ་ཨ་ད་ཀ་།དྲོན་བ་ཧ་རིམས་བཞིན་དུ་བཞི་འགྱུར་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ལ། ཤ་ན་མ་ཤ་བཞི་སྟེ། འཇིག་རྟེན་པ?་དུག?་ནི
་མ་ཤ་དྲུག་ལ་ཤན་གཅིག་ཏུ་འདོད་དོ། །ཤ་ན་དེ་བཞི་ལ་ཀར་ཤ་སྟེ། །ཞོ་གཉིས་ཡོད་ལ། དེ་ཉིད་ནི་ལག་མཐིལ་ཞེས་བྱ་བའི་ཚང་ཡིན་ནོ། །ལག་མཐིལ་དེ་བཞི་ལ་ནི་སྦྱར་གང་ཞེས་བྱ་བ་ཡིན་ནོ། །སྔར་བ
་བཞི་བ་ནི་ཕུལ་གང་ངོ། །ཕུལ་བཞི་ལ་བྲེ་གང་ངོ། །བྲེ་བཞི་ལ་ཨ་དཀའ་ཨོ། ། ད་ཀ་བཞི་ལ་ནི་དྲོ་ནའོ། །དྲོ་ན་བཞི་ལ་བ་ཧ་ཞེས་བྱའོ། །རློན་པ་གཉིས་འགྱུར་སྦྱར་བྱ་ཞིང། །གཤེར་བ་ཕུལ་གང་སོགས་ཏེ་སྦྱིན། །ཞེས་བྱ་པ་ལ། སྨན་གཤེར་བ་རྣམས་ནི་ཇི
་སྐད་སྤོས་པའི་ཚད་ཤ་ན་ནས་བ་ཧའི?་བར་དུ་ཉིས་འགྱུར་གཞུག་པར་བྱའོ། །དེ་ལ་ཡང་ཏུ་ལ་ཞེས་བྱ་བ་སྲང་བརྒྱ་དང། །བྷ?་ར་ཞེས་བྱ་བ་ཁུར་གཅག་སྟེ། །དེ་གཉིས་ནི་སྲང་བརྒྱ་དང་ཁུར་གཅིག་ཁོ་ནར་བྱ་ཡི་རློན་པ་ཡང་ཉིས་འགྱུར་དུ་མི་བྱའོ། །ཡང
་ཆུ་དང་འོ་མ་ལ་སོགས་པ་གཤེར་བའི་རྗེས་ནི་རློན་པ་ལ་སོཌ?་ཡན?་ཆད?་ཀྱང་དེ་བཞིན་དུ་ཉིས་འགྱུར་དུ་སྦྱར་བར་བྱའོ། །བཏགས་ཏེ་སྦྲུས་དང་གཤེར་མེད་པའི། སྣུམ་བསྐོལ་བ་ལ་ཆུ་གཞུག་བྱ། ཞེས་བྱ་བ་ལ། སྨན་བཏགས་ཏེ་སྤྲུས་པ་ལ་ནི་བཏགས་པ་སྟེ།
་སྦྲུ?་བའི་ཕྱིར་ཆུ་གཞུག་བར་བྱ་ལ། དེ་བཞིན་དུ་གཤེར་བའི་རྗེས་མེད་པའི་སྣུམ་བསྐོལ་པ་ལན་ཆུ་ཉིད་དང་སྦྱར་ཞིང་གཞུག་བཔར་བྱའོ། །གང་དུ་ཚང་ནི་མ་བཤད་པ། །དེ་ར་ནི་ཆ་མཉམ་སྦྱར་བར་བྱ། ཞེས་བྱ་བ་ལ། སྨན་གྱི་སྦྱོར་བ་ཕྱེ་མ་དང། སྨན
་བསྐོལ་པའི་ཁུ་བ་དང། མར་དང། ཏིལ་མར་ལ་སོགས་པའི་སྨན་གྱི་ཚད་ངེས་པ་མ་སྨོས་དེ་དག་ཆ་མཉམ་ཁོ་ནར་བྱའོ། །ཤ་ན་གཉིས་ལ་བ་ཏ་ཀ་།གཉིས་ཀར་ཤ་ཀོ་ལ་དང། ཁ་རུ་ར་དང་དྲང་འཁྲུ་མེད། །ཅེས་བྱ་བ་ལ། དེ་ལ་ཞོ་ཕྱེད་ལ་ནི་ཤན་སྟེ། ཤན
་གཉིས་པ་ལ་ཏོ?་ཀ་གཅིག་གོ་།པ་ཏ་ཀ་གཉིས་ལ་ནི། ཀར་ཤ་དང། ཀོ་ལ་དང། བ་རུ་ར་དང། དྲང་འཁྲུ་མེད་ཅེས་བྱ་བའི་མིང་གི་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། །ཀྵ་པི་རྩུ་སུ་བ་ར་རྣ། །ལག་མཐིལ་ཁམ་ཚང་བྱི་ལའི། སྡེར། །ཏིལ་དུ་ཀ་དང་ལག་པའི་ཆད། སྒྲ་གཞན
་དོན་ནི་གཅིག་པ་ཡིན། །ཞེས་བྱ་བ་ལ། ཡང་ཀར་ཤ་དེ་ཉིད་ནི་ཨཀྵ་དང་པི་ཙུ་ནས་ལག་པའི་ཚང་ཅེས་བྱ་བའི་བར་གྱི་སྒས་བསྟན་པ་ཡིན་ཏེ། དེ་དག་ནི་དོན་གཅིག་ལ་མིང་གི་རྣམ་གྲངས་ཀྱིས་སྒྲ་གཞན་དུ་བསྟན་པ་ཡིན་གྱི་དོན་ཐ་དད་པ་ནི་མ་ཡིན་ནོ། །ཤུ་ཏི་བརྒྱད
་པ་པི་ཙུ་ཡིན་།ཞེས་བྱ་པ་ལ། ཀར་ཤ་གཉིས་ལ་ནི་ཤུག་སྟི་སྟེ་དེ་ཉིད་ནི་མིང་བརྒྱད་པ་དང་བི་ཙུ་ཞེས་བྱའོ། །སྲང་གཅིག་བིལྦ་དྲ་ཀུཉྫ། །སྦར་གང་ཨ་མྲ་བཞི་པོ་ཡིན། །ཞེས་བྱ་བ་ལ། སྲང་གི་རྣམ་གྲངས་ནི། བིལྦ་དང། བྲ་ཀུཉྫ་དང། སྦར་གང་དང་ཨ་མྲ་དང། བཞི་པ
་ཞེས་བྱ་བ་ཡིན་ནོ། །སྲང་གཉིས་ཁྱོར་གང་དེ་གཉིས་ལ། །སྙིམ་གང་དེ་གཉིས་མ་ནི་ཀ་།ཞེས་བྱ་བ་ལ། ཁྱོར་གང་ལ་སྲང་གཉིས་ཡོད་པར་ཤེས་པར་བྱ་སྟེ། ཁྱོར་གཉིས་ལ་སྙིམ་པ་གང་ཡིན་ཏེ། སྙིམ་པ་གཉིས་ལ་ནི་མ་ཀ་ཞེས་བྱ་བའི་ཚད་ཡིན་ནོ། ། ད་རྐ་དང
་སྣོད?་གན?་ས། །དྲོན་ཀུན་པ་བུམ་ཆེན་ཡིན། ཞེས་བྱ་བ་ལ། ཨ་ད་ཀ་ཞེས་བྱ་བ་བྲེ་གཞི་པའི་མིང་གི་རྣམ་གྲངས་ནི། སྣོད་དང་ཀན་ས་ཞེས་བྱ་བ་ཡིན་ལ། དྲོན་ཞེས་བྱ་བ། བྲེ་བཅུ་དྲུག་པའི་བྲེ་བྲོ་ཆེའི་ཚད་ཀྱི་མིང་གི་རྣམ་གྲངས་ནི། ཀུམ་པ་དང། གང?་ཞེས་བྱ་བ། བུམ་པ
་ཆེན་པོ་ཡིན་ནོ། །ཏུ་ལ་སྲང་ནི་བརྒྱ་ཡིན་ཏེ། །དེ་ཉི་ཤུ་ལ་ཁུར་དུ་བཤད། ཅེས་བྱ་བ་ལ། ཏུ་ལ་ཞེས་སྨོས་པ་ནི། སྨན་སྐམ་པའམ། རློན་པ་རྫས་གཤེར་བ་ཡིན་ཡང་རུང་ཏེ། སྲང་བརྒྱའི་ཚད་ཡིན་པར་ཤེས་པར་བྱའོ། །སྲང་བརྒྱ་ཕྲག་ཉི་ཤུ་ལ་ནི། བྷ་ར་ཞེས་བྱ
་བ་ཁུར་བུའི་ཚད་ཡིན་པར་ཤེས་བྱ་སྟེ། བྷ་ར་ཞེས་བྱ་བའི་དེ་ནི་སྐམ་པོ་འམ། རློན་པའམ། ཁུ་བའི་ཚད་གང་ཡང་རུང་སྟེ། ཏུ་ལ་དང་འདྲ་བར་སྲང་བརྒྱ་ཕྲག་ཉི་ཤུ་ཁོ་ན་ལ་བྱའི། ཉིས་ལྡབ་ཏུ་གཞན་ལྟར་མི་བགྲང་ངོ། །གངས་ཅན་འབིགས་བྱེད?་རི་ཡིས་ནི། ས
་གཞི་ཕན?་ཆེར་ཁྱབ་པ་ཡིན། །དེ་ལས་དང་པོ་བསིལ་ཞིང་པ་ན། །འབིགས་བྱེད་སྨན་ནི་མེའི་རང་བཞིན། །ཞེས་བྱ་བ་ལ། རི་བོ་གངས་ཅན་དང། རི་བོ་འབིགས་བྱེད་གཉིས་ཀྱི་རང་བཞིན་གྱིས་གཞི་འདི་ལ་ཕལ་ཆེར་ཁྱབ་པ་ཡིན་ལ། དེ་གཉིས་ཀྱི་ནད་ནས་དང་པོ
་སྟེ། རི་ཁ་བ་ཅན་ལས་སྐྱེས་པའི་སྨིན་རྣམས་ནི་རང་བཞིན་བསིལ་ཞིང་ཕན་པ་ཡིན་ཏེ། དེ་ནི་ཞི་ཞིང་གྲང་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །འཇིགས་བྱེད་ཀྱི་རིའི་རང་བཞིན་ནི་དྲོ་བ་ཡིན་པའི་ཕྱིར་མེའི་རང་བཞིན་རྫུན?་ཡིན་པར
་ཤེས་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག?་གྲུབ་པའི་གནས་ཀྱི་ལེའུ་དྲུག་པའི་འབྲེལ་པ་སྟེ། །གནས་ལྔ་པའི་འགྲེལ་པ?
་རྫོགས་སོ།། །།དེ་ནས་བྱིས་པ་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། །རྒྱུད་ཀྱི་གནས་ལྔས་ནི་ཡན་ལག་གི་གཙོ་བོས་ལུས་ཀྱི་གསོ་བ་བཤད་པ་ཡིན་ལ། ཡན་ལག་ལྷག་མ་བདུན་པོའི་ནད་ནི་རྟག་ཏུ་འབྱུང་ཞིང་རྟོགས་ཤིང
་ཤེས་པར་དཀའ་བ་ཡིན་པར་བཤད་ལ། དེས་ན་བྱིས་པ་གསོ་བ་ལ་སོགས་པའི་ཡན་ལག་ཅུང་ཟད་ཙམ་བསལ་བས་ངེས་པར་བསྟན་པར་བྱ་བའི་ཕྱིར་རྒྱུད་ཕྱི་མ་ཞེས་བྱ་བ་གནས་ཀྱི་མཆོག་བརྩམས་པ་ཡིན་ནོ། །དེ་ལས་ཀྱང་བྱིས་པ་གསོ
་ཞིང་རིམ་གྲོང་བྱ་བའི་ཕྱིར་ཐོག་མ་ཁོ་ནར་བྱིས་པ་གསོ་བ་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །བྱིས་པ་གསོ་ཞིང་བསྙན་བཀུར་བའི་དབང་དུ་བྱས་པའི་གཞུང་ནི་བྱིས་པ་གསོ་བའི་ལེའུ་སྟེ། དེ་བཤད་པར་བྱའོ། །ཞེས་བྱ
་བའོ། །རྒྱུན་ཤེས་གྱི་བུ་ལ་སོགས་པ་དང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ལ། ཡང་སྔ་མ་བཞིན་བཤད་པར་བྱ་སྟེ། བདག་ཉིད་ཀྱིས་རང་བཟོ་བྱས་ལམ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་མདོའི་ཚིག་འདི་སྨོས་པ་ཡིན་ནོ། །བྱིས་པ་བཙས་མ་ཐག་ཁྲུ་མ།
་བསལ་ཏེ་རྒྱམ་ཚམ་མར་ཁུ་སྦྱང། །དེའི་འོག་བཅེས་པས་སྡུག་བསྔལ་ལ། །བ་ལའི་ཏིལ་མར་བླུགས་པར་བྱ། ཞེས་བྱ་བ་ལ། བྱིས་པ་མངལ་ནས་བཅིས་མ་ཐག་ཏུ་ཁྲུ་མ་ཞེས་བྱ་བ་དེ་བསལ་ཞིང་བྱི་བར་བྱ་སྟེ། དེ་ཡང་གཞུང་ལས་གང་གིས་བཀྲིས་ནས་བྱིས་པ་སྐྱེས་ཁྲུ
་མ་ཞེས་ནི་བྱ་བ་ཡིན། །ཞེས་བཤད་པ་ཡིན་ཏེ། དེ་བསལ་ཞིང་ཕྱིས་ལ་རྒྱམ་ཚ་དང་མར་དུ་སྦྱར་བར་བསྐུ་ཞིང་ཕྱི་བར་བྱའོ། །དེའི་འོག་ཏུ་བཙས་པའི་ཆོ་སྡུག་བསྔལ་ཞིང་ཉམ་ཐག་པ་དེ་བསལ་བར་བྱ་བའི་ཕྱིར་པ་ལའི་ཏིལ་མར་ཇི་སྐད་བཤད་པར་ལུས་ལ་བླུགས་པ
་བྱའོ། །དེ་ནི་སྣ་བའི་དྲུང་དུ་ནི། །རྡོ་གཉིས་བསྡུངས་པ་སྤྱད་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་རྣ་བ་སྦྱང་བའི་ཕྱིར་བྱིས་པ་དེའི་རྣ་བའི་དྲུང་དུ་རྡོག་གཉིས་བརྡབ་ཅིང་པ་རྡུང་པ་ཉེ་བར་སྤྱད་ཅིང་སྒྲ་སྒྲགས་པར་བྱའོ། །དེ་ནས་དེ་ཡི་རྣ་བ་ནི། གཡས་པར་སྔགས་འདི་བརྗོད་པར
་བྱ། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བྱིས་པ་དེའི་རྣ་བ་གཡས་པའི་རྩ་བར་སྦུགས་འདི་བརྗོད་པར་བྱའོ། །ཡན་ལག་ཡན་ལག་ལས་བྱུང་ཁྱོད། །སྙིང་ལས་མངོན་པར་སྐྱེས་པ་ཡིན། །བདག་ཉིད་བུ་ཞེས་བྱ་བ་ཁྱོད། །ལོ་བརྒྱར་ཡང་དག་འཚོ་གྱུར་ཅིག། །ལོ་བརྒྱ་ཐུབ
་ཅིང་སྟོན་བརྒྱ་འཚོ། །ཚེ་རིང་བ་ནི་ཐོབ་གྱུར་ཅིག་།སྒྱུ་སྐར་ཕྱོགས་དང་མཚན་མོ་དང། །ཉིན་མོས་ཁྱོད་ནི་བསྲུང་བར་ཤོག་།ཅེས་བྱ་བ་ནི་རེག་བྱེད་ལས་དེ་བཤད་པའི་སྔགས་ཀྱིས་ཚིགས་སུ་བཅད་པ་ཡིན་ཏེ་དེ་བརྗོད་པར་བྱའོ། །བདེ་བར་གྱུར་ནས་ལྟེ་བ་ནི། སོར
་བཞི་འོག་ཏུ་སྲང་བུས་བཅིང། །དེ་ཡི་འོག་ཏུ་བཅང་ནས་ནི། །ལྟེ་བ་ལ་ནི་བསྟོད་དེ་བཞག། ཅེས་བྱ་བ་ལ། བྱིས་པ་དེ་མངལ་ནས་བཅས་པའི་སྡུག་བསྔལ་ཉེ་བར་ཞི་བའི་རང་བཞིན་རྣམ་པར་འདུག་པའི་བདེ་བ་ཐོབ་པའི་འོག་ཏུ། ལྟེ་བ་འཕྱང་བའི་སོང་བཞིའི་འོག་ཏུ
་སྲང་བུས་ལེགས་པར་བཅིངས་པའི་གོང་དུ་མཚོན་རྣོན་པོས་བཅད་དེ་ལྟེ་བའི་ལྟག་པར་སྡུད་དེ་བསྟོད་པར་བྱའོ། །དེ་འོག་ལྟེ་བ་རུ་རྟ་ཡི། །ཏིལ་མར་གྱིས་ནི་བསྐུ་བར་བྱ། ཞེས་བྱ་བ་ལ། དེ་ནས་བྱིས་པ་དེའི་ལྟེ་བ་རུ་རྟ་དང་བསྐོལ་བའི་ཏིལ་མར་གྱིས་ནི་བསྲུང་བར
་བྱའོ། །འོ་མ་ཅན་ཤིང་བསྐོལ་ཆཱུམ། དྲི་ཞིམ་བཅུང་ལྡན་ཆུ་དག་ནི། །གསེར་རམ་དངུལ་ནི་བསྲེགས་པ་ཡི། །བསྲོས་པའི་དྲོ་འཇམ་ཆུ་ཡིས་བསྐུ། །ཞེས་བྱ་བ་ལ། དེ་ལྟར་བསྐུས་ནས་དེའི་རྗས་ལ?་།འོ་མ་ཅན་གྱི་ཤིང་གང་ཡང་རུང་བ་བསྐོལ
་བའི་ཁུ་བས་བཀྲུ་བར་བྱ་སྟེ། འོ་མ་ཅན་གྱི་ཤིང་ནི། ཨུ་དུམྦུ་ར་ཨ་ཤྭཏྠ། །པཱ་ཀཱ་དང་ནི་ནྱ་གྲོ་དྷ། །པི་པི་ལིང་འདི་ལྔ་པོ་འདི། །འོ་མ་ཅན་གྱི་ཤིང་དུ་བཤད། ཅེས་བྱ་བ་ཡིན་ནོ། །ཡང་ན་དྲི་ཞིམ་པོ་ཐམས་ཅད
་དང་སྦྱར་བའི་ཆུའི་ནང་དུ་གསེར་རམ་དངུལ་གང་ཡང་རུང་བ་བསྲེགས་པས། གསུར་ལ་དྲེ་འཇམ་ཙམ་དུ་བསྲོས་པས་བཀྲུ་བར་བྱའོ། །དེ་ནས་འཛུབ་མོ་གཡས་པ་ཡི། །དཀྲིས་པས་རྐན་ནི་བཏེགས་ནས་ཀྱང། །མགོ་བོར་རས་བལ་སྣུམ་ཅན
་གཡོག་།ཅེས་བྱ་བ་ལ། དེའི་འོག་ཏུ་སྨན་པའི་འཛུབ་མོ་གཡས་རས་བལ་གྱི་ཡེའུ་དཀྲིས་པས་བྱིས་པའི་རྐན་ལེགས་པར་བཏེག་ལ་འགོ་བོའི་སྟེང་ནས་རས་བལ་སེམ་གྱིས་བཀབ་ཅིང་གཡོག་པར་བྱའོ། །བློ་དང་ཚེ་དང་སྟོབས་བསྐྱེད་པའི་ཕྱིར། །
་ཤུ་དག་བྲ་ཧི་མ་པི་ཤ་ལི། །ཤཾ་ཀ་པུས་པའི་ལྡེ་གུ་ནི། །མར་དང་སྦྲང་རྩི་བཅས་པ་དག་།སྔགས་བཏབ་ཧ་རེ་ནུ་ཙམ་སྦྱིན། །ཞེས་བྱ་བ་ལ། དེ་ནས་བྱིས་པ་དེའི་བློ་དང་ཚེ་དང་སྟོབས་བསྐྱེད་པའི་ཕྱི་ཤུ་དག་དང་བྲ་ཧི་མ་ལ་སོགས་པ་བཏགས་པའི
་ལྡེ་གུ་སྦྲང་རྩི་དང་མར་སྦྱར་བ་ཧ་རེ་ནུའི་ཚད་ཅམ་འཇག་མའི་རྩེ་མོ་ལ་སྔགས་ཀྱིས་བཏབ་ཅིང་མངོན་པར་བཟླས་སྟེ། གསེར་གྱི་སྣོད་དུ་སྦྱིན་པར་བྱའོ། །གསེར་དང་ཤུ་དག་མུན་མན་དང། །མ་ནུ་ཨ་རུ་རའི་ཕྱེ་མ་འམ། །གསེར་དང་སྐྱུ་རུའི
་ཕྱེ་མ་དང། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་གསེར་ལ་སོགས་པ་ཕྱེ་མར་བཏགས་པ་སྦྲང་རྩི་དང་ལྡེ་གུ་སྦྱར་བ་འམ་ཡང་ན་གསེར་དང་སྐྱུ་རུ་རའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་གང་ཡང་རུང་བ་དེ་བློ་དང་ཚེ་དང་སྟོབས་བསྐྱེད
་པའི་ཕྱིར་སྦྱིན་པར་བྱའོ། །ད་ནས་མདལ་ཆུ་རྒྱ་ཚྭ་ནི། །མར་དང་བཅས་པས་སྐྱུག་ཏུ་གཞུག་།ཅེས་བྱ་བ་ལ། དེ་ལྟར་ལྡེ་གུང་སྦྱིན་པའི་རྗེས་ལ་རྒྱ་མཚྭ་དང་སྦྱར་བའི་མར་སྦྱིན་ལ། །མངལ་གྱི་གནས་ན་གནས་པའི་ཚེ་ཆུ་གང་དག་སོགས་པ་དེ
་སྤོན་དུ་གཞུག་པར་བྱའོ། སྐྱེ་དགུའི་བདག་པོའི་ཆོ་ག་ཡིས། །བཙས་པའི་ཆོག་བྱེད་དུ་གཞུག་།ཅེས་བྱ་བ་ལ། དེ་ནས་སྐྱེ་དགུའི་བདག་པོས་བཤད་པའི་ཚིག་རིག་བྱེད་ཀྱི་གསང་ཚིག་ལས་བཤད་པའི་བཅས་པའི་ཆོ་ག་བྱེད་དུ་གཞུག་གོ།
་སྙིང་ལ་གནས་པར་རྩ་རྣམས་ནི། །བཙས་ནས་ཁ་ནི་དབྱེ་བའི་ཕྱིར། །ཉི་མ་གསུམ་པ་འམ་བཞི་པ་ལ། །བུད་མེད་ཀྱི་ནི་ནུ་ཞོ་འབྱུང། །ཞེས་བྱ་བ་ལ། བུད་མེད་བུ་བཅས་པའི་སྙིང་པ་གནས་པའི་རྩ་རྣམས་བཙས་པའི་དབང་གིས་ཁ་དབྱེ
་བའི་ཕྱིར། བཅས་ནས་ཉི་མ་གསུམ་བཞི་པ་ལ་ནུ་ཞོ་འགྱུར་བར་འགྱུར་རོ། །དེ་ནས་ཉིན་ཞག་དང་པོ་ལ། །དུས་གསུམ་དུ་ནི་སྦྲང་རྩི་མར། །བྱི་ཆེར་བ་དང་སྦྱར་བ་ལ། སྔགས་གྱིས་བཏབ་སྟེ་བྱིས་པ་སྦྱིན། །ཞེས་བྱ་བ་ལ། གང་གི་ཕྱིར་དེ་ལྟར
་དེ་ནི་ཉིན་ཞག་དང་པོ་ལ་ཕྱི་ཚེར་བ་དང་སྦྱར་བའི་མར་དང་སྦྲང་རྩི་ལ་སྔགས་ཀྱིས་བཏབ་སྟེ། བྱིས་པ་ལ་དུས་གསུམ་དུ་སྦྱིན་པར་བྱའོ། །གཉིས་པ་དང་ནི་གསུམ་པ་ལ། །ལཀྵི་མ་དང་བསྐོལ་མར་བླུད། །ཅེས་བྱ་བ་ལ། བཙས
་ནས་ཉི་མ་གཉིས་པ་ལ། ལཀྵི་མ་ཞེས་བྱ་བའི་སྨན་དང། བསྐོལ་བའི་མར་ལ་སྔགས་ཀྱིས་བཏབ་པ་དུས་གསུམ་དུ་ན་སྦྱིན་པར་བྱའོ། །ཉི་མ་གསུམ་པ་ལ་ཡང་མར་དེ་ཉིད་ལ་སྔགས་ཀྱིས་བཏབ་པ་དུས་གསུམ་དུ་སྦྱིན་པར་བྱའོ། །
་དེ་ནས་དང་པོར་ནུ་ཞོ་ནི། །བཀག་པ་དེ་ལ་མར་སར་ནི། །ཞོ་གཉིས་ཙམ་གྱི་ཚད་སྦྱིན་ཞིང། །ནུ་ཞོ་དུས་གཉིས་བླུད་པར་བྱ། ཞེས་བྱ་བ་ལ། དེའི་འོག་ཏུ་དང་པོར་ནུ་ཞོ་མི་བླུད་པར་བཀག་པའི་བྱིས་པ་དེ་ལ་མར་སར་ཞོ་གཉིས་ཙམ
་ཀྱི་ཚོད་བྱིན་ལ། དེའི་རྗེས་ལ་ནུ་ཞོ་སྔགས་ཀྱིས་བཏབ་ལ་སྦྱིན་པར་བྱའོ། །མ་ཉིད་ཀྱིས་ནི་ནུ་ཞོ་བླུད། །དེ་ཡི་ལུས་ནི་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། ནུ་ཞོ་དེ་ཡང་མ་ཁོ་ནའི་བླུད་པར་བྱའོ། །གཞན་གྱིས་བླུད་པར་མི་བྱེད་སྟེ། ཅིའི་ཕྱིར་ཞེ་ན།
་མའི་འོ་མ་དེ་ནི་བྱིས་པའི་ལུས་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ནོ། དེ་མེད་མ་མ་ཤིན་ཏུ་བྱམས། །སྐྱོན་མེད་འཁྲིག་པ་སྤངས་པ་དང། །རིགས་དང་རང་བཞིན་དེ་དང་མཉམ། །ནད་མེད་ན་ཚོད་དང་ལ་བབ། །བུམ་ཤིང་སྙིང
་བརྐམ་ཆགས་མེད། །གཉིས་ཀྱིས་འོ་མ་བླུད་པར་བྱ། ཞེས་བྱ་བ་ལ། མའི་འོ་མ་དེ་མེད་པར་གྱུར་ན། མ་མ་བྱིས་པ་ལ?་ཤིན་ཏུ་བྱམས་ཤིང་བརྩེར་བ་ལ་ལུས་ལ་སྐྱོན་མེད་ཅིང་འོན་པ་དང་ཞར་བ་མ་ཡིན་ཞིང་ཡན་ལག་མ་ཚང་བ་མེད་པ་དང། འཁྲེག
་པ་སྤངས་ཤིང་སྐྱེས་པ་དང། ཉལ་པོ་སྤོང་བ་དང། རིགས་དང་རང་བཞིན་བྱིས་པ་དེ་དང་མཉམ་པ་དང་ནད་མེད་ཅིང་བདེ་བར་གནས་པ་དང། དར་ལ་བབ་ཅིང་བྱིས་པ་དང། རྒས་པ་མ་ཡིན་པ། སྔོན་ཆད་བུ་ཤིན་མྱོང་ཞིང་བུ་འཚོ་བ་དང། བརྐམ
་ཆགས་ཀྱི་ཞེན་པ་ཆུང་བའི་མ་མ་གཉིས་བསྐོས་ལ། དེའི་འོ་མ་བླུད་པར་བྱའོ། །དེ་གཉིས་ཟས་དང་སྤྱོད་ལམ་ནི། །ཕན་པས་འབད་དེ་གསོ་བར་བྱ། ཞེས་བྱ་བ་ལ། མ་མ་གཉིས་ཟས་དང་སྤྱོད་ལམ་ཕན་ཞིང་གནོད་པ་མེད་པ་དག་གིས་འབད་པས
་གསོ་ཞིང་བསྙེན་བཀུར་བྱའོ། །མྱ་ངན་ཁྲོ་དང་སྨྱང་བ་དང། །ལུས་དུ་བ་ནུ་ཞོ་ཉམས་པའི་རྒྱུ། །ཞེས་བྱ་བ་ལ། མྱ་ངན་ལ་སོགས་པ་ནི་བུད་མེད་ཀྱི་ནུ་ཞོ་ཉམས་ཤིང་འཇིག་པའི་རྒྱུ་ཡིན་པས་དེ་དག་ཀྱང་སྦད་པར་བྱའོ། །བུ་རམ་ཆད་མ་གཏོགས་རྐྱང
་དང། །རླན?་ཅན་ཤ་ཁུ་འམ་དང། །འོ་མ་ཅན་དང་མྱ་ངན་སོགས། །གོ་བཟློག་ནུ་ཞོའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། །ནུ་ཞོའི་རྒྱུ་ནི་བུ་རམ་མ་གཏོགས་པའི་ཆང་དང། རླན་ཅན་གྱི་སྲོག་ཆགས་ཀྱི་ཤ་ཁུ་དང། འོ་མ་དང། འོ་མ་ཅན་གྱི་སྨན་ཇི་འདི
་ལ་སོགས་པ་དང་མྱ་ངན་ལ་སོགས་པ་ལས་གོ་བཟློག་པ་སྟེ་སེམས་དགའ་བ་དང་འདྲངས་པར་ཟ་བ་དང། ལུས་དུབ་པར་མ་གྱུར་བ་ནི། ནུ་ཞོའི་རྒྱུ་ཡིན་ནོ། །དེ་བས་ན་དེ་དག་ནི་སྦྱིན་པར་བྱའོ། །མི་མཐུན་ཟས་ནི་ཟོས་པ་དང། །ལྟོགས་དང་སེམས་ན
་ཉམས་པ་དང། ལུས་ཟུངས་གནོད་བཅས་སྤྲུམ་པ་ཡི། འོ་མ་བྱིས་པའི་ནད་སྐྱེད་བྱེད་ཅེས་བྱ་བ་ལམ་འམ་མ་མས་ཁ་ཟས་མི་མཐུན་ཞིང་འཕྲོད་པ་མ་ཡིན་པ་ཟོས་པ་དང། དེ་བཞིན་དུ་ལྟོགས་ཤིང་བཀྲེས་པར་གྱུར་བ་དང། སེམས་ཉམས་ཤིང་བརྒྱལ་བར
་གྱུར་པ་དང། ལུས་ཟུངས་རླུང་ལ་སོགས་པའི་གནོད་པ་དང་བཅས་པ་དང། སྦྲུམ་མའི་ནུ་ཞོ་གང་ཡིན་པ་དེ་ནི་བྱིས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །ནུ་ཞོ་མེད་ན་ར་འམ་བའི་།འོ་མ་བྲིཧ་ཏཱ་སོགས་སམ། །ཏིར་གཉིས་བསྐོལ་ཁ་དང་བཅས། ཡོན་ཏན
་དེ་ལྡན་བླུད་པར་བྱ། ཞེས་བྱ་བ་ལ། གལ་ཏེ་མའམ་མ་མའི་ནུ་ཞོ་མེད་པར་གྱུར་ན། བྱིས་པ་ལ་བ་འམ་རའི་འོ་མ་བྲི་ཧ་ཏཱི་ལ་སོགས་པ་རྩ་བ་ཆེན་པོ་ལྔ་དང། ཆུད་དུ་ལྔ་དང་བསྐོལ་བའམ་ཡང་ནི?་བ་འམ། རའི་འོ་མ་ཏིལ་གཉིས་པ་སྟེ། ས་ལ་པརྞི
་དང། སྐྲས་ན་པེར་ནི་དང། བསྐོལ་བ་འམ། ཁར་དང་བཅས་པ་མའི་འོ་མའི་ཡོན་ཏན་དང་བཅས་པ་བླུད་པར་བྱའོ། །དྲུག་པའི་མཚན་མོར་ཁྱད་པར་དུ། བསྲུང་དང་གཏོར་མའི་བྱ་བ་བྱ། །དེའི་གཉེན་གྱི་མེལ་ཚེ་བྱ། ཤན་ཏུ་དགའ་བ་ཉིད་ཀྱང་བྱ། ཅེས་བྱ་བ
་ལ། བཙས་ནས་ཉི་མ་དྲུག་པའི་མཚན་མོ་ལ་བབ་པ་ན་མཆོག་གམ་ཁྱད་པར་དུ་བསྲུང་བའི་སྦྱོར་བ་ཇི་སྙེད་པ་རྣམས་བྱ་བ་དང། གཏོང་མའི་ཆོ་ག་བྱ་བ་དང། ཉི་དུའི་སྐྱེའོ་རྣམས་ཀྱིས་མཚན་མོ་མེལ་ཚེ་བྱ་ཞིང་དགའ་བར་འགྱུར་བའི་རོལ་མོ་སྣ་ཚོགས་ཀྱང
་བྱའོ། ཞག་བཅུ་རྫོགས་པར་གྱུར་པ་དང། །རང་རིག་འཚམ་པའི་ཆོ་ག་ནི། །བྱིད་དུ་གཞུག་ཅིང་བཅས་མ་བསླང། །ལུས་ལ་ཁྱོད་རོས་པ་བླ་དང། །གི་ཧར་ཙན་དན་ཨ་གར་གདགས། །རྒྱུ་སྐར་ལྷ་བའམ་ཉེ་དུ་ལས། །དྲས་པའི་ཡིག་མཉམ
་པ་ཡི། །མིང་ནི་བྱིས་པ་ལ་གདགས་བྱ། ཞེས་བྱ་བ་ལ། བཙས་ནས་ཞག་བཅུ་རྫོགས་པར་གྱུར་པ་དང། རང་གིས་རིགས་དང་མཐུན་པའི་ཚོགས་བཅས་པའི་དུད་མེད་བསླང་བའི་ལས་བྱ་ཞིང་དགའ་སྟོན་བྱས་ལ། བྱིས་པ་དེའི་ལུས་ལ་ལྡོད་རོས་ནས
་ཨ་ཀ་རུའི་བར་གྱི་རྫས་གདགས་པ་དང། བྱིས་པ་ལ་མིང་གདགས་པར་བྱ། ཞེས་བྱ་བ་ལ། མིང་དེ་ཡང་རྒྱུ་སྐར་གྱི་ལྟ་ལས་དྲས་ནས་གདགས་པར་བྱ་བ་སྟེ། དེ་ཡང་བྲ་ཉེའི་ལྷ་ནི་ཐ་སྐད་གྱི་བུ་གཉིས་སོ། །སྨིན་དྲུག་ནི་མེ་ལྷའོ། །སྣར
་མ་ནི་གཤིན་རྗེ་སྟེ། དེ་དག་ལ་སོགས་པ་རྒྱུ་སྐར་རང་རང་གི་ལྷ་ཡང་ལ། དེ་ལས་དྲས་པའི་མིང་ནི་མེས་བྱིན་བྱ་བ་ལ་སོགས་པའི་གདགས་པའོ། །ཡང་ན་ཉེ་དུ་ལ་དྲས་ནས་གདགས་པར་བྱ་བ་སྟེ། དེ་ཡང་ཉེ་དུའི་བདུན་རྒྱུད་ཚུན་ཆ་དེ། དེ་ལས་ངས?་པའོ། །ཡི
་གེ་མཉམ་པ་ནི་ཡི་གེ་ཆོག་པར་གྱི་དྲངས་མཉམ་པ་སྟེ། དེ་ལྟ་བུའི་ཚུལ་དུ་མིང་གདགས་པར་བྱའོ། །དེ་ནས་རང་བཞིན་དབྱེ་ལས་བཤད། །གཟུགས་ཀྱིས་ཆོ་ནི་ཡོངས་སུ་བརྟག་།ཅེས་བྱ་བ་ལ། དེའི་འོག་ཏུ་ལུས་ཀྱི་རང་བཞིན་གྱི་དབྱེ་བའི་ཆེ་ཇི་ལྟ་བུ་དང
་ལྡན་ན་བཟང་པ་དང། ངན་པའི་བྱེ་བྲག་བཤད་པའི་ཚུལ་ལས་སྨོས་པའི་གཟུགས་ཀྱིས་བྱིས་པའི་ཚེའི་ཚད་ཇི་ཙམ་པ་ཡིན་པ་ཡོངས་སུ་བརྟག་པར་བྱའོ། །མཁས་པས་བྱིས་པའི་མལ་སྟན་ནི། །བྱང་དམ་ཤར་དུ་མགོ་བསྟན་ལ། །སྔགས་དང་གོས་ནི་ཙང
་ཞིང་བཀྲུས?། །འཇམ་ཞིང་གཉེར་མ་མེད་པ་ཡི། །གསོལ་གདོན་ནི་འཇོམས་བྱེད་པའི། །སྨན་གྱི་དུད་པས་བདུག་པར་བྱ། །ཞེས་བྱ་བ་ལ། སྨན་པ་བསྟན་བཅོས་ཀྱི་དོན་ཤེས་པའི་མཁས་པས་བྱིས་པ་དེའི་མལ་སྟན་ལས་སྔས་བྱང་ཕྱོགས་སུ་བསྟན་ལ། སྟན
་དང་གོས?་གཙང་ཞིང་དག་པ་དང། དྲི་མེད་པར་བསྐྲུས་པ་དང། འཇམ་ཞིང་མཉེན་པ་དང། གཉེར་མ་མེད་ཅིང་མ་འཁུམས་པ་དང། སྔས་དང་བཅས་པ་ལ་གདོན་འཇོམས་པའི་སྨན་ཤུ་དག་དང། ཡུངས་ཀར་ལ་སོགས་པའི་སྨན་བསྲེགས་པས་གདུག
་ག་དབྱའོ། །བྱ་རོག་བསད?་པ་སྣུམ་གསུམ་དང། །བཅས་པའི་དུད་པས་བདུག་པར་བསྔགས། །ཞེས་བྱ་བ་ལ། ཁྲ་འམ་བྱ་རོག་བཟང་པོ་བདག་ཉིད་ཀྱིས་བསད་པ་འམ་རང་ཉིད་ཤི་བར་གྱུར་པ་དང། སྣུམ་གསུམ་པོ་ཞུན་མར་དང། རྐད་དང། ཞག་ཅེས
་བྱ་བ་དང། བཅས་པའི་དུད་པས་བདུག་པ་ཡང་བསྔགས་པ་ཡིན་ནོ། །བསེ་རུ་ལ་སོགས་གསོན་པོ་ཡི། །རྭར་བཏགས་ནོར་བུ་བཟང་པོའི་སྦུ། །བྲ་རྨི་འཚོ་བྱད་ཨིན་ཏྲི་སོགས། །སྨན་ནི་བཟང་པོ་གདགས་པར་བྱ། །མཆོག་ཏུ་རྟག་བ་ཤུ་དག་ནི། ལག་གཉིས་མགུ་པ།
་དང་སྤྱི་བོ་གདགས། །དེ་ནི་ཚོ་དང་ཡིད་གཞུངས་དྲན། །བདེ་བསྐྱེད་བྱེད་གནོན་ལས་བསྲུང། །ཞེས་བྱ་བ་ལ། །ཡང་བྱིས་པ་ལ་སྲོག་ཆགས་བསེ་རུ་ལ་སོགས་གསོན་པོའི་རྭ་ཕུག་པའི་རྩེ་མོ་ལ་ནོར་བུ་བཟང་པོ་མ་རྒད་དང། པདྨ་རཱ་ག་ལ་སོགས་པ་བཏགས
་ཤིན་གློན་པ་དག་ལག་པ་གཉིས་སམ་མགུལ་པའམ་སྤྱི་བོར་གདགས་པར་བྱ་བ་དང། དེ་བཞིན་དུ་བྲ་མི་དང། འཆི་བྱེད་དང་ཡིན་དྲི་ལ་སོགས་པའི་སྨན་བསྔགས་ཤིང་བཟང་བདག་ལག་པ་ལ་སོགས་པར་དགས་པར་བྱ་བ་དང། དེ་བཞིན་དུ་མཆོག་གམ་ཁྱད
་བག་ཏུ་ཤུ་དག་རྟག་པར་དུས་ཐམས་ཅད་དུ་གདགས་པར་བྱ་སྟེ། ངེས་ནི་ཚེ་འཕེལ་བ་ལ་སོགས་པའི་ཡོན་ཏན་སྐྱེད་པར་བྱེད་ཅིང་གདོན་ཐམས་ཅད་ལ་བསྲུང་བ་ཡིན་ནོ། །ཟླ་བ་བདུན་ནམ་བརྒྱད་པ་ན། །ནད་མེད་ཉིན་ཞག་ཤིས་པ་ལ། །མ་མའི་སྤང་དུ་སྤྲོ
་བསྟིངས་ལ། ཤད་གུརྞི་གྱི་དུས་སུ་རྣ་དང་བུག་།ཁྱིའུའི་དད་པོར་གཡས་པ་དབུག། །བུ་མོའི་གཡོན་དཔུག་པར་བྱ། །སྨན་པས། བབ་ནི་གཡས་པས་བཟུང། །གཡོན་པས་རྣ་ཤལ་བཟུང་ནས་ནི། །རྣ་བའི་ཁྱོན་གྱི་དབུས་ལས་ནི། །མཁུར་ཚོས་ཀྱི་ནི་ཕྱོགས་དག
་ཏུ། །ཕགས་པ་དོང?་ནི་གུ?་གནས་སུ། །ཉི་མའི་འོད་ཟེར་སྣང་བར་དུ། །མི་འགྱུར་བརྟན་པོར་བཟུང་ནས་ནི། །རྒྱ་སྦྱེགས་ཀྱི་ནི་ཁུ་བས་བསྐུ། །དབུས་སུ་རང་བཞིན་གྱིས་གྲུབ་པའི། །བུ་གར་དྲང་པོར་ཅིག་ཅག་དབུག་།ཅེས་བྱ་བ་ལ། དེ་ནས་ཟླ་བ་བདུན་ནམ་བརྒྱད
་འདས་ནས་གྱིས་པ་དང་མེད་པ་ཡིན་ཉིན་ཞག་ཤིས་པའི་ཚེ། མ་མའི་པང་པར་བཞག་ལ་སྤོ་བསྲིད་སྟེ། དགུན་གྱི་དུས་ཀྱི་ཆེ་རྣ་བ་དབུག་པར་བྱ་ལ། དེ་དག་གི་བུག་པའི་ཚུལ་ནི་གོ་བར་ཟད་དོ། །དེ་ནས་རྩ་ནི་གནས་པའི་ཕྱིར། །སྟེང་འོག་ངོས་སུ་བཏང་མི?་བྱ། །
་ནག་པོ་གནད་སྒྲ་དམར་པོ་སྟེ། རྩ་དེ་ཕུག་ན་དམར་ཞིང་ན། །སྐྲང་ཞིང་སྲ་ལ་ཚ་བ་དང། །གཉེའུ་རེངས་གཞན་དབང་ཅན་སྐྱེད་བྱེད། །ཅེས་བྱ་བ་ལ། འདི་ནི་དབུག་པར་མི་བྱ་བའི་དམིགས་ནི་འདི་ཡིན་ཏེ། ཡང་གོ་བར་ཟད་དོ། །དེ་རྣམས
་ནད་གཞི་ཇི་བཞིན་དུ། །གསོ་བ་དག་ནི་མྱུར་དུ་བྱ། །ཞེས་བྱ་བ་ལ། ཕུག་པ་ལ་སྐྱོན་དུ་གྱུར་པའི་ནད་དེ་ལ་ཡང་ནད་གཞི་ཇི་ལྟ་བ་བཞིན་དུགས་སོ་བར་བྱའོ། །གནད་དུ་ཕུག་ན་ཁྲག་མེད་ཅིང། །ན་དང་དམར་སོགས་འབྱུང་མི་འགྱུར། །ཁ་བ་རྗེས་སྐུད་པ་སྣུམ་ཅན་ནི། །རྗེས་སུ
་གཞུག་པ་ཉིད་དུ་བྱ། །ཏིལ་མར་རློན་པས་བསྐུ་བ་དང། །རྒྱ་ཆེར་དེ་ནི་བསྐྱེད་པར་བྱ། །རྣ་ཤལ་ཕུག་ནས་ཕན་ཟས་སྦྱིན། །དེ་འོག་སྡོང་པོ་སྤོམ་པོ་གཞུག། ཞག་གསུམ་བཞག་ལ་སྨ་འཚོབས་ནས། །རིམས་ཀྱིས་དེ་ནི་བསྐྱེད་པར་བྱ། །ཞེས་བྱ་བ་ལ། རིང་དག་ནི
་ལེགས་པར་དབུག་པ་དང། ལུས་བསྐྱེད་པའི་ཐབས་ཡིན་ནོ། །དེ་ནས་དེ་ཡི་སོ་སྐྱེས་ནས། །ནུ་ཞོ་འཐུངས་ལས་རིམས་ཀྱིས་བཟློག་།སྔར་བ་ཤང་འོ་མ་སྦྱིན་བྱ་ཞིང། །ཁ་ཟས་ཡང་དང་རྟས་བྱེད་སྦྱིན། །ཞེས་བྱ་བ་ལ། བྱེས་པ་སོ་སྐྱེས་པར་གྱུར་ནས། ཅུ?་ཞོ་འཐུ་མ
་པ་ལས་རིམས་ཀྱིས་བཟློག་པར་བྱ་ཞིང་ཅིག་ཅར་བཟློག་པར་མི་བྱ་ལ། ཡང་དེ་ལ་སྔར་བཤད་པའི་བ་འམ་རའི་འོ་མ་སྦྱིན་པར་བྱ་བ་དང་ཁ་ཟས་ཡང་བ་དང་རྟས་པར་བྱེད་པ་སྦྱིན་པར་བྱའོ། །ནུ་ཞོ་སྤངས་ནས་པི་ལ་ཡི། །རྐང་དང་ཤིང་མངར་འབྲས་ཡོས་དང།།
་ཁར་དཀར་པོའི་ལ་དུ་སྦྱིན། །བིལྤ་གཞོན་ནུ་སུག་སྨེས་དང། །ཁ་ར?་འབྲས་ཡོས་དྲོང་སྐྱེད་སྦྱིན། ཞེས་བྱ་བ་ལ། བུད་མེད་ཀྱི་ནུ་ཞོ་སྤངས་ཤིང་དོར་པར་གྱུར་པའི་བྱིས་པ་ལ་ཡའི་རྐང་པ་ལ་སོགས་པ་དང་ལ་དུའི་ཚུལ་དུ་སྒྲུས་པ་སྦྱིན་པར་བྱ་བ་དང། བིལྤ
་གཞོན་ནུ་ལ་སོགས་པ་བྱིན་ན་མེ་དྲོད་སྐྱེད་པར་བྱེད་དོ། །འཁྲུ་གཅོད་ད་ཏ་ཀའི་མེ་ཏོག། ཁར་འབྲས་ཡོས་སྐྱོ་མ་སྦྱིན། ཞེས་བྱ་བ་ལ། ཡང་བྱིས་བ་དེ་ལ་འཁྲུ་བ་གཅོད་པར་བྱེད་པའི་སྨན་ད་ཏ་ཀའི་མེ་ཏོག་ལ་སོགས་པའི་སྐྱེ་མ་བྱིན་པ་བྱའོ། །གནོད་པ་སྐྱེད་པར
་མི་བྱེད་པའི། སྨན་གྱི་དེ་ནི་ནད་བསལ་བྱ། ཞེས་བྱ་བ་ལ། ཡང་བྱིས་པ་དེ་ལ་རིམས་ལ་སོགས་པའི་ནད་སྐྱེད་པར་གྱུར་ན་གནོད་པ་སྐྱེད་པར་མི་འགྱུར་བའི་སྨན་འཇམ་པོ་མར་དག། འོ་མ་དང། ཁ་ར་དང། རྒུན་འབྲུམ་ལ་སོགས་པས་དེ་བསལ་ཞིང་བཟློག་པར་བྱའོ། །ཤིན་ཏུ
་དྲེག་ནད་མ་གཏོགས་གཞན། །རྣོ་སྨན་བཀྲུ་སྨན་ཀུན་ཏུ་སྤང། །ཞེས་བྱ་བ་ལ། ཤིན་ཏུ་དྲག་ཅིང་གནོད་པར་བྱེད་པ་མ་གཏོགས་པ་ནད་གཞན་ལྟ་ནི་གོང་དུ་སྨོས་པའི་སྨན་འཇམ་པོས་གསོ་བར་བྱ་བ་ལ། ཤིན་ཏུ་དྲག་ཅིང་གསོ་དཀའ་བའི་ནད་ལ་ནི་སྨན་དྲག་ཅིང་རྣོ་བ་ཡང་བཏང
་བར་བྱའོ། །བཀྲུ་སྨན་ནི་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ། །ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །ཞེས་བྱ་བ་ལ། བྱིས་པ་དེ་ཚུལ་དང་མི་ལྡན་ཞིང་དབང་བྱར་མེད་པར་གྱུར་ཀྱང་སྐྲག་པར་མི་བྱ་ཏེ། ཅིའི་ཕྱིར་ཞེ་ན། བྱིས་པ་འཇིག་ཤིང
་སྒྲག་པར་གྱུར་ན་སྐམ་བྱེད་ལ་སོགས་པའི་གདོན་འཇུག་ཅིང་འཛིན་པར་འགྱུར་རོ། །གོས་ཀྱི་རླུང་དང་གཞན་རེག་དང། །འགོམས་པ་ལ་ནི་དེ་བསླུད་བྱ། །ཞེས་བྱ་བ་ལ། ཡང་བྱིས་པ་དེ་གོས་ཀྱིས་གཡབ་པའི་རླུང་གིས་མ་ཕོག་པར་བསྲུང་བ་དང། དེ་བཞིན་དུ་གཞན་གྱིས
་རེག་པ་དང། འགོམས་ན་གནོད་པར་འགྱུར་བས་དེ་ལས་བསྲུང་པར་བྱའོ། །བྲཧམི?་ཡུངས་དཀར་ཤུ་དག་དང། །རྒྱམ་ཚ་རུ་སྟ་ཤ་རི་བ། །པི་པི་ལིང་བཅས་བསྐོལ་བ་ཡི། །སྨན་མར་དྲན་དང་ཡིད་གཞུངས་བསྐྱེད། །ཚེ་འཕེལ་གདོན་ནི་མ་ཟད་འཇོམས། །འབྱུང་པོ་སྨྱོན་བྱེད
་ཟློག་པར་བྱེད། །ཅེས་བྱ་བ་ལ། བྲཧམི?་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང། མར་དང་འོ་མར་བཅས་པར་བསྐོལ་བའི་སྨན་མར་བྱིན་ན་དྲན་པ་དང་ཡིད་གཞུང་བསྐྱེད་པར་བྱེད་ཅིང་འཕེལ་བར་བྱེད་པ་དང། གདོན་མི་ཟད་པ་རྣམས་འཇོམས་པར་བྱེད་ཅིང་འབྱུང
་བ་སོགས་པ་ཡང་ཟློག་པར་བྱེད་པ་ཡིན་ནོ། །སོ་མར་ཛ་ཤུ་དག་དང། །སྤལ་པ་ཉེ་ཞིང་སླེ་ཏྲེས་དང། །ཤི་ཀ་པུས་བྲཧམི་དང། །བྲེ་མ་སོ་མ་སྲང་རེ་ནི། །ལྡེ་གུ་བརྒྱད་ཆ་མར་བྲེ་གང། །འོ་མ་བཞི་འགྱུར་ནད་དུ་ནི། །བསོལ་བ་དེ་སླུད་དཔལ་ཡོན་དང། །ཚེ་བློ་ཡིད་
་གཞུངས་དྲན་པ་བསྐྱེད། །ཅེས་བྱ་བ་ལ། སོ་མར་ཙ་ལ་སོགས་པའི་སྣུམ་སྲང་རེ་ལྔ་གུར་བྱས་པ་བརྒྱད་ཆ་མར་བྲེ་གང་དང། འོ་མ་བཞི་འགྱུར་དང་བཅས་པ་བསྐོལ་བ་དེ་བླུད་ན་དཔལ་ཡོན་ཏེ་ནོར་འཕེལ་ཞིང་བཀྲ་མི་ཤིས
་པ་འཇིག་པར་བྱེད་པ་དང། ཚེ་དང་བློ་གྲོས་དང། ཡིད་གཞུངས་པ་དང། དྲན་པ་མྱུར་བའི་ཡོན་ཏན་སྐྱེད་པར་བྱེད་དོ། །ར་ཡི་འོ་མ་ཨ་རུ་ར། །ཚ་བ་གསུམ་དང་པ་ཏ་དང། །ཤི་ཀྲུ་དག་དང་ལྕེ་མྱང་ཚ། །བསྐོལ་བའི་སྨན་མར་དབྱངས་ཅན་དེ། །ཚིག་དང་བློ་གྲོས་དྲན་པ
་དང། །དག་གསལ་མེ་དྲོད་སྐྱེད་པར་བྱེད། །ཅེས་བྱ་བ་ལ། མར་གྱི་བཞི་འགྱུར་གྱི་འོ་མ་དང། ཨ་རུ་ར་ལ་སོགས་པའི་ལྡེ་གུ་བསྐོལ་བའི་སྨན་མར་ནི་མེད་དབྱངས་ཅན་གྱི་སྨན་མར་ཞེས་བྱ་སྟེ། དེས་ནི་ཚིག་དང་བློ་གྲོས་ལ་སོགས་པ་སྐྱེད་པར་བྱེད་དོ།།
་ཤུ་དག་སླེ་ཏྲེས་ཨ་རུ་ར། །ནི་འུ་ཤིང་དང་ཤང་ཁི་ནི། ། བ་མ་རྒར་བསྐོལ་བ་ཡི། །སྨན་མར་ཡོན་ཏན་སྔ་མར་མཚུངས། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྡེ་བུར་བྱས་པ་དང། མར་གྱི་བཞི་འགྱུར་གྱི་ཆུ་དང་བསྐོལ་བར་བྱ་སྟེ། འདིར་གཤེར་བའི
་རྫས་མ་སྨོས་པ་ཐམས་ཅད་ལ་ཆུ་གཞུག་པར་བྱ་བ་ཡིན་པས་ན་ཚུལ་དེ་ལྟར་བསྐོལ་བར་བྱ་སྟེ། སྨན་མར་དེ་བླུད་ན་ཡོན་ཏན་ཚིག་དང་བློ་གྲོས་ལ་སོགས་སྐྱེད་པར་བྱེད་པ་ཡིན་ནོ། །ཤུ་དག་དཀར་པོ་རུ་རྟག་སེར། །རྒའི་པུསྤ་གསེར་དང་བཅས།།
་ལྕགས་སྐྱག་དང་ནི་དུང་དང་གསར་ཀ་རཉྫ་དང་ཤུ་དག་གསེར། །རྐང་པ་རེ་རེས་བཤད་པ་བཞི། །སྦྲང་རྩི་མར་དང་བཅས་ལྡེ་གུ་།ལོ་གཅིག་བྱིན་ན་ལུས་དང་བློ། །ཁ་དོག་ཉམས་སྟོབས་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཤུ་དག་དཀར་པོ་ནི་ཁ་བ་ཅན
་གྱི་རི་ལ་སྐྱེས་པའོ། །གཞན་དག་ནི་གོ་བར་ཟད་དེ། རྐང་པ་བཞི་བཤད་པའི་སྨན་གྱི་སྡེ་ཚན་བཞི་པོ་སྦྲང་རྩི་དང་མར་དང་སྦྱར་པའི་ལྡེ་གུ་ལོ་གཅིག་གི་བར་དུ་བྱིན་ན་ལུས་ཀྱི་ཉམས་དང། བློ་དང་ཁ་དོག་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནོ།།
་ཤུ་དག་ཤིང་མངར་ལྕོ་སྨྱང?་ཚ། །དྲོ་དགྲ་ཤུ་ཏི་ཨ་རུ་རེ། །རུ་རྟ་ཟིར་པི་པི་ལིང། །མར་བཅས་ལྡེ་གུས་དག་དག་བྱེད། །ཅེས་བྱ་བ་ལ། ཤུ་དག་ལ་སོགས་པའི་མར་དང་བཅས་པའི་ལྡེ་གུས་དག་དག་པར་བྱེད་ཅིང་ཚིག་གསལ་བར་བྱེད་པ་ཡིན་ནོ།། །།
་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོར་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གནས་ཕྱི་མའི་ལེའུ་དང་པོའི་འགྲེལ་པའོ།། །།དེ་ནས་བྱིས་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ།།
་ཞེས་བྱ་བའི་བྱིས་པའི་ནད་གསོ་བ་ནི་ནད་བཅོས་པའི་ཐབས་ཏེ། དེ་སྟོན་པའི་ལེའུ་བཤད་པར་བྱའོ། །ཞེས་སྟོན་པའོ། །འོ་མ་ཟས་དང་གཉིས་གས་འཚོ། །བྱིས་པ་རྣམ་པ་གསུམ་དུ་བཤད། །དེ་དག་གནོད་མེད་ལས་དེར་འགྱུར། །གནོད་པ་ལས་ནི
་ནད་རྣམས་འབྱུང། །ཞེས་བྱ་བ་ལ། བྱིས་པ་ནི་འོ་མ་འཐུང་བ་དང། ཁ་ཟས་ཟ་བ་དང། ཟས་དང་འོ་མ་གཉིས་ཀས་འཚོ་ཞིང་གནས་ཕ་སྟེ། རྣམ་པ་གསུམ་དུ་བཤད་དོ། །དེས་ན་ནུ་ཞོའི་འོ་མ་དང། ཁ་ཟས་དེ་གཉིས་ལ་གནོད་པ་མེད་པ་ལས་ནི་བྱིས་པ་ནད?
་མེད་ཅིང་བདེ་བར་འགྱུར་ལ། དེ་གཉིས་གནོད་ཅིང་མི་འཕྲོས་པ་ལས་ནི་བྱིས་པའི་ནད་རྣམས་འབྱུང་བར་འགྱུར་རོ། །གང་ཞིག་ཆུ་དང་གཅིག་ཏུ་འདྲེས། །ཉེས་པ་ཡོད་པ་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །ཞེས་བྱ་བ་ལ། བུད་མེད་ཀྱི་ནུ་ཞོ་གང་ཞིག་ཆུའི
་ནང་དུ་བཅུག་པ་ན་གཅིག་ཏུ་འདྲེས་པར་གྱུར་པ་ནི་རླུང་ལ་སོགས་པའི་ནད་ཀྱིས་ཉེས་པའི་སྐྱོན་མེད་པས་འོ་མ་དེའི་སྐྱོན་མེད་པ་ཡིན་པ་ཤེས་པར་བྱའོ། །རླུང་གིས་གནོད་འགྱུར་ཆུ་སྟེང་འཕྱོ། །བསྐ་ཞིང་རྩུབ་ལ་དབུ་བ་ཅན། །དེ་ཡིས་བཤད་གཅི་སྲི་བར
་བྱེད། ཅེས?་བྱ་བ་ལ། འོ་མག?་རླུང་གིས་གནོད་ཅིང་མ་རུངས་པར་གྱུར་པ་ནི་ཆུའི་ནང་དུ་བཅུག་ན་སྟེང་དུ་འཕྱོ་བར་གྱི་འོག་ཏུ་ནུབ་པར་མི་འགྱུར་བ་དང། རོ་བསྐ་བ་དང། རང་བཞིན་རྩུབ་པ་དང། དབུ་བ་ཅན་དུ་གནས་པ་ཡིན་ཞིང། དེ་འཐུངས་ན་བཤད་པ་དང། གཅི་བ་སྲི་ཞིང
་འགག་པར་བྱེད་པ་ཡིན་ནོ། །མཁྲིས་པས་གནོད་འགྱུར་དྲོ་སྐྱུར་ཚ། །རི་མོ་སེར་སྣ་ངེས་ཚ་བསྐྱེད། །ཅེས་བྱ་བ་ལ། མཁྲིས་པས་གནོད་པར་གྱུར་པའི་ཅུ་ཞོ་ནི་དྲོ་བར་འགྱུར་བ་དང། རོ་སྐྱུར་ཞིང་ཚ་བ་དང། མེའི་ནང་དུ་བཅུག་ན་རི་མོ
་སེར་བོ་ལྟ་བུར་སྣང་བ་ཡིན་ཏེ། དེ་བླུད་ན་བྱིས་པ་ཚ་བ་སྐྱེད་པར་བྱེད་པ་ཡིན་ནོ། །བད་ཀན་གྱིས་བསྐ་ལན་ཚྭར་བཅས། །སྤྱི་བག་ཅན་ལ་ཆུ་ནད་འབྱིན། ཞེས་བྱ་བ་ལ། བད་ཀན་གྱིས་གནོད་པར་གྱུར་པའི་འོ་མ་ནི་བསྐ་བ་དང་རོ་ལན་ཚྭ་ར་བྲོ་བ་དང།
་སྤྱི་བག་ནལ་ནལ་པོར་འདུག་པ་དང། ཆུར་བཅུག་ན་འོག་ཏུ་འབྱུང་བ་ཡིན་ནོ། །ལྡན་པའི་མཚན་མ་འདྲེན་མ་སྟེ། །འདུས་པའི་མཚན་ཉིད་གསུམ་དང་ལྡན། །ཞེས་བྱ་བ་ལ། བུད་མེད་ཀྱི་ནུ་ཞོ་ནང་གཞི་གཉིས་དང་འདྲེས་པའི་ལྡན་པ་གནོད་པར
་འགྱུར་པ་ནི་མཚན་མ་འདྲེས་པར་སྣང་བ་ཡིན་ལ། ཉེས་པ་གསུམ་ཆར་འདུས་པར་གྱུར་པའི་ནུ་ཞོ་ནི་ནད་གཞི་གསུམ་ཆར་གྱི་མཚན་ཉིད་དང་ལྡན་པ་ཡིན། །རང་གི་མཚན་མ་ཅི་འདྲ་ལས། །ད་འཐུངས་བས་ནི་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ།
་འོ་མ་རེ་རེ་དང་ལྡན་པ་དང། འདུས་པའི་སྐྱོན་དང་ལྡན་པའི་མཚན་ཉིད་ཅི་འདྲ་བ་འཐུངས་བ་ལས་རང་གི་མཚན་ཉིད་དང་མཐུན་པའི་ནད་སོ་སོ་དང་ལྡན་པ་དང། འདུས་པ་དེ་བསོགས་ཤིང་འཕེལ་བར་འགྱུར་རོ། །བྱིས་པ་རྟག་ཏུ་མི་བཟད་པར། །དུ་བ་ལ
་ནི་ནར་ཤེས་བྱ། །ཞེས་བྱ་བ་ལ། བྱིས་པ་ན་བའི་མཚན་མ་ནི། །བྱིས་པ་ཡང་དང་ཡང་དུ་རྟག་པར་ཤས་ཆེར་དུ་བ་ལས་ནད་ཀྱིས་གཟིར་བ་ཡིན་པར་ཤེས་པར་བྱའོ། །དེ་ནི་ཕྱོགས་གང་ཤས་ཆེར་འཛིན། །
་གང་དུ་རེག་པར་མི་བཟོད་པ། །དེ་ན་ནད་ཡོད་ཤེས་པར་བྱ། །ཞེས་བྱ་བ་ལ། ཡང་བྱིས་པ་དེ་ལུས་ཀྱི་ཕྱོགས་གང་དུ་ཤས་ཆེར་འཛིན་ཅིང་རེག་པར་བྱེད་པ་དང། ལུས་ཀྱི་ཕྱོགས་གང་དུ་རེག་ཅིང་མནན་ན་ལུས་ཀྱི་ཕྱོགས་དེ་ན་ནད་ཡོད་ཕ་ཁོ་ནར་ཤེས
་བར་བྱའོ། །མགོ་ནད་མིག་འབྱེད་ལ་ཤེས་བྱ། ཞེས་བྱ་བ་ལ། དེ་ལས་ཀྱང་ཁྱད་པར་དུ་མགོ་བོ་ན་བ་ནི་མིག་གཉིས་རྟག་ཏུ་འབྱེད་ཅིང་འཛུམ་མི་ཤེས་པ་ལས་ཤེས་པར་བྱའོ། །སྙིང་ནང་ལྕེ་མཆུ་སོས་གནོན་དང། །དབུགས་དང་ཁུ་ཚུང་བསྡེམས་ཞེས་བྱ་ཞེས
་བྱ་བ་ལ། ལྟོ?་དང་མཆུ་སོས་གནོན་པ་ལ་སོགས་པ་ལས་ནི་བྱིས་བ་དེ་སྙིང་ནད་ཡོད་པར་ཤེས་པར་བྱའོ། །ཁོང་ནད་བཤད་གཅི་སྲི་དང་སྲོན། །ནུ་མ་སོ་འདེབས་རྒྱུ་མ་འཁྲུག། ལྟོ་སྦོ་རྒྱབ་ནི་འགུགས་པ་དང། །ལྟོ་འགུགས་པས་ཀྱང་ཤེས་པར་བྱ། །ཞེས་བྱ་བ
་ལ། བཤད་ལྕི་བསྲི་བ་ལ་སོགས་པ་ལ་ནི་ཁོང་པ་སྟེ། ལྟོ་བའི་ནང་ན་ནད་ཡོད་པར་ཤེས་པར་བྱའོ། །ཆུ་སོ་མཚན་ནད་བཤད་གཅི་སྲི། །སྐྲག་ཅིང་ཕྱོགས་ལྟ་ལས་ཤེས་བྱ། ཞེས་བྱ་བ་ལ། ཆུ་སོ་སྟེ་ལྒང་བ་དང། །གསང་བའི་མཚན་མ་ལ་ནད་ཡོད་པའི
་རྟགས་ནི་བཤད་གཅི་སྲི་བ་ལ་སོགས་པ་ལས་ཤེས་པར་བྱའོ། །དེ་ནས་མ་མ་ནད་གཞི་དང། །སྐྱོན་ནི་ཅི་བཞིན་གསོ་བར་བྱ། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བྱིས་པ་ལ་ནུ་ཞེ་ལྡུད་པའི་མ་མ་ནད་གཞི་ཇི་ལྟ་བུ་ཡོད་པ་དང། ནད་ཀྱི་སྐྱོན་ཇི་ལྟ་བུ་ཡོང་པའི་ཚུལ
་ལས་གསོ་ཞིང་བཅོས་པར་བྱའོ། །དེ་ལ་ནུ་ཞོ་རླུང་ཅན་ལ། །རྩ་བ་བཅུ་བསྐོལ་ཞག་གསུམ་བླུད། །ཅེས་བྱ་བ་ལ། །རླུང་གིས་གནོད་པར་གྱུར་པའི་ནུ་ཞོ་ལ་ནི་རྩ་བ་བཅུ་པོ་བསྐོལ་བའི་ཁུ་བ་མ་མ་ལ་ཞག་གསུམ་གྱི་བར་དུ་བླུད་པར་བྱའོ་ཡང་ན་རུ་རྟ་ཙིཏྲ་ཀ་ཏ
་པ་ཐ་ཤུ་དག་པུ་ཙ་ཤེལ། །ག་བྲའི་རྩ་བ་ལ་ལ་ཡུང?། །ཐང་ཤིང་དང་ནི་ས་ར་ལ། ཁྲིཤཙི་ཀ་ན་པི་པི་ལིང། །ན་ལེ་ཤམ་ནི་བསྐོལ་བརླུང། །ཅེས་བྱ་བ་ལ། ཡང་ན་རླུང་གིས་གནོད་པར་གྱུར་པའི་ནུ་ཞོ་ལ་རུ་རྟ་དང་ཅི་ཏྲ་ཀ་བསྐོལ་བའི་ཁུ་བ་མ་མ་ལ་ཞག
་གསུམ་གྱི་བར་དུ་བླུང་པར་བྱའོ། །དེ་ནས་རླུང་ནད་འཇོམས་པ་ཡི། །སྨ་མར་གང་ཡང་རུང་བ་བླུང། །དེ་རྗེས་ཆང་གི་དངས་མ་བླུད། །སྣུམ་གྱུར་བཀྲུ་སྨན་འཇམ་པོ་བཏང། །ཞེས་བྱ་བ་ལ། དེའི་འོག་ཏུ་སྨན་གྱི་ཁུ་བ་སྔར་སྨོས་པ་བླུད་པའི་རྗེས་ལ་སྨན་དེ་ཞུ་བར
་གྱུར་པའི་སྐབས་སུ། རླུང་གི་ནད་ལ་ཕན་པ་སྔོན་བཤད་པའི་སྨན་མར་གང་ཡང་རུང་བ་ཅི་རིགས་བ་བླུད་པར་བྱ་ལ། མར་དེ་འཐུངས་པའི་རྗེས་ལ་ཆང་གི་དངས་མ་བླུད་པར་བྱའོ། །དེ་ལྟར་ཚུལ་འདིས་མ་འམ་མ་མ་དེ་?་གྱིས
་ཞེན་པར་གྱུར་པ་དང། བཀྲུ་སྨན་འཇམ་པོ་ཉུང་ཤས་བཏད་ལ་འཁྲུར་གཞུག་པར་བྱའོ། །དེ་འོག་འཇམ་རྩི་ལ་བྱ་ཞིང། །དུག་སོགས་རླུང་ནད་འཇོམས་པ་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་བཀྲུ་སྨན་བཏང་བའི་རྗེས་ལ་འཇམ་རྩི་མས་བཏང
་བར་བྱ་ཞིང་དུགས་དང། བསྐུ་བ་དང། བྱུག་པ་དང། མཉེ་བ་ལ་སོགས་པ་རླུང་འཇོམས་པའི་གསོ་བ་བྱའོ། །བྱིས་བ་ར་སྣ་ཏིད་མུས། །ཐང་ཤིང་སར་ལར་བཅས་ཕྱེ། །མར་དང་སྦྱར་པའི་ལྔ་གུ་འམ། །དེ་བསྐོལ་ཁར་དཀར་བཏབ་སྦྱིན།།
་ཞེས་བྱ་བ་ལ། བྱིས་པ་ལ་ནི་ར་སྣ་དང་ཏིད་མུ་ས་ཞེས་བྱ་བ་ཨ་ཛ་མོད་ལས་བཏགས་པའི་ཕྱེ་མ་མར་དང་སྦྱར་བའི་ལྡེ་གཱུམ། ཡང་ན་ད་སྣ་ལ་སོགས་པ་དེ་དང་བསྐོལ་བའི་མར་དང། ཁང་དཀར་པོ་བསྲེས་པ་སྤྱིར་པར་བྱའོ། །མཁྲིས་པས
་གནད་ལ་སླེ་ཏྲེས་དང། ཉེ་དུ་ཤིང་ནིམཔ་ཏོ་ལ། །ཙན་དན་ཤ་རི་བ་བསྐོལ་བ། །མ་མ་དང་ནི་བྱིས་པ་བླུད། །ཅེས་བྱ་བ་ལ། མཁྲིས་པས་གནོད་པར་གྱུར་པའི་ནུ་ཞོ་ལ་ནི་སླེ་ཏྲེས་ལ་སོགས་པ་བསྐོལ་བའི་ཁུ་བ་ས་མ་དང་བྱིས་པ་ལ་བླུད
་པར་བྱའོ། །ཡང་ན་གླ་སྒང་འབྲས་བུ་གསུམ། །རྩ་མཁྲིས་པུ་ཙ་ཤེལ་བླུད་བྱ། །ཞེས་བྱ་བ་ལ། ཡང་ན་མཁྲིས་པས་གནོད་པར་གྱུར་པའི་ནུ་ཞོ་ལ་སྒང་པའི་སྐབས་ནས་བཤད་པ་ཨམ་ཤུག་པ་ལ་སོགས་པའི་སྨན་བསྐོལ་བ་བྱིས་པ
་དང། མ་མ་ལ་ཟུད་པར་བྱའོ། །ཐལ་རྗེས་ལ་སོགས་ཤུག་པ་སོགས། །པ་ཏོ་ལ་སོགས་སྡེ་བསྐོལ་བླུད། །ཅེས་བྱ་བ་ལ་དེ་བཞིན་དུ་ཤ་རི་བཞེས་བྱ་བ་ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་བཀྲུ་སྨན་ལ་སོགས་པའི་སྐབས་ནས་བཤད
་པའམ་ཤུག་པ་ལ་སོགས་པའི་སྡེ་ཆན་ནམ་པ་ཏོ་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་མ་མ་དང། བྱིས་པ་ལ་ཅི་རིགས་པར་བླུད་པར་བྱ་བའོ། །སྨན་ནི་འདི་བསྐོལ་མར་དང་ནི། །མཁྲིས་པ་སེལ་བའི་བཀྲུ་སྨན་དང། བསིལ་སྨན་གྱིས་བསྐུ་བྱུག་སོགས
་སྦྱར། །ཞེས་བྱ་བ་ལ། ཡང་ན་མཁྲིས་པས་གནོད་པར་གྱུར་པའི་ནུ་ཞོ་ལ་ཕན་པའི་སྨན་འདི་རྣམས་དང། མར་བསྐོལ་བ་མ་དད་བྱིས་པ་ལ་བླུང་བར་བྱ་བ་དང། མཁྲིས་པ་སེལ་བའི་བཀྲུ་སྨན་མ་མཁོན་ལ་བཏང་བར་བྱ་བའམ། དེ་བཞིན་དུ་བསིལ་སྨན་གྱིས་བསྐུ
་བ་དང་བྱུག་པ་ལ་སོགས་པའི་སྦྱོང་བ་བྱའོ། །བད་ཀན་ཅན་གྱི་བདག་ཉིད་ལ། །ཤིང་མངར་རྒྱམ་ཚར་བཅས་པ་འམ། །གྱ་མཚར་ཤིང་མངར་པི་པི་ལིང། །མང་སྦྱར་བྱིས་པ་ལ་བླུད་བྱ། །ཞེས་བྱ་བ་ལ། །བད་ཀན་གྱིས་གནོད་པར་གྱུར་པའི་དག་ཉིད་ཅན་གྱི་ནུ་ཞོ
་ལ། ཤིང་མར་དང། རྒྱམ་ཚ་དང་བཅས་པའི་མར་བྱིས་པ་ལ་བླུང་པར་བྱ་བའམ། ཡང་ན་རྒྱམ་ཚ་དང་ཤིང་མངར་དང། །པི་པི་ལིང་དང། མར་སྦྱར་བ་བྱིས་པ་ལ་བླུང་པར་བྱའོ། །དེ་ནས་པོ་སོན་ཆའི་མེ་ཏོག། བཏགས་པ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་ནུ་མ་བྱིས
་པའི་མཆུ། །བསྐུས་ལ་བྱིས་པ་བདེར་སློན་གཞུག། མ་མ་རྣོན་པོས་སློན་དུ་གཞུག། ཅེས་བྱ་བ་ལ། དེ་ནས་དེའི་འོག་དུ་པོ་སོན་ཆའི་མེ་ཏོག་ཞིབ་ཏུ་བཏག་ལ། །སྤྲད་རྩི་དང་མར་སྦྱར་ཞིང་བཏགས་པའི་ལྡེ་གུས་མ་མའི་ནུ་མ་དང། བྱིས་པའི་མཆུ་བསྐུས་ལ། ཆུ་ལ་དེ
་ལྔ་བུས་བྱིས་པ་བདེ་ཞིང་ཉམ་ད་བྱ་མེད་པར་སློན་དུ་བཅུག་ན། ནུ་མ་ལྡུད་པའི་མ་མ་ནི་སྨན་རྣོན་པོས་སྐྱུག་དུ་གཞུག་པར་བྱའོ། །དེ་ནས་ཐུག་སོགས་རིམ་པར་སྤྱན། །གླ་སྐད་ལ་སོགས་བསྐྱོལ་བ་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མ་མ་ཐུག་པ་བླུད་པ་ལ
་སོགས་པའི་རིམ་པ་སྤྱད་ཅིང་བླ་སྒོང་ལ་སོགས་པའི་སྡེ་ཚན་གྱི་ནང་ནས་བཤད་བ་གླུད་པར་བྱའོ། །དེ་བཞིན་གོ་སྙེད་རྒྱ་སྤོས་དང། །ཐང་ཤིང་དུག་མོ་ཉུང་བསྐོལ་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་གོ་སྙོད་ལ་སོགས་པ་དང། བསྐོལ་བའི་ཐུག་པ་ལ་སོགས་པ་མ་མ
་ལ་བླུད་པར་བྱའོ། །ཡང་ན་གླ་སྒང་རོ་ད་དཀར། །ཤུ་དག་ཚ་བ་ལྔ་བསྐོལ་བླུང། །ཅེས་བྱ་བ་ལ། ཡང་གླ་སྒང་ལ་སོགས་པའི་ཁུ་བ་མ་དང་བྱིས་པ་ལ་བླུད་པར་བྱའོ། །ནུ་ཞོ་ཉེས་གསུམ་དྲི་མ་ཅན། །དྲི་མ་ནམ་འཁྲུ་ཞིང་ཆུ་དང་?། །
་མཁྲེག་ཅིང་སླ་ལ་རྒྱུན་པར་ཆད། །ལྦུ་བ་ཅན་དུ་འཁྲུ་བར་འགྱུར། །བཤད་པ་ཁ་དོག་སྣ་ཚོགས་འབྱུང། །ན་ཞིང་གཅིན་སེར་དཀར་ཞིང་བསྐ། །རིམས་ནད་སྐོམ་དད་ཡི་ཁ་འཆུས། །སྒྲག་པར་མང་པོ་འབྱུང་ཞིང་གླས། །ལུས་ན་ཡན་ལག་རྐྱོང་བ་དང། །འཁུན་ཞིང
་བདར་ལ་མགོ་འཁོར་དང། །སྣ་མིག་ཁར་ནི་ཤུ་བ་སོགས། །ན་ནི་གཞན་དག་དེ་ལ་འབྱུང། །འོ་མའི་བེའུ་སྣབས་ཞེས་བཤད་དོ། །གནོད་པའི་ནད་ནི་མི་ཟད་ཡིན། ཞེས་བྱ་བ་ལ། བུད་མེད་ཀྱི་ནུ་ཞོ་ཉེས་པ་གསུམ་ཆར་གྱིས་གནོད་པར་གྱུར་ཅིང་དྲི་མ་ཅན་དུ
་གྱུར་ན། བྱིས་པ་ཤིན་ཏུ་དྲི་མནམ་པར་འཁྲུ་ན། འཁྲུ་བ་དེ་ཡང་ཆུ་འདྲ་བ་ལ་སོགས་པའི་མཚན་ཉིད་ཅན་དུ་འབྱུང་བ་འགྱུར་བ་དང། བཤད་པ་ཁ་དོག་སྣ་ཚོགས་ཤིང་ན་བར་གྱུར་བ་དང། གཅིན་ཡང་ཁ་དོག་དཀར་བ་འམ། སེར་པོར་གྱུར་པ་ལ། བསྐ་བ་དང
་དེ་བཞིན་དུ་བྱིས་པའི་རིམས་ལ་སོགས་པའི་ནད་དང། འདིར་མ་སྨོས་པའི་ནད་གཞན་དག་ཀྱང་འདི་ལ་འབྱུང་བར་འགྱུར་ཏེ། དེ་ལྟ་བུའི་ནད་དེ་ནི་འོ་མའི་ནད་བེའུ་སྣབས་ཞེ་འམ། འོ་མ་ན་ཁུ་བ་ཞེས་བྱའོ། །ཞེས་དྲ་སྲོད་རྣམས་ཀྱིས་བཤད་དེ། དེ་ནི་བྱིས
་པ་རྣམས་ལ་ཤིན་ཏུ་གནོད་པ་དང། །མི་བཟོད་ཅིང་གསོ་བར་དཀའ་བ་ཡིན་ནོ། །དེ་ལ་མ་མ་བྱིས་པ་ལ། །སློན་སྨན་བཏང་བས་མྱུར་དུ་བསོ། །ཞེས་བྱ་བ་ལ། དེ་ལྟ་བུའི་ནད་དེ་ལ་རྣམ་ལྡུད་པའི་མ་མའམ། མངར་བུ་གཉིས་སློན་སྨན་བཏང་བར་མྱུར་བ་ཁོ་ནར
་གསོ་བར་བྱའོ། །ཐུག་སོགས་རིམ་པར་བཤད་པ་ནི། །ཤུ་དག་ལ་སོགས་སྡེ་ཚན་ནམ། །སྐྱེར་པ་སོགས་པ་འམ་པོ་ད་དཀར། །པ་ཏ་དང་ནི་པི་པི་ལིང། །གླ་སྒང་ཕུལ་ཙ་ཤེལ་བསྐོལ་བླུད། །ཅེས་ཉ་བ་ལ། སྔར་ཐུག་པ་ལ་སོགས་པའི་རིམ་པ་བཤད་པ་དག
་དུ་ཤུ་དག་ལ་སོགས་པའི་སྨན་གྱི་སྡེ་ཚན་དང་སྦྱར་བ་དང། དེའི་ཁུ་བ་བླུད་པར་བྱ་བའམ། སྐྱེར་བ་ལ་སོགས་པའི་སྔོ་ཚན་ནམ། ཡང་ན་བོང?་དཀར་པོ་ནས་བུ་ཙ་ཤེལ་གྱི་སྨན་བསྐོལ་བ་བླུད་པར་བྱའོ། །པ་ཐ་བཅའ་སྒང་བུལ་ཙ་ཤེལ། །སླེ་ཏྲེས་རྩ་མཁྲིས་ཤིང་པ། ཐད་ཤིང
་གླ་སྐར་མུར་བ་དང། །དུག་མོ་ཉུང་བཅས་བསྐོལ་བ་བླུད། །ནུ་ཞོའི་ཉེས་པ་སེལ་བའི་མཆོག་།ཅེས་བྱ་བ་ལ། ཡང་ན་པ་ཏ་ལ་སོགས་པའི་སྨན་བསྐོལ་བ་བླུད་ན་ཡང་ནུ་ཞོའི་ཉེས་པ་སེལ་བའི་མཆོག་ཡིན་ནོ། །རྗེས་འབྲེལ་ནད་པ་ཇི་བཞིན་དུ། །དུས་ཤེས་པ་ཡིས་སེལ
་པར་བྱ། །ཞེས་བྱ་བ་ལ་འོ་མའི་བེའུ་སྣབས་ཀྱི་ནང་དེ་དང་རྗེས་སུ་འབྲེལ་ཅིང་རྗེས་སུ་འབྲང་བའི་བླ་གཉན་གྱི་ནད་རྣམས་ལ། ཡང་ནད་ཀྱི་དམིགས་ཇི་ལྟ་བ་བཞིན་དུ། དུས་ཤེས་པའི་སྨན་པས་གསོ་བ་བརྩམ་པར་བྱའོ། །སོ་འབྱུང་བ་དག་ནང་རྣམས་ནི། །ཐམས་ཅད་ཀྱི་ཡང་རྒྱུ་ཡིན་ནོ།།
་མཆོག་ཏུ་རིགས་དང་འཁྲུ་བ་ཡི། །ལུང་པ་སློན་དང་མགོ་ནང་དང། །བད་མིག་འཛག་པའི་ནད་དང་ནི། །ཤུ་བ་རྣམས་ནི་སྐྱེད་པར་བྱེད། ཅེས་བྱ་བ་ལ། བྱིས་པའི་སོ་འབྱུང་བ་ནི་བྱིས་པའི་ནད་ཐམས་ཅད་ཀྱི་རྒྱུ་དང་གནས་ཡིན་ནོ། །དེ་ལས་ཀྱང་ཁྱད་པ་དུ་རིམས་ལ་སོགས
་པའི་ནང་རྣམས་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ། །བྱི་ལཱའི་སྐལ་ཚིགས་བྱེད་པ་དང། རྨ་བྱའི་གཙུག་ནི་འབྱུང་བ་དང། བྱིས་པའི་སོན་སྐྱེ་བ་ན། །མིན་བ་ནི་ཅུང་ཟད་མེད། །ཅེས་བྱ་བ་ལ། བྱི་ལའི་སྒལ་ཚིགས་བྱེ་ཞིང་འབུར་བའི་དུས་དང། རྨ་བྱའི་གཙུག་གི་ཅོད་པན
་འབྱུང་བའི་དུས་སུ། ཡན་ལག་ཐམས་ཅད་བརྡུང་ཞིང་ན་བར་མི་བྱེད་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་བྱིས་པའི་སོ་སྐྱོ་བ་ན་ཡང་ཡན་ལག་མིན་པ་ཅུང་ཟད་ཀྱང་མེད་ཀྱི་ཐམས་ཅད་ན་པར་འགྱུར་རོ། །དེ་ལ་ནད་ནི་ཇི་བཞིན་དང། ནད་སྟོབས་ཇི་བཞིན་འཇིགས་ཇི་བཞིན།།
་ཡུལ་དང་དུས་སོགས་རྣམ་ཕྱེ་སྟེ། །སྨན་གྱི་སྦྱོར་བས་གསོ་བར་བྱ། །ཞེས་བྱ་བ་ལ། སོ་སྐྱེ་བ་ལས་བྱུང་བའི་ནད་དེ་ལ་ནད་ཀྱི་ཚུལ་ཇི་ལྟ་བ་དང། ནད་གང་དང་གང་སྟོབས་ཆེ་བའི་ཤས་ཇི་ལྟ་བ་དང། འཇིགས་པ་གང་དང་གང་ལས་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་ཡུལ་དང
་དུས་ལ་སོགས་པའི་ཚུལ་ཤེས་པར་བྱས་ལ། སྨན་གྱི་སྦྱོར་བས་གསོ་བར་བྱའོ། །གནོད་དང་གནོད་བྱ་དེ་ཉིད་དང། །རིམས་སོགས་ནད་ཀྱང་དེ་ཉིད་འབྱུང། །དེ་བས་སྨན་ནི་དེ་ཉིད་དེ། །གཞོན་ཤ་ཅན་དང་ལུས་ཆུང་ཕྱིར། ཟས་ཀུན་བསྟེན
་པར་མི་བྱེད་པས། །འདི་ཡི་ཚད་ནི་ཆུང་ངུ་སྦྱིན། །ཞེས་བྱ་བ་ལ། བྱིས་པའི་གནོད་པ་དེ་ཉིད་དེ་རླུང་དང་མཁྲིས་པ་དང་བད་ཀན་དེ་ཉིད་དང། དངས་མ་ལ་སོགས་པའི་ལུས་ཟུངས་བདུན་པོའི་གནོད་བྱ་དེ་ཉིད་དང། རིམས་ལ་སོགས་པའི་ནད་ཀྱི་སྡང་ལུས་སྤྱིའི་གསོ
་བར་བསྟན་པ་དེ་ཉིད་འབྱུང་བར་འགྱུར་རོ། །དེ་བས་ན་སྨན་ཡང་རིམས་ལ་སོགས་པའི་སྣབས་དེ་དག་ཏུ་སྨོས་པ་དེ་ཉིད་ཀྱིས་གསོ་བར་བྱའོ། །འོན་ཀྱང་བྱིས་པའི་སྐབས་སུ་ཁྱད་པར་འདི་ཡོད་དོ། །བྱིས་པ་ནི་གཞོན་ཤ་ཅན་ཁུལ་ཞོ་པ་ཡིན་པའི་ཕྱིར་དང་ལུས་ཆུང་བའི
་ཕྱིར་དང། ཟས་ཐམས་ཅད་བསྙེན་བར་མི་བྱེད་པའི་ཕྱིར་འདི་ལ་སྨན་གྱི་ཚད་ཆུང་དུ་སྦྱིན་པ་བྱའོ། །མང་དང་འོ་མ་ལ་བརྟེན་པས། །བྱིས་པ་རྟག་པར་ཁོང་སྣུམ་ཡིན། །དེ་བས་འཕྲལ་དུ་སྐྱུགས་སྨན་ནི། འཇམ་པོ་བློ་དང་ལྡན་པས་བླུང། །ཅེས་བྱ་བ་ལ།
་བྱིས་པ་ནི་དུས་རྟག་ཏུ་མར་དང་འོ་མལ་བརྟེན་ཅིང་དེས་འཚོ་བ་ཡིན་པས་རྟག་པར་ཁོང་སྣུམ་པ་ཡིན་ལ་དེ་བས་ན་བྱིས་པ་དེ་ལ་ནི་འབྲལ་དུ་དེའི་མོང་ལ་སྐྱུགས་སྨན་འཇམ་པོ་སྨན་པ་བློ་དང་ལྡན་པར་བླུད་པར་བྱའོ། །འོ་མ་འོ་མ་ཟས་བསྟེན་ལ། །ནུ་ཞོ
་དོམས་པར་བྱས་པས་སློན་ཞེས་བྱ་བ་ལ། བྱིས་པ་འོ་མ་ལ་བརྟེན་པ་དང་འོ་མ་དང་ཟས་གཉིས་ཀ་ལ་བརྟེན་པ་དག་ལ་ནི་ནུ་ཞེ་དོམས་པར་བྱས་ནས་སློན་དུ་གཞུག་གོ་།ཟས་ཟ་བ་ལ་མར་བཅས་པའི། །ཐུག་པ་སླ་བ་བླུད་པར་བྱའོ། །ཞེས་བྱ་བ་ལ། །ཟས
་འབའ་ཞིག་གིས་གསོ་བའི་བྱིས་པ་ལ་ནི་ཐུག་པ་སླ་བ་རྐྱང་རྐྱང་པོ་བླུད་པས་སློན་པར་བྱའོ། །བཀྲུས་སྨན་གྱིས་གསོས་མས་བཏང་དང། །ཚད་ཆུང་ཚད་ཕྲན་དག་གིས་བྱས། །ཞེས་བྱ་བ་ལ། བྱིས་པ་བཀྲུ་སྨན་གྱིས་གསོ་བར་བྱ་བའི་ནད་ཡོད་པ་ལ་ནི
་བཀྲུ་སྨན་མས་བཏང་པས་གསོ་བར་བྱའོ། །སྣ་སྨན་ཚད་ཆུང་དུ་བཏང་བའི་ནད་ཡོད་པ་ལ་ནི་ཚད་ཕྲན་དག་བཏང་བར་བྱའོ། །བཀྲུ་སྨན་ལ་སོགས་ཇི་སྐད་བཤད། །མ་མ་ཉིད་ལ་བཏང་བར་བྱ། །ཞེས་བྱ་བ་ལ་མ་མ་འམ་མ་ལ་ནི་བཀྲུ་སྨན་ལ་སོགས་པ་ཇི་སྐད་དུ་སྨས་པའི
་སྦྱོར་བ་ཐམས་ཅད་སྦྱར་བར་བྱ་སྟེ། དེ་ལ་བྱིས་པ་ལ་ནི་བཀྲུ་སྨན་རྣམ་པ་ཐམས་ཅད་དུ་བཏང་དུ་མི་རུང་ངོ། །མུར་པ་རྒྱ་ཤུག་ཚ་བ་གསུམ། །འབྲས་བུ་གསུམ་དང་འཛམ་བུའི་ཤུན། །ཐང་ཤིང་པ་ཏ་ཡུངས་ཀར་བཅས། །སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན། །ནུ་ཞོའི་ཉེས
་པས་ལ་མཆོག་ཡིན། ཞེས་བྱ་བ་ལ། མུར་པ་ལ་སོགས་པའི་སྨན་སྦྲང་རྩི་དང་བཏགས་པའི་ལྡེ་གུ་ནི་ནུ་ཞོའི་ཉེས་པ་སེལ་བའི་མཆོག་ཡིན་ནོ། །པི་པི་ལིང་དང་སྐྱུ་རུ་ར། །དད་ཀ་ཡི་མེ་ཏོག་གི། བྱེ་མ་སྦྲང་ཙིར་བཅས་པ་ཡི། །ལྡེ་གུ་རྙིལ་ནི་བྱུག་པར་བྱ། །ཞེས་བྱ་བ
་ལ། པི་པི་ལིང་གི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་རྙིལ་བསྐུ་བར་བྱ་བའམ། ཡང་ན་སྐྱུ་རུ་ར་དང། །ད་དཀའ་ཨི་མེ་ཏོག་གི་ཕྱེ་མ་དང་སྦྲང་རྩིར་སྦྱར་བས་རྙིལ་བསྐུ་བར་བྱའོ། །འུར་བྱ་སྲེག་པའི་ཤ་སྐམ་གྱི། །བྱེ་མ་སྤྲད་རྩིས་སྤྲུས་པ་ཡིས། །བྱིས་པའི་སོ་ཡི་མྱུ་གུ
་ནི། །མྱུར་དུ་སྐྱེད་པར་བྱེད་པའི?། །ཞེས་བྱ་བ་ལ། འུར་བྱ་ཞེས་བྱ་ལ་བ་དང། །སྲེག་པའི་ཤ་སྐམ་གྱི་ཕྱེ་མ་སྦྲང་རྩིས་སྡུས་པ་བསྐུས་ན་བྱིས་པའི་སའི་མྱུག་གུ་མྱུར་དུ་སྐྱེད་པར་བྱེད་དོ། །ཤུད་ཁྲི་ཧ་ཏི་གཉི་དང། །པ་ཏ་བླ་སྒད་པུ་ཙ་ཤེལ། །བ་དང་མངར་བའི་སྨན
་སྡེ་དག། །བསྐོལ་བའི་སྨན་གྱིས་སོ་བསྐྱེད་གྲུབ། །ཅེས་བྱ་བ་ལ། སཤུ་དག་ལ་སོགས་པའི་སྨན་དང། དེ་བཞིན་དུ་རྒུན་འབྲུམ་ལ་སོགས་པ་མངར་བའི་སྨན་གྱི་སྡེ་ཚོན་དང་བསྐོལ་བའི་མར་གྱི་བསྐུས་ན་སོ་མྱུར་དུ་སྐྱེད་པ་དེ་མངོན་དུ་གྲུབ་པས་ཡིད་ཆེས་པ
་ཡིན་ནོ། །སྐྱེར་པ་ཐད་ཤིང་སེ་ར་ལ། །པྲི་ཧ་ཏཱི་གཉིས་ཉ་ཤིང་པ། །ཀྲི་སྣ་པརྙི་ཤྲི་སེ། སྦྲང་རྩི་མར་སྦྱར་ལྡེ་གུ་ནི། །ཕོ་བའི་མེ་དྲོད་བསྐྱེད་པའི་མཆོག་།རླུང་ནི་བདེ་བར་རྒྱུ་བར་བྱེད། །འཁྲུ་བ་རིམས་དང་དབུགས་མི་བདེ། །མིག་སེར་སྐྱ་རྦལ་ལུད་པ་འཇོམས། །
་བྱིས་པའི་ནང་ནི་ཐམས་ཅད་ལ། །ཕན་ཞིང་མདོག་དང་ཉམས་སྟོབས་བསྐྱེད་ཅེས་བྱ་བ་ལ། སར་ནི་ཅི་ཞེས་བྱ་བའི་ཤིང་ངོ། །བྲི་ཧ་ཏཱི་གཉིས་ནི་བྲི་ཧ་ཏཱི་དང་ཀན་ཏ་ཀ་རིའོ། །ཤྲི་ཡ་སེ་ནི་ཧི་ཏི་པི་པི་ལིང་ངོ། །གཞན་དག་ནི་གྲགས
་པར་ཟད་དོ། །སྨན་དེ་དག་བཏགས་པའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་བའི་ལྡེ་གུ་ནི་པོ་བའི་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ནང་ཐམས་ཅད་ལ་ཕན་ཞིང་ལུས་ཀྱི་མདོག་དང་ཉམས་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །བཙོད་དང་བསེན?
་པྲོ་མ་ང་ཏ་ཀི་།ཀུ་དན་ནང་བ་ལ་གཉིས། །ས་ཧ་ཆ་ཆུང་གཉིས་དང་ནི། །མུངྒ་བི་ལ་པ་གཞོན་ནུ་རྣམས། །རས་བལ་ས་བོན་བཅས་པ་དག་།ཆུ་བསྐོལ་བ་དང་མར་དང་ནི། །ཐལ་སྨན་ཞོ་ཁ་ཆུང་བསྐོལ་པའོ། །སོ་སྐྱེས་ལས་བྱུང་སྣ་ཚོགས་ནད། །འདི
་ཡིས་མྱུར་དུ་འཇོམས་བྱད་དོ། །འོད་སྲུངས་རྒན་པོས་བཤད་པ་ཡིན། །ཞེས་བྱ་བ་ལ། བཙོད་པ་ལ་སོགས་པའི་ཆ་དང་བསྐོལ་བའི་སྨན་གྱི་ཁུ་བ་དང་མར་དང་ཐལ་སྨན་དང་ཞོ་ཁ་ཆུང་སྦྱར་ཏེ་བསྐྲོལ་བས་ནི་སོ་སྐྱེས་པ་ལས་བྱུང་བའི་ནད་སྣ་ཚོགས་འདིས་སེལ
་བར་བྱེད་དོ། །སྦྱོར་བ་འདི་ནི་འོད་སྲུངས་རྒན་བོ་ཞེས་བྱ་བའི་དྲུང་སྲོང་གིS་བཤད་པ་ཡིན་ནོ། །བྱིས་པ་སོ་སྐྱེའི་ནད་ལ་ནི། །སྔགས་ཀྱིས་མངོན་པར་གདབ་མི་བྱ། །སོ་སྐྱེས་པ་ཡི་ནད་གང་ཡན། །གསོ་བས་རང་ཉིད་ཉེར་ཞིར་འགྱུར། །ཞེས་བྱ་བ་ལ་བྱིས
་པས་སྐྱེ་བའི་ནད་ལ་སྔགས་ཀྱིས་གདབ་པར་མི་བྱ་སྟེ། སོ་སྐྱེས་པའི་ནད་གང་ཡིན་པ་དེ་ནི་གསོ་བ་དེ་དག་བྱས་པས་རང་ཉིད་ཞི་བར་འགྱུར་བས་སྔགས་གདབས་མི་དགོས་སོ། །ཉིན་པར་གཉིད་དྲགས་ཆུང་གྲང་དང། །ནུ་ཞོ་བད་ཀན་ཅན་བསྟེན
་པས། །བྱིས་པའི་དང་སམ་རྒྱུ་བ་ཡི། །རྩ་རྒྱུན་བད་ཀན་གྱིས་བཀག་པས། །ཡིག་འཆུས་དང་ཆམ་པ་དང། །རིམས་དང་ལུང་པ་འབྱུང་བར་འགྱུར། །དེ་ནས་བྱིས་པ་ལུས་བསྐམས་ཤིང། །གདོང་སྣུམ་མིག་ནི་དཀར་བར་འགྱུར་།ཞེས་བྱ་བ་ལ།
་ཉིན་པར་གཉིད་ལོག་དྲགས་པ་ལ་བརྟེན་པས་དངས་མ་རྒྱུ་བའི་རྩ་སྡུབས་འགགས་པ་ལ་སོགས་པའི་ཕྱིར་ཡིག་འཆུས་པ་ལ་སོགས་པའི་ནང་འབྱུང་ལ། ངེས་ན་བྱིས་པ་ལུས་སྐམ་པར་འགྱུར་རོ། །རྒྱ་མཚ་ཚ་གསུམ་ཤ་རང་ག་།པ་ཐ་ཀི་རི་ཀ་དམ་པ། །
་མང་དང་སྦྲང་རྩི་སྦྱར་སྐམས་དང། །ཡིག་འཆུས་ལ་སོགས་ལ་བཏང། །ཞེས་བྱ་བ་ལ། བྱིས་པ་ལུས་སྐམ་ཞིང་ཡིག་འཆུས་པ་ལ་སོགས་པ་ལ་རྒྱན་ཚྭ་ལ་སོགས་པའི་སྨན་བཏང་བར་བྱའོ། །པུ་ཙ་ཤལ་དང་ཨ་ཤྭ་ཀ་།ཚ་བ་ལྔར་བཅས་ཕྱ་མ་ཕན།?
་ཞེས་བྱ་བ་ལ་ཡང་ན་པུ་ཙ་ཤེལ་དང་ཨ་ཤྭ་ཀ་དང་ཚ་བ་ལྔའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་བ་ཡང་བྱིས་པའི་ཡིག་འཆུས་པ་ལ་སོགས་པའི་ནད?་ལ་ཕན་ནོ། །ང་ང་ཀི་དང་སྐྱུ་རུ་ར། །རྒྱ་ཤུག་ཕྱེ་མ་མར་བཅས་ཞེས་བྱ་བ་ལ། ཡང་ན་ང་ང་ཀི་ལ་སོགས་བའི
་ཕྱེ་མ་དང་མར་དང་སྦྲང་རྩི་དང་སྦྱར་བ་ཡང་བྱིས་པ་སྐེམ་ཞིང་ཡིག་འཆུས་པ་ལ་སོགས་པ་ལ་ཕན་ནོ། །ས་ལ་ཕརྞི་ཤུ་དག་དང། །འབྲིང་ཏི་གཉིས་ར་མཉེ་བ། །པི་པི་ལིང་དང་རྒྱ་སྤོས་དང་ལྕང་མ་ཨུད་པ་ལ་བ་སྤྲུབ། །ག་བྲའི་རྩ་བ་གླ་སྒང་རྣམས། །སྲད་དེ་ཡི
་ནི་ཚོད་བྱས་པ། །མང་ནི་བྲེ་གང་བཅས་བསྐོལ་བ། །དུ་རྒྱུན་སྤྱོད་བའི་དམ་པ་ཡིན། །ཞེས་བྱ་བ་ལ། ས་ལ་པརྞི?་ལ་སོགས་པའི་སྨན་སྣ་རེ་རེ་སྲང་རེ་མར་བྲེ་གང་གི་ནང་དུ་བསྐོལ་བ་བླུད་ན་ཡང་རྩ་རྒྱུན་བད་ཀན་གྱིས་འགགས་པ་སྦྱོར་བར་བྱེད་བ་ཡིན་ནོ། ། ཤྭ
་གནད་བྱའུ་དུག?་པ། །བྲི་ཧ་ཐཱི་དང་པི་པི་ལིང། །བསྐོལ་བའི་ཡོན་ཏན་དེ་དང་འདྲ། །ཞེས་བྱ་བ་ལ། ཨ་ཤྭ་གནད་ལ་སོགས་པའི་སྨན་པར?་བསྐོལ་བའི་མར་བླུད་ན་མང་ཡོན་ཏན་སྔ་མ་དང་འདྲ་སྟེ། རྩ་རྒྱུན་སྦྱོར་བར་བྱེད་པ་ཡིན་ནོ། །ཤིང་མངར་སེང་ཕྲོམ་པི་པི་ལིང། །
་ཤུག་བ་ཙན་དན་ཨུཏཔ་ལ། །བལ་བུའི་ལོ་མ་ཤའི་བ། །བསྐོལ་བའི་མར་གྱི་སྐམ་པ་ཡི། །ནད་ནི་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པ་དང་བསྐོལ་བའི་མར་ཀྱིས་ཀྱང་བྱིས་པའི་སྐེམ་པའི་ནད་སེལ་བར་བྱེད་པ་ཡིན་ནོ། །
་ཤིང་གི་པ་ཏུ་ལི་ཀ་དང། །ག་བྲའི་རྩ་བ་པི་པི་ལིང། །ཐང་ཤིང་ཨ་ཤྭ་གནད་དང། ར་མཉེ་བ་གཉིས་ར་སྣ་དང། །ཟངས་རྩི་བ་དང་ཇི་པ་ཀ་།མ་ཤ་མུངྒ་པརྟི?་དང། །བྱི་དང་ག་ཡི་ལྡེ་གུར་བྱས། །རི་བོང་མགོ་བསྐོལ་ཁུ་བ་དང། །
་བསྐོལ་བའི་མར་ནི་བླུད་གྱུར་ན། །ལུས་སྐོམ་རྒྱས་པར་བྱེད་པའི་མཆོག་།ཅེས་བྱ་བ་ལ། ཀརཤ་ཏ་ཤིང་གི་དང་མ་དུ་ལི་ཀ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང། །རི་བོང་གི་མགོ་བསྐོལ་བའི་ཁུ་བ་དང། །ལྷ་ཅིག་བསོལ་བའི་མར་གྱིས་ནི་བྱིས་པའི་ལུས
་སྐྱེམ་པར་གྱུར་པ་མཆོག་ཏུ་རྟས་པར་བྱེད་པ་ཡིན་ནོ། །ཤུ་དག་སླེ་ཏྲེས་ཀ་ཡ་ཐ། །རྒྱ་སྤོས་རྩ་རོང་ར་ཐུག་གཅིན། །ཆང་བསྐོལ་ཏིལ་མར་བསྐུས་པ་ཕན་ཞེས་བྱ་བ་ལ། ཤུ་དག་ལ་སོགས་པ་དང། ཏིལ་མར་བསྐོལ་བ་ཡང་ལུས་སྐེམ་པ་ལ་ཕན
་ནོ། །རྒྱ་སྐྱེགས་ཁུ་བ་ན་མཉམ་དང། །ཏིལ་མར་བྲེ་གང་ཞོ་ཁ་ཆུ། །བཞི་འགྱུར་ཨ་ཤྭ་ག་གནདྷ་དང། །སྐྱེར་པ་ཐང་ཤིང་རུ་རྟ་དང། །ཧ་རེ་ནུ་ཀ་བཏལ། །ཙན་དན་མུར་པ་པུ་ཙ་ཤེལ། །ར་སྣ་ཉེའུ་ཤིང་ཤིང་མངར་མཉམ། །བསྐོལ་བའི་ཏིལ་མར
་རྒྱུ་སྐེགས་སོགས། །ཞེས་བྱ་བསྐུས་དང་ཕན་པར་འགྱུར། །སྟོབས་བསྐྱེད་རིམས་དང་ཟད་བྱེད་དང། །སྨོ་བྱེད་བརྗེད་དབུགས་མི་བདེ། །རླུང་གིས་ནད་རྣམས་སེལ་བར་བྱེད། །གནོད་སྦྱིན་སྲིན་པོ་འབྱུང་པོ་འཇོམས། །སྦྲུམ་མ་ལ་ཡང་བསྔགས་པ
་ཡིན། །ཞེས་བྱ་བ་ལ། རྒྱ་སྐྱེགས་ཀྱི་བུ་བ་བྲག་དང་ཞོ་འཆུ་བྲེ་བཞི་དང་ཨ་ཤྭ་གནད་ལ་སོགས་པ་སྨན་ཆ་ཉམས་པར་བྱས་པ་དང་བསྐོལ་པའི་ཏིལ་མར་ནི་རྒྱ་སྐྱེགས་ལ་སོགས་པའི་ཏིལ་མར་ཞེས་བྱ་སྟེ། དེ་བསྐུས་ན་ཡང་ལུས་སྐོམ་པ་ལ
་ཕན་ཞིང་རྒྱས་པར་འགྱུར་བ་དང་སྟོབས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །བོད་ང་ཀརྐཏ་སྲིད་གི། རི་ལི་ལི་ལིང་དང་སྦྲང་རྩི་སྦྱར། །ལྡེ་གུ་བྱས་པ་ལ་སྦྱིན་པ། །ཞེས་བྱ་བ་ལ། །བོད་ང་དང་ཀརྐཏ་སྲིད་གི་ལ་སོགས་པ་སར?
་བའི་ལྡེ་གུ་སྦྱིན་ན་ཡང་ཕན་ནོ། །བོང་ང་དཀར་པོ་གཅིག་པུ་ཡི། །ལྡེ་གུས་ལུད་པ་རིམས་སློན་བྲོ། །བླ་གཉན་གྱིས་ནི?་ནད་སེལ་བྱེད། །ཅེས་བྱ་བ་ལ། ཡང་ན་བོང་ད་དཀར་པོ་གཅིག་པུ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་ཀྱང་ལུད་པ་དང་རིམས་ལ་སོགས་པའི་ནང
་སེལ་བར་བྱེད་དོ། །ནུ་ཞོ་འཐུང་ཞིང་སློན་པ་ལ། །དེ་ལ་ཞུན་མར་སྦྲང་རྩི་དང་ཀཎྚ་ཀཱ་རཱི་བྲི་ག་ཏཱི། །འབྲས་བུའི་ཁུ་བ་ཚ་བ་ལྔ། །སྦྱར་བའི་ལྡེ་གུ་སྦྱིན་པར་བྱ། །ཞེས་བྱ་བ་ལ། བྱིས་པ་གང་མའི་ནུ་ཞོ་འཐུངས་ཤིང་སྨོན་པར་གྱུར་བ་དེ་ལ་ནི། མར་དང་སྦྲང་རྩི་དང།
་ཀཎྚ་ཀཱ་རཱི་དང། བྲིཏ་ཏཱིའི་འབྲས་བུའི་ཁུ་བ་དང། ཚ་བ་ལྔ་འི་ཕྱེ་མ་དང་བའི་ལྡེ་གུ་སྦྱིན་པར་བྱའོ། །པི་པི་ལིང་དང་ལན་ཚ་སྔ། །བ་རིབ་ཏ་བྱི་དང་ག་།དེ་བཞིན་ལྡེ་གུང་བཅས་པ་སྦྱིན། །ཞེས་བྱ་བ་ལ། པི་པི་ལིང་དང་ལན་ཚྭ་ལྔ་པ་རི་པ་ཏྲ་དང་བྱི་དང་གའི་ཕྱེ་མ
་སྦྲང་རྩི་དང། སྦྱར་བའི་ལྡེ་གུ་སྦྱིན་ན་ཡང་སློན་པའི་ནད་ལ་ཕན་ནོ། །དེ་བཞིན་ཚ་བ་གསུམ་རེག་འཇམ། །ཤ་བི་ང་དང་རྨ་བྱས་མ། །ཇི་སྙེད་པགས་པ་སུ་བསྲེགས་པ། །སྣག་ཚ་སྦྲང་རྩི་མར་སྦྱར་ཕན། །ཞེས་བྱ་བ་ལ། ཡན་དེ་བཞིན་དུ་ཚ་བ་གསུམ་དང། །བྱ
་རེག་འཇམ་ལ་སོགས་པ་ཇི་སྙེད་པའི་པགས་པ་དང། །སྤུ་བསྲེས་ཏེ་སྣག་ཚར་བཅས་པ་མར་དང་སྦྲང་རྩིར་སྦྱར་བའི་ལྡེ་གུ་བྱིས་པ་ལ་བྱིན་ན་ཡང་ནང་དེ་ལ་ཕན་ནོ། །སེང་ལྡེང་བལ་སྤུ་ཨརྫུ་ན། །རུ་རྟ་སྭ་ཏ་ནི་འི་ཁུ་བ། །འོ་མ་མར་དང་སྦྱར་བསོལ་བས། །སློན་བྲོ
་ཉེ་བར་སེལ་བར་བྱེད། །ཅེས་བྱ་བ་ལ། སེང་ལྡེང་ལ་སོགས་འོ་མ་དང་མར་བཅས་པ་བསྐོལ་བ་བླུད་ན་ཡང་སློན་བྲོ་སེལ་བར་བྱེད་དོ། །གང་ཞིག་སོ་དང་བཅས་སྐྱེས་དང། །གང་གི་དང་པོར་ཡ་སོ་སྐྱེས། །བཀྲ་མི་ཤིས་པ་དེ་ལ་ནི། །ཞི་བའི་བྱ་ཞིང་བྲམ་ཟེ
་ལ། །ཡོན་དང་བཅས་པ་སྦྱིན་པར་བྱ། །དེ་བཞིན་སྐེམ་བྱེད་མཆོད་པར་བྱ་།ཞེས་བྱ་བ་ལ། །བྱིས་པ་གང་མའི་ཁོང་ནས་སོ་དང་བཅས་པར་སྐྱེས་པ་དང། །ཡང་བྱིས་པ་ཡ་སོ་དང་པོར་སྐྱེས་པའི་བཀྲ་མི་ཤིས་པའི་གནོད་པ་དེ་ལ་ནི། ཞི་བའི་སྦྱིན་སྲག?་བྱ་བ་དང།
་དགེ་སྦྱོང་དང་བྲམ་ཟེ་ལ། བྱིས་པ་དེ་ཡོན་དང་བཅས་པ་སྦྱིན་བར་བྱ་བ་དེ་བཞིན་དུ་གཞོན་ནུ་སྐེམ་བྱེད་མཆོད་ཕར་འགྱུར་རོ། །བད་ཀན་འཁྲུགས་པར་རྐན་གྱི་ཤར། །ཀན་གྱི་མཛེར་པ་ཞེས་བྱ་བ་ལ་དེས་ན་རྐན་གྱི་ཕྱོགས་ཀྱི་ནི། །སྤྱི་བོ
་དམའ་བར་འབྱུང་འགྱུར། །རྐན་ལྷུང་ནུ་ཞོ་འདྲེས་པ་དང། །དགའ་བས་འཐུང་ཞིང་བཤད་བསླ། །སྐོམ་དང་ཁ་གཡའ་མིག་ན་ཞིང། །གཉའ་བ་འདེགས་དཀའ་སློན་པར་འགྱུར་ཞེས་བྱ་བ་ལ། བད་ཀན་འཁྲུགས་པས་རྐན་གྱི་ཤར་རྐན་གྱི་མཛར་པོ་ཞེས
་བྱ་བའི་ནད་སྐྱེད་བར་འགྱུར་རོ། །རྐན་གྱི་མཛེར་པ་དེས་རྐན་གྱི་ཕྱོགས་ཀྱི་སྤྱི་བོར་དམའ་ཞིང་ལྕོད་བར་འགྱུར་ལ། དེ་བཞིན་དུ་རྐན་ལྷུ་བཞིང་བབས་པ་དང། །ནུ་ཞོ་དང་འདྲས་ཤིང་འཐུང་བར་མི་དགའ་བ་དང། དཀའ་ཞིང་སྡུག་བསྔལ་བས་འཇིགས་བ་ལ
་སོགས་པར་འགྱུར་རོ། །དེ་ལ་རྐན་བཏགས་ནས་ཚིག་འཁུས། །ཐལ་བ་སྦྲང་རྩིར་སྦྱར་བ་བསྐུ། །ཡང་ན་བཅའ་སྒ་པི་པི་ལིང། །བ་ཡང་ལྕི་ཁུ་རྒྱ་མཚྭ་བསྐུ། ཞེས་བྱ་བ་ལ། རྐན་དུ་མཛེར་བ་བྱུང་བདེ་ལ་རྐན་བཏེག་ནས། ནས་འཁུས་བའི་ཐལ
་པ་དང་སྦྲང་རྩིར་བཅས་པའི་ལྡེ་གུས་བསྐུ་བར་བྱ་བ་འམ། །ཡང་ན་བཅའ་སྒ་ལ་སོགས་པའི་སྒུན་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །དོད་གྲ་སྐྱེར་པའི་ཤིང་ཚའི་ལྡེ་གུས་བསྐུ་བར་བྱའོ། །དོད་གྲ་སྐྱེར་པའི་ཤིང་ཚ་ཡི། །སྡེ་གུ་ནྱ་གྲོ་དྷའི་ལོ་མར།།
་གཏུམས་ལ་གླ་སྒང་ལྕི་བས་བྱུག་།དེ་རྗེས་མེ་མ་མུར་ལ་བསྲེག་།ཁུ་བས་རྐན་དང་ཁ་བསྐུ་ཞིང། །མིག་ཏུ་ཡང་ནི་བླུག་པར་བྱ། ཞེས་བྱ་བ་ལ། དོང་གྲ་དང་སྐྱེར་བ་དང་ཤིང་ཚ་ལྡེ་གུར་བྱས་པ་ནྱ་གྲོ་དྷའི་ལོ་མར་གཏུམས་ལ་དེའི་འོག་ཏུ་བ་ལང་གི་ལྕི
་བས་ཕྱི་རོལ་ནས་བསྐུས་ལ། དེའི་འོག་ཏུ་མེ་མ་མུར་གྱི་མདག་མར་བསྲེགས་ལ། ཚོས་པ་དང་ཁུ་བ་བཙིར་ཏེ་བྱས་པ་དེའི་རྐན་དང་ཁའི་ཕྱོགས་བསྐུ་ཞིང། མིག་ཏུ་སྨན་གྱི་ཐིགས་པ་བླུགས་པར་བྱའོ། །རུ་རྟ་ཤུ་དག་ཨ་རུ་ར། །སྦྲང་རྩིར་བཅས་པའི་ལྡེ
་གུ་ནིར་ད་ནུ་ཞོ་སྦྱར་བའི་བྱིས་པར་བླུད། །རྐན་གྱི་མཛེར་པ་ལས་ཐར་འགྱུར། །ཞེས་བྱ་བ་ལ། རུ་རྟ་ལ་སོགས་པའི་ལྡེ་གུ་དང་ནུ་ཞོ་དང་ལྷན་ཅིག་བླུད་མ་ཡང་རྐན་གྱི་མཛེར་པའི་ནང་ལས་ཐར་པར་འགྱུར་རོ། །དྲི་མས་གོས་སམ་རྡུལ་བ་ལས། གཞང་ཁར་བདག་ན
་ཁྲག་ལས་བྱུང། །རྨ་ནི་ནང་དམར་གཡའ་པ་དང། །བླ་གཉན་མང་པོ་འབྱུང་བར་འགྱུར། ལ་ལས་མ་མོའི་ཉེས་པར་བཤད། །གཞན་དག་ལུས་སྲུས་པོས་བྱས་ཟེར། །རྒྱབ་གྱི་ཐོར་བུ་གཞང་བསྡེབས་ཟེར། །ལ་ལས་དེ་ཡི་མིང་ཞེས་བཤད། ཅེས་བྱ་བ་ལ།
་བཤང་བ་ཞེས་བྱ་བའི་དྲི་མས་གོས་པ་འམ་ལན་འགའ་རྡུལ་བར་བྱ་བ་ལས་བད་ཀན་ཁྲག་ལས་གྱུར་པའི་རྨ་ནང་ན་དམར་ཞིང་གཡའ་བ་དང་བཅས་བ་དང། །བླ་གཉན་མང་པོ་དང་ལྡན་པར་འབྱུང་བར་འགྱུར་ལ། །མ་དེ་ལས་ནི་ལ་ལན་མ་མོའི་གདོན་གྱིས་ཉེན་པ
་ལས་བྱུང་བ་ཡིན་བར་བཤད་ལ། དེ་བཞིན་དུ་གཞན་དྲུག་ནི་ལུས་སྲུལ་པོའི་གདོན་གྱིས་ཉེན་བ་བྱས་ཞེས་ཟེར་ལ་ལ་ནི་རྒྱབ་གྱི་ཐོར་བུ་ཞེས་བྱ་བ་ཡིན་ཟེར་ལ། གཞན་དག་ནི་གཞད་བསྡེབས་པ་ཞེས་བྱ་བ་ཡིན་ནོ། །ཞེས་ཟེར་བའོ། །ལ་ལ་ནི་ནད་དེ་མིང་མེད་ཅེས
་བྱའོ་ཞེས་ཟེར་རོ། །དེ་ལ་མ་མ་བད་མཁྲིས་དག་།སེལ་བའི་སྨན་གྱི་ནུ་ཞོ་སྦྱར་ཞེས་བྱ་བ་ལ། མིང་དུ་མ་དང་ལྡན་པའི་ནད་དེ་ལ་ནི་མ་མའི་མཁྲིས་བ་དང། བད་ཀན་སེལ་བར་བྱེད་བའི་སྨན་གྱིས་དེའི་ནུ་ཞོ་སྦྱར་ཞིང་ཉེས་པ་མེད་བར་བྱའོ། །ཙན་དན་དཀར་ཆུ་བསིལ་བ
་དང་པ་ལྡན་པའི་སྐོམ་ནི་ནད་ནས་བླུད། །ཅེས་བྱ་བ་ལ། མ་མེད་ལ་ཙན་དན་དཀར་པོ་ཆུ་བསིལ་པ་དང་སྦྱར་བའི་སྐོམ་མམ?་དང་བྱིས་པ་ལ་བླུད་པར་བྱའོ། །དེ་དང་སྐྱེར་པའི་ཁཎྜ་ནི། །སྦྲང་རྩིར་བཅས་པས་རྨ་བསྐུ་བྱ། །ཞེས་བྱ་བ་ལ། ཙན་དན་དཀར་པོ་དེ་དང་སྐྱེར་པའི
་ཁཎྜ་སྦྲང་རྩི་དང་བས་པའི་ལྡེ་གུས་རྨ་བསྐུ་པར་བྱའོ། །རྒྱ་ཤུ་ཀ་འབྲས་གསུམ་བླཀྵའི། །ཤུན་པ་བསྐོལ་བའི་ཆུ་བླུགས་བྱ། །ནག་ཚུར་གི་ཧཾ་སྤང?་མ་དང། །དངུལ་རྡོ་བ་བླ་ལྡོང་རོས་ནི། །སྐྱུ་རུ་དང་བཏགས་བསྐུ་བྱ་ཞིང། ཞེས་བྱ་བ་ལ། རྒྱ་ཤུག་ལ་སོགས
་པ་བསྐོལ་བའི་ཁྲུ་བས་རྨ་དེ་ལ་བླུགས་པར་བྱ་བ་འམ། ནག་ཚུར་ལ་སོགས་པའི་སྨན་ཁུ་བ་སྐྱུར་པོ་དང། སྦྱར་བའི་ལྡེ་གུས་རྨ་བསྐུ་བར་བྱའོ། །ཡང་ན་ཤིང་མངར་སྐྱེ་ཁཎྜ། །དུང་ནི་ཞིབ་ཏུ་བཏགས་པ་འམ། །དུང་གི་ལྟེ་བ་ཤི་རི་བ་འམ?།།
་ཨ་པ་ན་ཡི་ཤུན་པ་འམ། །ཕྱེ་མར་བཏབ་པ་གདགས་པར་བྱ། ཞེས་བྱ་བ་ལ། ཡད་མ་རྨ་དེ་ཤིང་མངར་ལ་སོགས་པ་ཞིབ་ཏུ་བཏགས་པའི་ཕྱེ་མ་གདབ་པར་བྱ་བ་འམ། ཡང་ན་དུང་གི་ལྟོ་བ་དང། ཤ་རི་བ་ཞེས་བྱ་བ་ཐལ་ཏྲེས་ཀྱི་ཕྱེ་མས་གདབ་པར་བྱ་བ
་འམང?་ཡང་ན་ཨ་ས་ནའི་ཤུན་པ་ཕྱེ་མར་ཞིབ་ཏུ་བཏགས་ནས་གདབ་པར་བྱའོ། །དམར་ཞིང་གཡའ་བའ་ཨི་ཤས་ཆེ་ལ། །སྲིན་བུ་པད་མས་ཁྲག་དབྱུང་བྱ་།ཞེས་བྱ་བ་ལ། གཞང་བསྡེབས་པའི་ནད་དེ་མདོག་དམར་ཞིང། གཡའ་བའ་ཨི་ཤས་ཆེ་བར་གྱུར་པ་ལ་ནི
་སྲིན་བུ་པད་མས་ཁྲག་དབྱུང་བར་བྱའོ། །གཞང་སྡེབས་ནད་ལ་མཁྲིས་པ་ཡི། །རྨལ་ཕན་པ་ཐམས་ཅད་བསྔས། །ཞེས་བྱ་བ་ལ། བཞང་བསྡེབས་པ་ཞེས་བྱ་པའི་ནད་ལ་མཁྲིས་བའི་རྨ་ལ་ཕན་པའི་ཟས་དང། སྐོམས་དང། སྨན་ཐམས་ཅད་ཕན་ནོ།།
་པ་ཐ་ག་སྐད་སེར་པོ་གཉིས། །ག་བྲའི་རྩ་བ་བྱི་དང་ག་།བུ་ན་རྣ་བའི་ལྦིར་ཅས། །བྲ་ཤྲི་ཀ་ལ་ཚ་བ་གསུམ། །མར་བཅས་བསྐོལ་བ་ཚད་ཙམ་བ་ལྡག་།མ་ཟོས་ནང་ལས་ཐལ་བར་འགྱུར་ཞེས་བྱ་བ་ལ། པ་ཐ་ལ་སོགས་པ་སྨན་བསྐོལ་བའི
་ཁུ་བ་མར་དང་བསྐོལ་བ་ཚད་ཙམ་བྱིས་པས་བལྡགས་ཤིང་ཟོས་ནས་ས་ཟོས་པ་ལ་སོགས་པའི་ནད་ལས་ཐལ་པར་འགྱུར་རོ། །ནང་ནི་གང་གི་སྨན་གང་ཡིན། །དེ་ཡིས་ནུ་མ་བསྐུས་ནས་ནི། །ཡུད་ཙམ་འདུག་ལ་དེ་རྗེས་བཀྲུ། །བླུད་ན་ནད་ནི་དེ་དེ་སེལ
་ཞེས་བྱ་བ་ལ། རིམས་ལ་སོགས་པའི་སྨན་གང་དག་ཡིན་པར་བཤད་པའི་སྨན་དེས་ནད་གཞི་ཇི་ལྟ་བ་དང་སྦྱར་ཏེ་བསྐུས་ནས་ཡུད་ཙམ་དེ། ཆུ་ཚོད་གཉིས་འདས་ཀྱི་བར་དུ་བསྡད་ལ། དེའི་རྗེས་ལ་ནུ་མ་བཀྲུས་ཏེ། བྱིས་པ་ལ་ནུ་ཞོ?་བྱུང?་ན་རིམས
་པ་ལ་སོགས་པའི་ནད་དེ་སྨན་དེས་འཇོམས་བར་འགྱུར་རོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་དེས་པར་སྦྱར་བ་ལས། གནས་ཕྱི་མའི་ལེའུ
་གཉིས་པའི་འགྲེལ་པའོ།། །།དེ་ནས་བྱིས་པའི་གདོན་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། ལེའུ་སྔ་མར་ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །ཞེས་བཤད་པའི་རིམ་པས་བྱིས་པའི་གདོན་གསོ་བ
་བསྟན་པའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །སྔོན་གྱི་སྐོམ་བྱེད་བསྲུང་བའི་ཕྱིར། །གདོན་ནི་སྐྱེས་པའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་ཅན་བདུན། །ལྷ་ཆེན་པོ་ཡིས་སྤྲུལ་པཡིན། ཞེས་བྱ་བ་ལ་སྔོན་གྱི་དུས་ལྷ་ཆེན་པོའི་བུ་སྐེམ་བྱེད
་ཅེས་བྱ་བ་གཞོན་ནུ་གདོང་དྲུག་བ་རིམས་ལས་བསྲུང་བའི་ཕྱིར། གདོན་སྐྱེས་པའི་གཟུགས་ཅན་ལྔ་དང་བུད་མེད་ཀྱི་གཟུགས་ཅན་བདུན་ལྷ་ཆེན་པོ་ཉིད་ཀྱིས་བསྐྱེད་པ་ཡིན། སྐེམ་བྱེད་ས་གླུག?་ཐུག་གདོང། །ཁྱི་གདོད་ཡི་དྭགས་ཞེས་བྱ་དང། ཞེས་བྱ
་པ་ལ། སྐེམ་བྱེད་གྱི་གདོན་ལ་སོགས་ལྡན་ནི་སྐྱེས་པའི་གཟུགས་ཅན་ཡིན་པར་ཤེས་པར་བྱའོ། །བྱ་གདོན་སྲུལ་མོ་བགྲང་བ་ཡི། །སྲུལ་མོ་ལོང་མ་ལུས་སྲུལ་མོ། །དེ་བཞིན་བཞིན་གྱི་རྒྱན་ཅན་མ། །ནམ་གྲུ་ནམ་གྲུ་སྐེམ་མའོ། །ཞེས་བྱ་བ་ལ། བྱའོ
་གདོན་ལ་སོགས་པའི་གདོན་བདུན་བོ་ནི། བུད་མེད་ཀྱི་གཟུགས་ཅན་ཡིན་ནོ། །དེ་རྣམས་གྱིས་ནི་གཟུང་བའི་ཚུལ། །རྟག་ཏུ་དུ་དང་རིམས་ཀྱིས་འདེབས། །ཞེས་བྱ་བ་ལ་བ་གདོན་མདེ་རྣམས་ཀྱིས་དང་པོ་གཟུང་ཞིང་འཇུག་པའི་ཚུལ་ལམ་རྟགས་ནི་རྟག
་པར་རྒྱུན་དུ་དུ་པ་དང། རིམས་ཀྱིས་འདེབས་པར་བྱེད་པ་ཡིན་ནོ། །སྤྱི་ཚུལ་སྐྲག་དང་གླལ་བ་དང། སྨིན་མ་འདེབས་ཤིང་རྨྱ་བ་དང། །དབུ་བ་སློན་ཞིང་གྱེན་དུ་བལྟ། །མ་མཆུ་སོས་འདེབས་གཉིད་ཡང་དང། །དུ་ཞིང་འཁུན་ལ་ནུ་ཞོ་ལ། །མི་དཀའ་
་སྐད་ནི་འགྱུར་བ་དང། །གློ་བུར་དུ་ནི་སེན་མོ་ཡིས། །རང་ག་མ་མའི་ཡན་ལག་འབྲད། ཅེས་བྱ་བ་ལ། གདོན་དེ་རྣམས་ཀྱི་སྤྱིའི་རྟགས་ནི། སྐྲག་ཤིང་འཇིགས་པ་དང། གླལ་བ་ལ་སོགས་པ་ནས་རང་གི་མ་མ་འམ་མ་ལ་རྒྱུ་མེད་པར་ཡན
་ལག་ཐམས་ཅད་སེན་མོས་འབྲང་ཅིང་གནོད་པར་བྱེད་པའི་བར་ཡིན་ནོ། །དེ་ལ་སྐེམ་བྱེད་ཀྱིས་ཟིན་རྟགས། །མིག་གཅིག་མཆི་མ་འཇག་པ་དང། །ཡང་དང་ཡང་དུ་མགོ་བོ་བརྡེབ། །བྱོགས་གཅིག་ཉམས་ཤིང་ལུས་རེངས་ལ། །རྡུལ་བཅས་རྐེ་བ
་རེངས་པ་དང། །སོ་འཆའ་ནུ་ཞོལ་མི་དགའ་། །སྡངས་ཤིང་དུ་ལ་སྐད་གསངས་ཉམས། །ཁ་ཡོ་ཁམ་ཆུ་སྐྱུག་ལ་དང། །མི་བཟང་པར་ནི་གྱེན་དུ་བལྟ། །ཚིལ་ཁྲག་དྲི་དྲོ་ཡིད་མི་དགའ་། །བཤད་པ་ཁུ་ཚུར་ལ་བཅས་ཤིང། །མཁུར་ཆོས་ནི་གདང
་སྨིན་མ་གཅིག་།གཡོ་ཟིང་མིག་ནི་གཉིས་ཀ་དམར། །དེས་ནི་ཡན་ལག་ཉེས་ཉམས་པ་འམ། །འཆི་བ་ཁོ་ནར་བྱེད་བར་འགྱུར་ཞིང་བྱ་བ་ལ། དེ་ལ་གདོན་དེ་རྣམས་ཀྱི་ནང་ནས་སྐེམ་བྱེད་ཅེས་བྱ་བཱི་གདོན་གྱིས་ཟིན་ཅིང་ཉེན་པའི་རྟགས་ནི་བྱིས
་པའི་མིག་གཅིག་ནས་མཚིམ་འཇོག་པ་དང། །སྐད་ཅིག་མ་རེ་རེ་ཞིང་ཡང་དང་ཡང་དུ་མགོ་བོ་འདེབས་ཤིང་བསྐོད་པ་དང། ལུས་ཀྱི་གཞོགས་ཕྱེད་ཉམས་ཤིང་མ་རུངས་པ་དང། ལུས་ཤིང་ལྟར་རེངས་པ་དང། རྡུལ་འབྱུང་བ་དང། རྐེ་བ་གཉེའུ
་དེངས་ཀྱིས་བཏབ་པ་ལ་སོགས་པ་དང། ཚིལ་དང་ཁྲག་དྲི་མི་ཞིམ་པ་དང། ཡིད་མི་དགའ་ཞིང་སྐྱོ་བ་ལྟར་གནས་པ་དང། བཤད་པ་ཁུ་ཚུར་ཁྱི་དང་དུ་བཅས་པ་དང། མཁུར་ཆོས་དང་ཁ་ཡོ་བར་གནས་པ་ལ་སོགས་པ་ཡིན་ཏེ། དེས་ནི
་ཡན་ལག་ཉམས་ཤིང་མི་ཚང་བར་འགྱུར་བ་འམ། འཆི་བ་ཁོ་ནར་འགྱུར་རོ། །སྐེམ་བྱེད་བརྗེད་བྱེད་མཚན་མིན། །དྲན་པ་ཉམས་ཤིང་ཡང་དང་ཡང། །སྐྲ་འབལ་རྐེ་བ་འགུགས་པ་དང། །རྣམ་པར་འདུད་ཅིང་བླལ་བཞིན་དུ། །བཤང
་དང་གཅི་བ་འབྱིན་པར་བྱེད། །ལྦུ་བར་སྐྱུག་ཅིང་གྱེན་དུ་བལྟ། །རྐང་ལག་སྨིན་མས་གར་ཡང་བྱེད། །ནུ་མ་དང་ཀྱེ་སོ་ཡིས་འདེབས། །ཀུན་ཏུ་གཡོ་ཞིང་གཉིད་ཡར་རིམས། །ཁྲག་ནི་རྣག་གི་དྲི་གྲོ་བའི། །ཞེས་བྱ་བ་ལ། སྐམ་བྱེད་བརྗེད་བྱེད་ཅེས་བྱ་བ
་གདོན་སོགས་བཟུང་བའི་བཙན་མིན་བྱིས་པའི་དྲན་པ་ཉམས་ཤིང་བརྒྱལ་བ་ལ་སོགས་པ་དང། ལུས་རྣམ་པར་འགུགས་ཤིང་བཏུད་ནས་གླལ་བཞིན་དུ་བཤད་པ་དང། གཅིབ་འབྱིན་པར་བྱེད་པ་ལ་སོགས་པ་ཡིན་ནོ། །ལུག་ཐུག་གདོང་གི་རྟགས
་ཀྱི་ནད། །སྤོ་ཤིང་རྐང་པ་ལག་པ་དག། འདར་ཞིང་ལྦུ་བར་སྐྱུག་པ་དང། །སྐོམ་དད་ཆེ་འཁྲུ་ཆད་པ་འདེབས། །སྐད་གསང་དམའ་ཞིང་མདོག་མི་སྡུག་།འཁུན་ཞིང་སློན་པར་བྱེད་པ་དང། །ལུད་པ་སྐྱིགས་བུས་འདེབས་གཉིད་ཡར། །སོ་ཡིས་མཚུ?་མདོན?
་ཡན་ལག་སྡུད། །རེངས་ཤིང་ལུག་ཐུག་དྲི་དྲོལ། །གྱེན་དུ་ལྟ་ཞིང་རྒོད་པ་དང། །བར་དུ་འགུགས་ཤིང་རིམས་ཀྱིས་འདེབས། །བརྒྱལ་ཞིང་མིག་གཅིག་སྐྲངས་པ་ཡིན་ཞེས་བྱ་བ་ལ། ལུག་ཐུག་གི་གདོང་ཞེས་བྱ་བས་ཟིན་པའི་རྟགས་ནི་བྱིས་པ་ལྟོ
་སྤོ་བ་ལ་སོགས་པའི་ནད་གྱིས་འདེབས་པ་དང། ལུས་ཀྱི་བར་དུ་འགུགས་ཤིང་རྒུར་པོར་བྱེད་པ་ལ་སོགས་པ་ཡིན་ནོ། །ཁྱི་ཡི་གདོང་གི་རྟགས་གྱུར་པ། །འདར་ཞིང་བ་སྤུ་ལྡང་བ་དང། །རྡུལ་ཞིང་མིག་ནི་འཛུམ་བ་དང། །རྒྱབ་ཏུ་གུག་ཅིང་ལྕེ་དང་སོ།།
་མཆུ་དང་རྐན་སྒྲ་འབྱིན་ཅིང་སྐྱུག་།བཤང་པའི་དྲི་འབྱུང་།བྱི་སྐད་འབྱིན། །ཞེས་བྱ་བ་ལ། ཁྱིའི་གདོང་གི་རྟགས་ནི་བྱིས་པ་ལུས་འདར་བ་ལ་སོགས་པ་ནས་ཁྱིའི་སྐད་འབྱིན་པའི་བར་ཡིན་ནོ། །ཡི་དྭགས་ཀྱི་ནི་གདོན་གྱི་རྟགས། །བ་སྤུ་ལྡང་ཞིང་ཡང་ཡང
་སྤངས། །གློ་བུར་ལས་རིམས་ཀྱིས་འདེབས། །འཁྲུ་ཞིང་སློན་བྱེད་ལུང་པ་ལ། །གླལ་སྐོམ་མི་རོ་དྲི་དང་ལྡན། །ལུས་ནི་བསྐྱོད་ཅིང་གྒཡོ་བ་དང། །སྐེམ་ཞིང་རེངས་ལ་མདོག་མི་སྡུག་།ཁུ་ཚུར་སེམས་ཞིང་མ་མ་འཛག་།ཅེས་བྱ་བ་ལ་།བྱིས་པ་ཡི
་དགས་ཀྱི་གདོན་མཚུན་ལྷ་ཞེས་བྱ་བས་གཟུང་བའི་རྟགས་ནི་བཔུ་ལྡང་ཞིང་ཡང་དང་ཡང་དུ་སྡང་བ་ཡིན་ནོ། །བྱ་གདོན་ལུས་ལྷོད་འཁྲུ་བར་བྱེད། །ལྕེ་སྒན་ལྐོག་མར་རྨ་བྱུང་ཞིང། །ཐོར་དུ་ནི་ཞི་འཚལ་སྣག་།ཚིགས་དག་ཏུ་ནི་ཡང
་ཡང་འབྱུང། །མཚན་མོ་སྐྱེ་ལ་ཉིན་མོ་འབྲི། །ཁ་འམ་བཤད་སྒོ་འགགས་པ་དང། །འཇིགས་ཤིང་བྱ་དྲིའི་དྲི་དང་ལྡན། །རིམས་ཀྱིས་འདེབས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། བྱིས་པ་བྱའི་གདོན་གྱིས་ཟིན་པའི་རྟགས་ནི། ལུས་ལྷོད་ཅིང
་ཡན་ལག་ཤིག་ཤིག་པོར་གྱུར་པ་དང། །འཁྲུ་བར་བྱེད་པ་ལ་སོགས་པ་དང། ལུས་དང་ཡན་ལག་ལ་རྨ་འབྱུང་བ་དང། མཚན་མོ་སྐྱེ་ཞིང་མཆེད་ལ་ཉིན་མོ་ནི་བྲི་བ་ལ་སོགས་བ་ཡིན་ནོ། །སྲུལ་མོའི་སློན་ཞིང་འདར་བ་དང། ལུས་སྙོམས?
་མཚན་མོ་གཉིད་ཡར་དང། །སྐྱིགས་བུ་ལྟོ་སྤོ་འཁྲུ་བ་དང། །སྐོམ་ཞིང་གཅིན་ནི་སྲི་བ་དང། །ལུས་ལྷོད་པ་སྤུ་གཤོར་བ་དང། །ཁ་ལྟར་དྲི་ནི་མནམ་པ་ཡིན། །ཞེས་བྱ་བ་ལ། སྲུལ་མོ་ཞེས་བྱ་བའི་གདོན་བུད་མེད་ཀྱིས་གཟུགས་ཅན་གྱི་གདོན་གྱིས
་ཟིན་པའི་རྟགས་ནི་བྱིས་པ་སློན་ཞིང་སྐྱུག་པ་དང། ལུས་འདད་བ་དང་སྐོམ་ཞིང་གཉིད་གྱིས་ལོག་པ་ལྟར། ཡུལ་འཛིན་མི་ནུས་པ་དང། །མཚན་མོ་གཉིད་ཡར་བ་ལ་སོགས་པ་ཡིན་ནོ། །གྲང་བའི་སྲུལ་མོ་འདར་བ་དང། །དུ་ཞི་འགྱུར་གིས་ལྟ་བ་དང།
་སྐོམ་ཞིང་འཁྲུ་ལ་རྒྱུ་མ་འཁྲུག་།ཞེས་ལྟར་དྲི་ནི་མནམ་པ་དང། །ཡིན་ལག་ལོག་གཅིག་གྲང་པ་དང། །ཅིག་ཤོས་དྲོ་བ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། གྲང་བའི་ལུས་སྲུལ་མོ་ཞེས་བྱ་བའི་བུད་མེད་ཀྱི་གཟུགས་ཅན་གྱི་གདོན་གྱིས་ཟིན་པའི་རྟགས་ནི
་བྱིས་ལ་ལུས་འདང་གལ་སོགས་པ་ནས་ལུས་གྱི་གཞོགས་གཅིག་ནི་གྲང་ལ་གཞོགས་གཅིག་ནི་དྲོ་བར་གྱུར་པ་ལ་སོགས་པའི་བར་ཡིན་ནོ། །སྲུལ་མོ་ལོང་མའི་སོ་ནམ་དང། །རིམས་དང་ལུད་པ་གཉིད་ཆུང་པ་དང། །བཤར་བསླ་ཞིང་མདོག་མི་སྡུག་།དྲིངས་བསྐུ་བ་མྱུར་དུ་སྐམས
་མཐོང་བ་ཉམས་ཤིང་མིག་ན་གཡའ། །མིག་སྐྲང་གློ་བར་གྱུར་པ་དང། །སྐྱིགས་བུ་མི་དགའ་ནུ་ཞོ་འདྲས། །མདོག་མི་སྡུག་ཅིང་པ་རོ་རྩུག་།མདོག་ཉམས་ཉ་ཡི་དྲི་དང་ལྡན། །ཡང་ན་དྲི་ནི་སྐྱུར་བཅས་ཡིན། །ཞེས་བྱ་བ་ལ། སྲུལ་མོ་ཐོར་མའི་གདོན་གྱིས
་ཟིན་པའི་རྟགས་ནི། བྱིས་པ་སློན་ཞིང་སྒྱུར་པ་ལ་སོགས་པ་དང་ལུས་དྲི་ང་བ་དང་ལུས་ཀྱི་ལྡེ་གུ་མྱུར་དུ་བསྟམས་པ་ལ་སོགས་པའི་བར་ཡིན་ནོ། །བཞིན་རྒྱན་གྱི་རྐང་པ་དང། །ལག་པ་གདོང་ནི་མཛེས་པ་དང། །རྩ་ནི་ནག་པོར་སྣ་བ་ཡིས། །ལྟོ་བ
་ཁྱབ་ཅིང་རིམས་ཀྱིས་འདེབས། །ཡིག་འཆུ་ཞིང་ཡན་ལག་ན། །བ་གཅིན་ལྟ་བུའི་དྲི་འབྱུང་འགྱུར། །ཞེས་བྱ་བ་ལ། བུད་མེད་ཀྱི་གཟུགས་ཅན་གྱི་གདོན་བཞིན་རྒྱན་ཅན་གྱིས་ཟིན་པའི་རྟགས་ནི་བྱིས་པའི་རྐང་པ་ལ་སོགས་པ་སྟག་ཅིང་མཛེས་པར
་གྱུར་པ་ལ་སོགས་པ་ཡིན་ནོ། །ནམ་གྲུའི་གདོན་ནི་སྔོ་བ་དང། །མིག་དང་རྣ་བ་སྣ་མེད་ཅིང། །མིག་མགུལ་སྐྱིགས་པུ་ལུད་པ་ལུ། །ཁ་ན་ཡོ་ཞིང་དམར་བ་དང། །ལུག་ཐུག་དྲིར་ལྡན་རིམས་དེབས་སྐེམས་བཤང་བ་སྔོ་ཞིང་སླབ་ཡིན། །ཞེས་བྱ་བ
་ལ། ནམ་གྲུའི་ཞེས་བྱ་བའི་གདོན་གྱི་ཟིན་པའི་རྟགས་ནི། བྱིས་པའི་མདོག་གནག་ཅིང་སྔོ་བ་ལ་སོགས་པ་ཡིན་ནོ། །ནམ་གྲུ་སྐམ་མོའི་ལུས་ཀུན་ན། །རིམས་ཀྱིས་འདེབས་པར་འགྱུར་བ་དང། །སྐྲ་འབྱི་ཟས་ལ་མི་དགའ་དང། །སྐད་གསང་ཁུམ་ཞིང
་མདོག་མི་སྡུག། །བཤད་བ་ལ་དོག་སྣ་ཚོགས་དང། །ལྟོ་བར་རྩ་ཡི་མདུད་པ་ཆགས། །ཡུན་རིངས་ན་བར་བྱེད་པ་ཡིན། ཞེས་བྱ་བ་ལ། ནུམ་གྲུ་སྐེམ་མོའི་ཞེས་བྱ་བའི་གདོན་གྱི་རྟགས་ནི། ལུས་ཀྱི་ཡན་ལག་ཐམས་ཅད
་སྐམས་ཤིང་ཐེངས་པ་ལ་སོགས་པ་ནས་ནང་ཡུན་རིང་དུ་ན་ཞིང་རྗེས་སུ་འབྲེལ་པ་ལ་སོགས་པའི་བར་ཡིན་ནོ་ལྟོ་བར་རྨེན་དུ་ཟླུམ་པོར་འབྱུང། །བཤང་བ་ཁ་དོག་སྣ་ཚོགས་འབྱུང། །ལྕེ་ཡི་དབུགས་ནི་དམའ་བ་དང། །རྐན་ནི་གནག་འགྱུར་དེ་སྤང་བྱ།།
་ཞེས་བྱ་བ་ལ། བྱིས་པ་གང་ལྟོ་བར་རྨེན་བུ་འམ། ཐོར་བུ་ཟླུམ་པོ་བྱུང་བ་དང། བཤང་བ་ཁ་དོག་སྣ་ཚོགས་སུ་འབྱུང་བ་ལ་སོགས་བའི་བྱིས་པ་དེ་ནི་གསོ་བར་མི་རུང་བས་སྤང་བར་བྱའོ། །ཁ་ཟས་མང་པོ་ཟོས་ཀྱང་ནི། །བྱིས་བ་གང་ཞིག
་ལུས་སྐེམ་བྱེད། །སྐོམ་བས་ཉེན་ཅིང་མིག་ཉམས་པ། །དེ་ནི་ནམ་གྲུ་སྐེམ་མོས་གསོད། །ཅེས་བྱ་བ་ལ། བྱིས་པ་ཁ་ཟས་མང་ཞིང་སྣ་ཚོགས་ཟོས་སུ་ཟིན་ཀྱང་ལུས་སྐེམ་ཞིང་སྡུག་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ཉྡ་ནམ་གྲུའི་གདོན་གྱིས་ངེས
་བར་གསོད་པར་འགྱུར་རོ། །འཚེ་བ་ལ་དགའ་མཆོད་པར་འདོད། །གདོན་རྣམས་འཛིན་པའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། གདོན་འཇུག་པར་འགྱུར་བའི་རྒྱུ་ནི་འཚེ་བར་བྱེད་ཅིང་སྲོག་གཅོད་པ་ལ་དགའ་བ་དང། མཆོད་ཅིང་བརྗོད་པར་དོད་པ་ཡིན
་ནོ། །དེ་ལ་འཚེ་བའི་བདག་ཉིད་ཅན། །བྱིས་ཚེ་སྣ་ནས་འཛག་པ་དང། །ལྕེ་ཉམས་མིག་ནི་གཏིང་དུ་བྲོས། །བདེ་མེད་མིག་ནི་མཆི་མར་བཅས། །ཉམ་ཆུང་ཚིག་ནི་དམན་པ་དང། །དྲིར་བ་ནི་འབྱུང་བར་འགྱུར། །སྐྱེམ་ཞིང་རང་གི་བཤད་དང་གཅིག།
་ལག་པས་ཉིད་ཀྱི་དམར་མི་བྱེད། །ལག་པས་བཏགས་ཏེ་འབད་པ་ཡིས། །བདག་དང་དེ་བཞིན་གཞན་ལ་བརྡེག་།མཚོན་དང་ཤིང་སོགས་ཀྱིས་བརྡེག་ཅིང། །འབར་བའི་མི་ལ་འཇུག་བར་བྱེད། །ཆུ་ནང་འབྱིན་ཞིང་ཁྲོན་པར་ལྟུང། །གཞན་ཡང་དེ
་འདྲར་བྱེད་པར་འགྱུར། །སྐོམ་དང་ཆེ་ཞིང་ཚ་བ་གནག་།སློན་པར་བྱེད་པར་འགྱུར་བ་དང། །བུ་ག་ཀུན་ནས་ཁྲག་འཛག་ཅིང། །འཆི་ལྟས་བྱུང་བ་དེ་སྤང་བྱ། །ཞེས་བྱ་བ་ལ། དེ་ལ་གདོན་དེ་རྣམས་ཀྱི་ནང་ནས་གདོན་འཚེ་བའི་བདག་ཉིད་ཅན་གྱི་ཞེས
་བྱ་བས་ནི། །བྱིས་པའི་འཚོ་བ་འམ། །ཡང་ན་འཚེ་བའི་མཚན་ཉིད་དང། ལྡན་པ་དག་ལ་འཛིན་ཅིང་དེ་སྣ་ནས་འཛག་པ་དང། སཅེ་ཉམས་པ་ལ་སོགས་པ་ནས་མཚོན་དང་ཤིང་ལ་སོགས་པའི་བར་གྱིས་ཁྱད་བདག་དང་གཞན་ལ་བརྡེག་པར་བྱེད
་པ་དང། མེ་ལ་འཇུག་བ་དང། ཆུའི་ནང་དུ་ལུས་བྱིང་བ་དང། ཁྲོན་པར་མཆོད་ཞིང་ལྟུང་བ་དང། གཞན་ཡང་འཚེ་བའི་ལས་དེ་ལྟ་བུ་གཞན་ཡང་བྱེད་པར་འགྱུར་བ་དང། །སྐོམ་དད་ཆེ་བ་ལ་སོགས་པ་ཡིན་ཏེ། དེ་ལ་བུའི་འཚེ་བའི་བདག་ཉིད་ཅན་གྱིས་ཟིན་པ་གང
་ཡིན་པ་དེ་ནི་གསོད་མི་རུང་བས་སྤང་བར་བྱའོ། །དགའ་བ་འདོད་པ་གཟིར་གྱུར་པ། །དབེན་པར་བུད་མེད་འདོད་སྨ་དགའ་། །དྲི་དང་མེ་ཏོག་ཕྲེང་རྒྱན་དགའ་། །མགུ་ཞིང་ཞི་བ་གསོ་བར་དཀའ་། །ཞེས་བྱ་བ་ལ། དགའ་བར་འདོད་པ་ཞེས་བྱ་བའི་གདོན་གྱིས། །མི་ཆེན་པོ
་འམ། བྱིས་པ་ཟིན་པར་གྱུར་པ་ནི། །དབྱེན་པའི་གནས་སུ་བུད་མེད་དང། །ལྷན་ཅིག་འདོད་པ་སྤྱོད་པ་དང། །སྨྲ་བ་ལ་དགའ་པར་འགྱུར་བ་དང། དྲི་དང་མེ་ཏོག་ལ་སོགས་པ་ལ་དགའ་བར་འགྱུར་བ་དང། སེམས་མགུ་ཞིང་དགའ་བ་ལ་བརྟག་པ་དང། སྤྱོད
་ལམ་ཞི་བ་དང། གདོན་དེ་གསོ་བར་དཀའ་བ་ཡིན་ནོ། །ལྕེ་ནི་ཁ་ལ་ཉུག་པ་དང། །མཆུ་རྐན་གྲེ་བ་བསྐམས་པ་དང། །དོགས་པས་ལྟ་ཞིང་དུ་བ་དང། སེམས་ཁོང་ཆུད་ཅིང་ཞུམ་པ་དང། །ཟས་འདོད་ལྟོགས་པར་གྱུར་ཀྱང་ནི། །བྱི་ནས་ཟ་བར་མི་འདོད་པ། གཏོར
་མ་འདོར་པས་ཟིན་པ་སྟེ། །དེ་ནི་གསོ་སླ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། གཏོར་མ་འདོད་པ་ཞེས་བྱ་བའི་གདོན་ཡོད་དེ་དེས་བྱིས་པ་འམ། མི་ཆེན་པོ་གདང་དག་ཟིན་པར་གྱུར་པ་ནི་ལྕེ་ཁ་ལ་འབྱུག་ཅིང་འབྱུག་པ་དང། མཆུ་ལ་སོགས་པ་བསྐམས་པར་འགྱུར་བ
་དང། དོགས་པས་བཅས་ཀུན་ལ་ལྟ་བ་དང། དུ་ཞིང་ད་རོ་འབྱིན་པ་དང། སེམས་ཁོང་དུ་ཆུད་པ་དང། ཡིད་ཞུམ་པར་གྱུར་པ་དང་ཟས་འདོད་ཅིང་ཤིན་ཏུ་བཀྲེས་པར་གྱུར་ཀྱང་ཟས་བྱིན་ན་ཐས་མི་འདོད་པར་འགྱུར་བ་ནི། གཏོར་མ་འདོད་པ་ཞེས་བྱ་བའི
་གདོན་གྱིས་ཟིན་པ་ཡིན་བར་ཤེས་པར་བྱ་སྟེ། དོན་གསོ་སླ་བ་ཡིན་ནོ། །སྲོག་འདོད་པ་ལས་གྲུབ་པ་ཡི། །སྔགས་བཟླས་སྦྱིན་སྲེག་བྱ་མས་འཇོམས། །ཞོས་བྱ་བ་ལ། གདོན་སྲོག་འདོད་པ་ཞེས་བྱ་བ་གསོད་པར་བྱེད་པ་ཡོད་དོ། །དེ་ལ་ནི་གྲུབ་ཅིང་འབྲས་བུ
་སྔོན་དུ་སྣང་བའི་མཐུ་དང་ལྡན་པའི་སྔགས་བཟླས་ཤིང་སྦྱིན་སྲེག་བྱ་བས། གཞོམ་ཞིང་གསོ་བར་བྱའོ། །ཅིག་ཤོས་ལ་ནི་ཅི་འདོད་པར། །དགའ་དང་གཏོར་མ་སོགས་སྦྱིན་པས། ཞེས་བྱ་བ་ལ། གསོད་པར་འདོད་པ་ལས་ཅིག་ཤོས་སུ?
་གྱུར་པའི་གདོན་དགའ་བ་འདོད་པ་དང། །གཏོར་མ་སྦྱིན་པས་གསོ་བར་བྱ་སྟེ། དགའ་བར་འདོད་པ་ལ་ནི་རྩེ་དགའ་ཨི་བྱ་བ་སྦྱིན་པས་གསོ་བར་བྱ་སྟེ། གཏོར་མ་འདོད་པ་ལ་ནི་གཏོར་མ་སྦྱིན་པས་གསོ་བར་བྱའོ། །སོགས་པ་སྨོས་པས་ནི་འོག་ནས་བ་དང
་པའི་ཆོ་ག་གཞན་དག་ཀྱང་སྦྱར་བར་བྱའོ། །དེ་ནས་གསོར་རུང་གདོན་ལ་ནི། །བྱིས་པ་ཁང་པ་དབེན་པར་བཞག་།ཞག་གསུམ་ཆག་ཆག་དར་བྱས། །རྟག་ཏུ་མེ་ནི་བཞག་པ་ནི། །བུ་ཏའི་མེ་ཏོག་སིལ་མ་དང། །འདབ་མ་ས་བོན་ཡུངས་ཀར་གཏོར།།
་གདོན་འཇོམས་ཏིལ་མར་སྦར་བ་ཡི། །མར་མེས་གདོན་ནི་འཇོམས་པར་བྱེད། །ནད་གཡོག་ཉལ་པོ་ཕྱེད་དང་ཤ་།ཡོངས་སུ་སྤང་བར་གྱུར་པ་ཡི། །མར་ནི་རྙིང་བས་བསྐུས་ནས་ནི། །བ་ལ་ནིམྦ་བཏང་ཀ་རི། །དོད་གྲ་ཐད་ཤིང་ཀྭ་ཏ་ཀ། འཛམ
་བུ་དང་ནི་སྲ་མ་ལ། །ཀྲ་ཏི་ན་དང་ལྕམ་པ་དང། ། པ་མརྒ་པ་ཏ་ལི། །མ་དུ་ཤྲི་ཀྲུ་ཞེས་བྱ་བ་དང། ཀ་ཀ་ཛི་ཀ་ཤྭ་ཏ་ཆེ། །བིལ་རྐ་བའི་མ་ཅན་ཀྱི་ཤིས། །ཀ་དམ་པ་བཅས་ཀརྙྫ། །ཆུ་ནི་དྲོ་འཇམ་དག་གིས་བཀྲུ། །ཞེས་བྱ་བ་ལ། དེ་ནས
་གསོར་རུང་བའི་གདོན་གྱིས་ཟིན་པའི་བྱིས་པ་ཁང་ལ་དབེན་ཞིང་ཡངས་པར་ཞག་གསུམ་གྱི་བར་དུ་ཆག་ཆག་དང། ཕྱག་དར་ལན་གསུམ་བྱས་ལ་རྟག་པར་རྒྱུན་མི་འཆད་པར་མེ་བཞག་པ་དང། བུ་ཏིལ་སོགས་པའི་མེ་ཏོག་གི་སིལ་མ་གཏོར
་པར་བྱ་བ་དང། །དེ་བཞིན་དུ་གདོན་འཇོམས་པའི་རྫས་ཡུངས་མར་ལ་སོགས་པ་སྤར་བའི་མར་མེ་བཞག་པར་གྱུར་པ་དེར་ནད་པ་དེ་བཞག་ལ། ནད་གཡོག་འཁྲིག་པ་ལ་སོགས་པ་སྤང་བར་གྱུར་པ་དག་གིས་མར་རྙིང་པས་ནད་པའི་ལུས་བསྐུས
་ལབ་ལ་དང་ནི་མ་ལ་སོགས་པའི་སྨན་དང། སྒོལ་པའི་ཆུ་དྲོ་འཇམ་ཙམ་གྱིས་བླུགས་ཤིང་ནད་པ་བཀྲུ་བར་བྱའོ། །ཏངྐ་རི་ནི་ཨགནི?་མནྟའོ། །ཀ་ཏྭར་ག་ནི་ཨ་དུ་ལ་ཀའོ། །ཏ་མ་ལ་ནི་བར་ནའོ། །ཏ་མལ་ནི་བར་ནའོ། །ག་ཏྲིན་ནི་བུ་ཏྲི་ནའོ། །ལྕམ་པ་ནི་སུ་པར་ཙལ་འོ་མ་དུ་ཤི་ལུ་ནི་སོ་བཉྫ?
་ནའོ། །ཤེ་ཏ་ཆེ་ནི་མཏ?་ཀ།། ཤལེ་ཏ་སྟེ་གི་རི་ཀརྞིའོ། །འོ་མ་ཅན་གྱི་ཤིང་ནི་ནྱ་གྲོ་དྷའི་ཤིང་ལ་སོག་པའོ། །ཀ་དམ་པ་ནི་ཨཾ་པ་ངན་པའོ། །སྟག་དང་གཟིག་དང་སེང་གེ་སྦྲུལ། །དོམ་གྱི་པགས་པ་མར་དང་བཅས། །བདུག་པས་ཁྲུས་བྱས་འོང་རྡུ་བདུག་ཅེས་བྱ་བ
་ལ། །བྱིས་པ་ཁྲུས་བྱས་པའི་འོག་ཏུ་སྟག་ལ་སོགས་པའི་པགས་པ་བསྲེགས་པའི་དུད་པས་ལུས་ལ་བདུག་པར་བྱའོ། །པུ་ཏི་ཡུངས་ཀར་ཤ་རངྒ། །ཤུ་དག་གོ་བྱེ་ལ་ལ་ཕུང། །རུ་རྟ་མར་བཅས་བདུག་པས་ནི། །གདོན་ཀུན་ལས་ནི་ཐར་བྱེད་ཡིན། །ཞེས་བྱ་བ་ལ།
་པ་ཏིཀ་རཉྫ་དང་ཤ་རངྒའི་རྩ་བ་དང། མེ་ཏོག་དང། འབྲས་བུ་དང། འབྲས་བུ་དང། མྱུ་གུ་དང་ཤིང་གི་ནང་གི་སྙིང་པོ་དང། ཁུ་བ་དང། ཚེར་མ་དང། ཤུ་དག་ལ་སོགས་པའི་སྨན་གྱི་བདུག་པས་ཀྱང་བྱིས་པའི་མངོན་ཐམས་ཅད་ལས་ཐར་བར་བྱེད་དོ། །ཡུངས་ཀར་ནིམྦའི
་ལོ་མ་དང། །ཤུ་དག་ཀར་བཱི་རའི་རྩ། །གྲོ་བ་མར་སྦྱར་གདུག་པས་ནི་།གདོན་ནི་ཐམས་ཅད་སེལ་བར་བྱེད་ཅེས་བྱ་བ་ལ། ཡུངས་ཀར་ལ་སོགས་པའི་སྨན་མར་དང་སྦྱར་བའི་དུད་བས་བྱིས་པ་ལ་བདུགས་ན་ཡང་གདོན་ཐམས་ཅད་སེལ་བར་བྱེད་དོ། །བ་ལང
་ང?་དང་རུས་པ་སྦུ། །པགས་པ་བྱི་ལའི་རྟུག་བ་དང། །ནིམྦའི་ལོ་མ་པུ་ཙ་ཤེལ། །མར་དང་བྲི་ཧ་ཏི་གཉིས་དང། །རས་བལ་ས་བོན་པོ་སོན་ཆ། །ནས་དང་རས་པུ་ཐང་ཤིང་དང། །ཡུངས་ཀར་རྨ་བྱའི་སྒྲོ་དང་པོག་།སྐྲ་དང་ཕུབ་མ་ཕ་ཝང་དང། །རྫ་མར་ར་ཐུག
་གཅིན་དག་སྤངས། །ཞིབ་བཏགས་པ་ཡིས་བདུག་པས་ནི། །འབྱུང་པོའི་གདོན་ནི་ཐམས་ཅད་དང། །མི་ཟད་རིམས་ནི་འཇོམས་པར་བྱེད། ཅེས་བྱ་བ་ལ། བ་ལང་གིར་ལ་སོགས་པའི་སྨན་རྫ་སྣོད་སར་པའི་ནང་དུར་ཐུག་གི་གཅིན་དང་སྤངས་ཏེ། གཅིན་དེ
་ཉིད་བཏགས་པའི་རེད་བུ་སྐམ་པོའི་དུད་བས་ནི་ཐམས་ཅད་དང་རིམས་ཐམས་ཅད་འཇོམས་པར་བྱེད་དོ། །བྱི་ཚེར་ཨ་མྲའི་ཚིག་གུ་དང། །རྒྱ་སྤོས་མངར་སྔོན་ལ་ཤམ། །དྲི་སྣ་བརྞི?་གླ་སྒང་རྣམས། ལྡེ་གུར་བཅས་?
་དང་ནི། །འོ་མ་རྩ་བ་བཅུ་བསྐོལ་ཁུར། །བཅས་བསྐོལ་དེ་ནི་གདོན་འཇོམས་མཆོག་།ཅེས་བྱ་བ་ལ། ཨ་མྲའི་ཚིག་གུ་ནི་ཨ་མྲའི་འབྲས་བུའི་ནང་ན་ཡོད་པའོ། །མདོར་བའི་སྡེ་ཚན་ན་འཚོ་བྱེད་ཀྱི་སྡེ་ཚན་ནོ། །གཞན་ནི་གོ་བར་ཐད་དེ། རྫས་དེ
་དག་ལྡེ་གུར་བྱས་པ་དང། མར་ལ་སོགས་པ་བསྐོལ་ཏེ། མར་དེ་གླུང་ན་གདོན་ཐམས་ཅད་འཇོམས་པར་བྱེད་དོ། །ར་སྣ་ཨཾ་ཤུ་མ་ཏི་གཉིས། །བ་ལ་རྩ་བ་ཆེན་པོ་ལྔ། །གླ་སྒག་བཏགས་ཏེ་མར་དང་བསྐོལ། །ཚ་བ་གསུམ་དང་ཙིཏྲ་ཀའི། །ཐལ
་ཏྲེས་པ་ཏྲི་བྱེད་དགའ་ཨི། །ཤིང་མངར་ཤིང་ཀུན་བ་ཡསྱ། །ཐང་ཤིང་པི་པི་ལིང་རྩ་བ། དུག་མོ་ཉུང་དང་བཅས་པ་ཡི། །ལྡེ་གུ་མར་དང་བསྐོལ་བ་ཡི། །རྟག་ཏུ་བྱིས་པ་ལ་ལན་ཞིང། །ནད་དང་གདོན་ནི་ཐམས་ཅད་འཇོམས། །མེ་དྲོད་སྟོབས་དང་ཁ
་དོག་བསྐྱེད། །ཅེས་བྱ་བ་ལ། ར་སྣ་དང་ཨ་ཤུ་མ་ཏི་གཉིས་ཀྱི་ལོ་མ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་བསྐོལ་བའི་མངོན་བྱིས་པ་ལ་རྟག་ཏུ་ཕན་ཞིང་རིམས་ལ་སོགས་པའི་ནད་དང་འབྱུང་བོ་ལ་སོགས་པའི་ནད་གདོན་ཐམས་ཅད་འཇོམས
་པར་བྱེད་ཅིང། མེ་དྲོད་བསྐྱེད་པ་དང། ལུས་ཀྱི་སྟོབས་དང། ཁ་དོག་བསྐྱེད་པ་ཡིན་ནོ། །ཤ་རའི་བ་དང་མུར་བ་དང། །བླ་ཧམི?་ཤུ་དག་ཤངཀི?་ནི། །ཡུངས་ཀར་ཨ་ཤྭ་གནད་དང། །བྱེ་རུག་པ་བཅས་མར་དང་བསྐོལ། །དེ་ནི་བཏུང་བ་འམ་བསྐུ
་པ་ཡི། །གདོན་རྣམས་ཐམས་ཅད་འཇོམས་པ་བྱེད། །ཅེས་བྱ་བ་ལ། ཤ་རི་བ་ལ་སོགས་པ་ལྡེ་གུ་དང་མར་དུ་བསྐོལ་བའི་མར་དེ་བཏུང་བ་འམ་བསྐུ་བ་བྱས་ན་གདོན་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །མར་གང་འབྱུང་བོའི
་རིག་པ་རུ། །འོག་ནས་བཤད་པ་དག་དང་ནི། །དེ་བཞིན་གཏོར་མ་སྦྱིན་སྲེག་དང། །ཁྲུས་ནི་སྔགས་རྒྱུར་ཤེས་པས་སྤྱད། །ཞེས་བྱ་བ་ལ། སྨན་མར་གང་འབྱུང་པོའི་རིག་པ་ཞེས་བྱ་བ་ལ། འབྱུང་བོའི་ནད་གསོ་བའི་སྐབས་ནས་འབྱུང་པ་གང་ཡིན
་ཡང་བྱིས་པ་ལ་སྦྱར་བར་བྱ་ལ། དེ་བཞིན་དུ་འོག་ནས་བཤད་པའི་གཏོར་མ་དང། གཞན་ཡང་སྦྱིན་སྲེག་གི་ལས་དང། ཁྲུས་ཀྱི་ཆོ་ག་གང་ཡིན་པ་དག་ཀྱང་སྔགས་ཀྱི་རྒྱང་ཤེས་པའི་སྔགས་པས་སྔགས་ལས་བཤད་པའི་ཆོ་ག་བཞིན་དུ་སྦྱར་བར
་བྱའོ་པུ་ཏི། །ཀ་རཉྫའི་ཤུན་པ། །པརྤ་ར?་ཡི་རྩ་བ་དང། །ཁུག་བ་བོ་བི་ཤ་ལ། །ཀ་ཏྭི་ཀ་དང་བིལྦ་དང། །ཀ་པེཏྟ་བསྐོལ་ཏེ་མཚན་མོ། །བྱིས་པ་བཀྲུས་ན་ཤིས་པ་ཡིན། །ཞེས་བྱ་བ་ལ། པུ་ཏི་ཀ་རཉྫ་ཤུན་པ་དང། ལོ་མ་དང་ཤིང་པ་ཏྲོར་ཡི
་རྩ་དང། ཀུ་བ་ཁ་བོ་ནས་བི་ལྦ་དང། ཀ་པེཏྟ་འི་པར་ཆ་མཉམ་པར་བྱས་པ་བསྐོལ་བའི་ཆུ་དེས་མཚན་མོ་བྱིས་པ་བཀྲུས་ན་ཤིས་ཤིང་དཔལ་བསྐྱེད་པ་ཡིན་ནོ། །གདོན་དང་བྲལ་ཡང་བླ་གཉན་ནང། །རྗེས་སུ་འབྲལ་པ་ཐམས་ཅད་ལ། །བྱིས
་པའི་ནད་གསོ་བར་བཤད་པ་ཡི། སྨན་གྱིས་ཇི་བཞིན་གསོ་བར་བྱ་ཞེས་བྱ་བ་ལ་གནོད་པ་བསལ་ཅིང་དེ་དང་བྲལ་བར་གྱུར་ཀྱང་བླ་གཉན་གྱི་ནང་དང་རྗེས་སུ་འབྲེལ་པར་གྱུར་ཅིང་ཡུན་རིང་དུ་གནས་པར་གྱུར་པ་དེ་ཐམས་ཅད་ལ་ནད་དམིགས་ཇི
་ལྟ་བ་བཞིན་དུ་བྱིས་པའི་ནད་གསོལ་བ་བཤད་པའི་སྨན་གྱིས་གསོ་ཞིང་བཅོས་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས
་བར་སྦྱར་བ་ལས། །གནས་ཕྱི་མའི་ལེའུ་གསུམ་པའི་འགྲེལ་པའོ།། །།བྱིས་པ་གསོ་བའི་བཤད་པ་རྫོགས་སོ། །དེ་ནས་འབྱུང་པོའི་གདོན་གྱི་དམིཌ་ཤེས་ཁ་བཤད་པར་བྱའོ།། ཞེས་བྱ་བ་ལ་སོགས་པའི་གདོན་གྱི་རྗེས་ལ
་འབྱུང་པོའི་གདོན་གྱི་དམིགས་ཤེས་པར་བྱ་བའི་ལེའུ་བཞི་པ་ནི་དེ་ཉིད་བརྩམས་པར་འོས་པ་ཡིན་ནོ། །གདོན་ཕལ་ཆེར་ཕན་ཚུན་གཅིག་ལ་གཅིག་གསོ་བའི་ཚུལ་གཅིག་སྟེ་ཁྱད་པར་མེད་ཡིན་པའི་ཕྱིར་རོ། །ཤེས་དང
་རྣམ་ཤེས་ཚིག་དང་ནི། །སྤྱོད་པ་སྙད་སྟོབས་རང་བཞིན་དག་།གང་གི་རང་བཞིན་འགྱུར་བར་སྣང། །དེ་ལ་འབྱུང་པོའི་གོང་ན་ཡོད་བཤད། །ཅེས་བྱ་བ་ལ། སྐྱེས་བུ་གང་ཤེས་པ་ལ་སོགས་པ་རང་བཞིན་འགྱུར་ཞིང་ཕྱིན་ཅི་ལོག་ཏུ་སད?་ན་མི་དེ
་ལ་འབྱུང་པོའི་གདོན་ཡོད་ཅིང་དེས་པར་བཤད་པར་བྱའོ། །དེ་ལ་ཤེས་པ་ནི་འཇིག་རྟེན་པའི་སྒྲས་ཤེས་པས་བརྩམ་མོ། །རྣམ་པར་ཤེས་པ་ནི་སྐབས་འདིར་ཁྱད་པར་ཤེས་པར་དེ་ཁོ་ན་ཉིད་རྟོགས་པའོ། །འབྱུང་པོའི་གཟུགས་དང་རང་བཞིན
་དང། །སྨྲ་དང་འགྲོ་སོགས་སྤྱོད་པ་དང། །གང་ཞིག་འདྲེ་བར་བྱེད་པ་དག་།དེ་ལ་དེ་ནི་བཞུགས་པར་བཤད། །ཅེས་བྱ་བ་ལ་འབྱུང་པོ་ནི་ལྷ་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པའི་དབྱེ་བས་ཕྱེ་བའི་སེམས་ཅན་རྣམས་ཏེ་དེའི་གཟུགས་དང་རང
་བཞིན་ལ་སོགས་པའི་ཚུལ་མཐུན་པར་བྱེད་པ་གང་ཡིན་པ་དེ་ནི་མི་དེ་ལ་གདོན་དེ་ཞུགས་པ་ཡིན་ཤེས་པར་བྱའོ། །དེ་ནི་ལྷ་དང་ལྷ་མིན་སོགས། །དབྱེ་བ་རྣམ་པ་བཅོ་བརྒྱད་བཤད། །ཅེས་བྱ་བ་ལ། འབྱུང་པོའི་གདོན་ལྷ་དང་མི་དང་ལྷ
་མ་ཡིན་དང་དྲི་ཟ་ལ་སོགས་པའི་དབྱེ་བས་མདོར་བསྡུས་ན་གྲངས་བཅོ་བརྒྱད་ཡིན་པར་ཤེས་པར་བྱའོ། །དེ་འཛིན་རྒྱུ་ནི་འཕྲལ་གཏམ་ནི། །སྔོན་ཆད་ཤེས་རབ་འཆལ་པ་ཡི། །བློ་ཡི་ཉེས་པ་བྱས་གྱུར་ནས། །དེ་ཡི་ཆགས་ལ་སོགས་བསྐྱེད
་པས། །བརྟུལ་ཤུགས་སྤྱོད་དང་ཆོས་ལུགས་ཉམས། །མཆོད་འོས་རྣམས་ནི་བརྙས་པ་དང། །གཞུང་ལུགས་ཉམས་པ་དེ་དང་ནི། །སྡིག་དང་བདག་ཉིད་གསོ་བྱེད་ནི། །གདོན་ནི་གླགས་སྐབས་ཚོལ་བྱེད་པས། །ལྷ་ལ་སོགས་པའང་རྗེས་གདོན་བྱེད།།
་ཅེས་བྱ་བ་ལ། གདོན་དེ་རྣམས་འཛིན་ཅིང་འཇུག་པའི་རྒྱུ་ནི་ཤེས་རབ་འཆལ་པའི་དབང་གིས་ཉེས་པའི་ལས་ཚེ་འདིར་འཕྲལ་དུ་བྱས་པ་འམ། ཡང་ན་སྔོན་ཆད་བྱས་པར་གྱུར་ལ། །རྒྱུ་དེའི་དབང་གིས་ཆགས་པ་དང། །ཁྲོབ་དང་ང་རྒྱལ་ལ་སོགས་བ་སྐྱེས
་པར་གྱུར་པས་སྐྱེས་བུ་བརྟུལ་ཞུགས་དང་སྤྱོད་པ་དང་རང་གི་ཆོས་ལུགས་ཉམས་པར་གྱུར་ཅིང་མཆོད་པར་འོས་པ་བླ་མ་ལ་སོགས་པ་ལ་བརྙས་པར་བྱེད་པ་དང། དེ་བཞིན་དུ་རང་གི་ཆོས་ལུགས་སྣམ། འཇིག་རྟེན་པའི་ཁྲིམས་ཀྱི་གཞུང་ལས་ཉམས་པར་བྱེད
་པ་དང། སྡིག་པའི་ཚུལ་ལ་སོགས་པ་བྱེད་པར་འགྱུར་ལ། དེ་ལྟ་བུའི་གླགས་བརྙེད་བ་དང། གླགས་སྐབས་ཚོལ་བར་བྱེད་བའི་གདོན་གྱི་རིགས་ལྷ་ལ་སོགས་པ་རྣམས་ཀྱིས་དེ་ལ་གནོད་ཅིང་འཚེ་བར་བྱེད་དོ། །གླགས་ནི་སྡིགས་ལ་སོགས་པ་དང། །མི
་དགེའི་ལས་ནི་སྨིན་པ་དང། །གཅིག་བུ་ཁང་སྟོང་གནས་པ་འམ། །དུར་ཁྲོད་སོགས་པར་མཚན་མོ་གནས། །གཅེར་བུར་རྒྱུ་བའམ་བླ་མ་སྨོད། །འཁྲིག་པ་ཚུལ་ནི་སྤྱོད་པ་དང། །གཙང་སྦྲ་མེད་པར་ལྷ་མཆོད་དང། །མི་གཙང་གཞན་དང་འདྲེས་པ་དང། །སྦྱིན
་སྲེག་སྔགས་གཏོང་མཆོད་སྦྱིན་རྣམས། །བྱིན་ཅི་ལོག་ཏུ་བྱེད་པ་དང། །མདོར་ན་ཉིན་རེ་སྤྱོད་སོགས་པས། །སྤྱོད་པ་བསྟན་པ་ལ་འདས་པའོ། །ཞེས་བྱ་བ་ལ། གདོན་དེ་རྣམས་འཛིན་ཅིང་གླགས་སྐབས་ཚོལ་བའི་རྒྱུན་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ལས
་བརྩོན་པར་བྱེད་བ་དང། སྔོན་ཆད་མི་དགེ་བའི་ལས་བྱས་པར་གྱུར་པ་སྨིན་ཅིང་ཉམས་སུ་མྱོང་བའི་དུས་ལ་བབ་པ་དག་ནི་གདོན་དེ་ལ་འཇུག་པའི་གླགས་སྐབས་ཚོལ་བ་ཡིན་ནོ། །དེ་བཞིན་དུ་གཅིག་བུ་གྲོགས་མེད་པར་ཁོང་སྟོང་ལ་སོགས་པར་གནས་པ་དང། ཡང
་ན་དུད་ཁྲོད་དང། ཤིང་ཆེན་པོའི་དྲུད་དང། བས་མཛའ་ལ་སོགས་བ་མཚན་མོ་གནས་ཤིང་ཉལ་བ་དང། དེ་བཞིན་མཚན་མོའི་དུས་སུ་ཕྱོགས་ཀྱི་གསོ་འཆད་ཞིང་གོས་སྤང་བ་དང། དེ་བཞིན་དུ་མཆོད་པར་འོས་བའི་བླ་མ་རྣམས་ལ་སྨོད་ཅིང་བརྙས?
་བ་དང། དུས་ཚིག་དག་ཏུ་སྤྱོད་པ་དང། བུད་མེད་ཟླ?་མཚན་དང་ལྡན་པ་ལ་འཁྲིག་པར་སྤྱོད་པར་བྱེད་པ་དང། གཙང་སྦྲའི་སྤྱོད་པ་མེད་པར་ལྷ་ལ་མཆོད་པར་བྱེད་པ་དང། གཞན་བུ་བཙང་ཤིང་མི་བཙང་བ་དག་དང་འདྲིས་ཤིང
་རེག་པ་དང། སྦྱིན་སྲེག་ལ་སོགས་པའི་ལས་ཕྱིན་ཅི་འོག་ཏུ་བྱེད་ཅིང་དེའི་བརྟུལ་ཞུགས་ཉམས་པ་སྟེ། མདོར་ན་ཉིན་རེ་ཞིང་རྟག་ཏུ་སྦྱད་པའི་ལེའུ་ལས་སྨོས་པའི་སྦྱོར་པ་དག་ལས་འདས་པར་གྱུར་པ་དེ་ཐམས་ཅད་ནི་གདོན་འཇུག་པའི་གླགས
་སྐབས་གྱི་རྒྱུ?་ཡིན་ནོ། །ལྷ་ཡི་གདོན་གྱི་ཡར་དོ་ཡིས། །ཆོས་གཅིག་བཅུ་གསུམ་དག་ལ་འཛིན། །ཞེས་བྱ་བ་ལ། གདོན་དེ་དག་ལས་ལྷའི་གདོན་འཛིན་པའི་དུས་ནི་ཡང་ངོའི་ཆོས་གཅིག་དང་བཅུ་གསུམ་པ་ལ་འཛིན་པར་བྱེད་དོ། །ལྷ་མིན
་གདོན་ནི་ཡར་ངོ་ཡི། །བཅུ་གསུམ་མར་དོའི་བཅུ་གཉིས་ལ། ཞེས་བྱ་བ་ལ། ལྷ་མ་ཡིན་གདོན་གྱིས་ཡར་ངོའི་ཚེས་བཅུ་གསུམ་དང་མར་ངོའི་ཆོས་བཅུ་གཉིས་ལ་འཛིན་པར་བྱེད་དོ། །དྲི་ཟའི་གདོན་ནི་བཅུ་བཞི་དང། བཅུ་གཉིས་དག་ལ?་འཛིན
་པར་བྱེད། །ཅེས་བྱ་བ་ལ། དྲི་ཟའི་གདོན་གྱིས་ནི་མར་ངོ་དང་ཡང་དེའི་ཆོས་བཅུ་བཞི་དང་བཅུ་གཉིས་ལ་འཛིན་པར་བྱེད་དེ། །ཀླུ་གདོན་ཆོས་ལྔ་ལ་འཛིན་བྱེད། ཅེས་བྱ་བ་ལ། ཀླུའི་གདོན་ནི་ཟླ་བ་ཡར་ངོའི་ཚེས་ལྔ་ལ་འཛིན་ཏོ། །གནོད་སྦྱིན
་གདོན་ནི་ཡར་ངོ་ཡི། །ཚེས་བདུན་བཅུ་གཅིག་དག་ལ་འཛིན། ཞེས་བྱ་བ་ལ། གནོད་སྦྱིན་གྱི་གདོན་ཞེས་བྱ་བ་ནོར་གྱི་བདག་པོའི་གདོན་ནི་ཟླ་བ་ཡར་ངོའི་ཆོས་བདུན་དང་བཅུག་ཅིག་དག་ལ་འཛིན་ནོ། །ཚངས་པའི་སྲིན་པོ་ཡར་ངོ་ཡི་ཆོས
་བརྒྱད་བཅོ་ལྔ་དག་ལ་འཛིན། ཞེས་བྱ་བ་ལ། ཚངས་བ་སྲིན་པོ་ཞེས་བྱ་བའི་གདོན་ནི་ཆོས་བརྒྱད་དང་ཟླ་བ་ཉལ་མི་ལ་འཛིན་པར་བྱེད་དོ། །སྲིན་པོ་ཤ?་སོགས་མང་ངོ་ཡི། །ཚེས་གཅིག་ཚེས་དགུ་བཅུག་ཅིག་ལ། ཞེས་བྱ་བ་ལ། སྲིན་?
་སོགས་པའི་གདོན་ནི་མང་ངོའི་ཆོས་གཅིག་དང་ཆོས་དགུ་དང་བཅུ་གཅིག་ལ་འཛིན་ཏོ། །མཚུན་ལྷ་གནམ་སྟོང་ཚེས་བཅུ་དང། །བརྒྱད་དང་དགུ་པ་དག་ལ་འཛིན། ཞེས་བྱ་བ་ལ། མཚུན་ལྟར་གཏོགས་པའི་གདོན་ནི་གནམ་སྟོང་ལ་སོགས་པ་ལ་འཛིན་ནོ། །རྒན
་པོ་ལ་སོགས་གཞན་དག་ནི། །ཕལ་ཆེར་དུས་དེའི་ཐུན་མཚམས་ལའོ། ཞེས་བྱ་བ་ལ། རྒན་པོ་སྟེ། ཕ་མ་ལ་སོགས་པ་ལས་གདོན་དུ་གྱུར་པ་གཞན་དག་ལ་ནི་ཕལ?་ཆེར་ཆོས་བརྒྱད་དང། །ཆོས་དགུ་དག་ལ་ཉིན་མཚན་གྱི་ཐུན་མཚམས་ལ་འཛིན་པར་བྱེད་དོ།།
་ལྷ་ཡི་གདོན་ཀྱིས་དབང་བྱས་པ། །གདོང་ནི་པདྨ་ཁ་བྱེ་འདྲ། །ལྟ་སྟངས་ཞི?་ཞིས་ཐོ?་བ་མེད། །ཚིག་ཉུང་རྡུལ་དང་བཤང་གཅི་ཆུང། །ཁ་ཟས་ལ་ནི་གནོད་པ་མང། །ལྷ་དང་བྲམ་ཟེ་ལ་རབ་དགའ་། །གཙང་ཞིང་སཾ་སྐྲི་ཏའི་སྐད་སྨྲ་།ཡུན་རིང་ནས་ནི་མིག་འཛུམ་ཞིང།།
་ལུས་དྲི་ཞིམ?་ཞིང་མཆོག་སྟེར་བྱེད། །གོས་ཕྲེང་དཀར་པོ་ཆུ་པོ་དང། །རི་མཐོ་ཁོད?་བ་མཐོ་ལ་དགའ་། །གཉིད་མེད་ཚུགས་པ་མེད་པ་ཡིན། །ཞེས་བྱ་བ་ལ། གདོན་དེ་དག་ལས་ལྷའི་གདོན་གྱིས་ཟིན་ཅིང་དབང་དུ་བྱས་པའི་རྟགས་ནི་གདོང་པདྨ་ཁ་ཕྱེ་བ་འདྲ་བ
་ལྟར་མདང་པ་དང་ལྡན་པ་དང། ལྟ་ལྟངས་ཞི་ཞིང་མི་སྡུག་པ་མདོ་བ་དང། ཁྲོ་ཞིང་འདྲུག་བ་མེད་པ་དང་ཆིག་ཉུང་ཞང་རྡུལ་དང་བཤད་གཅི་ཉུང་བ་དང། ཁ་ཟས་ལ་མི་དགའ་བ་དང། ལྷ་དང་བྲམ་ཟེ་ལ་དགའ་ཞིང་མཆོད་པ་དང། གཙང་ཞིང་ཁྲུས་ལ་སོགས་པ་ལ་དགའ་བ་དང།
་ས་སྐྲི་ཏོའི་སྐད་དུ་སྨྲ་པ་དང། མགོ་ཡུན་རིང་ཞིག་ནས་འཛུམས་པའི་བྱེད་པ་དང། ལུས་ལ་དྲི་ཞིམ་པོའི་དད་དང་ལྡན་པ་དང། མཆོག་སྦྱིན་མཆོག་སྦྱིན་ནོ་ཞེས་སྨྲ་བ་དང། གོས?་དཀར་པོ་ལ་སོགས་པ་ལ་དགའ་བ་དང། མཚན་མོ་གཉིད་ཡར་ཞིང
་ཆུང་པ་དང། གཞན་གྱིས་ཚུགས་པ་མེད་ཅིང་ཟིལ་གྱིས་མི་ནོན་པ་སྟེ། དེ་ལྟ་བུའི་མིང་ནི་ལྷའི་གདོན་གྱིས་དབང་དུ་བྱས་པ་ཡིན་པར་ཤེས་པར་བྱའོ། །ལྷ་མིན་གདོན་གྱིས་ཟིན་པ་ནི། །ཡོན་པོར་ལྔ་ཞིང་རང་བཞིན་དན་ལྷ་དང་བླ་མ་བྲམ་ཟེ་དང། །?
་འཇིགས་མེད་ཁེངས་ཤིང་དཔའ་བ་དང། །ཁྲོ་ཞིང་རྩོལ་བ་ཆེ་བ་དང། །ང་ནི་དྲག་པོ་ཁྱབ་འཇུག་དང། །སྐེམས་བྱེད་བརྒྱ་བྱིན་ཡིན་ཞེས་བྱ། །ཤ་དང་ཆང་ལ་དགའ་ཞེས་བྱ། །དྲི་ཟའི་གདོན་གྱིས་ཟིན་པའི་རྟགས། །རང་སྤྱོད་ལ
་དགའ་ལུས་དྲི་ཞིམ། །སྙིང་དགའ་གླུ་དང་གར་ཡང་བྱེད། །ཁྲུས་དང་སྐྱེད་མོས་ཚལ་ལ་དགའ་། །གོས་ཕྲེང་བྱུག་པ་དམར་ལ་སྲེད། །སྒེག་དང་རྩེད་མོ་ལ་མངོན་དགའ་། །ཀླུ་ཡི་གདོན་གྱིས་ཟིན་པའི་རྟགས། །མིག་དམར་ཁྲོ་ཞིང་མིག་འགྱུར་ལྟ། །ཡོན
་པོར་འགྲོ་ཞིང་གཡའ་བ་དང། །ཉིན་མཚན་དབུགས་རྒོད་ལྕེ་ལས་ནི། །ཁ་ཆུ་འཛག་ཅིང་ཁ་འགྲམ་པ་ཡང། །བུ་རམ་འོ་མ་ཁྲུས་ལ་དགའ་། །ཁ་སྦུབ་ཏུ་ནི་ཉལ་བར་བྱེད། །གདུགས་མཐོང་ན་ཡང་འཇིགས་པ་ཡིན། །ཞེས་བྱ་བ་ལ། དེ་ལ་ཀླུའི་གདོན་གྱིས
་ཟིན་པའི་དབང་དུ་བྱས་པའི་རྟགས་ནི་མིག་དམར་ཞིང་ཁྲག་གིས་ཁྱབ་པ་དང། ཁྲོ་ཞིང་ཞེ་སྤང་པའི་ངང?་ཚུལ?་དང་ལྡན་པ་དང། འགྱུར་བ་མེད་ཅིང་མིག་མི་འགྱུར་བར་ལྟ་བ་དང། སྤྲུལ་ལྟར་ཡོན་པོར་འགྲོ་བ་དང། གཡོ་ཞིང་མི་བརྟན་པ་དང། །ཉིན་དང
་མཚན་དུ་རྒྱུན་དུ་དབུགས་རྒོད་ཅིང?་འབྱིན་པ་དང། ལྕེ་བསྐྱོད་ཅིང་འབྱིན་པ་དང། ཁ་ཆུ་འཇིག་པ་དང། མཆུ་གཉིས་ཀྱིས་མཚམས་ཀྱི་ཁ་འགྲམ་བལྡད་པ་དང། བུ་རམ་ལ་དགའ་བ་དང། འོ་མ་ལ་དགའ་བ་དང། ཁྲུས་དང་གཅང་སྦྲ་ལ་དགའ་བ
་དང་ཁ་སྤུབ་ཏུ་གདོང་ཕབ་སྟེ་ཉལ་བར་བྱེད་པ་དང། གདུགས་མཐོང་ན་འཇིགས་ཤིང་སྐྲག་པར་བྱེད་པ་དང་ངེ། །གནོད་སྦྱིན་གྱི་གདོན་གྱིས་ཟིན་རྟགས་ནི། །མིག་དམར་དགྲད་ཅིང་སྐྲག་ལ་འགུལ། །ལུས་དྲི་ཞིམ་ཞིང་གཟི་མདངས་ལྡན། །གཏམ་དང་གླུ
་དང་བྲུས་དང་ནི། །ཕྲེང་བ་ཕྱུག་པ་ལ་དགའ་ཞིང། །ཉ་ཡི་ཤ་སྲེད་དགའ་པ་དང། དགའ་མགུ་སྟོབས་ཆེ་ནད་མེད་ལ། ལག་རྩེ་བསྐྱོད་ཅིང་སུ་ཞིག་ལ། །ཅི་ཞིག་སྦྱིན་ཞེས་སྨྲ་བར་བྱེད། །གསང་ཚིག་སྨྲ་ཞིང་སྨན་པ་དང། །བྲམ་ཟེ་ལ་ནི་བརྙས་པར་བྱེད་ཁྲོ་བ་ཆུང
་ཞིང་མགྱོགས་འགྲོ་བའོ། །ཞེས་བྱ་བ་ལ། དེ་གནོད་སྦྱིན་གྱི་གདོན་གྱིས་ཟིན་པའི་མཚན་མ་ནི་མིག་དམར་བ་དགྲད་ཅིང་སྐྲག་པའི་ཚུལ་དུ་འགུལ་པ་དང། ལུས་ལ་བསོད་ནམས་ཀྱི་དྲི་ཞིམ་པོ་འབྱུང་བ་དང་གཟི་མདངས་བཟང་པོ་དང་སྡེན་པ་དང། གཏམ་ལ་སོགས་པ
་ལ་དགའ་བ་དང། ཉའི་ཤ་ལ་སྲེད་ཅིང་མངོན་པར་འདོད་པ་དང། དགའ་བ་དང་མགུ་བ་དང་བཅས་པ་དང། ལུས་ཀྱི་སྟོབས་ཚེ་བ་དང། ནད་མེད་པར་བདེ་བར་གནས་པ་དང། ལག་པའི་རྩེ་མོ་བསྐྱོད་ཅིང་འགུལ་པ་དང། །སྲེག་ཆགས་གང་ཞིག་ལ་སོགས་པ
་ནོར་ལ་སོགས་པ་ཅི་ཞིག་སྦྱིན་པར་བྱ་ཞེས་སྨྲ་བར་བྱེད་པ་དང། གསང་ཞིང་སྦ་བར་བྱེད་པའི་དངོས་པོ་སྨྲ་བར་བྱེད་པ་དང། སྨན་པ་དང་བྲམ་ཟེ་ལ་སོགས་པ་ལ་བརྙས་པར་བྱེད་པ་དང། ཁྲོ་བ་ཆུང་ཞིང་ཅུང་ཟད་ཙམ་ཁྲོ་བར་བྱེད་པ་དང། མགྱོགས་པར་འགྲོ་བ
་སྟེད་མཚན་མ་དེ་དག་དང་ལྡན་པ་ཡིན་ནོ། །ཚངས་པའི་སྲིན་པོས་ཟིན་པའི་རྟགས། །རྒོད་ཅིང་གར་ལ་དགའ་བ་དང། །སྤྱོད་པ་གཏུམ་ཞིང་གླགས་སྐབས་ཆོལ?། །གཤེ་ཞིང་མྱུར་དུ་འགྲོ་པ་དང། །སྨན་པ་བྲམ་ཟེ་ལྟ་ལ་སྟང། །རང་ལ་ཤིང་དང་མཚོན
་སོགས་བརྡེག་།ཀྱི་ཞེས་བྱ་བའི་སྒྲ་སྒྲོགས་ཤིང། །བསྟན་བཅོས་རིག་བྱེད་འདོན་པ་ཡིན། །ཞེས་བྱ་བ་ལ། ཚངས་པ་སྲིན་པོ་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་རྒོད་པ་ལ་དགའ་བ་དང། །གར་བྱེད་པ་ལ་དགའ་བ་དང། །ལུས་ངག་གི་སྤྱད་པ
་གཏུམ་ཞིང་འཇིགས་སུ་རུང་བ་དང། གླགས་སྐབས་ཚོལ་ཞིང་དོར་ཐབས་བྱེད་པ་དང། གཤེ་ཞིང་ཚིག་ངན་པ་སྨྲ་བ་དང། མགྱོགས་པར་འགྲོ་བ་དང། སྨན་པ་ལ་སོགས་པ་ལ་སྡང་བ་དང། རང་གི་ལུས་ལ་ཤིང་ལ་སོགས་པས་བརྡེག་པ་དང་།ཀྱེ་ཀྱེ
་ཞེས་འདོད་པར་བྱེད་པ་དང། །བསྟན་བཅོས་ཀྱི་ཚིག་དང། རིག་བྱེད་ཀྱི་ཚིག་གདོན་ཅིང་སྨྲ་བར་བྱེད་པ་ཡིན་པར་ཤེས་པར་བྱའོ། །སྲིན་པོའི་གདོན་གྱིས་ཟིན་པའི་རྟགས། ཁྲོ་གཉེར་བཅས་པའི་ཁྲོ་བ་ལྟར། །སྟོབས་བག་ཏུ་ནི་བྱེད་པ་དང། བསྡེག་ཅིང་རབ
་ཏུ་རྒྱུག་པ་དང། དུ་ཞིང་གདོད་ནི་འཇིགས་རུང་སྟོན། །ཟས་མ་ཟོས་ཀྱང་སྟོབས་དང་ལྡན། །གཉིད་མེད་མཚན་མོ་རྒྱུ་བ་དང། །ངོ་ཚ་གཙང་སྒྲ་མེད་ཅིང་དཔའ་། །གདུག་ཅིང་ཚིག་རྩུབ་སྨྲ་བ་དང་།ཁྲོ་ཞིང་ཕྲེང་བ་དམར་པོ་དང། །བུད
་མེད་ཤ་དང་ཁྲག་ལ་དགའ་། །ཤ་འམ་ཁྲག་ནི་མཐོང་བ་ན། མཆུ་ནི་ལྡག་པར་བྱེད་པ་དང། །ཟས་ཟའི་ཚེ་ན་རྒོད་པ་ཡིན། ཞེས་བྱ་པ་ལ། སྲིན་པོའི་གདོན་ཟིན་པར་གྱུར་པའི་མཚན་མ་ནི་དཔྲལ་བར་ཁྲོ་གཉེར་དང་བཅས་པའི་ཁྲོབས་ལྟ་པར
་བྱེད་པ་དང། །སྟོབས་ཤིང་གཡོ་བ་དང་བཅས་པའི་ས་བརྡེག་པར་བྱེད་པ་དང། །རབ་ཏུ་རྒྱུག་ཅིང་འགྲོ་བ་དང། སྐད་ཀྱི་ང་རོ་ཆེན་པོས་རུ་བ་དང། །གདོང་འཇིགས་སུ་རུང་བ་སྟོན་པ་དང། ཁ་ཟས་མ་ཟོས་ཀྱང་ལུས་སྟོབས་དང་ལྡན་པ་དང།
་གཉིད་མེད་པ་དང། མཚན་མོ་རྒྱུ་ཞེང?་འགྲོ་བ?་ལ་དགའ་བ་དང། ངོ་ཚ་མེད་པ་དང། གཙང་སྦྲ་མེད་ཅིང་ཁྲུས་ལ་སོགས་པ་ལ་མི་དགའ་བ་དང། །དཔའ་ཞིང་བརྟན་པ་དང། །གདུག་ཅིང་ལས་ངན་བྱེད་པ་དང། ཚིག་རྩུབ་ཅིང་རྣོ་བར་སྨྲ་བ་དང། ཁྲོ
་ཞིང་འཁྲུག་པ་དང་ཕྲེང་བ་དམར་པོ་ལ་སོགས་པ་ལ་དགའ་བ་དང། ཤ་འམ་ཁྲག་མཐོང་ན་མཆུ་བལྡག་ཅིང་འཇིག་པར་བྱེད་པ་དང། ཟས་ཟ་བའི་ཚེ་རྒོད་པར་གྱུར་པ་སྟེ། དེ་ལྟ་བུའི་མི་ནི་སྲིན་པོ་ཞེས་བྱ་བའི་གདོན་གྱིས་ཟིན་པ་ཡིན་པར་བརྗོད
་པར་བྱའོ། །ཤ་ཟའི་གདོན་གྱིས་ཟིན་པའི་རྟགས། །སེམས་ནི་བདེ་བར་མི་གནས་ཤིང། །ཡོངས་སུ་རྒྱུག་པར་བྱེད་པ་དང། །མི་གཙང་ལ་དགའ་གླུ་གར་དང། །རྒོད་དང་ཆད་དང་ཤ་རློན་དགའ་། །སྤྱོས་ན་གདོང་ནི་ཞུམ་པ་དང། །རྒྱུ་མེད་པར་ནི
་དྲ་བ་དང། །བདག་ཉིད་སེན་མོས་བྲུང་པ་དང། །ཁོང་རྩུབ་ལུས་ཉམས་སྐད་གསང་སྨྲ། །སྡུག་བསྔལ་བ་ནི་བརྡ་སྤྲོད་ཅིང། །འབྲེལ་དང་མི་འབྲེལ་ཚིག་མང་སྨྲ། །དྲན་པ་ཉམས་ཞིང་གནས་སྟོང་དཀའ་། །མི་བརྟེན་གཅིར་བུ་དྲི་མ་ཅན། །སྲད་བར་འཁྱམ
་པའི་གོས་གོན་ཞིང། །ཙ་བི་ཕྲེང་བ་རྒྱན་དུ་ཐོགས། །ཤིང་འཇོག་རྟ་ལ་ཞོན་པར་བྱེད། །དེ་བཞིན་ཕྱག་དར་ཕུང་པོར་འཛག་།མང་དུ་ཟ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤ་ཟའི་གདོན་གྱིས་ཟིན་ཅིང་དབང་དུ་བྱས་པའི་མཚན་མ་ནི་སེམས་མལ་ན་མི
་གནས་ཤིང་སྡུག་བསྔལ་ལ་བློ་ཀུན་ཏུ་འཕྱོས་བས་ཡུལ་ཐམས་ཅད་ལ་རྒྱུག་པར་བྱེད་པ་དང། མི་གཙང་བ་དང་སྤགས་པ་ལ་དགའ་བ་དང། གླུ་ལ་སོགས་པ་ལ་དགའ་བ་དང། །སྤྱོས་ཤིང་བརྒྱད་ན་གདོན་ཞུམ་ཞུམ་པོར་གྱུར་ཅིང་སྦ་བཀོད་པ་དང། །གདུག་པའི
་རྒྱུ་མེད་པར་དུ་བ་དང། རང་ཉིད་ཀྱི་ལུས་ལ་སེན་མོས་འབྲད་པ་དང། ཁོང་རྩུབ་ཅིང་མདངས་ཉམས་ལ། །སྐད་འགགས་པར་འགྱུར་བ་དང། སྡུག་བསྔལ་བརྡ་སྦྲོད་ཅིང་སྨེ་བར་བྱེད་པ་དང། རིགས་པ་དང་མི་རིགས་པའི་ཚིག་འབྲེལ་པ་དང། མི་འབྲེལ
་པ་མང་དུ་སྨ་བ་དང། དྲན་པ་ཉམས་ཤིང་བརྒྱལ་བ་དང། སྐྱེ་བོ་མེད་པའི་གནས་སྟོང་པ་ལ་དགའ་བ་དང། མི་བརྟན་ཞིང་གཡོ་བ་དང། གཅེར་བུར་འདུག་ཅིང་གོས་མེད་པར་གནས་པ་དང། དྲི་མས་སྦགས་པ་དང། སྲང་བར་ན་འབྱམ་ཞིང་ལྟུང
་བའི་གོས་དན་དོན་གོན་པ་ལ་དགའ་བ་དང། རྩ་ཕྲེང་བར་ལྷས་པ་རྒྱན་དུ་ཐོགས་པ་དང། །ཤིང་ལ་འཛེག་པ་ལ་སོགས་པ་ལ་དགའ་བ་དང། ཁ་ཟས་མང་དུ་ཟ་བར་བྱེད་པ་སྟེ། མི་དེ་ལྟ་བུ་ནི་ཤ་ཟའི་གདོན་གྱིས་བརླབས་པ་ཡིན་པར་ཤེས་པར
་བྱའོ། །ཡི་དགས་གདོན་གྱིས་ཟིན་པའི་རྟགས། །སྤྱོད་ཚུལ་དྲི་ནི་ཡི་དགས་འདྲ། །སྔར་ཞིང་ཟས་ལ་མི་དགའ་དང། །རྩད་གཅོད་བྱེད་པ་ཡིན་ཞེས་བྱ། །མི་ཡི་དགས་ཀྱི་གདོན་གྱིས་བརླབས་པའི་རྟགས་སམ་མཚན་མ་ནི་སྤྱོད་པ་དང་དབྱིབས་དང། དྲི
་ཡི་དགས་དང་འདྲ་བ་དང་སྔར་ཞིང་འཇིགས་པ་དང། ཁ་ཟས་མི་དགའ་བ་དང། རྩ་གཅོད་པར་བྱེད་པ་ཡིན་ནོ། །གྲུལ་བུམ་གདོན་གྱིས་ཟིན་པའི་རྟགས། །ཚིག་མང་སྨྲ་ཞིང་ཁ་དོག་གནག། དལ་གྱིས་འགྲོ་བར་བྱེད་པ་དང། །རློག་པ་སྤྲང་ཤིང
་འཕྱང་བ་ཡིན། ཞེས་བྱ་བ་ལ། མི་གྲུལ་བུམ་གྱི་གདོན་གྱིས་ཟིན་པའི་མཚན་མ་ནི་ཚིག་འབྲེལ་པ་དང་མི་འབྲེལ་པ་མང་དུ་སྨྲ་བ་དང་ཁ་གདོང་གནག་པ་དང། རང་གི་གནས་ན་དལ་གྱིས་འགྲོ་ཞིང་འཁྱམ་པ་དང།
་རླིག་པ་སྐྲངས་པ་དང་བཅས་ཤིང་ཤས་ཆེར་འཕྱང་བ་ཡིན་ནོ། །མི་ནི་བྱང་སྟེམ་ཟིན་པའི་རྟགས། །ཤིང་དང་བོར་བ་སོགས་ཐོགས་ཤིང། །ཚལ་བ་གྱོན་ཏེ་འགྲོ་བ་དང། །གཅེར་བུར་རྒྱུག་ཅིང་འཇིགས་བག་ཏུ། །ལྷ་ལ་རྩ་ཡི་རྒྱན་དུ་བྱེད།
་དུར་ཁྲོད་གནས་ནི་སྟོང་པ་དང། སྲང་བར་ཤིང་གཅིག་བརྟེན་པ་དང། །ཏིལ་ཟས་ཤ་དང་ཆང་ལ་ནི། །རྟག་དུ་མི་ནི་ཆགས་པ་དང། །ཚིག་རྩུབ་དེ་ནི་སྨྲ་བ་ཡིན། ཞེས་བྱ་བ་ལ། མི་བྱད་སྟེམས་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་ཤིང་ལ
་སོགས་པ་ཐོགས་ཞིང། གོས་ཀྱི་ཚལ་པ་དུམ་བུར་གྱོན་ཏེ། འགྲོ་བ་ལ་དགའ་བ་དང། གཅེར་བུར་འགྲོ་བ་དང། འཇིགས་ཤིང་སྟབས་བག་ཏུ་ལྟ་བ་དང། རྩའི་རྒྱན་ཐོགས་པ་དང། དུར་ཁྲོད་ལ་སོགས་པར་བཏེན་ཅིང་འདུག་པར་དགའ་བ་དང།
་ཏིལ་ལ་སོགས་པ་ལ་དགའ་ཞིང་རྟག་ཏུ་དེ་ལ་ལྟ་བ་དང། ཚིག་རྩུབ་པར་ལྟ་བ་སྟེ། དེ་ལྟ་བུ་ནི་བྱད་སྟེམས་ཀྱི་གདོན་གྱིས་ཟིན་པ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །གཡེང་བྱེད་གྱིས་ནི་ཟིན་པའི་རྟགས། །ཆུ་འདོད་ཟས་ནི་མི་སློང་དང། །དབང?་ཞིང་མིག
་ནི་དམར་བ་དང། ཚིག་རྩུབ་སྨྲ་བ་ཤེས་པར་བྱ། །ཞེས་བྱ་བ་ལ། མི་གཡངས་བྱེད་ཅེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་རྟག་དུ་ཆུ་འདོད་ཅིང་སློང་གི་ཟས་སློང་བར་མི་བྱེད་པ་དང། དེ?་དང?་བག་དང་བཅས་པའི་མིག་དམར་པོས་ལྟ
་བ་དང། ཚིག་རྩུབ་ཅིང་གཞན་ལ་གནོད་པར་སྨྲ་བ་ཡིན་ནོ། །རོ་ལངས་གདོན་གྱིས་ཟིན་པའི་རྟགས། །དྲི་དང་ཕྲེང་བ་ལ་དགའ་ཞིང། །ཚིག་བདེན་སྨྲ་ལ་ཡོངས་སུ་འདར། །གཉིད་ཆེ་བར་ནི་ཤེས་པར་བྱ། །ཞེས་བྱ་བ་ལ། མི་རོ་ལངས་ཞེས་བྱ་བའི
་གདོན་གྱིས་ཟིན་པའི་མཚན་མ་ནི། །དྲི་དང་ཕྲེང་བ་བསྟེན་པར་དགའ་བ་དང། །དམ་བཅས་པ་ལ་བརྟེན་ཅིང་ཚིག་བདེན་པར་སྨྲ་བ་དང། ལུས་བདར་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ། །ཡི་དགས་མཚུན་ལྷའི་གདོན་གྱི་རྟགས། མིག་མི
་གསལ་ཞིང་བཞི་རས་ཞུམ། །རྐན་ནི་སྐམ་པར་བྱེད་པ་དང། །མིག་དང་གཟི་མ་སྐྱོད་པ་དང། །གཉིད་ཆེ་མེ་དྲོད་ཆུང་བ་དང། གཡོན་ཕྱོགས་ནས་ནི་གོས་གོན་ཞིང། །ཤ་དང་བུར་མ་ཏིལ་ལ་དགའ་། ཧ།ཚིག་འཁྲུལ་པ་ནི་ཡིན་ཞེས་བྱ། ཞེས་བྱ་བ་ལ། དགས་མཚུན
་ལྷ་ཞེས་བྱ་བ་ཉེ་དུ་ཤིང་ལས་གཡོན?་དུ་གྱུར་པའི་མཚན་མ་ནི་མིག་མི་གསལ་ཞིང་རབ་རིབ་ཏུ་འགྱུར་བ་དང། བཞིན་རས་ཞུམ་ཞིང་གསོང་དམའ་བ་དང་རྐན་གྱི་ཕྱོགས་བསྐམས་པ་དང། མིག་གི་གཟི་མ་གཡོ་བ་དང། གཉིས་ཆེ་བ་ནས་ཚིག་འཁྲུལ་ཅིང
་ཅལ་ཅོལ་དུ་སྨྲ་བའི་བར་གྱི་མཚན་ཉིད་དང་ལྡན་པས་ཤེས་པར་བྱའོ། །བླ་མ་དྲང་སྲོང་རྒན་དང་དྲུག་།དམོད་པ་སེམས་ཀྱི་རྗེས་མཐུན་པ། །སྤྱོད་ལམ་ཁ་ཟས་རང་བཞིན་ལ། །ཅི་འདྲ་གདོན་ནི་དེ་ཡིན་བཤད། ཅེས་བྱ་བ་ལ། བླ་མ་དང་རྒན་པོ་ལ་སོགས་པ
་བཞི་པོ་དག་གི་གདོན་གྱིས་ཟིན་པ་ནིད་མོད་པ་བཏབ་པ་དང། །སེམས་ཀྱིས་བསམས་པ་དང། རྗེས་སུ་མཐུན་པ་དང། དེ་བཞིན་དུ་དེའི་སྤྱོད་ལམ་དང་ཁ་ཟས་ཀྱི་རང་བཞིན་ཅི་འདྲ་བ་ལས་གདོན་ཡང་དེ་འདྲ་བ་ཡིན་པར་ཤེས་པར་བྱའོ། །གཞོན་ནུའི་ཚོགས་ཀྱི་རྗེས
་འབྲང་ཞིང། །གཅེར་བུ་སྨྲ་ནི་གྱེན་དུ་བརྫེས། །ཡིད་མི་བདེ་ཞིང་དུས་ཡུན་རིང། །གྱུར་པའི་གདོན་དེའང་སྤང་བར་བྱ། ཞེས་བྱ་བ་ལ། བྱིས་པ་གཞོན་ནུའི་ཚོགས་ཀྱི་རྗེས་སུ་འབྲང་ཞིང་རྒྱུ་བ་དང། གཅེར་བུར་གནས་ཤིང་སྐྲ་གྱེན་དུ་བརྫེས་པ་དང།
་ཡིད་མི་བདེ་ཞིང་སེམས་གནོད་པར་འགྱུར་བ་དང། གདོན་གྱིས་ཟིན་ནས་དུས་ཡུན་རིང་པོར་ལོན་པའི་གདོན་དང་བཅས་པ་དེ་ནི་གསོར་མི་རུང་བས་ཡོངས་སུ་སྤང་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག
་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་པས་ངེས་པར་སྦྱོར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གདོན་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ
་ལ། གང་དུ་གདོན་གྱིས་ཟིན་པའི་ནང་གསོ་བ་སྟོན་པའི་ལེའུ་གང་ཡིན་པ་དེ་བཤད་པར་བྱའོ། །འབྱུང་པོ་འཚེ་བ་མི་འདོད་དང། །བཟླས་དང་སྦྱིན་སྲེག་གཏོར་མ་དང། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་འཇོག་དང། །སྦྱིན་ཤེས་རྩལ་སོགས་ལས
་བསལ། །ཞེས་བྱ་བ་ལ། འབྱུང་པོའི་གདོན་ནི་གཞན་ལ་འཚེ་ཞིང་སྲོག་གཅོད་པ་མི་འདོད་པ་དང། གཏོར་མ་འདོད་པ་དང། འདོད་པའི་དགའ་བ་འདོད་པའི་གདོན་གསོར་རུང་པ་དག་ནི་བཟླས་པ་ལ་སོགས་པ་དང་བརྟུལ་ཤུགས་ཀྱི་དཀའ་ཐུབ་དང།
་ཚུལ་ཁྲིམས་ལ་སོགས་པ་བསྟེན་པས་དེ་བསལ་ཞིང་གཞོམ་པར་བྱའོ། །ཤིང་ཀུན་པ་ལ་ཚ་བ་གསུམ། །གླ་རྩི་སྒོག་སྐྱ་ཨརྒའི་རྩ། །སྤང་པོས་ཨ་རྫ་ལོ་མི་དང། །ལ་བ་འབམ་པོ་ཀུ་ཀུ་ཏི། །ཤུ་དག་གནད་པྲི་ཡངཀུ། །སར་བ་གནད་ཏིལ་དང་ནི། ཀ་ཀ
་ཨན་དང་མ་ཉེ་པ། །སྣུ་ཀརྐ་ཏྲ་སྲིད་གི་།སླེ་ཏྲེས་མོ་ཧ་ན་པ་ལི། །ཡུངས་ཀར་དང་ནི་ལིག་པུ་མིག་།གདོན་འཇོམས་སྨན་ནི་གཞན་དག་དང། དོང་བུ་རྟ་དང་ཁྱི་དང་ལུག་།རྔ་མོ་ཁང་དྲེ་དང་ནི། །སྲེ་མོ་རེག་འཇམ་བྱི་ལ་གུང། །བ་ལང་སེང་གེ
་སྟག་དང་ནི། །རྒྱ་མཚོ་ཡི་ནི་སྲོག་ཆགས་ཀྱིས། །པགས་པ་མཁྲིས་པ་སེན་མོ་སོ། །སྡེ་ཚན་འདི་དང་མར་རྙིད་འམ། །ཏིལ་མར་དག་ནི་བསྐོལ་བ་དང། །བཏུང་དང་སྣར་ནི་བླུགས་པ་དང། །བསྐུ་བའི་དོན་དུ་སྦྱར་བྱ་ཞིང། །འདི་དག་ཕྱེ་མ
་བདུག་པ་དང། ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་གྱི་སྡེ་ཚན་འདི་དང་མར་རྙིང་པ་འམ་ཏིལ་མར་བསྐོལ་ཏེ་མར་རམ་ཏིལ་མར་དེ་བཏུང་བ་དང། །སྣ་ནས་བཏང་བ་དང་ལུས་ལ་བསྐུ་བའི་དོན་དུ་སྦྱར་བར་བྱ་བ་དང། །དེ་བཞིན་དུ་སྨན་འདི་དག
་གི་ཕྱེ་མའི་དུད་པས་བདུག་པ་ཡང་སྦྱར་བར་བྱའོ། །ཚ་བ་གསུམ་ནི་པི་པི་ལིང་ལ་སོགས་པའོ། །གླ་རྩི་ནི་ནེ་པ་ལི་སྟེ་ལ་ལ་ནི་ནེ་པ་ལི་ཞེས་བྱ་བ་གླ་རྩི་མ་ཡིན་གྱི་སྐབས་འདིར་ལྡོང་རོས་ལ་བྱའོ། །ཞེས་ཟེར་རོ། །རྒའི་ཁ་ནི་ཤིང་ཨརྒའི་རྩ་བའོ། ། ཟ་ལོ་མི་ནི་མི་ཞི
་བྱ་ལོ་ཙན་ཞེས་བྱ་བའི་སྨན་ནོ་།ལ་ལ་ནི་གོ་རོ་མོའོ། །འབམ་པོ་ནི་འབུ་ཏ་ཀེ་ཤིའོ། །ཀུ་ཀུ་ཏ་ནི་ལགས་མ་ནའོ། །གནད་པྲི་ཡངཀུ་ནི་ལ་ཏ་ཞེས་བྱ་བའོ། །སར་པ་གནད་ནི་གནད་ན་གུ་ལིའོ། །ཀ་ཀནད་ནི་ཀ་ནའོ། །ཾ་དབ་ནི་ཀ་ནའོ། །སྣུ་ཧ་ནི་ཤྲིས་བཎྜའི?་ཤིང་ངོ། །སླེ
་ཏྲེས་ནི་གུ་ཙེའོ། །གདོན་འཇོམས་སྨན་ནི་གདོན་སེལ་བའི་སྨན་ལ་སོགས་ཇི་སྙེད་པའོ། །བོང་བུ་ལ་སོགས་པའི་པགས་པ་ཇི་སྙེད་པ་གཞུག་པར་བྱའོ། །འདི་རིལ་བུ་བྱས་ནས་ནི། །མིག་སྨན་སྣ་སྨན་བྱ་བ་དང། འདི་ཡི་ལྡེ་གུས་ཕྱུག་པ་དང། །བསྐོལ་བའི་ཁུ་བ
་བླུགས་པར་བྱ། ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་གྱི་སྡེ་ཚན་འདི་དག་རི་ལུང་བྱས་ནས། མིག་སྨན་དུ་བྱ་བ་དང། སྣ་ནས་བཏང་བ་དང། ཡང་ཤིང་ཀུན་ལ་སོགས་པའི་སྨན་འདི་དག་གིས། །ལྡེ་གུས་ལུས་ལ་བྱུག་པ་དང། །ཡང་སྨན་དེ་དག་བསྐོལ་བའི
་ཁུ་བས་ལུས་ལ་བླུགས་པར་བྱའོ། །སྦྱར་བ་འདིས་ནི་སྨྱོ་བྱེད་དང། །བརྗེད་བྱེད་བཅས་པའི་གདོན་ཞི་བྱེད། ཅེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྦྱོར་བ་འདིར་ནི་སྨྱོ་བྱེད་དང་བརྗེད་གྱི་གདོན་གང་ཡིན་པ་དེ་ཞི་ཞིང་མེད་པར་འགྱུར་རོ། །ཡུངས་ཀར་ཧ་ཏི
་པི་པི་ལིང། །པི་པི་ལིང་སྨྲ?་ཚ་བ་གསུམ། །སྐྱུ་རུ་ར་དང་གྲོ་བ་དང། སྲེ་མོ་བྱི་ལ་ཛ་ཤ་ཡི། །མཁྲིས་པ་དང་བཏགས་སྣ་སྨན་དང། སྐུ་དྲུག་བྱུག་སོགས་བྱ་གདོན་འཇོམས། །ཞེས་བྱ་བ་ལ། ཡུངས་ཀར་ལ་སོགས་པའི་སྨན་སྲོག་ཆགས་གོ་དེ་ལ་སོགས་པའི
་མཁྲིས་པ་དྲང་བཏགས་ཏེ། སྣ་སྨན་ལ་སོགས་པའི་སྦྱར་བ་བྱས་ན་ཡང་སྨྱོ་བྱེད་ལ་སོགས་པའི་གདོན་འཇོམས་བར་བྱེད་དོ། །ཡུངས་ཀར་ཤིང་ཀུན་བུ་དག་དང། །པྲི་ཡརྐུ་དང་སེར་པོ་གཉིས། །ཀ་རི་ཀརྞ་དཀར་ནག་གཉིས། །འབྲས་བུ་གསུམ་
་དང་ཤེ་ད་དང། །ནིམཔའི་ལོ་མ་ཀ་རཉྫ། །ཤྲི་ཤ་གཉིས་དང་ས་བོན་དང། །ཐང་ཤིང་དང་ནི་ཚ་བ་གསུམ། །མར་དང་བ་གཅིན་དེའི་བཞི་འགྱུར། །བསྐོལ་བའི་དོན་གྲུབ་ཅེས་བྱ་སྟེ། བཏུང་དང་སྣར་བླུག་པ་སྦྱར་ན། །གདོན་ན་ཐམས
་ཅད་མྱུར་འཇོམས་བྱེད། །མཆོག་ཏུ་ལྷ་མིན་གདོན་སེལ་བྱེད། །བརྗེད་བྱེད་དུག་དང་བཀྲ་མི་ཤིས། །སྨྱོ་བྱེད་གཤེར་བྱེད་རིམས་རྣམས་འཇོམས། །ཞེས་བྱ་བ་ལ། ཡུངས་ཀར་དང་ཤུ་དག་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང། མར་དང་མར་གྱི་བཞི
་འགྱུར་གྱི་བ་གཅིན་དང། བསྐོལ་པའི་སྨན་མར་ནི་མིང་དོན་གྲུབ་ཅེས་བྱ་སྟེ། དེ་བཏུང་པ་ལ་སོགས་པར་སྦྱར་ན་གདོན་ཐམས་ཅད་མྱུར་དུ་འཇོམས་པར་བྱེད་ལ། མཆོག་གམ་ཁྱད་པར་དུ་ལྷ་མ་ཡིན་གྱི་གདོན་རྣམས་འཇོམས་པར་བྱེད་ལ། དེ་བཞིན
་དུ་བརྗེད་བྱེད་ནས་རིགས་ཀྱི་བར་ཡང་འཇོམས་པར་བྱེད་པ་ཡིན་ནོ། །སྨན་དེ་ཉིད་ནི་ར་ཐུག་གི་གཅིན་དང་སྦྱར་ཏེ་བླུགས་པ་དང། །སྣར་བླུགས་མགེ་སྨན་བྱུག་པ་དང། །ཁྲུས་དང་དྲིལ་བ་ལས་སྦྱར་བ། །སྔར་བཤད་ཡོན་ཏན་དང་འདྲ་ཞིང། །རྒྱལ
་པོའི་སྒོར་ཡང་དོན་གྲུབ་བྱེད། ཅེས་བྱ་བ་ལ། ཡུངས་ཀར་ལ་སོགས་པའི་སྨན་འདི་དག་ཉིད་ར་ཐུག་དང་གཅིན་དང་སྦྱར་ཏེ་ལྔ་གུར་བྱས་ལ་བླུད་པ་ལ་སོགས་པར་སྦྱར་ན་གདོན་ཐམས་ཅད་འཇོམས་པ་ལ་སོགས་པ་སྔར་བཤད་པའི་ཡོན
་ཏན་དང་ལྡན་ཞིང་དེ་བཞིན་དུ་རྒྱལ་པོའི་སྒོར་ཡང་དོན་གྲུབ་པར་བྱེད་པ་ཡིན་ནོ། །ཡུངས་ཀར་ཤུ་དག་ཚ་བ་གསུམ། ། ཤྭ་གནད་སེར་པོ་གཉིས། ཤིང་ཀུན་ཀུན་དོང་རྩ་བ་དང། ཀ་རཉྫ་ཡི་ས་བོན་དང། །ཤི་རི་ཤ་ཡི་མེ་ཏོག་དང། །ག་པེཏྟ་ཡི
་འབྲས་བུ་དང། །རྒྱམ་ཚྭ་རུ་རྟ་རྒྱ་སྤོས་དང། །ཀི་རི་དཀར་ནི་དཀར་པོ་དང། །སོ་ན་ཀ་ཡི་རྩ་བར་བཅས། །ར་གཅིན་དག་དང་ལགས་བསྐོལ་ཅིང། །བ་ལང་མཁྲིས་པ་བུ་རམ་དང། །རིལ་བུར་བྱས་པའི་སྦྱོར་བ་དེ། །མིག་བསྐུས་སྣར་བླུགས་བསྐུ་བྱས?་ནས། །
་སྨྱོ་བྱེད་རྨ་ནི་རེད་པ་དང། །མཚན་མོ་མི་མཐོང་མིན་ཐིབས་བྱེད། །འགེགས་དང་ལུས་ཆུར་ནུབ་པས་རྒྱལ། །དུག་བསྐུས་མདའ་ཡིས་ཕོག་པ་དང། །གདུག་པའི་སྦྲུལ་གྱིས་ཟིན་པ་སེལ། ཞེས་བྱ་བ་ལ། སེར་པོ་གཉིས་ནི་ཡུངས་པ་དང། སྐྱེར་པའོ། །ཀུན?་དོང་རྩལ
་ནི་སྒོ་བ་ཀུན་དོང་ཞེས་བྱ་བའི་རྩ་བའོ། །གཞན་དག་ནི་གོ་བར་ཟད་དེ། སྨན་དེ་དག་ཐམས་ཅད་ར་གཅིན་དང་ལེགས་པར་སྤངས་ཤིང་བསྲེས་ལ་དེའི་འོག་ཏུ་བ་ལང་གི་མཁྲིས་པ་དང་བུ་རམ་དང། སྦྱར་ཏེ་རིལ་བུར་བྱས་པའི་སྦྱོར་བ་དེ་མིག་ཏུ་བསྐུ་བ་དང། སྣར
་བླུགས་པ་དང། ལུས་ལ་བླུགས་ལ་བསྐུས་ན་སྨྱོ་བྱེད་ལ་སོགས་པའི་ནད་སེལ་བར་བྱེད་དོ། །རས་བལ་ས་བོན་རྨ་བྱའི་སྒྲོ། །མེ་ཏོག་སྨན་མ་བྲི་ཧ་ཏཱི། །ཤིང་ཚྭ་སྤང་སྤོས་པོ་སོན་ཆ། །བྱི་ལའི་རྟུག་པ་པུག་མ་དང། ཤུ་དག་མི་སྐྲའི་སྤྲུལ་ལྤགས་དང། །གླང་པོ་སོ
་དང་གླང་གི་རྭ། །ཤིང་ཀུན་དང་ནི་ན་ལེ་ཤམ། །ཆ་མཉམ་བདུག་པར་བྱས་པ་ཡི། །སྐེམ་བྱེད་སྨྱོ་བྱེད་ཤ་ཟའི་རིམས། །སྲིན་པོ་ལྷའི་གདོན་འཇོམས་མཆོག་།ཅེས་བྱ་བ་ལ། རལ་བལ་གྱི་ས་བོན་ལ་སོགས་པའི་སྨན་འདི་རྣམས་ཆ་བསྙམས་ཏེ་སྦྱར་བའི
་དུད་པས་བདུགས་ན་སྐེམས་བྱེད་ལ་སོགས་པའི་གདོན་ནི་སེལ་བར་བྱེད་པའི་མཆོག་ཡིན་ནོ། །སྐེམ་བྱེད་ནི་གཞོན་ནུའི་གདོན་ཡིན་ནོ། །གང་ང་པ་ཏྲ་ཚ་བ་གསུམ། །གུར་ཀུམ་པི་པི་ལིང་རྩ་བ། །ཀཎྚ་ཀཱ་རཱི་སྐྱེར་བ་དང། །ཐང་ཤིང་དང་ནི་ཡུངས་ཀར་གཉིས། །བ་ལ
་དཀར་དང་དུག་མོ་ཉུང། །ཙན་དན་དཀར་པོ་རྒྱམ་ཚ་དང། །འབྲས་བུ་གསུམ་དང་པུ་ཤེལ་ཙེ། །ཤུ་དག་སྤང་མ་པུ་ཙ་ཤེ་ལ། །ཙན་དན་དམར་པོ་པ་ལ་དང། །ཤིང་མངར་སུག་སྨེལ་ལྡོང་རོས་དང། ཤུག་པ་རྒྱ་སྤོས་ཤྲི་པ་ས། །མ་དུ་ཀ་ཡི་སྙིང་པོ་དང། །བོ་ང
་གཉིས་ཕོ་པྲི་ཡངཀུ། །དབྱེ་མོ་རུ་རྟ་སྐྱེར་ཁཎྜ། །ཆ་བསྙམས་ཞིབ་བཏགས་ལྡེ་གུ་དང། །མར་རྙིང་གཅིན་ཀུན་ཆ་བསྙམས་བསྐོལ། །གདོང་ཁུས་འདེབས་ཞེས་བྱར་བརྗོད། །དེ་བླུད་གདོན་འཇོམས་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཡུངས་ཀར་གཉིས་ནི་ཡུངས
་ཀར་སེར་པོ་དང། །དམར་པོའི་མདོག་གིས་ཕྱེ་བའོ། །བ་ལ་ཀ་ནི་ལམ་བུའོ། །ཙན་དན་དམར་པོ་ནི་ལོ་ཧ་སྟེ། །ལ་ལ་དག་ཙན་དན་དམར་པོ་མ་ཡིན་གྱི་བཙོད་པར་བྱའོ། །ཞེས་ཀྱང་ཟེར་རོ་ཤྲི་བཏན་ཤྲི་པ་སའོ། །མ་ནུ་ཀའི་སྙིང་པོ་ནི། །
་མ་ཏུ་ཀའི་མེ་ཏོག་གམ། ཤིང་ཚ་མ་དུ་ཀའི་དབུས་ཀྱི་ཆ་ན་ཡོད་པའོ། །པྲི་ཡངཀུ་ནི་གན་དཔྲི་ཡངཀུའོ། ཁོ་བ་གཉིས་ནི་བོ་ད་དཀར་པོ་དང་ནག་པོའོ། །གཞན་ནི་གོ་བར་ཟད་དེ། །སྨན་དེ་དག་ཐམས་ཅད་ཆ་བསྙམས་ཏེ། ཞིབ་ཏུ་བཏགས་པའི་ལྡེ་གུ་དང་མར
་རྙིང་པ་དང། གཅིན་བརྒྱད་པོ་ཀུན་ཆ་བསྙམས་ཏེ། མར་ཇི་ཙམ་ཡོད་པ་གཅིན་རེ་རེ་ཡང་དེ་ཙམ་དུ་བྱས་པ་དང་བསྲེས་ཏེ། བསྐོལ་བའི་མར་ནི་མི་གདོན་ཁུས་འདེབས་ཞེས་སློབ་དཔོན་གྱིས་བཤད་དེ་བླུད་ཅིང་བསྐུ་བ་ལ་སོགས་པའི་སྦྱོར་བ་བྱས་ན་གདོན་ཐམས
་ཅད་འཇོམས་པའི་མཆོག་ཡིན་ཏོ། །རྒྱ་སྤོས་ཤིང་མངར་ཀ་རཉྫ། །རྒྱ་སྐྱེགས་ད་ལྟ་པ་ཏོ་ལ། །ཤུ་དག་ཤིང་ཀུན་པ་ཏོ་ལ། །ཡུངས་ཀར་ཀཎྚ་ཀཱརཱི་དང། །སེར་པོ་གཉིས་དང་བུ་ཅི་ཤེལ། །རྒྱ་ཤུག་གནད་པྲི་ཡངཀུ། །ཚ་བ་གསུམ་དང་འབྲས་བུ་གསུམ། །
་ཐང་ཤིང་སླེ་ཏྲེས་བྱི་དད?་བ?། །ཀོ་ཤ་ཏ་ཀ་ཀནད། ཤིང་ཀྲུ་ནིམྦ་དུག་མོ་ཉུང། །བྲི?་ཤའི་མེ་ཏོག་ས་བོན་དང། །གླ་སྒང་རུ་རྟ་ངནད་དང། །གི་རི་ཀརྞི་ཙི་ཏྲ་ཀ། བིལ་བ་ཆ་མཉམས་ལྡེ་གུར་བྱས། །མར་རྙིང་ཅན་གྱི་སྡེ་ཚན་བཅས། །བསྐོལ་ཏེ་ཡུན་རིང་བཞག་པ་སྟེ། །ཁུས
་འདེབས་ཆེན་བོ་ཞེས་བཤད་དོ། །རིམ་བ་ཀུན་གྱིས་སྦྱར་ན་ནི། །གདོན་རྣམས་ནད་ཀུན་སྨྱོ་བྱེད་དང། །མཛེ་དང་རིམས་ནི་མྱུར་དུ་འཇོམས། །ཞེས་བྱ་བ་ལ། རྒྱ་སྤོས་ནི་ཏ་ཀ་རུའོ། །སེར་པོ་གཉིས་ནི་ཡུང་ང་དང་སྐྱེར་པའོ། །རྒྱ་ཤུག་ནི་རྒྱ་ཤུག་སྐྱུར་པའོ། །
་ཀ་ཀནད་ནི་མཧ་ཀ་ལའི་འབྲས་བུའོ། །ཤིང་ཀྲུ་ནི་ས་བཉྫ་ནའོ། །གཞན་དག་ནི་གོ་བར་ཟད་དེ་སྨན་དེ་དག་ཐམས་ཅད་ཆ་བསྙམས་ཏེ་ལྡེ་གུར་བྱས་པ་དང། །མར་རྙིང་བ་དང་གཅིན་གྱི་སྡེ་ཚན་ཆང་གི་སྡེ་ཚན་གྱི་ནང་ནས་བཤད་པའི་གཅིན་བརྒྱད་པོ་དང་བཅས
་པར་བསྐོལ་ཏེ་དུས་ཡུན་རིང་པོར་བཞག་པའི་རྙིང་པོ་དེ་ནི་ཁུས་འདེབས་ཆེན་པོའི་སྨན་མར་ཞེས་བྱ་སྟེ། དེ་རིམ་པ་ཀུན་གྱིས་ཞེས་བྱ་བ་བཏུང་བ་དང། སྣར་བླུགས་པ་དང། བསྐུ་བ་དང་སྦྱར་གདོན་གྱི་ནད་ཐམས་ཅད་དང་སྨྱོ་བྱེད་དང། མཛེའི་ནད་རིམས་ལ་སོགས
་པ་མྱུར་དུ་འཇོམས་པར་བྱེད་དོ། །གདོན་ནི་ཉི་མ་གང་གང་ལ། །འཛིན་པའི་ཉི་མ་དེ་དང་དེར། མཆོག་ཏུ་སྦྱིན་སྲེག་གཏོར་མ་སོགས། །སྨན་པས་རབ་ཏུ་འབེད་དེ་བྱ། ཞེས་བྱ་བ་ལ། གདོན་གང་ཞིག་ཉི་མ་གང་ལ་འཛིན་པར་བྱེད་པའི་ཉི་མ་དེ་ལ་སྦྱིན་སྲེག་དང་གཏོར་མ་ལ
་སོགས་པ་གདོན་བཟློག་པའི་ཐབས་སྨན་པས་འབད་དེ་སྦྱར་བར་བྱའོ། །ཁྲུས་དང་གེས་དང་ཤ་དང་ཚིལ། །ཆང་དང་མར་དང་བུ་རམ་སོགས། །གང་ཞིག་གང་ལ་སྲེད་གྱུར་པ། །དེ་ཚེ་དེ་ནི་དེ་ལ་སྦྱིན། །ཞེས་བྱ་བ་ལ། གདོན་གང་ཞིག་ཁྲུས་ལ་སོགས་པ་གང་ཞིག་ལ
་སྲེད་ཅིང་འདོད་པར་གྱུར་པ་དེའི་ཚེ་གདོན་དེ་ལ་ཁྲུས་ལ་སོགས་པ་དག་སྦྱིན་པར་བྱའོ། །རིན་ཆེན་དྲི་དང་འཕྲེང་བ་དང། །ས་བོན་མར་དང་སྤྲང་རྩི་དང། །ཟས་ཀུན་ཀུན་ལ་སྦྱིན་བྱ་སྟེ། །འདི་ནི་སྤྱི་ཡི་ཆོ་གའོ། །ཞེས་བྱ་བ་ལ། གདོན་ཐམས་ཅད་ལ་རིན་ཆེན
་ཏེ་རྡོ་རྗེ་དང་བཻ་ཌཱུ་ར་དང། མར་གད་དང། གསེར་ལ་སོགས་པ་དང། དྲི་ཞིམ་པ་སྦྱར་བའི་དྲེ་དང། སྣ་མའི་མེ་ཏོག་ལ་སོགས་པ་མེ་ཏོག་དྲི་ཞིམ་པའི་འཕྲེང་བ་དང་ས་བོན་དེའི་སྟན་མུངྒ་དང། མོན་སྲན་གྲེའུ་ལ་སོགས་པ་དང། མར་དང་སྤྲང་རྩི་དང་ལ་དུ
་ལ་སོགས་བའི་ཟས་ཀུན་གདོན་ཐམས་ཅད་ལ་སྦྱིན་པར་བྱ་སྟེ། ཆོ་ག་འདི་ནི་སྤྱིའི་ཐུན་མོང་གི་ཆོ་ག་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །ལྷ་དང་དྲང་སྲོང་བླ་མ་རྒན། །གྲུབ་ལ་ལྷ་ཡི་གནས་སུ་སྦྱིན། །དེར་ཡང་ལྷ་ཡི་གདོན་ལ་ནི། བྱང་གི་ཕྱོགས་སུ་གཏོར་མ
་སྦྱིན། ཞེས་བྱ་བ་ལ། ལྷ་ལ་སོགས་པའི་གདོན་ལྔ་པོ་དག་ལ་ནི་ལྷའི་གནས་ཏེ། ལྷ་གནས་པའི་ཁང་པར་གཏོར་མ་སྦྱིན་པར་བྱ་ལ་།དར་ཡང་ལྷའི་གདོན་ལ་ནི་བྱང?་གི་ཕྱོགས་སུ་གཏོར་མ་སྦྱིན་པར་བྱའོ། །ལྷ་མིན་གདོན་ལ་ཅི་འདོད་པར། །
་མཚམས་ཀྱི་གནས་སུ་ནུབ་ཏུ་སྦྱིན། ཞེས་བྱ་བ་ལ། ལྷ་མ་ཡིན་གྱི་གདོན་ལ་ནི་ཅི་ལྟར་འདོད་པར་གྲོང་གི་མཚམས་ཤེས་བྱ་བར་གྲོད་དམ་ཡུལ་གྱི་ཕྱི་རོལ་ཏུ་ནུབ་ཕྱོགས་སུ་སྦྱིན་པར་བྱའོ། །དྲི་ཟའི་གདོན་ནི་བ་ལང་?། །
་གོས་དང་རྒྱན་བཅས་གཏོར་མ་སྦྱིན། ཞེས་བྱ་བ་ལ། དྲི་ཟའི་གདོན་ལ་ནི་བ་ལང་རྒྱུ་བའི་ལམ་དུ་གོས་དང་རྒྱན་བཅས་པའི་གཏོར་མ་སྦྱིན་པར་བྱའོ། །མཚུན་ལྷ་ཀླུ་གདོན་འབབ་ཆུའི་འགྲམ། །ཀླུ་ལ་ཤར་ལྷོའི་མཚམས་སུ་སྦྱིན། ཞེས་བྱ་བ་ལ་།མཚུན?
་ལྷའི་གདོན་དང། ཀླུའི་གདོན་ལ་ནི་འབབ་ཆུའི་འགྲམ་དུ་གཏོར་མས་སྦྱིན་པར་བྱ་བ་ལ། དེ་ལས་ཀྱང་ཀླུའི་གདོན་ལ་ནི་ཤར་ལྷོའི་མཚམས་སུ་གནས་ཏེ་གཏོར་མ་སྦྱིན་པར་བྱའོ། །གནོད་སྦྱིན་རང་གི་གནས་སམ་ནི། །ཆུ་གཉིས་འདུས་པའི་གནས་སུ་སྦྱིན།།
་ཞེས་བྱ་བ་ལ། གནོད་སྦྱིན་གྱི་གདོན་ལ་ནི། །གནོད་སྦྱིན་གྱི་གནས་སུ་བྱས་པ་འམ། ཡང་ན་ཆུ་པོ་གཉིས་འདུས་པའི་གནས་སུ་བྱས་པ་འམ། །ཡང་ན་ཆུ་བ་གཉིས་འདུས་པའི་གནས་སུ་གཏོར་མ་སྦྱིན་པར་བྱའོ། །སྲིན་པོ་ལམ་གྱི་བཞི་མདོ་འམ། །ཚང་ཚིང
་འཇིགས་སུ་རུང་བར་སྦྱིན། །སྲིན་པོའི་ལྷོ་ཡི་ཕྱོགས་སུ་སྦྱིན། །ཚངས་པའི་སྲིན་པོ་ཤར་དུ་སྦྱིན། །ཞེས་བྱ་བ་ལ། སྲིན་པོ་དང་ཚངས་པའི་སྲིན་པོའི་གདོན་གཉིས་ལ་ནི་ལམ་གྱི་བཞི་མདོ་འམ། ནགས་ཀྱི་ཚང་ཚིང་འཇིགས་སུ་རུང་པར་གཏོར་མ་སྦྱིན་པ་བྱ་?
་ང?་ལས་ཀྱང་སྲིན་པོའི་གདོན་ལ་ནི་ལྷོ་ཕྱོགས་སུ་སྦྱིན་པར་བྱ་ལ། ཚངས་པའི་སྲིན་པོའི་གདོན་ལ་ནི་ཤར་ཕྱོགས་སུ་གཏོར་མ་སྦྱིན་པར་བྱའོ། །ཤ་ཟ་ལ་ནི་ཁང་སྟོང་དུའོ། །ནུབ་ཕྱོགས་སུ་ནི་གནས་དེ་སྦྱིན། །ཞེས་བྱ་བ་ལ། ཤ་ཟའི་གདོན་ལ་ནི་ཁང་སྟོང་དུ་ནུབ
་ཕྱོགས་སུ་གནས་ཏེ་གཏོར་མ་སྦྱིན་པར་བྱའོ། །ཕྲེང་བ་གཙང་ཞིང་དཀར་པོ་དང། །དྲི་དང་འོ་ཐུག་འབྲས་ཆན་དང། །ཞོ་དང་གདུགས་ནི་དཀར་པོ་དང། །ལྷ་རྣམས་ཀྱིས་ནི་གཏོར་མར་འདོད། །ཅེས་བྱ་བ་ལ། ལྷའི་གདོན་ལ་ནི། ཕྲེང་བ་གཅང་ཞིང་དཀར་བ་དང། །
་ཀ་དུ་ལ་སོགས་པའི་དྲི་དང། འོ་ཐུག་དང་འབྲས་ཆན་དང་ཞོ་དང་གདུགས་དཀར་པོའི་གཏོར་མ་བཤམས་ཤིང་འདོད་པ་ཡིན་ནོ། །ཤིང་ཀུན་ཡུངས་ཀར་ཤུ་དག་དང། །ཚ་བ་གསུམ་ན་སྲང་ཕྱེད་ཕྱེད། །མར་བྲེ་གང་དང་བ་ཡི་གཅིན། །བཞི་འགྱུར་དང་ནི་ལྷན་ཅིག་བསྐོལ
་དེར་བཏུང་སྣར་བླུགས་བསྐུས་པ་ཡིས། །ལྷ་ཡི་གདོན་ལས་ཐར་པར་བྱེད། ཅེས་བྱ་བ་ལ། དེ་ལྟར་གཏོར་མ་སྦྱིན་ཡང་མ་ཞི་ན་སྨན་གྱི་སྦྱོར་པ་བྱ་བ་ནི་ཤིང་ཀུན་ལ་སོགས་པའི་སྨན་སྲང་ཕྱེད་བྱེད་དང། །མར་བྲེ་གང་དང། བའི་གཅིན་བྲེ་བཞི་དང་ལྷན་ཅིག་བསྐོལ་ལ། །
་མར་དེ་བཏུང་བ་ལ་སོགས་པར་སྦྱར་ན་ལྷའི་གདོན་ལས་ཐར་པར་འགྱུར་རོ། །ཤུ་དག་ཤིང་ཀུན་སྒོག་སྐྱ་རྣམས། །ར་གཅིན་སྦྱར་བ་སྣར་བླུགས་དང། །མིག་བསྐུས་ལྷ་ཡི་གདོན་ལས་ཐར། །ཞེས་བྱ་བ་ལ། གཞན་ཡང་ཤུ་དག་ལ་སོགས་པའི་སྨན་ར་གཅིན་དང
་སྦྱར་བ་སྣ་སྨན་ལ་སོགས་པ་བྱས་ན་ཡང་ལྷའི་གདོན་ལས་ཐར་པར་འགྱུར་རོ། །ལྷ་མིན་གཏོར་མ་འབྲས་བུ་ནི། མང་པོ་དག་དང་པུ་ཤེལ་རྩེ། །ཞེས་བྱ་བ་ལ། ལྷ་མ་ཡིན་གྱི་གདོན་ལ་ནི་གཏོར་མ་འབྲས་བུ་ཤིང་ཏོག་ལ་སོགས་པ་མང་པོ་དང། །དེ་བཞིན་དུ
་པུ་ཤེལ་ཙེ་དང་པད་མ་དང། །ུཏཔལ་དང་བཅས་པའི་གཏོར་མ་སྦྱིན་པར་བྱའོ། །ཀླུ་ཡི་གདོན་ལ་ཛ་ཏི་དང། །འབྲས་ཡོས་བུ་རམ་སྣུམ་ཁུར་དང། །འབྲས་ཆད་བུ་རམ་བཅས་པ་དང། །ས་མཆོག་སྦྲང་རྩི་འོ་མ་དང། །ས་ནག་ནག་གི་སར་དང། །ཤུ་དག
་པདྨ་པུ་ཤེལ་ཙེ། །ུཏཔལ་པདྨ་དམར་པོ་ཡི། །འདབ་མར་བཅས་པའི་གཏོར་མ་སྦྱིན། །ཞེས་བྱ་བ་ལ། ཀླུའི་གདོན་ལ་ནི། ཛ་ཏི་ཞེས་བྱ་བའི་སྣ་མའི་མེ་ཏོག་དང། འབྲས་ཡོས་ལ་སོགས་པའི་གཏོར་མ་སྦྱིན་པར་བྱ་སྟེ། །སྣུམ་ཁུར་དང་འབྲས་ཆན་གཉིས་ཀ
་ཡང་བུ་རམ་དང་བཅས་པར་བྱ་བ་དང། ཟས་མཆོག་ཅེས་བྱ་བ་འོ་ཐུག་དང་ས་ནག་མོ་སོ་རིཥྚ?་ཞེས་བྱའོ། །སེར་ཕྲོམ་འོ་མ་དཀར་པོ་དང། རྒྱ་སྤོས་ན་ག་གེ་སར་དང། །ཡུངས་ཀར་ཆུ་གྲང་ལ་བཏགས་པའི། །སྣར་བླུགས་མིག་ལ་བསྐུས་པའང་ཕན། །ཞེས་བྱ
་བ་ལ། སེང་ཕྲོམ་འོ་མ་དཀར་པོ་ཡོད་པ་དང། རྒྱ་སྤོས་ལ་སོགས་པ་དང། ཡུངས་ཀར་དཀར་པོའི་ཆུ་གྲང་ལ་བཏབས་ཏེ་སྣར་བླུགས་པ་དང། མིག་སྨན་དུ་བྱས་ན་ཡང་ཀླུའི་གདོན་གྱིས་ཟིན་པ་ལ་ཕན་ཞིང་ཐར?་པར་འགྱུར་རོ། །?
་སྦྱིན་གདོན་ལ་འོ་མ་ཞོ། །མར་དང་འབྲས་ཆན་བསྲེས་བ་དང། གུ་གུལ་པདྨ་ཐང་ཤིང་དང། །པུ་ཤེལ་ཙེ་དང་གོས་དང་གསེར། །དབྱིག་ན་གཏོར་མར་སྦྱིན་པར་བྱ། །ཞེས་བྱ་བ་ལ་གནོད་སྦྱིན་གྱི་གདོན་ལ་ནི་འོ་མ་ལ་སོགས་པའི་གཏོར་མ་སྦྱིན་པར་བྱའོ།།
་གསེར་དང་དབྱིག་ནི་བཟོར་བྱས་པ་དང་མ་བྱས་པའི་དབྱེ་བས་ཐ་དད་པར་ཤེས་པར་བྱའོ། །རྒྱན་ལ་སོགས་པ་བྱས་པ་ནི་དབྱིག་ཅེས་བྱའོ། །མར་དང་འོ་མ་བ་གཅིན་ནི། །ཆ་བསྙམས་བསྐོལ་པ་བཏུང་བ་དང། །སྣར་བླུགས་ལུས་ལ་བསྐུས་ན་ཕན། །ཞེས
་བྱ་བ་ལ། མར་ལ་སོགས་པ་གསུམ་པོ་ཆ་བསྙམས་ཏེ་བསྐོལ་ལ་བླུད་བ་ལ་སོགས་པ་བྱས་ན་ཡང་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ། ། རུ་ར་དང་སེར་མོ་གཉིས། །སྒོག་སྐྱ་ཤུ་དག་ན་ལེ་ཤམ། །ནིམྦའི་ལོ་མ་བ་གཅིན་བཏགས། །ལྡེ་གུས་སྣ
་སྨན་མིག་སྨན་བྱ། ཞེས་བྱ་བ་ལ། ཨ་རུ་ར་ལ་སོགས་པའི་སྨན་ར་གཅིན་དང་བཏགས་པའི་ལྡེ་གུ་བཙིར་པ་སྣ་སྨན་ལ་སོགས་པ་བྱས་ན་ཡང་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ་ཕན་ནོ། །ཚངས་པ་སྲིན་པོའི་གཏོར་མ་ནི། ནས་བྲེ་བཞིན་བཅས་པ
་ཡི། །ཆུ་བྲེ་བཅུ་དྲུག་ཏིལ་བཏགས་བསྲེས། །གདུགས་དང་གོས་དང་བྱུག་པ་དང། །ཞེས་བྱ་བ་ལ། ཚངས་པ་སྲིན་པོའི་གདོན་ལ་ནི་ནས་བྲེ་གང་བཙོས་པའི་ཚང་གི་གཏོར་མ་དང། དེ་བཞིན་དུ་ཆུ་བ་བཅུ་དྲུག་དང། ཏིལ་མར་བཏགས་པ་བསྲེས་པའི་དང།།
་གདུགས་དང་གོས་ཀྱི་རྣམ་པའི་དང། །གུར་གུམ་ལ་སོགས་པའི་ཕྱུག་པ་སྦྱིན་པར་བྱའོ། །སེང་ལྡེང་སྲན་ནི་ཉི་ཤུ་དང། །ཚ་བ་གསུམ་དང་འབྲས་དུ་གསུམ། །ཤིང་ཀུན་ཤུར་ག་ཤུ་ཏི་དང། །ཡུངས་ཀར་ནིམྦའི་ལོ་མར་བཅས། །སྒོག་སྐྱ་སྲང་ནི་ཕྱེད་ཕྱེ་དང།
་ཞུན་མར་ཕུལ་ནི་བདུན་དག་དང། །བ་གཅིན་སུམ་འགྱུར་བསྐོལ་བ་དེ། བཏུང་དང་སྣུམ་བླུགས་བསྐུས་ན་ཕན། ཞེས་བྱ་བ་ལ། སེང་ལྡེང་སྲང་ཉི་ཤུ་བསྐོལ་པའི་ཁུ་བའི་ནང་དུ་ཚ་བ་གསུམ་ལ་སོགས་པ་སྲང་བྱེད། ལྡེ་གུར་བྱས་པ་དང། ཞུན་མར་ཕུལ་བདུན་དང་པ
་གཅིན་མར་གྱི་སུམ་འགྱུར་ལྷན་ཅིག་བསྲེས་ཏེ་བསྐོལ་ལ་སྨན་མར་དེ་བཏུང་བ་ལ་སོགས་པར་གཏང་ན་ཡང་ཚངས་པ་སྲིན་པོའི་གདོན་གྱིས་ཟིན་པའི་ནད་ལ་ཕན་ནོ། །སྲིན་པོའི་གདོན་ལ་ཏིལ་ཕྱེ་དང། །མེ་ཏོག་དཀར་པོ་འབྲས་ཆན་འདྲེས། །ཤ་བཙོས་རྗེན་བ་ནིམྦ་པ། །
་ཕྲག་དང་བཅས་པའི་གཏོང་མ་སྦྱིན། ཞེས་བྱ་བ་ལ། སྲིན་པོའི་གདོན་ལ་ནི་ཏིལ་གྱི་ཕྱེ་མ་དང་མེ་ཏོག་དཀར་པོ་དང། །འབྲས་ཆན་འདྲེས་མ་སྟེ། འབྲས་ཆན་དང་མུངྒ་ལ་སོགས་པའི་ཆན་དང། ཤ་བཙོས་པ་དང་རྗེན་པ་དང། ནིམྦ་བ་ཞེས་བྱ་བ་རྩ?་འབྲུའི་རྣམ་པ་ཁྲག
་གིས་གཏོར་མ་སྦྱིན་པར་བྱའོ། །ནག་ཏ་མ་ལ་ཤི་རི་ཤ། ཤུན་ལྤགས་མེ་ཏོག་འབྲས་བུ་དང། །དེ་བཞིན་པ་ཏལ་ནག་པོ། །བིལྦའི་རྩ་བ་ཚ་བ་གསུམ། །ཤིང་ཀུན་ཡུངས་ཀར་དུག་མོ་ཉུང། །སྒོག་སྐྱ་སྐྱུ་རུ་རའི་འབྲས་བུ། །ར་གཅིན་དང་ནི་སྦྱར་བའི་སྨན། །སྣར
་བླུགས་མིག་ཏུ་བྱུགས་ནའང་ཕན། ཞེས་བྱ་བ་ལ། ནག་ཏ་ལ་ལ་སོགས་པའི་སྨན་ར་གཅིན་དང་སྦྱར་བའི་སྣ་སྨན་དང་མིག་སྨན་བཏང་ན་སྲིན་པོའི་གདོན་གྱིས་བཏབ་པ་ལས་ཐར་བར་འགྱུར་རོ། །འདི་དག་ཉིད་དང་མར་གྱི་ནི། །བཞི་འགྱུར་བ་གཅིན་བསྐོལ་བ
་ནི། །བཏུང་དང་སྣང་བླུགས་བསྐུས་པ་ཡིས། སྲིན་པོའི་གདོན་ནི་ཟློག་པར་བྱེད། །ཅེས་བྱ་བ་ལ་ནག་ཏ་མ་ལ་དང་ཤྲི་ཤའི་ཤུན་ལྤགས་དང། །མེ་ཏོག་དང་འབྲས་བུ་ལ་སོགས་པའི་སྨན་འདི་དག་ཉིད་དང་མར་དང་མར་གྱི་བཞི་འགྱུར་གྱི་བ་གཅིན་དང། བསྐོལ
་བའི་སྨན་མར་བཏུང་པ་ལ་སོགས་པའི་སྦྱོར་བ་བྱས་ནས་ཡར་གནོད་སྦྱིན་གྱི་གདོན་སེལ་བར་བྱེད་དོ། །ཤ་ཟ་ལ་ནི་བུ་རམ་ཆང། །ཏིལ་ཚིགས་ཏིལ་གྱི་ཕྱེ་མ་འོ?། །ལ་ཕུག་ལན་ཚྭ་ཕྱེ་མ་མར། །འབྱུང་བོའི་འབྲས་ཆན་གཏོར་མ་སྦྱིན། །ཞེས་བྱ་བ་ལ་ཤ་ཟའི
་གདོན་ལ་ནི་བུ་རམ་ཆང་ལ་སོགས་པའི་གཏོར་མ་སྦྱིན་པར་བྱའོ། །ཏིལ་གྱི་ཆིགས་མ་ནི་འབའ་ཆ་འོ། །འགྱུར་བའི་འབྲས་ཆན་ནི་འབྲས་ཆན་འདྲེན་མའོ། །ལ་ལ་ནི་འབྱུང་པོའི་འབྲས་ཆན་ཞེས་མི་བྱ་ཡི། འབྱུང་པོའི་ཁ་ཟས་ཞེས་བྱ?
་སྟེ། དེ་ནི་ཁྲག་ཡིན་ནོ། །ཕྱེ་ཟན་ནི་ནས་ཀྱི་ཆན་ནོ། །སེར་པོ་རྣམ་གཉིས་ལན་ཚ་གཅོད། ཤུ་ཏི་དོང་གྲ་པྲི་ཡངཀུ། །ཤིང་ཀུན་སྒོ་སྐྱ་ཚ་བ་གསུམ། །འབྲས་བུ་གསུམ་དང་བ་ཏ་ལི། །ཤུ་དག་གི་རི་ཀརྞི་ཀར། །ཤི་རི་ཤ་ཡི་མེ་ཏོག་མར། །བ་གཅིན་བཞི་ཆར
་བཅས་པར་བསྐོལ། །བཏུང་དང་བསྐུ་བ་བྱས་ན་ཕན། ཞེས་བྱ་བ་ལ། སེར་པོ་རྣམ་གཉིས་ལ་སོགས་པའི་ལྡེ་གུ་དང། །མར་དང་པ་གཅིན་གྱི་བཞི་ཆ་དང་བཅས་པར་བསྲེ། །བ་གཅིན་མར་གྱི་བཞི་འགྱུར་དང། །བསྐོལ་པའི་མར་བཏུང་བ་ལ་སོགས
་བར་བྱས་ན་ཤ་ཟའི་གདོན་གྱིས་ཟིན་པ་ལ་ཡང་ཕན་ནོ། །ཡང་ན་དེ་ཉིད་ར་གཅིན་བཏགས། །མིག་བསྐུས་སྣར་ནི་བླུགས་ན་ཕན། ཞེས་བྱ་བ་ལ། ཡང་ན་སེར་པོ་རྣམ་གཉིས་ལ་སོགས་པའི་སྨན་དེ་ཉིད་དང་ར་གཅིན་དང་ལྷན་ཅིག་བཏགས་ཏེ་ལྡེ་གུར་བྱས
་པ་མིག་ཏུ་བསྐུས་ཤིང་སྣར་བླུགས་ན་ཡང་ཤ་ཟའི་གདོན་གྱིས་ཟིན་པ་ལ་ཡང་ཕན་ནོ། ལྷ་དང་དྲང་སྲོང་མཚུན་ལྷ་དང། །དྲི་ཟའི་གདོན་ལ་སྣ་སྨན་སོགས་རྣོན་པོར་བཏང་པར་མི་བྱའོ། །འདི་ལ་ཞུ་མར་བཏུང་ལ་སོགས། །སྨན་ནི་འཇམ་པོར་སྤྱད
་བར་བྱ། ཞེས་བྱ་བ་ལ། ལྷ་ལ་སོགས་པའི་གདོན་བཞི་པོ་ལ་ནི་སྣ་སྨན་ལ་སོགས་པའི་རྣ་ཞིང་དྲག་པ་བཏང་བར་མི་བྱའོ། །ལྷ་ལ་སོགས་པའི་གདོན་འདི་ལ་ཞུན་མར་དང་བཏུང་བ་ལ་སོགས་པའི་སྨན་འཇམ་པོ་གང་ཡིན་པ་དེ་སྤྱད་ཅིང་བཏང་བར
་བྱའོ། །ཤ་ཟ་མ་གཏོགས་ཐམས་ཅད་ལ། །མི་མཐུན་སྦྱིན་པར་མི་བྱ་སྟེ། མཐུ་སྟོབས་ཆེ་བ་དེ་ཁྲོས་ན། །ནད་པ་སྨན་པ་བཅས་གསོད་བྱེད། ཅེས་བྱ་བ་ལ། ཤ་ཟའི་གདོན་མ་གཏོགས་པ་ཐམས་ཅད་ལ་མི་མཐུན་ཞིང་དེ་ལ་གནོད་པར་འགྱུར
་བ་ཅི་ཡང་སྦྱིན་ཞིང་སྦྱད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་མཐུ་སྟོབས་ཆེ་ཞིང་ནུས་པ་དང་ལྡན་པ་ཡིན་པས་ལྷ་ལ་སོགས་པའི་གདོན་དེ་དག་ལ་མི་མཐུན་པས་སྤྱད་ན་ཁྲོ་ཞིང་འཁྲུགས་ན་ནད་བ་སྨན་པ་དང་བཅས་པ་གསོད་པར་བྱེད་པར་འགྱུར་རོ།།
་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་།མགོན་པོ་ཕྱག་ནི་བཅུ་གཉིས་པ། །ནང་ཀུན་གསོ་བར་མཛད་པ་ཡི། །སྔགས་བཟླས་ན་ནི་ནད་ཀུན་སེལ། །དེ་བཞིན་སྨྱོ་བྱད་བརྗེད་བྱེད་དང། །གཞན་ཡང་སེམས་འཁྲུལ་བྱེད་བ་འཇོམས། ཞེས་བ་ལ། འཕགས
་པ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་ཐམས་ཅད་གྱི་མགོན་དུ་གྱུར་པ་ལྷའི་ཡང་ལྷ་ཕྱག་བཅུ་གཉིས་པ་ནད་ཐམས་ཅད་གསོ་བར་མཛད་པའི་སྔགས་ཇི་སྐད་བཤད་པ་དག་བཟླས་ན་ཡང་གདོན་ཐམས་ཅད་དང་བརྗེད་བྱེད་ལ་སོགས་པ་འཇོམས
་པར་འགྱུར་རོ། །རིག་སྔགས་རྒྱལ་མེ་རྨ་བྱ་ཆེ་།གཙང་བྱས་དེ་ལ་རྟག་ཏུ་བསྒྲགས། ཞེས་བྱ་བ་ལ། ཡང་ནད་པ་དེ་ཁྲུས་དང་གཙང་སྦྲ་བྱས་ལ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྔགས་དུས་ཐམས་ཅད་དུ་དེའི་རྣ་བར་བསྒྲགས་ཤིང་བཟླས་ན
་ཡང་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ། །འབྱུང་པོའི་བདག་པོ་ལྷ་ཆེན་དང། །དེ་ཡི་འཁོར་གྱི་ཚོགས་མཆོད་ཅིང། །དེ་ཡི་སྔགས་གྲུབ་བཟླས་ན་ཡང། །གདོན་ནི་ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ལ། འབྱུང་པོའི་གདོན་རྣམས་ཀྱི
་ལེགས་ལྡན་ལྷ་ཆེན་པོ་མཆོད་པར་བྱ་བ་དང། །དེ་བཞིན་དུ་དེའི་འཁོར་གྱི་ཚོགས་འཇོམས་བྱེད་རྣམ་མཆོད་བ་དང། །དེའི་སྔགས་གྲུབ་ཟིན་པ་བཟླས་པར་གྱུར་ན་ཡང་གདོན་ཐམས་ཅད་འཇོམས་པར་བྱེད་དོ། །གང་ཡང་འོག་ནས་བཤད་པའི
་ལེའུ་གཉིས་པས་སྨོས་པ་དང། །གང་འདིར་བཤད་པ་དེ་དག་ཀུན། །ཕན་ཚུན་སྦྱོར་བ་བྱས་ན་ཕན། །ཞེས་བྱ་བ་ལ། གང་འདི་ཡི་འོག་ནས་བཤད་པའི་ལེའུ་གཉིས་པོ་སྨྱོ་བྱེད་དང་བརྗོད་བྱེད་ཅེས་བྱ་བའི་ནད་གསོ་བ་ལ་སྨོས་པ་དང། གད་ལེའུ་འདི
་ལས་བཤད་པ་དེ་དག་ཐམས་ཅད་ནི་ཕན་ཚུན་འདྲེས་མར་སྦྱོར་ཞིང་སྦྱོར་བ་བྱས་ན་ཕན་ནོ།། སྤྱོ?་།།ཡན་ལག་བརྒྱད་བའི་སྙད?་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་པ་སློབ
་དཔོན་ཟླ་བ་ལ་དགའ་བས་ངེས་བར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྒྱོ་བྱེད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གདོན་གྱི་གསོ་བ་ལས་སྨྱོ་བྱེད་དང་བརྗོད་བྱེད་ཀྱི
་གསོ་བ་ལེགས་བཤིག་ཏུ་བྱས་པ་ནི། བརྗོད་པ་མང་བ་ཡིན་པའི་ཕྱིར་རོ། །སྨྱོ་བྱེད་ནད་གཞིར་རོ་དང། །འདུས་སོགས་དུག་ལས་གྱུར་པ་དྲུག་།ཅེས་བྱ་བ་ལ། སྨྱོ་བྱེད་ནི་རྣམ་པ་དྲུག་སྟེ། རླུང་ལ་སོགས་པ་ནད་གཞི་རེ་རེ་ལས་གྱུར་པ་གསུམ
་དང། འདུས་བ་ལས་གྱུར་པ་གཅིག་དང། སོགས་པ་སྨོས་པས་སེམས་ཀྱི་གདུང་བ་ལས་གྱུར་པ་གཅིག་དང། དུག་ལས་གྱུར་པ་སྟེ་དྲུག་གོ་།སྨྱོ་བྱེད་ཅེས་བྱ་ལུས་དང་ནི། །སེམས་ཀྱི་ནད་ལ་ལོག་པ་རུ། །ཞུགས་པར་མྱོས་པར་གྱུར་པ་ཡིན།
་ཞེས་བྱ་བ་ལ་སྨྱོ་བྱེད་ཅེས་བྱ་བ་ནི་གང་ལུས་དང་སེམས་ཀྱི་ནད་ལམ་ལོག་པར་ཞུགས་པར་གྱུར་པས་མྱོས་ཤིང་མ་བརྟགས་པ་ཉིད་དུ་མྱོས་པར་གྱུར་པ་དེ་ལ་ནི་མྱོས་ཤིང་བརྒྱལ་བ་ཞེས་བྱའོ། །བཟའ་བཏུང་གནོད་པ་དག་དང་ནི། །སྙིང་དང་མ
་གོམས་དྲི་མར་བཅས། །མ་སྙོམས་པ་ནི་བསྟེན་པ་དང། །ཡིད་ཞུམ་སྙིང་སྟོབས་ཆུང་བ་དང། །ནད་ཀྱི་ཤུགས་ན་བཀྲུགས་པ་དང། །རིད་ཅིང་སྤྱོད་པ་མ་སྙོམས་དང། །མཆོད་འོས་མཆོད་པར་མི་བྱེད་དང། །སེམས་ལས་ཀྱི་ནི་སེམས་ཉམས
་དང། །དུག་དང་ཉེ་བའི་དུག་ལས་གྱུར། །ཅེས་བྱ་བ་ལ། བཟའ་བ་དང་བཏུང་བ་གནོད་པར་གྱུར་པ་དག་གིས་ལུས་དང་སེམས་ཀྱི་ནད་སྐྱེད་པ་དང། །དེ་བཞིན་དུ་ཟས་སྒོམ་རྙིང་པ་ཞག་ལོན་པ་དང། སྔར་མ་གོམས་པ་དང། དྲི་མ་ཅན་དུ་གྱུར
་པ་དང། ཟས་སྐོམ་མ་སྙོམས་པ་བསྟེན་པ་དང། །དེ་བཞིན་དུ་ཡིད་ཞུམ་ཞིང་མི་དགའ་བ་དང། སྙིང་སྟོབས་ཆུང་ཞིང་ནད་ཀྱི་ཁྱད་པར་ཀྱིས་འཁྲུགས་པ་དང། ལུས་རིང་ཅིང་ཉམ་ཆུང་བ་དང། སྤྱོད་བ་དྲག་དལ་ལ་མ་སྙོམས་པ་དང། མཆོད་པར་འོས་བ་ལྷ
་དང་བླ་མ་ལ་སོགས་པ་མཆོད་པར་མི་བྱེད་པ་དང། སེམས་ལས་ཀྱིས་ཡིད་ལ་གནོད་པར་བྱེད་པ་དང། སེམས་ཉམས་ཤིང་མ་རུངས་པར་གྱུར་པ་དང། དེ་བཞིན་དུ་དུག་དང་ཉེ་བའི་དུག་སྦྱར་བའི་དུག་ལ་སོགས་པ་ལས་སྨྱོ་བྱེད་ཀྱི་ནད་དུ་གྱུར་པ་ཡིན་ནོ།།
་འདི་ཡིས་སྙིང་སྟོབས་ཞན་པ་ཡི། །སྙིང་གི་ནད་ལ་གནོད་བྱས་ཏེ། བློ་ནི་དྲི་མ་ཅན་བྱས་ཏེ། །ཡིད་རྒྱུ་པ་ཡི་ལམ་བཀག་ནས། །སྨྱོ་བྱེད་དག་ནི་བསྐྱེད་པར་བྱེད། །དེ་ཡིས་བློ་དང་རྣམ་ཤེས་དང། དྲན་པ་འཁྲུལ་ཅིང་ལུས་ཀྱི་ནི། བདེ་དང་སྡུག་བསྔལ
་ལས་ཉམས་ཏེ། །ཤིང་སྟ་ཁ་ལོ་སྒྱུར་བ་ནི། །མེད་པ་ལྟ་བུར་རྩོམ་པ་ནི། །ཀུན་ཀྱང་བསམ་པ་མེད་པར་སྤྱོད། །ཅེས་བྱ་བ་ལ། སྔར་བཤད་པའི་བཟའ་བ་དང་བཏུང་བ་གནོད་པ་ལ་སོགས་པའི་ནད་གྱིས་སྙིང་ལ་གནོད་པར་བྱས་ཏེ། བློ་དྲི་མའི་རྙོག་མ་ཅན་དུ
་བྱས་ཏེ། །ཡིད་རྒྱུ་བའི་རྩ་སྦུབས་ཀྱི་ལམ་བཀག་ནས་སྨྱོ་བྱེད་ཀྱི་ནང་བསྐྱེད་བར་བྱེད་པ་ཡིན་ལ། སྨྱོ་བྱེད་དེས་བློ་ལ་སོགས་པ་འཁྲུག་ཅིང་འཁྲུགས་ལུས་ཀྱི་བདེ་བ་དང། སྡུག་བསྔལ་ལས་ཉམས་ཤིང། ཚོར་བ་མེད་དེ་ཐམས་ཅད་དུ་བསམ
་པ་མེད་པ་ཁོ་ནར་སྤྱོད་བ་ནི་དཔེར་ན་ཇི་ལྟར་ཤིང་རྟ་ཁ་ལོ་སྒྱུར་པའི་སྐྱེས་བུ་མེད་པ་དང་ཕྱོགས་མེད་པ་འཁྱམ་བ་ལྟ་བུར་འགྱུར་རོ། །དེ་ལ་རླུང་གྱུར་ལུས་སྦེབ་ཅིང། །རྒྱུ་མེད་དུ་ཞིང་ཚིག་རྩུབ་སྨྲ། །རྒོད་དང་འཛུམ་དང་གང་བྱེད་དང། །གླུ་ལེན་རོལ
་མོ་བྱེད་པ་དང། །ལུས་སྐྱོང་ཕག?་ནི་རྡེབ་པ་དང། །གླིང་བུ་བི་ཉད?་ལ་སོགས་ཀྱི། །སྒྲ་ཡི་ལད་མོ་ཡང་ཡང་ཟློ། །རྒྱུན་དུ་ཁ་ནས་སྦུབ་འཛག?་།བ་མཚུན་སྐྱུག་ཅིང་མར་དུ་སྨྲ། །རྒྱན་མིན་པས་ནི་རྒྱན་དུ་ཕྱེད། །བཞོན་པ་མིན་པས་འགོ་བ་བརྩོན?།།
་ཁ་ཟས་ལ་ནི་གདུ་བར་བྱེད། །དེ་རྙེད་ན་ནི་མིན་འདོད་བྱེད། །མིག་ཟླུམ་མིག་ནི་དམར་པ་དང། །ཁ་ཟས་ཞུ་ནས་ནད་ལྡང་འགྱུར། །ཞེས་བྱ་བ་ལ། དེ་ལས་རླུང་ལས་གྱུར་པའི་སྨྱོ་བྱེད་ནི་ལུ་སྦེག་ཅིང་རིད་པ་དང། རྒྱུ་མེད་པར་དུ་བ
་ནས་པོག་རྡོབ་པའི་བར་དུ་བྱེད་དོ། །རྒྱུ་མེད་པ་ནི་གནས་སྐབས་མ་ཡིན་པ་སྟེ། གང་དུ་དུ་བ་ལ་སོགས་པའི་བྱ་བ་རིགས་པ་དག་ནི་མི་བྱེད་ལ། མི་བྱེད་པར་རིགས་པ་དག་ལ་ནི་བྱེད་པའོ། །འཙུམ་བ་ནི་ཅུང་ཟད་རྒོད་པའོ། །གླིང་བུ་ལ་སོགས་པའི
་ལང་མོ་བྱེད་པ་ནི་དེ་དང་རྗེས་སུ་མཐུ། པར་བྱེད་པའོ། །རྒྱན་མ་ཡིན་པ་ནི་རྩ་ཤིང་ལ་སོགས་པ་སྟེ། དེས་རྒྱན་དུ་བྱེད་པའོ། །བཞོན་པ་མ་ཡིན་པ་ནི་ཤིང་ལས་བྱས་པའི་རྟ་ལ་སོགས་པར་འགྲོ་བར་རྩོམ་པའོ། །ཁ་ཟས་ལག་དུ་བ་ནི་ཟས་སྐོམ་ལ་སོགས
་པ་ལ་ཆགས་པའོ། །རྙེད?་ན་མི་འདོད་པ་ནི་དེ་ལ་མངོན་པར་དགའ་བའོ། །ཁ་ཟས་ཞུ་ནས་ནད་ལྡང་པ་ནི། ནད་དེ་སྟོབས་ཅན་འགྱུར་པའོ། །གཞན་དག་ནི་གོ་བར་ཟད་དོ། །མཁྲིས?་ལས་སྤྱོད་ཞིང་ཁྲོ་བ་དང། །ཁུ་ཚུར་པོང་བས་རྡེག་ཅིང་རྒྱུག། གྲིབ་མ་ཆུ་ནི
་གྲང་མོ་འདོད། །གཅེར་བུ་འདུག་ཅིང་ལུས་མདོག་སེར། །མེད་པར་མེ་ནི་འབར་བ་དང། །སྐར་མ་མར་མེ་མཐོད་པའོ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ནི་གཞན་དག་ལ་ཚིག?་ངན་པས་སྤྱོད་པ་དང་ཁྲོ་ཞིང་འཁྲུག་པ་དང་ཁུ་ཚུར་ལ་སོཌ་པས་བརྡེག་ཅིང
་འགྲོ་བ་སོགས་པ་དང། ས་ཕྱོགས་གང་ན་མེ་འབར་བ་ལ་སོགས་པ་མེད་བཞིན་དུ་མེའི་ཕུང་པོ་ལ་སོགས་པ་མཐོང་བ་ཡིན་ནོ་།བད་ཀན་སློང་ཞིང་ཡི་ག་འཆུས། །ཁ་ཟས་རྩོལ་དང་སྨྲ་བ་ཉུང། །བུད་མེད་འདོད་ཅིང་དབེན་ལ་དགའ་། །ཁ་ཆུ་སྣབས་ནི་འཇིག
་པ་དང། །འཇིགས་རུང་གཙང་སྦྲ་ལ་མི་དགའ་། །གཉིད་ཆེ་གདོང་ནི་སྐྲངས་བ་དང། །ནུབ་མོ་ཤས་ཆེར་སྨྱོ་བ་དང། །ཟོས་མ་ཐག་ཏུ་ལྡང་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྨྱོ་བྱེད་ནི་སློན་བྲོ་བ་དང། །ཡིག་འཆུས་པ་ལ་སོགས་པ་དང།
་དབེན་པར་གཅིག་པུ་འདུག་པར་དགའ་བ་དང། འཇིགས་སུ་རུང་ཞིང་སྨད་པར་བྱ་བ་ལ་གནས་པ་དང། གཙང་སྦྲ་ཆུང་པ་ལ་སོགས་པ་དང། །བཟས་ཟོས་མ་ཐག་དུ་སྨྱོ་བྱེད་ཀྱི་ནད་?་ཆེར་ལྡང་བའི་བར་ཡིན་ནོ། །འདུས་པའི་རྒྱུ་དང་མཚན་མ་ནི། །ཀུན་ལྡན་ནི?
་ཡི་བདག་ཉིད་ཅན། །སྨྱོ་བྱེད་མི་བཟད་པར་ཤེས་བྱ། །དེ་ནི་སྨན་པས་ཡོངས་སུ་སྤངས། ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་སྨྱོ་བྱེད་ནི་ནང་གཞི་རྒྱུ་ཐམས་ཅད་དང་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་ནི་ནད་དེའི་བདག་ཉིད་ཅན་ཡིན་ལ། །སྨྲོ་བྱེད་དེ་ནི
་ཤིན་ཏུ་མི་བཟད་ཅིང། །འཇིགས་སུ་རུང་བ་ཡིན་པས། གསོར་མི་རུང་བའི་ཕྱིར་སྨན་པས་སྤང་བར་བྱའོ། །ནོར་དང་ཆུང་མ་སོགས་བྲལ་བས། བརྣག་དཀའ་བ་ལ་སེམས་གདུངས་པས། །སྨྱོ་ཞིང་ཞུམ་ལ་ཡང་ཡང་བརྒྱལ། །ཀྱེ་ཧུད་ཀྱི་ཧུད་སྨེ་སྔགས་འདོན། །གླུ
་བུར་དུ་ནི་དུ་ཞིང་བརྒྱལ། །དེ་ཡི་ཡོན་ཏན་མང་དུ་སེམས། །མྱ་ངན་གྱིས་གདུངས་སེམས་ཁོང་ཆུད། །གཉིད་ཡར་རྣམ་པར་འཁྱམ་པ་ཡིན། ཞེས་བྱ་བ་ལ། སེམས་ཀྱི་གདུང་བ་ན་སྨྱོ་བྱེད་ནི་ནོར་དང་ཆུར་མ་ལ་སོགས་པ་ཡིད་དུ་འོང་བ་དང་བྲལ་བས། །བརྣག
་དཀའ་བ་ལ་སེམས་ཀྱི་གདུང་བསྐྱེ་བ་ལ། དེའི་དབང་གིས་མདོག་སྐྱ་པོ་འོད་འོད་པོར་འགྱུར་བ་དང། སེམས་ཞུམ་པ་ལ་སོགས་པར་འགྱུར་ཞིང། ནོར་རམ་ཆུང་མ་དང་བྲལ་བ་དེའི་ཡོན་ཏན་ཡང་དང་ཡན་དུ་སེམས་ཤིང་མྱ་ངན་གྱིས་གདུངས་བ་ལ་སོགས
་པ་ཡིན་ནོ། །དུག་གིས་གདོང་ནི་སྔོ་བ་དང། །གཟི་ཉམས་དབང་པོ་སྟོབས་ཆུང་བ། །ཤུགས་ཀྱིས་བར་དུ་འང་འཁྲུལ་བར་བྱེད། །མིག་དམར་དེ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། དུག་ལས་གྱུར་པའི་སྨྱོ་བྱེད་ནི་མིའི་གདོང་སྔོ་བ་དང། །གཟི་མདངས་ཉམས་པ
་ལ་སོགས་པ་དང། བཤང་གི་ཅལ་སོགས་པའི་ཤུགས་འབྱིན་ཅིང་བར་དུ་ཡང་འཁྲུལ་ཅིང་མྱོས་པར་འགྱུར་བ་དང། མིག་དམར་པོར་འགྱུར་བ་ཡིན་ཏེ། དེ་ཡང་གསོར་མི་རུང་བས་སྤང་བར་བྱའོ། །དེ་ནས་རླུང་གྱུར་སྨྱོ་བྱེད་ལ། །དང་པོར་སྣུམ་གྱི་བཏུང་བ་བླུད?་ཅས
་བྱ་བ་ལ་།དེ་ནས་དེ་དག་གི་གསོ་བ་ནི་རླུང་ལས་གྱུར་པའི་སྨྱོ་བྱེད་ལ་ནི་དང་པོ་ཐོག་མར་ཁོ་ནར་སྨན་མར་བླུད་ནས་གསོ་བར་བྱའོ། །ལམ་འགགས་གྱུར་ལ་དང་པོར་ནི། །སྣུམ་བཅས་སྦྱར་བ་འཇམ་པོ་བྱ་ཞེས་བྱ་བ་ལ། རྩ་སྦུབས་ཀྱི་ལམ?་འགགས
་པ་ལས་སྨྱོ་བྱེད་དུ་གྱུར་པ་ལ་ནི་དང་པོ་ཁོ་ནར་སྣུམ་བཅས་པའི་སྐྱུགས་སྨན་དང། བཀྲུ་སྨན་དང་འཇམ་པོའི་སྦྱོར་བས་གསོ་བར་བྱའོ། །བད་ཀན་མཁྲིས་གྱུར་དང་པོར་ནི། །སྣུམ་དང་དུགས་བྱས་སྐྱུགས་སྨན་དང། བཀྲུ་སྨན་མས་བཏང་བཅS་པ་དང། མགོ་བོ་བཀྲུ?
་སྨན་དག་ཀྱང་བྱ། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི་དང་བོ་ཁོ་ནར་སྣུམ་དང་དུགས་ཀྱི་ཆོ་ག་བྱས་ལ་སྐྱུགས་སྨན་ལ་སོགས་པ་བཏང་བས་གསོ་བར་བྱའོ། །དེ་ལྟར་ལུས་ནི་དག་བྱས་ན། །ཡིད་ནི་དྲན་པ་རྙེད་བར་འགྱུར། །ཞེས་བྱ་བ
་ལ། ཚུལ་དེ་ལྟར་བྱས་པས་སྨྱོ་བྱེད་ཀྱིས་བཏབ་པའི་ནད་པ་དེའི་ལུས་སྦྱང་བ་བྱས་པའི་རྒྱུས་སེམས་གསལ་ཅིང་ཡིད་དྲན་པ་རྙེད་པར་འགྱུར་རོ། །དེ་ལྟར་ན་ཡང་རྗེས་འབྲང་ན། །སྣ་སྨན་མིག་སྨན་རྣོན་པོ་བཏད། སེམས་དགའ་དབུགས་འབྱུང་སྐྲག་པ་དང། །
་འཇིགས་དང་བརྡེག་དང་བསྡིགས་མོ་དང། ལུས་དྲིལ་བྱུག་དང་བསྐུ་བ་དང། །དུང་བདུག་སྨན་མར་བླུད་པ་དང། །སྦྱར་དེ་དེ་ནི་དག་གྱུར་ན། །ཡིད་ནི་ཐ་མལ་པ་ལ་སྦྱར། །ཞེས་བྱ་བ་ལ། ཚུལ་དེ་ལྟ་བུའི་གསོ་བ་བྱས་སུ་ཟིན་ཀྱང་ནང་དེ་རྗེས་སུ་འབྲང་ཞིང་འབྲེལ་པ
་ཡིན་ན་སྣ་སྨན་རྣོན་པོ་ལ་སོགས་བ་གཏང་བ་དང། སེམས་དགའ་བ་ལ་སོགས་པ་བྱས་ཏེ། །དེས་ནི་ཡིད་ཐ་མལ་བདེ་བར་གནས་པར་འགྱུར་རོ། །ཤིང་ཀུན་དང་ནི་ཙབས་རུ་ཚ། །ཚ་བ་གསུམ་ནི་སྲང་གཉིས་གཉིས། །མར་བྲེ་བཞི་ནི་བ་གཅིན་བཅས། །བསྐོལ་པས
་སྨྱོ་བྱེད་འབྱུང་བ་དང། །བརྗོད་བྱེད་གདོན་ནི་སེལ་མཆོག་ཡིན་ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་སྲང་གཉིས་གཉིས་དང། །མར་བྲེ་བཞི་པ་གཅིན་དང་བཅས་པ་བསྐོལ་བ་བཏུང་བ་ལ་སོགས་པར་སྦྱར་ན་སྨྱོ་བྱེད་ལ་སོགས་པ་སེལ་བར་འགྱུར་རོ། །བྲཧམི?
་ཁུ་བ་བྲེ་དོ་དང། །མར་བྲེ་གང་དང་ཚ་བ་གསུམ། །ཤ་མ་དུར་བྱིད་བིམ་པ་དང། ཤིང་ཀ་པུསྤ་དོང་ག་དང། །སཔཏ་ལ་དང་བྱི་དང་ག་།ཞོ་ནི་གཉིས་གཉིས་ལྡེ་གུར་བསྐོལ། །པྲཧམི་རྩ་བ་ཞེས་བཤད་དེ། །མར་ནི་སྲང་རེ་བསྐྱེད་དེ་བཏང། །ཆེ་ཚད་སྲང་བཞིའི་བར་ཟོས་ན། སྨྱོ
་བྱེད་བརྗོད་བྱེད་མཛེ་ཡི་ནད། །སེལ་ཅིང་མོ་གཤམ་བུ་སྐྱེད་བྱེད། །སྐད་སྙན་ཚིག་གསལ་དྲན་པ་དང། །ཡིད་གཞུངས་དཔལ་ནི་སྐྱེད་པར་བྱེད། ཅེས་བྱ་བ་ལ། སྨན་བྲ་ཧམ་བསྐོལ་བའི་ཁུ་བ་བྲེ་དོ་དང་མར་བྲེ་གང་དང། ཚ་བ་ལ་སོགས་པའི་སྨན་སྣ་རེ་རེ་ཞོ་གཉིས
་གཉིས་ཀྱི་ལྡེ་གུ་བསྐོལ་བ་ནི། བྲཧམིའི་སྨན་མར་ཞེས་བྱ་བར་བཤད་དེ། མར་དེ་སྲང་གཅིག་ནས་སྲང་རེས་སྐྱེད་དེ་སྲང་བཞི་བར་དུ་ཟོས་ན། མར་དེས་སྨྱོ་བྱེད་ལ་སོགས་པའི་ནད་སེལ་ཅིང་དཔལ་བསྐྱེད་པའི་བར་དུ་བྱེད་དོ། །འབྲས་བུ་གསུམ་དང་བྱི་དང་གལ་ཧྲ?
་ཨེ་ལ་ཐང་ཤིང་དང། །ེ་ལ་བ་ཀུ་ཀེ་དང་ནི། །ཐལ་ཏྲས་རྣམ་གཉིས་སེར་པོ་གཉིས། །སྠི་ར་རྣམ་གཉིས་པྲི་ཡངཀུ། །རྒྱ་སྤོས་རུ་རྟ་བྲི་ཧ་ཏཱི། །ནག་གོ་སར་དོང་ག་བཅོད?། །སེའུ་འབྲུ་བ་ལ་བུའི་ལོ་མ་དང། །ཛ་ཏི་ཁ་འབུས་བྱི་དང་བ། །དནད་ཤུག་པ་ཨུཏཔལ་ལ།།
་ཙན་དན་དཀར་པོ་ཞོ་གཉིས་གཉིས། །ཞུན་མར་བྲེ་གང་བཅས་བསྐོལ་པ། །དགེ་བའི་སྨན་མར་ཞེས་བཤད་འདིས། །འབྱུང་པོའི་གདོན་སོགས་སྨྱོ་བྱེད་དང། བརྗེད་བྱེད་ལུད་བ་སྡིག་ཅན་འཇོམས། །སྐྱ་རྦབ་གཡན་པ་སྐམ་དང་དུག་།རྨོངས་བག་གཅིན
་སྟེ་དབྱིག་དུག་རིམས། །ཁུ་པ་མེད་པ་འམ་བུ་མེད་པ་འམ། །དྲན་པ་གདོན་གྱིས་བརླབས་པ་དང། །ཡིད་གཞུངས་མེད་ཅིང་ཚིག་འཁྲུལ་དང། །དྲན་ཉམས་མེ་དྲོད་ཆུང་ལ་ཕན། །སྟོབས་བསྐྱེད་བཀྲ་ཤིས་ཚེ་རིང་ཞིང། །མདངས་བསྐྱེད་སྐལ་ལྡན་ལུས
་རྒྱས་བྱེད། །བུ་སྐྱེད་བྱེད་པའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། བ་ཏྲ་ཨེ་ལ་ན་ནི་ཧ་རེ་ནུ་ཀའོ། །ེ་ལ་བ་ལུ་ཀ་ནི་མ་ལུད་ཀའོ། །ཐལ་ཏྲེས་རྣམ་གཉིས་ནི་ཤ་རི་བ་དཀར་པོ་དང། ནག་པོ་གཉིས་སོ། །སེར་པོ་གཉིས་ནི་ཡུང་པ་དང། སྐྱེར་པའོ། །སྠིར
་རྣམ་གཉིས་ནི་ས་ལ་པརྞི་པྲིསྣ་པརྞིའོ། །པྲི་ཡངཀུ་ནི་གནད་པྲི་ཡངཀུའོ། །ཛ་ཏི་ནི་སྣ་མའི་མེ་ཏོག་སྟེ། དེ་ཁ་འདུས་བའོ། །ུཏབལ་ལ་ནི་ཨུཏཔལ་ལ་སྔོན་པོའོ། །གཞན་ནི་གྲགས་པར་ཟད་དེ་སྨན་དེ་དག་ཞོ་གཉིས་གཉིས་ཀྱི་ཚད་དུ་བྱས་པའི་ལྡེ་གུ
་དང། ཞུན་མར་བྲེ་གང་བསྐོལ་བའི་སྨན་མར་ནི་དགེ་བའི་སྨན་མར་ཞེས་དྲང་སྲོང་དག་གིས་བཤད་དེ། སྨན་མར་འདིས་ནི་འབྱུང་པོའི་གདོན་ལ་སོགས་པ་འཇོམས་པ་ནས་བུ་བསྐྱེད་པའི་མཆོག་ཡིན་པའི་བར་གྱི་ཡོན་ཏན་དང་ལྡན་པ་ཡིན་ནོ། །
་འདི་ལས་ཐལ་ཏྲེས་རྣམ་གཉིས་སོགས། །ཉི་ཤུ་རྩ་གཅིག་ཆུ་ནང་བསྐོལ། །དེ་ཡི་ཁུ་བ་མར་དང་བ། །ལན་ཅིག་སྐྱེས་པོ་བཞི་འགྱུར་དང། མེད་རྣམ་གཉིས་ར་མཉེ་བ། །བུ་ཚང་རྡོ་དང་ཁྲ་སྲལ་ཕྲེའུ། །བུ་རམ་ཤིང་དང་པརྞི་གཉིས། །བསྐོལ་བ་ཡི་ནི་སྨན་མར་འདི།།
་དགེ་བ་ཆེན་པོ་ཞེས་བྱ་སྟེ། །རྟས་བྱེད་འདུས་པའི་ནད་འཇོམས་ཡིན། །སྔ་མ་བས་ཀྱང་ཡོན་ཏན་ལྷག་།ཞེས་བྱ་བ་ལ། བཤད་མ་ཐག་པའི་སྨན་འདི་དག་ལས་དང་པོའི་བདུན་མ་གཏོགས་པ་ཐལ་ཏྲེས་རྣམ་གཉིས་ལ་སོགས་པ་སྨན་སྣ་ཉི་ཤུ་རྩ་གཅིག་ཁུ
་བ་བསྐོལ་བའི་ཆོ་གས་ཆུར་བསྐོལ་ཏེ། ཤ་རི་པ་རྣམ་གཉིས་ལ་སོགས་པ་སྨན་སྦྱིར་བྲེ་གང་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ། སྨན་གྱི་ཁུ་པ་བཞི་ཆ་ལུས་མར་བྲེ་གང་དང་བ་བེའུ་ལན་ཅིག་སྐྱེས་པའི་འོ་མ་བྲེ་བཞི་དང། མེད་རྣམ་གཉིས་ལ་སོགས
་པ་སྤྱིར་སྲང་བརྒྱད་བསྐོལ་བའི་སྨན་མར་ནི་དགེ་བ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། དེའི་ལུས་རྟས་པར་བྱེད་པ་དང། འདུས་པའི་ནད་སེལ་བར་བྱེད་པ་དང། །དགེ་བའི་སྨན་མར་བས་ཡོན་ཏན་ཆེར་ལྷག་པ་ཡིན་ནོ། །སྤང་སྤོས་པུ་ཏ་ཀེ་ཤི་དང། །ཆུ་རྩ་ཤུ
་རྡག?་ཁ་སྲལ་ཕྲེའུ། །ཁྱི་ལྕེ་བ་དང་ར་མཉེ་བ། །ཙ་རོང་ཙ་ཡ་པུ་ཅེ་ཤེལ། །སླེ་ཏྲེས་ཙ་ཏྲ་པ་ར་ཧ། ། ཏི་ཚ་ཏྲ་ས་ཏ་ལ། །མ་ཧ་པུ་ཤུ་ཤ་དན་དང། །ན་ནུ་ཀ་ལི་སྐྱུ་རུ་ར། བྲི་ཤཐི་ཀ་ལ་ཀ་དམ་བྷ། །ས་ལ་པརྞི་བཅས་བསྐོལ་མར། །ཤ་?་ཆེན་མོའི
་མར་ཞེས་བྱ། །ངེས་ནི་ཉིན་བཞི་བར་རིམས་དང། །སྨྱོ?་བྱེད་བརྗེད་བྱེད་གདོན་འཇོམས་ཤིང། བློ་དང་ཡིད་གཞུངས་དྲན་བ་སྐྱེད། །བྱིས་པ་རྣམས་ཀྱི་ལུས་འཕེལ་བྱེད། །བདུད་རྩི་དང་ནི་འདྲ་བ་ཡིན་ནོ། །ཞེས་བྱ་བ་ལ། སྤང་སྤོས་ལ་སོགས་པའི་སྨན་དང། །མར་ཚུལ
་བཞིན་དུ་བསྐོལ་བའི་སྨན་མར་ནི་མི་ཤ་ཟ་ཆེན་པོའི་སྨོན་མར་ཞེས་བྱ་སྟེ། དེས་ནི་ཉིན་བཞི་པའི་རིམས་ལ་སོགས་པ་སེལ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །བྲ་ཧཔི་ཨིན་ཏྲི་བྱི་དང་ག་།ཤིང་ཀུན་སྤང་སྤོས་མུར་ར་དང། །ར་སྣ་སྒོག་སྐྱ་སྤང་སྤོས་དང། །ཤ་དག་བྱིའུ
་རུག་པི་ཤ་ལ། །ནོ་ག་དནྟི་ཕྱི་ཚོར་བ། །ཛོ་ཏིསྨ་ཏི་ཚ་བ་གསུམ། ། རུ་ར་དང་ས་ནག་རྣམས། །གླང་པོའི་གཅིན་བཏགས་རིལ་པུ་བྱས། །གྲི་བསྐམས་སྣར་བླུགས་མིག་བསྐུ་ཞིང། །ལུས་བསྐུས་སྦོས་བདུགས་སྨྱོ་བྱེད་སེལ། །ཞེས་བྱ་བ་ལ། བྲཧམི་ནི་བྲམ?
་མན་ཡ་སྟི་ཀ་ཞེས་བྱའོ། །ིན་ཏྲི་ནི་ཨིནྡྲ་བ་རུ་ནིའོ། །ལ་ལ་ནི་སུག་སྨེལ་ལ་བྱའོ། །ཞེས་ཟེར་རོ། །མོར་ནི་གནད་མོ་རའོ། །བི་ཤ་ལ་ནི་ལང་ག་ལིའོ། །ཛོ་ཏི་སྨེ་ཏི་ནི་མར་པ་ཏ་ཞེས་བྱ་བ་ཕུག་རོན་གྱི་རྐང་པ་འདྲ་བ་མིང་གི་རྣམ་གྲངས་ཀུ་ནི་ཞེས་བྱའོ། །ན
་གདན་ད་ནི་ནག་བྱི་ནའོ། །ས་ནག་ནི་སོ་ར་ཤི་ཞེས་བྱ་བ་སྟེ། །སྨན་དེ་རྣམས་གླང་པོ་ཆེའི་གཅིན་དང། །བཏགས་ཏེ་རིལ་བུར་བྱས་ནས་གྲིབ་མ་ལ་སྐམས་ལ་སྣར་བླུགས་བ་ལ་སོགས་པ་བྱས་ན་སྨྱོ་བྱེད་ཀྱི་གདོན་སེལ་བར་འགྱུར་རོ། །ཡུངས་མར་དང་ནི་སྦྱར་བ
་ཡི། །སྣ་སྨན་རྣམ་པ་སྣ་ཚོགས་ཕན། ཞེས་བྱ་བ་ལ། གཞན་ཡང་སྨྱོ་བྱེད་ཀྱི་གདོན་ལ་ནི་ཡུངས་དཀར་གྱི་མར་དང་སྦྱར་པའི་སྣ་སྨན་རྣམ་པ་ཐ་དད་པ་དག་ཀྱང་ཕན་པ་ཡིན་ནོ། །ཡུངས་མར་གྱིས་ནི་ལུས་བསྐུ་དང། །ཡུངས་ཀར་ཕྱེ་མ་སྣར་བུར་བྱ། །ཞེས་བྱ་བ
་ལ། ཡང་སྦྱོ་བྱེད་ཀྱི་ནད་འདི་ལ་ཡུངས་ཀར་གྱིས་ལུས་བསྐུ་བ་དང་ཡུངས་ཀར་གྱི་ཕྱེ་མ་སྣ་ནས་འབུད་པ་དག་བྱས་ན་ཡང་ཕན་ནོ། །མདོ་གནས་བསྟན་པའི་ཆོ་ག་བཞིན། །དུང?་རྣོ་ཤིང་ཀུན་བཅས་པ་ཕན་ནོ། །མདོ་གནས་བསྟན་པའི་ཆོ་ག་བཞིན། །དུད་རྣོ་ཤིང་ཀུན་བཅས་པ་ཕན། །ཞེས་བྱ་བ་ལ། སྨྲོ་བྱེད་གྱི་ནད་ལ་མདོའི་གནས
་ལས་བཤད་པའི་དུད་པ་རྣོན་པོ་ཤིང་ཀུན་དང་བཅས་པ་བདུགས་ན་ཡང་ཕན་ནོ། །ཝ་དང་རེག་འཇམ་འུག་པ་དང། །བྱི་བར་ཐུག་ཛ་ཏུ་ཀའི། །གཅིན་དང་རྟུག་པ་སྤུ་དང་ནི། །བགས་པ་མཀྲིས་པ་སོན་མོ་དང། །སྤོས་ཕྲ?་དུག་?
་སྨན་ལུས་བསྐུས་དང། བྱུག་དང་བླུགས་པ་སྤྱད་པར་བྱ། །ཞེས་བྱ་བ་ལ། ཐ་ལ་སོགས་པའི་གཅིན་ལ་སོགས་པ་དང། །སྦྱར་པའི་སྤོས་ཀྱིས་བདུག་པ་ལ་སོགས་པ་བྱས་ན་ཡང་སྨྱོ་བྱེད་ཀྱི་ནད་ལ་ཕན་ནོ། །བད་ཀན་རླུང་གྱུར་ལ་ཕལ?་ཆེར། །ཁྱི?
་དང་པོ་གླང་ཉ་ཤ་ནི། །རུལ་པའི་དུད་པས་གདུག་པར་བྱ། ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་སྨྱོ་བྱེད་ཕལ་ཆེར་ལ་ནི་ཁྱི་དང་བ་གླང་དང་ཏའི་ཤ་རུལ་ཅིང་དྲི་མནམ?་པའི་དུད་པས་ནད་པ་དེ་ལ་བདུགས་ན་ཕན་ནོ། །མཁྲིས་གྱུར་ལ་ནི
་ཏིཀྟའི་མར། །འཚོ་བྱེད་སྣམ་ནི་གཉིས་ཀྱི་མར། །བཟའ་དང་བཏུང་བ་བསིལ་བ་དང། །མངར་བ་དང་ནི་ཡང་པ་བསྔགས། དུ་བཞག་སྟེ། །ཁ་སྲལ་ཕྲེའུ་ལུ་འི་སྨྱོ་བྱེད་ལ་ནི་ཏིཀྟའི་སྨན་མར་དང། །མར་དང་ཏིལ་མར་གཉིས་ཀྱི་སྨན་མར་བླུད་ན་ཕན་པ
་དང། །དེ་བཞིན་དུ་བཟའ་བ་དང་བཏུང་བ་བསིལ་བ་དང། མངར་བ་དང་ཡང་བའི་བག་བསྟེན་ན་བསྔགས་པ་ཡིན་ནོ། །ཇི་སྐད་བཤད་པའི་གཏར་ག་གདབ། །ཡང་ན་ཤ་ཚོན་གྱིས་འདྲངས་བྱ། །དེ་འོག་རླུང་མེད་གནས་བསྙལ་ནས། །སེམས་མྱོས་པ
་ལས་ཐལ་པར་འགྱུར། །ཞེས་བྱ་བ་ལ། སྔར་མདོའི་གནས་སུ་སྨྱོ་བྱེད་ལ་ནི་སྙིང་ག་དང། །མིག་ཟུར་དང། དཔྲལ་བར་གཏར་ག་གདབ་པར་བཤད་པའི་ཆོ་གས་གཏར་ག་གདབ་པར་བྱའོ། །ཡང་ན་ཤ་ཚོན་གྱི་ས་འདྲངས་པར་བྱས་ལ། དེའི་འོག
་ཁང་པ་རླུང་མེད་པའི་གནས་སུ་བསྙལ་ན་སེམས་མྱོས་ཤིང་འཁྲུལ་པའི་ནད་ལས་ཐར་བར་འགྱུར་རོ། །ཁྲོན་པའི་ཆུ་ནི་ཉུང་བར་གཞུག་།ལྟོགས་པ་ཉིད་དུ་བྱས་ཏེ་སྐམ། །ཞེས་བྱ་བ་ལ། ཡང་ན་སྨྱོ་བྱེད་གྱིས་ཟིན་པའི་ནད་པདེ་ཁྲོན་པ་འམ་ཆུ་རྫིང་བུ
་ཆུ་ཉུང་བར་བཅུག་ལ་ལྟོགས་པ་ཉིད་དུ་བྱས་ནས་ལུས་བསྐམས་ན་ཡང་ཕན་ནོ། །དེ་ལ་ཆོས་དང་ནོར་ལྡན་པའི། གཏམ་དང་མཛའ་པོས་སེམས་དགའ་བྱ། །ཞེས་བྱ་བ་ལ། ཡང་ན་སྨྱོ་བྱེད་དང་ལྡན་པའི་ནད་པ་དེ་ལ་དེའི་སྙིང་དུ་སྡུག་པའི་མཇའ་བོས་ཆོས?་དང་ནོར?
་དང་ལྡན་པའི་གཏམ་སྙན་པས་དེའི་སེམས་དགའ་བར་བྱ་ཞིང་སྤྲོ་བསྲིད་བར་བྱའོ། །ཡང་ན་སྡུག་པ་དང་བྲལ་བ་འམ། རྨད་དུ་བྱུང་བ་བསྟན་པར་བྱ། །ཞེས་བྱ་བ་ལ། ཡང་ནད་དེ་ལ་ཡིད་དུ་འོང་ཞིང་སྡུག་པ་དང་བྲལ་བའི་གཏམ་སེམས་དངས་པར་འགྱུར
་བ་འམ། །ཡང་ན་ངོ་མཚར་སྐྱེ་ཞིང་རྨད་དུ་གྱུར་པའི་དངོས་པོ་བསྟན་པར་བྱའོ། །བཅིངས་ལ་ཡུངས་མར་གྱིས་བསྐུས་ཏེ། ཉིན་མཚན་ལ་ནི་གན་རྒྱལ་བཞག། །ཁ་སྲལ་པྲེའུ་འམ་ལྕགས་ཚ་བ་འམ། །ཏིལ་མར་ཆུ་ཚན་གྱིས་རེག་བྱ། །ཞེས་བྱ་བ་ལ།
་ཡང་ན་སྨྱོ་བྱེད་ཅན་དེ་བཅིངས་ལ། །ཡུངས་མར་གྱིས་ལུས་བསྐུས་ཏེ་ཉིན་མཚན་ལ་ལུས་གན་རྐྱལ་དུ་བཞག་སྟེ། །ཁ་སྲལ་ཕྲེའུ་ལུས་ལ་རེག་པར་བྱས་པ་འམ། །ཡང་ན་ལྕགས་དང་ཏིལ་མར་དང། །ཆུ་ཚ་བས་ལུས་ལ་སྲེག་པར་བྱེའོ། །ཡང་ན་ལྕགས
་ཀྱིས་བཞུས་ནས་ནི། །བཅིངས་ཏེ་གཡང་སར་བསྐྱུར་བར་བྱ། །ཞེས་བྱ་བ་ལ། ཡང་ནད་པ་དེ་ལྕགས་ཀྱིས་བཞུས་ལ་བཅིངས་ཏེ་ཉམ་ང་བའི་གཡང་སར་བསྐྱུར་བས་སྡངས་བར་བྱའོ། །ཡང་ན་རྡོ་དང་མཚོན་མེད་པའི། །མུན་ཁང་མི་ནི་མེད་བར་བཞག་།ཅེས་བྱ་བ
་ལ། །ཡང་ན་རྡོ་དང་མཚན་མེད་པའི་ཁང་པ་མུན་ནག་ཏུ་གྱུར་པ་མི་མེད་པ་དག་ཏུ་བཞག་པར་བྱའོ། །མཆེ་བ་བཏོན་པའི་སྦྲུལ་དང་ནི། གླང་དང་སེང་གེ་གླང་པོ་ཆེས། །དེ་ནི་སྐྲག་ཏུ་གཞུག་པ་འམ། ཡང་ན་རྒྱལ་པོའི་སྐྱེས་བུ་ཡིས། །དམ་དུ་བཅིངས་ཏེ་ཕྱིར་ཕྱུང་ན།།
་རྒྱལ་པའི་བཀའ་ཡིས་སྡིགས་པ་དང། །འདི་གསང་བྱ་ཞེས་སྐྲག་ཏུ་གཞུག་།ཅེས་བྱ་བ་ལ། ཡང་ན་སྨྱོ་བྱེད་ཅན་གྱི་ནད་པ་དེ་མཆེ་བ་བཏོན་ཅིང་མེད་བར་བྱེད་པའི་སྦྲུལ་ལམ་གླང་ཁྱུ་མཆོག་གམ། །སེང་གེ་ལ་སོགས་པས་སྐྲག་ཏུ་གཞུག་པར་བྱ་བ་འམ།།
་ཡང་ན་ནད་པ་དེ་རྒྱ་བོའི་མངགས་གཞུག་གི་སྐྱེ་བོས་དམ་དུ་བཅིངས་ཏེ། རྒྱལ་པོའི་ཤའ?་བསྡིགས་པ་དང་བསད་པ་ལ་སོགས་པའི་ཚིག་གི་སྐག་ཏུ་གཞུག་པར་བྱའོ། །ལུས་ཀྱི་སྡུག་བསྔལ་འཇིགས་པ་པས་སྲག་གི་འཇིགས་པ
་རབ་འཇིགས་པས། དེ་ཕྱིར་ཀུན་ཏུ་འཁྲུལ་པའི་ཡིད། ཉེ་བར་ཞི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་ལུས་ཀྱི་སྡུག་བསྔལ་བསྲེག་པ་དང་བརྡེག་པ་དང། གཟིར་བ་ལ་སོགས་པ་ལས་སྲོག་གི་འཇིགས་པ་རབ་ཏུ་འཇིགས་ཤིང་སྐྲག་པར་བྱེད་པ་ཡིན
་པས་རྒྱུ་དེའི་སྲེག་དང་བྲལ་བའི་འཇིགས་པས་སྨྱོ་བྱེད་ཀྱིས་ཀུན་ཏུ་འཁྲུལ་བར་བྱེད་པའི་ཡིད་ཉེ་བར་ཞི་ཞིང་མེད་པར་འགྱུར་རོ། །གྲུབ་པའི་སྦྱོར་བ་འདི་དག་ནི། །ནད་དམིགས་དུས་སོགས་བལྟོས་དེ་བྱ། ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་གསོ་བའི་སྦྱོར་བ
་གྲུབ་པར་གྱུར་བ་འདི་དག་ནི་ནད་དམིགས་དང་དུས་ལ་སོགས་པ་ལ་བལྟོས་ནས་སྤྱད་པར་བྱའོ། །སྡུག་དང་ནོར་དང་བྲལ་བ་ལས། །གང་གི་ཡིད་ལ་གནོད་གྱུར་བ་།དེ་ལ་ང་འདྲ་རྙེད་གྱུར་པ། །སྤྲོ་བསྲིང་དབུགས་དབྱུང་བ་ཡིས་གསོ་།ཞེས་བྱ་བ་ལ། སྐྱེས་བུ་དང
་སྡུག་ཅིང་ཡིད་དུ་འོང་བ་དང། ནོར་དང་བྲལ་བ་ལས་ཡིད་ལ་གནོད་ཅིང་གདུང་བར་གྱུར་པའི་མི་དེ་ལ་ནི་དེ་དང་འདྲ་བའི་ནོར་དང་སྡུག་པ་དང་ཕྲད་ཅིང་རྙེད་པར་འགྱུར་བའི་ཚུལ་གྱིས་སྤྲོ?་ཤིང་ཞིང་དབུགས་དབྱུང་བའི་ཚུལ་གྱིས་དེའི་ཡི་དགས་བར་བྱའོ། །འདོད
་དང་མྱ་ངན་འཇིགས་བ་དང། །ཁྲོ་དང་འཇིགས་པ་ཚང་ལས་གྱུར། །གཉིས་གཉིས་ངག་གི་གཅིག་ལ་གཅིག་།དེ་དག་ཉིད་གྱིས་ཞི་བར་བྱ། །ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་ལས་བྱུང་བའི་སྨྱོ་བྱེད་ནི་འདོད་ཆགས་ལ་སོགས་པ་དེ་དག་ཉིད་གྱིས་གཅིག
་ལ་གཅིག་གཉེན་པོར་བྱས་ཏེ་ཞི་བར་བྱའོ། །དེ་ཡང་འདོད་ཆགས་ལས་བྱུང་བའི་སྨྱོ་བྱེད་ནི་མྱ་ངན་གྱིས་ཞི་བར་བྱ་ལ། མྱ་ངན་ལས་བྱུང་པ་ནི་འདོད་ཆགས་ཀྱིས་ཞི་བར་ཕྱོག་།དེ་བཞིན་དུ་ཁྲོ་བ་ལས་བྱུང་བ་ནི་འཇིགས་པས་ཞི་བར་བྱ། འཇིགས་བས་ནི་ཁྲོ་བཞི
་བར་བྱ་སྟེ། དེ་ལྟར་གཅིག་ལ་གཅིག་གཉེན་པོར་གྱུར་བས་བསལ་བར་བྱའོ། །བཤད་པའི་མཚན་མ་ལས་ལྷག་པ་།གདོན་དང་རྗེས་འབྲེལ་ཡིན་ཞེས་བྱ་།གལ་ཏེ་སྨྱོ་བྱེད་གདོན་ལས་གྱུར། །གདོན་གསོར་བཤད་པའི་སྨན་སྦྱར་བྱ། །ཞེས་བྱ་བ་ལ། སྔར
་བཤད་པའི་སྨྱོ་བྱེད་དྲུག་པོ་ལས་མཚན་ཉིད་ལྷག་པར་གྱུར་པ་སྨན་པས་གང་དང་གང་མཐོང་བ་དེ་ནི་གདོན་དང་རྗེས་སུ་འབྲེལ་པ་ཡིན་པས་ན་དེ་ལྟར་གདོན་ལས་གྱུར་པའི་སྨྱོ་བྱེད་ལ་ནི་གདེན་གསོ་བའི་སྐབས་སུ་བཤད་པའི་སྨན་གང་ཡིན་པ་དག་གིས་བཏང
་ཞིང?་གོས་བར་བྱའོ། །ཏིལ་བཏགས་ཕྱེ་མ་ནས་ཟན་དང། །སྣུམ་ཞིང་མངར་བའི་ཁ་ཟས་དང། །འབྲས་ནི་ཁྲག་དང་སྦྲུས་པ་དང། །ཤ་ནི་བཙོས་པ་རྗེན་པ་དང། །འབྲུ་ཆང་སྦྱར་ཚང་མནམ་པའི་ཆང། ། ཏི་མུ་ཏིའི་མེ་ཏོག་དང། །ཛ་ཏིས་ཧ་ཙ་ར་ཡ་ཡི། མེ་ཏོག
་བཅས་པའི་གཏོར་མ་ནི། །ལམ་གྱི་བཞི་མདོ་བ་གླང་ལྟས། །ཆུ་བོ་འདུས་པ་དག་ཏུ་སྦྱིན། །ཞེས་བྱ་བ་ལ། དེ་བཞིན་དུ་གདོན་ལས་གྱུར་པའི་སྨྱོ་བྱེད་ལ་ཏིལ་བཏགས་པའི་ཕྱེ་མ་སྐྱོ་མ་དང། དེ་བཞིན་དུ་ནས་ཆན་ནམ་ཟན་དང་དེ་བཞིན་དུ་སྣུམ་ཞིང་མངར
་པའི་ཤས་ཚེ་བའི་ཁ་ཟས་དང་འབྲས་ཁྲག་གི་གཏོང་བླ་དང་ཤ་བཅོས་པ་ལ་སོགས་པ་དང། ས་ཧ་ཙ་རའི་མེ་ཏོག་གི་བར་དང་བཅས་པའི་གཏོར་མ་ལམ་གྱི་བཞི་མདོ་དང། བ་ལང་གི་ལྷས་དང། ཆུ་བོ་གཉིས་འདུས་པའི་ལམ་དུ་སྦྱིན་པར་བྱའོ། །གང་ཞིག
་ཤ་དང་ཆང་སྤངས་ཤིང། །ཕན་ལ་བརྩོན་ཞིང་གཙང་སྦྲ་ཆེ། །སྙིང་སྟོབས་ཅན་ལ་ལྷན་ཅིག་སྐྱེས། །གློ་བུར་སྨྱོ་བྱེད་འབྱུང་མི་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་ཤ་དང་ཆང་སྤང་ཤིང་བོར་བ་དང། ཕན་ཞིང་འཕྲོད་པའི་ཁ་ཟས་ཟོས་པ་དང་བརྩོན་པ་ཚ?
་ཞིང་དགེ་བའི་ལས་ལ་འབད་པ་དང་ལྡན་པ་དང། གཙང་ཞིང་ལུས་དང་ངག་དང་ཡིད་གྱིས་ལས་དྲི་མས་མ་གོས་པ་དང། སྙིང་སྟོབས་ལྡན་ཞིང་རང་བཞིན་གྱིས་སྲན་ཐུབ་པའི་སྐྱེས་བུ་ལ་ནི་ལྷན་ཅིག་སྐྱེས་པ་དང། གློ་བུར་བའི་སྨྱོ་བྱེད་རྣམས་འབྱུང་བར
་མི་འགྱུར་རོ། །དབང་པོའི་དོན་ནི་གསལ་བ་དང། །དེ་བཞིན་བློ་དང་ཡིད་གསལ་བ། །ལུས་ཟུངས་ཐ་མལ་པར་གནས་པ། །སྨྱོ་བྱེད་དང་བྲལ་མཚན་མ་ཡིན། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་དབང་པོའི་ཡུལ?་གསལ་བར
་རྟོགས་ཤིང་མ་འཁྲུལ་པ་དང་བློའི་ཤེས་པ་དང། ཡིད་ཀྱི་འཛིན་པ་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཐ་མལ་པར་གནས་ཤིང། མ་འཁྲུལ་པ་དག་ནི་སྨྱོ་བྱེད་གྱི་གདོན་ལས་ཐར?་ཅིང་བྲལ་པར་གྱུར་པའི་མཚན་མ་ཡིན་ནོ།། །།
་ཡན་ལག་བརྒྱད་པའི་སྙིང་པའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། །སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་བརྗེད་བྱེད
་གསོ་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྨྱོ་བྱེད་གསོ་བའི་འོག་ཏུ་བརྗོད་བྱེད་གསོ་བ་བཤད་པ་ནི། ཕལ་ཆེར་རྒྱུ་མཚན་ཉིད་དང། །གསོ་བ་མཐུན་པ་ཡིན་པའི་ཕྱིར། །སྨོས་པ་ཡིན་ནོ། །བརྗེད་བྱེད་དྲན་པ་ཉམས་པ་སྟེ། །དེ་ནི་སྙིང་སྟོབས་གློ
་བུར་དང། །སེམས་ལས་མྱ་ངན་འཇིགས་སོགས་ཀྱིས། །གནོད་གྱུར་སེམས་ལས་བྱུང་བ་ཡིན། ཞེས་བྱ་བ་ལ། བརྗེད་བྱེད་ཅེས་བྱ་བ་ནི་དྲན་པ་ཉམས་ཤིང་འདུ་ཤེས་དང་བྲལ་བ་ལ་བྱས་ཏེ། འདི་ནི་བརྗེད་བྱེད་ཀྱི་དེས་པའི་ཚིག་བསྟན་པའི
་ཕྱིར། འདི་སྐད་སྨོས་པ་ཡིན་ནོ། །བརྗེད་བྱེད་དེ་ནི་སྙིང་སྟོབས་དང་བློ་ལ་སོགས་པ་འཁྲུལ་པ་ལས་བྱུང་པ་ཡིན་ཏེ་དེ་ལ་ནི་བློ་ནི་ཤེས་རབ་དང་ཤེས་པ་དང། བློ་གྲོས་ཞེས་བྱ་བའི་མིང་གི་རྣམ་གྲངས་ཡིན་ཏེ་དེ་འཁྲུལ་པས་སེམས་ལས་དང
་མྱ་ངན་དང་འཇིགས་པ་དང་ལ་སོགས་པས་གནོད་ཅིང་ཉན་པར་གྱུར་པའི་སེམས་ལས་བརྗེད་བྱེད་བྱུང་བ་ཡིན་ནོ། །ལུས་སེམས་གཏོགས་པའི་ནད་ཀྱིས་ནི། །སྨྱོ་བྱེད་བཞིན་དུ་འཁྲུགས་གྱུར་པས། །སྙིང་སྟོབས་ཉམས་ཤིང་སྙིང་དང་ནི། །འདུ་ཤེས
་རྒྱུ་བའི་རྩ་སྦུབས་ཁྱབ། །མུན་པར་ཞུགས་སྙམ་སེམས་ཤིང་རྨོངས། །འཇིགས་སུ་རུང་བའི་བྱ་བ་བྱེད། །སོ་འཆའ་སྦུ་བ་སྐྱུག་པ་དང། །ལག་པ་རྐང་པ་གཡོབ་པ་དང། །གཟུགས་མེད་པ་ཡང་མཐོང་བ་དང། །འཁྲུལ་ཅིང་ས་ལ་འགྱེལ་པ་དང། །སྨིན་མ་མི་གཡོ་ནད་བུགས?
་དང། །བྲལ་ནས་སད་པར་འགྱུར་བ་དང། །དེ་བཞིན་དུ་ནི་སྦྱོད་པ་ཡིན། ཞེས་བྱ་བ་ལ། ལུས་དང་སེམས་ཀྱི་ཆར་གཏོགས་པའི་ནད་ཀྱིས་སྨྱོ་བྱེད་ཀྱི་ཚུལ་དུ་འཁྲུགས་ཤིང་ལྡང་བར་གྱུར་པས་སྙིང་སྟོབས་བརྟན་པ་ཡོད་པ་གང་ཡིན་དེ་ཉམས་ཤིང་མེད་པར་གྱུར་ནས་གནོད
་པ་དེ་སྙིང་ལ་ཁྱབ་པར་གྱུར་པ་དང། །འདུ་ཤེས་རྒྱུ་བའི་རྩ་སྤུབས་རྣམས་སུ་ཡང་ནད་ཀྱིས་ཁྱབ་པར་གྱུར་ལ་ངེས་ན་སྐྱེས་བུ་མུན་པའི་ནང་དུ་ཞུགས་པ་སྙམ་དུ་སེམས་ཤིང། བློ་རྨོངས་པར་གྱུར་པ་དང། ལས་སུ་བྱ་བ་འཇིགས་སུ་རུང་ཞིང་སྨད་པར་བྱ་བ་བྱེད་དང། སོ
་འཆའ་བ་ལ་སོགས་པ་དང། གཟུགས་མེད་ཅིང་འདྲ་བ་མ་ཡིན་པ་གང་ཡིན་པ་དེ་མཐོང་བ་དང་འཁྲུལ་ཅིང་འདུ་ཤེས་ཉམས་པས་ས་ལ་འགྱེལ་བ་དང། སྨིན་མ་དང་མིག་ཡོན་པོར་སྣང་བ་དང། ནད་ཀྱི་ཤུགས་དེ་དང་བྲལ་ཞིང་ཞི་ནས་སོང་ཅིང་འདུ་ཤེས
་རྙེད་པར་འགྱུར་བ་དང། ཡང་མི་དེ་དུས་ཕྱིས་ནས་གནས་སྐབས་གཞན་དག་དུ་ཡང་སྤྱོད་པར་འགྱུར་དེ་བཞིན་དུ་བྱེད་པ་ཡིན་ནོ། །རླུང་ལ་སོགས་པ་དང་འདུས་བའི་བརྗད་བྱེད་རྣམ་པ་བཞི་ཞེས་བྱ་བ་ལ། བརྗེད་བྱེད་ནི་རླུང་ལ་སོགས་པ་ནང་གཞི་རེ་རེ་ལས་གྱུར
་པ་དང། འདུས་པ་ལས་གྱུར་པ་དབྱེ་བས་རྣམ་པ་བཞི་ཡོད་པ་ཡིན་ནོ། དེ་ནི་སྐྱེ་པར་གྱུར་པའི་ཚུལ། །སྙིང་འདར་ཁོང་སྟོབས་མགོ་འཁོར་ལ། །མུན་པར་མཐོང་ཞིང་སེམས་ཁོང་ཆུད། །སྨིན་མ་མི་སྡུག་མི་འགྱུར་དང། །སྒྲ་མིན་ཐོས་ཤིང་རྡུལ་འབྱུང
་ལ། །ཁ་ཆུ་སྣབས་ནི་འཇིག་པ་དང། །མིག་འཇུ་ཡིག་འཆུས་ཤིང་བརྒྱལ། །ལྟོ་སྤོས་ཉམས་སྟོབས་ནད་པ་དང། །གཉིད་མེད་སྐོམ་ཞིང་ཡན་ལག་ནི། །རྨི་ལམ་གླུ་ལེན་གར་བྱེད་དང། །ཏིལ་མར་ཆང་ནི་འཐུང་པ་དང། །དེ་གཉིས་གཅིན་དུ་འབྱུང
་བ་རྨི། ཞེས་བྱ་བ་ལ། བརྗེད་བྱེད་ཀྱི་ནད་དེ་འབྱུང་ཞིང་སྐྱེ་པར་འགྱུར་པ་ན། སྔར་འབྱུང་བའི་ཚུལ་ལམ་མཚན་མོ་ནི་སྙིང་འདར་ཞིང་གཡོ་བ་དང། །ཁོང་པ་སྟོང་ཞིང་ལྟོ་སྦོ་བ་དང། འཁོར་ལོ་ལ་བསྐྱོན་པ་ལྟར་མགོ་འཁོར
་བ་དང། མུན་པར་མཐོང་ཞིང་མུན་ཐིབས་ཞེས་བྱེད་པ་དང། སེམས་ཁོང་དུ་ཆུད་པ་ལ་སོགས་པ་ནས་ཏིལ་མར་དང་ཆང་འཐུང་པ་དང། དེ་གཉིས་གཅིན་དུ་འབྱུང་བའི་རྨི་ལམ་ནི་རྨི་བའི་བར་ཡིན་ནོ། །དེ་ལ་རླུང་འགྱུར་བརླ་མགུ་ཞིང། །ཡང་དང
་ཡང་དུ་འགྱེལ་བ་དང། ཡང་དང་ཡང་དུ་དྲན་བསྟོར། །འདུ་ཤེས་རྙེད་ནས་མི་གསལ་དུ། །མིག་འབུར་ཡང་ཡང་དབུགས་འབྱིན་ཅིང། །སྦུ་བར་སྐྱུ་ཅིང་འདར་བ་དང། །སོ་འཆའ་མགོ་ནི་བརྡེབས་པ་དང། །རླུང་གིས་གྲེ་བ་རྒྱས་པར་བྱེད། །ཡན་ལག
་ཀུན་ཏུ་བརྡེབས་པ་དང། །སེར་མོ་མི་སྙོམས་འགུགས་པ་དང། །མིག་དང་པགས་པ་སེན་མོ་ནི། །གནག་ཅིང་རྩུབ་པོར་སྣང་བ་དང། །གཟུགས་ནི་ནི་བདེར་རྩུབ་པ་དང། །མིག་སྡུག་བཞིན་རས་དན་པ་ཡིན། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར
་པའི་བརྗེད་བྱེད་ནི་ནང་པ་དེའི་བརླ་འགུལ་བ་སོགས་པ་དང། མིག་གྱེན་དུ་འབུར་ཞིང་འབྱུང་བ་དང། ཡང་དང་ཡང་དུ་དབུགས་འབྱིན་པར་བྱེད་པ་དང། །དབུ་བསྐྱུག་པ་ལ་སོགས་པ་དང། །རླུང་གིས་གྲེ་བ་རྒྱས་པར་བྱེད་ཅིང་འགེགས་པ་དང་ཡན
་ལག་ཀུན་ཏུ་བརྡེབ་ཅིང་བསྐྱོད་པ་དང། །སོར་མོ་མཐོ་དམན་མི་སྙོམས་པ་བྱས་ནས་འགུགས་པ་ལ་སོགས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་བརྗེད་བྱེད་ནི། །དྲན་པ་ཡང་ཡང་ཉམས་པ་དང། །མིག་གདོང་པགས་པ་དབུབ་སེར། །ས་ལ་བརྡེབས
་པར་བྱེད་པ་དང། འཇིགས་རུང་འབར་ཞིང་ཁྲོ་བ་ཡི། །གཟུགས་མཐོང་སྐོམ་དང་ཆེ་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་ཀྱི་མཚན་མ་ནི་དྲན་པ་ཡང་དང་ཡང་དུ་ཉུམས?་ཞིང་ཡང་དང་ཡང་དུ་རྙེད་པར་འགྱུར་བ་དང།?་མིག་སེར་བ་ལ་སོཌ་པ་ཡིན་ནོ
་བད་ཀན་ལས་གྱུར་རིང་ནས་འཛིན། །ཡུན་རིང་ཉིད་ནས་འདའ་བར་བྱེད། །གཡོ་འགུལ་ཉུང་ཞིང་ཁ་ཆུ་མང། །ཁ་མིག་སེན་མོ་པགས་པ་དཀར། །གཟུགས་རྣམས་དཀར་པོར་མཐོང་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་བརྗེད་བྱེད་ཀྱི་མཚན་མ་ནི། །ཡུན་རིང
་ཞིག་ནས་འཛིན་ཅིང་འཇུག་ལ། །རིང་ཞིག་ནས་སད་ཅིང་དྲན་པ་རྙེད་པར་འགྱུར་པ་ལ། སོགས་པ་ཡིན་ནོ། །མཚན་ཉིད་ཀུན་དང་ལྡན་པ་སྤངས། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་བརྗེད་བྱེད་ནི་མཚན་ཉིད་ཀུན་དང་ལྡན་པ་ཡིན་ཏེ། དེ་ནི་གསོར་མི་རུང་བས་སྤང
་བར་བྱའོ། །དེ་ནས་བློ་སེམས་དྲན་པ་དང། །སྙིང་གའི་སྦུབས་ནི་སད་བྱེད་པའོ། །སློན་མན་ལམ་ལ་སོགས་རྣམས་ནི། །རྣོན་པོ་ཡིས་ནི་སྦྱང་པར་བྱ། །ཞེས་བྱ་བ་ལ། བློ་སེམས་དང་དྲན་པ་རྒྱུ་བའི་སྙིང་གའི་རྩ་སྦུབས་འགགས་པར་གྱུར་པ་ལ་ནི་དེ་སད་ཅིང་ངག་པར
་བྱེད་པའི་སྨོན་སྨན་དང། །སྐྱུགས་སྨན་ལ་སོགས་པ་རྣོན་པོ་དག་གིས་དེ་དང་པོར་སྦྱང་ཞིང་དག་པར་བྱའོ། །རླུང་གྱུར་འཇམ་རྩི་མང་དུ་བྱ། །མཁྲིས་གྱུར་ཕལ་ཆེར་བཀྲུ་སྨན་བཏང། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་བརྗེད་བྱེད་ནི། །གསོ་བ་རྣམས་ཀྱི་ནང
་ནས་ཕལ་ཚར?་འཇམ་རྩི་མར་པས་གསོ་བར་བྱའོ། །མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་ལ་ནི་ཕལ་ཆེར་བཀྲུ་སྨན་བཏང་བས་གསོ་བར་བྱའོ། །བད་ཀན་ཕལ་ཆེར་སྐྱུགས་སྨན་ནི། །བཏང་བས་བརྗེད་བྱེད་གསོ་བར་བྱ། །ཞེས་བྱ་བ་ལ། །བད་ཀན་ལས
་གྱུར་པའི་བརྗེད་བྱེད་ནི་ཕལ་ཆེར་སྐྱུགས་སྨན་ལ་སོགས་པ་བཏང་བས་གོས་བར་བྱའོ། །རྣམ་པ་ཀུན་ཏུ་ལེགས་དག་ཅིང། །ལེགས་པར་སྤྲོ་ནི་བསྲིད་པ་ལ། །བརྗེད་བྱེད་ལ་ནི་ཐར་བྱའི་ཕྱིར། །ཞི་བར་བྱ་བའི་སྦྱོར་བ་ཉོན། །ཞེས་བྱ་བ་ལ། བརྗེད་བྱེད་ཀྱི་ནང
་ཀྱིས་བཏབ་པ་དེ་རྣམ་པ་ཐམས་ཅད་དུ་སྟེང་དང་འོག་ནས་སྦྱང་བ་བྱས་ཤིང་ལེགས་པར་དག་པར་བྱས་པ་དང། །ལེགས་པར་སྦོ?་སྲིད་ཞིང་དབུགས་དབུང་བར་བྱས་ནས། བརྗེད་བྱེད་ལས་ཐར་ཅིང་བཞི་པར་བྱ་བའི་སྦྱོར་བ་གང་དག་ཡིན་པ་མཉན་པར་གྱིས་ཤིག
་པའོ། །བ་ལྕིའི་བུ་བ་འོ་མ་དང། ཞོ་དང་གཅིན་དང་མར་བསྐོལ་བ། བརྗེད་བྱེད་རིམས་དང་སྨྱོ་བྱེད་དང། མིག་སེར་སེལ་བར་བྱེད་པར་བླུད་ཅེས་བྱ་བ་ལ། བའི་ལྕི་བ་བཙགས་པའི་ཁུ་བ་དང། འོ་མ་དང་ཞོ་དང་གཅིན?་རེ་རེ་ཞིང
་བའི་མར་དང་ཆ་མཉམ་པར་བྱས་པའི་བའི་རྣམ་ལྔའི་སྨན་མར་ནི་བརྗེད་བྱད་ལ་སོགས་པ་སེལ་བར་བྱེད་པ་ཡིན་པས་དེ་བླུད་པར་བྱའོ། །རྩ་བ་བཅུ་པ་འབྲས་བུ་གསུམ། །དུག་མོ་ཉུང་ཤུན་སེར་པོ་གཉིས། ། བ་མརྒལ་ལོ?་མ་བདུན། །ནི་ལི་ནི་དང་པུ་ཙ
་ཤེལ། །དོ་དག?་པུས་དཀར་མུ་ལ་དང། །ཕ་གུའི་རྩ་བ་བྱི་ཚོར་སྲང། །གཉིས་གཉིས་ཆུ་བྲེ་བཅུ་དྲུག་ནང། །བསྐོལ་བ་ལས་ནི་བཞི་ཆ་ལུས། །ག་བྲའི་རྩ་བ་དུ་བ་རི། །པ་ཐ་དནད་དུར་བྱེད་དང། །ཆ་བ་གསུམ་དང་རོ་ཧི་ཤ་།མུར་བ་རྩ་མཁྲིས་བུ་ཏེ་ཀ
་ཧ་སྟི་པི་པི་ལིང་དང་ནི། །མ་དུ་ཡན་ཏི་ཐལ་ཏྲེས་གཉིས། །ལྕང་མ་དང་ནི་ཅི་ཏྭ་ཀ་།ཞོ་ནི་གཉིས་གཉིས་མར་བྲེ་གང། དེ་བཞིན་སྔ་མའི་གཤེར་རྫས་བསྐོལ། །འདི་ནི་བ་ཡི་རྣམ་ལྔ་ཆེ། །བརྗེད་བྱེད་རིམས་དང་མུ་རྫིང་དང། །མཚན་པར་རྡོལ་པ་སེལ
་མཆོག་ཡིན། །འོར་ནང་གཞང་འབྲུམ་མིག་སེར་དང། །སྐྱ་རྦབ་སྐྲན་དང་ལུང་པ་དང། །གདོན་རྣམས་འཇོམས་པར་བྱེད་པ་ཡིན། ཞེས་བྱ་བ་ལ། རྩ་བ་ལྔ་པ་རྣམ་གཉིས་དང་འབྲས་བུ་གསུམ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས
་ཆུ་བྲ་བཅུ་དྲུག་གི་ནང་དུ་བསྐོལ་ལ་དེ་ལས་ཆུ་བྲེ་བཞི་ལུས་པ་དང། །དེའི་ནང་དུ་ག་བྲ་ལ་སོགས་པའི་རྩ་བ་ཞོ་གཉིས་གཉིས་ལྡེ་གུར་བྱས་པ་དང། དེ་བཞིན་དུ་སྔ་མའི་གཤེར་རྫས་པའི་ལྕི་བའི་ཁུ་བ་ལ་སོགས་པ་བའི་རྣམ་ལྔ་དང་བསྐོལ
་སྨན་མར་འདི་ནི་པའི་རྣམ་ལྔ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། འདིས་ནི་བརྗེད་བྱེད་ལ་སོགས་སེལ་བར་བྱེད་པ་དང། །འོད་ནང་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །རོ་ཏི་ཤ་ནི་བུ་སྲི་ནའོ། །རྩ་མཁྲིས་ནི་བུ་ནིམ་པ་སྟེ། །ཀི་ར་ཏ་ཏིཀྟའོ།།
་ཧ་ཏི་པི་པི་ལིང་ན་ཤྲི་ཡ་སེའོ། ཤལ་ཏྲེས་རྣམ་གཉིས་ནི་ཤ་རི་བ་དཀར་པོ་དང་ནག་པོའོ། །པྲཏྨི་ཤུ་དག་རུ་རྟ་དང། །ཤང་ཀ་པུསྤ་མར་རྙིང?་བཅས། །བསྐོལ་བའི་མར་ནི་ཡིད་གཞུངས་བྱེད། །སྨྱོ་བྱེད་བཀྲ་མི་ཤིས་པ་དང། །བརྗེད་བྱེད་སྡིག་པ་འཇོམས་པར་བྱེད། །
་ཅེས་བྱས་ལ། བྲ་ཧམིའི་ཁུ་བ་མར་གྱི་བཞི་འགྱུར་དང། ཤུ་དག་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་མར་རྙིང་པ་བསྐོལ་བའི་སྨན་མར་ནི་ཡིད་གཞུངས་པར་བྱེད་ཅིང་སྡིག་པ་དང་བཀྲ་མི་ཤིས་པའི?་བར་འཇོམས་པར་བྱེད་པ་ཡིན་ནོ། །འཚོ་བྱེད་ཚན་སྲང་རེ་དང། །ཏིལ
་མར་ཞུན་མར་བྲེ་རེ་བསྲེས། །འོ་མ་བྲེ་ནི་བཅུ་དྲུག་བསྐོལ། །འཐུངས་ན་བརྗོད་བྱེད་ལས་ཐར་བྱེད། །ཅེས་བྱ་བ་ལ། འཚོ་བྱེད་ཀྱི་སྡེ་ཚན་སྨན་སྣ་བཅུ་པོ་སྲང་རེ་རེ་དང། ཏིལ་མར་བྲེ?་གང་དང། མར་བྲེ་གང་བསྲེས་ཏེ་འོ་མ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་མར་དང་ཏིལ་མར
་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན་བརྗེད་བྱེད་ཀྱི་ནད་ལས་ཐར་པར་འགྱུར་རོ། །འོ་མ་བུ་ཕམ?་ཤིང་ཁུ་དང། །བྲོ་བཞི་དང་ནི་བཏང་བལ་གྱི། །ཁུ་བ་བརྒྱད་འགྱུར་དག་དང་ནི། །འཚོ་བྱེད་སྡེ་ཆེན་ཞོ་གཉིས་གཉིས། ཞུན་མར་བྲེ་གང་བཅས་བསྐོལ་བླུད། །དེ་ནི
་རླུང་མཁྲིས་ལས་གྱུར་བའི། །བརྗོད་བྱེད་མྱུར་དུ་སེལ་བར་བྱེད། ཅེས་བྱ་བ་ལ། འོ་མ་དང་བུ་རམ་ཤིང་གི་ཁུ་བ་པྲེ་བཞི་དང། བཏང་བལ་གྱི་ཁུ་བ་དེའི་བརྒྱད་འགྱུར་དང། འཚོ་བྱེད་སྨན་སྣ་བཅུ་ཞེ་གཉིས་གཉིས་དང་ཞུན་མར་བྲེ་གང་བསྐོལ་བའི་སྨན་མར་བྱིན་ན་རླུང་དང།
་མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་མྱུར་དུ་སེལ་པར་བྱེད་དོ། །དེ་བཞིན་འཇག་མ་བྱི་ད་རི། །ཀུ་ཤ་བུ་རམ་ཤིང་འོ་མ། །བསྐོལ་བ་འཐུངས་པའང་དེ་དང་འདྲ། ཞེས་བྱ་བ་ལ། འཇག་མ་ལ་སོགས་པ་དང་འོ་མ་བསྐོལ་བ་ལ་སོགས་བ་འཐུངས་ན་ཡང་དེ་དང་འདྲ
་བར་རླུང་དང་མཁྲིས་པ་ལས་གྱུར་པའི་བརྗོད་བྱེད་སེལ་བར་འགྱུར་རོ། །ཀུ་མན་ཏ་ཡི་ཁུ་བ་མར། །བཅོ་བརྒྱད་འགྱུར་དང་ཤིང་མངར་གྱི། །ལྡེ་གུར་བཅས་པ་བསྐོལ་བ་ནི། །བརྗེད་བྱེད་སེལ་བར་བྱེད་པ་དང། བློ་དང་ཚིག་གསལ་སྐད་སྙན་བྱེད། ཅེས་བྱད་བ་ལ་ཀུ་སྨན?
་ད་ཞེས་བྱ་པའི་བུམ་ཤའི་ཁུ་བ་མར་གྱི་བཅོ་བརྒྱད་འགྱུར་དང། ཤིང་མངར་གྱི་ལྡེ་གུ་དང་བཅས་པར་བསྐོལ་བའི་སྨན་མར་གྱིས་ནི་བརྗེད་བྱེད་སེལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །བ་ནི་སེར་སྐྱའི་མཁྲིས་བ
་ཡི། །སྣ་སྨན་བཏང་ཡང་མཆོག་ཏུ་ཕན། ཞེས་བྱ་བ་ལ། ཁ་དོག་སེར་སྐྱ་འདུག་པའི་མཁྲིས་པའི་སྣ་སྨན་བཏང་ན་ཡང་བརྗེད་བྱེད་ཀྱི་ནད་ལ་མཆོག་ཏུ་ཕན་པ་ཡིན་ནོ། །ཁྱི་དང་ཝ་དང་བྱི་ལ་དང། སེང་གེ་སོགས་ཀྱི་མཁྲིས་པ་བསྔགས། །ཞེས་བྱ་བ་ལ།
་ཁྱི་ལ་སོགས་པའི་མཁྲིས་པའི་སྣ་སྨན་བཏང་ན་ཡང་བརྗེད་བྱེད་ཀྱི་ནད་ལ་ཕན་ནོ། །གོང་སྲེ་མོ་གླང་པོ་ཆེ། །བ་ལང་དྲེང་དང་བྲི་ཤ་ཏའི། །མཁྲིས་པ་ཏིལ་མར་བསྐོལ་བ་དག་།ལུས་བསྐུ་ནར་ནི་བླུགས་ནའང་བན། ཞེས་བྱ་བ་ལ། གོང་ལ་སོགས་པའི
་མཁྲིས་པ་དང་ཏིལ་མར་བསྐོལ་ལ་དེ་ལུས་ལ་བསྐུས་པ་དང། སྣང་བླུགས་ན་ཡང་ཕན་པ་ཡིན་ནོ། །འབྲས་བུ་གསུམ་དང་ཚ་བ་གསུམ། །ནས་ཚིག་འཁྲུས་ཐལ་ཀོ་ཉོན་ཚེ། །ཕ་ནིང་ཛ་ཀ་སྲ་རྩི་ཕོག?་། པ་མརྒ་ཀ་རཉྫའི། །ས་བོན་ཏིལ་མངར
་གཅིན་དང། །བཅས་པ་བསྐོལ་བ་སྣང་བླུགས་པ་འམ། ཕྱེ་མ་སྣ་ནས་བུས་ནའང་ཕན། ཞེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་ལྡེ་གུ་དང་ཏིལ་མར་གྱི་བཞི་འགྱུར་གྱི་ར་གཅིན་ལ་སོགས་པ་དང། །བསྐོལ་ལ་ཏིལ་མར་ཉེ་ཆེ་ལུས
་པ་སྣར་བླུགས་པ་འབྲས་དུ་གསུམ་ལ་སོགས་པའི་སྨན་གྱི་ཕྱེ་མ་སྣ་ནས་བུས་ན་ཡང་བརྗེད་བྱད་ཀྱི་ནང་ལ་ཕན་ནོ། །སྲེ་མེ་འུག་པ་སྤྲེའུ་དང། །བྱ་རྒོད་ཁྱི་རྟ་བྱ་རོག་སྤྲུལ། །མཆུ་དང་སྐྲེ་དང་རྟུག་པ་ཡི། །དུད་པས་འདི་ལ་བདུག་པར་བྱ། །ཞེས་བྱ་བ
་ལ། སྲེ་མེ་ལ་སོགས་པའི་མཆུ་ལ་སོགས་པ་གང་རྙེད་པའི་དུད་པས་ནད་བདེ་ལ་བདུགས་ན་ཡང་བརྗེད་བྱེད་ཀྱི་ནད་ལ་ཕན་པ་ཡིན་ནོ། །ཏིལ་མར་སྒོ་སྐྱ་བཅས་པ་འམ། །འོ་མ་ཉེའུ་ཤིང་བསྟེན་ནའང་ཕན། ཞེས་བྱ་བ་ལ། ཡང་ན་བརྗོད་བྱེད་ཀྱི་ནད
་ཀྱིས་བཏབ?་པ་ངེས་ཏིལ་མར་དང་སྒོག་སྐྱ་བཟའ་བ་འམ། །འོ་མ་དང་ཉིད་བུ་ཤིང་བསྟེན་ཅིང་གོམས་པར་བྱས་ན་ཡང་ཕན་ནོ། །ཕྲ་ཧམི་འམ་རུ་རྟའི་ཁུ་བ་འམ། ཤུ་དག་སྦྲང་རྩི་ལྡན་པའང་ཕན། ཞེས་བྱ་བ་ལ། ཡང་ན་བྲེཧམིའི་དུ་བའམ། །དུརྟའི་ཁུས?་ཤུ་དག་དང
་སྦྲང་རྩིར་ལྡན་པ་དག་ཀྱང་བསྟེན་པར་བྱའོ། །ནང་གཞི་མཉམ་དུ་འཁྲུགས་པ་ལས། །ལུས་དང་སེམས་ལ་བརྟེན་གྱུར་ནད། སྐྱེས་པར་གྱུར་པ་གང་ཡིན་དེ་།བརྗེད་བྱེད་གནས་ནི་ཆེན་པོར་གནས། །དེ་བས་གསོ་དཀའ་འདི་ལ་ནི། བཅུད་གྱིས་ལེན་གྱིས་གསོ
་བར་བྱ། ཞེས་བྱ་ལ། རླུང་དང་མཁྲིས་པ་དང། བད་ཀན་ཆ་མཉམ་དུ་འཁྲུགས་ཤིང་ལྡང་བ་ལས་ལུས་དང་སེམས་ལ་བརྟེན་པའི་བརྗེད་ཀྱི་ནང་བསྐྱེད་པར་གྱུར་པ་འདི་ནི། །བརྗེད་བྱེད་ལུས་ཀྱི་གནང་ཆེན་པོ་ལ་གནས་ཤིང། །སྙིང་ལ་བརྟེན་པ་ཡིན་ཏེ། དེ་བས་ན
་ཤིན་ཏུ་གསོ་བར་དཀའ་བའི་བརྗེད་བྱེད་ཀྱི་ནང་འདི་ལ་ནི་བཅུད་ཀྱིས་ལེན་དེ་དང་འཕྲོད་པས་གསོ་བར་བྱའོ། །དེས་ཉེན་མེ་དང་ཆུ་ལ་སོགས། །ཡང་པ་ལས་རྟག་ཏུ་བསྲུང། །ཞེས་བྱ་བ་ལ། བརྗེད་བྱེད་ཅེས་བྱ་བའི་ནད་ངེས་ཉེན་ཅིང་གདུངས་པའི་མི་དེ་མེ་དང་ཆུལ
་སོགས་པ་ཡང་སྤང་ཤིང་འཆི་བའི་རྒྱུར་གྱུར་པ་ལ་རྟག་པར་དུས་ཐམས་ཅད་དུ་བསྲུང་བར་བྱའོ། །ཐར་པ་ན་ནི་ཡིད་འཁྲུལ་བས། ཁྱེད་གྱིས་འདི་ལྟར་བྱས་སོ་ཞེས། །མི་བརྗོད་ཡུལ་ནི་ཡིད་འོང་བས། །ཉམས་པའི་སེམས་ནི་བརྟས?་པར་བྱ། །ཞེས་བྱ་བ་ལ། བརྗེད་བྱེད
་ཅས་བྱ་བས་ཡིད་འབྲུལ?་ཅིང་དྲན་བ་ཉམས་ཚུལ་འདི་ལྟར་བྱས་སོ་ཞེས་དེ་ཐར་ཞིང་དྲན་པ་རྙེད་བའི་སྐབས་སུ་སྐྱེས་བུ་གཞན་དག་གིས་བརྗོད་པར་མི་བྱ་ཞིང་ཡིད་གདུང་བ་བསྐྱེད་པར་མི་བྱའི། དེ་ལ་སྒྲ་ལ་སོགས་བའི་ཡལ་ཡིད་དུ་འོང་ཞིང་དབང་པོ་ཚིམ་པར་བྱེད་པས་ཉམས
་ཉེས་པའི་སེམས་དེ་བརྡེ?་བར་བྱ་ཞིང་སྟོབས་དང་ལྡན་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱང་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བདུན་པའི་རྣམ་པར་འབྲེལ
་པའོ།། །།འབྱུང་བོའི་གདོན་གསོ་བའི་རྒྱུད་རྫོགས།། །།དེ་ནས་མིག་མཆུའི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། འབྱུང་པོའི་ནད་གསོ་བའི་རྒྱུད་བཤད་པའི་རྗེས་ལ་མིག་སྨན
་གྱི་རྒྱུད་བརྩམས་པ་ནི་སྔར་མདོར་བསྟན་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བཤད་བ་ཡང་དེ་ལྟར་བྱ་དགོས་པའི་ཚུལ་གྱིས་བརྩམས་པ་ཡིན་ཏེ། ཇི་ལྟར་བརྗེད་བྱེད་གྱི་ནད་གནང་ཆེན་པོ་ཞེས་བྱ་བ་སྙིང་ལ་གནས་ཏེ་སྐྱེ་བར་བྱེད་པ་དེ་བཞིན་དུ་གནད་ཆེན་པོའི་མགོ་བ་ཞེས
་བྱ་བ་ལ་བརྟེན་ཅིང་གནས་ནས་ནད་ཚོམས་ཡན་ཆད་དུ་གཏོགས་བའི་ནད་སྐྱེ་བར་འགྱུར་བ་ཡིན་པ་དེ་ལས་ཀྱང་མིག་ནི་ལས་སུ་བྱ་བ་ཐམས་ཅད་ལ་འཇུག་པའི་རྒྱུར་གྱུར་པ་ཡིན་པས་གཙོ་བོ་ཡིན་པའི་ཕྱིར་དེའི་གསོ་བ་དང་བོར་བརྩམས་པ་ཡིན་ནོ། །དེ་ལ
་མིག་མཚུ་མིག་སྦུབས་དང་མིག་འབྲས་འགེབས་པར་གྱུར་པའི་པགས་པ་ལ་བྱ་སྟེ། མིག་མཆུ་དེར་མིག་དབྱེ་དཀའ་བ་ལ་སོགས་པའི་ནད་འབྱུང་ལ་དེའི་དམིགས་ཤེས་པར་བྱ་བ་ནི་ནད་གཞི་དང་ནད་ཀྱི་སྔར་བྱུང་བའི་ཚུལ་ལ་སོགས་པ་ཇི་ལྟ་བུ་ཡིན་པ་དེ
་བཤད་པར་བྱའོ། །ཞེས་བྱའོ། །ནད་ཀུན་ནད་གཞི་ལས་བཤད་བའི། གནོད་པ་ནང་ནི་འཁྲུགས་པ་དང། །མཆོག་ཏུ་མིག་ལ་གནོད་པ་དང། །ཕལ་ཆེར་མཁྲིས་པ་བསྐྱེད་པ་ཡི། །རྩ་ལས་གྱེན་དུ་རྒྱུས་ནས་ནི། །མིག་གི་ཡན་ལག་མིག་མཆུ་གྲཝ་།དཀར་ནག་མཐོང
་བྱེད་རྒྱལ་མོ་འམ། །མིག་ཀུན་ལས་གནས་ནད་སྐྱེ་བྱེད། ཅེས་བྱ་བ་ལ། ནད་ཐམས་ཅད་ཀྱི་ནད་གཞི་ལས་བཤད་པའི་ནད་ཀྱི་རྒྱུ་ཁ་བ་དང་ཚ་བ་དང་བསྐ་བ་དང་ཉུང་བ་དང། །?་ངན་དོན་ལ་སོགས་བཟོས་པ་དང། གནོད་ཅིང་མི་འཕྲོད་པར་གྱུར་པ་དག
་གིས་རང་གི་ནད་གཞི་ཇི་ལྟ་བ་བཞིན་དུ་འཁྲུགས་བར་གྱུར་པ་དང། །མཆོག་གམ་ཁྱད་པར་དུ་ཁ་ཟས་དང་སྤྱོད་ལམ་དང། སྨན་མིག་ལ་གནོད་བར་བ་དག་གིས་མིག་ནད་ལྡང་བར་བྱས་པ་དག་ཕལ་ཆེར་རམ་མང་དུ་མཁྲིས་པ་སྐྱེད་བར་བྱེད་པ་དག་གིས
་བ་ནད་ལྡང་ལ་དེས་ན་རྩ་ལས་གྱིན་དུ་རྒྱུས་པར་གྱུར་ནས་མིག་གི་ཡན་ལག་ཏུ་གྱུར་པ་མིག་མཆུ་འམ་མིག་གི་གྲཝ་མཚམས་མིག་འབྲས་དཀར་པོ་འམ་ནག་པོ་འམ་མཐོང་བར་བྱེད་པའི་མིག་གི་རྒྱལ་མོ་འམ། །མིག་ཐམས་ཅད་ལ་བརྟེན་ཅིང་གནས་ནས་རང་རང་གི་མིག
་གི་ནད་སྐྱེད་པར་བྱེད་དོ། །དེ་ལ་རླུང་ནི་མིག་མཆུ་ཡིས། །རྩལ་ཞུགས་པར་གྱུར་པ་དག་།ཉལ་ནས་ལྡན་ཚེ་མིག་མཆུ་ནི། །ཧར་བག་ན་དང་བཅས་པར་བྱེད། །མིག་ནི་རྡུལ་གྱིས་གང་སྙམ་སེམས། །བཙུན་པར་དཀའ་ཞིར་མཆི?་མ་འཇིག་།མཉེས་ན་བདེ་བ་སྙམ་དུ
་བྱེད། ?་དེ་ནི་འཛུམ་དཀའ་ཡིན་ཞེས་བཤད། །ཅེས་བྱ་བ་ལ། དེ་ལ་མིག་མཆུའི་ནད་དེ་རྣམས་ཀྱི་ནང་ནས་རླུང་གི་ནད་དམིགས་མཆུ་ལ་གནས་པར་རྩར་ཞུགས་ཏེ། མི་ཉལ་ནས་ལྡང་བར་གྱུར་པ་ལ། ན་བ་དང་བཅས་པའི་མིག་མཆུ་སྲུན་མི་འདོད་ཅིང་རེངས
་ཏེ། ཧར་བག་ཏུ་འདུག་པ་བསྐྱེད་པར་འགྱུར་བ་དང། མིག་རྡུལ་གྱི་ཚོགས་སམ་བྱེ་མས་གང་བ་སྙམ་དུ་སེམས་པ་དང། དེ་བཞིན་དུ་དཀའ་ཞིང་སྡུག་བསྔལ་ལས། འཛུམ་པར་བྱེད་ཅིང་སྡུད་བར་བྱེད་པར་འགྱུར་བ་དང། མཆི་མ་མང་དུ་འཛག་པ་དང། ནས
་ཏེ་མཉེས་ན་བདེ་བ་སྙམ་དུ་སེམས་ཏེ། ཞི་བར་བྱེད་ནད་ཀྱི་ཁྱད་པར་དེ་ལྟ་བུ་དེ་ནི་མིག་འཛུམ་པར་དཀའ་བ་ཞེས་བྱ་བ་ཡིན་ནོ། །ཞེས་སློབ་དཔོན་གྱིས་བསད་དོ། །རླུང་གི་མིག་མཆུ་བསྐྱོད་ནས་ནི། །ཡང་དང་ཡང་དུ་འབྱེད་ཅིང་འཛུམ། །འདི་ནི་འཛུམ་པ་ཞེས
་བཤད་དོ། །ཞེས་བྱ་བ་ལ། རླུང་གིས་མིག་མཆུ་བསྐྱེད་ཅིང་འགུལ་ནས། །ཡང་དང་ཡང་དུ་འབྱེད་པ་དང། འཛུམ་པར་བྱེད་པ་དེ་ཡང་མེད་པར་འགྱུར་བའི་མིག་མཆུའི་ནད་འདི་ནི་མིག་བཙུམས་པ་ཞེས་བྱའོ། །ཞེས་བཤད་དོ། །གྲཝ་མཚམས
་ལྷོད་ཅིང་ཚོར་བ་མེད། །རྟག་ཏུ་འཛུམ་?་མིག་ཉམས་པ། །གང་ཡིན་དེ་ནི་རླུང་གནོད་ཡིན། །ཞེས་བྱ་བ་ལ། མིག་མཆུ་གང་མིག་གི་གྲ་མཚམས་ལྷོད་པར་གྱུར་ཅིང་ཚོར་པ་མེད་པས་རྟག་ཏུ་འཛུམ་པར་བྱེད་ཀྱི། ནམ་ཡང་འབྱེད་པར་མི་བྱེད་ལ།
་ཉམས་པའི་ནད་དེ་ནི་རླུང་གིས་གནོད་པར་བྱས་པ་ཞེས་བྱའོ། །ཞེས་བཤད་དོ། །མཁྲིས་པས་མིག་མཆུའི་ཐ་མར་ནི། འབྲུམ་བུ་ཀུ་མུད་ཡི་ནི། །ས་བོན་འདྲ་སླར་གང་གྱུར་པ། འབྲུམ་ཕྲན་ཀུ་མུང?་ཞེས་བྱ། ཞེས་བྱ་བ
་ལ། མཁྲིས་པས་མིག་མཆུའི་མཛའ་མ་ཐོག་ཐག་ཏུ་འབྲུམ་བུ་ཕྲ་མོ་ཀུ་མུ་དའི་ས་བོན་འདྲ་བ་མང་པོས་གང་ཞིག་ཁྱབ་པར་གྱུར་ལ། གསལ་ཞིང་རྟོལ་ཡང་སླར་གང་བར་འགྱུར་བའི?་འབྲུམ་ཕྲན་ཀྱི་མིག་མཆུའི་ནང་དེ་ནི་ཀུ་མུ་ད་ཞེས་བྱའོ།།
་ཚ་ཞིང་འདྲུལ་ལ་ནད་དང་བཅས། །དམར་ཞིང་རེག་ན་མི་བཟོད་དང། །མཁྲིས་བས་མིག་མཆུ་སྐྱེས་པ་དོ། །མཁྲིས་པས་སྐྱེས་པ་ཡིན་ཞེས་བཤད། ཅེས་བྱ་བ་ལ། མཁྲིས་པས་མིག་གི་མཚུར་ཚ་བོ་དང། འདྲུལ་བ་དང། ནབ་དང་བཅས་?་དང།
་མིག་དམར་ཐོ་སྣང་བ་དང། རག་ན་མི་བཟོད་བ་བསྐྱེད་པར་གྱུར་ན་ནད་དེ་ནི་མཁྲིས་པས་བསྐྱེད་ཅིང་དཀྲུགས་པ་ཡིན་ནོ། །ཞེས་སློབ་དཔོན་གྱིས་བཤད་དོ། །མཁྲིས་པ་རྫི་མའི་ནང་ནས་ཤིང་།གཡའི་ཞིང་ཚ་བར་བྱེད་པ་དང། དེ་རྗེས་རྫི་མ་འབྱི
་བ་སྟེ། ?་རྫི་མ་འབྱི་བ་ཞེས་བཤད་དོ། །ཞེས་བྱ་བ་ལ། མཁྲིས་པ་རྫི་མའི་ནང་ན་གནས་ཤིང་རྟེན་ནས་གཡའ་བ་དང་ཚ་བར་བྱེད་ལ། དེའི་རྗེས་ལ་རྫི་མ་འབྱི་ཞིང་འདྲུལ་བར་བྱེད་པའི་ནང་དེ་ནི་རྫི་མ་འབྱི་བ་ཞེས་བྱ་བར་དྲང་སྲོང་རྣམས་ཀྱིས
་བཤད་དོ། །བད་ཀན་ལས་གྱུར་མིག་མཆུའི་ནད། །འབྲུམ་ཕྲན་དཀར་པོ་ཡུངས་ཀར་འདྲ། །འཐུག་སྐྲད་གཡའ་ན་མིག་རྡུལ་ཁེབས། །སྤྱི་བག་ཅན་འཛག་པོ་ཐག་ཀྱང། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་མཆུའི་ནད་འབྲུམ་ཕྲན
་ཡུངས་ཀར་ལྟ་བུ་ལ་འཐུག་ཅིང་སྐྲད་པ་ལ་སོགས་པ་དང་ལྡན་པ་དེ་ནི་མིང་པོ་ཐག་ཀྱ?་ཞེས་བྱའོ། །ཧར་བག་འདུལ་བ་རྡུལ་མས་ཁེབས། །བད་ཀན་གྱིས་བསླང་མིག་མཆུ་ནད། ཅེས་བྱ་བ་ལ་།ཧར་བག་ཏུ་འདུག་པ་དང། འབྲུལ་ཞིང་?
་བ་དང། མིག་རྡུལ་ཁེབས་ཤིང་གོས་པའི་མིག་མཆུའི་ནང་ནི་མིང་བད་ཀན་གྱིས་བསླང་བ་ཞེས་བྱའོ། །བད་ཀན་ལས་གྱུར་རྨེན་དུ་དཀར། །ན་ཞིང་སྨིན་མ་མེད་གཡའ་སྲ། །རྒྱ་ཤུག་ཙམ་མམ་དེ་ལས་ནི། །ཅུང་ཟད་ཆུང་བ་ཆགས་པ་ཡིན། །ཞེས་བྱ་བ་ལ། བད་ཀན
་ལས་གྱུར་པའི་མིག་མཆུའི་ནང་རྨེན་བུ་དཀར་པོ་དེ་འབྱུང་ཞིང་དེ་ཞིག་ན་བ་དང། སྨིན་མ་གཉིས་ཀ་མེད་པ་ཤེས་ཆེར་གཡའ་བརྡོ་ལྟར་སྲ་བ་རྒྱ་ཤུག་ཙམ་གྱི་ཚད་དམ་ཡང་ན་རྒྱ་ཤུག་གི་འབྲས་བུ་དེ་ལས་ཅུང་ཟད་ཙམ་ཆུང་བའི་མིག་མཆུའི་ནད་ད་ནི་འབྱར?་ཅིང
་ཆགས་ཏེ་གནས་པ་ཡིན་པས་མིང་ཆགས་པ་ཞེས་བྱའོ། །ཁྲག་ལས་འབྲུམ་ཕྱན?་དམར་བ་དང། དེ་མཚུངས་འབྲུམ་ཕྲན་གྱིས་ཁྱབ་པ། བརྩགས་པ་ཞེས། ཞེས་བྱ་བ་ལ། ཁྲག་འཁྲིགས་པ་ལས་འབྲུམ་ཕྲན་ཁ་དོག་དམར་བ་ཞིག་འབྱུང་ལ། གཞན
་དབང་དེ་དང་མཚུངས་པའི་འབྲུམ་བུ་བྲ་མེས་ཁྱབ་པ་དེ་ནི་བརྩེགས་པ་ཞེས་བྱའོ། །དེས་བསྐྱེད་དམར། །རེག་མི་བཟོད་པ་མིག་མཆུ་སློངས། ཞེས་བྱ་བ་ལ། ཡང་ཁྲག་དེ་ཉིད་ཀྱིས་དེ་བཞིན་དུ་མིག་མཆུ་དམར་པོ་བསྐྱེད་པར་འགྱུར་ལ་དེ་ཡང་རི་མི་དམར་པོ
་ཤར་ཤར་པོའི་རི་མོ་དང་ལྡན་ཞིང་རེག་པར་མི་བཟོད་པ་ནི་མིག་མཆུ་སློངས་བ་ཞེས་བྱའོ། །མིག་མཆུའི་ནང་དུ་ཤ་ལྷག་ནི། །སྲ་ཞིང་སྣུམ་ལ་ཚ་ཞིང་ན། །མདོག་དམར་དེ་ནི་ཁྲག་འཛག་ཅིང། །བཅར་བཞིན་འཕེལ་བྱེད་མིག་འབྲུམ་ཡིན། །ཞེས་བྱ་བ་ལ།
་མིག་མཆུའི་ནང་དུར་ཤ་ལྷག་ཁྲག་ལས་མྱུར་བ་སྲ་བ་དང་སྣུམ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་བཅད་པ་བཞིན་དུ་འཕེལ་བར་བྱེད་པ་ནི་མིག་ནང་མིག་འབྲུམ་ཞེས་བྱའོ། །མིག་མཆུའི་མཛའ་འམ་དབུས་སུ་ནི། །གཡའ་ཞིང་ཚལ་ནས་བཅས་བརྟན།།
་མུ?་ཙམ་གྱིས་ཁྲག་འབྲུམ་དམར། །འབྲུམ་ཕྲན་མིག་ནད་ཅེས་བྱའོ། །ཞེས་བྱ་བ་ལ། མིག་མཆུའི་མཛའ་མའི་ཆ་འམ་དབུས་ཀྱི་གནས་སུ་འབྲུམ་ཕྲན་མུ་དག་ཞེས་བྱ་བ་མོན་སྲན་སྡེའུ་ཙམ་གཡའ་བ་ལ་སོགས་པ་དང་ལྡན་ལ་བརྟན་ཞིང་མི་འགྱུར་བ
་མདོག་དམར་པོར་གནས་དེ་ནི་འབྲུམ་ཕྲན་གྱི་མིག་ནད་ཅེས་བྱའོ། །ནད་གྱིས་མིག་མཆུའི་ཕྱི་རོལ་སྐྲངས། །ནད་དུ་བུག་སྲ་མོས་ཁྱབ། །འཛག་བཅས་ནང་ན་ཆུ་ཡོད་དེ། །པདྨའི་རྩ་འདྲ་པད་རྩ་ཡིན། །ཞེས་བྱ་བ་ལ། ནད
་དམིགས་གསུམ་པོ་དག་གིས་མིག་མཆུའི་ཕྱི་རོལ་གྱི་ཆ་སྐྲངས་པར་གྱུར་ཅིང་ནད་ན་བུ་ག་ཕྲ་མོས་ཀུན་ཏུ་ཁྱབ་པར་གྱུར་ལ་ཆུ་སེར་འཛག་པ་དང་བཅས་ཤིང་ནང་ན་ཆུ་ཡོད་པའི་མིག་མཆུའི་ནད་དེ་ནི་པདྨའི་རྩ་བའི་དབྱིངས་འདྲ་བར་འདུག་པ་དེའི་མིང་ནི
་མིག་མཆུའི་ནད་པདྨ་ལྟ་བུ་ཞེས་བྱའོ། །ནད་གཞི་གསུམ་དང་ཁྲག་འཁྲུགས་པས། མིག་མཆུའི་ནད་ནི་ལྡང་པ་དང། །རྒྱུ་མེད་པར་ནི་རྙིང་འགྱུར་གང། །དེ་ནི་མིག་མཆུ་འཁྲུགས་ཞེས་བྱ། །ཞེས་བྱ་བ་ལ། །ཞེས་བྱ་བ་ལ། ནད་གཞི་གསུམ་དང་ཁྲག་འཁྲུགས་པར
་གྱུར་པས་གང་མིག་མཆུའི་ནང་ཡང་དང་ཡང་དུ་ལྡང་བར་གྱུར་ཅིང་རྒྱུ་མེད་པར་གློ་བུར་དུ་རྙིང་ཅིང་ཆུང་ཟད་སྐམས་ཏེ། ཁུམ་པར་གྱུར་བའི་མིག་ནང་གང་ཡིན་པ་དེ་ནི་མིང་མིག་མཆུ་འཁྲུགས་པ་ཞེས་བྱ་བའི་མིང་དུ་བཏགས་པ་ཡིན་ནོ། །ནད་ཀྱི་མིག་མཆུ
་དྲི་མ་ཁྲག་།སྐྲག་བརྣགས་ན་བཅས་མིག་མཆུ་སྔོ། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གསུམ་གྱིས་མིག་མཆུ་གང་དྲི་མ་དང་བཅས་ཤིང་ཁྲག་ཡོད་ལ་སྐྲངས་པ་དང་བརྣགས་པ་དང། ན་བ་དང་བཅས་པ་ནི། མིག་མཆུའི་ནད་སྔོན་པོ་ཞེས་བཤད་དོ། །གཡའ
་ཞིང་སྐྲངས་ལ་དམར་བ་དང། །མིག་མཆུ་འབྱར་བའི་བྱར་ཞེས་བྱ། ཞེས་བྱ་བ་ལ། དྲི་མ་དང་ཁྲག་ལ་སོགས་པའི་ནད་ཀྱིས་གཡའ་བ་ལ་སོགས་པ་དང་ལྡན་ཞིང། མིག་མཆུ་གཉིས་ཕན་ཚུན་འབྱར་ཅིང་དབྱེ་བ་དཀའ་བ་དེ་ནི་མིག་མཆུའི་ནད་འབྱར་བ་ཞེས
་བྱའོ། །མིག་མཆུའི་ནད་ནི་སྲ་ཞིང་རྩུབ། འབྲུམ་ཕྲན་བྱེ་མ་འདྲ་ཞེས་བྱ། ཞེས་བྱ་བ་ལ། མིག་མཆུའི་ནད་གི་ཆར་འགྲུམ་ཕྲན་སྲ་ཞིང་རྩུབ་པར་བྱེ་མ་འདྲ་བ་ཡོད་པ་ནི་བྱེ་མ་འདྲ་བའི་མིག་མཆུའི་ནད་ཅེས་བྱའོ། །གནག་ཅིང་འདམ་འདྲ་འདམ་བུའོ། །ཞེས
་བྱ་བ་ལ། མིག་མཆུ་གང་ཁ་དོག་ནག་ཅིང་འདམ་ལྟར་རྙོག་པ་ཅན་དུ་གནས་པ་གང་ཡིན་པ་དེ་ནི་འདམ་བུ་ལྟ་བུ་ཞེས་བྱའོ། །མདོག་འདྲ་ཤ་ནི་མང་པོས་རྒྱས་ན་ཤས་ཆེ་བ་ཞེས་བྱའོ། །ཞེས་བྱ་བ་ལ། མིག་མཆུ་གང་ཤ་མདོག་འདྲ་བའི་ཤ་མང་བོས་ཆ་མཉམ་དུ་རྒྱས་ཅིང
་ཁྱབ་པར་གྱུར་པ་ནི་མིང་ཤས་ཆེ་བ་ཞེས་བྱའོ། །བྱིས་པ་སོ་སྐྱེས་ཚོན་བྱུང། །དེས་ནི་བྱིས་བའི་མིག་སྒྲང?་ཞིང། །མིག་དམར་ལྟ་བར་མི་ནུས་ལ། །མིག་མཆུ་གཟེར་ཞིང་སྤྱི་བག་འཛག་ན་སྲེ་རྣ་བ་སྣ་དང་མིག་ཉིད་བྱེད། །གང་ཡིན་དེ་ནི་སྒྲ་ངན་ཡིན། ཞེས་བྱ་བ་ལ། སྒ
་ངན་ཞེས་བྱ་བ་མིག་མཆུའི་ནད་ནི་བྱིས་པ་སོ་སྐྱེ་བའི་ཉིད་ཀྱི་ཚེན་འབྱུང་ཞིང་དེ་རྒྱུར་གྱུར་པ་ཡིན་ཏེ། ནད་དེས་བྱིས་པའི་མིག་སྦྲངས་བ་ལ་སོགས་པའི་མཚན་ཉིད་དང་ལྡན་ཞིང་རྣ་བ་དང་སྣ་དང་མིག་ལག་པས་ཉེད་པར་བྱེད་དོ། །དེའི་མིང་ནི་སྒྲ་ངན་བ་ཞེས་བྱའོ། །རྫི
་འགགས། རྫི་མ་འདུས་ཤིང་ཞུམ། །མིག་མཆུ་འང་དེ་འདྲར་གྱུར་པ་དང། །རྩུབ་ཅིང་ནད་དུ་ཁ་བལྟས་ལ། །སྤུ་གཞན་ཡང་ནི་ཚོར་མི་ལྟར་རྩེ་མོ་རྣོན་པོ་སྐྱེས་གྱུར་ཅིང། །དེ་བརྡར་མིག་ནི་སྒྲངས་པ་དང། །ཚ་ཞིང་རླུང་ལ་སོགས་མི་བཟོད། །?་ན་ཅུང་ཟད་འདི་?
་བྱེད། །ཅེས་བྱ་བ་ལ། རྫི་མ་འགགས་པ་ཞེས་བྱ་བའི་མིག་མཆུའི་ནང་ནི་རྫིམ་ནང་དུ་འདུས་ཤིང་མིག་རྙིང་ཅིང་ཞུམ་པ་དང། མིག་གི་མཆུ་ཡང་ནང་དུ་འདུས་ཤིང་རྙིད་པར་འགྱུར་བ་དང་རྩུབ་ཅིང་བ་ནང་དུ་བལྟས་པ་དང། རྫེ་མའི་སྦུ་གཞན་དག་ཀྱང་ཚེར་མ
་ལྟར་རྣོ་ཞིང་རྩུབ་པ་སྐྱེས་པས་དེས་མིག་བརྡར་ཞིང་རོགས་པས་?་པར་འགྱུར་བ་དང། ཤས་ཆེར་ཚ་བ་དང། མིག་དེ་རླུང་དང་ཚ་བ་ལ་སོགས་བ་མི་བཟོད་ཅིང་རྟེན་མི་ནུས་པ་དང། སྤུ་རྩུབ་ཅིང་རྣོབ་སྐྱེས་པ་དེ་བཏོན་ཅིང་བས་ལན་གཉིས་ཀ་ཅུང་ཟད
་ཅིག་པའི་ཞིང་ཞི་བར་གྱུར་ནས་སླར་ཡང་དེ་བཞིན་དུ་འགྱུར་བ་ཡིན་ཏེ། དེ་ནི་རྫིམ་འགགས་པའི་མིག་ནད་ཅེས་བྱའོ། །མིག་ཕུགས་གྲཝ་མཚམས་ཕྱི་རོལ་ཏུ། །ཐོར་བུ་སྐྲང་ཞིང་མཐོ་བ་དང། །དམར་ཞིང་མཆི་མ་རྣག་ཁྲག་འཛག་ཡང་ཡང་རྒྱས་པ་སློན་བ་ཡིག་ཞེས་བྱ
་བ་ལ། མིག་ཕུགས་ཞེས་བྱ་བ་སྣ་གོང་གི་མིག་གི་གྲཝ་མཚམས་ཀྱི་ཕྱི་རོལ་གྱི་ཆ་ཐོར་བུ་སྲང་བ་ལ་སོཌ་པའི་མཚན་ཉིད་དང་ལྡན་པ་ཡང་དང་ཡང་དུ་རྒྱས་པར་འགྱུར་བ་དེ་ནི་མིག་སློན་པ་ཞེས་བྱའོ། །ནད་གཞི་གསུམ་དང་ཁྲག་ལས་ནི། །མིག་མཆུའི
་ནད་ན་ཤའི་དུམ་བུ། །རྨན་བུ་སྲལ་ནད་མེད་པ། །ཕྱི་རོལ་མི་མཉམ་གཡོ་མཇེད་པ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་ཁྲག་དང་བཅས་པ་ལས་མིག་མཆུའི་ནང་ན་ཤའི་དུམ་བུ་རྨེན་བུ་ཆགས་ཤིང་དེ་སྲ་བ་དང་ཟུག་གཟེར་གྱིས་ནད་མེད་བ
་དང། ཕྱི་རོལ་མི་མཉམ་ཞིང་གཡོ་བར་གྱུར་པའི་མིག་མཆུའི་ནང་དེ་ནི་མིག་གི་འཛེར་པ་ཞེས་བྱའོ། །དེ་ལྟར་ཉི་ཤུ་རྩ་བཞི་པོ། ། མིག་མཆུ་ལས་གནས་ནད་ཡིན་ནོ། །ཞེས་བྱ་བ་ལ། དེ་ལྟར་འཛུམ་པར་དཀའ་བ་ལ་སོགས་པ་གྲངས་ཉི་ཤུ་རྩ་བཞིས་བཤང
་པ་དེ་དག་ནི་མིག་མཆུ་ལ་གནས་པའི་ནང་ཡིན་ནོ། །ཞེས་བཤད་དེ། །དེ་ལས་དང་པོར་སྨན་གྱིས་གསོ། །དེ་འོག་གཉིས་དང་འབྲུམ་བུ་སྤང། །ཞེས་བྱ་བ་ལ། འདིར་དེ་དག་གི་ནང་ནས་དང་པོར་འཛུམས་པར་དཀའ་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་སྨན་གྱི་སྦྱོར
་བས་གསོ་བར་བྱའོ། །དེའི་འོག་མ་སྟེ་བཙུམས་པ་དང། །རླུང་གིས་གནོད་པ་གཉིས་དང་མིག་འབྲུམ་ཞེས་བྱ་བའི་མིག་མཆུའི་ནད་ནི་གསོར་མི་རུང་བས་སྤང་བར་བྱའོ། །རྫི་མ་འགགས་པ་གསོད་རུང་ཙམ། །ལྷག་མ་མཚོན་གྱིས་གསོ་པར་བྱ། །ཞེས་བྱ་བ་ལ
་མིག་མཆུའི་ནད་རྫི་མ་འགགས་པ་ཞེས་བྱ་བ་ནིར་ཞིག་མི་སྤང་བ་ཙམ་དུ་གསོར་རུང་བ་ཡིན་ལ་ལྷག་མ་ནི་མཚོན་གྱིས་གདབ་ཅིང་བཙགས་བུས་གསོར་རུང་བ་ཡིན་ནོ། །དེ་དག་ལས་ཀྱང་རྫི་མ་འབྱི། །བཙགས་པར་བྱ་ལ་མིག་མཛེར་བཅར། །ཆགས་དང
་པད་རྩ་ཀུ་མུང། །བརྩེགས་དང་འབྲུམ་ཕྲན་རློན་བ་འདྲ་ལ། ཞེས་བྱ་བ་ལ། མཚོན་གྱིས་གསོ་བར་བྱ་བ་དེ་དག་ལས་ཀྱང་རྫི་མ་འབྱི་བ་ཞེས་བྱ་བའི་ནང་ནི་འོག་ནས་བཤད་པའི་ཚུལ་གྱིས་བཙགས་ཤིང་གསོ་བར་བྱའོ། །དེ་དག་ལས་ཀྱང་མིག?་མཛེད་ཞེS
་བྱ་བ་ནི་བཅད་པར་བྱའོ། །ཆགས་པ་ནས་སློན་པའི་བར་ནི་མཚོན་གྱིས་འདྲལ་ཞིང་དབུག་པར་བྱའོ། །མིག་མཆུའི་ཤ་སྔོ་བྱེ་མ་འདྲ། །འབྱར་དང་བསྐྱེད་བྱ་ཞེས་བྱ་བཞི། །འདམ་བཅས་ཤས་ཆེར་བཅས་པ་དང། །སྒྲ་ངན་བཅས་པ་མཚོན་གྱིས་བཞར། །ཞེས་བྱ
་བ་ལ། མིག་མཆུའི་ཤའི་ནད་ལ་སོགས་པ་བཅུ་གསུམ་མཚོན་གྱིས་ཕྱི་ཞིང་བཞར་ཏེ་གསོ་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། །སློབ་དཔོན་ཟླ་བ་ལ་དགའ་བས་དེས་པར
་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་མཆུའི་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། འཛུམ་པ་ལ་དཀའ་མར་རྙིང་ནི། །རྒུན?་དབྲུའི་ལྡེ་གུ་ཆུར་བསྐོལ་པའི། །ཁར་བཏབ་དང་སྣ་སྨན
་དང། །དུད་པ་མིག་སྨན་སྣུམ་ཅན་བཏང། །ཞེས་བྱ་བ་ལ། འཛུམ་བར་དཀའ་བ་ཞེས་བྱ་བའི་མིག་ནད་ལ་ནི་མར་རྙིང་པ་དང་རྒུན་འབྲུའི་ལྡེ་གུ་བསྐོལ་བའི་ཁུ་བ་དང་བཅས་པར་བཙོས་པའི་སྨན་མར་ལ་ཁར་བཏབ་པ་བཏང་བ་དང། དེ་བཞིན་དུ་སྣ་ནས་བཏང་བའི་སྨན་དང།།
་དུད་པ་འདུག་བ་དང། མིག་སྨན་སྣུམ་ཅན་གང་ཡིན་པ་བཏང་བར་བྱའོ། །ཀུ་མུད་ལ་ཞལ་ཞལ་གདབ། །དེ་སྟེང་རྒྱམ་ཚ་གདབ་བར་བྱ། །ཤིང་མངར་དང་ནི་སྐྱུ་རུ་ར། །བ་ཏོ་ལ་བསྐོལ་ཆུ་བླུགས་བྱ། །ཞེས་བྱ་བ་ལ། །ཀུ་མུང་ཞེས་བྱ་བའི་མིག་མཆུའི་ནང་ལ་ནི། །བཙགས་བུས
་ཞལ་ཞལ་བཏབ་ལ་དེའི་སྟེང་དུ་རྒྱ་མཚའི་ཕྱེ་མ་བཏབ་སྟེ། །ཤིང་མངར་ལ་སོགས་པ་བསྐོལ་བའི་ཆུ་དྲོ་འཇམ་ཙམ་བླུགས་པར་བྱའོ། །རླུང་མེད་གནས་ལ་གཡོག་མཁས་པས། །སྦྱང་བྱས་གན་རྒྱལ་ཉལ་བ་ལ། །མིག་མཆུ་བཟློག་སྟེ་དྲོ་འཇམ་ཆུར་ཁ་སོས
་པའི་གོས་ཀྱི་སྡུགས་བྱས་ལ། །གོས་ཀྱིས་ལེགས་པར་དཀྲིས་ནས་ནི། །གཡོན་པའི་མཐེབ་མཛུབ་ཀྱིས་བཟུང་ཞིང། །འགུལ་ཞིང་འགྱུར་བ་མེད་པར་ནི། །དེ་ནས་མིག་མཆུ་ཀུན་ཏུ་ནི། །དཀྱིལ་འཁོར་ལྟ་བུའི་མཚོན་གྱིས་ནི། །འཕྲེད་དུ་གང་བ་ཅིང་མཚོན་མ
་བྱ། །དེ་ཉིད་ཅེས་སམ་ལོ་རྩུབ་བམ། །ཤེ་བ་ལི་ཡི་ལོ་མ་འམ། །ཡང་ན་རྒྱམ་ཚྭ?་དབུ་བས་བྲུད། ཅེས་བྱ་བ་ལ། ནང་པ་རླུང་མེད་བའི་གནས་སུ་བཞག་ལ། །ནང་གཡོག་མཁས་ཤིང་བྱང་པས་སྔར་སྦྱང་བ་བྱས་བའི་ནད་པ་ལ་ཕན
་རྒྱལ་དུ་ཉལ་བར་གྱུར་པ་ལ་ནི་མིག་མཆུའི་ཕྱི་རོལ་ཏུ་བཟློག་ལ། །ཆུ་དྲོ་འཇམ་ཙམ་གྱིས་བསྲོས་པའི་གོས་ཀྱིས་དུགས་བྱས། གོས་འཇམ་བས་དཀྲིས་ཏེ་ནང་དུ་བཅུག་ལ་ལག་པ་གཡོན་བའི་མཉེ་བོང་དང་མཛུབ་མོས་འཐུང་སྟེ་དེ་ལྟར་བྱས་བས་མིག
་འགུལ་ཞིང་འགྱུར་བ་མེད་པར་གྱུར་བ་དང། དེའི་འོག་ཏུ་མིག་མཆུ་དེ་དཀྱིལ་འཁོར་ལྟ་བུའི་མཚན་གྱི་བཙགས་བུས་ཕྱེད་དུ་གདབ་པར་བྱ་ཞིང་བཙགས་བུའི་མཚན་མ་བྱས་ལ། དཀྱིལ་འཁོར་ལྟ་བུའི་བཙགས་བུ་དེ་ཉིད་ཀྱིས་བྲུད་ཅིང་ཞལ
་ཞལ་གདབ་པར་བྱའོ། །ཡང་ན་ལོ་མ་རྩུབ་པོ་འམ་ཤིང་?་ལོ་མ་ལ་སོགས་པ་ལོ་མ་རྩུབ་པས་རྨ་དེ?་བྲུད་པར་བྱའོ། །ཡང་ན་རྒྱ་མཚོའི་སྦུ་བས་བླུད་པར་བྱའོ། །དེ་ནས་ཁྲག་བྱུང་བ་དང། རས་བལ་གྱི་ཡེ་འུས་ལེགས་བར་ཕྱི་བར་བྱའོ། །
་ཁྲག་?་དུས་ཕྱི། །ཁྲག་བཅད་ལེགས་པར་བྲུར་ཤེས་ན། །རང་རང་སྨན་ནི་སྦྲང་རྩི་དང། །བཅས་པ་དེ་ལ་བསྐུ་བར་བྱ། །ཞེས་བྱ་བ་ལ། ཁྲག་ཚོད་ཅིར་འགགས་པར་བུད་པར་གྱུར་པར་ཤེས་ནས་རང་རང་སྨན་སྦྲང་རྩི་དང་བཅས་བའི
་ལྡེ་གུས་རྨ་དེ་ལ་བསྐུ་ཞིང་གདབ་པར་བྱའོ། །དེ་འོག་ཆུ་?་ཀྱིས་བཀྲུས་ལ། མར་གྱིས་བླུགས་པར་བྱ་བ་དང། །རྣ་བའི་སྟེང་དང་འོག་གི་བར། །ནས་ཀྱི་ཟན་དང་སྦྲང་ཙི་དང། །མར་དང་བཅས་པས་དཀྲི་བར་བྱ། །ཞེས་བྱ་བ་ལ། མིག་མཆུའི་ལེགས
་བར་བྲུད་པ་དེའི་རྗེས་ལ་ཆུ་དྲོ་འཇམ་ཙམ་གྱི་མིག་མཆུ་དེ་བཀྲུས་པ་མར་བླུགས་ནས་རྣ་བའི་སྟེང་དང་འོག་གི་བར་དུ་ནས་ཀྱི་ཟན་མར་དང་སྦྲང་རྩི་བཅས་བས་བསྣན་ལ་དཀྲི་ཞིང་བཅིང?་བར་བྱའོ། །ཞག་ནི་གཉིས་པ་ལ་དཀྲོལ་ཏེ། །ཇི་ལྟ་བར་ནི་སྨན?
་བླུགས་ཤིང། །གཞི་བར་སྣ་སྨན་ལ་སོགས་བྱ། །ཞག་ནི་ལྔ་བདག་ལ་དགྲོལ། །ཞེས་བྱ་བ་ལ། དེ་ལྟར་བླན་ཅིང་བཅིང་བའི་མིག་མཆུ་དེ་ཞག་གཉིས་པ་ལ་བཀྲོལ་?་རང་གི་སྨན་གང་དག་ཡིན་བའི་སྨན་གྱི་?་བཞིན་དུ་བླུགས་ཤིང་སྔ་མ་བཞིན་དུ་བཅིང་བར
་བྱ་བ་ལ། ཞག་བཞི་པ་ལ་ནི་?་སྨན་ལ་སོགས་བ་བྱས་ཏེ་དཀྲི་བར་བྱའོ། །ཞག་ལྔ་བ་ལ་ནི་སླར་དགྲོལ་བར་བྱའི་བཅིང་བར་མི་བྱའོ། །མཉམ་ཞིང་སེན་མོ་ལྟར་དམར་ལ། །སྐྲད་གཡའ་དྲུང་ཞོགས་ནད་མེད་བ། །མིག་མར་སྦྱར་ལེགས་ཡིན་ཞེས
་བྱ་དད?་དེ་ལས་བཟློག་པར་སླར་བཞར་བྱ། ཞེས་བྱ་བ་ལ། བཞར་ཞིང་བྲུད་ལེགས་པའི་མིག་མཆུ་ནི་མཉམ་བོར་གནས་ཀྱི་མཐོ་དམན་དུ་མི་འགྱུར་བ་དང། སེན་མོའི་མདོག་ལྟར་དམར་བ་དང། སྐྲད་པ་ལ་སོགས་པའི་ནད་མེད་པ་ནི་བྲུད་ལེགས་བར་ཡིན
་པར་ཤེས་བར་བྱའོ། །མཚན་ཉིད་དེ་ལས་གོ་བཟློག་པ་ནི་བཞར་མ་ལེགས་པ་ཡིན་པས་སླར་ཞིང་བཟླས་ཏེ་བཞར་ཞིང་བྲུད་པར་བྱའོ། །བཞར་གྲགས་པས་ནི་ན་བ་དང། །རྫི་མ་འབྱི་ཞིང་མིག་མཆུ་འགྱུར། །ཞེས་བྱ་བ་ལ། བཞར་དྲགས་པས་ནི་ན་བ
་ལ་སོགས་བར་འགྱུར་རོ། །དེ་ལ་སྣུམ་དང་དུགས་ལ་སོགས། །རླུང་ལ་ཕན་པའི་སྦྱོར་བར་བསྔགས། །ཞེས་བྱ་བ་ལ། བཞར་དྲགས་བའི་མིག་མཆུ་དེ་ལ་སྣུམ་ཆོས་དང་དུགས་ལ་སོགས་པ་རླུང་སེལ་བའི་རྒྱུ་སྦྱོར་བ་བྱ་བར་སློབ་དཔོན་གྱིས་སྔགས་པ་ཡིན
་ནོ། །མར་སར་གྱིས་ནི་བསྐུ་བྱ་ཞིང། །སེང་ཕྲོམ་དཀར་པོ་མར་སར་གྱིས། །ལེགས་པར་བསྐུ་བར་བྱས་ནས་ནི། །ེ་རཎྜ་ཡི་རྩ་བ་ཡི། །ལྡེ་གུ་བྱུགས་ཏེ་ཕུར་མ་བཙོ། །ཚོས་བ་བཀྲུས་ཏེ་སྐམས་ནས་ནི། །གཏགས་བ་ཐུམ་བོར་བྱས་ནས་ནི། །ར་འམ
་དུད་མེད་འོ་མ་ནི། །མཉེས་བ་མིག་ཏུ་བླུགས་པར་བྱ། །ཞེས་བྱ་བ་ལ། སེར་ཕྲོམ་ཞེས་བྱ་བ་རོ་ར་དཀར་པོ་མར་སར་གྱིས་བསྐུས་ལ། དེའི་འོག་ཏུ་ཨེ་རཎྜའི་རྩ་བའི་ལྡེ་གུས་བྱུགས་པ་དེའི་རྗེས་ལ་སྨན་གྱིས་ཕུར་མ་བཙོ་བའི་ཆིལ་གྱིས་བཙོས་ལ
་ཚོས་པར་གྱུར་པ་དང། །ཆུས་བཀྲུས་ཏེ་དེའི་འོག་ཏུ་སྐམས་པ་དེའི་འོག་ཏུ་ཞིབ་ཏུ་བཏགས་པའི་ལ་རེས་གཙང་མས་ཐུམ་བུད?་གཏུམས་ནས་པ་འམ་བུད་མེད་གྱི་འོ་མའི་ནང་དུ་ཐུམ་བུ་སྤངས་ལ་མཉེས་བ་དེའི་ཐོགས
་བ་མིག་ཏུ་བླུགས་བར་བྱའོ། །དེ་ཉིད་ས་ལ་ཐུག་བོ་ཆེའི། །ལྡེ་གུས་བསྐུས་ཏེ་དེ་ལྟར་བྱས། །ཞོ་དང་ཞོ་ཁ་ཆུས་སྤངས་པ། །མིག་ནི་བཞད་དྲགས་གྱུར་ལ་བླུགས་། །ཞེས་བྱ་བ་ལ། ཡང་སེར་ཕྲོམ་དཀར་བོ་དེ་ཉིད་འབྲས་སཱ་ལུ་ཐུག་བོ་ཆེའི་ལྡེ་གུས
་བསྐུལ།། སྔ་མ་བཞིན་དུ་མར་སར་གྱིས་བསྐུ་ཞིང་ཕུར་རམ་བཙོ་བ་ལ་སོགས་པའི་སྦྱོར་བ་སྔ་མ་བཞིན་དུ་བྱས་ལ། ཞོ་དང་ཞོ་ཁ་ཆུའི་ནང་དུ་སྤངས་པ་དེ་མིག་བཞར་དྲགས་པ་ལ་སྨན་གྱི་ཐིགས་པ་བླུགས་པར་བྱའོ། །ཡང་ན་ཞོ་ཁ་ཆུ་ཉེ་ཚེ།།
་བླུགས་ཤིང་སྐམས་པའི་ཤ་ཁུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་མིག་བཞར་དྲགས་པ་ལས་ཞོ་ཁ་ཆུ་ཉེ་ཚེ་བླུགས་ཤིང་སྐམས་པའི་ཤ་ཁུ་སྦྱིན་པར་བྱའོ། །འབྲུམ་ཕྲན་སྲ་ཞིང་མཐོ་བ་ནི། །འབྲས་ཀྱི་རྩེ་མོས་བཏོལ་བར་བྱ། །དེ་རྗེས་བཙིར་ཏེ
་ཆོག་ནི། །ལྷག་མ་སྔ་མ་བཞིན་དུ་བྱ། ཞེས་བྱ་བ་ལ། འབྲུམ་བུ་ཕྲ་མོ་ཞེས་བྱ་བའི་མིག་མཆུའི་ནད་སྲ་ཞིང་མཐོ་བར་གནས་པ་ནི་འབྲས་ཀྱི་རྩེ་མོ་འདྲ་བའི་བཙགས་བུས་བརྟོལ་ཅིང། །ཕུག་པ་དེའི་རྗེས་ལ་ཆོག་ལྷག་མ་བཀྲུ་བ་དང།
་སྨན་བསྐུ་བ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །ཞལ་ཞལ་གདབ་དང་འདྲལ་བ་ལ། །རིམ་འདི་མིག་མཆུའི་ནད་ཀུན་སྦྱར། །ཞེས་བྱ་བ་ལ། མིག་མཆུའི་ནད་ལ་ཞལ་ཞལ་གདབ་ཅིང་བླུད་པ་དང། འདྲ་ལ་ཞིང་དབུག་པའི་ལས་ཀུན་ལ་ཡང
་བཤད་མ་ཐག་པའི་རིམ་པ་འདི་ཉིད་སྦྱར་བར་བྱའོ། །ཁྲག་མཁྲིས་ལས་གྱུར་མངར་བ་ཡི། །སྡེ་ཚན་དང་བསྐོལ་མར་གྱིས་གསོ། །སྣུམ་གྱུར་ནས་ནི་གཏར་ག་གདབ། །དུར་བྱིད་བཀྲུ་སྨན་བཏང་བའི་མཆོག་།ཅེས་བྱ་བ་ལ་།ཁྲག་དང་མཁྲིས
་པས་བསྐྱེད་པའི་མིག་མཆུའི་ནད་ལ་ནི་མངར་བའི་སྡེ་ཚན་དང་བསྐོལ་བའི་མར་གྱིས་གསོས་ལ། སྣུམས་པར་གྱུར་པ་དང་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང། དུར་བྱིད་ཀྱི་བཀྲུ་སྨན་བཏང་བ་ཉིད་མཆོག་ཏུ་གྱུར་པ་ཡིན་ནོ། །བཞང་ཞིང་ཁྲག་ནི་བྱུང་ནས་ཀྱང།།
་ཤིང་མངར་བསྐོལ་བའི་ཆུས་བཀྲུ་ཞིང། །ཅན་དན་དཀར་པོའི་འོ་མ་བསྐོལ། །མིག་མཆུ་ལ་ནི་བླུགས་ན་ཕན། །ཞེས་བྱ་བ་ལ། མིག་མཆུ་ལ་བཞང་ཞིང་བྲུད་པ་དང་ཁྲག་གཟིགས་ནས་ཤིང་མངར་བསྐོལ་པའི་ཆུས་བཀྲུས་ན་ཕན་པ་དང། ཙན་དན་དཀར
་པོ་དང་འོ་མ་བསྐོལ་བའི་བླུགས་ན་ཕན་ནོ། །རྫི་མ་འབྱི་ལ་ཁས་ཀྱིས་ནི། །བ་སྤུའི་བུག་བཙགས་པའམ། །སྲིན་བུ་པདྨས་ཁྲག་དབྱུང་ངོ། །ཞེས་བྱ་བ་ལ། རྫིམ་འབྱི་བ་ནི་ཁབ་ཀྱིས་བ་སྤུའི་བུག་བཙགས་པ་འམ། །སྲིན་བུ་པདྨས་དེ་ལ་ཁྲག་དབྱུང་བར
་བྱའོ། །ཡང་ན་འོ་མ་བུ་རམ་ཤིང། །ཁུ་བས་སློན་བྱ་མངར་བསིལ་སྨན། །བསྐོལ་བའི་མར་ནི་བཏེད་བར་བྱ། ཞེས་བྱ་བ་ལ། རྫི་མ་འབྱེ་བའི་མིག་མཆུའི་ནང་འདི་ལ་འོ་མ་འམ་བུ་རམ་ཤིང་གི་ཁུ་བའི་སློན་སྨན་བྱ་བ་འམ། །རྐུན་འབྲུམ་ལ་སོགས་པའི་སྨན
་མངར་བ་དང་བསིལ་བ་དང། བསྐོལ་བའི་མར་གྱིས་རྫིམ་འབྱི་བ་ལ་སྣ་ནས་བཏང་བའི་སྨན་བཏང་པར་བྱའོ། །ན་ཚུར་དཀར་པོའི་ཕྱི་མ་ནི། །བྱེའུ་རུག་པའི་ཁུ་བས་སྔས། །ཟངས་ཀྱི་སྣོད་དུ་བཅུག་པ་དེ། །རྫིམ་འབྱི་བའི་མིག་སྨན་མཆོག་།ཅེས་བྱ་བ་ལ།
་ནག་ཚུར་དཀར་པོའི་ཕྱེ་མར་བྱས་པ་དང། བྱེའུ་དྲུག་པའི་ཁུ་བས་བསྲེས་ལ་ཟངས་མའི་སྣོད་ཀྱི་ནད་དུ་ཞག་བཅུའི་བར་དུ་སྤངས་པའི་མིག་སྨན་དེ་ནི་རྫི་མ་འབྱི་བའི་མིག་སྨན་གྱི་དམ་བར་གྱུར་བ་ཡིན་ནོ། །མིག་མཆུའི་ཤ་བྲུད་བཅའ་སྒ་དང། །རྒྱམ་ཚ
་ཕྱེ་མ་གདབ་པར་བྱ། །ཆུ་དྲོན་གྱིས་བཀྲུ་སེང་ལྡེད་དང། །ན་ལེ་ཤམ་དཀར་ཏུ་བ་རི། །ཆུ་བསྐོལ་བ་འམ་སར་པོ་གཉིས། །ཤིང་མངར་དང་ནི་འབྲས་བུ་གསུམ། །ཁུ་བ་སྦྲང་རྩིར་བཅས་བ་བླུགས། །ཞེས་བྱ་བ་ལ། མིག་ཆུའི་ཤ་ལ་འབྲུམ་ཕྲན
་བྱུང་བ་ལ་ནི་དཀྱིལ་འཁོར་ལྟ་བུའི་བཙགས་བུས་ཞལ་ཞལ་གང་བ་ཅིང་བྲུད་ལ་བཅས་ག་དང་རྒྱ་མཚ་གཉིས་ཀྱི་ཕྱེ་མ་གདབ་པར་བྱ་ཞིང་ཆུ་དྲོན་གྱིས་བཀྲུས་ལ་སེང་ལྡེང་ལ་སོགས་པའི་ཆུར་བསྐོལ་པའི་སྨན་གྱི་ཞུ་བ
་བླུགས་པར་བྱ་བ་འམ། །ཡང་ན་སེར་པོ་རྣམ་གཉིས་དང་ཤིང་མངར་དང་འབྲས་བུ་གསུམ་བསྐོལ་བའི་ཁུ་བས་སྦྲང་རྩི་དང་བཅས་པས་བླུགས་བར་བྱའོ། །བད་ཀན་ལས་གྱུར་ཞལ་ཞལ་བྱས། །ནག་ཚུར་རྒྱམ་ཚྭ་པི་པོ་ལིང། །ལྡོད་རོས། །སྟེང
་ཟིལ་ཞིབ་བཏགས་པ། །སྦྲང་རྩིར་བཅས་པ་བསྐུ་བར་བྱ། །ཞེས་བྱ་བ་ལ། བད་ཀན་གྱིས་བསྐྱེད་པའི་མིག་མཆུའི་ནང་ལ་ནི་བཙགས་བུས་ཞལ་ཞལ་བྱས་ཤིང་དྲུང་ལན་ག་ཚུར་ལ་སོགས་པའི་སྨན་ཞིག་ཏུ་བཏགས་ནས་སྦྲང་རྩི་དང་བཅས་བ་བསྐུམ
་ན་ཕན་ནོ། །སྐྱུགས་སྨན་མིག་སྨན་སྣ་སྨན་ནི། །བད་ཀན་སེལ་བ་ཐམས་ཅད་ཕན། ཞེས་བྱ་བའོ། །ཡང་ན་བད་ཀན་ལས་གྱུར་པའི་མིག་མཆུའི་ནད་ལ་སྐྱུགས་སྨན་དང་མིག་སྨན་ལ་སོགས་པ་དང། བད་ཀན་སེལ་ཅིང་འཇོམས་པར་བྱེད་པ་གང་ཡིན་པ་དེ
་ཐམས་ཅད་ཕན་ནོ། །ཆགས་པ་ལ་ཡང་འདི་དག་བྱ། །མ་ཞི་མེ་བཙའ་གདབ་པར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་མཆུའི་ནང་གསོ་བ་འདི་ནི་ཚིགས་པ་ཞེས་བྱ་བའི་མིག་ནད་ལ་ཡང་སྦྱར་བར་བྱ་ལ། དེས་ཞི་ཞིང་མེད་པར་གྱུར་ན
་ཆགས་པ་ཞེས་བྱ་བའི་མིག་མཆུའི་ནད་དེ་ལ་མེ་བཙའ་གདབ་པས་བསྲག་པར་བྱའོ། །སྒྲ་ངན་ལ་ནི་སེང་ལྡེང་དང། །ནིམཔའི་ལོ་མ་འབྲས་བུ་གསུམ། །མར་དང་སྦྱར་བའམ་པི་པི་ལིང། །ཤིང་མངར་རྒྱམ་ཚ་བསྐོལ་བ་ནི། །མ་མ་བླུད་དེ་སློན་དུ་གཞུག་ཅེས
་བྱ་བ་ལ། སྒྲ་དན་ཞེས་བྱ་བའི་བྱིས་པའི་མིག་མཆུའི་ནད་ལ་ནི་སེར་ལྡེང་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བླུད་ལ་མ་མ་སློན་དུ་གཞུག་པ་དེའི་འོག་ཏུ་པི་པི་ལིང་ལ་སོགས་པའི་བསྐོལ་བས་སློན་དུ་གཞུག་པར་བྱའོ། །རྒུན་འབྲུམ་དང་ནི་ཨ་རུ་ར།།
་པི་པི་ལིང་བསྐོལ་བཀྲུ་སྨན་སྦྱིན། །ཞེས་བྱ་བ་ལ་།དེའི་འོག་ཏུ་མ་མ་དེ་ལ་རྒུན་འབྲུམ་ལ་སོགས་པ་བསྐོལ་བའི་སྐྱུགས་སྨན་སྦྱིན་པར་བྱའོ། །སེར་པོ་རྣམ་གཉིས་པི་པི་ལིང། །གླ་སྒང་ལྡེ་གུས་ནུ་མ་བསྐུ། །ཞེས་བྱ་བ་ལ། མ་མ་དེའི་ནུ་མ་སེར་པོ་གཉིས་ལ་སོགས
་པའི་ལྡེ་གུས་བསྐུ་བར་བྱའོ། །ཡུངས་ཀར་མར་བཅོམ་དུང་པས་བདུག། སྦྱང་པ་བྱས་ནས་པ་ཏོལ། །གླ་སྐད་དང་ནི་རྒུན་འབྲུམ་དང། །སླེ་ཏྲེས་འབྲས་བུ་གསུམ་བསྐོལ་བླུད། །ཅེས་བྱ་བ་ལ། མ་མ་དེ་ལ་ཡུངས་ཀར་མར་དང་བཅས་པའི་དུད་པས་ནུ་མ་ལ་བདུག
་པར་བྱ་བ། དང། ཡང་མ་མ་དེ་བཀྲུ་སྨན་དང་སྐྱུགས་སྨན་གྱི་སྦྱར་བ་བྱས་ནས་པ་ཏོ་ལ་སོགས་པ་བསྐོལ་བའི་སྨན་གྱི་ཁུ་བ་བླུད་པར་བྱའོ། །བྱིས་པས་མིག་མཆུ་བླུད་པ་འམ། །སྲིན་པུ་པདྨས་ཁྲག་དབྱུང་བྱ། ། སྨན་དག་སྐྱུ་རུ་ར། །འཛམ་བུའི་ལོ་མ་བསྐོལ།
་བ་བླུགས། །ཞེས་བྱ་བ་ལ། བྱིས་པ་མིག་མཆུ་དེ་བཙགས་བུས་བྲུད་པ་འམ་སྲིན་བུ་པདྨས་ཁྲག་ཕྱུང་ཞིང་?་ལ་ཨ་སྨན་ཏ་ཀ་ལ་སོགས་པའི་ལོ་མ་བསྐོལ་བའི་ཁུ་བ་བླུགས་པར་བྱའོ། །བྱིས་པ་འོ་མ་མར་བརྟེན་པས། །ཕལ་ཆེར་བད་ཀན་ནད་འབྱུང
་བས། །དེ་བས་དང་པོར་སྐྱུགས་སྨན་ཉིད། །ནད་ཀུན་ལ་ནི་བསྔགས་པ་ཡིན། །ཞེས་བྱ་བ་ལ། བྱིས་པ་ནི་མའི་འོ་མ་དང་མིང་ལ་བརྟེན་ཅིང་སྤྱོད་པའི་རྒྱུས་ན་ཕལ་ཆེར་ཏེ་མང་དུ་བད་ཀན་གྱི་ནང་འབྱུང་བར་འགྱུར་བས། དེའི་ཕྱིར་བྱིས་པའི་ནད་ཐམས་ཅད་ལ་དང
་བོ་ཁོ་ནར་སྐྱུགས་སྨན་བཏང་ནི་ནད་ཀུན་ལ་བསྔགས་ཤིང་ཕན་པ་ཡིན་ནོ། །ལྕེ་མྱང་ཚ་དང་པི་པི་ལིང། ། པ་མ་ཀའི་འབྲས་བུ་མར། །འོ་མ་ཤུ་དག་སྦྲང་རྩིར་བཅས། །པོ་སོན་ཆ་ནི་ཤིང་མངར་བཅས། །འོ་མ་ཁ་ཟས་འོ་མ་དང། །ཟས་ལ་བརྟེན
་པའི་བྱིས་པ་ལ། །རིམ་བཞིན་བླུད་པས་ནད་ཀུན་ནི། །སྦྱར་བར་བྱ་ཕྱིར་སློན་སྨན་བཏང། །མཆོག་ཏུ་སྒྲ་དན་ནད་ལ་ཕན། །ཞེས་བྱ་བ་ལ། བྱིས་པའི་ནད་ཐམས་ཅད་ལ་ནི་ལྕེ་མྱང་ཚ་ལ་སོགས་པའི་སྨན་དང་མར་དང་འོ་མ་དང། སྦྲང་རྩི་སྦྱར་བའི་སྐྱུགས
་སྨན་གཏང་བ་ནི། འོ་མ་ལ་བརྟེན་པ་བསྔགས་པ་ཡིན་ནོ། །ཁ་ཟས་དང་འོ་མ་གཉིས་ལ་བརྟེན་པ་ལ་ནི་ཤུ་དག་གི་ཕྱེ་མ་སྒྲང་རྩི་དང་བཅས་པས་སྐྱུགས་སྨན་ནད་ཐམས་ཅད་ལ་ཡིན་ལ་ཟས་འབའ་ཞིག་བརྟེན་པའི་བྱིས་བ་ལ་ནི་བོ་སོན
་ཆ་དང་ཤིང་མངར་སྦྱར་བའི་སྐྱུགས་སྨན་ནད་ཐམས་ཅད་ལ་ནི་བསྔགས་པ་ཡིན་ཏེ། །དེ་ལྟར་ན་འོ་མ་འཐུང་བ་དང་འོ་མ་དང་ཁ་ཟས་གཉིས་ཀ་ལ་བརྟེན་པ་དང། ཟས་འབའ་ཞིག་ལ་བརྟེན་པར་ག་ལ་རིམས་བཞིན་དུ་སྦྱར་བར་སྟེ། དེ་ལས་ཀྱང་ཁྱད་པར
་དུ་ནི་སྒྲ་ངན་ཞེས་བྱ་བའི་མིག་མཆུའི་ནང་ལ་ཕན་པ་ཡིན་ནོ། །སཔཏ་ལ་ཡི་ཁུ་བ་མར། །བསྐོལ་བ་གཉི་ག་སྦྱོར་བྱེད་སྦྱིན། ཞེས་བྱ་བ་ལ། ཡང་ན་སཔཏ་ལ་བསྐོལ་བའི་ཁུ་དང་མང་ལྷན་ཅིག་བསྐོལ་བའི་སྨན་མར་ནི་བད་ཀན་དང་སྒྲ་ངན་གཉི་ག་སྦྱོར་བར་བྱེད་པ
་དེས་སྦྱིན་པར་བྱའོ། །གསེར་ཕྲོམ་ཤིང་མངར་སེར་པོ་གཉིས། །ནིམཔའི་ལོ་མ་སྤུ་ཙ་ཤེལ། ཟངས་ཀྱི་ཕྱེ་མར་བཅས་རེང་བུ། །སྒྲ་ངན་གྱི་ནི་ནད་ལ་ཕན། ཞེས་བྱ་བ་ལ། ཡང་ན་སོང་ཕྲོམ་ལ་སོགས་པའི་ཕྱེ་མ་དང་ཟངས་གྱི་ཕྱེ་མ་དང་བཅས་པའི་རིལ་བུ་ནི།།
་སྒྲ་དོན་གྱི་ནད་ལ་ཕན་ནོ། །ཡང་ན་ལྕགས་ཀྱི་ཕྱེ་མ་བསྲེགས། །འོ་མ་སྦྲང་རྩི་མར་བཅས་ཕན། །?་བྱ་བ་ལ། ཡང་ན་ལྕགས་ཀྱི་ཕྱེ་མ་བསྲེགས་པ་དང། འོ་མ་སྒྲང་རྩི་།བཅས་པའི་རིལ་བུ་ཡང་སྒྲ་ངན་གྱི་ནད་ལ་ཕན་ནོ། །སུག་སྨེལ་སྒོག་སྐྱ་ཀ?་ཏག་།
་ཕ་ནིད་ཛ་ཀན་ལེ་ཤམ། །དུང་བཅས་ཆུ་དང་བརྡར་བ་དང། ཀཏཔ་ལ་བཅས་རིལ་བཱུང་ཕན། ཞེས་བྱ་བ་ལ། ཡང་ན་སུ། །སྨེལ་ལ་སོགས་པའི་རིལ་བུ་ཡང་མིག་མཆུའི་ཤའི་ནད་དང་སྒྲ་ངན་གྱི་ནད་ལ་ཕན་ནོ། །ཀ་ཏ་ཀ་པ་ལ་ནི་ཀཾ་ཚའོ། །ཡི་ནད་ཚ་ཀ
་ནི་མ་དུ་པ་ཀའོ། །རྫི་མའི་འགགས་ནད་འཕེལ་བ་ལ། །སྦྱང་བ་བྱས་པར་གྱུར་པ་ནི། སྨིན་མའི་འོ་གི་ཆ་གཉིས་དང། །རྫི་མའི་ཆ་ཅིག་བར་བར་ནི། །སྣད་ཀྱི་ཚད་ཙམ་ནས་ཀྱི་དབྱིབས། །འཕྲེང་དུ་བཀྲལ་ལ་རས་རློན་པས། །དེ་ཡི་ཁྲག་ནི་བསལ་ནས་ནི
་ཁྲག་ནི་ཆུང་བར་གྱུར་པ་དང། །བར་མཚམས་མངྒ་ཙམ་བཞག་ལ། །ཁ་བ་ནི་ཡོན་པས་བཅོམ་པར་བྱ། །ཞེས་བྱ་བ་ལ། རྫི་མ་དགགས་པའི་ནད་སྤུ་འཕེལ་བར་གྱུར་པ་ལ་ནད་བ་སྦྱང་བར་བྱས་ཤིང་དག་པར་བྱས་པའི་སྨིན་མའི་འོག་ཆ་གཉིས་དང། རྫི་མའི་ཆ་གཅིག་བོར
་བའོ་གནས་སུ་ནས་ཀྱི་ཚད་ཙམ་ལ་དབྱིབས་ནས་འདྲ་བ་འཕྲེང་དུ་བཀྲལ་ལ་རས་ཆུ་དྲོན་མོའི་ནང་དུ་སྤངས་པས་དེའི་ཁྲག་བསལ་ཞིང་ཕྱིས་ནས་ཁྲག་དེ་དྲི་ཞིམ་ཆུང་བར་གྱུར་པ་དང་བར་མཚམས་སུ་སྲན་མུངྒ་ཞེས་བྱ་བ་མོན་སྲན་སྡེའུ་ཙམ་བཞག་ལ། ཁབ་ཡོན་པོས
་ལེགས་པར་དྲུབ་པར་བྱའོ། །དཔྲལ་བར་རས་ཀྱིས་བཅིངས་ནས་ནི། །དེ་བཞིན་སྐུད་པས་བཅོམ་པར་བྱ། །ཤིན་ཏུ་དམ་དང་ལྷོད་མིན་པར། །དེར་ནི་ལེགས་པར་བཙེམ?་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་དྲལ་བར་རས་ཀྱི་ཚལ་པས་བཅིང་ལ། དེར་སྐུད་པས་ཤིན
་ཏུ་དམ་པ་མང་མ་ཡིན་ཤིན་ཏུ་ལྟོང་པ་ཡང་མ་ཡིན་བར་བཙེམ་པར་བྱའོ། །དེ་ནས་སྦྲང་རྩི་མར་གྱིས་བྱུག་།འདི་ལ་བཅིང་པར་མི་བྱའོ། །ཞེས་བྱ་བ་ལ། དེའི་འོག་ཏུ་སྦྲང་རྩི་དང་མར་གྱིས་བྱུག་ཅིང་དེ་བསྐུས་པའི་རས་ཀྱིས་དཀྲིས་ལ་བཙེམ་བར་བྱའི་འདི་ལ་བཅིང་བར
་ནི་མི་བྱའོ། །ན་ན་ནྱ་གྲོ་དྷ་སོགས་པའི། །ཁུ་བ་འོ་མ་བཅས་པ་བླུགས། །ཞེས་བྱ་བ་ལ། གལ་ཏེ་རྨ་དེ་ནད་དང་བཅས་པར་གྱུར་ན་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་གྱི་ཁུ་བ་འོ་མ་དང་བཅས་པ་བླུགས་པར་བྱའོ། །ཞག་ལྔ་པ་ལ་སྐུད་པ་ནི། །བསལ་ཏེ་ཡུག་སྣམ
་ཕྱེ་མ་ནི། །རྨ་ལ་སོགས་པར་གདབ་པར་བྱ། །སྣ་སྨན་མིག་སྨན་རྣོན་པོ་བཏང། ཞག་ལྔ་པ་ལ་མཚོན་གྱིས་དབྲལ་ལ་དེ་འདྲུབས་པར་གྱུར་པ་དང་སྐུད་པ་བསལ་ཅིང་བཅད་དེ་བཙགས་ཡུག་སྣམ་ཞིབ་ཏུ་བཏགས་པའི་ཕྱེ་མ་རྨ་ལ་གདབ་པར་བྱ་བ
་དང། དེ་ལ་སྨ་སྨན་དང་མིག་སྨན་རྣོན་པོ་བཏང་བར་བྱའོ། །ཞིག་བཅུའི་མཐར་ཡང་གྲས་སན། །མིག་མཆུར་བརྟེན་གཉིས་བཟློག་སྟེ་བསྲེག་།ཅེས་བྱ་བ་ལ། སྦྱོར་བ། དེས་ཞི་བར་མ་གྱུར་ན་མིག་མཆུ་བ་སྟེན་པའི་གཉེད་མ་བཟློག་སྟེ་ཐ་སྨན་ནམ་ཐུར་མ་ཚ་བས
་བསྲེག་བར་བྱའོ། །རྫི་མའི་ལྷག་མཚེར་གཟུངས་ཀྱིས། །ཕྱུང་ལ་དེ་ཡི་གནས་དག་ནི། མེ་ཡི་མདོག་འདྲ་ཁབ་རྩེས་བསྲེག་ཅེས་བྱ་བ་ལ། རྫི་མའི་ལྷག་མཚེར་གཟུངས་ཀྱིས་ཕྱུང་ལ་རྫི་མ་དེའི་གནས་མེའི་མདོག་འདྲ་བའི?
་རྩེ་མོས་བསྲེག་པར་བྱའོ། །ཕྱི་རོལ་རློན་པས་བསྲེག་པ་དང། ཐོར་བུ་བཅད་པར་གྱུར་པ་ལ། །མེ་འམ་ཐལ་སྨན་རྣོན་བོས་བསྲེག། ཅེས་བྱ་བ་ལ། ཕྱི་རོལ་གྱི་རློན་ཞིང་གཤེར་བ་མེ་འམ་ཐལ་སྨན་གྱིས་བསྲེག་པར་བྱ་བ་དང་ཐོར་བུ་ཡང་རྩ་ཕན་ས་དང་པོ་བཅད་པ
་མེ་འམ་ཐལ་སྨན་རྣོན་པོས་བསྲེག་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་ལ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་དགུ་པའི
་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་ཟུར་དང། མིག་གི་འབྲས་བུ་དཀར་ནག་གི་ནད་ཀྱི་དམིགས་ཤེས་ཤིང་བརྟག་པར་བྱ་བའི་ལེའུ་གང་ཡིན་པ་དེ། ཞེས་བྱ་བ་ལ། མིག་མཆུའི་ནད་ཀྱི་རྗེས་ལ་མིག་ཟུར་དང་མིག་གི་འབྲས་བུ་དཀར་ནག་གི་ནད་ཀྱི་དམིགS
་བརྟག་པར་བྱ་བ་བསྟན་པ་ནི་གནས་ཀྱི་གོ་རིམ་གྱི་བཤད་པ་ཡིན་ཏེ། མིག་ཟུར་གཉིས་དང་མིག་གི་འབྲས་བུ་དཀར་པོ་དང་ནག་པོ་དག་གི་ནད་ཀྱི་དམིགས་ཤེས་ཤིང་བརྟག་པར་བྱ་བའི་ལེའུ་གང་ཡིན་པ་དེ་བཤད་པར་བྱའོ། །ཞེས་པའོ། །རླུང་འཁྲུགས་པས་ནི་ཆུ་རྒྱུ་བའི།།
་རྩར་སོང་ནས་ནི་ཆུ་འདྲ་བའི། །མཆི་མ་མིག་མཆུའི་མིག་ཕུགས་ཀྱི། །མཚམས་ནས་མཆི་མ་འཛག་པར་འགྱུར། །དེས་ནི་ནང་མེད་རྩ་དམར་ལ། །སྐྲང་འགྱུར་དེ་ནི་ཆུ་འཛག་ཡིན། །ཞེས་བྱ་བ་ལ། རླུང་གི་ནད་རང་གི་སྐྱེ་བའི་རྒྱུས་འཁྲུག་ཅིང་ལྔར་བར་གྱུར་པ་དང། ཆུ
་རྒྱུ་བའི་རྩར་སོང་ནས་མིག་ཕུགས་ཀྱི་མཚན་ཉིད་དེ། མིག་འབྲས་དཀར་པོའི་མཛའ་སྣ་གོང་གི་ཕུགས་ཆུ་འདྲ་བའི་མཆི་མ་འཛག་པར་འགྱུར་ལ། ནད་དེས་མིག་ན་པ་ལྟང་ལྟང་པོ་མེད་པར་རྩ་དམར་བ་དང། སྐྲད་པར་འགྱུར་ཏེ་མིག་ནད་དེ་ནི་ས་ཆི་མ་འཛག།
་པ་ཞེས་བྱའོ། །བད་ཀན་ལས་གྱུར་སྤྱི་བག་མང། །དཀར་བ་བད་ཀན་འཛག་པ་ཡིན། ཞེས་བྱ་བ་ལ། བད་ཀན་འཛག་པའི་མིག་ཟུར་གྱི་ནད་ནི་བད་ཀན་ལས་གྱུར་ཅིང་མཆི་མ་སྤྱི་བག་ནལ་ནལ་པོར་མང་དུ་འཛག་པ་དང། མིག་དཀར་བ་ནི་མིག་བད་ཀན་འཛག་པ
་ཞེས་བྱའོ། །བད་ཀན་གྱིས་སྐད?་རྩེ་མོ་ནི། །ལན་ཚའི་ཆུ་བུར་འདྲ་བ་འབྱུང། །རྩ་བ་ཆེ་ཞིང་གཡོ་བ་སྣུམ། །མདོག་འདྲ་འཇམ་ཞིང་སྤྱི་བག་ཅན། །ཆེ་ཞིང་སྨིན་དཀར་གཡོ་?་བཅས། །གཟེར་མེད་བཅིངས་པ་ལྟ་བུ་ཡིན། །ཞེས་བྱ་བ་ལ། བད་ཀན་གྱི་མིག་སྐྲངས
་པར་འགྱུར་ཞིང་སྐྲངས་པ་དེའོ་རྩ་མོ་རྣོན་པོར་འདུག་ལ་སྐྲངས་བ་དེ་ལན་ཆའི་ཆུ་བུར་འབྱུང་བ་འདྲ་ཞིང་རྩ་བ་ཆེ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་བཅིངས་པ་ལྟ་བུའི་མིག་ནད་ཅེས་བྱའོ། །ཁྲག་ལས་མཆི་མ་ཁྲག་འཛག་དམར། །ཤས་ཆེར་དྲོ་བ་ཁྲག
་འཛག་ཡིན། ཞེས་བྱ་བ་ལ་ཁྲག་འབྲུཌ་པ་ལས་མཆི་མ་དམར་ཞིང་ཤེས་ཚེར་དྲ་བ་འཛག་པ་ནི་མིག་ཟུར་གྱི་ནད་ཁྲག་གི་མཆི་མ་འཛག་བ་ཞེས་བྱའོ། །མིག་མཆུ་གྲཝ་མཚམས་དཀར་པོ་རུ། །འབྲུམ་ཕྲན་ཚ་ཞིང་གཟེར་དང་བཅས། །དམར་ཞིང་མུངྒ་འདྲ་ལ་གསོ། །
་ཁྲག་འཛག་དེ་ནི་ཚིགས་ཅན་ཡིན། །ཞེས་བྱ་བ་ལ། མིག་མཆུའི་གྲ་མཚམས་དཀར་པོའི་ཆ་རུ་འབྲུམ་ཕྲན་ཚ་བ་ལ་སོཌ་པ་དང་ལྡན་པ་སྲན་མུངྒ་ཅན་དང་མུངྒ་དང་འདྲ་བ་ཁ་གྱེས་ཤིང་གས་པ་ལས་ཁྲག་འཛག་པ་ད་ནི་མིང་ཚིགས་ཅན་ཞེས་བྱའོ། །རྣག་འཛག་དྲི་མ་ཁྲག་དང
་བཅས། །མིག་དུས་ཞེས་ཀྱི་ནི་གྲཝ་མཚམས་ན། །ཡང་དང་ཡང་དུ་རྣག་འཛག་ཅིང། །ཤ་ལྤགས་འདྲུལ་པར་མཆི་མར་བཅས། །ཞེས་བྱ་བ་ལ། རྣག་འཛག་པ་ཞེས་བྱ་བའི་མིག་ཟུར་གྱི་ནང་ཎི་དྲི་མ་ཞེས་བྱ་བ་ནད་གཞི་གསུམ་པོ་ཁྲག་དང་བཅས་པའི་མིག་ཕུགS
་གྱི་མིག་མཆུའི་མཚམས་ནས་ཡང་དང་ཡང་དུ་རྣག་འཛག་ཅིང་མཆི་མ་འབྱུང་བ་དང། བཅས་པ་དང། ཤ་དང་པགས་པ་འདྲུལ་བའི་རྒྱུ་ལས་འབྱུང་བའི་རྣག་འཛག་པའི་མིག་ནད་ཅེས་བྱའོ། །རྣག་སླ་འཛག་བའི་རྨ་ཕྲ་ཞིང། །སྐྲད་ཞིང་གཡོ་བ་ཆེ་བ་དང།
་མིག་ཕུགས་མཚམས་སྐྲད་རྣག་འཇག་ཅིང། །ནང་བཅས་རྣག་ནི་ཆུ་སེར་འཛག་ཅེས་བྱ་བ་ལ། རྣག་སླབ་ཆུ་སེར་འདྲ་བ་འཛག་པ་དང། །རྨའི་དབྱིབས་ཕྲ་ཞིང་སྐྲད་པ་དང། གཡོ་ཞིང་འགུལ་པ་དང། རྩོམ་པ་ཆེ་བ་ལ་མིག་ཕུགས
་ཀྱི་གྲཝ་མཚམས་སྣ་གོང་གི་མཚམས་སུ་སྐྲངས་པ་དང། རྣག་གི་ཚོགས་འཛག་ཅིང་འབབ་པ་དང། ནང་དང་བཅས་པ་ཡིན་ཏེ། ནད་དེ་ནི་རྣག་གི་ཆུ་སེར་འཛག་པ་ཞེས་བྱའོ། །མིག་ཕུགས་ཀྱི་ནི་མཚམས་ནང་ན། །སྐྲང་ཟུག་ཚ་བཅས་ཆུ་སེར་ཅན། །ཞེས་བྱ་བ
་ལ། མིག་ཕུགས་ཀྱི་མཚམས་ཀྱི་ནང་ན་ན་བ་དང་བཅས་པའི་དང། ཟུག་པ་དང་ཚ་བ་དང་བཅས་པ་ནི་ཆུ་སེར་ཅན་གྱི་མིག་ཟུར་གྱི་ནད་ཅེས་བྱའོ། །མིག་ཟུར་མ་ནི་མིག་ཕུགས་སུ། །གཡའ་ཞིང་རྫི་མའི་བུ་གནས། །རྣག་འཛག་སྲིན་དང་རྨེན་བུ་འབྱུང།།
་ན་བཅས་སྲིན་གྱི་རྨེན་བུ་ཅན། །ཞེས་བྱ་བ་ལ། མིག་འགྲམ་གྱི་མིག་ཟུར་གྱི་ཕྱོགས་སམ་མིག་ཕུགས་སྣ་གོང་གི་ཕྱོགས་སུ་གཡའ་བ་ལ་སོགས་པ་དང་ལྡན་པའི་སྲིན་གྱི་རྨེན་བུ་འབྱུང་བར་འགྱུར་ཞིང་ན་བ་དང་བཅས་པ་ནི་སྲིན་བུའི་རྨེན་བུ་ཞེས
་བྱ་འདོད་བཅིང་པ་ལྟ་བུའི་སྲིན་རྨེན་བུ། རྣག་གི་ཆུ་སེར་ཚིགས་ཅན་དག་།མཚོན་གྱིས་གསོ་བྱ་ལྷས་མ་ལྔ། །འཛག་པས་ཆུ་སེར་བཅས་པ་སྤང། །ཞེས་བྱ་བ་ལ། བཅིངས་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་གཞི་ནི་མཚོན་གྱི་བཙགས་བུས
་གསོ་བར་བྱ་ལ། མིག་མཆུ་འཛག་པ་ལ་སོགས་པ་བཞི་དང་ཆུ་སེར་ཅན་ཏེ་ལྔ་པོ་དེ་དག་སྤང་པར་བྱའོ། །དེ་ཡང་འཛག་པ་བཞི་ནི་ཆུ་འཛག་པ་དང། བད་ཀན་འཛག་པ་དང་ཁྲག་འཛག་པ་དང། །རྣག་འཛག་པའོ། །མཁྲིས་པས་དཀར་པོར་ཐིག་ལེ་ནི།།
་གནག་པ་འམ་སྔོ་བ་འམ་སེར་པོ་བསྐྱེད། །གུར་གུམ་མེ་ལོང་དྲི་མས་གོས། །ལྟར་སྨན?་བ་ཚ་བ་མེད། །འཁྲུ་ཞིང་སྐོམ་དང་རིམས་དང་བཅས། །ནང་ནི་ཉ་ཕྱིས་ཅན་ཞེས་བྱ། །ཞེས་བྱ་བ་ལ། མཁྲིས་པའི་ནད་ཀྱིས་མིག་འབྲས་དཀར་པོའི་སྟེང་དུ་ཐིག་ལེ་ནག་པོ
་འོ་མ་སྔོན་བོ་འམ་སེར་པོ་འམ། །ཡང་ན་དཀར་པོ་ཐམས་ཅད་མེ་ལོང་དྲི་མས་གོས་པ་ལྟར་སྣང་ཞིང་ཚ་བ་དང། ལྟང་ལྟང་པོར་ན་བ་མེད་པ་དང། འཁྲུ་བ་ལ་སོགས་པ་དང་བཅས་པའི་ནད་དེ་ནི་མིང་ཉ་ཕྱིས་ཅན་ཞེས་བྱའོ། །བད་ཀན་ལས་དཀར་ཤ་ལྷག་དཀར། །རིང
་ནས་འཕེལ་བ་མིག་མཛེར་དཀར། །ཞེས་བྱ་བ་ལ། བད་ཀན་གྱི་རྒྱུ་ལས་མིག་འབྲས་དཀར་པོའི་ཆར་ཤ་ལྷག་དཀར་ཞིང་ཡུན་རང་ཞིག་ནད་ལ་གྱིས་འཕེལ་བ་གང་ཡིན་པ་དེ་ནི་མིག་འཛེར་དཀར་པོ་ཞེས་བྱའོ། །ནད་མེད་པ་ལ་སྐྲངས་པ་དང། མདོག་དཀར་ལྷུན་ཆེ
་འཇམ་པ་དང། ལྕེ་སྣུམ་ཆུ་ཡི་ཐིགས་པ་འདྲ། །བད་ཀན་མདུད་བ་ཞེས་བྱར་བཤད། ཅེས་བྱ་བ་ལ། ཡང་མིག་འབྲས་དཀར་པོ་ལན་ཚབས་ཆུང་ཞིང་སྐྲངས་པ་དང། །མདོག་དཀར་ཞིང་དཀར་པོར་སྣང་བ་དང། །ལྷུན་ཆེ་བ་དང། འཇམ་ཞིང་མཉེན་པ་དང་།ལྕི་བ་ལ?
་སོགས་པའི་རྨེན་བུ་བྱུང་བ་གང་ཡིན་པ་དེ་ནི་བད་ཀན་གྱི་མདུད་པ་ཞེས་བྱའོ། །ཞེས་དྲང་སོང་རྣམས་ཀྱིས་བཤད་དོ། །ཐིག་ལེ་འབྲས་ཕྱེ་ལྟར་དཀར་བ། །མཐོ་བ་འབྲས་ཕྱེ་འདྲ་ཞེས་བཤད། །ཅེས་བྱ་བ་ལ། མིག་འབྲས་དཀར་པོའི་སྟེང་དུ་ཐིག་ལེ་འབྲས་ཕྱེ་ལྟར
་དཀར་ལ་དཔངས་མཐོ་ཞིང་པགས་པས་ཁྱབ་པ་གང་ཡིན་པ་དེ་ནི་འབྲས་ཕྱེ་འདྲ་བ་ཞེས་བྱའོ། །དཀར་པོ་རི་མོ་དམར་པོས་ཁྱབ། ཚ་ཞིང་ན་དང་བཅས
་པ་ནི། །སྐྲད་ཞིང་མཆི་མས་གོས་པ་མེད། །ཁྲག་གྱུར་རྩ་ཡི་ཉེས་པ་བཤད། ཅེས་བྱ་བ་ལ་མིག་འབྲས་དཀར་པོའི་སྟེང་དུའི་མོ་དམར་པོ་ཤར་ཤར་པོར་ཁྱབ་ཅིང་ཚ་བ་དང། ལྟང་ལྟང་པོར་ན་བ་དང་བཅས་པ་ལ། །སྐྲངས་པ་དང་།མཆི་མ་དང་ལྗན་ལྗིན་གྱིས་གོས་པ
་མེད་བར་གྱུར་པ་དེ་ནི་ཁྲག་ལས་གྱུར་པའི་རྩའི་ནད་ཡིན་པས་ན་རྩའི་ཉེས་པ་ཞེས་བྱའོ། །རྩ་ཉེས་ཡལ་བར་པོར་ན་ནི། །དམར་རིས་དེ་ཉིད་འཕེལ་བར་འགྱུར། །ཁྲག་བཅས་རྩ་ནི་བརྩེ་བར་བྱེད། །དེ་ཡིས་མིག་གིས་བལྟ་མི་ནུས། །ཞེས་བྱ་བ་ལ། རྩའི་ཉེས་པ་དེ་ཡལ་བར
་གསོ་བམ་བྱས་ན་རྩ་རིས་དམར་ཕོ་ཤར་ཤར་བོར་གནས་བ་དེ་ཉིད་འཕེལ་ཞིང་རྒྱས་བར་བྱུང་པས་རྩ་ཁྲག་དང་བཅས་པ་དང། རྩ་རྩེ་ཞིང་ཚ་བ་ཙག་ཙག་བོར་ཁྱབ་པར་འགྱུར་རོ། །རྩ་རྩེ་པ་དེས་མིག་གིས་ལྟ་མི་ནུས་པར་འགྱུར་རོ། །རྩའི་དྲ
་བས་གཡོགས་ཤིང་སྡུག། མཐོ་བ་རྩ་ཡི་དྲ་བ་ཡིན། །ཞེས་བྱ་བ་ལ། རྩའི་དྲ་བ་ཞེས་བྱ་བའི་མིག་ནང་ནི་དཀར་པོ་རྩའི་ནང་ན་ཁྲག་གིས་གང་ཞིང་ཆེ་བ་སྟུག་ཅིང་མཐོ་བར་གནས་པ་ཡིན་ནོ། །ཁྲག་གིས་མིག་འཛོར་འཛམ་ཞིང་མཉམ། །པདྨ་འདྲ་བ
་ཤ་ལྷག་ཡིན། །ཞེས་བྱ་བ་ལ། ཁྲག་གི་མིག་མཛེར་དང་མཉམ་པ་སྟེ་མིག་ཟུར་གྱི་ནང་དང། ཚུལ་འདྲ་བ་འཇམ་ཞིང་མཉམ་པ། མདོག་པདྨ་འདྲ་བ་གང་ཡིན་པ་དེ་ན་ཤ་ལྷག་ཅན་ཞེས་བྱའོ། །ནད་མེད་རི་བོང་ཁྲག་ལྟར་དམར། །ཐིག་ལེ་ལིང་ཏོག་དམར་པོ་ཡིན།།
་ཞེས་བྱ་བ་ལ། མིག་འབྲས་དཀར་པོའི་སྟེང་དུ་ལིང་ཏོག་ནད་གྱི་ཤས་ཆུང་ཞིང་རི་བོང་གི་ཁྲག་ལྟར་དམར་བའི་ཐིག་ལེ་འབྱུང་བ་དེ་ནི་མིང་ལིང་ཏོག་དམར་པོ་ཞེས་བྱའོ། །འཇམ་ཞིང་ནད་མེད་མྱུར་དུ་འཕེལ། །དཀར་པོས་ཁྱབ་བྱེད་དམར་ནག་ནི། །ཁྱབ་པའི་མཛེར་པ
་ཞེས་བྱའོ། །ཞེས་བྱ་བ་ལ། འཇམ་ཞིང་སྲ་བ་མ་ཡིན་གཟུག་གཟར་གྱི་ཤས་ཆུང་བ་མྱུར་དུ་མཆེད་ཅིང་འཕེལ་བར་བྱེད་པ་དཀར་པོར་ཁྱབ་ཅིང་རྒྱས་པར་བྱེད་ལ། མདོར་དམར་ནག་ཏུ་གནས་པ་དེའི་མིང་ནི་ཁྱད་པའི་མཛེར་བ་ཞེས་བྱའོ། །དྲི་མ་ཁྲག་བཅས
་རྩའི་མཛེར་པ། རྩ་རྒྱུས་དང་འདྲ་རྩ་མཛེར་ཡིན། ཞེས་བྱ་བ་ལ། ནད་གཞི་གསུམ་གྱི་དྲི་མ་ཁྲག་ཏུ་བཅས་པ་ལས་བྱུང་བའི་རྩའི་མཛེར་པ་རྩ་རྒྱུས་དང་འདྲ་བར་གནས་པ་གང་ཡིན་པ་དེ་ནི་རྩའི་མཛེར་བ་ཞེས་བྱའོ། །ཁྲག་སྐམ་གོང་པོ་ལྟར་གནག་ཅིག། །ཤ
་ནི་ཆེ་ཞིང་རྒྱས་པར་གང། །དེ་ནི་ཤ་ལྷག་མཛེར་པ་ཡིན། ཞེས་བྱ་བ་ལ། ཤ་གང་ཁྲག་སྐམ་པོའ?་གོང་བུ་ལྟར་གནག་ཅིང་ཤས་ཆེ་བ་དང། མཛེར་པ་རྒྱས་ཤིང་གཏོས་ཆེ་བ་གང་ཡིན་པ་དེ་ནི་ཤ་ལྟག་གི་མཛེར་པ་ཞེས་བྱ་བ་ཡིན་མོ། །ཆ་ཞིང་རེག་ན་རྩུབ་པ
་དང། །རྩས་གཡོགས་མིག་འབྲས་རྣག་དང་ཏེ། །འབྲུམ་ཕྲན་ཡུངས་ཀར་ལྟ་བུས་རྩ། ཞེས་བྱ་བ་ཡ། མིག་འབྲས་ནག་པོ་དང་ཐག་ཉེ་བར་འབྲུམ་བུ་ཕྲ་མོ་ཡུངས་ཀར་ལྟ་བུས་ཁྱབ་ཅིང་ཚ་བ་དང། རེག་ན་རྩུབ་བ་དང་ལྡན་ལ་རྩས་གཡོགས་པ་གང་ཡིན་པ་དེ་ནི་མིང
་རྩ་ཞེས་བྱའོ། །ཉ་ཕྱིས་རྩ་རྩེ་རྩའི་ཉེས་པ། །འབྲས་ཕྱེ་མདུང་པའི་ལང་ཏོག་དམར། །དྲུག་པ་སྨན་གྱིས་གསོ་བར་བྱ། །ལྷག་མ་བདུན་པོ་མཚོན་གྱིས་གསོ། །ཞེས་བྱ་བ་ལ། ཉ་ཕྱིས་ལ་སོགས་པའི་མིག་ནང་དྲུག་པོ་ནི་སྨན་གྱིས་གསོ་ཤིང་བཅོས་པར་བྱའོ། །མིག་ནང
་ལྷག་མ་བདུན་ནི་མཚོན་གྱིས་དཔྱད་དུ་བྱ་ཞིང་གསོའོ། །དེ་ཡང་སར་པ་རྣམས་ཀྱིས་གསོའོ། །མཛེར་བ་བཤང་པ་ལྔ་པོ་གད། །རྒྱུས་པ་དང་ནི་རྩས་གཡོགས་པ། ནག་པོར་ཕྱིན་ཅིང་པགས་གས་འདྲ། །མཐོན་པོར་བཅད་པར་བྱ་བ་ཡིན། ཞེས་བྱ་བ་ལ། མཚོན
་གྱིས་གསེ་བར་བྱ་བར་དག་ཀྱང་སར་པ་ཡིན་ཞིང་ནད་བྱུང་ནས་རིང་པོ་མ་ལོན་པ་ནི་སྨན་ཉིད་གྱིས་གསོ་བར་བྱའོ། །མཛེར་བར་བཤད་པ་ལྔ་པོ་རྒྱུས་པ་དང་རྩས་གཡོགས་པ་མིག་འབྲས་ནག་པོར་ཕྱིན་པ་པགས་པགས་པ་ལྟ་བུར་སྣང་བ་མཐོན་པོ་གང་ཡིན་པ་དེ་ནི
་མཚོན་གྱིས་བཅད་པར་བྱའོ། །དེ་ལ་མཛེར་པ་ལྔ་པོ་ནི། །མཛེར་པ་དཀར་པོ་དང། ཁྲག་གི་མཛེར་བ་དང། ཤ་ལྷག་གི་མཛེར་པ་དང། ཁྱབ་པའི་མཛེར་པ་དང། རྩ་རྒྱུས་ཀྱི་མཛེར་པ་སྟེ་ལྔའོ། །མཐོང་བྱེད་སྟེང་དུ་ཕྱིན་པ་སྤང། ཞེས་བྱ་བ་ལ། མཛེར་པ་དེ་མཐོང
་བར་བྱེད་པ་ཞེས་བྱ་བའི་མིག་གི་རྒྱལ་མོའི་སྟེང་དུ་མཛེར་པ་དེ་དག་བྱུང་ན་ནི་སྤང་ཞིང་དོར་བར་བྱའོ། །དེ་ལྟར་ན་དེ་ཡན་ཆད་མིག་འབྲས་དཀར་པོའི་ནད་བཅུ་གསུམ་བཤད་པ་ཡིན་ནོ། །ནག་པོ་འམ་མཐོང་བྱེད་ལ་མཁྲིས་པས། པགས་པ་བརྟོལ་ཏེ་ལིང་ཏོག་ནི། །ཟུག་དམར
་མཆི་མ་བཅས་པ་བསྐྱེད། །དེ་ཡིས་མིག་འབྲས་དཀྱིལ་འཁོར་ནག་།འཛམ་བུ་སྨིན་བ་འདྲ་རེ་སྣང་ཞིང། །དམའ་བ་རྨ་ཡི་ལིངྒ་ཏོག་སྟེ། །དེ་ནི་གསོ་དཀའ་། ཞེས་བྱ་བ་ལ། ནག་པོར་ཞེས་བྱ་བ་མིག་འབྲས་ནག་པོའི་ཤའི་སྟེང་དམ། མཐོང་བར་བྱེད་པའི་མིག་གི་རྒྱལ་མོའི
་སྟེང་དུ་མཁྲིས་པས་འཁྲུགས་པར་གྱུར་ནས་པགས་པ་བརྟོལ་ཏེ་ལིང་ཏོག་ཟུག་ཅིང་ན་བ་དང། དམར་བ་དང། མཆི་མ་དང་བཅས་པ་བསྐྱེད་པར་བྱེད་པ་ལ། ནང་དེས་མིག་གི་འབྲས་བུའི་དཀྱིལ་འཁོར་ནག་པོ་འཛམ་བུ་སྨིན་པ་དང།
་མདོག་འདྲ་བར་སྣང་བར་གྱུར་ལ། ལིང་ཏོག་དེའི་ཅུང་ཟད་དམའ་བ་ཡིན་ཏེ། དེ་ལ་ནི་མིང་རྨའི་ལིང་ཏོག་ཅེས་བྱའོ། །དེ་ནི་ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །རིམས་གཉིས་དག། བརྟོལ་བ་གསོ་བརྩམ་ཡིན་ནོ། །ཞེས་བྱ་བ་ལ། ལིང་ཏོག་དེ་རིམ་པ་གཉིས་བཅོལ་པ
་ཡིན་ན་ནི་དེ་རེ་ཞིག་གསོར་རུང་བ་ཙམ་ཡིན་ནོ། །དེར་ནི་ཟུག་པ་ལ་སོགས་མང། ནག་པོ་ཁབ་ཀྱིས་ཕུག་སྙམ་བྱེད། །ཅེས་བྱ་བ་ལ། རིམ་པ་གཉིས་བརྟོལ་ནས་བྱུང་བའི་ལིང་ཏོག་ནི་ཟུག་པ་ལ་སོགས་པའི་ནང་མེད་པར་གྱུར་པ་དང་མིག་འབྲས་ནག་བོ་ཁབ་ཀྱིས
་ཕུག་པ་སྙམ་དུ་སེམས་པར་འགྱུར་རོ། །རིམ་པ་གསུམ་ནི་བརྟོལ་བ་དང། རྨ་ཡིས་ཁྱབ་པར་གསོར་མི་རུང་།ཞེས་བྱ་བ་ལ། ལིང་ཏོག་དེ་མིག་ལྤགས་ཀྱི་རིམ་པ་གསུམ་པོ་བརྟོལ་ཏེ་བྱུང་བ་དང་རྨ་ཡིས་ཁྱབ་ཅིང་ཁེབས་པ་གང་ཡིན་པ་དེ་ནི་གསོར་མི་རུང་?
་འགྱུར་རོ། །བད་ཀན་ལས་གྱུར་དུང?་ལྟར་དཀར། །ཤས་ཆེར་མིན་གསོ་སླ་དཀར། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལིང་ཏོག་དུང་ལྟར་ཤས་ཆེར་དཀར་ཞིང། །ཧ་ཅང་ཤས་ཆར་མིན་པ་གང་ཡིན་པ་སྟེ་གསོ་པར་སླ་བ་ཡིན་ཏེ། དེ་ནི་ལིང་ཏོག་དཀར་པོ
་ཞེས་བྱའོ། །དམར་ཞིང་མཆི་མ་སྤྱི་བག་འཛག་།འབྲུམ་ཕྲན་དམར་ཞིང་ཤིན་ཏུ་ན། །ར་ཡི་རིལ་མ་འདྲ་ཞིང་འབུར། །ཁྲག་སྐྱེས་ར་རིལ་འདྲ་བ་སྤང། །ཞེས་བྱ་བ་ལ། ཁྲག་འཁྲུགས་པར་གྱུར་པ་ལས་མིག་གི་འབྲས་བུ་ནག་པོའི་སྟེང་དུ་འབྲུམ་བུ་ཕྲ་མོ
་ཀུན་ལས་དམར་ཞིང་མཆི་མ་སྤྱི་བག་ནལ་ནལ་པོ་འཛག་ལེ་འབྲུམ་ཕྲན་དེ་ཟངས་ལྟར་དམར་ལ་ཤིན་ཏུ་ནལ་དབྱིབས་རའི་རིལ་མ་འདྲ་བར་འཇོད་ཞིབ་འབུར་ལ་ནག་བ་དེ་ནི་རའི་རིལ་མ་ལྟ་བུ་ཞེས་བྱ་སྟེ། དེ་གསོར་མི་རུང་བས་སྤང་པར་བྱའོ། ནད་ཁྲག
་བཅས་པས་རྩ་ལིང་ཏོག། དེ་ཡིས་མིག་འབྲས་ནག་པོ་ཁེབས། །ཚ་ཞིང་ན་ལ་དམར་པ་ཡི། །རྩ་ཡིས་ཀུན་ཏུ་རྒྱས་གྱུར་ལ། །རྒྱུ་མེད་མ་ཆི་མ་གྲང་དྲོ་དང། །བསྐལ?་འཛག་པ་དེ་སྤང་བྱ། །ཞེས་བྱ་བ་ལ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནག་ཁྲག་དང་བཅས་ལས། རྩའི་ལིང་ཏོག་ཅེས་བྱ
་བའི་ནད་དུ་འགྱུར་ཏེ་ནད་དེས་མིག་འབྲས་ནག་པོ་ཁེབས་པར་གྱུར་ཅིང་ཚ་བ་ལ་སོགས་པ་ཀུན་ཏུ་རྒྱས་པར་འགྱུར་ལ། །རྒྱུ་མེད་པར་མཆི་མ་གྲང་བ་དང་དྲོ་བ་དང། བསྐ་བ་དང་སླ་བ་འཛག་པའི་རྩའི་ལིང་ཏོག་དེ་ནི་གསོར་མི་རུང་བས་སྤང་པར་བྱའོ། །ནད་གཞི་ཁྲག་ལས
་མཐོང་བཅས་གནག་།འབྲས་བུ་དཀར་པོར་སྒྱུར་བྱེད་དེ། སྤྲིན་དཀར་གྱིས་ནི་གཡོགས་འདྲ་ཞིང། །ནི་སྔ་བ་ནི་བཀས་པ་འདྲ། །ཤིན་ཏུ་མི་བཟད་ན་ཞིང་དམར། །ཚ་ཞིང་སྐྲངས་པས་གཟིར་བ་དག་།སྨིན་བས་ཉེན་པའི་ལིང་ཏོག་དེ། །མི་བཟང་ན་པ་སྤང་བར་བྱ་ཞེས་བྱ་བ
་ལད་ནད་གཞི་གསུམ་པོ་དང་ཁྲག་འཁྲུགས་པ་ལས་མཐོང་བར་བྱེད་པའི་མིག་གི་རྒྱལ་མོ་དང་བཅས་པའི་མིག་འབྲས་ནག་པོ་དཀར་པོའི་གཟུགས་སུ་བསྒྱུར་བར་བྱེད་ཅིང་སྤྲིན་དཀར་པོས་གཡོགས་པ་ལྟ་བུ་ལ་ནི་སྤ་པ་ཞེས་བྱ་བའི་རྩ་འབྲུའི་ཕྱེད་དུ་བཀས་པའི
་དབྱིབས་དང་འདྲ་བར་གནས་པ་དང། ཤིན་ཏུ་མི་བཟད་པར་ན་བ་ལ་སོགས་པ་གང་ཡིན་པ་དེ་སྨིན་པས་ཉེན་པའི་རྒྱུས་ལིང་ཏོག་དེ་ཤས་ཆེར་མི་བཟད་པར་གྱུར་པ་ནི་གསར་རིམ་རུང་བས་སྤང་བར་བྱའོ། །གང་གི་མཚན་མ་ཉམས་པ་འམ། ནང་སྔོ་པའམ་དམར་བཅས
་པ་འམ། །ཤིན་ཏུ་འབུར་བ་འམ་གཏིང་རིང་བ་འམ། མཆི་མར་བཅས་ཤིང་རྩའི་རྨས་ཁྱབ། །རྙིང་པ་འམ་མཐོང་དམའ་ཅན་དག་གམ། །དབུས་ཆང་ལིང་ཏོག་སྤང་བར་བྱ། ཞེས་བྱ་བ་ལ། ལིང་ཏོག་གང་ཞིག་སྐྱེས་པར་གྱུར་པ་ནི་མཐོང་བར་བྱེད་པའི་མཚན་མ་ཟད་མའི
་མེ་ཏོག་ལྟ་བུ་ཉམས་པར་གྱུར་པ་འམ། ནང་སྔོ་བར་གྱུར་པ་འམ། ནང་དམར་བ་དང་བཅས་པའི་ལིང་ཏོག་གམ། ནད་ཤིན་ཏུ་འབུར་ཞིང་མཐོ་བ་འམ། གང་གཏིང་?་ཞིང་ཁོང་དུ་བློས་པ་འམ། མཆམ?་དང་བཅས་ཤིང་རྩའི་རྨས་ཁྱབ་པ་འམ། གྲང་རྙིང་ཞིག
་ཡུན་རིང་དུ་ལོན་པ་དང་།གང་མཐོང་མའི་མི་མཉམ་པར་གནས་པ་འམ། དབུས་སུ་ཆད་པའི་ལིང་ཏོག་གང་ཡིན་པ་དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ནག་པོའི་ནང་ནི་གསོར་རུང་དང། །མི་རུང་དབྱེ་བ་རྣམ་ལྔ་ཡིན། ཞེས་བྱ་བ་ལ།
་མིག་འབྲས་ནག་བོའི་ནང་ནི་གསོར་རུང་བའི་དབྱེ་བ་དང་དེ་བཞིན་དུ་གསར་མི་རུང་བའི་དབྱེ་བས་རྣམ་པ་ལྔར་བཤད་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ
་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་བའི་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་ཟུར་དང་མིག་གི་འབྲས་བུ་དཀར་པོ་དང་ནག་པོའི་ནད་གསོ་བ་བཤད་པར་བྱའོ། །མིག་ནད་བཅིང་བར་སྨན་པ་ཡི། །དུགས
་བྱས་རྩེ་མོ་འབྲས་འདྲས་དབུག་།རྩེ་མོ་དཀྱིལ་འཁོར་འདྲ་བས་བཞར། །ཞེས་བྱ་བ་ལ། མིག་ཟུར་གྱི་ནང་བཅིངས་ཞེས་བྱ་བ་ལ་ནི། སྨན་བས་དང་པོ་ཁོ་ནར་དུགས་བྱས་ལ། དེའི་འོག་ཏུ་རྩེ་མོ་འབྲས་འདྲ་བའི་བཙགས་བུས་ཕུག་ཅིང་།བརྟོལ་ལ་དེ་ནས
་རྩེ་མོ་དཀྱིལ་འཁོར་འདྲ་བའི་བཙགས་བུས་བཞར་བར་བྱའོ། །དེའི་འོག་རྒྱ་མཚ་པི་པི་ལིང། །སྦྲང་རྩ་སྦྱར་བས་བསྐུ་བར་བྱ། དེ་ནས་སྔ་མ་བཞིན་དུ་བཅིང། །པ་ཏོ་ལའི་ལོ་སྐྱུ་རུ་ར། །བསྐོལ་བའི་སྨན་ཁུ་ཐིགས་པ་བླུགས། །ཞེས་བྱ་བ་ལ། དེ་ལྟར་བཞར་བའི
་འོག་ཏུ་རྒྱ་མཚ་ལ་སོགས་པའི་སྨན་སྦྱར་བས་བསྐུ་ཞིང་བྱུག་པར་བྱའོ། །དེའི་འོག་ཏུ་སྔར་མིག་མཆུའི་ནད་གསོའི་སྐབས་སུ་བཤད་པ་བཞིན་དུ་བཅིང་བར་བྱའོ། །དེ་ལྟར་བཅིངས་ནས་པོ་ཏོ་ལའི་ལོ་མ་དང། སྐྱུ་རུ་ར་བསྐོལ་བའི་སྨན་གྱིས་ཐིགས་པ་བླུགས
་པར་བྱའོ། །ཆིགས་ཅན་ལྕགས་ཀྱུའི་ཚོད?་བྱད་ཀྱིས་ཕྱི་མའི་མཆམས་ཀྱི་ཆ་གསུམ་གཟུང། །འཕེལ་བ་ཅགས་ཀྱིས་ན་ཕྱེད་བཅད་བྱ། གཞན་དུ་ཕྱི་མ་རྒྱུ་ལ་གནོད། །སྦྲང་རྩི་རྒྱམ་ཚ་བསྐུས་ནས་ནི། །མིག་མཛར་ལྟ་བུར་གསོ་བར་བྱ། །ཞེས་བྱ་བ་ལ། །ཚིགས
་ཅན་ཞེས་བྱ་བའི་མིག་གི་གྲཝ་མཆམས་ཀྱི་ནང་ལ་ནི་ལྕགས་ཀྱུ་ལྟ་བུའི་ཆ་དཔྱད་ཀྱིས་ཕྱིའི་མཚམས་ཀྱི་ཆ་གསུམ་ནས་བཟུང་ཞིང་བླངས་ཏེ་དེ་ནས་འཕེལ་བ་ཅིགས?་ཀྱི་ཕྱེད་ཙམ་དུ་བཅད་པར་བྱའོ། །དེ་ལས་གཞན་དུ་བྱས་ན་མཆི་མ་རྒྱུ་བའི་རྩ་ལ་གནོད་པར
་འགྱུར་རོ། །དེ་ལྟར་བཅད་ནས་ཀྱང། དེ་ལ་སྦྲང་རྩི་དང་རྒྱམ་ཚར་སྦྱར་བས་བསྐུས་ཏེ་མིག་མཛེར་གསོ་བའི་ཚུལ་དུ་གསོ་བར་བྱའོ། །ཆུ་སེར་བརྣག་འཛག་གཏར་ག་གདབ། །དེ་ནས་དེ་ནི་བཅིར་བར་བྱ། །མིག་རྣག་ཚོ་གང་བཤད་པ་ཡིན། །ལས་ཀུན་ཆོ་ག་བཞིན
་དུ་བྱ། །ཞེས་བྱ་བ་ལ། རྣག་ནི་ཆུ་སེར་འཛགས་པ་ཞེས་བྱ་བའི་མིག་གི་གྲཝ་མཚམས་ཀྱི་ནད་ལ་ནི་དང་པོར་གཏར་ག་གདབ་ལ་ཁྲག་གཟག་ནས་དེའི་འོག་ཏུ་རྣག་གི་ཆུ་སེར་འཛག་པའི་ནད་དེ་ཅིང་བར་བྱ་བ་དང། དེ་བཞིན་དུ་མིག་རྣག་པའི་གསོ་བའི་ཆོ་གར་བཞད
་བ་ལི་ལས་ཀུན་ཆོ་ག་ཇི་ལྟ་བ་བཞིན་སྤྱད་པར་བྱའོ། །རྒྱམ་ཚ་སྒེའུ་གཤོར་ནག་ཚུར་དང། །ལྕགས་དང་ཟངས་ནི་ཞིབ་བཏགས་པའི། །ཕྱི་མའི་མིག་སྨན་བཏང་བ་འམ། །སྦྲང་རྩི་བྱས་པའི་ཁུ་བ་བླུགས། །ཞེས་བྱ་བ་ལ། རྣག་གི་ཆུ་སེར་འཛག་པ་དེ་ལ་རྒྱམ་ཚ་ལ
་སོགས་བཞིབ་ཏུ་ལེགས་པར་བཏགས་པའི་ཕྱི་མའི་མིག་སྨན་བཏང་བར་བྱ་བའམ། ཡང་ན་རྒྱམ་ཚ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ཁུ་བ་མིག་ཏུ་བླུགས་ཤིང་བཏང་བར་བྱའོ། །སྲིན་གྱི་རྨེན་བུ་ལྕི་བ་ཡིས། །དུགས་བྱས་བརྟོལ་ཏེ་ཕྱི་བར་?་།ནག་ཚུར
་རྒྱམ་ཚ་འབྲས་བུ་གསུམ། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། །སྲིན་གྱི་རྨེན་བུ་ནི་ལྕི་བ་འམ་རིལ་མ་ལ་སོགས་བས་དུགས་བྱས་ལ། །བཙགས་བུས་བརྟོལ་ཏེ་དེའི་འོག་ཏུ་བཙགས་བུ་ཉིད་ཀྱིས་ཕྱི་ཞིང་བ། ?་དེ་ནས་ནག་ཚུར་ལ་སོགས་པའི་སྨན་བས་བར་བྱའོ།།
་ཉ་ཕྱིས་མཁྲིས་མཆི་འཛག་ལྟར་གསོ། ཞེས་བྱ་བ་ལ། ཉ་ཕྱིས་ཞེས་བྱ་བ་གྲཝ་མཚམས་ཀྱི་མིག་ནད་ནི་མཁྲིས་པ་ལས་གྱུར་པའི་མཚམ་འཛག་?་མིག་ནད་ལྟར་གསོ་བར་བྱའོ། །བད་ཀན་མདུང་བ་འབྲས་ཕྱེ་གཉིས། །གཏར་གམ་གཏོགས་བད་ཀན་གྱིས་?
་འཛག་པ་བཞིན་དུ་གསོ། །ཞེས་བྱ་བ་ལ། བད་ཀན་གྱི་མདུད་པ་དང་འབྲས་ཕྱེ་ལྟ་བུའི་མིག་ཟུར་གྱི་ནད་གཉིས་ནི་གཏར་ག་གྲང་བ་ཅིང་ཁྲག་དབྱུང་བའི་སྦྱོར་བ་མ་གཏོགས་པར་བད་ཀན་ལས་གྱུར་བའི་མཆི་མ་འཛག་པ་བཞིན་དུ
་གསོ་བར་བྱའོ། །ཚ་བ་གསུམ་དང་ཀཏཔལ། །བ་ལུང་ཁུ་བའི་མིག་སྨན་བཏང། །ཞེས་བྱ་བ་ལ། བད་ཀན་གྱི་མདུད་པ་དང་འབྲས་ཀྱི་ཕྱེ་པའི་མིག་ནད་གཉིས་ལ་ནི། །ཚ་བ་གསུམ་དང་ཀཏཔ་ལ་བ་ལུང་ཞེས་བྱ་བའི་བི་ཟ་པུ་རའི་ཁུ་བ་དང་སྦྱར་བའི་མིག
་སྨན་བཏང་བར་བྱའོ། །རྒྱམ་ཚ་ཛཱ་ཏི་ཁ་འབུས་པ། །ཐང་ཤིང་བཅའ་སྒྲ་བཏགས་པའི་ཕྱེ། །ཆང་གི་དངས་མས་རིལ་བུ་བྱས། །མིག་སྨན་སྐྲང་དང་གཡའ་བ་སེལ། །རྒྱམ་ཚ་ལ་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་ཆར་གི་དངས་མ་དང་མ་དང་སྦྱར་ལ
་རིལ་བུ་བྱས་པའི་མིག་སྨན་ནི་སྐྲངས་པ་དང། །གཡའ་བ་སེལ་བར་བྱེད་དོ། །རྩ་ཉེས་རྩ་རྩེ་ལིང་ཏོག་དམར། །རྩ་དྲ་ཁྲག་འཛག་ལྟ་བུར་གསོ། །ཞེས་བྱ་བ་ལ། །རྩའི་ཉེས་པ་དང་རྩེ་རྩེ་བ་དང་ལིང་ཏོག་དམར་པོ་དང། རྩའི་དྲ་བ་ལ་ནི། ཁྲག་འཛག
་པའི་མིག་ནང་དང་འདྲ་བར་གསོ་བར་བྱའོ། །རྩ་ཡི་ཉེས་ལ་ཁྱད་པར་དུ། །མར་དང་སྦྲང་རྩིའི་མིག་སྨན་བསྐུ། །ཞེས་བྱ་བ་ལ། རྩའི་ཉེས་པ་ལ་ནི་ཁྱད་པར་དུ་མར་དང་སྦྲང་རྩི་སྦྱར་བའི་མིག་སྨན་བསྐུ་བར་བྱའོ། །རྩ་རྩེ་བ་ལ་སྦྲང་རྩི་དང། །སྐྱེར་པ་ཁཎྜ་ཞིབ
་བརྡར་བསྐུ། །ཞེས་བྱ་བ་ལ། རྩ་རྩེ་བ་ཞེས་བྱ་བ་ལ་ནི་ནཁྱད་པར་དུ་སྦྲང་རྩི་དང་སྐྱོར་པ་ཁཎྜ?་ཞིབ་ཏུ་བཏགས་པའི་མིག་སྨན་བཏང་བར་བྱའོ། །ལིང་ཏོག་དམར་པོ་ཞོ་ཁ་ཆུ། །སྦྲང་རྩི་ཁ་རའི་ཐིགས་བ་བླུགས་ཞེས་བྱ་བ་ལ། ལིང་ཏོག་དམར་པོ་ལ་ནི་ཁྱད་པར
་དུ་ཞོ་ཁ་ཆུ་དང། སྦྲང་རྩི་ཁར་སྦྱར་བའི་ཐིགས་པ་བླུགས་ན་ཕན་ནོ། །ཤལ་དང་གུར་གུམ་ཤིང་མངར་དུང། སྦྲང་རྩི་བཏང་བའི་མིག་སྨན་བཏང། །ཞེས་བྱ་བ་ལ། ཡང་ལིང་ཏོག་དམར་པོ་ལ་ནི་ཤེལ་ལ་སོགས་པའི་མིག་སྨན་བཏང་ན་ཕན་ནོ། །ཡང་ན་སྦྲང་རྩིའི
་དུད?་སྦྱོར་བ་འམ། །ཁ་ར་རྒྱ་མཚོའི་དབུ་བ་ཕན། །ཞེས་བྱ་བ་ལ། ཡང་ན་ལིང་ཏོག་དམར་པོ་ལ་སྦྲང་རྩི་དང་དུད་སྦྱར་བའི་མིག་སྨན་ཕན་པ་འམ། ཡང་ན་ཁ་ར་དཀར་པོ་དང་རྒྱ་མཚོ་དབུ་བ་སྦྱར་བའི་མིག་སྨན་ལིང་ཏོག་དམར་བ་ལ་ཕན་ནོ། །མཛད་པར་བཤད་པ
་རྣམ་ལྔ་ལས། དུད་པ་ལྟ་བུའི་རྙོག་ཅན་དང། །གང་ཡང་དམར་ཞིང་ཞོ་འདྲ་བ། །དེ་སྨན་ལིང་ཏོག་བཞིན་དུ་བྱ། །ཞེས་བྱ་བ་ལ། ཁྱབ་པའི་མཛེར་པ་ལ་སོགས་པའི་མཛེར་པ་རྣམ་པ་སྔར་བཤད་པ་གང་ཡིན་པ་དེ་དག་ལས་དུད་པ་ལྟ་བུའི་རྙོག་མའི་རྡུལ
་ཅན། དམར་ཞིང་ཞོ་འདྲ་བ་གང་ཡིན་པ་དེ་ནི་ལིང་ཏོག་བཞིན་དུ་ལུས་དང་མགོ་བོའི་བཀྲུ་སྨན་བཏང་བ་དང་བཞར་བ་དང། མིག་སྨན་བསྐུ་བ་ལ་སོགས་པ་བྱས་ན་ཕན་ནོ། །ཅིག་ཤོས་གན་རྐྱལ་བཞག་དུགས་བྱས། །ཁ་ལུང་དང་ནི་རྒྱམ་ཚ་དང། །སྦྱར
་བའི་མིག་སྨན་བསྐུས་ནས་ནི། །མིག་བཙུམས་ནས་ནི་མཉེ་བར་བྱ། །ཞེས་བྱ་བ་ལ། ཅིག་ཤེས་ཏེ་སྔར་བཤད་པ་ལས་གཞན་པའི་མིག་འཛེར་གྱི་ནད་ལ་ནི། གན་རྐྱལ་དུ་བཞག་དུགས་བྱས་ལ་ཁ་ལུང་དང་རྒྱམ་ཚར་སྦྱར་བའི་མིག་སྨན་བསྐུས་ལ་མིག་བཅུ་མས
་ཏེ་མཉེ་བར་བྱའོ། །དེ་ལྟར་མིག་ནི་འཁྲུགས་བཅས་པ། །ཤ་ལྷག་སྐྱེས་པ་བསྐྱོད་ནས་ནི། །མགོ་བོ་མི་འགྱུར་དམ་དུ་བཟུང། །མིག་མཆུ་མཆོག་ཏུ་མི་འགུལ་དང། །མིག་ཟུར་དུ་ནི་ལྟ་བཞིན་དུ། །མིག་ཕུགས་མཚིམས་ནས་མཛེར་པར་མཐོ། །གང
་དུ་གཉེར་མ་འདུས་གྱུར་པ། །དེར་ནི་ལྕགས་ཀྱུས་དམ་བཟུང་པའམ། །ཧ་ཅང་མི་ཆེ་མུ་ཙི་ཊ་འམ། །ཁབ་འམ་སྐུད་པས་བླགས་ནས་ནི། །ཀུན་ནས་དཀྱིལ་འཁོར་འདྲ་བས་དྲལ། །ཞེས་བྱ་བ་ལ། དེ་ལྟར་རྣམ་པ་འདིས་འཁྲུགས་ཤིང་ནང་དང་བཅས་པའི་མིག
་འདྲི་ཡི་ཤ་ལག་སྐྱེས་པ་བསྐྱོད་ཅིང་མཉེས་པས་གཡོ་བར་བྱས་ནས། ནད་གཡོག་གིས་མགོ་བོ་གཞ་དུ་མི་འགྱུར་བར་དམ་དུ་བཟུང་ལ་མིག་མཆུ་ཡང་མ་འགུལ་བ་ཉིད་དུ་བརྟན་པར་བྱས་ཤིང་བཟུང་ལ་ཁྱད་པར་དུ་མིག་?་མིག་འགྲམ་?
་བཞིན་དུ། མིག་ཕུགས་ཀྱི་མཚམས་ནས་མཛེར་བ་མཐོང་ཞིང་འཕགས་པར་འགྱུར་ལ། དེ་ལྟར་བྱས་པ་དང་གང་དང་གང་དུ་གཉེར་མ་འདུས་པར་གྱུར་པ་དེ་དང་དེར་ལྕགས་ཀྱུས་དམ་དུ་བཟུང་ཞིང་བླངས་ལ་ཧ་ཅང་རྒྱ་ཆེ་བ་མ
་ཡིན་པར་བྱས་ཏེ། མུ་ཙུ་ཏྲི་ཞེས་བྱ་བའི་ཆ་དཔྱད་དམ་ཁབ་བམ་སྐུད་པས་བླངས་ལ་དེའི་འོག་ཏུ་གུན་ནས་དེ་ཐམས་ཅད་ནས་དཀྱིལ་འཁོར་འདྲ་བའི་བཙགས་བུས་དྲལ་བར་བྱའོ། །དེ་ནས་བཏོན་ཏོ་དེ་ནི་དྲལ་ནས་ཀྱང། །མིག་ཕུགས་མཚམས་སུ་བསྙེན་ནས
་ནི། །ཆ་བཞི་ལུས་པ་བཅད་བྱ་སྟེ། །མིག་ཕུགས་རྩ་དང་མཆི་མ་ནི། །འཛག་པའི་རྩ་ལ་མི་གནོད་བསྲུང། །ཞེས་བྱ་བ་ལ། དེ་ནས་མིག་མཛེར་དེ་དབྲལ་ཞིང་ཕུག་ནས་མིག་ཕུགས་ཀྱི་ཕྱོགས་སུ་བསྙེན་ཅིང་དྲངས་ནས་ཆ་བཞི་ལུས་པ་ཙམ་དུ་དེ་བཅད
་པར་བྱའོ། །མིག་ཕུགས་ཀྱི་རྩ་དང་མཆི་མ་འཛག་པའི་རྩལ་ནི་མི་གནོད་ཅིང་མཚོན་གྱིས་མི་ཕོག་པར་བསྲུང་སྟེ། །མཚོན་གྱིས་བཅད་པར་མི་བྱའོ། །མིག་ཕུགས་ཟུར་བཅས་མཆི་མ་འཛག་།མིག་ཕུགས་རྩ་སྦུབས་རྨ་ཅན་འགྱུར། །ཞེས
་བྱ་བ་ལ། གལ་ཏེ་མིག་ཕུགས་སྣ་གོང་གི་མིག་ཟུར་ལ་བཅད་ཅིང་གནོད་པར་གྱུར་ན་རྟག་ཏུ་མཆི་མ་འཛག་པ་དང། །མིག་གི་རྩ་སྦུབས་ལ་རྨ་འབྱུང་བར་འགྱུར་རོ། །མིག་འགྲམ་མཛོར་པ་ཆེར་སྐྱེས་ལ། །མིག་ཕུགས་ཟུར་དུ་བལྟས་ཏེ་བྱ། །ཞེས་བྱ་བ
་ལ། མིག་འགྲམ་ནས་མིག་འཛེར་ཆེར་སྐྱེས་ཤིང་འཕགས་པར་གྱུར་བ་ལ་ནི་མིག་ཕུགས་ཀྱི་ཟུར་དུ་ནད་པ་ལྟ་བ་བཅུག་ལ། དེ་ལས་བཞི་ཆ་ལུས་པར་བཅད་པར་བྱ་ཞིང་མིག་ཟུར་དང་རྩལ་མ་གནོད་པར་བསྲུང་བར་བྱའོ། །ལེགས་པར་བཅད་དེ་ཚ་བ
་གསུམ། །རྒྱམ་ཚ་སྦྲང་རྩི་བཅས་པ་བསྐུ། །ཞུན་མར་དྲོན་བོ་རླུགས་པ་དང། སྦྲང་རྩི་མར་སྦྱར་བསྐུས་ཏེ་བཅིང། །ཞེས་བྱ་བ་ལ། མཐོར་པ་ལེགས་པར་བཅད་ཅིང་པཌ་པ་ལ་གནོད་པར་མ་གྱུར་བར་བྱས་ནས་རྨ་དེ་ལ་ཚ་བ་གསུམ་ལ་སོགས་བ་བསྐུས?
་བར་བྱ་ཞིང། །ཞུན་མར་དྲོ་འཛམ་ཙམ་བླུགས་པར་བྱ་བ་དང། སྦྲང་རྩི་དང་མར་སྦྱར་བས་བསྐུས་ཏེ་སྔར་བཤད་པའི་ཚུལ་བཅིང་བར་བྱའོ། །དེ་ནས་ཞག་གསུམ་ལ་སོགས་ནས། །བཀྲོལ་ལ་ཀརྙྫའི་ས་བོན། །འོ་མ་བསྐོལ་བ་དེ་བཞིན་བླུགས། །ཞེས་བྱ་བ་ལ།
་དེ་ནས་རྨ་དེ་ཞག་གསུམ་ལ་སོགས་པའི་ཉིན་པར་བཀྲོལ་ལ། ཀརྙྫའི་ས་བོན་དང། འོ་མ་བསྐོལ་བ་དྲོ་འཇམ་ཙམ་གྱི་?་ཤེས་པ་བླུགས་པར་བྱའོ། །སེར་པོ་རྣམ་གཉིས་པ་ཏོ་ལ། །ཤིང་མངར་དང་ནི་རྒྱ་སྐྱེགས་ཤིང། །ཀརྣྟ་ཡི་མ་ཏོག་ནི། །ཁ་འབུས་སྦྲང་རྩི་བཅས་བསྐོལ
་བླུགས། །ཞེས་བྱ་བ་ལ། གསུམ་པ་ལ་སོགས་པའི་ཉིན་ཞག་ལ་མིག་གི་ཆིངས་མ་བཀྲོལ་ཏེ། སེར་བོ་རྣམ་གཉིས་ལ་སོགས་པ་དང། ཀ་རནྟའི་མེ་ཏོག་ཁ་འབུས་པ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་བཅས་པ་མིག་ཏུ་བླུགས་པར་བྱའོ། །ཞག་བདུན་ནས་ནི་དེ་བཀྲོལ་བྱ། ཞེས
་བྱ་བ་ལ། ཞག་བདུན་པ་ལ་ནི་བཀྲོལ་བར་བྱའི་བཅིང་པར་མི་བྱའོ། །ལེགས་པར་བཅད་ན་ནད་མེད་འགྱུར། །ཞེས་བྱ་བ་ལ། མིག་གི་མཛོར་པ་དེ་ལེགས་པར་བཅད་པར་གྱུར་ན། །མིག་དེ་ནད་མེད་པ་ཁོ་ནར་འགྱུར་རོ། །བཅད་དྲགས་མཆོད་ལས་ནད་འགྱུར། །སྨན་ཁུ་བླུགས
་དང་མིག་སྨན་སོགས། །ཕྱི་བ་དང་ནི་ལྟ་བས་གསོ། །ཞེས་བྱ་བ་ལ། བཅད་དྲགས་པ་དང། མཆོད་ཅིང་བཅད་མི་ལེགས་པ་ལས་ནད་དུ་གྱུར་པ་ལ་ནི་སྨན་གྱི་ཁུ་བ་ལ་སོགས་པས་གསོ་བར་བྱའོ། །ཁ་ར་ལྡོང་རོས་ཨེ་ལི་ཡ། རྒྱམ་ཚ་བཅའ་སྒ་ཞོར་དང། །སྐྱེད་བ
་?་ཕྱིར་དང། །སྦྲང་རྩི?་སྦྱར་བའི་མིག་སྨན་གྱིས། །བད་ཀན་ལས་གྱུར་རབ་རིབ་དང། །ཆུ་སེར་གྱིས་གང་ལིང་ཏོག་དང། །མིག་མཛེར་བཅད་པའི་ཤ་ལྷག་སེལ། །ཞེས་བྱ་བ་ལ། ཁ་ར་དཀར་པོ་ལ་སོགས་པའི་སྨན་འདི་དག་སྣ་རེ་ཞིང་ཞོ་རེ་དང། སྐྱེར་བ་ཁཎྜ་སྲང་ཕྱེད
་དང། །སྦྲང་རྩི་སྦྱར་ཅིང་སྤྲུས་པའི་མིག་སྨན་གྱིས་ནི་བད་ཀན་ལས་གྱུར་པའི་རབ་རིབ་ལ་སོགས་པ་སེལ་བར་བྱེད་དོ། །ེ་ལེ་ལ་ནི། ཨེ་ལ་བ་ལུ་ག་དང་མ་ལུད་ཀ་དང་ཧ་རི་བ་ལུ་ཀ་ཞེས་བྱ་བས་ཡིན་ནོ། །འབྲས་བུ་གསུམ་ནི་གང་རུང་བའི། ཤུན་པ་ཆུང?་རྫོགས?་?
་བུར་བྱས། །ཁམ་ཕོར་སྦྱར་བའི་ནང་དུ་བསྲེག་།དེ་ནས་ཚིག་ནང་ཕྱི་མར་བཏགས། །སྨན་ནི་ལྷག་མའི་ཁུ་བ་ཡིས། །སོ་སོར་ལེགས་པར་བསྒོམ་ནས་ནི། སྣག་ཚ་དེ་སྐམ་སླར་ཡང་བཏགས། །རྒྱམ་ཚ་ཉིས་འགྱུར་བཅས་པ་ཡིས། །མིག?
་སྨན་གཡུམ་པོ་དེ་དག་ནི། །ཕྱེད་མའི་མཆོག་ཏུ་མུ་ཁྱུད་འཆད། །ཅེས་བྱ་བ་ལ། འབྲས་བུ་གསུམ་གང་ཡང་རུང་བའི་ཤུན་པ་སྟེ། ཨ་རུ་རའི་ཤུན་བ་འམ། ཨ་རུ་རའི་ཤུན་པ་དང། སྐྱུ་རུ་རའི་ཤུན་པ་གང་ཡང་རུང་བ་ཆུར་བཏགས་ཏེ་ལྡེ་གུར་བྱས་ལ་ཁམ་ཕོར་སྦྱོར
་བའི་ནད་དུ་དུ་བ་མ་ཤོར་བར་བསྲེག་པར་བྱའོ། །དེ་ནས་ཚིག་པར་གྱུར་པ་དང། །ཕྱེ་མར་བཏགས་ཏེ་དེ་ནས་སྨན་གྱིས་ལྷག་མ་འབྲས་བུ་གསུམ་ལས་བཞག་པའི་གཉིས་པོའི་ཁུ་བ་དང་སོ་སོར་ལེགས་པར་བསྒོས་ཤིང་བསྲེགས་ནས་སྣག་ཚ་འདྲ་བ་དེ་ཡང
་བསྐམས་ལ་བཏགས་ཏེ་རྒྱམ་ཚ་ཉིས་འགྱུར་དང་བཅས་པའི་སྨན་གསུམ་པ་དེ་དང་ནི་ཕྱི་ཞིང་བསམ་བའི་མིག་སྨན་གྱིས་ཆོ་ག་ཡིན་པར་དང་སྲོང་མུ་ཁྱུད་ཅེས་བྱ་བས་བཤད་དོ། །རྩ་ཡིས་དྲས་གཡོགས་རྩ་གང་ཞིག། སྲ་བས་ཕྱི་མོའི་སྨན་དག་གིས། །མ
་ཞི་འབྲུམ་ཕྲན་རེ་ལ་ནི། །མིག་མཛེར་ཆོ་ག་བཞིན་དུ་གསོ། ཞེས་བྱ་བ་ལ། རྩའི་དྲ་བས་གཡོགས་པའི་རྩ་གང་ཞིག་སྲཝ་ཞིང་མཁྲང་བས་ཕྱི་ཞིང་བསལ་བའི་སྨན་བསྐུས་སུ་ཟིན་ཀྱང་ནད་དེ་མ་ཞི་ཞིང་མེད་པར་མ་གྱུར་ན། འབྲུམ་ཕྲན་དེ་ལ་མིག་མཛེར་གྱི
་གསོ་ལ་ལྟར་བྱའོ། །ལིང་ཏོག་ནད་གཞིའི་དབང་ལས་ནི། །སྣུམ་རྩུབ་འབྲས་བུ་གསུམ་སྦྱིན་ཞིང། །རིན་ཆེན་པོའི་སྨན་མར་སྦྱིན། །གཏར་ག་བཀྲུ་སྨན་སྨན་ཁུ་ཡི། །ཐིགས་པ་བླུགས་པ་ལ་སོགས་བྱ། །ཞེས་བྱ་བ་ལ། ལིང་ཏོག་བསོད་རུང་བ་དག་ལ་ནི
་ནད་གཞི་རང་རང་གི་གང་དག་ཡིན་པའི་དབང་དུ་བྱས་ནས་སྣུམ་པའམ་རྩུབ་པ་དག་འབྲས་བུ་གསུམ་སྦྱིན་པར་བྱ་ཞིང་ཏིཀྟ་ཆེན་པོའི་སྨིན་མར་སྦྱིན་པ་དང། དེ་བཞིན་དུ་གཏར་ག་གདབ་པ་དང། བཀྲུ་སྨན་དུ་བཏང་བ་དང། སྨན་ཁུའི་ཐིགས་བ་མིག་ཏུ
་སྐུངས་པ་དང། ཁ་བསྐུ་བ་དང། སྣ་ནས་བཏང་བ་དང། བསྟ་བ་དང། མིག་སྨན་གྱི་པུར་མ་བཙོ་བའི་སྦྱོར་བ་དད་བྱས་ན་ཕན་ནོ། །སྣང་པའི་ལིང་ཏོག་དུར་བྱིད?་ཆུ། །ལན་གསུམ་བསྐོལ་བའི་མར་བླུང་བྱ། །ཞེས་བྱ་བ་ལ། སྣང་ཅིང་རྨ་བྱུང་བ་ལས་ལིང་ཏོག་ཏུ་མྱུར་པ་ལ
་ནི་དུར་བྱིད་བསྐོལ་བའི་ཁུ་བ་དང་ལན་གསུམ་གྱི་བར་དུ་བསྐོལ་བའི་སྨན་མར་བླུང་པར་བྱའོ། །དེ་འོག་གཏོར་གའམ་པདྨ་ཡིས། །མིག་ལས་ཁྲག་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་སྣང་བའི་ལིང་ཏོག་དེ་ལ་གཏར་ག་གདབ་པ་དང། སྲིན་བུ་པདྨ་འཇིག་ཏུ་གཞུག
་པས་ཁྲག་དབྱུང་བར་བྱའོ། །ུཏཔལ་རྒུན་འབྲུམ་ར་མཉེ་བས། །ཤིང་མངར་བི་དི་རི་བསྐོལ་བ། །ཁར་ར་ཡི་འོ་མ་འམ། །ཆུ་བསྐོལ་ཐིགས་པ་བླུགས་པར་བྱ། །ཞེས་བྱ་བ་ལ། ཡང་ན་སྣང་པའི་ལིང་ཏོག་ལ་རའི་འོ་མ་དང། །ུཏཔལ་ལ་སོགས་པ་སྨན་བསོལ་བ་བསྒྲངས
་པའི་ནང་དུ་ཁར་བ་བླུགས་པ་འམ། ཡང་ན་ཨུཏཔལ་ལ་སོགས་པའི་སྨན་ཆུའི་ནང་དུ་བསྐོལ་བའི་ཐིགས་པ་བླུགས་བར་བྱའོ། །མིག་དམར་མཆུ་མ་ནད་ཞི་ནས། །དེ་རྗེས་ཕྱི་བའི་མིག་སྨན་ཕན། ཞེས་བྱ་བ་ལ། མིག་དམར་བ་ལ་སོགས་པ་ཞི་བར་གྱུར་ནས་དེའི་འོག་ཏུ
་ཕྱི་བའི་མིག་སྨན་བཏང་ན་ལིང་ཏོག་ལ་ཕན་ནོ། །ཛཱ་ཏི་ཁ་འབུས་རྒྱ་སྐྱེགས་དང། །ཡུག་སྣམ་ཙན་དན་རིལ་བུར་བྱས། །ཁྲག་དང་མཁྲིས་པ་དངས་བྱེད་ཅིང། །སྣང་པ་ལས་མྱུར་ལིང་ཏོག་སེལ། །ཞེས་བྱ་བ་ལ། ཛཱ་ཏིའི་མེ་ཏོག་ཁ་འབུས་པ་ལ་སོགས་པའི་རིལ་བུར་བྱས
་པའི་མིག་སྒྲ་ནི་གྱིས་ནི་ཁྲག་དང་མཁྲིས་པ་དངས་ཤིང་སྤྱོད་པར་བྱེད་པ་དང། སྣང་པར་གྱུར་པའི་ལིང་ཏོག་སེལ་བར་བྱེད་དོ། །ཕག་དང། མོ་གླང་པོ་ཆེ། །བ་ལང་ར་རྟ་བོར་བུའི་སོ། །རྒྱ་མཚོའི་དབུ་བ་མུ་ཏིག་དང། །ན་ལེ་ཤམ་ནི་བཞི་པར་སྦྱར། །སོ་ཡི་རིལ་བུས་སྣང་པ་ཡི
་ལིང་ཏོག་གིས་ཁྱབ་སེལ་བར་བྱེད། ཅེས་བྱ་བ་ལ། །ཕག་ལ་སོགས་པའི་སོ་དང་རྒྱ་མཚོད་དུ་བ་དང། མུ་ཏིག་དང་ན་ལ་ཤམ་བཞི་པ་སྦྱར་བའི་མིག་སྨན་སོའི་རིལ་བུའི་ཞེས་བྱ་བར་བྱས་པའི། སྣང་བའི་ལིང་ཏོག་གིས་ཤིན་ཏུ་ཁྱབ་པ་དག་ཀྱང་སེལ་བར་བྱེད་དོ། །ཏ་མ་ལིའི?་ལོ?
་མ་ལང་སོ། །རྒྱ་མཚོ་དབུ་བ་བོང་བུའི་རུས། །ཟངས་མ་དུང་གཅིན་རིལ་བུར་བྱས། །ལིང་ཏོག་ཐམས་ཅད་སེལ་བར་བྱེད། ཅེས་བྱ་བ་ལ། ཏ་མ་ལེའི་ལོ་མ་ལ་སོགས་པ་གཅིན་དང་རིལ་བུར་བྱས་པས་ནི་ལིང་ཏོག་ཐམས་ཅད་འཇིག་ཅིང
་སེལ་བར་བྱེད་དོ། །རིན་ཆེན་སོ་དང་རྭ་དང་ནི། །ཁམས་དང་སུག་སྨེལ་ཚ་བ་གསུམ། །སྒོག་སྐྱ་ཀ་རཉྫའི་ས་བོན། །རྨལ་ཕན་པའི་སྨན་རྣམས་ནི། །རྨ་བཅས་རྨ་མེད་གཏིང་ཟུག་དང། །པགས་གནས་ལིང་ཏོག་འཛོམས་སྨན་ཡིན། ཞེས་བྱ་བ་ལ། མར་གདལ
་སོགས་པ་རིན་པོ་ཆེ་རྣམས་དང། གླང་པོ་ཆེ་ལ་སོགས་པའི་སོ་དང། གསེར་ལ་སོགས་པའི་ཁམས་ཏེ་འབྱུང་ཁུང་ལས་བྱུང་བ་དང། སུག་སྨེལ་ལ་སོགས་པའི་སྨན་དང། རྨ་ལ་ཕན་པའི་སྨན་རྨའི་དབང་དུ་བྱས་ནས་འོག་ནས་བཤད་བ་དེ་ཐམས་ཅད་མིག
་སྨན་དུ་བྱས་པའི་རྨ་དང་བཅས་པའི་ལིང་ཏོག་དང། རྨ་མེད་པའི་ལིང་ཏོག་དང་གཏིང་དུ་ཟུག་པའི་ལིང་ཏོག་དང། པགས་པ་ལ་གནས་པའི་ལིང་ཏོག་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །སྣ་སྨན་སྣུམ་བླུད་ཤ་ཁུ་ནི། །བླུད་པས་དམའ་བ་བསྟོད་པར་བྱ།།
་ནད་མེད་ལིང་ཏོག་དམའ་བ་ནི། །ཕུར་མ་བཙོས་དང་བརྟ་བས་བསྟོད། ཅེས་བྱ་བ་ལ། དམའ་ཞིང་གཏིང་ཡོད་པའི་ལིང་ཏོག་ནི། སྣུམ་བླུད་པ་དང་སྣ་སྨན་བཏང་པ་དང། ཤ་ཁུ་བླུད་པས་བསྟོད་པར་བྱ་བ་ལ་ནད་མེད་པའི་ལིང་ཏོག་དམའ་བ་ན་སྨིན་གྱི་ཕུར་མ
་བཙོས་པ་དང། བརྟ་བའི་སྤྱོར་བས་བསྟོད་པར་བྱའོ། །ལིང་ཏོག་དཀར་པོ་སྐྱེར་པ་དང། །ཤིང་མངར་ཐལ་ཏོས་སེང་ཕྲོམ་ཆུ། །བླུགས་པས་སེང་ཕྲོམ་གཏུམས་པ་ནི། །ཆུ་དྲོན་ལ་སྤངས་ཐིགས་བ་བླུགས། །ཞེས་བྱ་བ་ལ། ལིང་ཏོག་དཀར་པོ་ལ་ནི་སྦྱོར་པ་ལ
་སོགས་པ་བསྐོལ་བའི་ཆུའི་ཐིགས་པ་བླུགས་པར་བྱ་བ་འམ། ཡང་ན་སོང་ཕྲོམ་བཏགས་ཏེ་ཐུམ་པུར་གཏུམས་པ་ཆུ་དྲོན་པོ་ལས་སྦངས་པའི་ཐིགས་པ་བླུགས་པར་བྱའོ། །ཤིང་མངར་བྲི་ཧ་ཏཱི་རྩ་བ། །བརྒྱམ་ཚྭ་དོང་གྲ་ཟངས་མ་ནི། །སྐྱུ་རུ་རའི?་འབྲས་བུ་ཆུ
་དང་བཏགས། ལྡེ་གུས་ཟངས་མའི་སྣོད་ལ་བསྐུ། །ནས་མར་སྐྱུ་རུ་ར་ལོ་མ། །དུང་བས་དེ་འོག་མད་དུ་བདུགས། དེ་ལས་རིལ་བུར་བྱ་བ་ནི། །དེ་ནི་ཆུ་དང་སྦྲང་རྩིར་བཏགས། །མཐོན་ཀ་ཆེན་པོ་ཞེས་བྱ་སྟེ། །ལིང་ཏོག་དཀར་པོ་སེལ་མཆོག་ཡིན། ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི
་སྨན་སྐྱུ་རུ་རའི་འབྲས་བུ་བསྐོལ་བའི་ཆུ་དང་བཏགས་པའི་ལྡེ་གུས་ཟངས་མའི་སྣོད་བསྐུས་ལ་ནས་དང་མར་ལ་སོགས་པའི་དུད་པས་ཟངས་མའི་སྣོད་དེ་བསྐུས་པའི་འོག་ཏུ་མང་དུ་བདུག་པར་བྱའོ། །དེ་ནས་ཟངས་མའི་སྣོད་དེ་ཆུ་དང་སྦྲང་རྩི་དང་སྦྱར་ཅིང་བཏགས་ཏེ་རིལ་བུར་བྱས
་པའི་མིག་སྨན་དེའི་མིང་མཐོན་ཀ་ཆེན་པོ་ཞེས་བྱ་སྟེ། ལིང་ཏོག་དཀར་པོ་སེལ་ཅིང་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ལིང་ཏོག་བརྟན་ཞིང་མཐུག་པ་ལ། །ཁྲག་ནི་ལན་མང་དབྱུང་བར་བྱ། །མགོ་དང་ལུས་ཀྱི་བཀྲུ་སྨན་དང། ཕུར་མ་བཙོས་བའང་ལན་མང་བཏང། །ཞེས
་བྱ་བ་ལ། ལིང་ཏོག་བརྟན་པ་ལ་སོགས་པ་ནི་གཏེར་ག་ལ་སོགས་པས་?་ལན་མང་དུ་དབྱུང་བར་བྱའོ། །མགོ་བོའི་བཀྲུ་སྨན་ལ་སོགས་པ་ལན་མང་དུ་བཏང་པར་བྱའོ། །པི་པི་ལིང་དང་ན་ལེ་ཤམ། །རྒྱམ་ཚྭ་ཤིར་ཤའི་འབྲས་བུ་འམ། །འབྲས་བུ་གསུམ་བསྐོལ་རྒྱམ་ཚྭར
་བཅས་བླུང་བས་གནས་ལས་བསྐྱོད་བར་བྱ། །ཞེས་བྱ་བ་ལ། ལིང་ཏོག་དཀར་པོ་དེ་གནས་ནས་བསྐྱེད་ཅིང་བསྟོད་བར་བྱ་བའི་ཕྱིར་པི་པི་ལིང་ནས་ཤྲི་ཤའི་འབྲས་བུའི་བར་གྱིས་སམ། ཡང་ན་རྒྱམ་ཚྭ་དང་འབྲས་བུ་གསུམ་བསྐོལ་ཏེ་ཞག་གསུམ་གྱི་བར་དུ་བླུད་བས་བསྟོད་པར་བྱའོ། །དུང་ནང་རྒྱ
་ཤུག་?་ཏ་ཀ། །རྒུན་འབྲུམ་ཤིང་མངར་སྦྲང་རྩི་དང། །མུར་སོ་ཡི་དྲི་མ་ནི། །ཤྲི་ཤའི་མེ་ཏོག་བཅས་དང། ཚིག་བཅད་ཕྱེད་ཀྱིས་བཤད་པ་ཡི། །མིག་སྨན་སྦྱོར་བ་བཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་ལིང་ཏོག་དཀར་པོ་བསྐྱོད་ཅིང་བསྟོད་པར་བྱ་བའི་ཕྱིར། །དུང་ལ་སོགས
་པ་དང་མུར་ལ་སོགས་པའི་ཚིགས་བཅད་ཕྱེད་ཕྱེད་ཀྱིས་བཤད་པའི་མིག་སྨན་གྱི་སྦྱོར་བ་འདི་བཏང་བར་བྱའོ། །སྐྱུ་རུ་ར་ཕ་ནི་ཛའི་ཁུ། ལངྒ་ལི་ཡི་ཐལ་བ་ནི། །ནུབ་གཅིག་སྤངས་ཏེ་སྐམས་པའི་ཕྱེ། །ལིང་ཏོག་བསྐྱོད་པའི་མིག་སྨན་ཡིན། །ཞེས་བྱ་བ་ལ། སྐྱུ་རུ་ར་དང་པོ་ནི་ཛ
་ཀ་བསྐོལ་པའི་ཁུ་བ་ལངྒ་ལའི་ཐལ་བར་ནུབ་གཅིག་སྤངས་པ་དེ་སྐམས་ལ་ཕྱེ་མར་བྱས་པའི་སྨིག་སྨན་དེ་ནི་ལིང་ཏོག་བསྐྱེད་པ་བསྐྱོད་པར་བྱེད་པ་ཡིན་ནོ། །མུངྒ་སྐུན་པ་མེད་བཏགས་པ། །དུད་དང་སྦྲང་རྩིར་བཅས་པའང་ཕན། །ཞེས་བྱ་བ
་ལ། །ཡང་ན་སྲན་མུངྒ་སྦུན་པ་མེད་པར་བདགས་པ་དང། དུང་དང་སྦྲང་རྩི་དང་སྦྱར་བའི་མིག་སྨན་ནི་ལིང་ཏོག་སེལ་བ་ཡིན་ནོ། །སྦྲང་རྩི་མ་དུ་ཀའི་སྙིང་པོའམ། བ་རུ་རའི་རྐང་སྦྲང་རྩིར་བཅས། །ཞེས་བྱ་བ་ལ་མ་དུ་ཀའི་སྙིང་པོ་སྦྲང་རྩི་དང་སྦྱར་པའམ། བ་རུ་?་རྐང
་གི་ཚིག་གུ་སྤང་རྩི་དང་སྦྱར་བ་ཡང་ལིང་ཏོག་སེལ་ཏོ། །བ་ལང་རྟ་བོང་རྔ་མོའི་སོ། །དུད་དང་རྒྱ་མཚོའི་དབུ་བ་དང། །རྫུ་ན་བཅུས་རིལ་བུ་བྱས། བསྐྱོད་པའི་ལིང་ཏོག་འཇིག་པར་བྱེད། ཅེས་བྱ་བ་ལ། བ་ལ་སོགས་པའི་སོ་དང་དུང་ལ་སོགས་པ་ཨརྫུ་ནའི་ཆུ་དང།
་རིལ་བུར་བྱས་པས་ཀྱང་བསྐྱེད་ཅིང་བསྟོད་པའི་ལིང་ཏོག་འཇིག་པར་བྱེད་དོ། །བསྟོད་པ་འམ་ཐུག་རྔུར་བཅས་པ་ཡི། །ལིང་ཏོག་སྤུ་ལ་སོགས་པས་ཕྱི། ཞེས་བྱ་བ་ལ། ལིང་ཏོག་བསྟོད་པ་འམ་ཟུར་རྡུ་དང་བཅས་པའི་སྤུ་ལ་སོགས་པས་ཕྱི་བར་བྱའོ། །རྩ་ཡི་ལིང
་ཏོག་མཐོང་གནོད་མེད། །སྣང་པའི་ལིང་ཏོག་ལྟ་བུར་གསོ། །ཞེས་བྱ་བ་ལ། རྩའི་ལིང་ཏོག་མཐོང་བར་བྱེད་པ་ལ། །གནོད་པ་མེད་པ་ནི་རྨའི་ལིང་ཏོག་སྟ་དེ་ལྟར་གསོ་བར་བྱའོ། །ཤིང་མངར་རྟག་ཆེར་ར་མཉེ་བ། །བྲི་ཧ་ཏཱི་དང་ཨ་ཀ་རུ། །སྐྱེད་པའི་མིག་སྨན་པའི
་འོ་མ་དང་བཏགས་པའི་ལྡེ་གུ་ནས་དང་མར། །བཅས་པའི་དུད་པས་བདུག་པར་བྱ། །སྐྱུ་རུ་ར་ཡི་ལོ་མ་དང། །རིལ་བུར་བྱས་པའི་མིག་སྨན་མཆོག། ཅེས་བྱ་བ་ལ་ཤིང་མངར་རྟག་ཚེར་བ་ཞེས་བྱ་བ་བྲ་པུཎྜ་རཱི་ཀ་ལ་སོགས་པ་རའི་འོ་མ་དང་བཏགས་ཏེ
་ལྡེ་གུར་བྱས་པ་དང། ནས་དང་མར་དང་བཅས་པས་དུད་པས་བདུག་པ་དང། སྐྱུ་རུ་རའི་ལོ་མས་རིམ་གྱིས་དུད་པས་བདུག་པའི་རིལ་བུར་བྱས་པ་ནི་རྩའི་ལིང་ཏོག་འདིས་སེལ་བའི་སྨན་གྱི་མཆོག་དམ་པ་ཡིན་ནོ། །མ་བསོས་ར་ཡི་རིལ་མ་འདྲ། །མཛེབ་པ
་ལྟ་བུ་མཚོན་གྱིས་གསོ། །ཞེས་བྱ་བ་ལ། ནད་དེ་གལ་ཏེ་ཞི་ཞིང་བསོས་པར་མ་གྱུར་ན། །རྩའི་ལིང་ཏོག་ལ་མིག་མཛེར་གྱི་དབྱེད་ལྟར་བྱ་བ་དང། དེ་བཞིན་དུ་རའི་རིལ་མ་ལྟ་བུ་ཞེས་བྱ་བའི་མིག་ནད་ལ་ཡང་མཛོར་བ་ལྟར་མཚོན་ཀྱིས་བཅད་པར་བྱའོ། །ར་རིལ་གསོར
་ནི་མི་རུང་དང། །ལིང་ཏོག་དེ་འདྲ་དེ་བཞིན་གཞན། །ནད་པ་ཞི་ན་སྣུམ་བླུད་ཅིང། །གཏར་ག་གདབ་པ་ལ་སོགས་བྱ། །སྨན་བྱས་དེ་ནི་བསལ་བྱ་ཡིན། །དཀར་ཞིང་མཐོ་བ་གསོ་བར་བྱ། །ཞེས་བྱ་བ་ལ། རའི་རིལ་མ་ལྟ་བུའི་མིག་ནད་གསོར་མི་རུང་བ་དང། དེ་བཞིན་དུ
་བླང་ཏོག་ཀྱང་དེ་དང་འདྲ་བར་གསོར་མི་རུང་བ་དང། མིག་ནད་གཞན་དག་རྟག་དུ་ནང་མ་ཞི་བར་གྱུར་པ་ལ་སྣུམ་བླུད་པ་ལ་སོགས་པས་གསོ་བར་བྱ་ཞིང་དེ་བཞིན་དུ་སྨད་པར་བྱ་ཞིང་མིག་ནད་འཇིགས་པ་དེ་ཐབས་དེ་དག་གིས་བསལ་བར་བྱ་ཞིང་དཀར་བ་དང་མཐོ་ཞིང
་འབུར་བའི་ནད་སེ་?་བར་བྱའོ། །རྒྱ་སྟར་གོ་བྱ་ལུང་ཐང་དང། ཏ་ལ་སྨིག་མ་ཀ་རི་དང། །བསྲེགས་པའི་ཐལ་ཆུ་བཙགས་པ་དང། །རྔ་མོའི་རུས་པ་ཕྱེ་མ་བསྲེ། །མིག་སྨན་ལིང་ཏོག་བསོ་དཀར་དང། །མདོག་མི་སྡུག་བ་འཇོམས་པར་བྱེད། ཅེས་བྱ་བ་ལ། རྒྱ་སྟར་ལ་སོགས་པ
་བསྲེགས་པའི་ཐལ་བ་ཆུ་ལ་སྤངས་ཏེ། བཙགས་པ་ཐལ་ཆུང་དང་རྔ་མོའི་རུས་པ་ཕྱེ་མ་བསྲེས་ལ་མིག་སྨན་དེས་ནི་ལིང་ཏོག་གསོ་དཀའ་བ་དང། མདོག་མི་སྡུག་པ་རྣམས་འཇོམས་ཤིང་ས་བ་བར་བྱད་དོ། །གོས་སླ་ལ་ཡང་འདི་ཉིད་ནི། །བསྟེན་པས་སེལ་བར་ནུས་པ་ཡིན།།
་ཞེས་བྱ་བ་ལ། ལིང་ཏོག་གསོ་ཞིང་བཅོས་པར་སླ་བ་ལ་ཡང་བཤད་མ་ཐག་པའི་ཕྱེ་མའི་མིག་སྨན་འདི་ཉིད་བསྟན་ཅིང་བསྐུས་ན་ནད་དེ་སེལ་བར་ནུས་པ་ཡིན་ནོ། །ར་ཡི་རིལ་མ་དོས་གཉིས་ནས། །ཁབ་གྱིས་ཕུག་སྟེ་ཆུ་གཟགས་ནས། །མཐེ་བོས་མཉམ་དུ་བཙིར་ནས
་ནི། །རྨ་ཡིན་པ་ལ་ཤ་ཕྱེ་དང། ཚིལ་ནི་རླན་པས་བཀང་ནས་ནི། །དཀྲི་ཞིང་དཀྲི་ཞིང་དཀར་བར་བྱ། །ཞེས་བྱ་བ་ལ། རའི་རིལ་མ་ལྟ་བུ་ཞེས་བྱ་བའི་མིག་ནད་ངོས་གཉིས་ནས་ཁབ་ཕྲ་མོས་ཕུག་ལ་ཆུ་གཟུགས་ནས་མཐེ་བོས་ཆ་མཉམ་དུ་ལེགས་པར་བཙིར་བ་དེའི་རྗེས་ལ
་རྨའི་ནང་ན་བ་ལང་གི་ཤའི་ཕྱེ་མ་དང། ཚའི་རློན་བས་ལེགས་པར་བཀང་ནས་དེ་བཞིན་དུ་དཀྲིས་ཤིང་ཕྱིས་ཡང་དཀྲོལ་ལ་དེའི་རྗེས་ལ་བ་ལང་གི་ཤའི་ཕྱེ་མ་དང་ཚིལ་རློན་པས་རྨ་དགང་པར་བྱའོ། །ཞག་བདུན་ནས་ནི་རྨ་འབྱོར་ནས།།
་མིག་འབྲས་ནག་པོ་མཉམ་བརྟན་ལ། །མིག་སྨན་སྣུན་ཅན་བཏང་བྱ་ཞིང། །མར་དང་འོ་མའི་སྣ་སྨན་བླུགས། །ཞེས་བྱ་བ་ལ། ཞག་བདུན་ལོན་པ་དང། རྨ་འབྱོར་ཅིང་འཚོ་བས་པའི་རྗེས་ལ་མིག་འབྲས་ནག་པོ་མཉམ་ཞིང་བརྟན་བར་གྱུར་པ་དང། མིག་སྨན་སྣུམ
་ཅན་མར་དང་སྦྱར་བ་བཏང་བར་བྱ་ཞིང་མར་དང་འོ་མ་བསྐོལ་བའི་སྣ་སྨན་བླུགས་པར་བྱའོ། །དེ་ལྟ་ན་ཡང་རྒྱས་གྱུར་ན། །དབུགས་དང་བཅང་སོགས་བྱ་དག་།བཅད་དྲགས་པ་ཡིས་མིག་ནང་དུ། །ཞུགས་བར་མི་འགྱུར་ཅི་རིགས་བྱ། །ཞེས་བྱ་བ་ལ།
་དེ་ལྟར་སྔར་བཤད་པའི་ཚུལ་གྱིས་གསོ་བར་བྱས་སུ་ཟིན་ཀྱང་སླར་གང་ཞིག་རྒྱས་བར་ན་རའི་རིལ་མ་ལྟ་བུའི་མིག་ནད་དེ་ལ་དབུག་པ་དང་བཅས་པ་ལ་སོགས་པའི་གསོ་བ་ཅི་རིགས་པར་བྱ་སྟེ། །རྣམ་པ་གང་གིས་བཅད་དྭགས་པའི་རྒྱུས་མིག་ནང
་དུ་ཞུགས་པར་མི་འགྱུར་བར་ལེགས་པ་ཁོ་ནར་བྱའོ། །ལིང་ཏོག་ལ་ནི་རྟག་པར་རང་གི་སྨན། །བསྐོལ་བའི་མར་བླུད་སྣ་སྨན་བསྟེན་པ་དང། ཅི་ནས་མཐོང་བ་ཉམས་པར་མི་འགྱུར་བར། མིག་སྨན་རྣོན་པོ་རྟག་ཏུ་བསྟེན་པར་བྱ། ཞེས་བྱ་བ་ལ། ལིང་ཏོག
་གི་མིག་ནད་ལ་ནི་དུས་རྟག་པར་རང་གི་མིག་ནད་དང་རྗེས་སུ་མཐུན་པའི་སྨན་དང་བསྐོལ་བའི་མར་བླུད་པ་དང་སྣ་སྨན་ཚང་ཕྲན་བསྟེན་པར་བྱ་སྟེ། དེ་ལྟར་བྱས་པས་ཅི་ནས་མིག་གི་མཐོང་བ་ཉམས་བར་མི་འགྱུར་བར་མིག་སྨན་རྣོན་པོ་རྟག་ཏུ་བསྟེན་ཅིང
་གོམས་པར་བྱས་ན་ནང་དུ་ཞུགས་ཤིང་སྟོབས་ཉམས་པར་མི་འགྱུར་རོ།། །།ཡན་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས
་ཀྱི་ལེའུ་བཅུ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མཐོང་བར་བྱེད་པའི་མིག་ནད་ཀྱི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་དུ་བབ་པའི་མིག་མཐོང་བར་བྱེད་པའི་མིག་གི་རྒྱལ་མོ་ནད་ཞུགས་པའི་ཚུལ་དུ
་ཤེས་པར་བྱ་བའི་ལེའུ་བཤད་ཅིང་བརྩ་མེས་པ་ཡིན་ནོ། །ནད་ནི་རྩ་ཡི་ནང་ཞུགས་པ། །རིམ་པ་དང་པོར་གནས་ནས་ནི། །གཟུགས་ནི་མི་གསལ་མཐོང་འགྱུར་ཞིང། །རྒྱུ་མེད་པར་ཡང་གསལ་བར་མཐོང། །ཞེས་བྱ་བ་ལ། རླུང་ལ་སོགས་པ་ནད་གང་ཡང་རུང་བ་རྩའི
་ནང་དུ་ཞུགས་ཤིང་འགྲོ་བར་གྱུར་པའི་ནད་ངེས་རིམ་པ་དང་པོ་སྟེ་ཕྱི་རིམ་དུ་གནས་ཤིང་བསྟེན་པར་གྱུར་པ་ནི། མིས་གཟུགས་མི་གསལ་བར་མཐོ་བར་འགྱུར་བ་དང། སན་འགའ་ཞིག་ནི་དེ་ལྟར་འགྱུར་བའི་རྒྱུ་མེད་པ་གསལ་བ་ཉིད་དུ་ཡང་མཐོང་བར་འགྱུར་བ་ཡིན་ནོ།།
་རིམ་པ་གཉིས་བར་ཕྱིན་པ་ན། །མེད་པ་དག་ཀྱང་མཐོང་འགྱུར་ཞིང། །ཡོད་ཅིང་ཉེ་བར་བསྒྲིབས་ན་མཐོང། རིང་ནས་ཕྲ་བ་མཐོང་མི་འགྱུར། །ཉེ་རང་རིང་བར་གནས་པའི་གཟུགས། །ཕྱིན་ཅི་ལོག་ཏུ་ཤེས་པར་འགྱུར། །ཞེས་བྱ་བ་ལ། ནད་དེས་མིག་གི་རིམ་པ་གཉིས
་པར་ཕྱིན་བར་གྱུར་པ་ན་མེད་བར་གྱུར་པའི་གཟུགས་དག་ཀྱང་མཐོང་བར་འགྱུར་བ་དང། གཟུགས་ཅན་དུ་ཡོང་ཅང་ག་ན་གནས་ཏེ་ཉེ་བ་དག་ལ་བསྒྲིབས་ཉེ་བལྟས་ན་མཐོང་བར་འགྱུར་བ་དང། ཐག་རིང་པོ་ནས་མཐོང་བར་འགྱུར་བ་ཡིན་ཏེ། ཉེ་བ་དང་རིང་པར་གནས
་པའི་གཟུགས་ལ་ཕྱིན་ཅི་ལོག་ཏུ་ཤེས་པ་སྐྱེ་སྟེ་རིང་པོ་ན་ཡོད་པའི་གཟུགས་ནི་ཉེ་ཞིང་གན་ཡོད་པའི་ལྟ་བུར་སྣང་བར་འགྱུར་ལ། ཉེ་བ་ན་ཡོད་པའི་གཟུགས་ནི་རིང་པོ་ན་གནས་པར་ཤེས་པར་འགྱུར་རོ། །ནད་ཀྱི་ཟླུམ་པོའི་དབྱིབས་འདྲ་བར། །ཟླུམ་པོ་ཉིད་དུ་མཐོང་བར
་འགྱུར། ཞེས་བྱ་བ་ལ། རིམ་པ་གཉིས་པ་ན་གནས་པར་གྱུར་པ་ན་སྐྱེས་བུས་གཟུགས་ནས་ཀུན་ནས་ཟླུམ་པའི་དབྱིབས་འདྲ་བར་ཟླུམ་པོ་ཁོ་ནར་མཐོང་བར་འགྱུར་རོ། །མཐོང་བྱེད་དབུས་ནས་གཅིག་གཉིས་མཐོང། །མང་དུ་གནས་ན་དུ་མ་མཐོང། །ཞེས་བྱ་བ་ལ། ནད
་མཐོང་བར་ཤེས་པའི་མིག་གི་རྒྱལ་མོ་དབུས་ན་གནས་ན་དངོས་པོ་གཅིག་ལ་གཉིས་སུ་མཐོང་བར་འགྱུར་ལ་མཐོང་པར་བྱེད་པ་དེར་ནང་མང་དུ་གནས་ན་གཟུགས་དུ་མ་སྟེ། །སྣ་ཚོགས་པར་མཐོང་བར་བྱེད་པར་འགྱུར་རོ། །མ་འོང་བྱེད་ནང་དུ་ཞུགས་པ་ནི། །ཆེ་ཆུང
་གོ་ནི་བཟློག་བ་མཐོང། །ཞེས་བྱ་བ་ལ། ནད་མཐོང་བར་བྱེད་པའི་མིག་གི་རྒྱལ་མོའི་ནང་དུ་ཞུགས་ན་གཟུགས་ཆེ་བ་ཆུང་བར་མཐོང་ལ་ཆུང་ངུ་ནི་ཆེ་བར་མཐོང་བར་འགྱུར་རོ། །འོག་ཏུ་གནས་པས་ཉེ་མི་མཐོང། །སྟེང་དུ་གནས་པས་རིང་མི་མཐོང། ཞེས་བྱ་བ་ལ། མཐོང
་བར་བྱེད་པའི་འོག་ན་ནད་གནས་པར་གྱུར་ན་གཟུགས་ཉེ་བར་གནས་པ་མཐོང་བར་མི་འགྱུར་ལ། མཐོང་བར་བྱེད་པའི་སྟེང་ན་ནད་གནས་ན་གཟུགས་རིང་པོ་ན་གནས་པ་མཐོང་བར་མི་འགྱུར་རོ། །ངོས་ལ་གནས་པས་གཡས་གཡོན་མིན། །ནང་འདི་རབ་རིབ་ཅེས་བྱང་
་བཤད། །ཅེས་པ་བ་ལ། ནད་མཐོང་བར་བྱེད་པའི་ངོས་གཉིས་ལ་གནས་པ་འགྱུར་ན་གཡས་གཡོན་གྱི་ལོགས་ན་གནས་པའི་གཟུགས་མཐོང་བར་མི་འགྱུར་ཏེ། ནད་འདི་དག་ནི་རབ་རིབ་ཀྱི་ནད་ཅེས་བྱ་བར་བཤད་དོ། །ནང་ནི་རིམ་པ་གསུམ་པར་བསྟན། །སྔོན་པོ་ཉིད
་དུ་འགྱུར་བ་ཡིན། །དེ་ཡིས་སྟེང་མཐོང་འོག་མི་མཐོང། །གོས་སྲབ་ཀྱིས་གཡོགས་ལྟར་མཐོང་ཞིང། །ཁ་དོག་ཇི་བཞིན་འགྱུར་བ་དང། །རིམས་ཀྱིས་མཐོང་བར་ཉམས་པར་འགྱུར་ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་མིག་སྤྲིན་གྱི་རིམ་པ་གསུམ་པ་ལ་བརྟེན་ཅིང
་གནས་པར་གྱུར་ན་མིག་ན་ཆིང་བུ་ལྟར་སྔོན་པོར་འགྱུར་བ་ཡིན་ལ། སྔོན་པོར་གྱུར་པས་དེས་སྟེང་ན་གནས་པའི་གཟུགས་མཐོང་བར་བྱེད་ཀྱི། འོག་ན་མཐོང་བར་མི་གྱུར་བ་དང། གང་མཐོང་བ་དེ་གོས་སྲབ་མོས
་གཡོགས་པ་ལྟ་བུར་མཐོང་བ་དང། ཁ་དོག་ཇི་ལྟ་ཇི་ལྟར་མཐོང་བ་དེ་ལ་དེ་བཞིན་དུ་མེ་ལོང་ལྟར་རྣམ་པར་འགྱུར་བར་བྱེད་པ་དང། མཐོང་བ་དེ་རིམས་ཀྱིས་ཉམས་ཤིང་ནུས་པ་ཆུང་བར་འགྱུར་རོ། །དེ་ལྟ་ན་ཡང་ཡལ་བར་དོར། །རིམ་པ་བཞི་པར་ཕྱིན་ནས་ནི།།
་མཐོང་བྱེད་མཚན་མོ་ཉམས་བྱེད་ཅིང། །མིག་གི་རྒྱལ་མོ་ཁེབས་པར་བྱེད། ཅེས་བྱ་བ་ལ། དེ་ལྟར་མིག་མཆིང་བུ་ལྟར་སྔོན་པོར་གྱུར་ན་ཡང་ཡལ་བར་དོར་ཏེ་མ་བཙོས་ན་ནད་དེ་མིག་གི་རིམ་པ་བཞི་པར་ཕྱིན་ནས་མཐོང་བར་བྱེད་པའི་མིག་གི་མཚན་མའི་དང་པོ་ཉམས
་པར་བྱེད་ཅིང་མིག་གི་རྒྱལ་མོ་ཁེབས་པས་ལོང་པར་བྱེད་པར་འགྱུར་རོ། །དེ་ལྟར་ན་དེ་ཡན་ཆད་ནི་རབ་རིབ་ལ་སོགས་སྤྱིའི་མཚན་ཉིད་བཤད་པ་ཡིན་ནོ། །དེ་ལ་རླུང་འགྱུར་རབ་རིབ་ནི། །ལོང་ལོང་པོར་ན་མཐོང་བ་དང། །གཡོ་ཞིང་རྙོག་ཅན་རྩ་དམར་སྣང། །ཆེད་དགའ་
་གསལ་བར་མཐོང་བ་དང། །བྱ་བ་སྐྲ་ཤད་སྦྲང་བུ་དང། འོད་མཐོང། ཞེས་བྱ་བ་ལ། རབ་རིབ་ཀྱི་ནད་དེ་ལས་རླུང་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་གཟུགས་འཁྲུགས་ཤིང་ལིང་ལིང་པོར་མཐོང་བ་དང། གཡོ་ཞིང་མི་བརྟན་པ་དང། རྙོག་པ་ཅན་དེ་མི་གསལ་བ་དང།
་ཕལ་ཆེར་རྩ་དམར་བར་སྣང་བ་དང། ཆེད་འགའ་ནི་གཟུགས་གསལ་བར་མཐོང་བ་དང། དེ་བཞིན་དུ་དྲ་བས་གཡོགས་པ་དང། སྐྲ་ཤད་འཛིངས་པ་དང། སྦྲང་བུ་ལྟ་བུ་དང། འོད་འབར་བ་ལྟ་བུར་ཡང་ཆེས་འགའ་མཐིང་བ་ཡིན་ནོ། །དེ་ནི་མལ་པར་པོར། །སྔོན་པར
་གྱུར་པ་མིག་དམར་ལ། །བཞིན་ལ་སྣ་ནི་མེད་པར་མཐོང། ཟླ་ག་མེ་སོགས་དུ་མར་མཐོང། །ཡོན་པོ་དྲང་པོར་མཐོང་པར་འགྱུར། ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་རབ་རིབ་དེ་ཡལ་བར་བོར་ཞིང་མ་བཅོས་ན་སྔོན་པོར་གྱུར་པ་ལས་ཐལ་ཏེ། མིག་དམར་པར
་འགྱུར་བ་དང། མིག་ནད་སྤྲིས་གཡོགས་པས་ཉེན་པའི་མི་དེས་རང་གི་བཞིན་དེ་གདོང་ལ་སྣ་མེད་པར་མཐོང་བ་དང། ཡང་ཟླ་བ་ལ་སོགས་པ་ལ་གཟུགས་དུ་མར་མཐོང་བ་དང། གཟུགས་ཡོན་པོ་ཡང་དྲང་པོར་ཤེས་ཤིང་མཐོང་བར་འགྱུར་རོ། །སྔོན་པོ་འཕེལ་ན་མཐོང
་བྱེད་ནི། རྡུལ་གྱིས་ཁེབས་པ་ལྟ་བུར་མཐོང། །གསལ་ཞིང་དམར་བ་འམ་རྒྱ་ཆེ་བ་འམ། །ཕྲ་མོ་འམ་མཐོང་བ་ཉམས་པར་འགྱུར། །དེ་ནི་མཐོང་བ་ཉམས་པ་ཡིན། ཞེས་བྱ་བ་ལ། མིག་ནད་མཆིང་བུ་ལྟར་སྔོ་བ་དེ་ཉིད་འཕེལ་ཞིང་རྒྱས་པར་གྱུར་ན་མཐོང་བར་བྱེད་པའི
་མིག་གི་དཀྱིལ་འཁོར་རྡུལ་གྱི་ཚོགས་ཀྱིས་ཁེབས་ཤིང་གཡོགས་པ་ལྟ་བུར་འགྱུར་བ་དང། གསལ་བ་ལ་སོགས་པ་གང་ཡང་རུང་བ་མཐོང་ཞིང་མཐོང་བ་ཉམས་པར་བྱེད་པར་འགྱུར་ཏེ། དེ་ལྟ་བུའི་མིག་ནད་དེ་ནི་མཐོང་བ་ཉམས་པ
་འམ་མཚན་མ་ཉམས་པ་ཞེས་བྱའོ། །ཞེས་བཤད་དེ། དེ་ལ་ལོང་བ་དང་སྤྲིས་གཡོགས་པ་དང་མཚན་མ་ཉམས་པ་ཞེས་བྱ་བའི་མིང་ཡང་འཐོབ་པོ། །རླུང་གི་མིག་གི་རྩ་འཁུམས་འགྱུར། །མཐོང་བྱེད་བཏིང་དུ་ཞུགས་པ་དག་།འདི་ནི་གཏིང་རིང་ཞེས་བྱར་བཤད།
་ཅེས་བྱ་བ་ལ། རླུང་གི་ནད་ལས་གྱུར་པའི་མཐོང་བ་ཉམས་པའི་ནང་ལ་ནི་མིག་གི་རྩ་འཁུམས་པར་འགྱུར་བ་དང། དེ་བཞིན་དུ་མཐོང་བར་བྱེད་པའི་མག་གི་རྒྱལ་མོའི་གཏིང་དུ་ཞུགས་ཤིང་ནད་དུ་ཞེན་པ་ཡིན་ཏེ་མིག་ནད་འདི་ནི་མིང་བཏིང་རིང་བ་ཞེས་བྱའོ།།
་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །མཁྲིས་གྱུར་རབ་རིབ་གློག་དང་ནི། །སྲིན་བུ་མེ་ཁྱེར་མེ་སྒྲོན་དང། །རྨ་བྱ་སྲེབ་པའི་སྒྲོ་དང་ནི། །ཕལ་ཆེར་སྔོན་པོར་མཐོང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མིག་ནད་རབ་རིབ་ནི་བློག་དང་སྲིན་བུ་མེ་ཁྱེར
་ལ་སོགས་པའི་འོད་ཀྱིས་སྣང་བར་བྱས་པ་དང་དེ་ལྟ་བུ་གཟུགས་མཐོང་བར་འགྱུར་བ་དང། དེ་བཞིན་རྨ་བྱའི་མཇུག་སྒྲོ་དང། །སྲེག་པའི་སྒྲོ་འདྲ་བར་གཟུགས་ཁ་དོག་སྣ་ཚོགས་སུ་མཐོང་བ་དང། ཕལ་ཆེར་དེ་མང་དུ་གཟུགས་སྔོན་པོར་མཐོང་པར་འགྱུར་རོ།
་མཐོང་བའི་མིག་ནི་འཁར་གཡའའདྲ། །དེ་ལྟ་བུ་ནི་མཐོང་བ་དང། ཉི་ཟླ་འཁྱིམས་དང་མེ་དང་ནི། །སྨིག་རྒྱ་འཇའ་མཚོན་མཐོང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མིག་སྔོན་པོར་གྱུར་པའི་ནད་ལ་ནི་མིག་འཁར་བའི་གཡའ་ལྟར་སྔོ་བ་དང
་གཟུགས་ཀྱང་འཁར་བའི་སྔོན་པོ་ལྟར་མཐོང་བ་དང། དེ་བཞིན་དུ་ཉི་མ་དང་ཟླ་བ་འཁྱིམས་ཤིང་ཟླུམ་པོས་བསྐོར་བ་ལྟ་བུར་མཐོང་བ་དང། དེ་བཞིན་དུ་མེ་དང་སྨིག་རྒྱུ་དང་འཇའ་ཚོན་ལྟ་བུར་གཟུགས་མཐོང་བར་འགྱུར་བ་ཡིན་ནོ། །བུང་བ་ལྟར་སྔོ་མཐོང་བ་མེད། །
་འབྲས་བུ་སྣུམ་བ་མཐོང་ཉམས་ཡིན། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མིག་ནད་བུང་བ་ལྟར་སྔོ་བའི་བུང་བའི་མདོག་ལྟང་སྔོ་ནག་ཏུ་སྣང་བ་དང། དེ་བཞིན་དུ་མཐོང་བ་མེད་ཅིང་གཟུགས་མཐོང་བ་ལས་ཉམས་པ་དང། འབྲས་བུ་སྣུམ་པ་དང་གཟུགས་མཐོང་བ
་ཉམས་པ་ཡིན་ནོ། །མཁྲིས་པ་མིག་ནི་ཆུང་ཞེས་བཤད། །ཐུང་མཐོང་དེ་ནི་ཐུང་ངུ་ཡིན་ཞེས་བྱ་བ་ལ། མཁྲིས་པ་འཁྲུཌ་པར་བྱུང་པ་ལས་མིག་གང་ཆུང་ངུར་གྱུར་བ་ལས་མིག་གང་ཆུང་ངུར་མཐོང་བ་དེ་ནི་མཐོང་བ་ཞེས་བྱའོ། །སེར་ཞིང་དངོས་པོ་སེར་པོར་མཐོང། །མཁྲིས་པས་ཚིག་པར
་གྱུར་ཅེས་བྱ། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་བའི་མིག་ནད་མིག་སེར་ཞིང་དངོས་པོ་སེར་པོར་མཐོང་བ་དེ་ནི་མིང་མཁྲིས་བས་ཚིག་པ་ཞེས་བྱའོ། །བད་ཀན་རབ་རིབ་ཕལ་ཆེར་ནི། །སྣུམ་ཞིང་དཀར་པ་མཐོང་པ་དང། །དུང་དང་ཟླ་བ་ཀུནད་དང། །ཀུནདའི་མེ་ཏོག་ལྟ
་བུས་ཁྱབ། ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་ནད་རབ་རིབ་ཅན་ཕལ་ཆེར་དེ་མང་དུ་ན་གཟུགས་སྣུམ་པ་དང། དཀར་པོར་མཐོང་བ་དང། དེ་བཞིན་དུ་གཟུགས་དུང་དང་ཟླ་བ་ལ་སོགས་པ་ལྟ་བུས་ཁྱབ་ཅིང་གཡོགས་པ་ལྟ་བུར་མཐོང་བ་ཡིན་ཏེ། དེ་ནི་མིག་ནད
་དཀར་པོ་ཞེས་བྱའོ། །སྔོན་པོ་འོད་མེད་ཉི་ཟླ་དང། །སྒྲོན་མེས་ཁྱབ་པ་ལྟ་བུར་མཐོང། །མིག་འབྲས་དཀར་པོར་སྣང་བར་འགྱུར། །ཞེས་བྱ་བ་ལ། དེ་ཉིད་ཡལ་བང་བོར་ཞིང་མ་བསོས་ན་མཆིང་བུ་ལྟར་སྔོན་པོར་གྱུར་ཅིང་འོད་མེད་པའི་ཉི་མ་དང་ཟླ་བ་དང། སྒྲོན་མ་ལ
་སོགས་པ་ལྟ་བུས་ཁྱབ་ཅིང་གཟུགས་མཐོང་བ་དང། དེ་ནི་མིག་འབྲས་དཀར་པོ་ཉིད་དུ་སྣང་ཞིང་མངོན་པར་གྱུར་པ་ཡིན་ནོ། །བད་ཀན་མཐོང་ཉམས་དེ་མངོན་ཁྱབ། །སྣུམ་ཞིང་མཐོང་བ་ཉམས་འགྱུར་ལ། །ཆུ་ཡི་ཐིགས་པ་པདྨ་ཡི། །འདབ་མའི་སྟེང་ན་གནས
་ལྟར་གཡོ། །དྲོན་ཞུམ་པར་འགྱུར་བ་དང། །གྲང་བས་ཡོངས་སུ་ཁྱབ་པར་བྱེད། །ཟླ་བ་མེ་ཏོག་ཀུནད་དང། །ཤེལ་ལྟར་སྣང་ཞིང་དཀར་བ་ཡིན། །ཞེས་བྱ་བ་ལ་བད་ཀན་ལས་གྱུར་པའི་སྤྲིས་གཡོགས་ཤིང་མཐོང་བ་ཉམས་པའི་མིག་ནད་ནི་བད་ཀན་གྱིས
་མངོན་སུམ་དུ་ཁྱབ་པ་ལྟ་བུར་སྣང་བ་དང། མིག་སྣུམ་པར་སྣང་བ་དང། མཐོང་བ་ཉམས་ཤིང་ལོང་བར་གྱུར་པ་དང། དེ་བཞིན་དུ་ཆུའི་ཐིགས་པ་པདྨའི་འདབ་མའི་སྟེང་དུ་གནས་པ་ལྟ་བུར་གཡོ་བར་སྣང་བ་དང། ཐིགས་པ་དེ
་དྲོ་བའི་གནས་སུ་ནི་ཞུམ་ཞིང་འདུས་པར་གྱུར་ལ། །གྲིབ་མ་དང་གྲང་བའི་གནས་སུ་ཡོངས་སུ་ཁྱབ་ཅིང་རྒྱས་པར་བྱེད་པ་དང། ཡང་དེ་ཟླ་བ་ལ་སོགས་པ་གང་ཡང་རུང་བ་བས་ཀྱང་དཀར་བར་གྱུར་པར་སྣང་བ་ཡིན་ནོ། །ཁྲག་གི་རབ་རིབ་དམར་བ་དང། །
་མུན་བར་གྱུར་བ་མཐོང་བ་ཡིན། ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་རབ་རིབ་ནི་སྤྲིས་གཡོགས་པ་དམར་བར་སྣང་བ་དང། གཟུགས་མུན་པར་ཞུགས་པ་ལྟ་བུར་མཐོང་བ་ཡིན་ནོ། །སྔོན་པོ་དམང་པ་འམ་གནག་པར་ནི། མིག་གིས་དེ་ལྟར་མཐོང
་པ་ཡིན། ཞེས་བྱ་བ་ལ། །ཁྲག་ལས་མིག་ནང་མཆིང་བུ་ལྟར་སྔོན་པོར་གྱུར་པ་ནི། མིག་དམར་པོ་འམ་ནག་པོ་གྱུར་ཅིང་མིག་གིས་ཀྱང་དམར་པོ་འམ་ནག་པོར་མཐོང་བར་འགྱུར་བ་ཡིན་ནོ། །མཚན་མ་ཉམས་པ་འང་དེ་འདྲར་མཐོང། །འོད་མེད་མཐོང
་མཐོང་པ་ཉམས་པ་ཡིན། ཞེས་བྱ་བ་ལ། དེ་ཡལ་བར་བོར་བས་མཚན་མ་ཉམས་ཤིང་སྤྲིས་གཡོགས་པ་ཁྲག་ལས་གྱུར་པའང་མིག་དེ་དང་འདྲ་བ་སྟེ། དམར་པོའམ། ནག་པོར་འགྱུར་ཞིང་གཟུགས་དེ་གཉིས་ལྟར་མཐོང་བ་དང། དེ་བཞིན་དུ་མིག
་གི་རྒྱལ་མ་འོད་མེད་ཅིང་མཐོང་བ་ཉམས་ཤིང་ལོང་བར་འགྱུར་རོ། །ལྡན་པའམ་ནི་འདུས་པ་ཡི། །རབ་རིབ་ལ་སོགས་མཚན་མ་ནི། འདྲེན་མ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ལ། ནད་གཞིན་གཉིས་འདྲེས་པའི་ལྡན་བའམ་གསུམ
་འདུས་བར་འགྱུར་བའི་མཚན་ནི། རབ་རིབ་དང་སྔོན་པོ་དང། སྤྲིས་གཡོགས་པའི་མཚན་མ་འདྲེན་མར་སྣང་བ་ཡིན་པར་ཤེས་པར་བྱའོ། །གློ་བུར་དུ་ནི་རབ་རིབ་དག་།གསལ་དང་མིག་གསལ་འཁྲུགས་པར་བྱེད། ཅེས་བྱ་བ་ལ། ལྡན་པ་དང
་འདུས་བ་ལས་རབ་རིབ་ཏུ་འགྱུར་བ་ནི་གློ་བུར་གསལ་བར་འཁྲུགས་པར་འགྱུར་ཏེ། ལན་འགའ་ནི་གསལ་བར་འགྱུར་ལ། ལན་འགའ་ན་མིགས་ལ་བར་གཟུགས་མཐོང་བར་འགྱུར་རོ། །ལྷབ་མ་དག་ནི་མཐོང་བྱེད་ནི། །དམར་ཞིང་སྣ་ཚོགས་དག་ཏུ་སྣང། །
་ཅེས་བྱ་བ་ལ། སྔོན་པོ་དང་མཐོང་བ་ཉམས་བ་ལྷག་མ་འདུས་པ་དང། ལྡན་པ་ལས་གྱུར་པ་ནི། མཐོང་བར་བྱེད་པའི་མིག་གི་དཀྱིལ་འཁོར་དམར་ཞིང་སྣ་ཚོགས་སུ་སྣང་བ་ཡིན་ཏེ། ལྡན་བ་དང་འདུས་པའི་རབ་རིབ་གཅིག་ཏུ་བཤད་པ་ནི། ལྡན་པ་ལས
་གྱུར་པའི་རབ་རིབ་གཅིག་དང་ལྡན་པ་ལས་གྱུར་པའི་མིག་སྔོན་པོར་གྱུར་པ་གཅིག་དང་ལྡན་པ་ལས་གྱུར་པའི་མཐོང་བ་ཉམས་པ་གཅིག་དང། དེ་བཞིན་དུ་ལྡན་པ་ལས་གྱུར་པའི་རབ་རིབ་གཅིག་དང་འདུས་པ་ལས་གྱུར་པའི་རབ་རིབ་གཅིག་དང། འདུས་པ
་བས་གྱུར་བའི་མིག་སྔོན་པོར་གྱུར་པ་གཅིག་དང། འདུས་བ་ལས་གྱུར་པའི་མཐོང་བ་ཉམས་པ་གཅིག་ཡིན་ནོ། །གང་གིས་མཐོང་བྱེད་ནད་ཀྱིས་ཁྱབ། །སྲེ་མའི་མིག་འདྲར་སྟང་བར་འགྱུར། །དེ་ནི་ཉིན་མཐོང་མཆན་མོ་མིན། །ནེའུ་ལ་ལོང་པ་ཞེས་ཏེ་བཤད།།
་ཅེས་བྱ་བ་ལ། མིག་གང་གིས་མཐོང་བར་བྱེད་བའི་མིག་གི་དཀྱིལ་འཁོར་རླུང་ལ་སོགས་པའི་ནད་ཀྱིས་ཁྱབ་ཅིང་སྲ་མོའི་མིག་དང་འདྲ་བར་འཚེར་བར་སྣང་བར་འགྱུར་བའི་ནད་དེ་ནི་མིང་ནེའུ་ལེ་ལོང་བ་ཞེས་བྱ་བར་བཤད་དེ། ནེའིུ?་ལེ་ལོང་བ་ཞེས་བྱ་བ་གང་ཡིན་པ
་དའི་མཚན་ཉིད་དེ་ནི་ཉིན་མོ་དངོས་པོ་སྣ་ཚོགས་མཐོང་བར་འགྱུར་གྱི་མཚན་མོ་མཐོང་བར་མི་འགྱུར་རོ། །ཉི་མ་ནུབ་པར་གྱུར་པ་ན་།འོད་མི་སྣང་ཚེ་དེངས་འགྱུར་ཞིང། །མཐོང་བྱེད་ཉམས་པར་བྱེད་བ་ནི། །ནད་ཀྱིས་ལོང་བ་གཉིས་པ་ཡིན། །ཉི་མའི་ཟེར་གྱིས་ཕོག་བ
་ནད་?་མཐོང་བའི་ལམ་ནས་དྲི་མ་ན་ཞུ་ཞིང་མེད་པར་གྱུར་ནས་ནི། །ཉིན་མོ་གསལ་བར་མཐོང་བར་བྱེད། །ཅེས་བྱ་བ་ལ། ཉི་མ་རིའི་རྩེ་ལས་ནུབ་བར་གྱུར་ཅིང་ཉིན་མའི་མཛའ་མར་འོང་མི་སྣང་བར་གར་པ་ནི་མིག་གི་ནང་དེ་རེངས་ཤིང་སྲ་བར་གྱུར་ནས་མཐོང་བར་བྱེད་པའི
་མིག་གི་རྒྱལ་མོ་བསྒྲིབས་ཤིང་ཁེབས་པར་གྱུར་པས་མཐོང་བར་བྱེད་པ་ཉམས་པར་འགྱུར་ཏེ་དེ་ནི་ནད་ཀྱི་མཚན་མོ་ལོང་བ་སྔ་མ་ལས་གཉིས་པར་གྱུར་པ་ཡིན་ཏེ་མཚན་མོ་ལོང་བ་འདི་ལ་ཉི་མའི་འོད་ཟེར་གྱིས་མཐོང་བར་བྱེད་པའི
་ནད་ཡོད་པའི་ནད་མཐོང་བར་བྱེད་པའི་ལམ་གྱི་མིག་ནས་དྲི་མ་དེ་ཞུ་ཞིང་མེད་པར་གྱུར་ནས། ཉིན་མོ་དངོས་པོ་གསལ་བ་ཁོ་ནར་མཐོང་བར་བྱེད་བ་ཡིན་ནོ། །ཚ་བས་གདུངས་ཏེ་མོང་ལ་ནི། །ཆུ་གྲང་ནང་དུ་ཞུགས་གྱུར་ན། །ནད་གཞི་གསུམ་དང་ཁྲག
་འཁྲུགས་ཏེ། །དྲོད་ནི་གྱེན་འགྲོ་དེ་ནས་མིག་།ཚ་ཞིང་ན་དཀར་དྲི་མ་ཅན། །ཉིན་མོ་ལོར་ལོང་པོར་མཐོང་ཞིང། །མཚན་མོ་ལོང་བར་གྱུར་པ་དང། །དེ་ནི་བྲོས་བ?་འཚིག་ཅེས་བྱ། ཞེས་བྱ་བ་ལ། མིག་ཨང་ཉི་མ་ལ་སོགས་པའི་ཚ་བས་གདུངས་ཤིང་ཉེན་པར
་གྱུར་པ་དེ། མོད་ལ་དེ་འཕྲལ་དུ་ཆུ་གྲང་མོའི་ནང་དུ་ཞུགས་ཤིང་ལུས་ནུབ་པར་བྱེད་པའི་རྒྱུས་།ལུས་ཀྱི་ནང་ན་ཡོད་པའི་མེ་དྲོད་ཀྱི་ཆགས་རླུང་ལ་སོགས་པའི་ནད་གཞི་གསུམ་དང་ཁྲག་འཁྲུགས་པར་གྱུར་ཅིང་དྲོད་དེ་ནྔ?་དེད་འདྲས་པར་འགྱུར་པས་གྱེན་དུ་འགྲོ
་བར་འགྱུར་ལ་དེ་ནས་དེའི་འོག་ཏུ་རྒྱུ་དེས་མིག་ཚ་ཞིང་ན་བར་གྱུར་པ་དང་མིག་འབྲས་དཀར་པོ་དྲི་མ་ཅན་དུ་འགྱུར་ལ། དེས་ནི་ཉིན་མོ་ནི་མཐོང་བ་མི་གསལ་ཞིང་རྙོག་པ་ཅན་པོར་ལོང་ལོང་པོར་མཐོང་ལ་མཚན་མོའི་དུས་སུ་ནི་ལོང་ཞིང་ཅི་ཡང་མི་མཐོང་བར
་འགྱུར་ཏེ། མིག་ནད་དེ་ནི་དྲོ་བས་ཚིག་པས་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཤེས་ཆེར་སྐྱུར?་ཟོས་ནད་དང་ནི། །ཁྲག་དང་བཅས་པས་མིག་ཁྱབ་འགྱུར། །འདྲུལ་ཞིང་གཡའ་ལ་དྲི་མ་ཅན། །དེ་ནི་སྐྱུར་གྱི་ཚིག་ཅེས་བྱ་བ་ལ། ཤས་ཆེར་དེ་ནི་མི
་ཟད་པ་འམ། ཡང་དང་ཡང་དུ་ཁ་ཟས་སྐྱུར་བག་ཟོས་པ་ལས་རླུང་ལ་སོགས་པའི་ནད་ཁྲག་དང་བཅས་པས་མིག་གི་ནད་ཁྱབ་པར་འགྱུར་ཞིང་ཁེབས་པར་གྱུར་པས་མིག་འདྲུལ་ཞིང་བརྣགས་པ་དང། ཤས་ཆེར་གཡའ་བ་དང་དྲི་མ་ཅན་དུ་གྱུར་པའི་མིག
་ནད་དེ་ནི་མིང་སྐྱུར་གྱིས་ཚིག་པ་ཞེས་བྱའོ། །ཞེས་སློབ་དཔོན་དག་གིས་བཤད་དོ། །མྱ་ངན་རིམས་དང་མགོ་ནད་ཀྱིས། །རླུང་སོགས་གདུངས་པར་གྱུར་པ་ལས། །རླུང་སོགས་འཁྲུག་ཅིང་རུང་འཐུལ་མཐོང། །དེ་ནི་དུད་པ་ཅན་ཞེས་བྱ། ཞེས་བྱ་བ་ལ། སྐྱེས་བུ་མྱ་ངན་ལ་སོགས
་པས་གདུངས་པར་གྱུར་པ་ལས་མིག་གིས་དུད་པ་འཐུལ་བ་ལྟ་བུར་མཐོང་ཞིང་ནད་ན་དུད་པ་བསྐུ་བ་ལྟར་འཁྲུགས་པའི་མིག་ནད་དེ་ནི་དུད་པ་ཅན་ཞེས་བྱའོ། །སྙིང་སྟོབས་ཆུང་བས་གློ་བུར་དུ། །ངོ་མཚར་ཅན་གྱི་གཟུགས་མཐོང་བའམ། །ཉི་མ་འོད་ཅན་སོགས་མཐོང་ནས།
་མིག་ལ་བརྟེན་པའི་རླུང་ལ་སོགས། །གཟི་བརྗིད་ཉམས་པས་མིག་གི་ནི། མཐོང་བ་ཉམས་པར་བྱེད་པར་འགྱུར། །བཻཌཱུརྱ་མདོག་མཁྲང་བག་དང། །རང་བཞིན་གནས་ལྟར་ནད་མར་འགྱུར། །འདི་ནི་ཕྲད་པ་ལས་བྱུང་བའི། །མཚན་མ་ཉམས་པ་ཞེས་བྱར་བཤད། །ཅེས་བྱ་བ་ལ
་སྐྱེས་བུ་སྙིང་སྟོབས་ཆུད་ཞིང་བློ་ཞན་པས་གློ་བུར་དེ་འཕྲལ་དུ་ངོ་མཚར་དུ་གྱུར་ཅིང་མདངས་དང་ལྡན་པའི་གཟུགས་མཐོང་བར་འགྱུར་བ་དང། ཡང་ན་ཉི་མ་དང་ལ་སོགས་པ་འོད་དང་ལྡན་ཞིང་འཚེར་བའི་གཟུགས་མཐོང་བ་ལས་མིག་ལ་བརྟེན་པའི་གནས་པའི་ནད་ཀྱིས
་མིག་གི་གཟི་བརྗིད་ཀྱི་མདས?་ཉམས་བར་བྱས་ནས་མིག་གི་མཐོང་བ་ཉམས་པར་འགྱུར་བ་དང། བཻ་ཌཱུརྱའི་མདོག་ལྟར་སྔོ་བ་དང། མཁྲད་ཞིང་ཧར་བག་ཏུ་འདུག་པ་དང། རང་བཞིན་དུ་གནས་ཤིང་ཐ་མལ་པར་འདུག་པ་ལྟར་ན་མེད་པར་འགྱུར་ཏེ། ནད་འདི་ནི་འཕྲད་པ་ལས་བྱུང་བ
་མཚན་མ་ཉམས་པ་ཞེས་བྱའོ། །འདི་ལས་བད་ཀན་མ་གཏོགས་མཚན། །ཉམས་དང་ཐུང་དུ་གཏིང་ཞེས་སྤང་།ཞེས་བྱ་བ་ལ། མིག་ནད་འདི་དག་གི་ནང་ནས་བད་ཀན་ལས་གྱུར་པའི་མཚན་མའམ། མཐོང་བ་ཉམས་པ་མ་གཏོག་པ་རླུང་དང་མཁྲིས་པ་དང་ཁྲག་དང་ལྡན
་པ་དང་འདུས་པ་དང་འཕྲད་པ་ལས་གྱུར་པའི་མཐོང་བ་ཉམས་པ་དྲུག་པོ་སྤང་བར་བྱ་བ་དང། དེ་བཞིན་དུ་ཐུང་ངུ་ཞེས་བྱ་བ་དང། གཏིང་ངུ་ཞེན་པ་ཞེས་བྱ་བའི་མིག་ནད་ཀྱང་གསོར་མི་རུང་བས་སྤང་བར་བྱའོ། །མིག་སྔོན་དྲུག་དང་ནེའུ་ལེ་ཡི། །ལོང་བ་འཚོ་ཙམ་ཞེས་བྱ་བ
་ལ། རླུང་དང་མཁྲིས་པ་དང་བད་ཀན་དང། ཁྲག་དང་ལྡན་པ་དང། འདུས་པ་ལས་གྱུར་པའི་མིག་སྔོན་པོ་མཆིང་བུ་ལྟར་གྱུར་པ་དྲུག་པོ་དང། ནེའུ་ལེ་ལོང་བསྟེ་བདུན་པོ་དེ་དག་ནི་རེ་ཞིག་འཚོ་བ་ཙམ་དུ་བྱར་རུང་བ་ཡིན་ནོ། །ལྷག་མ་ནི་བྲགཱུ?་གཉིས
་པ་ནི་གསོ་བར་བྱ། ཞེས་བྱ་བ་ལ། ལྷག་མ་མིག་ནད་བཅུ་གཉིས་པོ་རླུང་དང་མཁྲིས་པ་དང། བད་ཀན་དང་ཁྲག་དང་ལྡན་པ་དང། འདུས་པ་ལས་གྱུར་པའི་རབ་རིབ་དྲུག་དང། མཁྲིས་བས་ཚིག་པ་དང། བད་ཀན་གྱི་མཚན་མ་ཉམས་པ་དང། མཚན་མོ་ཡོད་པ་དང
་དྲོ་བས་ཚིག་པ་དང། སྐྱུར་བས་ཚིག་པ་དང། དུད་པ་ཅན་དེ་བཅུ་གཉིས་པོ་ནི་བཅོས་སུ་རུང་བ་ཡིན་པས་གསོ་བར་བྱའོ། །དེ་ལྟར་མིག་ནི་ཉི་ཤུ་ནི། །རྩ་བདུན་དག་དུ་བསྟན་པ་ཡིན། ཞེས་བྱ་བ་ལ། ཚུལ་དེ་ལྟར་ན་མཐོང་བར་བྱེད་པའི་མཚན་མ་ལ་གནོད་པའི་མིག་ནད
་ཉི་ཤུ་རྩ་བདུན་དག་ཀྱང་བསྟན་ཅིང་བཤད་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་དེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་གཉིས་པའི
་རྣམ་པར་འགྲེལ་བའོ།། །།དེ་ནས་རབ་རིབ་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་གྱིས་ན་ལེའུ་འདི་བརྩམས་པ་ཡིན་ནོ། །རབ་རིབ་སྔོན་པོ་ཉིད་འགྱུར་ཞིང། །སྔོན་པོ་མ་བཅོས་ལོང་པར་འགྱུར། །དེ་བས་མིག་ནད་ལ་རབ་རིབ། །མི
་བཟད་མྱུར་དུ་གསོ་བར་བྱ། ཞེས་བྱ་བ་ལ། དང་པོ་མིག་ནད་རབ་རིབ་ཏུ་གྱུར་བ་དེ་མ་བཅོས་ཤིང་གསོ་བ་མ་བྱས་ན། རྒྱུ་དེས་སྔོན་པོ་ཞེས་བྱ་བ་འམ། སྤྲིས་གཡོགས་པ་ཞེས་བྱ་བར་འགྱུར་ལ། དེ་བཞིན་དུ་སྔོན་པོར་འགྱུར་ཞིང་སྦྲིས་གཡོགས་པ་མ་བཅོས་ན
་ལད་ལོང་བ་ཉིད་དུ་འགྱུར་རོ། །རྒྱུ་དེ་བས་ནི་མིག་ནད་ཐམས་ཅད་ཀྱི་ནད་ནས་རབ་རིབ་ནི་མི་བཟད་ཅིང་འཇིགས་པ་ཡན་བས་དེ་མྱུར་བ་ཁོ་ནར་གསོ་བར་བྱའོ། །འཚོ་བྱེད་སྲང་བརྒྱ་ཆུ་བྲེ་ནི། །བཅུ་དྲུག་ནང་བསྐོལ་བཞི་ཆ་ལུས། །ཁུ་བ་འོ་མ་བྲེ་དོ?་དང། །མར་ནི་བྲེ་གང་ལྟར?
་ཅིག་བཙོ། །སྟག་ཚེ་ང་བ་དང་རེ་མཉེ་བ། །སེང་ཕྲོམ་རྒྱམ་ཚ་པི་པི་ལིང། །ཤུ་ཏི་ཤིང་མངར་རྒུན་འབྲུམ་དང། །ཐང་ཤིང་ཁ་ར་འབྲས་བུ་གསུམ། །ཞོ་ནི་གཉིས་གཉིས་བཏབ་བསྐོལ་ཏེ། །མཚན་འཐུངས་རབ་རིབ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། སྨན་འཚོ
་བྱེད་ཛ་བནྟི་ཞེས་བྱ་བ་སྲང་པ་རྒྱ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་དེ་ལས་བཞི་ཆ་ལུས་པའི་ཁུ་བ་དང་མར་བྲེ་གང་དང། འོ་མ་བྲེ་དོ་དང་སྟག་ཚེར་བ་ཞེས་བྱ་བ་པྲ་བུཎྜ་རཱི་ཀ་དང་མཉེ་བ་ལ་སོགས་པའི་སྨན་ཞོ་གཉིས་གཉིས་བཏགས་པའི་ལྡེ་གུ་བཅུག་སྟེ་བསྐོམ་ལ
་སྨན་མར་དེ་མཚན་མོ་ཉལ་ཁར་འཐུངས་ན་རབ་རིབ་སེལ་ཅིང་འཇོམས་བྱེད་པའི་མཆོག་ཡིན་ནོ། །རྒྱུན་འབྲུམ་བཙོད་དང་ཙན་དན་དཀར། །ར་མཉེ་བ་གཉིས་ཛི་བ་ཀ་།ཁར་ཉེའུ་ཤིང་མེད་དང། །ཤིང་མངར་ཨུཏཔལ་པུཎྜ་རཱི། །ཞོ་ག་གཉིས་གཉིས་མར་རྙིང་ནི། །བྲེ་གདའ་ཨོ
་མ་དེ་མཉམ་བསྐོལ། །དེ་ཡིས་མིག་སྔོན་རབ་རིབ་དང། །མར་གྱིས་མགོ་བོའི་ནང་རྣམས་འཇོམས། ཞེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་བའི་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་དང་མེར་རྙིང་པ་བྲེ་གང་དང་འོ་མ་དེ་དང་མཉམ་པོ་སྟེ་བྲེ་གང་བསྐེལ་བའི་སྨན་མར་དེས་ནི་མིག
་སྔོན་པོ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །ནིམྦ་སྐྱེར་པ་པ་ཏོ་ལ། །པུ་ཙ་ཤེལ་དང་སྤུ་ཤེལ་ཙེ། །འབྲས་བུ་གསུམ་དང་ཤ་ཀ་།བྱི་ཚོར་བ་དང་ཁྱི་ལྕེ་བ། །པརྦ་ཏ་ནི་སྲད་རེ་ཡིན། །སྐྱ་རུ་ར་ནི་བྲེ་གང་དག་།ཆུ་བྲི་བཅུ་དྲུག་ནད་དུ་བསྐོལ། །བྲེ་བཞི་ལུས་པར
་གླ་སྒད་དག་།རྩ་མཁྲིས་ཤིང?་མངར་དུག་མོ་ཉུང། །བ་ལུང་ཀ་དང་ཙན་དན་དང། །པི་པི་ལིང་སྲང་ཕྱེད་ཕྱེད་དང། མར་གྲེ་གང་དང་བཅས་བསྐོལ་བ། །དེས་ནི་སྣ་མིག་སྣ་ནད་དང། །ཁོང་འབྲས་རིམས་དང་མཛེར་པ་དང། །འབྲུམ་ཕྲན་ཤུ་པ་མཛེ་ནད་སེལ། །མཆོག་ཏུ་ལིང་ཏོག་རབ
་རིབ་དང། །མཚན་ལོར་དྲོ་བ་ཚིག་པ་འཇོམས། །ཞེས་བྱ་བ་ལ། ནིམ་པ་ནས་པར་པ་ཏའི་བར་སྲང་རེ་རེ་དང། །སྐྱུ་རུ་ར་བྲེ་གང་དང། ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་བ་དེ་ལས་བྲེ་གཞི་ལུས་པའི་ཁུ་བ་དང། གླ་སྒད་ལ་སོགས་པའི་མིག་སྨན་སྲང་ཕྱེད་བྱེད་བཏགས་པའི་ལྡེ་གུ་དང
་མར་བྲེ་གང་དང་བཅས་པར་བསྐོལ་ལ་སྨན་མར་དེ་བླུད་ན། རྣ་བ་དང་མིག་དང་སྣ་ལ་སོགས་པའི་ནད་སེལ་བར་འགྱུར་བ་དང། མཆོག་ཏུ་ཡང་ལིང་ཏོག་ལ་སོགས་པ་འཇོམས་པར་བྱེད་པཡིན་ནོ། །འབྲས་བུ་གསུམ་ནི་སྲད་བརྒྱད་དག་།ཆུ་བྲེ་བཞི
་བསྐོལ་བཞི་ཆ་ལུས། །འོ་མ་དེ་དང་ཆ་མཉམ་དང། །འབྲས་བུ་གསུམ་གྱི་ལྡེ་གུར་ནི། །སྲང་གཅིག་ཞུན་མར་བྲེ་ཕྱེད་བསྐོལ། །ཁ་རའམ་སྦྲང་རྩི་བཅས་པ་འམ། །འབྲས་བུ་གསུམ་གྱི་ཁུ་བར་བཅས། །འཐུངས་ན་འབར་བ་ཐམས་ཅད་འཇོམས། །ཞེས
་བྱ་བ་ལ། འབྲས་བུ་གསུམ་སྲད་བརྒྱད། ཆུ་བྲེ་བཞིའི་ནང་དུ་བསྐོལ་ལ་དེ་ལས་ཁུ་པ་བྲེ་གང་ལུས་པའི་ནང་དུ་འོ་མ་སྨན་གྱི་ཁུ་བ་དེ་དང་ཆ་མཉམ་པ་བྲེ་གང་བཅུག་ལ་འབྲས་བུ་གསུམ་སྲང་གཅིག་སྡེ་གུ་དང་ཞུན་མར་བྲེ་ཕྱེད་བསྐོལ་ཏེ་མར་གྱི་ནང་ཁར་འམ་སྦྲང
་རྩི་བཏབ་ལ་རབ་རིབ་ཅན་ལ་བླུད་པར་བྱ་བ་འམ། ཡང་ན་མར་དེ་དང་འབྲས་བུ་གསུམ་གྱི་ཁུ་བ་དང་བཅས་པ་བླུད་ན་རབ་རིབ་ཀྱི་ནང་ཐམས་ཅད་སེལ་བར་བྱེད་དོ། །ཤིང་མངར་མཉེ་བ་གཉིས་དང། །ཀཎྜ་ཀཱ་རཱི་པི་པི་ལིང། ། རུ་ར་དང་ཨུཏཔལ། །ཁ་ར་རྒུན
་འབྲུམ་སྲང་རེ་བཅས། །ང་ཡི་འོ་མ་མར་བྲེ་རེ། །འབྲས་བུ་གསུམ་དང་བ་ཤ་ཀ་།འབྲིང་ཀ་ར་ཛའི་ཁུ་བར་བསྐོལ། །འདི་ནི་འབྲས་བུ་གསུམ་ཆེན་པོའི། །མར་དེ་མིག་ནད་ཀུན་སེལ་མཆོག་།ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་སྲང་དེ་དང། མར་དང
་འོ་མ་ཚ་བསྙམས་པའི་བྲེ་རེ་རེ་བྱས་པ་དང། །འབྲས་བུ་གསུམ་ལ་སོགས་པའི་ཁུ་བ་བྲེ་གང་དང་བསྐོལ་བའི་སྨན་མར་འདི་ནི་འབྲས་བུ་གསུམ་ལ་སོགས་པའི་བསྐོལ་བའི་སྨན་མར་ཞེས་བྱ་སྟེ། མིག་ནད་ཐམས་ཅད་སེལ་བའི་མཆོག་ཡིན་ནོ། །འབྲས
་བུ་གསུམ་དང་མར་རམ་ནི། འབྲས་བུ་གསུམ་དང་ཤིང་མངར་བཅས། །སྦྲང་རྩི་ཡིས་ནི་སྦྲུས་གྱུར་པ། །མཚན་མོ་ཟོས་པར་གྱུར་ནས་ནི། །ཟླ་གཅིག་ཕན་པའི་ཟས་བསྟེན་ཅིང། །སྒྱུ་རུ་ར་ཡི་ཆུ་འཐུངས་ན། །མཁའ་ལྡིང་ལྟ་བུའི་མིག་འཐོབ་ཅེས། །དྲང་སྲོང
་མུ་ཁྱུད་ཀྱིས་བཤད་དོ། །ཞེས་བྱ་བ་ལ། འབྲས་བུ་གསུམ་དང་བསྐོལ་བའི་མར་རམ། འབྲས་བུ་གསུམ་དང་ཤིང་མངར་དུ་བཅས་པ་སྦྲང་རྩིས་སྦྲུས་ཤིང་མཉེས་པ་དང། འབྲས་བུ་གསུམ་གྱི་སྨན་མར་དང་བཅས་པར་མཚན་མོ་ཉལ་ཀའི་དུས་སུ་ཟོས་པར་གྱུར་ཅིང་ཕན་ཞིང
་འཕྲོད་པའི་ཟས་ལ་བརྟེན་པར་བྱེད་ཅིང་སྐྱ་རུ་རའི་ཆུ་དེའི་རྗེས་ལ་འཐུངས་ན། དེའི་མིག་ནམ་མཁའ་སྡིང་གི་མིག་ལྟ་བུར་ཤིན་ཏུ་གསལ་པར་འགྱུར་རོ། །ཞེས་དྲང་སྲོང་ཆེན་པོ་མུ་ཁྱུད་ཅེས་བྱ་བས་བཤད་པ་ཡིན་ནོ། །ཏྱ་བྱ་ཤིང་མངར་ལྕགས་དང་གསེར། །ཁར་སྦརྔ་རྩི་མར་རྙིད
་དང། །འབྲས་བུ་གསུམ་དང་ཅི་འདོད་སྦྱར། །བསྟེན་པས་རབ་རིབ་འཇོམས་མཆོག་ཡིན། ཞེས་བྱ་བ་ལ། ཏྱ་བྱ་ཞེས་བྱ་བ་དྲུག་མར་རྫང་ཞེས་གྲགས་པ་རྡོ་རྗེ་གསེར་མདོག་ཅན་དང་ཤིང་ལ་སོགས་པའི་སྨན་ཅིང་དོད་པ་སྦྱར་བ་སྟེ། སྨན་འདི་དག་རེ་རེ་འམ་གཉིས་སམ་གསུ
་འམ་བཞིའམ་མ་ལུས་པར་སྦྱར་ཞིང་ཟས་ན་རབ་རིབ་འཇོམས་པར་བྱེད་པའི་མཆོག་གཙོ་བོ་ཡིན་ནོ། །ཡང་ན་འབྲས་བུ་གསུམ་བསྐོལ་མར། །རབ་རིབ་ཅན་གྱིས་བསྟེན་བྱ་འམ། ཞེས་བྱ་བ་ལ། ཡང་ན་འབྲས་བུ་གསུམ་བསྐོལ་པའི་ཁུ་བ་མར་དང་བཅས་པ་རབ་རིབ་ཅན་གྱི་བ
་ནད་པས་བསྟེན་ཅིང་གོམས་པར་བྱའོ། །སྣམ་ཁུར་ཕྱེ་འམ་སྲན་ཆོད་ནི། །འབྲས་བུ་གསུམ་གྱི་ཕྱེ་བཅས་པའམ། ཞེས་བྱ་བ་ལ། ཡང་སྣུམ་ཁུར་ལ་སོགས་པ་འབྲས་བུ་གསུམ་གྱི་ཕྱེ་མ་དང་བཅས་པ་དེང་རབ་རིབ་ཅན་གྱིས་བསྟེན་པར་བྱའོ། །འོ་ཐུག་འབྲས་གསུམ་
་བཅས་པ། །བསྒྲངས་ཏེ་ཁ་ར་སྦྲང་རྩི་བཏབ། །ཅེས་བྱ་བ་ལ། ཡང་ན་འབྲས་ཆན་དང་འོ་མ་བསྐོལ་བའི་འོ་ཐུག་འབྲས་བུ་གསུམ་དང་བཅས་པ་བསྒྲངས་པ་དེའི་ནང་དུ་ཁར་དང་སྦྲང་རྩི་བཏབ་བ་རབ་རིབ་ཅན་གྱི་ནད་པས་བསྟེན་པ་ཡང་ཕན་ནོ། །ཟས་མ་ཟོས་པ
་འམ་ནང་པར་ནི། །རྒུན་འབྲུམ་ཁར་སྦྲང་རྩི་དང། ། རུ་ར་ནི་སོ་སོར་བཟའ་། །རྟག་ཏུ་རབ་རིབ་ཅན་གྱིས་བསྟེན། ཞེས་བྱ་བ་ལ། ཡང་ན་ཟས་མ་ཟོས་པའི་སྔོན་དཱུམ། ནང་པར་ཐོ་རངས་ཀྱི་དུས་སུ་རྒུན་འགྲུམ་ལ་སོགས་པ་རྟག་ཏུ་སོ་སོར་བཟའ་བར་བྱ་ཞིང། བསྟེན་ན
་ཡང་རབ་རིབ་ཐམས་ཅད་ཀྱི་ནད་ལ་ཕན་ནོ། །ལིག་བུ་མིག་ཆ་དྲུག་ཅུང་བཞི། །ཟངས་དང་དངུལ་དང་གསེར་གྱི་ཆ། །རེ་རེ་གཅིག་ཏུ་སྦྱར་བ་ནི། །ཀོང་བུ་ཁ་སྦྱར་ནང་དུ་གཞུག་།འདྲེས་པར་གྱུར་པའི་བར་དུ་བུད། །དེ་ནས་དེ་ཡི་རོ་དྲུག་གི།
་ཚོགས་ཀྱི་ཁུ་བ་ལན་བདུན་དང། །སོ་སོར་དེ་ལ་བླུགས་པར་བྱ། །མུ་ཏིག་དུང་དང་བཻཌཱུརྱ། །ཚ་བ་གསུམ་དང་དེ་ནས་བསྲེག་།ཕྱེ་མའི་མིག་སྨན་དེ་བཏང་ན། །རབ་རིག་ཐམས་ཅད་སེལ་བྱེད་ཡིན། ཞེས་བྱ་བ་ལ། ལིག་བུ་མིག་ཅེས་བྱ་བ་སྔོ་ཏ་ཨཉྫའི?་ན་ཆ
་དྲུག་ཅུ་རྩ་བཞི་ཟངས་དང་བུ་དང་གསེར?་སྣ་རེ་ཞིང་ཆ་རེད་ཅིག་ཏུ་བསྡུས་ལ་ཀོང་བུ་ཁ་སྦྱར་གྱི་ནང་དུ་བཅུག་ནས་དུ་བ་མ་ཤོར་བར་བྱས་ཏེ་མེ་བུས་ལ་འདྲེས་པར་གྱུར་གྱི་བར་དུ་བསྐོལ་ལོ། །རྡོལ་བཏགས་ཏེ་དེའི་འོག་ཏུ་དེ་མངར་བ་དང། སྒྱུར་བ་དང། ལན་ཚ་དང།
་ཁ་ར་དང། ཚ་བ་དང། བསྐ་བའི་སྨན་གྱི་ཚོགས་ཀྱི་ཁུ་བའི་ནང་དུ་ལན་བདུན་གྱིས་བར་དུ་དེ་སོ་སོར་བླུགས་པར་བྱ་ཞིང་དེ་ལ་སྤང་བར་བྱའོ། །དེའི་འོག་ཏུ་མུ་ཏིག་དང། དུང་དང་བཻ་ཌཱུརྱ་དང་ཆ་གསུམ་མིག་སྨན་ཞེས་བྱ་སྟེ་བསྲེ་བར་བྱའོ། །དེ་ལྟ་བུ་དེ་ནི་ཕྱི་མའི
་མིག་སྨན་ཞེས་བྱ་སྟེ། མིག་སྨན་དེ་བཏང་ཞིང་བསྐུས་པར་གྱུར?་ན་རབ་རིབ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །རྒུན་འབྲུམ་པད་མའི་རྩ་བ་ཡི། །ཁུ་བ་འོ་མ་ཆད་དང་ཞག་།ཆར་པ་དེ་བཞིན་ལིག་པུ་མིག་།བསྐོལ་ཅིང་བསྒོ་བ་བྱས་ནས་ནི། ཕྱེ་མ་དེ་ནི་དུང
་དང་གཞུག་།མཐོང་བ་གསལ་བྱེད་མིག་སྨན་ཡིན། །མིག་སྨན་ཐམས་ཅད་ལས་བསྔགས་ཞེས། །ལུས་འཕགས་རྒྱལ་པོས་བཤད་པ་ཡིན། ཞེས་བྱ་བ་ལ། རྒུན་འབྲུམ་དང་པད་མའི་རྩ་བ་བསྐོལ་བའི་ཁུ་བ་དང་འོ་མ་ལ་སོགས་པ་ལྷན་ཅིག
་བསྐོལ་བ་དག་གིས་ལིག་བུ་མིག་བསྐོལ་ཞིང་དེའི་ནང་དུ་བསྐོལ་བའི་ཕྱེ་མ་དུང་དང་བཅས་པ་དེ་མིག་སྨན་དུ་བསྐུས་ན་རབ་རིབ་སེལ་ཅིང་མཐོང་བ་གསལ་བར་བྱེད་པ་དང། མིག་གི་ནད་ཐམས་ཅད་ལ་ཡང་ཕན་པར་བྱེད་པ་ཡིན་ནོ། །ཞེས་ལུས
་འཕགས་ཀྱིས་རྒྱལ་པོས་བཤད་པ་ཡིན་ནོ། །སྤང་མ་སྲང་གཉིས་རྒྱ་ཤུག་གི་།སོལ་བར་བསྲེགས་ལ་ར་ཡི་ནི། །འོ་མ་མར་དང་སྦྲང་རྩི་ཡི། །ནང་དུ་ལན་ནི་བདུན་བདུན་བཅུག་།བྱ་བྱ་དང་ནི་ན་ལེ་ཤམ། །ལིག་བུ་མིག་དང་པུ་ཙ་ཤེལ། །སྤངས་སྤོས་རྒྱམ་ཚ་ཨ་རུ་ར། །སེང་ཕྲོམ?
་ལྡོང་རོས་པི་པི་ལིང། །སུག་སྨེལ་རྒྱ་མཚོའི་སྦུ་བ་དང། །སྟང་ཟིལ་ཞོ་ནི་གཉིས་གཉིས་དང། །ཤིང་མངར་སྲང་གཅིག་བཅས་པར་ནི། །ཀོང་བུ་ཁ་སྦྱར་ནང་བསྲེགས་བཏགས། །མིག་སྔོན་མཚན་མོ་ལོད་བར་བཅས། །དམར་རིས་དེས་བསྟེན་པ་ཡིས་འཇོམས། །ཕྱེ
་མས་མཆོག་ཏུ་རབ་རིབ་ནས། །ཉི་མས་མུན་བ་བཞིན་དུ་སེལ། །ཞེས་བྱ་བ་ལ། སྤངས་མ་ཤིང་རྒྱ་ཤུག་གི་སོལ་བའི་ནང་དུ་བསྲེགས་ལ་རའི་འོ་མ་ལ་སོགས་པའི་ནང་དུ་ལན་བདུན་བདུན་བཅུག་ལ་བྱ་བྱ་ལ་སོགས་པའི་སྨན་ཞོ་གཉིས་གཉིས་དང་ཤིང་མངར་སྲང
་གཅིག་དང་སྤེལ་ཏེ། ཀོང་བུ་ཁ་སྦྱར་ཕྱི་ནང་དུ་བཅུག་ལ་དུ་བ་མ་ཤོར་བར་བསྲེགས་ཏེ་དེ་ཞིབ་ཏུ་བཏགས་ཏེ་མིག་སྨན་དུ་བྱས་པས་ནི་མིག་སྔོ་བ་ལ་སོགས་པའི་མིག་ནད་འཇོམས་པར་བྱེད་ཅིང་སྨན་གྱི་ཕྱེ་མ་དེས་ཇི་ལྟར་ཉི་མས་མུན་བ་བཞིན་དུ་རབ་རིབ་ཀྱི་ཚོགས་འཇོམས
་པར་བྱེད་པ་ཡིན་ནོ། །སྤང་སྤོས་དྲི་བཟང་གསུམ་དང་ལྕགས། །གུར་གུམ་ཨུཏཔལ་སྔོན་པོ་དང། །ཁ་ར་སྤང་མ་ཨ་རུ་ར། །རྒྱ་མཚོའི་སྤུ་བ་མཆིང་བུ་དཀར། །ན་ལེ་ཤམ་དང་པི་པི་ལིང། །སྟེང་ཟིལ་ཤིང་མངར་དུང་དང་བཅས། །ཐ་སྐར་ཟླ་བའི་ཚེ་ན་ནི། །ཕྱེ་མ
་མིག་གཉིས་ལ་བསྐུས་ན། །མིག་མཛེར་རབ་རིབ་དམར་རིམས་དང། །གཡའ་དང་མིག་སྔོན་སོགས་རིམས་བྱེད། ཅེས་བྱ་བ་ལད?་སྤང་སྤོས་ལ་སོགས་པའི་སྨན་གྱི་ཕྱེ་མ་གཟའ་ཟླ་བ་དང་སྐར་མ་ཐ་སྐར་བབ་པའི་ཚེ་བསྐུས་ཤིང་མིག་གཉིས་ལ་བྱུགས་ན་རབ
་རིབ་ལ་སོགས་པའི་མིག་ནད་ཐམས་ཅད་སེལ་པར་བྱེད་པ་ཡིན་ནོ། །ན་ལེ་ཤམ་དང་རྒྱམ་ཚ་ནི། །ཆ་དེ་པི་པི་ལིང་དང་ནི། །རྒྱ་མཚོའི་དབུ་བ་ཆ་གཉིས་དང། །སྐྱེར་པ་ཁཎྜ་ཆ་དགུ་ནི། །ནག་པ་ལ་བབ་ཚེ་ན་བཏགས། །མིག་བསྐུས་བད་ཀན་རབ་རིབ་འཇོམས། །
་ཞེས་བྱ་བ་ལ། ན་ལེ་ཤམ་དང་རྒྱམ་ཚ་གཉིས་པི་པི་ལིང་དང་རྒྱ་མཚོའི་སྦུ་བ་ཆ་གཉིས་སྐྱེར་པ་ཁཎྜ་ཆ་དགུ་སྐར་མ་ནག་བ་ལ་བབ་པའི་ཚེ་བཏགས་ལ་བསྐུས་ནས་བད་ཀན་ལས་གྱུར་པའི་རབ་རིབ་འཇོམས་པར་བྱེད་དོ། །སྤང་མ
་བསྲེགས་ནས་ལན་མང་དུ། །བ་གཅི་ནར་རྟུག་ཁུ་བ་དང། །སྐྱུར་རྩབས་བུད་མེད་ནུ་ཞོ་དང། །དུག་གི་ཁུ་བ་སྦྲང་རྩི་མར། །བཅུག་བར་གྱུར་བ་གང་ཡིན་པ། །ཕྱེ་མར་བྱས་ཏེ་མི་ཡི་མིག་།མཁའ་ལྡིང་མིག་ལྟར་གསལ་བར་འགྱུར། །ཞེས་བྱ་བ་ལ
་སྤངས་མ་ལེགས་པ་བསྲེགས་ལ། །བ་གཅིན་ལ་སོགས་བའི་ནང་དུ་ལན་མང་དུ་སོ་སོར་བཅུག་བར་གྱུར་པ་གང་ཡིན་པ་དེ་སྐམས་ལ་ཕྱེ་མར་བྱས་ཏེ། ཕྱེ་མ་དེས་མིག་བསྐུས་ན་མིའི་མིག་ནམ་མཁའ་ལྡིང་འདྲ་བར་གསལ་བར་འགྱུར་རོ། །བྲིང་ཀར
་ཛ་འབྲས་བུ་གསུམ། །དུག་དང་ཤིང་མངར་ཁུ་བ་དང། །མར་དང་ར་ཡི་འོ་མ་ནི། ཞ་ཉེ་ལ་ནི་བདུན་བདུན་དུ། །བསྲེགས་ཤིང་བསྲེགས་ཤིང་བཙོས་པ་ཡི། །མིག་སྨན་ཐུར་མར་བྱས་པ་དེས། །མིག་སྨན་བསྐོལ་པ་འམ་མར་སྐོལ་བ་འམ། །བྱུགས་ན
་རབ་རིབ་མིག་མཛེར་ནད། །ཆུ་སེར་འཛག་དང་འབྱར་བག་ཅན། །གཡའ་དང་ཚོར་བ་མེད་པ་དང། །རི་མོ་དམར་པོ་སྣང་བ་འཇོམས། །ཞེས་བྱ་བ་ལ། ཞ་ཉེ་ནག་བོ་ལན་བདུན་གྱི་བར་དུ་བསྲེགས་ཤིང་བཙོས་པའི། །བྲིང་གར་ཇེའི་ཁུ་བ་དང།།
་འབྲས་བུ་གསུམ་གྱི་ཁུ་བ་དང། །དུག་གི་ཁུ་བ་དང། །ཤིང་མངར་གྱི་ཁུ་བ་དང། །མར་དང་རའི་འོ་མའི་ནང་དུ་བསྲེགས་བ་དེ་སོ་སོར་ལན་བདུན་དང་ཚོར་བ་མེད་བ་དང། །རི་མོ་དམར་པོ་སྣང་བ། །བསུར་བའི་ཞ་ཉེ་དེ་མིག་སྨན་གྱི་ཐུ་མས་བྱས་ལ་ཐུར་མ
་དེ་མིག་སྨན་དང་བཅས་པའམ་མིག་སྨན་མེད་པ་འམ་ཡང་རུང་སྟེ། མིག་ཏུ་བྱུགས་ན་རབ་རིབ་ལ་སོགས་བའི་མིག་ནད་དང། གཡའ་བ་དང་ཚོར་བ་མེད་ཅིང་བེམས་བོར་འདུག་བ་དང། རི་མོ་དམར་བོ་ཤར་ཤར་པོར་སྣང་བ་འཇོམས་ཤིང་སེལ་བར་བྱེད་དོ། །དངུལ
་ཆུ་རོ་ཉེ་ཆ་མཉམ་དང། །དེ་གཉིས་སྟང་ཟིལ་མཉམ་བྱས་ལ། །ག་པུར་ཅུང་ཟད་བཏབ་པ་ཡི། །མིག་སྨན་རབ་རིབ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། དངུལ་ཆུ་དང་རོ་ཉེ་གཉིས་པོ་ཆ་མཉམ་པར་བྱས་ལ་གཉིས་བ་དེ་དང་སྟང་ཟིལ་ཞེས་བྱ་བ་དངུལ་དྲོ་འཇམ་ཆ
་མཉམ་དུ་བྱས་ལ་ཞིབ་ཏུ་བཏགས་ཏེ་དེའི་ནང་དུག་པུར་ཅུང་ཟད་བཏབ་པའི་མིག་སྨན་ནི། མིག་གི་བདུད་རྩི་ཞེས་བྱ་སྟེ་རབ་རིབ་སེལ་བའི་མཆོག་ཡིན་ནོ། །བྱ་རྒོད་དུས་སུ་ཤི་བའི་མགོ་བོའི་ནི། །ཉི་མ་འཆར་ཀའི་མདོག་འདྲ་གང་ཡིན་དེ། །བ་ལང་ལྕི་བའི་བསྲེག?
་ཐལ་ཡིག་པུ་མིག་།ཆ་མཉམ་བཏགས་པར་གྱུར་པའི་ཕྱེ་མ་ཡི། །སྦྱོར་འདིས་མིག་གིས་གསལ་སྟོབས་བྱ་རྒོད་ལྟ་བུར་བྱེད། ཅེས་བྱ་བ་ལ། བྱ་རྒོད་གང་མ་བསང་བར་དུས་སུ་ཤི་བའི་མགོ་བོ་ཉི་མ་འཆར་ཀའི་མདོག་དང་འདྲ་བར་དམར་བ་གང་ཡིན་དེ་བ་ལང་གི
་ལྕི་པའི་མེས་བསྲེགས་ཏེ་ཐལ་བར་བྱས་བ་དང། ལིག་བུ་མིག་ཆ་བསྙམས་ཏེ་ཞིབ་ཏུ་བཏགས་པའི་ཕྱེ་མ་མིག་སྨན་འདི་བསྐུས་ན་མིག་གི་མཐོང་བའི་སྟོབས་བྱ་རྒོད་ལྟ་བུར་གསལ་བར་མཐོང་བར་བྱེད་པ་ཡིན་ནོ། །སྦྲུལ་ནག་མགོར་ནི་ལིག་པུ་མིག་།མར་བཅས་དུད
་བ་མ་ཤོར་བསྲེགས། །སྤང་སྤོས་གནད་པ་ཏྲ་དང། །ལྷན་ཅིག་བཏགས་པའི་མིག་འབྲས་ནི། རྡོལ་ཡང་མིག་ནི་བསྲུང་བར་བྱེད། །ཅེས་བྱ་བ་ལ། སྦྲུལ་ནག་པོ་ཤི་བའི་མགོ་བོའི་ཁའི་ནང་དུ་ལིག་བུ་མིག་མར་དང་བཅས་པར་བཅུག་ལ། །འཇིམ་པས་བསྐུས་ཏེ
་དུང་བ་མ་ཤོར་པར་བསྲེགས་ནས། གནད་པ་ཏྲ་དང། བཅས་པར་བཏགས་པའི་མིག་སྨོན་གྱིས་མིག་གི་འབྲས་བུ་བརྟོལ་ཅིང་ཉམས་པ་ཡན་བསྲུང་ཞིང་མཐོང་བར་བྱེད་པ་ཡིན་ནོ། །སྤྲུལ་ནག་ཤི་བའི་རོ་དང་ནི། །སྡིག་བ་ཤི་བའི་རོ་བཞི་ནི། །འོ་མའི་བུམ་པར་ཞགS?
་ཉི་ཤུ། །རྩ་གཅིག་བཅུག་སྟེ་བསྲུལ་ལ་བསྲུབ?། །དེ་ལས་མར་སར་གང་བྱུང་བས། །ཁྱིམ་བྱ་གསོ་དེ་དེ་ཡི་ནི། །རྟུག་པས་མིག་ནི་བསྐུས་གྱུར་ན། །ལོང་པས་ཀྱང་ནི་ངེས་པར་མཐོང། །ཞེས་བྱ་བ་ལ། སྦྲུལ་ནག་བོ་ཤི་བའི་རོ་གཅིག་དང། །སྡིག་པ་ཞེས་བྱ་བའི་འགུ་ཤི?།
་བའི་རོ་བཞི་འོ་མ་བླུགས་བའི་བུམ་བའི་ནང་དུ་བཅུག་དེ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཞག་ལ་བསྲུལ་ནས་དེའི་བསྲུབས་མས་བསྲུབས་ཏེ། འོ་མ་ལས་མར་སར་པ་གང་ཞིག་བྱུང་བར་གྱུར་པའི་མར་ངས་ཁྱིམ་བྱ་གསོ་སྟེ། ཁྱིམ་བྱའི་རྟུག
་པ་མིག་ཏུ་བསྐུས་བར་གྱུར་ན་ལོང་བས་ཀྱང་ངེས་པར་གཟུགས?་སུ་མཐོང་བར་འགྱུར་རོ། །སྦྲུལ་ནག་བོ་ཡི་ཞག་དང་དུས། །སྟང་ཟིལ་ཀ་ཏ་ཀའི་འབྲས་བུ་།ཁུ་བར་བྱས་པའི་སྦྱོར་བ་ཡིས། །ལོང་བའང་མྱུར་དུ་མཐོང་བར་བྱེད། ཅེས་བྱ་བ་ལར་སྦྲུལ་ནག་པོའི།
་ཞག་ལ་སོགས་བའི་སྨན་འདི་དག་ཐམས་ཅད་ཁུ་བའི་སྦྱོ་བ་བྱས་ལ་དེ་བསྡུས་པའི་མིག་སྨན་གྱིས་བསྐུས་ན་ལོང་བས་ཀྱང་རིང་བོ་མི་ཐོགས་བར་མཐོང་བར་བྱེད་པ་ཡིན་ནོ། །ན་ལེ་ཤམ་ནི་རྡོག་པ་བཅུ། །དྲུབ་མར་ཆར་ནི་སྲང་ཕྱེད་དང། །སྤངས་མ་སྲང་གཅིག
་ཤིང་མངར་ནི། །ཞོ་གཉིས་འོ་མའི་ནང་དུ་སྦངས། །དུ་བ་མ་ཤོར་བསྲེགས་མིག་སྨན། །ཁུ་བ་མཉམ་མེད་ཅེས་བྱ་སྟེ། །རབ་རིབ་འཇོམས་པའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ན་ལེ་ཤམ་རྡོག་མ་བཅུ་དང། དྲུབ་མར་ཆང་ཞེས་བྱ་བ་ཏྱ་བྱ་སྲང་ཕྱེད་དང། སྤང་མ
་སྲད་གཅིག་དང། ཤིང་མངར་ལས་ཞོ་གཉིས་ཏེ། འདི་དག་འོ་མའི་ནང་དུ་སྤངས་ལ། །དུ་བ་མ་ཤོར་བ་བསྲགས་པའི་ཁུ་བ་མཉམ་པ་མེད་པ་ཞེས་བྱ་བའི་མིག་སྨན་ཡིན་ཏེ་རབ་རིབ་སེལ་བར་བྱེད་པའི་མཆོག་དམ་བ་ཡིན་ནོ། །བ་རུ་རའི་ཚིག་གུ་ན་ལེ་ཤམ།།
་སྐྱུ་རུ་ར་དང་སྦང་མ་ཤིང་མངར་ནི། །ཆུ་ཐགས་བྱས་པའི་རིལ་བུ་འགྲིབ་མར་བསྐམ། །རབ་རིབ་མྱུར་དུ་འཇོམས་པར་བྱེད་པ་ཡིན། ཞེས་བྱ་བ་ལ། བ་རུ་རའི་ཚིག་གུ་ལ་སོགས་པའི་སྨན་ཆུ་ཐགས་སུ་བཏགས་ལ་དེའི་རིལ་བུ་གྲིབ་མ་ལ་བསྐམས་ཏེ། དེ་མིག་ཏུ
་བསྐུས་ན་རབ་རིབ་ཀྱི་མིག་ནང་མྱུར་ཞིང་རིང་པོ་མི་ཐོགས་པར་འཇོམས་པར་བྱེད་པ་ཡིན་ནོ། །ན་ལེ་ཤམ་དང་སྒྱུ་རུ་ར། །རྒྱ་མཚོའི་སྦུ་བ་སྤང་མ་དང། །དངུལ་རྡོ་དང་ནི་དྲུབ་མར་ཆ། །གོ་རིམ་བཞིན་དུ་ཆ་རེས་བསྐྱེད། །དྲུབ་མར་ཆ་ནི་དྲུག་པ་སྟེ། །སྦྱོར་པ་འདི་རབ་རིབ
་ལིང་ཏོག་མཇེར། །བརྣགས་དང་མིག་སྡེ་གཡའ་བ་སེལ། །ཞེས་བྱ་བ་ལ། ན་ལེ་ཤམ་ལ་སོགས་པའི་སྨན་ཆ་རེས་བསྐྱེད་དེ་སྦྱར་བའི་མིག་སྨན་འདི་ནི་མིང་དྲུབ་མར་ཆར་དྲུག་པ་ཞེས་བྱ་སྟེ་སྦྱོར་བ་འདིས་རབ་རིབ་དང་ལིང་ཏོག་ལ་སོགས་པའི་མིག་ནད་སེལ་བར་བྱེད་དོ།།
་དེ་ལས་ཆ་རེས་བསྐྱེད་པའི་ཚུལ་ནི་ན་ལེ་ཤམ་གཅག་སྐྱུ་རུ་ར་ཆ་གཉིས། རྒྱ་མཚོའི་དབུ་བ་ཆ་གསུམ་སྤང་མཆ་བཞི། །དངུལ་རྡོ་ཆ་ལྔ་དྲུ་བ་མར་ཆང་ཆ་དྲུག་ཏུ་སྦྱར་རོ། །རིན་ཆེན་དངུལ་དང་ཤེལ་ངང་གསེར། །ལིག་པུ་མིག་དང་ཟངས་ལྕགས་དང། །ཙན་དན་དམར་པོ་ཡུག
་སྣམ་དམར། །ཕྱེ་མའི་མིག་སྨན་ནང་ཀུན་སེལ། ཞེས་བྱ་བ་ལ། རིན་པོ་ཆེ་ལ་སོགས་པའི་མིག་སྨན་དུ་བྱས་པས་ནི་མིག་གི་ནང་ཐམས་ཅད་སེལ་བར་བྱེད་དོ། །རིན་པོ་ཆེ་མར་གང་ལ་སོགས་པའོ། །ཏིལ་མར་བ་རུ་རུ་ཡི་མར། །བྲིང་ག་ར་ཛ་ཨ་ས་ནའི། །ཁུ་བ་ལྕགས་ཀྱི
་སྣོད་དུ་བསྐོལ། །སྣང་བླུག་མིག་ནི་གསལ་སྟོབས་བསྐྱེད། །ཅེས་བྱ་བ་ལ། ཏིལ་མར་ལ་སོགས་པའི་སྨན་ལྕགས་ཀྱི་སྣོད་དུ་བསྐོལ་བའི་ཐིགས་པ་སྣང་བླུགས་ན་ཡང་མིག་གསལ་ཞིང་མཐོང་བའི་སྟོབས་བསྐྱེད་པར་བྱེད་དོ། །བ་རུ་རའི་མར་ནི་དེའི་ཚིག་གུ་བཅིར་བའི་མར
་རོ། །བྲེང་གིར་ཛ་དང། ། ས་ནའི་ཁུ་བ་ནི། །དེ་གཉིས་བསྐོལ་བའི་ཁུ་བའོ། །ནང་གྱི་ཚུལ་ལས་དེ་ལན་མང་དུ། །སྣུམ་བླུང་གཏར་ག་བཀྲུ་སྨན་སྣ་སྨན་དང། །མིག་སྨན་མགོའི་བཀྲུ་སྨན་མས་བཏང་དང། །ཉམས་བརྟ་བྱུག་དང་བླུགས་པས་ཅི་རིགས་སོ་ཞེས་བྱ་བ་ལ། རབ
་རིབ་གྱི་ནད་དེ་ནི་ནང་ཀྱི་ཚུལ་ཐ་དད་པར་ལ་གཅིག་མ་ཡིན་པར་ལན་དུ་མར་སྣུམ་བླུད་པ་དང་གཏར་ག་ལ་སོགས་པ་ནས་སྨན་ཆུའི་ཐིགས་པ་བླུགས་པའི་མར་གྱིས་དེ་གསོ་བར་བྱའོ། །འདི་ནི་སྤྱིའི་གསོ་བ་ཡིན་ནོ། །ད་ནི་རེ་རེའི་མཉན་པར་གྱིས། ཞེས་བྱ་བར?་གསོ་བ
་འདི་ནི་རབ་རིབ་ཐམས་ཅད་ཀྱི་སྤྱིའི་ཐུན་མོང་གི་གསོ་བ་བཤད་པ་ཡིན་ལ། ད་ནི་འདི་མན་ཆད་རླུང་ལ་སོགས་པ་ནས་གཞི་རེ་རེ་ལས་གྱུར་པའི་རབ་རིབ་གསོ་བ་སྟོན་པས་དེ་མཉན་པར་གྱིས་ཤིག་པའོ། །དེ་ལ་རླུང་གྱུར་རབ་རིབ་ལ། །རྩ་བ་བཅུ་བསྐོལ་?
་མར། །འོ་མ་བཞི་འགྱུར་འབྲས་བུ་གསུམ། །ལྡེ་གུ་བསྐོལ་བ་བླུད་པར་བྱ། །དེ་འོག་འབྲས་བུ་གསུམ་དང་ནི། །རྩ་བ་ལྔའི་ཁུ་འོ་མ་དང། །ེ་རཎྜ་ཡི་ཏིལ་མར་བཅས། །བཀྲུ་སྨན་ཉེ་བར་བཏང་བར་བྱ། །ཞེས་བྱ་བ་ལ། དེ་ལ་རླུང།
་ལས་གྱུར་བའི་རབ་རིབ་ལ་ནི་རྩ་བ་བཅུ་བ་བསྐོལ་བའི་སྨན་གྱི་བུ་བ་དང། འོ་མ་མར་གྱི་བཞི་འགྱུར་དང་འབྲས་བུ་གསུམ་བཏགས་པའི་ལྡེ་གུ་དང། བསྐོལ་བའི་མར་བླུད་པར་བྱའོ། །དེའི་འོག་ཏུ་ནད་པ་དེ་སྨྱར་བའི་ཆོ་ག་བྱས་ལ་འབྲ་བུ་གསུམ་དང། རྩ་པ་ལྔ
་བསྐོལ་བའི་ཁུ་བ་འོ་མ་དང་བཅས་པའི་དང། །དེ་བཞིན་དུ་ཨེ་རཎྜའི་ཏའི་མར་དང་བཅས་པའི་བཀྲུ་སྨན་བཏང་ལ་འཁྲུར་གཞུག་པར་བྱའོ། །ཛི་བནྟི་ཡི་ཡལ་གར་བཅས། །སྲང་བརྒྱ་ཆུ་བྲེ་བཅུ་དྲུག་བསྐོལ། །བརྒྱད་ཆ་ལུས་བ་དེ་ནང་དུ། །ཏིལ་མར་འོ་མ་བྲེ་རེ
་དང། །བ་ལ་གསུམ་དང་ཇི་བནྟི། །ཉེའུ་ཤིང་རྩ་བ་སྲང་རེ་དང། །ཤིང་མངར་སྦྲང་ནི་བཞི་དང་བཅས། །ལྕགས་ཀྱི་སྣོད་དུ་བསྐོལ་བར་བྱ། །ལྕགས་སྣོད་ཉིད་དུ་ཟླ་གཅིག་བཞག་།སྣ་སྨན་ནང་ཚངས་ཡན་ཆད་གྱི། །རླུང་དང་མཁྲིས་པའི་ནད་འཇོམས་ཤིང། །མཆོག
་མིག་ལ་གནས་པ་སེལ། སྦྲ་གདོད་གཉའ?་གནད་སེལ། །རྒྱས་ཤིང་བཞིན་མདངས་མཛེས་པར་བྱེད། ཅེས་བྱ་བ་ལ། །ཛི་བིནྟིའི་ཡལ་ག་དང། །རྩ་བར་བཅས་པ་སྲང་བརྒྱ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་ཆུ་དེའི་བརྒྱད་ཆ་ལུས་བའི་ནང་དུ་ཏིལ་མར་དང་འོ་མ་བྲེ་རེ་དང
་བ་ལ་གསུམ་ཞེས་བྱ་བ་པ་ལ་དང། ཨ་ཏི་བ་ལ་དང། ནག་བ་ལ་ཞེས་བྱ་བ་དང། ཛི་བནྟི་དང། ཉེའུ་ཤིང་གི་རྩ་བ་སྲང་རེ་རེ་དང་ཤིང་མངར་སྲང་བཞི་ལྡེ་གུར་བྱས་པ་ལྕགས་ཀྱི་སྣོད་ཀྱི་ནང་དུ་བསྐོལ་བའི་ཏིལ་མར་དེ་ལྕགས་སྣོད་དེ་ཉིད་དུ་ཟླ་བ་གཅིག
་གི་བར་དུ་བཞག་ལ། །སྣ་སྨན་དུ་བཏང་ན། ནང་ཚོངས་ཡན་ཆད་ཀྱི་རླུང་དང་མཁྲིས་པ་ལས་གྱུར་པའི་ནད་འཇོམས་པར་འགྱུར་རོ། །དེ་ལས་བྱང་མཆོག་གམ་ཁྱད་པར་དུ་མིག་ལ་གནས་པའི་རླུང་དང་མཁྲིས་པ་སེལ་བར་བྱེད་པ་དང། སྐྲ་དང་གདོང་ལ
་སོགས་པའི་ནང་སེལ་བར་བྱེད་པའི་བཞིན་མདངས་མཛེས་བར་བྱང་བ་ཡིན་ནོ། །ེ་རཎྜའ?་དཀར་རྩ་བ་དང། །ཐང་ཤིང་བྲི་ཧ་ཏིའི་འབྲས་བུ། །ཤུ་དག་རྒྱ་སྦོས་ཚ་ཏྲ་དང། བིལྦིའི་རྩ་བ་ཉི་པ་མར་དང། །འོ་མར་བཅས་པའི་སྣད་སླུད་ན། །ནང་ཚོམས་ཡན་ཆད་རླུང་དང
་ནིང་དབང་ཀན་གྱི་ནི་ནད་ཀུན་སེལ། ཞེས་བྱ་བ་ལ། ཨེ་རནད?་དཀར་བོའི་རྩ་བ་ལ་སོགས་པ་ལྡེ་གུར་བྱས་པ་ཏིལ་མར་དང་འོ་མ་དང་སྙན་ཅིག་བསྐོལ་ཏེ་སྣ་སྨན་དུ་བླུད་ན་ནང་ཏོམས་ཡན་ནད་གྱི་རླུང་དང་བད་ཀན་གྱི་ནུ་དཀྱིས་ཉེན་པ་ཐམས་ཅད་སེལ་བར་འགྱུར་རོ།།
་སྟག་དང་ཕག་དང་བྱ་རྒོད་དང། །སྦྲུལ་དང་ཁྱིམ་བྱའི་ཚའི?་དང་ནི། །ཤིང་མངར་སོ་སོར་སྦྱར་ཏེ་བསྐོལ། །མིག་སྨན་བསྐུས་པ་བསྔགས་པ་ཡིན་ཞེས་བྱ་བ་ལ། སྟག་གི་ཞག་གམ། ཕག་གི་ཞག་གམ། བྱ་རྒོད་ཀྱི་ཚེ?་ལས་མ། །སྦྲུལ་གྱི་ཚིལ?་ལམ། ཁྱིམ་བྱའི
་ཚིལ་ཤིང་མངར་ལ་སོགས་བ་དང་སོ་སོར་སྦྱར་ཏེ་བསྐོལ་བ་མིག་སྨན་དུ་བསྐུས་ན་ཡང་ནད་དེ་ལ་བསྔགས་པ་ཡིན་ནོ། །དེ་རྗེས་མིག་སྨན་ལིག་བུ་མིག་།ཤ་ཁུ་འོ་མ་མར་རིམ་བཞིན། །སྔ་མ་བཞིན་དུ་བླུགས་ན་ནི། །རབ་རིབ་འཇོམས་པའི་མཆོག་ཡིན་ནོ།།
་ཞེས་བྱ་བ་ལ། མིག་སྨན་ལིག་བུ་མིག་།སྔ་མ་བཞིན་བསྐོལ་ལ་ཤ་ཁུ་འོ་མ་བཞིན་དུ་བསྐོལ་ལ་ཤ་ཁུ་དང། འོ་མ་དང་མར་ཕྱི་ནང་དུ་རིམས་བཞིན་དུ་ལན་བདུན་བདུན་སྤང་ཤིང་བླུགས་ལ་མིག་ཏུ་བསྐུས་ན་རབ་རིབ་སེལ་བའི་མཆོག་ཡིན་ནོ། །དེ་ལྟར་བྱས
་ཀྱང་མ་ཞི་ན། །དེ་འོག་བརྟ་བའི་ཆོ་ག་བཤད། ཅེས་བྱ་བ་ལ། གལ་ཏེ་དེ་ལྟར་བྱས་སུ་ཟིན་ཀྱང་རླུང་ལས་གྱུར་པའི་རབ་རིབ་དེ་ཞི་བར་མ་གྱུར་ན་དེའི་འོག་ཏུ་བརྟ་བའི་ཆོ་ག་ཇི་སྐད་བཤད་པ་སྤྱད་པར་བྱའོ། །ཤུ་ཏི་རུ་རྟ་སྤང་སྤོས་དང། ཤིང་མངར་ར
་མཉེ་པ་གཉིས་དང། །སྟག་ཚེར་བ་དང་ས་ར་ལ། །པི་པི་ལིང་དང་ཐང་ཤིང་ནི། །མར་གྱི་བརྒྱད་འགྱུར་འོ་མར་བསྐོལ། །མིག་བརྟ་བ་ཡི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཤུ་ཏིལ་སོགས་པའི་སྨན་མར་གྱི་བརྒྱད་འགྱུར་གྱི་འོ་མ་དང་བསྐོལ་བའི
་སྨན་མར་ནི་མིག་བརྟ་བའི་མཆོག་ཡིན་ནོ། །རི་དགས་ཨེ་ཎེ་ཡའི་ཚིལ་ནི། །འོ་མར་བསྐོལ་ཏེ་གཟང་ལུས་དཀྲུགས། །དེ་ཡི་དངས་མ་ཤིང་མངར་དང། །ཙན་དན་བུ་ཤེལ་ཙེ་དེ་བཞིན། ཞེས་བྱ་བ་ལང་རི་དགས་ཨ་ཎེ་ཡའི
་ཚིལ་འོ་མ་དང་བཅས་པར་བསྐོལ་ཏེ་གཟར་བུས་དཀྲུགས་ལ་དེའི་དངས་མ་བླངས་ལ། ཤིང་མངར་དང་ཙན་དན་དང་སྦུ་ཤེལ་ཙེ་དང་སོ་སོར་བསྐོལ་བའི་ཁུ་བ་ཡང་མིག་བརྟག་བར་བྱེད་པའི་མཆོག་ཡིན་ནོ། །ཤ་བདི་རེག?་འཇམ་གོ་ང?་དང། །ཁྱིམ་བྱ
་སྲེག་པ་རྨ་བྱའི་ཚིལ། །རེ་རེ་ཞིང་ནི་ཆོ་ག་དང། །འདི་ཉིད་ཀྱིས་ནི་བརྟག་བར་བྱ། །ཞེས་བྱ་བ་ལ། ཤ་བདི་ལ་སོགས་པའི་ཚིལ་ཡང་སྔར་བཤད་པའི་སྦྱོར་བའི་ཆོག་ཉིད་ཀྱིས་བརྟག་ཅིང་སྦྱར་བ་ཡན་མིག་བརྟ་བའི་མཆོག་ཡིན་ནོ། །བསལ་བར་བྱ
་དང་སྣུམ་དང་ནི། །སྨན་ཕུར་བཙོས་པའི་ཐིགས་པ་བླུགས། །ཞེས་བྱ་བ་ལ། རབ་རིབ་དེ་བསལ་བར་བྱ་བ་དང་སྣུམ་གྱི་ཆོགར་བྱས་པའི་སྦྱོར་བས་སྨྲ་།གྱི་ཕུར་བ་བཙོས་པའི་ཐིགས་པ་ཡང་བླུགས་པར་བྱའ། །འདིར་ནི་རླུང་གྱུར་ཆམ་པ་བཞིན།།
་ནི་རུ་ཧ་དང་འཇམ་རྩི་ཕྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རབ་རིབ་འདི་ལ་གསོ་བ་རལྔ་ལས་གྱུར་པའི་ཆམ་པ་དང་འདྲ་བར་བྱ་ཞིང་དེ་བཞིན་དུ་བཀྲུ་སྨན་དྲག་པོ་མས་བཏང་བ་འཇམ་རྩི་དང་བཅས་པར་བཏང་བར་བྱའོ། །མཁྲིས་པ་ལས
་གྱུར་རབ་རིབ་ལ། །འཚོ་བྱེད་འབྲས་བུ་གསུམ་དང་ནི། །བསྐོལ་བའི་མར་ནི་བཱ་དབྱ?་ཞིང། །སྣུམ་གྱིས་ཞེན་པས་གཏར་ག་གདག་ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རབ་རིབ་གྱིས་ཉེན་པའི་ནད་པ་དེ་ལ་འཚོ་བྱེད་གྱི་སྡེ་ཚན་དང། །འབྲས
་བུ་གསུམ་བསྐོལ་བའི་སྨན་མར་བྱུང་ལ། སྣུམ་གྱིས་ཞེན་བར་གྱུར་བ་དང་དེའི་འོག་ཏུ་གཏར་ག་གདབ་ཅིང་ཁྲག་དབྱུང་བར་པའོ། །ཁ་ར་དུར་བྱིང་སུག་སྨེལ་ཕྱེ། །སྦྲང་རྩི་སྦྱར་པའི་བཀྲུ་སྨན་བཏང། །ཞེས་བྱ་བ་ལ། ནད་མཁྲིས་པ་ལས་གྱུར
་པའི་རབ་རིབ་གྱིས་ཉེན་པའི་ནད་པ་དེ་ལ་ཁ་ར་ལ་སོགས་པའི་བཀྲུ་སྨན་བཏང་བ་ཡང་ཕན་ནོ། །རབ་བསིལ་སྨན་ཆུ་བླུགས་བྱུག་སོགས། །གདོང་དང་མིག་དང་སྤྱི་བོར་སྦྱར། ཞེས་བྱ་བ་ལད་མཁྲིས་པ་དང་ཁྲག་ལས་གྱུར་པའི་རབ་རིབ་ཅན་ལ་ནི་རྦ་ཏུ་བསིལ་ནུས་པ་དང
་ལྡན་པའི་སྨན་གྱི་ཆུ་བསིལ་མོ་སྤྱི་བོ་ནས་བླུགས་པ་བྱ་ཞིང་བྱུག་པ་ལ་སོགས་པས་གདོང་བསྐུ་བར་བྱའོ། །ཐལ་ཏྲེས་ཤུག་པ་སྦུ་ཤེལ་ཙེ། །མུ་ཏིག་སེང་ཁྲོམ་ཙན་དན་དཀར། །རིལ་བུའི་མིག་སྨན་བསྐུས་ན་ཕ། ཞེས་བྱ་བ་ལ་ཐལ་ཏྲེས་ལ་སོགས་པའི་མིག
་སྨན་རིལ་བུར་བྱས་པའི་སྨན་བསྐུལ་ན་ཡང་མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་ཕན་ནོ། །དེ་བཞིན་གནད་པ་ཏྲ་དང། །ནག་པུསྤ་ཨུཏཔ་ལ། །ག་པུར་ཤིང་མངར་ཡུག་སྣམ་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་གནྟ་པ་ཏྲ་ལ་སོགས
་པའི་ཕྱེ་མེའི་མིག་སྨན་བསྐུས་ན་ཡང་ཕན་ནོ། །སྐྱེར་ཁཎྜ་དང་སྦངས་མ་དང། ཀཊད?་ཀཱ་རཱི་སྲིང་གི་དང། སྐྱུ་རུ་ར་ཡི་འབྲས་བུ་ཤེལ། །ག་བུར་ཆ་ནི་ལྔ་ལྔ་དང། །ཆ་གསུམ་ཆ་རོ་སྦྱར་བ་ཡིན། །མིག་སྨན་རབ་རིབ་འཇོམས་པར་བྱེད། ཅེས་བྱ་བ་ལ། སྐྱེར་པ་ཁཎྜ་ཆ་ལྔ་དང
་སྦངས་མ་སྐྱེར་བ་ཁཎྜའི་ཆ་དང། ཀརྐ་ཏ་སྲིང་གི་དང། སྐྱུ་རུ་རའི་འབྲས་བུ་ཆ་གསུམ། ཤེལ་དང་ག་བུར་ཆ་གཅིག་སྦྱར་བའི་མིག་སྨན་ནི་རབ་རིབ་འཇོམས་པར་བྱེད་པ་ཡིན་ནོ། །འཚོ་བྱེད་ཁར་ཨུཏཔ་ལ། །འོ་མ་མར་བསྐོལ་སྣ་སྨན་བཏང། །ཞེས་བྱ་བ་ལ།
་འཚོ་བྱེད་གྱི་སྡེ་ཚན་དང། །ཁ་ར་དང་ཨུཏཔལ་སྔོན་པོ་དང་མར་དང་མར་གྱི་བཞི་འགྱུར་གྱི་འོ་མ་དང་བསྐོལ་བའི་མར་སྣ་ནས་བཏང་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་སླ་ཏྲེས་དང། །འབྲས་བུ་གསུམ་དང་པི་པི་ལིང། །མར་བསྐོལ་སྣུམ་བླུད་གཏར་ག
་གདབ། །དེ་རྗེས་ངན་ད་དུར་བྱིད་བསྐོལ། །གླ་གོར་ཞོ་ཤ་ཨ་རུ་ར། །བཅའ་སྒ་པི་པི་ལིང་ཕྱ་གདབ། །བཀྲུ་སྨན་ངག་ནི་བཏང་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་བའི་རབ་རིབ་ལ་ནི་སླེ་ཏྲེས་ལ་སོགས་པ་དང། མར་བསྲོལ་བའི
་ཁུ་བ་བླུད་པས་སྣུམ་གྱི་ཆོ་ག་བྱས་ལ་དེའི་རྗེས་ལ་གཏར་ག་གདབ་པར་བྱའོ། །དེའི་རྗེས་ལ་ངན་ད་ལ་སོགས་པའི་བཀྲུ་སྨན་བཏང་བར་བྱའོ། །རྩ་བཅུ་བའི་ཁུ་བར་ནི། བ་ལ་ཀ་དང་སེར་པོ་གཉིས། །ཐད་ཤིང་པི
་པི་ལི་འོ་མ། །ཏིལ་མར་བསྐོལ་བའི་སྣ་སྨན་བཏང། །ཞེས་བྱ་བ་ལ། ཡང་ན་བད་ཀན་ལས་གྱུར་བའི་རབ་རིབ་ལ་རྩ་བ་བཅུ་བ་ལ་སོགས་པའི་བཀྲུ་སྨན་བཏང་བར་བྱའོ། །དུང་དང་གླ་རྩི་བྲི་ཡངཀུ། །རྩ་བ་གསུམ་དང། འབྲས་བུ
་གསུམ། །དྲི་མེད་རིལ་བུས་མིག་གསལ་བྱ། །ཞེས་བྱ་བ་ལ། དུང་ལ་སོགས་བ་བརྟགས་ཏེ་རིལ་བུར་བྱས་པ་ནི། །དྲི་མ་མེད་པའི་རིལ་བུ་ཞེས་བྱ་སྟེ། །དེ་མིག་གསལ་བར་བྱ་བའི་ཕྱིར་བསྐུ་བར་བྱའོ། །ལྕགས་ནག་ཕྱེ་མ་ཚ་བ།
་གསུམ། །རྒྱམ་ཚ་འབྲས་བུ་གསུམ་མིག་སྨན། །རིལ་བུ་ནག་བོས་མིག་གསལ་བྱེད། །ཅེས་བྱ་བ་ལ། ལྕགས་ནག་པོའི་ཕྱེ་མ་ལ་སོགས་པ་བཏགས་ཏེ་རིལ་བུར་བྱས་པའི་མིག་སྨན་ནི་རིལ་བུ་ནག་པོ་ཞེས་བྱ་སྟེ། དེས་ཀྱང་མིག
་གསལ་བར་བྱེད་པ་ཡིན་ནོ། །རི་བོང་བོར་བུ་སེང་གེ་གླང། །རྔ་མོའི་སོ་དང་དབྲལ་པའི་རུས། །བ་ལང་དཀར་སྦུན་ལེ་ཤམ། །རྒྱམ་ཚའི་དབུ་བ་ཙན་དན་དུང། །ནུ་ཞོར་ལི་འོ་མར་བཏགས། །རིལ་བུས་རབ་རིབ་ལིང་ཏོག་སེལ།།
་ཞེས་བྱ་བ་ལ། རི་བོང་ལ་སོགས་པའི་སོ་དང། དཔྲལ་བའི་རུས་པ་དང། བ་ལང་དཀར་བོའི་སྦུ་དང། ན་ལེ་ཤམ་ལ་སོགས་པ་ཐམས་ཅད་བུད་མེད་ཀྱི་ནུ་ཞོ་དང། རའི་འོ་མ་དང་བཏགས་ཏེ་རིལ་བུར་བྱས་པས་ནི་རབ་རིབ་ལིང
་ཏོག་ཐམས་ཅད་སེལ་བར་བྱེད་དོ། །ཁྲག་གྱུར་མཁྲིས་པ་ལྟ་བུར་གསོ། །བསིལ་ཆོས་བྱ་ཞིང་གཏར་ག་གདབ། །ཅེས་བྱ་བ་ལ། ཁྲག་ལས་གྱུར་པའི་རབ་རིབ་ནི་མཁྲིས་པ་ལས་གྱུར་པའི་རབ་རིབ་དང་འདྲ་བར་གསོ་བར་བྱ་ཞིང་དེ
་བཞིན་དུ་ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་ལ་སོགས་པ་བསིལ་བས་བྱ་ཞིང་གཏར་ག་གདབ་པར་བྱའོ། །རྒུན་འབྲུམ་སྤང་སྤོས་གསེར་ཕྲོམ་དང། །ཤིང་མངར་ཅན་དན་དངས་མ་དུང། །པད་མ་ཤུག་པ་ཨུཏཔལ། །ར་ཡི་འོ་མས་རོལ་བུར་བྱས། །ཁྲག་གྱུར
་རབ་རིབ་མྱུར་དུ་སེལ། །ཞེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་པའི་སྨན་རའི་འོ་མ་དང་བཏགས་ཏེ། རིལ་བུར་བྱས་པའི་མིག་སྨན་བསྐུས་ན་ཁྲག་ལས་གྱུར་པའི་རབ་རིབ་སེལ་བར་བྱེད་དོ། །ལྡན་པ་འདུས་པ་ལས་གྱུར་པ། །ནང་གཞི་འཆི་ན་ཅི་བཞིན་གོས་ཞེས་བྱ
་པ་ལ་ལྡན་པ་ལས་གྱུར་པ་དང། །འདུས་ལས་གྱུར་པའི་རབ་རིབ་ལ་ནི་ནང་གཞིའི་ཆ་ཤས་གང་ཆེ་བ་བཞིན་དུ་བཤད་མ་ཐག་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །མ་དུ་ཀ་དང་བྱི་དང་ག་།ན་ཡེ་ཤམ་དང་སྒྲོན་ཤིང་དང། །འོ་མ་ཏིལ་མར་?་བ་འམ། བཏགས
་པའི་སྣ་སྨན་གདོང་བསྐུ་བྱ། །ཞེས་བྱ་བ་འདམ་དུ་ཀ་ལ་སོགས་པ་སྨན་དང་འོ་མ་དང་ཏིལ་ལ་སོགས་པ་བསྐོལ་བའི་སྣ་སྨན་བཏང་ན་ལྡན་པ་དང་འདུས་པ་ལས་གྱུར་པའི་རབ་རིབ་སེལ་བར་བྱེད་དོ། །ཡང་ན་མ་དུ་ཀ་ལ་སོགས་པའི་སྨན་དེ་དག་ཉིད་ཆུ་དགས
་སུ་བྱས་པའི་ལྡེ་གུས་གདོང་བསྐུས་ན་ཡང་དེ་དང་འདྲ་བར་ཕན་ནོ། །རྒྱ་སྤོས་ཨུང་པ་ལ་ཨ་ནནད། །ཤིང་མངར་སུ་ནི་ཤ་ན། །ཏིལ་མར་བསྐོལ་བའི་སྣ་སྨན་དང། །མགོ་བསྐུ་འཇམ་རྩི་བྱ་བ་བསྔགས། །ཞེས་བྱ་བ་ལན་ཡང་ན་རྒྱ་སྤོས་ལ་སོགས་པས་ལྡེ
་གུར་བྱས་པ་དང། །ཏིལ་མར་བསྐོལ་བའི་སྣ་སྨན་བཏང་བ་འམ། །ཏིལ་མར་དེ་ཉིད་མགོ་བསྐུ་ཞིང། །འཇམ་རྩེ་བྱ་བ་ཡང་བསྔགས་ཤིང་ཕན་པ་ཡིན་ནོ། །བུ་ཤེལ་ཙོ་བསྐོལ་ཁུ་བའི་ནང། །རྒྱན་ཚོ་པི་པི་ལིར་ཆེ་གདབ། །དེ་བཙགས་སླར་ཡང་མར་བཅས
་པར། །བསྐོལ་ལ་བསྐ་གྱུར་བསྒྲངས་ནས་ནི། །སྤྲང་རྩི་བཅུག་པའི་མིག་སྨན་འདིས། །འདུས་པ་ལས་གྱུར་རབ་རིབ་སེལ། །ཞེས་བྱ་བ་ལ། པུ་ཤེལ་ཙེ་བསྐོལ་བའི་ཁུ་བའི་ནང་དུ་རྒྱམ་ཚ་དང་པི་པི་ལིང་གི་ཕྱེ་མ་བཏབ་སྟེ། དེ་ཚགས་ཀྱི་གཙགས་ལ
་ཡང་བའི་མར་དང་བསྐོལ་ཏེ་བསྐ་བར་གྱུར་པ་དང། བསྒྲངས་པར་སྦྲང་རྩི་བཅུག་པའི་མིག་སྨན་འདིས་ཀྱང་འདུས་བ་ལས་གྱུར་པའི་རབ་རིབ་ཀྱི་མིག་ནད་ཐམས་ཅད་སེལ་བར་བྱེད་དོ། །ནུབ་མོ་རྒྱུ་བའི་སེམས་ཅན་གྱིས། །རུས་བརྐང
་གིས་གང་བ་དང། །ལིག་བུ་མིག་དང་བཅས་པ་ནི། །འབབ་ཆུའི་ནང་དུ་ཟླ་གཅིག་གམ། །ཞག་ན་ཉི་ཤུའི་བར་དུ་བཞག་།དེ་ནས་ཕྱུང་སྟེ་བསྐམས་ནས་ནི། །ལུག་རུ་པ་ཡི་མེ་ཏོག་དང། ཤིང་མངར་བཅས་པའི་ཕྱེ་མར་བྱས། །མིག་པ་སྐུས་འདུས་པ་ལས་གྱུར
་པའི། །རབ་རིབ་སེལ་བའི་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། ནུབ་མོ་རྒྱུ་བའི་སེམས་ཅན་འུག་པ་ལ་སོགས་པ་དེ་རྣམས་ཀྱི་རུས་པ་རྐང་གིས་གང་བ་དང། །ཇི་སྐད་སྨོས་པ་བཞིན་དུ་ཕྱེ་མར་བྱས་པའི་མིག་སྨན་གྱི་འདུས་པ་ལས་གྱུར་པའི་རབ་རིབ་འཇོམས
་པའི་མཆོག་ཡིན་ནོ། །མིག་སྔོན་གསོ་བའང?་དེ་ཉིད་ལས། །གཏར་ག་གདབ་པར་མི་བྱ་སྟེ། །ནད་ངེས་ལོང་བར་གྱུར་པ་ཡིན། །སྲིན་བུ་པ་དམས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། མིག་སྔོ་བ་ཞེས་བྱ་བ་ལ་སྤྲིས་གཡོགས་པའི་ནད་ལ་ཡང་རབ་རིབ་ཀྱིས་གསོ་བར
་བཤད་པའི་འདི་ཉིད་ནང་གཞི་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱ་ལ། །གསོ་བ་དེ་ལས་གཏར་ག་གདབ་ཅིང་བསྡམས་པ་ནི་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྔོན་པོའི་སྤྲིས་གཡོགས་པའི་ན་དམིགས་ལ་གནས་པར་བྱེད་པ་བསྡམས་པར་གྱུར་ན་ནི། དེ་སྐྱོན་དེས་ལོང་བར
་གྱུར་པའི་སྐྱོན་ཡིན་ནོ། །གལ་ཏེ་ཁྲག་ངེས་པར་དབྱུང་དགོས་པ་ཡིན་ནི་བསྡམ་ཞིང་གཏར་ག་མི་བྱའི། །སྲིན་བུ་བད་མས་ཁྲག་བཞིབས་པའི་ཕྱིར་གླུན་པར་བྱའོ། བུ་རམ་རྒྱམ་མཚོའི་དབུ་བ་དང། །པི་པི་ལིང་དང་ན་ལེ་ཤམ། །གུར་བུམ་སྦྲང་རྩི་ལིག་བུ་མིག།
་སྦྲིས་གཡོགས་འཚོ་བ་ཙམ་མིག་སྨན། ཞེས་བྱ་བ་ལ། བུ་རམ་ལ་སོགས་པའི་མིག?་སྨན་ནི། །སྦྲིས་གཡོགས་ཤིང་མིག་སྔོན་པོར་གྱུར་བ་དེ་རེ་ཞིག་མིག་ལ་བ་ཙམ་དུ་འཚོ་བར་བྱེད་པའི་མིག་སྨན་ཡིན་ནོ། །འདུས་གྱུར་ནེའུ་ལེ་ལྟ་བུར་ལོང། །རབ་རིབ་བསྐབས
་བཤད་ཆོ་གར་སྦྱར། ཞེས་བྱ་བ་ལ་?་ནེའུ་ལེ་ལྟ་བུའི་ལོང་བ་ཞེས་བྱ་བ་འདུས་པ་ལས་གྱུར་པའི་མིག་ནང་ལ་ནི་རབ་རིབ་ཀྱི་སྐབས་སུ་གསོབ་བཤད་པའི་ཆོ་ག་གང་དག་ཡིན་པ་སྦྱར་བར་བྱའོ། །མར་དང་སྦྲང་རྩི་བ་ལང་གི། ལྕིབ་ཁུ་བ་སྐྱེར། བཏདཥ?། །ཡུག་སྣམ་བལ་བུའི་ཕྱེ་མར
་སྦྱར་ར?་དམིག་སྨན་མཚན་མོ་ལོང་བ་ལ་ཕན། །ཞེས་བྱ་བ་ལང་སྐྱེར་པ་ཁཎྜ་ལ་སོགས་པའི་སྨན་མར་ལ་སོགས་པ་དང་སྦྱར་བའི་མིག་སྨན་ནི་མིག་ནང་མཚན་མོ་ལོང་བ་ཞེས་བྱ་བ་ལ་ཕན་ནོ། །ན་ལེ་ཤམ་དང་ནི་ཞོ་དང་སྦྱར། །མཚན་མོ་མི་མཐོང་མིག་སྨན་མཆོག་།ཅེས
་བྱ་བ་ལ། ཡང་ན་ན་ལེ་ཤམ་ཞོ་དང་སྦྱར་བ་ཡང་ཕན་ནོ། །ུད་པ་ལ་ཡུག་སྣམ་ཀ་རཉྫ། །བད་མ་གེ་སར་བ་ལང་གི། ལྕི་བའི་ཁུ་བ་དང་བཏགས་པའི། །རིལ་བུ་མཚན་མོ་ལོང་བ་སེལ། །ཞེས་བྱ་བ་ལ། ཨུཏཔལ་སྔོན་པོ་ལ་སོགས་པའི་ཇི་སྐད་བཤད་པ་བཞིན་དུ
་སྦྱར་བའི་མིག་སྨན་ཡང་ཕན་ནོ། །ཧ་རི་ནུ་ཀ་པི་པི་ལིང། །རྒྱམ་ཚ་དང་ནི་ལིག་བུ་མིག་།ར་གཅིན་རིལ་བུར་བྱས་པ་ཕན། །ཞེས་བྱ་བ་ལ། ཧ་རི་ནུ་ཀ་ལ་སོགས་པའི་རིལ་བུ་ཡང་མཚན་མོ་ལོང་བ་ཞེས་བྱ་བའི་མིག་ནང་ལ་ཕན་ནོ། །ཕྲི་ཡངཀུ་དང་ཆ་བ་གསུམ། །ལྡོད
་རོས་བ་བླ་འབྲས་བུ་གསུམ། །རྒྱམ་ཚོའི་ལྦུ་བ་རའི་འོ་མ། །རིལ་བུར་བྱས་པའི་མིག་སྨན་གྱིས། །མཚན་མོ་ལོང་པའི་མིག་ནད་སེལ། །ཞེས་བྱ་བ་ལ། བྲི་ཡངཀུ་ལ་སོགས་པའི་རིལ་བུ་ཡང་དེ་ལ་ཕན་ནོ། །མཆེར་པའི་ནང་དུ་པི་པི་ལིང། །བཅུག་སྟེ་མ
་ཚོས་པར་བཙོས་ལ། །དེ་སྐམས་སྤྲང་རྩིར་བཏགས་པ་ནི། །མཚན་མོ་མི་མཐོང་མིག་སྨན་མཆོག་།ཅེས་བྱ་བ་ལ། མཆེར་པའི་ནང་དུ་པི་པི་ལིང་བཅུག་སྟེ། ཇི་སྐད་བཤད་པ་བཞིན་དུ་སྦྱར་པའི་མིག་སྨན་ཡང་མཚན་མོ་ལོང་བ་ལ་ཕན་ནོ། །མ་ཧའི
་མཆིན་པ་མཆེར་པ་དང། ཏིལ་མར་མང་ནི་ལྷན་ཅིག་བཟའ་། །ཞེས་བྱ་བ་ལ། ཡང་ན་མ་ཧའི་མཆིན་པ་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་ཟོས་ན་ཡང་ཕན་ནོ། །འཚོ་བྱེད་སྣ་བཅུ་ལོ་མ་ན། །མར་དང་ལྡན་ཅིག་བསྐོལ་བ་བཟའ་། །ཞེས་བྱ་བ་ལ་ཏེ
་ཡང་འཚོ་བྱེད་སྣ་བཅུའི་ལོ་མ་མར་གྱི་ནང་དུ་བསྐོལ་ཏེ་ཟོས་ན་ཡང་ཕན་ནོ། ། ཏི་མུག་ཏ་ཨེ་རཎྜ། །ཉེའུ་ཤིང་ལང་ག་ལིའི་ལོ་མ། །མར་དང་བརྔོས་པ་བཟའ་བར་བྱ། །ཞེས་བྱ་བ་ལ། །ཡང་ཨ་ཏི་མུག་ཏ་ལ
་སོགས་པའི་ལོ་མ་མར་དང་བཙོས་སྟེ་ཟོས་ན་ཡང་ཕན་ནོ། །རོ་ན་བུ་སྦ་མར་དང་བརྔོས། །བཟའ་དང་བཏུང་པར་སྦྱར་བའང་ཕན། ཞེས་བྱ་བ་ལ། ཡང་ན་ཏྲོ་ན་བུས་བ་ཞེས་བྱ་བའི་སྨན་ཇི་སྐད་སྨོས་པ་བཞིན་བསྟེན་ན་ཡང་ཕན་ནོ། །དུད་འཐུལ་མཁྲིས་པ
་སྒྱུར་བྲོ་བས། །ཚིག། །ལམ་ནི་རྙིང་པ་དག། སྣུམ་གྱུར་བསིལ་བའི་བཀྲུ་སྨན་བཏང། །བསིལ་སྨན་གྱིས་ནི་ཀུན་ཏུ་བྱུག། ཅེས་བྱ་བ་ལ། མིག་ནང་དུད་པ་འཐུལ་བ་ཞེས་བྱ་བ་དང། མཁྲིས་པས་ཚིག་པ་དང། སྐྱུར་གྱིས་ཚིག་པ་ཞེས་བྱ་བའི
་མིག་ནང་ལ་སྣུམ་གྱི་ཆོ་ག་བྱས་ལ་སྨན་བསིལ་བས་བཀྲུ་སྨན་བརྟད་པར་བྱའོ། །དེ་བཞིན་དུ་ལུས་ཀུན་ཏུ་བསྐུ་ཞིང་བྱུག་ཕ་བྱའོ། །བ་ལང་ལྕི་ཁུ་འོ་མ་མར། །བསྐོལ་བ་ཡི་ནི་མིག་སྨན་ནམ། །བལ་བུ་ལོ་མ་ཡུག་སྨམ་བསྐོལ། །ཕྱེ་མ་བཏབ
་པའི་མིག་སྨན་ཕན། །ཞེས་བྱ་བ་ལ། བའི་ལྕི་ད་བཙིར་བའི་ཁུ་བ་དང་ལོ་མ་དང་མར་ར་མ། །ཡང་ན་བལ་བུའི་ལོ་མ་དང། །བཙག་ཡུག་རྣམས་ཀྱི་ཕྱེ་མ་བསྐོལ་བའི་མིག་སྨན་ཕན་པ་ཡིན་ནོ། །མེ་དང་སེང་ཕྲོམ་ཨ་ནནད། །སྐྱེར་པ
་བཙོད་དང་ཤིང་མངར་ནི། །མར་གྱི་བརྒྱད་འགྱུར་ལོ་མ་བསྐོལ། །ཏིལ་མར་བཅས་པའི་སྣ་སྨན་ཕན། །ཞེས་བྱ་བ་ལ། མེད་ལ་སོགས་པའི་སྨན་མར་གྱི་བརྒྱད་འགྱུར་གྱི་འོ་མ་དང། ཏིལ་མར་དང་བསྐོལ་བའི་སྣ་སྨན་བཏང་ན་ཡང་ཕན་ནོ། །འོ་མ
་མར་སར་གྱིས་བརྟ་བྱ། །དེས་མ་ཞིན་གཏར་ག་གདབ། །ཅེས་བྱ་བ་ལ་འོ་མ་ལས་གྱུར་པའི་མར་སར་ཡིན་པས་ན་འོ་མའི་མར་སར་ཏེ། དེ་བརྟག་པར་བྱ་ལ། དེ་ལྟར་བྱས་ཟིན་ཀྱང་ཞི་བར་མ་གྱུར་ན་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །སེམས་ལ
་ནད་དང་མྱ་ངན་འཇིགས། ཟས་རྩུབ་བ་ཙོག་ཙོག་པོར་འདུག་དང། སྐྱུགས་སྨན་བཀྲུ་སྨན་སྣ་སྨན་དང། སྨན་ཐིགས་བླུགས་སོགས་ཉེས་པ་དང། །ཁ་ཟས་ཕྱེད་ཞུགས་སློན་པ་དང། བཀྲེས་སྐོམ་ལ་སོགས་བརྣགས་པ་དང། མིག་ནད་མ་བཙོས
་ཡུན་རིང་ལས། །རབ་རིབ་རྣང་ལྡན་བལྟ་བར་བྱ། །ཞེས་བྱ་བ་ལ། སེམས་ལས་ལ་སོགས་པ་བསྟེན་པ་དང་སྐྱུག་སྨན་ལ་སོགས་པ་ཉེས་པ་དང། དེ་བཞིན་དུ་ཁ་ཟས་ཕྱེད་ཙམ་ཞུ་བ་ལས་རློན་པ་དང། །བཀྲེས་པ་ལ་སོགས་པ་བསྔགས་བ་ལས
་མིག་རབ་རིབ་ཀྱི་ནད་དང་ལྡན་པར་བལྟ་བར་བྱའོ། །དེ་ལ་ནང་གཞི་སོགས་བཏགས་ཏེ། །རང་གི་སྨན་ནི་ཇི་བཞིན་སྦྱར། ཞེས་བྱ་བ་ལ་སེམས་ལ་སོགས་པའི་ནད་གྱི་རྒྱུ་དེ་དག་ལས་རབ་རིབ་དང་འདྲ་བར་ཉེས་པར་བཏགས་ལ་ནད་གཞི་ཇི་ལྟ་བ་ལས། རང
་གི་སྨན་གང་དང་གང་ཡིན་པ་ལས་དེ་སྦྱར་ཞིང་བཏང་བར་བྱའོ། །ཉི་མ་གཟའའཛིན་ཉི་འོང་གློག་ལ་སོགས་པ། བལྟས་པས་མིག་ནི་ཉམས་པར་གྱུར་པ་དག་།དེ་ལ་བསིལ་སྨན་ཚོགས་ཀྱིས་བལྟ་བྱ་ཞིང། །ད་ལྟར་གསེར་བརྡར་མར་གྱི་མིག་སྨན་བཏང་ཞེས་བྱ
་བའང་ཉི་མ་གཟས་འཛིན་པའི་ཚེ། མིག་གིས་ཤས་ཆེར་བལྟས་པ་དང། དེ་བཞིན་དུ་མེའི་འོད་དང་གློག་ལ་སོགས་པ་འཚེར་བག་ཅན་བལྟས་པར་གྱུར་པ་ལས། མིག་ཉམས་པར་གྱུར་ཅིང་ནང་ཞུགས་པར་གྱུར་ན་ནད་དེ་ལ་ནུས་པ་བསིལ
་བའི་སྨན་གྱི་ཁུ་པ་ལ་སོགས་བས་བལྟ་བར་བྱ་བ་དང། དེ་བཞིན་དུ་སྣུམ་གྱི་སྦྱོར་བ་ལ་སོགས་པས་བལྟ་བར་བྱ་བ་དང། །དེ་བཞིན་དུ་གསེར་མར་གྱི་ནང་དུ་བརྡར་བའི་མིག་སྨན་བཏང་བར་བྱའོ། །མི་ཡིས་ཇི་སྲིད་འཚོ་བའི་བར་དུ་ནི། རྟག་ཏུ་མི
་བསྲུང་བ་ལ་འབད་པར་བྱ། །ཉིན་དང་མཚན་མ་འདྲ་པར་གྱུར་པ་ཡི། །མི་ལ་ནོར་ཡོད་གྱུར་ཀྱང་དོན་མེད་མིན། །ཞེས་བྱ་བ་ལར་མི་རྣམས་ཇི་སྲིད་འཚོ་ཞིང་གནས་པར་གྱུར་གྱི་བར་དུ་རྟག་ཏུ་གནོད་པ་ཐམས་ཅད་མིག་བསྲུང་ཞིང་གནོད་པར་མི་འགྱུར་པ་ལ
་འབད་བར་བྱའོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་ལོང་བར་གྱུར་བ་ལ་ནི། ནོར་དང་འབྱོར་བ་བདོག་ཅིང་ཡོད་པར་གྱུར་ཀྱང་འཇིག་རྟེན་འདིར་དོན་མེད་ཅིང་འབྲས་བུ་མེད་བ་ཡིན་ནོ། །འབྲས་བུ་གསུམ་བསྟེན་གཏར་ག་སྦྱང་བྱ་དང། །སེམས
་དགའ་མིག་སྨན་སྣ་སྨན་བྱས་བསྟེན་ན། །བྱ་ཤ་ཟ་ཞིང་རྐང་པའི་རིམ་གྲོ་དང། །ཞུན་མར་བཏུང་བས་རྟག་ཏུ་མིག་བསྲུང་བྱ། །།བཟས་མི་འཕྲོད་ཟབ་རྟག་ཏུ་སྤང། །རབ་འཕྲ་འཚེར་དང་གཡོ་བ་མི་ལྟ་ཞེས། །སྐྱེས་བུ་མིག་ནི་མཆོག་ཏུ་བསྲུང་པའི་ཐབས
་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བཤད་དོ། །ཞེས་བྱ་བ་ལ་དམིག་བསྲུང་བར་བྱ་བའི་ཐབས་ནི་འདི་དག་སྟེ། རྟག་ཏུ་འབྲས་བུ་གསུམ་བསྟེན་ཅིང་བཟའ་བ་དང། དེ་བཞིན་དུ་གཏར་ག་གདབ་པ་དང། བཀྲུ་སྨན་དང་སྐྱུགས་སྨན་གྱི་སྦྱོར་བ་བྱ་བ་དང།
་རྟག་ཏུ་སེམས་དགའ་ཞིང་ཡིད་བདེ་བར་བྱ་བ་དང། སྐྱེར་བ་ཁཎྜ་ལ་སོགས་པའི་མིག་སྨན་བསྐུ་བ་དང། དེ་བཞིན་དུ་ཏིལ་མར་ལ་སོགས་པའི་སྣ་སྨན་བསྟེན་བ་དང། སྲོག་ཆགས་བྱའི་ཤ་བསྟེན་དེ་བཟའ་ཞིང་སྤྱད་བ་དང། རྐང་པའི་རིམ་འགྲོ་བསྐུ
་བ་དང། དྲིལ་བ་དང། བཀྲུ་བ་དང། མཉེ་བ་དང། ལྷམ་བག་བ་ལ་སོགས་པ་གནོད་པ་མེད་པར་བྱ་བ་དང། ཞུན་མར་རྟག་ཏུ་བཏུང་པས་མིག་བསྲུང་ཞིང་གནོད་བ་མེད་པ་ལ་འབད་བར་བྱ་བ་དང། །གཞན་ཡང་མིག་ལ་གནོད་པའི་ཁ་ཟས་རྟག་ཏུ
་སྤང་བ་དང། །དངོས་བོ་རབ་ཏུ་ཕྲ་ཞིང་བརྟག་བཀའ་བ་ལ་བལྟ་བ་དང། འཚེར་ཞིང་འོད་ཅན་ལ་བལྟ་བ་དང། །གཡོ་ཞིང་འགྱུར་པའི་དངོས་བོ་ལ་མི་བལྟ་བ་སྟེ་འདི་དག་ནི་སྐྱེས་བུའི་མིག་བསྲུང་བར་བྱ་བའི་ཐབས་ཡིན་པས། ཐབས་དེ་དག་པ
་གནས་པར་བྱ་ཞིང་མིའི་མིག་བསྲུང་བ་ལ་འབད་པར་བྱའོ། །ཞེས་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བསྟན་ཅིང་བཤད་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ
་བལ་དགའ་བས་ངེས་པར་སྦྱར་བ་ལ་ཕྱི་མའི་གནས་ཀྱི་ལེའུ་བཅུ་གསུམ་པའི་རྣམ་པར་འགྲེལ་པའོ། །དེ་ནས་མཐོང་བ་ཉམས་པའི་གསོ་བ་བཤད་པར་བྱའོ། ཞེས་བྱ་བ་ལ། མིག་གི་མཐོང་བ་ཉམས་པ་ལ་ནི་བཤད་པར་བྱ་བ་མང་དུ་ཡོད་པས་རབ་རིབ་ཀྱི་གསོ་བ
་ལས་ལོགས་ཤིག་ཏུ་བཤད་པ་ཡིན་ཏེ། །མཐོང་བ་ཉམས་པ་ཞེས་པ་དང། མཚན་མ་ཉམས་པ་ཞེས་བྱ་བ་དང། མིག་སྔོན་པོར་གྱུར་པ་ཞེས་བྱ་བ་དང། སྤྲིས་གཡོགས་པ་ཞེས་བྱ་བ་དང། ལོང་བ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཡིན་ནོ། །དོན་ཅིག
་ལ། དེ་འགགས་པར་བྱེད་པ་ཡིན་པས་ན། འགགས་པ་ལ་གསོ་བ་ཞེས་བྱ་བ་འམ། །ཡང་ན་བཀག་ཅིང་བཟློག་ལ་བསལ་བའི་ཐབས་ཡིན་པས་ན་གསོ་བ་ཞེས་བྱ་སྟེ་དེའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ཡིན་ནོ། །བད་ཀན་ལས་གྱུར
་སྤྲིས་གཡོགས་པ། ལྔ་ལོང་ལ་སོགས་བླ་གཉན་ནི། །དྲུག་པོ་མེད་པར་གྱུར་པ་དང། །ལེགས་མིན་མཐོང་བ་མེད་པ་དབྱེ། །ཞེས་བྱ་བ་ལ། མཐོང་བ་ཉམས་ཤིང་སྦྲེས་གཡོགས་པའི་མིག་ནད་ལྦ་ལོང་ལ་སོགས་པ་སྟེ། ལྦ་ལོང་བ་དང། ?་མ
་ལྟ་བུ་དང། རིམ་ཅན་དང་གྲམ་བཅད་པ་ལྟ་བུ་དང་རྨ་བྱའི་སྒྲོ་ལྟ་བུ་དང་གདུགས་འདྲ་བའི་བླ་གཉན་དྲུག་པོ་མེད་པར་གྱུར་པ་དང། ལེགས་པར་སྨིན་པར་གྱུར་ཏེ། འཐུག་མོ་ཁོ་ནར་གྱུར་ཅིང་བད་ཀན་གྱི་གོང་པོ་ལྟར་སྣང་བར་གྱུར་པ་གང་ཡིན
་པ་ད་ནི་ཐུར་མར་དབུག་ཅིང་དབྱེ་བར་བྱའོ། །དེ་སྨིན་མ་གྱུར་མ་སྙོམས་ལ། །ཞོ་ལ་ཆུ་འདྲ་སྲབ་པ་ནི། ཐུན་མ་ཡིས་ནི་གྲངས་གྱུར་ཀྱང། །སླར་ཡང་གྱེན་དུ་འབྱུང་བར་འགྱུར། །ནད་ནི་མི་ཟད་སྐྱེད་བྱེད་ཅིང། །མཐིང་བྱེད་སར་ཡང་འགེགS
་པར་བྱེད། །དེ་ནི་ཟས་བཅས་བླ་གཉན་བཅས། །བད་ཀན་ཅན་གྱིས་མྱུར་དུ་བསྐྱེད། །ཅེས་བྱ་བ་ལ། སྤྲིས་གཡོགས་པའི་ནད་དེ་སྨིན་ཅིང་འཐུག་པར་མ་གྱུར་པ་དང། མི་སྙོམས་ཤིང་དམའ་བར་གྱུར་པ་དང། །དེ་བཞིན་དུ་ཞོ་ཁ་ཚུ་འབྲར་བསྣང་ཞིང
་དེའི་མདོག་དང་མཚུངས་པ་དག་སྲབ་པར་གྱུར་པ་དེ་ནི་ཐུར་མས་ཐུག་སྟེ་དྲངས་ཤིང་བསྡུས་སུ་ཟིན་ཀྱང། སླར་ཡང་གྱེན་དུ་འབྱུང་ཞིང་དཔྱད་པར་གྱུར་བ་དང། དེ་བཞིན་དུ་ནང་མི་བཟང་ཅིང་བརྟགས་པར་དཀའ་བ་སྐྱེད་པར
་བྱེད་བ་དང། མཐོང་བར་བྱེད་པའི་མིག་གི་རྒྱལ་མོ། །སླར་ཡང་འགེགས་ཅིང་སྒྲིབ་པར་བྱེད་པ་དེ་ནི་བད་ཀན་སྐྱེད་པར་བྱེད་པའི་ཟས་དང། སྐོམ་དང་སྨན་གྱིས་མྱུར་བ་ཁོ་ནར་བསྐྱེད་ཅིང་སྨིན་པར་བྱ་ལ། རླུང་དང་མཁྲིས་པ་ཅན་གྱི་བས་སྐོམ་ལ་སོགས
་པས་ཡུན་རིང་ཞིག་ན་སྨིན་པར་འགྱུར་རོ། །བད་ཀན་གྱིས་ནི་མཐོང་ཉམས་པ། བད་ཀན་དཀར་བས་དཀར་བ་ཡིན། ཞེས་བྱ་བ་ལ། བད་གན་ལས་གྱུར་པའི་མཚན་མ་འམ། མཐོང་བ་ཉམས་བདེའི་རྒྱུ་བད་ཀན་གྱི་དཀར་བ་ཡིན་བས་ན་སྤྲིས་ག་རོགས
་པས་ཡང་དཀར་བ་ཡིན་ནོ། །དེ་ནི་ནང་གཞན་གྱིས་ཟིལ་གནོན་ཀུན་ཏུ་བསྔོ་བའི་ནང་དུ་འགྱུར། ཞེས་བྱ་བ་ལ་?་བད་ཀན་ལས་གྱུར་པའི་མཐོང་བ་ཉམས་བ་དེ་རླུང་དམ་མཁྲིས་པ་གཞན་གྱིས་ཟིལ་གྱིས་མནན་ཅིང་དབང་གུ་གྱུར་ན། ཀུན་ཏུ་སྔོ་བ་ཞེས་བྱ
་པའི་ན་དམ་ཚིང་བུ་ལྟ་བུར་འགྱུར་རོ། །དེ་ལ་རླུང་གྱུར་མིག་ཡོ་ཞིང། རྦ་ཀྲོང་གཡོ་ཞེང་དམར་སྐྱང་འདུག་།ཅེས་བྱ་བ་ལ། དེ་རྦ་ཀློང་ཞེས་བྱ་བའི་མིག་ནང་ནི་རྦ་ཀློང་འཁྱིལ་བ་ལྟར་གཡོ་ཞིང་མིག་བརྟན་པ་ལ་དམར་སྐྱ་སྟེ་ཅུང་ཟད་དམར་བ་འདུག
་མ་ཡིན་ནོ། །བསོག?་མ་ཨརྒའི་འོ་མ་ནི། །ཐིག་གྲན་ཁྱབ་འདྲ་ཐུག་པ་ཡིན། །ཞེས་བྱ་བ་ལན་གསེག་མ་ལྟ་བུའི་མིག་ནད་ནི་ཤིང་ཨརྒའི་འོ་མ་ཐིག་ལ་ཕྲ་མོ་ལྟ་བུས་ཁྱབ་པ་ཤིན་དུ་འུག་བ་ཡིན་ནོ། །ག་མ་ལྟ་བུའི་མིག་འབྲས་ནི། འབྲས
་ཀྱི་གྲམ་འདྲས་ཁྱབ་ཡིན། །ཞེས་བྱ་བ་ལ། གྲམས་ཁྱབ་པ་ལྟ་བུ་ནི། །མིག་གི་ནད་འབྲས་ཀྱི་གྲ་མ་ལྟ་བུའི་དེ་མཚོ་ཁྱབ་པར་གྱུར་པ་ལྟ་བུ་ཡིན་ནོ། །གྲ་མ་བཅད་བ་གྲ་མ་ཚིག་།བཅད་པ་ལྟར་སྣང་ན་པ་ཡིན། །ཞེས་བྱ་བ་ལ་གྲ་མ་བཅད་པ་སྟེ།
་བུ་ཞེས་བྱ་བའི་མིག་ནང་གི་ཟ་མ་བཅང་བ་དང་ཚིག་པ་དང་བཅང་པ་ལྟ་བུར་སྣང་ཞིང་ན་བ་དང་བཅས་པ་ཡིན་ནོ། །རྨ་བྱའི་འཇུག་སྒྲོ་འདྲ་བ་ནི། །ཁར་བའི་མདོག་དུ་སྣང་བ་ཡིན། །ཞེས་བྱ་བ་ལ། རྨ་བྱའི་སྤྲོ་ལྟ་བུ་ཞེས་བྱ་བའི་མིག་ནད་ཀྱི་ནི་རྨ་བྱའི་སྒྲོ་ལྟ་བུ་ནི
་དབྱིབས་ཅན་ལ་ཁར་བའི་མདོག་ལྟ་བུར་སྣང་བ་ཡིན་ནོ། །གདུགས་འདྲ་ཁ་དོག་སྣ་ཚོགས་པ། །སྤྲིས་གཡོགས་གདུགས་ཅན་ཞེས་བྱའོ། །ཞེས་བྱ་བ་ལ། གདུགས་འདྲ་བ་ཞེས་བྱ་བའི་སྦྲིས་གཡོགས་པའི་ནད་ནི་དབྱིབས་སུ་གདུག་དང་འདྲ་བར་སྣང་ཞིང་ཁ་དོག
་སྣ་ཚོགས་པར་སྣང་བ་དང། །སྦྲིས་གཡོགས་པ་གདུགས་ཅན་ཞེས་བྱའོ། །གཏང་ག་མི་བྱ་ཆམ་པ་དང། །ལུང་པ་ཅན་ནི་དབྱེ་མི་བྱ། །མ་ཞུ་སྔར་མ་སྐྱུག་བ་དང། །རྣ་མིག་མགོ་གཟེར་ཅན་མི་དབྱེའོ། །ཞེས་བྱ་སྦྲིས་གཡོགས་པ་གཏར་ག་བྱར་མི་རུང་བའི་ནང
་ཡོད་པའི་མིག་ཏུ་དབྱེ་བར་མི་བྱའོ། །དེ་བཞིན་དུ་ཆམ་པས་བཏབ་པ་དང། ལུང་པ་ཅན་གྱི་མིག་དབྱེ་བར་མི་བྱ་བ་དང། དེ་བཞིན་དུ་མ་ཞུ་པ་དང། །སྡེར་མ་དང། སྐྱུག་ཅིང་སྔོན་པ་དང། རྣ་བ་གཟེར་བ་དང། མིག་གཟེར་བ་དང། མགོ་བོ་གཟེར་བའི་མིག་དབྱེ་བར
་མི་བྱའོ། །དེ་ནས་ཐུན་མོང་དུས་སུ་ནི། །སྦྱང་བྱས་ཟས་ཟོས་བ་ལ་ནི། །ས་ཕྱོགས་བསལ་བར་སྔ་དྲོ་ནི། །སྨན་པ་བུས་མཉམ་ཁྲི་ལ་འདུག་།ནང་པ་འདུག་ཅིང་སྔ་མ་བྱ་ལ། །ཁ་ཡི་དབུགས་ཀྱི་བདུག་བྱ་ཞིང། །མཐེ་བོས་མིག་ནི་མཉེས་བྱས་ནས། །ནད་ནི་གཡོས་བར
་མཐོང་བ་དང། །མི་འགུལ་བར་ནི་མགོ་ནད་བཟུང། །རང་གི་སྣ་ལ་ལྟ་བཞིན་དུ། །ནག་བོ་སོར་ཕྱེད་མ་རྟོགས་ཤི། མིག་འགྲམ་བཞི་ཆ་དོར་བ་རུ། །མཛུབ་མོ་གུང་མོ་མཐེབ་པོས་ཡིས། །མིག་ཐུར་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་ག་ནས་ཕྲེང་དུ།།
་གཟུག་ཅིང་གྱེན་མཉེ་དྲང་པོར་བྱ། །མིག་གཡོན་ཡག་པ་གཡས་པས་དབུག་།མིག་གཡས་ལག་པ་གཡོན་པས་དབུག་།ཅེས་བྱ་བ་ལ་དེ་ནས་ཐུན་མོང་གི་འདུ་ཤེས་བྱ་བ། །སྟོན་ཟླ་འབྲིང་པོ་དང། དབྱིད་ཟླ་ཐ་ཆུང་གི་དུས་སུ་སྤྱད་པ་བྱས་པས་ཏེ། །སྣུམ་ཆོས་
་དང་དུགས་བྱས་ལ་བཀྲུ་སྨན་གྱིས་སྦྱར་སྟེ། བལྟས་པའི་རྗེས་ལ། ཁ་ཟས་ཕན་ཞིང་འབྲོང་པར་རྣ་བར་ཟོས་པར་གྱུར་ནས་ས་ཕྱོགས་མུན་བ་མེད་ཅིང་བསལ་བར་སྔ་དྲོ་སྟེ་ཉི་མ་ཤར་བའི་ཆ་དྲང་པོ་ལ་སྨིན་པ་མཁས་པ
་པུས་མོ་དང་མཐོ་དམན་མཉམ་པའི་ཁྲི་ལ་འདུག་སྟེ། ས་ཕྱོགས་བྱི་དོར་བྱས་ཤིང་བདེ་བར་བྱས་པར་སྟན་བཏིང་ལ་ནང་གཡོག་སྤྲིན་བུ་རྒྱབ་ཏུ་ལེགས་པར་འདུག་པས་ལག་པ་གཉིས་ཀྱིས་མགོ་དམ་དུ་བཟུང་སྟེ་ཉི་མ་ལ་ཁ་བསྟན་ལ་རྐང་པ་གཉིས་བརྐྱང
་སྟེ་སྨན་པའི་ཁའི་དབུ་ལས་ཀྱིས་ནད་པའི་མིག་དུགས་བྱས་ལ། དེའི་འོག་ཏུ་མིག་གཉིས་མཐེ་བོས་མཉེས་ནས་མིག་གི་ནང་སྦྲིས་གཡོགས་པ་དེ་གཡོས་ཤིང་ཅུང་ཟད་འཕགས་པར་མཐོང་བ་དང། ནང་པ་རང་གི་སྣའི་རྩེ་མོ་ལྟ་བར་བྱེད་བཞིན་དུ་མགོ་བོ་མི
་འགུལ་བར་དམ་དུ་བཟུང་སྟེ། ནག་པོ་ཞེས་བྱ་བ་མིག་འབྲས་ནག་པོ་ལས་སོར་ཕྱེད་དོར་ཞིང་དེ་མ་རྟོགས་པར་བྱས་ལ། མིག་འགྲན་ཞེས་བྱ་བ་མིག་ཟུར་ནས་སོར་གྱི་བཞི་ཆ་དོར་ལ་མཛུབ་མོ་དང། གུད་མོ་དང་མཐེ་བོས་མིག་ཐུར་དུ་མི་འགྱུར་བར་བཟུང་སྟེ་རང
་བཞིན་གྱིས་གྲུབ་པའི་མིག་གི་བུག་ཕྲ་མ་ཡོད་པའི་ངོས་ནས་གྱེན་དུ་མཉེ་ཞིང་མིག་དྲང་པོར་མ་ཡོ་པར་བཞག་ཅིང། སྟེང་དམ་ཕུག་ན་ནི་འོག་ཏུ་མ་གྱུར་པར་བྱས་ལ་མིག་གཡོན་བ་ནི་ལག་པ་གཡས་པས་ཕུག་པར་བྱས་ལ། མིག་གཡས་བ་ནི་ལག་པ་གཡོན་པས
་དབུག་པར་བྱའོ། །ལེགས་པར་དབུག་ན་སྒྲ་འབྱུང་འགྱུར། །ནང་མེད་ཆུ་ནི་ཉུང་ཞིག་འགྱུར། །ཞེས་བྱ་བ་ལ། དེ་ལྟར་འབིགས་པ་ན་ལེགས་ཤིང་ནོར་བར་ཕུག་པའི་ཚེ་སྒྲ་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་ནད་མེད་པར་འགྱུར་བ་དང། ཆུའི་ཐིགས
་ཉུང་ཞིག་འབྱུང་བར་འགྱུར་རོ། །དེ་རྗེས་ནང་བ་སྦྲོ་སྲིང་ལ། །མིག་ཏུ་ནུ་ཞོ་བླུགས་པར་བྱ། །ཞེས་བྱ་བ་?་དེ་ལྟར་ཕུག་པའི་འོག་ཏུ་ནང་པ་ཚིག་གིས་ལེགས་པར་སྒྲོ་བསྲིང་ལ་དམིག་དམར་བ་དང། ནང་མེར་བ་དང། མཆིམ་ནི་འཛག
་པར་བྱ་བའི་ཕྱིར་བུར་མེད་གྱི་རུ་ཞོ་བླུགས་པར་བྱའོ། །དེ་ནས་ཐུར་མའི་རྩེ་མོ་ཡིས། གནོས་པ་མེད་པར་ངལ་གྱིས་ནི། །མིག་གི་འབྲས་བུ་དབི་བྱལ?། །སྣ་ནས་ངལ་གྱིས་ཕུལ་པར་བྱ། །མིག་ན་གནས་པད་ཀན་ནི། །?་ནས་བརྩུབས་པས་བསལ
་བྱ་བར་བྱ།། །ཞེས་བྱ་བ་ལ། དེའི་འོག་ཏུ་སྨན་བས་ཐུང་མོའི་རྩེ་མོས་མིག་གི་འབྲས་བུ་ལ་གནོད་ཅིང་འཚེ་བ་མེད་པར་ངལ་ག་ཡིས་མིག་གི་འབྲས་བུ་དབྱི་ཞིང་བསལ་བར་བྱ་ཞིང། སྔ་ནས་ནང་ངལ་གྱིས་ཕུལ་བར་བྱའོ། །དེའི་འོག་ཏུ་སྣ་ནས་བརྡུངས
་པ་མིག་ལ་གནས་པའི་ནད་དབྱུང་ཞིང་བསལ་བར་བྱའོ། །ནད་མི་འགུལ་བར་གྱུར་ན་ནི། །མིག་གི་ཕྱི་རོལ་ནས་དུགས་བྱ། ཞེས་བྱ་བ་ལ། མིག་གི་སྦྲིས་གཡོགས་མི་འགུལ་བར་གྱུར་པ་འམ། རླུང་གིས་འགྱུར་ཅིང་མལ་ན་མི
་གནས་པར་གྱུར་?་།མིག་གི་ཕྱི་རོལ་ནས་དུགས་འཇམ་པོ་བྱའོ། །དེ་ནས་གཟུགས་ནི་མཐོང་གྱུར་ནས། །ཐུར་མ་རིམས་ཀྱིས་དབྱུང་བར་བྱ། །མར་ལ་སྤངས་པའི་རས་བལ་བཞུག་།མིག་བཀྲིས་ན་དེའི་འོག་ཏུ། །ཕྱེ་ལས་ལོགས་ནི
་ཅིག་ཤོས་དབབ་།གཉིས་ཀ་ཕྱེ་ནས་གན་རྐྱལ་བཞག་།རླུང་མེད་མལ་དུ་མགོ་བོ་དང། །རྐང་བསྐུ་ཕན་པའི་ཟས་སྟེན་བྱ་ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་གཟུགས་མཐོང་བར་གྱུར་ན་སྨན་བས་ཐུར་མ་དེ་རིམས་ཀྱིས་ངལ་བུས་དབྱུང་བར
་བྱའོ་?་དེ་ལྟར་ཕྱུང་ནས་དེའི་རྗེས་ལ་མར་གྱི་ཁུ་བལ་སྤངས་པའི་རས་བལ་བཅུག་ལ་ནང་བ་དེའི་མིག་དཀྲིས་སྟེ་ནལ་དུ་གཞུག་ལ། དེ་ཡང་མིག་གཅིག་ལ་བུག་ཅིང་ཕྱེ་བ་ཡིན་ན་ནི། ཕྱེ་བའི་མིག་སྟེང་དུ་ཕྱུང་ལ་མ་ཕྱེ་བའི་མིང།
་ཅིག་ཤོས་ཀྱི་ལོགས་འཕབ་སྟེ་ཉལ་དུ་གཞུག་ལ་གལ་ཏེ་གཉི་ག་ཕྱེ་ན་ནི་གན་རྐྱལ་དུ་རྐན་དེ་ཉལ་བར་བྱ་ལ། དེ་ཡང་རླུང་མེད་པའི་གནས་མལ་དུ་ཉལ་ཞིང་མགོ་པོ་དད་རྐང་བ་བསྐུ་བ་དང། ཕན་པའི་ཟས་ལ་བསྟེན་དུ་གཞུག་པར་བྱའོ།།
་སྤྲིད་པ་ལུད་པ་སྒྲེག་པ་དང། མཆིལ་མ་འདོར་དང་ཆུ་འཐུངས་དང། །ཐུར་དུ་གདོང་པ་ཁྲུས་བྱེད་དང། སོ་ཤིང་འཆའ་བར་བྱེད་པ་དག་།ཞག་བདུན་པར་དུ་སྤང་བྱ་ཞིང། །སྣུམ་འཐུངས་ཚ
་ག་བཞིན་དུ་བསྡམས། །ཞེས་བྱ་བ་ལ། ནད་པ་དེ་སྤྲིད་པ་ལ་སོགས་པ་ཞག་བདུན་གྱི་བར་དུ་སྦང་ཞིང་བསྡམས་པར་བྱ་བ་དང། འདིར་བསྡམས་པའི་ཆོ་ག་གཞན་དག་ཀྱང་སྣུམ་འཐུངས་པའི་ཚོ་གའི་སྐབས་སུ། ཆུ་དྲོན་གྱིས་ནི
་ཉེར་སྤྱོད་བྱ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་སྨོས་པའི་བསྡམས་པའི་སྦྱོར་བདག་ཀྱང་བྱའོ། །ཅི་ནུས་སྨྱུང་བྱ་ན་གྱུར་ན། །མར་ཁུ་དྲོ་འཇམ་བླུགས་པར་བྱ། །ཞེས་བྱ་བ་ལ། ཡང་ནད་པ་དེ་ཉམས་སྟོབས་ཅི་ཡོད་པ་ལས་སྨྱུང་བ་བྱ་བ
་ལ་གལ་ཏེ་ན་བར་གྱུར་ན་མར་ཁུ་དྲོ་འཇམ་ཙམ་གྱི་ཐིགས་པ་བླུགས་པར་བྱའོ། །ནས་ཆན་སླ་བ་འམ་ཐུག་པ་བསྐ། །ཆ་གསུམ་སྐྱུ་རུར་མར་སྦྱིན། །ཞེས་བྱ་བ་ལ། ནད་པ་དེ་ལ་ནས་ཆག་ཆེར་དབྲལ་བའི་ཆན་སླ་བ་མར་བཏབ་པ་ཚ་བ་གསུམ་ལ
་སོགས་པ་དང་བཅས་པ་སྦྱིན་པར་བྱ་བ་འམ། །ཡང་འབྲས་ཐུག་པར་པོ་ཚ་བ་གསུམ་དང་སྐྱུ་རུ་ར་མར་དང་བཅས་པ་སྦྱིན་པར་བྱའོ། །ཞགས་གསུམ་ནས་ནི་དེ་བཀྲོལ་ལ། །རླུང་འཇོམས་པ་ཡི་སྨན་གྱི་ནི། །ཁུ་བ་མིག་ཏུ་བླུག་པར་བྱ། །ཞེས་བྱ་བ
་ལ། ཞག་གསུམ་ལོན་པ་དང་ནད་པ་དེའི་མིག་ཕྱེ་ལ་རླུང་འཇོམས་པའི་སྨན་གྱི་ཁུ་ཐིགས་པ་མིག་ཏུ་བླུག་བྱའོ། །ཞག་བདུན་ནས་ནི་མིག་དེ་ནི། །རྣམ་པ་ཀུན་ཏུ་དགྲོལ་བར་བྱ། །ཞེས་བྱ་བ་ལ། ཞག་བདུན་འདས་པ་དང། མིག་དེ་རྣམ་པ་ཐམས་ཅད
་ཀྱི་ཐམས་ཅད་དུ་བཅིང་བ་དགྲོལ་བར་བྱའི། །བཅིང་བར་ནི་མི་བྱའོ། །ཇི་སྲིད་མི་བསལ་བསྟན་གྱུར་པ། །གདམས་ལ་འབད་དེ་གནས་པར་བྱ། །ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་བསྡམས་པའི་སྤྱོད་པ་ནི་ཇི་སྲིད་མིག་གསལ་བར་མཐོང་བར་ཉམས
་ཤིང་བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ཆོག་དེ་ལ་གནས་པར་བྱའོ། །གཟུགས་ནི་ཕྲ་དང་འཆེར་བདག་།མོད་ལ་ལྟ་བར་མི་བྱའོ། །ཞེས་བྱ་བ་ལ། དེ་ལྟར་སྤྲིས་གཡོགས་པ་བསལ་བ་ནས་དེS་གཟུགས་ཕྲ་ཞིང་བརྟག་པར་དཀའ་བ་དང། །འཚོར
་ཞིང་འོད་འདྲ་བའི་དངོས་པོ་དག་ལ་མོད་ལ་སྟེ་འཕྲལ་ཁོ་ནར་ལྟ་ཞིང་བརྟག་པར་མི་བྱའོ། །དབུག་ཉེས་མི་མཐུན་ཟོས་པ་ལས། སྐྲངས་དང་དམར་དང་ན་ལ་སོགས། །མིག་ནད་གདུང་བ་འབྱུང་བར་འགྱུར། །ནད་ཚུལ་ཇི་བཞིན་དེ་གསོ་བྱ། །ཞེས་བྱ་བ་ལན
་སྤྲིས་གཡོགས་པ་དབུག་ཅིང་བརྟོལ་བ་ཉེས་པ་དང། ནད་དང་མི་འཕྲོད་པའི་ཟས་སྐོམ་ཟོས་ཤིང་བསྟེན་པ་ལས་བསྐྲང་པ་ལ་སོགས་པ་དང། །མིག་ནད་གདུང་པ་ཞེས་བྱ་བ་འབྱུང་བར་འགྱུར་ལ། སྐྲངས་པ་ལ་སོགས་པ་དེ་དག་ལ་ནི། ནད་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ
་དེ་དང་འཚམ་པའི་སྨན་གྱིས་དེ་གསོ་ཞིང་བཅོས་པར་བྱའོ། །ནད་དང་དམར་བ་ཞི་བའི་ཕྱིར། །དཱུརྦ་ནས་དང་ཡུག་སྣམ་དང། །ཐལ་ཏྲེས་མར་དང་ལྡན་པ་ཡི། །ལྡེ་གུས་གདོང་ནི་བསྐུ་བར་བྱ། །ཞེས་བྱ་བ་ལད་ནད་དང་དམར་པོར་སྣང་བ་ཞི་བར་བྱ་བའི
་ཕྱིར། དུར་བ་ལ་སོགས་པའི་སྨན་ཆུ་ཐགས་སུ་བྱས་པའི་ལྡེ་གུ་མར་དང་ལྡན་པས་གདོང་མ་སྐུ་ཞིང་བྱུག་པར་བྱའོ། །དེ་བཞིན་ཏིལ་དང་ཡུངས་ཀར་བཅས། །བ་ལུང་ཁུ་བས་སྤྲུས?་པའང་ཕན། ཞེས་བྱ་བ་ལ། དེ་བཞིན་དུ་ཏིལ་དང། ཡུངས་ཀར་ལྡེ
་གུར་བྱས་པ་བ་ལུང་ཞེས་བྱ་བ་པི་ཟ་པུ་རའི་ཁུ་བས་གདོང་བསྐུས་ན། ཡང་ན་བ་དང་དམར་བ་ལ་ཕན་ནོ། །ཐལ་ཏྲེས་འོ་མ་པ་ཡ་སྱ། །བཙོང་དང་ཤིང་མངར་ར་ཡི་ནི། །འོ་མར་སྦྱར་བའི་ལྡེ་གུས་ནི། །དྲོ་འཇམ་བདེ་བར་བྱེད་མཆོག་ཡིན།།
་ཞེས་བྱ་བ་ལ། ཐལ་ཏྲེས་ལ་སོགས་པའི་སྨན་རའི་འོ་མ་དང་བསྐོལ་བ་དྲོ་འཇམ་ཙམ་གྱི་ལྡེ་གུས་མིག་ཏུ་བསྐུས་ན་ཡང་ན་བ་དང་དམར་བ་བདེ་བར་བྱེད་པའི་མཆོག་ཡིན་ནོ། །སེང་ཕྲོམ་རྒྱམ་ཚྭ་རྒུན་འབྲུམ་དང། ཤིང་མངར་རའི་འོ་མར་བསྐོལ། །?
་པ་མིག་ཏུ་བླུགས་ན་ནི། །ན་དང་དམར་བ་འདོམས་པར་བྱེད། །ཤིང་མངར་རུ་རྟ་ཨུཏཔལ། །རྒུན་འབྲུམ་རྒྱ་སྐྱེགས་ཁ་རར་བཅས། །ཞེས་བྱ་བ་ལ། སེང་ཕྲོམ་ལ་སོགས་པ་རའི་འོ་མ་དང་བསྐལ་བ་བླུགས་ན་ཡང་དེ་ལ་ཕན་ནོ། །རླུང་འཇོམས་སྨན་བསྐོལ
་འོ་མ་ནི། །མར་གྱི་བཞི་འགྱུར་བསྐོལ་བ་དང། ཤུག་པ་ལ་སོགས་ལྡེ་གུས་བཏག། །ལུས་ཀུན་ལ་ནི་བསྔགས་པ་ཡིན། །ཞེས་བྱ་བ་ལ། རླུང་འཇོམས་པའི་སྨན་དང། བསྐོལ་བའི་མའི་ནང་དུ་ཤུག་པ་ལ་སོགས་པའི་ལྡེ་གུ་བཏབ་ན་ཡང་བསྐོལ་བའི་སྨན་མར
་ནི་ལས་ཀུན་དེ་བཏུང་བ་དང་སྣ་ནས་བཏང་པ་དང། བསྐུ་པ་ལ་སོགས་པ་ཐམས་ཅད་ལ་བསྔགས་པ་ཡིན་ནོ། །དེས་མ་ཞེན་མ་མཆོས་དང། །དུགས་བྱས་གཏར་ག་གདབ་པར་བྱ། །གདུང་བའི་གསོ་བྱ་དག་ཀྱང་བྱ། །ཞེས་བྱ་བ་ལ་དེ་ལྟར་བྱས་སུ་ཟིན
་ཀྱང་ཉེ་བར་ཞི་བར་མ་གྱུར་ན་ནད་པ་དེ་སྣུམ་ཆོས་དང་དུགས་བྱས་ལ་གཏར་ག་གདབ་པར་བྱ་བ་དང། །དེ་བཞིན་དུ་མིག་ན་དེ་གདུང་བའི་གསོ་བ་བཤད་པའི་ཆོ་ག་དག་ཀྱང་འདིར་བཤད་པར་བྱའོ། །དབུག་?་མིག་སྨན་འཇམ་པོ་བསྐུ། །ཞེས་བྱ་བ་ལ
་མིག་དགུག་ཅིང་ཆེ་བ་དེ་ལེགས་པར་འདྲུབས་པར་གྱུར་ནས། མིག་སྨན་འཇམ་པོ་དག་བསྐུས་ན་ཕན་ནོ། །ཏུ་བ་རི་ཅི་ན་ལེ་ཤམ། བ་བླ་སྐྱེར་པ་ལཎྜ་བསྐུ། །མིག་ཕྱེ་བུ་རམ་རིལ་བུ་ནི། །ཆར་པའི་ཆུ་དང་བརྡར་བ་བཏང། །ཞེས་བྱ་བ་ལ། ཏུ་པར་ཞེས་བྱ་བ
་ཨ་ཏ་ཀའི་རྩ་བ་དང་ན་ལེ་ཤམ་ལ་སོགས་པ་ཆར་པའི་ཆུ་དང་བརྡར་བ་དག་ཀྱང་བཏང་བར་བྱའོ། །ཛ་ཏིདཏ་བ་ཤི་ཤ་།ཀརྐ་ཀ་སྲིང་གི་མེ་ཏོག་།མུ་ཏིག་འབྲས་བུ་བཻ་ཌཱུརྱ། ར་ཡི་འོ་མར་བཏགས་པ་ནི། །ཟངས་མའི་སྣོང་ལ་སླ་བས་བསྐུ། །ཞག་བདུན
་ནས་ལྐོག་སླར་ཡང་ནི། འོ་མ་དང་?་གིས་ལྡེ་གུར་བྱས། །རིག་བུ་གྲིབ་མ་ལ་སྐམས་པ། །མིག་བསྐུས་ཆེ་བ་མཐོང་བ་ནི། །བསལ་ཞིང་སྟོབས་ནི་བསྐྱེད་པར་བྱེད། །ཅེས་བྱ་བ་ལ། ཛེ་ཏི་ལ་སོགས་པའི་རལ་འོ་མ་དང་ཞིབ་ཏུ་བཏགས་ཏེ་ལྡེ་གུ་ཞིབ
་མོ་ངེས་ཟངས་མའི་སྣོད་ལ་སྲབ་མོར་བསྐུས་ཏེ་ཞག་བདུན་འདས་པར་གྱུར་པ་དང། སླར་བཀོག་སྟེ་འོ་མ་དང་ལྔ་གུར་བྱས་ཏེ་དེ་རིལ་བུར་བྱས་ཏེ། དེ་གྲིབ་མ་ལ་སྐྲ་པས་ལ་མིག་ལ་བསྐུས་ན། དེ་ལྟར་མིག་ཕྱེ་ཞིང་ཕུག་པ་དའི་མཐོང་བ་གསལ་བར་བྱེད་ཅིང
་མིག་རྣོ་བའི་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །བྱ་རུ་ལྡོང་རོས་ལིག་བུ་མིག་།རྒྱམ་ཚོའི་དབུ་བ་ན་ལེ་ཤམ། །སྣ་ནས་བཏང་བའི་སྨན་སྦྱར་ན། །བཤད་པའི་ཡོན་ཏན་མཚུངས་པར་བསྟན། །ཞེས་བྱ་བ་ལ། བྱུ་རུ་ལ་སོགས་པ་སྔ་མ་བཞིན་དུ་རའི་འོ
་མ་དང་ཞིབ་ཏུ་བཏགས་ཏེ། ངེས་ཟངས་མའི་སྣོད་དུ་བསྐུ་བ་ལ་སེགས་པ་གོང་དུ་བཤད་མ་ཐག་པའི་སྦྱོར་བ་དང་ཡོན་ཏན་ཐམས་ཅད་མཚུངས་ཤིང་འདྲ་བར་སློབ་དཔོན་གྱིས་བསྟེན་ཅིང་བཤད་པ་ཡིན་ནོ།། །།ཡན་ལག་བརྒྱུད་པའི་སྙིང
་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་ག་ཡི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེ་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ། །གནས་མིག་ནད་ཐམས་ཅད་ཀྱི་ནད་ཀྱི་དམིགས་བརྟག
་བཤད་པར་བྱའོ། །ཞེས་བྱ་བ་ལ་དམིག་ནད་ཀྱི་ཡན་ལག་གི་ཆང་རྟོགས་པ་བཤད་ནས་མིག་ཐམས་ཅད་ཀྱི་ནད་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །རླུང་གི་མིག་ནས་མཆི་མ་འཛག་།སྣ་རྒྱས་ཅུང་ཟད་སྐྱངས
་པ་དང། །མུར་འགྲམ་དཔྲལ་མིག་སྨིན་མ་ཁ། །ན་ཞིང་ཟུག་ལ་འཕར་བ་དང། །རྔུ་མ་སྐམ་ཞིང་མཆིམ་གྲང། །སླ་ཉུང་ན་བ་ལྡང་དུག་ཅན། །འབྱེད་དང་འཛུམ་པར་དཀའ་བ་དང། །སྲིན་བུ་འགྲོ་བ་སྙམ་དུ་སེམས། །མིག་ནི་བུས་པ་ལྟ་བུར་སྣང།།
་ཟུག་རྔུ་ཕྲ་མོས་ཁྱབ་སྙམ་བྱེད། །སྣུམ་དང་དྲོ་བས་ཉེན་ཞི་འགྱུར། །མཆི་མ་འཛག་པ་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མིག་ནང་རླུང་གི་མཆིམ་འཛགས་པར་གྱུར་པ་ན། །སྣ་རྒྱས་ཤིང་བུས་པ་འམ། །གང་པ་ལྟ་བུར་གྱུར་པ་དང།།
་ཅུང་ཟད་སྐྲངས་པ་དང། །མུར་འགྲམ་ལ་སོགས་བ་ལྟར་ལྷང་ལྷང་པོར་ན་ཞིང་ཟུག་པ་དང་མ་འཕར་ཞིང་འགུལ་བ་དང། རྡུ་མ་ཞེས་བྱ་བའི་མིག་གི་དྲི་མ་སྐམ་པོ་འབྱུང་བ་དང། །འཆི་མ་གྲང་ཞིང་སླ་བ་དང།
་ཉུང་ཞིང་འབྱུང་བ་དང། ན་པ་ལྡང་དུ་བ་བྱད་པ་ཅན་དུ་འགྱུར་ཞིང་མི་བརྟན་པ་དང། མིག་དབྱེ་བ་དང་འཛུམ་པ་དཀའ་ཞིང་སྡུག་བསྔལ་བ་དང། གྲོག་མ་ལ་སོགས་པའི་སྲིན་བུ་སྟེང་ན་འགྲོ་བ་སྙམ་དུ་སེམས་པ་དང། མིག་བུས་བལྟར་རྒྱས
་པར་སྣང་བ་དང། ཁབ་ཀྱིས་བཙགས་ཟིང་ཟུག་དུ་ཕྲ་མོ་ཁྱབ་པ་མཉམ་དུ་བྱེད་པ་དང། སྣུམ་པ་དང་དྲོ་བས་བདེ་ཞིང་ནད་ཉེར་བར་ཞི་བར་གྱུར་པ་ཡིན་ཏེ། །ནད་དེ་ནི་རླུང་གི་མཆི་མ་འཛག་པ་ཞེས་བྱའོ། །དེ་མ་བཅོས་ན་གདུང་བར་འགྱུར། །སྣ་བ
་སྒྲ་འབྱུང་མགོ་འཁོར་དང། །དཔྲལ་པ་མིག་དང་སྨིན་མ་སོགས། །གཙུབ་ཤིང་གིས་ནི་རྩུ་སྙམ་བྱེད། །ཅེས་བྱ་བ་ལ། མཆི་མ་འཇིག་པ་ཞེས་བྱ་བའི་ནད་དེ་མ་བཅོས་ཏེ་ཡལ་བར་དོར་ན་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། །གདུང་བ་དེ
་ནི་རྣ་བ་ནས་སྒྲ་ཟིང་ཟིང་པོར་འབྱུང་བར་འགྱུར་བ་དང། མགོ་པོ་འཁོར་བ་དང། དཔྲལ་བ་ལ་སོགས་པ་གཙུབ་ཤིང་གིས་གཙུབས་བཤིང་བཀྲུགས་པ་སྙམ་དུ་སེམས་པར་བྱེད་པ་ཡིན་ནོ། །དེ་ཡང་མེད་པག་ཡལ་བར་བོར། །གདུང་བས་བཅོམ་གྱུར་ནད་དེ་ཡིས། །སྣ
་ཚོགས་ཚུལ་ནི་འགྱུར་གྱུར་ཞིང། །མིག་མཐོང་ཉམས་བྱེད་རྨ་འབྱུང་འགྱུར། །ཞེས་བྱ་བ་ལ། ཡང་གདུང་པ་ཞེས་བྱ་བའི་ནད་དེ་བག་མེད་པའི་ཡལ་བར་དོར་ན་མིག་ནད་གདུང་བས་བཅོམ་པ་ཞེས་བྱ་པའི་མིག་ནད་དུ་འགྱུར་ཏེ་གདུང་བས་བཅོམ་པ
་ཞེས་བྱ་པའི་ནད་དེས་ནི་མིག་ནད་སྣ་ཚོགས་ཤིང་ཐ་དད་པའི་ཚུལ་དུ་མ་དག་འབྱུང་པར་འགྱུར་ཞིང་མིག་གི་མཐོང་བ་ཉམས་ཤིང་ལོང་པའི་རྨ་འབྱུང་བར་བྱེད་པར་འགྱུར་རོ། །མུར་འགྲམ་ཁ་དང་འཇིང་པ་ལས། །རླུང་ནི་གཞན་དུ་འཇུག་འགྱུར་ཞིང། །མི
་བཟང་ན་ལ་བརྣགས་པ་དང། མར་ཞིང་སྐྲངས་ལ་མིག་མི་སྡུག་།ཞུམ་ཞིང་ཀུན་ནས་མཆི་མ་འཛག་།དེ་ནི་རླུང་གིས་གཞན་འགྱུར་ཞིང། །ཞེས་བྱ་བ་ལ། གདུང་པས་བཅོམ་པ་ཞེས་བྱ་བ་དེ་མ་བཅོས་པ་སྟེ་ཡལ་བར་བོར་ན་མུར་འགྲམ་ལ་སོགས་པ་ལས་རླུང
་གཞན་དུ་འཇུག་པར་འགྱུར་པ་དང། དེ་བཞིན་དུ་མི་བཟང་པའི་བརྣགས་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་དང། མིག་གི་སྡུག་ཅིང་མིག་ཀུན་ནས་ཞུམ་པར་འགྱུར་བ་དང། ཐམས་ཅད་ནས་མཆིམ་འཛག་པར་འགྱུར་ཏེ། དེ་ནི་རླུང་གི་གཞན་དུ་འགྱུར་བ
་ཞེས་བྱ་བའི་མིག་ནད་ཡིན་ནོ། །དེ་བཞིན་མིག་ནི་ཡོན་པོ་དང། ཆུང་བརླུང་གིས་བྱིན་ཅི་ལོག་།ཅེས་བྱ་བ་ལ། སྔ་མ་བཞན་དུ་རླུང་གིས་གཞན་དུ་གྱུར་པ་དང། ནད་ཀྱི་ཚུལ་མཐུན་ཞིང། གཞན་ཡང་ཡོན་པོ་དང་ཆུང་བར་རླུང་གི་གྱུར་ཅིང་རང
་གི་ཚད་ལས་ཆང་བར་གྱུར་པ་ནི་རླུང་གིས་ཕྱིན་ཅི་ལོག་ཏུ་གྱུར་པ་ཞེས་བྱའོ། །མཁྲིས་པའི་མཆི་འཛག་མཚན་མ་ནི། །ཚ་གྲང་དུ་མ་འབྱུང་སྙམ་སེམས། །མིག་མཆུའི་ཕྱི་རོལ་གནག་པ་དང། ནང་ན་རྣག་འདྲུལ་མཆི་མ་ཚ། །སེར
་ཞིང་མིག་དམར་སེར་པོར་མཐོང། །རྨ་ལ་ལན་ཚས་བཏབ་སྙམ་སེམས། ཞེས་བྱ་པ་ལ། མཁྲིས་པ་ལས་གྱུར་པའི་མིག་ནད་མཆི་མ་འཛག་པའི་མཚན་ཉིད་ནི་ཚ་བར་གྱུར་པ་དང། སྐྲངས་པ་དང། དུ་བ་འབྱུང
་པ་སྙམ་དུ་སེམས་དཔའ་ལ་སོགས་པ་འབྱུང་པ་དང། དངོས་པོ་སེར་པོར་མཐོང་བར་འགྱུར་བ་དང། རྨལ་ལན་ཚ་བཏབ་པ་དང་འདྲ་བར་མིག་ན་བར་འགྱུར་བ་ཡིན་ནོ། །མེ་མངག་གཏོར་བ་འདྲ་བ་དང། མཚར་པའི
་གང་བུ་ལྟ་བུར་སྣང། །མིག་ནང་གདུང་བར་གྱུར་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་མཆི་མ་འཛག་པ་དེ་ཡལ་བར་བོར་ན་།མིག་ནག་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེ་ནི་མིག་ལ་མི་མངག་གཏོར་བ
་སྙམ་དུ་སེམས་པ་དང་མཆེད་པ་ཤའི་གོང་བུ་ལྟར་གནག་པ་སྣང་བར་འགྱུར་བ་ཡིན་ནོ། །བད་ཀན་ལས་གྱུར་མཆི་འཛག་ནི། །ཚོར་བ་མེད་སྐྲངས་རབ་ཏུ་གཡའ། །གཤེར་ཞིང་སྣུམ་ལ་ཤས་ཆེས་དཀར
་མིག་གདུང་སྤྱི་བག་འཛག་པ་ཡིན། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་ནས་མཆི་མ་འཛག་པ་ནི་མིག་ཚོར་བ་མེད་ཅིང་བེམ་པོར་འགྱུར་བ་དང། །ཤས་ཆེར་སྐྲངས་པ་དང། གཡའ་བ་ལ་སོགས་པ
་ཀྱིན་ནོ། །གདུང་བ་དེ་ནིནག་པོ་དམའ། འབྲས་བུ་དཀར་པོ་མཐོང་བ་དང། །ཆམ་པས་ཐེབས་ཤིང་སྣ་རྒྱས་ལ། མིག་ནི་རྡུལ་གྱིས་གང་སྙམ་བྱེད། །ཅེས་བྱ་བ་ལ། །བན་ཀན་གྱི་མཆིམ་འཛག་པ་ནི་མིག་ཚོར་བ་མེད་ཅིང
་ཡལ་བར་བོར་བ་ན། གདུང་པ་ཞེས་བྱ་བར་འགྱུར་ལ། །སེས་ནི་མིག་འབྲས་ནག་པོ་དམའ་བར་འགྱུར་བ་དང། འབྲས་བུ་དཀར་པོ་མཐོང་ཞིང་འབུར་བར་འགྱུར་བ་དང། དེ་བཞིན་དུ་ཆམ་པས་ཐེབས་པ་ལ་སོགས་པར
་འགྱུར་རོ། །ཁྲག་གྱུར་དམར་རིསཁྲག་ཏུ་དམར། །མིག་འབྲས་དཀར་པོ་དམར་བ་དང། །ཁྲག་འཛག་དམར་པོ་མཐོང་བ་དང། །མཁྲིས་པའི་མཆི་འཛག་མཚན་ཉིད་ཡིན། །ཞེས་བྱ་བ་ལ། །བྲག་ལས་གྱུར་པའི་མཆི་མ་འཛག
་པར་གྱུར་པ་ནི། །མིག་ལ་རི་མོ་དམར་པོ་ཤར་ཤར་པོར་སྣང་བ་ནས་མིག་འབྲས་དཀར་པོ་དམར་པོ་ཉིད་དུ་སྣང་ཞིང། །དངོས་པོ་དམར་པོ་ཉིང་དུ་སྣང་བ་དང། དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་མཆི་མ་འཇག་པའི་མཚན
་ཉིད་གང་དག་ཡོད་དེ་འདི་ལས་འགྱུར་བར་འགྱུར་རོ། །གདུང་པས་མིག་ནི་མཛའ་དམར་ཞིང། །ཕྱུང་བ་དང་ནི་མཚུངས་པར་ནི། །མེ་ཏོག་བནདུ་ཀ་ལྟར་དམར། །ཤིན་ཏུ་ན་ཞིང་རེག་མི་བཟོད། །ལུང་ཐང་ཁྲག་ཏུ་ནུབ་བ་འདྲ། །གནག
་ཅིང་མེ་ལྟར་སྣང་བ་ཡིན། །ཞེས་བྱ་བ་ལཌ་ཁྲག་ལས་གྱུར་པའི་མཆི་མ་འཛག་པ་དེ་ཡལ་བར་བོར་ན་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་མཚན་མ་ནི་མིག་གི་མཛའ་མ་ཟངས་ལྟར་དམར་བར་འགྱུར་བ་དང། དེ་བཞིན་དུ་?
་ཕྱུང་བ་དང་མཚུངས་པར་མི་བཟད་པར་ན་བར་གྱུར་བ་དང། མེ་ཏོག་བནདུ་ཀའི་མདོག་ལྟར་མིག་ཤིན་ཏུ་དམར་བ་དང། ཤིན་ཏུ་ལྷང་ལྷང་པོར་ན་བ་དང། རག་མི་བཟོད་པ་དང། ལུང་ཐང་ཁྲག་གི་ནང་དུ་ནུབ་པ་དང། འདྲ་བའི
་མདོག་ཏུ་མིག་འབྲས་ནག་པོར་སྣང་བར་འགྱུར་བ་དང། དངོས་པོ་རྣམས་མདང་འདྲ་བར་མཐོང་བ་ཡིན་ནོ། །གདུང་བ་རང་གི་ཇི་བཞིན་དུ། །ཐམས་ཅད་འཛག་པ་ལས་ལྷག་ན། །མུར་འགྲམ་སོ་དང་མཁུར་ཚོས་དང། །མགོ
་བོ་ལྷག་པར་ན་བར་བྱེད་དེ། །ཅེས་བྱ་བ་ལགས་མིག་ནད་གདུང་བ་ཞེས་བྱ་བའི་ནད། རླུང་དང། མཁྲིས་པ་དང། བད་ཀན་དང། ཁྲག་ལས་གྱུར་པ་ཐམས་ཅད་ནི། །རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ན་བ་ཡིན་ནོ། །རླུང་ལ་སོགས
་པ་ལས་གྱུར་པའི་མཆིམ་འཐག་པ་ཐམས་ཅད་ལས་ལྷག་པར་མི་བཟོད་པར་ན་བ་དང། དེ་བཞིན་དུ་མུར་འགྲམ་ལ་སོགས་པ་ལྷག་པར་ན་བར་བྱེད་པ་ཡིན་ནོ། །རླུང་མཁྲིས་ཤས་ཆེ་སྡུད་སྙམ་སེམས། །ཟུག་ཅིང་ན་བ་ཕུལ
་སྙམ་སེམས། །ཤིན་ཏུ་རྩུབ་ཅིང་མིག་མཆུ་མིག། འཛུམ་དང་དབྱེ་བར་དཀའ་བ་དང། ན་ཞིང་སྐམས་པར་གྱུར་པ་དང། གྲང་འདོད་སྨིན་ཅིང་སྐམ་དང་ཚས། །མིག་སྐམ་སྨན་པ་ཞེས་བྱའོ། །ཞེས་བྱ་བ་ལགས་མིག་ལ་རླུང་དང་མཁྲིས
་པ་གཉིས་ཀྱི་ཤེས་ཆེ་ཞིང་ལྷག་པར་འགྱུར་ན་ནི། །དྲུད་པ་སྙམ་དུ་སེམས་དཔའ་ལ་སོགས་པ་འབྱུང་བར་འགྱུར་རོ། །ནད་གཞི་གསུམ་ནི་ཁྲག་བཅས་པ། སྐྲང་འགྱུར་དེ་ནི་རབ་སྐྲང་ཞིང། །ན་དང་ཚ་དང་འཛག་དང་བཅས་
་ཨུ་དུམྦ་རའི་འབྲས་སྨིན་འདྲ། །མིག་འབྲས་དཀར་པོ་འབྱུང་བར་འགྱུར། །མཆི་ལ་མ་དྲང་ཞིང་དྲོ་བ་དང། །སྤྱི་བག་བསྐ་སླ་རེས་ཀྱིས་འབྱུང། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་པོ
་ཁྲག་དང་བཅས་པ་ནི་སྐྲང་བ་དང་བཅས་པ་ནི་སྐྲངས་པ་དང་།བཅས་པ་ནི་སྐྲངས་པ་དང་བཅས་པ་ཞེས་བྱ་བའི་མིག་ནད་དུ་འགྱུར་ཏེ། དེ་ནི་རབ་དུ་སྐྲངས་པ་དང་ན་བ་ལ་སོགས་པར་འགྱུར་བ་དང་།དེ་བཞིན་དུ་མིག
་འབྲས་དཀར་པོར་ཨུ་དུམྦ?་རའི་འབྲས་བུ་སྨིན་པ་དང་འདྲ་བར་འགྱུར་བ་དང། མཆི་མ་ཕྱེད་འགའ་ནི་གྲང་བར་འབྱུང། །མཆི་མ་ཕྱེད་འགའ་ནི་དྲོ་བར་འབྱུང་བྱེད་འགའ་ནི་སྤྱི་བག་དང་ཕྱེད་འགའ་ནི་བསྐ་བ་དང། ཕྱེད་འགའ་ནི་སླ་བ་ལ་སོགS
་པར་རེས་ཀྱིས་འབྱུང་བར་འགྱུར་རོ། །སྐྲངས་ཆུང?་ཅུང་ཟད་སྐྲངས་ཞེས་བྱ། །དེ་བཞིན་མཚན་ཉིད་གཞན་གྱིས་སྨིན། ཞེས་བྱ་བ་ལ། ཅུང་ཟད་སྐྲངས་པ་ཞེས་བྱ་བའི་མིག་ནད་ནི་སྐྲངས་པ་ཅུང་ཟད་ཙམ་དུ་འགྱུར་བ
་དང། བཤད་མ་ཐག་པའི་མགོ་ནད་སྐངས་པ་དང་བཅས་པ་ཞེས་བྱ་བ་དང། མིག་ནད་ཡིད་འདི་ཡིད་ཁྱད་པར་ནི་འདི་ཡིན་ཏེ་གང་སྐྲངས་པ་ཅུང་ཟད་ཆུང་བ་དང་།དེ་བཞིན་དུ་སྔར་བཤད་པའི་མཚན་ཉིད་སྨིན་པ་དང་།ཆེ
་བ་དང་ན་བ་མེད་པར་གནས་ལ། དེ་བཞིན་དུ་ཨུ་དུམྦ་རའི་འབྲས་བུ་སྨིན་པ་དང་འདྲ་བ་ལ་སོགས་པ་ཡིན་ནོ། །མིག་སྨིན་པས་ནི་ཉེན་སྐྲངས་པའི། །རྩོམ་ཆེན་མཆི་མ་རྙེག་ཅན་འཛག། བད་ཀན་གྱིས་བསྒོས་མིག
་འབྲས་ན་དཀར་པོ་དམར་ཞིང་འདྲུལ་བ་ཡི། །ཚ་ཞིང་མཐོང་བ་ཉམས་པ་དང། ནད་ནི་མལ་ན་མི་གནས་ཡིན། །ཞེས་བྱ་བ་ལ། མིག་སྨིན་པས་ཉེན་པ་ཞེས་བྱ་བའི་མིག་ནད་ནི་སྐྲངས་པའི་བཅོམ་པ་དང་པོར
་ཆེ་བར་འགྱུར་བ་དང། མཆི་ལ་མ་རྙོག་པ་ཅན་འཛག་བ་དང། བད་ཀན་གྱིས་བསྒོས་ཤིང་བྱུག་པ་འདྲ་བར་སྣང་བ་དང་།མིག་གི་འབྲས་བུ་དཀར་པོ་མདོག་དམར་ཞིང་མིག་རྡུ་འཛག་ཅིང་ཅིང་འདྲུལ་བ་དང་ལྡན་པ་དང། ཚོ་བར་འགྱུར་བ
་དང་།མཐོང་བ་ཉམས་ཤིང་ལོང་བ་དང་ནད་མལ་ན་མི་གནས་ཤིང་ཀུན་ཏུ་འཕོ་བར་གྱུར་པ་ཡིན་ནོ། །ཁྲག་མཁྲིས་ཤས་ཆེའི་ནད་ཀྱིས་ནི། །ཟས་ཀྱི་དངས་མ་སྐྱུར་པོར་འགྱུར།། མིག་གིས་རྩར་ནི་སོང་ནང་ཀྱང་།།མིག
་ནི་དམར་པོར་བྱེད་པར་འགྱུར། །སྐྲང་ཚ་སྨིན་ཅིང་མཆི་མ་འཛག། ཤིན་ཏུ་ལང་ལོང་པོར་མཐོང་བ། །སྐྱུར་གྱིས་བསྐྱེད་པའི་ནད་ཅེས་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ཤས་ཆེ་བའི་རླུང་ལ་སོགས་པའི་ནད་ཀྱིས་ཟས་ཀྱི
་བཅུད་དངས་མ་ཞེས་བྱ་བ་སྐྱུར་པོར་གྱུར་ནས། དེ་ཉིད་ཀྱིས་ཁྲག་དང་མཁྲིས་པ་ཤས་ཆེར་བྱས་ལ། ཡང་མིག་གི་རྩར་སོང་བ་དང་།དེས་མིག་དམར་པོར་བྱེད་བར་འགྱུར་ལ་དེ་བཞིན་དུ་སྐྲང་ཞིང་ཚ་བ་ལ་སོགས་པར
་འགྱུར་ཏེ། མིག་ནད་འདི་ནི་སྐྱུར་ཀྱིས་བསྐྱེད་པ་ཞེས་བྱའོ།། ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ད་ལྟར་ཀུན་རྟོགས་ནད་བཅུ་དྲུག། ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་མིག་ཐམས་ཅད་ཀྱི་ནང་དུ་རྟོགས
་པའི་ནད་ནི་བཅུ་དྲུག་ཡོད་དོ། །དེ་ལས་གདུད་བས་བཅོམ་པ་ནི། །མིག་སྨན་བཅས་པས་སྤངས་བར་བྱ། །ཞེས་བྱ་བ་ལ། མིག་ནད་འདི་དག་གི་ནང་ནས་གདུང་བས་བཅོམ་པ་ཞེས་བྱ་བའི་མིག་ནད་དང་།མིག་སྨིན་པ་ཞེས་བྱ་བའི་ནད་དང
་བཅས་པ་ནི། གསོར་མི་རུང་བས་སྤང་བར་བྱའོ། །རླུང་གྱུར་ཞབ་ལྦས་མིག་ལ་གནོད་པར་བྱེད། །བད་ཀན་ལས་གྱུར་གདུང་བ་ཞག་བདུན་གྱིས་།དེ་བཞིན་ཁྲག་གྱུར་གསུམ་གྱིས་འཇོམས་བྱེད། །མཁྲིས་གྱུར་འཕྲལ་དུ་ལོག?་སྤྱོད
་གྱིས་གནོད་བསྐྱེད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་མིག་ནད་གདུང་བ་ནི་ལོག་པའི་སྤྱོད་པ་སྟེ། །ཁ་ཟས་དང་སྤྱོད་ལམ་ལ་སོགས་པ་མིག་ལ་གནོད་པར་བྱེད་པས་ཞག་ལྔ་ལས་མིག་ལ་གནོད?་ཅིང
་ཉམས་པར་བྱེད་དོ། །བད་ཀན་ལས་གྱུར་པའི་གདུང་བ་ནི། སྤྱོད་ལམ་དང་ཁ་ཟས་ལོག་པས་ཞག་བདུན་གྱིས་མིག་ལ་གནོད་ཅིང་འཇོམས་པར་བྱེད་དོ། །ཁྲག་ལས་གྱུར་པའི་མིག་ནད་གདུང་བ་ནི་ཞག་གསུམ་གྱིས་མིག་འཇོམས
་ཅིང་གནོད་པར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་མིག་ནད་གདུང་པ་ནི་ཁས་ཟས་དང་སྤྱོད་ལམ་ལ་སོགས་པས་ལོགས་པས་འཕྲལ་དུ་གནོད་པ་བསྐྱེད་ཅིང་མིག་འཇོམ་པར་བྱེད་དོ།། །།ཡན་ལག་བརྒྱད་པའི
་སྙིང་པོའི་རྣམ་པར་འགྲེལ་པ། །ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅོ་ལྔ་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་མིག་ནད་ཐམས་ཅད
་གསོ་བ་བཤད་པར་བྱའོ།། ཞེས་བྱ་བ་ནི། གོ་རིམ་གྱིས་ན་གསོ་བ་འདི་བརྩམས་པ་ཡིན་ནོ། །འཆི་འཛག་སྔར་བྱུང་ཚུལ་ཉིད་ལ། །འཁུར་བཀང་སྣ་སྨན་རྣོན་པོ་བཏང། །རླུང་འཁྲུགས་མ་རྟོགས་ནད་ཞན
་ལ། སྨྱུར་བ་དག་ཀྱང་བྱ་བ་ཡིན། །ཞེས་བྱ་བ་ལ། མཆི་མ་འཛག་པའི་ནད་ཐམས་ཅད་ཀྱི་སྔར་བྱུང་བའི་ཚུལ་ལ་འཁུར་བ་བཀང་པ་རྣོན་པོ་དང། སྣ་སྨན་རྣོན་པོ་བཏང་བར་བྱའོ། །དེའི་རྗེས་ལ་རླུང་བ་བྲུགས་པ་ལས
་གྱུར་པ་མ་རྟོགས་པ་ནད་གཞན་ལ་སྨྱུང་བ་བྱས་པས་གསོ་བར་བྱའོ། །ཚ་དང་དམར་དང་གོས་པ་དང། སྐྲན་སོགས་ཞི་ཕྱིར་ཀུན་ལ་ནི། །སུག་སྨེལ་གནད་པ་ཏྲ་དང། །ན་ལེ་ཤེམ་དང་ཙག་ཡུག་རྣམ། །ལྡེ་གུར་བྱས་པས
་བསྐུ་བར་བྱ། །ཞེས་བྱ་བ་ལ། མཆི་མ་འཛག་པ་ཐམས་ཅད་ཀྱི་ཆ་བ་དང། །དམར་བ་དང། ལྗན་ལྗིན་གྱིས་གོས་པ་ལོ་སོགས་པ་ཞི་བར་བྱ་བའི་ཕྱིར། སུག་སྨེལ་ལ་སོགས་པའི་སྨན་གྱི་ལྡེ་གུས་མིག་གི་ཕྱི་རོལ་ནས་བསྐུས་པར་བྱ་སྟེ་།དེ་ཡང
་རྫིམ་ལ་མི་གནོད་པར་བྱའོ། །རླུང་གྱུར་རྒྱམ་ཚ་སྐྱེར་ཁཎྜ།། ཤིང་མངར་རྒྱ་སྤོས་ཙན་དན་ནམ། །རྒྱམ་ཚྭ་དོང་གྲ་སྐྱེར་ཁཎྜ། །མར་གྱི་སྙིང་ཁུ་བརྡར་བ་འམ། །ཡང་ན་སེང་ཕྲོམ་སྦྱར་བ་བཏང། ཞེས་བྱ་བ་ལ། དེ་ལ་རླུང་ལས
་གྱུར་པའི་མིག་ནད་ལ་ནི་རྒྱམ་ཚྭ་ལ་སོགས་པའི་སྨན་མར་གྱི་ཉིད་ཁུ་ཞེས་བྱ་བ་མར་གྱི་སྟེང་གི་དངས་མ་དང་བཅད་པ་བདར་བའི་ལྡེ་གུས། །ཕྱི་རོལ་ནས་བསྐུ་བར་བྱའོ། །ཡང་སེང་ཕྲོམ་མར་དང་བརྡར་བའི་ལྡེ་གུས
་ཕྱི་རོལ་ནས་བསྐུ་བར་བྱའོ། །ཁྲག་ཁྲིས་གྱུར་ལ་སྤང་སྤོས་དང། །ཤུག་པ་ཤིང་མངར་ར་མཉེ་བ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་སྤང་སྤོས་ལ་སོགས་པའི་ལྡེ་གུས་ཕྱི་རོལ་ནས
་བསྐུ་བར་བྱའོ། །བད་ཀན་ལས་གྱུར་པྲི་ཡང་ཀུ། །ལྡོང་རོས་སྦྲང་རྩི་སྦྱར་བ་བསྐུ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་ནད་ལ་ནི། གནད་པྲི་ཡང་ཀུ་ལ་སོགས་པའི་ལྡེ་གུས་ཕྱི་རོལ་ནས་བསྐུ་བར་བྱའོ། །
་འདུས་པ་ལས་གྱུར་ཀུན་གྱིས་བསྐུ། ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་འདུས་པ་ལ་སོགས་པའི་མིག་ནད་ལ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་སྨན་ཐམས་ཅད་བསྲེས་པའི་མིག་སྨན་གྱི་ལྡེ་གུས་ཕྱི
་རོལ་ནས་བསྐུ་བར་བྱའོ། །ན་ལེ་ཤམ་ནི་དཀར་པོ་ཆ་གཅིག་དང། ལྡོང་རོས་ཆ་བཞི་སེང་ཕྲོམ་ཆ་དྲུག་ཞིབ་ཏུ་བཏགས་ཏེ་རས་ཕུར་མས་གཏུམས། །ནད་ལྡང་མོད་ལ་མིག་ཏུ་གདབ་པར་བྱ། །ཞེས་བྱ་བ་ལ
་ན་ལེ་ཤམ་དཀར་པོ་ཞེས་བྱ་བ་ནི་ཤི་ཀླུ་ཆ་ཅིག་ལྡོང་རོས་ཆ་བཞི་སྟེ་།དེའི་བཞི་འགྱུར་སེར་ཕྲོམ་ཆ་བཅུ་དྲུག་སྟེ། དང་པོའི་བཅུ་དྲུག་འགྱུར་ཏེ། དེ་དག་ཐམས་ཅད་ཞིབ་ཏུ་བཏགས་སྟེ་།རས་གཙང
་མའི་ནད་དུ་ཕུར་མར་གཏུམས་ལ། །ནད་ལྡང་པའི་མདོ་ལ་མིག་ཏུ་ཕུར་མ་སྤྲུག་ཅིང་གདབ་པར་བྱའོ། །རྒྱ་སྲན་ནག་པོ་བ་ལྕི་རའི་རིལ་ཁུ། ལགས་བཅོས་སེན་མོས་ཤུན་པ་བཤུས་གྱུར་པ། དེ་ཡི་མཚན་མོ་ལན
་ཅིག་བསྐུས་པ་ཡིས། །མིག་ནད་འཁྲུགས་པ་མེད་ལ་ཞི་བར་བྱད། །ཅེས་བྱ་བ་ལ། རྒྱ་སྲན་ཀུ་ལ་?་གོན་པའི་ལྕི་བ་དང་།རིལ་རིལ་མའི་ཁུ་བར་ཚོས་པར་གྱུར་ལ་སེན་མོས་ཤུན་པ་བཤུས་སྟེ་རྒྱ་སྲན
་དེའི་ཕྱེ་མ་མཆན་མའི་དུས་སུ་ལན་ཅིག་བསྐུས་ཤིང་མིག་ཏུ་བཏབ་ན་མིག་ནད་འཁྲུགས་པ་མདོ་ཁོ་ན་ལ་ཞི་བར་བྱེད་དོ། །ཤ་ཏི་ཤིང་མངར་སྤར་མ་ཨ་རུ་ར། །ཞིབ་རྟགས་རས་གྱི་ཐུམ་པོ་ལྷོད་པར་ཅིང
་ཟངས་ཀྱི་སྣོད་དུ་སྐྱུར་བཅབས་ནད་དུ་བཅུག། མིག་ཏུ་བཞག་ན་མིག་ནད་སྣ་ཚོགས་སེལ།། ཞེས་བྱ་བ་ལ་ཤུ་ཏི་ལ་སོགས་པ་ཇི་སྐད་བཤད་པའི་སྦྱོར་བས་འབྲས་ཀྱི་རང་སྐྱུར་རམ་སྐྱུར་ཁུའི་ནད
་དུ་བཅུག་པ་དེ་མིག་ཏུ་བཞག་ཅིང་གླན་ན་མིག་ནད་རྣམ་པ་སྣ་ཚོགས་དག་སེལ་ཅིང་འཇོམས་པར་བྱེད་དོ། །སྐྱེར་པ་སྲང་གཅིག་ཆུ་བྲེ་ཆེད་དུ་ཡང། །ཁྲུ་བ་བརྒྱད་ཆ་ལུས་བར་སྦྲང་རྩི་བཏབ། །དེ་བཞིན
་མིག་ཏུ་བསྐུས་པར་གྱུར་ན་ནི། །ནད་བཞི་ཐམས་ཅད་འཁྲུགས་པའི་མིག་ནད་སིལ། །ཞེས་བྱ་བ་ལ། སྐྱེར་པ་སྲང་ཅིག་ཆུ་སྲང་བཅུ་དྲུག་གི་ནང་དུ་བསྐོལ་ལ་བརྒྱད་ཆ་ལུས་པར་གྱུར་པ་སྦྲང་རྩི་བཏབ་ཏེ།
་མིག་ཏུ་ཇི་ལྟ་བ་བཞིན་དུ་བསྐུས་ན་མིག་ནད་སྣ་ཚེགས་བ་ནད་གཞི་སོ་སོ་དང་འདུས?་པ་ལས་གྱུར་པ་སེལ་བར་བྱེད་དོ། ཤྲི་ཀྲུའི་ལོ་མའི་ཁུ་བ་སྦྲང་རྩིར་བཅས། མིག་ཏུ་བླུགས་ན་རླུང་དང་མཁྲིས་པ་དང་།བད་ཀན་འདུས་པ
་ལས་གྱུར་མིག་ནད་རྣམས།། མིག་ནད་མང་པོ་དག་ཀྱང་མྱུར་དུ་སེལ། །ཞེས་བྱ་བ་ལ། ཤྲི་ཀྲུའི་ལོ་མ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་མིག་སྨན་གྱིས་ཀྱང་རླུང་ལ་སོགས་པ་ལས་གྱུར་བའི་མིག་ནད
་སེལ་ཏོ། །ེ་རནྟ་ནི་གཞོན་ནུའི་འོ་མ་དང། རྩ་བ་བརྡུངས་ཏེ་ར་ཡི་འོ་མར་བསྐོལ། །བླུགས་སམ་ཟན་དྲོན་མིག་ཏུ་གླན་པ་ཡིས། །རླུང་གྱུར་མཆི་འཇི་ནད་ནི་མེད་ལ་འཇོམས། །ཞེས་བྱ་བ་ལ། ཨེ་རཎྜ་གཞོན་ནུའི་ལོ
་མ་དང་ཙ་བ་བཏུན་གྱི་ནང་དུ་བརྡུངས་ཏེ་རའི་འ་མ་དང་བསྐོལ་ལ་ཐིགས་པ་མིག་ཏུ་གླུགས་པ་འམ། དེ་བཞིན་དུ་ཟན་དྲོན་མོ་མིག་ཏུ་གླན་ན། རླུང་ལས་གྱུར་པའི་མཆི་མ་འཛག་པའི་ནད་སར་པ་མོད་ལ་འཇོམས་པར
་བྱེད་དོ། །རླུང་གྱུར་པ་ལ་ཁིལྦ་སོགས། །བསྐོལ་བའི་སྨན་ཐིགས་བླུགས་པ་འམ། །ེ་རཎྜ་རྩ་བྲི་ཧ་ཏཱི། །མ་དུ་ཤིང་ཀྲུ་དྲོ་འཇམ་བླུགས་།ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མིག་ནད་མཆི་མ་འཛག་པ་ལ་ནི་བིལྦ་སོགས་པ
་འམ། ཨེ་རཎྜ་རྩ་བ་ལ་སོགས་པ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་གྱི་ཐིགས་པའི་རྒྱུན་མིག་ཏུ་བླུགས་ན་ཕན་ནོ། །ཤ་རང་ག་ཤ་པ་ལ་ཀ། རྒྱ་སྤོས་ཨུ་དུམྦ་རའི་ཤུན། །ཆུ་དང་འོ་མར་བས་བསྐོལ་བའི། །ཐིགས་ཐུགས་གཟེར་ནི་སེལ
་མཆོག་ཡིན། །ཞེས་བྱ་བ་ལ། ཤ་རང་ག་སོགས་པའི་ཤིང་གི་ཤུན་པ་ཆུའི་ནང་དུ་བསྐོལ་བའི་ཐ་གསལ་བླུགས་ན་མིག་གཟེར་ཅིང་ན་བ་འཇོམས་པ་ཡིན་ནོ། །བཙོད་དང་སྐྱེར་པ་རྒྱ་སྐྱེགས་དང། །རྒུན་འབྲུམ་ཨུད་པ་ལ་ཤིང་མངར་གཉིས
་བསྐོལ་ཏེ་བསྒྲངས་པ་ཁ་ར་གདབ། །མིག་བླུགས་ཁྲག་མཁྲིས་མིག་ནང་སེལ། །ཞེས་བྱ་བ་ལ། བཙོང་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་སྒྲངས་པ་ཁ་ར་བཏབ་པ་གྲང་མོའི་ཐིགས་བླུགས་ན
་ཡང་ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་འཇོམས་སོ། །ཤིང་མངར་ཀ་ཤི་རུའི་ཕྱི་མ། རས་མ་འཇམ་པོ་ལྷོད་པར་བཅིང། །ཆར་ཆུའི་ནང་དུ་སྤངས་པ་ནི། ཁྲག་མཁྲིས་ལས་གྱུར་མཆི་འཛག་སེལ། །ཞེས་བྱ་བ་ལ
་ཤིང་མངར་ལ་སོགས་པའི་སྨན་གྱི་སྦྱོར་བ་ཇི་སྐད་དུ་བཤད་པ་ལྟར་བྱས་པ་ཡང་ཡོན་ཏན་དེ་དང་འདྲའོ། །ཤིང་མངར་སྐྱེར་པ་སྟག་ཚེར་བ། །ཐུན་པོ་ནུ་ཞོ་ཁ་ར་ར་བཅས། །ར་ཡི་འོ་མར་སྤངས་པ་བླུགས། །ཚ
་ན་མདོག་དམར་མཆི་འཛག་སེལ། །ཞེས་བྱ་བ་ལས་ཤིང་མངར་ལ་སོགས་པ་རས་གཙང་མ་ཐུམ་བུར་བྱས་ཏེ། བུད་མེད་ཀྱི་ནུ་ཞོ་དང་ཁ་རང་བཅས་པ་འམ་།རའི་འོ་མ་སྦྱར་བའི་ཐིགས་བ་མིག་ཏུ་བླུགས་ན་ཚ་བ་ལ་སོགས
་པ་སེལ་བར་བྱེད་དོ། །སེང་ཕྲོམ་དཀར་པོ་ཤིང་མངར་བཅས།། མར་བརྔོས་ལེགས་པར་བཏགས་པ་ནི། རས་ལ་གཏུམས་ཏེ་ནུ་ཞོ་མཉེས། །ཁྲག་མཁྲིས་སྣད་པའི་ནད་ཀུན་སེལ། །ཞེས་བྱ་བ་ལ། སེང་ཕྲོམ་དཀར་པོ་ཤིང
་མངར་དང་བཅས་པ་མར་ལ་བརྔོས་པ་ལ་སོགས་པའི་སྦྱོར་བས་མིག་སྨན་དུ་བཏང་ན་ཁྲག་དང་མཁྲིས་པ་དང་སྣང་པ་ལས་གྱུར་པའི་མིག་ནང་སེལ་ཏོ། །དོང་གྲ་ནིམཔ་འབྲས་བུ་གསུམ། །སེང་ཕྲོམ་བར་ཤ་ཀ་ཁུ
་པ། དྲོ་འཇམ་བླུགས་པས་བད་ཀན་སེལ། ཞེས་བྱ་བ་ལ་དོང་གྲ་ལ་སོགས་པ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་གྱི་ཐིགས་པ་བླུགས་ན་ཡང། །བད་ཀན་ལས་གྱུར་པའི་མིག་ནད་སེལ་ཏོ། །འདུས་པར་འདི་དག་བསྲེས
་བ་ཕན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མིག་ནད་ལ་ནི། སྨན་འདི་དག་བསྲེས་པ་བསྐོལ་པའི་ཐིགས་པ་བླུགས་ན་ཕན་ནོ། །རླུང་ལ་མར་ནི་རྙིང་པ་དང། །མཁྲིས་པ་ཁ་དང་བཅས་པ་དང། བད་ཀན་ལ་ནི་ཚ་བ་གསུམ། །?
་དང་?་ཐལ་སྨན་བཅས་པ་བླུད། །དེ་འོག་ཁྲག་ཀྱང་དབྱུང་བ་དང། །དེ་ནས་སྣུམ་གྱུར་བཀྲུ་སྨན་བཏང་།ཞེས་བྱ་བ་ལ། རླུང་ལས་གྱུར་བའི་མིག་ནད་ལ་ནི། མར་སྙིང་པ་བཏུང་བར་བྱ་ལ། མཁྲིས་པ་ལས་གྱུར་པ་ལ་ནི། མར
་རྙིང་པ་དེ་ཉིད་ཁ་ར་དང་བཅས་པ་བླུད་པར་བྱ་ལ། །བད་ཀན་ལས་གྱུར་པ་ལ་ནི་མར་སྙིང་པ་དེ་ཉིད་ཚ་བ་གསུམ་དང་བསྐོལ་ཅིང། ཐལ་སྨན་གྱི་ཕྱེ་མ་བཏབ་པ་བླུད་ལ། དེའི་རྗེས་ལ་ཁྲག་དབྱུང་ཞིང་གཏར་ག་གདབ་པ་དང་།དེའི
་རྗེས་ལ་ཡང་སྣུམ་གྱི་ཆོ་ག་བྱས་བཀྲུ་སྨན་བཏང་བར་བྱའོ།། དྲོ་བས་ཚ་དེ་གཟེར་བ་ལ། སྐམ་སའི་སྲོག་ཆགས་ཤ་བཏགས་པས། །མགོ་དང་གདོང་བསྐུ་ཞེས་བྱ་བ་ལ། མིག་དྲོ་ཞིང་ཚ་བས་གཟེར་བར་གྱུར་པ་ལ་ནི།།
་སྐམ་སའི་སྲོག་ཆགས་གྱི་ཤ་ཞིབ་ཏུ་བཏགས་པའི་མགོ་དང་གདོང་བྱུག་བར་བྱའོ། །ཚ་བ་ལ། འོ་མ་མར་བཅས་གྲང་མོས་སྐུ། །ཞེས་བྱ་བ་ལ། གལ་ཏེ་ཚ་བར་གྱུར་ན། འོ་མ་མར་དང་བཅས་པ་གྲང་མོས་མགོ་བོ་དང་།གདོང
་བསྐུ་བར་བྱའོ། །རབ་རིབ་གསོ་བའི་ཆོ་ག་ཡང། །བརྟགས་དེ་ཇི་བཞིན་གསོ་བར་བྱ། །ཞེས་བྱ་བ་ལ། རབ་རིབ་གསོ་བའི་སྟོབས་ལས་ཀྱང་བཏགས་ཏེ་དེའི་སྨན་རབ་རིབ་གསོ་བའི་སྐབས་སུ་ཇི་སྐད་བཤད་པ་དག་ཀྱང་བཏང་བར་བྱའོ།།
་ཆོ་ག་འདི་དག་ཐམས་ཅད་ནི། གདུང་བ་ལ་སོགས་རྣམས་ལ་ཕན། །ཞེས་བྱ་བ་ལ། སྔར་བཤད་པའི་ཆོ་ག་འདི་དག་ཐམས་ཅད་ནི་གདུང་བ་ལ་སོགས་པའི་མིག་ནད་ལྷག་མ་རྣམས་ལའང་ཕན་ཞིང་བསྔགས་པ་ཡིན་ནོ།།
་གདུང་བ་ཡོད་ཡེ་མ་ཞི་ན། །སྨིན་མའི་སྟེང་དུ་མེ་བཙའ་གདབ། །ཅེས་བྱ་བ་ལ། གདུང་བ་ཞེས་བྱ་བའི་མིག་ནད་རྣམ་པ་ཐམས་ཅད་དུ་ཞི་བར་མ་གྱུར་ན་སྨིན་མའི་སྟེང་དུ་ཇི་སྐད་བཤད་བའི་ཚོགས་མི
་བཙའ་གདབ་པར་བྱའོ། །བ་ཞོ་སྣུམ་མེད་གྱིས་དངུལ་སྣོད། །བྱུགས་ཏེ་སྔོན་པོར་གྱུར་པ་དང། སྐམས་ནས་ཞོ་ཁ་ཆུ་རིལ་བུར། །བྱས་པས་རླུང་གྱུར་མིག་ནད་འཇོམས། །ཞེས་བྱ་བ་ལ། བའི་ཞོ་སྣུམ་མེད་ཅིང་སྤྲིས་མ་བཤུས་པ
་འམ། སྐྱུར་པོས་དངུལ་གྱི་སྣོད་བྱུགས་ལ་དེ་སྔོན་པོར་གྱུར་ཅིང་སྐམས་པ་དང། བསྡུས་ཏེ་ཞོ་ཁ་ཆུས་རིལ་བུར་བྱས་པས་བསྐུས་ན་རླུང་ལས་གྱུར་པའི་མིག་ནད་འཇོམས་པར་བྱེད་དོ། །ཛཱ་ཏིའི་མེ་ཏོག་ཁ་དབུས་དུང། །
་ཤིང་མངར་བ་ལས་འབྲས་བུ་གསུམ། །ཆར་ཆུ་དང་བཏགས་རིལ་བུར་བྱས། །ཁྲག་མཁྲིས་ལས་གྱུར་མིག་ནད་སེལ། །ཞེས་བྱ་བ་ལ། ཛཱ་ཏི་ཞེས་བྱ་བ་སྣ་མའི་མེ་ཏོག་ཁ་དབུས་པ་དང། དུང་ལ་སོགས་པ་ཇི་སྐད་བཤད
་པ་བཞིན་དུ་རིལ་བུར་བྱས་པའི་མིག་སྨན་གྱིས་ནི་ཁྲག་མཁྲིས་ལས་གྱུར་པའི་མིག་ནད་སེལ་བར་བྱེད་དོ། །རྒྱམ་ཚ་འབྲས་བུ་ཚ་བ་གསུམ། རྒྱ་མཚོའི་དབུ་བ་དུང་སྙིང་པོ། །ེ་ལ་བ་ལུང་སྲ་རྩི་པོག་།།རིལ་བུ་བད
་ཀན་མིག་ནད་སེལ། ཞེས་བྱ་བ་ལ། ལན་ཚ་དང་འབྲས་བུ་གསུམ་ལ་སོགས་པའི་མིག་སྨན་གྱིས་བད་ཀན་ལས་གྱུར་པའི་མིག་ནད་གང་ཡིན་པ་སེལ་བར་བྱེད་དོ། །ཤིང་མངར་པྲ་པུཎྜ་རཱ་ཀི། སྐྱེར་པ་སྲང་ནི་བརྒྱད
་བརྒྱད་དག་།ཆུ་པྲེ་བཅུ་དྲུག་ནང་བསྐོལ་བཙགས། །སླར་བསྐོལ་བསྐ་བར་གྱུར་པ་ནི། །ར་གན་དུད་པ་སྲང་བཅུ་དང་།ན་ལེ་ཤམ་ཆེ་ཞོ་གཉིས་གཞུག། དེ་ལ་རིལ་བུ་འམ་ཕྱེ་མར་བྱས། །བསྐུས་ན་མཆི་འཛག་ཐམས་ཅད
་དང་།དམར་ན་དུད་པ་མེད་སྙམ་འཇོམས། །འཕྲལ་དུ་མིག་ནི་གསལ་བར་བྱེད། །སྦྱོར་འདི་ཕྱུགས་བདག་ཅེས་བྱས་ཏེ། སྨན་པ་རྣམས་ཀྱི་བསྲག་པ་མཆོག། ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་བསྐོལ
་ལ་བཞི་ཆ་ལུས་པ་དང་བཙགས་ཏེ་ཡང་བསྐོལ་ལ། །གཟར་བུ་ལ་ཆགས་པ་ཙམ་གྱི་བར་དུ་བསྐ་བར་གྱུར་པ་དང། ར་གན་གྱི་དུད་པ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་བཅུག་སྟེ་དེའི་འོག་ཏུ་རིལ་བུར་བྱས་པ་འམ། ཕྱེ་མར
་བྱས་པས་བསྐུས་ན་མཆི་མ་འཛག་པ་ལ་སོགས་པ་འཇོམས་པར་བྱེད་པ་དང། འཕྲལ་དུ་དེའི་མདོ་ལ་མིག་གསལ་ཞིང་དངས་པར་བྱེད་པ་ཡིན་ཏེ། མིག་སྨན་གྱིས་སྦྱོར་པ་འདི་ནི་མིང་ཕྱུགས་བདག་ཅེས་བྱས་ཏེ། ཤིན་ཏུ
་གསང་བར་བྱེད་པ་ཡིན་ནོ། །མིག་སྨིན་སྐམ་ལ་མར་བླུད་ཅིང་།འཚོ་བྱེད་ཀྱིས་ནི་སྨན་མར་ནི། །བླུད་ཅིང་མིག་ནི་བལྟ་བྱ་དང་ཏིལ་མར་ཆུང་ངུའི་སྣ་སྨན་བཏང་།ཞེས་བྱ་བ་ལ། མིག་སྨིན་མ་སྐམ་པོའི་ནད་ལ་ནི་མར་བླུད་ན་ཕན་ནོ།
་དེ་བཞིན་དུ་འཚོ་བྱེད་གྱི་སྡེ་ཚན་དང་བསྐོལ་བའི་སྨན་མར་བླུད་ཅིང་མིག་བལྟ་བ་དང། དེ་བཞིན་དུ་སྨན་མར་དེ་ཉིད་ཀྱི་སྨན་བཏང་བ་དང་།ཏིལ་མར་གྱི་རིགས་པ་ཆུང་ངུའི་སྣ་སྨན་བཏང་བའོ། །འདི་ལ་འོ་མ་རྒྱམ་ཚར་བཅས།།
་?་འཇམ་ཐིགས་པ་འང་བླུགས་ན་ཕན། །ཞེས་བྱ་བ་ལ། མིག་སྨིན་མ་སྐམ་པོ་འདི་ལ། འོ་མ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་བཏང་ན་ཡང་ཕན་ནོ། །བཅའ་སྒ་བུད་མེད་ནུ་ཞོ་བཏགས། །མང་སྦྱར་མིག་ཏུ་བསྐུས་ན་འང་ཕན།།
་ཞེས་བྱ་ལ། ཡང་ན་དེ་ལ་བཅའ་སྒ་ལ་སོགས་པའི་མིག་སྨན་བསྐུས་ན་ཡང་ཕན་ནོ། །ཡང་ན་རླན་ཅན་ཤ་ཡི་ཞག། དོང་གྲ་ལན་ཚ་ཆུང་ཟད་བཏབ། ཅེས་བྱ་བ་ལ། ཡང་ན་བླན་ཅན་གྱི་སྲོག་ཆགས་ཀྱི་ཤའི་ཞག་དོང་གྲ་དང་
་རྒྱམ་ཚ་ཆུང་ཟད་བསྲེས་བའི་མིག་སྨན་ཡང་ཕན་ནོ། །སྐྲ་ནི་མར་བསྐུས་མེ་ལོང་གིས། །མཉེས་ཏེ་ཁ་སྦྱོར་ཁམ་པོར་བཅུག། བསྲེགས་ཏེ་ལྕགས་སྣོད་མར་དང་བཏགས། །སྣག་ཚ་དེ་ནི་མིག་སྨན་མཆོག་།ཅེས
་བྱ་བ་ལ་མའི་སྐྲ་མར་ལ་སོགས་པའི་སྦྱོར་བ་ཇི་སྐད་སྨོས་པ་བཞིན་དུ་བྱས་པའི་སྣག་ཚ་ནི་མིག་སྨིན་ལ་སྐམ་པོའི་མིག་སྨན་གྱི་མཆོག་ཡིན་ནོ། །སྒྲང་བཅས་ཆུང་ཟད་སྐྲངས་པ་ལ། སྣུམ་ཆོས་བྱས་ཏེ་གཏང་གི་གང་ལ། སྣུམ
་ཆོས་རྒུན་འབྲུམ་ཨ་རུ་ར། །དུར་བྱིད་མར་བཅས་བཀྲུ་སྨན་བཏང་།ཞེས་བྱ་བ་ལ། མིག་གི་ནང་སྐྲངས་པ་དང་བཅས་པ་དང། ཅུང་ཟད་སྐྲངས་པ་ལ་དང་པོར་སྣུམ་ཆོས་བྱས་སྟེ་དེའི་འོག་ཏུ་གཏང་བ?་གདབ་པ་དང་།ཡང
་བ་སྣུམ་ཆོས་བྱས་ལ་ཇི་སྐད་སྨོས་བའི་བཀྲུ་སྨན་བཏང་བར་བྱའོ། །སང་ཕྲོམ་དཀར་པོ་མར་ལ་བརྔོས། །ཕྱེ་མར་བྱས་ཏེ་རས་ལ་གཏུམས། །ཆུ་དྲོན་ལས་མཉེས་ཐིག་པ་བླུགས།། གཟེར་འཇོམས་པ?་མཆོག
་ཡིན་ནོ། །ཞེས་བྱ་བ་ལ། སེང་ཕྲོམ་ཇི་སྐད་སྨོས་པའི་སྦྱོར་བས་ཐིགས་པ་མིག་ཏུ་བླུགས་ན། །མིག་ནང་ཀྱི་གཟེར་འཇོམས་པར་བྱེད་བའི་དམ་པ་ཡིན་ནོ། །སྐྱེར་པ་པྲ་པུཎྜ་རཱི་ཀ། བསྐོལ་བའི་ཐིགས་པ་བླུགས་པ་ཕན། །
་ཞེས་བྱ་བ་ལ། ཡང་ན་མིག་གཟེར་ལ་སྐྱེར་པ་འམ། པྲ་པུཎྜ་རཱི་ཀ་བསྐོལ་བའི་ཐིག་པ་པ་མིག་ཏུ་བླུགས་ན་ཡང་ཕན་ནོ། །མཆི་འཛེག་ན་ཞིང་དྲུང་སྙམ་བྱེད། །སྦྱར་སྨན་འདི་དག་བཏང་བར་བྱ། །ཞེས་བྱ་བ་ལ། མཆི་མ་འཛག
་པ་ལ་སོགས་པ་ལས་འོག་ནས་སྨོས་པའི་སྦྱར་སྨན་འདི་དག་ཀྱང་བཏང་བར་བྱའོ། །ལྕགས་ཀྱི་སྣོད་དུ་ཟངས་མ་བ་གཅིན་སྦྱར། མར་དུགས་མིག་བསྐུས་གཟེར་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ་ལྕགས་ཀྱི་སྣོད་ཀྱི་ནང
་དུ་ཟངས་མ་བ་གཅིན་དང་སྦྱར་ལ་མར་གྱི་དུད་པས་གདུགས་པ་མིག་ཏུ་བསྐུས་ན། །མིག་གཟེར་ཞིང་ན་བ་འཇོམས་པར་བྱེད་དོ། །ཟངས་མའི་སྣོད་དུ་བ་ཞོའི་སྤྲིས་མ་བརྡར། རྒྱམ་ཚ་པི་པི་ལིང་དང་བཅས་པ་མཆོག་ཅེས་བྱ་བ་ལ།?
་ཡང་ན་ཟངས་མའི་སྣོད་དུ་བའི་ཞོ་དང་བརྡར་བ་དང་།རྒྱམ་ཚ་དད་པི་པི་ལིང་སྦྱར་བའི་མིག་སྨན་ནི། །མིག་ན་ཞིང་གཟེར་བ་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ཟངས་མའི་སྣོད་དུ་ནུ་ཞོ་དུང་བརྡར་ལ། །དོང་གའི་ལོ་མ་མར་བཅས
་དུད་པས་བདུགས། སྦྱར་སྨན་ཞེས་བྱ་མིག་ཏུ་བསྐུས་ན་ནི། །དྲུད་སྙམ་བྱེད་སོགས་མི་བཟང་ནད་མྱུར་སལ། ཞེས་བྱ་བ་ལ་ཟངས་མའི་སྣོད་ཀྱི་ནང་དུ་བུད་མེད་ཀྱི་ནུ་ཞོ་དང་དུད་བརྡར་ཏེ། དོང་གའི་ལོ་མ་མར་གྱིས་བསྐུས་བས་གདུགས་?
་མིག་ཏུ་བསྐུས་བའི་སྦྱར་སྨན་ནི། དུད་པ་སྙམ་དུ་བྱེད་པ་དང། ཚ་བ་ལ་སོགས་པའི་མིག་ནད་མི་བཟང་པ་མྱུར་དུ་སེལ་བར་བྱེད་དོ། །ུ་དུམྦ་རའི་འབྲས་བུ་ནི། ལྕགས་སྣོད་ནང་དུ་ནུ་ཞོ་བསྔར། །ཤ་མའི་ལོ་མ་མར་དུད་བདུགས། །
་མཆི་འཛག་གཟེར་དམར་དྲུང་པ་འཇོམས། །ཞེས་བྱ་བ་ལ་ཨུ་དུམྦ་རའི་འབྲས་བུ་ཇི་སྐད་སྨོས་པ་བཞིན་དུ་བྱས་པའི་མིག་སྨན་ཡང་སྦྱར་སྨན་ཞེས་བྱ་སྟེ། མཆི་མ་འཛག་པ་ལ་སོགས་པ་འཇོམས་པར་བྱེད་དེ། །ཤི་གྲུའི
་ལོ་མའི་ཁུ་བ་ནི། ཟངས་མ་གཉིས་ཀྱི་བར་དུ་བརྡར། །མར་དུད་བདུགས་པས་སྐྲངས་པ་དང། གཡའ་དང་མཆི་འཛག་ནད་རྣམས་འཇོམས། །ཞེས་བྱ་བ་ལ། ཤི་བཀྲུ་ཞེས་བྱ་བ། ན་ལེ་ཤམ་དཀར་བོ་བསྐོལ་བའི་ཁུ་བ་ཟངས་མའི
་སྣོད་གཉིས་སྦྱར་བའི་ནང་དུ་བརྡར་ལ། །མར་གྱི་དུང་བས་བདུགས་པ་ཡང་སྦྱར་སྨན་ཞེས་བྱ་སྟེ། སྐྲངས་པ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ།། ཏིལ་གྱི་ཆུ་དང་ཁར་བ་ནི། །།བམ་པོར་བརྡར་ཏེ་ནི་ནིམྦ་ཡི། །འོ་མ་མར
་བསྐོལ་དུད་པས་བདུགས། གཟེར་དམར་མཆི་འཛག་དྲུད་སྙམ་སེམས། ཞེས་བྱ་བ་ལ། ཏིལ་གྱི་ཆུ་དང། ཁར་བ་ཁམ་པོར་གྱི་ནང་དུ་བརྡར་སྟེ་ནིམཔའི་ལོ་མ་མར་གྱིས་བསྐུས་པའི་ནང་དུ་དུད་པས་ལེགས་བར་བདུགS
་པའི་མིག་སྨན་ཡང་སྦྱར་སྨན་ཞེས་བྱ་སྟེ། དེས་བསྐུས་ན་གཟེར་བ་ནས་དྲུད་པ་སྙམ་དུ་སེམས་པའི་མིག་ནད་སེལ་ལོ། །སྦྱར་སྨན་གྱིས་ནི་མིག་བསྐུས་ཏེ། སྨན་ཤུགས་ཟུག་གཟེར་དང་བྲལ་ནས། བུད་མེད་ནུ་ཞོའི་ཐིགས་པ
་བླུགས། །ལན་གསུམ་ཕན་ཆད་དེ་མི་བསྐུ། ཞེས་བྱ་བ་ལ། སྦྱར་སྨན་ཞེས་བྱ་བ་སྦྱར་སྨན་ཞེས་བྱ་བ་སྦྱར་སྨན་ཞེས་བྱ་བའི་སྨན་དེ་དག་གིས་བསྐུས་ནས། སྨན་གྱིས་ཟུག་གཟེར་གྱིས་མ་ཞི་ཞིང་བྲལ་བར་གྱུར་པ་དང།
་དེའི་འོག་ཏུ་བུད་མེད་ཀྱི་ནུ་ཞོའི་ཐིགས་པའི་རྒྱུན་བླུགས་པར་བྱས་ལ། སྦྱར་སྨན་དེ་དག་གིས་ལན་གསུམ་ཕན་ཆད་ནི་མིག་བསྐུ་བར་མི་བྱའོ། །བལ་བུའི་ལོ་མ་ལ་བི་པི་ལིང། རྒྱ་སྤོས་ལྕགས་ཀྱི་སྟང་ཟིལ་དང།།
་ཛ་ཏི་ཁ་འབུམ་ནག་ཚུར་དང། །རྒྱམ་ཚ་བ་བཅིན་བཏགས་པ་ཡི། །ལྡེ་གུས་ཟངས་ཀྱི་སྣོད་བསྐུས་ལ། །ཞག་བདུན་བཞག་སྟེ་བ་གཅིན་དང། །བཏགས་ཏེ་རིལ་བུར་བྱས་ནས་ནི། །དེ་འོག་གྲིབ་མ་ལ་སྐམས་ཏེ།
་བུད་མེད་ནུ་ཞོ་དང་བརྡར་བསྐུ། །དྲུད་སྙམ་བྱེད་དང་མཆི་མ་འཛག། །སྐྲང་དང་གཡའ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོགས་པའི་སྨན་བ་གཅིན་དང་བཏགས་པས་ཟངས་ཀྱིས་སྣོད་བསྐུས་ལ། །
་ཞག་བདུན་གྱི་བར་དུ་བཞག་སྟེ། བཀོག་ལ་དེའི་འོག་ཏུ་བ་འམ་རིལ་གཅིན་དང་བཏགས་ཏེ་རིལ་བུར་བྱས་ལ་གྲིབ་མ་ལ་སྐམས་ཏེ། རིལ་བུ་དེ་བུད་མེད་ཀྱི་ནུ་ཞོ་དང་བརྡར་སྟེ། མིག་ཏུ་བསྐུས་ན་མིག་ནད་འདྲུད་པ
་སྙམ་དུ་སེམས་དཔའ་ལ་སོགས་བ་སེལ་བར་བྱེད་དོ། །ཀཎྜ་ཀཱ་རཱི་ཤུན་པ་དང། །ཤིང་མངར་ཟངས་མའི་ཕྱེ་མ་ནི། །ར་ཡི་འོ་མའི་ལྡེ་གུར་བྱས། །ཤ་མི་སྐུ་རུ་རའི་ལོ་མ། །མར་གྱིས་དུད་པའི་དུད་པས་བདུགས། །བསྐུས་ན་སྐྲངས་དང་གཟེར
་ནད་སེལ། །ཞེས་བྱ་བ་ལ། ཀཎྜ་ཀ་རཱིའི་ཤུན་པ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་ལྡེ་གུར་བྱས་པ་ལ་ཤ་མི་དང་སྐྱུ་རུ་རའི་ལོ་མ་མར་གྱིས་བསྐུས་པའི་དུད་པས་བདུགས་ཏེ་བསྐུས་ན་སྐྲངས་པ་ལ་སོགས་པའི་ནད་སེལ
་བར་བྱེད་དོ། །སྐྱུར་གྱིས་བསྐྱེད་ལ་མཁྲིས་པ་ཡི། །མཆི་མ་འཛག་པའི་ཆོ་གས་གསོ། །ཞེས་བྱ་བ་ལ། སྐྱུར་གྱིས་བསྐྱེད་བ་ཞེས་བྱ་བའི་མིག་ནད་ལ་ནི་མཁྲིས་པའི་མཆི་མ་འཛག་པའི་ཆོ་ག་སྨོས་པས་གསོ་བར་བྱའོ། །བད་ཀན་ཁྲག
་མཁྲིས་ཀྱིས་བསྐྱད་དང། །འདུས་པས་བསྐྱེད་དང་སྒྲ་ངན་དང། །རྫི་མ་འགགས་དང་མིག་སྨིན་སྐམ། །རྣག་གི་ཆུ་སེར་པདྨའི་རྩ། །མིག་མཆུའི་ཤ་དང་སྐྱུར་བསྐྱེད་ཅུང། །མཆི་འཛག་གདུང་བ་རུང་མ་གཏོགས། །བཅོ་བརྒྱད་པོ་དག
་ཚག་པར་བཤད། །ཡུན་རིངས་དུ་ནི་ན་བ་ཡིན། ཞེས་བྱ་བ་ལ། བད་ཀན་གྱིས་བསྐྱེད་པ་དང། ཁྲག་གིས་བསྐྱེད་པ་དང་།མཁྲིས་པས་བསྐྱེད་པ་དང། འདུས་པས་པས་བསྐྱེད་པ་དང་།སྒྲ་ངན་དང། རྫི་མ་འགགས་པ་དང་།མིག
་སྨིན་མ་སྐམ་པོ་དང། རྣག་གི་ཆུ་སེར་ཅན་དང། པདྨའི་རྩ་བ་དང། མིག་མཆུའི་ཤ་དང། སྐྱུར་གྱིས་བསྐྱེད་པ་དང་།ཅུང་ཟད་སྐྲངས་པ་དང། མཁྲིས་པའི་མཆི་མ་འཛག་པ་དང། ཁྲག་གི་མཆི་མ་འཛགས་པ་དང་།བད་ཀན
་ཀྱི་མཆི་མ་འཛག་པ་དང་མཁྲིས་པའི་མིག་ནད་གདུང་བ་དང། ཁྲག་གི་གདུང་བ་དང་།བད་ཀན་གྱི་གདུང་བ་སྟེ། དེ་ལྟར་མིག་ནད་བཅོ་བརྒྱད་པོ་དག་ཡུན་རིང་དུ་ན་ཞིང་།གནས་པར་བྱེད་པ་ཡིན་ཞིང་།ཐམས་ཅད་ཀྱང་མིག་ཚག་པར
་བཤང་བ་ཡིན་ནོ། །འདི་ལྟར་གསོ་བ་སོ་སོ་ཡི། །ལེའུའི་ནང་དུ་བཤད་པ་ཡིན། །དེའི་འོག་མིག་ཚག་སྤྱི་ཡི་བཤད། །ཅེས་བྱ་བ་ལ?་མིག་ཚགས་བ་ནི་འདི་དག་གི་གསོ་པ་གང་དག་ཡིན་བ་དེ་སོ་སོའི་ལེའུ་ནང
་དུ་བཤད་ཅིང་བསྟན་པ་ཡིན་ཞིང། །རང་རང་གི་གང་དག་བཤད་བ་ཡིན་ལ། དེ་ལས་གཞན་ཡང་མིག་ཚགས་པ་ཡུན་རིང་དུ་རྗེས་སུ་འབྲེལ་ཅིང་ན་བའི་ཐུན་མོང་གི་སྤྱིའི་གཡོ་བ་དེ་ལྟར་འདིར་སྟོན་ཅིང་འཆད་པ་ཡིན་ནོ།།
་དེ་ནས་མིག་ཚག་ནད་པ་ནི། །སྣུམ་ཆོས་སློན་ནི་བྱས་ནས་ཀྱང། །གཏར་ག་གདབ་ཅིང་ཁྲག་དབྱུང་བྱ། །བཀྲུ་སྨན་བཏང་ཞིང་མིག་ཆུ་ནི། །དག་པར་གྱུར་གྱི་བར་དུ་བཞར། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མིག་ཚག
་བར་གྱུར་པ་དང་།དང་པོར་སྣུམ་ཆོས་བྱས་ལ་སྐྱུགས་སྨན་བཏང་ཞིང་སློན་དུ་བཅུག་སྟེ། གཏར་ག་གདབ་པ་དང། དེའི་འོག་ཏུ་སྣུམ་གཅོས་ཏེ་བཀྲུ་སྨན་བཏང་ལ། དེའི་འོག་མིག་གི་ཆུ་དག་ཅིང་ནད་མེད་བར་གྱུར་གྱི་བར
་གཞར་གྱིན་ཞལ་ཞལ་གདབ་བའི་སྤྱད་གྱིས་བསལ་བར་བྱའོ། །སྤང་མ་སྲང་གཅིག་ན་ལ་ཤམ། དཀར་པོ་སྲང་ནི་ཉི་ཤུ་དང། །སྐྱུར་རྩ་བས་སྲང་ནི་སུམ་ཅུ་དག། བཏགས་ཏེ་ཟངས་མའི་སྣོད་དུ་གཞུག་།ལོ་མ་ལོན་བའི
་མིག་ཚག་པ་འམ། །ཆུ་སེར་འཛག་སོགས་ཞི་བར་བྱེད། །གོས་དང་ཚ་དང་མཆི་མ་འཇག་།གཡའ་སྐྲང་དེ་བླུགས་པ་ཡི་སེལ། །ཞེས་བྱ་བ་ལ། སྤང་མ་སྲང་གཅིག་ལ་སོགས་བ་ཇི་སྐད་སྨོས་པ་བཞིན་བཏགས་ཏེ་ཟངས
་མའི་སྣོད་དུ་བཅག་ལ་དེའི་ཐིགས་པ་བླུགས་ན་ལོ་མང་དུ་ལོན་བའི་མིག་ཚག་པ་ཆུ་སེར་འཛག་པ་ལ་སོགས་པ་ཞི་བར་བྱེད་དོ། །དེ་བཞིན་དུ་གོས་པ་ལ་སོགས་པའི་མིག་ནད་ཀྱང་དེ་བླུགས་པས་སེལ་བར་བྱེད་དོ།།
་བྱེའུ་རུག་ཀ་རཉྫའི་ས་བོན། །ཛཱ་ཏིའི་མེ་ཏོག་ཁ་འབུས་?། །བརྡུངས་ཏེ་བསྐལ་ལ་བཙགས་ནས་ནི། །ཁུ་བར་བྱས་པ་དེ་དག་ནི། །སྟང་ཟིལ་དང་སྦྱར་མིག་སྨན་ནི། །མིག་ཆོག་-ཡའ་ཆུ་སེལ་འཛག་།གཡའ?་ཞིང་འདྲུལ་སེལ་མཆོག་ཡིན།། ཞེས་བྱ
་བ་ལ། བྱེའུ་རུག་བ་ལ་སོགས་པ་གཏུན་ལ་རྡུང་ན་ལ་ཏེ། རས་གཙང་མས་བཙགས་པའི་ཁུ་བ་དང་།སྟང་ཟིལ་སྦྱར་བའི་མིག་སྨན་གྱིས་མིག་ཚ་བ་ལ་སོགས་པ་སེལ་བར་བྱེད་དོ། །སྐྱེར་པ་ཁཎྜ་ས་རྩི་པོག། ར་གན་དུད་པ་ལྔ
་རོས་དང། །རྒྱ་མཚོ་སྤུ་བ་རྒྱམ་ཚ་དང། །ན་ལོ་ཤམ་དང་བཅག་ཡུག་སྣམ། །སྤྲང་རྩི་བཏགས་པའི་མིག་སྨན་ནི། མིག་ཚག་འདྲུལ་གཡའ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། སྐྱེད་པའི་ཁཎྜ་ལ་སོགས་པ་སྦྲང་རྩི་དང། །ཞིག་ཏུ
་བཏགས་པའི་སྨན་མི་མིག་ཚག་པ་དང། །འདུལ་བ་ལ་སོགས་བ་སེལ་བར་བྱེད་བ་ཡིན་ནོ། །རྒྱལ་པོ་ཨ་རུ་ར་ཁུ་བར། །དངུལ་རྔོ་བཏགས་བས་མིག་ཚགས་སོལ།། ཞེས་བྱ་བ་ལ། རྒྱ་སྤོས་ཨ་རུ་ར་བསྐོལ་བ་ཁུ་བ་དང། །དང་ལ་རྡོ
་བཏགས་པའི་མག?་སྨན་གྱིས་ཀྱང་མིག་ཚག་པ་སེལ་བར་བྱེད་དོ། །ཐང་ཤིང་སྣུམ་དང་བཅས་པ་ནི། །ར་གཅིན་ནང་དུ་སྤངས་པ་ཕན། །ཞེས་བྱ་བ་ལ། ཐང་ཤིང་སྨག་དང་བཅས་པ་རེ་གཅིན་གྱི་ནང་དུ་སྤངས་པའི་མིག་སྨན་ཡང་མིག
་ལ་ཕན་ནོ། །རྒྱམ་ཚྭ་འབྲས་གསུམ་པི་པི་ལིང། །དུད་གི་སྙིང་པོ་བུ་ཙ་ཤེལ། །ཟངས་མོའི་མར་བཅས་རིལ་བུ། །མིག་ཚག་རིལ་ལིང་རྟོག་སེལ་བར་བྱེད། །ཅེས་བྱ་བ་ལ་ལན་ཚ་དང། །འབྲས་བུ་གསུམ་ལ་སོགས་བ་ཟངས་མའི
་ཕྱེ་མ་དང་བཅས་པར་རིལ་བུར་བྱས་བར་ཀྱང་མིག་ཚག་པ་དང། །ལིང་ཏོག་སེལ་ཅིང་འཇིག་བར་བྱེད་དོ། །ཡང་ན་ནག་ཚུར་ཕྱི་མ་ནི། །བྱེའུ་དྲུག་པའི་ཁུ་བར་སྤངས། །ཟངས་མའི་སྣོད་དུ་ཞག་བཅུ་བཞག། དེ་ཡིས་མིག་ཚག་ཆུ་སེར
་འཇག། རྫི་མ་འབྱི་ལ་བསེལ་བར་བྱེད། ཅེས་བྱ་བ་ལ། ནག་ཚུར་གྱི་ཕྱེ་མ་བྱེའུ་རུག་ལ་བསྐོལ་བའི་ཁུ་བ་སྤངས་ཟངས་མའི་སྣོད་ཀྱི་ནང་དུ་ཞག་བཅུའི་བར་དུ་སྤངས་སའི་མིག་སྨན་དེས་ནི་མིག་ཚག་པ
་ལ་སོགས་པ་སེལ་བར་བྱེད་དོ། །ལྡོང་རོས་སྐྱེར་པ་ཁཎྜ་དང། །དེ་མཉམ་ཟངས་མའི་ཕྱེ་མ་ཞིབ་ཏུ་བཏགས། །ཕྱེ་མ་མིག་སྨན་ཐུར་མ་གཅིག་གིས་ཀྱང། །རྫི་མ་སྐྱེད་ཅིང་མིག་ཚག་འདིས་སེལ་བྱེད། །ཅེས་བྱ་བ་ལ། ལྡོང་རོས
་དང་སྐྱེར་ཁཎྜ་དང་ཆ་མཉམ་དུ་བྱས་ཏེ་གཉིས་ཇི་ཙམ་དུ་ཡོད་པ་དང། །ཟངས་མའི་ཕྱེ་མ་མཉམ་དུ་བྱས་པ་ཞིབ་ཏུ་བཏགས་ཏེ་ཕྱེ་མའི་མིག་སྨན་འདི་བསྐུས་ན་མིག་སྨན་གྱི་ཐུར་མ་གཅིག་གིས་ཀྱང་མིག་ཚག་པའི་པ
་ཡུ་བསྐྱེད་ཅིང་སེལ་བར་བྱེད་པ་ཡིན་ནོ། །རྒྱ་སྐྱེགས་པྲི་ཡང་སྐྱེར་པ་ནི་རྒུ་ནི། །ཁུ་བར་རས་ཀྱི་དུམ་བུ་ལན་བདུན་སྤངས། །སྡོང་བུའི་མར་མེ་དེ་བུས་ལས་བྱུང་བའི། །སྣག་ཚས་མིག་ཚག་སེལ་བར་བྱེད་མཆོག་ཡིན། །ཞེས
་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་ཁུ་བར་རས་ཀྱི་དུམ་བུ་དྲི་མ་མེད་པ་བཟང་པོ་ལན་བདུན་གྱི་བར་དུ་སྤངས་ལ། །དེའི་སྡོང་བུ་མར་དང་བཅས་པར་སྦྱར་བ་ལས་བྱུང་བའི་སྣག་ཚས་ཀྱང་མིག་ཚག་པ་སེལ་བར་བྱེད་པ
་ཡིན་ནོ། །མིག་མཆུ་མང་དུ་ཞལ་ཞལ་བྱ། །དེ་བཞིན་གཏར་ག་བྱ་བ་དང། །བཀྲུ་སྨན་ཡང་ཡང་བྱ་བ་ནི། །མིག་ཚག་ཅན་ནི་ནད་པས་བསྟེན། །ཞེས་བྱ་བ་ལ། མིག་ཚག་པའི་ནད་པས་ནི་མིག་མཆུ་ཞལ་ཞལ་བྱ་བ་ལ་སོགས
་པ་ལན་མང་དུ་བསྟེན་པར་བྱའོ། །རྣག་གི་ཆུ་འཛག་མ་ཞིའི་མཐར། །ཐུར་མ་ཕྲ་མོས་བསྲེག་པར་བྱ། །ཞེས་བྱ་བ་ལ། སྨག་གི་ཆུ་སེར་འཛག་པ་ཞི་བར་མ་གྱུར་ན། །དེའི་ཐ་མར་ཐུར་མ་ཕྲ་མོས་བསྲེག་པར་བྱའོ། །དེ་ལྟར
་མིག་ནད་དགུ་བཅུ་བཞི། །ནད་གཞི་མཚན་ཉིད་གཡོ་བ་དག་ཕན་ཚུན་འདྲེས་པ་མེད་པར་ནི། །མ་ལུས་པར་ནི་བཤད་པ་ཡིན། ཞེས་བྱ་བ་ལ། ཚུལ་དེ་ལྟར་ན་མིག་ནད་ཀྱི་རྒྱུ་དང། །མཚན་ཉིད་དང། གསོ་བའི་ཚུལ་གྱིས་ནད་དགུ་བཅུ
་རྩ་བཞི་བཤད་པ་ཡིན་ལ། །དེ་དག་ཀྱང་ཕན་ཚུན་འདྲེས་ཤིང་འདོམ་པ་མེད་པའི་ཚུལ་གྱིས་མ་ལུས་པར་བཤད་པ་ཡིན་ནོ། །སྐྱེས་བུ་ནད་མེད་པ་ཡིས་ཀྱང། །ནད་དང་གྲོ་སྙིང་དྲུག་བཅུ་པ། །ས་ལུ་ཁྲེ་རྒོད་སྙིང་པ་དང། །མུངྒ་ལ
་སོགས་བད་མཁྲིས་འཇོམས། །ཞུན་མར་མང་དུ་བཏབ་པ་དང། །ཚད་མ་འམ་དེ་འདྲ་སྐམས་ས?་ཡིས། །ཤ་དང་སེའུ་འབྲུ་ཁ་ར་དཀར། །བསྟེན་ཅིང་ཆར་ཆུ་བཏུང་བ་དང། །གདུགས་བཅང་ལྷམ་ནི་བསྒོ་བ་དང། །ཆོ་ག་བཞིན་དུ།
་ནད་སྦྱང་བ། །རྣམ་པ་ཀུན་ཏུ་བསྟན་པར་བྱ། །ཞེས་བྱ་བ་ལ། སྐྱེས་བུ་ནང་མེད་པ་དག་གིས་ཀྱང་མིག་ལ་གནོད་པ་མེད་ཅིང་ཕན་པར་འདོད་ན་ནས་རྙིང་པ་ལ་སོགས་པ་རྣམ་པ་ཐམས་ཅད་དུ་བརྟེན་པར་བྱ་བ་དང་།དེ་བཞིན
་དུ་སྲན་མུངྒ་ལ་སོགས་པ་བད་ཀན་དང་མཁྲིས་པ་འཇོམས་པར་བྱེད་པའི་ཁ་ཟས་མར་མང་དུ་བཏབ་པ་དང་།ཚོད་མ་དང་བད་ཀན་དང་མཁྲིས་པ་སེལ་བའི་མར་མང་དུ་བཏབ་པ་བསྟེན་པ་དང་།སྐམས་སའི་ཤ་དང།
་སའུ་འབྲུ་ལ་སོགས་པ་ནས། །ལྷམ་བགོ་བའི་བར་ཆོ་ག་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་དུ་བསྟེན་པར་བྱའོ། །ཤུགས་བཀག་པ་དང་མཞུར་ཟ། །ཕྱེད་ཞུར་ཟ་དང་རྟག་འགག་ཟ། །ཚ་དང་ཕྱིས་ས་འགག་བྱེད་པའི། །ཟས
་དང་སྤྱོད་ལམ་སྨན་ཀུན་སྤང?་།ཞེས་བྱ་བ་ལ། ནད་མེད་པའི་མིས་ཀྱང་།མིག་ལ་ཕན་པར་འདོད་ན། ཤུགས་བཀག་པ་ལ་སོགས་པ་དང་།དེ་བཞིན་དུ་ཚ་བ་དང་།ཕྱིས་ས་འགག་པར་བྱེད་པའི་ཟས་ལ་སོགས་པ་རྣམ
་པ་ཐམས་ཅད་དུ་སྤང་བར་བྱའོ། །རྐང་པ་གཉིས་ཀྱི་དབུས་ན་རྩ་སྦོམ་པོ། །གཉིས་གནས་དེ་ཡིས་མིག་ནི་མང་དུ་ཁྱབ། །དེ་བསྐུས་བྱུག་དང་དྲིལ་བ་ལ་སོགས་པ། རྐང་པར་བྱས་ན་མིག་ཏུ་འགྲོ་བར་འགྱུར།།
་ཞེས་བྱ་བ་ལ། རྐང་པ་གཉིས་ཀྱི་དབུས་ན་རྩ་སྦོམ་པོ་གཉིས་གནས་ལ་དེ་ཡིས་ཀྱང་མིག་མང་དུ་ཁྱབ་པས་ན་རྩ་དེ་ལ་བསྐུ་བ་ལ་སོགས་པ་བྱས་ན་མིག་ཏུ་འགྲོ་བར་འགྱུར་ཞིང་ཕན་པར་འགྱུར་བ་ཡིན་ནོ། །དྲི་མ་ཚ
་ན་སྣད་བ་ལ་སོགས་པས། །དེ་གནོད་གྱུར་ན་མིག་ལ་གནོད་པར་འགྱུར། །དེ་བས་མིག་ལ་ཕན་འདོད་ལྷམ་དང་ནི། །སྐུ་དང་དྲིལ་དང་བྱུག་པ་སོགས་བསྟེན་བྱ། །ཞེས་བྱ་བ་ལ་།རྩ་དེ་དྲི་མ་ལ་སོགས་པས་གནོད་པར་གྱུར་ན། །མིག་ལ
་གནོད་པར་འགྱུར་ལ་།དེ་བས་ན་མིག་ལ་ཕན་པར་འདོད་བས་རྟག་པར་དུས་ཐམས་ཅད་དུ་ལྷམ་གསོ་བ་དང། སྣུམ་གྱིས་བསྐུ་བ་དང། བག་ཟན་ལ་སོགས་པས་དྲིལ་བ་དང་སྨན་གྱི་ལྡེ་གུས་བྱུག་པ་དང་།བསྐུ་བ་ལ་སོགས་པ
་རྣམ་པ་ཐམས་ཅད་དུ་བསྟེན་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་བར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་ལ། སློབ་དཔོན་སླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱ་ལེའུ
་བཅུ་དྲུག་པར་རྣམ་པར་འབྲེལ་པའོ། །།དེ་ནས་ནད་ཀྱི་དམིགས་པ་ཤེས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། མིག་ནད་ཀྱི་ངེས་པ་བཤད་ནས་རྣ་བའི་ནད་ཀྱི་གཞི་ལ་སོགས་པ་བཤད་པར་བྱ་བའི
་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ཆམ་པས་བཏབ་དང་ཆུ་ལ་རྩེ། །རྣ་བ་བྲུད་པ་རླུང་འཁྲུགས་ཤིང། །སྒྲ་ཡི་ལོག་པའི་སྦྱོར་བ་དང་།ལྡང་བའི་རྒྱུ་གཞན་གྱིས་འཁྲུགས་ནས། །རྣ་བའི་རྩར་ནི་རླུང་ཞུགས་ཏེ། །རྣ་བའི་བུ།
་གང་ཤུགས་དྲག་གཟེར། །གཞོགས་ཕྱེད་ན་ཞིང་རེངས་པ་དང། །གྲང་བ་དང་ནི་མི་འཕྲོད་ཅིང། །རིབ་ནས་བརྣགས་ཤིང་སྨིན་ནས་ཀྱང། །ཆུ་སེར་ཅུང་ཟད་འཛག་པར་བྱེད། །རྒྱུ་མེད་རྣ་བ་སྟོང་སྙམ་སེམས། །ཞུམ་དང་རྒྱས་པ་སྙམ
་དུ་བྱེད། །ཅེས་བྱ་བ་ལ་ཆམ་པ་ལ་སོགས་པ་དང་སྒྲ་ཡིད་དུ་མི་འོང་ཞིང་ལོག་པའི་སྦྱོང་བ་ཐོས་པ་དང་རླུང་འཁྲུགས་པའི་རྒྱུ་ཟས་དང་སྤྱོད་ལམ་གཞན་དག་གིས་ཀྱང་རླུང་འཁྲུགས་པར་གྱུར་ཅིང། །རྣ་བའི་རྩར་ཞུགས་ཏེ་རྣ་བའི
་བུ་གར་ཤུགས་དྲག་ཏུ་གཟེར་བར་བྱེད་པ་དང། །དེ་བཞིན་དུ་མགོ་བོའི་གཞོགས་ཕྱེད་ན་བ་དང། རེངས་ཤིང་འགྱུར་མི་ཤེས་པ་དང། གྲང་བ་ལ་མངོན་པར་མི་དགའ་བ་དང། ཡུན་རིང་ཞིག་ན་སྨིན་ཅིང་བརྣགས་པ་དང།
་རྣ་བའི་དེ་སྨ་ནི་ནས་ཀྱང། །ཆུ་སེར་ཅུང་ཟད་འཛག་པར་བྱེད་པ་དང། །རྒྱུ་མེད་ཅིང་གཞི་མེད་པར་རྣ་བ་སྟོང་པ་སྙམ་དུ་སེམས་པ་དང། ཐང་འགའ་ནི་ཞུམ་ཐང་འགའ་རྒྱས་པ་སྙམ་དུ་བྱེད་པ་ཡིན་ནོ། །མཁྲིས་གྱུར་ཚ་བཅས་ན་ཞིང
་གཟེར།། གྲང་འདོད་སྐྲར་ཞིང་རིམས་ཀྱིས་འདེབས། །མྱུར་དུ་སྨིན་ཅིང་སྨིན་ནས་ཀྱང། །ཆུ་སེར་སེར་པོ་འཛག་པར་བྱེད། །ཆུ་སེར་དེས་ནི་གང་གང་དུ། །རེག་པ་དེ་དང་དེ་བརྣགས་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་རང
་མི་རྒྱུས་འཁྲུགས་པར་གྱུར་པ་ལས་རྣ་བའི་བུ་ག་ཚ་བ་ལ་སོགས་པ་དང་ལྡན་པ་དང། །དེ་མྱུར་དུ་སྨིན་ཅིང་བརྣགས་པ་དང། །སྨིན་ནས་ཆུ་སེར་སེར་པོ་འཛག་པར་བྱེད་པ་དང། །ཆུ་སེར་དེས་གནས་གང་དང་གང་དུ
་རེག?་པ་དེ་དང་དེར་བརྣགས་ཤིང་འདྲུལ་བར་འགྱུར་རོ། །བད་ཀན་ལས་གྱུར་མགོ་འགྲམ་པ། །མགྲིན་པ་ལྕི་ཞིང་ནད་ཤུགས་ངལ། །གཡའ་ཤིང་གྲང་ལ་དྲོ་བ་འདོད། །སྨིན་ནས་རྣག་དཀར་བསྐྲ་བ་འཛག། ཅེས་བྱ་
་བ་ལ། བད་ཀན་རང་གི་རྒྱུས་འཁྲུགས་པར་གྱུར་བ་ལས། །རྣ་བའི་བུ་ག་དང་མགོ་ལ་སོགས་པ་ལྕི་བར་འགྱུར་བ་དང། ཟད?་ཀྱི་ཤུགས་དལ་ཞིང་ཆུ་བ་དང། །གཡའ་བ་ལ་སོགས་བ་མྱོང་བར་འགྱུར་?་ནོ། །
་སྣད་ལ་སོགས་པས་གནོད་གྱུར་པ། །རྣ་བ་གཟེར་བར་བྱེད་པར་འགྱུར། །ཁྲག་དང་མཁྲིས་པ་ལྟར་ན་དང། །མཚན་ཉིད་ཆུང་ཟད་ལྷག་པ་ཡིན། །ཞེས་བྱ་བ་ལ། སྣད་བ་ལ་སོགས་པས་གནོད་པར་གྱུར་བ་ནི། །རྣ་བ་ཤས་ཆེར?
་གཟེར་བར་བྱེད་པ་དང། ཁྲག་དང། མཁྲིས་པ་དང་།འདྲ་བར་ན་བར་བྱེད་པ་ཡིན་ན། །དེ་ལས་ཀྱང་མཚན་ཉིད་ཆུད་ཟད་ཙམ་གྱིས་ལྷག་པར་གྱུར་བ་ཡིན་ནོ། །ནད་གཞི་འདུས་པས་གཟེར་བ་དང། །སྐྲད་བཅས་རིམ་འདེབས
་མ་ང་ཟད་ན། །རེས་ཀྱིས་བྲང་དང་དྲོ་བ་འདོད། །འོན་པ་ལྟ་བུ་ཉིད་དུ་འགྱུར། །སྨིན་ནས་རྣག་ནི་བཀང་དང་གནག་།དམར་དང་བསྐ་བ་འཛག་པར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་རྣ་བ་གཟེར་བ་དང་སྒྲང་པ
་ལ་སོགས་པར་འགྱུར་བ་དང། །ངེས་ཀྱིས་ཕྱེད་དགའ་གྲང་བ་དང། །ཕྱེར་འགའ་དྲོ་བར་འདོད་པར་འགྱུར་བ་དང། །འོན་པ་ལྟ་བུ་སྒྲ་ཐོས་པ་མེད་པར་འགྱུར་པ་ལ་སོགས་པ་ཡིན་ནོ། །སྒྲ་ཐོས་རྩར་ནི་རླུང་ཞུགས་པ། །རྒྱུ
་མེད་པར་ནི་སྣ་ཚོགས་པའི། །སྒྲ་ནི་ཡང་དང་ཡང་དུ་ཐོས། །དེ་ནི་རྣ་བའི་སྒྲ་ཞེས་བཤེད་ཅེས་བྱ་བ་ལ། རླུང་སྒྲ་ཐོས་པར་བྱེད་པའི་རྩ་ནང་དུ་ཞུགས་པར་གྱུར་ན། རྒྱུ་མེད་པ་སྒྲ་སྣ་ཚོགས་བ་ཡང་དང་ཡང་དུ་ཐོས?་པར?
་འགྱུར་བ་ཡིན་ཏེ། ནད་དེ་ནི་རྣ་བའི་སྒྲ་ཞེས་བྱ་བར་དྲང་སྲོང་རྣམས་ཀྱིས་བཤད་དོ། །རླུང་ནི་བད་ཀན་དང་འདྲེས་པའི། །རྣ་སྒྲ་ཡལ་བར་བོར་ནས་ནི། །སྐད་གསང་མཐོ་བས་སྨྲས་པ་ཐོས། །རིམ་གྱིས་འོན་པ་ཉིད་དུ་འགྱུར། །
་ཞེས་བྱ་བ་ལ། རླུང་རིམ་གྱིས་བད་ཀན་དང་འདྲེས་པ་ལས། །སྒྲ་གྲགས་པའི་ནད་ཡལ་བར་བོར་ཞིང་མ་བསོས་ན་སྐད་གསང་མཐོན་པོས་ཐོས་བར་འགྱུར་བ་འམ། །ཡང་ན་རིམ་གྱིས་འོན་པ་ཉིད་དུ་འགྱུར་རོ། །རླུང་གིས་བད་ཀན་སྐམ་གྱུར
་པས། །དེ་ལ་རྣ་བར་གསོ་གྱུར་ན། །ན་ཞིང་ལྕི་ལ་འགགས་གྱུར་པ་།དེ་ནི་རྣ་བ་འགགས་ཞེས་བཤད། །ཅེས་བྱ་བ་ལ། བད་ཀན་རླུང་གིས་སྐམས་བར་གྱུར་ན། དེས་རྣ་བར་གོས་ཤིང་ཆགས་ལ་བྱུག་པ་ལྟ་བུར་འགྱུར་རྒྱུ། དེས་ན་རྣ
་བ་ན་བ་ལ་སོགས་པར་འགྱུར་སྟེ་ནད་དེ་ནི་ན་བ་འགིགས་པ་ཞེས་བྱའོ། །ཞེས་སློབ་དཔོན་གྱིས་བཤད་དོ། །བད་ཀན་ལས་ནི་ན་པ་གཡལ། སྒྲ་སྲ་དེ་ནི་མིང་གི་བཤེད། །ཅེས་བྱ་བ་ལ། བད་ཀན་མཛད་བར་གཡའ་བ་ལ་སོགས་པ
་འབྱུང་བར་འགྱུར་བ་ཡང་སློབ་དཔོན་གྱིས་དེའི་མིང་གིས་བཤད་དེ་གཡའ་ཞིང་སྒྲང་ལ་སྲ་བ་ཞེས་བཤད་དོ། །མཁྲིས་པས་བད་ཀན་ཚིག་གྱུར?་བས། ནད་བཅས་པ་འམ་ནད་མེད་ཀྱང། །ལན?་གྲི་བསྐ་འཇག་ཅིང་མར་དུ
་འདྲུལ། །རྣ་བ་རྣག་ཅན་བྱེད་ཐང?་འགྱུར་ཞེས་བྱ་བ་ལ། ཁྲིས་པས་བད་ཀན་ཚིག་པར་བྱས་ཤིང་སྨིན་པའི་གནས་སྐབས་སུ་གྱུར་པ་ན། །སྣ་བ་རྣག་ཅན་ཞེས་བྱ་བའི་ནད་དུ་འགྱུར་ཏེ། དེ་ནི་ནད་དང་བཅས་པ་ལ་སོགས
་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རླུང་སོགས་པ་ཡིས་རྣ་བའི། །ཁྲག་ལ་གནོད་གྱུར་འབྲུལ་?་བས་ཟ། །སྲིམ་བུས་བསྐྱོད་ཅིང་མ་ཟད་ན། །རྣ་ནད་སན?་བུ་ཅན་ཞེས་བྱ། །ཞེས་བྱ་བ་ལ་རླུང་ལ་སོགས་པའི
་ནང་རང་གི་རྒྱུས་བསྐྱེད་པ་དག་གིས་རྣ་བའི་ཤ་དང་ཁྲག་གཉིས་ལ་གནོད་པར་བྱས་ཤིང་འདུལ་བར་གྱུར་པའི་དབང་གིས་ཟ་ཞིང་འཆའ་བར་བྱེད་པའི་སྲིན་བུས་བསྐྱོད་པ་ན་མི་བཟད་པར་ན་བའི་ནད་དེ་ནི་མིང་?
་བུ་ཅན་ཞེས་བྱའོ། །རྣ་བ་ཕྲུགས་པའི་རྨ་ལས་བྱུང།། རྨ་ནི་སྔ་མའི་མཚན་ཉིད་ཅན། །ཁོང་འབྲས་འགྱུར་བ་འམ། ཞེས་བྱ་བ་ལ། རྣ་བ་ཕྲུགས་པ་ལས་བྱུང་བའི་རྨ་བྱུང་བའི་མཚན་ཉིད་ནི། །
་སྔར་བཤད་པའི་ནད་བཞིའི་སྐབས་ནས་རྨོས་པའི་མཚན་ཉིད་ཅན་གྱིས་ཁོང་འབྲས་སུ་འགྱུར་རོ། །གཞན་དུ་འམ་འགྱུར་ཞེས་བྱ་བ་ལ།?་གཞན་དུ་འང་འགྱུར་ཞེས་བྱ་བ་ནི། །ཁོང་འབྲས་རླུང་ལས་གྱུར་པ་ལ་སོགས
་པ་གཞན་དག་ཀྱང། ནད་གཞིའི་སྐབས་ནས་སྔར་བཤད་པ་ལྟ་བུའི་གྱུར་པ་ལས་འདི་ཉིད་ནི་ཁོང་འབྲས་ཀྱི་དབྱེ་བ་ཙམ་དུ་ཟད་པས་དེའི་ཕྱིར་གྲངས་སུ་ལོགས་གཅིག་ཏུ་མ་གྲངས་པ་ཡིན་ནོ། །ཐོར་བུ་འབྲུམ་བུ་སྐྲང
་ལས་བྱུང། དེ་ལས་རྣ་བ་བརྣགས་དང་ན། །འོན་པར་བྱེད་པས་གནོད་པར་འགྱུར། །ཞེས་བྱ་བ་ལ་རྣ་བ་ཐོར་བུ་དང་འབྲུམ་བུ་སྒྲངས་པ་ལས་ནད་གཞི་སོ་སོ་དང་འདུས་པ་དང་ལྡན་པ་དང་ཀ་རག་ལས་གྱུར་པ་རྐརུང་འབྱུང་བར་འགྱུར་བ་ཐར
་བུ་འབྲུམ་བུ་དེ་ལས་རྣ་བརྣགས་པ་ལ་སོགས་པས་གནོད་པར་འགྱུར་རོ། །དེ་ལྟར་ན་འདི་ལས་ཐོར་བུ་དང་འབྲུམ་བུའི་རྣ་བའི་ནད་ཅེས་བྱ་བ་གཉིས་སུ་འགྱུར་རོ། །མངལ་དུ་རླུང་གིས་རྣ་བའི་ཤ། ཞུམ་འགྱུར་འཁུམས
་པ་ཞེས་བྱའོ། །ཞེས་པ་ལ། མངལ་གྱི་གནས་སྐབས་སུ་རླུང་ལས་རྣ་བའི་འགྲམ་གྱི་ཤ་ཁུམ་ཤིང་འདུས་བར་གྱུར་པ་ནི་རྣ་བ་འཁུམས་པ་འཁུམས་པ་ཞེས་བྱ་བ་ཡིན་ནོ། །མངར་དུ་ཤ་མཛེར་སྲ་ན་མེད། །པི་པི་ལིང
་འདྲ་མང་པོ་འང་གཅིག་།ནད་མེད་པི་པི་ལིང་ཞེས་བྱ་།ཞེས་བྱ་བ་ལ་།མངལ་གྱི་གནས་སྐབས་ཉིད་དུ་ཤ་མཛེར་ས་ཞིང་ན་བ་མེད་པ་པི་པི་ལིང་གི་ཚད་ཙམ་མང་པོ་འམ་གཅིག་འབྱུང་པ་གང་ཡིན་པ་དེ་ནི་མིང་པི་པི
་ལིང་ཞེས་བྱའོ། །འདུས་པ་ལས་གྱུར་གས་པ་ནི། །མདོག་འདྲན་ཞིང་སྲ་བ་དང། །སྐྲང་འགྱུར་དེ་ནི་མ་བསོས་ན། །སྨིན་ནས་ཡུངས་དཀར་ལྟ་བུ་ནི། །འཛག་ཅིང་འཚོ་བར་དཀའ་བར་འགྱུར། །རྨ་འཚོ་བས་ནས་ཀྱང་ངེས་པ་ནི། །རྣ་བའི
་ཤ་ནི་ཞུམ་པར་འགྱུར། །ཞེས་བྱ་བ་ལ་འདུས་པའི་རྒྱུ་ལས་སྐྲང་པ་གང་ཁ་དོག་འདྲ་བ་ལ་སོགས་པར་འགྱུར་པ་དེ་ན་མིང་གས་པ་ཞེས་བྱ་སྟེ་།སྐྲང་པ་དེ་མ་བསོས་ཏེ་ཡལ་བར་པོར་ན་སྨིན་ཅིང་རྣགས་པར་གྱུར་ནས་ཡུངས
་མར་ལྟ་བུ་འཇག་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རྩ་ལ་གནས་པའི་རླུང་གིས་ནི་རྣ་བ་ཤལ་སྐམས་པ་དེ་མིང་ཅན། །ཞེས་བྱ་བ་ལཌ་རླུང?་རྣ་བའི་རྩ་ན་གནས་ཤིང་རྣ་ཙ་སྐམས་པར་བྱེད་པའི་ནད་དེ་ནི་དེའི
་མིང་ཅན་དེ་རྣ་བ་ཤ་ལ་སྐམས་པ་ཞེས་བྱའོ། །རྣ་བཤལ་པི་ཝང་རྒྱུད་ལྟར་ཕྲ། །སྲ་བ་རྒྱུད་ཅན་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་གིས་རྣ་བཤལ་པི་ཝང་གི་རྒྱུད་ལྟར་སྲ་ཞིང་ཕྲ་བར་གྱུར་པ་དེ་ནི་མིང་རྒྱུད་ཅན་ཞེས་བྱའོ། །གཞོན་ཤ་ཅན
་ནི་ཡུན་རིང་དུ། །བཏང་སྙོམས་བོར་ནས་འབྲལ་དུ་པ་སྐྱེད། །རྣ་བཤལ་སྒྲང་ཞིང་ནད་བཅས་ལ། །དམར་ཞིང་འབྱར་བར་གྱུར་པ་ནི། །དེ་ནི་རླུང་གིས་འབྱར་ཞེས་བྱའོ། །ཞེས་བྱ་བ་ལ། ཤིན་ཏུ་གཞོན་ཤ་ཅན་གྱི་རྣ་བ་འཇམ་པོ་ཡུན་རིང་དུ་བཏང
་སྙོམས་སུ་བཞག་ནས། དེའི་རྗེས་ལ་འཕྲལ་དུ་དེའི་མདོ་ལ་རྣ་བའི་བུ་ག་བསྐྱེད་ཅིང་བརྒྱངས་པར་གྱུར་ན་རྣ་བཤལ་སྐྲང་པ་དང། ན་བ་དང་བཅས་ཤིང་དམར་ལ་སླར་བར་འགྱུར་ཏེ། དེ་ནི་རླུང་གིས་འབྱར་བ་ཞེས་བྱའོ། །གནོད
་འགྱུར་རྒྱ་ལྕི?་ཁུང་སོགས་ཀྱི། །ཁྲག་དང་མཁྲིས་པ་འཁྲུགས་གྱུར་པས། །དམར་ཞིང་ཚ་ན་སྨིན་པ་དང་།སྒྲང་དང་འབྲུམ་དུ་འབྲུམ་དང། དམར་ཞིང་ཚ་ལ་བརྣགས་པ་ཡིན། །ཞེས་བྱ་བ་ལ། རྒྱན་ལྕི་བ་ལ་སོགས་པའི་རྒྱུས་ཁྲག་དང
་མཁྲིས་པ་འཁྲུགས་པར་བྱས་པས་དམར་པ་ལ་སོགས་བ་དང་ལྡན་པའི་མིག་དེ་མིང་གནོད་པར་གྱུར་པ་ཞེས་བྱའོ། །རླུང་དང་བད་ཀན་གྱིས་རྣ་བཤལ། །སྐྲང་ཞིང་ནད་མེད་སྲ་བ་དང། །བརྟན་ཞིང་མདོག་འདྲ
་གཡའ་བ་དང། །དེ་ནི་མཉེ་བ་ཞེས་བྱར་བཤད། །ཅེས་བྱ་བ་ལ། རླུང་དང་བད་ཀན་གྱི་རྒྱུས་རྣ་བ་ཤལ་སྐྲངས་ཤིང་སྐྲངས་པས་ཀུན་ཏུ་ཁྱབ?་འདན?་ཚ་ཆུ་ཞིང་སྲ་བ་དང། བརྟན་པར་གནས་པ་ལ་སོགས་པའི་ནད་དེ་ནི་མཉེ་བ་ཞེས
་བྱ་བ་དང། གལ་ལི་ར་ཞེས་ཀྱང་བྱའོ། །ཕུག་ཉེས་རྣ་བ་བརྒྱངས་པ་ལས། །གཡའ་བཅས་ཚ་གྲངས་སྨིན་ཅིང་ན། །འདུས་པ་ལས་སྐྲངས་པ་དེ། །སྡུག་བསྔལ་འཕེལ་བྱེད་ཅེས་བྱའོ། །ཞེས་བྱ་བ་ལ། རྣ་བ་ཕུག་པ་ཉེས་ཤིང་ནད་བརྒྱངས
་གྲགས་པ་ལས་གཡའ་བ་ལ་སོགས་བའི་ནད་དུ་འགྱུར་ཏེ། ནད་དེའི་མིག་སྡུག་བསྔལ་འཕེལ་བ་ཞེས་བྱའོ། །བད་ཀན་ཁྲག་གྱུར་སྲིན་བུ་ཕྲ། །གཡའ་ཞིང་བརྣགས་ལ་རྣག་བཅས་པ། །སྲིན་བུ་ཕྲ་མོས་བལྡགས་ཞེས་བྱ། །དེ་མ
་གསོས་ན་རྣ་བཤལ་ཟ། །ཞེས་བྱ་བ་ལ། བད་ཀན་དང་ཁྲག་ལས་གྱུར་པའི་སྲིན་བུ་ཕྲ་མོ་གཡའ་བ་ལ་སོགས་པ་དང་བཅས་པ་ནི་རྣ་བཤལ་བལྡགས་པ་ཞེས་བྱ་སྟེ། དེ་མ་བཅོས་ཤིང་ཡལ་བར་བོར་ན་རྣ་བཤལ་ཟ་ཞིང་ལྷགས
་པར་འགྱུར་རོ། །དེ་ལས་འདུལ་གྱུར་པི་པི་ལིང། །གཟེར་ཅན་གས་འཁུམས་གསོར་མི་རུང། །རྒྱུན་ཅིག་གཅིག་པུ་འཚོ་བ་ཙམ། །ལྷག་པ་རྣམས་ནི་གསོ་བར་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་འདི་རྣམས་ཀྱི་ནང་ནས་པི་པི་ལིང་ཞེས
་བྱ་བ་དང། གཟེར་ཅན་ཞེས་བྱ་བ་དང། གསལ?་ཞེས་བྱ་བ་དང། རྣ་བ་འཁུམས་པ་ཞེས་བྱ་བ་དེ་ནི་གསོར་མི་རུང་དོ། །རྒྱུད་ཅན་ཅིག་བུ་ནི་རེ་ཞིག་འཚོ?་བ་ཙམ་དུ་གསོར་རུང་ངོ། །ལྷག་མ་ཉིད་ཤུ་ནི་གསོར་རུང་བ་ཡིན་ནོ། །དེ་ལྟར་རྣ
་བའི་ནད་ཀྱི་ནི། །དབྱེ་བ་ཉི་ཤུ་རྩ་ལྔར་བར་ཤད། །ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་རྣ་བའི་ནད་ཀྱི་དབྱེ་བ་ནི་གྲངས་ཉི་ཤུ་རྩ་ལྔ་ཡོད་དོ། །ཞེས་སློབ་དཔོན་གྱིས་བཤད་དོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ
་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་ཕྱི་མའི་གནས་ཀྱི་ལེའུ་བཅུ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རྣ་བའི་ནད་གསོ་བར་བྱའོ། །ཞེས་བྱ་བ་ལཌ་གོ་རིམ་གྱིས་ན་ལེའུ
་འདི་བརྩམས་པ་ཡིན་ནོ། །རླུང་ལས་གྱུར་པའི་རྣ་ནད་ལ། །ཤ་ཁུ་བླུད་ཅིང་རླུང་འཇམས་བའི། །སྨན་བསྐོལ་མར་ནི་མཚན་མོ་བླུད། །ཅེས་བྱ་བ་ལ། རླུང་ལས་གྱུར་བའི་རྣ་བའི་ནང་ལ་ནི། །མཚན་མོ་ཉལ་ཁར་ནད་པ་ལ་ཤ་ཁུ་བླུད་པར་བྱ
་ཞིང་རླུང་འཇོམས་པའི་སྨན་རྩ་བ་བཅུ་བ་ལ་སོགས་པ་དང་བསྐོལ་བའི་སྨན་མར་བླུད་པར་བྱའོ། །ན་བ་དུགས་བྱས་དེ་རྗེས་ལ། ། ཤྭཏཌ?་དང་ཨེ་རཎྜ། །བིལྦ་ཨརྐའི་ལོ་མའམ། །ཏིལ་མར་རྒྱམ་ཚ་བཅས་པ་དང། །ཕུར་མ་བཅོས་པ་བྱས་པ
་ཡིས། །ཁུ་བ་དྲོ་འཛམ་ཙམ་མམ་ནི། །ལ་ཕུག་གུ་གུལ་རྣ་བ་དགང། །ཞེས་བྱ་བ་ལ། རྣ་བ་དང་པོར་དུགས་བྱ་ཞིག་།སྣུམ་ཆོས་ཀྱི་ཆོ་ག་བྱས་ནས་དེའི་རྗེས་ལ་ཨ་ཤྭཏཋ་ལ་སོགས་པའི་ལོ་མའི་སྨན་གྱི་ཕུར་མ་བཙོ་བ་འམ་ཡང་ན། ལ
་བུག་དང་གུ་གུལ་བསྐོལ་བའི་ཁུ་བ་གང་ཡང་རུང་བས་རྣ་བ་བགང་བར་བྱའོ། །རླུང་འཇོམས་སྡེ་མཚན་སྒྱུར་རྣམས་དང། གཅིན་གྱི་ནང་དུ་སྣུམ་ཆེན་པོ་ནི། །བསྐོལ་བ་དེ་ནི་རྣ་བའི་ནད། །མི་བཟད་པ་ཡང་མྱུར་དུ་སེལ། །ཞེས་བྱ་བ་ལ། རླུང་འཇོམS
་པའི་སྡེ་ཚན་ཐང་ཤིང་ལ་སོགས་པ་དང།། སྐྱུར་ཏེ་སྐྱུར་རྩབས་དང་།ཞོ་ཁ་ཆུ་དང་དར་བ་ལ་སོགས་བ་རྣམས་དང། མ་ཧེ་དང་བ་ལང་སོགས་པའི་གཅིན་གྱི་ནང་དུ་སྣུམ་ཆེན་པོ་སྟེ། ཞུན་མར་དང་ཏིལ་མར་དང་རྐང་དང་ཞག་ཅེས་བྱ་བ
་བསྐོལ་བ་དེས་ནི་རྣ་བའི་ནད་མི་བཟད་ཅིང་མནགས་པར་དཀའ་བ་ཡང་སེལ་བར་བྱེད་དོ། །རྩ་བ་ཆེན་པོ་ལྔ་ཡི་ཤིང། །གང་ཡང་རུང་བ་སོ་མས་དཀྲི། །ཏིལ་མར་གྱིས་བསྐུས་འབར་བའི་རྩེ། །སྣུམ་འཇུག་འཕྲལ
་དུ་ནད་སེལ་བྱེད། །ཅེས་བྱ་བ་ལ། རྩ་བ་ཆེན་པོ་ལྔའི་ཤིང་གང་ཡང་རུང་བ་གཅིག་དང་།དེ་བཞིན་དུ་སར་ལ་ཞེས་བྱ་བའི་ཤིང་སོར་བཅུ་ཙམ་སོ་མས་ཆ་གསུམ་དཀྲིས་ལ་ཏིལ་མར་གྱིས་བསྐུས་ཏེ་འབར་བའི་ཙོ?་མོ་ལས་ཚིག
་པའི་ཚེ་སྣུམ་གང་ཞིག་འཛག་པར་གྱུར་པ་དེས་ནི་འཕྲལ་དུ་རྣ་བའི་ནད་སེལ་ཅིང་འཇོམས་པར་བྱེད་དོ། །དེ་བཞིན་ཐང་ཤིང་རུ་རྟ་དང། །སྒྲོན་ཤིང་ལས་ཀྱང་དེ་བཞིན་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་ཐང་ཤིང་ལ་སོགས་པ་དག
་ཀྱང་ཤིང་སོར་བཅུ་ཙམ་ལ་སོ་མས་དཀྲི་ཞིང་ཏིལ་མར་གྱིས་བསྐུས་ལ་འབར་བའི་རྩེ་མོ་ནས་འཛག་པའི་སྣུམ་གང་ཞིང་བྱུང་བ་དེ་བསགས་པ་དྲོ་འཇམ་ཙམ་དུ་བླུད་ན་ཡང་རྣ་བའི་ནད་འཕྲལ་དུ་སེལ་བར་བྱེད་དོ། །རླུང་ནད་ཆམ
་པ་ལ་བཤད་བའི། །གསོ་བ་འདིར་ཡང་ཕ་ན་པ་ཡིན། །ཞེས་བྱ་བ་ལ། རླུང་ནད་དང་རླུང་ལས་གྱུར་པའི་ཆམ་པ་ལ་ཕན་པའི་སྨན་གང་ཡིན་པ་དེ་འདིར་རླུང་ལས་གྱུར་པའི་རྣ་བའི་ནད་ཡང་ཕན་པ་ཡིན་ནོ། །མགོ་བོ་བཀྲུ་དང་ཆུ་དྲང
་བཏུང། །ཉིན་མོ་འང་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་དེ་ལ། མགོ་བོ་བཀྲུ་བ་དང། ཆུ་གྲང་བཏུང་བ་ནི་ཉིན་མོ་ཡང་སྤང་བར་བྱའོ། །མཁྲིས་གྱུར་ཁ་ར་དཀར་པོར་བཅས། །མར་གྱིས་སྣུམ་བྱས་བཀྲུ་སྨན་བཏང་།ཞེས་བྱ་བ
་ལ། མཁྲིས་པ་ལས་གྱུར་པའི་གཟེར་ནད་ལ་ནི། །ཁ་ར་དཀར་པོ་དང་བཅས་པའི་མར་གྱི་སྣུམ་གྱི་ཆོ་ག་བྱས་པ་ལ་མཁྲིས་པ་སེལ་བའི་བཀྲུ་སྨན་བཏང་བར་བྱའོ། །རྒུན་འབྲུམ་ཤིང་མངར་ནུ་ཞོ་བསྐོལ། །རྣ་བ་དགང་པའང་བསྔཌ
་པ་ཡིན། །ཞེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་པའི་སྤྱོད་བས་རྣ་བ་དགང་བ་ཡང་མཁྲིས་པ་ལས་གྱུར་པའི་རྣ་གཟེར་བ་ལ་ཕན་ནོ། །ཤིང་མངར་ཙན་དན་དུརྦ་དཀར། །པུ་ཤེལ་ཙ་དངར་མཉེ་གསེང་ཕྲོམ་སྤངས་པའི་ཙ་བ་དང་།པདྨའི་རྩ་བ་ཛི་བ་ག་།བཙོད་དང་ཐལ?
་ཏེ?་བསྐོལ་བ་དང། །ཤིང་མངར་ཁུ་བ་བྲེ་གང་དང། །འོ་མ་བྲེ་དོར་བཅས་པ?་དག་།ཏིལ་མར་ཕུལ་གང་བསྐོལ་བ་དང།།འདི་ཡིས་རྣར་བླུགས་རྣ་དག་བསྐུ། །ཡང་ན་སྦྲང་རྩི་ཉི་ཚེས་དགང། །གཟེར་དང་ཚ་དང་ན་བསེལ། །ཞེས་བྱ་བ་ལ། ཤིང་མངར་ལ
་སོགས་པའི་ལྡེ་གུ་དང། ཤིང་མངར་བསྐོལ་བའི་ཁུ་བ་བྲེ་གང་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་བསྐོལ་བ་ཏིལ་མར་འདི་རྣར་བླུགས་པ་ལ་སོགས་བྱས་ན། །གཟེར་བ་ལ་སོགས་པ་སེལ་བར་འགྱུར་རོ། །ཡང་ན་སྤྲང་རྩི་ཉི་ཚེས་བཀང
་ན་ཡང་གཟེར?་བ་ལ་སོགས་པ་སེལ་བར་བྱེད་དོ། །ཤིང་མངར་ལ་སོགས་མར་དང་བཅས་རྣ་བ་ཀུན་ཏུ་བྱུགས་པའང་ཕན། །ཞེས་བྱ་བ་ལ། ཤིང་མངར་དང་ཙན་དན་ལ་སོགས་པ་བཤད་མ་ཐག་པའི་སྨན་མར་དང་བཅས་པའི་ལྡེ་གུས་རྣ
་བ་ཀུན་ཏུ་བྱུགས?་ཤིང་བསྐུས་ན་ཡང་གཟེར་ལ་སོགས་པ་ལ་ཕན་ནོ། །བད་ཀན་ལ་གྱུར་པི་པི་ལིང། །མར་བསྐོལ་སྣུམ་གྱུར་སྐྱུག་ཏུ་གཞུག་།ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ན་བའི་གཟེར་ལ་ནི། པི་པི་ལིང་དང་ཞུན་མར་བསྐོལ
་བའི་སྣུམ་གྱི་ཆོ་ག་བྱས་ལ་སྐྱུགས་སྨན་བཏང་ཏེ་སློན་དུ་བཞུག་གོ། བད་ཀན་སེལ་བའི་སྣ་སྨན་དང། །མཁུར་བཀང་དུགས་དང་དུད་པ་བདུག་།ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྣ་བའི་གཟེར་ལ་བད་ཀན་སེལ་བའི་སྣ་སྨན་ལ
་སོགས་?་བྱའོ། །སྒོག་སྐྲ། སྒེའུ་གཤེར་ཤི་ཀྲུ་དང། ལ་ཕུག་ཆུ་ཤིང་མུ་རང་ག་། བསྐོལ་བའི་ཁུ་བ་དམ་པ་ནི། །དྲོ་འཇམ་རྣ་བར་བླུགས་ནའང་ཕན། །ཞེས་བྱ་བ་ལ། སློག་སྐྱལ་སོགས་བའི་ཁུ་བ་དྲོ་འཇམ་ཅོམ་བླུགས
་མ་ཡང་མཆོག་དུ་ཕན་པ་ཡིན་ནོ། ཨརྐའི?་མྱུ་གུ་སྐྱུར?་ཁུར་བཏགས། །ཏིལ་མར་ལྕམ་ཚ་བཅས་པ་གང། །སྨུ་ཧའི?་ཤིང་བུ་བྲུས་བར་ནི། །བཅུག་ལ་ཨརྐ་ལོ་མོས་གཡོགས། །ཕུར་མ་བཅོས་པའི་ཚུལ་དུ་བསྲེགས། །དེ་ཡི་ཁུ
་བ་གཟེར་འཇོམས་མཆོག་།ཅེས་བྱ་བ་ལ། ཤིང་ཨརྐའི་མྱུ་གུ་རང་སྒྱུར?་ལ་སོགས་བ་ཁུ་བ་སྐྱུར་པོའི་ནང་དུ་བཏགས་ལ་ཇི་སྐད་སྨོས་པའི་ཚུལ་དུ་ཕུར་མ་བཅོས་པའི་ཚུལ་དུ་བསྲེགས་བའི་ཁུ་བ་ནི་གཟེར་འཇོམས་པར་བྱེད་པའི
་མཆོག་ཡིན་ནོ། །མ་དུ་ལུང་གའམ་ཀ་བཏྟའི། །ཁུ་བ་བཀང་བ་བྱས་ན་ཕན། །ཞེས་བྱ་བ་ལ། ཡང་ན་མ་དུ་ལུང་གའི་ཁུ་བའམ་ཀ་པེཏྟའི་ཁུ་བས་བཀང་ནའང་གཟེར་བ་ལ་ཕན་ནོ། །ཡང་ན་ཆོས་བཀང་དེའི་རྗེས་ལ། །རྒྱ་མཚོ་དབུ་བའི་ཕྱེ་མས
་གདབ། །ཅེས་བྱ་བ་ལ། ཡང་ན་རྣ་བ་ཚས་བཀང་ལ་དེའི་འོག་ཏུ་རྒྱ་མཚོ་སྤུ་བའི་ཕྱེ་མ་བཏབ་ན་འང་ཕན་ནོ། །ར་ལུགས་གཅིན་དང་འོ་མའི་ཤུན། །ཏིལ་མར་བསྐོལ་བས་བཀད་ན་ཕན། །ཞེས་བྱ་བ་ལ། ཡང་ན་ར་ལུགས་གི་གཅིན་ལ་སོགས་པའི
་སྦྱོར་བའང་ཕན་ནོ། །ཡང་ན་ཡུངས་མར་ཤིང་ཀུན་དང། །གཡེར་མ་དུང་གྲ་བསྐོལ་བ་བླུགས། །ཞེས་བྱ་བ་ལ། ཡང་ན་ཡུངས་མར་ལ་སོགས་བའི་སྦྱོར་བ་ཇི་སྐད་སྨོས་བ་ལྟར་བཏང་ནའང་ཕན་ནོ། །ཁྲག་གྱུར་མཁྲིས་པ་ལྟ་བུར
་གསོ། །གཏང་ག་མྱུར་དུ་གདབ་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་རྣ་བའི་?་ལ་ཁྲིས་པ་ལས་གྱུར་བའི་རྣ་བའི་གཟེར་ལྟར་གསོ་བར་བྱའོ། །སྨིན་ཅིང་ན་བ་ཁྲག་འཛག་ལ། དུད་པ་མཁུར་བཀའ་སྣ་སྨན་བཏང། །
་སྦུ་གའི་ཆོ་ག་དག་དང་ནི། །རྨ་རེང་ཆོ་ག་གང་ཡིན་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་སྨིན་ཅིང། རྣག་འཇིག་པར་གྱུར་ན་དུད་པ་བརྡུབ་བ་ལ་སོགས་བ་སྦྱར་བར་བྱ་ཞིང་དེ་བྷིན་དུ་སྦུ་གའི་ཆོ་ག་ཇི་སྐད་བཤད་པ་དག་ཀྱང་སྦྱར་བར
་བྱ་བ་ལ། མ་རེད་པའི་གསོ་བ་གང་ཡིན་པ་དེ་ཡང་སྦྱར་བར་བྱའོ། །གས་པར་ཡེའུས་དུས་གཉིས་སུ། །རྣ་བ་ཕྱི་ཞིང་དག་པར་བྱ། །གུ་གུལ་དུད་པས་བདུགས་ནས་ཀྱང། །སྦྲང་རྩི་ཡིས་ཀྱང་དགང་བར་བྱ། །ཞེས་བྱ་བ་ལ། རྣ་བར་རྣག་ལ་སོགས་པ་ཆགས?
་ཤིང་གོས་པར་གྱུར་ན། །ངོས་བལ་ལེའུས་ཉིན་རེ་ཞིང་དུས་གཉིས་སུ་ཕྱི་ཞིང་དག་བར་བྱས་ལ། །དེའི་རྗེས་ལ་གུ་གུལ་གྱི་དུད་པས་ད་དུག་ཏེ་སྒྲང་རྩིས་ཡོངས་སུ་དགང་བར་བྱའོ། །བྱེའུ་རུག་ཁུ་བ་བསྐོལ་བ་དང། །བུ་རམ་ཁུ་བས་བསྒོས་བ་ཡིས། །
་རས་བ་ལ་ཡེའུ་རབ་ཕྲས་བྱུག་།དེ་ཡི་ཕྱེ་མ་གདབ་བར་བྱ། །ཞེས་བྱ་བ་ལ། ཡང་ན་རྣ་བ་རྣག་ཅན་དེ་བྱེའུ་དུག་པའི?་ཁུ་བ་ལ་སོགས་པས་བསྒོས་བའི་རས་བལ་གྱི་ཡེའུ་ཕྲ་མོས་བྱུག་བར་བྱ་བ་དང། །ཕྱེ་ལ་སོགས་བའི་སྨན་དེ་དག་ཞིབ
་ཏུ་བཏགས་བའི་ཕྱེ?་མས་གདབ་པར་བྱའོ། །གཟེར?་དང་བརྣགས་དང་ལྕི་བ་ལ། །ཆོ་ག་འདིས་ནི་བཟློག་བར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་བའི་ཆོག་འདི་ཉིད་ནི་གཟེར་ལ་སོགས་བ་ཡང་བཟློག་བར་བྱེད་བ་ཡིན་བར་དང་སྲོང་རྣམS
་ཀྱིས་བཤད་དོ། །པྲ་ཡིངཀུ་དང་ཨམོ?་བཥྚ?། ཤིང་མངར་དང་ནི་ད་ཏ་ཀི། ཨུཏཔལ་ཡི་ལོ་མ་དང་།བཙོང་དང་སེང་ཕྲོམ་རྒྱ་སྐྱེགས་དང། ཀ་བེཏྟ་ཡི་ཁུ་བ་དང། །ཏིལ་མར་བསྐོལ་དེ་རྣར་བླུགས་ན། །རྣག་འཛག་པ་ནི་མྱུར་འཆད
་བེདྲ?། །ཅེས་བྱ་བ་ལ། པྲི་ཡངཀུ་ལ་སོགས་བའི་ལྡེ་གུ་དང། །ཀ་པེཏྟ་ལ་སོགས་བ་ཁུ་བ་དང་ཏིལ་མར་བསྐོལ་བའི་ཏེལ་མར་དེ་རྣ་བ་བླུགས་ཤིང་བཀང་ན་རྣག་འཇིག་པ་མྱུར་དུ་འཆང་བར་བྱེད་དོ། །སྒྲ་བཅས་འོན་བ་དག་ལ་ནི། །རླུང
་གུ?་གི?་ཟེར་།འཇོམས་སྨན་བཏང་བྱའོ། །ཞེས་བྱ་བ་ལ། ན་བ་སྒྲ་དང་བཅས་བས་འོན་པར་གྱུར་བ་གཉིས་ལ་ནི། རླུང་གི་རྣ་བའི་ནད་ཀྱི་གཟེར་འཇོམས་བར་བཤད་བའི་སྨན་གང་དག་ཡིན་པ་བཏང་བར་བྱའོ?།། བད་ཀན་ལས་གྱུར།། །།
་བད་ཀན་ནི། །སློན་སྨན་སོགས་ཀྱིས་དང་པོར་བསལ། ཞེས་བྱ་བ་ལ། སྒྲ་དང་བཅས་པ་དང་འོན་པ་བད་ཀན་ལས་གྱུར་པ་དག་ལ་ནི་དང་པོར་སློན་སྨན་ལ་སོགས་པས་བད་ཀན་བསལ་བར་བྱའོ། །ེརཎྜ་དང་ཤི་ཀྲུ་དང། །ལ་ཕུག་གཞོན་ནུའི
་འོ་མ་དང། །ཁུ་བཏིལ་མར་བཞི་འགྱུར་དང། །ལོམ་བརྒྱད་འགྱུར་བཅས་པ་དང། །ཤིང་མངར་ར?་མཉེ་བའི་ལྡེ་གུ། །བཅས་པར་བསྐོལ་ལ་རྣ་བླུགས་དང། །སྐུ་དེང་རྣ་བ་བཀང་བ་ཡིས། །སྒྲ་བཅས་འོན་དང་བཟེད་པ་འཇོམས། །ཞེས་བྱ་བ་ལ། ཨ་རཎྜ་ལ་སོགས
་པའི་ལོ་མ་བསྐོལ་བའི་བུ་བ་དང། ཏིལ་མར་དེའི་བཞི་འགྱུར་དང། ལོ་མ་ཏིལ་མར་བརྒྱད་འགྱུར་དང་བཅས་པ་རང་ཤིང་མངར་དངར?་མཉེ་བ་ལྡེ་གུ་བསྐོལ་ཏེ་ཏིལ་མར་ལུས་པ་སྣར་བླུག་བལ་སོགས་བ་བྱས་ན་སྒྲ་ལ་སོགས་དང་བཅས་པའི་ནད་འཇོམས་པར་བྱེད་དོ། །ཤིང
་ཀུན་བོང་ང་དཀར་པོ་དང། །ཤུ་ཏི་སྦྱར?་ཤུན་སྭརྫི་གཏིལ་མར་ཚ་དང་བཅས་བསྐོལ་བས། །བཀང་ན་གཟེར་དང་ཆུ་སེར་འཇག་།སྒྲ་བཅས་འོན་བསེལ་བར་བྱེད། །ཅེས་བྱ་བ་ལ། ཤིང་ཀུན་ལ་སོགས་བའི་ལྡེ་གུ་དང། ཏིལ་མར་གྱི་བཞི་འགྱུར་གྱི་ཚ་དང།
་བསྐོལ་བའི་ཏིལ་མར་གྱིས་རྣ་བ་བཀང་ན་རྣ་བ་གཟེར་བ་དང་བཅས་པ་ཡང་སེལ་བར་བྱེད་དོ། །རྣ་བ་སྒྲ་དང་བཅས་པ་ལ། །ཡུངས་བར་གྱིས་ནི་བཀང་ན་ཕན། ཞེས་བྱ་བ་ལ་རྣ་བ་སྒྲ་ཟི་ཟི་པོ་དང་བཅས་པ་ལ་ནི། ཡུངས་ཀར་བཙིར་བའི་མར་གྱིས་རྣ་བ
་དགང་བར་བྱའོ། །ལ་ཕུག་སྐམ་པོའི་དུམ་བུ་ཡིས། །ཐལ་བ་ཤིང་ཀུན་བཅའ་སྒ་དང། ཤུ་ཏི་རུ་རྟ་ཤུ་དག་དང། ཐད་ཤིང་ཤི་ཀྲ་སྐྱར་ཁཎྜ། །ཡ་བཀྵ་ར་ཙགས་རུ་ཚ། རྒྱམ?་ཚ?་རྡུལ་ཆ་སྭརྫི?་ཀ།སྟག་པའི་མཛེད་པ་ཁ་པུ་ཚ། །གླ་སྒུང་རྒན་ཚ་བཞི
་འགྱུར་དང། །བ་ལུང་ཁུ་བ་དེ་དང་འདྲ། །ཆུ་ཤིང་ཁུ་བ་མཉན་བསྐོལ་བའི། །ཏིལ་མར་བསྐལ་བའི་རྣ་བའི་ནང། །གཡའ་དང་སྒྲ་བཅས་འོན་པ་དང། །རྣག་འཇིག་གཟེར་ཞིང་སྲིན་བུ་ཅན། ཤིན་ཏུ་གསོ་དཀའ་ཐལ་མན་གྱིས་ཏིལ་མར་གྱི་ནི་མྱུར་དུ
་འཇོམས། །ཁ་དང་སོ་ཡི་ནད་ལའང་ཕན། །ཞེས་བྱ་བ་ལ་ནི?་ལ་ཕུག་སྐམ་པོའི་དུམ་བུ་ཐལ་བར་བྱས་པ་དང། ཤིང་ཀུན་ལ་སོགས་པའི་སྨན་བཞི་འགྱུར་རྒུན་ཚ?་དང། བ་ལུང་གི་ཁུ་བ་བཞི་འགྱུར་དང་ཆུ་ཤིང་གི་ཁུ་བ་བཞི་འགྱུར་དང། ཏིལ་མར་བསྐོལ?་ལ་རྣ་བ
་བཀང་ན་རྣ་བའི་ནད་གསོ་དཀའ་བ་ཡང་མྱུར་དུ་སེལ་བར་བྱེད་ལ་ཐལ་བའི་ཏིལ་མར་འདི་ནི་ཁ་དང་སོའི་ནད་ལ་ཡང་ཕན་ཞིང་བསྔགས་པ་ཡིན་ནོ། །དེ་ནད་ཚོར་བ་མེད་པ་ལ། །ཉེ་བ་ལ་ནི་གཏར་ག་གདབ། །ཅེས་བྱ་བ་ལ། དེ་ནས་རྣ་བ་ཚོར་བ་མེད་ཅིང་བེམ
་བེམ་པོར་གྱུར་ན་དེ་དང་ཉེ་བ་ལས་གཏང་ག་གདབ་བཅིང་ཁྲག་དབྱུང་བར་བྱའོ། །སྐྲང་ཞིང་བརྣགས་ལ་ཐོས་བ་ནི། །མི་གསལ་གྱུར་ལ་སྐྱགས་སྨན་བཏང། །ཞེས་བྱ་བ་ལ། རྣ་བ་སྐྲང་ཞིང་རྣག་འཛེག་པ་དང་ཐོས་པ་མི་གསལ་ཞིང་འོན་པ་ལ་ནི་སྐྱུགས
་སྨན་བླུད་དེ་སློན་དུ་གཞུག་པར་བྱའོ། །བྱིས་པ་རྒན་དང་ཡུན་རིང་དུ། །ལོན་པའི་འོན་བ་སྤང་བར་ཡ། །ཞེས་བྱ་བ་ལ་བྱིས་བའི་ཆེ་ནས་འོན་པ་དང། །རྒས་ནས་འོན་པ་དང་ཡུན་རིང་དུ་འོན་ཞིང་ལོ་མང་པོ་ལོན་པ་ནི། །གསོར་མི་རུང་བས་སྤང་པར
་བྱའོ། །སྒྲ་བཅས་བརྣགས་པར་གྱུར་པ་ལ། །སྣམ་དང་དུགས་བྱ་ས་དག་པར་བྱ། །རྣ་བ་སྦྱངས་ནས་དེ་རྗེས་ལ། །རྣ་བ་སྦྱངས་པའི་ཏིལ་མར་ངག་།ཁ་ལུང་ཁུ་བ་རྒྱམ་ཚ་དང། །ཚ་དང་སྦྲང་རྩི་བཅས་པའང་བླུགས། །ཞེས་བྱ་བ་ལ། རྣ་བ་སྒྲ
་དང་བཅས་ཤིང་བརྣགས་པར་གྱུར་པའི་རྣ་ནད་ལ་ནི་སྣུམ་དང་དུགས་བྱས་བས་རྣ་བ་སྤངས་ཤིང་གཤེར་བར་བྱས་ལ་དེའི་འོག་ཏུ་རྣ་བའི་ཡེའུས་སྦྱང་ཞིང་དག་པར་བྱའོ། །དེ་ལྟར་རྣ་བ་སྤྱངས་ནས་དེའི་རྗེས་ལ་རྣ་བ་སྦྱང་པའི་ཏིལ་མང་ཇི་སྐད་སྨོས
་པས་དགང་བའམ། །ཡང་ན་ཁ་ལུང་ལ་སོགས་པའི་སྨན་རྣ་བར་བླུགས་པར་བྱའོ། །བྱ་བྱས་རྩུབ་པར་གྱུར་ན་ནི། །མར་གྱི་སྙིང་ཁུ་ངག་པར་བྱ། ཞེས་བྱ་བར་སྦྱང་བས་སྦྱངས་ཤིང་དག་པར་བྱས་པས་རྣབ་རྩུབ་པར་གྱུར་ན། མར་གྱི་ཉིང་ཁུས་རྣ་བ་གཉིས་བཀང་བས་?
་རིམ་འདི་རྣ་སྦབས་གྲང་ལའང་བྱ། །ཞེས་བྱ་བ་ལ། རྣ་བ་རྣ་སྤབས་ཀྱིས་གང་བ་ལ་ཡང་སྔར་བཤད་པའི་རིམ་པ་འདི་ཉིད་ཕན་ནོ། །གཡའ་དང་སྐྲང་ལ་རྣ་སྨན་སོགས། །བད་ཀན་སེལ་བར་བྱེད་པ་ཕན་ནོ། །སྐང?་བར་ཚ?་དང
་དྲོ་བར་དབྱུག་།ཅེས་བྱ་བ་ལ་རྣ་བ་གཡའ་བ་ཞེས་བྱ་བའི་རྣ་ནད་ལ་ནི། །རྣ་སྨན་དང་དུད་པ་བརྡུབ་པ་དང། །བཟའ་བ་དང་བཏུང་བ་ལ་སོགས་པ་བད་ཀན་སེལ་བ་ངག་ཕན་ནོ། །དེ་བཞིན་དུ་སྐྲད་པ་ལ་ཡན་རྣ་སྨན་དུད་པ་བརྡུབ་པི?་ལ་སོགས
་པ་ཕན་ནེ། །འདིར?་སྐྲངས་པ་ལ་ནི་ཁྱད་པར་དུ་ཚ་བ་དང། དྲོ་བའི་སྨན་གྱིས་ལྡེ་གུས་བྱུག་པ་ཕན་ནོ། །རྣ་བརྣག་འཛག་འབུ་ཅན་ལ། །ན་པ་ཆུ་འཛག་གསོ་བར་བྱ། །ཞེས་བྱ་བ་ལ། རྣ་བ་རྣག་ཅན་དང་རྣ་བ་སྲིན་བུ་ཅན་ལ་ནི་རྣ་པ་ཆུ་འཛག
་པའི་གསོ་བ་ཐམས་ཅད་བྱས་ན་ཕན་ནོ། །མཆོག་ཏུ་རྣ་ནད་སྲིན་ཅན་ལ། ཡུངས་མར་དྲོན་པོ་བླུགས་པར་བྱ། །ཞེས་བྱ་བ་ལ། རྣ་ནད་སྲིན་བུ་ཅན་ལ་ནི་ཁྱད་པར་དུ་ཡུངས་མར་དྲན་པོས་དགང་བར་བྱའོ། །རྣ་བའི་འབྲས་ལ་ཁོང་འབྲས་ཀྱི། །གསོ་བ
་དང་ནི་སྦྱུགས་སྨན་བཏང། །ཞེས་བྱ་བ་ལ། རྣ་བའི་ཁོང་འབྲས་སྨིན་པ་དང། མ་སྨིན་ང་འདི་སྔར་བཤད་པའི་ཁོང་འབྲས་ཀྱི་གསོ་བ་ཇི་སྐད་བཤད་པ་བཞིན་བྱ་ཞིང་སྐྱུགས་སྨན་བཏང་བས་གསོ་བར་བྱའོ། །སྣང་བའི་ཁོར་འབྲས་གསོ་བ་ནི། །མཁྲིས
་གྱུར་རྣ་གཟེར་གསོ་བར་བྱ། །ཞེས་བྱ་བ་ལ། སྣང་པའི་ཁོང་འབྲས་ལ་ནི། །མཁྲིས་པ་ལས་གྱུར་བའི་རྣ་བ་གཟེར་བའི་གསོ་བ་ཐམས་ཅད་བྱའོ། །འབྲུམ་བུ་ཐོར་བུ་སྣ་ལྟར་བྱ། །ཞེས་བྱ་བ་ལ། རྣ་བའི་འབྲུམ་བུ་དང། །རྣ་བའི་ཐོར་བུ་ལ་ནི། །
་སྣའི་འབྲུམ་བུ་དང་ཐོར་བུ་ལྟར་གསོ་བར་བྱའོ། །རྣ་བ་གས་པ་མ་སྨིན་ལ། །རྣ་པའི་ཁོར་འབྲས་ལྟར་གསོ་ཞིང། །ནད་གཞི་ཇི་བཞིན་ལས་ཀྱང་བྱ། །ཞེས་བྱ་བ་ལ། རྣ་བ་གས?་པ་ཞེས་བྱའི་ནང་མ་སྨིན་པ་ལ་ནི་རྣ་བའི་ཁོང་འབྲས་ཀྱི་གསོ་བ་ཇི
་སྐད་སྨོས་བ་ལྟར་བྱ་ཞིང་དེ་བཞིན་དུ་ནད་གཞི་ཇི་ལྟ་བུའི་ཚུལ་ཀྱང་གསོ་བར་བྱའོ། །རྣ་བཤལ་བསྐམས་ལ་རླུང་གཟེར་ལྟར། །སྣ་སྨན་བསྐུ་བ་ལ་སོགས་བྱ། །དུགས་བྱ་སྙི་བར་གྱུར་པ་ན། །རྣ་བཤལ་ཏིལ་མར་བསྐུས་ཤིང་མཉེ?། །ཤིང་མངར་པི་ལ་ཡ་ས
་བོན། ཨ་ཤྭ་གནད་ནས་བཅས་བསྐུ། །ཞེས་བྱ་བ་ལ། རྣ་བཤལ་བསྐམ་པ་ཞེས་བྱ་བའི་རྣ་བའི་ནད་ལ་ནི་རླུང་ལས་གྱུར་པའི་རྣ་བའི་གཟེར་ལུང་སྣ་སྨན་དང་བསྐུ་བ་དང་དུགས་ལ་སོགས་པ་བྱའོ། །དེ་ལྟར་དུགས་ཀྱིས་སྙི་བར་གྱུར་པ་དང། །རྣ་བཤལ
་ཏིལ་ནང་གྱིས་བསྐུས་ལ་པི་ལ་ཡའི་ས་བོན་ལ་སོགས་པ་བསྐུ་ཞིང་མཉེ་བར་བྱའོ། །དེ་ནས་རྒྱས་བྱེད་སྣུམ་གྱིས་ནི། །བསྐུ་བརྟག་ཏུ་བསྟེན་པར་བྱ། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རྣ་བཤལ་མཉེས་པའི་རྗེས་ལ་རྒྱས་བར་བྱེད་པའི་སྣམ་གྱིས་རྟག
་ཏུ?་སྐུ་བར་བྱའོ། །ཉེའུ་ཤིང་ཨ་ཤྭ་གནS?་དང། །ེ་རཎྜ་དང?་པ་ཡསྱ། །ཛི་བ་ཀ་དང་འོ་མར་བཅས། །ཏིལ་མར་བསྐོལ་བས་བསྐུ་བ་ནི། །རྣ་བཤལ་རྒྱས་བྱེད་མཆོ་ཡིན་ནོ། །ཞེས་བྱ་བ་ལ། ཉེའུ་ཤིང་ལ་སོགས་པ་བསྐོལ་བའི་ཏིལ་མར་གྱིས་བསྐུ་བ་ནི།
་རྣ་བཤལ་མཆོག་ཏུ་རྒྱས་པར་བྱེད་པ་ཡིན་ནོ། །འཚོ་བྱེད་སྡེ་ཚན་ལྡེ་བུ་དང། །རླན་ཅན་ཤ་ནི་བསྒོལ་བ་དག་།རྣ་བཤལ་འཕལ་ཞིང་རྒྱས་བྱེད་ཡིན། །ཞེས་བྱ་བ་ལ། འཚོ་བྱེད་ཀྱི་སྡེ་ཚན་གྱི་ལྡེ་གུ་ལ་སོགས་པ་དང་བསྐོལ་བ་ཡང་ཕན་ནོ། །རྣ་བཤལ་རབ?
་ཟད་བཅད་བ་ནི། ལྷག་མར་སྦྱང?་ལ་གསོ་ཞིང་བསྐྱེད། །ཅེས་བྱ་བ་ལ། རྣ་བཤལ་ཤིན་ཏུ་ཟང་ཅིང་ཆར་དུ་ཉེ་བ་ལ་ནི། །བཙགས་བུས་བཅད་ལ། བཤལ་ལྷག་མ། །སྡོམ་པོ་དེ་ཇི་སྐད་བཤད་པའི་རིམ་པ་བཞིན་དུ་སྦྱར་ལ། དེའི་འོག་ཏུ་གསོ་ཞིང
་བསྐྱེད་པར་བྱའོ། །དེ་བཞིན་རྒྱུད་འདྲ་ཚེ་ཙམ་བྱ། །ཞེས་བྱ་བ་ལ། ཚུལ་དེ་བཞིན་དུ་པི་ཝང་གི་རྒྱུད་འདྲ་བ་ཞེས་བྱ་བའི་ན་བའི་ནད་ཀྱང། འདི་བཞིན་དུ་རེ་ཞིག་མི་ལབ་ཙམ་དུ་གསོ་བར་བྱའོ། །དབྱར་བ་ཞེས་བྱ་བའི་མིག?་ནད་ལ་ཡང?་བཤད་མ་ཐག་པའི
་ཆོ་ག་འདི་ཉིད་བྱའོ། །འབྱར་བ་ལ་ཡང་ཆོ་ག་འདི། །གནོད་གྱུར་བསིལ་སྨན་བསྐུ་བ་དང། །སྲིད་བུ་པདྨས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། གནོད་པར་གྱུར་པ་ཞེས་བྱ་བའི་རྣ་ནད་ལ་ནི་བསིལ་སྨན་བསྐུ་ཞིང་སྲིན་བུ
་པདྨས་གཏེར་ག་བྱའོ། །འཛམ་བུ་ཨ་མྲའི་ལོ་མ་དང། །བ་ལ་ཤིང་མངར་སེང་བྲོམ་ཏིལ། །བཙོད་དང་ཨུད་པལ་ཀ་དམྦ?། །ཐལ་ཏྲེས་ཏིལ་མར་བཅས་པ་དང། །སྐྱུར་རྩབས་བཅས་པར་བསྐོལ་བ་འདི། །ཏིལ་མར་བསྐུ་བར་བྱ་བ་དང། མེ?་དཔལ
་སྐབས་བཤད་མར་གྱིས་བསྐུ། །ཞེས་བྱ་བ་ལ། གནོད་པར་གྱུར་པ་ཞེས་བྱ་བའི་མིག་ནད་ལ་ནི། །འཛམ་བུ་ལ་སོགས་པའི་ལྡེ་གུ་དང། །ཏིལ་མར་དང་དེའི་བཞི་འགྱུར་གྱི་སྐྱུར་རྩབས་དང་བསྐོལ་པའི་ཏིལ་མར་བསྐུས་ན་ཕན་ནོ། །ཡང་ན་མེ་དཔལ་གྱི
་སྐབས་སུ་བཤད་པའི་སྨན་མར་གྱིས་བསྐུ་བར་བྱའོ། །མཉེ་བ་གོད་ཀརྐ་ཏ། །ཞག་དང་བཅས་པའི་ཏིལ་མར། །ཏཱ་ལའི་ལོ་མ་ཨརྐ་དང། ། ཤྭ་གནད་བྱེའུ་རུབ་པ། །སོ་མར་ཛ་འབྲས་བུ་དང། །རྒྱམ་ཚྭ་ལང་ག་ལིར་བཅས་བསྐོལ། །ཏིལ་མར
་བསྐོལ་བར་བྱ་བ་དང། །རྣ་སྨན་རྣོན་པོ་བཏང་བར་བྱ། །ཞེས་བྱ་བ་ལ། མཉེ་བ་ཞེས་བྱ་བའི་རྣ་བའི་ནད་ལ་ནི་གོང་དང། ཀརྐ་ཏ་ཞེས་བྱ་བ་ཀུ་ཏ་ལིར་གཉིས་ཀྱི་ཞག་དང་བཅས་པའི་ཏིལ་མར་ལ་སོགས་པ་བསྐོལ་བྱས་བསྐུ་བར་བྱ་བ་དང། དེ
་བཞིན་དུ་སྣ?་སྨན་རྣོན་པོ་དག་ཀྱང་བཏང་བར་བྱའོ། །དབུག་ཉེས་པ་ལ་ཨ་སྨན་ཏ། །འཛམ་བུ་ཨ་མྲའི་ལོ་མ་ནི། །བསྐོལ་བའི་ཁུ་བ་བླུགས་པར་བྱ། །རྣ་བ་ཤལ་ཏིལ་མར་གྱིས་བསྐུས་ཤིང། །ཤིང་མངར་བཙོད་དང་སྟག་ཚེར་བ། །ཡུང་བ
་ཕྱེ་མ་ཞིབ་པོ་གདབ། །རྒྱ་སྐྱགས་བྱི་དང་ག་བསྐོལ་བའི། །ཏིལ་མར་གྱིས་ནི་བསྐུས་ན་ཕན། །ཞེས་བྱ་བ་ལ། དབུག་པ་ཉེས་པའི་རྣ་བའི་ནད་ལ་ནི། ། སྨན་ཏ་ཀ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུགས་པར་བྱ་བ་ལ་སོགས་པའི་སྦྱོར་བ་བྱའོ།
་ཡང་ན་རྒྱ་སྐྱེགས་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་གྱིས་བསྐུས་ན་དབུག་ཉེས་པའི་སྡུག་བསྔལ་འཕེལ་བ་ཞེས་བྱ་བ་སེལ་བར་བྱེད་དོ། །སྲིན་བུས་ཟོས་ལབ་ལྕི་བས། །ལན་མང་དུ་ནི་དུགས་བྱས་ལ། །བྱི་དང་གཡི?་སྙིང་པོ་ནི། །ལུག་གཅིན་དང་སྦྱར་ལྔ
་གུས་བསྐུ། །ཞེས་བྱ་བ་ལ། སྲིན་བུས་ཟོས་པའི་ནད་རྣ་བ་བལྡག་པ་ཞེས་བྱ་བའི་ནད་ལ་ནི་པའི་ལྕི་བས་དུགས་བྱས་པ་ལ་སོགས་པའི་སྦྱོར་བ་བྱའོ། །དུག་མོ་ཉུད་དང་ཨིད་གུ་དང། །ཀརཉྫ?་ཡི་ས་བོན་དང། །དོང་ཀྲའི་ཤུན་པའི་ལྡེ་གུས་བསྐུ། །ཞེས་བྱ
་བ་ལ། ཡང་ན་དུག་མོ་ཉུང་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ནད་དེ་ལ་ཕན་ནོ། །ཡང་ན་དེ་དང་ནིམཔ?་ཡི། །ལོ་མ་ན་ལེ་ཤམ་དང་བཅས། །སྦྲང་རྩི་ལྡེ་གུས་རྨལ་བསྐུ། །ཞེས་བྱ་བ་ལ། ཡང་ན་འབུས་བལྡགས་པ་ཞེས་བྱ་བའི་ནང་དེ་ལ། སྔར
་བཤད་པའི་སྨན་དུག་མོ་ཉུང་ལ་སོགས་པ་དེ་དག་ཀུན་དང་ནིམཔའི་ལོ་མ་ལ་སོགས་པའི་སྨན་ལུག་གི་གཅིན་དང་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །རྣ་བ་ཆང་ལ་སྦྱང་བྱས་ཏེ། །སྐྱོན་མེད་ཁྲག་དང་དེ་འཚམ་པའི། །བཅིང་པ་དག་གིས་སྦྱར་པར
་བྱ། སྦྱར?་ནས་འཕྲལ་བཅད་སྦྱར་བར་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་ཀྱིས་ཆད་པའམ་སྟོབས་ཀྱིས་དྲངས་ཏེ་རྣ་བ་ཆད་པ་ལ་སློན་པ་དང་ཁྲུས་ཀྱིས་སྦྱང་བ་བྱ་སྟེ། ནད་ཀྱི་སྐྱོན་མེད་པའི་ཁྲག་དང། དེ་དང་འཚམ་པའི་བཅིང་བདག་གིས
་བཅིངས་ཏེ་སྦྱར་བར་བྱ་ལ། དེ་ལྟར་སྦྱར་ནས་ནི་བཅད་མ་ཐག་པའི་དག་པར་བྱ་བའི་ཚོགས་སྦྱང་བར་བྱའོ། །དེ་ནས་སྐྲ་མཐར་མདུད་བྱ་སྟེ། །རྣ་བཤལ་བཅད་དང་ཞལ་ཞལ་བྱ། །བཅད་པ་དང་ནི་བསྲུང་བ་བྱ། །མཚམས་ནི་མཉམ་པར་སྦྱར་བྱ་ཞིང།
་མཐོ་དམན་མེད་པ་ཉིད་དུ་བྱ། །ཞུན་མར་དང་ནི་སྦྲང་རྩི་བྱུག་།རས་བལ་གྱིས་ནི་གླན་པ་དང། །སྐུད་པས་དམ་ལྟོད་རན་པར་བཅིངས། །རྨ་ཡི་ཁྲག་ནི་བཅད་པ་ཡི། །སྨན་གྱི་ཕྱེ་མ་གདབ་བྱ་ཞིང། །སྤྱོད་པ་དེ་ལ་བསྟན་པར་བྱ། །ཞེས་བྱ་བ་ལ། དེ་ནས
་དེའི་རྗེས་ལ་ནང་པའི་སྐྲའི་ཐ་མའི་འཚམས་སུ་མདུད་པ་བྱས་ལ། རྣ་བཤལ་བཅས་པ་དང། ཞལ་ཞལ་བྱ་བ་དག་བྱས་ནས་རྣ་བའི་མཚམས་ཤིན་ཏུ་མཉམ་ཞིང་ལེགས་པར་སྦྱར་ལ། མཐོ་དམན་མེད་པ་ཉིད་དུ
་བྱས་ཏེ་བཞག་ལ། དེའི་འོག་ཏུ་ཞུན་མར་དང། སྤྲང་རྩིས་བྱུགས་པའི་རལ་བལ་གྱིས་གླན་ལ། སྐུད་པས་ཤིན་ཏུ་དམ་པར་ཡང་མ་ཡིན་ལ། ཤིན་ཏུ་ལྷོད་པར་ཡང་མ་ཡིན་པར་ངན་པར་བཅིངས་ལ་ཁྲག་བཅད་པའི་ཕྱེ་མ་གཏང་ཀའི
་སྐབས་ནས་སྨོས་པའི་ཕྱེ་མས་གང་བ་པར་བྱ་ལ། །དེའི་འོག་ཏུ་རྨལ་ཕན་ཞིང་གནོད་པ་མེད་པའི་སྤྱོད་པ་གང་དག་ཡིན་པ་དེ་ལ་བསྟན་ཅིང་བསླབ་པར་བྱའོ། །ཞག་བདུན་ནས་ནི་བཙོས་པ་ཡི། །རྟིལ་མར་བསྐུས་ལ་རས?་བལ་དགྲོལ། །ལེགས་འབྱོར་སྦུ་ནི
་སྐྱེས་བ་དང། །མཚམས་འབྱོར་མཉམ་ཞིང་བསྟན་པ་དང། །ཚད་ལྡན་ནད་ནི་མེད་པ་དང། །རིམ་གྱིས་རྣ་བ་བསྐྱེད་པར་བྱ། །ཞེས་བྱ་བ་ལ། ཞག་བདུན་གྱི་རྗེས་ལ་ཏིལ་མར་སྨན་མ་བཙོས་པས་བསྐས་ལ། །སེ་བལ་བལ་བལ?་གྱིས་བཀྲོལ་ཏེ། རྣལ
་ལགས་པར་འབྱོར་ཅིང་སྤུ་སྐྱེས་པ་དང། མཚམས་འབྱོར་ཅིང་མཉམ་པ་ལ་སོགས་པ་དང་ལྡན་ནས་རིམ་གྱིས་རྣ་བ་དེ་བསྐྱེད་ཅིང་འཕེལ་བར་བྱེད་དོ། །ཉ་ལྕིབས་ཁ་སྲལ་ཕྲེའུ་དང། ཁྲི་ཧ་ཏི་འབྲས་སེལ་པོ་གཉིས། །བ་ལ་ཧ་རི་པི་པི་ལིང། ། ཤྲ་གནད
་ཡུངས་ཀར་སེད། །ཀོ་ཤ་ཏ་ཀའི་རྩུབ་དང། །ཀ་ར་པཱི་ར་ཏུ་ཤི་ཀ་།ལོ་མ་བདུན་པ་པི་པི་ལིང། སན་བ་སྦྲང་མའི་གནས་འདི་ན། །བྱེའུ་ཆུ་སྐྱེས་སྲིན་པུའི་ཤ་།དེ་བཞིན་སྲང་ཕྲོམ་སྡོང་བུ་རྣམས། །འདི་དག་ལྕེ?་གུས་ཏིལ་བར་བཅས། །མ་ཧེའི་མར་དང་གྲང
་པོ་རྟའི། །གཅིན་དང་བཅས་པར་བསྐོལ་བ་ནི། །བསྐུས་ན་རྣ་བ་འཕལ་བྱེད་མཆོག་།ཅེས་བྱ་བ་ལ་།ཉ་ལྕིབས་ལ་སོགས་པ་དང་སྦྲང་མ་རྩི་པས་ཤིང་རང་གི་གནས་སུ་བྱས་པའི་ས་དང། བྱེའུ་ལ་སོགས་པ་འདི་དག་བཏགས་པ་ལྔ་གུར་བྱས་ལ་ཏིལ་མར་དང
་བཅས་པའི་མ་ཧེའི་གཅིན་ལ་སོགས་པ་ཐལ་ཆེས་པ་ཙམ་གྱི་བར་དུ་བསྐོལ་བས་བསྐུས་ན་ཡང་རྣ་བ་འཕེལ་བར་བྱེད་པའི་སྨན་གྱི་མཆོག་ཡིན་ནོ། །དེ་ནས་ན་ཚོད་ལྡན་པ་ཡི། །སྦྱང་བ་བྱས་ནས་སྣ་ཆང་གསོ། །སྣ་དང་མཉམ་པའི་ཤ་ལྤགས་ནི། །མ་བར་ཆོས་ལ
་ནི་བཅང་ནས་ཀྱང། །སྣ་དང་ཉེ་བའི་ཤ་ལྤགས་ནི། །སྲབ་མོ་ཉིད་དུ་བཞར་བར་བྱ། །དེ་ནས་ངས་པ་ལ་བཅས་པ་ཡི། །ཁབ་ཀྱིས་མཁུར་ལ་བཅོམ་པར་བྱ། །ཞེས་བྱ་བ་ལ། དེ་ནས་མིན་ཆོད་དང་ལྡན་ཞིང། །གཞོན་པར་གྱུར་པ་སྦྱང་པ་བྱས་ནས་རྣ་ཆང་དགས་པར
་བྱ་སྟེ། དེ་ཡང་ནད་པ་དེ་ཉིད་ཀྱི་སྣ་དང་མཉམ་པའི་ཤིང་ལ་སོགས་པའི་ཤུན་པ་བད་ལ་དེ་དང་མཉམ་པའི་པགས་པ་དང་ཤ་མཁུར་ཆོས་ལས་བཅད་དེ་སྣ་དང་ཉེ་བའི་ཤ་དང་པགས་པ་དེ་སྲབ་མོར་བྱའོ། །དེ་ནས་རས་བལ་གྱིས་བསྐུ་བ་དང་ལྡན་པའི་ཁབ་ཀྱིས
་མཁུར་བ་ནས་མཁུར་བར་བཅོམས་ཏེ་བསྟོད་པར་བྱའོ། །སྣ་བཅང་མཚོན་གྱིས་བཞར་ནས་ནི། །མཁུར་ཚོས་ལས་བཅང་པགས་པ་ཡིས། །སྣ་ནི་ལེགས་མོར་བཅོམས་པར་བྱ། །ཁ་ཡི་དབུགས་ནི་དབྱུང་བའི་ཕྱིར། །སྣར་ནི་སྦུ་གུ་ཅན་གཞུག་བྱ། །ཞེས་བྱ་བ
་ལ། སྣང་ནས་དེའི་འོག་ཏུ་སྣ་བཅད་པའི་འཕྲོ་དེ་མཚོན་གྱིས་བཞར་ནས་མཁུར་ཚོས་ལས་བཅང་པའི་པགས་པ་རློག་སྟེ། པགས་པ་སྟེང་དུ་ཕྱུང་ལ་སྣ་དང་ལེགས་པར་བཙེམས་ལ་གླན་ནས་ལེགས་པར་གྲུབ་པར་བྱའོ། །དེ་ནས་ཁའི་དབུགས་འབྱུང
་བར་བྱ་བའི་ཕྱིར་སྣའི་ནང་དུ་སྤུབས་ཅན་སྨྱུག་མ་ལ་སོགས་པ་གཉིས་གཞུག་པར་བྱའོ། །དེ་རྗེས་ཏིལ་མར་སློན་པར་བསྐུ། །རྨ་ནི་སྦྲང་རྩི་སྦྱར་བ་བསྐུ། །ཁྲག་བཅས་པའི་རྨ་གཞན་ཡང། །ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ། །དེ་ནས་མར་དང་སྦྲང་རྩིས
་བསྐུ། བཅིངས་པ་སྦྱོང་བ་བསྟན་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཏིལ་མར་སློན་པས་བསྐུས་པ། །རྨ་ཤིང་དང་སྦྲང་རྩི་སྦྱར་བས་བསྐུ་བ་དང། གཞན་ཡང་ཁྲག་བཅད་པའི་སྨན་དག་ཞིབ་ཏུ་བཏགས་པའི་ཕྱེ་མས་བསྐུ་བར་བྱའོ། །དེ་ནས་སྦྲང་རྩིས་བསྐུས
་ཏེ་རས་མས་དཀྲིས་ལ་ཆུ་དྲོན་གྱིས་ཉེར་སྤྱོད་བྱ་ཞེས་བྱ་བ་ལ་སོགས་བ་སྤྱོད་པ་བསྟན་པར་བྱའོ། །དེ་ནས་གནས་སྐབས་ཤེས་བྱས་ནས། །རྨ་སར་གསོ་བའི་ཆོ་ག་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་གནས་སྐབས
་ཀྱི་ཁྱད་པར་ཤེས་པར་བྱས་པ་རྨ་སར་པ་གསོ་བའི་ཆོ་ག་འོག་ནས་བཤད་པ་དག་བྱའོ། །རྨ་འབྱོར་སྣ་ཡི་ཉེ་འཁོར་གྱི། །ཤ་ལྷག་ལེགས་པར་བཅད་པར་བྱ། །དེ་ནས་ཤིན་ཏུ་ཞིབ་ཏུ་བཅམ། །དམའ་བདག་ཀྱང་བསྐྱེད་བར་བྱ། །ཞེས་བྱ་བ་ལ།
་རྨེད་འབྱོར་ནས་སྔའི་ཉེ་འཁོར་གྱི་ཤ་ལྷག་གང་དག་ཡོད་པ་བཅང་བར་བྱའོ། །དེ་ནས་ཡང་དེ་ཞིབ་ཏུ་ལེགས་པར་བཅོམ་ཤིང། །དམའ་བར་གྱུར་པ་ནི་ཤ་བསྐྱེད་པའི་ཆོགས་སླང་ཤ་བསྐྱེད་པར་བྱའོ། །བཅད་མ་ཐག་ལ་ཅི་རིགས་པར། །བཞག་སྟེ་ཆོག
་འདི་ཉིད་བྱ། །ཞེས་བྱ་བ་ལ། འདྲ་ལ་དུ་སྣ་བཅང་མ་ཐག་པ་ལ་ནི་ཅི་རིགས་པར་སྣ་དེ་ཉིད་བླན་ཏེ། གསོ་བའི་ཆོ་ག་འདི་ཉིད་བྱའོ། །མཆུ་བཅད་པ་ལ་སྦུ་གུ་དང། །མ་རྟོགས་སྣ་སྦྱར་བཞིན་དུ་བྱ། །ཞེས་བྱ་བ་ལ། མཆུ་བཅད་པ་ལ་ཡང་སྣའི
་ནང་དུ་སྦུ་གུ་གཞུག་པས་རྟོགས་པ་སྣ་སྦྱར་བའི་ཆོག་འདི་ཉིད་ཐམས་ཅད་སྦྱར་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་ཟླ་ཟང?་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས
་པར་སྦྱར་བ?་ལས། ཕྱི་མའི་གནས་གྱི་ལེའུ་བཅོ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྣ་ནང་ཀྱི་དམིགས་ཤེས་བཤད་པར་བྱའོ། །ཞེས་བྱ་བ་ལ། ནམ་ཚོད་ཡན་ཆད་ཀྱི་ནད་བཤད་པའི་སྐབས་ཀྱིས་ན། སྣ་ནད་ཀྱི་ནད
་གཞི?་སོགས་པ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །བ་མོ་རླུང་དང་རྡུལ་དང་ནི། །སྨྲ་དྲགས་གཉིད་ལོག་གཉིད་ཡང་དགས། །སྔས་ནི་མཐོ་དང་དམའ་དྲགས་དང། །ཆུ་གཞན་འཐུངས་པར་གྱུར་བ་དང། །ཆུ་སངས་འཐུངས་དང
་ཉལ་པོ་དང། །སྐྱུག་དང་མཆིས་བཀག་པ་ཡིས། །རླུང་ཤས་ཆེ་བའི་ནད་འཁྲུགས་ནས། །སྣ་ནི་སྲ་བ་ཉིད་འགྱུར་ཞིང། །ཆམ་པ་བསྐྱེད་བར་བྱེད་པ་ཡིན། །འཕེལ་ན་ཟད་པ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བ་མོ་ལ་སོགས་པའི་ཉས་པ་ལས། རླུང་ཤས་ཆེ?་བའི?་ནད་འཁྲུགས?
་ཤིང་ལྡན་པར་གྱུར་ནས། སྣས་ཞིང་འཐས་ལ་རྒྱས་པར་གྱུར་པས། །ཆམ་པ་ཞེས་བྱ་བའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་འཕེལ་བ་ནམ་བཅོས་ཤིང་ཡལ་བར་བོར?་ན་ཟད་པ་ཞེས་བྱ་བའི་ནད་སྐྱེད་པར་བྱེད། །དེ་ལ་བ་མོ་ནི་མཚན་མོའི་དུས་སུ་ནམ་མཁའ་ལས
་བབ་པའི་ཆུ་གྲང་མོ་བབས་པའོ། །དྲགས་པ་ནི་གཉིད་ལོག་པ་དང། མ་ལོག་པ་གཉིས་ཀ་དང་སྦྱོར་རོ། །སྣས་ནི་མལ་གྱི་མགོ་བོའི་ཕྱོགས་སུ་བཞག་པ་གང་ཡིན་པའོ་ཆུ་གཞན་འཐུངས་པ་ནི་སྔར་བསྟན་པ་དང་མི་འདྲ?་བའི་ཆུ་གཞན་འཐུངས་པའོ། །གཞན་དག་ནི་གོ
་བབ?་ཟད་དོ། །དེ་ལ་རླུང་གྱུར?་ཆམ་པ་ནི། །ཁ་སྐམ་སྦྲིད་པ་དྲག་ཏུ་འབྱུང། །སྣ་འགགས་ཟུག་ཅིང་ན་བ་དང། །མུར་འགྲམ་སོ་དང་སླད་པ་དང། །སྨིན་མ་ནས་ནི་སྣ་རྩེའི་བར། །སྲིན་བུ་རྒྱུ་བ་སྙམ་དུ་སེམས། །སྐད་འགགས་རིད་ནས་སྨིན་པ་དང། །མཆིལ་སྣབས་གྲང
་བར་འཛག་པ་མིན?། ཞེས་བྱ་བ་ལ། དེ་ལ་སྣ་ནད་ཆམ་པ་དེ་དག་སྒི་ནད་ནས་རླུང་ལས་གྱུར་པའི་ཆམ་པ་ནི་ཁ་བསྐམས་པ་ལ་སོགས་པ་ནས། །མཆིལ་སྣབས་གྲང་མོ་འཛག་པར་བྱེད་པའི་བར་ཡིན། །མཁྲིས་གྱུར་སྐོམ་དང་རིམས་ཀྱིས་བདེབས། །མགོ་འཁོར
་སྣ་དང་???། །?་རྩེ་བྱ་རྩག་ཤིང་དྲོ་སྲ་རྩུག། འཆིལ་སྣབས་དམར་སེར་འཛག་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱང་པའི་ཆམ་པ་ནི། སྐོམ་དད་ལ་སོགས་པ་ནས་མཆིལ་མ་དང་སྣབས་རྩུབ་པ་དང་དམར་བ་དང་སེར་པ་འཛག་པའི་བར
་?་བད?་ཀན་ལུད་པ་དགུགས་མི་བདེ། །སློན་ཞིང?་ལུས་ལྕི་ཡི་ག་འཆུས། །ཁ་མདང་བྲོ་ཞིང་?་བ་དང། །མཆིལ་སྣབས་ཙུམ་དགང?་བསྐལ་འཛག་།ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཆམ་པ་ནི་དབུགས་མི་བདེ་བ་ལ་སོགས་པ་ཡིན་ནོ། །འདུས
་གྱུར་མཚན་ཉིད་ཀུན་དང་ལྡན་།རྒྱུ་མེད་འཕེལ་དང་འགྲིབ་པར་བྱེད། །ཅེས་བྱ་བ་ལ། ནང་གཞི་གསུམ་ཆར་འདུས་པ་ལས་བྱུང་བའི་ཆམ་བ་ནི། རླུང་དང་བད་ཀན་དང། མཁྲིས་པ་དང། གསུམ་ཆར་གྱི་མཚན་ཉིད་དང་ལྡན་པ་དང།
་དེ་གློ་བུར་དུ་རྒྱུ་མེད་པར་ཕྱེད་འགའ་ནི་འཕེལ། །ཆེད་འགའ་ནི་འབྲི་བར་བྱེད་པ་ཡིན་ནོ། །ནད་ཁྲག་སྣ་ཡི་རྩར་ཞུགས་ནས། །ཆམ་པས་འདེབས་པར་བྱེད་འགྱུར་བ། །བྲང་ན་ཚོར་བ་མེད་པ་དང། །མིག་མར་དབུགས་ཀྱི་དྲི་མི་ཞིམ། །མིག་དང་རྣ་བ་སྣ་གཡའ
་ཞིང། །འདི་ནི་མཁྲིས་གྱུར་མཚན་ཉིད་ལྡན། །ཞེས་བྱ་བ་ལ། ནད་ཁྲག་ལས་གྱུར་པའི་ཆམ་པ་ནི། བྲང་ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་དང། མིག་དམར་པོ་ལ་སོགས་པ་དང། མཁྲིས་པ་ལས་གྱུར་པའི་ཆམ་པའི་མཚན་ཉིད་དང་ལྡན་པ
་ཡིན་ནོ། །ཆམ་པ་ཐམས་ཅད་མ་གསོས་ན། །གནོད་པ་མི་བཟད་སྐྱེད་བྱེད་འགྱུར། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆམ་པ་ཐམས་ཅད་ཡལ་བར་བོར་ན། ནད་མི་བཟད་ཅིང་དྲག་པོ་སྐྱེད་པར་བྱེད་དོ། །ཇི་སྐད་བཤད་པའི་བླ་གཉན་ནི། །འཕེལ
་བས་དབང་པོ་ཀུན་གནོད་བྱེད། །མོ་དྲོང་ཉམས་ཉེས་དབུགས་མི་བདེ། །ལུང་པ་གྲང་དང་རྩིབས་ལོགས་ཟུག་།གློ་ལུང་?་ནི་ཤེས་ཆེར་འཁྲུགས། །ཁ་དྲིང་ཞིམ་སྐམ་པར་བྱེད། །སྣ་ནས་འདྲུལ་ཞིང་བསྐམས་པ་དང། །ཡང་ཡང་སྣབས་འགག་དག
་པར་བྱེད། །སྣབས་ནི་རྣག་འདྲ་དཀར་ཞིང་དམར། །དུད་པ་ཅན་ནི་འཛག་པར་འགྱུར། །འདི་ལ་སྲིན་བུ་སྣུམ་ཞིང་རིང། །དཀར་ཞིང་ཕྲ་བ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཆམ་པ་གནོད་ཅིང་མ་རུངས་པར་གྱུར་པ་དེ་ཇི་སྐད་བཤད་པའི་བླ་གཉན་འཕེལ
་ཞིང་རྒྱས་པས་དབང་པོ་ཀུན་ལ་གནོད་ཅིང་འདུས་པར་བྱེད་པ་དང། དེ་བཞིན་དུ་མེད་དྲོད་ཉམས་པ་ལ་སོགས་པ་བྱེད་པ་དང། དེ་བཞིན་དུ་ཡང་དང་ཡང་དུ་སྣ་འདྲུལ་བ་དང། སྐམ་པར་བྱེད་པ་དང་སྣ་འགགས་པ་དང་དག་པར་ཡང་དང་ཡང་དུ་ཕྱེད་པ་ལ
་སོགས་པ་དང། འདི་ལ་སྲིན་བུ་སྣུམ་པ་ལས་སྐྱེ་ཞིང་འབྱུང་བར་བྱེད་པ་ཡིན་ནོ། །དེ་སྨིན་མཚན་མ་ལུས་ཡང་ཞིང། །སྦྲིང་པ་ཞི་བར་གྱུར་པ་དང། །སྣབས་ནི་སྤྱི་ཞིང་སེར་བ་དང། །དྲི་དང་རོ་ནི་ཚོར་བ་ཡིན། །ཞེས་བྱ་བ་ལ། ཚམ་པ་དེ་སྨིན་པར་གྱུར་པའི་མཚན
་མ་ནི། །ལུས་ཡང་བ་ནས་དྲི་དང་རོ་ཚོར་བའི་བར་ཡིན་ནོ། །སྣབས་སྤྱི་ཞིང་སར་བ་ནི་སྤྲ་ཚིལ་ལྟ་བུར་འབྱུང་བའོ། །སྨར་ནི་སྔོན་པོ་སྡུ་བས་པ་དང། །ཉི་འོད་སྐུད་པ་རྩ་སོགས་དང། །རླུང་འཁྲུགས་བྱེད་པ་གཞན་གྱིས་ཀྱང། །སྣ་ཡི་མཚུལ་བར་ཞུགས
་གྱུར་བས། །བསྐྱོད་དེ་རླུང་ནི་འཁྲུགས་གྱུར་པ། །སུམ་མདོར་ཞུགས་འགྱུར་འགགས་ནས་ནི། །ལྡོག་ནས་མི་བཟད་སྤྲིད་པ་ནི། །སྣབས་འཛག་བཅས་པར་བསྐྱེད་པར་བྱེད། །ཅེས་བྱ་བ་ལ། སྣ་ཚ་ཞིང་?་བརྡུབས་པ་རླུང་འཁྲུགས་པར་བྱེད་པ་དང། །དེ་བཞིན་དུ་དང་དེ་འདྲ་བ་གཞན་གྱིས་ཀྱང
་འཁྲུགས་ནས་སྣའི་མཚུལ་པའི་རུས་པ་འཇམ་པ་གཞོན་ནུ་བསྐྱོད་ཅིང་བསྒུལ་བས་རླུང་འཁྲུགས་པར་གྱུར་ལ། དེར་སུལ་བའི་སུམ་མདོར་ཞུགས་པ་དང་།རྒྱུ་བ་འགགས་ཏེ་སླར་ལྡོག་ནས་སྤྲིད་པ་མི་བཟད་པར་བསྐྱེད་པར་བྱེད་པ་ནི་།དེའི་མིང་ནི་ཆམ་པ་མ་རུངས་པ་ཞེས་བྱའོ། །སྣ་ཡི་?
་སྟེ་ནས་བྱེད་ཅིང། །རླུང་དངས་བད་ཀན་བསྐྱེད་པར་བྱེད། །སྣ་ནང་གྲམས་གང་སྙམ་སེམས། །དབུགས་དབྱུང་དཀའ་བར་གྱུར་པ་དེ། །སྣ་བསྐམས་པ་ཞེས་བྱ་བར་བཤད། །སྣ་རྒྱས་པ་ནི་འབྱུང་བར་འགྱུར། །སྣ་ནི་བཀག་པ་འདྲར་སེམས་ཤིང། །རླུང་གིས་འགགས་པར་བྱེད་པར
་འགྱུར། །དབུགས་དབྱུང་དབུགས་པ་རྡུབ་འགགས་པ་ལས། །བུ་ག་བརྒྱངས་པ་ལྟ་བུ་ཡིན། །ཞེས་བྱ་བ་ལ། རླུང་གིས་སྣའི་བུ་ག་བསྐམས་ཏེ་བད་ཀན་བསྐྱེད་པར་བྱེད་པ་ལ་སོགས་པའི་ནང་དེ་ནི་སྣ་བསྐམས་པ་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །སྣ་རྒྱས་པ
་ཞེས་བྱ་བའི་སྣ་ནང་ནི། །སྣ་བུས་ཤིང་བརྒྱངས་པ་ལྟ་བུར་འབྱུང་བར་འགྱུར་བ་ལ་སོགས་པ་ཡིན་ནོ། །མཁྲིས་པས་སྣ་ཁུད་བརྣགས་གྱུར་པ། །ཤ་ལྤགས་ཆ་ཞིང་གཟེར་དང་བཅས། །དེ་ནི་སྣ་ཡ་ཤུ་བར་བཤད། །ཅེས་བྱ་བ་ལ། མཁྲིས་པ་འཕེལ་བར་སྣ་ཁུང་གི་ནང་བརྣགས་པ
་གྱུར་ཅིང་སྨིན་ལ་དེའི་ཤ་དང་པགས་པ་ཚ་བ་དང། གཟེར་བ་དང་བཅས་པར་འགྱུར་ཏེ་།ནད་དེའི་མིང་ནི་སྣའི་ཤུ་བ་ཞེས་བྱའོ། །བད་ཀན་ལས་གྱུར་ཆུ་སེར་ནི། །ཆུ་འདྲ་རྒྱུན་དུ་འཛག་པ་དང། །མཆོག་ཏུ་མཚན་མོ་དེ་མིང་ཅན་།ཞེས་བྱ་བ་ལ།
་བད་ཀན་ལས་གྱུར་པའི་ཆུ་སེར་འདྲ་བ་རྒྱུན་དུ་འཛག་ཅིང། ཁྱད་པར་དུ་མཚན་མོ་འཛག་པ་ནི་དེའི་མིང་ཅན་དེ་སྣ་ཆུ་འཛག་པ་ཞེས་བྱའོ། །བད་ཀན་འཕེལ་པས་སྣ་ཁུང་དུ། །བུ་ག་འགགས་ཤིང་ཆམ་པ་བསྐྱེད། །དབུགས་ནི་དར་དར་པོར་འབྱིན་ཅིང། །ཆོམ་པ་ལས?
་ཁྱད་ནད་ཚབས་ཆེ། །སྣ་ལས་ལུག་ལྟར་རྣག་འཛག་ཅིང། །རྒྱུན་དུ་སྤྱི་བག་སེར་པོ་དང། །སྨིན་མའི་རྣག་ནི་འཛག་འགྱུར་ཞིང། །དེ་ཡི་སྣ་ནི་སྣབས་བཅས་ཡིན། །ཞེས་བྱ་བ་ལ། སྣའི་ནང་དུ་བད་ཀན་འཕེལ་བས་སྣ་ཁུང་གི་བུ་ག་འགགས་པར་བྱ་སྟེ་དབུགས
་ངར་ངར་པོར་འབྱིན་པར་བྱེད་པ་དང། ཆམ་པས་ནད་ཚངས་ཆེ་ཞིང་ལྷག་པ་དང་སྣའི་ནང་ནས་ལུག་ལྟར་རྣག་འཛག་པ་དང་།རྣག་དེ་ཡང་རྒྱུན་དུ་འཛག་ཅིང། །སྤྱི་ལ་སོགས་པར་འབྱུང་པར་འགྱུར་བསྟེན་དེར་ནི་ལུག་གི་ཆམ་པ་ཞེས་བྱའོ། །ཁྲག་གིས་སྣ་ནི་ཚིག་སྙམ
་སེམས། །ཕྱི་དང་ནང་དུ་རེག་མི་བཟོད། །དུ་བ་ལྟ་བུའི་དབུགས་འབྱིན་པ། །བསྲེགས་འདྲ་དེ་ནི་འབར་དེ་ཡིན། །ཞེས་བྱ་བ་ལ། ཁྲག་འཁྲུགས་པས་སྣའི་ནང་ནས་ཆིག་པ་སྙམ་དུ་སེམས་ཤིང་དེང་སྣའི་ནང་དང་ཕྱི་རོལ་ཏུ་རེག་མི་བཟོད་པ་དང། དུ་པ་ལྟ་བུ་?
་འབྱིན་པའི་ནང་དེ་ནི་བསྲགས་པ་དང་འདྲ་བ་ཡིན་པས་སྣ་ནང་འབར་བ་ཞེས་བྱའོ། །རྐན་གྱི་ཕུགས་སུ་ནང་འཁྲུགས་པས། །རླུང་གི་སྣ་དང་ཁ་ནས་འབྱུང། །མཆིལ་སྣབས་དྲི་པ་འབྱུང་འགྱུར་དང། །དེ་ནི་སྣ་ནང་དུལ་པ་ཡིན། །ཞེས་བྱ་བ་ལ། བད་ཀན་གྱི་རྩ་བའི་ཕུལ་སུ་རླུང
་ལ་སོགས་པའི་འཁྲུགས་པས་རླུང་ཁ་དང། སྣ་ནས་རླུང་འབྱུང་ཞིང་མཆིལ་སྣབས་དྲི་མ་ནམ་པ་འབྱུང་བའི་ནད་དེ་ནི་སྣ་དང་རུས་པ་ཞེས་བྱ་བ་ཡིན། །འདུས་པའམ་སྣང་བ་ལས་གྱུར་བའི། །རྣག་དང་ཁྲག་ནི་སྣ་ནས་འཛག། མགོ་བོ་ཚ་ཞིང་དན་མེད་པ། །དེ་ན་རྣག་ཁྲག་ཅན་ཞེས
་བཤད། །ཅེས་བྱ་བ་ལ། སྣད་ཅིང་རྨ་བྱུང་བ་ལས་གྱུར་པའི་རྣག་དང་ཁྲག་འདྲེས་པ་འཛག་པ་ལ་སོགས་པ་དེ་ནི། མིང་རྣག་ཁྲག་ཅན་ཞེས་བྱའོ། །རླུང་གིས་འཁྲིས་པ་བད་ཀན་དག་།སྣ་ནི་བསྐམས་པར་གྱུར་པ་ལས། །བད་ཀན་བསྐམས་ཏེ་གོང་བོར་གྱུར། །དེ་ནི་དགོངས་པ་ཞེས་བྱའོ།
་ཞེས་བྱ་བ་ལ། རླུང་གིས་མཁྲིས་པ་དང་བད་ཀན་སྣའི་ནང་དུ་བསྐམས་ཤིང། གོང་གོང་བོར་གྱུར་པ་དག་ནི་སྣ་ནད་དགོངས་པ་ཞེས་བྱའོ། །འབྲུམ་བུ་ཐོར་བུ་ནང་བཞི་ཡིས། །མཚན་ཉིད་ཅི་འདྲ་དག་ལས་དབྱེ། །ཞེས་བྱ་བ་ལ། སྣའི་འབྲུམ་བུ་དང། སྣའི་ཐོར་བུ་ནི་ནད་གཞི
་གསུམ་གྱི་མཚན་ཉིད་ལས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞིང་དབྱེ་བར་བྱའོ། །ཀུན་ལས་དབུགས་དབྱུང་དཀའ་བ་དང། །རྒྱུན་དུ་ཆུ་ཛག་སྤྲིད་པ་འབྱུང། །སྣ་འགགས་ལྟ་བུར་དང། །སྣ་ན་སེ་རྣག་འཛག་ཀླད་ངན། །ཞེས་བྱ་བ་ལ། འབྲུམ་བུ་དང་ཐོང་བུའི་ནང་ཀུན
་ལས་ཀྱང་དབུགས་དབྱུང་བར་དཀའ་བ་ནས་ཀླང་པ་ན་བའི་བར་གྱི་ནང་དབྱུང་བར་འགྱུར་རོ། །དེ་ལྟར་རྣམ་པ་བཅོ་བརྒྱད་ལས། །ཆམ་པ་མ་རུངས་འཚོ་བ་ཙམ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་སྣ་ནང་རྣམ་བ་བཅོ་བརྒྱད་ལས། ཆམ་པ་མ་རུངས་པ་ཞེས་བྱ་བ་ནི་རེ་ཞིག་འཚོ
་བཅས་དུ་གསོར་རུང་བ་ཡིན་ལ་ལྷག་མ་རྣམས་ནི་གསོར་རུང་བ་ཉིད་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་ལ། །སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་ཕྱི་མའི་གནས་ཀྱི་ལེའུ
་བཅུ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྣ་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་སྔ་མའི་ཚུལ་གྱིས་ན་ལེའུ་འདི་བརྩམས་པ་ཡིན་ནོ། །སྣ་ནང་ཀུན་ལ་དང་པོར་ནི། །རླུང་མེད་ཁང་བར་འདུག་ནས་ནི། །སྣུ་མ་ཆོས་དུགས་དང་སྐྱུགས
་སྨན་བཏང། །དུད་པ་བརྡུབ་དང་མཁུར་བཀང་བསྟེན། །གོས་ནི་ལྕི་ཞིང་དྲོ་བ་བགོ་།མགོ་ཤིན་ཏུ་མཐུག་པས་དཀྲི། །ཁ་ཟས་ཡང་སྐྱུར་ལན་ཚ་སྣུམ། །དྲོ་བ་དང་ནི་བསྒ་བ་བཟའ་། །བུ་རམ་འོ་མ་སྐམས་སའི་ཤ། ལན་ཚ་ཚ་བ་གསུམ་ཤས་ཆེ། །ནས་དང་གྲོ་ནི་མང་པོ་དང།།
་ཞོ་དང་སེ་འབྲུའི་ཁུ་བ་བསྟེན། །ཞེས་བྱ་བ་ལ། སྣ་ནང་ཆམ་པ་ཐམས་ཅད་ལ་ནི་དང་པོ་ཁོ་ནར་རླུང་མེད་པའི་ཁང་བར་འདུག་པ་དང། དེ་བཞིན་དུ་སྣུམ་ཆོས་ལ་སོགས་པ་བསྙེན་པ་དང། གོས་ལྕེ་བ་བགོ་བ་ལ་སོགས་པ་དང་?
་ཟས་ཡང་ཞིང་སྒྱུར་བ་ལ་སོགས་པ་བཟའ་བ་དང། བུ་རམ་ལ་སོགས་པའི་བཟའ་བཏུང་བསྟེན་པར་བྱའོ། །ལ་ཕུག་གཞོན་ནུའི་ཁུ་བ་དང། །ཀུ་ལཏྠ་ཡི་ཁུ་བའང་བསྔགས། །ཞེས་བྱ་བ་ལ། ཆམ་པ་དེ་དག་ལ་ལ་ཕུག་གཞོན་ནུ་བསྐོལ་བའི་ཁུ་བ་དང
་རྒྱས་ན་ཀུ་ལཏྠ་བསྐོལ་བའི་ཁུ་བ་ཡང་ཕན་ནོ་རྩ་བ་བཅུ་ཁུ་དྲོ་འཇམ་མམ། །ཆང་རྙིང་དངས་མ་བླུད་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་སྐོམ་པར་གྱུར་ན་རྩ་བ་བསྐོལ་བའི་ཁུ་བ་ལ་སོགས་པ་བླུད་པར་བྱའོ། །ཙ་རོང་ཨགནི་མནྠ་དང། །ཤུ་དག་ཟིར་གོ་སྣོད
་བསྣམས། །ཞེས་བྱ་བལ། ཡང་ན་ཙ་རོང་ཞེས་བྱ་བ་སྨན་ཙོར་ཀ་དང། །གྲིན?་མནྠ་ལ་སོགས་པ་བཏགས་པའི་ཐུམ་པོ་ཆམ་པ་ཅན་གྱིས་བསྣམས་པར་བྱའོ། །བ་ལུའི་ལོ་མ་ཚ་བ་གསུམ། །དབྱི་མ་ང་ཏྲིག་སྟོར་བུ་དང། །ཟི་རི་ཙི་ཏྲ་སྲང་གཉིས་གཉིས། །ཤིང་ཚ་གནད་པ
་ཏྲ་དང། །སུག་སྣེལ་ཞོ་ནི་གཉིས་གཉིས་དང། །བུ་རམ་རྙིང་བ་སྲང་ལྔ་བཅུ། །བསྐལ་ཏེ་རིལ་བུར་བྱས་པ་ནི། །ཟོས་ན་ཆམ་པར་དབུགས་མི་བདེ། །ལུང་པ་ལུ་བ་འཇོམས་བྱེད་ཅིང། །སྐད་སྙན་ཡི་གེ་འབྱེད་མཆོག་ཡིན། །ཞེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོག་པ་ཇི
་སྐད་སྨོས་པའི་སྦྱོར་བས་བསྐོལ་ཏེ། དེ་ཐམས་ཅད་ལས་རིལ་པུར་བྱས་པ་ཟོས་ན་ཆམ་པ་ལ་སོགས་པ་འཇམས་ཤིང་སྐད་སྙན་པར་བྱེད་པ་དང་།ཡིག་འབྱེད་པར་བྱེད་པའི་མཆོག་ཡིན་ནོ། །ཤུ་ཏིའི་ཤུན་པ་པ་ལ་དང། སོ་ན་ཀ་དང་ཨེ་རཎྜ། །བིལ་བའི་རྩ་བ་དོང་གང
་བཅས། །ཞག་མར་སྤྲ་ཚིལ་དུ་བ་བརྡུབ། །ཅེས་བྱ་བ་ལ། ཤུ་ཏིལ་སོགས་པའི་སྨན་ཞག་དང་མར་དང་སྤྲ་ཚིལ་དང་བསྲས་པའི་དུད་ལ་བརྡུབ་ན་ཡང་ཆམ་པ་ལ་ཕན་ནོ། །ཡང་ན་ཕྱེ་མ་མར་དང་བཅས། །ཁམ་ཕོར་སྦྱར་བའི་ནང་དུ་བཅུག། །བསྲེགས་པའི་དུད
་བས་བརྡུབ་པར་བྱ། །ཞེས་བྱ་བ་ལ། ཡང་ན་ཕྱེ་དང་མར་སྦྱར་བ་ཁམ་ཕོར་སྦྱར་བའི་ནང་དུ་བཅུག་པའི་དུད་པས་བརྡུབ་ན་ཡང་ཕན་ནོ། །ཁྲུས་དང་མྱ་ངན་ཁྲོས་པ་དང། །ཤེས་ཆེར་གཉིད་ལོག་ཆུ་ཆུ་གྲང་སྤང། །ཞེས་བྱ་བ་ལ། ཆམ་པ་ཅན་གྱི་མིས་སྤང་པར་བྱའོ། །དེ་ཡན་ཆད་ནི
་ཐམས་ཅད་སྤྱིའི་གསོ་བ་བཤད་པ་ཡིན་ནོ། །རླུང་གྱུར་ཆམ་པའི་རླུང་འཇོམས་པའི། །སྨན་ནི་བསྐོལ་བའི་ཁུ་བའམ། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཚམ་པ་ལ་ནི། །རླུང་འཇོམས་པའི་སྨན་དང། བསྐོལ་བའི་ཁུ་བ་བླུད་པར་བྱའོ། །ལན་ཆ་ལྔ་ནི་བསྐོལ་བའམ། །ཁི་དཱ
་རི་སོགས་སྡེ་བསྐོལ་བྲུད། །ཅེས་བྱ་བ་ལ། ཡང་ན་སྨན་གྱི་ཁུ་བ་གཉིས་པོ་འདི་ལས་གང་ཡང་རུང་བ་དང་བསྐོལ་བའི་མར་བླུད་ན་ཡང་ཕན་ནོ། །དུགས་དང་སྣ་སྨན་ལ་སོགས་བྱ། །གཞོགས་ཕྱེད་ནར་བཤད་གསོ་བའང་བྱ། །ཞེས་བྱ་བ་ལ། ཡང་ན་རླུང་ལས
་གྱུར་པའི་ཆམ་པ་ལ་དུགས་ལ་སོགས་པའམ་གཞོགས་ཕྱེད་ན་བའི་གསོ་བ་གང་དག་ཡིན་པ་བཤད་པར་བྱའོ། །ཁྲག་མཁྲིས་ལས་གྱུར་ཐུག་པ་ནི། །མར་སར་མངར་བའི་སྨན་བསྐོལ་བླུང། །ཅེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི། །ཆམ་པ་ལ་ནི་སྨན
་མངར་བ་དང་མར་དང་བསྐོལ་བའི་ཐུག་པ་བླུད་པར་བྱའོ། །སྨན་ཆ་བླུགས་ཤིང་ཕྱུག་དང། །ཆུ་བསིལ་གྲང་མོ་དག་གིས་བྱ། །ཞེས་བྱ་བ་ལ། ཡང་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཆམ་པ་ལ་ནི། ནུས་པ་བསིལ་པའི་སྨན་བསྐོལ་བའི་ཆུ་གྲང་མོ་བླུགས་པ
་དང། དེའི་ལྡེ་གུས་བསྐུ་བ་ལ་སོགས་པ་བྱའོ། །ད་བའི་ཤུད་པ་འབྲས་བུ་གསུམ། །ཤྲི་པརྞི་པྲི་ཡངྐུ། །ཤིང་མངར་སེང་ཕྲོམ་ཏིལ་མར་གྱི། །བཅུ་འགྱུར་འོ་མ་སྐྱེར་པར་བཅས། །བསྐོལ་བའི་སྣ་སྨན་བཏིང་བར་བྱ། །ཞེས་བྱ་བ་ལ། ཤིང་ང་བ་ལ་སོགས་པའི་ལྡེ
་གུ་དང། ཏིལ་མར་གྱི་བཅུ་འགྱུར་གྱི་འོ་མ་དང་སྐྱེར་པར་བསྐོལ་པའི་སྣ་སྨན་བཏང་བར་བྱའོ། །བད་ཀན་ལས་གྱུར་སྨྱུར་བ་དང་།ཡུངས་ཀར་ལྡེ་གུས་མགོ་བསྐཱུམ་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཆམ་དེ་ལ་ནི། སྒྱུ?་བའང་ཡུངས་ཀར་གྱི་ལྡེ་གུས་བསྐུ?
་བར་བྱའོ། །ཐལ་སྨན་སྦྱར་བའི་མར་བླུང་དེ། །སློན་གཞུག་།ཅེས་བྱ་བ་ཕ། ཡང་ན་བད་ཀན་ལས་གྱུར་པའི་ཆམ་པ་ལ་ནི་ཐལ་སྨན་དང་བཅས་པའི་མར་བླུད་ལ་དེའི་འོག་སློན་དུ་གཞུག་པར་བྱའོ། །རྒྱམ་ཚྭ་ཚ་བ་གསུམ། །བྱི་དང་ག་དང
་དུག་མོ་ཉུང། །ཟི་ར་ར་གཅིན་སྦྱར་བ་ཡི། །སྣ་སྨན་དག་ནི་བཏང་བར་བྱ། །ཞེས་བྱ་བ་ལ། རྒྱམ་ཚ་ལ་སོགས་པ་རའི་གཅིན་དང་སྦྱར་ཏེ་བཙགས་པའི་སྣ་སྨན་བཏང་ན་ཡང་བད་ཀན་ལས་གྱུར་པའི་ཆམ་པ་ལ་ཕན་ནོ། །འདུས་གྱུར་ཚ་བ་རྣོ་སྦྱར་བའི། །མར་གྱི་སྣ
་སྨན་བླུགས་པས་གསོ། ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་ཆམ་པ་ལ་ནི་སྨན་ཚ་བ་དང་རྣ་བ་དང་སྦྱར་བའི་སྨན་མར་ལ་སོགས་པས་གསོ་བར་བྱའོ། །གཅང་ཆེན་སྲིན་གསོའི་རིམ་གྱི་ནི། །ཆམ་པ་མ་རུངས་འཚོ་ཙམ་བྱ། །ཞེས་བྱ་བ་ལ། གཅོད་ཆེན་པོ་དང་སྲིན
་བུ་གསོ་བའི་རིམ་གྱིས་ནི་།ཆམ་པ་མ་རུངས་པ་རེ་ཞིག་འཚོ་བ་ཙམ་དུ་བྱའོ། །ཚ་བ་གསུམ་དང་ཨེ་རཎྜ། །ཐང་ཤིང་དུ་རྟ་བྱི་དང་ག། ?་དཀར་པོ་ཨདྒུ་དང། །དུར་བྱི་བ་རྟ་ཀའི་ས་བོན། །ཡུངས་ཀར་ཉེའུ་ཕྲན་དུལ་པ་དང། །གནི་མནྠའི་མེ་ཏོག་དང། །པི་ལུ་ཤིང
་ཀྲུའི་ས་བོན་དང། །རྟ་སྤངས་ཁུ་བ་གཅིན་དང་ནི། །གླང་པོའི་གཅིན་དང་གཅིག་ཏུ་སྦྱར། །ཟར་མའི་སྐུད་དཀྲིས་རེང་བུ་ཡི། །དུད་བ་ཁ་དང་སྣ་ནས་བརྡུག། །ཅེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་རྟ་སྤངས་ཅིར་པའི་ཁུ་བ་དང་གཅིན་དང་གླང་བོ་ཆེའི
་གཅིན་དང་གཅིག་ཏུ་སྦྱར་བའི་རེང་བུ་ཟར་མའི་སྐུད་པས་དཀྲིས་པའི་དུད་པ་བརྡུབ་པར་བྱའོ། །སྨིན་དང་སྤྲིང་པ་འབྱུང་ཞེས་པ། །སྣ་སྨན་རྣོན་པོ་བླུད་པ་ཕན། །ཞེས་བྱ་བ་ལ། སྨིན་པ་ཞེས་བྱ་བ་དང། སྤྲིད་པ་འབྱུང་བ་ཞེས་བྱ་བའི་སྣ་ནང་ལ་ནི། སྣ་སྨན་རྣོན་པོའི་ཕྱེ་མ
་དུད་པར་བྱའོ། །བཅའ་སྒོ་རུ་རྟ་པི་པི་ལིང། །རྒུན་འབྲུམ་བྱི་དང་གའི་ལྡེ་གུ། །མར་རམ་ཏིལ་མར་བཅས་བསྐོལ་བའི། །སྣ་སྨན་སྦྲང་པ་རྣགས་པ་སེལ། །ཞེས་བྱ་བ་ལ། བཅའ་སྒ་ལ་སོགས་པའི་ལྡེ་གུ་དང་།མར་རམ་ཏིལ་མར་བསྐོལ་བ་ལ་སྣ་སྨན་བཏང་ན་སྤྲིད་པ་དང
་བརྣགས་པ་སེལ་བར་བྱེད་དོ། །སྣ་སྐམས་པ་ལ་བ་ལའི་མང། །བཏུང་སོགས་ཤ་ཁུར་སྦྱར་བ་བཟའ་། །སྣུམ་གྱི་དུད་པ་དུས་ཀྱིས་གསོ། །ཞེས་བྱ་བ་ལ། སྣ་སྐམས་པ་ཞེས་བྱ་བའི་སྣ་ནད་ལ་ནི་བ་ལའི་ཏིལ་མར་རླུང་ནད་གསོ་བའི་སྐབས་སུ་བཤད་པ་བཏུང་བ་དང
་སྣ་ནས་བཏང་བ་ལ་སོགས་པ་བྱ་བ་དང། དེ་བཞིན་དུ་ཤ་ཁུ་དང་སྦྱར་བའི་ཁ་ཟས་བཟའ་བ་དང། སྣུམ་གྱི་དུད་པ་བརྡུབ་པ་དང་།དུགས་བྱ་བས་གསོ་བར་བྱའོ། །སྣ་རྒྱས་པ་ལ་ཆོ་ག་འདིའོ། །ཞེས་བྱ་བ་ལ། སྣ་རྒྱས་པ་ཞེས་བྱའི་སྣ་ནད་ལ་ཡང་སྣ་སྐམས
་པའི་གསོ་མ་འདི་ཉིད་སྦྱར་བར་བྱའོ། །རྣ་བརྣགས་འབར་ལ་མཁྲིས་འཇོམས་སྨན། །ཆུ་འཛག་སྣ་སྨན་སོགས་རྣཾས་བྱ། །ཞེས་བྱ་བ་ལ། སྣ་བརྣགས་པ་དང་སྣ་འབར་བ་སྙམ་དུ་སེམས་པའི་སྣ་ནད་གཉིས་ལ་ནི་མཁྲིས་ལ་འཇོམས་པའི་སྨན་པ་སྟོན་ནང་ནས་ཆུ་འཛག་པའི་སྣ?
་ནད་ལ་ནི་?་མགུར་བ་བཀང་བ་ལ་སོགས་པ་རྣོན་པོས་བྱའོ། །རྣག་ཅན་ལ་ནི་བད་ཀན་གྱི། །གསོ་བ་དང་ནི་འདྲ་བར་བྱ། །ཞེས་བྱ་བ་ལ། སྣ་ནད་རྣག་ཅན་དང་སྣ་ནད་ཆམ་པ་ལ་ནི་བད་ཀན་གྱི་ཆམ་པ་དང་འདྲ་བར་གསོ་བར་བྱའོ། །རྒྱུ་སྐྱེགས་དང་ནི་ཀ་རཉྫ། །ནེ་ལ་ཤམ་དང་བྱི
་དང་ཀ། ཤིང་ཀུན་བུ་རམ་བི་པི་ལིང། །ལུག་ཐུག་གཅིན་སྦྱར་སྣ་སྨན་ནི། །སློན་བྱས་འོག་ཏུ་བཏང་བར་བྱ། །ཞེས་བྱ་བ་ལ། སྣ་ནད་རྣག་ཅན་དང་ཆམ་པ་ལ་ནི་སྨོན་སྨན་བཏང་ནས་རྒྱ་སྐྱེགས་ལ་སོགས་བ་ལུག་གི་གཅིན་དང་སྦྱར་བའི་སྣ་སྨན་བཏང་བར་བྱའོ།།
་ཤི་ཀྲུ་དེ་?་ཧ?་ཚ་བ་གསུམ་དང་ལྕེ་མྱང་ཚ། །བེའུ་རུག་པ་དང་བྱི་དང་ག་?་ཏིལ་སྨན་བཀོལ་བའི་སྣ་སྟན་ཡང། །བཏང་ན་ཡམཆོག་ཏུ་ཕན་པ་ཡིན། །ཞེས་བྱ་བ་ལ། ཤི་ཀྲུ་ཞེས་བྱ་བ་ན་ལེ་ཤམ་དཀར་པོ་དང། །དནབ?་དང་བྲི་ཧི་ཏའི་ས་བོན་ཆ་བ་གསུམ་ལ་སོགས
་པ་དང་བཅས་པའི་ཏིལ་མར་དང་།སྐོལ་བའི་སྣ་སྨན་ནི་སྣ་ནད་རྣག་ཅན་ཆམ་པ་ལ་མཆོག་ཏུ་ཕན་པ་ཡིན་ན། །རྣག་དང་ཁྲག་ཅན་སར་བ་ནི། །ཁྲག་གི་ཆམ་པ་ལྟ་བུར་གསོ། །ཞེས་བྱ་བ་ལ། རྣག་དང་ཁྲག་ཅན་གྱི་སྣ་ནད་སེར་པ་སྐྱེས་མ་ཐག་པ་ལ་ནི་ཁྲག་ལས
་གྱུར་པའི་ཆམ་པ་ལྟར་གསོ་བར་བྱའོ། །ཤིན་ཏུ་འཕེལ་བ་རྨ་ལ་བྱིམས་ལྟར། །ཞེས་བྱ་བ་ལ། རྣག་དང་ཁྲག་ཤིན་ཏུ་འཕེལ་བ་ལ་ནི་རྨ་པ་འཁྱིམ་ལྟར་གསོ་བར་བྱའོ། །འབྲུམ་བུ་རྨེན་བུ་ཚ་བ་ལ། དན་དི་དུར་བྱིད་ལྕེ་མར་ཚོ། །ལྡོད
་རོས་དང་ནི་པི་པི་ལིང། །ཙི་ཏྲ་ཀ་ཡི་ལྡེ་གུ་ནི། །མར་དང་སྦྱར་རྩིར་སྦྱར་བ་ཡི། །རང་བུ་སྣར་ནི་གཞུག་པར་བྱའོ། །ཞེས་བྱ་བ་ལ། སྣའི་འབྲུམ་བུ་དང་རྨེན་བུ་ཚ་བར་གྱུར་པ་ལ་ནི་དནྟི་ལ་སོགས་པའི་མར་གྱི་ལྡེ་གུ་མར་དང་སྦྲང་རྩི་དང་སྦྱར་བའི་རེར་བུ་སྣང་གཞུག་པར
་བྱའོ། །ཤི་ཀྲུ་ལ་སོགས་སྣ་སྨན་ཡང། །རྣག་ཅན་གསོ་བའི་སྐབས་སུ་ཤད། །ཅེས་བྱ་བ་ལ། འབྲུམ་བུ་དང་རྨེན་བུའི་སྣ་ནང་འདོ?་ལ་ནི། ཤི་ཀྲུ་ལ་སོགས་པའི་སྣ་སྤྱན་ཡང་ཕན་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར
་འགྲེལ་པ། །ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་།སློབ་འཛིན་ཟླ་བ་ལ་དགའ་བས?་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་ཁ་ནང་ཀྱི་དམིགས་ཤེས་པར་བྱའོ། །ཞེས་བྱ་བ་ལ་།སྟོང་ཀྱི
་ཡན་ལག་ཡིན་པའི་ཕྱིར། གོ་རིམ་གྱིས་ན་ཁའི་ནང་གཞི་དང་།རྒྱུ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ཉ་དང་མ་ཧེ་ལག་གི་ནི། །ཤ་དང་ལ་ཕུག་རྗེན་པ་ནི། །མ་ཤའི་སྲན་ཚོད་འོ་མ་ཞོ། །ཚ་དང་བུ་རམ་ཤིང་ཀུན་དང་།བུང་ཕྲན་ཁས
་སྐུགས་ཉལ་བསྟེན་དང། །སོ་ཤིང་གིས་སྣང་གོམས་པ་སྤོང། །དུང་བ་མཁུར་བཀང་སྐྱུག་པ་དང། གཏར་ག་དབུག?་ནི་ཉེས་པ་ཡིས། །བད་ཀན་ཤས་ཆེའི་ནད་འཁྲུགས་ནས། །ཁ་ཡི་ནང་གི་ནང་བསྐྱེད་འགྱུར། །ཞེས་བྱ་བ་ལ། ?་མ་ཧེའི་ཤ་ལ་སོགས
་པ་?་ཞིང་བསྟེན་པར་བྱེད་པ་དང། །བ་སྤུ་བཞུ?་ཉ་བ་དང། ས་ཤིང་གིས་སྣད་ཅིང་མ་རུང་བར་གྱུར་པ་དང། ཁ་ཟས་གོམས་ཁ་ལ་མི་དགའ་ཞིང་སྤོང་བ་དང། དུང་བ་བརྡུང་བ་ལ་སོགས་པ་ཉེས་པར་གྱུར་པ་དག་གིས་བད་ཀན་ཤས་ཆེ་བར་གྱུར་བའི་རླུང་ལ་སོགས
་པའི་ནང་འཁྲུག་ཤིང་ལྡང་བར་གྱུར་ནས། ཁའི་ནང་གི་ནང་སྣ་ཚོགས་པ་དག་འབྱུང་བར་འགྱུར་རོ། །དེ་ལ་རླུང་གིས་མཆུ་གས་འགྱུར། །མཆུ་རལ་པ་ཡི་ནང་ཅེས་བཤད། །ཅེས་བྱ་བ་ལ། དེ་ལ་ཁའི་ནང་དེ་དག་གི་ནང་ནས་རླུང་གིས་མཆུ་གང་གོས་ཤིང་གཉིས་སུ་བྱས་བ
་དེ་ནི། མིང་མཆུ་རལ་བ་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །རླུང་གིས་མཆུ་ལ་གནོད་གྱུར་པ། །མཆུ་སྲན་ནང་ཆབས་ཆེ་བ་ཡིན། །མཆུ་འགས་རྡོལ་ཡང་གྱུར་པ་དང། །བཞག་ཅིང་རྩུབ་པ་མཚུ་འཁྲུགས་ཡིན། །ཞེས་བྱ་བ་ལ། རླུང་གིས་མཚུ་ལ
་གནོད་པར་གྱུར་པའི་ནང་ནི་མཆུ་སྲ་ཞིང་རྒྱས་ཏེ་ཤིང་ལྟར་འདུག་པ་དང། །ཤས་ཆེར་ན་བ་དང་མཆུ་ལགས་ཤིང་ཞིགས་པ་དང། རྡོལ་ཅིང་ཟགས་པར་འགྱུར་པ་དང། མདོག་གནག་ཅིང་རྩུབ་པར་གྱུར་པ་ནི། མཚུ་འཁྲུགས་པ་ཞེས་བྱའོ། །མཁྲིས་པ་ཚ་བ་མི་བཟོད
་སེར། འབྲུམ་ཕྲན་ཡུངས་ཀར་འདྲ་བས་ཁྱབ། །མྱུར་སྨིན་མང་དུ་བརྣགས་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མཆུ་ནང་རྩ་བའི་དངོས་པོ་མི་བཟོད་པ་དང་ཁ་དོག་སེར་བ། ཡུངས་ཀར་འདྲ་པའི་འབྲུམ་ཕྲན་གྱིས་ཀུན་ཏུ་བྱ་བ་ཅིང་གཡོགས་པ་དང།
་མྱུར་དུ་སྨིན་ཅིང་བརྣགས་བ་དང། རྣག་དང་ཆུ་སེར་མར་བ་དང་ལྡན་པ་ནི་མཁྲིས་པས་གནོད་པའི་མཆུ་ནང་ཡིན་ནོ། །བད་ཀན་ལས་གྱུར་གྲང་བ་ནི། །མི་བཟོད་ལྕི་ཞིང་སྐྲངས་པ་དང། །འབྲུམ་ཕྲན་དཀར་བོས་ཁྱབ་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི
་མཆུ་ནང་ནི་གྲང་བས་རེག་ན་མི་བཟོད་པ་དང་ལྕེ་ཞིང་བསྐྲངས་བ་དང། འབྲུམ་ཕྲན་ཁ་དོག་དཀར་པོས་ཙེམ་ཙེམ་པར་ཁྱབ་པ་ཡིན་ནོ། །འདུས་གྱུར་སྣ་ཚོགས་པར་སྣང་ཞིང། །དྲི་དང་སྤྱི་བག་འཛག་པ་དང། །གློ་བུར་ཤས་ཆེར་སྐྲང་ཞིང་ཞུམ། །ན་དང་མི་རྣག་མ
་སྙོམ་ཞེས་བྱ་བ་ལ། །འདུས་པ་ལས་གྱུར་པའི་མཆུ་ནང་ནི་ཁ་དོག་སྣ་ཚོགས་པས་སྣང་བ་དང། མཆུའི་ལྡན་ལྗིན་དྲི་མ་ཞིམ་པ་དང་།སྤྱི་བག་ནལ་ནལ་པོར་འཛག་པ་དང། གློ་བུར་དུ་རྒྱུ་མེད་པར་ལན་འགའ་ནི་ཤས་ཆེར་སྐྲ་པ་དང། ཕྱེད་འགའ་ནི་ཞུམ་ཞིང
་སྒྲང།?་ལན་འགའ་ནི་ན་ལན་འགའ་ནི་ན་བར་མི་བྱེད་པ་དང། རྣབ་ཅིང་སྨིན་པ་མ་སྙོམས་ཏེ་ལན་འགའ་ནི་མྱུར་དུ་སྨིན་ལ་ལན་འགའ་ནི་རིང་ནས་སྨིན་པ་ཡིན་ནོ། །ཁྲག་ལས་གྱུར་པ་ཁྲག་འཐིག་ཅིང། །ཁྲག་གིན་དོག་དང་འདྲ
་དང། འདི་ལ་བྲ་གོ་ལྟ་བུ་ཡི། །ཁྲག་ཟད་ཆུ་བུར་འབྱུང་བ་ཡིན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མཆུ་ནང་ནི། །རྒྱུན་དུ་འཛག་པ་དང་ཁྲག་གི་མདོག་ཅན་དུ་སྣང་བ་དང་ཆུ་ནང་འདི་ལ་ཁྲག་ཟད་བར་གྱུར་པ་དང། ཆུ་བུར་འགྲ་གོ་ལྟ་བུ་འཕྱེ་བ་ཡིན་ནོ།།
་ཤ་གྱུར་ཤ་ཡི་གོང་པོ་འདྲ། །རིམ་གྱི་སྲིན་བུ་སྐྱེ?་ཞིང་འགུལ། །ཞེས་བྱ་བ་ལ། ཤ་ལས་གྱུར་པའི་མཆུ་ནད་ནི་ཤའི་གང་པོ་འདྲ་བར་གྱུར་པ་དང་རིམ་གྱིས་སྐྱེ་ཞིང་འགུལ་བར་གྱུར་པ་ཡིན་ནོ། །ཚིལ་གྱུར་གཡའ་ཞིང་འདྲུལ་བ་དང། །སྐྲང་འཇམ་ཏའི
་མར་ལྟ་བུར་འཛག། །ཅེས་བྱ་བ་ལ་།ཚིལ་གྱི་གནོད་པ་ལས་གྱུར་པའི་མཆུ་ནང་གཡའ་ཞིང་འདྲུལ་བ་དང། སྐྲང་ཞིང་ལྗན་ལྗིན་དང་ཆུ་སར་ཐལ་མར་ལྟ་བུ་འཇིག་ཅིང་འཇམ་པོར་འདུག་པ་ཡིན་ན། །སྣང་པ་ལས་གྱུར་གས་པ་དང། །ཡང་དང་ཡང་དུ
་འབྱེད་གྱུར་ལ། །སླར་མང་འདྲུབས་པར་འགྱུར་པ་དང། མཆུ་ནི་གཡའ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སྣང་ཅིང་རྨ་བྱུང་བ་ལ་མཆུ་ནང་དུ་གྱུར་པ་ནི་ཡང་དང་ཡང་དུགས་པར་འགྱུར་པ་དང། ཡང་དང་ཡང་དུ་འབྱེ་བར་འགྱུར་བ་དང། སླར་ཡང་དེ་ལས
་འདུགས་ཏེ་དྲན་བུར་འགྱུར་བ་དང། མཆུ་དེ་ཡང་དང་ཡང་དུ་གཡའ་བར་བྱེད་པ་ཡིན་ནོ། །རླུང་དང་གང་གན་འདྲེས་པ་ལས། །མཆུ་ཡིས་ཆུ་བུར་ལྟ་བུ་འབྱུང། །ཞེས་བྱ་བ་ལ། རླུང་དང་བད་ཀན་འདྲེས་པར་གྱུར་པ་ལ་མཆུ་ནད་ཆུའི་ཆུ་བུར་ལྟ་བུར་མཐོང་བ་དག
་འབྱུང་བ་ནི་ཆུན་?་ཆུའི་ཆུ་བུར་ཞེས་བྱ་བ་སྟེ། དེ་ལྟར་ན་དེའི་མཆུའི་ནང་བཤད་པ་ཡིན་ནོ། །མཁུར་བའི་གནས་ཁྱོར་སྐྲང་ཞིང་བརྟན། །མཁུར་བ་ཚ་ཞིང་རིམས་དང་བཅས། །ཞེས་བྱ་བ་ལ། མཁུར་ཚོས་སུ་སྐྲང་ཞིང། བརྟན་པ་དང་མཁུར་བ་ཚ་བ་འུར་འུར་པོར
་གྱུར་ཅིང་རིམས་དང་བཅས་པ་གང་ཡིན་པ་དེ་ནི་མཁུར་བར་འབྲས་འབྱེད་པའི་ནང་ཅེས་བྱ་སྟེ། དེ་ལྟར་ནམ་མཁུར་བའི་ནང་ནི་གཅིག་ཡིན་ནོ། །རླུང་གྱུར་སོ་ནད་དྲོ་ལ་སྲེད། །གང་པས་རེག་ན་ལྟག་པར་ན། །གཟེར་ཞིང་བཅས་པ་སྙམ་དུ་སེམས། །གྲར་པས་ཞིགས་པར
་དེ་བཤད་དོ། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་སོའི་ནང་དྲ་བ་ལ་སྲེད་ཅིང་བསྟེན་པ་བཟོད་པ་དང་གྲང་བས་རེག་ན་ལྷག་པར་ན་ཞིང་ལྡང་ལྡང་པར་ཟུག་པ་དང། དེ་བཞིན་དུ་གཟར་བ་དང་ན་བས་བཅག་ཅིང་འབྲུལ་བ་སྙམ་དུ་སེམས་པའི་སྲོ་ནད་དེ་གྲང་པས
་གཞིག་པ་ཞེས་བྱའོ། །རླུང་དང་ཆུ་ཡིས་སྲོ་རྩེ་བ། །གྲང་དང་སྐྱུར་བ་མི་བཟོད་པར། །སྐྱུར་བ་ཟོས་པ་ཉིད་ཀྱིས་འགྱུར། །ནད་བཅས་འགུལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སོ་རྩེ་བ་ཞེས་བྱ་བའི་ནང་ནི་སོས་རླུང་དང་གྲང་པ་ལ་སོགས་པ་སོས་བསྟན་པར་མི
་བཟོང་བ་དང་ནང་ངོ་ཡང་སྐྱུར་བ་ཟོས་པ་ཉིད་ལས་གྱུར་པ་?་བཞིན་དུ་ནད་བཅས་ཤིང་འགུལ་པར་བྱེད་པ་ཡིན་ནོ། །སོགས་སོ་ནི་ཟེགས་པ་དང། ན་ཞིང་ཟུག་ལ་གཡོ་བ་ཡིན། །ཞེས་བྱ་བ་ལ། སོ་ཟགས་ཤིང་ན་བ་ལ་སོགས་པ་ཡིན་ནོ། །སོ་འབུལ་སོ་ནི
་གསོ་བ་དང། །ཟ་བའི་ཚོན་ལྷག་པར་ན། །ཞེས་བྱ་བ་ལ། སོ་འགུལ་བ་ཞེས་བྱ་བའི་ནང་ནི་སོ་གཡོ་ཞིང་ལྡེག་པ་དང། ལྷག་པར་ཡང་ཟས་ཟ་བའི་ཆེ་ན་ན་བར་གྱུར་པ་ཡིན་ནོ། །སོ་སྟོ་སོ་ནི་མི་སྡུག་པར། །སོ་རྣམས་སྐྱེ་བར་འགྱུར་བ་ཡིན། །སོ་སྟོ་ཞིང་མི་སྡུག་པར
་གྱུར་པར་སྐྱེ་བར་འགྱུར་བ་ཡིན་ནོ། །སོ་ལྷག་སོ་ནི་སྐྱེས་པ་སྟེ། །དེ་ནི་འཕེལ་བ་ཞེས་ཀྱང་བཤད། །ཅེས་བྱ་བ་ལ། སོ་རྣམས་ལས་གང་ལྷག་པའི་སོ་སྐྱེས་པར་གྱུར་པ་དེ་ནི། སོ་ལྷག་ཅེས་བྱ་བའི་སོ་ནད་ཡིན་ཏེ་དེ་ནི་སློབ་དཔོན་ལ་ལས་དེ་སོ་འཕེལ་བ་ཞེས་བྱ་བའི
་ནང་ཡིན་ན། །ཞེས་ཟེར་རོ། །སྐྱེས་པར་འགྱུར་བའི་ཚོ་ན་ནི། །ན་ཞིང་སྐྱེས་ནས་དེ་བཞིན་བྱེད། །ཅེས་བྱ་བ་ལ། སོ་ལྷག་དེ་སྐྱེས་པར་འགྱུར་པའི་ཚ་ན་ནི་ཤིན་ཏུ་ན་བར་འགྱུར་ལ། ད་སྐྱེས་ཟིན་ནས་ནི་ཞི་བར་འགྱུར་བ་ཡིན་ནོ། །མ་བཀྲུས་སོ་ཡི་དྲི་མའམ། །བད་ཀན
་རླུང་གིས་བསྐམས་པ་ལས། དྲིང་བརྟན་གྱུར་སོ་དྲེག་ཡིན། །ཞེས་བྱ་བ་ལ། ཁ་མ་སྦྱངས་ཤིང་མ་བཀྲུས་པ་ལ་སོ་ཤིང་ལ་སོགས་པས་དག་པར་མ་བྱས་པའི་སོའི་དྲི་མ་གང་དག་ཡོད་པ་དེ་རླང་གི་བསྐམ་པར་བྱས་པའམ?་སོ
་དྲེག་དྲི་ནི་ཞིན། ཞིབ་བརྟན་པར་ཆགས་པའི་ནང་དེ་ནི་མིང་སོ་དྲེག་ཅེས་བྱའོ། །དེ་ནི་ཡལ་བར་བོར་པ་ལས། །སོ་ནི་དུ་མཁུར་ཟགས་གྱུར་པ། །གྲུབ་ཤིང་སོ་ནི་གོམས་པ་ཡིན། །ཞེས་བྱ་བ་ལ། སྲ་དྲག་ཡལ་བར་བར་ཞིང་མ་བཅོས་པ་ལས་སོའི་དུམ་བུ་ག་མོར་ཟགས
་ཤིང་གོམས་པར་གྱུར་པ་ནི་གྲུབས་ཤིང་གོམས་པའི་སོ་ནང་ཅེས་བྱའོ། །ཁྲག་དང་མཁྲིས་པ་རླུང་གིས་སོ། །སྔོན་པོར་གྱུར་བ་སོ་སྔོན་ཡིན། ཞེས་བྱ་བ་ལ། སོ་དང་ཁྲག་དང་མཁྲིས་པ་དང། རླུང་གི་ནང་ཞུགས་པར་གྱུར་པས་སོའི་མདོག་སློན་པོར་གྱུར་པ་ནི་སོ
་སྔོན་གྱི་ནང་ཅེས་བྱའོ། །ནང་གྱིས་རླུང་ནི་ཤས་ཆེར་འགྱུར། རྩ་བར་བཅས་པའི་སོ་ལ་བརྟེན། །སོ་དབུ་སྐམས་ཏེ་སྟོང་པར་བྱས། །སོར་ནི་ཟས་ཀྱི་དྲི་མས་གང། །རུལ་པས་སྲིན་པོ་ཕྲ་མོ་ནི། །སྐྱེ་བར་འགྱུར་བ་འོག་ཏུ། །རྒྱུ་མིང་བརྣག་དཀའ་ལྡང་དུ་བ་ཅན། །སྤོམ་ཆེན
་བརྣག་ལ་ཤས་ཚར་ན། །བཅང་པ་འདྲང་སྣང་རྣག་ཁྲག་འཛག། དེ་ནི་སོ་སྲིན་ཅམ་ཞེས་བྱ། །ཞེས་བྱ་བ་ལ་།རླུང་ལ་སོགས་པའི་ནད་ཀྱི་ཚོགས་རླུང་གིས་ཤས་ཆེ་ཞིང་རྒྱས་པར་གྱུར་བ་རྩ་བ་དང་བཅས་པའི་སོ་ལ་བརྟེན་ཅིང་གནས་པས་སོའི་དབུས་སྐམས་པར
་གྱུར་པ་ལས་སོ་དེའི་ནང་ཁོང་སྟོང་དུ་བྱས་ལ། ཁོང་སྟོང་གི་སོ་དྲེང་ཟས་ཀྱི་དྲི་མས་གང་བ་དེ་རུལ་པ་འགྱུར་བ་དང། སྲིན་པོའི་རིགས་ཕྲ་མོ་སྐྱེ་བར་འགྱུར་ལ་དེའི་འོག་ཏུ་ནད་པ་དེ་ལ་རྒྱུ་མེད་པར་སོའི་ནད་ཕྱེད་འགའ་?་ཞི་ཕྱེ་འགའ་ཟི་བའི་ལྡང་?་ཅན་དུ་འབྱུང་བ་དང། ནང
་ཀུན་གཡོ་ཞིང་བསྐྱོད་པ་དང། མདོག་གནག་པ་དང། ཤས་ཆེར་ན་?་དང། སོ་བཅད་པ་ལྟ་བུར་སྣང་བ་དང། རྣག་དང་ཁྲག་གི་ཚོགས་འཇོག་པར་གྱུར་པའི་ནད་ནི་སྲོའི་སྲིན་ཅན་བྱི་ནང་ཅེས་བཤད་དོ། །དེ་ལྟར་ན་སོའི་ནང་ནི་གྲངས་བཅུར་བཤད་པ་ཡིན་ནོ།།
་བད་ཀན་དང་ནི་ཁྲག་གིས་བརྙིལ། །བརྣགས་ཤིང་རུལ་པར་གྱུར་པ་དང། མཉེན་ལ་ཟགས་ཤིང་བརྣགས་པ་དེ། །གྲང་བས་ཉེན་པ་ཡིན་པར་བཤད། །ཅེས་བྱ་བ་ལ། བད་ཀན་དང་ཁྲག་གི་ནད་དེ་ནི་གཡོས་པར་གྱུར་པས་རྙིལ་བརྣགས་ཤིང་དྲིང་པར་གྱུར་ལ། ?
་ཞིང་འདྲུལ་ལ་རྒྱུ་མེད་པར་ཁྲག་རྒྱུན་དུ་འཛག་པ་དང། དེ་མཉེན་ཞིང་འཇམ་པ་དང། ཤ་ཟགས་པར་གྱུར་པ་དང། མདོག་གནག་པར་གྱུར་པ་དེ་ནི་རྙིལ་ནད་གྲང་བས་ཉེན་བ་ཞེས་བྱ་བར་བཤད་དོ། །ཁྲག་མཁྲིས་བརྣགས་པ་ལས་བྱུང་བ། །རྙིལ་ནི་ཚོ་བར་བྱེད་པ་དང། །ཁྲབ?
་གིས་སྐྲང་བ་མཐོ་པ་དང། །གཡའ་ཞིང་ཁྲག་ནི་འཛག་པ་དང། །ཁྲག་ཆང་ནས་ནི་རྒྱས་པར་འགྱུར། །སོ་ན་འགུལ་ཞིང་ན་ཚ་བས་ཆུང། །ཁ་དྲི་མཉམ་འགྱུར་ཉེར་འདར་ཡིན། །ཞེས་བྱ་བ་ལ་?་ཁྲག་དང་མཁྲིས་པ་ལས་གྱུར་པའི་རྙིག་གྱི་ནང་ཉེ་བར་འདྲར་བ་ཞེས་བྱ
་བ་ནི་?་ཆོ་བ་འུར་འུར་པས་བྱ་བ་པར་འགྱུར་བ་དང། དེ་བཞིན་དུ་ཁྲག་ལས་གྱུར་པའི་སྐྲང་བ། དེ་མཐོན་པོར་འགྱུར་བ་དང། དེ་བཞིན་དུ་ཁྲག་འཛག་པ་དང། ཤས་ཆེར་གཡའ་བ་དང། རེ་བཞིན་དུ་ཁྲག་ད་ཚད་ཅིང་འཁྱིལ་བར་གྱུར་ན་ནི། སྙིལ་གྱི་ཤ་དེ
་རྒྱས་པར་འགྱུར་བ་དང། སོན་ཞིང་འགྱུར་བར་འགྱུར་བ་དང། དེ་བཞིན་དུ་ཁྲག་ལས། ནད་ཚབས་ཅུང་ཟད་ཆུང་བར་འགྱུར་བ་དང། །ཁའི་ནང་དྲི་མི་ཞིང་ཞིང?་མཉམ་པར་འགྱུར་བའི་རྙིལ་ག་ཡི་ནང་དེ་ནི་ཉེ་བར་འདར་བའི་ནད་ཅེས་བྱའོ། །སོ་ནི་གཉིས་སམ་གསུམ་ཐད་ཀར།
་བད་ཀན་ལས་གྱུར་རྒྱ་ཤུག་ཙམ་བསྐུངས?་པ་སྲ་ཞིང་མི་བཟང་ན། །མྱུར་དུ་སྨིན་པ་སོའི་འགུང་ཡིན། །ཞེས་བྱ་བ་ལ། སོ་གཉིས་སམ་གསུམ་གྱི་ཐད་ཀར། བད་ཀན་འཁྲུགས་པར་གྱུར་པ་ལས་རྒྱ་ཤུག་གི་ཚིག་གུ་ཙམ་དུ་སྐྲང་ཞིང་སྲ་བ་དང། སྐྲངས་པ་དེ་མི་བཟང་པར་ན
་ཞིང་མྱུར་དུ་སྨིན་པར་འགྱུར་པ་དེ་?་ཉི་ཤུ་འབུར་བཞེས་བྱ་བའི་ནད་ཅེས་བྱའོ། །རྙིལ་ནི་ནད་བཅས་ཁྲག་གིས་ནི། ཕྱི་རང་ནང་དུ་།སྐྲང་ཞིང་ལྡི། །མ་ཞིང་ཚེ་ལགས་པ་ལས།། །རྣ་ཁྲག་འཛག་སོའི་ཁོང་འདྲས་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནང་དང་?
་བའི་ཁྲག་གིས་རྙིལ་གྱི་ཤ་ཕྱི་རང་ནང་དུ་སྐྲངས་པ་དང། ལྕི་བར་འཇུག་པ་དང། ན་ཞིར་ཚབ་འུར་འུང་པོ་གནས་པ་དང། །དེ་གས་པར་གྱུར་པ་ལ་རྣག་དང་ཁྲག་འཛག་པར་གྱུར་པ་ནི་སོའི་ཁོང་འབྲས་ཞེས་བྱའོ། །སོ་རྩར་ཁྲག་མཁྲིས
་ལས་གྱུར་ནང། །སྐྲང་ཞིང་ནད་དང་བཅས་པ་དང། །ཁ་ཆུ་འཛག་ཅིང་རྙིལ་འདྲུལ་བ། །ཁོང་སྟོང་གི་ནི་ནད་ཅེས་བྱ། །ཞེས་བྱ་བ་ལ། ས་རྣམས་ཀྱི་རྩ་བར་ཁྲག་དང་མཁྲིས་པ་ལས་གྱུར་པའི་ནང་སྐྲང་པ་དང། ཁ་ཆུ་འཛག་པ་ལ་སོགས་པ་ནི་ཁོང་སྟོང་གི་ནང་ཅེས་བྱའོ།།
་འདུས་པ་ལས་གྱུར་རིམས་དང་བཅས། །རྣག་དང་བཅས་པའི་ཁྲག་འཛག་ལ། །སོ་ཡི་སྦྲེལ་མཚམས་ཞིག་པ་ནི་ཁོང་སྟོང་ཆེན་པོ་ཞེས་བཤད་དོ། །ཞེས་བྱ་བ་ལ། སྐྲད་པ་དེ་ཉིད་འདུས་པའི་ནད་ལས་གྱུར་ཅིང་སྐྲད་པ་དང། །རིམས་ཀྱིས་འདེབས་པ་དང། །དེ་བཞིན
་དུ་རྣག་དང་བཅས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི། །མིང་ཕོང་སྟོང་ཚན་པོ་ཞེས་བྱའོ། །ཞེས་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་དོ། །བད་ཀན་གྱིས་ནི་སའི་མཐར། །ཤ་མཛེར་ལྟར་སྐྲང་འགྲམ་པ་དང། །རྣ་བ་ན་བྱེད་སྤྱོད་ལམ་ཉམས། །ད་ནི་ཤ
་ལྷག་ཅེས་བྱར་བཤད། །ཅེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པ་ལས་ཤའི་མཛེར་པ་ལྟ་བུའི་སྐྲང་བ་འབྱུང་པར་འགྱུར་ཞིང་ངེས་འགྲམ་པ་དང་རྣ་བ་ན་བར་བྱེད་པ་ལ་རང་གི་སྤྱོད་ལམ་ཁ་ཟས་ཟ་བ་ཉམས་པར་བྱེད་པའི་ནང་དེ་ནི་ཤ་ལྷག་སྐྱེས
་པའམ། ཤའི་རྨེན་བུ་ཞེས་བྱ་བར་བཤད་དོ། །རྙིལ་ནི་བརྡར་བར་གྱུར་པ་ལས། །ནད་ཚབས་ཆེན་བོར་འབྱུང་འགྱུར་ཞིང། །གང་ཞིག་སོ་ནི་འགུལ་གྱུར་པ། །དེ་ནི་སྣང་བ་ལས་བྱུང་ཞིང། །ཞེས་བྱ་བ་ལ། སོ་ཤིང་ལ་སོགས་པས་བརྡར་ཅིང་བྲུད་པར
་གྱུར་པ་ལས་ཤས་ཆེར་ན་བྲལ་སོགས་པར་གྱུར་པའི་ནང་དེ་ནི་སོ་སྣང་བ་ལས་བྱུང་བ་ཞེས་བྱའོ། །རྙིལ་ལ་བརྟེན་པར་བྱེད་པའི་ནང། །གསོ་རུང་ཡལ་བར་བོར་བ་གང། །དེ་ནི་རྒྱུན་ལན་ཕྲ་བས་བསྐྱེད། །དེ་ནི་ཡང་ཡང་རྣག་འཛག་ཅིང། །པག་?་པ་ཤ་དང་རུས
་པ་འབིགས། །ཞེས་བྱ་བ་ལན་མི་གང་གི་རྙིལ་ལ་བརྟེན་པ་ལ་ནི་ནང་གསོར་རུང་ཞིང་བཅོས་སུ་འདོད་འགའ་ཡིན་པ་དག་ཡལ་བར་བོར་བར་གྱུར་ན་ནད་དེའི་སྐྱོན་ནང་དུ་འཛག་པས་དེས་ནང་གི་རྒྱུན་ལམ་གྱི་བུ་ག་ཕྲ་མོ་བསྐྱེད་ལ། བུ་ག་དེ་ལས་ཡང་དང་ཡང
་དུ་རྣག་འཛག་པས། པགས་པ་དང་ཤ་དང་རུས་བ་འབིགས་པར་བྱེད་དོ། །དེ་ཡང་རང་རང་མཚན་ཉིད་ནི། །ཇི་སྐད་བཤད་པས་སྔར་ཤེས་བྱ། །ཞེས་བྱ་བ་ལ། ཕྲ་མོར་འབིགས་པའི་ནད་དེ་ཡང་ནང་རང་རང་གི་མཚན་ཉིད་ཀྱིས་རྣ་བ་ལྔར་འགྱུར་བ་ཡིན་པར།
་ཤེས་པར་བྱའོ། །དེ་ལྟར་ན་རྙིལ་གྱི་ནད་ནི་བཅུ་གསུམ་དུ་ཤེས་པར་བྱའོ། །ལྕེ་ནི་ཤ་ཁའི་ལོ་ལྟར་རྩུབ། །ཚོང་བ་མེད་གོས?་རླུང་གནོད་ཡིན། །ཞེས་བྱ་བ་ལ། རླུང་གི་ནང་ཀྱིས་གནང་བར་གྱུར་པའི་ལྕེའི་ནང་ནི། ཤིང་ཤ་ཀ་ཞེས་བྱ་བའི་ལོ་མ་ལྟར་རག་ན་རྩུབ་པ
་དང། ཆོང་བ་མེད་ཅིང་དེར་བྲོ་བོར་འདུག་པ་དང། །བ་མང་དུགས་པ་ཡིན་ནོ། །མཁྲིས་པས་ཚོ་ནང་ནང་བཅས་འགྱུར། མཛེད་པ་དམར་པོས་ཁྱབ་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པས་གནོད་བར་གྱུར་བའི་ལྕ་ནི་ཚ་བ་འུར་འུར་པོར་འདུག་པ་དང། ནང་དང་བཅས་ཡིན
་ལ། དེ་བཞིན་མཛེད་པ་དམར་བོས་ཁྱབ་པར་གྱུར་པ་ཡིན་ནོ། །བད་ཀན་ལས་གྱུར་ཤལམ་ལིའི། །ཚེར་མས་ཁྱབ་འགྱུར་ལྕི་ཞིང་འཐུག། ཅེས་བྱ་བ་ལ། བད་ཀན་གྱི་གནོད་པར་གྱུར་བའི་ལྕེ་ནི་ཤལམ་ལིའི་ཚེར་མ་འདྲ་པའི་ཤའི་མཛེར་པས་ཁྱབ་པར་གྱུར་པ་དང།
་རང་བཞིན་ལྕི་ཞིང་འཐུག་པར་བྱུང་བ་ཡིན་ནོ། །བད་ཀན་མཁྲིས་པས་འོག་ཏུ་སྐྲང། །མཐོ་ཞིང་གྱོར་བར་བྱེད་བ་དང། །སྨིན་པ་ཉ་ཡི་དྲི་འདྲ་ལ། །ཤ་འདྲུལ་ཆུང་སེར་ཅན་ཞེས་བྱ། །ཞེས་པ་ལ། བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནང་ཀྱིས་ལྕེ་འོག་ཏུ
་སྐྲང་ཞིང་སྲབ་པར་བྱེད་པ་དང། སྨིན་ཅིང་རྣགས་པར་གྱུར་ན་ཉ་རུལ་པའི་དྲི་འདྲ་ལ། ལྕེའུ་ཤ་འདྲུལ་ཅིང་ཞིག་པ་དེ་ནི་ལྕེ་ནང་ཆུང་སེར་ཅན་ཞེས་བྱའོ། །ལྕེ་རྩའི་འོག་དང་འབྲེལ་པ་ནི། །སྐྲང་ཞིང་ལྕེ་ཡི་རྩེ་མོ་འདྲ། །མཛེར་པ་བྱུང་ཞིང་ཁ་ཆུ་འཛག། ལྕེ་ནི་རངས་ཤིང
་རྩུབ་པ་དང། །གཡའ་དང་ནད་བཅས་ཚིག་མི་ཐོན། །ཟ་བར་མི་ནུས་ལྕེ་ལྷག་ཡིན། །ཞེས་བྱ་བ་ལ། ལྕེའི་ཕུགས་ཀྱི་རྩའི་འོག་དང་འབྲེལ་པ་དེ་སྐྲང་ཞིང་ལྕའི་རྩེ་མོ་འདྲ་བའི་མཇེར་པ་བྱུང་བ་དང། །ཁ་ཆུ་དང་ཁྲག་འཛག?་པ་དང
་ལྕེ་རངས་ཤིང་གྱོད་པ་དང། །ཁ་ཟས་ཟ་མི་ནུས་པ་དེ་ནི་མིང་ལྕེ་ལྷག་ཅེས་བྱ་བ་ཡིན་ནོ། །དེ་དང་འདྲ་བ་ལྕེ་སྟེང་ན། །གནས་པའི་ཉེ་བའི་ལྕེ་ཞེས་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་མཚན་ཉིད་དང་འདྲ་བའི་སྐྲངས་པའི་ནད་ལྕེའི་སྟེང་ན་གནས་པ་ནི་ཉེ
་བའི་ལྕེ་ཞེས་བྱ་བའི་མིང་འདིས་བཤད་པ་ཡིན་ནོ། །དེ་ལྟར་ན་ལྕེའི་ནང་ནི་དྲུག་ཡོད་པ་ཡིན་ནོ། །རླུང་འཁྲུགས་པ་ནི་ཀན་གྱི་ཤར། །འབྲུམ་ཕྲན་སྲ་ཞིང་ནད་བཅས་འགྱུར། །མང་ཞིང་འཐུག་ལ་འཇག་པར་བཅོས། །རྐན་གྱི་འབྲུམ་ཕྲན་ཞེས་དེ་བཤད།།
་ཅེས་བྱ་བ་ལ། རླུང་གི་ནད་དཀྲུགས་པས། རྐན་གྱི་ཤ་ལ་གནོད་པར་གྱུར་ན། འབྲུན་བྲན་ས་ཞིང་ན་བ་དང་བཅས་པ་དང། མང་བ་དང། འཐུག་ཅིང་འབྲུམ་བུ་འདུས་པ་དང། ཆུ་སེར་འཛག་པ་དང་བཅས་པ་འབྱུང་སྟེ། འབྲུམ་བུ་དེ་ནི་མིང་པར་ཀན
་འབྲུམ་ཕྲན་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་ཁྲག་གིས་སྐན་ལུགས། །ཉ་ཡི་ལྒང་པ་འདྲ་ཞིང་འཇམ།། འཕྱང་ཞིང་སྐྲང་ལ་སྤྱི་བག་ཅན། །ཁ་ཟས་སྣ་ནས་འབྱུང་བར་བྱེད། །ལྐོག་འགགས་སྐོམ་དང་ལུས་པ་དང། །སྙོན?་བྱེད་ལྐོག
་མའི་ཤ་ལྷག་ཡིན། །ཞེས་བྱ་བ་ལ། བད་ཀན་ཁྲག་དང་འདྲེས་པས་ཀན་གྱི་པུགས་སུ་ཉའི་ལྒང་པ་འདྲ་བས་འཆམ་ཞིང་རབ་དུ་འཕྱང་ལ་སྤྱི་བག་ཅན་དུ་སྐྲང་པ་དང། དེའི་དབང་གིས་སྣ་ནས་འབྱུང་བར་བྱེད་པ་དང། ལྐོག་མ་འགགས་པ་ལ་སོགས་པ་སྐྱེད་པར
་བྱེད་དོ། །ནད་ནི་དེ་ལྐོག་མའི་ཤ་ལྷག་ཅེས་བྱ་བ་ཡིན་ནོ། །སྐན་གྱི་དབུས་སུ་ནད་མེད་ཤ། འདུས་པ་ཀན་འདུས་ཞེས་བྱའོ། །ཞེས་བྱ་བ་ལ། སྐན་གྱི་དབུས་ཀྱི་ཕྱོགས་སུ་ཤ་འདུས་ཤིང་འབུངས་པ་ནད་མེད་པ་སྐྱེད་པ་གང་ཡིན་པ་དེ་ནི་མིང་སྐན་འདུས་པ་ཞེས
་བྱའོ། །སྐམ་གྱི་དབུས་སུ་པདྨ་འདྲ། །ཁྲག་ལས་སྐྱེས་པ་ཆུ་བུར་ཡིན། །ཞེས་བྱ་བ་ལ། སྐྲན་གྱི་དབུས་ཀྱི་ཕྱོགས་སུ་པདྨ་འདྲ་བར་སྐྲངས་པ་ཁྲག་ལས་སྐྱེས་པའི་ནད་གང་ཡིན་པ་དེ་ནི་མིང་ཆུ་བུར་ཞེས་བྱའོ། །བད་ཀན་འཁྲུགས་ལ་རིང་ནད་འཕེལ། །ནང་མེད་རུས་སྦལ
་རུས་སྦལ་འདྲ། །ཞེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པ་ལས་སྐྲང་བའི་ནང་གང་ཡང་ཡུན་རང་ཞིག་ནས་འཕེལ་བ་གང་ཡིན་པ་དེ་ནི་མིང་རུས་སྦལ་འདྲ་བ་ཞེ་བྱའོ། །བད་ཀན་ཚིལ་གྱི་རྒྱུ་སྲན་འདྲ། །ནང་མེད་བརྟན་པ་འབུར་བ་ཡིན། །ཞེས་བྱ་བ་ལ། །བད་ཀན་དང་ཚིལ
་འཕེལ་བར་གྱུར་པ་ལས་སྐྲད་ནང་གང་རྒྱ་སྲན་གྱི་དབྱིབས་འདྲ་ཞིང། ནང་ཚབས་ཆུང་ལ་བསྟན་ཅིང་ཡུན་རིང་དུ་གནས་པ་འབྱུང་བ་གང་ཡིན་པ་དེ་ནི། །མིང་འབུར་བ་ཞེས་བྱའོ། །མཁྲིས་པས་བརྣགས་པ་སྨིན་ཞེས་བྱ། །རྣག་འཛག་ནད་དཀྱིལ་ཆེ་བ་ཡིན། །ལས་བྱ་བ་ལ།
་མཁྲིས་པ་འཁྲུགས་པས་བད་ཀན་གྱི་ནང་དུ་བརྣགས་པར་གྱུར་བ་ནི་སྨིན་པ་ཞེས་བྱའོ། །དེ་ནི་རྣག་འཛག་པ་དང་ནད་ཀྱི་དཀྱིལ་ཆེ་བ་ཡིན་ནོ། །རླུང་མཁྲིས་ལས་གྱུར་ཚ་ཉོན་མོངས། །སྐན་སྐམས་དེ་ལི་ཡིད་ཅན་ཡིན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས
་གྱུར་པའི་རྐན་གྱི་ནང་ཚ་ཞིང་སྐྲངས་པ་དེ་ཤས་ཆེར་སྡུག་བསྔལ་བ་དང། སྐན་གྱི་ཕྱོགས་སྐམས་པ་གང་ཡིན་པ་དེ་ནི་དེའི་མིང་ཅན་ཏེ་སྐན་སྐམས་པ་ཞེས་བྱའོ། །དེ་ལྟར་ན་སྐན་གྱི་རྣམ་པ་བརྒྱད་ཡིན་ནོ། །ལྕི་དང་འདྲེལ་པའི་ལྐོག་མའི་ནང། །ཤ་ཡི་མྱུ་གུ་སྡུད་འཕེལ?
་ཞིང། །མི་བཟང་ལན་ནི་འགགས་བྱེད་པ།། །མྱུར་གསོང་བྱེད་པ་གག་པ་ཡིན། །ཞེས་བྱ་བ་ལ། སྒོག་མའི་ཕྱོགས་སུ་ལྕེ་དང་འབྲེལ་ཅིང་ལྕེ་རྩ་ལས་བྱུང་བ་ལྐོག་མའི་ནང་ཤའི་མྱུ་གུ་ལྟ་བའི་ཤ་ལྷག་སྐྱེས་ཤིང་འཕེལ་བར་བྱེད་ལ། མི་བཟང་ཅིང་བརྣགས་པར་དགའ་
་བ་ལྐོག་མའི་ལམ་འགྲོག་པར་བྱེད་པ་མྱུར་དུ་གསོད་ཅིང་འཇོམས་པར་བྱེད་པ་གང་ཡིན་པ་དེ་ནི། མིང་གག་པ་ཞེས་བྱའོ། །དེ་ནི་རླུང་གྱུར་ལྐོག་མ་ཁ། །སྐམ་བྱེད་འགྲམ་པ་རྣ་ནང་བསྐྱེད། །ཅེས་བྱ་བ་ལ། གག་པ་དེ་རླུང་ལས་གྱུར་པ་ནི་ལྐོག་མ་དང་ཁ་སྐམས་པར་བྱེད་པ་དང།
་འགྲམ་པ་དང་རྣ་པའི་ནང་སྐྱེད་པར་བྱེད་པ་ཡིན་ནོ། །མཁྲིས་པས་རིམས་སྐོམ་རྨོངས་བག་ན། །ལྐོག་འགགས་དུད་པས་འདུགས་སྙམ་སེམས། །མྱུར་སྨན་མྱུར་དུ་འཕེལ་བ་དང། །དམར་ཞིང་རེག་ན་མི་བཟོད་བྱེད། །དེས་བྱ་བ་ལ་མཁྲིས
་པ་ལས་གྱུར་པའི་གག་པ་ནི་རིམས་དང། སྐོམ་དད་ལ་སོགས་པ་དང་ལྡན་པར་འགྱུར་ཞིང་ལྐོག་མ་འགགས་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །བད་ཀན་གྱིས་དཀར་འབྱར་འབག་ཅན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་གག་པའི་མཚན་ཉིད་ནི་བསྐ
་ཞིང་མདོག་སྐྱ་བ་དང་སྤྱི་ཞིང་འབྱར་བག་ཅན་དུ་འདུག་པ་ཡིན་ནོ། །ཁྲག་གྱུར་འབྲུམ་བུས་ཁྱབ་པ་དང། །མེ་མངག་འདྲ་ཞིང་རྣ་ནང་བསྐྱེད། །མཁྲིས་པ་ལ་རྒྱུད?་མཚན་ཉིད་མཚུངས། །ཞེས་བྱ་བ་ལ། ཁྲག་འཁྲུག་པ་ལས་གྱུར་བའི་གག་པ་ནི། །འབྲུམ་བུ་ཕྲ་མོས་ཁྱབ
་བ་དང། །མེ་མདག་དང་ངག་པའི་ཆུལ་འདྲ་བའམ། མདོག་འདྲ་བ་དང། རྣ་བ་གཉིས་ན་བར་བྱེད་པ་དང། མཁྲིས་པ་ལས་གྱུར་བའི་གག་པའི་མཚན་ཉིད་དང་མཐུན་པ་ཡིན་པར་ཤེས་པར་བྱའོ། །འདུས་གྱུར་རྣ་ཕུགས་གཏིང་རིང་ཞིང། །མཚན་མ་ཀུན་དང་ལྡན་པ།
་ཡིན། ཞེས་བྱ་བ་ལ། ནང་གཞི་གསུམ་འདུས་པ་ལས་གྱུར་པའི་གག་པ་ལ་ནི་རྣ་ཕུགས་གཏིང་རིང་ཞིང། ཟ་སྟེ་མི་མངོན་པ་དང། རླུང་ལ་སོགས་པའི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །བད་ཀན་ཤས་ཆེར་སྐྲང་པ་དང། །རྨེན་བུ་རྒྱ་ཤུག་འདྲ་ཞིང
་མཐོ། གྲ་མཚོར་མས་གང་སྙམ་བྱེད། །ལམ་འགགས་བྱེད་པ་རྩ་བ་ཡིན་ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ལས་བད་ཀན་ཤས་ཆེ་བར་གྱུར་པས་ནི། །ལྐོག་མའི་ཕྱོགས་སྐྲངས་པ་དང། རྨེན་བུ་ཤ་མཁུར་རྒྱ་ཤུག་གི་དབྱིབས་འདྲ་ཞིང་མཐོ་བ་སྐྱེ་བ
་དང། ?་མའམ་ཆེར་མས་ནང་དུ་གང་བ་སྙམ་བྱེད་པ་དང། ལྐོག་མའི་ལམ་འགགས་པར་བྱེད་པ་ནི། མིང་པདྨ་འམ་ཀུ་མུ་དའི་རྩ་བ་འདྲ་བའི་ཕྱིར་རྩ་བ་ཞེས་བྱའོ། །ཟླུམ་ཞིང་མཐོ་ཆ་བ་དང། །ལོག་མའི་གནས་འདུས་པ་ཡིན། །ཞེས་བྱ་བ་ལ་ལྐོག་མའི
་ངོས་ན་གནས་པའི་སྐྲང་པའི་ཟླུམ་པ་ལ་སོགས་པའི་མཚན་ཉིད་ཅན་དེ་ནི་མིང་འདུས་བ་ཞེས་བྱའོ། །འགྲམ་པའི་མཚམས་གནས་མགུལ་བའི་ནང། །རས་བལ་ས་བོན་ལྟ་བུར་ཟླུམ། །སྤྱི་བག་ནད་ཚབས་ཆུང་བར་སྐྲང། །ས་བ་མཆུ་རྩེ་ཅན་ཞེས་བྱ། །ཞེས་བྱ་?
་བ་ལ་མགུལ་བའི་ཕྱོགས་སུ་སྐང་པའི་ནང་གང་རས་བལ་གྱི་ས་བོན་དང་དབྱིབས་འདྲ་བའི་ཟླུམ་པོ་སྤྱི་བག་ཅན་ཤས་ཆེར་མིན་ཐ་སྐྲང་ཞིང་སྲ་བ་དེ་མེད་མཆུ་རྩེ་ཅན་ཞེས་བྱའོ། །ཕྱི་དང་ནང་དུ་མི་?་སྐྲད། །ལྐོག་མའི་ལམ་གྱི་བརྟན་པ་འདྲ། །མགོ་ལྕི་སྣུམ
་དང་ཁམ་ཆུ་འཛག། རིམས་བསྐྱེད་ལྐོག་མ་མཆུ་འཛིངས་ཡིན་ཞེས་བྱ་བ་ལ། ལྐོག་མའི་ཕྱོགས་སུ་སྐྲང་པའི་ནད་གང་ཕྱི་ནང་དུ་ཤས་ཆེར་སྐྲང་ཞིང་ལྐོག་མའི་རྒྱུན་ལམ་གྱི་བརྟན་པ་འདྲ་བར་སྐྱེད་ཞིང་མགོ་བོ་ལྕི་བ་ལ་སོགས་པ་གང་ཡིན་པ་དེ་ནི། །སྐོག་མའི་མཆུ་འཇིངས་བཞེས
་བྱའོ་སྐྱང་བ་ཤས་ཆེར་མིན་ཞིང། །ཆུ་ཞིང་དེ་དག་གང་དུ་བུ་ཡིན། །ཞེས་བྱ་བ་ལ། ཀོག་མའི་ཕྱོགས་སུ་སྐྲང་པ་གང་ནང་ཚབས་ཆུད་ཞིང་དཔངས་དང་རྒྱར་མཆུ་དང་ཞེང་གང་དུ་བུ་དང་འདྲ་བར་སྐྲད་པའི་ནད་གང་ཡིན་པ་དེ་ནི་མིང་གང་དུ་བུ་ཞེས་བྱ་སྟེ། །དུ་བུ་དང་དབྱིབས་འདྲ་བའི་ཕྱིར་རོ།།
་ནད་ཀྱིས་ལྐོག་མ་ཤ་མཛེར་ནི། །གཅིག་གམ་ན་བསྐྱེས་ན་ཚ་བས་ཆུང། །དབུགས་འབྱིན་དཀའ་ཞིང་ཟས་མིང་དཀའ་། །རྩ་བ་ཞེ་བ་ཀློག་མའི་མཚོན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནང་འཁྲུགས་པར་གྱུར་པས་ལྐོག་མའི་གནས་སུ་ཤའི་མཛོར་པ་ཞིག་གམ་མང་པོ
་འབྱུང་བར་གྱུར་ཅིང་དབུགས་འབྱིན་པར་དཀའ་བ་ལ་སོགས་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་ལྐོག་མའི་མཚོན་ཅེས་བྱའོ། །ཤ་ཡི་མཚེར་པ་མང་པོས་ཁྱབ། །རབ་སྒོམ་ཚ་ལ་མགོ་བོ་ན། །མདུང་ལྟར་ཤིན་ཏུ་ནར་སྐྱེད་བྱེད། །མཇེར་པས་ཁྱབ་བ་མདུང་འདྲ་ཞིང།།
་ཞེས་བྱ་བ་ལ། ཤའི་མཛེར་པ་མང་པོས་ཁྱབ་ཅིང། །གཡོགས་པ་རབ་དུ་སྐོམ་པ་ལ་སོགས་པ་དང་ལྡན་པའི་མཛེར་པ་མང་པོ་མདུང་ལྟར་ཤིང་ཏུ་ནང་བསྐྱེད་པར་བྱེད་པའི་ལྐག་མའི་ནང་དེ་ནི་ནང་ཅེས་བྱའོ། །ལྐོག་མ་ཀུན་ནི་མྱུར་ཁྱབ་ཅིང། །མྱུར་སྐྱེ་མྱུར་སྨིན་ཤས་ཆན།།
་རུལ་བའི་རྣག་འདྲ་འཛག?་གྱུར་པ། །སྐྲངས་པ་ལྐོག་མའི་ཁོད་འབྲས་ཡིན། ཞེས་བྱ་བ་ལར?་ལྐོག་མར་སྒྲར་བས་ཁྱབ་པའི་ནང་ལྐོག་མི་ཐམས་ཅད་ཁྱབ་བར་བྱེད་པ་དང། དེ་བཞིན་དུ་མྱུར་དུ་སྐྱེ་ཞིང། མྱུར་དུ་སྨིན་པར་བྱེད་པ་དང?།
་དེ་བཞིན་དུ་ཤས་ཆེ་རན་པ་ལ་སོགས་པའི་ནད་དེ་ནི་ལྐོག་མའི་ཁོར་འབྲས་ཞེས་བྱའོ། །ལྕེ་ཡི་ཐ་མ་ལྐོག་མ་སོགས། །སྐྲང་ཞིང་སྨིན་བ་མེད་པའི་ནང། །བརྟན་པ་ཁྲག་གིས་བསྐྱེད་བྱེད་བ། །ནད་མེད་ལྐོག་མའི་རྨེན་བུ་ཡིན། །ཞེས་བྱ་བ་ལ། ལྕེའི་ཐ་མ་དང
་ལྐོག་ནའི་ཕྱོགས་ལ་སོགས་པར་སྐྲད་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ནི་མིང་ལྐོག་མིའི་རྨེན་བུ་ཞེས་བྱའོ། །རླུང་དང་བད་ཀན་ཚིལ་གྱིས་ནི། །ལྐོག་མའི་ཕྱི་རོལ་?་སྐྱེས། །དེ་ནི་འཕེལ་པར་གྱུར་པའི་ཚེ། །རླིག་པ་ལྟར་འཕྱད་ན་པ་མེད།
་ཅེས་བྱ་བ་ལ། རླུང་དང་བད་ཀན་གྱི་ཚིལ་གྱི་ནང་འཁྲུགས་པར་གྱུར་པ་ལས། ལྐོག་མའི་ཕྱི་རོལ་ཏུ་ལྦ་བ་སྐྱེས་པར་གྱུར་ཅིང། དེ་ཤས་ཆེར་ན་བ་མེད་པ་རླིག་པ་ལྟར་འབྱང་བ་ཡིན་ནོ། །དེ་ནི་རླུང་གྱུར་དམར་བའམ་གནག་།རབ་ཟུག་རྩ་རིས་ནག་པོར
་བཅས། འཕེལ་བར་ལྐོག་ན་ཁ་སྐམས་ཤིང། །ལྕེ་ཡི་རོ་མི་ཚོར་བར་བྱེད། །ཅེས་བྱ་བ་ལ། ལྐོག་མའི་ལྔ་བ་དེ་རླུང་ཤས་ཆེས་ལས་གྱུར་པ་ཡིན་ན་ནི་དམར་བའམ་ཤས་ཆེར་གནག་པར་སྣང་ཞིང་ན་ཞིང་ཟུག་པ་ཤས་ཆེ་བར་གྱུར་པ་དང། རྩའི་རི་མོ་ནག
་པོ་དང་བཅས་པ་དང། དེ་འཕལ་པར་གྱུར་ན་ལྐོག་མ་སྐམས་པ་ལ་སོག་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །བད་ཀན་ལས་ལྕི་རིག་ན་གྲང། །བརྟན་ཅིང་སྐྱ་ལ་གཡའ་དང་བཅས། །འཕེལ་ན་རྐན་དང་ལྐོག་མར་ཆགས། །ཁ་ནི་མངར་བ་བྲེ་བར
་བྱེད། ཅེས་བྱ་བ་ལ། ལྐོག་མའི་ལྤ་བ་དེ་བད་ཀན་ལས་གྱུར་པའི་རང་བཞིན་ལྕི་པ་དང། རག་ཅིང་མྱངས་ན་གྲང་པ་ལ་སོཌ་པ་ཡིན་ལ། དེ་འཕེལ་བར་གྱུར་ན་བད་ཀན་དང་ལྐོག་མའི་ཕྱོགས་སུ་སྤྱི་བག་ཅན་ཆགས་པར་འགྱུར་བ་དང། ཁའི་ནང་རོ་མངལ?
་བ་བྲོ་བར་བྱེད་པ་ཡིན་ནོ། །ཆིལ་གྱུར་བད་ཀན་ལྟ་བུར་ན། །དེ་ནི་འཕེལ་འབྲི་ལུས་འདར་བྱེད། །འཕེལ་བར་བྱེད་པའི་ཚེ་ན་ནི། །ལྐོག་མ་སྒྲ་བཅས་སྐད་གསང་ཉམས། །ཞེས་བྱ་བ་ལན་ཚིལ་འཕེལ་བ་ལས་གྱུར་བའི་ལྔ་བ་ནི་བད་ཀན་གྱི་ལྦ་བ་དང་རང་བཞིན་འདྲ་ཞིང
་དེ་ཕྱེད་འགར་ནི་འཕེལ་ལ། ཕྱེད་འགའ་ནི་འབྲི་བར་བྱེད། །ཚིལ་རྒྱས་ན་ནི་འཕེལ་ལ། །ཚིལ་བྲི་ན་འབྲི་བར་ཤེས་པར་བྱའོ། །གཞན་ཡང་ལྦ་བ་འཕེལ་པར་བྱེད་བའི་ཚེ་ན་ནི། ལྐོག་མར་སྒྲ་ངར་དང་པོ་དང་བཅས་པ་དང། སྐད་གསང་ཉམས་ཤིང་ཆུན་བར་འགྱུར་རོ།།
་བད་ཀན་གྱིས་ནི་རླུང་རྒྱུན་བཀག་།ལྐོག་འགགས་སྐད་གསང་ཉམས་པ་དང། དཀའ་བས་དབུགས་འབྱིན་མུན་ཞུགས་སྙམ། །རླུང་ལས་སྐད་ཉམས་གང་ཡིན་འགྱུར། །ཞེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པ་ལས་གང་གི་ཚེ། རླུང་རྒྱུ་བའི་རྒྱུན
་དགག་པར་འགྱུར་ཞིང། དེ་བཞིན་དུ་མི་དེ་ལྐོག་མ་སྐམས་བ་དང། སྐད་གསང་ཤིན་ཏུ་ཉམས་པར་འགྱུར་བ་དང། དབུགས་ཉམས་ཐག་བར་འབྱིན་པ་དང། མུན་བར་ཞུགས་བ་སྙམ་དུ་འཐིབས་ཞེས་བྱེད?་པར་འགྱུར་བ་དང། རླུང་གི་ནད་གང་གིས་སྐད
་གསང་ཉམས་པ་ཞེས་བྱ་བར་ཉམས་པར་འགྱུར་ཏེ། དེ་ལྟར་ན་ལྐོག་མའི་ནད་བཅོ་བརྒྱད་ཡིན་ནོ། །རླུང་ནི་ཀུན་ཏུ་འགྲོ་བྱེད་པས། ཁ་ནང་རྨ?་ནི་འཕོ་བར་བྱེད། །དམར་ལ་རྩབ་བ་སྐྱེད་བྱེད་ཅིང། །མཆུ་དམར་པགས་པ་ལྷོད་བ་དང། །ལྕེ་ཡིས་གྲང་བ་མི་བཟོད་ལྕི། །གས?
་ཤིང་ཚེར་མས་ཁྱབ་འདྲི་སྣང། །ཁ་བརྣས་གདངས་པར་དཀའ་བ་ནི། །ཁ་ཡི་ཤུ་བ་ཞེས་བྱར་བཤད། །ཅེས་བྱ་བ་ལན་རླུང་ཀུན་འགྲོ་ཞིང་གཡོ་བར་བྱེད་པས་ཁའི་ནང་དུ་རྨ་འཕོ་ཞིང་ཡན་མན་དུ་གནས་འཕོ་བར་བྱེད་པ་དང། མདོག་དམར་ཞིང་སྐྱེད་པར་བྱེད་པ་དང། དེ་བཞིན
་དུ་མཆུ་ཟངས་ལྟར་དམར་བ་དང། བགས?་པ་ལྟོད་ཅིང་འགུལ་པ་དང། ལྕེ་ཡིས་གྲང་བ་མི་བཟོད་ཅིང་རང་བཞིན་ལྕི་བ་དང། མཆུགས་ཤིང་ཚེར་མས་ཁྱབ་པ་ལྟར་སྣང་བ་དང། བརྣགས་ཤིང་ཤུ་བ་བྱུང་བས་ཁ་གདངས་པ་དཀའ་བར་གྱུར་བའི་ནད་དེ་ནི་མིང་ཁའི་ཤུ་བ་ཞེས
་བཤད་དོ། །བད་ཀན་གཞང་འབྲུམ་སྐན་སོགས་ཀྱིས། །འོག་ཏུ་གནོད་པར་བྱས་པའི་རླུང། །གྱེན་བྱུང?་ཁ་ནི་དྲི་མི་ཞིམ། །དེ་ནི་སྟེང་གི་རྐུབ་ཅེས་བྱ། །ཞེས་བྱ་བ་ལ། བད་ཀན་ལ་སོགས་པས་རླུང་འོག་ཏུ་རྒྱ་བ་བཀག་བར་གྱུར་པས་གནོད
་པར་གྱུར་ན། རླུང་དེ་གྱིན་དུ་འབྱུང་བས་ཁ་དེ་དྲི་མི་ཞིམ་པར་འགྱུར་ཏེ། དེའི་མིང་སྟེང་གི་རྐུབ?་ཅེས་བྱ་སྟེ། ཕྱེན་གྱི་རླུང་སྟེང་དུ་བྱུང་བའི་ཕྱིར་རོ། །མཁྲིས་གྱུར་ཁ་ཤུ་ཁ་བརྣགས་ཤིང། །ཚ་ན་ཁ་ནི་ཚ་བྲོ་ལ། །རྨ་ལ་ལན་ཆས་བྱུགས་སྙམ་སེམས། །ཞེས་བྱ་བ་ལ།?
་མཁྲིས་པ་ལས་གྱུར་པའི་ཁའི་ཤུ་པ་ཁ་བརྣགས་པར་འགྱུར་མ་དང། ཚ་བ་དང། ན་བ་དང། ཁའི་ནང་ཚ་བྲོ་བར་འགྱུར་བ་དང། རྨ་ལན་ཚས་བྱུགས་ཤིང་བསྐུས་པ་དང་འདྲ་བར་གྱུར་བ་ཡིན་ནོ། །ཁྲག་ལས་གྱུར་པ་དེ་དང་འདྲ། །ཞེས་བྱ་བ་ལ། ཁྲག་ལས
་གྱུར་པའི་ཁ་ཤུ་དང་ནི་མཁྲིས་བ་ལས་གྱུར་པའི་ཁ་ཤུ་མཚན་ཉིད་འདྲ་བར་ཤེས་པར་བྱའོ། །བད་ཀན་ལས་གྱུར་ཁ་མངར་བྲོ། །གཡའ་ཞིང་རྨ་ནི་འབྱིལ་བག་ཅན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཁ་ཤུ་ནི། ཁའི་ནང་རོ་མངར་བ་བྲོ་བ་དང། ཤུ་བའི
་རྨ་དེ་གཡའ?་བལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །མཁུར་ཆོས་ནང་དུ་བརྟེན་ནས་ནི། །འབྲུམ་བུ་གནག་ཅིང་སྐྱེ་བ་འབྱུང། །དེ་ནི་ཉེ་ཞིང་བཅད་པ་དང། །བསྐྱོད་ན་འཕེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། བད་ཀན་འཕེལ་བར་བྱེད་པ་མཁུར་ཚོས་གྱི་ནང་དུ
་བསྟེན་ཅིང་གནས་ན་འབྲུམ་བུ་གནག་ཅིང་སྐྱེ་བ་འབྱུང་བར་འགྱུར་ཏེ། འབྲུམ་བུ་དེ་ལག་པས་མཉེ་ཞིང་བསྐྱོད་པ་ལ་སོགས་པ་བྱས་ན། སླར་འཕེལ་ཞིང་རྒྱས་པར་འགྱུར་རོ། །ནད་ནི་ཁྲག་བཅས་གྱུར་ཁ་ཤུ། །ཁ་ཤུ་ནང་གི་ཁྲག་བཅས་འགྱུར། །འདུས་པ
་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནང་ཁྲག་དང་བཅས་པ་ལས་གྱུར་པའི་ཁ་ཤུ་ནི། མཚན་ཉིད་སྔར་སྨོས་པ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ཉིད་སོ་ཤིང་ལ་སོགས་ལས། །མི་དགའ་ཁ་དྲི་མི་ཞིམ་འགྱུར། །ཞེས་བྱ་བ་ལ།
་ནང་ཁྲག་དང་བཅས་པ་དེ་ཉིད་སོ་ཤིང་ལ་སོགས་པ་ལ་མི་དགའ་བར་བསྟེན་པར་བྱེད་པས། །ཁ་དྲི་མི་ཞིམ་ཞིང་དྲིན་ནམ་པར་འགྱུར་རོ། །མཆུ་དང་མཁུར་ཆོས་སོ་ཅོ?་དང། །ལྕེ་དང་རྐན་དང་མགུལ་པ་དང། །ཁ་དང་ཐམས་ཅད་ངག་གིས་ནི། །ནད་ནི་ལྔ་བཅུ་རྩ་བདུན་མིན།།
་བཅུ་གཅིག་གཅིག་དང་བཅུ་དང་ནི། །བཅུ་གསུམ་དེ་བཞིན་དྲུག་དང་བརྒྱད། །བཅུ་གཉིས་བཅོ་བརྒྱད་དག་དང་ནི། །དེ་དག་གོ་རིམས་བཞིན་དུ་སྦྱར། །ཞེས་བྱ་བ་ལ། མཆུའི་ནད་ནི་བཅུ་གཅིག་ཡོད་པར་བཤད་དོ། །མཁུར་ཆོས་ལ་ནི་གཅིག་ཡོད་དོ། །སོ་ལ་ནི་བཅུ་ཡོད
་བརྩོལ?་ནི་ལྕོ་འགྲོ་ལྕེ?་ལ་ནི་དག་ཡོད་དོ། །རྐན་ལ་ནི་བརྒྱད་ཡོད་དོ། །མགུལ་པ་ལ་ནི་ཅུ་གཉིས་ཡོད་དོ། །ཁ་ལ་ནི་བཅོ་བརྒྱད་ཡོད་དོ། དེ་ལྟར་ན་ཁ་ནད་ནི་སྤྱིར?་བདུན་ཅུ་རྩ་ལྔ་ཡོད་པ་ཡིན་ནོ། །སོ་སྟོ་ཤ་དང་ཁྲག་འགྱུར་མཆུ། །ཆུ་བུར་ཆུ་ནི་མེད་པ་དང། །ཀན་གྱི་རུས་སྦལ
་འབྲུམ་ཕྲན་དང། །མིང་ཁོང་སྟོང་སྟོང་ཆེན་ཆུ་འཇིངས།།སྐད་ཉམས་སོ་སྔོན་སྟེང་གི་རྐུག་།གདུ?་བ་འདྲ་གདུ་བུ་ཆུ་སར?་ཅན། །འདུས་གྱུར་མིད་པ་མཆུ་ནང་དང། ཀྲག་དང་འདུས་གྱུར་གག་པ་དང། །སོ་གག་སོ་ནི་ཆག་པ་དང། །སྨིན་པའི་ཉེ་བའི་ལྕེ་དང་ནི། །ལྐོག་མའི་ལྦ་པ
་སྒང་ཉམས་དང། །དབུགས་མཐོན་པ་ལོ་གཅིག་ཡོན། ཞེས་བྱ་བ་ལད་ནང་དེ་རྣམས་ཀྱི་ནང་ནས། །སོ་སྟོ་བ་ལ་སོགས་པའི་ནང་ནི་གསོར་མི་རུང་བ་ཡིན་ཏེ་།སོ་ནད་ལས་ནི་སོ་སྟོ་བའོ། །མཆུ་ནང་ལ་ནི་ཤ་ལས་གྱུར་བ་དང། །ཁྲག་ལས་གྱུར་པའོ། །ཆུ་བུར་རམ་རྨེན?་བུ
་ལས་ནི་ནང་ན་ཆུ་ཡོད་པའི་ཆུ་བུར་མ་གཏོགས་པར་འབྲུམ་བུའི་ཆུ་བུར་ལྟ་བུ་དང། རླུང་གི་ཆུ་བུར་དང། བད་ཀན་གྱི་ཆུ་བུར་དང། སྐྲང་བ་གསོར་མི་རུང་ངོ། །བད་ཀན་གྱི་ནང་ལས་ནི་རུས་སྦལ་ལྟ་བུ་དང། འབྲུམ་ཕྲན་ཞེས་བྱ་བདག་གསོར་མི་རུང་ངོ། །ཡོངས?་ནང་ལ་ནི་ཁོང
་སྟོང་དང། །བར་སྟུའོ?་ཆེན་པོ་གསོང?་མི་དུ?་?། །མིད་བའི་ནད་ལས་ནི་ཆུ་འཛིངས?་དང། །སྐད་འགགས་བ་དངམ་ཡང་སོའི་ནང་ལས་ནི་སྔོན་པོ་དང། ཁྲའི་ནང་ལས་སྟང་གི་རྐུབ་དང། མགུལ་བའི་ནད་ལས། གདུང་འདྲ་བ་དང། གདུ་བུ་ལྟ་བུ་དང། ལྕེའི་ནད་ཆུ་སེར་ཅན་དང།
་འདུས་པ་ལས་གྱུར་པའི་མིད་པ་དང། ཆུ་ནང་དང། ཁྲག་དང་འདུས་པ་ལས་གྱུར་པའི་གག་པ་དང། སོ་གོག་པ་དང་ཆག་པར་གྱུར་པ་དང། སྨིན་བའི་ཉེ་བའི་ལྕེ་ཡང་གསོ་དཀའ་ཨོ། །ལྐོག་མའི་ལྦ་བ?། སོགས་པ་ལོ་གཅིག་ལོན་པ་ཡང
་གསོ་དཀའ་བ་ཡིན་ནོ། །སོ་རྩེ་གསོ་པ་འཚོ་བ་ཙམ། །ཞེས་བྱ་བ་ལ། སོ་རྩེ་བ་དང་སོགས་པའི་ནད་གཉིས་པ་ནི་རེ་ཞིག་འཚོ་བ་ཙམ་དུ་བྱ་བ་ཡིན་ནོ། །ལྷག་མ་མཚོན་དང་སྨན་གྱིས་གསོ། །ཞེས་བྱ་བ་ལ། མཆུ་ལ་སོགས་པའི་ནད་ལྷག་མ་རྣམས་ན་འོག
་ནས་བཤད་པའི་ཚུལ་དུ་མཚོན་དང་སྨན་གྱི་སྦྱོར་བས་གསོ་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས
་ཀྱེ་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁ་ནར་གསོ་བ་བཤད་པར་བྱའོ། །མཆུ་ངལ་པ་ཡི་མཛའ་བྲུད་དེ། །བཙེམས་ལ་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། མཆུ་རལ་བ་ཞེས་བྱ་བའི་མཆུ་ནད་ཀྱི་མཛའ་མ་བྲུད་དེ།
་བཙགས་བུས་བྲུང་ཅིང་ཞལ་ཞལ་བྱས་ཏེ་སྦྱར་ལ་ལེགས་པར་བཙེམས་ཏེ་རྨ་གསོ་བའི་ཚུལ་ལྟར་གསོ་བར་བྱའོ། །ཤིང་མངར་གསེང་ཕྲོམ་ཀྲ་ཀུ་ནི། །ཐལ་ཏྲེས་ཨུད་པལ་ཤྲ་པ་ནི། །མོན་སྣེའུ་དེ་མ་རུ་བ་ཏ་ལ། །ཏིལ་མར་བསྐོལ་བས་བསྐུ་བར་བྱ།།
་ནས་བྱ་བ་ལ། ཡང་ན་མཆུ་རལ་བ་ལ་ཡང་མངར་ལ་སོགས་བའི་སྨན་གྱི་ལྡེ་གུ་དང། ཏིལ་མར་བསྐོལ་བས་བསྐུ་བར་བྱའོ། །རླུང་འཇོམས་མངར་བའི་སྡེ་ཚན་དང། །བསྐོལ་བའི་ཏིལ་མར་སྣ་སྨན་བཏང། །ཞེས་བྱ་བ་ལ། ཡང་དེ་ལ་རླུང་འཇོམས་པའི
་སྨན་གྱི་སྡེ་ཚན་དང། མངར་བའི་སྨན་གྱི་སྡེ་ཚན་དང་བསྐོལ་བའི་ཏིལ་མར་སྣ?་ནས་བཏང་བར་བྱའོ། །རླུང་གྱུར་མཆུ་ནད་སྲ་རྩི་བོག་།སྤྲ་ཚིལ་གུ་གུལ་ཐང་ཤིང་ནི། །སྣུམ་ཆེན་བསྐོལ་བའི་རྩ?་བལ་དག་།སྤངས?་པའི་ལེའུ་ས་སླན་པར་བྱ། །ཞེས་བྱ་བ་ལ། རླུང་ལས
་གྱུར་པའི་མཆུ་ནད་ལ་ནི། སྲ་རྩི་པོག་ལ་སོགས་པ་དང། སྣུམ་ཆེན་པོ་གང་ཡང་རུང་བསྐོལ་བའི་ནང་དུ་སྤངས་པའི་རས་སྤལ་གྱི་ཡེའུས་སླན་པར་བྱའོ། །ཤིར་མངར་ཕྱེ་མར་བཅས་པ་དང། དེ་ཉིད་ཀྱིས་ནི་བསྐུ་བར་བྱ། ཞེས་བྱ་བ་ལ། ཡང་ན་ཤིང་མནར་གྱི་བྱེ?་མ་དང་?
་ཆེན་པོ་དེ་ཉིད་སྦྱར་བས་བསྐུས་ན་ཡང་རླུང་ལས་གྱུར་པའི་མཆུ་ནད་ལ་ཕན་ནོ། །ེ་རཎྜ་ཡི་ལོ་མ་ནི། །འོ་མར་བསྐོལ་བའི་སྣུམ་དུགས་བྱ། །ཞེས་བྱ་བ་ལ། ཡང་ན་རླུང་ལས་གྱུར་པའི་མཆུ་ནད་ལ། །ེ་རཎྜའི་ལོ་མ་དང། འོ་མ་བསྐོལ་བས་སྦུ་གུ་ལས་དུགས
་བྱའོ། མཆུ་རལ་སྐབས་བཤད་སྣ་སྨན་དང། །མགོ་བོ་བརྟ་བ་ངག་ཀྱང་བྱ། །ཞེས་བྱ་བ་ལ། ཡང་ན་གོང་དུ་མཆུ་རལ་པའི་སྐབས་སུ་བཤད་པའི་སྣ་སྨན་དང། དེ་བཞིན་དུ་མགོ་བོ་བརྟ་བ་དང་བསྐུ་བདག་ཀྱང་བྱའོ། །མཁྲིས་པ་སྣང་པའི་མཆུ་ནད་ལ། །སྲིན་བུ་པདྨས
་ཁྲག་དབྱུང་ངོ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པ་འམ། སྣང་པ་ལས་གྱུར་པའི་མཆུ་ནད་ལ་ནི་སྲིན་བུ་པདྨ་ལ་སོགས་པས་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །སྲེང་ཕྲོམ་སྦྲང་རྩི་སྲ་རྩི་པོག་།ཤིང་མངར་བཅས་པའི་ཕྱེ་མ་གདབ། །ཅེས་བྱ་བ་ལ།
་ཡང་ནང་དེ་ལ་སེང་པོ་མ་ལ་སོགས་པའི་ཕྱེ་མ་འམ་ལྡེ་གུས་བསྐུས་ན་ཕན་ནོ། །སླེ་ཏྲེས་ཤིང་མངར་རྨ་ཤིང་དང། །བསྐོལ་བའི་མར་གྱིས་བསྐུས་ན་ཕན། །ཞེས་བྱ་བ་ལ། ཡང་ན་ཁྲག་དང་སྣང་པའི་མཆུ་ནད་ལ། སླེ་ཏྲེས་ལ་སོགས་པ་དང་བསྐོལ་བའི་མར་གྱིས
་བསྐུས་ན་ཡང་ཕན་ནོ། །མཁྲིས་པའི་ཁོང་འབྲས་ལྟར་ཡང་གོས། །ཞེས་བྱ་བ་ལ། འདིར་མཁྲིས་པ་དང་ཁ་སྣང་པ་ལS་གྱུར་པའི་མཆུ་ནད་ལ། མཁྲིས་པའི་ཁོང་འབྲས་ཀྱི་གསོ་བ་ཇི་སྐད་སྨོས་པ་དག་ཀྱང་བྱའོ། །ཁྲག་ལས་གྱུར་པ་གསར་པ་ལ། །དེ་དག་ཉིད་ཀྱིས
་གསོ་བར་བྱས་ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མཆུ་ནད་སར་པ་ཡུན་རིང་དུ་མ་ལོན་པ་ལ་ནི་མཁྲིས་པའི་གསོ་བར་བཤད་པ་འདི་དག་ཉིད་ཀྱིས་གསོ་བར་བྱའོ། །བད་ཀན་ལས་གྱུར་མཆུ་ནད་ལ། །པ་ཏོའི་ཐལ་བ་ཚ་བ་གསུམ། །སྦྲང་རྩི་དང་ནི་སྦྱར་བ་བསྐུ། །
་གཏར་ག་བྱས་ནས་ཕྱེ་མ་གདབ། །བད་ཀན་འཇོམས་པར་བྱེད་པ་ཡིན། །དུང་བརྡུབ་སླ?་སྨན་མཁུར་བཀང་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཆུ་ནད་ཀྱིས་ཉེན་པ་ལ་ནི་བ་ལ་ནི་བཏོ?་ལེ་ལ་སོགས་པའི་སྨན་གྱི
་ལྡེ་གུས་བསྐུ་བ་དང། གཏར་ག་གདབ་པ་ལ་སོགས་པ་བྱའོ། །ཚིལ་གྱུར་དུགས་བྱས་དབྲལ་ནས་ནི། །མེ་ཡིས་ངེས་པར་བསྲེག་པར་བྱ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་བའི་མཆུ་ནང་ལོ་ནི། དུགས་བྱས་པ་ལ་དབྲལ་བ་ལ་སོགས་པ་བྱའོ། །དྲི?་སྐུ?
་དང་འབྲས་བུ་གསུམ། །སེང་ཕྲོམ་སྦྲང་རྩི་སྦྱར་པ་བསྐུ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་བའི་མཆུ་ནད་ལ་ནི། བྲི་ཡངཀུ་ལ་སོགས་པས་བསྐུ་བར་བྱའོ། །ཆུ་ཡི་ཆུ་བུར་བརྟོལ་ནས་སྦྱང། །སྨན་རྣོན་སྦྲང་རྩིས་བསྐུ་བར་བྱ། །ལོ་མ་ཅན་བསྐོལ། ཞེས་བྱ
་བ་ལ། ཆུའི་ཆུ་བུར་ནི་དང་བོར་བརྟོལ་ནས་སྤྱང་ཞིང་ངག་བར་བྱས་ལ། སྨན་རྣོན་པོ་པི་པི་ལིང་ལ་སོགས་པས་བསྐུ་བར་བྱའོ། །གཏིང་རིང་པའམ་རབ་འཕེལ་ལ། །ཐང་སྨན་དག་གམ་མ་བཙས་གསོ། །ཞེས་བྱ་བ་ལ། ཆུའི་ཆུ་བུར་གཏིང་རིང་ཞིང་ནང་དུ
་ཞུགས་པའམ། རབ་ཏུ་འཕེལ་བ་ལ་ནི་ཐང་སྨན་ནམ་མེ་བཙས་བསྲེག་པར་བྱའོ། །ཞེས་བྱ་བའི་དོན་ནོ། །མཁུར་བའི་ཆུ་སེར་སྨིན་སྐབས་སུ། །སྐྲང་བའི་ནང་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། མཁུར་བ་ཆུ་སེར་འབྱུང་བ་སྨིན་ཅིང་བརྣགས་པར་གྱུར་པའི་སྐབས
་སུ?་ནི་མདོའི་གནས་སུ་བཤད་པའི་སྐྲད་པའི་ནད་ལྟར་གསོ་བར་བྱའོ། །སོ་གྲང་བ་ལ་དུགས་བྱ་སྟེ། སོ་རྩ་དྲུང་དེ་ཏིལ་མར་བསྲག་ཅེས་བྱ་བ་ལ། སོ་གྲང་བར་གྱུར་པ་ལ་ནི་དང་པོར་དུགས་བྱས་ལ། རྩེ་མོ་དཀྱིལ་འཁོར་འདྲ་བའི་བཙགས?་བུས་བྲུང་དེ་ཏིལ་མར
་བསྐོལ་པར་བྱའོ། །གླ་སྒང་རྒྱམ་ཚ་སྦྲང་རྩི་དང། །སེའུ་འབྲུ་ཤུན་བ་འབྲས་བུ་གསུམ། །སྐྱེར་པ་ཁཎྜ་འབྲས་བུའི་རྐང། །བཅལ་སྒ་སྦྱར་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། ཡང་སོའི་ཕྲེང་བ་དེ་གླ་སྒང་ལ་སོགས་པའི་སྨན་སྦྱར་བའི་ལྟེ་གུས་བསྐུ་བར
་བྱའོ། །འོ་མ་ཅན་བསྐོལ་བ་ཁུར་བ་བཀང། །ེ་རཎྜ་མར་སྣ་སྨན་བཏང། །ཞེས་བྱ་བ་ལ། འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བད་གང་པའམ། ཨེ་རཎྜའི་མར་གྱི་སྣ་སྨན་བཏང་པར་བྱའོ། །སོ་བརྩེ་དེ་བཞིན་བྱེ་བ་ལ། །རླུང་འཇོམས་གསོ་བ་ཐམས་ཅད་བྱ། །ཞེས་བྱ་བ
་ལ། སོ་བརྩེ་བ་དང་སོགས་ཤིང་བྱ་བ་ནི་རླུང་འཇོམས་པའི་ཟས་དངསྐོམ་དང་སྨན་དང་ཐམས་ཅད་ཀྱིས་གསོ་བར་བྱའོ། །ཏིལ་དང་ཤིང་མངར་སྦྲང་རྩི་ནི། །འོ་མ་བསྐོལ་པའི་མཁུར་བཀང་བཅད། །ཞེས་བྱ་བ་ལ། ཡང་སྒྲ?་ནང་དེ་གཉིས་ལ་ཏིལ་ལ་སོགས་པ
་དང་བསྐོལ་པའི་ཁུ་བ་མཁུར་བར་བཅངས་ན་ཕན་ནོ། །སོ་འགུལ་བ་ལ་རྩ་བ་བཅུའི། །ཁུ་བ་མར་བསྐོལ་མཁུར་བ་བཀང། །ཞེས་བྱ་བ་ལ། སོ་འགུལ་བའི་ནད་ལ་ནི་རྩ་བ་བཅུ་བསྐོལ་བའི་ཁུ་བ་དང། ཞུན་མར་རམ་ཏིལ་མར་བསྐོལ་བ་མཁུར་པར་བཅངས་ན
་ཕན་ནོ། །སྤང་མ་སེང་ཕྲོམ་པི་པི་ལིང། །འབྲས་བུ་གསུམ་བ་རྨ་ཤིང། །རྒྱམ་ཚ་ཡིས་ནི་བརྡར་བར་བྱ། །ཞེས་བྱ་བ་ལ། ཡང་སོ་འགུལ་བ་ལ་སྤང་མ་ལ་སོགས་བས་སོ་བདར་ན་ཡང་ཕན་ནོ། །སྣམ་བག་གིས་ནི་སྣ་སྨིན་དང། །མཁུར་བཀང་གནས་སྐབས
་ཇི་བཞིན་བསྟན། །ཞེས་བྱ་བ་ལ། ཡང་སོ་འགུལ་པ་ལ་སྣུམ?་བག་ཅན་གྱི་སྣ?་སྨན་ལ་སོགས་བ་གནས་སྐབས་ཇི་བཞིན་དུ་བསྟན་པར་བྱའོ། །སོ་ལྷག་སྐྱེས་ལ་ཐལ་སྨན་གྱིས། །བསྐུས་ཏེ་གོགས་བར་གྱུར་པ་དང། །སིན་བཅས་སོ་ལྟར་ཕྱུང་ནས
་ནི། དེ་ཆ་དེ་དང་འདྲ་བར་གསོ། །ཞེས་བྱ་བ་ལ། སོ་ལྷག་སྐྱེས་པ་ཞེས་བྱ་བའི་ས་ནད་ལ་ནི་ཐལ་སྨན་གྱིས་བསྐུས་ཏེ། གགས་ཤིང་བྱེ་བར་གྱུར་པ་དང་སྲིན་བུས་ཟོས་པའི་སོ་ལྟར་ཕྱུང་ལ། དེ་དང་འདྲ་བ་ཁོ་ནར་གསོ་བར་བྱའོ། །ཁྲག་ནི་ཆོས་པར་གྱུར་ན།
་བསྲེགས?་ལ་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། སོ་ལྷག་སྐྱེས་པ་དེ་ཕྱུང་བའི་ཚེ། །ཁྲག་ཆོང་མ་གྱུར་ན་གནས་ཏེ་བསྲེགས་ལ། །དེའི་འོག་ཏུ་རྨ་ལྟར་གསོ་བར་བྱའོ། །སོ་དྲེག?་ཆགས་ལས་རྩ་ལ། །གནོད་བ་མ་མད་བསལ་བར་བྱས། །ཞེས་བྱ་བ་ལ། སོ་དྲེག
་ཆགས་པ་ལ་ནི་སོའི་རྩ?་བ་ལ་གནོད་པ་མེད་བར་བྱས་ཏེ། སོ་བྲུང་བའི་གཙགས་དཔྱད་ཀྱིས་དེ་བསལ་བར་བྱའོ། །ཐལ་སྨན་སྦྲང་རྩིར་བཅས་པས་ནི། །དའི་འོག་ཏུ་བསུ་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་སོ་?་?་ནས
་ཐལ་སྨན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་སོལ་བསྐུ་བར་བྱའོ། །སོ་གོག་བ་ལ་འདི་ཉིད་དང། །སོ་བརྩེར་བཤང་བའི་གསོ་བ་བྱ། །ཞེས་བྱ་བ་ལ། སོ་གོག་པའི་ནང་ལ་ཡང། །སོ་དྲེག་ཆགས་བའི་གསོ་བ་འདི་ཉིད་དང། །སོ་བརྩེབ་ལ་བཤང
་བའི་གསོ་བ་ཐམས་ཅད་བྱའོ། །སྲིན་ཅན་སོ?་ནི་མི་འགུལ་ལ། །དུགས་བྱས་ནས་ནི་ཁྲག་དབྱུང་བྱ། །སྣུམ་གྱིས་བསྐུ་ཞིང་མཁུར་བཀང་དང། །སྣ་སྨན་ཁ་ཟས་རླུང་འཇོམས་སྦྱིན། །ཞེས་བྱ་བ་ལ། སོ་སྲིན་བུས་ཟོས་པ་མི་འགུལ་བར་གནས་བ་ནི
་དང་པོར་དུགས་བྱས་ལ་ཁྲག་དབྱུང་བ་བྱ། རླུང་ལ་ཕན་པའི་སྣུམ་གྱིས་བསྐུས་བ་ལ་སོགས་བས་གསོ་བར་བྱའོ། །ཁོང་སྟོང་བུ་རམ་སྦྲ་ཚིལ་གྱིས། །གང་བའི་ཐུར་མས་བསག་པར་བྱ། །ཞེས་བྱ་བ་ལ་སོ་ཁོང་སྟོང་དུ་འདུག་པ་ལ་ནི། བུ་རམ?་མམ?་སྦྲ
་ཚིལ་གྱིས། །གང་བའི་ཐུར་མས་དེ་བསྲག་བར་བྱའོ། །ལོ་མ་བདུན་བ་ཨརྐ་ཡི། །ལོ་མས་བཀང་ན་སྲིན་གཟེར་འཇོམས། །ཞེས་བྱ་བ་ལ། ཡང་ཁོང་སྟོང་ལ་ལོ་མ་བདུན་བའམ། ཨརྐའི་ལོ་མས་བཀང་ན་སིན་བུས་ཟོས་བའི་གཟེར་འཇོམས་པར་བྱེད་དོ། །ཤིང
་ཀུན་ནས་ཚལ་ཀཏཔལ། །སྲ་རྩི་ཀ་དང་པི་དང་ཀ་།རུ་རྟའི་ཕྱེ་མ་རས་ལ་གཏུམས། །སོར་གླན་ཟླག་གཟེར་མྱུར་དུ་འཇོམས། །ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་ཕྱེ་མ་རས་གཙང་མར་གཏུམས་ཏེ་སོའི་སྟེང་དུ་བཞག་ན་ཡང་ཟུག་གཟེར་གྱི་ནནད་མྱུར་དུ
་སེལ་བར་བྱེད་དོ། །ཡང་ན་འདི་ཉིད་བསྐོལ་བ་ཡིན། །ཏིལ་མར་མཁུར་བར་བཅང་བར་བྱ། །ཞེས་བྱ་བ་ལ། ཡང་ན་ཤིང་ཀུན་ལ་སོགས་བ་འདི་ཉིད་དང་བསྐོལ་བའི་ཏིལ་མར་གྱིས་མཁུར་བ་བཀང་བར་བྱའོ། །ཡང་ན་བྲི་ཧ་ཏཱི་རྣམ་གཉིས། །བུ་ག་དམ་པ
་ཨ་རཎྜ། །བསོལ་བའི་ཁུ་བས་མཁུར་བ་བཀང། །ཞེས་བྱ་བ་ལ། ཡང་ན་བྲི་ཧ་ཏི་གཉིས་པོ་ཀཱཎྚ་ཀཱ་རཱི་དང། བྲི་ཧ་ཏཱི་དང། དེ་ལ་སོགས་པ་སྨན་གྱི་སྦྱོར་བ་བྱའོ། །དེ་ལྟར་གསོ་བ་མང་བོ་ཡིས། །ནང་ནི་ཞི་བར་མ་གྱུར་ན། །སྐམ་པ་ཕྲ་མོ་ངག་གིས་སམ། །སོ་དབྱུང་བ་ཡི་རྩ?
་དཔྱད་ཀྱི། །དང་པོར་རྩ་བ་ནས་བླགས་ཏེ། གཏན་ནས་དེ་ནི་དབྱུང་བར་བྱ་བ་ཞེས་བྱ་བ་ལ། རྣམ་པ་དེ་ལྟ་བུའི་སྨན་གྱི་གསོ་བ་སྣ་ཚོགས་བདག་གིས་ནས་དེ་ཞི་ཞིང་མེད་པར་མ་སོང་ན་སྐམ་པ་ཕྲ་མོ་ཉམ?། ཡང་སོར་བྱུང་བའི་ཆེ་དཔྱད་དུ་བྱས་པས་དེ་མི་འགུལ་བ་ཡིན
་ཡང་འབྱུང་བྱའོ། །ཏིལ་མར་ཤིང་མངར་ཕྱིར་བཅས་པའམ། །སྦྲང་རྩི་དེ་འོག་མཁུར་དཀར་བྱ། །ཞེས་བྱ་བ་ལ། དེ་ལྟར་སོ་ཕྱུང་ནས་ཏིལ་མར་དང་ཤིང་མངར་གྱི་ཕྱེ་མ་སྦྱར་བའམ། ཡན་ན་ཤིན་མངར་གྱི་ཕྱེ་མའམ་སྦྲང་རྩིར་སྦྱར་བས་མཁར་བ་བཀང་བར་བྱའོ། །
་དེ་འོག་ཤིང་མངར་བྱེ་ར་ནི། །བྲེང?་ཀ་ཏ་དང་ཀ་ཤེལ་རུ། །ཏིལ་མར་བཅུ་འགྱུར་འོ་མ་དང། །བསྐོལ་བའི་སྣ་སྨན་བཏང་བར་བྱ། །ཞེས་བྱ་བ་ལ། དེ་ལ་འོག་ཏུ་བི་ད་རི་ལ་སོགས་བ་དང། བསྐོལ་བའི་སྣ་སྨན་བཏང་བར་བྱའོ། །རིང་ཅིང་ཉམ་ཆུང་རྒན་བོ་དང། །
་རླུང་ནད་ཀྱིས་ཉེ?་ནས?་མི་དབྱུང། །ཡ་སོ་དབྱུང་བར་མི་བྱ་སྟེ། །དེ་ནི་བླ་གཉན་མང་པོ་བསྐྱེད། །ཅེས་བྱ་བ་ལ། རིང་བ་ལ་སོགས་བ་དང། དེ་བཞིན་དུ་གཞན་དག་གི་ཡང་ཡ་སོ་ནི་དབྱུང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ནི་ནད་ཀྱི་བླ་གཉན་བསྐྱེད་བར་བྱེད
་པ་ཡིན་བའི་ཕྱིར་རོ། །དེའི་ཡང་བྱིན་ན་སྣུམ་པ་དང། མངར་དང་བསིལ་བའི་རིམ་པས་གསོ། །ཞེས་བྱ་བ་ལ། དེ་ལྟར་དབྱུང་དུ་མི་རུང་བ་དེ་ཡང། །འབྱིན་ན་སྣུམ་པ་ལ་སོགས་པས་གསོ་བར་བྱའོ། །གྲང་བས་ཉེན་ལ་ཁྲག་དབྱུང་ཞིང། །སྦྲང་རྩིར་བཅས་བས
་?་བར་བྱ། །གླ་སྒང་ཨ་རྫུན་ཤུ་ན་བ། །བྲི་ཡངཀུ་དང་སྐྱར་ཁཎྜ། །བཅའ་སྒ་སྒྲང་རྩི་སྦྱར་བ་བསྐུ། །ཞེས་བྱ་བ་ལ། གྲང་བསྙེན་པའི་སོ་ནད་ལ་ནི་ཁྲག་བྱུང་ལ། གླ་སྒང་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །དེ་བསྐོལ
་བས་ནི་མཁུར་བཀང་དང། །མངར་སྨན་ཏིལ་མར་བསྐོལ་སྣ་བླུགས། །ཞེས་བྱ་བ་ལ། གླ་སྒང་ལ་སོགས་པའི་མཁུར་བ་བཀང་བ་བཅང་བ་དང། །དེ་བཞིན་དུ་མངར་བའི་སྨན་གྱི་སྡེ་མཚན་དང། །ཏིལ་མར་བསྐོལ?་བའི
་སྣ་སྨན་བཏང་བར་བྱའོ། །རྙིལ་ནི་ཉེ་བར་བདར་བ་ལ། །ཆུ་མཚན་མཁུར་བཀང་བས་དུགས་བྱ། །དཀྱིལ་འཁོར་འདྲ་བའམ་ཤ་ཁ་ཡི། །འོ་མ་མང་དུ་བླུད་པར་བྱ། །ཞེས་བྱ་བ་ལ། རྙིལ་ཉེ་བར་བདར་བ་ཞེས་བྱ་བའི་སོ་ནད་ལ་ནི། ཆུ་ཚ་ན་མཁུར་བ་བཀང
་བས་དུགས་བྱ་བ་དང། གཙགས་བུ་རྩེ་མོ་དཀྱིལ་འཁོར་འདྲ་བའམ། ཤིང་ཤ་ཁ་ལ་སོགས་པའི་ལོ་མ་རྩུབ་པོས་མང་དུ་བྲུད་པར་བྱའོ། །རྒྱ་སྐྱེགས་རྨ་ཤིང་པྲི་ཡང་ཀུ། །རྒྱམ་ཚ་རུ་རྟ་བཙག་ཡུག་སྣམ། །ན་ལེ་ཤམ་དང་བཅའ་སྒ་དང། །ཤིང་མངར
་སྐྱེར་པའི་ཁཎྜ་དང། །མར་གྱི་སྙིང་པོ་སྦྲང་རྩི་དང། །སྦྱར་བ་དེ་འོག་བསྐུ་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་རྒྱ་སྐྱེགས་ལ་སོགས་པའི་སྣ་སྨན་མར་ཁུའི་སྙིང་པོ་དངས་མ་དང་སྦྱར་བས་བསྐུ་བར་བྱའོ། །མར་ཁཱུམ་ཏིལ་མར་མཁུར་སྤོ་བ། །དྲོ་འཇམ
་དེ་ཡི་རྗེས་ལ་བྱ། །ཞེས་བྱ་བ་ལ། དེ་ལྟར་བྱས་པའི་རྗེས་ལ། མར་ཁུ་འམ་ཏིལ་མར་དྲོ་འཇམ་ཙམ་གྱིས་དེ་མཁུར་བ་བཀང་ཞིང་སྤོ་བར་བྱའོ། །མངར་བའི་སྡེ་དང་བསྐོལ་བའི་མར། །མཁུར་བཀང་སྣ་སྨན་བྱས་ན་ཕན། །ཞེས་བྱ་བ་ལ། ཡང་ན
་མངར་བའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བའམ། ལྡེ་གུ་དང་བསྐོལ་བའི་མར་གྱིས་མཁུར་བ་བཀང་བའམ་སྣ་སྨན་བྱའོ། །སོ་འབུར་བ་ལ་དུགས་བྱས་ལ། །བཅད་དན་དབུག་དང་བྲུད་པར་བྱ། །ཤིང་མངར་བཅའ་སྒ་སྭ་རྫི་ཀ། རྒྱམ་ཚའི་ཕྱེ་མ
་བསྐུ་པར་བྱ། །ཞེས་བྱ་བ་ལ། སོ་འབུར་བའི་ནད་ལ་ནི་དུགས་བྱ་སྟེ། བཅང་པ་ལ་སོགས་པ་བྱས་ལ་།དེའི་འོག་ཏུ་ཤིང་མངར་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །སོའི་ཁོང་འབྲས་ཚ་རྣ་དྲོ། །རྩུབ་པའི་མཁུར་བཀང་བསྐུ་བར་བྱ། ཞེས་བྱ་བ་ལ
་སོའི་ཁོང་འབྲས་ཞེས་བྱ་བའི་ནད་དབྱུང་བ་ལི་སྨན་ཚ་བ་ལ་སོགས་པའི་ཁུ་བས་མཁུར་བ་བཀང་བ་དང། ལྡེ་གུས་བསྐུ་བར་བྱའོ། །པུ་རྩ་ཤེལ་དང་བ་སྤྲ་བ། །རུ་རྟ་ནས་ཚིག་འཁུར་ཕྱེར་བདར། །ཞེས་བྱ་བ་ལ། སོའི་ཁོང་འབྲས་དེ་ལ་པུ་ཙེ་ཤེལ་དང་བཏགས
་ཕྱེས་བདར་ན་ཡང་ཕན་ནོ། །བསིལ་སྨན་གྱིས་ནི་སྨིན་མི་གཞུག་།སྨིན་ན་དབྲལ་ལ་གཏིང་རིང་བསྲེག་།ཅེས་བྱ་བ་ལ། སོའི་ཁོང་འབྲས་དེ་ནུས་པ་བསིལ་བའི་སྨན་ཕྱི་དང་ནང་ནས་བཏང་བས་སྨིན་དུ་མི་གཞུག་པར་བརྣགས་པ་ལས་ཟློག་པའི་ཕྱིར་བསྲུང་བར་བྱ་ལ།
་སྨིན་ཅིང་བརྣགས་ནས་ནི་གཙགས་བུས་དཔྲལ་ལ་གཏིང་རིང་བར་འདུག་ན་བསྲེག་པར་བྱའོ། །ཁོང་སྟོང་བཅད་དེ་བྲུད་ནད་ནི། །གླང་སྒང་སེང་ཕྲོམ་འབྲས་བུ་གསུམ། །ཤུ་ཏི་རྨ་ཤིང་སྐྱེར་ཁཎྜ། །རྒྱ་སྐྱེགས་ཤིང་མངར་ཀཏཔལ། །སྦྲང་རྩི་སྦྱར་བས་བསྐུ་བར་བྱ།།
་ཞེས་བྱ་བ་ལ། སོ་ཁོང་སྟོང་དུ་གྱུར་པ་ལ་ནི། །དང་པོར་བྲུད་ཅིང་བཞར་ལ། དེའི་འོག་ཏུ་གླ་སྒང་ལ་སོགས་པས་བསྐུ་བར་བྱའོ། །དེ་ཉིད་ཁུ་བས་མཁུར་བ་བཀང། །ཞེས་བྱ་བ་ལ། ཡང་ན་གླ་སྒང་ལ་སོགས་པའི་སྨན་དེ་དག་ཉིད་ཀྱི་ཁུ་བས་མཁུར་བཀང་ན
་ཕན་ནོ། །ཤིང་མངར་སེང་ཕྲོམ་དུ་རབ་དཀར། །ཐལ་ཏྲེས་ཙན་དན་ཨ་ཀ་རུ། །ཁ་ར་དཀར་པོ་བཙག་ཡུག་སྣམ། །པད་མ་དཀར་པོ་སྟག་ཚེར་བ། །བསྐོལ་བའི་ཏིལ་མར་སྣ་སྨན་བཏང། །ཞེས་བྱ་བ་ལ། ཡང་ན་ཁོང་སྟོང་གི་ནད་དེ་ལ་ཤིང་མངར་ལ་སོགས་པའི
་ལྡེ་གུ་དང་བསྐོལ་བའི་ཏིལ་མར་སྣ་སྨན་བཏང་ན་ཡང་ཕན་ནོ། །ཤ་ལྷག་སྐྱེས་པ་བཅད་ནས་ནི། །ཤུ་དག་དེ་རྫོ་པ་ཏི་དང། །པ་ཐ་ནས་ཚིག་འཁུས་ཐལ་བ། །སྭརྫི་ཀ་དང་སྦྲང་རྩིས་བསྐུ། །ཞེས་བྱ་བ་ལ། ཤ་ལྷག་སྐྱེས་པའི་ནད་ལ་ནི་ཤུ་དག་ལ་སོགས་པའི
་ལྔ་གུས་བསྐུ་བར་བྱའོ། །འབྲས་བུ་གསུམ་དང་པ་ཏོ་ལ། །ནིམཔ་བསྐོལ་བས་མཁུར་བ་བཀང། །ཞེས་བྱ་བ་ལ། ཤ་ལྟག?་སྐྱེས་པ་དེ་བཅང་ནས་འབྲས་བུ་གསུམ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་ན་ཡང་ཕན་ནོ། །སྣད་པ་ལས་བྱུང་ནད་པ་ནི། །དཀྱིལ་འཁོར
་རྩེ་མོ་འདྲ་བས་སྦྱང། །དེ་ནས་ཐལ་སྨན་སྣ་སྨན་བཏང། །མཁུར་བཀང་ལ་སོགས་བསིལ་སྨན་བཏང། །ཞེས་བྱ་བ་ལ། སྣད་པ་ལས་བྱུང་བ་ཞེས་བྱ་བའི་སོ་ནང་ལ་ནི་དཀྱིལ་འཁོར་གྱི་རྩེ་མོ་འདྲ་བའི་གཙགས་ཕུས་སོའི་རྩ་བ་སྦྱངས?
་ཤིང་དག་པར་བྱས་ལ་།དེའི་འོག་ཏུ་ཐལ་སྨན་གྱིས་བསྐུས་ལ་སྨན་བསིལ་བའི་ནུས་པ་དང་ལྡན་བའི་སྣ་སྨན་དང་མཁུར་བ་བཀང་བ་དག་བྱའོ། །ལུས་ཀྱི་གོང་འོག་ནས་སྦྱང་བྱ། །དེ་འོག་མགོ་བོའི་བཀྲུ་སྨན་བྱ། །སོ་ཡི་རྩ་ནི་བསོས་ནས་ཀྱན། །ཕྱུང
་སྟེ་ནད་དང་ལྡན་པ་ཡི། །བུ་རམ་སྤྲ་ཚིལ་རྐང་པས་བསྲེག། ཅེས་བྱ་བ་ལ། ལུས་ཀྱི་གོང་འོག་སྐྱུགས་སྨན་དང། །བཀྲུ་སྨན་གྱིས་སྦྱངས་ལ། དེའི་འོག་ཏུ་སོའི་རྩ་སྦུགས་ལ་གནོད་པ་མེད་པར་བསོས་ལ་སོ་ཕྱུང་སྟེ། ནང་སྣ་ཚོགས་དང་ལྡན་པའི་རྩ
་སྦུགས་ཡན་མན་ཀུན་ཁྱབ་པར་བྱེད་བ་བུ་རམ་མམ། སྤྲ་ཚིལ་གྱིས་བཀང་བའི་ཐུར་མ་དང་བསྲག་པར་བྱའོ། །རྫ་ཏི་སྲེད་ཕྲོམ་སྤྲ་ཚིལ་དང། །གཟེ་མ་བསྐོལ་བའི་ཁུ་བས་བཀྲུ། །ཞེས་བྱ་བ་ལ། ཡང་རྩ་དེ་སྡེང་ལྡེད་ལ་སོགས་པ་བསྐོལ་བའི་ཁུ་བས
་བཀྲུ་བར་བྱའོ། །འོ་མ་ཅན་ཤིང་ཆུས་མཁུར་དགང། དེ་བསྐོལ་ཏིལ་མར་སྣ་སྨན་བཏང་ཞེས་བྱ་བ་ལ། འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བ་མཁུར་བ་བཀང་བར་བྱ་བ་དང། ཡང་ན་འོ་མ་ཅན་གྱི་ཤིང་གི་ལྡེ་གུ་དང་བསློལ་བའི་ཏིལ་མར་སྣ་སྨན་བཏང་བར།
་རླུང་གྱུར་ལྕེ་ནི་རྩུབ་པ་ལ། རླུང་གི་མཆུ་ནད་གསོ་བར་བྱ། །ཞེས་བྱ་བ་ལ་?་རླུང་ལས་གྱུར་པའི་ལྕེའི་ནང་ཚེར་མ་ལྟར་རྩུབ་པ་ལ་ནི། རླུང་གི་མཆུ་ནད་ཀྱི་གསོ་བ་གང་དག་ཡིན་པ་དག་བྱའོ། །མཁྲིས་པ་ལས་གྱུར་ལྕེ་ནད་ལ། །བཞར་ཏེ་ཁྲག་ནི་དབྱུང་བར། །
་བསྐུ་དང་མཁུར་བ་བཀང་བ་དང། །སྣ་སྨན་མངར་བ་དག་ཀྱང་ཕན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལྕའི་ནད་ཆེར་མ་ལྟ་བུ་བྱུང་བ་ལ་ནི་བཞར་ཞིང་གཏར་ཀ་བྱ་སྟེ་ཁྲག་ཕྱུང་ལ། དེའི་འོག་མངར་བའི་སྡེ་ཚན་གྱི་ལྡེ་གུས་བསྐུ་བ་དང། སྨན
་དེ་དག་བསྐོལ་བའི་ཁུ་བས་མཁུར་བ་བཀང་བ་དང་སྣ་སྨན་བྱའོ། །དེ་བཞིན་བད་ཀན་ལས་གྱུར་ལ། །ཡུངས་ཀར་ཆེ་བ་གསུམ་ལ་སོགས། །སྨན་ནི་རྣོན་པོས་གསོ་བར་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་ཐད་གནལS?་གྱུར་པའི་ལྕེའི་ནད་ཚེར་མས་ཁྱབ་པ་ལྟ་བུ་ལ་ནི་དེ
་བཞིན་དུ་སྔ་མ་བཞིན་དུ་བདར་ལ། ཡུངས་ཀར་ལ་སོགས་པའི་སྨན་རྣོན་པོས་བསྐུ་བ་དང། མཁུར་བ་བཀང་བ་ལ་སོགས་པ་བྱའོ། །ལྕེ་ལས་ཆུ་སེར་འཛག་པ་གསར། །མཚོན་མི་རེག་པར་དེ་བཞིན་གསོ། །ཞེས་བྱ་བ་ལ། ཆུ་སེར་འཛག་པ་ཞེས་བྱ་བའི་ལྕེ
་ནད་ལས་སྐྱེས་པ་རིང་པོར་མ་ལོན་པའི་སར་པ་ལ་ཡུངས་ཀར་ལ་སོགས་པའི་སྨན་བསྐུ་བ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ལ། ཆུ་སེར་འཛག་པའི་ནད་དེ་ལ་ཁྱད་པར་དུ་མཚོན་གྱིས་གཞར་བ་དང་གཏར་ག་མི་བྱའོ། །ལྕེ་ལྷག་སྐྱེས་པ་ལྕེ་བཏེག་སྟེ།
་ལྕགས་ཀྱུས་ལྕེ་ལྷག་དྲངས་ནས་ནི། །རྩེ་མོ་དཀྱིལ་འཁོར་འདྲ་བས་བཅད། །རྣོ་དང་དྲོ་བས་བངར?་སོགས་བྱ། །ཞེས་བྱ་བ་ལ། ལྕེ་ལྷག་སྐྱེས་པ་ནི་ལྕེ་བཏེག་སྟེ། ལྕགས་ཀྱུས་ལྕེ་ལྟག་དེ་ཕྱིར་དྲང་ནས། རྩེ་མོ་དཀྱིལ་འཁོར་འདྲ་བའི་གཙགས?
་དཔྱད་ཀྱིས་བཅང་པར་བྱ་ཞིང། སྨན་རྣོ་བ་དང་དྲོ་བས་གཏར?་ག་ལ་སོགས་པ་བྱའོ། །ཉེ་བའི་ལྕེ་ལ་ཁྲག་གཟགས་ཏེ། །ནས་ཚིག་འཁུས་བའི་ཐལ་བ་བདར། །ཞེས་བྱ་བ་ལ། ཉེ་བའི་ལྕེ་ལ་ནི་ཤ་ཁ་ལ་སོགས་བའི་ལོ་མ་རྩུག་པོ་འམ། སོར་གདུབ
་ལྟ་བུའི་མཚོན་གྱིས་གཏར་ཞིང་ཁྲག་གཟགས་ལ་།དེའི་འོག་ཏུ་ནས་ཚིག་འཁུས་པའི་ཐལ་བས་བདར་ཅིང་དྲུང་པར་བྱའོ། །ཤ་ལྷག་སྐྱེས་པ་བད་ཀན་འཇོམས། །རྣ་སྨན་མཁུར་བཀད་བདར་བར་བྱ། །ཞེས་བྱ་བ་ལ། ལྐོག་མ་ཤ་ལྷག་གམ་སྨེན
་བུ་སྐྱེས་བལ་ནི་བད་ཀན་འཇོམས་པར་བྱེད་བའི་སྨན་ལ་སོགས་པ་བཏང་བས་གསོ་བར་བྱའོ། ག་གོན་ས་བོན་ལྟ་བུར་ནི། །འཕེལ་ཞིང་རྩ་ནི་མི་མངོན་དང། །རྩེ་མོས་ལྕེ་ཡི་རྩ་བ་སླེབས། །ལྕགས་ཀྱུ་ཡི་ནི་གཟུད་ནས་ཀྱང། རྩེ་མོ་དཀྱིལ་འཁོར་འདྲ
་བ་ཡིས། །རྩེ་མེ་རྩ་བ་རན་བར་བཅད། །ཅེས་བྱ་བ་ལ། ལྐོག་མ་ཤ་ལྷག་སྐྱེས་པ་འཕེལ་བར་གྱུར་ཅིང། །ག་གོན་གྱི་ས་བོན་དང་འདྲ་བར་སྐྱེས་པ་དང། རྩ་རིས་མི་མངོན་པར་གྱུར་པ་དང། ལྕེ་དེའི་རྩེ་མོ་ལྕེའི་རྩི་བར་བབས་ཤིང
་སླེངས་པ་ནི། མུ་ཙུ་ཏྲི་འམ་ལྕགས་ཀྱུས་གཟུང་ལ། རྩེ་མོ་དཀྱིལ་འཁོར་འདྲ་བའི་གཙགས་བུས་དེ་རན་པར་བཅད་པར་བྱའོ། །བཅད་དྲགས་ཁྲག་ཟགས་འཆི་བར་བྱེད། །བཅད་ཆུངས་ནད་ནི་འཕེལ་བར་བྱེད། །ཅེས་བྱ་བ་ལ། ལྕེ་ཆུང་ངམ་ཤ་ལྷག
་སྐྱེས་པ་བཅང་དྲགས་ན་ནི་ཁྲག་ཟགས་པར་བྱས་ནས་འཆི་བར་འགྱུར་ལ། རྩེ་མོ་ནས་བཅད་ངམ་ཆུང་ན་ནི། །ནད་ཞར་ལ་འཕེལ་ཞིང་སྐྱེ་བར་འགྱུར་རོ། །བོ་དང་པ་ཐ་ན་ལེ་ཤམ། །ཤུ་དག་རུ་རྟ་པ་རི་ལ། །རྒྱམ་ཚ་སྦྲང་རྩི་བཅས་པ་ཡིས། །བཅད་པ་དག་ནི
་བདར་བར་བྱ། །ཞེས་བྱ་བ་ལ། ལེགས་པར་བཅང་ནས་བོང་ང་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བར་བདར་ཅིང་བསྐུས་ན་ཕན་ནོ། །བ་རི་བེ་ལ་ནི་ཀུན་ཏ་ན་ད་ནའོ། །པུ་ཙེ་ཤེལ་དང་བོང་ང་དཀར། །པ་ཏ་ནིམཔ་ར་སྣ་དང། །ཤུ་དག་ཆུ་ཡིས་ཁུར་བཀང
་བྱ། ལེགས་པར་སྤྱད་པས་གྱུར་པ་སྟེ། །པུ་ཙེ་ཤེལ་ལ་སོགས་པ་དེ་བསྐོལ་བའི་ཁུ་བས་མཁུར་བ་དགང་བར་བྱའོ། །འདུས་དང་སོ་འབུར་རུས་སྤལ་འདྲ། །དེ་བཞིན་བཞང་ཏེ་གསོ་བར་བྱ། །ཞེས་བྱ་བ་ལ། སོ་འདུས་པ་དང་འབུར་བ་དང་རུས
་སྦལ་འདྲ་བའི་ནད་ལ་ཡང་སྔ་མ་བཞིན་དུ་བཞར་ཏེ་གསོ་ཞིང་བཙོས་བར་བྱའོ། །རྐན་བརྣགས་མ་སྨིན་པ་ལ་ནི། །ནག་ཚུར་སྦྲང་རྩི་སྐྱེར་ཁཎྜ། །བསྐུ་བར་བྱའོ། །ཞེས་བྱ་བ་ལ། རྐན་གྱི་བརྣགས་པའི་ནད་སྨིན་པར་མ་གྱུར་པ་ལ་ནི་ནག་ཚུར་ལ
་སོགས་པའི་སྨན་གྱིས་བདར་བར་བྱའོ། །བསིལ་དང་མངར། སྨན་བསྐོལ་བའི་ཁུ་བས་མཁུར་བཀང་བྱ། །ཞེས་བྱ་བ་ལ། ནུས་པ་བསིལ་བ་དང། །རོ་མངར་བའི་སྨན་དང་ཁ་སྐོལ་བའི་ཁུ་བས་མཁུར་བ་བཀང་བ་བྱས་ན་ཡང་ཕན་ནོ། །སྨིན་ནས་ན
་ཡའི་གཞི་ལྟར་འདྲས། །དྲོ་དང་རྣོ་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། རྐན་བརྣགས་པ་སྨིན་ནས་ནི། །མཚོན་གྱིས་ན་ཡའི་གཞི་ལྟར་འདྲེས་ལ་མར་སར་དང། སྨན་དྲོ་བ་དང་རྣོ་བ་སྦྱར་བས་བསྐུ་བར་བྱའོ། །ན་ཡའི་གཞི་ནི་གང་དུ་ན་ཡང་བརྩ་བའི་གཞི་སྦང?
་ལེབ་ལ་སོགས་པར་དེ་མིག་མང་རིས་སུ་བྲིས་པ་དེ། དེ་དང་འདྲ་བར་དཀྱིལ་འཁོར་འདྲ་བའི་གཙགས་པུས་རི་མོ་མང་པོར་གྲང་ཞིང་དགས་བར་བྱའོ། །བ་ཤ་ཀ་དང་པ་ཏོ་ལ། །ནིམཔ་ལ་སོགས་རྣོ་བ་ཡི། །སྨན་གྱི་ཁུ་བས་མཁུར་པ་དགང། ཞེས་བྱ་བ་ལ། རྐན
་བརྣགས་པའི་སྨན་རྣོན་པོ་ནི། །བ་ཤ་ཀ་ལ་སོགས་པའི་སྨན་ཁ་བ་ལ་བྱ་སྟེ་།དེའི་ཁུ་བ་མཁུར་བར་བཅངས་ན་ཡང་ཕན་ནོ། །རྐན་སྐམས་སྐོམ་དང་མེད་པ་ལ། །ཟས་ཟོས་རྗེས་ལ་ཞུན་མར་ནི། །བཅའ་སྒྲ་པི་པི་ལིང་བསྐོལ་བླུད། །སྒྱུར་བས་མཁུར་བ་སྤོ
་པ་བཅང། །ཞེས་བྱ་བ་ལ། ཡང་རྐན་སྐམས་པའི་ནད་སྐོམ་དང་གདུང་བ་མེད་པ་ལ་ནི། ཟས་ཟོས་པའི་འགྲོ་དུ་བཅའ་སྒ་ལ་སོགས་པ་བསྐོལ་བ་བླུད་ལ། དེ་བཞིན་དུ་ཆད་དངས་མ་ལ་སོགས་པ་སྐྱུར་བའི་མཁུར་བ་སྦ་བ་བཅངས་ན་ཡང་ཕན་ནོ། །
་སྐམ་པའི་ཤ་ཁུ་སྣུམ་པ་དང། ཞུན་མར་འོ་མའི་སྣ་སྨན་བཏང། །ཞེས་བྱ་བ་ལ། ཡང་རྐན་སྐམས་བའི་ནད་དེ་ལ་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་སྣུམ་དང་བཅས་པ་ཟས་ཀྱི་རྗེས་ལ་བླུད་ན་ཕན་ལ། དེ་བཞིན་དུ་ཞུན་མར་ལ་སོགས་པའི་སྣ་སྨན
་བཏང་ཡང་ཕན་ནོ། །ལྐོག་མའི་ནད་ལ་གཏར་ག་གདབ། །སྣ་སྨན་ལ་སོགས་རྣོན་པོ་བྱ། །ཞེས་བྱ་བ་ལ། ལྐོག་མའི་ནད་ཐམས་ཅད་ལ་ནི་གཏར་ཀ་གདབ་ཅིང་ཁག་དབྱུང་བ་དང། སྨན་རྣོན་པོའི་སྣ་སྨན་དང། མཁུར་བ་བཀད་བ་དང་བསྐུ་བ
་ལ་སོགས་པའི་ལས་བྱས་ན་ཕན་ནོ། །སྐྱེར་བའི་ཤུན་བ་སྐྱེར་ཁཎྜ། དུག་མོ་ཉུང་ནི་བསྐོལ་བ་བླུད། །ཅེས་བྱ་བ་ལ། སྐྱེར་པའི་ཤུན་པ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་རྐན་གྱི་ནད་ལ་བླུད་པར་བྱའོ། ། ཀ་རུའི་ཁུ་བ་ནི། །སྦྲང་རྩི་ལྡན་པ་སྤྱིན་པར་བྱ། །
་ཞེས་བྱ་བ་ལ། ཡང་ན་ཨ་ཀ་རུ་བསྐོལ་པའི་ཁུ་བ་སྦྲང་རྩི་དང་ལྡན་པ་བླུང་ན་ཡང་ལྐོག་མའི་ནད་ལ་ཕན་ནོ། །འབྲས་བུ་གསུམ་དང་ཚ་བ་གསུམ། ནས་ཚིག་ཁུས་ཐལ་སྐྱེར་པ་དང། །ཙི་ཏྲ་ཀ་དང་སྐྱེར་ལཎྜ། པ་ཐ་ཏེ་ཛོ་པ་ཏི་དང།།
་ནིམ་པ་ཚ་དང་ར་གཅིན་བསྐོལ།། མཁུར་བ་སྤོ་དང་རིལ་བུ་དང། །ཕྱེ་མ་གདབ་པ་དག་ཀྱང་བྱ། །ཞེས་བྱ་བ་ལ། དེ་ལ་ལྐོག་མའི་ནད་དེ་དག་ལ་འབྲས་བུ་གསུམ་ལ་སོགས་པ་དང། ཚ་བ་ལ་སོགས་པ་དང་བསྐོལ་བའི་མཁུར་བ་སྤོ་དང། རིལ་བུ?
་བཙང་བ་དང། ཕྱེ་མས་གདབ་པ་དག་ཀྱང་བྱའོ། །ལྕང་མ་གིར་རི་ཀར་ནི་དང། །གླ་སྒང་ཐང་ཤིང་བཅའ་སྒ་དང། །ཤུ་དག་ངན་ད་མུར་བ་ཡི། །ལྡེ་གུ་དྲོ་བསྐུས་སྐྲང་ནད་སེལ། །ཞེས་བྱ་བ་ལ། ལྕང་མ་ལ་སོགས་པའི་ཕྱེ་མ་དང། སྦྱར་བའི་ལྡེ་གུ་དྲོ་འཇམ?
་ཙམ་བསྐུས་ན་ལྐོག་མའི་ནད་ཀྱི་སྐྲང་པ་དང་ན་བ་སེལ་བར་བྱེད་པ་ཡིན་ནོ། །དེ་ནས་ཕྱི་ནང་དུགས་བྱས་ཏེ། །སོར་གདུབ་ཆ་དཔྱད་དག་གིས་སམ། །རྒྱམ་ཚ་ལྡན་པའི་སེན་མོ་ཡིས། །རླུང་གྱུར་གག་པ་བཞར་བར་བྱ། །ཞེས་བྱ་བ་ལ། དེ་ནས་རླུང་ལས
་གྱུར་པའི་གག་པ་ལ། ཕྱི་དང་ནང་ནས་དུགས་ལེགས་པར་བྱས་ལ་།སོར་གདུབ་ལྟ་བུའི་ཆ་དཔྱད་དམ་།རྒྱམ་ཚ་དང་བཅས་པའི་སེན་མོས་བྲུང་ཅིང་བཞར་བར་བྱའོ། །རྩ་བ་ལྟ་བསྐོལ་མཁུར་བཀང་དང། །ཏིལ་མར་མཁུར་སྤོ་སྣ་སྨན་བཏང། །ཞེས
་བྱ་བ་ལ། རླུང་ལས་གྱུར་པའི་གག་པ་དེ་ལ་རྩ་བ་ལྔ་པ་ཆེན་པོ་བསྐོལ་པའི་ཁུ་བས་མཁུར་བ་བཀང་བ་དང། དེ་བཞིན་དུ་ཏིལ་མར་གྱིས་མཁུར་བ་སྤོ་བ་དང། སྣ་སྨན་དག་ལ་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་གཏར་ག་གདབ། །ཁ་ར་སྦྲང་རྩི་པྲི
་ཡང་ཀུ། །སེང་ཕྲོམ་རྨ་ཤིང་བཅས་པས་བདར། དེ་བསྐོལ་ཁུ་བ་མཁུར་བར་བཅང་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གག་པ་ལ་ནི། དང་པོར་གཏར་ག་གདབ་ཅིང་ཁྲག་ཕྱུང་ལ། ཁ་ར་ལ་སོགས་པའི་སྨན་གྱིས་བསྐུས་ཤིང་བདང?་བ་དང། ཁ་ར?་ལ
་སོགས་པ་དེ་དག་བསྐོལ་བའི་ཁུ་བ་ཉིད་མཁུར་པར་བཅང་བར་བྱའོ། །རྒུན་འབྲུམ་པ་རུ་ཤ་ཀ་བསྐོལ། །མཁུར་བ་བཀང་པ་ཕ་ནང་ཡིན། །ཞེས་བྱ་བ་ལ། ཡང་ན་མཁྲིས་པའི་གག་པ་ལ་རྒུན་འབྲུམ་ལ་སོགས་པའི་སྦྱོར་བ་འདི་བྱས་ན་ཡང་ཕན་ནོ། །ཁྲག་ལས
་གྱུར་པའང་དེ་བཞིན་དུ། གཏར་ག་གདབ་ཏེ་གསོ་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་གག་པ་ལ་ནི། །དེ་བཞིན་དུ་མཁྲིས་པ་ལས་གྱུར་པ་དང་འདྲ་བར་གསོ་ཞིང་གཏར་ག་གདབ་པ་དང་ཁྲག་དབྱུང་བར་བྱའོ། །བད་ཀན་ལས་གྱུར་གག་པ་ཡི། །དུབ་པ་ཚ
་པའི་སྨན་བཅས་གདབ། ། པ་མརྒའི་འབྲས་བུ་དང། །གི་རི་ཀརྞི་བྱི་དང་ག་།རྒྱམ་ཚ་ཙན་དན་ཏིལ་མར་བསྐོལ། །སྣ་སྨན་མཁུར་བཀན་བྱ་བ་བསྔགས། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་གག་པ་ལ་ནི། །བང་པའི་དུད་པ་ལ་སོགས་པའི་སྨན་གྱིས་གདབ་ཅིང
་ཨ་པ་མརྒ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་པ་མཁུར་པར་བཅང་བར་བྱའོ། །དེ་བཞིན་འདུས་དང་རྩ་བ་དང། །མཆུ་རྩེ་ལྐོག་མའི་མཚོན་ལའང་བྱ། །ཞེས་བྱ་བ་ལ། ལྐོག་མའི་ནད་འདུས་པ་དང། རྩ་ལ་སོགས་པ་བཞི་པོ་དག་ལ་ཡང། བད་ཀན་ལས་གྱུར་པའི་གག་པ་དང
་འདྲ་བར་གསོ་བར་བྱའོ། །ཁོང་འབྲས་ཁྲག་ཟགས་འབྲས་བུ་གསུམ། །གི་ཝང་ཡུག་སྣམ་སྐྱེར་ཁཎྜ། །སེང་ཕྲོམ་རྒྱམ་ཚ་རྨ་ཤིང་དང། །པི་པི་ལིང་བསྐུ་མཁུར་བཀང་བྱ། །ཞེས་བྱ་བ་ལ། ལྐོག་མའི་ཁོང་འབྲས་ལ་ནི་གཏར་གས་ཁྲག་ཕྱུང་ལ། འབྲས་བུ་གསུམ་ལ་སོགས
་པའི་སྨན་གྱི་ལྡེ་གུས་བསྐུ་ཞིང་བསྒོལ་བའི་བུ་བས་མ་ཁྲུ་བ་བཀང་བ་བཅང་བར་བྱའོ། །རླུང་ལས་གྱུར་པའི་ལྦ་བ་ལ། །དུགས་བྱས་ནས་ནི་ཁྲག་དབྱུང་ཞིང། །ཏིལ་མར་ཟར་མ་ལེ་བརྒན་རྩི། །པི་ལ་ཡང་དང་གསོ་འབྲས་ཀྱི། །རྨ་འདྲུབས་ནས་སྐམ་དཀྲི་བར་བྱ། །ཞེས་བྱ་བ་ལ། རླུང
་ལས་གྱུར་པའི་ལྐོག་མའི་ལྤ་བ་ལ་ནི། །དུགས་བྱ་ཞིང་གཏར་གས་ཁྲག་ཕྱུང་ལ། རྨ་འདྲུབས་པར་གྱུར་པ་དང། ཏིལ་ལ་སོགས་པའི་ས་བོན་གྱིས་བསྐུས་ཏེ་དཀྲི་བར་བྱའོ། །ཤིང་ཀྲུ་སེང་ཕྲོམ་ཏརྐ་རི། །ཏ་ལ་ཧ་ཏི་པི་པི་ལིང། །བ་སྦྲུ་བ་དང་ཨ་རུ་རམ། །རྐའི་རྩ་བ་པོ་སོན
་ཆ། ཨེ་ཀའི་ཤིང་པར་བཅས་པ་ནི། །ཆང?་ངམ?་རམ?་སྐྱུར་བཏགས་པ་བསྐུ། །ལྡེ་གུས་ཡང་དང་ཡང་དུ་བསྐུ། །ཞེས་བྱ་བ་ལ། རླུང་ལས་གྱུར་བའི་ལྦ་བ་དེ་བ་ཤི་ཀྲུ་ལ་སོགས་པའི་སྨན་ཆང་ངམ་རང་སྐྱུར་ཀཉྫི་དང་བཏགས་པའི་ལྡེ
་གུས་ཡང་ནས་ཡང་དུ་བསྐུ་བར་བྱའོ། །སླེ་ཏྲེས་ནི་མཔ་དུག་མོ་ཉུང། །ཧན་ས་པ་ཏི་བ་ལ་གཉིས། །ཐང་ཤིང་དང་ནི་པི་པི་ལིང། །བསྐོལ་པའི་ཏིལ་མར་བླུད་པར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལྦ་བ་ལ། །སླེ་ཏྲེས་ལ་སོགས་པ་དང་བསྐོལ་བའི
་ཏིལ་མར་བསྐུས་ན་ཡང་ཕན་ནོ། །བད་ཀན་ལ་ཡང་འདི་དག་ནི། །བྱ་ཞིང་ལྷགས་པར་དུགས་བསྐུ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལྦ་བ་ལ་ཡང་རླུང་ལས་གྱུར་པའི་གསོ་པ་འདི་དག་ཉིད་བྱ་ཞིང། དེ་ལས་ཀྱང་ལྷག་པར་དུགས་དང་ལྔ་གུས་བསྐྱུ་བ
་དག་ཤས་ཆེར་བྱའོ། ། ཟ་གནད་བོ་ང་དཀར། ། ས་ཤིང་གི་པི་ཤ་ལ། །ཀུ་བ་ཁ་བོ་འོལ་མ་སོ། །ཤི་རི་ཤ་དང་རྒྱ་སྐྱེགས་ཤིང། །ཐལ་ཆུའི་ལྡེ་གུས་བསྐུ་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལྦ་བ་ལ་ནི་ཨ་ཟ་གནད་ལ་སོགས་པའི་སྨན
་གྱི་ཕྱེ་མ་རྒྱ་སྐྱེགས་ཀྱི་ཤིང་ངམ་ཐལ་པའི་ཆུ་དང་ལྡེ་གུར་བྱས་ལ་བསྐུ་བར་བྱའོ། །ཐལ་བ་དྲག་པོ་གཅིན་བསྐོལ་བཙགས། །ཁྲེ་རྒོད་གཟའ་ཞིང་བཏུང་བར་བྱ། ཞེས་བྱ་བ་ལ། ཐལ་བ་དྲག་པོ་ནི་རྩའི་ཐལ་བ་དང། ཆུ་བཙགས་པ་ལས་བྱས་པ་སྟེ། མིང
་གི་རྣམ་གྲངས་ཆུའི་ཐལ་བ་ཞེས་བྱའོ། །དེ་གཅིན་དང་བསྐོལ་བ་བཙགས་ཏེ་ཁྲེ་རྒོང་ཟ་ཞིང་དེ་བླུད་ན་བད་ཀན་ལས་གྱུར་པའི་ཝབ་བ་སེལ་བར་བྱེད་དོ། །དུགས་མོ་ཉུང་སོགས་ལན་ཚ་ལྔ། །ཏིལ་མར་ལྷན་ཅིག་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ན
་དུག་མོ་ཉུང་གི་སྡེ་ཚན་ལ་སོགས་པའི་སྨན་དང། ལན་ཚ་ལྔ་པོ་དང་བཅས་པར་ཏིལ་མར་བསྐོལ་ཁྲེ་རྒོད་བཟའ་ཞིང་དེ་བླུད་པར་བྱའོ། །བད་ཀན་འཇོམས་པ་དུད་པ་དང། སློན་སྨན་སྣ་སྨན་ལ་སོགས་བསྟེན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི
་ལྦ་བ་ལ། །དུད་པ་བརྡུབ་ལ་སོགས་པ་བད་ཀན་སེལ་བ་རྣམས་བསྟེན་པར་བྱའོ། །ཆིལ་གྱུར་པ་ལ་གཏར་ག་གདབ། །བད་ཀན་འཇོམས་པའི་ཆོ་ག་བསྟེན། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་ལྦ་བ་ལ་ནི། སྣུམ་ཆོས་བྱས་ལ་གཏར་ག་གདབ་པ་དང། བད
་ཀན་བསལ་བའི་སྦྱོར་བ་བྱའོ། །འདི་ལ་ཨ་ས་ལ་སོགས་པའི། །ཁུ་བ་གཅིན་ནི་སྔ་དྲོ་བླུད་ཅེས་བྱ་བ་ལ། ཚིལ་ལས་གྱུར་པའི་ལྦ་བ་འདི་ལ་ཨ་ས་ན་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་གཅིན་དང་སྦྱར་བ་སྔ་དྲོ་དང་པོའི་ཆ་ལ་བླུད་པར་བྱའོ། །དེས་མ་ཞི་ན
་ཐམས་ཅད་ནི། །སྨིན་བྱས་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། ལྐོགས་མའི་ནད་ཐམས་ཅད་གསོ་བའི་སྦྱོར་བ་དེ་ད་བྱས་སུ་ཟིན་ཀྱང་ཞི་ཞིང་མེད་པར་མ་གྱུར་ན། དེ་སྨིན་པར་བྱས་ལ་རྨ་གསོ་བ་ལྟར་བྱའོ། །ཁ་ཤུ་ལ་ནི་འབྲས་བུ་གསུམ། །པ་ཐ་རྒུན་འབྲུམ་ཛཱ
་ཏི་ཡི། །འོ་མ་བསྐོལ་བ་སྦྲང་རྩིར་བཅས། །ཁ་ནི་བསྐུ་ནི་བཅང་བར་བྱ། །ཞེས་བྱ་བ་ལ། ཁ་ཤུའི་ནད་ཐམས་ཅད་ལ། འབྲས་བུ་གསུམ་ལ་སོགས་པའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་སྟེ། ཁར་ནི་བསྐུ་བར་བྱའོ། །ཡང་ན་ཟིན་ཐིགས་ལ་སོགས་ཏེ།
་བཟའ་ཞིང་བསྟེན་པ་ཉིད་དུ་བྱ། །ཞེས་བྱ་བ་ལ། ཡང་ན་ཁའི་ཤུལ་འབྲས་བུ་གསུམ་ལ་སོགས་པ་ཟོས་ནས་ཟན་ནི་ཐིགས་ལ་སོགས་པའི་སྡེ་ཚན་བཟའ་བར་བྱའོ། །རླུང་གི་ཁ་ཤུར་པི་པི་ལིང། །རྒྱམ་ཚ་སུག་སྦེལ་ཕྱེ་མ་གདབ། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི
་ཁ་ཤུ་ལ་ནི། པི་པི་ལིང་ལ་སོགས་པའི་ཕྱེ་མ་གདབ་པའམ་ལྡེ་གུས་བསྐུ་པར་བྱའོ། །ཡང་ན་རླུང་འཇོམས་སྨན་བསྐོལ་བའི། །ཏིལ་མར་སྣ་སྨན་མཁུར་བཀང་ཕན། །ཞེས་བྱ་བ་ལ། ཡང་རླུང་ལས་གྱུར་པའི་ཁ་ཤུ་ལ། རླུང་སེལ་བའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཏིལ་མར
་སྣ་སྨན་དང། མཁུར་བ་བཀང་བ་བྱས་ན་ཕན་ནོ། །ཁྲག་མཁྲིས་གྱུར་པ་ཁྲག་མཁྲིས་འཇོམས། །བད་ཀན་ལས་གྱུར་དེ་འཇོམས་པ་སྟེན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི་ཁ་ཤུ་ལ་ནི། །ཁྲག་དང་མཁྲིས་པ་སེལ་བའི་ཆོ་ག་ཕན་ནོ། །བད་ཀན་ལ
་གྱུར་པའི་ཁ་དབུ་ལ་ནི་བད་ཀན་དེ་སེལ་བར་བྱེད་པའི་ཆོ་ག་བསྟེན་པར་བྱའོ། །འབྲུམ་བྲན་སྲ་ཞིང་བསྟེན་པ་ལ། །ཤ་ཁའི་ལོ་མ་སོགས་ཀྱིས་བཞར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལ་ཤུར་འབྲུམ་བུ་ཕྲ་མོ་བརྟན་ཞིང་མི་འགྱུར
་བར་གནས་པ་གང་ཡིན་པ་དེ་ལ་ནི་ཤ་ཁའི་ལོ་མ་ལ་སོགས་པས་བཞང་ཞིང་བསལ་བར་བྱའོ། །འདུས་པ་ལས་གྱུར་གསོ་བ་ནི། །ནད་གཞི་ཇི་ལྟར་ཤས་ཆེར་བྱ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་ཁ་ཤུ་ལ་ནི། ནད་གཞི་གང་ཞས་ཆེ་བའི་དབང་དུ
་བྱས་ཏེ། གསོ་བར་བྱའོ། །ཆུ་བུར་གསར་ཞིང་མ་འཕེལ་བ། །བཅད་ལ་སྭ་རྫི་ཁ་ཐལ་བ། །བཅའ་སྒ་སྦྲང་རྩིས་གདབ་པར་བྱ། །ཞེས་བྱ་བ་ལ། མཛེར་པ་ཆུ་བུར་གསར་དུ་བྱུང་ཞིང་རིང་པོ་མ་ལོན་པ་མ་འཕེལ་བ་ལ་ནི། དཀྱིལ་འཁོར་འདྲ་བའི་གཙགས་བུས
་བཅད་ལ། སྭརྫི་ཀ་ལ་སོགས་པའི་ཕྱེ་མས་གདབ་པར་བྱའོ། །དེ་བསྐོལ་མཁུར་པ་བཀང་བར་བྱ། །སླེ་ཏྲེས་ནི་ང?་མའི་ལྡེ་གུས་ནི། །སྦྲང་རྩི་ཏིལ་མར་བཅས་པའང་རུང། །ཞེས་བྱ་བ་ལ། དེ་ལྟར་ཆུ་བུར་བཅད་ནས་སྨན་སྔ་མ་དེ་བསྐོལ་བ་འམ། སླེ་ཏྲེས
་ལ་སོགས་པའི་ཁུ་བས་མ་ཁུར་བ་བཀང་བར་བྱའོ། །ནས་ཟན་ཟ་ཞིང་ཏིལ་མར་མནོས། །སྣ་སྨན་དང་ནི་བསྐུ་བྱུག་བྱ། །ཞེས་བྱ་བ་ལ། ཡང་ཆུ་བུར་ཅན་དེ་ལ་ནས་ཀྱི་ཟན་བཟའ་བ་ལ་སོགས་པའི་སྦྱོར་བ་བྱའོ། །ཁ་དྲི་ངལ་སློན་སྨན་དང། དུད་པ་སྣ་སྨན
་རྣོན་པོ་བཏང། །ཞེས་བྱ་བ་ལ། ཁ་དྲི་མི་ཞིམ་པ་ལ་སློན་སྨན་བཏང་ལ། སློན་པའི་འོག་ཏུ་དུད་པ་བརྡུབ་པ་རྣོན་པོ་དང་སྣ་སྨན་བཏང་བར་བྱའོ། །བཙོད་དང་གསེང་ཕྲོམ་ད་ཏ་ཀི། །ཤུ་པ་པྲི་ཡངཀུ་ཡི་ཆུས། །ཁ་ཡི་ནད་ནི་བསྐུ་བ་དང། །ཕྱེ་མས་ཁ་ནིང་ག་བར་བྱ།།
་ཞེས་བྱ་བ་ལ། ཡང་ཁའི་ནང་དྲི་ང་ཞིང་མཉམ་པ་ལ་སོགས་པའི་ཕྱིར་མ་དང་བཅས་པའི་ཆུངས་བཀྲུ་ཞིང་དག་པར་བྱའོ། །གྲང་ཉེན་ཉེ་བར་བདར་བཤད་པའི། །སྣ་སྨན་ལ་སོགས་བསྟེན་པར་བྱ། །ཞེས་བྱ་བ་ལ། ཡང་ཁ་དྲིང་བ་ལ་ནི་གྲང་པས་ཉེན་པ་དང། ཉེ
་བར་བདར་བ་ཞེས་བྱ་བའི་ནད་གསོ་བའི་སྐབས་སུ་བཤད་པའི་སྣ་སྨན་ལ་སོགས་པ་ཡང་བྱའོ། །འབྲས་བུ་གསུམ་དང་རྩ་མཁྲིས་ཙི་ཏྲ་ཀ། ཤིང་མངར་ཡུངས་ཀར་ག་སྒང་ཚ་བ་གསུམ། །ཡ་བཀྵ་ར་སེར་པོ་རྣམ་གཉིས་དང། ད་ཏྲི་གཙན་དན་ལྕམ་པ་ལྟ་དབུ་དང། ། ཤྭ་ཏྠ་དང
་འཛམ་བུའི་མྱུ་གུ་དང། ད་ནམ་ཛ་ཡ་ཀ་ར་བཱི་རའི་ཤུན། །སེང་ལྡེང་སྙིང་པོ་བསྐོལ་ཏེ་བསྐ་བར་འགྱུར། །དེ་ཡི་ཕྱེ་མ་བཏབ་སྟེ་རིལ་བུ་བྱ། །དེ་ནི་ཁ་ནང་རྟག་ཏུ་བཞག་གྱུར་ན། །མཆུ་དང་ཀན་སོགས་ནད་ནི་མེ་བཟད་འཇོམས། །མཆོག་ཏུ་ཁ་སྐམས་པ་དང་གག་པ་དང།
་རོ་མོ་ཚོང་སེལ་བུས་འཕགས་བདག་པོས་བཤད། །ཅེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པ་བསྐོལ་པའི་ཚོགས་བཙོས་ཏེ་བསྐ་བར་འགྱུར་བ་དང། ཡང་འབྲས་བུ་གསུམ་ལ་སྭོ་བ་དེ་ཉིད་ཀྱི་མ་བཏབ་སྟེ་རིལ་བུར་བྱས་ཏེ། ཁའི་ནང་དུ་རྟག་ཏུ
་བཞག་ན་མཆུ་དང་རྐན་ལ་སོགས་པའི་ནད་མི་བཟང་ཅིང་གསོ་བ་དཀའ་དག་ཀྱང་སེལ་བར་བྱེད་ལ། མཆོག་གམ་ཁྱད་པར་དུ་ཁ་སྐམས་པ་དང། གག་པ་ལ་སོགས་པའི་ནད་སེལ་བར་བྱེད་ལ། སྦྱོར་བ་འདི་ནི་ལུས་འབགས་པའི་རྒྱལ་པོ་ཞེས་བྱ་བའི་རྒྱལ
་པོས་བཤད་པ་ཡིན་ནོ། །སེང་ལྡེང་སྲང་བརྒྱད་ཆུ་བྲེ་བཅུ་དྲུག་བསྐོལ། །ཁུ་བ་དེ་དང་ཙན་དན་ཨ་ཀ་རུ། །གུ་གུམ་པ་ལ་པ་རི་པེ་ལ་དང། །ཐང་ཤིང་སེང་ཕྲོམ་རྒུན་འབྲུམ་པུ་ཤེལ་ཅེ། །བཅོད་དང་མོ་རྩ་ཤུག་པ་བྱི་དང་ག་།པྲི་ཀ་རྒྱ་སྤོས་ཀཏཔལ་ཆུ་སྲིན་སེན། །སུག
་སྨེལ་བྱ་མ་ཀ་དང་རྨ་ཤིང་བཅས། །ཞོ་ནི་གཉིས་གཉིས་ཏིལ་མར་བྲེ་གང་བསྐོལ། །དེ་ནི་བཏུང་དང་སྣ་སྨན་མཁུར་བཀང་བྱས། །ཁ་ཡེ་ནང་ཀུན་འཛེམས་བྱེད་བྱ་རྒོད་ལྟར། །མིག་གསལ་རྣ་བ་ཕག་འདྲ་གསང་བར་བྱེད། །ཅེས་བྱ་བ་ལ། སེང་ལྡེང་སྲང་བརྒྱ་ལ་སོགས
་པར་ཇི་སྐད་སྨོས་པ་བཞིན་དུ་བསྐོལ་ལ་།ཏིལ་མར་དེ་བཏུང་བ་དང། སྣ་སྨན་ལ་སོགས་པའི་སྦྱོར་བ་བྱས་ན། མིག་ནི་བྱ་རྒོད་ལྟར་གསལ་བར་འགྱུར་ལ། རྣ་བ་ཕག་དང་འདྲ་བར་གསང་བར་འགྱུར་རོ། །ཙཀྲ་མར་དང་སྐྱེར་པ་སེང་ཕྲོམ་གྱི། །ལྡེ་གུས་གདོང་ལ
་བྱུག་པར་གྱུར་ན་ནི། །དེ་ཁབས་སྨེ་བ་དྲི་མ་ལ་སོགས་སེལ། །ཟླ་བ་ལྟ་བུའི་མདངས་དང་ལྡན་པར་འགྱུར། །ཞེས་བྱ་བ་ལར?་སྔར་བཤད་མ་ཐག་པའི་ཏིལ་མར་གྱིས་བསྐུས་ལ། ཙཀྲ་མར་དང་ཞེས་བྱ་བ་ལ་པུ་ནནད་དང་སྐྱེར་ཕལ
་སོགས་པའི་ལྡེ་གུས་དཀྲུས་ན། ངོ་ཁབས་སེལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ས་ཧ་ཙ་ར་སྲང་སྟོང་ཆུ་བྲེ་ནི། །བཅུ་དྲུག་ནང་བསྐོལ་བརྒྱད་ཆ་ལུས་པ་རུ། །སེང་ལྡེང་འཛམ་བུ་ཤིང་མངར་ཨ་ནནྟ། ཨ་མྲ་ཨ་ཧ་མར་ཨུད་པ་ལ་སྡེ། །ཞིང
་བཏགས་ཏིལ་མར་བྲེ་གང་ནང་དུ་བསྐོལ། །དེ་ནི་ཁ་ཡི་ནང་དུ་བཅངས་གྱུར་ན། །ཁའི་ནང་ཀུན་འཇོམས་ཤིང་ཁྱད་པར་དུ། །སོ་ཡི་ཕྲེང་བ་འགུལ་བ་བརྟན་པར་བྱེད། །ཅེས་བྱ་བ་ལ། ས་ཧ་ཙ་ར་ནི་ནི་ལ་པུསྤ་སྟེ། །མེ་ཏོག་སྔོན་པོ་ཅན་ཡིན་ཏེ། །དེ་ལས་སྲང་སྟོང
་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐྱོལ་ཏེ། །དེའི་བརྒྱད་ཆ་ལུས་པའི་ནང་དུ་སེལ་ལྡེང་ལ་སོགས་པའི་སྨན་སྲང་དེ་ལྷག་ཙམ་བཅུག་སྟེ་།ཏིལ་མར་བྲེ་གང་ལྷན་ཅིག་བསྐོལ་བའི་ཏིལ་མར་དེ་མཁུར་བ་བཀང་ཞིང་ཁའི་ནང་དུ་བཅངས་པར་གྱུར་ན། ཁ་ནད་སེལ
་ཅིང་སོ་བརྟན་པར་བྱེད་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སེང་ལྡེང་སྙིང་པོ་སྲང་ནི་ཉིས་བརྒྱ་དང། ། རི་མེད་ས་ནི་སྲང་བརྒྱ་དག། ཆུ་བྲེ་དྲུག་ཅུ་བཞི་བསྐོལ་བཞི་ཆ་ལུས། །བཙགས་ཏེ་སླར་ཡང་བསྐ་བའི་བར་དུ་བསྐོལ། །དེ་ནང་དབྱི་མོ་རྒ་ཤིང་བ་ལ་ཀ།།
་ཙན་དན་རྣམ་གཉིས་སེང་ཕྲོམ་སྟག་སེར་བ། ཤིང་མངར་རྒྱ་སྐྱེགས་ཨཉྫ་རི་རྣམ་གཉིས། ད་ཏ་ཀི་དང་ཀཏཔལ་འབྲས་བུ། །སེར་པོ་རྣམ་གཉིས་འབྲས་བུ་གསུམ། །དྲི་སྣ་བཞི་དང་གླ་སྒང་ཨ་ཀ་རུ། །བཙོད་དང་སྤང་སྤོས་ནྱ་གྲོ་དྷ་མྱུ་གུ། ཤུག་པ་བཙོད
་དང་ཨེ་ལ་བ་ལུ་ཀ་།ཞོ་ནི་གཉིས་གཉིས་བཏགས་ཏེ་བསྒྲང་པ་རུ། །ཛི་ཏི་པ་ཏྲ་ཛཱ་ཏི་པུ་ལ་དང། །འདི་ཤི་ཨ་ཀོ་ལ་ཀ་ཀ་ཀོ་ལ། །སྤྲང་རེ་ག་བུར་སྲང་བཞི་བཅུག་པར་བྱ། །དེ་ལས་རིལ་བུར་བྱས་ལ་རྟག་ཏུ་ནི། །ཁར་བཞག་ན་ནི་ཁ་ནད་ཐམས་ཅད
་སེལ། ཞེས་བྱ་བ་ལ་།སེང་ལྡེང་གི་སྙིང་པོ་སྲང་ཏི་ས་བརྒྱ་དང། ཨ་རི་མེད་ས་ཞེས་བྱ་བ་ཨ་ཏི་ལའི་ཤན་པ་སྲང་བརྒྱ། ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ལ། དེ་ལས་ཆུ་བྲེ་བཅུ་དྲུག་ལུས་པ་དང། བཙགས་ཏེ་སླར་བསྐ་བར་གྱུར་གྱི་བོར་དུ་བསྐོལ་ལ། དེའི་ནང་དུ་བྱི་མོ?
་ལ་སོགས་པ་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་ཞིག་པ་བཅུག་ལ། དེ་གྲངས་པར་གྱུར་པ་དང། ཛ་ཏི་པ་ཏྲ་ལ་སོགས་པ་སྲང་རེ་རེ་དང། ག་པུར་སྲང་བཞི་དེའི་ནང་དུ་བཅུག་ལ། དེའི་འོག་ཏུ་དེ་ལས་རིལ་བུར་བྱས་ལ། དུས་རྟག་ཏུ་ཁར་བཞར་ན། །བའི་ནད་ཐམས
་ཅད་སྦྱོང་བར་བྱེད་དོ། །བསྐོལ་དང་རེང་བུའི་སྨན་ནི་གོ་བཟློག་པ། བརྟག་པ་འདི་ཡིས་ཏིལ་མར་བསྐོལ་བར་བྱ། །ཁ་ནད་ཀུན་སེལ་བར་ནི་དེ་བཤད་དོ། །སོ་བརྟན་བྱེད་པའི་མཆོག་ཀྱང་འདི་ཉིད་ཡིན། ཞེས་བྱ་བ་ལ། བསྐོལ་བ་དང་རེད་བུར་བྱས་པའི་སྨན་སེང་ལྡེང་གི
་སྙིང་པོ་དང། ས་ཧ་ཙ་རའི་སྨན་ཚན་གཉིས་གོ་བཟློག་པའི་ཚུལ་འདི་ནས་བཤད་པའི་ཆོ་ག་ལྟར་བྱས་ཏེ། དེས་ན་ས་ཧ་ཙར་སྲང་བརྒྱར་བྱས་ལ། སོང་ལྡེང་སྲང་གཅིག་ཏུ་བྱས་ཏེ། གཞན་ཐམས་ཅད་གོང་མ་བཞིན་སྦྱར་བར་བྱས་ཏེ། ཏིལ་མར་དེ་ནི་ཁ་ནད
་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །རིལ་བུ་འདི་ནི་སེང་ལྡེང་སྦྱར་ཏིལ་མར། ། རི་མེད་ས་དང་བསྐོལ་བ་དག་།ཉིན་རེ་བསྟེན་པར་བྱེད་ན་ནད་མེད་པ་ལའང། །སོ་ནི་ངེས་པར་བརྟན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རིལ་བུ་འདི་ཉིད་སེང་ལྡེང་དང་སྦྱར་ལ།
་ད་བཞིན་དུ་ཏིལ་མར་དང། ཨ་རི་མེད་ས་བསྐོལ་བའི་རིལ་བུ་དང། ཏིལ་མར་དེ་དག་ཐ་མལ་པར་གནས་པ་དག་གིས་ཀྱང་རྟག་ཏུ་བསྟེན་ན་སོ་བརྟན་པར་འགྱུར་རོ། །རྒུན་འབྲུམ་སླེ་ཏྲེས་ཛཱ་ཏིའི་མྱུ་གུ་དང། སྐྱེར་པ་བྱི་ཚེར་འབྲས་བུ་གསུམ་བསྐོལ་བའི། །སྦྲང་རྩི་སྦྱར་བ་འདི་ནི
་མ་ཁུར་བར་བཅངས?། །ཁ་ཡི་ནང་དུ་གཏོགས་པ་ཐམས་ཅད་སེལ། །ཞེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་བ་ཡང་ན་དེ་ལ་ཕན་ནོ། །སྐྱེར་པ་པ་ཐ་རུ་རྟ་གླ་སྒང་བཙོད། །ཡུང་ད་སེང་ཕྲོམ་དེ་ཛོ་བ་ཏི་དང། །པུ་ཙོ་ཤེལ་གྱི
་ཕྱེ་མ་སྦྲང་རྩིར་བཅས། །བསྐུས་ན་རྙིལ་ནད་ཉམ་ཐག་གསལ་བ་དང། །བརྣགས་དང་འཛགས་པའི་ནད་རྣམ་སེལ་བར་བྱེད། །ཅེས་བྱ་བ་ལ། སྐྱེར་པའི་ཤུན་པ་ལ་སོགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བསྐུས་ན་ཡང། རྙིལ་གྱི
་ནད་ཀྱིས་ཉེན་པ་ལ་སོགས་པ་སལ་བར་བྱེད་དོ། །ཁྱིམ་གྱི་དུད་པ་པ་ཐ་སྐྱེར་ཁཎྜ། །ཚ་བ་གསུམ་དང་ནས་ཚིག་མཁུས་ཐལ་བ། །རྩི་ཏྲཀ་དང་ལྕགས་ཕྱེ་འབྲས་བུ་གསུམ། །ཏེ་ཛོ་པ་ཏི་སྦྲང་རྩི་སྦྱར་བ་ནི། །ནག་པོ་ཁང་བཅངས་སོ་དང་འགུལ་ནད་སེལ། །ཞེས་བྱ་པ
་ལ། ཁྱིམ་པའི་སྟེང་གི་ངོས་ལ་ཆགས་པའི་དུད་པ་ནག་པོ་དང། པ་ཐལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ནག་པོ་ཞེས་བྱ་བ་ཁར་བཅངས་ན། སོ་འགུལ་བའི་ནང་སེལ་བར་བྱེད་དོ། །སྐྱེར་པའི་ཤུན་པ་ལྡོང་རོས་ལྕེ་མྱང་ཚ། །བ་གླ་ནས་ཚིག་འཁུས་པའི
་ཐལ་བའི་ཕྱེ། །སྦྲང་རྩི་མར་སྦྱར་ཕྱེ་མ་སེར་པོ་ཅན། །ཁར་བཞག་སོ་དང་འགུལ་པའི་ནང་རྣམས་སེལ། ཞེས་བྱ་པ་ལ། སྐྱེད་པའི་ཤུན་པ་ལ་སོགས་པའི་ཕྱེ་མ་ནི་སེར་པོ་ཅན་ཞེས་བྱ་སྟེ། དེ་ཁ་དང་སོའི་ནད་ལ་བཅད་པར་བྱའོ། །བ་གཅིན་ཨ་རུ་ར་བསྐོལ
་ཐིམ་གྱུར་པར། །ཤུ་ཏི་དུ་རྟ་བ་ལ་ཁ་ཕྱེ་ཟས། །ནང་གི་ཁ་ནད་ཕྲ་མོ་མན་ཆད་ནི། །རྒྱལ་པོར་བསྟེན་ན་གནོད་པས་མི་ཚུགས་ཤིང། །ནང་དུ་བཞག་ན་ནད་རྣམས་སེལ་བར་བྱེད། །ཅེས་བྱ་བ་ལ། བ་གཅིག་གྱི་?་དུ་ཨ་རུ་ར་བསྐོལ་ཏེ། པ་གཅིན་དེ་ཨ་རུ
་རའི་ནང་དུ་ཐིམ་པར་གྱུར་པ་དེ་ལྟ་བུའི་ཨ་རུ་ར་དང་ཤུ་ཏི་ལ་སོགས་པའི་ཕྱེ་མ་དང་བཅས་པ་མིས་ཟོས་པར་གྱུར་ན། །བའི་ནང་གིས་ནད་ཕྲ་མོ་རྣམས་ཀྱིས་གནོད་པར་མི་འགྱུར་ཏེ། ཇི་ལྟར་འགྲོ་བ་རྣམས་ཀྱི་སྐྱོབ་པར་གྱུར་པའི་རྒྱལ་པོ་དམ་པ་ལ་བརྟེན་ན་འཚེ་བའི
་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ། །ལོ་མ་བདུན་པ་གླ་སྒང་པུ་ཤེལ་ཙེ། ། རུ་ར་དང་ཏིཀྟ་བ་ཏོ་ལ། །ཤིང་མངར་དོང་གཙན་དན་པུ་ཤེལ་ཙེ། །བསྐོལ་བ་འཐུངས་ན་ཁའི་ཤུ་བ་འཇོམས། །ཞེས་བྱ་བ་ལ། ལོ་མ་བདུན་པ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ
་འཐུངས་ན་ཁའི་ནད་གི་ཤུ་པ་དང་བརྣགས་པ་སེལ་བར་འགྱུར་རོ། །བཏོལ་དང་བཅའ་སྒ་འབྲས་བུ་གསུམ། །བི་ཤལ་དང་ཏི་ཀྟ་ཁྱ་ལྕེ་བ། །སླེ་ཏྲེས་བསྐོལ་བསྐོལ་བ་སྦྲང་རྩི་བཅས་བླུད་དམ། །ཁོང་བཞག་ཁ་ཡི་ནང་ནི་མ་ལུས་འཇོམས། །ཞེས་བྱ་བ་ལ། པ་ཏོ་ལ་ལ་སོགས
་པ་བསྐོལ་བའི་ཁུ་པ་བཙགས་པའི་ནང་དུ་སྒྲང་རྩི་བཅས་པ་བླུད་ཅིང་བཏུང་པའམ། ཁར་བཞག་ཅིང་མཁུར་པ་བཀང་བ་བྱས་ན་ཁའི་ནད་ཐམས་ཅད་སེལ་བར་བྱེད་དོ། །སྐྱེར་པ་བསྐོལ་བའི་ཁུ་བ་ནི། །བསྐ་གྱུར་ཡུག་སྣམ་བཙག་དང་བཅས། །སྦྲང་རྩིར་བཅས་པ
་ཁ་ནང་བཞག་།ཤུ་བ་རྨ?་ཁྱིམ་སེལ་བར་བྱེད། །ཅེས་བྱ་བ་ལ། སྐྱེར་པ་བསྐོལ་བའི་ཁུ་བ་སྐ་བར་གྱུར་པ་ཡུག་སྣམ་དང་སྦྲང་རྩི་སྦྱར་བ་ཁར་བཞག་ན་ཤུ་བ་ལ་སོགས་པ་སེལ་བར་བྱེད་དོ། །ནིམཔ་ཤིང་མངར་པ་ཏོ་ལ། །བ་ཤ་ཀ་དང་ཛཱ་ཏི་དང་ཀ?་སེང་ལྡང་ཨ
་རི་མེད་ས། །འབྲས་བུ་གསུམ་པོ་རེ་རེ་ཡང། །དེ་བཞིན་དུ་ནི་བཏང་བར་བྱ། །ཞེས་བྱ་བ་ལ། ནིམཔ་ལ་སོགས་པའི་སྨན་རེ་རེ་ཞིང། །བཤད་མ་ཐག་པའི་ཁུ་བའི་ཆོས་དང་འདྲ་བར་བཏང་ན་ཡང་ཡོན་ཏན་དེ་དང་འདྲའོ། །སེང་ལྡེང་ལྕགས་ཕྱེ་འབྲས་བུ་གསུམ།།
་མེ་ད་ཡན་ཏི་ཨརྫུན། ། ཏི་མར་བསྐོལ་བ་ཡི། །མཁུར་བཅངས་ཁ་དང་སོ་ནད་སེལ། །ཞེས་བྱ་བ་ལ། སེར་ལྡང་ལ་སོགས་པའི་སྨན་ཆུ་དང་བསྐོམ་པ་མཁུར་བར་བཅངས་ན་ཡོང?་ཁ་ནང་སོའི་ནད་རྣམས་སེལ་བར་བྱེད་དོ། །ཁ་དང་སོ་རྩ་མགུལ་ནད
་ཕལ་ཅེར་ནི། །བད་ཀན་ཁྲག་ལས་མང་དུ་འབྱུང་བ་ཡིན། །དེ་བས་ན་དེ་བསལ་བར་བྱ་བའི་ཕྱིར། །ནད་ཁྲག་ལན་མང་དུ་ནི་དབྱུང་བར་བྱ། །མགོ་དང་ལུས་ཀྱི་སྐྱུགས་སྨན་བཀྲུ་སྨན་དང། །ཁ་དང་ཚ་དང་མཁུར་བཀང་བཅང་བར་བྱ། །ཞེས་བྱ་བ་ལ། ཁའི་ནད
་དང། སོ་རྩའི་ནད་དང། མགུལ་བའི་ནང་ཕལ་མོ་ཆེའི་བད་ཀན་དང་ཁྲག་ལས་མང་དུ་འབྱུང་བར་འགྱུར་བ་ཡིན་པས། དེའི་ཕྱིར་ནད་དེ་རྣམས་ལ་ནད་ཁྲག་ཡང་དང་ཡང་དུ་ད་བྱུང་བར་བྱ་བ་དང། དེ་བཞིན་དུ་མགོ་བོ་དང་ལུས་ཀྱི་བཀྲུ་སྨན་བཏང་བྱ་བ་དང།
་དེ་བཞིན་དུ་སྐྱུགས་སྨན་དང་སྨན་ཁ་བ་དང། ཚ་བས་མཁུར་བ་བཀང་པར་བྱ་བ་ཡིན་ནོ། །དེ་བཞིན་བད་ཀན་ཁྲག་མཁྲིས་སེལ་བ་ཡི། །སོ་ནད་རྣམས་ནི་ཕལ་ཆེར་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཡང་ན་བཤད
་མ་ཐག་པའི་ནད་དེ་དག་བད་ཀན་དང་ཁྲག་སེལ་བའི་གསོ་བ་དག་བྱས་ན་མང་དུ་ཕན་པ་ཡིན་ནོ། །ནད་དང་རྩ་འབྲུ་ཕུབ་མ་མེད་བྱས་ལ། །ཐལ་སྨན་ནད་སྤངས་ཤིང་སྣུམ་མེད་བཟའ་། །ཁུ་བ་བསྟེན་པ་ལ་སོགས་གང་གཞན་ནི། །བད་ཀན་སེལ་བར་བྱེད
་པར་ཕན་པ་ཡིན། ཞེས་བྱ་བ་ལ། ནས་དང་རྩ་འབྲུ་ཅི་ཙི་ལ་སོགས་པ་ཕུབ་མེད་པར་སྤྲུས་ལ། ཐལ་སྨན་གྱི་ནང་དུ་སྦངས་ནས། །སྣུམ་མེད་པའི་བཟའ་བ་དང། །དེ་དགེ་གི་ཁུ་བ་ལ་སོགས་པ་བསྟེན་པ་ན། །གཞན་ཡང་བད་ཀན་སེལ་བར་བྱེད་པའི་ཁ་ཟས་དང།
་ཀྱང་པན་པ་ཡིན་ནོ། །སྲོག་ནི་རླུང་གི་ལམ་ལ་གནས་པས་ན། །བག་མེད་པ་ཡིས་དགག་པར་འགྱུར་བ་ཡིན། །དེ་བས་ལྐོག་མའི་ནད་ཀྱི་གསོ་བ་ནི། །ཤིན་ཏུ་མྱུར་པར་བྱ་པ་ཁོ་ན་ཡིན། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་ནི། །ལྐོག་མའི་ལམ་ལ་གནས་ཤིང
་དེ་ལས་རྒྱུ་བས་ན་བག་མེད་པར་གྱུར་པའི་མི་དབུགས་རྒྱུ་བཞིན་དུ་ཡང་ནད་ངེས་འགག་པར་བྱེད་པས་ན། །དེ་བས་ན། དེ་རྣམས་ཀི་ནང་ནས་ལྐོག་མའི་ནད་ཀྱི་གོས་བ་ནི་ཤིན་ཏུ་རིངས་པ་ཁོ་ནར་གསོ་བ་ཡིན་ནོ།། །།
་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མགོའི་ནད་ཀྱི་དམིགས་ཤེས
་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་གྱི་ན་ལེའུ་འདི་ཉིད་བརྩམས་པ་ཡིན་ནོ། །དུ་བ་ཉིད་མཚན་ཁ་དང། །ཆུ་ད་རྩེ་དང་གཉིད་དྲགས་དང། །གཉིད་ཡང་རྡུལ་དང་མདུན་གྱི་རླུང། །མཆི་མ་བཀག་དང་དུ་དྲགས་དང། །ཆུ་འཐུངས་ཆད་འཐུངས་དྲགས་པ་དང།།
་སྲིན་བུས་ཤུགས་ནི་བཀག་པ་དང། སྔས་དང་སྐུ་བྱུག་དྲིལ་བྱིས་ལ། །མི་དགེའི་རྒྱུན་དུ་ཐུར་དུ་བལྟ། །མ་གོམས་དྲི་དང་ཟས་གནོད་སོགས། །མང་དུ་སྨ་བས་མགོ་བོ་ཡི། །ནད་དུ་ནད་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། དུ་བ་དང་ཉིན་མཚན་ལ་སོགས་པ་བསྟེན་པའི
་རྒྱུ་དང། སྲིན་བུས་ཤུགས་འབྱུང་བ་བཀག་པ་དང། སྔས་ལ་སོགས་པ་ལ་མི་དགའ་བ་དང། རྒྱུན་དུ་ཐུར་རུ་ལྟ་བ་དང། སྔར་མ་གོམས་པའི་དྲི་མ་ནས་པ་དང། ཁ་ཟས་གནོད་པ་ཟོས་པ་དང། མང་དུ་སྨྲ་བས་ནད་ལངས་པར་གྱུར་ཏེ་།མགོ་བོར་ཞུགས་ནས
་མགོ་བོའི་ནང་དུ་རྟོགས་པ་རྣམས་བསྐྱེད་ཅིང་འབྱུང་བར་བྱེད་དོ། །དེ་ལ་རླུང་གི་འཁྲུགས་པ་ལས། །མུར་འགྲམ་གཉིས་སུ་ཤིན་ཏུ་ཟུག། འགྲམ་སོ་ཕུབ་པ་སྙམ་དུ་སེམས། །སྨིན་མའི་འཚམས་དང་དཔྲལ་བ་ནི། །ལྷུང་བ་སྙམ་སེམས་རབ་ཏུ་ན། །རྣ་བར་སྒྲ་ཡིས་གནོད
་པར་བྱེད། །མིག་ནི་བྱུང་བ་སྙམ་དུ་སེམས། །མགོ་བོ་འཁོར་བ་ལྟ་བུར་བྱེད། །ཚིགས་རྣམས་བྱེ་བ་སྙམ་དུ་བྱེད། །རྩ་ཡི་དྲ་བ་ཤིན་ཏུ་འཕར། །འཇིད་པ་འགྲམ་པ་འབྱར་སྙམ་བྱེད། །གསལ་བ་མཐོང་པར་མི་བཟོད་ཅིང། །སྣ་ཆུ་འཛག་ཅིང་གློ་བུར་དུ། །ན་བ་དང་ནི་ནད་ཞི་བྱེད།།
་མའོ་ཞིང་སྣུམ་བསྐུས་དུགས་བྱས་དང། །ཅིང་པས་བདེ་པར་འགྱུར་བ་ཡིན། །མགོ་པོ་ཆེ་བའི་ནད་ཅེས་བྱ། །ཞེས་བྱ་བ་ལ་མགོ་བོ་ནང་དེ་དག་གི་ནང་ནས། རླུང་ལས་གྱུར་པའི་མགོ་བོའི་ནད་ཀྱི་མཚན་མ་ནི་མུར་འགྲམ་གཉིས་ཤིན་ཏུ་ན་ཞིང་ཟུག་པ་ལ་སོགས་པ་འབྱུང
་བ་དང། རྣ་བ་གཉིས་སུ་སྒྲ་འུར་འུར་པོ་གྲགས་པ་ལས་གནོད་པར་བྱེད་ཅིང་ན་བ་དང། མིག་ཕྱིར་བྱུང་བ་སྙམ་དུ་སེམས་པ་དང་མགོ་པོ་ཐམས་ཅད་བསྐོར་བ་ལྟར་སེམས་པ་དང། དེ་བཞིན་དུ་རུས་པའི་ཚིགས་རྣམས་བྱེ་བ་ལ་སོགས་པ་དང། སྣར་པའི་ཕྱོགས་ལ
་སོགས་པ་གསལ་བར་མཐོང་བར་མི་བཟོད་པ་ལ་སོགས་པ་དང། མཉེ་བ་དང། སྣུམ་བསྐུས་པ་ལ་སོགས་པས་ནང་རྩེ་ཞིང་ཞིང་བདེ་བར་འགྱུར་བ་ཡིན་ཏེ། ནང་འདི་ནི་མགོ་པོ་ཚ་བའི་ནད་ཅེས་བྱའོ། །ཀླད་པའི་གཞོགས་ཕྱེད་ན་བ་ནི། །གཞོགས་ཕྱེད་ནད་ཅེས་བྱ
་། །བར་བཤད། །ཟླ་གཅིག་ཟླ་ཕྱེད་ནས་ལྡང་སྟེ། །རང་ཉིད་ཞི་བར་འགྱུར་བ་ཡིན། །ཤེས་ཆེར་འཕེལ་ནས་མིག་དང་ནི། །རྣ་བ་དག་ཀྱང་མ་རུངས་བྱེད། །ཅེས་བྱེ་བ་ལ། ཀླད་པའི་གཞོགས་བྱེད་སྟེ་སྤྱི་བོའི་བྱེད་ཀྱི་ཆ་ཤིན་ཏུ་ན་?
་གྱུར་པ་ནི་།མིང་གཞོགས་ཕྱེད་ཀྱི་ནད་ཅེས་བྱ་ལ། དེ་ཡང་ཟླ་བ་གཅིག་ཟླ་བ་ཕྱེད་ནས་ལྔར་ཞིང་ན་ལ། དེ་ནས་ནི་སྨིན་མི་དགོས་ལ་རང་ཉིད་ཞི་བར་འགྱུར་ལ། དེ་ཤས་ཆེར་འཕེལ་བར་གྱུར་ན་ནི། །མིག་ལ་སོགས་པ་མ་རུང་བར་བྱེད་དོ། །མཁྲི་གྱུར་མགོ་བོ
་ཆ་བ་དང། །དུད་པས་བདུགས་སྙམ་སེམས་རིམས་འདེབས། །རྡུལ་ཞིང་མིག་ཚ་བརྒྱལ་བ་དང། །མཚན་མོ་གྲངས་པས་རྩེ་འཇིལ་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མགོ་པོ་ཚ་བའི་ནང་ནི་མགོ་བོ་དུ་མས་དུགས་པ་སྙམ་དུ་སེམས་པར
་འགྱུར་བ་ལ་སོགས་པ་དང། མཚན་མོའི་དུས་དང་གྲང་པ་ལ་རྩེ་འཇིལ་བར་འགྱུར་བ་ཡིན་ནོ། །བད་ཀན་ལས་ཀྱུར་ཡི་ག་མཆུས། །མགོ་ལྕི་ཚེར་པ་མེད་ཅིང་གྲང། །རྩ་མི་འཕར་ཞིང་སྒྱིད་སྙོམས་ལ། །ཉིན་མོ་ནད་ཆུང་མཚན་མོ་དྲག་།རྨ་ཞིང་མིག་ནི་སྐྲངས
་པ་དང། རྣ་བ་གཡའ་ཞིང་སློན་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མགོ་བོ་ཚ་བའི་ནད་ལ་ཡིག་འཆུས་པ་ལ་སོགས་པ་དང། རྩ་ཐམས་ཅད་མི་འཕར་བ་ལ་སོགས་པ་ནས་སློན་པའི་བར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཁྲག་གྱུར
་མཁྲིས་པ་ལས་ཆེར་ན་།ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མགོ་བོ་ཚ་བའི་ནང་ནི། མཁྲིས་པའི་མཚན་ཉིད་དང་ལྡན་པར་གྱུར་པ་ལས། ཤིན་ཏུ་དྲག་པར་ན་བར་གྱུར་པ་ཡིན་ནོ། །འདུས་གྱུར་མཚན་ཉིད་ཀུན་དང་ལྡན། ཞེས་བྱ་བ་ལ། ནད་གཞི
་གསུམ་ཆར་འདུས་པ་ལས་གྱུར་པའི་མགོ་པོ་ཚ་བའི་ཚམ་ཉིད་ནི་ནད་གཞི་གསུམ་ཆར་འདུས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འདྲེན་མའི་ཟས་ཀྱི་སྤྱི་བོ་ཡི། །ཁྲག་དང་ཤ་ནི་འདྲུལ་བྱས་པས། །འདུས་པའི་ནད་ནི་འཁྲུགས་འགྱུར་ཅིང། །མགོ་ཟོའི?
་སྲིན་བུ་སྐྱེ་བར་འགྱུར། །དེས་ནི་མགོ་བོའི་ཁྲག་འཐུང་ཞིང། །སེམས་ནི་འཁྲུལ་པར་བྱེད་པ་ཡིན། །མི་བཟང་ནད་ནི་སྐྱེད་པར་བྱེད། །ལུད་པ་རིམས་དང་ཉམས་སྟོབས་ཟད། །མགོ་བོ་རྩུབ་སྐྲངས་དབུགས་ཉམས་ན། །ཚ་ཞིང་ན་གོ་མགུལ་བརྣགས་པ་དང། །ཐེད་པ་རྐན་དང
་མོག་བོར་ནི། །གཡའ་ཞིང་སྐེམ་ལ་ཚོར་པ་མེད། །སྣབས་ཀྱི་མདོག་ནི་དམར་པ་ལ། །རྣ་བ་སྒྲ་བཅས་སྲིན་སྐྱེས་ནད། །ཅེས་བྱ་བ་ལ། སྲིན་བུ་ལས་བྱུང་བའི་མགོ་བོ་ཚ་བའི་ནད་ཀྱི་མཚན་ཉིད་ནི་འདི་དག་ཡིན་ཏེ། འཕྲོད་པ་དང་མི་འཕྲོད་པའི་ཁ་ཟས་འདྲེས་མང་ཐོས་པས། སྤྱི་བོའི
་ཁྲག་དང་ཤའི་ཚོགས་འཕྲུལ་ཞིང་བརྣགས་པར་གྱུར་པ་ལས་འདུས་པའི་ནད་འཁྲུགས་པར་གྱུར་པ་ལ། དེ་ལས་མགོ་བོའི་སྲིན་བུའི་ནད་བསྐྱེད་པར་འགྱུར་ཏེ། འབུ་དེ་རྣམས་མགོ་བོ་ན་གནས་པའི་ཁྲག་འཐུང་བར་བྱེད་ཅིང། །སེམས་འཁྲུལ་བ་སྐྱེད་པར་བྱེད་པར་ནང
་མི་བཟང་པར་བརྣགས་བར་དཀའ་བ་སྐྱེད་པར་བྱེད་པ་དང། དེ་བཞིན་དུ་ལུད་པ་ལ་སོགས་པའི་ནད་བསྐྱེད་པར་བྱེད་པ་དང། ཁབ་ཀྱི་ཕུབ་པ་སྙམ་དུ་ན་བ་ལ་སོགས་པ་དང། རྣ་བ་ནས་སྒྲ་ཟི་ཟི་བོ་འབྱུང་བ་སྟེ། དེ་དག་ནི་སྲིན་བུ་ལས་གྱུར་པའི་མོག་ནད་ཀྱི་མཚན་ཉིད་ཡིན་ནོ།།
་རླུང་ཤས་ཆེ་བས་མགོ་འདར་ཞིང། །དེ་ཡི་མིང་ཅན་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། ནད་གཞི་གསུམ་རླུང་གི་ཤས་ཆེ་བ་ལས་མགོ་འདར་ཞིང་འདམ་པའི་ནད་སྐྱེ་བར་འགྱུར་ལ། དེ་ནི་དེའི་མིང་ཅེན་ཏེ་མགོ་བོ་འདར་བ་དང། མགོ་བོ་འདམ་བ་ཞེས་བྱའོ། །མཁྲིས་ཤས་ཆེ་བའི
་རླུང་སོགས་ཀྱིས། །མུར་འགྲམ་སྐྲང་ཞིང་ཁྲག་བཅས་ལ། མི་བཟང་ཚ་ཞིང་ན་ལ་དམར། །གླལ་ཞིང་རིམས་འདེབས་སྐོམ་མགོ་མཁོར། །ཁ་ནད་ལ་བྲོ་གདོད་སེར་ཞིང། །མྱུར་དུ་གསོང་བྱེད་མུར་འགྲམ་ཅན། ཞག་གསུམ་ནས་ནི་སྲོག་འཇོམས་ཤིང། །མྱུར་དུ་གསོང་ན་འཚོ་བ
་ཡིན་།ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ནད་གཞི་གསུམ་པོ་ལ། མཁྲིས་པ་ཤས་ཆེ་?་ཁྲིག་དང་བཅས་པ་འཁྲུགས་པ་ལས། མུར་འགྲམ་སྐྲངས་པར་འགྱུར་བ་དང། དེ་ཡང་མི་བཟང་པར་ཚ་བ་ལ་སོགས་པ་དང་ལྡན་པར་མྱུར་དུ་གསོད་པར་བྱེད་པ་ཡིན་ཏེ། དེའི་
་མིང་ནི་མུར་འགྲམ་ཅན་ཞེས་བྱ་སྟེ། དེ་གསོ་བ་མ་བྱས་ན་གསུམ་ནས་གསོད་པར་འགྱུར་བ་ཡིན་ལ། གལ་ཏེ་མྱུར་དུ་གསོ་བ་བྱས་ན་ནི་འཚོ་བར་འགྱུར་བ་ཡིན་ནོ། །རླུང་མཁྲིས་རྗེས་འབྲེལ་མུག་གྲམ?་མིག། སྨིན་མ་དཔྲལ་བ་ན་བ་དང།།
་འཕང་བར་བྱེད་པ་སྐྱེད་པར་བྱེད། ཉི་མ་འཆར་བར་བྱེད་པ་ནས། །ཉི་མ་ཕྱེད་ཀྱི་བར་དུ་འཕེལ། །དེ་ཕན་ཆད་ནི་བདེ་བར་འགྱུར། །ལྟོགས་ན་དེ་ནི་ལྟག་པར་ན། །གྲངས་དང་དྲོ་ལ་ངེས་པ་མེད། །དེ་ནི་ཉི་མ་འཁོར་ཞེས་བྱ་ཞེས་བྱ་བ་ལ་།རླུང་གི་ནང་མཁྲིས་པ་དང་འབྲེལ་ཅིང
་འདྲེས་པར་གྱུར་ན་མུར་འགྲམ་ལ་སོགས་པར་ཉི་མ་འཆར་པའི་ཚེ་ན་ཞིང་འབར་བར་བྱེད་པ་སྐྱེད་པར་བྱེད་ལ། དེ་ཡང་ཉི་མ་ཕྱེད་ཀྱི་བར་དུ་ནི་ནད་འཕེལ་ཞིང་ཤས་ཆེན་ན་ལ་གླལ་ཏེ། ལྟོགས་ན་ཡང་ལྟག་པར་ན་བ་ཡིན་ནོ། །དེ་བཞིན་དུ་གྲང་བ་དང་དྲོ་བས་བདེ་བར
་འགྱུར་བ་ལ་ངེས་པ་མེད་དེ་ལན་འགའ་ནི་དྲོན་བདེ་བར་འགྱུར་ལ། ལན་འགའ་ནི་གྲང་ན་བདེ་པར་འགྱུར་བ་ཡིན་ལ། ཉི་མ་ཕྱེད་ཡོལ་བར་གྱུར་པ་དེ་ཕན་ཆད་ནི་ནང་དེ་ཞི་ཞིང་བདེ་བར་འགྱུར་པ་ཡིན་ཏེ། ནང་དེ་ནི་ཀླང་ནད་ཉི་མ་ལྟར་འཁོར་བ་ཞེས་བྱའོ། །དེ་ལྟར་མགོ
་པོར་རྟོགས་པའི་ནང། ན་བ་བཅུ་ནི་བཤད་པ་ཡིན། ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ན་མགོ་པོའི་ནད་ནི་གྲངས་བཅུར་བཤད་པ་ཡིན་ནོ། །གཞན་ཡང་ཐོད་པ་རྟེན་ནང་དགུ་པོ་མགོའོ་བཞིན་བཤད་བྱ། །ཞེས་བྱ་བ་ལ། མགོ་བོའི་ནད་དང
་འདྲ་བར་ཐོད་པ་ལ་བརྟེན་པའི་ནད་ནི་རྣམ་པ་དགུར་བཤད་པ་ཡིན་ནོ། །ཀླད་པ་རླུང་ནི་འཁྲུགས་གྱུར་པ། །ན་ཕན་གནས་ནའང་ནང་སྐྱེད་བྱེད། །མདོག་གནག་ནད་ཆུང་སྐྲང་པ་ཡིན། །དེ་ནི་ཉེ་བའི་མགོ་ཞེས་བྱ་།ཞེས་བྱ་བ་ལ། མངལ་གྱི་ནང་ན་གནས་པའི་འགྲོ་བ་ལ
་ཡང་རླུང་འཁྲུགས་པར་གྱུར་ན་ཀླད་པ་ན་བར་བྱེད་དེ། དེ་ཡང་མདོག་གནག་པ་དང་ནད་ཚ་བས་ཆུང་སྐྲངས་པ་ཡིན་ཏེ་ནད་དེ་ནི་ཉེ་བའི་མགོ་ནད་ཅེས་བྱའོ། །འབྲུམ་ཕྲན་ཐོར་བུ་ཁོང་འབྲས་ནི། །ནད་གཞི་ཅི་བཞིན་བརྗོད་པར་བྱ། ཞེས་བྱ་བ་ལ། ཐོད་པ་འབྲུམ་ཕྲུན་ལ
་སོགས་པ་བྱུང་བ་ཡང། ནད་གཞིའི་ཚུལ་ཇི་ལྟ་བ་ཉིད་ལས་བཤད་པར་བྱའོ། །ཐོད་པར་ལྗན་ལྗིན་མང་པོ་དང། ཁྲག་དང་མཁྲིས་པའི་འབུ་ལས་ནི། །ཁྲེ་དང་ཡུངས་ཀར་ལྟ་བུ་འབྱུང?། །འབྲུམ་ཕྲན་སྲིན་གྱི་ནད་སྐྱེ་འགྱུར། །ཞེས་བྱ་བ་ལ། ཐོད་པར་རྣག་དང་ལྗན་ལྗིན་མང
་པོ་ཡོད་པ་ལས་ཁག་དང་མཁྲིས་པ་ལས་གྱུར་པའི་འབུ་ལས་ཁྲེ་དང་ཡུངས་ཀར་ལྟ་བུ་འབྱུང་བར་བྱེད་པ་གང་ཡིན་པ་དེ་ནི་སྲིན་ནམ་གློག་པའི་ནད་ཅེས་བྱའོ། །རླུང་དང་མཁྲིས་པ་འཁྲུགས་པ་ལས། །པགས་པ་རྩུབ་ཅིང་གས་པ་དང། །གཡལ་ཞིང་སྐྲ་འབྱི་ཚ་བ་མེད།།
་གྱུར་པ་མི་བཟང་ཡིན་ཞེས་བྱ། ཞེས་བྱ་བ་ལ་།རླུང་དང་མཁྲིས་པ་གཉིས་འཁྲུགས་པ་ལས་པགས་པ་རྩུབ་ཅིང་གས་པ་ལ་སོགས་པར་གྱུར་ན། དེའི་ཐོད་པའི་མི་བཟང་པ་ཞེས་བྱའོ། །མཁྲིས་པ་རླུང་དང་འདྲེས་པ་ནི། །བ་སྤུའི་ནང་དུ་ཞུགས་གྱུར་པ། །སྐྲ་ནི་འབྱི་བར
་བྱེད་པ་ཡིན། །དེ་ནས་བད་ཀན་ཁྲག་བཅས་པས།། །བ་སྤུའི་བུག་འགག་བྱེད་དེ། །དེ་ཡིས་གཞན་དག་མི་འབྱུང་བ། །འཁོར་ལིང་སྐྲ་འབྱི་ཞེས་བྱ་སྟེ། །གཞན་དག་སྐྲ་འབྱི་ཞེས་བྱར་འདོད། །ཅེས་བྱ་བ་ལ། བ་སྤུའི་བུ་གནས་པའི་མཁྲིས་པའི་ནང་རླུང་འདྲེས་པར
་གྱུར་བ་བ་སྤུའི་ནང་དུ་ཞུགས་ཏེ། སྐྲའི་ཚོགས་འབྱི་བར་བྱེད་ལ་།དེའི་འོག་ཏུ་བད་ཀན་དང་ཁྲག་དང་བཅས་པས་བ་སྦུ་བུ་ག་འགགས་པར་བྱེད་དེ། རྒྱུ་དེས་ན་དེ་ལ་སུ་གཞན་དག་འབྱུང་བར་མི་འགྱུར་བ་ནི་ནང་གང་ཡིན་པ་དེ་ནི་འཁོར་ལིང་དུ་སྐྲ་འབྱི་བ་ཞེས་བྱའོ། །ཞེས
་སློབ་དཔོན་གྱིས་བཤད་དོ། །དྲང་སྲོང་གཞན་དག་ནི་ནད་དེ་ལ་སྐྲ་འབྱི་བ་ཞེས་བྱའོ། །ཞེས་ཟེར་རོ། །སྤྱི་ཅེར་སྐྱེ་པའང་དེ་བཞིན་དུ། །སྐྲ་འབྱི་དེ་ལ་རིམས་ཀྱིས་འབྱུང། །ཞེས་བྱ་བ་ལ།། སྤྱི་ཅེར་ཡང་བཤད་མ་ཐག་པའི་ཚུལ་དེ་བཞིན་དུ་འབྱུང་པ་ཡིན་ལ། སྤྱི་ཅེར་དེ་ལ་ནི
་སྐྲ་རིམ་གྱིས་འབྱི་བར་འགྱུར་རོ། །དེས་ན་རླུང་གྱུར་མེས་ཚིག་འདྲ། །མཁྲིས་གྱུར་རླན་ཅན་རྩ་ཡིས་ཁྱབ།། བད་ཀན་པགས་པའི་མདོག་དཀར་འཐུག་།བགས་པ་རང་གི་ཇི་ལྟར་སྣང། །ཞེས་བྱ་བ་ལ། སྤྱི་ཅེར་དེ་རླུང་ལས་གྱུར་པ་ནི། སྐྲ་འབྱི་བའི་རྗེས་མེས་ཚིག་པ་འདྲ་ལ།
་མཁྲིས་པ་ལས་གྱུར་པའི་རྗེས་དེ་རྡུལ་གྱི་རླན་ཙན་ཡོད་ཅིང་རྩ་རྒྱས་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་པགས་པའི་མདོག་དཀར་ཞིང་འཐུག་པ་ཡིན་ནོ། །གཞན་ཡང་པགས་པ་རང་གི་ནང་གཞི་ཇི་ལྟ་བ་བཞིན་དུ་སྣང་སྟེ།
་གནག་པ་དང་།དམར་པ་དང། དཀར་བར་སྣང་བ་ཡིན་ནོ། །འདུས་གྱུར་མཚན་ཉིད་ཀུན་དང་ལྡན། །སེན་མོའི་མདོག་འདྲ་གསོར་མི་རུང། །ཞེས་བྱ་བ་ལ་།ནད་གཞི་གསུམ་ཆར་ལས་གྱུར་པའི་སྐྲ་འབྱི་བ་ནི། མཚན་ཉིད་ཐམས་ཅད་དང་ལྡན་ལ། མདོག
་སེན་མོའི་མདོག་ལྟར་སྣང་བ་ཡིན་ཏེ། དེ་ནི་གསོ་མི་རུང་བ་ཡིན་ནོ། །མེས་བསྲེགས་པ་ལྟ་བུ་སྤུ་མེར?་གང། །ཚ་བཅས་དེ་ཡང་གསོར་མི་རུང། །ཞེས་བྱ་བ་ལ། སྤྱི་ཅེར་གང་མེས་བསྲེགས་པ་ལྟ་བུར་སྣང་ལ་སྦུ་མེད་ཅིང། ཚ་བ་དང་བཅས་པར་གྱུར་པ་ད?
་ཡང་གསོ་མི་རུང་བ་ཡིན་ནོ། །མྱ་ངན་ཁྲོ་དང་ངལ་ལས་བྱུང། །ལུས་ཀྱི་གྲོང་ནི་མགོ་ཞུགས་པས། ནང་ངེས་སྐྲ་ནི་བཙོས་ནས་ནི། །དེ་ལ་སྐྲ་དཀར་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། མྱ་ངན་ལ་སོགས་པ་ལས་བྱུང་བའི་ལུས་ཀྱི་དྲོད་མགོ་བོའི་ནད་དུ་ཞུགས
་པས་དེ་སྐྲ་བཙོས་ཏེ་དེའི་ཕྱིར་སྐྲ་དཀར་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ནི་རླུང་གྱུར་གས་རྩ་གནག། སྲ་ཞིང་རྩུབ་ལ་མཆུ་མདོག་ཅན། །ཞེས་བྱ་བ་ལ། སྐྲ་དཀར་དེ་རླུང་ལ་གྱུར་པ་ལ་ནི་སྐྲ་ཡིད་ཙམ་གནག་ཅིང་སྲབ་པ་ལ་སོགས་པ་ཡིན་ནོ། །མཁྲིས་པ་ཚ་ཞིང་མདོག
་སེར་ཡིན།། ཞེས་བྱ་བ་ལ་།མཁྲིས་པ་ལས་སྐྲ་དཀར་བ་ནི། །ཚ་བ་དང་བཅས་ཤིང་མདོག་སེར་བ་ཡིན་ནོ། །དེ་ནི་རླུང་གྱུར་བད་ཀན་ལས་གྱུར་སྣུམ་ཞིང་འཕེལ། །སྦོམ་ཞིང་མདོག་ནི་དཀར་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲ་དཀར་ནི་སྣམ
་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །འདུས་གྱུར་ཚན་མ་འདྲེས་པ་ཡིན། །ཞེས་བྱ་བ་ལ། །ནང་གཞི་གསུམ་ཆར་ལས་གྱུར་པའི་སྐྲ་དཀར་ནི་མཚན་ཉིད་གསུམ་ཆ་དང་ལྡན་པ་ཡིན་ནོ། །མགོ་བོའི་ནང་ལས་བྱུང་བ་གཞན་མདོག་དན་རེག་ན་མི་བཟོད་ཡིན།།
་ཞེས་བྱ་བ་ལ། སྐྲ་དཀར་མགོ་པོའི་ནང་ལས་གྱུར་པ་གཞན་དག་ནི་མདོག་ངན་པ་ལ་སོགས་ཡིན་ནོ། །འདུས་པ་ལས་ནི་གྱུར་པ་ཡི། སྤྱི་ཅེར་སྐྲ་དཀར་གསོ་མི་རུང། །ཞེས་བྱ་བ་ལ། ནད་གཞི་གསུམ་འདུས་པ་ལས་གྱུར་པ་དང། དེ་བཞིན་དུ་འདུས་པ་ལས་གྱུར
་པའི་ཆེར་ནི་གསོར་མ་རུང་བ་ཡིན་ནོ། །ལུས་ཀྱི་འགྱུར་བ་ལས་བྱུང་བ། །བཅུད་ཀྱི་ལེན་གྱིས་གསོ་བར་བྱེད། །ཅེས་བྱ་བ་ལ། ལུས་ཀྱི་འགྱུར་བ་རྒས་བཞེས་བྱ་བ་ལས་འབྱུང་བའི་སྐྲ་དཀར་ནི་བཅུད་ཀྱི་ལེན་པ་ལ་བལྟོས་ཤིང་དེ་ལ་བརྟེན་ཏེ་གསོ་དགོས་པ
་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་འགྲེལ་པའོ།།
་དེ་ནས་མགོ་པོའི་ནང་གསོ་བར་བྱའོ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མགོ་ནང་ལ། རླུང་ནང་གསོ་བའི་ཆོ་ག་སྤྱད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་མགོ་བོའི་ནང་ལ་ནི་རླུང་ནད་གསོ་བའི་ཚེ་ག་ཇི་སྐད་སྨོས་པ་དག་བཤད་པར་བྱའོ། །འདི་ནི་མཚན་མོ་ཞུན
་མར་བྱུང?། །དེ་རྗེས་འོ་མ་དྲོན་པོ་བླུད་ཅེས་པ་ལ། ཡང་ན་མགོ་བོའི་ནང་འདི་མཚན་མོ་ན་བ་ལ་ནི་ཞུན་མར་བླུད་ཅིང་དེའི་རྗེས་ལ། འོ་མ་དྲོན་མོ་བླུད་པར་བྱའོ། །མ་ཤ་རྒྱ་སྲན་མུངྒའང་རུང། །མར་དང་ལྡན་པ་དེ་བཞིན་སྦྱིན། །ཞེས་བྱ་བ་ལ། དེ་བཞིན་སྲན་མ་ཤ་མར་དང
་ལྡན་བའམ། །ནུངྒ་མང་དང་ལྡན་པ་བྱིན་ལ། །དེ་བཞིན་དུ་འོ་མ་དྲོན་མོ་བླུད་པར་བྱའོ། །ཏིལ་མར་ཏིལ་གྱི་ལྡེ་གུ་ནི། །འོ་མ་དང་ནི་ལྷན་ཅིག་བླུད་།ཅེས་བྱ་བ་ལ། ཏིལ་མར་དང་ཏིལ་གྱི་ལྡེ་གུ་ནི་འོ་མ་དང་ལྷན་ཅིག་སྦྱར་བ་བླུད་ན་ཡང་ཕན་ནོ། །གླན་དང་བཅིང་པའམ
་དུགས་དག་ནི། ག་དང་འུ?་སུ་ལས་བྱས་ཕན་ནོ། །ཞེས་བྱ་བ་ལ། རླུང་ལས་གྱུར་བའི་མགྲོ་བོའི་ཚ་བའི་ནང་ལ་ཤ་དང་འོ་སུའི་འབྲས་བུ་སྦྱར་བ། བྱས་པ་གླན་ཅིང་སྦྱར་བའི་དུགས་དང། བཅིང་ཞིང་བཀྲི་བའི་དུགས་བྱས་ན་ཡང་ཕན་ནོ། །རླུང་འཇོམས་རྩལ
་བཅུ་ལ་སོགས།། བསྐོལ་བའི་འོ་མ་སྣུམ་བཅས་བླུད།། ཅེས་བྱ་བ་ལ། རྩ་བ་བཅུ་ལ་སོགས་པའི་རླུང་འཇོམས་པའི་སྨན་དང་བསྐོལ་བའི་འོ་མའམ་རྒྱུན་བླུགས་ན་ཕན་ནོ། །སྣ་སྨན་དང་བརྡུབ་སྣུམ་ཅན་དང།
་མགོ་དང་རྣ་བ་བརྟ་བར་བྱ། །ཞེས་བྱ་བ་ལ། །རླུང་ལས་གྱུར་པའི་མགོ་བོའི་ཆ་བ་ལ། སྨ་སྨན་སྣུམ་ཙམ་ལ་སོགས་པ་བྱས་ན་ཕན་ནོ། །བ་ར་ན་སོགས་སྡེ་ཚན་བརྡུངས། །འོ་མ་ཆུ་བྱེད་བསྐོལ་བ་ནི། །འོ་མ་ལུས་པ་དེ་བསྒྲེངས་ལ། །བསྲུབས?་ཏེ་སྙིང་པོ་བླངས་ནས
་ནིང་དེ་ནས་མངར་པའི་སྡེ་ཚན་བསྐོལ། །མར་ཀྱི་སྣ་སྨན་བླུགས་པ་བསྔགས། །ཞེས་བྱ་བ་ལ། བ་རལ་སོགས་པའི་སྡེ་ཚན་གཏུན་གྱི་ནང་དུ་བརྡུངས་པ་འོ་མ་ཕྱེད་ཀྱི་ཆུ་དང་བསྲེས་པའི་ནང་དུ་བསྐོལ་ཏེ། །འོ་མ་ལུས་དང་བསྒྲངས་ཏེ། །བསྲུབས་ལ་དེ
་ལས་དེའི་སྙིང་པོ་མར་སར་བླངས་ནས་།པའི་འོག་ཏུ་ཛ་བནྟི་ལ་སོགས་པ་མངར་བའི་སྡེ་ཚན་དང་བསྐོལ་བའི་མང་དེ་སྣ་སྨན་དུ་བླུགས་ན་ཡང་ཕན་ནོ། །འདིར་ནི་འོ་མའི་སྡེ་ཚན་བསྐོལ། མར་དང་ཁ་རང་བཅས་པར་བླུང། །ཅེས་བྱ་བ་ལ། ཡང་ནད་འདིར་འོ
་མའི་སྡེ་ཚན་ལས་བཤད་པའི་འོ་མ་བརྒྱད་པོ་བསྐོལ་བ་ལས་།བསྲུབས་པའི་མར་ཁུ་དང་བཅས་པ་བླུད་ན་ཡང་ཕན་ནོ། །རས་བལ་ས་བོན་ཤིང་ཚ་དང། །གླ་སྒད་ཛིའི་ཏི་ཁ་འབུས་པ། ཆུ་དྲོན་བཏགས་པའི་སྣ་སྨན་ནི། །མགོ་པོའི་ནང་ཀུན་འཇོམས་བྱེད
་ཡིན། །ཞེས་བྱ་བ་ལ། རས་བལ་གྱི་ས་བོན་ལ་སོགས་པ་ཆུ་དྲོན་ལ་བཏགས་ཏེ། བཙགས་པའི་སྣ་སྨན་བཅད་ན་མགོ་བོའི་ནང་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །ཁྲག་དང་མཁྲིས་པ་ལས་གྱུར་པ། །ཁ་ར་གུར་གུན་མང་བསྐོལ་བཏང། །ཞེས
་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི་མགོ་བོའི་ནང་ལ་ནི་ཁར་དང་གུར་གུམ་དང། མར་བསྐོལ་བའི་སྣ་སྨན་བཏད་བར་བྱའོ། །རུ་རྟ་རྒྱ་སྤོས་ཨུཏཔལ། །ཙན་དན་མར་སྦྱར་མགོ་བསྐུས་ཕན་ཞེས་བྱ་བ་ལ། ཡང་དེ་ལ་རུ་རྟ་ལ་སོགས་པའི
་སྨན་སྦྱར་བས་བསྐུ་བར་བྱའོ། །རླུང་ཤེས་ཆེ་ལ?་འཇིགས་ཡོད་པས། །གཏར་ག་འདི་ལ་མི་བྱའོ། །ཞེས་བྱ་བ་ལ། རླུང་གི་ཤས་ཚེ་བའི་མགོ་བོའི་ཚ་བའི་ནང་ལ་ནི་གཏར་ག་བྱར་མི་བྱ་སྟེ། དེས་ན་རླུང་འཁྲུགས་པའི་སྐྱོན་ཡོད་དོ། །ངེས་མ་ཞིན་བདེ
་རླུང་ལ། མེ་བཙལ་ཇི་སྐད་བཤད་པར་བྱ། །ཞེས་བྱ་བ་ལ། སྨན་གྱི་སྦྱོར་དེ་དག་གིས་ནད་དེ་ཞི་པར་མ་གྱུར་ན། །རླུང་དང་བད་ཀན་ལས་གྱུར་པའི་མགོ་པོའི་ནད་ལ་ཇི་སྐད་བཤད་པ་བཞིན་དུ་མི་བཙའ་གདབ་པར་བྱའོ། །གཞོགས་ཕྱེད་ན་བའང་དེ་བཞིན
་ཏེ། ནད་དང་འབྲེལ་པའི་གསོ་བ་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མགོ་བོའི་ཚ་བ་གསོ་བ་བཤད་མཐག་པ་འདི་ནི་གཞོགས་ཕྱེད་ན་བ་ལ་ཡང་ཕན་ལ། ནང་གཞན་དང་འབྲེལ་པ་དག་ལ་ཡང་འབྲེལ་བའི་ཚུལ་ལས་གསོབ་ཅི་རིགས་པར་བྱས་ན
་ཕན་ནོ། །ཤི་རི་ཤའི་ས་བོན་དང། ། བ་མངྒའི་རྩ་བ་དང། །ཁ་རུ་ཚ་བཅས་སྣ་སྨན་བཏང། །ཞེས་བྱ་བ་ལ། ཤི་རི་ཤའི་ས་བོན་ལ་སོགས་པའི་སྣ་སྨན་བཏང་ན་ཡང་དེ་ལ་བ?་ནོ། །ཡང་ན་ས་ལ་བརྞི་འམ། །ཙགྲ་མ་རང་གང་ཡང་རུང། །སྐྱུར་ཁུ
་དང་སྦྱར་ལྡེ་གུས་བ་སྐུ། །ཞེས་བྱ་བ་ལ་ཡང་ན་ས་ལ་དརྣའི?་སྨིན་གྱི་སྣ་སྨན་བཏང་བའམ། ཡང་ན་འདི་གཉིས་གང་ཡང་རུང་བའི་ལྔ་གུས་བསྐུ་བར་བྱའོ། །ཉི་མ་ལྟར་འཁོད་དེ་མི་ཚེ་གོ་།ཏར་གས་ཁྲག་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། ཀླད་ནད་ཉི་མ་ལྟར
་འཁོར་བོ་ལ་ཡང་ཚ་?་འདི་ཉིད་ལྟར་བྱ་སྟེ། རླུང་བས་གྱུར་པའི་མགོ་བོ་ཚ་བའི་གསོ་བ་སྦྱོར་བར་བྱ། །དེ་ལ་ཁྱར་བར་དུ་ནི་ནད་འདི་ལས་གཏར་ག་གདབ་པར་བྱའོ། །མཁྲིས་པ་ལས་གྱུར་མགོ་ནང་ལ། །སྣུམ་བཅོས་བྱས་ནས་གཏར་ག་གདབ། །ཅེས་བྱ་བ་ལ། མཁྲིས
་པ་ལས་གྱུར་པའི་མགོ་བོའི་ཚ་བའི་ནང་ལ་ནི་དང་པོར་སྣུམ་བྱ་སླ། དེའི་འོག་ཏུ་གཏེར་ག་གདབ་པར་བྱའོ། །མགོ་དང་གདོང་བྱུག་སྨན་ཆུ་བླུགས། སློན་ཁྲུས་མས་ལྟར་བསིལ་བར་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མགོ་བོ་ཚ་པ་ལ་ནི་མགོ་བོ་དང
་གདོང་བ་སྐུ་བ་ལ་སོགས་པའི་སྦྱོར་བ་ནུས་པ་བསིལ་བའི་སྨན་གྱིས་བྱའོ། །འཚོ་བྱེད་དང་བསྐོལ་འོ་མ་དང། །མང་ནི་སྣ་སྨན་བཏུང་བ་བླུད། །ཅེས་བྱ་བ་ལ། ཡང་ནང་དེ་ལས་འཚོ་བྱེད་ཀྱི་སྔ་ཚན་དང་བསྐྱོལ་བའི་འོ་མ་དང། ?་སྨན
་བཏང་བ་དང། བཏུང་བ་བླུད་པར་བྱའོ། །ཁྲག་ལས་གྱུར་པའང་འདི་ཉིད་བྱ། །མུར་འགྲམ་ཅན་ལ་གཏར་ག་སྤང། །ཅེས་བྱ་བ་ལ། ཁྲག་ལས་གྱུར་པའི་མགོ་བོའི་ཚ་བའི་ནད་ལ་ཡང། མཁྲིས་པ་གསོ་བར་བཤད་པའི་ཆོ་ག་འདི་ཉིད་བྱ་ཞིང། དེང་ནན
་དུ་མུར་འགྲམ་ཅན་ཞེས་བྱ་བའི་མགོ་ནར་ལ།། གཏར་གམ་གཏོགས་པ་གསོ་བ་འདི་དག་ཉིད་བྱའོ། །བད་ཀན་མགོ་ནད་མར་རྙིང་དང། སྣུམ་བཅོས་བྱས་ལ་ཆ་པ་སློན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མགོ་བོ་ཚ་བའི་ནད་ལ་ནི་མང་རྙིང་སྣུམ་བཅོས
་བྱས་ལ། སྨན་ཚ་བའི་སློན་སྨན་བླུད་པར་བྱའོ། །དུག་དང་བྱུག་བ་སྣ་སྨན་སོགས། །རྩུབ་དྲོང་རྣོ་བའི་སྨན་གྱིས་གསོ། །ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་མགོ་བོའི་ཚེ་བའི་ནང་ལ། སྨན་རྩུབ་ཅིང་དྲོ་བ་ལ་སོགས་པའི་མགོ་བོའི་ཚ་བའི་ནང་ལ་མར
་སྙིང་པས་གསོ་བར་བྱའོ། །འདི་ནི་སྨྱང་བའང་བསྔགས་པ་ཡིན། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པིའི་མགོ་བོའི་ཚ་པའི་ནད་འདི་ལ་སྨྱུང་བ་བྱས་ན་ཡང་ཕན་པ་ཡིན་ནོ། །འདུས་པ་ལ་ནི་འདྲེན་མང་གསོ། ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མགོ་བོ་ཚ་བའི
་ནད་ལ་ནི་གསོ་བ་སྔ་མ་དེ་དག་འདྲས་མས་བྱའོ། །སྲིན་གྱུར་སྣ་སྨན་ཁྲག་བླུགས་ཏེ། །དེ་ཡི་འབུ་ནི་རྒྱལ་པར་འགྱུར། །ཁྲག་གི་དྲི་ཡིས་?་རོ་ནས། །ཁ་དང་སྣ་ནས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། སྲིན་བུ་ལས་གྱུར་པའི་མགོ་པའི་ནང་ལ་ནི། སྣ་སྨན་དུ་ཁྲག
་བླུགས་པར་བྱ་སྟེ། ཁྲག་དང?་དྲིས?་དུ་དེ?་བརྒྱལ་ཞིང་?་རོ་པར་གྱུར་ནས་དེའི་འོག་ཏུ་ལ་དང་སྣའི་བུ་ག་ནས་ཕྱིར་འབྱུང་བར་འགྱུར། །དེ་ནས་སྣ་སྨན་དུད་བརྡུབ་རྣོས། །དེ་ནི་ཉི་ལ་དབྱུང་བར་བྱ། །ཞེས་བྱ་བ་ལར་དའི་འག?་ཏུ་འཕུ?་རྣམས་སྣ་སྨན་དང། དུང་པ་བརྡུབ་པ
་ཤིན་ཏུ་རྣོ་བས་ཕྱིར་དབྱུང་བར་བྱའོ། །ཡུངས་ཀར་ནིམཔ་ཨིངྒུ་དང། །བི་ལུ་མར་དང་སྦྱར་བ་ཡི། །བྱི་དང་ག་དང་སྭ་རྫིཀ་།ནད་ཤིང་ཀུན་བ་གཅིན་བསྐོལ། །སྣ་སྨན་སོ་སོར་བཏང་བར་བྱ། །ཞེས་བྱ་བ་ལ། ཡུངས་མར་རམ་ནིམཔའི་མངར་མ། ?་མ་?་ལུའི་མོར
་དང་བྱི་དང་ག་ལ་སོགས་པའི་ལྡེ་གུ་སོ་སོར་སྦྱར་ལ་བ་གཅིན་གྱི་བཞི་འགྱུར་དང་བསྐོལ་བའི་སྣ་སྨན་གང་ཡང་རུང་བ་བཏང་བར་བྱའོ། །བྱི་དང་ག་ནི་ར་གཅིན་དང། །སྦྱར་བའི་སྣ་སྨན་འབུ་འཇོམས་མཆོག་།ཅེས་ཕྱེ་བ་ལར་བྱི་དང་ག་ར་གཅིན་དང་?་བའི་སྣ་སྨན་དེའི
་སྲིན་སུ་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ཉ་རུལ་བཅས་པའི་སྣ་སྨན་དང། །དུད་པ་དག་ཀྱང་བརྡུབ་པར་བྱ། །ཞེས་བྱ་བ་ལ། ཉ་རུལ་བ་དང་བཅས་པའི་སྣ་སྨན་དང་དུད་པ་བརྡུབ་པ་དག་བྱ་སྟེ། དོན་དུ་ན་སྨན་དང་དུད་པའི་སྐབས་སུ་བཤད་པའི་སྨན་དང།
་ཉ་རུལ་བོས་བྱ་བའི་དོན་ཏོ། །སྲོན་བུས་ཁྲག་ནི་འཐུངས་པའི་ཕྱིར། འདེ་ལ་ཁྲག་ནི་དབྱུང་མི་བྱ། །ཞེས་བྱ་བ་ལ། སྨིན་བུ་ལས་གྱུར་པའི་མགོའང་འདི་ལ་སྔར་སྲིན་བུས་ཁྲག་འཐུངས་ཟིན་པའི་ཕྱིར་གང་ལག་གང?་བ?་ཅིང་ཁྲག་འབྱུང་དུ་མི་རུང་ངོ། །མགོ་འདར་རླུང་གི
་མགོ་ནང་ཀྱི། །གསོ་བ་མེ་བཙའམ་གཏོགས་བྱ། །ཞེས་བྱ་བ་ལ། མགོ་འདང་ཞིང་འདམ་པའི་མགོ་བེ་ཅི། ལ་རླུང་ལས་གྱུར་པའི་མགོ་བའི་ཚ་བའི་ནང་ཀྱིས་གསོ་བ་ལས་མེ་བཙའ་མ་གཏོགས་པ་ཐམས་ཅད་བྱའོ། །ཉེ་བའི་མགོ་ནང་སྐྱེས་པ་ཡི། །རྗེས་དང་སྐྱེས་མ་ཐག་ལ
་ནི། རླུང་ནར་ཀྱི་ནི་གསོ་བ་བྱ། །སྨིན་ནས་ཁོང་འབྲས་གསོ་ལས་བྱ། །ཞེས་བྱ་བ་ལ། ཉེ་བའི་མགོ་ནད་ཅེས་བྱ་བ་ནད་དེ་སྐྱེས་པའི་རྗེས་ལ་དང། སྐྱེས་མ་ཐག་པའི་སར་བ་ལ་ནི་རླུང་ནད་ཀྱི་གསོ་བ་ཇི་སྐད་སྨོས་པ་བྱ་ལ། ཉེ་བའི་མགོ་ནད་སྨིན་ནས་ནི། །ཁོང་འབྲས
་ཀྱི་གསོ་བའི་ལས་བྱའོ།། འབྲུམ་ཕྲན་འབྲུམ་བུ་ཁོང་འབྲས་ལ། །སྨིན་དང་མ་སྨིན་ཅིང་བཞིན་བྱ། །ཞེས་བྱ་བ་ལ། འབྲུམ་ཕྲན་དང་འབྲུམ་བུ་དང། །ཁོང་འབྲས་ལ་ནི་སྨིན་པ་དང་མ་སྨིན་པའི་གནས་སྐབས་ཀྱིས་སྨན་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །སྲིན་ལ
་སྲིན་བུ་པདྨ་ཡིས། །གཏར་ག་བྱས་ཏེ་ནིམཔིའི་ཆུ། །བླུགས་ཤིང་རྟ་སྤངས་ཁུ་བ་ནི།། ལན་ཚར་ལས་ཆེར་བཏབ་པས་བསྐུ། །ཞེས་བྱ་བ་ལ། སྲིན་ཕྲ་མོའམ་གློག་བ་བྱུང་བ་ལ་ནི། སྲིན་བུ་པདྨས་གཏར་ག་བྱས་ལ། ནིམཔའི་ཆུ་བླུགས་པ་ལ
་སོགས་པའི་སྦྱོར་པ་བྱའོ། །ནིམཔ་བ་ཏོ་ལའི་ལོ་མ། །ཡུངས་མར་བཅས་བ་ཞིབ་བཏགས་བསྐུ། ཞེས་བྱ་བ་ལ། ཡང་ན་གློག་པ་ལ་ནི་སྦ་དང། པ་ཏོ་ལའི་ལོ་མ་དང་ཡུངས་མར་དང། བཅས་བ་ཞིབ་ཏུ་བཏགས་པས་བསྐུ་བར་བྱའོ། །བ་གཅིན་འབའ་
་ཆ་རྙིང་པར་སྦྱར། །ཁྱིམ་བྱའི་རྟུག་པ་དག་གཅི་བསྐུ། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་བ་གཅིན་ལ་སོགས་པས་བསྐུ་བར་བྱའོ། །གྱོད་མོར་དུ་རྟ་བརྡོས་པ་དང། །ཏིལ་གྱི་ཕྱེ་མར་བཅས་པ་ཡིས། །གློག་ལ་བསྐུས་ན་གཡའ་བའ་ཨམ། །ཆུ་འཛག་ཚ་བ་སེལ
་བར་བྱེད། །ཅེས་བྱ་བ་ལ་རུ་རྟ་གྱོ་མོའི་དུམ་བུའི་ནང་དུ་བརྡོས་ཤིང། ཆོས་པར་བྱས་ལ། ཏིལ་གྱི་ཕྱེ་མ་དང་བཅས་པའི་ལྡེ་གུས་གློག་པའམ་སྲིན་ད་ལ་བསྐུས་ན་ཆུ་འཛག་པ་སོགས་པ་སེལ་བར་བྱའོ། །མ་ལ་རྩི་དང་ཙི་ཏྲཀ། ཀར་བི་ར་ཀ་རཉྫ། །ཏིལ་མར
་སྦུ་གྲིས་བྲགས་པ་ཡི། །རྗེས་བསྐུས་འཁོར་ལིང?་འབྱི་བ་སེལ། ཞེས་བྱ་བ་ལ། མ་ལ་ཅི་ལ་སོགས་པའི་སྨན་དང། བསྐེལ་བའི་ཏིལ་ན་ད་སྤུ་གྲིས་སྐྲ་བྲགས་པའི་རྗེས་ལ་བསྐུས་ན་འཁོར་གླིང་དུ་འབྱི་བ་དང། གློག་པ་སེལ་བར་བྱེད་དོ། །དེས་མ
་ཤིན་མགོ་བོ་ཡི། །སྦྲང་བྱ་སློན་སྨོན་སོགས་པ་བྱ། །ཞེས་བྱ་བ་ལ། སྦྱོར་དེ་དག་གིམ་ཞི་ན། །མགོ་བོའི་བསྐྲུ་སྨན་ལ་སོགས་པས་མགོ་བོ་སྦྱང་པ་ལ་འབད་པར་བྱའོ། །མི་བཟང་པ་ལ་དང་པོར་ནི། །དབྲལ་པའི་རྩ་ལ་གཏང་ག་བྱ། །མགོ་པོའི་བཀྲུ
་སྨན་སྣ་སྨན་བཏང། ཞེས་བྱ་བ་ལ། མི་བཟང་པ་ཞེས་བྱ་བའི་མགོ་བོའི་ནང་ལ་ནི་དཔྲལ་བའི་རྩ་ནས་གཏར་ག་གདབ་བ་ལ་སོགས་བྱའོ། །ཤིང་མར་བིལ་ཡ་ས་བོན། །རུ་རྟ་མ་ཤ་ཡུངས་ཀར་བཅས། །སྦྲང་རྩིར་སྦྱར་བའི་ལྡེ་གུས་བསྐུ། །ཞེས་བྱ
་པ་ཁ། མིག་བཟང་པའི་མགོའི་ནད་ལ། །ཤིང་མངང་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །རྒྱ་སྐྱེགས་དོ་དགའ་ཨི་ལོ་མ་དང། །ཙིཀྲ་མོང་དང་སྐྱུར་རུར། །སྦྲང་རྩིས་སྐྱ་བས་བསྐུས་ཀྱང་ཕན། །ཞེས་བྱ་བ་ལ། ཡང་དེ་བཞིན་?་དེ་ལ་རྒྱ་སྐྱེགས་ལ
་སོགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །ཁྲེ་རྒོད་རྩ་སོགས་ཐལ་བ་ནི། །ཆུ་དང་སྦྱར་བས་བསྐུས་ན་ཕན། །ཞེས་བྱས་བ་ལ། ཡང་ན་དེ་ལ་ཁྲེ་རྒོད་ལ་སོགས་པ་བསྲེགས་པའི་ཆུ་བསྐུས་ན་ཡང་ཕན་ནོ། །འཁོར་ལོང་སྐྲ་འབྱིན་ནད་ནི། །ཉེ་བར་གཏོར་ག
་གདབ་པ་དང། ཞལ་ཞལ་བྱས་ཏེ་ན་ལེ་ཤམ། །ལྡོང་ངོས་སྤང་མ་ནག་ཚུར་བསྐུས། །ཞེས་བྱ་བ་ལ། འཁོར་ལིང་དུ་འབྱི་བ་ཞེས་བྱ་བའི་ནང་ལ་ནི་ནད་གདན་ཡོད་པ་དང། ཉེ་བའི་ཕྱོགས་ནས་གཏར་ག་གདབ་པ་ལ། དེའི་འོག་ཏུ་ཟབ་ཏུ་ཞལ་ཞལ་བྱས
་ནས། ན་ལེ་ཤམ་པ་སོགས་པའི་སྨན་གྱིས་བསྐུ་བར་བྱའོ། །ཡང་ན་བ་ནྱ་ཐང་ཤིང་འམ། །འོལ་མ་སེ་ཡི་འབྲས་བུ་རྩ་ཞེས་བྱ་བ་ལ། ཡང་ན་བ་ནྱ་ཞེས་བྱ་བ་ལ། བར་པ?་ལ་བ་དང། ཀུ་དནྟ་ད་ཞེས་བྱ་བ་ཐར་ཤིང་གི་ལྡེ་གུ་འམ། འོ་མ་སིའི་འབྲས་བུ
་དང། རྩ་བའི་ལྡེ་གུས་ཟབ་ཏུ་ཞལ་ཞལ་བཏབ་པར་བསྐུ་བར་བྱའོ། །ཡང་ན་ལང་གའི་རྩ་བའམ། །ཀར་བེ་རའི་ཁུ་བའམ། །ཞེས་བྱ་བ་ལ། ཡང་ན་ལང་ག་ལི་ཞི་ཞེས་བྱ་བ་བྱི་ཤ་ལའི་རྩ་བའམ། ཀར་བིར་ཞེས་བྱ་པ། ། ཤོ་མདའི་ཁུ་བས་བསྐུ་བར
་བྱའོ། ཀན་ཀ་རའི་ཁུ་བ་ནི། །སྤྲང་རྩིས་བཅས་པ་བསྐུ་བ་འམ། དང་དུ་རའི་ལོ་མའམ། །བསེ་ཤིང་འབྲས་བུའི་ཁུ་བས་བསྐུ། །ཞེས་བྱ་བ་ལ། ཡང་ན་ཀནད་ཀ་དའི་འབྲས་བུའི་ཁུ་བ་སྦྲང་རྩི་དང་བཅས་པ་བསྐུ་བ་འམ་།ཡང་ན་དར་ཏུ་རའི་ལོ་མའམ་།འབྲས
་བུ་ལྡེ་གུས་བསྐུ་བ་འམ། ཡང་ན་བས་ཤིང་གི་འབྲས་བུའི་ཁུ་བས་ལྡེ་གུས་བསྐུ་བར་བྱའོ།། ཏིལ་གྱི་མེ་ཏོག་གཟེམ་དང། །མར་དང་སྦྲང་རྩིང་བཅས་པའམ། ཞེས་བྱ་བ་ལ། ཡང་ན་ཏིལ་གྱི་མེ་ཏོག་ལ་སོགས་པས་བསྐུ་བར་བྱའོ། །གླང་པོའི་སོ་བསྲེགས་
་ཏིལ་མར་བསྲེགས། །འཁོར་ལིང་འབྱི་བའི་སྨན་མཆོག་ཡིན། །ཞེས་བྱ་བ་ལ། ཡང་ན་གླང་པོ་ཆེའི་སོ་བསྲེགས་པ་དང། ཏིལ་མར་དུ་བསྲེས་པའི་སྲོག་ཆ་ལྟ་བུ་ནི། འཁོར་ཡིད་དུ་འབྱི་བའི་སྨན་གྱིས་མཆོག་?། །
་སྒྲ་དཀར་སྐྱེས་ལ་ལུག་གི་བའི། །སྣག་ཚས་དེ་བཞིན་བསྐུ་བར་བྱ།། ཞེས་བྱ་བ་ལ། སྐྲ་དཀར་སྐྱེས་པ་ལ་ནི་ལུག་གི་རྭའི་སྲེགས་པའི་སྣག་ཚ་དང། ཏིལ་མར་བསྲེས་བས་དེ་བཞིན་དུ་བསྐུ་བར་བྱའོ། །ཇི་སྲིད་སྐྲ་ནི་སྐྱེས་ཀྱི་བར?། །ཆུ་བླུགས་པ་ནི་སྤང
་བར་བྱ་།ཞེས་བྱ་བ་ལ། སྐྲ་འབྱི་བ་ལ་སྨན་གྱི་སྦྱོར་བ་བྱེད་པའི་ཚེ། སྐྲ་སྐྱེས་ཀྱི་བར་དུ་ཆུ་བླུགས་བ་སྤངས་པར་བྱའོ། །སྤྱི་ཅེར་སྐྲ་དཀར་གཉེར་མ་དང། །སྐྲ་སེར་སྐྱེས་ལ་སྦྱར་བྱས་ན། །སྣ་སྨན་གདོང་དང་མགོ་ལ་བསྐུ། །བྱུག་པ་རྣམས་ཀྱིས་གསོ
་བར་བྱ། །ཞེས་བྱ་བ་ལ། སྤྱི་ཙང་ལ་སོགས་པ་ལ། སྦྱང་བ་ལེགས་པར་བྱས་ནས་སྨན་ལ་སོགས་པས་གསོ་བྱའོ། །བྲི་ཧཏྭཱི?་སོགས་ཏིལ་མར་བསྐོལ། །འཚོ་བྱེད་བསྐོལ་བའི་སྣ་སྨན་བླུགས། ཞེས་བྱ་བ་ལ། ཡང་དེ་ལ་བྲི་ཧཏཱི་ལ་སོགས་རྩ་བ་ལྔ་དང།
་ཏིལ་མར་བསྐོལ་བ་དང། འཚོ་བྱེད་ཀྱི་སྡེ་ཚན་དང། བསྐོལ་པའི་ཏིལ་མར་གྱི་སྣ་སྨན་བླུགས་པར་བྱའོ། །ནིམཔའི་མར་གྱིས་ཟླ་བ་གཅིག་།སྣ་སྨན་བཏང་སྟེ་འོ་མ་བླུང། །ཅེས་བྱ་བ་ལ། ཡང་ན་ནིམཔའི་མར་གྱི་སྣོ་སྨན་བླུགས་ཤིང་འོ་མ་བླུད་ལ་ཤིན་ཏུ་གདམ་པ
་དང་བཙས་པར་བྱའོ། །ཤིར་ཤ་མེ་རཎྜ་དང་རམས། །བྲིང་གར་ཛའི་ཁུ་བར་སྤངས། །སེ་ལུ་ཏིལ་དང་བ་རུ་བ། །སྤྲི་ཡང་ཀ་ཀ་ཏའི་ས་བོན། །ཆ་མཉམ་ལྕགས་ལ་བསྒོས་ནས་ནི། ཉི་མའི་འོང་ལ་སྐམས་ནས་ནི། །མར་འཛག་པ་ཡི་སྣ་སྨན་བཏང། །འོ་མ
་ཐུངས་བསྲ?་སྐྲ་དཀར་སེར། །ཞེས་བྱ་བ་ལ། ཤྲིང་ཤ་ལ་སོགས་པའི་སྨན་ཇི་སྐད་སྨོས་པའི་སྦྱོར་བའི་སྣ་སྨན་དུ་བྱ་བ་སྟེ། དེ་ཡང་སེའུ་ལུ་ཞེས་བྱ་བ་སླེ་ཏྲེས་སྨན་ཏ་ཀ་དང། བ་རུ་ར་དང། པྲི་ཡང་དང་།ཀ་ཀ་ཨནདའོ་ས་བོན་ཆམ་ཉམ་པ་ཤྲི་ཤ་ལ་སོགས་པའི་ཁུ་བར
་སྤངས་པ་འོ་མ་དང་བཏགས་ལ། ལྕགས་ཀྱི་སྣོང་ལ་བསྐལ་ཏེ། ཉི་མའི་འོང་ལ་སྐམས་པ་ལས། འཛག་པ་གང་ཡིན་པའི་སྣ་སྨན་བཏང་ཞིང་དེའི་རྗེས་ལ་འོ་མ་བླུད་ན་སྐྲ་དཀར་སེལ་བར་འགྱུར་རོ། །ས་ཧ་ཙ་ར་བྱེའུ་རུག་བ། བྲིང་ག་?་ཛེའི་ཁུ་བ་ནི། །བྲི་གང
་ཏིལ་མར་བུལ་གང་དང། །ཤིང་མངར་སྲང་གཅིག་བཏབ་སྟེ་བསྐོས་། ས་ནའམ་རྡོ་སྣོད་དམ། ལུག་གི་?་ནང་དུ་བཞག་།ཅེས་བྱ་བ་ལ། ས་ཧ་ཙང་ལ་སོགས་པའི་ཁུ་བ་བྲེ་གང་དང། །འོ་མ་དང་ཏིལ་མར་ཕུལ་རེ་འམ། །ཤིང་མངར་སྲང་གཅིག
་ལྷན་ཅིག་བསྐོལ་བའི་ཏིལ་མར་ཨ་ས་ནའི་སྣོད་དམ། རྡོའི་སྣོད་དམ། ལུག་གི་རའི་ནང་དུ་བཞག་ལ་སྣ་སྨན་བཏང་བར་བྱའོ། །ཀ་ར་བིར་པ་ཡས།། འོ་མ་དང་མི་ཞིབ་བཏགས་པ། །སྐྲ་དཀར་བྱུང་བའི་རྗེས་བསྐུས་ཤིང། སྤངས་ན་སྐྲ་དཀར་སེལ་བར
་བྱེད་བ་ཅེས་བྱ་བ་ལ། ཀ་ར་བི་ར་དང། བ་ཡ་ས་འོ་མ་དང་ཞིབ་ཏུ་བཏགས་ཏེ། སྐྲ་དཀར་དང་པོ་ཕྱུང་ལ། སྐྲ་དཀར་གྱི་རྗེས་ལ་བསྐུས་ན། སྐྲ་དཀར་སེལ་བྱེད་དོ། །བི་ཡ་ལ་དང་ཤིང་མངར་དང། །འཚོ་བྱེད་སྡེ་ཚན་ཏིལ་ནག་དང། །ས་ནག་འོ་མའི་ལྟེ་གུ་ཡིས།།
་གདོང་བསྐུས་གཉེར་མ་སྤུ་སེར་སྡེ་ལ། །ཞེས་བྱ་བ་ལ། བི་ཡ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་གཉེར་མ་ལྷགས་པ་དང། བ་སྤུ་སེར་པོ་སྐྱེས་བ་སེལ་བར་བྱེད་དོ། །ཏིལ་དང་པདྨ་གེ་སར་དང། ཤིང་མངར་སྦྲང་རྩི་སྐུ་རུ་ར། །ལྡེ་གུ་འདི་ཡིས་མགོ་བསྐུས་ན།།
་སྐྲ་འཕེལ་གཅག་པར་འགྱུར་བ་ཡིན་ཞེས་བྱ་བ་ལ། ཏིལ་ལ་སོགས་པའི་སྨན་འདག་གུ་བྱས་པ་འདི་མགོ་ལ་བསྡུས་ན་སྒྲ་འཕེལ་བ་དང། ནག་པོར་གྱུར་པ་ཡིན་ནོ། །པར་སྤོས་དུ་རྟ་ཏིལ་ནག་དང་།ཐལ་ཏྲེས་ཨུཏཔལ་སྔོན་པ་དང། །འོ་མར་བཏགས་ཏེ
་སྦྲང་རྩིར་སྦྱར།། སྐྲ་ནི་འཕེལ་བར་བྱེད་པའི་མཆོག་།ཅེས་བྱ་བ་ལ། སྤང་སྤོས་ལ་སོགས་པའི་པའི་ལྡེ་གུ་བསྐུས་ན་ཡང་སྐྲ་འཕེལ་བར་བྱེད་པ་ཡིན་ནོ། །ལྕགས་ཕྱེ་བྱིང་གཙར་དང། འབྲས་བུ་གསུམ་དང་ས་ནག་པོ། །བུ་རམ་ཤིང་ཀུན་ཟླ་གཅིག་གཞུག་།
་སྐྲ་དཀར་རྩ་ནས་སྒྱུར་བར་བྱེད། །ཅེས་བྱ་བ་ལ། ལྕགས་བྱེ་ལ་སོགས་བ་བུར་མ་ཤིང་གི་ཁུ་བར་ཟླ་བ་གཅིག་གི་བར་དུ་བཞག་ལ། དེའི་ལྡེ་གུས་བསྐུས་ན་སྐྲ་དཀར་རྩ་བ་ནས་ཚོན་སྒྱུར་བར་བྱེད་ཅིང་དག་པོར་བྱེད་དོ། །?
་སྐྱུར་བཅབས་དང། །ནས་ཐུགས་ལྕགས་ཕྱེ་ཚ་མང་བཏང། །ཞག་གསུམ་བཞག་སྟེ་བཏགས་བ་ཡིས། །བྱ་དཀར་ཡང་ནི་ནག་པོར་བྱེད། །ཅེས་བྱ་བ་ལ། མ་ཤ་ཞེས་བྱ་བ་མིན་སྲན་གྲེའུ་དང། ཁྲེ་རྒོད་ལ་སོགས་པ་དང། སྦྱར་བའི་ནས་ཐུགས་བྱས་ཏེ།
་ལྕགས་ཕྱེ་དང་ཚ་མང་དུ་བཏབ་སྟེ། ཞག་གསུམ་གྱི་བར་བཞག་ལ། དེའི་འོག་ཏུ་བཏགས་ཏེ། སྒྲ་ལ་བསྐུས་ན་བྱར་ཀར་ཡང་ནག་པོར་བྱེད་ན། སྒྲ་ལྟ་སྨོས་ཀྱང་ཅིང་གོས་ཏེ་འདི་ནུས་པ་ཁྱོད་པར་ཅན་ཡོད་བར་བསྟན་ཕྱིར་སྨྲས་པ་ཡིན་ནོ། ཤིང་མངར།
་ཙན་དན་སྟག་ཚེར་དང། །པི་པི་ལང་དང་ཨུཏཔ་བལ་དང། །སྒྱུ་རུ་ར་ཁུ་ཏིལ་མར་བསྐོལ། །སྣ་སྨན་བསྐུ་བ་བྱས་གྱུར་ན། །སྐྲ་དགོང?་དང་ནི་ཀླད་པ་ཡི། །ནད་ཀུན་འཛོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་བའི་ལྡེ་གུ་དང། སྐྱུ་རུ་རའི
་ཁུ་བ་དང། ཏིལ་མར་སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྐོལ་ཏེ། སྣ་སྨན་དང་བསྐུ་བ་བྱས་ན་སྐྲ་དཀར་དང་ཀླད་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཉིའུ་ཤིང་ཛི་བནྟི་ཁུ་བ། །འོ་མ་མར་དང་ཏིལ་མར་དང། །འཚོ་བྱེད་བསྐོལ་བའི་སྣ་སྨན་ཡིས། །ན་ཚོང
་ཡན་ཅད་ནང་ཀུན་སེལ། །ཞེས་བྱ་བ་ལ་།ཉིའུ་ཤིང་ཛི་བནྟི་བསྐོལ་བའི་ཁུ་བ་དང། འོ་མ་དང་མར་དང་ཏིལ་མར་དང་འཚོ་བྱེད་ཀྱི་སྡེ་ཚན་དང་བཅས་བར་བསྐོལ་བའི་སྣ་སྨན་འདིས་ནི་ན་མཚོད་ཡན་ཆད་ཀྱི་ནད་ཐམས་ཅད་སེལ་བར་བྱེད་དོ། །རྨ་བྱའི་སྤྲོ
་མཁྲིས་རྒྱུས་དང། །རྐང་པ་རྟུག་བ་མཆུ་པོར་བའི། །དང་བ་ལ་རྩ་བ་མཆུ། །ར་སྣ་ཤིང་མངར་སྲང་གསུམ་གསུམ། །ཆུ་བསྐོལ་ཁུ་བ་མར་བྲེ་གང་བཅས་བསྐོལ་པ། །མངར་བའི་སྨན་སྡེའི་ལྡེ་གུས་གདབ། །དེ་བཏུང་མས་བཏང་བསྐུ
་དང། སྣ་སྨན་རྟག་ཏུ་བསྟེན་པ་ཡིས། །ནམ་ཚོང་ཡན་ཆད་ནང་ཀུན་སེལ། །ཞེས་བྱ་བ་ལ། རྨ་བྱའི་ཤ་སྒྲོ་ལ་སོགས་པ་པོར་བ་དང། རྩ་བ་བཅུ་ལ་སོགས་པའི་སྨན་ལས་བལྟོས་པའི་ཆུ་བཅུ་དྲུག་འགྱུར་དུ་བྱས་བ་ཡིན་གྱི། ཤ་ལས་བསྟོས་པ་ནི་མ་ཡིན་ཏེ།
་འདིར་དཔེར་བརྗོད་བ་ནི། རན་ལ་སོགས་བའི་སྨན་མར་དང་འདྲའོ། །ཆུ་དེར་བསྐོལ་ལ་བྲེ་བཞི་ལུས་བའི་ནང་དུ་མར་བྲེ་གང་དང་འོ་མ་བྲེ་གང་དང་བཅས་པར་བསྐོལ་ལ་མངར་བའི་སྨན་གྱི་སྡེ་ཚན་སྲང་བརྒྱད་ཀྱི་ལྡེ་གུ་བཏབ་སྟེ་བསྒོལ་ལ། དེ་བཏུང་བ་ལ་སོགས
་བའི་སྦྱོར་བས་བསྟེན་ན་ནམ་ཚོང་ཡན་ཆད་ཀྱི་ནང་ཐམས་ཅད་སེལ་བར་བྱེད་དོ། །སྨན་འདི་དག་གི་ལྡེ་གུ་དང། ཛི་བནྟི་དང་འབྲས་བུ་གསུམ། མེ་དང་རྒུན་འབྲུམ་དབྱི་མོ་དང། བ་རུ་ཤ་ཀ་ས་མང་གེ། །བྲའི་རྩ་བ་བཏང་བལ་དང། །ཀརྐ་ཏ་སྲིང་ཁ་སལ་བྲེའུ། །མཧཱ
་མེད་ཏལ་དང། །འབྲ་གོ་པདྨའི་རྩ་བ་དང། །པདམོ་སྡོང་བུ་ཁ་རྫུན། །ཤིང་མངར་ཉིའུ་ཤིང་ཛི་པ་ཀ། བི་ད་རི་དང་བུ་རམ་ཤིང། །ཐལ་ཏྲེས་ནམ་གཉིས་བྲི་ཧ་ནི། །མུ་རཱ་གཟེམ་ཟངས་རྩི་བ། །སྲིང་ག་ཏ་དང་ཀམ་ཤེ་རུ།། ར་སྣ་སྠིར་བཅའ་བ་དང། སུག་སྨེལ་ཟུར་བ་མ་ཅུ་དང
་བ་སྒྲུབ་པ་དང་ཅུ་གང་དང། །རམ་ཉེ་བ་དང་བི་ཚེར་བ། །མ་རུ་ཀ་དང་སྟ་སྒ་དང། །ི་བི་ཤུ་ཀ་མུ་ཛ་ཀཏ་ཞོ་ནི་གཉིས་གཉིས་ཕྱེ་བཏགས་དང། །མར་པྲེ་གང་དང་འོ་མ་ནི། །བཞི་འགྱུར་དང་ནི་བསྐོལ་བའི་མར། །འདི་ནི་རྨ་བྱ་ཆེན་བོ་སྟེ། །རྨ་བྱ་ལས་ནི་ཡོན་ཏན་ལྷག། ལུས
་གཟུགས་དབང་པོ་ཉམས་སྐད་འགགས། །ལུད་པ་དབུགས་མི་འདེབས་ཉེན་འཇོམས། །ཟླ་མཚན་ཁུ་བའི་སྐྱོན་ལའང་ཕན། །མོ་གཤམ་ལ་ཡང་བུ་སྐྱེད་བྱེད། །ཅེས་བྱ་བ་ལ། སྨན་བཤད་མ་ཐག་པ་འདི་དག་གི་ལྡེ་གུ་དང། ཛི་བནྟི་ལ་སོགས་པ་ཞོ་གཉིས་གཉིས
་གྱི་ལྡེ་གུ་དང། །མར་བྲེ་གང་དང། འོ་མ་བཞི་འགྱུར་དང་བཅས་པ་བསྐོལ་བ་འདི་ནི། །རྨ་བྱ་ཆེན་བོའི་མར་བས་ཡོན་ཏན་ཆེ་བ་ཡིན་ཏེ། ལུས་གཟུངས་ཉམས་པ་ལ་སོགས་པ་འཇོམ་པ་དང། །ཟླ་མཚན་འཛག་པ་དང་ཁུ་བའི་སྐྱོན་ལ་སོགས་པ་ནང་ཕྲ་མོ་ཡང་སེལ
་ཅིང་མོ་གཤམ་ལྟ་བུ་ཡང་སྐྱེས་པར་བྱེད་པ་ཡིན་ནོ། །བྱི་བ་ཁྱིམ་བྱ་དང་པ་དང། །རི་བོང་དང་ཡང་དེ་བཞིན་སྦྱར། །ཞེས་བྱ་བ་ལ། བྱི་བ་ལ་སོགས་པ་རེ་རེ་ཞིང་ཡང་རྨ་བྱའི་སྨན་མར་གྱི་ཚུལ་དུ་སྦྱར་བར་བྱ་བའི་དོན་ནོ། །ན་མཆོད་ཡན
་ཆད་རྟོགས་པའི་ནད། །ཉིས་བརྒྱ་སུམ་ཅུ་རྩ་གཅིག་ཡིན།། དེ་དག་ཕན་ཚུན་མ་འདྲེས་པར། །རྒྱ་ཆེར་རབ་ཏུ་བཤད་པ་ཡིན། །ཞེས་བྱ་བ་ལ། ནམ་ཚོང་ཡན་ཆད་དུ་རྟོགས་པའི་ནང་སྤྱིར་གྲངས་ཉི་བརྒྱ་སུམ་ཅུ་རྩ་གཅིག་ཡོད་པ་ཡིན་ལ། དེ་དག
་ཀྱང་ཕན་ཚུན་མཚན་ཉིད་མ་འདྲེས་པར་རྒྱ་ཆེར་རབ་ཏུ་བསྟན་ཅིང་བཤད་བ་ཡིན་ནོ།། དྲང་སྲོང་རྣམས་ཀྱི་སྐྱེས་བུའི་མགོ། རྩ་བ་འོག་ན་ཡལ་གར་བཤད། །དེ་ཕྱིར་རྩབ་ལ་གནོད་བའི། །ནང་ནི་མྱུར་དུ་གསོ་བར་བྱ། །ཞེས་བྱ་བ་ལ། དྲང་སྲོང་རྣམས་ཀྱིས
་སྐྱེས་བུའི་མགོ་བོ་ནི་རྩ་བ་ཡིན་ལ། མགོ་བོ་མན་ཆད་ཀྱི་འོག་ཏུ་མ་ལུས་པ་ཐམས་ཅད་ནི་ཡལ་ག་ཡིན་པར་བཤད་དེ། དེ་བས་ན། སྨན་པས་ལུས་ཀྱི་?་གྱུར་བ་མགོ་བོ་ལ། གནོད་པར་གྱུར་པའི་ནང་རྣམས་ནི་ཤིན་ཏུ་རིང་བ་ཁོ་ནར་གསོ་བར་བྱ་བ་ཡིན་ནོ།།
་གང་ལ་དབང་པོ་ཀུན་བསྟེན་ཅིང། །གང་ལ་སྲོག་ནི་གནས་བྱེད་པས། །དེས་ན་ཡན་ལག་དམ་པ་ཡིན། །བསྲུང་བ་ལ་ནི་འབད་པར་བྱ། ཞེས་བྱ་བ་ལ། མགོ་བོ་གང་ལ་རྒྱུ་གང་གིས་མིག་ལ་སོགས་པའི་དབང་པོ་ཀུན་བསྟེན་པར་བྱེད་པ་དང། གང་ལ་སྲོག་གི
་དབང་གནས་པར་བྱེད་པའི་རྒྱུ་དེས་ན་ཡན་ལག་དམ་པར་གྱུར་པའི་མགོ་བོ་དེ་བསྲུང་ཞིང། །གནོད་པ་མེད་པར་བྱ་བ་ལ་སྨན་པས་འབད་ཅིང་བརྩོན་པ་ཉིད་དུ་བྱའོ། །མགོ་བོའི་ནད་གསོ་བའི་རྒྱུད་རྫོགས་སོ།། །།ཡན་ལག་བརྒྱད་པའི་སྙིང་པོའི
་རྣམ་པར་འགྲོལ་པ་།ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་ཞི་བའི་རྣམ་པར་འགྲེལ་པའོ།། །།དེ་ནས་རྨ་གསོ་བ་བཤད་པར་བྱའོ།། ཞེས་བྱ་བ་ལ། ཡན
་ལག་བརྒྱད་པའི་གསོ་བ་ལས། ཡན་ལག་བཞི་བཤད་ནས། ད་ནི་གོ་རིམས་ཀྱིས་ན་རབ་ཏུ་ཕྱེད་པ་ལྔ་པ་བརྩམས་པ་ཡིན་ཏེ། དེ་ལ་རྨ་རྣམས་ཀྱི་ནང་ཀྱི་ཉེས་པ་དགག་པ་ལ་ནི་རྨའི་གསོ་བ་སྟེ་།དའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། རྨ་ནི་ལྷན་ཅིག་སྐྱེས་བ
་དང་གློ་བུར་བའི་དབྱེ་པ་དང། རེང་ཅིང་གནང་བ་བཅས་པ་དང། མ་རེང་ཅིང་སྐྱོན་མེད་པའི་དབྱེ་བས་རྣམ་པ་གཉིས་ཁོ་ན་ཡིན་ནོ། །ལུས་ཀྱི་ནད་གཞིས་བསྐྱེས་ལྷན་ཅིག་།ཕྱེ་ཡི་རྒྱུས་བྱུང་གློ་བུར་བའོ། །ཞེས་བྱ་བ་ལ། དེ་ལ་ལྷན་ཅིག་སྐྱེས་པའི་རྨ་ནི་ལུས་ལས་བྱུང
་པའི་ནང་རླུང་ལ་སོགས་པས་བསྐྱེད་པ་ཡིན་ནོ། །གློ་བུར་བའི་རྨ་ནི་མཚོན་ཆ་དང་མཚོན་ཆ་ཕྲ་མོ་དང་རྔོ་དང་དབྱུག་པ་དང། སེན་མོ་དང། སེ་དང། དུག་དང། བསེ་ཞོ་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལས་བྱུང་བ་ཡིན་ནོ། །ནང་པ་འདྲེས་པར་རེད་པ་ཡིན། །དེ་མེད་དག་པ
་མ་རེད་ཡིན། །ཞེས་བྱ་བ་ལ་།རླུང་ལ་སོགས་པའི་ནང་དང་འདྲེས་ཤིང་ངས་བསྐྱོད་པའི་རྨ་ནི་རེད་པ་འམ་མ་དག་ཅེས་བྱ་བ་ལ། ནད་དེ་དག་མེད་ཅིང་དག་པ་གྱུར་པ་ནི་མ་རེད་བ་ཞེས་བྱའོ། །རྨ་རེད་ཁ་རྒྱས་ཞུམ་པ་དང།། ཤིན་ཏུ་སྲ་འམ་ཤིན་ཏུ་སྙི།། ཤིན་ཏུ་མཐོ་འམ
་ཤིན་ཏུ་དམའ། །ཤིན་ཏུ་གྲང་ངམ་ཤིན་ཏུ་ཚ། །དམར་ཞིང་སྐྱའམ་གནག་པ་ཉིད། །རྣག་ནི་ཛི་རྣམས་ཡོངས་སུ་འཛག། ཤ་དང་རྩ་རྒྱས་འདྲུལ་བ་དང། །གཡོས་ཤིང་མཆེར་ལ་རབ་ཏུ་ན། །གཡོ་ཞིང་ཚལ་སྐྲངས་པ་དང། །གཡའ་བ་ལ་སོགས་བླ་གཉན་བཅས།
་ཡུན་རིངས་དུ་ནི་འཚོར?་དཀའ་། །རྨ་རེང་མཚན་མར་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་ལ་རྨ་རེང་ཙང་མ་དག་པའི་མཚན་མ་ནི་རྨའི་ཁ་རྒྱས་ཤིང་བྱེད་པ་དང། ཞུམ་ཞིང་འཁུམས་པ་དང། །གཡོ་ཞིང་ཚལ་སྒྲངས་པ་དང། །གཡའ་བ་ལ་སོགས་བླ་གཉན་བཅས།
་སོགས་པའམ། །བརྣགས་པ་ལ་སོགས་པའམ། རྨ་ཆེད་ཅིང་རབ་ཏུ་ན་ལ་བླ་གཉན་དང་བཅས་པ་དང། ཡུན་རིང་དུ་གནས་ཤིང་འཚོ་བར་དཀའ་བ་སྟེ། རྨ་ཤིན་ཏུ་མ་རུང་བའི་མཚན་མ་ནི་དེ་དག་ཡིན་པར་ཤེས་པར་བྱའོ། །དེ་ནི་ཁྲག་བཅས་ནད་བཅོ་ལྔ། །ཞེས་བྱ་བ་ལ
་དེ་ལ་རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། མཁྲིས་ལས་གྱུར་པ་དང། ཁྲག་ལས་གྱུར་པ་དང། རླུང་དང་མཁྲིས་པ་ལས་གྱུར་བ་དང། རླུང་དང་བད་ཀན་ལས་གྱུར་པ་དང། རླུང་དང་མཁྲིས་པ་དང
་བད་ཀན་ལས་གྱུར་པ་དང། རླུང་དང་ཁྲག་ལས་གྱུར་པ་དང། མཁྲིས་པ་དང་ཁྲག་ལས་གྱུར་པ་དང། བད་ཀན་དང་ཁྲག་ལས་གྱུར་པ་དང། རླུང་དང་མཁྲིས་པ་དང་ཁྲག་ལས་གྱུར་པ་དང། རླུང་དང་བད་ཀན་དང་ཁྲག་ལས་གྱུར་བ་དང། བད་ཀན་དང
་རླུང་དང་ཁྲག་ལས་གྱུར་པ་དང། བད་ཀན་དང་མཁྲིས་པ་དང་ཁྲག་ལས་གྱུར་པ་དང། རླུང་དང་མཁྲིས་པ་དང་བད་ཀན་དང་ཁྲག་ལས་གྱུར་པ་སྟེ་།དེ་ལ་རྣམ་པ་བཅོ་ལྔ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་རྨ། །གནག་ཅིང་སྨུག་དམར་ཐལ་མདོག་དང།
་ཐི་བ་རུས་པ་ལྟ་བུར་སྣང། །ཞོ་ཁ་ཆུ་འམ་འབྲས་བཀྲུས་ཆུ། །འདྲ་བའི་ཆུ་སླ་ཉུང་དུ་འཛག། ཤ་ཟད་ཤས་ཆེར་ན་ཞིང་ཟུག་།རྩུབ་ཅིང་ཚེག་ཚེག་ཚ་བ་ཡིན།། ཞེས་བྱ་བ་ལ། དེ་ལ་རྨ་དེ་དག་གི་ནད་ནས་རླུང་ལས་གྱུར་པའི་རྨ་ནི་ཁ་དོག་གནག་ཅིང་བསྔོ་བ
་དང། སྦུག་པ་དམར་བ་ལ་སོགས་པ་དང། ཞོ་ཁ་ཆུ་ལྟར་སྣང་པའམ། འབྲས་བཀྲུས་བའི་དངས་མའི་ཆུ་དང་འདྲ་བར་སྣང་བའི་ཆུ་སེར་སླ་བ་ཉུང་ཤས་ཤིག་འཛག་བ་དང། དེ་བཞིན་དུ་ཤ་ཟད་པ་དང། ཤས་ཆེར་ཟུག་ཅིང་ན་བ་དང། རེག་ན་རྩུབ་པ་དང་།སྟེག
་ན་ཆ་བ་ཙེག་ཙེག་བྱེད་ཅིང་གས་པ་ཡིན་ནོ།། མཁྲིས་གྱུར་མྱུར་རྣགས་སེར་བ་དང། སྔོ་ཞིང་སེར་སྐྱ་ཁམ་པར་འདུག་།གཅིན་དང་ཐལ་ཆུ་རྒྱ་སྐྱེགས་ཁུ། ཏིའི་མང་འདྲ་ཆུ་མ་དུ་འཛག་།རྨ་ལ་ཐལ་སྨན་བཏབ་ལྟར་ན།།དམར་ཞིང་ཚ་ལ་བརྣགས་པ་ཡིན། །ཞེས
་བྱ་བ་དང་།མཁྲིས་པ་ལས་གྱུར་པའི་རྨ་ནི་མྱུར་དུ་བརྣགས་ཤིང་ན་བར་བྱེད་པ་དང། ཁ་དོག་སེར་པོ་ལ་སོགས་པ་གང་ཡང་རུང་བར་སྣང་བ་དང། ཆུ་སེར་གཅིན་ལ་པ་དང་འདྲ་པ་མང་དུ་འཛག་པ་དང། དེ་བཞིན་དུ་རྨའི་ནང་དུ་ཐལ་སྨན་གྱི་ཆུ་བཏབ་པ
་ལྟར་ཚ་ཞིང་ན་བ་དང། ཤས་ཆེར་དམར་ཞིང་ན་བ་དང་ཚ་བ་ལ་སོགས་པ་དང་ལྡན་བ་ཡིན་ནོ། །བད་ཀན་ལས་གྱུར་མདོག་སྐྱ་གཡའ། །ཆུ་ནི་བསྐབ་མང་དུ་འཛག། རྨ་ཁ་སྦོམ་ཞིང་ན་བ་དང། །རྩ་རྒྱུས་ཀྱིས་ཁྱབ་ནད་ཚབས་མ་ཆུང། །ཞེས་?་ལ། བད་ཀན་ལས་གྱུར?
་པའི་རྨ་ནི་མདོག་སྐྱེ་བ་ལ་སོགས་པ་དང་ལྡན་པ་དང། རྨ་ཁ་སྦོམ་ཞིང་འཐུག་པ་དང། རྨ་སྲ་བ་དང། རྩ་རྒྱུས་བའི་ཚོགས་ཀྱི་དྲངས་ཁྱབ་པར་སྣང་བ་ཡིན་ནོ། །ཁྲག་གྱུར་བྱུ་རུའི་མདོག་ལར་དམར། །ཁྲག་དང་བཅས་པའི་?་འཛག་ཅིང། །རྟ་བྲེས་ཁྱིན
་དྲི་ལྟར་བྲོ། །མཁྲིས་པའི་མཚན་མ་དང་ཡང་ལྡན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་རྨ་ནི་བྱུ་རུ་ལྟར་དམར་བ་ལ་སོགས་པ་དང། རྟ་བྲེས་ཀྱི་གནས་ཀྱི་བྲི་བྲོ་ཞིང་དེ་དང་མཚུངས་པའི་དྲི་དང་ལྡན་པ་དང། དེ་བཞིན་དུ་མཁྲིས་བའི་མཚན་མ་ཇི་སྐད་བཤད
་པ་དག་དང་ཡང་ལྡན་པ་ཡིན་ནོ། །གཉིས་སམ་གསུམ་འམ་ཐམས་ཅད་ལའ་གྱུར་བའི་མཚན་མ་འདྲེས་མ་ཡིན། །ཞེས་བྱ་བ་ལ། ནང་བཞི་གཉིས་གཉིས་སམ་གསུམ་གསུམ་འམ། །ཁྲག་དང་བཅས་པའི་ཐམས་ཅད་ལས་གྱུར་པའི་མཚན་མ་ནི
་གང་དང་གང་གི་ཤེས་འདྲེས་བདེ་དང་དེའི་མཚན་མར་འདྲེས་མར་སྣང་བ་ཡིན་ནོ། །ལྕེ་ནི་མདོག་འདྲ་འཇམ་ཞིང་མཉེན། །རྨ་ཁ་སྨུག་ཅིང་འབྲུམ་ཕྲ་ཅན།། མཉམ་པ་དབུས་མ་ཅུང་ཟད་མཐོ།། བླ་གཉན་མེད་རྨ་དག་པ་ཡིན། །ཞེས་བྱ་བ་ལ། རྨ་མ་རེང་ཅིང
་སྐྱོན་མེད་པའི་མཚན་མིན།། ལྕེ་མདོག་འདྲ་བར་སྣང་བ་དང། རེག་ན་འཇམ་པ་དང། མཉེན་ཞིང་གྱོང་བག་མེད་པ་དང། རྨ་ཁ་ཅུང་ཟད་སྨུག་པ་དང། ཕྱི་རོལ་ན་འབྲུམ་ཕྲན་ཡོད་པ་དང། དབྱིབས་མཐོ་དམན་མེད་ཅིང་མཉམ་པ་དང། རྨའི་དབུས་ཡིད་ཙམ
་མཐོ་བ་འམ། བླ་གཉན་གྱིས་བག་མེད་བའི་རྣི་ན་དག་ཅིང་སྐྱོན་མེད་པ་ཡིན་ནོ། །པགས་པ་ཤ་དང་རྩ་རྒྱུས་དང། །ཚིགས་དང་རུས་པ་ནང་གྲོལ་གནང། །བརྒྱད་པ་དེར་ནི་རྨ་གནས་པ།། ཕྱི་མ་བཞིན་དུ་གསོ་བར་དཀའ་། །ཞེས་བྱ་བ་ལ། པགས་པ་ནས
་གནད་ཀྱི་བར་བརྒྱད་བོ་ནི་རྨའི་གནས་ཡིན་པ་ལས། དེ་དང་ཕྱི་མ་བཞིན་དུ་གསོ་དཀའ་བ་ཡིན་ཏེ། དེ་ལ་པགས་པའི་རྨ་བས་ནི་ཤ་ལ་རྟེན་པའི་བླ་གསོ་དཀའ་འོ། །དེ་བས་ན་རྩའི་འོ། །དེ་བས་ནི་མྱོས་པར་རོ། །དེ་བས
་ནི་ཚིགས་ནས་ཇི་སྲིད་གནང་ལ་གནས་བའི་རྨ་ནི་ཐམས་ཅད་པས་ཀྱང་གསོ་དཀའ་བ་ཡིན་ནོ། །གསོ་བླ་སྙིང་སྟོབས་མེ་དྲོད་ཤ། ན་ཚོད་ཉམས་སྟོབས་ལྡན་བའི་རྨ། །ཟླུམ་ཞིང་དཀྱུས་དང་རིམ་གསུམ་བ། ཟུར་བཞི་བཞི་གང་ཡིན་དང། །དེ་བཞིན་དབྱི
་རྐུབ་ཕོ་མཚན་ཚུ། །རྒྱབ་དང་ཁ་ནང་མཁུར་ཚོས་འབྱུང། །ཞེས་བྱ་བ་ལ། རྨ་མི་སྙིང་སྟོབས་དང་ལྡན་པ་དང། །རུས་ཚིགས་ཤ་དང་བཅས་པ་དང། ནང་གི་མེ་དྲོད་འབར་བ་དང། ན་ཚོད་དར་ལ་བབ་དང། ཉམས་སྟོབས་དང་ལྡན་པའི་རྨ་གང
་ཡིན་པ་དེ་ནི་གསོ་བར་སླ་བ་ཡིན་ནོ། །དེ་བཞིན་དུ་རྨའི་དབྱིབས་ཟླུམ་བ་དང། དཀྱུས་རིང་བ་དང། རིམ་པ་གསུམ་ཡོད་པ་དང། ཟུར་བཞི་གནས་པ་གང་ཡིན་པ་དང་།དེ་བཞིན་དུ་གསོ་བླ་བའི་རྨ་ནི། དབྱི་དང་རྐུབ་ཙོས་དང་།ཕོ་མཚོན
་དང། མཆུ་དང་རྒྱབ་དང། ཁ་ནི་ནང་དང་མཁུར་ཚོས་སུ་བྱུང་བ་ནི་གསོ་བླ་བ་ཡིན་ནོ། །གསོ་དཀའ་མིག་དང་སོ་དང་ནི།། སྣ་དང་མིག་ཟུང་ལྟ་བ་དང། །སྤུབས་མཚམས་ལྟོ་བ་ན་བ་དང། །རྩིབ་ལོགས་མཆན་ཁུང་ནུ་མར་བྱུང། །ཞེས་བྱ་བ་ལ
་རྨ་གསོ་དཀའ་བ་ནི། མིག་ལ་སོགས་པ་ལས་བྱུང་བ་ཡིན་ནོ། །ལྦུ་བ་རྣག་འཛག་རླུང་བྱུང་ཞིང། །ཟུག་རྡུར་བཅས་ཤིང་སྙིང་ནས་འཛག་།མཚན་བར་རྡོལ་ཞིང་ཁ་ནང་བལྟས། །དེ་བཞིན་རྐེད་བའི་རུས་པར་གནས། །ཞེས་བྱ་བ་ལ། ཡང
་རྨ་གང་ལྦུ་བ་འཛག་པ་དང་།སྣག་འཛག་བ་དང། རླུང་འབྱུང་བ་དང། ནང་ན་ཟུག་རྡུ་དང་བཅས་བ་དང། སྟོང་ཀྱི་ཆ་ནས་འཛག་ཅིང་ལྗན་ལྗིན་འབྱུང་བར་བྱེད་བ་དེ་ཡང་གསོ་དཀའ་བ་ཡིན་ལ་།དེ་བཞིན་མཚན་བར་རྡོལ་ལ་ཁ་ནང་དུ་བལྟས་བ་དང
་རྐེད་བའི་རུས་བར་གནས་པ་ནི་གསོ་དཀའ་ཨོ། །མཛེ་ཅན་དུག་གིས་ཕོག་བ་དང་།ལུས་སྐམ?་གཅིན་ནང་སྦྲང་རྩི་འདྲ། །སྨ་སྟེང་མ་ནི་བྱུང་བ་འདི། མེད་གསོ་བར་དགའ་བ་ཡིན། །ཞེས་བྱ་བ་ལ། མཛེའི་ནང་ཡོད་བའི་ཕྱིར་མཛེ་ཅན་ནོ། །དུག་གིས་ཕོག་པ་ནི། དུག་གིས་ཉེན་པའོ། །ལུས་སྐེམ
་བཟང་བྱེད་ཀྱི་ནད་གཅོད་ཆེན་པོས་བཏབ་པའོ། །གཅིན་ནད་སྦྲང་རྩི་འདྲ་བས་བཏབ་བའི་གཅིན་ཉིད་བ་ཡང་ནད་མདོག་སྦྲང་རྩི་དང་འདྲ་བས་བཏབ་བ་སྟེ། དེ་དག་གི་རྨ་ནི་གསོ་བར་དཀའ་བ་ཡིན་ནོ། །དེ་བཞིན་རྨའི་སྟེང་དུ་རྨ་བྱུང་བ་གང་ཡིན་པ་དེ་ཡང་གསོ་བར་དཀའ་བ
་ཡིན་ནོ།། མེ་དབལ་རིམས་དང་ཚ་བར་འཁྲུ། །ལུང་བ་ལུ་དང་སྐེམ་དང་ཆེ།། གཉིད་མེད་བ་དང་དབུགས་མི་བདེ། །མེ་དྲོད་ཆུང་བར་གྱུར་བ་ཡི། །རྨ་ནི་ཚོ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། མེ་དཔལ་ལ་སོགས་པ་གནས་མེ་དྲོད་ཆུང་ཞིང་སྨན་ནི་མི་ཤེས་པའི་རྨ་ནི་འཚོ་བས
་ཤིང་འདྲུབས་པར་མི་འགྱུར་རོ། །མགོ་བོའི་ཐོད་བ་ཆག་གྱུར་ཅིང། །ཀླང་རྒྱས་མཚན་མ་སྣོད་དེ་བཞིན། །ཞེས་བྱ་བ་ལ་།མགོ་བོའི་ཐོད་བའི་རུས་བ་ཆག་བར་གྱུར་ནས། ཀླད་རྒྱས་ཞེས་བྱ་བ་ཀླད་པའི་མཚན་མར་སྣང་བར་གྱུར་བའི་རྨ་ཡང་འཚོ་བར
་མི་འགྱུར་རོ། །ཆུ་བ་འདྲུལ་ཅིང་རྩ་ཆད་དང། །རྨ་ཕུགས་རི་དང་སྲིན་བུ་ཟོས། །རུས་བ་ཆགས་དང་ཟུག་རྡུར་བཅས། །དུགས་བཅས་པ་དང་མ་རྟོགས་དང། ཅིང་བ་ཉེས་དང་སྣུམ་ཆོས་དང། །རྩུབ་པས་སྤུ་ཚོགས་བ་དང་བ་དང། །བསྐྱོད་དང་ཁོང་བ་མ་དག་དང། །འདྲངས
་དྲགས་ཉམས་དམར་དྲགས་པ་དང། །ཆང་འཐུངས་ཉིན་བར་གཉིད་ལག་དང། །ཉལ་པོ་ལ་བརྟེན་མཚན་གཉིད་ཡར། །རྨ་ནི་ལོག་བར་བསོད་བ་དང། བསོས་ཀྱང་འགྲུབ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། རྨ་བསོས་བར་བྱ་བ་ཡིན་ཡང། ཆུ་བ་རུལ་པ་གང་ཡིན
་བ་དེ་ནི་།གསོས་ཀྱང་གསོ་བ་འདྲུབ་ཅིང་བདེ་བར་མི་འགྱུར་རོ། །དེ་བཞིན་དུ་རྩ་རྣམས་ཆད་བར་འགྱུར་བ་དང། རྨའི་ཕུགས་ཤིན་ཏུ་གཏིང་རིང་བར་འགྱུར་བ་དང། དེ་བཞིན་དུ་སྲིན་བུས་ཟོས་བ་དང། དྲུས་བ་དུམ་བུར་ཆག་པ་དང། ནང་ན་ཟུག་རྡུར་བཅས་པ་དང
་དུག་དང་བཅས་པ་དང། གང་ན་ཡོད་པ་ངོས་མ་ཟིན་ཅིང། མ་རྟོགས་པ་དང། བཅིང་བ་ཉེས་པར་བྱས་པ་དང། སྣུམ་དྲགས་པ་དང། རྩུབ་ཆེས་པས་སྤུ་ལ་སོགས་པ་བདར་ཅིང་རེག་པ་དང། ལུས་བསྐྱོད་ཅིང་གཡེངས་པ
་དང། ཁོད་པ་མ་དག་ཅིང་ནང་གི་ནད་མ་སྦྱངས་བ་དང། ཧ་ཅང་འདྲངས་དྲགས་པ་དང། ཉམས་དམང་པའི་སྨྱུང་བ་བྱས་པ་ཧ་ཅང་དྲགས་པ་དང། ཆད?་མང་དུ་འཐུངས་པ་དང། ཉིན་པར་གཉིད་ལོག་པ་དང། ཉལ་པོའི་ལས་འཁྲིག་པས་བརྟེན་པ
་དང། དེ་བཞིན་དུ་མཚན་མོ་གཉིད་ཡར་བ་དང། གསོ་བ་ལོག་པར་བྱས་པ་སྟེ། རྒྱུ་དེ་དག་གིས་ནི་རྨ་གསོར་རུང་བ་ཡིན་ཡང་གསོ་བའི་ལས་འགྲུབ་པར་མི་འགྱུར་རོ་ཞེས་རེ་རེ་ལ་སྦྱར་རོ། །གང་ཞིག་ནང་གི་ཐི་བའི་མདོག་།འདྲ་ཞིང
་རྣགས་པ་མེད་པ་དང། །བརྟན་ཞིང་འབྲུམ་ཕྲན་རྙིང་བཅས་པ། །འཚོ་བར་འགྱུར་བར་དེ་བཤང་ངོ། །ཞེས་བྱ་བ་ལ། རྨ་གང་ཞིག་གི་ནང་ཐི་བའི་མདོག་འདྲ་བར་སྣང་བ་དང། ནང་ན་རྣག་དང་ལྡན་ལྗིན་མེད་པ་དང། བརྟན་ཞིང་མི་འགྱུར་བ
་དང། འབྲུམ་ཕྲན་རྙིང་པ་ལྟ་བུ་དང། བཅས་པའི་རྨ་དེ་ནི་འཚོ་བ་ཅིང་འདྲུབས་པར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །དེ་ནས་འདིར་སྐྲངས་གནས་སྐབས་སུ། གང་ལས་ཉེ་བ་དེ་ལས་སྤྱངས། །སྦྱངས་བས་སྐྲངས་པར་གྱུར་པ་དང་།
་རྨ་ནི་མྱུར་དུ་འཚོབ་པར་འགྱུར། །ཞེས་བྱ་བ་ལ། ད་ནི་དག་གིས་གསོ་བ་སྟོན་ཏེ། དེས་ན་འདི་ལ་སྐྲད་པའི་གནས་སྐབས་སུ་ནི། །རྨ་དེ་ནས་འདིར་སྐྲངས་གནས་སྐབས་སུ་ནི། རྨ་དེ་དང་གང་དང་ཉེ་བའི་སྟེང་དམ་འོག་ནས་སྦྱང་པ་སྟེ་།བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པ་སྦྱང་བར་བྱ་སྟེ།
་དེ་ལྟར་སྦྱངས་པར་གྱུར་ན་སྐྲངས་པ་དང། རྨ་དེ་མྱུར་དུ་ཞི་ཞིང་འཚོབ་པར་མི་འགྱུར་རོ། །སྐྲངས་པའི་སྐབས་སུ་རྒྱུན་དུ་ནི། །ཉེ་བར་སྤྱོད་པ་བསིལ་བས་གསོ། །དེ་ཡིས་ནང་མེད་ཆུ་ལྟ་བུ། །མོང་ལ་ཞི་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། རྨ་དེ
་སྐྲངས་པའི་སྐབས་སུ་ནི་རྟག་པར་རྒྱུན་དུ་བསིལ་བར་བྱ་བའི་གསོ་བའི་ཚོགས་ཉེ་བར་གསོ་བྱ་སྟེ། གསོ་བའི་ཆོ་ག་བྱས་པ་དེས་ནད་ཀྱི་ཚ་བ་མེ་ལྟ་བུ་མེ་ལ་ཆུ་བླུགས་པར་མོང་ལ་ཞི་བར་འགྱུར་རོ། །རྨ་སྐྲངས་སྲ་བར་གྱུར་པ་དང། །ནད་བཅད་མདོག་ནི་?
་སྡུག་དང། །དུག་ཅན་ལ་ནི་ཁྱད་པར་དུ། །པདྨ་སོགས་བས་ཁྲག་དབྱུང་ངོ། །ཞེས་བྱ་བ་ལ། །རྨ་སྐྲད་པར་བྱེད་པ་སྲ་བར་གྱུར་པ་རྩུབ་ཅིང་ནད་དང་བཅས་པ་མདོག་མི་སྡུག་པར་འགྱུར་བ་དང། རྨ་དུག་ཅན་ལ་ནི་ཁྱད་པར་དུ་སྲིན་བུ་པདྨ་དང་རྡབ་རྭ་ལ་སོགས
་པས་ཁྲག་དབྱུང་བར་བྱའོ། །ནང་ཁྲག་བྲལ་ན་མོད་ལ་ནི། །སྐྲང་དང་མདོག་ནང་ཞིང་འགྱུར། །ཞེས་བྱ་བ་ལ། ནད་ཁྲག་བསལ་ཅིང། དེ་དང་བྲལ་ནས་ནི་མོད་ལ་དེ་ཉིད་ཀྱི་ཚེ་སྐྲད་བ་ལ་སོགས་པ་ཞི་པར་འགྱུར་རོ། །ཁྲག་དབྱུང་ནས་ནི་ཆུ་བཟད་ལུས། །རེག
་དང་ནུས་བ་རབ་བསིལ་བ།། ཤིན་ཏུ་ཞིབ་པར་དེ་ཉིད་བཏགས། །བུ་རམ་ཤིང་ཁུ་འོ་མས་སྦྲུས། །ལན་བརྒྱ?་བསྐུས་པའི་མར་དང་བཅས། །གཞན་མ་སྣམས་པའི་ཡང་དང་ཡང། །རྗེས་སུ་མཐུན་པར་བསྐུས་ན་ཕན། །བྱུག་དང་བྱུག་བ་དེ་ཡིས
་བྱ།། ཞེས་བྱ་བ་ལ་།ཁྲག་ཕྱུང་བའི་རྗེས་ལ་།དེའི་ནད་ཁྲག་ཅུང་ཟད་ལུས་པར་གྱུར་པ་ལ་རེག་ན་བསིལ་བ་ནུས་པ་བསིལ་བའི་སྨན་ཞིབ་ཏུ་དེའི་ཉིན་ཞིག་ཉིད་ལ་བཏགས་ཤིང་སྦྱར་གྱི་ཞག་ལོན་པ་མ་ཡིན་པ་དང། བུ་རམ་ཤིང་གི་ཁུ་བ།
་དང། འོ་མས་སྤྲུས་ཏེ་ལན་བརྒྱ་བསྐུས་བའི་མར་དང་བཅས་པར་བྱས་ལ། སྨན་སྔར་བཀྩས?་ཏེ་མ་སྐམས་པར་ཡང་དང་ཡང་དུ་རྗེས་སུ་མཐུན་པར་བསྐུ་བར་བྱ་ཞིང། དེ་བཞིན་དུ་རིག་པ་དང། ནུས་པ་བསིལ་སྨན་གྱི་འདག་གུས་བྱུང་ཅིང་དེའི་ཆུ་བླུགས་ན་ཡང
་ཕན་ནོ། །ཡུ་དུཾ་ཝ?་ར་ནེ་གྲོ་དང། །བླཀཱ་ལཱུང?་མ་ཨ་ཤྭ་ཏྠའི། །ཤུན་པ་མར་མང་བཅས་བསྐུས་ན། །སྐྲད་པ་སེལ་བའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཨུ་དུ་ཝ་ར་ལ་སོགས་པའི་ཤུན་པ་བཏགས་པ་མར་དང་བསྲེས་པས་བསྐུས་ན་ཡང་སྐྲངས་པ་ཞི་བར
་བྱེད་བའི་དམ་བ་ཡིན་ནོ། །རླུང་ཤས་ཆེ་ཞིང་མཁྲང་པ་དང། །སྲ་ཞིང་ནད་ཚབས་ཆེ་བ་དང། །ཁྲག་འཛག་བ་དང་རྨ་སྐྲང་བའི། །འདི་ལྟ་བུའི་རྨ་ལ་ནི། །བརླན་ཅན་ཤ་བཏགས་ལ་དུགས་བྱ། །ཞེས་བྱ་བ་ལ།
་རླུང་གི་ཤས་ཆེ་བའི་རྨ་མཁྲང་ཞིང་མི་འགྱུར་བ་དང། སྲ་བ་ལ་སོགས་བའི་རྨ་འདི་ལྟ་བུ་ལ་ནི་རླན་ཅན་གྱི་ཤ་བཏགས་ཤིང་བརྡུངས་པ་ལ་སོགས་པས་དུགས་བྱས་ན་ཕན་ནོ། །ཟར་མ་ཏིལ་ནི་བརྔོས་བ་དང་འོ་མས་དཔལ་ནི་བསོད་བ
་དག། དེ་བཏགས་བསྐུས་ན་ཚ་བ་སེལ། །ཞེས་བྱ་བ་ལ། །ཟར་མདར?་ཏིལ་ཆ་སྙམ་དུ་བརྡོས་པར་འོ་མས་དཔལ་བས་དེ། འོ་མ་དེ་ཉིད་དང་བཏགས་བའི་ལྡེ་གུས་བསྐུས་ན་ཚ་བ་དང་ནབ་སེལ་བར་བྱེད་དོ། །མ་སྐྲངས་བརྟན་ཞིང་ནང་ཚབས
་ཆུང། བད་ཀན་རླུང་འཇོམས་པཱུ་མ་བསྐུ་ཞིང། དེ་ཡི་རྗེས་ལ་འོ་མ་ཡི། །སྦུ་གུས་རིམས་ཀྱིས་དུགས་བྱའོ། །ཞུ་བར་བྱ་ཕྱིར་ལག་མཐིལ་ལམ། །མཐེ་བོ་ཡིས་ནི་མཉེ་བར་བྱ། །ཞེས་བྱ་བ་ལ། རྨ་སྐྲངས་པ་བརྟན་ཞིང་ནང་ཀྱིས་ཤུགས་ངལ?
་བལ་ནི་བད་ཀན་དང་རླུང་འཇོམས་པར་བྱེད་བའི་སྣུམ་གྱིས་བསྐུ་ཞིང། དེའི་འོག་ཏུ་འོང་མའི་སྦུ་གུས་མཉེ་ཞིང་དུགས་བྱས་ལ། གཞན་ཡང་ཞུ་བྱ་བའི་ཕྱིར་ལག་མཐིལ་ལམ་མཐེ་བོས་དལ་གྱིས་མཉེ་བར་བྱའོ། །ནས་དང་གྲོ་དང་མོན་སྲན
་སྡེའུ་རྟུ?་བཙོས་ཏེ་བཏགས་པའི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ཡངས་ན་སྐྲངས་བ་ལ་སྲ་ཞིང་ནད་ཚ་བས་ཆུང་བ་ལ་ནས་ལ་སོགS་པ་དང་དང་པོར་བཙོ་བས་སམ། བརྡོ་བ་བྱས་ལ། དེའི་འོག་ཏུ་སྐྲང་པ་དེ་དཀྲོ་བའི་དུགས་ཀྱིས་དཀྲི་བར་བྱའོ། །གལ་ཏེ་དེ
་ཡིས་མ་ཞུ་ན། །དེ་ནས་དེ་ནི་དཀྲི་བར་བྱ། །མ་སྨིན་བ་ནི་ཞི་འགྱུར་ལ། །སྨིན་ན་བརྣགས་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། དེ་ལྟར་བྱས་སུ་ཟིན་ཀྱང་སྐྲངས་བ་དེ་སྨིན་ཅིང་ཞུམ་པར་མ་གྱུར་ན་དེའི་འོག་ཏུ་སྐྲངས་བ་དེ་དཀྲི་བའི་དུགས་ཀྱིས་དཀྲི་བར་བྱའོ། །དེ
་ལྟར་བྱས་པས་མ་སྨིན་ཅིང་མ་བརྣགས་བའི་སྐྲངས་པ་ནི་ཞི་བར་འགྱུར་ལ། སྨིན་ཅིང་བརྣགས་པ་ནི་ལེགས་བར་སྨིན་བར་འགྱུར་རོ། །རྒྱ་ཤུག་ཏིལ་དང་ཟར་མ་དང། །རྒྱམ་ཚ་བབས་དང་རུ་རྟ་ཕྱེ། །ཞོ་སྐྱུར་ཟན་དྲོན་གྱིས་བརླན་ཅིང། །དུགས་བྱས་ནས་ནི་དཀྲི་བར་བྱ། ཞེས
་བྱ་བ་ལ། རྒྱ་ཤུགས་ལ་སོགས་བ་ལས་བྱས་པའི་ཟན་དྲོན་འཇམ་ཙམ་གླན་ཞིང་དཀྲི་བར་བྱའོ། །ལེགས་སྨིན་སྐྲངས་པ་ཕྱོགས་གཅིག་འདུས། །ཙིར་བར་ཉེ་བར་བཅིར་གྱུར་པ། །དྲིལ་བར་འོས་ལ་དྲལ་བྱ་ཞིང།། ཤིན་ཏུ་འཇམ་པོར་གྱུར་པས་དྲལ། །ཞེས་བྱ་བ་ལ།
་སྐྲངས་པ་དེ་སྨིན་ཅིང་བརྣགས་པར་གྱུར་བ་དང། ཕྱོགས་གཅིག་ཏུ་འདུས་ཤིང་སྒོངས་པར་འགྱུར་ལ། །བཙིར་བའི་སྨན་གྱིས་ཉེ་བར་བཙིར་ཞིང་བསྡུས་པར་གྱུར་ནས་དྲལ་བར་འོས་བ་ནི་དྲལ་བར་བྱ་ལ། དེ་བཞིན་དུ་ཤིན་ཏུ་འཇམ་པོར་གྱུར་པ་ཡང་དག་བར་བྱའོ། །གུ
་གུལ་ཟད་མ་བ་ལས་སོ།། ཁྲོན་བུ་ཕུག་རོན་རྟུག་པ་དང། །ཐལ་སྨན་འཕྲོད་དང་ཐལ་སྨན་དེ། །སྨིན་པའི་སྨན་གྱིས་བརྟོལ་བར་བྱ། །ཞེས་བྱ་བ་ལ། གུ་གུལ་ལ་སོགས་བའི་སྨན་དང། ཐལ་སྨན་གྱི་འཕྲོད་ཀྱི་སྨན་དང་ཐལ་སྨན་ཉིད་དེ་།དེ་ལྟར་སྨིན་བའི་སྨིན་དག་གིས་ཀྱང
་སྨིན་པའི་རྣག་དེ་བརྟོལ་བར་བྱའོ། །ནང་ན་བརྣགས་འབྱུང་སྒོ་ཕྲ་ཞིང། །མཐོ་བར་གྱུར་དེ་གནད་ལ་གནས། །སྣུམ་མེད་བཙིར་བའི་སྨན་གྱིས་ནི། །ཀུན་ནས་རབ་ཏུ་བཙིར་བར་བྱ། །ཞེས་བྱ་བ་ལ། ནང་ན་རྣག་ཡོད་པ་དང། འབྱུང་བའི་སྒོ་ཕྲ་ཞིང་ཁ་ཆུང་བ་དང། རྣའི་ཁ་ཡི།།
་མཐོ་བར་གྱུར་པ་དང། གནང་ཀྱི་གནས་ན་གནས་པའི་རྨལ་ནི་བཙིར་བའི་སྨན་གྱིས་ཐམས་ཅད་ནས་བཙིར་བར་བྱའོ། །བསྐུ་བ་སྐམས་ནས་བཙིར་བ་ཡི། །ལས་ལ་བཏང་སྙོམས་ཉིད་བྱའོ། །ཞེས་བྱ་བ་ལ། ལྡེ་གུས་སྐམས་པར་གྱུར་ན་ནི། བཙིར་བའི་སྦྱོར་བ་དེ་བཏང
་སྙོམས་ཉིད་དུ་བྱ་ཞིང་བཤོལ་བར་བྱའོ། །དེ་ཡི་རྨ་སྒོར་མི་བསྐུ་སྟེ། དེ་འདྲས་ནང་ནི་འབྱུང་མི་འགྱུར། །ཞེས་བྱ་བ་ལ། རྨ་འདིའི་རྨ་ཁའི་སྟེང་དུ་ནི་བསྐུ་བར་མི་བྱ་སྟེ། དེ་ལྟར་བྱས་ན་རྣག་ཅེས་བྱ་བའི། ནད་དེ་འབྱུང་བར་མི་འགྱུར་རོ།། སྲན་མ་ནས་དང་གྲོ་དང་ནི། །མ་ཤ?
་མུངྒ་བྲ་བོ་དང། །སྨན་ནི་ཅི་བག་ཅན་དག་གིས།། པགས་པའི་རྩ་བར་རབ་ཏུ་བསྡམས། །ཞེས་བྱ་བ་ལ། སྲན་མ་ལ་སོགས་པ་དང། སྨན་སྤྱི་བག་ཅན་དེ་གུ་གུལ་དང་ཐང་ཆུ་ལ་སོགས་པས་ཕགས་བའི་རྩ་བར་?་རབ་ཏུ
་བསྔན་ས་པར་བྱའོ། །གཅིན་སྙི་མཛེ་ཡི་རྨ་དང་ནི།། ཤས་ཆེར་རེད་པའི་རྨ་དག་ལ། །དོང་ག་བྱེའུ་རུག་པ་སོགས་ཀྱིས། །ལན་ནི་བདུན་བདུན་བཀྲུ་སོགས་བྱ། །ཞེས་བྱ་བ་ལ། གཅིན་སྙི་བ་ལ་སོགས་པའི་རྨ་ལ་བྱེའུ་དྲུག་པ་ལ་སོགས་པའི་སྡེ
་ཚན་གྱིས་འོག་ནས་བཤད་པའི་ཚུལ་ལན་བདུན་བདུན་བཀྲུ་བ་ལ་སོགས་པས་བྱའོ། །མ་དག་ནིམ་པ་པ་ཏོ་ལའི། །འོ་མ་བསྐོལ་བས་བཀྲུ་བར་བྱ། །ཞེས་བྱ་བ་ལ། རྨ་མ་དག་པ་ལ་ནི། ནིམ་བ་དང་པ་ཏོ་ལའི་ལོ་མ་བསྐོལ་བའི་ཆུས་བཀྲུ་བར་བྱའོ། །
་རྨ་དག་པ་ལ་ནྱ་གྲོ་དྷ།། ལ་སོགས་ཤུན་པས་བསྐོལ་བས་བཀྲུ།། ཞེས་བྱ་བ་ལ། རྨ་དག་པར་གྱུར་པ་ནི།། ནྱ་གྲོདྷ་ལ་སོགས་བའི་ཤུན་ལྤགས་བསྐོལ་བའི་ཁུ་བས་བཀྲུ་བར་བྱའོ། །ཤིང་མངར་ཏིལ་དང་པ་ཏོ་ལ། །དུལ་བྱིད་དནད་སེར་པོ་གཉིས། །
་ནིམ་པའི་ལོ་མ་རྒྱམ་ཚོར་བཅས། །ལྡེ་གུས་བསྐུས་ན་རྨ་སྦྱོང་བྱེད། །ཅེས་བྱ་བ་ལ། ཤིང་མངར་ལ་སོགས་བའི་ལྡེ་གུས་བསྐུས་ན་ཡང་རྨ་སྤྱོད་པར་བྱེད་པ་ཡིན་ནོ། །རྨ་ནི་ཁ་ཕྲག་གནོད་འཚམས་གནས། །དནད་རྒྱམ་ཚ་ལང་ག་ལ། །དུར་བྱིད་སྦྲང་རྩི་སྦྱར
་པ་ཡི།། རེང་བུར་བྱས་པས་རྨ་སྦྱང་བྱ། །ཞེས་བྱ་བ་ལ། རྨ་བུག་པྲ་ཞིང་ཁ་ཆུང་བ་དང། གནང་དང་མཚམས་ན་འདུག་བ་ལ་ནི། །དནད་ལ་སོགས་པའི་སྨན་རེང་བུར་བྱས་པས་སྦྱང་བར་བྱའོ། །རླུང་གིས་གནོད་ཅིང་ཁྲག་བཅས་ཤིང། །མི་བཟང་ནལ
་ནས་དང་གྲོ། སྤྲ་ཚིལ་ཤི་རི་པེ་ཤལ་དང། །ཐང་ཤིང་མར་བཅས་དུང་པས་བདུག་།ཅེས་བྱ་བ་ལ། རྨ་རླུང་གིས་ཤས་ཆེར་གནོད་བར་གྱུར་ཅིང་ཁྲག་དང་བཅས་པ་ལ་སོགས་པ་ལ་ནི་ནས་ལ་སོགས་པའི་དུད་པས་འདུགས་པར་བྱའོ། །གྲག་མཁྲིས་དག་གིས
་ཤ་ཆེ་བ། །ཤིན་ཏུ་བསིལ་བའི་སྨན་གྱིས་བསྐུ། །ཞེས་བྱ་བ་ལ། ཁྲག་ལ་སོགས་པའི་ཤས་ཆེ་བའི་རྨ་ལ་ནི། ཤིན་ཏུ་བསིལ་བའི་སྨན་གྱིས་ཡང་ནས་ཡང་དུ་བསྐུ་བར་བྱའོ། །སྐམས་ཤིང་ཤ་ཉུང་གཏིང་རིང་རྨ། །ཤ་བསྐྱེད་པ་ཡི་སྨན་བྱ་སྟེ། །ཤུག་པ་ནྱ་གྲོ་དྷ
་སོགས་དང། པ་ལ་ཨ་ཤྭ་གནད་ཏིལ། །བསྐུས་ཏེ་ཤ་ནི་བསྐྱེད་པར་བྱ། །ཞེས་བྱ་བ་ལ། རྨ་སྐམས་ཤིང་ཤ་ཉུང་བ་དང། །ཟབ་ཅིང་གཏིང་རིང་བ་ལ། །ཤུག་པ་ལ་སོགས་ལྡེ་གུ་བསྐུ་བས་ཤ་ཆེར་བསྐྱེད་པར་བྱའོ། །ཤ་ཟ་ཤ་ན་ཆོ་ག་བཞིན། །གཡོས་སུ
་བྱས་ཏེ་སྦྱིན་པར་བྱ། །སེམས་དགའ་བ་དང་ཤ་ཟ་བའི། །ཤ་ཟོས་ན་ནི་ཤ་འཕེལ་འགྱུར། །ཞེས་བྱ་བ་ལ། གཞན་ཡང་ཤ་ཟ་བའི་སྲོག་ཆགས་སེང་གེ་དང་སྟག་དང་བྱ་རྒོད་ལ་སོགས་པའི་ཤ་ཆོག་བཞིན་དུ་ལེགས་པ་གཡོས་སུ་བྱས་ཏེ། ཤ་བསྐྱེད་པའི་ཕྱིར་སྦྱིན་པར
་བྱ་སྟེ། གང་གི་ཕྱིར་ནད་པ་སེམས་དགའ་ཞིང་སྲེད་པ་དང་ལྡན་པས་ཤ་ཟ་བའི་སྲོག་ཆགས་ཀྱི་ཤ་ཟོས་ན་ནང་པའི་ཤ་འཕེལ་བར་འགྱུར་བ་ཡིན་ནོ། །ཤ་སྙི་འབུར་བར་གྱུར་པ་ལ། །ཛཱ་ཏིའི་མེ་ཏོག་ནག་ཚུར་དང། །ལྡོང་རོས་བ་བླ་གུ་གུལ་དང། །ཙི་ཏྲ་ཀ་ཡི་ལྡེ་གུས
་བསྐུ། །ཞེས་བྱ་བ་ལ། རྨའི་ཤ་སྙི་ཞིང་འབུར་བར་གྱུར་པ་ལ་ནི། ཛ་ཏིའི་མེ་ཏོག་ལ་སོགས་པའི་འདི་དག་གིས་བསྐུ་ཞིང་ཤ་བསྐྱེད་པར་བྱའོ། །ཤ་འབྲུར་ཤ་ནི་སྲ་བ་དང། གཡའ་ཞིང་རིང་ནས་འཚོ་བ་དང། །རྨ་ནི་ན་ཞིང་སྦྱང་དཀའ་ལ། །ཐལ་སྨན་ལས
་གྱིས་སྦྱང་བར་བྱ། །ཞེས་བྱ་བ་ལ། རྨ་ཤ་འབུར་བ་ལ་སོགས་བ་ལ་ནི་ཐལ་སྨན་གྱི་ལས་ཀྱིས་གསོ་བར་བྱའོ། །རྡེའུ་འབྱུང་རྨ་ནི་གཅིན་འཛག་དང། །གྲང་གཞན་ཁྲག་ནི་འབྱུང་བ་དང།། གང་ཞིག་བཅང་ནས་སྦྱར་བ་དང། །ཇི་སྐད་བཤད་པའི་ཆོ་ག་ཡིས། །གསོ
་བ་བྱེད་བཞིན་མི་འགྲུབ་ནི། །དེ་ནི་མེ་ཡི་ལས་ཀྱིས་གསོ། །ཞེས་བྱ་བ་ལ། རྨ་གང་རྡེའུ་བྱུང་བའི་ལམ་ནས་གཅིན་འཛག་པ་རྨ་གང་རྟག་ཏུ་ཁྲག་འབྱུང་བ་དང། རྨ་གང་ཞིག་བཅད་ནས་སྦྱོར་བ་དང། །རྨ་གང་ཇི་སྐད་བཤད་པའི་ཆོ་ག་བྱས་ཀྱང་འཚོབ་པར་མ་གྱུར
་ཅིང་རྨ་དེ་གསོ་བའི་ལས་གྲུབ་པར་མ་གྱུར་བ་དེ་ལ་ནི་མེས་བསྲེག་པའི་ལས་ཀྱིས་གསོ་བར་བྱའོ། །སྐྱོན་མེད་རྨ་ལ་རྨ་འབྱོར་པའི། །སྨན་དང་ཤ་བསྐྱེད་གང་ཡིན་སྦྱར། །ཞེས་བྱ་བ་ལ། རྨ་སྐྱོན་མེད་ཅིང་དག་པར
་གྱུར་པ་ལ་ནི་རྨ་འབྱོར་པ་དང། །ཤ་བསྐྱེད་པའི་སྦྱོར་བ་བཤད་པ་གང་དག་ཡིན་པ་དག་བྱའོ། ། ཤྭ་གནད་སེར་ཕྲོམ་དང། །ཤིང་མངར་བཙོང་དང་ཀཏཔལ། །ད་ཏ་ཀི་ཡི་མེ་ཏོག་གི། ཕྱེ་མ་རྨ་འཚོ་བ་བྱེད་པའི་མཆོག་།ཅེས་བྱ་བ་ལ།། ཡངཤཔ་གནད་ལ
་སོགས་པའི་ཕྱེ་མས་བཏབ་པ་ནི། རྨ་འཚབ་པར་བྱེད་པའི་དམ་པ་ཡིན་ནོ། །རྣ་དང་ཤིན་མང་པ་དང། །ཤ་ཡི་གནས་སུ་མ་འདྲུབས་པར། །ཏིལ་དང་ཤིང་མངར་བཅས་པ་ཡི། །ལྡེ་གུས་རྨ་ནི་འཚབ་པར་བྱ། །ཞེས་བྱ་བ་ལ། རྨ་རྣག་དང་ཤ་མེད་བ་དང།།
་ཤའི་གནས་མ་སོབས་ཤིང་མ་འདྲུབས་པ་ལ་ནི། ཏིལ་དང་ཤིང་མངར་སྦྱར་བའི་ལྡེ་གུས་བསྐུས་ན་འཚོབ་པར་འགྱུར་རོ། །སྣམ་དྲོ་མངར་དང་ཁ་བ་དང། །བསྐ་བས་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། སྣུམ་པ་ཉིད་དང་དྲོ་བ་དང། མངར་བ་ལ་སོགས
་པའི་ལྡེ་གུས་ནི་ནད་ཐམས་ཅད་ལས་བྱུང་བའི་རྣ་ཡང་སེང་བར་བྱེད་དོ། །ནིམ་པའི་ལོ་མ་སྦྲང་རྩིར་བཅས།། བསྐུས་པས་རྨ་སྐྱོང་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ནིམ་པའི་ལོ་མ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་རྨ་འཚབ་པའི་མཆོག་ཡིན་ནོ། །སྔ་མ།
་གཉིས་དང་ཞུན་མར་སྦྱར། །མྱུར་དུ་རྨ་འཚབ་བྱེད་པ་ཡིན། །ཞེས་བྱ་བ་ལ། སྔ་མ་ནིམཔེའི་ལོ་མ་དང་སྦྲང་རྩི་གཉིས་དང་ཞུན་མར་དང་སྦྱར་བས་ཀྱང་རྨ་མྱུར་དུ་འཚོབ་པར་བྱེད་པ་ཡིན་ནོ། །ཏིལ་འདྲར་ནས་ཀྱི་ལྡེ་གུ་ནི། །དེ་དང་འདྲ་བར་ལ་ལ་འདོད། །ཅེས་བྱ་བ་ལ།
་སློབ་དཔོན་ལ་ལ་ནི་ཐང་ལ་འབར་གྱི་ནས་ཀྱི་ལྡེ་གུ་དང་འདྲ་བར་འདོད་དོ། །ཏིལ་གྱི་ལྡེ་གུ་ཇི་ལྟར་སྦྱར་བ་དེ་བཞིན་དུ་ནས་ཀྱི་ལྡེ་གུ་སྦྱར་བར་བྱའོ། །ཁྲག་མཁྲིས་དུག་དང་གློ་བུར་བ།། གཏིང་རིང་ཚ་དང་བཅས་བའི་རྨ། །འོ་མ་རྨ་འབྱོར་སྨན་དང་ནི། །བསྐོལ་པའི
་མར་གྱིས་རྨའི་ཚོབ་བྱ། །ཞེས་བྱ་བ་ལ། རྨ་གང་ཁྲག་དང་མཁྲིས་པ་དང་བཅས་པ་ལ། འོ་མ་དང་རྨ་འབྱོར་བའི་སྨན་དང་བསྐོལ་པའི་མར་གྱིས་བསྐུས་ན་རྨ་འཚོ་བར་འགྱུར་རོ། །བད་ཀན་རླུང་གྱུར་རྨ་འབྱོར་སྨན། །ཏིལ་མར་བཅས་རྨ་འཚོབ་འགྱུར། །ཞེས་བྱ་བ་ལ། བད་ཀན་དང
་རླུང་ལས་གྱུར་པའི་རྨ་ལ་ནི་རྨ་འབྱོར་པར་བཤད་པའི་ཏིལ་མར་དང་བཅས་པས་རྨ་འཚོབ་པར་འགྱུར་རོ། །ནག་ཚུར་སེར་ཕྲོམ་ཨ་རུ་ར། །ལི་ཁྲི་དངུལ་དྲོ་སྲ་རྩི་ཕོག། །སྤང་མ་པོ་སོན་ཆ་ཕྱེ་མ། །ཏིལ་མར་བཅས་པ་རྨ་འཚོབ་མཆོག་།ཅེས་བྱ་བ་ལ། ནག་ཚུར་ལ་སོགས
་པའི་ཕྱེ་མ་ཏིལ་མར་དང་བཅས་པ་བསྐུས་ན་ཡང་རྨ་འཚོབ་བར་བྱེད་པའི་མཆོག་ཡིན་ནོ། །མཉམ་ཞིང་ཤ་ནི་བརྟན་པ་དང། པགས་བར་གནས་ལ་ཕྱེ་མ་ཕན། །ཞེས་བྱ་བ་ལ། རྨ་མཐོང་དམན་མེད་པར་མཉམ་དུ་གནས། །ཤིང་ཤ་བརྟན་པ་དང། པགས་པ་ཙམ་ལ
་གནས་བྱེ་ལ་རྨ་འཚབ་པའི་སྨན་གྱི་ཕྱེ་མས་བསྐུས་ན་ཕན་ནོ། །ུ་དུམ་ཝ་ར་ཨ་ཤྭཏྠ།། འཛམ་བུ་སེར་ཕྲོམ་ཀརྟཔལ། །ཀ་ཀུ་སེར་ཕྲོམ་ཕྱེ་མ་ཕྱེ་མས་བཏབ།། པགས་པ་མྱུར་དུ་བསྐྱེད་བར་བྱེད། །ཅེས་བྱ་བ་ལ། ཨུ་དུཾ་?་ནས་ཀ་ཀུ་བ་དང་སེར་འཕྲོམ?་བཏབ་ན་པགས
་བ་མྱུར་དུ་བསྐྱེད་པར་བྱེད་དོ། །རྒྱ་སྐྱེ་གསོ་?་བཙོང་དང་ནི། །པདྨ་དང་ནི་སེར་པོ་གཉིས། །སྦྲང་རྩི་མར་སྦྱར་ལྡེ་གུ་ཡིས། །བསྐུན་པ་གསོ་པ་དག་བྱེད་མཆོག་།ཅེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་ལྡེ་གུས་བསྐུས་པ་ནི་པགས་པ་དག་པར་བྱེད་བའི་མཆོག་ཡིན་ནོ། །
་སྐྱེར་བ་ཨོཾ་བ་རུས་པ་དང། ?་གེ་སར་པྲི་ཡངྐུ།། ཙན་དན་སེར་པོར་དངུལ་ཆུ་རྣམས། །ལྡེ་གུ་བ་ལང་ལྕི་ཁུ་དང།། སྦྱང་བ་བསྐུས་བར་གྱུར་ན་ནི། །པགས་པ་མདོག་འདྲར་བྱེད་མཆོག་ཡིན།། ཞེས་བྱ་བ་ལ་།སྐྱེར་པ་ལ་སོགས་པའི་ལྡེ་གུ་བ་ལང་གི་ལྕི་བའི་ཁུ་བ་དང་སྦྱར་ཏེ།
་?་གསོ་བའི་མདོག་ཆ་འདྲ་བར་བྱེད་པའི་མཆོག་ཡིན་ནོ། །བ་སོ་དུད་ཕ་མ་ཤོར་སྲེགས། །སྐྱེས་བཎྜ་དང་ཏིལ་མར་སྦྱང། །བསྐུས་ན་སྤུ་ནི་བསྐྱེད་པར་བྱེད། །ཅེས་བྱ་བ་ལ། གླང་པོ་ཆེའི་སོ་དུ་བ་མ་ཤོར་བར་བསྲེགས་པ་དང་སྐྱེར་པ་ཁཎྜ་དང། ཏིལ་མར་སྦྱོར་བའི་ལྡེ་གུ?
་བསྙུས་ན་རྨ་ལས་སྤུ་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །དེ་བཞིན་རྐང་བཞིའི་སེན་མོ་སྤུ། །རུས་པ་པགས་པར་རྨིག་བསྲེས། །སྣབ་ཚ་ཏིལ་མར་དང་སྦྱར་བས། །སྐུས་ན་སྦུ་ནི་སྐྱེད་པར་བྱེད། ཅེས་བྱ་བ་ལ། སྲོག་ཆགས
་རྐང་བཞི་པའི་སེན་མོ་ལ་སོགས་པ་བསྲེགས་ཏེ་།ཏིལ་མར་དང་བཅས་སྦྱར་བ་བསྐུས་ན་ཡང་རྨ་ལས་སྤུ་སྐྱེ་བར་བྱེད་དོ། །སྨན་མར་ལ་ནི་ཆ་དཔྱད་ཀྱི། །ལེགས་བཤད་ཕན་དང་གནོད་པ་བསྟན། །ཞེས་བྱ་བ་ལ། རྨ་ཡོད་པའི་སྨན་མར་ལ་ནི་ཆ་སྤྱད་ཀྱི་ལེའུ
་ལས་བཤད་པའི་རྨ་ལ་ཕན་པ་དང་གནོད་པའི་ཟས་དག་ཀྱང་བསྟན་པར་བྱའོ། །རླུང་གྱུར་རྨ་ལ་རྩ་བ་ལྔ། །གཉིས་དང་རླུང་འཇོམས་སྡེ་ཚན་ཕན། །ཞེས་བྱ་བ་ལ་རླུང་ལས་གྱུར་བའི་རྨ་ལ་ནི། །རྩ་བ་བཅུ་པ་དང་བྱེད་རིལ་སོགས་པ་སྨིན་གྱི་སྡེ
་ཚན་ཕན་ནོ། །མཁྲིས་གྱུར་ཤུག་པ་ནྱ་གྲོ་དྷ། །སྡེ་ཚན་གཉིས་དང་མཁྲིས་འཇོམས་བཏང། །ཞེས་བྱ་བ་ལ། མཁྲིས་བ་ལས་གྱུར་པའི་རྨ་ལ་ནི་ཤུགས་པ་ལ་སོགས་པའི་སྡེ་ཚན་དང། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་དང། དེ་བཞིན་དུ་མཁྲིས
་པ་སིལ་བའི་སྨན་རྣམས་ཕན་ནོ། །བད་ཀན་ལས་གྱུར་དོར་གའི་སྡེ། །བད་ཀན་འཇོམས་བར་བྱེད་པ་བཏང། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨ་ལ་ནི། །དོང་གལ་སོགས་པའི་སྡེ་ཚན་དང། བད་ཀན་འཇོམས་པར་བྱེད་པའི་སྨན་གཞན
་དག་ཀྱང་བྱའོ། འདྲེན་མ་ལས་གྱུར་འདྲེན་མས་བྱ། །ཞེས་བྱ་བ་ལ། ལྡན་པ་དང་འདུས་པ་ལས་གྱུར་པའི་སྒལ?་ནི་སྨན་གྱི་སྡེ་ཚན་འདྲེན་མ་ཕན་ཏེ། བྱེའུ་རུག་བ་ལ་སོགས་པ་དང། གླ་སྒང་དང་ཨ་ར་ག་ལ་སོགས་པའི་སྡེ་ཚན་འདྲེན་མ་ཕན་ནོ།།
་འདི་དག་གོས་བཀྲུ་ཕྱུག་པ་དང། སྨན་མར་ཏིལ་མར་སྨན་ཁུ་དང། །ཕྱེ་མ་རིལ་པོ་བདུན་པོ་ནི། །རྨ་ལ་ཅི་རིགས་སྦྱར་བར་བྱའོ། །ཞེས་བྱ་བ་ལ། བཤད་མཐལ་བའི་རླུང་དང་མཁྲིས་པ་དང་བད་ཀན་ལ་ཕན་པར་བཤད་པའི་སྡེ་ཚན་དེ་དག་གིས་བཀྲུ
་བ་དང་བྱུག་པ་ལ་སོགས་པའི་སྦྱོར་བ་བདུན་པོ་དེ་དག་ཇི་ལྟར་རིགས་པ་བཞིན་དུ་སྦྱར་བར་བྱའོ། །ཛ་ཏི་ནིམཔ་པ་ཏོ་བའི་ལོ་མ།། སྐྱེར་པ་ཡིད་བ་ཐལ་ཏྲེས་པུ་ཤེལ་།།སྤྲ་ཚིལ་སྤངས་མ་ཤིང་མངར་ཨ་རུ་ར། །ཀརྙྫ་ཡི་ས་བོན་བཅོད་དང་བཅས། །སར་བསྐོལ་འདུས་ན་ཛ
་ཁ་ཆུང་བ་དང། །གནང་ལ་བརྟེན་ཅིང་གནག་ནི་འཛག་བ་དང། །རྨ་ཡི་ཕུགས་རིང་བའི། །རྨ་ནི་དག་ཅིང་འཚོབ་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཛ་ཏིལ་སོགས་པའི་སྨན་གྱི་ལྡེ་གུ་དང་བསྐོལ་བའི་སྨན་མར་གྱིས་ནི་རྨ་ཁ་ཆུང་བ་ལ་སོགས་པའི་རྨད་དག་ཅིང་འཚོབ
་པར་བྱེད་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་འགྲེལ་པའོ།། །།
་དེ་ནས་འཕྲལ་དུ་འབྱུང་བའི་རྨའི་གསོ་བ་བཤད་པར་བྱའོ། །རྨ་གང་སྣང་པས་འཕྲལ་དུ་ནི། །བྱུང་གྱུར་གློ་བུར་རྨ་ཞེས་བྱ། །དེ་ནི་མཛའ་ཡས་ཀྱང་ཡན་ལག་།གནས་པ་རྣམ་པ་བརྒྱད་དུ་བཤད། །ཅེས་བྱ་བ་ལ། རྨ་གང་ཞིག་སྣང་པ་ལས་འབྲལ་དུ་བྱུང་བར་གྱུར་པ་དེ་ནི་གློ་བུར
་ལ་སོགས་པའི་དབྱེ་བས་བརྒྱད་དུ་བཤད་དོ། །དེ་ལ་ཤུས་པ་ཆུ་སེར་རམ། །ཁྲག་ནི་ཆུང་ཟད་འབྱུང་འགྱུར་ཞིང། །པགས་པ་ཆོད་པས་ཚ་གྱུར་ཞིང། །ཞེས་བྱ་བ་ལ་།དེ་དག་གི་ནང་ནས་ཤུས་པ་ནི་བདར་ཅིང་པགས་པ་ཤུས་པའི་དབང་གིས་ཆུ་སེར་རམ་ཁྲག་ཉུང་ཤས་ཞིག་འབྱུང་བར
་འགྱུར་བ་དང། པགས་པ་ཆོད་པས་ཚ་བར་གྱུར་པ་ཡིན་ནོ། །དེ་ལས་ཚོད་གྱུར་བཅད་པ་ཡིན་ནོ། །དེ་ལ་ཆོད་པ་རྣམ་བཅད་ཡིན་།ཞེས་བྱ་བ་ལ། ཤུས་པ་དེ་ལས་ཀྱང་རྨ་ནང་དུ་ཞུག་ཤིང་པགས་པ་ཤེས་ཆེར་ཆོད་པར་གྱུར་པ་ནི་བཅད་པ་ཞེས་བྱ་ལ། དེ་ལས་ཀྱང་ཟབ་པར་གྱུར་བ་ནི
་རྣམ་པར་བཅད་པ་ཞེས་བྱའོ།། རབ་འཕྱང་རུས་པར་ལྷག་མ་ལུས། །ལྟུང་བ་ལུས་ལས་བོག་པ་ཡིན། །ཞེས་བྱ་བ་ལ། རབ་འཕྱད་པ་ནི་རུས་པར་ལྷག་མ་ཙམ་ལུས་ཤིང་དེ་དང་འབྲེལ་པ་ལ་བྱ་ལ། ལྟུད་བ་ནི་གང་ལུས
་ལས་ཉིད་ལ་སོགས་པའི་ཚོགས་བོག་ཅིང་ས་ལ་ལྷགས་པ་ལྟུང་བ་ཞེས་བྱའོ། །ཟུག་རྡུ་ཕྲ་མོས་བུག་པ་བུག། ཁོད་པ་མ་རྟོགས་བསྣུན་པ་ཡིན། །ཞེས་བྱ་བ་ལ། མཚོན་རྩེ་མོས་ཕུག་པ་གང་ཡིན་པ་དེ་ནི་ཕུག་པ་ཞེས་བྱ་སྟེ། དེ་ཡང་ཁོང་པ་མ
་གཏོགས་པ་གནས་གཞན་དུ་བསྣུན་པ་ལ་ཕན་ནོ། །སྔ་མ་ལས་གཞན་བཤགས་པ་ཡིན། ཞེས་བྱ་བ་ལ། སྔར་བཤད་པ་ལས་གཞན་པ་སྟེ། །མཚོན་ཁ་ཞེང་ཆེ་བས་བསྣུན་པ་དང། ཁོད་པར་སོང་བ་ལ་ནི་བཤགས་པ། ཞེས་བྱའོ། །ཁྲག་དང་རྐང
་ནི་འདྲེས་གྱུར་པ། །མཚོན་གྱིས་དྲག་ཏུ་བསྣུན་པ་ཡིས། །རུས་བཅས་རྒྱ་ཆེར་གནང་བྲུགས་པ། །ཞེས་བྱ་བ་ལ། གྲུབ་པ་ནི་མཚོན་གྱིས་ཕོག་བའི་རྒྱུ་གང་གིས་ཁྲག་དང་རྐང་འདྲེས་པར་གྱུར་ཅིང། རུས་པ་དང་བཅས་པ་རྒྱ་ཆེར་སྣང་བར་གྱུར་པ་ནི
་གྲུགས་པ་ཞེས་བྱའོ། །དེ་ནས་འཕྲལ་དུ་བྱུང་བའི་རྨ། །ཟུག་གཟེར་ཤིན་ཏུ་ཆེ་བ་ལ། །ཤིང་མངར་མར་དང་བསྐོལ་བའམ། །བ་ལའི་ཏིལ་མར་དྲོ་འཇམ་བླུགས། །ཞེས་བྱ་བ་ལ། འཕྲལ་དུ་རྨ་བྱུང་བ་མི་བཟད་པར་ན་བ་ལ་ནི་ཤིང་མངར་བསྐོལ་བའི་མར་དྲོ
་འཛིན་ཙམ་འཕྲལ་དུ་བླུགས་པར་བྱ་བ་འམ། །ཡང་ན་བ་ལའི་ཏིལ་མ་དྲོ་འཇི་ཙམ་གྱིས་བླུགས་པར་བྱའོ། །སྣང་པའི་ཚ་བ་ཞི་བྱའི་ཕྱིར། །བསྐུ་བ་ལ་སོགས་སྣུམ་པ་དང། །བསིལ་མངར་བའི་སྨན་གྱིས་ནི། །དེ་ཡི་མོད་ལ་བླུགས་པར་བྱ། ཞེས་བྱ་བ་ལ།
་གདན་ཅིང་རྨ་བྱུང་བ་ལས་གྱུར་པའི་ཚ་བ་ཞི་བར་བྱ་བའི་ཕྱིར། །བསྐུ་བ་ལ་སོགས་པའི་བསིལ་བ་དང་མངར་བའི་སྨན་དག་གིས་བསྐུ་བར་བྱའོ། །འཕྲལ་གྱི་རྨ་ནི་རྒྱ་ཆེ་ལ། །སྦྱར་བའི་ཕྱིར་ནི་སྦྲང་རྩི་དང། །མར་གྱིས་མཆོག་ཏུ་བསྐུ་བྱ་ཞིང། །མཁྲིས་འཇོམས
་བསིལ་བའི་གསོ་བ་བྱ། །ཞེས་བྱ་བ་ལ། འཕྲལ་དུ་བྱུང་བའི་རྨ་རྒྱ་ཆེར་གྱུར་པ་སླར་སྦྱར་བའི་ཕྱིར་ནི་སྦྲང་རྩི་དང་མར་སྦྱར་བས་བསྐུས་ན་མཆོག་ཏུ་ཕན། །དེ་བཞིན་དུ་མཁྲིས་པ་སེལ་བའི་གསོ་བ་བསིལ་བ་དག་གིས་བྱ་བ་ཡང་ཕན?་ནོ། །ནད་ཀྱི་རྩོམ་པ་ཆེ་བ་ལ
་སྟེང་དང་འོག་ནས་སྤྱང་བ་བྱ། ཞེས་བྱ་བ་ལ། རྨ་ནད་ཀྱི་རྩོམ་པ་ཆེ་ཞིང་ཤས་ཆེར་འཁྲུགས་པ་ལ་ནི། སྟེང་དང་འོག་ནས་སྐྱུག་སྨན་དང་བཀྲུ་སྨན་གྱི་སྦྱང་བ་བྱའོ། །སྨྱུང་བ་བྱ་ཞིང་འབྲས་ཆན་སྦྱིན། །རྒྱུན་དུ་གཏར་ག་གདབ་པར་བྱ། །ཞེས་བྱ་བ་ལ། ཡང་ན
་ཆབས་ཆེར་གཡོས་པའི་རྨལ་ནི་སྨྱུང་བ་བྱ་ཞིང་ཟད་བཅད་པ་དང། འབྲས་ཆན་ཉུང་ཞིག་སྦྱིན་པ་དང། རྒྱུན་དུ་གཏར་ག་གདབ་ཙང་ཁྲག་དབྱུང་བ་ཕན་ནོ། །ཤུས་དང་གྲུགས་པའང་དེ་ཉིད་དེ། །ཆོ་ག་འདི་ནི་ལྷག་པར་སྦྱར། །དེ་གཉི་ཁྲ་ནི་ཉུང་ཤས་འཛག།
་སྨིན་པའང་འགྱུར་བ་ཉིད་འགྱུར། །ཞེས་བྱ་བ་ལ། ཤུས་པ་དང་གྲུབས་པ་དག་ལ་ནི་བཤད་པའི་ཆོ་ག་འདིར་ག་ལྷག་པར་སྦྱར་བར་བྱ་སྟེ། དེ་ཅིའི་ཕྱི་ཞེ་ན། ཤུས་པ་དང་གྲུགས་པ་དེ་གཉིས་ནི་ཁྲག་ཉུང་ཤས་འཇིག་པར་བྱེད་པས་ན་རྒྱུ་དེའི་ཕྱི་དེ་གཉིས་ནི་མྱུར
་དུ་སྨིན་པར་བྱེད་པ་ཡིན་ནོ། །ཕལ་ཆེར་རྨ་ནི་ཤས་ཆེར་བྱུང། གཞན་ལས་ཁྲག་ནི་བྱུང་གྱུར་ན། །དེ་ཡིས་ཁྲག་ནི་ཟད་གྱུར་པས། །རླུང་འཁྲུགས་ནང་ནི་བསྐྱེད་པ་ལས། །རླུང་འཇོམས་སྨན་དང་བསྐོལ་བ་ཡི། །སྣུམ་བླུད་པ་དང་སྨན་ཆུ་བླུགས། །དུགས་དང་བསྐུ་བ་དང
་བཀྲི་བ་དང། །སྣུམ་གྱི་འཇམ་རྩི་རྣམས་བྲང?་བྱ། །ཞེས་བྱ་བ་ལ?་ཕལ་ཆེར་རྨ་ཚབས་པོ་ཆེ་བྱུང་བ་ལས། རྨ་ལས་གཞན་པའི་ཕྱོགས་ནས་ཁྲག་བྱུང་བར་གྱུར་ལ། རྒྱུ་དེས་ཁྲག་ཟད་པར་གྱུར་ཅིང། །དེས་རླུང་ཤིན་ཏུ་འཁྲུགས་ཏེ་ནད་མི་ཟད་པ་བསྐྱེད་པར་གྱུར་པ་ལ་ནི།
་རླུང་འཇོམས་པའི་སྨན་དང་བསྐོལ་བའི་སྣུམ་བླུགས་པ་ལ་སོགས་པའི་སྦྱོར་བ་བྱའོ། །དེ་ལྟ་ཞག་བདུན་པར་བཤད་པའི། །འཕྲལ་གྱི་རྨ་འབྱུང་ཆོ་གར་བཤད། །ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ཞག་བདུན་གྱི་བར་དུ་བྱ་བར་བཤད་པའི་འཕྲལ
་དུ་བྱུང་བའི་རྨའི་ཆོ་ག་བཤད་པ་ཡིན་ནོ། །ཞག་བདུན་ནས་ནི་ཅུང་ཟད་ནས། །སྔར་བཤད་བའི་ཆོ་ག་བཤད། །ཅེས་བྱ་བ་ལ། རྨ་སར་པའི་ཤུགས་ཟད་པར་གྱུར་ཅིང་ཞག་བདུན་འདས་པའི་འོག་ཏུ་ནི་སྟར་བཤད་བའོ་རྨ་གསོ
་བའི་ཆོ་ག་ཇི་སྐད་སྨོས་པ་བཤད་པར་བྱའོ། །འདི་ནི་ཕལ་ཆེར་སྤྱི་ཆོ་ག་།རེ་རེའི་གསོ་བ་བཤད་བྱ་སྟེ། ཞེས་བྱ་བ་ལ། ཤུས་པ་ལ་སོགས་པའི་རྨ་སར་པ་ལ། འདི་དག་ནི་སྤྱིའི་ཆོ་ག་ཙམ་དུ་ཤད་པ་ཡིན་ཞིང་ཐུན་མོང་གི་གསོ་བར་བསྟེན་པ་ཡིན་ལ། དེ
་རྣམས་ཀྱི་རེ་རེའི་གསོ་བ་ནི་ང་བཟོད་བཤད་པར་བྱའོ། །ཤུས་ལན་བ་མྱུར་བསལ་ཕྱིར། །རྨལ་ཕན་པའི་ཕྱེ་མ་གདབ། །བཅང་པ་རྨ་སེལ་ལྡེ་གུ་བསྐུ། །ཞེས་བྱ་བ་ལ། ཤུས་པའི་རྨ་ལ་ནི་ནད་དེ་མྱུར་དུ་བསལ་བའི་ཕྱིར། །རྨལ་ཕན་པའི་ཕྱེ་མ་གདབ་པར་བྱའོ།།
་བཅད་པའི་རྨ་ལ་ནི་རྨལ་ཕན་པའི་སྨན་གྱི་ལྡེ་གུས་བསྐུ་བར་བྱའོ། །རྣམ་པར་བཅད་དང་རབ་འཕྱར་ལ། །ཆོ་ག་བཞིན་དུ་བཅོམ་པ་དང། བཅིང་བ་དང་ནི་བཅིར་བར་བྱ། །ཞེས་བྱ་བ་ལ། རྣམ་པར་བཅད་པ་དང་རབ་ཏུ་འཕྱང་བའི་རྨལ་ཧི་སྔར་ཇི་སྐད་བཤད་པ
་བཞིན་དུ་བཙེམ་པར་བྱ་བ་འམ། དེ་བཞིན་དུ་བཅིང་བ་དང། བཙིར?་བའི་སྦྱོར་བ་དག་བྱའོ། །མིག་བཅར་ན་ནི་གསོར་མི་རུང། །ཞེས་བྱ་བ་ལ། མིག་གི་འབྲས་བུ་བཅར་ཅིང་ཉམས་བར་གྱུར་པ་དེ་གསོར་མི་རུང་ངོ། །མ་ཞར་ཕྱིར་ནི་འཕྱང་བ་དང། རང་གི
་གནས་སུ་ལེགས་བཞག་ཅིང། །རྩམ་འཆོལ་བར་བྱས་ནས་ནི། །པདྨའི་འདེབ་མས་གཡོགས་ནས་ནི། །ལག་པས་དལ་གྱིས་མནན་པར་བྱ། །ཞེས་བྱ་བ་ལ། །མིག་གང་ཞར་བར་མ་གྱུར་ལ། གནས་ལ་འཕགས་ཏེ་ཕྱིར་འབྱར་བར་གྱུར་པ་དེ་ནི། །རང་གི
་གནས་སུ་ལེགས་པར་མ་འཆུགས་པར་བཞག་སྟེ། རྩམ་འཆོལ་བར་བྱིས་ལ། སྨན་པ་སྨེལ་ཞིང་མ་གྱུར་པར་བཞག་ལ། དེའི་འོག་ཏུ་པདྨའི་འདབ་མས་གཡོགས་ལ་དེའི་སྟེང་ནས་སྨན་པའི་ལག་པས་དལ་གྱིས་མནན་པར་བྱའོ། །དེ་ནས་ཤིང་མངར
་ཛི་བ་ཀ་།ཟངས་རྩི་བ་དང་ཨུཏཔལ་མར་དང་འོ་མ་བསྐོལ་བའི། །སྨན་ཐིགས་བླུགས་དང་སྣ་སྨན་དང། །རྟ་བའི་ཆོ་གདག་ཀྱང་བྱ། །མིག་ནད་ཐམས་ཅད་སེལ་མཆོག་ཡིན། །ཞེས་བྱ་བ་ལ། དེའི་འོག་ཏུ་མིག་དེ་ལ་ཤིང་མངར་ལ་སོགས་པའི་ལྡེ་གུ་དང་འོ་མར་འོ་མར་བཅས་པ
་བསྐོལ་བའི་སྣ་སྨན་ལ་སོགས་པ་བྱ་བ་སྟེ། གང་གི་ཕྱིར་དེ་ནི་མིག་ནད་པ་ཐམས་ཅད་སེལ་བར་བྱེད་པའི་མཆོག་པའི་ཕྱིར་རོ། །མིག་ཕུགས་ཞུགས་ལ་མ་གུལ་བ་བསྔམ། །སློན་དང་ལུད་པ་སྤྲིད་པ་བྱུང། །ཡང་ན་དབུག་པ་འབྱུང་དབུགས་བརྡུབ་བསྡམ། །རྨ་བྱུང
་མིག་གི་གསོ་བ་བྱ། །ཞེས་བྱ་བ་ལ། མིག་ཕུགས་སུ་ཞུགས་ཤིང་གཏེར་དུ་བྲོས་པ་ལ་ནི་མགུལ་བ་བསྔམ་པར་བྱ་བ་དང། སློན་ཞིང་སྐྱུག་པ་དང་ལུད་པ་དང་སྤྲིད་པ་འབྱུང་བར་བྱ་བ་དང། ཡང་ན་དབུགས་འབྱུང་བ་དང། བརྡུབ་པ་བསྔམ་པར་བྱ་བ་དང། དེ་བཞིན་དུ
་རྨ་བྱུང་བའི་མིག་གི་གསོ་བ་ཇི་སྐད་བཤད་པ་དག་བྱའོ། །རྨ་བ་བགོ་པ་བཙེམས་ནས་ནི། །བུ་ག་ཏིལ་མར་དག་གི་དགང། །ཞེས་བྱ་བ་ལ། རྣ་བ་གནས་ལས་བོག་པ་ལ་ནི་དེ་འགས་པར་བཙོམས་ལ་རྣ་བའི་སར་ཏིལ་མར་གྱིས་དགར་བར་བྱའོ། །ལྟག་པའི་སུམ
་མདོ?་ཆོང་གྱུར་ཏེ། རླུང་ནི་འབྱུང་བར་གྱུར་པའམ་མཉམ་དུ་བཞག་སྟེ། བར་མཚམས་ནི། །མེད་པར་བཙོམས་ལ་བཅིང་པར་བྱ། །ཞེས་བྱ་བ་ལ། ལྟག་པའི་སུམ་མདོ་ཆོད་པར་གྱུར་ཏེ་རླུང་བྱུང་བར་གྱུར་ན་ལྷག་པ་དེ་མཉམ་པོར་བཞག་སྟེ། ལེགས་པར་བཙེམས
་པ་དེའི་འོག་ཏུ་རིག་པའི་བཅིང་བས་བཅིང་བར་བྱའོ། །དེ་ལ་རའི་མར་སར་གྱིས་བླུགས་པ་དག་ནི་རབ་ཏུ་བསྔགས། །ཞེས་བྱ་བ་ལ། དེ་ལྟར་བཅིངས་པའི་ལྷག་པ་དེ་ལ་རའི་མར་སར་བླུགས་པ་དག་ཕན་ནོ། །གན་རྒྱལ་གཞག་སྟེ་ཁ་ཟས་སྦྱིན། །ལེགས་པར
་སྤྱོད་ལམ་བསྐམས་ཏེ་ཉལ། །ཞེས་བྱ་བ་ལ། ལྟག་པར་ཆོད་དེ་བཅིངས་པ་ནི་ཁ་ཟས་ཀྱང་གན་རྒྱལ་དུ་བཞག་སྟེ་ཟར་བཞུགས་པ་དང། དེ་བཞིན་དུ་ཉལ་བ་ན་ཡང་རྨ་ལ་མ་གནོད་པར་ཉལ་དུ་བཞུག་པར་བྱའོ། །ཡན་ལག་ཐད་ཀར་གནས་པ་ཡི། །རྨ་བྱུང
་ཡན་ལག་ལེགས་བཞག་སྟེ། བཙེམས་ལ་དཀྲི་ཞིང་བཅིང་བྱ་ཞིང། །གོས་ནི་ཐུགས་པོས་བཅིང་བར་བྱ། །ཞེས་བྱ་བ་ལ། ལག་ངར་དང་བྱིན་བདག་ཏུ་ཐད་ཀར་གནས་པའི་རྨ་བྱུང་བ་ལ་ནི་ཡན་ལག་ལེགས་བཞག
་སྟེ། དམ་དུ་བཙམས་ལ། དེའི་འོག་ཏུ་ཆིང་སེམས་དཀྲི་ཞིང་གོས་འཐུག་པོས་བཅིང་བར་བྱའོ། །པགས་པའི་འུར་མཐིལ་བཅིངས་པས་ནི། །ཕྲག་པའི་རྨ་ལ་བཅིང་བར་བྱ། །ཞེས་བྱ་བ་ལ། ཕྲག་པ་རྨ་བྱུང་བ་ལ་ནི། པགས་པ་ལས་འུང་མཐིལ་ལྟ་བུའི
་བཅིང་བར་བྱའོ། །རླིག་པའི་འཕྱེད་ལ་སྒང་པར་ནི། །སྦུ་གུས་ཆུ་ནི་གཏོར་ནས་ཀྱང། །རིག་པ་བཅུག་སྟེངས་བལ་དང། བཅས་པའི་ཁབ་ཀྱིས་བཅོམ་པར་བྱ། །འུར་མཐིལ་བཅིང་བར་བྱ་བ་ལ། རྐེད་པ་ནས་ནི་སྲད་བུས་གདགས། །ཞེས་བྱ་བ་ལ།
་རླིག་པ་འཕྱར་བར་གྱུར་པ་ལ་ནི། །རྐང་པ་ཆུའི་ནང་དུ་བཅུག་ཅིང་མིག་ཆུས་གཏོར་ལ། རླིག་པ་སླར་བཅུག་སྟེངས་བལ་གྱི་སྐུད་པ་དང་བཅས་པའི་ཁབ་ཀྱི་བཅོམ་པར་བྱའོ། །དེ་ལྟར་བཙེམས་ནས། མདོའི་གནས་ལས་སྨོས་པའི་འུར་མཐིལ་འདྲ་བའི
་བཅིང་བས་བཅིངས་ལ་རྐེད་པ་ནས་ཆིངས་མའི་སྲད་བུས་སྟོད་པར་བྱའོ། །དེར་ནི་རྨ་ནི་འདྲུལ་གྱུར་པས། །སྣུམ་དང་དུགས་ཀྱི་ལས་མི་བྱ། ཞེས་བྱ་བ་ལ། རླིག་པ་འབྱུང་བའི་རྨ་དེ་ལ་ནི། སྣུམ་དང་དུགས་ཀྱི་ཆོ་ག་བྱར་མི་རུངས་སྟེ། རྨ་འདུལ་བར་བྱེད་པའི
་ཕྱིར་རོ། །དྲིལ་ཡངཀུ་དང་ཨ་ཀ་རུ། །སུག་སྨེལ་ཛ་ཏི་པརྠ། །ཙན་དན་ལྡོང་རོས་སྐྱེད་པ་དང། །སླེ་དྲེས་དང་ནི་སྤངས་མ་དང། །ཏིལ་མར་བསྐོལ་པས་རྨ་འཚོ་བ་བྱེད། །ཅེས་བྱ་བ་ལ། །པྲི་ཡངཀུ་ལ་སོགས་པ་དན། སྐོལ་དའི་ཏིལ་མར་གྱིས་ནི་རླིག་པ་འབྱུང་བའི
་རྨ་འཚོ་བ་པར་བྱེད་པའི་ཕྱིར་རོ། །པྲི་ཡངཀུ་ནི་ཀ་རུ་ནུ་སར་ཏེ། ལ་ལ་ནི་འདིར་པྲི་ཡངཀུ་མ་ཡིན་གྱི་ཐལ་དྲེས་ནག་པོ་ཀྲི་སྣ་ཤ་རི་པ་ཞེས་བྱ་བ་ཡིན་ཞེས་ཟེར་རོ། །ཡན་ལག་མ་ལུས་ཅད་པ་ལ། ཏིལ་མར་བསོལ་བས་སྲེགས་ནས་ནི། སྒྱེའུ་འཆིད་པས་བཅིང
་མཛར་བར་བྱ། །དེ་ནས་རྨ་ལྟར་གསོ་བར་བྱ། ཞེས་བྱ་བ་ལ། ལག་དར་རམ་བྱིན་པ་ལྷག་མ་མ་ལུས་པར་འུར་པོར་ཆད་པ་ལ་ནི་ཏིལ་མར་བསྐོལ་བའི་ནད་དུ་བསྲེགས་ལ་སྔར་བཤད་པའི་ནང་དུ་བཅིངས་ཏེ། དེའི་འོག་ཏུ་རྨ་གསོ་བའི་ཆོགས་གསོ་བར་བྱའོ།།
་ཕུག་པ་ཟུག་རྔུ་དབྱུང་བས་གསོ། །གྲུགས་དང་ཆག་གྲུགས་གསོ་བར་བྱ། །ཞེས་བྱ་བ་ལ། ཕུག་པའི་རྨ་ནི་ཟུག་རྔུ་འབྱུང་བའི་གསོ་བ་ཇི་སྐར་སྔར་མདོའི་གནས་སུ་བཤད་པ་བཞིན་གསོ་བར་བྱའོ། །གྲུབ་པ་ནི་ཆག་གྲུགས་གསོ་བའི་ལེའུ་ལས་ཇི་སྐད་སྨོས
་པ་ལྟར་གསོ་བར་བྱའོ། །མགོ་བའི་ཟུག་རྡུ་བྱུར་བ་ལ། སྒྲ་ཡི་ཡེའུ་གཞུག་པར་བྱ། །གཞན་དུ་ཀླད་རྒྱུས་འཛག་པ་ཡིས། །རླུང་འཁྲུགས་དེ་ནི་གསོད་པར་འགྱུར། །ཞེས་བྱ་བ་ལ། མགོ་བོའི་ཟུག་རྔུ་དབྱུང་བ་ལ་ནི་སྐྲའི་ཡེའུ་གཞུག་པར་བྱའོ། །གཞན་དུ་དེ་ལྟར་མི
་བྱས་ན་ཀླང་རྒྱས་ཞེས་བྱ་བ་འཛག་པར་འགྱུར་བ་ལས་རླུང་འཁྲུགས་ཏེ་ནད་པ་དེ་གསོད་པར་འགྱུར་རོ། །རྨ་འཚབས་ནས་ནི་རིམས་གྱིས་ནི། །སྐྲ་ནི་དལ་གྱིས་དབྱུང་པར་བྱ། །ཞེས་བྱ་བ་ལ། རྨད་འཆབས་ནས་ནི་སྐྲ་དེའི་རེ་ནས་རིམས་ཀྱིས་དལ་གྱིས་དབྱུང་བར་བྱའོ།།
་ཀླད་རྒྱས་འཛག་ལ་སྲོགས་ཆགས་ནི། གཞན་གྱི་ཀླང་པ་སྦྱིན་པར་བྱ། ཞེས་བྱ་བ་ལ། ཀླག་རྒྱས་འཛག་པར་གྱུར་ན་སྲོག་ཆགས་གཞན་དག་གི་ཀླད་པ་དང། མགོ་བོར་བཅས་པ་སྦྱིན་པར་བྱའོ། །གཞན་ལས་ཟུག་རྔུ་ཕྱུང་ནས་ནི། །རྨ་དེར་རེད་བུ་སྣུམ
་ཅན་གཞུག། ཅེས་བྱ་བ་ལ། ཡན་ཡག་གཞན་དག་ལས་བྲུག་རྡུ་ཕྱུང་ནས་ནི་རྨ་དེ་ལ་རེང་བུ་ཡེའུ་སྣུམ་ཅན་གཞུག་པར་བྱའོ། །ཕུགས་རིངས་ཁ་ནི་ཆུད་པ་དག། རྨ་གང་རྣག་དང་ཁྲག་འཇིག་ལ། འཁོར་ལོས་བཙིར་བའི་ཏིལ་མར་བླུགས། །དེ་ནི་སྤུ་གུ་ཆུང་ངུ
་བཏང། །ཞེས་བྱ་བ་ལ། རྨག་དབུགས་རིངས་གཏིད་དུ་ཟབ་པ་དང། རྨ་ཁ་ཆུད་ཞིང་ཕྲ་བ་དང། རྣག་དང་ཁྲག་འཛག་པར་གྱུར་པ་ལ། འཁོར་ལོས་བཅིང་བའི་ཏིལ་མར་སད་པ་བླུགས་ཤིང་དེ་སྤུ་གུ་ཆུང་ངུ་ལས་ནང་དུ་བཏང་བར་བྱའོ། །ཁོང་པ་བརྟོལ་ཏ་ཁྲག་གཏིལ?
་དགང། བརྒྱལ་ཞིང་སྙིང་ག་རྩི་བ་ལོགས་ན། །རིམས་འདེབས་ལུས་ཚ་ལྟོས་སྦོས་སྐོམ། །ཟས་ལ་སྔོན་པར་མི་དགའ་ཨི་ཞིང། །བཤད་དང་གཅི་དང་བྱོ་མ་འགགས་ལ། །མིག་དམར་རྡུལ་འབྱུང་དབུགས་མི་བདེ།།
་ཁ་ན་ཁྲག་གི་དྲི་བྲོ་ཞིང། །ལུས་ཀྱང་དྲི་མི་ཞིམ་པར་འགྱུར། །ཞེས་བྱ་བ་ལ། ཁོད་པའི་ནང་གྲོལ་རྟོལ་ཏེ། ཁྲག་གིས་གདན་ན་ནི་ཁྲག་སྐྱུག་པ་ལ་སོགས་པར་གྱུར་ཏེ། མི་ཞིམ་པའི་བར་དུ་འགྱུར་རོ། །མ་ཞུའི་གནས་ན་གནས་པའི་ཁྲག
་ཁྲག་ཏུ་ཡང་ནི་སྐྱུག་པར་བྱེད། །ཤིན་ཏུ་དགས་ཆེར་ལྟོ་སྤོ་ཞིང། །གཟེར་ནད་ཀྱིས་ཀྱང་གནོད་པར་བྱེད། །ཅེས་བྱ་བ་ལ། ཁྲག་དེ་མ་ཞུ་བའི་གནས་ན་འདུག་ན་ནི་ཁྲག་སྐྱུག་པ་ལ་སོགས་པ་འགྱུར་རོ། །ཞུ་བའི་གནས་ན་གནས་པའི་ཁྲག།
་གཟར་བཅས་ལུས་ནི་ལྕི་བར་བྱེད། །ལྟེ་བ་མན་ཆད་གྲང་བ་དང། བུ་ག་ལས་ཀྱང་ཁྲག་འབྱུང་འགྱུར། །ཞེས་བྱ་བ་ལ། ཁྲག་དེ་ཞུ་བའི་གནས་ན་འདུག་ན་ནི་གཟེར་བ་དང་བཅས་ཤིང་ལུས་ལྕི་བ་ལ་སོགས་པར་འགྱུར་རོ། །གནས་ནི་ཞིག
་པར་ལ་གྱུར་ཀྱང། །ཁྲག་ནི་འཇིག་པར་གྱུར་པ་ཡིས། །བུ་ག་ལས་འགེངས་བྱེད་དེ། །ལྒང་པའི་ངོས་རང་འགོངས་པ་འདྲེ། །ཞེས་བྱ་བ་ལ། གནས་ཞེས་བྱ་བ་ཁོང་པའི་ནང་གྲོལ་ཞིགས་བར་མ་གྱུར་ཀྱང་ཁྲག་འཛག་པར་གྱུར་པས་ངོས་ཀྱི་བུ་ག
་ནས་ལྟོ་བར་སྣོད་འགེངས་པར་བྱེད་དེ། །དཔེར་ན་གཅིན་འཛག་པ་ཡང་སྒང་པའི་ངོས་ཀྱི་བུ་ག་ནས་ཞུགས་པས་ནང་དུ་འགེངས་པར་བྱེད་པ་དང་འདྲའོ། །ཁྲག་ནད་ཡོད་པ་དེ་ལ་ནི། རང་ལག་ཁ་དང་དབུགས་གྲང་ཞིང། །མིག་དམར་གདོང་ནི
་སྐྱ་བ་དང། །ལྟེ་སྤོ་བ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། དེ་ལ་ནང་གྲོལ་རྡོལ་ཞིང་ནང་ན་ཁྲག་ཡོད་པ་དེ་ནི་རྐང་པ་དང་ལག་པ་དང། ཁ་དབུགས་གྲང་བ་དང། མིག་དམར་བ་ལ་སོགས་པ་ཡིན་ཏེ། དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །མ་ཞུང
་གནས་ལ་སྐྱུག་སྨན་བཏང། ཞེས་བྱ་བ་ལ། མ་ཞུ་བའི་གནས་ན་ཁྲག་ཡོད་པའི་མི་ལ་ནི་སྐྱུགས་སྨན་བཏང་བར་བྱའོ། །ཞུ་བའི་གནས་ལ་གནས་པ་ལ། བཀྲུ་སྨན་དང་ནི་ནི་རུ་ཧ། །སྣུམ་མེད་དྲོ་བས་སྦྱར་བར་བྱ། །ཞེས་བྱ་བ་ལ། ཁུ་བའི་གནས་ལ་ཁྲག
་གནས་པ་ལ་ནི་བཀྲུ་སྨན་དང་ན་རུ་ཧ་སྣུམ་མེད་པ་དང་དྲོ་བ་བཏང་ལ་སྦྱང་བར་བྱའོ། །ནས་དང་རྒྱ་ཤུག་རྒྱ་སྲན་གྱི། །ཁུ་བ་སྣུམ་ནི་མེད་པ་དང། །ནས་ཐུག་ཁ་ཟས་ཟ་བ་དང། །ལྕེ་མྱང་ཚ་དང་ལྡན་པ་སྦྱིན། །ཞེས་བྱ་བ་ལ། དེ་ལྟར་སྦྱར་བ་བྱས་ནས། །ནས་ལ
་སོགས་པའི་ཁ་ཟས་སྣུམ་པ་མེད་པ་དང། ནས་ཐུགས་ལ་སོགས་པ་ལྕེ་མྱ་འཚོ་དང་ལྡན་པ་སྦྱིན་པར་བྱའོ། །ཁྲག་ནི་མང་དུ་འཇག་པ་དང། ཁོད་པ་ནད་ལ་ཁྲག་བླུད་བྱ། །ཞེས་བྱ་བ་ལ། ཁྲག་མང་དུ་འཛག་ཅིང་ཁོད་པ་སྣད་ཅིང་འཁྲུག་པ་ལ་ནི་གཞན་དག་གི་ཁྲག
་བླུད་པར་བྱའོ། །སྒྱུ་མ་འབྱར་དང་ཆད་ཉེ་བར། །ཁོད་པ་གནད་པ་གཉིས་སུ་ཤད། །ཅེས་བྱ་བ་ལ། ཁོང་པ་སྣད་ཅིང་བརྟོལ་པ་ནི། རྒྱུ་མ་འབྱར་བ་དང། རྒྱུ་མ་ཆད་པའི་དབྱེ་བ་རྣམ་པ་གཉི་སུ་བཤད་དོ། །དང་པོ་རྒྱལ་སོགས་ཆུང་བ་ཡིན། །གཉིས་པ་ཤས་ཆེར་གནོད་པ
་བྱེད། ཅེས་བྱ་བ་ལ། དང་པོ་རྒྱུ་མ་འབྱར་བ་ནི། རྒྱལ་བ་སོགས་པའི་གནོད་པ་ཆུད་པ་ཡིན་ལ། གཉིས་པ་རྒྱུ་མ་ཆད་པ་ནི་ཤིན་ཏུ་གནོད་པ་བསྐྱེད་པ་ཡིན་ནོ། །རྒྱུ་མ་འབྱར་བ་ཐེ་ཚོམ་བཅས། །རྒྱུ་མ་ཆད་པ་འཆི་མི་འགྱུར། །ཞེས་བྱ་བ་ལ། །རྒྱུ་མ་རྡོལ་ཞིང་འབྱར་བ་ནི
་འཚོའམ་མི་འཚོ་ཐེ་ཚོམ་དང་བཅས་པ་ཡིན་ལ། རྒྱུ་མ་ཆད་པ་ནི་ངེས་པར་འཆི་བ་ཡིན་ནོ།། གང་གི་བཤད་དྲང་གཅི་དང་བྱེ་ན། །རང་གི་ལམ་ནས་བྱུང་གྱུར་ལ། བླ་གཉིས་མེད་པར་རྟོལ་གྱུར་ཀྱང། །འཚོ་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་བྱ་བ་ལ། གང་གི་ནང་གྲོལ་རྡོལ
་ཡང་བཤད་པ་ལ་སོགས་པ་རང་གི་རྒྱུ་ལམ་ནས་ལུགས་བཞིན་དུ་འབྱུང་བ་དང། །བླ་གཉན་གྱི་ནད་མེད་པ་དང་ནི། །རྡོལ་བ་ཡིན་དུ་ཟིན་ཀྱང་ངེས་པར་འཚོ་བར་འགྱུར་རོ། །མ་རྡོལ་རྒྱུ་མ་འབྱུང་བ་ནི། །གཞུག་པར་བྱ་ཞིང་གཞན་དུ་མིན། །ཞེས་བྱ་བ་ལ། རྒྱུ་མ་བརྡོ?་ལ
་ཅིང་འཕྲལ་དུ་བྱུང་བ་ནི་སླར་བཅུག་ན་འཚོའི་དེ་ལ་གཞན་དུ་ཆད་པར་གྱུར་པ་ནི་ལར་བཅུག་ཀྱང་མི་འཚོ་བོ། །གྲོག་མའི་མགོ་པོ་བཅད་ནས་ནི། །དེ་ཡང་གཞུག་ཅེས་ལ་ལ་སྨྲ། །ཞེས་བྱ་བ་ལ། སློབ་དཔོན་ལ་ལ
་དག་ནི་རྒྱུ་མ་རྡོལ་པ་ཡིན་ཡང་གྲོག་མའི་མགོ་བོས་ཁ་བཀག་ལ་སླར་གཞུག་པར་བྱའོ། །ཞེས་ཟེར་རོ། །རྡུལ་དང་ཁྲག་དང་ཚ་ཡིས་གསོ། །འོ་མས་ལེགས་པར་བཀྲུས་ནས་ནི། །སེན་མོ་བྲེགས་ཏིལ་མར་གྱིས་བསྐུས། །རིམས་ཀྱིས་ལེགས་པར
་གཞུག་པར་བྱ། ཞེས་བྱ་བ་ལ། རྒྱུ་མ་གསར་དུ་ཕྱི་ཕྱིར་བྱུང་བ་དེ་རྡུལ་དང་ཁྲག་ལ་སོགས་པ་གོས་པའོ། །འོ་མས་བཀྲུས་ལ་མར་གྱིས་བསྐུས་ཏེ། སྲེན་མོ་བྲེགས་པའི་ལག་པས་རིམས་ཀྱིས་དལ་བུས་གཞུག་པར་བྱའོ། །སྐམ་པོ་འོ་མས
་བྱུགས་ནས་ནི། །མར་སར་མང་པོས་བསྐུ་བར་བྱ། །ཞེས་བྱ་བ་ལ། རྒྱུ་མ་སྐམ་པོ་ནི་འོ་མས་སྤངས་ལ་བཀྲུས་ཏེ་མར་སར་པ་མང་པོས་བསྐུས་ལ་གཞུག་པར་བྱའོ། །སོར་མོས་མགུལ་བ་མཉེ་བ་དང། །ཆུ་ཡིས་ཀྱང་ནི་ཏོར་བར་བྱ། །དེ་ལྟར
་རྒྱུ་མ་ནང་ཞུགས་ནས། དེ་ཡི་ཆེ་ན་བཅིང་བར་བྱ། །ཞེས་བྱ་བ་ལ། རྒྱུ་མ་བྱུང་བར་གྱུར་པ་ལ། སོར་མོས་མགུལ་བ་མཉེས་པ་དང། ཆུས་གཏོར་ནས་སྡངས་པར་བྱས་ཏེ། དེ་ལྟར་བྱས་ན་རྒྱུ་མ་དེ་ནང་དུ་གཞུག་པར་བྱ་ལ་དེ་ནས་དུས་གཞན་དུ
་རྒྱུ་མ་བཅིང་བར་བྱའོ། །རྨོ་ཁ་ཆུད་དང་སྦོམ་པ་ཡིས། །རྒྱུ་མ་ཁོད་པར་མ་ཆུད་ན། །དེ་ནི་ཚད་ཙམ་ལྟོ་བ་ནི། །དཔྲལ་ཏེ་ནང་དུ་གཞུག་པར་བྱའོ། །ཞེས་བྱ་བ་ལ། །རྨ་ཁ་ཤིན་ཏུ་ཆུང་བའམ། རྒྱ་མ་སྤོམ་པའི་རྒྱུས་ནད་དུ་མ་ཆུད་ན། རྒྱུ་མའི་ཚད
་ཙམ་ལྟོ་དཔྲལ་ཏེ་རྒྱུ་མ་ནང་དུ་གཞུགས་པར་བྱའོ། །གནས་སུ་ལེགས་པར་འདུག་གྱུར་ནས། དེ་རྗེས་རྒྱུ་མའི་རྨ་བ་ཙམ་བྱ། །ཞེས་བྱ་བ་ལ། རྒྱུ་མའི་གནས་སུ་མ་འཕྱུགས་པར་ཆུད་ན་ནི་དེའི་འོག་ཏུ་རྨ་ལེགས་པར་བཅོམ་པར་བྱའོ། །དེ་ནས
་སུ་ལེགས་པར་མ་བཞག་ན། དེ་ནི་འཁྲུགས་པས་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱུ་མ་དེ་གནས་ལས་འཕྱུགས་ན་ནི་སྐྱེས་དུ་དེ་འཆི་བར་འགྱུར་རོ། །དེ་རྗེས་རས་ཀྱིས་དཀྲིས་ནས་ནི། །མར་གྱི་ས་བསྐུ་ཞིང་བླུགས་པར་བྱ། །ཞེས་བྱ་བ་ལ། དེའི
་འོག་ཏུ་རྨ་དེ་རས་ཀྱི་མ་དཀྲིས་ལ། མར་བསྐུ་ཞིང་བླུགས་པར་བྱའོ། །དེ་ནས་ད་ཏ་ཏིལ་མར་དང། སྦྱར་བའི་འོ་མ་དྲོ་འཇམ་བླུད། །དེས་ནི་བཤར་བ་སྙི་བ་དང། རླུང་ནི་བདེ་བར་འབྱུང་བར་འགྱུར། །ཞེས་བྱ་བ་ལ། དེའི་འོག་ཏུ་བཤད་པ་འཇམ་པར་བྱ་ཞིན་རླུང
་བདེ་བར་འབྱུང་བར་བྱ་བའི་ཕྱིར་ངན་པ་དང། ཏིལ་མར་སྦྱང་བའི་འོ་མ་དྲོ་འཇམ་ཙམ་བླུད་པར་བྱའོ། །ཇི་སྐད་བཤད་པའི་སྤྱོད་པ་བསྲུང། །ལོ་གཅིག་བར་དུ་འབད་པར་བྱ། །ཞེས་བྱ་བ་ལ། དེ་ལར་བྱས་ནས་ཆ་དཔྱད་ཀྱི་ལམ་ནས་བཤད་པའི་སྤྱོད་པ་ལོ་གཅིག
་གི་བར་དུ་བསྲུང་བར་བྱའོ། །ལྷོ་ལས་ཚིལ་ནི་བྱུང་གྱུར་ན། །ཐལ་བ་འམ་ནི་ས་དག་གམ། རོ་བསྐ་བ་ཡི་རྩ་བ་དང། །ཞིབ་ཏུ་བཏགས་པས་བཏབ་ནས་ནི། །དེ་ནས་སྲེད་བུས་དམ་དུ་བཅིང། །སྨན་པས་མཁས་པས་བཙར་བྱ་ལ། དེ་ཡང་མཚོན་རྣོན་པོ་མེས་བསྲེགས
་པས་ལན་ཅིག་ཁོ་ནས་བཅད་པར་བྱའོ། །གཞན་དུ་བྱས་ན་གཅོད་པའི་ཚེ། །ན་ཞིང་སྤོ་འམ་འཆི་བར་འགྱུར། །ཞེས་བྱ་བ་ལ། རྣམ་པ་ཞན་དུ་བྱས་ན་བཅོད་པའི་ཚེ་ན་ཞིང་སྤོ་བ་ལ་སོགས་པ་འབྱུང་བར་འགྱུར་བ་འམ། ཡང་ན་འཆི་བར་འགྱུར་རོ། །སྦྲང
་རྩི་བཅས་པས་ཟླ་བཅིངས་ལ། །ཁ་ཟས་ཞུ་ནས་འོ་མ་མར། །དནྟི་རྒྱ་སྐྱེགས་གཟེར་མ་དང། །ཤིང་མངར་ཁར་བསྐོལ་བ་བླུད། །ཤིང་མང་བཅས་པ་སྔར་གྱི་ནི། །ཆོ་ག་ན་དད་ཆབ་སེལ། །ཞེས་བབྱ་བ་ལ། རྨ་དེ་སྦྲང་རྩི་དང་བཅས་པའི་ཆིང་སེམས་བཅིངས་ལ།།
་ཁ་ཟས་བྱིན་པ་ལེགས་དང་ཞུ་བར་གྱུར་ནས། དནྟི?་ལ་སོགས་པ་དང། ཤིང་མངར་དང་མར་བསྐོལ་བ་འམ། ཤིང་མངར་དང་འོ་མ་བསྐོལ་བས་བླུད་པར་བྱ་སྟེ། དེ་གཉི་ཀྱང་ན་བ་དང་ཚ་བ་སེལ་བར་བྱའོ། །དེའི་འོག་ཏུ་ནི་སྔ་མའི་ཆོ་ག་བཤད་པར་བྱའོ།
་ཚིལ་གྱི་རྨིན?་བུ་བཤད་པ་ཡིས། །ཏིལ་མར་བསྐུལ་ན་ཕན་པ་ཡིན། །ཞེས་བྱ་བ་ལ། དེ་ལ་ཚིལ་བྱུང་བའི་རྨ་ལ་ནི། ཚིལ་གྱི་རྨིན་བུ་ནང་གསོ་བའི་སྐབས་སུ་བཤད་པའི་ཏིལ་མར་བསྐུས་ན་ཡང་ཕན་ནོ། །ཕལ་བུའི་ལོ་མ་ཤུག་པ་དང།།
་སྤར་སྤོས་ཧ་རི་ནུ་ཀ་དང། ། ཀ་རུ་དང་ཙན་དན་དང། །པདྨའི་ས་བོན་སེར་པོ་གཉིས། །ུ་ཤི་ར་དང་ཤིང་མང་བཅས། །བསྐོལ་བས་འཕྲལ་གྱི་རྨལ་ནི། །འཚོ་བར་བྱེད་པའི་དམ་པར་བཤད། །ཅེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོགས་པ་དང། ཏིལ་མར
་བསྐོལ་བ་ཡང་འཕྲལ་དུ་རྨ་འཚང་བར་བྱེད་པ་ཡིན་ནོ། །མཚན་གྱིས་བསྣུམ་ན་མི་མངོན་པ། །གཡངས་མཐོན་པོ་ནས་ལྟུང་བ། །རླུང་མཁྲིས་འཇོམས་སྨན་འདྲངས་པ་དང། །མཉེ་དང་བསྐུ་དང་སྤྱད་པ་བྱ། །ཞེས་བྱ་བ་ལ། སྐྱེས་བུ་མཚོན་གྱིས་བསྣུན་པའི
་རྨ་མི་མངོན་པར་གྱུར་པ་དང། དེ་བཞིན་དུ་གཡངས་མཐོན་པོ་ནས་ལྷུང་བར་གྱུར་པ་ལ་ནི། རླུང་དང་མཁྲིས་པ་འཇོམས་པའི་སྦྱོར་བ་དང། འདྲངས་པ་ལ་སོགས་སྦྱོར་བ་བྱའོ། །ལུས་ཚིགས་ཕྱེད་དང་མཉེས་པ་དང། །གནད་དུ་བསྣུན་པས་ཉེན་པ་ལ།
་སྣོད་ཆེན་ཏིལ་མར་གྱིས་བཀང་བ། །གཞུག་ཅིང་ཤ་ཁུ་སྦྱིན་པར་བྱ། །ཞེས་བྱ་བ་ལ། མི་གང་ལུས་ཀྱི་ཚིག་བྱེད་པར་གྱུར་པའམ། ཉེས་ཞིང་དཀྲུགས་པའམ་གནད་དུ་བསྣུན་པས་མཉེན་པ་ནི་གཞོད་པ་ལ་སོགས་པའི་སྣོད་ཆེན་པོ་ཏིལ་མར་གྱིས
་བཀང་བའི་ནད་དུ་ལུས་སྤྱིར་ཞིང་ཤ་ཁུ་སྦྱིན་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི
་ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཆ་ག་གྲུགས་གསོ་བ་བཤད་པར་བྱའོ། །ལྷུང་དང་སྣད་སོགས་ཀྱི་རུས་ཚིགས། །ཚིགས་དང་ཚིགས་མིན་ཆག་གྱུར་གཉིས། །ཞེས་བྱ་བ་ལ། རུས་པ་ཆག་པའི་དབྱེ་བ་གཉིས་ཏེ།།
་ཡང་ན་ལྷུང་བ་ལ་སོགས་པའི་རྒྱུ་ལས་ཚིགས་བྱུང་ཞིང་ཆག་པ་དང་ཚིག་མ་ཡིན་པར་ཆགས་པའོ། །ཚིགས་བྱུང་གྱུར་ན་རྐྱང་ནས་བསྐུམ། །ནུས་པ་མེད་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་ཚིགས་བྱུང་བར་གྱུར་པ་དེའི་ཚེ་ནི་ཚིགས་དེའི་ཕྱོགས་སུ་རྐྱང་པ
་པ་སྐུམས་པ་མི་ནུས་པར་འགྱུར་རོ། །གཞན་དག་ཤིན་ཏུ་ཀད་པ་དང། གནས་སྐབས་ཀུན་ཏུ་རབ་ཏུ་ན། །བསྐྱོ་པ་ཆུང་ངུ་ཡང་བ་ནུས། །བཅིར་ན་སྒྲ་དང་བཅས་པ་ཡིན། །ཞེས་བྱ་བ་ལ། ཚིགས་སུ་བཅད་པ་མ་ཡིན་པ་དག་ནི་ཤས་ཆེར་སྐྲང་པ་གནས་སྐབས
་ཐམས་ཅད་དུ་ཡང་མི་བཟད་པར་ན་བ་དང། བསྐུལ་བ་སྐྱོད་གི་རྩོལ་བ་ཆུད་དུ་མི་ནུས་པ་དང། བཙིར་ན་འཁོར་ཞིང་སྒྲ་དང་ཅད་པ་ཡིན་ནོ། །དེ་ལྟར་ཚིག་གླུགས་མདོར་བསྡུས་པའི། །མཚན་ཉིད་ཡིན་ཏེ་ཞེས་བྱ་བ་ལ། དེ་ལྟར་བཤད་མ་དག་པའི་ཚུལ་གྱིས་ན་ཆག
་དྲུགས་ཀྱི་མཚན་ཉིད་མདོར་བསྡུས་ནས་བཤད་པ་ཡིན་ནོ། །དེའི་དབྱེ་བ་ཅག་པའི་དབྱེ་བས་དུ་མར་གྱུར། ཞེས་བྱ་བ་ལ། དེའི་མཚན་ཉིད་ཀྱི་དབྱེ་བ་ནི་ཚིག་པའི་ཚུལ་རྣམ་པ་དུ་མར་འགྱུར་བ་ཡིན་ནོ། །དེ་དག་ཀུན་གྱི་གསོ་བ་ནི། ཇི་ལྟར་འཚམ་པ་བཞིན་དུ་ནི། དེ
་བཞིན་དེ་ན་ཉེ་བར་བསྟན། །ཞེས་བྱ་བ་ལ། ཆག་གྲུགས་དེ་ཐམས་ཅད་ཀྱི་སོགས་པ་གང་ལ་ཇི་ལྟར་འཚམ་པ་བཞིན་དུ་བསྟན་པ་ཡིན་ནོ། །མང་དུ་ཕྲ་མོར་ཆག་བ་དང། རེག་ན་སྒྲ་ནི་འཁྲོལ་བ་དང། །གང་དུ་རུས་པ་ཆག་པ་ཡི། །བར་དུ་རུས་པ་ཕྲ་མོ་ཞུགས།།
་ཡང་ན་གནད་པས་ཆག་པ་ལས། །ཆུང་ཟད་ལུས་པར་གྱུར་པ་དང། །གང་ཡང་བཏེག་པའི་ཚེ་ན་ནི། །རྨ་ལྟར་རྐང་དུ་ནུབ་པ་དང། །ནུས་ཞན་ཐེག་པར་གྱུར་པ་དང། །རླུང་ཅན་ཉུང་ཟ་སྤང་བར?་དཀའ་། །ཞེས་བྱ་བ་ལ། གང་ཡང་རུས་པ་ཕྲ་མོར་མང་དུ་ཆ་གཅིང
་གུགས་པར་གྱུར་པ་དང། རེག་ན་སྒྲ་འགྱུར་བ་དང། གང་དུ་རུས་པ་གས་ཤིང་ཆག་པའི་ནང་འམ། བར་དུ་རུས་པ་བྲ་མོ་ཞུགས་བར་གྱུར་པ་དང། ཡང་གང་ཞིག་གནད་ནས་ཆག་པ་ལས་མ་ཆག་པར་ཚུད་ཟད་ལུས་པར་གྱུར་པ་དང། ཡང་ན་གྱེན་དུ་བཏེག?
་ཅིང་དྲངས་པའི་ཚེ་རྨ་ལྟར་རྐང་གི་ནང་དུ་རུས་པ་ནུབ་པར་གྱུར་པ་སྟེ། ལྔ་པོ་དེ་དག་ནི་གསོ་བར་དཀའ་བ་ཡིན་ནོ། །དེ་བཞིན་དུ་ནུས་པ་བཞན་པ་དང། རྦག་པར་གྱུར་པ་དང། རླུང་ནད་ཀྱི་ཤས་ཚ་བ་དང། ཟས་ཉུང་ཤས་ཞིང།
་ཟ་བ་དག་གི་རུས་པ་ཆག་གྲུགས་སུ་གྱུར་པ་གང་ཡིན་པ་དེ་གསོ་བར་དཀའ་བ་ཡིན་ནོ། །དཔྱིའི་རུས་མིག་ཆག་པ་དང། གང་ཡང་ཚིགས་བྱེ་ལྟར་བཟང། རོ་སྨད་ཞིབ་ཏུ་གྲུབས་པའམ། །ཆག་པར་གྱུར་པ་གང་ཡིན་དང། ཐོད་པའི་འཚམས་ནི་མ་འབྱོར
་པའམ། དེ་གཞན་དཔྲལ་བར་བྱེ་མར་འགྱུར། །གང་ཡན་མུར་འགྲམ་ཆག་པ་དང། །སྟག་པ་ནུ་མའི་བར་ཆགས་སྤང། །ཞེས་བྱ་བ་ལ། སྤྱིའི་རུབ་མིག་ཆག་པར་གྱུར་པ་དང། གང་ཚིགས་ལས་བྱེ་ཞིང་འབོས་ཏེ་ལྷུད་པར་གྱུར་པ་དང། རོ་སྨད་ཤིན་ཏུ་ཕྱེ
་མར་བཏགས་པ་ལྟར་གྲུགས་པའམ་ཆགས་པ་གང་ཡིན་པ་དེ་སྤང་བར་བྱའོ། །དེ་བཞིན་དུ་ཐོད་པའི་འཆམས་འབྱོར་བར་མ་གྱུར་པའམ། དེ་བཞིན་དུ་དེ་ཕྱེ་མར་གྱུར་པ་གང་ཡིན་པའང་སྦྱར་བར་བྱའོ། །ཡང་མུང་འགྲམ་ཆག་པར་གྱུར་པ་དང། །མགོ
་བའི་ལྟག་པ་དང་ནུ་མའི་བར་དུ་ཆག་ཅིང་གྲུགས་པ་གང་ཡིན་པ་དེ་ཡང་གསོར་མི་རུང་བས་སྤང་བར་བྱའོ། །རུས་པ་ལེགས་པར་ཆག་གྱུར་ཀྱང། །གཞག་ཉེས་བཅིང་ནི་ཉེས་པ་དང། གང་ཞིག་བསྐྱེད་པར་གནོད་གྱུར་ལ། །དེ་ཡང་སྤད་བར་བྱ་བ་ཡིན། །གདོད
་ནས་རུས་པ་ཚིགས་དག་ནི།། ཉེས་པར་སྐྱེད་གྱུར་དེ་ཡང་སྤང། ཞེས་བྱ་བ་ལ་།རུས་པ་ཆག་པ་གསོ་སླ་བ་ཡིན་ཡང་གཞག་ཉེས་པ་ལ་སོགས་པའི་རྒྱུས་གནོད་པར་གྱུར་ཅིང་མ་རུངས་པར་གྱུར་པའི་ཆ་ག་གྲུགས་དེ་ཡན་བད་པར་བྱའོ། །གཞན་ཡང་རུས་པ
་གང་དང་པོ་ཉིད་ནས་སྐྱེ་མ་ལེགས་ཤིང་ཉེས་པར་སྐྱེས་པའམ། ཡང་ན་ཚིགས་གང་གདོང་ནས་ཉེས་པར་སྐྱེས་པ་དེ་ཡང་སྤང་བར་བྱའོ། །རུས་པ་གཞོན་ནུ་གུག་པ་དང། སྤུབས་ཅན་ཚིག་པར་གྱུར་པ་དང། ཐོད་པ་གྱེས་པར་གྱུར་པ་དང། །
་གཞན་ཡང་མང་དུ་བྱས་པ་རྣམས་།ཞེས་བྱ་བ་ལ། རུས་པ་གཞོན་ཞིང་སྙི་བ་གུག་ཅིང་ཡོན་པོར་གྱུར་པ་དང། །ཡང་སྦུབས་ཅན་ཁོང་སྟོང་གི་རུས་པ་ཆག་པར་གྱུར་པ་དང། །གང་ཡང་ཐོད་པ་ལྟ་བུའི་རུས་ཀོང་ཀོང་པོར་འདུག་པ་གྱིས་ཤིང། །དུམ
་བུར་གྱུར་པ་དང། གཞན་ཡང་རུས་པ་གཞན་དག་ཀྱང་མང་དུ་གས་ཤིང་ཞིག་པར་གྱུར་པ་རྣམས་གསོ་བར་བྱའོ། །དེ་ནས་དམའ་བ་བསྟོད་པར་བྱའོ། །མངོན་པོ་མནན་པར་གྱུར་པ་ཡིན། དནད་དུ་ནུབ་པ་དད་པར་བྱ། །འོག་ཏུ་སོགས་པ་སྟེང་དུ་དྲང། ཞེས་བྱ་བ་ལ།
་དེ་ནས་རུས་པ་དམའ་བར་གྱུར་པ་ལ་ནི་བསྟོད་ཅིང་གདེགས་པར་བྱའོ། །འོན་ཏེ་སྔ་མའི་སོ་ལས་མཐོན་པོར་གྱུར་པ་ནི། །མནན་ཅིང་པ་ཅིང་བར་བྱའོ། །ནང་དུ་ནུབ་པ་ནི་འཕྱིར་དྲང་པར་བྱའོ། །འོག་ཏུ་སོགས་པའི་རུས་པ་ནི་སྟེང་དུ་དྲང་བར་བྱའོ། །བདེག་དང
་མནན་དང་དམད་པ་དང། །ལྤགས་བསྡུ་སྟེ་བཅིང་པ་བཅས་ཏེ། །དེ་ལྟར་བཞག་པའི་ཐབས་ཀྱིས་ནི། ལུས་སུ་གཏོགས་པའི་ཚིགས་ཐམས་ཅད། གཡོ་བ་འམ་མི་གཡོ་གང་ཡང་རུང། ལེགས་པར་གཞག་སྟེ་མི་འགྱུར་བྱ། །བསམ་མང་ནི་མང
་བས་བཀྲི། ཨུ་དུཾ་ཝ་ར་ཀ་དམཔ། །རྫུན་དང་ཨ་ཤཏཊཝ། །སར་ལ་དང་ནི་པ་ལ་ཤ། འོད་མ་ལས་བྱུང་ཤིང་ཞིང་ཆེ། །འཇམ་པ་ལེགས་པ་འཇལ་བ་དང། །རྟེན་དང་བཅས་ཤིང་མི་འགྱུར་པའི། །ཤུན་པའམ་དུ་དུམ་བུ་དག་དང་ནི། །འཇག་མས་ལེགས་པར
་བཀྲི་བྱ་ཞིང། །རས་ཀྱི་སྟེང་དུ་གླང་པར་བྱ། །ཞེས་བྱ་བ་ལ། བདེག་པ་ལ་སོགས་པ་རུས་པ་མཉམ་དུ་འཇོག་པའི་ཐབས་ཀྱིས་ལུས་སུ་གཏོགས་གཡོ་བའི་ཚིགས་གཡོ་བ་འམ་མི་གཡོ་པའི་ཚིགས་དང། ཆག་གྲུགས་ཐམས་ཅད་ལེགས་པར
་བཞག་སྟེ་མི་འགྱུར་བར་བྱས་ལ། དེའི་འོག་ཏུ་རེས་མ་མང་པོ་དང་བཅས་པས་དཀྲིས་ལ། དེའི་འོག་ཏུ་ཨུ་དུཾ་ཝ་ར་ལ་སོགས་པའི་ཤུན་པ་འམ། འོད་མ་ལས་བྱུང་བའི་ཤིང་ཤུན་ཞིང་ཆེ་ཞིང་འཇམ་པ་ལེགས་པར་འབྱར་བརྟེན་དང་བཅས་པ་མི
་འགྱུར་བ་དག་གིས་གླེན་པ་དང། འཇག་མས་རས་མས་དཀྲིས་པའི་སྟོད་དཀྲི་བྲོ་བྱའོ། །བཅིང་བ་ལྷོད་པར་གྱུར་པ་ཡིས། །མཚམས་སྦྱོར་བརྟན་པོར་མི་འགྱུར་རོ། །དམ་པོར་ཤིན་ཏུ་ན་ཞིང་ཆེ། །རྣགས་དང་སྐྲང་བ་འབྱུང་བར
་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་བཅིང་བ་དེ་ལྷོད་པར་གྱུར་ན་ནི་རུས་པའི་མཚམས་འབྱོར་པ་བརྟན་པོར་མི་འགྱུར་ཏེ། ཤིག་ཤིག་པོར་འགྱུར་རོ། །གལ་ཏེ་བཅིངས་པ་དམ་དྲགས་ན་ནི་ན་བ་དང་ཚ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །སོ་གོའི་དུས
་སུ་ཞག་གསུམ་གསུམ། དགུན་གྱི་དུས་སུ་བདུན་ནས་དགྲོལ། །ཐུན་མོང་དུས་སུ་ཞག་སྡེ་ནས། ཡང་ན་ཆག་པའི་དབང་ལས་དགྲོལ། །ཞེས་བྱ་བ་ལ། ཆག་གྲུགས་བཅིང་བ་ནི་སོ་ག་ཚ་བའི་དུས་སུ་ཞག་གསུམ་གསུམ་ན་དགྲོལ་ཞིང་བཅོས
་པར་བྱའོ། །དགུན་སྟོད་དང་དགུན་སྨད་གྲང་བའི་དུས་སུ་ནི་ཞག་བདུན་བདུན་ན་དགྲོལ་ཞིན་བཅོས་པར་བྱའོ། །ཐུན་མོང་གི་དུས་ཏེ་དྲོ་གང་གི་དུས་རན་པ་སྟོན་དང་དཔྱིད་ཀྱི་དུས་སུ་ཞག་ལྔ་ལྔ་ནས་བཅོས་པར་བྱའོ། །ཡང་ན་ཆག་གྲུགས་སམ་ནང་ཚབས
་ཆེ་ཆུང་གི་དབང་དུ་བྱས་ནས་ཆིངས་མ་བཀྲོལ་ཞིང་བཅོས་པར་བྱའོ། །དེ་ནས་ནྱ་གྲོ་དྷ་སོགས་པའི། །ཁུ་བ་བསིལ་བའི་ཆུ་བླུགས་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་རུས་ཚིགས་ཆག་པར་གྱུར་པ་དེ་ནྱ་གྲོ་དྷ་ལ་སོགས་པའི་ཁུ་བ་བསིལ་བའི་སྨན་ཆུ
་བླུགས་པར་བྱའོ། །དེ་ནི་ནད་བཅས་རྩ་བ་ལྔ། །འོ་མ་བསྐོལ་བ་བླུགས་པར་བྱ། །ཞེས་བྱ་བ་ལ་།ཆག་གྲུགས་བཅིངས་པ་དེ་ནད་དང་བཅས་པར་གྱུར་ན་ནི་རྩ་བ་ལྔ་པ་དང་འོ་མ་བསྐོལ་བ་བླུགས་པར་བྱའོ། །མཁས་པས་ཏིལ་མར་འཁོར་ལོས་བཅིང།།
་རླུང་འཇོམས་སྨན་དང་སྦྱར་བ་ནི། །དྲོ་འཇམ་ཙམ་ནི་བསྐུ་བྱ་བ། །དུས་དང་ཡུལ་གྱི་དབྱེ་བས་བྱ། ཞེས་བྱ་བ་ལ། འཁོར་ལོས་བཅིང་བའི་ཏིལ་མར་དང་རླུང་འཇོམས་པའི་སྨན་དང་བཅས་པ་བསྐོལ་བའི་ཏིལ་མར་དྲོ་འཇམ་ཙམ་དག་ཀྱང་དུས་ལ་སོགས་པའི
་དབྱེ་བ་ལས་དཔགས་ཏེ་སྨན་པ་མཁས་པས་བཏང་བར་བྱའོ། །ཁུ་བ་ཤིན་ཏུ་གྲང་མོ་ནི། །རྒྱུན་དུ་བླུགས་ཤིང་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། གཞན་ཡང་ལྡེ་གུས་བསྐུ་བ་དང། སྨན་ཆུ་བླུགས་པ་དག་ཀྱང་རྒྱུན་དུ་བྱའོ། །བསམ་འོ་མ་མར་དང་བཅས། །མངར
་བའི་སྨན་དང་བསྐོལ་བ་དག། །རྒྱ་སྐྱེགས་ཁུ་བར་བཅས་པ་ནི། །ཆག་གྲུགས་ཅན་ལ་ནང་རེ་བླུད། །ཅེས་བྱ་བ་ལ། བ་སད་པ་ནི་ལེན་ཅིག་བེའུ་བཙས་པའི་བ་སྟེ། དེའི་འོ་མ་དང། མར་དང། མངར་བའི་སྨན་དང་བསྐོལ་བ་རྒྱ་སྐྱགས་ཀྱི་ཁུ་བ་དང་བཅས
་བགྲང་མོ་དག་ཆག་གྲུགས་ཅན་གྱི་ན་དང་པོ་ནི?་བླུད་པར་བྱའོ། །ཆག་གྲུགས་རྨ་དང་བཅས་པ་ཡི། །རྨལ་ཤིང་མང་མར་ཤས་ཆེ། །ལྡེ་གུ་བསྐུ་བའམ་ཡང་ན་ནི།། ལྷག་མ་ཆག་གྲུགས་ལྟ་བུས་གསོ། །ཞེས་བྱ་བ་ལ། ཆག་གྲུགས་རྨ་བྱུང་བ་དང།
་བཅས་པ་ལ་ནི། རྨ་སྨན་གྱི་ཁུ་བ་ཤིང་མངར་དང་མར་གྱི་ཤས་ཆེ་བ་ལྡེ་གུས་བསྐུ་བར་བྱའོ། །གསོ་བ་གཞན་དག་གི་ཆག་གྲུགས་གསོ་བ་དང་མཐུན་པར་བྱའོ། །རྨ་ཡི་ཤ་ནི་འཕྱང་པ་ལ། སྦྲང་རྩི་མར་གྱིས་བསྐུས་ནས་ནི། །སྨན་པས་སྨན་ནི་ཁ
་སྦྱར?་ནས། །བཅིང་བ་དང་ནི་ལེགས་པར་བྱ། །ཞེས་བྱ་བ་ལ། རྨའི་ཤ་ཆད་དེ་འཆད་པ་ལ་ནི་སྦྲང་རྩི་དང་མར་སར་སྦྱར་བར་བསྐུས་ལ། དེའི་འོག་ཏུ་སྨན་པས་ཁ་ལེགས་པར་སྦྱར་ནས་བཅིང་བ་ལྟར་འཚམ་པ་དག་གིས་ལེགས་པར་བཅིང་པར་བྱའོ། །དེ་ནི
་མཉམ་ཞིང་ལེགས་གཞན་ནས། །པྲི་ཡངཀུ་དང་ཀཏཔ་ལ། །གསེར་ཕྲོམ་བཙོད་དང་ད་ཏ་ཀིའི། །ཕྱེ་མ་ལེགས་པར་གང་བྱ་བའམ་།ཞེས་བྱ་བ་ལ། རྨ་དེ་མཉམ་ཞིང་ལེགས་པར་གནས་པར་གྱུར་པའི་ཤེས་ནས་གནད་པྲི་ཡངཀུ་ལ་སོགས་པའི་ཕྱི་མས་ལེགས
་པར་གདག་པར་བྱའོ། །གསེར་ཕྲོམ་ད་ཏ་ཀི་ཕྱེ་མ། །བཏབ་ན་མྱུར་དུ་འཚོ་བར་འགྱུར། །ཞེས་བྱ་བ་ལ། ཡང་ན་ད་རྟ་ཀི་དང་གསེར་ཕྲོ་མ་གཉིས་ཀྱི་ཕྱེ་མ་རྨ་ལ་གདབ་པར་བྱ་སྟེ། སྦྱོར་བ་དེ་དག་གིས་ནི་རྨ་མྱུར་དུ་འཚོ་བར་འགྱུར་རོ། །དེ་ལྟར་ཆག་དྲུག་གསོ་བ་ཡིན
་ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་རྣམ་པས་ཆག་གྲུགས་གས་ཞིང་བཅོས་པར་བྱའོ། །ལུས་གཟུགས་བརྟན་པ་དགུ་ནི་ཚེ། །ཤ་ཆེན་ནད་གཞི་ཆུད་པའི་རྨ། །གསོ་སླ་གཞན་དུ་གསོ་བར་དཀའ་། །ཞེས་བྱ་བ
་ལ། སྐྱེས་བུ་ལུས་ཟུངས་བརྟན་པ་ལ་སོགས་པའི་རྒྱུས་ནི་རྨོགས་པར་སླ་བ་ཡིན་ལ། དེ་ལས་གོ་བཟློག་པ་སྟེ། ལུས་ཟུངས་མི་བརྟན་ཞིག་སྦེག་པ་དང། གསོ་བ་ལ་སོགས་པའི་ཚེ?་དང། ཤ་ཆུང་བ་དང། ནང་གཞི་ཤས་ཆེ་བའི་རམ་ནི་གསོ་བར
་དཀའ་བ་ཡིན་ནོ། །ན་ཚོད་དང་པོར་བར་མ་མཛའ་། །ཟླ་གཅིག་གཉིས་དང་གསུམ་རིམས་གྱིས། །ཆོ་ག་ཇི་སྐད་བཤད་བརྟེན་ན། །རྨ་འབྱོར་བརྟན་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ན་ཚོད་དང་པོ་དང། བར་མ་དང། ཐ་མ་སྟེ་བྱིས་པ་དང་ལང་ཚོ་དར
་ལ་བབ་པ་དང། རྒན་པོར་གྱུར་པ་ནི་གོ་རིམས་བཞིན་དུ་ཟླ་གཅིག་དང་ཟླ་བ་གཉིས་དང། ཟླ་བ་གསུམ་གྱིས་རྨ་འབྱོར་པ་བརྟན་པར་གྱུར་ཏེ། དེས་ན་བྱིས་བདག་ནི་ཟླ་གཅིག་གིས་སོ། །དང་ལ་བབ་པ་དག་གིས་ཟླ་བ་གཉིས་སོ། །རྒན་པོ
་དག་གིས་ཟླ་བ་གསུམ་གྱིས་རྨ་འབྱོར་པ་བརྟན་པར་འགྱུར་ཏེ། དེ་ཡང་ཇི་སྐད་བཤད་པའི་རྨ་གསོ་བའི་ཆོ་གའི་སྦྱོར་བ་བརྟེན་ན། དེ་ལྟར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །རྐེད་པ་རྗེ་དང་བརླ་ཆག་ན། །སྤང་ལེབ་ལ་ནི་ཉལ་བ་ཕན། །དེ་བཞིན་བསྔམ
་ཕྱིར་ཕུར་པ་ལན། །བྱས་ནས་ངེས་པར་བསྟོད་བྱ་སྟེ། །རྗེ་རང་ངོས་གཉིས་ལ་གཉིས་གཉིས། །རྐང་མཐིལ་དྲད་པོར་གཅིག་བཞག་བརྟོད། །ཅེས་བྱ་བ་ལ། རྐེད་པ་ལ་སོགས་པ་ཆག་པ་ལ་སྤང་ལེབ་ངོས་འཇམ་པའི་སྟེང་དུ་ཉལ་བ་ཕན་ལ། དེ་བཞིན་དུ་ལུས
་མ་འཚོལ་བར་བསྔམ་པའི་ཕྱིར་ཕུང་པ་ལྔ་ལས་བརྟོད་པར་བྱ་སྟེ། དེ་ཡང་རྗེ་དར་གྱི་ངེས་གཉིས་ལས་ཕུར་པ་གཉིས་གཉིས་དང། རྐང་མཐིལ་གྱི་དྲང་པོར་ཕུར་པ་གཅིག་བཙུགས་ཏེ་བརྟོད་པར་བྱའོ། །སྟ་ཟུར་འམ་ནི་སྒལ་ཚིགས་དང། གདང་དང་དེ
་བཞིན་ཕྲག་པར། །ཚིག་བྱུང་ཆག་གྲུགས་བྱུང་གྱུར་ན། །ཆོ་ག་འདི་བཞིན་སྤྱད་པར་བྱ། །ཞེས་བྱ་བ་ལ། སྟ་ཟུར་ལ་སོགས་པའི་ཆིགས་བྱུང་ཞིང་ཆག་གྲུག་དུ་གྱུར་པ་ལ་ཡང་བཤད་མ་ཐག་པའི་ཆོ་ག་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་རྣམས་ལ་ཡང་སྤང་ལེབ
་ལ་ཉལ་བ་ལ་སོགས་པ་བྱའོ། །ཚིགས་ནི་བྱུང་ནས་ཡུན་རིངས་ལ་རྨ་བསྐུ་དུག་ཀྱིས་མཉེས་བྱས་ཏེ། འདི་བཤད་ཐབས་དང་རང་གི་བློས། །རང་གི་གནས་སུ་ལེགས་པར་གཞུགས། ཅེས་བྱ་བ་ལ། ཚིགས་བྱུང་ནས་ཡུན་རིང་པོ་ལོན་པ་ལ་ནི་སྣུམ་དང
་དུགས་ལ་སོགས་པས་སྣུམ་གྱིས་ཞེན་ཅིང་མཉེན་པར་བྱས་ནས། བརྟན་པར་གྱུར་ནས་བརྡེགས་པ་དང་མནན་པ་ལ་སོགས་པའི་ཆོ་ག་ཇི་སྐད་པའི་ཐབས་དང། རང་གི་བློས་ཀྱང་ཅི་རིགས་པར་རྗེས་སུ་དཔགས་ཏེ་རང་གི་གནས་སུ་ལེགས་པར་གཞུག་པར
་བྱའོ། །ཚིགས་མིན་ཆགས་ཏེ་འདྲུ་བས་པ་དང། བཅིང་ཉེས་པ་ཡིས་བསོས་པ་ལ། བརྡུངས་ཏེ་ཆག་གྲུགས་སྲད་བར་བྱ། །དེ་ན་ཆག་གྲུགས་བཞིན་དུ་གསོ། །ཞེས་བྱ་བ་ལ། ཚིགས་མ་ཡིན་པའི་ལུས་ཀྱི་ཕྱོགས་སུ་ཆག་སྟེ་རྨ་འདྲུབས་པར་གྱུར་བ་དང། དེ
་བཞིན་དུ་བཅིངས་པར་གྱུར་པ་མ་ལེགས་པར་གསོས་པར་གྱུར་ནས་སྦྱོར་བ་ནོངས་པ་ལ་ནི་བརྡུངས་ཏེ་ཆག་གྲུགས་དེ་བསྲང་ལ། དེའི་འོག་ཏུ་ཆག་གྲུགས་ཀྱི་གསོ་བ་བཞིན་དུ་སོ་བར་བྱའོ། །ཆག་ནས་ཅི་ནས་རྨ་བརྣགས་པ། དེ་ལྟར་སྨས་པས་འབད་པར་བྱ། །ཤ་དང
་རྩ་རྒྱུས་འདྲུལ་ན་ནི། །ཚིགས་ནི་འདྲུབས་པར་མི་འགྱུར་རོ། །ཞེས་བྱ་བ་ལ། ཆགས་གྲུགས་སུ་གྱུར་པ་ལ་ནི་ཅི་ནས་ཀྱང་ཆག་གྲུགས་དེ་བརྣགས་པར་མི་འགྱུར་བ་དེ་ལྟར་འབད་པར་བྱ་སྟེ། གང་གི་ཕྱིར་ཤལ་སོགས་པ་རྣགས་པར་གྱུར་ན་ནི་འདྲུབས་པར་མ་འགྱུར
་བའི་ཕྱིར་རོ། །ཆེ་གཟུགས་ཅན་ལ་རླུང་ནད་ཀྱི། །སྐབས་བཤད་སྣུམ་ནི་སྦྱར་བ་བཞི་པོ་དང། འཇམ་རྩིའི་ལས་ཀྱང་བསྟེན་པར་བྱ། །ཞེས་བྱ་བ་ལ། རླུང་ནད་ཀྱི་སྐབས་ནས་བཤད་པའི་སྣུམ་ཧ་ཅང་རའི་ཏིལ་མར་ལ་སོགས་པ་དང་སྦྱར
་བ་གཅིག་པོ་སྐྱེད་པར་བྱེད་པ་ཏད་པར་བྱའོ། །དེ་བཞིན་དུ་འཇམ་རྩིའི་ལས་དག་ཀྱང་སྟེན་པར་བྱའོ། །ས་ལེའུ་ཆན་དང་ཁ་ཤུའི་མར། །འོ་མ་རྒྱས་བྱེད་བསིལ་པ་བསྟེན། ཆག་གྲུགས་ཅན་རུས་པའི་འཚམས། །འབྱར་བྱེད་ཆད་ཙམ་སྦྱིན
་པར་བྱ། །ཞེས་བྱ་བ་ལ། ས་ལུའི་འབྲས་ལ་སོགས་པ་ལུས་རྒྱས་ཤིང་རུས་པ་འབྱོར་པར་བྱེད་པའི་ཡོན་ཏན་ལ་སོགས་པ་ཚད་ཙམ་སྦྱིན་པར་བྱའོ། །དེ་ནི་འཚམས་སྦྱར་བྱེད་པས་ན། །རྨ་བར་བྱེད་པ་སྔགས་མ་ཡིན། །ཞེས་བྱ་བ་ལ། ཆག་གྲགས་ཅན་དེ་ལ་ལུས
་རྨྱ་ཞིང་ཞུམ་པར་བྱེད་པ་སྔགས་པ་མ་ཡིན་ཏེ། རྒྱས་པར་བྱས་པས་ནི་ཤིན་ཏུ་འཚམས་སྦྱོར་བར་བྱེད་པ་ཡིན་ནོ། །ལན་ཚྭ་ཚ་དང་ཐལ་སྨན་དང། །སྣམ་དང་ཉལ་པོ་ཉི་ཆེན་དང། །རྩལ་བ་བསྟེན་པར་མི་བྱ་ཞིང། །ཆག་གྲུགས་ཟས་རྩུབ་རྟེན་མི་བྱ། །ཞེས་བྱ་བ་ལ།
་ཚིག་གྲུགས་ཅན་གྱི་སྐྱེས་བུས་བན་ཚྭ་ནས་ཁ་ཟས་རྩུ་བའི་བར་དུ་བསྟེན་པར་བྱའོ། །ཏིལ་ནི་ཕུབ་མ་མེད་པར་རས་སྲའི་ནང་དུ་བསམས། །ཆུ་ཡི་ནད་དུ་ཞག་བདུན་ཉེ་བར་སྤངས་གྱུར་ཅིང། །འདི་ནི་བཏགས་ཏེ་ཉིན་དེ་ལེགས་པར་སྐམས་ནས་ནི། །དེ་བཞིན་འོ
་མ་ཆུ་རང་ཤིང་མངར་ནང་དུ་བསྐོལ། །སླར་ཡང་འོ་མ་སྔ་མ་བཞིན་དུ་སྦྱངས་ཏེ་སྐམ། །བུམ་པ་མེད་ཅིང་རྡུལ་མེད་ཞིབ་ཏུ་བཏགས་ནས་ནི། །སྤང་སྤོས་པ་ལ་ཀ་དེ་ཕབ་ཅོད་དང་ཆུ་སྲིན་སེ་ན། །ཤུ་ཏི་ཀུ་ཧན་ན་ཏ་རུ་རྟ་བ་ལ་གསུམ། །ཙན་དན་གུར་གུམ་དང་ནི
་ཐལ་ཏྲེས་ཨ་ཀ་རུ། །སྐྲན་ཤིང་སྲ་རྩི་པོག་དང་ཐང་ཤིང་ཤུག་པའི་སྔ། །དེ་ཡི་ཕྱེ་མ་དྲི་ཞིམ་འོ་མ་ལྷན་ཅིག་བཏགས། །དྲིའི་སྨིན་མ་འདུས་འོ་མ་བསྐོལ་བ་བཅིང། །རྡོ་དྲེག་རསྣ་ཨ་ཤུ་མ་ཏི་དང། ཀ་ཤེ་རུ་དང་གནད་པྲི་ཡངཀུ། །རྒྱས་སྤོས་གནད་གསེར
་ཕྲོམ་དང། །བ་ཡས་སྱ་དང་མུར་བ་འོ་མར་བཅས། །སྤང་སྤོས་སོགས་དང་ཏིལ་མར་དེ་བསྐོལ་བ། །དྲི་ཡི་ཏིལ་མར་མཆོག་ནི་འོ་མར་བཅས། བརྟན་ཞིང་མྱུར་དུ་ཞི་ཆར་བྱེད་མཆོག་ཡིན། །རླུང་དང་མཁྲིས་པ་ལས་གྱུར་ནད་ཀྱིས་ཁྱབ། །སྦྱོར་བ་སྣ་ཚོགས
་བསྟན་པས་སེལ་བ་ཡིན། །ཞེས་བྱ་བ་ལ། ཏིལ་ནག་པོ་ཕུག་མ་མེད་པར་བྱས་ཤིང་དཀྲུས་པ་རས་གཙང་ཞིང་སྤ་བའི་ནང་དུ་གཏུམས་ལ་ཆུ་བོ་དྲུབ་བའི་ཆཱུང་ནང་དུ་ཞག་བདུན་གྱི་བར་དུ་སྦྱངས་ལ་ཉིན་རེ་ཞིང་ཆུ་ལས་བཏེག་སྟེ་སྐབས་པར་བྱའོ། །དེ་བཞིན་དུ
་འོ་མའི་ནང་དུ་ཞག་བདུན་གྱི་བར་མཚན་རེ་སྦར་ཞིང། །ཉིན་རེ་སྐམ་པར་བྱའོ། །དེ་བཞིན་དུ་ཆུ་དང་ཤིང་མངར་བསྐོལ་བའི་ནང་དུ་ཞག་བདུན་ཉིན་རེ་སྐམས་ཞིབ་ནུ་བར་སྤང་བར་བྱའོ། །ཡང་ན་ཏིལ་ཏེ་འོ་མར་སྔོ་མ་བཞིན་དུ་སྤངས་ལ་སྐམས་ཏེ། ཕུང་མ་དང་ཛུལ་མེད་པར་བྱས
་ལ་བཏགས་ནས་སྤང་སྤོས་ལ་སོགས་པའི་སྨན་གྱི་ཕྱེ་མ་དང་སྦྱར་ཏེ། །དེའི་འོག་ཏུ་འོ་མ་དང་ཕྱེ་མ་མ་ལུས་པ་དང། ཏིལ་བཙས་པ་ལ་བཙིར་བར་བྱའོ། །སྤང་སྤོས་ལ་སོགས་དྲིའི་སྨན་མ་ལུས་པ་དེ་དག་གི་ནི་ཏིལ་གྱི་ཕྱེ་མ་ལས་བསྟོས་པའི་བརྒྱད་ཆ་གཞུག་བར
་བྱའོ། ཞེས་བྱ་བ་ལ། རྒད་པོ་དག་འཆད་དོ། །དྲིའི་སྨན་མ་ལུས་པ་ནི་བ་ལ་སོགས་པའི་སྡེ་ཚན་ལ་བཤད་པ་དང། དེ་བཞིན་དུ་ག་པུར་ལ་སོགས་པའོ། །དེ་ལྟར་བཙིར་བའི་ཏིལ་མར་དེ་རྡོ་དྲེག་ལ་སོགས་པའི་ལྡེ་གུ་དང་ཡང་བསྐོལ་བར་བྱ་སྟེ། ཏིལ་མར
་གྱི་མཆོག་འདི་ནི། །དུས་པར་བརྟེན་པར་བྱེད་པ་དང། ནུད་དང་མཁྲིས་པ་ལ་སོགས་པའི་ནད་ཀྱིས་ཁྱབ་པར་གྱུར་པ་ལ་ཡང་བཏུང་བ་དང་སྣ་ནས་བཏང་བ་ལ་སོགས་པའི་སྦྱོར་བ་སྣ་སོགས་བྱས་པས་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ།། །།
་ཡན་ལག་བརྒྱད་པའི་སྙིང་པོའི་རམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པ་འགྲེལ་བའོ།། །།དེ་ནས་མཚན་མར་རོལ་གི
་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འགྲོ་ལ་པ་ནི་འདི་ཡིན་ཏེ། །ཚན་མར་རྡོལ་ཁ་ནང་དུ་བལྟས་པས་ཞེས་སྔར་བཤད་པ། དེའི་རང་གི་མཚན་ཉི་པར་བྱ་བའི་ཕྱི་ལེའུ་འདི་བརྩམས་པ་ཡིན་ནོ། །གླང་པོ་རྟལ་ཞོན་ཏེ་འགྲོ། གནས་མལ་སྐད་དང
་ཙོག?་པུར་འདུག་།གཞང་འབྲུམ་ནད་ཀྱི་རྒྱུར་བཤད་དང། །གཞན་ལའང་བརྟེན་པར་གྱུར་པ་དང། །འཕྲལ་དུ་དམ་པ་ལ་སྨད་པས། །ཕལ་ཆེར་འབྲུམ་ཕྲན་དང་པོར་འབྱུང?། །རྐུབ་ཀྱི་ཕྱིའམ་ནང་དུ་ནི། །རྨ་ནི་སོང་ཚད
་གཉིས་སམ་གཅིག། ཤ་ཁྲག་གནོད་པར་གྱུར་ལས་བྱུང། །ཆུ་སོ་གཅིན་གྱི་གནས་ཉེར་བ། །འབྱུང་བས་འཛག་པའི་རང་བཞིན་ཅན། །དེ་ནི་མཚན་མར་རྡོལ་ཞེས་བྱ། ཞེས་བྱ་བ་ལ། མཚན་མར་རྡོལ་གྱི་རྒྱུ་ནི་གླང་པོ་དང། རྟ་ལ་སོགས་པ་ལ
་ཞོན་ནས་འགྲོ་བ་ལ་སོགས་པ་དང། གཞན་ཡང་འདི་སྐྱེ་བར་བྱེད་པའི་རྒྱུ་ལ་བརྟེན་ཅིང་གནས་པར་གྱུར་པ་དང། དེ་བཞིན་དུ་སྡིག་པ་མི་དགེ་བའི་ལས་སྔོན་ཆབ་བྱས་པའི་འབྲས་བུ་སྨིན་པར་གྱུར་པ་དང། དེ་བཞིན་དུ་འཕྲལ་དུ་ཚེ་འདི་ཉིད་ལ་མཆོད་པའི
་གནས་དམ་པ་ལ་སྨོད་པས་ཕལ་ཆེར་འབྲུམ་ཕྲན་དང་པོར་བྱུང་ནས། རྐུབ་ཀྱི་ཕྱིའམ་ནང་དུ་རྨའི་ཚད་སོར་གཅིག་ཅམ་མར་སོར་གཉིས་ཙམ་ཤ་དང་ཁྲག་གི་ནད?་ལས་འབྱུང་བར་འགྱུར་ལ། ཆུ་སོ་དང་གཅིན་གྱི་གནས་ལྒང་པ་དང། ཉེ་བར་གྱུར་པས་འཛག
་པའི་རང་བཞིན་ཅན་ཡིན་ཏེ། དེའི་མིང་ནི་མཚན་མར་རྡོལ་ཞེས་བྱའོ། །ཀུན་ཀྱང་མ་བསོས་འདུལ་བྱེད་ཅིང། །མོ་མཚན་ཆུ་སོ་གཞང་གི་ཆར། །ཤས་ཆེར་འཇིག་པར་བྱེད་པ་དང། །གཤང་ལྕི་ཕྱེན་དང་ཁུ་ཆུ་ནི། །བུ་གའི་ནད་ནས་རིམས་ཀྱིས་འབྱུང། །ཞེས
་བྱ་བ་ལ། མཚན་མར་རྡོལ་གྱི་ནད་ཀུན་ཡང་གསོ་བ་མ་བྱས་ན་འབྲུལ་ཞིང་བརྣགས་པར་བྱེད་དེ། མོ་མཚན་ལ་སོགས་ཞིགས་ཤིང་ཉམས་པར་བྱེད་དེ། དེ་དག་ཉམས་པས་བུ་གའི་ནད་ནས་བཤད་ལ་སོགས་རིམས་ཀྱིས་མང་དུ་འབྱུང་བར་འགྱུར་རོ། །
་ནད་གཞི་རེ་རེ་ལྷན་པ་འདུས། གློ་བུར་པ་དེ་བརྒྱད་དུ་བཤད། །ཅེས་བྱ་བ་ལ། མཚན་མར་རྡོལ་གྱི་ནད་ནི་ནད་གཞི་རེ་རེ་ལས་གྱུར་པ་གསུམ་དང། ལྡན་པ་ལས་གྱུར་པ་གསུམ་དང། འདུས་པ་ལས་གྱུར་པ་གཅིག་དང། གློ་བུར་གཅིག་སྟེ་དེ་ལྟར་ན་བརྒྱད
་ཡིན་ནོ། །མ་སྨིན་འབྲུམ་བུ་ཞེས་བྱར་བཤད། སྨིན་པ་མཚན་མ་རྡོལ་ཡིན་ནོ། །ཞེས་བྱ་བ་ལ། མཚན་མར་རྡོལ་པ་དེ་མ་སྨིན་པ་ལ་ནི་མིང་འབྲུམ་བུ་ཞེས་བྱ་བར་བཤད་ལ། སྨིན་ཅིང་བརྣགས་ནས་ནི་མཚན་མ་རྡོལ་བ་ཞེས་བྱའོ། །རྩ་བ་མི་མངོན་ནད
་ཆབས་ཆེ། །ཤས་ཆེར་གཡོས་ཤིང་རྨ་འཁྱིམས་འཁྲུགས། །མཚན་མར་རྡོལ་འབྱུང་ཤེས་པར་བྱ། །དེ་ལས་གཞན་དུ་ད་མི་བྱེད། །ཅེས་བྱ་བ་ལ། མཚན་མར་རྡོལ་གྱི་ནང་གར་རྩ་བ་མི་སྔོན་པ་ལ་སོགས་པའི་མཚན་ཉིད་ཅན་དང། རྨ་འདྲུབས་ནས་ཀྱང་སླར
་ཡང་ནས་ཡང་དུ་རྨ་རེང་ཅིང་ཞིག་པར་འགྱུར་བ་ནི་མཚན་མར་རྡོལ་དུ་མི་འགྱུར་གྱི། དེ་ལས་གཞན་པ་ངག་ནི་མཚན་མར་རྡོལ་དུ་མི་འགྱུར་རོ། །དེ་ལ་རླུང་གྱུར་འབྲུམ་བུ་ནི། །དམར་ཞིང་གནག་ལན་པ་དང། ཟུག་ཅིང་འཕར་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་རླུང་ལས
་གྱུར་པའི་འབྲུམ་བུ་མདོག་དམར་བ་འམ་གནག་པ་དང། ན་བ་དང་ཟུག་པ་དང། འཕར་བར་བྱེད་པ་ཡིན། མཁྲིས་གྱུར་རྔ་མོ་མགྲིན་ལྟར་རིང། །དམར་ཞིག་སྲབ་ལ་ཤས་ཆེར་ཚ། ཐལ་མདོག་དུད་བ་འཐུལ་བཅས་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར
་པའི་འབྲུམ་བུ་ནི། རྔ་མོའི་མགྲིན་པ་ལྟར་རིང་བ་དང། དམར་བ་ནས་དྲོད་ཆེ་ཞིང་དུད་པ་འཐུལ་བ་ལྟ་བུའི་བར་ཡིན་ནོ། །བད་ཀན་ལས་གྱུར་བརྟན་ཞིང་སྣུམ། རྩ་བ་ཆེ་ཞིང་མདོག་སྐྱ་གཡའ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འབྲུམ་བུ་ནི་མདོག
་བརྟན་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །རླུང་མཁྲིས་ལས་གྱུར་མདོག་གནག་ཅིང། །དམར་ཞིང་ཚལ་མི་བཟང་ན། ཞེས་བྱ་བ་ལ། རླུང་དང་མཁྲིས་པའི་ལྡང་བ་ལས་གྱུར་པའི་འབྲུམ་བུ་ནི། མདོག་གནག་པ་ལ་སོགས་པ་ཡིན་ནོ། །བད་རླུང་ལས
་གྱུར་ཅུང་ཟད་གནག་།སྨིན་པར་དཀའ་བའི་མཚན་ཉིད་ཅན། ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་འབྲུམ་བུ་ནི་ཁ་དོག་ཅུང་ཟད་གནག་པ་ལ་སོགས་གནས་པ་ལ་སོགས་ཡིན་ནོ། །འདུས་གྱུར་རྐད་པའི་མཐེ་བོ་འདྲ། །ནད་ནི་སྣ་ཚོགས་འབྱུང
་འགྱུར་ཞིང། གཟེར་དང་སྐོམ་དང་ཡི་ག་འཆུས། །རིམས་དང་སློན་སོགས་ཀྱིས་གནོད་བྱེད། །ཅེས་བྱ་བ་ལ། ནད་གཞི་སུམ་ཆར་གྱུར་པའི་འབྲུམ་བུ་ནི་མཐེ་བོ་འདྲ་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །ཡལ་?་བོར
་ལ་སྨིན་པ་དང། རྨ་ཉི་དུ་ནི་འགྱུར་བ་ཡིན། ཞེས་བྱ་བ་ལ། མཚན་མར་རྡོལ་དུ་འགྱུར་བའི་འབྲུམ་བུ་དེ་དག་བག་མེད་པས་ཡལ་བར་པོར་ཏེ་མ་གསོས་ན་སྨིན་ནས་འབྲལ་དུ་རྨར་འགྱུར་རོ། །དེ་ལ་སླུ?་གྱུར་འབྲུམ་བུ་ཡི། །ཁ་ཕྲ་མང་པོས་ཁྱབ་བྱེད་དེ། ཀོ་ཚབས
་བཞིན་དུ་ཁ་མང་ཞིང། རིམ་འཕེལ་ཆུ་སེར་སླ་བ་དང། དབུ་མ་ཅན་ནི་རྒྱུན་དུ་འཛག་།ཀོ་ཚགས་ཁ་བརྒྱ་པ་ཞེས་བྱ། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་འབྲུམ་པ་ནི་ཁ་ཤིན་ཏུ་ཕྲ་ཞིང་མང་བས་ཁྱབ་པར་བྱེད་དེ་།ཀོ་ཚགས་ཀྱི་བུ་ག་དང་འདྲ་བ
་དང་ཡིན་ལ། རིམས་ཀྱིས་འཕེལ་ཞིང་ཆུ་སེར་སླ་བ་ལ་སོགས་པ་འཛག་པ་ཡིན་ཏེ། དེའི་མིང་ནི་ཀོ་ཚགས་ཁ་བརྒྱ་པ་ཞེས་བྱའོ། །མཁྲིས་པ་ལས་གྱུར་རྔ་མོའི་མགྲིན་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མཚན་མར་རྡོལ་ནི་མིང་རྔ་མོའི
་མགྲིན་ཞེས་བྱའོ། །བད་ཀན་ལས་གྱུར་སྤྱི་བག་ནི། མང་འཛག་ཡོངས་སུ་འཛག་ཅེས་བྱ། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཚན་མར་རྡོལ་ནི་སྤྱིར་པག་ཅན་གྱི་ཆུ་སེར་མང་དུ་འཛག་སྟེ། དེ་ནི་ཡོངས་སུ་འཛག་པ་བྱའོ། །རླུང་མཁྲིས
་ལས་གྱུར་བཤད་སྒོར་ནི། །ཡོངས་སུ་མཆད་པ་ཀུན་ཁྱབ་ཅིང། །དེར་ནི་ར་བའི་འོབས་ཀྱིས་ནི་།བསྐོར་བ་ལྟ་བུར་འབྱུང་བར་འགྱུར། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་གཞང་འབྲུམ་ནི་འོབས་ཞེས་བྱ་སྟེ། དེས་ནི་བཤད་སྒོའི་ཉེ་འཁོར་ཀུན་ཏུ
་ར་བས་བསྐོར་བ་ལྟ་བུ་འབྱུང་སྟེ། ཇི་ལྟར་ར་བའི་ཕྱི་རོལ་འོབས་ཀྱིས་བསྐོར་བ་དང་འདྲའོ། །རླུང་དང་བད་ཀན་ལས་གྱུར་དང། གཞན་དུ་དྲང་པོར་སོང་འགགས་བྱེད། །ཅེས་བྱ་བ་ལ། རླུང་དང་བད་ཀན་ལས་གྱུར་བའི་མཚན་མར་རྡོལ་ནི་དྲང་པོ་ཞེས་བྱ་སྟེ
་གཞང་གི་ནང་དྲང་པོར་སོང་ནས་འགགས་ཤིང་འཇིག་པར་བྱེད་པ་ཡིན་ནོ། །བད་མཁྲིས་ལས་གྱུར་སྔར་བཤད་པའི། །གཞང་འབྲུམ་ལ་བརྟེན་དེ་ལྡང་ཞིང། དེ་ལས་གཞད་འབྲུམ་རྩ་བར་གཡའ།། སྐྲ་དང་ཚ་བ་ལ་སོགས་བསྐྱེད།། དེ་ནི་མྱུར་སྨིན་རོལ
་གྱུར་ན། །གཞང་འབྲུམ་རྩ་བ་བརྣགས་ཅན་ཡིན། །རྒྱུན་མི་འཆད་པར་འཛག་བྱེད་དེ། །གཞང་འབྲུམ་འདི་ནི་མཚན་མར་རྡོལ། ཞེས་བྱ་བ་ལ། གཞང་འབྲུམ་སྔར་བྱུང་བ་ལ་བརྟེན་ནས་བད་ཀན་དང། མཁྲིས་པ་འཁྲུགས་པར་གྱུར་པ་དང། གཞང
་འབྲུམ་གྱི་རྩ་བར་གཡའ་བ་ལ་སོགས་པ་བསྐྱེད་དེ་སྐྲད་པ་དེས་གཞང་འབྲུམ་གྱི་རྩ་བ་མྱུར་དུ་བརྣགས་པར་བྱེད་དེ། བརྣགས་ཤིང་བརྡོལ་ཁྲག་རྒྱུན་མི་འཆད་པར་འཛག་པར་བྱེད་དེ། འདི་ནི་གཞང་འབྲུམ་གྱི་མཚན་མར་རྡོལ་བ་ཞེས་བྱའོ། །
་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །འདུས་པ་ལས་གྱུར་དུང་འདྲ་བ། དུང་ནི་འཁྱིལ་བའི་དབྱིབས་དང་འདྲ། །འདི་ཡིས་གཞང་ནི་ཞིག་བྱེད་ཅིང། །མི་བཟད་ལམ་ནི་ཞིགས་པར་བྱེད། ཅེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མཚན་མར
་རྡོལ་བའི་ནད་ནི་དུད་འདྲ་བ་ཞེས་བྱ་སྟེ། དེ་ནི་དབྱིབས་དུང་འདྲ་བ་ཡིན་ལ། མཚན་མར་རྡོལ་བ་འདིས་ནི་མི་བཟད་པའི་ནད་ཀྱི་ཤུགས་ཀྱིས་དེའི་ལམ་ཞིགས་ཤིང་འདྲུལ་བར་བྱེད་པ་ཡིན་ནོ། །གང་ཚེ་ཤ་ལ་བརྐམ་པ་ཡིས། །རུས་པའི་དུམ
་བུ་ཟོས་གྱུར་པས། །ཐད་ཀར་སོང་བས་ལམ་ལོག་ཞུགས། །རྡོལ་ཞིང་གནང་པར་བྱེད་པ་ཡིན། །དེ་ཚེ་གས་པས་བརྣགས་པ་དང། །ཤ་ནི་འདྲུལ་བར་བྱེད་པ་ཡིན། །དེ་ནི་སྲིན་བུ་སྐྱེ་འགྱུར་ཞིང། །གཞང་ནི་ཀུན་ཏུ་ཟ་དང་བྱེད། །རིང་པོ་མི་ཐོགས་རེས?
་འཇིགས་བྱེད། །དེ་ནི་ལམ་ལོགས་རྨ་སྐྱེས་ཡིན། །ཞེས་བྱ་བ་ལ། ཤ་ལ་བརྐམ་ཞིང་ཆགས་པའི་དབང་གིས་གང་གི་ཚེ་རུས་པའི་དུམ་བུ་ཟོས་ཤིང། མིད་པར་གྱུར་པ་དེའི་ཚེ་རུས་པ་དེ་ལམ་ལོག་པར་ཞུགས་ཏེ་ཐད་ཀར་འཕྲེང་དུ་སོང་བས་རྡོལ་ཞིང་སྣང
་བར་བྱེད་ལ། དེས་ན་ནང་དུ་གས་ཤིང་བརྣགས་པར་གྱུར་པ་དང། ཤ་རུལ་ཞིང་འདྲུལ་བར་འགྱུར་ལ། དེས་ན་གཞང་གི་ཕྱོགས་དེར་སྲིན་བུ་སྐྱེ་བར་འགྱུར་ཞིང། སྲིན་བུ་དེས་ནད་པ་དེའི་གཞང་ཀུན་ཏུ་ཟ་བར་བྱེད་ད།
་དེས་ན་རིང་པོ་མི་ཐོགས་པར་གཞང་འཇིག་པར་བྱེད་དེ། མཚན་མར་རྡོལ་བདེ་ནི་ལམ་ལོག་པར་ཞུགས་པ་དང། རྨ་ལས་སྐྱེས་པའི་མིང་གཉིས་ཀྱིས་བསྟན་པ་ཡིན་ནོ། །དེ་ལས་ན་ཚ?་གཡའ་ལ་སོགས། །རྨགས་བ་ལས་ཤེས་པར་བྱ། །ཞེས་བྱ་བ་ལ། མཚན
་མར་རྡོལ་དེ་ཐམས་ཅད་ལས་ན་བ་དང། ཚ་བ་ལ་སོགས་པའི་མཚན་མ་ནི་རྨ་གསོ་བའི་ལེའུ་ལས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེ་ལས་དྲུག་པོ་གསོ་དཀའ་བ་ཡིན། འདུས་གྱུར་རྨ་སྐྱེས་སྤང་བར་བྱ། །སེལ་བའི་གཉེམ་པར་ཕྱིན་པ་དང། །སྲུབས
་མཚམས་ལ་ནི་བརྟེན་པ་སྤང། །ཞེས་བྱ་བ་ལ། མཚན་མར་རྡོལ་དེ་རྣམས་ཀྱི་ནད་ནས་ནད?་གཞི་རེ་རེ་ལས་གྱུར་པ་གསུམ་དང་ལྡན་པ་ལས་གྱུར་པ་སྟེ། དྲུག་ནི་གསོ་དཀའ་བ་ཡིན་ནོ། །འདུས་པ་ལས་གྱུར་པ་དང། རྨ་ལས་སྐྱེས་པ་ནི་སྤང
་བར་བྱའོ། །དེ་བཞིན་དུ་ཕྱིར་སེལ་བའི་གཉེར་མར་ཕྱིན་པ་ཡང་སྤང་བར་བྱ་ལ། དེ་བཞིན་དུ་འདོམས་ཀྱི་སྦུབས་མཚམས་ལ་བརྟེན་པ་ཡང་སྤང་བར་བྱའོ། །དེ་ནས་འབྲུམ་བུའི་ཚེ་ཉིད་ལ། །འདི་ནི་འབད་དེ་གསོ་བར་བྱ། །སྦྱང་དང་གཏར་ག
་ཆ་བླུགས་སོགས་།ཅི་ནས་སྨིན་པར་མི་འགྱུར་བར། །འདི་ནི་འབད་དེ་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ནས་མཚན་མར་རྡོལ་བ་འདི་འབྲུམ་བུའི་ཚ?་ཉིད་ན་སྦྱང་བ་ལ་སོགས་པས་གསོ་བར་བྱ། ཞིང་ཅི་ནས་ཀྱང་སྨིན་པར་མི་འགྱུར་བས་དེ་ལྟར
་གསོ་བར་བྱའོ། །སྨིན་ན་སླར་ཡང་སྣུམ་ཆོས་དང། དུགས་བྱས་ནས་ནི་ལུས་སྤྱིར་དང། གཞང་འབྲུམ་ལྟ་བུར་གདམས་ནས་ནི། །གཏིང་ལེགས་པར་བརྟན་བྱ་ཞིང། །རྩ་བ་འམ་ནི་རྩེ་མོ་འམ། །ཕྱིར་བལྟས་ནང་དུ་བལྟས་པ་རྟག་།ཅེས་བྱ་བ་ལ་ཡང
་ནད་པ་དེ་ལ་སྣུམ་བཅོས་ལ་སོགས་པ་བྱས་ལ་གཞང་འབྲུམ་ལྟ་བུར་ལེགས་པར་བསྡམས་ནས་སྟེང་དུ་སོང་བའམ་འོག་ཏུ་སོང་བའི་རྩ་བ་དང། རྩེ་མོ་དང། དེ་བཞིན་དུ་ཁ་ཕྱི་རོལ་དུ་བ་ལྟས་བ་དང། ནང་དུ་བལྟས་པ་ལེགས་པར་རྟག་ཅིང་ཤེས་པར་བྱའོ། །དེ་ལ་ནང?
་བལྟས་བཙལ་ནས་ནི། །གཙགས?་བུས་ལེགས་བར་བཅད་པར་བྱ། ཕྱིས་བལྟས་མ་ལུས་པར་བཅད་ལ། ཐལ་སྨན་དག་གིས་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ལས་མཚན་མར་རྡོལ་བ་ནང་དུ་བལྟས་པ་ནི་ལགས་པར་བཙལ་ཞིང་བརྟགས་ནས་གཙགས
་བུས་བཅད་ཅིང་དབྲལ་བར་བྱའོ། །ཕྱི་རོལ་དུ་ལྟས་བ་ནི་མཚན་མར་རྡོལ་མ་ལུས་པར་བཅད་ལ། དེའི་འོག་ཏུ་ཐལ་སྨན་གྱིས་གསོ་བར་བྱའོ། །དེ་ནས་ཐལ་སྨན་བཏབ་བ་འམ། ཡང་ན་སྨན་པས་མེ་བཙའ་གདབ། །ཅེས་བྱ་བ་ལ། དེའི་འོག་ཏུ་མཚན་མར་རྡོལ
་གཉིས་གང་ཡང་སྨན་པས་ཐལ་སྨན་གྱིས་གསོ་བའམ། མེ་བཙའ་གདབ་པར་བྱའོ། །རྔ་མོ་མགྲིན་པ་ཐལ་སྨན་སྐུ། །ཞེས་བྱ་བ་ལ། རྔ་མོའི་མགྲིན་བ་ལྟ་བུས་ཞེས་བྱ་བའི་མཚན་མར་རྡོལ་ནིང?་ལ་སྨན་ཉིད་ཀྱིས་གསོ་བར་བྱའི། མེ་བཙས་ནི་མ
་ཡིན་ནོ། །ཀོ་ཚགས་ཁ་བརྒྱ་སྦུབས་གཅིག་བ། བཅུག་ནས་ལེགས་བར་བཅང་བར་བྱ། ཞེས་བྱ་བ་ལ། མཆན་མར་རྡོལ་ཀོ་ཚགས་ཁ་བརྒྱ་པ་ནི། སྦུ་གུ་སྦུབས་གཅིག་བའི་ནང་ན་བར་མཆམས་གཅིག་པའི་ནང་དུ། བར་མཚམས་གཅིག་ཡོད་པ་བཅུག
་ནས་བཅད་པར་བྱའོ། །དེ་འདྲུབས་ནས་ནི་ལྷག་མའང་བཅད། །གཞན་དུ་གཞང་ནི་ཞིགས་ན་འཆི། །ཞེས་བྱ་བ་ལ། རྨ་དེ་འདྲུབས་པར་གྱུར་ན་ལྷག་མ་བཅད་པར་བྱ་སྟེ། གཞན་དུ་དུས་གཅིག་ཏུ་བཅད་ན་ནི་གཞང་ཞིག་ནས་འཆི་བར་འགྱུར་རོ། །འོ་བས?
་ལྟར་ཁྱབ་པའང་དེ་བཞིན་དུ། ཐལ་སྨན་པ་གཅིན་སྦུ་གུས་གསོ། །ཞེས་བྱ་བ་ལ། དེ་བཞིན་དུ་འོབས་ལྟ་བུས་ཁྱབ་པ་ཞེས་བྱ་བའི་མཚན་མར་རྡོལ་ལ་ཡང་ཐལ་སྨན་དང་བ་གཅིན་དང། སྦུ་གུའི་སྦྱོར་བས་གསོ་བར་བྱའོ། །གཞང་འབྲུམ་མཚན་མར་རྡོལ་བ་ལྡང
་གཞང་འབྲུམ་ལ་ནི་སྨན་བྱེ་གདབ། །རྨ་སྐྱེས་པ་ལ་རེ་ཐག་བཅིང?། །ཟུག་རྔུར་བྱུང་བའི་ཆོ་ག་བཞིན། །ཟུག་རྔུ་བྱུང་སྟེ་སྲིན་འཇོམས་པའི། །བཟའ་དང་བྱུག་པ་སྦྱིན་བར་བྱ། །ཞེས་བྱ་བ་ལ། གཞང?་འབྲུམ་ལས་གྱུར་བའི་མཚན་པར་?
་ནི་དང་པོར་གཞང་འབྲུམ་ཉིད་གསོ་བར་བྱའོ། །རྨ་ལས་སྐྱེས་པའི་མཚན་མར་རྡོལ་ལ་ནི་དང་པོར་དེ་ཐག་བཅད་ལ། དེའི་འོག་ཏུ་ཟུག་རྡུ་དབྱུང་བའི་ཆོག་བཞིན་དུ་གསོ་བར་བྱ་སྟེ། དེའི་འོག་ཏུ་འབུ་འཇོམས་པའི། བཟའ་བཏུང་དང་བསྐུ་ཕྱུག་སྤྱད་པར་བྱའོ།།
་བདན?་དུགས་སྦུ་གུ་ཅན་ལ་སོགས། །སྣུམ་བཅོས་ལེགས་སྦྱར་དང་ལ་ཕན་ཞེས་བྱ་བ་ལ། མཚན་མར་རྡོལ་གྱི་ནད?་ན་བ་ལ་ནི་གླན་པའི་དུགས་ལ་སོགས་པ་ཕན་ནོ། །ཀོ་ཚགས་འདྲ་དང་ཐམས་ཅད་ལ། བ་ལང་ངོགས་དང་ཀུན་ཏུ་བཟང། །གཤོལ་ཕྱེད་པ་དང་བཤོལ
་གྱིས་བྱ། །བརྟགས་ཏེ་ཉེ་བར་སྦྱར་པར་བྱ། ཞེས་བྱ་བ། ཀོ་ཚགས་འདྲ་བ་དང་མཚན་མར་རྡོལ་བ་ཐམས་ཅད་ལ་བ་ལང་གི་དོགས་ཞེས་བྱ་བ་ལ་སོགས་པ་ཆ་དཔྱད་བཞི་པ་ངེས་པར་བརྟགས་ཏེ་སྤྱད་བར་བྱའོ། །ངོས་སུ་འདེབས་པར་བྱེད་པའི་མཚོན།།
་བ་ལང་དོགས་ཤོས་བྱ་བར་བཤད་དོ། །ཅེས་བྱ་བ་ལ། ངོས་སུ་མཚོན་གང་ངོས་སུ་འདེབས་ཤིང་བཅོད་བར་བྱེད་པ་དེ་ནི་མིང་པ་ལང་གི་ངོགས་ཤེས་བྱའོ། །ཀུན་ཏུ་གཏོར་བ་ཀུན་ཏུ་བཟང། །ཞེས་བྱ་བ་ལ། ཐམས་ཅད་གཏོར་ཞིང་སྤྱོད་བའི་ཆ་དཔྱད་ནི་ཀུན་ཏུ
་བཟང་པོ་ཞེས་བྱའོ། །ངེས་ལ་གཙོང་བ་གཤོལ་བྱེད་པ། །ངོས་གཉིས་སུ་ནི་གཤོལ་ཞེས་བཤད། ཅེས་བྱ་བ་ལ། ངོས་པ་ན་ཚུན་གཅིག་བཅོད་བར་བྱེད་པའི་ཆ་དཔྱད་ནི་གཤོལ་བྱེད་པ་ཞེས་བྱའོ། །ངོས་གཉིས་ཀར་གཅོད་པར་བྱེད་པ་ནི་གཤོལ་ཞེས་དྲང
་སྲོང་རྣམས་ཀྱིས་བཤད་དོ། །འཛག་པའི་ལས་ནི་མ་ལུས་པ། །ཐམས་ཅད་མེ་ཡིས་བསྲེགས་པར་བྱ། །སླར་ཡང་འདི་ལྟར་གནོད་མ་བསྐྱེད། །ཅེས་བྱ་བ་ལ། འཛག་པར་བྱེད་པའི་ལམ་མ་ལུས་པ་ཐམས་ཅད་ལ་ཡང་མེས་བསྲེགས་པར་བྱ་སྟེ། དེ་ལྟར་བྱས་ན
་མཚན་མར་རྡོལ་གྱིས་སླར་གནོད་པར་མི་བྱེད་དོ། །སྨན་བས་དེ་ཡི་བར་བར་དུ། །དེ་ལྟོ་སྤྱང་ལ་འབད་པར་བྱ། །ཞེས་བྱ་བ་ལ་ཡང་མཚན་མར་རྡོལ་དང་ལྡན་པའི་ནང་པ་དེ་ལ་བར་བར་འམ། །སྐབས་སྐབས་སུ་སྐྱུགས་སྨན་ལ་སོགས་པ་སྦྱང་བར་བྱའོ། །བྱི་ལའི
་དུས་བ་འབྲས་བུ་གསུམ། །བུ་བ་ལྡེ་གུ་བྱས་པས་བསྐུ། །ཞེས་བྱ་བ་ལ། མཚན་མར་རྡོལ་ལ་བྱི་ལའི་རུས་པ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །ཇོ་ཏེ་མ་ཏི་མ་ལ་ཡུ། སླེ་སྨན་ཏ་ཀི་བི་ཤ་ལ། །དུར་བྱེད་པ་ཐ་བ་ཏྲ་ཀ། ཀ་ར་བཱི་ར་སྲ་རྩི་པའི?།།
་ཤུ་དག་སུ་ད་ཀཱི་ར་དང། ཨརྒའི་ལོ་མ་ཏལ་མར་བསྐོལ། །མཚན་མར་རྡོལ་ལ་བསྐུས་ན་ནི། །འདི་ནི་ཕན་བྱེད་མཆོག་ཏུ་བཤད། །ཅེས་བྱ་བ་ལ། ཛོ་ཏི་སྨ་ཏི་ལ་སོགས་པའི་ལྡེ་གུ་དང་ཏིལ་མར་བསྐོལ། ཏིལ་མར་དེ་མཚན་མར་རྡོལ་བའི་ནད་དང་ལྡན་པ་ལ
་བསྐུས་ན་ཡང་མཆོག་ཏུ་ཕན་པ་ཡིན། །ཛོ་ཏི་སྨ་ཏི་ནི་ཀ་ཀ་ད་ནའོ། །མ་ལ་ཡུན་སོ་མ་ར་ཇི་འམ་བལ་གུའོ། །སླེ་སྨན་ད་ཀི་ནི་སེ་ལུའོ། །བི་ཤ་ལ་ནི་ལང་ཀ་ཡིའོ། །དུར་བྱིད་ན་དྲི་བྱེད་དོ། །ཤིང་མངར་གསེང་ཕྲོམ་པི་པི་ལིང། །སུག་སྨེལ་ཧ་རི་ནུ་ཀ་དང།
་སེང་པོ་གཉིས་དང་པྲི་ཡངཀུ། །ལམ་ཆོ་ཐལ་ཏེས་ཤུག་པ་དང། །པདྨའི་སྙིང་པོ་ད་ད་ཀི་།སྤ་ཚིལ་རུ་རྟ་སྲ་རྩི་འོག། ཁ་ལུང་ལོ་མར་བཅས་པ་དང། །ཏིལ་མར་ལྷན་ཅིག་བསྐོལ་བ་ཡིས། །བསྐུས་ན་འབྲུམ་བུ་མཛེ་དང་རྣ། །གཅིན་དང་སྦྲང?་རྩི་འདྲ་བ་འཇོམས། །
་ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་ལྡེ་གུ་བྱས་བ་དང། ཏིལ་མར་ལྷན་ཅིག་བསྐོལ་བས་བསྐུས་ན། འབྲུམ་བུ་ལ་སོགས་པའི་ནང་སེལ་བར་བྱེད་དོ། །བྱི་དང་ག་སྙིང་འབྲས་བུ་གསུམ། །པི་པི་ལིང་ཙ་པི་པི་ལིང། །སྦྲང་རྩི་ཏིལ་མར་སྦྱར་བ
་ཡིས། ལྡེ་གུ་ཟོས་ན་སྲིན་བུའི་ནད། །མཚན་མར་རྡོལ་དང་མཛེ་ནད་དང། །གཅིན་སྙི་པ་དང་སྨས་པ་དང། །རྨ་འཁྱིམས་འཚོ?་བར་བྱེད་པ་ཡིན། །ཞེས་བྱ་བ་ལ་།པི་དང་ཀའི་སྙིང་པོ་ལ་སོགས་པའི་ལྡེ་གུ་ཟོས་ན་སྲིན་བུའི་ནད་ལ་སོགས་བ་སེལ་བར་བྱེད། །
་སླེ་ཏྲེས་སུག་སྨེལ་བྱི་དང་ག་།དུག་མོ་ཉུང་དང་བ་རུ་ར། སྐྱུ་རུ་ར་དང་ཨ་རུ་ར། །གུ་གུལ་རིམས་ཀྱིས་ཆ་རེས་བསྐྱེད། །སྦྲང་རྩིར་སྦྱར་བ་འདི་ཟོས་ན། །འབྲུམ་བུ་སྦོམ་དང་མཚན་མར་རྡོལ། །ནད་ནི་སེལ་བར་བྱེད་པ་ཡིན། །ཞེས་བྱ
་བ་ལ་།སླེ་ཏྲེས་ལ་སོགས་པའི་སྨན་ཆ་རེས་བསྐྱེད་དེ་སྦྱར་བའི་ལྡེ་གུས་ཟོས་ན། འབྲུས་བུ་སྔོན་པོ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །པི་པི་ལིང་དང་ཙི་ཏྲ་ཀ། བྱི་དང་ག་དང་དུག་མོ་ཉུང། ཆ་སྙམས་ཕྱེད་ཀྱི་འབྲས་བུ་གསུམ། །ཀུན་དང་ཆ་བསྙམས
་གུ་གུས་དང། སྦྲང་རྩིར་སྦྱར་བའི་ལྡེ་གུ་ཡིས། །ནད་ནི་ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་ལ་སོགས་པ་སྲད་རེ་དང། །འབྲས་བུ་གསུམ་དང་སྲང་དྲུག་དང། །གུ་གུལ་སྨན་དེ་དག་ཀུན་དང་ཆ་མཉམ་པར་བྱས་པ་དང། སྦྲང་རྩིར?་སྦྱར?
་བའི་ལྡེ་གུ་ཚ་དང་ལྡན་པར་ཟོས་ན་ཡང་མཚན་མར་རྡོལ་བའི་ནད་ཐམས་ཅད་འཇོམས་པ་ཡིན་ནོ། །གུ་གུལ་སྲང་ལྔ་པི་པི་ལིང། །འབྲས་བུ་གསུམ་ནི་སྲང་རེ་དང། །ཤིང་ཆེ?་སུག་སྨེལ་ཞོ་གཉིས་གཉིས་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ནི། །ཟོས་ན
་མཚན་མར་རྡོལ་བ་དང། །མཛེ་དང་སྐྲན་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། གུ་གུལ་སྲང་ལྔ་དང། པི་པི་ལིང་འབྲས་བུ་གསུམ་སྨན་སྣ་རེ་ཞིང་སྲང་རེ་ཤིང་ཚ་དང། སུག་སྨེལ་སྣ་རེ་ཞིང་ཞོ་གཉིས་གཉིས་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་ཡང།
་མཚན་མར་རྡོལ་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །དེ་ཉིད་དང་ནི་བཅའ་སྒའི་ཕྱེ། །ལེགས་པར་བསྲེས་པར་གྱུར་པ་རང། །རྩ་བ་བཅུ་ཡི་ཁུ་བར་བསྲེས། །མཆོག་ཏུ་རླུང་གི་ནང་སེལ་བྱེད། །ཅེས་བྱ་པ་ལ། བཤད་མ་ཐག་པའི་སྨན་དེ་དག་ཉིད
་བཅའ་ཨི་སྒའི་ཕྱེ་མ་ལ་སོགས་པ་དང་བསྲེས་པས་ཀྱང་མཆོག་ཏུ་རླུང་ལས་གྱུར་པའི་མཚན་མར་བརྡོལ་བ་བསེལ་བར་བྱེད་དོ། །སེང་ལྡེང་སྙིང་པོ་འབྲས་བུ་གསུམ་གྱི་ཕྱེ། ། ས་ན་བསྐོལ་ཁུ་བ་དང་བསྲེས་དང། །མཉམ་པར་གུ་གུལ་སྦྲང་རྩི་ལྡེ་གུ་བྱས
་མཛེ་འབྲུམ་གཅིན་སྙི་མཚན་མར་རྡོ་ནང་སེལ། ཞེས་བྱ་པ་ལ། སེང་ལྡེང་གི་སྙིང་པོ་ལ་སོགས་པ་དང། གུ་གུལ་ཆ་མཉམ་པར་ཨ་ས་ན་བསྐོལ་བའི་ཁུ་བ་དང་བསྲེས་ཏེ། ཟོས་ན་མཛེ་ལ་སོགས་པའི་ནད་སེལ་ཏོ། །འདི་ནི་མཚན་མ་བརྡོལ་གསོའི་བྱེ་བྲག་བཤད། །སྨན་གྱི
་མཚན་ཉིད་ལྟག་མ་གང་ཡིན་པ། །རྨ་ཡི་དབང་བྱས་ཡོངས་སུ་བརྟེན་པ་དང། །གསོ་ཐབས་དགོས་པ་ལེགས་པར་བརྟགས་ཏེ་སྦྱར། །ཞེས་བྱ་བ་ལ། སྔར་བཤད་པའི་མཚན་མར་རྡོལ་གྱི་གསོ་བ་བྱེ་བྲག་གམ་ཁྱད་པར་ཙམ་སྨྲས་པ་ཡིན་གྱི། །སྤྱིའི་བཤད་པ
་ནི་མ་ཡིན་ཏེ། སྔོན་གྱི་མཚན་ཉིད་དེ་ལ་ཕན?་པ་ལྷག་མ་གང་ཡིན་པ་ནི། རྨའི་དབང་དུ་བྱས་པ་ཡོངས་སུ་བརྟགས་ཏེ་བསྟེན་པ་དང། དེ་དང་འཚམ་པའི་གསོ་ཐབས་གང་ཡིན་པ་དག་གིས་གསོ་པར་བྱའོ། །རྟ་གཞོན་སྟོན་ས་བགྱེས་ཤུགས་ནི་འགགས
་པ་དང། །ཆད་འཐུངས་ཉལ་ལམ་ཞུ་མ་གོམས་དང། དྲག་ཤུལ་ལས་ནི་སྣ་ཆོགས་རྨ་འདྲུབས་ན། །ལོ་གཅིག་པར་རམ་དེ་ལས་ལྷག་པར་སྤང། །ཞེས་བྱ་བ་ལ། མཚན་མར་རྡོལ་གྱི་རྨ་འཚབས་སུ་ཟིན་ཀྱང། རྟ་ཞོན་པ་ལ་སོགས་པ་ལོ་གཅིག་གམ།
་དེ་ལས་ཀྱང་ལྷག་པའི་བར་དུ་ཡོངས་སུ་སྤང་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ
་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་འགྲེལ་པའོ། །དེ་ནས་རྨེན་བུ་དང། ཐོར་པུ་དང་རྐང་འབམ་དང་འབྲས་ཀྱི་ཕྲེང་བའི་ནད་དམིགས་ཤེས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། རྨ་དང་འབྲུམ་བུའི་སྐབས་ཀྱི་གོ་རིམ་གྱིས་ན་ལེའུ་འདི་ཉིད་བརྩམས་པ་ཡིན་ནོ། །ནད་ནི་བད་ཀན
་ཤས་ཆེ་བ། །ཁྲག་དང་ཤ་དང་ཚལ་ལ་བརྟེན། །ཟླུམ་ཞིང་མཐོ་བར་སྐྲངས་པ་དེ། །མདུང་པ་འདྲ་བ་རྨེན་བུར་བཤད། །ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནང་བད་ཀན་གྱི་ཤས་ཆེ་བར་གང་ཡིན་བ་ཤ་དང་ཁྲག་ལ་བརྟེན་ཅིང་གནས་པ་དེ་ལས་སྐྲངས་པ་གང་ཟླུམ?
་ཤིང་མཐོ་བར་གྱུར་པ་དེ་རྣག་འཛག་པའི་རྗེས་ལ་མདུང་བ་འདྲ་བའི་རྨན་བུ་ཆགས་པར་གྱུར་པས་དེ་ལ་མིང་རྨེན་བུ་ཞེས་བྱའོ། །དེ་ནི་ནང་གཞི་ཁྲག་ཤ་ཚིལ། །རུས་རྩ་རྣ་ལས་གྱུར་པ་དགུ། །ཞེས་བྱ་བ་ལ། རྨན་བུ་དེ་ནི་ནང་གཞི་སོ?
་སོ་ལས་གྱུར་པ་གསུམ་དང། ཁྲག་ལས་གྱུར་པ་དང། ཤ་དང་ཚིལ་དང་།རུས་པ་དང་རྩ་དང་རྨ་ལས་གྱུར་པ་དང། དགུའོ། །དེ་ལ་རླུང་གྱུར་རྒྱ་ཆེ་ཞིང། །ཟུག་ཅིང་བྱེ་བ་མཉམ་སེམས་གནག་།གནས་ནས་གནས་གཞན་དག་ཏུ་འཕོ། །རྒྱུ་མེད་པར་ནི་འཕེལ
་ཞིང་འབྲི། འཇམ་ཞིང་ལྒང་པ་ལྟ་བུར་རྒྱས། བརྟོལ་ན་ཁྲག་ནི་སླ་པར་འཛག། ཅེས་བྱ་བ་ལ། དེ་ལ་རྨན་བུ་དེ་དག་གི་ནང་ནས་རླུང་ལས་གྱུར་པའི་རྨེན་བུའི་རྒྱ་ཆེ་ཞིང་ལྷུན་འཐུག་པ་དང། ཟུག་པ་ལ་སོགས་པ་ནས། ཁྲག་སླ་བ་འཇག་པའི་བར་དུ
་ཡིན་ནོ། །མཁྲིས་གྱུར་ཆེ་ཞིང་མདོག་མེད་ལ། །དམར་ཞིང་མྱུར་དུ་སྨིན་པ་ཡིན། །བརྟིལ་ན་ཁྲག་ནི་དྲོན་པོ་འཛག་།ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྨེན་བུ་ནི་ཚ་བ་དང་བཅས་པ་དང། ཁ་དོག་སེར་པོ་ཡིན་ལ། དེ་བཞིན་དུ་དམར་བ་ལ
་སོགས་པ་ཡིན་ན། །བད་ཀན་ལས་གྱུར་ནང་མེད་སྲ། །རེག་ན་གྲང་ཞིང་དཀར་ལ་གཡའ། །སྨིན་ན་རྣག་ནི་བསྐ་བ་འཛག་།ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨེན་བུ་ནི་ནང་ཚབས་ཆུང་ཞིང་རིག་ན་གྲང་བ་ལ་སོགས་པའི་ཡིན་ནོ། །ནད་འཁྲུགས
་པའི་ཁྲག་ལས་གྱུར་རྨེན་བུ། །སྲིན་བུ་རང་ནི་བཅས་པར་འགྱུར། །ཤ་དང་རྩ་ལ་གནས་པ་ཡི། །རྨེན་བུ་ཚོར་བ་ཆུང་བ་དང། །མཁྲིས་པའི་མཚན་ཉིད་འདྲ་བ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་འཁྲུགས་པའི་ཁྲག་ལས་རྨེན་བུར་གྱུར་པ
་ནི་ཁྲག་དེ་སྲིན་བུ་སྐྱེ་པ་ལ་ཕྱོགས་པར་འགྱུར་བ་དང་བཅས་པ་དང། ཤ་དང་རྩ་ལ་གནས་པ་ལ་སོགས་པའི་མཚན་ཉིད་ལྡན་པ་ཡིན་ནོ། །ཤ་ཆེའི་གནོད་འགྱུར་ཤ་ལས་ནི། ཤ་བསྐྱེད་ཟས་ལ་རྨེན་བུ་འབྱུང། །སྣུམ་ཞིང་ཚལ་སྲ་བ་དང། །ཙ་ཡིས?
་ཁྱབ་ཅིང་བད་ཀན་འདྲ། ཞེས་བྱ་བ་ལ། ཁ་ཟས་ཤ་བསྐྱེད་པར་བྱེད་པས་ཤ་ལ་གནོད་པར་གྱུར་པ་ལས་བྱུང་བའི་རྨེན་བུ་ནི་སྣུམ་པ་ནས་བད་ཀན་དང་མཚན་ཉིད་དང་འདྲ་བའི་བར་ཡིན་ནོ། །ཚིལ་བསྐྱེད་པ་ཡིས་ཚིལ་འཕེལ་བ། །ཤ་འམ་ལུགས་པར་ཕྱིན་གྱུར་པ། །རླུང་གི
་རྨེན་བུ་ཤིན་ཏུ་སྣུམ། །འཇམ་དང་བརྟན་པར་བྱེད་པ་ཡིན། །བད་ཀན་དང་ནི་མཚན་ཉིད་མཚུངས། །ལུས་འཕེལ?་འབྲི་བ་མཚུངས་པ་ཡིན། །དེ་བརྟོལ་ཚིལ་འཐུག་དམར་བ་དང། །དཀར་དང་གནག་ལ་འཛག་པར་འགྱུར་རོ། །ཞེས་བྱ་བ་ལ། ཚིལ་སྐྱེད་པར་བྱེད་པའི་ཁ་ཟས
་ཀྱི་ཚིལ་འཕེལ་བར་འགྱུར་བ་ཤ་འམ་བགས་བ་ཕྱིན་པར་གྱུར་པ་ལས་རླུང་གིས་རྨེན་བུ་ཤིན་ཏུ་སྣུམ་པ་ལ་སོགས་པའི་མཚན་ཉིད་ཅན་ལུས་འཕེལ་ཞིང་ཚོན་ནི་འཕེལ་བར་འགྱུར་ལ། སྦིག་ན་འགྲིབས་པར་འགྱུར་བར་འབྱུང་ལ། དེ་བརྟལ་ན་ཚིལ་འཐུག་ཅིང
་མདོག་དམར་བ་ལ་སོགས་པ་འཛག་པར་འགྱུར་རོ། །རུས་པ་ཆག་དང་སྣང་པ་ལས། །མཐོ་དང་དམའ་བར་གྱུར་པ་དེ། །རུས་པའི་རྨེན་བུ་ཞེས་བྱའོ། །ཞེས་བྱ་བ་ལ། རུས་པ་ཆག་གྲུབས་སུ་གྱུར་པ་ལས་རུས་པ་གང་མཐོ་འམ་དམའ་བར་གྱུར་པ་དེ་ནི་རུས་པའི
་རྨེན་བུ་ཞེས་བྱའོ། །རྐང་གིས་སོང་བ་འམ་དྲག་ཤུལ་གྱིས། །དུབ་བར་གྱུར་ནས་ལམ་བརྒལ་བས། རླུང་གིས་རྩ་ན་ཁྲག་བཅས་པ། །རླུང་གིས་བཅིར?་འཁྲུགས་ནས་ནི། །ཡོན་པོར་བྱས་ཏེ་སྐབས་པ་དང། །མི་འཕྱར་ནད་ཉུང་རྨེན་བུ་ཆགས། །དེ་ནི་རྩ་ཡི་རྨེན་བུར
་བཤད། །ཅེས་བྱ་བ་ལ། རྐང་གིས་ལན་དུ་ཞུགས་པ་ལས་འཕྲལ་དུ་ཆུ་བརྐོལ?་བར་གྱུར་པ་དང། ཡང་ན་དེ་བཞིན་དུ་དྲག་ཤུལ་གྱིས་དུག་པར་གྱུར་པ་ལས་མོད?་ལ་ཆུ་བརྒལ་བར་གྱུར་པས། རླུང་འཁྲུགས་པར་གྱུར་ཏེ། རླུང་ངེས་རྩ་ལ་གནོད་པར་བྱས་ཤིང་བཅིར
་ཏེ་འཁུམ་པར་བྱས་ཤིང་སྐམས་པ་ལས་མི་འཕར་བར་ནད་བྱུང་བའི་རྨན་བུ་ཆག་པར་འགྱུར་ཏེ། དེ་ནི་མིང་རྩའི་རྨེན་བུ་ཞེས་བྱའོ། རྨ་ནི་རྨ་འདྲུབས་འདྲུབས་མ་ཐག་།རོ་ནི་ཐམས་ཅད་ཟོས་གྱུར་པ་འམ། །རློན་པ་བཀྲིས་པ་མད་པའམ། །ཡང་ན་ལུས་ན་སྣང་གྱུར་པས
་རླུང་ནི་ནང་ཁྲག་མ་བྱུང་པ། །མ་སྦྱངས་ན་ནི་བསྲུབས་པ་ལས། །ཚ་ཞིང་གཡའ་མ་བཅས་གྱུར་པ། །རྨ་ནི་རྨེན་བུར་དེ་བཤད་དོ། །ཞེས་བྱ་བ་ལ། རྨ་ཤ་མ་འདྲུབས་པ་འམ། འདྲུབས་མ་ཐག་རོ་ཐམས་ཅད་དང་ཟས་མཆོག་པར་ཟོས
་པའམ། ཡང་ན་རྨ་རློན་པ་དཀྲིས་མ་མེད་པར་གཞུག་པའམ། ཡང་ན་ལུས་སྣང་པར་གྱུར་པས་རླུང་འཁྲུགས་པར་གྱུར་ནས་ནང་ཁྲག་མ་ཕྱུང་བ་མ་སྤྱངས་པར་གྱུར་པ་ལས་མ་བསྲུབས་ཤིང་འཚབ་པ་ལས་ནི་ཚ་ཞིང་གཡའ་བ་དང་བཅས་པའི་རྨེན་བུར་འགྱུར་ཏེ།
་དེ་ནི་རྨའི་རྨེན་བུར་ཞེས་དྲང་སྲོང་དག་གིས་བཤད་དོ། །གསེར་རུང་ནད་གཞི་ཁྲག་ཚིལ་གྱུར། །ཞེས་བྱ་བ་ལ། རྨེན་བུ་དེ་དག་ལས་གསོར་རུང་བ་ནི་རླུང་དང། མཁྲིས་པ་དང་བད་ཀན་དང་ཁྲག་དང་ཚིལ་ལS་གྱུར་པ་སྟེ། ལྔ་པོ་ཡིན་ནོ། །སྲ་ཞིང་འགྱུར་དང་སྦོམ་བ་དང། །གནང་དང
་མགུལ་པ་ལྟོར་གནས་ཡིན། །ཞེས་བྱ་བ་ལ། རྨེན་བུ་གང་སྲ་འགྱུར་ཞིང་གཡོ་བ་དང། སྦོམ་པ་ལ་སོགས་པ་ནི་གསོར་མི་རུང་པ་ཡིན་ནོ། །མདུད་པ་ཆེར་ཆགས་ཐོར་བུ་སྟེ། རྨེན་བུའི་དེ་ནི་མཚན་ཉིད་ཅན། །ནད་གཞི་ལ་སོགས་གྱུར་དྲུག་ཡིན། ཕལ་ཆེར་བད
་ཀན་ཚིལ་རྒྱས་ཡིན། །བརྟན་པས་སྨིན་པར་མི་འགྱུར་རོ། །ཞེས་བྱ་བ་ལ། སྔར་བཤད་པའི་རྨེན་བུ་ལས་ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི་ཐོང་བུ་ཞེས་བྱ་སྟེ། །དེ་ཡང་རྨེན་བུའི་མཚན་ཉིད་དང་ལྡན་པ་ཡིན་ལ། དེ་ཡང་ནད་གཞི་ཐ་དད་པ་དང། ཚིལ་ལས་གྱུར
་པའི་པར་རྣམ་པ་དྲུག་ཡོང་ལ། དེ་ཡང་ཕལ་ཆེར་བད་ཀན་དང་ཚིལ་རྒྱས་པ་ཡིན་པའི་ཕྱིར་དང། བརྟན་ཞིང་སྲ་བས་སྨིན་པ་མི་འགྱུར་རོ། །རྩལ་བ་ཞེས་པའི་ཁྲག་ནད་ཀྱི། །འཁུམས་པའི་རྗེས་ལ་གནོད་འགྱུར་ཞིང། །སྨིན་པ་དེ་ཚེ་རྒྱས་འགྱུར་ལ། །ཤའི
་གོང་པོ་བཅས་པར་གྱུར། །ཤ་ཡི་མྱུ་གུས་ཁྱབ་འགྱུར་ཞིང། །སྐྱེས་པ་དེ་ལས་ནད་ཁྲག་ནི་བརྒྱུན་མི་འཆད་པར་མང་དུ་འཛག་།དེ་ནི་ཁྲག་གི་ཐོར་བུ་ཡིན། ཞེས་བྱ་བ་ལ། རྩལ་གནས་བའི་ཁྲག་ནི་ནང་ཁྲག་རླུང་ལ་སོགས་པའི་ནད་ཀྱིས་འཁུམས་པར་གྱུར་པ་ན། ཁྲག་དེ་རྒྱས་པར
་འགྱུར་ལ། །ཤའི་གོ་པོ་རིལ་པོ་དང་བཅས་པར་འགྱུར་བ་དང། ཤའི་མྱུ་གུས་ཁྱབ་ཅིང་དེ་འཕེལ་བར་འགྱུར་པ་ལས་ཁྲག་གི་རྒྱུན་མང་པོ་རྒྱུན་དུ་འཛག་པ་ཡིན་ཏེ། དེ་ནི་ཁྲག་གི་ཐོར་བུ་ཞེས་བྱའོ། །དེ་ལས་ཤ་ཁྲག་ལས་?་སྤང། །བཞི་པོ་གཞན་དག་གསོ་བར་བྱ
་ཞེས་བྱ་པ་ལ། ཐོར་བུ་དེ་དག་གི་ནང་ནས་ཁྲག་དང་ཤ་ལས་གྱུར་པའི་ཐོར་བུ་གཉིས་པོ་ནི་སྤང་བར་བྱ་ལ། རླུང་ལས་གྱུར་པ་ལ་སོགས་པ་བཞི་པོ་ནི་གསོ་བར་བྱའོ། །དང་པོར་ཆུ་སོར་གནས་པ་འམ། རོ་སྨད་ལ་བརྟེན་པད་ཀན་རྒྱས། །ཤ་ཁྲག་ནང་ཀྱི་རྐང་པར་ནི། །དུས་སུ
་སྐྲད་པར་བྱེད་འགྱུར་ཞིང། །རིམ་གྱིས་སྟུག་པོ་ཉིད་འགྱུར་ཞིང། །དེ་ནི་རྐང་འབར་ཞེས་བཤད་དོ། །ཅེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བའི་ནང་དང་པོར་ཆུ་སོ་འམ་རོ་སྨད་གང་ཡང་རུང་བ་ལ་གནས་ནས་ཤ་དང་ཁྲག་ལ་བརྟེན་ཏེ། དེ་ལྟ་བུའི་ནད་དེ་རིམ་གྱིས་སྐྲངས་ཤིང་རྐང
་པའི་བར་དུ་འབྱོར་བ་འམ། རྐང་པ་འབའ་ཞིག་སྐྲད་བར་བྱེད་པ་དེ་ནི་རྐང་འབམ་ཞེས་བྱའོ། །རླུང་གྱུར་གས་ཤིང་གནག་པ་དང། རྒྱུ་མེད་ན་ཞིང་རྩུབ་ཅིང་ན། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རྐང་འབམ་ནི། །རྐང་པ་གས་པར་བྱེད་པ་དང་མདོག་གནག་པ་ལ་སོགས
་པ་ཡིན་ནོ། །མཁྲིས་པ་གྱུར་ལས་སེར་བ་དང། ཚ་དང་རིམས་ཀྱིས་འདེབས་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་རྐང་འབིམ?་ནི། །ཅི་བོ་དང་མདོག་སེར་བ་ལ་སོགས་པ་ཡིན་ནོ། །བད་ཀན་སྣུམ་ལྕི་ནང་ཚབས་ཆུང། །ཤ་ཡི་མཛེར་པ་ཆེན་པོས་ཁྱབ། །ཅེས
་བྱ་བ་ལ། བད་ཀན་ལས་གྱུར་པའི་སྣུམ་པ་དང། །ལྕི་པ་ལ་སོགས་པ་ཡིན་ནོ། །དེ་ནི་མང་དུ་འཛག་པ་དང། ལོ་གཅིག་འདས་པ་སྤང་བར་བྱ། ཞེས་བྱ་བ་ལ། རྐང་འབམ་གྱི་ནང་ད་ནི་ཆུ་སེར་མང་དུ་འཛག་པ་དང། ལོ་གཅིག་ལོན་པའི། །
་རྙིང་པ་སྤང་བར་བྱའོ། །ཁ་ཅིག་ལག་པ་སྣ་དང་མཆུ། །རྣ་བ་རྐང་པ་ལྟར་འབྱུང་གཟེར། །རྐང་འབམ་སྐྱེས་པར་གྱུར་པ་དེ། །རླན་ཅན་གནས་སུ་མི་བཟད་སྐྱེ། །ཞེས་བྱ་བ་ལ། དྲང་སྲོང་ལ་ལ་ནི་ལག་པ་གཉིས་དང། སྣ་དང་མཆུ་དང་རྣ་བ་དང་རྐང་པ་དང་འདྲ་བར་རྐང་འབམ་འབྱུང་བར?
་འགྱུར་རོ། །ཞེས་ཟེར་ལ། རྐང་བམ་གྱི་ནང་དེ་ནི་བརླན་ཅན་གྱི་གནས་ཡང་དང་ཡང་དུ་ཤས་ཆེར་སྐྱེ་བར་འགྱུར་རོ། །ནད་ནི་ཚིལ་མགྲིན་མཇིང་པ་མིག་།མཆན་ཁུང་ཆུ་སེར་གནས་པ་དག། མདོག་འདྲ་སྲ་ཞིང་སྣུམ་པ་དང། །ཐར?་?་སྐྱུ
་རུ་ར་འདྲ་དང། །གཏིང་ཟུག་འབྲས་ནི་ཆེར་འབྱུང་དང། །རིང་ཞིག་ལོན་ན་སྨིན་པར་བྱ་བ་ལ། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཚིལ་ལ་གནས་ཤིང། མགྲིན་པ་དང་མཇིང་པ་ལ་སོགས་པར་སྟེན་པ་དག་ནི་མདོག་འདྲ་ཞིང་སྲ་བ་ལ་སོགས་པའི་མཚན
་ཉིད་དང་ལྡན་པ་བར་ཏ་ཀའམ་སྐྱུ་རུ་ར་འདྲ་བ་གཏིང་ཟུག་ཅིང་ནང་དུ་ཆུད་པའི་འབྲས་ཆེན་པོ་འབྱུང་ཞིང་དུས་ཡུན་རིང་ཞིག་ལོན་ན་སྨིན་པར་བྱེད་པ་ཡིན་ནོ། །དེ་ལས་ཁ་ཅིག་ནད་མེད་སྨིན། །ཁ་ཅིག་འཛག་དང་གཡའ་བ་ཡིན། །ཁ་ཅིག་སྐམས་ཤིང
་ཁ་ཅིག་སྐྱེ། །ཡུན་རིང་དུ་ནི་གནས་པར་བྱེད། །དུར?་བཞིན་དུ་འབྲི་ཞིང་འཕེལ། །འབྲུམ་ཆེན་འབྲས་ཕྲེང་ཞེས་བྱའོ། །ཞེས་བྱ་བ་ལ། འབྲས་ཀྱི་ནད་དེ་གཅིག་ནི་ནད་ཆེན་པོ་མེད་པར་སྨིན་པར་འགྱུར་ལ། ཁ་ཅིག་ནི་འཛག་པར་བྱེད་པ་ཡིན་ལ། ཁ་ཅིག་ནི
་གཡའ་བར་བྱེད་པ་ཡིན་ལ། །ཁ་ཅིག་ནི་སྐམས་ཤིང་འཇིག་།ཁ་ཅིག་ནི་སྐྱེ་ཞིང་འབྱུང་བར་བྱེད་དེ། དེ་དག་ཀྱང་ཡུན་རིང་དུ་གནས་པར་བྱེད་པ་དང། རྩ་དུར?་བ?་དང། འདྲ་བར་འཕེལ་ཞིང་རྒྱས་པར་བྱེད་དེ། ཇི་ལྟར་དུརྦ་འབི་བར་གྱུར་ནས་སླར་འཕེལ་བར
་འགྱུར་ཏེ། འབྲས་ཀྱི་ཕྲེང་བ་ཡང་དེ་དང་འདྲའོ། །དེ་ཡང་འབྲུམ་ཆེན་དང། །འབྲས་ཀྱི་ཕྲེང་བ་ཞེས་བྱ་བ་སྟེ། མིང་གཉིས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ནི་རིམས་བཅས་སྐྱུག་པ་དང། ཆ་མ་ལུད་རྩིབ་ལོགས་ཟུག་པ་སྤང། །ཞེས་བྱ་བ་ལ། འབྲས་གྱི་ཁྲེད
་བདེ་རིམས་ལ་སོགས་པའི་བླ་གཉན་རང་བཅས་པ་སྤང་བར་བྱའོ། །རྨ་ལ་མི་འཕྲོང་བསྟེན་པ་ཡིས། །སྐྲད་དང་སྨིན་པ་ཁྱད་པར་མེད། །ཤ་སོགས་ནང་དུ་རྣག་ཞུགས་འགྱུར། །རིང་དུ་འགྲོ་བར་བྱེད་པ་ཡིན། །དེ་ནི་རིང་དུ་འགྲོ་བས་འགྲོ། སྦུབས་ལྟར་འཛག་པ་སྦུ
་གུ་ཡིན། །ཞེས་བྱ་བ་ལ། སྨིན་པ་དང་མ་སྨིན་པ་ཁྱད་པར་རྨ་ལ་མི་འཕྲོད་པ་བསྟེན་པར་གྱུར་པས་ཤ་ལ་སོགས་པའི་ནང་དུ་རྣག་ཞུགས་པར་གྱུར་ཅིང་རིང་དུ་དུག་འཆས་ཤིང་འགྲོ་བར་བྱེད་པ་ཡིན་ལ། དེ་རིང་དུ་འགྲོ་པས་ན་མིང་འགྲོ་བ་ཞེས་བྱ་བ་ལ་དེ་བཞིན་དུ་སྦུ་གུ?
་ལྟར་འཇིག་པས་ན་སྦུ་གུ་ཞེས་བྱའོ། །དྲང་པོ་སྦུ་གུ་གཅིག་ཡིན་ཏེ། དེ་ཉིད་སྣ་ཚོགས་འགྲོ་བ་འགྲོ་ཞེས་བྱ་བ་ལ། སློབ་དཔོན་གཞན་དག་གི་གཞུང་གིས་ནི་དྲང་པོར་འདུག་པ་ལ་ནི་སྦུ་གུ་གཅིག་པ་ཞེས་བྱ་བ་དེ་ཉིད་སྣ་ཚོགས་སུ་འགྲོ་བ་ནི་མི་འགྲོ་བ་ཞེས་བྱའོ། །དེ་ནི་?
་བཞི་རེ་རེ་འདུས། ཟུག་རྔུའི་རྒྱུས་འབྱུང་ལྔར་འགྱུར་རོ། །ཞེས་བྱ་བ་ལ། སྦུ་གུ་འདྲ་བ་དེ་ནི་རང་གཞི་རེ་རེ་ལས་གྱུར་པ་དང། འདུས་པ་ལས་གྱུར་པ་དང། ཟུག་རྔུས་ཟུགས་པར་གྱུར་པ་སྟེ། རྣམ་པ་ལྔར་འགྱུར་རོ། །རླུང་གྱུར་ནད་བཅད་རྨ་སྒོ་སྲ། །མདོག་མི་སྡུག་ཅིང་དབུ?་?
་འཛག། །ནུབ་མོ་ལྷག་པར་འཛག་པ་ཡིན་ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྦུ་གུ་ནི། ནད་དང་བཅད་པ་ལ་སོགས་པ་ཡིན་ནོ། །མཁྲིས་གྱུར་སྐོམ་ཆེ་རིམས་ཀྱིས་འདེབས། །སེར་དྲོ་རྣག་ནི་དྲི་མ་ནམ་འཛག་།ཉིན་བར་ལྷག་པར་འཛག་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ
་ལས་གྱུར་པ་ནི། སྐོམ་དང་ཆེ་བ་དང། ཚ་བ་ལ་སོགས་པ་དྭང་ལྡན་པ་ཡིན་ནོ། །བད་ཀན་?་ཞིང་སྤྱི་བག་འཇག་གཡའ་ཞིང་སྤྱི་བག་འཇག་གཡའ་ཞིང་སྲ་བར་གྱུར་པ་དང། མཚན་མོ་ལྷག་པར་འཛག་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པ་ནི་སྐ་ཞིང་སྤྱི་བག་འཛག་པ་ལ་སོགས
་པའི་མཚན་ཉིད་ཅན་ཡིན་ནོ། །འདུས་གྱུར་མཚན་མ་ཀུན་ལྡན་སྤང། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པ་ནི་ནད་གཞི་གསུམ་ཚར་གྱི་མཚན་ཉིད་དང་ལྡན་པ་ཡིན་ཏེ། དེ་ནི་གསོར་མི་རུང་བས་སྤང་བར་བྱ་བ་ཡིན་ནོ། །ནང་ན་གནས་པའི་བྲུག་རྔུ་མ་ཕྱུང་ཞིང། སྦུ་གུ
་བསྐྱེད་པར་བྱེད་པ་གང་ཡིན་ཏེ། དབུ་བ་ཅན་ལ་སླ་ཞིང་དྲོ་བ་དང། ཁྲག་བཅས་རྣག་ནི་ནང་བཅས་རྟག་ཏུ་འགྱུར། ཞེས་བྱ་བ་ལ། རྨ་ནི་ནང་ན་གནས་པའི་ཟུག་རྔུ་མ་ཕྱུང་ན། རྨའི་སྦུ་གུ་སྐྱེད་པར་བྱེད་དེ། སྤུ་གུ་དེ་ནི་ནད་པ་དེ་ལ་དབུ་བ་ཅན་གྱི་རྣག་སླ་ཞིང་བྲོ་བ་དང?
་ཁྲག་དང་བཅས་པ་དང། ནད་སྐྱེད་པར་བྱེད་པ་རྟག་ཏུ་འབྱུང་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར
་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རྨེན་བུ་ལ་སོགས་པའི་གསོ་བ་བཤད་པར་བྱའོ། །རྨེན་བུ་མ་སྨིན་པ་ལ་ནི། །རང་རང་སྐྲད་པའི་ནང་ལྟར་གསོ། །ཞེས་བྱ་བ་ལ་།རྨེན་བུ་མ་སྨིན་ཅིང་རྣག་པར
་གྱུར་པ་ལ་ནི་སྐྲད་པའི་ནད་ཇི་ལྟར་གསོ་བ་དེ་བཞིན་དུ་གསོ་བར་བྱའོ། །ཀཎྜ་ཀཱ་རཱི་བྲི་ཧ་ཏི། །ཙི་ཀྲ་ཀ་དང་པི་པི་ལིང། །བསྐོལ་བའི་མར་གྱིས་ལུས་སྦྱར་བར། །འདོད་པ་དག་གིས་སྣུམ་བཅོས་བྱ། །སྦྱར་བྱས་སྨན་རྣོན་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། རྨེན་བུའི་ནད་སྦྱར
་པར་བྱེད་པར་འདོད་པས་ནི། ཀཎྚ་ཀཱ་རཱི་ལ་སོགས་པའི་སྨན་མར་གྱིས་སྣུམ་བཅོས་བྱས་ལ། བཀྲུ་སྨན་དང། སྐྱུགས་སྨན་གྱིས་སྦྱང་བར་བྱས་ཏེ། དེའི་འོག་ཏུ་སྨན་རྣོན་པོའི་ལྡེ་གུས་བསྐུ་བར་བྱའོ། །རྨེན་བུ་ཡན་མན་དུགས་བྱས་ཏེ། ཡང་དང་ཡང་དུ་མཉེ
་བར་བྱ། །ཞེས་བྱ་བ་ལ། ཡང་རྨེན་བུ་ལ་དུགས་མང་དུ་བྱས་ཏེ། སོར་མ་ལ་སོགས་པས་ཡང་དང་ཡང་དུ་མཉེ་བར་བྱའོ། །ཞེས་བྱ་བ་ལ། འདི་ནི་མཆོག་ཏུ་རླུང་ལ་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆོ་ག་འདི་དག་ནི་མཆོག་ཏུ་ཡང་རླུང་ལས་གྱུར
་པ་ལ་བྱའོ། །ཁྲག་དང་མཁྲིས་པ་ལས་གྱུར་པའང། །གཏེར་ག་བསིལ་བའི་སྦྱོར་ཀུན་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པའི་རྨེན་བུ་ལ་ནི་གཏར་གའི་སྦྱོར་བ་དང། བསིལ་སྨན་གྱིས་སྐུ་བ་དང། སྨན་དུ་བཀྲུག་པ་ལ་སོགས་པའི
་སྦྱོར་བ་བྱའོ། །བད་ཀན་ལས་གྱུར་རླུང་ལྟར་གསོ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨེན་བུ་ལ་ནི་རླུང་ལས་གྱུར་པའི་གསོ་བ་ཇི་སྐད་སྨོས་པ་བྱའོ། །འོན་ཀྱང་སྨིན་ན་དེ་བཅད་དེ། ཁྲག་ཡོད་པ་ནི་མེས་བསྲེག་བྱ། །ཞེས་བྱ་བ་ལ། དེ་ལྟར་གསོ་བ
་བྱས་སུ་ཟིན་ཀྱང། སྨིན་པར་གྱུར་ན་རྨེན་བུ་བཅད་ཅིང་བཤགས་པ་ཁྲག་ཡོད་པའི་རྗེས་མེས་བསྲེག་པར་བྱའོ། །མ་ལུས་པར་བཅད་ལུས་གྱུར་ན། །སླར་ཡང་འཕེལ་བར་བྱེད་པར་འགྱུར། །ཞེས་བྱ་བ་ནི་དེ་བཅད་པ་ནམ་ལུས་པར་སྤྱད་པར་བྱ་སྟེ། ལུས་ན་སྤར་འཕེལ་བའི
་སྐྱོན་ཡོད་པའི་ཕྱིར་རོ།། ཤའི་རྨ་ལས་གྱུར་རྨེན་བུ། །དེ་བཞིན་འཚོ་བ་ཙམ་དུ་བྱ། ཞེས་བྱ་བ་ལ། ཤའི་རྨེན་བུ་ནི་གོང་དུ་བཤད་པ་བཞིན་དུ་གསོས་ལ་རེ་ཞིག་འཚོ་བ་ཙམ་དུ་བྱའོ། །ཚིལ་ལས་གྱུར་པའང་འདི་ཉིད་དང། །ཏིལ་དང་འོ་མའི་ལྡེ་གུས་བསྐུ། །རས་ནི་ཉི
་རིམ་དག་གིས་དཀྲི། ཏོག་ལྕགས་ལ་སོགས་བསྲེགས་པས་གསོ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་རྨེན་བུ་ལ་ནི། །ཚིལ་ལས་གྱུར་པའི་གསོ་བ་འདི་ཉིད་དང། །ཏིལ་དང་འོ་མའི་ལྡེ་གུས་བསྐུས་ལ་རས་ཉི་རིམ་གྱིས་དཀྲིས་ཏེ་གོ་ལྕགས་ལ?་སོགས་པས་བསྲེགས
་པས་གསོ་བར་བྱའོ། །ཡང་ན་མཚོན་གྱིས་དཔྲལ་ནས་ནི། །ཚིལ་བྱུང་ནས་ནི་ལེགས་པ་བསྲེག། ཅེས་བྱ་བ་ལ། ཡང་ན་ཚིལ་ལས་གྱུར་པའི་རྨེན་བུ་གཙགས་བུས་དབྲལ་ལ། ཚིལ་ཕྱུང་སྟེ་བསྲེག་པར་བྱའོ། །རྩ་ཡི་ཐོར་བུ་སར་པ་ལ། །ས་ཧ་ཙ་རི་ཏིལ་མར་བླུང། །རླུང
་འཇོམས་སྨན་གྱི་དཀྲི་དུགས་བྱ། །འཇམ་རྩི་དང་ནི་གཏར་ག་བྱ། ཞེས་བྱ་བ་ལ། རྩའི་ཐོར་བུ་ལ་ནི་ས་ཧ་ཙ་ར་དང་བསྐོལ་བའི་ཏིལ་མར་བླུང་བར་བྱའོ། །ཡང་ནད་དེ་ལ་རླུང་སེལ་བའི་སྨན་གྱིས་དཀྲི་བའི་དུགས་ལ་སོགས་པ་བྱའོ། །ཐོར་བུ་རྨེན་བུ་ལྟ་བུར་ནི། །རང་གི་ཇི
་བཞིན་བྱས་རབ་ཕན། ཞེས་བྱ་བ་ལ། ཐོར་བུའི་ནད་ལ་ནི་རྨེན་བུ་རླུང་ལས་གྱུར་པ་ལ་སོགས་པ་ཇི་ལྟར་གསོ་པ་བཞིན་དུ་ཐོར་བུ་ཡང་དེ་ལྟར་གསོ་བར་བྱའོ། །རྐང་འཕམ?་རླུང་གྱུར་འཕེལ་བ་ལ། །སྣུམ་ཞིང་དུགས་ཀྱང་དཀྲི་བ་དང། །ལོང་མོའི་སོར་གཉིས་གོང་དུ་ནི། །གཏང་ག
་གདང་པར་བྱ་བ་དང། །ེ་རཎྜའི་མར་འོ་མ་དང། །པ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་རྐང་འབམ་ལ་ནི། །སྣུམ་བཅོས་ལ་སོགས་པ་བྱས་ཏེ། ལོང་མོའི་གོང་དུ་སོར་གཉིས་གཞལ་པར་གཏར་ག་གདབ་པར་བྱ་ཞིང། ཨེ་རཎྜའི་མར
་ལ་སོགས་པ་སྦྱར་ལ་ཟླ་གཅིག་གི་བར་དུ་བླུད་པར་བྱའོ། །ཞུ་ནས་འབྲུ་རྙིང་བཅའ་སྒ་དང། །འོ་མ་དང་སྦྱར་ཁ་ཟས་སྦྱིན། །ཞེས་བྱ་བ་ལ། ཨེ་རཎྜའི་མར་དེ་ཞུ་ནས་འབྲས་རྙིང་པའི་ཆན་དང་བཅའ་སྒ་དང་འོ་མ་དང་སྦྱར་བ་སྦྱིན་བར
་བྱའོ། །དེ་བཞིན་དུར་བྱིང་འོ་ན་བླུད། །ཅེས་བྱ་བ་ལ། ཡང་ན་རླུང་ལས་གྱུར་པའི་རྐང་འབམ་ལ་ནི་དུ་དབྱེད་དང་འོ་མ་བསྐོལ་བ་བླུད་པར་བྱའོ། །དེས་མ་ཞི་ན་མེས་བསྲེགས་བྱ། ཞེས་བྱ་བ་ལ། དེ་ལྟར་བྱས་སུ་ཟིན་ཀྱང་སོས་པར་མ་གྱུར་ན་རྐང་བ་མ་དེ་མེས
་བསྲེག་པར་བྱའོ། །མཁྲིས་གྱུར་ལོང་མོའི་འོག་ཏུ་ནི། ཁྲག་དབྱུང་མཁྲིས་པ་སེལ་ཀུན་སྦྱར། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྐང་འབམ་ལ་ནི་ལོང་མོའི་འོག་ཏུ་གཏར་ག་བྱ་བ་དང། དེ་བཞིན་མཁྲིས་པ་སེལ་བའི་ཟས་དང་སྨན་ལ་སོགས་བ
་ཐམས་ཅད་སྦྱར་བར་བྱའོ། །བད་ཀན་ལས་གྱུར་མཐེབ་པོ་ལས། །ཁྲག་ལྟར་ནས་ཀྱི་ཁ་ཟས་ནི། །སྦྲང་རྩི་བཅས་པའི་སྨན་ཁུ་བླུང། །འཕེལ་པའི་ཚེ་ནི་པི་པི་ལིང། ། རུ་ར་ནི་བསྟེན་པར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྐང་འབམ་ལ་ནི
་རྐང་པའི་མཐེ་བོ་ལས་ཁྲག་གཏར་བ་དང། ཁ་ཟས་སྦྲང་རྩི་དང་བཅས་པ་བཟའ་ཞིང་སྨན་གྱི་ཁུ་བ་བླུད་པ་དང། འཕེལ་བའི་ཚེ་ན་པི་པི་ལིང་ལ་སོགས་པ་བཟའ་བར་བྱའོ། །ཡུངས་ཀར་བྲི་ཧ་ཏི་གཉིས་ཀྱི། །རྩ་བའི་ལྡེ་གུས་བྱུག་པར་བྱ། ཞེས་བྱ་བ་ལ།
་ཡང་བད་ཀན་ལས་གྱུར་པའི་རྐང་འབམ་ལ་ཡང་ཡུངས་ཀར་དང། །བྲི་ཧ་ཏིའི་རྩ་བའི་ལྡེ་གུས་བྱུག་པ་བྱའོ། །ཡང་ན་འུ་སུའི་ལྡེ་གུས་བྱུག། ཅེས་བྱ་བ་ལ། ཡང་ན་འུ་སུའི་འབྲས་བུའི་ལྡེ་གུས་བསྐུ་བར་བྱའོ། །འབྲས་ཀྱི་ཕྲེང་བ་སྟེང་འོག་ནས།། །སྦྱང་ཞིང་དནད་ཏྲ
་དནྟི། །དུར་བྱིད་ཀོ་ཤ་ཏ་ཀི་དང། །དེ་བ་ཏ་ལའི་མར་བསྐོལ་བླུང། །ཅེས་བྱ་བ་ལ། འབྲས་ཀྱི་ཕྲེང་བ་ཞེས་བྱ་བའི་ནད་ལ་ནི?་བྱེད་དང། །དུག་ལས་ཞོ་གཉི་?་ཨང་བ་དང། དནད་ལ་སོགས་པ་དང། བསྐོལ་བའི་མར་བླུད་པར་བྱའོ། །བད་ཀན་ཚིལ་ནི་འཇོམས་པ་ཡི། །
་དུད་པ་མཁུར་བཀང་སྣ་སྨན་བསྟེན། །ཞེས་བྱ་བ་ལ། ཡང་ན་འབྲས་ཀྱི་ཕྲེང་པ་ལ་སྦྱོར་བ་འདི་དག་བྱས་ན་ཡང་ཕན་ནོ། །གཏར་གས་ཁྲག་ནི་དབྱུང་བ་དང། །སྐྱེར་པ་ཁཎྜ་གཅིན་ཡང་བླུད། །ཅེས་བྱ་བ་ལ། ཡང་ན་འབྲས་ཕྲེང་བ་ལ། གཏར་ག་ལ་སོགས་པའི
་སྦྱོར་བ་བྱའོ། །རྨེན་བུ་མ་སྨིན་པ་ལ་ནི། །རྒྱམ་ཚ་བཅའ་སྒ་ན་ཀུ་ལི། །བསྐུ་ཞིང་སྲ་བར་རྒྱམ་ཚྭ་ཡི། །ཐུམ་པུས་དུགས་བྱས་མཉེ་བར་བྱ། །ཞེས་བྱ་བ་ལ། རྨེན་བུ་མ་སྨིན་པ་ལ། རྒྱམ་ཚྭ་ལ་སོགས་པ་བསྐུ་བར་བྱ་ལ་།སྲ་བ་ལ་ནི་རྒྱམ་ཚྭ་གཏུམས་པའི
་ཐུམ་བུས་མཉེ་བར་བྱའོ། །ཤ་མི་ལ་ཕུག་ཤི་ཀྲུ་ཡི། །ས་བོན་གནས་དང་ཡུངས་ཀར་བཅས། །དར་བ་སྐྱུར་པོ་བརྟགས་བསྐུས་ན། །རྨེན་བུའི་མདུད་པ་ཞི་བར་བྱེད་།ཅེས་བྱ་བ་ལ། ཡང་ཤ་མི་ལ་སོགས་པའི་ལྡེ་གུས་བསྐུས་ན་རྨེན་བུའི་མདུད་པ་ཆགས་པ
་ཞུ་བར་འགྱུར་རོ། །སྨིན་པར་འཁྲིགས་ན་ཁྲག་འབྱུང་ཞིང། བད་ཀན་མཁྲིས་པ་སེལ་པས་གསོ། །ཞེས་བྱ་བ་ལ། རྨེན་བུ་སྨིན་པར་བསྐྱོད་པ་ལ་ནི་གཏར་ག་གདབ་པ་ལ་སོགས་པ་བྱའོ། །མ་སྨིན་པ་ནི་ཕྱུང་ནས་ཀྱང། །ཐལ་སྨན་མེ་བཙས་གསོ་བར་བྱ།།
་ཞེས་བྱ་བ་ལ། རྨེན་པུ་མ་སྨིན་པ་ནི་རྩ་ནས་བྱུང་སྟེ་ཐལ་སྨན་གདབ་པ་དང། མེ་བཅའ་གདབ་པས་གསོ་པར་བྱའོ། །ཛོ་ཏི་ཤམ་ཏི་ལང་ག་ལི། ཤུ་ག་ན་སའི་འབྲས་བུ་དང། །ཀ་ཀ་ཏི་ཀྟ་ཀརྱོ་ཏི། །དེ་བ་ད་ལིའི་ས་བོན་དང། །པི་ཤ་ལ་དང་ནི་རྒུནྟི། །ཀོ་ད་ཀི
་པ་ཐ་རྣམས། །སྲང་ནི་ཕྱེད་ཕྱེད་དུག་ཞོ་གཉིས། །ཀ་རཉྫའི་མར་བྲེ་གང་དང། །ནིང་གུན་ཐི་ཡི་ཁུ་བ་ནི། །བྲེ་བཞི་བསྐོལ་བར་གྱུར་པ་འདིའི། །བཏུང་དང་བསྐུ་བྱུག་སྣར་བཏང་ན། །འབྲས་ཀྱི་ཕྲེང་བ་གསོར་མི་རུང། །ཡུན་རིང་ལོན་ཞིང་སྣག་འཛག་སེལ། །ཞེས
་བྱ་བ་ལ། ཛོ་ཏི་ཤམ་ཏི་ནི་ཀ་ཏ་ནིའོ། །ལང་ག་ལི་ནི་བི་ཤ་ལྱའོ། །ཤུ་ཀ་ན་ས་ནི་ནི་ཧ་ཀའོ། །ཀ་ཀ་ཏིཀྟ་ནི་ཨུ་དུ་དི་ཀའོ། །དེ་བ་ད་ལི་ནི་ཛི་མུང་ཀའོ། །ཀོ་ཤ་ཏ་ཀི་ནི་ཀྲ་ཏ་པེ་ད་ནའོ། །སྨན་དེ་དག་སྲང་ཕྱེད་ཕྱེད་དང། །དུག་ལས་ཞོ་གཉིས་དང་སྦྱར་ལ། །?་ཉྫའི
་མར་བྲེ་གང་དང། ནིར་གུན་ཐིའི་བཞིའི་ཁུ་བ་བསྐོལ་བར་གྱུར་པར་གྱུར་པའི་མར་འདི་བཏུང་བ་ལ་སོགས་བ་བཏང་ན་འབྲས་གྱི་ཕྲེང་བ་ལ་སོགས་བ་སེལ་བར་འགྱུར་རོ། །ལང་ག་ལི་ཡི་སྡོང་བུ་ཡི། །ལྡེ་གུ་ཏིལ་མར་དེ་བཞི་འགྱུར
་ནིར་གུན་ཐི་ཡི་ཁུ་བར་བསྐོལ། །སྣ་སྨན་སོགས་དང་འབྲས་ཕྲེང་སེལ། །ཞེས་བྱ་བ་ལ། ལང་ག་ལིའི་སྡོང་བུའི་ལྡེ་གུ་ཏིལ་མར་གྱི་བཞི་ཆ་དང། ནིར་གུན་ཐིའི་ཁུ་བཏིལ་མར་གྱི་བཞི་འགྱུར་དང་བསྐོལ་ཏེ་སྣ་སྨན་ལ་སོགས་པར་བཏང་ན་འབྲས་ཀྱི་ཕྲེང་བ
་སེལ་བར་བྱེད་དོ། །ཙན་དན་ཐང་ཤིང་ན་ལེ་ཤམ། །དུར་བྱིང་གླ་སྒང་སེར་པོ་གཉིས། །སུང་རེ་དུག་ནི་སྲང་ཕྱེད་དང། །བ་གཅིན་སྦྱར་ཏེ་ཞིབ་ཏུ་བཏགས། །པྲ་ཧམིའི?་ཁུ་བ་ཨརྐ?་ཡི?། །ལ་མ་པ་ལང་ལྕི་ཁུར་བཅས། །ཡུང་ནར་བྲེ་གང་བཅས་བསྐོལ་བ། །བཏུབ་པ
་ལ་སོགས་པར་བསྟེན་པས་མཛེ་དང་རྨ་ནི་འཁྱིམས་པ་དང། །འབྲས་ཀྱི་ཕྲེང་བ་མྱུར་དུ་སེལ། །ཞེས་བྱ་བ་ལ། ཙན་དན་དཀར་པོ་ལ་སོགས་པ་ཇི་སྐད་སྨོས་པའི་སྦྱོར་བས་བསྐོལ་བ་བཏུབ་པ་ལ་སོགས་པར་བསྟེན་ན་ཡང་མཛེལ་སོགས་པ་སེལ་བར་བྱེད་དོ། །ཤུ
་དག་རྒྱ་སྐྱེགས་ཨ་རུ་ར། །པུ་ཙ་ཤེལ་དང་ཙན་དན་དང། །ཏེལ་མར་བསྐོལ་བ་བླུང་ན་ནི། །འབྲས་ཕྲེང་རྩ་བར་བཅས་བ་སེལ། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་ལྡེ་གུ་དང། བསྐོལ་བའི་ཏིལ་མར་གྱིས་ཀྱང་འབྲས་ཀྱི་ཕྲེང་བ་སེལ་བར་བྱེད་དོ། །ཤ་ར་བུད
་གའི་རྩ་བ་ནི། །འབྲས་ཀྱི་ཆུ་དང་བཏགས་གྱུར་པ། །སྣ་སྨན་བསྐུ་བས་འབྲུམ་བུ་དང། །དུག་སྲིན་འབྲས་ཀྱི་ཕྲེང་བ་འཇོམས། ཞེས་བྱ་བ་ལ། ཤ་ར་བུང་ཀའི་རྩ་བ་ལ་སོགས་བ་སྦྱོར་བ་ཇི་སྐད་སྨོས་པ་བཞན་དུ་བཏང་ན་ཡང་དུག་ལ་སོགས་པ་སེལ་བར་བྱེད་དོ། །ུཏྟ་མཀ
་རིའི་རྩ་དང། །བྱི་ལུའི་ལོ་མ་གསེར་ཕྲོམ་དང། །ས་ཧ་རྩ་ར་ཨ་རུ་ར། །ཤིང་མངར་དང་ཤུ་ཏི་ཙི་ཏྭ་ཀ། །ཐང་ཤིང་ཏིལ་མར་འོ་མ་མཉམ། །སྣ་སྨན་སྐུ་ཕྱུག་བྱས་པའང་ཕན། །ཞེས་བྱ་བ་།ུ་དྷ་མ་ཀ་རིའི་རྩ་བ་ལ་སོགས་པའི་ལྡེ་གུ་དང་ཏིལ་མར་དང་འོ་མ་ཆ་མཉམ་དུ་བྱས་ཏེ།
་བསྐོལ་བའི་སྦྱོར་བ་ནི་འབྲས་ཀྱི་ཕྲེང་བ་ལ་ཕན་མ་ཡིན་ནོ། །བ་ལང་ར་ལུག་རྟ་མིག་བསྲེག་།ཡུངས་མར་སྦྱར་ཏེ་བསྐུ་བ་འམ། ཞེས་བྱ་བ་ལ་།བ་ལང་ལ་སོགས་པའི་རྨིག་པ་བསྲེགས་པའི་སྣག་ཆ་དང། ཡུངས་མར་སྦྱར་ཏེ་བསྐུས་ན་ཡང་ཕན་ནོ། །སྦྲུལ་ནག་བྱ་རོག་དང
་ཉིད་ཤི། ཨིད་གུ་དང་ནི་སྦྱར་བ་བསྐུ། །ཞེས་བྱ་བ་ལ། ཡང་སྤྲུལ་ནག་པོ་དང་ཉིད་ཀྱིས་ཤི་བའམ། བྱ་རོག་དང་ཉིད་ཤི་བ་གང་ཡང་རུང་བ་བསྲེག་པ་ཨིད་གུ་དང་སྦྱར་ཏེ། བསྐུས་ན་ཡང་ཕན་ནོ། །དེ་ལྟར་མ་ཤི་ནང་ཀྱི་ནི། །ལོགས་གཞན་བྱིན་པ་ལ་གནས་པ། །ཆུ་སོའི
་སྟེ་དང་མ་འོག་ནས་ནི། །ཚིལ་བྱུང་ནས་ནི་མ་བསྲེག་བྱ། །ཞེས་བྱ་བ་ལ། སྦྱོར་བ་དེ་དག་གིས་མ་ཤིན་ནད་ཀྱི་ལོགས་གཞན་པ་སྟེ། གཡོན་ལོགས་སུ་ན་ན་གཡས་ལགས་སུ་གནས་པའི་དབང་པོའི་ཆུ་སོའི་སྟེང་དམ་འོག་ནས་ཉའི་སྒོ་ངའི་ཆོགས་ལྟ་བུའི་ཆིལ་ཕྱུང?་ནས་མེས
་བསགས་པར་བྱའོ། །གྱེན་དུ་འགྲེད་པའི་རྐང་པ་གཞལ། །དེ་ཡི་ཆད་ཀྱ་རྟིང་པ་རུ། །དེ་ལས་རྨེན་བུ་བྱུང་བྱས་ཞེས། །དྲང་སྲོང་ནུ་ཁྱུད་ཀྱིས་བཤད་དེ། །ཞེས་བྱ་བ་ལ། སྐྱེས་བུ་གྱེན་དུ་འགྲེང་བའི་རྐང་བ་གཞལ་ལ་དེའི་ཚད་ཀྱིས་རྟིང་བ་ནས་བྱིན་པ་གཞལ་ལ་དེ་ནས་རྨེན
་བུ་འབྱུང་བར་བྱའོ། །ཞེས་དྲང་སྲོང་ཆེན་བོ་མུ་ཁྱུད་ཀྱིས་བཤད་དོ། །རྟེང་པ་ནས་བཟུང་སོར་ནི་བཅུ་གཉིས་ན། །དབང་པོའི་ཆུ་སོ་ཡོད་སྤང་ནད་ཀྱི་ནི། །གཡོན་དུ་དབྲལ་ཏེ་ཉ་སྒོང་འདྲ་དབུས་ན། །དྲ་བ་དང་སྲོང་ལེགས་ཐོས་ཀྱིས་བཤད་དོ། །ཞེས་བྱ་བ་ལ། རྟིང་བ
་ནས་སོར་བཅུ་གཉིས་དོར་བ་དང་དེ་བཞིན་དུ། དབང་པོའི་ཆུ་སོ་ནས་བྱ་བ་བྱིན་སྙིང་ཡང་དོར་ལ། ནད་ཀྱི་ལོགས་ཅིག་ཤོས་སུ་དབྲལ་ཏེ། ཉའི་སྒོང་འདྲ་བའི་དྲ་བ་རིས་སུ་འདུག་པ་དབུས་ནས་དྲང་བར་བྱའོ་ཞེས་དྲང་སྲོང་ལེགས་ཐོས་ཀྱིས་བཤད་དོ། །མི་ཡི་ལོང་མོ
་རྣ་བའི་བར་དུ་གཞལ། །དེ་ཡི་བརྒྱུད་པ་རྟིང་པའི་ཆ་བསྒོས་ཏེ། བྱིན་སྙིང་གནད་ཀྱི་དྲང་ཐར་མ་རྟོགས་དབྲལ། །ཆིལ་ནི་དབྱུང་བར་བྱ་ཞེས་གཞན་དག་འཆང། ཅེས་བྱ་བ་ལ། མའི་ལོང་མོ་ནས་རྣ་བའི་བར་རྩེ་མོའི་བར་གཞལ་ལ་དེའི་རྟིང་པ་ནས་བརྒྱང་ཆ་རོང་ཏེ་བྱིན་སྙིང
་གི་གནང་ཀྱི་དྲང་ཐལ་མ་གཏོགས་པེ། དེའི་ཚད་གཉིས་ཙམ་གཙགས་དུས་དབྲལ་ལ་ཚིལ་དབྱུང་བར་བྱའོ། །ཞེས་དྲང་སྲོང་གཞན་དག་སྨའོ། །རླུང་གྱུར་བུ་གུར་དུགས་བྱས་ལ། །དབྲལ་ཏེ་ཨ་པ་མརྒ་ཡི།། སྦུ་གུའི་ཏིལ
་དང་རྒྱམ་ཚར་བཅས། །བཏགས་བའི་ལྡེ་གུས་ལེགས་པར་བསྐུ། །ཞེས་བྱ་བ་ལ། རླང?་ལས་གྱུར་བའི་སྦུ་གུའི་རྨལ་ནི་དུགས་བྱས་ལ་དབྲལ་ཏེ་ཨ་པ་ན་རྒ་ལ་སོགས་བའི་ལྡེ་གུས་བསྐུ་བར་བྱའོ། །མཁྲིས་པ་ལས་གྱུར་ཏིལ་དང་བཙོང། །ན་ག་དནྟི?
་སེར་པོ་གཉིས། །ཞེས་བྱ་བ་ལ། མཁྲིས?་པ་ལས་གྱུར་བའི་རྨ་སྦུབས་སུ་གྱུར་པ་ལ་ནི་ཏིལ་ལ་སོགས་པའི་ལྡེ། གུས་བསྐུ་བར་བྱའོ། །བར་ཀན་ལས་གྱུར་རྒྱ་ཚ་ཏིལ། །དནད་ནིམཔ་རྒྱ་མཚམ་བསྐུ་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པ་ནི། རྒྱ་ཚོ
་ལ་སོགས་པའི་སྨན་བཏགས་པའི་ལྡེ་གུས་བསྐུ་པར་བྱའོ། །ཟུག་རྡུ་ལས་བྱུང་དབྲལ་ཏེ་དབྱུང། །ཏིལ་དང་མར་དང་སྦྲང་རྩིས་བསྐུ། །ཞེས་བྱ་བ་ལ། ཟུག་རྔུ་ལས་གྱུར་བའི་རྨ་འཁྱིམས་པ་ལ་ནི་དཔྲལ་ཏེ་ཟུག་རྔུ་ཕྱུང་ལ་ཏིལ་དང་མར་དང་སྦྲང
་རྩིའི་ལྡེ་གུས་བསྐུ་བར་བྱའོ། །མཚོན་དབྲལ་མི་རུང་ཆུ་ཚོལ་གྱིས། །ལེགས་པར་བཙལ་ཏེ་ནང་དུ་དབུག། ཐལ་སྨན་ལ་སྤངས་སྐུད་པ་ཡིས། །མཚོལ་ཁ་ནི་ཤས་ཆེར་ངལ། །ཞེས་བྱ་བ་ལ། མཚོན་གྱིས་དབྲལ་དུ་མི་རུང་པའི་རྨ་འཁྱིམས་པ
་ལ་ནི་ཆུ་ཚོས་གྱིས་རྨ་ལེགས་པར་བཙལ་ཏེ་ནང་ནས་ཕུག་ལ་ཐལ་སྣན་ལ་སྤངས་བའི་སྐུད་པས་ན་ཚལ་གྱིས་བཅལ་པའི་ཁ་རེ་ཤས་ཆེར་བསྐྱེད་པར་བྱའོ། །རྨ་རེང་ཁ་ནི་དོག་པ་དང། །ཕུགས་རིངས་ལ་ཡང་སྤྱད་པར་བྱ། །རེང་བུ་གང་དང་ཏིལ
་མར་གང། །དེ་མི་རྨ་འཁྱིམས་ལ་ཡང་བསྔགས་ཞེས་བྱ་བ་ལ། རྨ་རེད་ཅིང་?་ཁ་ལ་སོགས་པ་ལ་རྨལ་ཕན་པར་བཤང་པའི་ཏིལ་མར་དང་རེང་བུ་གང་ངག་ཡིན་བ་འཁྱིམས་ཤིང་སྦུ་གུར་ཆགས་པ་ལ་བསྔགས་པ་ཡིན་ནོ། །ེ་རཎྟའི?་འབྲས
་ལྡེ་གུས་བསྐུ། །སྤུ་གུའི་རྨ་སྦྱོད་བྱེད་མཆོད་ཡིན། །ཞེས་བྱ་བ་ལ། ཨེ་རཎྜའི་དེའི་འབྲས་བུ་ཆུ་ཐགས་སུ་བྱས་པའི་ལྡེ་གུས་བསྐུས་ན་ཡང་སྦུ་གུའི་རྨ་སྦྱོར་བར་བྱེད་པའི་མཆོག་ཡིན་ནོ། །རྒྱ་ཤུག་འབྲས་བུ་ཤུན་བ་དང། །ལན་ཚྭ་རྒྱ་སྐྱེགས་བཅས་པ་དང། །གླ
་གོང་ཞོ་ཤའི་ལོ་མ་དང། །བྲི་ཡངཀུ་དང་ནུ་ཞོ་དང། །རྒའི་སྣུ་ཧའི་འོ་མར་སྦྱར། །རེང་བུས་རྨ་འཁྱིམས་མྱུར་འཚོ་བྱེད། །ཅེས་བྱ་བ་ལ། རྒྱ་ཤུག་གི་འབྲས་བུ་ལ་སོགས་བའི་སྨན་དང་བུད་མེད་ཀྱི་ནུ་ཞོ་དང། ཨརྒ་དང། ཤིང་སྣུ་ཧའི་འོ་མ་དང་སྦྱར་བའི་རེང་བུས་ཀྱང་རྨ
་འཁྱིམས་ཤིང་སྦུ་གུར་ཆགས་པ་མྱུར་དུ་འཚོ་བར་བྱེད་དོ། །རྒྱ་མཚོའི་ཆབ?་དང་ཙབས་རུ་ཚྭ། །ལྕེ་མྱང་ཚྭ?་ནི་ལེགས་པར་བསྲེག་།གླ་གོར་ཞོ་ཤ་ཁྱིམ་དུང་པ།། ཨ་མ་ད་ཀ་སེང་ལྡེང་གི། ལོ་མ་ཅི་ན་སྐེར་པ་གཉིས། །ལྡེ་གུས་བསྐུ་བ་སོགས་བསྟན་ན། །སྐྱབས་མེད་མི
་བརྟན་སྐྱེས་བུ་ཡི། །འབྱོར་པ་བཞིན་དུ་འགྲིབས་པར་བྱེད། ཅེས་བྱ་བ་ལ། རྒྱ་མཚོའི་ལན་ཚྭ་དང་ཙབས་བུ་ཆུ་ལ་སོགས་པ་ནས་སེར་པོ་རྣམ་གཉིས་ཀྱི་བར་ལྡེ་གུར་བྱས་ཏེ་བསྡུས་ན་ཡང་རྨ་འཁྱིམ་བའི་སྦུགས་སེལ་བར་བྱེད་དེ། །དཔེར་ན་སྐྱེས་བུ་རང་བཞིན་མི
་བརྟན་ཞིང་བག་མེད་པར་གྱུར་པ་དེའི་འབྱོར་པ་ཤིན་ཏུ་འགྲིབ་པར་བྱེད་པ་དང་མཚུངས་སོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། །སློབ་དཔོན་ཟླ་བ་ལ་དགའ་བས་ངེས་བར་སྦྱར་བ་ལས་ཕྱི་མའི
་གནས་ཀྱི་ལེའུ་སུམ་ཅུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ནང་ཕྲ་མོའི་དམིགས་ཤེས་པ་བཤད་པར་བྱའོ། །བར་རླུང་ལས་གྱུར་འབྲུམ་ཕྲན་ནི། །སྣུམ་ཞིང་ཁ་དོག་འདྲ་མདུད་པ་ཅན། །ནང་མེད་མུངྒ་འདྲ་བ་ནི། །བྱིས་པ་ལ་སྐྱེ་རའི་འགྲམ
་པ། ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་འབྲུམ་ཕྲན་སྣུམ་པ་ལ་སོགས་པའི་མཚན་ཉིད་ཅན་བྱིས་པ་དག་ལ་གང་ཞིག་གྱུར་པ་དེ་ནི་མིང་རའི་འགྲམ་པ་ཞེས་བྱའོ། །དེ་གཉིས་ལས་བྱུང་ཤར་གནས་འཐུག་།ནས་འདྲ་ནས་ཞེས་བྱ་བ་ཡིན། །ཞེས་བྱ་བ་ལ།
་བད་ཀན་དང་དེ་གཉིས་ལས་བྱུང་བའི་འབྲུམ་ཕྲན་ཤལ་གནས་པ་མཐུག་པོ་ནས་འདྲ་བ་ནི་མིང་གང་ནས་འདྲ་བའི་འབྲུམ་ཕྲན་ཞེས་བྱའོ། །འབྲས་འབྱེར་བཟླུམ་པོ་རྩེ་མོ་མེད། །རྣ་གཉུང་རྟག་མཐོང་འབྲས་འབྱེར་ཡིན། །ཞེས་བྱ་བ་ལ།
་འབྲུམ་ཕྲན་ཟླུམ་པོ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་མིང་འབྲས་འབྱེར་པ་ཞེས་བྱའོ། །རྨེན་བུ་ལྔའམ་དྲུག་འབྱུང་ཞིང། རུས་སྦལ་ལྟར་མཐོ་རུས་སྦལ་ཡིན། ཞེས་བྱ་བ་ལ། རྨེན་བུ་ལྟ་བུའི་འབྲུམ་ཕྲན་ལྔ་འམ་དྲུག་བྱུར་ཞིང། དབྱིབས་རུས་སྦལ
་ལྟར་འདུག་པ་དེ་ནི་མིང་རུས་སྦལ་ཞེས་བྱའོ། རྣ་བའི་སྟེང་ངམ་ཀུན་ཏུ་ནི། འབྲུམ་ཕྲན་སྲ་ཞིང་མི་བཟང་ན། །ུཏཔལ་རྩ་འདྲ་བ་ནས། ཞེས་བྱ་བ་ལ། །འབྲུམ་ཕྲན་གང་རྣ་བའི་སྟེང་དམ་རྣ་བའི་ཐོག་ཐག་ཏུ་སྲ་ཞིང་ཤས་ཆེ་ན་བ་དང། ཨུཏྲ?་ལའི་རྩ་བ
་ལྟ་བུང?་སྐྱེས་པ་དེ་མིང་པ་ནས་ཞེས་བྱའོ། །སྐྲང་ཞིང་ཅུང་ཟད་ན་ལ་བརྟན། འགྲམ་པའི་མཚམས་སུ་དེ་གཉིས་ལས། །བྱུང་བ་རྡོ་ཡི་བུར་བུ་ཡན། །ཞེས་བྱ་བ་ལ། ཡང་བད་ཀན་དང་རླུང་གཉིས་ལས་སྐྲང་ཞིང་ནད་ཚབས་ཆུང་ལ་བརྟན་ཞིང་སྲ་ལ་འགྲམ
་བའི་མཚམས་སུ་བྱུང་བ་ནི། མིང་རྡོའི་བུང་བུ་ཞེས་བྱའོ། །ཤལ་མ་ལི་ཡི་ཆེར་མ་འདྲ། །འབྲུམ་ཕྲན་ནང་བཅས་མཐུག་མོ་ནི། །ནད་ན་ཆིལ་ཡོད་ལང་ཚོལ། བྱུང་བ་བཞིན་ནི་མ་ཟུངས་བྱེད། །ཅེས་བྱ་བ་ལ། ཡང་བད་ཀན་དང་རླུང་ལས་བྱུང་བའི་འབྲུམ
་ཕྲན་ཤིང་ཤལ་མ་ལིའི་ཚེར་མ་འདྲ་ལ་སོགས་མཚན་མ་ཅན་ལང་ཚོ་དང་ལྡན་པ་བྱུང་བ་གང་ཡིན་པ་དེ་ནི། བཞིན་མ་རུང་པར་བྱེད་པ་ཞེས་བྱའོ། །བད་ཀན་རླུང་གྱུར་པད་མ་ཡི། །ཆེར་མ་འདྲ་བས་ཁྱབ་གྱུར་ཅིང། དཀར་ཞིང་ནད་ནི་མེད་པ་དག་།པདྨའི
་ཚེར་མ་ཅན་ཞེས་བྱ། ཞེས་བྱ་བ་ལ། གང་བད་ཀན་དང་རླུང་ལས་གྱུར་པ་པད་མའི་ཚེར་མ་འདྲ་བས་ཁྱབ་པར་གྱུར་པ་དེ་ནི་མིང་པདྨའི་ཚེར་མ་ཞེས་བྱ་སྟེ། ཇི་ལྟར་པདྨའི་ཚེར་མ་དཀར་པོ་ཕྲ་མོས་ཁྱབ་པ་ལྟ་བུའོ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་ཟླུམ། །ུ་དུཾ
་ཕྲ?་རའི་འབྲས་སྨིན་འདྲ། །ཤས་ཆེར་ཚོ་ཞིང་རིམས་འདེབས་བྱེད། །གས་པ་ཁ་བྱེ་ཞེས་བྱའོ། ཞེས་བྱ་བ་ལ། འབྲུམ་ཕྲན་གང་མཁྲིས་པ་ལས་གྱུར་པ་ཨུ་དུཾ་ཝ་རའི་འབྲས་བུ་སྨིན་པ་འདྲ་བ་ལ་སོགས་བའི་མཚན་ཉིད་ཅན་མིག་བ་བྱེ་བ་ཞེས་བྱའོ། ལུས་ཀྱི་ནང་དང་གདོང
་ལ་ནི། །ཚ་ཞིང་ནད་དང་རིམས་བསྐྱེད་ཅིང། སྲན་ཆུང་ཙམ་ལ་དེ་མདོག་ཅན། །འབྲུམ་ཕྲན་མཐུག་མོ་སྲན་ཆུང་ཡིན། ཞེས་བྱ་བ་ལ། ལུས་ཀྱི་ཡན་ལག་རྣམས་དང། གདོང་ལ་ཚ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་འབྲུམ་ཕྲན་བྱུང་བ་དེ་ནི་མིང་སྲན་ཆུང་ཞེས་བྱའོ། །
་དེ་བས་འབྲུམ་བུ་ནད་ཚབས་ཆེ། །སྡུག་བསྔལ་བྱེད་པ་འབྲུམ་བུ་ཡིན། །ཞེས་བྱ་བ་ལ། སྲན་ཆུང་དེ་བས་ཀྱང་འབྲུམ་བུ་ནད་ཚབས་ཆེ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་མིང་འབྲུམ་བུ་ཞེས་བྱ་བ་ཡིན་ནོ། །རླུང་མཁྲིས་ལས་གྱུར་འབྲུམ་བུའི་ནད། །པདྨའི་སྙིང་པོ་ལྷ
་བུ་ཡི། །འབྲུམ་ཕྲན་གྱིས་ནི་ཕུག་པ་ཡིན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་པདྨའི་སྙིང་པོའི་དབྱིབས་འདྲ་བའི་འབྲུམ་བུ་ཕྲ་མོས་ཁྱབ་པ་ནི་མིང་ཕུག་པ་ཞེས་བྱའོ། །དེ་དག་གཉིས་བསྐྱེད་བོང་བུ་ནི། །ཟླུམ་ཞིང་རྒྱ་ཆེ་མཐོ་བ་དང། །མདོག
་དམར་འབྲུམ་ཕྲན་དག་གིས་ཁྱབ། ཅེས་བྱ་བ་ལ། རླུང་དང་མཁྲིས་པ་དེ་གཉིས་ལས་ཐོར་བུ་གང་ཟླུམ་ཞིང་ལྷུན་ཚ་བ་ལ་སོགས་པ་འབྱུང་བ་གང་ཡིན་པ་དེ་ནི། མིང་བོང་བུ་ཅན་ཞེས་བྱའོ། །ཕལ་ཆེར་རླུང་ལས་མཆན་ཁུང་དུ། །ཉེ་བར་སྐྱེས་པ་མཚན་ཁུང
་ཟླུམ། ཞེས་བྱ་བ་ལ། འབྲུམ་ཕྲན་གང་ཕལ་ཆེར་རླུང་ལས་གྱུར་ཅིང། མཆན་ཁུང་གི་ཕྱོགས་སུ་བྱུང་བར་གྱུར་པ་དེ་ནི། མིང་མཆན་ཁུང་ཞེས་བྱའོ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་ནི། ཕྲ་ཞིང་མཐུག་པ་འབྲས་ཡོས་འདྲ། ཞེས་བྱ་བ་ལ། མཁྲིས་པ་ལས
་གྱུར་པའི་འབྲུམ་ཕྲན་གང་ཕྲ་ཞིང་མཐུག་ལ་འབྲས་ཡོས་དང་དབྱིབས་འདྲ་བ་ནི་མིང་?་འབྲས་ཡོས་ཞེས་བྱའོ། །དེ་འདྲའི་ཆེན་པོ་གཅིག་འབྱུང་བ། །དྲི་ཅན་ཞེས་ནི་གྲགས་པ་ཡིན། ཞེས་བྱ་བ་ལ། འབྲུམ་བུའི་ཐོར་བུ་གང་ཆེན་པོ།
་ཅིག་འབྱུང་ཞིང་འབྲས་ཡོས་དང་དབྱིབས་འདྲ་བ་དེ་ནི་མིང་དྲི་ཅན་ཞེས་བྱའོ། །ཚ་བའི་རྡུལ་གྱིས་ལུས་གདུངས་ལས། །འབྲུམ་ཕྲན་ནང་བཅས་སྟུག་པོ་ནི། །དབྱིབས་དང་ཚོད་མདོག་སྐེ་ཆེ་འདྲ། །དེ་ནི་སྐེ་ཚེ་ཞེས་བྱའོ། །ཞེས་བྱ་བ་ལ།
་འབྲུམ་ཕྲན་གང་རྡུལ་དང་ཚ་བ་ལས་བྱུང་བ་ནང་དང་བཅས་པ་ལ་སོགས་པའི་མཚན་ཉིད་ཅན་མིང་སྟེ་ཚེ་ཞེས་བྱའོ། །མཁྲིས་པ་ཤས་ཆེའི་ནད་ཀྱིས་ནི། །མེ་དབལ་ལྟ་བུ་དལ་གྱིས་མཚད། །སྐྲང་ཞིང་སྨིན་ལ་སྲབ་ཅིང་དམར། །རིམས་བསྐྱེད་དྲ་བའི་བང?་བུ་ཡིན། ཞེས
་བྱ་བ་ལ་།རླུང་ལ་སོགས་པའི་ནད་མཁྲིས་བའི་ཤས་ཆེ་བ་ལས་མེ་དཔལ་ལྟ་བུའི་རིམ་གྱིས་ངལ་བུས་མཆེད་པ་ལ་སོགས་པའི་མཚན་ཉིད་ཅན་ནི། མིང་དྲ་བའི་བོང་བུ་ཞེས་བྱའོ། །མཁྲིས་ཤས་ཆེ་བའི་འབྲུམ་བུ་ནི། །རིམས་བསྐྱེད་ཤ་ལ་གནོད་བྱེད་པ། །མཚན
་ཁུང་ཕྱིགས་བྱུང་མེ་མདོག་དང། །འདྲ་བ་དེ་ནི་མེ་བསྐྱེད་ཡིན། །ཞག་ལྤའམ་ནི་ཞག་བདུན་ནམ། ཟླ་བ་ཕྱེད་ནས་སྲོག་འཕྲོག་བྱེད། །ཅེས་བྱ་བ་ལ། ནད་གཞི་གསུམ་མཁྲིས་པའི་ཤས་ཆེ་བ་ལ་མཆན་ཁུང་གི་ཕྱོགས་སུ་འབྲུམ་བུ་རྨའི་མདོག་དང་འདྲ
་བ་ལ་སོགས་པའི་མཚན་ཉིད་བསྐྱེད་པ་གང་ཡིན་པ་དེ་ནི་མི་སྐྱེད་པ་ཞེས་བྱ་སྟེ། དེས་ནི་ཞག་ལ་སོགས་པ་ནས་སྲོག་འཕྲོག་པར་བྱེད་དོ། །ནང་གཞི་གསུམ་སྐྱེས་འབྲུམ་བུ་ཟླུམ། །ནམ་ཆོད་ཡན་ཆད་སྐྱེས་ས་སྐོར་ཞེས་བྱ་བ་ལ། ནད་གཞི་འདུས་པ
་ལས་གྱུར་པའི་འབྲུམ་བུ་གང་ཟླུམ་པ་ལ་སོགས་པའི་མཚན་ཉིད་ཅན་དེ་ནི་མིངས་སྐོང་ཞེས་བྱའོ། །མཚན་ཁུང་ཆུ་སོ་བྱི་ད་རི། ཞེས་བྱ་བ་ལ། མཆན་ཁུང་དང་ཆུ་སོར་ཕྱི་ད་རིའི་རྩ་བའི་འབྲུམ་ཕྲན་བྱུང་བ་དེའི་མིང་ནི་བྱི་ད་རི་ཞེས་བྱའོ། །ཚིལ་དང་བདྲ?
་རླུང་ལས་གྱུར་བའི། རྨེན་བུ་རྩ་རྒྱུས་ཤ་ལ་གནས། །བརྟོལ་ན་མར་བཞག་སྦྲང་རྩི་འདྲ། །འཇག་གྱུར་དེ་ལ་རླུང་ཤས་ཆེ། །ཤ་སྐམ་རྨེན་བུར་བྱས་ནས་ནི། གསེག་མ་ལྟ་བུར་བསྐྱེད་པར་བྱེད། །ཁྲག་ནི་དྲི་མནམ་བརྣགས་པ་དང། ཁ་དོག་སྣ་ཚོགས
་འབྱུང་བ་ཡི། །ནང་ཀྱིས་དེ་ལ་ཁྲག་འཛག་པ། །དེ་ནི་འབྲུམ་དུ་གསེག་མ་ཅན། ཞེས་བྱ་བ་ལ། ཚིལ་ལ་སོགས་པའི་རྨེན་བུ་གང་རྩ་ལ་སོགས་པ་ལ་གནས་པ་འབྱུང་བ། དེ་བརྟོལ་ན་མར་དང། ཞག་དང་སྦྲང་རྩི་འདྲ་བ་འཛག་པར་འགྱུར་ལ། དེ་དག་ནི་ནང་ནས
་གལ་ཏེ་རླུང་གི་ཤས་ཆེན་ནི་ཤ་སྐམས་པར་བྱེད་པ་ནས་ཤའི་རྨེན་བུ་གསེག་མ་ལྟ་བུ་བསྐྱེད་པར་བྱེད་ཅིང། དེང་དྲི་མ་ལ་སོགས་པས་ཁྲག་དྲི་མ་ནམ་པ་ལ་སོགས་པའི་མཚན་ཉིད་ཅན་དེ་ལས་འཛག་པ་ཨར་གྱུར་པའི་ནད་དེ་འདྲུམ་བུ་གསེག་མ་ཅན་ཞེས་བྱའོ། །ལག
་པ་རྐང་མཐིལ་ཚིགས་དང་ནི། །ནམ་ཚང་ཡན་ཆད་གྲོག་མ་ཡི། །མགོ་ལྟར་རིམ་གྱིས་རྨེན་བུ་ནི། །ཕྲ་མོ་མང་པོས་ཁྱབ་བྱེད་ལ། །ནང་ཞིང་ཚ་ལ་གཡའ་ཞིང་འདྲུལ། །ཀུན་ཏུ་སྐྱས་ཏེ་གྲོག་མའི་མགོ་།ཞེས་བྱ་བ་ལ། ལག་པ་དང་རྐང་པའི་མཐིལ་ལ་སོགས་པར་འབྲུམ
་ཕྲན་གྱིས་ཁྱབ་ནས་རིམ་གྱིས་རྨེན?་བུར་འབྱུང་ཞིང་དེ་ལྟ་བུ་མང་པོས་ཁྱབ་པར་འགྱུར་ལན་པ་ལ་སོགས་པའི་མཚན་ཉིད་ཅན་སྐྱེས་པ་གང་ཡིན་པ་དེ་ནི་ནད་གཞི་གསུམ་ལས་བྱུང་བའི་ནང་གྲོག་མའི་མགོ་བོ་ཞེས་བྱའོ། །རྐང་མཐིལ་གཤག་མས་གྲུང་པའམ། ཆོད་མ
་སོགས་ཀྱིས་སྣང་པ་ཡིས། །འདྲུ་མ་བུ་ཕུར་པ་ལྟར་མཐོ་བ། །སྐྱེས་ཏེ་འཛེད་པ་འདྲ་ཞེས་བྱ། །ཞེས་བྱ་བ་ལ། ཚོར་མ་ལ་སོགས་པས་རྐང་པ་དྲུང་པའམ། སྣད་པས་ཕུར་པ་ལྟ་བུའི་ཐོར་བུ་སྐྱེས་པ་དེ་ནི་མཛེད་པ་འདྲ་བ་ཞེས་བྱའོ།། ཤུགས་བཀག་པ་ཡིས་དྲུང་དག་ནི།།
་གཞང་དང་རྐང་པ་ལ་གནས་པ། །ཕྱི་དང་ནང་དུ་རྒྱུ་བྱེད་པ། །ལམ་རྒྱུད་དེ་ལས་བཤད་པ་ཏེ། །བསྐ་པས་འབྱུང་བར་བྱེད་དང་རླུང་མཁྲིས་སོགས། །འཁྲུགས་ཏབདོར་ནི་སྲང་གྱུར་ཅིང། །ཐིག་ལེ་ནག་པོ་དེ་ཤིག་ཡིན། ཞེས་བྱང་ནང་དུ་འཁྲུགས་པས། །བཤད་པ
་བ་ཤིན་ཏུ་སྐབས་འབྱུང་བར་བྱེད་པ་ནི། གཞད་འགགས་པ་ཞེས་བྱ་བར་སློབ་དཔོན་རྣམས་འདོད་དོ། །རླུང་མཁྲིས་ཀྱིས་ནི་སེན་མོ་ཡིས། །ནད་གི་ཤ་སྨིན་ནད་བསྐྱེད་པ། །མ་སྣང་ནད་དང་ཚིམ་བ་དང། །ཉེ་བའི་སེན་མོ་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ
་འཁྲུགས་པ་ལས་སེན་མོའི་ནང་གི་ཤ་སྨིན་ཅིང་ནང་བསྐྱེད་པ་ནི་མ་སྣང་པའི་ནད་དང། ཚིམ་པ་དང། ཉེ་བའི་སེན་མོ་ཞེས་བྱའོ། །སྣང་པས་གནག་ཅིང་རྩུབ་པ་དང། སྲ་བ་སེན་མོ་ངན་ཞེས་བྱ། ཞེས་བྱ་བ་ལ། སེན
་མོ་གང་སྣང་བས་གནག་པ་ལ་སོགས་པར་གྱུར་པ་ནི་མིང་སེན་མོ་ངན་པ་ཞེས་བྱའོ། །འདམ་ནི་གནོད་བྱེད་ལ་རེག་ལས་།ནད་ན་གཡའ་ཞིང་རྣག་བཅས་པ། །སོར་མོའི་འབྲས་འབྱེད་ཞེས་བྱའོ། །ཞེས་བྱ་བ་ལ། སོར་མོ་འདམ་གནོད་པར་བྱེད་པ་ལ་རེག་པས
་གཡའ་བ་ལ་སོགས་པའི་མཚན་ཉིད་ཅན་འབྱུང་བ་གང་ཡིན་པ་དེ་ནི་མིང་འབྲས་འབྱེར་བ་ཞེས་བྱའོ། །པགས་པ་ཏིལ་འདྲ་གནག་པ་ལ། ནད་མེད་བྱུང་གྱུར་སྨེ་བ་སྟེ། །དེ་ཉིད་འབུར་བ་མཛེད་པ་ཡིན། ཞེ་བྱ་བ་ལ། བགས་པ་གནས་ཤིང
་ཏིལ་འདྲ་ཨབ་ལ་སོགས་པའི་མཚན་ཉིད་ཅན་དེ་ནི་སྨེ་བ་ཞེས་བྱའོ། །སྨེ་བ་དེ་ཉིད་ཆེར་འབུར་བར་གྱུར་པ་དེ་ནི་མཛེད་པ་ཞེས་བྱའོ། །མཛེད་པ་ལས་ཀྱང་ཆེན་པོར་གྱུར་།དཀར་ནགས་པགས་པའི་མཛད་པ་ཡིན། ཞེས་བྱ་བ་ལ། མཛེས་པ་ལས
་ཀྱང་ཤས་ཆེར་མཐོ་བར་གྱུར་ཅིང་མདོག་དཀར་ནག་ཏུ་གནས་པ། དེའི་མིང་བགས་པའི་མཇེར་བ་ཆེན་པོ་ཅན་ཞེས་བྱའོ། །དེ་འདྲའི་བཤད། ཅེས་བྱ་བ་ལ། སྐྱུགས་སྨན་གྱི་སྦྱོར་བ་ཉེ་པས་མ་ཞུག་དང། བད་ཀན་ལ་སོགས་པ་ལུས་ལ་གནས་པ་གློངས་ཤིན
་ཨེན་པོའི་མདོག་དམར་བ་སྐྱེས་པའི་མིང་ནི་རྒྱ་སྐྱེགས་ཀྱི་ནོར་བུ་ཞེས་བྱའོ། །དཀར་བའམ་གནག་པར་ལྷན་ཅིག་སྐྱེས། ཟླུམ་པོ་མཚན་མ་ཞེས་བྱའོ། །ཞེས་བྱ་བ་ལ། ཟླུམ་པོ་ལ་མདོག་དཀར་བའམ་གནག་པར་གནས་པར་སྐྱེས་པ་ནི་མིང་མཚན་མ
་ཞེས་བྱའོ། །མྱ་ངན་ཁྲོ་དང་རླུང་མཁྲིས་སོགས། །འཁྲུགས་ཏེ་གདོང་ནི་སྲབ་གྱུར་ཅིང། །ཐིག་ལེ་ནག་པོ་དེ་ཤིག་ཡིན། ཞེས་བྱ་བ་ལ། མྱ་ངན་དང་ཁྲོ་བ་དང་རླུང་མཁྲིས་པ་ལ་སོགས་པ་ལས་གདོང་ལ་སྲ་བཅི་ཟླུམ་བ་བྱུང་བ་གང་ཡིན་པ་དེ་ནི། མིང་ངོ་ཤིག
་ཅན་ཞེས་བྱའོ། །གདོང་ལས་གཞན་བྱུང་ཁབས་ཞེས་བྱ། ཞེས་བྱ་བ་ལ། ཐིག་ལེ་ཏལ་ཏིལ་ཏེ་གདོང་ལས་གཞན་དུ་བྱུང་བ་ནི་ཁངས་ཞེས་བྱའོ། །རླུང་གྱུར་རོ་ཤིག་རྩུབ་བར་སྣང། །རེགས་ན་རྩུབ་ཅིང་གནག་པ་ཡིན། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རོ
་ཤིག་ནི་རྩུབ་པར་སྣང་ཞིང་རེག་ན་ཡན་རྩུབ་པ་དང། གནག་པ་ཡིན་ནོ། མཁྲིས་གྱུར་མཛའ་མར་ཅུང་ཟད་སྔོ། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ངོ་ཤིག་ནི་མཛའ་མ་དམར་ཅིང་ཆུང་ཟད་སྔོ་བ་ཡིན་ནོ། །བད་ཀན་ལས་གྱུར་མཛའ་དཀར་གཡའ། ཞེས་བྱ་བ
་ལ། བད་ཀན་ལས་གྱུར་པའི་ངོ་ཤིག་ནི། མཛའ་མར་དཀར་ཞིང་གཡའ་བ་ཡིན་ནོ། །ཁྲག་གྱུར་མཛའ་མར་ཟངས་མདོག་ཅན། སྐམ་ཤིང་ཚ་བ་རྩག་རྩག་བྱེད། ཅེས་བྱ་བ་ལ། ཁྲག་ལས་གྱུར་བའི་ཤིག་ནི་མཛའ་མ་དམར?་བ་ལ་སོགས་པའི་མཚན་ཉིད་ཅན
་ཡིན་ཞིང། ཡུངས་ཀར་གྱི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཙག་ཙག་པོར་བྱེད་པ་ཡིན་ནོ། །རླུང་གིས་བད་ཀན་གློངས་གྱུར་པ། །པགས་པར་ཕྱིན་དེ་སྐམས་གྱུར་ནས། །དེ་ལས་པགས་པ་སྐྱེ་གྱུར་ཅིང། །རིམས་ཀྱིས་ཚོར་བ་མེད་འགྱུར་བ། །གཡའ་བ་ཆུང་ཞིང་འདྲུལ་བ་མེད།།
་བེམས་པོ་དེ་ནི་ཚོར་མེད་ཡིན། ཞེས་བྱ་བ་ལ། རླུང་གིས་བད་ཀན་གློངས་ཤིང་བསྐྱོད་པར་གྱུར་པ་དང། དེའི་འོག་ཏུ་པགས་པར་ཕྱིན་ནས་སྐམས་པར་གྱུར་པ་དང། པགས་པ་སྐྱེ་བར་འགྱུར་ལ་རིམས་ཀྱིས་ཚོར་བ་མེད་པར་འགྱུར་ཞིང། འདྲུལ་བ་མེད་པ་དེ་ནི་བེམས་པོ་ལྟ་བུར་འདུག
་བའི་ཕྱིར། ཚོར་བ་མེད་པ་ཞེས་བྱའོ། །སྐྱུགས་སྨན་ཉེ་དང་མ་ཞུ་དང། །པད་མཁྲིས་ལུས་ལས་ནད་གློངས་པས། །རབ་གཡའ་ཟླུམ་པོར་ཀོར་ཀོར་པོར། །དམར་པོར་མར་དུ་འབྱུང་འགྱུར་ཞིང། །རྗེས་འབྲེལ་གླདན་པ་ཟླུམ་པོར་བཤད། ཅེས་བྱ་བ་ལ། སྐྱུགས་སྨན་གྱི་སྦྱོར་བ་ཉེས
་པས་མ་ཞུག་དང། བད་ཀན་ལ་སོགས་པ་ལུས་ལ་གནས་པ་གློངས་ཤིང་བསྐྱོང་བས་ལུས་རབ་ཏུ་གཡའ་ཞིང་ཟླུམ་པོ་ཀོར་ཀོར་པོ་མདོག་དམར་བ་མང་དུ་འབྱུང་བར་འགྱུར་བ་དེ་ནི་རྗེས་སུ་འབྲེལ་པའི་ནད་ཟླུམ་པོ་ཞེས་བྱ་བར་དང་སོང་དག་གིས་བཤད་དོ། །དེ་ལྟར་ནད་ནི་ཕྲ་རྨོ་ཡི།
་དབྱེ་བ་སུམ་ཅུ་དྲུག་ཏུ་བསྟན། ཞེས་བྱ་བ་ལ། དེ་ལྟར་ནད་ཕྲ་མོའི་དབྱེ་བ་ནི་སྤྱིར་སུམ་ཅུ་རྩ་དྲུག་ཡོད་དོ་ཞེས་སློབ་དཔོན་གྱིས་བཤད་ཅིང་བསྟན་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི?་རྣམ
་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ནད་ཕྲ་མོའི་གསོ་བ་བཤད་པར་བྱའོ། །ང?་ཡི
་འགྲམ་པ་མ་སྨིན་པ། །སྲིན་བུ་པད་མས་ཁྲག་དབྱུང་ངོ། །ཞེས་བྱ་བ་ལ། རའི?་འགྲམ་ཞེས་བྱ་བའི་འབྲུམ་བུ་མ་སྨིན་པ་ལ་ནི་སྲིན་བུ་པདྨའི་གཏང་གའི་ཁྲག་དབྱུང་བར་བྱའོ། །ནས་འདྲ་དུགས་ནི་བྱས་ནས་སུ། །ཐང་ཤིང་རུ་རྟ་ལྡོང་རོས་དང། །བ་ལའི་ལྡེ་གུས
་བསྐུས་ཏེ་བཞུ། །ཞེས་བྱ་བ་ལ། ནས་འདྲ་བ་ཞེས་བྱ་བ་ནི་དང་པོར་དུགས་བྱས་ནས་བཞུགས་བར་བྱ་བའི་ཕྱིར་ཐང་ཤིང་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །རྡོ་ཡི་བོང་བཱུམ་དེ་ལྟར་གོས། །སྨིན་པར་འགྲམ་རྨ་ལྟར་གསོ། །ཞེས་བྱ་བ་ལ། རྡོའི་བོང་བུ་ཞེས་བྱ་བ
་ནི་བཤད་མ་ཐག་པའི་ཚུལ་དུ་གསོ་བོ། །རའི་འགྲམ་པ་ཞེས་བྱ་བ་སིན་པ་ནི་རྨ་དང་འདྲ་པར་གསོ་བར་བྱའོ། །བཞིན་གནོད་གསེང་འབྲོ་མའུ?་སུ་དང། ཤུ་དག་བཏགས་པའི་ལྡེ་གུ་འམ། ཞེས་བྱ་བ་ལ། བཞིན་ལ་གནོད་པའམ། མ་རུངས་བར་བྱེད་པ་ཞེས་བྱ་བའི
་ནད་ནི་གསེང་ཕྲོམ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །ནྱ་གྲོདྷི་ཡི་ཕོ?་མ་འམ། རྒྱ་ལྟར་ལོ་མ་ཚ་སྦྱང་བསྐུ། །ཞེས་བྱ་བ་ལ། ཡང་ན་བཞིན་མ་རུང་བར་བྱེད་པ་ལ་ནྱ་གྲོ་དྷ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །དེས་མ་ཞི་ན་སྦུགས་སྨན་དང།
་སྣ་སྨན་དབྲལ་བར་གཏར་ག་གདབ། ཅེས་བྱ་བ་ལ། འབྱོར་པ་ངེས་ཀྱང་མ་ཞི་ན་སྐྱུགས་སྨན་ལ་སོགས་པའི་སྦྱོར་བ་བྱའོ། །པདྨའི་ཚེར་མ་ནིམཔ་ཡི། །ཁུ་བ་ནིམཔ་མར་བསྲོལ་བར་སྦྲང་རྩི་དང་ནི་བཅས་པས་བླུང། །ནིམཔ་དོང་གར་སྦྱོར་བས་བྱུག་།
་ཅེས་བྱ་བ་ལ་།པདྨའི་ཚེར་མ་ལྟ་བུ་ཞེས་བྱ་བ་ལ་ནི་ནིམཔའི་ཁུབ་དང། ནིམཔ་དང། མར་བསྐོལ་བའི་ནང་དུ་སྦྲང་རྩི་དང་བཅས་པ་བླུད་པར་བྱ་བ་འམ། ནིམཔ་དང་དོང་གར་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །ཁ་བྱེ་སོགས་ན་རྡོ་བོང་བུར། །ས་བསྐོར་བཅས་པ་མཁྲིས
་པ་ཡི། །མ་དབལ་ལྟ་བུར་གསོ་བར་བྱ། །མེ་བསྐྱེད་པ་ནི་སྤང་བར་བྱ། ཞེས་བྱ་བ་ལ། །བ་བྱ་བ་ནས་སྔོ་བའི་བོང་བུའི་བར་གྱི་འབྲུམ་ཕྲན་ས་སྐོར་དང་བཅས་པ་ནི་མཁྲིས་པ་ལས་གྱུར་པའི་མིང་མེ་དཔལ་ལྟ་བུར་གསོ་པར་བྱ་ལ། མེ་བསྐྱེད་པ་ཞེས་པ་ནི
་སྤང་བར་བྱའོ། །དྲ་བའི་བོང་བུ་སྨྱུང་བ་དང། །གཏར་ག་གདབ་དང་རྩུབ་ཆོས་དང། །ལུས་ཀྱི་སྤྱང་བ་སྐྱུ་རུ་རའི། །སྦྱོར་བ་བསིལ་སྨན་བྱུག་པས་གསོ། །བི་དི་རལ་ཁྲག་གཏར་ཞིང། །བད་ཀན་རྨེན་བུ་ལྟ་བུར་གསོ། །ཞེས་བྱ་བ་ལ། དྲ་བའི་བོང་བུ་ཞེས་བྱ་བ་ལ
་ནི་རྟག་ཏུ་སྨྱུང་བ་བྱ་བ་དང། གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང། ཟང་དང་སྨན་གྱིས་རྩུབ་ཆོས་བྱ་བ་དང། སྐྱུགས་སྨན་ལ་སོགས་པས་གསོ་བར་བྱའོ། །བི་ད་རི་ལ་ནི་རྔ་བ་དྭ་ལ་སོགས་པས་ཁྲག་དབྱུང་ཞིང་བད་ཀན་གྱི་རྨེན་བུ་ལྟ་བུར་གསོ་བར་བྱའོ།།
་བསྲེག་མ་ལྟ་བུའི་འབྲུམ་ཕྲན་ལ། །ཚིལ་གྱི་རྨེན་བུ་ལྟ་བུར་གསོ། །ཞེས་བྱ་བ་ལ། བསྲེགས་མ་ལྟ་བུའི་འབྲུམ་བུ་ལ་ནི་ཚིལ་གྱི་རྨེན་བུ་དང་འདྲ་བར་གསོ་བར་བྱའོ། །གྲོག་མའི་མགོ་འདྲ་བུ་གུ་མར། ཆེར་སྐྱེས་སྐྲང་ཞིང་གནད་ལ་གནས། །རྐང་པ་ལག་པར
་བྱུང་བ་སྤོང། །ཞེས་བྱ་བ་ལ། གྲོག་མའི་མགོ་འདྲ། བུ་ག་མང་བ་ལ་སོགས་པ་ནི་སྤང་བར་བྱའོ། །ཅིག་ཤོས་ལ་ནི་ཁྲག་ཕྱུང་ལ། །རྒྱམ་ཚ་དོང་ག་སླེ་ཏྲེས་དང། །ཅི་ཚེ་རྒྱ་སྲན་རྩ་བ་དང། །ངནད?་ཏིལ་བོ་ཏགས་ནས་ཕྱེས་བསྐུ། །ཞེས་ཡ་བ་ལ། སྔ་མ
་དང་མི་མཐུན་པར་གནས་པའི་གྲོག་མ་ལྟ་བུའི་འབྲུམ་ཕྲན་ནི་གཏ?་ག?་བྱས་ལ་རྒྱམ་ཚ་ལ་སོགས་པས་བསྐུ་པར་བྱའོ། །སྨིན་པ་ལ་ནི་ནད་ཅན་ཤ། ཐམས་ཅད་ལེགས་པར་སྦྱང་བར་ཡ། །མཚོན་གྱིས་བཅད་ལ་དེ་རྗེས་ལ། །ཐལ་སྨན་ཡང་ན་མེ་ཡིས་?
་ཅེས་བྱ་བ་ལ། གྲོག་མ་འདྲ་བའི་སྨིན་པ་ལ་ནི་ཐམས་ཅད་ལེགས་པར་སྦྱང་བ་ལ་སོགས་པའོ། །མཛེར་པ་འདྲ་ལ་གཙགས་བུ་ཡིས། །མ་ལུས་བཅང་ལ་སྣུམ་གྱིས་སྲོག་།ཅེས་བྱ་བ་ལ། མཛེར་པ་འདྲ་བའི་ནད་ལ་ནི་གཙགས
་བུས་ཀུན་བཅས་དེའི་འོག་ཏུ་མར་བསྐོལ་བས་བསྲེག་པར་བྱའོ། །གཞང་འགགས་པ་ལ་ནོར་བུ་ནི། །འགགས་པ་ལྟ་བུར་གསོ་བར་བྱ། །ཞེས་བྱ་བ་ལ། གཞང་འགགས་པའི་ནད་ལ་ནི་ནོར་བུ་འགགས་པ་ལྟར་གསོ་བར་བྱའོ། །ཉེ་བའི་སེན་མོ་སྦྱར་བ་ཡིས།།
་ཚ་བ་གསལ་ལ་མཚོན་གྱིས་གསོ། ཞེས་བྱ་བ་ལ། ཉེ་བའི་སེན་མོ་ཞེས་བྱ་བའི་ནད་ནི་སྐྱུག་སྨན་ལ་སོགས་པ་སྦྱང་བ་བྱས་ཚ་བ་བསལ་ལ། མཚོན་གྱིས་བཅད་པའི་ལས་ཀྱིས་གསོ་བར་བྱའོ། །སེན་མོ་ངན་ལའང་དེ་བཞིན་བྱ། ཞེས་བྱ་བ་ལ། སན་མོ་ངན
་པ་ཞེས་བྱ་བའི་ནད་ལ་ཡང་བཤད་མ་ཐག་པའི་སྦྱོར་བས་གསོ་བར་བྱའོ། །རྐང་པའི་ཆུ་སེར་དག་ལ་ཡང། །འབྲས་བུ་སྐྱུར་པོ་ནག་ཚུར་བཅས། །ཏིལ་དང་འགི་ཝང་ནིམཔ་ཡི། །ལོ་མའི་ལྡེ་གུས་བསྐུ་བར་བྱ། །ཞེས་བྱ་བ་ལ། རྐང་པའི་ཆུ་སེར་གྱིས་ནད་ལ
་ནི་འབྲས་བུ་སྐྱུར་པོ་ཀཉྫི་ཞེས་བྱ་བས་བཀྲུས་ལ་ནག་ཚུར་ལ་སོགས་པས་བསྐུ་བར་བྱའོ། །རྨེ་བ་མཛེར་པར་བཅས་པ་ནི། །མེ་ཤེལ་ཐལ་སྨན་དག་གིས་བསྲེག་།ཡང་ན་མེ་བཙའ་གདབ་པར་བྱ། །ཞེས་བྱ་བ་ལ། སྨེ་བ་དང་མཛེར་པ་དག་ནི་མེ་ཤེལ།
་ལམ། ཐལ་སྨན་ལམ་མེ་བཙས?་བསྲེག་པར་བྱའོ། །དེ་བཞིན་པགས་མཛེར་རྒྱ་སྐྱེགས་ནོར། །མཚོན་གྱིས་བཅད་དེ་དེ་བཞིན་གསོ། །ཞེས་བྱ་བ་ལ། དེ་བཞིན་དུ་མཛེར་པ་ཆེན་པོ་དང་རྒྱ་སྐྱེགས་ཀྱི་ནོར་བུ་ཞེས་བྱ་བ་ནི་གཙགས་བུས་བཅད་དེ་མེ
་ཤེལ་ལ་སོགས་པས་བསྲེག་པར་བྱའོ། །མཚན་མ་ཅན་སོགས་གསུམ་པོ་ལ། །ཉེ་བའི་ཕྱོགས་ལས་གཏར་པ་གདབ། ཅེས་བྱ་བ་ལ། མཚན་མ་ཅན་དང་ཁྱེ་མ་ཡང་འདིར་བསྡུ། ངོ་ཤིག་དང་ཁབས་དེ་གསུམ་པོ་ནི། །ནད་གང་ན་ཡོད་པ་དང། ཉེ?
་བའི་ཕྱོགས་ལས་གཏང་ག་གདབ་པར་བྱའོ། །འོ་མ་ཅན་ཤིང་མྱུ་གུ་ཤུན། །འོ་མ་བཏགས་པར་བསྐུ་བར་བྱ། །ཞེས་བྱ་བ་ལ། མཚན་མ་ཅན་ལ་སོགས་པ་གསུམ་པོ?་ལ་ནི་འོ་མ་ཅན་གྱི་ཤིང་གི་མྱུ་གུ་དང་ཤུན་པ་འོ་མ་དང་བཏགས་པས་བསྡཀུ་བར་བྱའོ། །ཇོ?
་ཤིག་ཨ་རྫུ་ན་ཤུན་པའམ། །བཙོད་དང་སྤྲང་རྩི་སྦྱར་བ་ཡི། །ལྡེ་གཱུམ་རྟ་དཀར་རྨིག་པ་ནི། །བསྲེགས་པའི་སྣག་ཚ་མར་སྦྱར་བསྐུ། ཞེས་བྱ་བ་ལ། ངོ་ཤིག་ལ་ནི་ཨ་རྫུ་ནའི་ཤུན་པའི་ལྡེ་གུ་ལ་སོགས་པས་བསྐུ་བར་བྱའོ། །ཙན་དན་དམར་པོ་བཙོད་དང་ནི།།
་རུ་རྟ་གསེང་ཕྲོམ་པྲི་ཡངཀུ། །སྲན་ཆུང་ནྱ་གྲོ་དྷའི་མྱུ་གུ། ལྡེ་གུས་ངོ་ཤིག་སེལ་བྱེད་ཅིང། །བཞིན་མདངས་གསལ་བར་བྱེད་པ་ཡིན། ཞེས་བྱ་བ་ལ། ཙན་དན་དམར་པོ་ལ་སོགས་པའི་ལྡེ་གུས་བསྐུས་ན་ངོ་ཤིག་ལ་སོགས་པ་སེལ་པར་བྱེད་དོ། །ཟི་ས
་གཉིས་དང་ཏིལ་ནག་དང། །ཡུངས་ཀར་འོ་མ་བཅས་པ་ནི།། བཏགས་པའི་ལྡེ་གུས་གདོང་བསྐུས་ན། །ངོ་ཤིག་སེལ་ཅིང་ཟླ་འདྲར་བྱེད། ཅེས་བྱ་བ་ལ། ཟི་ར་གཉིས་ནི་ཟི་ར་ནག་པོ་དང། །དཀར་པོའི་དབྱེ་བས་གཉིས་ཏེ། དེ་ལ་སོགས་པའི་ལྔ་གུས་བསྐུས
་ན་དོ་ཤིག་དང་མཚན་མ་ཅན་གྱི་སྐྱོན་མེད་པར་བྱེད་དེ་ཟླ་བ་དང་འདྲ་བར་འགྱུར་རོ། །སྲན་ཆུང་ཕུབ་མ་མེད་བརྔོས་པ། །འོ་མ་སྦྲང་རྩི་མར་བཏགས་བསྐུ། །ཞེས་བྱ་བ་ལ། ཡང་ན་སྲན་ཆུང་སྦུན་པ་མེད་པར་བྱས་ཏེ་བརྡོས་པ་འོ་མ་དང། བཏགས་ཏེ་སྦྲང་རྩི་དང
་མར་དང། སྦྱར་བས་བསྐུས?་ན་ཡང་གདོང་གི་།ངོ་ཤིག་ལ་སོགས་པའི་སྐྱོན་སེལ་བར་བྱེད་དོ། །ཚེར་མ་རྣོ་བའི་ཤ་མ་ལི། །འོ་མར་བཏགས་པ་བསྐུས་ནའང་ཕན། །ཞེས་བྱ་བ་ལ། ཡང་ན་ཤལ་མི་ལའི་ཚེར་མ་རྣོན་པོ་འོ་མ་དང་བཏགས་ལ་གདོང་བསྐུས
་ན་ཡང་ངོ་ཤྲི་ག་ལ་སོགས་པ་སེལ་ཅིང་བཞིན་ཟླ་བ་དང་འདྲ་བར་བྱེད་དོ། །རྒྱ་ཤུག་ཚིག་གུ་བུ་རམ་བཅས། །སྦྲང་རྩི་རི་བོང་ཁྲག་སྦྱར་བསྐུ། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་གི་ཚིག་གུ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ཡོན་ཏན་སྔ་མ་དང་འདྲའོ།།
་རུ་རྟ་ཁ་ལུང་ཁུ་བ་ཡི། །ནང་སྦངས་སྦྲང་རྩི་བཅས་པའམ། །ཞེས་བྱ་བ་ལ། ཡང་ན་རུ་རྟ་ཁ་ལུང་ཁུ་བའི་ནང་དུ་ཞག་བདུན་སྤངས་པའི་ལྡེ་གུ་དང་སྦྲང་རྩིར་སྤྱད་བ་བསྐུས་ན་ཡང་ཡོན་ཏན་དེ་དང་འདྲའོ། །རྐང་མར?
་རྩ་བ་རའི་འོ་མ། །སྦྲང་རྩིར་བཅས་པའི་ལྡེ་གཱུང་བན། །ཞེས་བྱ་བ་ལ། ཡང་ན་རྐང་མར་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །རྐང་མར་རྩ་བ་པ་ལང་རུས། །སྦྲང་རྩི་མར་དང་སྦྱར་བ་བསྐུ། །ཞེས་བྱ་བ་ལ། ཡང་ན་རྐང་མར་གྱི་རྩ་པ་དང་བ་ལང་གིས?
་ལྡེ་གུར་བྱས་ལ། སྦྲང་རྩི་མར་དང་སྦྱར་བ་བསྐུས་ན་ཡང་ཕན་ནོ། །འཛམ་བུ་ཨ་མྲའི་ལོ་མ་དང། །སེར་པོ་རྣམ་གཉིས་ཞོ་ཁ་ཆུ། །བུ་རམ་སར་པ་སྦྱར་བའམ། །ཏིན་དུ་ཀ་ཡི་ལོ་མ་ཡི། །ཁུ་བར་བཏགས་པའམ་མདོག་གསལ་བྱེད། །ཅེས་བྱ་བ་ལ།
་འཛམ་བུ་དང་ཨ་མྲའི་ལོ་མ་དང། སེར་པོ་རྣམ་གཉིས་ལ་སོགས་པ་སྦྱར་བའི་ལྡེ་གཱུམ་ཡང་ཏིན་ཏུ་ཀའི་ལོ་མ་འམ། ཤུན་པ་རང་གི་ཁུ་བ་དང་བཅས་པའི་ལྡེ་གུ་བསྐུས་ན་ཡང་བཞིན་གྱི་མདོག་བསལ་བར་བྱེད་དོ། །ུད་པ་ལ་སྔོ་དང་རུ
་རྟ་དང། ཙན་དན་སེར་པོ་པྲི་ཡངཀུ། །རྒྱ་ཤུག་ཚིག་གུའི་ལྡེ་གུ་ཡིས། །གདོང་ནི་བསྐུས་ཤིང་དྲིལ་གྱུར་ན། །པདྨའི་མདོག་དང་འདྲ་བར་བྱེད། ཅེས་བྱ་བ་ལ། ཨུད་པལ་སྔོན་པོ་ལ་སོགས་པའི་ལྡེ་གུས་གདོང་བསྐུ་ཞིང་དྲིལ་ན་ཡང། གདོང་པད་མའི
་མདོག་དང་འདབ་མ་འདྲ་བར་འགྱུར་རོ། །ཙན་དན་སེར་པོ་ནི་ཀ་ལི་ཡི་ཀ་སྟེ། ཙན་དན་གསུམ་པོའོ། །སྨན་ནི་འདི་དག་བཏགས་པ་དང། །ཤིང་མངར་དང་བཅས་བསྐོལ་སྣུམ་ནི། །ནད་གཞི་ཇི་བཞིན་མ་ལུས་ལ། །བཏུང་དང་བསྐུ་བ་ལ་སོགས་བྱ།།
་ཞེས་བྱ་བ་ལ། ལྡེ་གུའི་དོན་སྨོས་པའི་སྨན་གོང་དུ་སྨོས་པ་འདི་དག་ཉིད་དང། ཤིང་མངར་དང་བཅས་པར་བསྐོལ་པའི་སྣུམ་ནང་གཞི་དང་དུས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བཏུང་བ་དང། བསྐུ་བ་ལ་སོགས་པའི་སྦྱོར་བ་བྱའོ། །ནས་དང་གསེར་ཕྲོམ་སྲ?་རྩི
་དོག་།སྤྲ་ཚིལ་སྦྲང་རྩི་སྤུ་ཤེལ་ཙོ། །མར་དང་བུ་རམ་པ་གཅིན་ནི། །གཟང་བུ་ཆགས་ཀྱི་པར་དུ་བསྐོལ། དེ་བསྐུས་པ་ཡིས་སྨེ་བ་དང། །དོ་ཤིག་མཛེར་བ་མྱུར་སེལ་བྱེད། །གདོང་ནི་པདྨ་འདྲ་བྱེད་ཅིང། །རྐང་པ་པདྨའི་འདབ་འདྲང་བྱེད། ཅེས་བྱ་བ་ལ། ནས
་ལ་སོགས་པ་ནས་པ་གཅིན་གྱི་བར་གཟང་བུ་ལ་ཆགས་ཀྱི་བར་གྱི་ལྡེ་གུས་བསྐུས་ན་དོ་ཤིག་སེལ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་བསྐྱེད་པར་བྱེད་དོ། །གུར་གུམ་ཤིང་མངར་སྦྱུ?་ཤེལ་རྩེ། །ཙན་དན་གསེར་དང་རྒྱ་སྐྱེགས་དང། །ཙན་དན་དཀར་དང་ནྱེ་གྲོ
་དྷའི། །རྐང་པ་གཞོན་ནུ་ཤག་པ་དང། །དེ་བཞིན་པདྨ་གེ་སར་དང། །ུད་པ་ལ་སྔོན་པོ་བཅོང་དང་བཅས། །སྲང་ར་ཆུ་བྲེ་བཞི་ནང་དུ། །བསྐོལ་ཏེ་བཞི་ཆ་ལུས་པ་རུ། །རྒྱ་སྐྱེགས་བཅད་དང་ལེ་བརྒྱན་རྩི། །ཤིང་མངར་གུར་གུམ་ཞོ་གཉིས་གཉིས། །ཕྱེ་མ
་ཏིལ་མར་སྲང་བརྒྱད་དང། །དེ་ཡིས་ཉས་འགྱུར་འོ་མ་བསྐོལ། །དེ་ནི་སྣ་སྨན་ཚུལ་བསྟེན་ན། །སྨེ་པ་དོ་ཤིག་སྐྲ་དཀར་དང། །གཉེར་མ་གདོང་གི་དྲི་མ་སེལ། །གདོང་གི་ཤ་རྒྱས་མདོག་གསལ་བྱེད། །ཅེས་བྱ་བ་ལ། གུར་གུམ་ལ་སོགས་པ་སྲང་རེ་ཇི་སྐད་སྨོས
་བཞིན་དུ་བསྐོལ་ལ་ཏིལ་མར་དེ་སྣ་སྨན་དུ་བསྟེན་ན་སྨེ་བ་ལ་སོགས་པ། སེལ་བར་བྱེད་ཅིང་གདོང་གི་ཤ་རྒྱས་པ་དང། མདོག་གསལ་བར་བྱེད་པ་ཡིན་ནོ། །བཙོང་དང་གསེང་ཕྲོམ་ཤ་པ་རི། །རྒྱ་སྐྱེགས་ལྡོང་རོས་དུ་བ་རི། །གུར་གུམ་རུ་རྟ་སེར་པོ་གཉིས།།
་འགི་ཝང?་ཅི་ནང?་ན་རྣམ་གཉིས་དང། །ན་གྲོ་དྷ་ཡི་ལོ་མ་དང། །དངུལ་ཆུ་རྨ་ཤིང་ཙན་དན་སེར། །ངར་དུ་དེ་ཤུན་པར་མ་ཡི། །ས་བོན་པདྨ་གེ་སར་དང། །སྤྲ་ཚིལ་སྤང་མ་ཤུག་པ་སོགས། །ཞག་དང་འོ་མ་རྐང་དང་མར། །འོ་མ་ཅན་ཤིང་འོ་མ་ནི། །བསྐོལ་བའི
་མར་ནི་བསྐུས་གྱུར་ན། །དོ་ཤིག་གཉེར་མ་སོགས་འཇོམས་ཤིང། །བཞིན་ནི་པདྨའི་མདངས་འདྲར་འགྱུར། །ཞེས་བྱ་བ་ལ། ཤ་པ་རི་ནི་པ་ཏི་ཀ་ཇི་འདྲའོ། །དུ་བ་རི་ནི་ཨ་ཀ་ཀའོ། །གཞན་ནི་གོ་བར་ཟད་དེ། །བཙོད་ལ་སོགས་པའི་སྨན་མར་བསྐོལ་བའི་ཚུལ
་དུ་བསྐོལ་བའི་སྨན་མར་དེ་བཏུང་བ་དང། སྣ་སྨན་ལ་སོགས་པར་བསྟེན་ན་ངོ་ཤིག་དང་ཁ་བས་དང་གཉེར་མ་ལ་སོགས་པ་སེལ་བར་བྱེད་ཅིང། བཞིན་རས་ཟླ་བའི་མདངས་དང་ལྡན་པར་བྱེད་དོ། །བྲི?་ག་ར་ཛའི་ཁུ
་བ་ནི། །འོ་མའི་ཆུ་བསྐོལ་སྣ་སྨན་བསྔགས། །ཞེས་བྱ་བ་ལ། བྲི་ག་ར་ཛའི་ཁུ་བ་ལ་སོགས་པའི་སྣ་སྨན་བཏང་ན་ཡང་ཕན་ནོ། །པགས་པ་ཆོད་མེད་ལ་རླུང་གི་།བསོ་བ་དང་ནི་མེ་བཙའ་བྱ། །ཞེས་ཡ་བ་ལ། པགས་པ་ཚོར་བ་མེད་པའི་ནད་ལ་ནི། །
་རླུང་ལས་གྱུར་པའི་མཛེ་ནད་ཀྱི་གསོ་བ་དང། །མེ་བཙའ་གདབ་པ་བྱས་ན་ཕན་ནོ། །པགས་ནང་ཟླུམ་པོར་བད་མཁྲིས་བཤད། །མཛེ་ནད་སེལ་བ་ཐམས་ཅད་ཕན། །ཞེས་བྱ་བ་ལ། པགས་ནང་ཟླུམ་པོ་ཀོར་ཀོར་པོར་ན་བ་ལ་ནི། བད་ཀན་དང་མཁྲིས
་པ་ལ་ཕན་པའི་སྨན་ཐམས་ཅད་དང། དེ་བཞིན་དུ་མཛེ་ནད་ལ་ཕན་པའི་སྨན་དང་ཁ་ཟས་ལ་སོགས་པ་ཐམས་ཅད་ཕན་ནོ། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན
་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་།ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གསང་བའི་གནས་ཀྱི་ནང་དམིགས་ཤེས་པ་བཤད་པར་བྱའོ། །བུད་མེད་ཉལ་པོ་སྤངས་པ
་ལས་བ་མོད་ལ་བརྟེན་པར་གྱུར་པའམ། །ནད་དང་བཅས་ཤིང་དོགས་པ་ལ། དྲི་མ་ཅན་དང་ཟླ་མཚན་ནམ། །སྐྱེ་གནས་གཞན་དང་མི་འདོད་དང། །འགྲེད་མིན་གསང་དུ་བཅས་པ་དང། །དགའ་བའི་མཐར་ནི་དུག་ཅན་སོགས། །ཆུས་རེག་པའམ
་མ་བཀྲུས་དང། །བསྐྱེད་པའི་བསམ་པས་སྨན་རྣོན་པོའི། །ལྡེ་གུ་ལ་སོགས་བསྡུས་པ་དང། །ཁུ་ཆུར་སོ་དང་སེན་མོ་དང། །གྲ་མ་དུག་ཅན་གྱིས་རེག་དང། །ཤུགས་དགག་པ་དང་ཡུན་རིང་དུ། །རེག་པ་རྩུབ་པས་བདར་བ་འམ། །ནད་གཞི་འཁྲུགས
་པ་གསང་བར་ཞུགས། །སོས་འཛིན་ལྟ་བུ་ལ་སོགས་ནད། །ཉི་ཤུ་རྩ་གསུམ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་པ་བུད་མེད་ལ་འཁྲིག་པ་སྤྱོད་པའི་ཉལ་པོ་སྤངས་པར་གྱུར་པ་ལས་མོད་ལ་འཕྲལ་དུ་བུད་མེད་བསྟེན་ཅིང་སྤྱོད་པར་གྱུར་པའམ་ཡང་བུད
་མེད་ནང་དང་བཅས་པའམ། མཚན་དོག་པ་འམ་།དྲི་མ་ཅན་ཟླ་མཚན་འཛག་པ་འམ། ཡང་ན་སྐྱེ་གནས་མི་མཐུན་པར་གྱུར་པ་གཞན་དག་གམ། བུད་མེད་མི་འདོད་བཞིན་དུ་ན་ན་གྱིས་འཇུག་པའམ་།ཡང་ན་བགྲོད་པར་བྱ་བ་མ་ཡིན་བ་སྟེ། སློབ
་དཔོན་གྱི་ཆུང་མའམ། གསར་དུ་བུ་བཙས་པར་གྱུར་པ་དང་ཡང་ན་དགའ་བའི་མཛའ་སྟེ། འཁྲིག་པ་སྤྱད་པའི་རྗེས་ལ། དུག་ལ་སོགས་པ་དང་འདྲེས་པའི་ཆུས་བཀྲུས་ཤིང། རེག་པར་གྱུར་པའམ། ཆུས་བཀྲུས་པར་མ་གྱུར་པའམ། ཡང་ན་ཕོ
་མཚན་བསྐྱེད་པར་བྱ་བའི་བསམ་པས་སྨན་རྣོན་པོའི་ལྡེ་གུས་ཕོ་མཚན་ལ་བསྐུས་པ་དང། དེ་བཞིན་དུ་ཁུ་ཚུར་རམ་སོ་འམ་སེན་མོ་དང་གྲ་མ་དུག་ཅན་གྱིས་རེག་པར་བྱས་པ་དང། དེ་བཞིན་དུ་བཤང་བ་ལ་སོགས་པའི་ཤུགས་དགག་པ་དང། ཡང་ན་ཡུན
་རིང་དུ་རེག་པ་ཤིན་ཏུ་རྩུབ་པས་བདར་བར་གྱུར་པའམ། རླུང་ལ་སོགས་པའི་ནད་གཞི་འཁྲུགས་པ་གསང་བ་ཞེས་བྱ་བ་མཚན་གྱི་ནང་དུ་ཞུགས་པ་སྟེ། རྒྱུ་དེ་དག་གིས་སོས་འཛིན་པ་ལ་སོགས་པའི་ནད་ཉི་ཤུ་རྩ་གསུམ་སྐྱེད་པར་བྱེད་དོ། །སོས་འཛིན་ལྟ་བུ
་འདི་ལྔ་སྟེ། ནང་གཞིར་རེ?་ཁྲག་ལས་གྱུར། །འདུས་པའི་ནད་ལས་གྱུར་པའོ། །ཞེས་བྱ་བ་ལ། འདིར་དེ་དག་གི་ནང་ནས་སོས་འཛིན་པའི་རྣམ་པ་ལྔ་སྟེ། རླུང་ལ་སོགས་པ་ནང་གཞི་རེ་རེ་ལས་གྱུར་པ་གསུམ་དང། ཁྲག་ལས་གྱུར་པ་དང། འདུས་པ་ལས་གྱུར་པའོ།།
་དེ་ལ་རླུང་གྱུར་ཕོ་མཚན་སྐྲང། །ནད་མར་རྟག་ལྡང་བགས་གས་པའོ། །ཞེས་བྱ་བ་ལ། དེ་ལ་སོས་འཛིན་པ་ཞེས་བྱ་བ་རྣམ་པ་ལྔ་ལས། །རླུང་ལས་གྱུར་པའི་སོས་འཛིན་པ་ནི་སྦྲངས་པ་དང་ནད་མང་པོ་སྣ་ཚོགས་ཀྱིས་འདེབས་པ་དང། རྟག་ཏུ་ལྡང་བ་དང། པགས
་པ་གས་པར་འགྱུར་བ་ཡིན་ནོ། །མཁྲིས་པ་ལས་གྱུར་སྒྲངས་རིམས་འདེབས། ཨུ་དུཾ་ཝ་རའི་འབྲས་སྨིན་འདྲ། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སོས་འཛིན་པ་ནི་སྐྲངས་པ་དང། རིམས་ཀྱིས་འདེབས་པ་དག?
་པའི་མདོག་ཨུ་དུཾ་ཝ་རའི་འབྲས་བུ་སྨིན་པ་འདྲ་བ་ཡིན་ནོ། །བད་ཀན་གྱིས་མཁྲང་སྣུམ་པ་དང། །གཡའ་ཞིང་སྐྲང་ལ་ལྕི་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སོས་འཛིན་པ་ནི། ཕོ་མཚན་མཁྲང་པ་དང། སྣུམ་པ་ལ་སོགས་ཡིན་ནོ། །ཁྲག
་གྱུར་འབྲུམ་བུ་ནག་པོ་འབྱུང། །ཁྲག་འཛག་རིམས་ཀྱིས་འདེབས་པར་བྱེད། །ཅེས་བྱ་བ་ལ། ཁྲག་ལས་གྱུར་པའི་སོས་འཛིན་པ་ནི་འབྲུམ་བུ་ཕྲ་མོ་ནག་པོ་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་ཁྲག་འཛག་པ་ལ་སོགས་པ་ཡིན་ནོ། །འདུས་གྱུར
་མཚན་ཉིད་ཀུན་དང་ལྡན། །རླིག་འབྲས་གཉིས་ཀྱང་སྐྲངས་པར་བྱེད། །མི་བཟད་ན་ཞིང་ལྟུང་བ་དང། གས་ཤིང་སྲིན་བུ་སྐྱེ་བ་ཡིན། །ཞེས་བྱ་བ་ལ། ནད་བཞི་གསུམ་ཆར་འདུས་པ་ལས་གྱུར་པའི་སོས་འཛིན་པའི་མཚན་མ་ནི། །ནད་བཞི་གསུམ་ཆར་གྱི
་མཚན་ཉིད་དང་ལྡན་པ་དང། །དེ་བཞིན་དུ་རླིག་པའི་འབྲས་བུ་གཉིས་ཀྱང་སྐྲང་པར་བྱེད་པ་དང། དེ་བཞིན་དུ་བརྣག་པར་དཀའ་ཞིང་མི་བཟད་པར་ན་ལ་ལྟུང་པར་འགྱུར་བ་དང། དེ་ཕོ་མཚན་གས་པར་གྱུར་པ་དང། སྲིན་བུ་རྣམས་སྐྱེ་པར་འགྱུར་བ་ཡིན་ནོ། །
་དེ་ལས་ཁྲག་གྱུར་འཚོ་བ་ཙམ། །འདུས་པ་ལས་གྱུར་འཆི་བར་བྱེད། །ཅེས་བྱ་བ་ལ། ལྔ་པོ་དེ་དག་ལས་ཁྲག་ལས་གྱུར་པའི་སོས་འཛིན་པ་མི་ལ་བ་ཙམ་དུ་རེ་ཞིག་འཚོར་རུང་བ་ཡིན་ལ། འདུས་པ་ལས་གྱུར་པ་ལ་ནི་གསོར་མི་རུང་བ་ཡིན་ནོ། །ནད
་འཁྲུགས་པ་ལས་ཕོ་མཚན་གནས། ཤ་ཁྲག་ལས་ནི་ཕོ་མཚན་གྱི། །ཕྱི་འམ་ཡང་ན་ནང་དུ་ནི། །མཐོར?་པ་གཡའ་བར་བྱེད་པ་འབྱུང། །ཁྲག་ནི་སྤྱི་བག་འཛག་པ་ཡིན། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་འཁྲུགས་པ་ལས་ཕོ་མཚན་གྱི་གནས
་སུ་ཤ་ཁྲག་ལ་བརྟེན་ཏེ། དེའི་ཕྱི་རོལ་ལམ་ནང་བུ་ཤའི་མཛེར་པ་གཡའ་བར་བྱེད་པ་ལ་སོགས་འབྱུང་བར་བྱེད་པ་ཡིན་ནོ། །མོ་མཚན་དེ་འདྲ་གདུགས་ལྟར་འདུག་།དེ་ནི་འབྲུམ་ནང། ཅེས་བྱ་བ་ལ། དེ་བཞིན་དུ་མོ་མཚན་དུ་ཡང་ཤའི་?་པ་སྔ་མང་དང
་འདྲ་བར་མཛེར་པ་དང་གཡའ་བར་བྱེད་པ་ལ་སོགས་པ་ལ་དབྱིབས་གདུགས་ལྟར་འདུག་པ་སྐྱེ་བར་འགྱུར་ཏེ། མཛེར་པའི་ནད་དེ་ནི་འབྲུམ་ནད་ཅེས་བྱའོ། །མ་གསོས་ན། ཕོ་མོའི་ཁུ་ཁྲག་ཉམས་བྱེད་གསོད། །ཅེས་བྱ་བ་ལ། ནད་དེ་དག་གསོ་བ་མ
་བྱས་ན། སྐྱེས་པའི་ཕོ་མཚན་ཉམས་ཤིང་ཁུ་བ་འབྱུང་བར་མི་བྱེད་པར་གསོད་པ་དང། བུད་མེད་ཀྱི་ཁྲག་ཉམས་ཤིང་གསོད་པར་བྱེད་དོ། །ཕོ་མཚན་གྱི་ནི་ཕྱི་འམ་ནང། །བད་ཀན་ཁྲག་གྱུར་འབྲུམ་ཕྲན་ནི། །ཚད་དང་དབྱིབས་ནི་ཡུངས་ཀར་འདྲ། །སྟུག
་པོ་ཡུངས་ཀར་ཞེས་བྱར་བཤད། །ཅེས་བྱ་བ་ལ། ཕོ་མཚན་གྱི་ཕྱི་རོལ་ལམ་ནང་དུ་བད་ཀན་དང། ཁྲག་ལས་གྱུར་པའི་འབྲུམ་ཕྲན་ཚད་དང་དབྱིབས་ཡུངས་ཀར་འདྲ་བ་སྟུག་པོར་བྱུང་བ་དེ་ནི། ཡུངས་ཀར་ལྟ་བུའི་འབྲུམ་ཕྲན་ཞེས་བྱའོ། །ཞེས་དྲང་སྲོང
་རྣམས་ཀྱིས་བཤད་དོ། །བད་ཀན་ཁྲག་གྱུར་འབྲུམ་བུ་ནི། རིང་ཞིན་མང་པོར་གྱུར་པ་ལ། དབུས་ནས་གས་པ་གང་ཡིན་པ། དེ་ནི་ངེས་པར་འཇོམས་ཞེས་བྱ། །ན་ཞིང་བ་སྦུ་རྩེ་བར་བྱེད། །ཅེས་བྱ་བ་ལ། བད་ཀན་ཁྲག་འཁྲུགས་པར་གྱུར་པ་ལས། །འབྲུམ
་བུ་ཕ་མོ་དབྱིབས་རིང་ཞིང་མང་པོར་འབྱུང་བར་འགྱུར་པ། དེས་མཚན་གྱི་དབུས་ནས་གས་པར་གྱུར་པ་གང་ཡིན་པ་དེ་ནི་མིང་ངེས་པར་འཇོམས་པ་ཞེས་བྱ་སྟེ། དེ་ནི་ན་པ་དང་བ་སྦུ་རྩེ་བར་བྱེད་པ་ཡིན་ནོ། །ཁྲག་མཁྲིས་ལས་གྱུར་འཛམ་བུ་ཡི། །རུས་པ་ལྟར
་འདུག་སྟོང་ཅན། །ཞེས་བྱ་བ་ལ། ཕོ་མཚན་ལ་ཁྲག་དང་མཁྲིས་པ་ལས་གྱུར་པའི་འབྲུམ་བུ་འཛམ་བུའི་རུས་པ་འམ། ཚིག་གུ་འདྲ་བ་མྱུར་དུ་སྨིན་པར་བྱེད་པ་འབྱུང་བ་གང་ཡིན་པ་དེ་ནི་མིང་ཁོང་སྟོང་ཅན་ཞེས་བྱའོ། །འབྲས་བྱེད་གཅིན་སྙི་འདྲར
་ཤེས་བྱ། །ཞེས་བྱ་བ་ལ། འབྲས་འབྱེར་བ་ཞེས་བྱ་བའི་མཚན་ཉིད་ཀྱི་ནད་ནི། རང་བཞིན་གཅིན་སྙི་བ་དང་འདྲ་བར་ཤེས་པར་བྱའོ། །ཁྲག་མཁྲིས་ལས་གྱུར་འབྲུམ་ཕྲན་ནི། །མ་ཤ་མུངྒ་འདྲ་མཆོག་ཡིན། །ཞེས་བྱ་བ་ལ། ཁྲག་དང
་མཁྲིས་པ་ལས་གྱུར་པའི་འབྲུམ་ཕྲན་མོན་སྲན་སྡེའི་དབྱིབས་འདྲ་བ་སྐྱེས་པ་གང་ཡིན་པ་དེ་ནི་མཆོག་ཅེས་བྱ་བར་ཡིན་པར་ཤེས་པར་བྱའོ། །པདྨའི་སྟེང་དུ་གེ་སར་བཞིན། །འབྲུམ་བུ་འབྲུམ་ཕྲན་གྱིས་ཁྱབ་པ། །དེ་ནི་པདྨ་ཅན་ཞེས་བྱ་།ཞེས་བྱ་བ་ལ།
་འབྲུམ་བུ་གང་མཚན་གྱི་སྟེང་དུ་པདྨ་ལ་གསེར་བྱུང་བ་ལྟ་བུའི་འབྲུམ་ཕྲན་གྱིས་ཁྱབ་པ་གང་ཡིན་པ་དེ་ནི་པདྨ་ཅན་ཞེས་བྱའོ། །ལག་པ་གཉིས་ཀྱིས་རབ་མཉེས་པ། །དེ་ནི་མཉེས་པའི་འབྲུམ་བུར་འགྱུར། །ཞེས་བྱ་བ་ལ། མཚན་ལག་པ་གཉིས་ཀྱིས་ཤིན
་ཏུ་མཉེས་པ་ལས་འབྲུམ་བུར་གྱུར་པ་ནི་མཉེས་པའི་འབྲུམ་བུ་ཞེས་བྱའོ། །མཚན་ཉིད་མཉེས་པར་གྱུར་པ་ལས། །རླུང་འཁྲུགས་གྱུར་པ་མཉེས་པ་ཡིན། །ཞེས་བྱ་བ་ལ། མཚན་མ་ལག་པས་ཡང་དང་ཡང་དུ་མཉེས་པར་གྱུར་པ་ལས་རླུང་འཁྲུགས
་པའི་ནང་ནི་མིང་མཉེས་པ་ཞེས་བྱའོ། །མི་མཉམ་སྲ་ཞིང་ཡོན་པོར་ནི། །རླུང་འཁྲུགས་གྱུར་པ་གཏུན་ཤིང་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མཚན་ནད་རང་བཞིན་མི་མཉམ་པ་དང། སྲ་བ་དང་ཡོན་པོར་གྱུར་པ་ནི་དྲང་སྲོང་རྣམས་ཀྱིས
་གཏུན་ཤིང་ཞེས་བཤད་དོ། །རླུང་གིས་མཉེས་པ་ལ་སོགས་པའི། །ནད་འཁྲུགས་ཅན་གྱིས་པགས་པ་ཡི། །ལྡོག་ཅིང་ཆ་ལ་ནད་བཅས་ཤིང། །ལ་ལར་ཤུ་བདག་ཏཱུང་འགྱུར། །འདུས་ཤིང་མདུད་པ་ཚགས་པ་ནི། །དེ་ཡ་ཨི་ནོར་བུ་ཐུར་དུ་འཕྱང།
་པགས་པ་ལྡོག་པའི་ནད་ཅེས་བྱ། །ཞེས་བྱ་བ་ལ། རླུང་ལས་མཉེས་པ་ལ་སོགས་པའི་ནད་འཁྲུགས་པར་གྱུར་པ་དང། པོ་མཚན་གྱི་པགས་པ་ཕྱིར་ལྡོག་ཅིང་ནད་དང་བཅས་པར་གྱུར་པ་དང། ལ་ལར་པགས་པ་དེར་ཤུ་བ་བྱུང་བར་གྱུར་ལ་།ད་ཡ་ཨང
་ཕྱོགས་གཅིག་ཏུ་འདུས་ཤིང་འདུད་པའམ། རྨེན་བུ་ཆགས་པས་མཚན་དེའི་མགོ་བོ་ནོར་བུ་ཞེས་བྱ་བ་ཐུར་དུ་འཕྱང་བར་གྱུར་པ་དེ་ནི་པགས་པ་ལྡོག་པའི་ནད་ཅེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་བཅས་ལས་གཡའ་ཞིང་སྲ། །རྨ་འཚོ་བ་འགའ་
་ཞིག་པགས་པ་གས། །གས་པའི་ནད་ཅེས་བྱ་བར་བཤད། །ཅེས་བྱ་བ་ལ། པགས་པ་དེ་བད་ཀན་དང་བཅས་པས་གཡའ་བ་དང་སྲ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ནད་དེ་ནི་གས་པ་ཞེས་བྱའོ། །རླུང་གིས་པགས་པ་གནོད་འགྱུར་ཅིང། །ནོར་བུར་འབྱར་ཅིང
་གཅིན་འགགས་འགྱུར། དེ་ལས་རྒྱུན་ཕྲ་ནད་མེད་འབྱུང། །ནོར་བུའི་ཁ་ནི་འགགས་གྱུར་པ། །དེ་ནི་ནོར་བུའི་ནད་ཅེས་བྱ། །ཅེས་བྱ་བ་ལ། ཕོ་མཚན་གྱི་པགས་པ་ལ་རླུང་གིས་གནོད་ཅིང་མ་རུང་བར་གྱུར་པ། ནོར་བུའི་ཕྱོགས་སུ་འབྱར་ཅིང་གཅིན་གྱི་རྒྱུན་འགགས
་པར་གྱུར་པ་ལ་དེ་ནས་གཅིན་གྱི་རྒྱུན་ཕྲ་ཞིང་ནད་མེད་པར་འབྱུང་བར་འགྱུར་ལ། ནོར་བུ་ཁ་འགགས་པར་གྱུར་པ་ནི། པོ་མཚན་གྱི་རྩེ་མོའི་ནོར་བུའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་མཚན་གྱི་ནང། གྲ་མས་གང་མཉམ་མདུད་པའི་ནང། །ཅེས་བྱ་བ་ལ། པོ་མཚན་གྱི
་ནང་གྲམས་ཤར་པ་སྙམ་དུ་སེམས་པའི་ནང་ནི་བད་ཀན་ལས་གྱུར་པ་ཡིན་ཏེ། དེ་ནི་བདུད་པ་ཅན་ནད་ཅེས་བྱའོ། །གྲམས་གནོད་པའི་ཁྲག་གི་ནང། །ཚོར་བ་ཉམས་པ་དེ་མིང་ཅན། །ཞེས་བྱ་བ་ལ། གྲ་མས་གང་བ་ལྟ་བུའི་ནང་ཀྱིས་ཁྲག་ལ་གནོད་པར་གྱུར་ལ།
་དེས་ན་ཚོར་བ་ཉམས་པར་གྱུར་པ་དེ་ནི་དེའི་མིང་ཅན་དེ་ཚོར་བ་ཉམས་པ་ཞེས་བྱའོ། །རླུང་དང་ཁྲག་མཁྲིས་ལས་གྱུར་པ། །བུ་ག་རྩེ་མོ་ཕྲ་བ་ཡིས། །མཚན་གྱི་ནང་ནི་ཀུན་ཏུ་ཁྱབ། །དེ་ནི་ཁ་བརྒྱ་པ་ཞེས་བྱའོ། །ཞེས་བྱ་བ་ལ། མཚན་གྱི་ནང་ན་བུ་ག་ཕྲ་མོ་རང་ལྡན
་ཀུན་ཏུ་ཁྱབ་པར་གྱུར་བའི་ནང་རླུང་དང་ཁྲག་དང། མཁྲིས་པ་ལས་གྱུར་པ་དེའི་མིང་ནི་ཁ་བརྒྱ་པ་ཞེས་བྱའོ། །ཁྲག་མཁྲིས་ལས་གྱུར་པགས་པ་བརྣགས། །ཆ་ཞིང་རིམས་བཅས་པགས་པ་སྨིན། །ཞེས་བྱ་བ་ལ། །ཕོ་མཚན་གྱི་པགས་པ་ཁྲག་དང་མཁྲིས་བ
་ལས་གྱུར་པའི་ནང་བརྣགས་པ་ལ་སོགས་པ་གང་ཡིན་པ་དེ་ནི་པགས་པ་སྨིན་པ་ཞེས་བྱའོ། འདུས་པ་ལས་གྱུར་པར་ཤ་བརྣགས་ཤིང། ཐམས་ཅད་ངན་པས་སྨིན་པ་ཡིན། ཞེས་བྱ་བ་ལ། ནང་གཞི་གསུམ
་འདུས་བ་ལས་གྱུར་པའི་ནང། བགས་པ་བརྣགས་ཤིང་ནད་སྣ་ཚོགས་པ་ཐམས་ཅད་དང་ལྡན་པ་ནི་མིང་ཤ་སྨིན་པ་ཞེས་བྱའོ། །འབྲུམ་པུ་གནག་ཅིང་དམར་བ་ཡི། །འབྲུམ་བུ་དག་གིས་གནོད་གྱུར་ཅིང། །ཕོ་མཚན་ཤིན་ཏུ་ན་བ་གང། །དེ་ན
་ཁྲག་གི་འབྲུམ་བུ་ཡིན། །ཞེས་བྱ་བ་ལ། མཚན་གང་ལ་འབྲུམ་བུ་གནག་པ་ལ་སོགས་པ་དག་གི་གནོད་པར་གྱུར་པ་གང་ཡིན་པ་དེ་ནི་མིང་ཁྲག་གིས་འབྲུམ་བུ་ཞེས་བྱའོ། །ཤ་ཡི་མཛེར་པ་སྔར་བཤད་དོ། །ཞེས་བྱ་བ་ལ། མཚན་ལ
་ཤའི་མཛེར་བ་སྐྱེས་པ་གང་ཡིན་པ་དེ་ནི་སྔར་བཤད་པ་ཡིན་ནོ། །ཁོང་འབྲས་ནད་གཞི་གསུམ་ལས་སྐྱེས། ཞེས་བྱ་བ་ལ། མཚན་མ་ལ་ཁོང་འབྲས་ཀྱི་ནང་གཞི་གསུམ་ལས་གྱུར་པ་འབྱུང་སྟེ། དེ་ཡང་སྔར་བཤད་པ་ཡིན་ནོ། །འདུས་པས་མཚན་ནི
་བརྣགས་གྱུར་ཅིང། །ཤ་ནི་ནག་པོར་གྱུར་པ་དང། །ཀུན་ནས་ཞིགས་པར་བྱེད་པ་གང། །དེ་ནི་ཏིལ་ནག་ཅེས་བརྗོད་བཤད། །ཅེས་བྱ་བ་ལ། འདུས་པའི་ནད་འཁྲུགས་པ་ལས་པོ་ཚན་བརྣགས་པ་ལ་སོགས་པར་གྱུར་པ་གང་ཡིན་པ་དེ་ནི་ཏིལ་ནག
་ཅེས་བྱའོ།། ཤ་ལས་གྱུར་པའི་འབྲུམ་བརྣགས་དང། །ཁོང་འབྲས་ཏིལ་ནག་ཅེས་བྱ་བ། །བཞི་པོ་དེ་དག་སྤང་པར་བྱ། །ལྷག་མ་རྣམས་ནི་མྱུར་དུ་གསོ། །ཞེས་བྱ་བ་ལ།། མཚན་གྱི་ནད་དེ་རྣམས་ཀྱི་ནང་ནས་ཤའི་འབྲུམ་བུ་ལ་སོགས་པ་བཞི་པོ
་དག་ནི་ཡོངས་སུ་སྤང་པར་བྱའོ། །ལྷག་མ་ནད་བཅུ་དྲུག་པོ་ནི་མྱུར་དུ་གསོ་བར་བྱའོ། །ཁ་ཟས་གནོད་པ་ཟོས་ནས་ནི། །མལ་སྟན་མི་བདེར་ཉལ་བ་དང། །ཉལ་པོ་བསྟེན་ནི་དྲགས་པ་དང། །ནང་ན་ནང་ཁྲག་སྨན་གནོད་དང། །ས་བོན་ཉེས་པ
་རྣམ་པར་ལས། །མངལ་གྱི་ནད་ནི་ཉི་ཤུར་འགྱུར། །ཞེས་བྱ་བ་ལས། ཁ་ཟས་མི་འཕྲོད་པ་ལ་སོགས་པའི་རྒྱུས་མངལ་གྱི་ནང་ཉི་ཤུ་འབྱུང་བར་འགྱུར་ཏེ། །བྲག་ཟས་གནོད་པ་ཟོས་པ་དང། །མལ་སྟན་མི་བདེ་བ་ལ་གནོད་པ་དང་བཅས་པར་ཉལ
་བ་དང། བཁྲིག་པའི་ཧལ་པོ་ཧ་ཅང་བསྟེན་དྲགས་པ་དང། དེ་བཞིན་དུ་ནང་ཁྲག་ཅན་གྱི་ཟླ་མཚན་འཛེག་པ་དང། གནོད་པར་བྱེད་པའི་སྨན་བསྟེན་པ་དང། ས་བོན་ཉེས་པ་དང་ལྡན་པ་དང། སྔོན་གྱི་ལས་ནི་མི་དགེ་བ་བྱས་པའི་རྣམ་པར་སྨིན་པས་ནང་དུ
་འགྱུར་རོ། །རླུང་གིས་མངལ་ལ་གནོད་གྱུར་བས་།ན་ཟུག་པ་ཡངས་ཤིང་ཚོང་པ་མེད། །གྲོག་མས་ཁྱབ་པ་སྙེམ་དུ་སེམ། །སྲ་ཞིང་རྩུབ་སྐྲད་དང་བཅས། །ཟླ་མ་ཆན་བླ་ཞིང་དབུ་བ་ཅན། །ཉུ་ཞིང་གནག་པ་འཛག་པར་བྱེད། །ཆུས་རྩིབ་ལོགས་ལྡོང
་པ་དང། །མ་ཞིང་རིམས་ཀྱིས་སྐྲན་བསྐྱེད་ལ། །རང་ངན་ཉེས་པ་དེ་དང་དེ། །དེ་ནི་རླུང་ཅན་ཡིན་ཞེས་བཤད། ཅེས་བྱ་བ་ལ། རླུང་གི་ནད་འཁྲུགས་པར་གྱུར་པ་ལས་མོ་མཚན་ནམ་མང་ལ་དུ་ན་ཞིང་ཟུར་པར་འགྱུར་བ་དང། ཡངས་ཤིང་ཁ་བྱེ་བ་དང།
་ཚོང་པ་མེད་ཅིང་བེམ་བེམ་པོར་འདུག་པ་དང། གྲོག་མས་ཁྱབ་ཅིང་རྒྱུ་བ་སྙམ་དུ་སེམས་པ་དང། །སྲ་ཞིང་རེངས་པ་དང། རྩུབ་པ་དང། སྒ་དང་བཅས་པར་བྱེད་པ་དང། ཟླ་མཚན་སླ་བ་ལ་སོགས་པ་འཛག་པ་དང། ཆུ་སོ་ལ་སོགས་པ་ལྷོད་པ་དང།
་ལྷང་ལྷང་པོར་ན་པ་དང། རིམ་གྱིས་གནས་དེང་སྐྲན་བྱེད་པར་འགྱུར་པ་དང། དེ་བཞིན་དུ་རླུང་ལས་གྱུར་བའི་ནང་ཀྱི་ཉེས་པ་འདིར་མ་སྨོས་པས་གཞན་ཡང་བྱེད་དེ། ནང་དེ་ནི་མིང་རླུང་ནད་ཅན་ཞེས་བྱའོ། །དེ་ཉིད་ཤས་ཆེར་སྤྱད་ན་སྐྲང། །བཅས་པ་ཉལ་པོ
་དགས་ཞེས་བྱ། །ཞེས་བྱ་བ་ལ་།རླུང་ཅན་གྱི་ནང་དེ་ཉིད་ལ་ཤས་ཆེར་ཉལ་པོ་སྦྱད་ཅིང་བསྟེན་དྲགས་ན་སྐྲངས་པ་དང། བཅས་པར་འགྱུར་ཏེ། དེ་ནི་ཉལ་པོ་དྲགས་པའི་ནང་ཅེས་བྱའོ། །ཤིན་ཏུ་གཞོན་ལ་འཁྲིག་པ་སྤྱད། །རྒྱབ་དང་ཆུ་སོ་བྱིན་པར་ནི།།
་ན་ཞིང་མངལ་ལ་གནོད་བྱེད་པ། དེ་ནི་སྦྱད་སྔས་པ་ཞེས་བྱ། ཞེས་བྱ་བ་ལ། བུད་མེད་ཤིན་ཏུ་གཞོན་པ་ལ་འཁྲིག་པ་སྤྱད་པས། རྒྱ་བ་དང། ཆུ་སོ་དང། བྱིན་པ་ན་ཞིང། མངལ་ལམ་མོ་མཚན་ལ་གནོད
་པ་བྱེད་པ་དེ་ནི་སྤྱད་སྔས་པའི་ནད་ཅེས་བྱའོ། །ཤུགས་འཁྱིལ་བ་ཡི་མངལ་དུ་ནི། །རླུང་གིས་གནོད་པར་གྱུར་པ་ལས། །ཟླ་མཚན་དབུ་བ་ཅན་འབྱུང་བ། །འཁྱིལ་པ་ལྟ་བུར་སྣང་གྱུར་པ། །ནད་འདི་འཁྱིལ་བ་ཅན་ཞེས་བྱ། ཞེས
་བྱ་བ་ལ་།གང་གི་ཚེ་ཤུགས་བཀག་པ་ལ་སོགས་པའི་རྒྱུས་མངལ་དུ་རླུང་གིས་གནོད་པ་བསྐྱེད་པར་གྱུར་པས་ཟླ་མཚན་དབུ་བ་ཅན་འབྱུང་བར་འགྱུར་ཞིང། དེ་ཡང་རྨ་འཁྱིལ་པ་ལྟར་སྣང་བ་འདི་ནི་འཁྱིལ་པ་ཅན་ཞེས་བྱའོ། །གང་ཚེ་རླུང
་ནི་རྩུབ་པས་བུ། །སྐྱེ་ཤིང་སྐྱེ་ཤིང་བསོད་བྱེད་པ། །སྐྱེས་ནས་གསོད་པ་ཞེས་ཀྱང་བཤད། ཅེས་བྱ་བ་ལ། མངལ་གང་གི་ཚེ་རླུང་འཁྲུགས་པའི་རྩུབ་པའི་དབང་གིས་ནང་དུ་སྐྱེ་ཞིང་སྐྱེ་ཞིང་འཆི་བར་བྱེད་པ་དེ་ནི་སྐྱེས་ནས་གསོད་པ་ཞེས
་བྱའོ། །འདྲངས་དྲགས་མི་མཉམ་གནས་པར་ནི། །འདོད་པ་སྤྱད་པས་རླུང་འཁྲུགས་ཤིང། །གཞན་གྱི་གནོད་པར་གྱུར་པ་ལས། མཚན་གྱི་བུ་ག་ཤ་རུས་ལ། །གནོད་འགྱུར་མངལ་ནི་ཡོན་པར་འགྱུར། །ན་གྱུར་ནང་དུ་ཁ་བལྟས་ཡིན། །ཞེས
་བྱ་བ་ལ། བུད་མེད་ཁ་ཟས་ཀྱིས་འདྲངས་དྲགས་པ་མི་མཉམ་པར་གནས་པ་ལ་འདོད་པ་སྤྱད་པས་རླུང་ནང་གཞན་གྱི་བསྐྱོད་ཅིང་གནོད་པར་གྱུར་པ་ལས།། མོ་མཚན་གྱི་བུ་ག་དབ། ཤ་དང་རུས་པ་ལ་གནོད་པར་གྱུར་པས་ཡོན་པོར་འགྱུར་ཏེ། ནང་དེ་ནི་ནང
་དུ་ཁ་བལྟས་པ་ཞེས་བྱའོ། །ཁ་ཟས་རླུང་ཅན་བསྟེན་པ་ཡིས། ཟླ་མཚན་རླུང་གིས་གནོད་གྱུར་ཅིང། བུད་མེད་མོ་མཚན་ཞུམ་གྱུར་བར། །བྱེད་པ་དེ་ནི་ཁབ་མིག་ཡིན། ཞེས་བྱ་བ་ལ། ཁ་ཟས་རླུང་ཅན་བསྟེན་པའི་དབང་གིས་རླུང་འཁྲུགས་པར་གྱུར་རོ།།
་བུད་མེད་ཀྱི་མོ་མཚན་ཞུམ་པར་གྱུར་པ་དེ་ནི་མིང་ཁབ་མིག་ཅན་ཞེས་བྱའོ། །དུས་སུ་ཤུགས་བཀག་རླུང་འཕེལ་བས། བཤད་དང་གཅི་བ་འགགས་བྱེད་ཅིང། །མོ་མཚན་སྐམས་པར་བྱེད་པ་དང། ཤས་ཆེར་ན་བ་རང་ལ་སྐམས་ཡིན། །ཞེས་བྱ་བ་ལ། དགའ་བྱ
་སྤྱོད་པའི་དུས་སུ་ཤུགས་བཀག་པས་རླུང་འཁྲུགས་ཏེ། བཤད་བ་དང་གཅི་བ་འགགས་པར་བྱེད་པའི་ནད་དེ་ནི་མོ་མཚན་སྐམས་ཤིང་ཤིན་ཏུ་ན་བར་བྱེད་པ་ཡིན་པས་ན་མེད་ལ་སྐབས་པ་ཞེས་བྱའོ། །ཞག་དྲུག་གམ་ནི་ཞག་བདུན་ནས། །རླུང་གི་མངལ་ནས
་ཁུ་བ་འབྱིན། །ནང་བཅས་པའམ་ནང་མེད་པ། །དེ་ཡི་ཁུ་བ་རློན་ཞེས་བྱ། ཞེས་བྱ་བ་ལ། བུད་མེད་གང་འདོད་པ་སྤྱད་ནས་ཞག་དྲུག་གམ་བདུན་རླུང་གི་མངལ་གྱི་གནས་ནས་ཁུ་བ་ནད་མེད་པ་འམ་ནད་དང་བཅས་པ་འབྱིན་པར་བྱེད་པའི་ནད་དེ་ནི་ཁུ་བ་རློན་པ་ཞེས
་བྱའོ། །བུད་མེད་མངལ་དང་ས་བོན་གྱིས། ཉེས་བས་རླུང་གིས་གནོད་གྱུར་ཅིང། །འཁྲིག་ཁང་མི་འགའ་ནུ་མ་མེད་མ་ནིར་ཡིན་ཏེ་གསོར་མི་རུང། ཞེས་བྱ་བ་ལ། བུད་མེད་ཀྱི་མངལ་དུ་སྐྱེས་པའི་ས་བོན་གྱི་ཉེས་པར་རླུང་གིས་ནད་བསྐྱེས་དེ་འཁྲིག་པ་ལ་མི་དགའ་ཞིང་སྐྱེས་པ་མི་འདད་པར་གྱུར།
་པ་དང་ནུ་མ་མེད་པར་གྱུར་པ་ནི་མིང་མ་ནིང་ཞེས་བྱ་སྟེ། དེ་ནི་གསོར་མི་རུང་བ་ཡིན་ནོ། །མངལ་གྱི་ནང་དུ་རླུང་གིས་ནི། །གནོད་གྱུར་མོ་མཚན་ཁར་གནས་པས། །བྱེ་བ་འམ་འདོད་པར་གྱུར་པ་དང། །རླུང་ཅན་བཞིན་དུ་ན་གྱུར་བ་དང། །ཤ་ནི་མཐོ་བར་གྱུར་པ
་སྟེ། མོ་མཚན་ཆེ་ནང་ཚ་བས?་ཞེས་བྱ། །ཞེས་བྱ་བ་ལ། མངལ་གྱི་ནང་དུ་རླུང་གིས་གནོད་བྱས་ནས། མངལ་ག་ཨི་ཁ་དང་ཁོང་པར་གནས་པ་མོ་མཚན་བྱ་བ་འམ། ལྷུན་ལྷོང་པར་གྱུར་ཅིང་རླུང་ཅན་ག་ཡི་ནང་ལྟར་ན་དང། ཤ་མཐོ་ལ་མོ་མཚན་ཆེ་ཞིང་རྒྱས་པར་གྱུར
་པ་ནི། མོ་མཚན་ཆེ་བ་དང་ནང་ཚབས་ཆེ་བ་ཞེས་བྱའོ། །མཁྲིས་པ་མངལ་ན་གནས་པ་ཡི། །རང་གི་ནང་གཞིས་གནོད་གྱུར་པ། །ཚ་བ་འམ་བརྣགས་པར་བྱེད་འགྱུར་ཞིང། དྲི་མནམ་རིམས་ཀྱིས་འདེབས་པ་དང། །ཤིན་ཏུ་ཆ་ཞིང་རོ་ལྟར་ནམ་།ཟླ་མཚན་སྒོ་ནག?
་སེར་པོ་འཛག་།ནང་དེ་མཁྲིས་པ་ཅན་ཞེས་བྱ། །ཞེས་བྱ་བ་ལ། མཁྲིས་པ་རང་གི་གནོད་པའི་རྒྱུས་པ་ཁྲུགས་པར་གྱུར་པ་མངལ་ན་གནས་པ་དེ་ཚ་བ་ལ་སོགས་ཟླ་མཚན་འཛག་པར་འགྱུར་ཏེ། མང་དེ་ནི་མཁྲིས
་པ་ཅན་ཞེས་བྱའོ། །ཟླ་མཚན་ཆེར་འཛག་ཁྲག་ཅན་ཡིན། ཞེས་བྱ་བ་ལ། ཟླ་མཚན་ཤས་ཆེར་འཛག་པ་ནི་མིང་ཁྲག་ཅན་ཞེས་བྱའོ། །བད་ཀན་སྐྱེད་པར་བྱེད་པ་ཡིས། །མོ་མཚན་པ་ནོར་གྱུར་ན་བ་མེད། །གྲང་ཞིང་གཡའ་ལ་དཀར་བ་དང། །སྤྱི
་བ་ག་ཏུ་ནི་འཛག་པར་བྱེད། །ནང་དེ་བད་ཀན་ལས་གྱུར་ཡིན། །ཞེས་བྱ་བ་ལ། བད་ཀན་སྐྱེད་པར་བྱེད་པའི་ཁ་ཟས་ལ་སོགས་པས་བད་ཀན་འཁྲུགས་ཏེ་།དེའི་དབང་གིས་མོ་མཚན་ན་བ་མེད་ཅིང་གྲང་བ་ལ་སོགས་པའི་མེད་དང་ལྡན་པ་ནི། བད་ཀན
་ཅན་གྱི་མངའ་ནད་ཅེས་བྱའོ། །རླུང་མཁྲིས་འཁྲུགས་པས་ཟླ་མཚན་ཟད། །ཚ་ཞིང་ལུས་སྐེམས་མདོག་མི་སྡུག་།དེ་ནི་ཁྲག་ཟད་བ་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་འཁྲུགས་པས་ཟླ་མཚན་ཟད་པ་ལ་སོགས་པའི་ཁྲག་ཟད་པའི་ནད་ཅེས
་བྱའོ། །མཁྲིས་པ་ཤས་ཆེས་ཉལ་པོ་བསྟེན། །སྤྲིང་པ་སྒྲེག་པ་བཀག་པ་ལས། །མཁྲིས་པར་བཅས་པའི་རླུང་གིས་ནི། །མངལ་དུ་གནོད་པ་བྱེད་པར་འབྱུང། །སྐྲད་ཞིང་ཉམ་ཐག་རེག་མི་བཟོད། །ཟླ་ལ་ཚན་སྡོ་དང་སེར་པོ་འབྱུང། །ཆུ་ས་ལྟ་ནི་ལྕི་པ་དང། འཁྲུ
་ཞིང་ཡི་གེ་འཆུས་པར་བྱེད། ཆུ་ཟོ་བརླན་ནི་ཞིང་ཟུག་།རིམས་བསྐྱེད་ཡོངས་རྒྱས་ནད་ཅེས་བྱ། ཞེས་བྱ་བ་ལ། བུད་མེད་མཁྲིས་པ་ཤས་ཆེ་བ་ཉལ་པོ་བསྟེན་པར་འགྱུར་བ་དང། སྒྲིད་བསྒྲགས་བཀག་པར་གྱུར་པའི་རྒྱུ་ལ་མཁྲིས་པ་དང་རླུང་འབུགས
་པར་གྱུར་པས་མངལ་དུ་ནང་སྐྱེད་པར་བྱེད་དོ། །དེ་ནི་སྐྲངས་པ་ལ་སོགས་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་ཡོངས་སུ་རྒྱས་པའི་ནད་ཅེས་བྱའོ། །རླུང་དང་བད་ཀན་ནད་ཀྱིས་ཁྱབ། །མངལ་ནས་སྐྱེ་ཞིང་སྤྱི་བག་འཛག། ཉེ་བར་འཛག་པ་ཞེས་བྱའོ།།
་ཞེས་བྱ་བ་ལ། མངལ་དུ་རླུང་དང་བད་ཀན་གྱིས་ཁྱབ་པར་གྱུར་པ་ལས་སྐྱ་བ་ལ་སོགས་པ་འཛག་པའི་ནང་དེ་ནི་ཉེ་བར་འཛག་པ་ཞེས་བྱའོ། །སྲིན་དུ་སྐྱེས་ཤིང་གཡའ་པར་འདོད་པ་ལ། རབ་གདུང་དེ་ནི་རྣམ་པར་གཡེང་ཞེས་བྱ། །ཞེས་བྱ་བ་ལ། མངལ་དུ་?
་བུ་སྐྱེས་ཤིང་གཡའ་པ་ལ་སོགས་པའམ་མཚན་ཉིད་དང་ལྡན་པ་དེ་ནི་རྣན་པར་གཡེངས་པ་ཞེས་བྱའོ། །དུས་མིན་སྤྱོད་པར་གྱུར་པས་རླུང། །བད་ཀན་ཁྲག་དང་འདྲེས་གྱུར་ཏེ། །ཟླ་མཆན་ལམ་ནི་འགགས་བྱེད་དེ། །མངལ་དུ་ལྟེ་བསྐྱེད་པར་བྱེད། །དེ་ནི་པར་མའི
་སྙིང་པ་ཡིན། །ཞེས་བྱ་བ་ལ། དུས་མ་ཡིན་པར་སྤྱད་པའི་རྒྱུད་རླུང་འཁྲུགས་ཤིང་པར་ཀན་དང་ཁྲག་འདྲེས་པར་གྱུར་པ་ལས་མངལ་དུ་ཟླ་མཚན་འགགས་པར་བྱས་ནས་ལྟེ་བ་ལྟ་བུ་སྐྱེད་པར་བྱེད་པ་དེ་ནི་པང་མའི་སྙིང་པོ་ཅན་ཞེས་བྱའོ། །ནང་གཞི་གསུམ
་ནི་མོ་མཚན་གྱི། །མངལ་གནས་རང་རང་གནོད་པར་བྱེད། །འདུས་པ་ལས་གྱུར་ཉས་པ་ཡིན། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་བཞི་གསུམ་པོ་མོ་མཚན་དང་མངལ་དུ་གནས་པ་ལས་རང་རང་གི་གནོད་པ་བསྐྱེད་ཅིང་ནང་འབ་ཡིན་པ་ནི་འདུས་པ་ལས་གྱུར
་བ་ཞེས་བྱའོ། །དེ་ལྟར་བུད་མེད་མངལ་ནང་ཀྱིས། །ཁུ་བ་འཛིན་པར་མི་བྱེད་དེ། །ངེས་ན་མངལ་དུ་བུ་མི་འཆགས། །མི་བཟང་ནང་ཀྱང་སྐྱེ་འགྱུར་ཞིང། །ཁྲག་འབྱུང་གཞང་འབྲུམ་སྐྲ་ན་ལ་སོགས། །རླུང་སོགས་ནང་གི་ཀུན་སྐྱེད་བྱེད། །ཅེས་བྱ་བ་ལ།
་ཚུལ་དེ་ལྟར་ན་མངལ་གྱི་ནང་རྣམ་པ་ཉི་ཤུ་བཤད་པ་ཡིན་ལ། དེས་ན་བུད་མེད་ཀྱི་མངལ་དུ་ས་བོན་འཛིན་པར་བྱེད་དེ། །དེའི་ཕྱིར་བུ་མི་འཆགས་པ་དང། མི་བཟེད་པའི་ན་འཁྲག་འབྱུང་བ་དང། གཞང་འབྲུམ་ལ་སོགས་པའི་ནང་དང་རླུང་ལས་གྱུར་པའི
་ནང་ཐམས་ཅད་སྐྱེད་པར་བྱེད་དོ།། །།།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་བླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ?་རྩ?
་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གསང་བའི་གནས་ཀྱི་ནད་གསོ་བ་བཤད་པར་བྱའོ། །སོས་འཛིན་འདྲ་པ་གསར་འབྱུང་ལ། །ཕོ་མཚན་དབུས་ནས་གཏར་ག་གདག་།བསིལ་བའི
་གསོ་པ་སྦྱང་བ་བྱ། །ཁྱད་པར་དུ་ནི་བཀྲུ་སྨན་བཏང། །ཞེས་བྱ་བ་ལ། སོས་འཛིན་པའི་ནང་དུ་སྐྱེས་མཐག་ལ་ནི། །བརྣགས་པར་མི་འགྱུར་བར་བྱ་པའི་ཕྱིར། །ཕོ་མཚན་གྱི་དབུས་ནས་གཏར་ག་གདབ་པ་ལ་སོགས་པའི་གསོ་བ་བྱའོ། །སྨིན་ན་ཏིལ་གྱི
་ལྡེ་གུ་ནི། །སྤང་རྩི་མར་དང་བཅས་པ་བསྐུ། །ཞེས་བྱ་བ་ལ། ནང་དེ་གལ་ཏེ་སྨིན་པར་གྱུར་ན། །གཙགས་བུས་བརྟོལ་ལ་ཏིལ་གྱི་ལྡེ་གུ་དང་སྦྲང་རྩི་དང་མར་སྦྱར་བ་བསྐུ་བར་བྱའོ། །འཛམ་བུ་ཨ་འབྲ་ཀླུ་ཤིང་དང། །ནིམཔ་སྐམ་པོ་ཛའི་མྱུ་གུ་རྒྱ་ཤུ་ག་བིལྦ་ས་ལ་ནི། །རྒྱ་སྐྱེགས་ཏེ་ནི་ཤ་ཤིང་ཀུན།
་འོ་མ་?་གྱི་ཤིང་གི་ཤུན། །འབྲས་བུ་གསུམ་ནི་ཆུར་བསྐོལ་པའི། །ཁུ་བ་ངེས་ནི་བཀྲུ་བ་དང། །དེ་བསྐོལ་ཏིལ་མར་གྱི་རྨ་འཚག། ཅེས་བྱ་བ་ལ། གཞན་ཡང་འཛམ་བ་ལ་སོགས་པའི་མྱུ་གུ་དང། རྒྱ་ཤུག་ལ་སོགས་པའི་ཤུན་པ་དང། །འོ་མ་ཅན་གྱི་ཤིང་གི་ཤུན་ལྤགས་པ་དང། འབྲས་ཀབུ་གསུམ
་སྨན་ཁུ་བ་བསྐོལ་པའི་སྦྱོང་བས་བསྐོལ་ལ། དེས་སོས་འཛིན་པའི་ནང་ལ་བཀྲུ་བར་བྱའོ། །དབང་བསྐོལ་བའི་ཏིལ་མར་གྱིས་བསྐུ་བར་བྱའོ། །སྤང་མ་གསེར་ཕྲོམ་བཙག་ཡུག་གེ་སྣས། །སུག་སྦེལ་ལྡོང་རོས་བ་བླ་དང། ནག་ཚུར་རྒྱ་ཚ་སྐྱེད་ཁ། ལན་ཚ་ཧ་དེ་ནུ་ཀ་ཡི། །ཕྱེ་མ་དང་སྦྱང་སྦྲང་རྩི་སྦྱར་བས་བསྐུ། །སོས
་འཛིན་ལྟ་བུའི་རྨ་འཚབ་བྱེད། །ཅེས་བྱ་བ་ལ། སྤངས་མ་ལ་སོགས་པའི་སྨན་ཇི་སྐད་སྣོས་པའི་སྦྱོར་བས་ལྡེ་གུས་བྱས་ནས་བསྐུལ་ན་ཡང་ནང་དེའི་རྨ་འཚོབ་པར་བྱེད་དོ། །ཁམ་ཕོར་སྦྱར་མང་འབྲས་བུ་གསུ། །སྲེགས་པར་མར་བཅས་རྨ་འཚོབ་མཆོག། ཅེས་བྱ་པ་ལ། འབྲས་བུ་གསུམ་ཁམ་ཕོར་ཁ་སྦྱར
་གྱི་ནང་དུ་བསྲེགས?་པའི་ཕྱི་མ་མར་དང་བཅས་ཏེ་བསྐུས་ན་ཡང་རྨ་འཚོབ་བར་བྱེད་དོ། །འདི་ནི་སྤྱི་ཡི་གསོ་པ་ཡིན། །རེ་རེའི་སྐྲངས་པ་ལྟ་བུར་གསོ། །ཞེས་བྱ་བ་ལ། གསོ་བ་འདི་ནི་སོས་འཛིན་པ་ལྟ་བུའི་སྤྱིའི་ཡིན་གྱི། །ནད་གཞི་ཐ་དང་པ་ལས་གྱུར་པ་ནི་སྐྲང་པ་ནད་ལྟར་གསོ་བར་བྱའོ། །སྨན་པས
་?་ནས་བརྣགས་པ་ཡི། །མི་འགྱུར་དེ་ལྟར་འབང་པར་བྱ། །བརྣགས་པ་ན་རྒྱུས་པ་རྩ་དང་ཤ། ཞིགས་པས་ཕོ་མཚན་མ་རུང་འགྱུར། །ཞེས་བྱ་བ་ལ། སྨན་པས་སྦྱོར་བ་ཐམས་ཅད་ཀྱིས་ནད་དེ་བརྣགས་པར་མེ་འགྱུར་བ་ལ་འབང་པར་བྱ་སྟེ། བརྣགས་ན་ནི་ཐམས་ཅད་དུ་མ་རུངས་པར་འགྱུར་པའི་སྐྱོན་ཡོད་དོ།།?
་འབུམ?་པ་བཅང་དང་བསྲེག་པ་ཡི། །གསོ་བ་སོས་འཛིན་ལྟ་བུར་བྱ། །ཞེས་བྱ་བ་ལ། མཚན་གྱི་འབྲུམ་པུ་བཅང་པ་དང། སྲེགས་པའི་རྨ་གསོལ་བ་ཡང་སོས་འཛིན་པ་དང་འདྲ་བར་བྱའོ། །བྱུང་ནས་ཡུངས་ཀར་བྱ་ཞིབ་དང་ཁ་སྐོལ་སྨན་ཕྱེ་མས་གདབ་པར་བྱ། །ཞེས་བྱ་བ་ལ་ཡང་ན་དེ་ལ་དང་པོར
་བྲུང་ཅིང་བཞན་ལ། ཡུངས་ཀར་གྱི་ཕྱེ་མ་ཞིབ་ཏུ་བཏགས་པ་བཏབ་པར་བྱ་བ་དང། བསྐོལ་སྨན་སྔ་ཕྱེ་མས་བཏབ་པར་བྱའོ། །ཏིལ་མར་དེ་ཉིད་ཀྱིས་བསྐུ་ཞིང། རྨ་འཚོབ་པ་ཡི་གསོ་གེ་བྱ། །ཞེས་བྱ་བ་ལ། ཡང་སྨན་གྱི་བྱེ་མ་དེ་དང་བསྐོལ་པའི་ཏིལ་མར་གྱིས་བསྐུ་ཞིང་གསོ་བར་བྱའོ།།
་མཉེ་གསོ་བ་ནི་འདི་ཉིད་བྱ། །དེ་དག་གི་ཉས་གང་གཏར་ག་གདབ། །ཅེས་བྱ་བ་ལ། ཡང་སྦྱོར་བ་འདི་ཉིད་ནི་མཉེ་བ་ཞེས་བྱ་བ་མཚན་བྱི་ནང་ལ་ཡང་བྱ་བ་ལ། དེ་བཞིན་དུ་མཉེ་བ་ཡུངས་ཀར་ལྟ་བུ་ཞེས་བྱ་བ་གཉི་ག་ལ་གཏང་ག་གདབ་པར་བྱའོ། །ཁོང་སྟོང་ལ་ནི་གཏར་ག་བྱ། །བརྣགས་ལ
་རྨ་ནི་དག་པར་བྱ། །ཏིན་དུ་ཀ་དང་འབྲས་བུ་གསུམ། །གསེང་ཕྲོམ་ལྡེ་གུ་ཏིལ་མར་བསྐུ། །ཞེས་བྱ་བ་ལ། །བོར་སྟོང་ཞེས་བྱ་བ་ནི་།དང་པོར་གཏར་ག་གདབ་པར་བྱ་ལ། བརྣགས་ན་ནི་རྟོལ་ཏེ་རྨ་དག་པར་བྱས་ནས། ཏིན་དུ་ཀ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱ་བ་དང། ཡང་ན་སྨན་དེ་ཉིད་དང་བསྐོལ
་པའི་ཏིལ་མར་གྱིས་བསྐུས་ན་རྨ་འཚོག་པར་བྱེད་དོ། །འབྲས་བྱེར་ལ་ནི་གཏར་བྱ་གདབ་།གསོ་བའི་རིམ་པ་འདི་ཉིད་བྱ། །ཞེས་བྱ་བ་ལ་འབྲས་བྱེད་པ་ལ་ནི་གཏང་ག་གདབ་ཅིང་བཤད་མ་བག་པའི་གསོ་བ་འདི་ཉིད་བྱས། །མཆོག་ཅེས་བྱ་བའི་འབྲུམ་བུ་ལ། །བརྟོལ་ཏེ་ལྕགས་ཀྱུས་བླངས་ཏེ་བཅང། །ལྡེ
་གུ་ཕྱེ་མ་སྨར་ཁུ་མི། །སྦྲང་རྩིར་བཅས་པས་གསོ་བར་བྱ། །ཞེས་བྱ་བ་ལ། མཆོག་ལ་ནི་བཅང་བ་དང། སྡེ་གུས་པས་བར་བྱའོ། །མཉེ་དང་པདྨ་ཅན་ལ་ནི། །ཞེས་བྱ་བ་ལ། མཉེ་བ་དང་པདྨ་ཙམ་ཞེས་བྱ་བ་ལ་ནི། མཁྲིས་པ་ལས་གྱུར་པའི་མེད་བལ་གྱི་གསོ་བ་ཇི་སྐད་སྨོས་
་པ་བྱའོ། །པགས་མིན་ཚོར་བ་མེད་པ་ལའང། །པོ་མོའི་གསོ་བ་དེ་ཉིད་བྱ། །ཞེས་བྱ་བ་ལ། པགས་པ་སྨིན་པ་དང་ཚོར་བ་མེད་པའི་ནད་སྐྱེས་པ་དང་ཁུང་མེད་གཉི་ག་ལ་ཡང་མཁྲིས་པའི་མེ་དཔལ་གསོ་བ་ཇི་སྐད་སྨོས་པ་བྱའོ། །མཉེ་ལ་དུགས་ནི་བྱ་བ་དང། ལ་ལའི་སྨན་མང་དྲོ
་འཇམ་བླུགས། །མངར་བའི་སྨན་སྦྱར་དཀྲི་དུགས་བྱ། ཞེས་བྱ་བ་ལ། མཉེ་བ་ཞེས་བྱ་བའི་མཚན་གྱི་ནད་ལ་ནི། །དུགས་བྱ་བ་དང། བ་ལའི་སྨན་མར་དྲོ་འཇམ་ཙམ་བླུགས་པ་དང། མངར་པའི་སྨན་གྱི་སྡེ་ཚན་སྦྱར་བའི་དཀྲི་བའི་དུགས་བྱའོ། །གཏན་ཤིང་འདལ་གཏར་ག་གདབ། །བད་ཀན་རྨེན?་བུ་ལྟ་བུར
་གསོ། ཞེས་བྱ་བ་ལ། གཏུན་ཤིང་འདྲ་བ་ལ་ནི། རྡབ་རྭ་ལ་སོགས་པས་ཁྲག་བྱུང་ལ། དེའི་འོག་ཏུ་བད་ཀན་ལས་གྱུར་བའི་རྨེན་བུ་དང་ཚུལ་མཐུན་པར་གསོ་བར་བྱ། །པགས་པ་ལྡོག་པ་མར་གྱིས་བསྐུ། །ས་ལྦ་ལ་སོགས་སྣུམ་གྱུར་པས། །ཞག་གསུམ་མ་ནི་ཞག་ལྔ་རུ། །དཀྲི་བའི་དུགས་ནི་སྦྱར་པར
་བྱ་ཞེས་བྱ་བ་ལ། །པགས་པ་ལྡོག་པའི་མཚན་གྱི་ནད་ལ་ནི་མར་གྱིས་བསྐུས་ལ། དེའི་འོག་ཏུས་ལྦ་ལ་སོགས་པ་དུགས་ཀྱི་ལེའུ་ལས་བཤད་པ་བཞིན་དུ་སྣུམ་ལས་ཞག་ལྔ་འམ་ཞག་གསུམ་གྱི་བར་དུ་དཀྲི་བའི་དུགས་བྱའོ། །དུགས་བྱ་དེ་ཡི་འོག་ཏུ་ནི། །སྣུམ་གྱུར་བགས་པ་དྲང་བར་བྱ། །ནོར་བུ་རིམ་གྱིས་བཙིབ
་ནས་ནི། །ཆུད་ནས་ཉེ་བར་དཀྲི་བར་བྱ། །ནོར་བུ་ཡང་ཡང་སྣུམ་བཅོས་བྱ། །ཁ་ཟས་སྣུམ་ཅན་སྦྱིན་པའང་ཕན། །ཞེས་བྱ་བ་ལ། དེའི་འོག་ཏུ་ཡང་དུགས་བྱས་ལ། མར་གྱི་སྣུམ་བཅོས་བྱས་ཏེ། ཕབས་པ་དྲངས་ལོ་ནོར་བུ་ཆུད་པར་བྱའོ། །ཆུད་ནས་ཀྱང་ཡང་དཀྲི་བར་བྱའོ། །ཡང་ནད་འདི་ལ་ཁ་ཟས་སྣུམ་པ་དང་བཅས
་པ་ཡང་སྦྱིན་པར་བྱའོ། །གས་པ་ལ་ཡང་ཆོ་ག་ཡི། །རིམ་པ་ཇི་བཞིན་བྱས་པ་ཕན། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྦྱོར་བ་འདི་ནི་གས་བཞེས་བྱ་བའི་ནད་ལ་ཡང་སྦྱར་བར་བྱའོ། །འགག་པར་སྦུ་གུ་ཁ་གཉིས་པ། རྒྱ་སྐྱེགས་ཀྱིས་ནི་དཀྲིས་པ་ལ། །སྣུར་བསྐུས་བུ་གར་བཙུག་ནས་ནི། །རླུང
་འཇོམས་སྣུམ་ནི་བུགས་པར་བྱ། །ཞེས་བྱ་བ་ལ། ནོར་བུ་འཕགས་པར་གྱུར་པ་ལ་ནི། སྡུ་གུ་ཁ་གཉིས་པ་རྒྱ་སྐྱེགས་ཀྱིས་བསྐོས་པ་ལ། །སྣུམ་བསྐུས་པ་བཅུག་ལ། རླུང་འཇོམས་པའི་སྨན་བླུགས་པར་བྱའོ། །སྦུ་གུ་ཞག་ནི་གསུམ་གསུམ་ནས། །ལེགས་པར་བསྐྱེད་ཡངས་པར་བྱ། ཞེས་བྱ
་བལ། དེའི་འོག་ཏུ་ཞག་གསུམ་གསུམ་མར་སྦུ་གུ་དེ་བསྐྱེད་པ་དེ་ཡངས་པར་བྱའོ། །སྦུ་གུའི་སྦྱོར་བ་མ་གྲུབ་ན། མཁས?་ལས་འདོམས་ཀྱི་སྦུབས་ཅན་ནི། བར་ཏེ་མཚོན་གྱིས་དབྲལ་ནས་ཀྱང། །དེ་འོག་རྨ་སར་ཆོག་བྱ། །ཞེས་བྱ་བ་ལ། །དེ་ལྟ་བུ་སྦུ་གུའི་སྦྱོར་བ་ནི་གསོ་བས་གྲུབ་ཅིང། སོས་པར་མ
་གྱུར་ན། སྨན་བ་མཁས་པས་བསྲུབས་ཅན་མ་གཏོགས་པར་མཚོན་གྱི་དབྲལ་ལ། དེའི་འོག་ཏུ་རྨ་གསར་པ་གསེ་བའི་ཆོ་ག་ལྟར་གསོ་བར་བྱའོ། །རྨེན་བུར་སྦུ་གུ་དུགས་བྱས་ལ། །སྣུམ་ཞིང་དྲོ་བས་དཀྲི་བར་བྱ། །ཞེས་བྱ་བ་ལ། །རྨེན་བུ་མདུང་པ་ཅན་གྱིས་མཚན་གྱི་ནད་ལ་ནི་སྦུ
་བུའི་དུགས་ཀྱིས་དུགས་བྱས་ལ། སྣུམ་པ་དྲོ་བའི་དུགས་ཀྱིས་དཀྲི་བར་བྱའོ། །ཁ་བརྒྱ་བ་ནི་བཞར་ནས་ཀྱང། བསྐ་བ་སྦྲང་རྩི་སྦྱར་བས་བསྐུ། ཞེས་བྱ་བ་ལ། ཁ་བརྒྱ་པ་ཞེས་བྱ་བ་ལ། མཚན་གྱི་ནད་ལ་ནི་གཙགས་བུས་བཞར་ལ་སྨན་རོ་བསྐ་བ་དང་སྦྲང་རྩིས་བསྐུ་བར་བྱའོ།།
་ཁྲག་གི་འབྲུམ་དུགས་བྱས་ལ། །ཁོང་འབྲས་བཞིན་དུ་གསོ་བར་བྱ་ཞེས་བྱ་བ་ལ། ཁྲག་གི་འབྲུམ་བུ་ཞེས་བྱ་བའི་ནད་ལ་ནི་ཁྲག་ལས་གྱུར་པའི་ཁོད་འབྲས་དང་འདྲ་བར་གསོའོ། །ཀུན་ལ་རྨ་ཡི་གསོ་བ་ནི། །གནས་སྐབས་ཇི་བཞིན་སྦྱར་བར་བྱ། ཞེས་བྱ་བ་ལ། མཚན་གྱི་ནས་ཐམས
་ཅད་ལ་ཡང་གནས་སྐབས་དང་སྦྱར་ཏེ། རྨག་སོ་པའི་ཚེ་ག་སྦྱར་པ་དང། ལྡེ་གུས་བསྐུ་བ་ལ་སོགས་པའི་གསོ་བ་བྱའོ། །མངལ་གྱི་ནད་ལ་མང་དུ་ནི། །སྣུམ་བཅོས་དུགས་དང་མས་སོགས། །རླུང་འཇོམས་པ་ཡི་གསོ་བ་བསྔགས། །རླུང་ལས་གྱུར་ལ་མཆོག་ཏུ་སྦྱར། ཞེས་བྱ་བ་ལ།
་མངལ་གྱི་ནང་ཐམས་ཅད་ལ་ནི་ཕལ་ཆེར་སྣུམ་བཅོས་དང། དུགས་ལ་སོགས་པའི་རླུང་གསོ་བའི་སྦྱོར་བ་བྱའོ། །དེ་ལས་ཀྱང་ཁྱད་པར་དུ་རླུང་ལས་གྱུར་པ་ལ་ནི་ལྷག་པར་བྱའོ། །བུད་མེད་ཀྱི་ནི་མངལ་གྱི་ནང། །རླུང་མ་གཏོགས་པར་འབྱུང་མི་འགྱུར། །དེ་བས་རླུང་ནི་བསལ་བྱས
་ལ། ནང་གཞན་གྱི་ནི་གསོ་སྨན་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་ནད་དེ་ནི་རླུང་མ་ཡིན་པ་གཞན་ལས་ཤས་ཆེར་མི་འབྱུང་བས། དེའི་ཕྱིར་དང་པོ་རང་གསལ་ལ། དེའི་འོག་ཏུ་གཞན་གསོ་བར་བྱ། བ་ལའི་ཏིལ་མར་བླུང་བྱ་ཞིང། འདྲེན་མ་བ་སྦྱེད་དེ་བའི་མར་བླུང། །ཅེས་བྱ་བ་ལ། ཡང་བུད་མེད་དེ་ལ་བ
་ལའི་ཏིལ་མར་ལ་སོགས་པ་བླུད་པར་བྱའོ། །སྣུམ་བཅོས་དུགས་ནི་བྱས་ཏེ་མངལ། །ཉེས་པར་གནས་པ་མཉམ་དུ་བཞག་།ཡོན་པོ་ལག་པས་དྲང་པོར་བསྲང། །ཞུམ་བ་སླང་ནི་བསྐྱེད་པར་བྱ། །བྱུང་བསླར་ནི་གཞུག་བྱ་ཞིང། །གྱེས་པ་ཡོངས་སུ་བཟློག་པར་བྱས
་མངལ་ནི་གནས་ནས་གཡོས་གྱུར་པ། །བུད་མེད་ཟུག་རྡུར་གྱུར་པ་འདོད། །ཅེས་བྱ་པ་ལ། མངལ་ཉེས་པར་གནས་པ་ལ་སྣུམ་བཅོས་ལ་སོགས་བྱ་སྟེ། དེའི་འོག་ཏུ་ལག་པས་མཉམ་དུ་ལེགས་པར་བཞག་པ་དང། ཡོན་པོ་ནི་དྲང་པོར་སྲང་བར་བྱ་བ་དང། ཞུམ་པ་བསྐྱེད་པ་ལས
་སོགས་པ་བྱའོ། །གང་གི་ཕྱིར་བུད་མེད་ཀྱི་མངལ་རང་གི་གནས་ལས་གཡོས་པར་གྱུར་པ་དེ་ནི་ཕྲུག་རྡུ་དང་འདྲ་བའི་ཕྱིར་རོ། །བུད་མེད་ལ་ནི་སློན་སྨན་སོགས། །འཇམ་པོས་ཡོངས་སུ་སྦྱར་བར་བྱ། །ཞེས་བྱ་བ་ལ། བུད་མེད་མངལ་གྱི་སྐྱོན་ཡོད་པ་ལ་ནི་སློན་སྨན་ལ་སོགས་པའི
་གསོ་བའི་ལས་ལྔ་པོ་འཇམ་པོས་གསོ་བར་བྱའོ། །རྣམ་པ་ཀུན་ཏུ་དག་གྱུར་ནས། །འཇམ་རྩི་སྐུ་བྱུག་སྨན་ཆུ་བླུགས། །བྷག་དང་ཡེའུ་གཞུག་ལ་སོགས། གསོ་བའི་ལས་ནི་ལྷག་མ་སྤྱོད། ཅེས་བྱ་བ་ལ། བུད་མེད་ལ་རྣམ་པ་ཐམས་ཅད་དུ་སྦྱར་བ་བྱས་ནས། །དེའི་འོག་ཏུ་འཇམ
་རྩི་ལ་སོགས་པའི་གས་པ་ལྷག་མ་རྣམས་བྱའོ། །རྒུན་འབྲུམ་གཏང་བ་ལ་འབྲས་བུ་གསུམ། །ཀ་ས་མར་དང་སེར་པོ་གཉིས། །སླེ་ཏྲེས་ཉེའུ་ཤིང་ཤི་རྒྱ་?་།ཤུ་ཀ་ན་ཡ་བ་སྤྲུ་བ། །བ་རུ་ཤ་ཀ་ཞོ་གཉིས་གཉིས། མར་ནི་བྲེ་གང་བཅས་པར་བསྐོལ། །དེ་བླུད་མངལ་གྱི་རླུང་ནད་དང།།
་བུ་སྐྱེད་བྱེད་པའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། རྐུན་འབྲུམ་ལ་སོགས་པའི་སྨན་གྱི་སྦྱོར་བ་ཇི་སྐད་བཤད་པའི་སྨན་མར་བླུས་ན་ཡང་མངལ་གྱི་རླུང་ནང་སེལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཟི་ར་གོ་སྙོད་པི་པི་ལིང། །ཤུ་དག་རྒྱམ་ཚབ་ཤ་ཀ། ནས
་ཚིག་འཁུས་ཐལ་ཏང་མུ་ས། །ཙ་ཀྲ་ཀ་དང་ཁ་རར་བཅས། །བཏགས་ཏེ་ཆང་ཀི་དངས་མར་སྦྱར། །མར་བསྔོས་དེ་ནི་བྱིན་གྱུར་ནས། །མངལ་ནད་རྩིབ་ལོགས་སྙིང་ནང་དང། །སྐྲང་དང་གཞང་འབྲུམ་སེལ་བར་བྱེད། །ཅེས་བྱ་བ་ལ། ཟི་ར་ལ་སོགས་པའི་སྨན་གྱི་སྦྱོར་འཇི་སྐད་སྨོས
་བ་བཏང་ན་ཡང་མངལ་ནད་ལ་སོགས་པ་སེལ་བར་བྱེད་དོ། །བ་རླུང་ཤ་ཀའི་རྩ་བ། །ཟིར་ནག་པོ་གོ་སྙོད་དང། སེན་རྩི་རྒྱམ་ཚའི་ཕྱི་མ་ནི། །ཆད་དང་སྦྱར་ཏེ་བླུད་པར་བྱ། ཞེས་བྱ་བ་ལ། བ་ལུང་ལ་སོགས་པའི་ཕྱར་མ་ཆད་དང་སྦྱར་ཏེ་བླུང་ན་ཡང་ཕན་ནོ། །རེས་བ་ཐམས་ཤེས
་བསྐོལ་བ་གཟེར་འཇོམས་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཡང་ནར་སྣ་ལ་སོགས་པའི་ཁུ་བ་བླུད་ན་ཡང་ཕན་ནོ། །སླེ་ཏྲེས་དནད་འབྲས་བུ་གསུ། །བསྐོལ་བའི་ཁུ་བ་བླུགས་པར་བྱ། ཞེས་བྱ་བ་ལ། ཡང་སླ་ཏྲེས་ལ་སོགས་པའི་སྨན་གྱི། བུ་བ་བསྐོལ
་བའི་ཆུ་བླུགས་ན་ཡང་ཕན་ནོ། །རྒྱ་སྤོས་ལ་ཀཎྜ་ཀཱ་རཱི་དང། །རུ་རྟ་རྒྱམ་ཚ་ཐང་ཤིང་རྣམས། །བསྐོལ་བའི་ཁུ་བཏིལ་མར་བསྐོལ། །སྤངས་པའི་ཡེའུ་ས་མངལ་ནད་སེལ། །ཞེས་བྱ་བ་ལ། ཡང་རྒྱ་སྤོས་ལ་སོགས་པའི་སྨན་དང། ཏིལ་མར་བསྐོལ་བའི
་ཏིལ་མར་ལ་སྤངས་པའི་ཡེའུ་ས་མངལ་ག་ཡི་ནང་བཅུག་ན་ཡང་ཕན་ནོ། །མངལ་ནང་མཁྲིས་པ་ལས་གྱུར་ལས། །ཆུ་བླུགས་སྐྱུ་བྱུག་ཡེའུ་ཡི། །གསེ་བ་བསིལ་ཞིང་མཁྲིས་འཇོམས་པ། །སྣུམ་བཅོས་དོན་དུ་མར་གྱིས་བྱ། །ཞེས་བྱ་བ་ལ་།མཁྲིས་པ་ལས་གྱུར་པའི་མངལ་ག་ཡི་ནད་ལ
་ནི་བསིལ་ཞིང་མཁྲིས་པ་སེལ་བའི་སྨན། །ཆུ་བླུགས་པ་ལ་སོགས་པ་བྱ་བ་དང། དེ་བཞིན་དུ་སྣུམ་གྱི་ཆོ་ག་བྱ་ཞུན་མར་གྱིས་བྱའོ། །ཉེའུ་ཤིང་རྩ་བ་སྲང་བཞི་བརྒྱ། །བརྡུངས་ཏེ་བཙིར་བའི་ཁུ་བ་དང། །འོ་མ་དེ་མཉམ་མར་བྲ་ནི། །བཞི་ཡི་ནང་དུ་བསྐོལ་བར་བྱ། །འཚོ་བྱེད་ལྡེ་ཆན་ཉེའུ་ཤིང་དང། །ལ
་རུ་ཤ་ཀ་རྒུན་འབྲུམ་དང། །བི་ལ་ཡང་ང་བ་ལ་གཉིས། །ཤིང་མངར་ཞོ་ནི་གཉིས་གཉིས་བྱ། །བསྐོལ་ཏེ་བསྒྲངས་པར་སྤྲང་རྩི་དང། པི་པི་འདི་ནི་སྲང་བརྒྱད་བརྒྱད། །ཁ་ར་དཀར་པོ་སྲང་བཅུ་གཞུག་།དེ་ལས་སྲང་ནི་ཕྱེད་ཕྱེད་བཞིན། །མངལ་ཁྲག་ཁྲུ་བའི་མ་སེལ་ཅིང། །?
་བུ་སྐྱེད་བྱེད་མཆོག་ཡིན། །གློ་ཐོལ་ཟང་བྱེད་ཁྲག་མཁྲིས་དང། །ལུད་པར་དབུགས་མི་བདེ་བ་དང། །མིག་སེར་རླུང་དང་ཁྲག་དང་ནི། །མེ་དཔལ་དང་ནི་སྙིང་ནང་དང། །བརྗེད་བྱེད་ཀྱིས་ཉེས་ད་རྒན་དང། །མྱོས་དང་མྱོས་བྱེད་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཉེའུ་ཤིང་སྲང་བཞི་བརྒྱའི
་ཁུ་བ་དང། །འོ་མ་དེ་དང་ཆ་མཉམ་པར་བྱ་བ་དང། །འཚོ་བྱེད་ཀྱི་སྡེ་ཚན་དང། །འཚོ་བྱེད་ཀྱི་སྡེ་ཚན་དང། ཉེའུ་ཤིང་ལ་སོགས་པ་ཞོ་གཉིས་གཉིས་དང། མར་བྲེ་བཞི་བསྐོལ་ལ་བསྒྲངས་པའི་ནད་དུ་སྦྲང་རྩི་སྲང་བརྒྱད་དང། པི་པི་ལིང་སྲང་བརྒྱད་དང། །ཁ
་རུ་སྲད་བཅུ་བཅུག་སྟེ། །དེ་ལས་སྲང་ཕྱེད་ཕྱེད་བྱིན་ན་མངལ་གྱི་ཁུ་ཁྲག་གི་ནད་སེལ་བ་ལ་སོགས་པ་དང། སྨྱོ་བྱེད་ཀྱི་བར་གྱི་ནད་ངེས་པར་འཇོམས་པར་བྱེད་པ་ཡིན་ནོ། །དེ་བཞིན་འོ་མ་ཞུན་མར་དང། །འཚོ་བྱེད་སྡེ་ཆན་བསྐོལ་བ་ནི། །བུ་བསྐྱེད
་མཁྲིས་ལས་གྱུར་པའམ། །མངལ་ནད་སེལ་བའི་དམ་པ་ཡིན། ཞེས་བྱ་བ་ལ། དེ་བཞིན་དུ་འོ་མ་དང། ཞུན་མེར་དང་འཚོ་བྱེད་ཀྱི་སྡེ་མཚན་དང། བསྐོལ་བའི་སྨན་མར་བྱིན་ན་ཡང་ཡོན་ཏན་དེ་དང་འདྲ་ཞིང་བུ་བསྐྱེད་པ་དང་མཁྲིས་པའི་མངལ་ནད
་སེལ་བའི་མཆོག་ཡིན་ནོ། །བ་ལ་དྲེ་ནི་སུམ་ཅུ་གཉིས། བསྐོལ་བའི་ཏིལ་མར་མར་བྲེ་བཞི། འོ་མ་བཞི་འགྱུར་པི་པི་ལིང། །ཀ་ཀ་ན་མི་ཁ་ར་དཀར། །ཛི་བནྟི་དང་ར་མཉེ་པ། །སྟི་ར་ཉེའུ་ཤིང་ཟི་ར་གཉིས། །མོན་སྲན་སྡེའུ་པ་ཡ་སྱ།།
་མ་ཤ་བརྞི་སྲ་བ་ནི། །པི་ལུའི་ལོ་མ་ལྷན་ཅིག་བསྐོལ། །བླུད་ན་རླུང་མཁྲིས་ལས་གྱུར་པ། །མངལ་ནད་སེལ་ཅིང་བུ་སྐྱེད་བྱེད། །ཅེས་བྱ་བ་ལ། པ་ལ་བྲེ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་བསྐོལ་བའི་མར་དང་ཏིལ
་མར་དེ་བླུད་ན་རླུང་དང་མཁྲིས་པ་ལས་གྱུར་པའི་མངལ་ནད་སེལ་བར་བྱེད་ཅིང་བུ་སྐྱེད་པར་བྱེད་པ་ཡིན་ནོ། །ཁྲག་གི་མངལ་མེད་ཁྲག་མདོག་ལས། རྗེས་སུ་འབྲེལ་པ་བརྟགས་ནས་ཀྱང། །ནང་བཞི་བསགས་པའི་ཚུལ་ལས་ནི། །ཁྲག་བཅད་པ
་ཡི་སྨན་བཏང་བྱ། ཞེས་བྱ་བ་ལ། ཁྲག་གི་མངལ་ནང་ལ་ནི་གཏར་གའི་ཆོ་ག་ལས་བཤད་པའི་ཚུལ་གྱིས་ནད་གཞིའི། །མཚན་ཉིད་ཤེས་པར་བྱས་ལ་ནད་གཞི་དང་རྗེས་སུ་མཐུན་པའི་ཁྲག་བཅད་པའི་སྨན་བཏང་བར་བྱའོ། །ཤིང་མངར
་སྦྲང་རྩི་ཆུ་ཤིང་རྩ། །རྟ་ལའི་ས་བོན་སྐྱེར་པའི་རྩ། པྲི་ཡངཀུ་དང་འབྲས་བཀྲུས་ཆུ། །སྦྱར་བ་བླུང་ན་ཁྲག་འཇག་པ། །མདོ་སྐྱ་དམར་པོ་སེར་བར་བྱེད། ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པ་སྦྱར་བའི་ཆུ་བླུད་ན་ཡང་ཁྲག་འཛག་པ་སེལ་བར་བྱེད་དོ། །པ
་ཐ་འཛམ་བུ་ཨམྲ་ཡི། །ཚིག་གུ་དང་ནི་བྲག་ཞུན་དང། །སྐྱེར་པ་ཁཎྜ་ཨ་མ་བས་ཤ་།བཙོད་དང་ཤལ་མ་ལི་ཐང་ཆུ། །དུག་མོ་ཉུང་གི་ཤུན་ལྦགས་དང། །གུར་གུམ་བིམ་པ་པོ་དང་དཀར། །གསེར་ཕྲོམ་གླ་སྐད་བཙག་ཡུག་སྣམ།།
་ཤིང་མངར་ཅན་ངན་དམར་པོ་དང། །ཀཏཔ་ལ་དང་ཚ་མི་ཁ། །ཀ་ཏང་ཀ་དང་དུག་མོ་ཉུང། །བི་ཚེར་བ་དང་ད་ད་ཀི་།མ་དུ་ཀ་དང་སྟར་ཟིལ་ནི། །སྐར་མ་རྒྱལ་ལ་བབ་པ་ན། །བཏུས་ཤིང་བཏགས་ཏེ་སྦྲང་རྩི་དང། །འབྲས་ཀྱི་ཆུ་སྦྱར
་བླུད་ན་ནི། །གཞན་འབྲུམ་ཚད་མར་འཁྲུ་བ་དང། །གང་ཡང་སྲིན་བུའི་ནད་རྣམས་དང། །བྱིས་པའི་ནད་གང་ཡིན་པ་འཇོམས། །མངལ་གྱི་ནང་དང་ཟླ་མཚན་ནང། །གནག་ཅིང་དཀར་དང་དམར་བ་སེལ། །ཕྱེ་མ་རྒྱལ་གྱི་རྗེས་འགྲོ་བ།།
་ཕན་ཞི་མ་རྒྱན་ཤེས་བུ?་ཡིས་བསྔགས། །ཞེས་བྱ་བ་ལ། འཛམ་བུ་དང་ཨ་མྲའི་ཚིག་གུ་ནི་ཤ་བོར་བའི་རུས་པའོ། ། བཥྚ་ནི་མ་ཡོ་ར་ཤ་ཁའོ། །ཤལ་མ་ལིའི་ཐང་ཆུ་ནི་མོ་ཙ་ར་སའོ། །ཀ་ཏང་ཀ་ནི་སོན་ཀའོ། །གཞན་དག་ནི་གོ
་བར་ཟད་དོ། པ་ཏ་ལ་སོགས་པའི་སྨན་དེ་དག་སྐར་མ་རྒྱལ་ལ་བབ་པའི་ཆེ་བཏུ་སར་ལ་བཏགས་ཏེ་སྦྲང་རྩི་དང་འབྲས་ཀྱི་རར་སྦྱར་ཏེ་བླུ་ངན་ནི། །གཞན་འབྲུམ་ལ་སོགས་པའི་ནང་སེལ་ཅིང། མངལ་གྱི་ནང་ཟླ་མཚན་ནག་པོ་འཛག
་པ་ལ་སོགས་པ་སེལ་བར་བྱེད་དོ། །ཕྱེ་མ་འདི་ནི་རྒྱལ་གྱི་རྗེས་སུ་འགྲོ་བ་ཞེས་བྱ་སྟེ། ནད་ཐམས་ཅད་ལ་ཕན་པ་ཡིན་ནོ། །བད་ཀན་ལས་གྱུར་མངལ་ནད་ལ། །རྩུབ་དང་དྲོ་བའི་སྨན་ཀུན་སྦྱར། །ཞེས་བྱ་བ་ལ་?
་ཀན་ལས་གྱུར་པའི་མངལ་ནད་ལ་ནི་ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་ལ་སོགས་བ་རྩུབ་པ་དང། །དྲེ་བའི་ཕྱོགས་སྦྱར་བར་བྱའོ། །སྒྱུ་རུ་ར་ལ་ད་དྭ་ཀི་།ཤིང་མངར་ཨུད་པ་ལ་ལིག་བུ་མའོ། ?
་པུ་ཨ་མ་མྲའི་ཚིག་གུ་དང། །གསེང་ཕྲོམ་ས་ནག་ཀཏྭལ། །སེའུ་འབྲུ་ཤིང་ཆ་ཏིན་དུ་ཀ་།ུ་དུ་ཝ་ར་བིལྤ་གཞོན། །ཞོ་ནི་གཉིས་གཉིས་བཏགས་པའི་ཕྱེ། །ར་གཅིག་འོ་མ་གཉིས་འགྱུར་དང། །ཏིལ་མར་བྲེ་གང་བསྐལ
་བ་དང། །ད་བསྐུ་བ་དང་འཇམ་རྩི་དང། །རས་བལ་ཡེའུ་གཞུག་ལ་སྦྱར། །སྐད་ཞིང་ཕྱིར་ལོག་མཐོ་ཞིང་ས། །དེ་བཞིན་སྤྱི་བག་འཛག་པ་དང། །ཕྱིར་འབུམ་ནང་དུ་ཞུམ་པ་དང། །འབྲུམ་བུ་གཟེར་དང་བཅས་ལ་ཕན། ཞེས་བྱ
་བ་ལ། སྐྱུ་རུ་རའི་ལོ་མ་ལ་སོགས་པའི་སྦྱོར་བ་ཇི་སྐད་སྨོས་པའི་ཚུལ་དུ་བསྐོལ་བའི་ཏིལ་མར་བསྐུ་བ་ལ་སོགས་པའི་སྦྱོར་བ་བྱས་ན་མངལ་སྐྲད་པ་ལ་སོགས་པའི་ནད་ལ་ཕན་ནོ། །ནས་ཟན་ཨ་རུ་རའི་སྦྱར་ཆང། །བུར་མཆད་དང
་ཏིལ་མར་བསྟེན། །པི་པི་ལིང་དང་ལྕགས་ཕྱེ་དང། ། རུ་ར་སྦྱར་སྦྲང་རྩི་ཕན། ཞེས་བྱ་བ་ལ། ནས་ཟན་དང་ཨ་རུ་ར་སྦྱར་པའི་ཆད་བསྟེན་ཅིང། །བུར་མཆད་ལ་སོགས་པ་བསྟེན་པ་དང། །པི་པི་ལིང་གི་སྦྱོར་བ་དང།
་ལྕགས་བྱའི་སྦྱོར་བ་དང། ཨ་རུའི་སྦྱོར་བ་སྦྲུང་རྩི་དང་བཅས་བ་བཏང་ན་ཡང་ཕན་ནོ། །ནག་ཚུར་རྒྱམ་ཚ་འབྲས་བུ་གསུམ། ། མ་འཛམ་བུའི་ཚིག་གུ་བཅས། །ད་ཏི་ཀའི་ཕྱེ་མ་སྤྲང་རྩིར་སྦྱར། །སྤྱི་བག་འཇིག་པ་དག་པར
་བྱེད། ཅེས་བྱ་བ་ལ། ནག་ཚུར་ལ་སོགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ཕྱིན་ན་ཡང་མངལ་ནས་སྤྱི་བག་འཛག་པ་དག་པར་བྱེད་དོ། །རྒྱ་སྐྱེགས་འཛམ་བུ་ད་ད་ཀེ་།མོ་ཅེ་ང་ས་ལ་མདིག་།དྲ་རྩི་པོག་གི་ཕྱེ་མ་ཡི། །པི་པི་ཞིམ
་དང་སྤྱི་བག་འཇག་།བརྣགས་ཤིང་སྲབ་སེལ་བར་བྱེད། ཅེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་སྦྱོར་བས་ནི། དྲི་མི་ཞིམ་པ་ལ་སོགས་པའི་སྦྱོར་བ་བྱེད་དོ། །དོ་དག་ལ་སོགས་སྡེ་ཚན་ནི། །བསྐོལ་བའི་ཁུ་བ་བླུགས་པར་བྱ། ཞེས
་བྱ་བ་ལ་ཡང་དོད་ག་ལ་སོགས་པའི་སྨན་གྱི་ཁུ་བ་བླུགས་ན་དྲི་མི་ཞིམ་པ་ལ་སོགས་བསེལ་བར་བྱེད་དོ། །སྲ་ཞིང་རྩུབ་པར་གྱུར་པ་ལ། །མཉེན་པོའི་ཆོ་ག་བྱ་བ་དང། །ཤ་བརྡུངས་པ་ཡི་གླན་པ་དང། །ཀྲིས་ར་དང་འོ་ཐུག
་གཞུག། ཅེས་བྱ་བ་ལ། །མངལ་སྲ་བ་ལ་སོགས་པ་ལ་ནི་ཤ་བརྡུངས་ཏེ་བཙོས་ཤིང་སྤོས་བཏབ་སྟེ་གླན་པ་དང། །དེ་བཞིན་དུ་ཏིལ་དང་འབྲས་ལ་སོགས་པ་གཡོ་བའི་ཀྲི་སར་དང། འོ་མ་དང་འབྲས་བཙོས་པའི་འོ་ཐུག་གཞུག
་ཅིང་གླན་པར་བྱའོ། །དྲི་ངར་ཏིལ་མར་དྲི་ཞིམ་པའམ། ལྡེ་གུའི་དྲི་ཞིམ་བསླུ་བ་འམ། དྲི་བཟང་ཀུན་གྱི་ཕྱེ་མ་འམ། །རུལ་པའི་དྲི་ནི་སེལ་བྱེད་གཞུག་།ཅེས་བྱ་བ་ལ། མངལ་དྲི་མི་ཞིམ་པར་གྱུར་པ་ལ་ནི། དྲི་ཞིམ་པའི་སྨད་ཐམས
་ཅད་དང། སྦྱར་བའི་ཏིལ་མར་རམ་ལྡེ་གཱུམ་ཕྱེ་མས་བསྐུས་ཤིང་བཏབ་པས། དྲི་ད་བ་སེལ་བར་བྱེད་དོ། །བད་ཀན་ཅན་ལ་ཕལ་ཆར་སྨན། །ཚ་བ་བ་གཅིན་མས་བཏང་ཕན། ཞེས་བྱ་བ་ལ། མངལ་བད་ཀན་གྱི་ནད་ཤས་ཆེ
་བ་ལ་ནི། སྨན་ཚ་བའི་ཤེས་ཆེ་བབ་གཅིན་དང་བཅས་ཤིང་སྦྱར་བ་མས་བཏང་བ་ཕན་ནོ། །མཁྲིས་པ་ཤིང་མངར་འོ་མར་བཅས། །རླུང་གྱུར་སྐྱུར་བཅས་ཏིལ་མར་ཕན། ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བའི་མངལ་གྱི་ནད་ལ་ནི་ཤིང་མངར་དང
་འོ་མར་སྦྱར་བ་མས་བཏང་བ་ཕན་ནོ། །རླུང་གི་ཤས་ཆེ་བའི་ནད་ལ་ནི་སྐྱུར་པའི་བག་དང་ལྷན་ཅིག་བསྐོལ་པའི་ཏིལ་མར་གྱིས་མས་བཏང་བ་ཕན་ནོ། །འདུས་པ་ལས་གྱུར་ནད་ལ་ནི། །ཐུན་མོང་གིས་ནི་གསོ་བ་ཕན། ཞེས་བྱ་བ་ལ། འདུས་པ་ལས
་གྱུར་པའི་མངལ་ནད་ལ་ནི་གསོ་བའི་སྦྱོར་བ་ཐུན་མོས་བྱས་ན་ཕན་ནོ། །དེ་ལྟར་མངལ་ནི་དག་གྱུར་ན། །ས་བོན་སྐྱོན་མེད་ཐ་མལ་བར། །རྣམ་པར་ཤེས་པ་འཇུག་པས་ན། །བུད་མེད་ལ་ནི་བུ་ཆགས་འགྱུར།།
་ཞེས་བྱ་བ་ལ། ནད་ཀྱིས་སྐྱོན་པའི་མངལ་དག་པ་དང་ལྡན་པ་དང། ས་བོན་ཟླ་མཚན་ཉེས་པའི་སྐྱོན་མེད་པའི་ཐ་མལ་པ་དང་ལྡན་པ་ལ་ནི་སྲིད་བ་བར་མའི་རྣམ་པར་ཤེས་པ་འཇུག་པས་ན། བུད་མེད་གལ་ཏེ་ནད་དང་བཅས་པ་ཡིན་ན་དེ
་ལྟ་བུ་ལ་བུ་ཆགས་པར་འགྱུར་རོ། །སྐྱེས་པ་ཡི་ནི་དབང་པོ་ཡང། །ལས་ནི་རྣམ་ལྔས་དག་བྱ་ཞིང། །མདོག་ལས་ནད་ལས་ནང་གཞི་བརྟགས་ནས་ནི། །ནད་བཅས་དེ་འཛོམས་སྨན་གྱིས་གསོ། །ཞེས་བྱ་བ་ལ་ནི། སྐྱེས་པའི་དབང་པོ་ཡང་ལས
་རྣམ་བ་ལྔས་སྦྱང་པར་བྱ་ཞིང། ཁུ་བའི་མདོག་ནས་ནད་གཞི་བརྟགས་ལ། གལ་ཏེ་ནད་དང་བཅས་པ་ཡིན་ན། ནང་རང་རང་སེལ་ཅིང་འཇོམས་པའི་སྨན་གྱིས་གསོ་བར་བྱའོ། །རུ་རྟ་རྒྱ་སྤོས་ཤུ་དག་བཙོད། །འབྲས་བུ་གསུམ་དང་ཁར་དཀར
་ཤིང་མངར་མེ་དང་གསེར་པོ་གཉིས། །ལ་ལ་ཕུད་དང་པུ་ཙ་ཤེལ། ཤིང་མངར་ར་མཉེ་པ་ཡསྱ། ཨ་ཤྭ་གནད་ཉེའུ་ཤིང་པ། ཞོ་ནི་གཉིས་གཉིས་བརྟགས་པའི་ཕྱེ། །མར་བྲེ་གང་དང་འོ་མ་ནི། བཞི་འགྱུར་དང་ནི་བཅས་བ་བསྐོལ། །བླུད
་ནས་ངལ་དང་ཁུ་བ་ཡི། །ཉེས་པ་ཐམས་ཅད་སེལ་བྱེད་ཅིང། །ཚེ་རིང་ལུས་ནི་རྒྱས་བྱེད་ལ། །ཡིད་གཞུང་པ་དང་བཀྲ་ཤིས་དང། །བུ་སྐྱེད་པར་ནི་བྱེད་མཆོག་ཡིན། །འབྲས་བུ་སྨན་མར་ཞེས་བྱར་བཤད། །ཟླ་མཚན་སྦྱིན་འཐུངས་གྱུར
་བུ་ནི་འཆི་བར་བྱེད་པ་ཡང། །འཚོ་ཞིང་སྣུམ་པ་རྣམས་ལ་བསྔགས། །འདི་ནི་མཆོག་ཏུ་བྱིས་པ་ཡིས། ལུས་རྒྱས་གདོན་འཇོམས་བྱེད་པ་ཡིན་ཞེས་བྱ་བ་ལ། རུ་རྟ་དང་རྒྱ་སྤོས་ལ་སོགས་པའི་སྨན་རེ་ཞོ་གཉིས་གཉིས་ཞིབ་ཏུ་བཏགས
་པའི་ཕྱེ་མ་མར་བྲེ་གང་དང་འོ་མ་བྲེ་གང་དང་འོ་མ་བྲེ་བཞི་དང་བསྐོལ་ཏེ། མར་འབའ་ཞིག་ལུས་བ་བླུད་ན་མངལ་དང་འཁྲུ་བའི་ཉེས་པ་ཐམས་ཅད་སེལ་བར་བྱེད་ཅིང་ཚེ་རིང་བ་ནས་མངལ་དུ་བུ་ཆགས་པར་བྱེད་པའི་མཆོག་ཡིན་ཏེ། འདི་ནི་མིང་འབྲས
་བུའི་སྨན་མར་ཞེས་བྱ་བར་བཤད་དོ། །འདི་ཟླ་མཚན་རྒྱུ་ཞིང་མངལ་ཆགས་པར་བྱེད་པའི་དུས་ན་བླུད་ན་བུ་འཆི་བའི་བྱེད་ན་ཡང་འཚོ་ཞིང་མངལ་ཆགས་པར་འགྱུར་བ་འམ། སྦྲུམ་མ་རྣམས་ལ་ཡང་བསྔགས་ཤིང་ཕན་པ་དང་མར་འདི་ཁྱད་པར
་དུ་གྱིས་པ་རྣམས་ཀྱི་ལུས་རྒྱས་ཤིང་བརྟགས་པ་དང། གདོན་འཇོམས་པར་བྱེད་པའི་མཆོག་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས
་ངེས་པར་སྦྱར་བ་ལས་ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་འགྲེལ་བའོ།། །།ཆ་དཔྱད་ཀྱིས་གསོ་བའི་རྒྱུད་རྫོགས་སོ།། །།དེ་ནས་དུག་ནད
་གསོ་བ་བཤད་པར་བྱའོ། །སྔོན་ནི་ལྷ་དང་ལྟ་མ་ཡིན། །བདུད་རྩི་འདོད་པས་བསྲུབས་པ་ན། །བདུད་རྩི་འབྱུང་བའི་མངོན་རོལ་ཏུ། །སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས། །མཆེ་བ་བཞི་པ་གཟི་རྗིད་འབར། །སྐྲ་སེར་མིག
་ནི་མེ་འབར་བ། །དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར། །དེས་ན་འདིས་ནི་དུག་ཅེས་བྱ། ཞེས་བྱ་བ་ལ། སྔོན་ཐོག་མར་ལྟ་དང་ལྷ་མ་ཡིན་བདུད་རྩི་འདོད?་པའི་ཕྱིར། །འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ལས། །བདུད་རྩི་འགྱུར?
་མའི་སྔོན་དུ་སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས་ཅན་མཆེ་བ་བཞི་པ་ལུས་ཀྱི་གཟི་བརྗིད་ཆེ་བ། སྐྲ་སེར་ཞིང་ཁམ་པ། མིག་མེ་ལྟར་འབར་བ་ཞིག་བྱུང་བར་གྱུར་ལ། དེ་མཐོང་བས་འགྲོ་བ་རྣམས་སྡུག་པར་གྱུར་ཏེ། རྒྱུ་དེས་
་ན་འདི་ལ་མིང་དུ་དུག་ཅེས་བྱ་བ་ཡིན་ལ། དེའི་ཕྱིར་དེའི་ཆ་ལས་བྱུང་བ་སྡུག་བསྔལ་སྐྱེད་པར་བྱེད་པ་ཐམས་ཅད་ལ་ཡང་དུག་ཅེས་བྱ་བ་ཡིན་ནོ། །ཆངས་པས་ཧཱུཾ་ཞེས་བརྗོད་པ་དང། །བསླུ་བའི་བདག་ཉིད་ཅན་སྤངས་ཏེ། །
་གཟུགས་དེ་རྒྱུ་དང་མི་རྒྱུ་བའི། །གཟུགས་ལ་དེ་ནི་ཞུགས་པར་གྱུར་ཞེས་བྱ་བ་ལ། དེའི་འོག་ཏུ་ཚངས་པས་ཧཱུཾ་ཞེས་བརྗོད་དེ་ཚར་བརྗོད་པ་དང། སྡུག་བསྔལ་བར་བྱེད་པའི་བསླུ་བའི་བདག་ཉིད་ཅན་དེ་རང་གཟུགས་སྤངས་ཏེ་གནོད་པར་བྱེད་པའི་གཟུགས
་དེ་རྒྱུ་བ་དང་མི་རྒྱུ་བའི། །གཟུགས་ལ་ཞུགས་པར་གྱུར་ཏོ། །བརྟན་དུག་ནུས་པ་མི་བཟད་པར། །སྡོང་བུ་ལ་ནི་གནས་པ་གང། །ཀལ་ཀུ་ཊ་དབང་པོའི་ཕུ། །བརྩན་དུག་ཧལ་ཧ་ལ་སོགས། །ཞེས་བྱ་བ་ལ། དུག་དེ་སྡོང་བུ་ལ་སོགས་པ་ལ་གནས་པར་གྱུར་པ
་གང་ཡིན་པ་དེ་ནི་ནུས་པ་མི་བཟད་ཅིང་རང་བཞིན་བརྟན་པར་གྱུར་པ་ཀ་ལ་ཀུ་ཊ་དང། དབང་པོའི་བུ་སྟེ་ཨིནྡྲ་པུ་ཏྲ་དང། བཙན་དུག་སྟེ་བྲིང་གི་དང། །ཏ་ལ་ཧ་ལ་ལ་སོགས་པའི་དུག་ཏུ་གྱུར་པ་ནི། སེམས་མེད་ཅིང་བརྟན་ལ། མི་གཡོ་བའི་གཟུགས་ལ
་གནས་པས་ན། བརྟན་པའི་དུག་ཅེ་འམ་མི་རྒྱུ་བའི་དུག་ཅེས་བྱའོ། །རྒྱུ་བའི་དུག་ནི་མི་བཟད་གྱུར། །སྦྲུལ་དང་བ་དང་མཆེ་བ་ཅན། ཞེས་བྱ་བ་ལ། དུག་མི་བཟད་པ་གང་སྦྲུལ་དང་སོགས་ཆགས་པ་དང། མཚབ་ཅན་ལ་སོགས་པ་ལ་གནས་པའི
་དུག་དེ་ནི་སེམས་ཅན་ལ་བརྟེན་པ་ཡིན་པས་རྒྱུ་བའི་དུག་ཅེས་བྱའོ། །རྒྱུ་བ་དང་ནི་མི་རྒྱུ་བ། །བཅོས་མ་མ་ཡིན་དུག་ཏུ་བཤད། །ཅེས་བྱ་བ་ལ། དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་དུག་ནི་བཅོས་མ་མ་ཡིན་པའི་དུག་ཅེས་བྱ་སྟེ། རང་བཞིན་གྱི་དུག་ཡིན
་པའི་ཕྱིར་རོ། །བཅོས་མ་སྣ་ཚོགས་སྨན་ལས་ནི། །སྦྱར་བས་སྦྱར་བའི་དུག་ཅེས་བྱ། ཞེས་བྱ་བ་ལ། གང་དུག་ཏུ་གྱུར་པའི་སྨན་སྣ་ཚོགས་པ་ལ་སོགས་སྦྱར་བ་ནི་བྱ་བའི་ལས་ཀྱིས་སྒྲུབས་པ་ཡིན་པས་ནི། སྦྱར་བའི་དུག་ཅེས་བྱ་སྟེ། བཅོམ
་མའི་དུག་ཀྱང་དེ་ཉིད་ཡིན་ནོ། །དེ་ནི་སྦྱོར་བའི་དབང་ལས་ནི། །ཤིན་ཏུ་རིངས་ནས་གསོད་པའམ། །སྐྲང་དང་སྐྱ་རྦ་པ་དམུ་རྫིང་དང། །སྨྱོ་བྱེད་གཞང་འབྲུམ་ལ་སོགས་བསྐྱེད། །ཅེས་བྱ་བ་ལ། སྦྱར་བའི་དུག་དེ་ནི་སྦྱོར་བའི་དབང་གིས་དུག་ཡུན་རིང་ཞིག་ཇི་གསོད?
་པར་བྱེད་པ་འམ་སྐྲངས་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །རྣོ་དྲོ་རྩུབ་ཅིང་དད་པ་དང། །ཁྱབ་ཅིང་མྱུར་གསོད་ཡང་བ་དང། །འབང་ཞིང་ཕྲ་ལ་རོ་མོ་བསལ། །འཇུ་བར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ། དུག་དེ་ནི་རྣོ་བ་ལ་སོགས
་པའི་མཚན་ཉིད་བཅུ་པོ་དང་ལྡན་ཞིང་འཇུ་བར་མི་བྱེད་པ་ཡིན་ནོ། །རྣོ་སོགས་ཡོན་ཏན་དང་ལྡན་པས། །དེ་ནི་མདངས་ལས་གོ་བཟློག་ཡིན། །མི་ནི་རླུང་མཁྲིས་ཤས་ཆེ་བ། །སྲོག་ནི་འབྲས་བུ་འཕྲོག་པར་བྱེད། །ཅེས་བྱ་བ་ལ། དུག་དེ
་ནོ་རྣོ་བ་ལ་སོགས་པ་ཡོན་ཏན་བཅུ་དང་ལྡན་པས་མདངས་ཀྱི་ཡོན?་ཏན་ལས་གོ་བཟློག་པར་གྱུར་པ་ཡིན་ལ། དེ་བཞིན་དུ་མི་རླུང་དང་མཁྲིས་པའི་ཤས་ཆེ་བ་དག་ནི་སོགས་མོད་ལ་འཕྲོག་པར་བྱེད་པ་ཡིན་ནོ། །དུག་གི་ལུས་སུ་ཕྱིན
་པ་དང། །དང་པོར་ཁྲག་ལ་གནོད་པར་བྱེད། །བད་ཀན་མཁྲིས་པ་རླུང་རྗེས་ལ། །ནད་གཞི་གྲོགས་དང་ལྷན་ཅིག་འབྱུང། ཞེས་བྱ་བ་ལ། གང་གི་ཕྱིར་དུག་གིས་ལུས་སུ་ཕྱིན་ཅིང་སོན་བ་ན། དང་པོར་ཁྲག་ལ་གནོད་པར་བྱེད་ན།
་དེའི་རྗེས་ལ་བད་ཀན་དང་མཁྲིས་པ་དང་རླུང་ལ་གནོད་པར་བྱེད་དེ། ནད་གཞི་གསུམ་ཆ་མཉམ་པ་ལ་ནི་བད་ཀན་ལ་སོགས་པ་ལ་གནོད་ཅིང་ལྷན་ཅིག་འབྱུང་བར་བྱེད་དོ། །དེ་ནས་སྙིང་ལ་གནས་ནས་ནི། ལུས་ལ་གནོད་པར་བྱེད་པར
་འགྱུར། ཞེས་བྱ་བ་ལ། དེ་ནས་དུག་དེ་སྙིང་ལ་གནས་ནས་ལུས་འཇམས་ཤིང་གནོད་པ་?་འགྱུར་རོ། །མི་རྒྱུའི་དུག་ནི་བཏང་གྱུར་ན། །ལྕེ་ནག་ལུས་ནི་རེངས་པ་དང། །རྒྱལ་དང་སྔར་དང་སློན་དང་ར། །གནས་སྙོམས་དང་པོར
་འབྱུང་བར་འགྱུར། །ཞེས་བྱ་བ་ལ། དེ་ནས་དུག་དེ་སྙིང་ལ་གནས་ནས་ལུས་འཇོམས་ཤིང་གནོད་པར་བྱེད་དུག་བཏང་བར་གྱུར་ནས་དུག་གི་ཤུགས་དང་པོ་ལ་ལྕེ་གནག་ཅིང་ལུས་རེངས་པ་ལ་སོགས་པར
་འགྱུར་རོ། །གཉིས་པར་འདར་ཞིང་རྡུལ་བ་དང། ཚ་ཞིང་ལྐོག་མ་ན་བ་དང། །དུག་གིས་མ་ཞུའི་གནས་སུ་ཕྱིན། །སྙིང་ནི་ན་བར་བྱེད་པར་འགྱུར། ཞེས་བྱ་བ་ལ། དུག་གི་ཤུགས་གཉིས་པ་ལ་ནི། ལུས་འདར་བ་དང། རྡུལ་?་?
་པ་འབྱུང་ཞིང་ཤུགས་དེའི་ཚེ། དུག་གིས་མ་ཞུ་བའི་གནས་སུ་ཕྱིན་པས་ལྷག་པར་ཡང་སྙིང་ན་པར་བྱེད་དོ། །གསུམ་པར་ཀན་ནི་སྐམས་པ་དང། མ་ཞུ་གནས་སུ་ཤིན་ཏུ་གཟེར། དེའི་མིག་ཉམ་ཆུང་སེར་བ་དང། །སྐྲངས་པ་ཉིད་དུ
་འགྱུར་བ་དང། །ཞུ་བའི་གནས་ཕྱིན་ཟུག་པ་དང། །སྐྱིགས་བུ་ལུང་བ་རྒྱུ་མ་འཁྲུག་།ཅེས་བྱ་བ་ལ། དུག་གི་ཤུགས་གསུམ་པ་ནི། །སྐན་སྐམས་པ་ལ་སོགས་པ་དང། ནད་པ་དེའི་མིག་ཉམ་ཆུང་ཞིང་སེར་པོ་ལ་སོགས་པར་འགྱུར་བ
་ཡིན་ནོ། །དུག་གི་ཤུགས་ནི་བཞི་པ་ལ། །མགོ་བོ་ལྷག་པར་ལྕི་བར་འགྱུར། ཞེས་བྱ་བ་ལ། དུག་གི་ཤུགས་བཞི་པ་ལ་ནི། མགོ་བོ་ལྟག་པར་ལྕི་བར་འགྱུར། །ལྔ་པས་མཆིལ་སྣབས་འཛག་པ་དང། ལྷུ་ཚིགས་ན་བ
་འབྱུང་འགྱུར་ལ། །མདོག་མི་སྡུག་ཅིང་ནད་ཀུན་འཁྲུགས། །ཞུ་བའི་གནས་ཀྱི་འོག་ཏུ་ན། ཞེས་བྱ་བ་ལ། དུག་གི་ཤུགས་ལྔ་པར་ནི། །ལྷུ་ཚིགས་ན་བ་ལ་སོགས་པ་དང་རླུང་ལ་སོགས་པའི་ནང་ཀུན་ལ་འཁྲུགས་པ་དང?།
་ཞུ་བའི་གནས་ཀྱི་འོག་ཏུ་ལྟག་པར་ན་བར་འགྱུར་རོ། །དྲུག་བར་འདུ་ཤེས་ཉམས་པ་དང། ཤིན་ཏུ་འཁྲུལ་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། དྲུག་པར་ནི་འདུ་ཤེས་ཉམས་པ་ལ་སོགས་པར་འགྱུར་རོ། །བདུན་པར་ཕྲ?་རྒོང་སྒལ?
་ཚིགས་དང། །སྤྱི་ཚིགས་བྱེད་འཆི་བར་འགྱུར་ཡིན། ཞེས་བྱ་བ་ལ། དུག་གི་ཤུགས་བདུན་པ་ལ་ནི་སྦལ?་ཚིགས་ན་བ་ལ་སོགས་བར་འགྱུར་རོ། །དུགས་ཤུགས་ནི་དང་པོ་ལ། །སློབ་ཞིང་ཆུ་གྲང་དག་གིས་གཏོར། །མར་དང་སྦྲང་རྩི་བཅས་པ་ཡི། །དུག
་གི་སྨན་ནི་མྱུར་དུ་བླུང། ཅེས་བྱ་བ་ལ། དུག་གི་ཤུགས་དང་པོ་ལ་ནི་སློན་སྨན་ལ་སོགས་པ་བྱའོ། །གཉིས་པར་སྐྱུགས་ལ་བཀྲུ་སྨན་བཏང། །སྔ་མ་བཞིན་དུག་སྨན་བླུང་བྱ། །ཞེས་བྱ་བ་ལ། དུག་གི་ཤུགས་གཉིས་པ་ལ་ནི་བཀྲུ?་སྨན་དང་སྐྱུག་སྨན
་བཏང་ལ་སྔ་མ་བཞིན་དུ་དུག་གི་སྨན་ཞུན་མར་དང། སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །གསུམ་པར་དུག་གི་སྨན་བླུང་ཅིང། །དེ་བཞིན་མིག་སྨན་སྣ་སྨན་བཏང། །ཞེས་བྱ་བ་ལ། དུག་གི་ཤུགས་གསུམ་པ་ལ་དུག་སྨན་བླུད་པ་ལ་སོགས
་པ་བྱའོ། །བཞི་པར་སྣུམ་དང་བཅས་པ་ཡི། །དུག་གི་སྨན་ནི་བཏང་ན་ཕན། །ཞེས་བྱ་བ་ལ། བཞི་པ་ལ་ནི་དུག་གི་སྣུམ་པ་ལ་སོགས་པ་སྦྱིན་པར་བྱའོ། །ལྔ་བར་ཤེད་མངར་ཁུ་བ་དང། །སྦྲང་རྩི་སྦྱར་བ་བླུད་ན་ཕན། །ཞེས
་བྱ་བ་ལ། དུག་གི་ཤུགས་ལྔ་པ་ལ་ནི་དུག་སྨན་ཤིང་མངར་ལ་སོགས་པ་གླུད་པར་བྱའོ། །དྲུག་པ་འཁྲུ་བ་ལྟ་བུར་གསོ། །ཞེས་བྱ་བ་ལ། དུག་གི་ཤུགས་དྲུག་པ་ལ་ནི། འཁྲུ་བའི་གསོ་བ་ཇི་སྐད་སྨོས་པ་ལྟར་གསོ་བར་བྱའོ། །
་བདུན་པར་སྣ་སྨན་དུད་པ་དང། །སྤྱི་བོར་རྒྱ་གྲམ་བྱས་ནས་ནི། །ཤ་འམ་ཁྲག་ནི་གཞུག་པར་བྱ། ཞེས་བྱ་བ་ལ། དུག་གི་ཤུགས་བདུན་པ་ལ་ནི་སྣ་སྨན་གྱི་དུད་པ་འདུགས་པ་དང། སྤྱི་བོར་རྒྱ་གྲམ་བྱས་ཏེ་ཤ་དང་དབྲལ
་ལ་ཤ་དང་ཁྲག་དར་གཞུག་པར་བྱའོ། །ཀོ་ཤ་ཏ་ཀི་ལང་ག་ལི། །པ་ཏ་ལྕམ་པ་ཨ་རུ་ར། །ས་ལུ་སླེ་ཏྲེས་ཤི་རི་ཤ་།གི་རི་ཀར་ནི་ཡུང་བ་དང། ། ཧཱ་སྦྲང་རྩི་བ་སྦྲུ་བ། །བི་ཧ་ཏཱི་གཉིས་ཚ་བ་གསུམ། །ཤ་རི་བ་དང་བ་ལ་སྟེ། །འདི་རྣམ?
་བསྐོལ་བའི་ཁུ་བ་དང། །བསྐོལ་བའི་ནས་ཐུག་བསྒྲངས་པར་ནི། །སྦྲང་རྩི་མར་དང་བཅས་པ་གཞུག་།གནས་སྐབས་གཞན་ལ་དུག་འཇོམས་པའི། །སྨན་དང་གསོ་བ་ཐམས་ཅད་བྱ། ཞེས་བྱ་བ་ལ། ཀོ་ཤ་ཏ་གི་ལ་སོགས
་ལ་བསྐོལ་བའི་ཁུ་བ་དང། །ནས་ཐུགས་བྱས་པ་བསྒྲེངས་ཏེ་སྦྲང་རྩི་ལ་སོགས་པ་བཅུག་ནས་སྐབས་གཞན་དུ་ཞེས་བྱ་བ་གནས་སྐབས་ཀྱི་བར་དུ་དུག་འཇོམས་པའི་སྨན་ནས་ཐུག་དེ་དང། །སྐྱུགས་སྨན་ལ་སོགས་པ་ཐམས་ཅད་བྱའོ། །ཤིང
་མངར་ཙན་དན་མ་དུག་།པདྨའི་གེ་སར་དེ་བཞིན་བྱ། ཞེས་བྱ་བ་ལ། དེ་བཞིན་དུ་ཤིང་མངར་ལ་སོགས་པ་བསྐོལ་བའི་ཁུ་བ་དང། ནས་ཐུག་བྱས་ཏེ། བསྒྲངས་པར་སྦྲང་རྩི་དང། མར་བཅུག་པའི་དུག་སྨན་གནས་སྐབས་ཀྱི་བར་དུ་བཏང
་བར་བྱའོ། །དངུལ་རྡོ་རྒྱ་སྤོས་རུ་རྟ་དང། བ་བླ་ལྡོད་རོས་པྲི་ཡངཀུ། ཚ་བ་གསུམ་དང་འབུ་སུག་ཧང། །ན་ག་པུ་སྤ་གེ་སར་བཅད། །ཤིང་མངར་སྤང་སྤོས་ཧ་རེ་ནུ། །འགི་ཝང་མོན་སྣེའུ་རྨེ་རུ་དང། །ཤིང་རི་པེཥྚ་སྲ་རྩི་པོག་།ཤུ་ཏི་གུར་གུཾ
་བ་ལ་དང། བཱ་བུ་ཏ་མ་ལི་ལོ་མ། །སྟག་པ་དང་ནི་པུ་ཤེལ་ལྕི། །སེར་པོ་གཉིས་ནི་སྦྲང་རྩིར་སྦྱར། །བུ་མོ་ཁྲུས་དང་སྨྱུད་བ་བྱས། །གོས་དཀར་དགོས་པ་བྱས་ནས་ནི། །དགེ་སྦྱོང་བྲམ་ཟེ་མཆོད་བྱས་ཏེ། །དུག་སྨན་མཆོག་གི་སྦྱར་བར་བྱ། །དེ
་ཆ?་སྐན་པས་སྔགས་འདི་ནི། བདག་ཉིད་བསྡན?་ས་ཏེ་བརྗོད་པར་བྱ། །སྐྱེས་བུ་སེངྒེ་ཕྱག་འཚལ་ལོ། །སེར་མེད་བུ་ལ་ཕྱག་འཚལ་ལོ། །ཇི་ལྟར་ཁྱབ་འཇུག་གཡུལ་དོར་ནི། །གཞན་གྱིས་ཕམ་པར་མ་མཐོང་སྟེ། །བདེན་པའི་ཚིག་ནི་འདི་ཡིS
་ཀྱང། །བདག་ལ་དུག་མེད་གྲུབ་པར་ཤོག་།ན་མོ་བཻ་ཌཱུརྱ། མཧ་དེ་ཧུ་ཌུ་ར་ཧུ་ཌཱུ་རཀྵ་མ་མཱ། སརྦ་བི་ཥེ་བྷཡ་གཽ་རི་གཎྜ་རི། ཅནཌ་ལི་མ་ཏེངཀ་སྭཱ་ཧཱ། འཐག་པའི་སྣགས་གཉིས་པ་ནི། ཧ་རི་མ་ཡེ་སྭཱ་ཧཱ། ཞེས་བྱ་བ་ལ། དངུལ་རྡོ་ལ་སོགས་པ
་སྨན། བུ་མོ། ཁྲུས་དང་གཙང་སྦྲ་བཅས་པ་སྨྱུང་བར་གནས་པ་གོས་དཀར་པོ་བགོས་པས་དང་བོ་དགེ་སྦྱོད་དང་བྲམ་ཟེ་ལ་མཆོད་པ་བྱས་ཏེ། སྐར་མ་རྒྱལ་ལ་བབ་པ་ན། དུག་སྨན་གྱི་སྦྱོར་མཆོག་འདི་སྦྱར་བར་བྱ་ཞིང་སྦྲང་རྩི་དང་བསྲ་བར་བྱའོ། །དེ་ནས་དེའི་སྣན་བས
་སྔགས་དང་ཚིགས་སུ་བཅད་པ་འདི་དག་བསྔམས་ཏ། སྐྱེས་བུ་སེངྒེ་ཞེས་བྱ་བ་ནས་སྭཱཧཱའི་བར་དུ་བརྗོད་པར་བྱའོ། །དེ་བཞིན་དུ་འཐག་པའི་ཚེ་ཡང་སྔགས་གཉིས་པ་ཧི་བ་མ་ཡེ་སྭཱཧཱ། ཞེས་བྱ་བ་བརྗོད་པར་བྱའོ། །མ་ལུས་དུག་དང་རོ་ལངས་དང། །གདོན་གྱི་ལས
་དང་སྡིག་པ་དང། །གསོང་བྱེད་ནད་དང་མུ་གེ་དང། འཐབ་པར་འདོད་དང་འཇིགས་པ་ལ། །སྨན་བཏུད་སྣ་སྨན་མིག་སྨན་བསྐུ། །གདུ་བུ་ལ་སོགས་ལས་སྦྱར་བྱ། །འདི་ནི་ཟླ་ཤར་ཞེས་བྱ་སྟེ། །ཞི་དང་བདེ་གཤེགས་བྱེད་མཆོག་ཡིན། ཞེས་བྱ་བ་ལ། དུག་སྨན་འདི་ནི་མིང་ཟླ་བ
་ཤར་བ་ཞེས་བྱ་སྟེ། མ་ལུས་པའི་དུག་དང། རོ་ལངས་ལ་སོགས་པ་ཞི་བར་བྱེད་པ་ནས། འཇིགས་པའི་བར་ལ་སྣ་སྨན་ལ་སོགས་བཏབ་ན་ཞི་བ་དང་བདེ་ལེགས་དམ་པའི་མཆོག་དམ་པ་ཡིན་ནོ། །དུག་སྙིང་དུག་སེལ་སྨན་གྱི་ཟིལ་མནན་བ། །
་དགས་མེ་རླུང་དང་ཉིན་མཚན་གྱིས་སྐམས་པ་འམ། །རང་བཞིན་གྱིས་ན་ཡོན་ཏན་མི་ལྡན་བས། ཉམས་པའི་དུག་ཅེས་བྱ་བའི་དུག་ཏུ་འགྱུར། །ཞེས་བྱ་བ་ལ། དུག་གང་རྙིད་པར་འགྱུར་པའམ། དུག་སེལ་བའི་སྨན་གྱི་ཟིལ་གྱིས་མནན་པ་འམ། ཡང
་ན་ནགས་ཀྱི་མེ་དང་རླུང་ལ་སོགས་པས་སྐམས་པའམ། ཡང་ན་རང་བཞིན་གྱིས་རྣོ་བ་ལ་སོགས་པའི་ཡོན་ཏན་དང་མི་ལྡན་པ་ནི། ཉམས་པའི་དུག་ཅེས་བྱ་བར་འགྱུར་བ་ཡིན་ནོ། །འདི་ནི་ནུས་བ་ཆུང་བས་མི་རྟོགས་ཏེ། །བད་ཀན་དང་འདྲེས་ལོ་ནི
་མར་པོར་གནས། ཞེས་བྱ་བ་ལ། ཉམས་པའི་དུག་ཅེས་བྱ་བ་འདི་ནི་ནུས་བ་ཆུང་པའི་ཕྱིར་འདི་ནི་འཕྲལ་དུ་གསལ་བར་མི་རྟོགས་ཏེ། གལ་ཏེ་བད་ཀན་དང་འདྲེས་ན་ནི་ལོ་མང་བའི་བར་དུ་ཡང་གནས་པར་གྱུར་པ་ཡིན་ནོ། །དེས་ཉེན་གྱུར་པ་མདོག་ངན?
་འཁྱུ་བར་བྱེད། ནད་ཁྲག་སྐོམ་དང་ཡི་ག་འཆུས་བས་ཉེན། །བརྒྱལ་ཞེང་སློན་པ་རྣམ་རྨོངས་སྐད་འཇོར་དང། །དུག་གེ་དམུ་རྫིང་མཆན་མས་གནོད་པར་འགྱུར། །ཞེས་བྱ་བ་ལ། ཉམས་པའི་དུག་དེས་ཉེན་པར་གྱུར་པའི་སྐྱས་བུ་མི་བདག
་ངན་པ་དང། །བཤད་པ་འཁྲུ་བར་འགྱུར་བ་དང། །ནད་ཁྲག་དང་བཅས་པ་དང། །སྐོམ་དད་དང་ཡི་ག་འཆུས་པའི་ནད་གཉིས་ཀྱིས་ཉེན་པ་དང། བརྒྱལ་ཞིང་མྱོས་པ་དག། སློན་ཞིང་སྒྱགས་བ་དང། སེམས་རྣམས་པར་རྨོངས་ཞིང་སྐད་དར་དང་པོར
་འཛེར་བ་དང། དུག་ལས་གྱུར་བའི་དམུ་རྫིང་གི་མཆན་པ་གང་དག་ཡིན་པ་དང་ལྡན་བར་འགྱུར་རོ། །མ་ཞུའི་གནས་བསྟེན་བད་ཀན་རླུང་ནད་བསྐྱེད། །ཞུ་བའི་གནས་བསྟེན་མཁྲིས་པ་རང་ནད་བསྐྱེད། །མི་ཡི་ཡན་ལག་ཞགས་ཤིང་སྐྲ་འགྱི
་བས། །ཇི་ལྟར་བྱ་ནི་སྤུ་བཏོགས་ལྟ་བུར་བྱེད། ཅེས་བྱ་བ་ལ། ཉམས་པའི་དུག་དེ་མ་ཞུ་བའི་གནས་ལ་བརྟེན་པ་ནི་བད་ཀན་དང། རླུང་གི་ནད་སྐྱེད་པར་བྱེད་ལ། ཞུ་བའི་གནས་ལ་བརྟེན་ན་ནི་མཁྲིས་པ་དང་རླུང་གི་ནད་སྐྱེད་པར་བྱེད་པ་དང་མའི
་ཡན་ལག་ཞིགས་ཤིང་སྐྲ་འབྱི་བར་བྱེད་བས་ན། ཇི་ལྟར་རྨ་བྱ་སྒྲོ་གཤོག་དང་སྦུ་བཏོགས་པ་ལྟ་བུར་བྱེད་པ་ཡིན་ན་ནི། །ལུས་ཟུངས་ལས་བྱུང་ནང་ནི་སྣ་ཚོགས་བསྐྱེད། ཅེས་བྱ་བ་ལ། ཡང་ན་གནོད་པའི་དུག་དེ་དང་ས་མ་ལ་སོགས
་པ་ལ་གནས་ན་ནི་ལུས་གཟུངས་ལ་རྟེན་པའི་ནད་རྣམ་པ་ཐ་དད་པ་སྐྱེད་པར་བྱེད་དོ། །མདུན་གྱི་རླུང་དང་མ་ཞུ་གྲང། །ཡུལ་རྨུས་གནོད་ཟས་ཉིན་བར་ཉལ། །ལུས་གཟུངས་གནོད་པར་བྱས་ན་ནི། །དེ་བས་གནོད་པའི་དུག་ཅེས་བཤད། ཅེས་བྱ་བ་ལ།
་མདུན་ནས་ལྡང་བའི་རླུང་དང་མ་ཞུ་བ་དང། གྲང་པ་ལ་སོགས་པས་ལུས་ཟུངས་ལ་གནོད་པ་ན་དུག་དེ་ལྷག་པར་གནོད་པར་བྱེད་པས་ནི། དེའི་ཕྱིར་ཉམས་པའི་དུག་ལ་གནོད་པའི་དུག་ཅེས་ཀྱང་བྱའོ། །གནོད་པའི་དུག་ཉེན་དུ་བྱས་པ་སྟེང་དང
་འོག་ནས་སྦྱང་བར་བྱ། །གནོད་པའི་དུགས་ནི་སེལ་བྱའི་སྨན། ཞེས་བྱ་བ་ལ། གནོད་པའི་དུག་གམ་ཉམས་པའི་དུག་གིས་ཉེན་པའི་མི་ནི། །དང་པོར་ལེགས་པར་དུགས་བྱས་ལ། སྐྱུགས་སྨན་དན་བཀྲུ་སྨན་གྱིས་དེང་འོག་སྦྱངས་ལ། །གནོད་པའི་དུག་འཇོམས
་པའི་སྨན་སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །པི་པི་ལིང་དང་བྱ་མ་ཀ་།སྤངས་སྤོས་གསེང་ཕྲོང་སུག་སྨེལ་དང། །ཀུནད་ན་ཏ་སྭརྫི་ཀ་།དུ་རྟ་ཤིང་མངར་ཅན་དང་དང། །ཡུག་སྣག་བཙག་དང་བཅས་པ་སྨན། །གནོད་པའི་དུག་སེལ་ཞེས་བྱ་སྟེ། གཞན་ཡང་བཟློག
་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། །པི་པི་ལིང་ལ་སོགས་བའི་དུག་སེལ་ཅེས་བྱ་སྟེ། དེས་ནི་དུག་གཞན་ཡང་སེལ་བར་བྱེད་པ་ཡིན་ནོ། །དུག་བཟླས་ཕོག་པར་གྱུར་བ་དང། །ཡང་དང་ཡང་དུ་མུན་ཐིགས་བྱེད། །མདོག་ནི་མི་སྡུག་གྱུར་པ་དང། །མྱུར་དུ་ཡིད
་འགྱུར་སྡུག་བསྔལ་འཐོབ། །འདིས་ནི་སྲིན་བུས་ཁྱབ་པར་ལྟར། །ལུས་ཙ་ཙག་ཙག་པོར་འགྱུར་རོ། །འདོང་མོ་རྒྱས་དང་ཕྲག་པ་མགོ་།ལྷུ་ཚིགས་རྣམས་སུ་ན་བར་བྱེད། །ཁྲག་ནི་ནད་ཅན་གནག་པ་འཛག་།སྐོམ་དང་རྒྱལ་ཚ་རིམས་ཀྱིས་འདེབས།།
་མིག་ནི་གནག་ཅིང་རློན་པ་དང། །བཏུད་མར་བླུད་པ་དབུགས་མི་བདེ། ། །རྨ་དམར་མཛའ་མ་སེར་བ་དང། །དབུས་ན་གནས་ཅིང་ཤིན་ཏུ་ན། །འཕྲལ་དུ་སྐྲང་ཞིང་བརྣགས་པ་དང། །ཤ་ཡང་ནག་བོར་གྱུར་ནས་ནི། །རྣགས
་ཤིང་ཤིན་ཏུ་འདྲུལ་བར་བྱེད། །སྤྱི་བག་ཅན་དུ་འཇག་པར་བྱེད། །ཅེས་བྱ་བ་ལ། སྐྱེས་བུ་དུག་མདས་ཕོག་པ་ནི་ཡང་དང་ཡང་དུ་མུན་ཐིབས་ཞས་བྱེད་ཅིང་མུན་པར་ཞུགས་པ་སྙམ་དུ་སེམས་བ་དང། མདོག་ནི་སྡུག་བ་ལ་སོགས་པར་འགྱུར་བ་དང།
་རྨའི་མཛའ་ཤིན་ཏུ་སོགས་ཅིང་དབུས་ན་དུག་གིས་གནོད་པས་གནག་པ་དང། འཕྲལ་དུ་བསྐ་ཞིང་གནག་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །གནད་དུ་ཕོག་པར་མ་གྱུར་བ། །མྱུར་དུ་སྙིང་ལ་ཕན་བྱེད་བྱ། །ཞེས་བྱ
་བ་ལ། གནད་ཀ་ཡི་སྟེང་དུ་མ་ཕོག་པ་ལ་ནི་མྱུར་དུ་སྙིང་ལ་ཕན་པར་བྱེད་བའི་སྦྱོར་བ་མར་ལ་སོགས་པ་གང་དག་ཡིན་པར་བྱའོ། །ཟུག་རྔུ་བྱུང་ལ་ལྕགས་བསྲེགས་པས། །རྨ་ནི་ལེགས་པར་བསྲེག་པར་བྱ། །ལུས་ལ་ཟུག་རྔུ
་ཕྱུར་བ་ལ། །དེའི་འོག་ཏུ་ལྕགས་བསྲེགས་པས་རྨ་བསྲེགས་པར་བྱའོ། །ཡང་ན་མུ་སྐ་ཀ་དང་ནི། །གི་རི་ཀརྞི་དཀར་པོ་དང། །ཀཏཔ་ལ་ཡི་ཤུན་པ་དང། བཅོད་དང་ཤིར་ཤ་བྱ་རྒོད་སེལ། །བསྲེགས་པའི་ཐལ་བས་བསྐུ་བར་བྱ་།ཞེས་བྱ་བ་ལ། ཡང་ན
་རྨ་དེ་མུསྐ་ཀ་ལ་སོགས་པ་བསྲེགས་པའི་ཐལ་བས་བསྐུ་བར་བྱའོ། །ཤུ་ཀ་ནས་བོད་ང་དཀར། །ཀཎྚ་ཀཱ་རཱི་རྩ་བས་བསྐུ། ཞེས་བྱ་བ་ལ། ཡང་ན་རྨ་དེ་ཤུ་ཀ་ནས་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །དུག་འཐུངས་སོས་བཏབ་གསོ་བ་དག་།ཅི
་རིགས་པ་ནི་དེ་ལ་བྱ། ཞེས་བྱ་བ་ལ། དུགས་མདས་པོག་པ་དེ་ལ་དུག་འཐུངས་པའི་གསོ་བ་དང་སྦྲུལ་ལ་སོགས་པས་སོས་བཏབ་པའི་གསོ་བ་དག་གིས་ཀྱང་ཅི་རིགས་པར་གསོ་བར་བྱའོ། །རྨ་ཡི་ཤ་ནི་བརྣགས་པ་དེ། །མཁྲིས་པའི་མེ་དཔལ་ལྟ་བུ
་གསོ། །ཞེས་བྱ་བ་ལ། རྨའི་ཤ་བརྣགས་པ་ལ་སོགས་པ་ལ་ནི་མཁྲིས་པའི་མེ་དཔལ་དང་འདྲ་བར་གསོ་བར་བྱའོ། །དེ་ཕྱིར་ཁྱོད་ལ་བུད་མེད་དང། །རྒྱལ་པོ་ལ་ནི་དགྲས་བསླ་བས་ཏེ། །ཟས་དང་སྦྱར་བའི་དུག་བསྲེས་པ། །ཉེ་འཁོར་སྐྱེ་བོ་སྟེར་བར་འགྱུར།།
་ཞེས་བྱ་བ་ལ། རང་གི་བདེ་བ་བསྐྱེད་པའི་ཕྱིར། དགྲ་བོས་བུད་མེད་ལ་བསླབས་ཏེ། དུག་སྟེར་དུ་འཇུག་པ་དང། དེ་བཞིན་རྒྱལ་པོ་ལ་དེའི་དགྲ་བོས་ཉེ་འཁོར་གྱི་སྐྱེ་བོ་ལ་བསླབས་ཏེ་ཁ་ཟས་དང་སྦྱར་བའི་དུག་བསྲེས་ཏེ་སྟེར་བར་བྱེད་པར
་འགྱུར་རོ། །སྣ་ཚོགས་ལུས་ཀྱི་དྲི་མར་བཅས། །མི་མཐུན་སྨན་དང་ཐལ་བ་དང། །ནུས་པ་ཆུང་བར་འགྱུར་བའི་དུག་།སྦྱར་བ་དུག་ནི་སྦྱར་མ་ཡིན། །ཞེས་བྱ་བ་ལ། སྲོག་ཆགས་སྣ་ཚོགས་པའི་ལུས་ཀྱི་དྲི་མ་དང་མི་མཐུན་ཞིང་མི་འཕྲོད
་པའི་སྨན་དང་ཐལ་བ་དང། ནུས་པ་ཆུང་བར་བྱེད་བའི་དུག་གཅིག་ཏུ་བསྲེས་ཏེ་སྦྱར་བ་ནི་དུག་སྦྱར་མ་ཞེས་བྱའོ། །དེས་ཉིན་མདོག་སྐྱ་རིང་པ་དང། །མེ་དྲོད་ཉམས་ཤིང་ལུད་པ་དང། །དབུགས་མི་བདེ་དང་རིམས་ཀྱིས་ཉེན། །རླུང་ན་མི་མཐུན་རྒྱུ་བ་དང། གཏིང?
་ཚེ?་ཡིད་ནི་ཞུམ་པར་བྱེད། །གཅིན་སྙེ་ལྟོ་བ་མཆིན་པ་དང། །མཚར་བ་ན་ཞིང་སྐད་གསང་དམའ། །ཉམ་ཆུང་རྒྱུད་ནི་ཞན་པ་དང། །སྐྲང་ཞིང་རྟག་ཏུ་སྤོ་བ་དང། །རྐང་པ་ལག་པ་སྐམ་ཞིང་ཟད། །རྨིའམ་དུ་ནི་ཅེ་སྲང་དང། །བྱིལ་སྦྲུལ་དང་ནེའུ་ལེ་དང། སྤྲེའུ
་མཐོང་ཞིང་ཕལ་ཆེར་ནི། །ནགས་ཚལ་མཚོ་ནི་སྐམས་པར་མཐོང། །བདག་ཉིད་ནག་པོར་མཐོང་གྱུར་ཞིང། །སེར་པོ་ནག་པོར་མཐོང་བར་བྱེད། མིག་སྣ་རྣ་བ་མེད་པ་དང། །དེ་ཡིས་དབང་པོ་ཉམས་པར་མཐོང། །འདི་དང་གཞན་ཡང་གནོད་པ་ཡི། །བླ་གཉན
་མི་བཟད་མང་པོས་བཅེས། །ཞས་བྱ་བ་ལ། སྦྱར་བའི་དུག་དེས་གཟིར་བར་འགྱུར། །དེའི་མི་ནི་མདོག་སྐྱའོ་བསེང་བསེང་པོར་གྱུར་པ་དང། །ལུས་རིང་ཅིང་རྫུད་པ་ལ་སོགས་པ་དང། སྦྱིད་ཞན་ཞིང་ལས་ལ་སྤྲོ་བཆུང་བ་ལ་སོགས་པ་དང། ཟད་བྱེད་ཀྱིས་བཏག་བ་དང།
་རྨི་ལམ་དུ་ཡང་ཕལ་ཆེར་ཅེ་སྦྱད་ལ་སོགས་པ་མཐེང་བ་དང། །བདག་ཉིད་ནག་པོ་ལ་སོགས་པ་མཐོང་བར་འགྱུར་བ་དང། རྣ་བ་དང་མིག་ལ་སོགས་པའི་དབང་པོ་ཉམས་པར་མཐོང་བ་དང། འདི་དག་དང་གཞན་ཡན་གནོད་པའི་བླ་གཉན་མི་བཟད་པ་རྣམ་པ་མར
་པོས་བཙེས་པར་འགྱུར་བ་ཡིན་ནི། །འགའ་ཞིག་འཕྲལ་དུ་མ་བསོས་ན། སྦྱར་དུག་གིས་ཉེན་འཆི་བར་འགྱུར། ཞེས་བྱ་བ་ལ། སྦྱར་བའི་དུག་གེས་ཉེན་པ་ལ། འཕྲལ་དུ་གསོ་བ་མ་བྱས་དངེས་བར་འཆི་བར་འགྱུར་རོ། །དབྱིག་དུག་སློན་བྱས་ཁ་ཟས་ནི། །དེ་ལ
་ཕན་པའི་བཟའ་བཏུང་སྦྱིན། །སྐྱངས་ནས་གསེར་ནི་བསྟེན་བྱ་ཟིང། །མདོ་གནས་བསྟན་པ་བཞིན་དུ་བྱ། །ཞེས་བྱ་བ་ལ། དབྱིག་དུག་གིས་ཟིན་པ་ལ་ནི་དང་པོར་སྐྱུགས་སྨན་བཏང་སྟེ། དེ་ལ་ཕན་པའི་ཁ་ཟས་བྱིན་ལ་ཁོང་བ་སྦྱངས་གསེར་ལ་སོགས་པའི་བསྟེན་བའི
་ཆོ་ག་མདོའི་གནས་ལས་བརྟེན་པ་བཞིན་དུ་བྱའོ། །གསེར་དང་ཟངས་ཀྱི་ཕྱེ་མ་ནི། །སྦྲང་རྩི་ཁར་དཀར་པོར་སྦྱར། །ལྡེ་གུས་དུག་ནི་མི་བཟད་དང། །དབྱིག་དུག་ཐམས་ཅད་སེལ་བར་བྱེད། ཅེས་བྱ་བ་ལ། གསེར་དང་ཟངས་མའི་ཕྱེ་མ་སྦྲང་རྩི་དང
་ཁ་ར་དང་སྦྱར་ཏེ། ལྡེ་གུ་བྱས་པ་ཟོས་ན་ཡང་མི་བཟད་པའི་སྦྱར་བའི་དུག་སེལ་བར་བྱེད་དོ། །མུར་བ་སླེ་ཏྲེས་པི་པི་ལིང། །རྒྱ་སྤོས་དབྱི་མོད་པ་ཏོ་ལ། གླ་སྒང་ཤུ་དག་ཅི་ཏྲཀ་།བྱི་དང་ག་ནི་དར་བ་དང། །ཆུ་དྲོན་ཞོ་ཁ་ཆུར་སྦྱར་ང། །སྐྱུར་ཁུ་དང་སྦྱར་བླུད་ན་ནི། །
་དབྱིག་དུག་གིས་བཅོམ་མེ་དྲོད་སྦྱོང། །ཞེས་བྱ་བ་ལ། དབྱིག་དུག་གིས་མེ་དྲོད་ཉམས་པར་གྱུར་པ་ལ་ནི་མྱུར་བ་ལ་སོགས་པའི་སྨན་ཆུ་དྲོན་ལ་སོགས་གང་རུང་དང་སྦྱར་བ་བླུད་པར་བྱའོ། །ཟུར་བ་མ་ནུ་ཕུག་རོན་གྱི། །ཤ་བསྐོལ་ཁུ་བ་བསྒྲངས་པ་ནི། །དབྱིག་དུག
་སྐོམ་དང་ལུད་དོ?་ཕན། །སྐྱིགས་བུ་དམིགས་མིག་དེ་རིམས་སེལ། །ཞེས་བྱ་བ་ལ། ཟུར་བ་དང་མ་ནུ་ཞེས་བྱ་བ་སུ་ཀར་མུ་ལ་ཕུག་རོན་གྱི་ཤ་ཁུ་དང་སྦྱར་ཏེ་བསྐོལ་བའི་ཁུ་བ་བསྒྲངས་པ་བླུད་ན་ཡང་དབྱིག་དུག་ལས་གྱུར་པའི་སྐོམ་དང་ལ་སོགས་པ་སེལ་བར
་བྱེད་དོ། །དུག་གི་རང་བཞིན་དུས་དང་ཟས། །ནད་བཞི་ལུས་གཟུངས་ཚོགས་འདུས་ལ་དུག་གི་ཉམ་ང་ཞེས་བཤད་དོ། ཞེས་བྱ་བ་ལ། དུག་གི་རང་བཞིན་མི་བཟད་པ་དང། དེ་མཐུ་ཅན་དུ་བྱེད་པའི་དུས་དང་ཁ་ཟས་ལ་སོགས་པ་འདུས་ཤིང། གཅིག
་ཏུ་ཕྲད་པ་ནི་དུག་གི་ཉམ་ང་བ་ཞེས་བྱ་སྟེ། ཚོགས་པ་དེ་དང་ལྡན་པ་བརྒྱ་ལས་གཅིག་ཅིག་འཚོ་བར་འགྱུར་བ་ཡིན་ནོ། །བཀྲེས་སྐོམ་ཉམ་ནི་ཆུང་བ་དང། །ཁྲོ་དང་མྱ་ངན་འཇིགས་དལ་དང། །མ་ཞུ་བ་དང་འཁྲུ་བ་དང། །མཁྲིས་པ་རླུང་ནི་འཕེལ་བ་དང།།
་ཏིལ་གྱི་མེ་ཏོག་འབྲས་བུ་སྣུམ། །ས་ཡི་རླངས་པ་འབྲུག་སྒྲ་དང། །གླང་པོ་བྱི་བར་རོལ་མོ་ཡི། །སྒྲ་དང་མདུན་གྱི་སེར་བུ་དང། །ུད་པལ་དྲི་དང་མྱོས་པ་ཡི། །དུག་གི་ཉམ་ང་འཕེལ་བར་བྱེད། །གཡར་ནི་ཆར་གྱི་དུས་ཡིན་པས། །བུ་རམ་ལྟ་བུ་བརླན་ཅན
་འགྱུར། །ལུས་ལ་ཁྱབ་བྱེད་དབྱར་འདས་ན། །རི་ཥི་ཆར་བས་དེ་མེད་བྱེད། །དེ་བས་སྤྲན་བྲལ་དུས་སུ་ནི། །ནུས་པ་ཆུང་བ་ཉིད་དུ་འགྱུར། ཞེས་བྱ་བ་ལ། དུག་ནི་བཀྲེས་སྐོམ་ལ་སོགས་པ་འཕེལ་བར་བྱེད་ཅིང་སྤྲིན་ལས་བྱུང་བ་ཡིན་པའི་ཕྱིར་དབྱར་བུ་རམ་རླན་ཅན་ལྟ
་བུར་ཞུ་ཞིང་ལུས་ལ་ཁྱབ་པར་བྱེད་ལ་དབྱར་འདས་ནས་སྐར་མ་རི་ཥི་འཆར་བ་དེའི་ཚེ་ནི་ནུས་པ་བྲི་ཞིང་མེད་པར་བྱེད་དོ། །དེ་བས་ན་སྤྲིན་དང་བྲལ་བའི་དུས་སྟོན་གྱི་ཚེ་ནི། དུག་གི་ནུས་པ་ཆུང་བར་འགྱུར་རོ། །དེ་ལྟར་རང་བཞིན་གོམས་པ་དང། །གནས་དུས་ཤུགས
་སྟོབས་ཆེ་ཆུང་བ། །བརྟགས་ཏེ་མཁས་པས་ཤེས་བྱས་ལ། །དེ་རྗེས་གསོ་བའི་ལས་བྱས་བྱ། །ཞེས་བྱ་བ་ལ། དེ་ལྟར་ཚུལ་འདིས་ན་རང་བཞིན་དང་གོམས་པ་དང། གནས་དང་དུས་དང་ཤུགས་དང་སྟོབས་ཆེ་བ་དང། ཆུང་བ་བློས་བརྟགས་ཏེ་དེ་ལ་མཁས་པར་བྱས
་ནས་།དེའི་འོག་ཏུ་གསོ་བའི་ལས་ལ་འཇུག་པར་བྱའོ། །བད་ཀན་ཅན་ནི་སློན་དང་དྲོ། །རྩུབ་དང་རྣོ་བའི་སྨན་བསྐུ་ཞིང། །བསྐ་དང་ཁ་དང་ཚ་བ་ཡི། །ཟས་ཀྱི་དུག་ནི་བསལ་བར་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་དུག་ནི་སློན་པ་ལ་སོགས་པས་བསལ་བར་བྱའོ། །མཁྲིས
་ཅན་བཀྲུ་སྨན་སྨན་ཆུ་བླུགས། །ཤིན་ཏུ་བསིལ་བའི་སྨན་བསྐུ་ཞིང། །བསྐ་དང་ཁ་དང་མངར་བ་དང། །མར་བཅས་ཁ་ཟས་སྦྱིན་པས་གསོ། །ཞེས་བྱ་བ་ལ། མཁྲིས་པ་ཅན་གྱི་དུག་ནི་བཀྲུ་སྨན་དང་ཤིན་ཏུ་བསིལ་བའི་སྨན་གྱི་ཆུ་བླུགས་པ་ལ་སོགས་པས་བསལ
་བར་བྱའོ། །རླུང་གི་བདག་ཉིད་ཅན་མངར་དང། སྐྱུར་དང་ལན་ཚ་མངར་བཅས་པའི། །བཟའ་བ་མར་བཅས་སྐུ་བྱུག་དང། །དེ་བཞིན་ཤ་ནི་བཟའ་ལ་སོགས། །ཞེས་བྱ་བ་ལ། རླུང་གི་བདག་ཉིད་ཅན་གྱི་དུག་ནི་ཁ་ཟས་མངར་བ་ལ་སོགས་པ་ཤ་ཁུ་མར་དང་བཅས
་པ་དེ་བཞིན་དུ་བསྐུ་བྱུག་དང་བཅས་པས་གོས་བར་བྱའོ། །བཀྲུ་སྨན་སྐུ་བྱུག་ཁ་ཟས་སྨན། །མར་མེད་སྔགས་པ་མ་ཡིན་ནོ། །ཞེས་བྱ་བ་ལ། དུག་གི་ནད་ལ་བཀྲུ་སྨན་ལ་སོགས་པའི་སྦྱོར་བ་གང་ཡང་རུང་བ་ལ་མར་མེད་པ་ནི་བསྔགས་པ་མ་ཡིན་ཏེ། གཞན
་དུ་ན་དེ་ཐམས་ཅད་ལ་མང?་དང་བཅས་པ་མཆོག་ཏུ་ཕན་པ་ཡིན་ནོ། །དུག་ཀུན་གནས་སྐབས་ཐམས་ཅད་དུ། །དུག་འཇོམས་མར་དང་བཅས་པ་?། །སྨན་ངག་གཞན་དག་ཡོད་མིན་ཏེ། །མཆོག་ཏུ་རླུང་ཤས་ཆེ་ལ་ཕན་།ཞེས
་བྱ་བ་ལ། དུག་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུག་འཇོམས་པར་བྱེད་པའི་ཁ་ཟས་ནི་མར་དང་འདྲ་བ་གཞན་མེད་ལ་ཁྱད་པར་དུ་ཡང་རླུང་གི་ཤས་ཆེ་བ་ལ་མཆོག་ཏུ་ཕན་ནོ། །བད་ཀན་གནས་ཞུགས་གསོ་བར་སླ། །མཁྲོས?་པའི
་གནས་བསྟེན་འབད་པས་གསོ། །རླུང་གི་གནས་སུ་ཞུགས་པའི་དུག་།ཤིན་ཏུ་གསོ་དཀའ་གསོར་མི་རུང། །ཞེས་བྱ་བ་ལ། བད་ཀན་གྱི་ནས་སུ་ཞུགས་བའི་དུག་ནི་གསོ་བར་སླ་བ་ཡིན་པས་ན་འབད་པ་མེད་པས་འཚོ་བར་འགྱུར་རོ། །མཁྲིས་པའི
་གནས་ལ་བརྟེན་པའི་དུག་ནི་ཤིན་ཏུ་འབད་པས་གསོ་བར་བྱ་བ་ཡིན་ནོ། །རླུང་གི་གནས་སུ་ཞུགས་པའི་དུག་ནི་ཤིན་ཏུ་གསོ་དཀའ་བའམ་གསོར་མི་རུང་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། །ཚིག་གི་དོན་གྱི་ཟླ་ཟེར
་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་ལྔ་པའི་རྣམ་པར་འགྲེལ་པའོ། །།དེ་ནས་སྦྲུལ་གྱིས་ཟིན་པ་གསོ་བ་བཤད་པར་བྱའོ། །མདོར་ནས་ཡི་སྟེང་ནི་སྦྲུལ། གསུམ་སྟེ
་གདེངས་ཀ་ཅན་ལུས་འཁྱིལ། །ཁྲོ་བ་ཡིན་ཏེ་ཞེས་བྱ་བ་ལ། སའི་སྟེང་ན་སྦྲུལ་གྱི་ཚོགས་མདོར་བསྡུས་ན་རྣམ་པ་གསུམ་སྟེ། ལ་ལ་ནི་གདངས་ཀ་ཅན་གཟར་བུའི་མགོ་ལྟ་བུ་ཡིན་ནོ། །ལ་ལ་ནི་ལུས་འཁྱིལ་བ་ཡིན། །ལ་ལ་ནི་ཁྲ་བོ་ཡིན་ནོ། །དེ་ཡིས
་ནི། །དབྱེ་བ་མཛའ་ཡས་གྱུར་པ་དག་།སྐྱེ་གནས་དབྱེ་བས་རྒྱས་པར་ནི། །དོགས་པ་མེད་ཕྱིར་མ་བཤད་དོ། །ཞེས་བྱ་བ་ལ། གདེངས་ཀ་ཅན་ལ་སོགས་པའི་དབྱེ་བས་ཕྱེ་བའི་སྦྲུལ་དེ་དག་ནི་སྐེ་གནས་ཀྱི་དབྱེ་བས་རྒྱས་པར་ཕྱེ་ན་དབྱེ་བ་མཛའ་ཡས
་མོད་ཀྱི་དེའི་སྐབས་འདིར་དགོས་པ་མེད་པའི་ཕྱིར་བདག་གིས་འདིར་མ་བཤད་དོ། །མཆོག་ཏུ་རྩུབ་དང་ཚ་བ་དང། །སྐྱུག་དྲོ་མངར་བསིལ་དག་ལས་ནི། །གདེངས་ཀ་ཅན་པ་སོགས་པའི་དུག་།རིམས་ཀྱིས་རླུང་སོགས་འཁྲུག་པར་བྱེད། །ཅེས་བྱ་བ་ལ། གདེངས
་ཀ་ཅན་གྱི་དུག་ནི་མཆོག་ཏུ་རྩུབ་པ་དང་ཚ་བ་ཡིན་པས་རླུང་སྐྱེད་པར་བྱེད་པ་ཡིན་ནོ། །ལུས་འཁྱིལ་བའི་དུག་ནི་སྐྱུར་བ་དང་དྲོ་བ་ཡིན་པས་མཁྲིས་པ་སྐྱེ་པར་བྱེད་པ་ཡིན་ནོ། །སྦྲུལ་ཁྲ་བོའི་དུག་ནི་ཁྱད་པར་དུ་མངར་བ་དང་བསིལ་བ་ཡིན་པས་བད་ཀན་སྐྱེད་པར་བྱེད་པ
་ཡིན་ནོ། །གཞོན་དང་གན་པོ་དར་མ་དང། །དབྱར་དང་དགུན་དང་སོས་ཀར་ནི། །འདི་དག་དུག་ནི་འཕེལ་འགྱུར་ཞིང། །གཞན་དག་དུས་ཚིགས་རྣམས་སུ་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ན་གདེངས་ཀ་ཅན་དང་ལུས་འཁྱིལ་བ་དང། ཁྲ་བོ་ནི་རིམས་ཀྱིས་གཞོན
་དང་རྒ་ན་པོ་དང། དར་མ་དང་ན་ཚོད་ཀྱི་རིམ་པ་དང། དབྱར་དང། དགུན་དང། སོས་ཀའི་དུས་དག་ཏུ་དུག་འཕེལ་ཞིང་ཤས་ཆེ་བ་ཡིན་ཏེ། དེ་ཡང་གདེངས་ཀ་ཅན་ནི་གཞོན་པ་དང། དབྱར་གྱི་ཚེ་ནི་དུག་གི་ཤས་ཚེ་བ་ཡིན་ལ། ལུས་འཁྱིལ་བ་ནི་རྒན
་བ་དང། དགུན་གྱི་དུས་སུ་སྟེ་དགུན་སྟོང་དང་དགུན་སྨད་ཀྱི་ཚེ་དུག་བརྡོ་བ་ཡིན་ལ། ཁྲ་བོ་ནི་བར་མ་དང་སོས་ཀའི་ཆེ་དུག་རྡོ་བ་ཡིན་ནོ། །སྦྲུལ་དེ་དག་ལས་གཞན་པ་ཐ་མལ་པ་ནི་དུས་ཚིགས་རྣམས་ལ་དུག་གི་ཤས་ཆེ་བ་ཡིན་ནོ། །འཁོར་ལོ་གཤོལ་དང
་གཡུང་དྲུང་བ་དུགས། །ལྕགས་ཀྱུའི་མཚན་པར་ལྡན་པ་ཡིན་ནོ། །གདེངས་ཀ་ཅན་ནི་མྱུར་འགྲོ་བ། །ཐམས་ཅད་གདེངས་ཀ་ཅན་ཞེས་བྱ་བ། ཞེས་བྱ་བ་ལ། སྤྲུལ་གདེངས་ཀ་ཅན་ནི་འཁོར་ལོ་དང་བཤོལ་ལ་སོགས་པའི་མཚན་མ་དང་ལྡན་ཞིང།
་མགོ་བོའི་གདེངས?་དང་མྱུར་དུ་འགྲོ་བར་བྱེད་པ་ཡིན་ནོ། །ལུས་འཁྱིལ་སྣ་ཚོགས་པ་ཡིན་ནི། །ཟླུམ་པོར་འདུག་པ་ལུས་འཁྱིལ་ཞིང། །རིང་ཞིང་འགྲོས་ནི་བུལ་བ་ཡིན་ནི། ཞེས་བྱ་བ་ལ། ལུས་འཁྱིལ་བ་ཞེས་བྱ་བའི་སྤྲུལ་ནི་རི་མོ་ཟླུམ་པོ་སྣ
་ཚོགས་པས་ཁྱབ་པ་དང། དེ་བཞིན་དུ་གཟུགས་རིང་ཞིང་འགྲོ་བའི་འགྲོས་བུལ་བ་ཡིན་ནོ། །རི་མོ་སྣ་ཚོགས་ལྡན་པ་དང། །སྣུམ་ཞིང་ཁ་དོག་སྣ་ཚོགས་པས། །ཆུ་ཞིང་བྲིས་འགྱུར་ཁྲ་བོ་ཡིན། །ཞེས་བྱ་བ་ལ། སྤྲུལ?་ཁྲ་བོ་ནི
་རི་མོ་སྣ་ཚོགས་དང་ལྡན་པ་ཁ་དོག་སྣ་ཚོགས་བས་འཕྲེད་དང་གྱེན་དུ་ཆུ་ཞིང་དུ་བྲིས་པ་ཡིན་ནོ། །གོ་དའི་བུ་ནི་གོ་ད་ཅན། །དུག་ནི་གདེངས་ཀ་ཅན་མཉམ་ལ། །རྐང་བཞི་བ་ཡི་ཞེས་བྱ་བ་ལ། །གོ་དའི་བུ་མིང་གོ་ད་ཅན་ཞེས་བྱ་བའི་སྤྲུལ་?་བྱེ?
་བྲག་སྟེ། དེ་ནི་གདེངས་ཀ་ཅན་གྱི་དུག་དང་མཉམ་པར་ལྡན་པ་འམ། །ཡང་ན་རྐང་བཞི་པ་ཡིན་ནོ། །སྦྲུལ་གཞན་ནི། འདི་དག་ཉིད་ནི་འདྲེས་པ་ལས། །འདྲེན་མའི་མཚན་ཉིད་ཅན་དེ་དེ། །འདུས་པའི་ནད་ཀྱིས་ལྡང་བར་བྱེད། །ཅེས་བྱ་བ་ལ། སྤྲུལ
་གཞན་ནི་འདི་བདག་ཉིད་འདྲེས་པ་ལས་འདྲེན་མའི་མཚན་ཉིད་ཅན་དེ། གདེངས་ཀ་ཅན་དང་ལུས་བསྐྱིལ་བ་དང། སྦྲུལ་ཁྲ་བོ་འདི་དག་གི་མཚན་ཉིད་འདྲེན་མ་ཡིན་པར་ཤེས་པར་བྱེད་པ་སྟེ། དེ་དག་གིས་ནི་འདུས་པའི་ནད་སྐྱེད་པར
་བྱེད་པ་ཡིན་ནོ། །ཟས་ཀྱི་དོན་དང་འཇིགས་པ་དང། །རྐང་པས་རེག་ལས་དུག་རབ་འཁྲུག་།རྐང་གི་རྒྱུ་དང་འགྲས་པ་དང། །ལྷ་དང་དྲང་སྲོང་གཤིན་རྗེས་བསྐུལ། །སྦྲུལ་གྱི་ཟིན་པར་གང་བཤད་པ། །ཕྱི་མའི་བཞིན་དུ་དུག་ཤས་ཆེ། །ཞེས
་བྱ་བ་ལ། སྦྲུལ་གྱི་རིགས་ཐ་མལ་པ་དེ་དག་ནི་ཟས་ཀྱི་དོན་ནམ་འཇིགས་པ་ལ་སོགས་པའི་རྒྱུས་སམ། ལྷ་དང་དྲང་སྲོང་དང་གཤིན་རྗེས་བསྐུལ་ཞིང་རྦད་པའི་དབང་གིས་སྦྲུལ་གྱིས་ན་འཛིན་ཟེར་བར་བྱེད་ལ། དེ་ཡང་ཕྱི་མ་བཞིན་དུ
་དུག་གི་ཤས་ཆེ་བ་ཡིན་ནོ། །དེས་ན་ཐམས་ཅད་བས་ཀྱང་གཤིན་རྗེ་འམ་འཆི་བདག་གིས་བསྐུལ་བའི་འཛིན་པར་བྱེད་པ་དེའི་དུག་མི་བཟད་པ་ཡིན་ནོ། །འཇུག་བའི་རྒྱུ་ནི་ཤེས་བྱས་ནས། །གསོ་བ་ཇི་བཞིན་བྱ་བ་ཡི་ན། ཞེས་བྱ་བ་ལ། སྦྲུལ
་རྣམས་ཀྱི་འཇུག་པའི་རྒྱུ་ཤེས་པར་བྱས་ནས། རང་གི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །ཕལ་པ་སྡིག་ཅན་དང་ཚུལ་བས། །ལམ་བཀག་ནས་ནི་གནས་པ་ཡིན། །གང་དུ་ཁ་ཆུ་གཤེར་བཙམ། །ལུས་ལ་སྣང་བར་བྱེད་འགྱུར་ཞིང། །མཆེ་བའི་རྨ་ནི་མི་མངོན
་གང། །དེ་ནི་མཆུ་གནོད་བྱེད་ཅེས་བྱ། །ཞེས་བྱ་བ་ལ། སྦྲུལ་ཕལ་པ་ནི་རང་བཞིན་ངན་པ་ཅན་ཡིན་པས་ལམ་བཀག་ནས་འདུག་པ་ཡིན་ལ། ལུས་ཀྱི་ཕྱོགས་གང་དུ་ཁ་ཆུ་འམ་བ་ཤེར་བ་ཙམ་སྣང་བར་གྱུར་གྱི་།མཆེ་བས་ཟིན་པའི་རྨ་མི་མངོན་པར
་གྱུར་པ་གང་ཡིན་པ་དེ་ནི་མཆུ་ས་གནོད་པར་བྱེད་པ་ཞེས་བྱའོ། །མཆེ་བ་གཅིག་ལས་རྗེས་གཉིས་མངོན། །ཁྲག་མེད་གྱུར་པ་བལྡགས་ཞེས་བྱ། ཞེས་བྱ་བ་ལ། སྤྲུལ་གང་གིས་ཟིན་པ་ན་ལུས་ལ་མཆེ་བ་གཅིག་གི་རྗེས་ལས་གཉིས་སུ་མངོན
་ཞེང་དེ་ཡང་ཁྲག་མེད་པར་གྱུར་པ་ནི། མིང་བལྡགས་པ་ཞེས་བྱའོ། །མཆེ་བའི་རྗེས་ནི་ཁྲག་བཅས་གཉིས། །རྣམ་པར་སྤྱད་པའོ། །ཞེས་བྱ་བ་ལ། ལུས་ལ་སྦྲུལ་གྱི་མཆེ་བའི་རྗེས་གཉིས་ཁྲག་དང་བཅས་པར་སྣང་བ་ནི་རྣམ་པར་བཅད་པ། ཞེས་བྱ་བའོ། །དེ
་གསུམ་ནི་ཤ་བཤད་ཤིན་ཏུ་པུག་པ་དང། ཁྲག་འབྱུང་སོ་ཡིས་ཟིན་བྱེད་བྱ། ཞེས་བྱ་བ་ལ། མཆེ་བས་ཟིན་པ་གསུམ་པོ་དེ་དག་ནི་ཤ་བཅང་པ་ལས་ཁྲག་རྒྱུན་དུ་འཛག་བ་ནི། སོ་ཡིས་ཟིན་པ་ཞེས་བྱའོ། །མཆེ་བའི་རྗེས་ནི་བཞི་སྣང་བ། །དེ་བཞིན་སོ
་འཛིན་བཙིར་བར་བཅད། ཅེས་བྱ་བ་ལ་མཆེ་བ་རྗེས་གང་ལ་ལུས་ལ་རྗེས་བཞི་སྣང་ཞིང། དེ་བཞིན་དུ་ཁྲག་རྒྱུན་མི་འཆད་པར་སྣང་བ་དེ་ནི་སོས་འཛིན་པ་བཙིར་བ་ཞེས་བྱའོ། །དེ་ལ་དུག་མེད་དང་པོ་གཉིས། །ཕྱི་མ་གཉིས་པོ་གསོར་མི་རུང་ཞེས་བྱ
་པ་ལ་སོས་བཏབ་པ་དེ་དག་གི་ནང་ནས་མཆུས་གནོད་པར་བྱེད་པ་དང། བལྡགས་པ་ཞེས་བྱ་བ་གཉིས་ནི་དུག་མེད་པ་ཡིན་ནོ། །ཕྱི་མ་སོ་ཡིས་འཛིན་པ་དང། སོས་འཛིན་པ་བཙིར་བ་ཞེས་བྱ་བ་ནི་གསོར་མི་རུང་བ་ཡིན། སྦྲུལ་གྱི་དུག་ནི་ཁྲག་དག་པ?། །
་མ་རྟེན་ལུས་ལ་གནོད་མི་བྱེད། ཅེས་བྱ་བ་ལ། སྤྲུལ་གྱི་དུག་ནི་ཁྲག་ལ་མ་རྟེན་པར་ལུས་ལ་གནོད་པར་མི་བྱེད་ཀྱི་དེ་ལ་བརྟེན་ནས་གནོད་པར་བྱེད་པ་ཡིན་ནོ། །ཁྲག་ནི་ཆུང་ཟད་ལ་བརྟེན་ཡང། །ཏིལ་མར་ཐིགས་པ་བཞིན་དུ་མཆེད། ཅེས་བྱ་བ་ལ། དུག་ནི
་ཁྲག་ཆུང་ཟད་ལ་བརྟེན་ཡང་ཏིལ་མར་གྱི་ཐིགས་པ་ཆུ་ལ་བླུགས་པ་བཞིན་དུ་མཆེད་པར་འགྱུར་རོ། །སྔར་མ་སྦྲུལ་གྱིས་རེག་པ་ལས། །འཇིགས་བས་རླུང་ནི་འཁྲུགས་པར་བྱེད། །ལན་འགའ་སྐྲད་པར་བྱེད་པ་དེ། སྦྲུལ་ཀྱི་ལུས་ཀྱིས་བཅོམ་ཞེས་བྱ། ཞེས་བྱ་བ་ལ།
་སྐྱེས་བུ་སྔར་མ་སྦྲུལ་གྱི་རེག་སྟེ། རྡངས་པ་ལས་རླུང་འཁྲུགས་པར་འགྱུར་ཞིང། ལན་འགའ་སྐྲང་པར་བྱེད་པ་ཡིན་ཏེ་དེ་ནི་སྦྲུལ་གྱིས་ལུས་བཅོམ་བ་ཞེས་བྱའོ། །བགྲོད་དཀར་མུན་བར་ཟུག་གྱུར་པ། །ལ་ལ་རྟོགས་པས་ཟིན་པ་དང། །དུག་གི་ཤུགས་དང་སློབ་དང་རིམས
་བརྒྱལ་བའམ་ཚ་བ་སྐྱེ་བའམ། །ན་ཞིང་རྨོང་བག་འཁྲུ་བར་འགྱུར། །དེ་ནི་རྟོག་པའི་དུག་ཅེས་བྱ། །ཞེས་བྱ་བ་ལ། སྐྱེས་བུ་ལ་ལ་ལམ་བགྲོད་དཀའ་བར་མུན་བའི་ནང་དུ་རྒྱུ་བ་ལས་ཚེར་མ་ལ་སོགས་པ་འགའ་ཞིག་གིས་ཟུག་པར་གྱུར་བ་དང། ད་སྦྲུལ་གྱིས་ཟིན་པའི་རྟོག
་པ་སྐྱེས་ཏེ། དེའི་དབང་གིས་དུག་གི་ཤུགས་སློན་པ་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་ལྟ་བུ་དེ་ལ་ནི། རྟོག་པའི་དུག་ཅེས་བྱའོ། །དུག་བཅས་ནད་ཀྱིས་ཟུག་པ་དང། སྐྲང་དང་གཡའ་དང་རིམས་བཅས་པ། ལ་ལ་ཚ་ཞིང་རྨེན་བུར་བཅས། །དེ་ལས་བཟློག་པ
་དུག་མེད་ཡིན། །ཞེས་བྱ་བ་ལ། མཆེ་བའི་དུག་དང་བཅས་པ་ནི་ཤེ་ཆེར་ཟུག་པ་དང་སྐྲངས་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །དུག་མེད་པ་ནི་ཟུག་པ་ལ་སོགས་པའི་མཚན་མ་མེད་པ་ཡིན་ནོ། །གདེངས་ཀ་ཅན་ཤུགས་དང་པོ་ལ། །ནད་ཁྲག་ནག་པོ་འཛག་པར
་འགྱུར། །མིག་དང་གདོང་སོགས་གནག་བ་དང། །སྲིན་བུ་རེག་པ་སྙམ་དུ་སེམས་ཞེས་བྱ་བ་ལ། གདེངས་ཀ་ཅན་གྱི་ཤུགས་ཀྱི་དང་པོ་ལ་ནི། ནད་ཁྲག་ནག་པོ་འཛག་པར་འགྱུར་བ་དང། །གདོང་ལ་སོགས་པ་གནག་པ་དང། ལུས་ལ་སྲིན་བུ་རྒྱུ་བ་སྙམ་དུ་སེམས་པ་ཡིན
་ནོ། །ཤུགས་གཉིས་པར་ནི་རྨེན་བུ་སྐྱེ། གསུམ་པར་མགོ་ནི་ལྕི་བར་འགྱུར་ཞེས་བྱ་བ་ལ། དུག་གི་ཤུགས་གཉིས་པ་ལ་ནི། རྨེན་བུ་སྐྱེ་བར་འགྱུར་བ་དང། ཤུགས་གསུམ་པར་མགོ་བོ་ལྕི་བར་འགྱུར་བ་ཡིན་ནོ། །བཞི་བར་མིག་འབྱེད་དཀའ་བ་དང། སོས་བཏབ་བརྣགས་ཤིང
་མཆིལ་མ་སློན། ཞེས་བྱ་བ་ལ། གདེངས་ཀ་ཅན་གྱིས་ཟིན་པའི་ཤུགས་བཞི་པ་ལ་ནི་མིག་འབྱེད་པར་དཀའ་བ་ལ་སོགས་པ་ཡིན་ནོ། །ལྔ་པར་ཚིགས་འབྱེ་སྙམ་སེམས་དང། །སྤྱིད་ཞན་ཚིགས་ནི་འཇིགས་པ་དང། ལུས་ཚ་སྐྱིགས་བུ་འབྱུང་བ་ཡིན། ཞེས་བྱ་བ་ལ།
་དའི་ཤུགས་ལྔ་པ་ནི། ལྷུ་ཚིགས་འབྱེད་པ་སྙམ་དུ་སེམས་པ་ལ་སོགས་པ་ཡིན་ནོ། །དྲུག་པར་སྙིང་ན་ལུས་ལྕི་ཞིང། །བརྒྱ་ལ་འཁྲུལ་ཟས་མི་འཇུག་།ཞེས་བྱ་བ་ལ། ཤུགས་དྲུག་པ་ལ་ནི་སྙིང་ན་བ་ལ་སོགས་པ་ཡིན་ནོ། །བདུན་བར་ཞུ་བའི་གནས་ཕྱེན་ནས། །
་འབྲག་གོང་རྒྱ་བ་དང་སྒལ་ཚིགས་དང། རྐེད་པ་ཞིགས་པ་སྙམ་སེམས་ཤིང། སྤྱོད་ལམ་ཐམས་ཅད་ལས་ཉམས་འགྱུར། ཞེས་བྱ་བ་ལ། གདེངས་ཀ་ཅན་གྱི་ཤུགས་བདུན་པ་ལ་ནི་ཁུ་བའི་གནས་སུ་དུག་དེས་ཕྱིན་པར་འགྱུར་ཏེ། འཕྲག་གོང་ན་བལ?་སོགས་པར
་འགྱུར་རོ། །དེ་ནས་ལུས་བསྐྱིལ་བས་ཟིན་ན། ནད་ཁྲག་སེར་པོར་འགྱུར་བ་དང། །དེ་ཡིས་ལུས་སེར་འཚེ་བ་སྐྱེ། ཞེས་བྱ་བ་ལ། སྦྲུལ་ལུས་འཁྱིལ་བ་ཞེས་བྱ་པས་ཟིན་པ་ནི་ཁྲག་སེར་པོར་གྱུར་པ་ལ་སོགས་པ་ཡིན་ནོ། །གཉིས་པ་སྐྲང་བར་འགྱུར་པ་ཡིན། ཞེས་བྱ་བ་ལ། ལུས
་བསྐྱིལ་བའི་ཤུགས་གཉིས་པ་ནི། ལུས་སྐྲང་བར་འགྱུར་རོ། །གསུམ་བས་སོས་བཏབ་བརྣགས་པ་དང། །རྡུལ་དང་སྐོམ་དང་སྐྱེ་བར་འགྱུར། ཞེས་བྱ་བ་ལ། ཤུགས་གསུམ་པ་ལ་ནི་སོས་བཏབ་བའི་རྗེས་བརྣགས་པ་ལ་སོགས་པར་འགྱུར་རོ། །བཞི་པར་ཁོང་ཚ་རིམས
་ཀྱིས་འདེབས། །ལྔ་པར་ལུས་ཀུན་ཁྱབ་པར་ཚ། ཞེས་བྱ་བ་ལ། བཞི་པ་དང་ལྔ་པའི་དུག་གི་ཤུགས་ནི་ཁོང་ཚ་བ་ལ་སོགས་པར་འགྱུར་རོ། །སྦྲུལ་ནི་ཁྲ་བོས་ཟིན་གྱུར་ན། །ཁྲག་ནི་སྐྱ་བོར་འགྱུར་བ་དང། །དེས་ནི་ལུས་མདོག་སྐྱ་བོར་འགྱུར། །ཞེས་བྱ་བ་ལ། སྦྲུལ
་ཁྲ་བོས་ཟིན་པར་གྱུར་ན་ཁྲག་གི་ཚོགས་སྐྱ་བར་འགྱུར་ལ། རྒྱུ་ངེས་ན་ལུས་ཀྱང་མདོག་སྐྱ་བོར་འགྱུར་རོ། །གཉིས་པར་ལུས་ནི་ལྕི་བར་འགྱུར། ཞེས་བྱ་བ་ལ། ཤུགས་གཉིས་པ་ལ་ནི་ལུས་ཤིན་ཏུ་ལྕི་བར་འགྱུར་རོ། །གསུམ་པར་སོས་བཏབ་བརྣགས
་པ་དང། མིག་དང་ཁ་སྣ་ལས་འཛག་འགྱུར། །ཞེས་བྱ་བ་ལ། ཤུགས་གསུམ་པ་ལ་ནི་རྣགས་པ་ལ་སོགས་པར་འགྱུར་རོ། །བཞི་བར་མགོ་ལྕི་གཉའ་རེངས་འགྱུར་བ་ཞེས་བྱ་བ་ལ། དུག་གི་ཤུགས་བཞི་པ་ལ་ནི། མགོ་ལྕི་བ་ལ་སོགས་པར་འགྱུར་རོ། །ལྔ
་པར་ལུས་ཚིགས་ན་བ་དང། །གྲང་བའི་རིམས་ཀྱིས་འདེབས་པར་བྱེད། །ཅེས་བྱ་བ་ལ། ཤུགས་ལྔ་པ་ལ་ནི་ལུས་ཚིགས་ན་བལ་སོགས་པར་འགྱུར་རོ། །ལྷག་མ་གཉིས་པ་སྔ་མར་མཚུངས། ཞེས་བྱ་བ་ལ། ཤུགས་དྲུག་པ་དང་བདུན་པ་ནི་གདེངས་ཀ་ཅན་གྱི
་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཤུགས་ནི་ལྔ་པར་གསོ་བ་དག་།བྱ་ཡིས་དེ་ལས་ཕན་ཆད་མིན། །ཞེས་བྱ་བ་ལ། དེ་དག་གི་ཤུགས་ལྔ་པའི་བར་གྱི་གསོ་བར་བྱའི། དྲུག་པ་དང་བདུན་པ་ལ་ནི་གསོ་བར་མི་བྱའོ། །ཆུ་ཡི་ཡེངས་དང་ཆགས་པ་ཟད། །སྐྲག་དང་ནེའུ
་ལེ་ཕན་པ་དང། །གྲང་ལྷགས་ཉི་ཆན་རླུང་དང་ནད། །བཀྲེས་སྐོམ་དལ་བས་གཟིར་བ་དང། ཕྱོགས་གཞན་ནས་ནི་རིངས་པར་འོངས། །དུག་སྤངས་བགས་བ་རྗེས་པ་དང། །འཇག་མ་སྨན་དང་ཚར་མ་ཅན། །ནགས་ཚལ་རྒྱུ་བ་གང་ཡིན་དང། །རིགས་པ་ལ
་སོགས་བསྟེན་ཕྱོགས་གནས། །སྦྲུལ་དེ་དུག་ནི་ཆུང་བར་འདོད། །ཅེས་བྱ་བ་ལ། སྦྲུལ་གང་ཆུས་གཡེངས་པ་དང། །ཆགས་པ་སྤྱོད་པ་ཟད་པ་དང། །སྐྲག་པ་ལ་སོགས་པ་དང། ཡུལ་ཕྱོགས་གང་རིགས་སྔགས་ལ་སོགས་པ་བསྟེན་ཅིང་གྲུབ་པའི་ཕྱོགས་ན
་གནས་པ་སྟེ། སྦྲུལ་དེ་དག་ནི་དུག་ཆུང་བ་ཡིན་ནོ། །དུར་ཁྲོད་སྟི་གནས་ཤིང་གཅིག་སོགས། །ཆོས་ལྔ་དང་ནི་དུས་ཚིགས་དང། །ཆོས་བརྒྱད་ཆེས་དགུ་ཐུན་མཚམས་དང། །ནམ་ཕྱེད་དང་ནི་ཉི་མའི་གུང། །བྲ་ཉེ་སྨིན་དྲུག་མཆུ་དང་སྐག་།ས་ག་ཆུ་སྟོད་ཁྲུམས
་སྟོད་དང། སྣརུབས་དང་བྲ་ཉེ་ཡུང་ཙམ་ལ། །གནང་དུ་ཟུང་བ་སླང་བར་བྱ། །ཞེས་བྱ་བ་ལ། དུར་ཁྲོད་ལ་སོགས་པའི་གནས་སུ་སྦྲུལ་གྱིས་ཟིན་པ་དང། ཚེས་ལྔ་ལ་སོགས་པའི་དུས་སུ། །བྲ་ཉེ་ལ་སོགས་པའི་སྐར་མ་ལ་བབ་བ་དང། དེ་བཞིན་དུ་ཡུང་ཙམ་ཞེས་བྱ་བའི་དུས་ལ་?
་བ་དང། གནད་དུ་གཟུང་བ་གང་ཡིན་པ་དེ་ནི་གསོར་མི་རུང་བས་སྤང་བརྦྱའོ། །ཟིན་པའི་མོད་ལ་བཞིན་སྐྱ་ཟིང། །སྐྲ་ནིའི་བྱི་བར་བྱེད་པ་དག། ལྕེ་འཁུམ་ཡང་དང་ཡན་དུ་བརྒྱལ། །དབུགས་གྲང་གང་ཡིན་དེ་མི་འཚོ། །ཞེས་བྱ་བ་ལ། སྐྱེ་བུ་གང་སྦྲུལ་གྱིས་ཟིན་མ
་ཀླག?་བཞིན་སྐྱེ་བ་འགྱུར་པ་དང་སྐྲ་འབྱི་བར་བྱེད་པ་ལ་སོགས་པ་གང་ཡིན་པ་དེ་མི་འཚོའོ། །སྐྱིགས་བུ་དབུགས་མི་བདེ་ཞིང་སློན། །ལུས་ཅན་ཟིན་པའི་མོད་ལ་ནི། །སྙིང་ནས་གཟེར་བར་འགྱུར་བ་དག་།ཅི་གཅར་འབྱུང་བ་དེ་མི་འཚོ། །ཞེས་བྱ་བ་ལ། ཡང་སྐྱིགས་བུ་ལ
་སོགས་པ་ཟིན་པའི་མོད་ལ་དུས་གཅིག་ཏུ་འབྱུང་བ་དེ་ཡང་མི་འཚོའོ། །འདུ་ཤེས་གཏོར་ཞིང་དབུ་བར་སྐྱུག་།རྐང་པ་ལག་པ་བཞིན་གནག་ཅིང། །སྣ་ཞོམ་ཡན་ལག་ཞིགས་པ་དང། །ཚིགས་ལྟོང་བཤང་པ་འཁྲུབ་ཡི། །དུག་འཐུངས་པ་དང་སྦྲུལ་གྱིས་ཟིན། །དུག
་ཅན་མདའ་ཡིས་ཕོག་གྱུར་པ། །ཚུལ་ནི་འདི་དག་སྣང་གྱུར་ན། །སྲོག་ཟང་པར་ནི་འགྱུར་བ་ཡིན། ཞེས་བྱ་བ་ལ། སྐྱེས་བུ་གང་སྦྲུལ་གྱིས་ཟིན་པའམ། དུག་མངས་ཕོག་པ་འདུ་ཤེས་གཏོར་ཞིང་དབུ་བ་སློན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ནི་ཉེ
་བར་འཆི་བར་འགྱུར་རོ། །སྣ་སྨན་རྣོན་པོ་མི་ཚོར་ཞིང། །རྨན་མ་ཁྲག་ནི་མི་འབྱུང་ལ། །དབྱུག་པས་བསྣུན་ན་རྗེས་མི་མངོན། །བཤིན་རྗེའི་ཐད་དུ་འགྲོ་བ་ཡིན། ཞེས་བྱ་བ་ལ། སྣ་སྨན་རྣོན་པོ་བཏང་ཡང་ཚོར་བ་མེད་པ་ལ་སོགས་པ་དེ་ཡང་མི་འཚོའོ།།
་དེ་ལས་གཞན་དུ་སྒྲན་པ་?། །འབར་བའི་ཁྱིམ་ནས་འབྱུང་བ་བཞིན། །ལྐོག་མར་བྱིན་པའི་སྲོག་བསྲུང་ཞིང། །དུག་ནི་མྱུར་དུ་བསལ་བར་བྱ། ཞེས་བྱ་བ་ལ། སྔར་བཤད་པའི་མཚན་ཉིད་དང་མི་ལྡན་པ་གཞན་དག་ནི། །སྨན་པས་ངེས་པ
་བསྲུང་བར་བྱ་སྟེ། ཇི་ལྟར་འབར་བའི་ཁྱིམས་ནས་འབྱུང་བ་བཞིན་དུ་ལྐོག་མར་ཕྱིན་ཅིང་འགགས་སུ་ཉེ་བའི་སྲོག་དེ་བསྲུང་བར་བྱའོ། །ལུས་ཅན་དགུ་གིས་ཟིན་གྱུར་པ། །གྲངས་བརྒྱ་འབྱོར་དུ་གནས་ནས་ནི། །ལུས་ཟུངས་ཁྲག་ལ
་སོགས་ལ་གནོད་བྱེད་ཅིང། །ལུས་ལ་ཁྱབ་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། མི་སྦྲུལ་གྱི་དུག་གིས་ཟིན་པར་གྱུར་ན་རྨའི་སྒོར་གྲངས་བརྒྱ་བགྲངས་པའི་དུས་ཚིགས་ཅན་དུ་གནས་ནས། དེའི་འོག་ཏུ་ཁྲག་ལ་སོགས་པའི་ལུས་ཟུངས་ལ།
་གནོད་པར་བྱེད་ཅིང་ལུས་ལ་ཁྱབ་པར་བྱེད་དོ། །དུས་འདིའི་བར་དུ་འདུག་པ་ཡི། །མཆེ་བས་ཟིན་པ་བཅས་སོགས་ལས། །བྱ་ཞིང་ལྕི་ནས་ལུས་ལ་ནི། དུག་གིས་ཡལ་ག་མ་འཕྲོས་བྱ། །ཞེས་བྱ་བ་ལ། གྲངས་བརྒྱ་རྫོགས་པའི་དུས་འདིའི་བར་དུ
་དུག་གིས་ཟིན་པ་དེ་བཅད་དང་བསྲེག་པ་ལ་སོགས་པ་བྱ་ཞིང་དུག་གི་ཡལ་གས་ལུས་ལ་ཁྱབ་པར་མི་འགྱུར་བར་བྱའོ། །ཟིན་པའི་མོད་ལ་མྱུར་དུ་ནི། །སྦྲུལ་དེ་ཉིད་ནི་ཟ་བ་འམ། །ས་འམ་བོད་པ་གཅོང་བྱེད་ན། །རིངས་པར་གྱུར་ན་སྨན་པ་ཡིས།།
་མཆིལ་མས་བྱུག་པར་བྱ་བ་འམ། །རྣ་སྤངས་ཀྱིས་ནི་བསོས་རྗེས་བསྐུ། །ཞེས་བྱ་བ་ལ། མི་སྦྲུལ་གྱིས་ཟིན་མ་ཐག་སྦྲུལ་དེ་ཉིད་མྱུར་དུ་ཟ་བར་བྱེད་པ་འམ། ས་འམ་བོད་པ་སོགས་པ་འདེབས་པར་གྱུར་ན་སྨན་པས་རིངས་པ་ཁོ་ནར་མཆིལ་མས
་བྱུག་པ་ལ་སོགས་པ་བྱའོ། །མཆེ་བས་བཏབ་པའི་གོང་དུ་ནི། །སོར་བ་ཞིས་རས་མ་ལ་བྱས་པ། །སོ་མ་འམ་འོད་མ་བྱས་པ། །སྔགས་ཤེས་པ་ཡིས་འགྲུབ་སྔགས་བཟླ། ཞེས་བྱ་བ་ལ། སྨན་པས་སྦྲུལ་གྱི་མཆེ་བས་བཏབ་པའི་སོར་བཞིའི་ལྟག
་ཏུ་ངེས་ལས་བྱས་པའམ། །གསོ་བ་ལ་སོགས་པ་ལས་བྱས་པའི་ཆིངས་མས་བཅིང་ཞིང། །སྔགས་ཞེས་བྱ་བ་ནི་སྔགས་པས་གསང་སྔགས་བཟླ་བར་བྱའོ། ཆུ་ལོན་གྱིས་ཆུ་ལྟ་བུར། །བཅིངས་པས་དུག་ནི་འཕྲོས་མི་འགྱུར། །དུག་གི་བཅིང
་སོགས་ཉེན་པ་ཡི། །རྩ་ལས་རྒྱུ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། དུག་བཅིང་པ་གང་ཡིན་པ་དེས་བཀག་པར་ན་ཆུ་ལོན་གྱིས་ཆུ་བཟློག་པ་དང་འདྲ་བར་རྩའི་སྒོ་ལས་དུག་དེ་རྒྱུ་བར་མི་འགྱུར་རོ། །བཙིར་ནས་སོས་བཏབ་དབྱུང་བྱ་ཞིང། །ཚིགས་དང་སྐད་དུ
་མ་ཆུད་དེ། །ས་བོན་ཉམས་པའི་མྱུ་གུ་བཞིན། །དུག་ཤུགས་དེ་ནི་འབྱུང་མི་འགྱུར། །ཞེས་བྱ་བ་ལ། སོས་བཏབ་དེ་བཙིར་ཞིང་བསྡམས་ནས་ཚིགས་དང་སྣང་དུ་མ་སོང་བར་དེ་དབྱུང་བར་བྱ་སྟེ། དེ་ལྟར་བྱས་ན་ས་བོན་ཉམས་པ་དང་འདྲ་བར་དུག་གི་ཤུགས་?
་དབྱུང་བར་མི་འགྱུར་རོ། །ལུས་འཁྱིལ་སོ་རྗེས་མཁྲིས་བསྐྱེད་པས། །དེ་མ་གཏོགས་པ་གཞན་དག་ནི། ལྕགས་དང་གསེར་ལ་སོགས་པས་སམ། །མགལ་མེ་ཡིས་ནི་མྱུར་དུ་བསྲེག་།མེ་ཡིས་ཐལ་བར་བྱེད་གྱུར་ན། །ཅི་ཕྱིར་དེ་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ།
་ལུས་འཁྱིལ་པ་ཞེས་བྱ་བའི་སོ་རྗེས་ནི་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་པས། དེའི་མ་རྟོགས་པ་གདེངས་ཀ་ཅན་དང་ཁྲ་བོ་སྟེ་གཞན་དག་གི་དུག་ནི་ལྕགས་ལ་སོགས་པ་མེར་བསྲེགས་པ་འམ། འགལ་མེ་ཞེས་བྱ་བ་ཤིང་ཕྱེད་ཚིག་པའི་མེས་བསྲེབ?་པར།
་བྱ་སྟེ། དེ་ལྟ་བུས་ནི་མྱུར་བར་ཐལ་བ་ཉིད་དུ་བྱེད་པར་འགྱུར་གྱི། མི་བྱེད་པ་མ་ཡིན་ནོ། །ས་དང་ལྕི་བ་རྨ་སོགས་ཀྱིས། །ཁ་བཀང་ནས་ནི་ཞིབ་པར་བྱ། ཞེས་བྱ་བ་ལ། ཡང་ན་རྨ་དེ་ལས་ལ་སོགས་པ་གང་ཡང་རུང་བའི་ཁ་དང་བཞིབ་པར་བྱའོ། །ཆིངས་མའི་ནང
་དུ་ཤ་ཕྱེའི་ཕྱོགས། །མཆོག་ཏུ་ཞལ་ཞལ་བྱ་བ་དང། །ཡན་ལག་མཆེ་བས་ཟིན་བཅས་པས། །དུག་སྨན་གྱིས་ནི་ཡང་ཡང་བསྐུ། །ཙན་དན་པུ་ཤེལ་ཙེ་ལྡན་པའི། །ཆུ་ཡིས་ཀྱང་ནི་བླུགས་པར་བྱ། །ཞེས་བྱ་བ་ལ། རྨའི་སོར་བཞིའི་གོང་དུ་བཅིངས་པའི།
་ནང་དུ་ཤ་ཆེ་བའི་ཕྱོགས་སུ་ཞལ་ཞལ་བྱས་ལ་དེ་དུག་སྨན་བསྐུ་ཞིང་ཙན་དན་ལ་སོགས་པའི་སྨན་གྱི་ཆུ་བླུགས་པར་བྱའོ། །དུག་གིས་ཁྱབ་པར་གྱུར་པ་ལ། །གཏར་ག་གདབ་པ་གསོ་མཆོག་སྟེ། །ཁྲག་ནི་ཕྱུང་བར་གྱུར་པ་ན། །མ་ལུས་དུག་ནི་དབྱུང་བར་འགྱུར།།
་ཞེས་བྱ་བ་ལ། དུག་གིས་ལུས་ལ། ཁྱབ་པས་གཏར་གས་ཁྲག་གདོན་པ་ནི་གསོ་བའི་མཆོག་ཡིན་ཏེ། ཁྲག་ཕྱུང་བས་དུག་དབྱུང་བའི་ཕྱིར། །དུག་བཅས་ཁྲག་ནི་དྲི་མི་ཞི། མེར་བསྲེགས་སྒྲ་ནི་ཙག་ཙག་ཟེར། ཞེས་བྱ་བ་ལ། དུག་དང་བཅས་པའི་ཁྲག
་ནི་དྲི་མ་ཞིམ་པར་འགྱུར་བ་དེ་བཞིན་དུ་མེར་བསྲེགས་ན་སྒྲ་འཚག་ཅིང་ཙོག་ཙག་ཟེར་བ་འབྱུང་བར་འགྱུར་རོ། །ན་གཞི་ཇི་བཞིན་དག་གྱུར་པ། །ཁྲག་ནི་སྔ་མ་བཞིན་ཤེས་བྱ། ཞེས་བྱ་བ་ལ། སྐྱོན་མེད་པའི་ཁྲག་ཇི་ལྟ་བུ་ཡིན་པ་ཡང་སྔར་བཤད་པའི་ཆུ་ལ་ལས་ཤས
་བར་བྱའོ། །རྩ་ནི་སྣང་བར་མ་གྱུར་ན། རྡག་རྭ་སྲིན་བུ་པདྨས་སྦྱར། ཞེས་བྱ་བ་ལ་།གལ་ཏེ་རྩ་མི་མངོན་ན་རྡག་རྭ་པས་ལ་སོགས་པས་ཁྲག་དབྱུང་བར་བྱའོ། །ཁྲག་དབྱུང་བའི་ལྷག་མ་ནི། །དུག་ནི་དྲོད་ཀྱིས་ཞུ་བར་འགྱུར། །ཤིན་ཏུ་བསིལ་བའི་སྨན་བསྐུ་དང། །བླུགས་པ་ཡིས་ནི
་བསལ་བར་བྱ། ཞེས་བྱ་བ་ལ། གཏར་གས་ཁྲག་བྱུང་པའི་ལྷག་མ་དུག་གིས་དྲོང་ཀྱིས་ལུས་ལ་ཞུ་ཞིང་ཁྱབ་བར་གྱུར་བ་ནི་བསིལ་སྨན་བསྐུ་བ་ལ་སོགས་པས་བསལ་བར་བྱའོ། །དུག་གི་ཤུགས་ཀྱིས་མ་ཞུ་བས། །བརྒྱལ་དང་མྱོས་དང་སྙིང་འཇོག་འགྱུར། །རླུང་གཡབ་སྦུ
་ལྡང་བྱེད་པས་བསལ། །ཞེས་བྱ་བ་ལ། གང་གི་ཕྱིར་དུག་གི་ཤུགས་ཀྱིས་ཁྲག་མ་ཞུ་ཞིང། འཐས་པར་གྱུར་ན་རྒྱལ་བ་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་ལ་ནི་བསིལ་སྨན་ལ་སོགས་པས་བསལ་བར་བྱའོ། །ཁྲག་ནི་སླ་བར་གྱུར་ན་དུག་།འཕྲལ་དུ་ཤུགས་ནི་ཞི
་བར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དུག་དེ་སླ་ཞིང་ཟག་པར་གྱུར་ན། མོད་ལ་ཤུགས་ཞི་བར་འགྱུར་རོ། །དུག་ནི་རྣོ་བས་སྙིང་འདར་བྱེད། །དེ་བསྲུངས་ཕྱིར་ནི་ཞུན་མར་དང། །མར་དང་བཅས་པའི་སྦྲང་རྩི་འམ། །དུག་སྨན་མར་སྤྲུས་པ་བླུད་ཅེས་བྱ་བ་ལ། དུག་ནི་ཤིན་ཏུ
་རྣོ་བ་ཡིན་པའི་ཕྱིར་སྙིང་ལ་གནོད་ཅིང་འདར་བར་བྱེད་ལ། དེ་བས་ན་སྙིང་དེ་བསྲུང་པའི་ཕྱིར་ཞུམ་མར་ལ་སོགས་པ་བླུད་པར་བྱའོ། །དེ་ཡིས་སྙིང་ནི་འགགས་བྱེད་པས། །སྙིང་གར་བད་ཀན་སོགས་པ་བྱེད། །ཅེས་བྱ་བ་ལ། སྐྱེས་བུ་དེ་ལ། སྙིང་གི་གནས་སུ་ནང་ཀྱིས
་འགགས་པར་བྱེད་ཅིང། བད་ཀན་སོགས་པར་བྱེད་པར་འགྱུར་རོ། །ལུས་ལྕི་ནད་ནི་གློངས་པ་དང། །སྙིང་འཕར་དེ་ནི་སློན་དུ་བཞུ། གཤེར་རྫས་སྐྱུར་རྩ་བས་རྒྱ་སྲན་དང། །ཏིལ་དང་ཆད་སོགས་མ་རྟོགས་བ། །དུག་སེལ་བ་ཡི་སློན་སྨན་བཏང། །དེས་ནི་ལུས་ལ་ཁྱབ་མི་འགྱུར། །ཞེས་བྱད་ལ།
་དེའི་འོག་ཏུ་ལུས་ལྕི་བ་ལ་སོགས་པ་འབྱུང་བར་འགྱུར་ལ་དེས་ན་སྐྱུར་རྩ་བས་ཀན་ལ་སོགས་པ་མ་གཏོགས་པ་དུག་སེལ་པའི་སྨན་གྱི་སློན་སྨན་བཏང་བར་བྱ་སྟེ། དེ་ལྟར་བྱས་ན་དུག་དེས་ལུས་ལ་ཁྱབ་པར་མི་འགྱུར་རོ། །སྦྲུལ་དང་ཉེས་པ་རང་བཞིན་དང། །གནས་དང་ཤུགས
་ནི་ཁྱད་པར་ནི། །ཕྲ་མོ་ཡན་ཆད་ལེགས་བརྟགས་ལ། །གསོ་བ་ཁྱད་པར་ཅན་བྱའོ། །ཞེས་བྱ་བ་ལ། སྦྲུལ་གྱི་ཁྱད་པར་དང། ཉེས་པ་ནས་ཤུགས་ཀྱི་ཁྱད་པར་དུ་ཕྲ་མོ་ཡན་ཆད་བྱང་ལེགས་པར་བརྟགས་ལ། དེ་དང་འཚམ་པའི་གསོ་པ་ཁྱད་པར་ཅན་བྱའོ། །སྲིན་བུ་བ་རིའི་རྩ་བ་དང།།
་གི་རི་ཀར་ནི་དཀར་པོ་ཆུ། །བཏང་བ་གདེངས་ཀ་ཅན་བཞིན་སྒར། །སྣ་སྨན་རུ་རྟ་སྦྲང་རྩི་བཏང། །ཞེས་བྱ་བ་ལ། སྲིན་བུ་བ་རིའི་རྩ་བ་ལ་སོགས་པའི་སྨན་ནི། །གདེངས་བ་ཅན་གྱིས་ཟིན་པ་ལ་བླུད་པར་བྱ་ལ། དེ་བཞིན་དུ་རུ་རྟའི་སྣ་སྨན་ཡང་བཏང་བར་བྱའོ། །སྦྲུལ་ནག་གིས་ནི་ཟིན་པ་ལ། །ཁྲག
་གཏར་ནས་ནི་བཅའ་བ་དང་ན་ཀོ་ལ་ནི་སྦྱར་བར་བསྐུ། །ཡང་ན་རྩ་རྣོན་དུག་གིས་བསྐུ། །ཞེས་བྱ་བ་ལ། མི་སྦྲུལ་ནག་པོས་ཟིན་པ་ལ་གཏར་ག་གདབ་པ་དང་བཅའ་བ་ལ་སོགས་པའི་ལྡེ་གུ་དང། རྩ་བ་རྣོ་བའི་དུག་གིས་སོས་ཟིན་བ་ལ་གསོ་བར་བྱའོ། །བཏུང་བར་བཅོད་དང་སྦྲང་རྩི་དང། །ཁང
་པའི་དུད་པ་མར་སྦྱར་བླུད། ཅེས་བྱ་བ་ལ། སྦྲུལ་ནག་པོས་ཟིན་པ་ལ་བཅོད་པ་ལ་སོགས་པ་བླུད་ན་ཕན་ནི། །གདེངས་ཀ་ཅན་དང་རི་མོ་ཅན། །མི་ཟད་དུག་གིས་ཟིན་པ་ལ། །ཏནབུ་ལེ་ཡ་ཏང་བལ་དང། །གེ་རི་ཀརྞི་རྣམ་གཉིས་དང། །ཁ་ལུང་ཁཎྜ་སེའུ་ནི། །བཏུང་དང་སྣ་སྨན་མིག་སྨན་བྱ།།
་ཞེས་བྱ་བ་ལ། གདངས་?་ཅན་དང་རི་མོ་ཅན་གྱི་བུག་མི་བཟང་པ་ལ་དནདུ་ལི་ཡ་ལ་སོགས་པའི་དུག་སྨན་བཏུང་བ་ལ་སོགས་པར་གཏད་ན་ཕན་མོ་ཨ་ཤྭ་གནད་རྒུན་འབྲུམ་དང། །གི་རི་ཀརྞི་ས་ནག་དང། །ཧ་ཏི་བི་ལི་ལིང་དང་ནི། །བྱིའུ་རུག་པའི་ལོ་མ་དང། །ལིབ་སེའུ་འབྲུ་?
་ཆད?་ནི་ཕྱེད་ཕྱེད་སྦྲང་རྩིར་སྦྱར། །དུག་སྨན་ཡིན་ཏེ་ཁྱད་པར་དུ། །ལུས་འཁྱིལ་སྦྲུལ་གྱི་དུག་ལ་ཕན། །ཞེས་བྱ་བ་ལ། ཨ་ཤྭ་གནད་ལ་སོགས་པའི་ཆ་ཆ་བསྙམས་དུ་བྱས་པ་ལ་བྱེའུ་རུག་པ་ལ་སོགས་པའི་ཕྱེད་ཕྱེད་དང་སྤྲང་རྩི་དང་སྦྱར་པའི
་དུག་སྨན་ནི་དུག་ཐམས་ཅད་སེལ་ཅད་མཆོག་ཏུ་གདེངས་ཀ་ཅན་གྱི་དུག་ལ་ཕན་ནོ། །ལོ་མ་ལྔ་དང་འབྲས་བུ་གསུམ། །ཤིང་མངར་ནག་པུསྤ་དང། །ེ་ལ་བ་ལ་ཛི་བ་ཀ་།ཟངས་རྩི་བ་དང་སྤུ་ཤེལ་ཙེ། །ཁ་ར་ཤུག་བ་ཨུཏཔལ། །སྦྲང་རྩི་དང་སྦྱར་ཁ་བ་ཅན། །ཞེས
་བྱ་ལུས་འཁྱིལ་དུག་འཇོམས་སོ། །བསྐུས་ན་སྐྲད་དང་ཤུ་བ་མཆེད། །འབྲུམ་བུ་རིམས་དང་ལུས་ལྕི་སེལ། །ཞེས་བྱ་བ་ལ། ལོ་མ་ལྔ་བ་ལ་སོགས་པའི་དུག་སྨན་དུ་སྦྱར་བ་ནི། །མིང་ཁ་བ་ཅན་ཞེས་བྱ་སྟེ། དེས་ནི་ལུས་འཁྱིལ་པའི་དུག་སེལ་པ་དང་བསྐུས་ན་སྐྲང་བ
་ལ་སོགས་པ་སེལ་བར་བྱེད་དོ། །ཏང་པ་ལ་ནྱ་གྲོ་དྷའི་མྱུ་གུ། །ཛི་བ་ཀ་དང་ཟངས་རྩི་བ། །ཁ་ར་དཀར་པོ་ཤིང་མངར་བཙོང། །ཁུ་བ་ལུས་བསྐྱིལ་དུག་ལ་བླུད། ཅེས་བྱ་བ་ལ། ལུས་སྐྱིལ་བའི་དུག་གིས་ཟིན་པ་ལ་ནི་ཏད་པ་ལ་ལ་སོགས་པའི་སྨན་ཆུ་དང་སྦྱར་བ་བླུད་པར
་བྱའོ། །རོང་མའི་ཤུན་བ་ས་བོན་དང། །བཅའ་སྒ་པ་ཏོ་ལའི་ས་བོན། །ཤིར་ཤའི་ས་བོན་སྤུ་ཙི་ཤེལ། །འབྲས་ཀྱི་རྩ་བ་བོང་ད་དཀར། །ཤུ་དག་པ་བཅིན་བཅས་པར་བཏགས། །ཡན་ལག་བརྒྱད་པ་ཞེས་བྱ་སྟེ། །གོ་ན་ས་ཡི་དུག་འཇོམས་སོ། །ཞེས་བྱ་བ་ལ། འོང
་མའི་ཤུན་པ་དང། ས་བོན་ལ་སོགས་པ་སྨན་གྱི་ཡན་ལག་བརྒྱད་པོ་བ་གཅིན་དང་སྦྱར་པ་བཏགས་ཏེ་བྱིན་ན་ག་ན་སའི་དུག་སེལ་བར་འགྱུར་རོ། །དུ་རྟ་བོང་ང་སྦུ་ཙེ་ཤེལ། །ཧ་རི་ནུ་ཀ་ཁྱིམ་དུད་པ། །རྒྱ་སྤོས་སྦྲང་རྩི་ཚབ་གསུམ། །སྦྱར་བས་རི་མོ་ཅན་དུ་གསེལ།།
་ཞེས་བྱ་བ་ལ། རུ་རྟ་ལ་ལ་སོགས་པའི་དུག་སྨན་གྱིས་རི་མོ་ཅན་གྱི་དུག་སེལ་བར་བྱེད་དོ། །འདམ་བུ་ཁྲ་བོ་འདྲས་ཟིན་ལ། །ས་བརྐོས་འོག་ཏུ་ཐུན་གཉིས་གཞུག་།ཕྱུང་སྟེ་གཞན་ལ་མར་སར་དང། །འབྲས་དང་ས་ཡི་ལྡེ་གུས་བྱུག། ཅེས་བྱ་བ་ལ། འདམ?་བུ་ཁ
་པོ་ཞེས་བྱ་བའི་དུག་གིས་ཟིན་པ་ལ་ནིས་བརྐོས་པའི་འོག་ཏུ་ཐུན་གཉིས་ཀྱི་བར་དུ་རྨ་དེ་ལ་བཅུག་ལ། དེའི་འོག་ཏུ་ཕྱུང་སྟེ། བཙགས་བུས་བཞར་ལ་མར་སར་དང་འབྲས་དང་སའི་ལྡེ་གུས་བསྐུ་བར་བྱའོ། །འབྲས་བུ་གསུམ་ཕྱེད་བཏབ་པ་ཡི། །མར་ཡི་རྙིང་པ་བླང?་པར་བྱ། །ཞེས
་བྱ་པ་ལ། ཡང་ན་སྤྲུལ་ངེས་ཟིན་པ་ལ་འབྲས་བུ་གསུམ་ལ་སོགས་པའི་མར་བླུད་པར་བྱའོ། །ཞུ་ཞིང་བཀྲུས་ནས་ནས་ཟིན་ནི། །སྲན་ཚོང?་དང་ནི་བཅས་པ་སྦྱིན། །ཞེས་བྱ་པ་ལ། མར་དེ་ཞུ་ནས་བཀྲུ་སྨན་བྱ་སྟེ་ནས་ཟན་ལ་སོགས་པ་སྦྱིན་པར་བྱའོ། །ཀ་རེ་?་ཨརྒ་ཡི།།
་མེ་ཏོག་ལའང་གའི་རྩ་བ། །པི་པི་ལིང་དར་ན་ལེ་ཤམ། །པ་ཐ་སྐྱུར་རྩ་བས་ལྡེ་གུར་བྱུགས། །འདི་ནི་སྦྲུལ་གཞན་གྱིས་ཟིན་པ་ཡི། །སྦྲུལ་གྱི་དུག་ཀུན་སེལ་བ་ཡིན། །ཞེས་བྱ་བ་ལ། ཀ་ར་པཱི་ར་ལ་སོགས་པ་སྐྱུར་རྩ་བས་དང། །ལྡེ་གུར་བྱས་ཏེ་བསྐུས་པའི་སྨན་འདི
་ཅི་?་གཞན་གྱིས་ཟིན་པ་ཐམས་ཅད་ཀྱི་དུག་སྨན་ཡིན་ནོ། །ཤྲི་ཤའི་མེ་ཏོག་ཁུ་བའི་ནང། །ན་ལེ་ཤམ་དཀར་ཞག་བདུན་སྤངས། །བཏུང་དང་སྣ་སྨན་བྱས་གྱུར་ན། །སྤྲུལ་གྱི་མཆེ་བས་ཟིན་པ་སེལ། །ཞེས་བྱ་བ་ལ། ན་ལེ་ཤམ་དཀར་པོ་ཞེས་བྱ་བ་ཤི་ཀྲུའི་ས
་པོ་ནི་ཤི་རི་ཤའི་མེ་ཏོག་བོན་ལ་པའི་ཁུ་བའི་ནང་དུ་ཞག་བདུན་སྤངས་ཏེ་སྤྲུལ་གྱིས་ཟིན་པ་ལ་བཏུང་བ་ལ་སོགས་པ་སྦྱིན་པ་ཕན་ནོ། །རྒྱ་སྤོས་རུ་རྟ་སྲང་གཉིས་གཉིས། །མར་དང་སྦྲང་རྩི་སྲང་བཞི་བཞི། །འདི་བླུད་འཇོག་པོས་ཟིན་པ་ཡང། བདེ་བ་བསྐྱེད་པར
་བྱེད་པ་ཡིན། ཞེས་བྱ་བ་ལ། ཡང་ན་རྒྱ་སྤོས་ལ་སོགས་པ་ཡང་ཇི་སྐད་སྨོས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ནས་གདེངས་ཀ་ཅན་གྱི་ཤུགས། །དང་པོར་ཁབ་ནི་དབྱུང་བ་འམ། །དུག་སྨན་སྦྲང་རྩི་ཞུན་མར་དང། །བཅས་པ་མྱུར་དུ་བླུད་པར་བྱ། །ཞེས་བྱ་བ
་ལ་ཕག?་?་ཅན་གྱིས་ཟིན་པའི་ཤུགས་དང་པོ་ལ་ནི་ཁྲག་དབྱུང་བ་ལ་སོགས་པའི་སྦྱོར་བ་བྱའོ། །གཉིས་པར་སློན་སྨན་བཏང་ནས་ནི། །དེ་བཞིན་དུག་སྨན་བླུད་པར་བྱ། ཞེས་བྱ་པ་ལ། ཤུགས་གཉིས་པ་ལ་ནི་སློན་སྨན་བཏང་བ་དང། གཏར་ག་ལ་སོགས
་བ་སྔ་མ་བཞིན་དུ་བྱའོ། །གསུམ་པ་དུག་སྨན་སྦྱར་བྱ་ཞིང། །མིག་སྨན་དང་ནི་སྣ་སྨན་བཏང། །ཞེས་བྱ་བ་ལ། གསུམ་པར་ནི་དུག་སྨན་གྱི་མིག་སྨན་ལ་སོགས་པ་སྦྱར་བར་བྱའོ། །བཞི་པར་སྐྱུགས་སྨན་བཏང་ནས་ནི། །སྔར་བཤད་པ་ཡི
་ནས་ཐུག་བླུད། །ཅེས་བྱ་བ་ལ། ཤུགས་བཞི་པ་ལ་ནི། དང་པོར་སྐྱུགས་བཏང་ནས་གོང་དུ་བཤད་པའི་ནས་ཐུག་བླུད་པར་བྱའོ། །ལྔ་པ་དྲུག་པར་བསིལ་སྨན་གྱིས། །བསྐུ་ཞིང་སྨན་ཆུ་ཡང་ཡང་བླུགས། །སློན་སྨན་རྣོན་པོ་བཏང་བྱ་ཞིང། །དུག་སེལ་ནས་ཐུག་བླུད་པར་བྱ།
་ཞེས་བྱ་བ་ལ། ཤུགས་ལྔ་པ་དང་དྲུག་པ་ལ་ནི་དེ་ལ་བསིལ་སྨན་བསྐུ་བ་ལ་སོགས་པའི་སྦྱོར་བ་རྣམས་བྱའོ། །བདུན་པར་དུག་སྨན་རྣོན་པོ་ཡི། །མིག་སྨན་དང་ནི་སྣ་སྨན་བཏང། །ཞེས་བྱ་བ་ལ། ཤུགས་བདུན་བར་ནི་དུག་སྨན་གྱི་སྦྱོར་བ་ལ་སོགས་པ་བྱའོ། །དེ་ནས
་སྤྱི་བོར་རྒྱ་གྲམ་དུ། །ཟབ་མོའི་མཚོན་གྱིས་དབྲལ་ནས་ནི། །དེར་ནི་ཤ་འམ་ཁྲག་གམ་ནི། །བགས་པ་དག་ནི་གཞུག་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་མི་དེའི་མགོ་བོར་རྒྱ་གྲམ་བྱ་རོག་རྗེས་འདྲ་བར་དབྲལ་ལ་དེར་ཤ་འམ་ཁྲག་གམ་ལྤགས་པ་གཞུགས
་པར་བྱའོ། །ལུས་བསྐྱིལ་ཤུགས་ནི་གསུམ་པ་ལ། །སློན་སྨན་གཏང་ལ་ནས་ཐུག་བླུད། ཅེས་བྱ་བ་ལ། ལུས་བསྐྱིལ་བའི་དུག་གི་ཤུགས་གསུམ་པ་ལ་སློན་སྨན་བཏང་བའི་རྗེས་ལ་ནས་ཐུག་བླུད་པར་བྱའོ། །དྲུག་པར་སྨན་ནི་རྟུལ་པོ་འམ། །ཤུག་པ་ལ
་སོགས་སྡེ་ཚན་བླུད། ཅེས་བྱ་བ་ལ། ལུས་བསྐྱིལ་བའི་ཤུགས་དྲུག་པར་སྨན་རྣོན་པོ་མ་ཡིན་པ་འམ། ཤུགས་ལ་སོགས་པའི་སྡེ་ཚན་བསྐོལ་བ་བླུད་པར་བྱའོ། །ཁྲག་པོའི་ཤུགས་ནི་དང་པོ་ལ། ཞལ་ཞལ་ཟབ་ཏུ་གདབ་བྱ་ཞིང། །བསྐུ་བས་ཁྲག་ནི
་གཏོན་ནས་ནི། །སྔ་མ་བཞིན་དུ་དུག་སྨན་བླུད། །ཅེས་བྱ་བ་ལ། སྦྲུལ་ཁྲ་བོས་ཟིན་པ་ཤུགས་དང་པོ་ལ་ནི། ཞལ་ཞལ་གཏིང་ཟབ་ཏུ་བཏབ་ལ། དེའི་འོག་ཏུ་བསྐུ་བ་བཏབ་པས་ཁྲག་དབྱུང་བ་འམ་སྔ་མ་བཞིན་དུ་དུག་སྨན་བླུད་པར་བྱའོ། །དྲུག་པར
་མིག་སྨན་རྣོན་པོ་དང། སྣ་ནས་ཕྱེ་མ་དུད་པ་གཏང། ཞེས་བྱ་བ་ལ། ཁྲ་བོས་ཟིན་པའི་ཤུགས་དྲུག་པ་ལ་མིག་སྨན་ཤིན་ཏུ་རྣོན་པ་ལ་སོགས་པ་བྱའོ། །མ་སྨོས་པ་ཡི་ཤུགས་ལ་ནི། །གདེངས་ཀ་ཅན་སྐབས་བཤད་ལྟར་གསོ། །ཞེས་བྱ་བ་ལ། མ་སྨོས་པའི་ཤུགས
་དང་པོ་དང། །གཉིས་པ་དང་བཞི་པ་ལ་སོགས་པ་ནི། གདེངས་ཀ་ཅན་གྱི་སྐབས་སུ་བཤད་པ་ལྟར་བྱའོ། །སྦྲུམ་མ་བྱིས་པ་རྒན་པོ་ལ། གཏར་ག་མི་གདབ་འཇམ་པོས་གསོ། །ཞེས་བྱ་བ་ལ། སྦྲུམ་མ་ལ་སོགས་པ་སྦྲུལ་གྱིས་ཟིན་པ་ལ་ནི་བཏར་ག་མི་གདབ་པར
་གསོ་བ་འཇམ་པོ་བྱའོ། །ཤིང་ཆ་ལྡོང་རོས་རྒྱ་སྤོས་ཡུང། །ཀུ་ཤའི་ཁུ་བ་ཆུ་སྲིན་སེན། །ཏ་མ་ལ་ཡི་གེ་སར་དང། །འབྲས་བུ་ཆུ་གྲང་སྦྱར་བ་བླུད། །འདི་ཡིས་དབང་པོའི་རྡོ་རྗེ་ནི། །ལྷ་མིན་ལྟ་བུར་དུག་འཇོམས་བྱེད། །ཅེས་བྱ་བ་ལ་ཤིང་ཚ་ལ་སོགས་པའི
་སྨན་འདི་དག་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ། བླུད་པ་ནི་མིང་རྡོ་རྗེ་ཤེས་བྱ་སྟེ། ཇི་ལྟར་བརྒྱ་བྱིན་གྱི་རྡོ་རྗེས་ལྷ་མ་ཡིན་འཇོམས་པ་ལྟར་དུག་སེལ་བར་བྱེད་དོ། །བིལྦའི་རྩ་བ་བྱེའུ་རུག་པའི་མེ་ཏོག། རྒྱ་སྤོས་ཐང་ཤིང་ཀ་རཉྫའི་འབྲས་བུ་།སེར་པོ
་རྣམ་གཉིས་འབྲས་བུ་གསུམ་དང་ནི། །ཆ་བ་གསུམ་པོར་གཅིན་ཞིབ་བཏགས་པ། །བཏུང་དང་སྣ་སྨན་མིག་སྨན་སྦྱར་བ་ཡིས། །སྦྲུལ་དང་ལུ་དབྱི་བ་སྡིག་པ་སོགས། །དུག་དང་དབྱིག་དུག་མ་ཞུ་གསུང་དང་རིམས། །མི་ནི་གདོན་གྱིས
་ཟིན་པ་བདེ་བར་བྱེད། །ཅེས་བྱ་བ་ལ། བིལྦའི་རྩ་བ་ལ་སོགས་པའི་སྨན་པ་གཅིན་དང་ཞིབ་ཏུ་བཏགས་ཏེ་བཏུང་བ་ལ་སོགས་པར་བཏང་ན། སྦྲུལ་ལ་སོགས་པས་ཟིན་པ་དང། མ་ཞུ་བ་?། གདོན་གྱིས་ཟིན་པ་ལ་སོགས་པ་རྣམས་བདེ་བར་བྱེད་དོ། །སོས་བཏབ
་བསྐུ་བ་ལ་སོགས་ཀྱི། །མ་ལུས་བཏོན་པར་གྱུར་ཀྱང་ནི། །ཉམས་པའི་དུག་ནི་ཇི་བཞིན་དང། །སླར་ཡང་ཤུགས་ནི་སྐྱེ་བར་བྱེད། ཅེས་བྱ་བ་ལ། མཆེ་བའི་དུག་གིས་ཟིན་པ་བསྐུ་བ་ལ་སོགས་པར་མ་ལུས་པར་བཏོན་པར་གྱུར་ཀྱང་སླར་གནོད་པའི་ཤུབས
་སྐྱེ་བར་གྱུར་པ་ནི། ཉམ་པའི་དུག་གམ་དུག་ཐ་མལ་པ་ལ་སོགས་པ་དང་འདྲ་བར་བྱེད་པ་ཡིན་ནོ། །དུག་དང་བྲལ་ནས་རླུང་འཁྲུགས་ན། །སྣུམ་ལ་སོགས་པས་བསྐུ་བྱ་ཞིང། །ཏིལ་མར་ཆང་དང་རྒྱ་སྲན་ཆུ། །མ་གཏོགས་རླུང་ནི་སེལ
་བ་སྦྱིན། ཞེས་བྱ་བ་ལ། དུག་གི་ཤུགས་དང་བྲལ་ནས་རླུང་གི་ནད་འཁྲུགས་པར་གྱུར་ན་སྣུམ་ཏིལ་མར་ལ་སོགས་པ་མ་གཏོགས་པས་གསོ་བར་བྱའོ། །མཁྲིས་པར་མཁྲིས་པའི་རིམས་སེལ་བའི། སྨན་ཁུར་སྨན་མར་འཇམ་རྩིས་གསོ། །ཞེས་བྱ་བ་ལ། གལ
་ཏེ་མཁྲིས་འཁྲུགས་ན་ནི་མཁྲིས་པ་སེལ་བར་བྱེད་པ་དང། རིམས་སེལ་བར་བྱེད་པའི་སྨིན་གྱིས་སེལ་བར་བྱེད་དོ། །བད་ཀན་སྦྲང་རྩིར་བཅས་པ་ཡི། །དོང་ག་ལ་སོགས་སྡེ་ཡིས་གསོ། །ཞེས་བྱ་བ་ལ། དུག་དང་བྲལ་ནས་བད་ཀན་འཁྲུགས་པར་གྱུར་ན་དོར་ག
་ལ་སོགས་པའི་སྡེ་ཚན་སྤྲང་རྩི་དང་སྦྱར་བ་བླུད་པར་བྱའོ། །སྦྲུལ་གྱི་རུས་པས་གནོད་གྱུར་དང། །དེ་བཞིན་རྟོག་པའི་དུག་གིས་ཉེན། །ཁ་ར་རྒུན་འབྲུམ་པ་ཡསྱ?། །ཤིང་མངར་ཁ་ར་སྦྲང་རྩི་སྦྱར། །སྔགས་ཀྱིས་བཏབ་པའི་ཆུ་དང་བཅས། །གཏོར་ཞིང་སྤྲོ་བ
་སྲིང་དགའ་བར་བྱ། ཞེས་བྱ་པ་ལ། སྦྲུལ་གྱི་རུས་པས་ཟུག་ལ་སོགས་པ་ནི་ཁ་ར་དང། རྒུན་འབྲུམ་ལ་སོགས་པའི་སྨན་ལ་སོགས་པས་གསོ་བར་བྱའོ། །ཀེ་ཀེ་རུ་དང་མུ་ཏིག་མར་གང་དང། བེ་ཌཱུརྱ་དང་རྡོ་རྗེ་མཐོན་ཀ་ཆེ། རས་བལ་ས་བོན་དུག་གིས་གནོད
་པ་འམ། །ཁ་བ་ཅན་གྱི་རི་ལས་སྐྱེས་པ་ཡི། །སོ་མ་ར་ཛ་དང་བ་སྤུ་བ། །དེ་བཞིན་དྲོ་ན་མཱ་ཧཱ་དྲོ་ན་དང། །སྦྲུལ་ལ་ཡོད་པའི་ནོར་བུ་མ་ན་སི། །ནུས་པ་དང་ནི་ལྡན་པར་གྱུར་པ་ཡི། །དུག་ནི་དུག་གཞོམ་བྱ་ཕྱིར་བཅང་བར་བྱ། །ཞེས་བྱ་བ་ལ། ཀེ་ཀེ་རུ་དང་མུ་ཏིག་ལ་སོགས་པའི
་རིན་པོ་ཆེ་དང། སྨན་སྦྲུལ་གྱི་དུག་སེལ་བའི་ནུས་པ་དང་ལྡན་པ་དང་རྐང་པ་ལག་པ་དང། མགུལ་དང་མིག?་ལ་གདགས་པར་བྱའོ། །ནུབ་མོའི་དུས་སུ་རྒྱུ་ཚེ་ཁྱད་པར་དུ། །གདུགས་དང་འཁར་གིས་ལ་སྒྲ་དང་བཅས་པ་བཅང། །དེ་ཡི་གྲིབ་མ་སྒྲ་ཡི་སྐད་ཕྱུང་ནས། །སྤྲུལ་གྱི
་ཚོགས?་ནི་འབྱེར་བར་འགྱུར། ཞེས་བྱ་བ་ལ། མི་ནུབ་མོའི་དུས་སུ་རྒྱུ་བའི་ཚེ། །གདུགས་དང་ཁར་བ་སྒྲ་བཅས་པ་བཅང་བར་བྱ་སྟེ། གདུགས་དེའི་གྲིབ་མ་དང་འཁར་གསིལ་དེའི་སྒྲ་སྐད་ཀྱིས་སྤྲུལ་གྱི་ཚོགས་འབྱར་ཞིང་མཐོང་བའི་ཡུལ་ལས་འདས་པར་འགྱུར་རོ།། །།ཡན
་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་གཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྲིན་བུ་དང་བའི། དུག་གསོ་བ་བཤད་པར་བྱའོ།།
་སྦྲུལ་ཉིད་ཀྱི་ནི་བཤད་གཅི་དང། །ཁུ་ཆུ་སྒོ་ང་ལུས་འདྲུལ་སྐྱེས། །ནང་གི་རེ་རེ་འདུས་པ་དང། །ལྡན་པའི་སྲིན་བུའི་དུག་རྣམ་བཞི། ཞེས་བྱ་བ་ལ། འབུ་གང་སྤྲུལ་ཉིད་ཀྱི་བཤད་གཅི་ལ་སོགས་པ་རུས་པ་ལས་སྐྱེས་པར་གྱུར་ཅིང། དེ་དག་ཀྱང་ནང་སྣ་རེ་རེ་དང་འདུས་པ་ལས་གྱུར
་པའི་སྲིན་བུའི་དུག་རྣམ་པ་བཞི་ཡིན་ནོ། །རླུང་གི་སྲིན་བུས་ཟིན་གྱུར་ན། །ཤས་ཆེར་ན་ཞིང་ཟུག་པར་བྱེད། །ཅེས་བྱ་བ་ལ། རླུང་གི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པར་གྱུར་ན། ལྷག་པར་ན་བ་དང་?་པར་བྱེད་པ་ཡིན་ནོ། །མེ་ཡི་སྲིན་བུས་འཛག་པ་ཆུང། །ཚ་ཞིང་དམར་ལ་ཤུ་བ
་མཆེད། །བི་ལུའི་འབྲས་བུ་སྨིན་པ་འམ། །འབྲ་གོའི་འབྲས་བུ་སྨིན་པ་འདྲ། །ཞེས་བྱ་བ་ལ། མེའི་རང་བཞིན་ཅན་གྱི་སྲིན་བུས་ཟིན་ན་མཆུ་རྗེས་འཛག་པ་ཆུང་བ་དང། ཚ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །བད་ཀན་ཤས་ཆེས་ནད་ཚབས་ཆུང། །ུ་དུམ
་?་སྨིན་པ་འདྲ་།ཤས་ཆེར་འཛག་པའོ། །བད་ཀན་གྱི་རང་བཞིན་ཅན་གྱི་འབུས་ཟིན་པར་གྱུར་མ་ཆུས་བཏབ་པ་ནད་ཚབས་ཆུང་བ་ལ་སོགས་པ་ཡིན་ནོ། །འདུས་པའི་མཚན་ཉིད་ཐམས་ཅད་ལྡན་པ་དང། །ཤུགས་ནི་སྦྲུལ་དང་འདྲ་བ་དང། །སྐྲངས་པ་འཕེལ་ཞིང་ཁྲ་དྲི
་མནམ། །མགོ་དང་མིག་ལྕི་རྒྱལ?་མགོ་འཁོར། །དབུགས་མི་བདེ་ནང་སྤོང་བར་བྱ། ཞེས་བྱ་བ་ལ། འདུས་པའི་རང་བཞིན་ཅན་གྱི་འབུས་ཟིན་པ་ནི་མཆུ་རྗེས་མཚན་ཉིད་ཐམས་ཅད་ལྡན་པ་དང། །སྤྲུལ་གྱི་ཤུགས་བདུན་པ་དང་ལྡན་པ་དང། །སྐྲངས་པ་ལ་སོགས་པ་དང་ལྡན་
་པ་ཡིན་ཏེ། དེ་ནི་གསོད་མི་རུང་བས་སྤང་བར་བྱའོ། །ཀུན་ཀྱང་སྐང་པ་ལྟེ་བ་ཅན། །ཚ་བ་གཡའ་ཞིང་ཡི་ག་མ་ཆུས། །ཞེས་བྱ་བ་འབུ་ཐམས་ཅད་ཀྱིས་ཟིན་པ་ནི་དབུས་ལྟེ་བ་ཅན་དུ་མཐོ་བར་སྐད་པ་དང། ཚ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །སྡིག་པའི
་དུག་ནི་རྣོ་བ་སྟེ། །དང་པོར་མ་ལྟར་སྲེག་པར་བྱེད། །སྟེང་དུ་མྱུར་དུ་མཆེད་བྱེད་ཅིང། །མཆོད་པ་འོག་ཏུ་འདུག་པ་ཡིན། ཞེས་བྱ་བ་ལ། ཞེས་བྱ་བ་ལ། སྡིག་པ་ཞེས་བྱ་བའི་འབུས་ཟིན་པའི་དུག་ནི་རང་བཞིན་རྣོ་བ་དང། དང་པོར་མེ་ལྟར་སྲེག་པར་བྱེད་པ་དང། སོས་བཏབ་པའི་སྟེང་དུ་མྱུར་དུ
་མཚོར?་ཅིང་འཕེལ་བ་དང། མཆེ་བའི་འོག་ཏུ་འདུག་པ་ཡིན་ནོ། །ཟིན་མ་ཐག་ཏུ་རབ་ཏུ་གནག། གས་པ་སྙམ་དུ་སེམས་ཤིང་ཟུག་།ཞེས་བྱ་བ་ལ། ལྡོག་པ་མཆེ་བས་ཟིན་པ་ནི་འཕྲལ་དུ་ཤས་ཆེར་བླན?་འགྱུར་བ་དང། །དེ་ཞིང་དུ་རབ་ཏུ་ན་ཞིང་གནག་པ་དང། གས་ཤིང་བྱས
་པ་སྙམ་དུ་སེམས་པ་ཡིན་ནོ། །དེ་ནི་བ་ལྕི་སོགས་རུལ་དང། དུག་གིས་ཕོག་སོགས་དུལ་པ་དང། སྤྲུལ་རུལ་པ་ལས་སྐྱེས་པ་ནི། །དུག་ཆབས?་ཆུང་དང་འབྲིང་?་ཆེ། །ཞེས་བྱ་བ་ལ། སྡིག་པ་དེ་དག་གི་ལྕི་བ་ལ་སོགས་པ་རུལ་པ་ལས་བྱུང་བ་དེ་ནི་དུག་གིས་ཚབས་ཆུང
་བ་ཡིན་ནོ། །དུག་གིས་ཕོག་པའི་ཤ་རུ་པ་ལ་སོགས་པ་ལས་འབྱུང་བ་ནི་འབྲིང་ཡིན་ནོ། །སྤྲུལ་ག་ཡི་ཤ་རུལ་པ་ལས་སྐྱེས་པ་ནི་དུག་གི་ཚབས་ཆེ་བ་ཡིན་ནོ། །ཆེར་ས་ཆུང་སེར་ཞིང་དཀར་དང་གནག་།རྩུབ་དང་ཁྲ་ཞིང་གཟི་མདོག་ཅན། །སྤུ་ཅན་ཚིགས་ནི་མང་བ་དང། དམར
་ཤིང་ལྟོ་བ་དཀར་བ་ཡིན། །ཞེས་བྱ་བ་ལ། །དུག་གི་ཚབས་ཆུང་བའི་སྡིག་པ་ནི། སེར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །བར་མ་དོ་དུད་ཚིགས་གསུམ་པ། །རྐེད་པ་སེར་སྐྱ་དམར་བ་ཡིན། ཞེས་བྱ་བ་ལ། སྡིག་པ་དུག་པའི་མའི་ལྟོ་བ་དུང་ཁ་ཅན་ལ
་སོགས་པ་ཡིན་ནོ། །དུག་ཆེ་སེར་སྐྱ་ཁྲ་བ་དང། །རི་མོ་ཅན་ལ་ཁྲག་འདྲ་ཞིང། །མེ་འདྲ་ཚིགས་ནི་གཉིས་སམ་གཅིག། ལྟོ་བ་དཀར་ཞིང་དམར་ར་མ་གནག། ཅེས་བྱ་བ་ལ། སྡིག་པ་ཆེ་བ་ནི་སེར་སྐྱ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །དེས་ཟིན་ལྕི་ནི་སྐྲང་པ་དང།།
་ལུས་རེངས་རིམས་ཀྱིས་ཉེན་པ་དང། །བུག་ལུས་ནི་ཁྲག་ནག་སློན། །དབང་པོ་དོན་ནི་མི་ཤེས་ཤིང། །རྡུལ་ཞིང་རྒྱལ་ལ་ཁ་སྐམས་དང། །རྨོངས་ཞིང་ནད་ཀྱིས་ཉེམ་པ་དང། །ཤ་ནི་ཞིགས་པར་བྱེད་པ་སྟེ། །ཕལ་ཆེར་སྲོག་ནི་འདོར་བར་བྱེད། །ཅེས་བྱ་བ་ལ། སྡིག་པ་དེས་ཟིན་པའི་མཚན་མ
་ནི། ལྕེ་སྐྲང་པ་ལ་སོགས་པ་དང། དེ་བཞིན་དུ་དབང་པོའི་དོན་གྱི་ཡུལ་མི་ཤེས་ཤིང་རྟོགས་པར་མི་འགྱུར་པ་དང། ཤ་ཞིགས་པའི་བར་ཡིན་ཏེ། དེ་ལྟ་བུའི་ནང་ཀྱིས་ཟིན་པའི་མི་ནི་ཕལ་ཆེར་སྲོག་དང་བྲལ་བར་འགྱུར་རོ། །མཆུ་སྦོམ་པ་ནི་ཁ་ཡིས་ནི། །འདེབས་ཤིང་གོས་པ་རུང་སྡིག་པ
་ལས། །ལྷག་པར་ན་བྱད་ལུས་རེངས་ཤིང། །མཚན་གྱི་སྦུ་ནི་ལྡང་བ་དང། །ལུས་ནི་རྡུལ་བར་བྱེད་འགྱུར་ཞིང། །སོས་འདེབས་ཆུ་གྲང་སྙམ་དུ་སེམས། །ཞེས་བྱ་བ་ལ། མཆུ་སྦོམ་པ་ཞེས་པའི་འབུ་ནི་མཆུ་ནི་འདེབས་པར་བྱེད་ལ། དེ་ཡང་གསོར་རུང་བའི་སྡིག་པའི་ནང་ལས་ལྷག
་པར་ན་བར་བྱེད་པ་དང་ལུས་རེངས་པ་ལ་སོགས་པར་བྱེད་པ་ཡིན་ནོ། །དེ་ཉིད་སྔ་མོ་རུང་ཀ་དང། མཚན་མོ་རྒྱུ་བས་མཚན་མོ་ཅན། ཞེས་བྱ་བ་ལ། དེ་ཉིད་ནི་སྔ་མོའི་དུང་ཀ་དང། མཚན་མོ་རྒྱུ་བ་དང། མཚན་མོ་ཅན་སློབ་དཔོན་གྱིས་མིང་དུ་བཏགས་པ་ཡིན་ནོ། །སྲིན་བུ
་རླུང?་མཁྲིས་ཤས་ཆེར་ཞིང། །རྔ་མོ་བྱི་བ་བད་ཀན་ཅན། །རྔ་མོ་དུད་པ་ཅན་ཞེས་བྱ། །ཕལ་ཆེར་རླུང་ཤད་ཆེ་བ་ཡིན། །ཞེས་བྱ་བ་ལ། འབུ་སྲིན་བུ་ཞེས་བྱ་བ་ནི་ཕལ་ཆེར་རླུང་དང་མཁྲིས་པའི་ཤས་ཆེ་བ་ཡིན་ལ། རྔ་མོ་དང་བྱི་བ་ཞེས་བྱ་བ་ནི་ཕལ་ཆེར་བད་ཀན་གྱི་ཤས་ཆེ
་བ་ཡིན་པ། ?་བདུད་པ་ཞེས་བྱ་བ་ནི་ཕལ་ཆེར་རླུང་གི་ཤས་ཆེ་བ་ཡིན་ནོ། །ནད་ནི་གང་དང་གང་གི་ནི། །མཚན་མ་ཤས་ཚ་བ་ལས་བརྟག་།དེ་དང་དེ་ལས་གསོ་བའི་སྨན། །ཡོན་ཏན་མི་མཐུན་པ་ཡིས་གསོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནང་གང་དང་གང་གི
་ཤས་སུ་ཆེ་བ། ཤེས་པར་བྱས་?་ནད་དེ་དང་དེའི་ཡོན་ཏན་དང་མི་མཐུན་པའི་སྨན་གྱིས་གསོ་བར་བྱའོ། །སྙིང་གསེར་སྟོང་རླུང་གིས་རེངས་ཤིང། །རྩ་མི་སྣང་ཞིང་དུས་ཚིགས་ན། །མོག་འཁོར་ལུས་བཅིངས་སྙམ་དུ་སེམས། །མདོག་གནག་རླུང་ལས་གྱུར་པའི་དུག
་ཅེས་བྱ་བ་ལ། རླུང་གི་ཤེས་ཆེ་བའི་དུག་ནི། །སྙིང་གཟེར་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །དྲན་ཉམས་དབུགས་ནི་ཚ་བར་བྱེད། །སྙིང་ཚ་ཁ་ནི་ཁ་བྲོ་ལ། །ཤ་འགག་སྐྲང་མར་བྱེད་པ་དང། །ཁྲག་སེར་བ་ནི་མཁྲིས་པ་ཅན། །ཞེས
་བྱ་བ་ལ། མཁྲིས་པ་ཅན་གྱི་དུག་གིས་ཟིན་པའི་མཚན་མ་ནི། དྲན་པ་ཉམས་པ་དང། དབུགས་ཚ་བ་ལ་སོགས་པ་ཡིན་ནོ། །སློན་ཞིང་སྙིང་ན་ཡིག་འཆུས། །ཁ་ཆུ་འཇིག་ཅིང་ཆམ་པས་འདེབས། །གྲང་བཅས་ཁ་ནི་མངར་བར་བྲོ། །བད་ཀན་ཤས་ཆེ་དུག་ནད་ཡིན
་ཞེས་བྱ་བ་ལ། །བད་ཀན་གྱི་བདག་ཉིད་ཅན་གྱི་དགུག་གི་ཟིན་པ་ནི་སློན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འབའ་ཆས་རྨ་ནི་བསྐུ་བ་དང། །རླུང་སེལ་ཏིལ་མར་གྱིས་བསྐྲུ་དང། །སྦུ་གུ་མ་སྨིན་འབྲུ་དུགས་དང། །བརྟ་བར་བྱ་བའི་ཆོ་ག་ཕན། ཞེས
་བྱ་བ་ལ། དེ་དག་གི་གསོ་བ་ནི་རླུང་གི་བདག་ཉིད་ཅན་གྱི་དུག་ལ་ནི། ཏིལ་མར་ལ་སོགས་པའི་འབའ་ཆས་བསྐུ་བ་དང། །ཏིལ་མར་གྱིས་བསྐུ་བ་ལ་སོགས་པ་བྱས་ན་ཕན་ནོ། །མཁྲིས་པ་ཅན་ལ་སྨན་ཆུ་བླུགས། །ཤིན་ཏུ་གྲང་པའི་ལྡེ་གུས་བསྐུ། ཞེས་བྱ་བ
་ལ། མཁྲིས་པ་ཅན་གྱི་དུག་ལ་ནི་ཤིན་ཏུ་བསིལ་པའི་སྨན་གྱི་ཆུ་བླུགས་པ་དང་ལྡེ་གུས་བསྐུ་བ་ཕན་ནོ། །བད་ཀན་ཅན་ལ་གཞང་ཞིང་བཅད། །དུག་དང་སྐྱུགས་སྨན་གཏང་བས་གསོ། །ཞེས་བྱ་བ་ལ། བད་ཀན་ཅན་གྱི་དུག་ནི་བཞར་པ་ལ་སོགས་པས་བསིལ
་པར་བྱའོ། །སྲིན་བུ་རྣམ་པ་གསུམ་པོ་ལ། །གསོ་པ་རྣམ་པ་གསུམ་པོ་ཕན། ཞེས་བྱ་བ་ལ། འབྲུའི་རིགས་གསུམ་པོ་ལ་ནི་གསོ་བ་རྣམ་པ་གསུམ་པོ་དག་བྱས་ན་ཕན་ནོ། །དུགས་དང་བསྐུ་དང་སྨན་ཆུ་བླུགས། །ཕལ་ཆེར་དྲོ་རྔམ་བཏང་བར་བྱ། །གཞན་དུ་རྒྱལ
་དང་མཆེ་བས་ཡི། །བརྣགས་དང་འདྲུལ་བ་བྱེད་མ་གཏོགས། །ཞེས་བྱ་བ་ལ། འབྲུའི་དུག་ཕལ་ཆེར་ལ་དུགས་ལ་སོགས་པ་དྲོ་འཇམ་ཙམ་བྱ་སྟེ། གཞན་དུ་ན་བརྒྱལ་བ་ལ་སོགས་པ་ལ་ནི་དེ་དག་བྱར་མི་རུང་ངོ། །མི་སྐྲ་ཡུངས་ཀར་སེར་པོ་དང། །བུ་རམ་རྙིང་པའི་དུད
་པས་བདུག་ཁུག་དང་མཆ་བའི་དུག་ཀུན་ལ། །མཆོག་ཏུ་ཕན་པར་འདྲོ་བ་སྐྱོད་འཆད། ཅེས་བྱ་བ་ལ། དུག་གི་ཟིན་པ་ཐམས་ཅད་ལ་མིའི་སྐྲ་ལ་སོགས་པའི་དུད་པས་འདུགས་པས་ཕན་པར་དྲང་སོང་འདྲོ་བ་སྐྱོང་གིས་བཤད་དོ། །དུག་སེལ་སྨན་ནི་ཐམས་ཅད་དང། སྤྱད་པའི་ལས་ཀྱང་བྱ་བ
་ཡིན། ཞེས་བྱ་བ་ལ། མཆེ་བ་དུག་ཅན་གྱིས་ཟིན་པ་ཐམས་ཅད་ལ་སྦྱོར་བ་འདི་དག་བྱས་ན་ཡང་ཕན་ནོ། །སྲིན་བུ་སྡིག་པ་མི་ཟད་དུག་།འབྲུས་ཟིན་སྦྲུལ་གྱིས་ཟིན་ལྟར་གསོ། །ཞེས་བྱ་བ་ལ། སྲིན་བུ་རྣམས་གྱི་དུག་ལ་ནི་སྦྲུལ་གྱི་དུག་ལྟར་བསོས་ན་ཡང་ཕན་ནོ། ཏནདུ་ལི་ཡ་ཆ
་མཉམ་པའི། །དུར་བྱིད་དང་ནི་ཞུན་མར་བླུད། །འབྲུ་ཡི་དུག་གིས་གངས་ཅན་ལྟར། །བསྐྱོད་པར་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་ལ། སྐྱེས་བུ་ཏནདུ་ལི་ལ་སོགས་པའི་སྨན་འཐུངས་ན་ཡང་སྲིན་བུའི་དུག་བསྐྱོད་པར་མི་ནུས་པ་དང་འདྲ་བར་བསྐྱོད་པར་མི་ནུས་པར་བྱེད་དོ།
་འོ་མ་ཅན་ཤུན་ལྡེ་གུས་བསྐུ། །སྦྱར་བྱས་སྲིན་བུའི་དུག་སེལ་བྱེད། །ཅེས་བྱ་བ་ལ། མི་སྤྱད་པ་བྱས་ནས་འོ་མ་ཅན་གྱི་ཤིང་གི་ཤུན་པའི་ལྡེ་གུས་བསྐུས་ན་ཡང་སྲིན་བུའི་དུག་སེལ་བར་བྱེད་དོ། །མུ་ཏིག་ལྡེ་གུས་བསྐུས་ན་ཡང། །སྒང་དང་དུག་དང་ཚ་བ་སེལ། །ཞེས་སོ
་བྱ་བ་ལ། མུ་ཏིག་བཏབ་པའི་ལྡེ་གུས་བསྐུས་ན་ཡང་སྐྲང་བ་དང། ཟུག་པ་ལ་སོགས་པ་སེལ་བར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་ཤིང་ཀུན་བྱི་དངག?་།རྒྱམ་ཚ་ཧ་ཏི་པི་པི་ལིང། །བ་ཏ་བོད་ད་ཆེ་བ་གསུམ། །འདྲོ་བོ་སྒྱད་གིས་ནི་བཤད་པ་ཡིན། །ཡན་ལག་བཅུ་པའི
་དུག་སྨན་ནི། །འདྲོ་བ་སྐྱོང་གིས་ནི་བཤད་པ་དག། བླུད་ན་སྲིན་བུའི་དུག་ཀུན་སེལ། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་དུག་སྨན་ཡན་ལག་བཅུ་པ་ནི་འདྲོ་བ་སྐྱོང་གིས་བཤད་པ་ཡིན་ཏེ། དེས་ཀྱང་སྲིན་བུའི་དུག་ཐམས་ཅད་སེལ་བར་བྱེད་དོ། །སྡིག་པའི་དུག
་གིས་འཕྲལ་ནི་ན་ལ། །འཁོར་ལོས་བཙིར་བའི་ཏིལ་མར་བསྐུ། །སལ་པརྞི་བསྐོལ་བ་ཡི། །དྲོ་འཇམ་ཡང་ན་གཞན་དག་བླུགས། །ཞེས་བྱ་བ་ལ། སྡིག་པའི་མཆེ་བའི་དུག་གིས་ཟིན་པ་ལ། །འཁོར་ལོས་བཙིར་པའི་ཏིལ་མར་སར་པ་འམ། །ས་ལ་པརྞི་དྲེ
་འཇམ་ཙམ་མམ། ཡང་ན་ཏིལ་གཞན་དག་ལས་བྱུང་བའི་ཏིལ་མར་བླུགས་པར་བྱའོ། །ལམ་ཚ་དང་ནི་བཅས་པ་ཡི། །ཞུན་མར་ཡང་དང་ཡང་དུ་བླུགས་ཞེས་བྱ་བ་ལ། ཡང་ན་མར་དང་ལམ་ཚ་སྦྱར་བ་བླུགས་པར་བྱའོ། །ཡང་ན་སྐྱུར་རྩ་བ་བྲོ།
་འཇམ་མ་མ། །རྒྱམ་ཚ་འོ་མ་བཅས་བ་བླུགས་སོ། །ཞེས་བྱ་བ་ལ། གཞན་དུ་ན་སྦྱོར་བ་འདི་ཉིད་བྱས་ན་ཡང་ཕན་ནོ། །དམར་དང་བསྔོས་པའི་གོ་སྙོད་དང། །རྒྱམ་ཚར་བཅས་པས་དཀྲི་བར་བྱ། ཞེས་བྱ་བ་ལ། ཡང་གོ་སྙོད་དང་རྒྱམ་ཚའི་ལྡེ་གུས་མར་དང་བསྔོས
་པ་དཀྲིས་ན་ཕན་ནོ། །མཆེ་བས་ཟིན་པ་དུགས་བྱས་ལ། །ཞལ་ཞལ་བཏབ་སྟེ་འབྲས་བུ་གསུམ། །སེར་པོ་གཉིས་དང་ཆ་བ་གསུམ། །ཤིར་ཤི་མེ་ཏོག་བསྐུ་བར་བྱ། ཞེས་བྱ་བ་ལ། མཆེ་བས་ཟིན་པ་ལ་ནི་དང་པོར་དུགས་བྱས་ལ། གཙགས
་བུས་ཞལ་ཞལ་བྱས་ཏེ་འབྲས་བུ་གསུམ་ལ་སོགས་པའི་ཕྱེ་མས་བཏབ་པ་འམ། ལྡེ་གུས་བསྐུ་བར་བྱའོ། །རྒྱམ་ཚ་ཁ་ལུང་བ་གཅིན་སྐྱུར། བྱེའི་རུག་པའི་རྩེ་མོ་བཏགས། །འབའ་ཆའམ་ལྕི་བ་དྲོ་འཇམ་ཙམ། །བསྐུས་ན་ཕན་པར་གྱུར་བ་ཡིན། ཞེས
་བྱ་བ་ལ། ཡང་ན་རྒྱམ་ཚ་ལ་སོགས་པའི་ལྡེ་གུ་འམ་འབའ་ཆོ་འམ། བའི་ལྕི་བ་འཇམ་ཙོམ་བསྐུས་ན་ཡང་ཕན་ནོ། །བཏུང་བར་སྦྲང་རྩི་ཞུན་མར་བཅས། ཡང་ན་འོ་མར་ཁ་ར་བཏབ། ཅེས་བྱ་བ་ལ། ཡང་ན་ཞུན་མར་ལ་སོགས་པའི་བཏུང་བ་བྱིན་ན
་ཡང་ཕན་ནོ། །ཕྱུག་རོན་རྟུག་པ་ཨ་རུ་ར། རྒྱ་སྤོས་བཅའ་སྒ་ཁོ་ལུང་གིས། །ཁུ་བ་དང་སྦྱར་བླུད་པ་ནི། །སྡིག་པས་ཟིན་པའི་སྨན་མཚོག་ཡིན། ཞེས་བྱ་བ་ལ། ཡང་ཕུག་རོན་གྱི་རྟུག་པ་ལ་སོགས་པ་ཡང་མཆོག་ཏུ་ཕན་པ་ཡིན་ནོ། །རྔ་མོ་སོ་ནི་ཆུབ་ལ
་བསམ། །སྡིག་པའི་དུག་ནི་འཛོམས་པར་བྱེད་།ཅེས་བྱ་བ་ལ། ཡང་ན་རྔ་མོའི་སོ་ལ་སོགས་པ་ཡང་ཕན་ནོ། །ཤིང་ཀུན་བ་ལ་བ་ལུང་གིས། །ཁུ་བ་དང་སྦྱར་ལྡེ་གུས་དང། །མིག་སྨན་རིལ་བུར་བྱས་ན་ནི། །སྡིག་པའི་དུག་ནི་སལ་མཆོག་ཡིན། །ཞེས་བྱ་བ་ལ། ཡང
་ན་ཤིང་ཀུན་ལ་སོགས་པའི་སྨན་གྱི་སྦྱོར་པ་ཕན་ནོ། །ཀ་རཉྫ་དང་ཨ་རྫུན། །གི་རི་ཀར་ནི་སེ་ལུ་ན། །ཤིར་ཤའི་མེ་ཏོག་དུག་མུ་ཉུང། །ཞོ་ཁ་ཆུ་དང་བཏགས་བསྐུས་ནས། །སྡིག་པའི་དུག་ནི་སེལ་བར་བྱེད། ཅེས་བྱ་བ་ལ། ཡང་ན་ཀ་རཉྫ་ལ་སོགས་པའི་སྦྱོར་བ་ཡང
་ཕན་ནོ། །གང་ཞིག་རྨུགས་ཤིང་རྔམ་པ་མཐོན། །བླ་ཞིང་མི་བཟང་ན་གྱུར་པ། །དེ་ལ་ཡུང་དང་ཨ་རུ་ར། །བཙོད་དང་བོང་ང་པི་པི་ལིང། །བལྦི་གཞོན་ནུ་ན་ལེ་ཤམ། །བརྟ་ཀ་ཡི་ཁུ་བར་བཏགས། །ལྡེ་གུས་བྱུགས་ན་ཕན་བ་ཡིན། །ཞེས་བྱ་བ་ལ། མི་གང་སེམS
་རྨུགས་པ་དང། རྔམ་པ་མཐོན་པ་དང། བླ་ཞིང་འབྲེལ་པ་དང། མ་འབྲེལ་པའི་ཚིགས་མང་དུ་སྨྲ་བ་དང། བརྣགས་པར་དཀའ་བར་ན་བར་གྱུར་པ་གང་ཡིན་པ་དེ་ལ་ཡུངས་པ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །སྦྲང་མ་གདུག་པའི་དུག་ཀུན་ལ། །ཞོ་དང་མར་ནི་བླུགས
་བྱ་ཞིང། །གཏར་ག་གདབ་ཅིང་སྣ་སྨན་དང། །མིག་སྨན་གྱི་ནི་ཆོ་ག་བྱ། །དྲོ་ཞིང་སྣུམ་དང་སྐྱུར་བ་དང། །རླུངས་འཇོམས་ཁ་ཟས་སྦྱིན་པར་བྱ། ཞེས་བྱ་བ་ལ། སྦྲང་མ་གདུག་པའི་དུག་གིས་ཟིན་པ་ལ་ནི། ཞོ་དང་མར་བླུད་པ་ལ་སོགས་པའི་སྦྱོར་བ་དང། ཁ་ཟས་དྲོ་བ་ལ་སོགས་པ
་རླུང་སལ་བ་སྦྱིན་པར་བྱའོ། །དོང་བྱི་བའི་རྟུག་པ་དང། བ་ལུང་ཁུ་བ་པ་ལ་དང། །རྒྱམ་ཚ་པུ་ཤེལ་ཅེ་སྦྱར་བའི། །ལྡེ་གུས་སྦྲང་མའི་དུག་མྱུར་འཇོམས། །ཞེས་བྱ་བ་ལ། དོ་དགྲ་ལ་སོགས་པའི་ལྡེ་གུས་བསྐུས་ན་སྦྲང་མ་གདུག་པའི་རིགས་ཐམས་ཅད་ཀྱི་དུག་འཇོམས་པར
་བྱེད་དོ། །སྡིག་པས་ཟིན་པའི་ཐ་མར་ནི། །དུག་ནི་ཤས་ཚེར་ལངས་གྱུར་པ། །ཟིན་པའི་རྨ་ལ་དུག་གིས་བསྐུ། ཨུ་ཛི་ཏིང་གའི་གསོ་བ་འདི། ཞེས་བྱ་བ་ལ། སྡིག་པའི་སོས་ཟིན་པའི་མིལ་གསོ་བ་ཐམས་ཅད་བྱས་པའི་ཐ་མར་དུག་མི་བཟད་པར་ལངས་པར་གྱུར་ན་རྨ་དེ་ལ
་དུག་གིས་བསྐུ་བར་བྱའོ། ། ཙི་ཏི་ངག་ཞེས་བྱ་བའི་འབུས་ཟིན་པ་ལ་ཡང་ཆོ་ག་འདི་ཉིད་བྱའོ། །གླང་པོ་ཆེ་ཡི་རྟུག་པའི་སྟེང། །རོ་ཧི་ཤ་རྩ་སེ་ལུའི་ཆུ། །ལྡེ་གུར་བྱས་བརྟགས་བསྐུས་ན་ནི། །འདི་ནི་སྦྲང་མའི་དུག་འཇོམས་མཆོག། ཅེས་བྱ་བ་ལ། གླང་པོ་ཆེའི་རྟུག
་པའི་སྟེང་དང། །རོ་ཧི། ཤ་རྩ་བ་དང། སེ་ལུའི་ཆུ་ལྡེ་གུར་བྱས་ལ། བསྐུས་ན་སྦྲང་མའི་དུག་ཐམས་ཅད་འཇོམས་པའི་མཆོག་ཡིན་ནོ། །ཤིར་ཤའི་ས་བོན་ཨརྒ་ཡི། །འོ་མས་ལན་གསུམ་བསྒོས་པ་ནི། །པི་པི་ལིང་ཀི་ཕྱེ་མས་བསྲེས། །དུག་སྨན་འདས་ནི
་སྲིན་བུའི་དུག་སྦྲུལ་དང་ལུ་ཏ་བྱི་བ་ཡི། །དུག་ན་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིང་ཤའི་ས་བོན་པི་པི་ལིང་གི་ཕྱེ་མ་དང་བསྲེས་ལ། ཨར་གའི་འོ་མས་ལན་གསུམ་བསྒོས་ཏེ་སྦྱར་བའི་སྨན་འདིས་ནི་སྲིན་བུའི་དུག་ཐམས་ཅད་སེལ་བར་བྱེད་དོ། །ཤྲི་ཤའི
་ས་བོན་ཀ་རཉྫའི་ས་བོན། །གུར་གུམ་རུ་རྟ་ལྡོང་རོས་བཅས་པ་ཡི། །དུག་སྨན་འདིས་ནི་མཚན་རྒྱུའི་སྡིག་པས་ཟིན། །སེལ་བར་བྱེད་པ་ཡིན་པར་རྒྱལ་བས་གསུངས། །ཞེས་བྱ་བ་ལ། ཤི་ཤའི་ས་བོན་ལ་སོགས་པ་སྦྱར་བའི་དུག་སྨན་འདིས་ནི་མཚན་མོ་རྒྱུ་བའི་སྡིག་པས
་ཟིན་པ་སེལ་བར་བྱེད་པའི་དམ་པ་ཡིན་པར་རྒྱལ་བ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྲིན་བུ་ལས་ནི་རབ་གདུག་པ་།བ་ནི་བཅུ་དྲུག་ཡིན་པར་བཤད། །གཞན་དག་ཉི་ཤུ་རྩ་བརྒྱད་འདོད། །ཁ་ཅིག་དེབས་མང་བར་འདོད། །ཉི་མའི་འོད་ཀྱིས་རྗེས
་འབྲང་པ། །སྟོང་ཕྲག་ཡོད་ཅེས་གཞན་དག་འཆད། །ཅེས་བྱ་བ་ལ། སྲིན་བུ་རྣམས་ལས་རབ་ཏུ་གདུག་ཅིང་གསོ་དཀའ་བ་ན་སྲོག་ཆགས་པ་ཞས་བྱ་བ་ཡིན་ལ། དེའི་དབྱེ་བ་ཡང་བཅུ་དྲུག་ཡང་པར་སློབ་དཔོན་གྱིས་བཤད་དོ། །ཁ་ཅིག་ནི་དེ་ཉི་ཤུ་རྩ་བརྒྱད་པར་འདོད།།
་དྲང་སྲོང་གཞན་དག་ནི་དེས་བས་ཀྱང་མང་བར་འདོད་དོ། །དྲང་སོང་ཁ་ཅིག་ནི་ཉི་མའི་འོད་ཀྱིས་རྗེས་སུ་འབྲང་ཞིང་སྐྱེ་བ་སྟོང་ཕྲག་དུམ་ཡོད་པར་འཆད་དོ། །བླ་གཉན་གཟུགས་ནི་མང་གྱུར་པ། །དུག་ཅན་བ་ནི་ཅིག་བུར་འདོད། །ཅེས་བྱ་བ་ལ། སྲོག་ཆགས་པ་ནི་བླ་གཉན་མང
་ཞིང་གཟུགས་མང་བའི་དུག་ཅན་ནི་གཅིག་པུ་ཁོ་ནར་འདོད་དོ། །དེའི་གཟུགས་དང་མིང་དག་ནི། །ཤིན་དུ་འདྲེས་པས་ཤེས་པར་དཀའ་། གནས་ཀྱི་ངེས་པ་ཡོད་མིན་པས། །དེ་ཕྱིར་ནད་ལས་བཤད་པར་བྱ། །བ་དེའི་གཟུགས་ལ་སོགས་པ་ནི་ཤིན་དུ་ཤེས་པར་དཀའ་
་ཞིག་གནས་ཀྱི་ངེས་པ་ཡང་ཡོད་པ་མ་ཡིན་པས་དེའི་རང་བཞིན་ནི་ནད་ཀྱི་ཚུལ་ལས་བཤད་དོ། །ནད་གཞི་སོ་སོའི་གསོ་བ་དགྲང། །འདུས་པ་ལས་གྱུར་གསོར་མི་རུང། །ཞེས་བྱ་བ་ལ། བདེ་ནི་བཞི་ཐ་དད་པ་ལས་གྱུར་པ་ནི་གསོ་དཀའ་བ་ཡིན་ལ། འདུས་པ་ལུས?་གྱུར
་པ་ནི་གསོར་མི་རུང་པ་ཡིན་ནོ། །དེ་ཟིན་མཁྲིས་གྱུར་ཚ་བ་དང། །སྐོམ་དང་ཆུ་བུར་རིམས་ཀྱིས་འདེབས། །རྨང་བག་རབ་ཆད་མར་སེར་མདོག་།བརྣགས་ཤིང་རྒུན་འབྲུམ་འབྲས་བུ་འདྲ། །ཞེས་བྱ་བ་ལ། བ་དེ་ཟིན་མཁྲིས་པ་ལས་གྱུར་པའི་མཚན་མ་ནི་ཚ་བ་ལ
་སོགས་པ་ཡིན་ནོ། །བད་ཀན་ལས་གྱུར་སྲ་ཞིང་སྐྱ། །པ་རུ་ཤཀ་རི་འབྲས་བུ་འདྲ། །གཉིད་ཆེ་གྲང་རིམས་ལུད་པ་ལ། །ཤིན་ཏུ་གཡའ་བར་བྱེད་པ་ཡིན། ཞེས་བྱ་བ་ལ། བས་ཟིན་བད་ཀན་ཅན་གྱིས་མཚན་ཉིད་ནི་སྲ་ཞིང་མདོག་སྐྱ་བ་ལ་སོགས་པ་ཡིན་ནོ།།
་རླུང་གྱུར་རྩུབ་ཅིང་གནག་པ་དང། །ཚིགས་ན་རིམས་ཀྱིས་འདེབས་པར་བྱེད། །ཅེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པ་ནི། རེག་ན་རྩུབ་ཅིང་ཁ་དོག་གནག་པ་ལ་སོགས་ཡིན་ནོ། །དེ་ཡི་དབྱེ་བ་ནི་ནད་ཀྱི། རང་གི་མཚན་ཉིད་ལས་ཤེས་བྱ། ཞེས་བྱ་བ་ལ། བ
་དེའི་དབྱ?་བ་ནི་དེ་ལྟར་ནད་ཀྱི་རང་གི་མཚན་ཉིད་ལས་ཤེས་པར་བྱའོ། །གསོར་མི་རུང་བ་སྙིང་ཆ་ཞིང། །ལུད་པ་སྐྱིགས་བུ་ཚིག་ནད་དང། །འབྲུམ་ཕྲན་དཀར་དང་སེར་དང་གནག་།དམར་དང་སྐྲང་པ་ལས་འབྱུང་འགྱུར། །འདར་ཞིང་སྐྲང་ལ་ཚ་བ་དང། །སྐོམ་དང
་ལོང་ཞིང་སྣ་འཆུས་ལ། མཆུ་གནག་སོ?་ནི་ཡོ་བ་དང། །རྒྱབ་དང་མིང་པ་བཅོམ་སྙམ་སེམས། །འཛམ་བུའི་འབྲས་བུའི་སྨིན་འདྲ་བའི། །ཁྲག་ནི་མཆུས་བལྡགས་རྨ་ལས་འཛག་།ཅེས་བྱ་བ་ལ། བས་བལྡགས་པ་གསོར་མི་རུང་བ་ནི། སྙིང་ཚལ་སོགS
་པ་དང། འབྲམ་ཕྲན་མདོག་དཀར་བ་ལ་སོགས་པ་འབྱུང་བར་འགྱུར་བ་དང། འདར་བ་ལ་སོགས་པའི་མཚན་ཉིད་ཅན་ནས་མཆུས་བལྡགས་པ་ལས་འཛམ་བུ་སྨིན་པའི་འབྲས་བུ་འདྲ་བའི་ཁྲག་འཇག་པར་འགྱུར་པ་ཡིན་ནོ། །འདུས་གྱུར་མཚན
་ཉིད་ཀུན་ལྡན་ཞིང། །མིང་ནི་མང་པོར་གྱུར་བ་ཡིན། ཞེས་བྱ་བ་ལ། བ་ཐམས་ཅད་ཀྱང་འདུས་པ་ལས་གྱུར་བ་ཡིན་ཞིང། ནད་སྐྱེད་པར་བྱེད་པ་ཡིན་ལ། དེའི་མིང་ཡང་དུ་མར་གྱུར་པ་ཡིན་ནོ། །དེའི་དུག་རྣོན་པོ་པར་མ་དང། དམན་པའི་དབྱེ་བས
་གསུམ་དུ་འགྱུར། ཞེས་བྱ་བ་ལ། པ་དེ་ནི་དུག་རྣོན་པོ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་རོ། །མ་བཅོས་ཞག་བདུན་ཞག་བཅུ་དང། །ཟླ་བ་ཕྱེད་ཀྱི་རིམས་ཀྱིས་གསོད། །ཅེས་བྱ་བ་ལ། བ་དེའི་དུག་ནི་མ་བཅས་ཤིང་གསོལ་བར་བྱས་ན་དག་རྣོན
་པོས་ནི་ཞག་བདུན་ན་གསོར་རོ། །དུག་བར་མས་ནི་ཞག་བཅུ་ནས་གསོད་དོ། །དུག་ད་ནམ་པས་ནི་ཟླ་བ་བྱེད་ཀྱིས་གསོད་དོ། །བ་དང་མཆུས་རིངས་ཐམས་ཅད་ཀྱང། གླང་ཤུ་ཀོར་ཀོར་བོར་བྱེད་ཅིང། དཀར་དང་གནག་དང་དམང་དང་སེར། །གནག་པ་འཇམ་ཞིང་མཐེ་བ་དང?
་དབུས་སུ་གནག་པ་འམ་སྔོ་བ་ལ། །ཐ་མ་དྲ་བ་ལྟ་བུས་ཁེབས་།མཆེད་ཅིང་སྐྲང་པར་བྱེད་པ་དང། །ཚ་ཞིང་མང་དུ་ན་བ་དང། །རིམས་འདེབས་མྱུར་དུ་བརྣགས་ཤིང་འཕྲུལ། །རུལ་ཅི་དགས་པར་བྱེད་པ་དང། །རྣག་གིས་གང་དུ་རག་གྱུར་པའི། །ཕྱོགས་དེར་ཡང་ནི་རྨ
་སྐྱེར་བྱེད། །ཅེས་བྱ་བ་ལ། བ་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་ཐམས་ཅད་ཀྱང། །བླང་ཤུ་ཟླུམ་པོ་ཀོར་ཀོར་པོ་དང་འདྲ་བ་སྐྱེད་པར་བྱེད་ཅིང། མདོག་ནི་དཀར་བོ་ལ་སོགས་པ་གང་རུང་བར་གྱུར་ལ། དེ་བཞིན་དུ་འཇམ་པ་ལ་སོགས་པའི་མཚན་ཉིད་དང
་ལྡན་པ་དང། ཤུ་བ་མཆེད་པ་ལ་སོགས་པ་དང། རིམས་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནི། །དབུགས་དང་མཆེ་བ་བཤད་གཅི་དང། ཁུ་ཆུ་ཁ་ཆུ་སེན་མོ་ཁྲག། བརྒྱད་པོ་གནོད་བྱེད་ཁྱད་པར་དུ། །དུག་ནི་ཁ་ལ་གནས་པ་ཡིན། ཞེས་བྱ་བ་ལ། བལ
་སོགས་པའི་སིན?་བུ་གདུག་པ་འདི་དག་ནི། །དབུགས་ལ་སོགས་པ་བརྒྱད་ལ་དུག་ཡོད་པས་གནོད་པར་བྱེད་~་ཁྱད་པར་དུ་ནི་དུག་དེ་ཁ་ལ་གནས་པ་ཡིན་ནོ། །པའི་ལྟེ་བ་ཡན་ཆད་འཛིན། །སྲིན་བུ་སྟེང་སྨད་ཀུན་ཏུ་གནོད། །ཅེས་བྱ་བ་ལ། བ་ནི་?་བ་ཅན
་ཡན་ཆད་དུ་གནད་ཅོད། དུག་འདེབས་པར་བྱེད་ལ། སྲིན་བུ་ནི་ལུས་ཀྱི་སྟོད་སྨད་ཀུན་དུ་གནོད་པར་བྱེད་དོ། །དེས་གནོད་བྱས་པའི་གསལ་སོགས། ལུས་ལ་རག་ན་ནད་སྐྱེད་བྱེད། ཅེས་བྱ་བ་ལ་བ་དང་སྲིན་བུ་གདུག་པ་དེས་གནོད་ཅི་དགོས་པར་བྱས་པའི་གོས་ལ
་སོགས་པས་ལུས་ལ་རེག་ན་ཡང་དུག་གིས་ནད་སྐྱེད་པར་བྱེད་དེ། བ་དང་སྲིན་བུ་ལས་གྱུར་དུག། ཉིད་ཕྱེད་པར་དུ་ཚོར་མི་འགྱུར། ཞེས་བྱ་བ་ལ། བ་དང་སྤྲད་བུ་གདུག་པ་ལ་སོགས་པས་ཟིན་པའི་དུག་ནི། །ཉི་ཕྱེད་ཀྱི་བར་དུ་ཚོར་བར་མི་འགྱུར་རོ། །དེ་ནས་དང་པོའི་ཉིན་ཞག་ལ། ཁབ?་ཀྱིས
་བཙགས་པ་སྙམ་དུ་སེམས། །མདོག་མི་གསལ་ཞིང་གསོ་བ་དང། ཆུད་ཟད་གཡ་ཞིང་ནད་དང་ལྡན་ཞེས་བྱ་བ་ལ། དེའི་འོག་ཏུ་སྲིན་བུས་ཟིན་པ་དེ། དང་པོའི་ཉིན་ཞག་ལ་ཁབ་ཀྱིས་བཙགས་པ་སྙམ་དུ་སེམས་པ་ལ་སོགས་པར་འགྱུར་རོ། །གཉིས་པར་མཛའ་མ
་ཤིན་ཏུ་མཐོ། །འབྲུམ་བུ་པ་མོས་ཁྱབ་པ་འདྲ། །མདོག་གསལ་གྱུར་ནས་དབུས་དམའ་ཞིང། །གཡའ་ཞིང་རྨེན་བུ་ལྟ་བུར་སྣང། ཞེས་བྱ་བ་ལ། སྦྲང་བུ་གདུག་པས་ཟིན་ཞག་གཉིས་པའི་མཛའ་མ་ནི་ཤིན་ཏུ་མཐོ་བ་ལ་སོགས་པར་འགྱུར་རོ། །གསུམ་པ་རིམས
་བཅས་སྤྲུ་ལྡང་ཞིང་འཁོར་ལྡང་དམར་པོར་སྣང་བ་དང། །ཁམ་པོར་གཟུགས་འདྲ་ཕལ་ཆེར་ནི། །བ་སྤུའི་བུ་ག་འཛག་པར་འགྱུར། ཞེས་བྱ་བ་ལ། ཞག་གསུམ་པར་ནི་རིམས་དད་བཅས་པ་ལ་སོགས་པར་འགྱུར་ཞིང། བ་སྤུའི་བུ་ག་ནས་ཆུ་སེར་ལ་སོགས་པ་འཛག
་བར་འགྱུར་རོ། །ཉིན་ཞག་བཞི་པར་ཆེར་སྐད་ཞིང། །མགོ་འཁོར་ལུས་ཚ་དབུགས་མི་བདེ། །ཞེས་བྱ་བ་ལ། དེའི་ཉིན་ཞག་བཞི་པ་ལ་ནི། དེ་ལས་གྱུར་པའི་ནད་སྐྲད་བ་ལ་སོགས་པར་འགྱུར་རོ། །ལྔ་པར་དུག་ལྔ་ལས་གྱུར་པ་ཡི། །ནད་ནི་དེ་དང་དེ་དག་སྐྱེད། །དྲུག
་པར་གནད་དུ་ཁྱབ་པར་བྱེད། །བདུན་པར་སྲོག་དེ་འཇོམས་པར་བྱེད་དེ། །ཅེས་བྱ་པ་ལ། གདུག་པའི་དུག་དེས་དྲུག་པ་ནི་གནད་རྣམས་ལ་ཁྱབ་པར་བྱེད་ལ། ཞག་བདུན་པ་ལ་ནི། བསོད་པར་བྱེད་དོ། །དེ་ལྟར་དུག་ནི་རྣོན་པོ་དང། ཁར་མ་དམན་པ་དབྱེ་བར་བྱ། ཞེས་བྱ་བ་
་བལ་།ཚུལ་དེ་ལྟར་ན་རྣོན་པོ་ལ་སོགས་པའི་དུག་གིས་དབྱེ་བ་བསྟན་པ་ཡིན་ནོ། །དེ་ནས་ཉེན་ཞག་ཉི་ཤུ་ནི། །གཅིག་ན་ཡོངས་ཡེ་ཞི་བར་འགྱུར། ཞེས་བྱ་བ་ལ། དེ་ནས་ཉིན་ཞག་ཉི་ཤུ་རྩ་གཅིག་འདས་ནས་ནི་རྣམ་པ་ཐམས་ཅད་དུ་ཞི་བར
་འགྱུར་རོ། །དེའི་འོག་བ་ཡི་ཟིན་པ་ནི། །མཚོན་གྱི་རྨ་ནི་གནོད་པར་བྱ། །འཇམ་བུའི་མཆུ་ལ་སོགས་པས་བསྲེག་མཁྲིས་པ་ལས་གྱུར་བསྲེག་མི་བྱ། །ཞེས་བྱ་བ་ལ་།དེའི་འོག་ཏུ་བས་བལྡགས་པའི་རྨ་མཚོན་གྱིས་བཅད་དེ་གདོན་པ་དང་།འཛམ་བུའི་ཆུ་ལ་སོགས
་བ་ཆ་དཔྱད་གྱིས་བསྲེག་པར་བྱ་སྟེ། མཁྲིས་པ་ལས་གྱུར་པའི་?་བསྲེག་ཏུ་མི་རུང་སྟེ། མེ་ནི་མཁྲིས་པ་ལས་གྱུར་བའི། །རྨ་ནི་ནང་སྐྱེ་པའི་ཕྱིར་རོ། །རྩུབ་ཅིང་སྤུ་ནི་གྱེས་བ་དང། །གནད་དང་ཚིགས་ལ་སོགས་ལ་གནས་སོ། །ཟིན་ན་ཀུན་ལ་ཁྱབ་གྱུར་པ། །བཅད
་པར་མི་བྱ་བསྲེག་མི་བྱ། །ཞེས་བྱ་བ་ལ། རྩུབ་པ་ལ་སོགས་པའི་མཚོན་གྱིས་བཅད་དུ་ཡང་མི་རུང་ལ། མེས་བསྲེག་ཏུ་ཡང་མི་རུང་ངོ། །བསྲེགས་པ་དུག་སྨན་རྒྱམ་ཚྭ་དང། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། མཚེ་བས་ཟིན་ནས་བསྲགས་པ་ལ་ནི
་རྒྱམ་ཚ་དང་སྦྲང་རྩིར་སྦྱར་བའི་དུག་སྨན་བསྐུ་པ་བྱའོ། །དེ་རྗེས་འོ་མ་ཅན་ཤིང་བསྐོལ། །སྨན་ཁུ་ཤིན་ཏུ་བསིལ་མོ་བླུགས། །ཞེས་བྱ་བ་ལ། འགུས་ཟིན་པའི་རྨེ་བསྲེགས་པ་དེའི་འོག་ཏུ་སྨན་གྱི་ཁུ་བ་ཡང་བླག་པར་བྱའོ། །རྔབ་རྭ་སོགས་སམ་གཏར་ག
་ཡིས། །ཐམས་ཅད་ལ་ནི་ཁྲག་དབྱུང་བྱ། ཞེས་བྱ་བ་ལ། གདུག་པའི་སྲིན་བུས་ཟིན་པ་ཐམས་ཅད་ལ་རྡབ་རྭ་ལ་སོགས་ཁྲག་དབྱུང་བར་བྱའོ། །དེ་ནས་བསིལ་སྨན་བསྐུ་བླུགས་ཕྱ། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ཤིན་ཏུ་བསིལ་བའི་སྨན་གྱི་ལྡེག་བསྐུ
་བ་དང། ཤིན་ཏུ་བསིལ་བའི་སྨན་གྱི་ཆུ་བླུགས་པར་བྱའོ། །སླེ་སྨན་ད་ཀ་ཨ་ཤྭཏྠ། །བ་རུ་ར་དང་?་ཡངཀུ། །ཤུག་པ་སེར་གཉིས་སྦྲང་རྩིར་སྦྱར། །བ་དང་སྲིན་བུ་ལ་སོགས་པའི། །དུག་འཇོམས་ལས་ནི་ཐམས་ཅད་བྱེད། །ཅེས་བྱ་བ་ལ། སླེ་སྨན་ཀ་?
་སོགས་པ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་པས་བསྔགས་པ་དང། སྲིན་བུ་གདུབ་པས་ཟིན་པ་ལ་སོགས་པའི་དུག་སེལ་ཅིང་ལས་ཐམས་ཅད་བྱེད་པ་ཡིན་ནོ། །སེར་པོ་རྣམ་གཉིས་རྨ་ཤིང་བཙོང། །པདྨ་གེ་སར་རྒྱ་སྤོས་ནི། །སྦྲང་རྩི་མར་སྦྱར་ཙམཔ་?
་སྔ་མ་བས་ཀྱང་ཡོན་ཏན་ཆེ་།ཅེས་བྱ་བ་ལ། སེར་པོ་རྣམ་གཉིས་ལ་སོགས་པ་སྦྱར་བའི་དུག་སྨན་ནི། ཙམཔ་ཀ་ཞེས་བྱ་སྟེ། སྔ་མ་བས་ཡོན་ཏན་ཆེ་བ་ཡིན་ནོ། །ལྕི་ཁུ་བཙིར་དང་ཁར་དཀར། ། པ་མརྒ་ལྡོང་རོས་དང། བླ?་སྐྱེར་པ་བྱ་མ་ཀ། ཡུག་སྣམ་སྦྲང་རྩི་མར
་དེ་བཞིན། ཞེས་བྱ་བ་ལ། ལྕི་ཁུ་བཙིར་བ་ལ་སོགས་པའི་སྨོན་ཡང་དེ་བཞིན་ཏེ། བ་བླ་སོགས་པའི་དུག་འཇོམས་ཤིང་ལས་ཐམས་ཅད་བྱེད་པ་ཡིན་ནོ། །རྒྱ་སྤོས་ན་ལེ་ཤམ་སུག་སྨེལ། །རུ་རྟ་ཤིང་མངར་སྦྲང་རྩི་མར། །སྦྱར་བའི་སྨན་ནི་མནདར?། །ཞེས་བྱ་བ་ལ། རྒྱ
་སྤོས་ལ་སོགས་པ་སྦྱར་བའི་སྨན་ནི། མིང་མནད་ར་ཞེས་བྱ་སྟེ། དེའི་ཡོན་ཏན་ཡང་དེ་དང་འདྲའོ། །རྒྱ་སྤོས་གསེར་ཕྲོམ་པུ་ཙ་ཤེལ། །ཤུ་དག་པ་ཐག་སུག་སྨེལ་དང། །གུར་གུམ་སྤོས་དང་ལྡན་དེ་བཞིན། །ཞེས་བྱ་བ་ལ། གཞན་ཡང་རྒྱ་སྤོས་ལ་སོགས་པ་སྦྱར་བའི
་སྨན་ནི། །སྤོས་དང་ལྡན་ཞེས་བྱ་སྟེ། ཡོན་ཏན་ཡང་སྔ་མ་དང་འདྲ་བ་ཡིན་ནོ། །ནང་གཞི་མང་ལ་དུག་འཇོམས་པའི། །སྦྱད་བ་བྱས་པས་གསོ་བར་བྱ། །ཞེས་བྱ་བ་ལ། སྐྱེས་བུ་ནང་གཞི་མདབ་ལ་དུག་འཇོམས་པའི་སྨན་གྱིས་དང་པོར་སྦྱང་བར་བྱའོ། །ཤིང་མངར་དང
་ནི་པོ་སོན་ཆ། །ཀ་ཤོ་ཤ་ཤི་ཨང་ཀེ་ལ། །སྲིནདུ་བ་ར་འབྲས་བུར་སྦྱར། །འཐུང་ན་བད་ཀན་ལས་གྱུར་དུག་།མྱུར་དུ་འབྱིན་པར་བྱེད་པ་ཡིན། ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བ་ལ་ནི་ཤིང་མངར་ལ་སོགས་པའི་སྨན་འབྲས་ཀྱི་ཆུ་དང་བླུད་ན་དུག་མར་མྱུར་དུ་འབྱིན་པར
་བྱེད་དོ། །ཤིར་ཤའི་ལོ་མ་མང་དང། །རྩ་བའི་འབྲས་བུ་ཨང་?། །རྩ་བར་བཅས་པའང་དེ་བཞིན་ནོ། །ཞེས་བྱ་བ་ལ། ཤྭི་རི་ཤའི་ལོ་མ་དང་རྩ་བ་དང་འབྲས་བུ་དན་ཨང་ཀོ་ལའི་རྩ་བ་དང་བཅས་པ་འབྲས་ཀྱི་ཆུ་དང་སྦྱར་ཏེ་འཐུངས་ན་ཡང་བད་ཀན་ལས་གྱུར
་བའི་སྲིན་བུའི་དུག་དེ་མྱུར་དུ་སྨོན་པར་བྱེད་དེ། །འབྲས་བུ་གསུམ་དང་ནི་ལི་ནི། །དུར་བྱིད་ལ་སོགས་བཀྲུ་སྨན་བཏང་།ཞེས་བྱ་བ་ལ། དེ་གལ་ཏེ་བཀྲུ་སྨན་གྱིས་གསོ་བར་འོས་པ་ཡིན་ན་ནི། །འབྲས་བུ་གསུམ་ལ་སོགས་པའི་བཀྲུ་སྨན་བཏང་?་བྱའོ།
་སྐྲང་ཚ་ལ་སོགས་ཞི་གྱུར་ནས། རྨ་ཡི་ལྟེ་?་དབོག་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་སྐྲད་པ་ལ་སོགས་པ་ཞི་བར་གྱུར་ན་འོག་ནས་བཤད་པའི་སྨན་གྱིས་རྨའི་ལྟེ་བ་དབོག་པར་བྱའོ། །བ་བླ་ལེ་བརྒན་རྩིའི་མེ་ཏོག་།ཁྲོན་བུ་ཐི་པའི་རྟུག་པ་དང། །དུར་བྱིད་དནད་རྒྱམ་ཚ་རོ་སྦྱར། །ལྟེ
་བ་འབྱིན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། སྐྲང་པ་ལ་སོགས་པ་ཞི་བར་གྱུར་ན་བ་བླ་ལ་སོགས་པའི་སྨན་སྦྱར་ཏེ་བསྐུས་ན་ཡང་ལྟེ་བ་འབྱིན་པར་བྱེད་དོ། །དེ་བཞིན་ཨུད་མ་ཀ་རི་ཡི། །རྩ་བའི་སྨིན་མའི་ཤུན་བཅས་པའི། །ཞེས་བྱ་བ་ལ། དེ་བཞིན་དུ་ཨུང་མ་ཀ་རིའི་རྩ་བ་དང་།སཕྱུག?
་མའི་ཤུན་པ་གཉིས་ཀྱིས་ན་ཡང་ལྟེ་བ་འབྱིན་པར་བྱེད་དོ། །རྒྱམ་ཚ་རུ་རྟ་པུ་ཚེ་ཤེལ། །ད་ནང་པ་བཅས་སྦྱར་བའམ། །ར་ཛ་ཀོ་ཤ་རྟའི་རྩ་བ་།དར་བའི་ཚིགས་མ་སྦྱར་བས་བྱ། །ཞེས་བྱ་བ་ལ། ཡང་ལྟེ་བ་མཐོ་བ་དེར་དབྱུང་བའི་ཕྱིར། །རྒྱམ་ཚ་ལ་སོགས་པའི་སྦྱོར་བ་འམ། །རེ
་ཛ་ཀོ་ཤ་ད་ཀའི་རྩ་བ་དང། དར་བའི་ཚིགས་མ་བསྐ་བ་དང་སྦྱར་བས་ཀྱང་བྱའོ། །ལྟོ་བ་བཅད་པའི་དུས་སུ་ནི། །དུག་སེལ་བ་ཡིས་བལྟ་བར་བྱ། །ཞེས་བྱ་བ་ལ། ལྟེ་བ་བཅད་པའི་དུས་སུ་དུག་སེལ་བར་བྱེད་པའི་ཁ་ཟས་དང་།སྨན་གྱིས་བལྟ་བར་བྱའོ། །སྣུམ་བཅོས་མ་ལུས
་བྱ་བ་ནི། །ཞུན་མར་ཉིད་ཀྱིས་བྱ་བ་ཡིན། །ཞེས་བྱ་བ་ལ། སྲིན་བུའི་དུག་གིས་སྣུམ་བཅོས་ལ་ནི་ཀུན་ཀྱང་ཞུན་མར་གྱིས་བྱའོ། །ཏིལ་མར་གྱིས་ནི་རྩ་སོགས་ལ། །མེ་མཆེད་ལྟ་བུར་དུག་འཕེལ་བྱེད། ཅེས་བྱ་བ་ལ། གལ་ཏེ་ཏིལ་མར་གྱི་སྣུམ་བཅོས་བྱས་ན་ནི། རྩ
་སྔོན་པོ་མེ་མཆེད་པ་ལྟར་དུག་འཕེལ་བར་འགྱུར་རོ། །བེ་ཀམ་ཀ་ཏ་བ་ལ་ཀ། ཐལ་ཏེས་གུ་སྲང་སྤྲི་ཀ་དང། །ཙན་དན་ཉ་ལྕིབས་སོན། །ུཏ་པལ་རྒྱ་སྤོས་ཤིང་མངར་དང། །ཤིང་ཚ་ཤུག་པ་ན་གུ་ལི། །པོ་སོན་ཆའི་རྐང་ལྷན་ཅིག་སྦྱར། །སྐྱེར་པ་གླ་སྒངས་སརྦཱ་ཀྵི?། །?
་ལྒ་པི་པི་ལིང་རྩ་བ། །པི་པི་ལིང་དང་ཙི་ཏྲཀ་།བར་ན་དང་ཨ་ཀ་རུ། །བི་ལྦ་ནི་མ་བ་ཏ་ལི། །རུ་རྟ་ནག་གེ་སར་དང། །སེ་ལུ་ལྷན་ཅིག་སྦྱར་བ་དང། །བིལྦ་ཙན་དན་ཨུཏཔལ། །རྒྱ་སྤོས་བཅའ་སྒ་པི་པི་ལིང། །ལྕང་མ་ནིམྦ་རུ་རྟ་དང། །ཆུ་སྲིན་སྲེན་མོ་ཛི་བནྟི། །ག་བྲའི་རྩ་བ་པ་ཏ་ལི། །ཛི་བནྟི
་དང་པོ་སོན་ཆ། །ཤིང་ཚ་སྦྱར་བ་དེ་དག་ནི། །མིག་སྨན་སྣར་བླུགས་བྱུག་པ་དང། །སྨན་ཆུ་བླུགས་པའི་སྦྱོར་བ་ཡིས། །མཁྲིས་པ་བད་ཀན་རླུང་གྱུར་པའི། །ལུ་ཏའི་དུག་ནི་ཇི་སྙེད་པ། །ཚུལ་ཁྲིམས་ལ་གནས་ངན་འགྲོ་བཞིན། །དེ་ཡིས་དུག་ནད་ཀུན་འཇོམས་བྱེད། །ཅེས་བྱ་བ་ལ།
་བེ་ཀང་ཏ་ལ་སོགས་པའི་དུག་སྨན་གྱི་མཆོག་འདི་ནི་།སྨན་གྱི་སྡེ་ཚན་གསུམ་པོས་མཁྲིས་པ་ལ་སོགས་པའི་སྲིན་བུའི་ནད་གསུམ་པོ་འཇོམས་པར་བྱེད་དོ། །ཇི་ལྟར་ཚུལ་ཁྲིམས་ལ་གནས་པའི་མིས་ངན་འགྲོའི་ཚོགས་བཟློག་པར་བྱེད་པ་དང་འདྲའོ། །སྤྲིས་ཀ་ནི་ཤ་རྩིའོ། །ཉ
་ལྕིབས་ནི་ཆུ་བ་ལ་ལོ། །ཀུ་ལི་ནི་གནད་ན་ཀུ་ལིའོ། །ཀུ་ལི་ནི། །སེའུ་ལིའི་སླེ་སྨན་ཏ་ཀའོ། །གཞན་ནི་གོ་བར་ཟད་དོ། །སྦྱོར་བ་ཚན་གསུམ་ནི། །བེ་ཀ་མ་ཀ་ཏ་ནས་པོ་སོན་ཆའི་རྐང་གི་བར་དུ་སྦྱོར་བ་གཅིག་གོ་།གཉིས་པ་ནི་སྐྱེར་བ་ནས་སེ་ལུའི་བར་རོ། །གསུམ་པ་ནི་བིལྦ་ནས་ཤིང
་ཚའི་བར་རོ། །གསེར་ཕྲོམ་ཤུག་པ་པདྨ་གེ་སར་དང། །ཙན་དན་དམར་སེར་པྲི་ཡངཀུའི་མེ་ཏོག་།པར་རྩ་པུ་ཤེལ་རྩི་དར?་བ?་ཡསྱའི། །སྦྱོར་བ་ཀུན་གྱི་པ་ཡི་དུག་རྣམས་འཇོམས། །ཞེས་བྱ་བ་ལ། གསེར་ཕྲོམ་ལ་སོགས་པའི་སྨན་གྱི་སྦྱོར་བ་ཀུན་ཏེ། བཏུང་བ་དང། སྣ་སྨན་དང།
་མིག་སྨན་དང། བསྐུ་བ་དང། སྨན་ཆུ་བླུགས་པའི་སྦྱོར་བས་སྦྱར་བ་ན་ནི། །བའི་དུག་ཐམས་ཅད་འཇོམས་པར་བྱེད་དོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་དེས་པར་སྦྱར་བ་ལས
་ཕྱི་མའི?་གནས་ཀྱི་ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་བྱི་བ་དང་ཨ་ལང་གའི་དུག་གསོ་བ་བཤད་པར་བྱའོ། །ཁ་ཆུ་ཅན་དང་མི་བརྟན་ཀུ། །རྒོད་དང་སྒྲ་གཅན་པགས་པ་དང། །རྙིང་པོ་སོ་དང་ཁུ་བྱུག་དང། །སེར་སྐྱ་དང་ནི་ནག་པོ
་དང། །དམར་སེར་ཁྲ་བོ་དཀར་པོ་དང། །ཐི་བ་སྐྲ་དཀར་བྱ་བ་དང། །ཕུས་པ་དང་ནི་བ་བྱི་སྟེ། །བྱི་བ་དབྱེ་བ་བཅོ་བརྒྱད་ཡིན། །ཞེས་བྱ་བ་ལ། བྱི་བའི་དབྱེ་བ་ནི་ཁ་ཆུ་ཅན་ལ་སོགས་པའི་དབྱེ་བས་བསྟན་པ་གྲངས་བཅོ་བརྒྱད་ཡིན་ནོ། །གང་དུ་འདི་ཡི་ཁ་ཆུས
་ཕོག་།ཁུ་བས་ཕོག་དང་རེག་པ་ནི། །ལུས་ཀྱིས་ལུས་པ་རེག་པ་དང། ཁྲག་ལ་གནོད་ཅིང་མདོག་སྐྱ་ལ། །ཐོར་བུ་རྨེན་བུ་དྲི་མན་མ་དང། །ཤུ་བ་འཁོར་ལིང་ཡིག་འཆས། །མགོ་འཁོར་སྦྱར་རིམས་རབ་ཏུ་ན། །ཉམ་ཆུང་འདར་ཞིང་ལྷུ་ཚིགས་ན། །སྦུ་ལྡང་དྲན་ཉམས
་ཁྲག་འཛག་དང། །ཡུན་རིང་དུ་ནི་གནས་པར་བྱེད། །བད་ཀན་ཅན་གྱི་བྱེ་བ་ཡི། །ཕུ་གུ་མ་རེག་སྒོམ་སླན་འགྱུར། །ཞེས་བྱ་བ་ལ། བྱི་བ་འདི་དག་གི་ཁ་ཆུས་ལུས་གང་ལ་ཕོག་པ་དང། ཡང་ན་ཁུ་བས་ཕོག་པའི་ལུས་དང་རེག་པར་གྱུར་ན་དེར་མདོག་སྐྱ་ལ་སོགས་པའི
་ནད་དང། ཡུན་རིང་དུ་འབྲེལ་ཅིང་གནས་པར་བྱེད་པའི་བར་དུ་འགྱུར་ལ་།བད་ཀན་ཅན་གྱི་བྱི་བའི་ཕྲུག་གུ་མང་པོས་རེག་ན་སྐོམ་དང་ཆ་བ་དང། སློན་པར་འགྱུར་རོ། །བྱི་བ་འཁྲིག་སྤྱོད་དུག་གསོ་དཀའ་། །ཡང་དང་ཡང་དུ་ལྡང་བར་བྱེད། །ཅེས་བྱ་བ་ལ། འཁྲིག་པ་སྤྱོད
་པའི་དུག་གིས་རག་པ་ནི་ཤིན་ཏུ་གསོ་དཀའ་ཞིང་དེ་ཡང་དང་ཡང་དུ་ལྡང་ཞིང། འཁྲུག་པར་བྱེད་པ་ཡིན་ནོ། །ཡན་ལག་ཀུན་སྐྲད་མདོག་མི་སྡུག་།བརྣགས་ཤིང་འོན་ལ་རིགས་ཀྱིས་འདེབས། །མགོ་ལྕི་ཁ་ཆུ་ཁྲག་འབྱུང་ཞིང། །སློན་པ་གསོ་དཀའ་ཨི་རྨ་མཚན་ཡིན།།
་ཞེས་བྱ་བ་ལ། བྱི་བའི་དུས་སོར་མི་རུང་བས། ཟིན་པའི་མཚན་མ་ནི་ཡན་ལག་ཀུན་སྐྲང་བ་ནས་སློན་པའི་བར་ཡིན་པར་ཤེས་པར་བྱའོ། །ཕུས་པས་ཟིན་པ་དེ་དྲི་བྲོ། །ལྒང་པ་སྐྲང་ཞིང་མཆུ་མདོག་ཉམས། སྦྲང་རྩི་འདྲ་བའི་རྨེན་བུས་ཁྱབ་།ཅེས་བྱ་བ་ལ། མི་ཕུས
་པའི་དུག་གིས་ཟིན་པའི་མཚན་མ་ནི་དེའི་དྲེ?་བྲོ་བ་རྣས་རྨན་བུས་ཁྱབ་པའི་བར་ཡིན་ཏེ་།དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ཁྱིའི་དུག་བད་ཀན་ནད་ཆེར་འཁྲུག་།འདུ་ཤེས་རྒྱུ་བའི་རྩ་མང་གནས། གནོད་ཅིང་འཁྲུག་པར་བྱེད་པ་དང། ལུས་ཟུངས་ལ་ནི་མི་བཟང
་གནོད། །ཅེས་བྱ་བ་ལ། ཁྱིའི་མཆེ་བའི་དུག་གིས་ཟིན་པ་ནི། །བད་ཀན་གྱི་མ་ཤས་ཆེར་ལྡང་ཞིང་འཁྲུག་པ་དང། འདུ་ཤེས་རྒྱུ་བའི་རྩ་མང་པོ་ལ་གནས་ནས་འདུ་ཤེས་གཏོར་ཞིང་བརྒྱལ་བར་བྱེད་པ་དང། ལུས་ཟུངས་རྣམས་ལ་ལྷག་པར་གནོད་པར་བྱེད་པ་ཡིན་ནོ། ཁ་ཆུ་འཛག
་དང་ལོང་དང་འོན། །ཀུན་ཏུ་རྒྱུག་པར་བྱེད་པ་དང། །མཇུག་མ་འགྲམ་པ་ཕྲག་གོང་ལྷའོ། །མགོ་ན་གདོང་ནི་མདུང་པ་ཡིན། ཞེས་བྱ་བ་ལ། ཁ་ཆུ་འཛག་ཅིང་ལོང་བ་དང་འོན་པ་དང་།ཕྱོགས་ཀུན་ཏུ་རྒྱུག་པར་བྱེད་པ་དང་།མཇུག་མ་ལྷོད་ཅིང་རང་གི་གནས་ནས་བསྐྱེད་པ་དང་།འགྲམ
་པ་དང། ཕྲག་པ་ཡང་ལྷོད་པ་དང། མགོ་ན་ཞིང་ཆོ་བ་དང། གདོང་མདུང་པར་བྱེད་པ་ནི་ཁྱི་གདུག་པ་ཡིན་ནོ། །དེ་ཡི་སོ་ཡིས་ཟིན་ན་རྨ། །ཚོར་བ་ཆུད་ཞིང་ཁྲག་ནག་འཇག་།མགོ་རྙིང་ན་ཞིང་རིམས་འདེབས་རེངས། །དེ་རྗེས་སྐོམ་དང་བརྒྱལ་བར་འགྱུར། །ཞེས་བྱ་བ་ལ། དེ་ཁྱིའི་སོ་ཡིས
་ཟིན་པར་གྱུར་པའི་མིན་རྨའི་ཆོར?་བ་ཆུང་བ་དང་།དེ་བཞིན་དུ་ཁྲག་ནག་པོ་འཛག་པ་ལ་སོགས་པ་ཡིན་ནོ། །འདི་ཡིས་གདུག་ཅན་མཆེ་བ་ཅན། །ཅེ་སྤྱང་དྲེད་དང་དོམ་དང་གུང། །སྟག་དང་སྤྱང་ཀི་ལ་སོགས་པ། །གཞན་དག་ཀྱང་ནི་ཤེས་པར་བྱ། ཞེས་བྱ་བ་ལ། ཚུལ་འདི
་ཡིས་ནི་གཅན་ཟན་གདུག་ཅིང་མཆེ་བ་དང་ལྡན་པའི་མཆེ་བ་ཅན་ཅེ་སྤྱད་ལ་སོགས་པ་གཞན་དག་ཀྱང་ཤེས་པར་བྱའོ། །གཡའ་ཞིང་ཟུག་ལ་མདོག་མི་སྡུག་།ཚོར་བ་མེད་རྣམས་རིམས་མགོ་འཁོར། །ཆ་ཞིང་དམར་ལན་ཞིང་བརྣགས། །སྐྲང་ཞིང་རྨེན་བུ་སྐྱེ་ཟུག་འཁུམS།།
་རྨ་ནི་འགས་ཤིང་འབྲུམ་བུ་འབྱུང། །ལྟེ་བ་ཅན་དུ་ཟླུམ་པར་འགྱུར། །ཀུན་ཏུ་དུག་བཅས་མཚན་མ་ནི། །དུག་མེད་དེ་ལས་ཟློག་པ་ཡིན་།ཞེས་བྱ་བ་ལ། ཐམས་ཅད་དུ་དུག་དང་ལྡན་པ་ནི། །གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་ཤེས་པར་བྱ་ལ། དུག
་མེད་པ་ནི་གཡའ་བ་ལ་སོགས་པའི་མཚན་ཉིད་དེ་དག་མེད་ཅིང་སྔ་མ་ལས་གོ་བཟློག་པ་ཡིན་པར་ཤེས་པར་བྱའོ། །གང་གིས་བཟུང་བ་དེའི་སྤྱོད་ཚུལ། །སྒྲ་སྒྲོགས་རྒྱུ་མེད་པར་དེའི་གཟུགས། །ཆུ་དང་མེ་ལོང་སོགས་མཐོང་འཆི། །ཞེས་བྱ་བ་ལ། མི་ཅེ་སྤྱད་ལ
་སོགས་པ་དག་གིས་བཟུང་བར་གྱུར་པ་གང་ཡིན་པ་དེ་མོད་ལ་དེའི་སྤྱོད་ཚུལ་དེ་ཅེ་སྤྱང་ལ་སོགས་པ་སྤྱོད་ཅིང་དེ་ལྟར་མཐོང་བའི་རྒྱུ་མེད་པར་ཆུ་ལ་སོགས་པར་དེའི་གཟུགས་?་པ་འཚོ་བར་འགྱུར་བ་ཡིན་ནོམ་བཟུང་བར་?
་མཐོང་བས་སྤངས?་པར་བྱེད་བྱེད་པ་ནི། ཆུ་ཡིས་སྐྲག་ཅེས་བྱ་བ་སྟེ། །ཟིན་པ་དེང་ཡང་སྤང་བར་བྱ། ཞེས་བྱ་བ་ལ་།མི་གང་སྲོག་ཆགས་དེ་དག་གིས་མ་བཟུང་དུ་ཟིན་ཀྱང་སྒྲལ་སོགས་པ་སྤངས་ཤིང་ཆུ་ཡང་སྐྲག་པར་བྱེད་པའི་མི་དེ་ནི་ཆུས་སྐྲག་པ་ཞེས་བྱ་བའི་ནད
་ཀྱིས་ཟིན་པ་ཡིན་ཏེ། དེ་ཡང་སྤང་བར་བྱའོ། །བྱི་བའི་དུག་གིས་ཟིན་མ་ཐག་།རྨ་ནི་ལྡེ་གུ་བསྲེགས་པས་བསྲེགས། །ཡང་ན་མེ་ལོང་དག་གིས་བྱ། །གཞན་དུ་ལྟེ་བར་མི་བཟང་ན། ཞེས་བྱ་བ་ལ། བྱི་བས་ཟིན་མ་ཐག་པའི་མའི་རྨལ་ལྡེ?་གུ་བསྲེགས་པ་འམ་ཡང་?
་མེ་ལོང་བསྲེགས་པས་བསྲེགས་པར་བྱའོ། །གཞན་དུ་མ་བསྲེགས་ན་རྨའི་ལྟེ་བ་མི་བཟད་པར་ན་བར་འགྱུར་རོ། །བསྲེགས་ནས་རྨ་ལས་ཁྱག་འབྱུང་ཞིང། །ཞལ་ཞལ་བྱས་ཤིང་ཤི་དང། །ཡུད་པ་རྒྱ་སྤོས་གུར་གུམ་དང། །སླེ་ཏྲེས་ཀྱི་ནི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ།
་སོས་བཟུང་བ་བསྲེགས་པའི་རྨ་ལས་རྡབས་རྭ་ལ་སོགས་པས་ཁྲག་དབྱུང་བ་དང། ཞལ་ཞལ་བྱས་ལ་ཤིང་ཤ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཁྱིམ་གྱི་དུད་པ་སྐྱེར་པ་དང། །རྒྱམ་ཚ་དང་ནི་བཅོད་དག་གིས། །ལྡེ་གུས་བྱི་བའི་དུ་གསོལ་ཅིང། །ལྟེ་བ་འབུར
་བའང་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཁྱིམ་གྱི་དུད་པ་ལ་སོགས་པའི་སྨན་གྱི་ལྡེ་གུས་བསྐུས་ན་བྱི་བའི་དུག་སེལ་བར་བྱེད་ཅིང། དེ་ཉིད་ཀྱིས་རྨའི་ལྟེ་བ་འབུར་བ་ཡང་སེལ་བར་བྱེད་དེ། །དེ་ནས་སྒྱུར་བས་བཀྲུས་ནས་ནི། །གི་རི་ཀརྞི་པ་ལ་ནི་ནེ?། །བིལྦའི་རྩ་སླེ
་ཏྲེས་?་བཏགས་པའི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཀཉྫི་དང་དང་བ་ལ་སོགས་པ་ཁུ་བ་སྒྱུར་བས་བཀྲུས་ལ། དེའི་རྗེས་ལ་གི་རི་ཀརྞེ?་ལ་སོགས་པ་ཆུ་དང། བཏགས་པའི་ལྡེ་གུས་བསྐུ་བར་བྱའོ། །དུག་དང་སྐྲང་སེལ་སྨན་གཞན་?་ན། །ཡང
་ན་གཏོར་ག་མྱུར་དུ་གདབ། །ཞེས་བྱ་བ་ལ། དེ་བཞིན་དུ་དེ་ལ་དུག་དང། སྐྲང་པ་སེལ་བའི་སྨན་གཞན་དག་གིས་ཀྱང་བསྒུ་བ་དང། གཏར་ག་གདབ་པར་ཡང་བྱའོ། །ནི་ལི་ནི་བསྐོལ་ཤི་རི་ཤ་། ཀོ་ལ་ཡི་ཁུ་བས་སྨོན། །ཞེས་བྱ་བ་ལ། བྱི་བའི་དུག་དེ་ལ་ནི་ལི
་ནི་བསྐོལ་བའི་ཁུ་བ་བླུད་པ་འམ། །ཤྲི་རི་ཤ་དང་ཨ་ཀོ་ལའི་ཁུ་བ་བླུད་དེ་སློན་པར་བྱའོ། །ཀོ་ཤ་ཏ་ཀི་ཤིར་ཤ་དང། །ཛི་མུ་ཏ་ཀའི་འབྲས་བུ་དང། །པོ་སོན་ཆ་ཡི་ཕྱེ་མར་བཏགས། །ཞོར་སྦྱར་བླུད་ལ་དུག་སློན་གཞུག་།ཅེས་བྱ་བ་ལ། ཡང་ན་ཀོ་ཤ་ཏ་ཀི་ལ་སོགས
་པའི་སྨན་བཞིའི་ཕྱེ་མ་དང་ཞོར་སྦྱར་ཏེ། བླུད་ལ་བྱི་བའི་དུག་སློན་དུ་གཞུག་པར་བྱའོ། །ཤུ་དག་རུ་རྟ་པོ་སོན་ཆ་འམ། །ཛི་མུ་ཏ་ནི་བ་གཅིན་བཏགས། །ཆོ་ག་སྔ་མ་བཞིན་བླུད་ན། །དུག་གི་ནད་ནི་ཐམས་ཅད་སེལ། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྨན
་བ་གཅིན་དང་བཏགས་པའི་ལྡེ་གུ་དང། སྔ་མ་བཞིན་དུ་ཞོ་དང་སྦྱར་ཏེ་བླུད་ན་ཡང་བྱི་བའི་དུག་ནི་ནད་ཐམས་ཅད་སེལ་བར་བྱེད་དོ། །དུར་བྱིད་ནི་ལི་ནི་དང་ནི། །འབྲས་བུ་གསུམ་གྱི་བཀྲུ་སྨན་བསྔགས། ཞེས་བྱ་བ་ལ། ཡང་ན་དུར་བྱིད་ལ་སོགས་པའི་བཀྲུ
་སྨན་ཡང་བསྔགས་སོ། །ཤིར་ཤའི་སྙིང་པོ་འབྲས་བུ་ཡི། །མགོ་བའི་བཀྲུ་སྨན་དག་ཀྱང་ཕན། ཞེས་བྱ་བ་ལ། ཡང་ན་ཤིང་ཤའི་ནང་གི་སྙིང་པོ་དང། དེ་ཉིད་ཀྱི་འབྲས་བུའི་མགོ་བོའི་བཀྲུ་སྨན་བཏང་ན་ཡང་ཕན་ནོ། །བ་གཅིའི་ཁུ་བ་ཚ་བ་གསུམ། །ཕྱེ་མ་ཞིབ
་བཅས་མིག་སྨན་ཕན། །ཞེས་བྱ་བ་ལ། ཡང་ན་བའི་གཅི་བ་ལ་སོགས་པའི་མིག་སྨན་ཡང་ཕན་ནོ། །བ་ལང་གཅི་བ་ཀ་པིཏྟའི། །ཕྱེ་མ་སྦྲང་རྩིའི་ལྡེ་གུས་བཟའ་། ཞེས་བྱ་བ་ལ། ཡང་ན་བ་ལང་གི་གཅི་བ་ལ་སོགས་པའི་ལྡེ་གུས་ཟོས་ན་ཡང་ཕན་ནོ། །ཏན?
་དུ་ལི་ཡི་རྩ་བ་དང། །བསྐོལ་བའི་མར་ནི་བླུད་ནའང་ཕན། ཞེས་བྱ་བ་ལ། ཡང་ན་ཏན་ཏུ་ལིའི་རྩ་བའི་སྨན་མར་ཡང་ཕན་ནོ། །གི་རི་ཀིརྞ་སེར་པོ་གཉིས། །ཤིང་མངར་བཙོང་དང་སླེ་ཏྲེས་དང། ཞེས་བྱ་བ་ལ། ཡང་ན་གི་རི་ཀརྞི་ལ་སོགས་པའི་སྨན
་དང་བསྐོལ་བའི་མར་བླུད་ན་ཡང་ཕན་ནོ། །ཞལ་ཏེས་རྩ་བ་མར་བསྐོལ་པ། །ཀ་པིཏྟ་ཡི་རྣམ་ལྔའང་ཕན། ཞེས་བྱ་བ་ལ། ཡང་ན་ཐལ་ཏྲེས་ཞེས་བྱ་བ་ཤ་རི་བུ་དང། བསྐོལ་བའི་སྨན་མར་རམ། ཡང་ན་ཀ་རིཛན?་ལྔ་པ་ཞེས་བྱ་བ་ཀ་རི?་པ
་དང། ལོ་མ་དང་རྩ་བ་ལོགས་པ་དང། །བསྐོལ་བའི་མར་ཡང་ཕན་ནོ། །སིནདུ་བར་རྒྱ་སྤོས་དང།། ཤིཀྲུ་བིལྦའི་རྩ་བ་དང།། ཤུ་དག་གཟིམ་བ་སྦྲུག། །ཛི་མུ་ཏ་དང་བཅས་པ་སྟེ། །དེ་རྣམས་ཁུ་བ་སྦྲང་རྩི་དང་བཅས། །བླུད་ནས་ལུ་ཡི་འབྲས་ཆེན་ཞོ། །བྱིན་ན་བྱི་བའི་དུག་ནད་སེལ།?
་ཞེས་བྱ་བ་ལ། ཡང་བྱི་བའི་དུག་གིས་ཉེན་པ་ལ་ནི་སིནདུ་བར་ལ་སོགས་པའི་ཁུ་བ་སྦྲང་རྩི་དང་བཅས་པ་བླུད་པ་ལ་སོགས་པའི་སྦྱོར་བ་བྱས་ན་ཡང་ཕན་ནོ།། ཤར་ཕུང་ཁའི་ཕྱེ་མ་ནི་དང་བར་སྦྱར་བ་བླུད་པའང་ཕན། ཞེས་བྱ་བ་ལ། ཡང་ན་ཤར་ཕུང་ཀའི་ས་བོན་བཏགས་པའི
་ཕྱེ་མ་དར་བ་དང་སྦྱར་ཏེ་བླུད་ན་ཡང་ཕན་ནོ། །ང་གོ་བ་ཡི་རྩ་བ་ནི། །ར་ཐུག་གཅིན་སྦྱར་ལྡེ་གུས་ནི། །བཏུང་དང་བསྐུ་བ་ལ་སྦྱར་ན། །བྱི་བའི་དུག་ཀུན་སེལ་བར་བྱེད། ཅེས་བྱ་བ་ལ། ཡང་ན་ཨང་གོ་ལའི་རྩ་བ་ཇི་སྐད་སྨོས་པ་བཞིན་དུ་བཏང་པ་ཡང་ཕན་ནོ། །ཀ་པིཏྟ་ཡི་སྙིང
་པོ་དང། །ཏིལ་ཀ་དང་ཏིལ་དང་ནི། །ང་ཀོ་ལ་ཡི་རྩ་བ་ནི། །བ་ཡི་འོ་མ་འམ་གཅིན་སྦྱར་བླུད་ཅེས་བྱ་བ་ལ། ཡང་ན་ཀ་བཏྟའི་སྙིང་པོ་ལ་སོགས་པ་བ་གཅིན་དང་སྦྱར་བ་བླུད་ན་ཡང་ཕན་ནོ། །ཏིལ་ཀའི་སྡོང་ཡལ་ག་ནི། །བ་ཡི་འོ་མ་སྦྱར་བ་བླུད། །ཅེས་བྱ་བ་ལ་།ཡང
་ན་སྦྱོར་བ་འདི་བྱས་ན་ཡང་ཕན་ནོ། །ཡང་ན་ཤ་བ་ཡ་ཀའི་རྩ་བ། །སྦྲང་རྩི་འབྲས་བུ་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ཤར་ཡཀ་ཞེས་བྱ་བ་ས་ཧ་ཅ་རའི་རྩ་བ་དང་།སྦྲང་རྩི་དང་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་བླུད་ན་ཡང་ཕན་ནོ། །ཀུ་བ་ཁ་བོ་ཞག་གཅིག་ནི། །ཆུ་ལ་སྤངས
་བ་བླུད་པར་བྱའོ། །ཞེས་བྱ་བ་ལ། ཡང་ན་ཀུ་བ་ཁ་བོ་ཞག་གཅིག་ཆུར་སྤངས་པའི་ཁུ་བ་བླུད་པར་བྱའོ། །སྲིན་བུ་བ་རའི་རྩ་བ་དང། །བྱི་བའི་རུས་པ་བོང་ད་དཀར། རྒྱ་སྤོས་ཆུར་བཏགས་སྣ་སྨན་སོགས། །བྱས་པས་བྱི་བའི་དུག་སེལ་བྱེད། །ཅེས་བྱ་བ་ལ། ཡང་སྲིན་དུ་བ་རའི
་རྩ་བ་ལ་སོགས་པའི་སྨན་སྨན་དང་མིག་ལ་སོགས་པར་བྱས་ན་ཡང་ཕན་ནོ། །བྱི་བའི་དུག་ནི་ལྷགས་ལུས་པ། །སྤྲིན་མཐོང་བས་ནི་ལྡང་བྱེད་པ་འམ། །ནད་ནི་འཕེལ?་བར་བྱེད་པའི་རྒྱུ། །ཇི་ལྟ་བར་ནི་འཕེལ་གར་བྱེད། །ཅེས་བྱ་བ་ལ། བྱི་བའི་དུག་ལུས་ལ་ལྷག་པར་ལུས་པ་གནས་ནི། སྤྲིན
་མཐོང་ན་ལྡད་བར་བྱེད་པ་འམ། ཡང་ན་འཕེལ་བར་བྱེད་པའི་དུས་དབྱར་ལ་སོགས་པའི་ཚེ་འཕེལ་ཞིང་ལྡང་བར་བྱེད་པ་ཡིན་ནོ། །དེ་ལ་གནས་སྐབས་ཐམས་ཅད་དུ། །གསོ་བ་ཐམས་ཅད་སྦྱོར་བྱ་ཞིང། །རང་གི་གསོ་བར་གང་བཤད་དང། །དེ་བཞིན་ཉམས་པའི་ཇུག་སེལ་སྦྱར། །ཞེས
་བྱ་བ་ལ། དེ་ལ་རང་གི་འཕེལ་བར་བྱེད་བའི་གནས་སྐབས་སུ་ལྡང་བར་བྱེད་ན་གནས་སྐབས་ཐམས་ཅད་དུ་ཇི་སྐད་དུ་བསྟན་པའི་གསོ་བ་སྦྱར་བར་བྱ་ཞིང་།རང་གི་གསོ་བའི་སྨན་གང་དག་ཡིན་པ་དང་ཉམས་པའི་དུག་སེལ་བའི་སྦྱོར་བ་དག་བྱའོ། །མ་ལང་ཀ་ཡི་སོ་ཡི་སོ་ཟིན། །མ་བསྐོལ
་པ་ཡིས་བསྲེག་པར་བྱ། །དུག་སྨན་དེ་དང་དེ་བསླུ་ཞིང། །མར་གྱི་སྙིང་པོ་བླུད་པར་བྱ། ཞེས་བྱ་བ་ལ། ཨང་ཀའི་སོས་ཟིན་པའི་མི་ལ་ནི། །མར་བསྐོལ་བས་སོས་བཏབ་པའི་རྗེས་བསྲེགས་པ་ལ་སོགས་པར་བྱའོ། །འདི་ལ་ཨང་ལ་ཀ་ཡི་འོ་མར་བཅས། །བཀྲུ་སྨན་དག་ཀྱང་མྱུར་དུ་བཏང།།
་ཞེས་བྱ་བ་ལ། ཨང་ལ་ཀའི་དུག་གིས་ཟིན་པ་འདི་ལ་ཨང་ལ་ཀའི་འོ་མ་དང་སྦྱར་བའི་བཀྲུ་སྨན་བཏང་བར་བྱའོ། །ང་ཀོ་ལའི་རྩའི་བྱང་ཕྱོགས་ཆུ། །སྲ་གསུམ་མར་ནི་སྲང་གཅིག་བླུད། །ཅེས་བྱ་བ་ལ། ཨང་ཀོ་ལའི་བྱང་ཕྱོགས་ན་གནས་པའི་རྩ་བ་བསྐོལ་བའི་ཆུ་སྲང་གསུམ་དང
་མར་སྲེང?་གཅིག་བསྲེས་ཏེ་བླུད་ན་ཡང་ཕན་ནོ། །དར་དུ་བའི་འབྲས་བུ་དང། །གི་རི་ཀརྦཱི?་བ་སྤྲུ་ག། བསྐོལ་པའི་ཁུ་བ་བླུད་པར་བྱ། ཞེས་བྱ་བ་ལ། དར་དུ་བའི་འབྲས་བུ་དང་།རི་རི་གང་ནི་དཀར་པོ་བསྐོལ་ཏེ་བླུད་པ་འམ། ཡང་ན་དར་དུ་རའི་འབྲས་བུ་དང། །བ་སྤྲུ་?་བ་དཀར་པོ་བསྐོལ་ཏེ
་བླུད་པར་བྱའོ། །ཏིལ་བཏགས་ལྡེ་གུས་ཡང་ག་ལྕགས། འོ་མ་བུ་རམ་བསྲེས་བྱིན་ན།། སྤྲིན་ཚོགས་རླུང་གིས་གཏོར་བ་བཞིན། ། ལང་ཀ་ཨོཡི་དུག་འཇོམས་བྱེད། །ཅེས་བྱ་བ་ལ། ཏིལ་བཏགས་པའི་ལྡེ་གུས་ལ་སོགས་བའི་སྨན་གཅིག་ཏུ་བསྲེས་ཏེ། བྱིན་ན་ཡང་ཇི་
་སྐད་སྨོས་པའི་ཡོན་ཏན་སྐྱོད་བར་བྱེད་དོ། །སྔགས་བཅས་སྨན་དང་རིན་ཆེན་བཅས། །ཞི་བར་བྱེད་པ་དག་ཀྱང་སྦྱར་།ཞེས་བྱ་བ་ལི། ཨ་ལང་ཀས་ཟིན་བ་དེ་ལ། སྔགས་ལ་སོགས་པ་དེས་ཞི་བར་བྱེད་པའི་སྦྱོར་བ་དག་ཀྱང་བྱའོ། །རྐང་བཞི་པ་དང་རྐང་གཉིས
་པའི། །སོ་འམ་སེན་མོས་སྣང་གྱུར་པ། །སྐྲང་ཞིང་བརྣགས་ལ་མདོག་དམར་ཞིང། །ཚན་ཆུ་སེར་འཛག་པ་ལ། །ཞེས་བྱ་བ་ལ། །རྟ་དང་གླང་པོ་ལ་སོགས་པ་རྐང་བཞི་པ་དང། །རྐང་གཉིས་པ་སྟེ་མི་དང་རྨ་བྱ་དང། ཁྱིམ་བྱ་ལ་སོགས་པའི་སོ་འམ། སེན་མོས་སྣང་བར་གྱུར་ནས
་སྐྲད་པ་དང་རྣགས་པ་ལ་སོགས་པའི་ནད་ལ་ནི་འོག་ནས་བཤད་པའི་སྨན་གྱི་སྦྱོར་བ་བྱའོ། ། ཤ་ཀརྞ་ཀཏཔ་ལ། ཧན་ས་པ་དེ་གོ་ཛི་ཧ། །ཡུག་སྣམ་སེར་པོ་གཉིས་ཀྱིས་བསྐུ། །སོ?་དང་སེན་མོའི་དུག་འཇོམས་བྱེད། །ཅེས་བྱ་བ་ལ་། ཤ་ཀརྞ་ལ་སོགས་པའི་ལྡེ་གུས
་བསྐུས་ན་སོ་ལ་སོགས་པས་སྣང་བའི་དུག་སེལ་བར་བྱེད་དོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་བརྒྱད་པའི
་རྣམ་པར་འགྲེལ་པའོ།། །།དུག་གསོ་བའི་རྒྱུད་རྫོགས་སོ།། །།དེ་ནས་བཅུད་ཀྱིས་ལེན་གྱི་ལེའུ་བཤད་པར་བྱའོ། །དེ་ལྟར་རེ་ཞིག་ནད་ཀྱིས་ཉེན་པ་དག་གིས་སྨན་གྱི་སྦྱོར་བ་བཤད་ནས། བདེ་ཞིང་ནད་མེད་པ་དག་ནས་པའི་ལུས་ཀྱི་སྟོབས
་དང་གཟི་བྱིན་བསྐྱེད་པ་སྟོན་པ་ཡིན་ལ་དེ་ཡང་བཅུད་ཀྱིས་ལེན་དང་རོ་ཅ་བར་བྱེད་པ་ཡིན་པ་ལས་བཅུད་ཀྱིས་ལེན་ནི་དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་ཡིན་པས་དེ་སྔར་བཤད་པ་ཡིན་ནོ། །ཚེ་རིང་དྲན་དང་ཡིད་གཞུངས་དང། །ཅང་མེད་གཞོན་དང་ལང་ཚོ་དང། །གཟི་མདངས
་མདོག་དང་སྐང་གསལ་དང། །ལུས་དང་དབང་པོའི་སྟོབས་བསྐྱེད་ཅིང། །ཚིག་གྲུབ་རོ་ཙ་མདངས་ལྡན་པ། །བཅུད་ཀྱིས་ལེན་གྱིས་འཐོབ་པར་འགྱུར། །ཞེས་བྱ་བ་ལ་།བཅུད་ཀྱིས་ལེན་གྱི་ཆོ་ག་ཡང་དག་པར་གྱུར་པའི་སྐྱེས་བུས་ནི། ཚེ་རིང་བ་ལ་སོགས་པ་འཐོབ?་པར་འགྱུར
་བ་ཡིན་ནོ། །དངས་མ་ལ་སོགས་ཡོན་ཏན་ཅན། །ཐོབ་གནས་ཡིན་ཕྱིར་བཅུད་ཀྱི་ལེན་།ཞེས་བྱ་བ་ལ་།དངས་མ་དང་ཁྲག་དང་ཤ་ལ་སོགས་པ་ཡོན་ཏན་དང་ལྡན་པ་ཁྱད་པར་ཅན་ཐོབ་ཅིང་རྙེད་པར་འགྱུར་བའི་རྒྱུ་ཡིན་པས་ན་བཅུད་ཀྱིས་ལེན་ཞེས་བྱའོ། །ན་ཚོད་དང་པོ་འམ
་བར་མའི་ཚེ། །དབང་པོ་ཐུལ་བས་དེ་སྦྱར་ཏེ། །སྣུམ་བཅོས་བྱས་ཤིང་གཏར་ག་གདབ། །རྣམ་པ་ཀུན་ཏུ་སྦྱང་བྱས་བཏང། །ཞེས་བྱ་བ་ལ། བཅུད་ཀྱིས་ལེན་དེ་ཡང་ན་ཚོང་དང་པོའི་ཚེ་འམ། ན་ཚོད་བར་མའི་ཚེ་བཏང་བར་བྱ་ལ། དེ་ཡང་སྐྱེས་བུ་དབང་པོ་ཐུལ་ཅིང་ཡུལ་གྱིས
་སེམས་མ་ཕྲོགས་པས་དེ་བསྟེན་ཅིང་སྦྱར་བར་བྱ་ལ། དེ་ཡང་སྣུམ་བཅོས་བྱས་ཤིང་གཏར་ག་གདབ་པ་དང་།སློན་སྨན་དང་བཀྲུ་སྨན་ལ་སོགས་པ་ལས་རྣམ་པ་ལྔས་ལུས་སྦྱངས་ནས་བཏང་བར་བྱའོ། །མ་སྦྱངས་པ་ཡི་ལུས་ལ་ནི། །བཅུད་ཀྱིས་ལེན་དང་རོ་རྩ་བའི། །
་སྦྱོར་བྱས་དྲི་མ་ཅན་གྱིས་ནི། །གོས་ཀྱི་ཚོན་ལྟར་དོན་མེད་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་ལུས་མ་སྦྱངས་ཤིང་དག་པར་མ་བྱས་པ་ལ། བཅུད་ཀྱིས་ལེན་གྱི་སྦྱོར་བ་འམ། །རོ་ཙ་བ་བྱས་ན་དེ་དོན་མེད་པར་འགྱུར་ཏེ། །དཔེར་ན་དྲི་མ་ཅན་གྱིས་གོས་ལ་ཚོན་གྱིས་ཁ
་བསྒྱུར་ན་དེ་ལེན་དུ་མི་བཏུབ་པ་དང་འདྲའོ། །བཅུད་ཀྱིས་ལེན་གྱིས་སྦྱར་བ་ནི། །རྣམ་པ་གཉིས་སུ་དྲང་སྲོང་འདོད། །སྤྱིལ་བོར་འདུག་པ་གཙོ་བོ་སྟེ། །རླུང་དང་ཐན་པས་ཉེན་ཅིག་ཤོས་།ཞེས་བྱ་བ་ལ། བཅུད་ཀྱིས་ལེན་གྱི་སྦྱོར་བ་ནི་དྲང་སྲོང་རྣམ་ཀྱིས་རྣམ་པ་གཉིས་སུ
་བཤད་དེ། །སྤྱིལ་པོ་འམ་།དང་པར་ཞུགས་ཏེ་བསྒྲུབ་པ་ནི་གཙོ་བོ་ཡིན་ལ། རླུང་དང་ཐན་པས་ཉེན་པའི་སྦྱོར་བ་ནི་ཅིག་ཤོས་ཏེ་གཙོ་བོ་མ་ཡིན་བའོ། ཁང་པ་རླུང་མེད་འཇིགས་པ་མེད། །ཆོས་ལྡན་ཡོ་བྱད་འབྱོར་པའི་གྲོང། །ས་ཕྱོགས་ཤིས་པའི་བྱང་ཕྱོགས་སུ། ཁང་པ
་གསུམ་རིམ་སྐོར་ཁུང་ཆུང་།དུད་པ་ཉི་ཚན་རྡུལ་དང་སྤྲུལ། །བུད་མེད་གླན་པས་མ་འགྲོད་པར། །ཡོ་བྱད་སྨན་པས་སྟ་གོན་བྱ། ཁང་པ་ལེགས་པར་བྱི་དོར་བྱའོ། །ཞེས་བྱ་བ་ལ། སྨན་བསྟེན་པའི་ཁང་པར་རླུང་མེད་པ་དང། །འཇིགས་ཤིང་བག་ཚ་བ་མེད་པ་དང་།ཆོས
་དང་མི་འགལ་བའི་སྤྱོད་པ་དང་ལྡན་བ་དང། སྨན་ལ་སོགས་པའི་ཡོ་བྱད་འབྱོར་བ་དང་གྲོང་གི་བྱང་ཤིང?་འཆོམས་ཀྱིས་ཕྱོགས་ཤིས་པར་ཁང་པ་སུམ་རིམ་དུ་བརྩིགས་པ་སྐར་ཁུང་ཆུང་ངུ་ལྡན་པ་དང། དུད་པ་ལ་སོགས་པས་ཆ་ཉེན་པ
་ཡོ་བྱད་དང་སྨན་པ་སྟ་གོན་བྱས་པ་ཁང་པ་སྦྱད?་ནུལ་ལ་སོགས་པ་བྱི་དོར་བྱའོ། །དེ་ནས་ཚེ་གྲངས་བཟང་ཁྲུས་བྱས། །མཆོད་འོས་མཆོད་ནས་བྱུག་པ་བྱ། ཞེས་བྱ་བ་ལ། དེའི་འོག་ཏུ་བཅུད་ཀྱིས་ལེན་བསྒྲུབ་པར་འདོད་པ་དེས་ཟླ་བ་ཡར་ངོའི་ཚེ་གྲངས
་བཟང་པོ་ཁྲུས་དང་གཙང་སྦྲ་བྱས་ཏེ། མཆོད་པར་འོས་པ་ལྷ་དང་བླ་མ་ལ་མཆོད་པ་བྱས་དེར་འཇུག་པར་བྱའོ། །དེར་ནི་སྦྱང་བྱས་དག་གྱུར་ནས། །བདེ་ཞིང་སྟོབས་ནི་བསྐྱེད་པ་དང། །ཚངས་པར་སྤྱོད་དང་བརྟན་པར་ལྡན། །དད་པར་ལྡན་ཞིང་དབང་པོ་ཐུལ
་སྦྱིན་དང་ཚུལ་ཁྲིམས་བདེ་བ་དང། །བཏུལ་ཞུགས་ཆོས་ལ་མཆོག་ཏུ་གཞོལ། །ལྷ་ནི་རྗེས་སུ་དྲན་པ་ལྡན། །རིགས་པས་གཉིད་ལོག་གཉིད་མི་ལོག་།སྨན་ལ་དགའ་ཞིང་ཚིག་འཇམ་པར། །བཅུད་ཀྱིས་ལེན་པ་ཙམ་པར་བྱ། །ཞེས་བྱ་བ་ལ། དེ་ནས་ཁང?་པ
་དེར?་བཀྲུ་སྨན་དང། །སྐྱུགས་སྨན་ལ་སོགས་པས་སྦྱད་བར་བྱ་ཞིང། དེ་བཞིན་དུ་ཉམས་བལྟ་བ་ལ་སོགས་པས་སྟོབས་ཐོབ་ཅིང་ནུས་པ་རྙེད་པའི་མི་ཚངས་པར་སྤྱོད་པ་དང་ལྡན་ཞིང་བུད་མེད་ལ་ཉལ་ཕོ་བྱ་བ་སྤངས་པ་བརྟན་ཞིང་སྲན་ཐུབ་པ། དད་པ་དང་ལྡན
་ཞིང་མོས་པ་ཆེ་བ་དབང་པོ་ཐུལ་ཞིང་ཡུལ་གྱིས་སེམས་མི་འཕྲོགས་པ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ལ་མཆོག་ཏུ་གཞོལ་བ། དེ་བཞིན་དུ་ལྷ་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པའི་གཏམ་དང་ལྡན་པ་དང། དེ་བཞིན་དུ་རིགས་ཤིང
་རན་པར་གཉིད་ལོག་པ་དག་མ་ལོག་པ་དང་ལྡན་པ་དང། དེ་བཞིན་དུ་སྨན་གྱི་སྦྱོར་བ་ལ་དགའ་ཞིང་མོས་པ་དང། ཚིག་འཇམ་ཞིང་དོས་པའི་ངང་ཚུལ་དང་ལྡན་པ་དེ་ལྟ་བུས་བཅུད་ཀྱིས་ལེན་ཀྱི་ཆོ་ག་བརྩམ་པར་བྱ་ཞིང་དེ་ལ་འཇུག་པར་བྱའོ། །མི་ཡིས་སྣུམ
་བཅས་དུགས?་བྱས་ནས། ཨ་རུ་ར་དང་སྐྱུ་རུ་ར། །རྒྱམ་ཚ་བཅའ་སྒ་པི་པི་ལིང། ཤུ་དག་ཡུང་བ་བྱི་དང་ག། བུར་མཆུ་དྲོན་སྦྱར་བ་ནི། །བླུད་ན་ལེགས་པར་འཁྲུ་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་དེ་དང་པོར་སྣུམ་བཅོས་དང་དུགས་བྱས་ནས། ཨ་རུ་ར་དང་བུ་རམ་གྱི་བར
་དུ་ཆུ་དྲོན་དང་སྦྱར་ཏེ་བླུད་ན་མི་དེ་ལེགས་ཤིང་བདེ་བར་འཁྲུ་བར་འགྱུར་རོ། །དེ་ནས་ལུས་ནི་དག་གྱུར་ཅིང། །ཐུག་སོགས་རིམ་པ་སྤྱད་ནས་ཀྱང། །ཞག་གསུམ་དང་ནི་ཞག་ལྔ་འམ། །ཞག་བདུན་བར་དུ་ཞུན་མར་གླུད། །ནས་ཐུག་དག་པར་གྱུར་གྱི་བར། །སྦྱིན་ཞིང་བཤད
་རྙིང་དག་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ལུས་ཀྱི་སྦྱད་བ་བྱས་པའི་སྐྱེས་བུ་དེས་ཐུག་པ་ལ་སོགས་པའི་རིམ་པ་ཇི་སྐད་བཤད་པ་སྤྱད་ནས། ཞག་གསུམ་འམ། ཞག་ལྔ་འམ། ཞག་བདུན་གྱི་བར་དུ་ཞུན་མར་དང་བཅས་པའི་ནས་ཐུག་སྦྱིན་པར་བྱ་བ་འམ། །ཡང་ན་སྔར་གྱི
་བཤད་བ་སྙིང་པ་དེ་དག་པར་གྱུར་གྱི་བར་དུ་ནས་ཐུག་སྦྱིན་པར་བྱའོ། །དེ་ལྟར་ལྟོ་ནི་སྦྱང་བྱས་ནས། །གོམས་པར་ཤེས་པས་གང་ཞིག་ལ། །གང་ཞིག་འཚམ་བ་ཀུན་དུ་བརྟག་།བཅུད་ཀྱིས་ལེན་ནི་སྦྱིན་བར་བྱ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་ལྟོ་སྦྱར་བ་བྱས་པའི་སྐྱེས་བུ
་གོམས་པའི་མྱོང་བ་ཤེས་པའི་སྨན་བས་ལུས་བཟུངས་དང་ནད་གཞི་ལ་སོགས་པའི་ཚུལ་ཐམས་ཅད་བརྟགས་ཏེ། གང་ལ་ཇི་ལྟར་འཚམ་པའི་བཅུད་ཀྱིས་ལེན་དེ་སྦྱིན་བར་བྱའོ། ། རུ་ར་གཏོང་དེ་སུམ་འགྱུར། །སྐྱུ་རུ་ར་དང་བཅས་པ་དང། །རྩ་བ་ལྔ་བོ་ལྔ་རྣམས
་ནི། །སྲང་ནི་ཉི་བརྒྱ་ལྔ་བཅུ་དག་།ཆུ་ནི་བཅུ་འགྱུར་ནང་དུ་བསྐོལ། །ཁུ་བ་བཅུ་ལ་ལུས་པ་རུ། ། རུ་རྣམ་རྒྱལ་སྐྱུ་རུ་ར། །བརྡུངས་ལ་རུས་པ་ཕྱུང་ནས་ནི། །ཁུ་བ་དེ་ཡི་ནང་དུ་ནི། །ཤིང་ཚ་སུག་སྨེལ་པི་པི་ལིང། །ག་ཏུར་སྐྱེར་པ་ཨ་རུ་ར། །ཙན་དན་མ་དུ་ཀ་པར་ནི། །ཤང
་ཀ་པུསྤ་རྐ་ན་ཀ། ཤུ་དག་གླ་བ་ཤིང་མདོར་དང། །བྱི་དང་ག་ནི་ཕུལ་རེ་ཚང། །ཁ་ར་དཀར་སྲང་སྟོང་ཚིག་བརྒྱ། །ཞུན་མར་བྲེ་ནི་བཅུ་གཉིས་དང། །ཏིལ་མར་བྲེ་ནི་བརྒྱད་བཅས་པ། །ལྡེ་གུར་གྱུར་གྱི་བར་དུ་བསྐོལ། །ཕབས་ལ་སྒྲངས་བར་སྦྲང་རྩེ་ནི། སྲང་ནི་སུམ་བརྒྱ་ཉི་ཤུ
་གཞུག་དེ་ནས་གཟར་བུས་དཀྲུགས་ནས་ནི། །མར་གྱི་སྣོད་དུ་གཞུག་པར་བྱ། །གང་ཞིག་ཟས་གཅིག་ལ་མི་གནོད། །དེ་ནི་འདི་ཡི་ཚང་དུ་བཤད། །ཞུ་བའི་ཚེ་ནི་དྲུག་ཅུ་པ། །འོ་མར་བཅས་པའི་ཁ་ཟས་སྦྱིན། །བཅུད་ཀྱི་ལེན་འདི་ཚངས་པས་བཤད། །དགེ
་ཞིང་དཔལ་ཡོན་ཅན་ཡིན་ཞིང། །མཁའ་ལ་གནས་དང་བྱིས་པ་རྩེ། །དེ་བཞི་ནས། འཐུབ་པས་བསྟེན་བྱས། །ལུ་སྙོམས་དལ་དང་སྐྲ་དཀར་དང། །གཉེར་མའི་སྐྱོན་ན་སྤིངས་གྱུར་ཅིང། །ཡིད་གཞུངས་དྲང་སྲོང་སྟོབས་ལྡན་ཞིང། །ཚེ་རིང་བར་ཡང་འགྱུར་བ་ཡིན། ཞེས་བྱ་བ
་ལ་། རུ་ར་རྡོག་མ་སྟོང་དང། དེའི་སུམ་འགྱུར་གྱི་སྐྱུ་རུ་ར་དང་བཅས་པ་སྟེ་སྐྱུ་རུ་ར་སུམ་སྟོང་དང། །སྨན་གྱི་སྡེ་ཚན་སྣ་ཚོགས་ནས། བཤད་པའི་རྩ་བ་ལྔ་པོ་ལྔ་སྤྱིར་སྲང་ཉིས་བརྒྱ་ལྔ་བཅུ་སྟེ། འདི་དག་ནི་སྨན་རེ་རེ་ཞིང་བཅུ་བཅུ་གཞུག་པར་བྱ་སྟེ། དེ་དག་ཐམS
་ཅད་བསྡུས་པ་སྲང་གིས་བསྡུས་ཏེ། དེའི་བཅུ་འགྱུར་གྱི་ཆུའི་ནང་དུ་བསྐོལ་ལ། དེའི་ཁུ་བ་བཅུ་ཆ་ལུས་པ་དང། དེའི་འོག་ཏུ་ཨ་རུ་ར་རྣམ་པར་རྒྱལ་བ་དང། སྐྱུ་རུ་ར་བརྡུངས་ལ་རུས་པ་ཕྱུང་སྟེ། ཁུ་བ་དེའི་ནང་དུ་ཤིང་ཚ་ནས་བྱི་དང་གའི་བར་དུ་སྨན་སྣ་རེ་ཞིང
་ཕུལ་རེ་གཞུག་པར་བྱའོ། །དེ་བཞིན་དུ་ཁར་དཀར་པོ་སྲང་སྟོང་ཚིག་བརྒྱ་དང། དེ་བཞིན་དུ་ཞུན་མར་བྲེ་བཅུ་གཉིས་དང། །དེ་བཞིན་དུ་ཏིལ་མར་བྲེ་བརྒྱད་དེ་།དེ་དག་ཐམས་ཅད་གཅིག་ཏུ་བསྲེས་ལ། གཟར་བུ་ལ་ཆགས་ཤིང་ལྡེ་གུར་གྱུར་གྱི་བར་དུ
་བསྐོལ་ལ་ཐབ་ལས་ཕབ་སྟེ། །བསྒྲངས་པའི་ནང་དུ་སྤྲང་རྩི་སྲང་སུམ་བརྒྱ་ཉི་ཤུ་གཞུག་པར་བྱའོ། །དེ་ནས་དེའི་འོག་ཏུ་གཟར་བུས་ལེགས་པར་བཀྲུགས་ལ་དེ་མར་གྱི་སྣོད་དུ་བཅུག་ཅིང་བཞག་པར་བྱ་ལ། དེ་ལས་ཚང་བཞིན་དུ་བཟའ་བར་བྱ་སྟེ།
་དེའི་ཚད་ནི་ཇི་ཙམ་ཞིག་ཟོས་པས་ནང་པར་གྱི་ཟས་ཟ་བའི་དུས་ལ། མི་གནོད་ཅིང་བདེ་བར་འཇུ་ནུས་པ་དེ་ཙམ་དུ་བཟའ་བར་བྱའོ། །སྨན་དེ་ཞུ་བའི་ཚད་ནི་འབྲས་དྲུག་ཅུ་བའི་ཆན་འོ་མ་དང་བཅས་པའི་ཁ་ཟས་སྦྱིན་པར་བྱའོ། །བཅུད་ཀྱིས་ལེན
་འདི་ནི་ཚོངས་པས་བཤད་བ་ཡིན་ཏེ་།དགེ་ཞིང་དཔལ་བསྐྱེད་བ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །དྲང་སྲོང་མཁའ་ལ་གནས་པ་དང། བྱིས་པ་དང་རྩེ་བ་དང། དེ་བཞིན་དུ་དཀའ་ཐུབ་པ་གཞན་རྣམས་ཀྱིས་ཀྱང་བསྟེན་ཅིང་གོམས་པར་བྱས་པ་ཡིན་ལ། དེ་དག་ཀྱང
་བཅུད་ཀྱིས་ལེན་འདི་ལུས་ཀྱིས་སྙོམས་དང། དལ་བ་ལ་སོགས་པ་སྤངས་པར་འགྱུར་པ་དང། ཡིད་གཞུངས་པ་དང། དྲན་པ་ལ་སོགས་པ་དང་ལྡན་པ་ནས། ཚེ་ཤིན་ཏུ་རིང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་བ་ཡིན་ནོ། སྐྱོན་མེད་ཨ་རུ་ར་དང་སྐྱུ་རུ
་ར་།སྟོང་དང་པི་པི་ལིང་ནི་སྟོང་དང་བཅས། །རྒྱ་སྐྱེགས་ཤིང་གཞོན་ཐལ་བའི་ཆུ་སྦྱར་བ། །སྣོད་དུ་བཞག་སྟེ་ལེགས་པར་སྤངས་ནས་ནི། སླར་བྱུང་གྲིབ་མར་སྐམས་ཏེ་ཕྱེ་མར་བྱས། །ཁར་དཀར་པོ་བཞི་ཆ་མང་དང་ནི། །སྦྲང་རྩི་བཞི་འགྱུར་བྱས་པ་མར་གྱི་ནི་།བུམ
་པར་བཅུག་སྟེས་བརྐོས་པར་བཞག་ལ། །ཟླ་བ་དྲུག་ལོན་ནས་ནི་སླར་ཕྱུང་སྟེ། །སྔ་དྲའི་དུས་སུ་མེ་དྲོད་ཇི་བཞིན་བཟའ་། །རྟག་ཏུ་མཐུན་པའི་ཟས་ནི་བཟའ་བར་བྱ། །དེ་ལྟར་མ་ལུས་ཟོས་ན་ལོ་བརྒྱ་འཚོ། །ནད་མེད་པ་དང་སྐྲ་དཀར་གཉེར་མ་མེད། །ལུས་ཀྱི་སྟོབས་འཕེལ
་རྒྱས་པར་འགྱུར་བ་དང། མཆོག་ཏུ་དྲན་གསལ་ཡིད་ནི་གཞུངས་པར་འགྱུར། །ཞེས་བྱ་བ་ལ། ཨ་རུ་ར་དང་སྐྱུ་རུ་ར། སྐྱོན་མེད་ཅིང་ཁུ་བ་དང། སྨན་གྱི་ནུས་པ་ལ་སོགས་པ་རྫོགས་བར་གྱུར་པ་དང། དེ་བཞིན་པི་པི་ལིང་སྟོང་དང་བཅས་པ་དང། དེ་བཞིན་དུ་རྒྱ
་སྐྱགས་ཤིང་པ་ལ་ཤ་ཞེས་བྱ་བ་ཐལ་བར་བྱས་ཏེ་ཆུར་གཟགས་པ་དང་སྦྱར་ཏེ། སྣོད་དུ་བཞག་ལ་བངས་པར་གྱུར་ནས་སླར་ཕྱུང་སྟེ་གྲིབ་མའི་ནང་དུ་སྐམས་ནས་ཕྱེ་མར་བྱས་བ་དང། ཁ་ར་དཀར་བོ་ཕྱེ་མའི་བཞི་ཆ་དང། དེ་བཞིན་དུ་མར་དང་སྦྲང་རྩི་སྨན་གྱི
་?་བཞི་འགྱུར་དང་བཅས་པ་དེ་དག་ཐམས་ཅད་གཅིག་ཏུ་སྡོམས་ཏེ་མར་གྱི་བུམ་པར་བཅུག་ན་ས་ས་བརྐོས་པའི་ནང་དུ་གཞག་ལ། ཟླ་བ་དྲུག་ལོན་པ་དང། དེའི་འོག་ཏུ་སླར་ཕྱུང་སྟེ་སྔ་དྲོའི་?་སུ་ཇི་ཙམ་ཕན་པར་ཟོས་ལ། དེ་བཞོ་བ་དང་རྗེས་སུ་མཐུན་པའི
་ཁ་ཟས་ས་ལུའི་ཆན་ལ་སོགས་པ་བཟའ་བར་བྱའོ། །དེ་ལྟ་བུའི་སྦྱོར་བས་སྨན་ཐམས་ཅད་ཟོས་ན། ལོ་བརྒྱའི་བར་དུ་འཚོ་བར་འགྱུར་ཞིང་ནང་དང་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་བ་དང། ལུས་ཀྱི་སྟོབས་འཕེལ་བ་ལ་སོགས་པར
་འགྱུར་རོ། །སྐྱོན་མེད་རྒྱ་སྐྱེགས་ཤིང་རློན་པ་།ཐོར་ཏོ་བཅད་ལ་བཞོགས་པ་ཡི། །སྡོང་བུ་ཁྲུ་གཉིས་བརྐོས་པའི་ནང། །སྐྱུ་རུ་ར་ནི་སར་བས་དགང། །རྩ་བའི་བར་དུ་འཇག་མས་དཀྲི། །པདྨས་སྐྱེས་པའི་འདམ་གྱིས་བསྐུ། །དེ་ནས་རླུང་མེད་གནས་སུ་ནི། །ལྕི་བ་?
་བཅད་པས་བཅོ། །ཚོས་ཤིང་སྐྱུ་རུ་ར་བངས་ནས། སྦྲང་རྩི་མར་བཅས་མི་ཡིས་བཟའ་། །དེ་རྗེས་འོ་མ་མར་བཅས་པ། །ཅི་འདོད་པར་ནི་བཏུང་བར་བྱ། །དེ་གཉིས་ཀྱིས་ནི་ཟླ་གཅིག་བར། །བསྟེན་ཅིང་སྦང་བར་བྱ་བ་རྣམས་དང་དེར་ནི་འབད་དེ་སྤང་བར་བྱའོ། །ཆུ་ནི་?
་མོ་ལག་པ་ཡིས། །རེགས་པ་ཙམ་ཡང་མི་བྱའོ། །དེ་ལྟར་ཞག་ནི་བཅུ་གཅིག་འདས། །སྐྲ་སོ་སེན་མོ་ལྷགས་པར་འགྱུར། །དེ་ནས་ཉིན་ཞག་ཉུང་ཟད་ན། །གཟུགས་བཟང་བུད་མེད་ལ་ཕོད་ཅིང། །སྟོབས་ནི་གླང་པོ་དང་འདྲར་འགྱུར། །མཆོག་ཏུ་ཡིད་གཞུངས་སྙིང་སྟོབས
་དང། །བློ་ལན་ལོ་སྟོང་འཚོ་བར་འགྱུར་ཞེས་བྱ་བ་ལ། །པ་ལ་ཤ་རུལ་པ་ལ་སོགས་པའི་སྐྱོན་མེད་པ་རློན་པའི་ཐོར་ཏོ་བཅད་ལ། བཞོགས་པའི་ནང་གི་སྟོང་བུ་ཁྲུ་གཉིས་པ་བརྐོས་ལ་དེའི་ནང་སྐྱུ་རུ་ར་སར་པས་བཀང་ལ། དེའི་འོག་ཏུ་འཇག་མས་རྩ་བའི་བར་དུ་བཀྲི
་བར་བྱའོ། །དེ་ནས་པདྨ་སྐྱེས་པའི་འདམ་གྱིས་བསྐུ་བར་བྱའོ། །དེའི་འོག་ཏུ་རླུང་མེད་པའི་གནས་སུ་དགོམ་པའི་ལྕི་བ་སར་པའི་མེས་བཙོས་ལ། །དེ་ནས་སྐྱུ་རུ་ར་དེ་སྦྲང་རྩི་དང་མར་དང་བཅས་པར་བཟའ་བར་བྱའོ། །དེའི་འོག་ཏུ་སྒམ་དུའོ་མདོམས་པར་བླུད་པར
་བྱ་ཞིང། །འོ་མ་དེ་ཉིད་དང་ཟླ་བ་གཅིག་གི་བར་དུ་གནས་པར་བྱ་ཞིང། ཟས་གཞན་མི་བཟའ་བར་བྱ་བ་དང་།དེའི་བཅུད་ཀྱིས་ལེན་གྱི་སྤང་བར་བྱ་བའི་སྤྱོད་ལམ་ནི་འབད་དེ་སྤང་བར་བྱ་བ་དང། ཆུ་གྲང་མོ་ནི་ཐ་ན་ལག་པས་ཀྱང་མི་རེག་པར་བྱའོ། །དེ་ལྟ་བུའི
་ཚུལ་གྱིས་ཞག་བཅུ་གཅིག་འདས་པར་གྱུར་པ་དང། སྐྲ་དང་སོ་ལ་སོགས་པ་ལྷག་པར་འགྱུར་ལ་དེ་ནས་ཉིན་ཞག་གིས་དུས་ཉུང་ཟད་ཅིག་ན་གཟུགས་བཟང་པོ་འབྱུང་བར་འགྱུར་བ་དང། བུད་མེད་བོད་པ་ལ་སོགས་པའི་ཡོན་ཏན་རྣམས་འབྱུང་བར་འགྱུར་རོ། །རྩ་བ་བཅུ་པ
་བ་ལ་དང། གླ་སྐར་ཐལ་ཏྲེས་ཇི་བ་ཀ། ཨུཏཔལ་དང་བརྟི?་གཉིས། །ཀརྐ་ཏ་སྲིད་པི་པི་ལིང། །མེ་དང་སུག་སྨེལ་ཏམ་ལ། །འཚོ་བྱེད་རྒུན་འབྲུམ་ཨ་ག་རུ། །མ་ནུ་ཟུར་བ་བ་སྤྲུབ། །ར་མ་ཉོ་བ་གཉིས་སླེ་ཏྲེ་ས་དང། །ཀ་གནས་ཨ་རུ་ར། །པ་ཤ་ཀའི་རྩ་?། །སྲང་རེ་གཅིག་ཏུ་བསྲེས་ནས
་ནི། །སྐྱུ་རུ་དེའི་འབྲུ་ལྔ་བརྒྱ་ནི། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །དེ་ཡི་ཁུ་བ་བཞི་ཆ་ལུས། །སྐྱུ་རུ་རའི་རུས་པ་གསལ། མར་དང་ཏིལ་མར་སྲང་བཅུ་གཉིས། །ནང་དུ་ལེགས་པར་བརྔོས་ནས་ནི། །ཁར་དཀར་པོ་སྲང་ལྔ་བཅུར། །བཅས་ཏེ་ལྡེ་གུའི་ཚུལ་དུ་བསྐོལ། སྣུམ་ཕྱེད
་ཀྱིས་ནི་སྦྲང་རྩི་གཞུག་།སྨིག་རྐང་སྲང་ནི་བཞི་དག་དང། །པི་པི་ལིང་ནི་སྲང་གཉིས་དང། །དྲི་བཟངས་བཞི་ནི་སྲང་གཅིག་གཞུག། དེ་ལ་ཚད་ཙམ་བཟའ་བྱ་ཞིང། ཁད་པར་གནས་ཤིང་འཕྲོད་ཟས་བསྟེན། །འདི་ནི་དྲང་སྲོང་འཕོས་པས་བསྟེན། །དྲང་སྲོང་འཕོ་བས་གང་ཟས་པས།།
་རྒས་པས་ཉེན་པར་གྱུར་པ་ཡང་།བུད་མེད་གྱི་ནི་མིག་ཏུ་སྡུག་།ཆོ་ག་བཞིན་དུ་བསྟེན་གྱུར་ན། །ལུང་པ་དབུགས་མི་བདེ་རིམས་དང། །སྐེམ་དང་སྙིང་ནད་དྲེག་ནད་དང། །གཅིན་དང་ཁུ་ཆུ་ལ་གནས་ར། །སྐང་འགགས་པ་ཡང་སེལ་བར་བྱེད། །བྱིས་པ་རྒན་དང་བློ་འགྲམས
་གཅོད། །རིང་པའི་ཉམས་སྟོབས་འཕེལ་བར་བྱེད། །ཡིད་གཞུངས་དྲན་དང་མདངས་ལྷན་དང། །ནད་མེད་གཉིད་དང་ཚེ་འཕེལ་དང། །རླུང་ནི་བདེ་བར་རྒྱུ་བྱེད་ཅིང། །བུད་མེད་ལ་བོད་སྟོབས་དང་ནི། །དབང་པོ་གསལ་ཞིང་མེ་དྲོད་བསྐྱེད། །ཅེས་བྱ་བ་ལ། རྩ་བ་བཅུད་དང་བ་ལ
་ལ་སོགས་པའི་སྨན་སྣ་རེ་ཞིང་སྤང་རེ་གཅིག་ཏུ་བསྲེས་པ་དང། སྐྱུ་རུ་རའི་རྡོག་མ་ལྔ་བརྒྱ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ། དེའི་ཁུ་བ་བཞི་ཆ་ལུས་པ་དང། །དེ་ལས་སྐྱུ་རུ་ར་བཏུས་ཏེ་རུས་པ་བསལ་ལ་མར་དང་ཏིལ་མར་སྲང་བཅུ་གཉིས་ཀྱི་ནང་དུ་བརྡོས་ལ། དེའི
་འོག་ཏུ་ཁ་ར་དཀར་པོ་སྲང་བཅུ་དང་བཅས་པ་དེ་ལྡེ་གུའི་སྦྱོར་བས་བསྐོལ་ལ། ཚོས་ནས་བསྐྲངས་ལ་སྦྲང་རྩི་སྣུམ་གྱི་ཕྱེད་དེ་སྲང་དྲུག་ལ་སོགས་པ་བཅུག་ལ། ལྡེ་གུ་དེ་ལས་ཚད་ཙམ་བཟའ་ཞིང་།ཁང་པར་གནས་དེ་ཁ་ཟས་འཕྲོད་པ་བསྟེན་པར་བྱའོ།
་འདི་ནི་དྲང་སྲོང་འཕོ་བས་བསྟེན་ཅིང་ཟོས་པ་ཞེས་བྱ་བའི་བཅུད་ཀྱིས་ལེན་ཡིན་ཏེ་།བཅུད་ཀྱིས་ལེན་གང་ཞིག་ཟོས་པས་དེ་རྒས་འཁགས་པར་གྱུར་པ་ཡང། གཟུགས་བཟང་ཞིང་བུད་མེད་ཀྱི་མིག་ཏུ་སྡུག་པར་གྱུར་ཏོ། །འདི་ཆོ་ག་བཞིན་བསྟེན་པར་གྱུར་ན། ལུད་པ
་དང་དབུགས་མི་བདེ་བ་ལ་སོགས་པ་ནས་དབང་པོ་གསལ་ཞིང་མེ་དྲོར་སྐྱེ་བར་བྱེད་པའི་བར་གྱི་ཡོན་ཏན་དང་ལྡན་བ་ཡིན་ནོ།། ཤིང་མངར་མིག་རྐང་པི་པི་ལིང།། ལྕེ་མྱང་ཚ་དང་བཅས་པ་དང། །ལྕགས་ནི་སྣ་རེ་གསེར་དང་ནི། །ཤུ་དག་སྦྲང་རྩི་ཞུན་མར་དམ། །ཁར?་དཀར
་པོ་འམ་འབྲས་བུ་གསུམ། །ལོ་གཅིག་བསྟེན་ན་བཅུད་ལེན་འགྱུར། །ནད་ཀུན་འཇོམས་ཤིང་དྲན་པ་དང། །ཡིད་གཟུངས་བློ་ནི་སྐྱེད་པར་བྱེད། ཅེས་བྱ་བ་ལ། ཤིང་མངར་དམ། མིག་རྐང་དམ། པི་པི་ལིང་རམ། ལྕེ་མྱང་ཚེ་འམ། ལྕགས་ལྔ་བོ་རེ་རེ་འམ། སོ་སོར་རམ། གསེར
་རམ། ཤུ་དག་གམ། མར་དང་སྦྲང་རྩི་འམ། ཁ་ར་དཀར་པོ་འབྲས་བུ་གསུམ་དང་བཅས་པ་ལ་ལོ་གཅིག་ཏུ་བསྟེན་ན། བཅུད་ཀྱི་ལེན་དུ་འགྱུར་ཞིང་ནང་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །མ་དུ་ཀ་པརྞི་ཡཾ་ཁུ་བ་འམ། ཤིང་མངར་ཕྱེ་མའོ་མར་བཅས་པ་ནི། །ལྷན
་ཅིག་སྦྱར་བ་མེ་དྲོད་ཇི་བཞིན་སྦྱིན། །སླེ་ཏྲེས་ཤར་ཀ་?་མེ་ཏོག་བཅས། །ལྡེ་གུར་སྦྱར་བ་མེ་དྲོད་ཇི་བཞིན་དུ། །བསྟན་ན་ཚེ་ནི་སྦྱིན་པར་བྱེད་པ་དང། །ནད་འཇིག་སྟོབས་བསྐྱེད་ན་དོག་ནི་གསལ་བྱེད་ཅིང། །མེ་དྲོད་སྐད་གསལ་ཡིད་གཞུངས་བསྐྱེད་པར་བྱེད། །བཅུད་ཀྱི་ལེན
་གྱི་སྦྱོར་བ་འདི་དག་ལས། ཤར་ཀ་?་སྦྱོར་བ་ཡིད་གཞུངས་མཆོག་།ཅོས་བྱ་བ་ལ། མ་དུ་ཀ་པརྞི་ཞེས་བྱ་བའི་ཁུ་བ་འམ་ཤིང་མངར་གྱི་ཕྱེ་མ་འམ། སླེ་ཏྲེས་ཀྱི་ཕྱེ་མ་འམ།། ཤང་ཀུ་བུསྤའི་རྩ་བའི་ལྡེ་གུས་མོ་དྲོད་ཇི་ལྟ་བ་བཞིན་དུ་བརྟེན་ན། བཅུད་ཀྱིས་ལེན
་དུ་འགྱུར་ཞིང། །ཚེ་སྦྱིན་བར་བྱེད་པ་ལ་སོགས་པ་ཡིན་ནོ། །བཅུད་ཀྱིས་ལེན་གྱི་སྦྱོར་བ་འདི་དག་ལས་ཀྱང་ཤང་ཀ་པུ་སའི་སྦྱོར་བ་ནི་མཆོག་ཏུ་ཡང་ཡིད་གཞུངས་པར་བྱེད་པ་ཡིན་ནོ། །སྤང་མ་སྤུ་ཙ་ཤེལ་དང་པ་ཡས་སྱ། ཤིང་མངར་ཐལ་ཏྲེས་ཙན་དན་?
་གསུམ།། ཤུ་དག་ཚ་བ་གསུམ་དང་སེར་པོ་གཉིས། །པ་ཏོ་ལའི་རྩ་རྒྱམ་ཆ་ཞོག་ཏུ་བཏགས། །མར་དང་འོ་མ་བྲེ་ནི་བཅུ་དྲུག་དང། །ཤེང?་ཀ་པུམྦའི་ཁུ་བ་སུམ་འགྱུར་བསྐོལ། །བླུད་ན་གླེན་པ་འང་ཚིག་ལ་དབང་འགྱུར་ཞིང། །ཐོས་འཛིན་སྤོབས་པ་ཚ་ཞིང་ནད
་མེད་འགྱུར། །ཞེས་བྱ་བ་ལ། སྤངས་མ་ལ་སོགས་པ་དག་ཞིབ་ཏུ་བཏགས་ལ། མར་དང་འོ་མ་བྲེ་བཅུ་དྲུག་དང། ཤིང་ཀ་པུནདའི?་ཁུ་བ་མར་གྱི་སུམ་འགྱུར་དང་བ་བསྐོལ་ཏེ་བླུད་ན་སྐྱེས་བུ་བླུན་པོ་དག་ཀྱང་ཚིག་གསལ་ཞིང་དག་ལ་དག་བ་དང། ཐོས་པ་འཛིན་ལྤ་དང
་ནད་མེད་པ་ཉིད་དུ་འགྱུར་རོ། །པདྨའི་རྩ་བ་སྡོང་བུ་དང། །གེ་སར་དང་ནི་ས་བོན་རྣམས། །གསེར་བཅས་མར་དང་འོ་མ་ནི། །བྲེ་ན་བཅུ་དྲུག་ནང་དུ་བསྐོལ།། པདྨ་ལྔ་པའི་ཐིག་ལ་ཞེས། །ས་སྟེང་དག་ཏུ་གྲགས་པ་ཡིན། །ཚུལ་བཞིན་བསྟེན་ན་སྐྱེས་བུ་ཡི།། ཉམས་སྟོབས
་ཟད་བ་འཕེལ་བར་བྱེད། །ཅེས་བྱ་བ་ལ། པདྨའི་རྩ་བ་ལ་སོགས་པ་ཚུལ་བཞིན་དུ་བསྐོལ་བའི་བཅུད་ཀྱིས་ལེན་ནི་མིང་པདྨ་ལྔ་པ་ཞེས་གྲགས་པ་ཡིན་ཏེ། དེ་ཚུལ་བཞིན་དུ་བསྟེན་ན་མཆོག་ཏུ་སྐྱེས་བུའི་ཉམས་སྟོབས་བསྐྱེད་པར་བྱེད་པ་ཡིན་ནོ།། གང་ཞིག
་ཨང?་བལ་སྡོང་བུར་ལ་རྩ་བ་གེ་སར་ལྡན་བསྐོལ་པ། །ུང་པ་ལ་བཞི་པར་གྲགས་པ་ཡིན། །གསེར་དང་བཅས་པའི་བཅུད་ལེན་གྱི། །སྦྱོར་བ་བསྟེན་པ་ལང་ཡང། །ཡིད་གཞུངས་འགྱུར་ན་མིར་ཅི་སྨོས། །ཞེས་བྱ་བ་ལ། སྨན་མར་གང་ཨུཏཔལའི?་ལོ་མ་དང་སྡོང་བུ
་དང་རྩ་བ་དང་ལྡན་པར་བསྐོལ་ཅིང། གསེར་དང་བཅས་པ་སྦྱོར་བའི་བཅུད་གྱི་ལེན་ནི་ཨུཏཔལ?་བཞི་པ་ཡིན་ཏེ། དེ་བསྟེན་ན་བ་ལང་ཡང་ཡིད་གཞུངས་ཤིང་བློ་དང་ལྡན་པ་ཡིན་ན། མིར་སྐྱེ་ན་ལྟ་སྨོས་ཀྱང་ཅི་དགོས། བྲཧམི་ཤུ་དག་ཤར་ཀ་པུསྤ?་དང། །རྒྱམ་ཚ་མང་ཚ་ཀྵ་རརྦ་
་ཤལ། པྲཏྨི་སོ་པར་ཙ་ལ་པི་པི་ལིང། །རེར་ནས་ནི་གསུམ་གསུམ་ཙམ་གྱི་ཚད། །གསེར་ནི་ནས་གཉིས་དུག་ནི་ཏིལ་འབྲུ་ཙམ། །ཞུན་མར་སྲད་གཅིག་འདི་དག་ཞིབ་ཏུ་སྦྱར། །ལེགས་པར་བཏང་སྟེ་ཞུ་བར་གྱུར་ནས་ནི། །མར་བཅས་ཁ་ཟས་ལོ་གཅིག་པར་དུ་བསྟེན།
་དྲན་དང་མིད་གཞུངས་བློ་ནི་འཕེལ་འགྱུར་ཞིང། །ན་དང་རྒས་པ་དག་ལས་འདས་པ་དང། །སྙོམ་དང་ངལ་དུབ་སེལ་བྱེད་ལོ་བརྒྱ་འཚོ། །དཔལ་དང་གཟི་བརྗིད་མདངས་དང་ལྡན་པར་འགྱུར། །ཁྱད་པར་དུ་ནི་མཛེ་ནད་ཤ་བཀྲ་སྐྲན། །དུག་དང་དབྱིག་དུག་རིམས་དང་སྨྱོ་བྱེད་དང།།
་སྲིད་སྲུང་རིས་བྱེད་སྔགས་བྱས་གཤེད་བྱེད་དང། །རླུང་ནད་སྟོབས་ཆེན་འདིས་ནི་ཞི་བར་བྱེད། །ཅེས་བྱ་བ་ལ། པྲཧམི་ནས་པི་པི་ལིང་གི་སྨན་རེ་རེ་ཞིང་ནས་ཀྱི་ཚད་དང། གསེར་ནས་གཉིས་ཀྱི་ཚད་དང། དུག་ཏིལ་འབྲུ་གཅིག་ཙམ་དང། །ཞུན་མར་སྲད་གཅིག་སྟེ། དེ
་དག་ཐམས་ཅད་གཅིག་ཏུ་སྦྱར་ནས་ཟོས་ཏེ། དེ་ཞུ་བར་གྱུར་པ་དང། ཁ་ཟས་མར་དང་སྦྲང་རྩི་མང་བ་ཟོས་ལ་ཚུལ་དེ་ལྟར་ལོ་གཅིག་གི་བར་དུ་བསྟེན་ན་དྲན་པར་དང། །ཡིད་གཞུངས་བ་རྣམ་པར་འཕེལ་བར་འགྱུར་ཞིང། །ནད་ལ་སོགས་པ་ལས་འདས་པ་དང། ལོ་བརྒྱ
་ཆད་པའི་བར་དུ་འཚོ་ཞིང་དཔལ་ལ་སོགས་པ་དང་ལྡན་པར་འགྱུར་བ་དང། ཁྱད་པར་དུ་ཡང་བཅུད་ཀྱིས་ལེན་འདིས་མཛེ་ལ་སོགས་པ་སེལ་བར་བྱེད་པ་དང། དེ་བཞིན་དུ་སྲིད་སྲུང་གི་རིག་བྱེད་ལས་བཤད་པའི་ཆོ་གས་གཤེད་བྱེད་དང། གནོད་པའི་ལས་ཀྱི་སྦྱོར་བ་བྱས་པ
་དང། རླུང་ནད་ཤིན་ཏུ་མི་བཟད་པ་དག་ཀྱང་ཞི་བར་བྱེད་པ་ཡིན་ནོ། །ནག་བ་ལ་སྟོན་གྱི་ཚེ། །སྐར་མ་རྒྱལ་ལ་བབ་པ་རབ་ཏུ། །དེ་ཡི་རྩ་བ་ཞོ་ཉིད་ཙམ། །ཕྱིར་བཏགས་འོ་མ་སྦྱར་ཏེ་བཏུང། །ཡང་ན་མར་དང་སྦྲང་རྩིར་སྦྱར། །བལྡག་ཅིང་ཟས་མེད་འོ་མས་འཚོ། །ད་ལྟར་ལོ་གཅིག
་ཟོས་གྱུར་ན། །ལོ་བརྒྱར་འཚོ་ཞིང་སྟོབས་ལྡན་འགྱུར། །ཞེས་བྱ་བ་ལ། ན་ག་བ་ལ་ཞེས་བྱ་བའི་སྨན་སྟོན་གྱི་དུས་ལ་བབ་པ་དང། །སྐར་མ་རྒྱལ་དང་གཟའ་ཟླ་བ་ལ་བབ་པའི་དུས་སུ་བཏུས་ཏེ། དེའི་རྩ་བ་ཞོ་གཉིས་ཙམ་གྱི་ཕྱེ་མ་འོ་མ་དང་སྦྱར་ཏེ་བཏུང་བ་འམ། ཡང
་ན་མར་དང་སྦྲང་རྩི་སྦྱར་ཏེ་བ་ལྡག་ཅིང་འོ་མས་འཚོ་བར་བྱས་ཏེ། དེ་ལྟར་ལ་གཅིག་གི་ནང་དུ་བསྟེན་ན་ལོ་བརྒྱའི་བར་དུ་འཚོ་བ་དང། སྟོབས་ཤིན་ཏུ་ཆེ་བར་འགྱུར་རོ། །གཟེ་མ་འབྲས་བུ་སྐྱེས་པ་རྩ་བར་འགྱུར། །གྲིབ་མར་བསྐོམ་ཏེ་ཞིབ་ཏུ་བཏགས་ནས་ནི། །རང་གི་ཁུ་བར
་སྤངས་པ་དེ་ལས་ནི། །ཆེ་ཚང་ཁྱོར་གང་ཙམ་དུ་བྱས་གྱུར་གང། །དེ་དང་འོ་མ་སྦྱར་ནས་བཟའ་བྱ་ཞིང། །ཞུ་ནས་འོ་མ་སྲད་ནི་ཉིས་བརྒྱ་ཟོས། །གཟུགས་བཟད་སྐལ་ལྡན་ལོ་བརྒྱ་ཐུབ་པ་དང། འདོད་སྤྱོད་ཁྲུ་མཆོག་བ་ལང་ཚོགས་གནས་འདྲ། །ཞེས་བྱ་བ་ལ། གཟེ་མ
་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་རྩ་བ་དང། བཅས་པ་གྲིབ་མར་བསྐམས་ཏེ་ཞིབ་ཏུ་བཏགས་པའི་ཕྱི་མ་རང་གི་ཁུ་བའི་ནང་དུ་སྤངས་ཏེ། གཟེ་མ་དེ་ལས་ཆེ་ཚད་རང་གི་ཁྱོར་གང་ཙམ་སྟེ་སྲང་གཉིས་ཀྱི་ཚང་ཙམ་དང་འོ་མ་དང་སྦྱར་ཏེ། བཟའ་ཞིང་ལོངས
་སྤྱད་ལ། སྨན་དེ་ཞུ་བར་གྱུར་ནས་འོ་མ་ཉིད་སྲད་ཉིས་བརྒྱ་དང། འབྲས་ཆེན་བསྲས་པ་ཟོས་པར་གྱུར་ན་གཟུགས་བཟང་བ་ལ་སོགས་པ་འཐོབ་པར་འགྱུར་ཞིང་ཇི་ལྟར་བ་ལང་གི་ཚོགས་ཀྱི་ནང་ན་ཁྱུ་མཆོག་འདོད་པ་སྤྱོད་པ་དང་འདྲ་བར་འདོད་པ་སྤྱོད་ནུས་པར
་འགྱུར་རོ། །བ་ར་ཧེ་ཡི་སྡོང་བུ་རློམ་པ་དང། །འོ་མ་སྦྱར་བ་ཟོས་ཤིང་འོ་མ་བཏུང། །ཟླ་གཅིག་པར་དུ་ཁ་ཟས་འོ་མས་འཚོ། །རྒ་བའི་ཚོགས་ལས་ངེས་པར་རྒྱལ་བར་འགྱུར། །ཞེས་བྱ་བ་ལ། སྨན་པ་ར་ངའི?་སྡོང་བུ་རློན་བ་འོ་མ་དང་སྦྱར་བ་བསྟེན་ཟླ་གཉིས
་པ་ཡང་སྡོང་བུ་དེ་ཟས་གཞན་མི་བཟའ་བར་འོ་མ་དང་བཅས་པར་བསྟན་ན་སྐྱེས་བུ་དེ་སྦྱོར་བ་ངེས་རྒས་པ་ལས་ངེས་པར་རྒྱལ་བར་འགྱུར་རོ། །ཡང་ན་དེ་ཡི་སྡོང་བུའི་ཕྱེ་ཞི་བ་མོ། །རང་གི་ཁུ་བ་དང་ནི་ལེགས་སྦྱར་བ། མར་དང་སྦྲང་རྩི་སྦྱར་བའི་ལྔ་གུ
་གཟའ། །ཡང་ན་དེ་བསོལ་མར་ནི་བཏུང་བར་བྱ། ཞེས་བྱ་བ་ལ། ཡང་ན་དེའི་སྡོང་བུ་ཕྱེ་མ་ཞིབ་མོར་བཏགས་ལ་རང་ཉིད་བསྐོལ་བའི་ཁུ་བ་དང་སྦྱར་ཏེ། ཇི་སྐད་སྨོས་པའི་ལྡེ་གུ་འམ། སྨན་མར་ཟོས་ན་ཡང་ཡོན་ཏན་སྔ་མ་དང་འདྲའོ། །དེ་བཞིན་ཨཏུའི?
་བ་ལ་བི་ད་རི། །ཤིང་མངར་དང་ནི་མོན་སྣེའུ་དམར་རུ་དང། །ཛི་བིནྟ་དང་རསྣ་ཨ་རུ་ར། །ས་ལ་པརྞི་སླེ་ཏྲེས་སྐྱུ་རུ་ར། །ཤང་ཀ་པུསྤ་མན་དུ་ཀ་པརྞི། ། ཤྭ་གནད་དང་ནི་ཉེའུ་ཤིང་རྣམས། །སྦྱར་བ་བཏང་ནས་ཡིད་གཞུངས་བློ
་དང་ནི། རྒས་སྲ་ན་ཚེད་བརྟན་ཞིང་སྟོབས་སྐྱེད་བྱེད། ཅེས་བྱ་བ་ལ། དེ་བཞིན་དུ་ཨ་ཏི་བ་ལ་སོགས་པ་ཡན་བ་ར་ཧིའི་སྦྱོར་བ་དང་འདྲ་བར་སྨན་སྣ་གང་ཡན་རུ་བ་རིར་བཏང་བར་གྱུར་ན་ཡིད་གཞུངས་པ་ལ་སོགས་པར་འགྱུར་རོ། །སྠི་ར་ནི་ས
་ལ་པརྞིའོ། །མན་དུ་ཀ་པརྞི་ནི་མན་དུ་ཀིའོ། །གཞན་ནི་གོ་བར་ཟད་དོ། །ཙིཏྲ་ཀ་ཡི་མེ་ཏོག་ནི། །སེར་པོ་དཀར་གནག་ལས་ཤེས་བྱ། །ཆོ་ག་བཞིན་དུ་བཅུད་ལེན་སྤྱར། །གོ་རིམས་བཞིན་དུ་ཡོན་ཏན་ཆེ། ཞེས་བྱ་བ་ལ། ཅི་ཏྲ་ཀ་འི་མེ་ཏོག་རྣམ
་པ་གསུམ་པོ་སེར་པོ་དང་དཀར་པོ་དང། ནག་པོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ལ། བཅུད་ཀྱིས་ལེན་དུ་སྦྱར་ན་གོ་རིམ་ཇི་ལྟ་བ་བཞིན་དུ་ཡོན་ཏན་ཆེ་བ་ཡིན་ཏེ། མེ་ཏོག་སེར་པོ་ཅན་བས་དཀར་པོ་ཡོན་ཏན་དང་ལྡན་ལ། །དཀར
་པོ་པས་ནི་ནག་པོ་ཡོན་ཏན་ཆེ་བ་ཡིན་ནོ། །དེ་ཡི་རྩ་གྲིབ་མར་བཅས། ཕྱེ་མར་བཅས་པ་སྦྲང་རྩི་མར། །འོ་མ་ཆུ་དང་ཟླ་གཅིག་པར། བརྟུལ་ཞུགས་ཅན་གྱིས་བསྟེན་བྱས་ལ། །ཕན་པའི་ཟད་ནི་ཟ་བྱེད་ན། །ལོ་བརྒྱར་འཚོ་ཞིང་ནད་མེད་ལ། །ཡིད
་གཞུངས་སྟོབས་དང་མདངས་ལྡན་ཞིང། །ལུས་རྒྱལ་མེ་དྲོད་འབར་བར་འགྱུར། །ཞེས་བྱ་བ་ལ། ཙི་ར་ཀ་དེའི་རྩ་བའི་ཕྱེ་མ་སྦྲང་རྩི་མར་དང་སྦྲང་རྩི་གཉི་ག་འམ། འོ་མ་འམ། ཆུ་དང་བཅས་པར་ཟླ་བ་གཅིག་གི་བར་དུ་བསྟེན་ནས་འཕྲོད་པའི་ཟས་ཟོས
་ན་ལོ་བརྒྱར་འཚོ་བ་ལ་སོགས་པའི་ཡོན་ཏན་བསྐྱེད་པར་འགྱུར་རོ། །ཏིལ་མར་ལྡེ་གུ་ཟླ་གཅིག་པར། །བསྟེན་ན་རླུང་ནད་གསོ་དཀའ་འཇོམས། །གཅིན་སྦྱར་ཤ་བ་ཀ་མ་ཛེ་ནད་འཇོམས། །དར་བར་སྦྱར་བས་གཞང་འབྲུམ་སེལ། ཞེས་བྱ་བ་ལ
་ཙི་ཏ་ཀ་དེ་ཏིལ་མར་དང་བཅས་པ་ཟླ་བ་གཅིག་གི་བར་དུ་བསྟེན་ན་རླུང་ནད་མི་བཟད་པ་དག་ཀྱང་སེལ་བར་བྱེད་ལ། དེ་གཅིན་དང་སྦྱར་ལ་ཟླ་བ་གཅིག་གི་བར་དུ་བསྟེན་ན་ནི་མཛེ་དང་ཤ་བཀྲ་འཇོམས་པར་བྱེད་དོ། །ཅི་ག་ད་ར་བ་དང་སྦྱར་ཏེ་ཟླ་གཅིག་གི་?
་བསྟོན་ན། གཞང་འབྲུམ་སེལ་བར་བྱེད་དོ། །གོ་བྱེད་ལེགས་པར་སྨིན་པ་ནི། འབྲས་ཀྱི་ཕུད་པོའི་ནང་དུ་གཞུག་།སོ་གའི་ཚ་བཏུས་དགུན་ཚེ་ཕྱུང། །མངར་ཞིང་སྣུམ་དང་བསེལ་བ་ཡི། །སྨན་སྦྱར་དེ་ཡི་སྡོགས་མ་བརྒྱད། །བརྒྱད་འགྱུར་ཆུ་ནི་བསྐོལ་ནས་ནི། །བུ་བ་དེའི་?
་ཆ་པུས། །འོ་མ་སྦྱར་བ་གྲང་མོ་བཏུང། །དེ་རྗེས་ཉེ་མ་རེ་རེ་ཞིང། །གོ་བྱེ་རྡོག་མ་རེ་རེས་བསྐྱེད། །ཉི་ཤུ་རྩ་གཅིག་པར་དུ་ནི། །གསུམ་འགྱུར་གྱིས་བསྐྱེད་དེ་ཕན་ཚད། །བཞི་བཅུའི་བར་བསྐྱེད་དེ་འོག་ཏུ། །བསྐྱེད་པ་བཞིན་དུ་དབྲི་བར་བྱ། །བདུན་ཕྲག་བདུན་གྱི་བར་དུ
་ནི། །སྟོང་གི་བར་དུ་བཏང་བར་བྱ། །བདག་ཉིད་བསྔམས་ཤིང་འོ་མ་མར། །ས་ལུ་དྲུག་བཅུ་པ་ཆན་ཟླ། །དེ་བཞིན་དུས་ནི་སུམ་འགྱུར་བྱ། །སྦྱོར་བའི་མཛའ་ཡང་སྤྱད་པར་བྱ། །སྔོན་གྱི་ལེགས་སྨོན་ཐོབ་འགྱུར་ཞིང། །ཁྱད་པར་དུ་ནི་མེ་དྲོད་སྐྱེ། །གཅིན་སྙི་སྲིད་བུ་གཞང
་འབྲུམ་མཛེ། །ཚིལ་ལས་གྱུར་པའི་གཞང་འབྲུམ་འཇོམས། །ཞེས་བྱ་བ་ལ། གོ་བྱ་ཞེས་བྱ་བ་བས་ཤིང་གི་འབྲས་བུ་སོ་གའི་དུས་སུ་ལེགས་པར་སྨིན་ཅིང་ཁུ་བཅུད་ཡོངས་སུ་རྫོགས་པར་གྱུར་པ་བཏུས་ལ། འབྲས་ཀྱི་ཕུད་པོའི་ནང་དུ་བཅུག་སྟེ། དེ་དགུན་གྱི་དུས་སུ
་བྱུང་ལ། རོ?་མངར་བ་དང་རང་བཞིན་སྣུམ་ཞིང་བསིལ་བའི་སྨན་དང་ལེགས་པར་སྦྱར་ཏེ་དེའི་རྡོག་མ་བརྒྱད་ཆུ་བརྒྱད་གྱུར་གྱི་ནང་དུ་བསྐོལ་ལ། ཁུ་བ་བརྒྱད་ཆ་ལུས་པར་བྱས་ཏེ། དེ་འོ་མ་དང་སྦྱར་བ་གྲང་མོ་བཏུང་ཞིང་གོ་བྱེ་རྡོག་མ་བརྒྱད་པོ་དེ་དག་ཞག་བདུན་གྱི་བར
་དུ་རྡོག་མ་རེ་རེས་བསྐྱེད་པར་བྱའོ། །དེའི་འོག་ཏུ་གོ་བྱེ་དེ་ལས་ཉི་མ་རེ་རེ་ཞིང་གསུམ་གསུམ་གྱིས་བསྐྱེད་ལ་བཞི་བཅུའི་བར་དུ་བསྐྱེད་པར་བྱའོ། །དེའི་འོག་ཏུ་གོ་བྱེ་ད་སྔར་བསྐྱེད་པའི་ཚུལ་གྱིས་གྲང་མ་དང་འདྲ་བར་གསུམ་གསུམ་གྱིས་དབྲི་ཞིང་བསྟེན་ཕར་བྱའོ།།
་དེའི་འོག་ཏུ་ནི་རེ་རེས་དབྲི་བར་བྱའོ། །ཚུལ་དེ་ལྟར་ཞག་བདུན་ཕྲག་བདུན་གྱི་བར་དུ་བཏང་ཞིང། རྡོག་མ་སྟོང་གི་བར་བཏང་པར་བྱའོ། །དེའི་ཚེ་བདག་ཉིད་བསྡམས་པ་ལ་སོགས་པའི་སྤྱོད་པ་དང་ལྡན་པར་བྱ་ཞིང་སྦྱོར་བའི་མཐར་གང་སྤྱོད་པ་བསྡམས
་པའི་དུས་སུམ་འགྱུར་དུ་བྱས་ལ། །སྔོན་གྱི་ལེགས་པར་སྨོན་པ་ཅི་ཏྲ་ཀའི་སྐབས་སུ་བཤད་པའི་ནད་མེད་པོ་དང། ཡུན་རིང་དུ་འཚོ་བ་ལ་སོས་པ་འཐོབ་པར་འགྱུར་ལ། །ཁྱད་པར་དུ་ནི་མི་དྲོད་བསྐྱེད་པ་དང། །གཅིན་སྙི་པ་ལ་སོགས་པའི་ནད་འཇོམས་པ་ཡིན
་ནོ། །གོ་བྱའི་འབྲས་བུ་སྐྱོན་མེད་ལ། །བརྡུངས་ཤིང་ཞིབ་ཏུ་བརྟེགས་བ་ནི། བུམ་པར་གཅུག་སྟེས་ནག་བསྐུས། །ས་བསྐོས་པ་ཡི་ནང་དུ་བཞུགས། །ཀུན་ནས་བ་ཡི་ལྕི་བས་བསྐོར། །དེ་སྦྱར་མེ་དང་བཙོས་ནས་ནི། །དེ་ལས་འཛག་པའི་ཁུ་བ་གང། །བླངས་པ་ཉིན་ཞག
་གཞན་ལ་དེ། །དེ་ཡི་བརྒྱད་འགྱུར་སྦྲང་རྩི་དང། ཉིས་འགྱུར་མར་དང་སྦྱར་བ་ནི། །ཆོ་ག་སྔ་མ་བཞིན་བསྡམས་ཏེ། །བསྟན་ན་ཡོན་ཏན་དེ་ཉིད་འཐོབ། །ཅེས་བྱ་བ་ལ། གོ་བྱེའི་འབྲས་བུ་སྐྱོན་མེད་པར་གྱུར་པ་ལ་སོགས་པའི་སྦྱོར་བ་བྱས་ལ། དེ་ཚུལ་བཞིན་དུ
་བཙས་ལ། དེ་ལས་ཁུ་བ་གང་ཞིག་འཇག་པ་དེ། །ཉི་མ་གཉིས་པ་ལ་བླངས་ལ་རང་གི་ཁུ་བ་དེའི་བརྒྱད་འགྱུར་གྱི་སྦྲང་རྩི་དང་ཉིས་འགྱུར་གྱི་མར་དང་སྦྱར་ཏེ་ཆོ་ག་སྔ་མ་བཞིན་དུ་བསྡམས་པ་དང་བཅས་པས་བསྟེན་ན་ཡང་སྐྱེས་བུ་དེ་སྔར་བཤད་པའི
་ཡོན་ཏན་དེ་ཉིད་འཐོབ་པར་འགྱུར་རོ། །གོ་བྱེ་འབྲས་བུ་སྨིན་ཏེ་ལྷུང་གྱུར་པ། །བྱེ་བཞིའི་ཚད་ཙམ་དང་ནི་སོ་ཕག་དང། །བརྡར་བའི་ཕྱེ་མ་དག་དང་ཆུ་དང་མཉ། །བཀྲུས་ཏེ་རླུང་ལ་ལེགས་པར་བསྐམས་ནས་ནི། །བརྡུངས་པ་ཆུ་བྲ་བཅུ་དྲུག་ནང་ང་བསྐོལ།།
་བཞི་ཆ་ལུས་པ་བཙགས་ཏེ་བསྒྲེངས?་པ་ཡི། །ཁུ་བ་དེ་དང་འོ་མ་བྲེ་བ་ཅུ་དྲུག་།བསྐོལ་ཏེ་བཞི་ཆ་ལུས་པར་གྱུར་པ་དང། །དེ་དང་མཉམ་པའི་ཞུན་མར་བཅས་པར་བསྐོལ། །དེ་ནང་ཁ་རའི་ཕྱེ་མ་ལྕི་རན་བཞུགས་།དེ་ནི་བཟང་བས་བཀྲུགས་པས་གཅིག་ཏུ་གྱུར།།
་འབྲིས་ཀྱི་ཕུང་པོར་ཞག་བདུན་ལེགས་པར་?། །བདུད་རྩི་འདྲ་བ་དེ་བསྟེན་སྐྱེས་བུ་གང། །ཆུ་འམ་འོ་མ་ཤ་ཁུ་འཐུངས་གྱུར་ན། །དྲེན་དང་ཡིད་གཞུངས་བློ་གྲོས་སྟོབས་དང་ལྡན། །སྙིང་སྟོབས་ལྡན?་པ་གསེད?་ཀྱི་མདོག་དང་འདྲ། །ཚེ་རིང་བ་ཡངས་དེས་ན་འཐོང་བར་འགྱུར?།།
་ཞེས་བྱ་བ་ལ། གོ་བྱེ་སྨིན་པར་གྱུར་ཏེ། རང་ཉིད་ལྷུང་བར་གྱུར་པ་བྲེ་བ་ཞི་ཙམ་མོ་ཕག་བརྡར་བའི་ཕྱེ་མ་དང། ཆུ་དང་བཅས་ལ་མཉེས་ལ། ཡང་སླར་ཆུར་བཀྲུས་ལ་རླུང་ལ་སྐམས་ཏེ། གཏུན་གྱི་ནད་དུ་བརྡུངས་ཏེ། ཇི་སྐད་སྨོས་པ་བཞིན་དུ་བསྐོལ་ཏེ། དེའི་ནང་?
་ཕྱེ་མ་རང་ཉིད་ཇི་ཙམ་འདོད་པ་བཅུག་སྟེ། དེ་བཀྲུགས་ལ་ཞག་བདུན་པར་དུ་འབྲས་ཀྱི་ཕུང་པོར་པས་ལ། སྐྱེས་བུ་གང་གིས་བདུད་རྩི་བཟའ་བ་ལྟ་བུའི་སྨན་མར་དེ་བསྟེན་ལ། དེའི་འོག་ཏུ་ཆུ་ལ་སོ་ལས་པ་གང་ཡན་རུང་བ་འཐུངས་ན་དེ་དྲན་བ་ལ་སོགས་པ་འཐོང
་པར་འགྱུར་རོ། །ཆུ་བྲེ་བཅུ་དྲུག་ནང་དུ་གོ་བྱེ་ནི། སུམ་བགྱ་བསྐོལ་ཏེ་བཞི་ཆ་ལུས་པ་རུ། །ཏིལ་མར་སྲང་བཞི་དེར་ནི་བཅུག་ནས་ཀྱང། །ཏིཀྟ་བོང་ང་གཉིས་དང་འབྲས་བུ་གསུམ། །བྲག་ཞུན་སྐྱེར་ཁཎྜ་ཡི་ཕྱེ་མ་གདབ། །བསྐོལ་ན་མཇེ་ནང་མ་ལུས་འཇོམས་པར་བྱེད།།?
་བྱ་བ་ལ། ཆུ་བྲེ་བཅུ་དྲུག་གི་ནང་དུ་བསེ་ཤིང་གི་འབྲས་བུ་སུམ་རྒྱ་ཇི་སྐད་སེམས་བ་བཞིན་དུ་བསྐོལ་བའི་སྨན་མར་ནི་མཐེ་ནད་ཐམས་ཅད་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །གོ་བྱེ་སྐྱུ་རུ་ར་དང་ཚ་བ་འམ་ནི། །ཞོ་ཡི་སྤྲིས་མ་ཏིལ་མར་འོ་མ་འམ། །བུ་རམ་འོ་ཐུག
་མར་རམ་སྦྲང་རྩི་འམ། །ནས་ཟན་དག་གམ་ཏིལ་བཏགས་ལེགས་བཅས། །སྲན་ཚོད་ངག་དང་ལྷན་ཅིག་སྦྱར་བ་ནི། །ལུས་རྒྱས་ཡིད་གཞུངས་ཚེ་རིང་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། གོ་བྱེ་སྐྱུ་རུ་ར་དང་བཅས་པ་ཆེ་བ་ལ་སོགས་པ་གང་ཡང་རུང་བ་དང། ལྡེ་གུར
་བྱས་ལ་སྲན་མུངྒའི་ཚོ་ང་མ་དང་བཅས་པ་ལྷན་ཅིག་ཏུ་སྦྱར་ཏེ་བསྟེན་པ་ཡང་ལུས་རྒྱས་པར་བྱད་པ་ལ་སོགས་པའི་མཆོག་ཡིན་ནོ། །གོ་བྱེའི་འབྲས་བུ་རྣོན་པོ་ནི། །སྨིན་མ་མེ་དང་འདྲར་གྱུར་པ། །ཆོ་ག་བཞིན་དུ་སྦྱར་པ་ནི། །བདུད་རྩི་དང་ནི་འདྲ་བར་འགྱུར།
་ཞེས་བྱ་བ་ལ། གོ་བྱེའི་འབྲས་བུ་རང་བཞིན་གྱིས་རྣོ་བ་དང་དེ་བཞིན་དུ་སྨིན་ཅིང་ཆོས་པ་མེ་དང་འདྲ་བར་ཆོ་ག་ཇི་སྐད་བཤད་པ་བཞིན་དུ་བསྟེན་ཅིང་སྦྱང་པར་གྱུར་ན་བདུད་རྩི་དང་འདྲ་པར་ཡོན་ཏན་ཆེ་བ་ཡིན་ནོ། །བསེ་ཤིང་འབྲས་བུ
་མ་བཙོས་པའི། །བད་ཀན་ནང་དང་ནང་སྙིང་ནི། །འབྲེལ་པ་གང་ཡིན་དེ་མེད་ཅིང། །མི་ཡི་དྲོད་ཀྱང་མྱུར་དུ་བསྐྱེད། ཅེས་བྱ་བ་ལ། གང་གསེ་ཤིང་གི་འབྲས་བུ་བསྟེན་ན་ངེས་མ་བཅོམ་པའི་བད་ཀན་གྱི་ནད་དམ་ནད་སྙིང་པ་དང་རྗེས་སུ་འབྲེལ་ཅིང་ཡུན་རིང་དུ
་ལོན་པ་གང་ཡན་མེད་ཅིང་མེ་དྲོད་ཤིན་ཏུ་བསྐྱེད་པ་ཡིན་ནོ། །རླུང་དང་ཚ་བར་འདུག་པ་ནི། །ཁྱད་པར་དུ་ནི་སྤང་བྱ་ཞིང། །རྒྱ་སྲན་ཞོ་དང་ཚ་དང་ནི། །ཏིལ་མར་བསྐུ་དང་མོ་བསྟེན་སྤང། ཞེས་བྱ་བ་ལ། གསེར་ཞིང་གི་འབྲས་བུ་བསྟེན་པར་བྱེད་པ་ན་རླུང་དང
་ཉི་ཚན་ལ་སོགས་པ་སྤང་པར་བྱ་ཞིང་ཁྱད་པར་དུ་རྒྱ་སྲན་ལ་སོགས་པ་སྡངས་བར་བྱའོ། །ཏུབ་ར་ཡི་ཤིང་ཞེས་པ། ནུབ་ཕྱོགས་རྒྱ་མཚོ་ངོས་ནས་སྐྱེས། །ཆུ་རླབས་གཡོ་བས་བསྐྱོད་པ་དག། །རླུང་གིས་ལོ་མ་གཡངས་པ་ཡིན། ཞེས་བྱ་བ་ལ། ཤིང་ཏུ
་པར་ཞེས་བྱ་བ་ནུབ་ཕྱོགས་ཀྱི་རྒྱ་མཚོའི་ངོས་ན་སྐྱེ་བ་ཡོད་དེ། །དེ་ནི་ཆུ་རླབས་གཡོ་བས་བསྐྱོད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །དེའི་འབྲས་བུ་དབྱར་གྱི་ཆེ། །ལེགས་པར་སྨིན་པ་བཏུ་བར་བྱ། །ཞེས་བྱ་བ་ལ། ཏུ་པ་ར་དེའི་འབྲས་བུ་ཤིན་ཏུ
་ལེགས་པར་སྨིན་པ་དབྱར་གྱི་ཚེ?་བཏུ?་ཞིང་བླང་བར་བྱའོ། །འབྲས་བུ་དེ་ལས་རྐང་ཕྱུང་སྟེ། །བསྐམས་ཏེ་ཕྱེ་མར་བཏགས་ནས་ནི། །ཏིལ་བཞིན་བཙིར་བར་བྱ་བ་འམ། །ལེབ་རྒན་མེ་ཏོག་བཞིན་དུ་བསྐོལ། །ཞེས་བྱ་བ་ལ། ཤིང་དེའི་འབྲས་བུ་ལས་རྐང་ཕྱུང
་སྟེ། །བསྐམས་ལ་བཏགས་ནས་གཏུན་ལ་ཏིལ་བཞིན་དུ་བཙིང་བར་བྱ་བ་འམ། །ལེ་བརྒན་རྩི་བཞིན་དུ་བསྐོལ་ལ། མར་དབྱུང་བར་བྱའོ། །དེ་ཡི་མར་བསགས་གྱུར་པ་ནི། །ཆུ་ཟད་པ་ཡི་བར་དུ་བསྐོལ། །ཕབ་སྟེ་བ་ཡི་ལྕི་བ་ཡི། །ནན་དུ་ཟླ་ཕྱེད་ཙམ་དུ
་གཞུག་།ཅེས་བྱ་བ་ལ། དེའི་མར་བསྲེགས་པར་བྱ་བ་ནི་ཆུང་ངུའི་བར་དུ་བསྐོལ་བར་བྱའོ། །དེའི་འོག་ཏུ་ཕབ་ལ་པའི་ལྕི་བའི་ནང་དུ་ཟླ་བ་ཕྱེད་ཀྱི་བར་དུ་བཞག་པར་བྱའོ། །དེའི་འོག་ཏུ་དེ་ལས་ཕྱུང་ནས་ནི། །སྣུམ་ཞིང་དུགས་བྱས་དྲི་མ་བསལ། །ཟས་ཀྱི་དུས་ནི་བཞིས་ཆོད་པར།
་ནང་པར་ཞོག་ཉིས་ཙམ་ཞིག་བཏུང། །མར་དེ་ཉི་མ་ཤིས་པ་ལ། །སྔགས་འདི་ཡིས་ནི་ངག་པར་བྱ། །རྐང་པ་སྙིང་པོ་བརྩོན་པ་ཆེ། །ལུས་གཟུངས་ཐམས་ཅད་སྤྱོད་པར་བྱེད། །འཁོར་ལོ་དབྱུག་པ་དུང་ཐོགས་ལ། །མི་འཕོ་བས་ནི་ཁྱོད་ལ་བསྒོ། །དེས་ན་འདི་ནང་སྟེང་དང་ནི།།
་འོག་གི་ནང་ནི་དུ་མ་སལ། །དགོངས་ཀ་ནུབ་དང་ལན་ཚར་བཅས། །ནས་ཐུག་གྲང་མོ་བཏུང་བར་བྱ། །ཞེས་བྱ་བ་ལ། དེ་ལ་དེའི་འོག་ཏུ་ཕྱུང་ལ་དང་པོར་སྣུམ་དང་དུགས་བྱས་ལ། །དྲི་མའི་ཚོགས་བསལ་ཏེ་ཟས་ཀྱི་དུས་བཞི་བཞིས་ཆོད་པའི་དུས་སུ། ནང་པར་གྱི་དུས་སུ་ཞོ
་གཉིས་གཉིས་ཀྱི་ཚང་ཙམ་བཏུང་ལ། །བཏུང་བ་དེ་ཡང་ཉིན་ཞག་ཤིས་པ་ལ། །རྐང་པ་སྙིང་པོ་བརྩོན་པ་ཚེ། །ཞེས་བྱ་བའི་སྔགས་ཀྱི་ཚིགས་བཅང་བཟླས་ལ་བཏུང་བར་བྱའོ། །མར་དེ་སྦྱར་བས་སྐྱེས་བུ་དེའི་ནང་སྟེང་ངང་འོག་ཏུ་གཏོགས་པར་སེལ་བར་བྱེད་དོ། །དེ་ལྟར
་སྨན་འཐུངས་ནས་དགོངས་ཀའི་སྣུམ་དང་ལན་ཚར་བཅས་པའི་ནས་ཐུག་གྲང་མོ་བཏུང་བར་བྱའོ། །མར་དེ་ཞག་ལྔའི་པར་དུ་བཏུང། །སྤང་པར་བྱ་བ་ཐམས་ཅད་སྤང། །ཟླ་ཕྱེད་མུངྒའི་ཁུ་བ་ཏུང། །མཇོ་ནད་ཀུན་ལས་ཐར་བར་འགྱུར། །ཞེས་བྱ་བ་ལ། ཚུལ་དེ་ལྟར
་མདོ?་དེ་ཞག་ལྔའི་བར་དུ་བཏུང་བར་བྱ་ཞིང། །ཟས་སྐོམ་དང་སྤྱོད་ལམ་ལ་སོགས་པ་སྤང་པར་བྱ་གང་ཡིན་པའི་སྤང་བར་བྱ་བ་དང། ཟླ་བ་ཕྱེད་ཀྱི་བར་དུ་མོན་སྲན་སྡེའུའི་ཁུ་བ་འཐུངས་ན་མཛེའི་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་ཉིད་སེང་ལྡེང་ཁུ་བ་ནི་སུམ་འགྱུར
་དང་ནི་ལེགས་པར་བསྐོལ། །སྔ་མ་བཞིན་དུ་ཟླ་ཕྱེད་བཞག་།ལེགས་པར་བསྡམས་ཏེ་ཟླ་གཅིག་བཏུང། །དེ་ཡིས་ལུས་ནི་བསྐུ་བ་དང། །ཇི་སྐད་བཤད་པའི་ཟས་ཟོས་པའི། །སྦྱོར་པ་འདི་ཡིས་མྱུར་དུ་ནི། །མཇེ་ཅན་མི་ནི་གསོ་བར་བྱ། །ཞེས་བྱ་བ་ལ། མར་དེ་ཉིད་སེང་ལྡེ
་གི་ཁུ་གསུམ་འགྱུར་དང། །ལེགས་པར་བསྐོལ་བ་ཇི་སྐད་སྨོས་པ་བཞིན་དུ་བཞག་སྟེ། ཟླ་བ་གཅིག་གི་བར་དུ་འཐུངས་ནས་ཡང་ཇི་སྐད་སྨོས་པའི་ཡོན་ཏན་འཐོབ་པར་འགྱུར་ཞིང། ཁྱད་པར་དུ་སྦྱོར་བ་འདིས་མཛེས་བཏབ་པའི་ནད་པ་གོས
་པར་བྱའོ། །དེ་ཉིས་སེང་ལྡེང་མེད་པར་ནི། །ཞུན་མར་སྦྲང་རྩིར་ལྡན་པར་བཏུང། །ཟླ་ཕྱེད་པར་དུ་ཤ་ཁུ་བཏུང། །ལོ་ནི་ཉིས་བརྒྱ་འཚོ་བར་འགྱུར། ཞེས་བྱ་བ་ལ། ཏུ་པ་རིའི་མར་དེ་ཉིད་སེང་ལྡེང་གི་ཁུ་བ་མེད་པར་ཞུན་མར་དང་བསྐོལ་ཏེ་སྦྲང་རྩི་བཏབ
་པ་ཟླ་བ་ཕྱེད་ཀྱི་བར་དུ་བསྟེན་ཅིང་ཤ་ཁུ་འཐུངས་ན་དེ་ལོ་ཉིས་བརྒྱ་འཚོ་བར་འགྱུར་རོ། །དེ་ཉིན་ཞག་ནི་ལྔ་བཅུའི་བར། །སྣ་སྨན་དུ་ནི་བཏང་གྱུར་ན། །ལུས་རྒྱས་ཐོས་པ་འཛིན་པ་དང། །ལོ་ནི་སུམ་བརྒྱ་འཚོ་བར་འགྱུར། །ཞེས་བྱ་བ་ལ། སྨན་མར་དེ
་ཉིད་ཞག་ལྔ་བཅུའི་བར་དུ་སྣ་སྨན་བཏང་ན་ལུས་རྒྱས་པ་ལ་སོགས་པར་འགྱུར་རོ། །པི་པི་ལིང་དང་པ་ལ་ཤའི། །ཐལ་ཆུར་སྦྱར་ཞིང་མར་དང་བརྡོས?། །རྡོག་མ་གསུམ་གསུམ་སྔ་དྲོ་དང། །ཟས་ཀྱི་སྔོན་དུ་བཟའ་པར་བྱ། །བཅུད་ལེན་ཡོན་ཏན་འདོད
་པ་ཡིས། །སྦྲང་རྩི་དང་ནི་སྦྱར་ཏེ་བཟའ་། ཞེས་བྱ་བ་ལ། པི་པི་ལིང་གི་རྡོག་མ་ལྔ་འམ་བརྒྱད་ངམ་བདུན་ནམ་བཅུ་མར་དང་སྦྲང་རྩི་སྦྱར་བ་བཅུད་ཀྱིས་ལེན་འདོད་པས་ཆོག་བཞིན་དུ་ལོ་གཅིག་གི་བར་དུ་སྤྱད་པར་བྱའོ། །པི་པི་ལིང་དེ་ཉིད་པ
་ལ་ག་ཞེས་བྱ་བ་རྒྱ?་སྐྱེགས་ཀྱི་ཤིང་གིས་ཤུན་ཀའི་ཐལ་བ་བཙགས་པའི་ཆུར་སྤངས་ལ་མར་དང་བརྡོས་པ་རྡོག་མ་གསུམ་ནི་སྔ་དྲོ། །ཟས་ཟོས་པའི་སྔོན་དུ་སྦྲང་རྩི་དང་བཅས་པར་བཟའ་བར་བྱ་སྟེ། དེ་ནི་བཅུད་ཀྱིས་ལེན་གྱི་ཡོན་ཏན་དུ
་འགྱུར་རོ། །པི་པི་ལིང་བཅུ་ཉིན་རེ་བཞིན། །རིམས་ཀྱིས་བསྐྱེད་པར་གྱུར་པ་དག་།དེ་བཞིན་འོ་མར་སྦྱར་ཏེ་བཟའ་། །དེ་བཞིན་དུ་ནི་བྲི་བར་བྱ། །སྨན་ཞུ་ནས་ནི་དྲུག་བཅུ་པའི། །འབྲས་ཆན་འོ་མ་མར་བཅས་བཟའ་། །པི་པི་ལིང་ནི་སྟོང
་གི་བར། །བཏང་ན་འདི་ནི་བཅུད་ལན་འགྱུར། །སྟོབས་དང་ལྡན་ལ་དེ་བཏགས་སྦྱིན། །སྟོབས་འབྲི་བ་ལ་བསྐོལ་ཏེ་བླུད། །ཅེས་བྱ་བ་ལ། ཉིན་རེ་ཞིང་པི་པི་ལིང་བཅུ་བཅུས་རིམས་ཀྱིས་བསྐྱེད་དེ་ཞག་བཅུའི་བར་དུ་འོ་མ་དང་ལྷན་ཅིག་བཟའ་བར་བྱ་ལ། དེ་བཞིན
་དུ་ཞག་བཅུའི་བར་དུ་བཅུ་བཅུས་དབྲི་ཞིང་འོ་མ་དང་བཅས་པར་བསྟེན་པར་བྱའོ། །དེས་ན་འདི་སྐད་སྟོན་ཏོ། ཞག་དང་པོ་ལ་ནི་པི་པི་ལིང་བཅུ་འོ་མ་དང་སྦྱར་ཏེ་བཏང་བར་བྱའོ། །དེ་བཞིན་དུ་གཉིས་པ་ལ་ནི་ཉི་ཤུ། གསུམ་པ་ལ་ནི་སུམ་ཅུ་ཞག་བཅུ་པ་ལ་བརྒྱའི་བར་དུ་བསྐྱེད
་ཅིང་འོ་མ་དང་བཅས་པར་བཟའ་ལ། དེ་ནས་རིམ་བཞིན་དུ་དབྲི་བར་བྱ་སྟེ། དེ་ནས་ཞག་བཅུ་གཅིག་པ་ལ་དགུ་བཅུ། །ཞག་བཅུ་གཉིས་པ་ལ་བརྒྱད་ཅུ་ནས་ཞག་བཅུའི་དགུ་པ་ལ་བཅུའི་བར་བཟའ་སྟེ། །དེ་ལྟར་ན་སྟོང་ཚང་བར་འགྱུར་རོ། །སྦྱོར་བ་འདི་ལ་སྨན་ཞུ་ནས་འོ་མ་དང
་ཞུན་མར་དང་དུག་ཅུ་བའི་འབྲས་ཅན་དང་བཅས་པར་བཟའ་སྟེ། འདི་ནི་པི་པི་ལིང་སྟོང་གི་བཅུད་ཀྱི་ལེན་ཅེས་བྱའོ། །པི་པི་ལིང་དེ་མི་ཉམས་སྟོབས་ཆེན་པོ་དང་ལྡན་པ་ལ་ནི་བཏགས་པའི་ཕྱེ་མ་སྦྱིན་པར་བྱ་ལ། སྟོབས་པར་མ་དག་ལ་ནི་བསྐོལ་ཏེ་བླུད་པར་བྱའོ། །དེ་བཞིན་ར་ཡི
་འོ་མ་དང། །ཉིས་སྟོང་གི་ནི་བར་དུ་བཏང། ཞེས་བྱ་བ་ལ། དེ་བཞིན་དུ་རའི་འོ་མ་དང་པི་པི་ལིང་དུ་བཅས་པ་སྐྱེད་དབྲི?་སྔ་མ་བཞིན་དུ་བྱས་ཏེ་ཉིས་སྟེང་གི་བར་དུ་ཡང་བཏང་བར་བྱའོ། །པི་པི་ལིང་གི་སྦྱོར་བ་འདིས། །ལུད་པ་དབུགས་མི་བདེ་མགུལ་ནད། །གཅོད་ཆེན་གཞང་འབྲུམ་ཕོ་བའི
་ནད། །གཅིན་སྙི་སྐྱེ་རྦབ་མི་བཟང་རིམས། །འོར་ནད་སློན་ནད་སྐྱིགས་བུ་དང། མཛེར་པ་དྲེས?་ནད་འཇོམས་པར་བྱེད། །ཅེས་བྱ་བ་ལ། །བཤད་མ་ཐག་པའི་པི་པི་ལིང་གི་སྦྱོར་བ་འདིས་ནི་ལུད་པ་ནས་བྲེག་ནད་ཀྱི་བར་དུ་འཇོམས་པར་བྱེད་དོ། །པི་པི་ལིང་ནི་སྲང་ཕྱེད་ལྡེ་གུར་བྱས།།
་ལྕགས་ཀྱི་སྣོད་བསྐུས་ནས་ནི་ནུབ་གཅིག་བཞག་།དེ་དང་ཆུ་ནི་སྙིམ་གང་ནང་པར་བཏུང། །ལོ་གཅིག་བཟའ་བཏུང་སྤྱོད་པ་ཙ་འདོད་བསྟེན། ཞེས་བྱ་བ་ལ། པི་པི་ལིང་སྲང་ཕྱེད་ལྡེ་གུར་བྱས་པས་ལྕགས་ཀྱི་སྣོད་བསྐུས་ཏེ་མཚན་མོ་བཞག་ལ། དེ་ནང་པར་ཆུ་སྙིམ་པ་གང་དད་བཅས་
་པར་འཐུངས་ལ། །ལོ་གཅིག་གི་བར་དུ་བསྟེན་ཅིང་བཟའ་བཏུང་ཇི་ལྟར་འདོད་པ་བཞིན་དུ་སྤྱད་པར་བྱའོ། །བཅའ་སྒ་སླེ་ཏྲེས་ཤིང་མངར་ཕྱི་དང་ག་།པ་ལ་ཨ་ཏི་བ་ལ་འབྲས་བུ་གསུམ། གླ་སྒང་ཐང་ཤིང་ཡུང་བ་ཨ་ཀ་རུ། །མུ་ཇི་པདྨ་ཨུད་པ་ལ་ཀྲུ་དྲུག
་ཏྲེས། །དཱ་བ་ཨ་ཤཀརྞ་ན་ཨ་ས་ན། པ་ལའི་ལོ་མ་འམ་སྙིང་པོ་དེ་བཞིན་དུ། །པི་པི་ལིང་བཞིན་ལྕགས་སྣོད་བསྐུས་སོགས་བྱ། །ལོ་བརྒྱ་འཚེ་ཞིང་རྒས་དང་ནད་ལས་ཐད། །འོ་མ་སྙིམ་གང་གི་ནི་བཅུད་ལེན་སྨན། སྦྱར་བ་འདི་ཡིས་ལྕགས་སྣོད་བསྐུས་པས་ནི། སྔར
་བཤད་ཡོན་ཏན་པས་ཀྱང་ལྡན་བསྐྱེད་ཅིང། ཚེ་ཡང་དེ་ལས་གཉིས་འགྱུར་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བཅའ་སྐ་ལ་སོགས་པི་པི་ལིང་གི་ཚེག?་བཞིན་དུ་བསྟན་པར་བྱས་པས་ཀྱང། ལོ་བརྒྱར་ལ་ཚོ་བ་ལ་སོགས་པ་དང། ལྕགས་ཀྱི་སྣོད་ལ་པི་པི་ལིང་བསྐུས
་པའི་སྦྱོར་བ་པས་ཡོན་ཏན་ཆེ་ཞིང་ཚེ་ཡང་དེའི་ཉས་འགྱུར་གྱིས་འཕེལ་བར་བྱེད་དོ། ། ས་ན་དང་སེང་ལྡེང་གི། ཁུ་བབ?་བསོ་མར་ཛ་སྤངས། །སྦྲང་རྩི་དུ་རྟ་མར་དང་ནི། ཨ་རུ་ར་དང། ལྕགས་བྱེད་བཅས། །ལྡེ་གུ་ལོ་གཅིག་པར་འོས?་ན། །རྒས་དང་མི་འཕྲོད་ཟོས་པ་ལས།།
་ནད་ནི་ཡོངས་སུ་འདོར་བར་བྱེད། །ཅེས་བྱ་བ་ལ། ། པ་ན་དང་སེང་ལྡེང་བསྐོལ་བའི་ཁུ་བར་སོ་མར་རྫ་སྡངས་པ་སྦྲང་རྩི་དང་བཅས་པའི་ལྡེ་གུ་མིས་ལོ་གཅིག་གི་བར་དུ་བསྟེན་ནས་རྒས་པ་དང། བ་ཟས་མི་འཕྲོད་པ་ཟོས་པ་ལས་ནང་དུ་གྱུར་བ་ཡོངས་སུ་འདོར་བར་བྱེད་དོ།།
་མཛོ་དང་མི་བཟང་པ་ཡིས་ནི། །ལུས་ཉན་གྱུར་པ་གང་ཡིན་པས། །སོ་མ་ར་ཛ་ཏིལ་ནག་གཉིས། །ལ་གཅིག་པར་དུ་བསྟེན་ན་ནེ། །དེ་ནི་ཟླ་རྒྱས་ལྟ་བུར་འགྱུར། །ཞེས་བྱ་བ་ལ། མཛེ་ནང་མི་བཟང་པས་ཐེབས་པ་གྱུར་བ་གང་ཡིན་པ་དེས་སོ་མ་ར་ཛ་དང་ཏྲི་བ་ནག་པོ
་གཉིས་ལོ་གཅིག་གི་བར་དུ་བསྟེན་ན་དེའི་ལུས་ཟླ་བ་ལྟ་བུར་འགྱུར་རོ། །གར་ཞིག་སོ་པར་ཛ་སྤུན་བ་མེད། །བཏགས་པའི་མ་ལྷན་ཅིག་ཞོར་མནན་པའི། །སྙིང་པོ་ཕྱུང་ལ་སྦྲང་རྩིར་ལྡེ་གུ་བཏགས། །དེ་རྗེས་དེ་ཉིད་ཀྱིས་ནི་དང་པ་བཏུང། །མཛེ་ཡི་ནད་ཀྱི་ཡན
་ལག་ཉམས་པ་དང། །སྣ་ཆང་སོར་མོ་བྲུལ་བལ་སོགས་པ། །ཤིང་བཅད་རྗེས་ལ་ལྕུག་མ་སྐྱེ་བ་ལྟར། །དེ་ནི་ངེས་པར་སྐྱེ་བལྟད། །དེ་ནི་ངེས་པར་སྐྱེ་བར་འགྱུར་བ་ཡིན། །ཞེས་བྱ་པ་ལ། མི་གང་ཞིག་སོ་པར་ཛ་སྤུམ་བ་མེད་པ་ལ་སོགས་པའི་སྐྱོང་བས་དེའི་སྙིང་པོ་མང་སར་ཕྱུང་ལ་སྦྲང་རྩི་དང་བཅས་?་ལྡགས
་པར་གྱུར་ནས། །དེའི་རྗེས་ལ་དར་བ་དེ་ཉིད་འཐུངས་ན་མཛེ་ནད་ཀྱིས་སྣ་ཆད་ཅིང་སོར་མོ་འདྲུལ་བ་ལ་སོགས་པའི་གནོད་པ་དང་ལྡན་པར་གྱུར་བ་ཡང། །སྣ་དང་སེན་མོ་ལ་སོགས་པ་མཛེས་པར་སྐྱེ་སྟེ། དཔེར་ན་ཤིང་བཅས་པ་ལས་ལྗོན་ཤིང་སྐྱེས་པ་དང་འདྲ་བར་འགྱུར་རོ། །སྒྲ་གཅན་བདུད
་རྩིག་རྐུ་བ་ན། །རྐ་བཅད་པ་ལས་འཛག་གྱུར་པའི། །བདུད་རྩི་ཐིགས་པ་སར་ལྷུང་བ། །སྒོག་སྐྱ་ཉིད་དུ་གྱུར་པ་ཡིན། །ལྷ་མིན་ལུས་ལས་བྱུང་བས་ན། །དེ་ཕྱིར་བྲམ་ཟེ་དེ་མི་ཟ། །ཞེས་བྱ་བ་ལ། སྒྲ་གཅན་འཛིན་གྱིས་བདུད་རྩི་བསྐུས་པར་གྱུར་པ་ན། །ཁྱབ་འཇུག་གིས་རྐེ་བཅད་པར་གྱུར་པ
་ནི། །བདུད་རྩིའི་ཐིགས་པ་དེ་ས་ལ་ལྟུང་བ་ནི་སྒོག་སྐྱ་ཉིད་དུ་གྱུར་པ་ཡིན་ལ། དེ་བས་ན་སྒོག་སྐྱ་དེ་ནི་ལྷ་མ་ཡིན་གྱི་ལུས་ལས་བྱུང་བ་ཡིན་པའི་ཕྱིར་བྲམ་ཟེ་དག་མི་ཟའོ། །མངོན་དུ་བདུད་རྩི་ལས་བྱུང་བས། དེ་ནི་བཅུད་ཀྱི་ལེན་མཆོག་ཡིན། ཞེས་བྱ་བ་ལ། སྒོག་སྐྱ་དེ་ནི་བདུད་རྩི
་ལས་མངོན་སུམ་དུ་བྱུང་བ་ཡིན་པའི་ཕྱིར་བཅུད་ཀྱིས་ལེན་ཐམས་ཅད་ཀྱི་ཡང་མཆོག་ཡིན་ནོ། །གྲང་བའི་དུས་ན་སྒོག་སྐྱ་བསྟེན། །དབྱིད་དུས་བད་ཀན་ཤས་ཆེར་བཟའ་། །སོ་ས་ཀའི་དུ་སུ་ཡང་སྦྱར་བྱ་ཞིང། །དབྱར་ནི་རླུང་གིས་གཟར་ཞེས་བཟའ་། །དགུན་ནི་སྣུམ་ཞིང་བསིལ་བ
་དང། །མངར་བས་ཉེ་བར་བསྲེགས་པ་དང། །དེ་ནི་ཕྲེང་བ་རྒྱུད་དག་དང་ཀ་འཁོར་དང་ལྷན་ཅིག་བསྟན་ཅིག་བསྟན་པར་བྱ། །ཅེས་བྱ་བ་ལ། མི་ལུས་སྣུམ་ཞིང་བསིལ་བ་དང་མར་བ་དང་བསྲེས་ལས་གྲང་བའི་དུས་དགུན་སྟོད་དང། དགུན་སྨད་ན་ནི་སྒོག་སྐྱ་བསྟེན་པར་བྱ་བ་ལ། དེ་བཞིན་དུ་དཔྱིད
་ཀྱི་?་ལ་སོགས་པའི་ཚེ་ན་ཡང་ཕྲེང་བ་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་དུ་བསྟེན་པར་བྱའོ། །དེ་ཡི་ལྡེ་གུ་དཔྱིད་ཀྱི་ཚེ། ཁ་བ་ཅན་གྱི་ཡུལ་སྐྱེས་པ། །ཤུན་པ་བཤུས་ནས་མཚན་མོ་ནི། །ཆང་སོགས་ལ་ནི་སྤང་པར་བྱ། །དེ་ཡི་ཁུ་པ་ནང་པར་ནི། །རས་ནི་གཙང་མས
་བཙོགས་ནས་ནི། །ཆང་ནི་ལེགས་པར་ལངས་གྱུར་པ། །ཆ་གསུམ་དང་ནི་སྦྱར་བ་འམ། །ཆང་གཞན་དག་གམ་ཏིལ་མར་རམ། །རང་སྐྱུར་རམ་ནི་ཞོ་ཁ་ཆུ། །དེ་ཚེ་ཉིད་སྦྱར་ནད་པར་ནི། །ཚེང་དང་ལྡན་པ་སྦྱིན་བྱ་ཞིང། །འོ་མ་ཞུན་མར་ཞག་དང་?
་སྐམ་སའི་ཤ་ཁུ་སོ་སོ་ནི། །གོ?་ལ་བ་ནད་གཞི་ཇི་བཞིན་བླུད། །ཡང་སྨན་ཁུ་འབའ་ཞིག་བླུད། །དང་པོར་མཁུར་བཀང་ཙམ་འཐུངས་ན། །མིང་པའི་སྤུབས་ནི་དག་པར་བྱེད། །ཅེས་བྱ་བ་ལ། སྒོག་སྐྱ་དེའི་ལྡེ་གུ་དཔྱིད་ཀྱི་ཚེ་ནི་ཇི་སྐད་སྨོས་པ་བཞིན་དུ་བཙགས་པའི་ཁུ་བ་ཆད་ཆ
་གསུམ་མམ། །ཆང་གཞན་ན་མ། ཏིལ་མར་ལ་སོགས་པ་གང་ཡང་རུང་བའི་ཆ་གསུམ་དང་བཏུང་བ་དེ་ཉིད་ཆོ་སྦྱར་ལ། ཚད་དང་ལྡན་པར་བྱས་ཏེ། འོ་མ་ལ་སོགས་པ་གང་ཝ་དེ་རུང་བ་དང། །ནང་བཞི་ཇི་ལྟ་བ་ལས་བླུད་པར་བྱ་པ་འམ། ཡང་ན་སྒོག་སྐྱའི་ཁུ་པ་འབའ་
་ཞིག་བླུད་པ་ལ་སོགས་པས་ཀྱང་མིང་པའི་སྦུབས་དག་པར་བྱེད་དོ། །རྒྱུན་དུ་བླུགས་པའི་དུས་བྱས་ན། །ནང་བཞི་ཟུག་པ་དག་ལ་ཕན། ཞེས་བྱ་བ་ལ། སྒོག་སྐྱ་རང་གི་ཁུ་བརྒྱུན་དུ་བླུགས་པའི་དུགས་བྱས་ན། །ན་ཞིང་ཟུག་པ་ལ་སོགས་པའི་ནང་སེལ་བར་བྱེད་དོ།།
་སྐྱུག་ཅིང་བརྒྱལ་པའི་ནད་ལ་ནི། །འཕྲལ་དུ་ཆུ་གྲང་དག་ཀྱང་བླུད། །ཅེས་བྱ་བ་ལ། སྐྱུག་པ་ལ་སོགས་པ་ལ་ནི་འཕྲལ་དུ་ཆུ་གྲང་ལ་སོགས་པ་བླུད་པར་བྱའོ། །ངལ་བ་མེད་ཅིང་ལུས་ཀྱི་ནི། །གཟི་མདངས་བརྟན་པ་ལྷག་མ་སྦྱིན། །ཞེས་བྱ་བ་ལ། ངལ་བ་ལ་སོགས་པ་ལ
་ནི་སྒོག་?་བཙིར་བའི་ལྷག་མ་སྦྱིན་པར་བྱའོ། །ཚ་བ་བསལ་བར་བྱ་བའི་ཕྱིར། །ཤིན་ཏུ་བསིལ་བས་བསྐུ་བ་ཞིང། །མུ་ཏིག་ག་བུར་ཕྲེང་བ་ཅན། །ཆུ་ཐིགས་ཕྲེའུ་བསྟེན་པར་བྱ། །ཞེས་བྱ་བ་ལ། ལུས་ཚབ་བསལ་བར་ཕྱིར་ནི། །སྒོག་སྐྱའི་ཁུབ་བསལ་བའི་སྨན་ལ་སོགས
་པའི་ཆུ་དང་བཅས་པ་བླུད་པར་བྱའོ། །འདི་ཡི་ཚད་ཆེན་ཕུལ་གང་སྟེ། ཉི་ཚེ་ལས་ནི་དེ་ཡི་ཕྱེད། ཅེས་བྱ་བ་ལ། སྒོག་སྐྱ་འདིའི་ཁུ་བའི་ཚད་ཆེན་པོ་ནི་ཕུལ་གང་སྟེ། །སྲང་བརྒྱད་ཡིན་ལ། སྨན་གྱི་སྦྱོར་བ་གཞན་མེད་པ་ནི། སྲང་བཞི་བསྟེན་པར་བྱའོ། །སྒོག་སྐྱ་སྲང
་གཅིག་བཏགས་པ་ནི། །ཟས་དང་བཅས་པར་བསྟེན་པར་བྱ། ཞེས་བྱ་བ་ལ། སྒོག་སྐྱ་བཏགས་པ་སྲང་གཅིག་ཟས་དང་བཅས་པ་བསྙེན་པར་བྱ་ལ། འང་ཞེས་བྱ་པའི་སྒྲས་ནི་ཟས་མེད་པར་ཡང་བསྟེན་པའི་དོན་ཏོ། །ཞུ་ནས་ས་ལུ་རྙིང་པའི་ཆ་ན། །དུང་དང་ཀུན་ད་ལྟར་རོ། །?
་ཡུ་ཤའོ་མ་སྐམས་ས་ཡི། །ཤ་ཁུ་དང་ནི་ལྷན་ཅིག་བཟའ་། །ཞེས་བྱ་བ་ལ། གལ་ཏེ་གནས་སྐབས་དེར་སྨན་དེ་ཞུ་ནས་འབྲས་བུ་ས་ལུ་རྙིང་པའི་ཆན་ལ་ཏོགས་པ་བཟའ་བར་བྱའོ། །སྐོམ་པར་གྱུར་ན་ཆད་དང་ནི། །ཆུར་སྒྱུར་བ་ནི་བླུད་པར་བྱ། །ཆང་ནི་བཏུང་ནི་དང་སྦྱར?་རམ། །རྒུན?
་འབྲུའི་ཆུ་ནི་བླུད་པར་བྱ། ཞེས་བྱ་བ་ལ། གལ་ཏེ་གནས་སྐབས་དེ་སྐོམ་པར་གྱུར་ན། ཆང་ཆུ་སྦྱར་བ་བཏུང་བར་བྱ་བ་ལ། ཆད་སྤངས་པ་ཡིན་ན་ནི་རྒུན་འབྲུའི་ཆུ་འན་རང་སྐྱུར་བླུད་པར་བྱའོ། །དེ་ཡི་ལྡེ་གུ་མར་དང་བཅས། །མར་ནི་སྣོད་དུ་གཟང་བུས་དཀྲུ། །ཞག་བཅུ་གཞག་པ་དེ་བཞིན
་དུ། ཞག་དང་མ་ཐམ་སྦྱར་སྤྱད་པར་བྱ། །ཞེས་བྱ་བ་ལ། སྒོག་སྐྱ་དེའི་ལྡེ་གུ་མར་དང་བཅས་པ་ཇི་སྐད་སྨོས་པའི་སྦྱོར་བས་སྤྱད་པར་བྱའོ། །སྒོག་སྐྱང་ཤུན་པ་བཤུས་པའི་སྙིང་པོ་ནི། སྲེག་ཤ་དག་གམ་བཟའ་པ་སྣ་ཚོགས་སམ། ཤ་བཏུབས་པ་འམ་མར་དང་ཚར་བཅས་བཟའ་། །བ
་ཟས?་ཉུང་བ་ཅི་འདོད་སྤྱོད་པར་བྱ། །ཞེས་བྱ་བ་ལ། ཡང་སྒོག་སྐྱ་ཤུན་པ་བཤུས་པ་དེ་སྲེག་ཤ་ལ་སོགས་པ་གང་ཡང་རུང་བ་དང་ལྷན་ཅིག་བཟའ་ཞིང་འདོད་པར་ལོངས་སྤྱད་པར་བྱའོ། །ཁྲག་དང་མཁྲིས་པའི་ནད་ནི་མ་གཏགས་པ། །ནད་པ་གཞི་མ་ལུས་ལྡན་པར་གྱུར་པ་འམ། །རླུང
་དང་?་ནི་ལྡན་རླུང?་?་པ་ལས་ལྷག་སྨན་གཞན་ཡོང་མ་ཡིན། ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་མེད་པའི་རླུང་ནད་དམ། ཡང་ན་རླུང་ནད་འབའ་ཞིག་ལ་ནི་སྨན་གྱི་མཆོག་སྒོག་སྐྱ་འབའ་ཞིག་ཡིན་ནོ། །ཆུ་དང་འོ་མ་བུ་རམ་སྲེད། །ཤ་ཆང་སྐྱུར་ལ་མི་དགའ་ཞིང། །མ
་ཞུས?་ནི་སྤོང?་མི་ནུས། །སྒོག་སྐྱུར?་པར་གནད་པ་སྐྱེད། །ཅེས་བྱ་བ་ལ། མི་ཆུ་དང་བུ་རམ་ལ་སྲེད་པར་གྱུར་ཅིང་ཤ་དང་ཆད་དང་སྐྱུར་ལ་ནི་སྲེད་པ་མེད་པར་གྱུར་བ་དག་མ་ཞུ་བའི་ནང་སེལ་ཅིང་སྤོང་པར་མི་ནུས་པ་དག་ལ་ནི་སྒོག་སྐྱ་ངེས་པར་གནོད་པ་བསྐྱེད་པར
་འགྱུར་རོ། །མཁྲིས་པ་ལྡང་བའི་འཇིགས་པ་ཡིས། །ཐ་མར་བཀྲུ་སྨན་འཇམ་པོ་བཏང། །དེ་ལྟར་བཅུད་ལེན་ཡོན་ཏན་ནི། །ཡོངས་སུ་རྫོགས་པ་ཐོབ་པར་འགྱུར། ཞེས་བྱ་བ་ལ། སྒོབ་སྐྱ་བསྟེན་པ་དག་གིས་མཁྲིས་པའི་ནང་ལྡང་བར་དོགས་མ་སྨན་བཏང
་བའི་ཐ་མར་བཀྲུ་།ན་བཏང་བར་བྱ་སྟེ། །ངེས་ནི་བཅུས་ཀྱི་ལེན་གྱི་ཡོན་ཏན་རྫོགས་པ་ཁོ་ནར་འགྱུར་རོ། །སོགས་?་གདུངས་བྲལ་ལས། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང། །གསེར་སོགས་བྱུང་ཁུངས་དྲུག་གི་བཅུད། །དེ་ནི་བྲག་ཞུན་ཞེས་བྱར་བཤད། །ཅེས་བྱ་བ་ལ། སོས
་ཀའི་དུས་སུ་བྲག་ཉི་མཚ་བས་གདུངས་བ་ལས་གསེར་ལ་སོགས་པ་ལ་བྱུང་ཁུངས་ཀྱི་ཁམས་དྲུག་གི་བཅུད་རྒྱ་སྐྱེགས་ཀྱི་ཁུ་བཞུ་པ་ལྟར་འཛག་པར་གྱུར་བ་གང་ཡིན་པ་དེ་ནི། མིང་དྲག་ཞུན་ཞེས་བྱའོ། །དེ་ནི་ཀུན་ཀྱང་ཁ་ཞིང་ཆེ། །ཤས་ཆེར་མ་དྲོང་ཞུ་རྗེས་ཚེ། །བལྟོང?
་བར་བྱེད་དེ་རེ་ལས་ནི། །ལྕགས་ལས་བྱུང་བར་བ་ཏུ་བསྔགས། །ཞེས་བྱ་བ་ལ། བྲག་ཞུན་དེ་ཐམས་ཅད་ཀྱང་རོ་ནི། བ་ལ་ནུས་པ་ནི་ཤིན་ཏུ་དྲོ་བ་མ་ཡིན་ལ། །ཞུ་རྗེས་ནི་ཚ་བ་དང་གཅོད་པར་བྱེད་པ་ཡིན་ཏེ། དེ་དག་ལ་ལྕགས་ཀྱི་ཁམས་ལས་བྱུང་བ་ནི་ཤིན་ཏུ་ཡང་བསྔགས་པ
་ཡིན་ན་ཁ་གཅིན་དྲི་བྲོ་གནག་པ་དང། །གུ་གུལ་འདྲ་ཞིང་བསྲེག་མ་མེད། །སྤྱི་པག་སྣུམ་ཞིང་སྐྱུར་བ་དང། །བསྐ་ཞིང་འཇམ་ལ་ལྕི་བ་ཡི། །ཁྲ་གཞུན་དེ་ནི་མཆོག་ཡིན་ནོ། །ཞེས་བྱ་བ་ལ་ཁྲག་ཞུན་གང་དྲི་ནི་བ་གཅིག་དང་འདྲ་ལ། ཁ་དོག་ནི་གནག་པ་མཚན་ཉིད་གུ་གུལ་འདྲ
་ཞེང་རྡོ་ཕྱེའི་གསེག་མ་མེད་པ་མཉེས་ན་སྤྱི་བག་ཏུ་འདུག་ཅིང་སྣུམ་པོར་སྐྱུར་ཞིང་བསྐ་བ། །རང་བཞིན་འཇམ་ཞིང་ལྕི་བདེ་ནི་བྲག་ཞུན་གྱི་དམ་པ་ཡིན་ནོ། །ནད་དང་ནད་པ་རྗེས་མཐུན་པར། །སྨན་དང་བྲག་ཞུན་ཆ་མཉམ་བྱས། ལྕགས་ཀྱི་སྣོད་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ།
་བྲག་ཞུན་?་དང་པོ་དང་ནང་པའི་གྲོམས་པའི་ཚུལ་གང་དག་ཡིན་པར་ཤེས་པར་བྱས་ལན་ལྕགས་ཀྱི་གནོད་དུ་སྦྱར་བར་བྱ། །དང་པོར་ཆུ་ནི་ཉིད་ཚེས་བཀྲུ། །དེ་འོག་བསྐམས་ལ་བསྐོལ་དང་བསྲེག། ཅེས་བྱ་བ་ལ། བྲག་ཞུན་དེ་དང་པོར་ནི་ཆུ་འབའ་ཞིག་གིས་བཀུས་?་དེའི
་འོག་ཏུ་བསྐམས་ཏེ་བསྐོལ་བ་དང། བསྲེ་བར་བྱའོ། །བྲག་ཞུན་སྨན་ནི་མཉམ་བྱས་ལ། །བརྒྱད་ཆའི་ནང་དུ་བསྐོལ་བར་བྱ། །ཞེས་བྱ་བ་ལ། བསྲེས་པའི་བྲག་ཞུན་གྱི་འཕྲོད་ཀྱི་སྨན་དང། ཁྲག་ཞུན་ཆ་མཉམ་པར་བྱས་ལ། ཆུ་དེའི་བརྒྱད་འགྱུར་གྱི་ནང་དུ་བསྐོལ་བར་བྱའོ། །དེ་ལ
་གལ་ཏེ་བྲག་ཞུན་སྲང་གཅིག་དང་སྦྱར་ན་དེའི་འཕྲོད་ཀྱི་སྨན་ཡང་སྲང་གཅིག་དང་སྦྱར་ལ། དེ་ཆུ་བརྒྱད་འགྱུར་དང་བསྐོལ་བར་བྱའོ། །བུ་བ་བརྒྱད་ཆ་ལུས་བཙགས་པ། དྲོ་འཇམ་ནང་དུ་བྲ་གཞུན་གཞུག། ཅེས་བྱ་བ་ལ། ཁུ་བ་བསྐོལ་བ་དེ་བརྒྱད་ཆ་ལུས་པ་དང་བཙགས་པ
་དྲོ་འཇམ་གྱི་ནང་དུ་བྲག་ཞུན་གཞུག་པར་བྱའོ། །དེ་དང་འདྲེས་གྱུར་སྐམས་ནས་ནི། །སྨན་ཆུའི་ནང་དུ་སླར་ཡང་གཞུག། ཅེས་བྱ་བ་ལ། བྲག་ཞུན་དེའི་འཕྲོད་ན་སྨན་གྱི་ཁུ་བ་དང་བྲག་ཞུན་དེ་འདྲས་པར་གྱུར་ནས་དེ་སྐམས་ནས་སླར་ཡང་གཞུག་པར་བྱའོ། །དེ་ལྟར་རང
་རང་སྨན་འཕྲོད་ནི། །བསྐོལ་བའི་ཁུ་བར་ལན་བདུན་སྤང། ཞེས་བྱ་བ་ལ། ཚུལ་དེ་ལྟར་རང་གི་སྨན་འཕྲོད་བསྐོལ་བའི་ལུ་བ་དང། ལན་བདུན་གྱི་བང་དུ་སྦང་ཞིང་བསྲེ་བར་བྱའོ། །དེ་ནས་ཏིཀྟའི་སྨན་མར་གྱིས། །སྣུམ་བཅོས་བྱས་ནས་སྦྱང་བྱས་ཏེ། འབྲས་བུ་གསུམ
་གྱི་ཁུ་བ་དང། །ཤིང་མངར་བ་ཏོ་ལའི་ཁུ་བ། །པྲག་ཞུན་དག་ནི་རེ་རེ་ཡང། །ཞག་གསུམ་པར་དུ་བླུད་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེ་ལྟར་སྣུམ་བཅོས་བྱས་པའི་མི་དེ་ལ་ཏིཀྟའི་སྨན་མར་གྱི་བར་དུ་ཞག་གསུམ་གྱི་བར་དུ་སྦྱིན་པར་བྱའོ། །དེ་བཞིན་དུ་བྲག་ཞུན
་དང། །འབྲས་བུ་གསུམ་གྱི་ཁུ་བ་དང། །ཤིང་མངར་གྱི་ཁུ་བ་དང། པ་ཏེ་ལའི་ཁུ་བ་ཞག་གསུམ་གྱི་བར་དུ་བླུད་པར་བྱའོ། །དེ་ནས་དེ་ལ་སྦྱོར་པ་ནི། །དུས་དང་སྦྱར་ཏེ་བླུད་པར་བྱ།། ཞེས་བྱ་བ་ལ། དེ་ནས་མི་དེ་ལ་འཚམ་ཞིང་འོས་པའི་སྦྱོར་བ་དུས་དང་སྦྱར་ཏེ
་སྨན་པས་བླུད་པར་བྱའོ། །དེ་ལྟར་བྲག་ཞུན་མི་རྣམས་ལ། །ཤིན་ཏུ་ཕན་པར་བྱེད་པ་ཡིན། །ཡོན་ཏན་པ་ལུས་སྐྱེད་བྱེད་ཅིང། འབྲལ་དུ་གནོད་པར་མི་བྱེད་དོ། །ཞེས་བྱ་བ་ལ། །ཚུལ་དེ་ལྟར་བྲག་ཞུན་བསྟེན་ཅིང་གོམས་པར་བྱེད་པ་དག་ནི་ཤིན་ཏུ་?
་པར་བྱེད་པ་ཡིན་ལ། དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་ཡོན་ཏན་མ་ལུས་པ་ཡང་སྐྱེད་པར་བྱེད་ལ། འཕྲལ་དུ་དེའི་མོད་ལ་གནོད་པ་ཡང་སྐྱེད་པར་མི་བྱེད་པ་ཡིན་ནོ། །ཞག་བདུན་ཕྲག་གཅིག་ཕྲག་གསུམ་དང། ཕྲག་བདུན་ཞོ་གཉིས
་སྲང་ཕྱེད་གཅིག། སྨན་དང་བར་མ་ཆེན་པོ་ཡི། །བྲག་ཞུན་གོ་རིམས་བཞིན་དུ་སྦྱར། ཞེས་བྱ་བ་ལ། བྲག་ཞུན་ཞག་བདུན་ཕྲག་གཅིག་དང། །ཚང་ཞོ་གཉིས་ནི་དམན་པའི་ཚད་ཡིན་ནོ། །ཞག་བདུན་ཕྲག་བདུན་དང་སྲང་ཕྱེད་ནི་བར་མའི་ཚད་དོ། །ཀཞག་བདུན་ཕྲག་བདུན།
་དང་སྲང་གཅིག་ནི་ཆེན་པོའི་ཚད་ཡིན་ནོ། །ལུས་ནི་ཤིན་ཏུ་སྦྱངས་བྱས་ལ། བྲག་ཞུན་སྦྱར་བ་བཏང་བར་བྱ། །ཟངས་དང་ལྕགས་དང་དངུལ་དང་གསེར། ཀུན་དང་ཡང་ན་རེ་རེར་སྦྱར། །འོ་མ་དང་ནི་ལྷན་ཅིག་བཏང་།བཅུད་ལེན་འབྲས་བུ་མྱུར་དུ་འགྲུབ། ཞེས་བྱ་བ་ལ། བྲག་ཞུན་ནི་ལུས
་ཤིན་ཏུ་སྦྱངས་པར་གྱུར་པ་ལ་བྲག་ཞན་ལེགས་པར་སྦྱངས་ཤིང་བཏུལ་བ་བཏང་བར་བྱ་ལ། དེ་བཞིན་དུ་ཟངས་ལ་སོགས་པ་སྣ་རེ་འམ། །ཀུན་དང་ཡང་སྦྱར་བར་བྱའོ། །འོ་མ་དང་ལྷན་ཅིག་བཏང་ད་བཅུད་ཀྱིས་ལེན་གྱི་འབྲས་བུ་གང་དག་ཡིན་པ་འགྲུབ་པར་འགྱུར་རོ། །རྒྱ
་སྲན་མོན་སྣའུ་དམར་རུ་དང། ཕུག་རོན་ཤ་ནི་རྟག་ཏུ་སྤངས། །ཞེས་བྱ་བ་ལ་ཁྲག་ཞུན་གྱི་སྦྱོར་བ་བསྟེན་པ་ལ་ནི་རྒྱ་སྲན་ལ་སོགས་པ་རྟག་ཏུ་སྤང་བར་བྱའོ། །གང་ཞིག་བྲག་ཞུན་གྱིས་ནི་མངོན་སུམ་དུ། མ་བསལ་ནད་ནི་ས་སྟེང་ཡོད་མ་ཡིན། དུས་སུ་ཆོ་ག་བཞིན་དུ་བསྟེན་གྱུར
་ན། །ནད་མེད་ཉམས་སྟོབས་རྒྱ་ཆེན་སྐྱེད་པར་བྱེད། །ཅེས་བྱ་བ་ལ། མི་ཡུལ་ས་སྟེང་འདི་འབྲག?་ཞུན་གྱི་སྨན་གྱིས་མངོན་དུ་མ་བཅོས་པའི་ནད་པ་ནི་ཡོད་པ་མ་ཡིན་ལ་དེ་བཞིན་དུ་དེ་ཆོ་ག་བཞིན་དུ་བསྟེན་ནད་མེད་པ་ལ་སོགས་པའི་ཡོན་ཏན་སྐྱེད་པར་བྱེད་དོ། །ཁང་བར་གནས་པའི་ཁམ
་ལྡན་ཅན། །ཕུན་སུམ་ཚོགས་དང་ལྡན་པ་ཕན། །དེ་ལས་གཞན་དུ་དེ་རྣམས་ལ། ཉི་མ་རླུང་གི་ཆོ་ག་བསྟན། །ཞེས་བྱ་བ་ལ། ཁང་པར་གནས་པ་ལ་སོགས་པ་ཁོམ་ལྡན་ཡོད་ཅིང་འཁོར་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་བ་ནི་ཕན་པར་གྱུར་བ་ཡིན་ལ་དེ་ལས་གཞན་པ་སྟེ། ཁང་པར
་གནས་པ་ལ་སོགས་པའི་?་ལྡན་མེད་པ་ལ་ནི། ཉི་མ་དང་རླུང་ལ་གནས་པའི་ཚུལ་གྱིས་བསྟེན་ན་ཕན་པར་འགྱུར་རོ། །རླུང་དང་ཉི་ཚན་བཅས་སྦྱོར་བ། །བདེ་བའི་ལོངས་སྤྱོད་མེད་ན་ཡང། །གང་ཞིག་ལུས་ལ་མི་གནོད་པ། །མཆོག་ཏུ་དེ་ནི་བཤད་པར་བྱ། །ཞེས་བྱ་བ་ལ། ད་ནི་རླུང་དང་ཉི་ཆེན་དང་བཅས
་བར་ཡང་བསྟེན་དུ་རུང་བའི་སྦྱོར་བ་བདེ་བའི་ལོངས་སྤྱོད་ལས་ཉམས་སུ་ཟིན་ཀྱང་ལུས་ལ་གནོད་པར་མི་འགྱུར་བའི་སྦྱོར་བའི་ཆོག་དེ་བཤད་པར་བྱའོ། །ཆུ་གྲང་འོ་མ་སྦྲང་རྩི་དང། །མར་ནི་རེ་རེ་གཉིས་གཉིས་སམ། །གསུམ་མམ་ཡང་ན་ཐམས་ཅད་ནི། །ཟས་མངར་འཐུངས་ན་རྒས་ལ་བྱེད། །ཅེས་བྱ
་བ་ལ། ཆུ་གྲང་ལ་སོགས་བ་རེ་རེ་འམ། གཉིས་གཉིས་སམ། གསུམ་མ་མ། བཞི་ཆེད་ཀུན་ཟས་ཀྱི་སྡང་འཐུངས་ན་ཡང་རྒས་སྲ་བར་བྱེད་དོ། །བུ་རམ་སྦྲང་རྩི་བཅའ་སྒ་དང། པི་པི་ལིང་དམ་རྒྱམ་ཚ་དང། ། རུ་ར་ནི་གཉིས་གཉིས་དང། རྟག་ཟོས་པ་རེ་ཞིང་ལོ་བརྒྱར་འཚོ། །ཞེས་བྱ་བ་ལ། ཕུར་མ
་ལ་སོགས་པ་གང་ཡང་རུང་བ་དང་ཨ་རུ་ར་གཉིས་གཉིས་རྟག་ཏུ་ཟོས་ན་ཡང་མི་དེ་ལོ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། ། རུང་ནི་མར་ནང་བསྐོལ། །བཟའ་ཞིང་མར་དེ་འཐུངས་ན་ནི། །རྒས་སྲ་ལུས་ནི་ཡུན་ནིང་གནས། །སྟོབས་ནི་འཕེལ་བར་བྱེད་འགྱུར་ཏེ། །ཇི་ལྟར་དམ་ལ་བྱས་བཟོ་པ།
་ལན་གཅིག་ཕན་བདགས་ཅི་ཞིག་དུ། །ཞེས་བྱ་བ་ལ། ཨ་རུང་མར་གྱི་ནང་དུ་བསྲེས་ཏེ་བཟའ་བ་དང་བསྐོལ་པའི་མར་དེ་འཐུང་བར་གྱུར་ན་ལུས་རྒས་སྲ་བ་ལ་སོགས་པར་འགྱུར་རོ། །ཇི་ལྟར་བྱས་བ་བཟོ་བའི་མི་ལ་ཕན་བཏགས་ན་དེ་མི་བརྗེད་པར་སེམས་ལ་འཇོག་པ་དང་འདྲའོ
་སྐྱུ་རུ་རའི་ཁུ་སྦྲང་རྩི་དང། ཁར་མར་དང་ལྡེ་གུར་བྱས། བསྟེན་ཅིང་འཕྲོད་པ་ཟ་བའི་མི། །རྒས་པའི་གནོད་པ་འཇིག་འགྱུར་ཏེ། །ཉེས་བསྲུངས་བསྟན་བཅོས་རྒྱ་ཆེན་མཚུངས། །ཞེས་བྱ་བ་ལ། སྐྱུ་རུ་རའི་ཁུ་བ་དང་སྦྲང་རྩི་དང་མར་དང། །བ་ར་ལྡེ་གུར་བྱས་པ་ཟོས་ཤིང་མ་ཟས་འཕྲོད
་པ་ལ་བསྟེན་པའི་མི། །རྒས་པའི་གནོད་པ་གང་ཡིན་པ་དེ་འཇིག་པར་འགྱུར་ཏེ། ཇི་ལྟར་བསྟན་བཅོས་རྒྱ་ཆེན་པོ་ལེགས་པར་མ་བཟུངས་ན་བརྗེད་དུ་མི་རུང་བར་འགྱུར་བ་དང་མཚུངས་སོ། །སྐྱུ་རུ་ར་དང་བྱི་དང་ག། ཨ་ས་ན་ཡི་སྙིང་པོ་ཆེ། །ལྕགས་ཕྱེ་ཏིལ་མར་སྦྲང་རྩི་ཡི། །མང་བཅས
་ལྡེ་གུ་བསྟེན་ན་ནི། །ན་ཚོད་མཛེས་པར་མ་ཉམས་གྱུར། །ཞེས་བྱ་བ་ལ། སྐྱུར་རུ་ར་ལ་སོགས་པ་ཇི་སྐས་སྨོས་པ་བཞིན་བསྟེན་ན་ཡང་ན་ཚོང་མཛེས་པ་ལ་སོགས་པར་འགྱུར་རོ། །ལྕགས་ཕྱེ་[ཡི་དང་ག་ཡི་ཕྱེ་མ་དང། །མར་དང་སྦྲན་རྩིང་བཅས་པ་ལོ་གཅིག་ཙམ། །ོཾ?
་ས་ན་ཡི་ཟ་མ་ཏོག་ནང་བཞག་།བསྟེན་ན་སྟོབས་ལྡན་ཚེ་རིང་སྐྲ་བཞག་འགྱུར། །ཞེས་བྱ་བ་ལ། ལྕགས་ནག་པོའི་ཕྱར་མལ་སོགས་ཇི་སྐད་སྨོས་པ་བཞིན་དུ་བསྟེན་ན་ཡང་ཚེ་རིང་ཞིང་སྐྲ་གནག་པར་འགྱུར་རོ། །བྱི་དང་ག་དང་གོ་བྱེ་བཅའ་སྒ་རྣམས། །མར་དང་སྦྲང་ཙིར་བཅས་པ་གང
་ཡིན་ཟོས། །ཀྲགས་པའི་ཆུ་བོ་ནད་ཀྱི་དཔའ་རླབས་ཅན། །ན་ཚོད་ལྡན་པའི་སྐྱེས་བུ་དེ་བརྒལ་འགུར། །ཞེས་བྱ་བ་ལ། །མི་གང་བྱི་དང་ག་ལ་སོགས་པའི་ལྡེ་གུ་ཟོས་བ་དེནི་ན་ཚོད་དང་ལ་བབ་པ་དང་ལྡན་པར་འགྱུར་ཞིང། །རྒོས་པའི་ཆུ་བོའི་དཔའ་རླབས་ལས་ངེས་པར་རྒལ་བར
་འགྱུར་རོ། །སེང་ལྡེང་ཨ་ས་ན་ཡི་ཁུ་བ་དང། །འབྲས་བུ་གསུམ་དང་སྦྲང་རྩི་མར་སྦྱར་བ། །ཆོ་ག་བཞིན་དུ་བསྟེན་པའི་མི་རྣམས་ནི། །ཚེ་རིང་འགྱུར་བར་དེ་ལ་དེ་མཚར་མེད། །ཅེས་བྱ་བ་ལ། སེང་ལྡེང་ལ་སོགས་པའི་ལྡེ་གུ་བསྟེན་ན་ཡང་ངེས་པར་ཚོ་རིང་པར་འགྱུར་བ་ཡིན་ནོ། །ཇི
་པ་ཀ་ཡི་ཁུ་བ་སོར་མོར་ཆགས། །ཁ་ར་སྦྲང་རྩི་མར་དང་འབྲས་བུ་གསུམ། །སྐྱེས་བྲུང་མ་པས་བསྟེན་པར་གྱུར་ན་ནི། རྒས་དང་ནད་ནི་ངེས་པར་བཟློག་པར་འགྱུར། །ཞེས་བྱ་བ་ལ། ཛི་བ་ཀ་ཞེས་བྱ་བ་ལ། ཨ་ས་ནའི་ཁུ་བ་ལ་སོགས་པའི་ལྡེ་གུ་བསྟན་ན་ཡང་རྒས་པ་ལ་སོགས
་འཚང་མེད་པར་འགྱུར་རོ། །བསྲུ་བ་ནི་སར་པ་སྲང་ཕྱེར་དང། འོ་མར་བཏགས་པ་ཟླ་ཕྱེད་ཟླ་བ་གཉིས། །ཟླ་དྲུག་ལོ་གཅིག་པར་དུ་འཐུངས་ནི་ན། རྒས་ཤིང་རྙིང་པ་སླར་ཡང་གཞོན་པར་འགྱུར། །ཞེས་བྱ་བ་ལ། བ་སྦྲུ་བ་ཞེས་བྱ་པུ་ན་རྣ་བ་སྲང་ཕྱེད་དམ། །ལོ་གཅིག་གི
་པར་དུ་འོ་མ་དང་སྦྱར་ཏེ་འཐུངས་ན་རྒས་ཤིང་འཁོགས་པ་དེ་སླར་གཞོན་པ་ཉིད་དུ་འགྱུར་རོ། །མུ་བར་ཨཾ་ཤུ་མ་ཏི་བྲ་ཧི་ཧི། བ་ལ་པུ་ཤེལ་ཙེ་དང་པ་ཐ་དང། ཨ་ད་ས་དང་ཐལ་ཏྲེས་ཨ་ག་རུ། །པྲི་ཡངཀུ་དང་ཙནད་རེ་རེ་ཡི། ཆོ་གའང་བ་སྦྲུ་བ་དང་ཚུངས་པ་ཡིན་ཞེས་བྱ་བ
་ལ། མུན་ལ་སོགས་པ་སྨན་སྣ་རེ་རེ་ཞིང་ཡང་བ་སྤྲུ་བའི་ཆོག་བཞིན་བསྟེན་ན། ཡོན་ཏན་དེ་དང་མཚུངས་པ་ཡིན་ནོ། །ཉེའུ་ཤིང་ལྡེ་གུ་ཁུ་བར་བསྐོལ་བ་དང། །ཞུན་མར་ཁ་རར་བཅས་པ་ཟ་བྱེད་པ། །དེ་ནི་འཚོ་བའི་ལམ་དུ་ཞུགས་འགྱུར་ཚེ། །ནད་ཀྱི་རྐུན་པོས་ཚོམ་པར་མི་འགྱུར
་རོ། །ཞེས་བྱ་བ་ལ། ཉེའུ་ཤིང་གི་ལྡེ་གུ་དང། །ཁུ་པ་བསྐོལ་བའི་སྨན་མར་གྱི་ནང་དུ་ཁ་ར་བཏབ་སྟེ་ཟོས་ན་མི་འཚོ་བའི་ལམ་དུ་ཞུགས་པར་གྱུར་བའི་ཚེ་སྲག་འཕྲོག་པར་བྱེད་པའི་ནད་ཀྱི་རྐུན་པོས་ཆོམས་པར་མི་འགྱུར་རོ། ། ཤྭ་གནད་འོ་མར་བཅས་པ་ནི། །མར་དམ་ཏིལ
་མང་ཆུ་དྲོན་སྦྱར་པ་དང། ཟླ་ཕྱེད་བསྟེན་ན་ཉམ་ཆུང་ལུས་བྱས་ཤིང། །ཇི་ལྟར་ལོ་ཏོག་གཞོན་ལ་ཆར་འབབ་མཚུངས། །ཞེས་བྱ་བ་ལ། ཨ་ཤྭ་གནད་ལ་འོ་མ་འམ། མར་རམ། ཏིལ་མར་རམ། ཆུ་དྲོན་དང་སྦྱར་ཏེ་འཐུངས་ན་ནི་ལུས་ཤིན་ཏུ་ཉམ་ཆུང་བ་ཡང་རྒྱས་ཤིང་འཕེལ
་བར་འགྱུར་རོ། །ཇི་ལྟར་ལོ་ཏོག་ཤིན་ཏུ་གཞོན་པ་ལ་ཆར་བབ་པ་དང་མཚུངས་སོ། ཉིན་རེ་ཏིལ་ནག་སྲང་ནི་རེ་རེ་དག། ཟོས་པའི་རྗེས་ལ་ཆུ་གྲང་འཐུངས་གྱུར་ན། །ལུས་ན་ཤས་ཆེར་རྒྱས་པ་ཉིད་འགྱུར་ཞིང། །འཆི་བའི་བར་དུ་སོ་ནི་བརྟན་པར་འགྱུར། །ཞེས་བྱ་བ་ལ། ཏིལ
་ནག་པོ་ཉིན་རེ་སྤང་རེ་ཟོས་ལ་དེའི་འོག་ཏུ་ཆུ་གྲང་འཐུངས་པར་གྱུར་ན། མིའི་ལུས་ཤས་ཆེར་རྒྱས་པར་འགྱུར་ཞིང་རྟག་ཏུ་སོ་བརྟན་པར་འགྱུར་རོ། །གཟེ་མ་སྨེ་ཏྲེས་སྐྱུ་རུ་རའི་ཕྱེ་མ། །མར་དང་སྤྲང་རྩི་ཆ་མཉམ་ལྡེ་གུ་ཟོས། །རོ་ཙ་ལུས་བསྟན་ནད་ཀྱི་སྡུག་བསྔལ་ཞི།
་ལོ་བརྒྱ་འཚོ་ཞིང་སྐྲ་ནི་ནག་པོར་འགྱུར། །ཞེས་བྱ་བ་ལ། གཟེ་མ་ལ་སོགས་པའི་ལྡེ་གུ་ཟོས་ན་ཡང་རོ་ཙ་བ་ལ་སོགས་པའི་ཡོན་ཏན་བསྐྱེད་དོ། །ཏིལ་ནག་སྐྱུ་རུ་ར་དང་ཨོ་རུ་ར། །བ་རུ་ར་དང་བཅས་པར་བརྡུངས་ནས་བསྟེན། །མི་དེ་རྨ་བྱ་ལྟ་བུར་མདངས་ལྡན་ཞིང།།
་ཡིད་དུ་འོང་བའི་བདེ་བ་ཐོབ་པར་འགྱུར་རོ། །བྲག་ཞུན?་མར་དང་སྦྲང་རྩི་ཕྱི་དང་ག་དང། ། རུ་ར་དང་ལྕགས་ཕྱེ་དངུལ་ཆུ་དང། །ཏ་སྱ་བསྟེན་ན་ལུས་ཟུངས་རྫོགས་འགྱུར་ཏེ། །ཡར་ངོ་ཟླ་ཕྱེད་རྫོགས་པའི་ཟླ་བ་འདྲ། ཞེས་བྱ་བ་ལ། སྐྱེས་བུ་གང་ཏིལ་དང་ལྷན་ཅིག་ཏུ་སྐྱུ
་རུ་ར་ལ་སོགས་པ་བརྡུངས་པ་བཅས་ཏེ་ཟོས་ན་ཡང་མི་དེ་ཇི་སྐད་སྨོས་པའི་མང་སྔ་དང་ལྡན་པར་འགྱུར་ལ། །དེ་བཞིན་དུ་བྲག་ཞུན་ལ་སོགས་པ་ཟོས་ན་ཡང་ལུས་ཟུངས་ཟླ་བ་ཡིད་གྱི་དེ་ལྟར་རྒྱས་པར་འགྱུར་རོ། །གང་ཞིག་བྲིངྒ་ཛའི་ཁུ་བཟླ་བ
་གཅིག་ཉིན་རེ་རྒྱུན་དུ་བསྟན་པར་བྱེད་པ་དང། འོ་མ་འཐུངས་ཏེ་སྟོབས་དང་བརྩོན་འགྲུས་ལྡན། །ལོ་བརྒྱར་འཚེ་བ་དག་ཀྱང་ཐེབ་པར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་བྲིངྒ་ར་ཛ་བསྐོལ་བའི་ཁུ་བ་ཉིན་རེ་ཞིང་ཟླ་བ་གཅིག་གི་བར་དུ་འཐུང་བར་བྱེད་བ་དང། འོ་མ་འཐུངས
་པ་དེ་ནི་སྟོངས་ལ་སོགས་པ་ཐོབ་པར་འགྱུར་རོ། །ཤུ་དག་ཀྱང་ནི་ཟླ་བ་གཅིག་བསྟེན་ཅིང། འོ་མའམ་མར་རམ་ཏིལ་མར་བཅས་པ་བསྟེན། །གདོན་གྱིས་མི་ཚུགས་པ་ཡི་ལུས་འགྱུར་ཞིང། །ཡིད་གཞུངས་ཚིག་ནི་ཤིན་ཏུ་གསལ་བར་འགྱུར། །ཞེས་བྱ་བ་ལ། མི་གང་ཟླ
་བ་གཅིག་གི་བར་དུ་ཤུ་དག་འོ་མ་འམ་མར་དང་ཏིལ་མར་དང་བཅས་པར་བསྟེན་ན་གདོན་གྱིས་མི་ཚུགས་པ་ལ་སོགས་པའི་ཡོན་ཏན་ཐོབ་བར་འགྱུར་རོ། །མ་དུ་ཀ་ཡི་བརྞི་པར་དང་བརྔོས། །ཟླ་གཅིག་བར་དུ་ཟས་མ་ཟོས་པར་བསྟེན། གཟུགས་ནི་རྒྱ་ཆེར་འཆེ་ཞིང
་སྤོངས་བ་ཆེ། གཞོན་ཞིང་མདངས་ལྡན་ཡོན་ཏན་ལྡན་པར་འགྱུར། ཞེས་བྱ་བ་ལ། མ་དུ་ཀ་པརྞི་ཞེས་བྱ་བ་ནི་སྨན་མར་དང་བརྔོས་བ་ཟླ་བ་གཅིག་གི་བར་དུ་ཟོས་ན་ཡང་ཡུན་རིང་དུ་འཚོ་ཞྔ་སྤོབས་པ་ཆེ་བ་ལ་སོགས་པར་འགྱུར་རོ། །འབྲས་བུ་གསུམ་དང་གཙང་གི
་རིང་བ་ནི། ལྕགས་ཕྱེ་སྲ་བ་ནི་ལྔ་བཅུ་ལས་བྱས་ཤིང། །ཀོ་ཤ་ཏ་ཀའི་ཁུ་བའི་ནང་བུ་བཏགས། །རིལ་བུ་སུམ་བརྒྱ་བྱས་ནས་རིལ་བུ་དེའི། །གྲིབ་ཨར་སྐབས་ཏེ་རིམ་གྱིས་མ་ལུས་པར། བཀྲུ་སླན་བྱ་ཞིང་ཐུག་སླའི་རིམ་པ་དང། །ཐུག་བསྐ་བ། ར་པོ་ཤ་ཁུ་འབྲས་ཆན་དང།།
་མངལ་བརྟེན་ཅིང་ཟླ་གཅིག་ལུས་བསྡམས་ལ། །ཟླ་གཅིག་འདས་ནས་རང་དགའ་ཉིད་དུ་སྦྱད། །འབད་པས་དུས་ཀུན་ཏུ་ནི་མ་ཞུ་སྤོང། །ལོ་གཅིག་བར་དུ་སྦྱོར་བར་འདི་བསྟེན་ན། །གང་ཞིག་གསོ་དཀའ་ཨི་ནད?་ཀྱིས་ཉེན་པ་ཡང། །ཤིན་ཏུ་སྟོབས་ལྡན་སྐྱེས་བུའི
་བྱ་བ་རྫོགས། །ལུས་རྒྱས་འཐམ་ཞིང་མིག་དང་རྣ་བ་གསལ། གཞོན་པ་ཉིད་དང་ལོ་ནི་ལྔ་བརྒྱར་འཚོ། །ཞེས་བྱ་བ་ལ། འབྲས་བུ་གསུམ་དང། ཅང་གི་རི་དང། ལྕགས་ཀྱི་ཕྱེ་མཚང་སྤང་ལྔ་བཅུ། །ཀོ་ཤ་ཏ་ཀའི། བུ་བའི་ནང་དུ་བཏགས་པ་ལས་རིལ་བུར་སྦྱར་ཏེ། གྲིབ་མང་བསྐམས
་དེ་ནས་དེ་མ་ལུས་བར་ཟོས་ལ། །བཀྲུ་སྨན་དང་ཐུག་པའི་རིམ་པ་ལ་སོགས་པའི་ཚུལ་གྱི་ཟླ་བ་གཅིག་བཟླས་པར་བྱས་ནས་དེའི་འོག་ཏུ་སྤྱོད་པ་བསྡམས་པ་མེད་པས་གནས་པར་བྱ་སྟེ། འདིར་ནི་རྣམ་པ་ཐམས་ཅད་མ་ཞུ་བའི་བག་པར་བར་བྱའོ། །ཚུལ་དེ་ལྟར་སྦྱོར་བ་འདི་ལོ
་གཅིག་གི་བར་དུ་བསྟེན་ན་གསོ་དཀའ་བའི་ནད་ཀྱང་སེལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་རོ། །སེང་ལྡེང་ཤི་ཤ་བ་དང་ཨ་ས་ན། །རྨ་བྱ་ཨ་རུ་ར་དང་སྐྱུ་རུ་ར། །གོ་བྱེ་བྱི་དང་ག་དང་བཏགས་ཆུ་འགྱུར་ནི། །བཅོ་བརྒྱད་ནང་བསྐོལ་ལྕགས་ཀྱི་དུམ་བུ་བཅུག་།ལྕགས་ཀྱི
་སྣོད་དུ་ཞག་གསུམ་ཉི་མ་ཡི། །འོད་ཀྱིས་བསྲོས་ལ་དེ་རྗེས་མ་ལ་ནི། །ལྕགས་ཀྱི་ཕྱེ་མ་ཞིང་པར་བཅས་ཏེ་བསྐོལ། །དེ་བཙགས་ཁུ་བ་ཆ་གཅིག་འོ་མ་ནི། །ཆ་གཅིག་དེ་བཞིན་གསོ་མའི་ཁུབ་གཅིག་།ཉེའུ་ཤིང་བསྐོལ་བའི་ཁུ་བ་ཆ་གསུམ་དང། འདིར་ན་མར
་སད་ཆ་ནི་བཞི་དང་སྦྱར། །འདི་དག་གཅིག་ཏུ་ལྕགས་ནག་སྣོད་དུ་བསྐོལ། །ཁ་ར་རྡུལ་མེད་དེ་བཞིན་སྦྲང་རྩི་དང། །དེ་བཞིན་མར་དང་བསྲེས་པར་འགྱུར་བ་དང། །འཕྲོད་པའི་ཟས་དང་སྐོམ་དང་སྤྱོད་ལམ་བཅས། །སྲང་རེ་རྟག་ཏུ་བསྟེན་པར་གྱུར་ན་ནི། །དཔལ་དང་ལྡན་ཞིང
་ཉེས་པ་བསལ་བ་དང་ནགས་ཀྱི་མ་ཧེ་ལྟ་བུའི་སྟོབས་ལྡན་ཞིང། །རྟ་ལྟར་མགྱོགས་ལ་ལུས་ནི་བརྟན་པ་ལྟར། །སྐྲ་ནི་བུད་བའི་མདོག་ལྟར་གནག་པ་དང། །ཁ་ནི་དྲི་ཞིམ་བུད་མེད་མང་བསྟེན་ནུས། །ཚིག་བསལ་ཡིད་གཞུངས་ཕུན་སུམ་ཚོགས་པ་དང་ཟླ་གཅིག
་བསྟེན་ན་མེ་དྲོང་ཆེ་བ་ཡིན། །དེ་ནི་མེའི་སེ་དང་ག་འམ་མེ་འམ་ནི། །བཙོ་མའི་གསེར་གྱི་མདོག་འདྲའི་ལུས་འཛིན་འགྱུར། །མི་ཡི་སེང་གའི་སྦྲོར་བ་འདི། ?་ན་ནད་ཀྱིས་མི་ཉེན་ཏེ། །འཁོར་འབར་བའི་ལག་པ་ཡིས། །ལྷ་མིན་ཚོགས་ནི་འཇིགས་དང་འདྲ། །ཞེས་བྱ
་བ་ལ། སེང་ལྡེང་ལ་སོགས་ལ་ཆ་མཉམ་པར་བྱས་ཏེ་བཏགས་ལ། སྨན་གྱི་བཅོ་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ་ལྕགས་ཀྱི་དུམ་བུར་བཅུག་སྟེ། ལྕགས་ཀྱི་སྣོད་ཀྱི་ནང་དུ་བཞག་ལ། ཉི་མ་གསུམ་དུ་ཉི་མའི་འོད་གྱིས་སོས་ལ། དེའི་རྗེས་ལ་མེ་ཆུང་དུ་ལ
་དེ་བཞི་ཆ་ལུས་ཀྱི་བར་དུ་བསྐོལ་ལ། དེ་བཙགས་ནས་ཆ་གཅིག་ཏུ་བྱས་པ་དང། །འོ་མའི་ཆ་ཡང་དེ་དང་མཉམ་པ་དང། །དེ་བཞིན་དུ་གསོ་མའི་ཁུ་བའི་ཆ་དང་མཉམ་པ་དང། དེ་བཞིན་དུ་ཉེའུ་ཤིང་གི་ཁུ་བ་ཆ་གསུམ་དང། མར་སར་བཞི་ཆ་སྟེ། དེ་ཐམས་ཅད་གཅིག་ཏུ
་བསྡུས་ལ།། ལྕགས་ཀྱི་སྣོད་ཆེན་པོའི་ནང་དུ་སྨན་མང་དེ་བསྐོལ་བར་བྱའོ། །དེར་ཡང་ཁ་ར་དཀར་པོ་ནག་ནོག་མེད་པ་དང། སྦྲང་རྩི་ལ་སོགས་པ་བཅུག་ལ་དེ་ལས་སྲང་རེ་བསྟེན་ན། དཔལ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་ཡིད་གཞུངས་པ
་ཕུན་སུམ་ཚོགས་པའི་བར་དུ་འགྱུར་རོ། །སྤྱོད་པ་དེ་ཟླ་གཅིག་གི་བར་དུ་བསྟེན་ན་མེ་དྲོད་ཆེ་བ་ལ་སོགས་པའི་ཡོན་ཏན་ཐོབ་པར་འགྱུར་ཏེ། འདི་ནི་མིའི་སེང་གེ་ཞེས་བྱ་བ་ཁྱབ་འཇུག་གིས་བཤད་པའི་སྦྱོར་བ་ཡིན་ཏེ། འདི་ཐོས་ན་ནད་ཀྱི་ཚོགས་ཀྱིས་ཉན
་པར་མི་འགྱུར་ཏེ། ཇི་ལྟར་ཁྱབ་འཇུག་འཁོར་ལོ་འབར་བ་ལག་ན་ཐོགས་པས་ལྷ་མ་ཡིན་གྱི་ཚོགས་འཇིགས་ཤིང་འབྱེར་བར་བྱེད་པ་དང་འདྲའོ། །བྲིངྒ་ར་ཛ་མྱུ་གུ་ཆོ་ག་འདིས། །བསྔོས་ཤིང་མར་བཅས་ཟོས་ལ་བསྡམས་དང་བཅས། །ལྟོ་སྦྱངས་པ་ལ་ཨ
་ས་ནའི་ཁུ་པས། །འོ་མ་འཐུང་ཞིང་ཟས་ཀྱི་བྱ་བ་བྱེད། །ཟླ་གཅིག་པར་དུ་བསྟེན་པར་གྱུར་ན་ནི། །བདེ་ཞིང་ལོ་ནི་ཉིས་བརྒྱའི་བར་དུ་འཚོ། །ལན་གཅིག་སྨྲས་པའི་ཚིག་ཀྱང་ཟིན་གྱུར་ཞིང། །དྲན་དང་དབང་པོ་ཉམས་པ་མེད་པར་འགྱུར། ཞེས་བྱ་བ་ལ། བྲིངྒ་ར་ཇའི་མྱུ
་བུ་མར་དང་བརྔོས་པ་ལ་སོགས་པའི་སྦྱོར་བས་ཟླ་བ་གཅིག་གི་བར་དུ་བསྟེན་ན་བདེ་ཞིང་ལོ་ཉིས་བརྒྱའི་བར་དུ་འཚོ་བ་ལ་སོགས་པ་ཐོབ་པར་འགྱུར་རོ། །གང་ཞིག་སྦྱོར་བ་འདི་ཡིས་ནི། །ཏིལ་མར་བསྟེན་པར་བྱེད་པ་དག། དེ་ཡིས་ཡོན་ཏན་དེ་ཐོབ་ཅིང། །ལུས་ནི
་ནག་པོ་ཉིད་དུ་འགྱུར། ཞེས་བྱ་བ་ལ། སྔར་བཤད་པའི་སྦྱོར་བ་འདི་ཉིད་ཀྱིས་མར་ཇི་ལྟར་བསྐོལ་བ་དེ་བཞིན་དུ་ཏིལ་མར་བསྐོལ་པ་བསྟེན་པར་བྱེད་པ་དེ་ཡང་ཡོན་ཏན་སྔར་ཇ་སྐད་སྨོས་པ་ཉིད་ཐོབ་པར་འགྱུར་རོ། །འོན་ཀྱང་ཁྱད་པར་ནི་ཏིལ་མར་གྱི་སྦྱོར་བས་ལུས
་ནག་པོ་ཉིད་དུ་འགྱུར་རོ། །བཅུད་ཀྱིས་ལེན་ནི་དུས་དང་རྗེས་མཐུན་ཞིང། བསྟེན་ནུས་འབྲས་བུར་བཅས་པ་བཤད་པ་ཡིན། །གཞན་དག་ཕན་ཡོན་བཅས་པ་ཡོད་མེད་ཀྱི། །རྙེད་པར་དཀའ་བ་བདག་གིས་མ་བཤད་དོ། །ཞེས་བྱ་བ་ལ། བཅུད་ཀྱིས་ལེན་ད
་ལྟར་གྱི་དུས་རྗེས་སུ་མཐུན་ཞིང། །བསྟེན་ཅིང་སྤྱད་པར་ནུས་པ་འབྲས་བུ་བཅས་པ་གང་དག་ཡིན་པ་དེ་བདག་གིས་བཤད་པ་ཡིན་གྱི། བཅུད་ཀྱི་ལེན་གྱི་སྦྱོར་བ་གཞན་དག་ཕན་ཡོན་དང་བཅས་པ་མང་པོ་དྲང་སྲོང་རྣམས་ཀྱི་བཤད་པ་ཡོད་མོད་ཀྱི། །དེ་ནི་རྙེད་པ་དང་བསྒྲུབ
་པར་དཀའ་བ་ཡིན་པས་བདག་གིས་འདིར་མ་བཤད་དོ། །བཅུད་ཀྱིས་ལེན་ག་ཡི་ཚེ་ག་ལས། །ཉམས་པས་གལ་ཏེ་ནང་སྐྱེ་ན། །བཅུད་ཀྱིས་ལེན་དེ་སྤངས་ནས་ནི། །དེ་ཡིས་སྨན་ནི་ཇི་བཞིན་དུ། ཞེས་བྱ་བ་ལ།། བཅུད་ཀྱིས་ལེན་གྱི་ཆོ་ག་བསྟེན་བ་ལས། །ལེགས་པར་མ་སྤྱད་པར
་ཉམས་པར་གྱུར་ཏེ། །གལ་ཏེ་ན་ནང་སྐྱེས་ན་བཅུད་ཀྱིས་ལེན་གྱི་ཆོ་ག་དེ་སྤངས་ཤིང་དོར་ལ་ནད་ནི་དེའི་སྨན་ཇི་ལྟ་བ་བཞིན་དུ་བྱའོ། །བདེན་པར་སྨྲ་ཞིང་ཁྲོ་བ་མེད། །དབང་པོ་སྡོམ་ཞིང་བདག་ཉིད་ཐུལ། །ཞི་ཞིང་དམ་པའི་སྤྱོད་པ་དགའ་། །རྟག་ཏུ་བཅུད་ལེན་ཡིན་ཞེས་བྱ།
་ཞེས་བྱ་བ་ལ། མི་རྟག་པར་བདེན་པར་སྨྲ་བ་དང། དེ་བཞིན་དུ་ཁྲོ་བ་མེད་པ་དང། དབང་པོ་སྡོམ་ཞིང་ཡུལ་ལ་མི་གཡེང་པར་བདག་ཉིད་ཐུལ་བ་དང། སྤྱོད་ལམ་ཞི་བ་དང། དམ་པའི་སྤྱོད་ལམ་དགའ་བ་རྣམས་ནི་རྟག་ཏུ་བཅུད་ཀྱིས་ལེན་ཡིན་པར་ཤེས་བར་བྱའོ། །ཡོན་ཏན
་འདི་དང་ལྡན་གྱུར་པས། །གང་ཞིག་བཅུད་ལེན་བསྟེན་གྱུར་པ། །དེ་ནི་དགའ་ཞིང་ཚེ་རིང་ལ། །འཇིག་རྟེན་འདི་དང་གཞན་དུ་བདེ། །ཞེས་བྱ་བ་ལ། བདེན་པར་སྨྲ་བ་ལ་སོགས་པའི་ཡོན་ཏན་འདི་དག་དང་ལྡན་པས། མི་གང་ཞིག་བཅུད་ཀྱིས་ལེན་བསྟེན་ཅིང་སྤྱོད་པར་བྱེད་པ
་དེ་དག་ནི་བདེ་ཞིང་དགའ་བ་དང་ཚེ་རིང་བ་དང། འཇིག་རྟེན་འདི་དང་འཇིག་རྟེན་གཞན་དག་ཏུ་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །སྤྱོད་པ་བསྟན་བཅོས་རྗེས་འཇུག་ཅིང། །གང་ན་གནས་པའི་སེམས་དང་མཐུན། །དོན་ལ་བློ་ནི་མི་འཁྲུལ་པ?། བཅུད
་ཀྱིས་ལེན་ནི་རྫོགས་པ་ཡིན། །ཞེས་བྱ་བ་ལ། མི་གང་གི་སྤྱོད་པ་བསྟན་བཅོས་ལས་ཇི་སྐད་སྟོན་པའི་རྗེས་སུ་འཇུག་པར་བྱེད་པ་དང་།གང་ན་ཉེ་འཁོར་དུ་གནས་པའི་གྲོགས་ཀྱི་སེམས་དང་རྗེས་སུ་མཐུན་པར་འཇུག་པ་དང། དེ་བཞིན་དུ་གཟུགས་དང་སྒྲ་ལ་སོགས་པའི་དོན
་ལ་བློ་མ་འཁྲུལ་བར་གྱུར་པ་གང་ཡིན་པ་དེ་ནི། བཅུད་ཀྱི་ལེན་ཡོངས་སུ་རྫོགས་པ་ཡིན་པར་ཤེས་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས
་ཀྱི་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རོ་ཙ་བར་བྱ་བའི་ལེའུ་བཤད་པར་བྱའོ། །སྐྱེས་བུ་རྟག་ཏུ་ཡུལ་བསྟེན་པས། །རོ་ཙ་བ་ནི་འདེད་བྱ་སྟེ། །དགའ་དང་བརྡའ་དང་བུ་བརྒྱུད་ནི། །ཡོན་ཏན་ལྡན་པ་དེ་ལ་གནས། །ཞེས་བྱ་བ་ལ། སྐྱེས་བུ་རྟག་ཏུ་ཡུལ
་བསྟེན་པར་བྱེད་པས་རོ་ཙ་བར་བྱ་བའི་སྨན་འདོད་པར་བྱ་ཞིང། །དེ་བསྟེན་པར་བྱ་སྟེ། གང་གི་ཕྱིར་རོ་ཙ་བར་བྱ་བའི་ཆོ་ག་དེ་ལ་ནི་དགའ་བ་དང་ལུས་རྒྱས་ཤིང་རྟ་བ་དང། ཡོན་ཏན་དང་ལྡན་པའི་བུ་རྒྱུད་འཕེལ་བར་བྱ་བ་དག་དེ་ལ་གནས་པ་ཡིན་ནོ། །བུ་ཚའི་བརྒྱུད་ནི་བསྐྱེད་བྱེད་ཅིང།།
་འབྲལ་དུ་ཡང་དག་དགའ་བྱེད་གང། །གང་གིས་རྟ་ལྟར་རབ་སྟོབས་ལྡན། །བུད་མེད་ལ་ནི་ཐོགས་མེད་འགྲོ། །བུད་མེད་ལ་རབ་ཆགས་འགྱུར་བ། །གང་དང་གང་གིས་འཕེལ་གྱུར་པ། །དེ་ནི་རོ་ཙ་བྱེད་པ་སྟེ། ལུས་ཀྱི་སྟོབས་ཀྱང་བསྐྱེད་པའི་མཆོག། ཅེས་བྱ་བ་ལ། བཅུད་ཀྱིས་ལེན
་གང་བུ་ཚའི་བརྒྱུད་དུ་བསྐྱེད་ཅིང་མི་རབས་གནས་པར་བྱེད་པ་དང། གང་འཕྲལ་དུ་དགའ་ཞིང་བདེ་བ་བྱེད་པ་དང། །དངོས་པོ་གང་ཞིག་བསྟེན་པས་བུད་མེད་ལ་འཇུག་པར་བྱེད་པའི་ནུས་པ་དང་ལྡན་ཏེ། ཇི་ལྟར་རྟ་འདོད་པ་ལ་ནུས་པ་དང་ལྡན་པ་ལྟ་བུར་འགྱུར་ཞིང། གང
་ཞིག་ལ་གནས་ན་བུད་མེད་ལ་རབ་ཏུ་ཆགས་པར་འགྱུར་བ་དེ་འཕེལ་ཞིང་རྒྱས་པར་འགྱུར་བ་གང་ཡིན་པ་དེ་ལ་ནི་རོ་ཙ་བར་བྱེད་པ་ཞེས་བྱ་སྟེ། དེ་ནི་ལུས་ཀྱི་སྟོབས་ཅང་གཟི་བརྗིད་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །ཆོས་དང་གྲགས་དང་ཚེ་རིང་དང། །འཇིག་རྟེན་གཉིས་ཀའི་བཅུད་ལེན
་འགྱུར། །གཅིག་བུ་སྐྱོན་ནི་མེད་པ་ཡི། །ཚངས་པར་སྤྱོད་ལ་བདག་ཡི་རང། །ཞེས་བྱ་བ་ལ། གང་ཞིག་ཚངས་པར་སྤྱོད་པ་གཅིག་ཏུ་སྐྱོན་མེད་པ་ལ་གནས་པ་ནི། ཆས་དང་གྲགས་བར་འགྱུར་བ་དང། ཚེ་རིང་བར་བྱེད་པ་དང། འཇིག་རྟེན་འདི་དང་ཕྱི་མར་བཅུད་ཀྱིས་ལེན་དུ་གྱུར་པའི་ཆང་པ
་པར་སྤྱོད་པ་ལ་གནས་པ་ལ་བདག་ཤིན་ཏུ་ཡི་རང་ངོ། །སྙིང་སྟོབས་ཆུང་བ་ཉོན་མོངས་པས། །གནོད་པར་གྱུར་པའི་ནད་བུ་ཅན། ལུས་ནི་ཟད་པ་བསྲུང་བའི་ཕྱིར། །རོ་ཅེའི་ཆོ་ག་བརྗོད་པ་ཡིན། །ཞེས་བྱ་བ་ལ། སེམས་ཅན་སྙིང་སྟོབས་ཆུང་བ་དང། །ཉོན་མོངས་པ་ཤས་ཆེ་བར་གྱུར་པ་དང
་ནང་བུ་ཅན་གྱི་འདོད་པ་སྤྱད་པས་ལུས་ཟད་པར་འགྱུར་བ་བསྲུང་པའི་ཕྱིར་རོ་ཙ་བའི་ཆོ་ག་བཤད་པ་ཡིན་ནོ། །ནང་མེད་ལང་ཚོ་ལེན་པ་དག། རོ་ཅི་བ་ནི་སྟེན་བྱེད་པ། །དུས་ཚིགས་ཀུན་ལ་ཉིན་རེ་ཞིང། །ཉལ་པོར་བྱ་བ་དཔག་པ་མེད། །ཅེས་བྱ་བ་ལ། སྐྱེས་བུ་ནད་མེད་པ་དང་ལང་ཚོ་དང
་ལྡན་པ་དག་རོ་ཙ་པའི་ཆོ་ག་ལ་སྟེན་པར་བྱེད་པ་ལ་ནི། དུས་ཚིགས་དྲུག་པོ་ཀུན་ལ་ཡང་ཉིན་རེ་ཞིང་ཉལ་པོ་བྱ་བ་ཞིག་འཁྲིས་པ་སྦྱོད་པ་དགག་པ་མེད་དོ། །དེ་ནས་སྣུམ་གྱུར་སྦྱང་བྱས་ཤིང། །ནི་རུ་ཧ་དང་འཇམ་རྩི་བཅས། མར་དང་ཏིལ་མར་སྦྲང་རྩི་དང། ཤ་ཁུ་འོ་མ་ཁ་རང
་བཅས། །འོ་མ་ཤ་དང་ཤ་ཁུ་བཟའ་། །སྦྱོར་བ་ཤེས་པས་དང་པོ་བཏང། །དེ་ནི་རོ་ཙེ་བྱེད་སྦྱོར་བ། །ཁུ་བ་བུ་ཚ་འཕེལ་བྱེད་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མི་སྣུམ་གྱི་ཚ་ག་བྱས་ཤིང་སྐྱུགས་སྨན་ལ་སོགས་སྦྱང་བ་བྱས་པ་དང། ནི་རུ་ཧ་ལ་སོགས་པའི་སྦྱོར་བ་ཤེས་པའི་སྨན
་པས་དང་པོ་བཏང་བར་བྱའོ། །དེའི་འོག་ཏུ་ཙ་བའི་སྦྱོར་བ་ཇི་སྐད་བཤད་པ་དང་ཁུ་བ་དང་བུ་ཚ་འཕེལ་བར་བྱེད་པའི་སྦྱོར་བ་དག་བྱའོ། །མེ་ཏོག་དྲི་མནམ་གྲིབ་མ་མེད། །འབྲས་བུ་མེད་པར་གྱུར་པའི་ཤིང། །ཡལ་ག་གཅིག་པའི་ཤིང་གཅིག་བཞིན། །བུད་མེད་མི་ནི་དེ་དག་འདྲ། ཞེས
་བྱ་བ་ལ། ཇི་ལྟར་ཤིང་མེ་ཏོག་དྲི་མ་ནམ་པ་ཡོད་ཅིང་གྲིབ་མ་དང་འབྲས་བུ་མེད་པའི་ཤིང་གཅིག་པུ་ཡོད་ཤིང་ཡལ་ག་གཅིག་ཡོད་ཀྱི་མང་པོ་མེད་པ་ཇི་ལྟ་བ་བཞིན་དུ་བུད་མེད་མེད་པའི་མི་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །གོམ་འགྲོས་འཁྱོར་ཞིང
་ཚིག་མི་གསལ། །རྡུལ་གྱིས་གཡོས་པ་ལྟར་སྣང་ཞིང། །བཞིན་རས་སྣབས་ཀྱིས་གོས་པ་ཡང། །སྙིང་ནི་དགའ་བར་བྱེད་པ་ཡིན། །རེག་པ་དང་ནི་མཐོང་སོགས་ལ། །བུ་མཉམ་བདེ་བ་ཡོད་མིན་ན། །གང་ཞིག་ཆོས་དང་གྲགས་པར་ལྡན། །ང་རྒྱལ་རིག་འཕེལ་སྨོས་ཅི་དགོས་ཞེས་བྱ་བ
་ལ། བུ་གང་ཤིན་ཏུ་དྲན་ཅིང་གོམ་འགྲོས་འཁྱོར་པ་དང། ཚིག་མི་གསལ་བ་ལ་སོགས་པའི་རང་བཞིན་ཅན་དག་ཀྱང་སྙིང་དགའ་བར་བྱེད་པ་ཡིན་ཞིང། དེ་དང་རེག་པ་དང་མཐོང་པ་ལ་སོགས་པ་དེ་དང་མཉམ་པའི་བདེ་བ་ཡོད་པ་མ་ཡིན་ན། བུ་གང་ཞིག་ཆོས་དང་བྲགS
་པ་ལ་སོགས་པ་འཕོས་བར་བྱེད་པ་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་མཉམ་པའི་དཔེ་གང་ཞིག་གཞལ་བར་བྱ་སྟེ། །དཔེ་མེད་པ་ཡིན་ནོ། །ལུས་སྦྱང་བྱས་ཏེ་ཅི་ནུས་པར། །རོ་ཙའི་སྦྱོར་བ་བརྩམ་བར་བྱ། །ཞེས་བྱ་བ་ལ། མིའི་ལུས་སྐྱུག་སྨན་ལ་སོགས་པ་སྦྱང་བ་བྱས
་ནས། དེའི་འོག་ཏུ་ནུས་པ་དང་ལྕོགས་པ་ཅི་ཡོད་བས་རོ་ཙ་བའི་སྦྱོར་བ་བརྩམ་པར་བྱའོ། །འདམ་བུ་གུང་ཤིང་འག་མ་སོགས། །པུ་ཤེལ་ཙོ་དང་བི་ད་རི། །ཀཎྚ་ཀཱ་རཱི་རྩ་བ་དང། །བ་ལ་འཚོ་བྱེད་ཟངས་རྩི་བ། །ར་མཉ་བ་གཉིས་མེད་གཉིས། །ཉེའུ་ཤིང་པརྞ་རྣམ་གན་ཡིས་དང། །
་ཤྭ་?་གནད་ཁ་སལ་ཕྲེའུ། ། ཏི་པ་ལ་བ་སྤུ་བ། །བི་ད་རིཏྟ་པ་ཡསསྱ། །ར་སྣ་གཟེ་མ་ཛི་བིནྟ། །ཤིང་མངར་ས་ལ་བརྞ་རྣམས། །རེ་རེའང་སྲང་ནི་གསུམ་གསུམ་ཆ། །མོན་སྲན་གྲེའུ་བྲེ་བཞི་དང། །ཆུ་བྲེ་སུམ་ཅུ་གཉིས་ནང་བསྐོལ། །ཁུ་བ་བྲེ་བཞི་ལུས་པ་རུ། །མར་བྲེ་བཞི་དང་བི
་ད་རི། སྐྱུ་རུ་ར་དང་བུ་རམ་ཤིང། །བྲེ་ནི་བཞི་བཞི་གཞུག་པར་བྱ། །འོ་མ་མར་ཕྱིར་ཞི་འགྱུར་དང། །བི་ར་ཁ་སྲལ་ར་མཉེ་གཉིས། །ཤིང་མངར་བལ་གུ་བི་བི་ལིང། །རྒུན་འབྲུམ་འབྲོག་བིད་རི། །མ་དུ་ཀ་དང་ཉེ་འུ་ཤིང་པ། །འདི་དག་བཏགས་ཏེ་བཅུག་ནས་ནི། །དེ་ལ་སྐོལ
་བཙགས་པའི་ནང་དུ་ནི། །ཁ་ར་དཀར་པོ་སྨིག་རྐང་ནི། །སྨན་ནི་བྲེ་རེ་གཞུག་པ་དང། །པི་པི་ལིང་ནི་སྲང་བཞི་དང། །ན་ལེ་ཤམ་ནི་སྲང་གཅིག་དང། །ཤིང་ཚ་སུག་སྨེལ་གེ་སར་རྣམས། །རེ་རེ་སྲང་ནི་ཕྱེད་ཕྱེད་ཕྱེ། །སྦྲང་རྩི་སྐད་ནི་བཅུ་དྲུག་སྦྱར། །དེ་ལས་ཉིན་རེ་སྲང་རེ་བཟའ་། །འོ་མ་དང་ནི
་ཤ་ཁུ་འཐུང། །དེས་ནི་རྟ་ལྟར་སྤྱོད་འགྱུར་ཞིང། །མཆིལ་པ་ལྟ་བུར་འདོད་པ་སྤྱོད། །ཅེས་བྱ་བ་ལ། འདམ་བུ་ནས་ཀཎྚ་ཀཱ་རཱིའི་བིར་གྱི་རྩ་བ་དང། །དེ་བཞིན་བ་ལ་སོགས་པའི་སྨན་སྣ་རེ་ཞིང་སྲང་གསུམ་གསུམ་བྱས་ལ། མོན་སྲན་གྲེའུ་ལ་སོགས་པའི་ནང་དུ་བསྐོལ་ཏེ། དེའི
་ཁུ་བ་བཞི་ཆ་ལུས་པར་མར་ལ་སོགས་པའི་ཁུ་བ་བཞི་བྲེ་བཞི་བཞི་བཅུག་ལ། །འོ་མ་བྲེ་བཅུ་དྲུག་བཅུག་སྟེ། བི་ར་ནས་ཉེའུ་ཤིང་གི་བར་དུ་བསྐོལ་བའི་ཆོ་ག་བཞིན་དུ་ལྡེ་གུར་བྱས་པ་བཅུག་ནས་མར་ཏ་བསྐོལ་ལ། །བཙགས་པའི་ནང་དུ་ཁང་དང། ཅུ་གང་བྲི་ར་བཅུག
་ལ་དེ་བཞིན་དུ་པི་པི་ལིང་ལ་སོགས་པ་ཡང་ཇི་སྐད་སྨོས་པ་བཞིན་དུ་བཅུག་སྟེ། སྦྱར་ལ་དེ་ལས་ཉིན་རེ་བཞིན་སྲང་རེ་ཟོས་ཤིང་འོ་མ་དང་ཤ་ཁུ་འཐུངས་ན་རོ་ཅ་བའི་སྦྱོར་བས་རྒོས་མའི་ནང་གི་རྟ་ལྟ་བུ་འམ། །བྱེའུ་མཆིལ་པར་དང་འདྲ་བར་འདོད་བ་སྤྱོད་ནུས་སོ། །པི
་?་རི་དང་པ་པི་ལིང། །ཤ་ལ་འབྲས་རྩ་པི་ཡ་ལ། །ཁ་སྲལ་ཕྱེ་མ་ཕུལ་རེ་དང། །དེ་བཞིན་སྦྲང་རྩི་སྲང་བརྒྱད་དང། །ཁ་རའ་ཕྱེ་མ་སྲང་ལྔ་བཅུ། །མར་གསར་སྲང་ནི་བཅུ་དྲུག་སྒྱར། །དེ་ལས་ཞོ་ནི་གཉིས་གཉིས་བཟའ་། །བུད་མེད་བརྒྱ་ལ་སྤྱོད་པ་ནུས། ཞེས་བྱ་བ་ལ། དི་ད་རི
་ལ་སོགས་པའི་ཕྱི་མ་ཕུལ་རེ་དང། །སྦྲང་རྩི་ལ་སོགས་པ་ཇི་སྐོད་སྨོས་པ་བཞིན་དུ་སྦྱར་བའི་རོ་ཙ་བའི་སྦྱོར་བ་འདི་སྟེན་ན་བུད་མེད་བརྒྱ་ལ་ཡང་འདོད་པ་སྤྱོད་ནུས་པར་འགྱུར་རོ། །ཁ་སྲལ་ཕྲེའུ་ཞོ་འམ་ནི། །མཱ་ཥ་འོ་མར་བསྐོལ་ཏེ་བསངས་དཀར་དང་སྦྲང་རྩིར་བཅས་པ་དག།
་ཐོས་ལ་བ་སར་འོ་མ་བཏུང། །མཚན་མོ་ཐོག་ཐག་གཉིད་མ་ལོག། དུབ་པ་མེད་པར་ཉལ་པོར་སྤྱོད། །ཅེས་བྱ་བ་ལ། ཁ་སྲལ་ཕྲེའུ་ལ་སོགས་པའོ་མར་བསྐོལ་པའམ། མཱ་ཥ་འོ་མ་དང་བསྐོལ་བ་བསྒྲངས་པའི་ནང་དུ། །མར་སྒྲང་རྩི་བཏབ་བ་སྐྱེས་བུས་ཟོས་ལ། དེའི་འོག་ཏུ
་བ་སར་པ་བེའུ་ལན་མི། བཅས་པའི་འོ་མ་འཐུངས་ན་མཚན་རངས་བུད་མེད་ལ་ཉལ་པོ་སྤྱད་ཀྱང་ངལ་བ་མེད་པར་འགྱུར་རོ། །ར་ཐུག་རླིག་པ་འོ་མར་བཙོས། །ཏིལ་དང་ལན་མང་བསྲེས་པ་དང། །ཁ་རར་བཅས་ཟོས་གང་ཡིན་ཏེ། དུད་མེད་བརྒྱ་ལ་ཡང?
་གསར་སྙམ་སེམས། ཞེས་བྱ་བ་ལ། ར་ཐུག་གི་རླིག་པའོ་མའི་ནང་དུ་བཙོས་ལ་ཏིལ་དང་ཡང་དང་ཡང་དུ་ལན་མང་པོར་བསྲེས་ལ་ཁར་དང་བཅས་པ་ཟོས་ན་བུད་མེད་བརྒྱལ་སྤྱོད་པ་ན་ཡང་སྔོན་ཆད་མ་སྤྱད་པའི་སར་པ་སྙམ་དུ་སེམས་པར་འགྱུར་རོ། །བིད་རེ་ཡི་ཕྱི་མ་ནི། །རང་གི
་ཁུ་བར་ལན་མང་སྤངས། །ཞུན་མར་སྦྲང་རྩིར་བཅས་བལྡགས་ན། །བུད་མེད་བཅུ་ལ་སྦྱོར་པར་ནུས། །བི་ད་རིའི་ཕྱེ་མ་བི་ད་རི་རང་ཉིད་བསྐོལ་བའི་ཁུ་བའི་ནང་དུ་སྤངས་བ་ཞུན་མར་དང་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་ཟོས་ན་ཡང་ཉེན་རེ་ཞིང་བུད་མེད་བཅུ་ལ་སྤྱོད་པར་དུས་སོ། །པི་པི
་ལིང་དང་སྐྱུར་རུ་ཕྱེ། །རང་གི་ཁུ་བར་ལེགས་སྤངས་པ།། །ཤ་ཁ་ར་མར་སྦྲང་རྩིར་སྦྱར། །ཟོས་རྗེས་འོ་མ་འཐུང་བ་གང། །མི་དེ་བརྒྱ་བཅུ་ལོན་ན་ཡང། །ང་ཚོར་གནས་ཤིང་འདོད་སྤྱོད་ནུས། །ཞེས་བྱ་བ་ལ། པི་པི་ལིང་དང་སྐྱུ་རུ་རའི་ཕྱེ་མ་ཇི་སྐད་སྨོས་པ་བཞིན་དུ་བསྟེན
་ན་ཡང་མི་དེ་ལོ་བརྒྱ་བཅུ་ལོན་ཡང་ལང་ཚོལ་བབ་པ་བཞིན་དུ་།བུད་མེད་ལ་འདོད་པ་སྤྱོད་པར་འགྱུར་རོ། །ཤིང་མངར་ཕྱེ་མ་ཞོ་གཉིས་དང། །མར་དང་སྦྲང་རྩི་དེ་མཉམ་པ། ཟོས་རྗེས་འོ་མ་འཐུངས་གྱུར་ན། མི་དེ་རྟག་ཏུ་འདོད་སྤྱོད་ནུས། །ཞེས་བྱ་བ་ལ། སྐྱེས་བུ
་གང་ཤིང་མངར་བཏགས་པའི་ཕྱེ་མ་ཞོ་གཉིས་སྦྱར་བ་ཟོས་ལ། དེའི་འོག་ཏུ་འོ་མ་འཐུངས་ན་ཡང་རྟག་ཏུ་ཆགས་པ་སྤྱོད་ནུས་པར་འགྱུར་རོ། །ཀརྐ་ཏ་ཡི་སྲང་གི་ཕྱེ། །འོ་མར་སྦྱར་ཏེ་འཐུངས་པ་དང། །ཁར་འོ་མ་མར་བཅས་པའི། །ཟས་ཟོས་བུད་མེད་ལ་ཕོད་འགྱུར།།
་ཞེས་བྱ་བ་ལ། །ཡང་མི་གང་ཀརྐ་ཏ་སྲིང་གི་ཕྱེ་མ་ཇི་སྐད་སྨོས་པ་ལྟར་བསྟེན་ན་ཡང་བུད་མེད་ལ་འདོད་པ་སྤྱོད་པ་ཁྱུ་མཆོག་ལྟར་ནུས་པར་འགྱུར་རོ། །བ་ཡས་སྱ་དང་འོ་མ་བསྐོལ། །མར་དང་སྦྲང་རྩི་བཅས་ཟ་ཞིང། །བ་ནི་ཡར་མའི་འོ་མ་འཐུངས། །དེ་ཡི་ས་བོན་ཟད་མི
་ཤེས། ཞེས་བྱ་བ་ལ། ཡང་མི་གང་ཡས་སྱ་དང་འོ་མ་བསྐོལ་བ་མར་དང་སྦྲང་རྩི་དང་ཟ་ཞིང། དེ་བཞིན་དུ་བ་ཡར་མ་སྟེ་བེའུ་སྐྱེས་ནས་ལོ་གཅིག་ལོན་པའི་འོ་མ་འཐུངས་ན། །དེ་བུད་མེད་ལ་སྤྱོད་ཀྱང་ས་བོན་ཟད་མི་ཤེས་པར་འགྱུར་རོ།། །ཁ་སྲལ་ཕྲེའུ་བུ་ཕྲན་གྱི། །ས་བོན་ཕྱེ་མ་ཁ་?
་བཅས། །འོ་མ་བཞོས་མ་ཐག་འཐུངས་ན། ལུང་བོང་ལྟ་བུར་སྤྱོད་པར་ནུས། །ཞེས་བྱ་བ་ལ། །བ་སྲལ་པྲེའུ་དང་བུ་རམ་ཤིང་ཕྲ་མོ་ས་བོན་གྱི་ཕྱེ་མཁ་ར་དང་བཅས་པར་ཟོས་ལ་འོ་མ་བཞོས་ཨ་ཐག་འཐུངས་ན་བུད་མེད་རྣམས་ལ་འུ་ངོ་བོར་ལྟར་འདོད་ཆགས་སྤྱོད་པ་ནུས་པར་འགྱུར་རོ།།
་ཨུ་ཙི་ཏི་མི་ཕྱེ་མ་དང། །ཉེའུ་ཤིང་སྦྱར་བའ་དེ་བཞིན་ནོ། །ཞེས་བྱ་བ་ལ། །ུ་ཙ་ཌའི་ཕྱེ་མ་ཁ་ར་དང་བཅས་པ་ཟོས་ལ་འོ་མ་བཞོས་མ་ཐག་འཐུངས་པའམ། ཉེའུ་ཤིང་གི་སྦྱོར་བ་གོང་མ་ལྟར་བྱས་ན་ཡང་ལུང་ཏབོང་ལྟར་སྤྱོད་པར་འགྱུར་རོ། །ཞོའི་སྤྲིས་ཟླ་ལྟར་དཀར་བའི།།
་ཚུགས་ཀྱིས་བཙགས་པ་ཟོས་ནས་ནི། །ཁ་ར་དྲུག་ཅུ་པའི་ཆན་ཁྲེས། །རྒན་པོ་འམ་གཞོན་ནུ་བཞིན་དུ་སྡོང། །ཅེས་བྱ་བ་ལ། ཞོའི་སྦྲིས་ཟླ་བ་ལྟར་རབ་ཏུ་དཀར་བ་ཚགས་ཀྱིས་བཙགས་པ་དང། །འབྲས་དྲུག་ཅུ་པའི་ཚན་དང་ཁ་ར་དང་བཅས་པ་ཟོས་ན་ཡང་རྒན་པོ
་ཞིག་ཡིན་ཡང་དར་ལ་བབ་པ་བཞིན་དུ་འདོད་པ་སྤྱོད་པར་ནུས་སོ། །གཟེ་མ་མཱ་ཥ་ཡ་ཀ་རུ། །ཁ་སྲལ་ས་བོན་ཉེའུ་ཤིང་པ། །འོ་མ་བཅས་འཐུངས་རྒས་པ་ཡང། །བུད་མེད་བརྒྱལ་སྤྱོད་པར་ནུས། །ཞེས་བྱ་བ་ལ། གང་ཞིག་གཟེམ་ལ་སོགས་པ་འོ་མ་དང་བསྐོལ་བ་འཐུངས
་ན་མི་དེ་རྒས་པ་ཡིན་ཡང། བུད་མེད་བརྒྱལ་སྤྱོད་ནུས་པར་འགྱུར་རོ། །གང་ཡང་མངར་ཞིང་སྣུམ་པ་དང། །སྟོབས་འཕེལ་ཉམས་ནི་རྒྱས་བྱེད་དང། ཡིད་ནི་དག་པར་བྱེད་པ་གང། །དེ་དག་ཐམས་ཅད་རོ་ཙ་ར་བཤད། །དེ་བས་ཛས་ནི་ད་ལྟ་བུས། །བརྟས་བྱས་བུད་མེད་ལ
་འཇུག་བྱ། །རང་གི་ཤུགས་ཀྱིས་བསྐྱོད་པ་དང། །བུད་མེད་ཡོན་ཏན་གྱིས་དགའ་སྤྱད། །ཅེས་བྱ་བ་ལ། གང་ཡང་འོ་མངར་བ་དང་སྣུམ་པ་དང། །ཉམས་སྟོབས་འཕེལ་ཞིང་རྒྱས་པར་བྱེད་པ་དང། ཡིད་དགའ་བར་བྱེད་དེ། །དེ་ཐམས་ཅད་ཀྱང་རོ་ཙ་ཞིང་ཁུ་བ་འཕེལ་བར
་བྱེད་པར་བཤད་དོ། །དེ་བས་ན་མངར་བ་ལ་སོགས་པའི་རྫས་འདི་ལྟ་བུས་མི་བརྟས་པར་བྱས་ནས་བུད་མེད་ལ་འཇུག་པ་དང། དེ་བཞིན་དུ་རང་གི་དགའ་བའི་ཤུགས་བོད་བས་བསྐྱོད་པ་དང། བུད་མེད་ཀྱི་ཡོན་ཏན་གྱིས་དགའ་བར་བྱས་པའི
་སེམས་དང་བུད་མེད་ལ་འཇུག་ཅིང་དགའ་བར་འབོད་པ་སྤྱོད་པར་བྱའོ། །ཆོས་ཀྱི་དཔག་བསམ་ཤིང་མྱུ་གུ། །དབང་པོའི་བདེ་བ་ཀུན་བསྟེན་བྱ། །ཡུལ་ནི་ཡིད་དུ་འོང་བ་ལྔ། །འདོད་པའི་ལྷ་ཡི་མདའ་ཡིན་ནོ། །ཞེས་བྱ་བ་ལ། འདོད་པའི་ཆོས་ཀྱི་ལྷའི་དག་བསམ་མྱུ
་གུ་ལྟ་བུ་ཡིན་ཞིང་འདོད་པའི་ལྷའི་ལྡེར་གྱུར་པ་གཟུགས་ལ་སོགས་པའི་ཡུལ་ལྔ་པོ་གང་དག་ཡིན་པ་དབང་པོའི་བདེ་བསྐྱེད་པར་བྱེད་པ་དེ་བསྟེན་པར་བྱའོ། །ཡིད་འོང་ཡ་ཨུལ་ནི་རེ་རེས་ཀྱང། ཚིམ་ཞིང་དགའ་བ་མཆོག་ཡིན་ནོ། །བུད་མེད་ལུས་ལ་འདུས་ནས་གང། །
་གནས་པ་དེ་ནི་སྨོས་ཅི་དགོས། །ཞེས་བྱ་བ་ལ། ཡིད་དུ་འོང་བའི་ཡུལ་སྒྲ་ལ་སོགས་པ་ཡུལ་རེ་རེས་ཀྱང་ཚིམ་པ་དང་དགའ་བར་བྱེད་པའི་མཆོག་ཡིན་ན་ཡུལ་ཐམས་ཅད་འདུས་པར་གྱུར་པའི་བུད་མེད་ལྟ་སྨོས་ཀྱང་ཅི་དགོས། །གང་གི་མིང་ཐོས་ན་ཡང་སྙིང་དགའ་ཞིང། །མཐོང་ན་ངོམས
་པར་འགྱུར་བ་མེད་པ་དང། །དབང་པོ་ཀུན་འདྲེན་ལྕགས་ཀྱུར་གྱུར་པ་ཡིན། །བུད་མེད་ཁྱོ་ཡི་རྗེས་འཇུག་འཕྱོན་མ་མིན། །སྒྱུ་རྩལ་འཇོ་སྒེག་ན་ཚོད་ལུས་ཀྱིས་བརྒྱན། །ཕྱིར་ནི་ངོ་ཚ་དབེན་པར་སྤྱོད་པ་སྤངས། །ཚིག་སྙམ་སྨྲ་ཞིང་མཚུངས་པར་མངོན་དགའ་བ། །བུད་མེད་དེ་ནི་རོ་ཙའི་དེན་མཆོག
་བྱེད། །ཅེས་བྱ་བ་ལ། བུད་མེད་གང་མིང་ཙམ་ཐོས་ན་ཡང་སྙིང་དགའ་ཞིང་རོ་ཙ་བར་བྱེད་པ་དང། བུད་མེད་གང་མཐོང་ནི་ཡིད་དོམས་པར་འགྱུར་བ་མེད་པ་དང། གང་དབང་པོ་ཐམས་ཅད་འགུགས་ཤིང་འདྲེན་པའི་ལྕགས་ཀྱུར་གྱུར་བ་དང། བུད་མེད་ཁྱོའི་རྗེས་སུ་འཇུག་ཅིང་གཞན་ལ་མི
་འཕོ་པའི་ཁྱིམ་ཐབ་ཀྱི་བརྟུལ་ཞུགས་ཅན་དུ་གྱུར་པ་དང། དེ་བཞིན་སྒྱུ་རྩལ་དང་ལུས་ཀྱི་འཇོ་སྒེག་དང། ན་ཚོད་གཞོན་པས་བརྒྱན་པར་གྱུར་བ་དང། དེ་བཞིན་དུ་ཕྱི་རོལ་མང་པོ་འདུས་པའི་ནང་དུ་ངོ་ཚ་དང་བཅས་པ་དང། དབེན་པར་གཅིག་པུ་གནས་པ་དང། སྤྱོད་པའི་བག
་ཡངས་ལ་མཁས་པ་དང། ཚིག་འཇམ་ཞིང་སྙན་པར་སྨྲ་བ་དང། །འདོད་པ་ལ་མཚུངས་པར་དགའ་བར་གྱུར་པའི་བུད་མེད་དེ་ནི་རོ་ཙ་བའི་དོན་གྱི་མཆོག་གྲུབ་པར་བྱེད་པ་ཡིན་ནོ། །འདོད་པའི་བསྟན་བཅོས་ལས་བཤད་སྐྱོན་མེད་པ་ཡུལ་དང་དུས་དང་ཉམས་སྟོབས་རྗེས་མཐུན་ཞིང། སྨན་དབྱད
་བསྟན་བཅོས་སྦྱོར་དང་མི་འགལ་བ། འདོད་པའི་སྤྱོད་པ་མ་ལུས་སྤྱད་པར་བྱ། ཞེས་བྱ་བ་ལ། འདོད་པའི་བསྟན་བཅོས་པ་ཅ་ཡན་ལ་སོགས་པ་ལས་བཤད་པའི་ཉེས་པའི་སྐྱོན་མང་པ་དང་ཡུལ་དང་དུས་དང་ཉམས་སྟོབས་ཀྱི་རྗེས་སུ་མཐུན་པར་སྤྱོད་པ་དང། །སྨན་དཔྱད་ཀྱི་བསྟན་བཅོས་ལས
་བཤད་པའི་སྦྱོར་བ་དང་མེ་འགལ་བའི་འདོད་པ་སྤྱོད་པ་དེ་ལྟ་བུ་དག་གིས་འདོད་པ་སྤྱོད་པར་བྱའོ། །བསྐུ་བྱུག་ལས་དྲིལ་སྨན་ཆུ་བླུགས་དང་དྲིལ། མེ་ཏོག་ཕྲེང་བ་སྣ་ཆགས་བརྒྱན་དང་ལྡན། གླུ་དང་སྙན་དངགས་ལ་སོགས་གཏམ་ལ་མཁས། །རང་བཞིན་ན་ཚོད་མཚུངས་ཤིང་དབང་གྱུར་གྲོགས་།
་ཞེས་བྱ་བ་ལ། གྲོགས་པོ་མཇའ་བཤེས་ཀྱང་བ་སྐུ་བྱུག་ལ་སོགས་པ་དང་ལྡན་ཞིང་གླུ་ལ་སོགས་པ་ལ་མཁས་པ། རང་བཞིན་དང་ན་ཚོར་མཉམ་པ་རང་གི་དབང་དུ་གྱུར་པ་ཡང་ཡིད་དང་མཐུན་ཞིང་མགུ་བར་བྱེད་པ་ཡིན་པས་རོ་ཙ་བར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ལ། བཤད་པ་དང་སྦྱར་རོ།།
་རང་གི་ཁང་པའི་ཉེ་འཁོར་ཁྲུས་རྫིང་བུ། །པདྨའི་ག་སར་སྦྲང་རྩིས་མྱོས་པ་ཡི། སྦྲང་མ་བྱ་དང་བཅས་པར་གྱུར་པ་ནི། །སྔོ་ཞིང་གཞི་མཉམ་རེ་ཡི་འདབས་ན་ནི། །ནགས་ཚལ་ཁྱིམ་དང་ཉེ་བར་གྱུར་པ་དང། ཞེས་བྱ་བ་ལ། རང་གི་ཁང་པའི་ཉེ་འཁོར་ན་ཁྲུས་ཀྱི་རྫིང་བུ་ཡིད་དུ་འོང་བ་པདྨ་གསར
་གྱི་རྡུལ་ལས་བྱུང་བའི་སྦྲང་རྩིས་མྱོས་པར་གྱུར་པའི་སྦྲང་མའི་ཚོགས་དང་བཅས་པ་ཡང་ཡིད་དུ་འོང་བ་ཡིན་པས་ན་རོ་ཙ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་བྱ་སྣ་ཚོགས་དང་བཅས་པའི་ནགས་ཚལ་གཞི་མཉམ་ཞིང་ཡིད་དུ་འོང་བ་ཡང་ཁྱིམ་གྱིས་འདབས་ཉེ་བར་འདུག་པ་པོ་ཡང
་ཉམས་དགའ་བར་བྱེད་པ་ཡིན་པས་རོ་ཙ་བར་བྱེད་པ་ཡིན་ནོ། མཐོང་ན་དགའ་བའི་ཤིང་ནི་སྣ་ཚོགས་སྐྱེས། །མཉན་ན་བདེ་བའི་ཁུ་བྱུག་སྒྲ་སྙན་སྒྲོགས། །ལུས་བདེ་བུད་བྱེད་རྒྱན་ལྡན་དུས་དབང་བྱུག། སེམས་བདེ་མ་ལུས་འཁོར་གྱིས་བསྐོར་བ་དང། ཞེས་བྱ་བ་ལ། སྐྱེད་མོས་ཚལ་མཐོང་ན
་ཉམས་དགའ་ཞིང་ཡིད་བདེ་བ་བསྐྱེད་པ་སྣ་ཚོགས་པ་མཐོང་བས་དགའ་བ་བསྐྱེད་པ་དེ་ཡང་རོ་ཙ་བར་བྱེད་པ་དེ་ཡང་རོ་ཙ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་མཉན་ན་བདེ་བའི་སྒྲ་ཁུ་བྱུག་ལ་སོགས་བདག་གི་སྒྲ་ཡིད་དུ་འོང་བ་ཐོས་པ་ཡང་ངོ་ཙ་བར་བྱེད་པ་ཡིན་ནོ། །བུད
་མེད་རྒྱན་གྱིས་བརྒྱན་ཅིང་དུས་ཀྱི་བདེ་བའི་དབང་དུ་འགྱུར་བ་བསྐྱེད་པར་བྱེད་པ་ཡང་རོ་ཙ་བར་བྱེད་པ་ཡིན་ལ། །དེ་བཞིན་དུ་སེམས་བདེ་པར་བྱེད་པའི་འཁོར་གྱི་ཚོགས་ཀྱིས་བསྐོར་ཏེ། གནས་པ་འདོར?་ཙ་བར་བྱེད་པའི་རྒྱུ་ཡིན་ནོ། །སོ་རྩི་དང་ནི་ཆང་དངས་ཆུང་མ་ནི། ཡིད་འོང་མཚན་ནོ་ཟླ
་ཟེར་བཅས་བར་འདུག། །ཡིད་ནི་དགའ་བར་བྱེད་པ་གང་དང་གང། དེ་དང་དེ་ནི་རོ་ཙ་བྱེད་པ་ཡིན། ཞེས་བྱ་བ་ལ། སོ་ཅི་ཏམ་བུལ་ཞེས་བྱ་བ་བསྟེན་ཅང་ཟ་བ་དང་ཆང་དངས་མ་འཐུང་བ་དང། ཆུང་མ་ཡིད་དུ་འོང་བ་དང་འགྲོགས་ཤིང་མཚན་མོ་ཟླ་ཟེར་དང་བཅས་པ་ལ་འདུག་པ་ཡང
་འོ་ཙ་བར་བྱེད་པའི་རྒྱུ་ཡིན་ཏེ་མདོར་ན་ཡིད་དགའ་བར་བྱེད་པ་གང་དང་གང་ཡིན་པ་དེ་དག་ཐམས་ཅད་རོ་ཙ་བར་བྱེད་པ་ཡིན་ནོ། །ཆུང་མའི་ཁ་ནི་ཨུད་པལ་ལྟར་དྲི་ཞིམ། །པི་ཝང་སྙན་པའི་སྒྲ་ནི་ཉན་བྱེད་དང། །མལ་སྟན་ཡིད་འོང་མེ་ཏོག་བ་ངལ་བཀྲམ་པ། ལྕུག་མ་མེ་ཏོག
་མྱ་གུས་བརྒྱན་པ་འདྲ། །ཞེས་བྱ་བ་ལ། ཆུང་མའི་ཁ་ནི་ཨུཏཔལ་ལྟར་ཤིན་ཏུ་དྲི་ཞིམ་པར་བྱེད་པ་དང། པི་ཝང་སྙན་པའི་སྒྲ་ཉན་པར་བྱེད་པ་དང། དེ་བཞིན་དུ་མལ་སྟན་ཡིད་དུ་འོང་ཞིང་མེ་ཏོག་དྲི་ཞིམ་པའི་བཅལ་བཀྲམ་པ་ལྕུག་མ་རྩེ་མོ་མེ་ཏོག་དང་མྱུ་གུས་བརྒྱན་པ
་ལྟར་ཡིད་དུ་འོང་བ་ཡང་འདོད་པའི་དོན་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །ཡུལ་དང་དུས་ལ་གནོད་པ་གང་ཡང་མེད། །ཡུལ་གྱི་ཡིད་ལ་གནོད་པ་ཆུང་ངུ་མེད། །རོ་ཙའི་སྦྱོད་པ་ཉེ་བར་ལྡན་གྱུར་བ། །འདོད་པའི་འདོད་པ་ཡོངས་སུ་རྫོགས་པར་བྱེད། ཅེས་བྱ་བ་ལ། གང་ན་གནས
་པའི་ཡུལ་ན་གནོད་པའི་འཚེ་བ་གང་ཡང་མེད་པ་དང། དེ་བཞིན་དུ་ལུས་ལ་གནོད་པའི་འཚེ་བ་གང་ཡང་མེད་པ་དང། དེ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་གྱིས་ཡིད་ལ་གནོད་པ་ཆུང་ཙམ་ཡང་མེད་པར་གྱུར་པ་དང། དེ་བཞིན་དུ་རོ་ཙ་བའི་སྦྱོར་བ་ཇི་སྐད་སྨོས་པ
་དང་ཉེ་བར་ལྡན་པ་སྟེ། དེ་དག་ཐམས་ཅད་ནི་འདོད་པའི་འདོད་ཆགས་ཀྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །གླ་སྒང་པརྦ་ཏ་ནི་རིམས་ལ་ཕན། སྐོམ་དང་ཆེ་ལ་བོ་དང་བསྲེགས་པ་ནི། །ཆུ་ཡི་ནང་དུ་ཀ་སུར་བའི་དངས་མ་ཕན། །སློན་ལ་འབྲས་ཡོས་ཆུ་སའི་ནང་བྲག་ཞུན། །གཅིན་སྙི?་ཀྱུ
་རུ་བ་དང་སེར་པོ་གཉིས། །སྐྱ་རྦ་བ་ནང་ལ་ལྕགས་ཀྱི་ཕྱེ་མ་མཆོག། །རླུང་དང་བད་ཀན་ལ་ནི་ཨ་རུ་ར། །མཆེར་པའི་ནད་ལ་པི་པི་ལིང་མཚོག་ཡིན། །གློ་རྡོལ་པ་ལ་རྒྱ་སྐྱེགས་ཁུ་བ་བསྔགས། །དུག་གི་ནད་ལ་ཤྲི་ཤ་རབ་བསྔགས་ཏེ། །ཚིལ་དང་རླུང་ནད་ལ་ནི་གུ་གུལ་ཕན། ཁྲག་དང
་མཁྲིས་པར་བ་ཤ་ཀ་རབ་སྔགས། །འཁྲུ་བའི་ནང་ལ་དུག་མོ་ཉུང་པ་ན་ཞིང། །གཞང་འབྲུམ་གོ་བྱེད་བྱིག་དུག་ལ་གསེར་ཕན། །ཚོ་ཆས་པ་ལ་སྐྱེར་ཁཎྜ་བསྔགས་ཤིང། །སྲིན་བུ་ནད་ནི་པྱི་དང་གཡིས་འཇོམས། །གཅོད་ཆེན་ལ་ཆང་ར་ཤའམ་འོ་མ་ཕན། །མིག་གི་ནད་ལ་འབྲས་བུ
་གསུམ་རབ་ཕན། །དྲེག་ནང་ལ་ནི་སླེ་ཏྲེས་རབ་བསྔགས་ཤིང། །ཕོ་བའི་ནད་ལ་དར་བ་གསར་པ་མཆོག་།མཇེ་ལ་སེང་ལྡེང་སྙིང་པོ་བསྟེན་བ་མཆོག། ནད་ཀུན་ལ་ནི་བྲག་ཞུན་བསྔགས་པ་ཡིན། །སྨྱོ་བྱེད་ནད་ལ་མར་ནི་སྙིང་པ་ཕན། །བརྗེད་བྱེད་ནད་ལ་བྲཧམི་ཕན་པ་ཡིན། །མྱ་ངན་ལ་ནི་ཆང
་ནི་བྱུང་ན་ཕན། །གཉིད་མེད་པ་ཡི་ནང་ནེ་འོ་མ་སེལ། །ཆམ?་པ་ཞོ་ནི་སྦྱར་མ་ཐག་གིས་སེལ། །རིང་པའི་ནད་ལ་ཤ་ནི་སྦྱིན་བར་བྱ། །རླུང་གི་ནང་ལ་སྒོག་སྐྱ་རབ་ཏུ་བསྔགས། །ཡན་ལག་རེངས་པའི་ནད་ནི་དུག་གིས་སེལ། །ཕྲག་པ་ཕྲག་གོང་ལག་དར་ན་བལ། །ཐང་ཆུ་རྩ་ཕར་ཡི་སྣ་སྨན
་ཕན་?་ཀླད་པའི་ནད་ལ་མར་སར་ཧྭགས་ཀྱིས་སེལ། །དམུ་རྫིང་རྔ་མོའི་གཅིན་དང་འོ་མས་སེར། །མགོ་བོའི་ནང་ཀུན་ལ་ནི་སྣ་སྨན་བསྔགས། །ཁོང་འབྲས་གསར་དུ་བྱུང་ལ་གཏར་ག་གདབ། །ཁ་ཡི་ནད་རྣམས་ལ་ནི་མཁུར་བཀང་ཕན། །མིག་ནད་སྣ་སྨན་མིག་ནང་ལྟ་བས་སེལ། །རྒག་པ་ལ་ནི
་འམ་ཞན་མང་ཕན། བརྒྱལ་ལ་ཆུ་གྲང་རླུང་དང་གྲིབ་མ་ཕན། །དྲོང་ཆུང་ངལ་དང་སྒེའུ་གཤེར་ཚར་ན་བཟའ་། དུབ་ལ་ཆང་འཐུངས་ལུས་ནི་ཁྲུས་བྱས་ཕན། །སྡུག་བསྔལ་བཟོས་དང་བསྟན་ལ་གསོལ་པ་ཕན། །གཅིན་སྲི་བ་ལ་གཟེམ་ཕན་པ་ཡིན། །ལུང་པ་ལུ་ལཀཎྜ?་ཀཱ་?
་ཕན། །རྩིབ་ལོགས་གཟེར་ལ་པུས་ཀར་མུ་ལ་ཕན། །རྒས་ས་བྱ་ལ་སྐྱུར་རུ་ར་ཕན་ཞིང། །རྨ་ལ་འབྲས་བུ་གསུམ་དང་གུ་གུལ་ཕན། །དེ་ལྟར་ནད་རྣམས་ཀྱི་ནི་སྨན་གྱི་མཆོག། བཤད་པས་ནང་ནི་ཞི་བར་ནུས་པ་ཡིན། །དེ་ནི་ཡུལ་དང་དུས་ཀྱི་སྟོབས་ལས་ནི། །ཅི
་རིགས་པར་ནི་རྟགས་ཏེ་སྦྱར་བར་བྱ། ཞེས་བྱ་བ་ལ། རིམས་ཀྱི་ནད་ལ་ནི་གླ་སྒང་པརྦ་ཏ་མཆོག་ཡིན་ནོ། །སྐོམ་དང་ཆེ་བ་ནི་སོ་ཕག་བསྲེགས་པ་ཆུའི་གང་དུ་གསུར་ཏེ་བསྒྲུངས་པའི་ཆུ་བླུད་པ་མཆོག་ཡིན་ནོ། །སློབ་བའི་ནད་ལ་ནི་འབྲས་ཡོས་མཆོག་ཡིན་ནོ། །ཆུ་བོའི་ནད་ལ་བྲག
་ཞུན་བཏང་པ་མཆོག་ཡིན་ནོ། །གཅིན་སྙི་བའི་ནད་ལ་ནི་སྐྱུ་རུ་ར་དང་ཡུང་བ་དང། །སྐྱེར་པ་མཆོག་ཡིན་ནོ། །སྐྱ་རྦབ་ཀྱི་ནང་ལ་ནི། །ལྕགས་ཀྱི་ཕྱི་མ་མཆོག་ཡིན་ནོ། །རླུང་དང་བད་ཀན་ལྡན་པའི་ནང་ལ་ནི་ཨ་རུ་ར་མཆོག་ཡིན་ནོ། །མཆེར་བའི་ནང་ལནི་པི་པི་ལིང་མཆོག་ཏུ་ཕན་ནོ། །
་གློ་རྡོལ་བའི་ནང་ལ་ནི་རྒྱ་སྐྱེགས་ཀྱི་ཁུ་བ་བླུང་པ་མཆོག་ཡིན་ནོ། །དུག་གི་ནང་ལ་ནི་ཤྲི་ཤ་ཞེས་བྱ་བ་ལ་ཤུག་ཏ་རུ་མཆོག་ཡིན་ནོ། །ཚིལ་དང་རླུང་ལས་གྱུར་པའི་ནང་ལ་ནི། །གུ་གུ་ལ་མཆོག་ཡིན་ནོ། །ཁྲག་དང་མཁྲིས་པའི་ནད་ལ་ནི་བ་ཤ་ཀ་མཆོག་ཡིན་ནོ། །ཚར
་བ་རྙིང་པ་ལ་སོགས་པའི། འཁྲུ་པའི་ནང་ལ་ནི་དུག་མོ་ཉུང་མཆོག་ཡིན་ནོ། །གཞང་འབྲུམ་ལ་ནི་གོ་བྱ་ཞེས་བྱ་བ་བསེ་ཤིང་གི་འབྲས་བུ་མཆོག་ཡིན་ནོ། །དབྱིག་དུག་གི་ནད་ལ་ནི་གསེར་བརྡར་བ་མཆོག་ཡིན་ན། །མི་ཚོ་ཆེས་པ་ལ་ནི་སྐྱེར་ཁཎྜ་མཆོག་ཡིན་ནོ། །སྲིན
་བུ་ལས་གྱུར་པའི་ནང་ལ་ནི་བྱི་དང་ག་མཆོག་ཡིན་ནོ། །བཅོང་ཆེན་པོའི་ནད་ལ་ནི་ཆང་དངར་ཤ་འམ། །ཆང་དང་འོ་མ་བྱིན་པ་མཆོག་ཡིན་ནོ། །མིག་གི་ནང་ཐམས་ཅད་ལ་ནི་འབྲས་བུ་གསུམ་མཆོག་ཡིན་ནོ། །དྲེག་ནང་ལ་ནི་སླེ་ཏྲེས་གྱི་ཁུ་བ་མཆོག་ཡིན་ནོ། །ཕོ་བའི་ནད་པ་ནི་དང
་བ་སར་པ་མཆོག་ཡིན་ནོ། །མཛེའི་ནད་ཐམས་ཅད་ལ་ནི་སེང་གེ་ནང་གི་སྙིང་པོ་བྱིན་པ་མཆོག་ཡིན་ནོ། །ནང་ཐམས་ཅད་ལ་ནི་བྲག་ཞུན་བསྟེན་པ་མཆོག་ཡིན་ནོ། །སྨྱོ་བྱེད་ཀྱི་ནང་ལ་ནི་མར་རྙིང་པ་ལོ་མང་པོ་ལོན་པ་མཆོག་ཡིན་ནོ། །བརྗེད་བྱེད་ཀྱི་ནང་ལ་ནི་བྲ་ཧམི་ཞེས་བྱ་བ
་མཆོག་ཡིན་ནོ། །མྱ་ངན་ལ་ནི་ཆང་བླུད་པ་མཆོག་ཡིན་ནོ། །གཉིད་མེད་པ་སེལ་བའི་མཆོག་ནི་འོ་མ་ཡིན་ནོ། །ཆམ་ལ་ལ་ནི་ཞོ་སྦྱར་བ་ཞེས་བྱ་བ་ལ་ཞོ་བཀྲུགས་པའི་ནང་དུ་དྲི་བཟངས་བཞི་དང་པི་པི་ལིང་དང་ཁ་ར་བཏབ་པ་མཆོག་ཡིན་ནོ། །སྐྱེས་བུ་རང་ཅིང་ཉམ་ཆུང་བ་ལ
་ནི་ཤ་སྦྱིན་པ་མཆོག་ཡིན་ནོ། །རླུང་གི་ནང་ལ་ནི་སྦོག་སྐྱ་མཆོག་ཡིན་ནོ། །ཡན་ལག་རེངས་པའི་ནང་སེལ་པའི་མཆོག་ནི། །དུགས་ཡིན་ནོ། །གྲག་པ་དང་ལག་དར་དང་བཅས་པ་ན་བ་ལ་ནི། ཐང་ཆུ་རྩ་པོ་ཞེས་བྱ་བ་འཇི་འཛིན་ནའི་སྨན་བཏང་བ་མཆོག་ཡིན་ནོ། །རླུང་གིས་ཀླང
་བའི་གཞོགས་ཕྱེད་ན་བལ་ནི་མར་སར་ཧྭགས་སྦྱར་བ་མཆོག་ཡིན་ནོ། །དམུ་རྫིང་གི་ནད་ལ་ནི་རྔ་མོའི་གཅིན་དང་འོ་མ་མཆོག་ཡིན་ནོ། །ནམ་ཚོང་ཡན་ཆད་ཀྱི་མགོ་བའི་ནང་ཀུན་ལ་ནི། སྣ་སྨན་བཏང་བ་མཆོག་ཡིན་ནོ། །ཁོར་འབྲས་དང་པོ་འབྱུང་བ་ནི་གཏར་ག་གདབ
་ཅིང་ཁྲག་དབྱུང་བ་མཆོག་ཡིན་ནོ། །ཁའི་ནང་ཐམས་ཅད་ལནི་སྨན་ཁུས་མཁུར་བ་བཀང་ཞིང་དབོ་བ་མཆོག་ཡིན་ནོ། །མིག་གི་ནད་ལ་ནི་སྣ་སྨན་དང་མིག་སྨན་དང་མིག་བལྟ་བ་མཆོག་ཡིན་ནོ། །རྒས་པ་ལ་ནི་འོ་མ་དང་ཞུན་མར་བསྟེན་པ་མཆོག་ཡིན་ནོ། །བརྒྱལ་བ་སེལ
་བའི་མཆོག་ནི་ཆུ་གྲང་དང་གྲིབ་མ་ཡིན་ནོ། །ཁོང་པའི་མེ་དྲོད་ཆུང་བ་སེལ་བའི་མཆོག་ནི་ངལ་བ་དང་སྒེའུ་གཤེར་དང། ཚ་རན་པ་བསྟེན་པ་མཆོག་ཡིན་ནོ། །ལུས་དུབ་པ་ལ་ནི་ཆང་འཐུངས་པ་དང། ལུས་ཁྲུས་བྱས་པ་མཆོག་ཡིན་ནོ། །སྡུག་བསྔལ་བཟོད་ཅིང་རྐང
་པ་བསྟེན་ནུས་པ་དང། ལུས་བརྟན་པར་གྱུར་པ་ལ་ནི་རྩོལ་བ་དང་དྲག་ཤུལ་བྱས་པ་ཕན་པའི་མཆོག་ཡིན་ནོ། །གཅིན་སྲི་བ་སེལ་བའི་མཆོག་ནི། གཟེ་མ་ཡིན་ནོ། །ལུང་པ་ལུ་བ་ལ་ནི། །ཎཱ?་ཀཱ་རཱི་མཆོག་ཡིན་ནོ། །རྩིབ་ལོགས་སུ་གཟེར་བ་ལ་ནི་པུསྐ་ར་མུ་ལ
་ཞེས་བྱ་བ་མ་ནུ་མཆོག་ཡིན་ནོ། །རྒས་སྲ་བར་བྱ་བ་ལ་ནི་སྐྱུ་རུ་ར་མཆོག་ཡིན་ནོ། །རྨ་སེལ་བའི་མཆོག་ནི་འབྲས་བུ་གསུམ་དང་གུ་གུལ་ཡིན་ཏེ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ནད་རྣམས་སེལ་བ་ར་སྨན་གྱི་མཆོག་བཤད་ཅིང་བསྟན་པ་དེ་དག་གིས་?
་ནད་ཞི་ཞིང་སེལ་བར་ནུས་པ་ཡིན་ལ། དེའང་ཡུལ་དང་དུས་ཀྱི་སྟོབས་ལས་སྨན་གྱི་སྦྱོར་བ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལྟར་རྒྱུན་ཤེས་བུ་ལས་གཞུང་གི་མདོ། །ལེགས་པར་བཤད་པ་དེས་ནི་མི་ངོམས་པས། །མེ་བཞིན་འཇུག་སོགས་བློ་མཐུན་ནན་པས
་འདུད། །ཐེ་ཚོམ་འདི་ནི་མེ་བཞིན་འཇུག་གིས་དྲིས། ཞེས་བྱ་བ་ལ། རྣམ་པ་དེ་ལྟ་བུའི་ཚུལ་གྱིས་དྲང་སོང་རྒྱུན་ཤེས་ཀྱི་བུ་ལས་གཞུང་གིས་དོན་གྱི་མདོ་ཐོས་པ་དང་ལེགས་པར་བཤད་ཅིང་ཚད་མས་བརྟགས་པའི་རང་གི་དོན་བསྟན་པ་རྟོགས་པར་བླ་ཞིང་དོན་ཆེ་བ
་དེས་མེ་བཞིན་འཇུག་ལ་སོགས་པའི་སློབ་མ་རྣམས་དོམས་ཤིང་ཚིམ་པར་མ་གྱུར་པས་དེ་དག་བློ་མཐུན་པར་དད་པས་མགོ་བོ་བཏུད་ནས་དྲང་སྲོང་ལུག་ཅེས་བྱ་བ་ལ་སོགས་པ་སློབ་མ་རྣམས་ཀྱི་ནང་ན་བསྔགས་པ་མེ་བཞིན་འཇུག་ཅེས་བྱ་བས་བློ་ལ་ངེས་པར་མ་རྙེད
་པའི་ཐེ་ཚོམ་འདི་རྒྱུན་ཤེས་ཀྱི་བུ་ལ་དྲིས་པར་གྱུར་ཏོ། །སྐལ་ལྡན་ཁ་ཅིག་བདག་ཉིད་མཁས། །སྨན་དང་ནང་གཡོག་ཕུན་ཚོགས་ལ། །སྨན་པ་རྒན་པོའི་ལུང་གི་ནི། །རྗེས་སུ་འཇུག་ཀྱང་ནད་བཅས་ཤིང། །ནད་ཀྱིས་སྲོག་ནི་ཟད་པར་སྣང། །གཞན་དག་དེ་ལས་གོ་ཟློག
་སྣང། །དེའི་ཕྱིར་ཕན་དང་གནོད་པ་ཡི། །འབྲས་བུ་ངེས་པར་མ་མཆིས་ན། །འདིར་ནི་བསྟན་བཅོས་ཀྱིས་ཅི་བསྟན། ཅེས་བྱ་བ་ལ། འདི་དག་ནི་འདྲི་བའི་ཚིག་སྟེ། ཀྱེ་སྐལ་ལྡན་རྒྱུན་ཤེས་ཀྱི་ཁ་ཅིག་བདག་ཉིད་མཁས་ཤིང་རིག་པ་ཡིན་ཞིང། སྨན་དང་ཡོ་བྱད་ཕུན
་ཚོགས་པ་དང། །ནང་གཡོག་ཕུན་སུམ་ཚོགས་པའི་བདག་པོ་དང་ཡང་ལྡན་ལ། སྨན་པ་རྒན་ཞིང་མཁས་པའི་གདམས་ངག་གི་རྗེ་མུ་འཇུག་པར་བྱེད་དུ་ཟིན་ཀྱང་ནད་ཀྱིས་སྲོག་ཟད་པར་བྱེད་པ་དག་སྣང་ལ་ནད་པ་གཞན་ཁ་ཅིག་ནི་དེ་ལས་གོ་ཟློག་པ་སྟེ་།
་བདག་ཉིད་མི་མཁས་པ་དང། སྨན་པ་ཡོ་བྱད་མེད་པ་དང། །ནད་གཡོག་མེད་པ་དང། །སྨན་པ་མི་མཁས་པ་དག་གིས་བཅོས་སུ་ཟིན་ཀྱང་སྲོག་ཟད་པར་མ་གྱུར་པར་སྣང་ངོ། །དེའི་ཕྱིར་ཕན་པར་འགྱུར་བ་དང། གནོད་པར་གྱུར་པའི་འབྲས་བུ་ལ་ནི་ངེས་པར
་ཡོད་པ་མ་ཡིན་ཏེ། ཕན་པའི་སྦྱོར་བ་བྱས་ཀྱང་འབྲས་བུ་ཉིད་དུ་ཟད་པས་དོ་བས་ན་སྲོག་བསྲུང་བའི་གསོ་བའི་མཚན་ཉིད་འདི་ནི་གཅིག་ཏུ་ཆད་པ་མེད་ཅིང་ངེས་པ་མེད་པ་ཡིན་ནོ། །དི་ལྟར་བྱ་པ་ལ་ངེས་པ་མེད་པའི་ཕྱིར་གསོ་བའི་བསྟན་བཅོས་ཀྱིས་འདིར་དོན་གྱི་དངོས
་པོ་ཅི་ཞིག་བསྟན་ཅིང་དགོས་པ་ཅི་ཞིག་བྱ་སྟེ། །ཡུལ་དེ་ལ་ནི་འབྲས་བུ་ངེས་པ་མོད་པའི་ཕྱིར་བསྟན་པ་ཅི་ཡང་མེད་དེ། ངེས་ན་སྨན་བསྟེན་པ་དང། མ་བསྟེན་པ་དག་ཚུལ་མཉམ་པའི་ཕྱིར་བསྟན་བཅོས་འདི་ནི་བརྩམ་པར་མི་བྱ་བའི་རིགས་སོ། །དེ་ལྟར་མེ་བཞིན་འདུག
་སོགས་སློབ་མའི་ཚོགས། །རྟོགས་པ་སྐྱེས་ལ་རྒྱུན་ཤེས་བུ་ཡིས་ནི། །དེ་ཉིད་མ་ལུས་རྣམ་པར་བཤད་གྱུར་པ། །གསོ་བྱས་མ་བྱས་མཉམ་པོར་བྱ་མི་རིགས། །ཞེས་བྱ་བ་ལ། །ཚུལ་དེ་ལྟར་མེ་བཞིན་འཇུག་ལ་སོགས་པའི་སློབ་མའི་ཚོགས་ཐེ་ཚོམ་སྐྱེས
་ཤིང་རྟོགས་པར་གྱུར་པ་དེ་ལ་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུས་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ལུས་པ་ཐམས་ཅད་རྣམ་པར་བཤད་པར་གྱུར་བ་ནི། །ཀྱེ་མེ་བཞིན་འཇུག་གསོ་བ་ཡན་ལག་བཞི་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོན་ཏན་བཅུ་དྲུག་གིས་ཉ
་བར་བརྒྱན་བར་གྱུར་པ་དང་གསོ་བ་མ་བྱས་པ་སྟེ། ཡན་ལག་བཞི་དང་ཡན་ལག་བཅུ་དྲུག་གིས་ཚོགས་པ་དང་མི་ལྡན་པར་གྱུར་པ་དེ་མཉམ་ཞིང་ཆ་མཚུངས་པར་བརྟགས་པ་ནི་རིགས་ཤིང་འོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡན་ལག་བཅུ་དྲུག་ལྡན་པ་ཡི། །གསོ
་བྱེད་བདེར་གྱུར་ཡོད་མོད་ཀྱི། །ནང་ཀྱི་འདམ་དུ་ཕྱིར་བུལ། །ལག་ནས་འདྲེན་ཐབས་སྨན་ཡིན་ནོ། །ཞེས་བྱ་བ་ལ། གང་གི་ཕྱིར་ནད་པ་གང་ཡན་ལག་བཅུ་དྲུག་དང་ལྡན་པའི་འབྱོར་པ་མ་ཚང་དུ་ཟིན་ཀྱང་ནད་མེད་ཅིང་བདེ་བར་འགྱུར་བ་ཡོད་མོད་ཀྱི། །འོན་ཀྱང་ནད་ཀྱི་འདམ་དུ་བྱིང་བ
་ལ་ནི་ལག་ནས་འདྲེན་ཅིང་སློབ་པའི་ཐབས་སྨན་ཁོ་ན་ཡན་པར་ཤེས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་ཙ་ར་ཀ་ལས་ནད་པ་གང་སྨན་མེད་པར་ནད་ལས་ཐར་ཞིང་ལྡང་བར་ཡོད་ཀྱང་།དེ་ནི་སྨན་གྱི་ཡ་ནི་ལག་ཕུན་སུམ་ཚོགས་པས་བསོས་པ་ལྟར་ནད་མེད་པ་ཡིན་ཏེ། དཔེར
་ན་སྐྱེས་བུ་ལྟུང་ཞིང་འགྱེལ་བར་འགྱུར་པ་ལ་ལ་ཚིག་ལྡང་བར་ནུས་པ་ཅུང་ཟད་ཡོད་དུ་ཟིན་པ་ལ་ཡང། སྐྱེས་བུ་གཞན་ཞིག་གིས་ལ་གནས་དྲངས་ནད་ཤིན་ཏུ་མྱུང་བར་ཉམ་དབ་མེད་པས་ལྡང་བར་འགྱུར་རོ། །ནད་པ་གསོ་བའི་སྨན་གྱི་སྦྱོར་བ་ཡོངས་སུ་རྫོགས་པ་ཡང་དེ
་དང་འདྲའོ། །ཞེས་བཤད་པ་ལྟ་བུའོ། །འཚོ་དང་འཆི་བར་འགྱུར་བ་ལ། ཀུན་ལ་སྨན་ཡོད་མ་ཡིན་ཞིང་ཀ་ཐབས་ལ་བལྟོས་པ་མ་ཡིན་ལ། །གཞན་དུ་ཐབས་ལ་བལྟོས་པའི་ནད། །ཐབས་ཀྱིས་བསྒྲུབས་ནས་འགྲུབ་འགྱུར་བས། །རྒྱུ་མེད་པ་ནི་གཏན་ཚིགས་མིན། ཞེས་བྱ་བ་ལ། ནང་པ
་འཆི་བར་འགྱུར་བ་ཐམས་ཅད་ནི་སྨན་གྱིས་འཚོ་བར་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་ནང་ཐམས་ཅད་གོས་པའི་ཐབས་ལ་རག་ལས་ཤིང་བལྟོས་པ་མ་ཡིན་གྱི་གཞན་ཐབས་ལ་བལྟོས་དགོས་པའི་ནད་ནི་གསོ?་པའི་ཐབས་མེད་པར་འགྱུར་བ་མ་ཡིན་ནོ། །དེ་བས་ན་ཁྱེད་ཀྱིས་བཤད་པའི
་རྒྱུ་མེད་པར་བཤད་པ་དེ་ནི་གཏན་ཚིགས་སུ་རུང་བ་མ་ཡིན་ནོ། །འདི་ཡང་ཙ་ར་ཀ་ལས་ནད་པ་གང་སྨན་བ་མེད་འགའ་ཞིག་གིས་འཆི་བར་འགྱུར་བ་དེ་ནི་སྨན་གྱི་སྦྱོར་བ་ཕུན་སུམ་ཚོགས་པས་རྫོགས་པས་བསོས་པར་འགྱུར་པ་མ་ཡིན་ཏེ། གང་གི་ཕྱིར་ནང་ཐམས་ཅད་ཀྱང་གསོ་པའི
་ཐབས་ལ་བསྟོབས་པ་མ་ཡིན་ལ་གསོ་བའི་ཐབས་ལ་བལྟོས་དགོས་པ་དག་ཀྱང་གསོ་བ་མེད་པར་འགྱུར་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གང་ཡང་ཁྱེད་ཀྱི་ཕུན་ཚོགས་ནི། །ཀུན་དང་ལྡན་བས་གསོས་ན་ཡང། །འཆི་འགྱུར་ཞེས་སྨ་དེ་མ་ཡིན། །ཐབས་ནི་ཐབས་མིན་འགྱུར་ཡོད
་མིན། །ཞེས་བྱ་བ་ལ། ཡང་གང་ཁྱོད་ཀྱིས་ཡན་ལག་བཅུ་དྲུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་བསོ་སུ་ཟིན་ཀྱང་འཆི་བར་འགྱུར་བ་དག་སྣང་ངོ། །ཞེས་སྨྲ་བ་མ་ཡིན་ཏེ། །དེ་ནི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། །ཐབས་ལས་ཐབས་མ་ཡིན་པར་འགྱུར་བ
་ན་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །དེ་ཡང་ཙ་ར་ཀ་ལས་ནང་པ་གང་ཡོན་ཏན་བཅུ་དྲུག་ཕུན་སུམ་ཚོགས་བ་དང་ལྡན་པའི་སྨན་དང་ངེས་སུ་ཟིན་ཀྱང་འཆི་བདག་སྣང་ངོ་ཞེས་བྱ་བ་དེ་ནི་རིགས་པ་མ་ཡིན་ཏེ་འདི་ལྟར་སྨན་གྱི་གསོ་བ་བྱས་པའི་ནང་ལ་སྨན་དེ་དོན་མེད་པར་འགྱུར་བ་ནི
་མ་ཡིན་ལ་སྨན་གྱིས་གསོར་མི་རུང་བའི་ནང་ལ་ཡང་སྨན་དེ་དག་གོས་པའི་ཐབས་སུ་འགྱུར་བ་མ་ཡིན་ནོ། །སྨན་པ་ཤིན་ཏུ་མཁས་པ་དག་ཀྱང་ནད་པ་ལ་ཡོངས་སུ་རྟོག་ཅིང་གོས་པའི་སྦྱོར་བ་འཇུག་ཏུ་ཟིན་ཀྱང་གསོར་མི་རུང་བ་ལ་འཚོ་བ་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟའི་ཐབས་ལྡན
་ཞིང། །བློ་ལྡན་གོས་བ་བྱས་གྱུར་ཀྱང། །སྔོན་ལས་ཉེས་པ་མ་གྲུབ་པ། །ཡན་ལག་བཅུ་དྲུག་ལྡན་མེད་མིན། ཞེས་བྱ་བ་ལ། གལ་ཏེ་ནད་པ་གསོ་བའི་ཐབས་ཡན་ལག་བཅུ་དྲུག་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ནད་པ་བློ་དང་ལྡན་པ་ལ་གསོ་པའི་དཔྱད་བྱས་སུ་ཟིན་ཀྱང་གོས་བ་མ་གྲུབ་པར་གྱུར་པ
་འདི་ནི་སྔོན་གྱི་ལས་ཀྱི་ཉེས་པས་ཚེ་ཟད་པ་ལ་སོགས་པའི་དབང་གིས་མ་གྲུབ་པ་ཡོང་ན་ཡང་ཡན་ལག་བཅུ་དྲུག་དང་ལྡན་པའི་གསོ་བ་ནི་མེད་པ་མ་ཡིན་ནོ། །མེ་དང་ཆུ་སོགས་དུག་དང་ནི། །རེངས་སོགས་མི་འགྲུབ་སུ་ཞིག་ཟེར། །ཞེས་བྱ་བ་ལ། མེ་དང་ཆུ་ལ་སོགས་པས་དུག་དང་རེངས
་པ་ལ་སོགས་པའི་ལས་མི་བྱེད་དོ། །ཞེས་སུ་ཞིག་ཟེར་ཏེ། དུགས་ཀྱི་ལས་ནི་མས་བྱེད་པ་ཡིན་ལ། རེངས་པར་ནི་ཆུས་བྱེད་པ་ཡིན་ཏེ། སོགས་པའི་སྒྲས་ནི་རླུང་གིས་ནི་དྲན་པ་རྙེད་པའི་ལས་བྱེད་པ་ཡིན་པར་ནི་ཀུན་ལ་གྲགས་པ་སྟེ་དེ་ལྟར་སུ་ཞིག་མི་འདོད། བརྟ་དང་ཉམས་སྨང་འོ་མ་དང།
་འབྲས་ན་མི་བྱེད་སུ་ཞིག་འདོད། །ཅེས་བྱ་བ་ལ། སྐྱེས་བུ་སུ་ཞིག་འོམས་ལུས་བརྟབ་དང། འབྲས་ངན་པག་བྱེད་དུ་ཞེས་བྱ་བས་ཉམས་སྨད་པར་མི་འགྱུར་བས་སུ་ཞིག་མི་འདོད་དེ། །དེ་ཡང་ཀུན་ལ་གྲགས་པ་ཡིན་ནོ། །མ་ཤ། བསྲལ་ལ་སོགས་ལ། །རོ་ཙ་མི་ནུས་སུ་ཞིག་ཟེར། །ཞེས་བྱ་བ
་ལ། གཞན་ཡང་མོན་སྡེའུམ་ཤ་དང། །བསྲལ་?་ཨང་མ་ཀུབྷ་ཞེས་བྱ་བ་ལ་སོགས་པ་རོ་ཙ་བར་མི་འགྱུར་རོ། །ཞེས་སུ་ཞིག་ཟེར་ཏེ་ཀུན་ལ་ཡང་འདི་གྲགས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །བཤད་གཅི་བསྐྱེད་དང་མང་བར་ནི། །ནས་ལ་ཐེ་ཚོམ་སུ་ཞིག་ཟ། ཞེས་བྱ་བ་ལ།
་བཤད་བསྐྱེད་པར་བྱེད་པ་དང་གཅིབ་མེད་བར་གྱུར་པ་ནི་ནས་ཡིན་བར་སུ་ཞིག་ཐེ་ཚོམ་ཟ་སྟེ་ཐེ་ཚོམ་མེད་བ་ཡིན་ནོ། །སྔགས་དང་རྒྱུད་ནི་མེད་པ་རུ། །གང་གི་དུག་ནི་འཇུ་བར་འགྱུར། །ཞེས་བྱ་བ་ལ། ཡང་སྲོག་ཆགས་སུ་ཞིག་ལ་དུག་སྔགས་ཀྱིས་མ་བཏབ་ཅིང་།གསོ་བའི
་རྒྱུད་ཀྱི་ཆོ་ག་ལས་བཤད་པའི་དུག་བསལ་བའི་ཐབས་ཟས་དང་སྐོམ་སྨན་སྣ་ཚོགས་པ་མེད་པར་དུག་དེ་སུ་ལ་འཇུ་བར་འགྱུར་ཏེ?། གང་གིས་ཀྱང་འཇུ་བར་མི་འགྱུར་རོ། །ཞེས་བྱ་བའི་དོན་ནོ། །གག་ལ་སོགས་པ་གསོ་བ་ནི། །མེད་པར་གབ་ཞིང། བདེ
་བར་འགྱུར་ཞེས་བྱ་བ་ལ། །སྐྱེས་བུ་གང་ཞིག་གག་པ་དང་གཉེའུ་རེངས་དང་མུར་འགྲམ་གྱི་ནད་ལ་གསོ་བའི་སྦྱོར་བ་མ་བྱས་བར། གང་ཞིག་བདེ་བར་འགྱུར་ཏེ་སུ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །འོན་ཀྱང་དུས་མིན་འཆི་ལ་སོགས། །གྲུབ་མཛའ་ཀུན་ཏུ་ངེས་པར
་གྲགས། །འབང་པ་ཆེན་པོ་དག་གིས་ནི། ཇི་ལྟར་གཞན་གྱིས་ལྡོག་པར་ནུས། །ཞེས་བྱ་བ་ལ། འོན་ཀྱང་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བསྟན་བཅོས་ཀྱི་གྲུབ་པའི་མཛའ་ཐམས་ཅད་ལ་གྲགས་པ་ཡིན་པས་ན་སྦྱིན་པ་དང། སྦྱིན་བསྲེགས་དང། དཀའ་ཐུབ་དང་སྡོམ
་པ་ལ་སོགས་པ་འབང་པ་ཆེན་པོ་ཡོད་ཀྱང་གསོ་བའི་བསྟན་བཅོས་ལྟར་མ་བྱས་ན་ཇི་ལྟར་ལྡོག་འགྱུར་ཏེ་གང་གིས་ཀྱང་ལྡོག་པར་མི་ནུས་སོ། །ཅན་ངན་ལ་སོགས་ཚ་སོགས་པ། །ལུང་ལས་གྲགས་པ་བཞིན་དུ་སེལ། །ཞེས་བྱ་བ་ལ། ཙན་དན་དང་ཨ་རུ་ར་ལ་སོགས་པའི་སྨན་ཚ
་བ་དང་གྲང་བ་ལ་སོགས་པ་སེལ་བ་ཡིན་པར་ནི་བསྟན་བཅོས་ཀྱི་ལུང་ལས་གྲགས་པ་ཡིན་པས་ན་དེ་ཡང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རིམས་ལས་སྨྱུང་དང་བརྟ་བ་དག། བསྟན་བཅོས་ཉིད་ལ་གྲགས་པ་ཡིན། །ཞེས་བྱ་བ་ལ། རིམས་ལ་དང་པོར་སྨྱུང་བ་དད་ཕྱིས་བརྟབ་བྱས
་པ་ཕན་པ་ནི་གསོ་བའི་བསྟན་བཅོས་ལས་འཇིག་རྟེན་དུ་གྲགས་བ་ཡིན་ནོ། །ཡན་ལག་གཞི་ཡི་ཡོན་ཏན་འབྱོར། །ལེགས་པར་བརྟགས་ནས་སྦྱར་བྱ་ཞིང། །གཞན་དུ་ནད་ཀྱི་ཚོགས་འཇོམས་པ། །གསོ་བ་ཐེ་ཚོམ་བཅས་མི་བྱ། །ཞེས་བྱ་བ་ལ། མི་བཞིན་འཇུག་ནང་སེལ
་བའི་གསོ་བ་ནི་ཡན་ལག་བཞི་པོ་སྨན་པ་དང་སྨན་དང་ནད་གཡོག་དང། ནད་པའི་ཡོན་ཏན་བཞི་པོ་ལས་ཡོན་ཏན་བཞི་བཞིར་འཕྲོས་པ་མཁས་ཤིང་ཞེས་བྱ་བ་ལ་སོགས་པ་བསྟན་པ་དེ་དག་འབྱོར་ཅིང་ཕུན་སུམ་ཚོགས་བ་དང་དེ་བཞིན་དུ་གནོད་པ་དང། གནོད་བྱ
་ལ་སོགས་པ་བཅུ་གཉིས་ལེགས་བར་བརྟབས་ནས་ཉེ་བར་སྦྱར་བར་བྱའི་གཞན་དུན་ནད་ཀྱི་ཚོགས་འཇམས་བར་བྱིན་བ་མིང་རྣམ་པར་གོས་བཞེས་བྱ་བ་དེ་ལ་ཐེ་ཚོམ་དང་བཅས་པར་མི་བྱའོ། །འདི་ནི་དུས་མི་འཆི་ཞགས་པ། །བརྟན་བོར་གཅོད་པར་བྱེད་པ་ཡིན། །ནང་ཀྱིས་སླ་གཅིལ?
་འཇིགས་པ་ལ། །སྔགས་མེད་པ་ཡི་སྲུང་སྐུད་ཡིན། །ཞེས་བྱ་བ་ལ། བསྟོན་བཅས་འདི་ནི་དུས་མ་ཡིན་པར་འཆི་བའི་ཞགས་པ་བརྟན་པོར་གཅོད་པར་བྱེད་པའི་ཞགས་པ་འདི་མཚོན་གྱིས་གཅོད་པར་མི་ནུས་ཏེ། གསོ་བའི་ཐབས་ཀྱིས་གཅོད་པ་ཡིན་ནོ། །དེ་བཞིན
་ནད་ཀྱིས་སྐྲག་ཅིང་འཇིགས་པའི་སྐྱེས་བུལ་བསྟན་བཅོས་འདི་སྔགས་མེད་ཅིང་སྔགས་ཀྱིS་མ་བཏབ་པའི་སྲུང་སྐུད་ཀྱང་ཡིན་ནོ། །འདི་ནི་འགྲོ་བའི་སྡུག་བསྔལ་རྣམས། །སེལ་བྱེད་བདུད་རྩི་མངོན་སུམ་ཡིན། །སྣོད་ངན་གནས་ན་འཕྲལ་དུ་ནི། །ཧ་ལ་ཧ་ལར་འགྱུར་བ
་ཡིན། །ཞེས་བྱ་བ་ལ། སྨན་དཔྱད་ཀྱིས་གསོ་བའི་རྒྱུད་འདི་ནི་འགྲོ་བའི་སྡུག་བསྔལ་རྣམས་སེལ་བར་བྱེད་ཅིང་རྒས་པ་དང་ན་བ་དང། །འཆི་བའི་སྡུག་བསྔལ་འཇོམས་པར་བྱེད་པ་ཡིན་པས་བདུད་རྩི་དང་འདྲ་བ་ཡིན་ཏེ། གང་གི་ཕྱིར་བདུར་རྩི་དོན་དུ་གཉེར་བའི་ཕྱིར་ལྷ་དང
་ལྷ་མ་ཡིན་གྱིས་སྡུག་བསྔལ་གྱི་འབར་པ་ཆེན་པོར་བྱས་ཏེ། ཐོབ་པར་གྱུར་པ་ཡིན་ཏེ། འདི་ལ་ནི་སྡུག་བསྔལ་འགའ་ཡང་ཡོད་བ་མ་ཡིན་ན། །དེ་ལྟར་ན་ཡང་གནོད་ངན་པ་བསྟན་བཅོས་ཀྱི་ཐོས་པ་མེད་པའི་སྨན་པའི་རྒྱུད་ལ་གནས་པར་གྱུར་ན་འཕྲལ་དུ་དེའི་མདོལ་ཧ་ལ་ཧ་ལ
་ཞེས་བྱ་བ་བུག་ཆེན་པོར་འགྱུར་བ་ཡིན་ནོ། །བསྟན་བཅོས་ངེས་པ་མ་ཤེས་ཤིང། ཚིག་ཙམ་ལ་ནི་རྗེས་གཞོལ་བའི། །གཤིན་རྗེའི་ཞགས་པ་ཐོགས་པ་བཞིན། །སྨན་བ་ངན་པ་རིང་དུ་སྤང། །ཞེས་བྱ་བ་ལ། སྨན་པ་གང་གསོ་པའི་ག?་སྟན་བཅོས་ཀྱི་དོན་གྱི་ངེས་པའི་དེ་ཁོ་ན་ཉིད་ལེགས་པར་མི་ཤེས་ཤིང
་ཁོང་དུ་ཆུད་པར་མ་གྱུར་ལ། ཚིག་ཙམ་གྱི་རྗེས་སུ་འབྲང་ཞིང་གཞོལ་བར་བྱེད་པའི་སྨན་པ་ངན་ཅིང་སྨད་པར་བྱ་བ་དེ་ནི་རིང་དུ་སྤང་བར་བྱ་སྟེ། ཇི་ལྟར་གཤིན་ཇེའི་ཞགས་པ་ཐོགས་པ་དག་རྒྱང་རིང་དུ་སྤང་བར་བྱ་བ་ཡིན་པ་དང་འདྲའོ། །སྨན་པ་གཞུང་ལ་ལེགས་མཁས
་ཤིང། །ལུང་ལ་མཁས་པའི་བཟང་པོ་དག། ལས་ལ་གོམས་ཤིང་དགེ་བ་ནི། བཟང་པོར་འདོད་པ་དམ་པ་ཡིན། ཞེས་བྱ་བ་ལ། རྒྱ་མཚོ་ཆེན་པོ་ལྟར་ཟབ་ཅིང་སྨན་བ་སྨན་དཔྱད་ཀྱི་གཞུང་ལུགས་ལ་ཤིན་དུ་མཁས་ཤིང་བྱང་བ་དང། དེ་བཞིན་དུ་ལས་ལ
་གོམས་ཤིང་རང་བཞིན་དགེ་ལ་བྱ་བ་ལ་གོམས་པ་དག་དང། དེ་བཞིན་དུ་བཟང་པོར་འདོད་ཅིང་བདེ་བ་དང་དགེ་བ་ལ་དགའ་བདག་ནི་དམ་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྒྱུད་ཀྱི་ཡོན་ཏན་ལྡན། །རྒྱུད་ཀྱི་སྐྱོན་ནི་སྤང་གྱུར་བ། །གསོ་བའི་བསྟན་བཅོས་མ་ལུས་བ། །ཁྱབ་སྟེ
་ཡོངས་སུ་གནས་པ་ཡིན། །དྲང་སྲོང་ཆེན་པོའི་གཞུང་རྗེས་འཇུག། རྒྱ་ཆེན་དྲི་མ་མེད་པའི་གནས། །རྒྱ་མཚོ་ཆེན་པོ་ལྟར་ཟབ་ཅིང། །བསྡུས་དོན་ཉེ་བར་མཚོན་བྱེད་ཡིན། །ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་དོན་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་བསྟན་བཅོས་འདི
་ནི་དོན་ཆེན་པོ་དང་ལྡན་པ་ཡིན་པས་ན་བདག་གིས་བཤད་པ་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །ཡང་ནད་ལྟར་ཞེས་པའི་དོན་ནི་རྫོགས་པའི་དོན་ཏོ། །རྒྱུད་ནི་ཚུལ་འདི་ལྟར་རྫོགས་པར་བྱས་ལ། དེ་ལྟར་རྫོགས་པར་བྱས་པའི་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ནི་ལྡན་ཡང། རྒྱུད་ཀྱི་སྐྱོན་ཐམས
་ཅད་ནི་སྤངས་པ་ཡིན་ནོ། །དེ་ཡང་འདིས་ལུས་འཛིན་ཅིང་སྡུད་པའི་དོན་གྱིས་ན་རྒྱུད་སྟེ། རྒྱུད་དེའི་ཡོན་ཏན་ནི་དྲང་སྲོང་ཙ་ར་ཀས་བཤད་དེ། དེ་འདིར་བརྗོད་པར་བྱའོ། །གྲགས་པ་ཆེན་པོ་ལྡན་པའི་སྐྱེས་བུ་བསྟན་པས་ཀུན་ཏུ་བསྟེན་པ། དོན་ཤིན་ཏུ་མང་བ་ཉམས་དང་ལྡན
་པའི་སྐྱེ་བོ་རྣམས་ཀྱི་བསྔགས་པ། སློབ་མ་རྣམ་པ་གསུམ་གྱི་བློ་ལ་ཕན་པ། ཚིག་བཟློས་པའི་ཉེས་པ་དང་བྲལ་བ། ལུང་དུ་གྱུར་པ། མདོ་དང་བཤད་པ་དང། བསྡུ?་བའི་རིམ་པ་ལེགས་པར་བཤད་པ། གཞི་བཟང་བ། ཚིག་ཟུར་ཆག་པ་མེད་པ་གོ་བར་དགའ་བའི་སྒྲ་མེད་པ།
་མི་དེ་ཡོངས་སུ་རྫོགས་པ། རྒྱུད་པའི་རིམ་པས་རྟོགས་པའི་དོན་དང་ལྡན་པ། དོན་གྱི་དེ་ཁོ་ན་ཉིད་ངེས་པ། གཙོ་བོར་གྱུར་པ། དོན་མཐུན་པ་དང་ལྡན་པ། དོན་འཚོལ་ཞིང་འདྲེས་པ་མེད་པ། རབ་ཏུ་བྱེད་པ་མ་འདྲེས་པ། མྱུར་དུ་འཇུག་ཅིང་རྟོགས་པར་བྱེད་པ། མཚན་ཉིད་དང
་ལྡན་ཞིང་དཔེ་དང་བཅས་པ་སྟེ། བསྟན་བཅོས་འདི་ནི་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟར་ཉི་མའི་དཀྱིལ་འཁོར་དྲི་མ་མེད་པས་མུན་པའི་ཚོགས་ཐམས་ཅད་བསལ་ཏེ། དངོས་པོ་ཐམས་ཅད་སྣང་བ་དང་འདྲ་བར་བྱས་པ་ཡིན་ནོ། །དེ་ལ་རྒྱུད་ཀྱི་སྐྱོན་ནི་ཐེ་ཚོམ་དང
་བཅས་པ་དང། དོན་མེད་པ་དང། ཚིག་བཟློས་པ་དང། གོ་རིམ་འཚོལ་བ་དང། ཆོ་ག་དང་མི་ལྡན་པ་དང། ཤིན་ཏུ་མངས་པ་དང། འགལ་བ་ལ་སོགས་པའོ། །རྒྱུད་དེ་ཡང་གསོ་བའི་བསྟན་བཅོས་མ་ལུས་པ་ལ་ཀུན་ནས་ཁྱབ་སྟེ་གནས་པ་ཡངས་ཞིང་རྒྱ་ཚེ?་ག་དྲི་མ་མེད་ཅིང
་སྐྱོན་མེད་པ་སྟེ། གང་འདི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་གཞུང་རྒྱ་ཆ་ཞིང་དྲི་མ་མེད་པའི་རྗེས་སུ་འགྲོ་བའི་རྒྱུད་དེ་ནི་རྒྱུ་མཚོ་ཆེན་པོ་ལྟར་ཟབ་ཅིང་འཇུག་དཀའ་བ་ཡིན་པས་དེ་ཡང་འཇུག་པར་བྱེད་ཅིང། རྒྱུད་དེ་ནི་ཚངས་པས་བཤད་པའི་བསྡུས་པ་ཞེས
་བྱ་བའི་གཞུང་ཆེན་པོ་འདི་དེའི་དོན་ཡང་མཚོན་པར་བྱེད་པ་ཡིན་ཏེ། རྒྱུད་འདིས་བསྡུས་པའི་དོན་དེ་ཡང་མཚོན་ཅིང་སྟོན་པར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་རྒྱ་མཚོ་བསྲུབས་པ་ལས་ཡན་ལག་བརྒྱད་བསྡུས་བདུད་རྩིའི་ཚོགས་ཐོབ་གང། །དེ་ལས་དོན
་ཆེན་རྩོལ་གཞན་པ་རྣམས། །དགའ་བར་བྱ་ཕྱིར་རྒྱུད་འདི་ལོགས་ཤིག་བྱས། ཞེས་བྱ་བ་ལ། སྨན་དཔྱད་གང་ལ་ཡན་ལག་བརྒྱད་ཡོད་པ་དེ་ནི་སྨན་དཔྱད་ཡན་ལག་བརྒྱད་པ་སྟེ། དེ་ཉིད་ནི་རྒྱ་མཚོ་ལྟ་བུ་སྟེ་བདུད་རྩི་འབྱུང་བར་ཆོས་མཐུན་པ་དང། །དོན་ཟབ་པར
་མཐུན་པའི་ཕྱིར་རྒྱ་མཚོ་ཞེས་བྱ་སྟེ། དེ་བསྲུབས་ཤིང་རྣམ་པར་གློངས་པའི་ཚུལ་གྱིས་འབང་པར་བྱ་བའི་རྒྱུ་དེ་ལས་ཡན་ལག་བརྒྱད་པོ་བསྡུས་པའི་བདུད་རྩིའི་ཕུང་པོ་ཆེན་པོ་ཐོབ་པར་འགྱུར་བ་ཡིན་ལ། ཡན་ལག་བརྒྱད་པ་བསྡུས་པའི་བདུད་རྩིའི་ཚོགས་ཐོབ
་བ་ཏེ་ལས་དོན་ཆེ་ཞི་དགོས་པ་ཆེན་ཕོ་དང་ལྡན་པ་འདི་སླན་པ་རྩོལ་བ་ཞན་ཅིང་འབང་པ་ཆུང་དུ་དང་ལྡན་པ་རྣམས་གྱི་དགའ་བ་བསྐྱེད་པའི་ཕྱིར་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་རྒྱུད་འདི་ལོག་ཤིག་ཏུ་གུང་དུ་བྱས་པ་ཡིན་ནོ། །འདི་ནི་ལུང་ཆེན་ལས་གྲགས
་ཤིང། །འབྲས་བུ་སྔོན་དུ་སྟོན་བྱེད་པས། །སྔགས་དང་འདྲ་བར་ལེགས་སྦྱར་གྱི། །ལོག་སྦྱོད་ནམ་ཡང་མི་བྱའོ། །ཞེས་བྱ་བ་ལ། རྒྱུད་འདི་ནི་སྨན་དཔྱད་ཀྱི་ལུང་ཆེན་པོ་ལས་གྲགས་ཤིང། ལུང་གི་ཚང་མ་དང་ལྡན་པ་དང། འདྲས་བུ་འདྲལ་དུ
་མངོན་སུམ་དུ་སྟོན་པར་བྱེད་པའི་ཕྱིར་སྔགས་དང་འདྲ་བར་ཡང་དག་པར་སྦྱར་བར་བྱ་སྟེ། ཇི་ལྟར་སྔགས་ཀྱི་འབྲས་བུ་ནི་རྒྱུས?་གང་གིས་གནོད་པ་སེལ་བར་དཔྱད་བར་མི་བྱ་བའི་ཡིད་ཆེས་པ་ཉིད་ཀྱིས་སྒྲུབ་པར་བྱ་བ་ཡིན་པ་དད་འདྲ་བར། འདིའི་སྦྱོར་བ་ལ་ཡང་ཡིད་ཆེས་པ་ཉིད
་ཀྱིས་བསྒྲུབ་ཅིང་ལོག་པར་རྟོག་པའི་སྤྱོད་པ་དག་ནམ་ཡང་མི་བྱའོ། །འདི་བཀླགས་རྟོགས་དང་ཉམས་བླངས་པས། །ཚེ་རིང་བ་དང་ནད་མེད་དང། །ཆོས་དང་དོན་དང་བདེ་དང་གྲགས། །ངེས་པར་འཐོབ་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཡན་ལག་བརྒྱད་བའི་སྙིང་པོ་ཞེས་བྱ
་བའི་སྨན་དཔྱད་ཀྱི་རྒྱུད་འདི་བཀླགས་པ་དང། རྟོགས་ཤིང་ཁོང་དུ་ཆུད་པ་དང། །སྦྱོར་བ་ཇི་སྐད་སྨོས་པ་ཉམས་སུ་བླངས་པ་ལས་ཚེ་རིང་བ་དང། ནད་མེད་པ་དང། ཆོས་དང་དོན་དེ་ནོར་དང་བདེ་བར་འགྱུར་བ་དང། གྲགས་པར་འགྱུར་བ་དང། ངེས་པར་གདོན?་མི་བྲ་བར
་འགྱུར་བ་འཐོབ་པར་འགྱུར་རོ། །འདིར་ནི་བལྟས་ན་བསྡུས་དོན་རྟོགས་ནུས་པས། །རང་གི་གོམས་ལས་སྨན་པས་བསྐྱོད་མི་ནུས། །རྒྱ་ཆེན་རྒྱུད་གཞན་དག་ལ་གོམས་གྱུར་པས། མི་བསྐྱོད་གྱུར་གང་དེ་ནི་ངོ་མཚར་མེད། །ཅེས་བྱ་བ་ལ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས
་བྱ་བའི་གཞུང་འདི་བཀླགས་ཤིང་བལྟས་ན་བསྡུས་པ་ཞེས་བྱ་བའི་སྨན་དཔྱད་ཀྱི་བསྟན་བཅོས་ཀྱི་དོན་རྟོགས་ཤིང་ཤེས་པར་ནུས་བ་དང། དེ་བཞིན་དུ་གོམས་པའི་ལས་དེ་ཡང་དང་ཡང་དུ་བསྟེན་ཅིང་ཉམས་སུ་བླངས་པར་གྱུར་པའི་ལས་ལ་སྨན་བ་འདི་ལ་མ་བསྟེན་པ
་གཞན་དག་?་བསྐྱོད་པར་མི་ནུས་ཤིང། ཐེ་ཚོམ་གྱིས་སུན་འབྱིན་ཅད་རྒོལ་བས་ཚར་བཅང་པས་མི་ནུས་སོ་ཞེས་པའི་དོན་ཡིན་ལ། གལ་ཏེ་སྨན་དཔྱད་ཀྱི་རྒྱུད་རྒྱ་ཆེན་པོ་གཞན་དག་ལས་དཀའ་བ་ཆེན་པོས་བསླབས་ཏེ། བྱང་བར་གྱུར་བ་ནས་ལས་བཀླགས?
་མི་ཐོང་ཅིང་མི་བསྐྱོད་པར་གྱུར་པ་ཡོད་མོད་ཀྱི། དེ་ལྟ་བུ་གང་ཡིན་པ་དེ་ནི་འབང་པ་ཆེན་པོ་ལས་བྱུང་བ་ཡིན་པའི་འབྲས་བུ་ཡིན་པས་ངོ་མཚར་མི་ཆེའོ། །འདི་ནི་ཚེགས་ཆུང་དུས་གོམས་པ་ཆེན་པོ་འཐོབ་པས་ངོ་མཚར་ཆེའོ། །གལ་ཏེ་ཙར་ཀ་ནི་བསླབས་གྱུར་དེས་ནི་ལེགས
་ཐོས་སོགས་ལས་བཤད་ནང་ཀྱིས་མིང་ཙམ་ཡང་ན་ཤེས་པར་འགྱུར་མ་ཡིན། །ཙ་ར་ཀལ་མ་བསླབས་གསོ་བ་དག་ནི་མ་གོམས་པའི། །ཉོན་མོངས་ངེས་ནི་ནད་པ་རྣམས་ཀྱི་གསོ་བ་ཇི་ལྟར་བྱ་ཞེས་བྱ་བ་ལ། གལ་ཏེ་སྨན་པ་ཙར་ཀ་ནི་འབའ་ཞིག་བསླབ་ཤིང་བྱང་བར་བྱས
་བར་གྱུར་བ་དེས་ནི་དྲང་སྲོང་ལེགས་ཐོས་ཀྱིས་བྱས་པ་ལ་སོགས་པའི་གཞུང་ལ་བཤད་པའི་ནང་ཀྱི་ཚོགས་ནད་ཕྲན་ཚོགས་དག། མགོ་བོའི་ནད་དང། མིག་གི་འབྲས་བུ་དཀར་ནག་དང། རབ་རིབ་ཀྱི་ནད་དང། རྣ་བ་དང། སྣའི་ནད་རྣམས་ཀྱིས་མིང་གི་ཐ་སྙད་ཙམ་ཡང་ཤེས་པར་འགྱུར་བ
་མ་ཡིན་ཞིང། དེ་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ནོ། །ཡང་ཞས་བྱ་བའི་སྒྲས་ནི་དེའི་ནད་གཞི་དང་མཚན་ཉིད་དང་གསོ་བདག་མི་ཤེས་པ་དག་སྨོས་ཀྱང་ཅི་དགོས་ཞེས་སྟོན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་ནི་ཕྱོགས་གཉིས་པ་སྟོན་པའི་ཕྱིར་སྨོས་པ་ཡིན་ཏེ། གལ་ཏེ་ཙར་ཀ་ཞེས
་བྱ་བའི་གཞུང་ལམ་བསླབས་ཤིང། ཤེས་པར་མ་གྱུར་གྱི། ལེགས་ཐོས་ཀྱིས་བཤད་པ་ལ་སོགས་པའི་གཞུང་འབའ་ཞིག་ཙམ་བསླབས་པར་གྱུར་ན་ནི། ནད་གཞི་དང་ལུས་ཟུངས་ལ་སོགས་པ་གནོད་པར་བྱ་བ་དང། ཡུལ་དང།། དུས་དང། ལུས་དང། ཁ་ཟས་དང། སྙིང་སྟོབས
་དང། རང་བཞིན་ལ་སོགས་པ་དང་འབྲེལ་བའི་གསོ་བའི་བྱ་བ་ལ་མ་གོམས་ཤིང་མི་ཤེས་པ་ཡིན་པས། དེའི་ཕྱིར་ཉོན་མོངས་ཤེས་པ་དང་ནི་ལྡན་པའི་སྨན་པ་ངན་པ་དེས་ནད་ཀྱིས་གཟེར་བའི་ནང་པ་རྣམས་ལ་གོས་བ་ཇི་ལྟར་བྱ་སྟེ། །དེ་ལྟ་བུས་ཀྱང་ནང་བསལ་བའི་བྱ་བ་ཅི་ཡང
་བྱ་བར་མི་ནུས?་ཏོན་གསོ་བའི་བྱ་བ་ལ་མ་བསླབས་པའི་ཕྱིར་རོ། །ཡན་ལག་བརྐྱང་པའི་སྙིང་པོའི་སྙིང་པོ་འདིར་ནི་དེ་གཉིས་ཀའི་དོན་སྟོན་པ་ཡིན་པས་འདི་ལ་བསླབས་པས་ནི་ངེས་པར་ནད་གསོ་བའི་ནུས་པ་ཡིན་ནོ། མངོན་པར་ཞེན་པའི་དབང་གིས་ལེགས་པར་བཤད་པར
་གྱུར་པ་ལ། ཤིན་ཏུ་རྨོངས་པའི་མངོན་པར་སྦྱོར་བར་མི་བྱེད་གང་ཡིན་ཏེ། དེ་ནི་དང་པོར་སྨན་དབྱད་བསྟན་བཅོས་སྐྱོན་མེད་བཀླགས་གྱུར་ཅིང། །སྐྱེས་བུ་ཆེ་ཡིས་ཇི་སྲིད་ཐུབ་ཀྱི་བར་དུ་བསླབས་པར་བྱེད་ཅེས་བྱ་བ་ལ། རང་གིས་བློའི་སྟོབས་ལ་སོགས་པའི་ཚུལ་གྱིས
་བསྒྲུབ་བར་མི་ནུས་པའི་དངོས་པོ་རང་གི་ཡུལ་མ་ཡིན་པ་དག་ལ་ཕྱོགས་འཛིན་པར་བྱེད་པ་ནི་མངོན་པར་ཞེན་པ་ཞེས་བྱ་སྟེ། དེའི་དབང་ནི་ནུས་པ་སྟེ། མངོན་པར་ཞེན་པ་དེ་ལྟ་བུའི་དབང་དེ་ལས་ལེགས་པར་བཤད་ཅིང་བསྟན་པའི་སྨན་དཔྱད་ཀྱི་རྒྱུད་ལས་ཤིན་ཏུ་རྨོངས་པ
་ཤིང་ཡོན་ཏན་དང། སྐྱོན་གྱི་བྱེ་བྲག་གི་ཤེས་པས་མངོན་པར་མི་བརྩོན་ཞིང་ཀློག་བ་དང་རྟོགས་པར་བྱ་བའི་ཕྱིར་བརྩོན་པར་མི་བྱེད་པ་དེ་དག་ནི་ངེས་པར་གྱུར་པས་དང་པོའི་སྨན་དབྱེད་ཀྱིས་བསྟན་བཅོས་ཚངས་པས་བཤད་ལ། ཤལོ་ཀ་འབུམ་ཡོད་པའི་གཞུང་པ་སྐྱོ་བར
་མེད་བར་སློབ་ཅང་སྐྱེས་བུའི་ཚེས་ཇི་སྲིད་ཐུབ་པའི་ཚང་ལོ་བརྒྱའི་བར་དུ་བཀླགས་ཤིང་སློབ་བས་མངོན་པར་ཞེན་པ་མི་འདོར་བ་ད་ཡང་རྨོངས་པ་ཞེས་བྱའོ། །རླུང་དང་མཁྲིས་པ་བད་ཀན་ཞི་བྱའི་ཕྱིར། ཏིལ་མར་མར་སར་སྦྲང་རྩི་རིམ་བཞིན་བསྟེན། དེ་ལྟར་ཚངས་པའམ
་ཚངས་བ་ཡི། །བུ་ཡིས་བཤད་པ་ཁྱད་འཕགས་མེད། ཅེས་བྱ་བ་ལ། གལ་ཏེ་གཞན་དག་འདི་སྐད་ཅེས་སྨྲ་བ་པོའི་ཁྱད་པར་ལས་རྫས་ཀྱི་ནུས་པ་ཡང་ཕུལ་དུ་བྱུང་བར་འགྱུར་རོ། །ཞེས་རྒོལ་ན། དེ་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་རླུང་གི་ནང་ལ་ནི་ཏིལ་མར་ཕན་ལ་།
་མཁྲིས་པའི་ནད་ལ་ནི་མར་སར་ཕན་ལ། བད་ཀན་གྱི་ནད་ལ་ནི་བྲང་རྩི་ཕན་ལ། དེ་ལྟར་རིམ་བཞིན་ཕན་པར་འགྱུར་རོ། །ཞེས་བྱ་བ་དེ་ལྟར་ཚངས་པས་བཤད་པ་འམ། ཚངས་པའི་བུས་མ་ཀུན་མ་རས་བཤད་པའམ། འམ་ཞེས་པའི་སྒྲས་ནི་ཁོ་བོ་ཅག་ལ་སོགས
་པའི་བཤད་དུ་ཟིན་ཀྱང། དེ་ནི་དེ་དག་ཉིད་ལ་གཅིག་ནས་གཅིག་ཏུ་ལུང་རྒྱུད་པ་ཡིན་གྱི། སྔགས་མེད་པར་ཚིག་གི་སྒྲས་བསྟན་པའི་ཁྱད་པར་ནུས་པའི་ཁྱད་པར་དུ་གྱུར་པ་ཡང་མ་ཡིན་ཏེ། སྨྲ་བ་བོའི་ཁྱད་པར་ལས་སྨན་གྱི་ཁྱད་པར་གཞན་དུ་འགྱུར་བ་ནི་མ
་ཡིན་ནོ། །དེ་ཉིད་གསལ་བར་བྱ་ཕྱིར་སྨྲས་པ་ནི། །སྟོན་པ་པོ་ཡི་དབང་གིས་ནི། །སྨན་གྱི་ནུས་པ་ཁྱད་འཕགས་མིན། །དེ་བས་ཕྲ་དོག་སྦང་ནས་ནི། །བར་མ་ཉིད་ལ་བརྟེན་པར་བྱ། ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་གཏན་ཚིགས་ངེས་ན་སྟོན་ཅིང་སྨྲ་བར་བྱེད་པའི་དབང་གིས
་སྨན་གྱི་ནུས་པ་ཁྱད་པར་དུ་འཕགས་པ་མ་ཡིན་པས། དེའི་ཕྱིར་གནས་པ་མ་ཡིན་པ་ལ་ཕྲག་དོག་བྱེད་པ་དེ་སྤངས་ཤིང་བོར་ནས་ཕྱོགས་སུ་མ་ལྟུང་བའི་ལམ་བར་མ་ཉིད་ལ་བློས་བསྟན་ཅིང་གནས་པར་བྱ་ཞིང་རང་ཉིད་ཀྱིས་དུས་དང་བློ་དང་འཚམ་པའི་བསྟན་བཅོས་གང་ཡིན་པ་ཡང
་ཤེས་པར་བྱ་ཞིང། འདི་ནི་དགོས་པ་མེད་པ་ཡིན་ནོ། །ཞེས་བརྟག་ཅིང་ཤེས་པར་བྱའི། གནས་མ་ཡིན་པ་ལ་མངོན་པར་ཞེན་བར་མི་བྱའོ། །དྲང་སྲོང་གིས་བཤད་ཕྱིར་དགའ་ན། ལེགས་ཐོས་ཙར་གར་མ་ཟད། །ལུག་སོགས་ཀྱིས་བྱས་ཅིས་མི་སློབ། །དེ་བས་ལེགས་བཤད
་གཟུང་བར་བྱ། ཞེས་བྱ་བ་ལ། གལ་ཏེ་ཁྱོད་འདི་སྐད་དུ་ཁོ་བོ་ནི་དྲང་སྲོང་གིས་བཤད་པའི་སྨན་དཔྱད་ཀྱི་རྒྱུད་ལ་དགའ་ཞིང་དང་བས་དེ་ཉིད་ལ་སློབ་པར་བྱེད་ཀྱི་ཁྱོད་ཀྱིས་རྒྱུད་འདི་ལ་སློབ་བར?་མི་བྱེད་དོ། །ཞེས་ཟེར་ནས། དེ་ལྟར་ནི་རྩ་ར་ཀ་དང་ལེགས་ཐོས་ཞས་བྱ་བའི་གཞུང
་དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་དྲང་སྲོང་ལུག་ལ་སོགས་པས་བཤད་པའི་ལུང་གི་གཙུག་ལག་རྣམས་ལ་ཁྱོད་ཀྱིས་ཅིའི་ཕྱིར་སློབ་པར་མི་བྱེད་དེ། དྲང་སྲོང་གིས་བྱས་པ་ཀུན་ལ་སློབ་པར་རིགས་ན་ལེགས་པར་བཤད་པ་ལ་དགའ་བའི་ཕྱིར་སྨན་པ་ཐམས་ཅད་བྱང་རྩ་ར་ཀ
་གང་ལེགས་ཐོས་མང་དུ་སློབ་པར་བྱེད་ཀྱི། དྲང་སྲོང་ལུག་ལ་སོགས་པས་བཤད་པའི་ལུང་གཙུག་ལག་ཡོད་དུ་ཟིན་ཀྱང་སློབ་པར་མི་བྱེད་དོ། །དེ་བས་ལེགས་པར་བཤད་པའི་ཚིག་གི་སྡེབ་སྦྱོར་དང་ལྡན་པ་ལ་དགའ་ན་ཡང་ཁོ་བོས་བཤད་པ་འདི་ཉིད་གཟུང་ཞིང་བསླབ་པར་བྱའོ
་ཞེས་བྱ་བའི་མོན་ནོ། །འདི་ནི་ཆེ་ཡོ?་རིག་བྱེད་རྒྱ་མཚོ་ཡི། །སྙིང་པོ་ལས་ནི་སྙིང་པོར་བླངས་ནས་སུ། །རྣམ་པར་སྦྱར་ལས་དགེ་བ་གང་ཐོབ་བ། དེ་ཡིས་འགྲོ་བ་དེ་ཉིད་མཐོང་བར་ཤོག་།ཅེས་བྱ་བ་ལ། ཚིག་འདིས་ནི་གཞུང་རྩོམ་པར་བྱེད་པས་དེ་ཡན་ཆད་གོས་བའི་བསྟན་བཅོས་རྫོགས
་པར་བྱས་ནས། དགེ་བའི་རྩ་བ་བསྔོ་བར་བྱ་བའི་ཕྱིར་སྨོས་པ་ཡིན་ཏེ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་རྒྱུད་འདི་ནི་སྙིང་པོ་དང་འདྲ་བ་ཡིན་ནོ། །གང་གི་ཞེ་ན། ཚེའི་རིག་བྱེད་ཀྱི་ཚིག་གི་ཚོགས་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བའི་སྙིང་པོར་རྒྱུད་པ
་ཡིན་ཏེ། དེ་ཡང་སྙིང་པོ་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བ་རྣམས་ཀྱི་སྙིང་པོ་ནི་ལུས་ཀྱི་ཕྱོགས་གཅིག་ན་གནས་སུ་ཟིན་ཀྱང་ལུས་ཀྱི་ཚོགས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བརྒྱད་པ་འདིས་ཡན་ལག་བརྒྱད་དང་ལྡན་པའི་ཚེའི་རིག་བྱེད་ཐམས་ཅད
་ཁྱབ་པར་བྱེད་དེ། གནས་པས་སྙིང་དང་ཚེས་མཐུན་པའི་ཕྱིར་སྙིང་པོ་ཞེས་བྱ་བ་ལ། དེ་ལྟ་བུའི་སྙིང་པོ་གཅེས་པའི་དོན་གྱིས་མདོ་བླངས་ཤིང་བཏུས་ནས། གཞུང་གི་དོན་ཚིག་ཏུ་རྣམ་པར་སྦྱར་ཞིང་བསྡེབས་བ་དེ་ལས་དགེ་བའི་རྩ་བ་དེ་དམ་པའི་རྒྱུར་འགྱུར་བ་གང
་ཞིག་ཐོབ་ཅིང་རྙེད་པར་གྱུར་བའི་དགེ་བའི་རྩ་བ་དམ་པ་ངེས་འགྲོ་བ་ལྔ་པོས་བསྡུས་པའི་འཇིག་རྟེན་འདི་དག་ཐམས་ཅད་བདེ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེ་ཁོ་ན་ཉིད་གྱི་དོན་མཐོང་བ་ཞེས་བྱ་བའི་བདེ་པའི་དམ་པ་དང་ལྡན་པར་གྱུར་ཅིག་ཅེས་རྗེས་སུ
་བསྔོས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་ཕྱི་མའི་གནས་ཀྱི་ལེའུ་བཞི་བཅུ་པའི་རྣམ་པར་འགྲེལ་པའོ། །དཔལ་ལྡན་ཕ་ཁོལ་སྨན་པའི་མཆོག། ཚེ
་ཡི་རིག་བྱེད་ཕ་རོལ་ཕྱིན། །དྲི་མེད་ཤེས་པ་ལྡན་གྱུར་པ། །དེ་ཡི་གཞུང་བཤད་བདག་གིས་བྱས། །འབྲེལ་པ་དིན་མཐུན་མིང་བཏགས་པ། །གསལ་ཞིང་མདོར་ན་བསྡུས་པ་ཡི། །ཚིག་དོན་ཟླ་ཟེར་ཞེས་བྱ་དེ། །སློབ་མ་རྟག་ཏུ་ག་དགའ་ཕྱིར་བྱས། །གང་འདིར་ཅུང་ཟད་མ་སྨྲས
་པ་འམ། ལེགས་བཤད་གང་ཡིན་དེ་དག་ཀུན། བདག་གིས་རྟོག་ཉེས་ལས་གྱུར་གྱི། །བདག་གི་བླ་མས་ཉེས་མ་ཡིན། །བདག་གིས་མེས་པོར་གྱུར་པ་ནི། །དཔལ་ཆེན་དགའ་བ་ཞེས་གྲགས་ཡིན། །དེང་སང་ན་ཡང་མཁས་པ་རྣམས། །གྲགས་པ་དྲི་མེད་སྒྲོགས
་པར་བྱེད། །དེ་ཡི་བུར་གྱུར་ཆགས་ལ་དགའ་། །དེའི་བུ་ཟླ་བ་ལ་དགའ་དག། སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུན་ཤེས་དོན་ལྡན་མིང་བཏགས་པ། །དོན་དམ་ཞེས་བྱ་སྨན་པའི་མཆོག། ཁེ་ཆའི་ཡུལ་དུ་སྐྱེས་པ་ཡིན། །རྒྱལ་པོ་དཔལ་ལྡན་ཐ་ཁ་ན། །དཔའ་བ་ལ་སོགས་ཡོན
་ཏན་ལྡན། །ས་སྟེང་དགྲ་ལས་རྒྱལ་བ་ཡི། །ས་བདག་ཀུན་ཏུ་རྒྱལ་གྱུར་ཅིག། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། །ཆགས་པ་ལ་དགའ་བའི་བུ་སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བ་ཚེའི་རིག་བྱེད་ཀྱི་བསྟན་བཅེས
་མཛའ་དག་ལ་མཁས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཇེ་ན་རྡཱ་ན་དང། །ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཨཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
་