| Wylie | e-texts based on the ACIP/ALL Input |
text in 3 volumes
volume 1 (gso rig (e)) - volume 2 (gso rig (ko)) - volume 3 (gso rig (kho)) -
དེ་ནས་ཐལ་སྨན་རྣོན་པོ་དང་མེ་བཙའ་གདབ་པའི་ལས་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདི་བཤད
་པའི་འབྲེལ་པ་ནི་འདི་ཡིན་ཏེ། ཇི་ལྟར་བཙག་བུས་བཅད་པ་དང་དབུག་པ་དང། གཤག་པ་ལ་སོགས་པའི་ལས་བྱེད་པ་དང།
་འདྲེ་བར་མེ་བཙའ་གདབ་པ་དང། ཐལ་སྨན་གཉིས་ཀྱང་རང་གི་ཡུལ་ལ་སྦྱར་ན་བཅད་པ་དང་དབུག་པ་ལ་སོགས་པའི་ལས་བྱེད
་པས་ན་དེའི་འོག་ཏུ་འདི་སྨོས་པ་ཡིན་ནོ། །ཐལ་སྨན་རྣོན་པོ་བཏང་བ་དང། མེ་བཅའ་གདབ་པའི་ལས་བྱ་བ་ཡིན་པས་ན། ཐལ
་སྨན་རྣོན་པོ་དང། མེ་བཙའ་གདབ་པའི་ལས་ཀྱི་ཆོ་ག་ཞེས་བྱ་སྟེ། དེ་བཤད་པར་བྱའོ། །བཙགས་དཔྱད་བཙགས
་དཔྱད་རྗེས་འདྲ་བ། །མང་པོས་ཀུན་ལ་ཐལ་སྨན་མཆོག་།དཀའ་བ་རྣམས་སཱུང་བཅད་པ་འམ། །དབུག་པ་ལ་སོགས་བྱེད་པར
་འགྱུར། །བཙགས་བུས་གདབ་པར་དཀའ་བ་ཡང། །དེ་ཡིས་བསྒྲུབ་པར་རུང་བ་དང། །ཤིན་ཏུ་གསོ་དཀའ་ཨི་ནད་རྣམས་ལ། །གང
་ཞིག་བཏུང་དུ་རུང་བའང་ཡིན། །ཞེས་བྱ་བ་ལ། དེ་ལ་བཙགས་དཔྱད་ནི་རྩེ་དཀྱིལ་འཁོར་འདྲ་བ་ལ་སོགས་པའོ། །བཙགས་དཔྱད
་དང་རྗེས་སུ་འདྲ་བ་ནི་སྲིན་བུ་པདྨ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ཀྱི་ནང་ན་མཆོག་ནི་ཐལ་སྨན་ཡིན་ནོ། །ཅིའི་ཕྱིར་དེ་མཆོག་ཡིན་ཞེ། གང་གི་ཕྱིར་ལུས་ཀྱི
་ཕྱོགས་དཀའ་ཞིང་དོག་པའི་གནས་རྣམས་སཱུང་བཅད་པ་དང། དབུག་པ་ལ་སོགས་པའི་ལས་བྱེད་པར་གྱུར་པ་དང། དེ་བཞིན་དུ་སྣའི་ཐོར་བུ་ལ་སོགས་པ་བཙགས
་བུ་གདབ་པར་དཀའ་ཞིང་དོག་པ་རྣམས་སུ་ཡང་གདབ་པར་དཀའ་ཞིང་བསྒྲུབ་དུ་མི་རུང་བར་ཡང་ཐལ་སྨན་དེས་བསྒྲུབ་ཏུ་རུང་ཞིང་རྨ་ལོག་པ་ལ་སོགས་པའི་ནད་མང་པོ
་ཡང་རུང་བ་དང། དེ་བཞིན་དུ་ཤིན་ཏུ་གསོ་པར་དཀའ་བའི་ནད་སྐྲན་དང་ལྟོ་སྦོས་པ་ལ་སོགས་པ་རྣམས་ལ་ཡང་བཏང་དུ་རུང་ཞིང། གང་བཏུང་དུ་རུང་བ་ཡང
་ཡིན་ནོ། །དེ་ནི་གཞང་འབྲུམ་མེ་དྲོད་ཉམས། །རྡེའུ་འགགས་སྦྱར་དུག་སྐྲན་སོགས་བཏུང། །ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་དེ་ནི་གཞང་འབྲུམ་གྱི་ནད་དང།
་ཕོ་བའི་མེ་དྲོད་ཉམས་པ་དང། རྡེའུས་འགགས་པ་དང། སྦྱར་དུག་དང་སྐྲན་ལ་སོགས་པ་ལ་བཏུང་དུ་རུང་བ་ཡིན་ནོ། །སྨེ་བ་ཤ་བཀྲ་སྣ
་ཐོར་དང། །ཕྱི་རོལ་གཞང་འབྲུམ་ཚོར་མེད་མཛེ། །ཐོར་བུ་འབྲུམ་ཕྲན་མཚན་པར་རྡོལ། །རྨ་ལོག་སོགས་ལ་བྱུག་པར་བྱ། །ཞེས་བྱ་བ་ལ་ཐལ་སྨན་རྣོན་པོ་དེ
་ནི་སྨེ་བ་དང་ཤ་བཀྲ་ལ་སོགས་པ་ལ་ཕྱི་རོལ་ནས་བྱུག་ཅིང་བསྐུ་བར་བྱའོ། །སོགས་པ་ཞེས་སྨོས་པས་ནི་དེ་བསྒྲུབ་པར་བྱ་བའི་ནད་གཞན་དག་ལའང་བསྐུར་རུང
་པའི་དོན་ཏོ། །ཁྲག་ཁྲིས་རླུང་ནད་ཅན་སྟོབས་ཆུང། །རིམས་དང་ཚད་འཁྲུ་སྙིང་ཀླད་ནད། །སྐྱ་རྦབ་ཡི་ག་འཆུས་པ་དང། །རབ་རིབ་ཅན་དང་སློན་ཁྲུས་བཏང།།
་ལུས་ཀུན་ཁྱབ་པའི་འོར་ནད་དང། །འཇིགས་དང་སྦྲུམ་མ་ཟླ་མཚན་འཛག་།ཕོ་མཚན་མོ་མཚན་སྐྲངས་པ་དང། །བྱིས་པ་རྒན་པོ་ཟས་མ་ཞུ། །རྩ་བོ་ཆེ་དང
་རུས་ཚིགས་གནད། །རུས་པ་གཞོན་ནུ་ཆུ་བ་རྩ། །ལྟོ་བསྲུབས་མགུལ་བ་ལྟེ་བ་དང། །ཤ་སྲབ་ཕྱོགས་དང་རླིག་པ་དང། །ཕོ་མཚན་བུ་ལ་སེན་མོ་ཕྲག་།མིག་མཆུས་མ་གཏོགས་མིག་ནད་རྣམས།།
་ཚ་གྲང་ཆར་དང་ཡུལ་རྨུས་ཚེ། །གཉིས་ག་བཏང་བར་མི་བྱའོ། །ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་བཏུང་བ་དང། བསྐུ་བ་གཉིས་གཡང་མི་བྱ་བའི་ནད་དམིགས་ནི། ཁྲག་ནད་ཅན་དང་མཁྲིས་པའི་ནད
་ཅན་དང། རླུང་ནད་ཅན་དང་སྟོབས་ཆུང་བ་དང། རིམས་དང་ཚད་ལས་འཁྲུ་བ་དང། སྙིང་ནད་ན་བ་དང། ཀླད་ནད་ན་བ་དང། སྐྱ་རྦབ་གྱི་ནད་ཅན་དང། ཡི་ག་འཆུས་པ་དང། མིག་ནད་རབ་རིབ་ཅན་དང།།
་སློན་སྨན་བཀྲུ་སྨན་བཏང་བ་དང། ལུས་དང་ཡན་ལག་ཐམས་ཅད་སྐྲངས་པ་དང། འཇིགས་པས་ཉེན་པ་དང། སྦྲུམ་པ་དང། ཟླ་ཚན་འཛག་པ་དང། ཕོ་མཚན་དང་མོ་མཚན་སྐྲངས་པའི་རྒྱུད་ཕྱི་མ་ལས
་གསང་བའི་ནད་བརྟག་པའི་བསྐབས་ནས་བཤད་པ་ལྟ་བུ་དང། བྱིས་པ་གཞོན་ཆེས་པ་དང། རྒན་པོ་ན་ཚོད་འདས་པ་དང། དེ་བཞིན་དུ་རྩ་པོ་ཆེ་ལ་སོགས་པ་དང། ཤ་སྲབ་པའི་ཕྱོགས་དང། རླིག
་པ་ལ་སོགས་པའི་ཕྱོགས་དང། དེ་བཞིན་དུ་མིག་གཉིས་སུ་མིག་མཆུའི་ནང་མ་གཏོགས་པའི་མིག་ནད་གཞན་རྣམས་དང། སོ་ག་ཚ?་བའི་ཚེ་དང། དགུན་གྲང་བའི་ཚེ་དང། དབྱར་ཆར་འབབ་པའི
་ཚེ་དང། ཆར་འབབ་ཅིང་ཡུལ་རྨུས་པའི་དུས་གཞན་གྱི་ཚེ་ཐལ་སྨན་སྣོན་པོ་བཏུང་བ་དང། བཏང་བ་གཉིས་ཀ་མི་བྱའོ། །མུསྐ་ཀ་ན་ཤྱ་མྱ་ཀ་།ཆུ་ཤིང་པཱ་རི་ཕ་དྲཱ་དང། ། ཤྭ་ཀརྞ་འཛམ་བུའི
་ཤིང། །པ་ལ་ཤ་དང་ཨ་བོ་ཏ། ཨིནྡྲི་བྲིཀྵ་ཨརྐ་དང། །ནཀྟ་མ་ལ་ཡུ་ཏི་ཀ་།སྲི་ཤིང་ཨ་པ་མརྐ་དང། ཀ་ཀ་ཛ་གཙི་ཏྲཀ་།ཀནི་མནྟ་ཏིལ་བཅའ་སྒ། སློན་ཞིང་རྩ་བ་ལ་སོགས་བཅས། །དུམ་བུར་ཡོངས་སུ
་གཏུབས་པ་དང། །ཀོ་ཤ་ཏ་ཀ་རྣམ་བཞི་དང། །ནས་ཀྱི་སོག་མ་གྲམ་རྣམས། རླུང་མེད་གནས་སུ་བསགས་ནས་དེ། རྡོ་ལེབ་སྟེང་དུ་སོ་སོར་བཞག་།མུཥྐ་ཀ་ཡི་ཕུང་པོ་དང། །རྡོ་ཐལ་རྡོ་ནི་བཅུག་པར་བྱ། །དེ
་ནས་ཏིལ་གྱི་སྡོང་བུས་བསྲེག་།ཅེས་བྱ་བ་ལ། ཤིང་མུག་ནག་པོ་ལ་སོགས་པ་བཏུས་ཏེ། དུམ་བུར་ཡོངས་སུ་གཏུབས་ཏེ། རླུང་མེད་པའི་གནས་སུ་བསོགས་ནས། རྡོ་ལེབ་ཀྱི་སྟེང་དུ་ཕུང་པོ་སོ་སོར་བཞག
་པ་དང། ཀོ་ཤ་ཏ་ཀ་རྣམ་པ་གཞི་དང། ནས་ཀྱི་སོག་མ་དང་གྲ་མ་རྣམས་ཀྱང་རྡོ་ལེབ་ཀྱི་སྟེང་དུ་སོ་སོར་བཞག་པ་དང། དེ་བཞིན་དུ་མུཥྐ་ཀའི་ཕུང་པོ་དང། རྡོ་ཐལ་གྱི་རྡེའུ་ཕྲ་མོ་བཅུག་ནས། ཏིལ་གྱི་སྡོང
་བུས་བསྲེག་ཅིང་སྦྱར་བར་བྱའོ། །ཚིག་ནས་མེ་ནི་ཤི་བ་དང། །རྡོ་ཐལ་ཐལ་བ་ལོགས་ཤིག་དབྱེ། །ཐལ་བ་གཞན་དག་བྲེ་གང་སྟེ། །མུཥྐའི་ཐལ་ལྷག་བླངས་ནས་ནི། །སོ་སོར་ཕྱེ་སྟེ་ཆུ་དང་གཅིན། །
་སྲང་སྟེང་དགྲ་དང་བསྲེས་ནས་བཞུ། །ཚགས་ནི་བཟང་པོ་དེས་བཙགས་ལ། །ཇི་སྲིད་འབྱར་བག་དམར་ཞིང་དང། །རྣོ་བར་གྱུར་གྱི་བར་དུ་ནི། །ཐལ་པའི་དངས་མ་དེ་བླངས་ལ། །ལྷགས་སྣོད་བཟང་པོར་བསྐོལ་ཞིང་དཀྲུག་།ཅེས་བྱ་བ་ལ། གོང་དུ་སྨོས་པའི
་རྫས་དེ་དག་ཆག?་པར་གྱུར་ནས་མེ་ཤི་བ་དང་རྡོ་ཐལ་བསྲེག་བ་དང། ཐལ་བ་ལོགས་ཤིག་ཏུ་སོ་སོར་ཕྱེ་སྟེ། ལོགས་ཤིག་ཏུ་བཞག་ནས། ཐལ་བ་གཞན་ཏེ། ཐལ་བ་བྲེ་གང་མུསྐ་ཀའི་ཐལ་བར་ལྷག་མར་བླངས་པར་བྱ་སྟེ། ཤ་མྱ་ག་ལ
་སོགས་པའི་ཐལ་བ་ནི་ཆ་མཉམ་པར་བྱ་ལ། མཥྐ་ཀ་ནི་ཆ་གཉིས་སུ་བྱས་ནས་སོ་སོར་ཕྱེད་སྟེ། ཆུང་དང་པ་ལ་སོགས་པའི་གཅིན་སྲང་སྟོང་དང་བསྲེས་པ་ལ་དཀྲུགས་སྟེ། རས་ཆེན་པོའི་ཚིགས་བཟང་པོས་དེ་བཙགས་ལ་བཞུ་བར་བྱའོ། །
་ཇི་སྲིད་ཀྱི་བར་དུ་བཞུ་བར་བྱ་ཞེ་ན། དུས་ཇི་སྲིད་ན་ཐལ་སྨན་གྱི་རྒྱུ་ན་འབྱར་བག་དང། དམར་བ་དང་དང་བ་དང། རྣོ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དེ་བཞུས་ལ། ཐལ་པའི་དངས་མ་དེ་བླངས་ནས་ཐལ་བའི་ཚིགས་མ་བོར་ཏེ། ལྕགས་སམ་ཟངས
་ཀྱི་སྣོད་བཟང་པོར་སྨན་མར་བཅོ་བའི་ཚུལ་དུ་བསྐོལ་ཞིང་གཟར་བུས་དཀྲུག་ཅིང་བཙོ་བར་བྱའོ། །དེ་ངས་འཆོད་པར་བྱེད་པ་དང། །རྡོལ་ཐལ་བསྲེག་རྡོའི་དུམ་བུ་དང། །ཉ་ཕྱིས་ཀྵི་ར་བ་ཀ་དང། །དུང་གི་ལྟེ་བ་ལྕགས་སྣོད་གཞུག་།མེ་མདོག
་ཅན་དུ་ལན་མང་བྱ། །ཐལ་སྨན་ཆ་ནི་དུལ་གང་དང། མེ་བསད་དེ་ནི་དང་བཏགས་ལ། །ལྡེ་གུ་དེ་ནི་གཞུག་པར་བྱ། ཞེས་བྱ་བ་ལ། ཐལ་པའི་ཆུའི་དངས་མ་དང་མུཥྐ་ག་དང། བསྲེས་ལ་བསྲེགས་པའི་རྡོ་ཐལ་ཀྱི་དུམ་བུ་དང། ཉ་ཕྱིས
་དང་ཀྵི་ར་བ་ཀ་ཞེས་བྱ་བ་རྡེའུ་ཀ་རུ་དང། དུང་གི་ལྟེ་བ་ལྷགས་སྣོད་དུ་བཅུག་པ་མེའི་མདོག་ལྟར་དམར་བར་ཡང་བྱས་ལ། ཐལ་སྨན་གྱི་ཆ་ཕུལ་གང་ཡང་དེར་བཅུག་སྟེ། མེ་བསད་ནས་ཐལ་བའི་ཆུ་དེ་ཉིད་དང་དེ་ཞིབ་ཏུ་གཏགས་ལ། ལྡེ་གུ་
་དེ་ཐལ་ཆུ་དེའི་ནང་དུ་བཞུག་པར་བྱའོ། །ཁྱིམ་བྱ་རྨ་བྱ་བྱ་རྒོད་དང། །ཀི་ཀ་ཕུག་རོན་རྟུག་པ་དང། །བྱ་དང་རྐང་བཞིའི་མཁྲིས་པ་དང། །བ་བླ་ལྡོང་རོས་ལན་ཚ་རྣམས། །ཞིབ་བཏགས་བཅུག་བྱ། །ཞེས་བྱ་བ་ལ། དེ
་དག་གི་ལྡེ་གུ་འབའ་ཞིག་གཞུག་པར་མ་ཟད་ཀྱི། ཁྱིམ་བྱ་ལ་སོགས་པའི་རྟུག་པ་ལ་ལ་སོགས་པ་ཡང་ཞིབ་དུ་བཏ། ལག་ཞུག་པར་བྱའོ། །ལན་ཚྭ་ནི་ལྕེ་མྱང་ཚྭ་ལ་སོགས་པའོ། །དེ་ནས་གཟར་བུས་དེ་ཡང་ཀུན་ཏུ་དཀྲུག་།ཅེས་བྱ་བ་ལ། དེ་ལྟར་ལྡེ
་གུ་བཅུག་པའི་རྗེས་ཐོགས་ལ། གཟར་བུས་ཐལ་ཆུའི་ཁུ་བ་དེ། །ཀུན་ཏུ་དཀྲུག་ཅིང་བསྐྱོད་པར་བྱའོ། །གང་ཚེ་ལྦུ་བ་བཅས་པར་ཁོལ། །ཆུ་བུར་སྦོམ་བསྐ་ལྡེ་གུ་འདྲ། །དེ་ཚེ་བབ་ལ་གྲངས་པ་དང། །ལྕག་པ་སྣོད་བཅུག་སྟེ་ནང་ནས
་གཞུག་།འདི་ནི་ཐལ་སྨན་འབྲིང་པོ་ཡིན། ཞེས་བྱ་བ་ལ། དུས་གང་གི་ཆ་ཐལ་སྨན་དེ་ལྦུ་བ་དང་བཅས་པར་ཁོལ་ཞིང་ཆུ་བ་བུར་བཅས་པ་དང། བླ་གབ་ལས་བསྐ་ཞིང་ལྡེ་གུ་འདྲ་བར་གྱུར་ལ། །གཟར་བུ་ལ་ཆགས་པ་དེའི་ཚེ། །
་ཐབ་ལས་ཕབ་ལ། གྲངས་པ་དང། ལྕགས་ཀྱི་སྣོད་དུ་བཅུག་སྟེ། ནས་ཀྱི་ནང་དུ་ལེགས་པར་སྦ་ཞིང་གཞུག་པར་བྱ་སྟེ། འདི་ནི་ཐལ་སྨན་འབྲིང་པོ་ཡིན་ཞེས་བྱའོ། །འཇམ་པོ་མ་བཏགས་པར་བཅུག་ལ། གསུར་ལ་སླར་ནི་གདོན
་པར་བྱ། ཞེས་བྱ་བ་ལ། ཐལ་སྨན་འཇམ་པོ་ནི་རྡོ་ཐལ་གྱི་ཐལ་བ་དང། རྡེའུ་ལ་སོགས་པ་མ་གཏགས་པར་བསྲགས་བསྲོགས་པ་ལ་ཐལ་ཆུ་དེང་བཅུག་ཅིང་གསུར་ལ། དེའི་འོག་ཏུ་སླར་ཕྱིར་གདོན་པར་བྱའོ། །རྣོན་པོ་སྔ་མ་བཞིན
་བཅུག་ལ། ལངཀ་ལིངཀ་དནྟི་དང། ཤུ་དག་བོད་ད་ཙི་ཏྲ་ཀ་།སརྫི་ཀ་དང་ཁྲོན་བུ་དང། ཤིང་ཀུན་ཀ་རཉྫིར་ལོ་མ། ཏ་ལའི་ལོ་མ་ཁ་རུ་ཚ། ཕྱེ་བཅུག་།ཅེས་བྱ་བ་ལ། ཐལ་སྨན་རྣོན་པོ་སྦྱར་བ་ལ་ནི། སྔར་བཤད་པའི་ཐལ་སྨན
་འབྲིང་པོ་སྦྱང་བ་བཞིན་དུ་ལྡེ་གུའི་སྦྱོར་བ་བཅུག་པ་དང། དེ་བཞིན་དུ་ལཾ་ཀ་ལི་གནས། ཁ་རུ་ཚའི་བར་ཞིབ་ཏུ་བཏགས་པའི་ཕྱེ་མ་གཞུག་པར་བྱའོ། །ཞག་བདུན་དེ་བཞག་བྱ། ཞེས་བྱ་བ་ལ། ཐལ་སྨན་དེ་གསུམ་ཚར་ཡང་ཞག་བདུན་བཞག་ལ
་དེའི་འོག་ཏུ་བཏང་བར་བྱའོ། །རྣོན་པོ་དེ་ནི་རླུང་བད་ཀན། །ཚལ་སྐྱེས་ཐོར་བུ་སོགས་ལ་གྲང། །ཞེས་བྱ་བ་ལ། ཐལ་སྨན་པ་རྣོན་པོ་དེ་ནི་རླུང་དང་བད་ཀན་དང། ཚིལ་ལས་སྐྱེས་པའི་ཐོར་བུ་དང། །གཞང་འབྲུམ་ལ་སོགས་པ་ལ་བཏང་བར་བྱའོ། །འདི
་ཉིད་ནད་ཚབས་འབྲིང་ལ་འབྲིང། ཞེས་བྱ་བའོ། །ཐལ་སྨན་འབྲིང་པ་ནི་ཐོར་བུ་ལ་སོགས་པ་འདི་དག་ནད་ཀྱི་ནད་ཚབས་འབྲིང་ཙམ་དུ་གྱུར་ཅིང་ཤིན་ཏུ་འཕེལ་བ་མ་ཡིན་པ་ལ་བཏང་བར་བྱའོ། །འཛམ་པོ་ཁྲག་མཁྲིས་གཞང་འབྲུས་ལའོ། །ཞེས་བྱ་བ་ལ
་ཐལ་སྨན་འཛམ་པོ་ན་ཁྲག་དང་འཁྲིས་པ་ལས་བྱུང་བའི་གཞང་འབྲུམ་ལ་བཏང་བར་བྱའོ། །མཐུ་བསྐྱེད་ཕྱིར་ནི་འོ་མ་ཆུ། །ཐལ་སྨན་ཆུ་ནི་སླར་ཡང་གཞུག་།ཅེས་བྱ་བ་ལ། ཐལ་སྨན་དེ་མཐུ་དང་ནུས་བ་སྐྱེད་པའི་ཕྱིར། སྐས་པར་གྱུར་བ་འོ་མ་དང་ཆུ
་དང་ཐལ་སྨན་བཙིགས་པའི་ཆུ་སླར་ཡང་གཞུག་པར་བྱའོ། །ཤིན་ཏུ་རྣོ་མིན་འཇམ་དང་གཉེན། །འབྱར་བག་སྣ་རྣོ་དཀར་བ་དང། །རྩེ་ཅན་བདེ་བར་འཇིལ་བ་དང། །མི་འཇག་བྱུགས་ན་ནང་མི་ཆེ། །ཐལ་སྨན་ཡོན་ཏན་བཅུ་དང་ལྡན། །བཙིགས?་བུ་མེ
་བཅའ་ཨི་ལས་ཀྱང་བྱེད། །ཞེས་བྱ་བ་ལ། ཐལ་སྨན་ནི་ཤིན་ཏུ་རྣོ་བ་མ་ཡིན་པ་ལ་སོགས་ཡོན་ཏན་བཅུ་དང་ལྡན་ཏེ། དེ་ལས་ཀྱང་སྣ་རྣོ་བ་མི་གྱུར་ཅུ་ཁྱབ་ཅིང་འགྲོ་བར་བྱེད་པའོ། །རྩེ་ཙན་ནི་སྟེང་ན་བརྩེགས་པའམ་རྭ་ཅན་ལྟ་བུར་སྣང་བའོ། །བདེ་བས་འཇི?
་པ་ནི་རང་སྐྱུར་ལ་སོགས་པའི་ཁུ་བ་སྐྱུར་པས་མྱུར་དུ་ཆ་པའི་ཇལ་ཞིང་བསིལ་བར་བྱེད་པའོ། །མི་འཛགས་པ་ནི་འཛག་བག་མང་པའོ། །གཞན་ཡང་བཅགས་བུའི་ལས་བཅད་བ་དང། དབུག་པ་དང། དྲལ་པ་དང། ཕྱི་བ་ལ་སོགས་པ་ཡང་བྱེད་ལ
་དེ་བཞིན་དུ་མེ་བཏབ་པས་ཞི་ཞིང་གསོ་དགོས་པའི་ནད་ཀྱང་ཞི་བར་བྱེད་པས་ན། བཙགས་བུ་དང་མེ་བཙའི་ལས་ཀྱང་བྱེད་པ་ཡིན་ནོ། །ལུས་ནི་བཙིར་བ་ལྟ་བུ་དང། །ནད་ཀྱི་རྗེས་འགྲོ་སྙེགས་པས་ན། རྩ་བ་ནས་ནི་འབྱིན་པར་བྱེད། །ལས་བྱས
་ནད་དང་བྲལ་ནས་ཀྱང། །རང་ཉིད་ཉེ་བར་ཞི་བར་འགྱུར། །ཞེས་བྱ་བ་ལ། ཐལ་སྨན་བསྐུ་བ་ནི་ཀུན་ཏུ་འགྲོགས་ཤིང་རླངས་པས་གཞིབས་པ་ལྟ་བུ་དང། དེ་བཞིན་དུ་ལུས་བཙིར་བ་ལྟ་བུ་དང། །ཐམས་ཅད་ནད་ཀྱི་རྗེས་སུ་འགྲོ་ཞིང་སྙོགས?་པས་དེས་གསོ
་བར་བྱ་བའི་ནད་རྣམས་རྩ་བ་ནས་འབྱིན་པར་བྱེད་པ་དང། དེ་བཞིན་དུ་ནད་སེལ་བའི་ལས་ཚ་བ་ལ་སོགས་པ་ནས། ནད་དང་བྲལ་བའི་ལོག་ཏུ་དང་ཉིད་ཉེ་བར་ཞི་ཞིང་ཚ་བ་མེད་པར་འགྱུར་རོ། །ཐལ་སྨན་གྱིས་ནི་གསོ་བའི་ནད། །མངན?་བཅས་བྲུད་བ་འམ
་གཏར་ག་བྱས། །ཐལ་སྨན་ཐུར་མ་གོས་ཀྱིས་ནི། །དཀྲིས་པར་བསྒོས་ཏེ་ཀླན་ནས་སུ། གྲངས་བརྒྱའི་བར་དུ་བསྡད་ནས་བྱ། །ཞེས་བྱ་བ་ལ། ཐལ་སྨན་གྱིས་གསོ་ཞིང་བཅས་པའི་ནང་མི་མཚོན་གྱིས་བཅད་ཅིང་གཉིས་སུ་ཕྱ་བ་དང། མཚོན་གྱིས་བྲུད་ཅིང་བད?
་བ་དང། །གཏར་ག་བྱས་པའི་རྨ་ལ་ཐལ་སྨན་གྱི་ཐུར་མ་གོས་ཀྱི་དུམ་བུ་དཀྲུས་ཤིང་སྤངས་པས་དཀྲིས་པར་ཐལ་སྨན་བསྒོས་ཏེ། གླན་ཞིང་བྱུགས་ལ་དེའི་འོག་ཏུ་གྲངས་ཀྱི་བརྒྱའི་བར་དུ་བསྡད་དེ་ཕྱི་བར་བྱའོ། །དེ་ལ་གཞང་འབྲུམ་བསྐུས་གོས་ཀྱིས
་གཡོགས་ཏེ་ལག་པར་དགབ་པར་བྱ། །ཞེས་བྱ་བ་ལ། དེ་ལ་གཞང་འབྲུམ་ཐལ་སྨན་གྱིས་གསོ་བར་བྱ་བ་ལ་ཐལ་སྨན་བསྐུས་ལ། གོས་ཀྱིས་གཡོགས་ཏེ། རང་གི་ལག་པས་དགབ་པའི་ཆ་དཔྱད་བྱའོ། །དེ་ཡང་གྲངས་བརྒྱའི་བར་དུ་བཞག་པར་བྱའོ།
་མིག་མཆུའི་ནང་ལ་མིག་མཆུ་བཟློག་།མིག་འབྲས་ནག་པོ་རས་བལ་གྱིས། །བཀའ་སྟེ་ལེགས་པར་བྱུག་པར་བྱ། །ཞེས་བྱ་བ་ལ་མིག་མཆུའི་ནང་དུ་ནད་དབྱུང་བ་ལ། མིག་མཆུ་གྱོན་དུ་བཟློག་སྟེ། མིག་འབྲས་ནག་པོ་རས་བལ་གྱིས་བཀབ་ལ།
་ཐལ་སྨན་ལེགས་པར་བྱུག་པར་བྱའོ། །ཐལ་སྨན་བང་ལོ་ཙམ་སྲབ་བསྐུ། ཞེས་བྱ་བ་ལ། མིག་མཆུ་དེར་བསྐུ་བ་དེ་ཡང་ཐལ་སྨན་པདྨའི་ལོ་མ་ཙམ་དུ་སྲབ་དུ་བསྐུའི། །མཐུག་པར་ནི་མ་ཡིན་ནོ། །སྣའི་བུ་གའི་ཐོར་བུ་ནི། །ཉི་མ་ལ་བལྟས་འདུག་པ་ལ། སྣ་ཙེ?
་ཞེས་ཏང་བར་བཏེག་ནས་ནི། །གྲངས་ནི་ལྔ་བཅུའི་བར་དུ་བཞག་ཅེས་བྱ་བ་ལ། སྣའི་ནང་དུ་ཐོར་བུ་བྱུང་བ་ལ། ཐལ་སྨན་བཏང་བའི་ཐབས་ནི། ཉི་མ་ལ་ཁ་བལྟས་ཏེ་འདུག་ཏུ་བཅུག་ལ། དེའི་སྣའི་རྩེ་མ་ལེགས་པར་བཏེག་ཅིང་བཟློག་ལ་བསྐུས་ཏེ། གྲངས
་ཀྱི་ཚད་ལྔ་བཅུའི་བར་དུ་བཞག་པར་བྱའོ། །རྣ་བའི་ཐོར་བུ་ལ་དེ་བཞིན། ཞེས་བྱ་བ་ལ། རྣ་བར་ཐོར་བུ་བྱུང་བ་ལ། ཡང་ཐལ་སྨན་བསྐུས་ནས་སྔ་མ་བཞིན་དུ་གྲངས་ལྔ་བཅུའི་བར་དུ་བཞག?་པར་བྱའོ། །ཐལ་སྨན་བསྐུས་པའི་འོག་ཏུ་ནི། ཕྱིས་པས
་ལེགས་ཉེས་རྟོགས་བྱ་སྟེ། ལེགས་ཚིགས་མར་དང་སྦྲང་རྩི་བསྐུ། །འོ་མ་རང་སྐྱུར་ཞོ་ཁ་ཆུས། །དབལ་བསད་དེ་ནས་མར་བཅས་པའི། །མངར་དང་བསིལ་བས་བྱུག་པར་བྱ། ཞེས་བྱ་བ་ལ། དེ་ལྟར་ཐལ་སྨན་བསྐུས་པའི་འོག་ཏུ་ཐུར་མའི་ཆ
་དཔྱད་ཀྱིས་ཕྱིས་ལ། ལེགས་པར་ཚིག་པ་འམ། ཉེས་པར་ཚིག་པ་བརྟོགས་པར་བྱས་ལ། ལེགས་པར་ཚིག་ན་མར་མར་དང་སྦྲང་རྩི་སྦྱོར་བས་བསྐུ་བར་བྱ་བ་དང། འོ་མ་དང་འབྲས་རྩ་བས་རང་སྐྱུར་དང་ཞོ་ལ་ཆུས་དབལ་བསང་ཅིང་གྲང་བ
་བསྐྱེད་ལ། །དེའི་འོག་ཏུ་ཞུན་མར་དང་བཅད་པའི་སྨན་མངར་བ་དང་འཇམ་པས་བྱུག་པར་བྱའོ། །བཟའ་བཏུང་བད་ཀན་སྐྱེད་པ་དང། །བསྲུལ་བའི་ཕྱིར་ནི་སྦྱིན་པར་བྱ། ཞེས་བྱ་བ་ལ། ཐལ་སྨན་བཏང་བ་དེ་ལ་བད་ཀན་སྐྱེད་པར་བྱེད་པའི་བཟའ་བཏུང
་དག་བསྲུལ་ཞིང་རྣམ་པར་བྱ་བའི་ཕྱིར་སྦྱིན་པར་བྱའོ། །གལ་ཏེ་རྩ་བ་བརྟན་གྱུར་པས། །ཐལ་སྨན་གྱིས་བསྲེགས་མི་འདྲུལ་ན། །འུ་སུ་སྐྱུར་སྙིགས་ཤིང་མངར་དང། །ཏིལ་གྱི་ལྡེ་གུས་དེ་ཚེ་བསྐུ། ཞེས་བྱ་བ་ལ། གལ་ཏེ་ཐལ་སྨན་བསྐུས་པའི
་ནས་རྩ་བ་བརྟན་པར་གྱུར་པས་ཐལ་སྨན་གྱིས་བསྲེགས་ཤིང། ཟས་དང་ཀན་ཅན་ཟོས་ཀྱང་འདྲུལ་བར་མི་བྱེད་ན། དེའི་འོག་ཏུ་འུ་སུ་དང། སྐྱུར་གྱི་སྙིགས་མ་དང། ཤིང་མངར་དེང་ཏིལ་བཏགས་པའི་ཕྱེ་མའི་ལྡེ་གུས་ནད་ཀྱི
་གནས་དེ་བསྐུ་བར་བྱའོ། །འདིར་སྐྱུར་སྙིགས་ནི་འབྲས་ཁུའི་རྩབ་མོ་སྐྱུར་པོའི་སྙིགས་མ་འམ། ཆང་གི་སྙིགས་མ་ལ་བྱའོ། །ཏིལ་གྱི་ལྡེ་གུ་ཤིང་མངར་བཅས་མར་གྱིས་བསྐུས་ན་རྨ་འཚོ་བྱེད། ཅེས་བྱ་བ་ལ། ཏིལ་གྱི་ལྡེ་གུ་ནི་ཏིལ་ཆུ་བཏགས་སུ་བྱས
་པའོ། །ཤིང་མངར་དང་བཅས་པ་ནི་དེ་དང་ལྷན་ཅིག་བཏགས་པའོ། །མར་གྱིས་བསྐུས་པ་ནི་དེ་གཉིས་ཀྱང་མར་དང་བསྐུས་པ་སྟེ། དེས་ནི་ཐལ་སྨན་གྱིས་ཚིག་པའི་རྨ་འཚོ་བར་བྱེད་དོ། །སྨིན་པ་འཛམ་བུ་ལྟར་ཀུན་གནས། ལེགས་ཚོས་ཞེས་བྱ་བ་ལ།
་སྨིན་ཅིང་ཚོལ་བར་གྱུར་པ་ནི། ཤིང་འཛམ་བུའི་འབྲས་བུ་ལྟར་ཀུན་ཏུ་གནས་པ་ནི་ལེགས་པར་ཚོས་པ་ཡིན་ནོ། །དེ་ལས་གོ་བཟློག་པ། དམར་ཞིང་ན་བ་གཡའ་སོགས་བྱེད། །བསྲེག་ཉེས་ཡིན་ཏེ་སླར་བསྲེག་ཅེས་བྱ་བ་ལ། ལེགས་པར་ཚོས་པའི
་མཚན་ཉིད་དེ་ལས་གོ་བཟློག་པའི་འཛམ་བུའི་འབྲས་བུ་སྨིན་པ་ལྟ་བུར་མ་གྱུར་པ་དང། ཐམས་ཅད་ཚིམ་པར་མ་གྱུར་པ་དེ་ནི་བསྲེག་ཉེས་པ་ཡིན་ལ། དེ་བཞིན་དུ་དམར་ཞིང་ན་བ་ལ་སོགས་པ་ཡང་བསྲེག་ཉེས་ཤིང་མ་ཚིག་པ་ཡིན་པས། དེ་ནི
་སླར་ཡང་བསྲེག་དགོས་ཏེ། དེར་ཐ་ལ་སྨན་བསྐུ་བ་བརྣན་པར་བྱའོ། །བསྲེག་དྲགས་ཁྲག་ནི་འཛག་པ་དང། །བརྒྱ་ལ་ཞིང་ཚ་དང་རིམས་སོགས་འགྱུར། ཞེས་བྱ་བ་ལ། ནད་ཀྱི་གནས་ཀྱི་ལུས་ཀྱི་ཕྱོགས་བསྲེགས་དྲགས་ན། དེ་ལས་ཁྲག་འཛག
་པར་འགྱུར་བ་དང། བརྒྱལ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་ན་བ་དང། དམར་བ་དང། སྐྲངས་པ་དང། རྣགས་ཤིང་འདྲུལ་བ་དང། མེ་དབལ་ལ་སོགས་པ་བསྡུའོ། །གཞང་ཁར་བསྲེགས་དྲགས་ཁྱད་པར་དུ།།
་འགགས་པ་འམ་ཤས་ཆེར་འབྱུང་བར་འགྱུར། ཁུ་བ་ཟད་བར་འགྱུར་བ་འམ། གཞང་ཁ་འབྱུང་པས་འཆི་བར་འགྱུར། ཞེས་བྱ་བ་ལ། གཞང་འབྲུམ་བསྲེགས་པའི་གཞང་ཁར་བསྲེགས་དྲགས་པས་ནི་ཁྱད་དུ་བཤང་པ་དང། གཅི་བ་འགགས
་པའམ། ང་གཉིས་ཤས་ཆེར་འབྱུང་བར་འགྱུར་བ་འམ། ཁུ་བ་ཟད་ཅིང་གཞང་ཁ་འབྱུང་བར་འགྱུར་པས་ངེས་པར་གདོན་མི་ཟ་མར་འགྱུར་རོ། །སྣར་དྲགས་སྣ་ཡི་མཚུལ་བར་ནི། །ཉམས་པའམ་ཡང་ན་ཡོ་པ་འམ། །ཡུལ་ནི་འཛིན་མི་ནུས་པར་འགྱུར
་ཞེས་བྱ་བ་ནི། སྣར་ཐལ་སྨན་གྱིས་བསྲེགས་དྲགས་པས་ནི། སྣའི་ཚུལ་པ་ཉམས་ཤིང་འཇིག་པ་དང། དེ་བཞིན་དུ་སྣ་ཡོ་བར་འགྱུར་པ་དང། དེ་བཞིན་དུ་སྣའི་ཡུལ་དྲི་འཛིན་པར་མི་ནུས་ཤིང་ཚོར་བ་མེད་པར་འགྱུར་རོ། །རྣ་བའི་ཚོགས་ལའང
་དེ་དང་འདྲ། ཞེས་བྱ་བ་ལ། དེ་དང་འདྲ་བས་ན་དེ་འདྲ་ཏེ་ཐལ་སྨན་གྱིས་བསྲེགས་པའི་སྣ་ལྟར་རྣ་བ་ལ་སོགས་པ་ཐལ་སྨན་གྱི་ཚིག་པ་ལ་ཡང་རང་རང་གི་ཡུལ་འཛིན་མི་ནུས་པར་འགྱུར་རོ། །སོགས་པ་ནི་ལྕེ་དང་པགས་པ་ལ་སོགས
་པ་བསྡུའོ། །འདིར་ནི་མཆོག་ཏུ་སྐྱུར་བ་བླུག་།ཤིང་མངར་མར་དང་ཏིལ་བཏགས་བྱུགས། །རླུང་དང་མཁྲིས་པ་སེལ་བ་དང། །བསིལ་བའི་སྤྱོད་པ་ཐམས་ཅད་ཕན། །ཞེས་བྱ་བ་ལ། ཚིག་དྲགས་པི་འདིར་ནི་མཆོག་གམ་ཁྱད་པར་དུ་སྐྱུར་རྩབས
་ལ་སོགས་པ་ཁུ་བ་སྐྱུར་བ་བླུག་པ་དང། ཤིང་མངར་དང་མར་དང་ཏིལ་བཏགས་པས་བྱུག་པ་དང། བཟའ་བཏུང་ལ་སོགས་པ་རླུང་དང་མཁྲིས་པ་སེལ་བ་དང། བསིལ་བར་བྱ་བའི་སྤྱོད་པ་ཐམས་ཅད་ཕན་ནོ། །སྐྱུར་པའི་རེག་པ་བསིལ་བས་ན། །ཐལ་སྨན
་དེ་དང་འདྲེས་གྱུར་ན། །དེ་ཡིས་མྱུར་དུ་མངར་འགྱུར་བས། །སྐྱུར་བས་ཚ་བ་ཤིན་ཏུ་འཇིལ། །ཞེས་བྱ་བ་ལ། གང་གི་ཕྱིར། སྐྱུར་བ་མ?་རིག་པ་བསིལ་ཞིང་གྲང་བ་ཡིན་པས་ན། །ཐལ་སྨན་དེ་དང་འདྲེས་ཤིང་འབྲེལ་བར་འགྱུར་ན། རྒྱུ་དེའི་དབང་གིས་ཚ་བ་དང
་ལན་ཚྭའི་ཤས་མང་པོ་དང་བྲལ་ནས་མྱུར་དུ་མངར་བ་ཉིད་དུ་འགྱུར་བས་ན། དེའི་ཕྱིར་སྐྱུར་བའི་དངོས་པོ་རྩབས་མོ་དང་ས་མ་ལ་སོགས་པ་ཚ་བ་ཤིན་ཏུ་འཇིལ་བར་འགྱུར་གྱི། འོ་མ་ལ་སོགས་པ་མངར་པས་ནི་དེ་ལྟ་མ་ཡིན་ནོ
་དེ་ཡང་བསྡུས་པ་ལས། ཐལ་སྨན་རོ་ནི་སྐྱུར་དང་ཕྲད། །སྐད་ཅིག་གིས་ནི་མངར་བར་འགྱུར། ཞེས་བཤད་པ་ཡིན་ནོ། །མེ་བཙའ་ཐལ་ལ་སྨན་མཆོག་སྟེ། །དེས་བསྲེགས་པ་ནི་སླར་མི་འབྱུང། །སྨན་དང་ཐལ་སྨན་མཚོན་སྤྱོད་ཀྱིས། །མ་གྲུབ
་བ་ཡང་འགྲུབ་པར་བྱེད། །ཅེས་བྱ་བ་ལ། མེ་བཙའ་བཏབ་པ་ནི་ཐལ་སྨན་བས་ཀྱང་མཆོག་སྟེ། དེས་བསྲེགས་པར་གཞང་འབྲུམ་ལ་སོགས་པ་སླར་མི་འབྱུང་བ་དང། དེ་བཞིན་དུ་སྨན་ལ་སོགས་པས་གསོ་བ་མ་གྲུབ་པ་ཡང་དེས་འགྲུབ
་པར་བྱེད་པ་ཡིན་པས་ན། དེའི་ཕྱིར་མཆོག་ཡིན་ནོ། །པགས་པ་བཤ་དང་རྩ་རྒྱུས་དང། །ཚིལ་དང་རུས་སོགས་དེ་ལ་གདབ། ཅེས་བྱ་བ་ལ་མེ་བཙའ་དེ་ཡང་པགས་པ་ལ་སོགས་པ་བསྲེགས་པའི་ཕྱིར་གདབ་པར་བྱའོ། །རྨེ་བ་མཛེ་ནད
་གླང་ནད་དང། མགོ་བོའི་གཞགས་ཕྱེད་ན་སོགས་པ། པགས་བསྲེག་རས་བལ་བ་ལངས་སོ། །མེ་ཤལ་མདའ་བསྙག་སོགས་མེ་གདབ། ཅེས་བྱ་བ་ལ། དེ་ལ་པགས་པ་བསྲེགས་པ་ལ་སོགས་པ་རས་བལ་དང། བ་ལང་གི་སོ་ལ་སོགས
་བས་མེ་བཙའ་གདབ་པར་བྱའོ། །རྨེ་བ་ལ་སོགས་པའི་ནད་འདི་དག་ནི་རྒྱུད་ཕྱི་མ་ལས་ཤེས་པར་བྱའོ། །གཞང་འབྲུམ་རྨེན་བུ་མཚན་པར་རྡོལ། །བུ་ག་རྨ་ལོང་ལ་སོགས་ལ། །ཤ་བསྲེགས་སྤྲ་ཚིལ་མར་བསྲེགས་དང། །བུ་རམ་འཛམྦུའི
་མཆུ་ཡིས་བསྲེག་།ཅེས་བྱ་བ་ལ། གཞང་འབྲུམ་ལ་སོགས་པའི་ནད་རྣམས་ལ་ནི། སྤྲ་ཚིལ་ལ་སོགས་པས་ཤ་བསྲེགས་པར་བྱ་ཞིང། འདི་དག་གིས་སོ་སོ་ཅི་རིགས་པར་བསྲེག་པར་བྱའོ། །པགས་པ་འབྱར་དང་ཁྲག་མཆོད་ཐིག་ལེ?
་གནག་སོགས་པགས་ནང་ན། །དེ་དག་ཉིད་ཀྱིས་རྩ་བསྲེག་གོ་།ཞེས་བྱ་བ་ལ་པགས་པ་འབྱར་བ་ལ་སོགས་པ་ལ་ནི་རྩ་བསྲེག་པར་བྱའོ། །བསྲེག་མིན་ཐལ་སྨན་བཀག་པ་དང། །ནང་ན་མཚོན་ལུས་རྨ་ཆེན་འབྱུང། ཁྲག་གཟགས་པ་དང་ལྟོ་བཀལ
་བའོ། །ཞེས་བྱ་བ་ལ། བསྲེག་པར་མི་བྱ་བ་ནི་སྔར་ཐལ་སྨན་བཏང་བ་བཀག་པ་སྟེ། །དེས་འཇིགས་པ་དང། སྦྲུམ་མ་ལ་སོགས་པ་དང། དེ་བཞིན་དུ་ནང་ན་མཚོན་གྱི་ཟུག་རྔུ་མ་བྱུང་བ་དང། རྨ་ཆེན་པོ་བྱུང་བ་དང། དེ་བཞིན་དུ་ནང་དུ་ཁྲག་གཟགས་པ་དང
་ལྟོ་འདྲལ་ཞིང་པགས?་པ་དག་ལ་མེ་བཙའ་མི་བྱའོ། །ལེགས་བསྲེག་མར་དང་སྦྲང་རྩིས་བསྐྲ། སྣུམ་དང་བསིལ་བས་བྱུག་པ་བྱ། །ཞེས་བྱ་བ་ལ། ནད་ཀྱི་གནས་མེད་ལེགས་པར་བསྲེགས་པ་ནི། །བ་མར་དང་སྦྲང་རྩི་གཉིས་ཀྱིས་བསྐུས་ནས་དེའི་འོག་ཏུ
་མར་ཤིང་མངར་ལ་སོགས་པའི་ལྡེ་གུས་བསྐུ་ཞིང་བྱུག་པར་བྱའོ། །ལེགས་པའི་མཚན་མ་ཁྲག་མི་འབྱུང། །སྒྲ་ཅན་ཆུ་བུར་ཕྲེའུ་འབྱུང། །ཏ་ལའི་འབྲས་སྨན་ཐི་བ་འདྲ། །ན་བ་ཆུང་ཞིང་འཚོ་བ་སླ། ཞེས་བྱ་བ་ལ། མེ་བཙའ་ལེགས་པའི་གནས་ཀྱི
་མཚན་མ་འམ་རྟགས་ནི་ཁྲག་མི་འབྱུང་ཞིང་ཆོད་པ་དང། གནས་ཏེ་སྒྲ་ཅན་དུ་གནས་ཤིང་ཆུ་བུར་གྱི་ཕྲེའུ་འགྱུར་བ་སྟེ། ཁྲག་ལས་ཆུ་ལྟ་བུ་འབྱུང་བ་དང། ཏ་ལའི་འབྲས་བུ་སྨིན་པའམ། །བྱི་ཐ་བའི་མདོག་འདྲ་བ་དང། ན་བའི་ཚབས
་ཆུང་ཞིང་སྨ་འཚོ་བ་བླ་བ་ཡིན་ནོ། །བག་མེད་པས་བསྲེགས་ཐམས་ཅད་དང། །བསྲེག་ཉེས་བསྲེགས་ན་དྲགས་ནི་དྲགས་པ་མ་ཚོད་མཚན་ཉིད་བཅས་དང་བཞི། །ཞེས་བྱ་བ་ལ། བག་མེད་ཅིང་མ་དཔྱད་པར་བསྲེགས་པ་དང། །བསྲེག་ཉེས་པ
་དང། དེ་བཞིན་དུ་བསྲེགས་དྲགས་པ་དང། མ་ཆོས་ཤིང་ལེགས་པར་མ་ཚིག་པའི་མཚན་ཉིད་དང་བཅས་པ་སྟེ། །རྣམ་པ་བཞི་ཡིན། །མ་ཚོས་བགས་མདོག་མི་འདུག་ཚ། །ཆུ་བུར་འབྱུང་བར་མི་འགྱུར་པའོ། །ཞེས་བྱ་བ་ལ། མ་ཚོད་པའི
་མཚན་མ་ནི་པགས་པའི་མདོག་མི་སྡུག་པར་འགྱུར་བ་དང། ཤིན་ཏུ་ཚ་བ་དང། ཆུ་བུར་ཕྲ་མོ་བྱུང་བར་མི་འགྱུར་བ་ཡིན་ནོ། །བསྲེག་ཉེས་ཚུ་བུར་ཆེ་རབ་ཚ། ཞེས་བྱ་བ་ལ། བསྲེག་པ་ཉེས་པ་ནི། ཆུ་བུར་ཤིན་ཏུ་ཆེ་བ་དང་བཅས
་པ་དང། མི་ཟད་པས་རབ་ཏུ་ཚ་བ་ཡིན་ནོ། །བསྲེགས་དྲགས་པས་ནི་ཤ་འཕྱད་དང། །པགས་པ་འཁུམས་ཤིང་རབ་ཏུ་ཚ། །དུང་པ་འཁྱིམས་པ་ལྟ་བ་དང། །རྩ་སོགས་འཁུམས་ཤིང་སྐོམ་དང་རྒྱས། །རྨ་ཡི་གཏིང་ཟབ་འཆི་བར་འགྱུར། ཞེས
་བྱ་བ་ལ། ཤིན་ཏུ་བསྲེགས་དྲགས་པས་ན་ཤ་འཕྱང?་པ་ལ་སོགས་པར་འགྱུར་ཏེ། རྩ་ལ་སོགས་པ་རབ་ཏུ་འཁུམས་པ་དང། དུད་པ་འཁྱམས་ཤིང་འདུག་པ་ལྟ་བུ་དང། རྩ་ལ་སོགས་པ་འཁུམས་ཤིང་ཉམས་པ་དང། སྐོམ་དང་སྐྱེ་བ་དང
་རྨའི་གཏིང། ཟབ་ཅིང་ཕུགས་རིང་བ་དང། འཆི་བ་ཉིད་དུ་ཡང་འགྱུར་རོ། །མ་ཆོས་པ་ནི་མེར་བསྲེགས་ཤིང། །ཚ་བའི་སྨན་ནི་བཏང་བར་བྱ། །ཁྲག་བསྐ་ཤིན་ཏུ་ན་བར་འགྱུར། །ཟགས་པར་གྱུར་ན་ནད་ཚབས་ཆུང། །ཞེས་བྱ་བ་ལ། མཚོས?་པ།
་ལ་མེར་སྲེག་ཅིང་གདུང་བར་བྱ་བ་དང། ཚེ་བའི་སྨན་གྱི་ལྡེ་གྲུ་ལ་སོགས་པ་ཁྲག་ཞུ་བའི་ཕྱིར་བཏང་ཞིང་བསྐུ་པར་བྱ་སྟེ། གང་གི་ཕྱིར་ཁྲག་ཤིན་ཏུ་བསྐུ་ཞིང་འཐས་པར་གྱུར་ན་ན་བར་འགྱུར་ལ། ཟགས་ཤིང་ཞུ་བར་གྱུར། །ནད་ཚབས
་ཆུང་ཞིང་ཞུ་བར་འགྱུར་རོ། །བསྲེག་ཉེས་བསིལ་དང་དྲ་བའི་སྨན། །དང་པོ་བཏང་ན་དེ་འོག་བསིལ། །ཞེས་བྱ་བ་ལ། བསྲེག་ཉེས་པར་གྱུར་པ་ལ་ནི། །དྲོ་བ་དང་བསིལ་བའི་སྨན་རིམ་གྱིས་སྦྱར་བར་བྱ་སྟེ། །དང་པོར་དྲོ་བའི་སྨན་བསྐུས་ལ་དེའི་འོག་ཏུ
་བསིལ་པའི་སྨན་སྐུ་བར་བྱའོ། །བསྲེག་ལེགས་ནས་ནི་ཅུ་གང་དང། །པལཀྵ་ཙ་ན་དན་ཙགས་ཡུལ་སྣམ། །སླེ་ཏྲེས་བཅས་པ་མེར་བཅས་བསྐུ། །དེའི་འོག་མཁྲིས་མེ་དཔལ་ལྟར་དཔྱད། །ཅེས་བྱ་བ་ལ། བསྲེགས་པ་ལེགས་པར་གྱུར་མིན། །ཅུ
་གང་ལ་སོགས་པ་རས་སྨ་ཏྲེས་བྱ་བར་གྱི་སྨན་བཏགས་པ་མང་དང་བཅས་པ་དང་པོར་བསྐུ་བར་བྱའོ། །དེ་ནས་དེའི་འོག་ཏུ་མཁྲིས་པ་དང་མེ་དཔལ་གསོ་བ་ལྟར་དཔྱད་ཅིང་བསྟེན་པར་བྱའོ། །བསྲེག་དྲགས་མཁྲིས་པ་མེ་དཔལ་གྱིས། །ཆོ་ག་ཐམས་ཅད་ཀུན?་དུ་དཔྱད?
་ཅེས་བྱ་བ་ལ། བསྲེགས་དྲགས་པ་ལ་ནི་བཟའ་བཏུང་དང། །སྨན་གྱི་ལྡེ་གུ་བྱུག་པ་ལ་སོགས་པའི་ཆོ་ག་མཁྲིས་པ་དང། །མེ་དཔལ་གསོ་བའི་ཆོ་ག་དང་འདྲ་བར་ཐམས་ཅད་མྱུར་ཞིང་རིངས་པར་དཔྱད་པར་བྱའོ། །སྣུམ་གྱིས་ཤིན་ཏུ་བསྲེགས་དྲག
་པ། དེས་ནི་རྩུབ་པའི་ཆོ་ག་འང་བྱ། །ཞེས་བྱ་བ་ལ། སྣུམ་གྱིས་བསྲེགས་དྲགས་པ་ལ་ནི་བཟའ་གཏུང་ལ་སོགས་པའི་ཆོ་ག་ཐམས་ཅད་རྩུབ་པའི་བག་བྱའོ། །འང་ཞེས་བྱ་བའི་སྒྲས་ནི། །དེ་སྨན་རྩུབ་པ་བསྐུ་བ་འབའ་ཞིག་ཏུ་མ་ཟད་ཀྱི། །གོང་དུ
་བཤད་པ་རྣམ་ཀྱང་ཅི་རིགས་པར་སྦྱར་བར་བྱའོ། །ཞེས་བྱ་བའི་དོན་ནོ། །སྙིང་པོའི་གསང་བ་ལྟ་བུ་ནི་གནས་འདིར་རྫོགས་པར་བྱས་པ་ཡིན། ཞེས་བྱ་བ་ལ། གསང་བའི་སྨན་དཔྱད་ཀྱི་རྒྱུད་ཀྱི་དོན་གྱི་གསང་ཞིངས་པ་པ་སྟེ། །དེ་ལྟ་བུའི་གནས་སོ། །གང་གི
་གནས་ཤེ་ན། སྙིང་པོའི་གནས་ཏེ། ཚེའི?་རིག་བྱེད་ཡན་ལག་བརྒྱད་ཀྱི་སྙིང་པོ་ལྟ་བུ་སྟེ། །ཇི་ལྟར་ལུམ་མ་ལུས་པའི་སྙིང་པོ་འམ། ཅེས་པ་ནི། སྙིང་པོ་ཡིན་པ་རང་འདི་བས་ན། རྒྱུད་མ་ལུས་པའི་དེ་ཁོ་ན་ཉིད་དུ་གྱུར་པའོ། །དེ་ལྟ་བུར་འདིར་རྫོགས
་པར་བྱས་ཤིང་མཐར་ཕྱིན་པར་བྱས་པ་ཡིན་ནོ་ཞེས་བྱའོ། །འདིར་དོན་གྲས་བ་མདོར་བཤད་ཀྱི། །རྒྱ་ཆེར་ཀུན་ཏུ་བསྟན་པ་ཡིན་ཞེས་བྱ་བ་ལ། གང་གི་ཕྱིར་གནས་འདིར་དོན་ཕྲ་བ་མདོ་ཙམ་དུ་བསྟན་ཅིང་བློ་རྣོན་པོ་དང་ལྡན་པ་རྣམས་ལ་དོན་གྱི་མདོ
་གཅེས་པ་འདིར་བཤད་ཀྱི། །རྒྱ་ཆེར་ནི་རྒྱུད་ཀུན་ཏུ་སྤྲས་ཤིར་བསྟན་པ་ཡིན་ནོ། །དེ་པས་ན་གནས་འདིར་ནི་གནས་ཐམས་ཅད་རྒྱུད་ཀྱི་འགོ་ལྟ་བུ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་བར་འགྲེལ་བ། །ཚིག་གི་དོན་གྱི་ཟླ་ཟེར
་ཞེས་བྱ་བ་ལ། །སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བར་སྦྱར་པ་ལས། །མདོའི་གནས་ལས་ལེའུ་སུམ་ཅུ་པའི་རྣམ་པར་འགྲེལ་པའོ།། །།མདོའི་གནས་ཀྱི་འོག་ཏུ་ལུས་ཀྱི་གནས་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། མདོའི་གནས་རྫོགས
་ཁང་འདིར་དོན་ཕྲ་བ་མདོར་བཤད་ཀྱི། །རྒྱ་ཆེར་ཀུན་ཏུ་བཤད་པ་ཡིན་ཞེས་བཤད་པ་ནི་གང་འདིར་དོན་ཕྲ་བ་བློ་ཞིབ་པའི་སྐྱེས་བུས་རྟོགས་པར་བྱ་བ་ནི། གཞུང་ཉུང་དོན་མང་པོ་ཞིག་མདོ་ཙམ་དུ་བསྟན་པ་ཡིན་གྱི། །མ་ལུས་པར་ཐམས་ཅད་བསྟན་པ་ནི་མ་ཡིན་ནོ།
་དེ་བས་ན་སྨན་དཔྱད་ཀྱི་རྒྱུད་མ་ལུས་པའི་དོན་གྱི་མདོ་གཅེས་པ་ཙམ་ཞིག་སྟོན་པས་ན། །དེ་ནི་དོན་གྱི་མདོའི་གནས་ཡིན་ལ། དོན་དེ་ཉིད་རྒྱུད་མ་ལུས་པར་རྒྱ་ཆེར་སྤྲོས་པ་ཡིན་པས་ན། དེའི་ཕྱིར་མདོའི་གནས་ཀྱི་འོག་ཏུ་ལུས་གནས་བརྩམས་པ་ཡིན་ནོ།།
་དེ་ནས་ལུས་ཀྱི་རུམ་དུ་ཞུགས་པའི་གནས་བཤད་པར་བྱ་སྟེ། ཞེས་བྱ་བ་ལ། ལུས་ཀྱི་དབང་དུ་བྱས་ནས་བཙམས་པའི་ཚིག་གི་གཞུང་ལ་ནི་ལུས་ཀྱི་རུམ་དུ་ཞུགས་པ་ཞེས་བྱ་སྟེ། རུམ་དུ་ཞུགས་པ་ནི་བྱིས་པ་མངལ་དུ་ཆགས་པ་སྟེ། གང་གིས
་མངལ་དུ་བུ་ཆགས་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ཡང་སྔ་མ་བཞིན་དུ་བཤད་པར་བྱའོ། །ཁུ
་ཁྲག་སྐྱེན་མེད་པར་སེམས་ཅན། །རང་ལས་ཉོན་མོངས་ཀྱིས་བསྐལ་ནས། །ཚོགས་པར་མངལ་དུ་འཆགས་འགྱུར་ཏེ། །གཙུག་ཤིང་ལས་ནི་མེ་འབྱུང་མཚུངས། །ཞེས་བྱ་བ་ལ། ཁུ་བ་ནི་ཁུ་ཆུའོ། །ཁྲག་ནི་དུས་ཚིགས་སུ་བྱུང་པས་ན་ཟླ་མཚན
་ཞེས་བྱ་བའི་ཁྲག་གོ། ཁུ་ཁྲག་དེ་གཉིས་སྐྱོན་མེད་པ་ནི་རླུང་ལ་སོགས་པའི་ནད་ཀྱི་ཉེས་པ་མེད་པ་སྟེ། དེ་ལྟ་བུ་དེང་སེམས་ཅན་ཞེས་བྱ་བའི་སྲིད་པ་བར་མ་དག་མངལ་དུ་ཆགས་པར་འགྱུར་རོ། །དེ་ཡང་རང་གིས་ལས་དགེ་བ་འམ་མི་དགེ་བའི་རང་གིས
་བྱས་པ་འམ། མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་བསྐུལ་ཞིང་དྲངས་ནས་དེ་བདག་གི་ཚོགས་བ་ལ་བལྟོས་ཤིང། དེའི་ནུས་པའི་བདག་གིས་སེམས་ཅན་དེ་མངལ་དུ་ཆགས་ཤིང་ཞུགས་པར་འགྱུར་རོ། །དེ་ཡང་ཇི་ལྟར་གཙུབ་ཤིང་ལས་མི་བྱུང་བ་ནི
་གཙུབ་ཤིང་གཙུབ་སྟན་དང། གཙུབ་པའི་རྩོལ་བའི་ཚོགས་པ་དང་ལྡན་པ་ལས་མ་འགྱུར་བར་འགྱུར་བ་དང། མཚུངས་པ་འདི་དག་ཀྱང་ཚོགས་པ་ལས་བྱུང་བ་ཡིན་པར་སྟན་ཏོ། །མངལ་དེར་གནས་ཤིང་འཕེལ་བའི་རྒྱུ་གང་ཞིག་ཡིན་ཞེས་སྨྲས་པ་ནི། ས་བོན
་བདག་ཉིད་འགྱུར་བ་ཚ། །ཕྲ་མོ་སེམས་ཀྱི་རྗེས་འགྲོ་དང། །མ་ཡི་ཁ་ཟས་དངས་མ་ལས། །རིམ་གྱི་མདལ་དུ་རྣམ་པར་འཕེལ། ཞེས་བྱ་བ་ལ་ས་བོན་གྱི་བདག་ཉིད་དུ་གྱུར་ཅིང། མངལ་སྐྱེད་པའི་བདག་ཉིད་ཅན་ཁུ་བ་དང་ཁྲག་གི་གཟུགས་སུ་ཡོངས་སུ་གྱུར་པའི
་འབྱུང་བ་ཆེན་པོ་ནམ་མཁའ་ལ་སོགས་པ་དང། དེ་བཞིན་དུ་ཕྲ?་ཞིང་དབང་པོ་ལས་འདས་པ་སྣལ་འབྱོར་པའི་སྦྱོར་ཡུལ་དུ་གྱུར་པ། སེམས་ཀྱི་རྗེས་སུ་ཞི་ཞིང་འབྲེད་བ་རྣམས་དང། དེ་བཞིན་དུ་མའི་ཁ་ཟས་ཀྱི་དངས་མའི་བདག་ཉིད་དུ་ཡོངས་སུ་གྱུར་པ་ལས། རིམ་གྱིས
་སེམས་ཅན་དེ་མངལ་བུ་རྣམ་པར་འཕེལ་ཞིང་རྒྱས་པར་གྱུར་ཏེ་ནུར་ནུར་པོ་དང། མེ་མེར་པོ་དང། ནར་ནར་པོ་ལ་སོགས་པའི་ནས་སྐབས་འབྱུང་བར་འགྱུར་བའོ། །དྲིས་པ་སེམས་ཅན་འདི་མངལ་དུ་ཞུགས་པ་ནི་མངོན་སུམ་ནི་མ་སྣང་ནས་ཉེ་བར་དམིགས
་སུ་མེད་དོ་ཞེས་རྟག་པ་ལ། དེའི?་དཔྱིད་འདིར་སྨྲས་པ་ཡིན་ཏེ། ཇི་ལྟར་ཉི་མའི་ཟེར་གྱི་མེ། །མེ་ཤེལ་དང་མི་ཕྲད་གྱུར་བའི། །ཤིང་ལས་འགྲོ་བར་མི་སྣང་སྟེ། སེམས་ཅན་མངལ་གནས་དེ་དང་འདྲ། ཞེས་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་དང་འབྲེལ་ཁའི?་མེ་ནི།
་མ་ཤོལ་ཞེས་བྱ་བའི་ནོར་བུ་དང་ཕྲད?་ཅིང། འོད་དེས་བསྒྲིབས་ནས་མེ་ཤེལ་ལ་གནས་པའི་ཤིང་ལ་མཚང་མེད་ཀྱི། །དེར་འགྲོ་ཞིང་ཞུགས་པར་འགྱུར་བ་མི་སྣང་ངོ། །དེ་བཞིན་དུ་སྲིད་པ་བར་མའི་སེམས་ཅན་མངལ་གྱི་གནས་སུ་འགྲོ་བ་མངོན་སུམ་དུ་མི་སྣང
་ཡང་དེར་འཇུག་པ་ཡིན་ནོ། དྲིས་པ་སེམས་ཅན་རང་བཞིན་གཅིག་པ་ཉིད་ལས་སྐྱེ་བ་དག་ལུས་ཀྱི་རྣམ་པ་དུ་མང་ཇི་ལྟར་སྣང་དུ་རུང་ཞེས་རྟོག་པར་བྱེད་པ་དག་གི་ཕྱིར། གཞུང་རྩོམ་པར་བྱེད་པས་འདི་སྒྲས་པ་ཡིན་ཏེ། རྒྱུ་ཡི་རྗེས་སུ་འགྲོས
་ན། །འབྲས་བུ་དེ་དག་སྐལ་མཉམ་ཉིད། སེམས་ཅན་སྐྱེ་གནས་སྣ་ཚོགས་འཛིན། །ཟངས་མ་ལ་སོགས་བཞུགས་དང་མཚུངས། །ཞེས་བྱ་བ་ལ། རྒྱཱུམ་བྱེད་པའི་རྗེས་འབྲང་བ་ཡིན་པས་ན། རྒྱུའི་རྗེས་སུ་འགྲོ་བ་ཞེས་བྱ་བ་སྟེ། རྒྱུའི་རང་བཞིན་སྤངས
་ཤིང་བལྟོས་པ་མེད་པར་འབྲས་བུ་འགྱུར་བ་ནི་མ་ཡིན། །དེ་བས་རྒྱུའི་རྗེས་སུ་འབྲངས་བའི་ཕྱིར་འབྲས་བུ་ནི་རྒྱུད?་དང་སྐལ་བ་མཉམ་པ་ཉིད་ཡིན་ཏེ། འབྱུང་བ་ཆེན་པོ་ལ་སོགས་རྣམ་པ་གང་དག་ཡིན་པ་དེ་དང་དེ་དག་སྐལ་པ་མཉམ་ཞིང་ཆ་འདྲ་བ
་ཉིད་ཡིན་ཏེ། སྐལ་བ་མཉམ་པ་དང་ཆ་འདྲབ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཡིན། །གཏན་ཚིགས་སམ་རྒྱུ་དེས་ན་སེན་ནི་འབྱུང་བ་ཆེན་ལ་སོགས་པ་རྒྱུའི་རྗེས་སུ་འགྲོ་བས། རང་བཞིན་གཅིག་པ་ཉིད་ལས་སྐྱེ་ནས་སྣ་ཚོགས་པའི་ཚུལ་ཅན་གྱི་སྐྱ?་བའི
་རྣམ་པའི་གཟུགས་བརྙན་གྱི་ཁྱད་པར་འཛིན་ཅིང་འཇོག་པ་ཡིན་ནོ། །དེ་ཡང་དཔེར་ན་ཟངས་ལ་སོགས་པའི་དངོས་པོའི་རིགས་མོས་བཤུ་ཞིང་ཁུ་བར་བྱས་པ་ཞུ་པའི་རྣམ་པའི་ཚུལ་གཅིག་པ་དག་ཀྱང། སྒྲ?་ཚིལ་ལ་སོགས་པ་དག་ལ་ལ་བཟོར?་བྱས་པའི
་མི་ལ་སོགས་པའི་གཟུགས་སུ་བྱས་པ་དེར་བླུག་ན། གཞིའི་རྣམ་པ་ཅི་འདྲ་བ་དེ་དང་དེའི་གཟུགས་སུ་སྣང་ཞིང་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སེམས་པ་ན་རྣམས་ཀྱང་སྐྱེ་གནས་དུ་མར་སེང་ཞིང་གནས་པ་ལས། དེའི་གཟུགས་ཀྱི་རྣམ་པ་འཛིན་པར
་འགྱུར་རོ། །དེ་བས?་ཁུ་བ་མང་བ་ལས། །ཕལ་ཆེར་སྐྱེས་པ་སྐྱེ་འགྱུར་ལ། ཟླ་མཚན་མངལ་བུད་མེད་དེ། །དེ་གཉིས་མཉམ་ལས་མི་ནང་འགྱུར། །ཞེས་བྱ་བ་ལ། སྔར་བཤད་ཅིང་བརྟགས་པའི་རྒྱུ་དེས་ན། ཕ?་གི?་བུར?་ཆུ་མང་ཞིང་ཤས་ཆེ་བ་ལས
་ནི་ན་སྐྱེས་པ་སྐྱེ་བར་འགྱུར་གྱི། །བུད་མེད་དུ་མ་ཡིན་ནོ། །དེ་བཞིན་དུ་མའི་ཁྲག་མང་པ་ལས་ནི་བུད་མེད་དུ་སྐྱེ་བར་འགྱུར་གྱི་ཕོད་མི་སྐྱེའོ། །ཁུ་བ་དང་ཁྲག་དེ་གཉིས་ཆ་མཉམ་ཞིང་མཚུངས་པ་ལས་ནི་མ་ནིང་དུ་སྐྱེ་བར་འགྱུར་པ་འམ་མཚན?
་གཉིས་པར་སྐྱེ་བར་འགྱུར་རོ། །ཕལ་ཆེར་ཞེས་སྨོས་པ་ནི། རྐྱེན་གཞན་གྱིས་གཞན་དུ་ཡང་འགྱུར་བསྲད་པའོ། །མངལ་དུ་སེམས་ཅན་དུ་མ་ཆགས་པར་འགྱུར་བ་དེའི་རྒྱུ་ཅི་ཞིག་ཡིན་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། ཁུ་ཁྲག་རླུང་གིས་ཆེད
་དུ་ཕྱེ། །ཇི་ལྟ་བ་ལས་མཚོ་མར་འགྱུར་རོ། །ཞེས་བྱ་བ་ལ། ཕ་མའི་ཁུ་ཁྲག་རླུང་གིས་མང་དུ་ཕྱེ་ཞིང་དུ་བར་བྱས་པ་ལས། རང་གི་མཚན་ཉིད་ཇི་ལྟ་བ་བཞིན་མཚན་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ཡང་ཁུ་བ་མེད་པའི་ཁུ་ཁྲག་གྱིས་པ་ལས
་ནི་ཕོའི་མཆེ་མར་གྱུར་པ་ཡིན་ལ། ཟླ་མཚན་ཤས་ཆེ་བའི་ཁུ་ཁྲག་གྱེས?་པ་ལས་ནི་མོའི་མཆེ་མར་འགྱུར་བ་ཡིན་ན། །དེ་བཞིན?་དུ་ཁུ་ཁྲག་ཆ་མཉམ་པ་དུ་མར་གྱེས་པ་ལས་ནི་མ་ནིང་གི་མཆེ་མར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ལན་འགའ་ནི་ཕོ
་སྐྱེ་བར་འགྱུར་ལ། ལན་འགའ་ནི་པོར་སྐྱེ། ལན་འགའ་ནི་མ་ནིང་དུ་སྐྱེ། ལན་འགའ་ནི་བུད་མེད་དང་མ་ནིང་གཉིས་སུ་ཅིག་ཅར་སྐྱེད་པར་འགྱུར་རོ། །དེ་དག་ཇི་ལྟར་སྐྱེ་ཞེ་ན། སྐྱེ་གནས་མི་མཐུན་གཟུགས་མི་སྡུག། གནོད་པའི་དྲི་མས་སྐྱེ་བར་འགྱུར།
་ཞེས་བྱ་བ་ལ། སྐྱེ་གནས་རིགས་མི་མཐུན་པ་དང། །གཟུགས་མི་སྡུག་པ་དག་ཏུ་ནི། །རླུང་ལ་སོགས་པས་ཁུ་ཁྲག་གི་དྲི་མ་དེ་གནོད་ཅིང་མ་རུངས་པར་བྱས་པ་ལས་སྐྱེ་བར་འགྱུར་ཏེ། དེ་ལ་སྐྱེ་གནས་མི་མཐུན་པ་ནི་སྤྲུལ་དང་བྱིལ་ལ
་སོགས་པའི་གཟུགས་སུ་སྐྱེ་བའོ། །མི་སྡུག་བ་ནི་ཞར་བ་དང་རྒུང་པོ་དང་ཞ་བོ་དང་འཐེད་བ་དང། འོན་བ་དང་ཡོང་པ་དང་མི་འུ་ཐུང་ལ་སོགས་པའོ། །བུད་མེད་ཟླ་བ་རེ་རེ་ཁྱག། དེངས་མ་ལས་བྱུང་ཞག་གསུམ་འཛག། ལན་བཅུ་གཉིས་ཕན
་ཆད་ནས། །ལྔ་བཅུའི་བར་འཛག་དེ་ནས་ཟད། །ཅེས་བྱ་བ་ལ། བུད་མེད་དག་ནི་ཟླ་བ་རེ་རེ་ཞིང་ཟླ་མཚན་གྱིས་དྲགས་གྱི་དངས་མ་ལས་བྱུང་བཞག་གསུམ་གསུམ་ཞིག་མངལ་གྱིས་སྒོ་ནས་འཛག་ཅིང་འབྱུང་བར་འགྱུར་རོ། །དེ་ཡང་འབྱུང
་བའི་དུས་ནི་དང་པོར་ལོ་བཅུ་གཉིས་ཡན་ཆད་ནས་འབྱུང་བར་འགྱུར་ལ། དེ་ནས་ལོ་ལྔ་བཅུ་ལོན་པ་དང་ཁྲབ། དེ་ཟད་ཅིང་མེད་པར་འགྱུར་རོ། །བུད་མེད་ལོ་ནི་བཅུ་དྲུག་ལོན། །སྐྱེས་བ་ཉི་ཤུ་ལོན་དང་འདུས། །མངལ་ནས་ལམ་དང་ཁུ་བ་ཁྲག། རླུང་དང
་སེམས་ནི་དག་གྱུར་པའི། །བུ་ནི་སྟོབས་དང་ལྡན་པ་སྐྱེ། །ཞེས་བྱ་བ་ལ། བུད་མེད་གང་ལོ་བཅུ་དྲུག་ལོན་པའི་ན་ཆོད་དང་ལྡན་པ་དང། །སྐྱེས་པ་ལོ་ཉི་ཤུ་ལོན་དང་འདུས་པའི་ཁུ་ཁྲག་ལས་གྱུར་པ་དང། དེ་བཞིན་དུ་མངལ་གྱི་གནས་དག་ཅིང
་སྐྱོན་མེད་པ་དང། བུ་འབྱུང་བའི་ལམ་རླུང་ལ་སོགས་པས་གནོད་པར་མ་གྱུར་པ་དང། དེ་བཞིན་དུ་ཕ་མའི་ཁུ་ཁྲག་ལ་སྐྱོན་མེད་ཅིང་དག་པ་དང་དེ་བཞིན་དུ་རླུང་དག་ཅིང་སྐྱངས?་པས་མ་བཀག་པ་དང། དེ་བཞིན་དུ་སེམས་ངག་ཅིང་དངས་ལས
་སྐྱོན་མེད་པར་གྱུར་པ་ལས་བྱུང་པའི་བུ་ནི་སྟོབས་དང་ལྡན་ཞིང་བརྩོན་པ་ཕུན་སུམ་ཚོགས་པ་སྐྱེ་ཞིང་བཙས་པར་འགྱུར་རོ། །དེ་ལས་ལོ་ནི་མ་ཚང་བ། །ནད་ཅན་ཚེ་ཐུང་སྐལ་ངན་པའི། །བུ?་ཆགས་པའམ་ཆགས?་མི་འགྱུར། ཞེས་བྱ་བ་ལ།
་དེ་ལས་སྐྱེས་པ་དང་བུད་མེད་གཉིས་ཀྱི་ན་ཆོད་ཀྱི་ཚད་བསྟན་པ་དེ་མ་ཚང?་བ་སྟེ། བུད་མེད་ལོ་བཅོ་ལྔ་ལོན་པ་དང། སྐྱེས་པ་ལོ་བཅུ་དགུ་ལོན་པ་དག་གི་བུ་ནི་ནད་བུ་ཅན་དང། ཚེ་ཐུང་བ་དང། སྐལ་པ་ངན་ཞིང་བཀྲ་མི་ཤིས་པའི་བུ་ཆགས་པར
་འགྱུར་བའམ། ཡང་ན་རྣམ་པ་ཐམས་ཅད་དུ་བུ་ཆགས་པར་མི་འགྱུར་རོ། །རླུང་སོགས་དུལ་དང་མདུད་བ་ཅན། །དྲི་མ་སྐྱོན་དང་ལྡན་བཤད་པའི། །ཁུ་ཁྲག་ས་བོན་བྱེད་མི་ནུས། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་མ་རུངས་ཤིང
་གནོད་པར་བྱས་པའི་ཁུ་ཁྲག་ནི་ས་བོན་གྱི་བྱ་བ་བྱེད་མི་ནུས་སོ། །མངལ་དུ་ཆགས་པ་ཞེས་བྱ་བའི་འབྲས་བུ་སྐྱེད་པའི་རྒྱུར་མི་འགྱུར་རོ། །ཞེས་བྱ་བའི་དོན་ནོ། །འདི་དག་གོར་བྱེ་བ་སྨྲས་པ་ནི། རང་གི་མཚན་མ་སྐྱོན་བྱུང་བཤད། །ཁྲག་གི་རུལ་ཅིང་བད་ཀན
་དང། །རླུང་གིས་མདུན་པ་ཅན་འདྲར་འགྱུར། །ཁྲག་དང་མཁྲིས་པས་རྣག་འདྲ་ལ། །རླུང་དང་མཁྲིས་པས་ཟད་པར་འགྱུར། ཞེས་བྱ་བ་ལ། རླུང་ལ་སོགས་པ་རང་རང་གི་མཚན་མའམ་རྟགས་སོ་སོར་ངེས་པའི་ཚུལ་མ་འདྲེས་པ་སྟེ། དེ་ལ་རླུང་གི་མཚན་མ
་ནི་རྩུབ་པ་དང། གནག་པ་དང། དམར་བ་ལ་སོགས་པའོ། །མཁྲིས་པའི་མཚན་མ་ནི་དྲི་མནམ?་པ་དང། །སེར་བ་དང། དཀར་བ་ལ་སོགས་པའོ། །བད་ཀན་གྱི་མཚན་མ་ནི་སྣུམ་པ་དང་སྐྱ་བ་དང། འབྱར་བག་ལ་སོགས་པའོ། །དེ་ལྟར་ན་རང་རང་གི་མཚན
་ཉིད་ཇི་ལྟ་བ་ལས་ཁུ་བ་དང། ཁྲག་རླུང་ལ་སོགས་པའི་སྐྱོན་ལས་བྱུང་བ་ཡིན་པར་ཤས་པར་བྱའོ། །མང་ཁྲག་གི་སྐྱོན་གྱིས་ནི་ཁུ་བ་དང་ཁྲག་མི་རོ་ལྟར་མྱངས་ཤིང་དྲི་མ་མནམ་པར་ཤེས་པར་བྱའོ། །བད་ཀན་དང་རླུང་གི་སྐྱོན་གྱིས་ནི་མདུད
་པ་ཆགས་པ་དང་འདྲ་བར་སྣང་ཞིང་ཁུ་ཁྲག་ཆད་པའི་དུམ་བུར་སྣང་བར་ཤེས་པར་བྱའོ། །ཁྲག་དང་མཁྲིས་པ་ཤག་ཆེ་བ་ལས་གྱུར་པའི་ཁུ་བ་དང་ཁྲག་ནི་ན་རྣག་དང་དྲབ་དང། ཤིན་ཏུ་མནམ་པར་ཤེས་པར་བྱའོ། །རླུང་དང་མཁྲིས་པ་འདྲེས་པའི་ལྡན
་པ་ཤས་ཆེ་བ་ལས་གྱུར་པ་ན། དེ་དག་ཉིད་ཀྱིས་སྐབས་པས་ཁུ་ཁྲག་ཟད་ཅིང་མེད་པ་ཉིད་དུ་ཤེས་པར་བྱའོ། །འདི་དག་གསོ་དཀའ་ཉེས་གསུམ་ལྡན། བཤང་གཅི་འདྲ་བ་གསོར་མི་རུང། །ཞེས་བྱ་བ་ལ། གོང་དུ་སྨོས་པའི་རླུང་ལ་སོགས་པའི་སྐྱོན་དང
་ལྡན་པའི་ཁུ་ཁྲག་ནི། ཤིན་ཏུ་གསོ་བ་དཀའ་བ་ཡིན་པར་ཤེས་པར་བྱ་ལ། དེ་དག་ལས་ཀྱང་རླུང་དང་མཁྲིས་པ་དང། བད་ཀན་གསུམ་ཅེས་གྱི་མཚན་ཉིད་ལྡན་པ་ལ་བཤང་གཅི་འདྲ་བ་ནི་གསོར?་མི་རུང་སྟེ། བཅེས་པར་མི་ནུས་པ་ཡིན་ནོ། །གསོར་རུང?་བ
་དག་གི་ཕྱིར་བཅོས་པར་ཐབས་སྨྲས་པ་མི་རླུང་ལ་སོགས་པ་གནོད་གྱུར་པ། །རང་གི་སྨན་གྱིས་གསོ་བར་བྱ། ཞེས་བྱ་བ་ལ། རང་དང་རྗེས་སུ་མཐུན་པའི་སྨན་ནི་རླུང་འཁྲུགས་པར་གྱུར་པ་ལ་དེ་ཞི་བའི་ཐབས་མི་སྣུམ་པ་དང?་དྲོ་བར?
་སྐྱུར་བ་དང། ལན་ཚྭ་རྣམས་ཡིན་ནོ། །མཁྲིས་པའི་ནི་བསལ་བ་དང། །མངར་བ་དང། ཁ་བ་དང། བསྐ་བ་ལ་སོགས་པ་ཡིན་ནོ། །བད་ཀན་གྱི་རྩུབ་པ་དང། །ཁ་བ་དག་ཚ་བ་ལ་སོགས་པ་ཡིན་ནོ། །དེས་ན་རླུང་ནད་དང་ལྡན་པའི་ཁུ་བ་དང། ཁྲག་ལ་ནི་རླུང་ཞི
་བའི་སྨན་བྱའོ། །མཁྲིས་པའི་ནད་དང་ལྡན་པའི་ཁུ་བ་དང་ཁྲག་ལ་ནི་མཁྲིས་པ་ཞི་བའི་སྨན་བྱའོ། །བད་ཀན་གྱི་ནད་དང་ལྡན་པའི་ཁྲག་ལ་ནི་བད་ཀན་སེལ་བའི་སྨན་བྱའོ། །རུལ་བའམ་ད་ཧ་ཀའི་མེ་ཏོག་།སེང་ལྡེང་སེའུ་འབྲུ་ཨརྫུ་མ་མར་དང
་བསྐོལ་བ་བླུད་པ་འམ། ཨ་ས་ན་སོགས་བསྐོལ་བ་བླུད། །ཅེས་བྱ་བ་ལ་ནི། རུལ་ཞིང་མི་རོ་ལྟར་མནམ་པའི་ཁུ་བ་དང་ཁྲག་ལ་ནི། །ད་ཏ་ཀའི་མེ་ཏོག་ལ་སོགས་པའི་སྨན་བསྐོལ་བའི་སྨན་མར་ནད་བ་ལ་བླུད་བར་བྱའོ། །ཡང་ན་ཨ་ས་ན་ལ
་སོགས་པའི་སྡེ་མཚན་དུ་བསྟན་པའི་སྨན་དང་བསྐོལ་བའི་མར་བླུད་པར་བྱའོ། །ཁུ་ཁྲག་མདུད་འདྲ་བ་ལ་ཤའི། །ཐལ་བ་སྲུ་སྲུའི་རྩ་བ་ཕན། །ཞེས་བྱ་བ་ནི། ཁུ་བ་དང་ཁྲག་མདུད་བ་འདྲ་བ་ལ་ནི། པ་ལ་ཤའི་ཐལ་བ་དང། སྲུ་སྲུའི་རྩ་བ་དང
་བསྐོལ་པའི་མར་ནད་པ་ལ་བླུད་པར་བྱའོ། པ?་ལ་ཤའི་ཐལ་བ་ནི་ཤིང་པ་ལ་ཤ་ཐལ་སྨན་དུ་བྱས་པའོ། སྲུ་སྲུའི་རྩ་བ་ནི་ཨསྨ་བེ་དྷ་སྟེ་གྲ་བ?་རིགས?་ཞེས་བྱའོ། །རྣག་འདྲ་བ་རུ་ཤེ་ཀ་དང། ནྱ་གྲོ་དྷ་སོགས་བསྐོལ་བ་བླུད། ཅེས་བྱ་བ
་ལ། ཁུ་བ་རང་ཁྲག་རྣག་འདྲ་བ་ལ་ནི་བ་རུ་ཤ་ཀ་ལ་སོགས་པ་དང། ནྱ་གྲོ་དྷ་ལ་སོགས་པའི་སྡེ་མཚན་གཉིས་པོའི་སྨན་གང་ཡིན་པ་དེ་དག་དང་བསྐོལ་བའི་མར་བླུད་བར་བྱའོ། །ཁུ་བ་ཟད་བ་རོ་ཅིའི་དཔྱད། ཅེས་བྱ་བ་ལ། ཁུ་བ་ཟད་པ
་ནི་རོ་ཙ་ཞིང་ཁུ་བའི་དཔྱད་ཀྱི་ལས་བྱའོ། །བཤད་འདྲ་སློན་ཁྲུས་ཤིང་ཀུན་དང། །བུ་ཤེལ་ཙི་ཏྲ་ཀ་བསྐོལ་བླུད། །ཅེས་བྱ་བ་ལ། ཁུ་བ་བཤང་བ་དང་གཅི་བ་འདྲ་བ་འབྱུང་བའི་སྐྱེས་བུ་ལ་ནི། སློན་ཁྲུས་ཀྱི་སྤྱང་མ་དང། ཤིང་ཀུན་ལ་སོགས་པ་བསྐོལ
་བའི་མར་བླུད་པར་བྱའོ། །པུ་ཤེལ་ཙེ་ནི་ཨུ་ཤི་རི་འོ་ཅི་ཏྲ་ཀ་ནི་ཀྲུ་ཏྲུག་ཏྲེས་སོ། །ཟླ་མཚན་མདུད་འདྲ་བ་ཏྲ་དང། །ཚ་གསུམ་དུག་མོ་ཉུང་བསྐྱོལ་བླུད། །ཅེས་བྱ་བ་ལ། བུད་མེད་ཀྱི་ཟླ་མཚན་མདུད་པ་འམ། །རྨེན་བུ་འདྲ་བ་ལ་ནི། སྨན་པ་ཏོ་ལ་ལ
་སོགས་པ་དང་བསྐོལ་བའི་ཆུ་བླུད་པར་བྱའོ། །ཟླ་མཚན་རུལ་དང་རྣག་འདྲ་ལ། །ཙན་དན་བླུད་བྱ། ཞེས་བྱ་བ་ལ། བུད་མེད་ཀྱི་ཟླ་མཚན་མི་ར་ལྟར། རུལ་བ་དང། རྣག་འདྲ་བ་ལ་ནི་ཙན་དན་བསྐོལ་བའི་ཆུ་བླུད་པར་བྱ་སྟེ། འདིར་གཤེར་བའི
་རྫས་ཀྱི་ཁྱད་པར་གང་དང་གཏུང་བ་དངོས་སུ་མ་སྨོས་པས་སྤྱིར་བཤད་པ་ལ་བསྙེགས་པ་ཡིན་པའི་ཕྱིར། །ཆུ་དང་བཏུང་བ་ཡིན་པར་ཤེས་པར་བྱའོ། །ཕྱིས་བཤད་པའི་གསང་བའི་ནང་གསོར་བཤད་ཀུན་དང། འཛམ་རྩིད་བཅས་པ་གང
་ཡིན་བྱ་ཞེས་བྱ་བ་ལ། འདིར་འདི་དག་འབའ་ཞིག་བྱ་བར་མ་ཟད་ཀྱི། འོག་ནས་ཕོ་མཚན་དང་མོ་མཚན་ཞེས་བྱ་བའི་ནད་གསོ་བར་བཤད་པ་དེ་ཐམས་ཅད་དང་འཇམ་རྩི་དང་བཅས་པ་རྣམས་ཀྱང་ནད་པའི་ཚུལ་ལས་ཅི་རིགས་པར་སྦྱར་ཞིང
་བཏང་བར་བྱའོ། །ཁུ་བ་དཀར་ཞིང་ལྕི་བ་དང། །མངར་དང་བསྐ་དང་མང་བ་དང། །མར་དང་སྦྲང་རྩི་ཏིལ་མར་འདྲ། མངལ་དུ་ལེགས་ཆགས་ཞེས་བྱ་བ་ལ། །ཁུ་ཆུ་གང་དཀར་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ནི་མངལ་དུ་ལེགས་པར
་ཆགས་ཤིང་འཛིན་པའི་རྒྱུ་ཡིན་པར་བྱ་སྟེ། དཀར་བ་ནས་ཏིལ་མར་འདྲ་བའི་བར་འདི་དག་ནི་ཁུ་བོའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཟླ་མཚན་ཡང་རྒྱ་སྐྱེགས་ཁུ་བར་རི་བོང་ཁྲག་།འདྲ་ཞིང་བཀྲུས་ནས་དག་འགྱུར་བ་དང། །ཞེས་བྱ་བ་ལ
་ཟླ་མཚན་གྱི་ཁྲག་ཀྱང་ཁྱད་པར་འདི་དག་དང་ལྡན་པ་ན་མངལ་ཞིག་གི་།བཟང་དུ་ཆགས་ཏེ། རྒྱ་སྐྱགས་བཙོས་པའི་ཁུ་བ་འདྲ་བ་དང། རི་བོང་གི་ཁྲག་ལྟར་དམར་བ་དང། གང་གོས་ལ་ཆགས་ཤིང་ཞེན་པར་བཀྲུས་ན་དང། ཅིང་དམར་བ
་མེད་པར་འགྱུར་བ་སྟེ་མངལ་དུ་ཆགས་པ་བཟང་བའི་རྒྱུ་ཡིན་ནོ། །ཁུ་ཁྲག་སྐྱོན་མེད་ནད་མེད་ཅིང། །ཕན་ཚུན་དུ་ནི་ཆགས་པ་དང། རོ་ཙ་སྣུམ་གྱིས་རྟས་པ་དང། སྤྱང་བ་བྱས་ཤིང་འཇམ་རྩི་བཏང། ཞེས་བྱ་བ་ལ། སྐྱེས་པ་དང་བུད་མེད་གང་གི་ཁུ་བ་དང། ཁྲག
་དག་ཅིང་སྐྱོན་མེད་པ་དང། ནད་མེད་པ་དང་ལྡན་ཞིང་བདེ་བར་གནས་པ་དང། ཕན་ཚུན། གཅིག་ལ་གཅིག་རྗེས་སུ་ཆགས་ཤིང་ཞེན་པ་དང་ལྡན་པ་དང། དེ་བཞིན་དུ་རོ་ཙ་བར་བྱེད་པའི་ཟས་དང་སྨན་ཤ་དང་མར་དང། དགེ་བའི་སྨན་མར་ལ་སོགས་པའི་སྣུམ་གྱིས་བརྟ
་བར་བྱ་བ་དང། སློན་དང་བསྲུ་སྨན་གྱིས་སྤྱང་པ་བྱས་པ་དང། འཇམ་རྩི་བཏང་ཞིང་བརྟས་ཀྱང་མངལ་དུ་ལེགས་པར་ཆགས་པའི་རྒྱུར་འགྱུར་རོ། །མཆོག་ཏུ་སྐྱེས་པ་འོ་མ་མར། །མངར་བའི་སྨན་གྱིས་བརྡ་བར་བྱ། །བུད་མེད་ཏིལ་མར་ཤ་དག་ནི། །མཁྲིས་པ་སྐྱེས་པ་ཉེ་བར
་སྤྱད། ཅེས་བྱ་བ་ལ། མཆོག་གམ་ཁྱད་པར་དུ་སྐྱེས་པ་ལ་ནི་མར་དང་འོ་མ་སྨན་མངར་བ་དང་བསྐོལ་བ་བླུད་ཅིང་གསོ་བར་བྱ་སྟེ། མངར་བ་ནི་འཚ་བྱེད་ཀྱི་སྡེ་ཚན་དང་རྒུན་འབྲུམ་ལ་སོགས་པའོ། །བུད་མེད་ནི་མཆོག་ཏུ་ཏིལ་མར་དང་ཤ་དང་མཁྲིས་པ་བསྐྱེད་པའི་སྨན
་དང། ཁ་ཟས་སྲོག་ཆགས་རླན་ཅན་ན་གནས་པའི་ཤ་ལ་སོགས་པ་སྦྱིན་པར་བྱའོ། །བུད་མེད་ཉམ་ཆུང་བཞིན་རས་དང། ནུ་མ་རྐེད་པ་མགུལ་བ་དང། །མིག་དང་དཀུ?་གཡོ་སྐྱེས་པ་འདོད། །ཟླ་མཚན་ལྡན་བར་ཤེས་པར་བྱ། ཞེས་བྱ་བ་ལ། བུད་མེད་གང་རྡེག་ཅིང
་ཉམ་ཆུང་བའི་རྒྱུ་མེད་པར་ཉམ་ཆུང་བར་སྣང་བ་དང། བཞིན་རས་དང་ཞིབ་དྲི་མ་མེད་པ་དང། ནུམ་དང་རྐེད་པ་འགུལ་ཞིང་གཡོ་བ་དང། མིག་དང་དགུགས་ཞིང་འགུལ་བ་ལྟར་སྣང་བ་དང། སྐྱེས་པ་དང་ཕྲད་ཅིང་བསྟེན་པར་འདོད་པ་གང་ཡིན་པ་སྟེ། ཇི་སྐད་བཤད
་པའི་མཚན་ཉིད་དེ་དག་དང་ལྡན་པའི་བུད་མེད་དེ་ནི། ཟླ་མཚན་ཅན་ཡིན་པར་ཤེས་པར་བྱའོ། །དཔེར་ན་ཉི་མ་ནུབ་པ་དང། །པདྨའི་ཁ་ནི་ཟུམ་པར་འགྱུར། །དེ་བཞིན་ཟླ་མཚན་དུས་འདས་པའི། །མངལ་ནི་ཁུ་བ་ལེན་མི་སྲིད། ཅེས་བྱ་བ་ལ། དཔེར་ན་ཉི་མ་འཆད་པ་ནས་བརྩམས་ཏེ།
་ཉི་མའི་འོད་ཀྱིས་ཁ་བྱེ་བར་བྱས་པའི་པདྨ་ནི། །ཉི་མ་ནུབ་པའི་རྗེས?་ལ་ཁ་ཟུམ་པར་འགྱུར་ཞིང། །ཁ་མ་བྱེ་བའི་མཚན་ཉིད་ཅན་དུ་འགྱུར་རོ། །དེ་བཞིན་དུ་བུད་མེད་ཀྱང་ཟླ་མཚན་འཛག་པ་ནས། ཉིན་ཞག་བཅུ་གཉིས་ཀྱི་བར་དུ་མངལ་གྱི་ཁ་བྱེ་བར་འགྱུར་ལ། དེ་ཕན་ཆད་ནི་ཁ་ཟུམ
་པར་འགྱུར་བས། །ཡང་ཁ་བྱེ་སྟེ། ཁུ་བ་ལེན་ཅིང་ཆགས་པར་མི་འགྱུར་རོ། །ཟླ་བ་གཅིག་ཏུ་བསགས་པའི་ཁྲག་།རྩ་ཆེན་གཉིས་ལས་དུས་སུ་ནི། །ཅུང་ཟད་གནག་ཅིང་དྲི་བྲལ་པ། །རླུང་གིས་མངལ་གྱི་སྒོ་རུ་འབྱིན། །ཞེས་བྱ་བ་ལ། ཟླ་བ་གཅིག་གི་བར་དུ་ཁ་ཟས་ཀྱི
་བཅུད་ལ་སོགས་པས་འཕེལ་བར་བྱེད་པའི་ཁྲག་གང་ཡིན་པ་སྟེ། རྩ་ཆེན་པོ་གཉིས་ལས་ཟླ་མཚན་འཇག་པའི་དུས་སུ་རླུང་གིས་མངལ་གྱི་སྒོ་འདྲེན་ཅིང་འབྱིན་པར་བྱེད་པ་དེ་ཡང་ཁ་དོག་ཅུང་ཟད་གནག་པ་དང། དྲི་དང་བྲལ་བ་སྟེ་དྲི་ངོ་བོ་ཡིན་ནོ། །དེ་ནས
་ཟླ་མཚན་མཐོང་ཉིད་ནས། །ཞག་གསུམ་པར་དུ་སེམས་དགེ་བསམ། རྒྱན་དང་ཁྲུས་ནི་སྤངས་པ་དང། ཀུ་ཤའི་སྙན་ལ་ཉལ་བ་དང། །ནས་ཐུག་འོ་མར་བཅས་ཉུང་ཟད། །བླུད་ཅིང་ལྟོ་སྦྱར་ཉམས་སྨད་བྱ། ལོ་མ་འམ་རྫ་སྐྱོགས་ལེགས་པར་ནི། བཟའ་ཞིང
་འཁྲིག་པ་སྤང་བར་བྱ། ཞེས་བྱ་བ་ལ། དེ་ལྟར་ཟླ་མཚན་བྱུང་བ་མཐོང་ལ་དེའི་འོག་ཏུ་བུད་མེད་དེས། སེམས་དགེ་བ་བསམ་ཞིང་སེམས་མ་འཁྲུགས་པར་བྱ་བ་དང། གདུ་བུ་དང་དོ་ཤལ་ལ་སོགས་པས་བརྒྱན་པ་དང། ཁྲུས་བྱ་ཞིང་གཙང་སྤྲས་སྤྱོད་པ
་གཉིས་དང་བྲལ?་ཞིང་སྤང་བ་ལ། རྩཝ་ཀུ་ཤ་བཏིང་བའི་སྟན་གང་ཡིན་པ་དེ་ལ་ཉལ་བར་བྱ་བ་དང། ནས་ཐུག་པོ་མ་དང་བཙོས་པའི་ཁ་ཟས་ཉུང་ཟད་ཅིག་ལོ་མའམ། རྫ་སྐྱོགས་གཙང་མར་ལེགས་པར་གཟའ་ཞིང་སྤྱད་པ་དང། ལྟོ་སྦྱར་ཞིང་ཉམ་དམད
་བར་བྱ་བའི་ཕྱིར་སྦྱར་བར་བྱའོ། །དེ་བཞིན་དུ་དེའི་ཚེ་འཁྲིག་པ་སྤང་ཞིང་སྐྱེས་པ་བསྟེན་པ་དོར་བར་བྱའོ། དེ་ནས་ཞག་ནི་གཞི་བ་ལ། །ཁྲུས་བྱས་གོས་ཕྲར་དཀར་ཞིང་གཙང། །ཕ་དང་འདྲ་བར་བུ་འདོད་ཅིང། །མདུན་དུ་ཁྱོ་ནི་བལ་བར་བ་ཞེས་བྱ་བ
་ལ་ཟླ་མཚན་བྱུང་ནས་ཞག་གསུམ་འདས་ཏེ། ཞག་བཞི་པའི་ལ་བབ་པ་དང། ཁྲུས་བྱས་ཤིང་གཙང་སྦྲ་སྦྱད་ནས། །གོས་དཀར་པོ་བགོས་ལ་ཕྲེང་བ་གདགས?་པ་དང། གཙང་སྦྲ་དང་ལྡན་པས་ཕ་དང་འདྲ་བའི་བུ་འདོད་ཅིང། བདག་ཉིད་ཀྱི་མདུན་པ་?་ནས
་པ་ལ་བལྟ་བར་བྱའོ། །ཟླ་མཚན་ཞག་ནི་བཅུ་གཉིས་དུས། །དེ་ལས་དང་པོའི་ཞག་གསུམ་དང། བཅུ་གཅིག་པ་ལ་སྣང། །ཅེས་བྱ་བ་ལ། ཟླ་མཚན་སྣང་བ་ནས་ཞག་བཅུ་གཉིས་ཀྱི་བར་དུ་ནི། །དུས་དེ་ཟླ་མཚན་འཛིན་པའི་དུས་ཡིན་ལ། ཞག་བཅུ་གཉིས་པ
་དེ་དག་ལས་དང་པོའི་ཞག་གསུམ་ནི་སྤང་ཅིང་སྤང་བར་བྱ་བ་ཡིན་པས། དེའི་ཚེ་འཁྲིག་པའི་བྱ་བ་མི་བྱའོ། དེ་བཞིན་དུ་བཅུ་གཅིག་པ་ཡང་སྣང་བས་བྱ་བ་ཡིན། ཆེས་ཟུང་ལ། བུར?་འགྱུར་གཞིན་དུ་བུ་མར་འགྱུར། །ཞེས་བྱ་བ་ལ། ཚེས་བཞི་དང
་ཚེས་དྲུག་དང། ཚེས་བརྒྱད་དང། ཚེས་བཅུ་དང། བཅུ་གཉིས་དང་ལ་ནི་བུ་ཕོར་སྐྱེ་བར་འགྱུར་ལ། དེ་ལས་གཞན་པ་ཚེས་ལྔ་དང་གནས་བདུན་དང། ཚེས་དགུ་པ་ཚེས་བཅུ་གཅིག་གིས་ཉེ་བར་མཚན་པ་དག་ཏུ་ན་བུ་མོར་སྐྱེ་བར་འགྱུར་རོ། །དེ་ནས་བུ
་ཕྱིར་སློབ་དཔོན་གྱིས། །ཆོ་ག་ཆོ་ག་བཞིན་བྱས་ལ། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བུ་སྐྱེ་བར་བྱ་བའི་ཕྱིར། །སློབ་དཔོན་དེའི་ཚིག་ཤེས་པ་བྲམ་ཟེ་སྲིང་སྲུང་གི་རིག་བྱེད་ཤེས་པས་བུ་སྐྱེ་བར་བྱ་བའི་ཆོ་ག་ལས་ཤེས་པ་བཞིན་དུ་བྱ་བ་ལ་དེ
་འང་སྲིད་སྲུང་གི་རིག་བྱེད་ཀྱི་ཆོ་ག་ནི་བྲམ་ཟེ་ལ་སོགས་པའི་རིགས་གསུམ་གྱིས་བྱའོ། །དམངས་རིགས་ཕྱག་འཚལ་ལ་བརྩོན་པ། སྔགས་ཀྱི་བྱ་བ་མེད་པར་བྱ། ཞེས་བྱ་བ་ལ། དམངས་རིགས་ཀྱི་བུད་མེད་ཀྱི་བུ་འདོད་པའི་དོན་པ་ཚོ་བ
་ནི་ཕྱག་འཚལ་བ་ལ་བརྩོན་ཞིང་གཙོ་བར་བྱས་པས་བྱ་ལ། དེ་ཡང་བྲམ་ཟེའི་གསང་ཚིག་གི་སྔགས་མི་བརྗོད་པར་སྔགས་ཀྱིས་བྱ་བ་མེད་པའི་རིག་བྱེད་སྨོས་པའི་ཆོ་ག་བྱའོ། །དེ་ལྟར་འདོད་སྤྱོད་དོན་ཡོད་ཅིང། །ཡིད་ལ་འདོད་པའི་བུ་སྐྱེ་འགྱུར། ཞེས་བྱ་བ་ལ།
་དེ་ལྟར་ཇི་སྐད་དུ་བཤད་པའི་ཆོ་ག་བྱས་པའི་འོག་ཏུ་དུས་ལ་བབ་པར་འདོད་པ་སྤྱོད་ཅིང། འཁྲིག་པ་ལ་སྦྱོར་བ་ལ་ནི་དོན་མེད་པར་མི་འགྱུར་ཏེ། མངལ་གྱི་འབྲས་བུ་དོན་ཡོད་པར་འགྱུར་བ་དང། དེ་བཞིན་དུ་ཡང་ཡིད་ལ་འདོད་པ་བཞིན་དུ་བུ་དང་བུ་མོ་གང
་ཞིག་ལ་དགའ་བ་དེ་མངལ་དུ་ཆགས་པར་འགྱུར་རོ། །བུ་འདོད་གཟའ་བྲན་དབེན་པར་ནི། །འདོད་སྦྱོང་བྱ་ཞེས་དམ་པ་སྨྲ་ཞེས་བྱ་བ་ལ། གང་གི་ཕྱིར། དམ་པ་ངོ་ཚ་ཤེས་པ་དག་གི་ནི་བུ་སྐྱེ་བར་འདོད་པའི་ཕྱིར་གཟའ་བྲན་ཏེ། སྐྱེས་པ་དང་བུ་མེད་དག་དབེན་ཞིང
་གཅིག་ཏུ་གནས་པར་འདོད་པ་སྤྱད་པར་བྱ་བའི་མཆོག་ཡིན་ནོ་ཞེས་སྨྲ་སྟེ། འཁྲིག་པའི་བདེ་བ་ཙམ་ལ་ཆགས་པའི་སྒོ་ནས་བལ་ཙོལ་དུ་འདོད་པ་སྤྱོད་སྟེ། བུ་འདོད་པ་ཙམ་མ་ཡིན་ནོ། །གཞན་དུ་ནི་བུ་བཟང་པོ་ཉིད་བསྐྱེད་པར་བྱ་བའི་དོན་དུ་བྱའོ། །ཞེས་བྱ
་བའི་དོན་ནོ། །གཞན་དུ་རིགས་བཟང་དག་ལས་ཀྱང། །བུ་ངན་རིགས་བསྲེག་མེ་འདྲར་འགྱུར། ཞེས་བྱ་བ་ལ། དེ་ལས་གཞན་པར་ཚུལ་དང་མི་མཐུན་པར་བྱས་པའི་དབང་གིས་ནི། མངལ་དུ་ཆགས་པ་ཕོ་འམ་མོ་གང་དག་ཡིན་པའི་རིགས་ཤིན་ཏུ་བཟང་པོ་མཐུ
་སྩལ?་ལ་སོགས་པ་དུ་མ?་དང་ལྡན་པའི་རིགས་བཟང་པོ་ལས་སྐྱེས་པ་ཡིན་ཏུ་ཟིན་ཀྱང་བུ་ཤིན་ཏུ་ངན་པར་འགྱུར་ཏེ། དེ་འང་རིགས་བསྲེག་མེ་འདྲར་འགྱུར་ཞེས་བྱ་བ་མཐོང་བ་དང་མ་མཐོང་བའི་རིགས་དཔེ་ཡོན་ཏན་མ་ལུས་པ་འཇིག་པར་བྱེད་པའི་རྒྱུན
་གྱུར་པའི་མེ་ལྷར་བསྲེས?་པའི་ཕྱིར་རིགས་ཀྱི་མེ་ཞེས་བྱའོ། །ཇི་ལྟ་བུ་མི་བུ་འདོད་པ། །དེ་ཡི་ཚུལ་དུ་དེ་ཡིས་སྤྱོད། །ཡུལ་དེའི་སྐྱེ་བའི་སྤྱོད་པ་དང། །དེ་ཡི་ཡོ་བྱད་ལ་བསམ་བྱ། །ཞེས་བྱ་བ་ལ། གང་གཟའ་བྲན་དེ་གཉིས་བུ་དང་བུ་མོ་ཇི་ལྟར་འདོད་ཅིང
་ཡིད་ལ་དགའ་བ་དེའི་གཟུགས་དང་སྤྱོད་པ་དང། ཡིད་ལ་གང་འདོད་པ་དེ་འདྲ་བའི་ཁ་དོག་དང། དབྱིབས་དང་ཚད་ཡིད་ལ་བསམ་པས་སྤྱད་པར་བྱ་བ་དང། དེ་བཞིན་དུ་ཡུལ་གང་ན་སྐྱེས་བུ་གང་བདེན་པར་སྨྲ་བ་དང། གཡོ་མེད་པ་དང།
་གཏོང་པ་དང་སྙིང་རྗེ་དང་ལྡན་ཞིང་སྦྱིན་གནས་གྱུར་པའམ། དཔའ་ཞིང་རྟུལ་ཕོད་པའི་རང་བཞིན་དེ་ཡིད་ལ་བསམ་ཞིང་མངོན་དུ་བྱ་བ་སྟེ། འདིར་རིགས་དང་རྗེས་སུ་མཐུན་པའི་ལས་ཇི་ལྟར་བྱ་བའི་ཚུལ་གྱིས་སྤྱོད་པ་དང། དེ་ཡི་ཡོ་བྱད་དང་འཁོར་བྲན་ཕོ།
་བྲན་མོ་དང་རྟ་དང་བ་ལང་ལ་སོགས་པ་དང། ནོར་དང་འབྲུ་དང། གོས་དང། རྒྱན་རིན་པོ་ཆེ་དང། ཤིང་རྟ་དང། ཁྱིམ་དང། སྐྱེས་མོས་ཚལ་དང། པི་ཝ་དང། གླིང་བུ་དང། རྫ་རྔ་དང། རྔ་བོ་ཆེ་དང། གླུ་དང། རོལ་མོ་དང། མལ་ཁྲི་དང། སྟན་ལས་སོགས་པ་ཡིན
་པར་ཤེས་པར་བྱའོ། །ལས་ཐར་སྐྱེས་པས་ཞུན་མར་དང། འོ་མ་འབྲས་ཆན་བཅས་པ་བཟའ་། །སྐར་མཁན་ལུང་གིས་མལ་ཁྲིར་ནི། །སྐྱེས་པ་དང་པོ་རྐང་གཡས་ཀྱིས། །འཛེག་བྱ་བུ་མེད་གཡོན་གྱིས་འཛེག་།དེ་ཡི་གཡས་ལོགས་དག་ཏུ་ཉལ།།
་ཏིལ་མར་མོན་སྲན་གྲེའུར་སྦྱར་བཟའ་། །ཞེས་བྱ་བ་ལ། བུ་སྐྱེ་བར་བྱ་བའི་ཆོ་གའི་ལས་བྱས་ཟིན་པའི་མཐར་སྐྱེས་པས་ནི་ཞུན་མར་དང་འོ་མ་དང་འབྲས་ཅན་དུ་བཅས་པ་བཟའ་ཞིང་ལོངས་སྤྱད་ནས། བུད་མེད་ལས་སྔར་མལ་ཁྲིར་རྐང་པ་གཡས
་པ་སྔོན་དུ་འདོད་པར་འཛེགས་པར་བྱས་ལ། དེ?་ཡང་སྐར་མཁན་ཕྱི་ལུང་གིས་སྟེ་སྐར་རྩིས་མཁན་ཕྱི་མ་སྐད་ཅིག་མ་དག་ལ་བཟའ་ཞིང་ཤེས་པར་བསྟན་པ་དེ་ལ་འཛེགས་པར་བྱ་ལ། དེའི་འོག་ཏུ་བུད་མེད་རྐང་པ་གཡོན་པ་སྔོན་དུ་འགྲོ་བས
་འཛེགས་ལ། སྐྱེས་བུ་ཁྲི་ལ་འཛེག་པ་དེའི་གཡས་ལོགས་སུ་གནས་པར་བྱའོ། །དེ་ལ་ཁྱད་པར་དུ་ནི་བུད་མེད་ཀྱིས་སྔར་ཏིལ་མར་དང་བཅས་པའི་སྨོན་སྲན་གྲེལ་བ་སྟེ། སྲན་མ་མཱ་ཥ་ལྷག་པར་བཟའ་བར་བྱའོ། །དེར་ནི་སྔགས་ཀྱི་ཚིག་བརྗོད་བྱ།
་ཨཱ་ཧཱི་ར་སི། ཨཱ་ཡུར་སི། སརྦ་ཏ་པྲ་ཏིཥྛ་སིདྡྷ་ཏུ་ནཱ་དྷཱ་ཏྲ་མདྷ་ད་དྷཱ་ཏུ། པི་ཏྲ་ཏ་ཏྲ་ད་དནདུ་བྲ་ཧམ་བརཚ་སྭ་བྷ་བ་ཞེས་བྱ་བའོ།། །།ཚངས་པ་ཕུང་བུ་ཁྱབ་འཇུག་དང། །ཉི་ཟླ་ཐ་སྐར་བུ་གཉིས་དང། །ལེགས་ལྡན་མཛའ་བོ་ཆུ་ལྷ་རྣམས། །བདག་ལ་དཔལ
་པའི་བུ་སྩོལ་ཞིག་།ཅེས་བྱ་བ་ལ། མལ་ཁྲིར་འཛེགས་པའི་དུས་དེར་རིག་བྱེད་ལས་བྱུང་བའི་སྔགས་ཀྱི་ཚིག་།ཱ་ཧཱི་ར་སི། ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང། གསོལ་བ་གདབ་པའི་ཚིག་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་བདག་ལ་དཔའ་
་ཞིང་བརྟུལ་ཕོད་པའི་བུ་སྙིང་སྟོབས་དང་ལྡན་པ་སྩོལ་ཞིག་།ཅེས་ཀྱང་བརྗོད་པར་བྱའོ། །དེ་ནས་ཕན་ཚུན་སྤྲོ་བསྐྱེད་དེ། །དགའ་དང་བཅས་པས་གནས་པར་བྱ། ཞེས་བྱ་བ་ལ། དེའི་རྗེས་ལ་ཁྱོ་ཤུག་ཕན་ཚུན་གཅིག་ལ་གཅིག་སྤྲོ་བ་སྐྱེད་ཅིང། ཡིད་མགུ་བར
་བྱ་བར་དང། དགའ་བ་དང་བཅས་ཤིང་འཁྲིག་པའི། ཆོས་དང་ལྡན་པས་གནས་པར་བྱའོ། །བུད་མེད་དེ་སེམས་གན་རྐྱལ་གནས། །ཡན་ལག་ལེགས་པར་གནས་འཇུག་བྱ། །དེ་ལྟར་ཉེས་པ་རང་གནས་འདུག་།ས་བོན་ལེགས་པར་འཛིན་པར་འགྱུར།
་ཞེས་བྱ་བ་ལ། བུད་མེད་དངོས་པོ་དེ་ལ་ཡང?་གཏོད་པ་ལ་སོགས་པའི་ཚུལ་གྱིས་མགོ་དང་ལག་ངར་ལ་སོགས་པའི་ཡན་ལག་ལེགས་པར་གནས་པར་བྱས་ལ། འདུག་པར་བྱ་སྟེ་གང་གི་ཕྱིར་རྣམ་པ་དེ་ལྟར་གནས་པ་དེའི་རླུང་ལ་སོགས་པའི
་ནད་ཀྱི་ཉེས་པ་མ་འཁྲུགས་པར་ཐ་མལ་པར་གནས་པས་བུའི་ས་བོན་དེ་ལེགས་པར་འཛིན་ཅིང་གནས་པར་འགྱུར་རོ། །འཕྲལ་དུ་མངལ་ཆགས་མཚན་མ་ནི། །མངལ་དུ་ས་བོན་འཛིན་པ་དང། །འདོད་དོམས་ལྕི་དང་གཡོ་བ་དང། །ཁྲག་དང་ཁུ་བ་རྗེས་འདྲེས
་པ་དང། །སྙིང་འཕར་བ་དང་སྙོམ་པ་དང། །སྐོམ་དང་རྨྱ?་དང་བ་སྤུ་ལྡང་ཞེས་བྱ་བ་ལ། །བུད་མེད་གང་འཕྲལ་དུ་མངལ་ཆགས་ཤིང་དུས་དེའི་ཚེ། །བུ་ཆགས་པའི་མཚན་མ་ནི་འདི་དག་ཡིན་ཏེ། །མངལ་དེ་བྱང་བར་བྱ་བའི་གཞིར་གྱུར་པར་ས་བོན་ཞེས་པ་བྱེད་པར
་གྱུར་པའི་ཁུ་བ་དེ་འཛིན་ཅིང་ཆགས་པར་གྱུར་པ་དང། །འདོད་པས་ངོམས་ཤིང་ཆོག་ཤེས་པར་འགྱུར་བ་དང། ལུས་ཀྱི་ཁོང་ལྕི་བ་དང། །བུ་བ་དང་ཁྲག་རྗེས་སུ་འདྲེས་ཤིང་ཕན་ཚུན་འབྲེལ་པ་དང། སྙིང་ཅུང་ཟད་འཕེལ་ཞིང་འགུལ
་བ་དང། གཉིས་ཀྱིས་ནོན་པ་བཞིན་དུ་དབང་པོ་རྣམས་ཡུལ་འཛིན་པར་མི་ནུས་ཤིང་སྡོམས་པ་དང། སྙོམ་གྱིས་ཉེན་པ་དང། རྨྱ་ཞིང་དུབ་པ་དང། སྦུ་ལྡང་ཞིང་དགའ་བས་བ་སྤུའི་ཁུང་གྱེས་པར་འགྱུར་པ་ཡིན་ནོ། །ཟླ་བ་དང་པོར་མི་གསལ་ཞག་།བདུན་ནས
་ནུར་ནུར་པོ་རུ་འགྱུར། །འདིར་ནི་མངལ་གྱི་བུ་སྐྱེས་པ། གསལ་བར་མ་གྱུར་གང་དུ་བྱ། ཞེས་བྱ་བ་ལ། དང་པོ་ཟླ་བ་གཅིག་གི་ཞག་བདུན་ནི་མངལ་ན་གནས་པ་དེ་མི་གསལ་ཞིང། དེས་པར་མི་མངོན་པར་འགྱུར་ལ། ཞག་བདུན་པོ་དེ་འདས་ནས་ནུར་ནུར
་པོ་སྟེ། ཕལ་ཆེར་སྐས་སླ་འདྲེས་མའི་ཚུལ་དུ་ཟླ་བ་གཅིག་གི་བར་དུ་གནས་པ་ཡིན་ནོ། །དེ་ལྟར་མངལ་གྱི་གནས་གསལ་བར་མ་གྱུར་པའི་གོད་ཟླ་བ་དང་པོ། །འདི་ལ་མངལ་གྱི་བུ་སྐྱེད་པའི་ཆོ་ག་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་འོག་ནས
་བཤད་པ་ལྟར་བྱའོ།། །།སྐྱེས་བུ་བྱེད་པ་འདི་སྟོབས་ལྡན། །ལས་ཀྱང་ཟིལ་གྱིས་གནོན་པར་ནུས། ཞེས་བྱ་བ་ལ། གང་གི་ཕྱིར་བུ་སྐྱེས་པའི་སྐྱེས་བུ་བྱེད་པའི་རྩོལ་བ་འདི་ནི་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་པས་དེ་དང་མི་ཐུན་ནི
་པའི་ཐ་མལ་བའི་ལས་ཏེ། ཟིལ་གྱིས་མནན་ནས་ལྡང་མི་ནུས་པར་བྱས་ཏེ་གནས་པ་ཡིན་ནོ། །བུ་སྐྱེས་པའི་ཆོ་ག་ནི་འདི་ཡིན་ཏེ། །སྐར་མ་རྒྱལ་ལ་སྐྱེས་བུའི་གཟུགས། །གསེར་དམ་དངུལ་ལམ་ལྕགས་ལས་བྱས། །མེ་མདོག་གྱུར
་བསྲེགས་འོ་མར་བཅུག་།དེ་ནི་སྙིམ་གང་བླུད་པར་བྱ། །ཞེས་བྱ་བ་ལ། སྐར་མ་རྒྱལ་ལ་བབ་པའི་དུས་སུ་སྐྱེས་པའི་གཟུགས་བརྙན་ཆུང་ངུ་ཞིག་གིས་ར་དངུལ་གྱི་རྒྱུ་ལས་བྱས་པའམ། ལྕགས་ནག་པོ་ལག་བྱས་པ། དེ་མེར་ལེགས་པར
་བསྲེགས་ལ། མའི་མདོག་ཅན་དམར་པོར་བྱས་ལ། གཟུགས་བརྙན་དེ་འོ་མར་བཅུག་ཅིང་གསུང་ལ། གསུར་པའི་འོ་མ་རྙིམ་པ་གང་སྟེ་སྲང་བཞིའི་ཚད་ཙམ་བླུད་པར་བྱའོ། །ཡང་ན་གོ་ར་དནད་དང། ཨ་པ་མརྐ་ཛཱི་པ་ཀ། ཟངས་རྩི་བ་དང་ཤེ་རྱ་ཀ། གཅིག་གམ
་གཉིས་སམ་གསུམ་ཞིག་གམ། ཐམས་ཅད་ཆུ་ལ་བཏགས་པ་ནི། །སྐར་མ་རྒྱལ་ལ་བབ་ཚ་བླུད། །ཅེས་བྱ་བ་ལ། གོ་ར་དནད་ལ་སོགས་པ་སྣན་སྣ་རེ་རེ་འམ། གཉིས་གཉིས་གཅིག་ཏུ་བྱ་བ་འམ། །གསུམ་གསུམ་མམ་བཞི་བཞི་གཅིག་ཏུ་བསྲེས
་པའམ། ཡང་ན་ཐམས་ཅད་བསྲེག་ལ་ཆུ་དང་བཏགས་ཏེ་ལྡེ་གུར་བྱས་ནས། སྐར་མ་རྒྱལ་ལ་བར་བའི་ཚེ། །བཏུང་བར་བྱའོ། །བྲི་ཧ་ཏཱི་ནི་དཀར་པའི་རྩ། །འོ་མར་བཏགས་པ་རང་ཉིད་ཀྱིས། །བུ་འདོད་སྣ་བུང་གཡས་པར་བླུགས། །བུ་མོ་འདོད་ན་གཡོན་པར
་བླུགས། །ཞེས་བྱ་བ་ལ། སྨན་པྲ་ཧི་ཏཱི་དཀར་པོའི་རྩ་བ་འོ་མ་དང་ལྡེ་གུར་སྦྱར་ལ། །བུད་མེད་རང་ཉིད་ཀྱིས་བུ་འདོད་ན་ནི། དེའི་ཐིགས་པ་སྣ་ལུང་གཡས་པར་བླུག་པར་བྱའོ། །བུ་མོ་འདོད་ན་ནི་གཡོན་པར་བླུགས་པར་བྱའོ། །ལཀྵའི་རྩ་ལོ་མར་སྦྱར། བུ་སྐྱེ
་གནས་པ་རབ་སྐྱེད་བྱེད། །དེ་བཞིན་ནྱ་སྒྲོ་མྱུ་གུ་བརྒྱད། །སྦྱར་བ་ཁའམ་སྣ་ནས་བཏུང། །ཞེས་བྱ་བ་ལ། སྨན་ལཀྵྨའི་རྩ་བའི་འོ་མ་དང་ལྡེ་གུར་སྦྱར་ལ་འཐུངས་ན་བུ་སྐྱེད་པར་བྱེད་པ་དང། ཡང་དེ་བཞིན་དུ་ཤིང་ནྱ་གྲོ་དྷའི་མྱུ་གུ་དང། སྐྱེས་པར་གྱུར
་པ་བརྒྱད་དང་སྦྱར་བའི་འོ་མའི་ལྡེ་གུ་ཡང་སྐྱེད་པ་དང་གནས་པར་བྱེད་པ་ཡིན་པས། སྣར་བླུག་པ་དང། །གནས་བསུང་བར་བྱའོ། །འཚོ་བྱེད་ཀྱི་ནི་སྨན་དེ་རྣམས་ཕྱི་དང་ནང་ནས་ཉེ་བར་སྦྱར། ཞེས་བྱ་བ་ལ། འཚོ་བྱེད་ཀྱི་སྨན་ཇའི་བནྟི་དང། རམ
་ཉེ་བ་ལ་སོགས་པ་བཅུ་པ་ཁྲུས་དང་དྲིལ་ཕྱིས་ལ་སོགས་པ་ཕྱི་རོལ་ནས་བཏང་བ་དང། བཟའ་བ་དང་བཏུང་བ་ལ་སོགས་པ་ནང་ནས་བཏང་ཞིང་ཉེ་བར་སྦྱར་བར་བྱའོ། །མངལ་འཛིན་ཡིད་འོང་ཕན་པ་ཡི། །ཁྱོ་དང་འཁོར་གྱིས་བསྙེན་བཀུར་བྱ།།
་ཞེས་བྱ་བ་ལ། མངལ་འཛིན་པའི་བུད་མེད་ལ། །སྡུག་ཅིང་ཕན་པར་འཛིན་པའི་ཁྱོ་དང་གཡོག་འཁོར་དག་ཀྱང། ཡིད་དུ་འོང་ཞིང་ཕན་པར་བྱེད་པ་ཉིད་ཀྱིས་བསྙེན་བཀུར་གྱི་ལས་དེ་དང་རྗེས་སུ་མཐུན་པ་བྱས་ན་མངལ་དེ་ལེགས
་པར་འཕེལ་ཞིང་རྒྱས་པར་འགྱུར་རོ། །མར་སར་ཞུན་མར་འོ་མ་རྣམས། །རྟག་ཏུ་དེ་ལ་བླུད་པར་བྱ། ཞེས་བྱ་བ་ལ། ཡང་མངལ་འཛིན་པའི་བུད་མེད་དེ་ལ། མར་སར་ལ་སོགས་པ་རྟག་ཏུ་བླུད་པས་ཀྱང་བསྙེན་བཀུར་བྱའོ། །ཉལ་པོ་དྲགས་དང་རྩོལ་དྲགས
་དང། ཁུར་དང་གོས་ནི་ལྕི་བ་དང། །ཉིན་ཉལ་ནུབ་མོ་གཉིད་མེ་ལོག་།སྟན་སྲབ་ཅོག་པུར་འདུག་པ་དང། མྱ་ངན་ཁྲོ་དང་འཇིགས་དང་སྐྱོ། །ཤུགས་དང་སྲེད་པ་དགག་པ་དང། །སྨྱུང་བ་མལ་འགྲོ་རྣོ་དང་ཚ། །ལྕི་དང་བཤད་འགགས་ཟས
་བཟའ་དང། གོས་དམར་གྱོན་དང་གཡངས་དང། །ཁྲོན་ལྟ་ཤ་ཟ་ཆང་འཐུང་དང། །གན་རྐྱལ་ཉལ་དང་བུད་མེད་ནི། །མི་འདོད་གང་ཡིན་དེ་ཀུན་སྤང། །ཞེས་བྱ་བ་ལ། ཡང་མངལ་འཛིན་པའི་བུ་མེད་ཀྱིས་འཁྲིག་པ་སྤྱད་པགས་པ་ལ་སོགས
་པ་སྤང་བར་བྱའོ། །འདིར་སྨོས་པ་འདི་དག་འབའ་ཞིག་སྤང་པར་མ་ཟད་ཀྱི། ཟས་དང་སྤྱོད་ལམ་ལ་སྲོགས་པའི་དངོས་པོ་གང་སྟར་མང་དུ་བུ་ཚ་སྐྱེ་མྱོང་བའི་བུད་མེད་མི་འདོད་ཅིང་གནོད་པར་འགྱུར་བ་རྣམས་སམ། །དུས་དེའི་ཚེ་བྱ་བ་ལ
་མཁས་པའི་བུད་མེད་མི་འདོད་ཅིང་གནོད་པར་འགྱུར་པ་དེས་སྤང་ཞིང་དོར་བར་བྱའོ། །འདི་དག་གི་ཚིག་གི་དོན་ནི་གོ་བར་ཟད་དོ། །དེ་བཞིན་གཏར་ག་གདབ་སློན་ཁྲུས། མས་གཏང་ཟླ་བརྒྱད་པར་མི་བྱ། །ཞེས་བྱ་བ་ལ། དེ་དག་འབའ་
་ཞིག་ཏུ་མ་ཟད་ཀྱི། །གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱ་བ་དང། སློན་དང་ཁྲུས་ཀྱིས་སྦྱང་བ་བྱ་བ་དང། ནི་རུ་ཧ་ལ་སོགས་པའི་མས་གཏང་བ་གསུམ་པོ་དག་ཀྱང་ཟླ་བ་བརྒྱད་ཀྱི་བར་དུ་མི་བྱའོ། །འདི་དག་གིས་ནི་མངལ་འཛིན
་བའམ། དཀུ་བསྐམས་རྨ་འཆི་བར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་བསྔར་བཤད་པ་ཉལ་པོ་དྲགས་པ་ལ་སོགས་པ་དག་སྦྲུམ་མས་བྱས་སུ་ཟིན་ན། རྒྱུ་དེས་འབྲས་བུ་ལུས་ཆད་པ་བཞིན་དུ་མངལ་མ་སྨིན་པར་མངལ་འཇིག་པར་འགྱུར་རོ། །ཡང་ན་དཀུ་བསྐམས
་ཤིང་མངལ་དུ་གནས་པ་འཕེལ་བ་ནུས་པར་འགྱུར་བའམ། །ཡང་ན་མངལ་ན་གནས་པའི་སེམས་ཅན་དེ་འཆི་ཞིང་སྲོག་དང་བྲལ་བར་འགྱུར་རོ། །རླུང་ནི་སྐྱེད་པར་བྱེད་པས་མངལ། རྒུར་པོ་འོན་ལོང་མིའུ་ཐུང་འགྱུར། །མཁྲིས་པ་ཅན་གྱི་སྤྱི་ཅེར་སེར།།
་བད་ཀན་ཤ་བཀྲ་སྐྱ་རྦབ་འགྱུར། །ཞེས་བྱ་བ་ལ། ཟས་དང་སྤྱོད་ལམ་རླུང་སྐྱེད་པར་བྱེད་པ་ལ་བརྟེན་པས་ནི་མངལ་ན་གནས་པའི་སེམས་ཅན་དེ་རྒུར་པོ་དང། ལོང་བ་དང་འོན་པ་དང། མིའུ་ཐུང་ངུ་འགྱུར་རོ། །ཟས་དང་སྤྱོད་ལམ་མཁྲིས་པ་སྐྱེད་པར་བྱེད་པ་བ
་བས་ནི། མངལ་ན་གནས་པ་ནི་སྤྱི་ཚེར་རམ་སྐྲ་སེར་བ་ལ་སོགས་པར་འགྱུར་རོ། །ཟས་དང་སྤྱོད་ལམ་དང་སྨན་བད་ཀན་ནན་བསྟེན་པས་ནི། མངལ་ན་གནས་པ་དེ་ཤ་བཀྲ་ཅན་ནམ། །སྐྱ་སྤབ་ཅན་དུ་འགྱུར་རོ། །ནང་གཞན་འཇམ་ཞིང་བདེ་བ་དང། །རྣོན་པོ་མ་ཡིན
་སྨན་གྱིས་གསོ། །ཞེས་བྱ་བ་ལ། སྦྲུམ་མ་དེ་ལ་ནད་གང་ཞིག་བྱུང་བར་འགྱུར་པ་ནི་འཇམ་ཞིག་བདེ་བར་འགྱུར་མར་དང་འོ་མ་དང། ཤ་ཁ་ར་དང། རྒུན་འབྲུ་ལ་སོགས་པ་དང། སྨན་གྱི་རྣམ་པ་སྣོན་པོ་མ་ཡིན་པ། དོད་ཁ་ལ་སོགས་པས་གསོ་ཞིང་ནད
་བསལ་བར་བྱའོ། །ནུར་ནུར་པོ་ལས་ཟླ་གཉིས་པར། །གོར་གོར་མེར་མེར་ནར་ནར་པོའོ། །དེ་ལ་ཕོ་མོ་མ་ནིང་རིམ། ཞེས་བྱ་བ་ལ། མངལ་ཆགས་ནས་ཟླ་བ་གཉིས་པ་ལ་ནུར་ནུར་པོ་དེ་ལས་གོའི་གོང་པོ་འམ། མེར་མེར་པོ་འམ། ནར་ནར་པོར་གྱུར་ལ།
་གོར་གོར་པོ་ལ་སོགས་པ་དེ་དག་ལས་རིམ་གྱིས་ཕོ་དང་མོ་དང་མ་ནིང་དུ་འགྱུར་ཏེ། དེ་ལས་གོར་གོར་ལས་ནི་སྐྱེས་པར་འགྱུར་རོ། །མེར་མེར་པོ་ལས་ནི་མོར་འགྱུར་ལ། །ནར་ནར་པོ་ལས་ནི་སྐྱེས་པ་ཡང་མ་ཡིན། །བུད་མེད་ཀྱང་མ་ཡིན་པའི་མ་ནིང
་དུ་འགྱུར་རོ། །དེ་ནས་བསལ་གྱུར་མཚན་མ་ནི། །རིང་ཅིང་དཀུ་ནི་ལྕི་བ་དང། །བརྒྱལ་སྐྱུག་ཡིག་འཆུས་པ་དང། །གླལ་དང་སྙོམ་བག་མཆིལ་མ་མང། །སྦུ་ཡི་ཕྲེང་བ་གསལ་བ་དང། །སྐྱུར་ལ་དགའ་ཞིང་ནུ་མ་རྒྱས། །ནུ་ཞོར་བཅད་ཤིང་རྩེ་མོ་གནག།
་རྐང་པ་སྐྲངས་ཤིང་ཁ་ཟས་ཚ། །སྲེད་པ་སྣ་ཚོགས་ཉིད་དུ་འགྱུར། ཞེས་བྱ་བ་ལ། དེ་ནས་ཟླ་བ་གཉིས་པ་དེ་ནི་སྦྲུམ་མ་ངེས་མངལ་ན་གནས་པའི་མཚན་མ་གསལ་པོར་འབྱུང་བར་འགྱུར་ཏེ། འདི་ལྟར་རིང་ཅིང་སྦེག་པའམ། དཀཱུམ་ལྟོ་བ་ལྕི་བའམ། བརྒྱལ་ཞིང
་འབོག་པ་དང། སྐྱུག་ཅིང་སློན་པ་དང། ཡིག་འཆུས་ཤིང་ཟས་ལ་མངོན་པར་མི་དགའ་བ་དང། ཡན་ལག་འགྱུར་བ་དང་བཅས་པའི་གླལ་བ་དང། མཆིལ་སྣབས་མང་བ་དང། །ཡན་ལག་སྙོམ་ཞིང་རྨྱ་བ་དང། །སྤུའི་ཕྲེང་བ་བྲང་བ་ལ་གནས་པ་གསལ་ཞིང་ཁ་གྱེས
་པ་དང། སྐྱུར་བག་ལ་དགའ་ཞིང་འདོད་པ་དང། ནུ་མ་རྒྱས་པར་འགྱུར་བ་དང། །དེ་བཞིན་དུ་འོ་མ་ཅུང་ཟད་བཅས་ཤིང་ནུ་ཏོག་གི་རྩེ་མོ་ནག་པོར་འགྱུར་བ་དང། རྐང་པ་གཉིས་ཅུང་ཟད་སྐྲངས་པ་དང། ཁ་ཟས་ཟོས་པ་ཚེ་ཞིང་སྐྱུར་བར་འགྱུར་པ་དང། དེ་བཞིན་དུ
་སྲེད་པ་མཆོག་དང་ཐམ་སྐྱེ་ཞིང་ཕན་པ་དང། གནོད་པའི་ཡུལ་དུ་མི་འདོད་པ་ཉིད་དུ་འགྱུར་རོ། །འདི་ཡི་སྙིང་ནི་མ་ལས་སྐྱེས། །མ་ཡི་སྙིང་ཡང་དེ་དང་ནི། །འབྲེལ་པས་དེ་ཕྱིར་སྦྲུམ་མ་ནི། །སྲེད་པ་འགག་པར་མི་བྱའོ། །དེ་ལ་གནོད་པར་འགྱུར་བའང། །ཕན་དང་བསྲེས
་ཏེ་ཅུང་ཟད་སྦྱིན། །སྲེད་པ་བཀག་ན་མངལ་གྱི་བུ། །མི་སྡུག་པའམ་འཇིག་པར་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་མངལ་ན་གནས་པ་འདིའི་སྙིང་ངམ་སེམས་ཀྱི་གནས་དེ་ནི་མ་ལས་སྐྱེས་པ་ཡིན་ལ། དེས་ན་མངལ་ན་གནས་པ་དེའི་སྙིང་མའི་སྙིང་དང་རྗེས
་སུ་འབྲེལ་ཅིང་འབྱོར་པའི་ཆ་ཡོད་པ་ཡིན་ནོ། །དེའི་ཕྱིར་རྒྱུ་དེས་ན་སྦྲུལ་མ་དག་གང་ལ་སྲེད་ཅིང་འདོད་པ་དགག་ཅིང་ཡིད་ལ་རེ་བ་རྫོགས་པར་མི་བྱ་བར་བརྙས་ཐབས་སུ་བཞག་པར་མི་བྱའོ། །དེ་བས་སྦྲུམ་མ་དེ་ཟས་ལ་སོགས་པས་གནོད་པར་འགྱུར་པ
་ཞིག་འདོད་པར་གྱུར་ན་ཡང་གནོད་པར་འགྱུར་བ་དེ་ཕན་པར་འགྱུར་བའི་ཟས་མང་པོ་དང་བསྲེས་ཏེ། གནོད་པ་དེ་ཆེས་ཆུང་བར་བྱས་ལ། ཅུང་ཟད་ཙམ་བྱིན་པས་འདོད་པ་བསྐང་བར་བྱའོ། །གལ་ཏེ་དེ་ལྟ་མ་ཡིན་ཏེ། སྲེད་པ་བཀག་ན་མངལ་གྱི་བུ། །དེ་གཟུགས་མི་སྡུག་པ
་འམ། གནས་སྐབས་གཞན་དུ་འགྱུར་བའམ། འཇིག་ཅིང་གནས་ལས་འཕོ་བ་ཉིད་དུ་འགྱུར་རོ། །ཟླ་བ་གསུམ་པར་དེ་ཡི་ལུས། །མགོ་བོ་དབྱི་གཉིས་དབང་པ་གཉིས། ཡན་ལག་ལྔ་ནི་གསལ་དོད་འགྱུར། །ཡན་ལག་ཕྲ་མོ་རྣམས་ཀྱང་འབྱུང། །མགོ་བོ་སོགས་དང
་ཆ་མཉམ་དུ། །བདེ་དང་སྡུག་བསྔལ་ཤེས་པ་འབྱུང། །ཞེས་བྱ་བ་ལ། མངལ་ཆགས་པའི་ཟླ་བ་གསུམ་པ་ལ་ནི། དེའི་ལུས་ཡན་ལག་གསལ་བར་དོད་པར་འགྱུར་ཏེ། མགོ་བོ་ནི་ཡན་ལག་གཅིག་གོ། དེ་བཞིན་དུ་དཔུང་བ་གཉིས་དང། །དབྱི་གཉིས་དང། དེ་ལྟར
་ན་ཡན་ལག་ལྔ་པོ་དོད་པར་འགྱུར་རོ། །དེ་བཞིན་དུ་ཡན་ལག་ཕྲ་མོ་རྣམས་ཀྱང་རིམ་གྱིས་འབྱུང་བར་འགྱུར་ཞིང། །མགོ་ལ་སོགས་པ་རྣམས་དང་ཆ་མཉམ་ཞིང་མཚུངས་པ་ཉིད་དུ་བདེ་བཤེས་པ་དང། སྡུག་བསྔལ་ཤེས་པ་ཡང་དེའི་ཚོ་འབྱུང་བར་འགྱུར་རོ།།
་མངལ་གནས་ལྟེ་བ་མ་ཡི་ནི། །སྙིང་གི་རྩ་དང་འབྲེལ་པའི་ཕྱིར། །དེ་ཡིས་དེ་ནི་འཕེལ་འགྱུར་ཏེ། །ཞིང་གི་ཡུར་བ་དག་དང་མཚུངས། །ཞེས་བྱ་བ་ལ། མངལ་ན་གནས་པའི་སེམས་ཅན་དང། །མའི་སྙིང་གི་རྩ་ལས་ཀྱི་དབང་གིས་འབྲེལ་པར་གནས་ཏེ། །དེའི་ཕྱིར
་རྩའི་རྒྱུན་དེ་ནས་མངལ་ན་གནས་པའི་ལུས་འཕེལ་ཞིང་རྒྱས་པར་འགྱུར་ཏེ། དཔེར་ན་འབྲས་ལ་སོགས་པའི་ཞིང་ཡུར་བ་ནས་ཆུ་དྲངས་ཏེ། དེས་ཞིང་གི་ལོ་ཏོག་འཕེལ་ཞིང་རྒྱས་པར་འགྱུར་བ་དང་འདྲའོ། །བཞི་པར་ཡན་ལག་གསལ་དོད་འགྱུར
་ལྔ་པར་སེམས་ནི་གསལ་པར་འགྱུར། ཞེས་བྱ་བ་ལ། ཟླ་བ་བཞིའི་སྐབས་སུ་མངལ་ན་གནས་པའི་སེམས་ཅན་དེའི་ཡན་ལག་ཐམས་ཅད་མི་གསལ་བ་ལས་གསལ་བར་དོང་པར་འགྱུར། །ཟླ་བ་ལྔ་པར་ནི་སེམས་ཅན་གསལ་བ་མ་ཡིན་པ་དེ་སྔར
་བས་ཆེས་གསལ་བར་འགྱུར་རོ། །དྲུག་པར་ཆུ་བར་རྩ་བ་སྤུ། །སེན་མོ་པགས་པ་མདོག་སྟོབས་འབྱུང། །བདུན་པར་དངོས་པོ་ཐམས་ཅད་ཀྱི། །ཡན་ལག་ཀུན་ནི་རྫོགས་པར་འགྱུར། །ཞེས་བྱ་བ་ལ། ཟླ་བ་བདུན་པར་ནི། རྣམ་པ་ཐམས་ཅད
་ནས་ཐམས་ཅད་དུ་ཡན་ལག་ཐམས་ཅད་རྫོགས་ཤིང་འཕེལ་བ་ཁོ་ནར་འགྱུར་རོ། །མངལ་ནས་ནད་ཀྱིས་ཉེར་གཟིར་ན། །དེ་ཡི་སྙིང་དང་འབྲེལ་པའི་ཕྱིར་གཡའ་དང་ཚ་བར་བྱེད་པ་དང། པགས་གས་རྨ་ཕྲན་འབྱུང་བར་འགྱུར། ཞེས་བྱ་བའི། མང་བ་ན་གནས
་པའི་སེམས་ཅན་རླུང་ལ་སོགས་པའི་ནད་ཀྱིས་གཟིར་ན། དེའི་ཚེ་མའི་སྙིང་དང་དེ་འབྲེལ་པ་ཡིན་པའི་ཕྱིར་ནད་དེ་ཡང་འབྱུང་སྟེ། མངལ་གཡའ་བ་དང་ཚ་བར་བྱེད་པ་དང། པགས་པའི་རྨ་ཕྲ་མོ་འདྲ་བ་པགས་པ་ཅུང་ཟད་གས་པའི་ནང་བརླ་དང་ནུ་མ་དང་བྲད
་ལ་སོགས་པར་འགྱུར་རོ། །དེ་བཞིན་དུ་རྐང་པ་དང་ལག་པའི་མཐིལ་དང། མཚན་ཁུང་ལ་སོགས་པ་ཚ་བར་བྱེད་པར་འགྱུར་རོ། །དེར་ནི་མར་སར་རྒྱ་ཤུག་ཆུ། །མངར་པའི་སྨན་དེ་བསྐོལ་བ་ཕན་ཞེས་བྱ་བ་ལ། དེ་ལྟ་བུའི་གཡའ་བ་ལ་སོགས་པའི་ནད་ཞི་བར
་བྱ་བའི་ཕྱིར་མར་སར་དང། རྒྱ་ཤུག་བསྐོལ་པ་འམ། མངར་བའི་སྨན་གྱི་སྡེ་ཚན་འཚོ་བྱེད་ལ་སོགས་པ་འམ། རྒྱུན་འབྲུམ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང། མར་བསྐོལ་བ་ཕྱི་རོལ་ནས་བསྐུ་ཞིང་ནང་ནས་བཏུང་བ་ལ་སོགས་པ་ཕན་པ་ཡིན་ནོ།།
་ལན་ཚྭ་ཉིང་ཞིང་སྣུམ་བག་ཅན། །ཡང་ཞིང་མངར་བའི་ཁ་ཟས་བཟའ་། ཞེས་བྱ་བ་ལ། ཡང་དེར་ཁ་ཟས་ནི་ལན་ཚྭ་ཉུང་ཞིག་བཏབ་པ་དང། སྣུམ་བག་དང་བཅས་པ་དང། ཚད་དང་རང་བཞིན་གྱིས་ཡང་བ་དང། མངར་བག་གི་ཁ་ཟས་བཟའ་བ་ཕན་ནོ། །ཙན
་ངན་བུ་ཤེལ་ཙེའི་ལྡེ་གུས། །བྲང་དང་ནུ་མ་ལྟོ་ལ་བསྐུ། ཞེས་བྱ་བ་ལ། ཙནདན་དང་ཨུ་ཤི་ར་ཆུ་བཏགས་སུ་པའི་ལྡེ་གུ་སླ་བས་བྲང་ལ་སོགས་པ་བསྐུ་བར་བྱའོ། །འབྲས་བུ་གསུམ་གྱིས་ཕྱེའི་ཨེ་ཎེ་ཡ། ཤ་བཀྲ་རི་བོང་ཁྲག་སྦྱར་བསྐུ། །ཞེས་བྱ་བ་ལ།
་ཡང་ན་འབྲས་བུ་གསུམ་པོ་ལྡེ་གུར་བྱས་པའམ། རི་དྭགས་ཨེ་ནེ་ཡ་དང། ཤ་བཀྲ་དང་རི་བོང་གི་ཁྲག་དང་ལྷན་ཅིག་བཏགས་པས་བྲང་དང་ནུ་མ་དང་ལྷོ་བ་ལ་སོགས་པ་ལ་བསྐུ་བར་བྱའོ། །དཀར་བི་རའི་ལོ་མ་དང། །ཏིལ་མར་བསྐོལ་བས་བསྐུས་ཏེ་མ་ཉིད
་པ་ཏོ་ལ་དང་ནི་མ་པ་བཅོད། །བྱེའུ་རུག་གིས་ཀྱང་བསྐུ་བར་བྱ། །ཞེས་བྱ་བ་ལ། ཡང་ཀ་ར་བི་ར་དང་ལྷན་ཅིག་བསྐོལ་བའི་ཏིལ་མར་བསྐུས་ལ། ལེགས་པར་མཉེ་བར་བྱའོ། །དེ་བཞིན་དུ་བ་ཏོ་ལ་ལ་སོགས་པའི་སྨན་དང་བསྐོལ་བའི་ཏིལ་མར་གྱིས་ཀྱང
་བསྐུ་ཞིང་མཉེ་བར་བྱའོ། །སྐྱེར་བ་ཤིང་མངར་ཆུ་ཡིས་ནི། །བཀྲུ་དང་བསྐུ་བ་བསྟེན་པར་བྱ། ཞེས་བྱ་བ་ལ། དེ་བཞིན་དུ་སྐྱེར་བ་དང་ཤིང་མར་བསྐོལ་བའི་ཆུ་ཡིས་བཀྲུ་བ་དང་དྲིལ་ཕྱིས་ལ་སོགས་པའོ། །ཟླ་བ་བརྒྱད་པར་མ་དང་པོ། །ཐང་རོ་རིམ་གྱིས
་གཟི་མདངས་འཕོ། །དེ་ཡིས་དེ་གཉིས་ཞུམ་དགར་འགྱུར། །བྱིས་མདངས་མ་ལ་མི་གནས་པས། །དེ་ཚེ་བཙས་ན་མི་འཆོལ། །བུད་མེད་ཐེ་ཚོམ་བཅས་སྐབས་འགྱུར། ཞེས་བྱ་བ་ལ། ཟླ་བ་བརྒྱད་པའི་ཚིགས་ལ་བབ་པ་དང། །མདངས་མངལ་ན
་གནས་པའི་བུ་གཉིས་ཐང་རེ་ཡང་དང་ཡང་དུ་རིམ་གྱིས་ལུས་ཟུངས་ཐམས་ཅད་ཀྱི་དངོས་མའི་བཅུད་ཕན་ཚུན་འཕོས་ཏེ། ཕྱེད་འགའ་ནི་མ་ལ་འཕོས། ཕྱེད་འགའ་ནི་བུ་ལ་འཕོའོ། །དེ་ལྟར་མདངས་འཕོ་བ་དེས་མོ་དང་བུ་གཉིས་ཀྱི་ལུས་ཞུམ་པ
་དང་དགའ་བར་འགྱུར་ཏེ། གང་གི་ཚེམ་དངས་དེ་མངལ་གྱི་བུ་ལ་འགྱུར་ན། །དེའི་ཚེ་མངལ་ན་གནས་པ་ནི་དགའ་ཞིང་མདངས་ཅན་དུ་འགྱུར་ལ། སྦྲུམ་མ་ནི་ལུས་ཞུམ་པར་འགྱུར་རོ། །གང་གི་ཚེ་མདངས་མ་དེ་ལ་མངལ་འཕོས་པ་དེའི་ཚེ་མ་ནི་དགའ་
་བར་འགྱུར་ལ། བུ་ནི་ཞུམ་པར་འགྱུར་རོ། །ཡང་དུས་དེའི་ཚེ་བྱིས་པ་བཙས་ནའང་མི་འཚོའོ། །ཅིའི་ཕྱིར་ཞེ་ན། བྱིས་པའི་མདངས་མལ་ནི་མ་གནས་ཤིང། །བརྟན་པོར་མ་གྱུར་པའི་ཕྱིར་རོ། །དེ་ལྟར་འཕོས་པ་དེའི་ཚེ། བཙས་ནང་དུ་མེད་ཀྱི
་སྲོག་ནི་ཐེ་ཚོམ་དང་བཅས་པར་འགྱུར་ཏེ། འཚོ་བར་འགྱུར་བའང་སྲིད་པའི་དོན་ནོ། །འདིར་ན་འོ་མ་ཅན་བླུད་ཅིང། །མངར་བའི་སྨན་དང་བསྐོལ་བ་ཡི། །མར་གྱི་འཇམ་རྩི་བཏང་བྱ་ཞིང། །ཕྱིས་རྙིང་པ་ངག་བྱའི་ཕྱིར། །ལ་ཕུག་སྐམ
་དང་རྒྱ་ཤུགས་སྐྱར། །བསྐ་བ་དག་དང་བསྐོལ་བ་བསྔགས། །ཤ་ཏ་པུཥཔའི་ལྡེ་གུ་ནི། །རྒྱམ་ཚྭ་ཏིལ་མར་འཇམ་རྩི་བཏང། །ཞེས་བྱ་བ་ལ། ཟླ་བ་བརྒྱད་པའི་སྐབས་འདིར་སྦྲུམ་མ་ལ་འོ་མ་དང་བསྐོལ་བའི་ནས་ཐུག་བླུད་པར་བྱའོ། །ཡང་ཟླ་བ་བརྒྱད
་པའི་སྐབས་འདིར་འཚོ་བྱེད་ལ་སོགས་པའི་སྡེ་ཚན་དུ་གཏོགས་པ་སྨན་མངར་བའི་ལྡེ་གུ་དང་བསྐོལ་བའི་མར་གྱི་འཇམ་རྩི་བཏང་པར་བྱའོ། །ཡང་ཟླ་བ་བརྒྱད་པའི་སྐབས་འདིར་ཕྱི་ས་རྙིང་པ་དག་པར་བྱ་བའི་ཕྱིར། ལ་ཕུག་སྐམ་པོ་དང། རྒྱ
་ཤུག་སྐྱུར་པོ་དང། སྨན་བསྐ་བ་དང། བསྐོལ་བའི་མར་གྱི་འཇམ་རྩི་འམ། ཤ་ཏ་པུཥཔའི་ལྡེ་གུ་རྒྱམ་ཚ་དང་ཏིལ་མར་དུ་བཅས་པ་བསྐོལ་བའི་འཇམ་རྩི་བཏང་བ་བསྔགས་པ་ཡིན་ནོ། །དེ་ཚེ་ཞག་གཅིག་འདས་པ་ན་འང། །དུས་སུ་བཙས་ཡིན་དེ
་ཕན་ཆད། །རླུང་གིས་བཀུར་ནི་བཀག་གྱུར་པ། །ལོ་ཡི་བར་དུ་གནོད་པ་སྐྱད། །ཅེས་བྱ་བ་ལ། ཟླ་བ་བརྒྱད་པ་དེ་འདས་ནས་ཞག་གཅིག་ལོན་ཕན་ཆད་ཀྱང་བཙས་པའི་དུས་ཡིན་པས། །དེ་ཡང་བཅས་པ་ནི་དུས་བཙས་པ་ཙས་བྱ་ལ། །དེ་ཕན་ཆད་ལོ
་གཅིག་གི་བར་དུ་རླུང་གིས་མངལ་གྱི་གནས་སུ་བཀག་ཅིང་འབྱུང་དུ་མ་སྟེར་ནང་གནོད་པའི་ནང་སྐྱེད་པར་བྱེད་པ་ཡིན་ནོ། །ཟླ་དགུ་ལོན་ན་སྣུམ་བཅས་པའི། །འབྲས་ཆན་ཤ་ཁུ་བླུད་པར་བསྔགས། །སྣུམ་མང་ནས་ཐུག་སྦྱིན་པ་འམ།
་སྔར་བཤད་པ་ཡི་འཇམ་རྩི་བཏང། །ཞེས་བྱ་བ་ལ། སྦྲུམ་མ་དེ་ཟླ་བ་དགུ་པ་ལ་བབ་པའི་ཚེ། །ཤ་ལ་སོགས་པའི་སྣུམ་དང་བཅས་པ་འབྲས་ཆེན་དང་མར་དང་ཤ་ཁུ་བླུད་ན་ཕན་ཞིང་བསྔགས་པ་འམ། ནས་ཐུག་མར་མང་པོ་བཏབ
་པ་བྱིན་ཕན་པའམ། དེ་བཞིན་དུ་བཤད་མ་ཐག་པའི་སྨན་མངར་བ་དང། བསྐོལ་བའི་མར་གྱི་འཇམ་རྩི་བཏང་བར་བྱའོ། །དེ་ཉིད་ལ་བཅུག་རས་པ་ལ་ནི། །མཚན་མར་རྟག་ཏུ་གཞུག་པར་བྱ། །ཞེས་བྱ་བ་ལ། འཇམ་རྩི་སྦྱར་བའི་མར་དེ་ཉིད་ལ་བཅུག་ཅིང་སྤངས་པའི
་རས་བལ་གྱི་ཡེའུ་ཡང་སྦྲུམ་མ་དེའི་མོ་མཚན་དུ་བཞུག་པར་བྱ་སྟེ། དེས་ནི་རླུང་གི་ནད་སེལ་བར་འགྱུར་རོ། །རླུང་འཇོམས་ལོ་མ་བསྐོལ་བའི་ཆུ། །བསྒྲངས་པས་ཉིན་རེ་བཀྲུས་པ་ཕན། ཞེས་བྱ་བ་ལ། རླུང་འཇེམས་པར་བྱེད་པའི་སྨན་གསོ་མ་ལ་སོགས
་པའི་ལོ་མ་བརྡུངས་པ་བསྐོལ་བའི་ཆུ་བཙགས་པ་བསྒྲངས་པས་ཉིན་རེ་ཞིང་བཀྲུས་ན་ཡང་སྦྲུམ་མ་ལ་ཕན་པ་ཡིན་ནོ། །ཟླ་དགུ་ཕན་ཆད་ལུས་ལ་ནི། སྣུམ་མེད་པར་ནི་མི་བཞག་གོ་།ཞེས་བྱ་བ་ལ། སྦྲུམ་མ་ཟླ་བ་དགུ་པ་ལ་བབ་པ་ནས་བཙས་ཀྱི་བར་དུ
་རྟག་ཏུ་སྣུམ་གྱིས་ལུས་ལ་བསྐུ་བར་བྱ་ཞིང། སྣུམ་མེད་པར་བཞག་པར་མི་བྱའོ། །ནུ་ཞོ་གཡས་པ་སྔར་བྱུང་ཞིང། །གཡས་ལོགས་ལ་ནི་བརྟེན་པ་དང། །འདྲི་ཚིག་སྐྱེས་པའི་མིང་ཅན་སྨྲ། །དགའ་ཞིང་རྨི་ལམ་སྐྱེས་པ་མཐོང། །དཀུ་ནི་གཡས
་པ་མཐོ་བ་དང། །མངལ་ཡང་ཀུན་ནས་ཟླུམ་པ་དག། བུ་སྐྱེས་ཞེས་བྱ་བ་ལ། །བུད་མེད་གང་གི་ནུ་མ་གཡས་པའི་ནུ་ཞོ་སྔར་བྱུང་བ་དེ་ལ་ནི་བུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་གཡས་ལོགས་ལ་བརྟེན་ཅིང་གནས་པ་འམ། གཡས་ནས་འགྲོ་བ་རྨིས
་པ་ལ་སོགས་པ་དང་འདྲ་བའི་ཚིག་སྐྱེས་པའི་མིང་ཅན་གྱི་དངོས་པོ་སྨྲ་བ་ལ་དགའ་བ་དང། རྨི་ལམ་དུ་སྐྱེས་པ་དང་གླང་པོ་ལ་སོགས་པ་མཐོང་བ་དང། དེ་བཞིན་དུ་དཀུ་གཡས་ལོགས་མཐོ་ཞིང་ཆེ་བ་དང། དེ་བཞིན་དུ་མངལ་ཀུན་ནས་ཟླུམ་པར་གནས
་ན་བུ་སྐྱེ་བར་འགྱུར་རོ། །གཞན་དུ་བུ་མོར་འགྱུར་རོ། །གང་ཡང་སྐྱེས་པ་ཕྲང་འདོད་དང། །གླུ་གར་རོལ་མོ་ལ་དགའ་དང། །དྲི་དང་ཕྲེང་ཆགས་བུ་མོ་སྐྱེ། ཞེས་བྱ་བ་ལ། བུ་སྐྱེ་བའི་མཚན་ཉིད་དང་མི་མཐུན་པ་དེ་ནི་གཞན་དུ། ཞེས་བྱ་བ་ལ། དེ་ཡང
་དངོས་སུ་ནུ་མ་གཡོན་པ་ནས་ཞོ་བྱུང་བ་ལ་སོགས་པ་ནི་བུ་མོ་སྐྱེ་བའི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་གཞན་ཡང་སྦྲུམ་མ་གང་སྐྱེས་པ་དང་ཕྲང་ཅིང་འདོད་པ་སྤྱོད་ཅིང་ལྷག་པར་དགའ་བ་དང། གར་ལ་སོགས་པ་ལ་དགའ་བར་ལ
་ཡང་བུ་མོ་སྐྱེ་བར་འགྱུར་རོ། །དེ་འདྲེས་པས་ནི་མ་ནིང་འགྱུར། །དཀུ་ཡི་དབུས་ནི་མཐོ་བ་ཡིན། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མོ་སྐྱེ་བའི་མཚན་ཉིད་གཉི་ག་ལ་སྙེགས་ཏེ། མཚན་ཉིད་དེ་ཉིད་འདྲེས་པ་དང་ལྡན་པའི་བུ་ནི་མ་ནིང་དུ་བཙས་བར
་འགྱུར་རོ། །མ་ནིང་དེ་མངལ་ན་གནས་པའི་ཚེ་མའི་དཀུའི་ཕྱོགས་སུ་དབུས་མ་མཐོ་ཞིང་ཆེ་བར་འགྱུར་རོ། །མཚེ་མ་ལོགས་གཉིས་མཐོ་བས་ན། །ལྟེ་བ་དམའ་བར་འདུག་པ་ཡིན། །ཞེས་བྱ་བ་ལ། མཚེ་མ་སྟེ་མངལ་ན་གནས་པའི་སེམས་ཅན་གཉིས་སྐྱེ་བར
་འགྱུར་བའི་མཚན་ཉིད་ནི་ལོགས་གཉིས་མཐོ་བས་ལྟེ་བའི་ཕྱོགས་དམའ་ཞིང་ལུང་བ་ལྟར་འདུག་པ་ཡིན་ནོ། །དགུ་པའི་དང་པོ་ནས་བརྩམས་ཏེ། །ས་ཕྱོགས་ཤིས་ཤིང་ཡོ་བྱད་ནི། །ཕུན་ཚོགས་ལྡན་པར་དགེ་བའི་ཞག་།དེ་ནི་བཙས་ཁྱིམ་བྱུགས
་པར་བྱ། ཞེས་བྱ་བ་ལ། ཟླ་བ་དགུ་པའི་ཚིགས་ཀྱི་དང་པོ་ནས་བརྩམས་ཏེ། །སྦྲུམ་མ་དེ་བཙའ་བའ་ཨི་ཁྱིམ་གྱི་གནས་སུ་བྱ་ལ། །ཁྱིམ་དེ་ཡང་དང་པོར་ཕྱོགས་ཤིས་པའི་ཁྱིམ་པའི་སྤྱད་ཀྱི་ཆོ་ག་ཤེས་པས་ལེགས་པར་བརྩིགས་པ་དང། ཡོ་བྱད་དགོས
་པ་གང་དག་ཡིན་པ་དེ་ཕུན་སུམ་ཚོགས་པ་དང་ལྡན་པར་དགེ་བའི་ཞག་སྟེ། གཟའ་དང་རྒྱུ་སྐར་དང་བྱེད་པ་བཟའ་པོའི་ཞག་ལ་དེ་ཁང་པ་དེར་གཞུག་པར་བྱའོ། །དེར་ནི་བུད་མེད་བཙའ་མྱོང་བས། །བསྐོར་ཏེ་བཙའ་བའ་ཨི་དུས་པར་བསྡིད
་ཅེས་བྱ་བ་ལ། གནས་དེར་བུད་མེད་སྦྲུམ་མ་དེ་སྔར་ལན་མང་དུ་བཙའ་མྱོང་ཞིང་དེའི་བྱ་བ་ལ་མཁས་པའི་བུད་མེད་རྣམས་ཀྱིས་ཀུན་ནས་བསྐོར་ཏེ་གནས་ལ་བསྡད་པར་བྱའོ། །དེང་ངམ་?རིན་བུ་བཙའ་རྟགས། །སྙོམ་ཞིང་དཀུ་དང་མིག་ལྷོད?་དུག
་སྨད་དུ་ལྕི་ཞིང་ཡི་ག་འཆུས། །མཆིལ་མ་མང་ཞིང་གཅིན་མང་འབྱུང། །བརླ་དང་རྐེང་པ་ལྟོ་དང་རྒྱབ། །སྙིང་དང་ཆུ་སོ་བརླ་རྩ་ན། །མཚན་བྱེ་ན་ཞིང་ཟུག་པ་དང། །འགུལ་ཞིང་འཛག་པར་འགྱུར་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་གནས་པ་ལས། །དང་ངམ
་སང་བུ་བཙའ་བར་འགྱུར་པ་དང། །ཤིན་ཏུ་ཉེ་བའི་རྟགས་ནི། །བ་སྦྲུམ་པ་དེ་སྙོམ་ཞིང་རྨྱ་ལ་དགའ་བ་ཆུང་བ་དང། དཀུ་དང་མིག་ལྷོང་ཅིང་རང་གི་གནས་ལས་འགུལ་ཞིང་བསྐྱོད་པ་ལྟ་བུར་འགྱུར་པ་དང། དྲག་ཤལ་གྱིས་ངལ་ཕྱིར་རྒྱུ་མེད་པར་དུབ
་འགྱུར་བ་དང། ལུས་ཀྱི་རོ་སྨད་ལྕི་ཞིང་འདེགས་པར་དཀའ་བ་དང། ཡི་གེ་འཆུས་ཤིང་ཟས་མི་འདོད་པ་དང། བད་ཀན་དང། མཆིལ་མ་ཁ་ནས་འཇག་པ་མང་བ་དང། གཅིན་མང་པོ་འབྱུང་བར་འགྱུར་པ་དང། དེ་བཞིན་དུ་བརླ་ལ་ལ་སོགས
་པའི་ལུས་ཀྱི་ཕྱོགས་སུ་ན་ཞིང་ཟུག་པ་དང། མཚན་བཀས་པ་ལྟར་འབྱེད་པ་དང། རྒྱུན་མི་འཆད་པར་དེ་ན་ཞིང་སྐྱེ་བའི་ཚེ་ཉིད་ལྟར་ཟུག་པ་དང། མངལ་གྱི་སྒོ་འགུལ་བ་དང། བེའུ་སྣབས་དང་ཁྲག་ལ་སོགས་པ་འཛག་པར་འགྱུར་བ་ཡིན་ནོ།
་རང་དབང་མེད་འགྱུར་རྗེས་སུ་ནི། །དེ་འོག་མངལ་གྱི་ཆུ་འཛག་འགྱུར། ཞེས་བྱ་བ་ལ། ལུས་སྙོམས་པ་ནས་མཚན་བྱེ་བའི་བར་རང་དབང་མེད་པར་གྱུར་པའི་ནད་དུ་མ་བྱུང་བའི་རྗེས་ལ། དེའི་འོག་ཏུ་མངལ་གྱི་ཆུ་འཛག་ཅིང་འབྱུང
་བར་འགྱུར་བ་ཡིན་ནོ། །དེ་ནས་མངལ་ནང་ནས་བྱུང་རྩོམ། །བཀྲ་ཤིས་བསྲུང་བའི་ཆོ་ག་བྱས། །ལག་པར་འབྲས་བུ་སྐྱེས་མིང་བཞག་།ལེགས་བསྐུས་ཆུ་ནི་དྲོན་པོ་བླུག་།མར་དང་བཅས་པའི་ཐུག་པ་བླུག་།དེ་འོག་ས་ལ་མལ་བཅས་འདུག།
་བརླ་གཉིས་བཀུག་སྟེ་གན་རྒྱལ་གནས། །ཡན་ལག་ཡང་དང་ཡང་དུ་བསྐུ། །ལྟེ་བ་མན་ཆད་མཉེ་བྱ་ཞིང། །གླལ་དང་འཆག་པ་བྱེད་དུ་གཞུག། ཅེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པའི་དོན་དུ་གཟུང་ངོ།།
་མངལ་ནས་བྱུང་བ་རྩོམ་པ་ནི། །འབྱུང་བའི་དུས་དང་ཉེ་བའོ། །བཀྲ་ཤིས་ཀྱི་བསྲུང་བ་བྱ་བ་ནི་དཔུང་པ་ལ་སོགས་པར་སྲུང་སྐུད་གདགས་ཤིང། བཀྲ་ཤིས་པའི་ཆོ་ག་བྱ་བ་དང། ལེགས་པར་འབྲས་བུ་སྐྱེས་པའི་མིང་དང་ལྡན་པ་སྟེ། ཀ་དང
་གླ་གོར་ཞོ་ཤ་ལ་སོགས་པ་བཞག་པ་དང། སྣུམ་གྱིས་ལེགས་པར་བསྐུ་བ་དང། །རོ་སྨད་དུ་ཆུ་དྲོན་པོ་བླུག་པ་དང། །དེ་བཞིན་དུ་མར་དང་བཅས་པའི་ནས་ཐུག་བླུད་པར་བྱའོ། །དེ་ནས་དེའི་འོག་ཏུ་ས་ལ་མལ་བཅས་པར་འདུག་ལ། བརླ་གཉིས་བཀུག
་ཅིང་བསྐུམས་ལ་གན་རྐྱལ་དུ་གནས་པར་བྱ་བ་དང། དེ་བཞིན་དུ་རླུང་ལྡང་ཞིང་འཁྲུགས་པའི་འཇིགས་པ་ཡོད་པས། །དེ་ཡང་དང་ཡང་དུ་མཉེ་ཞིང་སྣུམ་གྱིས་བསྐུ་བར་བྱའོ། །ལྟེ་བ་མན་ཆད་བདེ་བར་མཉེ་བར་བྱ་བ་དང། གླལ་དང་འཆགས་པ་དག་ཀྱང་བདེ
་བར་བྱེད་དུ་གཞུག་གོ་།དེ་ལྟར་མངལ་གནས་ཐུར་དུ་འབྱུང། དེ་རྟགས་སྙིང་ག་ལས་འཕོས་ནས། །མལ་གནས་ལྟོ་བར་ཞུགས་ནས་སུ། །ཆུ་སོའི་སྟེང་ན་གནས་པར་འགྱུར། ཞེས་བྱ་བ་ལ། ལས་སུ་བྱ་བར་བཤད་པ་འདས་མ་ཐག་པ་དེ་ལྟ་བུས་མངལ་ན་གནས
་པའི་སེམས་ཅན་དེ་སྟེང་ནས་ཐུར་དུ་འབྱུང་ཞིང་འགྲོ་བ་ན། །སྙིང་ག་ལས་འཕོས་ཏེ་ཆུ་སོ་སོའི་སྟེང་དུ་གནས་པར་བྱེད་དོ། །དེའི་མཚན་ཉིད་རྟགས་ནི་སྙིང་ག་ནས་འཕོས་ཤིང་གནས་དེ་བོར་ནས་མངལ་ནས་བ་དེ་ལྟོ་བར་ཞུགས་ཏེ། རིམ་གྱིས་བབས་ནས།
་ཆུ་སོ་ཞེས་བྱ་བ་ལྒང་བའི་ཐད་ཀར་གནས་པར་འགྱུར་རོ། །དེ་ནས་དབང་མེད་ནད་ལྡང་སྟེ། །མྱུར་དུ་ཁྲི་ལ་བཞག་པར་བྱ། ཞེས་བྱ་བ་ལ། དེ་ནས་བཙས་པའི་དུས་སུ་བྱུང་བའི་དབང་མེད་པའི་ནད་དུ་མདང་ལྡན་པ་དེ་ལ་གོང་མ་དེ་གས་བྱས་པའི་རྗེས་ལ་སྦྲུམ
་མ་དེ་མྱུར་བ་ཉིད་དུ་ཁྲིད་དེ་སྟེང་དུ་བཞག་པར་བྱའོ། །དེ་འོག་མངལ་གནས་ལེགས་བཙིས་ནས། དེ་ཡི་མཚན་ནི་དབྱེ་བར་བྱ། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མངལ་ན་གནས་པ་དེ་རིམ་གྱིས་ཐུར་དུ་བཙིར་ནས་དེའི་མཚན་མོ། །སྣུམ་དང་སྨན་བསྐུ་བ་ལ
་སོགས་པས་བྱེད་པ་ཉིད་དུ་བསྒྲུབ་པར་བྱའོ། །དང་པོར་དལ་གྱིས་བཙིར་བྱ་ཞིང། བཙའ་གར་དྲག་ཏུ་བཙིར་བར་བྱ། །ཞེས་བྱ་བ་ལ། དང་པོར་མངལ་ནས་གནས་པ་དེ་དལ་བུས་རིམ་གྱིས་བཙིར་བར་བྱ་ཞིང། །མངལ་ན་གནས་པ་དེ་འབྱུང་ཁར་ནི་ཤིན་ཏུ་དྲག་པར་གི
་བར་བྱའོ། །དེ་ཡང་མཚན་གྱི་སྒོར་ཕྱིན་པར་གྱུར་པ་ནས་བཙས་ཀྱི་བར་དུ་ཤིན་ཏུ་དྲག་ཏུ་བཙིར་བར་བྱའོ། །དེ་ནི་བུ་སྐྱེའི་སྒྲ་དང་ནི། །ཆུ་དང་རླུང་གིས་དགའ་བ་སྐྱེད། །བཙས་པའི་ནད་ཀྱིས་གཟིར་པ་ཡི། །སྲོག་བྲལ་འདྲ་བ་སླར་གསོ་བྱ། ཞེས་བྱ་བ་ལ། སྦྲུམ་མ་དེ་བུ
་འབྱིན་བར་བྱེད་པ་ན། བུ་སྐྱེ་བའི་སྒྲ་ཡང་དང་ཡང་དུ་བརྗོད་པར་བྱ་སྟེ་སྐལ་བ་ཅན་གྱི་བུ་སྐྱེས་སོ་སྐྱེས་ཞེས་ཡང་དང་ཡང་དུ་སྨྲ་བ་ལྟ་བུ་དང། དེ་བཞིན་དུ་ཆུ་གྲངས་མོ་གཏོར་བ་དང། རླུང་ཡབ་ཀྱིས་གཡབ་པ་དག་གིས་དེ་ལ་དགའ་བ་སྐྱེད་ལ་བཙས་པར་གྱུར
་པའི་ནད་ཀྱིས་གཟིར་ཅིང་ཉོན་མོངས་པ་སྲོག་དང་བྲལ་བ་འདྲ་བར་སྣང་བ་དེ་སླར་གསོ་ཞིང་དབུགས་དབྱུང་བར་བྱའོ། །མངལ་དུ་ཐོགས་ན་སྦྲུལ་ནག་པོའི། །པགས་པས་མོ་མཚན་བདུག་པར་བྱ། ཞེས་བྱ་བ་ལ། བུ་བཙས་པ་ན་མངལ་དུ་ཐོགས་ཤིང་འབྱུང
་དཀའ་བར་གྱུར་པ་ན། སྦྲུལ་ནག་པོའི་པགས་པ་མས་སྲེགས་པས་མོ་མཚན་བདུག་པར་བྱའོ། །བྱུརྟྟའི་མེ་ཏོག་རྩ་བ་འམ། ལྕམ་པའམ་ཡང་ན་བི་ཤལ་ལྱ། རྐང་པའམ་ལག་པར་གདགས་པར་བྱ། ཞེས་བྱ་བ་ལ། དེ་བཞིན་དུ་མངལ་ནས་བུ་མ་ཐོན་པ་ལ
་སུ་བརྞ་པུཥཔ་ཅེས་བྱ་བ་བྱ་རྣུའི་རྩ་བ་དང། མེ་ཏོག་དང་ལྕམ་པ་དང། བི་ཤལྱ་ཞེས་བྱ་བ་གང་ཡང་དུང་བརྐང་བ་འམ་ལག་པར་གདགས་ཤིང་བཅིང་བར་བྱའོ། །ཤ་མ་དབྱུང་བའི་ཕྱིར་ཡང་ནི། །དེ་དག་ཉིད་བྱ་དེ་ནས་གདེག་།དཔུང་པ་གཉིས་ནས་བཟུང་སྟེ
་སྦྲུག་།རྟིང་པས་མཇུག་ཏོ་བརྡེག་པ་དང། །རྐུབ་ཙོས་དམ་དུ་བཙིར་བར་བྱ། །སྐྲ་ཡིས་ལྐོག་མ་རྐན་རེག་བྱ། །སྣུ་ཧའི་འོ་མ་སྤྱི་བོར་བླུག་།ཅེས་བྱ་བ་ལ། བུ་མ་ཕྱིན་པ་ལ། བྱ་བའི་ཆོ་ག་གང་ཡིན་པ་དེ་ཉིད་ནི་ཤ་མ་ཐོགས་ཏེ། མ་ཕྱིན་པ་ལ་ཡང་དེ་དབྱུང་བར
་བྱ་བའི་ཕྱིར་དེ་དག་ཉིད་བྱ་བ་དང། གཞན་ཡང་བུ་བཙས་པའི་བུད་མེད་དེ་ངལ་གྱིས་བཏེག་ལ། །དཔུང་པ་གཉིས་ནས་བཟུང་སྟེ། སྤྲུག་ཅིང་བསིག་པར་བྱ་བ་དང། །དེ་བཞིན་རྟིང་བས་བུ་བཙས་པའི་མཇུག་ཏོར་བརྡེག་ཅིང་བསྣུན་པ་དང་དེ་བཞིན་དུ
་རྐུབ་ཙོས་གཉིས་ནས་བཟུང་སྟེ། །དམ་དུ་བཙིར་ཞིང་མནན་པར་བྱའོ། །དེ་བཞིན་དུ་བུ་བཙས་པའི་སྐྲའི་ཚོམས་ཀྱི་ལན་བུ་གཅིག་དྲངས་ཏེ། རྣ་བ་དང་རྐན་ལ་རེག་ཅིང་བྱུག་པར་བྱ་བ་དང། དེ་བཞིན་དུ་སྤྱི་བོར་ཤིང་སྣུ་ཧའི་འོ་མ་བླུག་པར་བྱའོ། །སྟག་པ
་ཀུ་བ་ལ་ཁ་ལི། །སྦྲུལ་ལྤགས་དུ་རྟ་ཡུངས་ཀར་སྣམས། །རེ་རེ་འམ་གཉིས་སམ་མ་ལུས་པས། །མོ་མཚན་བྱུག་པའམ་བདུག་པར་བྱ། །ཞེས་བྱ་བ་ལ། སྟག་པ་ལ་སོགས་པའི་སྨན་སྣ་རེ་རེ་འམ་གཉིས་གཉིས་སམ་ཐམས་ཅད་བསྲེས་པ་ཆུ་བཏགས
་སུ་བྱས་པས་བྱུག་པར་བྱ་བ་འམ། དེ་དག་མེ་ལ་བསྲེགས་པའི་བདུག་པས་བདུག་པར་བྱའོ། །ཀུ་བ་ནི་ཁ་བོའོ། །ལངཀ་ལི་ནི་བི་ཤ་ལྱ་ལ་བྱའོ། །རུ་རྟ་འམ་བལ་བུའི་ལྡེ་གུ་ནི། །ཚང་དངས་དང་ནི་བླུད་པར་བྱ། །ཀུ་ལངཐ་འམ་པལྦ་ཛ། ཆང་རྙིང་ངག་ལ་བཏབ
་སྟེ་བླུད། །ཅེས་བྱ་བ་ལ། རུ་རྟ་དང་བལ་བུའི་ལོ་མ་ཆུ་བཏགས་སུ་བཏགས་པའི་ལྡེ་གུ་ཆང་གི་དངས་མ་དང་བསྲེས་ཏེ། བུད་མེད་དེ་ལ་བླུད་ན་ཡང་ཤ་མ་ཕྱིན་པར་འགྱུར་རོ། །ཡང་ན་ལྡེ་གུ་དེ་ཉིད་རྒྱ་སྲན་ཀུན་ལངཐ་བཅོས་པའི་ཁུ་བ་འམ། བལྤ་ཛའི་ཁུ་བ་ཆད
་རིང་པའི་ནང་དུ་བཏབ་སྟེ་བླུད་ན་ཡང་ཤ་མ་ཕྱིན་པར་འགྱུར་རོ། །ཤུ་ཏི་ཡུངས་ཀར་ཟི་ར་དང། །ཤི་ཀྲུ་ཏིཀྵ་ཎ་ཀྲུ་ཏྲུག་ཏྲེས། །ཤིང་ཀུན་རུ་ཏེ་པོ་སོན་ཆ། །འོ་མ་བ་གཅིན་ཡུངས་མར་དང། བསྐོལ་བ་བཤད་པའི་སྒོ་འམ་ནི། །མོ་མཚན་ནས་ནི་འཇམ་རྩི་བཏང
་ཞེས་བྱ་བ་ལ། ཤུ་ཏི་སྟེ་ཤ་ཏ་པུཥཔ་ལ་སོགས་པའི་སྨན་རྣམས་ལྡེ་གུར་བཏགས་པ་དང་འོ་མ་དང་བ་གཅིན་གཉིས་ཀ་དང། སྨན་དེ་ལྡེ་གུར་བྱས་པ་ལ་ཡུངས་མར་དང་བསྐོལ་བའི་སྨན་མར་དེ་བཤད་པའི་སྒོ་འམ། །མོ་མཚན་ནས་འཇམ་རྩི་བཏང་ན
་ཡང་ཤ་མ་ཕྱིན་པར་འགྱུར་རོ། །ཤུ་ཏི་ཡུངས་ཀར་ཟི་ར་དང། ཤི་ཀྲུ་ཏིག་སྣ་ཀྲུ་ཏིག་དྲེས། །སྣུམ་དང་ལན་ཚང་བཅས་པ་ཡི། །མས་བཏང་ཤ་མ་མྱུར་དུ་འབྱིན། །ཞེས་བྱ་བ་ལ། ཡང་ཤུ་ཏི་ལ་སོགས་སྨན་ལྡེ་གུར་བྱས་པ་སྣུམ་དང་ལན་ཚ་དང་བཅས་པའི་སྨན
་གྱིས་ནི་རུ་ཧ་མས་བཏང་ན་ཡང་ཤ་མ་མྱུར་དུ་འབྱིན་པར་བྱེད་པ་ཡིན་ནོ། །དེར་ཐོགས་རླུང་ནི་རྒྱུ་ཡིན་ཏེ། །དེ་བཅོམ་ཤ་མ་མྱུར་དུ་འབྱུང། །ཞེས་བྱ་བ་ལ། གང་གི་ཕྱིར་ཤ་མ་དེ་ཐོགས་ཤིང་མ་ཕྱིན་པའི་རྒྱུ་ནི་རླུང་ཡིན་ལ། །དེ་བས་ན་རླུང་དེ་སྨན་དང་སྣུམ
་གྱི་ཆོ་ག་ལ་སོགས་པས་བཅོམས་ན་ཤ་མ་མྱུར་དུ་འབྱུང་བར་འགྱུར་ཏེ། དེ་བས་རླུང་གཞོམ་པའི་ཕྱིར་འཇམ་རྩི་བཏང་བར་བྱའོ། །ཡང་ན་ལག་བཀྲུས་སོར་མོ་བྲེགས། །མཁས་པ་ཡིས་ནི་དྲངས་ཉེ་དབྱུང། །ཞེས་བྱ་བ་ལ། ཡང་ན་ཤ་མ་དེ་དེའི་བྱ་བ་ལ
་བུད་མེད་ལག་པ་སྣུམ་གྱིས་བསྐུས་ཤིང་སོར་མོ་ལེགས་པར་བྲེགས་པས་མངལ་གྱི་སྒོ་ནས་དྲངས་ཏེ་དབྱུང་བར་བྱའོ། །ཤ་མ་བྱུང་ན་མོ་མཚན་དང། །ཡན་ལག་ཏིལ་མར་གྱིས་བྱུགས་མཉེ། ཞེས་བྱ་བ་ལ། ཐབས་དེ་དག་གིས་ཤ་མ་ཕྱིན་པར་བྱས
་པའི་འོག་ཏུ་མོ་མཚན་ཏིལ་མར་གྱིས་བསྐུས་ཏེ། མཉེ་པ་དང། ཡན་ལག་རྣམས་ཀྱང་ཏིལ་མར་གྱིས་བསྐུ་ཞིང་མཉེ་བར་བྱའོ། །མངལ་ནང་གཟེར་ནི་ཆུ་སོ་མགོ། ལྟོ་བ་གཟེར་ལ་ཐལ་སྨན་ནི། །རྣོན་པོ་ཞིབ་ཏུ་བཏགས་པ་དག། མར་རམ་ཆུ་ཚན་སྦྱར
་བ་བླུད། །ཅེས་བྱ་བ་ལ། །བུ་བཙས་པའི་ཚེ་སྐྱེ་བའི་མངལ་ནང་མགོ་དང། །ཆུ་སོ་དང། ལྟོ་བར་གཟེར་བའི་མཚན་ཉིད་ཅན། །མ་ཀ་ལ། ཞེས་བྱ་བ་ལ། ཐལ་སྨན་རྣོན་པོ་ཞིག་ཏུ་བཏགས་པ་མར་རམ་ཆུ་ཚན་དང་སྦྱར་ཏེ་དེ་བླུད་པར་བྱའོ། །འུ་སུ་བ་བསྐོལ་ཆུ
་བུར་རམ། །ཚ་གསུམ་དྲི་བཟངས་གསུམ་བཏབ་བླུད། །ཅེས་བྱ་བ་ལ། ཡང་ན་ལུས་སུ་བསྐོལ་བའི་ཆུ་ལ་བུ་རང་དང་ཚ་བ་གསུམ་དང་སྟེ། །པི་པི་ལིང་དང། ན་ལེ་ཤཾ་དང་བཅའ་སྒ་དང། དྲི་བཟང་གསུམ་པོ་ཤིང་ཚ་དང་གནདྷ་པ་ཏྲ་དང་སུག་སྨེལ་བཏབ་པ་བླུད་
་པར་བྱ་སྟེ། དེ་ཡང་ཚ་བ་གསུམ་དང་དྲི་བཟང་གསུམ་ཞོ་གཉིས་བུ་རམ་ཞོ་གཉིས་སྦྱར་བ་བཏང་བར་བྱའོ། །ཞེས་སྨན་བ་རྒན་པོ་དག་ཟེར་རོ། །དེ་ནས་བྱིས་བའི་ཉེར་སྤྱོད་ཀྱི། །བྱིས་པ་མ་མ་སྐྱོང་དུ་གཞུག། ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ
་དེ་ལས་གཞན་པའི་བུད་མེད་མ་མར་བྱས་པ་ལ་བྱིས་བ་སྐྱེས་མ་ཐག་གཏང་དེ་དེས་ཀྱང་བྱིས་བ་གསོ་བའི་ཉེ་བར་སྤྱོད་པའི་ཆོ་ག་དག་གིས་བསྐྱང་ཞིང་གསོ་བར་བྱའོ། །བུ་གཅེས་བཀྲེས་ཡོད་ཏིལ་མར་དམ། །མར་ལ་ཚང་ཆན་བླུད་པར་བྱ། །ཚ་བ་ལྔའི
་ཕྱེ་རན་བཏབ་སྦྱིན། །དེ་འོག་ཏུ་རམ་ཆུ་དྲོན་ནམ། །རླུང་འཇོམས་སྨན་བསྐོལ་ཆུ་བླུད་དེ། །དེས་ནི་རླུང་ནད་ལྡང་མི་འགྱུར། །ཁྲག་ངན་དག་ཀྱང་དག་བར་བྱེད། །རིམ་འདི་ཞག་ནི་གཉིས་གསུམ་བྱ། །ཞེས་བྱ་བ་ལ། དེ་ལྟར་བུ་བཙས་པའི་བུད་མེད་བཀྲེས
་ཤིང་དྲུ་བ་ཚ་བ་ཡོད་པར་གྱུར་ན། ཏིལ་མར་རམ་མར་གང་དང་འཕྲོད་ཅིང་གོམས་པ་ལས་སྔར་སྣུམ་གྱི་སྐབས་སུ་བཤད་པའི་ཚད་ཆེན་པོ་གང་ཉིན་ཞག་གཅིག་གི་ཐུན་བརྒྱད་ཀྱིས་འཇུ་བར་འགྱུར་བ་དེ་བླུད་པར་བྱའོ། །དེ་ཡང་ཚ་བ་ལྔའི་ཕྱེ་མར་ན
་ཙམ་བཏབ་པ་སྦྱིན་པར་བྱ་བ་ལ། །དེའི་འོག་ཏུ་བུ་རམ་དང་ཆུ་བསྐོལ་བ་བླུད་པ་འམ་རླུང་འཇོམས་པའི་སྨན་རྩ་བ་བཅུ་ཕ་ལ་སོགས་པ་དང། བསྐོལ་བའི་ཆུ་བླུད་པར་བྱའོ། །རྣམ་པ་དེ་ལྟ་བུའི་ཆོ་ག་བྱས་པ་དེས་ནི་རླུང་ནད་ལྡང་ཞིང་འཁྲུགས་པར་མི
་འགྱུར་བ་དང། དེ་བཞིན་དུ་ཁྲག་ངན་པ་དང་བཅས་པ་དག་ཀྱང་དག་ཅིང་མེད་པར་བྱེད་པར་འགྱུར་ཏེ། རིམ་པ་འདིས་ནི་ཞག་གཉིས་སམ་གསུམ་གྱི་བར་དུ་བྱ་བ་ཡིན་ནོ། །སྣུམ་མི་འཕྲོད་ལ་ཆོ་ག་འདི། །སྣུམ་མེད་པར་ནི་བསྟན་པར་བྱ། །ཞེས་བྱ་བ་ལ
་སྣུམ་གྱི་ཆོ་ག་དང་མི་འཕྲོད་པ་འམ། །བསྟེན་པར་མི་ནུས་པ་ལ་ཚ་བ་ལྔ་ལ་སོགས་པའི་ཆོ་ག་བཤད་མ་ཐག་པ་འདི་སྣུམ་དང་མ་སྤྱད་བར་སྨན་གྱི་ཆོ་ག་འབའ་ཞིག་བསྟེན་ཅིང་གོམས་པར་བྱའོ། །འཐུངས་ནས་ལྟོ་བ་ཏིལ་མར་དང། མར
་བསྐུས་ནས་ནི་གོས་ཀྱིས་དཀྲི། ཞེས་བྱ་བ་ལ། བུ་བཙས་བ་དེས་སྨན་གྱི་སྦྱོར་བ་དེ་འཐུང་ཟིན་པ་དང། །དེའི་ལྟོ་བ་མར་དང་ཏིལ་མར་གྱིས་བསྐུ་བྱུག་བྱས་ལ། དེའི་འོག་ཏུ་གོས་ཀྱིས་དཀྲི་བར་བྱ་སྟེ། དེ་ལྟ་བུས་ནི་རླུང་གི་ནད་ཀྱིས་སྐབས་མི་རྙེད་པའི་ཕྱིར། ཁོང
་པར་གནོད་བསྐྱང་བར་མི་འགྱུར་རོ། །ཞུ་ནས་ཁྲུས་བྱས་ཐུག་པ་ནི། །སྔར་བཤད་སྨན་དང་བསྐོལ་བ་བླུད། །ཅེས་བྱ་བ་ལ། སྣུམ་ཞུ་ཟིན་པ་དང། ཆུ་དྲོན་པོས་ཁྲུས་བྱས་ལ། ནས་ཐུག་སྔར་བཤད་པའི་སྨན་ཆ་བ་ལ་རླུང་འཇོམས་པའི་སྨན་གཞན་དག
་དང་བསྐོལ་བ་བླུད་པར་བྱའོ། །ཞག་གསུམ་ཕན་ཆད་བ་དི་རི། །ལ་སོགས་སྨན་སྡེའི་ཁུ་བར་བསྐོལ། །ནས་ཐུག་ཕན་ཞིང་སྣུམ་མང་པའམ། །གོམས་པའི་དབང་ལས་འོ་ཐུག་བླུད། །ཞག་བདུན་ཕན་ཆད་དེ་ལ་ནི། །རིམ་གྱིས་བརྟབ་པའི་ཆོ་ག་ཕན། །ཞེས་བྱ་བ
་ལ། ཞག་གསུམ་འདས་པའི་རྗེས་ལ་ཡང་བཅས་པ་དེ་ལ་རིམ་གྱིས་ཟས་ཀྱི་ཆ་བསྟེན་པར་བྱའི། །མོད་ལ་ཐ་མལ་བ་ལ་མི་དབབ་སྟེ། །དེ་ཡང་དེ་ལ་ཁ་ཟས་དང་སྨན་རྟ་པར་བྱེད་པ་དག་སྦྱིན་ཞིང་བི་ད་རི་ལ་སོགས་པའི་སྡེ་ཚན་དང་བསྐེལ་བའི་ནས་ཐུག་གམ།
་འོ?་ཐུག་ཤིན་ཏུ་སྣུམ་མང་པོ་བཏབ་པ་བླུད་ལ། །དེ་ཡང་གོམས་པའི་དབང་ལས་ནས་ཐུག་གམ་འབྲས་ཀྱི་འོ་ཐུག་གང་ཡང་རུང་བ་བླུད་པར་བྱའོ། །ཞག་ནི་བཅུ་གཉིས་མ་ལོན་པར། །ཤ་ནི་སྦྱིན་པར་མི་བྱའོ། །ཞེས་བྱ་བ་ལ། ཞག་བཅུ་གཉིས་མ་རྫོགས
་ཀྱི་བར་དུ་བུ་བཙས་པའི་བུད་མེད་ལ། སྨན་པས་ཤ་སྦྱིན་པར་མི་བྱའོ། །ཞག་བཅུ་གཉིས་འདས་པའི་འོག་ཏུ་ནི་སྲོག་ཆགས་སྐམས་ན་གནས་པའི་ཤ་ཁུ་བ་སོགས་པ་མེ་དྲོད་ཀྱི་ཚད་ལས་བལྟོས་ཏེ་རིམ་གྱིས་སྦྱིན་པར་བྱའོ། མངལ་དུ་འཕེལ
་དང་བཅས་པའི་ནང། གཤེར་དང་ཁྲག་འཛག་བཙིར་བ་ཡིས། །ནད་དེ་གསོ་དཀའ་ཡིན་པའི་ཕྱིར། བཙས་ཚེ་འབད་དེ་རིམ་གྲོ་བྱ། །ཞེས་བྱ་བ་ལ། འདིར་བུ་བཙས་པའི་བུད་མེད་ནི། །ཤིན་ཏུ་འབད་པ་དང་ལྡན་པས་རིམ་གྲོ་བྱ་ཞིང་གསོ་དགོས་ཏེ། །གང་གི
་ཕྱིར་མངལ་དུ་འཕེལ་བས་ལུས་ཟུངས་ཟད་ཅིང། །ལྷོད་པར་བྱས་པ་ཉིད་དང་དེ་བཞིན་དུ་བཙས་པའི་ནད་འདྲེན་ཅིང་འབྱིན་པར་བྱེད་པའི་ནད་དང། གཤེར་བག་དང། ཁྲག་འཛག་པ་དང། །དེ་བཞིན་དུ་ལག་པ་ལ་སོགས་པ་བཙིར་ཞིང་མཉེས
་པས། །བུ་བཙས་པའི་བུད་མེད་ཀྱི་ལུས་ནི། །ཁྱད་པར་དུ་ཡང་གསོག་དང་ཁོང་སྟོང་ལྟ་བུ་ཡིན་པས། བཙས་པའི་ནད་ནི་ཤིན་ཏུ་གསོ་ཞིང་བཙོས་པར་དཀའ་བ་འམ། གསོར་མི་རུང་བ་ལྟ་བུ་ཡིན་པས། །དེའི་ཕྱིར་ཇི་སྐད་དུ་བཤད་པའི་ཆོ་གས་འབད་དེ་གསོ་ཞི
་རིམ་གྲོ་བྱའོ། །དེ་ལྟར་ཟླ་བ་ཕྱེད་དང་གཉིས། །ཁ་ཟས་བསྡམ་སོགས་དང་བྲལ་ནས། །བཙས་པའི་མིང་དང་བྲལ་བ་འམ། །ཟླ་མཚན་བྱུང་བར་གྱུར་བར་དུའོ། །ཞེས་བྱ་བ་ལ། རྣམ་པ་དེ་དག་གིས་བཙས་པའི་དུས་དེ་འདས་པར་འགྱུར་བ་དང། །རིམ་གྱི་ཟླ་བ་ཕྱེད
་དང་གཉིས་ལོན་པའི་འོག་ཏུ་ཁ་ཟས་མི་མཐུན་པ་བསྡམས་པ་ལ་སོགས་པ་དང་དྲལ་ཞིང་སྤངས་ནས་བཅས་པའི་མིང་མེད་པར་འགྱུར་ཏེ། བུ་བཙས་པ་ཞེས་བྱ་བའི་མིང་དང་བྲལ་བར་ཡིན་པར་འདོད་དོ། །ཡང་ན་དྲང་སྲོང་ལ་ལ་དག་ནི་ཡང་ཟླ་མཚན་བྱུང
་ཞིང་མཚན་ནས་འཛག་བར་གྱུར་གྱི་བར་དུ་བུད་མེད་བཙས་པ། ཞེས་བྱ་བ་ལ། དེ་ཕན་ཆད་དེའི་མིང་མེད་བ་ཅེས་ཟེར་རོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་བ་ཚིག་དོན་གྱི་ཟླ་ཟེར། ཞེས་བྱ་བ་ལ། སློབ་དཔོན་ཟླ་བ
་ལ་དགའ་བས་གཉེ་བར་སྦྱར་བ་ལས། ལུས་ཀྱི་གནས་དང་པོའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུས་ཀྱི་རུམ་དུ་ཞུགས་པའི་ནད་ཀྱི་བྱེ་བྲག་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། བྱིས་པ་རུམ་དུ
་ཆགས་སུ་ཟིན་ཀྱང། །སྤང་བར་བྱ་བའི་ཟས་དང་སྤྱོད་ལམ་དང་སྨན་གང་ཡིན་པ་སྦྲུམ་མས་བསྟེན་ན། དེས་མངལ་གྱི་གནས་ན་གནས་པ་ལ་ནད་འབྱུང་བའམ་འཆི་བར་འགྱུར་བ་ཡིན་བས་ན། དེ་གསོ་བར་བྱ་བའི་ཕྱིར་འདི་བརྩམས་པ་ཡིན་ནོ། །སྦྲུམ
་མས་སྤང་བར་བྱ་བ་དག། བསྟེན་པ་འམ་ནད་ཀྱི་དབང་ལས་ནི། །ཟླ་མཚན་བྱུང་བའམ་གཟེར་ཞིང་ན། །ཕྱི་ནང་སྣུམ་པ་དང་བསིལ་ཐབས་བྱ། །ཞེས་བྱ་བ་ལ། བུད་མེད་སྦྲུམ་མས་སྤང་བར་བྱ་བའི་དངོས་པོ་ཉལ་པོ་བསྟེན་དྲགས་པ་དང། ངལ་དུབ་ལ་སོགས
་པ་བསྟེན་པའམ། ནད་ཀྱི་དབང་ལ་ཟླ་མཚན་བྱུང་ཞིང་ཁྲག་འཇུག་པར་འགྱུར་བ་འམ། །ཡང་ན་ཆུ་སའི་ངོས་གཉིས་དང། །མཇུག་ཏེ་དང་མོ་མཚན་གྱི་སྒོ་ལ་སོགས་པར་གཟོར་ཞིང་ན་བར་གྱུར་ན་དེའི་ཚེ་ལུས་ཀྱི་ཕྱི་ནང་སྣུམ་ཞིང། གསིལ་བའི་ཐབས
་སུ་བྱ་སྟེ། །ཟས་དང་སྐོམ་དང་བསྐུ་བ་ལ་སོགས་པ་སྣུམ་པ་དང་བསིལ་བའི་བག་དེ་སྤྱད་བར་བྱའོ། །ུ་ཤིར་ཙན་དན་བྱང་དང། །འོ་མ་ཅན་ཤིང་ཤུན་པ་ཡིས། །ལྡེ་གུར་མར་ནི་བསྐུ་བ་དང། །རས་བལ་སྤངས་པ་བཤད་སྒོ་དང། །མོ་མཚན་གཉིས་སུ་ཐེམ་བུར་གཞུག། ཅེས་བྱ་བ་ལ།
་ཨུ་ཤི་ར་ལ་སོགས་པའི་སྨན་རྣམས་ལྡེ་གུར་བྱས་པས་བྱུགས་ཤིང་ཤིན་ཏུ་བདས?་པར་བྱས་པའི་རས་བལ་གྱི་ཐེམ་བུ་བཤད་སྒོ་དང་མོ་མཚན་གཉིས་སུ་གཞུག་ཅིང་ཉེ་བར་བཞག་པར་བྱའོ། །ཚིག་གི་དོན་ནི་གོ་བར་ཟད་དོ། །ལན་བརྒྱད་བཀྲུས་པའི་མར་གྱིས་ནི།།
་བསྐུ་བའམ་བུད་མེད་དེ་ཡི་ལུས། །ུ་ཤིར་ལ་སོགས་ཆུ་ནང་གཞུག་།ཅེས་བྱ་བ་ལ། ལན་བརྒྱད་ཞེས་བྱ་བའི་སྒྲ་ནི་ལན་མང་དུ་བྱ་བའི་སྒྲ་ཉེ་བར་མཚོན་བ་ཡིན་བར་བྱ་སྟེ། དེ་ཡང་ཆུའི་ནང་དུ་ལག་པས་ཡང་དང་ཡང་དུ་མཉེས་པའི་མར་གྱིས་བུད་མེད་ཀྱི་ལུས
་བསྐུ་ཞིང་བྱུག་པ་དང། དེའི་ཆུ་སྟེ་ཨུ་ཤི་ར་ལ་སོགས་པའི་ཆུ་དེ་གཞུག་ཅིང་ལུས་ནུབ་པར་བྱའོ། །པ་ར་སྦྲང་རྩི་ཀུ་མུ་ཏ། པདྨ་ཨུཏཔལ་གེ་སར་ནི། འོ་མའི་མར་སྦྱར་ཀ་ཤ་དུ། །ཤིང་གྲ་ཏ་ཀ་སྦྱིན་པར་བྱ། ཞེས་བྱ་བ་ལ། འོ་མ་བསྲུབས་པ་ལས་བྱུང་བའི་མར་ནི་འོ
་མའི་མར་ཏེ་ཁ་ར་དང་སྦྲང་རྩི་ལ་སོགས་པ་དང་ལྡེ་གུར་བྱས་ལ་བཟའ་བར་བྱ་བ་དང། དེ་བཞིན་དུ་སྨན་ཤིར་གྲ་ཏ་དང། ཀ་ཤི་དུ་དག་ཀྱང་བཟའ་བར་སྦྱིན་པར་བྱའོ། །གནདྷ་པྲི་ཡི་ཀུ་དང་ནི། །ཆུ་སྐྱེས་རྣམས་ཀྱི་རྩེ་བ་དང། །ུ་དུམ་བ་ར་གཞོན་ནུ་དང། །ལྡན་པའི་འོ
་མ་སྐོམ་དུ་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་གནདྷ་བྲི་ཡཾ་ཀུ་ལ་སོགས་པའི་སྨན་གྱི་ལྡེ་གཱུམ། །ཕྱེ་མ་འོ་མར་བཅུག་པ་འམ། །པྲི་ཡཾ་ཀུ་ལ་སོགས་པ་དང་ལྷན་ཅིག་བསྐོལ་བའི་འོ་མ་བླུད་པར་བྱ་སྟེ། ཆུ་སྐྱེས་ཀྱི་རྩ་བ་ནི་ཨུཏཔལ་སྔོན་པོ་ལ་སོགས
་པའི་རྩ་བའོ། །ུ་དུམ་བ་ར་གཞོན་ནུ་ནི་ཨུ་དུམ་བ་རའི་འབྲས་བུ་མ་སྨིན་པ་ཆུང་ངུའོ། །ས་ལུའི་རྩ་བ་ཀ་ཀོ་ལ། །བ་ལ་གཉིས་དང་ཤིང་མངར་དང། །བུ་རམ་ཤིང་དང་བསྐོལ་བ་ཡི། །འོ་མ་ས་ལུ་རྩ་སྣར་ཅན། །སྦྲང་རྩི་ཁ་ར་བཅས་པའམ། །སྐམ་སའི་ཤ་ཁུ་ལྡན་པར
་བཟའ་ཞེས་བྱ་བ་ལ། ས་ལུའི་རྩ་བ་ལ་སོགས་པའི་སྨན་འོ་མའི་ནང་དུ་བཙོས་པའི་འོ་མ་དང་འབྲས་སུ་ལུའི་རྩ་སྣར་གྱི་ཆན་སྦག་ཅིང་བཟའ་བར་བྱའོ། །བཱ་ལ་གཉིས་ནི་བཱ་ལ་དང། ཨ་ཏི་བཱ་ལའོ། །ཡང་ན་ནུས་པ་བསིལ་བ་དང་ལྡན་པ་སྦྲང་རྩི་དང། །ཁ་ར
་དང་བཅས་པའི་ས་ལུ་རྩ་སྣར་གྱི་ཆན་སྐམ་སའི་ཤ་ཁུ་དང་ལྡན་བཅུང་ཟད་བཟའ་བར་བྱའོ། །དཀྲུ་སྨན་མ་གཏོགས་ཁྲག་མཁྲིས་ཀྱི། །གསོ་དབྱད་བཤད་པ་ཐམས་ཅད་བྱ། ཞེས་བྱ་བ་ལ། དཀྲུ་སྨན་གྱིས་སྦྱོར་བ་མ་གཏོགས་པ་ཁྲག་དང་མཁྲིས་པ་གསོ་བའི
་དབྱད་དུ་བཤད་བའི་བྱ་བ་ཕྱི་ནས་བྱ་བ་གང་ཡིན་པ་ཐམས་ཅད་བྱ་སྟེ། དེས་ན་ཀྲུ་སྨན་བཏང་བ་དང། སློན་སྨན་བཏང་བ་མ་གཏོགས་པ་ཁྲག་གསོ་བའི་ཆོ་ག་ཐམས་ཅད་བྱའོ། །ཟླ་གསུམ་མ་ཚང་བར་དུ་ནི། ཁྲག་དགག་ཕྱིར་ནི་འབད་པར་བྱ། །ཞེས
་བྱ་བ་ལ། ཟླ་མཚན་བྱུང་བ་དེ་ལ་ཟླ་བ་གསུམ་མ་ཚང་གི་བར་དུ་ཁྲག་དགག་པའི་ཆོ་ག་གོང་དུ་སྨོས་པ་དེ་དག་འབད་པར་བྱ་སྟེ། དེའི་ཚེ་ཤིན་ཏུ་སྙི་ཞིང་སྙིང་པོ་མེད་པའི་ཕྱིར། །དེའི་ཚེ་ཕལ་ཆེར་མངལ་དུ་མི་འཆགས་པར་འགྱུར་རོ། །བེའུ་སྣབས་ལྡན་བའམ
་དགག་བྱ་བ། ཞེས་བྱ་བ་ལ། དེ་བཞིན་དུ་བེའུ་སྣབས་དང་ལྡན་པ་ལ་ཡང་དགག་པའི་ཆོ་ག་བྱ་སྟེ། འདིར་ཟླ་བ་གསུམ་རྫོགས་པ་ཡན་ཆད་མངལ་དུ་ལེགས་པར་ཆགས་པ་ཡིན་པས་དགག་པའི་ཚུལ་གྱིས་གསོ་བར་བྱའོ། །འདིའི་གསོ་བ་ནི་མི་མཐུན་པ
་ཡིན་ཏེ། བེའུ་སྣབས་ཀྱི་གསོ་བ་ནི་རྩུབ་པ་དང། རྣོ་བ་དང། ཁ་བ་ལ་སོགས་པ་ཡིན་མོད་ཀྱི། དེ་ཁྲག་གིས་གསོ་བ་དང་མི་མཐུན་ལ་ཁྲག་གིས་གསོ་བ་མདོར་བ་དང། བསིལ་བ་ལ་སོགས་པ་སྟེན་པ་ནི་བེའུ་སྣབས་དང་མི་མཐུན་པ་ཡིན་པས་དེའི་ཁྱད་པར་གྱི་གསོ་བ་སྨྲས
་བ་ནི། དེར་ནི་བསིལ་ཕན་རྩུབ་པ་དང། །སྨྱུང་བ་གླ་སྒང་ཨུ་ཤི་ར། །སླེ་ཏྲེས་འུ་སུ་ཨ་ར་ལ། །བྱི་ཚོར་དང་ནི་བར་པ་ཏ། །ཙནདན་པ་ལ་བོད་དཀར། །བསྐོལ་བའི་ཆུ་ནི་བླུད་བར་བྱ། །རྩཝ་འབྲུ་ལས་གཡོས་ཟས་སྦྱིན་དང། །མུངྒ་སོགས་ཁུང་བེའུ་སྣབས་ནི། ཁ་སལ་ལ་སྣུམ་སོགས
་ལྡོན་བཞིན་བཏང། ཞེས་བྱ་བ་ཡིན་ཏེ། བེའུ་སྣབས་ཀྱི་རིགས་ཀྱི་ནད་བེའུ་སྣབས་ཅན་དེ་ལ་ནི་ཟས་དང་སྐོམ་ལ་སོགས་པ་བསིལ་བ་བསྐུ་ཞིང་བཏུང་བ་དང་བན་པ་དང་དེ་ཡང་རྩུབ་སྟེ། རྣོ་བ་དང་བསྐ་བ་ལ་སོགས་པ་དང་ལྡན་པ་དང་དེ་བཞིན་དུ་སྐྱུར་བར
་གནས་ཤིང་ཟན་བཅད་པ་དང་དེ་བཞིན་དུ་བླ་སྦད་ལ་སོགས་པའི་སྨན་དང་བསྐོལ་བའི་ཆུ་བླུད་པ་ཕན་པ་ཡིན་པ་དེ་བསྐོལ་བའི་ཆུ་བླུད་པར་བྱའོ། །ཞེས་བྱ་བ་ཡིན་ནོ། ། ར་ལ་ནི་ག་ཏྭཾ་གའོ། །གཞན་དག་ནི་གོ་བར་ཟད་དོ། །རྩ་འབྲུ་ནི་ཅི་ཙེ་དང་ཁྲེ་ལ་སོགས་པ
་སྟི། དེ་དག་གི་ཆན་མུངྒ་ལ་སོགས་པའི་ཁུ་བ་དང། པགས་པ་སྦྱིན་བར་བྱའོ། །སོགས་པའི་སྒྲས་ནི་སྲན་མ་ཅེ་ན་ག་དང་སྲན་ཆུང་དང། སྲན་མ་ལ་སོགས་པའི་གད་བུའི་འབྲུ་རྣམས་ཀྱི་ཁུ་བ་བསྡུའོ། །དེ་ལྟར་བེའུ་སྣབས་བསལ་ཞིང་མེད་པར་བྱས་ནས་སྔ་མ་བཞིན
་དུ་སྣུམ་པ་དང་དྲོ་བ་ལ་སོགས་པ་ཕྱི་དང་ནང་ནས་བཏང་བར་བྱའོ། །མངལ་ནི་རྣམ་པར་འཇིག་གྱུར་ན། མངལ་ནང་དག་པར་བྱ་ཕྱིར་དང། །ནད་ཀྱིས་གཟིར་བ་མི་དྲན་ཕྱིར། །ཆང་རྣོ་ཅི་ནུས་བཏང་བར་བྱ། །ཞེས་བྱ་བ་ལ། མངལ་མ་སྨིན་པར་འཇིག་ཅིང་ཟགས་པར
་གྱུར་ན། །ཆང་གང་ཡང་རུང་བ་ལས་ཆང་རྣོན་པོ་བཏུང་བར་བྱ་ལ། །དེ་ཡང་ཅི་ཙམ་ནུས་ཤིང་ཡོག་པ་བཏུང་བར་བྱའོ། །ཅིའི་ཕྱིར་བཏུང་ཞེ་ན། མངལ་གྱི་ནང་གི་ཉེས་པ་དག་ཅིང་སྤྱད་བར་བྱ་བའི་ཕྱིར་དང། ནད་ཀྱིས་གཟིར་བ་དྲན་ཅིང་མནགས་ནུས་པའི་ཕྱིར་རོ། དེ་ནས
་རྩ་བ་ལྔ་པོ་ནི། །ཆུང་ངུའི་ཐུག་པ་རྩུབ་དེ་བླུད། །ཅེས་བྱ་བ་ལ། །དེ་ལྟར་ཆང་འཐུངས་པའི་རྗེས་ལ། །རྩབ་ཆུང་ངུ་ལྔ་པོ་བྲི་ཧ་ཏི་ལ་སོགས་པ་དང་བསྐོལ་བའི་ཐུག་པ་རྩུབ་ཅིང་སྣུམ་མེད་པའི་ནས་ཐུག་བླུད་བར་བྱའོ། །ཆང་མི་འཐུབ་ལ་ཐུག་པ་ནི། །རྩབ་ལྔ་དང
་བསྐོལ་བ་དང། །བིལྦ་ལ་སོགས་ལྔ་དང་བསྐོལ། །ཏིལ་དང་རྩ་འབྲུའི་ཆང་སྦྱིན་བྱ། ཞེས་བྱ་བ་ལ། །གང་ཆང་མཐུང་བར་མི་བྱེད་པའི་བུད་མེད་དེ་མངལ་འཇིག་པར་འགྱུར་ན། ཆང་ལྔའི་ལྡེ་གུ་དང་སྦྱར་ཏེ། བསྐོལ་བ་དང། བིལྦ་ལ་སོགས་པ་རྩབ་ཆེན་པོ་ལྔ་བསྐོལ་བའི་ཁུ་བ་དང
་བཅས་པའི་ཏིལ་དང། རྩཝ་འབྲུའི་ཆན་སྦྱིན་པར་བྱའོ། །ཟླ་བ་དང་མཉམ་ཉིན་ཞག་རིམ། །མངལ་འཇིག་པ་ལ་ཐུག་སོགས་སྦྱིན། །ཞེས་བྱ་བ་ལ། མངལ་འཇིག་པའི་བུད་མེད་ལ། །ཟླ་བ་དུ་ལོན་ནས་མངལ་འཇིག་པར་གྱུར་པའི་གྲངས་དང་ཉིན་ཞག་གི་གྲངས་དང་ཉིན
་ཞག་གི་གྲངས་སུ་སྦྱར་ཏེ། །ཞག་དེ་སྲིད་གྱི་བར་དུ་ཐུག་པ་ལ་སོགས་པ་སྦྱིན་པའི་ཆོ་ག་བྱའོ། །ཡང་ཞིང་སྣུམ་དང་ལན་ཚྭ་མེད། །དྲོད་སྐྱེད་ལྡན་པ་ཕན་པ་ཡིན། །ཞེས་བྱ་བ་ལ། ཐུག་པ་དེ་ཡང་རྫས་རང་བཞིན་གྱི་ཡང་བ་དང། ཚད་ཆུང་བར་བྱས་པ་ཡང་བར་བྱ་བ་དང། སྣུམ
་བག་དང་ལན་ཚྭ་མེད་པ་དང། དྲོད་སྐྱེད་པའི་སྨན་ཚབ་ལྔ་དང། ན་ལེ་ཤམ་ལ་སོགས་པ་བཏབ་པ་དག་དེ་ལ་ཕན་པ་ཡིན་ནོ། །ནད་དང་ལུས་ཟུངས་ལྗན་ལྗིན་ནི། །བསྐམ་ཕྱིར་ཆོ་ག་འདི་བྱའོ། །ཞེས་བྱ་བ་ལ། གོང་དུ་བཤད་པའི་ཆོ་ག་བྱས་པ་འདི་ནི་རླུང་ལ་སོགས་པའི་ནད་རྣམས
་དག་ཅིང་སྤྱད་པར་བྱ་བའི་ཕྱིར་དང། དེ་བཞིན་དུ་མངལ་གྱི་ལྗན་ལྗིན་བསྐམ་པར་བྱ་བའི་ཕྱིར་བྱ་བ་ཡིན་ནོ། །དེ་ཕན་ཆད་ཟས་སྣུམ་འཇམ་རྩི། །སྟོབས་སྐྱེད་མེ་དྲོད་སྐྱེད་འཚོ་སྦྱིན། །ཞེས་བྱ་བ་ལ། ཆོ་ག་དེ་དག་བྱས་པའི་འོག་ཏུ་ཁ་ཟས་སྣུམ་བག་དང། ནི་རུ་ཉ་སྣུམ་ཅན་དང། འཇམ
་རྩི་དང་སྟོབས་ལ་སོགས་པ་འཚོ་བྱེད་ཀྱི་སྡེ་ཚན་དང་འོ་མ་ལ་སོགས་པ་སྦྱིན་པར་བྱའོ། །སྙིང་པོར་ལྡན་པ་ཚང་སྐྱེས་ལ། །མོ་མཚན་ལས་ནི་ཁྲག་འཛག་པས། །མངལ་དུ་སྐྱེ་བར་མ་ནུས་ལ། །ལྟེ་ན་འགུལ་དང་བཅས་པར་གནས། །དེ་ནི་སོ་ན་གནས་ཞེས་བྱ། །དེས
་ནི་ལྟོ་བརྒྱས་མི་འགྱུར། །ཞེས་བྱ་བ་ལ། མངལ་ན་གནས་པ་གང་སྙིང་པོ་དང་ལྡན་ཞིང་དངོས་པོ་ཐམས་ཅད་ཀྱིས་སྟོབས་ཐོབ་ལ། རྒྱས་ཤིང་ཆེར་སྐྱེས་པ་གྱུར་པ་ན། །སྦྲུམ་མས་སྤང་བར་བྱ་བ་མ་སྤངས་བས་མོ་མཚན་ནས་ཁྲག་འཛག་ཅིང་ཟླ་མཚན་འབྱུང་བར་གྱུར་ན། ཆེད་སྐྱེ་ཞིང
་འཕེལ་བར་ནི་ནུས་བ་ལྟོ་བ་ན་འགུལ་ཞིང་གཡོ་བ་དང་བཅས་པས་གནས་པར་འགྱུར་ལ། །དེ་ལྟ་བུའི་མངལ་དེ་ནི་སོ་ན་གནས་པ་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དེ། །རྒྱུ་དེས་ན་སྦྲུམ་མ་ལྟོ་རྒྱས་ཤིང་འཕེལ་བར་མི་འགྱུར་རོ། །མྱ་ངན་སྨྱུང་དང་རྩུབ་སོགས་སམ།
་ཡང་ན་མངལ་ན་ཁྲག་འཛག་པས། །མངལ་དུ་སྐྱེ་བར་མ་ནུས་ལ། །རླུང་འཁྲུགས་སྐེམ་ཞིང་སྐམས་གྱུར་བའི། མངལ་དེ་གླུ་ཡི་ལྟོ་ཞེས་བྱ། འདིར་ནི་ལྟོ་བ་རྒྱས་གྱུར་ཀྱང། །འགྲིབས་ཤིང་རིང་ཞིག་ལོན་ན་འཕར། །ཞེས་བྱ་བ་ལ། །མྱ་ངན་ལ་སོགས་པ་རླུང་ནད
་ལྡང་བར་གྱུར་པའི་རྒྱུས་རླུང་ནད་འཁྲུགས་ཤིང་ལྡང་བར་གྱུར་པ་འམ། ཡང་ན་མངལ་ནས་ཁྲག་ཤས་ཆེར་འཛག་པས་ཀྱང་རླུང་ནད་འཁྲུགས་ཤིང་སྐྱེ་བར་འགྱུར་ཏེ། དེས་ནི་མངལ་ན་གནས་པ་དེ་སྐམ་ཞིང་ཉམ་ཆུང་བ་འམ། ཡང་ན་བསྐམས་པར་གྱུར་པས
་ཡོངས་སུ་འགྲིབས་པར་འགྱུར་ཏེ། དེ་ལྟ་བུའི་མངལ་གྱི་གནས་སྐབས་དེ་ནི་ཀླུའི་ལྟོ་ཞེས་བྱའོ་དེས?་བཤད་ལ། ཀླུའི་ལྟོས་ཞེས་བྱ་བ་དེ་ནང་ན་གནས་ན་ལྟོ་འམ་ཀླུ་རྒྱས་པ་ལས་འགྲིབས་བར་འགྱུར་བ་དང། དེའི་ཚེ་འཕར་ཞིང་འགུལ་བ་ཡུན་རིང་ཞིག་ན་ཅུང་ཟད
་འབར་བར་འགྱུར་རོ། །དེ་གཉིས་བརྟ་དང་རླུང་འཇོམས་སྨན། །མངར་བ་དག་དང་བསྐོལ་བ་ཡི། །མར་དང་འོ་མ་ཚིམ་སྦྱིན་ཞིང། །སྐྱེས་མ་ཐག་པའི་ཤ་སྦྱིན་བྱ། །དེ་གཉིས་ཀྱིས་ནི་ཚིམ་བྱའི་ཕྱིར། །ཕྱོགས་དང་བཞོན་པར་བསྐྱོན་ཏེ་བསྐུལ། །ཞེས་བྱ་བ་ལ། སོ་ནག?་ན
་བ་དང། ཀླུའི་ལྟོ་ཞེས་བྱ་བའི་མངལ་གྱི་གནས་སྐབས་དེ་གཉིས་ལ། མར་དང་འོ་མ་ཚིམ་ཞིང་དོམས་པར་བྱས་ལ། །དེ་ཡང་བཙའ་བར་བྱེད་པ་དང། །བླད?་འཇོམས་པར་བྱེད་པའི་སྨན་མདང་བ་རྣམས་དང། །བསྐོལ་ཞིང་བཅོས་པ་སྦྱིན་པར་བྱ་བ་དང། དེ་བཞིན་དུ
་མངལ་དེ་རྒྱས་པར་བྱ་བའི་ཕྱིར། རེའུ་ལ་སོགས་པ་བཙས་མ་ཐག་པའི་ཤ་འམ། མ་བཙས་པའི་རོ་མའི་ཤ་སྦྱིན་བར་བྱའོ། །དེ་བཞིན་དུ་མར་ལ་སོགས་པ་དེ་གཉིས་ཀྱིས་ཚིམ་ཞིང་དོམས་པར་བྱ་བའི་ཕྱིར་ཁྱོགས་དང་རྟ་དང་གླང་པོ་ལ་སོགས
་པའི་བཞོན་པ་ལ་བསྐྱོན་ཏེ། སྦྲུམ་མ་དེ་ཤུགས་ཀྱིས་དྲངས་ལ། རྒྱུན་མི་འཆད་པར་བསྐུལ་བར་བྱའོ། །སྔོན་པོ་ཞེས་བྱ་མི་འགུལ་ལ། །ཁྲ་དང་བ་ལང་ཉ་ཤ་དང། །སྒྲ་སྒྲོགས་བྱ་དང་རྨ་བྱ་ཡི། །ཤ་ཁུ་མར་ནི་མང་པོ་དང། །མོན་སྲན་གྲེའུ་དག་དང་ནི། །ལ་ཕུག
་དག་གི་ཁུ་བ་བླུད། ཅེས་བྱ་བ་ལ། མངལ་ཀྱི་གནས་སྐབས་ནད་ན་མི་འགུལ་བ་ལ་ནི་མི་སྔོན་པོ་ཞེས་བྱ་སྟེ། དེ་ལ་ནི་ཁྲ་ལ་སོགས་པའི་ཤ་ཁུ་ཞུན་མར་མང་པོ་བཏབ་པ་དང། དེ་བཞིན་དུ་མོན་སྲན་གྲེའུ་དང། ལ་ཕུག་བསྐོལ་བའི་ཁུ་བ་ལ་མར་མང་པོ་བཏབ་པ
་བླུད་པར་བྱའོ། །བིལྦ་གཞོན་ནུ་མཱ་ཥ་ཏིལ། །ཕྱེ་དང་འོ་མ་སྦྱར་བ་བླུད་ཅེས་བྱ་བ་ལ། ཡང་ན་བིལྦ་གཞོན་ནུ་ལ་སོགས་པ་ཐམས་ཅད་གཅིག་ཏུ་བྱས་ལ། །འོ་མ་དང་སྦྱར་ལ་བླུད་པར་བྱའོ། །བིལྦ་གཞོན་ནུ་ནི་བིལྦའི་འབྲས་བུ་མ་སྨིན་པ་གཞོན་ནུ་ལ་བྱའོ། །ཚིལ
་བཅས་ཤ་དང་སྦྲང་ཆད་སྦྱིན། །རྐེད་པ་བསྐུ་བ་བསྟེན་པར་བྱ། །ཞེས་བྱ་བ་ལ། ཕྱགས་གཞོན་པའི་ཤ་ཚིལ་དང་བཅས་པའམ། །སྦྲང་རྩིའི་ཆང་ངམ། རྒུན་ཆང་སྦྱིན་པར་བྱའོ། །དེ་བཞིན་དུ་ལྟེ་བའི་གནས་སུ་ཏིལ་མར་གྱིས་བསྐུ་ཞིང་བྱུག་པ་ཡང་རྒྱུན་ཏུ
་བསྟེན་པར་བྱའོ། །འདིར་རྐེད་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། །དེ་བས་ན་ཆུ་སོ་དང་བརླ་དང། །རྩིབ་ལོགས་དང་རྒྱབ་ཐམས་ཅད་དུ་ཡང་བསྐུ་བར་བྱའོ། །དེ་ནི་རྟག་ཏུ་དགའ་བ་སྐྱེད། །དེ་འབྲས་མངལ་ནི་འཕེལ་བར་བྱེད། །ཅེས་བྱ་བ་ལ། ཡང་སྦྲུམ
་མ་དེ་ལུས་ཐམས་ཅད་དུ་སྐད་ཅིག་མ་རེ་རེ་ཞིང་ཅི་ནས་ཀྱང་སེམས་མགུ་ཞིང་དགའ་བ་སྐྱེ་བར་འགྱུར་བ་དེ་ལྟར་བྱ་སྟེ། ཚུལ་དེ་དག་ལྟར་བྱས་པས་ནི་མངལ་དེ་འཕེལ་ཞིང་རྒྱས་པར་འགྱུར་རོ། །རྒྱས་པ་གཞན་དུ་ལོ་ཚད་ནས། །དཀའ་བས་གཙས་པ་འམ་སྐྱེ
་མི་འགྱུར། ཞེས་བྱ་བ་ལ། མངལ་རྒྱས་པ་དེ་ཇི་སྲིད་དུ་བཤད་པ་ལས་གོ་བཟློག་པའི་ཚུལ་དུ་བསྟེན་པས་ནི། །ལོ་ཚད་བར་གྱུར་ནས་དགའ་ཞིང་སྡུག་བསྔལ་བ་དང་བཅས་པས་མངལ་གྱི་སྒོ་ནས་སྐྱེ་ཞིང། །འབྱུང་བར་འགྱུར་བའམ། ཡང་ན་སྐྱེ་བར་མི་འགྱུར་བར་མངལ
་དེ་ཉིད་དུ་གནས་པར་འགྱུར་རོ། །སྦྲུམ་མ་རྟུག་པ་འགགས་གྱུར་ན། །སྣུམ་མམ་མཐུན་པའི་འཇམ་རྩི་ཡིས། མྱུར་བ་ཁོ་ནར་གསོ་བར་བྱ། །གཞན་དུ་སྦྲུམ་མ་བུ་བཙས་འཆི། །ཞེས་བྱ་བ་ལ། གལ་ཏེ་སྦྲུམ་མ་རྟུག་པ་འགགས་པའི་ནད་ཀྱིས་བཏབ་ན། །སྣུམ་གྱི་སྦྱོར་བས
་མྱུར་དུ་གསོ་བར་བྱ་བ་དང། དེ་བཞིན་དུ་རྗེས་སུ་མཐུན་པའི་འཇམ་རྩི་གོང་དུ་སྨོས་པ་བཏང་ནས་གསོ་བར་བྱ་སྟེ། གཞན་དུ་དེ་ལྟར་མ་བྱས་ན་སྦྲུམ་མ་བུ་དང་བཅས་པ་འཆི་བར་འགྱུར་རོ། །མངལ་དུ་ནད་རབ་བསགས་པས་སམ། །མི་མཐུན་པའམ་གནོད་གཞན་གྱིས། །ནང
་དུ་ཤི་ན་ལྟོ་གྲང་ཞིང། །རེངས་དང་སྤོ་དང་ནད་ཚབས་ཆེ། །མངལ་མི་འགུལ་དང་མགོ་འཁོར་སྐོམ། །དབུགས་འབྱིན་དཀའ་ཞིང་དབུ་པ་དང། །དགའ་བ་མེད་ཅིང་མིག་འགྱུར་དང། །དབང་མེད་ནད་ནི་མང་པོ་འབྱུང། །ཞེས་བྱ་བ་ལ། །མངལ་གྱི་གནས་སུ་རླུང་ལ་སོགས
་པའི་ནད་རྣམས་རབ་ཏུ་བསགས་ཤིང་ཉེ་བར་འཕེལ་བའི་ནང་ཤིན་ཏུ་སོགས་པ་དེ་ལས་མངལ་གྱི་གནས་སུ་འཆི་བར་འགྱུར་པའམ། །དེ་བཞིན་དུ་མི་མཐུན་པའི་སྟེ། །ཇི་སྐད་བཤད་པའི་ཉལ་པོ་དྲགས་པ་ལ་སོགས་པ་དང། གནོད་པའི་རྐྱེན་གཞན་རང
་བཞིན་གྱིས་གནོད་པ་དང། དུས་ཀྱིས་གནོད་པ་དང། ཚད་ཆེས་པའི་གནོད་པ་གཞན་དག་བསྟེན་པའམ། ཡང་ན་སྔོན་གྱི་ལས་ཉེ་བར་བསགས་པའམ་མི་དགེ་བ་མ་དང་བུས་བྱས་པས་མངལ་གྱི་ནང་དུ་ཤི་བའི་དུས་བྱེད་པར་གྱུར་ན། སྦྲུམ་མའི་ལྟོ་གྲང་ཞིང་དྲོད་མེད
་པ་དང། རེངས་ཤིང་འགྱུར་མི་ཤེས་པ་དང། །སྤོ་ཞིང་རྐྱལ་བ་སྤུགས་ཀྱིས་གང་བ་ལྟར་གནས་པ་དང། ནད་ཚབས་ཆེ་ཞིང་ཚོར་བ་དྲག་པོས་གཟིར་པ་དང་དེ་བཞིན་དུ་མངལ་གྱི་ནང་ན་གཡོ་ཞིང་འགུལ་བ་མེད་པར་གནས་པ་དང། །མགོ་འཁོར་ཞིང་ན་བ་དང
་སྐོམ་དང་ཆེ་བ་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་སྦྲུམ་མ་དེ་དབུགས་གྱེན་དུ་འབྱིན་པ་དཀའ་ཞིང་ཐོགས་པ་དང། དལ་ཞིང་དུབ་པ་དང། དགལ་བ་མེད་ཅིང་སེམས་གདུང་པ་གནས་པ་དང། མལ་ལ་སོགས
་པ་ལ་མངོན་པར་མི་དགའ་བ་དང། མིག་འགྱུར་ཞིང་གནས་ལས་འཕོས་པ་ལྟ་བུར་འགྱུར་བ་དང། དེ་བཞིན་དུ་དབང་མེད་པའི་ནད་བུ་བཙས་པའི་ཆེ་འབྱུང་བ་ལྟ་བུ་དུ་མ་ཞིག་འབྱུང་བར་འགྱུར་རོ། །དེ་ལ་ཆུ་དྲོན་བླུག་པ་དང། །བུ
་རམ་སྤང་མ་ལན་ཚར་བཅས། །བཏགས་པས་མོ་མཚན་བསྐུ་བ་དང། །ཤལམ་ལི་དང་ཟར་མ་ཡི། །ཁུ་བ་མར་དང་ལྡེ་གུར་བྱས། །ནང་དུ་ཡང་དང་ཡང་དུ་གཞུག་།སྔགས་དང་ཤ་མ་སྦྱིན་སྦྱོར་བྱ། ཞེས་བྱ་བ་ལ། ནང་དུ་བུ་ཤི་བ?
་བུད་མེད་དེ་ལ། ཆུ་དྲོན་པོ་བ་ཅུང་ཟད་ཀྱིས་མཚན་གྱི་ཐན་ཀོར་དུ་བླུག་ལ། བུ་རམ་དང་སྤང་མ་དང་ལན་ཚར་བཅས་པ་བཏགས་པའི་ལྡེ་གུས་མོ་མཚན་བསྐུ་བར་བྱ་བ་དང། དེ་བཞིན་དུ་ཤལ་མ་ལི་དང། ཟར་མའི་ཁུ་བ་གཞུག
་པར་བྱ་སྟེ། འདིར་ཤལ་མ་ལིའི་ཁུ་བ་ཞེས་བྱ་བ་ནི། མོ་ཙ་ར་སའི་ཁུ་བ་ལ་བྱ་སྟེ། །ཁུ་བ་ནི་མར་དང་ལྷན་ཅིག་བཏགས་ཤིང་ལྡེ་གུར་བྱས་པས། །མངལ་གྱི་ནང་དུ་ཡང་དང་ཡང་དུ་རྒྱུན་མི་འཆད་པར་གཞུག་ཅིང་དགང་བར
་བྱའོ། །གལ་ཏེ་པུ་ཤི་མ་བྱུང་ན། དེ་ནས་སྨན་པས་རྒྱལ་པོ་ལ། །ཞུས་ལ་དེ་འབད་མྱུར་དུ་དབྱུང། །ཤལམའི་ཐང་ཆུ་མར་བཅས་པའི། །ལག་པས་མོ་མཚན་དུ་ནི་བསྐུ། ཞེས་བྱ་བ་ལ། གལ་ཏེ་དེ་ལྟ་ན་ཡང་བུ་ཤི་བ་མངལ་ནས
་མ་བྱུང་ན། སྲིད་སྲུང་གི་རིག་བྱེད་ལ་སོགས་པའི་སྔགས་དང་དེ་བཞིན་དུ་ཤ་འབྱིན་པའི་སྐབས་སུ་བཤད་པའི་སྦྱོར་བ་བསྟན་པ་དང། ལངྒ་ལི་ལ་སོགས་པས་བདུག་ཅིང་བྱུག་པ་ལ་སོགས་པ་བྱའོ། །གལ་ཏེ་དེ་ལྟར་བྱས་ཀྱང
་ཤི་བ་མ་བྱུང་ན། དེ་ནས་དེའི་འོག་ཏུ་སྨན་པའི་རྒྱལ་པོ་ལ་འདི་ལྟར་བྱ་བ། འདི་ལྟ་བུས་ནི་མངལ་དུ་བུ་ཤི་བའི་བུད་མེད་ངེས་པར་འཆི་བར་འགྱུར་ན་ཇི་ལྟར་བགྱི་ཞེས་ཞུས་ལ། དེའི་བཀའ་ལུང་མཉན་པར་བགྱི་སྟེ། །རང་གི་ཆད་པའི་གནོད་པ
་སྤང་བའི་ཕྱིར་དེ་ལྟར་བྱས་ནས། །དེའི་འོག་ཏུ་སྨན་པ་དེས་ཤིན་ཏུ་འབད་པ་དང་བཅས་པ་དང། དེ་ལ་མཁས་པའི་གྲོགས་པོ་དང་བཅས་པས་མངལ་ན་གནས་པ་དེ་མྱུར་དུ་དབྱུང་བར་བྱ་སྟེ། །དེ་ཡང་ཤལམ་ལིའི་ཐང་ཆུ་མར་དང་བཅས་པས
་སྨན་པའི་ལག་པ་དང། དེའི་མོ་མཚན་བསྐུ་ཞིང་བྱུག་པར་བྱའོ། །ལག་པས་དབྱུང་ནུས་དེ་ཉིད་ཀྱིས། ཞེས་བྱ་བ་ལ། གལ་ཏེ་མངལ་དུ་ཤི་བ་དེ་ལག་པས་དབྱུང་བར་ནུས་པ་ཡིན་ན། དེའི་ཚེ་ལག་པ་ཉིད་ཀྱིས་མྱུར་དུ་དབྱུང་བར་བྱའོ། །ལུས་ནི
་ལེགས་པར་མི་གནས་ན། །གཅུས་ཤིང་བསྒྱུར་དང་བཟློག་པ་དང། །བཙིར་དང་བརྡེག་བཞག་ལ་སོགས་ཀྱིས། །ལུགས་དང་མཐུན་པར་དྲངས་ནས་ནི། །མངལ་གྱི་སྒོར་ནི་དྲང་པོར་དྲང། །ཞེས་བྱ་བ་ལ། མངལ་ན་གནས་པའི་ལུས་ལེགས་པར
་མི་གནས་ཏེ། །དབྱུང་བར་བདེ་དར་མི་འདུག་ན་གཅུས་ཤིང། བསྒྱུར་བ་ལ་སོགས་པས་འབྱུང་བའི་སྒོ་ཅི་ལྟ་བ་བཞིན་དུ་ལེགས་པར་བཞག་ནས་མངལ་གྱི་སྒོར་ཕྱོགས་པར་བྱས་ནས་དྲང་པོར་འདུག་པ་དང་དྲང་བར་བྱའོ། །དེ་ཡང་གཅུས་ཤིང
་བསྒྱུར་བ་ནི་བརླ་ནས་ཕན་ཚུན་གཅུས་ཤིང་བསྒྱུར་བ་དང། དེ་བཞིན་དུ་སྟེང་དུ་བཟློག་པ་དང། །ཀུན་ནས་བཙིར་བ་དང། ཁྱད་པར་བརྡེག་ཅིང་བཞག་པ་དང། སོགས་པ་ཞེས་བྱ་བ་ཐབས་གཞན་དག་ཀྱང་བློས་ལེགས་པར་བརྟགས་ལ་དྲང་བར
་བྱའོ། །གང་ཞིག་རྐང་ལག་མགོ་བོ་ནི། །ཡོན་པར་མངལ་དུ་གནས་གྱུར་དང། །རྐང་པ་གཅིག་ནི་མཚན་དུ་བྱུང། །གཉིས་པ་བཤད་སྒོར་ཆུད་ཡོན་པོ། །དེ་ནི་འགགས་པ་ཞེས་བྱ་སྟེ། །མཚོན་གྱིས་བཅད་པར་འོས་པ་ཡིན། །ཞེས་བྱ་བ་ལ། མངལ
་དུ་ཤི་བ་གང་ཡིན་པ་དེ། རྐང་པ་དང་ལག་པ་དང་མགོ་བོ་ཀུན་ཀྱང་ཆ་མཉམ་པར་ཡོན་པོ་ཉིད་གནས་པར་གྱུར་པ་དང། དེ་བཞིན་དུ་མངལ་དུ་ཤི་བ་གང་རྐང་པ་གཅིག་ནི་མཚན་དུ་བྱུང་ལ། རྐང་པ་གཉིས་པ་བཤད་པའི?
་སྒོ་དབྱུང་བར་གྱུར་པའི་ཡོན་པ་དེ་ནི་འགགས་པ་ཞེས་བྱ་སྟེ། །མངལ་དུ་ཐོགས་ཚབས་ཆེ་བ་ཡིན་པས་དེ་དག་ལག་པས། དབྱུང་བར་མི་ནུས་ཀྱིས། །དེ་ནི་བཙགས་དཔྱད་ཀྱི་མཚོན་གྱིས་བཅད་ནས་དབྱུང་བར་འོས་པ་ཡིན་ནོ། །ལས་དེར
་དཀྱིལ་འཁོར་སོར་གདུབ་ཅན། །བཙགས་བུ་གཉིས་ནི་བསྔགས་པ་ཡིན། །ཞེས་བྱ་བ་ལ། མངལ་དུ་ཤི་བ་དེ་དབྱུང་བའི་བཙགས་བུ་རྩེ་མོ་དཀྱིལ་འཁོར་ལྟ་བུ་དང། སོར་གདུབ་ཅེས་བྱ་བ་སྔགས་པ་ཡིན་གྱི། འཕེལ་བཙགས
་ལ་སོགས་པས་མི་བྱའོ། །འཕེལ་བཙགས་རྩེ་མོ་རྣོ་བས་ནི། །མངལ་དུ་བཏང་བར་མི་བྱའོ། །ཞེས་བྱ་བ་ལ། གང་གི་ཕྱིར་འཕེལ་བཙགས་ནི་རྩེ་མོ་རྣོ་ཞིང་འཇུག་པ་ཡིན་པས་ན། དེའི་མངལ་གྱི་ནང་དུ་དེས་བཅད་པའི་ལས་བྱ?
་མི་རུང་ངོ། །དང་པོར་མགོ་བོའི་ཐོད་པ་ནི། །ཕྱེ་ལ་རྣམ་པར་དབྱུང་བར་བྱ། དེ་ནས་མཚན་ཁུང་བྲང་ཀོས་ཀོ། རྐན་གྱི་ཕྱོགས་ནི་གང་རུང་བར། གཏད་ཀྱི་མངལ་གྱི་ལྕགས་ཀྱུ་ནི། །བརྟན་པོ་དག་དང་མཁས་པས་དྲང།།
་མགོ་བོ་མ་ཕྱེ་མིག་སྤུབས་དང། མཁུར་ཚོས་ནས་ཀྱང་དྲང་བྱ་ཞིང། །ཕྲག་པ་ཐོགས་ན་དཔུང་བར་བཅད། ཅེས་བྱ་བ་ལ། དེ་འབྱིན་པ་ན་དང་པོར་ཏེ་ཐོག་མ་ཁོ་ནར་མགོ་བོའི་ཐོད་པ་བཙགས་དཔྱད་ཀྱི་ཕྱེ་ཞིང་དྲལ་ལ། མགོ་དེ
་མངལ་གྱི་ལྕགས་ཀྱུས་དབྱུང་བར་བྱའོ། །མགོ་མ་གཏུབས་ཤིང་མ་ཕྱེ་བ་ནི་རངས་པ་དབྱུང་བར་བྱ་སྟེ་དེ་བཞིན་དུ་དེ་ཡང་མཆན་ཁུང་ངམ། བྲད་དམ་ཀོས་སྐོའམ། རྐན་གྱི་ཕྱོགས་གང་ཡང་རུང་བར་གཏད་ཅིང་ལས་ཀྱི་བྱ་བ་ལ་མཁས
་པའི་སྨན་པས། མངལ་གྱི་ལྕགས་ཀྱུ་དེ་ཉིད་གཏན་མི་འགྱུར་བ་དག་དྲ་བར་བྱའོ། །དེ་བཞིན་དུ་མགོ་མ་ཕྱེ་བ་དག་ལ་མིག་སྤུབས་གཉིས་དང། མཁུར་ཚེས་གཉིས་ནས་ཀྱང་མངལ་གྱི་ལྕགས་ཀྱུ་དེ་ཉིད་ཀྱིས་དྲང་བར་བྱའོ། །གལ་ཏེ་དེ
་ཕྲག་པར་ཐོགས་ན་ཕྲག་པའི་ཕྱོགས་ཀྱི་དཔུང་པ་བཅད་ལ་དེ་དབྱུང་བར་བྱའོ། །ལྟོ་བ་རླུང་གིས་སྤོས་གྱུར་པ། །ནང་གྲོལ་དབྲལ་ཏམ་རྒྱུ་མ་ནི། །ཕྱིར་རོལ་ཏུ་ནི་གཏོན་དེ་དབྱུང། ཞེས་བྱ་བ་ལ། མངལ་དུ་ཤི་བ་དེ་ལྟོ་བ་རླུང་གིས་གང་ཞིང་སྤོས
་པར་འགྱུར་ཏེ། རྐྱལ་པ་དབུགས་ཀྱིས་གང་བ་ལྟར་འདུག་ན། ཤི་བ་དེའི་ལྟོ། །སྤོས་པར་དགྲལ་ཏེ་དབྱུང་བར་བྱ་བའམ། རྒྱུ་མའི་ཕྱི་རོལ་ཏུ་བཏོན་ལ་ལྷོད་ཅིང་སྙི་བར་གྱུར་པ་རང་དབྱུང་བར་བྱའོ། །རྐེད་པར་ཐོགས་ན་དེ་བཞིན་དུ།།
་དེ་ཡི་རུས་ཚིགས་དབྱེ་བར་བྱ། ཞེས་བྱ་བ་ལ། མངལ་དུ་ཤི་བ་དེ་རྐེད་བར་ཐོགས་ན་མཐོན་ན་རོ་སྨད་ཀྱི་ལྷུ་ཚིགས་སྔ་མ་བཞིན་དུ་བཅད་ཅིང་ཕྱེ་ལ་དབྱུང་བར་བྱའོ། །རླུང་གི་དབང་གིས་ཡན་ལག་གང། །མངལ་དུ་ཐོགས་པ་དེ་དང་ནི།།
་དུམ་བུར་གཏུབས་ལ་ལེགས་ཕྱུང་སྟེ། །འབད་དེ་བུད་མེད་བསྲུང་བར་བྱ། །ཞེས་བྱ་བ་ལ། རླུང་གི་དབང་གིས་མངལ་དུ་ཤི་བ་དེའི་ཡན་ལག་གང་དང་ཆགས་ཤིང་ཐོགས་པར་གྱུར་པ་དེ་དང་དེ་བཙགས་དཔྱད་ཀྱིས་དུམ་བུར་གཏུབས་ལ་ལེགས
་པར་དབྱུང་བར་བྱའི། མ་བཏགས་པར་བབ་ཙོལ་དུ་མི་བྱའོ། །དེ་བཞིན་དུ་མངལ་དུ་བུ་ཤི་བ་དེའི་མ་བུད་མེད་ནི་འབད་དེ་གནོད་པ་མེད་པར་བསྲུང་བར་བྱའོ། །རླུང་ནི་རྣམ་པར་འཁྲུགས་གྱུར་པ། །མངལ་གྱི་གནས་སྐབས་སྣ་ཚོགས་བྱེད
་དེའི་ཕྱིར་དེ་ནི་མཁས་པ་ཡིས། །གནས་སྐབས་དག་ནི་བལྟས་ཏེ་དཔྱད་ཅེས་བྱ་བ་ལ། གང་གི་ཕྱིར་རླུང་རྣམ་པར་འཁྲུགས་ཤིང་ལྡང་པར་བྱེད་པ་ན་མངལ་གྱི་གནས་སྐབས་སྣ་ཚོགས་ཤིང་མ་དག་སྐྱེད་པར་བྱེད་པ་ཡིན་ལ། དེའི་ཕྱིར?་རླུང
་གིས་གནས་སྐབས་དུ་མར་བྱེད་པ་དེས་སྨན་པ་མཁས་ཤིང་ཤེས་རབ་དང་ལྡན་པ་དག་གིས། དེའི་གནས་སྐབས་དང་སྦྱར་ཏེ། འདིར་མི་སྨོས་པ་དག་ཀྱང་རིགས་པས་བརྟགས་ཏེ་སྤྱད་པར་བྱའོ། །མ་དང་ལྷན་ཅིག
་འཆི་འགྱུར་པས། །གསོན་པ་མངལ་དུ་བཅད་མི་བྱི། །འཆི་བར་འགྱུར་བ་དག་ལ་ནི། །ཡུད་ཙམ་བཏང་སྙོམས་བཞག་མི་བྱ། །ཞེས་བྱ་བ་ལ། གནས་སྐབས་འགའ་ཞིག་ཏུ། །ཚུལ་འགའ་ཞིག་ལས་མ་བརྟགས་ཏེ།།
་འདི་ནི་ནང་དུ་ཤི་བ་ཡིན་ནོ་སྙམ་ནས། མ་ཤི་བཞིན་དུ་གསོན་པ་ལ་མངལ་དུ་བཅད་པར་མི་བྱ་སྟེ། །ཅིའི་ཕྱིར་ཞེ་ན། དེ་ལྟར་བྱས་ན་དེ་མ་དང་ལྷན་ཅིག་འཆི་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །ཡང་སྦྲུམ་མ་མངལ་ན
་གནས་པ་ཤི་བར་ངེས་པར་རྟོགས་པ་དག་ལ་ནི། །ཡུད་ཙམ་མ་མ་སྐད་ཅིག་མ་གཅིག་ཙམ་མམ། །མིག་བཙུམ་ཙམ་གྱི་པར་དུ་ཡང་བཏང་སྙོམས་སུ་བཞག་ཅིང་དོར་བར་མི་བྱ་སྟེ། །དེ་ལ་ནི་མྱུར་བ་ཉིད་དུ་གསོ་བའི་ཆོ
་ག་བྱའོ། །མོ་མཚན་འགགས་དང་ཉམས་པ་དང། །གཟེར་ནད་དབུགས་ཀྱིས་ཉམ་ཐག་དང། །སྒྲེག་པ་མནམ་དང་ལུས་སྐྲངས་པའི། །མངལ་དུ་བུ་ཤི་བུད་མེད་སྤང། །ཞེས་བྱ་བ་ལ། །མངལ་དུ་བུ་ཤི་བའི། །གང
་མོ་མཚན་འགགས་ཤིང་འདུས་པ་འམ། །དེ་བཞིན་དུ་དེའི་མཚན་ཉམས་ཤིང་རང་གི་གནས་ལས་འཕྱུགས་པའམ། །གཟེར་ནད་མགོ་བོ་དང། ཆུ་སོ་དང་ལྟོ་བར་གཟེར་བའི་མཚན་ཉིད་ཅན་དང། དབུགས་རྩེགས་པས
་ཉམ་ཐག་པ་དང། །སྒྲེག་པ་མནམ་ཞིང་རུལ་པ་དང། །ལུས་གྲངས་ཤིང་དྲོད་ཡལ་བ་སྟེ། དེ་ལྟ་བུའི་མངལ་དུ་བུ་ཤི་བའི་བུད་མེད་ཡོངས་སུ་སྤང་བར་བྱའོ། །དེ་ནས་ཤ་མ་མཐོན་ན། །སྨན་པས་སྔོན་བཞིན་གདོན་པར
་བྱ། ཞེས་བྱ་བ་ལ། དེ་ལྟར་མངལ་དུ་བུ་ཤི་བྱུང་བའི་འོག་ཏུ་ཤ་མ་ཐོགས་ཤིང་མཐོན་པར་གྱུར་ན། སྨན་པས་སྔར་ཤ་མ་དབྱུང་བའི་ཆོ་ག་ཇི་སྐད་བཤད་པ་ལྟ་བུས་དབྱུང་ཞིང་གདོན་པར་བྱའོ། །དེ་ལྟར་ཟུག་རྔུ་ཕྱུང་ནས་ནི། །ཆུ་དྲོན་གྱིས
་ནི་བཀྲུ་བར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་རྣམ་པ་དེ་དག་གིས་ཟུག་རྔུ་ཕྱུང་ཞིང་མངའ་དུ་བུ་ཤིང་མཐོན་ནས་ཆུ་དྲོན་འཇམ་ཙམ་བླུགས་ཤིང་དེ་བཀྲུ་བར་བྱའོ། །ལུས་ལ་སྣུམ་གྱིས་བྱུགས་པ་དང། མཚན་དུ་རས་བལ་སྣུམ་ཅན
་གཞུག་།དེས་ནི་མི་མཚན་འཇམ་འགྱུར་ཞིང། །དེ་ཡིས་གཟེར་བ་ཞི་བར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ཆུ་དྲོན་པོས་བཀྲུས་པའི་འོག་ཏུ་བུད་མེད་ཀྱིས་ལུས་ལ་སྣུམ་གྱིས་བྱུགས་པ་དང། མངལ་གྱི་མོ་མཚན་དུ་རས་པ་ལ་སྣུམ
་ཅན་གཞུག་པར་བྱ་སྟེ། རས་བལ་སྣུམ་ཅན་དེས་མོ་མཚན་རེ་འཇམ་ཞིང་མཉན་པར་འགྱུར་བ་དང། དེ་བཞིན་དུ་དེའི་གཟེར་ཞིང་ན་བའི་བག་གང་དག་གང་ཡོད་པ་ན་ཞི་ཞིང་མེད་པར་འགྱུར་རོ། །ལ་ལ་ཕུད་དང་བོང་ང་དཀར།།
་རས་སྣ་ཤིང་ཀུན་སུག་སྨེལ་དང། ཚེ་བ་ལྔའི་ཕྱེ་མ་སྣུམ། སྦྱར་བའམ་ལྡེ་གུ་ཆུས་བསྐོལ་བླུད། །ཅེས་བྱ་བ་ལ། བུད་མེད་མངལ་དུ་བུ་ཤི་བ་གཏོན་པ་དེ་ལ་ལ་ལ་ཕུད་ལ་སོགས་པའི་ཕྱེ་མ་སྣུམ་དང་སྦྱར་ལ་བླུད་པའམ། །ཡང་ན་དེ
་དག་ཉིད་བཏགས་པའི་ལྡེ་གུ་ཆུ་དང་བསྐོལ་བའམ། ཡང་ན་སྨན་དེ་དག་ཆམ་ཆོམ་རྡུངས་ཏེ། བསྐོལ་བ་དེ་ལ་བླུད་པར་བྱའོ། །དེ་ཡང་རང་བཞིན་དང་གོམས་པ་ལ་སོགས་པའི་དབང་གིས་མར་དང་སྦྱར་བར་ཅི་རིགས་པ་སྦྱིན་པར་བྱའོ། །དེ་བཞིན
་ནད་རྣམས་འཛག་པ་དང། །ཚོར་བཞི་ཕྱིར་ཞག་གསུམ་པ་ནི། །བུ་ཙ་ཤེལ་དང་པོ་ང་དགར། །བ་ཐ་ཤ་ཁའི་ཤུན་བ་དང། ཤིན་ཀུན་ཏེ་ཛོ་བ་ཏི་རྣམས། །བཏགས་པའི་ཕྱེ་མ་འམ་བསྐོལ་བ་བླུད། ཨོཅེས་བྱ་བ་ལ། སྔ་མ་བཞིན་དུ་ཁྲག་ལ
་སོགས་པའི་ནད་རྣམས་འཛག་པར་བྱ་བའི་ཕྱིར་དང། །དེ་བཞིན་དུ་ནད་ཀྱི་ཚོར་བ་ཞི་བར་བྱ་ཕྱིར། །མངལ་དུ་ཤི་བའི་རོ་བཞིན། ཞག་གསུམ་གྱི་པར་དུ་བུ་ཙ་ཤེལ་དང་བོང་ང་དཀར་པོ་ལ་སོགས་པའི་སྨན
་རྣམས་ཕྱེ་མར་བཏགས་པ་འམ་ལྡེ་གུར་བྱས་པ་འམ། །བསྐོལ་བ་སྣུམ་དང་བཅས་པ་བླུད་པར་བྱའོ། །དེ་ནས་ཞག་བདུན་པར་དུ་ནི། །སྣུམ་ཉིད་ཉེ་བར་བཏུད་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེ་ལྟར་ཞག་གསུམ་འདས་པ་དང།
་ཞག་བདུན་གྱི་བར་དུ་སྣུམ་པ་ཉིད་བཏུད་པར་བྱའོ། །སྨན་རྩུབ་པ་གཞན་དག་ནི་བཏུང་བར་མི་བྱའོ། །དགོངས་ཀ་ཆང་ནི་རྙིང་པ་དང། དེ་བཞིན་ལེགས་སྦྱར་ཆང་བཏུང་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་དགོངས་ཀ་ནི་ཆང་རྙིང་པ
་བཟང་པོ་དང། །སྨན་དང་བསྐོལ་བ་ལས་གང་བྱས་པའི་ཆང་གི་རྣམ་པ་བཏུང་བར་བྱའོ། །ཤིརཥ་ཀ་ཀུ་པར་བསྐོལ་སྤངས། །རས་བལ་མོ་མཚན་ནང་དུ་གཞུག་།ཅེས་བྱ་བ་ལ། ཤི་རི་ཤ་ལ་སོགས་པ་བསྐོལ་པར་བཅུག་པའི
་རས་བལ་དག་ཀྱང་མོ་མཚན་གྱི་ནང་དུ་གཞུག་པར་བྱའོ། །བླ་གཉན་གཞན་དག་གང་བྱུང་བ། དེ་ལ་རང་གི་གསོ་བས་གསོ་ཞེས་བྱ་བ་ལ། མངལ་དུ་བུ་ཤི་བ་གཏོན་པ་དག་ལ་རིམས་ལ་སོགས་པ་བླ་གཉན་གྱི་ནད་གཞན
་གང་དག་འབྱུང་བར་འགྱུར་བ་དེ་ལ་རང་རང་གི་གསོ་གང་དག་གིས་ཡིན་པ་དེས་གསོ་བར་བྱའོ། །རླུང་འཛེམས་སྨན་ནི་འོ་མར་བསྐོལ། །ཞག་བཅུའི་བར་དུ་བཟའ་བ་ཕན། ཞེས་བྱ་བ་ལ། རླུང་འཛེམས་པའི་སྨན་རྩ་བ་བཅུ་པ་ལ་སོགས
་པའི་མར་བསྐོལ་བ་དག་ཞག་བཅུའི་བར་དུ་བཟའ་ཞིང་བཏུང་བ་ཕན་པ་ཡིན་ཏེ། །འདི་ནི་གོང་མའི་ཞག་བཅུ་འདས་ནས་ཞག་བཅུ་པ་གཉིས་པ་ཡིན་པར་ཤེས་པར་བྱའོ། །ཞག་བཅུའི་བར་དུ་ཤ་ཁུ་བཏུང། ཞེས་བྱ་བ་ལ། ཡང
་བུད་མེད་དེ་ལ་ཞག་བཅུ་པ་གསུམ་པ་ལ་ནི། །ཤ་ཁུ་བཏུང་ཞིང་སྤགས་ཏེ་བཟའ་བ་ཕན་པ་ཡིན་ནོ། །དེ་ཕན་ཆད་ནི་ཡང་ཤིང་ཕན། ཉུང་དུ་བཟའ་ཞིང་སྣུམ་བསྐུ་དུགས། །བཱ་ལའི་ཏིལ་མར་ལ་སོགས་བསྟེན། །ཞེས་བྱ་བ་ལ། དེ་ལྟར་ཟླ་བ
་གཅིག་འདས་པ་དང། དེའི་འོག་ཏུ་བུད་མེད་སྤང་ཞིང། །ཕན་པའི་ཟས་ཉུང་ཤས་བཟའ་བ་དང། བཱ་ལའི་ཏིལ་མར་ལ་སོག་པའི་སྣུམ་གྱིས་བསྐུ་བ་འོག་ནས་བཤད་པ་བསྟེན་ཅིང་གོམས་པར་བྱའོ། །ཟླ་བ་བཞི་ལན་ཕན་ཆད་དེ། །དེ
་ནི་རིམ་གྱི་ཅི་བདེར་སྤྱད། ཅེས་བྱ་བ་ལ། དེ་ལྟར་ཟླ་བ་བཞི་ལོན་ཕན་ཆད་དེ་ཟླ་བ་ལྔ་པ་ཡན་ཆད་རིམ་གྱིས་ཁ་ཟས་དང་སྤྱོད་ལམ་ལ་སོགས་པ་བསྡམས་པ་མེད་ཅིང་ཅི་བདེར་གནས་པ་ལ་བསྟེན་པར་བྱའོ། །བཱ་ལའི་རྩ་བའི་ཁུ་བ་ནི།
་ཆུ་??་འོ་མ་དེ་མཉམ་དང། །ནས་དང་རྒྱ་ཤུག་ཀུ་ལངཐ། །རྩ་བ་བཅུ་ཡི་ཆ་གཅིག་དང། བསྐོལ་བའི་ཆ་ནི་ཆར་བྱས་པའོ། །ཏིལ་མར་ཆ་ནི་བཅུ་བཞི་དང། །མ་དེ་གཉིས་དང་ཐང་ཤིང་བཙོང། །ར་མཉེ་བ་གཉིས་ཙན་དན་དང། ཐལ་ཏྲེས
་རུ་རྟ་ཛྙི་པ་ཀ། རྒྱ་སྤོས་རྒྱམ་ཚྭ་བཟངས་རྩི་བ། །གླ་སྒང་རྡོ་དྲེག་ཤུ་དག་དང། པུ་ན་རྣ་བ་ཨ་ཀ་རུ། ། ཤོ་གནདྷ་ཉི་འུ་ཤིང་དང། ཀྵི་ར་ཤུག་ཤིང་མངར་དང། །བཱ་ལ་ར་ས་ཤུ་ཏི་དང། །པརྞི་གཉིས་དང་སུག་སྨེལ་དང། །ཤིང་ཚ་གནདྷ་པ་ཏྲ་རྣམས།
་ཞིང་ཏུ་བརྟགས་པའི་ལྡེ་གུ་དང། །ཏིལ་མར་མེ་ཆུ་ལ་བསྐོལ་ག། རླུང་ནད་ཐམས་ཅད་སེལ་བའི་མཆོག་།བུ་བཙས་བྱིས་པ་རུས་པ་གནད། །སྣང་དང་སྐེམ་ལ་བསྔགས་པ་ཡིན། །རིམས་སྐྲན་གདོན་དང་སྨྱོ་བྱེད་དང། །གཅིན་ནད?་རྒྱུ་མ
་སྐྱེས་པ་སེལ། །ཐང་ལ་འབར་གྱིས་མངལ་གྱི་ནི། །ནད་རྣམས་སེལ་བའི་མཆོག་ཏུ་བཤད། །ཅེས་བྱ་བ་ལ། སྨན་བཱ་ལའི་རྩ་བ་ཡིན་པས་ན། བཱ་ལའི་རྩ་བ་སྟེ། དེ་བསྐོལ་བའི་ཁུ་བ་ཆ་དྲུག་གཞུག་པར་བྱའོ། །དེ་བཞིན་དུ་འོ་མ་ཡང་དེ་དང
་མཉམ་པ་སྟེ། །ཆ་དྲུག་ཉིད་གཞུག་པར་བྱའོ། །ནས་ལ་སོགས་པ་གསུམ་པོ་ནི་བཞི་པ་རྩ་བ་བཅུ་བཞི་པའི་ཆ་གཅིག་གཞུག་པར་བྱའོ། །དེ་ལྟར་ན་ཆ་བཅུ་གསུམ་དུ་འགྱུར་རོ། །ཏིལ་མར་ནི་ཆ་བཅུ་བཞི་བཞུག་པར་བྱ
་སྟེ། གང་གི་ཚེ་ཏིལ་མར་སྲང་བཅུ་དྲུག་བསྐོལ་བ་དེའི་ཚེ། བཱ་ལའི་རྩ་བ་བསྐོལ་བའི་ཁུ་བ་སྲང་ཉི་ཤུ་རྩ་བཞི་གཞུག་པར་བྱ་བ་ལ་ནས་ལ་སོགས་པའི་སྨན་བཞིའི་ཁུ་བ་ནི་སྲང་བཞི་གཞུག་པར་བྱའོ། །ཆུ་སྲང་བཞི་བརྒྱ་བཞི་བཅུ་རྩ་བརྒྱད
་དང་བསྐོལ་ལ། དེའི་བཞི་ཆ་ལུས་པར་བྱས་པ་དང། སྲང་བརྒྱ་རྩ་བཅུ་གཉིས་སུ་འགྱུར་རོ། །མ་དེ་གཉིས་ལ་སོགས་པའི་སྨན་རྣམས་ཀྱི་ལྡེ་གུ་ནི་སྨན་སྣ་རེ་རེ་ཡང་ཞོ་རེ་རེ་དང་ནམ་ཕྱེད་དང་སྲན་མ་གཅིག་གི་ལྔ་ཆ་གཞུག་པར་བྱའོ། །མེ་ད་གཉིས་ནི
་མེད་དང། མ་ཧ་མེ་དའོ། །ར་མཉེ་པ་གཉིས་ནི། ཀ་ཀོ་ལི་དང་ཀྵི་ར་ཀ་ཀོ་ལི་ཞེས་བྱ་བ་སྟེ། ན་མཉེ་བ་འོ་མ་ཡོད་པ་དང། འོ་མ་མེད་པའི་དབྱེ་བས་ཕྱེ་བའོ། །པརྞི་གཉིས་ནི་མཱ་ཥ་པརྞི་དང། །མངྒ་པརྞིའོ། །གཞན་དག་ནི་གོ་བར་ཟད་དོ། །དེ
་ལྟར་སྨན་དེ་རྣམས་ཞིབ་ཏུ་བཏགས་ལ། མེ་ཆུང་ངུས་བཙོས་ཤིང་བསྐོལ་བ་ནི། རླུང་ནད་ཐམས་ཅད་སེལ་བའི་མཆོག་ཡིན་ནོ། །དེ་བཞིན་དུ་བཙོས་པའི་ནད་ལ་སོགས་པ་ལ་ཡང་ཕན་ཞིང་བདེ་བར་བྱེད་པ་ཡིན། རིམས་དང་སྐྲན་ལ
་སོགས་པ་ཡང་སེལ་ཞིང་འཇོམས་པ་ཡིན་ནོ། །བ་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་འདི་ནི་མངལ་གྱི་ནད་ཐམས་ཅད་ཕེལ་བའི་མཆོག་ཡིན་པར་སྨན་པའི་གཙོ་བོ་དྲང་སྲོང་ཐང་ལ་འབར་གྱིས་བཤད་ཅིང་སྔགས་པ་ཡིན་ནོ།།
་མ་ནི་ཤི་ཚ་ཆུ་སོར་ནི། །མངལ་གནས་གལ་ཏེ་དཀུར་འཕར་ན། དེ་ན་སྐྱེ་བའི་དུས་ཡིན་པས། །དབྲལ་ཏེ་བྱིས་པ་མྱུར་དུ་བྱུང། །ཞེས་བྱ་བ་ལ། མངལ་ནས་གནས་པའི་བུ་སྐྱེ་བའི་དུས་སུ་གལ་ཏེ་མ་ཤི་བའི་དུས་བྱེད་པར་གྱུར་ན། དེ་དབུགས
་ཆད་པའི་སྐབས་སུ་ཆུ་སོ་དང་དཀུའི་ཕྱོགས་ཤིན་ཏུ་འཕར་ཞིང་གཡོ་བར་གྱུར་ན། །བུ་དེ་གསོན་ཞིང་བཙས་པའི་དུས་ལ་བབ་པ་ཡིན་བས། །ཆུ་སོའི་ཕྱོགས་ལེགས་པར་དཔྲལ་ཏེ་དབྱུང་བར་བྱ་ལ། དེ་ཡང་གང་གི་ཚེ་ཞེ་ན། སྐྱེ་བའི་དུས་ལ?་བབ
་པའི་ཚེ་ན་དེ་ལྟར་བྱའི་གཞན་དུ་མ་ཡིན་ནོ། །ཤིང་མངར་ཤ་ཀའི་ས་བོན་དང། །བ་ཡསྱ་དང་ཐང་ཞིང་བཞི། །ཏིལ་ནག་སྲུ་སྲུའི་རྩ་བ་དང། གཅོད་དང་ཉིའུ་ཤིང་ཞེས་བྱ་བཞི། །བྲིཀྵ་དང་ནི་པ་ཡསྱ། ཨུཏཔལ་ཐལ་ཏྲེས་བྲི་ཡི་ཀུ། །བྱི་ཚེར་ཐལ
་ཏྲེས་ར་སྣ་དང། །པདྨ་ཙ་རི་ཤིང་མངར་དང། བྲི་ཧ་ཏཱི་གཉིས་ཏངཔལ་དང། འོ་ཤིང་མྱུ་གུ་ཤུན་པ་དམར། །པྲིཥྞ་པརྞི་བཱ་ལ་དང། །ཤིངྒ་ཏ་ག་རྒུན་པད་རྩ། །ཤིང་མངར་ཁ་ར་ཀ་ཤེ་རུ། །ཚིགས་བཅད་ཕྱེད་ཀྱིས་རྫོགས་པ་ཡི། །བདུན་པ
་འདི་དག་འོ་མར་སྦྱར། །ཟླ་བ་བདུན་ལ་རིམ་བཞིན་དུ། །མངལ་འཛག་པ་ལ་བཏང་བར་བྱ། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པས་ཉེ་བར་མཚོན་པའི་སྦྱོར་བ་བདུན་པོ་ཚིགས་སུ་བཅད་པ་ཕྱེད་ཀྱིས་རྫོགས་པར་བྱས་པའི་སྡེ་ཚན
་རིམ་བཞིན་དུ་བཤད་པ་དག་ཅི་ཟླ་བ་བདུན་ལ་གོ་རིམ་བཞིན་དུ་མངལ་འཛག་པར་གྱུར་པ་ལ་དེ་བསྲུང་བའི་ཕྱིར་བཏང་ཞིང་སྦྱིན་པར་བྱའོ། །དེ་དག་ཀྱང་ཇི་ལྟར་ཞེ་ན་དང་པོ་ཤིང་མངར་དང་ཤིངཤ་ཀ་ཞེས་བྱ་བའི་ས་བོན་དང
་པ་ཡསྱ་དང་ཐང་ཤིང་ཞེས་བྱ་བ་བཞི་པོ་དེ་དག་ནི་ཟླ་བ་དང་པོ་མངལ་འཇིག་པ་ལ་སྦྱར་བར་བྱའོ། །ཏིལ་ནག་པོ་ལ་སོགས་པ་སྨན་བཞི་པོ་ནི་ཟླ་བ་གཉིས་པར་རོ། །པྲིཀྵ་ད་ནི་ལ་སོགས་པ་སྨན་ལྔ་པོ་ནི་ཟླ་བ་གསུམ་པར་རོ། །བི་ཚོར་ལ་སོགས
་སྨན་སྣ་ལྔ་ནི་ཟླ་བ་བཞི་པ་ལའོ། །པྲི་ཧ་ཏཱི་ལ་སོགས་པ་ནི་ཟླ་བ་ལྔ་པ་ལའོ། །པྲིསྣ་པརྞི་ལ་སོགས་པ་སྨན་སྣ་ལྔ་ནི་ཟླ་བ་དྲུག་པ་ལའོ། །ཤིང་ཀ་ད་ཀ་ལ་སོགས་པ་ནི་ཟླ་བ་བདུན་པ་ལ་སྦྱིན་པར་བྱའོ། །སྲུ་སྲུའི་རྩ་བ་ནི་ཨ་ནནྟ་ཀ་སྟེ།
་ལོ་མ་ཉིས་བརྩེགས་ལྟ་བུ་ཡོད་པ་ཡིན་ནོ། །བྲིཀྵ་ད་ནི་ནི་དནྟ་ཀ་སྟེ། ཤིང་གང་ཡང་རུང་བ་ལ་ནད་ཐབས་སུ་དེ་དང་མི་མཐུན་པའི་ཤིང་ཕྲེའུ་སྐྱེས་པའོ། །ཐལ་ཏྲེས་ནི་ཤ་རི་བ་ནག་པོའོ། །བྱི་ཆེར་ནི་ཡ་??
་པདྨ་ཙ་རི་ནི་ཆུ་རྩའོ། །བྲི་ཧ་ཏི་གཉིས་ནི་ཀཎྜ་ཀཱ་རི་དང། བྲི་ཧ་ཏི་འོ། །ཏཾ་བ་ལ། ནི་ཀརྨ་རིའོ། །འོ་མ་ཅན་གྱི་ཤིང་ནི་ནྱ་གྲོ་དྷ་ལ་སོགས་པ་སྟེ། དེའི་མྱུ་གུ་དང་ཤུན་པའོ། །ཤི་ཀྲུ་ནི་སྭ་བྷཉྫ་འོ། །གཞན་དག་ནི་གོ་བར་ཟད་དོ།།
་ཀ་བིདཐ?་དང་བིལྦ་དང། །བྲི་ཧ་ཏི་དང་བུ་རམ་དང། །ཀཎྜ་ཀ་རི་པ་ཏོ་ལའི། །རྩ་བ་བསྐོལ་བར་བྱས་པ་དང། །དེ་བཞིན་འོ་མ་ཤ་རྣམས་ནི། །ཟླ་བརྒྱད་པའི་ཆེན་བཏང་ཞེས་བྱ་བ་ལ། སྨན་ཀ་བིདཐ་ལ་སོགས་པ་དྲུག་པོའི་རྩ་བ་བསྐོལ
་བའི་འོ་མ་ཟླ་བ་བརྒྱད་པའི་མངལ་འཛག་པ་ལ་བཏང་བར་བྱའོ། །དགུ་བར་ཐལ་དྲེས་ཨེ་རཎྜ། །པ་ཡསྱ་དང་ཤིང་མངར་དང། ཟླ་བ་བཅུ་བར་པ་ཡསྱ། །འོ་མ་དང་ནི་བསྐོལ་བ་བླུད། ཅེས་བྱ་བ་ལ། ཟླ་བ་དགུ་པའི་ཚེ
་ནི། །ཐལ་ཏྲས་ལ་སོགས་པའི་སྨན་འོ་མ་དང་བསྐོལ་བ་མངལ་འཛག་པ་ལ་བཏང་བར་བྱའོ། །ཟླ་བ་བཅུ་པ་ལ་ནི་སྨན་པ་ཡསྱ་དང། འོ་མར་བསྐོལ་བ་མངལ་འཛག་པ་ལ་སྦྱིན་པར་བྱའོ། །ཡང་ན་ཤིང་མངར་དོང་ཀྲ་དང།
་ཐང་ཤིང་འོ་མར་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཟླ་བ་བཅུ་པའི་སྐབས་སུ་མངལ་འཛག་པ་ལ་ནི་ཤིང་མངར་ལ་ནི་ཤིང་དངར་ལ་སོགས་པའི་སྨན་འདི་དག་འོ་མ་དང་བསྐོལ་བ་སྦྱིན་པར་བྱའོ། །བུད་མེད་མངལ་དུ་རླུང
་གི་ཁྲག་བསྒོངས་ཏེ། །གནས་པ་དེ་ནི་མངལ་ཆགས་ཆ་འདྲ་བས་ཁུ་ཆགས་ཡིན་ཞེས་མི་མཁས་པ་དག་སྨྲ། སྨན་ཁ་རྣོ་དྲོས་ཁྲག་ནི་འབའ་ཞིག་ཟགས་བླུན་པོས་མངལ་གནས་འབྱུང་པོས་ཟོས་ཞེས་ཟེར། །མདངས་འཕྲོག་ཡིན་ཕྱིར
་དེ་ལུས་མངོན་སུམ་དུ། །འཕྲོག་པར་མི་སྣང་བ་འམ་འབྱུང་པོ་ནི། །གཞུ་མངོར?་མ་ནི་བཏང་སྙོམས་འཇོག་མི་བྱེད། །ཅེས་བྱ་བ་ལ། ཟླ་བ་རེ་རེ་ཞིང་འཛེག་པར་འོས་པའི་ཟླ་མཚན་རླུང་གིས་མངལ་གྱི་ནང་དུ་བསྒོངས་ཏེ་གནས་པ་དེ་ལ་མི
་མཁས་པའི་བླུན་པོ་དང། དེ་ནི་མངལ་དུ་བུ་ཆགས་པ་ཡིན་ནོ་ཞེས་སྨྲ་སྟེ་དེ་ནི་འཁྲུལ་པ་ཡིན་ནོ། །འཁྲུལ་པ་དེའི་རྩ་བ་ཡང་ཅི་ཞིག་ཡིན་ཞེ་ན། མངལ་དུ་ཆགས་པ་དང་ཆ་འདྲ་བ་ཡིན་ཏེ། བུ་ཆགས་པའི་ཆ་དང་རང་བཞིན་འཐུན
་ཏེ། ནུ་མར་འོ་མ་འབྱུང་བ་དང། མཆུ་དང་ནུ་མ་རྩེ་མོ་གནག་པ་དང། མིག་སྐྱེ་བ་དང། བརྒྱལ་བ་དང་སྙིང་འཕར་ཞིང་དང་ཁ་མེར་མེར་པོར་བྱེད་པ་དང། འདོད་པ་སྐྱེ་བ་དང། འདོད་པ་སྐྱེ་བ་དང། རྐང་པ་གཉིས་སྐྲངས་པ་དང། སྤུ་ཅུང་ཟད་ཀྱིས
་པ་ལ་སོགས་པ་མངལ་དུ་བུ་ཆགས་པའི་མཚན་ཉིད་དང་ཆ་འདྲ་བས་ཤ་མ་ལ་སོགས་པ་མེད་པར་སྨན་རྣོན་པོ་ལ་སོགས་པའི་དབང་གིས་ཁྲག་འབའ་ཞིག་འཛགས་ཤིང་བྱུང་བ་ན་དེའི་ཚེ་མངལ་གྱི་གནས་སྐབས་ལ་མི་མཁས
་པའི་བླུན་པོ་དག་མངལ་གནས་པ་འདི་མི་མ་ཡིན་པའི་འབྱུང་པོས་ཟོས་པ་ཡིན་ནོ་ཞེས་ཟེར་མོད་ཀྱི་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འབྱུང་པོ་ཆེན་པོ་དག་ནི་མདངས་འཕྲོག་ཅིང་མདངས་ཟ་བ་ཡིན་པའི་ཕྱིར། དེ
་དག་ནི་ལུས་མངོན་སུམ་དུ་འཕྲོག་པར་མི་སྣང་བ་ཡིན་ནོ། །ཡང་ན་འབྱུང་པོ་དེ་དག་ཐོག་མ་མེད་པ་ནས་གནས་པའི་གཞུང་ལུགས་སྤོང་ན་མངལ་གྱི་མཉིད་བཏང་སྙོམས་སུ་མི་འཇོག་གི་མཉིད་འཆི་བར་འགྱུར་བ་ཡིན་ཏེ། དེ་ཉིད
་ཀྱི་ལུས་ཆེ་ཞིང་རགས་པ་ཡིན་པའི་ཕྱིར་རོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བར་སྦྱར་བ་ལས། །ལུས་ཀྱི
་གནས་ཀྱི་ལེའུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུས་ཀྱི་ཡན་ལག་གི་བྱེ་བྲག་བསྟན་པ་བཤད་པར་བྱའོ་ཞེས་བྱ་བ་ལ་འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། ལེའུ་གོང་མར
་ནི་རུམ་དུ་ཞུགས་པའི་ནད་ཀྱི་བྱེ་བྲག་བཤད་པ་ཡིན་པས་ན། མངལ་གྱི་གནས་སྐབས་དེའི་ལུས་ཀྱི་ཡན་ལག་དང་ཉིང་ལག་གི་རྣམ་པར་དབྱེ་བ་བརྩམས་པའི་ཕྱིར་འདི་བསྟན་པ་ཡིན་ནོ། །དེ་ལ་ཡན་ལག་ནི་ལུས་མ་ལུས་པ་ལ
་བྱ་ལ། དེའི་བྱེ་བྲག་ཚ་དབྱེ་བ་འམ། ཡན་ལག་དང་ཉིང་ལག་ལ་སོགས་པ་ཐ་དད་པར་དབྱེ་སྟེ་བསྟན་པ་དེ་བཤད་པར་བྱའོ། །མདོར་ན་ཡན་ལག་རྣམ་དྲུག་སྟེ། །མགོ་དང་ཁོག་པ་དཔུང་པ་གཉིས། །བརླ་གཉིས
་ཡིན་ཏེ་དེའི་ཉིང་ལག་།མིག་སྙིང་ལག་པ་རྐང་པ་སོགས། །ཞེས་བྱ་བ་ལ། འདིར་མདོར་བསྡུ་ན་ཡན་ལག་གི་ཆའི་ཚོགས་ནི་མགོ་བོ་ལ་སོགས་པ་རྣམ་པ་དྲུག་སྟེ། མགོ་བོ་ནི་སྤྱི་བོའོ། །ཁོག་པ་ནི་བྱང་ཁོག་ལ་སོགས
་པ་ལུས་ཀྱི་དབུས་ཀྱི་ཆ་ཡིན་ཏེ། ཡན་ལག་ལྔ་པོ་དེ་དག་གི་གང་དབུས་ན་གནས་པའོ། །ཡང་དེ་བཞིན་དུ་དཔུང་བ་གཉིས་དང། བརླ་གཉིས་ཏེ་དེ་ལྟར་རྣམ་པ་དྲུག་གོ་།ཡན་ལག་དྲུག་པོ་དེ་དག་གི་ཉིང་ལག་ནི་མིག་དང
་སྙིང་ལ་སོགས་པ་སྟེ། དེ་ལ་མིག་ནི་མགོའི་ཉིང་ལག་གོ་།སྙིང་ནི་ནང་གིའོ། །ལག་པ་ནི་དཔུང་པའི་ཉིང་ལག་གོ་།རྐང་པ་ནི་བརླའི་ཉིང་ལག་གོ་།སོགས་པའི་སྒྲས་ནི་རྣ་བ་དང། ལྟེ་བ་དང། གྲུ་མོ་དང། པུས་མོ་ལ་སོགས་པ་བསྡུའོ
་སྒྲ་དང་རེག་བྱ་གཟུགས་རོ་དྲི། །གོ་རིམ་བཞིན་དུ་ནམ་མཁའ་རླུང། །མེ་ཆུ་ས་ཡི་ཡོན་ཏན་ཡིན། །ཡོན་ཏན་རེ་རེ་ཕྱི་མ་སྐྱེད་ཅེས་བྱ་པ་ལ། སྒྲ་ལ་སོགས་པ་ལྔ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་ནམ་མཁའ་ལ་སོགས་པ་ལྔའི་ཡོན་ཏན་ཡིན
་བར་ཤེས་པར་བྱ་སྟེ། དེ་ལ་ནམ་མཁའ་ཨི་ཡོན་ཏན་ནི་སྒྲའོ། །རླུང་གི་ཡོན་ཏན་ནི་རེག་བྱའོ། །མེའི་ཡོན་ཏན་ནི་གཟུགས་སོ། །ཆུའི་ཡོན་ཏན་ནི་རོའོ། །སའི་ཡོན་ཏན་ནི་དྲིའོ། །ཡོན་ཏན་རེ་རེས་ཕྱི་མ་སྐྱེས་པའི་ཚུལ་སྒྲ་ལ་སོགས་པའི་ཡོན
་ཏན་ཇི་སྐད་བཤད་པ་རེ་རེ་ལས་ཕྱི་མ་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞིས་ཡོན་ཏན་རེ་རེ་བསྐྱེད་པར་བྱ་སྟེ། དེས་ན་ནམ་མཁའ་ནི་སྒྲའི་ཡོན་ཏན་འབའ་ཞིག་དང་ལྡན་ནོ། །རླུང་ནི་སྒྲ་དང་རེག་བྱའི་ཡོན་ཏན་གཉིས་དང་ལྡན་ནོ། །མེ་ནི་སྒྲ
་དང་རེག་བྱ་དང། གཟུགས་ཀྱི་ཡོན་ཏན་གསུམ་ལྡན་ནོ། །ཆུའི་སྒྲ་དང་རེག་བྱ་དང། གཟུགས་དང་རོའི་ཡོན་ཏན་བཞི་དང་ལྡན་ནོ། །ས་ནི་སྒྲ་དང་རེག་བྱ་དང། །གཟུགས་དང་རོ་དང་དྲི་སྟེ་ཡོན་ཏན་ལྔ་དང་ལྡན་ནོ། །དེ་ལ་མཁའ་ལས
་ལུས་བུ་ག་།རྣ་བ་སྒྲ་དང་ཁོང་སྟོང་ཉིད། །ཅེས་བྱ་བ་ལ། དེ་ལ་འབྱུང་བ་ཆེན་པོ་ལྔ་པོ་དེ་དག་གི་ནང་ནས་ལུས་འདི་ལ་ནམ་མཁའ་ལས་ནི། ལུས་ཀྱི་བུ་ག་ཁོང་སྟོང་རྣམས་དང། རྣ་བའི་དབང་པོའི་གནས་དང། སྒྲ་འབྱུང་བར་འགྱུར་བ་དང
་ནང་གི་ཁོང་སྟོང་དུ་གནས་པ་འབྱུང་པར་འགྱུར་རོ། །རླུང་ལས་རེག་པ་པགས་དབུགས་འབྱིན་ཞེས་བྱ་བ་ལ། ལུས་འདི་ལ་རླུང་ལས་ནི་རེག་བྱ་དང་པགས་པ་དང་དབུགས་འབྱིན་པ་འབྱུང་བར་འགྱུར་ཏེ། རེག་བྱ་ནི་རེག་བྱའི་ཡོན་ཏན་ནོ
་པགས་པ་ནི་རེག་བྱའི་དབང་པོའོ། །དབུགས་འབྱིན་པ་ནི་གྱེན་དུ་དབུགས་འབྱིན་པའོ། །མེ་ལས་མིག་དང་གཟུགས་འཇུ་ཉིད་ཅེས་བྱ་བ་ལ་ལུས་འདི་ལ་མེ་ལས་ནི་མཐོང་བར་བྱེད་པའི་རང་བཞིན་ཅན་མིག་གི་དབང་པོ་དང། གཟུགས་ཞེས་བྱ
་བའི་ཡོན་ཏན་དང་འཇུ་ཞིང་སྨིན་པར་བྱེད་པ་ཉིད་འབྱུང་ངོ། །ཆུ་ལས་ལྕེ་དང་རོ་དང་གཤེར་ཞེས་བྱ་བ་ལ། ལུས་འདི་ལ་ཆུ་ལས་ནི་ལྕེ་ཞེས་བྱ་བར་རོ་འཛིན་པར་བྱེད་པའི་དབང་པོ་དང། རོ་ཞེས་བྱ་བའི་ཡོན་ཏན་དང། གཤེར་ཞིང་བརླན་པར
་བྱེད་པའི་ཡོན་ཏན་འབྱུང་ངོ། །ས་ལས་སྣ་དྲི་རུས་པ་ཡིན་ཞེས་བྱ་བ། ལུས་འདི་ལས་ས་ལས་ནི་སྣའི་དབང་པོ་དང་དྲི་ཞེས་བྱ་བའི་ཡོན་ཏན་དང་རུས་པའི་ཚོགས་འབྱུང་བ་ཡིན་ནོ། །འདི་ནི་མ་ལས་སྐྱེས་འཇམ་ཁྲག།
་ཤ་དང་རྐང་དང་གཞང་ཁ་སོགས་ཞེས་བྱ་བ་ལ་ལུས་འདི་ལ་གང་དག་འཇམ་པའི་དངོས་པོ་ཡོད་པ་ཤ་དང་ཁྲག་ལ་སོགས་པ་དེ་དག་ནི་མའི་ཆ་ལས་བྱུང་ཞིང་སྐྱེས་པ་ཡིན་ནོ། །སོགས་པ་ཞེས་བྱ་བ་སྨོས་པ་ནི་སྙིང་དང་མ་ཞུ་བའི
་གནས་དང་མཁལ་མ་དང་མཆེར་པ་ལ་སོགས་པ་བསྡུའོ། །ཕ་སྐྱེས་བསྟན་དང་ཁུ་ཆུ་དང། རྩ་བོ་ཆེ་ལུས་སྐྲ་སོགས་ཡིན་ཞེས་བྱ་བ་ལ། དུས་འདིར་ཕ་ལས་སྐྱེས་ཤིང་འབྱུང་བ་ནི་གང་བསྟན་པ་ནི་སྲ་བའི་དངོས་པོ་རྣམས་ཁུ་བ
་འཕེལ་བས་བྱུང་བས་རྩ་བོ་ཆེ་དང། རུས་པ་དང་སྐྲ་ལ་སོགས་པ་ཡིན་ལ། དེ་བཞིན་དུ་ཁུ་བ་འཕེལ་བ་ཡང་ཕ་ལས་བྱུང་བ་ཉིད་ཡིན་ནོ། །སེམས་ལས་སེམས་བྱུང་དབང་པོ་རྣམས། །སྐྱེ་གནས་སྣ་ཚོགས་རྣམས་ཀྱང་འབྱུང། །ཞེས
་བྱ་བ་ལ་བདག་ཉིད་ཀྱི་སེམས་ཀྱི་རང་བཞིན་ལས་ནི་སེམས་བྱུང་བ་རྣམས་དང། མིག་ལ་སོགས་པའི་དབང་པོ་རྣམས་དང། དེ་བཞིན་དུ་མི་དང་རྟ་དང་བ་ལང་ལ་སོགས་པ་སྐྱེ་གནས་དུམ་དེ་དང་དེ་རྣམས་སུ་སྐྱེ་ཞིང་འབྱུང་བར་འགྱུར
་བ་ཡིན་ནོ། །གོམས་པ་ལས་བྱུང་ནད་མེད་ཚེ། །ལེ་ལོ་མེད་སྟོབས་གཟི་མདངས་ཡིན། ཞེས་བྱ་བ་ལ། ལུས་འདི་ལ་གོམས་པའི་མཐུ་ལས་བྱུང་བའི་ཡོན་ཏན་ནི། ཚེ་གནས་ཤིང་འཚོ་བ་དང། ནད་མེད་ཅིང་ཁམས་སྙོམས་པ་དང། དེ་བཞིན་དུ
་ལེ་ལོ་མེད་པ་སྟེ། བྱ་བ་ཐམས་ཅད་ལ་བརྩོན་ཞིང་སེམས་སྤྲོ་བ་དང། གཟི་མདངས་དང་ཁ་དོག་ཕུན་སུམ་ཚོགས་པའི་མདངས་དང་ལྡན་པ་དང། སྟོབས་དང་ནུས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དངས་མ་ལས་བྱུང་ལུས་སྐྱེ་དང། གནས
་དང་འཕེལ་དང་མི་བརྐམ་ཉིད། ཅེས་བྱ་བ་ལ། ལུས་འདི་ལ་དངས་མ་ལས་བྱུང་བའི་ལུས་མ་ལུས་པ་སྐྱེ་ཞིང་འབྱུང་ལ་རྒྱས་པར་འགྱུར་བ་དང། དེ་བཞིན་དུ་ཚེའི་རྒྱུན་གནས་ཤིང་འདུག་པ་དང། །དེ་བཞིན་དུ་ལུས་འཕེལ་ཞིང་མཆུ་དང་ཞེང་དུ་སྐྱེ་ཞིང
་འཕེལ་བ་དང། མི་བསྐམ་པ་སྟེ་དངོས་པོ་རྣམས་ལ་མངོན་པར་མ་ཆགས་པར་གྱུར་པ་ཡིན་ནོ། །སྙིང་སྟོབས་ཅན་གཙང་ཡོད་པ་ལྟ། །ཆོས་དཀར་ལ་དགའ་བློ་གྲོས་ལྡན་ཞེས་བྱ་བ་ལ་སྙིང་སྟོབས་ཅན་གྱི་རང་བཞིན་ལས་བྱུང་བ་ནི་གཅེར་བ་སྟེ
་ལུས་དང་ངག་དང་ཡིད་དག་ཅིང་སྐྱོན་མེད་པ་དང། ཡོད་པར་ལྟ་བ་སྟེ། འཇིག་རྟེན་ཕ་རོལ་དང། འཕགས་པ་དང། དེས་གསུངས་པའི་ཆོས་ཡོད་པ་དང། ཆོས་དང་ཆོས་མ་ཡིན་པ་ཡོད་པར་འཛིན་པར་འགྱུར་བ་དང། དཀར་པོའི་ཆོས་སྦྱིན་པ
་ལ་སོགས་པའི་མཚན་ཉིད་སྐྱོན་མེད་པ་ལ་མངོན་པར་དགའ་བ་དང། བློ་གྲོས་ཏེ་ཤེས་རབ་དང་ལྡན་པར་འགྱུར་པ་ཡིན་ནོ། །རྡུལ་ཅན་མང་དུ་སྨྲ་བ་དང། ང་རྒྱལ་ཚུལ་འཆོས་ཁྲོ་ཕྲག་དོག་།ཅེས་བྱ་བ་ལ། ལུས་འདི་ལ་རྡུལ་ལམ་ཞེ་སྡང་གི་རང
་བཞིན་ལས་ནི། མང་དུ་སྨྲ་ཞིང་ཚིག་འཁྱལ་པའི་རང་བཞིན་ཅན་དང། ང་རྒྱལ་ཅན་ཏེ་བདག་ཏུ་མངོན་པར་རློམ་པ་དང། ཚུལ་འཆོས་ཤིང་གཙང་སྦྲ་ལ་སོགས་པ་སྤྱོད་པ་ལྟར་སྟོན་པའམ། མེད་བཞིན་དུ་ཆོས་ལ་སོགས་པ་ཡོད་པ་ལྟར་འཆོས་པ
་དང། །ཁྲོ་བ་ནི་སེམས་འཁྲུགས་ཤིང་ཞེ་སྡང་བའོ། །མང་དུ་སྨྲ་བའམ་ཕྲག་དོག་ནི་གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ། །མུན་པས་འཇིགས་དང་མི་ཤེས་དང། གཉིས་དང་ལེ་ལོ་སྐྱོ་བའོ། །ཞེས་བྱ་བ་ལ། ལུས་འདི་ལ་མུན
་པའམ། གཏི་མུག་གི་རང་བཞིན་ལས་ནི་འཇིགས་ཤིང་སྐྲག་པ་དང། མི་ཤེས་ཤིང་རྨོངས་པ་དང། གཉིད་ཆེ་ཞིང་སྟུག་པ་དང། ལེ་ལོ་སྟེ་བྱ་བ་རྣམས་ལ་སེམས་མངོན་པར་མི་སྤྲོ་བ་དང། སེམས་སྐྱོ་ཞིང་མྱ་ངན་དང་སྡུག་བསྔལ་གྱི་ཤས་ཆེ་བ
་དག་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལྟར་འབྱུང་བའི་རང་བཞིན་ལུས་ཞེས་བྱ་བ་ལ། དེ་ལྟར་གཞུང་འདི་དག་གི་ལུས་འབྱུང་བའི་རང་བཞིན་ཅན་ཡིན་པར་བསྟན་ཏོ། །དེ་ལས་ཁྲག་སྐྱེས་པགས་རིམ་བདུན། །འོ་མ་ལས
་ནི་སྤྲིས་མ་བཞིན། །སྨིན་པའི་ཆེ་ན་འབྱུང་བར་འགྱུར་ཞེས་བྱ་བ་ལ། དེ་ཡང་དཔེར་ན་འོ་མ་བསྐོལ་བ་ལས་སྟེང་དུ་སྤྲིས་མ་ཆགས་པ་དང་འདྲ་བར་ལུས་ཟུངས་རྣམ་པ་བདུན་གྱི་དྲོད་ཀྱི་ཁྲག་སྨིན་པར་བྱས་པ་ན་པགས་པ་རིམ་པ་བདུན་འབྱུང
་བར་འགྱུར་རོ། །ལུས་ཟུངས་གནས་ནི་ནང་གཤེར་གྱིས། རང་གི་དྲོད་ཀྱིས་སྨིན་པ་ན། །བད་ཀན་རྒྱུས་པ་ཤམས་གཡོགས། །ཆར་བཤད་ཤིང་གི་སྙིང་པོ་འདྲ་ཞེས་བྱ་བ་ལ། པགས་པའི་རིམས་པ་བདུན་པོ་དེ་དག་ནི་ལུས་ཟུངས་བདུན
་གྱི་གནས་དང་རྟེན་ཡིན་ལ། དེ་རྣམས་ཀྱི་ནང་ན་གཤེར་ཞིང་བརླན་པ་ཡོད་པས་ནི་ལུས་ཟུངས་གནས་ཀྱི་ནང་གཤེར་བ་ཞེས་བྱ་སྟེ། དེ་རང་རང་གི་དྲོད་བདུན་གྱིས་སྨིན་ཅིང་ཚོས་པར་བྱས་པ་ཡིན་པས་ན་དེ་བད་ཀན་དང་རྒྱུས་པ་དང
་ཤ་མས་གཡོགས་པ་ཡིན་ལ། གཡོགས་པའི་གཤེར་རམ་བརླན་དེའི་ཆ་ཞེས་བྱ་བས་ན་ཆེར་བཤད་ཅེས་བྱ་སྟེ། དེ་ཡང་ཤིང་གི་སྙིང་པོ་དང་འདྲ་བར་དངས་མ་རྣམས་ཀྱི་སྙིང་པོ་ཡིན་ཏེ། ཤིང་གི་དབུས་ན་ཕྲ་ཞིང་སྲ་བའི་ཆ་ཡོད་པ་དེ་ལ
་སྙིང་པོ་ཞེས་བྱ་སྟེ། དེ་ཡང་མཚུངས་ཤིང་འདྲ་བ་ཡིན་ཏེ། ལུས་ཟུངས་རྣམས་ཀྱི་སྙིང་པོའི་ལྷག་མ་ནི་ཤིན་ཏུ་ཕྲ་བ་ཡིན་པས་ཆ་ཞེས་བྱའོ། །དེས་ན་ལུས་ཟུངས་ཀྱི་གནས་ཀྱི་གཤེར་བའི་ཚུལ་ལས་ཆ་རྣམ་པ་བདུན་ཡིན་ནོ། །ཞེས་བྱ་བ་ནི་ཚིག
་གི་ལྷག་མའོ། །བདུན་པོ་དེ་དག་གནས་བདུན་ཏེ། དང་པོ་ཁྲག་ཡིན་གནས་རིམ་བཞིན། །བད་ཀན་མ་ཞུ་མཁྲིས་ཞུ་བ། །རླུང་དང་གཅིན་གྱི་གནས་སུ་བཤད། ཅེས་བྱ་བ་ལ་ལུས་འདི་ལ་ཁྲག་ལ་སོགས་པ་བདུན་པོ་གཞི་འམ།
་གནས་རྣམ་པ་བདུན་ཡོད་དོ། །དེ་ལ་དང་པོ་ཁྲག་གི་གཞི་ནི་གཅིན་ཡིན་ལ་དེ་ལས་གཞན་པའི་གནས་གང་ཡིན་པ་དེ་དག་ནི་བད་ཀན་ལ་སོགས་པའི་གནས་ཡིན་པར་བཤད་དོ། །དེ་ཡང་འདི་ལྟར་བད་ཀན་གྱི་གནས་དང། མ་ཞུ་བའི་གནས
་དང། མཁྲིས་པའི་གནས་དང་ཞུ་བའི་གནས་དང། རླུང་གི་གནས་དང། །གཅིན་གྱི་གནས་དང་བདུན་ནོ། །བུད་མེད་མངལ་གནས་བརྒྱད་པ་སྟེ། མཁྲིས་པ་ཞུ་བའི་གནས་པར་གནས། ཞེས་བྱ་བ་ལ། བུད་མེད་རྣམས་ཀྱི་མངལ་འཛིན་པའི་གནས
་ནི་བརྒྱད་པ་ཡིན་ཏེ། །དེ་མཁྲིས་པའི་གནས་དང་འདུ་བའི་བར་གྱིས་གནས་ན་གནས། །འདི་ལ་ནང་གྲོལ་ཡན་ལག་གནས། །སྙིང་བློ་མཆིན་མཁྲིས་མཆེར་མཁལ་མ། །ཕོ་བ་གྲོད་པ་རྒྱུ་མ་དང། །གཉེ་མ་ལོང་ཁ་ལྒང་པའོ། །ཞེས་བྱ་བ་ལ། གནས
་འདི་དག་ལ་ནང་གི་གནས་ཡན་ལག་ཏུ་གནས་ཤིང་འབྲེལ་བ་ནི་སྙིང་ཞེས་བྱ་བ་པདྨའི་སྤུབས་འདྲ་བ་ནང་ཁོང་སྟོང་ཁ་ཐུར་དུ་བལྟས་པ་སྟེ། སེམས་ཀྱི་ཁྱད་པར་གྱི་གནས་ཡིན་ནོ། །དེའི་གཡོན་ལོགས་ན་བློ་བ་དང་མཆིན་པ་ཞེས་བྱ་བ་ཡོད་ལ
་དེའི་གཡས་རོལ་ན་ནི་མཆེར་བ་ཞེས་བྱ་བ་ཡོད་དོ། །ལྒང་བ་ནི་གཅིན་གྱི་གནས་སོ། །སྲོག་གི་གནས་ནི་རྣམ་བཅུ་སྟེ། །མགོ་དང་ལྕེ་ཡི་རྩ་བ་དང། །ལྐོག་མ་ཁྲག་དང་སྙིང་ལྟེ་བ། །ཆུ་སོ་ཁུ་ཆུ་དངས་དང་གཞང། ཞེས་བྱ་བ་ལ། སྲོག་གི་གནས་སམ
་འཚོ་བའི་གཞི་ནི་མགོ་བོ་ལ་སོགས་པ་རྣམ་པ་བཅུ་སྟེ། མགོ་བོ་ནི་སྤྱི་བོའོ། །ལྕེ་ནི་རྩ་བ་ནི་ལྕེ་གང་དུ་ཆགས་ཤིང་གནས་པའོ། །ལྐོག་མ་དང། ཁྲག་དང་སྙིང་དང་ཆུ་སོ་དང་ཁུ་ཆུ་དང་དངས་མ་དང་གཞང་སྟེ་དེ་ལྟར་རྣམ་པ་བཅུའོ། །ལུས་ལ
་རྩ་དྲ་ཆུ་བ་ཚེ། །རེ་རེ་བཅུ་དྲུག་ཡོད་པར་བྱ་བ་དང། ཅེས་བྱ་བ་ལ། ལུས་ལ་རྩའི་དྲ་བ་དང་ཆུ་བ་བཅུ་དྲུག་བཅུ་དྲུག་ཡོད་པར་བསྟན་ཅིང་བཤད་དོ། །དེ་ཡང་དྲ་བ་ལྟ་བུར་གནས་པས་ན་རྩའི་དྲ་བ་སྟེ་དེ་རྣམས་ལས་ཤ་དང་ཆུ་བ་དང
་རུས་པ་སྐྱེས་པ་བཞི་པོ་རེ་རེས་ཀྱང་འདིར་ལོང་མོ་དང། མཁྲིས་མར་ཕན་ཚུན་འདིས་ཤིང་དྲ་བ་འམ་སྐར་ཁུང་དྲ་བ་ཅན་འདྲ་བར་གནས་པ་ཡིན་ནོ། །ཆུ་བ་ཆེན་པོ་བཅུ་དྲུག་ནི། དེ་ལས་རྐང་པ་དང་ལག་པ་གཉིས་སུ་གཉིས་གཉིས་ཏེ
་བརྒྱད་དང་རྒྱབ་དང་མགྲིན་པར་བཞི་སྟེ་བརྒྱད་དང་བཅུ་དྲུག་གོ་།དེ་ཡང་ཆུབ་ཆེན་པོ་ཆེ་ཞིང་ཟླུམ་པ་ལ་ཆུ་བ་ཆེན་པོ་ཞེས་བྱའོ། །པིར་འདྲ་དྲུག་དང་ཞེས་བྱ་བ་ལ། རྐང་པ་གཉིས་དང་ལག་པ་གཉིས་དང་རྐེ་པ་དང་ཕོ་མཚན་ཏེ་དྲུག་ལ
་པིར་འདྲ་བའི་རྩ་རྒྱུས་ཡོད་པའོ་སྲུབས་འདྲ་བདུན། ཕོ་མཚན་ལྕེ་དང་མགོ་ལྟ་བརྟེན། དེ་དག་གཙགས་བུ་གདབ་མི་རུང་ཞེས་བྱ་བ་ལ་འདི་ལ་སྲུབས་འདྲ་བའི་རྩའི་གནས་བདུན་ཡོད་དེ། དེ་ལས་ལྔ་ནི་མགོ་ལ་བརྟེན་ལ། ལྕེ་དང
་ཕོ་མཚན་ལ་རེ་རེ་བརྟེན་པ་སྟེ། དེ་ལྟར་བདུན་པོ་ཐམས་ཅད་གཙགས་བུ་གདབ་ཏུ་མི་རུང་བས་དེར་མཚོན་གྱི་ལས་མི་བྱའོ། །ཤ་ཡི་ཐག་པ་རྣམ་པ་བཞི་ཞེས་བྱ་བ་ལ། ལུས་འདི་ལ་ཐག་པ་ལྟ་བུའི་ཤ་རྣམ་པ་བཞི་ཡོད་དེ། རྒྱབ་ཀྱི
་སྒལ་ཚིགས་ཀྱི་ངོས་གཉིས་ན་ཤའི་སྤྲེལ་མཚམས་སུ་གྱུར་པ་ཡོད་དོ། །དེ་ལས་ཀྱང་གཉིས་ནི་ཕྱི་རོལ་ན་གནས་ལ་གཉིས་ནི་ནད་ན་གནས་པ་ཡིན། །རུས་པའི་ཚོགས་འདུས་བཅུ་བཞི་ཡོད་ཅེས་བྱ་བ་ནི་ལུས་འདི་ལ་རུས་པའི་ཚོགས
་འདུས་ཤིང་འདུས་ཤིང་ཕྲད་པ་ནི་བཅུ་བཞི་ཡོད་དེ། །དེ་དག་ཀྱང་འདི་ལྟར་ལོང་མོ་དང་པུས་མོ་དང་བརླ་རྩ་དང་མཁྲག་མ་དང་གྲུབ་མོ་དང་དཔུང་མགོའི་བར་གཉིས་གཉིས་དང། མཇུག་ཏོ་དང་མགོ་བོ་རྣམས་སུ་རེ་རེ་ཡིན་ནོ།།
་མཚམས་ནི་དགུ་ཕྲག་གཉིས་ཡོད་ལ་ཞེས་བྱ་བ་ལ་ལུས་འདི་ལ་སྦྲེལ་མཚམས་དགུ་ཕྲག་གཉིས་ཏེ་བཅོ་བརྒྱད་ཡོད་དོ། །དེ་ཡང་མགོ་བོ་ལ་ལྔ་ལྔ་འཇུག་རོ་ལ་གཅིག་།ལོང་མོ་གཉིས་ལ་གཉིས། བརླ་རྩ་གཉིས་སུ་གཉིས། པུས
་མོ་གཉིས་ལ་གཉིས། མཁྲིག་མ་གཉིས་སུ་གཉིས་གྲུ་མོ་གཉིས་སུ་གཉིས། དཔུང་མགོ་གཉིས་ན་གཉིས་སོ། །སོ་དང་སེན་མོར་བཅས་པ་ཡི། །རུས་པ་སུམ་བརྒྱ་དྲུག་ཅུ་ཡིན། ཞེས་བྱ་བ་ལ་ལུས་འདི་ལ་རུས་པ་གསུམ་བརྒྱ་དྲུག་ཅུ་ཡོད་དེ། དེ་ཡང
་ཡན་ལག་ལ་རུས་པ་བརྒྱ་བཞི་བཅུ། ཁོག་པ་ལ་བརྒྱ་ཉི་ཤུ་མགོ་བོ་ལ་རུས་པ་བརྒྱ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡོད་པ་ཡང་སོ་དང་སེན་མོ་དང་བཅས་པ་བགྲངས་པ་ཡིན་གྱི་ལུས་འབའ་ཞིག་གི་ནི་མ་ཡིན་ནོ། །ཐང་ལ་བར་ནི་སུམ་བརྒྱ
་འདོད། །ཅེས་བྱ་བ་ལ། དྲང་སོང་ཐང་ལ་བར་གྱིས་ནི་ལུས་འདི་ལ་རུས་པ་སུམ་བརྒྱ་ཡོད་པར་འདོད་དོ། །ཚིགས་ནི་ཉིས་བརྒྱ་རྩ་བཅུར་འདོད། །ཅེས་བྱ་བ་ལ་ལུས་འདི་ལ་རུས་པའི་ཚིགས་ནི་ཉིས་བརྒྱ་དང་བཅུ་ཡོད་དོ། །དེ་དག་ལས་ཀྱང
་ཡན་ལག་ལ་ནི་རུས་པའི་ཚིགས་དྲུག་ཅུ་རྩ་བརྒྱད་ཡོད་ལ། ཁོག་པ་ལ་ལྔ་བཅུ་རྩ་དགུ་།ནམ་ཚོར་ཡན་ལག་བརྒྱད་ཅུ་རྩ་གསུམ་མོ། །རྒྱུན་ཤེས་བུ་ནི་ཚིགས་ཀྱི་གྲངས། ཉིས་སྟོང་དག་ནི་ཡོད་པར་འདོད། ཅེས་བྱ་བ་ལ། དྲང་སྲོང་རྒྱུན་ཤེས
་ཀྱི་བུ་ནི་རུས་པའི་ཚིགས་ཀྱི་གྲངས་ཉིས་སྟོང་ཡོད་པར་འདོད་ཅིང་སྟོན་གྱི་ཉིས་བརྒྱ་རྩ་ཅུ་ནི་མ་ཡིན་ནོ་ཞེས་བཤད། དེའི་བཞེད་ཀྱི་རུས་པ་དང་རྒྱུས་པ་དང་ཤའི་མཚམས་དང་བཅས་པར་གྲངས་ན་སྤྱིར་ཉིས་སྟོང་ཡོད་པར་འདོད་པ
་ཡིན་ནོ། །རྒྱུས་པ་དགུ་བརྒྱ་ཞེས་པ་ལུས་འདི་ལ་རྒྱུས་པ་དགུ་བརྒྱ་ཡོད་དེ། དེ་ཡང་ཡན་ལག་རྣམས་ལ་སུམ་བརྒྱ། ཁོག་པ་ལ་སུམ་བརྒྱ། ནམ་རྩོད་ཡན་ཆད་དུ་སུམ་བརྒྱའོ། །སྐྱེས་པ་ལ། ཤ་ནི་སྤར་ཚད་ལྔ་བརྒྱ་ཡོད་ཅེས
་བྱ་བ་ལ། །སྐྱེས་པ་ལ་ཤ་སྤར་ཚད་ལྔ་བརྒྱ་ཡོད་དེ། དེ་ལས་ཀྱང་ཡན་ལག་ལ་ནི་སྤར་ཚད་བཞི་བརྒྱ་ཡོད་ལ། ཁོག་པ་ལ་དྲུག་ཅུ། ནམ་ཚོད་ཡན་ཆད་བཞི་བཅུ་ཡོད་པར་འདོད་དོ། །བུད་མེད་ཀྱི་ནུ་མ་དང། མོ་མཚན་ལ
་གནས་ཉི་ཤུས་ལྷག་ཅེས་བྱ་བ་ལ། བུད་མེད་ལ་ནི་ཤའི་སྤར་ཚད་ཉི་ཤུ་ལྷག་པར་འདོད་དེ། དེ་ལས་ཀྱང་ནུ་མས་བཅུ་ཡོད་ལ། བཅུ་ནི་མོ་མཚན་ནས་མངལ་ལ་ཡོད་དེ། རྩ་ཆེན་རྩ་བའི་སྙིང་ལ་གནས། །དེ་དག་ཀུན
་གྱིས་ལུས་ལ་ཁྱབ། །དངས་མའི་བདག་ཉིད་མདངས་སུ་གྱུར། དེ་ནི་ཕྲ་བ་ཀུན་དང་འབྲེལ། རྩ་བ་སྤོམ་ཞིང་རྩེ་རབ་ཕྲ། ལོ་མའི་རྩ་ལྟར་གྱིས་པ་ཡིན། གྱེས་པ་དེ་ལས་རྩ་ཕྲན་ནི། བདུན་བརྒྱ་དག་ཏུ་གྱུར་པ་ཡིན་ཞེས་བྱ་བ་ལ། སྙིང་གར
་གནས་པས་ན་སྙིང་གནས་ཏེ། རྩའི་གཙོ་བོ་འམ། རྩ་བ་བཅུ་པོ་སྙིང་ལ་གནས་པ་ཡིན་ལ། །དེ་ལས་གྱིས་པ་ཡིན་པས་ལུས་ཐམས་ཅད་ཁྱབ་ཅིང་དངས་མའི་རང་བཞིན་དུ་ཁ་ཟས་སྨིན་པར་འགྱུར་བ་ལས། དེའི་སྙིང་པོར་གྱུར་པ
་མདངས་ཞེས་བྱ་བར་གྱུར་པ་ཡིན་ནོ། །དེ་བཞིན་དུ་ལུས་ཀྱི་བྱ་བ་ཐམས་ཅད་ཀྱང་དེ་དང་འབྲེལ་པ་ཡིན་ནོ། །དེ་ཡང་རྩ་བ་སྦོམ་ཞིང་ཆེ་ལ་རྩེ་མོ་ནི་རབ་ཏུ་ཕྲ་ཞིང་ཤིན་ཏུ་ཕྲ་མོར་གྱེས་པ་ཡིན་ནོ། །དེ་ཡང་ལོ་མའི་རྩ་བ་ལྟར་གྱིས་པ་ཡིན
་ཏེ། སར་གཉིས་དང་སོར་གཅིག་དང་སོར་ཕྱེད་ནས་དང་ནས་ཀྱི་ཕྱེད་ཙམ་དུ་གྱེས་ཤིང་ལོ་མའི་མདབ་མ་གྱེས་པ་ལྟར་འདྲ་བར་གནས་ཤིང་དུ་མར་གྱིས་པ་ཡིན་ནོ། །དེ་བས་ན་རྩ་ཕྲན་དེ་རྣམས་ནི་བདུན་བརྒྱ་ཡོད་པ་ཡིན་ནོ། །དེ་ལ་ཡན
་ལག་རེ་རེ་ཞིང། །བརྒྱ་བརྒྱ་དེར་ནི་གནས་པ་ཡིན། །ཞེས་བྱ་བ་ལ། དེས་ན་ཡན་ལག་བཞི་བཞི་བརྒྱད་ཡོད་དོ། །ཡན་ལག་རེ་རེ་ཞིང་རྩ་བརྒྱ་བརྒྱ་ཡོད་དོ། །ཞེས་བྱ་བའི་དོན་ནོ། །དེ་ལ་དབུག་པར་མི་བྱ་བར། །རྩ་ལི་དྲ
་པ་འཛིན་ཞེས་བྱ། །ནང་ན་གནས་པའི་གསུམ་པོ་ཡིན་ཞེས་བྱ་བ་ལ། རྩ་བརྒྱ་པོ་དེ་དག་གི་ནང་ནས་དྲ་བ་འཛིན་པ་ཞེས་བྱ་བའི་རྩའི་དྲ་བ་གོང་དུ་བཤད་པ་དེ་དག་འཛིན་པའི་རྟེན་ལ་གཙགས་བུ་གདབ་པར་མི་བྱ་སྟེ། དེ་ལྟ
་བུའི་རྩ་དང་ནང་ན་གནས་པའི་རྩ་གསུམ་སྟེ། རྩ་བཞི་པོ་མཚོན་གྱིས་གདབ་ཅིང་གཙགས་བུས་དབུག་ཏུ་མི་རུང་ངོ། །དེ་བཞིན་དུ་གཉིས་པ་ལ་བརླ་དང་དཔུང་པའི་རྩ་གཉིས་དབུག་ཏུ་མི་རུང་བ་ཡིན་ནོ། །རྐེད་པར་བཅུ་དྲུག་ཕྲག་གཉིས་ཏེ། །དེ
་ལས་བརླའི་རྩར་གཉིས་གཉིས་དང། རྐེད་པའི་གནས་རྣམས་གཉིས་གཉིས་ཏེ། དེ་བརྒྱད་གཙགས་བུས་གདབ་མི་བྱ། ཞེས་བྱ་བ་ལ། རྐེད་པའི་གནས་དང་རྩ་བཅུ་དྲུག་ཕྲག་གཉིས་ཏེ། སུམ་ཅུ་རྩ་གཉིས་ཡོད་པ་ལ། རྩ་དེ་བདག
་གི་ནང་ནས་བརླའི་རྩ་གཉིས་གཉིས་དང། རྐེད་པ་གཞོན་ནུའི་རྩ་གཉིས་གཉིས་ཏེ་གནད་ཀྱི་རྩ་བརྒྱད་པོ་དེ་དག་གཙགས་བུས་གདབ་ཏུ་མི་རུང་པས་ན་མཚན་གྱི་ལས་མི་བྱའོ་ཞེས་བྱ་བའི་དོན་ནོ། །རྩིབ་ལོགས་གཉིས་གཉིས་ལ་རྩ་བཅུ
་དྲུག་།དེ་ལས་གྱེན་འགྲོ་ཞེས་བྱ་སྤང་ཞེས་བྱ་བ་ལ་རྩིབ་ལོགས་གཉིས་གཉིས་ལས་རྩ་བཅུ་དྲུག་ཡོད་པ་ལས། དེ་ལས་གྱེན་དུ་འགྲོ་བའི་རྩིབ་ལོགས་ཀྱི་མཚམས་ན་གནས་པ་ཞེས་བྱ་བ་གཙགས་བུས་གདབ་ཏུ་མི་རུང་ངོ། །རྒྱབ་ཏུ་རྩ་ནི
་ཉི་ཤུ་བཞི། །སྐལ་ཚིགས་ཀྱི་ནི་ངོས་གཉིས་ན། །དེ་ལས་གཉིས་གཉིས་གྱེན་འགྲོ་བ། །མཚན་གྱིས་གདབ་པར་མི་བྱའོ། །ཞེས་བྱ་བ་ལ་རྒྱབ་ན་གནས་པའི་རྩ་ཉི་ཤུ་རྩ་བཞི་ཡོད་པ་དེ་ལས་སྒལ་ཚིགས་ཀྱི་ངོས་གཉིས་ན་རྩ་གཉིས
་གཉིས་ཡོད་པ་གྱེན་དུ་འགྲོ་བའི་རྩ་གཞི་ནི་གཙགས་བུས་གདབ་པར་མི་བྱའོ། རྒྱབ་བཞིན་ལྟོ་ན་གནས་རྩ་དེ། ཕོ་མཚན་སྟེང་ན་གནས་པ་དང། སྤུ་ཡི་ཕྲེང་བ་ངོས་གཉིས་རྩ། །གཉིས་གཉིས་མཚོན་གྱི་མི་གདབ་པོ། ཞེས་བྱ་བ་ལ
་རྒྱབ་ཀྱི་སྒལ་ཚིགས་ཀྱི་རྩ་དང་འདྲ་བར་ལྟོ་ལ་ཉི་ཤུ་རྩ་བཞི་ཡོད་དེ། རྩ་དེ་དག་གི་ནང་ནས་ཕོ་མཚན་གྱི་སྟེང་ན་གནས་པའི་རྩ་དང། སྤུའི་ཕྲེང་བའི་ངོས་གཉིས་ན་གནས་པའི་རྩ་གཉིས་གཉིས་མཚོན་གྱིས་གདབ་པར་མི་བྱའོ། །བྲང་ལ་གནས
་པ་བཞི་བཅུ་ལས། །བཅུ་བཞི་དབུག་པར་མི་བྱ་སྟེ། །ནུ་མཛིད་དེའི་བྱ་བ་དང། །སྙིང་ག་དག་ནི་སོ་སོར་གཉིས། །གནོད་བྲལ་གཉིས་ནི་གཉིས་པོ་དང། །མི་གསལ་ཞེས་བྱ་གཉིས་ཀྱི་གཉིས། །ཞེས་བྱ་བ་ལ་དཔལ?་རྩ་བཞི
་བཅུ་གནས་ཏེ། དེ་རྣམས་ཀྱི་ནང་ནས་རྩ་བཞི་གང་ཡིན་པ་དེ་དག་དབུག་ཅིང་དབྲལ་བར་མི་བྱ་སྟེ། དེ་ཡང་གང་དག་ཅེ་ན། ནུ་མའི་རྩེ་མོའི་རྩ་གཉིས་དང། སྙིང་གའི་རྩ་གཉིས་དང། གནོད་བྲལ་ཞེས་བྱ་བའི་གནད་དང། མི་གསལ་ཞེས
་བྱ་བའི་གནད་དང་རེ་རེ་ལ་ཡང་གཉིས་གཉིས་ཏེ་དེ་ལྟར་བཅུ་བཞིའོ། མགྲིན་པ་ལྷག་པ་འདྲ་བ་ལས། །སྔོན་པོ་མཛིད་པ་ལྟག་པ་དང། །འགལ་བ་དང་ནི་མ་མོ་བརྒྱད། བཅུ་དྲུག་ཡོངས་སུ་སྤང་བར་བྱ་ཞེས་བྱ་བ་ལ་མགྲིན་པ་ན་ལྟག་པ་དང
་འདྲ་བར་ཉི་ཤུ་རྩ་བཞི་ཡོད་དོ། །དེ་ལས་སྔོན་པོ་ཞེས་བྱ་བའི་གནས་ཀྱི་རྩ་གཉིས་དང། མཛིད་པའི་རྩ་གཉིས་དང་ལྒག་པའི་གཉིས་དང། འགལ་བ་ཞེས་བྱ་བའི་གནད་ཀྱི་རྩ་གཉིས་དང། མ་མོ་ཞེས་བྱ་བ་བརྒྱད་དེ། དེ་ལྟར་རྩ་བཅུ
་དྲུག་པོ་གཙགས་བུས་མི་གདབ་པར་སྤང་བར་བྱའོ། །འགྲམ་པའི་བཅུ་དྲུག་དེ་ལས་གཉིས། །མཚམས་ནི་འབྲེལ་པར་བྱེད་པར་སྤང་ཞེས་བྱ་བ་ལ། འགྲམ་པ་གཉིས་ལ་རྩ་བཅུ་དྲུག་ཡོད་དེ། དེ་ལས་མཚམས་འབྲེལ་པར་བྱེད་པའི་རྩ་གཉིས
་གཙགས་བུས་མི་གདབ་པར་སྤང་བར་བྱའོ། །ལྕེ་ཡང་འགྲམ་པ་དང་འདྲ་དེའི། །འོག་གི་རོ་ཚོར་བྱེད་གཉིས་དང། ཚིག་འབྱིན་བྱེད་པ་གཉིས་པོ་སྤང་ཞེས་བྱ་བ་ལ། ལྕེ་ལ་ཡང་འགྲམ་པ་དང་འདྲ་བར་བཅུ་དྲུག་ཡོད་དེ། རྩ་དེ་རྣམས
་ཀྱི་ནང་ནས་ལྕེའི་འོག་གི་རྩ་རོ་ཚོར་བྱེད་པ་གཉིས་དང། དེ་བཞིན་དུ་ཚིག་འབྱིན་པར་བྱེད་པའི་རྩ་གཉིས་ཡོད་དེ། བཞི་པོ་དེ་དག་གཙགས་བུས་མི་གདབ་པར་སྤང་བར་བྱའོ། །སྣ་ཡི་རྩ་ནི་ཉི་ཤུ་བཞི། །དེ་ལ་དྲི་ཚོར་བྱེད
་གཉིས་དང། །རྐན་དུ་འགོ་བའི་རྩ་གཉིས་སྤང། །ཞེས་བྱ་བ་ལ། སྣའི་རྩ་ནི་ཉི་ཤུ་རྩ་བཞི་ཡོད་དེ། །དེ་ལས་སྣའི་གཉིས་ནི་དྲི་ཚོར་ཞིང་སྣོམ་པར་བྱེད་པས་རྩ་དེ་གཉིས་དབུག་བར་མི་བྱའོ། །དེ་བཞིན་དུ་སྣའི་རྩ་རྐན་དུ་འགྲོ་བ་གཅིག་ཡོད?
་པ་དེ་ཡང་གཙགས་བུས་མི་གདབ་པ་སྟེ། དེ་ལྟར་ན་གསུམ་སྤང་བར་བྱའོ། །མིག་གཉིས་ཀྱི་ནི་ལྔ་བཅུ་དྲུག་།འབྱེད་དང་འཛུམས་པའི་ལས་བྱེད་པ། །གཉིས་གཉིས་དང་ནི་མིག་འགྲམ་གཉིས། །དྲུག་པོ་དེ་དག་སྤང་བར་བྱའོ། །ཞེས་བྱ་བ་ལ།
་མིག་གཉིས་ལ་རྩ་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་རྣམས་ལས་མིག་འཛུམས་པ་དང་འབྱེད་པར་བྱེད་པའི་རྩ་གཉིས་གཉིས་དང་དེ་བཞིན་དུ་མིག་འགྲམ་གྱི་རྩ་གཉིས་ཏེ། དེ་ལྟར་དྲུག་པོ་དེ་དག་གཙགས་བུས་མི་གདབ་སྟེ་སྤང་བར་བྱའོ། །མིག
་དང་སྣར་གནས་དཔྲལ་བ་ལ། །བརྟོན་པའི་རྩ་ནི་དྲུག་ཅུ་ལས། །བཞག་པ་གཅིག་དང་གཙུག་གི་གཉིས། །སྐྲ་མཚམས་གནས་པའི་རྩ་བཞི་སྟེ། །བདུན་པོ་དེ་དག་མཚོན་གདབ་སྤང། ཞེས་བྱ་བ་ལ། མིག་དང་སྣར་གནས་ཤིང་བརྟེན
་པའི་རྩོ་དཔྲལ་བར་འདུས་པ་བཅུ་དྲུག་ཡོད་དེ། རྩ་དེ་རྣམས་ཀྱི་ནང་ནས་གཞག་པ་ཞེས་བྱ་བ་གནད་ཀྱི་རྩ་གཅིག་དང་གཙུག་འཁྱིལ་པའི་གནད་རྩ་གཉིས་དང། དེ་བཞིན་དུ་སྐྲ་མཚམས་ཀྱི་རྩ་བཞི་སྟེ་བདུན་པོ་དེ་དག་ལ་གཙགས་བུས
་གདབ་པར་མི་བྱའོ། །རྣ་བར་བཅུ་དྲུག་དེ་ལས་འདིར། །སྒྲ་ཐོས་བྱེད་པའི་རྩ་གཉིས་སྤང། ཞེས་བྱ་བ་ལ། རྣ་བ་ལ་རྩ་བཅུ་དྲུག་ཡོད་དེ། དེ་དག་ལས་སྐབས་འདིར་སྒྲ་ཐོས་པར་བྱེད་པའི་རྩ་གཉིས་པོ་ལ་མཚོན་གྱིས་མི་གདབ་པོ། །དེ་ཉིད་ལས
་ནི་མུར་འགྲམ་གྱི། །མཚམས་སུ་འགྲོ་བ་གཉིས་པོ་སྤང། །ཞེས་བྱ་བ་ལ། རྣ་བ་ལ་བརྟེན་པའི་རྩ་བཅུ་དྲུག་པོ་དེ་ལས་མུར་འགྲམ་གྱི་མཚམས་སུ་འགྲོ་བ་རྩ་གཉིས་པོ་ལ་མཚོན་གྱིས་མི་གདབ་བོ། །སྤྱི་བོར་བཅུ་གཉིས་དེ་ལས་ནི། །གྱེན་འགྲོ
་སྐྲ་མཚམས་བདུན་པོ་ལས། །སོ་སོའི་རེ་རེ་སྤང་བར་བྱ་ཞེས་བྱ་བ་ལ། སྤྱི་བོར་གནས་པའི་རྩ་བཅུ་གཉིས་ཡོད་དེ། དེ་དག་ལས་ཀྱང་གྱེན་དུ་འགྲོ་བ་འམ་འདེག་པ་ཞེས་བྱ་བའི་གནད་གཉིས་རྩ་རེ་རེ་དང། སྐྲ་མཚམ
་ཀྱི་རྩ་ལྔ་པོ་རེ་རེ་དང། བདག་པོ་ཞེས་བྱ་བའི་གནད་ཀྱི་གཅིག་སྟེ། དེ་ལྟར་མགོའི་རྩ་ལ་གཙགས་བུས་གདབ་པར་མི་བྱ་སྟེ་སྤང་ཞིང་དོར་བར་བྱའོ། །དེ་ལྟར་ཡན་ལག་རེ་རེའི་རྩའི། །དབྱེ་བ་དབུག་མིན་ཤེས་ཕྱི་བཤད་ཅེས་བྱ
་པ་ལ། རྣམ་པ་དེ་ལྟ་ན་ཡན་ལག་རེ་རེའི་རྩིའི་དབྱེ་བ་དབུག་ཏུ་མི་རུང་བ་དང་རུང་བ་དག་ཤེས་པར་བྱ་བའི་ཕྱིར་སོ་སོའི་དབྱེ་བ་བཤད་པ་ཡིན། །དེ་ལ་ལུས་ལ་དབུག་ནི་རུང། །མ་ལུས་དགུ་ཅུ་རྩ་བརྒྱད་ཡོད། །དོག་དང་རྩ་མདུད་ཤིན
་ཏུ་ཕྲ། ཡོ་དང་ཚིགས་ལ་གནས་མི་དབུག་།ཅེས་བྱ་བ་ལ། ལུས་ཀྱི་ཡན་ལག་དག་ལ་དབུག་ཏུ་མི་རུང་ཞིང་གཙགས་བུས་གདབ་པར་ཅི་བྱ་བའི་སྦྱིར་མ་ལུས་བས་ཐ་བདག་བསྡུས་ན་རྩ་དགུ་བཅུ་རྩ་བརྒྱད་ཡོད་དོ། །དེ་ལྟར་རྣམ་པ
་དེ་དག་གིས་དབུག་ཏུ་མི་རུང་བ་དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་རྩ་གང་དོག་ཅིང་གཅིག་ལ་གཅིག་འབྲེལ་པ་དང། རྩ་མདུད་ཆགས་པའི་གནས་དང། ཤིན་ཏུ་ཕྲ་བ་དང། ཆུང་བ་དང། ཡ་ཡོར་གནས་པ་དང། དེ་བཞིན་དུ་རུས་པའི
་ཚིགས་ལ་གནས་ཤིང་བརྟེན་པ་གང་ཡིན་པ་དེ་དག་དབུག་ཅིང་གཙགས་བུས་གདབ་པར་མི་བྱའོ། །རྩ་ནི་བདུན་བརྒྱ་དེ་རྣམས་ལས། བཞི་ཆར་ཁྲག་ནི་སོ་སོར་རྒྱུ། །རླུང་དང་མཁྲིས་པ་བད་ཀན་ཁྲག་།ནད་མེད་ཁྲག་ནི་དེ་ལྟར་གནས།
་དེ་ནི་ལུས་ལ་ཕན་འདོགས་ཏེ། །གཞན་དུ་གནོད་པ་སྐྱེད་པར་འགྱུར། །ཞེས་བྱ་བ་ལ། རྩ་བདུན་བརྒྱ་ཡོད་པ་དེ་རྣམས་ལས་རང་རང་གི་བཞི་ཆ་སྟེ། བརྒྱ་བདུན་ཅུ་རྩ་ལྔར་རླུང་གི་རང་བཞིན་ཅན་གྱི་ཁྲག་རྒྱུ་བ་དེ་བཞིན་དུ་བརྒྱ་བདུན་ཅུ
་རྩ་ལྔ་རེ་རེར་མཁྲིས་པའི་རང་བཞིན་ཅན་གྱི་ཁྲག་དང་ནད་མེད་པའི་ཁྲག་སོ་སོར་རྒྱུ་བ་ཡིན་ནོ། །དེ་ལྟར་རླུང་ལ་སོགས་པའི་ནད་གནས་ཤིང་སྙོམས་པར་འདུག་པ་ནི་ལུས་ལ་ཕན་འདོགས་ཤིང་གནས་པར་བྱེད་པ་ཡིན་ལ། གཞན་དུ་སྟེ་གོ་རིམ་འཚོལ་ཞིང
་འཁྲུགས་པར་གནས་ན་ལུས་ལ་གནོད་པ་སྐྱེད་ཅིང་ནང་དུ་འགྱུར་བ་ཡིན་ནོ། །དེ་ལ་གནག་དང་དམར་དང་ཕྲ། སྐད་ཅིག་རེ་རེ་གང་ཞིག་སྟོངས། །འགུལ་བ་རླུང་གི་ཁྲག་རྩ་ཡིན། །ཞེས་བྱ་བ་ལ། དེ་ལ་རྩ་དེ་དག་གི་ནང་ནས་རྩའི་མདོག་གནག་པ་དང།
་དམར་བར་གནས་པ་དང། ཕྲ་བ་དང། སྐད་ཅིག་རེ་རེ་ཞིང་སྟོང་པ་སྟེ། རླུང་ནི་གཡོ་བའི་མཚན་ཉིད་ཅན་ཡིན་པས་ན་ལན་འགའ་ནི་གང་ཞིང་རྒྱས་པར་སྣང་ལ། །ལན་འགའ་ནི་སྟོང་ཞིང་ཁོང་སྟོང་གི་ཚུལ་དུ་སྐད་ཅིག་རེ་རེ་འགྱུར་བ་དང།
་དེ་བཞིན་དུ་རྩ་གང་ཤིན་ཏུ་འགུལ་ཅིང་འབར་བ་གང་ཡིན་པ་དེ་ནི་རླུང་གི་ཁྲག་རྒྱུ་བའི་བརྩ་ཡིན་ནོ། །རེག་ན་ཚ་ཞིང་མྱུར་དུ་རྒྱུ། །མདོག་སྔོ་སེར་པོར་འདུག་པ་ནི། །མཁྲིས་པའི་ཁྲག་རྩའི་མཚན་མ་ཡིན། ཞེས་བྱ་བ་ལ། མཁྲིས་པའི་ཁྲག་རྒྱུ་བའི
་རྩ་གང་ཡིན་པ་དེ་ནི་རེག་ན་ཚ་བ་འུར་འུར་པོར་འདུག་པ་ཡིན་གྱི་དྲང་བར་གནས་པ་མ་ཡིན་ནོ་པ་དང། དེ་བཞིན་དུ་མྱུར་དུ་རྒྱུ་ཞིང་འབབ་པ་དང། དེ་བཞིན་དུ་མདོག་སྟོན་པོ་འམ་སེར་པོར་འདུག་པ་ཡིན་ནོ། །དཀར་སྣུམ་བརྟན་གྲང་བད་ཀན་རྩ།
་ཞེས་བྱ་བ་ལ། བད་ཀན་གྱི་ཁྲག་རྒྱུ་བའི་རྩ་བའི་རྩ་ནི་འདི་ལྟར་གནས་ཏེ། ཁ་དོག་དཀར་བ་དང། མདངས་སྣུམ་པ་དང། རྒྱུ་བ་བརྟན་ཞིང་འགྱུར་བ་མེད་པ་དང། རེག་ན་གྲང་བ་ཡིན་ནོ། །འདྲེས་པའི་མཚན་ཉིད་འདྲེན་མ་ཡིན། ཞེས་བྱ་བ་ལ་
་ལྡན་པའི་ནད་དང་འདུས་པའི་ནད་ཀྱི་རྩའི་མཚན་ཉིད་ནི་འདྲེན་མར་རྒྱུ་བ་ཡིན་ཏེ། རླུང་དང་བད་ཀན་འདྲེས་པའམ། རླུང་དང་མཁྲིས་པ་འདྲེས་པའི། གསུམ་ཆར་འདུས་པ་ལས་གྱུར་པའི་མཚན་ཉིད་ནི་རང་རང་གི་མཚན་མ་འདྲེན་མར་སྣང་བ་ཡིན་ནོ། །མི་མངོན་མཉམ་གནས
་སྣུམ་པ་དང། །མདོག་དམར་ཁྲག་རྩ་ནད་མེད་ཡིན། ཞེས་བྱ་བ་ལ་རྩ་མི་མངོན་ཞིང་ནང་དུ་ནུབ་པ་དང། །ཉམ་ཞིང་སྙོམ་པར་གནས་པ་དང། སྣུམ་ཞིང་རྩུབ་བག་མེད་པ་དང། ཁྲག་གི་མདོག་དམར་བའི་རྩ་ནི་ནང་མོད
་པའི་ཁྲག་རྒྱུ་བ་ཡིན་ནོ། །རྩ་བོ་ཆེ་ནི་ཉི་ཤུ་བཞི། །ལྟེ་བ་ལ་ནི་བརྟེན་པ་ཡིན། །དེ་རྣམས་ཀྱི་བསྐོར་ལྟེ་བ་ནི། །འཁོར་ལོའི་ལྟེ་བ་རྩིབས་བསྐོར་མཚུངས། །དེས་ནི་སྟེང་འོག་ཐད་ཀ་རུ། །ལུས་འདི་རྗེས་སུ་འཛིན་པ་ཡིན། ཞེས་བྱ་བ་ལུས
་ལ་རྩ་བོ་ཆེ་ཉི་ཤུ་རྩ་བཞི་ཡོད་པ་གང་ཡིན་པ་དེ་ནི་ལྟེ་བ་ལ་བརྟེན་ཅིང་གནས་པ་ཡིན་པ། དེ་ཡང་དེ་རྣམས་ཀྱི་ལྟེ་བ་ཡོངས་སུ་བསྐོར་བར་གནས་ཏེ། ཇི་ལྟར་ཤིང་རྟའི་ལྟེ་བ་གང་ཡིན་པ་དེ་རྩིབས་ཀྱིས་བསྐོར་ཅིང་གནས་པ་དང
་མཚུངས་པ་ཡིན་ནོ། །དེ་ལྟ་བུའི་རྩ་བོ་ཆེ་དེས་ནི་ལུས་སྟེང་དང་འོག་དང་ཐད་ཀ་དག་ཏུ་གྱེས་པས་ཕུང་པོ་འདི་རྗེས་སུ་འཛིན་ཅིང་འཚོ་བར་བྱེད་པ་ཡིན་ཏེ། རྩ་བོ་ཆེ་དེ་དག་ཀྱང་ཀུན་དགའ་ར་བའི་ཆུ་འདྲེན་པའི་ཝ་ལྟ་བུ་འམ་ཞིང་གི
་ཡུར་བ་ལྟ་བུ་ཡིན་ནོ། །རྩ་བོ་ཆེ་དེ་དག་ལས་བཅུ་ནི་སྟེང་དུ་འགྲོ་བ་ཡིན་ལ། བཅུ་ནི་འོག་ཏུ་འགྲོ་བ་ཡིན། །བཞི་ནི་ཐད་ཀར་འགྲོ་བ་ཡིན་ནོ། །བུ་ག་སྣ་དང་རྣ་བ་གཉིས། མིག་གཉིས་ཁ་རྐུབ་ཕོ་མཚན་གྱི་འོ། །ཞེས་བྱ་བ་ལ། སྐྱེས
་བ་ལ་ནི་བུ་ག་དགུ་ཡོད?་དེ། སྣའི་བུ་ག་གཉིས་དང། རྣ་བ་གཉིས་དང། མིག་གཉིས་དང། ཁ་དང། རྐུབ་དང། ཕོ་མཚན་གྱི་བུ་གའོ། །བུད་མེད་ནུ་མ་གཉིས་ཕྲག་སྒོ། །གསུམ་གྱི་ལྷག་པར་གྱུར་བ་ཡིན་ཞེས་བྱ་བ་ལ། བུད
་མེད་རྣམས་ལ་ནི་སྔ་མ་ལས་ལྷག་པར་གྱུར་པའི་བུ་ག་གསུམ་ཡོད་དེ་ནུ་མ་གཉིས་ཀྱི་བུ་ག་དང། ཟླ་མཚན་རྒྱུ་བའི་བུ་གའོ། །ནད་གི་སྲོག་གི་གནས་གྱུར་པའི། བུ་ག་བཅུ་གསུམ་ཡོད་པར་བཤད། །སྲོག་དང་ལུས་ཟུངས
་དྲི་མ་བཅུ། །ཟས་རྒྱུ་ཞེས་བྱ་བ་ལ། དེ་བཞིན་དུ་ནད་གི་བུ་ག་སྔ་མ་ལས་གཞན་པ་སྲོག་ལ་སོགས་པའི་གནས་སུ་གྱུར་པའི་བུ་ག་བཅུ་གསུམ་ཡོད་དེ། དེ་ལ་སྲོག་ཅེས་བྱ་བའི་རླུང་ནི་སྲོག་གི་གནས་སུ་རྒྱུའོ། །ལུས་ཟུང་རྒྱུ་བ་རྣམས་སུ་?་?
་སོགས་པའི་ལུས་ཟུངས་རྒྱུའོ། །དྲི་མ་རྒྱུ་བའི་གནས་སུ་བཤད་པ་དང་གཅི་བ་དང་རྡུལ་རྒྱུའོ། །ཆུ་རྒྱུ་བའི་གནས་སུ་ནི་ཆུ་འཐུངས་པ་རྒྱུའོ། །ཟས་རྒྱུ་བའི་གནས་སུ་ནི་ཟས་ཟོས་པ་རྣམས་རྒྱུ་སྟེ། དེ་ལྟར་ན་རྣམ་པ་བཅུ་གསུམ་ཡིན་ནོ། །མི་མཐུན་བསྟེན
་པ་ཡིས། །དེ་ལ་གནོད་པས་ནད་སྐྱེད་ལ། །སྐྱོན་མེད་དག་པས་བདེ་བར་བྱེད། ཅེས་བྱ་བ་ལ། བུ་ག་དེ་དག་ཟས་དང་སྤྱོད་ལམ་མི་མཐུན་ཞིང་ཕན་པ་མ་ཡིན་པ་བསྟེན་པས་དེ་ལ་གནོད་པར་གྱུར་ཅིང་འཁྲུགས་པར་བྱས་པ་ལས་ནད་རྣམས་སྐྱེད
་པར་འགྱུར་ལ་སྐྱོན་མེད་ཅིང་དག་པའི་ཟས་དང་སྤྱོད་ལམ་བསྟེན་པས་གནོད་པ་མེད་ན་བདེ་བ་ཉིད་དུ་འགྱུར་ཞིང་ནད་མེད་པ་སྐྱེད་པར་བྱེད་དོ། །རང་གི་ལུས་ཟུངས་མདོག་མཉམ་ཞིང། །ཟླུམ་དང་སྦོམ་དང་ཕྲ་བ་ཡིན། །བུ་གའི་དབྱིབས་ནི་རིང
་པོ་སྟེ། ལོ་མའི་རྩ་འཕྲོས་ལྟ་བུ་ཡིན། ཞེས་བྱ་བ་ལ་རང་གི་ལུས་ཟུངས་ནི་བཞིར་གྱུར་པའི་བུ་ག་གང་བསྟེན་པའི་ལུས་ཟུངས་དེ་དང་མདོག་མཉམ་ཞིང་མཚུངས་པ་ཡིན་ཏེ། །དེས་ན་དངས་མ་རྒྱུ་སའི་བུ་ག་ནི་ལུས་ཟུངས་ཀྱི་དངས་མ་བུ་ག་དང
་ཁ་དོག་མཚུངས་པ་ཡིན་པ་ལ་སོགས་པ་ལྟ་བུའོ། །བུ་ག་དེ་དག་ཐམས་ཅད་ལས་བུ་ག་ལ་ལ་ནི་ཟླུམ་པ་ཡིན་ལ། བུ་ག་ལ་ལ་ནི་སྦོམ་པ་ཡིན། ལ་ལ་ནི་ཕྲ་ཞིང་ཆུང་བ་ཡིན་ཏེ་བུ་ག་དེ་དག་ཐམས་ཅད་ཀྱི་དབྱིབས་ནི་རིང་པོར
་གནས་ཤིང། རྩ་སྤུབས་དེ་དག་ཀྱང་ལོ་མའི་རྩ་རྒྱུས་ཀྱི་རི་མོ་དང་མཐུན་པའི་རིང་ཐུང་དུ་མར་གྱིས་པ་ཡིན་ནོ། །ཟས་དང་སྤྱོད་ལམ་དག་གིས་གང། །ནད་ཀྱི་མཐུ་དང་མཉམ་འགྱུར་དང། གང་ཡང་ལུས་ཟུངས་མི་མཉམ་དེ། །བུ་གའི་རྒྱུན་ལ
་གནོད་བྱེད་ཡིན་ཞེས་བྱ་བ་ལ། བཟའ་བ་དང་བཏུང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཟས་གང་རླུང་ལ་སོགས་པའི་ནད་ཀྱི་མཐུ་རྩུབ་པ་ལ་སོགས་པ་དང་མཉམ་ཞིང་མཚུངས་པར་གྱུར་པ་གང་ཡིན་པ་དེ
་ནི་བུ་ག་རྣམས་འགགས་ཤིང་གནོད་པར་གྱུར་པའི་རྒྱུ་ཡིན་ནོ། །སྤྱོད་ལམ་ནི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་མཚན་ཉིད་གང་ཡིན་པ་སྟེ། དེ་ཡང་ནད་ཀྱི་མཐུ་དང་ཆ་མཉམ་པར་གྱུར་ན་བུ་ག་རྣམས་ལ་གནོད་ཅིང་འགག་པའི་རྒྱུ
་ཡིན་ནོ། །དེ་བཞིན་དུ་ལུས་ཟུངས་བདུན་པོ་ཟས་དང་སྤྱོད་ལམ་ལ་སོགས་པ་དེའི་མཐུ་དང་ནུས་པ་མི་མཉམ་ཞིང་ཡོན་ཏན་ཐ་དད་པར་གྱུར་པ་གང་ཡིན་པ་དེ་དག་ཀྱང་བུ་གའི་རྒྱུན་ལ་གནོད་ཅིང་འགག་པའི་རྒྱུ་ཡིན་ནོ། །མང་དུ་འབྱུང
་བ་འམ་འགག་པ་འམ། རྩ་ནི་མདུད་པ་ཆགས་པ་དང། །ལམ་གཞན་དག་ཏུ་འགྲོ་བ་ནི། །བུ་གའི་རྒྱུན་འཁྲུགས་མཚན་ཉིད་ཡིན་ཞེས་བྱ་བ་ལ། བུ་ག་ལ་མང་དུ་འབྱུང་བ་ནི་ཇི་ལྟར་གཅིན་འབབ་པའི་བུ་ག་ལས་གཅིན་སྙི་པའི
་ནད་ལྟར་མང་དུ་བྱུང་བ་དང། འགག་པ་ནི་མི་འབྱུང་བ་འམ་ཅུང་ཟད་འབྱུང་བ་སྟེ་གཅིན་སྲི་བའི་ནད་ལྟ་བུའོ། །དེ་བཞིན་དུ་བཤད་བ་འབྱུང་བའི་བུ་ག་ལས་ཚད་པ་འཁྲུ་བ་ལྟར་བཤད་པ་ལྷག་པར་འཁྲུ་བ་ནི་མང་དུ་འབྱུང་བའོ།།
་འགགས་པ་ནི་བཤད་པ་ཉུང་ཟད་བྱུང་བ་འམ། ཡང་ན་རྟུག་འགགས་ཀྱི་ནད་ལྟར་ཐམས་ཅད་ནས་ཐམས་ཅད་འབྱུང་བར་མི་འགྱུར་བ་དེ་ནི་བུ་གའི་རྒྱུན་འཁྲུགས་ཤིང་གནོད་པ་དང་ལྡན་པའི་མཚན་ཉིད་ཡིན་ཏེ་དེ་བཞིན་དུ་གཞན
་དག་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་རྩ་ལ་མདུད་པ་ཆགས་པར་གྱུར་པ་དང། དེ་བཞིན་དུ་ལམ་གཞན་དུ་འགྲོ་བ་སྟེ། རང་གི་རྒྱུ་བའི་ལམ་སྤངས་ནས་ལམ་གཞན་དུ་འགྲོ་བ་དེ་ཡང་བུ་ག་ལ་གནོད་པ་ཡོད་ཅིང་འཁྲུག་པའི་མཚན་ཉིད
་ཡིན་ནོ། །པད་མའི་རྩ་བ་ཕྲ་མོ་ལས། །རིང་དུ་རྒྱུ་བར་བྱེད་པ་ལྟར། །གང་གིས་དངས་མ་ཉེར་འཕེལ་ལ། །ལུས་ཀྱི་སྒོ་ནི་བུ་ག་ཡིན། ཞེས་བྱ་བ་ལ། ཇི་ལྟར་པདྨའི་རྩ་བའི་སྤུབས་ཤིན་ཏུ་ཕྲ་བའི་བུ་ག་ལས་རིང་དུ་རྒྱུ་བར་བྱེད་ཅིང་ཐམས་ཅད་ལ་ཁྱབ་པར་བྱེད་པ
་དེ་བཞིན་དུ་བུ་གའི་སྒོ་གང་ནས་ལུས་འདི་ལ་དངས་མ་ཉེ་བ་སོགས་ཤིང་འཕེལ་བར་འགྱུར་བའི་སྒོ་ནས་གང་ནས་ལུས་མ་ལུས་པ་ཁྱབ་པར་བྱེད་པ་དེ་ནི་བུ་ག་ཞེས་བྱའོ། །བུ་ག་རྣམས་ནི་བརྟོལ་གྱུར་ན། །འདར་མྱོས་ལྟོ་སྦོས་ཀྱུག་དང་རིམས། །བླ་དང
་གཟེར་དང་བཤད་ཅི་འགགས། །ཡང་ན་འཆི་བ་ཉིད་དུ་འགྱུར། ཞེས་བྱ་བ་ལ། བུ་ག་བརྟོལ་ཞེང་ཕུག་པར་གྱུར་ན་འདར་བ་ལ་སོགས་པ་འབྱུང་བར་འགྱུར་བའམ། ཡང་ན་འཆི་ཞིང་དུས་བྱེད་པ་ཉིད་དུ་འགྱུར་རོ། །དེ་ལ་འདར་བ་ནི་ལུས་གཡོ
་ཞིང་འགུལ་བའོ། །མྱོས་པ་ནི་སེམས་སྟོར་བའོ། །ལྟོ་སྤོས་པ་ནི་དབུགས་ཀྱིས་ཁེངས་པའོ། །དེ་བས་སྨན་པས་བུ་ག་བལྟོ་ལ། །རེ་ཐག་བཅད་དེ། གསོ་བར་བྱའོ། །ཕྲལ་དུ་རྨ་བྱུང་ཆོ་ག་ཡིས། །འབད་དེ་ཟུག་རྔུ་བྱུང་བར་བྱ། །ཞེས་བྱ་བ་ལ། དེ་ལྟར
་སྲོག་དང་བྲལ་བའི་ཉེས་པ་དེ་བས་ན་སྨན་པ་དག་གིས་བུ་ག་བརྟོལ་བའི་ནད་པ་ལ་རེ་ཐག་བཅད་ཅིང་བཟློག་སྟེ་བྱ་བ་འདིས་ནི་ངེས་པར་འཆི་བ་ཡིན་ནོ་ཞེས་སྨྲས་ལ། མཚོན་གྱི་ཟུག་རྔུ་དེ་ཕྱུང་ནས་འབད་དེ་གསོ་བར་བྱའོ། །དེ་ཡང
་ཇི་ལྟར་དབྱུང་ཞེ་ན། ཕྲལ་དུ་ཟུག་རྔུ་དབྱུང་བའི་ཆོ་ག་སྔར་བཤད་པ་ལྟར་དབྱུང་བར་བྱའོ། །ཟས་འཇུ་བྱེད་པས་མཁྲིས་པ་ནི། འཇུ་བྱེད་ཡིན་ཞེས་སྔར་བཤད་དོ། །ཞེས་བྱ་བ་ལ། ཟས་འཇུ་བར་བྱེད་པ་ནི་མཁྲིམ་པ་ལྔའི་ཁྱད་པར
་ཟས?་འཇུ་བར་བྱེད་པ་ཞེས་བྱ་བའི་མཁྲིས་པ་ཡིན་ནོ། །ཞེས་སྔར་ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ། །ནད་དང་ལུས་ཟུངས་དྲི་མ་ཡི། དྲོད་ཡིན་ཞེས་ནི་རྒྱུན་ཤེས་ཟེར། ཞེས་བྱ་བ་ལ། དྲང་སྲོང་རྒྱུན་ཤེས
་ཀྱི་བུ་ནི་ནད་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་དྲོད་དེ་རླུང་ལ་སོགས་པའི་ནད་རྣམས་དང། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང། བཤང་གཅི་ཞེས་བྱ་བའི་དྲི་མ་དེ་རྣམས་ཀྱི་དྲོད་ནི་མེ་དྲོད་དེ། ནད་དང
་ལུས་ཟུངས་དང་དྲི་མ་རྣམས་འདུས་པ་ལས་བྱུང་བའི་ནང་གི་མེ་དྲོད་ཇི་སྐད་དུ་བསྟན་པའི་མེའི་ལས་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཟས་ཀྱི་གནས་ཡིན་ཞིང། །འཛིན་ཅིང་འཛིན་བྱེད་ཅེས་བསྟན་ཏོ། །ཞེས་བྱ་བ་ལ། འཇུ་བར་བྱེད
་པ་ཞེས་བྱ་བའི་མཁྲིས་པ་དང། མེ་དྲོད་ནི་ཟས་ཀྱི་གནས་ཡིན་ཞིང་ཟས་དེ་ཉིད་འཛིན་ཅིང་ཆགས་པར་བྱེད་པའོ་ཞེས་བཤད་དོ། །དེ་ཉིད་ཐང་ལ་བར་གཞུང་གིས། །མཁྲིས་པ་འཛིན་པའི་ཆ་རུ་བཤད། ཅེས་བྱ་བ་ལ། འཛིན་པ་དེ
་ཉིད་ནི་དྲང་སོང་ཐང་ལ་བར་གྱིས་གཞུང་ངམ་ཕྱོགས་ཀྱིས་དེ་མཁྲིས་པས་འཛིན་པའི་ཆ་ཡིན་ནོ་ཞེས་བཤད་དོ། །ཚེ་དང་ནད་མེད་བརྩོན་གཟི་མདངས། །ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཞུ་བའི་གནས་ཀྱི་སྒོར་ཞུགས་པ
་ཟས་ཀྱི་ལམ་གྱི་སྒོ་གཏན་ཡིན། ཞེས་བྱ་བ་ལ། འཛིན་པ་དེ་ཉིད་ཞུ་བའི་གནས་ཀྱི་སྒོ་ན་འདུག་པར་གྱུར་ན། ཚེ་འཕེལ་བར་བྱེད་པ་དང་ནད་མེད་པ་ལ་སོགས་པ་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཟས་ཀྱི་ལམ་ཞུ
་བའི་གནས་ཀྱི་ནང་དུ་འགྲོ་བའི་གགས་བྱེད་པ་ཡིན་ཏེ། སྒོ་འབྱེད་པའི་གགས་བྱེད་པ་ནི་སྒོ་གཏན་ཡིན་པ་དང་འདྲ་བར་འདིར་ཡང་ཞུ་བའི་གནས་ཀྱི་སྒོར་འདུག་སྟེ་མ་ཞུ་བའི་གནས་དང། ཞུ་བའི་གནས་ཀྱི་ནང་ནས་དེས
་ཀྱང་མེ་དྲོད་སྐྱེས་བས་མ་ཞུ་བའི་གནས་ནས་ཞུ་བའི་གནས་སུ་འགྲོ་བར་སྡོག་པའི་ཟས་སྟོབས་ཀྱིས་བཀག་ནས་མཁྲིས་པའི་མེ་དྲོད་ཀྱིས་སྨིན་ཅིང་སྐེམས་པར་བྱེད་དོ། །དེ་ནི་སྟོབས་ལྡན་ཟོས་པ་རྣམས། ཞུ་ནས་ཐུར་དུ་འདྲེན
་པར་བྱེད། །སྟོབས་གཞན་གྱུར་ན་ཁ་ཟས་ནི། །མ་སྨིན་ཉིད་དུ་འགྱུར་པར་བྱེད། །ཅེས་བྱ་བ་ལ། འཛིན་པར་བྱེད་པ་ཞེས་བྱ་བ་སྟེ་སྟོབས་དང་ལྡན་པར་གྱུར་པ་ན་ཁ་ཟས་ཟོས་པ་རྣམས་མ་ཞུ་བའི་གནས་སུ་བཀག་ཅིང་སྟོབས
་ཀྱིས་བཀག་ནས་སྨིན་ཅིང་ཞུ་བར་བྱས་ཏེ། དེའི་འོག་ཏུ་ཟས་དེ་དྲི་མ་ནི་རྣམ་པར་ཞུ་བའི་གནས་སུ་འདྲན་པར་བྱེད་ལ། དེ་ནི་སྟོབས་དང་ལྡན་པ་ལས་གྱུར་གྱི་སྟོབས་གཞན་པ་ལས་ནི་མ་ཡིན་ནོ། །གལ་ཏེ་འཛིན་པ་ཞེས་བྱ་བ་སྟེ། སྟོབས་དང
་ཅིང་ཉམ་ཆུང་བར་གྱུར་པ་ལ། ནད་ཀྱིས་ཉེན་པ་ཡིན་ནོ། །ཁ་ཟས་མ་ཞུ་ཞིང་མ་སྨིན་པ་ཉིད་དུ་འབྱུང་ཞིང་དོར་བར་བྱེད་དོ། །འཛིན་བྱེད་སྟོབས་ནི་མེ་དྲོད་དེ། །དེ་ཡང་འཛིན་བྱེད་སྟོབས་ཅན་ཡིན། །དེ་བས་མེ་དྲོད་ཉམས་གྱུར་ན། །འཛིན་བྱེད་ནད
་ནི་སྐྱེད་པར་བྱེད། ཅེས་བྱ་བ་ལ། འཛིན་བྱེད་དེའི་སྟོབས་ནི་འཇུ་བར་བྱེད་པ་ཞེས་བྱ་བའི་མེ་དྲོད་ཡིན་ལ། །མེ་དྲོད་དེའི་སྟོབས་ཀྱང་འཛིན་བྱེད་ཡིན་ཏེ། དེ་ལྟར་ན་གྲུབ་པ་དང་བདེ་བའི་སྦྱོར་བ་གཅིག་གིས་དེ་གཉིས་ལུས་གནས་པར་བྱེད་པ་ཡིན་ནོ།
་རྒྱུ་དེ་བས་ན་ཁོང་པའི་མེ་དྲོད་ཉམས་ཤིང་བྲི་བར་གྱུར་ན་འཛིན་པ་ཞེས་བྱ་བ་དེ་ནད་འབྱུང་བར་བྱེད་པའི་རྒྱུར་འགྱུར་རོ། །ཟས་གང་ལུས་ཀྱི་ལུས་ཟུངས་མདངས། །སྟོབས་དང་ཁ་དོག་སོགས་རྒྱུས་བྱེད། །དེ་རྒྱུས་ཁ་ཟས་མེ་དྲོད་ནི། །མི་འཇུ
་དངས་མ་སོགས་མི་འགྱུར། ཞེས་བྱ་བ་ལ། གང་ཟས་འདི་ཟོས་ཤིང་བརྟེན་པས་ལུས་དང་ལུས་ཟུངས་ལ་སོགས་པ་རྒྱས་ཤིང་འཕེལ་བར་བྱེད་པ་དེའི་རྒྱུ་ནི་མེ་དྲོད་ཁོ་ན་ཡིན་ཏེ། གང་གི་ཕྱིར་ཁ་ཟས་མི་ཞུ་བ་ལས་རྙིངས་མ་དང་ཁྲག་ལ་སོགས
་པར་མི་འགྱུར་ཏེ། དེ་བས་ན་ལུས་དང་ལུས་ཟུངས་ལ་སོགས་པ་རྒྱས་པར་བྱེད་པ་ལ་ནི་ཐམས་ཅད་དུ་མེའི་དྲོད་ཀྱིས་འཇུ་བའི་བྱ་བའི་རྫོགས་པར་བྱ་བའི་ཕྱིར་མེ་དྲོད་ཁོ་ན་རྒྱུའི་གཙོ་བོ་ཡིན་ནོ། །ཟས་ནི་དུས་སུ་ཟོས་གྱུར་པ། ལྟོ་བར་སྲོག་གི་རླུང
་གིས་དྲངས། སྐོམ་གྱིས་གོང་བོ་རྣམ་པར་དབྱེ། །སྣུམ་གྱིས་གཉེན་པར་བྱས་པ་ཡིན། །མེ་མཉམ་གནས་ཀྱིས་བུས་གནས་ནི། །མ་ཞུའི་གནས་ནས་རྣམ་སྨིན་བྱེད། །ཕྱི་ཡི་སྣོད་གནས་འབྲས་ཆུ་ལྟར། །ལྟོ་བའི་མེ་ཡིས་ཞུ་བར
་བྱེད། ཅེས་བྱ་བ་ལ། ཟས་སུ་ཟ་བའི་ཁ་ཟས་དུས་སུ་སྟེ། བཤང་བ་དང་གཅི་བ་གསལ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ཚུལ་དུ་ལོངས་སྤྱད་པར་གྱུར་ན། ལྟོའི་གནས་སུ་སྲོག་ཅེས་བྱ་བའི་རླུང་གིས་དྲ་བས་ཞིང་བཅུག་ནས་སྐོམ་གྱིས
་རྣམ་པ་གཤེར་བའི་རྫས་ཆུ་དང་འོ་མ་དང་ཆང་ལ་སོགས་པ་གོང་པོར་གནས་པ་རྣམ་པར་ཕྱེ་ཞིང་བཤིག་པར་གྱུར་པ་དང། སྣུམ་གྱིས་རྫས་མར་ལ་སོགས་པས་མཉེན་ཞིང་འཇམ་པ་ཉིད་དུ་བྱས་པ་ཡིན་ལ། དེ་བཞིན་དུ་མ་ཞུ་བའི་གནས་ན
་འདུག་པ་ན་སྨིན་ཅིང་འཇུ་བར་བྱེད་པ་ཡིན་ལ། དེ་ཡང་མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་གིས་དེ་ཉེ་བར་སྤར་ཞིང་བུས་ནས་སྨིན་ཅིང་འཇུ་བར་བྱེད་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཕྱིའི་མེས་སྣོད་ཀྱིས་ནང་ན་གནས་པའི་ས་དང་ཆུ་འཚེད་ཅིང་སྨིན
་པར་བྱེད་པ་དང་འདྲ་བར་ལྟོ་བའི་མེས་ཀྱང་སྨིན་ཅིང་བཞུ་བར་བྱེད་པ་ཡིན་ནོ། །དང་པོར་རོ་དྲུག་ཟས་ཀྱང་ནི། །མངར་བ་ཉིད་དུ་གྱུར་ནས་ནི། །སྤུ་བ་ཅན་འགྱུར་བད་ཀན་འགྱུར་ཞེས་བྱ་བ་ལ། ཁ་ཟས་རོ་དྲུག་པོ་དེ་དག་ཀྱང་དང་པོའི་གནས
་སྐབས་ལ་བབ་པའི་ཚེ། ལྟོ་བའི་མེ་དྲོད་ཀྱིས་འཇུ་བར་བྱེད་པས་ན། །ཁ་ཟས་རོ་དྲུག་ཅར་ཟོས་སུ་ཟིན་ཀྱང་རོ་མངར་བ་ཉིད་དུ་གྱུར་ཅིང་མངར་བའི་རང་བཞིན་གྱིས་བད་ཀན་གྱི་ནད་ཀློང་ཞིང་དེའི་མཚན་ཉིད་ཅན་དུ་གྱུར་པ་དང། སྦུབ
་ཅན་ལྦུ་བ་འདྲ་བ་ཉིད་དུ་འགྱུར་རོ། །ཞུ་བའི་གནས་ནས་འཕོ་བ་ན། །རྣམ་པར་ཚ་བས་སྐྱུར་ཉིད་འགྱུར། །མཁྲིས་འགྱུར། ཞེས་བྱ་བ་ལ། དང་པོའི་གནས་སྐབས་འདས་ནས་གནས་སྐབས་བར་མ་ལ་བབ་པའི་ཚེ། ལྟོ་བའི་མེ་དྲོད་ཀྱིས
་སྨིན་པར་བྱེད་ཅིང་འཇུ་བར་བྱེད་པས་ན། རྣམ་པར་ཚ་བས་སྐྱུར་པ་ཉིད་དུ་གྱུར་པས་མཁྲིས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཟས་དེ་ཞུ་བའི་གནས་ནས་འཕོ་བ་ན་མཁྲིས་པ་སྐྱེས་པ་ཡིན་པའི་ཕྱིར་རོ། །འཕོས་པའི་རྗེས་ལ་ནི། མེ་དྲོད་ཀྱིས་སྐབས་ཞུ
་བ་དང། །ཁ་ཞིང་གོང་བུར་འགྱུར་རླུང་སྐྱེད། ཅེས་བྱ་བ་ལ། ཟས་དེ་མ་ཞུ་བའི་གནས་སུ་འཕོས་ཞིང་ཞུ་བའི་གནས་སུ་ཕྱིན་པ་དང། ཁོང་བའི་མེ་དྲོད་ཀྱིས་བསྐམས་པ་དང། རོ་ཁ་བ་དང་གོང་བུར་བསྡུས་པར་གྱུར་པ་ན། གནས་སྐབས་གསུམ
་པར་སྲ་བར་གྱུར་པ་ཡིན་ཏེ། དེའི་ཚེ་ན་རླུང་སྐྱེད་པར་བྱེད་པ་ཡིན་ནོ། །ས་དང་ཆུ་དང་མེ་དང་རླུང་དང། ནམ་མཁའ་བཅས་པའི་དྲོད་ལྔ་པོ། །རང་རང་ཡོན་ཏན་ཟས་ལྔ་ཡི། །ས་སོགས་ཀྱིས་སྨིན་དེ་འོག་ཏུ། །དེ་དག་རང་རང་ཇི་བཞིན་རྒྱས།།
་སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། །ས་རུ་གཏོགས་པས་ས་ཉིད་དང། །ལྷག་མས་ལུས་གཏོགས་ལྷག་མ་རྒྱས་ཞེས་བྱ་བ་ལ་སོགས་པའི་མེ་དྲོད་རླུང་དང་བཅས་པར་གནས་པ་ལྔ་པོ་དག་གིས་ཟས་ཀྱི་ཡོན་ཏན་ལྔ་པོ་ལྕི་བ་ལ་སོགས་པ་རང
་རང་གི་ཡོན་ཏན་ས་ལ་སོགས་པ་རྗེས་སུ་མཆེད་ཅིང་སྨིན་པར་བྱེད་ལ། །དེའི་འོག་ཏུ་ས་ལ་སོགས་པ་དེ་དག་རང་རང་གི་ཡོན་ཏན་གང་ཡིན་པ་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་གནས་ཤིང་འཕེལ་བར་བྱེད་དོ། །དེ་ཡང་སོ་སོ་ནས་ཐ་དད་པར
་བྱེད་པ་ཡིན་ཏེ། །དེ་ཡང་ས་རུ་གཏོགས་པའི་འབྱུང་བ་ཆེན་པོས། །ལུས་ལ་སོགས་པའི་སའི་ཡོན་ཏན་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ལ། ལྷག་མ་སའི་ཡོན་ཏན་ནས་གཞན་པ་མེ་དང་ཆུ་དང་རླུང་དང་ནམ་མཁའ་རྣམས་ཀྱིས་ཀྱང་སའི
་ཡོན་ཏན་ལ་མ་གཏོགས་པ་ལྷག་མ་རང་རང་གི་ཡོན་ཏན་རྣམས་ལུས་ལ་གནས་པ་རྒྱས་ཤིང་འཕེལ་བར་བྱེད་པ་ཡིན་ནོ། །ཟས་དེ་ཞུ་བའི་ཚིགས་མ་དང། དངས་མ་ཞེས་བྱ་གཉིས་སུ་འགྱུར་ཞེས་བྱ་བ་ལ། ཟས་དེ་ཞུ་བའི་ཚེ་རྣམ་
་པ་གཉིས་སུ་འགྱུར་ཏེ། ཚིག་མའི་ཚུལ་ཅན་དང་དངས་མའི་ཚུལ་ཅན་ནོ། །དེ་ལ་ཟས་ཀྱི་ཚིགས་མ་སླ། གཅིན་འགྱུར་བསྐ་བ་བཤད་བར་འགྱུར། ཞེས་བྱ་བ་ལ། དེ་ལ་ཚིགས་མ་དང་དངས་མ་དེ་གཉིས་ལས་ཟས
་ཀྱི་ཚིགས་མའི་དངས་མར་གྱུར་པ་དེ་ནི་གཅིན་ཡིན་པར་ཤེས་པར་བྱ་ལ། ཚིགས་མའི་བསྐ་བ་གོང་བུ་གྱུར་པ་དེ་ནི་བཤད་བར་ཤེས་པར་བྱའོ། །དངས་མ་ལུས་ཟུངས་རང་རང་གི་།མེ་དྲོད་ཀྱིས་སྨིན་རྣམ་བདུན་འགྱུར། ཞེས་བྱ་བ་ལ།
་ཟས་ཀྱི་དངས་མ་བཅུད་དུ་གྱུར་པའི་དང་བའི་བདག་ཉིད་ཅན་གང་ཡིན་པ་དེ་ལུས་ཟུངས་རང་རང་གི་མེ་དྲོད་ཀྱིས་ཡང་སྨིན་ཅིང་ཆོས་པར་བྱས་པ་ན་རྣམ་པ་བདུན་དུ་འགྱུར་རོ། །དངས་མ་ལས་ཁྲག་དེ་ལས་ཤ། ཤ་ལས་ཚིལ་ཏེ་དེ
་ལས་རུས། རུས་རྐང་དེ་ལས་ཁུ་བ་ཡིན། །ཁུ་བ་ལས་སམ་ངལ་གནས་འགྱུར། ཞེས་བྱ་བ་ལ། ལུས་ཟུངས་ཀྱི་དང་པོ་དངས་མ་ལས་ནི་ཁྲག་ཏུ་འགྱུར་རོ། །ཁྲག་དེ་ལས་ནི་ཤ་རུ་འགྱུར་ལ། ཤ་ལས་ནི་རུས་པའོ། །རུས་པ་ལས་ནི
་རྐང་དུ་འགྱུར་རོ། །རྐང་ལས་ནི་ཁུ་ཆུར་འགྱུར་རོ། །ཁུ་ཆུ་ལས་ནི་མངལ་དུ་གནས་ཤིང། བུ་ཆགས་པའི་རྒྱུར་འགྱུར་རོ། །ལུས་ཟུངས་ཚིགས་མ་རིམ་བཞིན་དུ། །བད་མཁྲིས་བུ་གའི་དྲི་མ་དང། རྡུལ་དང་སེན་མོ་བ་སྤུ་དང། མིག
་པགས་བཤང་སྣུམ་དངས་མ་ཡིན། ཞེས་བྱ་བ་ལ། དེ་ལ་ལུས་ཟུངས་ཀྱི་ནང་ན་དངས་མའི་ཚིགས་མ་ནི་བད་ཀན་ནོ། །ཁྲག་གི་ཚིགས་མ་ནི་མཁྲིས་པའོ། །ཤའི་ཚིགས་མ་ནི་བུ་ག་སྟེ། རྣ་བ་དང་མིག་དང་སྣ་དང་ཁ་དང་བ
་སྦུའི་བུ་ག་དང། བཤང་སྒོ་དང་མཚན་གྱི་ནང་ནས་གང་དག་འབྱུང་བ་རྣམས་སོ། །ཚིལ་གྱི་ཚིགས་མ་ནི་གང་ལུས་ཀྱི་ནང་ནས་རྡུལ་བྱུང་བའོ། །རུས་པའི་ཚིགས་མ་ནི་མིག་དང་སེན་མོ་དང་བ་སྦུ་རྣམས་སོ་རྐང་གི་ཚིགས་མ་ནི་མིག
་དང་པགས་པ་དང་བཤང་བའི་ཡུལ་སྣུམ་པའོ། །ཁུ་ཆུའི་ཚིགས་མ་ནི་ལུས་ཟུངས་ཐམས་ཅད་ཀྱི་མདངས་སུ་གྱུར་པའོ། །དེ་ལྟར་རིམ་བཞིན་དུ་སྦྱར་བ་ཡིན་ཏེ་ཚིགས་མ་ཞེས་བྱ་བ་ནི་དྲི་མ་ལ་བྱ་བའི་དོན་ནོ། །དེ་ལྟར་ལུས་ཟུངས་སྨིན་པ་ལས། །དངས་མ
་ཚིགས་མ་གཉིས་སུ་འགྱུར་ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པས་དངས་མ་ལ་སོགས་པའི་ལུས་ཟུངས་ནམས་ནི་མེ་དྲོད་ཀྱིས་སྨིན་པར་བྱས་པ་ལས། དངས་མ་དང་ཚིགས་མ་སྟེ། གཉིས་སུ་འགྱུར་ཞིང་རྣམ་པ་གཉིས་ཁོ་ནར་གནས་པ་ཡིན་ནི།
་ལུས་ཟུངས་སྣུམ་ནི་གཅིག་ལ་གཅིག་།ཕན་ཚུན་ཉེ་བར་བརྟེན་པ་ཡིན། ཞེས་བྱ་བ་ལ། ལུས་ཟུངས་རྣམས་ནི་སྣུམ་ནི་དངས་པའི་སྙིང་པོ་དེ་ལུས་ཟུངས་ཀྱི་སྣུམ་ནི་གཅིག་ལས་གཅིག་ཏུ་བརྒྱུད་ཅིང་ཟས་ཀྱི་རོའི་བཅུད་ཀྱི་ཚིམ་ཞིང་བརྟེན་པར་བྱས་པ
་རྒྱུན་མི་འཆད་ཅིང་འབྲེལ་ཏེ། གནས་པ་གང་ཡིན་པ་དེ་ནི་ཕན་ཚུན་ཉེ་བར་བརྟེན་པ་ལས་སྐྱེས་པ་ཡིན་ཏེ། ལུས་ཟུངས་འདི་དག་ཕན་ཚུན་གཅིག་ལ་གཅིག་ཉེ་བར་བརྟེན་ཅིང་འདབ་འབྱོར་པ་དེ་ལས་ལུས་ཟུངས་ཀྱི་སྣུམ་གཅིག་ནས་གཅིག
་ཏུ་བརྒྱུད་པ་འབྱུང་བར་འགྱུར་རོ། །ཟས་འཇུ་དངས་མ་སོགས་རིམ་གྱིས། །ཁུ་ཚུར་གྱུར་པ་ལ་ལ་ནི། །ཉིན་ཞག་གཅིག་འདོད་གཞན་དག་ནི། ཞག་དྲུག་ཁ་ཅིག་ཟླ་གཅིག་འདོད་ཅེས་བྱ་བ་ལ། །ཟས་དང་པོ་ཞུ་ནས་དངས་མ་ལ་སོགས་པའི་དངོས་པོར
་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱིས་ཁུ་ཆུ་ཉིད་དུ་གྱུར་པ་ནི། །སྨན་པ་ལ་ལ་ཉིན་ཞག་གཅིག་གིས་འགྱུར་བར་འདོད་ལ། སྨན་པ་གཞན་དག་ནི་ཞག་དྲུག་གིས་ཁུ་ཆུ་དག་ཏུ་གྱུར་རོ་ཞེས་ཟེར་རོ། །ཡང་སྲོག་འཚོ་བའི་སློབ་དཔོན་ཁ་ཅིག་ཟས
་ཞུ་ནས་དངས་མ་ལ་སོགས་པ་རིམ་གྱིས་ཟླ་བ་གཅིག་གིས་ཁུ་ཆུར་འགྱུར་པར་འདོད་དོ། །ལུས་ཟུངས་ཀྱི་ནི་ཟས་ཀྱི་རྒྱུན། །འཁོར་ལོ་ལྟ་བུར་ཡོངས་སུ་འཁོར། ཞེས་བྱ་བ་ལ། ལུས་ཟུངས་རྣམས་ཀྱི་ཟས་ཡིན་པས་ན་ལུས་ཟུངས་ཀྱི་ཟས་ཏེ།
་ལུས་ཟུངས་རྣམས་ནི་ལུས་ཟུངས་ཀྱི་ཟས་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ལུས་ཟུངས་རྣམས་ཀྱི་རྟེན་དུ་ནི་ལུས་ཟུངས་རྣམས་གནས་པ་ཡིན་ལ། དེ་རྣམས་ཀྱི་རྒྱུ་བའི་རྒྱུན་ནི་འཁོར་ལོའི་ཚུལ་ལྟར་རྒྱུན་མི་འཆད་པར་འཁོར
་བ་ཡིན་ཞིང་ཟས་ལ་བརྟེན་པས་བརྟས་པར་འགྱུར་པའི་ཕྱིར་རོ། །རོ་ཙ་ལ་སོགས་མཐུ་ཡིས་ནི། །འཕྲལ་དུ་ཁུ་བ་ལ་སོགས་བསྐྱེད། །ཅེས་བྱ་བ་ལ། འོ་མ་དང་ཤ་ཁུ་ལ་སོགས་པར་རོ་ཙ་བར་བྱེད་པའི་ཁ་ཟས་དང་དེ་བཞིན་དུ
་སོགས་ཞེས་སྨོས་པས་དུག་དང་སྦྱར་དུག་རབ་ཏུ་ཞི་བ་ལ་སོགས་པས་འཕྲལ་དུ་སྟེ། དེའི་མོད་ལ་དེའི་ཁུ་བ་ལ་སོགས་པ་སྐྱེད་དོ། །ཕལ་ཆེར་སྨན་གཞན་ཉིན་ཞག་ནི། གཅིག་གིས་ལས་རྣམས་བྱེད་པ་ཡིན། ཞེས་བྱ་བ་ལ།
་ཕལ་ཆེར་ཞེས་བྱ་བ་ཁ་ནང་དུ་རོ་རྩ་བ་ལ་སོགས་པ་མ་གཏོགས་པའི་སྨན་གཞན་ཕྱེ་མ་དང་བུ་རམ་ལ་སོགས་པ་སྦྱིན་པ་ལ་སོགས་པའི་བྱ་བ་བྱེད་པ་དག་ནི། ཕལ་ཆེར་ཉིན་ཞག་གཅིག་ནི་རང་གི་ལས་བྱེད་པ་ཡིན་ནོ། །
་ཁྱབ་བྱེད་ཀྱི་དངས་ལུས་ཟུངས་རྣམས། འཐོར་བར་འོས་པའི་ལས་ཀྱིས་ནི། །ཅིག་ཅར་རྒྱུན་མི་འཆད་ཀུན་ཏུ། །ལུས་ལ་རྟག་ཏུ་རྣམ་པར་འཐོར། །ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཀྱི་དངས་མ་དང། ལུས་ཟུངས་རྣམས་ལ་འཐོར་ཞིང
་ཁྱབ་པར་བྱེད་པ་ཡིན་ལ། དེ་འང་འཐོར་ཞིང་ཁྱབ་པར་བྱེད་པའི་ལས་དེ་དང་འཚམས་པའི་རང་བཞིན་དུ་གྲུབ་པ་གང་ཡིན་པ་དེས་ཅིག་ཅར་རྒྱུན་མི་འཆད་ཅིང་བར་ཆད་མེད་པར་ལུས་ལ་རྟག་ཏུ་རྣམ་པར་འཐོར་ཞིང་ཁྱབ་པར་བྱེད
་པ་ཡིན་ནོ། །གཏོར་ཚེ་བུ་གའི་སྐྱོན་གྱིས་ནི། དངས་མ་གང་དུ་ཆགས་འགྱུར་དེ། །དེར་ནི་གནོད་པ་སྐྱེད་བྱེད་དེ། །མཁའ་ལ་སྦྲིན་ཆགས་ཆར་འབབ་མཚུངས། །ཞེས་བྱ་བ་ལ། དངས་མའི་ཟས་རབ་ཏུ་སྒྲུབ་པར་བྱེད་པ་ཞེས་བྱ་བ་སྟེ། རླུང
་ཁྱབ་བྱེད་ཀྱིས་གཏོར་བའི་ཚེ་བུ་ག་ལ་ནད་ཀྱིས་འཁྲུག་པའི་སྐྱོན་གྱིས་དངས་མའི་ཕྱོགས་གང་དུ་ཆགས་ཤིང་གནས་པར་གྱུར་པའི་ལུས་ཀྱི་ཕྱོགས་དེར་གནོད་པ་བྱེད་ཅིང་ནད་སྐྱེད་པར་བྱེད་དོ། །དེ་ཡང་ཇི་ལྟར་ནམ་མཁའ་ཨི་བར་སྣང་ལ་སྤྲིན་ཆགས
་པར་གྱུར་པ་ན་དེ་ལས་ཆར་འབབ་པར་འགྱུར་བ་དང་མཚུངས་སོ། །ནད་ཀྱང་མ་སྙོམས་གྱུར་པ་ལས། ཕྱོགས་གཅིག་འདུས་ན་ལྡང་བར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་རྣམས་ཀྱང་ཚུལ་དེ་བཞིན་དུ་མ་སྙོམས་པར་གྱུར་པ
་ལས་ཕྱོགས་གཅིག་ཏུ་འདུས་ན་གནས་ཀྱི་སྐྱོན་གྱིས་ནད་སྐྱེ་བར་འགྱུར་རོ། །དེ་ལྟར་འབྱུང་བ་ལུས་ཟུངས་མེའི། །ལས་ནི་ཡོངས་སུ་བཤད་པ་ཡིན། ཞེས་བྱ་བ་ལ། དེ་ལྟར་བཤད་པའི་རིམ་པས་མེའི་ལས་བཤད་ཅིང་བསྟན་པ་ཡིན་ཏེ། དེ་ཡང
་ཟས་འཇུ་ཞིང་སྨིན་པའི་ལས་དང་དེ་བཞིན་དུ་འབྱུང་བ་ཆེན་པོ་ལྔ་དང་དེ་བཞིན་དུ་ལུས་ཟུངས་ཀྱི་མེ་བཤད་པ་ཡིན་ཏེ། ཟས་ཀྱི་མེའི་ཟས་ནི་དུས་སུ་ཟོས་གྱུར་པ། ཞེས་བྱ་བ་ལ་སོགས་པས་ལྟོ་བའི་མེའི་ལས་བཤད་པ་ཡིན་ནོ། །ས་དང་ཆུ་དང
་མེ་དང་རླུང། ཞེས་བྱ་བ་ལ་སོགས་པ་ནི། འབྱུང་བ་ལྔའི་ལས་བཤད་པ་ཡིན་ནོ། །དངས་མ་ལུས་ཟུངས་རང་རང་གི་།ཞེས་བྱ་བ་ནི་ལུས་ཟུངས་ཀྱི་མེའི་ལས་བཤད་པ་ཡིན་ནོ། །སྨིན་བྱེད་ཀུན་ལ་ཟས་འཇུ་བའི། །མེ་ནི་ལྷག་པ་ཡིན་པར་འདོད།
་ཅེས་བྱ་བ་ལ། སྨིན་པར་བྱེད་པ་མེའི་དྲོད་ཐམས་ཅད་ཀྱི་ནང་ན་ཟས་འཇུ་བར་བྱེད་པའི་བོ་པའི་མེ་དྲོད་གང་ཡིན་པ་དེ་ནི་ལྷག་ཅིང་མཆོག་ཏུ་གྱུར་པར་འདོད་པ་ཡིན་ནོ། །དེ་ནི་རྩ་བ་དེ་འཕེལ་འཕེལ། །ཟད་འགྱུར་ཟད་པའི་བདག་ཉིད་འགྱུར། ཞེས
་བྱ་བ་ལ། གང་གི་ཕྱིར་ཟས་འཇུ་བ་ནི་མེ་དྲོད་དེ་ནི་རྩ་བ་ཡིན་ཏེ། འཕེལ་བར་གྱུར་ན་མེ་དྲོད་གཞན་དག་ཀྱང་འཕེལ་བར་འགྱུར་ལ། ཟས་ཀྱི་མེ་དྲོད་དེ་ཟད་པར་གྱུར་ན་འབྱུང་བ་ལྔ་དང་ལུས་ཟུངས་ཀྱི་མེ་དྲོད་ཀྱང་ཟད་པའི་བདག་ཉིད་
་ཅན་དུ་འགྱུར་རོ། །དེ་བས་རིགས་པས་ཆོ་ག་བཞིན། །ཟས་སྐོམ་རིགས་ཤིང་ཕན་པ་ཡིས། །དེ་འབད་བས་བསྲུང་གནས་གྱུར་ན། །ཚེ་དང་སྟོབས་ནི་གནས་པར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་རྩ་བ་ཡིན
་པའི་རྒྱུ་ཡིན་པ་དེ་བས་ན། ཟས་འཇུ་བར་བྱེད་པའི་མེ་དྲོད་དེ་རིགས་ཤིང་ཕན་པའི་ཆོ་ག་བཞིན་དུ་ཟས་དང་སྐོམ་གྱི་བུད་ཤིང་རྗེས་སུ་མཐུན་པས་བསྲུང་ཞིང་བསྐྱང་བ་ལ་འབད་པ་དང་ལྡན་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཟས་འཇུ་བའི་འཕོ
་བའི་མེ་དྲོད་དེ་གནས་པར་གྱུར་ན་ཚེ་གནས་པར་འགྱུར་བ་དང། ལུས་ཀྱི་སྟོབས་གནས་པར་འགྱུར་བ་ཡིན་ནོ། །མཉམ་གནས་རང་གནས་འདུག་ན་མཉམ། །མཉམ་ལམ་གཞན་འགྲོ་དྲོད་མི་སྙོམས། །མཁྲིས་པ་ཤས
་ཆེར་རྣོ་བར་འགྱུར། །བད་ཀན་གྱིས་གནོད་མེ་དྲོད་ཆུང། ཞེས་བྱ་བ་ལ། མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་རང་གི་གནས་སུ་འདུག་ལ་མེའི་དྲོད་ཀྱང་མཉམ་ཞིང་སྙོམས་པར་འགྱུར་ལ། ལམ་གཞན་དུ་འགྲོ་ཞིང་རང་གི
་གནས་ན་མི་འདུག་ན་མེའི་དྲོད་མི་སྙོམས་ཞིང་ཆ་མི་མཉམ་པར་འགྱུར་རོ། །མེ་དང་མཉམ་པའི་རླུང་དེ་ཁྲིས་པའི་ཤས་ཆེ་ན་མེ་དྲོད་ཤིན་ཏུ་རྣོ་ཞིང་ཤས་ཆེ་བར་འགྱུར་རོ། །མེ་དང་མཉམ་དུ་གནས་པ་དེ་བད་ཀན་གྱི་ཤས་ཀྱིས
་ཟིལ་གྱིས་མནན་ཅིང་གནོད་པར་གྱུར་ན་མེ་དྲོད་ཆུང་བར་འགྱུར་རོ། །མེ་དྲོད་མཉམ་དང་མི་མཉམ་རྣོ། །ཆུང་དང་དེ་ལྟར་རྣམ་བཞི་ཡིན། །ཞེས་བྱ་བ་ལ། དེ་ལྟར་མེའི་དྲོད་ཀྱི་སྟོབས་ཀྱིས་དབྱེ་བ་ནི་ཆ་མཉམ་པ་དང། ཆ་མི་མཉམ་པ་དང།
་རྣོ་བ་དང་ཆུང་བ་སྟེ། རྣམ་པ་བཞིར་འགྱུར་བ་ཡིན། །གང་ཞིག་ཟས་ནི་ལེགས་ཟོས་པ། །ལེགས་པར་འཇུ་འདི་མཉམ་པ་ཡིན། ཞེས་བྱ་བ་ལ། དེ་ལ་མེའི་ཤས་མཉམ་བ་ནི་ཟས་ཀྱི་ཆོད་ལ་སོགས་པ་ལེགས་པར་བརྟགས་ཏེ། ཟོས་པ་དེ
་ལེགས་པ་འཇུ་བར་འགྱུར་བར་ཡིན་ནོ། །ལེགས་པར་མ་ཟོས་མྱུར་འཇུ་བའམ། །ལེགས་ཟོས་རིང་ཞིག་འཇུ་མི་མཉམ། །ཞེས་བྱ་བ་ལ། མེ་དྲོད་མི་མཉམ་ཞིང་མི་སྙོམས་པ་ནི། ཟས་ནི་ཆོག་ཚུལ་བཞིན་དུ་ལེགས་པར་མ་ཟོས་ཀྱང་མྱུར་དུ་འཇུ
་བ་འམ་ལེགས་པར་ཟོས་སུ་ཟིན་ཀྱང་རིང་ཞིག་ན་འཇུ་བར་གྱུར་པ་ཡིན་ནོ། །ཟས་ནི་ལེགས་པར་མ་ཟོས་ཀྱང། །མྱུར་འཇུ་མེ་དྲོད་རྣོན་པོ་ཡིན། །ཞེས་བྱ་བ་ལ། མེའི་དྲོད་རྣོན་པོའི་མཚན་ཉིད་ནི། །ཆད་ལ་སོགས་པ་དང་ལྡན་པར་ལེགས
་པར་མ་ཟོས་སུ་ཟིན་ཀྱང་མྱུར་དུ་འཇུ་བར་བྱེད་པ་ཡིན་ཏེ། དེ་ཉིད་འཕེལ་བར་གྱུར་ན། མེ་དྲོད་དྲགས་ཚེས་པར་འགྱུར་རོ། །ཟས་ནི་ལེགས་པར་ཟོས་གྱུར་ཀྱང། །རིང་ནས་འཇུ་ཞིང་ཁ་སྐམས་དང། སྦོ་དང་རྒྱུ་མ་འཁྲུག་པ་དང། ལྕི་བ་མེ?
་དྲོད་ཆུང་བ་ཡིན་ཏེ། ཞེས་བྱ་བ་ལ། མེ་དྲོད་ཆུང་བ་ནི། ཟས་ཀྱི་ཆོ་ག་ལེགས་པར་ཟོས་ཟིན་ཀྱང་ཁ་སྐམས་པ་ལ་སོགས་པར་བྱེད་པ་ནས་རིང་ཞིག་ན་གདོད་འཇུ་བར་བྱེད་པ་ཡིན་ནོ། །རྒྱུ་མ་འཕྲུལ་བ་ནི་སྒྲ་མི་གསལ་བར་ཀྲུག་ཀྲུག་ཟེར་བའོ། །
་ལྕི་བ་ནི་ལུས་ཀྱི་ཁོང་ལྕི་ཞིང་སྙོམས་པའོ། །མེ་དྲོད་ཉམས་ན་འཆི་འགྱུར་ཞིང། །སྐྱོན་མེད་ན་ནི་ཡུན་རིང་འཚོ། །མ་སྙོམས་ནད་ནི་སྐྱེ་འགྱུར་བས། །དེ་ཕྱིར་མེ་དྲོད་གཙོ་བོ་ཡིན། ཞེས་བྱ་བ་ལ། གོང་དུ་སྨོས་པའི་མེ་དྲོད་ཉམས་ཤིང
་མེད་པར་གྱུར་ན་ནི། འཆི་ཞིང་སྲོག་འདོར་བར་འགྱུར་ལ། སྐྱོན་མེད་ཅིང་ནད་ཀྱི་ཉེས་པ་དང་མ་འདྲེས་ན་ཡུན་རིང་འཚོ?་ཞིང་ཚེ་གནས་པར་འགྱུར་རོ། །མེའི་དྲོད་ཀྱི་ཆ་སྙོམས་པར་གྱུར་ན་ནི་ནད་རྣམས་སྐྱེད་པར་འགྱུར་བས། དེ་བས་ན་མེའི
་དྲོད་ནི་ལུས་གནས་པ་གཙོ་བོ་ཡིན་ནོ། །ཞེས་བཤད་དོ། །ལུས་སྟོབས་ལྷན་ཅིག་སྐྱེས་པ་དང། །དུས་སྐྱེས་རིགས་པ་ལས་བྱུང་གསུམ། ཞེས་བྱ་བ་ལ། ལུས་ཀྱི་སྟོབས་ཀྱི་ཚུལ་ནི་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང། དུས་ཀྱི
་དབང་གིས་སྐྱེས་པ་དང། རིགས་པའི་སྦྱོར་བ་ལས་སྐྱེས་པའོ། །དེ་ལ་ལུས་སེམས་ལས་བྱུང་བ། །རང་བཞིན་ལྷན་ཅིག་སྐྱེས་པའི་སྟོབས། ཞེས་བྱ་བ་ལ། སྟོབས་དེ་དག་གིས་ནང་ནས་ལུས་དང་སེམས་ལས་བྱུང་བའི་རང་བཞིན
་གྱིས་གནས་པའམ། ཐ་མལ་པར་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་སྟོབས་ཞེས་བྱའོ། །ན་ཚོད་དུས་ཚིགས་ལས་བྱུང་བ། །དུས་སྐྱེས་ཡིན་ཏེ། ཞེས་བྱ་བ་ལ། ན་ཚོད་བྱིས་པ་དང། དར་ལ་བབ་པ་ལ་སོགས་པའི་དབྱེ་བས་ཕྱེ་བའི
་དབང་ལས་བྱུང་ཞིང་ན་ཚོད་ཇི་ལྟ་བའི་ཚུལ་ལས་སྐྱེས་པ་དང་དགུན་ལ་སོགས་པའི་དུས་ལས་བྱུང་ཞིང་སྐྱེས་པའི་དུས་ལ་སྐྱེས་པ་སྟེ། དེ་གཉིས་ནི་དུས་ལ་སྐྱེས་པའི་སྟོབས་ཞེས་བྱའོ། །རིགས་པ་ལས། བྱུང་བ་སྤྱོད་ལམ་ཟས་ཀྱིས
་བསྐྱེད། དེ་བཞིན་གཟི་སྐྱེད་སྦྱོར་ལས་བྱུང་ཞེས་བྱ་བ་ལ། དེ་ལ་རིགས་པ་ལས་བྱུང་བའི་སྟོབས་ནི་སྤྱོད་ལམ་ཞེས་པ་ལུས་དང་ངག་དང་ཡིད་ཀྱིས་བྱས་པའི་སྤྱོད་ལམ་རྣམ་པ་སྣ་ཚོགས་པ་དང། དེ་བཞིན་དུ་ཟས་ཀྱི་རྣམ་པ་བཟའ་བ་དང། བཏུང
་བ་དང། བལྡག་པ་དང། མྱང་པ་ལ་སོགས་པ་རྣམ་པ་དུ་མ་སྟེ། དེ་གཉིས་ལས་བྱུང་བ་ནི་རིགས་པ་ལས་བྱུང་བ་ཞེས་བྱའོ། །དེ་ཡང་རིགས་པ་ནི་འདི་དང་འདི་ལྟར་བྱའོ་ཞེས་བྱ་བའི་ཆོ་གའི་ཚུལ་ངེས་པ་སྟེ། དེ་ལས་བྱུང་བའོ། །དེ་བཞིན་གཟི
་མདངས་སྐྱེད་པའི་སྦྱོར་བ་ལས་བྱུང་དེ་ཡང་རིགས་ལས་བྱུང་བ་ཡིན་ཏེ། གཟི་མདངས་སྐྱེད་པའི་སྦྱོར་བ་ནི་ཕལ་ཆེར་བཅུད་ཀྱིས་ལེན་པ་དང། རོ་ཙའི་སྦྱོར་བ་ཡིན་པས་ན། དེ་གཉིས་ལས་སྐྱེས་པས་ནི་གཟི་མདངས་སྐྱེས་པའི་སྦྱོར་བ་ལས
་བྱུང་བ་ཞེས་བྱའོ། །ཡུལ་ཕྱོགས་ཤིང་རི་ཆུ་ཉུང་ག། སྐམས་ནད་ཉུང་སྐྱེད་བྱེད་ཡིན། བརླན་ཅན་དེ་ལས་བཟློག་པ་ཡིན། ཆ་མཉམ་ཐུན་མོང་ཡིན་པར་བཤད། ཅེས་བྱ་བ་ནི། སྐམ་སའི་ཡུལ་ཕྱོགས་ཤིང་དང་རི་དང་ཆུ་ཉུང་ཞིང་ཤས
་ཆུང་བ་གང་ཡིན་པ་དེ་ནི་ནད་ཉུང་བ་སྐྱེད་ཅིང་ནད་མེད་པའི་རྒྱུ་ཡིན་ལ། ཡུས་ས་བརླན་ཅན་དག་ནི་སྐམ་ས་དང་གོ་ལྡིག་པ་ཡིན་རྟེ་ཤིང་དང་རི་དང་ཆུ་མང་བ་དེ་ནད་སྐྱེད་པ་ཡིན་ཏོ། །དེ་གཉི་གའི་ཆ་མཉམ་པ་ནི་ཐུན་མོང་ཡིན་ཏེ། གཉི་གའི་ཆ
་ཡོད་པའི་ཕྱིར་རོ། །རྐང་དང་ཚིལ་དང་ཞག་དང་གཅིན། །མཁྲིས་པ་བད་ཀན་ཕྱི་ས་ཁྲག། དངས་མ་ཆུ་རྣམས་ལུས་གནས་འདི། །སྙིམ་པ་རེ་རེས་སྐྱེད་པར་བྱ། ཞེས་བྱ་བ་ལ། ལུས་དང་རྐད?་ནས་ཆུའི་བར་དག་གང་ཡོད་པ་ནི་སྙིམ་པ་རེ་རེས་སྐྱེད་པར་བྱ་སྟེ།
་དེ་ཡང་རྐང་ནི་སྙིམ་པ་གཅིག་གོ་།ཚིལ་ནི་སྙིམ་པ་གཉིས་སོ། །ཞག་ནི་སྙིམ་པ་གསུམ་མོ། །གཅིན་ན་སྙིམ་པ་བཞིའོ། །མཁྲིས་པ་ནི་སྙིམ་པ་ལྔའོ། །བད་ཀན་ནི་དྲུག་གོ་།ཕྱི་ས་ནི་བདུན་ནོ། །ཁྲག་ནི་བརྒྱད་དོ། །དངས་མ་ནི་དགུའོ། །ཆུ་ནི་སྙིམ་པ་བཅུའོ
་མདངས་དང་ཀླད་རྒྱས་ཁུ་ཆུ་ནི། །རེ་རེའང་རང་གི་ཁྱོར་གང་ཡིན། །ཞེས་བྱ་བ་ལ། མདངས་མ་ལ་སོགས་པ་གསུམ་པོ་ནི་རེ་རེ་ཞིང་ཡང་རང་གི་ཁྱོར་བའི་ཚད་ཀྱི་ཁྱོར་བ་རེ་རེ་ཡོད་པར་སློབ་དཔོན་དག་གིས་བཤད་དོ། །བུད་མེད་ནུ་ཞོ་སྙིམ་དོ་དང། ཟླ་མཚན
་སྙིམ་པ་བཞི་ཡོད་དོ། །ཞེས་བྱ་བ་ལ། བུད་མེད་རྣམས་ལ་ནུ་ཞོ་ནི་རང་གི་ཚད་ཀྱི་སྙིམ་པ་དོ་ཡོད་ལ། །ཟླ་མཚན་གྱི་ཁྲག་ནི་སྙིམ་པ་བཞི་ཡོད་པ་ཡིན་ནོ། །འདི་ལྟར་སྙིམ་པ་དང་ཁྱོར་པ་ཞེས་སྨོས་པ་ནི། རང་རང་གི་ལག་པའི་ཚད་ཀྱི་ཆེ་ཆུང་ལ་བྱའི། །སྲང
་ཚད་ཀྱི་ཡི་གེ་ལས་སྨོས་པ་ལྟར་སྲང་བཞི་དང་སྲང་གཉིས་ལ་ནི་མི་བྱ་སྟེ། །འདིར་རང་གི་ཞེས་སྨོས་པའི་ཕྱིར་རོ། །དེ་ལ་སྙིམ་པ་ནི། ལེག་པ་གཉིས་སྦྱར་བ་ལས་བྱུང་བའོ། །ཁྱོར་ནི་ལག་པ་གཅིག་བསྐོར་ཏེ་བཞག་པའོ། །ལུས་ཟུངས་མཉམ་གནས
་ཚད་འདི་ཡིན། དེ་ལས་འཕེལ་དང་ཟད་ཤེས་བྱ། ཞེས་བྱ་བ་ལ། གོང་དུ་བཤད་པའི་ཚུལ་འདི་ནི་སྐྱེས་བུ་ལུས་ཟུངས་ཆ་མཉམ་པར་གནས་པ་ལས་སོ། ཚད་དུ་བྱ་བ་ཡིན་པས་ཚད་དེ་ལས་འཕེལ་བ་དང་ཟད་པར་གྱུར་པས་ཤེས་ཤིང་རྟོགས་པར་བྱའོ།
་ཁུ་ཆུ་ཁྲག་དང་སྦྲུམ་པའི་ཟས། །སྤྱོད་ལམ་མངལ་ནས་དུས་ཚིགས་ལས། གང་ཞིག་ཉེས་པ་ལྷག་འགྱུར་དེས། རང་བཞིན་རྣམ་པ་བདུན་དུ་བཤད། ཅེས་བྱ་བ་ལ། ཁུ་བ་དང། ཁྲག་དང་སྦྲུམ་མའི་ཟས་དང། སྦྱོར་ལམ་ན་ཕལ?
་གྱི་གནས་དང། དུས་ཚིགས་དེ་རྣམས་ལ་གང་ཞིག་ནད་ཀྱི་ཉེས་པའི་དབང་གིས་ཚད་མས་ལྷག་པར་གྱུར་པ་དེས། ཁུ་ཆུ་ལ་སོག་པར་གནས་པའི་རང་བཞིན་རྣམ་པ་བདུན་བཤད་དེ་རླུང་གི་རང་བཞིན་དང། མཁྲིས་པའི་རང་བཞིན་དང།
་བད་ཀན་གྱི་རང་བཞིན་དང། རླུང་དང་མཁྲིས་པའི་རང་བཞིན་དང། རླུང་དང་བད་ཀན་གྱི་རང་བཞིན་དང། །མཁྲིས་པ་དང་བད་ཀན་གྱི་རང་བཞིན་དང། རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ཏེ་དེ་ལྟར་བདུན་ནོ། །ཁྱབ་དང་མྱུར་དུ
་བྱེད་ཕྱིར་དང། སྟོབས་ལྡང་བ་དང་གཞན་ལྡང་བྱེད། །རང་དབང་ཅན་དང་ནད་མང་ཕྱིར། །ནད་ལས་ཕལ་ཆེར་རླུང་སྟོབས་ཅན། ཞེས་བྱ་བ་ལ། རླུང་ནད་ཀྱི་རང་བཞིན་ཁྱབ་ཅིང་ཀུན་ཏུ་འགྲོ་བ་དང། མྱུར་ཞིང་རིམས་པར་ནད་སྐྱེད་པ་དང།
་སྟོབས་དང་ལྡན་ཞིང་མཐུ་ཆེ་དང། མཁྲིས་པ་དང་བད་ཀན་གྱི་ནད་གཞན་དག་ཀྱང་ལྡང་བར་བྱེད་པ་དང། བཤང?་གཅི་ལ་སོགས་པ་འདྲེན་པར་བྱེད་པ་དང། རང་དབང་ཅན་རང་རྒྱུད་དུ་གནས་པ་དང། དེ་བཞིན་དུ་ནད་མང་བ་སྟེ།
་རླུང་ནད་བརྒྱད་ཅུ་སྐྱེད་པའི་ཕྱིར་ནད་གཞི་སུམ་ཆར་ལས་ཀྱང་རླུང་ནད་ནི་ཕལ་ཆེར་སྟོབས་ཅན་ཡིན་ཏེ་ཕལ་ཆེར་ཞེས་སྨོས་པ་ནི་ཁྱད་པར་དུ་བྱ་བའི་ཚིག་སྨོས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་རླུང་གིས་བསྐྱོད་པའི་མི་རྣམས་ནི།།
་ནད་ཀྱི་བདག་ཉིད་རྡུལ་ཅན་སྐྲ་གཤོར་པགས་པ་གས?།། །གྲངས་ལྷགས་མི་བཟོད་བརྟན་དྲང་བློ་གྲོས་སྤྱོད་མཛའ་སྲིད། ལྟ་དང་འགྲོ་བ་གཡོ་ཞིང་སྨྲ་བ་ཤིན་ཏུ་མང་བ་ཞེས་བྱ་བ་ལ། རྒྱུད་ཉིད་ཀྱིས་ནི་རླུང་གི་ནད་ཀྱིས་བསྐྱོད་པའི་མི་རླུང་གི
་ལུ་ཆུ་ལ་སོགས་པ་བསྐྱོད་པར་གྱུར་པའི་མི་རྣམས་ནི། ནད་ཀྱི་བདག་ཉིད་ཅན་དུ་གནས་པ་དང། རྡུལ་གྱིས་གཏོར་བལྟ་བུར་སྐྲ་དང་ལུས་ལ་སོགས་པ་གནས་པ་ལ་དེ་ཉིད་ཀྱིས་ན་སྐྲ་གཤོར་ཞིང་པགས་པ་གསལ་བ་ལ་སོགས་པར་གནས་པ་དང།
་དེ་བཞིན་དུ་གྲང་ལྷགས་མི་བཟོད་ཅིང་དྲོ་བ་མངོན་པར་འདོད་པ་དང། དེ་བཞིན་དུ་བརྟན་པ་ནས་འགྲོ་བའི་བར་ཤིན་ཏུ་གཡོ་ཞིང་བརྟན་པ་མ་ཡིན་པ་ཏེ། བརྟན་པ་ནི་སྲན་ཐུབ་པའོ། །དྲན་པ་ནི་མི་བརྗེད་པའོ། །བློ་གྲོས་ནི་ཤེས་རབ་བོ། །སྦྱོར་བ་ནི
་རྩོན་པའོ། །མཛའ་ལ་སྲེད་པ་ནི་ཡིད་བཅུགས་པར་དགའ་བའོ། །བལྟ་བ་ནི་མཐོང་བའོ། །འགྲོ་བ་ནི་ཀུན་ཏུ་འཕྱན་པ་སྟེ། དེ་དག་གཡོ་ཞིང་མི་བརྟན་པའོ། །དེ་བཞིན་དུ་གང་ཞིག་ཤིན་ཏུ་མང་དུ་སྨྲ་ཞིང་སྨྲ་བ་དག་ལ་དགའ་བ་ཡིན་ནོ
་བད་ཀན་ནོར་ཉུང་ཚེ་ཐུང་གཉིད་སྲབ?་དང། །བཅོམ?་ཆུང་ཚིགས་ཐོགས་གཡོ་ཞིང་སྐང་མཛེར་དང། ཆད་ལྟ་མང་དུ་ཟ་ཞིང་སྒེག་དང་བཅས། །གླུ་དང་རྒོད་དང་སྔོན་ལས་འཐབ་པ་དགའ་། ཞེས་བྱ་བ་ལ། གཞན་ཡང་རླུང་ཅན་གྱི་མིའི་མཚན་ཉིད་ནི་བད་ཀན་དང་ནོར་ཉུང་བ་ལ་སོགས་པ་ཡིན་ཏེ། བཅོམ་ཆུང་བ་ནི་ཚིག་ཕྲ་བའོ། །ཚིག་ཐོགས་པ་ནི་ཕྱེད་ལུས་པའོ། །གཡོ་བ་ནི་བརྟེན་པའོ། །སྐད་མཛེར་བ་ནི་སྐད་གསངས་ཉམས་པའོ། །ཆད་པར་ལྟ་བ་ནི་མེད་པར་བལྟ
་བའི་གཞུང་ལ་དགའ་བའོ། །མང་དུ་ཟས་ནི་ལྟོ་ཆེ་བའོ། །སྒེག་པ་དང་བཅས་པ་ནི་བསྒྱིད་པ་ཚུལ་དང་བཅས་པ་དང་གླུ་དང་རྒོད་པའོ། །རྔོན་པའི་ལས་རི་དགས་གཤོར་བ་དང་འཐབ་པ་ལ་དགའ་བ་རྣམས་དང་ལྡན་པ་ཡིན་ནོ། །མངར་སྐྱུར
་ཁ་དང་ཚ་བའི་རོ་གོམས་སེད། ལུས་སྐེམ་དབྱིབས་རིང་འགྲོ་ཆ་སྒྲ་དང་བཅས། །མི་བརྟན་དབང་པོ་མི་ཐུལ་བརྟེན་པོ་དམ་པ་མིན། །བུད་མེད་མ་ཆགས་བུ་མང་སྐྱེ་མི་འགྱུར། །ཞེས་བྱ་བ་ལ། རླུང་གི་རང་བཞིན་ཅན་གྱི་བུ་གང་ཡིན་པ་དེ་ནི་རོ
་མངར་བ་ལ་སོགས་པའི་གོམས་པར་སྲེད་པ་དང། ལུས་སྐེམ་ཞིང་དབྱིབས་རིང་བ་དང། འགྲོ་ཞིང་རྒྱུ་བའི་ཚེ་ཚིག་སྒྲ་ཁྲོལ་བ་དང་བཅས་པ་སྟེ། འགྲོ་ཞིང་འཆག་ས་མི་བརྟན་ཞིང་གཡོ་བ་དང། དབང་པོ་མི་ཐུལ་ཞིང་ཞི
་བའི་སྤྱོད་པ་མེད་པ་དང། དམ་པའི་སྤྱོད་པ་མེད་ཅིང་འཕགས་པ་མ་ཡིན་པ་དང། བུད་མེད་རྣམས་མངོན་པར་མི་དགའ་ཞིང་རྗེས་སུ་ཆགས་པར་མི་འགྱུར་བ་དང། བུ་ཚ་མང་པོ་སྐྱེ་ཞིང་འཕེལ་བར་མི་འགྱུར་བ་ཡིན་ནོ། །དེའི་མིག་ནི་རྩུབ
་ཅིང་རྡུལ་གྱི་གང། །ཟླུམ་ཞིང་མི་མཛེར་འཆི་བ་ལྟ་བུ་དང། ཕྱེ་དང་གཉིད་ལོག་ལྟ་བུར་སྣང་བ་ཡིན། །དེ་ནི་ཤིང་དང་རི་འཛེག་མཁའ་འཕུར་རྨི། ཞེས་བྱ་བ་ལ། རླུང་གི་རང་བཞིན་གྱི་སྐྱེ་བུའི་མིག་རྩུབ་ཅིང་སྣུམ་པ་མེད་པ་དང། རྡུལ་གྱི་གང
་ཞིང་ཕྱག་དར་གཏོར་བ་ལྟར་སྣང་བ་དང། །མིག་གི་དབྱིབས་ཟླུམ་པ་དང། མི་མཛེས་ཤིང་བལྟ་ན་མི་སྡུག་པ་དང། འཆི་བའི་མིག་དང་མཚུངས་ཤིང་འདྲ་བ་དང། བྱི་ཞིང་གདངས་པར་གྱུར་ཀྱང། གཉིད་ལོག་པ་འདྲ་བར་སྣང་བ་ཡིན་ནོ། །དེ
་བཞིན་དུ་རྨི་ལམ་གྱི་ནང་དུ་ཤིང་ཆེན་པོ་ལ་འཛེག་པ་དང། རི་ལ་འཛེག་པ་དང། ནམ་མཁའ་ལ་འཕུར་བ་རྨི་བ་ཡིན་ནོ། །སྐལ་ངན་སེར་སྣ་ཆེ་ཞིང་ཁེངས་པ་དང། །རྐུ་ཞིང་བྱིན་སྙིང་རྩ་རིས་བཙས་པ་དང། ཁྱི་དང་ཝ་དང་བྱ་རྒོད་རྔ་མོ་ཁྲ
་བྱི་བའི་མཚན་ཉིད་ལྡན་མི་རླུང་ཡིན། ཞེས་བྱ་བ་ལ། རླུང་གི་མཚན་ཉིད་ཅན་གྱི་མི་ནི་སྐལ་པ་ངན་ཅིང་བཀྲ་མི་ཤིས་པ་དང། སེར་སྣའི་ཆེ་བ་དང། ཁེངས་པ་དང། ལོག་པར་རློམ་པ་དང། རྐུ་འཕྲོག་ལ་དགའ་བ་དང། བྱིན་སྙིང་གི
་རྒྱང་ཀྱི་རྩ་མཐོ་ཞིང་རྩེ་མོ་འཁྱིལ་ཅིང་བྱིན་པའི་ཉི་རློ་ཞིང་མཐོ་བ་ཡིན་ནོ། །དེ་བཞིན་དུ་ཁྱི་དང། ཝ་དང། རྔ་མོ་དང། བྱ་རྒོད་དང། ཁྲ་དང། བྱི་བའི་མཚན་ཉིད་དང་ལྡན་ཞིང་དེ་དག་གི་རང་བཞིན་ཅན་གྱི་གཟུགས་དང་རོ་དང་སྤྱོད
་པ་རྗེས་སུ་མཐུན་པ་གང་དག་ཡིན་པ་དང་ལྡན་པ་སྟེ་དེ་ལྟ་བུའི་མི་ནི་རླུང་གི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །མཁྲིས་པ་མེ་འདྲ་མེ་ལས་བྱུང་ཡིན་ཕྱིར། མཁྲིས་པ་རྒྱས་པ་སྐོམ་དང་བཀྲེས་ཤས་ཆེ། །མདོག་སེར་ལུས་ཚ་རྐང་ལག་གདོངས་ཡང
་དམར། །སྒྲ་སེར་སྦུ་ཉུང་དཔའ་ཞིང་ང་རྒྱལ་ཆེ། །ཞེས་བྱ་བ་ལ། དྲང་སྲོང་ཐང་ལ་བར་གྱི་གཞུང་གི་མཁྲིས་པ་རང་ཉིད་མེ་དང་འདྲ་སྟེ། སྨིན་པ་ལ་སོགས་པའི་ལས་བྱེད་པས་མེའི་སྒྲར་བཤད་དེ། །མེའི་རང་བཞིན་ཅན་གྱི་མཚན་ཉིད་ཡིན་པ་འམ།
་མེའི་དྲོད་ཀྱི་གཞི་ཡིན་པར་གྱུར་པའི་ཕྱིར་རོ། །དེ་ལས་བྱུང་བའི་ཚིགས་མའི་རང་བཞིན་ཅན་གྱི་ཁྲག་ནི་མཁྲིས་པ་ཡིན་ལ། དེའི་ཕྱིར་མཁྲིས་པ་དེ་རྒྱས་ཤིང་འཕེལ་བར་འགྱུར་བའི་སྲོག་ཆགས་རྣམས་ནི། སྐོམ་དང་བཀྲེས་པའི་ཤས་ཤིན་ཏུ་ཆེ་བ་དང།
་ལུས་ཀྱི་མདོག་སེར་བ་དང། ལུས་ཚ་བ་འུར་འུར་པོར་གནས་པ་དང། རྐང་པ་དང་ལག་པ་དང་གདོང་གི་ཁ་དོག་དམར་བ་དང། སྐྲ་དམར་སེར་དུ་གནས་པ་དང། སྤུའི་ཚོགས་འབྱི་ཞིང་ཉུང་བ་དང། དཔའ་ཞིང་རྟུལ་པོད་པ་དང། ང་རྒྱལ་ཆེ་ཞིང་ཁེངས
་པ་དང་བཅས་པ་དང་ལྡན་པ་ཡིན་ནོ། །ཕྲེང་བ་བྱུག་པ་རྒྱན་ལ་ལྷག་པར་དགའ་། །སྤྱོད་བཟད་གཙང་སྦྲ་ཆེ་ཞིང་མཉེན་གཤིན་ལ། འབྱོར་དང་རྟུལ་ཕོད་བློ་གྲོས་སྟོབས་དང་ལྡན། །འཇིག་རྟེན་དགྲ་པོ་སྐྱབས་འོངས་སྐྱོབ་པར་བྱེད། ཅེས་བྱ་བ་ལ།
་མཁྲིས་པ་ཅན་གྱི་མི་ནི་ཕྲེང་བ་ལ་སོགས་པ་མངོན་པར་དགའ་བ་ཡིན་ཏེ། ཕྲེང་བ་ནི་མེ་ཏོག་གི་ཕྲེང་པ་ལ་སོགས་པའོ། །བྱུག་པ་ནི་དྲི་ཞིམ་པོས་བསྐུས་པའི། །རྒྱན་ནི་མུ་ཏིག་གི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་བཞག་པའོ། །སྤྱོད་པ་བཟང་པོ
་ནི་བྱེད་སྤྱོད་མཛེས་པའོ། །གཙང་སྦྲ་ཆེ་བ་ནི་ལུས་དང་ངག་དང་ཡིད་སྐྱོན་མེད་པའོ། །མཉེན་གཤིན་པ་ནི་བྲན་གཡོག་ལ་སོགས་པ་ལ་བྱམས་པའོ། །འབྱོར་བ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །རྟུལ་ཕོད་པ་ནི་ཉམས་ཀྱིས་མི་ལྕོགས
་པ་དག་ཀྱང་བྱེད་པར་སྒྲོ་བའོ། །བློ་གྲོས་ཀྱི་སྟོབས་ནི་ཤེས་རབ་ཀྱི་ནུས་པ་སྟེ། དེ་དག་དང་ལྡན་པར་འགྱུར་བའོ། །དེ་བཞིན་དུ་འཇིགས་ཤིང་སྐྲག་པས་ཉེན་པའི་དགྲ་བོ་དག་ཀྱང་སྐྱབས་སུ་འདས་ཤིང་འདུད་པར་བྱེད་པ་ན།
་སྐྱོབ་ཅིང་གནོད་པ་ལས་སྲུང་བར་བྱེད་པ་ཡིན་ནོ། །ཡིད་གཞུངས་ཚོགས་ཀྱི་མཚམས་དང་རབ་ཏུ་ལྷོད། །བུད་མེད་མི་དགའ་ཁུ་བ་དང་ནི་འདོད་པ་ཆུང། གཉེར་མའི་ཚོགས་དང་སྐྲ་དཀར་མིག་སྔོའི་གནས་འགྱུར་ལ། །ཟས་ནི་མངར་དང་བསྐ
་དང་ཁ་བསིལ་ཟ་བར་དགའ་། ཞེས་བྱ་བ་ལ། ཡང་མཁྲིས་པའི་རང་བཞིན་ཅན་གྱི་མི་ནི་ཡིད་གཞུངས་ཤིང་བློ་དང་ལྡན་པ་དང། རུས་པའི་ཚིགས་ཀྱི་འབྲེལ་མཚམས་དང་ཤའི་ཚགས་ལྷོད་ཅིང་གྲིམས་བག་མེད་པ་དང། བུད
་མེད་རྣམས་དེ་ལ་དགའ་བར་མི་འགྱུར་བ་དང། ཁུ་བའི་ཤས་ཆུང་བ་དང། འདོད་པ་ཆུང་ཞིང་འཁྲིག་པ་ལ་མངོན་པར་མི་གདུ་བ་དང། པགས་པའི་ཚོགས་གཉེར་མ་མང་བ་དང། སྐྲ་དཀར་ལྷགས་པ་དང། མིག་བསྔོ་བའི་ནད
་རྣམས་ཀྱི་གནས་སུ་འགྱུར་ཞིང་དེ་དག་དང་ལྡན་པར་འགྱུར་བ་དང། ཁ་ཟས་ཀྱང་མངར་བ་ལ་སོགས་པའི་རོ་དང་ལྡན་པ་ལ་སྲེད་ཅིང་དགའ་བ་ལ་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ། །ཐན་པ་མི་བཟོད་རྡུལ་ཞིང་དྲི་ང་ལ། བཤང་གཅི
་བཟའ་བཏུང་ཁྲོ་དང་ཕྲག་དོག་མང། རྨི་ལམ་དོ?་དག་པ་ལ་ཤའི་མེ་ཏོག་།གློག་འགྱུ་ཕྱོགས་ཚིག་སྐར་མངའ་ཉི་མེ་མཐོང། ཞེས་བྱ་བ་ལ། གཞན་ཡང་མཁྲིས་པ་ཅན་གྱི་མཚན་ཉིད་ནི་ཉི་ཚན་གྱི་ཐན་པ་དང་ཚད་པ་ནི
་མི་བཟོད་ཅིང་བསྟེན་མི་ནུས་པ་དང། རྟག་ཏུ་རྡུལ་དུ་བྱུང་བ་དང། ལུས་དྲི་ང་ཞིང་མནམ་པ་དང། དེ་བཞིན་དུ་བཤང་གཅི་ལ་སོགས་པ་མང་ཞིང་ཤས་ཆེ་བ་དང། གཉིད་ལོག་པའི་རྨི་ལམ་གྱི་ནད་ན་དོང་ཀའི་ཤིང་དང། དེ་བཞིན་དུ
་ཤིང་པ་ལ་ཤའི་མེ་ཏོག་དང། དེ་བཞིན་དུ་གློག་འགྱུ་བ་དང་ཕྱོགས་ཚིག་པ་དང། སྐར་མདའ་ལྟུང་བ་དང། ཉི་མ་འཆར་བ་དང། མེ་ཆེན་པོ་འབར་བ་དག་མཐོང་བ་ཡིན་ནོ། །འདི་ཡི་ལུས་ཕྲ་མིག་སེར་གཡོ་བ་དང། རྫི་མ་སྲབ་ཅིང
་ཉུང་ཞིང་གྲང་ལ་དགའ་། ཁྲོ་དང་ཆང་དང་ཉི་མའི་འོད་ཟེར་གྱིས། །མིག་ནི་ཉུང་བར་དམར་པོས་འགྱུར་བ་ཡིན། ཞེས་བྱ་བ་ལ། མཁྲིས་པ་དང་ལྡན་པའི་སྐྱེས་བུ་འདིའི་མིག་དབྱིབས་ཕྲ་བ་དང། མིག་སེར་སྐྱར་གནས་པ་དང། རྣམ་པར་གཡོ
་ཞིང་རྒོད་པ་དང། དེ་བཞིན་དུ་མིག་གི་རྫི་མའི་ཕྱོགས་སྲབ་ཅིང་གྲངས་ཉུང་བ་དང། གྲང་ཞིང་བསིལ་བའི་ལ་མངོན་པར་དགའ་བ་དང། ཁྲོ་ཞིང་འཁྲུགས་པ་དང་ཆང་འཐུངས་པ་དང། ཉི་མིའི་ཟེར་གྱིས་ཕོག་མ་དེའི་མིག་མྱུར་དུ་དམར
་ཞིང་སྔོ་བར་འགྱུར་བ་ཡིན་ནོ། །ཆེ་ནི་རན་ཞིང་སྟོབས་ནི་འབྲིང་བ་དང། མཁས་ཤིང་སྡུག་བསྔལ་དག་ལ་སྲན་ཆུང་འགྱུར། །སྟག་དང་དྲེད་དང་སྤྲེའུ་བྱི་ལ་དང། གནོད་སྦྱིན་རང་བཞིན་ལྡན་པ་མཁྲིས་ཅན་ཡིན། ཞེས་བྱ་བ་ལ། ཡང་དེ་ནི་ཚེའི
་ཚད་རན་ཅིང་འབྲིང་ཙམ་དུ་གནས་པ་དང། སྟོབས་ཤིན་ཏུ་ཆེ་བ་མ་ཡིན་ཞིང་འབྲིང་ཙམ་དུ་གནས་པ་དང། མཁས་ཤིང་བློ་དང་ལྡན་པ་དང། སྡུག་བསྔལ་སྲན་ཆུང་ཞིང་ཉོན་མོངས་པ་ལ་བཟོད་པར་མི་ནུས་ཤིང་འཇིགས་པ་དང་བཅས་པ
་ཡིན་ནོ། །གཞན་ཡང་སྟག་ལ་སོགས་པའི་གཟུགས་དང་སྐད་ཀྱི་ང་རོ་དང། སྤྱོད་པ་དང་རྗེས་མཐུན་པར་བྱེད་པ་ནི། མཁྲིས་པའི་རང་བཞིན་ཅན་གྱི་མི་ཡིན་པར་ཤེས་པར་བྱའོ། །བད་ཀན་བསིལ་བས་བད་ཀན་ཅན་བསིལ་ཅིང། རུས་ཚིགས
་མི་མངོན་སྣུམ་ཞིང་ཤ་རུས་འབྲེལ། །བཀྲེས་སྐོམ་ཉོན་མོངས་སྡུག་ཐན་པ་ཟོད། །བློ་ལྡན་སྙིང་སྟོབས་ཆེ་ཞིང་དམ་བཅས་བརྟན། །ཞེས་བྱ་བ་ལ། གང་གི་ཕྱིར་བད་ཀན་གྱི་རང་བཞིན་བསིལ་བ་ཡིན་པའི་ཕྱིར། །བད་ཀན་ཅན་གྱི་སྐྱེས་བུ
་ཡང་བསིལ་ཞིང་ཁོང་གྲང་བ་ཡིན་ཏེ། གང་གི་ཕྱིར་ན་འབྲས་བུ་རྣམས་ནི་རྒྱུ་དང་རྗེས་སུ་མཐུན་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་གྱི་སྐྱེས་བུ་རུས་པའི་ཚོགས་མི་མངོན་པར་པགས་པའི་མདོག་སྣུམ་པ་དང།
་ཤ་རུས་ཕན་ཚུན་འབྲེལ་ཅིང་གཅིག་ལ་གཅིག་འབྱོར་པས་གནས་པ་དང། དེ་བཞིན་དུ་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་རྣམས་བརྣགས་བཟོད་ཅིང་སྲན་ཐུབ་པ་དང། བློ་དང་ལྡན་ཞིང་ཤེས་རབ་ཆེ་བ་དང། སྙིང་སྟོབས་ཀྱི་རང
་བཞིན་ཤས་ཆེ་བ་དང། དམ་བཅའ་བ་ལ་བརྟན་ཞིང་མི་འགྱུར་བ་ཡིན་ནོ། །པྲི་ཡཾ་ཀུ་དང་དུརྦ་འདམ་བུའི་མདོག་།ཚོན་དང་གི་ཝཾ་པདྨ་གསེར་མདོག་ཅན། །ལག་དར་རིང་ཞིང་བྲང་ནི་ཡངས་ལ་རྒྱས། དཔྲལ་བའི་དབྱེས་ཆེ་སྐྲ་ནི་མཐུག
་ཅིང་གནག་།ཅེས་བྱ་བ་ལ། ཡང་བད་ཀན་ཅན་གྱི་མི་བྲི་ཡི་ཀུ་ལ་སོགས་པའི་མདོག་དང་ལྡན་པར་འགྱུར་ཏེ། ལ་ལ་ནི་པྲི་ཡཾ་ཀུ་ལྟ་བུའི་མདོག་ཅན་ཡིན་ནོ། །ལ་ལ་ནི་དུརྦ་ལྟ་བུའི་མདོག་ཅན་ནས། །ལ་ལ་ནི་གསེར་གྱི་མདོག་དང
་འདྲ་བའི་བར་དུ་འགྱུར་བ་ཡིན་ནོ། །དེ་ཡང་དེ་བཞིན་དུ་ལག་དང་རིང་ཞིངས?་མོས་བར་དུ་ཕྱིན་པ་དང། བྲད་ཕེལ་ཁ་ཆེ་ཞིང་ཡངས་ལ་རྒྱལ་པ་དང། དཔྲལ་བའི་དབྱེས་ཆེ་ཞིང་ཡངས་པ་དང། སྐྲའི་ཚོགས་མཐུག་ཅིང་མདོག་གནག་པར
་གནས་པ་ཡིན་ནོ། །ལུས་འཇམ་སྙོམས་ཤིང་ཡན་ལག་མཛེས་པ་དང། མདངས་ཆེ་ཁུ་བཅུད་བུ་ཚ་གཡོག་འཁོར་མང། །ཆོས་ལྡན་ཚིག་རྩུབ་ནམ་ཡང་སྨྲ་མི་བྱེད། །དགྲ་ལ་ཞེ་སྡང་འདམ་རིངས་འཁོན་འཛིན་བྱེད། ཅེས་བྱ་བ་ལ
་ཡང་ལུས་ཀྱི་ཤ་མདངས་འཇམ་ཞིང་མཉེན་པ་དང། ཡན་ལག་གི་ཤའི་ཚོགས་སྙོམས་པ་དང། ཡན་ལག་འབྱེས་ཤིང་མཛེས་པ་དང། མདངས་ཚེ་ཞིང་མང་བ་དང། འཁྲིག་པ་ལ་དགའ་ཞིང་ཁུ་ཆུའི་བཅུད་ཆེ་བ་དང།
་དེ་བཞིན་དུ་བུ་ཆ་དང་འཁོར་གཡོག་མང་ཞིང་འཕེལ་བ་དང། ཆོས་དང་ལྡན་ཞིང་ཆོས་ལ་དགའ་བ་དང། ཚིགས་རྩུབ་ཅིང་ཞེ་ལ་འཕོག་པའི་ཚིག་ནམ་ཡང་མི་སྨྲ་བ་དང། དེ་བཞིན་དུ་དགྲ་བོ་ལ་ཞེ་སྡང་གི་འདམ་རིང་ཞིང་རྒྱུན་དུ
་འཇོག་པ་ཁོན་དུ་འཛིན་ཅིང་ཡིད་ལ་འཇོག་པ་ཡིན་ནོ། །གླང་པོ་མཆོག་ནི་དྲེགས་བཅས་ལྟ་བུར་འགྲོ་།རྒྱ་མཚོ་འབྲུག་དང་རྫེ་རྔ་སེང་གེ་ཡི། །སྒྲ་ལྡན་དྲན་དང་བརྩོན་འགྲུས་དུལ་བར་ལྡན། །བྱིས་པའི་ཚེ་ནི་དུ་དང་བརྐམ་ཤས་ཆུང།
་ཞེས་བྱ་བ་ལ། གླང་པོ་ཆེའི་མཆོག་དམ་པ་དག་དྲེགས་པ་དང་བཅས་ཤིང་ར་རོ་བ་ལྟ་བུའི་འགྲོས་དང་ལྡན་པར་འགྲོ་བ་དང། དེ་བཞིན་དུ་སྒྲའི་སྐད་གསངས་རྒྱ་མཚོ་དང་འབྲུག་སྒྲ་ལ་སོགས་པ་ལྟ་བུར་ཟབ་པ་དང་དྲན་ཞིང་བརྗེད
་པ་མེད་པའི་ནུས་མཐུ་དང་ལྡན་པ་དང། བརྩོན་འགྲུས་ཀྱི་འབད་པས་བྱ་བ་རྣམས་སྒྲུབ་པར་བྱེད་པ་དང། ཞི་ཞིང་དབང་པོ་བསྡམས་པ་ལ་སོགས་པའི་དུལ་བ་ལྡན་པ་དང། བྱིས་པའི་གནས་སྐབས་ཉིད་ན་ཡང་དུ་བའི་ཤས་ཆུང་བ་དང། དེ
་བཞིན་དུ་བརྐམ་ཞིང་ཟས་ལ་དུ་བའི་ཤས་ཆུང་བ་ཡིན་ནོ། །ཟས་ནི་ཁ་བསྐ་ཚ་དང་དྲོ་ཞིང་རྩུབ། ཉུང་དུ་ཟོས་ཀྱང་དེ་ནི་སྟོབས་དང་ལྡན། །མིག་ནི་མཛའ་དམར་སྣུམ་ཞིང་དཀྱུས་རིང་ཡངས། དཀར་གནག་རབ་གསལ་རྫི་མ་སྙིམས་དང
་ལྡན་ཞེས་བྱ་བ་ལ། བད་ཀན་གྱི་རང་བཞིན་ཅན་གྱི་སྐྱེས་བུ་དེ་བ་ཟས་ཀྱི་རྣམ་པ་ཁ་ཞིང་བསྐ་བ་ལ་སོགས་པ་སྟོབས་འབྲི་བར་བྱེད་པ་དང། ཚད་ཆུང་ཞིང་ཉུང་ཞིག་ཟོས་པར་གྱུར་ཀྱང་དེ་སྟོབས་དང་ལྡན་པར་འགྱུར་གྱི། སྟོབས
་འབྲི་བར་མ་འགྱུར་བ་དང། དེའི་མིག་མཛའ་དམར་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །སྨྲ་དང་ཁྲོ་དང་བཟའ་བཏུང་སྤྱོད་པ་ཉུང། །ཚེ་རིང་ནོར་མང་རིང་བལྟ་ཚིག་འཇམ་སྨྲ། །དད་ཅིང་བློ་ཟབ་ལྟ་ཆེ་བཟོད་དང
་ལྡན། །རང་བཞིན་བཟང་ཞིང་གཉིད་ཆེ་ལས་མཛའ་རིང། །ཞེས་བྱ་བ་ལ། ཡང་དེའི་སྨྲ་བའི་ཚིག་ཉུང་བ་དང། འཁྲུག་པའི་ཤས་ཆུང་བ་དང་བཟའ་བ་དང་བཏུང་བ་ཆུང་ངུ་ཟ་ཞིང་འཐུང་པ་དང། སྤྱོད་པ
་སྟེ་ལུས་ཀྱི་བྱ་བ་ཉུང་བ་དང། ཚེ་རིང་བར་གནས་པ་དང། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང། རིང་དུ་བལྟ་བ་སྟེ་ཕྱིས་འབྱུང་བར་འགྱུར་བའི་དོན་གྱི་ལེགས་ཉེས་རྣམ་པར་དཔྱོད་དེ། འདི་ལྟར་བྱས་ན་ལས་ཕྱི་མཛའ་ངེས་པར
་འགྱུར་རོ། །ཞེས་དཔྱོད་པ་དང་ལྡན་པ་དང། ཚིག་སྙན་ཅིང་འཇམ་པར་སྨྲ་བ་དང། གཏོང་བ་དང་ལྡན་པ་སྟེ། གཏོང་ལྡན་སྙན་སྨྲ་ཤེས་པར་བྱ། ཞེས་བཤད་པའི་ཕྱིར་རོ། །ཡང་དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དད་པ་དང་ལྡན་པ་དང། བློ
་ཟབ་ཅིང་གཏིང་རིང་བ་སྟེ། དེ་ཡང་གང་གི་སེམས་དགའ་སྤྱོད་པ་དང། ཁྲོ་དང་མྱ་ངན་འཇིགས་པ་ཡི། །གནས་སྐབས་ཤེས་པར་མི་འགྱུར་བ། །དེ་ནི་ཟབ་པ་ཡིན་ཞེས་བྱ། ཞེས་བཤད་པ་དང་ལྡན་པའོ། །དེ་བཞིན་དུ་བལྟ་བ་ཆེ་བ་སྟེ།
་དོན་ཆེ་བ་ལ་གཙོ་བོར་འཛིན་པ་དང། བཟོད་པ་དང་ལྡན་པ་དང། འཁྲུག་པ་མེད་པ་དང། རང་བཞིན་བཟང་ཞིང་དམ་པའི་སྤྱོད་པ་དང་ལྡན་ལ། སྡིག་པ་ལ་མངོན་པར་མི་དགའ་བ་དང། གཉིད་ཆེ་ཞིང་སྟུག་པ་དང། ལས་ཀྱི་མཛའ་
་རིང་ཞིང་ཡུན་རིང་པོར་རྫོགས་པར་བྱེད་པའོ། །བྱས་བཟོ་དྲང་མཁས་སྐལ་བཟང་ངོ་ཚར་ལྡན། །བླ་མ་ལ་གུས་མཛའ་བཤེས་དག་ལ་བརྟན། །རྨི་ལམ་པདྨ་བྱ་ཡི་ཕྲེང་བར་བཅས། ཆུ་ཡི་གནས་དང་སྤྲིན་ཡང་མཐོང་བ་ཡིན། ཞེས་བྱ་བ་ལ།
་ཕན་པ་བྱས་པ་ཤེས་ཤིང་བྱས་པ་བཟོ་བ་དང། བསམ་པ་དྲང་ཞིང་གཡོ་ཆུང་བ་དང། མཁས་ཤིང་བྱེ་བྲག་ཕྱད་པ་དང། སྐལ་པ་བཟང་ཞིང་གཟུགས་བཟང་བ་དང་ངོ་ཚ་དང་ལྡན་ཞིང་འཛེམ་པ་དང་བཅས་པ་དང། བླ་མ་ལ་གུས་ཤིང
་ལུས་འདུད་པར་འདོད་པ་དང། མཛའ་བཤེས་ལ་ངོ་བརྟན་ཞིང་དུས་ཐམས་ཅད་དུ་བྱམས་པས་གནས་ཀྱི། ནམ་ཡང་དེའི་ཡིད་དང་འགལ་བར་མི་བྱེད་ལ་བྱམས་པ་བརྟན་པ་དང། གཉིད་ཀྱི་ལོག་པའི་རྨི་ལམ་གྱི་ནང་དུ་འང་མེ་ཏོག་པདྨ་དང་བྱའི་ཕྲེང
་བའི་ཚོགས་ཀྱིས་བསྐོར་བ་དང། བཅས་པའི་ཆུའི་གནས་མཚོ་ལ་སོགས་པ་མཐོང་བ་དང་སྤྲིན་གྱི་ཚོགས་འདུས་པ་དག་མཐོང་བ་ཡིན་ནོ། །ཚངས་པ་དྲག་པོ་དབང་པོ་ཆུ་ལྷ་དང། ནམ་མཁའ་ལྡིང་དང་ངང་པ་གླང་པོ་ཆེ། །དེ་བཞིན་སེང་གེ་དེ་ནི་ཁྱུ་མཆོག་དང། །
་བད་ཀན་ཅན་ནི་རང་བཞིན་འདྲ་ཤེས་བྱ། ཞེས་བྱ་བ་ལ། བད་ཀན་གྱི་རང་བཞིན་ཅན་གྱི་མི་ནི་སྤྱོད་པའི་རང་བཞིན་ཚངས་པ་ལ་སོགས་པ་དང་འདྲ་ཞིང་མཚུངས་པ་ཡིན་པར་ཤེས་པར་བྱའོ། །གླང་པོ་ཆེའི་མཆོག་ནི་ས་སྲུང་ངོ། །རང་བཞིན་གཉིས་དང་ཀུན
་ལས་བྱུང། གཉིས་གཉིས་ཀུན་གྱི་ཡོན་ཏན་སྐྱེད། ཅེས་བྱ་བ་ལ། ནད་ཀྱི་གཞི་གཉིས་པོ་རླུང་དང་མཁྲིས་པ་འམ། རླུང་དང་བད་ཀན་ནམ། མཁྲིས་པ་འམ་བད་ཀན་བྱུང་བའི་རང་བཞིན་ནི་གཉིས་འདྲེན་མ་དང་ལྡན་པ་ཡིན་ལ། དེ་ནི་རང་བཞིན་གསུམ
་ཡིན་པར་ཤེས་པར་བྱའོ། །རང་བཞིན་བཞི་པ་ནི་ཐམས་ཅད་ལས་སྐྱེས་པ་ཡིན་ནོ། །དེ་ལྟར་ན། ཡོན་ཏན་གཉིས་ལས་བྱུང་བས་དེ་དང་རྗེས་སུ་མཐུན་པའི་རང་བཞིན་སྐྱེད་པ་ཡིན་ནོ། །གཙང་སྦྲ་ཡོད་པར་སྨྲ་ཚིགས་ཀྱི། ཡོན་ཏན་གྱིས་ནི་དེ་ལྡན
་བཤད་ཅེས་བྱ་བ་ལ། དེ་དག་གིས་ནི་རླུང་ལ་སོགས་པའི་རང་བཞིན་རེ་རེ་དང་གཉིས་གཉིས་དང། ཀུན་ལས་བྱུང་བ་ནི་གཙང་སྦྲ་དང་ཡོད་པར་སྨྲ་བ་ལ་སོགས་པའི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་རང་རང་གི་མཚན་ཉིད་དང་ལྡན་པ
་བཤད་ཅིང་བསྟེན?་པ་ཡིན་ནོ། །དེ་ཡང་གཙང་སྦྲ་དང། ཡོད་པར་སྨྲ་བ་ལ་སོགས་པས་ནི། སྙིང་སྟོབས་དང་ལྡན་པར་བཤད་དོ། །མང་དུ་སྨྲ་བ་ལ་སོགས་པས་ནི་རྡུལ་དང་ལྡན་པར་བཤད་དོ། །འཇིགས་པ་ལ་སོགས་པས་ནི་མུན་པ་དང་ལྡན་པར
་བཤད་དོ། །དེ་ལྟར་སོ་སོར་བཤད་པ་དང་རང་བཞིན་གཉིས་དང་ལྡན་པས་ནི་གཉིས་ཀ་དང་ལྡན་པ་དང། རང་བཞིན་ཐམས་ཅད་ཀྱིས་ནི་ཐམས་ཅད་དང་ལྡན་པར་སྟོན་ཏོ། །དེ་ལྟར་ན་སེམས་སྙིང་སྟོབས་ལ་སོགས་པའི་ཡོན
་ཏན་གྱིས་རང་བཞིན་བདུན་བསྟན་པ་ཡིན་ནོ། །ན་ཚོད་བཅུ་དྲུག་པར་བྱིས་པ། དེ་ལུས་ཟུངས་དབང་པོ་གཟི། །འཕེལ་འགྱུར་བདུན་བཅུའི་བར་བར་མ། །ཟད་པ་ཕན་ཆད་རྒན་པོ་ཡིན། ཞེས་བྱ་བ་ལ། དུས་ཀྱིས་བྱས་ཤིང་དེ་ལས་བྱུང་བའི་ལུས་ཀྱི
་གནས་སྐབས་ལ་ནི་ན་ཚོད་ཅེས་བྱ་ལས་སོ། །དེ་ཡང་བྱིས་པ་དང། བར་མ་དང། རྒན་པོའི་དབྱེ་བས་རྣམ་པ་གསུམ་ཡིན་པ་ལས། སྐྱེས་ནས་ལོ་བཅུ་དྲུག་ལོན་པའི་བར་དུ་བྱིས་བ་ཡིན་ལ་བྱིས་པའི་ན་ཚོད་དེ་ལ་ནི་དངས་མ་ལ་སོགས་པའི་ལུས་ཟུངས
་རྣམས་དང་མིག་ལ་སོགས་པའི་དབང་པོ་རྣམས་དང། དེ་བཞིན་དུ་མདངས་རྣམས་འཕེལ་ཞིང་རྒྱས་པར་འགྱུར་བ་ཡིན་ནོ། །ལོ་བཅུ་བདུན་ནས་ལོ་བདུན་ཅུའི་བར་ནི་ན་ཚོད་པར་མ་སྟེ། གནས་སྐབས་དར་ལུས་ཟུངས་ལ་སོགས་པ་ཤས་ཆེད
་འཕེལ་བ་དང་འབྲི་བ་གཉིས་ཀར་མི་འགྱུར་རོ། །བདུན་ཅུ་རྩ་གཅིག་མན་ཆད་ནས་ཇི་སྲིད་འཚོའི་བར་དུ་རྒན་པོ་ཡིན་ནོ། །ན་ཚོད་དེའི་སྐབས་སུ་ནི་ལུས་ཟུངས་ལ་སོགས་པ་རིམ་གྱིས་ཟད་ཅིང་འབྲི་བ་ཡིན་ཏེ། བྱིས་བ་དང་བར་མའི་ན་ཚོད
་སྨོས་པ་ལས་ནི་གསུམ་པོ་འདི་དོན་གྱིས་སྟོན་པ་ཡིན་ནོ། །རང་རང་ཁྲུ་ནི་ཕྱེད་དང་བཞི། །ལུས་ནི་ཚེ་རིང་བདེ་བའི་སྣོད། །ཅེས་བྱ་བ་ལ། སྐྱེས་བུ་རང་རང་གི་ཁྲུ་ཚད་ཕྱེད་དང་བཞི་བཞི་ནི་སྐྱེས་བུའི་ཚད་ཡིན་པས་དེ་དང་ལྡན
་པའི་ལུས་ནི་ཚེ་རིང་བ་དང་བདེ་བའི་སྣོད་ཡིན་པས་དེར་སྲོག་གི་དབང་པོ་དང། ནད་མེད་པར་ལེགས་པར་གནས་པར་འགྱུར་རོ། །སྤུ་མེད་གནག་དང་ཤིན་ཏུ་སྤོམ། །རིང་པོ་ཉིད་ནི་མི་མཐུན་བཅས། །སྨད་པ་བརྒྱད་དང་རང་ཉིད
་ལྡན། གང་ཡིན་དེ་ནི་སྣོད་མི་འགྱུར། ཞེས་བྱ་བ་ལ། གང་གི་ལུས་ལ་རང་བཞིན་གྱིས་སྤུ་མེད་པ་ལ་སོགས་པ་སྨད་པར་བྱ་བ་བརྒྱད་དང་རང་ཉིད་ལྡན་པ་དེ་ནི་ཚེ་རིང་བ་དང་བདེ་བའི་སྣོད་དུ་མི་འགྱུར་རོ། །སྨད་པ་བརྒྱད་ནི་ཤིན་ཏུ་སྤུ་མེད་པ་དང།
་ཤིན་ཏུ་སྤུ་མང་བ་དང། གནག་ཆེས་པ་དང། དཀར་ཆེས་པ་དང། ཤིན་ཏུ་སྦོམ་པ་དང། ཤིན་ཏུ་ཕྲ་བ་དང། རིང་ཆེས་པ་དང། ཐུང་ཆེས་པ་དང། རྣམ་པ་བརྒྱད་དོ། །སྒྲ་ནི་རབ་སྣུམ་འཇམ་པ་དང། །ཕྲ་ཞིང་རྩ་བ་མ་འདྲེས་བརྟན། ཅེས་བྱ་བ
་ལ། སྐྱེས་བུའི་སྐྲ་ཁ་དོག་གི་མདངས་སྣུམ་པ་དང། འཇམ་ཞིང་མི་གཤོར་བ་དང། ཕྲ་ཞིང་མི་སྤོམ་པ་དང། རྩ་བ་མ་འདྲེས་ཤིང་བུ་ག་རེ་རེ་ནས་སྐྱེས་པ་དང། བརྟན་ཞིང་མི་འབྱི་བ་བསྔགས་པ་ཡིན་ནོ། །དཔྲལ་བ་མཐོ་ཞིང་མུར་འགྲམ
་འབྱར། །ཟླ་བ་ཁམ་པ་འདྲ་བ་བཟང། །ཞེས་བྱ་བ་ལ། དཔྲལ་བ་ནི་དཔངས་མཐོ་ཞིང་དཔྲལ་མཚམས་འབྱེས་པ་དང། མུར་འགྲམ་འབྱར་ཞིང་ལེགས་པར་གནས་པ་དང། དེ་བཞིན་དུ་ཟླ་བ་ཁམ་པ་སྟེ། ཟླ་བ་ཕྱེད་པའི་དབྱིབས་འདྲ་བ་བཟང
་རྣ་བ་རྒྱབ་ཕྱོགས་རྒྱ་ཆེ་མཛེས། །རྣ་ཤལ་ཆེ་ཞིང་ཤ་ཡིས་རྒྱས། ཞེས་བྱ་བ་ལ། རྣ་བ་ནི་རྒྱབ་ཀྱི་ཕྱོགས་རྒྱ་ཆེ་ཞིང་མཛེས་པ་དང། རྣ་བཤལ་ཆེ་ཞིང་ཤ་རྒྱས་པ་བཟང་ངོ། །མིག་ནི་དཀར་ནག་འབྱེད་པ་དང། རྫི་མ་མཐུག་ཅིང་སྙོམ་པ་བཟང།
་ཞེས་བྱ་བ་ལ། མིག་གི་མཚན་ཉིད་ནི་མིག་འབྲས་དཀར་གནག་པ་བྱེས་པ་དང། རྫི་མའི་ཚེགས་མཐུག་ཅིང་སྙོམས་པ་དང་ལྡན་པ་བཟང་ངོ། །སྣ་ཡི་རྩེ་མོ་དབུགས་ཆེར་འབྱུང། །ཤ་རྒྱས་དྲང་ཞིང་སྙོམས་པ་བཟང། ཞེས་བྱ་བ་ལ། སྣའི
་རྩ་མོ་མཐོ་ཞིང་ལེགས་པ་དང་དབུགས་ཆེན་པོ་འབྱུང་ཞིང་རྒྱུ་བར་རུང་བ་དང། ཤ་རྒྱས་ཤིང་མ་ཞུམ་པ་དང། དྲང་ཞིང་ཡ་ཡོ་མེད་པ་དང། སྙོམས་ཤིང་མཐོན་དམན་མེད་པ་བཟང་ངོ། །མཆུ་ནི་དམར་ཞིང་མ་འཕྱངས་པ། ཞེས་བྱ
་བ་ལ། མཆུ་བིམ་པ་ལྟར་དམར་བ་དང། མ་འཕྱང་ཞིང་ཕྱི་རོལ་ཏུ་ལྡོག་པ་མེད་པ་བཟང་ངོ། །འགྲམ་པ་ཡངས་ཤིང་མིག་འབུར་བཟང། ཞེས་བྱ་བ་ལ། སྐྱེས་བུའི་འགྲམ་པ་གཉིས་ནི་ཡངས་ཤིང་རྒྱ་ཆེ་བ་དང་འབར་འབུར
་མེད་པ་བཟང་ངོ། །ཁ་ཆེ་བཟང། ཞེས་བྱ་བ་ནི་ཁའི་ཞེང་ཆེ་བ་བཟང་ངོ། །སོ་ཡི་ཐགས་དམ་ལ། སྣུམ་ཞིང་འཇམ་ལ་དཀར་ཞིང་སྙོམས། །ཞེས་བྱ་བ་ལ། སོ་ནི་སོ་ཐགས་དམ་ཞིང་ལེགས་པར་གནས་པ་དང། མདངས་སྣུམ་པ་དང།
་འཇམ་ཞིང་རྩུབ་བག་མེག་པ་དང། དཀར་ཞིང་རྙོག་པ་མེད་པ་དང། སྙོམས་ཤིང་མཐོན་དམན་མེད་པ་བཟང་ངོ། །ལྕེ་ནི་དམར་ཞིང་ཡངས་ལ་སྲབ། །ཅེས་བྱ་བ་ལ། ལྕེ་ནི་ཁ་དོག་ཟངས་ཞིང་དམར་བ་དང། ཡངས་ཤིང་རིང་བ་དང
་སྲབ་ཅིང་མི་སྦོམ་པ་བཟང་ངོ། །ཀོས་ཀོ་ཆེ་ཞིང་ཤ་ཡིས་རྒྱས། ཞེས་བྱ་བ་ལ། ཀོས་ཀོའི་དབྱིབས་ནི་ལྷན་ཆེ་ཞིང་ཤས་ལེགས་པར་རྒྱས་པ་བཟང་ངོ། །མགྲིན་པ་ཐུང་ཞིང་ཤ་རྒྱས་ཟླུམ། ཞེས་བྱ་བ་ལ། མགྲིན་པ་ནི་མགོའི་རྟེན་ཏེ། མཚམས
་ཐུང་ཞིང་ཧ་ཅང་ཡང་མི་རིང་བ་དང། །ཤས་ལེགས་པར་རྒྱས་པ་དང། ཟླུམ་ཞིང་བུམ་པའི་མགུལ་པ་ལྟར་གནས་པ་བཟང་ངོ། །ཕྲག་པ་མཐོ་ཞིང་ཤ་ཡིས་རྒྱས། ཞེས་བྱ་བ་ལ། ཕྲག་པའི་དཔངས་མཐོ་བ་དང། ཤ་ལེགས་པར་རྒྱས་པ
་བཟང་ངོ། །ལྷོ་བ་ཟླུམ་ཞིང་ལྟེ་བ་ནི། ཟབ་ཅིང་མཐོ་ལ་གཡས་སུ་འཁྱིལ། ཞེས་བྱ་བ་ལ། ལྟོ་བའི་དབྱིབས་ཅུང་ཟད་ཟླུམ་པ་དང། །ལྟེ་བ་ཟབ་ཅིང་དམའ་བ་དང། ཀུན་ནས་མཛེས་པར་མཐོ་བ་དང། གཡས་སུ་འཁྱིལ་བ་སྔགས་སོ། །རྐང་པ་ལག
་པ་ལེགས་གནས་ཤིང། །སེན་མོ་འཇམ་ཞིང་མཐོ་ལ་དམར། །སྣུམ་ཞིང་ཀུན་དམར་ཤ་རྒྱས་པ། །སོར་མོ་རིང་ཟླུམ་བུ་ག་མེད། །ཅེས་བྱ་བ་ལ། རྐང་པ་དང་ལག་པའི་དབྱིབས་ནི་ས་ལ་ལེགས་པར་གནས་ཤིང་མཐིལ་མཉམ་པར་གནས
་བ་དང། སེན་མོ་འཇམ་ཞིང་མཉེན་ལ་དཔངས་ཅུང་ཟད་མཐོ་ཞིང་དམར་བ་དང། མདངས་སྣུམ་པ་དང། ཀུན་ནས་དམར་བ་ལ་ཤ་རྒྱས་པར་འགྱུར་བ་དང། སེན་མོའི་དབྱིབས་རིང་ཞིང་ཟླུམ་པ་དང། ཕན་ཚུན་མཛེར་ཞིང་བུ་ག་མེད་པ་བསྔ་བའོ།།
་རྒྱབ་ཞེང་ཆེ་ཞིང་སྒལ་ཚིགས་ནུབ། །ཅེས་བྱ་བ་ལ། རྒྱབ་ནི་ཞེང་ཤིན་ཏུ་ཆེ་ཞིང་སྒལ་ཚིགས་རྣམས་ནང་དུ་ནུབ་པ་ལྟ་བུ་བཟང་ངོ། །ཚིགས་འཚམས་མི་མངོན་དམ་པ་དང། ཞེས་བྱ་བ་ལ། ཚིགས་མཚམས་ཀྱི་མཚམས་ཕྱིར་མི་འབུར་ཞིང་ཕྱིར་མི་མངོན་པར
་དམ་ཞིང་བརྟན་པར་རུས་པའི་ཚིགས་ཀྱི་ཚོགས་ཐམས་ཅད་གནས་པ་བཟང་ངོ། །ཚིགས་གསང་མཐོ་ཞིང་བརྟན་པ་དང། ཞེས་བྱ་བ་ལ། ཚིགས་ཀྱི་གསང་མཐོ་ཞིང་རིང་དུ་འགྲོ་བ་དང་བརྟན་ཞིང་ཞུམ་བག་མེད་པ་བཟང་ངོ། །མདོག་སྣུམ་ཁ
་དོག་བརྟན་པར་གནས། །ཞེས་བྱ་བ་ལ། ལུས་ཀྱི་མདོག་མདངས་སྣུམ་ཞིང་ཁ་དོག་མི་འགྱུར་བར་གནས་པ་བཟང་ངོ། །རང་བཞིན་གྱིས་འབྱུང་སྙིང་སྟོབས་ཅན། །ཕོངས་པའི་ཚེ་ནའང་ཞུམ་པ་མེད། ཅེས་བྱ་བ་ལ། རང་བཞིན་གྱིས་འབྱུང་ཞིང
་རྐྱེན་གྱིས་བསྐྱེད་པ་མ་ཡིན་པས་ན། རང་བཞིན་གྱིས་འབྱུང་བ་སྟེ། དེ་ལྟ་བུའི་སྙིང་སྟོབས་དང། སྤྱོད་པ་བརྟན་ཞིང་མི་འགྱུར་བ་དང། །དེ་ཉིད་ཀྱིས་ནི་ཕོངས་ཤིང་རྒུད་པར་འགྱུར་པའི་ཚེ་ན་ཞུམ་ཞིང་མི་དགེ་མེད་པ་བཟང་ངོ། །འང
་ཞེས་སྨོས་པ་ནི་ཕོངས་བའི་ཚེ་ན་ཞུམ་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འབྱོར་བ་དང་ལྡན་པའི་ཚེ་ན་ཡང་ཁེངས་པ་མེད་པ་བསྔགས་སོ་ཞེས་བྱ་བར་སྟོན་ཏོ། །མངལ་ནས་བརྩམས་ཏེ་ནད་མེད་པ། གོང་ནས་གོང་དུ་ཞིང་བཟང་ལ། །ཤེས
་དང་ཡེ་ཤེས་རྒྱ་ཆེར་ནི། །འཕེལ་ཞིང་རིམ་གྱིས་དགེ་བར་འགྱུར། ཞེས་བྱ་བ་ལ། དང་པོ་མངལ་དུ་ཞུགས་ཤིང་སྐྱེས་པ་ནས་བརྩམས་ཏེ། གནས་པའི་སྐབས་སུ་ནད་ཀྱི་སྐྱོན་མེད་པའི་རྒྱུ་གོང་ནས་གོང་དུ་འཕེལ་ཞིང་གནས་པའི་བཟང་པོ་ལས
་བརྟེན་ཅིང་དེ་བཞིན་དུ་རྩོལ་བ་ལ་སོགས་པས་རིམ་གྱིས་བསྐྱེད་པའི་ལུས་ནི་དགེ་བར་འགྱུར་བ་ཡིན་ཏེ། དེ་ལ་ཤེས་པ་ནི་འཇིག་རྟེན་པའི་བྱ་བ་ཅུང་ཟད་ཅིག་ཤེས་པ་ལ་མཁས་བའོ། །ཡེ་ཤེས་ནི་བསྟར་བཅོས་གོམས་པར་བྱས་པ
་ལ་སོགས་པ་ལས་སྐྱེས་པ་དོན་དམ་པའི་ཡེ་ཤེས་རྟོགས་པའི་བར་ཏེ། དེ་དག་ཀྱང་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་བའོ། །དེ་ལྟར་ཡོན་ཏན་ཀུན་ལྡན་བའི། ལུས་ནི་སྟོན་བརྒྱའི་བར་དག་ཏུ། །ཚེ་དང་དབང་ཕྱུག་འདོད་པ་ཡི། །དངོས་པོ་
་ཐམས་ཅད་རབ་ཏུ་གནས། ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་རྣམ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ལུས་ནི་སྟོན་བརྒྱར་གནས་ཤིང། །ལོ་བརྒྱར་འཚོ་བ་དང། དེ་བཞིན་དུ་དབང་ཕྱུག་གི་འབྱོར་བ་དང་ལྡན་པ་དང། དེ་བཞིན་དུ་འདོད
་ཅིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་རབ་ཏུ་གནས་པ་དང། །ཡང་ཡུན་རིང་པོར་གནས་པར་འགྱུར་རོ། །པགས་པ་ཁྲག་སོགས་སྙིང་སྟོབས་བར། །བརྒྱད་པོ་ཕྱི་མ་བཞིན་དུ་མཆོག་།སྟོབས་དང་ཚད་དང་ཤེས་པའི་ཕྱིར། །ལུས་ཅན་རྣམས་ཀྱི
་སྙིང་པོར་བཤད། ཅེས་བྱ་བ་ལ། པགས་པ་དང། ཁྲག་དང་ཤ་དང་ཚིལ་དང་རུས་པ་དང་རྐང་དང་ཁུ་ཆུ་དང་སྙིང་སྟོབས་ཞེས་བྱ་བའི་བར་གྱི་བརྒྱད་པོ་ནི་ཕྱི་མ་བཞིན་དུ་མཆོག་ཡིན་པར་བཤད་ལ་དེ་ཡང་སྟོབས་དང་ཚད་ཇི་ཙམ་པ་ཤེས
་པར་བྱ་བའི་ཕྱིར་ལུས་ཅན་རྣམས་ཀྱི་སྙིང་པོ་བརྒྱད་པོ་དེ་དག་བཤད་པ་ཡིན་ནོ། །སྙིང་པོ་ཀུན་དང་ལྡན་པ་ནི། །མཆོག་ཏུ་བཀུར་བར་བྱ་བར་འགྱུར། །རྩོམ་པ་ཀུན་ལའང་རེ་བཅས་དང། །བཟོད་ལྡན་བློ་བཟང་བརྟན་པར་འགྱུར།
་ཞེས་བྱ་བ་ལ། དེ་ལྟར་གོང་དུ་སྨོས་པའི་སྙིང་པོ་བརྒྱད་པོ་ཐམས་ཅད་དང་ལྡན་པའི་སྐྱེས་བུ་ནི་མཆོག་ཏུ་བཀུར་ཞིང་བཱ་མར་བྱ་བ་ཉིད་དུ་འགྱུར་བ་དང། དེ་བཞིན་དུ་ཇི་ལྟར་མངོན་པར་འདོད་བའི་བྱ་བའི་ལས་ཀྱི་རྩོམ་པ་ཐམས་ཅད
་ལ་རེ་བ་དང་བཅས་པར་འགྱུར་པ་སྟེ། བྱ་བའི་ལས་འདི་དང་འདི་དག་བྱས་པས་ངེས་པར་འདི་དག་འབྱུང་བར་འགྱུར་རོ། །ཞེས་རེ་བ་དང་བཅས་པར་འགྱུར་བ་དང། དེ་བཞིན་དུ་བཟོད་པ་དང་ལྡན་པ་སྟེ། ལུས་དང་སེམས་སྡུག་བསྔལ་གྱིས་དེ་ཟིལ
་གྱིས་གནོན་པར་མི་འགྱུར་ཞིང་ཞུམ་པར་མི་འགྱུར་བ་དང། །དེ་བཞིན་དུ་བློ་གྲོས་བཟེད་ཞིང་ཤེས་རབ་དམ་པར་འགྱུར་བ་དང། །དེ་བཞིན་དུ་བྱ་བ་རྣམས་ལ་བརྟན་ཞིང་མི་གཡོ་བར་འགྱུར་རོ། །དྲེགས་དང་ཞུམ་པ་མེད་པ་ནི། བདེ་དང་སྡུག
་བསྔལ་བརྟེན་འགྱུར་ལ། །སྙིང་སྟོབས་ཅན་ཡིན་རྡུལ་ཅན་ཁེངས། །མུན་པ་ཅན་ནི་དེ་ལྟར་མིན། ཞེས་བྱ་བ་ལ། སྐྱེས་བུ་གང་སྙིང་སྟོབས་དང་ལྡན་ཞིང་སྙིང་སྟོབས་ཀྱི་ཤས་ཆེ་བ་ནི་བདེ་བ་ལ་སྤྱོད་པ་ན་ཡང་དྲགས་ཤིང་ང་རྒྱལ་མེད་བས
་བདེ་བ་ལ་བརྟེན་བ་ཡིན་ལ། སྡུག་བསྔལ་ཉམས་སུ་མྱོང་བ་ན་ཡང་ཞུམ་ཞིང་གདུང་བ་མེད་པར་དེ་ཉམས་སུ་མྱོང་ཞིང་བརྟེན་པར་ནུས་པ་ཡིན་ནོ། །སྐྱེས་བུ་རྡུལ་ལམ་ཞེ་སྡང་གི་ཤས་ཆེ་བ་དག་ནི་བདེ་བ་མྱོང་བ་ན་ཡང་ཁེངས་ཤིང་དྲེགས་པས
་བརྟེན་པ། སྡུག་བསྔལ་ཡང་ང་རྒྱལ་གྱིས་བསྟེན་པ་ཡིན་ཏེ། བདག་ཉིད་འབའ་ཞིག་གཞན་དང་ཐུན་མོང་མ་ཡིན་པའི་བདེ་བ་འདི་ལྟ་བུ་ཉམས་སུ་མྱོང་བ་ཡིན་ཞེས་སེམས་པ་དང་བདག་ཏུ་ང་རྒྱལ་བའི་ཁེངས་པས་སེམས་ནོན་པའི་ཕྱིར་བདག
་འབའ་ཞིག་གིས་སྡུག་བསྔལ་མི་བཟད་པ་འདི་ལྟ་བུ་ཉམས་སུ་མྱོང་ཡང་བཟོད་པར་ནུས་སོ། །ཞེས་ཁེངས་པར་བྱེད་པས་བསྟེན་བའོ། །སྐྱེས་བུ་མུན་པ་འམ་གཏི་མུག་གི་ཤས་ཆེ་བ་དག་ནི། །བདེ་བ་ཡང་དེ་ལྟར་སྟེན་པར་མི་བྱེད་ལ། སྡུག་བསྔལ
་ཡང་བ་ལྟར་སྟེན་བར་མི་བྱེད། །ཤིན་ཏུ་རྨོངས་པའི་ཕྱིར། །བདེ་བ་མྱོང་བ་ན་ཡང་ཤིན་ཏུ་བདེ་བ་མྱོང་བར་མི་སེམས་ལ། སྡུག་བསྔལ་མྱོང་བ་ན་ཡང་སྡུག་བསྔལ་མྱོང་བར་མི་སེམས་ཏེ། །གཏི་མུག་པའི་ཕྱིར་དེའི་རྒྱུ་སྒྲུབ་པ་ལ་ཡང
་བདེ་བ་དང་སྡུག་བསྔལ་དུ་འཛིན་པར་མི་བྱེད་དོ། །ཞེས་བྱ་བའི་དོན་ནོ། །ཡང་ན་མུན་པ་ཅན་ནི་དྲེགས་པ་དང་ཞུམ་པ་དང་བཅས་པས་བདེ་བ་དང་སྡུག་བསྔལ་ལས་བསྟེན་པར་བྱེད། བདེ་བ་མྱོང་ན་ཡང་དྲེགས
་པའི་ཤས་ཆེ་ལ། སྡུག་བསྔལ་མྱོང་ན་ཡང་ཞུམ་པའི་ཤས་ཆེ་བ་ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་སྙིང་བརྩེ་བདེན། །ཚངས་པར་སྤྱོད་དང་བྱས་པ་བཟོ། །བྱམས་ལྡན་བཅུད་ཀྱིས་ལེན་བསྟེན་པ་།ཚེ་དང་བསོད་ནམས་འཕེལ་བའི་སྡེ
་ཞེས་བྱ་བ་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྡེ་ཚན་འདི་ནི་ཚེ་དང་བསོད་ནམས་འཕེལ་བར་བྱེད་པ་ཡིན་ཏེ། དེ་ཡང་སྦྱིན་བ་ནི་གསེར་ལ་སོགས་པའི་དངོས་པོ་ཅི་ནུས་པར་གཏོང་བའོ། །ཚུལ་ཁྲིམས་ནི་ཉེས་པ་??་སྡོམ་པའི
་བདག་ཉིད་དོ། །སྙིང་རྩེ་བ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་ལྡན་པའོ། །བདེན་པ་ནི་བརྫུན་མེད་པའོ། །ཚངས་པར་སྤྱོད་པ་ནི་མྱ་ངན་འདས་པ་ཐོབ་པའི་དོན་དུ་སྤྱོད་པའམ། །འཁྲིག་པའི་ཆོས་སྤངས་པའོ། །བྱས་པ་གཟོ་བ་ནི་ཕན་དུ
་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའོ། །བྱམས་པ་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་ལ་བདག་དང་འདྲ་བར་བདེ་བ་དང་ལྡན་བར་དགའ་བའོ། །བཅུད་ཀྱིས་ལེན་ནི་ཚངས་པ་དང་པོ་བྱེད་དང་གནས་འཇོག་ལ་སོགས་པས་བཤད་པའི་ཚུལ
་བཅུད་ཀྱིས་ལེན་གྱི་ལེའུ་ལས་བཤད་པ་ལྟ་བུ་སྟེ། སྦྱིན་པ་ལ་སོགས་པ་འདི་དག་ལ་བརྟེན་ཅིང་གོམས་པར་བྱས་ན་ལ་ལ་ནི་བསོད་ནམས་འཕེལ་པར་བྱེད་པ་ཡིན་ལ་ལ་ན་ནི་ཚེ་འཕེལ་བར་བྱེད་པ་ཡིན། ལ་ལ་ནི་གཉི་ག་འཕེལ་པར་བྱེད
་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་བ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལུས་ཀྱི་གནས་ཀྱི་ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།
་དེ་ནས་ལུས་ཀྱི་གནད་ཀྱི་བྱེ་བྲག་བཤད་པར་བྱའོ། །ཞེས་བྱ་བ་ལ། ཡན་ལག་གིས་བྱེ་བྲག་བསྟན་པའི་འོག་ཏུ་གནད་ཀྱི་བྱེ་བྲག་བརྩམས་པ་ནི། གནད་རྣམས་ཀྱང་ཡན་ལག་ལ་བརྟེན་པ་ཡིན་པའི་ཕྱིར་འདི་བཤད་པ་ཡིན་ནོ། །དེ་ཡང་གནད་རྣམས་ཀྱི་ཁྱད་པར་དབྱེ་བ་ནི
་གནད་ཀྱི་བྱེ་བྲག་བསྟེན་པ་སྟེ། དེ་གང་དུ་བསྟན་པ་དེ་བཤད་པར་བྱའོ། །ཞེས་པའོ། །གནད་ནི་བརྒྱ་ལས་བདུན་ལྷག་པ། །ཞེས་བྱ་བ་ལ། །ལུས་འདིར་གནད་ནི་བརྒྱ་རྩ་བདུན་ཡོད་པས་ན་བརྒྱ་ལས་བདུན་ལྷག་པ་ཞེས་བྱའོ། །དེ་ལས་བཅུ་གཅིག་བརླ་དང་ནི།
་དེ་བཞིན་ལག་དར་གཉིས་སོ་སོར། །ལྟོ་བ་ལ་གསུམ་བྲང་ལ་དགུ། །རྒྱབ་ལ་བཅུ་བཞི་ནམ་ཚོང་ནི། །ཡན་ཆད་སུམ་ཅུ་རྩ་བདུན་ཡོད། །ཅེས་བྱ་བ་ལ། །གནད་དེ་རྣམས་ལས་བརླ་གཉིས་དང། དེ་བཞིན་ལག་དར་གཉིས་ཀ་སོ་སོར་གནས་བཅུ
་གཅིག་གནས་པ་ཡིན་ནོ། །ཡང་ལྟོ་བ་ལ་གནས་གསུམ་དང་བྲང་ལ་དགུ་དང། རྒྱབ་ལ་བཅུ་བཞི་དང། ནམ་ཚོང་ཡན་ཆད་གནད་སུམ་ཅུ་རྩ་བདུན་ཡོད་དེ། ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྐང་པའི་མཐིལ་ནི་གུང་མོ་ཡིན། །ཐད་ཀ་ན་ནི
་མཐིལ་འཕྲོག་པའི། །གནས་ཡོད་ཅེས་ནི་རྣམ་པར་བཤད། །དེ་ཕུག་ནད་ཀྱིས་འཆི་བར་འགྱུར། ཞེས་བྱ་བ་ལ། རྐང་པའི་མཐིལ་གྱི་དབུས་ན་གུང་མོའི་སོར་མོའི་ཐད་ཀ་ན། མཐིལ་འཕྲོག་པ་ཞེས་བྱ་བའི་གནད་ཡོད་དོ། །ཞེས་སྔོན་གྱི་སློབ་དཔོན
་རྣམས?་ཀྱིས་བཤད་དེ། །གནད་དེ་ཕུག་ཅིང་བརྟོལ་ན??་ཟེར་ལ་སོགས་པའི་ནད་ཀྱིས་འཆི་ཞིང་ལུས་དང་བྲལ་བར་འགྱུར་བ་ཡིན་ནོ། །མཐེབ་སོར་དབུས་ན་བརྒྱ་ཚིགས་ཏེ། །དེ་ཕུག་བསྐྱེད་པའི་ནད་ཀྱིས་འཆི། ཞེས་བྱ་བ་ལ། །རྐང་པའི་མཐེ་བོའི
་སེན་མོའི་དབུས་ན་རྒྱ་ཚིགས་ཞེས་བྱ་བའི་གནད་ཡོད་དོ། །དེ་ཕུག་ན་བསྐྱོད་བ་ཞེས་བྱ་བའི་རླུང་གི་གནས་ཀྱིས་འཆི་བར་བྱེད་དོ། །དེ་གོང་སོར་གཉིས་པིར་ཞེས་བྱ། །རྐང་པ་འཁོར་ཞིང་འདར་བར་བྱེད། ཅེས་བྱ་བ་ལ་རྒྱ་ཚིགས་ཀྱི་གོང་ན་སོར
་གཉིས་ཀྱིས་ཆོད་པར་པིར་ཞེས་བྱ་བའི་གནད་ཡོད་དེ། དེ་བཅད་དམ་ཕུག་ན་རྐང་པ་འཁོར་ཞིང་གཡོལ་འདར་བར་བྱེད་དོ། །ལོང་མོའི་ཚིགས་འོག་པིར་མགོ་སྟེ། དེ་བཅད་སྐྲད་དང་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། ལོང་མོའི་ཚིགས
་ཀྱི་འོག་ན་པིར་གྱི་མགོ་འདྲ་བ་ཞེས་བྱ་བའི་གནད་ཡོད་དོ། །དེ་ཕུག་ཅིང་བཅད་ན་སྐྲད་པ་དང་ནད་སྐྱེ་བར་བྱེད་དོ། །བྱིས་པ་རྐད་པ་གཉིས་ཀྱི་བར། །ལོང་མོ་ནད་རེངས་བེམས་པོར་བྱེད། ཅེས་བྱ་བ་ལ། བྱིན་པ་དང་རྐང་བ་གཉིས་ཀྱི་བར་མཚམས་ན
་ལོང་མོ་ཞེས་བྱ་བའི་གནད་ཕུག་ན་ན་ཞིང་བཟེར་བ་དང། བརླ་ཕུག་རེངས་པ་དང་བེན་པོར་འགྱུར་བའི་ཚོར་བ་མེད་པར་འགྱུར་རོ། །བྱིན་པའི་ནད་ན་ཉ་ཞེས་བ། ཁྲག་ཟད་པ་ཡིས་འཆི་བར་བྱེད། ཅེས་བྱ་བ་ལ། བྱིན་པའི་ནད་ན་རྟིང་པ
་ཡན་ཆད་སོར་བཅུ་གཉིས་གཞལ་བ་ན་བྱིན་ཉ་ཞེས་བྱ་བའི་གནད་ཡོད་དེ་དེ་ཕུག་ན་ཁྲག་ཟད་པའི་ནད་ཀྱིས་འཆི་བར་འགྱུར་རོ། །བྱིན་པ་བརླ་མཚམས་པུས་མོ་སྟེ། །དེ་ཕུག་གསོན་ཡང་ཐེད་པོར་འགྱུར། ཞེས་བྱ་བ་ལ། བྱིན་པ་བརླ་གཉིས་འདུས
་པའི་མཚམས་ན་པུས་མོ་ཞེས་བྱ་བའི་གནད་ཡོད་དེ། །དེ་ཕུག་ན་སྐྱེས་བུ་གསོན་ཞིང་སྲོག་དང་མ་བྲལ་ན་ཡང་ཐེད་བོ་ཉིད་དུ་འགྱུར་རོ། །པུས་གོང་སོར་གསུམ་བར་གཉན་གོང། །དེ་ཕུག་བརླ་རེངས་སྐྲང་བར་བྱེད། ཅེས་བྱ་བ་ལ། བུས་མོའི་གོང་དུ་སོང
་བ་སུམ་གཞལ་བའི་གནས་ན་གནས་གོང་ཞེས་བྱ་བའི་གནས་ཡོད་དོ། །དེ་ཕུག་ན་བརླ་རེངས་པ་དང་སྐྲང་པར་བྱེད་པ་ཡིན་ནོ། །བརླ་ནད་བརླ་དབང་ཞེས་བྱ་བ། །དེ་ཕུག་ཁྲགས་ཟགས་བརླ་སྐམས་འགྱུར། ཞེས་བྱ་བ་ལ། བརླའི་ནང་ན་བརླ་དབང་ཞེས
་བྱ་བའི་གནད་ཡོད་དེ། དེ་ཕུག་ཅིང་གཅེས་ན་ཁྲག་གཟགས་ཤིང་ཟད་བས་བརླ་སྐམས་པར་བྱེད་པར་འགྱུར་རོ། །བརླ་རྩར་མིག་དམར་ཞེས་བྱ་བ། །ཁྲག་ཟད་བས་ནི་གཞོགས་ཕྱེད་འཇོམས། ཞེས་བྱ་བ་ལ། བརླའི་སྟེང་དང་ཆུ་སོའི་མཚམས་ན
་མིག་དམར་ཞེས་བྱ་བའི་གནད་ཡོད་དེ། དེ་ཕུག་ན་ཕྲག་ཟད་བས་ལུས་ཀྱི་གཞོགས་ཕྱེད་འཇོམས་ཤིང་ཟད་བར་བྱེད་དོ། བརླ་རྩ་རླིག་པའི་བར་གྱི་གནད། །ལྗོན་ཤིང་ཞེས་བྱ་མ་ནིང་བྱེད། ཅེས་བྱ་བ་ལ། རླིག་པ་དང་བརླའི་བར་ན་ལྗོན་ཤིང་ཞེས་བྱ་བའི་གནད?
་དེ། དེ་ཕུག་ན་མ་ནིང་སྟེ་བུ་ཚ་མེད་པའམ་བུད་མེད་བློ་སྤྱོད་པའི་ནུས་པ་མེད་པར་འགྱུར་རོ། །དེ་དག་བརླའིའོ། །ཞེས་བྱ་བ་ལ། །དེ་དག་ཅེས་བྱ་བ་ནི་རྫོགས་པའི་ཚིགས་སྟེ་བརླ་རྩ་མན་ཆད་ན་གནད་ཅི་སྙེད་ཡོད་པར་རྫོགས་པར་བྱས་ཤིང་བསྟན་ཟིན་ཏོ་ཞེས་བྱ་བའོ།།
་དཔུང་དེ་བཞིན་ཞེས་བྱ་བ་ལ། དཔུང་བ་གཉིས་ཀྱི་བར་གྱི་གནད་རྣམས་ཀྱང་གྲངས་དེ་སྙེད་ཡོད་པས་ན། །དེ་བཞིན་ཞེས་བྱ་བ་ལ། དེའི་ཁྱད་པར་ནི་འདི་ཡིན་ཏེ། མཁྲིག་མ་འདི་ནི་ལོང་མོ་མཚུངས། །གྲུ་མོ་བྱིན་འདྲ་དེ་གཉིས་ཕུག་།ཅེས་བྱ་བ་ལ། རྐང
་པ་དང་བྱིན་པའི་མཚམས་སུ་ནི་ལོང་མོ་ཞེས་བྱ་བའི་གནད་ཡོད་པར་བཤད་ལ་དེ་ལག་པའི་སྐབས་སུ་ལག་པ་དང་ལག་དར་གྱི་མཚམས་ཀྱི་གནད་ནི་མཁྲིག་མ་ཞེས་བྱའོ། །དེ་བཞིན་དུ་གྲུ་མོ་དང་ལག་དར་གྱི་མཚམས་ཀྱི་དཔུང་བའི་དབུས་ཀྱི་ཕྱོགས
་ཀྱི་གནད་ནི་ལྕ?་མོ་ཞེས་བྱའོ། །དེ་ལྟར་མཁྲིག་མ་དང་གྲུ་མོའི་གནད་གཉིས་ཕུག་ན་སྒུར་ཞིང་ཞ་བོ་ཉིད་དུ་འགྱུར་རོ། ཞ་བོ་ལྗོན་ཤིང་འདྲ་བ་ནི། །མཚན་ཁུང་ནད་ན་མཚན་ཁུང་འཛིན། །དེ་ཕུག་ཞ་བོ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། སྔར་ཇི་ལྟར་ལྗོན་ཤིང
་ཞེས་བྱ་བའི་གནད་ལ། །རླིག་པ་དང་བརླའི་རྩའི་བར་ན་འདུག་པ་དང་འདྲ་བར་མཚན་ཁུང་གི་དབུས་དང་དཔུང་མགོ་བར་ན་མཚན་ཁུད་འཛིན་པ་ཞེས་བྱ་བའི་གནས་ཡོད་དེ། གནད་དེ་ཕུག་ན་ལག་དང་ཞ་ཞིང་སྦུར་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་དེ་དག་གི
་ཡན་ལག་གི་གནད་རྣམས་སྨྲས་པ་ཡིན་ནོ། །ལོང་ཁའི་གནད་ནི་གཞང་ཞེས་བྱ། །དེ་ཕུག་གཞང་རླུང་གིས་འཕྲལ་བསོད། །ཅེས་བྱ་བ་ལ། ལོད?་ཁ་རྒྱུ་མ་སྦོམ་པོ་ཞེས་བྱ་བ་དང་འབྲེལ་པ་ནི་གཞང་ཁ་ཞེས་བྱ་སྟེ། དེ་ཕུག་ན་བཤད་པ་དང་རླུང་ངམ
་ཕྱེན་འབྱུང་ཞིང་ཟགས་པས་འཕྲལ་དུ་དེའི་མོད་ལ་འཆི་བར་འགྱུར་རོ། །ལྒང་བ་གཞུ་ལྟར་ཡོ་བ་ཡི། །ཆུ་སོའི་གནད་ནི་ཤ་ཁྲག་ཉུང། །དབུས་ན་ཁ་ཅིག་ཐུར་དུ་བལྟ། །རྐེད་པའི་དབུས་ན་སྲོག་འཕྲལ་འཇོམ། །རྡེའུ་འབྱིན?་?་ཕུག་གནས
་མ་གཏོགས། །དེ་ཡང་ངོས་གཉིས་ཕུག་དེ་འདྲ། །གཅིན་འཛགས་གནས་དང་གཅིག་ཏུ་ཕུག་།རྨ་ནི་འཆི་བར་ཤིན་ཏུ་དཀའ་། །ཞེས་བྱ་བ་ལ། ལྒང་བ་ནི་གཅིན་གྱི་གནས་ཏེ། དེ་ན་གཞུའི་དབྱིབས་ལྟར་ཡོ་བའི་གནད་ཆུས་སོ། །ཞེས་བྱ་བ་ལ། ཤ་དང
་ཁྲག་ཉུང་ཞིང་ཤས་ཆུང་བར་གནས་པ། དབུས་ན་ཁ་ཅིག་ཡོད་བ་ཁ་ཐུར་དུ་བལྟས་བ་རྐེད་པའི་དབུས་ན་གནས་པ་ཡོད་དེ། དེ་ཕུག་ན་སྲོག་འཕྲལ་དུ་དེའི་མོད་ལ་འཇིག་ཅིང་འཇིག་པར་བྱེད་དེ། གཅིན་ནད་འུ་ཡིས་འགགས་པ་འབྱིན་པའི་སྨྲ་གང་ཞིག
་བྱེད་པ་དེ་མ་བཏོགས་ཏེ། རྡེའུ་འབྱིན་བའི་རྨའི་སྐབས་དེར་ཡང་ངོས་གཉིས་སུ་ཕུག་ཅིང་བརྟོལ་ན་སྔ་མ་དང་འདྲ་བར་འབྲལ་དུ་འཆི་བར་གྱུར་རོ། །ཆུ་སོའི་ཕྱོགས་གཅིག་ཏུ་ཕུག་ན་གཅིན་འཛག་པའི་རྨད་འགྱུར་ཏེ། དེ་ཡང་འཚོ་བ་ཅིང་འབྱོར་བ་ཤིན་ཏུ་དཀའ་
་བ་ཡིན་ནོ། །ལུས་ཀྱི་ཞུ་དང་མ་ཞུའི་གནས་དབུས་ལ་ལྟེ་བ་རྩ་ཀུན་གྱི་།རྟེན་ཡིན་དེ་ཡང་འཕྲལ་གསོད་བྱེད། ཅེས་བྱ་བ་ལ། ལུས་ཀྱི་དབུས་སུ་ཞུ་བ་དང་མ་ཞུ་བའི་གནས་ན་ལྟེ་བ་བྱ་བའི་གནད་ཡོད་དེ་དེ་ཡང་རྩ་ཐམས་ཅད་ཀྱི་རྟེན་དང་གནས་ཡིན་ལ
་དེ་ཕུག་པར་གྱུར་ན་ཡང་འཕྲལ་དུ་གསོད་ཅིང་སྲོག་དང་བྲལ་པར་བྱེད་པ་ཡིན་ནོ། མ་ཞུ་བ་ཡི་གནས་སྐོར་གྱུར། །འདོད་ཆགས་གནས་སྙིང་ཞེས་བྱ། བྲང་དང་ནུ་མ་ལྟོ་དབུས་གནས། དེའང་ཕྲལ་དུ་སྲོག་འཇོམས་སོ། །ཅེས་བྱ་བ་ལ། མ་ཞུ་བའི་གནས་ཀྱི
་སྒང་གྱུར་པ། འདོད་ཆགས་ཞེ་སྡང་གཏི་མུག་གི་གནས་སུ་གྱུར་པ་སྙིང་ཞེས་བྱ་བའི་གནད་ཡོད་དེ། དེ་ཡང་བྲད་དང་ནུ་མ་དང་ལྟོ་བའི་དབུས་ན་གནས་པ་ཡིན་ཏེ། དེ་ཕུག་ན་ཡང་འཕྲལ་དུ་འཆི་བ་ཡིན་ནོ། ནུ་མཇིང་ནུ་མའི་རྩ་ཞེས་བྱ། སྟེང་འོག་སོར
་གཉིས་ནུ་མའི་གནང། དེ་ཕུག་བད་ཀན་ཁྲག་གིས་ནི། རིམ་བཞིན་ལྟོ་འགེངས་འཇིག་པར་བྱེད། ཅེས་བྱ་བ་ལ། ནུ་མཇིང་དང་ནུ་མི་བརྩ་ཞེས་བྱ་བའི་གནད་གཉིས། ནུ་མ་གཉིས་ཀྱི་གོང་འོག་ན་ཡོད་དེ། ནུ་མ་གཉིས་ཀྱི་གོང་གི་སོར་གཉིས་དང། ནུ་མ་གཉིས
་ཀྱི་རྩ་བའི་སོར་གཉིས་ཀྱི་ཟབས་ན་ཡོད་ན། ནུ་མཇིད་དང་ནུ་མའི་རྩའི་གནད་དེ་གཉིས། ཕུག་པའི་མི་ནི་ཁྲག་དང་བད་ཀན་གྱིས་ལྟོ་འགེངས་ཤིང་འཆི་བར་བྱེད་དེ། དེ་ཡང་རིམ་བཞིན་ཞེན་པ། ནུ་མཇིང་གི་གནད་ཕུག་པ་ནི་བད་ཀན་དང་ཁྲག་གིས་ལྟོ་གང?
་སྟེ་འཆི་ལ། ནུ་མའི་རྩ་ཕུག་བས་ནི་ཁྲག་གིས་ཁེངས་ཏེ་འཆི་བར་འགྱུར་རོ། །རེངས་བྲལ་བྲང་གི་ངོས་གཉིས་ན། རྩ་སྤུབས་གཉིས་པོར་རླུང་རྒྱུ་བ། །དེ་ཕུག་ཁོག་པ་ཁྲག་གིས་གང། །ལུད་པ་དབུགས་མི་བདེ་བས་འཆི། །ཞེས་བྱ་བ་ལ། རེངས་པ
་དང་བྲལ་གནས་བྱ་བའི་གནད་ཀྱི་བྱེ་བྲག་བྲང་གི་ངོས་གཉིས་ན་རྩ་སྤུབས་གཉིས་པོ་རླུང་རྒྱུ་བར་བྱེད་པ་ཡོད་ལ། དེ་ཕུག་ཅིང་བརྟོལ་བས་ན་ཁོང་པ་ཁྲག་གིས་གང་ཞིང་ལུད་པ་དང་དབུགས་མི་བདེ་བའི་ནད་ཀྱིས་འཆི་བར་འགྱུར་རོ། །རྒྱབ་ཀྱི་སྒལ་ཚིགས
་བྲང་གི་བར། །དེ་གཉིས་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་འོག་ན་ནི། །མི་གསལ་ཞེས་བྱའི་གནད་གཉིས་ཡོད། །དེ་གཉིས་ཕུག་པས་ཁོང་པ་ནི། །ཁྲག་ཁེངས་བརྣགས་ཏེ་འཆི་བར་འགྱུར། ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་དང་མདུན་གྱི་བྲང
་གི་བར་ཏེ། ནང་རྒྱབ་དང་བྲང་དེ་ཉིད་ཀྱི་ངོས་ཀྱི་ནང་ན་ཕྲག་པའི་འོགས་ལོགས་མི་གསལ་བ་ཞེས་བྱ་བའི་གནད་གཉིས་ཡོད་པར་ཤེས་པར་བྱ་སྟེ། དེ་གཉིས་ཕུག་ན་ཁོང་བའི་བྱང་ཁོག་གིས་ཁེངས་ཤིང། །གང་ནས་ཁྲག་དེ་ཉིད་རྣག་ཏུ་གྱུར་ནས
་འཆི་བའི་དུས་བྱེད་པར་འགྱུར་རོ། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །རྐེད་པའི་ཆ་གཉིས་ལ་གནས་དང། རྐུབ་རྩོས་ལྟག་གནས་སྒལ་ཚིགས་རྟེན། རྐང་པ་ཅན་དང་གཞོན་ནུར་བཤད། །དེ་གནད་ཁྲག་ཟད་སྐྱ་རྒབ?་དང། །གཟུགས་ཉམས་པས་ནི
་འཆི་བར་འགྱུར། ཞེས་བྱ་བ་ལ། རྒྱབ་ཀྱི་རྒལ་ཚིགས་ཀྱི་ངོས་གཡས་གཡོན་གཉིས་ན། རྐེད་པའི་དབྱི་ཟུར་གྱི་ཆ་གཉིས་ན་གནས་པ་དང། རྐུབ་ཙོས་ཀྱི་ལྟག་ན་གནས་པའི་སྒལ་ཚིགས་རུས་པ་ལ་བརྟེན་ཅིང་གནས་པ་དང། རྐེད་པ་ཅན་ན
་གཞོན་ནུ་ཞེས་བྱ་བའི་གནད་གཉིས་ཡོད་དོ། །གནད་དེ་གཉིས་སྣང་ཅིང་ཕུག་ན་ཁྲག་ཟད་པས་སྐྱེ་བོ་བསེད་བསེད་པོར་འགྱུར་ཞིང། གཟུགས་དང་གཟི་མདངས་ཟད་པས་ཁ་དོག་མི་སྡུག་པ་དང་འཆི་བར་འགྱུར་རོ། །རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ཀྱི། །རྐེད
་བའི་མཚམས་ནི་གང་ཡིན་པ། །རོ་སྨད་ཀྱི་ནི་རྒྱབ་ཕྱོགས་ན། ཁུང་བུ་ཞེས་བྱའི་གནས་གཉིས་ཡོད། །དེ་གནད་བསྐྱོད་པ་ཉམས་པ་དང། རོ་སྨད་ཚོར་བ་མེད་པར་འགྱུར། ཞེས་བྱ་བ་ལ། རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ན་རྐེད་པའི་མཚམས་རོ་སྨད་ཀྱི
་ཕྱི་རོལ་གྱི་རྒྱབ་ཀྱི་ཆ་ན་ཁུང་བུ་ཞེས་བྱ་བའི་གནད་གཉིས་ཡོད་དོ། །དེ་གཉིས་སྣང་ཅིང་བཤད་པས་ལུས་ཀྱི་རོ་སྨད་ཀྱི་བསྐྱོད་ཅིང་འགུལ་བ་ཉམས་པ་དང། རོ་སྨད་ལ་ཚོར་བ་མེད་ཅིང་བེམ་བེམ་པོར་འགྱུར་རོ། །གང་ཞིག་རྩིབས་ལོགས་གཉིས་དང་འགྲེལ
་སྟ་ཟུར་རྩེ་མོ་གཉིས་སྟེང་གི་།གནས་ནི་གཡོགས་པར་གྱུར་པ་དང། །རོ་སྨད་གཞོན་ནུའི་རུས་པར་གནས། །དེ་སྨད་རོ་སྨད་སྐྲད་པ་དང། ཉམས་ཆུང་འཆི་བ་ཉིད་དུ་འགྱུར། ཞེས་བྱ་བ་ལ། གནད་གང་ཞིག་རྩིབ་ལོགས་གཉིས་ཀྱིས་གནད
་དང་འགྲེལ་ཞིང་རྩིབ་ལོགས་ཀྱི་བར་དང་འདབ་བ་བྱོར་པ། སྟ་ཟུར་གྱི་རྩེ་མོ་གཉིས་ཀྱི་སྟེང་གི་གནས་གང་ཡིན་པ་དེ་གཡོགས་ཤིང་བསྒྲིབས་པར་གྱུར་པ་ནི། གནད་རོ་སྨད་ཅེས་བྱ་སྟེ་དེ་ཡང་གཞོན་ནུ་ཞེས་བྱ་བའི་གནད་ཀྱི་རུས་པར་གནས
་པ་ཡིན་ལ། གནད་དེ་དག་ཕུག་ཅིང་སྨད་པས་ནི། །ལུས་ཀྱི་རོ་སྨད་ཀྱི་ཆ་སྐྲད་བ་དང། ཉམས་ཆུང་ཞིང་སྟོབས་ཞན་པ་ཉིད་དུ་གྱུར་ནས། དེའི་འོག་ཏུ་འཆི་བ་ཁོ་ནར་འགྱུར་རོ། །རྩིབ་ལོགས་གཉིས་ཀྱི་ནད་དང་འགྲེལ། །རྐེད་པའི་ངོས་གཉིས་དབུས
་ནད་གནས། ཐད་ཀ་དང་ནི་གྱེན་གནས་ལ། །རྩིབ་ལོགས་མཚམས་དེ་དེ་ཕུག་ན། །ཁོང་པ་ཁྲག་གིས་གང་བ་དང། །ལུས་དང་བྲལ་བ་ཉིད་དུ་འགྱུར། ཞེས་བྱ་བ་ལ། རྩིབ་ལོགས་གཉིས་ཀྱི་ནང་གྲོལ་དང་འབྲེལ་ཅིང་འདབ་འབྱོར་ལ། རྐེད་པའི་ངོས་གཉིས
་ཀྱི་དབུས་ན་ཐད་ཀ་དང་གྱེན་དུ་གནས་པའི་གནད་གཉིད་ནི་དྲང་སྲོང་རྣམས་ཀྱིས་རྩིབ་ལོགས་ཀྱི་མཚམས་ཞེས་བྱའོ་ཞེས་བཤད་དེ། དེ་གཉིས་ཕུག་ཅིང་སྨད་པར་གྱུར་ན། ཁོང་པ་ཁྲག་གིས་ཁང་ཤིང་གང་ནས་ལུས་དང་བྲལ་ཏེ་འཆི་བ་ཉིད་དུ་འགྱུར་རོ
་ནུ་མ་གཉིས་ཀྱི་ཐད་ཀའི་ཆ། །རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་པ། རྩ་ཆེན་ཞེས་བྱ་དེ་ཕུག་ན། །ཁྲག་ཟད་ནས་ནི་འཆི་བར་འགྱུར། ཞེས་བྱ་བ་ལ། ནུ་མ་གཉིས་ཀྱི་རྩའི་ཐད་ཀའི་ཆ་ནི་རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་ཅིང་གནས་པའི་གནད་ནི་རྩ
་པོ་ཆེ་ཞེས་བྱ་སྟེ། དེ་ཕུག་ན་ཁྲག་ཟད་ནས་འཕྲལ་དུ་འཆི་བར་འགྱུར་རོ། །དཔུང་མགོ་གཉིས་དང་འབྲེལ་བ་ཡི། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་སོགས་པ་སྟེ། །དེ་གནད་སྐམས་ཤིང་ཚོར་བྲལ་འགྱུར། ཞེས་བྱ་བ་ལ།
་དཔུང་མགོ་གཉིས་དང་འབྲེལ་པའི་གནས་ལ། སྒལ་ཚིགས་ཀྱི་ངོས་གཉིས་དང་ཡང་འབྲེལ་བ་ན། སོགས་པ་ཞེས་བྱ་བ་དེ་ལ་བརྟེན་པའི་གནད་ཡོད་དོ། །དེ་སྣང་བས་ནི་ལག་ངར་སྐམས་པ་དང། ཚོར་བ་དང་བྲལ་བར་འགྱུར་རོ། །མགྲིན་པ་གཉིས་ཀྱི
་ངོས་གཉིས་རྩ། །དཔུང་མགོ་དང་ནི་མགྲིན་པའི་བར། །ཕྲག་པ་ཕྲག་པ་ལ་བརྟེན་གནད། །དེ་ཕུག་ལག་ངར་བྱ་བ་ཉམས། །ཞེས་བྱ་བ་ལ། མགྲིན་པ་གཉིས་ཀྱི་ངོས་གཉིས་ཀྱི་མཚམས་ཉིད་ན་དཔུང་པ་དང་མགོ་བོ་དང་མགྲིན་པའི་བར་ན་གནས
་པའི་གནད་ཕྲག་པ་ཞེས་བྱ་བ་ཡོད་དོ། །དེ་ཡང་ཕྲག་པ་ལ་བརྟེན་ཅིང་གནས་ལ། དེ་ལྟ་བུ་དེ་ཕུག་ན་ལག་ངར་གྱི་བྱ་བ་ཉམས་ཤིང་འཇས་ལ་བརྐྱང་པ་དང་བསྐུམ་པའི་བྱ་བ་བྱེད་མི་ནུས་པར་འགྱུར་རོ། །སྲོལ་གོང་གི་ནི་ངོས་གཉིས་ན། འགྲམ?
་པ་ལ་ནི་བརྟེན་པའི་རྩ། །བཞི་སྟེ་དེ་ལ་སྔོན་པོ་གཉིས། །གཉིས་ལ་མཇིང་བའི་གནད་དུ་བཤད། དེ་ཕུག་སྐད་འགགས་མི་སྡུག་དང། །ལྕེ་ཡིས་རོ་ནི་མི་ཚོར་འགྱུར་ཞེས་བྱ་བ་ལ། སྲོལ་གོང་གི་ངོས་གཡས་གཡོན་གཉིས
་ན་འགྲམ་པ་ལ་བརྟེན་ཅིང་གནས་པའི་རྩ་བཞི་ཡོད་དེ། རྩ་དེ་དག་གི་ནང་ནས་རྩ་གཉིས་ནི་སྔོན་པོ་ཞེས་བྱ་བའི་གནད་ཡིན་ལ། གཉིས་ནི་མཇིད་པའི་གནད་ཡིན་པར་བཤད་དོ། །དེ་ཕུག་ཅིང་གཅད་ན་སྐད་འགགས་པ་ལ་སོགས་པར་འགྱུར་རོ
་དེ་ལ་སྐད་འགགས་པ་ནི་སྐད་ཐམས་ཅད་ནས་ཐམས་ཅད་དུ་འགགས་པར་འགྱུར་རོ། །ཡང་ན་མི་སྡུག་པ་སྟེ་སྐད་གཞན་དུ་འགྱུར་བ་དང། རོ་མི་ཚོར་ཅིང་ལྕེ་བེམ་བེམ་པོར་འགྱུར་རོ། །ལྐོག་མའི་སྤུབས་ཀྱི་ངོས་གཉིས་ན། །ལྕེ་དང་སྣར་ནི་འགྲོ་བའི་རྩ། །
་སོ་སོར་བཞི་བཞི་ཡོད་མ་ནོ། །དེ་བཅད་འཕྲལ་དུ་སྲོག་འཇོམས་སོ། །ཞེས་བྱ་བ་ལ། ལྐོག་མའི་སྤུབས་ཀྱི་གཡས་གཡོན་གཉིས་ན་ལྕེར་འགྲོ་ཞིང་རྒྱུ་བའི་རྩ་དང། དེ་བཞིན་དུ་སྣང་འགྲོ་ཞིང་རྒྱུ་བའི་རྩ་སོ་སོར་ཞིང་བཞི་བཞི་ཡོད་དེ། །དེ་ནི་མ་མོ་ཞེས་བྱ་བའི
་གནད་ཡིན་ཏེ། དེ་ཕུག་ན་སྐད་ཅིག་མ་དེ་ཉིད་པ་ཕྲལ་དུ་སྲོག་འཇོམས་ཤིང་འཆི་བར་འགྱུར་རོ། །མགོ་བོ་སྐེ་མཚམས་ལྟག་པ་སྟེ། དེ་བུག་མགོ་བོ་ལྡེམ་པོར་འགྱུར། ཞེས་བྱ་བ་ལ། མགོ་བོ་དང་སྐེའི་མཚམས་ན་ལྟག་པ་ཞེས་བྱ་བའི་གནད་གཉིས་ཚིགས
་མཚམས་ཀྱི་ངོས་གཉིས་ན་གནས་ཏེ། དེ་ཕུག་ན་མགོ་ལྡེམ་ཞིང་འདར་བར་འགྱུར་རོ། །རྣ་བ་གཉིས་འོག་ལྕོང་བ་ནི། རྣ་རྩ་ཞེས་བྱ་འོན་པར་འགྱུར། ཞེས་བྱ་བ་ལ། རྣ་བ་གཉིས་ཀྱི་འོག་ན་ལྕོང་ཞིང་དམའ་བ་ན་རྣ་རྩ་ཞེས་བྱ་བའི་གནད་ཡོད་དེ
་དེ་གཉིས་ཕུག་ན་སྒྲ་ཐོས་པ་འཇོམས་ཤིང་འོན་པར་འགྱུར་རོ། །རྣ་ཡི་བུ་ག་གཉིས་དང་ནི། །རྣ་བའི་ལམ་འགྲོ་མགྲིན་ནད་གནས། །སྤྲུལ་མགོ་ཞེས་བྱ་དེ་བཅད་ན། །དྲི་མི་ཚོར་བར་བྱེད་པར་འགྱུར། ཞེས་བྱ་བ་ལ། སྤྲུལ་མགོ་ཞེས་བྱ་བའི་གནད
་ཀྱི་བྱེ་བྲག་སྣའི་བུ་གའི་གཡས་གཡོན་གཉིས་དང། རྣ་བའི་བུ་གའི་ལམ་དུ་འགྲོ་བ་དང། དེ་བཞིན་དུ་མགྲིན་པའི་ནད་ན་གནས་ཤིང་བརྟེན་པར་བྱེད་དེ། དེའི་མིང་ནི་སྤྲུལ་མགོ་ཅན་ཞེས་བྱ་བ་སྟེ། དེ་བཅད་ན་དྲི་མི་ཚོར་ཞིང་སྣའི་དབང་པོ་ཉམས་པར་བྱེད་དོ། །མིག་གཉིས་ཀྱི
་ནི་ཕྱི་རོལ་མཚམས། སྨིན་མ་སྐྱེས་པའི་མཛའ་ལིག་འོག་།མིག་ཟུར་སྨིན་སྟེང་དམའ་བར་གནས། །འཁྱིལ་བ་ཕུག་པས་ཡོད་པར་འགྱུར། ཞེས་བྱ་བ་ལ། མིག་གཉིས་ཀྱི་ཕྱི་རོལ་མུར་འགྲམ་གྱི་ཕྱོགས་ཀྱི་མཛའ་ཡས་སྨིན་མ་སྐྱེས་པའི་རྒྱུན་ཆད་པའི་མཛའ་འོག་ན་མིག
་ཟུར། ཞེས་བྱ་བའི་ཅིའི་གནད་ཡོད་དོ། །དེ་བཞིན་དུ་སྨིན་མའི་སྟེང?་ན་དམར་ཞིང་ལྕོང་བ་ལ་འཁྱིལ་བ་ཞེས་བྱ་བའི་གནད་ཡོད་དོ། །མིག་ཟུང་དང་འཁྱིལ་པ་ཞེས་བྱ་བའི་གནད་བཞི་པོ་དེ་དག་ཕུག་ན་སྐྱེས་བུ་དེ་ལོང་བར་འགྱུར་རོ། །རྣ་མཚན་དཔྲལ་བའི་མཛའ་ན་ནི།
་མུར་འགྲམ་ཞེས་བྱ་འཕྲལ་འཆི་བྱེད། །ཅེས་བྱ་བ་ལ། རྣ་བའི་མཚན་དང་དཔྲལ་བའི་མཛའ་ཨི་བར་ན་མུར་འགྲམ་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེ་ཕུག་ན་སྐྱེས་བུ་དེ་འཕྲལ་ལ་འཆི་ཞིང་མྱུར་དུ་དུས་བྱེད་པར་འགྱུར། །མུར་འགྲམ་གཉིས་ཏེ
་སྐྲ་མཚམས་ན། །གདེག་པ་ཞེས་བྱ་བཞག་བྱའང། སྨིན་མཚམས་གནས་ཏེ་གསུམ་ཆར་ལའང། །ཟུག་རྔུ་དག་ནི་མ་ཕྱུང་ཞིང། སྨིན་ནས་རང་ཉིད་བྱུང་ན་འཚོ། །ཕྱུང་ན་རང་ཉིད་འཆི་བར་འགྱུར། ཞེས་བྱ་བ་ལ། མུར་འགྲམ་གཉིས་ཀྱི་སྟེ
་མ་ལྟག་སྐྲ་མཚམས་ཀྱི་གནས་ན་འདེགས་པ་ཞེས་བྱ་བའི་གནད་ཡོད་ལ། ཡངས་བཞག་པར་བྱ་ཞེས་བྱ་བའི་གནད་ནི་སྨིན་མཚམས་ཀྱི་བར་ན་ཡོད་དེ། གདེག་པ་གཉིས་པོ་དང་ལྡན་པ་སྟེ། གནད་གསུམ་ཆར་ལ་མཚོན་གྱི་ཟུག་རྔུ
་ཟུག་ན། དེ་མ་ཕྱུང་བར་དུས་གཞན་ཞིག་ན། སྨིན་ནས་རང་ཉིད་བྱུང་བར་གྱུར་ན། འཚོ་བར་འགྱུར་གྱི། ཟུག་རྔུར་ཕྱུང་ན་སྐྱེ་བུ་དེ་འཕྲལ་དུ་འཆི་བར་འགྱུར་རོ། །ལྕེ་མིག་སྣ་དང་རྣ་བ་ཡི། །བུ་ག་བཞི་ནི་འདུས་པ་དག་།རྐན་དང་སྒོ་རུ་ཁ་བཞི་སྟེ།
་བུ་གའི་གནད་ནི་དེ་རྣམས་ཀྱི། །གནད་ནི་སུམ་མདོ་རིས་ཤེས་བྱ། དེ་བཅད་སྲོག་ནི་འཕྲལ་དུ་འདོར། །ཞེས་བྱ་བ་ལ། ལྕེ་དང་མིག་དང་སྣ་དང་རྣ་བའི་བུ་ག་སྟེ། རྩ་སྒོ་བཞི་པོ་འདུས་ཤིང་ཕྲད་པར་གྱུར་པ་དག་།རྐན
་གྱི་ཕྱོགས་སུ་ཁ་བཞི་བར་གནས་པ་དང། དེ་བཞིན་དུ་བུ་ག་དང་འབྲེལ་པའི་གནད་ན་ནི་སུམ་མོད་རིས་ཤེས་པ་སྟེ། གནད་དེ་རྣམས་བཅས་ན་སྐྱེས་བུའི་སྲོག་འཕྲལ་དུ་འདོར་བར་འགྱུར་རོ། །ཐོད་པ་ཡིན་མཚམས་ལྔ་པོ། །ཐད་ཀ་གྱེན་འགྲོ་མཚམས་ཀྱི་མཛའ་?
་དེ་སྣང་པས་ནི་མགོ་འཁོར་དང། སྨྱོ་ཞིང་དྲན་པ་ཉམས་ཏེ་འཆི། ཞེས་བྱ་བ་ལ། མགོ་བོའི་ཐོད་པའི་མཚམས་ཀྱི་མཛའ་ཞེས་བྱ་བའི་གནད་ཡོད་དེ། དེ་ནི་ཐད་ཀ་དང་གྱེན་དུ་འགྲོ་བས་གནས་པ་ཡིན་ལ། མཚམས་ཀྱི་མཛའ་ཨི་གནད་དེ་རྣམས་སྣད
་བས་ནི་མགོ་འཁོར་བ་དང། སྨྱོ་ཞིང་དྲན་པ་ཉམས་པའི་ནད་ཀྱི་སྐྱེས་བུ་འཆི་བར་འགྱུར་རོ། །སྤྱི་བོ་སྟེང་ན་གཙུག་།འཁྱིལ་བའི། །རྩ་དང་ལྡན་སྒྲུབས་འདུས་པ་ན། །སྤུ་འཁྱིལ་བདག་པོ་ཅེས་བྱ་བའི། །གནད་ཀྱིས་སྲོག་ནི་འཇིག་པར་བྱེད། ཅེས་བྱ
་བ་ལ། མགོ་བོའི་སྟེང་གི་གཙུགས་རྩ་འཁྱིལ་པའི་མཚམས་འདུས་པ་སྤུ་འཁྱིལ་པའི་གནས་ཀྱི་གནད་ཀྱི་མིང་བདག་པོ་ཞེས་བྱ་སྟེ། གནད་དེ་བཅོམ་ན་སྲོག་འཕྲལ་དུ་འཇིག་ཅིང་འདོར་བར་འགྱུར་རོ། །གང་དུ་མནན་ན་ཤིན་ཏུ་འགུལ
་རབ་ན་དེ་ནི་གནོད་ཅེས་བྱ། ཞེས་བྱ་བ་ལ། འདི་ནི་ཡང་གནད་རྣམས་ཀྱི་སྤྱིའི་མཚན་ཉིད་བསྟན་པ་ཡིན་ཏེ། ལུས་ཀྱི་ཕྱོགས་གང་དུ་མནན་ན་ཤིན་ཏུ་འགུལ་ཞིང་འཕར་བ་དང། ཡང་དེ་བཞིན་དུ་མནན་པར་གྱུར་ན་མི་བཟད་ན་བ།
་དེ་ནི་གནད་ཡིན་པར་ཤེས་པར་བྱའོ། །ཤ་རྒྱུས་རུས་པ་རྩ་ཆེན་དང། །རྩ་དང་ཚིགས་ནི་འདུས་པ་རུ། །གནད་ཅེས་བྱ་སྟེ་དེས་ན་དེར། །སྲོག་ནི་ལྷག་པར་གནས་པ་ཡིན་ཞེས་བྱ་བ་ལ། ཤེལ་སོགས་པ་ནས་ཚིགས་ཀྱི་བར་རང་རང་གི
་རིགས་མཐུན་པ་ལས་བལྟོས་པ་འདུས་ཤིང་བྲད་པར་གྱུར་པ་དེ་ནི་གནད། ཅེས་བྱ་སྟེ་དེ་ནི་ན་ཞིང་མི་བདེ་བར་བྱེད་པ་ཡིན་ནོ། །རྒྱུ་དེས་ན་གནད་རྣམས་སུ་སྲོག་ལྷག་པར་གནས་པ་ཡིན་པས་དེང་གནོད་པར་བྱས་པས་སྲོག་ལ་ལྷག་པར་གནོད་པ་ཡིན་ནོ། ?
་དུ་རྣམ་པར་བསྟན་མོད་ཀྱི། །གནད་ནི་རྣམ་པ་དྲུག་ཏུ་བསྟན། ཅེས་བྱ་བའོ། གནད་གྲངས་མང་དུ་བསྟན་མོད་ཀྱི་ཤ་ལ་སོགས་པའི་ལ་གནས་པའི་རྣམ་པ་འདིས་གནད་ཀྱི་གྲངས་ནི་རྣམ་པ་དྲུག་ཁོ་ནད་བསྟན་པ་ཡིན་ནོ། །སྲོག་གི་གནས་སུ་ཐུན་མོང་བས། །
་གནད་ནི་གཅིག་ཏུ་གནད་པ་འང་ཡིན། ཞེས་བྱ་བ་ལ། ཡང་ན་གནད་ནི་དྲུག་ཏུ་ཡང་རྣམ་པར་མི་དབྱེའི། །གཞན་དུ་ན་སྲོགས?་གནད་ཡིན་པའི་མཚན་ཉིད་དུ་གཅིག་པ་འམ། ཐུན་མོང་ཡིན་པས་གནད་ནི་གཅིག་ཁོ་ནར་བསྟན་གྱི། དྲུག་ཏུ་རྣམས
་མི་གཞག་གོ་།ཤར་གཏོགས་བཅུ་སྟེ་བྱིན་ལག་ཉ། །མཐིལ་འཕྲོག་ནུ་མཇིང་ནུ་རྩའོ། །ཞེས་བྱ་བ་ལ་གནད་ལ་ཤའི་རིགས་སུ་གཏོགས་པའི་གནད་ནི་བཅུ་སྟེ། དེ་གང་ཞེ་ན། བྱིན་སྙིང་དང་ལག་ངར་གྱི་ཉཝའི་གནད་དབང་པོའི་ཆུས་སོ་ཞེས་བྱ་བ
་བཞི་དང། མཐིལ་འཕྲོག་པ་ཞེས་བྱ་བ་བཞི་དང། ནུ་མཇིང་དང་ནུ་རྩའི་རྩ་གཉིས་དེ་བཅུ་ཡིན་ནོ། །རུས་པའི་གནད་བརྒྱད་མུར་འགྲམ་དང། །རྐེད་པ་ཅན་དང་གཞོན་ནུ་དང། །རོ་སྨད་དང་ནི་སོགས་པའོ། །ཞེས་བྱ་བ་ལ། རུས་བལ་གནད་བརྒྱད
་ཡོད་དེ་མུ?་འགྲམ་གྱི་གནད་ཉིད་དང། རྐེད་པ་ཅན་དང་གཞོན་ནུ་ཞེས་བྱ་བ་གཉིས་དང། རོ་སྨད་ཅེས་བྱ་བ་གཉིས་དང། སོགས་པ་ཞེས་པ་གཉིས་ཏེ། བརྒྱད་ཡོད་དོ། །རྒྱུས་པའི་གནད་ནི་ཉི་ཤུ་གསུམ། མཉན་གོང་ཞེས་བྱའི་པིར་དང་ནི།།
་པིར་མགོ་མིག་ཟུར་རྒྱ་ཚིགས་དང། ཕྲག་པ་གཞག་དང་ཆུས་སོ་ཡི། །ཞེས་བྱ་བ་ལ། རྒྱུས་པའི་གནད་ཉི་ཤུ་རྩ་གསུམ་སྟེ། གཉན་གོང་གི་གནད་བཞི་དང། པིར་ཞེས་བྱ་བ་བཞི་དང། པིར་འགོ་ཞེས་བྱ་བ་བཞི་དང། མིག་ཟུར་གི་གནད
་གཉིས་དང། རྒྱ་ཚིགས་བཞི་དང། ཕྲག་པ་གཉིས་དང། བཞག་པ་ཞེས་བྱ་བ་གཉིས་དང། ཆུ་སོ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་གསུམ་མོ། །རྩ་ཆེན་གནད་ནི་རྣམ་དགུ་སྟེ། །གཞན་དང་རེངས་བྲལ་རྣ་རྩ་དང། སུམ་མདོ་རིས་ཤེས་བཤད་བ
་ཡིན། ཞེས་བྱ་བ་ལ། རྩ་ཆེན་པའི་གནད་ནི་རྣམ་པ་དགུ་ཡོད་པར་བཤད་དེ། གཞང་ཞེས་བྱ་བ་གཅིག་དང། རེངས་བྲལ་ཞེས་བྱ་བའི་གནད་གཉིས་དང། རྣ་རྩ་ཞེས་བྱ་བའི་གནད་གཉིས་དང། གསུམ་མདོ་རིས་ཤེས་བཤད་པ་བཞི་སྟེ
་དགུའོ། །རྩ་ལ་གནས་གནད་སུམ་ཅུ་བདུན་རྩ་ཆེན་གཉིས་དང་མ་མོ་སྔོ། །འགྲམ་པ་མཚན་ཁུང་འཛིན་སྤྲུལ་མགོ་།ལྗོན་ཤིང་སྙིང་དང་ལྟེ་བ་དང། །རྩིབ་ལོགས་མཚམས་དང་ནུ་མའི་འོག་།མི་གསལ་བཞག་དང་བརླ་དབང་དང། །དམར
་པོ་ཞེས་བྱ་བཞི་པོའོ། །ཞེས་བྱ་བ་ལ། རྩ་ལ་གནས་པའི་གནད་ཀྱི་བྱེ་བྲག་ནི་སུམ་ཅུ་རྩ་བདུན་ཡོད་དེ། རྩ་བོ་ཆེ་གཉིས་དང། མ་མོ་བརྒྱད་དང། སྔོན་པོ་གཉིས་དང། འགྲམ་པ་མཆན་ཁུང་འཛིན་པའི་གནད་གཉིས་དང། སྤྲུལ་མགོ་གཉིས
་དང། ལྗོན་ཤིང་གཉིས་དང། སྙིང་གི་གཉིས་དང། ལྟེ་བའི་གཅིག་དང། རྩིབ་ལོགས་མཚམས་ཀྱི་གཉིས་དང། ནུ་མའི་འོག་གི་གཉིས་དང། མི་གསལ་བ་ཞེས་བྱ་བ་གཉིས་དང། གཞག་པ་གཉིས་དང། བརླ་དབང་གཉིས་དང། དམར་པོ་ཞེས
་བྱ་བ་བཞིའོ། །ཚིགས་ལ་ཉི་ཤུ་ལ་བྱིལ་བ་དག་མཁྲིག་མ་གཉིས་དང་ཁུང་བུ་དང། །མཚམས་མཛའ་གྲུ་མོ་ལོང་མོ་དང། །ལྟག་པ་པུས་མོ་བདག་པོའོ། །ཞེས་བྱ་བ་ལ། ཚིགས་པ་ལ་གནས་པའི་གནད་ནི་ཉི་ཤུ་སྟེ་འཁྱིལ་བ་ཞེས་བྱ་བའི
་གནད་གཉིས་དང། མཁྲིག་མའི་གཉིས་དང། ཁུང་བུ་ཞེས་བྱ་བ་གཉིས་དང། མཚམས་ཀྱི་མཛའ་ཞེས་བྱ་བ་ལྔ་དང། གྲུ་མོའི་གནད་གཉིས་དང། ལོང་མོ་གཉིས་དང། ལྟག་པའི་གཉིས་དང། པུས་མོའི་གཉིས་དང། བདག་པོ་ཞེས་བྱ་བ
་གཅིག་སྟེ་ཉི་ཤུའོ། །གཞན་དག་གཞང་ཤའི་གནད་ཅེས་ཟེར། མཆན་ཁུང་འཛིན་དང་ལྗོན་ཤིང་ནི། རྒྱུས་པ་ལ་བརྟེན་རྣ་རྩ་དང། །སུམ་མདོ་རིས་དང་རེངས་བྲལ་དང། །མིག་འགྲམ་རྩ་ཡི་གནད་ཡིན་གྱི། །རྩ་ཆེན་གནས་པར་དེ་མ་བཤད། ཅེས་བྱ་བ
་སློབ་དཔོན་གཞན་དག་ནི་གཞང་ཁའི་གནད་ནི་ཤའི་གནད་དུ་རྟོགས་པས་རྩ་པོ་ཆེའི་གནད་མ་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་མཆན་ཁུང་འཛིན་པ་དང། ལྗོན་ཤིང་ཞེས་བྱ་བའི་གནད་བཞི་པོ་ནི་རྒྱུས་པ་ལ་བརྟེན་པའི་གནས་ཡིན་གྱི། རྩ་ལ
་གནས་པའི་གནད་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་རྣ་རྩ་ཡང་རྩ་ལ་གནས་པ་ཡིན་གྱི་རྩ་བོ་ཆེ་ལ་གནས་པ་མ་ཡིན་ནོ། །སུམ་མོད་རིས་ཀྱི་གནད་བཞི་དང། རང་ས་བྲལ་ཞེས་བྱ་བའི་གནད་གཉིས་དང། མིག་འགྲམ་གྱི་གནད་གཉིས་པོ་དག་ནི་རྩའི
་གནད་ཡིན་གྱི་རྩ་པོ་ཆེ་དང་རྒྱུས་པའི་གནད་མ་ཡིན་ནོ། །ཞེས་ཟེར་རོ། །དེ་བས་ན་དེ་དག་ནི་རྩ་བོ་ཆེ་ལ་གནས་པར་མ་བཤད་དོ། །ཤ་ཡི་གནད་བཅད་ཁྲག་རྒྱུན་འཛག་།ཤ་བ་ཀྲུས་འདྲར་འགྱུར་སླ་བ་དང། སྐྱ་ཞིང་དབང་པོ་ཉམས་པ་དང། མྱུར
་དུ་འཆི་བ་ཉིད་དུ་འགྱུར། ཞེས་བྱ་བ་ལ། ཤར་གཏོགས་ཤིང་གནས་པའི་གནད་བཅད་ན་ཁྲག་གི་རྒྱུན་འཛག་པ་དང་ཤ་བཀྲུས་པ་ལྟ་བུར་གྱུར་པ་དང། སླ་ཞིང་རྐྱང་རྐྱང་པོར་གྱུར་པ་དང། མདོག་སྐྱབ་དང། དབང་པོའི་ཚོགས་ཉམས་པ་དང།
་མྱུར་དུ་འཆི་བ་ཁོ་ནར་འགྱུར་རོ། །རུས་གནས་གནད་བཅས་རྐང་བཅས་ན། །སླ་དང་བར་བར་ཆད་ཅིང་འཛག་།ཅེས་བྱ་བ་ལ། རུས་པ་གནས་པའི་གནད་བཅད་བརྐང་དང་བཅས་པའི་ཁྲག་འཛག་པ་དང་ཤིན་ཏུ་ན་བ་དང། སླ་ཞིང་དང་བ་དང།
་བར་བར་དུ་རྒྱུན་ཆད་ཅིང་འཛག་པར་འགྱུར་རོ། །རྒྱུས་པའི་གནད་བཅད་ན་ཞིང་འཁྲུག་།བརྐྱང་བསྐུ་མི་ཤེས་གནོད་པར་འགྱུར། །འགྲོ་དང་སྟན་གནས་ནུས་པ་ཆུང། །དབང་པོ་ཉམས་པའམ་འཆི་བར་འགྱུར། ཞེས་བྱ་བ་ལ། རྒྱུས་པ
་གནས་པའི་གནད་བཅད་ན། ན་ཞིང་ཀུན་ཏུ་ཤས་ཆེར་འཁྲུག་པ་དང། བརྐྱང་བསྐུམ་མི་ཤེས་པའི་རླུང་ནད་ཀྱི་གནོད་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འགྲོ་བ་ལ་སོགས་པ་ལ་ཡང་ནུས་པ་ཆུང་བར་འགྱུར་ཏེ། འགྲོ་བ་ནི
་འགྲོ་ཞིང་སྐྱེད་པའོ། །གནས་པ་ནི་སྡོད་པའམ་སྟན་ལ་འདུག་པ་སྟེ། དེ་དག་མི་ནུས་པར་གྱུར་པ་འམ། ཡང་ན་དབང་པོ་ཉམས་ཤིང་མི་གསལ་བའམ། འཆི་ཞིང་སྲོག་དང་བྲལ་བར་འགྱུར། །རྩ་ཆེན་གནད་བཅད་ལྦུ་བ་དང། སྒྲ་བཅས
་འབྱུང་ཞིང་དྲན་ཉམས་འགྱུར། ཞེས་བྱ་བ་ལ། རྩ་བོ་ཆེ་ལ་གནས་པའི་གནད་བཅད་ན་ཁྲག་ལྦུ་བ་སྒྲ་དང་བཅས་པ་འབྱུང་ཞིང་དྲན་པ་ཉམས་པར་བྱེད་པར་འགྱུར་རོ། །རྩ་ཡི་གནད་བཅད་ཁྲག་བསྐ་ཞིང། །རྒྱུན་མི་འཆད་པར་མང་དུ་འབྱུང།
་དེ་ཟད་མགོ་འཁོར་དབུགས་མི་བདེ། །སྐོམ་རྨོངས་སྐྱེགས་བུས་འདེབས་པས་འཆི། ཞེས་བྱ་བ་ལ། རྩ་ལ་གནས་པའི་གནད་བཅད་ན་ཁྲག་བསྐ་བར་འབྱུང་བ་དང། རྒྱུན་མི་འཆད་པར་འབྱུང་པ་དང། མང་དུ་འབྱུང་བར་འགྱུར་ལ། དེས་ན་ཁྲག་དེ
་ཟད་པས་མགོ་འཁོར་ལ་སོགས་པས་འཆི་བར་བྱེད་པར་འགྱུར་རོ། །ལུས་ནི་གྲ་མ་ལྟ་བུས་ཁྱབ། །ཚོགས་ཀྱང་སྒུར་པོ་འམ་འཐེང་པོར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་དེའི་ལུས་ནས་ཀྱི་གྲ་མ་ལྟ་བུས་ཁྱབ་པར་སྣང་བ་དང། རྨ་དེ་འཚོབ་ཅིང་འབྱོར་པར
་གྱུར་ན་ཡང་ལུས་སྒུར་བ་དང། ཡན་ལག་འཇམ་ཤིང་འཐོང་པོར་འགྱུར་རོ། །ཚིགས་གནད་སྟོབས་དང་སྤྱོད་པ་ཉམས། ལུས་སྐེམ་ཚིགས་ནི་སྐྲད་པར་འགྱུར། །ཞེས་བྱ་བ་ལ། ཚིགས་ལ་གནས་པའི་གནད་དེ་ཅང་ན་སྟོབས་ཟད་པ་དང། ལུས་ཀྱི་གཡོ
་འགུལ་གྱི་སྤྱོད་པ་ཉམས་པ་དང། ལུས་ཀུན་སྐེམ་ཞིང་རྦེག་པ་དང། ཚིགས་ཀྱི་ཚོགས་རྣམས་སྐྲངས་པར་འགྱུར་རོ། །ལྟེ་བ་མུར་འགྲམ་བདག་པོ་གཞང། །སྙིང་དང་ཆུ་སོ་སུམ་དོ་རིས། །མ་མོ་བརྒྱད་དང་བཅུ་དགུ་པོ། །འཕྲལ་དུ་སྲོག་ནི་གསོད
་པར་བྱེད། །དེ་རྣམས་འཕྲལ་དུ་མི་འཆི་ཡང། །ཞག་བདུན་གྱིས་ནི་ངེས་པར་འཆི། ཞེས་བྱ་བ་ལ། ལྟེ་བ་དང་མར་འགྲ་མ་ལ་སོགས་པའི་གནད་བཅུ་དགུ་ཕུག་ཅིང་བཅད་ན་འཕྲལ་དུ་དེའི་མདོ་ལ་འཆི་ཞིང་གསོད་པར་བྱེད་ལ། །གལ་ཏེ་ཚེའི་ལྷག་མ་ཡང
་ན་ཡང་ཞག་བདུན་གྱིས་ངེས་པར་འཆིའོ། །དེ་ལས་ལྷག་པར་ནི་ངེས་པར་མི་འཚོའོ། །རེངས་བྲལ་མཐིལ་འཕྲོག་རྩིབ་ལོགས་མཚམས། །རྐེད་པ་ཅན་གཞོན་མཚམས་ཀྱི་མཛའ་། །ནུ་རྩ་དབང་པོ་ཆུ་སོའི་གནད། །རྒྱ་ཚིགས་མི་གསལ་རྩ་ཆེན་དང།
་རོ་སྨད་ནུ་མཇིད་སུམ་ཅུ་གསུམ། །ཟླ་བ་འམ་ཟླ་བྱེད་གསོན་ནས་ནི། །དུས་གཞན་དུ་ནི་འཆི་བར་བྱེད། ཅེས་བྱ་བ་ལ། རེང་བྲངས་ལ་སོགས་པའི་གནད་སུམ་ཅུ་རྩ་གཉིས་ཕུག་ཅིང། །སྣང་བར་ནི་འཕྲལ་དུ་འཆི་བར་མི་བྱེད་ན་ཡང་ཟླ་བ་ཕྱེད་དམ་ཟླ་བ
་གཅིག་གིས་འཆི་བར་འགྱུར་རོ། །བརྡེག་དང་བཞག་པ་ཞེས་བྱ་གསུམ། །དེར་ནི་ཟུག་རྡུ་ཆུང་གྱུར་ན། རླུང་གིས་ཤ་དང་ཚིལ་རྐང་དང། །གླང་རྒྱས་རྣམས་ནི་སྐེམས་པར་བྱེད། །མཚོན་ཕྱུང་ལུང་པ་དབུགས་མི་བདེ། །འབྱུང་ཞིང་སྲོག་ནི་འཇོམས
་པར་འགྱུར། ཞེས་བྱ་བ་ལ། བརྡག་པ་ཞེས་བྱ་བའི་གནད་གཉིས་དང། གཞག་པ་ཞེས་བྱ་བ་སྟེ་གསུམ་སྟེ་དེ་དག་ཏུ་མཚོན་གྱི་ཟུག་རྡུ་ཟུག་པ་ཕྱན་ན་འཆི་བར་འགྱུར་གྱི། །ཟུག་རྡུ་མ་ཕྱུང་བར་ནི་མྱུར་དུ་འཆི་བར་མི་འགྱུར་རོ། །ཅིའི་ཕྱིར་ཟུག་རྡུ
་ཕྱུང་བས་འཆི་ཞེ་ན། དེ་ཟུག་རྡུ་ཕྱུང་ཡང་རླུང་བྱུང་སྟེ་དེས་ལུད་པ་དང་དབུགས་མི་བདེ་བ་བསྐྱེད་ནས་སྲོག་འཇོམས་པར་འགྱུར་ལ། ཅི་ཞིག་བྱས་ནས་འཇོམས་ཞེ་ན། ཤ་ལ་སོགས་པ་སྐམས་བས་གསོད་པར་བྱེད་དོ། །སྦྲུལ་མགོ་མིག་ཟུར་རྣ་རྩ་དང།
་སྔོན་པོ་འགྲམ་གནས་ལྟག་པའི་གནད། །ཕག་པ་འམ་ཕྲག་སོགས་འཁྱིལ་བ་དང། ལྗོན་ཤིང་བརླ་དབང་ཁུང་བུ་དང། མིག་དམར་སས་མོའི་གནད་དང་བཅས། །མཚན་འཛིན་པིར་འདྲ་གྲེ་མོའི་གནད། །དེ་ལྟར་གནད་ནི་བཞི་བཅུ་བཞེས།
་རྐང་ལག་འཇས་པར་བྱེད་འགྱུར་རམ། །གལ་ཏེ་ཚབས་ཆེར་སྣང་གྱུར་ན། །དེས་ནི་སྲོག་ཀྱང་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྦྲུལ་མགོ་ལ་སོགས་པའི་གནད་བཞི་བཅུ་རྩ་བཞི་སྣང་བས་ནི། །རྐང་ལག་འཇས་ཤིང
་འཕྱེ་བ་ལ་སོགས་པའི་གནོད་པ་སྐྱེད་པར་འགྱུར་ལ། གལ་ཏེ་དེ་དག་བསོད་ནམས་མ་ཡིན་པ་ལ་སོགས་པའི་དབང་གིས་སྣང་ཚབས་ཆེ་ན་སྲོག་འཇོམས་ཤིང་འཆི་བ་ཉིད་དུ་འགྱུར་རོ། །པིར་མགོ་འདྲ་དང་ལོང་མོ་དང། མཁྲིག་མའི་གནད
་བརྒྱད་ནད་ཚབས་སྐྱེད། ཅེས་བྱ་བ་ལ། པིར་མགོ་འདྲ་བ་ལ་སོགས་པའི་གནད་བརྒྱད་པོ་ཕུག་པས་ནི་ཤིན་ཏུ་ནད་ཚབས་ཆེན་པོ་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་ལས་ལྗོན་ཤིང་མཆན་ཁུང་འཛིན། །བརླ་དང་བིར་མགོ་ལྟ་བུ་སྟེ། བཅུ་གཉིས
་སོར་གཅིག་ཚད་ཡིན་ནོ། །ཞེས་བྱ་བ་ལ། གནད་དེ་རྣམས་ལས་ལྗོན་ཤིང་ལ་སོགས་པ་གནད་བཅུག་པ་ཉིས་ཀྱི་ཚད་ནི། རང་གི་སོར་ཚད་ཀྱིས་སོར་གཅིག་གི་ཚད་དུ་གནས་བ་ཡིན་ནོ། །མཁྲིག་མ་དང་ནི་ལོང་མོ་དང། ནུ་མའི་རྩ་བ་སོར
་གཉིས་ཚང། ཅེས་བྱ་བ་ལ། གནད་དེ་རྣམས་ལ་མཁྲིག་མའི་གནད་གཉིས་དང། ལོང་མོའི་གནད་གཉིས་དང། ནུ་མའི་གནད་གཉིས་ཏེ། གནད་དྲུག་པོ་དེ་དག་གི་ཚད་ནི་སོར་གཉིས་སུ་གནས་པ་ཡིན་ནོ། །པུས་མོ་གྲུ་མོ་སེར་གསུམ་ཚད།
་ཅེས་བྱ་བ་ལ། པུས་མོའི་གནད་གཉིས་དང། གྲུ་མོའི་གནད་གཉིས་ཏེ། བཞི་པོ་ཚད་ནི་སོར་གསུམ་ཡིན་ནོ། །གཞང་དང་ཚུ་སོ་ལྟེ་བ་སྙིང། །སྔོན་པོ་མཚམས་མཛའ་མ་མོ་དང། པིར་འདྲ་སུམ་མདོ་རིས་འགྲམ་པ། གནད་ནི་ཉི་ཤུ་རྩ
་དགུའི་ཚད། རང་གི་ལག་མཐིལ་ཚད་ཡིན་ནོ། །ཞེས་བྱ་བ་ལ། གཞང་ལ་སོགས་པའི་གནད་ཀྱི་ཁྱད་པར་ཉི་ཤུ་རྩ་དགུ་ནི་རང་གི་ལག་མཐིལ་ཙམ་གྱིས་ཚད་གནས་པ་ཡིན་ནོ། །ལྷག་མ་གནས་ནི་ལྔ་བཅུ་དྲུག་།སོར་ཕྱེད་ཀྱི་ཚད་དུ
་འདོད། ཅེས་བྱ་བ་ལ། དེ་ལྟར་ཚད་བཤད་པའི་གནད་ཀྱི་ལྷག་མ་ཚད་མ་བཤད་པ་དག་ནི་ལྷག་མ་ཡིན་ལ། དེ་དག་ནི་གྲངས་དང་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་དག་གི་ཚད་ནི་རང་གི་སོར་ཕྱེད་ཡོད་པར་འདོད་དོ། །གཞན་དག་གནད་དེ
་ཏིལ་འབྲུ་སྟེ། འབྲུས་ཙམ་གྱི་ནི་ཚད་དུ་འདོད། ཅེས་བྱ་བ་ལ། སྨན་པ་གཞན་དག་ནི་ནད་དེ་དག་ཏིལ་འབྲུ་ཙམ་གྱི་ཚད་དུ་གནས་པར་འདོད་ལ། གཞན་དག་ནི་འབྲས་ཀྱི་ཚད་ཙམ་དུ་ཡོད་དོ། །ཞེས་འདོད་དོ། །རྩ་བཞིར་བཤད་པ་གང་ཡིན
་པ། །ལུས་ཀུན་རྟས་པར་བྱེད་པ་རྣམས། །དེ་ནི་གནས་ལ་གནད་པ་ཡིན། ཞེས་བྱ་བ་ལ། སྔར་གང་རྩ་བཞི་པོ་རླུང་དང་མཁྲིས་པ་དང་བད་ཀན་དྲེས་པ་དང། ནད་མེད་པ་སྟེ་རྩ་བཞི་པོ་གྲངས་བདུན་བརྒྱར་འཆད་པ་ཡོད་པར་སྔར་བཤད་པ་གང
་ཡིན་པ་དེས་ནི་ལུས་མ་ལུས་པ་ཐམས་ཅད་རྟས་ཤིང་ཚིམ་པར་བྱེད་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་གནད་ལ་གནས་ཤིང་བརྟེན་པ་ཡིན་ནོ། །དེས་ན་དེ་ཕུག་ཁྲག་དྲག་འབྱུང། །ལུས་ཟུངས་རྣམས་ནི་ཟད་པའི་ཕྱིར། རླུང་འཕེལ་ནད་ནི་མི་བཟད
་འདེབས། །རླུང་གིས་མཁྲིས་པ་རྒྱས་པར་བྱེད། །མཁྲིས་པ་རྒྱས་བར་གྱུར་པ་ན། །སྐོམ་དང་མགོ་འཁོར་སྐམས་དང་མྱོས། ཞེས་བྱ་བ་ལ། གང་གི་ཕྱིར་རྩ་ཐམས་ཅད་གནད་ལ་གནས་བ་ཡིན་པའི་རྒྱུ་དེས་ན། རྩ་དེ་ཕུག་ཅིང་ཁྲག་དྲག་ཏུ་ཕྱུང་ཞིང
་ཤས་ཚར་གཏོན་ན་དེས་ན་དེས་ལུས་ཟུངས་བདུན་པོ་རྣམས་ཟད་པར་བྱེད་པར་འགྱུར་ལ། ལུས་ཟུངས་དེ་ཟད་པས་རླུང་ཟད་སྐྱེ་ཞིང་འཕེལ་བའི་གནས་སྐབས་སུ་གྱུར་ནས་མི་བཟད་པའི་ནད་ཀྱིས་འདེབས་ཤིང་ན་བ་དང། གཟེར་བ་ལ་སོགས་པའི་ཚོར
་བ་དེ་བྱེད་ཅིང་འདེབས་ལ། །ཡང་རླུང་དེས་མཁྲིས་པའི་ཚོགས་ཀྱི་ནད་རྒྱས་ཤིང་འཕེལ་བར་བྱེད་པར་ཡང་འགྱུར་རོ། །མཁྲིས་པ་དེ་རྒྱས་ཤིང་བདོ་བར་གྱུར་པས་སྐོམ་དང་མགོ་འཁོར་བ་དང། ཁ་སྐམས་པ་དང། མྱོས་པའི་ནད་སྐྱེ་བར་འགྱུར་རོ། །ལུས་རྡུལ
་ཚིགས་འབྱེ་ལུས་ལྷོད་དང། །དེ་ནི་གཤིན་རྗེའི་དབང་དུ་འགྲོ་།ཞེས་བྱ་བ་ལ། དེས་ན་གནད་དུ་ཕུག་ཅིང་སྣང་པའི་སྐྱེས་བུ་དེ་ལུས་རྡུལ་ཞིང་ཚིགས་འབྱེ་བ་དང། ལུས་ལྷོད་ཅིང་ཤིག་ཤིག་པོར་གྱུར་པས། དེ་གཤིན་རྗེའི་དབང
་དུ་འགྲོ་ཞིང་འཆི་བར་འགྱུར་རོ། །གནད་ཆོད་ན་ནི་མྱུར་བ་རུ། ལུས་ཀྱི་ཚིགས་ནི་ཆོད་འགྱུར་ཏེ། །ཚིགས་ཀྱི་ཕྱོགས་སུ་བཅད་བས་ན། །རྩ་ནི་འཁུམས་པར་བྱེད་པ་ཡིན། ཞེས་བྱ་བ་ལ། གནད་ཆོད་ཅིང་སྣང་བར་གྱུར་ན་མྱུར་བ་ཉིད་དུ་ལུས་ཀྱི་རྐང
་པ་དང་ལག་པ་ལ་སོགས་པའི་ཚིགས་ཆོད་ཅིང་སྣང་བར་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚིགས་ཀྱི་ཕྱོགས་སུ་བཅད་པའི་ཕྱིར། རྩ་ཐམས་ཅད་ཀྱང་འཁུམས་ཞིང་རྗེས་པས་བྱེད་པ་ཡིན་ནོ། །དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག་།ཁྲག་གནས་ན་ནི
་གནས་པ་ཡིན། ཞེས་བྱ་བ་ལ། དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག་ནི་ཤས་ཆེར་ཁྲག་ལ་གནས་པའི་ཕྱིར། དེའི་ནང་ན་གནས་ཤིང་སྐྱོན་མེད་ན་ནི། སྲོག་དེ་ཡང་གནས་པར་།འགྱུར་བ་ཡིན་ནོ། །དེ་བས་གནད་མིན་ལེགས་འཕོག་ན། །ངེས་པར
་འཆི་བར་མི་འགྱུར་རོ། །ཞེས་བྱ་བ་ལ། གང་གི་ཕྱིར་གནད་དུ་ཕུག་ཅིང་ཆོད་པས་ན། །སྲོག་ཆགས་འཆི་བར་བྱེད་པ་ཡིན་གྱི། གཞན་དུ་སྣང་ཅིང་རྨ་བྱུང་བ་ཙམ་གྱིས་ནི་འཆི་བར་མི་འགྱུར་རོ། །དེ་བས་ན་གནད་མ་ཡིན་པར་ལེགས་པར་འཕོག་ཅིང
་སྣང་བར་གྱུར་ན། མངའ་བརྒྱ་འཕོག་ཀྱང་འཆི་བར་མི་འགྱུར་བའི་གནས་ནི་ཡོད་པ་ཁོ་ན་ཡིན་ནོ། །འགའ་ཞིག་སྨན་པའི་ཡོན་ཏན་དང། །ཕྱོགས་གཅིག་ཏུ་ནི་འཕོག་པ་ཡིས། །འཚོ་བར་འགྱུར་ཀྱང་དེ་ཡི་ནི། །དབང་པོས་མཚད་ཉིད་དུ་འགྱུར།
་ཞེས་བྱ་བ་ལ། སྲོག་ཆགས་འགའ་ཞིག་གནད་དུ་ཕག་པ་ཡོད་ན། ཡང་སྨན་པ་མཁས་པས་གནོས་པའི་ཡོན་ཏན་ནམ། གནད་ཀྱི་ཕྱོགས་གཅིག་གི་མཐར་འཕོག་པ་ཡིས་གནད་དུ་འཕོག་ཀྱང་འཚོ་བར་འགྱུར་མོད་ཀྱི། འོན་ཀྱང་དེའི་དབང་པོ་རྨ
་ཚང་ཞིང་ཞོའམ?་འཐེད་པོ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་བས་འབད་དེ་གནད་དུ་ནི། །ཐལ་སྨན་མེ་བཙའ་ལ་སོགས་སྤང། ཞེས་བྱ་བ་ལ། གང་གི་ཕྱིར་གནད་ལ་ཕོག་ཅིང་གནད་པ་ནི་གནོད་པ་དང་བཅས་ཤིང་སྲོག་ལ་གནོད་པ་བྱེད་པ་ཡིན་པ་དེས་ན་ཐལ
་སྨན་རྣོན་པོ་དང། །མེ་བཙའ་གདབ་པ་ལ་སོགས་པ་ཡང་གནད་དུ་མི་བྱ་བར་སྤང་བར་བྱའོ། །སོགས་པ་སྨོས་པས་ནི་པས?་ཤིང་གི་འབྲས་བུ་དང། ཀ་བཏྟིའི་ཁུ་བ་ལ་སོགས་པ་དང། འབད་དེ་གནད་དུ་མ་ཕོག་པར་སྤང་ཞིང་དོར་བར་བྱའོ། །གནད་དུ་འཕོག་ན
་ཆུང་ངུས་ཀྱང། ཕལ་ཆེར་ཤིན་ཏུ་གནོད་པ་ཡིན་ཞེས་བྱ་བ་ལ། གང་གི་ཕྱིར་གནད་དུ་འཕོག་ན་ཚབས་ཆུང་དུས་ཀྱང་ཕལ་ཆེར་ཞེས་པ་མང་དུ་ཤིན་ཏུ་གནོད་ཅིང་སྡུག་བསྔལ་བར་བྱེད་པ་ཡིན་ནོ། །དེ་བཞིན་གནད་ལ་བརྟེན་པའི་ནད། །རབ་ཏུ་འབད་པས་གསོ
་བར་བྱ། ཞེས་བྱ་བ་ལ། གནད་དུ་འཕོག་ཅིང་གནད་པ་འབའ་ཞིག་གི་གནོད་པ་བསྐྱེད་པ་ཡིན་པར་མ་ཟད་ཀྱི། ནད་རྣམས་ཀྱང་གནད་རྣམས་ལ་རྟེན་ཅིང་གནས་པར་གྱུར་ན། མཚོན་གྱིས་འཕོག་པ་དང་འདྲ་པར་གནོད་པ་སྐྱེད་བ་ཡིན་པས། དེ་ནི་ཤིན
་ཏུ་འབད་ཅིང་བརྩོན་པས་གསོ་དགོས་པའམ། འབད་པས་གསོས་ཀྱང་འཚོ་བ་དཀའ་བ་ཡིན་པར་སྟོན་ཏོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ
་པར་སྦྱར་བ་ལས། ལུས་ཀྱི་གནས་ཀྱི་ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུས་ཀྱི་འགྱུར་བའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་འོག་ཏུ་འདི་བརྩམས
་པའི་དགོས་པ་ནི་འདི་ཡིན་ཏེ། འཆི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་གནད། ཅེས་བྱ་བ་ལ། འཆི་བ་དེ་ཡང་རང་བཞིན་སྔ་མ་ལས་འགྱུར་བའི་མཚན་ཉིད་འཆི་ལྟས་ཀྱི་རྣམ་པ་འགྲོ་བ་རྣམས་སྔར་གནས་པས་ན། །འདིར་སྨོས་པ་ཡིན་ནོ། །ལུས་ཀྱི
་འགྱུར་བ་ནི་རང་བཞིན་སྔ་མ་ལས་གཞན་དུ་འགྱུར་བ་སྟེ། དེའི་བྱེ་བྲག་གམ་ཁྱད་པར་ཤེས་ཤིང་རྟོགས་པར་བྱ་ན། གང་ན་ཡོད་པ་བཤད་པར་བྱའོ་ཞེས་པའོ། །འགྱུར་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཇི་ལྟར་འབྲས
་བུའི་མེ་ཏོག་དང། མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པར་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། ཞེས་བྱ་བ་ལ། ཚུལ་ཇི་ལྟར་འབྲས་བུ་འབྱུང་བར་འགྱུར་བའི་སྔོན་དུ་མེ་ཏོག་འབྱུང་བ་དང། མེ་འབྱུང་བའི་སྔོན་དུ་དུབ་འགྱུར་བ
་དང། ཆར་འབབ་པའི་དུས་སུ་སྤྲིན་འདུས་པ་དག་ནི་རྒྱུ་སྔར་འབྱུང་བ་འབྲས་བུ་ཕྱིས་འབྱུང་བའི་མཚན་མ་ཡིན་པ་ལྟར། ཚུལ་དེ་བཞིན་དུ་རང་བཞིན་ལས་གཞན་དུ་འགྱུར་བ་ལས་འཆི་བར་ཤེས་པར་འགྱུར་བའི་ལྟས་སམ་མཚན་མ་ཡིན་པས། དེ་ལས་ཕྱིར
་ངེས་པར་འཆི་བར་འགྱུར་བར་སྟོན་པ་ཡིན་ནོ། །འཆི་ལྟས་སྣང་བ་ལས་ཀྱང། འཆི་ལྟས་སྣང་ན་འཚོ་མི་འགྱུར། ཞེས་བྱ་བ་ལ། གང་ལ་སྔར་འཆི་བར་འགྱུར་བའི་མཚན་མའི་ལྟས་མེད་ན། ལྟས་ཀྱིས་མཚོན་པའི་འཆི་བ་ཡང་མེད་པས་མི
་འཆི་ལ། དེ་བཞིན་དུ་འཆི་ལྟས་སྣང་བ་ལས་ཀྱང་འཆི་བར་འགྱུར་ན་མ་ཡིན་ནོ། །འཆི་ལྟས་འཆི་ལྟས་མིན་ཤེས་པ། མི་མཁས་འཆི་ལྟས་མེད་མིན་ཞེས། ཞེས་བྱ་བ་ལ། ཡང་དག་པར་ན་གང་འཆི་ལྟས་ཉིད་དུ་སྟོན་པར་འོས་པ་དེ་ལ་ཡང
་འཆི་ལྟས་མ་ཡིན་པར་ཤེས་ལ། །འཆི་ལྟས་མེད་པ་དག་ལ་ཡང་འཆི་ལྟས་མེད་པར་མི་ཤེས་ཏེ། ཅིའི་ཕྱིར་ཞེ་ན། མི་མཁས་ཤིང་འཆི་ལྟས་དང་འཆི་ལྟས་མ་ཡིན་པ་ཤེས་པ་ལ་མ་བྱད་བས། །འཆི་ལྟས་ཡོད་མེད་མི་ཤེས་པ་ཡིན་ནོ། །ཡང་ན
་རྟེན་དང་བརྟན་པ་པོའི། །ཁྱད་པར་གྱིས་ནི་གཉིས་སུ་འདོད། ནད་ཀྱི་ཚུལ་ནི་མང་པོ་ལས། འཆི་ལྟས་ཚུལ་དུ་འབྱུང་འགྱུར་ལ། །ནད་ཞིང་ནི་ཞི་འགྱུར་བ། །བསྟན་པར་གནས་ན་འཆི་བར་འགྱུར། ཞེས་བྱ་བ་ལ། ཡང་སྨན་པ་གཞན་དག་ནི
་འཆི་ལྟས་དེ་རྟེན་གྱི་ལུས་དང། ལུས་རྟེན་པའི་ནད་ལ་སོགས་པའི་ཁྱད་གྱིས་དེ། རྣམ་པ་གཉིས་སུ་འདོད་ལ། དེ་ཡང་རླུང་ལ་སོགས་པའི་ནད་ཀྱི་ཚུལ་རྣམ་པ་མང་པོ་ལས་འཆི་ལྟས་ཀྱི་ཚུལ་དུ་སྣང་ཞིང་འབྱུང་བར་འགྱུར་བ་དེ་དག་ལས་རླུང་ལ་སོགས
་པའི་ནད་ཞི་བར་འགྱུར་ན། དེ་ལས་བྱུང་བ་མཚན་མ་ཡང་ཞི་བར་འགྱུར་ལ་ཞི་ཡང་བརྟན་པར་གནས་ན་ནི། དོ་ངེས་པར་འཆི་བ་ཉིད་དུ་འགྱུར་བས་འཆི་བའི་ལྟས་ཞེས་བྱའོ་ཞེས་ཟེར་རོ། །གཟུགས་དང་དབང་པོ་སྐད་དང་མདོག་།གཟུགས་བརྙན་བྱ
་པ་ལ་སོགས་དང། །དངོས་པོ་དག་ནི་གཞན་ལ་ཡང། །ཐ་མལ་པ་ལས་རྒྱུ་མེད་པར། །གཞན་དུ་འཕྱུར་གང་མདོར་ན་ནི། །འཆི་ལྟས་ཡོད་པར་ངོ་ཤེས་བྱ། ཞེས་བྱ་བ་ལ། གཟུགས་ནི་ཁ་དོག་དབྱིབས་གྱི་རྣམ་པའོ། །དབང་པོ་ནི་མིག་ལ་སོགས
་པའོ། །སྐད་ནི་ད་རོའོ། །མདོག་ནི་འབྱུང་བ་ཆེན་པོ་ལྔའི་རང་བཞིན་རྣམ་པ་ལྔའོ། །གཟུགས་བརྙན་ནི་ཉི་མ་དང་ཆུ་དང་མེ་ལོང་ལ་སོགས་པར་གང་ཞིག་སྣང་བའི་གཟུགས་དང་མཐུན་པར་བྱུང་བའོ། །བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི
་ལས་སུ་བྱ་བའི་རྣམ་པ་མང་པོའོ། །སོགས་པ་ཞེས་བྱ་བ་ནི་ལུས་སུ་གཏོགས་པའི་དངོས་པོ་གཞན་དག་ཀྱང་བསྡུའོ་དེ་ལྟར་ན་གཟུགས་ལ་སོགས་པའི་དངོས་པོར་གཏོགས་པ་དེ་དག་དང། འདིར་མ་སྨོས་པའི་རྣམ་པ་གཞན་དག་སྟེ། བློ་དང། དྲན
་པ་དང། རང་བཞིན་བརྟན་པ་ལ་སོགས་པའི་སེམས་ཀྱི་སྤྱོད་པ་དག་ཐ་མལ་པ་སྟེ། རང་བཞིན་དུ་གནས་པ་ལས་རྒྱུ་མེད་པ་སྟེ་འགྱུར་བའི་རྒྱུ་ཡང་མེད་བཞིན་དུ་དྲོ?་བར་གཞིན་དུ་འགྱུར་ཟིང་སྣང་ངོར་བསྡུ་ན། དེ་ལྟ་བུ་གང་ཡིན་པ་དེ་ནི་འཆི་ལྟས་ཡིན་པའི
་ཕྱིར་ཤེས་པར་བྱའི། རྒྱུ་གང་ཡང་རུང་བ་ལས་གཞན་དུ་གྱུར་བ་ནི་འཆི་ལྟས་སུ་ནི་བཟུང་ངོ། །སྐྲ་དང་སྤུ་མ་བསྐུས་པར། །སྣུམ་གྱི་བསྐུས་ལྟར་གང་སྣང་དང། །ཞེས་བྱ་བ་ལ། འགྲོ་བ་གང་ཞིག་སྐྲ་དང་སྤུ་རྣམས་ཀྱིས་མ་བསྐུས་པར་བསྐུས
་ཤིང་བྱུགས་པ་ལྟར་སྣང་བ་དེ་ལྟར་སྣང་བ་དེ་ཡང་དུས་ཀྱིས་བསྐུས་ཤིང་འཆི་བར་འགྱུར་བ་ཡིན་ནོ། །གང་ཞིག་མིག་ནི་རབ་གཡོ་དང། །མི་འགྱུར་ཕྱིར་བྱུང་ཁུང་བུར་ཞུགས། །ཡོ་དང་བགྲང་དང་འཛུམ་པ་དང། བཅུམ་ཞིང་སྨིན་མདས?་པར
་འཁྲུལ་དང་མཐོང་བ་ཉམས་པ་དང། །སྲེ་མོའི་མིག་ལྟར་བལྟ་བ་དང། །ཐི་བ་འདྲ་དང་མགལ་མེ་འདྲ། །འཆི་མ་འཛག་ཅིང་རྫི་མ་ལ་འཁྲུགས། ཞེས་བྱ་བ་ལ། དེ་བཞིན་དུ་མི་གང་ཞིག་མིག་རབ་ཏུ་གཡོ་ཞིང་འགུལ་བ་དང། ཡང་ན་མིག་འགྱུར
་ཞིང་ཧར་ཧར་པོར་འདུག་པ་དང། ཡང་ན་ཕྱིར་འབྱུང་ཞིང་གློ་བ་དང། ཡང་ན་མིག་འབྲས་ཁོང་དུ་ཞུགས་ཞིང་གཏིང་དུ་སོང་བར་སྣང་བ་དང། ཡོ་ཞིང་མ་སྙོམས་པར་སྣང་བ་དང། ལྷག་པར་བགྲང་ཅིང་གདངས་པ་དང། །དེ་བཞིན་དུ་?
་ཆེར་འཛུམས་ཤིང་མི་འབྱེད་པ་དང། སྨིན་མ་བཅུམ་ཞིང་འདུས་པ་འགྱུར་བ་འམ། ཁྱད་པར་དུ་དམད་ཅིང་དམའ་བར་འགྱུར་བ་དང། ཡང་དེ་བཞིན་འཁྲུལ་བར་མཐོང་ཞིང་མཐོང་བ་དང། མཐོང་བ་ཉམས་ཤིང་རྟུལ་བ་དང། དེ
་བཞིན་དུ་སྲེ་མོའི་མིག་ལྟར་བལྟ་བ་དང། ཐི་བའི་མདོག་ལྟར་སྣང་བ་དང། མགལ་མེའི་འཁོར་ལོ་ལྟར་བསྐོར་བ་ལྟ་བུར་སྣང་བ་དང། རྒྱུ་མེད་པར་མཆི་མ་འཛག་ཅིང་འབྱུང་བ་དང། དེ་བཞིན་དུ་རྫི་མ་འཁྲུག་ཅིང་གཡོ་དང་འགྱུར་བ་སྟེ།
་དེ་དག་ཀྱང་ནད་ལ་སོགས་པའི་རྒྱུ་མེད་པར་སྣང་བ་ནི་འཆི་ལྟས་ཡིན་ནོ། །སྣ་ནི་ཤིན་ཏུ་གདངས་པ་དང། ཞོམ་དང་འབྲུམ་ཕྲན་གྱིས་ཁྱབ་དང། །སྐྲངས་དང་གས་དང་རྙིང་པ་དང། ཞེས་བྱ་བ་ལ། དེ་བཞིན་དུ་གང་ཞིག་གི་རྣ་རྒྱུ་མེད་པར
་གློ་བུར་དུ་ཤིན་ཏུ་གདངས་ཤིང་ཡངས་པར་སྣང་བ་འམ། ཡང་ན་ཞོམ་ཞིང་འདུས་པ་འགྱུར། །འབྲུམ་འཕྲན་རྣམས་ཀྱིས་ཀྱང་ཁྱབ་ཅིང་གང་བ་དང། སྐྲངས་ཤིང་རྒྱས་པར་འགྱུར་བ་དང། གས་ཤིང་པགས་པ་ཞིག་པ་ལྟར་སྣང་བ་དང།
་རྙིང་ཅང་སྐམས་བའང་འཆི་ལྟས་ཡིན་ནོ། །གང་གི་མ་མཆུ་འཕྱང་བ་དང། །ཡ་མཆུ་གྱེན་དུ་བརྫེས་པ་དང། །གཉི་ག་འཛམ་བུ་སྨིན་འདྲར་སྣང། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་མ་མཆུ་འཐུར་དུ་འཕྱངས་བ་དང། ཡ་མཆུ་གྱེན་དུ་བརྫེས་ཤིང་ལྡོག་པར
་འགྱུར་བ་འམ་ཡང་ན་མཆུ་གཉིས་ག་འཛམ་བུ་སྨིན་པ་ལྟར་ཁ་དོག་ནག་པོར་སྣོད་བ་ཡོད་འཆི་ལྟས་སོ། །སོ་ནག་གསག་མར་བཅས་པ་དང། །དམར་ཞིང་སོ་ཞོན་གནོག་ཅན། གློ་བུར་དུ་ནི་འབྱུང་བ་དང། ཞེས་བྱ་བ་ལ། གང་ཞིག་སོ་གནག་བར་གྱུར
་བ་འམ། གསེག་མར་བཅས་བ་སྟེ། རྡོའི་གསེག་མ་ཕྲ་མོ་ལྟ་བུ་བྱུང་བ་དང། ཡང་ན་དམར་ཞིང་ཟས་ལྟར་སྣང་བ་གློ་བུར་དུས་སོ་ཞོ་ཆགས་པའམ། འདམ་གྱིས་བསྐུས་བ་ལྟར་ནག་ནོར་གྱུར་པ་འམ། གློ་བུར་དུ་རྒྱུ་མེད་པར་འབྲུལ་ཞིང་འབྱུང་བ་ཡང་འཆི
་ལྟས་སོ། །ལྕེ་ནི་ལོ་དང་རྟག་ཏུ་འབྱིན། སྐྲངས་དང་སྐམ་དང་ལྕི་དང་གནག་།གས་དང་རྩུབ་དང་ཚོར་བ་མེད། ཅེས་བྱ་བ་ལ། གང་གི་ལྕེ་གློ་བུར་དུ་ཡོན་པོར་གྱུར་པ་དང། རྟག་ཏུ་ཕྱིར་འབྱིན་པ་དང། སྐྲངས་ཤིང་རློ་བ་དང། སྐམས་ཤིང་རང་བ་དང
་ལྕི་ཞིང་འཐུག་པ་དང། ཁ་དོག་གནག་པ་དང། ལྗན་ལྗིན་གྱིས་གོས་པ་དང་བཅས་པ་དང། རྩུབ་ཅིང་ཚེར་མས་ཁྱབ་པ་ལྟར་གནས་པ་དང། ཚོར་བ་མེད་ཅིང་བེམས་པོར་གྱུར་པ་ཡང་འཆི་ལྟས་སོ། །མཛིད་པས་མགོ་ནི་མི་ཐག་དང། །རང་གི་ལྷག་རྒྱབ
་ཁུར་ལྟར་ལྕི། །འགྲམ་པས་ཁ་ན་གནས་པ་ཡི། །ཁ་ཟས་བལྡོང་པར་མི་ནུས་པ། ཞེས་བྱ་བ་ལ། མཇིད་བ་ནི་རྐེ་བ་སྟེ། དེས་མགོ་བོ་མི་ཐག་ཅིང་བརྟེན་པར་མི་ནུས་པ་འམ། གང་རང་གི་ལྟག་བ་རྒྱབ་ཁུར་ཤིན་ཏུ་ལྕི་བར་སེམས་པའང། །གང་རིག་འགྲམ
་པས་ཁ་ཟམ་བལྡང་ཅིང་མིད་པར་མི་ནུས་པ་དེ་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་རྒྱུ་མེད་པར་ཡན་ལག་ཤིན་ཏུ་ལྕི་བ་འམ་ཤིན་ཏུ་ཡང། ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ནད་ལ་སོགས་པའི་རྒྱུ་མེད་པར་བླ་དང་དབུང་བ་ལ་སོགས་པ་ཡན་ལག་ཤིན
་ཏུ་ལྕི་བ་བས། ཡང་ན་ལན་འགའ་ཞིག་ཏུ་ཡང་པར་སེམས་པ་ཡང་འཆི་ལྟས་སོ། །དུག་དང་སྣང་པ་མེད་པར་ཡང། །བུ་ག་རྣམས་ལས་ཁྲག་འབྱུང་དང། ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་དུག་འཐུངས་པ་འམ་ལུས་ལ་སྣང
་བ་མེད་པར་གྱུར་ཀྱང། མིག་ལ་སོགས་པའི་བུ་ག་རྣམས་ལས་ཁྲག་འབྱུང་བ་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་ཕོ་མཚན་ནུབ་པ་དང། རླིག་པ་རབ་ཏུ་འཕྱང་བའམ། ཞེས་བྱ་བ་ལ། གང་གི་ཕོ་མཚན་ནུབ་ཅིང་གྱེན་དུ་བརྫེས་པ་དང། རླིག་བ་ཐུར་དུ
་རབ་ཏུ་འཕྱང་བ་ལ་འཆི་ལྟས་སོ། །དེ་མགོ་བཟློག་གྱུར་པ་རྣམས། ཐམས་ཅད་འཆི་བདག་དབང་འགྱུར་ཡིན། ཞེས་བྱ་བ་ལ། སྐྱེས་བུ་གང་གི་ཕོ་མཚན་དང་རླིག་པ་དེ་ལས་གོ་ཟློག་པ་སྟེ། ཕོ་མཚན་འཕྱང་བར་གྱུར་ལ། རླིག་པ་ནུབ་པར
་གྱུར་བ་ཡང་འཆི་ལྟས་སོ། །དེ་ལྟར་ན་སྐྲ་དང་བ་སྤུ་མ་བསྐུས་པར། ཞེས་བྱ་ནས། དེ་ལས་གོ་བཟློག་པར་གྱུར་བ་རྣམས་ཞེས་བྱ་བའི་གཞུང་གིས་བསྟན་པའི་མཚན་མ་དེ་དག་དང་ལྡན་པ་ཐམས་ཅད་ཀྱང་འཆི་བདག་གི་དབང་དུ་འགྱུར་ཞིང
་འཆི་བའི་ལྟས་ཡིན་ནོ། །ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །གང་གི་རྩ་རིས་སྔོན་མེད་པར། །ཟླ་བ་ཆོས་པ་ལྟ་བུ་ནི། དཔྲལ་བ་འམ་ཆུ་སོའི་སྟེང་ན་སྣང། །དེ་ནི་ཟླ་དྲུག་ལས་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ནད་མེད་པར་གནས་པ
་ལས་རྩ་རིས་སྔོན་མེད་པའི་སར་བ་སྔ་མ་མི་གནས་པ། ཟླ་བ་ཚེས་པ་ལྟ་བུའི་ཡོན་པོར་དཔྲལ་བ་འམ་ཆུ་སོའི་སྟེང་ན་གནས་པར་གྱུར་ན་སྐྱེས་བུ་དེ་ཟླ་བ་དྲུག་ལས་མི་འཚོ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །ལུས་ཅན་གང་གི་ལུས་ལ་ཆུ
་པདྨའི་འདབ་མ་ལྟ་བུར་ནི། །རྒྱལ་ཚེ་ཆུ་ནི་མི་ཆགས་པ། །དེ་ནི་ཟླ་བ་དྲུག་ན་འཆི་།ཞེས་བྱ་བ་ལ། ལུས་ཅན་དེ་མི་གང་རྐྱལ་ཞིང་ཆུའི་ནང་དུ་ཞུགས་ལ་ཁྲུས་བྱེད་པ་ན། དེའི་ལུས་ལ་ཆུ་པདྨའི་འདབ་མ་ལ་ཆུ་གཏོར་བའི་ཚུལ་དུ། ཆུ་དེ་འདྲིལ་ཞིང
་ཆུགས་པར་མ་གྱུར་བ་དེ་ཡང་ཟླ་བ་དྲུག་ནས་འཆི་བ་ཡིན་ནོ། །སྤྱི་བོ་དུ་བའམ་སྣུམ་བཅས་སྣང། །དེ་ནི་ཟླ་བ་གཅིག་ནས་འཆི། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་སྤྱི་བོར་དུ་བ་ལྟ་བཱུམ། སྣུམ་དང་བཅས་པ་ལྟ་བུར་རྒྱུ་མེད་པར་སྣང་ན། དེ་ནི་ཟླ་བ་གཅིག་ནས་ངེས་པར་འཆི་བར
་འགྱུར་རོ། །སྤྱི་བོ་སྨིན་མཚམས་གསར་དུ་ནི། མཚམས་བྱི་བ་འམ་གཅུག་འཁྱིལ་སྣང། ནད་མེད་ཞག་ནི་དྲུག་གི་འཆི། ནད་པ་ཞག་གསུམ་ནས་འཆི་འགྱུར། ཞེས་བྱ་བ་ལ། སྤྱི་བོ་སྟེ་མགོ་བོ་འམ། སྨིན་མཚམས་ཀྱི་གནས་སུ་གསར་དུ་མཚམས་བྱེ་ཞིང
་གྱེས་བ་ལྟར་སྣང་བ་འམ། གཙུག་འཁྱིལ་བ་ལྟ་བུར་སྣང་བ་སྟེ། མཚམས་བྱེ་བ་ནི་རི་མོ་དྲང་པོའོ། །གཙུབ་འཁྱིལ་བ་ནི་རི་མོ་ཟླུམ་པོ་འཁོར་བའོ། །དེ་ལྟ་བུ་སྣང་ན་ནད་མེད་ཅིང་བདེ་བར་གནས་པ་ནི་ཞག་དྲུག་གི་འཆི་ལ། ནད་བ་ཞིག་ན་ནི་ཞག
་གསུམ་ན་མཆི་བར་འགྱུར་རོ། །ལྕེ་གནག་ཁ་ནི་མནམ་པ་དང། མིག་གཡས་ཕུགས་སུ་བྲོས་པའམ། བྱ་ནི་མགོ་ལ་བབས་བ་དག་།གང་ཡིན་དེ་ནི་ཡོངས་སུ་སྤང། །ཞེས་བྱ་བ་ལ། གང་ཞིག་གི་ལྕེའི་མདོག་གནག་པ་དང། ཁའི་དྲི་མ་རྣམ་པ་དང་ཅེས
་པ་དང། མིག་གཡས་ཕུགས་སུ་བྲོས་ཤིང་ཁུང་བུར་ཞུགས་པའམ། ཡང་ན་མགོ་ལ་བྱ་བབས་ཤིང་འདུག་པ་གང་ཡིན་པ་དེ་ནི་གསོ་བར་མི་བྱ་ཞིང་སྤང་བར་བྱའོ། །གང་ཞིག་ཁྲུས་བྱས་ཞུགས་པ་དང། ལུས་ཀུན་གཤེར་བར་གནས་བཞིན
་དུ། སྙིང་ག་ཤིན་ཏུ་གྱུར་བར་སྐམས་དེ་ནི་ཟླ་ཕྱེད་ལས་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་དང་པོར་ཁྲུས་བྱས་ཤིང་དེའི་འོག་ཏུ་བྱུག་པ་ཕྱུགས་པ་ན་ལུས་ཐམས་ཅད་གཤེར་ཞིང་རླན་དང་བཅས་པ་གནས་བཞིན་དུ་སྙིང་གའི་ཕྱོགས
་ཆེར་མྱུར་དུ་སྐམས་པར་གྱུར་ན། མི་དེ་ཟླ་བ་ཕྱེད་ལས་མི་འཚོའོ། །གློ་བུར་དུ་ནི་ལུས་ཀུན་མདོག་།ཅིག་ཅར་ཐ་མལ་པ་ལས་ཉམས། དེ་བཞིན་དུ་ནི་གསོགས་པ་དང། །རྩུབ་དང་སྣུམ་འགྱུར་འཆི་བ་ཡིན། ཞེས་བྱ་བ་ལ། གློ་བུར་དུ་རྒྱུ་མེད
་པར་ལུས་ཀྱི་མདོག་ཐམས་ཅད་ཅིག་ཅར་དུས་གཅིག་ཐ་མལ་པའི་ལས་ཉམས་ཏེ་གཞན་ཏུ་གྱུར་པ་སྟེ། ཐ་མལ་པའི་མདོག་ནི་དཀར་བ་དང་གནག་པ་ལ་སོགས་པས་ཡོངས་སུ་གྱུར་པའི་མདོག་སྔོ་བ་དང་དམར་བ་ལ་སོགས་པར་གྱུར་པ་དང། དེ་བཞིན་དུ་ལུས་ཐམས་ཅད
་དམ། དེའི་ཡན་ལག་ལ་ནད་ལ་སོགས་པ་དང་རྩུབ་པ་དང། སྣུམ་པར་གྱུར་ཅིང་གྲང་བ་དང་དྲོ་བ་ལ་སོགས་པ་ཅིག་ཅར་བྱུང་བར་གྱུར་ན་ཡང་འཆི་བར་འགྱུར་བ་ཡིན་ནོ། །གང་གི་སེར་མོ་གྲང་བ་ན། །སྒྲ་མི་འབྱུང་བ་དེ་མི་འཚོ། །ཞེས་བྱ་བ
་ལ་སྐྱེས་བུ་གང་ཞིག་གིས་སོར་མོའི་ཕྱོགས་ལ་གྲང་པ་འམ་མནན་པར་གྱུར་པ་ན། སྒྲ་མི་འབྱུང་བ་དེ་ཡང་འཆི་ལྟས་ཡིན་པས་མི་འཚོའོ། །དེ་བཞིན་ལུད་པ་སྤྲིད་སོགས་ལ། །གང་ཞིག་སྔོན་མེད་སྒྲ་འབྱུང་བ་འམ། །ཞེས་བྱ་བ་ལ། མི
་གང་གི་ལུད་པ་ལུ་བ་དང་སྤྲིད་པ་འབྱུང་བ་དང། གཅིན་གཏོང་བ་ལ་སོགས་པའི་སྐབས་སུ་སྔོན་མེད་ཅིང་ཐ་མལ་པའི་རང་བཞིན་ལས་འདས་པའི་སྒྲ་བྱུང་ན་དེ་ཡང་མི་འཚོའོ། །དབུགས་འབྱིན་ཐུང་བའམ་རིང་བ་འམ། དྲི་མནམ་པ་འམ་དྲི
་ཞིམ་འགྱུར། ཞེས་བྱ་བ་ལ། མི་གང་ཞིག་དབུགས་འབྱིན་པ་ནི་ཤིན་ཏུ་ཐུང་བ་འམ། ཤིན་ཏུ་རིང་བར་འགྱུར་བ་དང། གློ་བུར་དུ་དྲི་མས་རྣམ་པ་འམ། དྲི་ཞིམ་པར་གྱུར་ན་ཡང་མི་འཚོའོ། །ལུས་ནི་ཁྲུས་བྱས་མ་བྱས་རུང། མི་མ་ཡིན
་པའི་དྲི་བྱུང་བ་འམ་གོས་རྨ་དྲི་དམར་བྱུང་ན་འང། དེ་ནས་ལོ་གཅིག་ནས་འཆི་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ལུས་ཁྲུས་བྱས་ཀྱང་རུང། མི་མ་ཡིན་པའི་དྲི་སྟེ། མིའི་སྤྱོད་ཡུལ་ལས་འདས་པའི་དྲི་མི་ཞིམ་པ་འམ། དྲི་ང་བ
་ཡིད་དུ་འོང་བ་འམ་མི་འོང་བ་འབྱུང་བར་འགྱུར་བ་དང། གང་དག་གི་གོས་ལ་སྨྲ་འམ་དྲི་མ་ལ་མི་མ་ཡིན་པའི་དྲི་བྱུང་ན་དེ་ནི་ལོ་གཅིག་ནས་འཆི་བར་འགྱུར་བ་ཡིན་ནོ། །གང་ཞིག་ཤིག་དང་སྦྲང་མ་སོགས། །དྲི་ཞིམ་པས
་ནི་འདུ་བ་འམ་།དྲི་ང་བ་ཡི་སྡོང་མི་འགྱུར། །དེ་ནི་ལོ་གཅིག་ལས་མི་འཚོ། །ཞེས་བྱ་བ་ལ། མིག་གང་ཞིག་ལ་ཤིག་དང་སྦྲག་མ་ལ་སོགས་པ་དྲི་ཞིམ་པ་བྲོ་བས་འདུ་ཤིང་འཕུངས་པར་གྱུར་པའམ། །ཡང་ན་དྲང་བའི་དབང་གི་སྤོང་ཞིང་ལུས་མདོར་བསྡུ?
་འགྱུར་ན། དེ་ལ་འང་ལོ་གཅིག་ལས་མི་འཚོའོ། །གང་ཞིག་རྟག་ཏུ་ལུས་ཚ་བ། གྲང་བ་ཉིད་དུ་སྣང་བ་དང། །བསིལ་བ་ཤིན་ཏུ་ཆེ་བར་སྣང། །རྒྱུ་མེད་པར་ནི་རྡུལ་དང་རེངས། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་རྒྱུ་མེད་པར་རྟག་ཏུ་ལུས་ཚ་བ་འུར
་འུར་པོ་འདུག་པ་འམ། རྟག་ཏུ་གྲང་ཞིང་བསིལ་བར་སྣང་བ་དང། ལུས་བསིལ་བ་ཉིད་ལ་ཡང་ཤིན་ཏུ་ཚ་བ་དང། དེ་བཞིན་དུ་རྒྱུ་མེད་པར་ཤས་ཆེར་རྡུལ་བ་དང། གྲང་ཞིང་རེངས་པ་དེ་ཡང་ལོ་གཅིག་ལས་མི་འཚོའོ། །གང་ཞིག་གྲང་བའི་ཆུ་ཁུར་འབྱུང
་ལུས་གྲང་བ་ལས་ཚ་བ་སྐྱེ། གྲངས་གདུངས་ཐན་པ་ལ་མི་དགའ་། དེ་ནི་གཤིན་རྗེ་དབང་གྱུར་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་གང་ལུས་གྲང་བར་གྱུར་ཀྱང། ཆུ་བུར་ཆ་བར་འབྱུང་བ་འམ་ལུས་གྲང་བ་ལས་ཚ་བ་སྐྱེས་པ་དང། གྲང་པས་གདུངས་ཀྱང་ཚ་བའི
་ཐན་པ་ལ་མི་དགའ་ན། དེ་ནི་གཤིན་རྗེའི་དབང་དུ་གྱུར་ཅིང་འཆི་བ་ཡིན་ནོ། །གང་གི་སྙིང་ག་དྲོ་གྱུར་ལ། །ལྟ་བ་ཤིན་ཏུ་གྲང་གྱུར་ཅིང། །བཤང་བ་འཁྲུ་ཞིང་སྐོམ་དང་ཆེ། །དེ་ནི་རེ་དང་འདྲ་བ་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་གང་གི་སྙིང་ག་དྲོ་ཞིང་ཚ
་བར་འགྱུར་ཀྱང། ལྟོ་བ་ཤིན་ཏུ་གྲང་བར་གྱུར་པ་དང། བཤང་བ་སླ་ཞིང་འཁྲུ་བ་དང། སྐོམ་ངད་ཆེ་ཞིང་སྐོམ་པས་གདུངས་པ་དེ་ཡང་གསོན་བཞིན་དུ་རོ་དང་འདྲ་སྟེ་འཆི་བ་ཡིན་པར་ཤེས་པར་བྱའོ། བཤང་དང་གཅི་བ་མཆིལ་སྣབས
་དང། །ཁུ་ཆུ་ཆུ་ནང་ནུབ་གྱུར་པ་འམ། །མཆིལ་མ་ཁ་དོག་སྣ་ཚོགས་དང། གང་ཡིན་དེ་ཟླ་གཅིག་ནས་འཆི། །ཞེས་བྱ་བ་ལ། སྲོག་ཆགས་གང་གིས་བཤད་པ་ལ་སོགས་པ་ཆུའི་ནང་དུ་ནུབ་ཅིང་འོག་ཏུ་འགྲོ་བ་འམ། གང་གི་མཆིལ་མ་ཁ
་དོག་མང་ཞིང་སྣ་ཚོགས་བར་སྣང་ན། དེ་ཡང་ཟླ་བ་གཅིག་གིས་འཆི་བར་འགྱུར་རོ། །ས་ནི་ནམ་མཁར་མཐོང་བ་དང། ནམ་མཁའ་སར་ནི་མཐོང་གྱུར་དང། ཞེས་བྱ་བ་ལ། སྐྱེས་བུ་གང་གིས་སྲ་ཞིང་སྟུག་པའི་ས་ནི་ནམ་མཁའ་
་བར་སྣང་དུ་གྱུར་པ་མཐོང་བ་དང། ནམ་མཁའ་ཡང་སའི་རྣམ་པ་ལྟར་གཟུགས་ཅན་དུ་མཐོང་བ་གང་ཡང་རུང་བ་དེ་ནི་འཆི་བར་འགྱུར་རོ། །ཞེས་ཚིག་འོག་མ་ཐམས་ཅད་ལའང་སྦྱར་བར་བྱའོ། །གཟུགས་མེད་གཟུགས་ཅན་ལྟ་བུ་དང། གཟུགས་ཅན
་གཟུགས་མེད་ལྟར་གནས་མཐོང། །ཞེས་བྱ་བ་ལ། དངོས་པོ་གང་གཟུགས་མེད་ཅིང་བལྟར་མེད་པ་དེ་གཟུགས་ཅན་ལྟར་སྣང་བ་ལྟར་མཐོང་བ་དང། གཟུགས་ཅན་གྱི་རྣམ་པ་ལ་ལ་གཟུགས་མེད་པ་ལྟར་གནས་པ་མཐོང་ཞིང་འཁྲུལ་པ་དེ
་ཡང་འཛིན་པར་འགྱུར་རོ། །དེ་བཞིན་འོད་ཆེན་འོད་མེད་མཐོང། །དཀར་པོ་གནག་དང་ཡོད་པ་མེད། ཅེས་བྱ་བ་ལ། ཡང་དེ་བཞིན་དུ་མེ་ལ་སོགས་པའི་འོད་ཅན་གང་ཡིན་པ་འོད་མེད་པར་མཐོང་བ་དང། དཀར་པོ་ནི་ནག་པོར་མཐོང
་ལ། ནག་པོ་ནི་དཀར་པོར་མཐོང་བ་དང་ཡོད་པ་ནི་མེད་པར་མཐོང་ལ། །མེད་པ་ནི་ཡོད་པར་མཐོང་བ་དེ་ཡང་འཆི་བར་འགྱུར་རོ། །མིག་ནད་མེད་པར་ཟླ་བ་ནི། །གཟུགས་མངར་རི་མེད་མཐོང་དང། ཞེས་བྱ་བ་ལ། མིག་ལ་ནད་ཀྱི་སྐྱོན་མེད
་བཞིན་དུ་ཟླ་བ་གཟུགས་དུ་མར་མཐོང་ཞིང་ར་རི་མེད་པ་ཏེ། རི་བོང་གི་མཚན་མ་མེད་པ་མཐོང་ན་དེ་ཡང་འཆི་བར་འགྱུར་རོ། །གཉིད་མ་ལོག་པ་དྲི་ཟ་སྲིན། །ཡི་དགས་གཞན་ཡང་དེ་འདྲ་ཡི། །གཟུགས་མི་སྡུག་པར་མཐོང་འགྱུར་བ། །གང
་ཡིན་དེ་ནི་འཆི་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གཉིད་ཀྱིས་མ་ལོག་པར་དྲི་ཟ་ལ་སོགས་པ་དང། གཞན་དེ་འདྲ་སྟེ་མི་འམ་ཅི་དང། །ཤ་ཟ་ལ་སོགས་པ་དང། གཟུགས་མི་སྡུག་པ་འདི་མ་སྨོས་སུ་ཟིན་ཀྱང། །སྐྱེ་ནས་ཐ་དད་པས་ཕྱེ་བའི
་མི་མ་ཡིན་པ་དེ་མཐོང་བར་གྱུར་པ་གང་ཡིན་པ་དེ་ཡང་འཆི་ཞིང་དུས་ཕྱེད་པར་འགྱུར་རོ། །སྨེ་བདུན་དང་ནི་ཉེར་གནས་པའི། སྐར་མ་སྒྲིབ་བྱེད་མ་མཐོང་དང། དགུ་ཚིགས་གུང་ཙུག་མ་མཐོང་བ། །དེ་ནི་ལོ་གཅིག་མི་འཚོ་བོ། །ཞེས་བྱ་བ་ལ། སྐྱེས་བུ་གང་སྐར་མ་སྨིན
་བདུན་དང་ཉེ་བར་གནས་པའི་སྐར་མ་སྒྲིབ་བྱེད་ཅེས་བྱ་བ་ཆུང་ངུ་ཞིག་མ་མཐོང་བ་དང། དེ་བཞིན་དུ་དགུ་ཚིགས་ཞེས་བྱ་བ་ནམ་མཁའ་ཨི་གཾ་ག་ཞེས་གྲགས་པ་དང། སྐར་མ་གུང་ཙུག་མ་མཐོང་བ་དེ་ནི་ལོ་གཅིག་ལས་མི་འཚོ་སྟེ་ལོ་འཁོར་བར་མི་འགྱུར་རོ།
་འབྲུག་སྒྲ་ཆུ་བོ་སྒྲ་དང་ནི། །གླིང་བུ་པི་ཝཾ་རྔ་ཡི་སྒྲ། །སྒྲ་གཞན་མེད་པར་ཐོས་པ་འམ། །ཡོད་པ་འམ་ཐོས་པར་མ་གྱུར་དང། ཞེས་བྱ་བ་ལ། འབྲུག་སྒྲ་ནས་རྡའི་སྒྲའི་བར་གྱི་སྒྲ་རྣམས་དང། སྒྲ་གཞན་གང་ཡིན་པ་དག་མི་གཞན་མང་པོ་དག་ཡོད་ཀྱང་མ
་ཐོས་པ་དེ་ཐོས་པ་དང། དེ་བཞིན་དུ་འབྲུག་སྒྲ་ལ་སོགས་པ་སྒྲ་རྣམས་དང། སྒྲ་ཆེ་བ་གཞན་དག་གྲགས་པར་གྱུར་པ་གཞན་ཡོད་དུ་ཟིན་ཀྱང་ཐོས་པ་སྟེ། དེ་ལྟ་བུ་དེ་ནི་འཆི་བར་འགྱུར་རོ། ཞེས་འོག་ནས་སྨོས་པའི་ཚིག་དང་སྦྱར་རོ། །རྣ་བའི་བུ་ག་བཀག་པ
་དང། འུར་འུར་པོ་ཡི་སྒྲ་མི་ཐོས། ཞེས་བྱ་བ་ལ། གང་ཞིག་རྣ་བའི་བུ་ག་སོར་མོས་བཀག་པ་ན། འུར་འུར་པོའི་སྒྲ་མེ་འབར་བའི་སྒྲ་དང་འདྲ་བ་དང་དེ་མི་ཐོས་པ་ཡང་འཆི་བར་འགྱུར་རོ། །དེ་བཞིན་དྲི་དང་རོ་དང་རེག་།གང་ཞིག་ལོག་པར་ཤེས་པ་དང། ཞེས་བྱ
་བ་ལ། ཡང་དེ་བཞིན་དུ་དྲི་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ཤེས་པ་སྟེ། དྲི་ཞིམ་པ་ནི་དྲི་ང་བར་འཛིན་པ། དྲི་ང་བ་ནི་དྲི་ཞིམ་པར་འཛིན་པ་འམ། དེ་བཞིན་དུ་རོ་མངར་བ་ཡིན་ཡང། །ཁ་བ་ལ་སོགས་པ་གང་ཡང་རུང་བར་འཛིན་པ་འམ། ཁ་བ་མངར་བ་ལ
་སོགས་པ་གང་ཡང་རུང་བ་འཚོ་བ་འམ། །དེ་བཞིན་དུ་རེག་བྱ་ཡང་འཇམ་པ་ནི་རྩུབ་པར་ཤེས་ལ། གྲང་བ་ནི་ཚ་བར་ཤེས་པ་དང། དེ་ལས་གོ་ཟློག་པར་ཤེས་པའི་འཁྲུལ་པ་དང་ལྡན་པ་དེ་ཡང་འཆི་བར་འགྱུར་རོ། །ཡང་ན་ཡོད་ཡེ་མི་ཚོར་དང། ཞེས་བྱ་བ་ལ།
་ཡོད་ན་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དྲི་ལ་སོགས་པ་མི་ཚོར་ཞིང། ཡོད་ཡེ་མི་ཤེས་པ་དེ་ཡང་འཆི་བར་འགྱུར་རོ། །མར་མེ་ཤི་བའི་དྲི་མི་ཚོར། ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་མར་མེ་ཤི་བར་གྱུར་པའི་དྲི་སྣའི་དབང
་པོས་མི་ཚོར་བ་དེ་ཡང་འཆི་བའི་ལྟས་སོ། །ཆོ་ག་བཞིན་བྱས་ནད་སྐྱེས་ལ། ཆོ་ག་ལོག་པས་བདེ་བར་གནས། ཞེས་བྱ་བ་ལ། མི་གང་ལ་སྨན་དཔྱད་ཀྱི་གཞུང་ལས་བྱུང་བའི་ཆོ་ག་བཞིན་དུ། གསོ་བར་བྱས་ཀྱང། །ནད་སྐྱེད་ཅིང་ཐུ་བར
་འགྱུར་བ་དང་ཡང་གང་ཞིག་སྨན་དཔྱད་ཀྱི་ཆོ་ག་ལྟར་མ་བྱས་པ་ལ་སོགས་པར་བསྟེན་དུ་ཟིན་ཀྱང་བདེ་བར་གནས་པ་ལྟར་བྱེད་པ་དེ་འཆི་བར་འགྱུར་རོ། །གང་གི་ལུས་ནི་རྡུལ་གཡོགས་འདྲ། །ལུས་ལ་སྣང་བ་མི་ཚོར་དང། ཞེས་བྱ་བ་ལ
་སྐྱེས་བུ་གང་ཞིག་ལུས་རྡུལ་གྱིས་གཡོགས་ཤིང་ཕྱག་དར་གྱིས་ཁེབས་པ་ལྟར་རྡུལ་ཅན་གནས་པ་དེ་ཡང་མི་འཚོའོ། །ཡང་གང་གི་ལུས་ལ་མཚོན་གྱིས་གནད་ཅིང་བཅད་ཀྱང་ཚོར་བ་མེད་པ་དེ་ཡང་འཆི་བར་འགྱུར་བ་ཡིན་ནོ། །དཀའ་
་ཐུབ་དྲག་དང་ཆོ་ག་ནི། །སྔོན་འགྲོའི་རྣལ་འབྱོར་མེད་པ་རུ། །དབང་པོ་ལས་འདས་ཤེས་པ་སྐྱེས། །དེ་རྣམས་འཆི་བར་ཤེས་པར་བྱ། །ཞེས་བྱ་བ་ལ། དཀའ་ཐུབ་དྲག་པོའི་སྦྱོར་བ་མེད་པར་དབང་པོ་ལས་འདས་ཤིང་མི་ཤེས་པའི
་ཡུལ་མ་ཡིན་པ་ལྷ་ཡུལ་ལ་སོགས་པ་ན་ཡོད་ཅིང་ཤེས་པའི་ཤེས་པ་བསྐྱེད་པ་དང། ཡང་དེ་གཞིན་བསྟན་བཅོས་ཇི་ལྟ་བའི་ཡང་དག་པའི་མན་ངག་ཆོ་ག་སྔོན་དུ་འགྲོ་བའི་སེམས་ནང་དུ་བསྡུས་པའི་རྣལ་འབྱོར། སེམས་རྩེ་གཅིག
་པ་མེད་པར་དབང་པོ་ལས་འདས་པའི་ཤེས་པ་སྐྱེ་བ་དེ་ཡང་འཆི་བར་འགྱུར་པའི་ལྟས་ཡིན་ནོ། །སྐད་འགགས་དམན་ཞིང་མི་གསལ་དང། གང་ཞིག་སྐད་ནི་མཛེར་གྱུར་དང། སྨྲ་འདོད་པ་ན་འཕྲལ་དུ་ནི། བརྗེད་འགྱུར་དེ་ནི་མི་འཚོའོ། །
་ཞེས་བྱ་བ་ལ། སྐྱེས་བུ་གང་གློ་བུར་དུ་རང་བཞིན་གྱིས་སྐད་འགགས་ནས་དམན་ཞིང་ཞུམ་པ་དང་ལྡན་པ་དང་མི་གསལ་ཞིང་བརྡ་སྤྲོས་མི་ནུས་པར་གྱུར་ན་དེ་མི་འཚོའོ། །ཡང་དེ་བཞིན་དུ་སྐད་འགྱུར་ཞིང་འཛེར་བ་དང། གང་སྨྲ་བར་འདོད་པ་ནི་རྒྱུ་མེད་པར་འཕྲལ་དུ
་རྗེད་པར་འགྱུར་ཅིང། ཅི་ཡང་སྨྲ་བར་མི་ནུས་པ་དེ་ཡང་མི་འཚོའོ། །སྐད་གསངས་ཤིན་ཏུ་ཉམ་ཆུང་འགྱུར། །མདོག་དང་སྟོབས་ནི་ཉམས་པ་དང། རྒྱུ་མེད་པར་ནི་ནད་འཕེལ་བར། །སྣང་བ་དག་ཀྱང་འཆི་བར་བཤད། །ཅེས་བྱ་བ་ལ། ཡང་གང་ཞིག་སྨྲ་བའི
་སྐད་གསངས་དམའ་བར་འགྱུར་བ་དང། དེ་བཞིན་མདོག་དང་སྟོབས་ཉམས་ཤིང་བྲི་བ་དང། ཟས་དང་སྤྱོད་ལམ་ལ་སོགས་པའི་ནད་སྐྱེ་བའི་རྒྱུ་མེད་པར་ནད་འཕེལ་ཞིང་རྒྱས་པར་འགྱུར་བར་སྣང་བ་དག་ཀྱང་མི་འཚོ་སྟེ་འཆི་བར་འགྱུར་རོ། །སྐད་བསངས
་ཉམས་པར་གྱུར་པ་དང། བདག་ཉིད་འཆི་བར་སྨྲ་བ་སྟེ། དེ་འདྲའི་སྒྲ་ནི་ཐོས་པ་དག་།རིང་དུ་ཡོངས་སུ་སྤང་བར་བྱ། ཞེས་བྱ་བ་ལ། རང་བཞིན་གྱིས་སྐད་གསང་ཉམས་ཏེ། སྐད་ཀྱི་གདངས་གཞན་དུ་གྱུར་པ་དང། བདག་ཉིད་འཆི་བར་སྨྲ་བ་སྟེ། ཁོ་བོ་ནི་འཆིའོ
་ཁོ་བོ་ནི་འཆིའོ་ཞེས་རྟག་ཏུ་སྨྲ་བ་དང། ཡང་ད་ལྟ་བུའི་སྒྲ་ཐོས་པ་སྟེ། ཁྱེད་འཆིའོ་ཁྱེད་ནི་འཆིའོ། །ཞེས་གཞན་སྨྲ་བ་དག་ཐོས་པའི་སྐྱེས་བུ་དེ་འཆི་བར་འགྱུར་བས་རིང་དུ་སྤང་བར་བྱའི་གསོ་བར་མི་བྱའོ། །ལུས་ཀྱི་དབྱིབས་དང་ཚད་དང་ནི། །མདོག
་གམ་གཟི་མདོངས་གང་དག་གི་།གཟུགས་བརྙན་འབྱུང་བའི་རྨི་ལམ་དུ། མཐོང་ན་དེར་ནི་འཆི་བར་འགྱུར། ཞེས་བྱ་བ་ལ། ལུས་ཀྱི་དབྱིབས་ནི་རིང་ཐུང་ལ་སོགས་པ་སྟེ། དེ་དག་རང་གི་མཚན་ཉིད་དང་མི་ལྡན་པར་མཐོང་བ་དང། ཚད་ནི་ཆུ་ཞེང་ལ་སོགས་པའོ།།
་མདོག་ནི་སྔོ་བསངས་ལ་སོགས་པའི། །གཟི་མདངས་ནི་ཁ་དོག་དེ་ཉིད་འབྱེས་པར་བྱེད་ཅིང་རིང་ནས་གསལ་བར་སྣང་བའོ། །དེ་ལྟར་ན་སྐྱེས་བུ་དབྱིབ་ལ་སོགས་པའི་རྣམ་པ་དེ་དག་གི་གཟུགས་གཞན་དུ་འགྱུར་ཞིང་མི་མཐུན་པར་སྣང་བ་རྨི་ལམ་གྱི་གནས
་སྐབས་སུ་མཐོང་ན་ཡང་སྐྱེས་བུ་དེ་འཆི་བར་འགྱུར་བ་ཡིན་ན། གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་མཐོང་བ་སྟར་སྨོས་ཀྱང་ཅི་དགོས། །ཉི་མ་མེ་ལོང་ཆུ་སོགས་ལ། གང་ཞིག་དབྱིབས་དང་ཚད་དང་ནི། ལུས་ཀྱི་རྣམ་པར
་གྱུར་པ། གཟུགས་བརྙེན་ལྟ་བུ་ཡིན། ཞེས་ནི་དེ་ལ་བཤད། ཅེས་བྱ་བ་ལ། གང་གི་ལུས་ལ་ཉི་མ་དང། མེ་ལོང་དང་ཆུ་ལ་སོགས་པར་ལུས་ཀྱི་དབྱིབས་དང་ཆད་ཀྱི་རྣམ་པ་གཟུགས་བརྙན་གྱི་གཟུགས་ཅན་དུ་འབྱུང་བར་འགྱུར་བ་ལ་ནི་གཟུགས་བརྙན
་ཞེས་བྱའོ། །མདོག་དང་གཟི་མདངས་ལ་བརྟེན་གང། །ལུས་གཏོགས་གཟུགས་བརྙན་ལྟ་བུ་ཡིན། །ཞེས་བྱ་བ་ལ། གང་གི་མདོག་དང་གཟི་མདངས་ཀྱི་རྣམ་པ་ལ་བརྟེན་ཅིང་གནས་པ་གང་ཡིན་པ་དེ་ནི་ལུས་སུ་གཏོགས་པ་ཉིད་ཀྱི
་གཟུགས་བརྙན་ལྟར་ལོགས་ཤིག་ན་གནས་པ་ནི་མ་ཡིན་ནོ། །གང་གི་གཟུགས་བརྙན་བཅད་པ་དང། །གྱེས་དང་ལྷག་དང། འཁྲུག་པ་དང། མགོ་མེད་མགོ་གཉིས་ཡོད་པ་དང། མི་སྡུག་གཞན་དུ་གྱུར་སྣང་བ། མཚན་ཉིད
་ལས་བྱུང་མ་ཡིན་ན། དེ་ནི་ཚེ་ཟད་ཡིན་ཞེས་བྱ་ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་གི་གཟུགས་བརྙན་བཅད་ཅིང་དུམ་བུ་གཉིས་སུ་བྱས་པ་ལྟ་བུར་སྣང་བ་དང། དེ་བཞིན་དུ་གྱེས་ཤིང་བཀས་པ་ལྟ་བུ་དང། དེ་བཞིན་དུ་ལྟག་པ་ཏེ་ཚད་ལས
་ཆེ་བ་དང། འཁྲུགས་པ་སྟེ་རྣམ་པ་གཡོ་ཞིང་ཀུན་ཏུ་འཁྲུགས་པའི་རང་བཞིན་ཅན་དང། མགོ་མེད་ཅིང་བཅད་པ་ལྟ་བུར་སྣང་བ་དང། མགོ་གཉིས་ཡོད་པ་དང། མགོ་ཡོན་པོར་སྣང་བ་དང། ཡང་ན་མི་སྟུག་པའི
་རྣམ་པ་གཞན་དང་གཞན་ཏུ་སྣང་བ་འམ། འདིར་བཤད་པ་ལས་གཞན་པ་སྟེ། རྟ་དང་གླང་པོ་དང་བ་གླང་དང་བོང་བུ་ལ་སོགས་པ་དང་འདྲ་བའི་གཟུགས་སུ་ཉི་མ་དང་མེ་ལོང་ཆུ་ལ་སོགས་པར་སྣང་ན། སྐྱེས་བུ་དེ་ནི་ཚེ་གྲང་དུ
་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་གཟུགས་བརྙན་ཏེ། དེའི་མཚན་ཉིད་དམ་རང་བཞིན་ནམ། བཅེས་པའི་རྒྱུ་ལ་སོགས་པ་ལས་བྱུང་བ་མ་ཡིན་པར་དེ་ལྟར་སྣང་བ་འཆི་ལྟས་ཡིན་པར་ཤེས་པར་བྱའོ། །གང་གིས་མིག་གིས་རྒྱལ་མོ?
་ནི། གཟུགས་བརྙན་སྣང་བར་མ་གྱུར་དང། ཞེས་བྱ་བ་ལ། མི་གང་གི་མིག་གི་རྒྱལ་མོ་ཞེས་འཇིག་རྟེན་ན་གྲགས་པའི་མིག་གི་དབང་པོ་དང། བར་གཞན་གྱི་གཟུགས་སྣང་བར་མ་གྱུར་ན། དེ་ཡང་ཚེ་ཟད་པ་ཡིན་པར་ཤེས་པར་བྱའོ། །ནམ
་མཁའ་ལ་སོགས་ལྔ་པོ་ཡི། །གཟུགས་བརྙན་རྣམ་པ་སྣ་ཚོགས་ལྔ། ཞེས་བྱ་བ་ལ། ནམ་མཁའ་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་ལ། གཟུགས་བརྙན་དབྱིབས་དང་ཁ་དོག་གི་རྣམ་པ་སྣ་ཚོགས་པ་ཡོད་དོ། །ནམ་མཁའ་དང་ཞིང་སྔོ་བ་དང། །སྣུམ་བཅས་མདོག
་དང་བཅས་པ་ཡིན། ཞེས་བྱ་བ་ལ། དེ་ལ་ནམ་མཁའ་ཨི་གཟུགས་བརྙན་ནམ། མདངས་ནི་དང་ཞིང་དྲི་མ་མེད་པ་དང་ཁ་དོག་སྔོ་བ་དང། སྣུམ་པ་དང་བཅས་ཤིང་རྩུབ་བག་མེད་པ་དང། མདོག་དང་བཅས་ཞིང་མདངས་དང་ལྡན་པ་ཉིད་ཡིན་ནོ། །རླུང
་ལས་རྡུལ་ཅན་དམར་དང་གནག་།ཐལ་མདོག་རྩུབ་ཅིང་མདོག་ཉམས་ཡིན། །ཞེས་བྱ་བ་ལ། རླུང་གི་གཟུགས་བརྙན་ལ་ཕྱག་དར་གྱི་གཏོར་བ་ལྟར་རྡུལ་ཅན་དུ་གྱུར་པ་དང་ཁ་དོག་དམར་བ་དང། ཁ་དོག་གནག་པ་དང། ཐལ་བའི་མདོག་དུ་སྣང་བ་དང།
་རྩུབ་ཅིང་མདོག་མདངས་ཉམས་པ་ཡིན་ནོ། །མེ་ཡི་དམར་ཞིང་དད་པར་སྣང། མདངས་ལྡན་བལྟ་ན་སྡུག་པ་ཡིན་ཞེས་བྱ་བ་ལ། མེའི་གཟུགས་བརྙན་ནམ་མདངས་ནི་དམར་ཞིང་དང་པར་སྣང་ཞིང། གསེར་གཙོམ་ལྟ་བུ་མདངས་ལྡན་ཞིང་དམར་བ་དང།
་ལྟ་ན་སྡུག་ཅིང་མཛེས་པ་ཡིན་ནོ། །ཆུ་སྐྱེས་བཻཌཱུརྱ་འདྲར་སྣང། །དག་ཅིང་རབ་སྣུམ་བདེ་བ་ཡིན། ཞེས་བྱ་བ་ལ། ཆུ་ལས་སྐྱེས་བུའི་གཟུགས་བརྙན་ནི་བཻཌཱུརྱ་ལྟར་སྣང་ཞིང་སྔོ་བ་དང། དག་ཅིང་དྲི་མ་མེད་པ་དང། སྣུམ་པའི་མདངས་དང་ལྡན་པ་དང། བདེ
་ཞིང་ནད་མེད་པར་སྐྱེད་པ་ཡིན་ནོ། །ས་ཡི་བརྟན་སྣུམ་དག་པ་དང། །འཐུག་ཅིང་དཀར་དང་སྔོ་བསངས་ཡིན། ཞེས་བྱ་བ་ལ། སའི་གཟུགས་བརྙན་བརྟན་ཞིང་མ་འགྱུར་བ་དང། མདོག་མདངས་སྣུམ་པ་དང། དག་ཅིང་དྲི་མ་མེད་པ་དང། འཐུག
་ཅིང་གསལ་བ་དང། ཁ་དོག་དཀར་བ་དང། སྔོ་བསངས་སོགས་སུ་གནས་པ་ཡིན་ནོ། །རླུང་ནི་ནད་འཆི་སྡུག་བསྔལ་བསྐྱེད། ཅེས་བྱ་བ་ལ། དེ་དག་ནི་ནང་ནས་རླུང་གི་གཟུགས་བརྙན་ནི་ནད་རྣམས་བསྐྱེད་པ་དང། འཆི་བ་དང་སྡུག་བསྔལ་ཞིང་ཉོན་མོངས་པ་ཆེན་པོ
་བསྐྱེད་པ་ཡིན་ནོ། །གཞན་དག་བདེ་བ་བསྐྱེད་པ་ཡིན། ཞེས་བྱ་བ་ལ། གཟུགས་བརྙན་ནམ་མདོག་མདངས་དེ་ལས་གཞན་པའི་ཕྱི་མ་བཞི་པོ་ནི་བདེ་བ་བསྐྱེད་ཅིང་དགེ་བ་སྟོན་པ་དང། ནད་མེད་པ་སྐྱེད་པ་ཡིན་ནོ། །དེ་ཡི་ཐམས་ཅད་མདོག་ཅན་ཏེ། དེ་ནི
་རྣམ་པ་བདུན་དུ་བཤད། །དམར་དང་སེར་དཀར་ནག་པོ་དང། ལྗང་ནག་སྐྱ་དང་གནག་པའོ། ཞེས་བྱ་བ་ལ། མདོག་ཅན་ཐམས་ཅད་ནི། མེའི་རང་བཞིན་ལས་བྱུང་བ་ཡིན་པར་བཤད་དེ། དེ་ཡང་དམར་དང་སེར་ལ་སོགས་པའི་ཁ་དོག་གི་དབྱིབས་རྣམ
་པ་བདུན་ཡིན་ནོ། །དེ་རྣམས་ལས་ནི་གང་གསལ་འགྱུར། །སྣུམ་དང་དྲི་མ་མེད་དེ་དག། དྲི་མ་ཅན་དང་རྩུབ་པ་དང། །ཞུམ་པ་སྡུག་བསྔལ་བསྐྱེད་པ་ཡིན། ཞེས་བྱ་བ་ལ། མདོག་མདངས་དེ་རྣམས་ཀྱི་ནང་ན་གང་ཞིག་སྣང་ཞིང་གསལ་བར་འགྱུར་བ་དང།
་མདངས་སྣུམ་བ་དང། དྲི་མ་མེད་ཅིང་ནག་ནོག་དང་བྲལ་བ་དེ་ནི་དགེ་ཞིང་བདེ་བ་སྐྱེད་པ་ཡིན་ལ། དྲི་མ་ཅན་དང་ཁ་དོག་རྩུབ་པ་དང། ཞུམ་ཞིང་རྒྱས་པ་མ་ཡིན་པ་རྣམས་ནི་མི་དགེ་སྟེ། སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ནོ། །མདངས་ཀྱིས་མདོག་ནི
་ཟིལ་གྱིས་གནོན། །འོད་ནི་ཁ་དོག་གསལ་བྱེད་ནི་ཞེས་བྱ་བ་ལ། མདོག་དང་མདངས་ཀྱི་ཁྱད་པར་ནི་ཡིན་ཏེ། མདངས་ཀྱི་ཁ་དོག་གི་རྣམ་པ་ནག་པོ་དང། དཀར་པོ་ལ་སོགས་པ་ཟིལ་གྱིས་མནན་ནས་དེར་གནས་པ་ཡིན་ལ། འོད་ཀྱི་རྣམ་པ་ནི
་ལུས་ཀྱི་ཁ་དོག་གསལ་ཞིང་ཕྱེ་མར་གྱུར་པ་ཡིན་ནོ། །མདངས་ཀྱིས་ཉེར་བར་སྣང་བ་ཡིན། །འདི་ནི་རིང་ནས་སྣང་བ་ཡིན། ཞེས་བྱ་བ་ལ། གཟི་མདངས་ཀྱི་རྣམ་པ་གང་ཉེ་བར་སྣང་བ་ཡིན་ལ། འབྱུང་བ་ལྔའི་འོད་ནི་ཐག་རིང་པོ་ནི་དེ་ཡིན་ནོ། །དེའི་ཁྱད་པར
་ནི་དེ་ཡིན་ནོ། །གང་ཞིག་མདངས་དང་ཁ་དོག་གི་།མཚན་མའི་ཁྱད་པར་མེད་མིན་ཏེ། །མི་རྣམས་མཚན་མ་བཟང་ངན་འབྱུང། །དུས་སུ་མདངས་ལ་བརྟེན་པ་ཡིན། །ཞེས་བྱ་བ་ལ། མི་རྣམས་པ་ལ་ནི་མདངས་མེད་པ་དང། ཁ་དོག་གི་ཁྱད་པར་འགའ་
་ཡང་མེད་པ་མ་ཡིན་ཏེ། ཐམས་ཅད་ཀྱང་མདངས་དང་མདོག་དང་བཅས་པ་ཡིན་པས་དེ་དང་བྲལ་བ་མ་ཡིན་ནོ། །དེས་ན་མི་རྣམས་ཀྱི་མཚན་མ་འམ། ལྟས་བཟང་པོ་དང་ངན་པ་དེ་ནི་ལྟས་བཟང་ངན་འབྱུང་བའི་དུས་སུ་མདངས་ལ་བརྟེན་ཅིང
་གནས་ནས་དེའི་ཁྱད་པར་སྟོན་ཅིང་གསལ་བར་བྱེད་དོ། །གང་ཞིག་རྐད་པ་འདྲུད་པ་དང་ཕྲག་པ་གཡོ་བས་འགྲོ་བ་དང། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་རྐང་པས་ས་ལ་འདྲུད་ཅིང་འགྲོ་བ་དང། དེ་བཞིན་དུ་ཕྲག་པ་གཡོ་ཞིང་འགུལ་བས
་འགྲོ་བ་དེ་ཡང་འཆི་བདག་གི་དབང་དུ་འགྲོ་བ་ཡིན་ནོ། །གང་ཞིག་ཕན་ཟས་མང་ཟོས་ཀྱང། །རྟག་ཏུ་སྟོབས་ནི་ཉམས་འགྱུར་དང། །ཞེས་བྱ་བ་ལ། གང་ཞིག་གིས་ཕན་ཞིང་རྗེས་སུ་མཐུན་པའི་ཟས་མང་ཞིང་ལྷག་པར་ཟོས་སུ་ཟིན་ཀྱང
་རྒྱུན་མི་འཆད་པར་སྟོབས་ཉམས་ཤིང་འབྲི་བར་འགྱུར་ན་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་ཉུང་ཟོས་བཤང་གཅི་མང། །མང་ཟོས་བཤང་གཅི་ཉུང་བ་དང། ཞེས་བྱ་བ་ལ། ཡང་གང་ཞིག་ཟས་ཞིག་ཉུང་ཟོས་བཤང་བ་དང་གཅི
་བ་མང་ཞིག་འབྱུང་བ་དང་དེ་ལས་གོ་བཟློག་པ་དག་ཀྱང་འཆི་ལྟས་ཡིན་ནོ། །ཉུང་ཟོས་བད་ཀན་གྱིས་ཉེན་ཅིང། །དབུགས་རིང་འབྱིན་ཅིང་ས་ལ་འགྲེ་།ཞེས་བྱ་བ་ལ་གང་ཞིག་ཟས་ཉུང་ངུ་ཟོས་ཀྱང། བད་ཀན་གྱི་ཉེན་ཅིང་གཟིར་བ་དང།
་དབུགས་མི་བདེ་བ་རིང་པོར་འབྱིན་ཅིང་ས་ལ་འགྲེ་ལྡོག་ན་ཡང་འཆི་ལྟས་ཡིན་ནོ། །གང་ཞིག་དབུགས་རིང་ཕྱུང་ནས་ནི། །ཐུང་ངུར་རྡུབས་ཏེ་ཤུགས་འབྱིན་དང། །ཞེས་བྱ་བ་ལ། ཡང་གང་ཞིག་དབུགས་གྱེན་དུ་འབྱིན་པ་རིང་དུ་གྱུར
་ནས། དེའི་ཐུང་ངུ་རྡུབས་ཏེ་ཤུགས་འབྱིན་ཅིང་སྡུག་བསྔལ་བར་བྱེད་པ་ཡང་འཆི་ལྟས་སོ། །ཐུར་དུ་འབྱིན་ཅིང་བསྣུན་པ་ལྟར། ཤིན་ཏུ་འདར་བར་བྱེད་པ་དང། ཞེས་བྱ་བ་ལ། གང་ཞིག་དབུགས་ཀྱི་རྒྱུན་ཐུང་ངུ་འབྱིན་ཅིང། དེའི་འོག་ཏུ
་བསྣུན་པ་ལྟར་ཤིན་ཏུ་འགུལ་ཞིང་འདར་བར་བྱེད་པ་ཡང་འཆི་ལྟས་སོ། །གང་ཞིག་ལག་དར་བསྐུམ་ནས་ནི། །མགོ་ནི་དཀའ་བས་འདེགས་པ་དང། ཞེས་བྱ་བ་ལ། ཡང་གང་ཞིག་ལག་དར་བསྐུམས་ནས་མགོ་བོ་ཤིན་ཏུ་དཀའ་བས
་འདེགས་ཤིང་བསྐྱོད་བ་ཡང་འཆི་བར་འགྱུར་རོ། །གང་ཞིག་དབྲལ་བ་ལ་རྡུལ་འཛག་།ཚིགས་མཚམས་ལྷོད་པར་གྱུར་པ་དང། ཞེས་བྱ་བ་ལ། ཡང་གང་ཞིག་དཔྲལ་བའི་ཕྱོགས་ནས་རྒྱུ་མེད་པར་རྡུལ་འཛག་པ་དང། རུས་པའི་ཚིགས་ཀྱི
་མཚམས་ཀྱི་བག་རེ་ལྷོད་པར་བྱེད་པ་ཡང་དེ་བཞིན་ནོ། །ཉམ་ཆེ་བ་འམ་ཉམ་ཆུང་གྱུར་བ་གང། །ལྡང་བའི་ཚེ་ན་མི་དྲན་འགྱུར། ཞེས་བྱ་བ་ལ། གང་ཞིག་ཉམ་སྟོབས་དང་ལྡན་ནམ། ཉམ་ཆུང་བ་གྱུར་ཀྱང་རུང་སྟེ། མལ་ནས་ལྡང་བའི
་སྐབས་སུ་མི་དྲན་ཞིང་མྱོང་བར་འགྱུར་བ་ཡང་དེ་བཞིན་ནོ། །གང་ཞིག་གན་རྐྱལ་ཉལ་ནས་ནི། །རྐང་པ་རྣམ་པར་བསྐྱོད་པ་དང། །ཞེས་བྱ་བ་ལ། གང་ཞིག་བློ་གཉིས་མི་འབེབས་པར་གན་རྐྱལ་དུ་ཉལ་ཞིང་རྐང་པ་རྣམ་པར་སྐྱོད་ཅིང་འགུལ་བར
་བྱེད་པ་ཡང་འཆི་ལྟས་སོ། །རྩིག་པ་མལ་སྟན་ལ་སོགས་པར། །གང་ཞིག་རྟག་ཏུ་བསྙེས་པ་དང། ཞེས་བྱ་བ་ལ། གང་ཞིག་ཉམས་ཆུང་བས་རྩིག་པ་ལ་སོགས་པར་རྟག་ཏུ་བསྙེས་པ་ཡང་དེ་བཞིན་ནོ། །རྒྱུ་མེད་པར་རྒོད་སྨྱོས་ཚུལ་གྱིས
་མཆུ་ལ་ལྡག་པར་བྱེད་པ་དང། །ཞེས་བྱ་བ་ལ། རྒོད་པ་ལ་སོགས་པའི་རྒྱུ་མེད་པར་ཤེས་ཆེར་རྒོད་པ་དང། སྨྱོ་ཞིང་མི་དྲན་པའི་ཚུལ་གྱི་མཆུ་ལྡག་པར་བྱེད་པ་ཡང་འཆི་ལྟས་སོ། །ཡས་མཆུ་བལྡག་པར་བྱེད་པ་ཡང། །སྒྲ་བཅས་པར་ཡང
་གང་བྱེད་པ། ཅེས་བྱ་བ་ལ། ལྕེས་ཡས་མཆུ་པ་ལྡག་པར་བྱེད་པ་དང། ཁ་ནས་སྒྲ་སྣ་ཚོགས་འབྱིན་པ་ཡང་འཆི་ལྟོས། །ལུས་མདོག་ནག་པོ་སེར་པོ་དང། དམར་པོའི་གཟུགས་བརྙན་སྣང་བ་དང། ཞེས་བྱ་བ་ལ། ཡང་མི་གང་གི་མདོག་ནག་པོ་ལ
་སོགས་པའི་གཟུགས་བརྙན་དུ་སྣང་བ་ཡང་གཤིན་རྗེའི་དབང་དུ་འགྲོ་བ་ཡིན་ནོ། །སྨན་པ་སྨན་དང་ཁ་ཟས་དང། །བླ་མ་མཛའ་གཤེས་ལ་སྡང་གང། །འདི་དག་ཐམས་ཅད་གཤིན་རྗེ་ཡི། །དབང་གྱུར་ཡིན་པར་ཤེས་པར་བྱ་ཞེས་བྱ་བ་ལ། ཡང་སྐྱེས
་བུ་གང་ཞིག་སྨན་པ་ལ་སོགས་པ་ལ་ཞེ་སྡང་བ་གང་ཡིན་པ་དང། སྔར་བཤད་པ་ཐམས་ཅད་ཀྱང་གཤིན་རྗེའི་དབང་དུ་གྱུར་ཅིང་འཆི་བ་ཡིན་པར་ཤེས་ཤིང་རྟོག་པར་བྱའོ། །གང་ཞིག་དྲོད་ཆུང་སེམས་གཡེངས་དང། རྟག་ཏུ་མདངས་ངན
་ཡིད་མི་བདེ། ཞེས་བྱ་བ་ལ། ཡང་མི་གང་ཁོང་པའི་མེ་དྲོད་ཆུང་ཞིང་ཞན་པ་དང། སེམས་གཡེངས་ཤིང་རྟག་ཏུ་འཁྲུགས་པ་དང། མདོག་མདངས་ངན་པ་དང། ཡིད་མི་བདེ་ཞིང་བྱ་ངན་གྱིས་ནོན་པ་དེ་ཡང་མི་འཚོའོ། །གང་གི་གཏོར་མ
་བྱ་རོག་ལ། །བྱིན་ཡང་ཟ་བར་མི་བྱེད་དང། ཞེས་བྱ་བ་ལ། ཡང་མི་གང་ཞིག་གི་ཕྱིར་དེའི་མིང་ནས་སྨོས་ཏེ་གཏོར་མ་བྱིན་ཞིང་གཏོར་མ་བྱ་རོག་ལ་སོགས་པས་མཐོང་ནས་ཟ་བར་མི་བྱེད་པ་དེ་ཡང་གཤིན་རྗེའི་ཁྱིམ་དུ་འགྲོ་བར་འགྱུར་རོ
་གང་ཞིག་རྒྱུ་མེད་ཡིད་གཞུངས་དང། །མཛེས་ཤིང་ལུས་རྒྱས་དཔལ་ཐོབ་པ་འམ། དེ་ལས་ཉམས་པར་གྱུར་པ་དག་།དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག་།ཅེས་བྱ་བ་ལ། ཡིད་གཞུངས་བ་ལ་སོགས་པའི་རྒྱུ་བཅུད་ཀྱི་ལེན་ལ་སོགས་བ
་མེད་པར་ཡིད་གཞུངས་ཤིང་བློ་རྣོ་བ་དང། མདོག་མཛེས་པ་དང། ལུས་ཀྱི་ཤ་རྒྱས་པ་དང། དཔལ་གྱི་འབྱོར་བ་བློ་བུར་དུ་ཐོབ་པར་གྱུར་པ་འམ། །ཡང་ན་ཡིད་གཞུངས་པ་ལ་སོགས་པ་སྔ་ན་ཡོད་པ་ལས། རྒྱུ་མེད་པར་བློ་བུར་དུ
་ཉམས་པར་འགྱུར་བ་དག་ཀྱང་ཡོད་དེ། དེ་དག་ནི་གཤིན་རྗེའི་ཁྱིམ་དུ་འཇུག་ཅིང་འགྲོ་བའི་ལྟས་ཡིན་ནོ། །ཐ་མལ་པ་འམ་ནད་པ་ཡིས། །གང་གི་ཡོན་ཏན་སྐྱོན་རང་བཞིན། །སྔ་ལས་གཞན་དུ་འགྱུར་བ་སྣང། དེ་ནི་ཟླ་དྲུག་ལས་མི་འཚོ།
་ཞེས་བྱ་བ་ལ། སྐྱེས་བུ་ཐ་མལ་བར་གནས་ཤིང། །ནད་མེད་པ་འམ་ནད་པ་ཡང་རུང་སྟེ། སྙིང་སྟོབས་ལ་སོགས་པ་ཡོན་ཏན་གྱི་རང་བཞིན་དང། རླུང་ལ་སོགས་པའི་སྐྱོན་གྱི་རང་བཞིན་སྔ་མ་ལས་གཞན་དུ་འགྱུར་ཏེ། རང་གི་རང་བཞིན
་སྤངས་ནས། དངོས་པོ་གཞན་དུ་གྱུར་ན་སྐྱེས་བུ་དེ་ཡང་ཟླ་དྲུག་ལས་མི་འཚོའོ། །དད་དང་ཚུལ་ཁྲིམས་དྲན་དང་སྦྱིན། །བློ་གྲོས་སྟོབས་ནི་རྒྱུ་མེད་པར། །འདི་དྲུག་ལས་ཞི་ལྡོག་གྱུར་པ། །ཟླ་བ་དྲུག་ལ་འཆི་བར་འགྱུར། ཞེས་བྱ་བ་ལ། ཡང
་གང་ཞིག་དད་པ་ལ་སོགས་པའི་ཆོས་གྲུག་ལས། ལས་རྒྱུ་མེད་པར་ལྡོག་པར་གྱུར་པ་ཡང་འཆི་བར་འགྱུར་རོ། །དེ་ལ་དད་པ་ནི་ལྷ་ལ་སོགས་པ་ལ་ཡོད་དང་ཞིང་མཉེས་པར་བྱེད་པའོ། །ཚུལ་ཁྲིམས་ནི་སྡོམ་པའི་མཚན་ཉིད་དོ། །དྲན་པ་ནི་འདས
་པའི་དངོས་པོ་མི་བརྗེད་པའོ། །སྦྱིན་པ་ནི་གཏོང་བའི་ངང་ཚུལ་ཅན་ནོ། །བློ་ནི་ཤེས་རབ་བོ། །སྟོབས་ནི་ལུས་ཀྱི་ནུས་པའོ། །འགྲོ་དང་ཚིག་ནི་སྨྱོ་དང་འདྲ། །འདར་རྨོངས་ཟླ་བ་གཅིག་ན་འཆི། །སྐྲ་བྱི་བ་ན་ཚོར་བ་མེད། །ཞག་དྲུག་ནས་ནི་འཆི་བར
་འགྱུར། ཞེས་བྱ་བ་ལ། གང་གི་འགྲོ་བའི་ཚུལ་དང། སྨྲ་བའི་ཚིག་སྨྱོན་པ་ལྟ་བུར་འཆོལ་པར་སྤྱོད་པ་དང། ལུས་འདར་ཞིང་སེམས་རྨོངས་པར་གྱུར་པ་དག་ནི་ཟླ་བ་གཅིག་ནས་འཆི་བར་འགྱུར་རོ། །ཡང་དེ་བཞིན་དུ་སྐྲ་བྱི་ཞིང་བྲེགས་པ་ན
་ཚོར་བ་མེད་པར་འགྱུར་པའི་མི་ཡང་ཞག་དྲུག་ནས་འཆི་བར་འགྱུར་རོ། །གང་ཞིག་ལྐོག་ནད་མེད་པར་རུ། །མིང་པར་ཁ་ཟས་མི་ཆུད་དང། ཞེས་བྱ་བ་ལ། ཡང་མི་གང་ཞིག་ལྐོག་མའི་ནད་གང་ཡང་མེད་པར་ཟས་མཚུད་ཅིང་ཐོགས་པ་དེ་ཡང
་འཆི་ལྟས་ཡིན་ནོ། །བྲན་གཡོག་ལོག་པར་བྱེད་གྱུར་པ། དེ་ནི་འཆི་བ་དང་འདྲར་བཤད་ཅེས་བྱ་བ་ལ། ཡང་མི་གང་ཞིག་གིས་དྲན་གཡོག་གམ་བསྙེན་བཀུར་པ་ལོག་པར་བྱེད་ཅིང་རྒྱུ་མེད་པར་མི་མཐུན་པར་བྱེད་པ་དེ་འཆི་ལྟས་ཡིན་ཏེ། འཆི
་བ་དང་འདྲ་བར་ཤེས་པར་བྱའོ། །གང་ཞིག་རྟག་ཏུ་གཉིད་ལོག་པ་འམ། གཉིད་མེད་དེ་ཡང་མི་འཚོའོ། །ཞེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་ཉིན་མཚན་རྟག་པར་གཉིད་ལོག་པ་འམ། གཉིད་མེད་པ་དེ་ཡང་མི་འཚོའོ། །མཆི་མས་གདོང
་ནི་ཁེབས་པ་དང། རྐང་པ་ཤིན་ཏུ་རྡུལ་བ་དང། མིག་ནི་མི་སྡུག་བར་སྣང་བ། གཤིན་རྗེའི་གནས་སུ་འགྲོ་བར་འགྱུར། ཞེས་བྱ་བ་ལ། གང་ཞིག་རྒྱུ་མེད་པར་འཆི་མས་གདོང་ཁེབས་པར་དུ་བ་དང། དེ་བཞིན་དུ་རྐང་པ་ཤེས་ཆེར་རྡུལ་བ་དང།
་དེ་བཞིན་དུ་མིག་མི་སྡུག་ཅིང། རྙོག་པ་ཅན་དུ་སྣང་བ་དེ་ཡང་གཤིན་རྗེའི་གནས་སུ་འགྲོ་བར་འགྱུར་བའི་མཚན་མ་ཡིན་ནོ། །སྔོན་ཆད་དགའ་བའི་དངོས་ལ་གང། །དགའ་མི་འགྱུར་བ་དེ་མི་འཚོ་ཞེས་བྱ་བ་ལ། གང་གཟུགས་ལ་སོགས་པའི
་དངོས་པོ་སྔོན་ཆད་དགའ་ཞིང་རྩེད་མོ་ཉམས་སུ་མྱོང་བ་ལས་དངོས་པོ་དེ་ཉིད་ལ་འཕྲལ་དུ་མི་དགའ་བར་འབྱུང་བ་དེ་ཡང་མི་འཚོའོ། །གང་ཞིག་འཕྲལ་དུ་འགྱུར་བ་ཡི། །མཚན་མ་ཐམས་ཅད་སྣང་བ་དང། འཕྲལ་དུ་ལྟོག་པར་འགྱུར་བ་དག་།དེ
་ནི་མོད་ལ་འཆི་བར་འགྱུར། ཞེས་བྱ་བ་ལ། ཡང་མི་གང་ཞིག་རྒྱུ་མེད་པ་འཕྲལ་དུ་གློ་བུར་འགྱུར་བའི་མཚན་ཉིད་རིམས་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་སྣང་བ་འམ། ཡང་ན་དེ་ལྟ་བུ་འགྱུར་བ་དག་བཅེས་ཞིང་ཞི་བའི་རྒྱུ་མེད་པར
་ལྡོག་ཅིང་ཞི་བར་འགྱུར་ན་སྐྱེས་བུ་དེ་ནི་རིང་པོར་མི་ཐོགས་པར་དེའི་མོད་ལ་འཆི་བར་འགྱུར་རོ། །རིམ་ནི་སྟོབས་དང་ལྡན་པ་དང། གཏིང་དུ་ཞེན་ཅིང་ཡུན་རིང་དང། བླ་བཅས་མགོ་འཁོར་དབུགས་མི་བདེ། །རིང་ཅིང་སྐྲངས་དང་མ
་དྲོད་ཉམས། །ཚིག་ནི་གསལ་ཞིང་ཐོགས་པ་དང། །མིག་དམར་སྙིང་ནི་གཟེར་བ་དང། །སྔ་དྲོད་ལུད་པ་སྐམ་པོ་འབྱུང། །ཕྱི་དྲོ་དེ་ལས་གཞན་དུ་འགྱུར། །བད་ཀན་ལུད་པ་བཅས་པ་དང། །སྟོབས་དང་ཤ་ནི་ཟད་ནས་འཆི། །ཞེས་བྱ་བ་ལ། རིམས
་ཀྱི་ནད་ནི་སྟོབས་ལྡན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་ན་སྐྱེས་བུ་འཆི་བར་འགྱུར་རོ། །དེ་ལ་སྟོབས་དང་ལྡན་པ་ནི་ནད་ཚབས་ཆེ་བའོ། །གཏིང་དུ་ཞེན་པ་ནི་ལུས་ཟུངས་ཐམས་ཅད་ཀྱི་ནང་དུ་ཕྱིན་པས་གཏིང་རིང་བའི་མཚན་ཉིད་ཅན་ནོ། །ཡུན་རིང་པ
་ནི་དུས་རིང་དུ་ལོན་པའོ། །བླག་ནི་འབྲེལ་པ་མེད་པའི་ཚིག་མང་དུ་སྨྲ་བ་སྟེ་དེ་དང་བཅས་པའོ། །དེ་བཞིན་དུ་མགོ་འཁོར་བ་དང། །དབུགས་མི་བདེ་བ་དང་བཅས་པ་དང། རིང་ཅིང་ལུས་ཟུངས་ཟད་པ་དང། སྐྲངས་པ་དང། མེ་དྲོད་ཉམས་ཤིང་བྲི་བ་དང
་ཚིག་མི་གསལ་ཞིང་བརྡ་སྤྲོད་མི་ནུས་པ་དང། ཚིག་ཐོགས་ཤིང་མི་ཐོན་པ་དང། མིག་དམར་བ་དང། སྙིང་གར་ན་ཞིང་གཟེར་བའི་རིམ་བ་དེ་ལྟ་བུས་ནི་ནད་པ་འཆི་བར་འགྱུར་རོ། །དེ་བཞིན་དུ་རིམས་ཀྱིས་ཐེབས་པ་གང་ཞིག་སྔ་དྲོ་ལུད་པ་སྐམ
་པོ་འབྱུང་བའམ། ཕྱི་དྲོ་དེ་ལས་གཞན་པའི་བད་ཀན་གྱི་བདག་ཉིད་ཅན་གྱི་ལུད་པ་འབྱུང་བ་དང། ཤ་ཟད་པར་འགྱུར་བས་ནད་པ་དེ་འཆི་བར་བྱེད་པ་ཡིན་ནོ། །ཁྲག་དང་མཁྲིས་པ་ཤིན་ཏུ་དམར། །ཡང་ན་གནག་པ་འམ་མཚོན་ཅན་ནམ། །དམར
་དང་སེར་དང་ལྗང?་མདོག་དང། ཁྲག་གི་གཟུགས་ནི་རབ་ཏུ་སྣང། །བ་སྤུའི་བུ་ག་ནས་འཛགས་དང། །ལྐོག་མ་སྙིང་གར་གོས་འཛག་པ། །གོས་ལ་མ་ཆགས་དྲི་ངལ། །ཤུགས་འབྱུང་ཤིན་ཏུ་མང་དུ་འབྱུང། །རྒན་པོ་སྐྱ་རྦབ་རིམས་ཐབས་སྐྱུག
་ལུད་པས་སྐྲང་དང་མཆད་འཁྲུ་གསོད། །ཅེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་ནི་ཚུལ་འདི་འདྲ་ན་སྐྱེས་བུ་གསོད་བར་བྱེད་དོ། །ཤིན་ཏུ་དམར་བ་ནི་ཤས་ཆེར་དམར་བའོ། །ཡང་ན་ཤིན་ཏུ་གནག་པ་དང། ཚོན་ཅན་ཏེ་ཁ་དོག་སྣ་ཚོགས་པར་སྣང་ཞིང་འཇལ?
་ལྟར་སྣོད་བ་དང། ཟངས་ལྟར་དམར་བ་ལ་སོགས་པའི་གཟུགས་སུ་ཁྲག་གི་མདོག་ལྟར་སྣང་ན་འཆི་བར་འགྱུར་བ་འམ། །བསོད་པར་བྱེད་པའི་ཡིན་ནོ། །ཡང་དེ་བཞིན་དུ་བ་སྤུའི་བུ་ག་རྣམ་ལས་འཛག་ཅིང་འབྱུང་བ་དང་ལྐོག་མ་དང་སྙིང་ག་དང་ཁའི
་ཕྱོགས་སུ་ཅིག་ཅར་གོས་ཤིང་ཆགས་པ་དང། དེ་བཞིན་དུ་ཁྲག་མཁྲིས་པ་གང་གོས་ལ་ཞེན་ཅིང་ཆགས་པ་དང། དེ་བཞིན་དུ་མི་འདོད་པ་དང། དེ་བཞིན་དུ་ཤིན་ཏུ་དྲི་མནམ་ཞིང་མི་ཞིམ་པ་དང། དེ་བཞིན་དུ་ཤུགས་ཀྱིས་འབྱུང་ཞིང་འཆད་ནས་ཡང
་ཤུགས་ཀྱིས་བྱུང་བ་དང། ཤིན་ཏུ་མང་དུ་འབྱུང་ན་ཡང་གསོད་པར་བྱེད་དོ། །དེ་བཞིན་དུ་རྒས་ཤིང་ན་ཚོད་ཡལ་བ་དང། སྐྱ་རྦབ་དང་རིམས་བཏབ་ཅིང་སྐྱུག་པ་དང། ལུད་པ་ལུ་ཞིང་སྐྲངས་པ་དང། ཚད་པས་འཁྲུ་བའི་བླ་བརྙན་དང་ལྡན་ཡང་གསོད
་པར་བྱེད་དོ། །ལུད་པ་དབུགས་མི་བདེ་རིམས་སྐྱུག་།སྐོམ་དང་ཚད་འཁྲུ་འོར་ནད་ཅན། ཞེས་བྱ་བ་ལ། ལུད་པ་ལུ་བ་དང་དབུགས་མི་བདེ་བས་ཐེབས་པའི་སྐྱེས་བུ་ནི་རིམ་པ་ལ་སོགས་པ་དང་ལྡན་ན་དེ་འཆི་བར་འགྱུར་རོ། །གནོད་ཅན་སྤོས་དང་རྩིབ་ལོགས
་གཟེར། །ཁྲག་སྐྱུག་ཕྲག་པ་ཚན་འཆི། །ཞེས་བྱ་བ་ལ། གཅོད་ཆེན་པོས་ཐེབས་པའི་ནད་པ་ནི། སྤོས་པ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་རོ། །སྐྱུགས་པ་ཤུགས་དང་ལྡན་པ་དང། །བཤང་གཅི་དྲི་ཡོད་ཚོན་ཅན་དང། ལུད་པ་བཤད
་ནག་ཁྲག་དང་བཅས། དབུགས་མི་བདེ་ཡུན་རིང་ན་འཆི། ཞེས་བྱ་བ་ལ། སྐྱུག་པའི་ནད་ཀྱིས་བཏབ་པའི་སྐྱེས་བུ་ནི། སྐྱུགས་པའི་ཤུགས་དྲག་པོ་ལ་སོགས་པ་དང་ལྡན་ཅིང་ཡུན་རིང་དུ་གནས་པ་ཡིན་ན་འཆི་བར་བྱེད་དོ། །སྐོམ་དང་ནད
་གཞན་གྱིས་ཉམས་དམད། །ལྕེ་འབྱུང་དྲན་པ་སྟོར་ན་འཆི། ཞེས་བྱ་བ་ལ། སྐོམ་དད་ཅན་གྱི་ནད་པ་ནི་གཞན་གྱིས་ཉམས་དམད་པ་རིམས་ལ་སོགས་པས་ཤིན་ཏུ་རྨྱ་བར་བྱ་བ་དང། ལྕེ་ཕྱར་འབྱིན་ཅིང
་བསྡུད་མི་ཤེས་པ་དང། དྲན་པ་སྟོར་ཞིང་བརྒྱལ་བ་དང་བཅས་ན་འཆི་བར་འགྱུར་རོ། །ཆད་ནད་ཤིན་ཏུ་དྲང་བས་ཉེན་ཤ་ཟ་ཏིལ་མར་གདོང་བསྐུས་འདྲ། ཞེས་བྱ་བ་ལ། ཆང་ནད་ཀྱིས་བཏབ་པའི་མི་ནི་ཤིན་ཏུ་གྲང་བས་ཉེན་ཅིང
་ལྷགས་པས་གདུངས་པ། ཤ་ཟད་ཅིང་སྟོབས་འདི་པ་དང། ཏིལ་མར་གྱིས་གདོང་བསྐུས་ཤིང་བྱུགས་པ་འདྲ་ན་འཆིའོ། །གཞང་འབྲུམ་རྐང་ལག་ལྟེ་བ་དང། བཤང་སྒོ་རླིག་པའི་ཁའ་སྐྲངས་དང། སྙིང་ག་རྩིབ་ལོགས་ཡན་ལག་ན།
་སློན་བློ་གཞང་རྣམས་རིམས་ཀྱིས་འདེབས། ཞེས་བྱ་བ་ལ། གཞང་འབྲུམ་གྱིས་བཏབ་པའི་མི་ནི་རྐང་པ་དང་ལག་པ་ལ་སོགས་པ་སྐྲངས་པ་དང། སྙིང་གའ་ན་བ་ལ་སོགས་པའི་མཚན་ཉིད་དང་ལྡན་ན་འཆིའོ། །ཚད་འཁྲུ་མཆེར
་པའི་དུམ་བུ་དང། ཤ་བཀྲུ་བ་འམ་སྣུམ་ནག་དང། ཏིལ་མར་འོ་མ་མར་འདྲ་ཡང། ཞོ་དང་རྐང་ཞག་ཚང་རྙིང་དང། །ཀླད་པ་སྣག་ཚ་འདྲེ་བ་དང། །ཤ་བརྡུངས་ཆུ་དང་སྦྲང་རྩི་དང། རབ་དམར་གནག་དང་སྣུམ་བག་དང།
་རྣག་འདྲ་སྐ་སླ་གནག་དང་བཅས། །ལུས་ཟུངས་སྣ་ཚོགས་འབྱུང་བ་དང། བཤང་བ་མེད་པ་འམ་ཆེ་བའམ། འབྱར་བག་སྒྲང་མ་ལྟ་བུ་དང། །རི་མོ་ཅན་དང་ཚོན་ཅན་དང། །གཞང་གི་གཉེན་མ་ཕྱིར་འབྱུང་དང། །སྒྲ་ཅན
་དུས་ཚིགས་གཟེར་བ་དང། བཤང་སྒོ་བྱེ་ཞིང་སྟོབས་ཟད་དང། །ཟས་ནི་མཉམས་འབྱུང་བ་དང། །སྐོ་བཅས་རིམས་དང་སྐྱུག་པ་དང། ལུས་ལྟོ་ཚ་སྦོས་རྒྱུན་འཁྲུ་འཆི། ཞེས་བྱ་བ་ལ། ཆད་པར་འཁྲུ་བ་ནི། མཆེར་རྔ?་འི་དུམ
་བུ་ལྟ་བུ་ནས། །རྒྱུན་དུ་འཁྲུ་བའི་བར་གྱི་མཚན་ཉིད་དང་ལྡན་ན་སྐྱེས་བུ་དེ་ནི་འཆི་ཞིང་གསོད་པར་བྱེད་དོ། །འདི་དག་གི་ཚིག་གི་དོན་ནི་གོ་སླའོ། །རྡེའུ་འགགས་རླིག་པ་སྐྲངས་པ་དང། །གཅིན་འགགས་ནས་ཀྱིས་ཉམས་ཐགས་གསོད། ཅེས
་བྱ་བ་ལ། གཅིན་ནད་རྡེའུ་འགགས་པའི་ནད་ནི་རླིག་པ་སྐྲངས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་ན། སྐྱེས་བུ་དེ་གསོད་པར་བྱེད་དོ། །གཅིན་སྙི་སྐོམ་དང་ཚ་འབྲུམ་བཅས། །ཤ་རུས་ཚད་པར་འཁྲུ་བས་འཆི་ཞེས་བྱ་བ་ལ། གཅིན་སྙི་བ་ལ་སོགས་པའི
་ནད་ནི་སྐོམ་དང་ལ་སོགས་པ་དང། བཅས་ན་ནད་པ་འཆི་བར་འགྱུར་རོ། །ཐོར་བུ་ནད་དང་སྙིང་ག་རྒྱབ། །ནུ་མ་ཕྲག་པ་སྤྱི་བོར་བྱུང། ཚིགས་དང་རྐང་པ་ལག་ལ་གནས། ཞེས་བྱ་བ་ལ། ཐོར་བུའི་ནད་ནི་གནད་དང་སྙིང་ག་ལ་སོགས་པར་འབྱུང་ན་འཆིའོ། །གཅིན
་སྲི་ནད་ཅན་སྟོབས་ཆུང་དང། །ཤ་རྣམས་ཐམས་ཅད་འདྲུལ་བ་དང། སྐོམ་དང་ཚ་མྱོས་རིམས་བཏབ་འཆི། མེ་དཔལ་གནད་ནི་འགགས་པ་དང། །སྐྱིགས་བུ་མགོ་འཁོར་དབུགས་མི་བདེ། ཞེས་བྱ་བ་ལ། གཅིན་སྲི་བའི་ནད་ནི་སྟོབས་ཆུང་བ་ལ་སོགས
་པའི་དང་ལྡན་ན་འཆིའོ། །སྐྲན་ནི་རྒྱ་ཆེ་ཀུན་ནས་ཟླུམ། །སྲ་ཞིང་རུས་སྦལ་ལྟར་མཐོ་དང། །རྩ་མངོན་རིམས་བཏབ་རྐྱུག་པ་དང། སྐྱིགས་བུ་ལྟོ་སྤོས་ཟུག་གཟེར་བཅས། །ལུད་པ་ཆ་མི་པ་སྙིང་འཕར་དང། ཚད་འཁྲུ་སྐྲངས་དང་དབུགས་མི
་བདེ། ཞེས་བྱ་བ་ལ། སྐྲན་ནི་རྒྱ་ཆེར་གནས་ཤིང། ཁྱོན་ཆེ་བ་དང། ཀུན་ནས་ཟླུམ་ཞིང་ཁ་ཞེང་ཆེ་བ་དང། རྡོ་ལྟར་སྲ་བ་དང། རུས་སྦལ་ལྟར་རྒྱབ་མཐོ་བ་དང། རྩས་ཁྱབ་ཅིང་མངོན་པ་དང། རིམས་ཀྱིས་བཏབ་པ་ལ་སོགས་པ་དང་ལྡན་ན་འཆི
་བར་འགྱུར་རོ། །དམུ་རྫིང་བཤང་བ་ཅི་འགགས་པ་དང། །དབུགས་མི་བདེ་སྐྲངས་སྐྱིགས་བུ་དང། རིམས་མགོ་འཁོར་བརྒྱལ་སློན་ཅིང་འཁྲུ། །ཉམས་ཆུང་མི་ནི་གསོད་འགྱུར་ཞིང། །མིག་སྐྲངས་པ་དང་མཆན་ཆུང་དང། པགས་བ་རུལ་ཅིང་སྲབ
་པ་དང། བཀྲུ་སྨན་གྱིས་བཀྲུ་ལྟོ་སྦས་ཤིང། །ཡང་དང་ཡང་དུ་འཕེལ་ནི་འཆི། །ཞེས་བྱ་བ་ལ་དམུ་རྫིངས་ཅན་ནི་བཤང་གཅི་འགགས་པ་དང་ལྡན་ཞིང་ཉམ་ཆུང་བ་ཉིད་ཡིན་ན་གསོད་པར་འགྱུར་བ་ཡང་དེ་བཞིན་དུ་གཞན་མིག་སྐྲངས
་པ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་པ་ཡིན་ནོ། །སྐྱ་རྦབ་སྐྲངས་དང་བཅས་པ་དང། །མིག་དང་སེན་མོ་སེར་པོར་སྣང། །སྙོམས་ཆ་ཡིག་ཆུས་དང་སློན། །བརྒྱལ་དང་ལྟོ་སྦོས་ཆད?་འགྲུ་འཆི། །ཞེས་བྱ་བ་ལ། སྐྱ་རྦབ་ནད་ནི་སྐྲངས་པ་ལ་སོགས
་པ་དང་བཅས་པ་ཡིན་ན། ནད་གསོད་ཅིང་འཆི་བ་ཡིན་ནོ། །སྐྲངས་ནད་བླ་གཉན་སྣ་ཚོགས་ལྡན། །སྐྱེས་པ་རྐང་གཉིས་དང་པོ་སྐྲངས། །བུད་མེད་མགོ་ནས་སྐྲངས་ན་འཆི། །གཉི་ག་མཚན་དང་མཚན་ཀུན་སྐྲངས། །ཞེས་བྱ་བ་ལ། སྐྲངས་ནད་ནི་རིམས
་ནད་དང་དབུགས་མི་བདེ་བ་ལ་སོགས་པའི་བླ་གཉན་སྣ་ཚོགས་དང་ལྡན་པ་དང། རྐང་པ་གཉིས་སུ་དང་པོར་སྐྲངས་པ་ན་སྐྱེས་པ་འཆི་ལ། བུད་མེད་ཀྱི་མགོ་ན་ཟུག་སྟེ་སྐྲངས་ན་འཆིའོ། །སྐྱེས་བ་དང་བུད་མེད་གཉིས་གཡང་འཕོ་མཚན་ནམ
་མོ་མཚན་ནམ་མཚན་ཁུང་དུ་སྐྲངས་ན་འཆིའོ། །རི་མོར་བཅས་འཛག་སྐྱུག་པ་དང། རིམས་དང་ཚད་འབྲུ་དབུགས་མི་བདེ། །ཞེས་བྱ་བ་ལ། ཡང་ནད་དེ་ནད་གཞི་སྣ་ཚོགས་དང་ལྡན་པའི་རི་མོ་དང་བཅས་པ་དང། ནང?་གཞི་ཇི་ལྟ་བ
་བཞིན་དུ་འཛག་པ་དང། སྐྱུག་པ་ལ་སོགས་པ་བཅས་པའི་སྐྲངས་ནད་ཀྱི་གསོད་པར་འགྱུར་རོ། །སྐྲངས་པའི་ཐ་མར་རིམས་ཚད?་འཁྲུ། །དེ་གཉིས་ཟད་མཐར་སྐྲངས་པ་དང། ལུས་ཅན་ཉམས་ཆུང་གྱུར་པ་དག་།སྐྲངས་པར་གྱུར་ན་འཆི་བར་འགྱུར།།
་ཞེས་བྱ་བ་ལ། སྐྲངས་པའི་མཛའ་མའི་རྗེས་ལ་གང་ལ་རིམས་སམ་ཚད་པར་འཁྲུ་བར་འབྱུང་བར་འགྱུར་བའམ། ཡང་རིམ་དང་ཚད་པར་འཁྲུ་བཟད་པའི་མཐར་སྐྲངས་པར་གྱུར་པ་སྟེ། དེ་ལྟ་བུའི་སྐྲངས་དང། རིམས་དང་ཚད་པར་འཁྲུ་བར
་བཅས་པ་ནི་འཆི་བར་འགྱུར་རོ། །དེ་ལས་ཀྱང་ཁྱད་པར་དུ་ཉམ་ཆུང་བར་འགྱུར་བདག་སྐྲངས་ན་འཆི་བར་འགྱུར་རོ། །གང་གིས་སྐྲངས་པ་རྐང་པར་གནས། །བྱིན་པའི་ཉཝར་ནི་ཕྱིན་པ་དང། །དབྱི་ཡི་བར་དུ་གནོད་གྱུར་པ། །དེ་ནི་སྨན་པས་སྤང་བར་བྱ། ཞེས་བྱ་བ་ལ།
་སྐྱེས་བུ་གང་གི་སྐྲངས་པ་རྐང་པར་གནས་པ་དེ་བྱིན་པའི་ཉཝ་ཞེས་བྱ་བ་བྱིན་པའི་རྒྱབ་ཀྱི་ཚར་ཕྱིན་ནས་དེ་བསྐྱོད་པར་བྱས་པ་དང། དབྱིའི་བར་དུ་གནོད་ཅིང་ཉམས་ཐག་པར་བྱེད་པ་དེ་ལྟ་བུའི་ནད་པ་སྨན་པས་སྤང་ཞིང་དོར་བར་བྱའོ། །གང་གི་གདོང་ལག
་རྐང་པ་ནི། །ལྷག་པར་སྐམས་པར་གྱུར་པ་འམ། །ལུས་མ་གཏོགས་འདི་ཤས་ཆེར་སྐྲངས། །དེ་ནི་ཟླ་བ་གཅིག་ན་འཆི། །ཞེས་བྱ་བ་ལ། ནད་པ་གང་གི་གདོང་དང་ལག་པ་དང། རྐང་པ་རྣམས་ལྟག་པར་བསྐམས་ཤིང་ཤ་པྲི་བར་གྱུར་པ་འམ། ལུས་མ
་བཏགས?་པར་གདོང་ལ་སོགས་པ་འདིར་ཤས་ཆེར་སྐྲངས་པར་གྱུར་ན། དེ་ནི་ཟླ་བ་གཅིག་ན་འཆི་བར་འགྱུར་པ་ཡིན་ནོ། །མོ་དང་ལ་ལུད་པ་ཁ་དོག་ཉམས། །རིམས་བརྒྱལ་ཡན་ལག་བཅག་སྙམ་སེམས། །མགོ་འཁོར་ཁ་སྐམས་སྙིང་ག་ན།།
་ལུས་སྙོམས་ཆོད་པར་འཁྲུ་ལྡན་སྤང། །ཞེས་བྱ་བ་ལ། མེ་དཔལ་ནད་ལ་ནི་བླ་གཉན་ལུད་བ་ལ་སོགས་པ་དང་ལྡན་ན་འཆི་བར་འགྱུར་བས་དེ་སྤང་བར་བྱའོ། །མཛེ་ནི་ཡན་ལག་འདྲུལ་བ་དང། །མིག་དམར་སྐད་ནི་འགགས་པ་དང།
་དྲོད་ཉམས་སྲིན་བུ་རྣམས་ཀྱིས་གཙེས། །སྐོམ་དང་ཚད་པར་འཁྲུ་ལྡན་འཆི། ཞེས་བྱ་བ་ལ། མཛེའི་ནད་ནི་ཡན་ལག་འདྲུལ་ཞིང་འཆད་པ་ནས། ཚད་པར་འཁྲུ་བའི་བར་དང་ལྡན་ན་འཆི་བར་འགྱུར་རོ། །རླུང་ནད་པགས་པ་ཚོར་མེད་བྱེད། །ལུས
་འདར་སྐྲངས་དང་ནད་ཀྱིས་གཟེར། །ཞེས་བྱ་བ་ལ། རླུང་ནད་ནི་པགས་པ་ཚོར་བ་མེད་ཅིང་བེམས་པོར་འགྱུར་བ་དང། ཚིགས་ཀྱི་མཚམས་བྱེ་ཞིང་ལྷོད་པ་དང། ལུས་འདར་བ་ལ་སོགས་པའི་ནད་ཀྱིས་གཟིར་ན་སྤང་བར་བྱའོ། །དྲེག་ནད་རྨོངས?
་ཤིང་བརྒྱལ་བ་དང། མྱོས་དང་གཉིད་ཆེ་རིམས་མགོ་རེངས། ཡི་ག་འཆུས་དང་དབུགས་མི་བདེ། འཁྲུམ་ཤིང་ཆུ་བུར་རུལ་པ་འདྲ། །ཞེས་བྱ་བ་ལ། རླུང་དང་ཁྲག་ཏུ་འདྲེས་པའི་དྲེག་ནད་ནི། རྨོངས་པ་ལ་སོགས་པ་དང་ལྡན་ན་འཆི་བར
་འགྱུར་རོ། །མགོ་ནད་ཡི་ག་འཆུས་དབུགས་མི་བདེ། རྨོངས་བག་འཁྲུ་ཞིང་སྐོམ་གོ་འཁོར། སྐད་གསང་ལུས་ཟུངས་མེ་དྲོད་ཟད། །ལུས་ནད་ཉམ་ཆུང་ཀུན་གསོད་བྱེད། །ཞེས?་བྱ་བ་ལ་སོགས་པས་ལུས་ཉམས་ཆུང་པར་གྱུར་པའི་ནད་པ་གསོད་ཅིང
་འཇོམས་པར་བྱེད་དོ། །རླུང་གི་ནད་དང་རྗེད་བྱེད་དང། །མཛེ་ནད་ཁྲག་ནི་དམུ་རྫིངས་གཅོད། སྐྲན་ཅན་གཅིན་ནད་ལྡན་པ་ཡིས། །ཤ་ཟད་ན་ཚ་ཆུང་ཡང་སྤང། ཞེས་བྱ་བ་ལ། རླུང་གི་ནད་ལ་སོགས་པས་ཤ་ཟད་ཅིང་ལུས་ཤིན་ཏུ་ཉམ་ཆུང་ན་འཕྲལ་དུ་ནད
་ཆབས་ཆུང་བ་ལྟར་སྣང་ཡང་དེ་མི་འཚོ་བས་སྤང་བར་བྱའོ། །ཤ་དང་སྟོབས་ནི་ཤིན་ཏུ་ཟད?། །ནད་འཕེལ་ཡི་ག་འཆུས་པ་དག། ནད་པ་གང་ལ་སྣང་གྱུར་དེ། ཟླ་བ་ཕྱེད་དེ་གཉིས་ན་འཆི། ཞེས་བྱ་བ་ལ། ནད་པ་གང་ཞིག་ལུས་ཀྱི་ཤ་དང་སྟོབས
་ཤིན་ཏུ་ཟད་པར་གྱུར་ཅིང། ནད་རབ་ཏུ་འཕེལ་བ། ཡི་ག་འཆུས་པའི་མཚན་ཉིད་ནད་པ་གང་ཞིག་ལ་བྱུང་བར་གྱུར་པ་དེ་ནི་ཟླ་བ་ཕྱེ་དང་གཉིས་ལས་ངེས་པར་འཆི་བར་འགྱུར་རོ། །རླུང་ནད་རྟུན་འདྲ་འཕེལ་འགྱུར་ཞིང། མི་བཟད་སྟིང་ས
་གནས་པ་དང། སྐོམ་དང་ཀྱིས་ནི་ཡོངས་གདུངས་པ། འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། ཅེས་བྱ་བ་ལ། རླུང་ནད་རྡོ་འམ་ལྕགས་ཀྱི་རྟུན་འདྲ་བ་འཕེལ་ཞིང་རྒྱས་པར་གྱུར་པ་དང། མནག་མི་བཟོད་པར་ན་སྙིང་གར་གནས་ཤིང་བརྟེན་པ་དང།
་སྐོམ་ངད?་ཀྱིས་ཡོངས་སུ་གདུངས་ཤིང་ཁྱབ་པར་བྱེད་པ་ནི་འཕྲལ་དུ་དེའི་མོད་ལ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །རླུང་ནད་ཉཝ་ནི་ལྷོད་བྱེད་ཅིང། །སྣ་ནི་ཡོན་ཕོར་འཆུས་བྱེད་པ། །གང་གི་འགྲམ་པ་ཟད་པར་སྣང། །འཕྲལ་དུ་སྲོག་ནི་འཕྲོག?
་པ་ཡིན། ཞེས་བྱ་བ་ལ། ཡང་རླུང་ནད་ཀྱིས་བྱིན་པའི་ཉ་ལྷོད་པར་བྱེད་པ་དང། སྣ་ཡིན་པོར་བྱེད་ཅིང་འཆུས་པར་བྱེད་པ་འམ། །ཡང་ན་འགྲས་པ་ཟད་ཅིང་གཞོགས་པ་ལྟར་ན་སྣང་བར་བྱེད་པ་ཡང་ནད་པའི་སྲོག་འཕྲལ་དུ་འཕྲོག་ཅིང་??
་འཆི་བར་བྱེད་པ་ཡིན་ནོ། །རླུང་ནད་ལྟེ་བ་གཞང་བར་སོ། །ཡང་ན་བརླ་དཔྲག་གཉིས་ན་གནས། ཞེས་བྱ་བ་ལ། ཡང་དེ་བཞིན་དུ་རླུང་གི་ནད་ལྟེ་བ་དང་གཞང་གི་བར་དུ་སོང་ཞིང་རྣམ་པ་འམ། ཡང་ན་བརླ་དབྲག་གམ་ཆུ་སོར་གནས་པ་མེད་འཕྲེལ་དུ
་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །སྟོབས་ལྡན་རླུང་ནི་ཉམ་ཆུང་བ། །གཞིང་དང་སྙིངས་གནས་བྱེད་པ་འམ། ཞེས་བྱ་བ་ལ། སྟོབས་དང་ལྡན་པའི་རླུང་གི་ནད་ཀྱིས་མི་ཉམ་ཆུང་བའི་གཞང་དང་སྙིང་གར་གནས་པར་བྱེད་ཅིང་འཛིན་པ་ཡང་འཕྲལ་དུ་གསོང
་པར་བྱེད་པ་ཡིན་ནོ། །དྲི་མ་ཆུ་སོའི་ལྟག་ལྟེ་བ། བཀག་སྟེ་ནད་ནི་བསྐྱེད་པ་དང། ཞེས་བྱ་བ་ལ། རླུང་གི་བཤང་གཅི་དྲི་མ་བཀག་པ་དང། ཆུ་སོའི་ལྟག་དང་ལྟེ་བ་བཀག་སྟེ། །ནད་སྐྱེད་པར་བྱེད་པ་ཡང་འཕྲལ་དུ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །ཆུ་སོར
་གཟེར་བ་བྱེད་འགྱུར་ལ། །སྐོམ་དང་འཁྲུ་བར་བྱེད་པ་དང། ཞེས་བྱ་བ་ལ། ཆུ་སོར་རླུང་བྲག་ཏུ་གཟེར་བྱེད་པ་དང། སྐོམ་དང་ཆེ་ཞིང་དྲག་ཏུ་འཁྲུག་པར་བྱེད་པ་དེ་ཡང་དེ་འདྲ་འདྲའོ། །ཆུ་སོ་བཤད་སྒོ་གནས་ནས་ནི། །ཆུ?་ནི་དབུགས་མི་བདེ་སྐྱེད་དང
་ཞེས་བྱ་བ་ལ། ཡང་ན་རླུང་ནས་ཆུ་སོ་བཤད་སྒོར་གནས་ནས་དབུགས་མི་བདེ་བར་ནད་སྐྱེད་པར་བྱེད་པ་དག་ཀྱང། འཕྲལ་དུ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །རྩིབ་མའི་རྩེ་མོ་འདེགས་བྱེད་ཅིང། །རྙིང་ག་རླུང་ནི་བརྟེན་པ་དང། མིག་བགྲང་འགྱུར་བ་མེད?་བྱེད
་དང། འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། །ཅེས་བྱ་བ་ལ། ཡང་རླུང་ནད་རྩིབ་མ་རྩེ་མོ་འདེགས་ཤིང་འགྱེད་པར་བྱེད་པ་དང། དེ་བཞིན་སྙིང་གར་བརྟེན་ཅིང་གནས་པ་དང། །མིག་བགྲང་ཅིང་ཕན་ཚུན་འགྱུར་བ་མེད་པར་བྱེད་པ་དག་ཀྱང་དེའི་མོད
་ལ་འཕྲལ་དུ་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །འཕྲལ་དུ་རིམས་དང་ཚ་བས་བཏབ། །སྐོམ་དང་བརྒྱལ་དང་སྟོབས་ཟད་དང། །ཚིགས་མཚམས་བྲལ་བར་གྱུར་པ་རྣམས། །ཉེ་བར་འཆི་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། འཕྲལ་དུ་གློ་བུར
་དུ་རིམས་དང་ཚ་བ་ལ་སོགས་པའི་སྐྱེ་བར་འགྱུར་བ་ཡང་འཆི་བར་འགྱུར་བའི་ལས་ཡིན་ནོ། །ནད་པར་གང་གི་གདོད་པ་ལས། །རྡུལ་ནི་ཤས་ཆེར་བྱུང་གྱུར་ཅིང། །ཁར?་ཚིགས་རིམས་ཀྱིས་གདུངས་པ་རྣམས། །དེ་ཡང་འཚོ་བར་དཀའ་བ་ཡིན། ཞེས
་བྱ་བ་ལ། ནད་པར་བ་ལང་བཟས་ལ་བཀྱེད?་པའི་དུས་སུ་གང་གི་གདོང་ལས་རྡུལ་ཤས་མི་ཟད་པར་འགྱུར་ཞིང་འཇིག་པར་འགྱུར་བ་དང། ཁ?་དྲི་མ་ཤས་ཆེར་ཆགས་པའི་རིམས་ཀྱིས་གདུངས་པ་དེ་ནི་འཚོ་བར་དཀའ་བ་ཡིན་ནོ། །གང་གི་ལུས་ལ
་འབྲུམ་ཕྲན་ནི། །བྱུ་རུའི་མདོག་འདྲ་སྣང་གྱུར་བ། །བྱུང་ནས་མྱུར་དུ་མི་སྣང་འགྱུར། །དེ་ནི་རིང་པོར་མི་ཐོགས་འཆི་ཞེས་བྱ་བ་ལ། ཡང་མི་གང་གི་ལུས་ལ་འབྲུམ་བུ་ཕྲ་མོ་བྱུ་རུའི་མདོག་ལྟར་དམར་བར་སྣང་བར་གྱུར་བ་ཡང། ཡང་གང་གི་ལུས་ལ?
་འབྲུམ་ཕྲན་བྱུང་ནས། དེ་མ་ཐག་མི་སྣང་བར་གྱུར་ནས་དེ་ཡང་འཆི་བར་འགྱུར་རོ། །འབྲུམ་པ་སྲན་ཆུང་བཤུས་འདྲ་ཞིང། །དེ་བཞིན་བྱུ་རུའི་མདོག་འདྲ་ལ། །ནང་དུ་ཁ་བལྟ་ཚད་འབྲུམ་འདྲ། །འབྲུམ་བུ་ལུས་ནི་འཇིག་བྱེད་ཡིན། ཞེས་བྱ་བ་ལ།
་འབྲུམ་པ་སྲན་ཆུང་པགས་པ་བཤུས་པ་ལྟར་དམར་པ་དང། བྱུ་རུའི་མདོག་ལྔར་དམར་བ་དང་ཁ?་ནང་དུ་བལྟས་པ་འབུར་བ་དང། ཚད་འབྲུམ་གྱི་རྣམ་པ་ཤིན་ཏུ་ཕྲ་བ་གནད་པ་དེ་ཡང་ལུས་འཇིག་པར་བྱེད་པ་ཡིན་ནོ། །མིག་སེར་གདོང་སེར
་རྒྱས་པ་དང། །མུར་འགྲམ་གཉིས་ཀྱི་ཤ་ཟད་ལ། །སྐྲག་ཅིང་ལུས་ནི་ཚ་བ་དག་།གང་ཡིན་དེ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། མིག་གི་ཕྱོགས་སེར་ཞིང་གདོང་གཡོགས་ཡང་སར་ལ་སྐྲངས་ཏེ་རྒྱས་པ་ལྟར་སྣང་བ་དང། མུར
་འགྲམ་གྱི་ཕྱོགས་ཀྱི་ཤ་ལྷག་པར་ཟད་པ་དང། སྐྲག་ཅིང་འཇིག་པ་དང། ལུས་ཚ་བ་ཤས་ཤེ་བའི་ནད་པ་གང་ཡིན་པ་དེ་ཡང་སྤངས་བར་བྱའོ། །རྒྱུ་མེད་འཁྲུགས་པ་དག་ཡས་རྨ་འཕེལ་ཞིང་མཆེད་པར་བྱེད་པ་དང། ཞེས་བྱ་བ་ལ། རྒྱུ་མེད་ཅིང་བློ?་བུར
་དུ་པགས་པ་པགས་པ་ཙམ་ལ་རྨ་བྱུང་བར་གྱུར་ལ། དེ་ཡང་འཕེལ་ཞིང་རྨ་ཆེད་པར་བྱེད་པ་དེ་ཡང་སྤང་པར་བྱའོ། །རླུང་སྐྱེས་གང་ཞིག་ན་བ་མེད། མཁྲིས་པ་ལས་གྱུར་ཚ?་བ་མེད། །བད་ཀན་ལས་གྱུར་རྣག་མེད་དང། །གང་ཞིག་གནད?་སྐྱེ་??
་གཟེར་མེད། །ཕྱེ་མས་ཁྱབ་དང་རྙིང་པར་སྣང། གང་དུ་གློ་བུར་ངག་ཏུ་ནི། །རྒྱལ་མཚན་མདུད་ལ་སོགས་པ་སྣང། །རྨད་ཐམས་ཅད་སྤང་བར་བྱ། ཞེས་བྱ་བ་ལ། ཡང་རྨ་གང་ཞིག་རླུང་ལས་གྱུར་པ་ཟིན་ཀྱང་ན་ཞིང་ཟུག་མེད་པར་ཡང་སྤང
་བར་བྱའོ། །དེ་བཞིན་མཁྲིས་པ་ལས་གྱུར་པ་ཡིན་ཡང་དེའི་རང་བཞིན་ཚ་བ་མེད་པ་དང། བད་ཀན་ལས་གྱུར་པ་ཡིན་ཡང་འདྲུལ?་ཞིང་བརྣགས་པ་མེད་པ་དང། ནད་ཀྱི་གནས་སུ་བྱུང་ཡང་ཟུག་ཅིང་ལྷད་ལྷད་བོར་ན་བ་མེད་པ་དང་ཡང་རྨ་གང་ཕྱེ
་མས་གཏོར་པ་མེད་པར་ཕྱེ་མས་ཁྱབ་པ་ལྟར་སྣང་བ་དང། རྙིང་ཅིང་དེངས་པ་ལྟར་སྣང་བ་དང། ཡང་རྨ་གང་གློ་བུར་དུ་རྒྱུ་མེད་པར་རྒྱལ་མཚན་དང་མདུད་རྩི་གསུམ་དང། དགྲ་སྟ་ལ་སོགས་པའི་གཟུགས་སྣད་བར་གྱུར་པ་སྟེ། དེ་ལྟ་བུའི
་རྣ་ཐམས་ཅད་གསོར་མི་རུང་པས་སྤང་བར་བྱའོ། །མཚན་པར་རྡོལ་ནི་གཤང་གཅི་རླུང། །འབྱུང་ཞིང་སྲིན་བུས་གཙེས་པ་དང། །པུས་མོ་ཕན་ཚུན་འབྱེར་བ་དང། །རྐད་པ་བཏེག་ནས་ལྷུང་གྱུར་དང། ཡང་དང་ཡང་དུ་ཁ་བསྒྱུར་བའི། །ནད་པ
་བདེ་ནི་འཚོ་མི་འགྱུར། ཞེས་བྱ་བ་ལ། མཚན་པར་རྡོལ་པའི་ནད་ཀྱིས་བཏབ?་པའི་མི?། བཤང་བ་དང་གཅི་བ་དང་ཕྱིན་ནང་དུ་འབྱུང་བ་དང། སྲིན་བུས་ཤིན་ཏུ་གཙེས་པ་དང། བུས་མོ་གཙེར་ཞིང་བསྐྱོད་པ་དང། རྐད་པ་བཏེགས་ནས་ས་ལ
་ལྷུད་བར་འགྱུར་བ་དང། དེ་བཞིན་དུ་ཁ་ཡང་དང་ཡང་དུ་བསྒྱུར?་བའི་ནད་པ་དེ་འཚོ་བར་མི་འགྱུར་རོ། །སོ་ཡིས་སེན་མོའི་རྩེ་མོ་གཅད་ཅིང། །སེན་མོས་སྐྱའམ་རྩ་གཅོད་དང་ཞེས་བྱ་བ་ལ། སེན་མོའི་རྩེ་མོ་གཅོད་ཅིང་ཟ་པར་བྱེད
་པ་དང། ནད་པ་སེན་མོས་སྐ་འམ་རྩ་རྣམས་གཅོད་པར་བྱེད་པ་ཡང་མི་འཆིའོ། །ས་ལ་ཤིང་བུས་འབྲུ་བ་ཡང་འཚོ་བར་མི་འགྱུར་རོ། །བོད་བས་བོད་བ་བརྡེག་པ་དང། ཞེས་བྱ་བ་ལ། ཡང་ནད་པ་གོང་ས་ལ་ཤིང་བུས་ཡི་གེ་འདྲི་བ་དང།
་དེ་བཞིན་དུ་བོང་བས་བོང་པ་བརྡེག་ཅིང་སྣུམ་པ་དེ་ཡང་མི་འཚོའོ། །སྤུ་ལྡད་གཅིན་ནི་སྐ་བ་དང། ལུང་པ་སྐམས་ཤིན་རིམས་གྱིས་འདེབས། ཞེས་བྱ་བ་ལ། ཡང་ནད་པ་གང་རྒྱུ་མེད་པར་སྤུ་ལྡད་པ་དང། གཅིན་སྐ་བ་དང། ལུད་པ་ཤས་ཆེར
་སྐམས་པ་དེ་ཡང་མི་འཚོའོ། །སྐད་ཅིང་སྒོད་ཅིང་སྤྱུགས་གླུ་ལེན། །མལ་སྟན་རྐང་པས་བརྡེག་པ་དང། སྐད་ཅིག་དེ་དེས་པུ་ག་སོལ། །ནད་པ་གང་ཡིན་དེ་མི་འཚོ། ཞེས་བྱ་བ་ལ། སྐད་ཅིག་སྐད་ཅིག་རྒོད་པ་དང། སྐད་ཅིག་རེ་རེ་སྦྱུགས་གླུ་ལེན
་པ་དང། སྐད་ཅིག་རེ་རེ་ཞིང་མལ་སྟན་རྐད་པས་བརྡེག་པ་དང། དེ་བཞིན་དུ་སྐད་ཅིག་པར་ཞིང་སྣ་དང་རྣ་བ་ཁ་ལ་སོགས་པའི་བུ་གསོལ་བའི་ནད་པ་གང་ཡིན་དེ་ཡང་མི་འཚོའོ། །གདོང་ལ་སྨེ་བར་ཁ་བ་དང། མཛེར་སྐྱེས་སོ་སེན་ཐིག?་ལེ
་ཆགས། ལྟ་བ་སྣ་ཚོགས་རྩ་སྣང་བ། གློ་བུར་བྱུང་བ་དེ་མི་འཚོ་ཞེས་བྱ་བ་ལ། ཡང་ནད་པ་གང་ཞིག་གདོད་ལ་གློ་བུར་རམ་འཕྲལ་དུ་སྣེ?་བལ་སོགས་པ་སྐྱེས་པའམ་དེ་བཞིན་དུ་སོ་དང་སེན་མོར་ཐིག་ལེ་ལྟ་བུར་དཀར་པོར་ཆགས་པ་བློ་བུར་དུ
་བྱུང་བ་དང། ལྟོ་ལ་དབྱིབས་དང་ཁ་དོག་སྣ་ཚོགས་པའི་རྩ་སྔོན་པོ་ཆད་མེད་པ་དུ་མ་སྣང་པར་འགྱུར་བ་གློ་བུར་བྱུང་བའི་ནད་པ་དེ་མི་འཚོ་སྟེ། འཆི་ལྟས་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །གྱེན་དུ་དབུགས་རྩེག་དྲོད་ཡལ་ཞིང། །བརླ་དཔྲག?་གཉིས
་སུ་གཟེར་ཀྱིས་ཉེན། དཔལ་དང་རྣམ་པར་བྲལ་གྱུར་པ། །བློ་དང་ལྡན་པ་ཡོངས་སུ་སྤང། །ཞེས་བྱ་བ་ལ། ཡང་ནད་པ་གང་གྱེན་དུ་དབུགས་མི་འབྱུང་པ་ཡང་དང་ཡང་དུ་ལྕག?་པ་དང། དྲོད་ཡལ་ཞིང་བྲལ་བ་དང། བརླ་རྩ་གཉིས་སུ་གཟེར་བྱིས་ཉེན་ཅིང། ན?་བ?་དང?།
་དཔལ་གྱི་འབྱོར་པ་དང་བྲལ་བར་འགྱུར་བའི་ནད་པ་དེ་ནི་སྨན་པ་བློ་དང་ལྡན་པས་སྤང་བར་བྱའོ། །གང་གི་ནད་ནི་འཕེལ་འགྱུར་དང། རང་བཞིན་ཡོངས་སུ་ཉམས་པ་ནི། གང་ལ་འཕྲལ་དུ་འབྱུང་འགྱུར་བ། །དེ་ན་ཡོད་ལ་འཆི་བར་འགྱུར། ཞེས
་བྱ་བ་ལ། སྐྱེས་བུ་གང་གིས་ནང་ཤས་ཆེར་འཕེལ་བར་གྱུར་པ་དང། རང་བཞིན་རྣ་ལ་རྨ་ལས་ཡོངས་སུ་ཉམས་ཤིང་བྲི་བ་འཕྲལ་དུ་གློ་བུར་བྱུང་ན་དེ་ཡང་འཆི་བའི་ལྟས་ཡིན་ནོ། །སྨན་པས་ནད་པ་གང་ཞིག་ལ། །སྨན་གྱི་བྱ་བ་བྱས་གྱུར་པ། །འབད་ཀྱང
་??་སོས་པར་མ་གྱུར་ན། །དེ་ཡི་སྲོག་ནི་རྙེད་པར་དཀའ་། ཞེས་བྱ་བ་ལ། སྨན་པས་ནད་པ་གང་ཡང་རུང་བ་ཞིག་ལ། སྨན་མར་ལ་སོགས་པའི་སྨན་གྱི་བྱ་བ་བྱས་ཤིང་སྦྱོར་བ་བྱས་པ་འབད་ཅིང་བསྒྲིམས་ཏེ་བྱས་པར་གྱུར་ཀྱང་སོས་པར་མ་གྱུར་ན། དེའི
་སྲོག་གམ་འཚོ་བ་རྙེད་པར་དཀའ་སྟེ་འཆི་བ་ཡིན་ནོ། །མཁས་ཤིང་མང་དུ་གྲུབ་པ་དང། ཆོ་ག་བཞིན་དུ་བྱིན་གྱུར་ཀྱང། །སྨན་གྱི་བྱ་བ་མ་གྲུབ་གང། །དེ་ལ་གསོ་བའི་ཐབས་མེད་དོ། །ཞེས་བྱ་བ་ལ། སྨན་གྱི་སྦྱོར་བ་ལ་མཁས་ཤིང་རོ་དང་ནུས་པ་དང། འཇུ་བའི
་ཀྱང་པ་དང། སྲོ?་པགས་པ་ལ་བྱ་ཞིང་ལན་མང་དུ་སྦྱར་བར་གྲུབ་སྟེ། བྱ་བ་བྱས་པ་ཡང་ཡིན་ལ། དེ་བཞིན་དུ་སྨན?་དཔྱད་ཀྱི་བསྟན་བཅོས་ལས་བྱུང་བའི་ཆོག་བཞིན་དུ། དུས་དང་ཡུལ་དང་ཚད་ལ་སོགས་པ་ལེགས་པར་བརྟགས་ཏེ། ནད་པ་ལ་སྨན་བྱིན་ཞིང
་སྦྱོར་བ་བྱས་སུ་ཟིན་ཀྱང་སླན་གྱི་བྱ་བ་ནད་བསལ་བའི་ལས། མ་གྲུབ་པ་གང་ཡིན་པ་དེ་ལ་ནི་ནད་གསོ་བའི་ཐབས་མེད་པ་ཡིན་པར་ཤེས་པར་བྱའོ། །གང་གིས་སྨན་ནི་སྦྱོར་བའི་ཚེ། །རྒྱུ་མེད་པར་ནི་ཕྱིན་ཅི་ལོག། མདོག་དང་རོ་སོགས་ལོག
་གྱུར་ན། །ནད་མེད་ཡིན་ཡང་དེ་མི་འཚོ། ནད་པ་གང་གིས་སྨན་དང་སྨན་མར་དང། །ཕྱེ་མ་དང། ལྡེ་གུ་ལ་སོགས་པ་སྦྱོར་བ་དང། འདྲས་ཆན་ལ་སོགས་པའི་ཁ་ཟས་གཡོ་བ་ན། རྒྱུ་མེད་པར་ཕྱིན
་ཅི་ལོག་ཏུ་གྱུར་ཅིང། གློ་བུར་དུ་ཁ་དོག་དང་རོ་ལ་སོགས་པར་རང་བཞིན་གཞན་དུ་གྱུར་ན། དེ་ནད་མེད་ཅིང་བདེ་བར་གནས་པ་ཡང་མི་འཚོའོ། །གང་གི་གནས་སུ་ཤིང་བཅས་མེ། །རླུང་མེད་ཀྱང་ནི་ཤི་གྱུར་དང། །ནད་པ་གང་གིས་ཁྱིམ་དུ
་ནི། །སྣོད་ནི་ཤིན་ཏུ་མང་པོ་དག་།ཆག་གམ་ལྷུང་བར་གྱུར་པ་ན། དེ་ཡི་སྲོག་ནི་རྙེད་པར་དཀའ་། ཞེས་བྱ་བ་ལ། ཡང་ནད་པ་གང་གི་གནས་སུ་མེ་ཤིང་དང་བཅས་པར་ཡང་གནས་ནས་འབར་ལ། རླུང་ཡང་མེད་པར་གྱུར་པ་ལས
་གློ་བུར་དུ་ཆུ་བླུག་པ་ལྟར་ཤི་བར་གྱུར་པ་དང། ཡང་ནད་པ་གང་དང་གང་གི་ཁྱིམ་དུ་སྣོད་སྤྱང་ཤིན་ཏུ་མང་པོ་ཡང་དང་ཡང་དུ་ཆགས་པར་གྱུར་པ་འམ། གང་གི་ཁྱིམ་དུ་སྣོད་ལག་པ་ནས་ཡང་དང་ཡང་དུ་ལྷུང་བར་གྱུར་པ་ན། །དེའི་སྲོག་ཀྱང
་རྙེད་པར་གྱུར་བ་མ་ཡིན་ནོ། །མི་གང་ཉམ་ཆུང་གྱུར་བ་ཡང། །གློ་བུར་སོས་བར་སྣང་གྱུར་བ། དེ་ཡི་སྲོག་ཀྱང་མ་ངེས་བ། །ཡིན་པར་རྒྱུན་ཤེས་བུས་བཤད་དོ། །ཞེས་བྱ་བ་ལ། ཡང་ནད་པ་གང་ཤིན་ཏུ་འམ་ཆུང་ཞིང་སྟོབས་དང་མི་ལྡན་པའི་གློ
་བུར་དུ་རྒྱུ་མེད་པར་སོས་ཤིང། ནད་མེད་པ་ལྟ་བུར་སྣང་བ་དེའི་སྲོག་ཀྱང་མ་ངེས་བ་ཡིན་ནོ། །ཞེས་རྒྱུན་ཤེས་ཀྱི་བུས་བཤད་དོ། །ཉེ་དུ་མཛའ་བོ་རྣམས་ཀྱིས་ནི། །དྲིས་ཀྱང་ཉན་པར་མི་བྱ་བ། །སྨན་པས་སྨྲ་བར་མི་བྱ་ཞིང། །དེའི་གསོ་བ་ཁས
་མི་བླང། ཞེས་བྱ་བ་ལ། ནད་པ་དེའི་ཉེ་དུ་དང་དགའ་བ་ཤེས་རྣམས་ཀྱིས་ནད་པ་དེ་འཚ་བ་འམ་འཆི་ཞེས་དྲིས་ཀྱང། འཆི་ལྟས་ཀྱིས་མཚོན་པའི་འཆི་བ་དེ་ནི་མཉན་པར་མི་བྱ་ཞིང། ཡིད་གདུང་པར་བྱེད་པའི་རྒྱུ་ཡིན་པས། སྨན་བས
་དེ་འདི་ནི་འཆི་བར་འགྱུར་རོ་ཞེས་སྨྲ་བར་མི་བྱ་བ། ཚེ་ཟད་པའི་ནད་དེ་གསོ་དཔྱད་གྱིས་གསོ་ཞིང་བཅོས་པས་ཁས་བླང་བར་ཡང་མི་བྱ་སྟེ། དེ་ལྟ་བུའི་ན་དང་སྨན་པས་བསོས་སུ་ཟིན་ཀྱང་ངལ་བ་དོན་མེད་པར་འགྱུར། །གཤིན་རྗེའི་ཕོ་ཉ་ཤ་བ
་སོགས། །གཞན་གྱི་ཉེ་བར་བསྟན་པ་གང། །སྨན་གྱི་སྟོབས་མི་འཇོམས་བས་ན། །དེ་ཕྱིར་དེ་ནི་ཡོངས་སུ་སྤང། །ཞེས་བྱ་བ་ལ། གང་གི་ཕྱིར་ཚེ་ཟད་པ་ལ་ནི། །གཤིན་རྗེའི་ཕོ་ཉ་ལ་སོགས་པས་ཉེ་བར་བརྟེན་ཅིང་གནས་པ་ཡིན་པས་དེའི་ཕྱིར་ནད་པ་དེ་ཡོངས
་སུ་སྤང་བར་བྱའོ། །འོ་ན་དེས་ཉེས་པ་ཅི་ཞིག་བྱེད་ཅེ་ན། ཤ་ཟ་དང་སྲིན་པོ་ལ་སོགས་པ་དེ་དག་ནི་བཅུད་ཀྱི་ལེན་པ་ལ་སོགས་པའི་སྨན་གྱི་སྟོབས་ནད་མེད་པར་འཇོམས་ཤིང་མེད་བར་བྱེད་པས། ནད་རྣམས་ཇི་ལྟ་ཇི་ལྟ་བ་བཞིན་དུ་ཞི་བར་བྱེད་པའི་ཐབས
་བྱེད་པས་སྦྱོར་བ་མི་འགྲུབ་པའི་ཕྱིར་སྤང་བར་བྱའོ། །ཚེ་ཡི་རིག་བྱེད་འབྲས་བུ་ཀུན། ཚེ་ཤིས་པ་ལ་གནས་བ་ཡིན། དེ་བས་འཆི་ལྟས་རྣམ་པ་ཀུན། །སྨན་བས་འབད་དེ་ཤེས་པར་བྱ། ཞེས་བྱ་བ་ལ། ཚེའི་རིག་བྱེད་ཀྱི་འབྲས་བུ་ནི་ནད་མེད་པར་བྱེད་པ་ལ་སོགས་པའི
་ཚུལ་ཏེ། དེ་ལྟ་བུ་མ་ལུས་པ་ཀུན་ཚེ་ཤེས་པའི་སྨན་བ་རྣམས་ལ་གནས་ཤིང་རྒྱུད་ལ་ཡོད་པ་ཡིན་པ་དེ་བས་ན། ཆི་ལྟས་ཀྱི་རྣམ་པ་ཐམས་ཅད་དེ་ནད་མེད་པར་གནས་པ་དང། ནད་པའི་མཚན་མ་གང་དག་ཡིན་པ་ཀུན་སྨན་པ་འབད་པ་དང་ལྡན་པས་ཤེས་པར
་བྱའོ། །དེ་ཡང་ཚེའི་རིག་བྱེད་ཀྱི་འབྲས་བུ་ནི་འདི་དག་ཡིན་ཏེ། གང་ཚེ་གནས་པའི་ཚད་ཤེས་པ་དང། དེའི་ཚེ་སྲུང་ཞིང་བསྐྱེད་པ་ཡིན་པས་དེ་གཉིས་ག་ཡང་ཤེས་པར་བྱ་དགོས་སོ། །ཚེ་དང་བསོད་ནམས་གཉིས་ཀ་ཟད། དེ་གཉིས་ཟད་པར་མ་གྱུར་ཀྱང། །
་ཡང་བ་ནི་མ་སྤང་པས། སྲོག་ཆགས་རྣམས་ནི་འཆི་བར་འགྱུར། ཞེས་བྱ་བ་ལ། འདི་ལྟར་ཚེ་ཟད་ཅིང་འཆི་བར་འགྱུར་བ་ནི། །ཡང་དག་པའི་དོན་མཐོང་བའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་རྒྱུ་རྣམ་པ་བཞི་ཡོད་པར་བཤད་དེ། །ཚེ་ཟད་པ་ཞེས་བྱ་བ་རང་གི
་ལས་ཉེ་བར་བསགས་པའི་ཚེ་གནས་པའི་ཚེ་ཚད་ཟད་ཅིང་མཐར་ཐུག་པ་དང། དེ་བཞིན་དུ་བསོད་ནམས་ཟད་པ་སྟེ། སྔོན་ཆད་ལེགས་པར་སྤྱོད་པ་བྱས་པའི་འབྲས་བུ་ཟད་པར་གྱུར་པ་དང། གཉི་ག་ཟད་པ་དེ་བཤད་མ་ཐག་པའི
་ཚེ་དང་བསོད་ནམས་གཉིས་ཀ་ཟད་པ་དང། ཡང་དེ་བཞིན་དུ་གཉིས་ཀ་མ་ཟད་ཅིང་གནས་པ་ཡིན་དུ་ཟིན་ཀྱང། །ཡང་བ་མཚོན་དང་དུག་ལ་སོགས་པ་མ་སྤངས་ཤིང་ཆུ་དང་གཡང་ལ་སོགས་པར་ལྟུང་བ་སྟེ། བཞི་པོ་དེ་དག་གི་སྲོག་ཆགས་རྣམས
་འཆི་ཞིང་སྲོག་དང་བྲལ་བཤད་ལ། དེ་ལས་གོ་བཟློག་པ་ཚེ་དང་བསོད་ནམས་ལ་སོགས་པ་མ་ཟད་པ་ཡང་བ་སྤངས་པ་ནི་འཚོ་བར་འགྱུར་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ
་བ་ལས། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལུས་ཀྱི་གནས་ལས་ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ལུས་ཀྱི་གནས་ཀྱི་ཕོ་ཉ་ལ་སོགས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམ་པའི
་འབྲེལ་པ་ནི་འདི་ཡིན་ཏེ། །ནད་པ་ལ་བརྟེན་པའི་འཆི་ལྟས་ཀྱི་མཚན་ཉིད་བཤད་ནས། ཕོ་ཉ་འམ་བར་ཆེན་ལ་སོགས་པའི་རིགས་ཀྱི་ཚུལ་འདྲེས་པ་ལས། །སྨན་པ་ཆས་པ་ལ་སོགས་པའི་ཚེ་ནད་པ་ལ་དགེ་བ་དང་མི་དགེ་བའི་མཚན་མ
་སྟོན་པ་ཡིན་པས་ན་དེའི་འོག་ཏུ་འདི་བརྩམ་པ་ཡིན་ནོ། །ཕོ་ཉ་ནི་གཞན་གྱི་སྒོ་བ་བྱེད་པའི་མངག་གཞུག་པ་ལ་བྱ་ལ། སོགས་པ་སྨོས་པས་ནི་སྨན་པ་དང་བྲལ་ཕྲད་པའི་ཚུལ་དག་དང། ཡིད་ཀྱི་རྟོགས་པ་དང་ལམ་དུ་ཞུགས་པ་དང། བྱའི
་ད་འཇུག་པའི་སྐབས་ཀྱི་མཚན་མ་བཟང་ངན་དང། རྨི་ལམ་བཟང་ངན་མཐོང་བ་བསྡུ་བར་བྱ་སྟེ། དེ་ལྟ་བུ་ཤེས་པར་བྱ་བ་ལ་ཕན་འདོགས་ཤིང་དགོས་པའི་དོན་དེ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ནོ། །ཡ་མཚན་ཅན་དང་དགེ་སྦྱོང
་དང། རིགས་མཐུན་པས་ནི་གྲུབ་པར་འགྱུར། །དེ་ལས་གོ་བཟློག་པོ་ཉ་ནི། །ལས་ནི་མི་འགྲུབ་རྟགས་སུ་འགྱུར་ཞེས་བྱ་བ་ལ། ཡ་མཚན་ཅན་ནི་བརྟུལ་ཞུགས་ཀྱི་བྱེ་བྲག་ལ་གནས་པའི་ཕྱི་རོལ་པའོ། །དགེ་སྦྱོང་ནི་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའོ། །རིགས་མཐུན
་པ་རིགས་འདྲ་བ་སྟེ། །དེ་ལྟ་བུའི་ཕོ་ཉ་འོང་བར་གྱུར་ན། གསོ་བའི་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལས་གོ་བཟློག་པ་སྟེ། ཡ་མཚན་ཅན་ལ་སོགས་པའི་ཕོ་ཉ་དེ་ལས་གོ་ཟློག་པར་རིགས་མི་མཐུན་པ་ཡིན་ན། གསོ་བའི་ལས་མི་འགྲུབ་ཅིང་དོན་མེད་པའི
་མཚན་མ་ཡིན་ནོ། །དམན་དང་འཇིགས་རིས་དངས་པ་དང། །རྩུབ་དང་བཀྲ་མི་ཤིས་སྨྲ་བ་དང། །མཚན་ཆ་དབྱུག་ཐོགས་མགོ་རེག་དང། །མ་ནིང་སྨྲར་རལ་པ་ཅན། །བཀྲ་མི་ཤིས་པའི་མི་དང་ལྡན། །སྡིག་ལ་བུད་མེད་དྲི་མ་ཅན། །མང་པོ་ནང་པ་མ་སྡུག་དང།
་འཕྲེང་བ་བྱུག་པ་དམར་པོས་བརྒྱན། །ཏིལ་མར་འདམ་སྐུས་གོས་སྙིང་དང། །མདོག་ངན་བརླ་ཅན་གོས་ཅིག་གྱོན། །བུང་བུ་རྔ་མོ་མ་ཧེ་ཞོན། །ཤིང་དང་བོང་བ་ཉེད་པ་དང། །རིང་ནས་འབོད་པའི་ཕོ་ཉ་འོངས། །སྨན་པས་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ་ཕོ་ཉ
་རིགས་མཐུན་པ་ཡིན་དུ་ཟིན་ཀྱང། འདི་ལྟར་སྨན་པ་དང། འཇིགས་པ་ལ་སོགས་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ན། སྨན་པ་འགྲོ་བར་མི་བྱ་སྟེ། དེ་དག་ནི་གསོ་བ་དོན་མེད་པར་འགྱུར་བའི་ལྟས་ཡིན་ནོ། །དེ་ལ་དམན་པ་ནི་ཞུམ་ཞིང་སྒྱིད་ལུག་པ་དང་བཅས
་པའོ། །འཇིགས་པ་ནི་སྐྲག་པའོ། །རིག་པ་ནི་དྲག་པའོ། །དངངས་པ་ནི་སྦྲུལ་ལ་སོགས་པས་དངངས་ཤིང་བྲེད་པའོ། །རྩུབ་ཅིང་ཞེས་བྱ་བ་ནི་སྙིང་རྗེ་མེད་པར་སྨྲ་བའོ། །བཀྲ་མི་ཤིས་པར་སྨྲ་བའོ། །ཡིད་དུ་འོང་བའི་ཚིག་མི་ཤེས་པར་སྨྲ་བའོ། །མཚོན་ཆ་ཐོགས
་པ་ནི་དགྲ་ཆ་ཐོགས་པའོ། །དབྱུག་པ་ཐོགས་པ་ནི་དབྱུག་པ་འཆད་པའོ། །མགོ་རེག་ནི་སྐྲ་བྲེགས་པའོ། །མ་ནིང་ནི་བུ་ཚ་མེད་པའོ། །སྨ་ར་དང་རལ་པ་ཅན་ནི་སྨེར་འཕྱང་བ་དང། རལ་པ་སྐྲ་འཕྱིངས་པ་དང་ལྡན་པའོ། །བཀྲ་མི་ཤིས་པའི་མི་དང་ལྡན་པ་ནི་སྡིག
་ཅིང་མི་ཤེས་བའི་མིང་ཅན་ནི། །སྡིག་པའི་ལས་ཅན་ནི་ཉེས་པར་སྤྱོད་པའི་ལས་བྱེད་པའོ། །བུད་མེད་ནི་མི་རིགས་སོ། །དྲི་མ་ཅན་གྱིས་གོས་དྲི་མ་ཅན་གྱོན་པའོ། །མང་པོ་ནི་ཅིག་ཅར་དུ་མ་འོངས་པའོ། །ནད་པ་ནི་ནད་ཀྱིས
་ཉམ་ཐག་པའོ། །མི་སྡུག་པ་ནི་ཡན་ལག་མི་མཛེས་པའོ། །ཕྱེ་མ་དང་བྱུག་པ་དམར་པོས་བརྒྱན་པ་ནི། །མེ་ཏོག་དམར་པོའི་ཕྲེང་བ་དང་བྱུག་པ་དམར་པོས་ལུས་བརྒྱན་པའོ། །ཏིལ་མར་འདམ་བསྐུས་ནི། ཏིལ་མར་གྱི་འདེ་གུ་འདམ་འདྲ་བས་ལུས
་ལ་བྱུགས་པའོ། །གོས་རྙིང་པ་ནི་དེངས་པའོ། །མདོག་ངན་པ་ནི་ཁ་དོག་ངན་པའོ། །རླན་ཅན་ནི་ཆུས་བདས་བའོ། །གོས་གྱོན་པ་ནི། སྟོད་གཡོགས་སམ་སྨད་གཡོགས་ཅིག་གྱོན་པའོ། །བོང་བུ་དང་རྔ་མོ་དང་མ་ཧེ་ཞོན་པ་ནི་དེ་ལ་ཞོན་ཏེ་འོངས
་པའོ། །ཤིང་དང་བོང་བ་ལ་སོགས་པ་ཉེད་ཅིང་འཇིག་པ་དང། དེ་བཞིན་ཐག་རིང་པོ་ནས་འབོད་ཅིང་ཀུ་ཅོ་འདོན་པའི་ཕོ་ཉ་འོངས་ན་ཡང་སྨན་པ་འགྲོ་བར་མི་བྱའོ། །དེ་སྤང་ཞིང་དོར་བར་བྱའོ། །བཀྲ་མི་ཤིས་པ་སེམས་དང་སྨྲ། །གཅེར་བུ་གཅོད་དང
་འཇིག་པ་དང། །མཚུན་གཏོར་མེ་ལ་སྲེག་པ་དང། འཆི་བ་རྣམས་ལ་གཏེར་བ་དང། །སར་ཉལ་སྐྲ་བ་ཤིག་སྐུད་པ་དང། །དུ་དང་མ་བསྡམས་གནས་སྐབས་སུ། །སྨན་པ་གནས་ཚེ་ཕོ་ཉ་འོང། །མི་ནི་འཆི་བར་སྟོན་པ་ཡིན། ཞེས་བྱ་བ་ལ། སྨན་པ
་ལ་ཕོ་ཉ་འོངས་པའི་ཚེ། །བཀྲ་མི་ཤིས་པའི་དངོས་པོ་ཡིད་ལ་སེམས་སམ། ཁ་ནས་སྨྲ་བ་འམ། གཅེར་བུར་འདུག་ཅིང་གོས་མེད་པར་འདུག་པའམ། རྩ་ལ་སོགས་པ་གཅོད་པའི་སྐབས་སུ་འམ། བོང་བ་ལ་སོགས་པ་འཇིག་པའི་སྐབས་སུ་འམ།
་མཚུན་གཏོར་མ་སྲེག་ཅིང་གནས་པའམ། ཡང་འཆི་བ་རྣམས་ལ་མཚུན་གཏོར་སྟེར་ཅིང་གཏོར་མ་སྐབ་སུ་ས་ལ་ཉལ་ཞིང་གནས་པ་དང། སྐྲ་བཤིག་ཅིང་བཀྲོལ་བའམ། མར་གྱི་ལུས་བསྐུད་ཅིང་བྱུག་པ་འམ། བུ་ཞིང་མྱ་ངན་བྱེད་པའི
་མ་སྡམས་ཤིང་མ་གཙམ་པར་གནས་པའི་སྐབས་སུ་ཕོ་ཉ་འོངས་པར་གྱུར་ན། ནད་པ་འཆི་ཞིང་སྲོག་འདོར་བར་སྟོན་པའི་ལྟས་ཡིན་ནོ། །ནད་པ་དང་མཚན་ཉིད་མཚུངས་པ་ཡི། །ཡུལ་ལམ་དུས་སུ་སྨན་པ་གནས། །བད་ཆེན་འབོད་དུ་འོངས་མཐོང་ན། ནད
་པ་དེ་ནི་གསོ་མི་བྱ། །ཞེས་བྱ་བ་ལ། ནད་པ་རིམས་ལ་སོགས་པ་གང་དག་ན་བ་དང། ཡོན་ཏན་ནམ་མཚན་ཉིད་འདྲ་ཞིང་མཚུངས་པའི་ཡུལ་ལམ་དུས་ཏེ། དེ་ལྟ་བུའི་ཡུལ་ལམ་དེའི་དུས་སུ་སྨན་པ་གནས་ཤིང་འདུག་པ་ན། བང་ཆེན་པོ་ཉལ་སྨན
་བ་ལས་འབོད་ཅིང་སྦོན་དུ་འོངས་པ་མཐོང་ན་ནད་པ་དེ་སྨན་པས་བཅོས་ཤིང་གསོ་བར་མི་བྱའོ། །ནད་པ་དང་ཡུལ་དུས་མཚུངས་པའི་ཚུལ་འདི་ལྟར་བད་ཀན་ལས་བྱུང་བའི་རིམས་ལ་སོགས་པའི་ནད་ཀྱིས་བཏབ་པས་ཕོ་ཉ་སྨན་པ་ཆུ་མང་ཞིང་རླན་ཅན་གྱི
་ཡུལ་ན་གནས་པ་འམ། ནད་པར་གྱི་སྐབས་སུ་ཕོ་ཉ་འོངས་ན་མི་ཤེས་པ་ཡིན་ནོ། །མཁྲིས་པའི་ནད་ལ་མ་ལ་སོགས་པ་ཚ་བའི་ཡུལ་དང། ཉི་མ་ཕྱེད་ཀྱི་དུས་ཕོ་ཉ་འོངས་ན་མི་ཤེས་པ་ཡིན་ནོ། །རླང་གི་ནང་ལ་ནི་རྩུབ་པ་དང། གྲང་བ་དང། རྡོ་དང། བྱེ་མ་དང
་གཤག་མར་ལ་སོགས་པའི་ཕྱོགས་སུ་དགོངས་ཀ་པོ་ཉ་འོང་ན་མི་ཤེས་པ་ཡིན་ནོ། །ལྟེ་བ་ཁ་དང་སྣ་རེག་དང། སྐྲ་དང་སྤུ་དང་སེན་མོ་སོ། །མཚན་རྒྱབ་ནུ་མ་མགྲིན་པ་དང། །ལྟོ་དང་སྲིན་ལག་དག་དང་ནི། །རས་བལ་ཕུབ་མ་ཞ་ཉེ་རྩ། །རུས་པ་རྟུན་བརྡུངས་ཕྱག
་མེད་དོ། །ཞབ་མོ་གོས་གྱི་མཛའ་མ་དང། །ཐལ་བ་སོལ་བ་ཁ་ཚར་སོགས། །ཐག་པ་རྟན་དང་ཞགས་བ་སྲ། །གཞན་ཡང་ཐོག་གི་ཆགས་པ་ཐོགས། །ཕོ་ཉ་དེ་འདྲ་མེད་ན་དུ་མཐོང། །འཆི་བ་དག་ཏུ་སྟོན་པ་ཡིན་ཞེས་བྱ་བ་ལ་ཡང་ཕོ་ཉ་དེའི་མཚན་ཉིད
་དང་འདི་དག་དང་ལྡན་པ་ཡང་མི་ཤེས་ཤིང་འཆི་བའི་མཚན་མ་ཡིན་པར་སྟོན་ཏེ། དེས་ན་དེའི་ཚེ་ཕོ་ཉ་གང་དག་འོང་བ་ལྟེ་བ་ལ་སོགས་པར་རེག་པ་ནི་མི་ཤེས་པ་ཡིན་པས་དེ་ཡང་སྤང་བར་བྱའོ། །དེ་བཞིན་མཚན་ཕྱེད་ཉི་མའི་གུང། ཐུན་མཚམས
་དང་ནི་དུས་ཚིགས་དང། ཚེས་དྲུག་ཚེས་བཞི་ཚེས་དགུ་དང། སྒྲ་གཅན་མཇུག་རིང་འཆར་དུས་སོགས། །པྲ་ཉེ་སྨིན་དྲུག་སྐག་ཆུ་སྟོད། །གྲེ་དང་ཁྲུམས་སྟོད་སྣུབས་དང་ནི། །གང་དུ་ཕོ་ཉ་ནད་པ་ཡི། །མཚན་ཉིད་ལ་ནི་བརྟེན
་པའི་ཚིག་།མི་དགེ་སྨྲ་དང་མི་ཤིས་མཐོང། །དེར་ནི་སྨན་པ་འགྲོ་མི་བྱ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་སྨན་པ་ནད་པའི་གམ་དུ་འགྲོ་བ་ན། མཚན་ཕྱེད་ལ་སོགས་པའི་དུས་དང། ཚེས་དྲུག་ལ་སོགས་པའི་ཚེས་གྲངས་གསུམ
་དང། སྒྲ་ཅན་དང་མཇུག་རིངས་འཆར་བའི་དུས་དང། སོགས་པ་ཅེས་སྨོས་པ་ཉི་མ་དང། ཟླ་བ་གཟས་ཟིན་པར་མཐོང་བའི་དུས་དང་པྲ་ཉེ་ལ་སོགས་པའི་སྐར་མ་ལ་བབ་པའི་ཉིན་ཞག་ལ། སྨན་པས་འགྲོ་བར་མི་བྱའོ། །ཡང་གནས་གང
་དུ་ཕོ་ཉར་འོངས་པ་དེ་ནད་པའི་མཚན་ཉིད་དམ་རང་བཞིན་ལ་རྟེན་པའི་ཚིག་གཟུགས་དང་སྒྲ་ལ་སོགས་པ་མི་ཤེས་པའི་རྣམ་པར་སྨྲ་བ་དང། མི་ཤེས་པ་མཐོང་བར་གྱུར་ན། སྨན་པས་ནད་པ་གསོ་བའི་ཕྱིར་འགྲོ་བར་མི་བྱའོ། །དབང
་པོ་མ་ཚང་མི་རོ་འམ། མི་རུས་ཀྱིས་ནི་བརྒྱན་པ་འམ། །ཆད་དང་ཚིག་དང་ཉམས་ཆག་དང། །དེའི་ཚིག་ཏུ་སྨྲ་བའམ། །རོ་ནི་ཚ་དང་དྲག་པ་འམ། །དྲི་ནི་ཤས་ཆེར་རུལ་པ་འམ། །རེག་བྱ་རྒྱ་ཆེར་མི་བཟད་དང། །གང་ཡང་དེ
་འདྲ་གཞན་དག་ནི། །དེ་ཀུ་མདུན་དུ་སྨྲ་བ་འམ། ཡང་ན་དེ་སྐད་སྨྲ་བའི་ཚེ། །ཕོ་ཉ་འོངས་པར་མཐོང་ན་ནི། །ནད་པ་དེ་ནི་གསོ་མི་བྱ། །ཞེས་བྱ་བ་ལ། ཡང་དབང་པོ་མ་ཚང་བ་ལ་སོགས་པའི་ཚིག་མི་ཤིས་པ་འདི་དག་གམ།
་གཞན་ཡང་འདི་དང་ཆ་འདྲ་བ་དག་དང། ཀྱི་ཧུད་ཀྱི་ཧུད་ཅེས་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་ཚིག་དག་གམ། མདོར་ན་ནད་པ་བརྟེན་པའི་ཚིག་མི་ཤེས་པ་སྟོན་པར་བྱེད་པ། །བསྐུ་ན་དུ་སྨྲ་ཞིང་འོངས་པའམ། ཡང་ན་ནད་པའི
་ཚིག་གླེང་སློང་བའི་སྐབས་མི་ཤིས་པ་ཟེར་བའི་ཚེ། ཕོ་ཉ་འོངས་ཤིང་དེ་ཉིད་ཀྱི་ཚེ་བང་ཆེན་ལྷགས་ན། བང་ཆེན་བདག་པོ་ནད་པ་གསོ་བར་མི་བྱའོ། །དེ་ལ་འདིར་དབང་པོ་མ་ཚང་བ་ནི་མིག་ལ་སོགས་པ་དབང་པོ་གང་ཡང་རུང་བ་ཉམས་པ་སྟེ། ཞར་བ་དང
་ཞའོ་ལ་སོགས་པའོ། །མི་རོ་ནི་མི་ཤེས་པའོ། །མི་རུས་ཀྱིས་བརྒྱན་པ་ནི་མི་རུས་དང། དེའི་ཁྲག་དང་གོས་ལ་སོགས་པས་བརྒྱན་པའོ། །ཆད་པ་ནི་ཐག་བྱ་ལ་སོགས་པ་ཆད་པའོ། །ཚིག་པ་ནི་གོས་ལ་སོགས་པའོ། ཉམས་ཤིང་ཆད་པ་ནི་སྣོད་སྤྱད་ལ
་སོགས་པའོ། །དེའི་ཚིག་ཏུ་སྨྲ་བ་ནི། ཆད་དོ་ཚིག་གོ་ཉམས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །རོ་ཚ་བ་ནི་ན་ལེ་ཤམ་ལ་སོགས་པའོ། །རུལ་པ་ནི་མི་རོ་ལ་སོགས་པའི་དྲིའོ། །དེ་བཞིན་དུ་རེག་བྱ་ནི་རྒྱ་ཆེ་ཞིང་ཡངས་པ་དང། མི་བཟད་ཅིང་བཟོད་པར
་དཀའ་བ་དང། གཞན་ཡང་དེ་དང་ཆ་འདྲ་བའི་ཚིག་དག་སྨྲ་ན་དེ་གསོ་བར་མི་བྱའོ། །ཀྱི་ཧུད་ཀྱི་ཧུད་ཆོ་དེས་འདེབས། །འོ་དོད་དམོད་མོ་འགྱེལ་སྤྲིད་སྒྲ། །གོས་དང་གདུགས་དང་ལམ་འཇིགས་དང། སྡུག་བསྔལ་བ་དག་མཐོང་བ་དང། ཤིང་ཆེན
་རྒྱལ་མཚན་གང་བའི་སྨོད། །ཆུ་ནང་འབྱིང་བར་མཐོང་བ་དང། བསད་སོགས་ཡིད་དུ་མི་འོད་སྨྲ། །ཐལ་བ་ཕྱག་དར་གྱིས་གཏོར་དང། །བྱི་ལ་སྲམ་དང་སྦྲུལ་དང་ནི། །སྤྲི་འུས་ལམ་ནི་བཅད་པ་དང། །འབར་བའི་ཕྱོགས་སུ་རི་དགས་བྱ། །གདུག་པ་སྒྲ་ནི་སྒྲོགས་པ
་དང། །འབྲུམ་གན་ག་བུར་བ་དེར་བ་དག། །ལན་ཚ་ཆ་རྙིང་བགས་པ་དང། །ཡུངས་ཀར་ཞག་དང་འབྲུ་མར་དང། །རྩཝ་དང་འདམ་དག་བུད་ཤིང་དང། མ་ན་མི་སྲུན་སྨེ་ཤ་ཅན། །རྒྱ་དག་དང་ནི་སྙི་རྣམས་དང། །སློན་དང་བཤང་བ་གཏོང་བ་དང། རྣག་དང་མཚན
་མ་ངན་པ་མཐོང། །སྙིང་པོ་མེད་དང་འཁྲིག་པ་སྦྱོར། །རས་བལ་སོགས་དང་དབྲ་བོ་མཐོང། །མལ་སྟན་དང་ནི་ཁྱོགས་ལ་སོགས། །ཁ་སྦུབ་དུ་ནི་གནས་པར་མཐོང། །ནད་པ་དག་དང་གཞན་དག་དང། །སྣོད་སོགས་ན་མཐོང་མི་ཤེས་སོ། །ཞེས་བྱ་བ་ལ། སྨན་པ
་འགྲོ་བའི་ཚེ། ཀྱི་ཧུད་ཅེས་སྨྲ་བ་ལ་སོགས་པ་ཐོས་ཤིང་མཐོང་ན་འང་མི་ཤིས་པ་ཡིན་ནོ། །དེ་ཡང་ཀྱི་ཧུད་ཀྱི་ཧུད་ཅེས་ཟེར་ཅིང་ངུ་བ་ནི། ཀྱི་ཧུད་ཀྱི་ཧུད་ཀྱི་ང་རོ་འདོན་པའོ། །འོ་དོང་འབོད་པ་ནི་མི་སྙན་པར་ཟེར་བ་འམ། །ཅེ་སྤྱང
་ལ་སོགས་པའི་སྒྲའོ། །དམོད་མོ་ནི་དམོད་མོ་འདེབས་པ་སྟེ། དེ་དག་གི་སྒྲ་ཐོས་པ་དང། ཡང་འགྱེད་ཤིང་ཆག་པ་དང། སྤྲིང་པའི་སྒྲ་ཐོས་པ་དང། གོས་ལ་སོགས་པ་རལ་ཅིང་འཇིག་པ་དང། དེ་བཞིན་སྡུག་བསྔལ་ཞིང་ཕོངས་པར་གནས་པ་མཐང
་བ་དང། དེ་བཞིན་དུ་ཤིང་ཆེན་པོ་དང། རྒྱལ་མཚན་ལ་སོགས་པ་དང། འབྲུ་ལ་སོགས་པ་གང་པའི་སྣོད་ཆུའི་ནང་དུ་ནུབ་ཅིང་འབྱིང་བར་མཐོང་བ་དང། དེ་བཞིན་དུ་བསད་པ་ལ་སོགས་པའི་ཆོ་ག་ཡིད་དུ་མི་འོང་ཞིང་བཀྲ་མི་ཤིས་པར་སྨྲ་བ་སྟེ། བསད
་དོ་བཅོམ་མོ་ལྷུང་ངོ་ཞིག་གོ་ཚིག་གོ་ཅེས་བྱ་བ་ལ་སོགས་པའི་ཚིག་གསང་མཐོན་པོར་སྨྲ་བ་དང། དེ་བཞིན་དུ་སྨན་པ་ལམ་དུ་འགྲོ་བ་ན། ཐལ་བ་དང་ཕྱག་དར་ལ་སོགས་པས་གཏོར་ཅིང་གོས་པ་དང། ཡང་སྨན་པ་ལམ་དུ་འགྲོ་བ་ན། བྱི་ལ་ལ་སོགས
་པས་ལམ་གཅད་པ་དང། ཡང་དེ་བཞིན་དུ་འབར་བའི་ཕྱོགས་ཏེ་ཉི་མ་ཕྱོགས་གང་ན་གནས་པའི་ཕྱོགས་དེ་ནས་རི་དགས་དང་བྱ་དང། སྟག་དང། ཁྲག་ལ་སོགས་པ་གདུག་པ་སྒྲ་སྒྲོགས་ན། དེ་ཡང་བཀྲ་མི་ཤིས་པ་ཡིན་ནོ། །ཡང་སྨན་པ
་ལམ་དུ་འགྲོ་བ་འམ། ནད་པའི་ཁྱིམ་དུ་འཇུག་པ་ན། འབྲུ་ནག་པོ་ལ་སོགས་པ་མཐོང་བ་ཡང་བཀྲ་མི་ཤིས་པ་སྟོན་པར་བྱེད་པ་ཡིན་པས་མི་དགེ་བའོ། །རས་ལ་སོགས་པ་ནི་རས་བལ་ཕུབ་མ་ཞ་ཉེ་རྩ་ཞེས་བྱ་བ་ལ་སོགས་པ་ཕོ་ཉ་བ་འོངས་པའི
་སྐབས་སུ་བསྡུས་ཏེ། དེ་དག་ནི་མཐོང་ན་ཡང་ནི་ཤེས་པ་ཡིན་ནོ། །དགྲ་བོ་མཐོང་བ་ནི་འདིར་དེའི་སྐབས་སུ་ཡིན་པས་སྨན་པའི་དགྲ་བོ་བཟུང་སྟེ་དེ་མཐོང་བ་ཡང་མི་ཤེས་སོ། །ཡང་དེ་བཞིན་དུ་མལ་སྟན་ཁ་སྤུབ་པ་ལ་སོགས་པ་མཐོང་བ་ཡང་མི
་ཤིས་པ་ཡིན་པས། མཚན་མ་དེ་དག་མཐོང་ན་ཡང་གསོ་བའི་ལས་མི་བཙམ་མོ། །སྐྱེས་བུའི་མིང་ཅན་བྱ་གཡོན་ནས། བུད་མེད་མིང་ཅན་གཡས་འདུག་བཟང་ཞེས་བྱ་བ་ལ། འདི་དག་ནི་ལྟས་བཟང་པོ་སྟེ། བྱ་སྐྱེས་པའི་མིང་ཅན་ནི་དང་པ་དང། ཏི་ཏི
་ར་དང། པ་རྟ་ཀ་ལ་སོགས་པ་སྟེ། དེ་ནི་གཡོན་ཕྱོགས་ན་གནས་ཤིང་སྐད་སྒྲོགས་པ་བཟང་ལ། བུད་མེད་ཀྱི་མིང་ཅན་ཤ་རི་བ་དང། འཇོལ་མོ་ལ་སོགས་པ་ནི་གཡས་ན་འདུག་ཅིང་སྒྲ་འབྱིན་པ་བཟང་ངོ། །བྱ་དང་རི་དགས་གཡས་བསྐོར་བཟང། ཁྱི་དང་ཝ?
་ནི་ཇི་ལྟ་མིན། ཞེས་བྱ་བ་ལ། བྱ་དང་རི་དགས་རྣམས་ནི་གཡོན་ནས་གཡས་སུ་བསྐོར་ཏེ་འགྲོ་བ་བཟང་སྟེ། བྱ་ནི་ཚ་ཤ་དང། ཁུ་བྱུག་ལ་སོགས་པའོ། །རི་དགས་ནི་སྤྲ་ལ་སོགས་པའོ། །ཁྱི་དང་ཝ་ནི་དེ་ལྟར་འགྲོ་བ་བསྔགས་པ་མ་ཡིན་ཏེ། གཞན་དུ་ན
་གཡས་ནས་གཡོན་དུ་བསྐོར་ཏེ་འགྲོ་བ་བཟང་ངོ། །རི་དགས་རྣམས་ནི་ཟུངས་ནི་ཤེས། ཞེས་བྱ་བ་ལ། རི་དགས་རྣམས་ནི་ཟུང་དུ་མ་ཐེམ་པ་གཅིག་དང་གསུམ་དང་ལྔ་དང་བདུན་ལ་སོགས་པ་འགྲོ་བ་བཟང་ངོ། །ཙ་ཤ་བྱ་རྒོད་ཁཉྫ་རི། །ནེའུ་ལེར་དང་རྨ
་བྱ་རྣམས། མཐོང་བ་རྟག་ཏུ་ཤེས་པ་ཡིན། ཞེས་བྱ་བ་ལ། ཅ་ཤ་དང། བྱ་རྒོད་ལ་སོགས་པ་མཐོང་བ་ནི། རྟག་ཏུ་ཤིས་ཤིང་སྔགས་པ་ཡིན་ནོ། འུག་པ་ཕྱི་ལ་སྤྲུལ་མཐོང་བ། །རྣམ་པ་ཀུན་ཏུ་ཤིས་མ་ཡིན། །ཞེས་བྱ་བ་ལ། འུག་པ་ལ་སོགས་པ་མཐོང
་ང་ནི་རྣམ་པ་ཐུན་ཅུ་སྟེ། ཐམས་ཅད་ནས་ཐམས་ཅད་དུ་དགེ་བ་མ་ཡིན་ནོ། །གོ་ད་དང་ནི་རི་བོང་སྤྲུལ། །ཛ་བ་ཀ་ནི་མིང་ཐོས་དགེ་།མཐོང་དང་སྒྲ་སྒྲོགས་མ་ཡིན་ནོ། །ཞེས་བྱ་བ་ལ། ཡང་འགྲོ་བའི་ཚེ་སྲོག་ཆགས་གོད་ལ་སོགས་པའི་མི་སྒྲོགས་པ
་ཐོས་པ་ནི?་ཡིན་གྱི། མཐོང་བ་དང་སྒྲ་སྒྲོགས་པ་ན་དགེ་བ་མ་ཡིན་ནོ། །དྲེད་དང་སྤྲེའུ་དེ་ལས་བཟློག་།ཅེས་བྱ་བ་ལ། །དྲེད་དང་སྤྲེའུ་དག་ནི་གོང་མ་དེ་ལས་བཟློག་པ་སྟེ། མཐོང་པ་དང་སྒྲ་སྒྲོགས་པ་ཐོས་པ་ནི་དགེ་བ་ཡིན་གྱི། མིང་སྒྲོགས་པ་ཐོས་པ་ནི་དགེ་བ་མ་ཡིན། །དཔལ
་བའི་ཕྱོགས་སུ་འཇའ་ཚོན་མཐོང། །མི་ཤིས་རྒྱབ་ཏུ་མཐོང་ན་ཤིས། ཞེས་བྱ་བའོ། །འང་འགྲོ་བ་ན་འཇའ་ཚོན་དཔྲལ་བའི་ཕྱོགས་ཀྱི་དྲང་ཐད་ན་མདུན་ན་གནས་པ་ནི་མི་ཤིས་པ་ཡིན་ལ། མདུན་དུ་ཕྱོགས་པ་མ་གཏོགས
་པ་རྒྱབ་ཏུ་གནས་ཤིང་འཆར་པ་ནི་དགེ་ཞིང་ཤིས་པ་ཡིན་ནོ། །མེ་ཡི་གང་བའི་སྣོད་དག་ནི། ཕྱག་དང་ཁོང་སྟོང་གནས་པ་དང། ཞེས་བྱ་བ་ལ། ལམ་དུ་འགྲོ་བ་ན་མེས་གང་བའི་སྣོད་ལྷུང་ཞིང་ནག་པར་གྱུར་པའམ། ཁོང་སྟོང་དུ་གནས་ན་ནི་མི
་ཤེས་པ་ཡིན་ནོ། །ནད་པ་འཆི་འགྱུར་ཁྱིམ་དུ་ནི། །སྨན་པ་འཇུག་པར་བྱེད་པའི་ཆེ། །ཞོ་སོགས་བཀྲ་ཤིས་འོག་ནས་བཤད། །གང་པའི་སྣོད་ནི་ཕྱིར་བྱུང་ན། ཞེས་བྱ་བ་ལ། ནད་པ་འཆི་འགྱུར་ཞིང་ཉེ་བར་སྲོགས་དང་འབྲལ་བར་འགྱུར་བའི
་ཁྱིམ་དུ་སྨན་པ་འཇུག་པར་བྱེད་ན། དུས་དེ་ཉིད་ཀྱི་ནད་པའི་ཁྱིམ་ནས་ཞོ་དང་འབྲུ་ལ་སོགས་པ་གང་བའི་སྣོད་འོག་ནས་འབྱུང་བའི་བཀྲ་ཤིས་ཀྱི་རྫས་གང་ཡང་རུང་བ་ཕྱིར་འབྱུང་བར་མཐོང་ན་ཡང་མི་ཤེས་པ་ཡིན་ནོ། །ཕོ་ཉ་ལ་སོགས་མི་ཤིས
་མཐོང། །དེ་ལྟའི་ནད་པ་སྤང་བར་བྱ། །དེ་ལས་གཞན་པར་སྙིང་རྗེས་རྒྱུད། །དག་པས་འབད་དེ་གསོ་བར་བྱ། ཞེས་བྱ་བ་ལ། ཕོ་ཉ་ལ་སོགས་པ་ཇི་སྐད་སྨོས་པ་ལྟ་བུ་བཀྲ་མི་ཤིས་པ་མཐོང་ན། ནད་པ་དེ་སྨན་པས་སྤང་བར་བྱ་ཞིང། གསོ་བར་མི
་བྱའོ། །དེ་ལས་གཞན་པ་ཕོ་ཉ་ལ་སོགས་པ་བཀྲ་ཤིས་པའི་རྣམ་པ་མཐོང་ན། སྨན་པས་སྙིང་བརྩེ་ཞིང་ཕན་པར་འདོད་པས། སེམས་ཀྱི་རྒྱུད་དག་ཅིང་སྐྱོན་མེད་པར་བྱ་སྟེ། མ་ཡེངས་ཤིང་འབད་པས་ནད་པ་དེ་གསོ་བར་བྱའོ། །ཞོ་འབྲུ་བུར་མ
་ཤིང་དང་ཁྲེ། །སྦྲང་རྩི་ཞུན་མར་པྲི་ཡཾ་ཀུ། །ནས་ཐུག་དངུལ་རྡོ་བུམ་པ་དང། །དྲིལ་བུ་བུམ་པ་ཆུ་སྐྱེས་དང། །དུར་བ་ཉ་དང་ཤ་སློན་དང། །འབྲས་ཡོས་འབྲས་བུ་ཁ་ཟས་དང། བུམ་པ་རིན་པོ་ཆེ་ཡིས་གང། །བུ་མོ་གཞོན་དང་ཤིང་རྟ་དང། མི་ནི
་གེ་འཕང་མཐོ་བ་དང། །ལྷ་རྣམས་ཀྱི་ནི་རྒྱལ་པོ་དང། །གོས་དཀར་གྱོན་དང་མེ་ཏོག་དཀར། །ཁྱིམ་དང་རྔ་ཡབ་རྟ་དཀར་མཐོང། །དམ་པ་བྲམ་ཐེ་གཙུག་ཏོར་དུང། །རྟ་བབས་དང་ནི་གཡུང་དྲུང་དང། །ས་ནི་བརྐོས་པར་གྱུར་པ་དང། །མེ་ནི་རབ་ཏུ་འབར་བ་དང། །བཟའ་
་བཏུང་ཡིད་དུ་འོང་བ་དང། །མི་ཡིས་ཤིང་རྟ་ལེགས་གང་དང། །བ་ནི་བེའུ་དང་བཅས་པ་དང། །རྒོད་མ་བུད་མེད་བུ་བཅས་དང། །ཤང་ཤང་ཏེའུ་ཤ་བཀྲ་དང། །ངང་པ་ཁུ་ཕྱུག་རྨ་བྱ་དང། །ས་ར་ས་ནི་སྒྲ་སྙན་སྒྲོགས། །དེ་བཞིན་ཕྱུགས་གཅིག་བཏགས་པ་དང
་གདུ་བུ་མེ་ལོང་ཡུངས་ཀར་དང། །འགི་ཝང་རྣམས་ནི་མཐོང་བ་དང། བྱུག་པ་དྲི་ཞིམ་གྱིས་བྱུགས་དང། ཁུབ་དཀར་ཞིང་མངར་བ་དང། །ཁྱུ་མཆོག་དེ་བཞིན་བ་ལང་རྣམས། རྗེས་སུ་མཐུན་པའི་སྒྲ་སྙན་སྒྲོགས། །རི་དགས་བྱ་དང་མི་རྣམས་ནི། །ཡིད་འོང་སྒྲ
་སྙན་སྨྲ་བ་དང། །གདུགས་དང་བ་དན་རྒྱལ་མཚན་བསྒྲེང། །མངོན་པར་བསྟོད་པར་བྱེད་པ་དང། །རྫ་རྔ་དུང་དང་རྔ་བོ་ཆེ། །སྒྲ་དང་བཀྲ་ཤིས་སྒྲ་སྒྲོགས་པ། །བྲམ་ཟེ་རིག་བྱེད་འདོན་པ་དང། བདེ་བའི་རླུང་ནི་རྗེས་མཐུན་རྒྱུ། །ལམ་དང་ཁྱིམ་དུ་འཇུག་ཚེ་ཡོད།
་ནད་སོས་མཚན་ཉིད་ཡིན་ཞེས་བྱ། ཞེས་བྱ་བ་ལ། ཞོ་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་མཐོང་བ་དང། རེག་པ་དང། མིང་ཐོས་པ་དག་ལམ་དུ་འགྲོ་ཞེང་རྒྱུ་བ་དང། ཁྱིམ་དུ་འཇུག་ཅིངས་ནང་དུ་འགྲོ་བ་ཡོད་ན། །ནད་པ་དེ་ནད་སོས་པའི་མཚན་ཉིད་ཡིན་པར་ཤེས
་པར་བྱའོ། །འབྲུ་ནི་ནད་ལ་བྱའོ། །ལ་ལ་ནི་འབྲས་ལ་བྱའོ། །ཞེས་ཟེར་རོ། །བུ་རམ་ཤིང་ནི་བོན་ད་ལ་སོགས་པ་སྦོམ་ཕྲས་ཕྱེ་བའོ། །ཁྲེ་ནི་འབྲུའི་ཁྱད་པར་རོ། །ཆུས་སྐྱེས་ནི་པདྨ་ལ་སོགས་པའོ། །ཉ་དང་ཤ་ནི་གཉི་ག་རློན་པའོ། །ཁ་ཟས་ནི་ཟས་གང་ཡང་རུང
་ངོ། །རིན་པོ་ཆེ་ནི་བ?་ནུ?་ཕྱལ་སོགས་པའོ། །མིའི་གོ་འཕང་མཐོ་བ་ནི་ཤེས་རབ་དང། ཐོས་པ་དང། གཏོང་བ་དང། དཔེ་རྩལ་དང། རྒྱལ་པོས་བཀུར་བ་ལ་སོགས་པའོ། །ཉིན་རེ་ཞིང་འཕེལ་ཞིང་རྒྱས་པའི་སྐྱེས་བུ་མཐོང་ན་ཡང་ཤིས་པ་ཡིན་ནོ། །དེ་བཞིན་དུ
་གཟུགས་མཐོང་བ་དང། རྒྱལ་པོ་མཐོང་བ་དང། གོས་དཀར་པོ་གྱོན་པ་དང། སུ་མན་ལ་སོགས་པའི་མེ་ཏོག་དཀར་པོ་ཡང་ཤིས་པ་ཡིན་ནོ། །དམ་པ་ནི་ཆོས་དང་ལྡན་པའི་སྐྱེས་བུའོ། །གཙུག་ཏོར་ནི་མགོ་ལ་ཐོགས་པའོ། །རྟ་?་?་ནི
་ལྟའི་ཁང་པ་ལ་སོགས་པའི་མདུན་དུ་ཤིང་རྒྱན་ཆ་བསྒྲེང་པའོ། གཡུང་དྲུང་ནི་བཀྲ་ཤིས་ཞེས་པའི་མཚན་མའོ། །ཤིང་རྟ་ལེགས་པར་གང་བ་ནི་བཀྲ་ཤིས་པར་གནས་པའོ། །ཕྱུར?་གཅིག་བཏགས་པ་ནི་ར་ལ་སོགས་པའི་ཕྱུགས་གཅིག་རྟོད་པའོ། །གདུ་བུ
་ནི་རྒྱན་གྱིས་དམ་པའོ། །ཁྱུ་མཆོག་དང་བ་ལང་རྣམས་རྗེས་སུ་མཐུན་པའི་སྒྲ་སྒྲོགས་པ་ནི། ཁྲོས་ཤིང་འཁྲུག་པའི་སྒྲ་མ་ཡིན་པའི་སྒྲ་འདོན་པའོ། །ཡང་དེ་བཞིན་དུ་རི་དགས་ལ་སོགས་པ་ཡིད་དུ་འོང་བའི་སྐད་སྒྲོགས་པའི་ནི་བཀྲ་ཤིས་བ་སྨྲ་བའོ།
་གདུགས་ལ་སོགས་པ་བསྒྲེང་བ་ནི། གྱེན་དུ་འདེགས་པའོ། །བ་དན་ནི་རྣམ་པར་རྒྱལ་བའི་བ་དན་ནོ། །དེ་བཞིན་དུ་མངོན་པར་བསྟོད་པ་ནི་གང་རྒྱལ་པོ་ལ་སོགས་པའི་འཁོར་གྱི་ཚོགས་བཀྲ་ཤིས་སྨྲ་བ་ལ་སོགས་པའོ། །རྒྱལ་བར་གྱུར་ཅིག་རྒྱལ་བར
་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲ་བའི་སྒྲ་དང། རྫ་རྔ་ལ་སོགས་པའི་སྒྲ་གྲག་པ་དང། །དེ་བཞིན་དུ་བྲམ་ཟེ་རིག་བྱེད་འདོམ་པའི་སྒྲ་གྲག་པ་དང། དེ་བཞིན་དུ་རླུང་རྩུབ་ཅིང་རྡུལ་ཅན་མ་ཡིན་པ་བདེ་བ་བསྐྱེད་པ་དང་ལྡན་ཞིང་རྗེས་སུ་མཐུན
་པར་རྒྱུ་ཞིང་ལྡང་བ་སྟེ། དེ་དག་ཐམས་ཅད་མཐོང་བ་དང། རེག་པ་དང། སྨྲ་བའི་སྒྲ་སྒྲོགས་པས་བཀྲ་མི་ཤིས་པའི་རྣམ་པ་བསལ་ཞིང་སྤངས་ནས། ནད་གསོས་པ་ལ་སོགས་པའི་ཡོན་ཏན་གྱི་མཆོག་སྟོན་པ་ཡིན་ནོ། །ཚིག་གི་དོན
་གཞན་དག་ནི་གོ་བར་ཟད་དོ། །དེ་ལྟར་ཕོ་ཉ་དགེ་བཤད་ནས། དེ་འོག་རྨི་ལམ་བཤད་པར་བྱ་སྟེ། ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་རྫོགས་པའི་ཚིག་གོ་།ཕོ་ཉ་ནི་ཡ་མཚན་ཅན་ལ་སོགས་པའི་ཕོ་ཉའོ། །ཞོ་ལ་སོགས་པ་ནི
་ལྟས་དགེ་བ་སྟེ། དེ་དག་བཤད་ནས། དེའི་འོག་ཏུ་རྨི་ལམ་གྱི་མཚན་མ་དགེ་བ་དང་མི་དགེ་བ་སྟོན་པར་བྱེད་པ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ནོ། །རྨི་ལམ་ཤི་པའི་མི་རྣམས་དང། ལྷན་ཅིག་ཆང་འཐུང་ཁྱིམ་དྲངས་གང། །མི་དེ་རིམ་གྱིས་གཟུགས
་ཅན་གྱི། །འཆི་བདག་གིས་ནི་མྱུར་ཁྱེར་འགྱུར། །ཞེས་བྱ་བ་ལ། མི་གང་ཞིག་ལེགས་པར་གཉིད་ཀྱིས་ལོག་པར་རྨི་ལམ་དུ་སྔོན་ཆད་ཤི་བའི་མི་རྣམས་དང་ལྷན་ཅིག་ཏུ་ཆང་འཐུང་ཞིང་ཁྱིམ་དྲངས་ཤིང་དྲུད་པར་རྨིས་པའི་མི་གང་ཡིན་པ་དེ་ནི།
་རིང་པོ་མི་ཐིགས་པར་རིམས་ཀྱིས་གཟུགས་ཅན་གྱི་འཆི་བདག་གིས་ཁྱེར་ཞིང་དབང་དུ་འགྱུར་རོ། །ལུས་དང་གོས་དང་ཕྲེང་བ་དམར། །བུད་མེད་རྒོད་པས་དྲངས་རྨིས་གང། །དེ་ནི་ཁྲག་མཁྲིས་དག་གིས་འཆི། ཞེས་བྱ་བ་ལ། ཡང་མི་གང་ཞིག་ལུས
་ཀྱི་མདོག་དམར་བ་དང། ཕྲེང་བ་དམར་ཞིང་བུད་མེད་རྒོད་པས་དབང་མེད་པར་དྲངས་པར་རྨིས་ན་མི་དེ་ནི་ཁྲག་དང་མཁྲིས་པའི་འཆི་བདག་གིས་ཁྱེར་བར་འགྱུར་རོ། །མ་ཧེ་རྟ་ཕག་བོང་བུ་དང། །རྔ་མོ་ཞོན་ཏེ་ལྷོ་ཕྱོགས་འགྲོ། དེ་ནི་གཅོད་ཆེན་ནད་ཀྱིས
་འཆི། ཞེས་བྱ་བ་ལ། ཡང་མི་གང་ཞིག་མ་ཧེ་ལ་སོགས་པ་གང་ཡང་རུང་བ་ལ་ཞེན་ཏེ། ལྷོ་ཕྱོགས་གཤིན་རྗེའི་གནས་སུ་འགྲོ་ན། དེ་ནི་གཅོང་ཆེན་པོའི་འཆི་བདག་གིས་ཁྱེར་ཞིང་འཆི་བར་འགྱུར་རོ། །ལྕུག་མ་ཚེར་ཅན་འོད་མ་དང། ཏཱ་ལ
་སྙིང་པར་རྒྱས?་པ་རྨིས། །གང་ཡིན་དེ་ནི་སྐན་གྱིས་འཆི། །ཞེས་བྱ་བ་ལ། ཡང་མི་གང་ལྕུག་མ་ཚེར་མ་ཅན་སྙིང་པར་སྐྱེས་པ་རྨིས་པ་འམ། འོད་?་ཏཱ་ལའི་ཤིང་སྙིང་གར་སྐྱེས་པར་རྨིས་ན། སྐྲན་གྱི་གཟུགས་ཅན་གྱི་འཆི་བདག་འཆི་བར
་འགྱུར་གང?་ཞིག་མ་ནི་མི་འབད་ལ། སྦྱིན་བསྲེག་བྱེད་ཅིང་མར་གྱིས་བསྐུས། །གཙེར་བུ་འདུག་དང་པདྨ་ནི། །སྙིང་གར་བྱུང་རྨིས་མཛེ་ཡིས་འཆི། ཞེས་བྱ་བ་ལ་ཡང་མི་གང་ཞིག་མེ་མི་འབད་བ་སྟེ། མེ་ལྕེ་མེད་པ་ལ་སྦྱིན་སྲེག་བྱེད་པར་རྨི
་བ་དང། མར་གྱིས་ལུས་བསྐུས་ཤིང་གཙེར་བུར་འདུག་ལ། པདྨ་སྙིང་ག་ནས་བྱུང་ཞིང་སྐྱེས་པར་རྨིས་ན། དེ་མཛེ་ནད་ཀྱིས་འཆི་བའི་དུས་བྱེད་པར་འགྱུར་རོ། །གང་ཞིག་སྨེ་ཤ་ཅན་ལྷན་ཅིག་།སྣུམ་མང་འཐུང་བར་རྨིས་པ་དེ། །གཅིན་ནད
་ཀྱིས་ནི་འཆི་བར་འགྱུར། ཞེས་བྱ་བ་ལ། ཡང་མི་གང་ཞིག་རིགས་ངན་སྨེ་ཤ་ཅན་གྱི་རིགས་དང། ལྷན་ཅིག་མར་དང། ཏིལ་མར་ལ་སོགས་པའི་སྣུམ་མང་པ་འཐུངས་བར་རྨིས་ན། དེ་གཅིན་ནད་ཀྱིས་གཟུགས་ཅན་གྱི་འཆི་བདག་གིས་གཞན་དབང
་དུ་བྱས་པར་འགྱུར་རོ། །སྲིན་བུ་ལྷན་ཅིག་གར་བྱེད་ཅིང། །ཆུ་ལ་བྱིད་རྨིས་སྨྱོ་བྱེད་འཛིན། ཞེས་བྱ་བ་ལ། ཡང་མི་གང་ཞིག་སྲིན་པོ་རྣམས་དང། ལྷན་ཅིག་གར་གྱི་བྱ་བ་བྱེད་ཅིང། ཆུ་ལ་ནུབ་པ་རྨིས་ན་སྨྱོ་བྱེད་ཀྱི་གཟུགས་ཅན་གྱི་འཆི་བདག་གིས་ཕྱིར?
་བར་འགྱུར་རོ། །ར་རོ་གར་བྱེད་ཤི་བ་ཡི། །མིས་ཁྱེར་རྨིས་པ་བརྗེད་བྱེད་འཛིན་ཞེས་བྱ་བ་ལ་ཡང་གང་ཞིག་རྨི་ལམ་གྱི་ནང་དུ་ར་རོ་ཞིང་གར་བྱེད་ལ་འཆི་བའི་མས་ཁྱེར་ཞིང་ཁྲིད་པར་རྨིས་པ་དེ་བརྗེད་བྱེད་ཀྱི་གདོན་གྱིས་གཟུང་ནས་འཆི་བར་འགྱུར་རོ།།
་བོང་བུ་རྔ་མོ་བྱི་ལ་སྤྲེའུ་དང་སེང་གེ་སྟག་དང་ཁང་དག་དང། ཝ་འམ་མི་རོ་ལ་ཞོན་རྨིས། །དེ་ནི་འཆི་བདག་ཁར་སོང་ཡིན། །ཞེས་བྱ་བ་ལ། ཡང་མི་གང་ཞིག་རྨི་ལམ་དུ་བོང་བུ་ལ་སོགས་པ་ལ་ཞོན་པ་རྨིས་པ་དེ་ནི་འཆི་བདག་གི་ཁའི་ནང་དུ་སོན་ཅིང
་ཆུད་པ་ཡིན་ནོ། །སྣུམ་ཁུར་ཤ་ཁུ་ལི་ཟོས་རྨིས། །སད་ནས་དེ་འདྲ་སློན་གྱུར་པ། །གང་ཡིན་དེ་ནི་འཚོ་མི་འགྱུར། །ཞེས་བྱ་བ་ལ། ཡང་གང་གི་རྨི་ལམ་དུ་སྣུམ་ཁུར་ལ་སོགས་པ་ཟོས་པ་རྨིས་ནས། སད་པའི་འོག་ཏུ་ཡང་སྣུ་མ་ཁུར་ལ་སོགས་པ
་དེ་འདྲ་རློན་པར་གྱུར་ན་དེ་འཆི་བར་འགྱུར་རོ། །ཉིན་ཟླ་གཟས་ཟིན་རྨིས་མིག་ན། །ཉི་མ་ཟླ་པ་ལྟུང་བ་ཡི། །རྨི་ལམ་མཐོང་ན་ལོང་བར་འགྱུར། ཞེས་བྱ་བ་ལ། ཡང་གང་གི་རྨི་ལམ་དུ་ཉི་མ་དང་ཟླ་བ་གཟས་གཟུང་ཞིང་དམར་བ་རྨིས་ན། དེ་མིག་ནང
་ནད་ཀྱིས་བཏབ་པར་འགྱུར་རོ། །ཡང་ཉི་མ་དང་ཟླ་བ་དེ་ཉིད་ས་ལ་ལྟུང་བ་རྨི་ལམ་དུ་མཐོང་བར་འགྱུར་ན། དེ་གཏན་དུ་ལོང་བར་འགྱུར་ཞིང་མཐོང་བ་ཉམས་པར་འགྱུར་རོ། །སྤྱི་བོར་འོད་མའི་ལྕུག་སོགས་སྐྱེས། །དེ་བཞིན་བྱ་རོག་ཚང་འཆའ་དང། །མགོ་བོ་ཆད་པར
་རྨིས་པ་དང། །ཁྭ་དང་བྱ་རོག་སོགས་ཀྱིས་བསྐོང། ཞེས་བྱ་བ་ལ། གང་དག་གི་རྨི་ལམ་དུ་འོད་མ་ལ་སོགས་པའི་ཤིང་གི་ལྕུག་མ་སྐྱེས་པ་ནས་བྱ་རོག་དང་འུག་པ་ལ་སོགས་པའི་སྲོག་ཆགས་ཀྱི་བསྐོང་བའི་བར་དེ་དག་ཀྱང་མི་འཚོའོ། །དེ་བཞིན་ཡི་དགས་ཤ
་ཟ་མོ། །བྱད་མ་སྨེ་ཤ་ཅན་གྱིས་བསྐོར། ཞེས་བྱ་བ་ལ། དེ་བཞིན་ཡི་དགས་ནས་སྨེ་ཤ་ཅན་གྱིས་བསྐོར་བ་ཡང་མི་འཚོའོ། །འོད་མའི་ཚལ་དང་ཚེར་མ་དང། རྩཝ་ཡི་ཚང་ཚིང་ནང་དུ་ཆུད། ཅེས་བྱ་བ་ལ། འོད་སའི་ཚལ་ལ་སོགས་པའི་ཚང་ཚིང་ཤིན
་ཏུ་འོང་མའི་ནང་དུ་ཆུད་ཅིང་ཉམ་ཐག་པར་རྨིས་པ་ཡང་མི་འཚོའོ། །གཡང་ས་ལྷུང་དང་དུར་ཁྲོད་ཉལ། ཕྱག་དར་ཐལ་བའི་ནང་དུ་ལྷུང། །ཞེས་བྱ་བ་ལ་ཡང་སའི་དུར་ཁྲོད་དུ་ལྟུང་བ་དང། དུར་ཁྲོད་དང་དུར་སའི་ནང་དུ་ཉལ་བར་རྨིས་པ་དང། ཕྱག་དར
་རམ?་ཐལ་བའི་ཕུང་པོའི་ནང་དུ་ལྷུང་བར་རྨིས་པ་དེ་ཡང་མི་འཚོའོ། །ཆུ་དང་འགྲམ་ལ་སོགས་པར་ནུབ། །ཆུ་རྒྱུན་གྱིས་ནི་མྱུར་དུ་ཁྱེར། ཞེས་བྱ་བ་ལ། ཡང་མི་གང་ཞིག་ཆུ་ལ་སོགས་པའི་ནང་དུ་ནུབ་ཅིང་བྱིང་བ་འམ། ཆུ་རྒྱུན་འབབ་པའི
་ཤུགས་ཀྱིས་མྱུར་དུ་ཁྱེར་བར་མིན་དེ་ཡང་མི་འཚོའོ?། །གླུ་གར་དང་ནི་རོལ་མོ་དང། །གོས་དང་ཕྲེང་བ་དམར་པོ་འཆང། །ཞེས་བྱ་བ་ལ། ནད་པའི་རྨི་ལམ་དུ་གླུ་ལེན་པ་ལ་སོགས་པར་རྨི་ཞིང་གོས་ལ་སོགས་པ་དམར་ངོ། འཆང་བ་ཡང་མི་ཤིས
་ཏེ་འཆི་བར་འགྱུར་བ་ཡིན་ནོ། །ལུས་འཕེལ་ན་ཚོད་རྒས་པ་དང། །བག་མ་ལེན་ཅིང་ཁ་སྤུ་འདྲེག་།ཅེས་བྱ་བ་ལ། ཡང་རྨི་ལམ་དུ་ལུས་ཀྱི་ཡན་ལག་འཕེལ་བ་དང། ན་ཚོད་རྒས་པ་དང། བག་མ་ལེན་ཅིང་འདུས་པ་དང། སྐྲ་དང་ཁ་སྤུ་འདྲེག་པ་རྨི་པ
་ཡང་མི་ཤིས་པ་ཡིན་ནོ། །ཟས་བཙོས་སྣུམ་ཟ་ཚང་འཐུང་དང། །སྐྱུགས་དང་ཁྲུ་བ་རྨི་བ་དང། ཞེས་བྱ་བ་ལ། ཡང་དེ་བཞིན་དུ་ཁ་ཟས་བཙོས་པ་དང། སྣུམ་བག་ཟ་བ་དང། ཆང་མང་དུ་འཐུངས་བ་དང། སྐྱུག་པ་དང། འཁྲུ་བ་རྨི་བ་ཡང་མི་ཤེས
་པ་ཡིན་ནོ། །ལྕགས་དང་གསེར་དག་རྙེད་པ་དང། །བཙོངས་དང་རྩོད་ལ་ཕན་པ་དང། ཞེས་བྱ་བ་ལ། རྨི་ལམ་དུ་ལྕགས་དང་གསེར་གཉིས་རྙེད་པ་དང། བཙོངས་བ་དང། རྩོད་ཅིང་འཐབ་པ་ལས་ཕམ?་པར་འགྱུར་པ་རྨིས་ན་ཡང་མི་དགེའོ། །འཆིལ
་ལྷམ་གཉིས་ནི་སྟོར་བ་དང། རྐང་བགས་ལྷུང་བ་རྨི་བ་དང། ཞེས་བྱ་བ་ལ། ལྷམ་མ་མ་མཆིལ་ལྷམ་གཉིས་སྟོར་པ་རྨིས་པ་འམ། དེ་བཞིན་དུ་རྐང་བ་གཉིས་ཀྱི་ལག་པ་ས་ལ་ལྷུང་བར་རྨི་བ་ཡང་མི་དགེ་བ་ཡིན་ནོ། །ཤིན་ཏུ་དགའ་དང་རབ་ཁྲོས
་པའི། །ཤི་བའི་གཉེན་གྱི་སྤྱོས་པ་དང། ཞེས་བྱ་བ་ལ། རྨི་ལམ་དུ་ཤིན་ཏུ་དགའ་ཞིང་རངས་པ་དང། རབ་ཏུ་ཁྲོས་ཤིང་འཁྲུགས་པའི་སྔོན་ཆད་ཤི་བའི་ཉེ་དུ་ཕ་མ་ལ་སོགས་པ་ཡིས་སྤྱོས་པར་རྨིས་པ་ཡང་མི་དགེའོ། །མར་མེ་གཟའ་དང
་སྐར་མ་དང། །སོ་མིག་ལྷའི་གཟུགས་རྣམས་ནི། །ལྷུང་བ་འམ་འཇིག་པ་རྨིས་པ་འམ། རི་བོ་རལ་བར་གྱུར་པ་དང། ཞེས་བྱ་བ་ལ། རྨི་ལམ་གྱི་ནང་དུ་མར་མེ་ལ་སོགས་པ་ལྷུང་ཞིང་འགྱེལ་བ་འམ། འཇིག་ཅིང་བརླག་བར་རྨིས་པ
་ཡང་ཤིན་ཏུ་མི་དགེ་བ་ཡིན་ནོ། །དེ་བཞིན་རི་བེ་རལ་ཞིང་འཇིག་པ་རྨིས་པ་ཡང་མི་ཤེས་པ་ཡིན་ནོ། །ནགས་ཚལ་འབར་བའི་ནང་དང་ནི། །སྡིག་ཅན་ཁྱིམ་དུ་འཇུག་པ་དང། །རོ་བསྲེགས་པ་དང་མུན་པར་ཞུགས། །མ་ཡི་མངལ་དུ་ཞུགས
་པ་དང། ཞེས་བྱ་བ་ལ། ནགས་ཚལ་མེ་ཏོག་དམར་བའི་ནང་དུ་འཇུག་པ་དང། །དེ་བཞིན་དུ་རྐུན་པོ་ལ་སོགས་པ་སྡིག་ཅན་གྱི་ཁྱིམ་དུ་འཇུག་པ་དང། དེ་བཞིན་དུ་རོ་བསྲེགས་པའི་གནས་དང། མུན་པར་ཞུགས་ཅིང་ཆུད་པ་དང། མེའི?
་མངལ?་དུ་སླར་ཞུགས་ཤིང་གནས་པར་རྨིས་པ་ཡང་རྨི་ལམ་མི་དགེ་བ་ཡིན་ནོ། །བྲག?་དང་ཁང་པ་ས་ལྷུང་དང། །དེ་བཞིན་ཉ་ཡིས་མིང་པ་དང་ཞེས་བྱ་བ་ལ། བྲག་གི་རྩེ་དང་ཁང་པ་རྩེགས་མ་དང། གཞན་ཡང་དེ་ལྟ་བུའི་གནས་མཐོན་པོ་ནས་ལྷུང་བ་རྨིས་པ་དང།
་དེ་བཞིན་དུ་ཉུང?་མིང་ཅིང། ཟོས་པ་རྨིས་པ་ཡང་ཤིས་པ་མ་ཡིན་ནོ། །ཆོས་གོས་གྱོན་པའི་མི་སྲུན་དང། །གཅེར་བུ་པ་དང་དབྱུག་ཐོགས་དང། །མིག་དམར་བ་ཁ་དོག་གནག་པ་དང། །མཐོང་བ་ནམ་ཡང་ཤིས་མ་ཡིན་ཞེས་བྱ་བ་ལ། གོས་ཚོན་ཅན་གྱོན
་པ་དང། གཟུགས་ཤིན་ཏུ་མི་སྡུག་པ་དང། མི་སྲུན་པར་སྟོན་པ་དང། གཅེར་བུ་གོས་མེད་པ་དང། ལག་ན་དབྱུག་པ་ཐོགས་པ་དང། སྐྱེས་བུ་མིག་དམར་ཞིང་ཁ་དོག་ཤིན་ཏུ་གནག་པའི་གཟུག་རྨི་ལམ་མཐོང་བ་སྟེ། དེ་དག་ནི་ནམ་ཡང་བཀྲ
་ཤིས་ཤིང་དགེ་བར་འགྱུར་བ་མ་ཡིན་ནོ། །བུད་མེད་སྡིག་ཅན་གདོང་ནག་དང། །སྐྲ་དང་སེན་མོ་ནུ་མ་རིང། །གོས་དང་ཕྲེང་བ་དམར་པོ་ཐོགས། །རྨིས་བ་དུས་མཚན་ཡིན་པར་འདོད། །ཅེས་བྱ་བ་ལ། རྨི་ལམ་གྱི་ནང་དུ་བུད་མེད་སྡིག་ཅན་མི་སྲུན་པའི
་བཞིན་རས་ཅན་སྣག་ཚ་ལྟར་གནག་པ། །སྐྲ་དང་སེན་མོ་དང་ནུ་མ་རིང་ཞིང་འཆང་བ། གོས་ལ་སོགས་པ་དམར་པོ་གྱོན་ཞིང་ཐོགས་པ་རྨི་ལམ་དུ་རྨིས་པ་ནི་དུས་མཚན་ཏེ། དེ་ན་གཤིན་རྗེའི་འཁོར་དུས་མཚན་ཞེས་བྱ་བ་ཡིན་པར་སློབ་དཔོན
་དག་འདོད་དོ། །ནད་ནི་སྟོབས་དང་ལྡན་པ་ཡིས། །ཡིད་འཇུག་བུ་ག་བཀག་པའི་ཕྱིར། །མི་བཟད་རྨི་ལམ་མཐོང་གྱུར་ཏེ། ནད་པ་འཆི་བར་འགྱུར་བ་ཡིན། །ནད་མེད་ཐེ་ཚོམ་བཅས་འགྱུར་ཞིང། འགའ་ཞིག་མཐར་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ།
་རླུང་དང་མཁྲིས་པ་བད་ཀན་གྱི་ནད་ཀྱི་དྲི་མ་སྟོབས་དང་ལྡན་ཞིང་ཤིན་ཏུ་ཤས་ཆ་བར་གྱུར་པས། ཡིད་ཅེས་བྱ་བ་སེམས་གང་དུ་འཇུག་ཅིང་རྒྱུ་བའི་བུ་གའི་རྒྱུན་སྲད་ནད་ཀྱིས་བཀག་ཅིང། གང་པའི་ཕྱིར་མི་བཟད་ཅིང་གནོད་པ་སྐྱེད་ལ། བཀྲ་མི་ཤིས
་པར་འགྱུར་བའི་རྨི་ལམ་མཐོང་བར་འགྱུར་ལ། དེ་ལྟ་བུ་གང་ཞིག་མཐོང་བ་དེས་ནད་ཀྱིས་ཉམ་ཐག་པའི་ནད་པ་ནི་འཆི་བར་འགྱུར་ལ། །གང་ཞིག་ནད་མེད་ཅིང་ཐ་མལ་པར་གནས་པས་རྨི་ལམ་དེ་ལྟ་བུ་མཐོང་བར་འགྱུར་ན། དུས
་གཞན་ཞིག་ན་ནད་ཀྱིས་བཏབ་ནས་འཆི་བ་གཏོལ་མེད་པའི་ཐེ་ཚོམ་དང་བཅས་པར་འགྱུར་ལ། དེ་བས་ཀྱང་འགའ་ཞིག་ནི་རྨི་ལམ་ངན་བཞི་བར་འགྱུར་བའི་རྒྱུ་བསྟེན་པའི་ཤུགས་ཀྱིས་འཆི་ལས་ཐར་པར་འགྱུར་ཞིང་འཚོ་བར་འགྱུར་བ་ཡིན་ནོ།།
་མཐོང་དང་ཐོས་དང་ཉམས་མྱོང་དང། །གསོལ་བ་བཏབ་དང་བཟློགས?་པ་དང། །འབྱུང་བར་གྱུར་དང་ནད་ལས་བྱུང། །རྨི་ལམ་རྣམ་པ་བདུན་དུ་བཤད། །ཅེས་བྱ་བ་ལ། རྨི་ལམ་གྱི་དབྱེ་བ་ནི་མཐོང་བ་ལ་སོགས་པའི་རྣམ་པས་རྣམ་པ་བདུན
་དུ་ཡོད་དེ། །དེ་ལ་མཐོང་བའི་རྨི་ལམ་ནི་གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་མིག་གིས་མཐོང་ཞིང་ཉམས་སུ་མྱོང་བ་དེ་རྨི་ལམ་གྱི་གནས་སྐབས་སུ་དེ་འདྲ་བའི་རྣམ་པར་རྨིས་ཤིང་མཐོང་བའོ། །ཐོས་པ་ནི་རྣ་བའི་དབང་པོས་སྒྲ་ཙམ་དུ
་ཐོས་པའོ། །ཉམས་སུ་མྱོང་བ་ནི་རིགས་པའི་ཚུལ་གྱིས་ཉམས་སུ་མྱོང་བའོ། །གསོལ་བ་བཏབ་པ་ནི་དོན་དུ་གཉེར་ཞིང་ཡིད་ལ་འདོད་པའི་དོན་གསོལ་བ་བཏབ་པའོ། །བརྟགས་པ་ཡིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ། བརྟགས་ཤིང་ཡིད་ལ་བྱེད
་པའོ། །འབྱུང་བར་འགྱུར་བ་ནི་ཕྱིས་ངེས་པར་འབྱུང་བར་འགྱུར་རོ། །ནད་ལས་བྱུང་བ་ནི་རླུང་དང། ཁྲིས་པ་དང་བད་ཀན་ལས་བྱུང་བར་གྱུར་པའོ། །དེ་ལས་དང་པོ་ལྔ་པོ་དང། རང་གི་རང་བཞིན་ཉིན་མོ་བརྗེད། །ཤིན་ཏུ་རིང་ཐུང་འབྲས་བུ་མེད།།
་ཆ་འདྲེས་པའི་རང་བཞིན་ཅན་ཞེས་བྱ་བ་ལ། རྨི་ལམ་དེ་དག་གི་ནད་ནས། དང་པོའི་རྨི་ལམ་ལྔ་པོ་མཐོང་བ་ལ་སོགས་པ་ལྔ་ནི་འབྲས་བུ་མེད་ཅིང་མི་བདེན་པ་ཡིན་ནོ། །དེ་བཞིན་དུ་རང་གི་རང་བཞིན་གྱི་ནད་གཞི་ལས་བྱུང་བ་དང་རྗེས་སུ
་མཐུན་བ་དེ་ཡང་འབྲས་བུ་མེད་པ་ཡིན་ཏེ། རླུང་གི་རང་བཞིན་ཅན་ལ་རླུང་གི་རང་བཞིན་དང་མཐུན་པ་རྨིས་པའི་རྨི་ལམ་དང། མཁྲིས་པའི་རང་བཞིན་ཅན་ལ། རླུང་གི་རང་བཞིན་དང། མཐུན་པ་རྨིས་པའི་རྨི་ལམ། མཁྲིས་པའི་རང་བཞིན་ཅན་ལ་མཁྲིས
་པ་དང་རྗེས་སུ་མཐུན་པའི་རྨི་ལམ་ནས། མ་འདྲས་པའི་རང་བཞིན་རྨི་ལམ་རྨིས་པ་ཡང་དོན་མེད་པ་ཡིན་ནོ། །དེ་བཞིན་དུ་ཉིན་མོ་རྨིས་པ་ཡང་རྨིས་ནས་བརྗེད་པ་དང། ཤིན་ཏུ་ཡུན་རིང་པ་དང། ཤིན་ཏུ་ཡུན་རིང་ཐུང་པ་ཡང་འབྲས་བུ་མེད་པ་ཡིན་ནོ།།
་མཚོན་སྟོང་རྨི་ལམ་འབྲས་བུ་རིང། །མཐོང་བ་ཆུང་ངུ་བྱེད་པ་ཡིན། ཞེས་བྱ་བ་ལ། མཚན་སྟོད་ཕྱེད་པ་ཡན་ཆད་རྨི་ལམ་རྨིས་པ་ནི། དེའི་འབྲས་བུ་ཐག་རིང་བ་ཡིན་ལ། མཐོང་བ་དེ་ཡང་ཤས་ཆུང་ཞིང་མཐོང་བ་ཞན་པ་ཡིན་ནོ། །ནང་པར་མཐོང
་དང་གཉིད་མ་ལོག་།མི་མཐུན་གཏམ་གྱིས་བར་མ་ཆོད། །དེ་ཡི་ཉིན་པར་འབྲས་ཆེན་འགྱུར་ཞེས་བྱ་བ་ལ། ནང་པར་བ་ལང་བཟས?་ལ་གཏོང་བའི་ཚེ། །རྨི་ལམ་མཐོང་བ་དེ་ནི། དེའི་ཉིན་པར་ཉིད་འབྲས་བུ་ཆེན་པོ་མཐོང་བ་ཡིན་ནོ། །ཡང་རྨི་ལམ
་དེ་མཐོང་ནས་གཉིད་ཀྱིས་མ་ལོག་ཅིང་རྨི་ལམ་གཞན་གྱིས་བར་མ་ཆོད་པ་དང། དེ་བཞིན་དུ་དེ་དང་མི་མཐུན་པའི་ཚིག་གིས་ཆོད་པར་མ་གྱུར་ན། དེ་དེའི་ཉིན་པར་མཐོང་ཞིང་འབྲས་བུ་དང་ཡང་བཅས་པ་ཡིན་ནོ། །སྦྱིན་དང་སྦྱིན་བསྲེག་ལ་སོགས
་ཀྱིས། །རྨི་ལམ་འབྲས་བུ་ཆུང་བར་འགྱུར། ཞེས་བྱ་བ་ལ། གལ་ཏེ་རྨི་ལམ་ངན་པ་ཞིག་རྨིས་ན་དེའི་རྗེས་ལ། དེ་ཞི་བར་བྱ་བའི་ཕྱིར་སྦྱིན་བསྲག་ལ་སོགས་པ་བྱས་ན། རྨི་ལམ་ངན་པ་དེ་འབྲས་བུ་ཆུང་བར་འགྱུར་རོ། །སོགས་བར་སྨོས་པས་ནི
་བརྟུལ་ཞུགས་དང་གཙང་སྦ?་དང་སེམས་ནང་དུ་འདུ་ཞིང་བསམ་གཏན་ལ་མཉམ་བར་འཇོག་པ་དང། ཏིང་ངེ་འཛིན་དང། བཀྲ་ཤིས་ཀྱི་ཆོ་ག་བྱས་པ་ལ་སོགས་པ་བསྡུའོ། །གང་ཞིག་རྨི་ལམ་ངན?་མཐོང་ནས། །སླར་ཡང་གནས་སྐབས་དེ་ཉིད་དུ།།
་རྨི་ལམ་བཟང་པོ་མཐོང་གྱུར་ན། །འབྲས་བུ་བཟང་པོ་ཉིད་ཐོབ་འགྱུར། ཞེས་བྱ་བ་ལ། གང་ཞིག་གིས་རྨི་ལམ་ངན་ཅིང་མི་དགེ་བ་མཐོང་ཞིང་རྨིས་ནས་ཡང་གནས་སྐབས་དེ་ཉིད་དུ་རྨི་ལམ་ངན་པའི་རྗེས་ལ། རྨི་ལམ་བཟང་ཤིང
་དགེ་བར་གྱུར་པ་མཐོང་ན། །སྐྱེས་བུ་དེས་འབྲས་བུ་བཟང་པོ་ཉིད་འཐོབ་པར་འགྱུར་གྱི། །རྨི་ལམ་ངན་པའི་དབང་དུ་མི་འགྱུར་རོ། །ལྷ་དང་བྲམ་ཟེ་ཁྱུ་མཆོག་དང། །བ་ལང་རྒྱལ་པོ་མཛའ་བ་ཤེས་གསོན། །སྐྱེས་བུ་དམ་པ་གྲགས་ལྡན་དང། །མེ་འབར
་བ་དང། དང་བའི་མཚོ། །བུ་མོ་ཁྱེའུ་སེར་བ་དང། །གོས་དཀར་གྱོན་ཞིང་མདངས་ལྡན་དང། །སྐྱེས་བུ་བཟའ་དང་ལུས་འབར་དང། །ཁྲག་གིས་ལུས་ཀུན་བྱུགས་པ་དང། གང་གིས་མཐོང་བར་གྱུར་པ་དང་ཞེས་བྱ་བ་ལ། ལྷ་ལ་སོགས་པའི་རྨི་ལམ
་བཟང་པོ་འདི་ལྟ་བུ་གང་གིས་མཐོང་བ་དེ་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་ཐོབ་པར་འགྱུར་རོ། །ལྷ་ནི་བརྒྱ་བྱིན་དང་ཆུ་ལྟ་ལ་སོགས་པའོ། །མཛའ་བ་ཤེས་ནི་མཛའ་བོ་སྟེ་དེ་ཡང་གསོན་པའོ། །སྐྱེས་བུ་དམ་པ་ནི་ཆོས་དང་ལྡན་པའི་དང་ཚུལ
་ཅན་??། །གྲགས་ལྡན་ནི་སྙན་པས་ཀུན་ཏུ་ཁྱབ་པའི་མིའོ། །མེ་འབར་བ་ནི་ཤིང་མང་པོ་དང་བཅས་ཤིང་འབར?་བའོ། །དང་བའི་མཚོ་ནི་རྙོག་པ་མེད་པའི་མཚོའོ། །བུ་མོ་དང་ཁྱེའུ་ནི་ན་ཚོད་དང་པོ་ལ་གནས་པ་སྟེ། དེ་ཡང་ཁ་དོག་སར་པ་དང། །གོས
་དཀར་པོ་གྱོན?་ཞིང་མདངས་དང་ལྡན་ཞིང་གཟུགས་བཟང་བའོ། །སྐྱེས་བུ་ཟབ?་ནི་མིའི་ཟས་ཟ་བའོ། །ལུས་དབང?་བ་ནི་ལུས་མེའི་ཕུང་པོ་ལྟར་འབར་བའོ། །ཁྲག་གི་ལུས་ཀུན་བསྒོས་པ་ཁྲག་གིས་བསྒོས་ཤིང་བྱུགས་པ་སྟེ། །དེ་ལྟ་བུའི་རྣམ
་པ་གང་གི་རྨི་ལམ་དུ་མཐོང་བ་དེ་ནི་དགེ་བ་ཡིན་ནོ། །གདུགས་སོགས་ཤ་རློན་མེ་ལོང་དུག་།སྣ་མ་དཀར་པོའི་གོས་དང་ནི། །མི་གཙང་གིས་བྱུགས་འབྲས་བུ་རྙེད། ཅེས་བྱ་བ་ལ། ཡང་སྐྱེས་བུ་གང་ཞིག་རྨི་ལམ་གྱི་ནང་དུ་གདུགས་ལ་སོགས
་པ་རྙེད་པ་རྨིས་པ་དེས་ཀྱང། །ཚེ་རིང་བ་ལ་སོགས་པ་ཐོབ་པར་འགྱུར་རོ། །དུག་ནི་ཧ་ལ་ཧ་ལ་འམ་བཅན་ལྔ་སོགས་པའོ། སྣ་མའི་མེ་ཏོག་དཀར་པོ་ནི་བར་བར་ན་ཁ་དོག་རྣམ་པ་བཞི་དང་ལྡན་པའོ། །མི་གཙང་པས་བྱུགས་པ་ནི་བཤད་པས་ལུས་ལ་བྱུགས
་པའོ། །འབྲས་བུ་ནི་ཨ་མྲའི་ཤིང་ཏོག་དང། སྐྱུ་རུ་ར་དང། སྟ་རྐའི་འབྲས་བུ་ལ་སོགས་པའོ། །རི་བོ་ཁང་བཟང་འབྲས་བཅས་ཤིང། །འཛེག་དང་སེང་གེ་གླང་ཆེན་རྨི། །རྟ་དང་བ་ལང་དག་ལ་ཞོན་ཞེས་བྱ་བ་ལ། རྨི་ལམ་དུ་རི་བོ་འཛེག་པ་ལ་སོགས་པ
་རྨིས་པ་ཡང་བདེ་བ་ཐོབ་པར་འགྱུར་རོ། །རི་བོ་ནི་བྲག་རིའོ། །ཁང་བཟང་ནི་ཁྱད་པ་རྩེག་མའི་སྟེང་ངོ། །འབྲས་བུ་དང་བཅས་པའི་ཤིང་ནི་ཤིང་ཏོག་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་དག་ལ་འཇོག?་པ་དང། ཆུ་བོ་ལ་སོགས་མཚོ་ཕྲན་རྒྱ་མཚོ་བརྒལ་ཞེས་བྱ་བ
་ལ། ཡང་མི་གང་ཞིག་རྨི་ལམ་དུ་ཆུ་བོ་ལ་སོགས་པ་ལ་བརྒལ་ཞིང་ཐར་པར་རྨིས་པ་དེ་ཡང་བདེ་བ་ཐོབ་པར་འགྱུར་རོ། །ཤར་དང་བྱང་དུ་འགྲོ་བ་དང། བགྲོད་མིན་བགྲོད་དང་ཤིང་བ་དང། ཞེས་བྱ་བ་ལ་ཡང་མི་གང་ཤར་རམ་བྱང་གི་ལམ་དུ་རྨི་ལམ་དུ་འགྲོ
་བ་རྨི?་བ་དང། བགྲོད་མིན་འགྲོང་བ་སྟེ། རང་དང་རིས་མི་མཐུན་པ་འམ། གདོལ་བ་ལ་སོགས་པ་ལ་སྤྱོད་པ་རྨིས་པ་དང། བདག་ཉིད་ཤི་བར་རྨི་བ་དེ་ཡང་ཚེ་རིང་བ་ལ་སོགས་ཐོང་བར་འགྱུར་རོ། །ཉམ་པ་ལས་ཐར་ལྷ་རྣམས་དང། ཕ་མས?་མངོན་པར་བསྟོད
་པ་དང། །དུ་དང་ལྷུང་ལས་ལྡང་པ་དང། །དགྲ་བོ་ཕམ་པར་བྱས་པ་དག། གང་རྨིས་ཚེ་རིང་ནད་མེད་དང། ནོར་མད་པོ་ནི་རྙེད་པར་འགྱུར། ཞེས་བྱ་བ་ལ། ཡང་གང་ཞིག་ཉམ་ང་ཞིང་དོགས་པའི་གནས་ལས་ཐར་ཞིང་བྱུང་བ་དང། དེ་བཞིན་དུ་ལྷ་དང་ཕ་མ་ལ་སོགས
་བས་རྨི་ལམ་གྱི་ནང་དུ་བསྟོད་པ་དང། །བཀུར་བ་རྨི་བ་དང། ཡང་གང་ཞིག་དུ་ཞིང་མཆི་མ་འབྱིན་པ་དང། དེ་བཞིན་དུ་ས་ལ་ལྟུང་ཞིང་འགྱེལ་བ་ལས་ལྡང་བ་དང། དེ་བཞིན་དུ་ལྡང་བར་སེམས་པའི་དགྲ་བོ་ཕམ་པར་བྱས་པའི་རྨི་ལམ་སྐྱེས་བུ་དང་ཞིག
་རྨིས་པར་བྱས་པ་དེ་ཚེ་སྟེ་སྲོག་གནས་པ་དང། ནད་མེད་པ་སྟེ་བདེ་བར་གནས་པ་དང། ནོར་དང་འབྱོར་པ་མང་པོ་རྙེད་ཅིང་ཐོབ་པར་འགྱུར་རོ། །དེ་བཞིན་ནད་པའི་གཡོག་འཁོར་ནི། བཀྲ་ཤིས་ཆོ་ག་ཕུན་སུམ་ཚོགས། །དད་ལྡན་རྗེས་སུ་མཐུན་པ
་དང། །ནོར་མང་བསྡུས་པར་འགྱུར་པ་དང། །སྙིང་སྟོབས་མཚན་ཉིད་དང་ལྡན་ཞིང། སྨན་པ་བྲམ་ཟེ་སོགས་ལ་གུས། །གསོ་དབྱད་རྣམས་ལ་སྐྱོ་བ་མེད། །དེ་ནི་ནད་མེད་མཚན་ཉིད་དོ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་ཉིད་དུ་དང། ཆུང་མ་དང་བྲན་ལ་སོགས་པའི
་གཡོག་འཁོར་ཡོན་ཏན་དང་ལྡན་པ་དང། བཀྲ་ཤིས་ཤིང་དམ་པའི་སྤྱོད་པའི་ཆོ་གའི་རྗེས་སུ་མཐུན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དང། ནད་པ་དང་ལྡན་ཞིང་སྨན་དཔྱད་བྱས་པས། དེའི་ནད་ལེགས་པར་སོས་སོ་ཞེས་ཡིད་ཆེས་པ
་དང་ལྡན་པ་དང། དེ་བཞིན་སྨན་པའི་མན་ངག་དང་རྗེས་སུ་མཐུན་པར་བྱེད་ཅིང་གུས་པ་དང། དེ་བཞིན་དུ་ནོར་མང་དུ་བསྡུས་ཤིང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ་དང། སྙིང་སྟོབས་ཀྱི་མཚན་ཉིད་གཙང་སྒྲ?་དང། ཡོད་པར་ལྟ་བ་ལ་སོགས་པ་དང
་ལྡན་པ་དང། དེ་བཞིན་དུ་སྨན་པ་དང། བྲམ་ཟེ་ལ་སོགས་པ་ལ་འང་གུས་ཤིང་འདུད་པ་དང། དེ་བཞིན་དུ་གསོ་དཔྱད་ཀྱི་སྦྱོར་བ་སྨན་བཏུང་བ་ལ་སོགས་པ་ལ་སྐྱོ་ཞིང་སྤྱིད་ལུག་པ་མད?་པ་སྟེ། འཁོར་དང་རང་གི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་གང་ཡིན
་པ་དེ་ནི་ནད་མེད་ཅིང་བདེ་བ་ཉིད་དུ་འགྱུར་བའི་མཚན་ཉིད་དང་རྟགས་ཡིན་ནོ། །རྟག་ཏུ་ཤིས་པ་སྡུད་པ་དང། བཀྲ་མི་ཤེས་པ་རྣམ་པར་སློང། །འདི་དག་དེ་ཉིད་མཐོང་བ་ཡིས། །དྲང་སྲོང་རྣམས་ཀྱིས་ཤིས་པར་བཤད། ཅེས་བྱ་བ་ལ་ཡང
་དུས་རྟག་ཏུ་བཀྲ་ཤིས་པར་འགྱུར་བའི་དངོས་པོ་སྡུད་ཅིང་ཉེ་བར་བསགས་པ་དང། བཀྲ་མི་ཤིས་པའི་དངོས་པོ་ཉེ་བར་སྤྱོད་པའི་མཚན་ཉིད་ཐམས་ཅད་རྣམ་པར་སྤོང་ཞིང་འདོར་བར་འགྱུར་བ་སྟེ། སྡུད་པ་དང་སྤོང་བ་འདི་དག་ནི་དེ་ཁོ་ན་ཉིད་མཐོང་ཞིང
་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ཀྱིས་བཀྲ་ཤིས་ཤིང་དགེ་བར་འགྱུར་བར་བཤད་པ་དེས་ཀྱང་ནད་མེད་པའི་མཚན་ཉིད་དུ་བཤད་དོ། །དེ་ལྟར་འདི་ནི་སྐྱེ་དང་འཆི། །མཚན་ཉིད་གང་ཕྱིར་བཤད་པས་ན། དེ་ཕྱིར་ལུས་ཀྱི་གནས་ཡིན་པས། །འདི་ནི?
་ལུས་ཀྱི་གནས་སུ་བཤད། ཅེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་རྫོགས་པ་སྟེ། ལུས་ཀྱི་གནས་འདིར་ལུས་དེའི་སྐྱེ་དང་འཆི་བའི་མཚན་ཉིད་གང་དག་ཡིན་པ་གང་གི་ཕྱིར་བཤད་ཅིང་བསྟན་པས་ན། རྒྱུ་དེའི་ཕྱིར་ལུས་ཀྱི་གནས་ཀྱི་སྐྱེ་བ་དང་འཆི་བ
་ཡིན་པས། གནས་འདི་ནི་ལུས་ཀྱི་གནས་ཡིན་ནོ་ཞེས་བཤད་ཅིང་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལ། ལུས་ཀྱི
་གནས་ཀྱི་ལེའུ་དྲུག་པའི་རྣམ་པར་འགྲེལ་པ་སྟེ།། །།ལུས་ཀྱི་གནས་ཏེ་གཉིས་པའི་འགྲེལ་པ་རྫོགས་སོ།། །།དེ་ནས་ཐམས་ཅད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ
་གོང་དུ་ནི་ལུས་ཐམས་ཅད་བཤད་པ་ཡིན་ལ། དེ་ལ་ནི་རིམས་ལ་སོགས་པའི་ནད་ཐམས་ཅད་འབྱུང་བར་འགྱུར་པས། དེ་རྣམས་པར་འཇིག་པའི་ནད་གཞིའི་གནས་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །ནད་ཀྱང་ཡིན་ལ
་ཐམས་ཅད་ཀྱང་ཡིན་པས་ན་ནད་ཐམས་ཅད་དོ། །རྒྱུ་གང་གིས་ངེས་པར་འབྱིན་ཅིང་སྐྱེད་ལ། འབྱུང་བར་འགྱུར་བ་ནི་ནད་གཞི་སྟེ། དེ་ལྟ་རྣ་ནད་ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་བཤད་པར་བྱའོ། །ཞེས་པའོ། །དེ་ནས་རྒྱུན
་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ལ་སོགས་པའི་སྒྲ་ཡང། ནད་དང་སི?་ག་པ་རིམ་གནོད་བྱེད། །འགྱུར་བྱེད་སྡུག་བསྔལ་མ་ཞུའི་སྐྱོན། །ཟས་བྱེད་འཚོ་དཀའ་འཁུན་གནོད་སྐྱེད། །མིང་གི
་རྣམ་གྲངས་སྒྲས་བཤད་དོ། །ཞེས་བྱ་བ་ལ། ནད་ལ་སོགས་པའི་སྒྲ་ནི་གཅིག་གཅིག་བཤད་པའི་རྣམ་གྲངས་ཚིག་དོན་གཅིག་སྟོན་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ནད་ཅེས་བྱ་ཞེ་ན། སྡིག་པ་ལ་སོགས་པའི་མིང་གི་རྣམ་པས་སྡུག་བསྔལ
་བ་ལ་སོགས་པའི་དོན་གྱིས་ན་ནད་ཅེས་བྱའོ། །ནད་གཞི་སྔར་བྱུང་ཚུལ་དང་ནི། །དེ་བཞིན་ཚུལ་ཕྱེད་གོམ་བྱེད་དང། །དཀྱིལ་འགྱུར་ཤེས་པར་བྱེད་བ་སྟེ། །ནད་ནི་རྣམ་པ་སྔར་ཤེས་བྱ། །ཞེས་བྱ་བ་ལ། ནད་རྣམས་ཀྱི་ཚུལ་ནི། ནད་གཞི་ལས་དཀྱིལ་དུ་གྱུར
་པའི་བར་དུ་རྣམ་བ་ལྔར?་ཤེས་ཤིང་རྟོགས་པར་བྱའོ། །དེ་དག་གི་ཚུལ་ཡང་ཇི་ལྟ་བུ་ཞེ་ན། གཞི་དང་རྒྱུ་དང་སྐྱེ་མཆེད་དང། །རྐྱེན་དང་སློང་བར་བྱེད་པའི་རྒྱུ། །རྣམ་གྲངས་ཀྱིས་ནི་ནད་གཞིར་བཤད། ཅེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཀྱི་སྒྲ་འདི་དག་གི
་དང་པོ་ནད་གཞི་ནི་མཚན་ཉིད་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་ཅིང་བསྟན་པ་ཡིན་ནོ། །གང་གིས་སྔར་བྱུང་ཚུལ་བཤད་པ། །ནད་ནི་འབྱུང་བར་འདོད་འགྱུར་ལ། །བྱེ་བྲག་ཕྱེད་བར་མ་གྱུར་བ། །ནད་ཀྱི་ཚུལ་ནི་ཅི་བཞིན་པར། །ཆུང་ཕྱིར་མཚན་ཉིད་མི་གསལ
་པའོ། །ཞེས་བྱ་བ་ལ། སྔར་བྱུང་བའི་ཚུལ་ལམ་རྟགས་གང་གིས་ནད་ཀྱི་སྔར་བྱུང་བའི་ཚུལ་ཤེས་ཤིང་རྟོགས་པར་འགྱུར་པའི་ནི་ནད་འབྱུང་ཞིང་ཕྱིས་མི་ལྡང་པར་ནི་འདོད་པར་འགྱུར་ལ། ནད་རླུང་ལ་སོགས་པའི་ནད་ཀྱི་བྱེ་བྲག་ཕྱེད་ཅིང་གསལ་བར་མ་གྱུར
་ལ། རིམས་ལ་སོགས་པའི་ནད་ཀྱི་ཚུལ་ཕྱིས་ཇི་ལྟ་བར་འབྱུང་བའི་མཚན་ཉིད་ཇི་ལྟ་བ་བཞིན་དུ། །དེའི་རྟགས་དང་མཚན་ཉིད་མི་གསལ་ཞིང་མངོན་དུ་མི་སྣང་བ་དེ་ནི་སྟར་བྱུང་བའི་ཚུལ་ཞེས་བྱའོ། །དེ་ཉིད་གསལ་བ་ཉིད་གྱུར་བ། །ཚུལ་ཕྱེད་བ་ཞེས་བྱ་བར
་བཤད། །ཅེས་བྱ་བ་ལ། སྔར་བྱུང་བའི་ཚུལ་དེ་ཉིད་གསལ་ཞིང་བྱེ་བྲག་བྱེད་པར་གྱུར་པ་ལ་ནི། ནད་ཀྱི་ཚུལ་ཕྱེད་བར་ཞེས་བྱ་བར་བཤད་དོ། །དབྱིབས་དང་གསལ་མངོན་རྟོགས་དང་ནི། །མཚན་ཉིད་མཚན་མ་རྣམས་ཡིན་ནོ། ཞེས་བྱ་བ་ལ། ནད་ཀྱི
་ཚུལ་ཕྱེད་བ་དེའི་མིང་ནི་རྣམ་གྲངས་སྒྲའི་ཚུལ་གཞན་གྱིས་བསྟན་པ་ནི། །དབྱིབས་དང་གསལ་བ་ལ་སོགས་པའོ། །རྒྱུ་དང་ན་དང་མི་མཐུན་ཞིང། །མི་མཐུན་པའི་དོན་བྱེད་པའི། །སྨན་དང་ཟས་དང་སྤྱོད་ལམ་རྣམས། །ཉེ་བར་བསྒྱུར་པས་བདེར?་འགྱུར?་??
་རྟས་བྱེད་པར་ཤས་བྱ་སྟེ། དེ་ནི་གོམས་པ་ཞེས་བྱར་བཤད་ཅེས་བྱ་བ་ལ། གོམས་ཤིང་རྟེན་བར་བྱེད་པ་ན་གོམས་པ་སྟེ། ཉེ་བར་བསྒྱུར་བའི་གང་གིས་ལུས་བདེ་བར་འགྱུར་བ་དེ་ལ། དྲང་སྲོང་རྣམས་ཀྱིས་གོམས་པ་ཞེས་བྱ་བར་བཤད་དོ། །གང་གི་ཉེ་བར་སྦྱར
་པ་གོམས་པ་ཞེས་སྨན་ལ་སོགས་པ་སྟེ་སྨན་ནི་ཨ་རུ་ར་དང། སླེ་ཏྲེས་ལ་སོགས་པའོ། །ཟས་ནི་སཱ་ལུ་རྩ་སྣར་ལ་སོགས་པའོ། །སྤྱོད་ལམ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེ་བར་སྤྱོད་པའི་ཁྱད་པར་ཏེ་རྩོལ་བ་དང། གཉིད་མ་ལོག་པ་དང། གླུ་དང
་ཁ་ཏོན་འདོན་པ་དང་བསམ་གཏན་ལ་སོགས་པ་དང་ལྡན་པའོ། །དེ་དག་ཀྱང་རང་ཀྱི་རྒྱུ་དང་ནད་དང?་མི་མཐུན་པའི་དོན་བྱེད་ཅིང། ནད་གཞིར་འགྱུར་བའི་ཚུལ་ལས་གོ་བཟློག་པ་དང། དེ་བཞིན་དུ་ནད་ཀྱི་རྒྱུ་དེ་དང་མི་མཐུན་པའི་དོན་བྱེད་པའོ། །ནད་ཀྱི
་རྒྱུ་དང་མི་མཐུན་པར་བསྟེན་པ་ལ། རྒྱུ་དང་མི་མཐུན་པ་ནི་དཔེར་ན། རྟས་པར་བྱེད་པ་ལས་བྱུང་བའི་ནད་ལ་ཉམ་དམད་པ་དང། ཉམ་དམད?་པ་ལས་བྱུང་བ་ལ་རྟས་པར་བྱེད་པ་དང། རྩུབ་པ་ལས་བྱུང་བ་སྣུམ་པ་དང། སྣུམ་པ་ལས་བྱུང་བརྩུབ
་པར་བྱ་བ་དང། སྤྱོད་ལམ་མི་མཐུན་པའི་ནི། །གཉིད་ལོག་པ་ལས་བྱུང་བ་ལ་གཉིང་མ་ལོག་པར་བྱ་བ་དང། གཉིད་མ་ལོག་པ་ལས་བྱུང་བ་ལ། གཉིད་ལོག་པར་བྱ་བ་དང། འདུག་པ་ལས་བྱུང་བརྩོལ་བར་བྱ་བ་དང། རྩོལ་བ་ལས་བྱུང་བ་ལ། འདུག་པར
་བྱ་བ་སྟེ། དེ་དག་ལ་སོགས་པ་ནི་རྒྱུ་དང་མི་མཐུན་པའོ། །ནད་དང་མི་མཐུན་པ་ནི་དཔེར་ན། རིམས་ནད་ལ་གླ་སྒང་དང། བ་རྦ་ཏ་ལ་སོགས་བ་སྦྱིན་པ་དང། གཅིན་ནད་ལ་སྐྱེད་པ་དང་ནས་ཐུག་ལ་སོགས་པ་སྦྱིན་པ་ལྟ་བུ་དང། སྤྱོད་ལམ་ནི་སྣུམ
་གྱི་ཆོ་གའི་སྐབས་སུ་བཤད་པ་དང་འདྲ་བར་ཐམས་ཅད་གོ་བཟློག་པའོ། མི་མཐུན་པའི་བྱེད་པ་ནི་དཔེར་ན་ཆང་ལས་གྱུར་བའི་ནད་ལ་ཆང་ཉིད་བྱིན་ན། ཆང་ལས་བྱུང་བའི་ནད་ཉེ་བར་ཞི་བར་འགྱུར་ཞིང། སྨན་དུ་འགྱུར་བ་དང
་ཟས་ནི་དཔེར་ན་ནད་པས་འཁྲུ་བའི་ནད་ལ། ནས་དང་མཱ་ཥ་དང་རྒྱ་ནེའུ་ལ་སོགས་པ་ཕྱིན་པས་ཞི་བར་འགྱུར་བ་དང། སྤྱོད་ལམ་ནི་དཔེར་ན་མེས་ཚིག་པ་ལ་མེལ་བ་སྲོ?་བ་ཉིད་ཕན་པ་ལྟ་བུ་དང། གཞན་ཡང་དཔེར་ན་སྐྱུགས་པའི་ནད་ལ་སྐྱུགས་སྨན
་བཏང་བ་དང། །བཟས་ཀྱང་དེ་འབྱིན་པར་བྱེད་པས་སཱ་ལུ་ལ་སོགས་པ་བྱིན་པ་དང། སྤྱོད་ལམ་ནི་སོད་མོ་དང། ཨུཏཔ་ལའི་ཆུ་ལ་སོགས་པས་གློན་དུ་གཞུག་པ་ལྟ་བུ་དེ་ལ་ནི་ཉེ་བར་བསྒྱུར་བས་བདེ་བར་འགྱུར་བའི་གོམས་པ་ཞེས་བྱ་སྟེ། གང
་གི་ཕྱིར་དེ་ཉིད་གོམས་པ་ནི་ནད་ཞི་བར་བྱེད་པས་ན་གོམས་པ་ཞེས་བྱའོ། །དེ་ལ་བཟློག་པའི་མ་གོམས་ནད། མི་འཕྲོད་ནད་ཅེས་བྱའོ། །ཞེས་བྱ་བ་ལ། གོང་མ་དེ་ལས་བཟློག་པ་མ་གཏོག་བ་སྟེ། གོམས་པའི་མཚན་ཉིད་ཇི་སྐད་དུ
་བརྟན་བ་ཉིད་བར་བསྒྱུར་བ་དེ་དང་མི་མཐུན་པ་དང། སྨན་ལ་སོགས་པ་བསྟེན་པས་སྡུག་བསྔལ་ཐོབ་པར་འགྱུར་ཞིང་བཞི?་བ་ལས་ཉམས་པར་བྱེད་པ་དེ་ལ་ནི་མི་འཕྲོད་པ་ཞེས་བྱ་སྟེ། དེ་ཉིད་ནི་མ་གོམས་པའི་ནད་ཅེས་བྱའོ། །གང་གི་གནད
་ནི་དཀྱེལ?་གྱུར་བས། ཇི་བཞིན་རྗེས་སུ་འཕེལ་འགྱུར་ཞིང། །ནད་རྣམས་རྫོགས་ཤིང་མངོན་གྱུར་པ། སྐྱེས་ཤིང་འོངས་པར་དཀྱེལ་འགྱུར་ཡིན། ཞེས་བྱ་བ་ལ། རྣམ་པ་གང་གིས་རླུང་ལ་སོགས་པའི་ནད་དཀྱེལ་དུ་གྱུར་ཅིང་གསོགས་པ་དང
་ཇི་ལྟར་གཞན་དུ་རྗེས་སུ་འཕེལ་ཞིང་ཤས་ཆེར་སྐྱེས་པར་གྱུར་པས་ནད་ཀྱི་ཚུལ་ལམ་དབྱིབས་ཀྱི་ཁྱད་པར་སོ་སོར་སྐྱེས་ཤིང་ནད་རྣམས་རྫོགས་པར་གྱུར་ནས། མངོན་དུ་གྱུར་བ་དེ་ལ་ནི་དཀྱིལ་སྐྱེས་པ་ཞེས་བྱའོ། །ཡང་དེ་ཉིད་ནི་སྐྱེས་ཤིང
་འོངས་པ་ཞེས་ཀྱང་བྱ་སྟེ། དེ་ཉིད་མཐར་ཕྱིན་པ་ཡིན་པའི་ཕྱིར་རོ། །དེ་ནི་གྲངས་བརྟག་གཙོ་བོ་དང། །སྟོབས་དང་དུས་ཀྱིས་ཕྱེ་བ་ཡིན་ཞེས་བྱ་བ་ལ། དཀྱེལ་སྐྱེས་པ་ནི་གྲངས་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་གྱུར་ཡིན་ནོ། །གྲངས་ནི་ཇི་ལྟར་འདི་ཉིད་ལས། །རིམས?
་ནི་བརྒྱད་དུ་བཤད་བ་ཡིན། ཞེས་བྱ་བ་ལ། དབྱེ་བ་དེ་ཡང་ཇི་ལྟར་ན་ནད་གཞི་བསྟན་པ་འདི་ཉིད་ལས་རིམ་པ་རྣམ་པ་བརྒྱད་ཡོད་པར་བཤད་པ་ལྟ་བུའི་ར་ཞིག་གྲངས་ཀྱི་རྣམ་པ་བཤད་པ་ཡིན་ཏེ། དེ་ཡང་དེ་བཞིན་དུ་ཁྲག་དང་མཁྲིག་པ་ནི་རྣམ་པ་གསུམ?
་དང། ལུད་བ་ནི་རྣམ་པ་ལྔའོ། །ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཡིན་པར་ཤེས་པར་བྱའོ། །ནད་རྣམས་སྤྱིར་ནི་བསྡུས་པ་ལས། །ཆ་ཤས་དབྱེ་བ་བརྟག་པ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཐ་མི་དད་པ་སྤྱིར་གཅིག་ཏུ་བསྡུས་པ་ལས
་ཆ་ཤས་སུ་དབྱི་ཞིང་ཆ་རེ་རེ་བསྒོས་པ་ནི་བརྟག་པ་ཞེས་བྱའོ། །རང་དབང་གཞན་དབང་གཉིས་ལས་ནི། །ནད་རྣམས་གཙོ་བོར་བཤད་པ་ཡིན། ཞེས་བྱ་བ་ལ། རང་དང་གཞན་གྱི་དབང་དུ་ཞེས་བྱ་བ་རྗེས་སུ་འབྲེལ་པ་ཡོད་པ་དང། རྗེས་སུ་འབྲེལ་བ་མེད
་པའི་ཚུལ་རྣམ་པ་གཉིས་ལས་ནས་རྣམས་ལ་གཙོ་བོར་གྱུར་པ་ཞེས་བཤད་པ་ཡིན་ནོ། །རྒྱུ་སོགས་མ་ལུས་ཕྱོགས་གཅིག་ལས། །སྟོབས་ནི་ཆེ་ཆུང་ཤེས་པར་བྱ་ཞེས་བྱ་བ་ལ། ནད་ཀྱི་རྒྱུ་ནི་ནད་གཞི་སྔར་བྱུང་བའི་ཚུལ་དང་ཚུལ་ཕྱེད་པ་དང། གོམས
་བ་རྣམས་མ་ལུས་བ་འམ། ཕྱོགས་ཅིག་ལས་སྟོབས་ཆེ་ཆུང་གི་བྱེ?་བྲག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། ནད་གཞི་ལ་སོགས་པ་བཞི་པོ་དེ་དག་ལས་མ་ནུས་པའི་ཁྱད་པར་ཐ་དད་པར་འགྱུར་རོ། །ནད་རེ་རེ་ཞིང་བསྟན་བཅོས་རྩོམ་པར་བྱེད་པས་ནད
་ཀྱི་རྒྱུར་བཤད་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་ནད་ཐམས་ཅད་དུ་མ་ལུས་པར་ནད་བསྐྱེད་པར་བྱེད་པའི་ཡན་ལག་ཏུ་གྱུར་པ་ཡིན་ནམ་འོན་ཏེ་ཕྱོགས་གཅིག་གིས་ཀྱང་ནད་སྐྱེད་པར་འགྱུར། དེ་བཞིན་དུ་མཚན་ཉིད་ཀྱང་རྣམ་པ་ཐམས
་ཅད་རྫོགས་པ་ཡིན་ནམ། །མ་རྫོགས་པ་ཡོད་ཅེས་རྟོགས་ན། དེའི་ཕྱིར་སྨྲས་པ་ནི། ཉིན་མཚན་དུས་དང་ཟས་ཟོས་ཆས། །ཉེས་བ་ཇི་བཞིན་ནད་ཀྱི་དུས། ཞེས་བྱ་པ་ལ། ཉིན་མོ་མཚན་མོ་དང་དུས་དང་ཟས་ཟོས་བྲལ། །ཉིན
་མཚན་དུས་དང་ཟས་ཟོས་པ་ཞེས་བྱ་སྟེ། དེ་རྣམས་ཀྱི་ཆ་ནི་ཆ་ཤས་ཏེ། དེ་བ་ཉེས་པ་ཇི་ལྟར་འབྱུང་བ་ནི་ནད་ཀྱི་དུས་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟར་ན་དུས་ཀྱི་ཁྱད་པར་གྱིས་ཕྱེ་བ་ཡིན་ནོ། །དེ་ལྟར་ནད་གཞིའི་དོན་བཤད་ནས། ཞེས་བྱ་བ་ལ།
་དེ་ལྟར་མདོར་བསྡུས་པའི་རྣམ་པ་འདིས་ནས་གཞི་ཞེས་བྱ་བའི་ཚིག་གི་དོན་བཤད་ཅིང་བསྟན་པ་ཡིན་ནོ། །དེ་ནི་རྒྱས་བར་བཤད་པར་བྱ་ཞེས་བྱ་བ་ལ། ནད་གཞིའི་དོན་དེ་འོག་ནས་གཞུང་རྩོམ་བར་བྱེད་པས་རྒྱ་ཆེར་སྟོན་ཅིང་འཆད་བ་ཡིན་ནོ།
་ནད་རྣམས་ཀུན་གྱི་ནད་གཞི་ནི། །ནད་ནི་འཁྲུགས་པར་གྱུར་བ་ཡིན། ཞེས་བྱ་བ་ལ། གནོད་པར་གྱུར་བའི་ནད་མ་ལུས་པ་ཀུན་གྱི་རྒྱུ་འམ་གཞི་ནི། རླུང་དང་མཁྲིས་པ་དང་བད་ཀན་ཏེ་ནད་ཀྱི་སྐྱོན་གསུམ་པོ་འཁྲུགས་ཤིང་གཡོས་པར་གྱུར་པ
་ལས་ལྡང་ཞིང་འབྱུང་བ་འགྱུར་བ་ཡིན་ནོ། །དེ་ནི་གནོད་འགྱུར་སྣ་ཚོགས་བ། །བསྟེན་བས་ལྡང་བར་འགྱུར་བ་བཤད་ཅེས་བྱ་བ་ལ། དེ་རྣམས་ལྡང་བའི་རྒྱུ་ནི་ཟས་དང་སྤྱོད་ལམ་ལ་སོགས་གནོད་པར་འགྱུར་བ་རྣམ་པ་སྣ་ཚོགས་པ་བསྟེན་པས་རླུང
་ལ་སོགས་པའི་ནད་ལྡང་ཞིང་འབྱུང་བར་འགྱུར་རོ། །གསུམ་པའི་སྦྱོར་བ་རྣམ་པ་གསུམ། །གནོད་འགྱུར་སྡེར་ནི་བཤད་པ་ཡིན་ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་གསུམ་བོའི་སྦྱོར་ནི་རྣམ་པ་གསུམ་པོ་ཆུང་བ་དང་ལོག་པ་དང། གྲགས
་བའི་མཚན་ཉིད་གནོད་པར་འགྱུར་བ་སྡང་མདོའི་གནས་ཀྱི་སྐབས་སུ་བཤད་པ་ཡིན། །ཁ་དང་ཆ་དང་བསྐ་ཅུང་ཟད། །རྩུབ་དང་བཅུད་མེད་བྲ?་པ་དང། །བཀག་དང་ནད་ཀྱིས་བཅིར་བ་དང། །མཚན་མོ་མི་ཉལ་སྐད་ཆེར་སྨྲ། །སྤྱད་པའི་སྦྱོར་དྲགས་མྱ་ངན
་འཇིགས། །སེམས་ལས་དྲགས། །སོ་ག་ཉིན་མཚན་ཟས་ཞུའི་རྗེས?། །རླུང་གི་ནད་ནི་ལྡང་བར་འགྱུར། ཞེས་བྱ་བ་ལ། དེ་ལ་རླུང་གི་ནད་ནི་ཁ་བ་དང་ཚ་བ་ལ་སོགས་པས་ལྡང་ཞིང་འཁྲུག་པར་འགྱུར་རོ། །ཆུང་ངུ་ཟ་བ་ནི་ཅུང་ཟད་ཟའོ། །བཅུད?
་མེད་པར་ཟྭ་ནི་བརྡ?་ཞིང་བ་བུ?་བའི་དུས་ལས་ཡོལ་བའི་འབྲུ་གང་ཡིན་པ་དེ་ནི་བཅུད་མེད་བ་ཞེས་བྱ་སྟེ། དེ་ཡང་ལུད་ལས། འབྲུ་ནི་མ་སྨིན་ཐལ་ཆེས་བ། །བཅུད་མེད་ཟས་ནི་ཡིན་ཞེས་བཤད་པ་ཡིན་ནོ། །བརྐག་པ་ནི་བཤང་གཅི་ལ་སོགས་པའི་འབྱུང་བའི་ཐུགས?
་བཀག་པའོ། །ནན་གྱིས་བཅིར་བ་ནི་དེ་རྣམས་ཉིད་མི་འབྱུང་བཞིན་དུ་གཅིར་བའོ། །མཚན་མོ་མི་ཉལ་བ་ནི། མཚན་མོ་གཉིད་མ་ལོག་པའོ། །སྐད་ཆེར་སྨྲ་བ་ནི་གསང་ཆེ་ཞིང་ངོ་ཆེན་པོ་དང་སྨྲ་བའོ། །སྤྱད་པའི་སྦྱོར་བ་དྲགས་བ་ནི་སློན་སྣན?་ལ་སོགས་པའི་སྦྱར་རོ་བདྲགས?
་བའོ། །མྱ་ངན་ནི་ཡིད་གདུང?་བ་སྟེ། དེ་དག་ལ་སོགས་པས་རླུང་ནད་ལྡང་བར་འགྱུར་རོ། །དེ་ཡང་དུས་ནི་སོ་གའི་རྗེས་ཏེ། དབྱར་གྱི་དུས་དང། དེ་བཞིན་དུའི་ན་མོའི་རྗེས་ཏེ་དགོངས་ག་དང། མཚན་མོའི་རྗེས་ཏེ་ཐོ་རང་དང། ཟས་ཞུ་བའི་རྗེས་ཏེ་ཁ་ཟས་ཞུ་ཟིན
་པའི་རྫེས་ལ་རླུང་གི་ནད་ལྡང་ཞིང་འཁྲུག་པར་བྱེད་དོ། །མཁྲིས་པ་ཚ་དང་སྐྱུར་དང་རྣོ། །ལན་ཚྭ་བྲོ་དང་ལུད་ཚ་དང། །སྟོན་གཉིན་མཚན་ཕྱེད་དང། །ཚ་བའི་དུས་སུ་ལྡང་བར་འགྱུར། ཞེས་བྱ་བ་ལ། མཁྲིས་པའི་ནད་ནི་སྨན་ཚ་དང་སྒྱུར་བ་ལ་སོགས་པས་ལྡང་ཞིང
་འཁྲུག་པར་འགྱུར་རོ། །ཚ་བའི་དུས་སུ་ནི་ཁ་ཟས་ཚ་ཞིང་སྨིན་ཏེ་སྔར?་པོར་གྱུར་པའི་སྐབས་ལ་བྱའོ། །མདང?་སྐྱབ?་ལན་ཚ་སྣུམ་པ་དང། །ལྕི་དང་བད་ཀན་སྐྱེད་བསིལ་དང། །འདུག་དང་བདེ་དང་གཉིད་མ་ཞུ། །ཉིན་པར་གཉིད་ལོག་བརྟས་དྲགས་དང། །སློན་སོགས་སྦྱོར?
་བ་ཉེས་པ་དང། །ཐོས?་མ་ཐག་དང་དཔྱིད་ཀྱི་དུས། །སྔ་དྲོ་མཚན་སྲོང་བད་ཀན་ལྡང། ཞེས་བྱ་བ་ལ་བད་ཀན་གྱི་དེ་དང་དཔལ་སོར་བའི?་ལྡང་ཞིང་འཁྲུག་པར་བྱེད་པར་འགྱུར་རོ། །འདུག་བཞིན་པ་ནི་ལས་ཀྱི་བྱ་བ་སྤངས་ཏེ་གནས་པའོ། །སློན་པ་ལ་སོགས་པའི་སྦྱོར་བ་ཉེས་པ་ནི་ལོག་པར
་གྱུར་པའོ། །ཟོས་མ་ཐག་བྲ?་ནི་ཟས་ཟོས་ནས་མངར་བོར་གྱུར་བའི་སྐབས་དང། དབྱིད་ལ་སོགས་པའི་དུས་སུ་ལང་བད་ཀན་ལྡང་ཞིང་འཁྲུགས་པར་འགྱུར་རོ། །འདྲེས་པ་ལས་ནི་ལྡན་པ་ཡིན། ཞེས་བྱ་བ་ལ། སྔར་བཤད་པའི་རྒྱུ་དེ
་དག་ཆ་འདྲེས་པར་གྱུར་པ་ལས་ལྡང་བ་སྟེ། རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པ་འདྲེན་མ་ལྡང་བ་ཡིན་ནོ། །ཐམས་ཅད་བསྟེན་ལས་འདུས་པར་འགྱུར། ཞེས་བྱ་བ་ལ། སྔར་བཤད་པའི་རྒྱ་ཁབ?་དང་ཚ་བ་དང་མདར་བ་ལ་སོགས་པ་ཐམས་ཅད་མ་ལུས
་བར་བསྟེན་པ་ལས་རླུང་དང་བད་ཀན་དང་མཁྲིས་པ་གསུམ་འདུས་པའི་ནད་ལྡང་བར་འགྱུར་རོ། །དེ་བཞིན་གཞན་ཡང་འདྲེས་མར་ཟོས། །མ་ཞུ་མ་སྙོམས་མི་འཕྲོད་དང། །ལྷག་པར་ཟོས་པ་ལ་སོགས་དང། །ཆང་དང་བཏུང་བ་ཉེས་པ་དང། ཚོད་མ་སྐམ་དང
་ལ་ཕུག་རྗེན། །ཏིལ་ཚིགས་ས་ཞག་སོ་བའི་ཆན། །ཤ་རུས་ཤེ་སྐམ་ཤ་རིང་རྣམས་དེ་དག་དེ་ཡིས་ཉེས་གསུམ་སྐྱེད། །དེ་བཞིན་ཁ་ཟས་སྤོས་པ་དང། །དུས་ཚིགས་ལོག་པ་བདུན་གྱི་རླུང། །གདོན་ཞུགས་དུག་དང་དབྱིག་དུག་ཟོས། །བེའུ་སྣབས་ནད་འཁྲུགས་རི
་རྩར་གནས། །བཅས?་སྐད་ལ་ནི་གཟའ་ཞུགས་དང། །ལག་པར་སྦྱོར་བ་ཐམས་ཅད་དང། །སྡིག་པའི་ལས་ལ་བརྟེན་པ་དང། །བུད་མེད་བུ་བཙས་ལོག་པར་བྱུང། །གསོལ་བ་ལོག་པར་བྱས་ལས་ལྡང་ཞེ་བྱ་བ་ལ། ཡང་དེ་བཞིན་དུ་སྔར་བཤད་པའི་དེ
་དག་བསྟེན་ཅིང་སྤྱད?་བ་ལས་འདུས་བའི་ནད་ལྡང་བར་འགྱུར་བར་མ་ཟད་ཀྱི??་འདྲེན་མར་ཟོས་པ་ལ་སོགས་པ་འདི་དག་གིས་ཀྱང་འདུས་པའི་ནད་ལ་དང་བར་འགྱུར་རོ། །ཟོས་ནི་ཚིག་ཀུན་དང?་སྦྱར་ཏེ་འདྲེན་མར་ཟ་བ་ནི་འཕྲོད་པ་དང་མི་འཕྲོད་པ་དང
་གནོད་པ་དང་དྲི་མ་ཅན་ཟོས་པའོ། །མ་ཞུ་བ་ནི་ཁ་ཟས་སྔ་མ་མ་ཞུ་བར་ཟོས་པའོ། །མི་སྙོམས་པར་ཟག་ནི་ཟས་ཀྱི་དུས་ལ་བབ་པ་འམ། དུས་ལས་ཡོལ?་པ་འམ། ཚད?་ལས་ལྷག་པ་འམ། ཆང་ལས་ཆུང?་དུ་ཟོས་བའོ། །མི་འཕྲོད་པ་ནི་རི་བོང་གི
་ཤ་དང་ལ་ཕུག་རློན?་བ་དུས་ཅིག་ཟོས་བའམ། ཉ་དང་འོ་མ་ལྷན་ཅིག་ཟོས་པ་ལ་སོགས་པའོ། །ཟས་ལྷག་པར་ཟ་བ་ནི་འདྲངས་ཤིང་ཟོས་པའི་རྗེས་ལ་ཟོས་པའོ། །ཉེས་པའི་ཆང་ནི་ཁ་དོག་དང་དྲི་དང་རོ་ལ་སོགས་པའི་ཉེས་པ་སྟེ། ཕལ་ཆེར་དུལ་ཅིང་དྲི་མི་ཞིམ
་པ་ལ་སོ་གཡ་པའོ། །དེ་བཞིན་དུ་བཏུང་བའི་རྣམ་པ་གཞན་ཡང་རུལ་ཅིང་ཁ་དོག་ལ་སོགས་པའི་ཉེས་པ་དང་ལྡན་པའོ། །ཚོད་མ་སྐམ་པོ་ནི་རྒྱ་སྣེའུ་ལ་སོགས་པའི་ཚོད་མ་སྐམ་པོའོ། །ཏིལ་ཚིགས་ནི་ཏིལ་གྱི་འབའ་ཆའོ། །ས་ཞག་དང་སོ་བའི་ཆང་ནི་ས
་དང་སོ་བ་འདྲེས་པ་ལས་ཆད་དུ་བྱས་པའོ། །ཡང་ཤའི་རྣམ་བ་རུལ་ཅིང་ཞིག་པ་དང། སྐམ་ཞིང་ཁུ་བཅུད་མེད་བ་དང། རིང་པ་སྟེ་རས་པ་དང་རྩ་རྒྱུ་བཙམ?་ལུས་པ་ཟོས་པ་དང། གཞན་ཡང་འདིར་མ་སྨོས་སུ་ཟིན་ཀྱང་དེ་ལྟ་ཟུའི་ནད་སྐྱེད་པར་བྱེད་པའི་རྣམ་པ་འདི
་དག་དང། ཆ་འདྲ་བ་དག་གིས་ཀྱང་དེས་པ་གསུམ་འདུས་པ་ཅེས་བྱ་བའི་ནད་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་ཁ་ཟས་སྤོས་པ་སྟེ་སྔར་གང་ལ་གོམས་པའི་ཁ་ཟས་སྤོས་པ་སྟེ་སྔར་གང་ལ་གོམས་པའི་ཁ་ཟས་སྤངས་ནས་གཞན་ཟོས་བའོ། །དེ་བཞིན་དུས་ཚིགས?་ལོག་བ་ནི་ངད་མན་པ་དང་ལོག་པའི་སྦྱོར
་བ་དང་ལྡན་པའོ། །མདུན་གྱི་རླུང་ནི་མདུན་ཕྱོགས་ནས་ལྡང་བའི་རླུང་ངམ་ཤིང?་ནས་ལྡང་བའི་རླུང་ངོ། །དེ་བཞིན་དུ་གདོན་ཞུགས་པ་ནི་ལྷ་དང་ལྷ་མ་ཡིན་དང་བྲི་ཟ་ལ་སོགས་པའི་གདོན་ལུས་ལ་ཞུགས་ཤིང་ཀུན་ཏུ་འཛིན་པའོ། །ཡང་དེ་བཞིན་དུ་དུག
་དང་དབྱིག་དུག་སྟེ། མ?་སྦྱར་བ་དང་སྦྱར་བའི་དུག་ཟོས་པའོ། །དེ་བཞིན་དུ་མ་ཞུ་བའི་བེའུ་སྣབས་ཀྱི་ནད་འཁྲུགས་ཤིང་ལྡང་བ་དག་རིའི་རྩར་གནས་ཤིང་འདུག་པ་དང། བཙས་བའི་ཚེ་སྐར་མ་ག་ལ་བབ་པ་ལ། ཉི་མ་ལ་སོགས་པའི་གཟའ་ཞུགས་ཤིང?
་གནོད་པར་བྱས་པ་དང། དེ་བཞིན་དུ་ཁ་ཟས་ལོག་བད་ཟོས་པ་ལ་སོགས་པ་ལོག་པའི་སྦྱོར་བ་སྣ་ཚོགས་བསྟེན་པ་དང་སྡིག་པའི་ལས་སྲོག་གཅོད་པ་དང། རྐུ་བ་ལ་སོགས་པ་བསྟེན་ཅིང་སྤྱོད་བ་དང། བུད་མེད་བུ་བཙས་པའི་དུས་སུ་ལོག་པར་བྱུང་བ་ལ་སོགས
་པའི་སྡུག་བསྔལ་གྱིས་ཉེན་པ་དང། དེ་བཞིན་དུ་གསོ་བ་ལོག་པར་བྱས་ཤིང་ལེགས་པར་མ་བཅོས་པ་དག་ལས་ཀྱང་ནང་དུ་འགྱུར་རོ། །དེ་ལྟར་སོ་སོའི་ནང་ལྡང་བ། ནད་ཀྱི་གནས་སུ་འགྲོ་བྱེད་པ། །རྩ་སྤུབས་རྣམས་སུ་བྱིན་པ་དང། །ནད་རྣམས་ལུས
་ལ་མྱུར་དུ་བསྐྱེད། །ཅེས་བྱ་བ་ལ། དེ་ལྟར་གོང་དུ་བཤད་པའི་རྣམས་པས་ནད་སོ་སོ་ཐ་དད་པར་ལྡང་ཞིང་འཁྲུགས་པས་རླུང་ལ་སོགས་པའི་ནད་རྣམས་ལུས་ལ་མྱུར་དུ་བསྐྱེད་ཅིང་བྱུང་བར་འགྱུར་རོ། །ཅི་ཞིག་བྱས་པས་ནད་སྐྱེད་ཅེ་ན། ནད་ཀྱི་གནས་གང་ཡང་རུང་བར
་འགྲོ་བར་བྱེད་པའི་ནད་ངེས་རྩིའི་སྤུབས་བཅུད་རྒྱུ་བའི་སར་སོང་ཞིང་ཕྱིན་ནས། གནོད་པ་བསྐྱེད་པའི་རྒྱུར་འགྱུར་ཏེ། དངོས་སུ་ནད་ཀྱི་གནས་བཅུད་རྒྱུ་བར་བྱེད་པའི་རྩར་གནོད་པ་དེ་དག་ཞུགས་པས་ནད་ལྡང་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང
་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་དང་པོའི་རྣམ་པར་འགྲེལ་བའོ།། །།དེ་ནས་རིམས་ནད་ཀྱི་ནད་བཞི་བཤད་པར་བྱའོ།།
་ཞེས་བྱ་བ་ལ། ནད་ཐམས་ཅད་ཀྱི་ནད་གཞི་བཤད་པའི་འོག་ཏུ་རིམས་ཀྱིས་ནད་གཞི་བཤད་པའི་དགོས་པ་ནི། རིམས་དེ་ནས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། ནད་རྣམས་ཀྱི་གཙོ་བོ་ནི་རིམས་ཡིན་ནོ་ཞེས་བཤད་པས་སོ། །རིམས་ནི་ནད་བདག་སྡིག་ཅན་དང། །
་འཆི་བདག་མདངས་ཟ་འཆི་བྱེད་ཡིན། །ཁྲོས་པས་མྱུར་བའི་མཆོད་སྤྲིན་ཀླག་།དྲག་པོ་དབྲལ་བའི་མིག་ལས་བྱུང། །སྐྱེ་དང་འཆི་ཚེ་རྨོངས་བྱེད་དང། །མི་འཕྲོད་སྣ་ཚོགས་བསྟེན་ལས་བྱུང། །མི་བཟད་མིང་ནི་སྣ་ཚོགས་པས། །སྐྱེ་གནས་དུ་མ་རྣམས་ལ
་གནས། ཞེས་བྱ་བ་ལ། རིམ་དེ་ནི་ནད་ཀྱི་བདག་པོ་སྟེ། །ནད་ཐམས་ཅད་ཀྱི་རྒྱལ་པོའམ་གཙོ་བོ་ཡིན་ནོ། །སྡིག་ཅན་སྡིག་པའི་རང་བཞིན་ཅན་ནོ། །འཆི་བདག་ནི་སྲོག་ཆགས་ཐམས་ཅད་འཆི་བ་ལ་སྦྱོར་བའོ། །མདངས་ཟ་བ་ནི་ལུས་ལ་ཡོད་པའི
་མདངས་ཟ་ཞིང་སྤྱོད་པའོ། །འཆི་བར་བྱེད་པ་ནི་སྲོག་ཆགས་རྣམས་ཟང་རྩིང་མཐར་ཕྱིན་པར་བྱེད་པའོ། །ཁྲོས་པ་ནི་ལྷ་ཆེན་པོ་ཁྲོས་པའི་དཔྲལ་བ་ལས་བྱུང་བའོ། །མྱུར་བའི་མཆོད་སྦྱིན་ཀློག་པ་ནི་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བའི་མཆོད་སྦྱིན་ཀླག་ཅིང
་འཛག་པར་བྱེད་པའོ། །དེ་ཡང་ལྷ་ཆེན་པོ་དྲག་པོའི་མིག་གསུམ་པ་ལས་བྱུང་བས། ཁྲོས་པའི་དཔྲལ་བའི་མིག་ལས་བྱུང་ཞེས་བྱའོ། །སྐྱེ་དང་འཆི་ཞེས་བྱ་བ་ནི་བཅས་པ་ན་འཆི་བའི་དུས་བྱེད་པའི་ཚེ་སྟེ། །དེ་དག་གི་སྐབས་སུ་རྨོངས་པར་བྱེད་ཅིང། དང་པོ་སྐྱེས་པ
་རྗོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཁ་ཟས་དང་སྤྱོད་ལམ་ལ་སོགས་པ་མི་འཕྲོད་པ་སྣ་ཚོགས་ཤིན་ཏུ་མང་པོ་བསྟེན་པ་ལས་བྱུང་བ་ཡིན་ལ། ཡང་དེ་ནི་མི་བཟད་ཅིང་མནགས་པར་དཀའ་བ་ཡིན་ཞིང་ནད་ཀྱི་མིང་སྣ་ཚོགས་པ་ལ་སོགས་པའི་ཚུལ་གྱིས
་རྟ་དང་གླང་པོ་ལ་སོགས་པ་སྐྱེ་གནས་དུ་མ་ཐ་དད་པ་རྣམས་ཀྱི་ལུས་ལ་གནས་ཏེ། གླང་པོ་ཆེའི་ལུས་ལ་ནི་སྨིན་མ་འཛིན་པ་ཞེས་བྱ་བ་ལ། རྟའི་ལུས་ལ་ནི་སི་སི་ཞེས་བྱ་བ་དང། ལུག་གི་ལུས་ལ་ནི་རྡལ་པ་ཞེས་བྱ་བ་ལ་སོགས་པའི་མིང་གི་གནས
་པ་ཡིན་ནོ། །དེ་ནི་ནད་རྣམས་སོ་སོ་འདྲེས། །འདུས་དང་བློ་བུར་ལས་བརྒྱད་འགྱུར། ཞེས་བྱ་བ་ལ། རིམ་དེ་ནི་རྣམ་པ་བརྒྱད་དུ་འགྱུར་ཏེ། དེ་ཡང་རླུང་དང་མཁྲིས་པ་དང་བད་ཀན་སོ་སོ་དང། དེ་བཞིན་དུ་འདྲེས་པ་སྟེ། གཉིས་གཉིས་འདྲེས་པའི
་ལྡན་པ་དང། ནད་གཞི་གསུམ་ཆར་འདུས་ཤིང་ཚོགས་པ་དང། དེ་བཞིན་དུ་གློ་བུར་གྱི་རིམས་ནི་བརྒྱད་པ་ཡིན་ནོ། །དེ་ལྟར་ན་ནད་གཞི་སོ་སོའི་གསུམ་དང། འདྲེས་པའི་གསུམ་དང། འདུས་པའི་གཅིག་དང། གློ་བུར་བའི་གཅིག་སྟེ་བརྒྱད་དུ་འགྱུར་རོ། །
་དེ་ལ་ནད་རྣམས་དང་རང་ནི། །རྒྱུ་ལས་འཁྲུགས་ཏེ་ལྡང་བ་ཡིན། །མ་ཞུའི་གནས་སུ་ཞུགས་གྱུར་པ། །ལྷན་ཅིག་གནས་ནས་རྩ་སྒོ་བཀག་།ཞུ་བའི་གནས་ནས་མེ་དྲོད་ནི། །ཕྱི་རོལ་ཏུ་ནི་འབྱིན་པར་བྱེད། །དེ་དང་ལྷན་ཅིག་མངོན་ཁྱབ་ན། །ལུས་ཀུན་ཚ་བར
་བྱེད་པ་ཡིན། །ཡན་ལག་ཤིན་ཏུ་ཚ་བྱེད་པར། །རིམས་ནི་དེ་ཡིས་སྐྱེད་པར་བྱེད། ཅེས་བྱ་བ་ལ། དེ་ལ་ནད་གཞི་རྣམས་ནི་ཉེས་པ་འདི་དང་འདི་དག་བྱེད་ཅིང། རིམས་བསྐྱེད་ཅིང་འབྱུང་བར་བྱེད་དོ། །དེ་ཡང་རང་རང་གི་རྒྱུ་ཇི་སྐད་བཤད་པ་ལས་སྣང?
་འཁྲུགས་ཤིང་གཡོས་པར་གྱུར་པ་ལས་ལྡང་ཞིང་ནད་འབྱུང་བར་འགྱུར་བ་ན། རྒྱུ་དེས་མ་ཞུ་བའི་གནས་སུ་སོང་ནས། མ་ཞུ་བ་ལུས་རྡུངས་ཀྱི་དང་པོ་དངས་མ་ཞེས་བྱ་བ། མ་སྨིན་པའི་ནང་དུ་ཞུགས་ནས་དེ་དང་ལྷན་ཅིག་གནས་ཏེ། །དངས་མ་དད་དུ་ལ་རྒྱུ་བར
་བྱེད་པའི་རྩ་སྒོ་རྣམས་ཀྱི་ཁ་བཀག་ཅིང། བཅང་ནས་ཞུ་བའི་གནས་ལྟེ་བའི་ཕྱོགས་ནས་ཁོང་པའི་མེ་དྲོད་གང་དག་ཡོད་པ་དེ་ཕྱི་རོལ་ཏུ་འབྱིན་པར་བྱེད་ཅིང་ཕྱུང་ནས་མེའི་དྲོད་དེ་དང་ལྷན་ཅིག་ཏུ་མངོན་པར་རྒྱུ་ཞིང་ཁྱབ་པར་བྱས་ནས། ལུས་མ་ལུས
་པ་ཀུན་ཚབས་ཁྱབ་པར་བྱེད་ཅིང། ཀུན་ཏུ་གདུང་ལ་ལུས་ཤིན་ཏུ་དྲོ་ཞིང་ཚ་བ་ཉིད་དུ་བྱེད་པར་འགྱུར་རོ། །དེས་ན་ཡན་ལག་རྣམས་ཀྱང་ཤིན་ཏུ་ཚ་བར་བྱེད་ཅིང་ལུས་དང་ཡན་ལག་ཐམས་ཅད་ཤས་ཆེར་ཚ་བ་བསྐྱེད་པའི་རིམས་སུ་ནད་ཀྱི་དྲི་མ་དེས་སྐྱེད
་བར་བྱེད་ཅིང། དཀྱེལ་རྫོགས་པར་བྱེད་པ་ཡིན་ནོ། །རྩ་སྒོ་བཀག་པས་དེ་འོག་ཏུ། །རྡུལ་ནི་རབ་ཏུ་མི་འབྱུང་ངོ། །ཞེས་བྱ་བ་ལ། ནད་དེ་རྩའི་སྒོ་བཀག་ཅིང་གགས་བྱས་པའི་ཕྱིར། དེའི་འོག་གམ་རྗེས་ལ། ལུས་ཚ་ཡང་རྡུལ་ཕྱི་རོལ་ཏུ་མང་དུ་མི་འབྱུང་ངོ།།
་དེ་ཡི་སྔོན་ཚུལ་སྒྱིད་ཞན་དང། །ཉམས་མི་དགའ་ཞིང་ལུས་ལྕི་ལ། རོ་མི་ཚོང་ཞིང་ཡི་ག་འཆུས། །གླལ་འབྱུང་མིག་འཁྲུལ་མཆི་མར་བཅས། །ཡན་ལག་ན་ཞིང་འཇུ་སྟོབས་ཆུང། །ཉམ་ཆུང་གཉིད་ནི་ཆེ་བ་དང། །སྤུ་ལྡང་བྱ་རྨྱང་བྱེད་འདོད་དང།།
་བྱིན་པའི་ཉཝན་ལུས་སྙོམ་དང། ཕན་པར་བསྟན་པ་མི་བཟོད་ཁྲོ། །སྐྱུར་དང་དྲོ་དང་ཚལ་སྲིད། །ཁ་ཟས་མ་དང་པོ་ལ་མི་དགའ་། །བྱིས་པ་ལ་སྡང་སྐོམ་དང་ཆེ། །སྒྲ་མེད་གྲང་ལྷགས་རླུང་དང་ཆུ། །གྲིབ་མཉི་ཚན་རྒྱུ་མེད་པར། །དགའ་དང་མི་དགའ་
་དག་ཏུ་བྱེད། །དེ་རྗེས་རིམས་ནི་གསལ་བར་འགྱུར། ཞེས་བྱ་བ་ལ། རིམས་དེའི་སྔོན་དུ་འབྱུང་བའི་ཚུལ་ནི་མི་གསལ་བའི་རྟགས་ཏེ། དེ་དག་ཀྱང་གང་ཞེ་ན། ངལ་ཞིང་སྒྱིད་ངན་པར་འགྱུར་བ་དང། ཉམས་མི་དགའ་བ་སྟེ། སྟན་དང་གནས་ལ་སོགས་པ་ལ
་གཅིག་ཏུ་སེམས་མངོན་པར་དགའ་བ་མེད་ཅིང་སེམས་སོ་ན་མི་གནས་པ་དང། ལུས་ཁོང་ལྕི་ཞིང་འདེག་པར་དཀའ་བ་སྙམ་དུ་སེམས་པ་དང། ཁས་རོ་མི་ཚོར་ཞིང་བེན་པོར་གྱུར་པ་དང། ཁ་ཟས་ཡི་གར་མི་འོང་ཞིང་སྲེད་བ་མེད་པ་དང། གླལ་ཞིང་ལ
་གདངས་པ་དང། མིག་།འཁྲུགས་ཤིང་མི་སྡུག་ལ་མཆི་མ་འབྱུང་བ་དང་བཅས་པ་དང། ཡན་ལག་ན་བ་སྟེ་ཡན་ལག་རྣམས་གཅུས་པ་སྙམ་དུ་སེམས་པ་འམ། བརྡུངས་པ་འམ་བསྡམས་པ་སྙམ་དུ་སེམས་པ་དང། ཁ་ཟས་འཇུ་བའི་སྟོབས་ཆུང་ཞིང་འཇུ
་མི་ནུས་པ་དང། ཉམས་སྟོབས་ཆུང་ཞིང་ནུས་པ་ཞན་པ་དང། གཉིད་ཆེ་ཞིང་བྱིང་བ་དང། བ་སྤུ་རྣམས་ལྡང་ཞིང་གཤོང་བ་དང། དེ་བཞིན་དུ་ཡན་ལག་རྣམས་སྐྱོང་བ་ལ་སོགས་པའི་བྱ་རྨྱངས་བྱེད་འདོད་པ་དང། བྱིན་པ་གཉིས་ཀྱི་བཙིར་བ་ལྟར་ན་བ་དང
་ལུས་སྙོམ་ཞིང་ལྕི་བ་དང། ཟས་དང་སྤྱོད་ལམ་ལ་སོགས་པ་ཕན་པར་བསྟེན་པའི་གདམས་པ་མི་བཟོད་ཅིང་ཁྲ་བ་དང། རོ་སྐྱུར་བ་དང། ཚ་བ་ལ་སོགས་པའི་བྱེ་བྲག་ལ་དགའ་བ་དང། ཁ་ཟས་མངར་པོ་ལ་སོགས་པ་རྣམས་ལ་མི་དགའ་ཞིང
་འདོད་པ་མེད་པ་དང། དེ་བཞིན་དུ་བྱིས?་བཅུ་ཞོ་འཐུང་བ་སྐྱེ་བོ་མ་ལུས་པའི་ཡིད་དགེ་བར་བྱེད་པ་དག་ལ་ཡང་ཁྲོ་ཞིང་འཁྲུག་པ་དང། དེ་གཤན་དུ་སྐོམ་དང་ཆེ་ཞིང་སྐོམ་དད་ཀྱིས་ཤིན་ཏུ་གདུང་བ་དང། དེ་བཞིན་དུ་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་རྒྱུ
་མེད་ཅིང་དགོས་པ་མེད་པར་ཚད་འགའ་ནི་འགའ་བར་འགྱུར་བ་དང། ཚད་འགའ་ནི་མི་དགའ་བར་བྱེད་དེ་ལན་འགའ་ཉན་པ་འདོད་ན་ཡང་ཞེ་སྡང་བར་བྱེད་ལ། ལན་འགའ་ནི་འདོད་པ་སྐྱེད་པར་བྱེད་པ་དང། མེ་ལ་སོགས་པ་ལ་ཡང་རྒྱུ་མེད་པར་ཆེད་འགའ་བརྟེན་པར
་དགའ་ལ། ཆེད་འགའ་ནི་བརྟེན་པར་མི་དགའ་སྡེ། དེ་ལྟ་བུའི་མཚན་ཉིད་བྱུང་ནས་དེའི་རྗེས་ལ་རིམས་ཀྱི་མཚན་ཉིད་གསལ་ཞིང་དཀྱེལ་སྐྱེས་པ་ཉིད་དུ་འགྱུར་རོ། །རིམས་ཐེབས་འབྱང་ཉེའི་ཚེ་ནད་ཚབས། །ཆུང་ཞིང་ཚ་བ་མི་སྙོམས་ལ།
་ཡན་ལག་དེ་དང་དེར་འཕོ་ཞིང། །ན་བ་དེ་དང་དེར་གཡོ་འགྱུར། །རྐང་པ་བེམ་པོ་རེངས་པ་དང། བྱིན་སྙིང་ན་ཞིང་ངལ་བ་དང། །ཚིགས་རྣམས་བྱེ་བ་ལྟ་བུར་སེམས། །བརླ་དང་རྐེད་པ་ན་བ་དང། །རྒྱབ་ནི་བརྡུངས་པ་ལྟར་སེམས་དང། །ལྟེ་བ་བཙིར་བ་སྙམ་སེམས
་དང། །རུས་པ་བཅད་པ་སྙམ་པ་དང། །རྩིབ་མ་ལྷག་པར་ན་བ་དང། །སྙིང་ནི་བཙིར་སྙམ་སེམས་ཤིང་ཟུག་།བྲད་དུ་བཙུགས་པ་ལྟ་བུར་གཟེར། །ཕྲག་པ་བརྡུངས་སྙམ་དཔུང་བ་ནི། །བཅོམ་སྙམ་སེམས་ཤིང་སྒྲོག་རུས་ན། །འགྲམ་པ་ཁ་ཟས་ལྡང་མི་ནུས།།
་སྐད་འགྱུར་རྣ་བསྒྲ་དང་བཅས། །མུར་འགྲམས་ཟུག་ཅིང་མགོ་བོ་ན། །ལྕེའི་རོ་ནི་མི་ཚོར་དང། །ཡང་ན་ཁ་བསྐ་བྲོ་བར་འགྱུར། །དྲི་མ་རྣམས་ནི་སྲི་བ་དང། །པགས་མིག་ཁ་དང་སེན་མོ་དང། །བཤད་སོགས་རྩུབ་ཅིང་དམར་བ་དང། །མཆིལ་མང་ཡི་གེ་འཆུས
་སྲད་ཆུང། །ཟས་མི་འཇུ་ཞིང་རྡུལ་མི་འབྱུང། །གཉིད་ཡར་མཆུ་དང་གྲེ་བསྐམས། །སྐོམ་དད་ཆེ་ཞིང་ལུད་པ་སྐམས། །ལུད་པ་ལུ་ཞིང་སྐྱུགས་པ་སྙམས། །སེམས་ཞུམ་ལུས་ཀྱི་བ་སྤུ་ལྡང། །པགས་པས་དག་བརྩི་བ་དང། །རྐང་ལག་འདར་ཞིང་སྤྲིད་པ
་ཐོགས། མགོ་འཁོད་ཚིགས་ནི་སླ་བ་དང། །དྲོ་བག་ལ་དགའ་བྱ་རྨྱང་བྱེད། །རླུང་གི་རིམས་སུ་ཤེས་པར་བྱ། ཞེས་བྱ་བ་ལ། རླུང་གི་རིགས་ཀྱིས་བཏབ་པའི་མཚན་མ་འམ་རྟགས་ནི་འདི་དག་ཡིན་ཏེ། །རིམས་ཀྱིས་ཐེབས་པ་ནི་དང་པོ་མགོ་ཟུག་པ་སྟེ།
་ཚ་བ་ལ་སོགས་པ་འབྱུང་བར་མགོ་རྩོམ་པའོ། །འབྱང་དུ་ཉེ་བ་ནི་འབྲལ་ཞིང་འབྱང་བར་བསྐྱོད་པའོ། །ནད་ཚབས་ནི་ནད་ཀྱི་ཚུལ་སྣ་ཚོགས་པའོ། །ཆུང་བ་ནི་ཤུགས་དལ་བའོ། །མི་སྙོམས་པ་ནི་རིམས་ཀྱིས་ཐེབས་པ་ལ་སོགས་པ། །དེ་དག་གི་ཚུལ་མི
་སྙོམས་ཅིང་རྣམ་པ་ཐ་དད་པར་གནས་པའོ། །ཡང་ན་དེ་དག་མགོ་ལ་སོགས་པའི་ཡན་ལག་དེ་དང་དེར་རྣམ་པར་འཚོར་བར་འགྱུར་ཞིང། འོག་ནས་བཤད་པའི་ནད་ཀྱིས་ཚོར་བ་དེ་དང་དེ་དག་རྣམ་པར་གཡོ་ཞིང་མལ་གཅིག་ན་མི་གནས་པར
་འགྱུར་རོ། །རྐང་པ་བེམས་པོ་ནི་ཚོར་བ་མེད་ཅིང་སེམས་དང་བྲལ་བ་ལྟར་གནས་པའོ། །རེངས་པ་ནི་ལུས་ཤིང་ལྟད་དེངས་ཤིང་གྱོད་བའོ། །བྱིན་སྙིང་ན་བ་ནི་བཙིར་བསྙམ་པ་འམ། བྲུང་བ་སྙམ་སེམས་པའོ། །ངལ་བ་ནི་དུབ་པའོ། །ཚིགས་རྣམས་བྱེ་བ་ལྟ་བུར
་སེམས་པ་ནི། གཉིས་སུ་གཤེགས་པ་ལྟར་སེམས་པའོ། །སླ་བ་ནི་རང་གི་བྱ་བ་མི་ནུས་ཤིང་ཞུམ་པའོ། །སྐེད་པ་ན?་བ་ནི་མནན་པ་འམ་ཟགས་པ་སྙམ་ག?་སེམས་པའོ། །རྒྱབ་བརྡུངས་པ་སྙམ་སེམས་པ་ནི་གྲུགས་པ་སྙམ་སེམས་པ་འམ། ཕྱིར་བཏགས་པ
་འམ?་དུ་སེམས་པའོ། །ལྟོ་བ་བཙིང་བ་སྙམ་སེམས་པ་ནི་ལག་པས་བཙིར་ཞིང་ནན་པ་ལྟར་སེམས་བའོ། །རུས་པ་བཅད་པ་ལྟར་སེམས་པ་ནི་མཚོན་གྱིས་བཅད་པ་ལྟར་ཚ་ཞིང་ན་བའོ། །དེ་ལས་ཀྱང་ཁྱད་པར་དུ་རྩིབ་ལོགས་སུ་བཏོགས་པའི་རུས་པ
་བཅད་པ་སྙམ་སེམས་ཤིང་ལྷག་པར་ན་བ་དང། སྙིང་ག་བཙིར་ཞིང་བསྡམས་པ་ལྟ་བུར་སེམས་ཤིང་ནང་དུ་ཟུག་པའི་ཚུལ་གྱིས་ན་བ་དང། བྲད་དུ་ལྕགས་ཡུ་བཙུགས་པ་ལྟ་བུར་སེམས་ཤིང་གཟེར་བ་དང། ཡང་གཟེར་བ་དེ་ཉིད་ཀྱི་ཕྲག
་པའི་ཕྱོགས་ཁྱབ་ཅིང་ན་བ་དང། དཔུང་པའི་ཕྱོགས་ཐོ་བས་བཅོམ་པ་ལྟ་བུར་སེམས་ཤིང་ན་བ་དང། སྒོགས་དུས་ཀྱི་ཕྱོགས་སུ་ཏིལ་བཙིར་བའི་འཁྲུལ་འཁོད་ཀྱིས་གཙིར་བའི་འཁྲུལ་འཁོར་གྱིས་བཙིར་བ་ལྟར་སེམས་ཤིང་ན་བ་དང། འགྲམ
་པ?་བཟས་ལྡེང་མི་ནུས་ཤིང་ཉམ་ཆུང་བ་དང། ཁ་གདངས་པ་དང་བཅས་པའི་གླལ་དང། བྱ་རྨྱང་བྱོད་འདོད་པ་དང། རྣ་བ་འབོད་པ་ལྟ་བུའི་སྒྲ་དང་བཅས་པ་དང། མུར་འགྲམ་གཉིས་སུ་ཁབ་ཀྱིས་བཙིགས་པ་ལྟར་ན་བ་དང། མགོ་བོའི་ཕྱོགས
་གཟེར་ཞིང་ན་བ་དང། ལྕེས་རོ་མི་ཚོར་བ་སྟེ། ལྕེས་རོའི་ཁྱད་པར་མི་ཤེས་པ་དང། ཡང་དེ་བཞིན་དུ་ཁ་རོ་བསྐ་བའི་བྲག་ཏུ་བྲོ་བ་དང། བཤད་པ་དང། གཅི་བ་དང། རྡུལ་ལ་སོགས་པའི་དྲི་མ་རྣམས་སྲི་བ་དང། པགས་པ་ལ་སྲོ?
་པའི་ཁ་དོག་དམར་ཞིང་རྩུབ་པར་འགྱུར་བ་དང། མཆིལ་མ་མང་ཞིང་བད་ཀན་འཛག་པ་དང། ཡི་ག་འཆུས་ཤིང་ཟས་ལ་སོགས་པའི་བློ་མི་སྐྱེ་བ་དང། སྲེད་པ་ཆུང་བ་སྟེ་ཟས་ལ་སོགས་པ་ལ་ལྷག་པར་དགའ་བ་མེད་པ་དང། ཁ་ཟས་མི་འཇུ་བ་སྟེ། ཟོས་པའི
་ཟས་ཀྱང་འཇུ་བའི་སྟོབས་ཆུང་པ་དང། རྡུལ་མི་འབྱུང་ཞིང་ཕྱི་རོལ་དུ་མི་ཐོན་པ་དང། གཉིད་ཡར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་འགྱུར་བ་དང། ལུད་པ་ནས་སྐྱུགས་པའི་བར་སྐམ་ཞིང་ཁ་ཟས་ལ་སོགས་པ་མི་འབྱུང་བ་དང། སེམས་ཞུམ
་ཞིང་སྡུག་བསྔལ་བས་ཡིད་ཞུམ་པ་དང། ལུས་ཀྱི་བ་སྤུ་ལྡང་ཞིང་བཤོར་བ་དང། པགས་པ་དང་སོ་བཙགས་པ་སྙམ་ཤིང་བརྩེ་བ་དང། རྐང་ལག་འདར་ཞིང་འགུལ་བ་དང། སྤྲིད་པ་ཐོགས་ཤིང་མི་ཐོན་པ་དང། མགོ་འཁོར་ཞིང་འཁོར་ལོ་བསྐོར་བ
་ལྟར་སེམས་པ་དང། ཚིག་བླ་བ་སྟེ། འབྲེལ་པ་མེད་པའི་ཚིག་མང་དུ་སྨྲ་བ་དང། དྲོད་བག་ལ་དགའ་བ་སྟེ། མེ་དང་ཉི་ཚན་བསྟེན་འདོད་བ་དང། བྱ་རྒྱང?་བྱེད་པ་ཡན་ལག་བརྐྱང་ཞིང་སྡུད་འདོད་པ་རྣམས་འབྱུང་བར་འགྱུར་བ་སྟེ། དེ་དག་ནི་རླུང
་ལས་གྱུར་པའི་རིམས་ནད་ཀྱི་མཚན་མ་ཡིན་པར་ཤེས་པར་བྱའོ། །ལུས་ཀུན་ཅིག་ཅར་ཁྱབ་པ་དང། །བླ་ཞིང་ཁའི་རོ་ཁ་བ་དང། བསིལ་འདོད་ཁ་སྣར་ཐོར་བུ་འབྱུང། །མགོ་འཁོར་བརྒྱལ་མྱོས་སྙིང་མི་དགའ་། །བཤང་སླ་མཁྲིས་པ་སློན་པ་དང།།
་མཆིལ་མ་ཁྲག་བཅས་སྒྲེག་པ་སྐྱུར། །ཐོར་བུ་དམར་པོ་འབྱུང་བ་དང། །པགས་པ་ལ་སོགས་སེར་རྩ་སྔོ། །རྡུལ་འབྱུང་དབུགས་ནི་མནམ་པ་དང། །སྐོམ་དད་རབ་ཆེ་མཁྲིས་པའི་རིམས། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རིམས་ཀྱི
་མཚན་མ་ནི། །ལུས་ཀུན་ཅིག་ཅར་ཁྱབ་པ། ཞེས་བྱ་བ་ལ། མགོ་ལ་སོགས་པའི་ཡན་ལག་དང། ལུས་ཀུན་ཚ་བ་འུར་འུར་བོས་ཅིག་ཅར་དུས་གཅིག་ཏུ་ཁྱབ་ཏེ་ན་བ་དང། དེ་བཞིན་དུ་བླ་ཞིང་ཚིག་འཚལ་བ་དང། ཁའི་ནང་ཁ་བྲོ་བར་འགྱུར་བ་དང། བསིལ་བ་?
་ཅིང་གྲང་བ་ལ་དགའ་བ་དང། ཁ་དང་སྣའི་ནང་ན་ཐོར་བུ་འབྱུང་ཞིང་ཞི་བ་སྨིན་པ་དང། བརྒྱལ་ཞིང་འབོག་པ་དང། མྱོས་པ་སྟེ་འོག་ནས་ཆད?་ནད་ཀྱི་སྐབས་སུ་བཤད་ལ་ལྟ་བུའི་མྱོས་པ་དང་ལྡན་པ་དང། སེམས་མི་དགའ་བ་སྟེ་བློ་མལ་ན་མི་གནས་ཤིང་འཕྱོ
་པ་དང། བཤང་བ་སླ་ཞིང་འཁྲུ་བ་དང། མཁྲིས་པ་རློན་ཞིང་སྐྱུག་པ་དང། ཁ་ནས་མཆིལ་མ་ཁྲག་དང་བཅས་པ་འབྱུང་བ་དང། སྒྲགས་པ་རོ་སྐྱུར་པོར་འབྱུང་བ་དང། ཐོར་བུ་འམ་འབྲུམ་ཕྲན་དམར་པོ་ཏིལ་ཏིལ་འབྱུང་བར་འགྱུར་བ་དང། པགས་པ་དང་ལྕེ
་དང་གདོང་དང་གཅིན་གྱི་མདོག་སེར་ཞིང་རྩ་སྡེ?་བ་དང། ལུས་རྡུལ་འབྱུང་ཞིང་ཆ་བ་དང། དབུགས་འབྱུང་བའི་དྲི་མནམ་ཞིང་རུལ་བ་དང། སྐོམ་དད་ཀྱི་ཤས་ཤིན་ཏུ་ཆེ་བ་འབྱུང་སྟེ། མཚན་ཉིད་འདི་དག་དང་ལྡན་པ་ནི་མཁྲིས་པའི་རིམས་ཡིན་ནོ། །ལྷག་པ་ཡི
་ག་འཆུས་ཤིང་རྨངས། །བུ་ག་བཀག་ཅིང་རི་ལས་ཤུགས་དལ། མཆིལ་མ་ཁ་ནང་མངར་བར་བྲོ། །རང་ཁ་ལྕི་ཞིང་དབུགས་མི་བདེ། །ཆ་མ་བཏབ་སྙིང་ན་སྐྱུགས་པ་འགྱུར། །ལུས་པ་ལུས་རངས་པགས་སོགས་སྐྱ། །ཡན་ལག་ཐོར་དུ་གྲང་མོ་འབྱུང། །སྙོམ
་ཞིང་ལུས་འདར་བད་ཀན་རིམས། ཞེས་བྱ་བ་ལ། རིམས་ཐམས་ཅད་ལས་བད་ཀན་གྱི་རིམས་ཀྱི་མཚན་ཉིད་ནི། ལྷག་པར་རམ་ཁྱད་པར་དུ་ཡི་ག་འཆུས་པར་འགྱུར་བ་དང། སེམས་རྨོངས་བབ་ཏུ་འགྱུར་ཞིང་བྱིང་བ་དང། བུ་གའི་ཚོགས་འགགས་ཤིང་དྲི
་མ་རྣམས་འབྱུང་བ་ཐོགས་པ་དང། རིམས་ཀྱིས་ཤུ་ལས་ངལ་ཞིང་ནད་ཚབས་ཆུང་པ་དང། མཆིམ་མ་མང་ཞིང་ལྗན་ལྗིན་ཆེ་བ་དང། །བའི་དང?་རོ་མངར་བ་བྲོ་བ་དང། སྙིང་ག་ལྕི་ཞིང་དང་ཁ་མེར་མེར་འདུག་པ་དང། དབུགས་མི་བདེ་བ་དང།།
་ཆམ་པས་བཏབ་ཅིང་སྣ་ཆུ་འདག་པ་དང། སྙིང་ན་ཞིང་འཁྱིལ་བ་དང། སྐྱགས་པ་འབྱུང་ཞིང་ལོད་པ་དང། ལུད་པ་ལུ་བ་དང་ལུས་ཀྱི་ཡན་ལག་རེངས་པར་འགྱུར་བ་དང། པགས་པ་ལ་སོགས་ཏེ། པགས་པ་དང། སེན་མོ་དང།
་གདོང་དང། ལྕེ་དང། བཤང་བ་དང། གཅི་བ་རྣམས་སྐྱ་ཞིང་དཀར་བ་དང། མགོ་དང་ལག་ངར་ལ་སོགས་པའི་ཡན་ལག་རྣམས་ཐོར་བུ་འམ་འབྲུམ་བུ་བད་ཀན་གྱི་རང་བཞིན་ཅན་གྲང་མོ་འབྱུང་བ་དང། སྙོམ་པ་སྟེ་གཉིད་ཀྱིས་ནོན་པ་ལྟར་ཡུལ
་རྣམས་ངེས་པར་འཛིན་པར་མི་ནུས་པ་དང། ལུས་འདར་བ་སྟེ་གྲང་ལྷགས་ཀྱི་ལུས་ཀྱི་ཁོང་འདར་བར་གྱུར་པའོ། །དེ་ཡང་ཆུ་བསིལ་དག་གིས་རེག་པ་དང། །ཁྱད་པར་དུ་ནི་དགུན་དུས་སུ། །གྲང་བས་ཉེན་ཏེ་སྐྲངས་གྱུར་པ། །བད་ཀན་ལས་བྱུང་ལུས
་འདར་ཡིན། ཞེས་བཤད་པ་ཡིན་ཏེ། མཚན་ཉིད་དེ་དག་དང་ལྡན་པ་ནི་བད་ཀན་གྱི་རིམས་ཡིན་ནོ། །རང་གི་དུས་སུ་ཐམས་ཅད་ནི། །འབྱུང་ཞིང་འཕེལ་བ་ཉིད་གྱུར་པ། །ནད་གཞིར་བཤད་པའི་མི་མཐུན་བསྟེན། །བསྒྱུར་བས་བདེ་བར་བྱེད་པ་ཡིན། ཞེས
་བྱ་བ་ལ། རིམས་ནད་རང་རང་གི་དུས་ཉིད་མོ་དང་མཚན་མོ་དང། ཟས་ཟོས་པའི་སྐབས་དང། འབྲེལ་པའི་དུས་དང་རང་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རིམས་ཐམས་ཅད་འབྱུང་ཞིང་སྐྱེ་བ་དང། འཕེལ་ཞིང་རྒྱས་པ་ཉིད་དུ་འགྱུར་བ་དང།
་ནད་བཞི་ཉིད་དུ་བཤད་པའི་མ་བྲིས་པའི་རིམས་ལ་ཚ་བ་ལ་སོགས་པ་མི་མཐུན་པ་བསྟེན་པས་ནི་སྡུག་བསྔལ་བསྐྱེད་པར་བྱེད་པ་ཡིན་ལ། དེ་བསྒྱུར་ཞིང་བདེ་བ་དང། འབྲེལ་པར་བྱས་པས་ནི། བདེ་བར་བྱེད་པ་ཡིན་ནོ། །རང་རང་མཚན་མ་འདྲེས
་བཞི་ལྡན་པའི་རིམས་ཡིན། །ཞེས་བྱ་བ་ལ། སྔར་སྨོས་པའི་རང་རང་གི་མཚན་མ་འདྲེས་པར་གྱུར་པ་ལས་ནི་དེའི་མཚན་མ་ལྡན་པའི་རིམས་ཏེ། ནད་གཉིས་གཉིད་ལན་བྱུང་བ་ཡིན་པར་ཤེས་པར་བྱའོ། །དེས་ན་རླུང་དང་མཁྲིས་པའི
་རིམས་ཀྱི་མཚན་མ་འདྲེན་མ་དང་ལྡན་པ་ནི། རླུང་དང་མཁྲིས་པ་དང་ལྡན་པའི་རིམས་ཡིན་པར་ཤེས་པར་བྱའོ། །རླུང་དང་བད་ཀན་གྱི་མཚན་མ་གཉིས་ཀ་དང་ལྡན་པ་ནི་རླུང་དང་བད་ཀན་གྱི་ལྡན་པའི་རིམས་ཡིན་ལ། མཁྲིས་པ་དང་བད
་ཀན་གཉི་གའི་མཚན་མ་དང་ལྡན་པ་ནི་མཁྲིས་པ་དང་བད་ཀན་དང་ལྡན་པའི་རིམ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ནི། མགོ་ན་བརྒྱལ་སློན་ལུས་ཚ་རྨོངས་བག་འགྱུར། །གྲེ་བ་ཁ་སྐམས་མི་དགའ་ལུས་ཚིགས་ན། །གཉིད་མང་མགོ་འཁོར་སྤུ
་ལྡང་སྐོམ་དང་ཆེ། །ཁ་གླལ་ཚིག་མང་རླུང་མཁྲིས་འདྲེས་པའི་རིམས། །ཞེས་བྱ་བ་ལ། གཞན་ཡང་ཞེས་བྱ་བ་ནི་བསྡུ་བ་སྟེ། རླུང་དང་མཁྲིས་པ་གཉིས་འདྲེས་པའི་མཚན་ཉིད་ནི་མགོན་བ་ལ་སོགས་པ་ཡང་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །མགོན་པ་ནི་མགོ་ལྟད
་ལྟད?་པོར་ན་ཞིང་ཟུག་པའོ། །བརྒྱལ་བ་ནི་མི་དྲན་པའོ། །སློན་བ་ནི་སྐྱུག་པའོ། །ལུས་ཚ་བ་ནི་ཡན་ལག་ཚིག་འུར་འུར་པིར་འདུག་པའོ། །རྨོང་བག་ནི་སེམས་བློད་པའོ། །གྲེ་བ་དང་ཁ་སྐམས་པ་ནི་རླན་མེད་པའོ། །རུས་ཚིགས་ན་བ་ནི་བརྡུངས་པ་སྙམ་དུ་སེམས་པའོ།།
་ཚིག་མང་བ་ནི་བླ་བའོ། །ཚ་མེད་ཡི་ག་འཆུས་ཤིང་གླང་ཚིགས་ན། །ཆམ་པ་ལུད་པ་དབུགས་མི་བདེ་བཤད་སྲི། །ཁོད་བསིལ་རྨོངས་བག་རབ་རིབ་མགོ་འཁོར་རྨྱ། །བད་ཀན་རླུང་འདྲས་རིམས་ཀྱི་མཚན་མ་ཡིན། ཞེས་བྱ་བ་ལ། གཞན་ཡང་བད་ཀན་རླུང་འདྲེས་པ་ལས
་བྱུང་བའི་ལྡན་པའི་རིམས་ཀྱི་མཚན་ཉིད་ནི། ཚ་བ་མེད་པ་ལ་སོགས་པ་ཡང་ཡིན་པར་ཤེས་པར་བྱ་སྟེ། །ཚ་བ་མེད་པ་ནི་རིམས་ཀྱི་ཚ་བའི་གདུང་བ་ཆུང་བའོ། །གཞན་དག་ནི་གོ་བར་ཟད་དོ། །ལུས་རྡུལ་རེངས་དང་ཆ་བསིལ་སོར་མི་གནས། །སྐོམ་དང་ལུད་པ་བད
་ཀན་མཁྲིས་བག་འབྱུང། །རྨོངས་བག་རྨྱ་དང་ཁ་བྲོ་བར་དྲི་ཆགས། །བད་ཀན་མཁྲིས་པ་འདྲེས་པའི་རིམས་ཀྱིས་རྟགས། །ཞེས་བྱ་བ་ལ། གཞན་ཡང་བད་ཀན་དང་མཁྲིས་པ་ལས་བྱུང་བའི་ལྡན་པའི་རིམས་ཀྱི་མཚན་མ་ནི། ལུས་རྡུལ་བ་དང་ཁོང་རེངས་པ་ལ
་སོགས་པ་ལས་ཤེས་པར་བྱའོ། །རེངས་པ་ནི་ཡན་ལག་རེངས་པའོ། །ཚ་བ་དང་བསིལ་བ་དུས་ལ་མི་གནས་པ་ཡན་ལག་གྲང་ཞིང་ལན་འགའ་ཚ་སྟེ། རྒྱུད་གཅིག་ཏུ་མི་གནས་པའོ། །ཁར་དྲི་མ་ཆགས་པ་ནི་ལྗན་ལྗིན་གྱིས་གོས་པའོ། །ཀུན་ལ
་འབྱུང་བ་རྟགས་ཀུན་ལྡན། །འདིར་ཡང་ཐད་རེ་ཚ་བ་དང། །དེ་བཞིན་གྲང་དང་ཉིན་མོ་ནི། །གཉིད་ཆེ་མཚན་མོ་གཉིད་མེད་ཆུང་པ་འམ། །རྟག་པར་གཉིད་ཡོད་པ་འམ་ཡང་ན་ཡང། །རྡུལ་ཆེར་འབྱུང་བ་འམ་རྡུལ་མི་འབྱུང། །གླུ་དང་གང་དང་རྒོད་སོགས
་པ། །སྤྱོད་པ་ངན་པ་ལ་འཇུག་ཅིང། མིག་དམར་མཆི་མ་འཛག་དང་བཅས། །ཞུ་མ་ཞིང་རྫི་མ་འཁྲུགས་པར་སྣང། །བྱིན་སྙིང་རྩིབ་ལོགས་ན་བ་དང། །མགོ་བོ་རུས་ཚིགས་ན་མགོ་འཁོར། །རྣ་བ་སྒྲ་དང་ནད་བཅས་དང། །མགུལ་བ་གྲ་མས་གང་སྙམ་སེམས
་ལྕེ་རྩུབ་ཀུན་ནས་བསྲེགས་ལྟར་སྣང། །ལུས་ལྕི་ཚིགས་ནི་འབྱེ་སྙམ་སེམས། །མཆིལ་མར་ཁྲག་མཁྲིས་བད་ཀན་འབྱུང། །མགོ་བོ་ཡོ་ཞིང་སྐོམ་དང་ཆེ། །ཐོར་བུ་འབྲུམ་ཕྲན་མཛའ་འཁོར་བ། །དམར་ཞིང་གདག་པ་འབྱུང་བར་འགྱུར། །སྙིང་ན་བཤང
་གཅི་བསྲི་བ་འམ། །ཡང་ན་ཉུང་བ་འམ་རབ་མང་འགྱུར། །ཁ་ནི་སྣུམ་ཞིང་ཉམས་སྟོབས་ཆུད། །གཙེ་མ་ཆུང་འགྱུར་ཞིང་བླ་བ་དང། །ནད་མིན་དགའ་ཞིང་རྨུགས་པ་དང། །རྒྱུན་དུ་གྲེ་བ་འཛེར་བ་ནི། །འདས་པའི་རིམས་ཏེ་མངོན་རྨུགས་བྱེད། །དེ་ནི
་མདངས་འབྲོག་ཅེས་ཀྱང་བཤད། །ཅེས་བྱ་བ་ལ། ནད་གཞི་ཐམས་ཅད་ལས་བྱུང་བ་ཡིན་པས་ན། ཀུན་ལས་བྱུང་སྟེ། དེ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་རིམས་ཀྱི་མཚན་ཉིད་དུ་བཤད་པ་ཐམས་ཅད་དང་ལྡན་པ་ཡིན་ལ། འདུས་པ་ལས་གྱུར
་བའི་རིམས་འདིར་མཚན་ཉིད་གཞན་ཡང་སྐད་ཅིག་གམ་ཐད་ཅིག་རེ་རེ་ཞིང་ཡང་དང་ཡང་དུ་ལུས་ཚ་བར་འགྱུར་བ་དང། དེ་བཞིན་དུ་ཐད་ཅིག་རེ་རེ་ཞིང་གྲང་བར་འགྱུར་བ་དང། ཉིན་མོ་ནི་གཉིད་ཆེར་འོང་ཞིང་ཤས་ཆེར་འཐིབས་པར་འགྱུར་བ་དང། །
་མཚན་མོ་ནི་གཉིད་མེད་ཅིང་ཡང་བར་འགྱུར་བ་འམ། ཡང་ན་ཉིན་མཚན་རྟག་པར་རྒྱུན་དུ་གཉིད་འོད་བ་འམ། ཉིན་མཚན་རྟག་པར་གཉིད་མེད་པར་འགྱུར་བ་འམ། །ཡང་དེ་བཞིན་དུ་རྡུལ་ཤས་ཆེར་འབྱུང་ཞིང་མང་དུ་འཛག་པ་ཅུང་ཟད་ཙམ་གྱིས་རྡུལ་??
་མི་འབྱུང་བར་འགྱུར་བ་དང། གླུ་ལ་སོགས་པའི་སྤྱོད་པ་དན་ཅིང་དམན་པ་ལ་འཇུག་པར་དགའ་བ་དང། མིག་ཁ་དོག་དམར་བ་དང། མཆི་མའི་རྒྱུན་འཛག་པ་དང་བཅས་ཤིང་མི་སྡུག་པར་སྣང་བ་དང། ཞུམ་ཞིང་ཡོ་བ་དང། རྫི་འཁྲུགས་ཤིང་མིག་གི
་སྤུ་གཡོས་པར་སྣང་བ་དང། བྱིན་སྙིང་ལ་སོགས་པ་ན་བ་དང། རྣ་བས་སྒྲ་གྲག་པ་དང་བཅས་ཤིང་ན་ཞིང་གཟིར་བ་དང། མགུལ་པ་སྟེ་གྲེ་བ་གྲ་མའི་ཚོགས་ཀྱི་གང་ཞིང་ཁྱབ་པ་སྙམ་དུ་སེམས་པ་དང། ལྕེ་ཚེར་མ་ལྟར་རྩུབ་པ་དང། །ཀུན་ནས་བསྲེགས་ཤིང
་ཚིག་པ་ལྟར་སྣང་བ་དང། ལུས་ཀྱི་ཁོད་ལྕི་བ་དང། ཡན་ལག་གི་ཚོགས་བྱེ་ཞིང་ཞིག་པ་སྙམ་དུ་སེམས་པ་དང། མཆིལ་མར་ཁྲག་དང་མཁྲིས་པ་དང། བད་ཀན་གྱི་རྣམ་པར་འབྱུང་བ་དང། མགོ་བོའི་གཡོ་ཞིང་འདར་བ་དང་ཐོར་བུ་དང་འབྲུམ་ཕྲན་མགོ་བོ
་པགས་པ་མཛའ་འཁོར་བ་ཟླུམ་པོ་འབྱུང་ཞིང། དེ་ཡང་མདོག་ནག་བ་དང། དམར་བར་འབྱུང་བར་འགྱུར་བ་དང། སྙིང་ན་ཞིང་གཟེར་བ་དང། བཤད་ལྕི་ལ་སོགས་པའི་དྲི་མ་རྣམས་སྲི་ཞིང་མི་འབྱུང་བ་འམ། །ཡང་ན་ཉུང་ཞིང་ཅུང་ཟད་འབྱུང་བ་འམ།།
་ཤིན་ཏུ་མང་ཞིང་ཤས་ཆེར་འབྱུང་བར་འགྱུར་བ་དང། ཁའི་ནད་སྣུམ་ཞིང་འབྱིལ་བ་དང། ཉམ་སྟོབས་ཆུང་ཞིང་ཟད་པ་དང། །གཅོམ་ཆུད་ཞིང་མདའ་བ་དང། བླ་ཞིང་ཚིག་འཆོལ་བ་མང་དུ་སྨྲ་བ་དང། ནད་སྨིན་པར་དཀའ་ཞིང་ཡུན་རིང་ན་འབྱོད་བ་དང།།
་ཤས་ཆེར་རྨུགས་པ་དང། རྒྱུན་མི་འཆད་པར་རྟག་ཏུ་གྲ་བ་འཛེར་ཞིང་སྒྲ་མི་གསལ་བ་དར་དར་པོར་འབྱུང་བ་སྟེ། མཚན་ཉིད་དེ་དག་དང་ལྡན་པ་ནི་འདུས་པའི་རིམས་ཤེས་བཤད་པ་དེ། དེ་ཉིད་ལ་ནི་མིང་གི་རྣམ་གྲངས་སུ་མངོན་པར་རྨུགས་པར་བྱེད
་པ་དང། མདངས་འབྲོག་པར་བྱེད་པ་ཞེས་བཤད་ཅིང་བཏགས་པ་ཡིན་ནོ། །ནད་ཀྱིས་བཀག་ཅིང་མེ་དྲོད་ཉམས། །མཚན་མ་ཐམས་ཅད་རྫོགས་གྱུར་པ། །གསོར་མི་རུང་སྟེ་དེ་ལས་གཞན། །གོས་དཀའ་འམ་དབང་པོ་མཚར་འགྱུར། ཞེས་བྱ་བ
་ལ། རླུང་དང་མཁྲིས་པ་བད་ཀན་དང་བཤད་པ་དང། གཅི་བ་ལ་སོགས་པའི་ནད་ཀྱི་སྐྱོན་གྱིས་འབྱུང་བའི་རྒྱུན་བཀག་ཅིང་མེ་དྲོད་ཉམས་པར་གྱུར་པ་དང། དེ་བཞིན་དུ་ཇི་སྐད་སྨོས་པའི་མཚན་ཉིད་ཐམས་ཅད་རྫོགས་པར་གྱུར་ན། གསོར་མི་རུང
་སྟེ། གསོ་བར་མི་ནུས་པ་ཡིན་ནོ། །དེ་ལས་གཞན་པ་འདུས་པའི་རིམས་དེ་ནད་ཀྱི་ཚབས་ཆུང་ཞིང་མཚན་ཉིད་མ་རྫོགས་ན། དེ་གསོ་དཀའ་བར་འགྱུར་བ་འམ། དབང་པོ་མ་ཚང་བ་སྟེ་ལུས་ངག་གི་ལས་ཀྱི་རྟེན་ཉམས་པར་འགྱུར་རོ། །གཞན་ཡང་འདུས
་པ་ལས་བྱུང་བ། །གང་དུ་མཁྲིས་པ་ལོགས་ཤིག་གནས་པགས་པ་འམ་ནང་གྲོལ་ཚ་བ་དག་།འདེབས་པ་འམ་ཚ་བ་སྔ་ཕྱིས་འབྱུང། །ཞེས་བྱ་བ་ལ། འདུས་པ་ལ་གྱུར་པའི་རིམས་ལྡམ་ལས་མཚན་ཉིད་གཞན་དུ་འབྱུང་བར་འགྱུར་བ་སྟེ། འདུས
་པའི་རིམས་གང་ལས་མཁྲིས་པ་ལོགས་ཤིག་ན་གནས་ཤིང་ལན་འགའ་ནི་པགས་པར་གནས་པ་འམ། ལན་འགའ་ནི་ནང་གྲོལ་ན་གནས་ནས་ཚབ་སྐྱེད་པར་བྱེད་པ་སྔར་བྱུང་བ་ལ། ཕྱིས་འབྱུང་བའི་མཚན་ཉིད་ཅན་ནི་གསོ་དཀའ་བ་ཡིན་ནོ། །དེ་བཞིན
་བད་ཀན་རླུང་གྲང་བ། ཞེས་བྱ་བ་ལ། ཡང་དེ་བཞིན་དུ་རླུང་དང་བད་ཀན་ལོགས་ཤིག་ཏུ་ཐ་དད་པར་གནས་ཤིང། སྔ་ཕྱིར་གྲང་བར་བྱེད་པ་ནི། གསོ་དཀའ་བ་མ་ཡིན་ནོ། །དེ་གཉིས་ཚ་སྔ་གསོ?་དཀའ་ཡིན། ཞེས་བྱ་བ་ལ། འདུས་པའི་ནད་དེ་གཉིས་ལས་ཚ་བ་སྡེའི?
་ནད་ནི་གསོ་དཀའ་ཞིང། བཙོས་བར་དཀའ་བ་ཡིན་ནོ། །གྲང་སྡེ་དེར་ནི་མཁྲིས་པ་ཡིས། བད་ཀན་གཤེར་བ་སྐམས་པ་དང། །གྲང་བ་ཞི་བྱས་ཁ་སྐྱུར་བརྒྱལ། །མྱོས་དང་སྐོམ་དད་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། གྲང་བ་སྔར་བྱུང་བའི་འདུས་པའི་རིམས་དེར
་ནི་མཁྲིས་པའི་ཚ་བས་བད་ཀན་གྱི་གཤེར་བག་སྐམས་པར་གྱུར་པ་དང། སྐྱུར་བ་ལ་སོགས་པའི་འགྱུར་བ་བཞིར་འབྱུང་བར་འགྱུར་ལ། དེ་བཞིན་དུ་གྲང་བ་ཞི་བས་ཀྱང་གཞི་བོ་དེ་དག་ཉིད་སྐྱེ་བར་འགྱུར་རོ། །ཚ་བ་སྔ་ན་དེ་རྗེས་ལ་རྨུགས་སློན་མཆིལ་མགོ?་བོར?་སྙོམས
་འགྱུར། །ཞེས་བྱ་བ་ལ། དང་པོ་ཚ་བ་སྐྱེས་པར་གྱུར་པའི་འདུས་པའི་རིམས་ལ་ནི། ཚ་བ་དེའི་རྗེས་ལ་རྨུགས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །གློ་བུར་དྲག་ཤུལ་ལས་གྱུར་དང། །མངོན་ཟིན་བྱང་བྱས་དམོད་བྱུང་བཞི། །ཞེས་བྱ་བ་ལ། རིམས་བརྒྱད་པོ་གློ་བུར་བ
་ཞེས་བྱ་བ་ལ་ནི། དྲགས་ཤུལ་ལས་བྱུང་བ་དང། མངོན་པར་ཟིན་པ་དང། བྱང་བྱས་པ་དང། དམོད་པ་ལས་བྱུང་བའི་དབྱེ་བས་རྣམ་པ་བཞི་ཡོད་དེ། དེ་ལ་རྨས་བཅད་མས་ཚིག་རྩོགས། །ངལ་བ་དྲག་ཤུལ་ལས་བྱུང་ཡིན། ཞེས་བྱ་བ་ལ། གློ་བུར་བའི་རིམས་ཀྱིས
་བྲག་ཤུལ་ལས་བྱུང་བ་ཞེས་བྱ་བ་འདིར་མཚོན་གྱིས་རྨས་ཤིང་བཅད་པ་ལ་སོགས་པ་ལས། རིམས་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་ངལ་ཞིང་ལམ་གྱིས་དུབ་པ་ལས་བྱུང་བའི་ལུས་ཉོན་མོངས་པ་ལས་དྲག་ཤུལ་ལས་བྱུང་བའི་ནད་འབྱུང་བར་འགྱུར་རོ། །དེར་ནི
་ཕལ་ཆེར་རླུང་ནད་ཀྱིས། །ཁྲག་ནི་གནོད་ཅིང་འཁྲུགས་བྱས་པས། །ན་བཅས་མདོག་ཉམས་སྐྲངས་དང་བཅས། །ཟུག་ཟེར་བཅས་པའི་རིམས་བསྐྱེད་འགྱུར། །ཞེས་བྱ་བ་ལ། དྲགས་ཤུལ་ལས་བྱུང་བའི་རིམས་དེར་ནི་ཕལ་ཆེར་རིམ་མང་དུ་རླུང་གི་ནད་ཀྱི་དབང་གིས
་ཁྲག་ལ་གནོད་པའི་བྱས་ཤིང་རྣམ་པར་འཁྲུགས་པར་འགྱུར་བ་ལས་ན་བ་ལ་སོགས་པ་དང་བཅས་པའི་རིམས་སྐྱེ་བར་འགྱུར་རོ། །གདོན་ཞུགས་སོ་སྨན་གྱིས་དྲི་དང་དུག་།ཁྲོས་འཇིགས་མྱ་ངན་གདོན་ལས་བྱུང། །མངོན་པར་ཟིན་ལས་བྱུང་རིམས་ཡིན། ཞེས
་བྱ་བ་ལ། གདོན་ཞུགས་པ་ལ་སོགས་པ་ལས་བྱུང་བའི་རིམས་ནི་མངོན་པར་ཟིན་པ་འམ། གཞན་གྱིས་བྱས་པའི་རྒྱུ་ལས་བྱུང་བའི་རིམས་ཡིན་ནོ། །གདོན་ནི་ལྷ་ལ་སོགས་པའི་འོག་ནས་བཤད་པ་རྣམས་སོ། །འདིར་གདོན་རྒྱུ་མེད་རྒོད་ཅིང་དུ། །ཞེས་བྱ་བ་ལ།
་རིམས་ཀྱི་གནས་སྐབས་འདིར་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་གདོན་གྱིས་ནི། རྒྱུ་མེད་པར་གློ་བུར་དུ་ཆད་འགའ་ནི་རྒོད་པ་དང། ཆེད་འགའ་ནི་དུ་བར་འགྱུར་རོ། །སྨན་གྱི་དྲི་སྐྱེས་རྒྱལ་བ་དང། །སྤྲིད་བ་ཀླང་ནས་སྐྲངས་པར་འགྱུར། ཞེས་བྱ་བ་ལ་སྨན
་གྱི་དྲིལ་བ་སྐྱེས་པའི་བློ་བུར་པའི་རིམས་ནི་བརྒྱལ་བ་ལ་སོགས་པའི་མཚན་ཉིད་ཅན་དུ་འབྱུང་བར་འགྱུར་རོ། །དུག་ལས་བརྒྱལ་དང་ཚད་བར་འཁྲུ། །མདོག་ནག་ལུས་ཚད་སྙིང་ནད་འགྱུར། ཞེས་བྱ་བ་ལ། འདིར་དུག་ལས་བྱུང་བའི་རིམས་ནི་བརྒྱལ་བ་ལ་སོགས་པའི་མཚན་ཉིད
་ཅན་འགྱུར་བར་འགྱུར་རོ། །ཁྲས་ལས་ལུས་འདར་ཀླད་ནད་འགྱུར་རོ། ཞེས་བྱར་ལ། ཤིན་ཏུ་ཁྲས་པ་ལས་ནི་ལུས་འདར་ཞིང་གཡོ་བ་དང། དེ་བཞིན་དུ་ཀླད་ནད་འབྱུང་བར་འགྱུར་རོ། །མྱ་ངན་འཇིགས་ལས་བླ་བར་འགྱུར། ཞེས་བྱ་བ་ལ། མྱ་ངན་འཇིགས་པ་ལས་བྱུང་བའི
་རིམས་ནི་བླ་ཞིང་བབ་ཅོལ་མང་དུ་སྨྲ་བར་འགྱུར་རོ། །འདོད་ལ་མགོ་འཁོར་ཡི་ག་འཆུས་ཚ། །ངོ་ཚ་གཉིད་བློ་བརྟན་ཉམས་འགྱུར། ཞེས་བྱ་བ་ལ། འདོད་པས་གདུངས་པ་ལས་སྐྱེས་པའི་རིམས་པ་ཁོལ?་དོག་པ་དང། ཡི་ག་འཆུས་པ་དང། ལུས་དང་སྙིང་ག་ཚ་བར
་འགྱུར་བ་དང། དེ་བཞིན་དུ་ངོ་ཆ་ཤེས་པ་དང། གཉིད་དང་བློ་གྲོས་དང། བརྟན་ཞིང་མི་འགྱུར་བ་དེ་དག་ཉམས་ཤིང་ཟད་པར་འགྱུར་རོ། །གདོན་ལ་སོགས་པ་འདུས་པའི་རིམས། ཁྲོས་པས་འཇིགས་ཚོགས་གསུམ་གྱི་རླུང་གི་རིམས་ཁྲོས་པས་པ་ཁྲིས་པ་ལྡང་བར
་འགྱུར། །ཞེས་བྱ་བ་ལ། གདོན་ལ་སོགས་པ་ཞེས་བ་གདོན་དང་སྨན་དང་དུས་ལས་བྱུང་བའི་རིམས་གསུམ་གྱིས་ནི་ཉེས་པ་གསུམ་འདུས་པའི་རིམས་སུ་འགྱུར་རོ། །འཇིགས་པ་དང་མྱ་ངན་དང་འདོད་པ་གསུམ་ལས་བྱུང་བའི་རིམས་ཀྱིས་ནི་རླུང་འཁྲུགས་པའི་རིམས
་སུ་འགྱུར་རོ། །ཁྲོས་པ་ལས་བྱུང་བའི་རིམས་ཀྱིས་ནི་མཁྲིས་པ་ལྡང་ཞིང་འཁྲུགས་པར་འགྱུར་རོ། །དམོད་བ་བྱང་བྱས་ལས་བྱུང་གང། །འདུས་པའི་རིམས་ནི་མི་བཟད་བ། དེ་ནི་ཤིན་ཏུ་བཟོད་དཀང་བཤད། །ཅེས་བྱ་བ་ལ། དམོད་པ་དང་བྱང་བྱས་པ་ལས་གྱུར་བའི
་རིམས་གང་ཡིན་པས་ནི་འདུས་པའི་རིམས་མི་བཟོད་ཅིང་རྣོ་བ་དང། ཤིན་ཏུ་བཟོད་པར་དཀའ་ཞིང་མནགས་པའི་ནུས་པར་འགྱུར་རོ། །ཞེས་སྨན་དཔྱད་ཀྱིས་གཞུང་རྩོམ་པའི་དྲང་སྲོང་རྣམས་ཀྱིས་བཤད་པ་འམ། བདག་གི་སློབ་དཔོན་ལ་སོགས་ཀྱིས་བཤད་དོ།
་ཞེས་པའོ། དེ་ལ་བྱད་བྱས་སྔགས་ཀྱིས་ནི། །སྦྱིན་སྲེག་བྱས་པ་བཞིན་དུ་བྱ། །ཐོག་མར་སེམས་འབབ་དེ་འོག་ལུས། །ད་ནས་ཐོར་བུ་མགོ་འཁོར་སྐོམ། །ཚ་བཅས་བརྒྱལ་བས་ཟིན་གྱུར་པའི། །རིམས་ནི་ཉིན་རེ་བཞིན་དུ་འཕེལ། །ཞེས་བྱ་བ་ལ། འདི་དག་གི་ནང
་ནས་བྱད་བྱས་པའི་སྔགས་ནི་སྲིད་སྲུང་གི་རིག་བྱེད་ལ་སོགས་པ་ལས་བཤད་པའི་བྲམ་ཟེའི་སྔགས་ལ་སོགས་སོ། །སྦྱིན་སྲེག་བྱས་ཤིང་བསྲེགས་ཤིང་བསྲེགས་ཤིག་ཅེས་སྨྲས་བཞིན་དུ་མེ་ལ་སྲེགས་རྫས་འཇུད་བ་ན། །གང་ལ་བྱས་པ་དེ་ཐོག་མ་ཁོ
་ནར་དེའི་སེམས་ལ་འབབ་ཅིང་ཚ་བ་ཉམས་སུ་མྱོང་བར་བྱེད་ལ། དེའི་འོག་ཏུ་ནི་ལུས་ཚ་བར་བྱེད་ཅིག་ཚ་བའི་རིམས་ཀྱིས་འདེབས་ལ། དེ་ནས་ཐུང་ངུ་དང། མགོ་འཁོར་བ་ལ་སོགས་པས་ཟིན་ཅིང་རིམས་དེ་ནི་ཉིན་ཅིག་བཞིན་དུ་འཕེལ་བར་རྒྱས་པར་འགྱུར་རོ།
་དེ་ལྟར་རིམས་ནི་བརྒྱད་དུ་བཤད། ཅེས་བྱ་བ་ལ། དེ་ལྟར་རྣམ་པ་དེ་དག་གིས་ནད་གཞི་དང་གློ་བུར་བ་ལས་བྱུང་བའི་དབྱེ་བས་རིམས་ནི་གྲངས་བརྒྱད་ཡོད་པར་ཆེའི་རིག་བྱེད་ལ་མཁས་པ་རྣམས་ཀྱིས་བཤད་ཅིང་བསྟན་པ་ཡིན་ནོ། །དེ་དག་མདོར་ན་རྣམ་གཉིས་ཏེ།
་ལུས་དང་སེམས་ཀྱི་རིམས་དང་ནི། །གྲང་དང་ཚ་བ་དང་ཕྱི་ནང་གནས། །རང་བཞིན་དང་ནི་གྱུར་པ་དང། །གསོར་རུང་གསོ་རུ་མི་རུང་དང། །སྨིན་དང་མ་སྨིན་ཞེས་བྱའོ། །ཞེས་བྱ་བ་ལ། །ཡང་རིམས་འདི་ནི་རྣམ་པ་གཉིས་ཡོད། །ལུས་ཀྱི་རིམས་དང་སེམས་ཀྱི་རིམས
་ཤེས་བྱ་བ་གཉིས་དང། གྲང་བ་དང་ཚ་བ་གཉིས་དང། ཕྱིར་རོལ་གནས་པ་དང། ནང་ན་གནས་པ་ཞེས་བྱ་བ་གཉིས་དང། རང་བཞིན་དང་གཞན་དུ་གྱུར་པ་ཞེས་བྱ་བ་གཉིས་དང། གསོར་རུང་བ་དང་གསོར་མི་རུང་པ་ཞེས་བྱ་བ་གཉིས་དང། སྨིན་པ་དང་མ་སྨིན
་བ་ཞེས་བྱ་བ་གཉིས་སོ། །ལུས་རིམས་ཐོག་མར་ལུས་ཚ་བྱེད། །སེམས་ཀྱི་དང་པོར་སྙིང་ཚ་འགྱུར། ཞེས་བྱ་བ་ལ། ལུས་ཀྱི་རིམས་ནི་ཐོག་མར་ཏེ། དང་པོར་ལུས་ཚ་བར་བྱེད་ལ། དེའི་འོག་ཏུ་ནི་སྙིང་ཚ་བར་འགྱུར་རོ།།
་སེམས་ཀྱི་རིམས་ཀྱིས་ནི་དང་པོར་སྙིང་ཚ་བར་བྱེད་ལ། དེའི་འོག་ཏུ་ནི་ལུས་ཚ་བར་བྱེད་དོ། །རླུང་དང་བད་ཀན་ཅིག་ཅར་ནི། །འབྱུང་ཆེ་ཕྲད་པའི་རིམས་སུ་འགྱུར། །མཁྲིས་པ་དང་ལྡན་ཚ་བ་སྟེ། །འདྲེས་པས་འདྲེས་པའོ། །ཞེས་བྱ་བ་ལ།
་རླུང་ནི་ཟུང་དུ་འཇུག་པ་ཡིན་བས། བད་ཀན་དང་ལྷན་ཅིག་ཏུ་གནས་ཤིང། ཅིག་ཅར་འབྱུང་བའི་དུས་ན་ནི། །གྲང་བའི་རིམས་འགྱུར་ལ། དེ་བཞིན་དུ་མཁྲིས་པ་དང། རླུང་མཉམ་དུ་འཇུག་ཅིང་མཁྲིས་པ་དང་ལྡན་པའི་ཚེ་ན་ཚེ་བའི
་རིམས་སུ་འགྱུར། །འདྲེས་པ་སྟེ་བད་ཀན་དང་མཁྲིས་པ་གཉིས་དང། རླུང་འདྲེས་པའི་ཚེ་ན་ནི་རླུང་དེ་ཟུང་དུ་འཇུག་པ་ཡིན་ལ་ཆེད་འགའ་ཚ་པར་འགྱུར་རོ། །ཆེད་འགའ་གྲད་བར་འགྱུར་རོ། །ནད་གནས་བ། རིམས་ནད་དཀྱེལ་ནི་སྐྱེད་གྱུར་ནས། ནད
་ན་ན་ཤའི་བཤང་གཅིག་སྲི་ཞེས་བྱ་བ་ལ། ནད་ན་གནས་པའི་རིམས་ན་ནད་དུ་ཆུད་ཅིང་རྟེན་པ་ཡིན་པས་ནད་ཀྱི་དཀྱེལ་སྐྱེད་ཅིང་འཕེལ་བར་འགྱུར་ནས། ནད་དེ་ཉིད་ན་མི་བཟད་པར་ན་བ་དང། བཤད་བ་ལ་སོགས་པའི་དྲི་མ་སྲི་པར་འགྱུར་རོ།།
་ཕྱི་རོལ་རིམས་ནི་ཚ་བ་དང། །ཕྱི་རོལ་ལ་གནས་གསོ་བར་བླ། །ཞེས་བྱ་བ་ལ། ཕྱི་རོལ་གྱི་རིམས་ནི་ཚ་བའི་དངོས་པོ་ཡང་ཕྱི་རོལ་ན་གནས་པ་ཡིན་གྱི། །ནད་ན་གནས་པ་མ་ཡིན་ལ། དེ་ཉིད་ནི་གསོ་བར་སླ་ཞིང་བཅོས་པར་སླ་བ་ཡིན་ནོ། །ཚིག
་འདིས་ནི་གནད་ན་གནས་པའི་རིམས་ཀྱི་དོན་གྱི་ཤུགས་ཀྱིས་དཀའ་བ་ཡིན་ནོ་ཞེས་སྟོན་ཏོ། །དབྱར་དང་སྟོན་དང་དཔྱིད་དུས་སུ། །རླུང་སོགས་རིམས་འབྱུང་རང་བཞིན་རིམས། །ཞེས་བྱ་བ་ལ། དབྱང་ལ་སོགས་པའི་དུས་གསུམ་དུ་རིམས
་བ་ཅི་ལྟ་བ་བཞིན་དུ་རླུང་ལ་སོགས་པའི་རིམས་བཞིན་དུ་འབྱུང་བ་ནི་རང་བཞིན་གྱི་རིམས་ཞེས་བྱ་སྟེ། དབྱར་གྱི་དུས་སུ་ནི་རླུང་གི་རིམས་རང་བཞིན་གྱི་རིམས་ཡིན་ནོ། །སྟོན་ནི་མཁྲིས་པའོ། །དཔྱིད་ནི་བད་ཀན་གྱིའོ། །གཞན་དུ་གྱུར་པ་དེ
་གསོ་དཀའ་། ཕལ་ཆེར་རླུང་ནི་རང་བཞིན་རིམས། །ཡིན་ཡང་གསོ་པར་དཀའ་བ་ཡིན། ཞེས་བྱ་བ་ལ། དེ་ལྟར་བཤད་པ་ལས་རྣམ་པ་གཞན་པ་དེ་ནི་འགྱུར་བའི་རིམས་ཞེས་བྱ་སྟེ། དེ་ཡང་དངོས་སུ་ན་དུས་ཚིགས་རྣམས་སུ་རིམས་བཞིན་དུ
་མ་བྱུང་བ་སྟེ། དཔེར་ན་དབྱར་གྱི་ཚེ་མཁྲིས་པ་དང་བད་ཀན་ལས་བྱུང་བ་དང། སྟོན་གྱི་ཚེ་རླུང་དང་བད་ཀན་ལས་བྱུང་བ་དང། དབྱིད་ཀྱི་དུས་སུ་རླུང་དང་མཁྲིས་པ་ལས་བྱུང་བར་གྱུར་བ་འམ། དེ་བཞིན་དུ་དུས་ཚིགས་ཐམས་ཅད་དུ་ཡང་རླུང
་ལས་གྱུར་པའི་ཞེས་བྱ་བ། རང་བཞིན་ལས་གཞན་དུ་གྱུར་པས་དེ་དག་ནི་གསོ་བར་དཀའ་བ་ཡིན་ལ། དེ་ལས་ཕལ་ཆེར་རླུང་ལས་གྱུར་པའི་རིམས་ནི་རང་བཞིན་གྱི་རིམས་ཡིན་ཡང་གསོ་དཀའ་ཡིན་ན། དེ་ལས་གཞན་དུ་གྱུར
་པའི་རིམས་ལྟ་སྨོས་ཀྱང་ཅི་དགོས། ཕལ་ཆེ་ཞེས་པ་ནི་མ་ལུས་པར་དེ་ལྟར་མ་ཡིན་པའི་དོན་ཏེ། ལ་ལར་ནི་བསོད་ནམས་ཀྱི་དབང་གིས་རླུང་ལས་གྱུར་པ་ཡིན་ཡང་གསོ་སླ་བ་ནི་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དབྱར་དུས་རླུང་ནད་ལྡང
་གྱུར་ན། །མཁྲིས་པ་བད་ཀན་ལྡན་པའི་རིམས་སུ་འགྱུར། ཞེས་བྱ་བ་ལ། གང་གི་ཚེ་དབྱར་གྱི་དུས་སུ་རླུང་ནད་ལྡང་ཞིང་འཁྲུགས་པར་གྱུར་ནས་རིམས་སྐྱེད་པར་བྱེད་བ་དེའི་ཚེ། མཁྲིས་པ་དང་བད་ཀན་དང་ལྡན་པ་རིམས་སུ་འགྱུར་གྱི་དང
་མི་ལྡན་པ་མ་ཡིན་ཏེ། དེའི་ཚེ་རིམས་དེ་རླུང་ལས་གྱུར་པ་ཡིན་དུ་ཟིན་ཀྱང་མཁྲིས་པ་དང་བད་ཀན་དང་ལྡན་བས་མངོན་པར་ལྡང་བར་འགྱུར་རོ། །ཞེས་བྱ་བའི་དོན་ནོ། །སྟོན་ཀ་མཁྲིས་པས་ནད་སྟོང་སྟེ། བད་ཀན་དེའི་གྲོག་བྱེད་འགྱུར། །
་དེ་ནི་སྨྱུང་བ་བྱས་གྱུར་ཀྱང། །གནོད་པར་གྱུར་བ་མ་ཡིན་ནོ། །ཞེས་བྱ་བ་ལ། སྟོན་ཀའི་དུས་སུ་མཁྲིས་པ་འཁྲུགས་ནས་རིམས་སྐྱེད་པར་བྱེད་ལ། རིམས་སྐྱེད་པར་རྩོམ་པའི་མཁྲིས་པ་དེའི་སྟོབས་སམ་གྲོགས་སྐྱེད་པ་ནི
་བད་ཀན་ཡིན་པས་དེ་གྲོགས་བྱས་ནས་སྐྱེ་བར་འགྱུར་ཏེ། རིམས་ནི་མ་ཞུ་བའི་གནས་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དེས་ན་གནས་སྐབས་དེར་ནི་བད་ཀན་དང་མཁྲིས་པ་གཉིས་ནི་སྨྱུང་བར་བྱས་པས། གསོ་བར་བྱ་ཞིང་བཅས
་དགོས་པ་ཡིན་པས་ན། གནས་སྐབས་འདིར་སྨྱུང་བ་བྱས་པ་ལས་གནོད་ཅིང་ནང་དུ་འགྱུར་བའི་འཇིགས་པ་ཡོད་པ་ཡིན་ནོ། །བད་ཀན་དཔྱིད་ལྡང་དེ་ཡང་ནི། །དེ་རྗེས་རླུང་དང་མཁྲིས་པ་འབྱུང། །ཞེས་བྱ་བ་ལ། དཔྱིད་ཀྱི་དུས་སུ་ནི་བད་ཀན
་འཁྲུགས་ཤིང་ལྡང་ནས་རིམས་བསྐྱེད་པར་བྱེད་པ་ཡིན་ལ། བད་ཀན་ཡང་དེའི་རྗེས་ལ་རླུང་དང་མཁྲིས་པ་གཉིས་གྲོགས་བྱེད་ཅིང་སྟོབས་སྐྱེད་པར་འགྱུར་རོ། །ཉམས་སྟོབས་ཚེ་ཞིང་ནད་ཚ་བས་ཆུད། །བརླ་བརྙན་མེད་རིམས
་གསོ་བར་སླ། །ཞེས་བྱ་བ་ལ། སྐྱེས་བུ་ལང་ཚོ་ཕུན་སུམ་ཚོགས་པ་ལ་སོགས་ཉམས་སྟོབས་ཆེ་བ་དང། དེ་བཞིན་དུ་ནད་ཚབས་ཀྱི་དཀྱེལ་ཆུང་པ་དང། ལུད་པ་དང་དབུགས་མི་བདེ་བའི་བླ་བརྣན་མེད་པའི་རིམས་ནད་གང་ཡིན
་པ་དེ་ནི་མྱུར་དུ་བདེ་བར་བྱ་བར་ནུས་བས་ན། གསོ་སླ་བ་ཡིན་ནོ། །རྣམ་ཀུན་འགྱུར་བའི་ཞེས་བྱ་བ། གསོར་མི་རུང་བར་སྔར་བཤད་དོ། །ཞེས་བྱ་བ་ལ། ཡོད་ཨེ་རྣམ་པ་ཐམས་ཅད་དུ་ལུས་ཀྱི་འགྱུར་བ་ཤེས་པར་བྱ་བའི་ལུས་ཀྱི་གནས་སུ
་གསོར་མི་རུང་བའི་མཚན་ཉིད་ཅན་གྱི་རིམས་སྔར་བཤད་དེ། །རིམས་ནི་ཚབ་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་སྔར་བཤད་པ་ཡིན་ནོ། །རིམས་ཀྱིས་ན་དེ་ཚབས་ཆེ་ཞིང་ཚ། །ཁོང་རྨྱ་ཉམ་ཆུང་གཅིན་མང་དང། བཤང་སྲི་ཁ་འདས?་མ
་འཇུ་ལ། །བཀྲེས་ཆུང་མ་སྨིན་རིམས་མཚན་ཉིད། །ཅེས་བྱ་བ་ལ། རིམས་མ་སྨིན་པའི་མཚན་ཉིད་ནི་འདི་དག་ཡིན་ཏེ། རིམས་ཀྱི་ནད་ཚབས་གནད་དང་ཆགས་ཚིགས་ལ་སོགས་པ་ན་བའི་ཚབས་ཆེ་ཞིང་དེ་བཞིན་དུ་ཁོང་ཤིན་ཏུ་མྱ་ཞིང་ཉམ
་ཆུང་བ་ཡིན་ཏེ། སྟོབས་དང་སྤྲོ་བར་བཅས་པ་གཅིན་མང་དུ་འབྱུང་བ་དང་བཤང་གཅི་སྲི་ཞིང་མི་འབྱུང་བ་དང། ཁ་ཟས་འཇུ་བར་མི་བྱེད་པ་དང། བཀྲེས་པ་མེད་ཅིང་ཟས་མི་འདོད་བ་སྟེ། འདི་དག་ནི་རིམས་མ་སྨིན་པའི་མཚན་ཉིད་ཡིན་པར
་ཤེས་པར་བྱའོ། །རིམས་ཤུགས་སྟོབས་ཆེ་སྐོམ་དང་ཆེ། །བླ་ཞིང་མགོ་འཁོར་དབུགས་མི་བདེ། །བཤང་གཅི་བདེར་འབྱུང་ནད་བསྐྱོད་པའི། །སྨིན་པར་འགྱུར་བའི་མཚན་ཉིད་ཡིན། ཞེས་བྱ་བ་ལ། རིམས་སྨིན་པའི་ཉེ་བར་མཚན་མ
་ནི་རིམས་ཀྱི་ཤུགས་དྲག་ཅིང་སྟོབས་ཆེ་བ་དང། དེ་ཉིད་ཀྱིས་ན་སྐོམ་དང་ཆེ་བ་དང། བླ་ཞིང་ཚིགས་འཆང་བ་དང། བཤང་གཅིག་བདེ་བར་འབྱུང་ཞིང་མི་བྲི་བ་དང། ནད་སྐྱོང་ཅིང་སློངས་བ་ལྟར་སྣང་བ་ཡིན་ནོ། །མ་སྨིན་གོ་བཟློག་མཚན་ཉིད་དང།
་ཞག་བདུན་སྨྱུང་བྱས་ལས་སྨིན་བཤད། །ཅེས་བྱ་བ་ལ། རིམས་སྨིན་ཅིང་ནད་མེད་པའི་མཚན་ཉིད་རིམས་ནད་ཚབས་ཆེ་བ་ལ་སོགས་པ་ལས་གོ་བཟློག་པ་ལས་ཤེས་པར་བྱ་སྟེ། རིམས་ནད་ཀྱི་ཚབས་ཆུང་བ་བྲི་བ་དང། ཁོང་རྨྱ་ཞིང་ཉམ་ཆུང་པ
་དང། གཅིན་ཉུང་བ་དང། བཤང་བ་བདེ་བར་འབྱུང་བ་ལ་སོགས་པ་ནི། རིམས་མ་ཞུ་བ་མེད་པའི་མཚན་ཉིད་ཡིན་ལ། དེ་བཞིན་དུ་ཞག་བདུན་གྱི་བར་རྨྱུང་བར་བྱས་པ་ལས་རིམས་དེ་སྨིན་ཅིང་འཐུ་བ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །དེ་ཡང
་དྲང་སྲོང་ཅི་ར་ཀས། ལུས་ཟུངས་ཀུན་གནས་ནད་རྣམས་ནི། །ཞག་བདུན་གྱིས་ནི་སྨིན་པར་འགྱུར། །རིམས་ནད་ཕལ་ཆེར་ནད་རྣམས་ནི། །སྤྱོད་བྱ་སྨིན་པ་ཡིན་ཞེས་བཤད། །ཅེས་བཤད་པ་ཡིན་ནོ། །རིམས་ནི་ནད་ཀྱི་དུས་དང་ནི། །སྟོབས་ཆུང་ཆེ
་ལས་རྣམ་ལྔར་བཤད། །ཕལ་ཆེར་འདུས་པར་གྱུར་པ་ཡི། །རིམས་སུ་མང་དུ་འབྱུང་བར་བཤད། །རྒྱུན་དང་རྟག་པ་ཉིད་གཅིག་པ། །ཉིན་གསུམ་པ་དང་ཉིན་བཞི་པའོ། །ཞེས་བྱ་བ་ལ། རིམས་ནད་ཀྱི་གྲངས་ནི་འོག་ནས་བཤད་པའི
་རྒྱུན་ལ་སོགས་པའི་རྣམ་པས་ལྔ་ཡོད་དོ། །ཞེས་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་དོ། །དེ་གང་ལས་ཇི་ལྟར་ཞེ་ན། དུས་དང་ཡུལ་དང་སྟོབས་ཆེ་ཆུང་ལས་འགྱུར་ཏེ། རླུང་ལ་སོགས་པའི་རིམས་ནད་སྟོབས་ཆེ་བ་དང། སྟོབས་ཆུང
་བའི་དབང་གིས་སམ། །ཡང་དེ་བཞིན་དུ་རིམ་ནད་འགྱུར་པའི་ནད་གཞི་འཁྲུགས་པའི་དུས་དང། །ལུས?་སྟོབས་ཆུང་བ་དང། །སྟོབས་ཆེ་བའི་དབང་གིས་སམ། །ཡང་ན་ནད་རྣམས་ཀྱི་དུས་ཡིན་པས་ན། །ནོད་ཀྱི་དུས་སྟེ། ཉིན་མོ
་དང་མཚན་མོ་དང། དུས་ཚིགས་དང་ཟས་ཟོས་ཀྱི་ཆ་དེའི་སྟོབས་ཆེ་ཆུང་ལས། ནད་ཟད་པ་དང། འཕེལ་བའི་རྒྱུར་འགྱུར་བ་ཡིན་ལ། དེ་ཡང་རྣམ་པ་ལྔར་བཤད་དོ། །དེ་ལས་ཀྱང་འདུས་པའི་རིམས་ནི་ཕལ་ཆེར་རིམ
་པ་འདུ་ནད་གཞི་གསུམ་འདུས་པ་ལས་ཕལ་ཆེར་འདུས་པའི་རིམས་སུ་འགྱུར་བར་བཤད་དོ། །ཕལ་ཆེར་ཞེས་སྨོས་པ་ནི། རྣམ་པར་འགྱུར་བ་ཡོད་པའི་དོན་ཏོ། །དེ་ཡང་གཞུང་གཞན་ཡས་རླུང་ལས་ཕལ་ཆེར་རྟག་པར
་འགྱུས་།མཁྲིས་ལས་ཕལ་ཆེར་ཉིད་གསུམ་པ། ཕལ་ཆེར་བད་ཀན་ལས་ཉིན་ཅིག་།འདུས་པ་ལས་ནི་གཞི་པ་ཡིན། ཞེས་བཤད་པ་ཡིན་ནོ། །རྒྱུན་དང་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པོའི་མིང་བསྟན་པ་ཡིན་ནོ། ལུས་ཟུངས
་བགས་གཅི་རྒྱུ་བ་ཡི། །བུ་བ་ནད་ཀྱི་ཁྱབ་པས་ན། །ལུས་ཀུན་ཚ་བར་གྱུར་ན་ནི། །གནོད་བྱ་སོགས་དང་མཉམ་པར་འཕེལ། །སྟོབས་ཆ་ལུས་ལྕི་རྐང་ལག་རེངས། །ཁྱད་པར་དུ་ནི་དང་མར་གནས། །གཉེན་པོས་བཅས
་དཀའ་བཟོད་པར་དགའ་། །རྒྱུན་གྱི་རིམས་སུ་འགྱུར་བ་ཡིན། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་འཁྲུགས་པ་ནི་ཤིན་ཏུ་བཟོད་པར་དཀའ་བའི་རྒྱུན་གྱི་རིམས་སུ་འགྱུར་ཞིང་སྐྱེད་པར་བྱེད་དོ། །དེ་ཡང་ལུས་ཟུངས་ལ་སོགས་པ་?
་ཞིང་འཕྲོ་བར་བྱེད་པའི་བུ་ག་རྣམས། ནད་ཀྱིས་ཁྱབ་པར་བྱས་ཤིང་ཀུན་ཏུ་ཕྱིན་པར་བྱས་ལ། དེར་ནད་དེ་ལུས་མ་ལུས་པ་ཀུན་ཏུ་རིམས་ཀྱི་ཚབས་ཆེ་བར་གྱུར་ཅིང་ཚ་བའི་གདུངས་པས་གཟིར་བར་བྱས་པ་དང། དེ་བཞིན་དུ་གནོད
་པར་བྱ་བ་དངས་མ་དང། དུས་ཚིགས་དང། ཡུལ་དང། རང་བཞིན་དེ་དང་ཆ་མཉམ་པར་འཁེལ་ཞིང་རྒྱས་པར་བྱས་པ་སྟེ། །གནོད་བྱ་ནི་ལུས་ཟུངས་བདུན་དང་དེ་མ་རྣམས། །དུས་ཚིགས་ནི་དབྱར་ལ་སོགས་པའོ། །ཡུལ་ནི
་རླན་ཅན་ལ་སོགས་པའོ། །རང་བཞིན་ནི་བདུན་ནི། །དེ་ཡང་སྟོབས་ཆེ་བ་སྟེ། ནུས་པ་དང་ལྡན་པ་དུས་ཡུལ་རིང་མོར་ལ་སོགས་པ་དང། དེ་བཞིན་དུ་ལྡི་ཞིང་?་དཀའ་ལ། ལུས་ཀྱིས་མི་ཐེག་པ་སྙམ་དུ་སེམས་པ་དང
་ཡན་ལག་རྣམས་རངས་ཤིང་བསྐྱོད་མི་ནུས་པ་དང། ཁྱད་པར་དུ་ཡང་ལྷག་པར་དངས་མ་ཞེས་བྱ་བའི་ལུས་ཟུངས་ལ་གནས་པ་གཉེན་པོས་བཅོས་པར་དཀའ་ཞིང་གསོ་བའི་ཐབས་ཅིས་ཀྱང་བཟློག་ཏུ་མེད་པ་སྟེ། གནོད་བྱ་ལ་སོགས་པ
་དང་ཆ་མཉམ་པའི་ཕྱིར་རོ། །ཡང་དེ་བཞིན་དུ་ཟོག་པ་ལ་རབ་ཏུ་དགའ་བ་སྟེ། སྡུག་བསྔལ་ཞིང་མནགས་པར་མི་ནས་པའི་རིམས་ལ་ནི་རྒྱུན་གྱི་རིམས་ཞེས་བྱ་སྟེ། དེ་ལྟ་བུར་འགྱུར་བ་ཡིན་ནོ། །དེའི་དྲོད་ཀྱི་དྲི་མ་དང། ལུས་ཟུངས
་མྱུད་དུ་ཟད་པར་བྱེད། །དེ་འོག་རྣམས་ཀུན་ལུས་ཟུངས་སོགས། །དག་པ་འམ་མ་དག་རིམས་ཀྱིས་ནི་།རླུང་དང་མཁྲིས་པ་བད་ཀན་ཞག་།བདུན་ནམ་བཅུ་འམ་བཅུ་གཉིས་གནས། ཕལ་ཆེར་མཚམས་ལས་ནི་འདའ་བ་སྟེ།།
་འཆེ་འམ་འཆི་མ་དག་ཏུ་བྱེད། །ཅེས་བྱ་བ་ལ། རིམས་ངའི་དྲོས་ཀྱི་ཚ་བས་དྲི་མ་ཏེ་བཤད་བ་ལ་སོགས་པ་དང། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱི་ནང་དུ་ཞུགས་པའི་རྒྱུས་རིམས་དེས་དྲི་མ་རྣམས
་ཟད་པར་བྱེད་པ་འམ། ལུས་ཟུངས་རྣམས་ཀྱང་ཟད་པར་བྱས་ནས་དེའི་འོག་ཏུ་རྣམ་པ་ཀུན་ཏུ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་ལུས་ཟུངས་བཤང་བ་དང་གཅི་བ་དང་བཅས་པ་དག་སྟེ། རིམས་ཀྱི་ཚབས་དྲི་མ་མེད་པར་བྱས་པ་འམ།
་ཡང་ན་འགའ་ལུས་ཟུངས་ལ་སོགས་པ་མ་དག་ཅིང་ལྗན་ལྗིན་དང་བཅས་པའི་རིམས་ཀྱིས་གྲངས་ཇི་ལྟ་བ་བཞིན་དུ་རླུང་ལ་སོགས་པའི་ནད་གཞི་ལས་ཞག་བདུན་ནམ་བཅུ་འམ་བཅུ་གཉིས་ཀྱི་བར་དུ་ཕལ་ཆེར་གནས་པའི་མཚམས་སམ
་དུས་ཀྱི་ངེས་པ་ལས་མི་འདའ་བར་རྗེས་སུ་གནས་ཏེ་ཅིའི་ཕྱིར་ཞེ་ན། དུས་དེ་ཙམ་གྱི་ནང་དུ་འཆི་བའམ། རིམས་ཀྱི་གཏོང་བར་འགྱུར་བ་འམ། འཆི་ཞིང་གསོད་པར་འགྱུར་ཏེ། ཉིན་ཞག་འདི་ཙམ་གྱིས་གཏོང་བ་འམ་གསོད་པར
་འགྱུར་རོ། །དེ་ཡང་གང་རླུང་ཤས་ཆེ་བ་ལས་བྱུང་བ་དེ་ནི་ཕལ་ཆེར་ཞག་བདུན་གྱིས་གཏོང་བ་འམ་འཆི་བར་འགྱུར་རོ། །དེ་བཞིན་དུ་མཁྲིས་པ་ཤས་ཆེ་བ་ལས་བྱུང་བ་ནི་ཞག་བཅུས་སོ། །བད་ཀན་ཤས་ཆེ་བ་ལས་བྱུང་བ་ནི་བཅུ
་གཉིས་ཀྱི་མི་བྱེ་བྲག་ཕྱེད་པར་འགྱུར་བ་ནི་རིམས་ཀྱི་སྦྱར་བའི་དོན་ནོ། །དེ་སྐར་མ་བཞིན་འཇུག་གིས་བཤད། ཅེས་བྱ་བ་ལ། དེ་ལྟ་བུ་དེ་ནི་སྨན་དཔྱད་ཀྱི་གཞུང་རྩོམ་པར་བྱེད་པ་དྲང་སྲོང་མེ་བཞིན་འཇུག་ཅེས་བྱ་བ་བཤད་པའི
་གཞུང་ཡིན་ནོ། །ལྗན་སྔོན་གྱིས་ནི་བཤད་པའི་གཞུང། །མདུན་པ་ཉིད་ལྡབ་འགྱུར་བ་ཡིན། །དེ་བཞིན་དུག་དང་བཅུ་གཅིག་ལྡབ། །འདི་ནི་ནད་གཞི་གསུམ་གྱི་ཚིགས། །འཚོ་དང་འཆི་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། དྲང་སྲོང
་ལྗན་སྔོན་ཞེས་བྱ་བས་བཤད་པའི་གཞུང་ནི་འོག་ནས་བཉད་བའི་ཚུལ་འདི་ལྟར་སྟོན་པ་ཡིན་ཏེ། བདུན་གཉིས་ལྡབ་དུ་བརྩི་སྟེ། རླུང་གི་རིམས་ཀྱིས་ཞག་བཅུ་བཞིན་དངས་མ་ལ་སོགས་པ་དང་མ་དག་པ་ཡང་ཡིན་ཡང་རུང་སྟེ། རྣམ་པ
་ཐམས་ཅད་དུ་ཞག་བཅུ་བཞིས་འཚོ་བ་འམ་འཆི་བར་འགྱུར་བ་བྱེ་བྲག་ཕྱེད་པར་འགྱུར་བ་ཡིན། །གཉིས་པ་ནི་ཞག་དགུ་བ་སྟེ། དེ་ཡང་གཉིས་ལྔ་བསྡུ་བརྩིས་ལ་ཞག་བཅོ་བརྒྱད་དུ་བྱ་སྟེ། །མཁྲིས་པ་ཤས་ཆེ་བའི་རིམས་ནི་ཞག་བཅོ་བརྒྱད་ཀྱིས
་འཚོ་བ་འམ། འཆི་བའི་ཕྱེ་བྲོག་བྱེད་པར་འགྱུར་རོ། །དེ་བཞིན་དུ་གསུམ་པ་ནི་ཞག་བཅུ་གཅིག་བ་ཡིན་ཏེ། འདི་ལྡབ་དུ་བྱས་པ་ཞག་ཉི་ཤུ་རྩ་གཉིས་ཀྱིས་བད་ཀན་གྱི་ཤས་ཚ་བའི་རིམས་ཀྱིས་བྱེ་བྲག་ཕྱེད་པར་འགྱུར་ཏེ། འདི་དག་ནི་ནད་གཞི
་གསུམ་ལས་བྱུང་བའི་རིམས་ཀྱི་དུས་ཚིག་ཀྱི་བྱེ་བྲག་རྣམ་པར་བཞག་པ་ཡིན་ཏེ། །རིམས་དུས་དག་དང་མ་དག་ལས། ཡུན་རིངས་དུས་སུ་གནས་པ་ཡིན། །ཞེས་བྱ་བ་ལ། དེ་ལ་དག་པ་ནི་ནད་དང་བཤང་བ་དང་གཅི་བ་ལ་སོགས་པར་སྨིན་བརྩེ་ཞིལ་ཞིང་མ་སྨིན
་པའི་སྐྱོན་མེད་པ་ཡིན་ལ། དེ་ལས་གོ་བཟློག་པ་ནི་སྨིན་པ་ཡིན་ཏེ། དག་པ་དང་མ་དག་པ་དེ་གཉིས་ཆ་འདྲས་བ་ནི་དུས་ཡུན་རིང་མོ་ཞིག་ཏུ་གནས་ཤིང་སྔར་བཤད་པའི་དུས་ལས་ཡུན་རིང་དུ་གནས་ཏེ། གང་གི་ཚ་ལུས་ཟུངས་ཀྱི་དངས་མ་ལ་ནི་དག་ཅིང་སྨིན། ལ
་ལ་ནི་མེ་དག་ཅིང་སྨིན་པར་གྱུར་ན། དེའི་ཚེ་རྒྱུན་གྱི་རིམས་འབྱར་ཞིང་འདོན་པར་མི་འགྱུར་གྱི། ཡུན་རིང་དུ་གནས་པ་ཁོ་ནར་འགྱུར་རོ། །ནད་བརྩེ་ཞིལ་བ་ཉམ་ཆུང་དང། །ཁ་ཟས་མི་འཕྲོད་སོགས་བསྟེན་པས། །ནད་དཀྱེལ་ཆུང་ཡང་གནོད་བྱད
་སོགས། །རྟེན་ཏེ་སྟོབས་ཆེན་ཉིད་གྱུར་ལས། །གཉེན་པོར་བཅས་ཤིང་འཕེལ་འབྲི་བཅས། །མི་བཟད་བ་ནི་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ནད་ཀྱི་ཅེ་ཞིལ་ཞིང་ནད་ལས་ཐར་པའི་སྐྱེས་བུ་ཉམས་ཆུང་ཞིང་ལུས་འདི་པར་གྱུར་པ་དང། ཁ་ཟས་མི
་འཕྲོད་བ་ལ་སོགས་པ་བསྟེན་པ་སྟེ། ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་མི་མཐུན་ཞིང་མི་འཕྲོད་པ་བསྟེན་པ་རྒྱས་རླུང་ལ་སོགས་པའི་ནད་གང་ཡང་རུང་བ་དཀྱེལ་ཆུང་ཞིང་སྟོབས་ཤིན་ཏུ་ཞན་པ་ཡིན་ཡང་མི་བཟད་པའི
་རིམས་རྒྱུད་གྱ་རིམས་ལ་སོགས་པར་འགྱུར་རོ། །དེ་ཡང་ཚ་བ་མི་བཟོད་བ་ལ་སོགས་པའི་ཚུལ་གྱིས་འདེབས་པ་ན་མི་བཟད་བའི་རིམས་ཞེས་བྱའོ། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། གནོད་བྱ་ལ་སོགས་པ་གང་ཡང་རུང་བ་ལ་བརྟེན་ཅིང་གནས
་པ་སྟེ། ལན་འགའ་ནི་གནོད་བྱ་ལ་སོགས་པ་ཁྲག་ལ་སོགས་པ་གང་ཡང་རུང་བ་བརྟེན་ལ། ལན་འགའ་ནི་ཉིན་མཚན་ལ་སོགས་པའི་དུས་ལ་བརྟན་ལ། ལན་འགའ་ནི་རླུང་ལ་སོགས་པའི་དེང་བཞིན་ལ་བརྟེན་ཏེ། དེ་ནི་ཚབས་ཆེན་པོར
་འགྱུར་པའི་སྟོབས་དང། ནུས་པ་ཐོབ་པར་འགྱུར་རོ། །དེ་ཡང་གཉེན་པོ་དང་བཅས་པ་ཡིན་ཞིང་བཅོས་བའི་ཐབས་ཡོད་པ་མ་ཡིན་ལ། ཡང་དེ་ནི་འཕེལ་པ་དང་འབྲི་བ་གཉིས་པོ་ལ་བརྟེན་ཅིང་གནས་པ་ཡིན་ནོ། །དེ་རྣམས་ཀྱིས་ནི་ནད་ཀྱི་སྟོབས
་རང་གིས་དུས་སུ་རིམ་སྟོབས་བསྐྱེད། །ཅེས་བྱ་བ་ལ། ཉམས་ཆུང་བ་ལ་སོགས་པའི་རྣམས་ཀྱི་རང་གི་དུས་ཉིན་མཚན་དང། དུས་ཀྱི་ཆ་ན་མཚན་ཉིད་ཅན་དུ་རིམས་ཀྱི་སྟོབས་སྐྱེ་ཞིང་འཕེལ་བར་འགྱུར་བ་ཡིན་ནོ། །སླར་ཡང་དེ་དག་བཅོས
་ཐབས་ཀྱི་།སྟོབས་ཆ་ཆད་ལས་ལྡོག་བར་བྱེད་ཅེས་བྱ་བ་ལ། མི་བཟད་པའི་རིམས་ཀྱི་རྩོམ་པ་དེ་སླར་ལྡོག་བཅིང་རང་གི་བྱ་བ་འགགས་པར་འགྱུར་བ་ནི་བཅོས་ཐབས་ཀྱི་སྟོབས་ཆེ་ཆུང་ལས་ལྡོག་པར་འགྱུར་ཏེ། བཅོས་ཐབས་ནི་གཉེན་པོ
་སྟེ། ལུས་ཟུངས་དང་དུས་ལ་སོགས་པ་ཆ་མི་མཉམ་པ་ནི་གཉེན་པོ་འམ། བཅོས་ཐབས་ཀྱི་སྟོབས་ཡིན་ལ། དེ་སྟོབས་ཆུང་བར་བྱས་པ་ནི་ནུས་པ་ཟད་པར་བྱས་པ་སྟེ། རྒྱུ་དེས་ལྡོག་པར་འགྱུར་རོ། །ནད་ཟད་རིམས་ནི་ཕྲད་གྱུར་པ། བཅུད
་ལ་སོགས་པ་འདི་ལ་ཐིམ། །ཞེས་བྱ་བ་ལ། ནད་ཟད་པ་ནི་ནད་ཀྱི་ནུས་པ་ནི་བྲི་བར་གྱུར་ལ། །རིམས་ནི་ཕྲ་ཞིང་ཤེས་པར་དཀའ་བར་གནས་པ་ནི་དངས་མ་ལ་སོགས་པའི་ལུས་ཟུངས་ཉིད་ལ་ཐིམ་ཞིང་མི་སྣང་བར་འགྱུར་རོ། །ཐིམ་བས་ལུས་རིང་ཤི་མདོག་ཉམས།།
་རྨོང་དག་ལ་སགས་དེ་ཡིས་བསྐྱེད། །ཅེས་བྱ་བ་ལ། རིམས་དེ་ལུས་ཟུངས་ལ་ཐིས་པས་ནི། ལུས་རིམས་ལ་སོགས་པའི་མཚན་ཉིད་བསྐྱེད་ཅིང་འབྱུང་བར་བྱེད་དོ། །ཉེ་ཞིང་ཁ་ནི་བྱེ་བའི་ཕྱིར། དངས་མ་རྒྱུ་བའི་རྩ་སྒོ་ནས། ལུས་ཀུན་མྱུར་དུ་ཁྱབ་པ་ནི། །ནད་ཀྱིས
་སྐྱེ་བར་བྱེད་པ་ཡིན། །དེས་ན་རྒྱུན་དུ་རྟག་རིམ་འགྱུར། ཞེས་བྱ་བ་ལ། རྩ་སྒྲོ་བར་གང་ཉེ་བར་གནས་ཤིང་ཁ་བྱེ་བར་གྱུར་བ་ཉིད་ཀྱི་ཕྱིར། དངས་མ་རྒྱུ་བའི་རྩ་སྒོ་རྣམས་ལས་རླུང་ལ་སོགས་པའི་ནད་གང་ཡང་རུང་བས་ལུས་ཀུན་ཁྱབ་ཅིང་ཕྱིན་པར། བྱས
་ནས། ནད་དེས་ལུས་ཐམས་ཅད་ཁྱབ་པའི་ཕྱིར་རྒྱུ་དེས་རིམས་དེ་རྟག་ཅིང་རྒྱུན་མི་འཆད་པར་འབྱུང་བར་འགྱུར་བ་ཡིན་ལ། དེ་ཡང་ཚབ་ལ་སོགས་པའི་རྒྱུན་མ་ཆད་པར་རྒྱུན་དུ་འབྱུང་བས་ན། རྒྱུན་གྱི་རིམས་པ་འགྱུར་བ་ཡིན་ནོ། །དེ་ལས་བཟློག་པས་ཚུལ་མི
་འདྲ། །མི་སྙོམས་རྩོལ་བ་མི་མཉམ་པ་།བྱ་བའི་དུས་མིན་མཉན་ཡུན་རིང། ཞེས་བྱ་བ་ལ། དེ་ལས་བཟློག་བ་ནི་སྔ་མ་རྒྱུན་གྱི་རིམས་དེ་ལས་བཟློག་པ་སྟེ། ཆ་བའི་རྒྱུན་བར་དུ་ཆད་པ་ལ་སོགས་པའི་ཚུལ་མི་འདྲ་བ་བཞི་ལས་རྟག་པའི་རིམས་སུ
་བཞག་སྟེ། ཚུལ་མི་མཐུན་པ་ནི་རིང་ཞིང་ཤིན་ཏུ་རིང་བ་དང། ཁ་བྱེ་ཞིང་ཤིན་ཏུ་བྱེ་བ་དང། དངས་མ་བཅུད་རྩའི་སྦུབས་སུ་ནད་ཀྱིས་ལུས་མ་ལུས་པ་ལ་མྱུར་དུ་ཁྱབ་པར་མི་བྱེད་བ་སྟེ། ཚུལ་དེ་དག་གི་རྒྱུན་དེ་དག་གིས་རྟག་པ་ལ་སོགས་པའི
་རིམས་ཀྱི་མཚན་ཉིད་རྣམ་པར་བཞག་པ་ཡིན། །དེ་ཡང་རྟག་པ་ལ་སོགས་པའི་རིམས་དེ་དག་ནི་ཆ་མི་སྙོམས་པ་ཡིན་ཏེ། རྒྱུ་གང་གིས་མི་སྙོམས་པ་ཡིན་ཞེ་ན། རྩོམ་པ་མི་མཉམ་པའི་ཕྱིར་ཏེ། དུས་ཀྱི་འགྱུར་བ་མི་མཉམ་པའི་ཕྱིར་དང། རྩོམ
་པ་མི་མཉམ་པ་དེ་ཡང་མཁྲིས་བ་དང་རླུང་གཉིས་སྤྱི་ནས་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལྟ་བུ་དང། །བྱ་བ་མི་མཉམ་པ་ནི་ཤ་དང་ཚིལ་གྱི་ནུས་པར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དུས་མི
་མཉམ་པ་ནི་རིམས་ཀྱིས་འདེབས་པའི་ཉིན་ཞག་སྟེ། དེ་ནི་ཉིན་མཚན་ལན་གཉིས་ལྡང། །གཞན་དག་ཉིན་རེ་ལན་དེ་ཡིན། །ཞེས་བྱ་བ་ལ། ལ་སོགས་པ་དེ་ཡང་ལན་འགའ་ནི་ཉན་མེ་ལྡང། ལན་འགའ་ནི་མཚན་མོ། །ལན་འགའ་
་ནི་ཉི་མ་ཕྱེད། ལན་འགའ་ནི་དགོངས་ཀ་ལྡང་བར་འགྱུར་རོ། །དེ་བཞིན་དུ་ནི་ཡུན་རིང་དུ་འབྲེལ་པ་ཅན་ཡང་ཡིན་པས་ན་ཡུན་རིང་སྟེ། ལུས་རིང་ཞིག་ཏུ་གནས་པ་ཞེས་བྱ་བའི་དོན་ན། །ཕལ་ཆེར་ནད་ནི་ཁྲག་ལ་བརྟེན། །རྟག་པའི་རིམས
་ནི་བྱེད་པར་འགྱུར་རོ། །དེ་ནི་ཉིན་མཚན་ལན་གཉིས་ལྡང། །ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་མང་དུ་རླུང་ལ་སོགས་པའི་ནད་གང་ཡང་རུང་བ་ཁྲག་ལ་བརྟེན་ཅིང་གནས་ནས་རྟག་པའི་རིམས་བསྐྱེད་ཅིང་འབྱུང་བར་བྱེད་པར་འགྱུར
་ལ། དེ་ཡང་ཉིན་མཚན་ཅིག་གི་ནང་དུ་ལན་གཉིས་ལྡང་བར་འགྱུར་ཏེ། འདིར་ཉིན་པར་ལན་གཉིས་ལྡང་ལ། ན་ཚན་མོ་ལན་ཅིག་ལྡང་ངོ་ཞེས་བྱ་བའི་ངེས་པ་ཡོད་པ་མ་ཡིན་ལ། གཞེན་དུ་ལན་འགའ་ནི་ཉིན་ཅིག་ལ་ལན
་གཉིས་ལྡང་བར་འགྱུར་ལ། ལན་འགའ་ནི་ཉིན་མཚན་གཉིས་ལ་རེ་རེ་ལྡང་བར་འགྱུར་རོ། །ཉིན་གཅིག་ཉིན་རེ་ལན་རེ་ལྡང། །དེ་ནི་ཤ་ཡི་རྩ་ལ་བརྟེན། ཞེས་བྱ་བ་ལ། རིམས་ཉིན་གཅིག་པ་ནི་ཉིན་ཞག་གཅིག་གི་ནང་དུ་ལན་རེ
་རེ་ཞིག་ལྡང་བར་འགྱུར་ལ། ཉིན་ཅིག་དང་རིམས་དེ་ནི་ཤའི་བཅུད་ཀྱི་དངས་མ་རྒྱུ་བའི་རྩ་ལ་བརྟེན་ཅིང་གནས་པ་ཡིན་ནོ། །གསུམ་པ་ཚིལ་གྱི་རྩ་ལ་གནས། །ཞེས་བྱ་བ་ལ། རིམས་ཉིན་གསུམ་པའི་ནད་ནི་ཚིལ་གྱི་རྩའི་ནད
་ལ་གནས་པས་རིམས་ཉིན་གསུམ་པ་བསྐྱེད་བར་བྱེད་དོ། །མཁྲིས་པ་རླུང་གཉིས་སྤྱི་ནས་འཇིག། །བད་ཀན་མཁྲིས་འགྱུར་སུམ་མདོ་ན། །རླུང་དང་བད་ཀན་རྒྱབ་ནས་འཛིན། །དེ་ནི་ཞག་གཅིག་གིས་ཆེད་ཡིན། །ཞེས་བྱ་བ་ལ། རིམས་ཉིན
་གསུམ་པ་ལས་གྱུར་པ་ཡིན་དུ་ཟིན་ཀྱང། མཁྲིས་པ་དང་རླུང་གཉིས་ཤས་ཆེ་བ་ནི་སྤྱི་བོ་སྟེ་མོག་ནས་འཛིན་པ་ཡིན་ལ། བད་ཀན་དང་མཁྲིས་པ་ཤས་ཆེ་ན་ནི་སུམ་མདོ་ཞེས་བྱ་བ་དཔུང་པ་གཉིས་དང། གཉའ་བ་འདུས་པའི
་མཚམས་སུན་ཞིང་དེ་ནས་ཟུག་བར་འགྱུར་རོ། །རླུང་དང་བད་ཀན་ཤས་ཆེ་ན་ནི་རྒྱབ་ནས་ན་ཞིང་དེ་ནས་འཛིན་པ་ཡིན་ནོ། །ཡང་རིམས་ཉིན་གསུམ་པ་དེ་ནི་ཞག་གཅིག་གིས་ཆོད་བ་ཡིན་ཏེ་ཉིན་ཞག་རེ་རེས་ཆོད་པ་ཡིན་ནོ། །
་ཉིན་བཞི་པ་ཡི་རིམས་ཚིལ་དང། །རྐང་དང་རུས་བའི་ནད་ན་གནས། །གཞན་དག་ཆ་ལ་ཉིད་ལ་གནས་ཟེར། །དེ་ཡི་ནུས་པ་བསྟན་པ་ནི། །བད་ཀན་གྱིས་ནི་ཕྱིན་གཉིས་ན། །རླུང་གིས་ཀླད་པར་ན་བར་བྱེད། །རུས་རྐང་གའི
་གང་ཞུགས་པ་ཡི། །ཉིན་བཞི་པ་ནི་གོ་བཟློག་པའོ། །ཉིན་གསུམ་པས་ནི་ཉིན་གཉིས་ན། །ཉིན་ཅིག་ན་བར་མི་བྱེད་དེ། །ཞེས་བྱ་བ་ལ། རིམས་ཉིན་བཞི་པའི་མཚན་ཉིད་ནི་རླུང་ལ་སོགས་པའི་ནད་རྐང་དང་ནུས་པ་གང་ཡང་རུང
་བའི་གནས་སུ་འདུག་ཅིང་བརྟེན་ནས། ནད་འབྱུང་བར་འགྱུར་ཏེ། ལན་འགའ་ནི་རྐང་ལ་གནས་ནས་སྐྱེད་དོ། །ལན་འགའ་ནི་རུས་པ་ལ་གནས་ནས་ནད་སྐྱེས་པ་ཡིན་ནོ། །ཡང་སྣན་པ་གཞན་དག་ནི་ཉིན་བཞི་པའི་རིམས་ཀྱི་གནས་ཀྱང་ཉིན
་གསུམ་བ་དང་འདྲ་བར་ཚིལ་ཉིད་ལ་གནས་ནས་ལྡང་ངོ་ཞེས་ཟེར་རོ། །རིམས་ཉིན་བཞི་བ་དེའི་ནུས་པའི་མཐུ་ནི་རྣམ་པ་གཉིས་ཡོད་པར་བསྟན་ཏེ། གང་གི་ཚེ་བད་ཀན་གྱི་ཤེས་ཆེ་བ་དེའི་ཚེ་ནི་དང་པོ་བྱིན་པ་གཉིས་ནས་ཟུག་ཅིང་ནད་བར
་འགྱུར་ལ། དེ་རླུང་གི་ཤེས་ཆེ་བ་ཡིན་ན་ནི་དང་པོར་ཀླད་པ་ན་བར་བྱེད་པ་ཡིན་ནོ། །དེ་ཡང་རེས་འགའ་འི་རུས་པ་ལ་གནས་ལ། རེས་འགའ་ནི་རྐང་ལ་ཞེན་ཅིང་གནས་པ་ཡིན་ནོ། །རེས?་ཉང་ཁང་དུས
་བ་དང་ནད་གཉིས་ག་ལ་ཞུགས་ཏེ་གན་ལ་པ་ཡིན་ལ་གཉི་གར་ཞུགས་པ་དེའི་མཚན་ཉིད་ནི་ཉིན་བཞི་བ་ཅིག་ཤེས་ལས་གོ་བཟློག་པ་ཡིན་ནོ། །དེ་ཡང་ཉི་མ་གཉིས་ཀྱི་བར་དུ་རྒྱུན་གྱི་འཆད་པ་ནས་དེའི་འོག་ཏུ་ཉིན་ཅིག་ན་བར་མི
་བྱེད་ལ། །།དེ་ལྟར་ཉིན་ཅིག་ན་བ་མེད་ནས་ཡང་ཉི་མ་གཉིས་ཀྱི་བར་དུ་ན་བར་བྱེད་བ་ཡིན་ནོ། །འདིས་ནི་མཚན་ཉིད་གཅིག་བསྟན་བ་ཡིན་ལ། དེ་ལས་གོ་བཟློག་པའི་རྣམ་པ་གཞན་ག་ན་ཉིན
་ཅིག་རིམས་ནད་དེ་ཐུ་ནས་ཉིན་གཅིས་ཀྱི་བར་དུ་ཅུང་ཆད་བྱ་སྟེ། ཉི་མ་གསུམ་པ་ལ་ཡང་ཐུ་བར་བྱེད་པའི་རིམས་ཀྱིས་ན་བ་ཡིན་ཏེ། དེ་ནི་གཉིས་པའོ། །ནད་རྣམས་ཀྱི་ནི་སྟོབས་ཆེ་ཆུང། །ཟས་དང་སྤྱོད་པ་ལས་འབྱུང་ཞིང། །
་དེ་བཞིན་རིམས་རྣམས་འབྱུང་བ་ནི། །ཡིད་དང་ལས་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ཡང་དུ་མ་དང་དེའི་ཚེ། རླུང་ལ་སོགས་པའི་ནད་རྣམས་ཀྱི་སྟོབས་སམ་མཐུ་ཆེ་ཆུད་ལས་ལ་བྱུང་བ་དང། ཟས་དང་སྤྱོད་ལམ་ལ་སོགས་པ
་ལས་རིམས་ནད་དུ་འགྱུར་ལ། དེ་བཞིན་དུ་ཡིད་ཀྱིས་སྟོབས་ཆེ་ཆུང་དང། ལས་སྔོན་ཆད་སྤྱོད་པའི་སྟོབས་ཆེ་ཆུང་ལས་རིམས་རྣམས་སྐྱེ་བར་འགྱུར་ལ། །དེ་ཡང་ལན་འགའ་ནི་རྟག་པའི་རིམས་སུ་འགྱུར་རོ། །ལན་འགའ་ནི་ཉིན
་གཅིག་པ་དང། ཉིན་གསུམ་པ་དང། ཉིན་བཞི་པ་དང། དེ་ལས་གོ་བཟློག་པ་རབ་ཏུ་ཡང་འགྱུར་ལ། ཆེད་འགའ་ནི་ཉིན་བཞི་བར་གྱུར་ནས། ཉིན་གསུམ་པ་དེ་བ་ཉིན་གཅིག་པ་ལ་སོགས་པར་འགྱུར་རོ། །ནད་ཀྱིས་ལུས
་ཟུངས་དཀྲུགས་གྱུར་བ། །ནད་སོས་ཉེ་ཚེ་ཞུས་བར་འགྱུར། །དེ་ཚེ་ནད་པ་དབུགས་དྲག་རྡུལ། །ཐ་ཁུན་ཞིང་སློན་བྱེད་འགྲེ་བ་དང། །ལུས་འདར་ཚིག་མར་ཚ་བ་དང། ལུས་གྲང་བཞིན་མདོག་ཉམས་པ་དང། །དྲན་སྟོར་རིམས་ཀྱིས་ཤུགས་ཀྱིས
་གཟར། །ཁྲོས་པའི་ཚུལ་གྱིས་བལྟ་བ་དང། །བཤང་བ་ནད་དང་སྒྲ་བཅས་དང། །བླ་བ་ཤུགས་དྲག་འགྱུར་པ་ཡིན། ཞེས་བྱ་བ་ལ། སོགས་པའི་ནད་གང་ཡང་རུང་བས་དངས་མ་ལ་སོགས་པའི་ལུས་ཟུངས་དཀྲུགས་ཤིང་གློངས་པར་གྱུར་པའི
་རིམས་དེ་ནད་སོས་པ་དང་ཉེ་བའི་ཚ་ན་ལུས་ཟུངས་དེ་ཉིད་ལ། ཐིམ་ཞིང་ཞུ་བར་འགྱུར་རོ། །དེ་ནས་ནད་དེ་ཞུ་བའི་དབང་གིས་དེའི་ཚེ་ནད་པ་དེ་ལ་དབུགས་ཀྱི་རྔམ་པ་ཅུང་རྨད་དྲག་ཏུ་འབྱུང་ཞིང་རྡུལ་ཏེ་པ་སྤུའི་བུ་ག་རྣམས་ལས་ཆུ་འཛག་པ་དང།
་དེ་བཞིན་དུ་འཁུན་ཞིང་སྒྲ་མི་གསལ་བར་འདོན་ཅིང་སློན་བ་སྟེ། བད་ཀན་དང་མཁྲིས་པ་ལ་སོགས་པ་སྐྱུག་པར་བྱེད་པ་དང། དེ་བཞིན་དུ་མལ་ལམ་སའི་སྟེང་དུ་འགྲེ་ཞིང་ལུས་འགྱུར་བ་དང། ལུས་འདར་ཞིང་གཡེ་བ་དང། ཚིག་མང
་པོར་སྨྲ་བ་སྟེ། དགོས་པ་ཡོད་པ་དེ་བགོས་པའི་ཚིག་མང་དུ་སྨྲ་བ་དང། ལུས་ཚབ་དང་གྲག་པའི་རྣམ་པར་དུས་གཅིག་ཏུ་སྨྲ་བར་འགྱུར་བ་དང། མདོག་ཉམས་ཤིང་གཟི་མེ་དང་མང་པ་དང། དྲན་པ་སྟོར་ཞིང་གཟི་མ་དང་མིང་པ་དེད།།
་དྲན་པ་སྟོང་ཤིང་འདུ་ཤེས་མི་གསལ་བ་དང། དེ་བཞིན་དུ་རིམས་ཀྱི་ཤུགས་ཀྱིས་གཟིར་ཅིང་རིམས་ནད་ཀྱི་ཤུགས་ལྟག་པར་སྐྱེ་བ་ལྟར་བྱེད་པ་དང། ཁྲོས་ཤིང་འབྲུགས་པ་ལྟ་བུའི་ཚུལ་དུ་སྡང་མིག་གིས་ལྟ་བར་བྱོང་བ་དང
་དེ་བཞིན་དུ་བཤད་པ་ཡང་རླུང་ལ་སོགས་པའི་ནད་དང་རླུང་གི་སྒྲ་དང་བཅས་པ་སྨན་བག་ཏུ་ཤུགས་སུ་འབྱུང་བར་འགྱུར་བ་ཡིན་ནོ། །ལུས་ནི་ཡང་ཞིང་རྒྱ་དང་རྨོང་བག་ཚ་བ་མེད། །ཁ་ན་མཐེང་བུ་འབྱུང་དང་དབང་པོ་རྟས་གཞི་དེ།།
་ཡིད་ནི་སོར་གནས་རྡུལ་སྦྲིང་བདེར་འབྱུང་ཡི་གེ་འབྱེད། །མགོ་བོ་གཡའ་བ་རིམས་ནད་བྱད་པའི་མཚན་མ་ཡིན། ཞེས་བྱ་བ་ལ། མཚན་མ་དེ་དག་གི་རྗེས་ལ་རིམས་ནད་བྱང་བ་ཉིད
་དུ་འགྱུར་བའི་མཚན་མ་ནི་ལུས་ཡང་པར་འགྱུར་ཞིང། ཁོང་ལྕི་བའི་བག་མེད་པ་དང་ལུས་རྨྱ་བ་དང། རྨོང་བག་དང་ཚ་བ་མེད་པ་སྟེ། རྨྱ་ཞིང་ཉམ་ཆུང་བ་དང། རྨོད་བག་གིས་འདུ་ཤེས་སྟོར་བ་དང། ཚ་ཞིང་རྣོ་བར་གྱུར་པའི
་རྣམ་པ་དང་དྲལ་བར་འགྱུར་རོ། །དེ་བཞིན་དུ་ཁའི་ནང་དུ་ཐོར་བུ་སྨིན་པ་ཕྲ་མོ་འབྱུང་བ་དང། མིག་ལ་སོགས་པའི་དབང་པོ་རྣམས་རྟས་ཤིང་རང་གི་ལས་ཀྱི་བྱ་བ་བདེ་བླག་ཏུ་བྱེད་པར་ནུས་པ་དང། ལུས་བདེ་ཞིང་ནད་ཀྱི་ཚོར་བ
་མེད་པ་དང། ཡིད་སོ་ལ་གནས་པ་དང། སེམས་ཀྱི་རང་བཞིན་སྔོན་ཆད་སྙིང་སྟོབས་ལ་སོགས་པ་གང་གི་ཤས་ཆེ་བ་དེ། དེ་བཞིན་དུ་ལྡན་པར་འགྱུར་བ་དང། དེ་བཞིན་དུ་རྡུལ་དང་སྦྲིད་པ་བདེ་བླག་ཏུ་ཐོན་ཅིང་འབྱུང་བ་དང།
་དེ་བཞིན་དུ་བཀྲེས་ཤིང་ཟས་ལ་འདོད་བ་སྐྱེ་བའི་ཡི་ག་འབྱེ་བ་འབྱུང་བར་འགྱུར་བ་དང། མགོ་བོ་གཡའ་ཞིང་འཁྲུག་འདོད་པ་སྐྱེ་བར་འགྱུར་ཏེ། འདི་དག་ནི་རིམས་ནད་བྱང་བའི་སྟགས་སམ་མཚན་མ་ཡིན་ནོ།། །།
་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།
་དེ་ནས་ཁྲག་དང་མཁྲིས་པ་དང་ལུད་པའི་ནད་གཞི་བཤད་པར་བྱའོ་།ཞེས་བྱ་བ་ལ། རིམས་ཀྱི་ཚ་བ་ལ་ཁྲག་མཁྲིས་སྐྱེ་བར་འགྱུར་བར་བཤད་པས་དེའི་ཕྱིར་དེ་མྱུར་དུ་གསོད་པ་ཡིན་པས་རིམས་ཀྱི་ནད་གཞིའི་ལེའུའི་འོག་ཏུ།
་ཁྲག་དང་མཁྲིས་པའི་ནད་གཞི་བརྩམས་པ་ཡིན་ནོ། །ལུད་པ་ཡང་ཁྲག་དང་མཁྲིས་པ་དང་འདྲ་བར་གནོད་པ་མྱུར་དུ་སྐྱེས་པ་ཡིན་པས་དེ་ཡང་ལེའུ་འདིར་བཤད་པ་ཡིན་ནོ། །རབ་དྲོ་རབ་རྣོ་ཚ་དང་སྐྱུར། །ལན་ཚ་ལ་སོགས་ཚ་པ
་དང། །ཁྲེ་རྒོད་ཨུད་བ་ལ་ཡི་ཟས། །དེ་བཅས་ཤིན་ཏུ་བསྟེན་དྲགས་དང། །མཁྲིས་པ་ཅན་གྱི་མཁྲིས་ནད་ནི། །གཤེར་དང་ཁྲག་རྒྱས་ནད་དུ་འགྱུར། །དེ་ནི་ཕན་ཚུན་འདྲེས་གྱུར་པས། །ལུས་ཀུན་ཁྱབ་པར་བྱེད་པར
་འགྱུར། །ཞེས་བྱ་བ་ལ། ཟས་དང་སྤྱོད་ལམ་ཤིན་ཏུ་དྲོ་ཞིང་ཚ་བའི་ཤས་ཆེ་བ་དང། རབ་ཏུ་རྣོ་ཞིང་དྲགས་པ་དང། སྐྱུར་པའི་རོ་ཤས་ཆེར་བསྟེན་པ་དང། ལན་ཚའི་དེ་ལ་སོགས་པ་རོ་རྣོ་བའི་ཤས་ཆེར་བསྟེན་བ་དང།
་ཚ་བག་ལ་གནས་པ་དང། དེ་བཞིན་དུ་ཁྲེ་རྒོད་ལ་སོགས་པའི་ཟས་བརྟེན་བར་དྲགས་ཤིང་ཤས་ཆེ་བ་དང། ཡང་དེ་བཞིན་དུ་ཆ་ཞིང་རྣོ་བ་ལ་སོགས་པ་མཁྲིས་པ་སྐྱེད་པའི་ཁ་ཟས་སྐོམས་ཚད་ལས་ལྷག་པར་བསྟེན་ཅིང་ཟོས
་པའི་མཁྲིས་པའི་ནང་གཤེར་བ་དང། ཁྲག་གི་ནད་རྒྱས་ཤིང་ལྡང་བར་འགྱུར་ལ། ཁྲག་དང་མཁྲིས་པ་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་འདྲེས་ཤིང་གཅིག་བུར་གྱུར་པ་དང། ཁྲག་གི་མདོག་ཅན་ཉིད་དུ་གྱུར་ནས
་ལུས་མགོ་ནས་རྐང་གི་བར་དུ་མ་ལུས་བར་ཀུན་ཁྱབ་ཅིང་བྱེད་པར་འགྱུར་བ་ཡིན་ནོ། །མཁྲིས་པ་ཁྲག་ལས་གྱུར་པ་དང། །འདྲེས་དང་གནོད་བྱ་ལས་ཀྱང་གཅིག་།མདོག་དང་དྲི་ནི་རྗེས་མཐུན་པས། །ཁྲག་གི་མིང་དུ་བསྟན
་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་གང་ཡིན་པ་དེ་ཁྲག་གི་མིང་དུ་བསྟན་ཏེ། ཁྲག་དང་མཁྲིས་པ་གསོ་བ་ལས། ཁྲག་ནི་ཐུར་སོང་ཞེས་བྱ་བ་ལ་སོགས་པ་སྨོས་པའི་ཚུལ་གྱིས་དེའི་མིང་དུ་འགྱུར་བ་ཡིན་ཏེ། །
་གང་གི་ཕྱིར་མཁྲིས་བཞི་ཁྲག་ལས་གྱུར་པ་ཡིན་ཞིང་ཁྲག་ལས་སྐྱེས་པ་ཡིན་ནོ། །དེ་ཡང་གཞུང་འདི་ཉིད་ལས། གང་མཁྲིས་དྲི་མ་བུ་ག་རུ། རྡུལ་དང་སེན་མོ་བ་སྤུ་དང།
་སྣུམ་དང་མིག་དང་པགས་པ་ཚིལ། རིམས་བཞིན་ལུས་ཟུངས་དྲི་མ་ཡིན། ཞེས་སྨོས་པ་ཡིན་པས་ན། །དེའི་ཕྱིར་ཁྲག་གི་རྙིགས་མ་ནི་མཁྲིས་པ་ཡིན་ལ། །དེ་བཞིན་དུ་འདྲེས་པ་སྟེ། གཅིག་ལ་གཅིག་ཆ་འདྲས
་པའི་གནད་དང། དེ་བཞིན་དུ་གནོད་བྱ་ལས་འབྱུང་སྟེ། གང་གི་ཕྱིར་མཁྲིས་པ་ཉིད་ཀྱིས་མྱུར་དུ་གནོད་པར་འགྱུར་བ་ཡིན་ལ། །དེ་བཞིན་དུ་ཁྲག་གིས་མཁྲིས་པ་ལ་གནོད་པར་གྱུར་པ་ཡིན་ཏེ། དེ་ལ་གནས་པའི
་ཕྱིར་རོ། །དེ་ཡང་གཞུང་འདི་ཉིད་ལས། །འཕེལ་དང་ཟད?་པར་བྱ་བའི་སྨན། །གཅིག་གི་གང་ཡིན་དེ་གཞན་ཡིན། ཞེས་བཤད་པ་ཡིན་ནོ། །མདོག་དང་དྲི་ཡང་དེ་གཉིས་རྗེས་སུ་མཐུན་པས་ཡིན་ཏེ། མཁྲིས་པ་དེ་ནི།
་ཁ་དོག་དང་དྲི་ཡང་ཁྲག་དང་བརྗེས་སུ་མཐུན་པས་དེའི་ཕྱིར། མཁྲིས་པ་དང་དྲི་དང་ཁ་དོག་ཁྲག་དང་མཚུངས་པས་ཁྲག་གི་མིང་བསྟན་ཅིང་བཤད་པ་ཡིན་ནོ། །དེ་ནི་ཁྲག་གནས་མཆིན་པ་དང་མཆེར་བ་ལས་ནི་འབྱུང་བར
་འགྱུར། ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་དེ་གཉིས་ནི་ཁྲག་གི་གནས་ཏེ། ཁྲག་དང་མཁྲིས་པ་རྒྱུ་བའི་རྩ་སྡུབས་ནས་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་མཆིན་པ་དང་མཚོར་བ་ཡང་ཁྲག་གི་གནས་ཡིན་པས་དེ་གཉིས
་ལས་འབྱུང་བར་འགྱུར་རོ། །མགོ་བོ་ལྕི་ཞིང་ཡིག་མཆུས། །བསིལ་འདོད་སྐྲེགས་པ་དུང་ཅན་སྐྱུར། །སྐྱུག་ཅིང་སྐྱུག་མདོག་བརྩོག་པ་སྣང། །ལུད་པ་དབུགས་མི་བདེ་མགོ་འཁོར། །ཁོང་སྙོམ་ཁྲག་དམར་ཉ་དྲི་བྲོ། །ཁ་དྲི་མི
་ཞིམ་སྐད་འགགས་ལ། མིག་ལ་སོགས་པའི་ཁ་དོག་ནི། །དམར་དང་ལྗང་དང་སེར་པོར་སྣང། །རྨི་ལམ་དུ་ཡང་ཁ་དོག་དེ། །འདིར་ནི་མཐོང?་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་འདི་ཕྱིས་འབྱུང་བར་འགྱུར
་ན། །ནད་ཀྱི་སྔ་འབྱུང་པའི་ཚུལ་མགོ་བོ་ལྕི་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །མགོ་བོ་ལྕི་བ་ནི་དང་པོ་མགོ་མི་ཐེག་པ་སྙམ་དུ་སེམས་པའོ། །སྒྲེགས་པ་དུ་བ་ཅན་ནི་སྒྲེགས་པ་དུ་བ་ལྟར་དཀུ་བ་འབྱུང་བའོ། །སྐྱུར་བ་ནི་སྒྲེགས་པའི
་རོ་སྐྱུར་པག་ཏུ་འབྱུང་བའོ། །སྐྱུག་པ་ནི་སློན་པའོ། །སྐྱུགས་པའི་མདོག་བཙོག་པ་ནི་ཁ་དོག་མི་སྡུག་པ་དང། དྲི་ང་པ་དང། རོ་མི་ཞིམ་པར་སྣང་པའོ། །གཞན་ནི་གོ་བར་ཟད་དོ། །ཁྲག་དེ་ཉ་དམར་པོ་ལོ་ཧི་ཏ་ཞེས་བྱ་བའི་དྲི་ལྟར་ཤིན་ཏུ
་དྲི་མནན་པ་འམ། ཁྲག་ཉིད་ཀྱི་མདོག་དམར་ལ་དྲིད་བར་སྣང་བ་དང། ཁའི་དྲི་མི་ཞིམ་ཞིང་མནན་པ་སྔར་བྱུང་བའི་ཚུལ་ལས་དེ་ཤེས་པར་བྱའོ། །དེ་བཞིན་དུ་སྐད་འགགས་ཤིང་སུབས་པ་དང། དེ་བཞིན་དུ་མིག
་དང་པགས་པ་དང། གདོང་དང་ལྕེ་དང་བཤང་བ་དང། གཅིན་ལ་སོགས་ལ་ཁ་དོག་དམར་བ་དང། དུས་པ་ལྟར་ལྗང་བ་དང། སེར་པོར་སྣང་བ་ལས་ཤེས་པར་བྱ་ལ། ཡང་དེ་བཞིན་དུ་རྨི་ལམ་གྱི་ནང་དུ་ཡང་ཁ་དོག
་དམར་པོ་དང་ལྗང་ཁུ་དང། སེར་པོར་མཐོང་བར་འགྱུར་བ་ཡིན་ནོ། །སྟོད་དུ་སྣ་མིན་རྣ་བ་ཁ། །སྨད་བཤང་སྐོ་དང་ཕོ་མོའི་མཚན། །བ་སྤུའི་བུ་ག་ཀུན་ལས་ཀྱང། །ཁྲག་རབ་རྒྱས་པ་འབྱུང་བར་འགྱུར། ཞེས་བྱ་བ་ལ།
་ཁྲག་དང་མཁྲིས་པ་ནད་དེ་སྟོད་དུ་སྣ་དང་མིག་དང་རྣ་བ་དང་ཁའི་སྒོ་འདུན་ནས་འབྱུང་བར་འགྱུར་བ་དང། སྨད་དུ་བཤད་སྒོ་དང་ཕོ་མཚན་དང་མོ་མཚན་ཏེ། བུ་ག་གསུམ་ལས་འབྱུང་བར་འགྱུར་ལ། དེ་བཞིན་དུ་བ་སྤུའི
་བུ་ག་མ་ལུས་པ་ཀུན་ལས་ཀྱང་འབྱུང་སྟེ། རྡུལ་འབྱུང་བའི་རྩ་སྒོ་ཐམས་ཅད་ལས་ཀྱང་འབྱུང་བ་སྟེ། ཁྲག་རྒྱས་པའི་འབྱུང་བར་འགྱུར་པའི་སྒོ་ནི་དེ་དག་ཡིན་ནོ། །སྟོད་ཀྱི་བད་ཀན་ཡིན
་གསོ་སླ། །དེ་བཞིན་བཀྲུ་སྨན་བཏང་པོས་གསོ། །སྨན་མད་ཡོད་ཅིང་མཁྲིས་པ་ཡི། །སྨན་གྱི་མཆོག་ནི་བཀླུ་སྨན་ཡིན། །ཟླ་ལ་ཡོད་པའི་བད་ཀན་ཀྱང། །དེར་ནི་དེ་ཡིས་སྦྱང་བྱས་འགྱུར། །འདི་ལ་སྨན་ནི་མངར་དེར་བསྐ། །
་བད་ཀན་ཅན་དག་ལ་ཕན་ན། །གང་ལྡོག་གང་གིས་བད་ཀན་སེལ། །ཁ་དང་བསྐ་བ་སྨོས་ཅི་དགོས། །ཞེས་བྱ་བ་ལ། སྟོད་ཀྱི་ཆ་བྱུང་བའི་བད་ཀན་དང་མཁྲིས་པ་གང་ཡིན་པ་དེ་ནི་བད་ཀན་རྒྱས་པ་ལས་གྱུར་པ་ཡིན་པའི་ཕྱིར།
་གསོ་སླ་ཞིང་བཅོས་པར་སླ་བ་ཡིན་ལ། དེ་ཡང་བཀྲུ་སྨན་བཏང་བས་ལམ་བསྒྱུར་ཏེ་གསོ་དགོས་པ་ཡིན་ནོ། །དེ་བཞིན་དུ་སྨན་ཡང་མེད་དུ་ཡོད་པ་སྟེ། སྨན་རོ་མངར་བ་དང་ཁ་བ་དང་བསྐ་བ་རྣམས་ཕན་པའི་ཕྱིར་རོ། །ཡང་སྟོད
་དུ་འབྱུང་བའི་ཁྲག་མཁྲིས་ལ་མཁྲིས་པའི་ནད་ལ་ཕན་པའི་སྨན་བྱ་བ་ནི་སྨན་གྱི་མཆོག་ཡིན་ཏེ། སྟོད་དུ་འབྱུང་བའི་ཁྲག་དང་མཁྲིས་པའི་ཟླ་བ་བད་ཀན་ཡོད་པ་དེ་བཀྲུ་སྨན་བྱས་པ་གང་ཡིན་པ་དེས་སྦྱར་ཞིང་དག་པར་འགྱུར
་རོ། །བད་ཀན་སྦྱངས་ཤིང་དག་པའི་མས་བུ་འདི་ལ་སྨན་མངར་བ་རྣམས་ཀྱི་ཁུ་བ་ལ་སོགས་པ་རྣམས་ཀྱང་བད་ཀན་ལ་ཕན་པ་ཡིན་ཏེ། དོན་དུ་བད་ཀན་ལ་གནོད་པའི་མངར་རམ། བད་ཀན་ལ་ཕན་པར་གྱུར་ན་བད
་ཀན་འབའ་ཞིག་ཡོད་པ་དེ་ལ་རང་བཞིན་གྱིས་བད་ཀན་སེལ་བར་བྱེད་པའི་སྨན་ཁ་བ་དང་བསྐ་བ་དག་བྱིན་ན་ཕན་པར་འགྱུར་ཞིང་བསྔགས་པ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཐུར་དུ་འབྱུང་བ་རླུང་ཡིན། །དེ་ན་སྐྱུག་སྨན་བཏང
་བས་གསོ?། །མཁྲིས་པའི་སྨན་ནི་ཉུང་བ་ཡིན། །སྐྱུག་སྨན་མཁྲིས་པའི་སྨན་མཆོག་ཡིན། །ཟླ་ལ་ཡོད་པའི་རླུང་ནད་ཀྱང། །དེ་ནི་དེ་ཡིས་ཞི་མི་འགྱུར། །དེ་ནི་རོ་ནི་མངར་བསྐོལ་པ། །འབའ་ཞིག་ཕན་པར་འགྱུར་བ་ཡིན། ཞེས
་བྱ་བ་ལ། ཐུར་དུ་འབྱུང་ཞིང་རོ་སྨད་ཀྱི་ལམ་ནས་འབབ་པའི་ཁྲག་དང་མཁྲིས་པ་ནི་རླུང་ནད་ཤེས་ཆེ་བ་ལས་བྱུང་བའི་ཕྱིར། །དེ་ནི་གསོ་བ་ཙམ་དུ་བྱས་པ་ལས་གཏན་བསལ་བར་དཀའ་བ་ཡིན་ལ། དེ་ཡང་སྐྱུག་སྨན་བཏང་བས་གསོ
་ཞིང་སློན་དུ་གཞུགས་པ་ནི་དེའི་གསོ་བ་ཡིན་ནོ། །ཁྲག་དང་མཁྲིས་པ་དེ་ནི་སྨན་ཤིན་ཏུ་ཉུང་བ་ཡིན་ཞིང་མངར་བ་འབའ་ཞིག་གིས་གསོ་དགོས་པ་ཡིན་ལ། ལམ་བསྒྱུར་བའི་སྐྱུགས་སྨན་བཏང་བ་དེ་ནི་མཁྲིས་པའི་སྨན་གྱི་མཆོག
་ཀྱང་མ་ཡིན་ལ། ཟླ་བ་ཡོད་པའི་རླུང་ནད་གཞན་དུ་དབང་དུ་བྱེད་པ་དེ་ཡང་སྐྱུག་སྨན་གྱིས་ཞི་བར་མི་འགྱུར་ལ། །འོག་ཏུ་འབབ་པའི་ཁྲག་དང་མཁྲིས་པ་དེ་ལ་ནི། །སྔ་སྨན་རོ་མངར་བ་དང་བསྐལ་བ་ལ་སོགས་ཕན་པ
་ཡིན་གྱི། ཁ་བའི་སྨན་ཁུ་བ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་རླུང་སྐྱེད་པ་ཡིན་པའི་ཕྱིར་རོ། །བད་ཀན་རླུང་ནི་འདྲེས་པ་ཡིན། །གཉི་གར་འབྱུང་བ་ལས་སོ་དཀར་སྟེ། །བཟློག་པར་ཡངས་ནི་མད་ཕྱིར་དང། །
་སྨན་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་གང་བད་ཀན་དང། འདྲེས་པའི་ནད་ལས་བྱུང་བར་གྱུར་ནས་ལུས་ཀྱི་སྟོད་དང་ལུས་ཀྱི་སྨད་གཉིས་ཀར་འབྱུང་བ་དེ་ནི་ཤིན་ཏུ་བཅོས་པར་དཀའ་བ་ཡིན
་ཏེ། ཅིའི་ཕྱིར་ཞེ་ན། བཟློག་པར་མི་ནུས་པ་ཡིན་ཏེ། དེའི་ཕྱིར་བཟློག་ཅིང་ནད་ཀྱི་ལམ་བསྒྱུར་ནས་བཅས་པའི་ཐབས་མེད་པའི་ཕྱིར་དང། །དེ་བཞིན་དུ་དེ་ལྟ་བུའི་ནད་འཚམ་ཞིང་གཉི་ག་ལས་མི་འབྱུང་བའི་སྨན་ཡོད་པ
་མ་ཡིན་པས། གསོར་མི་རུང་བ་ཡིན་ནོ། །འདི་ལས་བཟློག་པར་བྱ་བའི་ཐབས། །སྦྱངས་པའང་ཡོད་པ་མ་ཡིན་ནོ། །སྤྱད་པས་བཟློག་པར་བྱ་བ་དང། སྨན་པ་ཁྲག་མཁྲིས
་གསོ་བ་ཡིན། ཞེས་བྱ་བ་ལ་གང་གི་ཕྱིར་ཁྲག་དང་མཁྲིས་གའི་ནད་རྒྱས་ཏེ་བྱུང་བ་འདི་ལ་སྨྱུང་པ་བྱ་བ་སྨན་དཔྱད་ཀྱི་ཐབས་ཡིན་ན། སྤྱང་བ་དེས་ན་གང་ཞིག་བཏང་ན་གཉི་ག་ནས་འབྱུང་བའི་ཁྲག་མཁྲིས་བད་ཀན་བླུད
་འདྲེས་པར་གྱུར་པ་དེ་དུས་གཅིག་ཏུ་འམ་གཞན་དུ་ཁྲིད་ཅིང་སེལ་པར་བྱེད་པ་དེ་ལྟ་བུའི་བཟློག་པར་བྱ་བའི་ཐབས་སུ་གྱུར་པའི་སྤྱད་པ་གང་ཡང་ཡོད་པ་མ་ཡིན་ལ། ཁྲག་དང་མཁྲིས་པའི་ནད་ལ་ནི་སྤྱད་པས་མི་མཐུན་པར་བཟློག
་ཅིང་ལམ་བསྒྱུར་བ་ཉིད་ཀྱིས་སྨན་པས་བཙོས་དགོས་ན། ལམ་གཉིས་ཀ་ནས་འབྱུང་བ་བདེ་ནི་བཟློག་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་ཐུར་དུ་འབབ་པ་ལས་བལྟོས་ཏེ། སྐྱུག་སྨན་བཏང་ན་ནི་སྟོང་དུ་འབྱུང་བ་བཟློག་པར
་མི་འགྱུར་ལ། སྟོད་དུ་འབྱུང་བ་ལས་ལྟོས་ཏེ་བཀྲུ་སྨན་བཏང་ན་ནི་ཐུར་དུ་འབྱུང་བའི་མ་ཟློགས་པས་བཙོས་པའི་ཐབས་མེད་པ་ཡིན་ནོ། །མཁྲིས་པ་ཉེ་བར་ཞི་བ་ཡང་འདི་ལ་ཡོད་ཡེ་ཡོད་མ་ཡིན་འདྲེས་པར་གྱུར་པའི་ནད་ལ་ནི། །
་ཐམས་ཅད་སེལ་བའི་ཞི་བྱ་ཕན། ཞེས་བྱ་བ་ལ། འདི་ལ་སྤྱད་པ་ཉེ་བར་ཞི་བར་བྱ་བའི་ཐབས་རྣམ་པ་ཐམས་ཅད་དུ་མེད་པ་དེ་བཞིན་དུ་ཞི་བར་བྱ་བའི་ཐབས་ཀྱང་ཡོད་པ་མ་ཡིན་ཏེ། གལ་ཏེ་སྟོད་དུ་འབྱུང་བ་བད་ཀན་དང་འབྲེལ
་པ་ལ་ལྡན་པར་གྱུར?་པ་ཁ་དང་བསྐ་བ་ལ་སོགས་པའི་སྨན་བཏང་ན་ནི། དེ་རླུང་ལ་གནོད་པས་ཐུར་དུ་འབྱུང་པའི་འཕེལ་པར་འགྱུར་ལ། གང་སྨད་དུ་བྱུང་བའི་རླུང་ལས་གྱུར་པ་ལ་ཕན་པ་སྨན་མངར་བ་བྱིན་ན་ནི། དེ་བད་ཀན
་ལ་གནོད་པས་སྟོད་དུ་འབྱུང་བ་འཕེལ་བར་འགྱུར་རོ། །དེ་བས་ན་ལམ་གཉིས་ཀ་ནས་འབྱུང་བའི་ཁྲག་མཁྲིས་འདི་ལ་ནི་སྤྱད་པ་དང་འདྲ་བར་ཞི་བར་བྱ་བའི་ཐབས་ཀྱང་ཡོད་ཡེ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །དེ་ཡང་གང་གི་ཕྱིར
་ནད་འདྲེས་པར་གྱུར་ཅིང་ཕྱོགས་གཅིག་ཏུ་གནས་འཁྱ་བ་གཅིག་རྩོམ་པར་འགྱུར་བའི་ནད་ལ་ནི་ཐམས་ཅད་སེལ་བ་སྟེ། ནད་གཞི་གསུམ་ཚར་སེལ་བའི་ཞི་བར་བྱ་བ་ཕན་པ་ཡིན་ན། སྟོད་སྨད་ཀྱི་ལམ་གཉིས་ཀ་ནས་འབྱུང་བའི་ཁྲག་དང
་མཁྲིས་པ་ལ་ནི་ནད་གཞི་གསུམ་ཆར་སེལ་བར་འགྱུར་བའི་སྨན་ཡོད་པ་མ་ཡིན་ཏེ། ནད་གཞི་གསུམ་ཐ་དད་པར་གནས་པ་ཡིན་པའི་ཕྱིར་རོ། །དེ་ལ་ནད་དང་རྗེས་མཐུན་པའི། །གཏར་ག་གཏབ་སྟེ་བརྟག་པར་བྱ། ཞེས་བྱ་བ་ལ། ཁྲག
་དང་མཁྲིས་པའི་ནད་དེ་ལ་ནི་གཏར་ཀ་བཏབ་སྟེ་ཁྲག་ཕྱུང་ལ། ཁྲག་འདི་ནི་རླུང་འཁྲུགས་པ་ཡིན་ནོ། །འདི་ནི་མཁྲིས་པ་འཁྲུགས་པ་ཡིན་ནོ། །འདི་ནི་བད་ཀན་འཁྲུགས་པའོ། །འདི་ནི་འདྲེས་པ་འམ་ལྡན་པ་འམ་འཁྲུག་པའོ། །འདི་ནི་འདུས་པ་ལས
་གྱུར་པ་ཡིན་ནོ། །ཞེས་གཏར་གས་བཏོན་པའི་ཁྲག་ཉིད་ལས་བརྟག་པར་བྱ་སྟེ། རླུང་ཁྲག་གནག་དང་དམར་དང་རྩུབ་ཅེས་བྱ་བ་ལ་སོགས་པས་ནི་རླུང་ལས་གྱུར་པ་དང། མཁྲིས་ཁྲག་སེར་ལ་རྩ་གནག་མནམ་ཞེས་བྱ་བ་ལ་སོགས་པས་ནི་མཁྲིས
་པ་ལས་གྱུར་པ་དང། བད་ཀན་ཁྲག་ནི་འཇམ་ལ་སྐྱ་ཞེས་བྱ་བ་ལ་སོགས་པས་ནི་བད་ཀན་ལས་གྱུར་པ་ནས། ཉེས་གསུམ་དྲི་མ་རྙོག་པ་ཅན་ཞེས་བྱ་བའི་བར་གྱིས་འདྲེས་པ་དང་འདུས་པ་ལས་གྱུར་པར་ཤེས་པར་བྱའོ། །
་བླ་གཉེན་བྱུང་བར་གྱུར་པ་དང། །འགྱུར་བ་ཤེས་ལས་རྟོགས་པར་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པར?་བླ་གཉན་བྱུང་བར་གྱུར་པ་དག་ནི། ལུས་ཀྱི་འགྱུར་བའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས།།
་ཁྲག་དང་མཁྲིས་པ་ཤིན་ཏུ་དམར། །ཡང་ན་གནག་པ་འམ་ཚོན་རྩ་ནམ?། ཞེས་བྱ་བ་ལ་སོགས་པ་ལས་རྟོགས་པར་བྱའོ། །དེ་ལ་ལུད་པ་མྱུར་གནོད་མེད། །དེ་ཕྱིར་དེ་ཉིད་བཤད་པར་བྱ། ཞེས་བྱ་བ་ལ། ནད་དེ་རྣམས་ཀྱི་ནང་ནང་ནས་ལུད་པ་ནི
་གནོད་པ་མྱུར་དུ་སྐྱེད་ཅིང་ཁྱད་པར་དུ་མི་བདེ་བར་བྱེད་པ་ཡིན་པས། དེའི་ཕྱིར་ལུད་པར་རི་མཚན་ཉིད་གང་དག་ཡིན་པ་བཤད་པར་བྱའོ། །ལུད་པ་རླུང་མཁྲིས་བད་ཀན་དང། །གློ་རྡོལ་གློ་གཅོད་ལས་ལྔར་བཤད། ཅེས་བྱ་བ་ལ། །ལུད་པ་ནི་རླུང་ལས
་གྱུར་བ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཡོད་དོ། །ཞེས་ལྷའི་མིག་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་དོ། །ཐམས་ཅད་མ་གསོས་ཟད་བྱེད་འགྱུར། ཕྱི་མ་བཞིན་དུ་སྟོབས་ཆེན་ཡིན། ཞེས་བྱ་བ་ལ། ལུད་བ་དེ་དག་ཐམས་ཅད་གསོས་ཤིང་བཏང
་སྙོམས་སུ་གཞག་ན་མཐར་ཟད་བྱེད་ཀྱི་གློ་གཅོད་ཆེན་པོར་འགྱུར་བ་འམ་མཐར་འཆི་གཉིད་དུ་འགྱུར་ལ། ལུད་པ་དེ་རྣམས་ཀྱང་ཕྱི་མ་བཞིན་ད?་གློབས་ཆ་སྟེ་རླུང་གི་ལུད་པ་ལས་ནི་མཁྲིག་པའི་ལུད་པ་སྟོབས་ཆེ་ལ། དེ་བས་ནི་བད་ཀན་གྱི་ལུད་བ་སྟོབས་ཆེ
་དེ་བས་ནི་གློ་བརྡོལ་བའི་ལུད་པ་སྟོབས་ཆེ། དེ་བས་ནི་གློ་གཅོད་ཟད་བྱེད་ཀྱི་ལུད་པ་སྟོབས་ཆེ་ཞིང་ཤུགས་དྲག་པ་ཡིན་ནོ། །དེ་རྣམས་འབྱུང་བར་འགྱུར་བའི་རྟགས། །གྲ་བ་གཡའ་ཞིང་ཡི་ག་ཆུས། །གྲེ་ནད་གྲ་མས་གང་སྙམ་སེམས། ཞེས་བྱ་བ་ལ།
་ལུད་པར་རྣམས་ཕྱིས་འབྱུང་བར་འགྱུར་ཞིང་སྐྱེ་བ་ལ་སོགས་པའི་རྟགས་སམ་མཚན་མ་ནི་ག་བ་གཡའ་ཞིང་ཡི་ག་འཆུས་པར་འགྱུར་བ་དང། གྲེ་བའི་ནད་ཐམས་ཅད་ནས་གྱི་གྲ་མས་གང་བ་སྙམ་དུ་སེམས་ཤིང་རྩབ?་པའི་གྱུར་རོ། །དེ་ལ་ཐད
་རྒྱུའི་བླུད་གནོད་འགྱུར་རྟོད་དུ་རྫོ?་སྟེ་བྲང་དུ་ཕྱིན། །དེ་ཚེ་མགུལ་པའི་ནང་དུ་ཞེ་ན། །མགོ་བོའི་རྩ་རྣམས་བ་གང་ནས་ནི། །དེ་ནས་ཡན་ལག་འདེབས་པ་ལྟར། །གཡངས་བྱེད་མིག་རྡོལ་ཙམ་དུ་ན། །རྒྱབ་བྲང་རྩིབ་ལོགས་ནི་ཞིང་ཟུག་།ཁ་རུ་བྱུང་འདི་རྒྱུད་ན
་ལུད་བ་སྣོད་ཆག་འདྲའི་སྒྲ་འབྱུང། ཞེས་བྱ་བ་ལ། དེ་ལ་ལུད་པ་ཐམས་ཅད་ལ་ཐུར་དུ་རྒྱུ་བའི་རླུང་གནོད་པ་དང་བཅས་ཤིང། ཐུར་དུ་འབྱུང་དུ་མ་སྟེར་བས་དེ་སྟོང་དུ་སོང་སྟེ། བྲང་དུ་ཕྱིན་པར་གྱུར་པ་ལ། དེ་ཚེ་དེའི་ཤུགས་བརྒལ་བ་ལ། མགུལ་བ་ཡན་ཆད་ཀྱི་བར་དུ་ཞེན
་ཅིང། གནས་ནས་མགོ་བོའི་རྩ་སྒོ་རྣམས་ནས་ཞུགས་ཏེ། གནས་དེ་དག་བཀང་ཞིང་ཁྱབ་པར་བྱེད་ལ། དེ་ནས་དེའི་འོག་ཏུ་ལུས་ཀྱི་ཡན་ལག་རྣམས་གྱེན་དུ་བསྐྱོད་ཅིང་འདེགས་པ་ལྟར་བྱེད་པས་རྣམ་པར་གཡེངས་པར་བྱེད་ལ། དེ་བཞིན་དུ་ཡིག་གཉིས་ཕྱུང་ཞིང་རྡོལ་བརྩམ
་དུ་ན་བ་དང། རྒྱབ་དང་བྲང་དང་རྩིབ་ལོགས་ཀྱི་ཕྱོགས་རྣམས་ཀྱང་ན་ཞིང་ཟུག་པ་དང་བཅས་པས་རླུང་དེའི་ཁའི་སྒོང་རྒྱུ་ཞིང་འབྱུང་བར་བྱེད་དེ། དེའི་ཚེ་ལུད་བ་སྣོད་ཆགས་པའི་སྒྲ་འབྱུང་ཞིང་ཁར་ཕོག་གཅིག་པའི་སྒྲ་དང་བཅས་པ་འདྲ་བར་འབྱུང་བར་འགྱུར་རོ། །ནད་གཞི
་དབྱེ་བས་ནད་ཀྱང་ནི། །ཐ་དད་ཤུགས་དང་བཅས་པ་ཡིན། །ནང་གང་སྒྲ་ནི་མི་སྙོམས་པ། དེ་ལུས་ལུད་པ་འབྱུང་བ་ཡིན། །ཞེས་བྱ་བ་ལ། ནད་གཞིའི་རྒྱུའི་བྱེ་བྲག་གི་དབྱེ་བས་རྒྱུ་ཐ་དད་པའི་ཕྱིར་ལུད་པའི་ནད་ཀྱང་རྣམ་པ་ཐ་དད་ཅིང། །རླུང་དེ་ཤུགས་སམ་སྟོབས་དང
་བཅས་པ་ཡིན་ལ། དེས་ན་ལུས་པོའི་ནད་གང་ཡིན་པའི་སྒྲ་ཡང་མི་སྙོམས་ཤིང། །སྒྲ་ཆེ་བ་ལ་སོགས་པས་ལུད་པ་དེ་འབྱུང་བ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་ལ་རླུང་ནི་རང་བཞིན་གྱི་ཤུགས་དང་བཅས་པ་ཡིན་ལ། ཤུགས་དེ་ཡང་རྒྱུ་སྣ་ཚོགས
་བའི་དབང་གིས་ཆེ་བ་འམ། ཆུང་བར་འགྱུར་ལ། གང་དེ་དང་ཕྲད་པའི་སྒྲ་ཡང་རྒྱུའི་ཁྱད་པར་གྱིས་དབང་གིས་གནོད་སྣ་ཚོགས་པ་སྐྱེད་པར་འགྱུར་རོ། །རླུང་ནད་སྐྱེད་པ་རླུང་འཁྲུགས་པ། །བྲང་དང་གྲེ་བ་ཁ་སྐམས་ཤིང། །སྙིང་བྲང་རྩིབ་ལོགས་ཀླད་པ
་བཟེར། །རློད་བག་ཁོང་འཁྲུགས་སྐད་འགགས་ཤིང། །ལུད་པ་སམ་པོ་འབྱུང་བྱེད་ཅིང། ན་བའི་ཤུགས་དྲག་སྒྲ་ཆེར་འབྱུང། །ལུས་ཀུན་བརྩེ་བཅས་བད་ཀན་སྐམ། །འཐོན་པར་དཀའ་ཞིང་ཉུང་དུ་འབྱུང་ཞེས་བྱ་བ་ལ། །རླུང་ནད་སྐྱེད་པར་བྱེད་པའི་ཁ་ཟས
་དང། སྤྱོད་ལམ་ཅུ?་བཅིང་གྲང་པ་ལ་སོགས་པ་བསྟེན་པ་དང། ལམ་དང་བུད་མེད་ལ་སོགས་པས་དུབ་པ་དག་གིས་རླུང་ནད་དེའི་འཁྲུགས་ཤིང་ལྡང་པར་གྱུར་ན་བྲང་དང་གྲེ་བ་དང། ཁ་ཤིན་ཏུ་སྐམས་པར་བྱེད་པ་དང། སྙིང་གལ?་སོགས
་པར་གཟེར་བར་བྱེད་པ་དང། ལུད་པ་སྐམ་པོ་བད་ཀན་དང་མཆིལ་སྣབས་མེད་པར་འབྱུང་བར་བྱེད་བ་དང། དེ་བཞིན་དུ་རྣ་བའི་ཚ་བས་ཆེ་བ་དང། ཤུགས་འབྱུང་བ་དྲག་པོ་དང། སྒྲ་ཆེན་པོ་འབྱུང་བ་དང་བཅས་པ་ཡིན་ནོ། །ཡང་ལུད་པ་དོན་ལུས
་དང་ཡན་ལག་བརྩེ་བ་དང་བཅས་པ་དང། བད་ཀན་ནམ་མ་ནི་ལ་སྣབས་ནང་ནས་འཐོན་པ་ཤིན་ཏུ་དགའ་བས་འབྱུང་ཞིང་ཉུང་ཞིག་འབྱུང་བ་ཡིན་ནོ། །མཁྲིས་པ་ལས་མིག་བད་ཀན་སེར། །ཁ་ནང་ཁ་ཞིང་རིམས་མགོལ་བོར།?་།ཁྲག་ཁྲིས་སློན་ཞིང
་སྐོམ་དད་ཚེ། །སྐད་འགགས་དུར་འདྲ་སྐྱུར་བ་དང། །ལུད་པའོ་ཤུགས་ཀྱི་རྒྱུན་འབྱུང་བ། །སྐད་མངའ་འཕྲོ་བ་ལྟ་བུར་སྣང་ངོ། །ཞེས་བྱ་བ་ལ། ལུད་པ་མཁྲིས་པ་ལས་གྱུར་པ་ལས་ནི་མིག?་སེར་དང། །བད་ཀན་འབྱུང་བ་སེར་བར་འབྱུང་བ་དང།
་དེ་བཞིན་དུ་ཁའི་ནང་ཁྲ་བྲོ་བ་དང། རིམས་ལ་སོགས་པ་འབྱུང་བར་འགྱུར་རོ། །ཡང་ལུད་པ་དུད་པ་འདྲ་བ་འབྱུང་ཞིང་དྲི་སྐྱུར་བ་འབྱུང་བ་དང། ལུད་པ་འབྱུང་བའི་ཤུགས་ཀྱི་རྒྱུན་རྟག་ཏུ་འབྱུང་ཞིང་ཤེས་མདའི་ཚོགས་འཕྲོ་བ་ལྟར་མཐོང་བར
་འགྱུར་པའམ་རྨ་བྱའི་སྒྲ་ལྟར། ཁ་དོག་སྣ་ཚོགས་སྣང་བར་འགྱུར། །བད་ཀན་ལས་བྲང་ནད་ཚ་བས་ཆུང། །མིག་ལྕེ་སྙིང་ག་གང་སྙམ་སེམས། །གྲེ་བར་བསྐུས་འདྲ་སྙོམ་པར་བྱེད། །ཆམ་འདེབས་ཟས་སྐྱུག་ཡི་ག་འཆུས། །སྤུ་བརྩེ་ལུད་པ་སྐམ
་བ་དང། །སྣུམ་ཞིང་དཀར་བ་འབྱུང་བར་འགྱུར། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་པའི་མཚན་ཉིད་ནི། བྲང་དུ་ཟུག་ཅིང་ན་བ་དང། ན་བའི་ཚ་བས་ཆུང་བ་དང། མགོ་བོ་ལྕི་ཞིང་བེམ་བེམ་པོར་འདུག་བ་དང། སྙིང་ག་མེར་མེར་པོར་གདབ་སྙམ་དུ་སེམས
་བ་དང། གྲེ་བར་ཆགས་ཤིང་འདམ་པ་བསྒུས་པ་སྙམ་དུ་སེམས་བ་དང། ལུས་དང་ཡན་ལག་སྙོམ་ཞིབ་ལྟི་བ་དང། ཆམ་བས་འདེབས་པ་དང། ཁ་ཟས་སྐྱུག་ཅིང་བསློན་པ་དང། སྲ?་བཤོར་ཞིང་རྩེ་བ་དང། ལུད་པ་སྐམ་པ་དང། སྣུམ་པ་དང། དཀར་བར་འབྱུང་བ་ནི
་བད་ཀན་གྱི་མཚན་ཉིད་ཡིན་ནོ། །སྟོབས་འགྱེད་ལ་སོགས་དྲག་ཤུལ་རྣམས། །མི་ནུས་བཞིན་དུ་བྱས་དང་དེ། རླུང་གིས་བྲང་ནས་གློ་དྲལ་ལ། མཁྲིས་པ་རྗེས་འབྲངས་དཀྱལ་གྱུར་པ། །འཁྲུགས་ཏེ་ལུད་པ་ལུ་བར་བྱེད། །དེས་ནི་བད་ཀན་ཁྲག་བཅས་པ?་དང
་སར་ཞིང་གནག་ལ་སྐམ་བ་དང། །རིལ་རིལ་པོ་མནམ་མང་དུ་འབྱུང། །འབྱུང་ཆེ་གྲ་བ་ན་བ་དང། བྲང་ནི་དྲལ་བ་སྙམ་དུ་སེམས། ཁབ་ནི་རྣོན་པོས་ཕུག་ལྟར་སེམས། །གཟེར་གྱིས་འདེབས་པོར་བྱེད་པ་དང། །ཚིགས་འབྱི་མས་དང་དབུགས་མི་བདེ། །སྐད
་འགགས་ལུས་འདད?་སྐོམ་དད་ཆེ། །ཕུག་རོན་ལྟ་བུར་འཁུམ་འབྱིན་ནོ། །རྩིབས་ལོགས་གཟེར་གྱུར་དེ་ནས་ན། །རིམས་ཀྱིས་སྟོབས་དང་མེ་དྲོད་དང། །ནུས་པ་ཉམས་ཤིང་འབྲི་བར་འགྱུར། །ཟད་བྱེད་ཀྱིས་གཅིན་ཁྲག་དང་བཅས། །རྒྱབ་དང
་རྐང་པ་ན་བར་འགྱུར། ཞེས་བྱ་བ་ལ། སྟོབས་འགྱེད་པ་ནི་ལག་སྟོབས་འགྱེད་ཅིང་རྩལ་སྤྱོད་པ་ལ་སོགས་པའོ། །ལ་སོགས་པ་ཞེས་སྨོས་པས་ནི། །བུད་མེད་བསྟེན་དྲག་པ་དང། ཁུར་དང་ལས་ཀྱིས་དུབ་པ་དང། གླང་པོ་ཆེ་དང་རྟ་འདུལ་བ་ལ
་སོགས་པའི་དྲག་ཤུལ་རྣམས་མི་ནུས་བཞིན་དུ་བྱས་པ་དག་བསྡུའོ། །དེ་ལྟར་སྟོབས་འགྱེད་པ་ལ་སོགས་པའི་དྲག་ཤུལ་མི་ནུས་བཞིན་དུ་ནན་གྱིས་རྩོམ་པར་བྱེད་བསྟེན་པར་བྱས་པའི་རྒྱུ་རྣམ་པ་མང་པོ་དེ་དང་དེས་རླུང་འབྲུགས་པས་བྲང་གི་ནང
་གི་གླ་དྲལ་ཞིང་གཙེས་པར་བྱེད་པ་ཡང་རླུང་དེ་ན་བྲིས་པ་འབྲེས་ཞིང། མཁྲིས་པ་རྗེས་སུ་འབྲངས་བ་ཟླ་ལ་ཡོད་ན་དེ་སྐྱོབས་སྐྱེ་ཞིང་དཀྱེལ་དུ་གྱུར་པས་ལུད་པ་ལུ་བར་བྱེད་པ་ཡིན་ནོ། །དེ་ནས་ལུད་པར་བད་ཀན་ཁྲག་དང་བཅས་པ
་དང། ཁ་དོག་སེར་བ་དང། རྩ་གནག་པ་དང། སྐམ་ཞིང་ལྗན་ལྗིན་མེད་པ་དང། རིལ་རིལ་པོར་གནས་ལ། མནམ་པ་དག་མང་དུ་འབྱུང་ཞིང། སློན་ལ་འབྱུང་བའི་ཚ་གྲེ་བའི་ནང་ན་ཞིང་གཟེར་བ་དང་བཅས་པའོ། ཁྲང་ནི་ཕྱོགས་དྲལ་ཞིང
་བཤགས་པ་སྙམ་དུ་སེམས་པ་དང། ཡང་བྲང་དེ་ཉིད་ཁབ་རྣོན་པོས་ཕུག་ཅིང་བཅགས་པ་སྙམ་དུ་སེམས་པ་དང། གཟེར་ནད་ཀྱིས་འདེབས་པ་དང། ཇི་ལྟ་བུའི་ཚུལ་དུ་འབྱུང་ཞེ་ན། ཚིགས་བྱེ་བ་སྙམ་དུ་སེམས་པ་ལ་སོགས་པའི་གནོད་བ་དང་བཅས
་པར་འགྱུར་བ་དང། ཡང་དེ་བཞིན་དུ་ཕུག་རོན་ལྟར་སྒྲ་མི་གསལ་བའི་ཚིག་ཏུ་འཁུན་འབྱིན་པ་དང། རྩིབ་ལོགས་ཀྱི་ཕྱོགས་གཟེར་བ་དང་བཅས་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་ལུད་པ་ཅན་གྱི་སྐྱེས་བུ་དེ་དུས་ཀྱི་རིམས་ཀྱིས་ལུས་ཀྱི་སྟོབས་ལ
་འབྲི་བར་འགྱུར་རོ། །དེ་ལ་སྟོབས་ནི་ཁུ་ཆུའོ། །མེ་དྲོད་ནི་ཟས་འཇུ་ཞིང་སྨིན་པར་བྱེད་པའི་ཐོ་བའི་མེད་དོ། །ནུས་པ་ནི་ཉམས་སྟོབས་སོ། །དེ་གཟེར་ཅིང་ཉམས་བས་ཅིར་འགྱུར་ཞེ་ན། གཅིན་ཁྲག་དང་བཅས་པར་འགྱུར་བ་དང། རྒྱབ་དང་རྐང་བ་མི
་བཟད་པར་ན་བར་འགྱུར་རོ། །གཙོ་བོ་རླུང་ནི་འཁྲུགས་པ་ཡི། །ལུས་ཟུངས་ཟད་བྱེད་ནད་རྒྱལ་པོ། །གློ་གཅོང་གི་ནི་གནས་བྱེད་ཡིན། །ལུད་པ་ལུ་ཞིང་བད་ཀན་འབྱུང། །རྣག་འདྲ་མནམ་ཞིང་སེར་བ་དང། །རུལ་ཞིང་རྩ་སྡརོ་དམར་བ་དང། །རྩིབ་ལེ
་སློགས་གཏོན་པ་ལྟར་སེམས་ཤིང། །སྙིང་ནི་ལྷུང་ལ་སྙམ་དུ་བྱེད། །རྒྱུ་མང་དྲོ་དང་དྲང་པ་འདོད། །ཟས་མང་ཟ་ཞིང་ཉམས་སྟོབས་ཟད། །བཞིན་ནི་སྣུམ་ཞིང་དང་བར་སྣང། །མིག་ནི་མདངས་ལྡན་ལྟ་སྡུག་འགྱུར། །དེ་ནས་དེ་ལ་ཟད་བྱེ་འགྱུར། ཐམས་ཅད
་འབྱུང་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། གློ་གཅོང་དང་ལྡན་པའི་སྐྱེས་བུ་ལ་ནི་རླུང་གཙོ་བོར་གྱུར་པས། འོག་ནས་བཤད་པའི་གློ་གཅོང་གི་ནང་གྱི་རྒྱུ་རྣམས་ཀྱིས་འཁྲུགས་ཤིང་ལྡང་བར་འགྱུར་ལ། དེས་ལུས་ཟུངས་རྣམས་ཟད་པར་བྱས་ནས
་ནད་ཀྱི་རྒྱལ་པོ་ཟང་བྱེད་དམ། གློ་གཅོང་ཞེས་བྱ་བའི་གནས་དང་གཞིར་བྱུང་ལ། །རྒྱུ་དེས་ན་ལུད་བ་ལུ་གར་འགྱུར་རོ། །དེ་ནས་སྐྱེས་བུ་དེ་བད་ཀན་འབྱུང་ཞིང་སློན་པར་ཕལ་ཆེར་རྣག་ལ་སོགས་པའི་མཚན་ཉིད་དང་ལྡན་པར་འགྱུར་རོ། །རྩིབ་ལོགས་བཏོན་པ་ལྟར
་སེམས་པ་ནི་གནས་དེ་དག་བསྐུལ་ཞིང་ཕྱུང་བ་སྙམ་དུ་སེམས་པར་འགྱུར་རོ། །ཡང་དེ་བཞིན་དུ་སྙིང་ག་ལྟུང་བ་སྙམ་དུ་བྱེད་པ་སྟེ། གློ་གཅོང་གི་ལུད་པ་ཅན་དེ་སྙིང་གནས་ནས་ལྟུང་ཞིང་འབྱུང་བ་སྙམ་བྱེད་པ་དང། རྒྱུ་མེད་པར་གློ་བུ?་?་ཚ་བ་དང། གྲང་བར་འདོད་ཅིང་རྟེན་པ
་དགའ་བར་བྱེད་དེ། གྲང་བས་ཉེན་པ་མང་བར་དྲོ་བ་འདོད་པ་དང། ཚ་བས་ཉེན་པ་མེད་པར་གྲང་ཞིང་བསྲིལ་བ་འདོད་པར་འགྱུར་བ་དང། ཁ་ཟས་མང་དུ་ཟོས་སུ་ཟིན་ཀྱང་ཉམས་སྟོབས་འབྲི་ཞིང་ཆུང་བར་འགྱུར་བ་དང། བཞིན་རས་སྣུམ་ཞིང་ཆུང་ཟད་དང་པ་དང་ལྡན།
་འགྱུར་བ་དང། མིག་མདངས་དང་ལྡན་ཞིང་ལྟ་ན་སྡུག་པ་མཐོང་ན་དགའ་བར་འགྱུར་རོ། །དེ་ནས་དེའི་འོག་ཏུ་ལུད་པ་ཅན་གྱི་སྐྱེས་བུ་དེ་ལ་ཟད་བྱེད་ཀྱི་ཚུལ་ཐམས་ཅད་དེ་གཅོད་ཆེན་པོའི་མཚན་ཉིད་མ་ལུས་པར་འབྱུང་བར་འགྱུར་རོ། །དེ་ལྟར་གློ་རྡོལ་ལས་བྱུང་ལང
་ཉམ་ཆུང་ལུས་ནི་འཇིག་བྱེད་དེ། སྟོབས་ལྡན་གསོ་བ་ཙམ་དུ་རུང། གློ་གཅོད་ལས་བྱུང་དེ་དག་འདྲ། །ཞེས་བྱ་བ་ལ། སྡང་བཤད་པའི་མཚན་ཉིད་དེ་ལྟར་ན། གློ་རྡོལ་པ་ལས་བྱུང་བའི་ལུད་པ་ནི་འདི་ནི་སྐྱེས་བུ་ཉམ་ཆུང་ཞིང་སྟོབས་ཟད་པའི་ལུས་འཇིག་ཅིང་འཇོམས
་བར་བྱེད་པ་ཡིན་ལ། སྐྱེས་བུ་སྟོབས་དང་ལྡན་པ་ལ་ནི་རེ་ཞིག་གསོ་བ་ཙམ་དུ་རུང་བ་ཡིན་ནོ། །གློ་གཅོད་ལས་བྱུང་བའི་ལུད་པ་ཡང་གློ་རྡོལ་གྱི་ལུད་པ་དང་ཚུལ་འདྲ་བ་ཡིན་ནོ། །དེ་གཉིས་གསར་བྱུང་མགོན་ལྡན་འགྲུབ། །གློ་རྡོལ་བ་དང་གློ་བཅོད་ལས་བྱུང་བའི་ལུད་པ
་ད་གཉིས་གསར་དུ་བྱུང་ཞིང་ནད་ཀྱིས་བཏབ་ནས་རིང་པོ་མ་ལོན་པ་ཡང་ཡིན་ན། །མགོན་དང་ལྡན་པ་དེ་གསོ་བའི་ཡན་ལག་བཞི་ཆར་ལྡན་པས་ལེགས་པར་གསོས་ན་འགྲུབ་ཅིང་འཆོར་རུང་བ་ཡིན་ནོ། །ནད་གཞི་ཐ་དད་གསུམ་གསོར་རུང། ཞེས་བྱ་བ་ལ། ལུད་པ་དེ་དག
་གི་ནང་ནས་ནད་གཞི་ཐ་དད་པའི་ལུད་བ་རླུང་དང་མཁྲིས་པ་བད་ཀན་ལས་བྱུང་བ་ནི་གསར་རུང་བ་ཡིན་ནོ། །གཉིས་འདྲེས་ཀུན་ཀྱང་རྒན་པོ་ནི། །ན་ཚོད་ཟད་བཏབ་འཚོ་བ་ཙམ། ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པ་ལས་བྱུང་བའི
་ལུད་པ་གང་ཡིན་པ་ནི་གསོ་བ་ཙམ་དུ་བྱར་རུང་བ་ཡིན་ལ། ཡང་ལུད་པ་གསོར་རུང་བར་བཤད་བ། ནད་གཞི་ཐ་དད་པ་ལས་བྱུང་བ་དག་ཀྱང་མིག་ན?་བ་ལ་བྱུང་ཞིང། ན་ཚོད་དེངས་ཤིང་ཟད་པ་ལ་བཏབ་ན། རེ་ཞིག་གསོ་བ་ཙམ་དུ་བྱར་རུང་བ་ཡིན་ན། །ལུད
་བ་ཡལ་བར་བོར་བ་ལས། །དབུགས་མི་བདེ་བ་དང་ཟད་སྦྱད?་སོ། སྐད་འགགས་ལ་སོགས་ནད་འབྱུང་འགྱུར། །དེ་ཕྱིར་དེ་ནི་མྱུར་དུ་གསོ། །ཞེས་བྱ་བ་ལ། གང་གི་ཕྱིར་ལུད་བ་ཡལ་བར་འོར་ཞིང་མ་བཅོས་པ་ལས། དབུགས་མི་བདེ་བ་ལ་སོགས་པའི་ནད
་འབྱུང་བར་འགྱུར་བས། །དེའི་ཕྱིར་ལུད་བ་གསར་བ་དེ་མྱུར་དུ་གས་ཞིང་སྨན་དཔྱད་ཀྱིས་བཅོས་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་བ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར
་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་གསུམ་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་དབུགས་མི་བདེ་བ་དང་སྐྱིགས་བུས་བཏབ་པའི་ནད་བཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། དབུགས་མི་བདེ་བ་ནི
་ལུད་པ་ལས་འབྱུང་སྟེ། འདི་ཉིད་ལས་ལུད་པ་འཕེལ་བ་ལས་དབུགས་མི་བདེ་བ་འབྱུང་བར་གཞུང་རྩོམ་པས་བཤད་པ་ཡིན་ནོ། །དེ་བས་ན་འདིའི་འོག་ཏུ་དབུགས་མི་བདེ་པའི་ནད་གཞི་བཤད་པ་ཡིན་ལ། སྐྱིགས་བུ་ཡང་དེའི་རྐྱེན་གྱིས་འབྱུང་བས་དབུགས
་མི་བདེ་བའི་ཞར་ལ་སྐྱིགས་བུ་ཡང་བཤད་པ་ཡིན་ནོ། །ལུད་བ་འཕེལ་བ་འམ་?་ནད་གཞི། འཁྲུགས་ལས་དབུགས་མི་བདེ་འབྱུང་འགྱུར། །མ་ཞུ་ཚད་འཁྲུག་སློན་དུག་འཐུངས། །སྐྱབས་རྦབ་རིམས་བཏབ་ལས་ཀྱང་འབྱུང། ཞེས་བྱ་བ་ལ། ལུད་པ་ལ་འཕེལ་བ
་ནི་ལུད་བ་ཤད་ཆེར་རྒྱས་པ་སྟེ། དེ་ལས་དབུགས་མི་བདེ་བ་འབྱུང་བར་འགྱུར་རོ། །ཡང་ན་ནད་ཐམས་ཅད་ཀྱི་ནད་གཞི་བཤད་པའི་སྐབས་སུ་སྔར་བཤད་པའི་ནད་གཞི་ཁ་བ་དང། ཚ་བ་དང་དྲོ་བའི་བག་ཟོས་བ་ལས་ནད་གཞི་འཁྲུགས་བས་དབུགས་མི་བདེ་བར་འབྱུང་བར་འགྱུར
་དེ་བཞིན་དུ་མ་ཞུ་བ་ལ་སོགས་པའི་ནད་ཀྱིས་བཏབ་པ་ལས་དབུགས་མི་བདེ་བ་འབྱུང་བར་འགྱུར་རོ། །ཕྲན་ཚེགས་མུན་ཅན་ཆད་པ་དང། །ཆེན་པོ་གྱེན་འབྱུང་རྣམ་པ་ལྔ། ཞེས་བྱ་བ་ལ། དབུགས་མི་བདེ་བ་ནི་ཕྲན་ཚེགས་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཡོད་དེ
་བད་ཀན་གྱིས་ནི་རྒྱུན་ལམ་བཀག་རླུང་ནི་སྣ་ཚོགས་ཁྱབ་པར་གནས། སྲོག་དང་ཟས་སྐོམ་རྒྱུ་བའི་ལམ། །སྤུ་གུ་ནད་ཀྱིས་བཀག་པ་ནས། མ་ཞུའི་གནས་ནས་འབྱུང་བའི་དབུགས། །བྲང་ནས་དབུགས་མི་བདེ་བར་བྱེད། །ཞེས་བྱ་བ་ལ། རླུང་གང་བད་ཀན་གྱིས་རྒྱུ་བའི་ལམ
་གྱི་སྒོ་བཀག་ནས། རླུང་དེ་སྣ་ཚོགས་པར་ཐམས་ཅད་དུ་ཁྱབ་སྟེ། གནས་ནས་ལྡང་བར་འབྱུང་ལ། ཡང་རླུང་དེ་སྲོག་ལ་སོགས་པ་རྒྱུ་པའི་ལམ་གྱི་བུ་ག་ནད་ཀྱིས་འཁྲུགས་པར་བྱས་པས་མ་ཞུ་བའི་གནས་ནས་བྱུང་བའི་དབུགས་གང་ཡིན་པ་དེ་བྲང་ན་གནས
་འདི?་བསྟེན་ནས་དབུགས་མི་བདེ་བར་བྱེད་པ་ཡིན་ནོ། །ང་ཡི?་སྔོན་ཚུལ་སྙིང་རྩིབ་ལོགས་། །གཟེར་ཞིང་སྲོག་རླུང་མི་མཐུན་རྒྱུ། །སྤོས་དང་མུར་འགྲམ་ན་བ་ཡིན། ཞེས་བྱ་བ་ལ། དེའི་སྔོན་ཚུལ་ནི་དབུགས་དེའི་སྔར་བྱུང་བའི་ནད་ཀྱིས་ལམ་རྟགས་ནི། སྙིང་ག
་ལ་སོགས་པ་གཟེར་བ་དང། སྲོག་ཅེས་བྱ་བའི་རླུང་མི་མཐུན་པ་རྒྱུ་ཞིང་ཕྱིན་ཅི་ལོག་ཏུ་འགྲོ་བ་དང། ལྟོ་སྤོས་པ་དང་མུར་འགྲམ་གཉིས་སུ་ན་ཞིང་ཟུག་པར་འགྱུར་བ་ཡིན་ནོ། །དེར་ནི་དྲག་ཤུལ?་འདྲངས་དྲགས་པ། །བསྐྱོད་པའི་རྔམ་པ་ཕྲན་ཚེགས་འགྱུར། །དེ་ནི
་??་ཉིད་ཞི་བར་འགྱུར། ཞེས་བྱ་བ་ལ། དེ་ལ་དབུགས་མི་བདེ་བ་རྣམས་ཀྱི་ནང་ནས་ཕྲན་ཚེགས་མི་དྲག་ཤུལ་ལ་སོགས་པས་བསྐྱོད་པའི་རླུང་ལས་འབྱུང་བར་འགྱུར་རོ། །དེ་ལ་དྲག་ཤུལ་ནི་ལུས་དུབ་པར་བྱེད་པའི་ལས་ཁུར་འདེགས་པ་ལ་སོགས་པའོ། །འདྲངས་དྲགས
་པ་ནི་ཆད་ལས་ལྷག་པར་མང་དུ་ཟོས་པའོ། །དེ་དག་གིས་བསྐྱོད་པ་ནི་ལྡང་བར་བྱེད་པ་སྟེ། དེ་ལྟ་བུའི་རྔམ་པ་ནི་ཕྲན་ཚེགས་ཡིན་ལ། ཆུང་ངུ་ཕྲན་ཚེགས་དེ་ནི་གསོ་བའི་སྨན་དཔྱད་མི་དགོས་པར་དུས་ཅུང་ཟད་ཅིག་ངལ་བསོ་བ་ཙམ་གྱིས་རང
་ཉིད་ཉེ་བར་ཞི་བར་འགྱུར་རོ། །རྐང་གིས་རྩ་སྤུབས་ལོག་རྒྱུ་བྱེད། །བད་ཀན་སློངས་པར་གྱུར་ནས་ནི། །ཀླད་པ་མགུལ་པའི་ནད་སོང་སྟེ། །གྲང་དང?་རྩིབས་ལོགས་ན་བར་བྱེད། །ལུད་པའི་ངར་སྒྲ་འཛེར་མི་དྲན། །ཆམ་པ་མི་ཟད་ཡི་ག་འཆུས། །མི་ཟད་ཤུགས་ནི་སྐྱེད
་བྱེད་ཅིང། །དབུགས་མི་བདེ་བ་དེའི་ཤུགས་ཀྱིས། སྲོག་ལ་གནོད་འགྱུར་ལུད་པའི་མཐར། །སྐད་ཅིག་བདེ་བར་བྱེད་པ་ཡིན། ཉལ་ཆེ་ཤིན་ཏུ་མི་བདེ་ལ། །འདུག་ན་ཅུང་ཟད་བདེ་བར་བརྒྱུད། །མིག་གདངས་དབྲལ་བའི་ཕྱོགས་ནས་ནི། །རྡུལ་འཛག་ཤིན
་ཏུ་ན་བས་ཉེན། །ཁ་སྐམས་དབུགས་ཞེ་བཏུང་མར་འབྱུང། །དྲོ་བ་འདོད་ཅིང་འདར་དང་བཅས། །ཆར་འབབ་གྲང་དང་བསེ་རུས་ཕོག་།བད་ཀན་སྐྱེད་པས་རྣམ་པར་འཕེལ། །མུན་ཅན་དེ་ནི་འཚོ་བྱ་ཙམ། །ཉམས་ལྡན་གསར་དུ་བཏབ་གསོ་སླ། ཞེས་བྱ་བ་ལ། རླུང་མི
་མཐུན་བ་རྒྱུ་ཞིང་རྩའི་སྦུབས་སུ་ལོག་པར་རྒྱུ་བར་བྱེད་པ་ན། །དེས་བད་ཀན་སློངས་ཤིང་སྟོང་དུ་བསྐྱོད་པར་འགྱུར་བ་དང། ཀླད་པ་དང་མགུལ་པའི་ནང་དུ་སོང་ཞིང་ཀུན་ཏུ་ཁྱབ་སྟེ། བྲང་དང་རྩིབས་ལོགས་ན་ཞིང་གཟེར་བར་བྱེད་ནས་ལུད་བ་ལ་སོགས་པའི་ཤུགས
་མི་བཟད་པར་སྐྱོད་པར་བྱེད་དོ། །དབུགས་མི་བདེ་བ་ཡང་ཤུགས་མི་བཟད་པས་སྲོག་ལ་གནོད་ཅིང་འཚོ་བར་བྱེད་དེ། གང་གིས་སྲེག་ཅེས་བྱ་བའི་རླུང་ལ་གནོད་ཅིང་གཟེར་བར་བྱེད་པ་ནི་སྲོག་ལ་གནོད་པའི་དབུགས་མི་བདེ་བ་ཞེས་བྱའོ། །ཡང་ན་སྲོག་ནི་འཚོ་བའི
་དབང་པོ་འམ་སྟོབས་པ་བྱ་ལ། །དེ་དབུགས་མི་བདེ་བའི་ཤུགས་ཀྱིས་གནོད་པར་བྱས་ནས་སྡུག་བསྔལ་བར་འགྱུར་རོ། །ལུད་པའི་མཛའ་ནི་བད་ཀན་དང། སྟབས?་ལ་སོགས་པ་འདོར་བའི་མཐར་སྐད་ཅིག་གམ་ཐད་ཅིག་ཙམ་གྱི་བར་དུ་བདེ་བར་གནས་པར་བྱེད་པ
་ཡིན་ནོ། །ཡང་དེ་ནི་མལ་ན་གནས་ཤིང་ཉལ་བའི་ཚེ་ཤིན་ཏུ་མི་བདེ་ཞིང་སྡུག་བསྔལ་བས་དབུགས་འཕྱིན་པར་བྱེད་པ་ཡིན་ལ། དེ་ནས་ལངས་ཏེ་ཙོག་ཙོག་པ་ལ་སོགས་པའི་ཚུལ་དུ་འདུག་ན་ཅུང་ཟད་བདེ་ཞིང་ཤུགས་ངལ་བ་ཡིན་ནོ། །མིག་གང་བས་པ་ནི་གྱེན
་དུ་བལྟ་བའོ། །དཔྲལ་བའི་ཕྱོགས་དམ་རྡུལ་འཇག་པ་ནི་རྡུལ་འབྱུང་ཞིང་དྲི་མ་རླན་ཅན་འཛག་པའོ། །ཤིན་ཏུ་མི་བདེ་ཉེན་པས་ན་གནག་པར་དཀའ་བའི་ནད་ཀྱིས་ཉམ་ཐག་པར་འགྱུར་རོ། །ཁ་སྐམས་པ་ནི་ཁྱད་པར་དུ་ཁ་སྐམས་ཤིང་བརླན་བ་མེད་པའོ། །ཡང་དེ་བཞི
་དུ་དབུགས་བཏུང་མར་འབྱུང་ཞིང་ཡང་དུ་རྩེག་མར་འགྱུར་བ་དང། དྲོ་བའི་བག་ཡིད་ལ་འོད་ཅིང་རྟན་པར་དགའ་བ་དང། ལུས་འདར་བ་དང་བཅས་པ་ཡིན་ནོ། །ཡང་དབུགས་མི་བདེ་བ་དེ་ནི་ཆད་མི་འབབས་པ་ལ་སོགས་པ་བད་ཀན་བཀེད་པའི་ཁ་ཟས་མང?་བ་སྤྱོད
་ལམ་གྱིས་རྣམ་པར་འཕེལ་ཞིང་དཀྱེལ་སྐྱེ་བར་འགྱུར་རོ། །མུན་པ་ཅན་གྱི་དབུགས་མི་བདེ་བ་དེ་ནི་གསོ་བར་བྱ་བ་ཙམ་ཡིན་ལ། དེ་ཉམས་སྟོབས་དང་ལྡན་པའི་སྐྱེས་བུ་དེ་ལ་གསར་དུ་བཏབ་པ་ཡིན་ན་ནི་གསོ་སླ་བ་ཡིན་ནོ། །རིམས་དང་བརྒྱལ་ལས་བྱུང་གྲང་བའི། སྨན
་གྱིས་ཞི་སྟེ་རབ་མུན་ཅན། །ཞེས་བྱ་བ་ལ། དབུགས་མི་བདེ་བ་མུན་པ་ཅན་ཞེས་བྱ་བ་དེ་ཉིད་གང་གི་ཚེ། །རིམས་དང་བརྒྱལ་བ་ལས་བྱུང་བར་གྱུར་པ་དེའི་ཚེ་གྲང་ཞིང་བསིལ་བའི་སྨན་དང་ཁ་ཟས་ཀྱིས་དེ་ཞི་ཞིང་བསལ་བར་འགྱུར་བ་དེའི?་ཚེ། དེ་ལ་རབ་ཏུ་མུན་པ་ཅན་ཞེས
་བྱའོ། །དབུགས་ཆད་དབུགས་འབྱིན་རྒྱུན་ཆད་པའི། །གནས་གཅོད་ནད་ཀྱིས་གཟར་བར་བྱེད། །རྡུལ་བཅས་བརྒྱལ་དང་སྤོས་དང་བཅས། །ལྒང་བ་ཚ་ཞིང་གཅིན་འགགས་བྱེད། །མིག་མི་སྡུག་ཅིང་ཐུར་དུ་བལྟ། །མིག་གཅིག་དམར་ཞིང་དྲན་པ་སྟོར། །བསྐམས
་སྨྲ?་ཞིང་སྐད་གསངས་དམའ། གཟི་མདངས་ཉམས་སེམས་བྲལ་བའོ། །ཞེས་བྱ་བ་ལ། དབུགས་རྒྱུན་ཆད་པ་ཞེས་བྱ་བ་ནི། དབུགས་རྒྱུན་ཆད་པའི་ཚུལ་གྱིས་འབྱིན་པར་བྱེད་ཀྱི། བར་མི་འཆད་པར་མི་བྱེད་པར་མི་འབྱིན་ཅིང་རྡུབ་བ་མ་ཡིན་པ་དང། གནད
་གཅོད་པའི་ཚུལ་གྱིས་གཟིར་ཅིང་ཉམ་ཐག་པར་བྱེད་པ་དང། རྡུལ་དང་བཅས་པར་བརྒྱལ་ཞིང་དེ་ཉིད་ས་དང་ལྡན་པ་དང། སྡོད་སྨད་དུ་རླུང་རྒྱུ་བ་འགགས་པས་སྤོས་པ་དང་བཅས་པ་དང། ལྒང་བ་ཚ་ཞིང་ཆུ་སའི་ཕྱོགས་ལྷག་པར་ཚ
་བོ་དང། གཅིན་འགགས་པར་བྱེད་པ་དང། མིག་མི་སྡུག་ཅིང་གཅིག་ཏུ་སོང་ན་མི་གནས་པར་གྱུར་པར་བྱེད་པ་དང། ཐུར་དུ་བལྟ་ཞིང་ས་ལ་རྟོག་པ་དང། མིག་གཅིག་དམར་བར་སྣང་བ་དང། དྲན་པ་སྟོར་ཞིང་སེམས་ཤས་ཆེར་མི་གསལ་བ་དང། །བསྐམས
་པ་དང། སྨྲེ་སྔགས་ཀྱི་ཚིག་ཏུ་སྨྲ་བ་དང། སྐད་གསངས་དམའ་ཞིང་ཞུམ་པ་དང། མདོག་དང་གཟི་མདངས་ཉམས་ཤིང་ཡལ་བ་དང། སེམས་དང་བྲལ་ཞིང་དྲན་པ་མེད་པ་ཡིན་ནོ། ཆེན་པོ་ང་རོ་ཆེར་འབྱུང་ཞིང། །སྒྲ་ཆེ་རྡུར་བ་དྲག་པ་དང། བསྐྱོད་པ
་བཞིན་དུ་འབྱུང་འགྱུར་ཞིང། །ཁྱུ་མཆོག་རྒྱགས་པའི་བ་རོ་འདྲ། །ཤེས་དང་རྣམ་ཤེས་རབ་ཉམས་ཤིང། །མི་འཁྲུལ་བཞིན་ནི་གྱུར་པ་དང། རོ་སྙོང་ཞུམ་པར་གྱུར་པ་དང། །བཤང་གཅི་འགགས་ཤིང་སྐད་གསངས་ཉམས། །མགུལ་སྐམས
་ཡང་དང་ཡང་མི་སྨྲ། །རྣ་བ་མུར་འགྲམ་གླད་པར་ན། ཞེས་བྱ་བ་ལ། དབུགས་མི་བདེ་བ་ཆེན་པོ་ཞེས་བྱ་བའོ། དབུགས་རྒྱུ་བ་ཆེན་པོ་འབྱུང་ཞིང་ང་རོ་ཆེན་པོ་དང་ལྡན་པས་དབུགས་འབྱུང་བར་འགྱུར་ཞིང། སྒྲ་གསངས་རབ་ཏུ་ཆེ་བ་དང། རྡུར་བ་དྲ་བ
་པས་སྣ་ནས་འབྱིན་པ་བྱེད་པ་དང། བསྐྱོད་ཅིང་འགུལ་བ་བཞིན་དུ་རྔམ་པ་དྲག་པར་འགྱུར་ཞིང་དབུགས་ཡི་རྩོམ་པའི་ཤུགས་གཡོ་བ་དང་བཅས་པ་ལས་བྱུང་སྟེ། ཁྱུ་མཆོག་རྒྱགས་པ་ལྟ་བུའི་དབུགས་རྒྱུན་དུ་འབྱུང་བ་དང། ཤེས་པ་དང་རྣམ
་ཤེས་པའི་ཁྱད་པར་གང་དག་ཡོད་པ་རབ་ཏུ་ཉམས་པར་འགྱུར་པ་སྟེ་ཤེས་པ་ནི་ཁང་ཆུད་པའོ། །མཁའ་ཤེས་པ་ནི་ཁྱད་པར་གྱི་ཤེས་པ་སྟེ། དེ་དག་ཀྱང་ཉམས་པའོ། །གཞན་ཡང་མིག་འཁྲུལ་བ་དང། རང་བཞིན་ཡོངས་སུ་གྱུར་ཅིང
་མི་སྡུག་པ་དང་ལྡན་པ་དང། རོ་སྟོང་ཞུན་ཞིང་རྣམ་པར་འགྱུར་པ་དང་ལྡན་པས་དབུགས་འབྱིན་པ་དང། །དེ་བཞིན་དུ་བཤང་བ་དང་གཅི་བ་འགགས་ཤིང་སྲི་བ་ལ་སོགས་པ་འབྱུང་བར་འགྱུར་བའོ། །གྱེན་འབྱུང་དབུགས་ནི་རང་དུ་འབྱིན། །སྙེར
་ནི་ཐུར་དུ་རྡུང་མི་ནུས། བད་ཀན་གྱིས། བརྩེ་སྒོ་འགགས། །རླུང་ནི་འཁྲུགས་པས་གཟིར་གྱུར་པ། །གྱེན་དུ་ལྟ་ཞིང་འཁྲུལ་བྱེད་པས། །མིག་ནི་ཀུན་ཏུ་ལྟ་བྱེད་པ། །གནད་རྣམས་ཚད་པར་བྱེད་བཞིན་དུ། །སྐད་འགགས་སྨྲེ་སྔགས་འདོན་པར་བྱེད།
་ཅེས་བྱ་བ་ལ། གྱེན་དུ་འབྱུང་ཞེས་བྱ་བའི་དབུགས་མི་བདེ་བ་ལས། དབུགས་རིང་བ་གྱེན་དུ་རིང་དུ་འབྱིན་ཅིང་གཏེང་ལ། དབུགས་དེ་བྱུང་ནས་སླར་ཐུར་དུ་རྡུབ་ཅིང་སྡུད་པར་མི་ནུས་ཏེ། ཡང་ནང་དུ་སྡུད་པར་མི་ནུས་ཞེས་བྱ་བའི་དོན་ནོ། །ཡང་དེའི
་རྣམ་པ་ནི་བད་ཀན་གྱིས་ཁ་དང་རྩའི་སྒོ་རྣམས་འགགས་ཤིང་བར་མཆོད་པར་བྱས་པས་རླུང་གནད་འཁྲུགས་ཤིང་ལྡང་བར་འགྱུར་བས་གཟོར་ཅིང་ཤས་ཆེར་གནོད་པར་བྱས་པ་དང་མིག་གྱེན་དུ་བལྟ་ཞིང་འདགས་པར་བྱེད་ལ་འཁྲུལ་ཞིང་ནོར་བལ
་བསྒྲགས་མིག་གིས་ཕན་ཚུན་ཀུན་ཏུ་བལྟ་ཞིང་རྟོག་པར་བྱེད་པ་དང། དེ་བཞིན་དུ་གནང་རྣམས་ཆད་པར་འགྱུར་པ་བཞིན་དུ་སྡུག་བསྔལ་ཞིང་མ་ཐག་པའི་སྨྲ་སྔགས་སྐད་གསངས་འགགས་ཤིང་ནང་དུ་འདུས་པར་གྱུར་པའི་ཚུལ་གྱིས་སྨྲ
་སྔགས་འདོན་པར་བྱེད་དོ། །འདི་དག་མ་ཆད་གསོ་རུང་ལ། །ཚང་ནངས་པར་སྲོག་འཕྲོག་བྱེད་ཅེས་བྱ་བ་ལ། །དབུགས་མི་བདེ་བ་འདི་དག་ཐམས་ཅད་ཀྱང་མཚན་ཉིད་འདི་དག་མ་རྫོགས་ན་གསོར་རུང་ཞིང་བཅོས་སུ་འདོད་པ་ཡིན་ལ། གལ་ཏེ
་འདི་དག་གི་རང་རང་གི་མཚན་ཉིད་རྫོགས་ཤིང་ཚད་པ་ཡིན་ན་ནི་ངེས་པར་གདོན་མི་ཟ་བར་སྲོག་འཕྲོག་ཅིང་འཚོ་བ་གཅོད་པར་འགྱུར་པ་ཡིན་ནོ། །དབུགས་མི་བདེ་རྒྱུ་སྔོན་ཚུལ་དང། གྲངས་དང་རང་བཞིན་རྟེན་ཅིག་ཡིན། །ཞེས་བྱ་བ་ལ། དེ་ལ་སྐྱིགས
་བུའི་ནད་ནི་དབུགས་མི་བདེ་བ་དང། རྒྱུ་ལ་སོགས་པའི་ནད་གཅིག་ཡིན་ཏེ། འདིར་གཅིག་ཅེས་བྱ་བ་ནི་མཚུངས་པའི་མིང་གི་རྣམ་གྲངས་ཏེ། དེས་ན་སྐྱིགས་བུ་དང་དབུགས་མི་བདེ་བ་ནི་རྒྱུ་ལ་སོགས་པ་ཚུལ་འདྲ་བར་འགྱུར?
་པ་ཡིན་ནོ། །དེ་ཡང་ལུད་བའི་རྒྱུ་ནི་ལུད་བ་འཕེལ་བ་འམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྔར་འབྱུང་བའི་ཚུལ་ནི་སྙིང་རྩེ་བ་ལོགས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་ན་དེ་དག་ཐམས་ཅད་ཚུལ་གཅིག་ཅིང་འདྲ་བ་ཡིན་པར་ཤེས་པར
་བྱའོ། སྐྱིགས་བུ་ཟང་བྱུང་ཕྲན་ཚོགས་དང། །ཟུང་དང་ཆེན་པོར་འབྱུང་བ་དང། །ཟ་བ་དག་དང་རྣམ་པ་ལྔ། ཞེས་བྱ་བ་ལ། སྐྱིགས་བུ་ཟས་ལས་བྱུང་བ་ལ་སོགས་པའི་དབྱེ་བས་མིང་རྣམ་པ་ལྔ་ཡིན་ནོ། །དེ་ལ་རླུང་གིས་རིངས་ཟོས་དང། །རྩུབ་ཚ་སྲ
་དད་མ་གས་པའི། །ཟས་དང་སྐོམ་གྱིས་གཅིར་གྱུར་པའི། །རླུང་གིས་སྐྱིགས་བུ་ནད་མེད་དང། །སྒྲ་མི་དྲག་ཅིང་སྤྲིད་འབྱུང་སྟེ། ཞེས་བྱ་བ་ལ། དེ་ལ་སྐྱིགས་བུ་ནི་རླུང་གིས་བསྐྱེད་པར་འགྱུར་ལ། །དེ་ཡང་ཁ་ཟས་རིངས་བག་ཏུ་ཟོས་པ་དང། དེ་བཞིན
་རྩུབ་པ་དང། ཚབ་དང་སྲ་བའི་བག་ཟས་ཟོས་པ་དང། སྔོན་ཚང་མ་གོམས་ཤིང་མ་བསྟན་པའི་ཟས་སྐོམ་ཟོས་ཤིང་འཐུངས་པས་བརྩིར་ཅིང་བསྡམས་པར་གྱུར་པའི་རུང་གི་སྐྱིགས་བུའི་རྣམ་པ་ནད་མེད་ཅིང་སྡུག་བསྔལ་བའི་ཚོར་བ་མེད་པ་སྒྲ་མི་དྲག་པའི
་རྗེས་ལ་སྤྲིད་པ་འབྱུང་བར་གྱུར་པའི་སྐྱིགས་བུས་འདེབས་པར་འགྱུར་ཏེ། དེ་ནི་ཟས་ལས་བྱུང་བ་ཞེས་བྱའོ། །གང་ཞིག་གོམས་པའི་ཟས་སྐོམ་གྱིས། །ཞི་འགྱུར་སྐྱིགས་བུ་ཟས་བྱུང་ཡིན། ཞེས་བྱ་བ་ལ། ཡང་སྐྱིགས་བུ་གང་སྔར་གོམས་ཤིང
་བསྙེན་པའི་ཟས་དང་སྐོམ་གང་ཡང་རུང་བ་བཏང་བས་ཞི་ཞིང་ཆད་པར་འགྱུར་པའི་སྐྱིགས་བུ་དེ་ནི་ཟས་ལས་བྱུང་ཞེས་བྱའོ། །དྲག་ཤུལ་གྱི་རླུང་ཅུང་ཟད་བསྐྱེད། །སྐྱིགས་བུ་ཕྲ་མོ་འབྱུང་བར་འགྱུར། །ནམ་ཚོར་རྩ་ནས་འབྱུང་བྱེད་ཅིང། དེ་ནི་ཤུགས་དལ
་འཇམ་པ་ཡིན། །རྩོལ་བ་དྲག་པོ་འཕེལ་འགྱུར་ལ། །ཟས་ཟོས་ཙམ་གྱིས་དལ་བར་འགྱུར། ཞེས་བྱ་བ་ལ། དྲགས་ཤུལ་གྱི་རྩོལ་བས་རླུང་ཅུང་ཞིག་བསྐྱོད་དེ་སྐྱིགས་བུ་ཕྲ་མོ་འབྱུང་བར་འགྱུར་ལ། །དེ་ཡང་ནམ་ནོད་རྩ་བ་ནས་འབྱུང་ཞིང་ལྡང་འགྱུར་ལ། དེ་ལྟར་ཆུང་ངུ
་བསྐྱོད་པ་ལས་ཕྲན་ཚེགས་འབྱུང་བའི་ཕྱིར་སྐྱིགས་བུ་དེའི་ཤུལ་ངལ་ཞིང་ཆབས་ཆུང་ལ་འཇམ་ཞིང་ཤས་ཆེར་ན་བར་མི་བྱེད་པ་ཡིན་ནོ། །དེ་ཡང་རྩོལ་བ་དྲག་པོའི་ཤུགས་པ་སྟེན་པས་ནི་འཕེལ་བར་འགྱུར་ལ། ཁ་ཟས་གང་ཡང་རུང་བ་ཟོས་པ་ཙམ་གྱིས་ནི
་དེའི་མདོ་ཁོ་ན་ལ་རྒྱུད་དལ་ཞིང་ཤུགས་དུལ་བར་འགྱུར་རོ། །ཟུང་བྱུང་ཚིགས་ནི་རིང་བ་ལ། །གང་ཞིག་ཟས་ལ་འབྱུང་འགྱུར་བ། །འཇུ་བར་ཉེ་བའི་ཚོན་འདེབས། །ཟས་ཞུ་ཟིན་ནས་འཕེལ་འགྱུར་བའོ། །མགོ་དང་མགུལ་བ་འདར་བྱེད་ཅིང། །སྤོ་ཞིང་ཤིན་ཏུ
་སྐོམས་དང་བསྐྱེད། །བླ་དང་སློན་དང་ཚད་བར་འཁྲུ། །མིག་གདངས་གླལ་ནི་འབྱུང་བར་འགྱུར། །སྐྱིགས་བུ་ཟུང་འབྱུང་ཤུགས་དྲག་པ། །ཞུ་དང་བཅས་པར་དེ་ཤེས་བྱ། །ཞེས་བྱ་བ་ལ། སྐྱིགས་བུ་ཟུང་དུ་འབྱུང་བ་ཞེས་བྱ་བ་ནི། ཚིགས་རིང་པོས་ཆོད་པ་གང
་ཤུགས་གཉིས་གཉིས་བཏུང་མར་འབྱུང་བ་ཡིན་ལ། དེ་ཡང་ཁ་ཟས་འཇུག་པ་དང་ཉེ་ཞིང་སྨིན་པ་ལ་ཕྱོགས་པའི་ཚེ་འབྱུང་བར་འགྱུར་ལ། ཟས་ཞུ་ཟིན་ནས་ནི་འཕེལ་བར་འགྱུར་བ་ཡིན་ནོ། །གཞན་ཡང་སྐྱིག་བུས་བཏབ་པའི་སྐྱེས་བུའི་མགོ་དང
་མགུལ་བ་འདར་ཞིང་བསྐྱོད་པར་བྱེད་པ་དང། ལྟོ་སྦྲེལ་དང། །སྐོམ་དང་ཤིན་ཏུ་སྐྱེ་ཞིང་སྐོམ་གྱིས་གདུངས་པ་དང། གླལ་ལ་སོགས་པ་དང་ལྡན་པར་འགྱུར་ལ། སྐྱིགས་བུ་ཟུང་དུ་བྱུང་བ་ཞེས་བྱ་བ་དེ་ནི་ཤུལ་དྲག་པ་དང། ཞུ་བའི་ཆེན་འབྱུང་བས་ན་ཞུ་བ་དང་བཅས་པ
་ཞེས་བྱ་བར་ངེས་སོ། །སྐྱིགས་བུ་ཆེན་པོ་འབྱུང་བའི་ཚུལ། །སྨིན་མ་མུར་འགྲམ་གཉིས་རངས་ཤིང། །མིག་ནས་མཆི་འཇག་ཧར་བར་བལྟ། །ལུས་རེངས་ཚིག་ནི་ཐོགས་བྱེད་ཅིང། དྲན་དང་འདུ་ཤེས་འཁྲུལ་བར་བྱང། །མིད་པའི་སྦུབ་ནི་འགག་བྱེད་ཅིང། །གནད་ཀྱི
་ཚིགས་ནི་བསྐྱོད་པར་བྱེད། །རྒྱབ་དགུ་ལུས་ནི་ཁོང་སྐེམ་བྱེད། །རྩ་བ་ཆེ་ཞིང་སྒྲ་ཆ་ལ། །ནད་ཚབས་ཆེ་ཞིང་སྟོབས་ཆེར་འགྱུར། །ཞེས་བྱ་བ་ལ། སྐྱིགས་བུ་ཆེན་པོ་ཞེས་བྱ་བ་འབྱུང་བའི་ཚུལ་ནི་སྨིན་མ་དང་མུར་འགྲམ་གཉིས་རེངས
་པ་ལ་སོགས་པ་དང་ལྡན་པ་ལ་འབྱུང་བར་འགྱུར་ཏེ། སྨིན་མ་གཉིས་དང་མུར་འགྲུས་གཉིས་ནི་ཞིང་བསྐྱོད་མི་ཤེས་པ་ལ་སོགས་པ་དང་ལྡན་པ་དང། ལུས་རེངས་ཤིང་བསྐྱོད་མི་ཤེས་པར་བྱང་བ་དང། དེ་བཞིན་དུ་ཚིག་ཐོགས་ཤིང་ལྐུགས་པར་བྱེད
་པ་དང། ངན་པ་དང་འདུ་ཤེས་ཏེ་དངོས་པོ་མ་བརྗོད་པ་དང། སེམས་འཁྲུག་ཅིང་ཉམས་པར་བྱེད་པ་དང། དེ་བཞིན་དུ་ཟས་རྒྱུ་བའི་ལམ་མེད་པ་འགགས་པར་དང། སྙིང་ལ་སོགས་པའི་གནས་ཀྱི་ཚོགས་བསྐྱོད་ཅིང་གཡོ་བར་བྱེད་པ་དང། རྒྱབ
་དགུ་ཞིང་འགྱོག་པ་དང། ལུས་ཀྱི་ཁོང་སྐེམས་པར་བྱེད་པ་ཡིན་ལ། དེ་ནི་རྩ་བ་ཆེ་ཞིང་རྒྱུན་རིང་བ་དང། སྒྲ་ཆེད་འབྱུང་བ་དང། ནད་ཚབས་ཆེ་ཞིང་ཤུགས་དྲག་པ་དང། སྟོབས་དང་ནུས་པ་ཆེན་པར་འབྱང་བ་ཡིན་པས་ནད་ནི་ཆེན་པོ་ཞེས་བྱའོ། །ཞུ་བའི
་གནས་སམ་ལྟེ་བ་གནས། །སྔ་མ་འདྲ་བར་གང་ཞིང་འབྱུང། །དེ་འདྲའི་ཚུལ་ནི་བསྟུང་མར་འབྱུང། །གླལ་དང་རྐང་ལག་བྱ་རྨྱངས་བྱེད། ཁྲག་ཅ་ཟབ་འབྱུང་ཟབ་མོ་ཡིན། ཞེས་བྱ་བ་ལ། སྐྱིགས་བུ་ཟབ་མོ་ཞེས་བྱ་བ་ནི་ཞུ་བའི་གནས་མཁྲིས་པའི
་གནས་བམ་ལྟེ་བའི་འོག་ན་ས་འབྱུང་བར་བྱེད་ལ། དེ་ཡང་འབྱུང་ཞིང་རྒྱུ་བའི་ཚུལ་ནི་སྐྱིགས་བུ་ཆེན་པོའི་མཚན་ཉིད་ཇི་སྐད་བཤད་པ་དང། ཚུལ་འབྲ་བར་འབྱུང་ཞིང་སྨིན་མ་མུར་འགྲམ་གཉིས་རངས་ཤིང། རྒྱབ་སྒུ་ལས་ནི་ཁང་སྐེམ་བྱེད། །ཞེས་བྱ་བའི
་བར་གྱི་མཚན་ཉིད་དང་ལྡན་པར་འགྱུར་ལ། དེ་བས་ཀྱང་ཁྱེད་པར་དུ་དེ་བསྟུང་མར་འབྱུང་ཞིང་གླེང་བ་དང། བྱ་རྨྱངས་བྱེད་ཅིང་རྐང་ལག་སྐྱོད་པར་བྱེད་པ་དང་ཁྲག་ཅའི་སྒ་ཟབ་ཏུ་འབྱུང་བར་བྱེད་པས་ན་འདི་མིང་གི་བཟའ་མ་ཞེས་བྱའོ། །དེ་རྣམས
་ལས་ནི་དང་བ་ཡི། །གཉིས་པོ་སོགས་པར་བྱ་བ་ཡིན། ཞེས་བྱ་བ་ལ། སྐྱིགས་བུ་ལྔ་པ་དེ་རྣམས་ལས་ཟས་ལས་བྱུང་བ་དང། ཕྲན་ཚེགས་ཞེས་བྱ་བའི་སྐྱིགས་བུ་གཉིས་ནི་གསོ་སླ་བ་ཡིན་པས་གསོ་བར་བྱ་ལ། ཐོ་མའི་གཉིས་དང་ཟུང་ཕྱུང་ལས་མཚན་ཉིད་ཀུན
་རྫོགས་དྲག་ཤུལ་སྤང། །ཐ་མའི་སྐྱིགས་བུ་གཉིས་པོ་དང། སྐྱིགས་བུ་ཆེན་པོ་དང། སྐྱིགས་བུ་ཆེན་པོ་དང། སྐྱིགས་བུ་ཟབ་མོ་བྱ་བ་གཉིས་ནི་སྤང་བར་ལ། དེ་བཞིན་ཟུང་དུ་འབྱུང་བ་ཞེས་བྱ་བའི་སྐྱིགས་བུ་རང་གི་མཚན་ཉིད་དམ་རྟགས་ཀུན་རྫོགས་ཤིང་མ་ལུས
་བ་དང་ལྡན་ལ། ཤུགས་དྲགས་པ་ནི་སྤང་བར་བྱ་སྟེ་གསོར་མི་རུང་ངོ། །འདི་དག་ཐམས་ཅད་ཡུན་རིང་བསགས། །རྒན་པ་བུད་མེད་ཀྱིས་དུ་བ་དང། །ནད་ཀྱིས་ཉམ་ཆུང་ཟད་བཅད་པ། །གླ་རྡོལ་ནང་ཅན་སྤང་བར་བྱ། ཞེས་བྱ་བ་ལ། སྐྱིགས་བུ་འདི་དག
་ཐམས་ཅད་ཡུན་རིང་དུ་བསགས་ཤིང་རྒྱུན་རིང་པོར་གནས་པ་དང། མི་རྒན་པ་དང། བུད་མེད་ལ་ཉལ་པོ་དྲགས་པས་དུབ?་པ་དང། ནད་ཀྱིས་ལུས་ཀྱི་ཉམ་དམད་ཅིང་སྟོབས་ཟབ་པ་དང། དེ་བཞིན་དུ་ཟས་བཅད་ཅིང་སྨྱུར་བ་བྱས་པ་དང། གློ་རྡོལ
་བའི་ནད་དང་ལྡན་པ་ལ་སྐྱིགས་བུས་བཏབ་པ་དང་སྤང་བར་བྱ་སྟེ། གསོ་མི་རུང་ངོ། །ནད་དུ་ན་གྱིས་འཆི་བྱེད་མོད་ཀྱི། སྐྱིགས་བུ་དབུགས་མི་བདེ་བ་ལྟར། །ནད་གཞན་མྱུར་གསོ་འཆི་མི་བྱེད། འདི་དག་འཆི་ཚེ་ངས་འབྱུང་འགྱུར། །ཞེས་བྱ་བ་ལ། ནད
་དེ་ལྟ་བུ་དག་ནི་སྐྱིགས་བུ་དང་དབུགས་མི་བདེ་བ་འབའ་ཞིག་ཏུ་མ་ཟད་ཀྱི། རིམས་ལ་སོགས་པ་ནད་ཐམས་ཅད་ཀྱིས་ཀྱང་འཆི་བ་བྱེད་མོད་ཀྱི། །ནད་དེ་དག་ལས་འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། སྐྱིགས་བུ་དང་དབུགས་མི་བདེ་བ་གཉིས
་ཀྱིས་མྱུར་དུ་གསོད་པར་བྱེད་པ་དེ་ལྟར་ནད་ཀྱི་དངོས་པོ་གཞན་གྱིས་མྱུར་དུ་གསོད་ཅིང་འཆི་བར་མི་བྱེད་དེ། གང་གི་ཕྱིར་འདི་གཉིས་ནི་འཆི་ཞིང་སྲོག་དང་བྲལ་བའི་ཚངས་པར་གདོན་མི་ཟ་བར་འབྱུང་བར་འགྱུར་བ་ཡིན་ནོ། །ཚིག་འདི་དག?་གིས
་ནི་དེ་གཉིས་མྱུར་དུ་གསོ་བར་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འབྲེལ་བ། ཚིག་གིས་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ནད་གཞིའི་གནས་ཀྱི་ལེའུ་བཞི
་བའི་རྣམ་པར་འགྲོལ་བའོ།། །།དེ་ནས་གློ་གཅོད་ཆེན་པོ་ཟད་བྱེད་ཀྱི་ནང་བཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། ལུང་པ་བཏང་སྙོམས་སུ་བཞག་ཅིང་མ་བཅོས་ན་དབུགས་མི་བདེ་བ་དང་ཟང་བྱེད་འབྱུང་བར་འགྱུར་རོ་ཞེས་བཤད་པས་ན། དེའི
་ཕྱིར་དེའི་འོག་ཏུ་འདི་བརྩམས་པ་ཡིན་ཏེ། གློ་གཅོད་ཆེན་པོ་ཟད་ཅེས་བྱ་བ་ནི། མིང་གི་རྣམ་གྲངས། །ནད་ནི་དུ་མ་རྗེས་འབྲང་ཞིང། །ནད་མང་སྔོན་པ་སྨོན་དུ་འགྲོ་བར་འགྱུར། །རྒྱལ་པོ་ཟད་བྱེད་སྐམ་བྱེད་དང། །ནད་ཀྱི་རྒྱལ་པོ་ཞེས་ཀྱང་བ་ན་ཅེས
་བྱ་བ་ལ། ཟད་བྱེད་ཀྱིས་རྗེས་སུ་ནད་དུ་མ་མང་པོ་ཞིག་འབྲང་ཞིང་རྒྱུ་བར་བྱེད་ལ། དེ་བཞིན་དུ་ནད་མང་པོ་སྔོན་དུ་འགྲོ་ཞིང་ཐེག་མར་རྒྱུ་བས་ན། ནད་དེ་ནི་ནད་ཀྱི་རྒྱལ་པོ་ཞེས་བྱ་ཞིང། མིང་གི་རྣམ་གྲངས་བཞི་པོ་གནོད་པའི་རྒྱལ་པོ་དང། ཟས་བྱེད་དང་སྐོར་བྱེད
་དང་ནད་ཀྱི་རྒྱལ་པོ་ཞེས་བྱ་བར་བཤད་པ་ཡིན་ན། །རྒྱུ་སྐར་རྣམས་དང་བྲམ་ཟེ་ཡི། །རྒྱལ་པོ་ཡི་ནི་སྔོན་གྱུར་ཅིང། གང་ཡང་ནད་ཀྱི་རྒྱལ་པོར་གྱུར། །དེ་ཕྱིར་གནོད་པའི་རྒྱལ་པོར་བཤད། ཅེས་བྱ་བ་ལ། སྣར་མ་ལ་སོགས་པའི་རྒྱུ་སྐར་རྣམས
་དང། བྲམ་ཟེ་རྣམས་ཀྱིས་རྒྱལ་པོ་ནི་ཟླ་བ་ཡིན་ལ། དེ་ཡང་སྔོན་བསྐལ་བ་དང་པོའི་ཚེ། ཟླ་བ་སྣང་མ་ལ་མཆོག་ཏུ་ཆགས་པའི་ཉེས་པས་གཅོད་ཆེན་པོའི་ནད་བྱུང་བར་གྱུར་ལ། དེ་བས་ན་ནད་འདི་ལ་ནད་ཀྱི་རྒྱལ་པོ་ཞེས་བྱའོ། །དེས་ནི་རྒྱལ་པོའི་ནང་ཡིན
་པས་ནད་ཀྱི་རྒྱལ་པོ་ཞེས་རྡུབ་པའི་མཚམས་སྦྱར་བས་བསྒྲུབ་པའམ། ཡང་ན་ཟད་བྱེད་ཀྱི་ནད་ཀྱང་ཡིན་ལ། རྒྱལ་པོ་ཡང་ཡིན་པས་ནད་ཀྱི་རྒྱལ་པོ་སྟེ། ནད་རྣམས་ཀྱི་ནང་ན་གནས་ཤིང་རིམས་ལ་སོགས་པའི་ནང་དུ་དུ་མས་ཡོངས་སུ་བསྐོར་ལྡག
་བཤད་མ་ཐག་པའི་ཆུ་ལ་དུ་ནང་དུ་མ་རྗེས་སུ་འབྲང་ཞིང། ནད་མང་པོ་སྔོན་དུ་འགྲོ་བས་གཅོད་ཆེན་པོ་ལ་གནོད་པའི་རྒྱལ་པོ་ཞེས་བྱའོ། །ཞེས་མངོན་པར་ཤེས་པ་དང་ལྡན་པའི་དང་སོང་རྣམས་ཀྱིས་བཤད་པ་ཡིན་ནོ། །ལུས་དང་སྨན་ནི་ཟད་བྱེད་ཅིང། །ཟས་པས་འབྱུང
་བས་ཟད་བྱེད་ཡིན། ཞེས་བྱ་བ་ལ། ལུས་དང་སྨན་གྱི་དངོས་པོ་གཉིས་ཟད་པ་ནི་མེད་པར་བྱེད་པ་སྟེ། དེ་བས་ན་ལུས་དང་སྨན་ཟད་པར་བྱེད་པའི་ནད་འདི་ལ་ཟད་བྱེད་ཅེས་བྱ་སྟེ། གང་གི་ཕྱིར་ནང་འདི་སྐྱེས་པར་གྱུར་ན། ལུས་ཟས་ཅིང་འཇུ་བར་འགྱུར་བ་དང། སྨན་མང་པོ
་ཡང་ཟབ་ཅིང་གཏུགས་པར་བྱེད་པས་ན། ནད་འདི་ལ་ཟད་བྱེད་ཅེས་བྱའོ། །ཡང་ན་ཟད་པ་ལས་བྱུང་བས་ན་ཟད་བྱེད་དེ་ལུས་ཟུངས་རྣམས་ཟད་པའི་རྒྱུ་ལས་བྱུང་རྦས་ན་མིང་ཟད་བྱེད་ཅེས་བྱ་བའོ། །དངས་སོགས་སྐམ་པས་སྐམས་བྱེད་ཡིན། དེ་རྣམས་ང
་ལས་གསལ་བས་རྒྱལ། ཞེས་བྱ་བ་ལ། དངས་མ་ལ་སོགས་པའི་ལུས་ཟུངས་བདུན་པོ་སྐེམས་ཤིང་དེངས་པར་བྱེད་པས་ན། དེ་ལ་སྐམས་བྱེད་ཅེས་བྱའོ། །ཡང་ནད་དེ་རྣམས་ཀྱི་ནད་ན་རགས་ཤིང་གསལ་ལ་ནུས་པ་ཆེ་བས་ན་ནང་ཀྱི་རྒྱལ་པོ་ཞེས
་བྱའོ། །དྲག་ཤུལ་བསྟེན་དང་ཤུགས་བཀག་དང། །ཁུ་ཆུ་དངས་མ་སྣུམ་ཟད་དང། །ཁ་སྐོམ་ཆ་ག་དང་བྲལ་བསྟེན། །བཞི་པོ་འདི་དག་བའི་རྒྱུ། །ཞེས་བྱ་བ་ལ། །གཅོང་ཆེན་པོའི་རྒྱུ་ནི་མ་ལྕོགས་བཞིན་དུ་དྲག་ཤུལ་གྱི་ལས་བྱེད་པ་ལ་སོགས་པ
་བསྟེན་དྲགས་པ་ལས་འབྱུང་བར་འགྱུར་རོ། །དེ་ལ་དྲག་ཤུལ་གྱི་སྟོབས་འགྱེད་པ་ལ་སོགས་པའི་ལས་ཉམས་གྱིས་ལྕོགས་པར་དཀའ་བ་བསྟན་ཅིང། ལུས་དང་ངག་དང་ཡིད་ལ་གནོད་པར་འགྱུར་པའི་རྩོལ་བ་དྲག་པོ་བྱེད་པའོ། ཤུགས
་བཀག་པ་ནི་ངོ་ཚ་ལ་སོགས་པའི་རྒྱུས་བཤང་བ་དང་གཅི་བ་དང་ཕྱེན་ལ་སོགས་པ་བཀག་ཅིང་བསྡམས་པའོ། །ཁུ་ཆུ་ལ་སོགས་པ་ཟད་པ་ནི་རང་གི་རྒྱུ་ལས་བྱུང་བ་ཟད་ཅིང་དེངས་པར་བྱེད་པའོ། །ཟས་དང་སྐོམ་གཉིས་ཀྱི་ཆོ་ག་དང་བུལ
་བར་བསྟེན་པ་ནི། སྨན་དཔྱད་ཀྱིས་བསྟན་བཅོས་དང་མི་མཐུན་པར་བསྟེན་ཅིང། །དེའི་ཆོ་ག་དང་མི་མཐུན་པར་བྱས་ནས་མི་འགྲོག་པ་ཟ་བའོ། །དེ་ཡིས་རླུང་དང་མཁྲིས་པ་དང། །བད་ཀན་བསླ་ནས་ཐམས་ཅད་དུ། ལུས་ཀྱི་ཚིག
་ཀུན་ལ་ཞུགས་ཏེ། དེ་ཡིས་རྩ་སྒོ་ལ་གནོད་ཅིང། བུ་གའི་སྒ་ནི་བཀག་པ་འམ། ཡང་ན་ཤིན་ཏུ་ཁ་འབྱེད་གྱུར། །སྟོད་སྨད་ཐད་ཀར་གནས་ན་ནི། རང་གི་ནད་ནི་ཇི་བཞིན་བསྐྱེད། ཅེས་བྱ་བ་ལ། དྲག་ཤུལ་ལ་སོགས་པ་དག་གིས་རླུང་བསླང་ཞིང་འཁྲུགས་པར
་བྱས་བས་ན། རྒྱས་ཤིང་འཕེལ་བར་གྱུར་པ་དང། མཁྲིས་པ་བསླང་ནས་རང་གི་གནས་ལས་གྱེན་དུ་ལོ་ཞིང་རྒྱས་པར་བྱེད་པ་དང། དེ་བཞིན་དུ་བད་ཀན་བསློང་ནས་སྟོད་སྨད་དང་རྩིབ་མོ་ལ་སོགས་པ་ཐམས་ཅད་ཁྱབ་ཅིང་ལས་ཀྱི་ཚིགས་ཀུན་གྱི་ནད
་དུ་ཞུགས་ཏེ། ཚིགས་དེ་དག་ལ་གནོད་ཅིང་རབ་ཏུ་ན་བར་བྱེད་པ་དང། ཡང་དེ་བཞིན་དུ་དེས་ལུས་ཐམས་ཅད་ལ་ཁྱབ་པའི་རྩ་སྒོ་ལ་ཡང་གནོད་ཅིང་བཅོམ་པ་དང། དེ་བཞིན་དུ་བུ་ག་རྣམས་ཀྱིས་འབྱུང་ཞིང་སྒྱུ་བའི་སྒོ་བཀག་ནས་གནས་པར
་འགྱུར་བ་འམ། ཡང་ལན་འགའ་རྩ་སྒོ་ལམ། ཁ་བྱེ་ཞིང་རྒྱས་པར་བྱས་ནས་ལན་འགའ་ནི་སྟོང་དུ་འགྲོ་།ལན་འགལ་ནི་རོ་སྨད་དམ་རྩིག་ལོགས་སུ་ཐད་ཀར་སོང་ནས་དང་རང་གི་ནད་ཇི་ལྟ་བ་བཞིན་དུ་བསྐྱོད་དེ་སྟེང་དུ་རྒྱུན་ནི་རོ་སོད་ཀྱི་ནང་སྐྱེད་བར་བྱེད་ལ
་སྨད་རྒྱུན་མི་རོ་སྨད་ཀྱི་ནད་སྐྱེད་པར་བྱེད། །ཐད་ཀར་འགྲོ་ན་ནི་རྩིབ་ལོགས་ཀྱི་ནང་སྐྱེད་པར་བྱེད་དོ། །དེ་འབྱུང་འགྱུར་བའི་སྔོན་ཚུལ་ནི། །ཚམ་འདེབས་སྒྲིད་པ་ཤིན་ཏུ་མང། །མཆིལ་མ་ཁ་ནད་རོ་མངར་བྲོ། །ལུས་དང་མེ་དྲོད་ཉམ་ཆུང་བྱེད། །གཞོང་སྣོད་ཟད་སྐོམ
་ལ་སོགས་ནི། །གཙང་ཡང་མི་གཙང་ཉིད་དུ་མཐོང། །ཕལ་ཆེར་ཟས་སྒོམ་ལ་སོགས་དང། །སྦྲང་མ་རྩ་དང་སྒྲ་སོགས་འབབ། །སྙིང་འཔར་སློན་བ་ཡིག་བ་ཆུས། ཁ་ཟས་ཟོས་ཀྱང་ཉམ་སྟོབས་ཟད། །ལག་པར་བལྟ་ཞིང་ལ་གདོང་སྐྲད། །མིག་ནི་ཤིན་ཏུ་དཀར་པོ་བསྣང།།
་ལག་དར་དག་ནི་འདམ་པར་འདད། །ལུས་ལ་འཇིགས་སུ་རུང་བར་མཐོང། །བུད་མེད་ཆང་དང་ཤ་ལ་དགའ་། །སྨད་དང་ཀླད་པ་འགོམས་པར་བྱད། །སྐྲ་དང་སེན་མོ་ཤིན་ཏུ་འཕེལ། །རྨི་ལམ་དུ་ནི་ཕྱེ་བ་ལེབ། །གཙང་སྦྲ་སྡིག་སྦྲུལ་གཅན་ཟན་སྦྲེའུ། །བྱ་རྣམས་ཀྱིས་ནི་གཅེས་པོར
་མཐོང། །སྐྲ་རུས་ཐུབ་མ་ཐལ་སོགས་ཀྱིས། །ཕུང་པོ་ལ་འཛེག་པ་དང། །ཡུལ་དང་གྲོང་ནི་སྟོང་པ་དང། །ཆུ་ཀླུང་སྐམས་པ་རྨི་ལམ་མཐོང། །སྐར་མངའ་ཨི་རི་བོ་ལྟུང་བ་དང། །ལྗོན་ཤིང་རྣམས་ནི་འཕར་བ་རྨི། །ཞེས་བྱ་བ་ལ། གཅོད་ཚན་པོ་ཞེས་བྱ་བའི་ནད་བ
་འབྱུང་བར་འགྱུར་ཞིང། །སྐྱེ་བཞིན་མའི་མཚན་མའི་ཚུལ་སྔར་བྱུང་བའི་རྟགས་ནི་ཆམ་པ་ལ་སོགས་པ་ཡིན་ཏེ། ཆམ་པ་ནི་སྣ་ནས་འཇག་པའི་ནང་དེས་འདེབས་སོ། །སྦྲིང་བ་ཤིན་ཏུ་མང་ནི་སྦྲིང་བ་དྲག་ཏུ་འབྱུང་ཞིང་མང་བའོ། །མཆིལ་མ་མང་བ་ནི་བད་ཀན་གྱི
་ལྗན་ལྗིན་ཁ་ནས་མང་དུ་འོང་བའོ། །ཁའི་ནང་རོ་མངར་བར་བྲོ་བ་ནི་ཁ་མངར་བ་ཉིད་ཡིན་ནོ། །ལུས་དང་མ་དྲོད་ཉམ་ཆུང་བ་ནི་ལུས་ཀོང་རྨྱ་ཞིང་ཞུམ་པ་དང། ཟས་འཇུ་བར་བྱེད་མི་ནུས་པའོ། །གཞོང་པ་དང་སྣོད་ཕྲ་མོ་ལ་སོགས་པ་གཅོད་བ་ཡང་མི་གཙང་བ་ཉིད་དུ་མཐོང་བ་ནི
་དེའི་ཚེ་ལ་སོགས་པའི་ཤེས་པ་སྐྱེ་ཞིང་འཁྲུལ་པ་འབྱུང་བར་འགྱུར་བའོ། །ཡང་ཕལ་ཆེར་ཟས་དང་སྐོམ་ལ་སོགས་པ་སྤྲང་མ་ལ་སོགས་པ་ལྷུང་ཞིང་འབབ་པར་འགྱུར་བ་དང། སྙིང་འཕར་ཞིག་བརྒལ་བར་གྱུར་པ་ལ་སོགས་པ་དང། ལག་པ་གཉིས་ལ་ཡང
་དང་ཡང་དུ་ལྟ་ཞིང་རྟོག་པར་འགྱུར་བ་དང། རྒྱུ་མེད་པའི་རྐང་བ་དང་གདོང་སྐད་བར་འགྱུར་བ་དང། དེ་བཞིན་དུ་མིག་གཉིས་ཤིན་ཏུ་དཀར་ཞིང་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་ལག་དར་གཉིས་འཇམ་པར་འདོད་ཅིང་ངའི་ལག་དར་ཚང་ཇི་ཙམ་དུ་སོང་ཞེས
་ཤེས་པར་འདོད་ཅིང་འཇལ་བ་དང། རང་གི་ལུས་མཛེས་ཤིང་སྐྱོན་མེད་ལ་འཇིགས་པའི་བག་མེད་པར་གྱུར་བ་ལ་ཡང། མི་སྡུག་ཅིང་འཇིགས་སུ་རུང་བར་མཐོང་བའི་ལོག་པའི་ཤེས་པ་སྐྱེ་བར་འགྱུར་བ་དང། བུད་མེད་དང་ཆང་དང་ཤ་ལ་འགའ་ཞིག་མངོན་པར་འདོད་པ
་བསྐྱེད་བ་དང། ཡང་དང་གཉིད་ལ་དམོད་པར་ས་བྱེད་བ་དང། ཀླད་པ་སྟེ་སྤྱི་བོ་གོས་ཀྱིས་འགེབས་པར་བྱེད་པ་དང། སྐྲ་དང་སེན་མོ་རྣམས་ཤིན་ཏུ་འཕེལ་ཞིང་རིང་བར་འགྱུར་བ་དང། རྨི་ལམ་གྱི་ནང་དུ་ཕྱེ་མ་ལེབ་ལ་སོགས་པས་གཅེས་??
་པར་མཐོང་བ་དང། དེ་བཞིན་དུ་སྐྲ་ལ་སོགས་པའི་ཕུང་པོ་ལ་འཛེག་བར་རྨི་བ་དང། ཡུལ་དང་གྲོང་སྟོད་ཞིང་མི་གནས་པ་རྨི་ལམ་དུ་མཐོང་བ་དང། ཆུ་ཀླུང་རྣམས་སྐམས་ཤིང་གྲག་པོ་སྟོད་པ་རྨི་ལམ་དུ་མཐོང་བ་དང། སྐར་མ་བར་ལྟུ་རབ་རིབ་ལྟུ་བཞིང
་བསྙིལ་བ་རྨི་ལམ་དང། ལྗོན་ཤིང་བཟང་བ་རྣམས་ལས་སྐྱེས་པ་འགར་བར་ཞིང་ནའི་ཕུང་པོར་འགྱུར་བ་རྨི་བ་སྟེ། མཚན་མ་དེ་དག་འབྱུང་བར་འགྱུར་རོ། །བསྟོད་དུ་གནས་ན་འཆམ་པས་འདེབས། །ལུང་བ་ལུ་ཞིང་དབུགས་མི་བདེ། །ཕྲག་བ་སྤྱི་བོ་ནས་དག
་སྐད་འགགས་ཡིག་ཆུས་པར་འགྱུར། །སྨད་གནས་བཤང་སླ་རྟུག་སྐམ་བྱེད། །ནང་གྲོལ་ནད་གནས་སློན་པར་བྱེད། །ཐད་ཀར་གནས་པས་རྩབ་ལོགས་ཟུབ། །ཚིགས་ལ་གནས་ནས་རིམ་སུ་འགྱུར། །ཞེས་བྱ་བ་ལ། གཅོད་ཆེན་པའི་མངར་སྟོང་དུ
་གནས་ན་འཚམ་བས་འདེབས་པ་ལ་སོགས་པ་ནད་བདུན་སྐྱེད་པར་འགྱུར་རོ། །ནད་དེ་རོ་སྨད་དུ་སོང་བས་ནི་བཤད་བ་སླ་བ་འམ་རྟུག་སྐམ་དུ་འགྱུར་ཏེ། རྟུག་བ་སླ་བ་ནི་ཞིགས་ཤིང་འཁྲུལ་བར་འགྱུར་བའོ། །སྐམ་པ་ནི་སྲ་ཞིང་འགགས་ཏེ་མཁྲན་བར་འགྱུར་བ་སྟེ།
་དེ་ལས་ལན་འགའ་ནི་སླ་བར་འགྱུར་ལ་ལན་འགའ་ནི་སྐ་བར་འགྱུར་གྱི། དེ་གཉིས་ཆ་མཉམ་པར་མི་འགྱུར་རོ། །ནད་དེ་ནད་ཁྲོལ་གྱི་ནད་ན་གནས་པ་ནི་སློན་ཞིང་འདོད་བར་བྱེད། །ཐད་ཀར་གནས་པའི་ནད་ཀྱིས་ནི་རྩིབ་ལོགས་སུ་ཟུག་ཅིང་ན་བར་འགྱུར། །ནད་དེ་ནི
་ནི་གས་ལ་གནས་པས་ནི་རིམས་བསྐྱེད་པར་འགྱུར་རོ། །དེ་ལྟར་ནང་ཚུལ་བཅུ་གཅིག་ནི། །གཅོད་ཆེན་ལྡན་ལ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། གཅོད་ཆེན་པོའི་ནད་དེ་དང་ལྡང་བ་ལ་ཆས་པ་ལ་སོགས་བ་ནད་བཅུ་གཅིག་པ་འབྱུང་ཞིང་སྐྱེ་བར་འགྱུར། །དེ
་ལས་སྒྲུབས་རྣམས་བཀག་པ་ལས་ནི་སྐམས་པར་འགྱུར་བ་ཡིན་ལ། དེ་རྣམས་ཁ་བྱེ་བ་ལས་ནི་རྒྱས་པར་འགྱུར་རོ། །དེས་ན་གྲངས་ཀྱིས་འདི་གཉིས་གང་ཡང་རུང་བ་གཅིག་གིས་ཟུང་གི་གཉི་ག་དུས་གཅིག་ཏུ་འབྱུང་བ་ནི་མི་སྲིད་དོ། །དེ་རྣམས་ཀྱི་གྲངས་ན་ཆལ་བ་དང་ལུད
་བ་དང། དབུགས་མི་བདེ་བ་དང། ཕྲག་པ་ན་བ་དང། སྦྱི་བ་ན་བ་དང། སྐད་འགགས་པ་དང། ཡི་ག་འཆུས་བ་དང། བཤང་བ་སླ་བ་དང། རྟུག་སམས་དང། སྤོམ་པ་དང། རྩིབ་ལོགས་ཟུག་པ་དང། རིམས་ཏེ་བཅག་ཅིག་པོ་འདི་དག་ནི་ཟད་བྱེད་ཀྱི་ནད་ཡིན་ནོ། །དེ་རྣམས་ཀྱི
་བླ་གཉན་དང། །སྐད་འགགས་བྲང་དུ་ན་བ་དང། ཁ་གློལ་ལུས་གྲུགས་མཆིལ་སྣབས་མང། །དྲོད་ཉམས་ཁམ་ནམ་ཡིན་ཞེས་བྱ། ཞེས་བྱ་བ་ལ། ཆམ་བ་ལ་སོགས་པ་དེ་རྣམས་ཀྱི་བླ་གཉམ་ནི་སྐད་འགིགས་པ་ལ་སོགས་བ་བདུན་ཡིན་པར་ཤེས་པར་བྱ།
་དད་སྔ་ན་གནས་པའི་སྟེང་དུ་ནད་ཕྱི་མ་བྱུང་ནས། སྡུག་བསྔལ་དང་རྗེས་སུ་འབྲེལ་བར་བྱེད་པ་ནི་བྲ་གཉན་ཞེས་བྱའོ། །དེས་རླབ་གྱུར་ཀླད་པ་དང། རྩིབ་ལགས་ཟུག་ཤ་ཡན་ཁག་ན། །སྐད་འགགས་མགུལ་བ་སུབས?་པར་འགྱུར། ཞེས་བྱ་བ་ལ། དེ་ལ་རླུང་གིས
་ཤས་ཚེ་བ་ལས་གྱུར་བའི་གཙང་ཆེན་པོ་ནི། །ཀླད་པ་ནི་བ་ལ་སོགས་པའི་མཚན་མ་འབྱུང་བར་འགྱུར། །མཁྲིས་རྒྱས་ཆད་ལག་ཐག་བ་ཆེ། །ཚད་ཁྲུ་ཁྲག་ཏུ་སླན་བ་དང། །ཁམས་ནམ་རིམ་འདབས་མྱོས་པར་འགྱུར། །ཞེས་བྱ་བ་ཡང་མཁྲིས་པའི་ཤས
་ཚེ་བ་ལས་བྱུང་བའི་གཙང་ཚོར་བ་ནི། རྐང་པ་དང་ལག་པ་དང་ཕྲུག་པ་ཆབ་ལ་སོགས་པའི་ནད་ཀྱིས་མཚན་མ་འབྱུང་བར་འགྱུར་རོ། །བད་ཀན་ལས་གྱུར་ཡི་ག་འཆུས། །སློན་ལུང་ལ་སེ་དང་ཡན་ལག་ལྕི་མཆིལ་སྣབས་མང་ཞིང་ཚམ་བས་འདེབས།
་དབུགས་མི་བདེ་སྐད་འགགས་དྲོད་ཉམས་ཞེས་བྱ་བའོ། །བད་ཀན་རྒྱས་པ་ལས་གྱུར་པའི་གཅོང་ཆེན་པའི་ནད་ནི་ཡི་གེ་འཆུས་བ་ལ་སོགས་པར་བྱུང་བར་འགྱུར་རོ། །ནད་ཀྱིས་མེ་དྲང་ཉམས་ཆུང་བ། །འབྱར་བཅའ་བད་ཀན་རྒྱས་གྱུར་ནས། །རྩ་སྒྲུབ་སོང
་ནི་འགགས་པ་དང། ལུས་ཟུངས་དྲོད་ནི་ཆུང་གྱུར་པས། །དངས་མ་རང་གི་གནས་སུ་ནི། །མ་ཞུ་བླ་གཉན་དེ་དང་དེ། །བསྐྱེད་ཅིང་ཤ་སོགས་མི་འགྱུར་ལ། །ཁྲག་ནི་གྱེན་དུ་འབྱུང་བར་བྱེད། ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནད་?་ཉམ
་ཆུང་ཞིང་ནུས་པ་བྲི་བ་ལ་སོགས་པའི་རྒྱུས་འབྱར་བག་དང་བཅས་པའི་བད་ཀན་རྒྱས་པར་འགྱུར་ལ། རྩ་སྦུབས་སྒོ་རྣམས་འགགས་ཤང་བཀག་བར་གྱུར་བ་དང། དེ་བཞིན་དུ་ལུས་ཟུངས་ཀྱི་དྲོད་ཉམ་ཆུང་བ་གྱུར་པས་དངས་མ་རང་གི་གནས་སུ་འདེབས
་པར་མ་ཞུ་ཞིང་སྨིན་པར་ནུས་པའི་དངས་མ་དེ་ལས་བླ་གཉན་སྐད་འགགས་པ་དང། བྲང་དུ་ན་བ་ལ་སོགས་པ་རང་གི་རྒྱུ་ལས་བྱུང་བ་དེ་དང་དེ་སྐྱེད་ཅིང་འབྱུང་བར་འགྱུར་ལ། དེས་ན་ཤ་ལ་སོགས་པའི་ལུས་ཟུངས་སུ་མི་འགྱུར་བ་དང། དེ་བཞིན་དུ
་ཁྲག་གྱེན་དུ་འབྱུང་ཞིང་མཆིལ་མ་ལ་སོགས་པ་དང་ལྷན་ཅིག་འབྱུང་བར་འགྱུར་རོ། །ལོང་བ་ཉིད་དུ་ཟས་འཇུ་བས་དང་མར་འགྱུར་བར་མི་བྱེད་ཕྱིར། །ཕལ་ཆེར་དྲི་མ་ཉིད་འགྱུར་ཕྱིར། །ལུས་ཟུངས་འཕེལ་བར་མི་བྱེད་དོ། །ཞེས་བྱ་བ་ལ། གང་གི
་ཕྱིར་གཅོད་ཆེན་པོའི་ནད་འདི་ཡོད་པ་ལ། །བོད་པའི་དྲོད་ཀྱི་ཁ་ཟས་འཇུ་བར་བྱེད་ཀྱི། །མ་དང་གཞན་གྱིས་དངས་མ་ལ་སོགས་པའི་རིམ་བར་སྨིན་པར་མི་བྱེད་དོ། །དེའི་ཕྱིར་འཕྲལ་དུ་དྲི་མ་བཤང་གཅི་ཉིད་དུ་འགྱུར་བས་ཟུངས་རྣམས་འཕེལ
་ཞིང་རྒྱས་བར་མི་བྱེད་དེ། དངས་མིའི་བཅུད་ལུས་ཀྱང་རྟས་ཤིང་ཚིམ་པར་མི་བྱེད་དོ། །ཞེས་བྱ་བའི་དོན་ནོ། །དངས་མ་འང་ཁྲག་ཏུ་མི་འགྱུར་ན། །ཤར་འགྱུར་པ་ལྟ་སྨོས་ཅི་དགོས། །ཟས་བྱེད་ཅན་ནི་བཤད་འཕེལ་བ། །འབའ་ཞིག་གིས་ནི་གནས་པར་བྱེད།
་ཅེས་བྱ་བ་ལ། གཅོད་ཅན་གྱི་སྐྱེས་བུ་དེའི་ལུས་ཟུངས་དངས་མ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཁྲག་ཏུ་མི་འགྱུར་ན། ཤའི་ལུས་ཟུངས་རྒྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཟད་བྱེད་དང་ལྡན་པའི་སྐྱེས་བུ་བཤད་བ་འབའ་ཞིག་ཉེ་བར་འཕེལ་བས་གནས་པར
་འགྱུར་གྱི། དངས་མས་ཁྲག་ལ་སོགས་པར་འཕེལ་བར་མི་འགྱུར་རོ་ཞེས་འབའ་ཞིག་གི་སྒྲས་ངེས་པར་བཟུང་བར་ཡིན་ནོ། །མཚན་མ་ཆུང་ཡང་ཉམས་ཆུང་ཞིང། །ནད་ཀྱིས་སྨན་གྱི་སྟོབས་མི་བཟོད། ཅེས་བྱ་བ་ལ། ཆས་པ་ལ་སོགས་པའི་མཚན་མ་རྣམས
་དང། དེ་བཞིན་དུ་སྙིང་ག་དང་རྩིབ་ལོག་གཟེར་བ་ལ་སོགས་པའོ་ནད་ཀྱིས་ན་ནེ་མཆུང་ངུ་ཟིན་ཀྱང། མི་མཉམ་སྟོབས་ཆུང་ཞིང་ནད་ཀྱིས་སྨན་གྱི་སྟོབས་བསྟེན་པར་མི་བཟོད་པ་གང་ཡིན་པ་དེ་ནི་སྤང་བར་བྱ་སྟེ་གསོར་མི་རུང་ངོ། །དེ་ལས་གཞན་བ་ནི་ཐམས་ཅད་ལྡན
་ཡང་གསོ་བར་བྱ། ཞེས་བྱ་བ་ལ། དེ་ལས་གཞན་བའི་སྨན་གྱི་སྟོབས་བཟོད་ཅིང། ཉམས་སྟོབས་དང་ལན་པ་ནི་མཚོན་མ་ཐམས་ཅད་དང་ལྡན་བ་ཡིན་ཡང་གསར་རུང་བ་ཡིན་པས་ནད་པ་ཉམས་སྟོབས་དང་ལྡན་བ་ནི་རྣམ་པ་ཐམས་ཅད་དུ་གསོ་བར་ཕྱིར་རོ། །དེ
་ཡན་ཆད་དང། གཅོད་ཆེན་པོའི་ནང་ནི་བཤད་ཟིན་ནས། །ད་ནི་དེའི་འོག་ཏུ་དེའི་ཡན་ལག་ཏུ་གྱུར་པ་སྐད་འགགས་པ་ལ་སོགས་པའི་ནད་སྟོམ་པའི་ཕྱིར་སྨྲས་པ་ནི། ནད་ནི་སྣ་རེ་འདུས་པ་དང། ཟད་བྱེད་ཚིལ་ལས་གྱུར་བ་དྲུག་།སར་རག་གས་ཀྱི་ནི་དབྱེ་བ
་ཡིན། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ནད་སྣ་རེ་ཞེས་པ་རླུང་དང་མཁྲིས་པ་དང་བད་ཀན་སོ་སོ་ལས་གྱུར་པ་གསུམ་དང། གསུམ་ཚར་འདུས་པ་ལས་གྱུར་ཏེ་བཞི་པ་དང། ཟད་བྱེད་ལས་གྱུར་བ་དང། ཚིལ་ལས་གྱུར་བ་སྟེ། ཕྲུག་པོ་དེ་དག་ནི་སྐད་རགས
་པའི་དབྱེ་བ་ཡིན་བར་ཞེས་བར་བྱའོ། །དེ་ལ་རླུང་གཡོ་ཉམ་ཆུང་རྩུབ། །གྲེ་བགྲམས་གང་སྙམ་བྱེད། །དེ་ལ་སྣུམ་དྲོའོ་མོ་ཕན། །ཞེས་བྱ་བ་ལ། དེ་ལ་སྐད་འགགས་པ་དྲུག་གི་ནང་ནས་བ་རླུང་ལས་གྱུར་པའི་སྐད་འགགས་པ་ནི་གཡོ་ཞིང་སྐད་འགྱུར་ཏེ་མི་བརྟན་བ་དང
་ལུས་ཉམ་ཆུང་ཞིང་ཁོང་རྨྱ་བ་དང། རྩུབ་བག་ཏུ་གནས་པ་དང། གྲེབ་ནམ་གྱི་གྲམས་གང་བ་སྙམ་དུ་བྱེད་ཅིང་ན་བ་ཡིན་ལ་དལ་སྣུམ་བག་དང། དྲོ་བ་དང། འོ་མ་གོན་པ་ཡིན་ནོ། །མཁྲིས་པ་ལས་གྱུར་དང་རྐན་ལྐོག་ཚ། །སྐམ་ཞིང་སྨྲ་བར་ནུས་མི་འགྱུར། ཞེས་བྱ་བ་ལ་མཁྲིས
་པ་ལས་གྱུར་པའི་སྐད་འགགས་པ་ནི། །རྐན་དང་ལོག་མའི་ཕྱོགས་སུ་ཆ་གང་འགྱུར་བ་དེ་དག་ཉིད་སྐམ་པ་དང། སྨྲ་བར་མི་ནུས་ཤིང་ཚིག་མི་མཐོན་པ་ཡིན་ནོ། །བད་ཀན་མགུལ་བ་བྱུགས་སྙམ་བྱེད། །སྐད་ཀྱི་གས་སངས་ངར
་ངར་འཛེར། །ཐོགས་བཅས་འགྱུར་རོ་ཐམས་ཅད་ཀྱི། །མཚན་མ་ཐམས་ཅད་ལྡན་པ་ཡིན། །ཞེས་བྱ་བར། དེ་ཡང་སྦྲ་ངར་ངར་བོར་འདོན་ཅིང་འཛེར་བ་དང། ཐོགས་མ་དང་བཅས་པ་སྟེ། བར་བར་དུ་འཁྲུལ་ཞིང་བརྗེད་པར་འགྱུར་བ་ཡིན་ནོ། །ཐམས་ཅད་ཀྱི་ཞེས
་ནད་གཞི་གསུམ་པོ་ཐམས་ཅད་ལས་བྱུང་བའི་སྐད་འགགས་པ་ནི་མཚན་མ་གསུམ་པོ་ཐམས་ཅད་དང་ལྡན་པ་ཡིན་ནོ། །ཟས་དེ་ལས་ནི་དྲུང་སྙམ་བྱེད། དུ་བས་བདུགས་ལྟར་ཤིན་ཏུ་ན། ཞེས་བྱ་བ་ལ། ཟད་བྱེད་ཅེས་ཏེ་གཅོད་ཆེན་པོ་ལས་བྱུང་བའི་སྐད་འགགས
་པ་ནི་ལྐོག་མ་དྲུད་པ་སྙམ་དུ་སེམས་ཤིང་ན་བ་དང། གོག་མ་དང་རྐན་གྱི་ཕྱོགས་སུ་དུ་བས་བདུགས་པ་ལྟར་ཤིན་ཏུ་ན་བ་དང་སྨྲ་བ་ནི་ཡང་དུ་བས་སུབས་ཏེ། སྨྲ་བ་སྙམ་དུ་སེམས་པར་འགྱུར་རོ། །ཚིལ་གྱུར་བད་ཀན་བདག་ཉིད་ཅན། །ཚིག་ནི་བརྡ་སྤྲོད་མི་ནུས་འགྱུར། ཞེས
་བྱ་བ་ལ། ཚིལ་ལས་གྱུར་བའི་སྐད་འགགས་པ་མི་མགུལ་བ་བྱུགས་པ་སྙམ་དུ་བྱོད་བ་ལ་སོགས་པའི་བད་ཀན་གྱི་སྐབས་སུ་བཤད་པ་དང་མཚན་ཉིད་འདྲ་བ་ཡིན་ནོ། ཡང་དེ་བཞིན་དུ་ཚིག་བརྡ་སྤྲོད་པར་མི་ནུས་ཤིང་ཤིན་ཏུ་མི་གསལ་བར་སྨྲ་བ་ཡིན་ནོ། །འདིར
་ནི་འདུས་དང་ཐ་མ་སྤང། ཤེས་བྱ་བ་ལ། འདིར་སྐད་འགགས་པ་འདི་དག་གི་ནང་ནས་ནད་གཞི་ཐམས་ཅད་འདུས་པ་ལས་གྱུར་བ་དང། ཚིལ་ལས་གྱུར་པའི་སྐད་འགགས་པ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ཡིག་འཆུས་པའི་ནད་རྣམས་ནི། ལྕི་སྙིང
་གནས་པ་སོ་སོ་དང། འདུས་པ་དང་ནི་ཡིད་ཀྱི་ནི། གདུང་བ་ལས་གྱུར་ལྔ་པ་ཡིན། ཞེས་བྱ་བ་ལ། ཡི་ག་འཆུས་པའི་ནང་ནི་རླུང་ལ་སོགས་པའི་ནང་ལྕེ་དང། སྙིང་ག་ལས་གནས་པ་སོ་སོ་སྟེ། གསུམ་པོ་སོ་སོ་ལས་གསུམ་དུ་འགྱུར་ལ། འདུས་པའི་ནང་ལྕེ་དང
་སྙིང་ལ་གནས་པ་ལས་བཞི་བར་འགྱུར་རོ། །ཡིད་ཀྱི་གདུང་པ་མྱ་ངན་དང། །ཁྲོ་བ་ལ་སོགས་པ་རྣམ་པ་དུ་མ་གསུངས་པ་ལས་ཡི་ག་ཆུ་ས་པ་ལྔ་པར་འགྱུར་རོ། །ཁ་ནི་བསྐ་དང་ཁ་མངར་བྲོ། །རླུང་ལ་སོགས་གསུམ་དང་རིམས་བཞིན་སྦྱར། ཞེས་བྱ་བ་ལ། རླུང
་ལ་སོགས་པ་ལས་ཡི་ག་པ་ཆུ་ས་པ་ལས་གྱུར་བའི་མཚན་མོ་ནི་རིམས་བཞིན་ཁ་བསྐ་བ་ལ་སོགས་པར་འགྱུར་ཏེ། རླུང་ལས་གྱུར་པས་ན་ཀེ་བསྐེ་བར་འགྱུར་རོ། མཁྲིས་པ་ལས་གྱུར་པས་ནི་ཁ་ཁ་པར་འགྱུར་རོ། །བད་ཀན་ལས་གྱུར་པ་ནི་ཁ་མངར་བར
་འགྱུར་རོ། །ཀུན་ལས་གྱུར་པར་བྲོ་མེད། ཅེས་བྱ་བ་ལ། ནད་གཞི་ཐམས་ཅད་འདུས་པ་ལས་གྱུར་པའི་ཡི་ག་འཆུས་པ་ནི་རོ་བྲོ་བ་མེད་པ་སྟེ། དྲིད་བ་ཡོད་མད་ཀྱིས་ངེས་པའི་འདི་ལྟར་བྲོ་བ་ཞེས་བྱར་བརྡ་སྤྲོད་མི་ནུས་སོ། །མྱ་ངན་ཁྲོ་སོགས་ནོད་ཅི་བཞིན། ཞེས་བྱ་བ
་ལ་མྱ་ངན་དང་ཁྲོ་བ་ལ་སོགས་པ་ལས་གྱུར་པའི་ཡི་ག་འཆུས་པ་ལྟ་ནི་ནང་ཇི་ལྟ་བ་ཉིད་ལས་མི་འདའ་བ་ཡིན་ཏེ། དེ་བསྐ་བ་ལ་སོགས་པ་གང་ཡང་རུང་བ་དང་ལྡན་པ་ཡིན་ནོ། །དེ་ལ་མྱ་ངན་དང་འཇིགས་པས་ཀྲ་དུངས་པའི་ཡིད་ལས་ནི་རླུང་འཁྲུགས་པར་འགྱུར་བས
་བསྐ་བ་ཡིན་ནོ། །ཁྲོ་བ་ལས་གྱུར་པའི་མཁྲིས་པ་བསྐྱེད་པར་འགྱུར་བ་ཡིན་པས་ཁ་བ་ཡིན་ནོ། །འདོད་པས་གདུངས་བ་ལ་ནི་བད་ཀན་འཁྲུགས་པས་མངར་འབྲོག་ཡིན་ནོ། །སློན་བྲོ་ནད་གཞི་རྣམ་རེ་ཀུན། །མ་སྡུག་ཡུལ་ལས་བྱུང་ལྔ་པ། །ཞེས་བྱ་བ་ལ། སློན་བྲོ་བ་ནི
་རྣམ་པ་ལྔ་སྟེ། ནད་གཞི་གསུམ་སྣ་རྒྱུ་རེ་ལས་བྱུང་བ་གསུམ་དང། ཀུན་འདུས་པ་ལས་བྱུང་བ་གཅིག་དང། མི་སྡུག་པའི་དོན་རྣམ་ཡུལ་ཡིད་དུ་མི་འོང་བའི། ཡུལ་ལ་མ་ངན་གཟུ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལས་བྱུང་བ་ནི་ལྔ་པ་ཡིན་ནོ། །འདི་དག་སྟོང་དུ་རྒྱུ་བའི
་རླུང། འཁྲུགས་པས་ནད་ན་ཐམས་ཅད་ཕུལ། ཞེས་བྱ་བ་ལ། ཡི་ག་ཆུས་བའི་ནང་གི་ན་སྟོད་དུ་རྒྱུ་བ་ཞེས་བྱ་བའི་རླུང་འཁྲུགས་ཤིང་རང་གི་ཐ་མལ་པའི་རང་བཞིན་ལ། གཞན་དུ་གྱུར་པ་དེས་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་ཐམས་ཅད་གྱེན་དུ་བླངས་ཤིང་སྟེར་དུ
་དུལ་བས་ནམ་ཚོད་ཡན་ཆད་ནས་ཁའི་བར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །དེ་རྣམས་སློངས་དང་ཁ་ཚ་བྲོ། །འཚིལ་མང་ཡི་ག་འཆུས་སྔོན་བྱུང་ཞེས་བྱ་བ་ལ། སློན་བྲོ་བ་དེ་རྣམས་ལ་ནི། ནད་སློང་ཞིང་སློངས་ནས་བ་ཚ་བྲོ་བ་ལས་སོ
་བ་སྔར་བྱུང་བ་ཡིན་པས་ན། སྔོན་བྱུང་བ་སྟེ་འདི་དག་ནི་ནད་ཀྱི་སྔར་བྱུང་བའི་ཚུལ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །རླུང་གྱུར་བ་ལྟེ་བ་རྒྱབ་ཏུ་ཟུག་།རྩིབ་ལོགས་ན་ཞིང་ཟས་སློན་ནས། །ཅུང་ཟད་འབྱུང་ཞིང་ཆད་པ་དང། །རོ་བསྐ་སྤུ་བ་ཅན་དུ་སྐྱུག?། སྒྲགས
་པའི་སྒྲ་བཅས་མདོག་གནག་ལ། །སླ་ཞིང་འབྱུང་དཀའ་སྒྲ་དང་བཅས། །ལུད་བ་ཁ་སྐམས་ཀླད་སྙིང་ན། །སྐད་འགགས་པ་དང་ཁོང་སྙོམ་བཅས། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སློན་བྲེ་བ་ནི་ལྟེ་བ་དང་རྒྱབ་ཀྱི་ཕྱོགས་ན་ཞིང་ཟུག་པ་དང། རྩིབ་ལོགས
་གཟེར་བ་དང། སྐྱུགས་པ་ཁ་ཟས་གྱེན་དུ་འབྱུང་བ་དང། དེའི་འོག་ཏུ་ཅུང་ཟད་འབྱུང་ཞིང་བར་པར་དུ་ཆད་པའི་ཚུལ་གྱིས་རོ་བསྐ་བའི་རྣམ་བ་ལ་སྤུ་བ་ཅན་སྐྱུག་པར་འགྱུར་རོ། །སྒྲེགས་པ་སྒྲ་དང་བཅས་པར་འབྱུང་བ་དང། ཁ་དག་གནག་པ་དང
་སླ་ཞིང་དངས་པར་འབྱུང་བ་དང། འབྱུང་བར་དགའ་ཞིང་སྒྲ་དང་བཅས་པར་འབྱུང་བ་དང་དེ་བཞིན་དུ་ལུད་པ་ལ་སོགས་པ་དང་བཅས་པར་འགྱུར་རོ། །མཁྲིས་གྱུར་ཐལ་ཆུང་འདྲི་བ་ལ། རུད་ཁ་ལྗང་སྔོན་མདོག་སེར་སྒྱུར། །ཁྲག་བཅས
་རོ་སྐྱུར་ཚ་ཞིང་དྲོ། །སྐོམ་དང་རྒྱལ་ཚ་གདུང་བཅས་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་ནི་ཐལ་ཆུད་དང་འབྲ་བར་འབྱུང་ཞིང་ཁ་དོག་དུང་ཁར་གནས་པའམ། དུབ་ལྟར་ཆ་ཞེང་དཀུ་བའི་སྒྲགས་པ་དང་བཅས་པ་ཁ་དོག
་ལྗང་གུ་དང་སྔོན་པོ་དང་སེར་བོར་སྐྱུག་ཅིང་ཁྲག་དང་བཅས་པར་འབྱུང་ལ། རོ་ནི་སྐྱུར་བ་དང་ཚ་བ་དང་ལྡན་ཞིང་དྲོ་བའི་བག་ཏུ་སློན་ལ་སྐོམ་པ་ལ་སོགས་པ་དང་ལྡན་པར་འགྱུར་རོ། །བད་ཀན་ལས་གྱུར་སྣུམ་བསྐ་བསིལ། །ནལ་ནལ་བོར་འདུག་དྲབ་རིས
་རོ་མངར་ལན་ཚྭ་བྲོ་ཚ་བས་ཆེ། །ཆགས་ཤིང་བ་སྤུ་བརྩེ་བར་བྱེད། །གདོང་སྐྲངས་ཁ་ནད་མངར་བར་བྲོ། །སྙོམ་ཞིང་སྙིང་ན་ལུད་བ་ཅན་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ནི་སྣུམ་བག་ཏུ་སློན་ཞིང་སྐྲད་པ་དང། བད་ཀན་གྱི་རྒྱུན་ནལ་ནལ་བོར
་འཇག་པ་དང། སྐྱུགས་པ་དྲ་བ་རིས་སམ་སྐར་ཁུང་གི་ཚུལ་དུ་གནས་པ་དང། རོ་མངར་ཞིང་ལན་ཚྭ་བྲོ་བ་དང། བབས་ཆེ་ཞིང་མང་དུ་འབྱུང་བ་དང་ཁྲེ་བར་ཆགས་ཤིང་འབྱར་བ་དང། པ་སྤུ་པགས་པ་བརྩེ་ཞིང་རེག་མི་བཟོད་པ་དང། གདེང་སྐྲངས་པ་ལས་སོ
་པ་དང་ལྡན་པ་ཡིན་ནོ། །གསུམ་ཆར་ལས་བྱུང་རྟགས་ཀུན་ལྡན། །འཆི་ལྟས་ལས་བཤད་གང་དེ་སྤང། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་ཆར་ལས་བྱུང་བ་ནི་མཚན་ཉིད་ཐམས་ཅད་དང་ལྡན་པ་སྟེ། དེ་ནི་གསོར་མི་རུང་བས་སྤང་བར
་བྱའོ། །ཡང་འཆི་ལྟས་ཀྱི་སྐབས་སུ་བཤད་པའི་སློན་བྲོ་བའི་ན་དང་ཤུགས་དྲགས་པ་དང། བཤང་གཅི་བྲོ་བ་ལ་སོགས་པ་དེ་ཡང་སྤང་བར་བྱ་སྟེ། གསོར་མི་རུང་ངོ། །རླུང་དང་མི་གཙང་བཙོག་པ་དང། །སྐྱུག་བྲོ་མཐོང་དང་ཐོས་སོགས་ཀྱིས། །ཡིད་གདུངས་སྙིང་ལ་ཕོག་གྱུར་སློན། །མི
་སྡུག་པ་ལས་བྱུང་བ་ཡིན། ཞེས་བྱ་བ་ལ། དུལ་པ་ལ་སོགས་པའི་དངོས་པོ་མཐོང་བ་དང་ཐོས་པ་དང། མནམས་པ་དང་ཟོས་པ་དང། རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པས་ཡིད་གདུངས་ཤིང་སེམས་བཅོམ་པར་གྱུར་ལ། སྙིང་ལ་ཕོག་ཅིང་གཅད་པར་གྱུར་ནས།
་སླན་བ་གང་ཡིན་པ་དེ་མི་སྡུག་པའི་ཡུལ་ལས་བྱུང་བ་ཞེས་བྱ་བ་སྟེ། མངོན་པར་མི་འདོད་པའི་ཡུལ་དང་ཕྲད་བ་ལས་བྱུང་བ་པའོ། །ཡིད་མི་བདེ་སྐམ་སྲིན་བུའི་སྣབས། །རླུང་སོགས་ཉིད་ལ་གནས་པར་བརྟག་།ཅེས་བྱ་བ་ལ། སྲིན་བུ་ལ་སོགས་པ་བཞི་པོ་ནི་རླུང་ལ་སོགས
་པ་སློན་བྲོ་བ་གསུམ་པའི་མཚན་ཉིད་ལྟ་བུ་བཞིན་དུ་བརྟག་ཅིང་དཔྱད་ལ་ཤེས་པར་བྱའི། །རླུང་ལ་སོགས་པ་མད་བར་དེ་རྣམས་འབྱུང་དེ་ནི་འགྱུར་རོ། །ཡིད་མི་བདེ་བ་ནི་སྦྲུམ་མ་ཟླ་གཉིས་ལོན་ཕན་ཆད་མངལ་ལ་བསལ་ནས་འབྱུང་བ་ལ་བྱའོ། །གཟེར་དང
་འབར་དང་སྙིང་ན་དང། །བྱེ་བྲག་ཏུ་ནི་སྲིན་བུའི་ནད། །སྲིན་བུའི་སྙིང་ནང་མཚན་མ་ལས། དེ་ནི་ཤེས་པར་བྱ་བ་ཡིན། །ཞེས་བྱ་བ་ལ། སྲིན་བུའི་ནང་ལས་སྐྱེས་པའི་སློན་བྲོ་བ་ནི་གཟེར་ལ་སོགས་པའི་ཁྱད་པར་གྱིས་བཤད་པ་ཡིན་ལ། དེ་བཞིན་དུ་སྲིན?
་བུའི་ནད་ཀྱི་མཚན་མ་མིག་གནག་བ་ལ་སོགས་ཤེས་པར་བྱའོ། །སྙིང་ནད་གནད་ནི་རེ་རེ་འདུས། །སྲིན་བུ་ལས་བྱུང་རྣམ་ལྔར་བཤད། །ཅེས་བྱ་བ་ལ། སྙིང་ནད་ནི་རླུང་མཁྲིས་པ་དང་བད་ཀན་ལས་གྱུར་པ་དང། འདུས་པ་ལས་གྱུར་པ་དང། སྲིན་བུ་ལས་གྱུར
་བ་སྟེང་རྣམ་པ་ལྔ་ཡོད་པར་བཤད་དོ། །རླུང་གིས་ཤིན་ཏུ་ཟུག་ཅིང། གས་པད་བཤགས་པ་སྙམ་དུ་སེམས། །བཅོམ་སྙམ་སེམས་ཤིང་སྐམ་ལ་རེངས། །སྙིང་གིས་སྟོང་སྙམ་ཟག་པར་བྱེད། །རྒྱུ་མེད་ཞུམ་ཞིང་མི་དགའ་ལ། །འཇིགས་ཤིང་སྒྲ་ནི་མི
་བཟོད་ལ། །འཕར་ཞིང་འགྲེལ་གཅུས་སྙམ་བྱེད། །རྨོ་བ་བག་དབུགས་ཐུང་གཉིད་ཆུང་འགྱུར་ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནང་ནི་སྙིང་དུ་ཟུག་ཅིང་གཟེར་བ་དང། བཙུགས་པ་ལྟར་ན་བ་དང། དེ་བཞིན་དུ་སྙིང་གས་པ་སྙམ་དུ་སེམས་ཤིང
་ན་བ་དང། ཆལ་པར་བཤགས་བ་སྙམ་དུ་སེམས་ཤིང་ན་བ་དང། བཅོམ་ཞིང་གྲུགས་བ་སྙམ་དུ་སེམས་པ་དང། ཁོད་སྐམས་པར་གྱུར་བ་དང། རེངས་ཤིང་གང་བ་སྙམ་དུ་སེམས་བ་དང། སྙིང་གིས་སྟོང་ཞེང་མེད་པ་སྙམ་དུ་སེམས་པ་དེང།
་ཟགས་ཤིང་གཡོས་ལ་སེམས་འཕྱོ་བ་དང། རྒྱུ་མེད་པར་གློ་བུར་དུ་སེམས་ཞུམ་ཞིང་མི་དགའ་སྟེ། མྱ་ངན་དུ་བྱེད་པ་དང། འཇིགས་ཤིང་དངས་པ་དང། སྒྲ་མི་བཟོད་ཅིང་ཚིག་ཐོགས་པ་ལ་སོགས་པ་ལ་འཁྲུལ་པ་དང་འབར་ཞིང་འག?་པ
་དང། ས་ལ་འགྲེ་ཞིང་ལྡོག་པ་དང། སྙིང་གཅུས་པ་སྙམ་དུ་བུད་དུང་ལྡན?་བ་དང། རྨོང་བག་ཏུ་གྱུར་ཞིང་མི་དྲན་པ་དང། དབུགས་ཐུང་ཞིང་འཚུབ་པ་དང། གཉིད་ཆུང་ཞིང་ཡར་བ་སྟེ་མཚན་ཉིད་དེ་དག་དང་ལྡན་པར་འགྱུར་རོ། །མཁྲིས་གྱུར་སྐོམ་དང?
་མགོ་བསྐོར་བརྒྱལ། །ཚ་རྡུལ་སྙིང་ག་སྐྱུར་ལུས་སྙོམ། །མཁྲིས་པ་སྐྱུར་བ་སློན་པར་བྱེད། །དུད་པ་ཁར་འོང་སེར་རིམས་འདེབས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་ནི་སྐོམ་དང་ཆེ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྙིང་ག་སྐྱུར་བ་ནི
་དང་ག་ཚ་ཞིང་སྒྲེགས་བ་སྐྱུར་བའོ། །བད་ཀན་ལས་གྱུར་སྙིང་ག་རེངས། །ཁོང་ན་རྔོ་བཅུག་ལྟ་བུར་ལྕི། །དྲོད་ཉམས་མཆིལ་མང་ལུད་པ་ལུ། །གཉིད་ཚེ་སྐོམ་རིམས་ཡི་ག་འཆུས། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྙིང་ནད་ལ་ནི། སྙིང་ག་རེངས་ཤིང
་མི་འགྲུལ་བར་ན་བ་དང། ཁོང་ན་རྔོ་བཅུག་པ་ལྟར་སེམས་ཤིང་ནད་ན་རྔོ་ཡོད་པ་ལྟར་བུར་ལུས་ལྕི་བ་དང། དེ་བཞིན་དུ་མེ་དྲོད་ཉམས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཉེས་གསུམ་མཚན་ཉིད་ཐམས་ཅད་ལྡན། །ཞེས་བྱ་བ་ལ། རླུང་དང་མཁྲིས
་བ་དང་བད་ཀན་གསུམ་འདུས་པ་ལས་བྱུང་བའི་སྙིང་ནད་ནི་དེ་གསུམ་ཆར་གྱི་མཚན་ཉིད་ཐམས་ཅད་དང་ལྡན་པར་འགྱུར་རོ། །སྲིན་བུས་མིག་ནི་གནག་པ་དང། །མུན་བར་ཞུགས་སྙམ་བྱེད་སྙིང་འབར། །ལུས་སྐམ་ག་མའི་ཞིང་བད་ཀན་འཛག་།འདིར་ནི
་སྟག་ཏུ་སྲོག་ལེ་ཡིས། །སྙིང་ལ་དྲུད་པ་ལྟ་བུར་སེམས། །མི་བཟད་ནད་དེས་མྱུར་གསོད་པས། །དེ་ནི་རིངས་པར་གསོ་བར་བྱ། ཞེས་བྱ་བ་ལ། སྲིན་བུ་ལས་གྱུར་པའི་སྙིང་ནད་ནི་མིག་གནག་པར་གྱུར་པ་དང། །མུན་པའི་ནང་དུ་ཞུགས་པ་ལྟར་མུན་ཐིབས་ཞེས་བྱ་བ
་པ་དང། སྙིང་འཕར་ཞིང་བརྒལ་བ་དང། ལུས་སྐམ་ཞིང་ཤ་ཟད་པ་དང་ཁ་ནས་བད་ཀན་གྱི་ལྗན་ལྗིན་འཛག་པ་དང། ཡང་རྟག་ཏུ་སྙིང་ལ་སོག་ལེས་ཆུད་ཅིང་བཤགས་པ་ལྟ་བུར་སེམས་ཏེ། སྲིན་བུས་སྙིང་ན་བ་ཞེས་བྱ་བའི་ནད་མི་བཟད་པ་དེ་ནི་མྱུར་དུ་གསོད
་གཅིང་འཆི་བར་བྱེད་པས་རིངས་ཤིང་མྱུར་བར་གསོ་བར་བྱ་སྟེ། །གནད་ཆེན་པོ་སྙིང་ཞེས་བྱ་བ་འབུས་ཟོས་པ་ནི་གསོད་བ་ཆེན་པོ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ།། །།དེ་ལྟར་སྙིང་ནད་ཀྱི་མཚན་ཉིད་བཤད་ནས། །ད་སྐོམ་དད་ཀྱི་ནད་བཤད་པར་བྱ་སྟེ།
་སྐོམ་དང་རླུང་མཁྲིས་བད་ཀན་དང། །འདུས་པ་དངས་མ་ཟད་པ་དང། ནད་འདྲེས་པ་ལས་དྲུག་པར་འགྱུར། ཞེས་བྱ་བ་ལ། རླུང་ལ་སོགས་པའི་དབྱེ་བས་སྐོམ་དང་རྣམ་པ་དྲུག་ཡོད་དོ། །ནད་དང་འདྲེས་པ་ནི་རིམས་ལ་སོགས་པ་ནད་གཞི་གཞན་དང་འདྲེས
་པའི་རྐྱེན་ལས་སྐོམ་དང་ཏུ་གྱུར་པའོ། །དེ་ལྟར་གྱུར་པ་ཐམས་ཅད་ལ། །རླུང་མཁྲིས་གཉིས་ནི་རྒྱུ་ཡིན་ཏེ། །ཞེས་བྱ་བ་ལ། དེ་ལྟར་སྐོམ་དང་ཐམས་ཅད་ལྡང་ཞིང་འབྱུང་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། མཁྲིས་པ་དང་རླུང་ཡིན་པར་ཤེས་པར་བྱའོ། །དེ་འཁྲུགས་ལུས
་ཟུངས་བསིལ་བ་ནི། །བསྐམས་ནས་ལྡང་བར་འགྱུར་བ་ཡིན། །ལུས་ཀུན་འདར་ཞིང་མགོ་འཁོར་ཚ། །སྐོམ་དང་ཁོང་ཚ་རྨོངས་པར་བྱེད་ཅེས་བྱ་བ་ལ། །རླུང་དང་མཁྲིས་པ་དེ་དག་ལྡང་ཞིང་འཛུགས་པར་འགྱུར་བ་ནི་ལུས་ཟུངས་བསིལ་བ་སྟེ། དངས་མ་འམ་བད་ཀན
་བསྐམས་ལས་ལྡང་ཞིང་འབྱུང་བར་འགྱུར་ལ། རླུང་དང་མཁྲིས་པ་འཁྲུག་པར་བྱེད་པ་དེ་ཡང་ལུས་ཐམས་ཅད་འདར་ཞིང་མགོ་མཁོར་བ་ལ་སོགས་པ་བྱེད་པ་ཡིན་པར་ཤེས་པར་བྱའོ། །ལྕེ་དྲུང་མགུལ་བ་གློ་བ་དང། །སྐམ་དང་སྐོམ་འཐུངས་རྒྱུ་བའི་རྩ། །
་བསྐམས་པས་སྐོམ་དང་སྐྱེ་བར་འགྱུར། ཞེས་བྱ་བ་ལ། སྐོམ་དང་ཐམས་ཅད་ནི་ལྕེ་དྲུང་བ་ལ་སོགས་པ་སྐམས་ནས་འབྱུང་བ་ཡིན་པར་ཤེས་པར་བྱའོ། །དེ་རྣམས་ཀྱི་ནི་སྤྱི་མཚན་ཉིད། །ཁ་སྐམ་སྐོམ་གྱིས་མི་ངོམས་དང། །ཟས་ལ་མི་དགའ་
་སྐད་འགགས་དང། །གྲེ་བ་ལྕེ་མཆུ་རྩུབ་པར་འགྱུར། །ལྕེ་འབྱིན་བྱེད་ཅིང་ཁོང་སྙོམ་ངལ། །སྨ་ཞིང་སེམས་ནི་མྱོས་པ་དང། །དེ་བཞིན་སྐོམ་གདུངས་ནང་དུ་འགྱུར། ཞེས་བྱ་བ་ལ། སྐོམ་དང་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དེ་ཐུན
་མོང་གི་མཚན་ཉིད་དེ་སྐམས་པ་ནས་སྐོམ་དང་དུ་འགྱུར་བའི་བར་གྱི་གཞུང་གིས་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་སྐམ་གྱིས་གདུངས་པའི་ནད་ནི་ནང་མི་འབྱུང་བར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ། །ལུས་བསྐམས་རྨྱ་ཞིང་འོན་བ་དང། །རྨོང་བག་མགོ
་འཁོར་སྙིང་ནད་དེ། །འདི་ལྟ་བུ་ཡི་ནང་རྣམས་ནི། །སྐོམ་པས་གདུངས་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ཡང་སྐོམ་དང་ཀྱི་གདུངས་པ་ལས་ལུས་སྐམ་པ་ལ་སོགས་པའི་ནད་རྣམས་ཀྱང་སྐྱེ་བར་འགྱུར་རོ། །རླུང་གྱུར་ཁོང?་རྨྱ་ཉམ་ཆུང་ལ། །མུད་འགྲམ་ཟུག་ཅིང
་ཀླད་བ་འཁོར། །སྣ་ལྕེས་དྲི་དང་རོ་མི་ཚོར། །འོན་ཞིང་གཉིད་མེད་ཉམས་སྟོབས་ཟད། ཆུ་གྲང་འཐུངས་ན་སྐོམ་འཕེལ་འགྱུར་ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐོམ་དང་ནི་ཁོང་རྨྱ་བ་ལ་སོགས་པར་འགྱུར་ཏེ། ཚིག་གི་དོན་ནི་གོ་བར་ཟད་དོ། །མཁྲིས་པ
་ཁོ་ནར་རོ་ཁ་བརྒྱལ། །དམར་པོར་མཐོང་ཞིང་རྟག་བར་ནི། །ཁ་སྐམས་ཁོང་ཚད་དབུགས་མནམ་པའོ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐོམ་དང་ནི་ཁའི་ནང་གི་རོ་ལ་གནས་དབུགས་མནམ་པའི་བར་དུ་འགྱུར་རོ། །བད་ཀན་ལྡང་བས་སྐོམ་རྒྱུའི་རྩ
་འགགས་པས་རླུང་ནི་འཁྲུགས་གྱུར་ནས། །དེ་ཚེ་དེ་ཡིས་བད་ཀན་ནི། །ལྡང་ཞིང་དེ་ནི་སྐམས་བར་བྱེད། །མགུལ་བ་གྲ་མས་གང་སྙམ་སེམས། །གཉིད་ཚེ་ལ་ནང་མངར་བར་བྲ། །ལྟོ་བ་མགོ་བོ་ཚོར་བ་ཆུང། །རྨོངས་བག་སློན་གྱུར་ཡི་ག་འཆུས། །ལུས་སྙོམ་ཁ
་ཟས་མི་འཇུའོ། ཞེས་བྱ་བ་ལ། བད་ཀན་འཁྲུགས་ཤིང་ལྡང་བས་ཆུ་རྒྱུ་བར་བྱད་པའི་རྩ་སྒོ་རྣམས་སུ་རླུང་རྒྱུ་བ་བཀག་ཅིག་གཡོགས་པ་དང། དེའི་ཚེ་བླུད་དེས་བད་ཀན་དེ་སྐམས་པར་བྱེད་པ་ནི་འདམ་ལྟར་སྐོམ་པར་བྱེད་དེ། དཔེར་ན་ཕྱིའི་རླུང་གིས་འདམ་སྐེམས
་པར་བྱེད་པ་བཞིན་དུ་རླུང་གིས་བད་ཀན་སེམས་པར་བྱེད་དོ། །དེ་ནས་བད་ཀན་སྐམས་པས་མགུལ་བ་གྲ་མས་གང་བ་སྙམ་དུ་སེམས་ཤིང་ཆ་ལ་རྩུབ་པར་འགྱུར་རོ། །གཞན་ཡང་གཉིད་ཆེ་ཞིང་ཁའི་ནང་མངར་བར་བྲོ་བར་འགྱུར་བ་ལ་སོགས་པའི་མཚན
་ཉིད་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཀུན་ལས་གྱུར་པ་རྟགས་ཀུན་ལྡན། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་གྱིས་བསྐྱེད་པའི་སྐོམ་དད་ནི་འདྲས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་འགྱུར་རོ། །བེའུ་སྣབས་ལས་གྱུར་པ་ཁ་ཟས་ནི། །མིང?
་དཀའ་རླུང་མཁྲིས་ལས་གྱུར་ཡིན། །ཞེས་བྱ་བ་ལ། བེའུ་སྣབས་ལས་གྱུར་པའི་སྐོམ་དང་ནི་ཁ་ཟས་མིང་པར་དཀའ་ཞིང་ཐོགས་པར་འགྱུར་བ་དེ་ལས་ནི་མཁྲིས་པ་དང་རླུང་ལས་གྱུར་པའི་མཚན་ཉིད་དང་ལྡན་པར་འགྱུར་རོ། །ཚ་བས་??
་འཕྲལ་དུ་ན། །ཆུ་གྲང་བསྟེན་གྱུར་སྐོམ་དང་ནི། །ཁོང་པར་ཆ་བ་བསྡུས་པ་ཡིན། །གང་སྐོམ་དེ་ནི་མཁྲིས་སྐྱེས་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་ཚ་བས་དལ་ཞིང་དུབ་པར་གྱུར་ལ། དེ་འཕུལ་དུ་དེའི་མོད་ལ་ཆུ་གྲང་བསྟེན་ཅིང་ཁྲུས་ལ་སོགས་པ་བྱས་པས།
་ཕྱི་རོལ་གྱི་ཚ་བ་ཁོང་པའི་ནང་དུ་བསྡུས་ཏེ། དེའི་དབང་གིས་སྒོམ་དང་སྐྱེས་པ་གང་ཡིན་པ་དེ་ནི་མ་མཁྲིས་པ་ལས་སྐྱེས་ཤིང་འབྱུང་བ་ཡིན་ནོ། །གང་ཡང་ཆང་དྲེགས་མེ་དྲོད་རྣོས། །སྣུམ་ཟོས་སྐྱེས་པའང་མཁྲིས་བྱུང་ཡིན་ཞེས་བྱ་བ་ལ། ཡང་སྐོམ་དང
་གང་ཡང་མང་དུ་འཐུངས་ཤིང་དྲགས་པ་ལས་གྱུར་པ་དེ་ཡང་མཁྲིས་པ་ལས་གྱུར་པ་ཉིད་ཡིན་པར་ཤེས་པར་བྱའོ། །ཡང་དེ་བཞིན་དུ་མེ་དྲོད་རྣོ་ཞིང་ཤེས་ཆེ་བ་ལས་སྣུམ་ཟོས་པ་ལས་བྱུང་བའི་སྐོམ་དང་དེ་ཡང་མཁྲིས་པ་ལས་བྱུང་བར་ཤེས་པར་བྱའོ
་སྣུམ་རྩི་སྒྱུར་དང་ལན་ཚའི་བག་།ཟོས་པས་བད་ཀན་ལས་སྐྱེ་འབྱུང། ཞེས་བྱ་བ་ལ། ཁ་ཟས་སྣུམ་བག་ལ་སོགས་པ་ཟོས་པ་ལ་སྐོམ་དང་སྐྱེས་པ་ནི་བད་ཀན་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །ཟས་བྱེད་ལས་ནི་སྐོམ་དང་འགྱུར། །དངས་མ
་ཟད་དང་མཚན་ཉིད་འདྲ། །ཞེས་བྱ་བ་ལ། ཟས་བྱེད་ལས་སྐོམ་དང་དུ་བྱུང་པ་གང་ཡིན་པ་དེ་ནི་དངས་མ་ཟད་པའི་མཚན་ཉིད་དངས་མ་ཟད་ན་རྩུབ་ལ་སྐེམ། ཉམ་ཆུང་སྒྲ་ནི་ཞེས་བྱ་བ་སྨོས་པ་ཡིན་པས་འདི་ཉིད་ལས་ཤེས་པར་བྱའོ། །ཁོང་སྐོམ་གཅིན
་ནད་རིམས་ནད་སོགས། ཡུན་རིངས་ནད་ནི་རིམས་སྐྱོམ་ནད། །གང་ཞིག་སྐོམ་དང་མི་བཟད་སྐྱེས། །དེ་ནི་འདྲེས་ལས་བྱུང་བར་བཤད། །ཅེས་བྱ་བ་ལ། ཁོང་སྐམ་པ་ལ་སོགས་པ་དང་འདྲེས་པ་དང་སྐོམ་དང་གང་མི་བཟད་ཅིང་གནག་པར་དཀའ་བ་སྐྱེས་པ་དེ
་ནི་འདྲས་པ་ལས་བྱུང་བའི་མཚན་ཉིད་ཅན་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཡན་ལག་བརྒྱད་པའི་སྙིང་པ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཅེས་བྱ་བ་ལ། སློབ་དཔོན་ཟླ་བ་ལ་དགའ་?་བས་རྣམ་པར་སྤྱད་པ་ལས། ནད་གཞིའི
་གནས་ཀྱི་ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཆད་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། རླུང་ལ་སོགས་པ་ལྡང་ཞིང་འཁྲུགས་པའི་གཞི་གཅིག་པ་དང། ཉེས་པ་གསུམ་ལས་བྱུང་བར་ཚུལ་མཐུན་པས་གཅོད་ཆེན་པོའི
་འོག་ཏུ་འདི་བརྩམས་པ་ཡིན་ནོ། །ཆང་གི་ནང་དུ་གྱུར་བས་ན་ཆང་གི་ནད་དམ། ཆང་ལས་མྱོས་པ་ལ་སོགས་པའི་ཉེས་པར་གྱུར་པས་ན་ཆང་ནད་དེ། མྱོས་པའི་རྒྱུ་ལས་བྱུང་བའི་ནད་ཅེས་བྱའི་དོན་ནོ། །དེ་ལ་མྱོས་པ་ནི་སེམས་དང་ལུས་ཟུངས
་འགྱུར་བར་བྱད་བ་ཡིན་ལ། དེ་ཡང་ཆད་ལ་སོགས་པ་ལ་མྱོས་པར་འགྱུར་བས་ན། དེའི་རྒྱུ་ནི་ཆང་ཡིན་པར་བཤད་དོ། །རྣོ་དང་དྲོད་ཆེས་རྩུབ་པས་སྐྱུར། །ཉལ་པོ་འདོད་མྱུར་བྱེད་དང་ཡང། །གསལ་དང་དད་པར་བྱེད་པར་བཤད། མདངས་ནི་འདི་ལས
་གོ་བཟློག་ཡིན། ཞེས་བྱ་བ་ལ། ཆང་ནི་རྣ་བ་ལ་སོགས་པ་ཡོན་ཏན་བཅུ་དང་ལྡན་པར་བཤད་ལ། མདངས་ནི་ཆང་གི་ཡོན་ཏན་ཇི་སྐད་དུ་བཤད་པ་འདི་ལས་གོ་བཟློག་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། རྡུལ་བ་དང་གྲང་བ་དང་སྡུམ་པ་དང་རིགས་པ་དང
་མངར་བ་དང་བརྟན་པ་དང། །ཡུན་རིང་པོས་བྱེད་པ་དང། ལྗི་བ་དང། འཇམ་པ་དང། འབྱང་བ་གཅག་ཅན་ཡིན་ནོ། །དུག་ཀྱང་རྣོ་སོགས་ཡིན་མོད་ཀྱི། །སེམས་ལ་གནོད་པར་བྱེད་པ་ཡིན། །ནུས་པས་འཆི་བར་བྱེད་པས་ན། དུག་ནི་ལྷག་པར
་མཐུ་ཆིའོ། །ཞེས་བྱ་བ་ལ། ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་བཅུ་པོ་འདི་དག་ནི། ཆང་འབའ་ཞིག་ཏུ་མ་ཟད་ཀྱི། །དེའི་ཁྱད་པར་ནི་སེམས་ལ་ལྷག་པར་གནོད་ཅིང་འཁྲུལ་བར་བྱེད་པའི་རང་བཞིན་ཅན་གྱི་ནུས་པ་དུག་ལ་ཡོད་པས་ན། གང་གིས
་འཆི་བར་བྱེད་པར་འགྱུར་བ་དེ་ལྟ་བུའི་ནུས་པ་དུག་ལ་ཡོད་པའི་ཕྱིར། དུག་གི་ནུས་པ་ཆང་བས་ལྷག་པར་མཐུ་ཆེ་ཞིང་ནུས་པ་ལྷག་པ་ཡིན་ན། །ཆང་ནི་རྣོ་སོགས་ཡོན་ཏན་གྱི། །མདངས་ཀྱི་ཡོན་ཏན་རྡུལ་ལ་སོགས། །བཅུ་པོ་བཅུ་ཡིས
་འཁྲུགས་བྱས་ནས། སེམས་ནི་རྒྱུར་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་བཅུས་མདངས་ཀྱི་ཡོན་ཏན་རྟུལ་བ་ལ་སོགས་པ་བཅུ་པོ་ཟིལ་གྱིས་མནན་ཅིང་འཁྲུགས་པར་བྱས་ཤིང་ཀུན་ཏུ་དཀྲུགས་ནས་སེམས་བསྒྱུར་ཞིང
་རྣམ་པ་གཞན་དུ་གྱུར་པར་བྱེད་བ་ཡིན་ན། །ང་རོ་དང་ཕོ་གཉིས་པ་ཡིས། །བག་མེད་པ་ཡིས་གནས་ལ་གནས། རྣམ་རྟོག་དན་བཅོམ་རྨོངས་པ་རྣམས། །བདེ་བ་ཡིན་སྙམ་སེམས་པར་འགྱུར། ཞེས་བྱ་བ་ལ། ར་རོ་བའི་ཤུགས་དང་པོ་དང། །ར་རོ་བའི་ཤུགས
་གཉིས་པས་ནི། །བག་མེད་པའི་གནས་ལ་གནས་པ་སྟེ། བག་མེད་ཅིང་ཉེས་པར་སྤྱོད་པ་རྣམས་འབྱུང་བར་བྱེད་པའི་རྒྱུར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱིས་ནི་རང་གི་རྣམ་རྟོག་ངན་པས་བཅོམ་ཞིང་སེམས་ཀྱི་ཀུན་ཏུ་རྟོག་པས་བརླག་པར་གྱུར་པ་ཡིན་ལ། དེ
་ཉིད་ནི་ཚངས་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་མི་ཕྱད་པས་ཏེ། དེ་རྣམས་ནི་ར་རོ་བའི་ཤུགས་དང་པོ་དང། གཉིས་པའི་སྐབས་ལ་གནས་པས་ན་དེ་བདེ་བ་ཡིན་པར་ཤེས་ཤིང་ཤིན་ཏུ་བདེ་བ་ཁོ་ནར་འཛིན་གྱི་དེ་ལྟ་བུའི་བདག་ཉིད་ཅན་གྱི་བདེ་བ་ཡིན་པར་ནི་མི་རྟགས་སོ
་འདིར་བག་མེད་པ་ནི་ཚེ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ལས་མི་དགེ་བ་རྣམས་འབྱུང་བའི་རྒྱུ་ལ་བྱ་ལ། དེ་འབྱུང་བའི་གནས་ལ་གནས་པ་ནི། ར་རོ་བའི་ཤུགས་དང་པོ་དང་གཉིས་པ་ལས་བྱུང་བ་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །འབྲིང་དང་ཆེན་པོའི་བར
་གྱི་ཚེ། །རྡུལ་དང་མུན་པའི་རང་བཞིན་ཅན། །གླང་ཚན་ལྕགས་ཀྱུ་ན། པ་ལྟར། །ཚངས་པས་མི་བྱ་ཅི་ཡོད་མེད། །ཅེས་བྱ་བ་ལ། འབྲིང་དང་ཆེན་པོ་སྟེ། ར་རོ་བའི་ཤུགས་གཉིས་པ་དང། གསུམ་པའི་དང་མཚམས་སུ་ཕྱིན་པའི་ཆེ་སྐྱེས་བུར་རྡུལ་དང
་དང་མུན་པའི་རང་བཞིན་ཐོབ་པས་ན། མི་བྱ་བ་ཅི་ཡང་མེད་དེ་མི་དགེ་བ་ཐམས་ཅད་མི་བྱ་བ་ཅི་ཡང་མེད་དོ། །རྡུལ་དང་མུན་པའི་རང་བཞིན་ཅན་སྨོས་པས་ནི་སྐྱེས་བུ་སྙིང་སྟོབས་ཅན་ནི། ནམ་ཡང་འདི་ལྟ་བུའི་གནས་སྐབས་ཅན་དུ་མི་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །གླང་ཆེན་ལྕགས
་ཀྱུ་མེད་པ་ལྟར་ཞེས་སྨོས་པ་ནི་རང་དབང་ཅན་དུ་ཅི་དགར་སྤྱོད་པ་ཡིན་ཏེ། །དཔེར་ན་གླང་པོ་ཆེ་མྱོས་པ་ལྕགས་ཀྱུ་མེད་པ་དག་ནི་མི་སྲུན་པའི་སྤྱོད་པ། ཐམས་ཅད་སྟོན་པར་བྱེད་པ་དང་འདྲ་བར་རང་རོ་བ་འབྲིང་དང་ཆེན་པོའི་པར་ཚིགས་སུ་ཕྱིན་པ་ནི་སྐྱེས་བུ་རྨོངས་པ་སྡིག་པ
་ནི་དགེ་བའི་ལས་ཅི་ཡང་མི་བྱ་བ་མེད་དེ་ཐམས་ཅད་བྱད་དོ་ཞེས་བྱ་བའི་དོན་ནོ། །འདི་ནི་ཚུལ་ཁྲིམས་འཆལ་བའི་གཞི། །ཞེས་བྱ་བ་ལ། ར་རོ་བ་འབྲིང་དང་ཆེན་པོའི་བར་ཚིག་ནི་ཁ་ན་མ་ཐོ་བ་སྟེ། །སྨད་པར་བྱ་བ་ཡིན་པས་བརྗོད་ཀྱིས་མི་ལང་བའི་སྡིག་པ་རྣམས
་ཀྱིས་གནས་དང། བཞི་ནི་འདི་ཉིད་ཡིན་ནོ། །ཡང་འདི་ཉིད་ནི་ཚུལ་ཁྲིམས་འཆལ་ཅིང་བསློང་པ་ཉམས་པའི་གནས་སམ་གཞི་ཡང་འདི་དག་ཉིད་ཡིན་ནོ། །འདི་གཅིག་ངན་འགྲོར་འགྲོ་བའི་ལམ། །མང་པོ་སྟོན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ར་རོ་བའི་གནས
་སྐབས་ཀྱི་ཁྱད་པར་འདི་ཉིད་ནི་ངན་སོང་གསུམ་དུ་འགྲོ་བའི་ལམ་དུ་མའི་རྒྱུ་ཡིན་ཞིང་ལམ་མང་པོ་དེ་དག་ཏུ་ཁྲིད་ཅིང་སྟོན་པར་བྱེད་པའི་སློབ་དཔོན་ཡིན་ནོ། །ར་རོ་བའི་གསུམ་པའི་ཚེ་ན་ནི། སེམས་མེད་པར་ནི་རོ་ལྟར་ཉལ། །ཞེས་བྱ་བ་ལ། ར་རོ་བའི་ཤུགས་ཆེན
་པར་ཕྱིན་ཅིང། དེ་ལ་གནས་པ་ཉི་ཆེན་ནི་སེམས་མེད་པ་ར་རོ་ལྟར་ཉལ་ཏེ། ཐོ་ཡོར་རམ་རྩིག་པ་འམ། མི་རེ?་དང་འདྲའོ་ཞེས་བྱ་བའི་དོན་ནོ། །ཉེས་པ་བདག་ཉིད་ཤི་པའི་ལས། །ཤིན་ཏུ་མ་རུངས་གནས་སྐབས་ཐོག་ཅེས་བྱ་བ་ལ། ཉེས་པའི་བདག་ཉིད་དེ་ཤིབ་བས?
་ཀྱང་ཆོས་ཐུ་བའི་མ་རུངས་པའི་གནས་སྐབས་ཐོབ་པར་རོ། །ཆོས་དང་ཆོས་མིན་བདེ་དང་སྡུག་།དོན་དང་དོན་མིན་ཕན་དང་གནོད། །གང་ལ་ཆགས་པས་མི་ཤེས་པ། །དེ་ལྟར་མཁས་པས་ཇི་ལྟར་བསྟན། །ཞེས་བྱ་བ་ལ། གང་ལ་ཆགས་ཤིང་མངོན་པར་ཞེན་ན
་ན་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཤེས་ཤིང་རྟོགས་པར་མི་འགྱུར་པའི་ཆང་དེ་ལ་མཁས་པ་བློ་དང་ལྡན་པས་ཇི་ལྟར་བསྟེན་པར་བྱ་སྟེ་བསྟེན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་ནི་སྤྱིད་པ་སྟོང་པ་དང
་དཀོན་མཆོག་ཆོད་པ་ལ་སོགས་པའོ། ཆོས་མ་ཡིན་པ་ནི་སོག་གཅོད་པ་ལ་སོགས་པའི་སྡིག་པའི་ལས་བྱེད་པའོ། །བདེ་བ་ནི་མཐོ་རིས་ལ་སོགས་པའི་བདེ་བའོ། །སྡུག་བསྔལ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དོན་ནི་རྒྱལ་བའི་ཁྲིམས་བྱ
་བ་འམ། །དོན་དུ་བསྒྲུབ་པར་བྱའོ། །དོན་མ་ཡིན་པ་ནི་གཞུང་ལུགས་འཆལ་བའོ། །ཕན་པ་དང་གནོད་པ་ནི་བྱ་བ་དར་བྱ་བ་མ་ཡིན་པ་སྟེ། དེ་དག་གི་ལོ་བྱེ་བྲག་མི་ཤེས་པའོ་ཆང་ལས་མྱོས་འཇིགས་མྱ་ངན་དང། ཁྲོ་དང་སྲོག་དང་འབྲལ་བ་གནས། །སྨྱོ་བྱེད
་མྱོས་དང་བརྒྱལ་བར་བཅས། །བརྗོད་བྱེད་བཅས་པ་ཀུན་སོང་ནད། །ཅེས་བྱ་བ་ལ། ཆང་ལ་ནི་མྱོས་པ་ལ་སོགས་པ་གནས་ཏེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་སོང་ནད་ཅེས་བྱ་བ་ནི་འོག་ནས་བཤད་པའི་ནད་རོ་དང་འདྲ་བར་བྱེད་པ་སྟེ། མིང་གི་རྣམས
་གྲངས་སུ་ན་ལྟུང་བར་བྱེད་པ་ཅེས་ཀྱང་བྱའོ། །གང་དུ་དྲན་པ་ཉམས་ཅིག་ཡང། །དེར་ནི་མི་དགེ་ཐམས་ཅད་འབྱུང་ཞེས་བྱ་བ་ལ། མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། གང་དུ་ཆང་གང་ལ་དྲན་པ་ཉམས་པ་གཅིག་པུ་ཡོད་པ་དེར་ནི། དངོས་པོ་གང་དང་གང
་དག་ཡོད་པ་ཐམས་ཅད་མི་དགེ་བའི་ཚུལ་ཐམས་ཅད་འབྱུང་ཞིང་ཆོས་མ་ཡིན་པ་ཉིད་དུ་འགྱུར་རོ། །མི་འཕྲོད་ཟས་ནི་ཟོས་པས་ཀྱང། །ནད་དམ་ཡང་ན་འཆི་བར་འགྱུར་ཞེས་བྱ་བ་ལ། གང་གི་ཕྱིར་མི་འཕྲོད་པ་འམ། མི་རིགས་པར་སྦྱར་བའི་ཟས་ཟོས
་པས་ཟས་དེ་སོག་གི་རྟན་ཡིན་ཡང་ནད་ཉིད་བསྐྱེད་པར་འགྱུར་སའམ?་འཆི་བར་འགྱུར་བ་ཡིན་ན་ཆང་ལྟ་སྨོས་ཀྱང་ཅི་དགོས། ཆང་གི་སྡེ་མཚན་གསུམ་བློ་བསྟན། །ངོ་ཚ་སོགས་ཀྱང་འཇིག་པར་བྱེད། ཅེས་བྱ་བ་ལ། གང་ཡང་ཆང་གིས་ཉེས་དམིགས
་ད་ཤེས་ཆེར་བསྟེན་པས་སྡེ་མཚན་གསུམ་ལ་སོགས་པ་ཉམས་ཤིང་འཇིག་པར་བྱེད་པ་ཡིན་ཏེ། སྡེ་མཚན་གསུམ་ནི་སྐྱོས་བུས་བཙལ་བར་བྱ་བའི་ཆོས་དང་ནོར་དང་འདོད་པའོ། །བློ་ནི་ཤེས་རབ་བོ། །ཉམས་སྟོབས་ལྡན་དང་ཟས་ཟོས་དང། ཟས་ཚད་ཟ་དང་སམ
་བག་དང། །སྙིང་སྟོབས་ལང་ཚོར་ལྡན་བ་དང། །རྟག་ཏུ་ཆང་འཐུང་དེའི་རིགས་སྐྱེས། །ཆིལ་དང་བད་ཀན་ཤས་ཆེ་ལ། །རླུང་དང་མཁྲིས་པའི་ཤས་ཆུང་དང། །མེ་དྲོད་ཆེ་ཞིང་བརྟན་པ་མ་པ་རྣམས། །ཤས་ཆེར་ར་རོར་མི་འགྱུར་རོ། །ཞེས་བྱ་བ་ལ་སྐྱེས
་པ་སྟོབས་དང་ལྡན་ཞིང་ཉམས་མཚག་བཟང་བདག་གིས་ཆང་འཐུངས་ན་ཤས་ཆེར་ར་རོ་བར་མི་འགྱུར་ཞིང། དེའི་འགྱུར་པར་མི་སྐྱེའོ། །ཡང་དེ་བཞིན་དུ་བཟས་ལགས་པར་ཟོས་ཟིན་པའི་རྫས་ལ་འཐུངས་པ་དང། །ཟས་ཆེར་ཟ་ཞིང་མང་ཏུ་ཟས་བ
་བ་དང་སྣུམ་བག་དང་ལྡན་པའི་ཁ་ཟས་ཟས་པ་འམ། །རང་བཞིན་གྱིས་སྙིང་སྟོབས་ཆེ་བ་དང། ལང་ཚོ་དང་ལྡན་ཞིང་དར་ལ་བབ་པ་དང། རྟག་ཏུ་ཆང་འཐུང་ཞིང་གོམས་པ་དང། དེའི་རགས་ལས་སྐྱོས་པ་སྟེ། འཆང་འཐུང་ཞིང་སྲེད་པའི་རིགས་རྒྱུད་བྱུང
་དང་མང་འཐུངས་པ། །གང་ཡིན་ཤས་ཆེར་ར་རོ་འགྱུར་ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་བསྟན་པ་ལས་གོ་བཟློག་པ་ཉམས་སྟོབས་ཆུང་བ་དང། ཁ་ཟས་པ་དང། ཁ་ཟ་མ་ཉུང་དུ་ཟོས་པ་དང། རྩུབ་བག་ཟོབ་པ་དང། སྙིང་སྟོབས་ཆུང་བ་དང། དར་ལ་བབ་པ་ལས
་??་དང། རྟག་ཏུ་ཆང་མི་འཐུང་པ་དང་ཆང་འཐུང་བའི་རིག་གསུམ?་སྐྱེས་པ་དང་ཆིལ་དང་བད་ཀན་ཟད་བ་དང། རླུང་དང་མཁྲིས་པ་ཤས་ཆེ་བ་དང། ཁོད་པའི་མེ་དྲོད་ཆུང་ཞིང་མི་བསྟན་པ་དག་ནི་ཆང་འཐུངས་ན་ཤས་ཆེར་ར་རོ་བར་འགྱུར། ཡང་དེ་བཞིན་དུ་ཆང
་དང་ཅན་ཏེ་ཆང་ལ་སྲེད་ཅིང་ཡིད་རྟོན་པ་དང་ཁྲོས་ཤིང་འཁྲུགས་པ་དང། །ཆང་སྐྱུར་ཞིང་རྩུབ་པ་ཤེས་ཆེ་བ་དང། དེ་བཞིན་དུ་ཆང་ན་ཞུ་བ་སྟེ། སྔ་དེ་ཞག་འཐུངས་པའི་ཆང་མ་ཞུ་བའི་རྗེས་ལ་འཐུངས་པ་དང། དེ་བཞིན་དུ་ཤིན་ཏུ་མང་དུ
་འཐུངས་པས་ཤིན་ཏུ་ར་རོ་བར་འགྱུར་རོ། །རླུང་མཁྲིས་བད་ཀན་ཀུན་ལས་བྱུང། །ཆང་ནང་རྣམ་པ་བཞིར་འགྱུར་རོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་བཞི་རེ་རེ་དང། ཀུན་འདུས་པ་ལས་གཅིག་སྟེ་ཆང་ནང་རྣམ་བཞིར་འགྱུར་རོ། །ཀུན་ཀྱང
་ཀུན་ལས་སྐྱེས་མས་ཀྱི། །ཤེས་ཆེ་བ་ལས་མིང་དུ་རྟགས་ཞེས་བྱ་བ་ལ། ཆང་ནང་ཀུན་ཀྱང་ཉེས་པ་གསུམ་ཆང་ལས་འབྱུང་མོད། །འོན་ཀྱང་ནད་བཞི་གང་དང་གང་ཤས་ཆེ་བ་དེ་དང་དེ་ལས་ཕྱེ་སྟེ་མིང་དུ་བརྟགས་པ་ཡིན་ནོ། །དེ་རྣམས་ཀྱི་ནི་སྤྱི་མཚན
་ཉིད། །རྨོངས་དང་སྙིང་ནི་ན་བ་དང། འཁྲུ་ཞིང་རྟག་ཏུ་སྒོམ་དང་བསྐྱེད། ཚ་གྲང་རིམས་འདབས་ཡི་ག་འཆུས། མགོ་བརྩི་བ་རུས་ན་དང་འདར། །གནས་འཇིག་ལྟག་པ་ན་བ་དང། བརླ་རེངས་རབ་རིབ་ཁྱེར་བ་དང། ལུད་པ་དབུགས་མི་བདེ་བ་གཉིད
་དང། །རྡུར?་ཆེར་འབྱུང་ཞིང་བཤད་པ་འགག་སྒྲང་ཞིང་སེམ་པ་ནི་འཁྲུལ་བ་དང། ས་ཞིང་སྣོན་པར་བྱེད་པ་དང། མགོ་འཁོར་བ་རྨི་ལམ་ངན་འཐོང་བའོ། །ཞེས་བྱ་བའི་ཆང་ནད་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དེ་རྣམ་པར་དབྱེ་བ་མེད་པར་ཐུན
་མོང་གི་རྟགས་ནི་འདི་དག་ཡིན་ནོ། །སེམས་རྨོངས་ཤིང་ཤིན་ཏུ་བླུན་བག་ཏུ་འགྱུར་བ་དང། སྙིང་ན་ཞིང་ལ་ཕར་པ་དང་ཥ་ཁྲུ་ཞིང་བཤད་བ་སླ་བ་དང། རྟག་པར་རྒྱུ་ནམ་མཆད?་ཡང་སྐོམ་དང་ཆེ་བ་དང། རིམས་ཆབ་དང་གྲང་བའི་བག་དག
་གིས་བཏབ་པར་འགྱུར་བའམ། །ཡང་ན་ཆེ་གྲང་སྟེ་མཁྲིས་པ་དང་བད་ཀན་གྱི་མཚན་ཉིད་དང་ལྡན་པར་འགྱུར་བ་དང། མགོ་ལ་སོགས་པ་ན་བ་དང། ལུས་འདར་ཞིང་འགྲུལ་བ་དང། གནས་རྣམས་འཇིག་ཅིང་འབྱེ་བ་སྙེམས་སུ་སེམས
་པ་དང། ལྷག་པའི་ཕྱོགས་ན་ཞིང་ཟུག་པ་དང། བརླ་རེངས་ཤིང་གྱུར་བ་མི་བདེ་བ་དང། མིག་རབ་རིབ་ཁྱེར་ཞིང་མི་གསལ་བ་དང། །ལུད་བ་ལ་སོགས་པ་འབྱུང་བ་དང། སེམས་འཁྲུལ་ཞིང་ཉམ་པ་ལ་སོགས་པའོ། །རླུང་གྱུར་ཁྱད་པར་གཉིད་མི་འོང། །དབུགས་མི?
་བདེ་ཞིང་ཀླད་ན་འདར། རྨི་ལམ་དུ་ནི་འཕྱན་ཞིང་འཕུར། །གཤིན་པོ་རྣམས་དང་གཏམ་སྨྲ་རྨི། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཚད་ནང་ནི་ཁྱད་པར་བྱེ་བྲག་ཏུ་གཉིད་མི་འོང་བ་ལ་སོགས་པ་འབྱུང་བར་འགྱུར་པ་དང། དེ་བཞིན་དུ་རྨི་ལམ་གྱིས་ནང
་ན་འཕྱན་ཞིང་ཡུལ་གཞན་ནས་གཞན་དུ་འགྲོ་བར་རྨི་བ་དང། ནམ་མཁའ་ལ་འཕུར་ཞིང་ལྡིང་བར་རྨི་བ་དང། སྔོན་ཆད་ཤི་བའི་ཉེ་དུ་ལ་སོགས་པ་གཤིན་པོ་རྣམས་དང་ལྷན་ཅིག་གཏམ་སྨྲ་བ་རྨི་བར་འགྱུར་རོ། །མཁྲིས་པས་ལུས་ཆ་སྐད་འགགས་དང
་རྨོང་བག་ཆགས་ཀྲུ་སྐམ་མག་འཁོར། །ལུས་མདོག་ལྡང་དང་སེར་པ་དང། མག་དང་མཁུར་ཚམ་དམར་བར་འབྱུང། །མཁྲིས་པ་རྒྱས་པ་ལས་གྱུར་པའི་ཆང་ནད་ནི་ལུས་ཚབ་ལ་སོགས་པར་འགྱུར་རོ། །བད་ཀན་གྱིས་སློན་སྙིང་ན་དང། གཉིད་ཆེ
་གྲང་འདར?་ཡན་ལག་ལྕི། །ཞེས་བྱ་བ་ལ། བད་ཀན་ཤེས་ཆ་བ་ལས་གྱུར་པའི་ཆང་ནད་ནི་སློམས་ལ་སོགས་པ་འབྱུང་བར་འགྱུར་རོ། །གྲང་འདར་ནི་གྲང་ལྷགས་ཀྱིས་ཕོག་པའི་ལུས་འདར་པའོ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན་ཞེས་བྱ་བ་ལ།
་ནད་གཞི་ཀུན་འདུས་པ་ལས་བྱུང་བའི་ཆང་ནད་ནི་མཚན་ཉིད་ཀུན་མ་དྲེན་མ་དང་ལྡན་པ་ཡིན་ནོ། །ཆང་སྤངས་པ་ལས་འཕྲལ་དུ་ནི། །མང་དུ་འཐུང་ངམ་མ་གོམས་འཐུངས། །དྲི་ལས་འཇོམས་དང་ལུས་སྐམས་ནད། རླུང་ལས་སྡུག་བསྔལ་ལས?
་འབྱུང། །ཉམ་ཆུང་པ་ལས་མཆོག་ཏུ་འབྱུང། ཞེས་བྱ་བ་ལ། ཆང་དང་འཕྲོད་པར་གྱུར་པ་ལས་ཀྱང་དེ་སྤངས་ཏེ་དུས་ཡུན་རིང་པོར་ལོན་པ་ལས་ཆང་དེ་ཉིད་མདོ་ལ་མང་དུ་འཐུངས་པ་འམ། ཡང་ན་སྔར་མ་གོམས་པའི་ཆང་གཞན་འཐུངས
་བར་གྱུར་ན། རྒྱུད་ལས་འཇོམས་བྱེད་ཅེས་བྱ་བའི་ནད་དང་ལུས་སྐམ་ཞེས་བྱ་བའི་ཆང་ནད་གཉིས་པོ་རླུང་ལ་སོགས་པ་ལས་སྡུག་བསྔལ་ཞིང་གསོ་པ་དཀའ་བ་འབྱུང་བར་འགྱུར་རོ། །རྣམ་པ་དེ་གཉིས་ནི་སྐྱེས་བུ་ཉམས
་སྟོབས་ཆུང་བ་ལ་མཆོག་ཏུ་ཤེས་ཚར་འབྱུང་བར་འགྱུར་རོ། །འཛམས་པས་བད་ཀན་མཆིལ་མ་མང། །ལྐོག་མ་སྐམ་ཞིང་གཉིད་རབ་ཆེ། །སྒྲ་གྲག་མི་བཟོད་སློང་བག་འགྱུར། །ཞེས་བྱ་བ་ལ། ཆང་ནད་འཇོམས་པར་བྱེད་པ་ཞེས་བྱ་བ
་དེའི་མཆན་མ་བད་ཀན་དང་མཆིལ་མའི་ལྗན་ལྗིན་མང་དུ་འབྱུང་བར་འགྱུར་བ་དང། དེ་བཞིན་ལྐོག་མ་སྐམ་པ་ལ་སོགས་པ་འབྱུང་བར་གྱུར་རོ། །ལུས་སྐམས་ཡན་ལག་མགོ་བོར་ན། སྙིང་ནད་མགུལ་ནད་རྨོངས་བག་དང། །ལུད་པ
་སྐོམ་ནན་སྐོམས་རིམས་འདེབས། །ཞེས་བྱ་བ་ལ། ཆང་ནད་ལུད་པས་སམ་པ་ཞེས་བྱ་བ་བྱུང་བར་གྱུར་ན། དེའི་མཚན་མ་ནི་ཡན་ལག་དང་མགོ་བོ་ཤེས་ཆར་ན་ཞིང་མི་བདབ?་ནས་རིམས་ཀྱིས་འདེབས་པའི་བར་དུ་འབྱུང་བར་འགྱུར་རོ།།
་གང་ཞིག་ཆང་རྣམས་སྤངས་པ་ནི། །དབང་པོ་ཐུལ་ཞིང་བརྟགས་ཏེ་བྱེད། །ནམ་ཡང་དེ་ལ་ལུས་སེམས་ཀྱི། སྐྱོན་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་ཆང་སྤངས་ཤིང་ཆང་མི་འཐུང་བའི་བརྟུལ་ཞུགས
་བླངས་པ་དེ་ནི་དབང་པོ་ཐུལ་ཞིང་ཞིལ་བསྐམ་ཤས་ཆུང་པ་དང། བརྟགས་ཏེ་བྱེད་པ་སྟེ་བྱ་བ་རྣམས་ལ་བློ་སྔོན་དུ་སོང་བས་འཇུག་པར་འགྱུར་པ་དང་དེ་བཞིན་དུ་ཡང་སྐྱེས་བུ་དེའི་ལུས་ལ་དུས་ནམ་ཡང་ལུས་དང་སེམས་ཀྱི་ནད་ཀྱི
་སྐྱོན་རྣམས་འབྱུང་བར་མི་འགྱུར་ཏེ། ལུས་ལ་བྱུང་བའི་ནད་རིམས་ལ་སོགས་པ་དང། སེམས་ལས་འབྱུང་བའི་ནད་བརྗེད་བྱེད་ལ་སོགས་པ་འབྱུང་བར་འགྱུར་ཞིང་པའི་གནོད་པས་ཉེན་པར་མི་འགྱུར་རོ། །རྡུལ་དང་མུན་པ་མི་འཕྲོད
་ཟས། མཆོག་ཏུ་བསྟེན་ལས་ནད་གསུམ་འབྱུང། དངས་མ་ཁྲག་དང་སེམས་རྒྱུ་བའི། རྩ་སྤུབས་བཀག་པ་ལས་བྱུང་བ།?་མྱོས་དང་བརྒྱལ་དང་ཀུན་སོང་ནས། ཕྱི་མ་བཞིན་དུ་སྟོབས་རབ་ཆེ་ཞེས་བྱ་བ་ལ། རྡུལ་དང་མུན་པའི་རང་བཞིན་ལ་མཆོག་ཏུ་བསྟེན་པ་དང།
་ཁ་ཟས་མི་འཕྲོད་པ་ཟབ་ལ་མཆོག་ཏུ་བསྟེན་ཅིང་གནས་པ་བྱེད་པ་མི་ལ་མྱོས་པ་བརྒྱལ་བ་དང། ཀུན་ཏུ་སོང་བ་ཞེས་བྱ་བའི་ནད་དེ་རྣམ་པ་གསུམ་འབྱུང་བར་འགྱུར་རོ། །དེ་ཡང་དངས་མ་དང་ཁྲག་དང་སེམས་རྒྱུ་བ་བྱེད་པའི་རྩ་སྤུབས་ལུས་ལ་གང་དག
་ཡོད་པ་དེ་དགག་ཅིང་ཆད་པ་ལས་བྱུང་བར་གྱུར་ཞིང་རྒྱུ་བྱེད་པ་ཡིན་ལ། ཡང་དེ་དག་ནི་ཕྱི་མ་བཞིན་དུ་སྟོབས་དང་ནུས་པ་ཆེ་བ་ཡིན་ཏེ། དེ་ན་མྱོས་པ་བས་ནི་བརྒྱལ་བ་སྟོབས་དང་ལྡན་པ་ཡིན་ལ། དེ་བས་ནི་ཀུན་ཏུ་སོང་བ་སྟོབས་དང་ལྡན་པ་ཡིན་ནོ།།
་འདིར་མྱོས་ནང་སྣ་རེ་རེ་ཀུན། ཁྲག་དང་ཆང་དང་དུག་རྣམས་ཀྱིས?་ལས་ཀྱང་འབྱུང། ཞེས་བྱ་བ་ལ། འདིར་མྱོས་པ་དང་བརྒྱལ་བ་དང་ཀུན་ཏུ་སོང་པ་ཞེས་བྱ་བ་གསུམ་གྱིས་ནད་ནས་མྱོས་པ་ནི་རྣམ་པ་བདུན་ཏེ། ནད་གཞི་རེ་རེ་ནས་གྱུར་པ་གསུམ་དང་འདུས་པ
་ལས་གྱུར་བ་དང། ཁྲག་དང་ཆང་དང་དུག་ལས་བྱུང་པ་རྣམས་སོ། །དེ་དག་ཀྱང་ཕྱི་མ་བཞིན་དུ་སྟོབས་ཆེ་བ་ཡིན་ནོ། །རླུང་ལས་གཏམ་ལ་ཆགས་པ་དང། མང་སྨྲ་ཉུང་སྨ་སྤྱོད་པ་འཁྲུལ། །ལུས་ནི་རྩུབ་གནག་དམར་བ་ཡིན། མྱོས་པ་རླུང་ལས་སྐྱེས་པ
་ཡིན། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མྱོས་པ་ནི་གཏམ་སྨྲ་བ་ལ་ཆགས་པར་འགྱུར་བ་དང། མང་དུ་སྨྲ་བ་ལ་དགའ་བ་དང། མྱུར་དུ་སྨ་ཞིང་རིངས་པར་སྨྲ་བ་དང། སྤྱོད་པ་འཁྲུལ་ཞིང་ཉམས་པ་དང། ལུས་རྩུབ་པ་དང། དམར་བའི་བག་ཏུ་གནས་པ་ནི
་རླུང་ལས་སྐྱེས་པ་ཡིན་ན། །མཁྲིས་པ་ལས་ཁྲ་དམར་བ་དང། སེར་མར་སྣང་ཞིང་རྩོད་ལ་དགའ་། ཞེས་བྱ་བ་ནི། མཁྲིས་པ་ལས་གྱུར་པའི་མྱོས་པ་ནི་ལུས་ཀྱི་མདོག་དམར་ཞིང་སེར་སྣང་བ་དང་རྩོད་ཅིང་འཐབ་མེལ་དགའ་ཨི་བ་ཡིན་ནོ། །བད་ཀན་ཚིག་ཉུང་འབྲེལ?་?་སྐྱེ
་སེམས་ལས་ཆེ་ཞིང་ལེ་ལོ་ཆེ། །ཞེས་བྱ་བ་ལ་བད་ཀན་ལས་གྱུར་པའི་མྱོས་པ་ནི་ཚིག་ཉུང་འབྲེལ་བར་སྨྲ་བ་དང་ཁ་དོག་དཀར་ཞིང་སྐྱོ་བ་དང། སེམས་ལས་ཆེ་ཞིང་ལེ་ལོ་ཆེ་བ་ཡིན་ནོ། །འདུས་པ་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ
་འདུས་པ་ལས་གྱུར་པའི་མྱོས་པ་ནི་མཚན་ཉིད་ཅན་ཡིན་ནོ། །ཁྲག་ལས་མིག་དང་ཡན་ལག་རེངས། །མཁྲིས་པའི་མཚན་ཉིད་ལྡན་པ་ཡིན། ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མྱོས་པ་ནི་མིག་རེངས་ཤིང་ཧར་བག་ཏུ་གནས་པ་དང། ཡན་ལག་རེངས་ཤིང
་འགྱུར་མི་ཤེས་པ་ཡིན་ནོ། །གཞན་ཡང་མཁྲིས་པའི་མྱོས་པའི་མཚན་ཉིད་ཁྲོ་བ་དང། མདོག་དམར་ཞིང་སེར་བ་དང་རྩོད་པ་ལ་དགའ་བ་ཡིན་ནོ། །ཆང་གི་ཡན་ལག་སྐད་སྤྱོད་འགྱུར་ཞེས་བྱ་བ་ལ། ཆང་ལས་གྱུར་པའི་མྱོས་པའི་ཡན་ལག་དང་སྐད་དང
་སྤྱོད་པ་གཞན་དུ་འགྱུར་པ་འབྱུང་བར་འགྱུར་ཏེ། ཡན་ལག་འགྱུར་བ་ནི་ལུས་རྣམ་ལ་གཞན་དུ་འགྱུར་པའོ། །སྐད་འགྱུར་པ་ནི་སྐད་གསང་ཉམས་ཤིང་འགགས་པའོ། །སྤྱོད་པ་འགྱུར་བ་ནི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཉམས་ཤིང
་སྔར་གནས་པ་ལས་གཞན་དུ་གྱུར་པའོ། །དུག་གིས་འདར་ཞིང་གཉིད་རབ་ཆེ། །དེ་ནི་ཀུན་ལས་མྱོས་ཚབས་ཆེ་ཞེས་བྱ་བ་ལ། །དུག་གིས་མྱོས་པར་གྱུར་པ་ནི་འདར་ཞིང་ལུས་འགུལ་བ་དང། གཉིད་ཤིན་ཏུ་ཆེ་ཞིང་ཏུག་པ་ཡིན་ནོ། །དེ་ནི་མྱོས
་པ་ཀུན་ལས་ཤིན་ཏུ་ཆབས་ཆར་མྱོས་པ་ཡིན་དེ་ནད་ཀྱི་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཁྲག་སོགས་པ་ཡིས་རླུང་སོགས་པའི། །མཚན་ཉིད་ལྷག་པར་ཤེས་པར་བྱ། ཞེས་བྱ་བ་ལ། ཁྲག་དང་ཆང་དང་དུག་ལས་གྱུར་པའི་མྱོས་པ་ལས་རླུང་ལ
་སོགས་པའི་ནད་རང་གི་མཚན་ཉིད་ལྷག་པར་མཚན་ཉིད་ཀྱིས་ཤེས་པར་བྱའོ། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། ཁྲག་དང་ཚང་དང་དུག་གི་མཚན་སྙེད་བཤད་མེད་ཀྱི། རླུང་ལ་སོགས་པ་གང་ཡང་རུང་བ་ལྷག་པར་གནས་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །དེ་ལྟར
་མྱོས་པའི་མཚན་ཉིད་བཤད་ནས་བརྒྱལ་བའི་མཚན་ཉིད་བཤད་པར་བྱ་སྟེ། བརྒྱལ་བ་རླུང་གི་བདག་ཉིད་ཅན་མཁའ་ཨི་དམར་སྔོ་གནག་པར་ནི། །མཐོང་ཞིང་མུན་པར་ཞུགས་སྙམ་སེམས། མྱུར་དུ་སངས་པར་བྱེད་པ་དང། །སྙིང་ན་འདར་ཞིང་མགོ་འཁོར་ལ
་སྐེམ་ཞིང་བཞིན་མདོག་དམར་ནག་འགྱུར། ཞེས་བྱ་བ་ལ། བརྒྱལ་བའི་ནད་རླུང་ལས་གྱུར་པའི་བདག་ཉིད་ཅན་ལ་ནི། །སྐྱེས་བུས་ནམ་མཁའ་ཨི་མདོག་ཁ་དོག་དམར་བ་དང་སྔོ་བ་དང་གནག་པར་མཐོང་བར་འགྱུར་ཞིང་མུམ་པར་ཞུགས་པ་སྙམ་དུ་མུན
་འཐིབས་ཞེས་བྱེད་པར་འགྱུར་པ་དང། མྱུར་དུ་སངས་ཤིང་དྲན་པ་རྙེད་པར་འགྱུར་བ་དང། སྙིང་ན་ཞིང་འདར་བ་ནས་བཞིན་རས་དང་ལུས་ཀྱི་མདོག་དམར་ནག་ཏུ་སྣང་བར་འགྱུར་རོ། །མཁྲིས་པས་དམར་བ་འམ་སེར་པོ་ནི། །ནམ་མཁའ་མཐོང་ཞིང་མུན་ཐིབས་བར
་སངས་ནས་རྡུལ་དང་བཅས་པ་དང། ཆ་སྐོམ་གདུངས་པས་ཉེན་པ་དང། །འཁྲུ་ཞིང་ཁ་དོག་སེར་དང་དམར། །མིག་དམར་སེར་བར་སྣང་བར་འགྱུར། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྒྱལ་བ་ནི་ནམ་མཁའ་ཨི་མདོག་དམར་པོ་འམ། སེར་པ་ཉིད་དུ་མཐོབ་པར
་འགྱུར་བ་དང། མུན་ཐིབས་ཞེས་བྱེད་ཅིང་རྨོངས་ནས་མི་དྲན་པར་འགྱུར་རོ། །དེ་ནས་སངས་ནས་དྲན་པ་རྙེད་པ་དང། ལུས་རྡུལ་ཞིང་ཚ་བལ་སོགས་པས་གདུངས་ཤིང་ཉན་པར་འགྱུར་བ་དང། བཤད་པ་འཁྲུ་ཞིང་སླ་བ་དང། །ཁ་དོག་སེར་ཞིང
་དམར་བར་སྣང་བ་དང། མིག་དམར་ཞིང་སེར་བར་སྣང་བས་བལྟ་བར་འགྱུར་རོ། །བད་ཀན་གྱིས་ནི་སྤྲིན་ལྟ་བུར། ནམ་མཁའ་མཐོང་ཞིང་མུན་ལ་ཐིབས་བྱེད། །རིང་ནས་སངས་པར་འགྱུར་བ་དང། སྙིང་ན་བཅས་པར་མཆིལ་མ་མང། པགས་པ་སློན་པས་གཡོགས
་པ་བཞིན། ཡན་ལག་ལྕི་ཞིང་ཚོར་བ་ཆུང། །ཞེས་བྱ་བ་ལ། བད་ཀན་ལས་བྱུང་བའི་བརྒྱལ་བར་གྱུར་པའི་མཚན་མ་ནི་ནམ་མཁའ་སྤྲིན་གྱིས་གཡོགས་པ་ལྟ་བུར་མཐོང་བ་དང། མུན་ཐིབས་ཞེས་བྱེད་ཅིང་མི་དྲན་པར་འགྱུར་བ་དང། བརྒྱལ་ནས་ཡུན་རིང་ཞིག་ནས
་སངས་པར་འགྱུར་བ་དང། སྙིང་འཕང་ཞིང་ན་བ་དང་བཅས་པའི་མཆིལ་མ་དང་བད་ཀན་གྱི་ལྗན་ལྗིན་མང་པོ་འབྱུང་བ་དང། པགས་པ་སློན་པོར་གཡོགས་ཤིང་དཀྲིས་པ་བཞིན་དུ་ཡན་ལག་དང་བཅས་པའི་ལུས་ལྕི་ཞིང་ཚོད་བ་ཆུང
་བར་འགྱུར་རོ། །ཉེས་པ་གསུམ་གྱི་མཚན་ཀུན་ལྡན། བརྗེད་བྱེད་གཉིས་པ་ལྟ་བུ་སྟེ། མྱུར་དུ་འགྱེལ་ཞིང་བ་རྒྱལ་འགྱུར་ཏེ། འཇིགས་རུང་སྤྱོད་པ་མེད་པ་ཡིན་ཞེས་བྱ་བ་ལ། ནད་བཞིའི་ཉེས་པ་གསུམ་ཆར་གྱིས་བསྐྱེད་པའི་བརྒྱལ་བ་ནི་མཚན་ཉིད
་དེ་དག་ཐམས་ཅད་དང་ལྡན་པ་དང། བརྗེད་བྱེད་གཉིས་པ་ཡིན་ཞིང་དྲན་པ་ཉམས་པར་འགྱུར་ལ། བརྗེད་བྱེད་ཀྱིས་ཟིན་པ་ལྟར་མྱུར་དུ་དགྱེལ་ཞིང་དྲན་པ་མེད་པས་བརྒྱལ་བར་འགྱུར་ལ། ཁྱད་པར་ནི་བརྗེད་བྱེད་ཀྱི་གདོན་ལྔ་པའི་འཇིགས་རུང
་བའི་སྤྱོད་པ་མེད་པར་གཞན་ཐམས་ཅད་ཚུལ་མཐུན་པ་ཡིན་ནོ། །ལུས་ཅན་མྱོས་དང་བརྒྱལ་པ་ཡི། །ནད་ལ་ཤུགས་ཡོད་གྱུར་ཀྱང་ནི། །རང་ཉིད་ཞི་བར་འགྱུར་པ་ཡིན། ཀུན་ཞུགས་སྨན་མེད་པར་མི་ཞི། །ཞེས་བྱ་བ་ལ། ལུས་ཅན་ཏེ་མི་རྣམས་ལ་མྱོས
་པ་རང་བརྒྱལ་བའི་རླུང་ན་དེ་ལ་སོགས་པའི་ཤུགས་དྲག་པོ་ཡོད་དུ་ཟིན་ཀྱང། རང་ཉིད་སྨན་གྱིས་བཅོས་མི་དགོས་པར་རང་ཉིད་ཞི་ཞིང་ལྡོག་པར་འགྱུར་གྱི། ཀུན་ཏུ་ཞུགས་པ་འམ་ཀུན་ཏུ་སོང་བ་ཞེས་བྱ་བའི་བརྒྱལ་བའི་ནད་ནི་སྨན་གྱིས་མ་བཅོས
་པར་ཞི་ཞིང་ལྡོག་པར་མི་འགྱུར་རོ། །ཀུན་ཏུ་ཞུགས་པ་ཞེས་གང་ཞིག་ལ་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ནད་ནི་ཤིན་ཏུ་སྟོབས་ཆེ་བ། །འདུས་པ་ལས་གྱུར་ཀུན་ཞུགས་པ། །སྲོག་གྱི་གནས་ལ་བརྟེན་པ་ཡིན། །ལུས་དང་ངག་ཡིད་སྤྱོད་པ་འཕྲོག
་དེ་ཡི་སྐྱེས་བུ་རོ་དང་ནི། །ཤིང་དང་རྩིག་པ་འདྲ་བར་བྱེད། །རིངས་པར་གསོ་བ་མ་བྱས་ན། །མྱུར་དུ་འཆི་བར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཤིན་ཏུ་སྟོབས་ཆེ་ཞིང་དཀྱེལ་ཆེར་སོགས་པར་རང་གི་རྒྱུའི་ཁྱད་པར་གྱི་ཚོགས་པར་ནུས་པ
་ཐམས་ཅད་འདུས་པར་གྱུར་ཅིང་གསུམ་ཆར་བྱ་བའི་རྩོམ་པ་གཅིག་ལ་ཞུགས་ཤིང་འབྲས་བུ་གཅིག་འབྱིན་པར་བྱེད་པའི་ཀུན་ཏུ་ཞུགས་པའི་ནད་སག?་གི་གནད་སྙིང་གའི་གནད་ལ་བརྟེན་ཅིང་འདུག་པར་གྱུར་པ་ན་ཀུན་ཏུ་ཞུགས་པ་ཞེས་བྱ་བའི་ང་རྒྱལ་བའི་ནད་དུ
་འགྱུར་ཏེ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་འཕྲོག་ཅིང་བསྡུས་ནས་ཀུན་ཏུ་ཞུགས་པ་དེས་སྐྱེས་བུ་ཤི་བའི་རོ་དང་འདྲ་བར་འགྱུར་ཞིང། ཤིང་དང་རྩིག་པ་ལྟར་སེམས་མེད་པར་བྱེད་པ་ཡིན་ལ། དེས་ན་ནད་དེ་གལ་ཏེ་ནད་དེ་གསོ་བ་སྙར་ཏེ་མ་བྱས་ན་སྨྱུར་ཞིང་རིངས་པ
་ཉིད་དུ་སྲོག་དང་བྲལ་བར་བྱེད་པ་ཡིན་ནོ། །མཚོ་ཟབ་ཆུ་སྲིན་མང་པོ་ཅན། ཆུ་འཇིང་འཇུག་རྡོགས་མེད་པར་ནི། ཀུན་ཞུགས་པ་ཡིས་ནུབ་བྱེད་ལས། །མི་ནི་མྱུར་དུ་གདོན་པར་བྱ། །ཞེས་བྱ་བ་ལ། དེ་བས་ན་སྨན་པས་ཀུན་ཏུ་ཞུགས་པ་ཞེས་བྱ་བའི་ནད་མི་ཟད
་པས་ཟིན་ཅིང་སྡུག་བསྔལ་དེའི་འདམ་དུ་བྱིང་བའི་མི་མྱུར་དུ་གདོན་པར་བྱ་སྟེ། དེ་ཡང་དཔེར་ན་མཚོ་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་ལ། ཆུ་སྲིན་བྱིས་པ་གསོད་བ་ལ་སོགས་པའི་སྲོག་ཆགས། གདུག་པ་མང་པོས་གང་བའི་ཆུ་མཇིངས་ཕ་རོལ་ཏུ
་བྱུང་བའི་འཇུག་ངོགས་མེད་པར་ནུབ་པར་གྱུར་པ་དག་ནི། ཉམ་ང་བའི་གནས་ཡིན་པས་མྱུར་དུ་གདོན་དགོས་པ་དང་འདྲའོ། །རིགས་པས་རྟེན་དང་བྲལ་བའི་ཆང་འཐུངས་པས། མྱོས་དྲེགས་ཁྲོ་དང་དགའ་བའི་རང་བཞིན་ཅན། །རང་གི་དགྲ་བོས
་ཡོངས་སུ་འཁྱུད་གྱུར་ཅིང། རིགས་དང་མི་རིགས་མཉམ་པར་བྱེད་པར་འགྱུར། ཞེས་བྱ་བ་ལ། ཆང་རགས་ཤིག་འོས་པར་བསྟེན་པ་དང་བྲལ་བ་སྟ་འོག་ནས་སྨོས་པའི་སྟོབས་དང་དུས་ལ་སོགས་པ་དང། སྦྱར་བ་མེད་པ་ནི། །རིགས་པར་བསྟེན
་པ་དང་བྲལ་པ་ཞེས་བྱ་བ་སྟེ། དེ་ལྟ་བུའི་རིགས་པར་བསྟན་པ་མེད་པར་ཆང་འཐུངས་པས་ནི་མྱོས་པ་ལ་སོགས་པ་རང་གི་སྟེ། ལུས་དང་ལྡན་ཅིག་སྐྱེས་པའི་དགྲ་བ་འཇིག་རྟེན་འདི་དང་ཕྱི་མའི་ཡོན་ཏན། འཇོམས་ཤིང་འཕྲོག་པར་བྱེད་པས་དགྲ་བོ་ལྟར
་གནོད་པར་བྱེད་པའི་དགྲ་བོ་རྣམས་ཀྱིས་ཡོངས་སུ་འཁྱུད་པར་གྱུར་ཅིང་ཤིན་ཏུ་བཅོད་པར་གྱུར་པ་ནི་ཡིན་ཞིང། །དེ་བཞིན་དུ་རིགས་པ་དང་མི་རིགས་པ་ཆ་མཉམ་ཞིང་མཚུངས་པ་ཉིད་དུ་སེམས་པར་འགྱུར་པ་སྟེ། །བྱ་བ་དང་བྱ་བ་མ
་ཡིན་པའི་བྱེ་བྲག་ཕྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །སྟོབས་དང་དུས་དང་ཡུལ་དང་ཀོམ་པ་དང། །རང་བཞིན་གྲོགས་དང་ན་ཚོག་མ་རྣམ་ནི། །ལེགས་པ་རྟགས་དེ་དང་རྗེས་མཐུན་གང་ཞིག་འཐུད། །དེ་ནི་བདུད་རྩི་འཐུངས་དང་མཚུངས
་དང་ཡིན། །ཞེས་བྱ་བ་ལ། ལུས་ཀྱི་ཉམས་སྟོབས་དང། དུས་ལ་སོགས་པའི་མཚན་ཉིད་དམ་བཞིན་བློ་ལེགས་པར་རྟོགས་ཞིང་སོ་སང་ཀྱང་ནས་དེ་དང་མཐུན་པ་སྟེ་དེ་དང་དེར་ཚམ་པར་སྐྱེས་བུ་གང་ཞིག་ཚར་རན་ཅིང་དུས་ལ་བབ་པར་འཐུངས་པ་དེ
་ནི་བདུད་རྩི་འཐུངས་པ་དང་མཚུངས་པ་ཡིན་སྟེ། སྐྱེས་བུ་རིགས་པ་དང་ལྡན་པར་འཐུང་བས་གནོད་པ་མེད་ཅིང་ལུས་བདེ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྔས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ
་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ལེའུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཞང་འབྲུམ་གྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། ཇི་ལྟར་ཀུན་ཏུ་ཞུགས
་པ་ཞེས་བྱ་བའི་ནད་བཤད་མ་ཐག་པ་དེ་ནི་སྲོག་གི་གནས་སྙང་ལ་བརྟེན་ཅིང་འབྱུང་བ་དེ་བཞིན་དུ། འདིར་ཡང་སྲོག་གི་གནས་གཞང་ལ་བརྟེན་མེ་འབྱུང་བས་ན་སྲོག་གི་གནས་ལ་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། དེའི་འོག་དུང་འདི
་བརྩམས་པ་ཡིན་ནོ། །དགྲ་ལྟར་སྲོག་ཆགས་རྣམས་ཀྱི་ཆེ། །གཞང་འབྲུམ་བྱུང་བས་གསོང་བྱེད་པས། དེ་ཕྱིར་བཤང་བའི་ལམ་འགོགས་པ། གཞང་འབྲུམ་ཞེས་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། གཞང་འབྲུམ་ནི་གཞང་ཁར་ཤའི་མཛེར་པ
་སྤོམ་པོ་སྐྱེས་པ་ཡིན་ལ། །དེ་ནི་དགྲ་བོ་ལྟར་སྲོག་ཆགས་རྣམས་ཀྱི་ཚེ་འཕྲོག་ཅིང་གཞང་འབྲུམ་དུ་སྐྱེས་པས་གསོད་པར་བྱེད་པའི་ཕྱིར་དེས་པའི་ཚིག་གི་ཚུལ་གྱིས་ན། །གཞང་འབྲུམ་ཞེས་བྱའོ། །ནད་ཀྱིས་པགས་ཚིལ་ཤ་རྣམས་ནི། གནོད་བྱས་དབྱིབས་ནི་སྣ
་ཚོགས་པས། །ཤ་ཡི་མྱུག་གུ་གཞང་སོགས་སུ། །སྐྱེས་དེ་གཞང་འགྲུམ་ཡིན་པར་བཤད། ཅེས་བྱ་བ་ལ། ནད་ཅེས་བྱ་བ་ནི་རླུང་ལ་སོགས་པ་སྟེ། དེས་པགས་པ་དང་ཚིལ་དང་ཤ་རྣམས་ལ་གནོད་ཅིང་མ་རུངས་པར་བྱས་ནས། །དབྱིབས་དང་ཁ་དོག་སྣ
་ཚོགས་ཤིང་ཐ་དད་པའི་ཤའི་མྱུ་གུ་ཤ་མཛེར་སྦོམ་པོ་ལྟ་བུ་གནོད་པ་སྣ་ཚོགས་སྐྱེད་པ་གཞེང་ལ་སོགས་པར་སྐྱེས་ཤིང་བྱུང་བར་གྱུར་པ་དེ་ལ་ནི་གཞང་འབྲུམ་གྱི་ནད་ཅེས་བྱ་བ་ཡིན་པར་དྲང་སྲོང་རྣམས་བཤད་དོ། །ལྷན་ཅིག་སྐྱེས་དང་དབྱེས་བྱུང་དང། སྐམ
་དང་ཁྲག་ཏུ་འཛག་པ་ཡི། །དབྱེ་བས་མདོར་ན་རྣམ་གཉིས་ཡིན་ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་དེ་ནི་མདོར་ན་རྣམ་པ་གཉིས་ཡིན་ཏེ། ལ་ལ་ནི་ལྷན་ཅིག་སྐྱེས་ཏེ་བྱུང་བ་ཡིན་ལ། ལ་ལ་ནི་སྐྱེས་ནས་ཕྱིས་འབྱུང་བར་འགྱུར་བ་དང། ཡང་དེ་བཞིན་དུ་སྐམ་པ
་རང་གཤེར་བའི་དབྱེ་བས་ཀྱང་རྣམ་པོ་གཉིས་སུ་འགྱུར་ཏེ། ལ་ལ་ནི་སྐམ་པོར་གནས་པ་ཡིན་ལ། ལ་ལ་ནི་ཁྲག་འཛག་པ་དང་བཅས་པ་ཡིན་ནོ། །གཞང་ནི་རྒྱུ་མ་སྦོམ་པོར་རྟེན། སོར་ནི་ཕྱེད་དང་ལྔ་ཡོད་དོ། །ཞེས་བྱ་བ་ལ། གཞང་ནི་རྒྱུ་མའི་ཞབས་རྒྱུ་མ་སྦོམ
་པོ་ལ་བརྟེན་ཅིང་གནས་ལ་དེའི་ནད་ནི་སོར་ཕྱེད་དང་ལྔ་ཡོད་པ་ཡིན་ནོ། །དེར་ནི་ཉེར་གསུམ་སོར་ནི་ཕྱེད་དང་གཉིས། ཞེས་བྱ་བ་ལ། གཞང་དེ་ནི་གཉེར་མའི་རིམ་པ་གསུམ་རེ་རེ་ཞིང་སོར་ཕྱེད་དང་གཉིས་ཡོད་དོ། །རིམ་པ་དེའི་ནད་མ་ནི། །ཕྱིར་འཕུལ་བར་མ
་སལ་བ་ཡིན། རེ་ལི་ཕྱི་རོལ་འཛུམས་པ་ཡིས། །ཞེས་བྱ་བ་ལ། རིམ་པར་རྣམས་ཀྱི་རིམས་པ་ནད་མ་འམ། ཕུགས་མ་ནི་དྲི་མ་རྣམས་ཕྱིར་འཕུལ་ཞིང་འབབ་པར་བྱེད་པ་ཡིན་ལ། གཉེར་མའི་རིམ་པ་བར་མ་ནི་དྲི་མ་རྣམས་སེལ་ཅིང་ཕྱིར་འབྱིན་པ་ཡིན
་པས་ན་སེལ་བ་ཞེས་བྱ་ལ། ཕྱི་རོལ་གྱིས་ཉེར་མ་ནི་དྲི་མ་ལ་སོགས་པ་མ་འབྱུང་བར་སྡོམ་ཞིང་འཇུམས་པར་བྱེད་པས་ན་འཇུམས་པ་ཞེས་བྱའོ། །དེ་ཡི་ཕྱིར་ཕྱི་རོལ་སོར་ཅིག་ལ། །ནས་ནི་ཕྱེད་དང་གཉིས་ཀྱིས་ཚང། དེ་ཕན
་ཆད་ནི་སྤུ་སྐྱ་འགྱུར། ཞེས་བྱ་བ་ལ། འཇུམས་པ་དེའི་ཕྱི་རོལ་སོར་གཅིག་ནི་གཞང་ཁ་ཞེས་བྱ་ལ། གཞང་ཁ་དེའི་ཚད་ན་ནས་ཕྱེད་དང་གཉིས་ཀྱིས་ཆད་ཡིན་ནོ། །གཞང་ཁའི་ཚིག་དེ་ཐམས་ཅད་ནི?་རྐུབ་ཏུ་སྤུ་སྐྱེ་བར་འགྱུར་རོ། །དེ་ལ
་ལྷན་ཅིག་སྐྱེས་པའི་རྒྱུ། གཉེར་མའི་ས་བོན་གནོད་འགྱུར་ཉིད། །གཞང་འབྲུམ་ཞེས་བྱ་བ་ལ། དེ་ལ་ལྷན་ཅིག་སྐྱེས་པ་དང་ཕྱིས་འབྱུང་བའི་གཞང་འབྲུམ་གཉིས་ལས། ལྷན་ཅིག་སྐྱེས་པའི་གཞང་འབྲུམ་འབྱུང་བའི་རྒྱུ་ནི་གཉེར་མ་དེ་འབྱུང
་ཞིང་དང་པར་སྐྱེས་པ་ཉིད་ཀྱི་ཚེ། །དེའི་ས་བོན་ཁུ་ཁྲག་ལ་སོགས་པ་ལ་རླུང་ལ་སོགས་པར་གནོད་པར་གྱུར་པ་དེ་ཉིད་ལས་གཞང་འབྲུམ་འབྱུང་བའོ། །ས་བོན་གནོད་པ་ཡང། ཕ་མས་མི་འཕྲོད་ཟོས་པ་དང། །སྔོན་ལས་ཞེས་བྱ་བ་ལ། ས
་པོ་ནད་ལ་གནོད་པར་བྱེད་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཕ་དང་མས་ཁ་ཟས་མི་ཕྲོད་པ་གཞང་འབྲུམ་སྐྱེད་པར་བྱེད་པའི་རྒྱུ་ཟོས་པ་དང། སྔོན་བདག་ཉིད་ཀྱི་དེ་ལྟ་བུའི་གནད་འབྱུང་བར་འགྱུར་བའི་ལས་བྱས་ཤིང་བསགས་པའོ། །དེ
་གཉིས་དང་འདུས་པ། འཁྲུགས་པ་ལས་གྱུར་དེ་དག་ནི། གསོར་མི་རུང་པ་ཉིད་དུ་བཤད། ཅེས་བྱ་བ་ལ། ཕ་དང། མའི་གནོད་པའི་རྒྱུ་དང། སྔོན་གྱི་ལས་དེ་གཉིས་དང། ནད་གཞི་འདུས་པར་འཁྲུགས་པ་གང་ཡིན་པ་ལས་གྱུར་པ་དེ་དག་ནི
་གང་གི་ཕྱིར་གསོར་མི་རུང་བ་ཉིད་ཡིན་ཏེ། ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་རོ། །རིམས་བྱུང་ཀུན་དེ་ནས་དང་འདྲ། ཞེས་བྱ་བ་ལ། ནད་གཞན་གང་ཡང་རུང་བ་ཀུན་ཀྱང་དེ་འདྲ་སྟེ། །དང་པོ་ལྷན་ཅིག་སྐྱེས་པ་ནི་གསོར་མི་རུང་ངོ། །ཞེས་ཚིག
་འདིས་སྟོན་པ་ཡིན་ནོ། །ལྷན་ཅིག་སྐྱེས་པ་ཁྱད་པར་དུ། །རྩུབ་ཅིང་བརྟ་བར་དཀའ་བ་དང། །ནད་དུ་ཁ་བལྟར་དཀར་བ་དང། །བླ་གཉན་མི་བཟད་ཅན་གསོ་དཀའ་། ཞེས་བྱ་བ་ལ། ལྷན་ཅིག་སྐྱེས་པའི་གཞང་འབྲུམ་དེ་ཡང་ཁྱད་པར་འདི་དག་དང་ལྡན་ན་ལྷག་པར
་གསོ་དཀའ་སྟེ། རེག་པ་རྩུབ་པར་གནས་པ་དང། །བརྟ་ཞིང་བརྟག་པར་དཀའ་བ་དང། །ཁ་ནང་དུ་ལྟ་ཞིང་ཕྱིར་མ་ཕྱོགས་པ་དང། །ཁ་དོག་དཀར་བ་དང། །བླ་གཉན་གྱི་ནད་མི་བཟད་པ་ཡོད་པ་ནི་གསོ་དཀའ་ཞིང་བཅོས་སུ་མི་རུང་བ་ཡིན་ནོ། །ཅིག་ཤོས་དྲུག་སྟེ་དང
་ཐ་དང། འདྲེས་དང་འདུས་པ་ཁྲག་ལས་བྱུང། ཞེས་བྱ་བ་ལ། ལྷན་ཅིག་འབྱུང་བ་ལས་ཅིག་ཤོས་སུ་གྱུར་པའི་ཕྱིས་འབྱུང་བའི་གཞང་འབྲུམ་ནི་རྣམ་པ་དྲུག་ཡོད་དེ། ནད་ཐ་དད་པ་ལས་བྱུང་བ་གསུམ་དང་འདྲེས་པ་ལས་བྱུང་བ་དང་འདུས་པ་ལས་བྱུང་བ་དང་ཁྲག་ལས་བྱུང་བ་གོ་བླུད
་དང་བད་ཀན་གཉིས་ལས་སྐམ། ཁྲག་དང་མཁྲིས་པ་ལས་རླན་ཅན། ཞེས་བྱ་བ་ལ། དེ་ལ་གཞང་འབྲུམ་སྐམ་པོ་ཁྲག་མི་འཛག་པ་ནི་རླུང་དང་བད་ཀན་གཉིས་འདུས་པས་ཟིན་པ་ལས་འབྱུང་བར་འགྱུར་རོ། །གཞང་འབྲུམ་རླན་ཅན་ཁྲག་འཛག་པ་ནི་ཁྲག་དང
་ཁྲིས་པ་འདེས?་བས?་ཟི?་བ་ལས་འབྱུང་བ་ལ་འགྱུར་རོ། །ནད་རྣམས་ལྡང་རྒྱུ་སྔར་བཤད་པ། །ཞེས་བྱ་བ་ལ། ནད་རྣམས་ལྡང་ཞིང་འཁྲུག་པའི་རྒྱུ་གང་ཡིན་པ་ནི་སྔར་ཐམས་ཅད་ཀྱི་ཐམས་ཅད་ཀྱི་གཞི་གཤད་པའི་སྐབས་བཤད་ཅིང་བསྟན་པ་ཡིན་ནོ། །འཁྲུག་པ་དེ་ཡས་ཁོང
་པ་ཡ། །མ་དྲང་ཉི་མས་ཤིང་བཤང?་བ་འཕེལ། །གཞན་ཡང་ཉལ་པ་རབ་དྲགས་དང། །གཞོན་པ་ཁོང་འཁྲུགས་བསྟན་དྲག་ནི། །མ་སྙོམས་སྲ་དང་རྩོག་པུར་འདུག་།འཇམ་རྩི་གཅི་འུས་དང་ནི། །རྡོ་དང་གོས་ཀྱིས་བྲུད་པ་དང། །ཤིན་ཏུ་གྲང་བའི་ཆུས་བཀྲུས་དང
་རྟག་ཏུ་འཁྲུ་བར་བྱེད་པ་དང། །བཤང་དང་གཅི་དང་ཕྱན་གྱི་ཤུགས། །བཀག་དང་ནན་གྱིས་བཙིར་བ་དང། །རིམས་དང་སྐྲན་དང་ཆད་པར་འཁྲུག་འོར་ནད་སྐྱ་རྦབ་བེའུ་སྣབས་ཀྱིས། །སྐེམས་བྱས་གནོད་པར་འགྱུར་པ་ཡི། །སྤྱོད་པ་བསྟན་ལས་གནོད་པར་འགྱུར། །བུད་མེད་ཟླ
་གྲངས་མ་ཚང་འཕྱི་ལ། །ཟླ་བ་རྫོགས་སོགས་གཟིར་ལས་འབྱུང། །དེ་དང་འདྲ་བ་གཞན་ཡང་རུང། ཐུར་སེལ་འཁྲུགས་པས་དྲི་མ་ནི། །གཞང་ནི་གཉེར་མར་དེ་བཞག་པས། དར་ནི་མི་མངོན་གྱུར་ལས་གནས། གཞང་འབྲུམ
་འབྱུང་བར་འགྱུར་པ་ཡིན། ཞེས་བྱ་བ་ལ། ནད་ལྡང་བའི་རྒྱུ་དེས་ཁོད་པའི་མེ་དྲོད་ཉམས་ཤིང་བྲི་ལ་བཤད་པ་ཞེས་བྱ་བའི་དྲི་མ་འཕེལ་བར་བྱེད་པ་དང། རྒྱུ་གཞན་ཡང་བུད་མེད་ལ་འཁྲིགས་པ་སྤྱད་པའི་ཉལ་པོ་དྲགས་པར་བྱས་པ་དང་བཞོན་པ་ལས
་?་འཁྲུགས་པ་སྟེ། །རྟ་ལ་སོགས་པའི་བཞོན་པ་མ་སྲུན་པས་གཡེངས་ཤིང་འཁྲུགས་པར་བྱ་བ་དང། བསྟན་མཐོ་དམན་མ་སྙོམས་པ་ལ་འདུག་པ་དང་སྟན་སྲ་བ་ལ་འདུག་པ་དང། རྟག་ཏུ་རྩོག་བུར་འདུག་པ་དང། འཇམ་རྩི་གཅེའུ་ལེགས་པར་མ
་བཏང་པས་སྣང་བ་དང། །ས་གཞི་དང་རྡོ་ལ་སོགས་པས་དྲུད་ད་སྣང་བར་བྱས་པ་དང། ཤིན་ཏུ་རྒྱུན་མི་འཆད་པར་ཆུ་དྲང་མོས་བཀྲུས་ཤིང་རེག་པར་བྱས་པ་དང། རྟག་པར་རྒྱུན་དུ་འཁྲུ་བར་བྱེད་པ་དང། བཤང་བ་ལ་སོགས་པའི་ཤུགས་འབྱུང་བ་བཀག
་ཅིང་བརྣག་པ་དང། དེ་དག་ཉིད་མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་དང། རིམས་ལ་སོགས་པའི་ནད་ཀྱིས་སྐྱེམ་ཞིང་རིང་བར་བྱས་པ་དང། །ལུས་ལ་སོགས་པ་གནོད་ཅིང་གདུང་བར་འགྱུར་བའི་ལས་ཀྱི་སྤྱོད་པ་བསྟེན་པ་སྟེ།
་དེ་དག་ལས་གཞང་འབྲུམ་འབྱུང་བར་འགྱུར་རོ། །ཡང་བུད་མེད་རྣམས་ལ་ནི་ནད་དེ་དག་གི་སྟེང་དུ་ཟླ་བ་མ་ཚང་ཞིང། མངལ་ན་གནས་པའི་སེམས་ཅན་སྐྱེ་བའི་དུས་ལ་མ་བབ་ཅིང་འཕྱིལ་པ་དང་ཟླ་བ་རྫོགས་ཤིང་ཚང་བ་ལ་འདུག་ཀྱང་དེས
་གཟིར་བ་སྟེ། གནོད་པ་དང་བཅས་པར་བུ་བཅས་པ་ལས་གཞང་འབྲུམ་འབྱུང་བར་འགྱུར་རོ། །ནད་ཀྱི་རྒྱུ་དེ་འདྲ་བ་དེ་དག་དང། རྣམ་པ་གཞན་ཡང་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་འཁྲུགས་ཤིང་གནོད་པར་གྱུར་པས་དྲི་མ་སོགས་པར་བྱེད་དེ
་གཞང་གི་གཉེར་མའི་གནས་སུ་བཀག་ནས་གནས་པར་བྱེད་ལ། དེས་ན་གཞང་གི་གཉེར་མ་དེ་རྣམས་སུ་ནི་མི་མངོན་པར་གནས་ཤིང་གསེབ་དུ་ཞུགས་པ་དེ་དག་རུལ་པར་འགྱུར་བའི་གནོད་པས་ཉེན་ནས་བཞང་འབྲུམ་སྐྱེས་པར་འགྱུར་བ་ཡིན་ནོ། །དེ་ཡིས་སྡོམ?
་ཚུལ་མེད་དྲོད་ཉམས། །བརླ་ནི་རེངས་ཤིང་ན་བ་དང། བྱིན་པའི་ཉ་ན་མགོ་འཁོར་ཞིང། ཡན་ལག་ན་ཞིང་མིག་གཉིས་སྐྲ། །བཤང་བ་འཁྲུ་འམ་ཡང་ན་ནི། །རླུང་ཆེན་ནང་ན་འཁྱིལ་བ་དང། །ཕལ་ཆེར་ལྟེ་བའི་འོག་ན་རྒྱུ། །ནད་བཅས་བཅད་པ་ལྟ་བུར་སེམས། རྐང་པར
་འབྱུང་ཞིང་སྒྲ་ཅན་འབྱུང། རྒྱུ་མ་ཀྲུག་ཀྲུག་ཟེར་ཞིང་སྤྲོ། སྐེམས་ཞིང་སྒྲེགས་པ་མང་དུ་འབྱུང། །གཅིན་མང་བཤང་ཉུང་ཡི་ག་འཆུས། སྒྲེགས་པ་དུད་འདྲ་སྐྱུར་བ་འབྱུང། མགོ་དང་རྒྱབ་དང་བྲང་དུ་གཟེར། །སྐོམ་ཞིང་ཁ་དོག་ཉམས་པ་དང། སློང་བག
་དབང་པོ་ཉམས་ཆུང་ལ། ཁྲོ་ཞིང་བསྙེན་བཀུར་དཀའ་བ་དང། མ་ཞུ་སྐེམ་ནད་སྐྱ་རྦབ་དང། དམུ་རྫིངས་རྣམས་ལ་སོམ་ཉི་སྐྱེ། ཞེས་བྱ་བ་ལ། གཞང་འབྲུམ་དེ་རྣམས་ཀྱི་སྔོན་དུ་བྱུང་བའི་ཚུལ་ལམ། གཟུགས་ན་ཕོ་བའི་མེ་དྲོད་ཉམས་ཞིང་བྲི་བ་དང།
་བརླ་ཐོག་ཐག་ན་བ་དང། བྱིན་པ་གཉིས་ཀྱི་ཉ་བཅུས་པ་སྙམ་དུ་སེམས་ཤིང་ན་བ་ལ་སོགས་པ་དང། བཤང་བ་ཆེད་འགའ་ནི་འཁྲུ་ཞིང་སླ་ལ། ཆེད་འགའ་ནི་སྲི་ཞིང་རྟུག་སྐམ་དུ་འབྱུང་བ་དང། རླུང་ཆེ་ཞིང་མང་བ་དང། རྒྱུ་བའི་ལམ་བཀག་པས
་ནང་ནང་དུ་འཁྱིལ་ཞིང་མི་ཐོན་པ་དང། དེ་ཉིད་ཀྱིས་ན་ཕལ་ཆེར་ནད་ལྟེ་བའི་ནད་ན་རྒྱུ་ཞིང་ཟུག་པ་དང། ཕན་ཚུན་གཟེར་བའི་ནད་དང་བཅས་པ་དང། རྒྱུ་མའི་ནད་ཀུན་ཏུ་བཅད་པ་སྙམ་དུ་སེམས་པ་དང། འབྱུང་བར་དཀའ་ཞིང་ཐོགས་ལ་འབྱུང་བ་ན
་ཡང་སྒྲ་བཅན་དུ་འབྱུང་བ་དང། རྒྱུ་མའི་ནང་ཕན་ཚུན་ཀྲུལ་ཀྲུལ་ཟེར་ཞིང་འཁྲོག་པ་དང་དོབ་པ་དང། སྐེམ་ཞིང་རིང་བ་ལ་སོགས་པ་དང། སྒྲེགས་པ་དུད་པ་དང་འདྲ་བར་དཀུ་བར་འོང་ཞིང་སྐྱུར་བར་འབྱུང་བ་དང། མགོ་ལ་སོགས་གཟེར་ཞིང་ན་བ་དང།
་སྙོམ་ཞིང་ན་བ་དང་ལས་ལ་མི་བརྩོན་པ་དང། ཁ་དོག་ཉམས་པ་སྟེ། ཐལ་བའི་རང་བཞིན་གྱི་ཁ་དོག་ལས་གཞན་དུ་གྱུར་པ་མེད་པ་དང། སྤྲོ་བ་མེད་པ་དང་དབང་པོ་ཉམ་ཆུང་ཞིང་རང་རང་གི་ལས་ལ་འཇུག་པ་མི་ནུས་པ་དང། ཁྲོ་ཞིང
་སེམས་འཁྲུག་པ་དང། བསྙེན་བཀུར་དཀའ་ཞིང་སྡུག་བསྔལ་བས་བསྙེན་བཀུར་བྱ་དགོས་པ་དང། མ་ཞུ་བ་ནས་དམུ་རྫིང་གི་བར་གྱི་ནད་རྣམས་ཡོད་པར་སོམ་ཉིད་སྐྱེས་ཞིང་དགོས་པར་འགྱུར་པ་ཡིན་ནོ། །གཞང་འབྲུམ་སྐྱེས་པར་འགྱུར་བ
་ལ་འདི་དག་ཉིད་ནི་འཕལ་བར་འགྱུར། ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་སྐྱེས་ཤིང་འབྱུང་བར་གྱུར་བ་ལ། སྔར་བྱུང་བའི་ཆལ་གྱིས་རྟགས་འདི་དག་ཉིད་འཕེལ་ཞིང་དེའི་ཚུལ་གསལ་བ་ཉིད་དུ་འགྱུར་རོ། །དེའི་འོག་གི་ལམ་བཀག་པས
་ཐུར་དུ་སལ་བའི་རླུང་ལྡོག་སྟེ། ལུས་དང་དབང་པོ་ཀུན་གནས་པའི། །རླུང་གཞན་ཐམས་ཅད་འཁྲུག་པར་བྱེད། །དེ་བཞིན་བཤང་གཅི་མཁྲིས་པ་དང། བད་ཀན་ལུས་ཟུངས་རྟེན་བཅས་པ་འཁྲུག་ཅིང་མེ་དྲོད་ཉམས་པར་བྱེད། ཅེས་བྱ་བ་ལ།
་གཞང་འབྲུམ་དེ་ཡིས་འོག་གི་ལམ་བཤང་སྒོ་ཞེས་བྱ་བ་བཀག་པས་ཐུར་དུ་སེལ་བའི་རླུང་འབྱུང་བར་རྡོག་པ་ན་ལམ་བཀག་པའི་ཕྱིར་རླུང་དེ་སླར་ལྡོག་པར་བྱེད་ལ། དེ་ལྟར་ལྡོག་པ་དེས་ལུས་དང་དབང་པོའི་ཚོགས་ཀུན་ལ་གནས
་ཤིང་རྟེན་པའི་རླུང་དང་མེ་དང་མཉམས་དུ་གནས་པ་དང། ཁྱབ་བྱེད་དང་སྟོང་དུ་རྒྱུ་བ་དང། སྲོག་ཅེས་བྱ་བ་ཐམས་ཅད་འཁྲུགས་ཅིང་གཡོ་བར་བྱེད་ལ་དེ་བཞིན་དུ་བཤང་གཅི་ལ་སོགས་པ་རྟེན་ནམ་གནས་དང་བཅས་པ་དང
་འགྲུབ་ཅིང་གཡོ་བར་བྱེད་ལ། ཁོང་པའི་མེ་དྲོད་ཀྱང་ཉམས་པར་བྱེད་དོ། །ཞེས་བྱ་བར་སྦྱར་རོ། །དེ་ནས་གཞང་འབྲུམ་རླན་ཅན་ལ། ཕལ་ཆེར་ཐམས་ཅད་ཉར་བྱུང་བ། །སྐེམ་ཞིང་མཆོག་ཏུ་བསྐྱེད་མི་ནུས། །སྟོབས་ཟང་པོར་རྨྱ
་བཞིན་མདངས་ཉམས། །ལུས་ལྟོད་སྙིང་པོ་མེད་འགྱུར་ཞིང། །འདུས་ཟས་པ་ཡི་ཤིང་འདྲ་ལ། །བླ་གཉན་མ་ལུས་ངག་གི་འདེབས། །ཇི་སྐད་བཤང་བའི་ནད་གཟིར་ཅིང། ལུད་པ་སྐོམ་དང་སྐད་འགགས་དང། །བས་རོ་མི་ཚོར་ཆམ་འདེབས་སྤོ། །སྒྱིད་སྐྱར?་ཤིང་ལག་ན་ཞིང་སྨོན
་སྒྱིད་པ་སྐྲངས་དང་རིམས་ནད་དང། །ཁུ་བ་ཟད་ཅིང་རབ་རིབ་འོན། །རྡེའུ་ཆགས་ནད་ཀྱིས་གཟིང་བ་དང། །སྐང་འགགས་ཞུམ་ལ་སེམས་ཁོང་ཆུང། །མཆིལ་མ་མང་འདོར་ཡི་ག་འཆུས་རུས་ཚིགས་ཀུན་དང་སྙིང་ལྟེ་བ། །གཞང་དང་སྣ་རྩར་གཟེར་དང་བཅས། གཞང་ནས་འབྲུམ་ནི་མི་སྨིན་བཅས། །ཁུ་བ
་ལྟ་བུའི་སྐྱིན་བག་འཛག་།རྟུག་སྨམ་སྦྱིན་བའམ་སླ་བར་འགྱུར། །སྨིན་དང་མ་སྨིན་པར་བར་འཁྲུ། །སྐྱ་ཞིང་སེང་དང་སྔོན་པོ་ཡི། །ཁྲག་ནི་སྦྱིན་བག་འཁྲུ་བར་འགྱུར། །ཞེས་བྱ་བ་ལ། དེ་ནས་སྔོན་བའི་ཚུལ་གྱི་འོག་ཏུ་གཞང་འབྲུམ་གྱི་ནད་ཅན་ལ་ཕལ་ཆེར་འབྱུང
་བར་འགྱུར་བའི་ཚུལ་ནི་སྐེམས་ཞིང་རྦེག་པ་དང། མཆོག་ཏུ་འམ་ཤིན་ཏུ་བསྐྱོད་པར་མི་ནུས་ཤིང་རྩོལ་བ་ཆུང་བ་དང། ཉམས་སྟོབས་ཟད་ཅིང་ནུས་པ་ཆུང་བ་དང། ཁང་པ་རྨ་ཞིང་སྒྱེད་ཞན་པ་དང། བཞིན་མདངས་ཉམས་ཤིང་བཞིན་རས་ཀྱི་མདོག་མི་སྡུག་བ་དང། ལུས
་ལྷོད་ཅིང་བྱོ་བ་མི་ལྕོགས་པ་དང། སྙིང་པོ་ལྟར་སྲ་ཞིང་མཁྲང་བའི་བག་མེད་དེ། དེ་ཡང་དཔེར་ན་འབུས་ཟོས་པའི་ཤིང་ལྟར་ཤིན་ཏུ་སྙིང་ཞིང་སྙིང་པོ་མེད་པ་ཡིན་ནོ། །དེ་བཞིན་དུ་བླ་གཉན་གྱི་ནད་དུ་མ་གཞན་ཇི་སྐད་པོ་རྣམས་ཀྱིས་ཀྱང་འདེབས་པར་འགྱུར་པ་དང། དེ
་བཞིན་དུ་སྔར་ཇི་སྐད་བཤད་པའི་གནད་རྣམས་གཟིར་ཅིང་གནོད་པར་འགྱུར་བ་དང། དེ་བཞིན་དུ་ལུང་བ་ལ་སོགས་པས་གཅོད་ཅིང་ཉེན་པར་འགྱུར་བ་དང། ཡང་དེ་བཞིན་དུ་སྐད་འགགས་པ་དང། སྐད་གསངས་ཞུམ་པར་འགྱུར་པ་དང། སེམས་ཁོངས་སུ་ཆུད་ཅིང་ཡིད་ལ་བྱེད
་པས་གནད་པ་དང། མཆིལ་མ་མང་དུ་འབྱུང་ཞིང་བད་ཀན་གྱི་ལྗན་ལྗིན་མང་དུ་འདོར་བ་དང། ཡིག་འཆུས་པ་ལ་སོགས་པའི་ནད་དང་བཅས་པར་འགྱུར་བ་དང། །དེ་བཞིན་དུ་འགྲུམ་སྨིན་པ་བཅོས་པའི་ཁུ་བ་ལྟ་བུར་སྦྱིན་དག་ཏུ་འདུག་ཅིང་འབྱིལ་བ་གཞང་ཁ་ནས
་འཛག་པར་འགྱུར་པ་དང། ངོ་བཞན་དུ་བར་སྐབས་བར་སྐབས་སུ་ལན་འགའ་ནི་བཤང་བ་སྲི་ཞིང་འགག་པ་རྟག་སྐམ་དུ་འགྱུར་ལ། ལན་འགའ་ནི་འཁྲུ་ཞིང་སླ་བག་ཏུ་འབྱུང་བར་འགྱུར་ལ། དེ་བཞིན་དུ་ལན་འགའ་ནི་སྨིན་པར་འཁྲུ། །ལན
་འགའ་ནི་མ་སྨིན་པར་འཁྲུ་བ་ནས་སྦྱིན་བག་གི་བར་དུ་འཁྲུ་བར་འགྱུར་རོ། །གཞང་འབྲུམ་རླུང་ཤས་ཆེ་ལས་གྱུར། །སྐེམ་ཞིང་རྩེག་རྩེག་ཚ་བ་དང། །རིང་ཅིང་དམར་ནག་རེངས་པ་དང། །མི་སྙོམས་རྩུབ་ཅིང་སྲ་བ་དང། ཕན་ཚུན་མི་འདྲ་ཡོ་བ་དང། །རྩེ་མོ་རྣོ་ཞིང
་གས་པ་དང་ཁམ་པ་རྒྱ་ཤུགས་ཁ་རྫུར། །རས་བལ་ས་ཕོན་དང་འདྲ་ཞིང། །ལ་ལ་ཀ་དམ་མེ་ཏོག་འདྲ། །ལ་ལ་ཡུངས་ཀར་ལྟ་བུར་སྐྱེས། །མགོ་དང་ཕྲག་པ་རྩིབ་ལོགས་བརླ། ཆུ་སོ་དག་ཏུ་ལྷག་པར་ན། །སྤྱིད་པ་སྒྲེགས་པ་བཤང་བ་སྲི། །སྙིང་འཕར་ཡི་ག
་འཆུས་པ་བསྐྱེད། །ལུང་དབུགས་མི་བདེ་མེ་དྲོད་ཉམས། །རྣ་བ་སྒྲ་བཅས་མགོ་འཁོར་བྱེད། །དེས་ཉེན་རྟུག་སྐམས་ཉུང་ངུ་ནི། །སྒྲ་བཅས་བསྐ་སླ་འདྲེན་མ་དང། ན་ཞིང་སྡུ་བ་འབྱར་བ་གཅན། །རྟུག་སྐམས་ཚུལ་གྱིས་འབྱུང་བར་འགྱུར། །ཕགས་པ་སེན་མོ་བཤང
་གཅི་དང། མིག་དང་གདོད་ནི་གནག་བ་དང། །སྐར་དང་ཆེར་པ་རྨུ་རྫིངས་དང། །གཏུན་འདྲ་དེ་ཉིད་ལས་འབྱུང་འགྱུར། ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནང་རླུང་གི་ཤས་ཆེ་ཞིང་རྒྱས་པ་ལ་ནི་གཞང་འབྲུམ
་སྐམ་ཞིང་ཁྲག་མི་འཇིག་ཅིང་སྐམ་པ་དང། ཡུངས་ཀར་གྱི་འདི་གུས་བསྐུས་པ་ལྟར་ཚ་བའི་བག་ཙག་ཙག་པོར་བྱེད་པ་དང། སྙིང་ཅིང་རྩེ་མོ་ཡོ་བ་དང། མདོག་དམར་ནག་ཏུ་འདུག་པ་དང། ཕུར་པ་ལྟར་རངས་ཤིང་འགྲང་བ་དང། དབྱིབས་མཐོན་དམན་མི་སྙོམས
་པ་དང། སོག་ལེའི་ཁ་སྣ་ལྟར་རྩུབ་པ་དང། རྡོ་ལ་རེག་པ་ལྟར་སྲ་བ་དང། དབྱིབས་ཕན་ཚུན་གཅིག་ལ་ཅིག་མི་འདྲ་བ་དང། ཡོ་ཞིང་གཞུ་ལྟར་གུག་པ་དང། རྩེ་མོ་ཚར་མ་ལྟར་རྣོ་བ་དང། རྩེ་མོ་གེས་ཤིང་ཁ་བྱེ་བ་དང། བིམྦ་ཞེས་བྱ་བ་འབྲས་བུ་དམར་པོ་ཞིག་པ
་འམ། རྒྱ་ཤུགས་ཕྲ་མོའི་འབྲས་བུ་འམ་ཤིང་ཁ་རྫུ་རའི་འབྲས་བུ་འམ་རས་བལ་གྱི་ས་བོན་དང་འདྲ་ཞིང་མཚུངས་པར་སྐྱེ་བ་དང། ཡང་ལ་ལ་ནི་ཀ་དམ་པའི་མེ་ཏོག་དང་བར་བར་སྐྱེ་ལ། གཞང་འབྲུམ་ལ་ལ་ནི་ཡུངས་ཀར་གྱི་ཚད་ཙམ་དུ་ཕྲ་བ་སྐྱེ་བར་འགྱུར་བ
་དང། ཡང་དེ་བཞིན་དུ་མགོ་བོ་ལ་སོགས་པ་ལྷག་པར་ན་ཞིང་ཟུག་པ་དང། སྤྲིད་པ་ལ་སོགས་པ་མང་བ་དང། བཤང་བ་སྲི་བ་ལ་སོགས་པ་ནས། རྟུག་སྐམ་གྱིས་ཚུལ་གྱིས་བཤང་བ་འབྱུང་བར་འགྱུར་བ་དང། པགས་པ་ལ་སོགས་པ་གནག་པར་འགྱུར་པ་དང། ཡང
་རླུང་གི་གཞང་འབྲུམ་དེ་ཉིད་ལས་སྐྲན་ལ་སོགས་པ་ཡང་འབྱུང་བར་འགྱུར་བ་ཡིན་ནོ། །མཁྲིས་ཤ་ཆེ་ལ་རྩེ་མོ་ནི། སྔོན་ཞིང་དམར་སེར་དཀར་བར་སྣང། །སླ་ཞིང་དྲི་མ་ནམ་ཁྲག་སླ་འཛག་།སྲབ་ཅིང་འཇམ་ལ་ལྷོད་པ་ཡིན། །མཆར་བའི་དུམ་བུ་ནི་ཅ་ལྕེ། །སྲིན
་བུ་པདྨའི་ཆུ་འདྲར་སྣང། །ཚ་ཞིང་བརྣག་ལ་རིམས་དང་རྡུལ། །སྐོམ་དང་ཡིག་འཆུས་རྨོང་སྐྱེད། །བཤང་བྲོ་སླ་ཞིང་སྔོ་ལ་ཚ། །སར་ཞིང་དམར་བར་འཁྲུ་བར་འགྱུར། །ནད་རུལ་ནད་འདྲ་པགས་པ་དང། སེན་སོགས་སྔོ་སེར་ལྗང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས
་པ་ཤས་ཚ་བ་ལས་གྱུར་པའི་གཞང་འབྲུམ་ནི་འབྲུམ་བུའི་རྩེ་མོ་སྔོན་པོ་དང། ཁ་དོག་དམར་སེར་དང་དཀར་པོར་སྣང་བ་དང། ཕྲ་ཞིང་ཆུང་བ་ལ་སོགས་པ་དང། མཚར་བའི་དུམ་བུ་ལ་སོགས་པ་གང་ཡང་རུང་བའི་རྣམ་པ་འདྲ་བ་ཆ་བ་ལ་སོགས་པའི་བླ་གཉན
་རྐེད་པ་དང། བཤང་བ་དྲི་ཞིང་སླ་བ་ལ་སོགས་པ་གང་ཡང་རུང་བའི་རྣམ་པར་འཁྲུ་བ་དང། ནས་རུལ་བའི་ནང་གི་དབྱིབས་འདྲ་བ་དང། པགས་པ་དང་སེན་མོ་དང་མིག་དང་བཞིན་དང་དྲི་མ་རྣམས་སྔོ་ཞིང་སེར་བ་དང་ལྗང་བར་འགྱུར། །བད་ཀན་ཤས་ཆེ་རྩ་བ
་སྒོམ། །འཐུག་ཅིང་ནད་ཀྱི་ཤུགས་ངལ་དཀར། །སྐྲངས་ཤིང་རྒྱས་ལ་སྣུམ་པ་དང། །འགྲིང་ཞིང་ཟླུམ་ལ་ལྕི་ཞིང་བརྟན། །འབྱར་བག་ཚ་བ་ཆུང་ཞིང་འཇམ། །གཡང་ཞིང་རེག་ན་འགའ་བར་བྱེད། །ཀ་རི་རས་ནས་ཡི། །རུས་པ་པའི་ནུ་སོར་འདྲ། །ཆུ་སོར་ཟུག་ཅིང་སྦོ
་གཞང་ན། །ལྟེ་བ་ལྒང་བ་བཅད་སྙམ་སེམས། །ལུད་པ་དབུགས་མི་བདེ་སྙིང་ན། །མཆིལ་མང་ཚ་མ་འདེབས་ཡིག་འཆུས། །གཅིན་སྲི་མགོ་བོ་ཚོར་བ་མེད། །གྲང་བའི་རིམས་ནི་སྐྱེད་པར་བྱེད། །ཁུ་ཆུ་འཛག་ཅིང་མེ་དྲོད་ཉམས། །སློན་ཞིང་མ
་ཞུའི་ནད་ཀུན་སྐྱེད། །བཤང་བ་ཚིལ་འདྲ་བད་ཀན་མང། །ཁྲུ་དང་བཅས་པར་འབྱུང་བར་འགྱུར། །འཛག་པར་མི་བྱེད་རྡོལ་མི་བྱེད། །པགས་པ་ལ་སོགས་སྣུམ་ཞིང་དཀར། །ཞེས་བྱ་བ་ལ། གཞང་འབྲུམ་བད་ཀན་ཤས་ཆེ་ཞིང་བདོ་བ་ལས་གྱུར་པའི་ནི་རྩ་བ་སྦོམ
་ཞིང་ཆེ་བ་དང། འཐུག་ཅིང་ལྷུན་ཆེ་བ་དང། ནད་ཀྱི་ཆི་གུགས་དལ་ཞིང་མི་དྲག་པ་དང། །མདོག་དཀར་བ་ལ་སོགས་པའི་རྣམ་པ་ནས་རེག་ན་དགའ་བའི་བར་གྱི་མཚན་ཉིད་དང་ལྡན་པ་དང། ཤིང་ཀིར་རིའི་འབྲས་བུའི་རུས་པ་འམ། །པ་ན་སའི་འདྲས
་བུའི་རུས་པ་དང། །དབྱིབས་འདྲ་བ་དང། དེ་བཞིན་དུ་བའི་ནུ་སོར་གྱི་དབྱིབས་འདྲ་བ་ཡིན་ལ། དེ་བཞིན་དུ་ཆུ་སོར་ཟུག་པ་ལ་སོགས་པའི་ནད་སྐྱེད་པ་དང། བཤང་བ་ཚིལ་ལ་སོགས་པ་འབྱུང་བར་འགྱུར་བ་དང། །ཁྲག་ལ་སོགས་པ་འཛག་པར་ནི་བྱེད
་ཅིང། བརྡོལ་བ་འམ་ཁ་བྱེ་བྲག་ཡང་མི་བྱེད་པ་དང།།པགས་པ་དང་མིག་དང་སེན་མོ་ལ་སོགས་པ་སྣུམ་ཞིང་མདོག་དཀར་བར་འགྱུར་བ་ཡིན་ནོ། །འདྲེས་ལས་མཚན་ཉིད་འདེས་མ་ཡིན། །འདུས་པ་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ། གཉིས་པ་འདྲེས
་པ་ལས་བྱུང་བའི་མཚན་ཉིད་ནི་གང་དག་ལ་འབྱུང་བ་དེ་དག་འདྲེན་མར་སྣང་བ་ཡིན་ལ་ནད་གསུམ་འདུས་པ་ལས་བྱུང་བ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །ཁྲག་ཤས་ཆེ་ལས་གཞང་འབྲུམ་ནི། །མཁྲིས་པའི་མཚན་ཉིད་འདྲ་བའོ། །རྒྱ
་གྲོ་དྷ་ཡི་མྱུ་གུ་འདྲ། །བྱུ་རུ་འོལ་མ་སོ་མདོག་འདྲ། །ཤིན་ཏུ་ཚ་དྲོན་པ་དང། །བཤང་བའི་ཤུགས་ཀྱིས་རབ་བཙིར་ལས། །འཕྲལ་དུ་ཁྲག་ནི་འབྱུང་བ་དང། །དེ་ཉིད་ཤིན་ཏུ་འཛག་པར་འགྱུར། །སྦལ་པ་འདྲ་ཞིང་ཁྲག་ཟད་ལས། །བྱུང་བའི་སྡུག་བསྔལ་གྱིས
་ཉན་འགྱུར། །མདོག་སྟོབས་སྤྲོ་བ་ཉམས་པ་དང། མདངས་འཕྲོག་དབང་པོ་ཉམས་པར་འགྱུར། །ཞེས་བྱ་བ་ལ། ཁྲག་ཤས་ཆེ་ཞིང་རྒྱས་པ་ལས་གྱུར་པར་གཞང་འབྲུམ་ནི་མཁྲིས་པའི་མཚན་ཉིད་ཀྱི་རྣམ་པར་དང་འདྲ་བར་འབྱུང་བ་དང། དབྱིབས་ནི་ཤིང་ནྱ་གྲོ་དྷའི་མྱུ་གུ་དང
་འདྲ་ཞིང་མདོག་བྱུ་རུ་འམ་འོལ་མ་སེ་ལྟར་དམར་བ་ཡིན་ལ། ཡང་གཞང་འབྲུམ་དེ་ནི་ཚ་ཞིང་དྲོ་བ་དང། ན་བ་དང་བཤང་བའི་ཤུགས་ཀྱིས་རབ་ཏུ་བཙིར་བ་ལས་འཕྲལ་དུ་ཁྲག་འབྱུང་ཞིང་ཁྲག་དེ་ཉིད་ཡང་དང་ཡང་ཤིན་ཏུ་འཛག་པར་འགྱུར་བ་དང། །དབྱིག
་སྦལ་བ་འདྲ་བ་དང། ཁྲག་ཟད་པ་ལས་བྱུང་ཞིང་སྐྱེས་པའི་སྡུག་བངལ་གནག་པར་དགའ་བ་དང། ཉེན་ཅིང་གཟེར་བར་འགྱུར་བ་དང། མདོག་ལ་སོགས་པ་ཉམས་ཞིང་བྲི་བར་གྱུར་པ་དང། མདངས་གྲོགས་ཤིང་ཉམས་པ་དང། དབང་པོ་ཉམ་ཆུང་ཤིང་ནུས
་པ་ཞན་པར་འགྱུར་པ་ཡིན་ནོ། །མུངབ་གོ་དྲ་བའི་ཕྱིར། །ཙ་ན་ཀ་རི་རོས་བསྒྲུབ། །རྩུབ་དང་བཤང་བ་སྲི་བས་རླུང། །རབ་གནས་འཁྲུགས་པས་སྟོབས་ལྡན་པས། །ཐུར་དུ་རྒྱུ་བའི་བུ་ག་ནི། །བཀག་སྟེ་སྨད་དུ་རབ་སྐམས་ནས། །བཤང་བ་གཅི་བ་ཕྱེན་རྣམས་ཆི
་འགགས་པས་ནད་ནི་མི་བཟད་བསྐྱེད། །དེ་ཡིས་ཁོང་པ་རྒྱབ་རྩིབ་ལོགས། །སྙིང་གར་ནད་ནི་ཤིན་ཏུ་སྐྱེད། །ལྟོ་སྦོས་གསུས་པ་ན་བ་དང། །སྙིང་བཅུ?་རྒྱ་མ་བཅད་སྙམ་སེམས། །ནུ་སོར་ཤིན་ཏུ་ཟུག་པ་དང། །མཁུར་བ་སྐྲང་བ་འཕྱང་བར་འགྱུར།།
་རླུང་ནི་གྱེན་དུ་སོང་གྱུར་ན། །དེ་ལ་སློན་རིམས་ཡི་ག་འཆུས། །སྙིང་ནད་བེའུ་སྣབས་མ་ཞུ་དང། །གཅིན་བསྲི་བཤང་བ་འཁྲུ་བ་དང། །འོ་ན་དཔའ་བིར?་བ་དབུགས་མི་བདེ། །མགོ་ནད་ལུད་པ་ཆམ་པས་འདེབས། །ཡིད་ཀྱིས་འགྱུར་པ་སྐོམ
་དང་ཁྲག་།མཁྲིས་པ་སྐྲན་དང་དམུ་རྫིངས་སོགས། །རླུང་གི་ནད་གཏོགས་དེ་དང་དེ། །ཤིན་ཏུ་མི་བཟད་འབྱུང་བར་འགྱུར། །གཞང་འབྲུམ་གྱེན་དུ་འཁྱིལ་གྱུར་པ། །དེ་ནི་མཆོག་ཏུ་གནོད་བྱེད་ཡིན། ཞེས་བྱ་བ་ལ། སྲན་མུངྒ་དང། རྩ་འབྲུ་ཀོ་ཏ།།
་བ་ལ་སོགས་པ་རྩུབ་པ་དང། བཤད་པ་སྲི་བར་བྱེད་པའི་ཟས་ཀྱིས་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་གི་གནས་འཁྲུགས་ཤིང་ལྡང་བར་གྱུར་པ་སྟོབས་དང་ལྡན་ཞིང་ནུས་པ་ཚ་བས་ཐུར་དུ་རྒྱུ་ཞིང་འབབ་པའི་བུ་ག་གང་ཡིན་པ
་དེ་བཀག་ཅིང་བཅད་ནས། །རོ་སྨད་དུ་བཤད་བ་དེ་དག་རབ་ཏུ་སྐམས་ནས། །བཤང་བ་དང་གཅི་བ་དང་ཕྱེན་རྣམས་འགག་ཤིང་ཕྱིར་མ་འཐོན་པའི་ནད་ཤིན་ཏུ་མི་བཟད་ཅིང་བརྣག་པར་དཀའ་བར་སྐྱེད་པར་འགྱུར་ལ། བཤང་བ་ལ་སོགས་པ་འགགས་པ
་དེས་ཁོང་པ་ལ་སོགས་པར་ནད་ཤིན་ཏུ་གནོད་པ་སྐྱེད་ལ། །ལྟོ་སྤོས་པ་དང་གསུས་པ་བཅུས་པ་ལྟ་བུར་ན་བ་དང། སྙིང་གཅུས་པ་སྙམ་དུ་སེམས་ཤིང་མཆིལ་མ་འབྱུང་བ་དང། །རྒྱུ་མའི་ནང་གྲིས་བཅད་པ་སྙམ་དུ་སེམས་པ་དང། །ཆུ་སོའི་ཕྱོགས་སུ་ཟུག
་ཅིང་ན་བ་དང། མཁུར་བ་གཉིས་སྐྲང་བ་འབྱུང་བར་འགྱུར་བ་དང། །རླུང་དེ་རོ་སྟོད་དུ་གྱེན་དུ་སོང་བར་གྱུར་ན། །རྒྱུ་དེ་ལས་སློན་པ་ལ་སོགས་པའི་ནད་རླུང་ལས་གྱུར་པའི་ནད་གྲངས་མེད་པའི་མི་བཟད་པའི་དུ་མ་དག་འབྱུང་བར་འགྱུར་བ་དང། གཞན་འབྲུམ
་གྱི་རྒྱུས་རླུང་གྱེན་དུ་འཁྱིལ་པ་ལས་གྱུར་པའི་ནད་འདི་ནི་མཆོག་ཏུ་མི་ཟད་པར་གནོད་ཅིང་སྡུག་བསྔལ་བར་བྱེད་པ་ཡིན་ནོ། །རླུང་ཤས་ཆེ་བའི་ཁོང་པར་ནི། །དེ་མེད་པར་ཡང་དེ་འབྱུང་འགྱུར། །ཞེས་བྱ་བ་ལ། །བོད་པ་རླུང་གི་ཤས་ཆེ་ཞིང་ལྟོ་བར་རླུང་ནད
་རྒྱས་པར་གྱུར་པའི་སྲོག་ཆགས་རྣམས་ནི་གཞང་འབྲུམ་གྱི་རྒྱུ་དེ་མེད་པར་ཡང་གྱེན་དུ་འཁྱིལ་བ་ཞེས་བྱ་བའི་རླུང་དེའི་ནང་འབྱུང་བར་འགྱུར་རོ། །ལྷན་ཅིག་སྐྱེས་དང་ནད་གསུམ་ལྡན། །ཕུགས་མའི་གཉེར་མར་གང་གནས་པ། །དེ་དག་གསོར་མི་རུང་བ
་ཡིན་ནོ། མེ་དྲོད་སྟོབས་ཆེ་སོགས་ཀྱིས་འཚོ། ཞེས་བྱ་བ་ལ། གང་གི་ལུས་ལ་གཞང་འབྲུམ་ལྷན་ཅིག་སྐྱེས་པར་གྱུར་པ་དེ་དག་ནི་གསོར་མི་རུང་བ་ཡིན་ལ། །ཕྱིས་འབྱུང་བ་ཡིན་དུ་ཟིན་ཀྱང་ནད་གཞི་གསུམ་ཆར་ལས་སྐྱེས་པ་དང། གཉེར་མ་ཕུགས་མར
་གནས་པ་གང་ཡིན་པ་དེ་དག་ཀྱང་གསོར་མི་རུང་བ་ཡིན། །བདེ་ནི་མེ་དྲོད་ཀྱི་སྟོབས་ཆེ་བ་ལ་སོགས་པས་རེ་ཞིག་ཆོ་བ་ཙམ་དུ་གནས་སུ་རུང་སྟེ། སོགས་པ་ཞེས་སྨོས་པས་ལུས་ཀྱི་སྟོབས་དང། སྨན་གྱིས་སྦྱོར་བ་དང། གོམས་པ་དང། སྔོན་གྱི་ལས་ལ་སོགས་པ
་བསྡུའོ། །འདྲེས་ལས་གྱུར་ངེད?་གཉེར་མ་ནི། །བར་མར་གནས་པ་གང་ཡིན་པ། །ལོ་གཅིག་ཡན་ཆད་ལོན་གྱུར་པ། །དེ་དག་གསོ་དཀའ་ཡིན་པར་བཤད། །ཅེས་བྱ་བ་ལ། ཡང་གཞང་འབྲུམ་ནད་གཞི་གཉིས་འདྲེས་པར་གྱུར་པ་དང། །དེ་བཞིན་དུ་གཉེར་མ་རིམ
་པ་གཉིས་པར་བརྙེན་ཅིང་གནས་པ་དང། །དེ་བཞིན་དུ་ལོ་གཅིག་ཡན་ཆད་ལོན་ཤིང་ལོ་བཟླས་པར་གྱུར་བ་དེ་དག་ནི་གསོ་དཀའ་བ་ཡིན་པར་བཤད་དོ། །ཕྱི་རོལ་གཉེར་མར་བྱུང་བ་དང། ནད་ཅིག་ཤས་ཆེ་ལས་བྱུང་དང། །སྐྱེས་ནས་རིང་པོར་མ་ལོན་གང། །གཞང་འབྲུམ
་དེ་ནི་གསོ་བར་སླ། །ཞེས་བྱ་བ་ལ། ཡང་གཞང་འབྲུམ་གང་ཕྱི་རོལ་གྱི་གཉེར་མའི་རིམ་པར་རྟེན་ཅིང་བྱུང་བ་དང། །དེ་བཞིན་དུ་ནད་གཞི་གཅིག་ཤས་ཆེ་ཞིང་རྒྱས་པ་ལས་བྱུང་བ་དང། །དེ་བཞིན་དུ་སྐྱེས་ནས་ཡུན་རིང་པོར་མ་ལོན་ཅིང་ལོ་གཅིག་མན་ཆད
་ཀྱི་ནང་དུ་བྱུང་བར་གྱུར་པའི་གཞང་འབྲུམ་དེ་ནི་གསོ་སླ་ཞིང་བཅོས་སུ་རུང་བ་ཡིན་ནོ། །ཕོ་མཚན་སོགས་ཀྱི་འོག་ནས་ནི། །རང་རང་སྐབས་བཤད། ཅེས་བྱ་བ་ལ། ཕོ་མཚན་དང། མོ་མཚན་དང། རྣ་བ་དང་སྣ་གུང་ལ་སོགས་པར་ཡང་འབྲུམ་བུ་འབྱུང་མོད་ཀྱི། །དེ
་དག་ནི་འོག་ནས་སྦ་བའི་ནད་ཀྱི་མཚན་ཉིད་ཤེས་པར་བྱ་བ་ལ་སོགས་པ་དང་རང་གི་ལེའུ་ལས་བཤད་དོ། །ལྟེ་བར་སྐྱེས། །རྟ་བླ་བ་ཡི་ཁ་འདྲ་ཞིང། འབྱར་བག་ཅན་ལ་འཇམ་པ་ཡིན་ཞེས་བྱ་བ་ལ། ལྟེ་བར་སྐྱེས་པའི་འབྲུམ་བུ་ནི་སྲོགས་ཆག་རྟ་བླ་བ་བྱ་བ་ཞེས་བྱ་བ་འབུ
་ཞིག་ཡོད་པའི་ཁ་དང་དབྱིབས་འདྲ་ཞིང་འབྱར་བག་ཅན་ལ་རེག་ན་འཇམ་པ་ཡིན་ནོ། །པགས་པའི་འཛེར་པ་སྨྲས་པ་ནི། །ཁྱབ་བྱེད་ཀྱི་ནི་བད་ཀན་བསྡུས། །པགས་པའི་ཕྱི་རོལ་ཐོར་བུར་བྱེད། །འཛེར་བ་འདྲ་ཞིང་རྩུབ་པར་གནས། །པགས་པའི་འཛེར་བ་ཡིན་པར
་[མིསསིང་པགེ]
་[མིསསིང་པགེ]
་འགྱུར་ལ། །དེའི་འོག་ཏུ་དེའི་ཁམས་དེ་ཉིད་ཀྱིས་ཕོ་བའི་མེ་དྲོད་ཤིན་ཏུ་ཉམ་ཆུང་བར་བྱས་ནས། དེ་ནས་དེའི་འོག་ཏུ་ཆུའི་ཁམས་དེ་ཉིད་ཀྱི་ལྟོ་བའི་ནང་བཤད་པས་ཁྱབ་པར་བྱས་ནས། དེ་ནས་བཤད་པ་དེ་སླ་ཞིང་གཤེར་བག་ཉིད་དུ་བྱེད
་བར་གྱུར་ཏེ། །ཆད་པར་འཁྱུ་བ་ནི་ཚུལ་དེ་ལྟར་འབྱུང་བ་ནི་རླ་བས་བཤད་ཅིང་བརྟག་པ་ཡིན་ནོ། །དེ་ཡི་འབྱུང་འགྱུར་མཚན་མ་ནི། །བཤང་ལམ་སྙིང་ག་ལྟོ་བར་ཟུག་།ལུས་སྙོམ་བཤད་པ་བསྲི་བ་དང། སྤོ་ཞིང་ཁ་ཟས་མི་འཇུ་བའི་ཞེས་བྱ་བའོ། ཚད་པར་འཁྲུ་བ་དེ་ཕྱིས?
་འབྱུང་བར་འགྱུར་བའི་མཚན་མ་འམ། །རྟགས་ནི་བཤད་བ་ལས་གཞང་ཁའི་ཕྱོགས་དང་སྙིང་ག་དང་ལྟོ་བའི་ཕྱོགས་སུ་ཟུག་ཅིང་ན་བ་དང། ལུས་དང་ཡན་ལག་སྙོམས་ཞིང་ལྕི་བ་དང། བཤང་བ་བསྲི་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །རླུང་འགྱུར་བཤད་ཆུ
་བཅས། །ཉུང་ཞིང་འབྱུང་ཞིང་གཟེར་སྒྲ་བཅས། གག་ཅིང་འབྱུང་བར་འགྱུར་བ་དང། །རྩུབ་སླ་སྤུ་བར་བཅས་པ་འམ། །གང་བུར་ཡང་དང་ཡང་དུ་འབྱུང། །དེ་བཞིན་བུ་རམ་ཚིག་པ་འདྲ། །སྤྱིན་བག་བཅས་ཤིང་ཅད་སྙམ་སེམས། །ཁ་སྐམ་གཞང་ནི་སྣང་བ་དང
་སྤུ་ལངས་པ་དང་ཁྲུ་བ་ཡིན། ཞེས་བྱ་བ་ལ། ཚད་པར་འཁྲུ་བ་དེ་དག་གི་ནང་ནས་རླུང་ལས་གྱུར་བའི་འཁྲུ་བ་ནི་བཤང་བ་དང་ཆུར་བཅས་ཏེ། ཆུ་རུལ་པ་ལྟ་བུར་འབྱུང་བ་དང། མཁྲེགས་ཤིང་ཉུང་ཞིག་འབྱུང་བ་དང། སྒྲ་དང་བཅས་ཤིང་གཟེར་བ་དང། །
་བཅས་པར་འབྱུང་བར་འགྱུར་བ་དང། །འགག་ཅིང་བསྐ་བར་འབྱུང་བར་འགྱུར་བ་དང། མདོག་རྩུབ་པ་དང། སླ་ཞིང་རྒྱང་རྐྱང་བོར་འབྱུང་བ་དང། སྤུ་བ་དང་འདྲན་མར་འབྱུང་བ་དང། གོང་བུར་ཆགས་ཤིང་བར་?་ན་མདུང་པ་ཡོད་པ་འདྲ་བར་འབྱུང
་བ་དང། ཡང་དང་ཡང་དུ་སྐད་ཅིག་མ་རེ་རེ་འབྱུང་བ་དང། དེ་བཞིན་དུ་བུ་རམ་ཚིག་པའི་མདོག་འདྲ་བར་འབྱུང་བ་དང། །སྦྱིན་བག་ལ་སོགས་པའི་རྣམ་པ་དང་ལྡན་པར་འཁྲུ་བ་ཡིན་ནོ། །མཁྲིས་པ་སེར་ཞིང་གནག་པ་དང། །སྔོ་ཞིང་དུ་རྦའི?་མདོག་འདྲ་ལ།།
་ཁྲག་བཅས་ཤིན་ཏུ་དྲི་མནམ་པ། །སྐྱོམ་དང་བརྒྱམ་ཚ་རྡུལ་དང་བཅས། །གཟེར་བཅས་གཞང་ཁ་ཚ་དང་བཅས། །གཞང་ཁར་ཐོར་བུ་འབྱུང་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཚད་པར་འཁྲུ་བ་ནི། །འཁྲུ་བའི་མདོག་སེར་པོ་ལ་སོགས་པར་འཁྲུ
་བར་འགྱུར་ཏེ། ཚིག་གི་དོན་ནི་གོ་བར་བླད་དོ། །བད་ཀན་ལས་གྱུར་པ་སྐྱ་བ་དང་འབྱར་བག་དཀར་ཞིང་ནལ་ནལ་པོ། །སྣུམ་ཞིང་བེའུ་སྣབས་བད་ཀན་བཅས། །རྒྱུན་དུ་འཁྲུ་ཞིང་ལྕི་ལ་མནམ། །བསྐ་ཞིང་ནད་རྗེས་འབྲང་བ་དང། གཉིད་ཆེ་ཁོང་སྙོམས་ཡིག
་མཆུས་ཉུང་ཟད་འཁྲུ་དང་བཅས། །བ་སྤུ་བརྩེ་ཞིང་གློང་བཅས་དང། །ཆུ་སོ་ལྟོ་བ་གཞང་ཁ་ལྕི། །བཞངས་ཀྱང་བཤང་བ་མ་བཏང་སྙམ། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཚད་པར་ཁྲུ་བ་ནི་ཁྲུ་བ་སྐ་ཞིང་གར་པོར་འབྱུང་བར་འགྱུར་བ་དང། འབྱར་བག
་ལ་སོགས་པ་དང་བཅས་པར་འབྱུང་བ་དང། ཁོང་སྙོམས་པ་དང་བྱ་བ་རྣམས་ལ་སྤྲོ་བ་ཆུང་བའོ། །གློངས་པ་ནི་ནད་རྣམས་སྐྱོད་པར་གྱུར་པའོ། །ལྕི་བ་ནི་ཆུ་སོ་དང་ལྟོ་བ་དང་གཞང་ཁ་ཀུན་ཏུ་ལྕི་ཞིང་སྦོམ་པ་སྙམ་དུ་སེམས་པའོ། །བཤངས་ཀྱང་བཤད་པ
་མ་བཏང་བ་སྙམ་དུ་སེམས་པ་ནི་བཤད་བ་བཤངས་ཤིང་དོར་དུ་ཟིན་ཀྱང་ཁོང་ལྕི་བས་མ་བཤད་པ་སྙམ་དུ་སེམས་ཤིང་ཡང་དང་ཡང་དུ་འབྱུང་བར་འགྱུར་རོ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། ཞེས་བྱ་བ་ལ། ནད་གཞི་ཀུན་འདུས་པ་ལས་སྐྱེས་པའི་ཚད་པར
་འཁྲུ་བ་ནི་ནད་གསུམ་ཆར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འཇིག་པས་སེམས་ནི་འཁྲུགས་གྱུར་པ། །རླུང་གིས་མཁྲིས་བཅས་བཤད་པ་ནི། །སླ་བྱེད་དེ་ནས་འཁྲུ་བ་ནི། །ཚ་ལ་སླ་ཞིང་འཕྱོ་བ་ལ། །མཚན་མ་རླུང་མཁྲིས་ལས་བྱུང་འདྲ། །མྱ་ངན་ལས་བྱུང་དེ
་དང་འདྲ། ཞེས་བྱ་བ་ལ། འཇིགས་པའི་རྒྱུས་སེམས་འཁྲུགས་ཞིང་གློངས་པར་གྱུར་བ་རླུང་གིས་མཁྲིས་པ་དང་བཅས་པའི་བཤང་བ་སླ་ཞིང་གཤེར་བར་བྱེད་པ་ལ། དེ་ནས་དེའི་འོག་ཏུ་ཚད་པར་འཁྲུ་བ་འབྱུང་བར་འགྱུར་བ་ན་འཁྲུ་བའི་?བཞིན་ཚ་ཞིང་དྲོ་བ་དང།
་སླ་ཞིང་གར་བག་མེད་པ་དང། འཕྱོ་ཞིང་ཆུར་མི་འབྱིད་བ་དང། མཚན་མ་རླུང་དང་མཁྲིས་པ་ལས་བྱུང་བ་དང་འདྲ་བ་ཡིན་པར་སློབ་དཔོན་རྣམས་ཀྱིས་བཤད་དོ། །མྱ་ངན་ལས་བྱུང་བའི་ཚད་པར་འཁྲུ་བའི་མཚན་ཉིད་ཀྱང་རླུང་གི་དང
་མཁྲིས་པ་ལས་བྱུང་བའི་ཚུལ་དེ་དང་མཚུངས་ཤིང་འདྲ་བ་ཡིན་པར་བཤད་དོ། །མདོར་ན་ཚད་འཁྲུ་རྣམ་གཉིས་ཏེ། །མ་ཞུར་བཅས་དང་མ་ཞུར་མེད། །ཁྲག་བཅས་ཁྲག་མེད་ཅེས་བྱ་བ་ལ། ཚད་པར་འཁྲུ་བ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཡིན་ཏེ། སྨིན
་དང་མ་སྨིན་པ་དེ་རྣམས་འམ། ཁྲག་དང་བཅས་པ་འམ་ཁྲག་མེད་པའི་རྣམ་པས་སོ། །དེ་ལས་ནི་དང་པོ་བཤང་གཅི་ཚུར་འབྱིང་འགྱུར། །དྲི་མནམ་ལྟོ་ནི་སྤོ་བ་དང། །ཁྲིགས་ཤིང་མཆིལ་སྣབས་ཤིན་ཏུ་མང་ཞེས་བྱ་བ་ལ། ཚད་པར་འཁྲུ་བ་སྨིན་པ་དང་མ་སྨིན་དེ་གཉིས་ཀྱི
་ནང་ནས། དང་པོ་མ་སྨིན་པའི་འཁྲུ་བའི་མཚན་ཉིད་ནི། །འཁྲུ་བར་འབྱུང་བའི་བཤང་བ་དེ་རང་བཞིན་ལྕི་ཞིང། ཆུ་ལ་བཅུག་ནས་ནང་དུ་འབྱིང་ཞིང་ནུབ་པར་འགྱུར་བ་དང། དྲི་མནམ་ཞིང་ང་བ་དང། ལྟོ་སྤོ་བ་ལ་སོགས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །སྨིན་པ་དེ
་ལས་བཟློག་པ་ཡིན། ཞེས་བྱ་བ་ལ། བཤང་བ་སྨིན་པ་ནི་མ་སྨིན་པའི་མཚན་ཉིད་དེ་ལས་བཟློག་པ་ཡིན་ཏེ། བཤང་བ་ཡང་ཞིང་ཆུར་མི་འབྱིང་བ་དང། ལྷག་པར་དྲི་ང་བ་མེད་ལ་དང། ལྟོ་སྤོ་བ་ལ་སོགས་མེད་པ་ཡིན་ནོ། །བད་ཀན་རྙིངས་པ་ཆུ་ནད
་འབྱིང་བ་ཞེས་བྱ་བ་ལ་བད་ཀན་གྱི་རྒྱུ་ལས་ཚད་པར་འཁྲུ་བ་ནི། སྨིན་ཞིང་མ་ཞུ་བ་མེད་པ་ཡིན་ཡང་ཆུའི་ནང་དུ་བྱིང་བར་འགྱུར་བ་ཡིན་ནོ། །གང་ཞིག་ཚད་འཁྲུ་འབད་པ་ནི། །མེད་དེས་ཕོ་བའི་ནང་དུ་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་ལས་ནད་ཀྱི
་ཐེབས་པར་གྱུར་ནས་སྤང་བར་བྱ་བའི་དངོས་པོ་སྤང་བར་བྱ་བ་ལ་འབད་པ་མེད་པར་གྱུར་ན། །དེ་གྲང་བ་ལ་སོགས་པའི་ཕོ་བའི་ནང་དུ་འགྱུར་རོ། །མེ་དྲོད་ཉམས་པར་བྱེད་པ་ཡི། །ཟས་བརྟེན་པ་ཡིས་མེ་དྲོད་ཉམས། ཞེས་བྱ་བ་ལ་ཕོ་བའི་ནད་དེ
་ཡང་ལོང་བའི་མེ་དྲོད་ཉམས་པར་བྱེད་པའི་ཁ་ཟས་དང་གཏུང་བ་བསྟེན་ཅིང་ལོངས་སྤྱོད་པ་ལས་མེ་དྲོད་ཉམས་ཤིང་གྲང་བའི་ཕོ་བའི་ནང་དུ་འགྱུར་རོ། །ཕོ་བའི་ནད་དང་ཚད་པར་འཁྲུ་བ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། །དེའི་ཕྱིར་སྨྲས་པ་ནི། །གང་ཞིག་ནུ་ནས་བཤང་བ་ནི། །བེའུ
་སྣབས་བཅས་དང་བེའུ་སྣབས་མེད། །འཁྲུ་བ་དེ་ནི་ཚད་འཁྲུ་སྟེ། །རང་བཞིན་གྱིས་ནི་མྱུར་གསོད་བྱེད། ཅེས་བྱ་བ་ལ། ནད་ཀྱིས་ཁྱད་པར་གང་དག་གིས་ཟས་ཞུ་བར་གྱུར་ནས་བཤང་བ་བེའུ་སྣབས་དང་བཅས་པའམ། བེའུ་སྣབས་མེད་པའི་རྣམ་པར་འཁྲུ་བར
་གྱུར་པའི་ཚད་པར་འཁྲུ་བ་ཞེས་བྱ་སྟེ། །དེ་ནི་རང་གི་རང་བཞིན་གྱིས་མྱུར་དུ་གསོད་ཅིང་གནོད་པར་བྱེད་པ་ཡིན་ནོ། །མ་ཞུ་ཁ་ཟས་མ་ཞུ་དང། །ཞུ་བ་སྨིན་པ་འམ་མི་འཁྲུ་འགྱུར། །རྒྱུ་མེད་པར་ཡང་བསྲི་བ་འམ། །རྒྱུ་མེད་ཡང་ཡང་སླ་བར་འབྱུང། །ཕོ་བར་མ་ནུ་སོགས
་ཤིང་འཁྲུ། །ཡུན་རིང་ན་བར་བྱེད་པ་ཡིན། །ཕོ?་བ་གྲང་བའི་མ་ཞུ་བའི་ནད་ནི། བཤང་བ་མ་ཞུ་བའི་བེའུ་སྣབས་སམ། །ཟས་དང་བཅས་པར་ངེས་པར་འཁྲུ་བར་འགྱུར་ལ། །ཟས་ཞུ་ནས་ནི་བཤང་བ་སྲི་བར་འབྱུང་བ་རིམ་འགྱུར་པས་མ་སྨིན་པར་འཁྲུ་བར་འགྱུར་རོ།
་ཡང་རྒྱུ་མེད་པར་གློ་བུར་དུ་བཤང་བ་དེ་ཡང་དང་ཡང་དུ་སྲི་བ་དང། ཡང་ལན་འགའ་ནི་རྒྱུ་མེད་པར་བཤང་བ་དེ་སླ་བར་ཡང་དང་ཡང་དུ་འབྱུང་ཞིང་འཁྲུག་པར་འགྱུར་རོ། །ཡང་ཕོ་བའི་མ་ཞུ་བ་དེ་ནི་ཡུན་རིང་དུ་སོགས་ཤིང་བཤང་བའི་འཁྲུ་བ་དང། ཡུན་རིང
་པོར་ན་བར་བྱེད་ཅིང་མྱུར་དུ་གསོད་པར་མི་བྱེད་པ་ཡིན་ནོ། །དེ་ནི་ནད་སྣ་རེ་རེ་འདུས། །ལས་བྱུང་རྣམ་པ་བཞི་ཡིན་ནོ། །ཞེས་བྱ་བ་ལ། ཕོ་བ་མ་ཞུ་བའི་ནད་དེ་ནི་རྣམ་པ་བཞི་ཡོད་དེ་རླུང་ལ་སོགས་པ་ནད་གཞི་རེ་རེ་ལས་སྐྱེས་པ་དང་འདུས་པ་ལས་བྱུང་བ་ཡིན་ནོ། །དེ་ཡི་སྔོན་ཚུལ་སྙོམ་པ་དང
་རིང་ནས་འཇུ་ཞིང་སྐྱུར་བག་འབྱུང། །མཆིལ་མང་ཁ་ཡི་དྲི་མི་ཚོར། །སྙོམ་བག་སྐོམ་ཞིང་ཡི་ག་འཆུས། །ལྟོ་སྤོ་སློན་ཞི་བྲོ་བ་དང། རྣ་བ་སྒྱུ་མ་སྒྲ་དང་བཅས། །ཞེས་བྱ་བ་ལ་ཕོ་བའི་མ་ཞུ་བ་གྲང་བའི་ནད་དེའི་ཕྱིས་འབྱུང་བའི་རྟགས་སྔོན་དུ་འབྱུང་བའི་ཚུལ་ནི་ཡང
་ལག་།སྙོམ་ཤིང་ཉམ་ཆུང་བ་དང་ཕོ་བའི་མེ་དྲོད་ཞན་ཅིང་ཟས་རིང་ནས་འཇུ་བ་དང། དེ་བཞིན་དུ་སྒྲེག་པ་སྐྱུར་བག་འབྱུང་བ་ལ་སོགས་པ་ཡིན་ནོ། །སྤྱི་ཡི་མཚན་ཉིད་སྐེམ་པ་དང། དུ་བ་མུན་དང་རིམས་ཀྱིས་འདེབས། །བརྒྱལ་ཞིང་མགོན་བཤང
་བ་འགག་།རྐང་པ་ལག་པ་སྐྲངས་པར་འགྱུར་ཞེས་བྱ་བ་ལ། ཕོ་བའི་ནད་གཞི་ཆར་གྱིས་སྤྱིའི་ཐུན་མོང་གི་མཚན་ཉིད་ནི་ལུས་སྐེམ་ཞིང་རིང་པ་ནས་རྐང་པ་དང་ལག་པ་སྐྲངས་པར་འགྱུར་བར་ཡིན་པར་ཤེས་པར་བྱའོ། །དེ་ལས་རླུང་ལ་རྐན་སྐེམས་ཤིང། །རབ་རིབ་རྣ་བར
་སྒྲ་འབྱུང་དག་རྩིབ་ལོགས་བརླ་དང་ཆུ་སོར་ན། །བཤང་བ་ཡང་དང་ཡང་དུ་འབྱུང། །ཡང་དང་སྤོ་ཞིང་གསུང་བ་དང། །རོ་རྣམས་ཀུན་ལ་སྐམ་པ་དང། །བཀྲེས་སྐོམ་རྒྱུ་བ་བཅད་སྙམ་སེམས། །ཟས་ཞུ་ནས་ནི་སྤོ་བ་དང། ཟས་ཟོས་ན་ནི་བདེ་བར་འགྱུར། །རླུང་གི་སྙིང་ནད
་སྐྲད་གཞང་འབྲུམ། །མཛེར་པ་སྐྱ་རྦབ་འབྱུང་བ་དོགས། །བཤང་བ་འབྱུང་དཀའ་བསྐ་སླར་འབྱུང། །དེ་ཡང་བེའུ་སྣབས་སྒྲ་ཅན་འབྱུང། །གཞང་ནས་ལུས་པ་དབུགས་མི་བདེ། །ཞེས་བྱ་བ་ལ། དེ་ལ་ཕོ་བའི་ནད་བཞི་པོའི་ནང་ནས་རླུང་ལས་གྱུར་པའི
་ཕོ་བའི་ནད་ཀྱི་མཚན་ཉིད་ནི་རྐན་སྐམས་པར་འགྱུར་བ་དང། མིག་རབ་རིབ་ཀྱིས་འདེབས་པ་དང། རྣ་བར་སྒྲ་ཟི་ཟི་བར་འབྱུང་བ་དང། རྩིབ་ལོགས་ལ་སོགས་པ་ན་བར་འགྱུར་བ་དང། མངར་བ་ལ་སོགས་པའི་རོ་རྣམས་ཀུན་ལ་བསྐམས་ཞིང་ཆགས་པ་དང། རྒྱུ་མ་བཅད
་པ་བཞིན་དུ་སེམས་ཤིང་ན་བ་དང། ཟས་ཞུ་ནས་ལྟོ་སྤོ་བར་འགྱུར་བ་དང། །དེ་ལྟར་ན་ན་བ་ཁ་ཟས་ཟོས་ཤིང་ལོངས་སྤྱད་ན་སླ་བར་འགྱུར་བ་དང། རླུང་ལས་གྱུར་པའི་སྙིང་ནད་ལ་སོགས་པ་འབྱུང་བར་དོགས་ཤིང་ཡིད་གཉིས་སུ་འགྱུར་བ་དང། ཡུན་རིང་ཞིག་ན་བཤད་པ
་འབྱུང་ཞིང་ཐོགས་ལན་བར་འགྱུར་བ་དང། བསྐ་བ་དང་སླ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པར་འབྱུང་བ་ཡིན་ནོ། །མཁྲིས་པས་སྔོ་ཞིང་སེར་བ་དང། །སེར་པོ་སླ་བག་འཁྱུ་བར་འགྱུར། །མནམ་ཞིང་སྒྲེགས་སྐྱུར་སྙིང་ལྐོག་ཚ། །ཡི་ག་འཆུས་ཤིང་སྐོམ་དད་ཆེ
་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཕོ་བའི་ནད་ནི་འཁྲུ་བ་སྔོ་ཞིང་སེར་བ་འདྲེན་མར་འབྱུང་བ་འམ། སེར་པོར་འབྱུང་བ་ལ་སོགས་པ་ཡིན་ནོ། །བད་ཀན་ལས་གྱུར་ཇུ་དཀའ་ཞིང། ཟས་སློན་ཡི་ག་འཆུས་པ་དང། །ཁང་ཆགས་མཆིལ་མ་མང་བ་དང། །ལུད་པ་སྙིང་ནད་ཆམ་པས
་འདེབས། །སྙིང་ག་མེར་མེར་པོར་སེམས་ཤིང། །ལྟོ་བ་ཚོར་བར་ཆུང་ཞིང་ལྕི། །སྒྲེགས་པ་དྲི་མནམ་པར་འབྱུང་སྙོམས། །བུད་མེད་མི་དགའ་མེ་དྲོད་ཆུང། །བེའུ་སྣབས་བད་ཀན་འདྲེས་པར་འཁྲུ། །བཤང་བ་གཅི་བ་འབྱུང་བར་འགྱུར། །རིང་བ་མིན་ཡང་ཉམས་སྟོབས་ཆུང། ཞེས་བྱ
་བ་ལ། བད་ཀན་ལས་གྱུར་པའི་ཕོ་བ་མ་ཞུ་བའི་ནད་ཀྱིས་འཁྲུ་བ་ནི། །ཁ་ཟས་འཇུ་བར་བཀའ་ཞིང་རིང་ཞིག་ནས་འཇུ་བར་འགྱུར་བ་ལ་སོགས་པའི་ནད་ཀྱིས་འདེབས་པ་དང། སྙིང་ག་མེར་མེར་པོར་གྱུར་ཅིང་ཁེངས་སྙམ་དུ་སེམས་པ་དང། ལྟོ་བར་ཚོར་བ་ཆུང་ཞིང་ལུས་ལྕི་བ་དང།
་སྒྲེགས་པ་མནམ་ཞིང་ཤས་ཆེ་བའི་ལེགས་པར་མི་འབྱུང་བ་དང། ཡན་ལག་སྙོམས་པ་དང། བུད་མེད་ལ་དགའ་བ་མེད་ཅིང་ཉལ་པོ་ལ་མི་གདུད་བ་དང། མེ་དྲོད་ཆུང་ཞིང་བཤད་བ་བེའུ་སྣབས་ལ་སོགས་པ་དང་ལྡན་པར་འབྱུང་བ་དང། རིང་པ་མིན་ཞིང་ཤ་མ
་ཟད་ཀྱང་ཉམས་སྟོབས་ཆུང་ཞིང་ནུས་པ་ཞན་པར་འགྱུར་བ་ཡིན་ནོ། །ཀུན་སྐྱེས་མཚན་ཉིད་འདྲེན་མར་ལྡན། །ཞེས་བྱ་བ་ལ། ནད་བཞི་གསུམ་ཆར་ལས་བྱུང་བའི་ཕོ་བའི་ནད་ནི་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་རྟགས་ཀུན་འདྲེས་པ་ཡིན་ནོ། །མ་སྙོམས་ལ་སོགས་མེ་དྲོད
་གསུམ། ཡན་ལག་ཆར་ཕྱེ་གང་བཤད་པ། །དེ་ཡང་ཕོ་བའི་ནང་དུ་འགྱུར། ཞེས་བྱ་བ་ལ། མ་སྙོམས་པ་ལ་སོགས་པའི་མེ་དྲོད་གསུམ་སྟེ། མེ་དྲོད་མ་སྙོམས་པ་དང། མེ་དྲོད་ཤས་ཆེ་ཞིང་རྣོ་བ་དང། ཞན་ཅིང་རྟུལ་བ་གསུམ་པོ་ལུས་ཀྱི་གནས་སུ་ཡན་ལག་ཆར་ཕྱེ་བའི
་སྐབས་སུ་བཤད་པ་གང་ཡིན་པ་དེ་ཡང་ཕོ་བའི་ནང་དུ་འགྱུར་བའི་རྒྱུ་ཡིན་ནོ། །སྙོམས་པ་བདེར་གནས་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། ཡང་མེ་དྲོད་མ་ཉམས་ཤིང་སྙོམས་པ་གང་ཡིན་པ་དེ་ནི་ལུས་བདེ་བར་གནས་ཤིང་ནད་མེད་པའི་རྒྱུ་ཡིན་ནོ། །རླུང་ནད་རྡེའུ་ནད་མཛེ་ནད་དང། གཅིན
་རྙིང་མུ་རྫིངས་མཚན་མར་རྡོལ། །གཞང་འབྲུམ་པོ་ནད་ཅེས་བྱ་བརྒྱད། །ནད་ཆེན་གསོ་བར་དཀའ་བ་ཡིན། ཞེས་བྱ་བ་ལ། ཕོ་བའི་ནད་ཀྱི་ཞར་ལ། རླུང་ནད་ལ་སོགས་པ་བརྒྱད་པོ་ནི་ནད་ཆེན་པོ་ཡིན་ཞིང་ཤིན་ཏུ་གསོ་དཀ་བ་ཡིན་པར་བཤད་བ་ཡིན་ནོ། །
་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགལ་བས་རྣམ་པར་སྦྱར་བ་ལས། ནད་བཞིའི་གནས་ཀྱི་ལེའུ་བརྒྱད་པའི་རྣམ་པར་བགྲེལ་བའོ།། །།དེ་ནས་གཅིན་འགགས་པའི་ནད་གཞི
་བཤད་བར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་བ་ནི་འདི་ཡིན་ཏེ། དྲི་མར་གས་པའི་ནད་གཞིའི་ལེའུ་བཤད་ནས། གཅི་བ་ཞེས་བྱ་བའི་དྲི་མ་དངས་མའི་ནད་གཞིའི་ལེའུ་གཉིས་ཀྱི་བཤད་པ་ཡིན་ཏེ། གཅིན་འགག་པ་ནི་གཅིན་སྲི་བ་ལ་སོགས་པ་སྟེ
་དེའི་ནད་བཞི་བཤད་པར་བྱའོ། །ཞེས་བའོ། །ལྒང་བ་ལྒང་པའི་མགོ་པོ་མཚན། རྐེད་པ་རླིག་པ་གཞང་ཁ་ནི། །གཞང་ཁའི་རུས་པར་རྟེན་གྱུར་ཅིག་གཅིག་ཏུ་འབྲེལ་པ་ཡིན་པར་བཤད། ཅེས་བྱ་བ་ལ། ལྒང་པ་ལ་སོགས་པ་ལུས་ཀྱིས་ཆར་གཏོགས་པ་རྣམས་ནི
་འབྲེལ་པ་གཅིག་ཅིང་མདོར་བསྡུས་བ་གཅིག་ཡིན་པར་བཤད་ལ། དེ་དག་གི་གནས་སམ་རྟེན་ནི་གཞང་གི་ནང་ནས་གནས་ཏེ། དེ་དང་འབྲེལ་ལམ་ཞེས་བྱ་བའི་དོན་ནོ། །ལྒང་པ་ཁ་ནི་ཐུར་བལྟས་ཀྱང། །གཅིན་འཛག་པ་ཡི་རྩ་སྒོ་ནས། །རྒྱུན་མི་འཆད་པར་འཛག
་པ་ཡིས། །ངོས་གཉིས་ནས་ནི་འབྲེའུས་འགེངས་ཞུགས་པ་གང་ཡིན་དེ་ཡིས་ནི། །གཅིན་འགག་པ་དང་གཅིན་སྙི་བའི། །གསོ་དཀ་ནད་ལ་བརྟེན་པའི་ག་ནད། །ཉི་ཤུ་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ལྒང་བ་དེ་ནི་ཁ་ཐུར་དུ་བལྟས་ཏེ་གནས
་པ་ཡིན་དུ་ཟིན་ཀྱང། །གཅིན་འཛག་ཅིང་རྒྱུ་བར་བྱེད་པའི་རྩའི་སྦུབས་ཕྲ་མོ་ཕྲ་མོ་ལས་རྒྱུན་མི་འཆད་པར་འཛག་ཅིང་འབབ་བར་བྱེད་པའི་རྩའི་ངོས་གཉིས་ན་གནས་པ་དེ་ལས་གཅིན་གྱི་པྲེའུ་འཛག་པས་ལྒང་པར་འགེངས་པར་བྱེད་ལ། གང་ལས་ཞུགས་པའི་རྩ་དེ་ཉིད
་ཀྱི་སྒོ་ནས་རླུང་ལ་སོགས་པའི་ནང་ཞུགས་ནས། དེ་ལས་གཅིན་འགག་པའི་ནད་ཉི་ཤུ་དང། གཅིན་སྙི་བའི་ནད་ཉི་ཤུ་གསོ་ཞིང་བཅོས་པར་དཀའ་བའི་ནད་ཀྱི་གནས་ལ་སྒྱེད་པར་འགྱུར་རོ། །ལྒང་བ་ཆུ་སོ་ཕོ་མཚན་ན་ཅུང་ཟད་ཡང་དང་ཡང་བ་འབྱུང། །སྲི་བ་རླུང་ལས་གྱུར་བ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར
་པའི་གཅིན་སྲི་བའི་མཚན་ཉིད་ནི། སྐྱེས་བུ་ལྒང་བ་དང་ཆུ་སོའི་ཕྱོགས་ཕོ་མཚན་ལྷག་བར་ན་ཞིང། །གཅིན་ཅུང་ཟད་ཡང་དང་ཡང་དུ་འབྱུང་བ་ཡིན་ནོ། །མཁྲིས་པ་ལས་གྱུར་སེར་ཆ་ན། །མདོག་དམར་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་སྲི་བའི་གཅིན་མདོག་སེར་པོར་འབྱུང་བའི།
་མདོག་དམར་ཞིང་ཁྲག་འདྲ་བར་འབྱུང་ལ། དེ་དག་ཀྱང་ཆ་བ་དང་ན་བ་དང་བཅས་པར་འབྱུང་ཡིན། །བད་ཀན་ལས་གྱུར་པ། ལྒང་པ་ཕོ་མཚན་ལྕི་ཞིང་སྐྲངས། །འབྱར་བག་དལ་གྱིས་བྱུང་ཞིང་ཐོགས། ཞེས་བྱ་བ་ལ། བད་ཀན་ལས་གྱུར་བའི་གཅིན་འགག་པ་ནི། ལྒང་པ་དང་པོ་མཚན་གཉིས
་ལྕི་བ་དང། སྐྲངས་བར་འགྱུར་བ་དང་འབྱར་བག་དང་བཅས་ཤིང་ཐོགས་པ་དང་བཅས་པས་འགགས་ཤིང་གཅིན་འབྱུང་བར་འགྱུར་རོ། །ནད་ཀུན་ལས་བྱུང་མཚན་ལྡན། ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་འདུས་བའི་གཅིན་སྲི་བ་ནི་ནད་ཀྱིས་མཚན་ཉིད་གསུམ་ཆར་དང་ལྡན་པ་ཡིན་ནོ
་གང་ཚེ་རླུང་གིས་ལྒང་བའི་ཁ། །བཀག་པ་དེ་ཚེ་གཅིན་མཁྲིས་པ། བད་ཀན་ཁུ་ཚུར་བཅས་པ་ནི་རིམས་ཀྱིས་སྐམས་པར་བྱེད་པ་ལས། །མི་བཟད་ཏེའུ་ཆགས་འགྱུར་ཏེ། །བ་ལང་མཁྲིས་པར་འགིའུ་ལྒམ་ལྟར། །ཐམས་ཅད་བད་ཀན་བརྟེན་འགྱུར། ཞེས་བྱ་བ་ལ། གང་གི་ཚེ་རླུང་གིས
་ནད་འཁྲུགས་པར་གྱུར་ནས། ལྒང་བའི་ཁ་བཀག་ནས་གནས་པ་དེའི་ཚེ་གཅིན་མཁྲིས་པ་དང་བཅས་བའམ། བད་ཀན་དང་བཅས་བ་འམ། ཁུ་ཆུ་དང་བཅས་པའི་རིམ་གྱིས་སྐམས་པར་བྱེད་ཀྱི། །གཅིན་འབའ་ཞིག་སྐམས་པ་ནི་མི་བྱེད་ལ། དེའི་ཚེ་ནི་རྡེའུ་ཆགས་པར་འགྱུར་ཏེ།
་དེ་ཡང་མི་བཟད་པར་ན་ཞིང་གསོ་དཀའ་ཞིང་ཐོགས་པར་འགྱུར་རོ། །དེ་ཡང་དཔེར་ན་བ་ལང་གི་མཁྲིས་པ་སྐམས་ཞིང་མཐས་པའི་རིམས་ཀྱིས་འགི་ཝང་སྐྱེ་བ་དང། འདྲ་བར་རྡེའུ་ཆགས་པར་འགྱུར་རོ། །དེ་ཡང་ཐིང་བད་ཀན་ལ་བརྟེན་ཅིང་གནས་པར་འགྱུར་རོ། །འདིར་ཡི་སྔོན་ཚུལ
་མཚན་ཉིད་ནི། །ལྒང་བ་སྤོ་ཞིང་དེ་ཡི་ནི། །ཉེན་ཀོར་ཏུ་རབ་ཏུ་ནི། །གཅིན་ཡང་ལྷག་པར་འབྲེ་བྲོ་ཞེས། །གཅིན་འགག་རིམས་འདེབས་ཡི་ག་འཆུས། །ཞེས་བྱ་བ་ལ། དེ་ནས་རྡེའུ་ཆགས་པ་འདིའི་སྔོན་བྱུང་བའི་མཚན་ཉིད་དམ་རྟགས་ནི་ལྒང་བ་སྤོ་ཞིང་རྒྱས་བ་དང། དེ
་བཞིན་དུ་དེའི་ཉེན་ཀོར་ལྒང་བའི་མགོ་དང། ཕོ་མཚན་དང་རླིག་པ་ལ་སོགས་པ་ཀུན་ཏུ་ཐོག་ཐག་རབ་ཏུ་ན་ཞིང་ཟུག་པ་དང། གཅིན་དབྲེ་ལ་སོགས་པར་འགྱུར་རོ། །སྤྱི་ཡི་མཚན་ཉིད་ལྟེ་བ་དང། ལྒང་མགོ་ལྒང་པའི་སྲུབས་ན་ཞིང། དེ་ཡིས་གཅིན་འབྱུང་སྒོ་བཀག་པས། །གཅིན་གྱིས་རྒྱུ་ནི།
་འཆད་བྱུང་འབྱུང། །དེ་བྱུང་ཟིན་ནས་བདེ་བར་བྱེད། །སྐྲ་ཞིང་བ་ལང་ཚིལ་འདྲ་ལ། །དེ་སྐྱོད་བ་ཡིས་ཁྲག་ཏུ་འགྱུར། དྲག་ཤུལ་སྤྱོད་བས་རབ་ཏུ་ན། །ཞོས་བྱ་བ་ལ། སྤྱིའི་མཚན་ཉིད་དམ་ཐུན་མོང་གི་རྟགས་ནི་ལྟེ་བ་ལ་སོགས་པར་ནི་ཞང་ཟུག་པ་དང། རྡེའུ་ཆགས་པ་དེས
་གཅིན་འབྱུང་བའི་རྒྱུན་སྲང་གི་སྒོ་བཀག་པས། གཅིན་གྱིས་རྒྱུན་ཆད་ཅིང་སུལ་སུལ་འབྱུང་བ་དང། དེ་ཕྱུང་ཟིན་ཅིང་དེ་དང་བྲལ་ནས་བདེ་བར་བྱེད་པ་ཡིན་པ་འམ། ཡང་ན་རྡེའུ་ས་བཀག་པ་དེ་བཞིན་དུ་འགྱུར་ན་བདེ་བར་འབྱུང་བ་ཡིན་ནོ། །གཅིན་འབྱུང་བ་དེ་ཡང་དང་ཞིང
་སླ་ལ་བ་ལང་གི་ཚིལ་འདྲ་བ་འབྱུང་ངོ། །ཡང་སྐྱོད་ཅིང་རྟ་ལ་སོགས་པའི་གཞོན་པས་གཡེངས་པར་གྱུར་ན་ཁྲག་ཏུ་འབྱུང་བར་འགྱུར་ལ། དྲག་ཤུལ་གྱི་སྤྱོད་ལམ་ཚར་བཅད་བརྒྱུག་པ་འམ། སྨྱུང་བ་བྱས་པས་རབ་ཏུ་ན་ཞིང་མི་བདེ་བར་འགྱུར། །དེ་ལ་རླུང་གྱུར་ཤིན་ཏུ་ན། སོ
་འཐམས་སྡོམ་ཞིང་ལུས་འདར་ལ། །ཕོ་མཚན་ཉེད་ཅིང་ལྟེ་བ་འཚིར། །རྒྱུན་ཏུ་ན་ཞིང་འཁུན་པར་བྱེད། །བཤང་བ་ཕྱེན་དང་བཅས་པར་འབྱུང། །གཅིན་གྱི་ཐིགས་པ་ཡང་ཡང་འང། །རྡེའུ་གནག་ཅིང་རྩུབ་པ་དང། ཆུ་སོར་ཆོར་མེད་གང་སྙམ་བྱེད། །ཅེས་བྱ་བ་ལ། །རྡེའུ་ཆགས་དེ
་རྣམས་ཀྱི་ནད་ནས་རླུང་ལས་གྱུར་པའི་རྡེའུ་ཆགས་པར་འགྱུར་བ་ནི། ཤིན་ཏུ་བས་གཟེར་ཅིང་དེ་ཉིད་ཀྱི་ན་སོ་འཐམས་པར་སྡོམ་ཞིང་ཀྲིག་ཀྲིག་འཆའ་བར་འགྱུར་བ་དང། ལུས་འདར་ཞིང་བསྐྱོད་པ་དང། ཕོ་མཚན་ཉེད་པར་བྱེད་པ་དང། ལྟེ་བའི་ཕྱོགས་ལག་པ་གཉིས་ཀྱི་འཆིར
་བར་བྱེད་བ་དང་ཉིན་མཚན་རྒྱུན་དུ་འཁུན་ཞིང་དང་རོ་འབྱིན་པ་དང། བཤད་བ་ཕྱེན་དང་བཅས་པར་འབྱུང་བ་ལ་སོགས་པ་ཡིན་ནོ། །མཁྲིས་པ་ལྗང་བ་ཚ་བ་དང། །བཅོས་བ་སྙམ་བྱེད་རབ་ཏུ་ཁྲོ། །གོ་བྱེའི་འབྲས་བུ་དབྱིབས་འདྲ་ལ། །རྡེའུ་མདོག་དམར་ཞིང་སར་ལ་གནག་།ཅེས་བྱ་བ་ལ། མཁྲིས་པ་ལས་རྒྱུར་བའི
་རྡེའུ་ཆགས་པས་ནི་ལྒང་བ་ཤིན་ཏུ་ན་ཞིང་བཅོས་པ་སྙམ་དུ་བྱེད་ལ། དེ་བཞིན་དུ་རབ་ཏུ་དྲོ་ཞིང་ཚོ་བ་དང་ལྡན་པར་འགྱུར་རོ། །རྡེའུའི་དབྱིབས་ཀྱང་སེར་ཤིང་འབྲས་བུའི་དབྱིབས་དང་འདྲ་བ་ལ། རྡེའུའི་ཁ་དོག་ཀྱང་དམར་སེར་དུ་འདུག་ཅིང་རྩ་གནག་བ་ཡིན་ནོ། །བད་ཀན་གྱི་བསིལ་ལྕི་བ་དང། །ལྒང
་པའི་ནང་དུ་ཟུག་ཅིང་ན། །རྡེའུ་ཆེ་ཞིང་འཇམ་པ་ལ། །སྦྲང་རྩིའི་མདོག་གམ་ཡང་ན་དཀར་།ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྡེའུ་ཆགས་པ་ནི་རེག་ན་བསིལ་བ་དང་རང་བཞིན་ལྕི་བ་དང། ལྗང་བའི་ནད་ལག་གིས་བཙུགས་པ་ལྟར་ན་བ་ལ་སོགས་པ་ཡིན་ནོ། །འདི་དག་བྱས་པ་རྣམས་ལ་ནི
་ཕལ་ཆེར་འབྱུང་བར་འགྱུར་བ་ཡིན། །གནས་དང་ཤ་ནི་ཆུད་པའི་ཕྱིར། །གཟུང་དང་དབྱུང་བ་བདེ་བ་ཡིན། ཞེས་བྱ་བ་ལ། རྡེའུ་ཆགས་པ་གསུམ་པོ་འདི་དག་ནི་ཕལ་ཆེར་རམ། མང་དུ་བྱིས་པ་རྣམས་ལས་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ཡང་བྱིས་པ་རྣམས་ལ་འབྱུང་བ་ན་རྡེའུ
་བཟུང་བ་དང་དབྱུང་བར་བདེ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་དང་ཤ་ཆུང་བའི་ཕྱིར་ཏེ། ལྒང་པ་ཆུད་པ་ཉིད་ཀྱི་ཕྱིར་དང། ཤ་ཆུང་ཞིང་སྲབ་པའི་ཕྱིར་གཟུང་བ་དང། དབྱུང་བ་གཉིས་ག་བདེ་བ་ཡིན་ནོ། །མི་ཆེན་ཁུ་བ་ལས་བྱུང་རྡེའུ། །ཁུ་བ་བཀག་ལས་འབྱུང་བར་འགྱུར། །གནས་ལས་འཕོས
་པ་ཕྱིར་མ་བྱུང། །རླིག་པར་གནས་པ་རླུང་གིས་ནི། སྐམས་ནས་ཉེ་བར་བསྡུས་གྱུར་པ། །དེ་ནི་ཁུ་བ་རྡེའུ་ཆགས་ཡིན། །ལྗང་པས་གཅིན་ནི་སྲི་བྱེད་ཅིང། །ཆ་ཞིང་སྐྲངས་པར་བྱེད་པ་ཡིན་ནོ། །མི་ཆེན་པོ་ལྟ་བུ་ལ་འབྱུང་བའི་རྡེའུ་འབྱུང་བར་འགྱུར་ལ། དེ་ཡང་ཁུ་བ་བཀག་པའི་གཞི་ལས
་བྱུང་ལ། དེ་ཡང་ཁུ་བ་གནས་ལས་འཕོས་པར་གྱུར་ཅིང། ཉལ་པོ་སྤྱོད་པའི་བར་ཆ་དུ་གྱུར་པས། ཕྱི་མ་ལམ་ལོག་པར་སོང་བ་དེ་རླིག་པ། དག་གི་བར་ན་གནས་པས་ན། རླུང་གིས་བསྡུས་དེ་ཁུ་བ་དེ་སྐམས་ནས་གོང་པོར་གྱུར་པ་དེ་ནི་ཁུ་བའི་རྡེའུ་ཆགས་པ་ཞེས་བྱས་ལ། དེ་ཡང་ལྒང་པར་གཅིན་སྨྲི་བ་ལས་སོ
་བར་བྱེད་ཅིང་རླིག་པར་སྐྲངས་པར་བྱེད་པ་ཡིན་ནོ། །དེ་ནི་སྐྱེས་མ་ཐག་ཏུ་ནི། ཁུ་བ་ཞུ་སྟེ་སླ་བར་འགྱུར། ཞེས་བྱ་བ་ལ། རྡེའུ་སྐྱེས་མ་ཐག་རིང་པོ་མ་ལོན་པར་ཁུ་བ་ཞུ་ཞིང་སླ་བག་ཏུ་འབྱུང་བར་འགྱུར་རོ། །ཕྱོགས་དེར་མན་མན་ཞུ་བར་བྱེད། ཅེས་བྱ་བ་ལ། རྡེའུ་ཨེ
་ཕྱོགས་གང་དུ་ཆགས་པའི་ཕྱོགས་དེར་མནན་པ་ཙམ་གྱིས་ཞུ་ཞིང་འབྱུང་བར་འགྱུར་རོ། །རྡེའུ་གསེག་མ་ལྟ་བུར་གནས། །རླུང་གིས་ཕྱེ་མར་བཤིག་གྱུར་པ། །དེ་འདིར་ཚུལ་བཞིན་འབྱུང་ཞེས་བྱ། །གཅིན་དང་ལྷན་ཅིག་ཕྱིར་འབྱུང་འགྱུར། །ལུགས་བཞིན་མི་འབྱུང་རྡེའུ་ཆགས།
་ཞེས་བྱ་བ་ལ། ཁུ་བ་རྡེའུ་ཆགས་པ་རླུང་གིས་ཕྱེ་མར་བཤིག་པ་ནི་གསེག་མ་ལྟ་བུ་ཞེས་བྱ་སྟེ། གསེག་མ་ཕྱེ་མ་ལྟ་བུར་དེ་རླུང་ཚུལ་བཞིན་དུ་འབྱུང་བར་འགྱུར་བས་ནི་གཅིན་དང་ལྷན་ཅིག་འབྱུང་བར་འགྱུར་ལ། རླུང་ལུགས་བཞིན་མི་འབྱུང་སྟེ། །འཁྱིལ་ན་ནི་རྡེའུ་ཆགས་པར་བྱེད་གྱི
་གཅིན་དང་ལྷན་ཅིག་ཕྱིར་འབྱུང་བར་མི་བྱེད་དོ། །གཅིན་ནི་བཀག་པ་བྱས་གྱུར་པས། །རླུང་གིས་ལྗང་བའི་ཁ་བཀག་ནས། གཅིན་འགགས་ན་ཞིང་གཡའ་བར་འགྱུར། ཞེས་བྱ་བ་ལ། སྐྱེས་བུས་གཅིན་འབྱུང་བ་ནན་གྱིས་བཀག་པར་གྱུར་པས་དེའི་སྐྱོན་གྱིས་རླུང་གི་ལྗང་བའི་སྒོ་བཀག་ནས་གཅིན་འགགས་ཤིང
་གཡའ་བའ་ཨི་ནད་སྐྱེས་པར་འགྱུར་རོ། །ལན་འགའ་རོང་གནས་ལ་སྤགས་ནས། ལྗང་པ་རྒྱས་ཏེ་ཁ་ཆེ་ཞིང་མང་འདྲ་སྦོམ་ཞིང་ལོག་པར་འདུག། དེ་ནི་ན་ཞིང་ཚ་བར་བྱེད། །འཕར་ཞིང་བཅུས་པ་སྙམ་དུ་སེམས། །ཐིགས་ལ་ཙམ་དུ་འཛག་པ་དང། །ལྒང་བཅིར་རྒྱུན་ནི་འབྱུང་བར་འགྱུར། །རྣམ་པ་གཉིས་པོ་འདི
་དང་ནི། །རླུང་གི་ལྒང་བའི་ནད་ཅེས་བྱ། །གསོ་དཀའ་གཉིས་པ་རླུང་གིས་ཡིན། །མཐུ་ཆེ་ཞིང་གསོ་དཀའ་ཡིན། ཞེས་བྱ་བ་ལ། ཡང་རླུང་ལན་འགའ་སྟེ། ཚེ་འདིའམ། ཚེ་རབས་གཞན་གྱི་རྒྱུན་དབང་གིས་རང་འདུག་པའི་གནས་ལས་སྤགས་ཤིང་བསྐྱོད་དོ། །ལྒང་པ་དེ་རྒྱས་པར་བྱས་ནས
་ཁའི་ཞེང་ཆེ་བ་ནད་པར་མངལ་འདྲ་བ་དང། སྤོམ་ཞིང་ལོག་པར་འདུག་པ་རང་གི་ཚད་ལས་ཆེ་ལ་གནས་ལས་འཕོས་ཏེ་ལོག་པར་འདུག་པར་གྱུར་ན་ལྒང་པ་དེར་ན་བ་ལ་སོགས་པར་འགྱུར་ལ་གཅིན་ཐིགས་པ་ཙམ་དུ་ཉུང་ཞིང་འཛག་པར་འགྱུར་ལ། ལྒང་བ་བཅིག་ན་རྒྱུན་ཏུ་འབབ་ཅིང
་འབྱུང་བར་འགྱུར་རོ། །དེ་ལྟར་རྣམ་པ་གཉིས་པ་དེ་དག་ནི་རླུང་ལས་གྱུར་པའི་ལྒང་པའི་ནད་ཅེས་བྱའོ། །དེ་ནི་གསོ་དཀའ་བ་ཡིན་ལ། དེ་གཉིས་ལས་ཀྱང་གཉིས་པ་ནི་རླུང་ཤས་ཆེ་བའི་ཕྱིར་ཤིན་ཏུ་ཡང་གསོ་དཀའ་བ་ཡིན་ནོ། །བཤང་ལམ་དང་ནི་ལྒང་མ་ཡི། །བར་ན་རླུང་ནི་བརྟེན་གྱུར་པ། །གཏུན་འདྲ་སྲ་ཞིང་མཐོ
་བ་དང། །མི་འགྱུར་གནས་བྱེད་མདུད་པ་ཅན། །རླུང་ནད་གཏུན་འདྲ་དེ་སྤོས་བཅས། །གཤང་ཅི་ཕྱེན་ནི་འགག་བྱེད་ཡིན། །ཞེས་བྱ་བ་ལ། བཤང་བའི་ལམ་ནི་གཤང་དང་ལྒང་བའི་བར་ན་རླུང་བརྟེན་ཅིང་གནས་པར་འགྱུར་བ་དེ་ནི་གཏུན་འདྲ་ཞིང་དེའི་རྣམ་པ་ཅན་ཡིན་ལ། གཞང་ཡང་མཐོ་ཞིང
་འཐུག་ལོ་མི་འབྱུང་བར་གནས་པའི་མདུད་ཅན་ལྟ་བུ་དེ་ནི་སྤོས་པ་དང་བཅས་པའི་ནད་སྐྱེད་པར་འགྱུར་རོ། །ལོག་རྒྱུ་དང་ཕྱིལ་བར་བྱེད་པ་ཡི། །རླུང་གིས་ཆུ་སོར་མི་བཟང་གཟེར། །གཅིན་ལ་ཞུགས་ཏེ་འཁྱིལ་བྱེད་ཅིང། །རེངས་བྱེད་ལྕི་ཞིང་བཅུས་སྙམ་བྱེད། གཅིན་ནི་ཉུང་ཤས་ཉུང་ཤས
་འབྱུང། །ཡང་ན་བཤང་གཅི་གཏོར་ཚེ་འབྱུང། །འདི་ནི་རླུང་ནད་འཁྱིལ་པ་ཡིན་ཞེས་བྱ་བ་ལ། རླུང་ཐུར་དུ་རྒྱུ་བའི་ལམ་འགག་ཏེ། ཁྱིལ་ནས་ཟླུམ་པོར་གནས་པ་དེ་ཆུ་སོར་བརྟེན་པར་གྱུར་ན། མི་བཟད་པའི་གཟེར་བ་བསྐྱེད་དེ་གཅིན་ལ་ཞུགས་ནས་གཅིན་དེའི་ཁྱིལ་ཞིང་སྲི་བར་བྱེད་པ་ལ་སོགས་པའི
་ཚུལ་བྱེད་པ་འམ། ཡང་ན་གཅིན་ཉུང་ཤས་ཉུང་ཤས་འཛག་པར་འགྱུར་རོ། །དེ་ལྟ་བུའི་རླུང་ལས་གྱུར་པའི་གཅིན་ནད་དེ་ནི་ཁྱིལ་པ་ཞེས་བྱ་བ་ཡིན་ནོ། །གཅིན་ནི་ཡུན་རིང་འགག་གྱུར་བ། །སྲི་ཞིང་འབྱུང་བར་མི་འགྱུར་ལ། གཅིན་ཐོན་ནས་ནི་ནད་ཚ་བ་བས་འབྲི། །ཞེས་བྱ་བ་ལ། ཡང་གཅིན་ཡུན་རིང་ཞིག
་བཀག་ཅིང་བརྣགས་པར་གྱུར་པ་ནི་ཕྱིས་གཏོང་བའི་ཚེ་སྲི་ཞིང་བདེ་བླག་ཏུ་འབྱུང་བར་མི་འགྱུར་ལ། དེ་ནི་གཅིན་ཐོན་ནས་ནད་ཚ་བས་འབྲི་བའི་གཅིན་ནད་ཅེས་བྱའོ། །གཅིན་བག་པ་ཡིས་གནོད་གྱུར་བ། །གང་ཚེ་རླུང་གི་གསོ་བཟློག་གྱུར་གྱུར་པ། །ལྟེ་བའི་འོག་ནས་ལྟེ་བའི་བར་གཅིན་གྱིས་གང་གྱུར་དེའི་ཚེ་རབ་ཏུ་ན་ཞིང་སྦོ་བ་དང། ཟས
་མི་ཞུ་ཞིང་མེ་དྲོད་འགགས། །དེ་ནི་ལྟོ་གཅིན་འགགས་ཤེས་བྱ། ཞེས་བྱ་བ་ལ། གཅིན་བཀག་ཅིང་མནགས་པའི་སྐྱོན་གྱིས་ནང་དུ་གྱུར་པ་དེ་ནི་དུས་གང་གི་ཚེ་རླུང་གིས་གྱེན་དུ་བཟློག་པར་གྱུར་པའི་ཚེ་ལྟེ་བའི་འོག་ནས་ལྟེ་བའི་བར་དུ་ན་བ་ལ་སོགས་པའི་ནད་སྐྱེད་པར་འགྱུར་ཏེ། དེ་ནི་ལྟོ་བར་གཅིན
་འགགས་པ་ཞེས་བྱའོ། །གཅིན་འབྱུང་བུ་ག་འཆུས་པ་འམ། རླུང་གིས་འགགས་ནས་གཅིན་ཉུང་འབྱུང། །ལྒང་པ་མཚད་སྦུབས་ནོར་བུར་ནི། །གནས་ནས་དེ་འགྲོ་རིམས་ཀྱི་འཛག་།ནད་བཅས་པ་འམ་ནད་མེད་པ། །གཅིན་ནི་ཆང་དང་བཅས་པར
་འབྱུང། །ལྷག་མ་ལུས་ཏེ་མཚན་ལྕི་ཡིན། །ཞེས་བྱ་བ་ལ། གཅིན་འབྱུང་བའི་བུ་ག་འཆུས་པ་ལ་སོགས་པའི་སྐྱོན་ནམ། ཡང་ན་རླུང་གིས་འགགས་པས་གཅིན་ཉུང་དུ་འབྱུང་ཞིང། སྲི་བར་འགྱུར་བ་དང། དེ་ཡང་ལྒང་བ་འམ་མཚན་གྱིས་སྤུབས་བསམ།
་ཕོ་མཚན་གྱི་རྩེ་མོ་ནི་ནོར་བུ་ཞེས་བྱ་བ་ལ་གནས་ནས་རིམ་གྱིས་འཛག་བར་འགྱུར་ཞིང། དེ་ནད་དང་བཅས་པ་འམ་ནད་མེད་པར་གཅིན་ཆད་ཅིང་སྲི་བག་དང་བཅས་པས་འབྱུང་ལ། འབྱུང་བའི་ལྷག་མ་ལུས་པས་མཚན་ལྕི་བར་འགྱུར་པ་ཡིན་ཏེ། ཕོ་མཚན
་ཁོར་ལྕི་བའོ། །ལྒང་པའི་ཁ་ནང་ཟླུམ་ཞིང་སྲ། ཅུང་ཞིག་འཕྲལ་དུ་འབྱུང་འགྱུར་ན། གཅིན་སོགས་རྡེའུ་ལྟ་བུ་དེ་ནི། གཅིན་གྱི་མདུད་པར་དེ་བཤད་དོ། །ཞེས་བྱ་བ་ལ། ལྒང་པའི་ཁའི་ནང་ཟླུམ་པོར་གནས་ལ། སྲ་བར་གྱུར་ཅིང་ཅུང་ཞིག་འཕྲལ་དུ
་འབྱུང་ལ། དེ་ལྟ་བུའི་ནང་དེ་ནི་རྡེའུ་འགགས་པ་ལྟ་བུར་ན་ལ། མཚན་མ་དེ་ལྟ་བུར་ན་བ་ལ་ནི་གཅིན་གྱི་མདུད་པ་ཞེས་བྱའོ། །གཅིན་སྙོམས་པ་ལས་ཉལ་པོ་བྱས་ལ། །རླུང་གིས་ཁུ་བ་སྐྱོད་གྱུར་བ། །གནས་ལས་བསྐྱོད་ཅིང་གཅིན་གཏོར་ཚེ། སྔོན་ནམ
་ཕྱི་ནས་ཐལ་ཆུ་དང། མདོག་འདྲ་འབྱུང་བར་འགྱུར་བ་ཡིན། ཁུ་བ་འདེབས་པར་དེ་བཤད་དོ། །ཞེས་བྱ་བ་ལ། གཅིན་སྙོམ་ཞིང་འབྱུང་བར་འདོད་པ་དང། སྐྱེས་པས་བུད་མེད་ལ་ཉལ་པོ་བྱས་ན། རླུང་གི་ཁུ་བ་བསྐྱོད་ཅིང་གཡོས་པར་གྱུར་པས
་གནས་ལས་བསྐྱོད་ཅིང་འཕོས་པར་གྱུར་པ་དེ་གཅིན་གཏོང་བའི་གཅིན་གྱི་སྔོན་དུ་འམ་གཅིན་གྱིས་ཕྱི་ནས་ཐལ་ཆུ་དང་མདོག་འདྲ་བར་འབྱུང་བར་འགྱུར་བ་དེ་ནི་ཁུ་བ་དང་གཅིན་འདྲེས་པ་ཞེས་བྱའོ། །རྩུབ་ཅིང་སྙེམས་ལ་རླུང་གིས་ནི། །གང་ཚེ
་རྟུག་སྐམས་ནད་གྱུར་པ། །གཅིན་འབྱུང་པུ་པར་སོང་ནས་ནི། །བཤང་བ་དང་དྲེས་དེའི་ཚེ། །གཅིན་ནི་བཤང་བ་འདི་ཅི་ན་འབྱུང། །བཤང་བ་འགགས་པར་དེ་བཤད་དོ། །ཞེས་བྱ་བ་ལ། སྐྱེས་བུ་ཁོང་རྩུབ་ཅེས་སྐྱེམས་པོར་འགྱུར་པ་དག་།རླུང་གི་ནད་ཀྱིས་གང་གི་ཆ་རྟུག་སྐམས་ཀྱི
་ནང་དུ་འགྱུར་ཞིང། གྱེན་དུ་བསྒྱུར་འགྱུར་བ་ན། དེའི་ཚེ་གཅིན་འབྱུང་བའི་བུ་གར་སོང་ཞིང་ཀུན་ཏུ་ཁྱབ་པ་དང། བཤང་བ་དང་གཅི་ན་འདྲེས་པར་གྱུར་བ་དེས་ན་གཅིན་དེ་བཤད་བའི་དྲི་མ་ཅན་དུ་འགྱུར་ཁྲིད?་འབྱུང་ལ། དེ་ལྟ་བུའི་གཅིན་ས་བདེ་ནི་བཤང་བ་འགག
་པའི་གཅིན་སྲི་བ་ཞེས་བྱ་བར་བཤད་དོ། །མཁྲིས་པ་དྲག་ཤུལ་ཁ་ཟས་ནི། རྣོ་བ་ཉིན་མཚན་ལམ་སོགས་ཀྱིས། འཕེལ་ཞིང་རླུང་ནི་ཞུགས་གྱུར་པ། །ལྒང་བའི་ཉན་ཀོར་ཚ་ཞིང་ན། །གཅིན་ནི་སེར་པོར་འབྱུང་གྱུར་པ་འམ། །ཡང་ན་ཁྲག་བཅས་ཁྲག་ཉི?་འབྱུང
་ཚ་ཞིང་སྲི་ཡི་ཡང་ཡང་འབྱུང། །དེ་ནི་ཚ་རླུང་ཞེས་བྱར་བཤད་ཅེས་བྱ་བ་ལ་།མཁྲིས་པའི་ཆེ་ཞིང་རྩོལ་བ་དྲག་པ་ལ་སོགས་པས་རླུང་ཞུགས་པས་བསྐྱོད་པས་གྱུར་པ་ལ་ནི་ལྒང་བའི་ཉེན་ཀོར་ཆི་བ་ལ་སོགས་པའི་ནད་འབྱུང་སྟེ། །ད་ནི་གཅིན་སི་བའི་ཚ་རླུང་ཞེས
་བྱ་བ་ཡིན་ནོ། །རྩབ་ཅིང་ལུས་ནི་རྨྱ་བ་ཡིན། ལྒང་པར་གནས་པའི་མཁྲིས་པ་རླུང། །གཅིན་ཟད་ཚ་དང་ན་བར་བཅས། །སྐྱེད་པ་དེ་ཡང་བསྐད་བཤད། །བད་ཀན་མཁྲིས་པ་གཉིས་ཀ་ལ། རླུང་གིས་བསྐྱེད་པར་གྱུར་ན་ནི། །དེ་ཚེ་གཅིན་སྲི་སེར་བ་དང། དམར
་ཞིང་དཀར་ལ་བསྐི་བ་འབྱུང། །དེ་ནི་ཚ་བཅས་གི་ཝི་འམ། །དུང་གི་ཕྱེ་མའི་མདོག་འདྲ་འམ། ཡང་ན་སྐམ་ཞིང་མདག་ཀུན་ལྡན། །དེ་ནི་གཅིན་ཉམས་ནང་དུ་བཤད། ཅེས་བྱ་བ་ལ། སྐྱེས་བུ་ཁོང་རྩུབ་ཅིང་ལུས་རྨྱ་ཞིང་ཉལ་ཆུད་པར་གྱུར་པ་ལ། གང་གི་ཚེ
་ལྒང་བར་གནས་པའི་མཁྲིས་པ་དང། རླུང་གཉིས་ནི་གཅིན་ཟད་པ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་ཡང་མཁྲིས་པ་དང་རླུང་ལས་གྱུར་བའི་གཅིན་སྲི་བའི་ནད་ཅེས་བྱ་བ་དེ་སྐད་དུ་བཤད་དོ། །ཡང་གང་གི་ཚམ་བྲིས་པ་དང་བད་གན་གཉིས་ལ་ཡང་རླུང
་གིས་བསྐྱོད་ཅིང་གཡོས་པར་གྱུར་པ་དེའི་ཚེ། གཅིན་ཤེས་ཚོར་སྲི་ཞིང་ཁ་དོག་སེར་པོ་ལ་སོགས་པ་དང་བཅས་པར་འགྱུར་རོ། །དེ་ཡང་ཚ་བ་དང་བཅས་ཤིང་གི་ཝཾ་ལ་སོགས་པ་གང་ཡང་རུང་བའི་མདོག་མ། ཡང་ན་སྐམ་ཞིང་མདོག་ཐམས
་ཅད་དང་ལྡན་པར་འབྱུང་སྟེ། དེ་ནི་གཅིན་ཉམས་པའི་ནད་ཅེས་བྱའོ། །དྲང་སྲོང་རྣམས་ཀྱིས་བཤད་དོ། །དེ་ལྟར་གཅིན་འགགས་ལས་འབྱུང་བའི། །མཚན་ཉིད་རྒྱ་ཆེར་བཤད་ནས་ནི། །དེ་འོག་གཅིན་སྙི་ལས་བྱུང་བའི། །ནད་གཞིའི་མཚན་ཉིད་བཤད་པ་ཡིན
་ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྔར་རྣམ་པར་དཔྱད་པའི་ཚུལ་གྱིས། གཅིན་འགགས་ཤིང་སྲི་བ་ལས་བྱུང་བའི་ནད་ཀྱི་མཚན་ཉིད་རྒྱ་ཆེར་བཤད་ཅིང་བསྟན་ནས། དེའི་འོག་ཏུ་གཅིན་སྙི་ཞིང་འཛག་པ་ལས་བྱུང་བའི་ནད
་གཞིའི་མཚན་ཉིད་དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད
་གཞིའི་གནས་ཀྱི་ལེའུ་དགུ་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་གཅིན་སྙི་བ་ཟ་ཁུའི་ནད་དམིགས་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི། །དེ་འོག་གཅིན་སྙིང་བ་ལས་བྱུང་བའི་ནད་གཞིའི་མཚན་ཉིད་བཤད་པ
་ཡིན་ཞེས་གཞུང་རྩོམ་པ་ཉིད་ཀྱིས་བཤད་པ་ལས་ཤེས་པར་བྱའོ། །གཅིན་སྙིའི་ནད་ནི་ཉི་ཤུ་སྟེ། །ཞེས་བྱ་བ་ལ། གཅིན་སྙིའི་ནད་ནི་ཉི་ཤུར་འགྱུར་རོ། །སྟེ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །དེ་ལ་བད་ཀན་ལས་གྱུར་བཅུ། །མཁྲིས་པ་ལས་དྲུག་རླུང་གྱུར
་བཞི། ཞེས་བྱ་བ་ལ། དེ་ལ་གཅིན་སྙི་བའི་ནད་ཉི་ཤུ་ལས། གཅིན་ནད་ཟ་ཁུ་བཅུ་ནི་བད་ཀན་ལས་གྱུར་པ་ཡིན་ཏེ། ཆུ་འདྲ་བ་དང། བུ་རམ་ཤིང་གི་ཁུ་བ་འདྲ་བ་དང། གར་བོ་དང་ཆང་འདྲ་བ་དང། འབྲས་བཏགས་པའི་ཆུ་འདྲ་བ་དང། ཁུ་ཆུ་འདྲ་བ་དང།
་བྱེ་མ་ལྟ་བུ་དང། བསིལ་མོ་དང། བགས་ཀྱི་འབྱུང་བ་དང། ཁ་ཆུ་ལྟར་འབྱུང་བའི་ཟ་ཁུ་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་ནི་དྲུག་སྟེ། ནས་ཚིགས་འཁུས་པའི་ཐལ་ཆུ་འདྲ་བ་དང། སྔོན་པོ་དང། ནག་པོ་དང། སྐྱེར་བ་འདྲ་བ་དང་ཙོང་ཁུར་འདྲ་བ་དང། ཁྲག་འདྲ་བ?
་སྟེ་རྣམ་པ་དྲུག་ཡིན་ནོ། །རླུང་ལས་གྱུར་པ་ནི་བཞི་སྟེ། ཞག་དང་རྐང་གླང་ཚེ་ཟ་ཁུ་དང། སྦྲང་རྩི་ལྟ་བུ་གཅིན་སྙི་བའི་ནང་ངོ། །དེ་རྣམས་ཚིལ་གཅིན་བད་ཀན་སྐྱེད། །ཟས་དང་སྐོམ་གྱི་ཚུལ་ལས་ནི། །ཕལ་ཆེར་དེ་དག་འབྱུང་བར་བྱེད། །མངར་དང་སྐྱུར་དང་ལན
་ཚྭ་དང། །ལྕི་ཞིང་འཁྱིལ་པ་བསིལ་བ་དང། །འབྲུ་མར་ཆང་དང་གཤེར་བའི་ཤ་།དར་བ་བུ་རམ་བུ་རམ་ཤིང། གནས་གཅིག་སྟན་གཅིག་ལ་བརྟགས་ནས། །མལ་སྟན་ཆོ་གར་མི་ལྡན་ལ། །བརྟེན་ནས་གཅིན་སྙིའི་ནད་བསྐྱོད་བྱེད། ཅེས་བྱ་བ་ལ། གཅིའི་སྙི
་བའི་ནད་ཉི་ཤུ་བོ་དེ་དག་ནི་ལས་དང་ཁ་ཟས་དང། སྤྱོད་ཚུལ་དང་གཅིན་དང་བད་ཀན་སྐྱེད་པར་བྱེད་པ་དེ་ལ་བྱུང་ཞིང། ཕལ་ཆེར་ཏེ་མང་དུ་དེ་དག་འབྱུང་ཞིང། གཅིན་སྙི་བའི་ནད་སྐྱེད་པར་བྱེད་པའི་རྒྱུ་ཡིན་ལ། གཞན་ཡང་མངར་བ་ནས་བུ་རམ་ཤིང་གི
་བར་གྱི་དངོས་པོ་མིང་གིས་སྨོས་པའི་ཟས་དང་སྐོམ་ཡང་དེ་འབྱུང་བར་བྱེད་པ་ཡིན་ལ། སྤྱོད་ལམ་གྱི་རྣམ་པ་གནས་གཅིག་དང་སྟན་གཅིག་ལ་རྟག་ཏུ་གནས་པ་ལ་སོགས་པའི་བྱ་བ་དེ་སྐྱེད་པར་གཏོགས་པ་དང། མལ་སྟན་ཆོ་ག་དང་མི་ལྡན་པ་སྟེ
་སྟན་རླན་ཅན་དང་གྲང་བ་ལ་སོགས་པའི་ལམ་ན་གནས་པ་ལས་གཅིན་ནད་སྐྱེད་པར་བྱེད་པར་འགྱུར་རོ། །བད་ཀན་འཁྲུགས་པས་ལྒང་པར་གཅིན། སྙི་འགྱུར་ལུས་གཤེར་རྡུལ་ཚིལ་དང། །ཤ་བློངས་ལྒང་བར་རྟེན་གཅིན་སྙི། །མཁྲིས་པ
་ཁྲག་ཀྱང་ཟད་བྱས་ནས། བད་ཀན་སོགས་ཟད་གཅིན་ནད་སྐྱེད། ཅེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པ་ལས་ལུས་ཀྱི་གཤེར་བག་དང་རྡུལ་ལ་སོགས་པ་བློངས་ཤིང་གནོད་པར་བྱས་ལ། ཁྲག་ཀྱང་ཟད་པར་བྱས་ནས་བད་ཀན་ལས་གྱུར་པ
་ཡང་ཟད་པར་བྱས་ནས། གཅིན་ལ་གནས་པའི་མཁྲིས་པས་གཅིན་ནད་ཟ་ཁུ་སྐྱེད་པར་བྱེད་དོ། །རླུང་འཁྲུགས་པ་དང་དེ་ཟད་ལས། །ལུས་ཟུངས་ལྒང་བར་འཁུས་ཏེ་སྐྱེད། །ཅེས་བྱ་བ་ལ། ལུས་ཟུངས་རྣམས་དང་རླུང་འཁྲུགས་ཤིང་ལྡང
་བ་དང། མཁྲིས་པ་ལ་སོགས་པ་ཟད་པས་དངས་མ་ལ་སོགས་པའི་ལུས་ཟུངས་ལུས་ཀྱི་བཅུད་གྱུར་པ་ལྒང་པར་འཁྲུ་ཞིང་འདུས་པར་བྱས་ནས་གཅིན་སྙི་བའི་ནང་སྐྱེད་པར་བྱེད་དོ། །དེ་བྱུང་གསོ་བྱ་འཚོ་ཙམ་དང། སྤང་བྱ་གཅིན་ནད་རྣམ་གསུམ་འགྱུར
་མདོར་ན་མི་མཐུན་བྱ་བ་དང། ནད་དམིགས་ཆེན་པོ་ཉིད་ཀྱིས་འབྱུང། ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་དང། རླུང་དེ་དག་ལས་བྱུང་བའི་གཅིན་སྙི་བའི་ནད་ནི་གསོ་བར་བྱ་བ་དང། རེ་ཞིག་འཚོ་བ་ཙམ་དུ་གནས་པ་དང། སྤང་བར་བྱ་སྟེ། རྣམ་པ
་གསུམ་དུ་འགྱུར་ལ། དེ་ཡང་མདོག་ནི་མི་མཐུན་པར་བྱ་བ་སྟེ། གང་གི་ཕྱིར་སྣུམ་པ་ལ་སོགས་པ་རླུང་ནད་ལ་ཕན་པ་དེ་ནི་བད་ཀན་ལ་གནོད་ལ། གང་ཁ་བ་དང་བསྐ་བ་ལ་སོགས་པ་བད་ཀན་ལ་ཕན་དེ་ན་རླུང་ལ་གནོད་དོ། །དེ་བཞིན་དུ་མཁྲིས་པ
་ལ་ཕན་པ་བསིལ་བ་དང། མངར་བ་དག་ནི་རླུང་དང་བད་ཀན་ལ་གནོད་དེ། གཞན་ཡང་ནད་དམིགས་ཆེན་པོའི་དཔྱད་ཀྱིས་ཀྱང་འབྱུང་སྟེ། མི་མཐུན་པའི་གསོག་ལུས་ཟུང་ཟད་ཅིང་སྐྱེམ་པའི་ལུས་འཇིག་པར་བྱེད་པའི་ནད་དམིགས་ཆེན་པོའི
་ཚུལ་གྱིས་འབྱུང་ངོ། །དེ་རྣམས་ཀྱིས་ནི་སྤྱིའི་མཚན་ཉིད། གཅིན་ནི་རྙོག་མ་ཅན་མང་དུ་འབྱུང། དེ་ལས་ཁྱད་པར་ཉིད་དང་ནི། གཅིན་གྱི་མདོག་སོགས་དབྱེ་བ་ཡིས། གཅིན་སྙིའི་དབྱེ་བ་བརྟག་པར་བྱ། ཞེས་བྱ་བ་ལ། གཅིན་ནད་ཐམས
་ཅད་ཀྱི་སྤྱིའི་མཚན་ཉིད་དང། རྟགས་ནི་གཅིན་རྙོག་མ་ཅན་དུལ་དུལ་པོ་མང་དུ་འབྱུང་བར་འགྱུར་བ་ཡིན་ནོ། །གནོད་དང་གནོད་བྱ་ཁྱད་མེད་ཀྱང། གཅིན་སྙིའི་དབྱེ་བ་དུ་མར་འགྱུར་བ་དེ་ནི་འདུས་ཤིང་ཕྲད་པའི་ཁྱད་པར་ཉིད་དེ། གནོད
་པ་དང་གནོད་པར་བྱ་བའི་འཕེལ་འབྱིའི?་ཁྱད་པར་ཉིད་དང། གཅིན་གྱིས་མདོག་དང་རོ་དང་དྲི་དང་རེག་བྱའི་ཁྱད་པར་ལས་གཅིན་སྙི་བའི་དབྱེ་བ་བརྟག་པར་བྱ་ཞིང་ཡོངས་སུ་ཤེས་པར་བྱའོ། །དང་ཞིང་མང་ལ་དཀར་ཞིང་བསིལ། །དྲི་ང་མེད་ཅིང་ཆུ་འདྲ་ལ། གཅིན་པའི
་ཆུ་ཡི་ཟ་ཁུ་ཡིན། ཞེས་བྱ་བ་ལ། གཅིན་སྙི་གའི་ནད་ཆུའི་ཟ་ཁུ་ཞེས་བྱ་བ་ནི་དང་ཞིང་རྙོག་མ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཆུའི་རྣམ་པ་དང་འདྲ་བའི་གཅིན་འབྱུང་བར་འགྱུར་བ་ཡིན་ནོ། །ཅུང་ཟད་རྙོག་ཅན་སྦྱིན་བག་དང། བུ་རམ་ཤིང་ཁུ
་ལྟ་བུར་མངར། །ཟ་ཁུ་བུ་རམ་ཤིང་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནང་ཟ་ཁུ་བུ་རམ་ཤིང་ལྟ་བུ་ནི་ཅུང་ཟད་རྙོག་པ་ཡོད་པ་ལ་སོགས་པ་ལ་བུ་རམ་ཤིང་གི་ཁུ་བ་ལྟར་ཤིན་ཏུ་མངར་བའི་གཅིན་འབྱུང་བ་ཡིན་ནོ། །ཞག་ལོན་ན་ནི་བསྐ་བར་འགྱུར།
་ཟ་ཁུ་གར་པོ་ཞེས་བྱའོ། །ཞེས་བྱ་བའོ། གཅིན་ནད་ཟ་ཁུ་གར་པོ་ནི་གཅིན་མཚན་མོ་འདས་ཀྱི་བར་དུ་མ་གཅིས་པར་བཞག་པ་སྟེ་བསྐ་བའི་གར་པོར་འབྱུང་བ་ཡིན་ནོ། །སྟེང་ན་དངས་མ་འོག་ན་སྐ། །ཆང་འདྲ་ཆང་གི་ཟ་ཁུ་ཡིན། ཞེས་བྱ་བ་ལ།
་གཅིན་ནད་ཆང་གི་ཟ་ཁུ་ཞེས་བྱ་བ་ལ་ཕྱིར་བྱུང་བ་ན་སྟེང་གི་ཕྱོགས་དངས་མར་གནས་ཤིང། འོག་དེ་སྐ་བར་འགྱུར་བ་ཡིན་ཏེ། དེ་ལྟ་བུའི་གཅིན་འབྱུང་བ་ལ་བྱའོ། །བ་སྤུ་ལྡང་ཞིང་འབྲས་བཏངས་འདྲ། དཀར་ཞིང་མང་འབྱུང་འབྲས་ཕྱེ་འདྲ། ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་འདྲས་ཕྱེ
་འདྲ་བ་ནི། གཅིན་འབྱུང་བ་ན་བ་སྤུ་ལྡང་ཞིང་བཤོར་ལ་།གཅིན་ཉིད་འབྲས་བཏགས་པ་འདྲ་བར་དཀར་པོ་འབྱུང་ཞིང་མང་དུ་འབྱུང་བ་ཡིན་ནོ། །ཁུ་ཆུ་འདྲ་བ་འམ། ཁུ་བ་འདྲེས། །ཁུ་བ་འདྲ་བའི་ཟ་ཁུ་ཡིན། ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་ཁུ
་ཆུ་འདྲ་བ་ནི་གཅིན་ཁུ་བ་དང་བཅས་པར་འབྱུང་བ་འམ། ཁུ་བ་དང་འདྲ་བར་གཅེས་པ་ལ་བྱའོ། །གཅིན་ནི་བྱེ་ཚིགས་དྲི་མ་ཅན། །བྱེ་མའི་ཟ་ཁུ་ཞེས་བྱའོ། །ཞེས་བྱ་བ་ལ། གཅིན་ནད་བྱེ་མའི་ཟ་ཁུ་ཞེས་བྱ་བ་ནི་བྱེ་མའི་ཚིགས་མ་འདྲ་བར་དྲི་མ
་འདུས་པའི་གཟུགས་ཅན་འདྲ་བ་དག་ཏུ་འབྱུང་བ་ཡིན་ནོ། །གཅིན་སྙི་མང་པོ་འབྱུང་ཞིང་བསིལ། །མངར་བ་དེ་བསིལ་ཟ་ཁུ་ཡིན། །ཞེས་བྱ་བ་ལ། གཅིན་ནད་བསིལ་བའི་ཟ་ཁུ་ཞེས་བྱ་བ་ནི་གཅིན་འབྱུང་བའི་རེག་པ་བསིལ་ཞིང་མང་དུ
་འབྱུང་བ་ལ་རོ་མངར་བ་དག་ཏུ་འབྱུང་བ་ཡིན་ནོ། །དལ་གྱིས་ཉུང་ཟད་ཉུང་ཟད་འབྱུང། །བགས་ཀྱིས་འབྱུང་བའི་ཟ་ཁུ་ཡིན། ཞེས་བྱ་བ་ལ། གཅིན་ནད་བགས་ཀྱིས་འབྱུང་བའི་ཟ་ཁུ་ཞེས་བྱ་བ་ནི་གཅིན་འབྱུང་བའི་རྒྱུ་ནད?་ལ་གྱིས་ཉུང་ཟད་ཉུང་ཟད་དུ་ཆད
་ཅིང་ཆད་ཅིང་འབྱུང་བ་ཡིན་ནོ། །ཁུ་ཆུ་འདྲ་བའི་ནལ་ནལ་པོ། །འབྱིལ་བག་ཁུ་ཆུའི་ཟ་ཁུ་ཡིན། ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་འདྲ་བ་ནི་ཁ་ཆུ་འདྲ་བར་ནི་ཟ་ཁུ་ནལ་ནལ་པོར་འབྱུང་ཞིང་འབྱར་བག་ཅན་དུ་འབྱུང་བ་ཡིན་ནོ། །དེ་ལྟར་བད་ཀན་ལས
་གྱུར་པའི་གཅིན་སྙི་བ་བཅུར་བཤད་པ་ཡིན་ནོ། །དྲི་རོ་ཁ་དོག་རེག་བྱ་ནི། ནས་ཚིགས་འཁུས་འདྲ་ནས་ཚིགས་ཅན། ཞེས་བྱ་བ་ལ། གཅིན་ནད་ནད་ཚིགས་འཁུས་པའི་ཐལ་བ་འདྲ་བ་ནི་ནས་ཚིགས་འཁུས་པའི་ཐལ་བའི་ཆུ་དང་དྲི་དང་རོ་ལ་སོགས་པ་འདྲ་ཞིང
་མཚུངས་པ་ལ་བྱའོ། །ཟ་ཁུ་སྔོན་པོ་ཁ་དོག་སྔོ། ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་སྔོན་པོ་ཞེས་བྱ་བ་ནི་མདབ་མ་སྔོན་པོའི་ཁུ་བ་འདྲ་བའི་གཅིན་འབྱུང་བ་ལ་བྱའོ། །ཟ་ཁུ་ནག་པོ་སྣག་ཚ་འདྲ། ཞེས་བྱ་བ་ལ། ཟ་ཁུ་ནག་པོ་ནི་སྣག་ཚའི་མདོ་ལྟར་གཅིན
་ནག་པོ་འབྱུང་བ་ལ་བྱའོ། །གཅིན་སྙི་ཚ་ཞིང་མདོག་སེར་བ། །དེ་ནི་སྐྱེར་པ་འདྲ་བ་ཡིན། ཞེས་བྱ་བ་ལ། གཅིན་ནད་ཟ་ཁུ་སྐྱེར་པ་འདྲ་བ་ནི་གཅིན་ཚ་ཞིང་གཅིན་གྱིས་མདོག་སྐྱེར་པའི་ཁུ་བ་འདྲ་བ་འབྱུང་བ་ཡིན་ནོ། །མནམ་ཞིང་བཅོད་ཀྱི་ཁུ་བ་འདྲ། བཙོད་ཀྱི
་ཟ་ཁུ་ཞེས་བྱའོ། །ཞེས་བྱ་བ་ལ། ཟ་ཁུ་བཙོད་འདྲ་བ་ཞེས་བྱ་བ་ནི་དྲི་མནམ་ཞིང་བཙོད་ཀྱི་ཁུ་བ་འདྲ་བ་མནམ་པའི་གཅིན་འབྱུང་བ་ལ་བྱའོ། །དྲི་ང་ཆ་ཞིང་ལན་ཚྭད་བཅས། །ཁྲག་འདྲ་ཁྲག་གི་ཟ་ཁུ་ཡིན། ཞེས་བྱ་བ་ལ། ཟ་ཁུ་ཁྲག་འདྲ་བ་ནི་དྲི་ང་ཞིང
་མནམ་ལ་ཚ་ཙེག་ཙེག་བྱེད་པ་དང། ཅུང་ཟད་ལན་ཚྭ་བྲོ་བ་དང། ཁྲག་གོང་དོག་འདྲ་བ་དེ་འབྱུང་བ་ཡིན་ཏེ། དེ་ལྟར་ན་མཁྲིས་པ་ལས་གྱུར་པའི་གཅིན་སྙི་གའི་ནད་དྲུག་བཤད་པ་ཡིན་ནོ། །ཞག་གི་ཟ་ཁུ་ཞག་དང་འདྲེས། །ཞག་ཉིད་གཅིན་དུ་འབྱུང་བ་ཡིན། །
་ཞེས་བྱ་བ་ལ། ཟ་ཁུ་ཞག་འདྲ་བ་ནི། ཞག་འདྲེན་མར་འབྱུང་བ་འམ། ཞག་ཉིད་གཅིན་གྱི་རྣམ་པར་འབྱུང་བ་ཡིན་ནོ། །རྐང་འདྲེས་པ་འམ་རྐང་ཉིད་ནི། །ཡང་དང་ཡང་འབྱུང་རྐང་ཟ་ཁུ། །ཞེས་བྱ་བ་ལ། ཟ་ཁུ་རྐང་འདྲ་བ་ཞེས་བྱ་བ་ནི། རྐང་དང་འདྲེས་པ་དང། རྐང
་ཉིད་ཡང་དང་ཡང་དུ་གཅིན་དུ་ཟ་ཁུར་འབྱུང་བ་ནི། གཅིན་དང་རྐང་འདྲ་བའི་ཟ་ཁུ་ཞེས་བྱའོ། །གླང་ཆེན་མྱོས་ལྟར་རྒྱུན་དུ་ནི། །གཅིན་ཤུགས་དལ་བར་འབྱུང་འགྱུར་བ། །ཆུ་སེར་བཅས་ཤིང་རྙོག་བཅས་འབྱུང། གླང་ཆེན་ཟ་ཁུ་ཞེས་བྱའོ། །ཞེས་བྱ་བ་ལ།
་གླང་པོ་ཆེའི་ཟ་ཁུ་ནི་གླང་པོ་ཆེ་དྲེག་པས་མྱོས་པ་ལྟར་རྒྱུན་དུ་འབྱུང་ཞིང་གཅིན་གྱི་ཤུགས་དལ་གྱིས་འཛག་ཅིང་འབྱུང་བར་འགྱུར་ལ། ཆུ་སེར་དང་བཅས་པར་འབྱུང་ཞིང་འཛས་པར་འགྱུར་པ་ལ་བྱའོ། །སྦྲང་རྩིའི་ཟ་ཁུ་སྦྲང་རྩི་འདྲ། །ཞེས་བྱ་བ་ལ། ཟ་ཁུ་སྦྲང་རྩི
་འདྲ་བ་ཞེས་བྱ་བ་ལ། སྦྲང་རྩི་དང་འདྲ་ཞིང་རོ་ཡང་བཀའ་བ་དང་མངར་བར་འབྱུང་བ་ཡིན་ནོ། །དེ་ནི་རྣམ་པ་གཉིས་སུ་གྱུར། ལུས་ཟུངས་ཟད་པས་རླུང་འཁྲུགས་པ་འམ། ནད་ཀྱིས་རྩ་སྤུབས་བཀག་སྟེ་འབྱུང། ཞེས་བྱ་བ་ལ། སྦྲང་རྩི་འདྲ་བའི་ཟ་ཁུ་དེ་ནི། རྣམ
་པ་གཉིས་སུ་འབྱུང་བར་འགྱུར་རོ། །ཞེས་གྲག་སྟེ། ལུས་ཟུངས་རྣམས་ཟད་པ་ལས། །རླུང་འཁྲུགས་པས་ནང་དུ་གྱུར་པའི་གཅིན་ཡིན་ནོ། །ཡང་ན་ནད་གཞི་གསུམ་གང་ཡང་རུང་བས་རྩ་སྤུབས་བཀག་སྟེ། རླུང་རྒྱུར་མ་སྟེར་བ་ལས་བྱུང་བ་ནི་རྣམ་པ་གཉིས
་པ་ཡིན་ནོ། །ནད་ཀྱིས་བཀག་པའི་མཚན་མ་དག་།དེ་ནི་རྒྱུ་མེད་པར་འབྱུང་ཞིང། སྐད་ཅིག་ཟད་སྟོབས་གང་འགྱུར་བ། གསོ་བར་དཀའ་བ་ཉིད་དུ་འགྱུར། ཞེས་བྱ་བ་ལ། ཟ་ཁུ་སྦྲང་རྩི་འདྲ་བ་ཞེས་བྱ་བ་དེ། རླུང་ལ་སོགས་པའི་ནད་ཀྱིས་ལྒང་བའི་ཁ
་བཀག་ཅིང། སྤུ་གུ་འགགས་པར་བྱས་པའི་མཚན་མ་འམ་རྟགས་ནི་འབྱུང་ཞིང་སྐྱེ་བའི་རྒྱུ་མེད་པར་སྐད་ཅིག་ཅིང་སྟོངས་པར་འགྱུར་ལ། སྟོངས་ཉིད་ལས་ཀྱང། ཆེད་འགའ་འགེངས་ཤིང་གང་བ་ལྟ་བུར་སྣང་བར་འགྱུར་ཏེ། དེ་ནི
་གསོ་བར་དཀའ་བ་ཉིད་ཡིན་ནོ། །ཐམས་ཅད་དུས་སུམ་བཅས་ན། སྦྲང་རྩི་འདྲ་བའི་ཟ་ཁུར་འབྱུང། གང་ཞིག་ཐམས་ཅད་མངར་གྱུར་པས། ཕལ་ཆེར་སྦྲང་རྩིའི་ཟ་ཁུ་ཡིན། སྦྲང་རྩིའི་ཟ་ཁུ་ཞེས་བྱ་ཀུན། མངར་བ་ལས་ནི་བཤད་པ་ཡིན། །ཞེས་བྱ་བ་ལ།
་གཅིན་ནད་ཟ་ཁུ་ཐམས་ཅད་ཀྱང་སྦྲང་རྩིའི་ཟ་ཁུ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ཐམས་ཅད་དུས་སུ་མ་བཅོས་ཤིང་མ་གསོས་ན་སྦྲང་རྩི་འདྲ་བའི་ཟ་ཁུར་འགྱུར་བ་དང། ཡང་གང་ཞིག་གཅིན་ནད་ཐམས་ཅད་ལུས་མངར་བའི་བག་ལས་མངར་བར་འགྱུར་ཅིང།
་ཕལ་ཆེར་སྦྲང་རྩི་ལྟ་བུའི་མདོག་ཅན་ཡིན་པས་སྦྲང་རྩིའི་ཟ་ཁུ་ཞེས་བྱ་བའི་སྒྲར་བཤད་དོ། །ཟས་མི་འདུ་ཞིང་ཡི་ག་འཆུས། །སློན་ལུད་གཉིད་ཆེ་ཆམ་བས་འདེབས། བད་ཀན་ལས་བྱུང་ཟ་ཁུ་ལ། །བླ་གཉན་དེ་དག་འབྱུང་བར་འགྱུར་ཞེས་བྱ་བ་ལ།
་བད་ཀན་ལས་བྱུང་བའི་ཟ་ཁུས་ནི་ཟས་མི་འཇུ་བ་ལ་སོགས་པའི་བླ་གཉན་འབྱུང་བར་འགྱུར་རོ། །ཕོ་ཚན་ལྒང་བར་ཟུག་པ་དང། རླིག་འབྲས་བྱེ་ཞིང་རིམས་ཀྱིས་འདེབས། །ཆ་སྐྱུར་སྐོམ་དང་བརྒྱལ་དང་འཁྲུག་།མཁྲིས་པ་ལས་གྱུར་བླ་གཉན་ཡིན། ཞེས
་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་ནད་ལ་ནི་ཕོ་མཚན་དང་ལྒང་བའི་ཕྱོགས་སུ་ཁབ་ཀྱི་ཕུག་བ་ལྟར་ཟུག་པ་དང། རླིག་འབྲ་ཕྱེ་བར་འགྱུར་བ་ལ་སོགས་པའི་བླ་གཉན་འབྱུང་བར་འགྱུར་རོ། །རླུང་ལས་སྐྱེས་པའི་སྙིང་འཕར་ཞིང། །ལུས་འདར
་སྙིང་ན་ཟས་ལ་བརྐམ། །གཉེར་ཞིང་གཉིད་མེད་སྐེམ་པ་དང། ལུད་པ་དབུགས་མི་བདེ་བ་འབྱུང། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཟ་ཁུའི་ནད་ལ་ནི་སྙིང་འཕར་བ་ལ་སོགས་པའི་བླ་གཉན་འབྱུང་བར་འགྱུར་རོ། །ཁམ་པོར་དུ་སྦལ་འདྲ་བ་ཅན། །དགུ་པོ
་མང?་བའི?་ཕྲ་མོ་དང། །སྲན་ཆུང་འདྲ་དང་ཡུངས་དཀར་འདྲ་བུ་བཅས་འབྱུང་དང་བི་ད་རེ་ཁོང་འབྲས་ཞེས་བྱའི་འབྲས་འབྲུམ་བཅུ། གཅིན་ནད་མ་བཅོས་པ་ལས་འབྱུང། །ཚིགས་དང་གནད་དང་ཤ་ཆེ་བའི། །སྲོག་གིས་གནས་སུ་འབྱུང་བར་འགྱུར། ཞེས་བྱ་བ་ལ།
་གཅིན་ནད་ཁུ་དེམ?་བཅོས་པ་ལས་ནི་ཁམ་པོར་འདྲ་བ་ལ་སོགས་པའི་འབྲེལ་གྱིས་ནད་བཅུ་པོ་འབྱུང་བར་འགྱུར་ལ། །དེ་ཡང་ཁྱད་པར་དུ་ནི་ཚིགས་དང་གནད་རྣམས་དང། ཤ་ཆེན་ལ་སོགས་པ་སྲོག་གི་གནས་སུ་པ་ཕྱུང་ཞིང་སྐྱེ་བར་འགྱུར་རོ། །མཛའ་ནི
་མཐོ་ཞིང་དབུས་མདམ་ལ་གནག་ཅིང་རྣག་ལ་ནད་ཅེས་བ། དབྱིབས་དང་ཚད་ནི་ཁམ་པོར་འདྲ། །ནོར་བུ་ཁམ་པོར་ཞེས་བྱའོ། །ཞེས་བྱ་བ་ལ། འབྲས་གང་ཐ་མ་ཀུན་ནས་མཐོ་ཞིང་དབུས་དམའ་བར་འདུག་པས་ཁམ་ཕོར་གྱི་དབྱིབས་འདྲེ་ལ། ཁ
་དོག་གནག་ཅིང་རྣག་དང་ནད་དུ་གནས་པ་ནི་འབྲས་སམ་ཐོར་བུ་ཁམ་ཕོར་ལྟ་བུ་ཞེས་བྱའོ། །ནང་དུ་ཟུག་ཅིང་ན་བྱེད་ལ། ཉན་འཁོར་དག་ཏུ་ཆེར་ཉེར་ཅིང་འཇམ་ཞིང་རུ་སྦལ་རྒྱ་བ་འདྲ་བའི། །འབྲས་ནས་རུ་སྦལ་ཞེས་བྱ། ཞེས་བྱ་བ་ལ། རུས
་སྦལ་ཅན་ཞེས་བྱ་བར་འབྲས་ནང་ནི་ནང་དུ་ཤས་ཆེར་ཟུག་ཅིང་ན་བར་བྱེད་ལ། རྩ་བའི་ཉེ་འཁོར་དུ་མཚད་ཅེས་སྦོམ་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །ས་ཞིང་རྩ་བའི་དྲ་བ་ཅན། །སྣམ་ཞིང་འཛག་ལ་ཁྱོན་ཆེ་བ་དང། །ན་ཞིང་མང
་ཁྱུག་བུ་ག་ན། །ཕྲ་མང་ལྡན་པ་དྲ་བ་ཅན། །ཞེས་བྱ་བ་ལ། ཐོད་བུ་དྲ་བ་ཅན་ཞེས་བྱ་བ་ནི་སྲ་ཞིང་བརྩུབ་བ་དང། རྩ་རིས་ཀྱི་དྲ་བས་ཁེབས་པོ་དང། སྣུམ་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །ནང་དུ་ཟུག་ཅད་རྣ་བ་རྣམས། རྒྱབ་བམ
་ལྟེ?་བ་དག་ཏུ་ནི། །ཐོར་བུ་ཆེན་པོ་ཁ་དོག་གནག་།དགུར་པོར་འདུག་པས་སྐུ་པོར་བཤད། ཅེས་བྱ་བ་ལ། འབྲས་ནད་སྐུར་པོར། ཞེས་བྱ་བ་ནི། ནད་ཚ་བས་ཆེ་ཞིང་ནད་དུ་ཟུག་ལ་རྣམས་ཀྱང་ནད་དུ་རྣམས་ཀྱང་པ་ནི། རྒྱབ་ལ་སོགས་པའི་ཕྱོགས་གང
་ཡང་རུང་བར་སྐྱེ་བ་ཡིན་ནོ། །སྐྱེས་མ་ཐག་ཏུ་ལྡགས་པ་ཆ། །ཤིན་ཏུ་ན་བྱེད་མེ་དཔལ་ཏེ། །དམར་ཞིང་གནག་ལ་ཁས་པ་དང། ཆ་ཞིང་རྣགས་བྱེད་མེ་དཔལ་ཕྲ། །ཞེས་བྱ་བ་ལ། མེ་དབལ་ཕྲ་མོ་ཞེས་བྱ་བའི་ནད་ནི་སྐྱེས་མ་ཐག་གི་རྗེས
་ཐོགས་ཉིད་ལ་བགས་པ་ཚ་ཞིང་བསྲེག་པ་སྙམ་དུ་སེམས་ལ། ཤིན་ཏུ་ན་བའི་མེ་དབལ་ཀུན་ཏུ་མཆེད་པར་བྱེད་ཅིང་མདོག་དམར་བ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །སྲན་ཆུང་དང་ནི་ཆད་དང་དབྱིབས། །མཉམ་པས་སྲན་ཆུང་ཅན་ཡིན་ཏེ། ཚད
་དང་དབྱིབས་ནི་ཡུངས་ཀར་འདྲ། །མྱུར་དུ་སྨིན་ཅིང་ནད་ཚབས་ཆེ། །ཞེས་བྱ་བ་ལ། འབྲུམ་བུ་སྲན་ཆུང་ཞེས་བྱ་བ་ནི་ཚད་དང་དབྱིབས་སན་ཆུང་དང་འདྲ་བ་ཡིན་ནོ། །དེ་བཞིན་དུ་ཚད་དང་དབྱིབས་ཡུངས་དཀར་འདྲ་བའི་འབྲུམ་ཕྲན་ཡང་ཡོད་དེ། །དེ་ནི་མྱུར་དུ
་སྨིན་ཅིང་ནད་ཚབས་ཆེ་བ་ཡིན་ནོ། །ཡུངས་ཀར་འདྲ་བའི་འབྲུམ་ཕྲན་གྱིས། །ཡོངས་སུ་བསྐོར་བས་ཤུར་བུ་ཅན། །བུ་བཅས་ཆ་ཞིང་མང་བ་ལ། །རབ་ཕྲའི་འབྲུམ་བུས་ཁྱབ་གྱུར་པའོ། ཞེས་བྱ་བ་ལ། འབྲས་ནད་བུ་བཅས་ཞེས་བྱ་བ་ནི་ཡུངས་ཀར་འདྲ
་བའི་འབྲུམ་ཕྲན་གི་ཡོངས་སུ་བསྐོར་ཅིང། དེ་བཞིན་དུ་ལྷུན་ཆེ་བ་དང། མང་ཞིང་ཤིན་ཏུ་ཕྲ་བ་དང། དུ་མས་ཁྱབ་ཅིང་གཡོག་པ་ཡིན་ནོ། །ཟླུམ་བུ་བི་ད་རི་ལྟར་ཟླུམ། །སྲ་བ་བི་ད་རི་ཞེས་བྱ། ཞེས་བྱ་བ་ལ། བི་ད་རི་ཞེས་བྱ་བའི་འབྲས་ནས་ལྡུམ་བུ་བི
་ད་རི་ཞེས་བྱ་བའི་དབྱིབས་ལྟར་ཟླུམ་པོར་གནས་པ། དེ་ལྟར་ཤིན་ཏུ་སྲབ་ཡིན་ནོ། །ཁོང་འབྲས་གཞན་དུ་བཤད་པ་ཡིན་ཞེས་བྱ་བ་ལ། ཁོང་འབྲས་ཞེས་བྱ་བའི་ནད་ནི་སྐབས་གཞན་དུ་བཤད་དེ། འདིའི་རྗེས་ཐོགས་ཀྱིས་ལེའུ་ལས་བཤད་པ་ཡིན་ནོ། །དེ་ལ
་དང་པོའི་འབྲས་ནད་གསུམ། །བུ་བཅས་དང་ནི་བི་ད་རི། །ཚིལ་ཆེན་ལས་བྱུང་བ་རྣམ་དཀའ་ཡིན། །ཞེས་བྱ་བ་ལ། དེ་ལ་འབྲས་ཀྱི་ནད་འདི་དག་གི་ནད་ནས་དང་པོའི་གསུམ་པར། ཞེས་བྱ་བ་དང། རུ་སྦལ་ཞེས་བྱ་བ་དང། དྲ་བ་ཅན་ཞེས་བྱ་བ་གསུམ
་དང། བུ་བཅས་དང་བི་ད་རི་ཞེས་བྱ་བ་ལྔ་པོ་གལ་ཏེ་ཚིལ་ཆེ་བའི་མི་འབྱུང་ན་བརྣག་པར་དཀའ་ཞིང་ནད་ཚབས་ཆེ་བ་ཡིན་ནོ། །གཞན་དག་མཁྲིས་པ་ཤེས་ཆེ་ཞིང། ཚིལ་འབྱུང་ལས་བྱུང་རྣགས་ནུས་འགྱུར། ཞེས་བྱ་བ་ལ། སྔ་མ་ལས་གཞན་པའི་འབྲས་ནས་ལྷག་མ་ལྔ
་པོ་མཁྲིས་པའི་ནད་ལས་འབྱུང་ཞིང། མི་ཚིལ་ཆུང་བ་ལས་བྱུང་བའི་ཡིན་ན། དེ་ནི་བརྣག་ནུས་ཤིང་ནད་ཚབས་ཆུང་བ་གསོ་སླ་བ་ཡིན་ནོ། །དེ་རྣམས་ནད་ཤང་ཇི་ལྟར་ཆེའི་གཅིན་སྙི་བ་ཡི་དབང་ལས་འབྱུང། ཞེས་བྱ་བ་ལ། འབྲས་བུའི་ནད་དེ་རྣམས་ནི
་གཅིན་སྙི་བའི་ནད་ཀྱིས་དབང་ལས་བྱུང་ཞིང་རང་རང་གི་ནད་ཇི་ལྟར་ཤས་ཆེ་བ་བཞིན་དུ། དེའི་རྣམ་པར་འབྱུང་བར་འགྱུར་ཏེ། བད་ཀན་གྱིས་ཟ་ཁུ་ལས་ནི་བད་ཀན་ཤས་ཆེ་བར་འགྱུར་ལ། རླུང་དང་མཁྲིས་པ་དང་ཤས་ཆེ་བའི་ཟ་ཁུ་ལས་ཀྱང་རླུང་དང
་མཁྲིས་པ་ཡི་འབྲས་ནད་དུ་འགྱུར་རོ། །འདི་དག་ཟ་ཁུ་མེད་པ་ནི། །གནོད་གྱུར་ཚིལ་ལས་འབྱུང་འགྱུར་ཏེ། ཇི་སྲིད་དངོས་པོ་མི་སྣང་བ། །དེ་སྲིད་ཤེས་པར་མི་འགྱུར་རོ། ཞེས་བྱ་བ་ལ། ཐོར་བུར་ནད་འདི་དག་ནི་ཟ་ཁུའི་ནད་མེད་པར་མི་ཚིལ་ཆེས་བ་ལས
་ནད་གྱུར་བ་དག་ལས་ཡང་འབྱུང་བར་འགྱུར་ཏེ། དེ་ནི་ཇི་སྲིད་རང་གི་དངོས་པོ་ལྟོ་དང་རྒྱབ་ལ་སོགས་པར་གསལ་པོར་མི་སྣང་བ་དེ་སྲིད་ཀྱིས་བར་དུ་ཤེས་ཤིང་རྟོགས་པར་མི་འགྱུར་རོ། །ཁ་དོག་ལྗང་བ་འམ་དམར་པ་འམ་ལྗང་པའི་གཅིན། ཟ་ཁུའི་སྔོན་ཚུལ་མེད་པ
་ཡི། གཅིན་འབྱུང་གང་དེ་ཟ་གུ་མིན། །དེ་ནི་ཁྲག་མཁྲིས་ཡིན་ཤེས་བྱ། ཞེས་བྱ་བ་ལ། གང་ཞིག་གཅིན་གྱི་མདོག་ལྗང་བ་ལ་སོགས་པར་བྱུང་ལ། སྔོན་དུ་བྱུང་བའི་ཚུལ་མེད་པ་དེ་ནི་ཟ་ཁུའི་ནད་ཡིན་པར་སློབ་དཔོན་གྱིས་མ་བཤད་དེ། གཅིན་དེ་ནི་ཁྲག
་མཁྲིས་ཀྱི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །ལུས་རྡུལ་ཡན་ལག་མནམ་ཞིང་ལྟོད་པ་དང། སྟན་དང་མལ་དང་གཉིད་ཀྱི་བདེ་ལ་ཆགས། །སྙིང་མིག་རྣ་བ་ཁ་ལྕེ་བྱུགས་སྙམ་བྱེད། ལུས་སྤོམས་སྐྲ་དང་སེན་མོ་རིང་བ་དང། བསིལ་བག
་དགའ་ཞིང་གྲེ་བརྐན་སྐམས་ཤིང། ཁ་ནད་རོ་མངར་རྐང་མཐིལ་ལག་མཐིལ་ཚ། །གང་དུ་གཅིས་པར་གྲོག་མི་འདུ་གྱུར་པ། །གཅིན་ནད་ཟ་ཁུའི་ཚོགས་ནི་ཕྱིས་འབྱུང་ཚུལ། །ཞེས་བྱ་བ་ལ། གཅིན་ནད་ཟ་ཁུའི་ཚོགས་ཉི་ཤུ་པོ་ཕྱི་ལ
་འབྱུང་བར་འགྱུར་བའི་རྟགས་སམ་ཚུལ་སྔོན་དུ་འབྱུང་བ་ནི། ལུས་སམ་རྡུལ་འཛག་པ་དང་ཡན་ལག་དྲི་ང་ཞིང་མནམ་ལ། ལྷོད་ཅིང་རྨྱ་བ་དང། སྟན་ལ་སོགས་པ་ལ་འདུག་པའི་བདེ་བ་ལ་ཆགས་ཤིང་སྲེད་པ་དང། སྙིང་ག་ལ་སོགས་པ་ལུས
་ཀྱི་བུ་ག་རྣམས་སུ་དྲི་མ་འཕེལ་བས་བྱུགས་ཤིང་རྐྱང་ནུལ་བྱས་པ་སྙམ་དུ་སེམས་པ་དང། ལུས་འཐུག་ཅིང་སྦོམ་པ་དང། དེ་བཞིན་དུ་སྐྲ་ལ་སོགས་པའང་ཤིན་ཏུ་རིང་ཞིང་འཕེལ་བ་དང། བསིལ་བག་ལ་དགའ་ཞིང་གྲང་བ་འདོད་པ་དང། གྲེ་བ་དང
་རྐན་སྐམས་པར་འགྱུར་བ་ལ་སོགས་པ་ཡིན་ནོ། །ཟའུ་སྦྲང་རྩི་མདོག་འདྲ་འབྱེལ་བ་དང་སྦྲང་རྩིའི་རོ་འདྲ་བ་ལ་གཉིས་སུ་རྟོགས། །ལུས་རྟས་བད་ཀན་ཅན་གྱི་ཟ་གུ་འམ། །ཉེས་པ་ཟད་པས་རླུང་གི་བདག་ཅན་ཡིན། ཞེས་བྱ་བ་ལ། གཅིན་ནད
་ཟ་ཁུ་སྦྲང་རྩིའི་མདོག་འདྲ་བ་ལ། ལྕི་ཞིང་འབྱིལ་བ་ཤ་ཤལམ་ལའི་ཁུ་བ་འདྲ་བར་གནས་པ། སྦྲང་རྩིའི་རོ་ལྟར་མངར་བ་ལ། སྐྱེས་བུ་བློ་དམན་པ་དག་ཚུལ་གཉིས་སུ་རྟོག་ཅིང་དཔྱོད་པར་བྱེད་དེ། ལུས་ཀྱི་ཉམས་རྟས་པར་བྱས་པའི་དབང་གིས་ཅི་འདི
་བད་ཀན་ལས་བྱུང་བ་ཡིན་ནམ། ཡང་ན་བད་ཀན་ལ་སོག་པའི་ཉེས་པ་ཟད་པར་བྱས་པའི་ཉམས་དམད་པ་ལས་བྱུང་བའི་རླུང་གི་བདག་ཉིད་ཅན་ཡིན་ཞེས་བློ་ཞན་པ་དག་རྟོག་པར་བྱེད་པར་འགྱུར་རོ། །སྔོན་ཚུལ་བཅས་པའི་བད་མཁྲིས་ཟ
་ཁུ་དང། །གང་ཡང་རིམ་གྱིས་རླུང་ནད་ཟ་ཁུར་གྱུར། མཁྲིས་པ་ལས་གྱུར་པ་གང་ཡིན་གསོ་བར་དཀའ་། །གལ་ཏེ་ཚིལ་ནད་ཤས་ཆུང་གྱུར་གསོ་སླ། ཞེས་བྱ་བ་ལ། སྔོན་བྱུང་བའི་ཚུལ་ལུས་རྡུལ་བ་ལ་སོགས་པ་དང་བཅས་པར་འབྱུང་བའི
་བད་ཀན་དང། མཁྲིས་པ་ལས་གྱུར་བའི་ཟ་གུ་ནི་གསོ་དཀའ་བ་ཡིན་ལ། དེ་བཞིན་དུ་གང་ཡང་རིམ་གྱིས་བད་ཀན་ལ་སོགས་པ་ལས་འབྱུང་བའི་རླུང་ནད་ཀྱིས་ཟ་གུ་དེ་ཡང་གསོ་དཀའ་བ་ཡིན་ནོ། །དེ་བཞིན་དུ་མཁྲིས་པ་ལས་རིམ་གྱིས་བྱུང་བའི་ཟ་གུར་གྱུར་པ་ནི།
་གསོ་བར་དཀའ་བ་ཡིན་ལ། གསོར་རུང་བའི་མཁྲིས་པ་ལས་གྱུར་པ་ཡང་ཡིན་ལ། ཚིལ་གྱི་ནད་ཤས་ཆེ་བ་ཡང་མ་ཡིན་ན་གསོ་བར་བླ་བ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ
་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ནད་གཞིའི་གནས་ཀྱི་ལེའུ་བཅུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁོང་འབྲས་དང་རྒྱུ་བླུགས་དང་སྐྲད་ནད་ཀྱི་ནད་གཞི་བཤད་པར་བྱའོ། །གཅིན་སྙི་བའི་ནད་གཞིའི་ལེའུ
་སྐབས་སུ་སློབ་དཔོན་གྱི། ཁོང་འབྲས་གཞན་དུ་བཤད་པ་ཡིན་ཞེས་བྱ་བ་ལ། དེའི་ཕྱིར་འདི་བརྩམས་པ་ཡིན་ལ། རྒྱུ་བླུགས་པ་དང་སྐྲན་ནད་དག་དེ་དང་ཚུལ་མཐུན་པས་ལེའུ་འདིར་བརྩམ་པ་ཡིན་ནོ། །ཁ་ཟས་ཁེངས་པོ་རབ་ཚ་དང། །རྩུབས་དང་སྐམས་དང
་ཚ་གྱུར་ཟོས། །ཉལ་བའི་སྤྱོད་པ་མི་བདེ་བ། ཁྲག་ནད་སྐྱེད་འགྱུར་དེ་དང་དེས། །པགས་པ་ཤ་ཚོལ་རུས་པ་དང། །ཁྲག་དང་ཆུ་བ་ཆུ་བ་ཆེ། །ཕྱི་དང་ནང་དུ་སྐྲངས་གྱུར་པ། །རྩ་བ་ཆེ་ཞིང་ནད་ཚབས་ཆེ། ཟླུམ་པ་འམ་འཇོད་པར་གནས་པ་གང། །ཁོང་འབྲས་དེ་ནི་རྣམ
་པ་དྲུག་།ནད་དམིགས་སྣར་འདུས་པ་དང། ཁྲག་དང་རྣམ་པ་ལས་བྱུང་བའོ། །ཞེས་བྱ་བ་ལ། ཁ་ཟས་གཡོས་ཟིན་ནས་མཚན་མོ་འདས་ཤིང་ཞག་ལོན་པའི་ཁེངས་པོ་ལ་སོགས་པ་རྒྱུན་དུ་ཟོས་པ་དང། ཁྲག་ནད་སྐྱེད་པར་འགྱུར་བའི་རྒྱུ
་གཞན་དག་ཏུ་བསྟེན་པ་དང། དེས་ནད་བསྐྱེད་པ་པགས་པ་ལ་སོགས་པའི་ཕྱི་དང་ནང་གི་ཆ་ལ་བརྟེན་ཏེ། སྐྲངས་པར་གྱུར་པ་གང་ཡིནཔ་དེ། རྩ་བ་ཆེ་ཞིང་དབྱུང་བར་དཀའ་ལ། ནད་ཚབས་ཆེ་ཞིང་བརྣག་པར་དཀའ་བའི་སྐྲངས་པ་ཟླུམ་ཞིང
་བཞེད་ནེ་བ་ངམ། །འཇོད་པོར་གནས་བས་ཤིང་སྤངས་རིང་བ་གང་ཡིན་པ་དེ་ནི་ཁོད་འབྲས་ཞེས་བྱ་བ་ལ། ཁོད་འབྲས་དེ་ནི་རླུང་ལ་སོགས་པའི་ནང་སྣ་རེ་རེ་འདས་པ་དང། ཁྲག་དང་རྨས་པ་ལས་བྱུང་བ་སྟེ་རྣམ་པ་དྲུག་ཡིན་ནོ། །འདིར་ཕྱིར་ན་ལག་པར་དེར།
་རབ་ན་མདུང་བ་ལེག་གམ་མོ་ཞེས་བྱ་བ་ལ། འདིར་ཁོང་འབྲས་གཉིས་ཡོད་པའི་ནང་ནས་ཕྱི་ནི་ལྟེ་བ་དང། གཞང་ལ་སོགས་པའི་ཡན་ལག་དེ་དང་དེད་མི་བཟད་པར་རབ་ཏུ་ན་བ་དང། མདུང་བ་བྱས་ཤིང་བརྒྱུས་བལྟར། རྡོག་རྡོག་པོར་འདུག་བ་དང། མཐོ་ཞིང་འཕགས་པ
་ཡིན་ནོ། །ནང་གི་ཤིན་ཏུ་མི་བཟད་ཅིང། །གཏིང་རིང་སྐྲན་ལྟར་སྲ་བ་ཡིན། །གྲོག་མཁར་ལྟ་བུར་མཐོ་བ་དང། །མེ་དང་མཚོན་ལྟར་མྱུར་གསོང་བྱེད། །ཅེས་བྱ་བ་ལ། ནང་གི་ཁོང་འབྲས་ནི་ཤིན་ཏུ་མི་བཟད་ཅིང་བརྣག་བར་དཀའ་བར་ན་བ་དང། གཏིང་རིང་ཞིང་ནང་དུས་དེ།
་དང། སྐྲན་ལྟར་སྲ་ཞིང་རེམ་རེམ་པོ་དག་ནས་དེ་འང། གྲོག་མཁར་གྱིས་སྤུངས་པའི་རྩེ་མོ་ལྟར་མཐོང་བར་གནས་པ་དང། ཕྱིའི་ཁོང་འབྲས་བས་ནང་གི་ཁོང་འབྲས་མྱུར་དུ་གསོད་པར་བྱེད་པ་ཡིན་ཏེ། དེ་ཡང་མེ་དང་མཚོན་གྱིས་མྱུར་དུ་གསོད་པར་བྱེད་པ་དང་འདྲ་བར་འདིར་ཡང་མྱུར།
་དུ་གསོད་པར་བྱེད་པ་ཡིན་ནོ། །ལྟེ་བ་ཆུ་སོ་མ་ཆེན་མཆེད་པ། །གློ་དང་སྙིང་ལྟོ་བརླ་རྩ་དང། མཁའ་མ་གཉིས་སམ་གཞང་དཱུང་འབྱུང་ཞེས་བྱ་བ་ལ། །ཁོང་འབྲས་དེ་ནི་ལྟེ་བ་དང་ཆུ་སོ་ལ་སོགས་པའི་གནས་གང་ཡང་རུང་བའི་ལུས་ཀྱི་ཕྱོགས་ཅིག་དུ་འབྱུང་བར
་གྱུར་བ་ཡིན་ནོ། །དེ་ལ་རླུང་གྱུར་ནད་ཚབས་དྲག་།དམར་ནག་རིང་ཞིག་ལོན་ནས་ནི། །འབྱུང་ཞིང་སྨིན་བ་དབྱིབས་མ་སྙོམས། རན་ཅིང་མགོ་འཁོར་སྤོ་བ་དང། གཡོ་ཞིང་འཕོ་ཞིང་སྒྲ་དར་བཅས། །ཞེས་བྱ་བ་ལ། ཁོང་འབྲས་ད་རུང་ལས་གྱུར་པ་ནི་ནང་ཚ་བས་དྲག?
་ཅིང་རྣོ་བ་དང། མདོག་དམར་ནག་དུ་གནས་པ་དང། ཡུན་རིང་ཞིག་ལོན་ནས་འབྱུང་ཞིང་སྨིན་བ་ཡིན་གྱི་མྱུར་དུ་འབྱུང་ཞིང་སྨིན་པ་ཡིན་པ་དང། ནད་ཀྱི་དབྱིབས་མཐོ་དམན་དང། ཆེ་ཆུང་མི་སྙོམས་པ་དང། ཚང་ཧ་ཅང་མི་ཚེ་ཞིང་རན་པ་ལ་སོགས་པ་ཡིན
་ནོ། །མཁྲིས་བྱར་ཟངས་ལྟར་དམར་རྩ་གནག་།སྐོམ་དང་ཚ་རིམས་མོངས་བག་སྐྱེད། །ལྡང་ཞིང་སྨིན་པ་མྱུར་དབང་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྨོངས་བར་ནི། མདོག་དམར་བ་ལ་སོགས་པ་གང་ཡང་རུང་བ་དང་ལྡན་པ་དང། སྐོམ་པ་ལ་སོགས་པར
་ལྡན་པར་ལྡང་ཞིང་འབྱུང་བ་དང། སྨིན་ཅིང་རྣགས་པ་མྱུར་བ་ཡིན་ནོ། །བད་ཀན་ལས་སྒ་གཡའ་དང་བཅས། །རློན་ཞིང་བསིལ་ལ་སྲ་བ་དང། གླལ་ཞིང་ལྟི་ལ་ཡི་ག་འཆུས། །འབྱུང་ཞིང་སྨིན་བ་ཡུན་དངོས་ཐོགས། ཞེས་བྱ་བ་ལ། དེ་ལ་བད་ཀན་ལས་གྱུར་པའོ
་ཁོང་འབྲས་ནི་ཁ་དོག་དཀར་ཞིང་སྐྱ་བ་དང། གཡའ་བ་ལ་སོགས་པའི་ནད་དང་བཅས་པ་དང། དུས་དང་སྨིན་པའི་དུས་ཡུན་རིང་དུ་མགོར་བ་ཡིན་ནོ། འདུས་པ་ལས་གྱུར་འདྲེན་མ་ཡིན། །ཞེས་བྱ་བ་ལ། འདུས་པ་ལ། འདུས་པ་ལས་གྱུར་བའི་ཁོང་འབྲས་ནི་མཚན
་ཉིད་དང?་ལྡན་པ་ཡིན་པ་ཁོང་དུ་ཆུད་པར་བྱའོ། །འདིར་ནི་ཕྱི་ནང་གཉིས་མཚན་ཉིད་དོན་གྱི་དབང་ལས་ཤེས་པར་བྱ། །ཞེས་བྱ་བ་ལ། ཁོང་འབྲས་བཞི་པ་འདིར་རབ་ཏུ་ན་བ་དང་ཤིན་ཏུ་མི་བཟད་པར་ན་བའི་རང་གི་མཚན་ཉིད་ཀྱི་ཕྱི་དང་ནང་གཉིས་ཀྱི་མཚན་ཉིད
་དོན་གྱི་དབང་ལས་ཤེས་པར་བྱ་སྟེ། རིགས་མཐུན་པ་དང་མི་མཐུན་པའི་མཚན་ཉིད། །ཤེས་པ་ལས་ཕྱི་ནང་གི་མཚན་ཉིད་རྣམ་པར་དབྱེ་བར་བྱ་ཞིང་ཤེས་པར་བྱའོ། །དེ་ནི་འདི་སྐད་སྟོན་ཏེ། རླུང་ལས་གྱུར་པའི་ཁོང་འབྲས་ཀྱི་མཚན་ཉིད་ཕྱི་དང་ནང་དུ་རྣམ
་པར་ཕྱེ་སྟེ། མ་བཤད་མོད་ཀྱི། འོན་ཀྱང་དམར་བ་ཉིད་ལ་སོགས་པའི་ཕྱི་རོལ་ཏུ་སྣང་བར་རིགས་པ་དེ་ནི་ཉིད་ལས་ཤེས་པར་བྱ་བ་ལ་གང་ཡང་ལྟོ་སྤོ་པ་དང། ཡི་ག་འཆུས་པ་ལ་སོགས་པ་ནང་གི་རྣམ་པ་ཡིན་པར་འཐད་བདེ་ནི་དེ་ཉིད་ཀྱི་མཚན་མ
་ཡིན་པར་ཤེས་པར་བྱའོ། །འབྲུམ་བུ་ནག་པོས་ཁེབས་ཤིང་གནག་།རབ་ཚན་ཞིང་རིམས་ཀྱིས་འདེབས། །མཁྲིས་པའི་རྟགས་ལྡན་ཕྱི་མ་ནང། །ཁྲག་གྱུར་བུ་མེད་ཉིད་ལ་འབྱུང། །ཞེས་བྱ་བ་ལ་ཁྲག་ལས་གྱུར་པའི་ཁོང་འབྲས་གང་ཡིན་པ་དེ་ནི་འབྲུམ
་བུ་ནག་པོས་ཁེབས་ཤིང་གང་བ་ཡིན་ལ། མདོག་ནི་གནག་པ་ཡིན་ཞིང་རབ་ཏུ་ཚ་བ་ལ་སོགས་པ་དང་ལྡན་པ་དང། །མཁྲིས་པའི་རྟགས་ཟངས་ལྟར་དམར་བ་དང་སོགས་པ་དང་ལྡན་པ་དེ་ནི་ཕྱིའི་ཡིན་ཡང་རུང་ནང་གི་ཡིན་ཡང་རུང་སྟེ། །
་དེ་ནི་བུད་མེད་ཁོ་ན་ལ་འབྱུང་གི་སྐྱེས་པ་ལ་ནི་མ་ཡིན་ནོ། །མཚོན་ལ་སོགས་པས་རྨས་པ་ཡིས། །རྨ་བྱུང་མི་འཕྲོད་བསྟེན་པ་ལས། །རྨ་ཁའི་ཆ་བ་རླུང་གིས་ཕུལ། །ཁྲག་བཅས་མཁྲིས་པ་འབྱུང་བར་བྱེད། །ཁོང་འབྲས་བླ་གཉན་ནད་མང་ཞིང།
་ཁྲག་མཁྲིས་མཚན་ཉིད་ཅན་དག་བྱེད། ཅེས་བྱ་བ་ལ། གང་མཚོན་དང་རྡོ་ལ་སོགས་པས་རྨས་ཤིང་སྣང་པར་གྱུར་པ་དེས་རྨ་འབྱུང་བ་དང། མི་འཕྲོད་པའི་ཁ་ཟས་བསྟེན་ཅིང་ལོངས་སྤྱོད་པ་ས་རྨ་ཁའི་ཚ་བ་རླུང་གིས་ཕུལ་ཞིང་བསྐྱོད་པས་ཁྲག་དང
་བཅས་པའི་མཁྲིས་པ་འབྱུང་ཞིང་འཛག་པར་འགྱུར་བ་དེ་ལས། ཁོང་འབྲས་བླ་གཉན་གྱི་ནད་མང་ཤིང་ཁྲེག་དང་མཁྲིས་པའི་མཚན་ཉིད་དང་ལྡན་པར་འབྱུང་བར་འགྱུར་རོ། །བླ་གཉན་དེའི་དབྱེ་བ་ཡང། གནད་ཀྱི་དབྱེ་བ་ལས་བཤད་དོ། །ཞེས
་བྱ་བ་ལ། ཁོང་འབྲས་དེ་རྣམས་ཀྱི་བླ་གཉན་ནད་བླ་ཐབས་སུ་བྱུང་བ་དེའི་དབྱེ་བ་ནི། རང་རང་གི་གནས་སམ་རྟེན་གྱི་དབྱེ་བ་ལས་ཐ་དད་པར་གྱུར་པར་དྲང་སྲོང་རྣམས་ཀྱིས་བཤད་དོ། །ལྟེ་བར་བྱུང་ན་སྐྱིགས་བུ་སྟེ། ཞེས་བྱ་བ་ལ། ཁོང
་འབྲས་དེ་ལྟེ་བར་གྱུར་ན་བླ་གཉན་སིགས་བུ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །ཆུ་སོར་གཅིན་འགགས་རྣག་ཏུ་འགྱུར། །ཞེས་བྱ་བ་ལ། ཆུ་སོར་ཁོང་འབྲས་བྱུང་ན་གཅིན་འགགས་ཤིང་འབྱུང་དཀའ་ལ། རྣག་དང་བཅས་ཤིང་དྲི་མནམ་པར
་འབྱུང་བར་འགྱུར་རོ། །མཆེར་བ་དབུགས་མི་བདེ། ཞེས་བྱ་བ་ལ། མཆེར་པར་ཁོང་འབྲས་བྱུང་ན་དབུགས་མི་བདེ་བའི་བླ་གཉན་འབྱུང་བར་འགྱུར་རོ། །མཚན་པར་དབུགས་འབྱུང་ལ། གག་སྐོམ་མགོ་འཁོར་འགྱུར་ཞེས་བྱ་བ་ལ། མཆིན་པར
་ཁོང་འབྲས་བྱུང་ན་དབུགས་འབྱུང་བ་འགག་ཅིང་སྐོམ་དད་དང། མགོ་འཁོར་བའི་ནད་ཀྱིས་འདེབས་པའི་བླ་གཉན་འབྱུང་བར་འགྱུར་རོ། །གློ་བར་བྱུང་ན་ལྐོག་ནད་འགྱུར་ཞེས་བྱ་བ་ལ། ཁོང་འབྲས་གློ་བར་བྱུང་ན་རྐོག་མའི་ནད་རྣམས་སུ་འགྱུར་རོ། །སྙིང་འབྱུང་ཡན་ལག
་ཀུན་གཟར་སྙམ། །མ་རྨོངས་མུན་སྲོས་སྙམ་དུ་བྱེད། སྙིང་འཕར་ན་བར་འགྱུར་བ་ཡིན། ཞེས་བྱ་བ་ལ། ཁྱོད་འབྲས་སྙིང་ལ་བྱུང་ན་ལུས་ཀྱི་ཡན་ལག་ཀུན་སྙིང་གར་ཤིན་ཏུ་གཟེར་བ་སྙམ་སེམས་ཤིང་བསྐྱོད་མི་ནུས་པ་ལྟ་བུར་འགྱུར་བ་དང། དེ་བཞིན་དུ་རབ་ཏུ
་རྨོངས་ཤིང་འདུ་ཤེས་ལྟར་བར་འགྱུར་བ་དང། མུན་པར་ཞུགས་པ་སྙམ་དུ་སེམས་པ་དང། སྙིང་འཕར་ཞིང་གཡོ་བ་དང། ན་བ་དང་བཅས་པར་འགྱུར་རོ། །ལྟོ་བ་རྩིབ་ལོགས་ཕྲག་པའི་ས། །ན་ཞིང་ལྟོ་སྤོས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཁོང
་འབྲས་ལྟེ་བར་བྱུང་ན་ལྟེ་བ་དང་རྩིབ་ལོགས་ཀྱི་པར་དང། །ཕྲག་པ་གཉིས་ཀྱི་བར་དུ་ན་བ་དང། ལྟོ་བ་དེ་ཉིད་སྤོས་ཤིང་སྒྲ་ཁྲུལ་ཁྲུལ་ཟེར་བ་འབྱུང་བར་འགྱུར་རོ། །ཆུ་སོ་འདོམས་པར་བྱུང་བ་བརླ་ན། ཞེས་བྱ་བ་ལ། ཁོང་འབྲས་ཆུ་སོ་དང་འདོམས་བར་དུ་བྱུང
་ན་བརླ་ན་ཞིང་འགུལ་མི་ཤེས་པར་འགྱུར་རོ། །མཁལ་མར་བྱུང་ན་རྐེད་པ་རྒྱབ། །རྩིབ་ལོགས་སུ་ནི་ན་བར་འགྱུར། །ཞེས་བྱ་བ་ལ། ཁོང་འབྲས་མཁལ་མ་གཉིས་སུ་བྱུང་ན་རྐེད་པ་དང་རྒྱབ་དང་རྩིབ་ལོགས་སུ་ན་ཞིང་ཟུག་པར་འགྱུར་རོ། །གཞང་དུ་རླུང་ནི
་ཐུར་འབྱུང་འགག་།ཅེས་བྱ་བ་ལ། གཞང་གི་ནང་དུ་ཁོང་འབྲས་བྱུང་ན་རླུང་ཐུར་དུ་འབྱུང་བའི་གགས་བྱེད་ཅིང་ནང་ན་འཁྱིལ་པར་འགྱུར་རོ། །ཞུ་དང་མ་ཞུ་ཕྱེད་ཉིད་ཞུ། །དེ་དག་འོར་ནང་ལྟ་བུར་བཤད། །ཅེས་བྱ་བ་ལ། ཞུ་བའི་གནས་དང་མ་ཞུ་བའི
་གནས་དང་ཕྱེད་ཙམ་ཞུ་བ་སྟེ། ལེགས་པར་མ་ཞུ་བའི་གནས་སུ་བྱུང་བ་དེ་དག་ནི་འོར་ནད་དམ་སྐྲང་པག་གི་ནད་ཀྱི་མཚན་ཉིད་དང་འདྲ་བར་བཤད་དེ། །སྐྲན་པ་ཆུང་བ་ནད་ཚབས་ཆུང་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྟོན་ཏོ་ལྟེ་བ་ཡན་ཆད་སྨིན
་བར་འཛག་།ཅེས་བྱ་བ་ལ། ཁོང་འབྲས་ལྟེ་བ་ཡན་ཆད་ཀྱི་ནང་ན་ཡོད་པ་དེ་དག་སྨིན་པར་གྱུར་ན་ཁའི་སྒོ་ནས་རྣག་པ་ལ་སོགས་པའི་ནད་རྣམས་འཛག་ཅིང་འབྱུང་བར་འགྱུར་རོ། །ལྟེ་བ་མན་ཆད་གཞང་དུ་འཛག་།ཅེས་བྱ་བ་ལ། ལྟེ་བ་མན་ཆད
་ཀྱི་ནད་ན་ཁོང་འབྲས་གནས་པ་ལས། སྨིན་པར་གྱུར་པ་གང་དག་ཡིན་པ་དེ་གཞང་གི་སྒོར་རྣག་པ་ལ་སོགས་པ་འཛག་པར་འགྱུར་རོ། །ལྟེ་བར་གནས་པ་གཉིས་ཀར་འཛག་།ཅེས་བྱ་བ་ལ། ཁོང་འབྲས་ལྟེ་བའི་ནང་དུ་བྱུང་ན་ལུས་ཀྱི་དབུས་ན་གནས
་པ་ཡིན་པའི་ཕྱིར་ཁ་དང་གཞང་གཉིས་ཀ་ནས་བྱུང་ཞིང། འཇོག་པ་ཡིན་ནོ། །ཁོང་འབྲས་ཀྱི་ནི་ནང་དམིགས་རྣམས། །མཛག་ལས་རྨ་ལྟར་ཤེས་པར་བྱ། ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་བཞི་རླུང་ལ་སོགས་པ་ནི་རང་གི་མཛག་པ་ཇི་ལྟ་བ་ལས
་རྨའི་ཚུལ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟར་རྨ་ལ་རྣག་དང་གཤེར་བག་འཛག་པའི་ཚུལ་ལས་ནད་བཞིའི་ཚུལ་ཤེས་པར་བྱ་བ་མདོའི་གནས་སུ་ཇི་སྐད་བཤད་པ་དེ་བཞིན་དུ་འདིར་ཡང་ཚུལ་དེ་དང་འདྲ་བར་བརྟག་པར་བྱའོ། །དེ་ལས་འདུས་པ་ལས་གྱུར
་དང། སྙིང་དང་ལྟེ་བ་ཆུ་སོར་གནས། ཕྱི་འམ་ནང་དུ་དབྱེ་བ་འམ། །སྨིན་ཏེ་ཁ་ནས་འཛག་པ་ནི། །ཉམ་ཆུང་བླ་གཉན་ལྡན་པ་སྤང། །ཞེས་བྱ་བ་ལ་འདུས་པ་ལས་གྱུར་པའི་ཁོང་འབྲས་གང་ཡིན་པ་དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །དེ་བཞིན
་དུ་རླུང་ལ་སོགས་པ་འབའ་ཞིག་ལས་གྱུར་པ་ཡིན་ཡང་སྙིང་ག་དང་ལྟེ་བ་དང་ཆུ་སོར་གནས་པ་ཡང་སྤང་བར་བྱའོ། །དེ་བཞིན་མ་བུད་མེད་བུ་བཙས་པ་འམ། སྦྲུམ་མ་ནུ་ཞོ་ཡོད་པ་དང། ནུ་ཞོ་མེད་པའི་ནུ་མ་ཡི། །རྩ་སྒོ་ཁ་བྱེར་ཕྱིན་གྱུར་ནས།
་ཕྱི་ཡི?་ཁོང་འབྲས་མཚན་ཉིད་ཅན། །སྐྲངས་ཤིང་སྲ་བ་འབྱུང་བར་འགྱུར། ཞེས་བྱ་བ་ལ། ཇི་ལྟར་ཁོང་འབྲས་ཞེས་བྱ་བའི་ནད་ཁོངས་སུ་ཟོས་པ་ལ་སོགས་པས་སྐྱེ་བ་བཞིན་དུ་བུད་མེད་བུ་བཅས་པ་འམ། སྦྲུམ་མ་ནུ་མར་ནུ་ཞོ་དང་བཅས་པ་འམ།
་ནུ་ཞོ་མེད་པའི་ནུ་མའི་རྩ་ཁ་བྱེ་བར་ཕྱིན་ནས་ཕྱིའི་ཁོང་བྲས་ཀྱི་མཚན་ཉིད་རབ་ཏུ་ན་པ་དང། མདུད་པ་འདྲ་ཞིང་མཐོ་བ་ལ་སོགས་པའི་འབྱུང་བར་འགྱུར་ཏེ། དེ་ཡང་སྐྲང་བ་དང་སྲ་བའི་རང་བཞིན་ཅན་དུ་འབྱུང་བར་འགྱུར་ཏེ་དེ་ནི་ནུ་མའི་ཁོང་འབྲས་ཞེས་བྱ་བ་ཡིན་ནོ། །?་?
་རྣམས་ཀྱང་ནུ་རྩེའི་སྒོ། །ཕྲ་བས་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། ནུ་མའི་ཁོང་འབྲས་དེ་ནི་བུ་མོ་གཞོན་ནུ་ལྔ་འབྱུང་བར་མི་འགྱུར་ཏེ། །ཅིའི་ཕྱིར་ཞེ་ན། དེའི་ནུ་མའི་རྩ་སྒོ་ཤིན་ཏུ་ཕྲ་བས་དེ་འབྱུང་བར་མི་འགྱུར་བ་ཡིན་ནོ། །རླུང་ནི་རྒྱུ་འམ་འགགས
་པས་འཁྲུགས། །སྐྲང་དང་གཟེར་ནི་སྐྱེད་ཅིང་རྒྱུ། ཆུ་སོ་རླིག་པར་ཕྱིན་པ་དང། །རླིག་པར་རྒྱུ་བའི་རྩ་དག་ནི། བརྩིར་ནས་རླིག་པ་པགས་པ་དང། འཕེལ་ཞིང་རླིག་བླུགས་ཉིད་དུ་བྱེད། ཅེས་བྱ་བ་ལ། རླུང་རང་གི་རྒྱུ་བའི་ལམ། འགགས་ཤིང་ཕན
་ཚུན་རྒྱུ་བའི་གོ་སྐབས་ཆུང་བར་གྱུར་པས་འཁྲུགས་ཤིང་ནད་སྐྱེད་པ་ན་སྐྲངས་པ་དང་གཟེར་པའི་ནད་བསྐྱེད་ཅིང་རྒྱུ་ནས་རླིག་པ་སྐྲངས་པར་བྱེད་ཅིང། ཆུ་སོ་དང་རླིག་པར་ཕྱིན་ནས་དེ་ལ་བརྟེན་མཆིན་པའི་གནས་སུ་རྒྱུ་བའི་རྩ་དག་རབ་ཏུ
་བཙིར་ཞིང་གནོད་པར་བྱས་ནས་རླིག་པ་དང་པགས་པ་འཕེལ་ཞིང་རྒྱས་པའི་རླིག་བླུགས་ཉིད་བྱེད་ཁྲག་འགྱུར་རོ། །ནད་ཁྲག་གཅིན་ཚིལ་རྒྱུ་མ་ལས། །རླིག་བླུགས་དེ་ནི་རྣམ་བདུན་འགྱུར། ཞེས་བྱ་བ་ལ། རླིག་བླུགས་ཞེས་བྱ་བའི་ནད་དེ་ནི་ནད
་དམིགས་སོ་སོ་དང་ཁྲག་ལས་བྱུང་བ་དང། གཅིན་དང་ཚིལ་དང་རྒྱུ་མ་ལས་བྱུང་པ་སྟེ་རྣམ་པ་བདུན་ཡིན་ནོ། །རྒྱུ་མ་གཅིན་སྐྱེས་པའམ་རླུང་རྒྱུ་མའི་དབྱེ་བ་འབའ་ཞིག་གཞན། ཞེས་བྱ་བ་ལ། རྒྱུ་མ་འམ་གཅིན་ལས་སྐྱེས་པའི་རླིག་བླུགས་དག
་ཀྱང་རླུང་ལས་གྱུར་པ་དང་འདྲ་མོད་ཀྱི་རྒྱུ་འབའ་ཞིག་གི་དབྱེ་བས་ཐ་དད་པ་ཡིན་ནོ་ཞིང་གཞན་མ་ཡིན་ནོ། །རླུང་གྱུར་རྐྱལ་པ་གང་འདྲ་ཞིང། རེག་ན་རྩུབ་ཅིང་རྒྱུ་མེད་ན། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རིག་བླུགས་ནི། རེག་ན་རྐྱལ་པ་རླུང་གིས་གང་བ
་འདྲ་ཞིང་རེག་ན་རྩུབ་པ་དང། དེ་བཞིན་དུ་རྒྱུ་མེད་པར་གློ་བུར་དུ་ན་བར་བྱེད་པ་ཡིན་ནོ། །མཁྲིས་གྱུར་ཨུ་དུམྦ་ར་ཡི། །འབྲས་བུ་སྨིན་འདྲ་ཚ་དྲོ་འདྲུལ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རླིག་བླུགས་ཀྱི་ནང་ནི་ཨུ
་དུམྦ་རའི་འབྲས་བུ་སྨིན་པ་དང་མདོག་འདྲ་ལ། དེ་བཞིན་དུ་ཚ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །བད་ཀན་ལས་བསིལ་ལྕི་ཞིང་སྣུམ། གཡའ་ཞིང་སྲ་ལ་ནད་ཚ་བས་ཆུང། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རླིག་བླུགས་ཀྱི་ནད
་ནི་བསིལ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཁྲག་གྱུར་རྣག་ཅིང་འབྲུམ་བུས་ཁྱབ། །མཁྲིས་པའི་རླིག་བླུགས་མཚན་ཉིད་ལྡན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་རླིག་བླུགས་ནི་སྣག་ཚ་ལྟར་གནག་ཅིང་འབྲུམ་བུ
་ནག་པོས་ཁྱབ་པ་དང། མཁྲིས་པའི་རླིག་བླུགས་ཀྱི་མཚན་ཉིད་ཨུ་དུམྦ་རའི་འབྲས་བུ་སྨིན་པ་དང་འདྲ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ་ཚིལ་གྱུར་རླིག་བླུགས་བད་ཀན་འདྲ། །འཇམ་ཞིང་ཏཱ་ལའི་འབྲས་བུར་མཚུངས་ཞེས་བྱ་བ་ལ། ཚིལ་ལས
་གྱུར་པའི་རླིག་བླུགས་ཀྱི་ནད་ནི་བསིལ་ཞིང་སྣུམ་ལ་སོགས་པ་བད་ཀན་གྱི་མཚན་ཉིད་དང་འདྲ་བ་དང། ཡང་དེ་འཇམ་ཞིང་ཏཱ་ལའི་འབྲས་བུ་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །གཅིན་མནགས་པ་ལ་བརྟེན་པ་རྣམས། །གཅིན་ལས
་འབྱུང་བར་དེ་འགྱུར་ཏེ། རྒྱལ་བ་ཆུ་ཡིས་གང་བ་ལྟར། །གཡོ་གྱུར་ནད་དང་བཅས་ཤིང་འཇམ། །གཅིན་འགགས་པ་དང་རླིག་པ་ཡིས། །འོག་ཏུ་སྐྲང་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། གཅིན་སྙོམས་ལས་བརྣགས་ཤིང་ནན
་གྱིས་འགེགས་པར་བྱེད་པ་ལ་བརྟེན་པའི་སྐྱེས་བུ་རྣམས་ལ་ནི་གཅིན་ལས་བྱུང་བའི་རླིག་བླུགས་འབྱུང་བར་འགྱུར་ཏེ་དེ་ནི་རྐྱལ་པ་ཆུས་གང་པ་ལྟར་གཡོ་ཞིང་མགུལ་པར་འཁྲུགས་པར་འགྱུར་ལ། དེ་ཡང་ནད་དང་བཅས་ཤིང
་འཇམ་ཞིང་མཉེས་པར་འགྱུར་བ་དང། དེ་བཞིན་དུ་གཅིན་འགགས་ཤིང་སྲི་པ་དང། དེ་བཞིན་དུ་རླིག་པའི་འོག་ཏུ་གདུ་བུ་ལྟར་སྐྲངས་པར་བྱེད་པར་འགྱུར་རོ། །རླུང་འཁྲུགས་པ་ཡི་ཟས་དང་ནི། །ཆུ་གྲང་ལ་ནི་རྐྱལ་པ་དང། ཤུགས་བཀག་བཙིར་དང་འཁུར་དང་ལམ། ཡན
་ལག་ལོག་པར་བཅུས་པ་དང། །རླུང་འཁྲུགས་པ་ནི་གཞན་གྱིས་ཀྱང། གང་ཚེ་རྒྱུ་མ་ཕྲ་མོའི་ཆ། །རླུང་གིས་ལོག་པར་ཕུལ་གྱུར་ཏེ། །རང་གི་གནས་ནས་ཐུར་དུ་བསྐྱོད། །ཆུ་སོའི་ཚགས་སུ་ཕྱིན་པ་དང། །དེ་ཚེ་མདུད་པ་ལྟར་རློར་འགྱུར། ཞེས་བྱ་བ་ལ། རླུང
་འཁྲུག་པར་བྱེད་པའི་ཁ་ཟས་རྩུབ་པ་དང་བསྐ་བ་ལ་སོགས་པ་བསྟེན་པ་དང་དེ་བཞིན་དུ་ཆུ་གྲང་མོ་ལ་རྐྱལ་གྱིས་བརྒལ་བ་དང། དེ་བཞིན་དུ་བཤང་གཅིའི་ལ་སོགས་པའི་ཤུགས་འབྱུང་བ་བཀག་པ་དང། ནན་གྱིས་བཙིར་བ་དང། ཁུར་ལ་སོགས་པས་གནོད་པར
་འགྱུར་བའི་རྒྱུ་གཞན་དག་གིས་རླུང་འཁྲུག་པར་གྱུར་པའི་དུས་གང་གིས་ཚེ་རྒྱུ་མ་ཕྲ་མོའི་ཆ་སྟེ་རྒྱུ་མ་ཕྲེའུ་ཕྱོགས་གཅིག་ལོག་པར་གུལ་ཏེ་རང་གི་གནས་ནས་ཐུར་དུ་བསྐྱོད་ཅིང་ཆུ་སོའི་ཚིགས་སུ་རླུང་གནས་པ་དེའི་ཚེ་མདུད་པ་ལྟར་གློ་བའི་སྐྲང་བག་སྐྱེད་པར
་འགྱུར་རོ། །ཡལ་བར་བོར་ན་རླིག་པ་ཆེར་སྐྱེ་ཞིང། །སྤོ་ཞིང་ན་ལ་རེངས་པར་རླུང་གིས་བྱེད། །རབ་ཏུ་གཟེར་ཞིང་ནད་ན་སྒྲ་དང་བཅས། །གང་བར་བྱེད་ཅིང་བཅུག་ཀྱང་སློར་འབྱུང་བྱེད། །ཅེས་བྱ་བ་ལ། ནད་དེ་ཡལ་བར་བོར་ཞིང་གསོ་བ་མ་བྱས་ན་རླིག་པ་སྐྱེ
་ཞིང་འཕེལ་བར་འགྱུར་བ་དང། ལྟོ་སྤོ་ཞིང་རེངས་པར་རླུང་དེས་བསྐྱོད་པར་བྱེད་པ་དང། ཡང་རླུང་གིས་རབ་ཏུ་གཟིར་ཅིང་ཉེན་པས་ནད་ན་སྒྲ་དང་གནས?་ཤིང་ཀྲུལ་ཀྲུལ་ཟེར་བ་དང། ཡང་རླུང་གིས་གང་བར་བྱེད་ཅིང་ཕྱུང་བ་དེ་བཅུག་ཀྱང་སླར་འབྱུང་བར
་བྱེད་པ་ཡིན་ནོ། །རྒྱུ་བླུགས་འདི་ནི་གསོ་དཀའ་སྟེ། །རླུང་གིས་རླིག་བླུགས་འདྲ་བ་ཡིན། །རྩུབ་ཅིང་གནག་ལ་དམར་བའི་རྩས། །ཕྲ་མོ་འདྲི་བས་ཁེབས་པ་ཡིན། །ཞེས་བྱ་བ་ལ། རྒྱུ་བླུགས་ཞེས་བྱ་བའི་ནད་འདི་ནི་གསོ་དཀའ་ཞིང་བཅས་པར་མི་ནུས
་པ་ཡིན་ལ། ཡང་དེ་ནི་རླུང་གི་རླིག་བླུགས་དང་མཚན་མ་འདྲ་བ་ཡིན་ཏེ། རླུང་གྱུར་རྐྱལ་པ་གང་འདྲ་ཞིང། །རེག་ན་རྩུབ་ཅིང་རྒྱུ་མེད་ན། ཞེས་བྱ་བའི་གཞུང་གིས་བསྟན་པ་ཡིན་ནོ། །ཡང་དེ་བཞིན་དུ་རྩུབ་ཅིང་མདོག་གནག་ལ་རྩ་དམར་བའི་རྩའི་ཚོགས་ཕྲ་མོའི
་དྲ་བས་ཁེབས་ཤིང་ཁྱད་པར་འགྱུར་བ་ཡིན་ནོ། །སྐྲན་བརྒྱད་ནད་ནི་སོ་སོ་དང། །འདྲེས་དང་འདུས་པ་ལས་གྱུར་དང། ཟླ་བ་མཚན་གྱི་ནི་ཉེས་པ་ཡིས། །བརྒྱད་པ་མུད་མད་རྣམས་ལ་འབྱུང། ཞེས་བྱ་བ་ལ། སྐྲན་ནི་རྣམ་པ་བརྒྱད་ཡོད་དེ། །དེ་ཡང་རླུང་ལ་སོགས་པ་ནད་གཞི་སོ
་སོ་ལས་བྱུང་བ་གསུམ་དང། ནད་གཞི་གཉིས་གཉིས་འདྲེས་པའི་ལྡན་པ་ལས་གྱུར་པ་གསུམ་དང། ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པ་ཅིག་དང། བུད་མེད་རྣམས་ལ་ཟླ་མཚན་གྱི་ནད་ཀྱི་ཉེས་པ་ལས་བྱུང་བ་གཅིག་སྟེ། དེ་ལྟར་ན་སྤྱིར་བརྒྱད་ཡིན་ནོ།།
་རིམས་དང་སློན་དང་ཚད་འཁྲུ་སོགས། །སྐྱུག་སྨན་སོགས་དང་ལས་རྣམས་ཀྱིས། །སྐེམ་གྱུར་རླུང་སྐྱེས་ཟས་ཟ་དང། བསྲེས་ཏེ་ཆུ་གྲང་འཐུངས་གྱུར་པ་འམ། །སྐོམ་འཐུངས་རྗེས་ལ་གང་ཞིག་ནི། །བརྒྱལ་བ་འཕྱོ་བ་ལ་སོགས་པ། རྟེན་པས་ལུས་ནི་དཀྲུགས
་བྱས་པས། །སློབ་མི་བྲོ་ཡང་སྐྱུག་པ་དང། །རླུང་ལ་སོགས་པ་འབྱུང་བའི། །ཤུགས་བཀག་པ་འམ་བཙིར་བ་དང། །སྣུམ་དང་དུགས་ནི་མ་བརྟེན་པར། །སྤྱང་བའི་ལས་ནི་བྱེད་པ་འམ། །སྦྱངས་ཟིན་མྱུར་དུ་ཚ་བ་དང། བད་ཀན་སྐྱེད་པའི་ཟས་སྐོམ་སྤྱད
་རླུང་རྒྱས་པ་ཡི་ནད་རྣམས་ནི། །སོ་སོ་འམ་འདྲེས་པ་འམ་འཁྲུགས་གྱུར་པ་འམ། །ཀུན་ནས་ཁྲག་དང་བཅས་འཁྲུགས་པས། །སྦུགས་ཅན་ལ་ནི་བརྟན་གྱུར་ནས། །སྟེང་འོག་ལམ་ནི་བཀག་ནས་སུ། །གཟེར་སྔོན་འགྲོ་ཞིང་རེག་ཏུ་རུང། །ཤིན་ཏུ་མཐོང་ཞིང
་མདུད་པའི་གཟུགས། །སྐྲན་ནི་སྐྱེད་པར་འགྱུར་བ་ཡིན་ཞེས་བྱ་བ་ལ། སྐྲན་འབྱུང་བའི་རྒྱུ་ནི་རིམས་ལ་སོགས་པའི་ནད་རྣམས་དང། །དེ་བཞིན་དུ་སྐྱུགས་སྨན་ལ་སོགས་པ་སྟེ། །སྐྱུགས་སྨན་དང་བཀྲ་སྨན་དང། །བཀྲུ་སྨན་དྲག་པོ་མ་བཏང་བ་དང།།
་འཇམ་རྩི་དང་མགོ་བོའི་བཀྲུ་སྨན་ཞེས་བྱ་བའི་དཔྱད་ཀྱིས་སྦྱོར་བ་ཉེས་པ་དང། དེ་བཞིན་དུ་དྲག་ཤུལ་གྱི་ནད་རྣམས་ཀྱིས་སྐེམ་ཞིང་སྦེག་པར་གྱུར་པ་དང། རླུང་སྐྱེས་པའི་ཟས་རྩུབ་ཅིང་ཁ་བ་ལ་སོགས་པ་ཟ་བ་དང། དེ་བཞིན་དུ་འགྲེས་ཤིང་ཟས་ཟ་བར་འདོད་པའི་སྐབས་སུ་ཟས
་མ་ཟོས་པར་ཆུ་གྲང་མོ་འཐུངས་པ་འམ། ཡང་ན་སྐོམ་འཐུངས་པའི་རྗེས་ལ་རྒྱལ་པ་དང་མཆོད་པ་དང་ཉལ་པོ་བསྟེན་པ་དང། རྟ་རྒྱུག་པ་ལ་སོགས་པ་ལ་བརྟེན་ཅིང། ལུས་འཁྲུགས་ཞིང་བསྐྱོད་པའི་བྱས་པ་དང། ཡང་ན་སློན་མི་བྲོ་བཞིན་དུ་ནན་གྱིས་སློན་ཞིང
་སྐྱུགས་པ་དང། རླུང་དང་བཤང་གཅི་ལ་སོགས་པའི་ཤུགས་པར་སྡོག་བཞིན་དུ་ནན་གྱིས་བཀག་ཅིང་མནག་པ་དང། དེ་དག་ནན་གྱིས་བཙིར་བ་དང། ཡང་ན་སྣུམ་དང་དུགས་ཀྱི་ཆོ་ག་ཡང་དང་ཡང་དུ་བྱ་བ་མ་བརྟེན་ཅིང་གོམས་པར་མ་བྱས་པར་སྦྱང་བའི་ལས
་སྐྱུགས་སྨན་དང་བཀྲུ་སྨན་ལ་སོགས་པ་བཏབ་པ་དང། ཡང་ན་སྦྱངས་ཟིན་ཅིང་སྐྱུགས་སྨན་བཏང་བ་ལ་སོགས་པ་བྱས་ཟིན་པའི་རྗེས་ཐོགས་ཉིད་ལ་མྱུར་བར་ལུས་ཚ་བར་བྱེད་པའི་ཟས་སྐོམ་ལ་བརྟེན་པ་དང། དེ་བཞིན་དུ་བད་ཀན་སྐྱེད?་ཅིང་ལྗན་ལྗིན་འཕེལ
་བའི་ཟས་སྐོམ་ལོངས་སྤྱད་པ་དང། དེ་བཞིན་དུ་རླུང་རྒྱས་ཤིང་འཕེལ་བའི་ནད་ཀྱི་དྲི་མ་རྣམས་སོ་སོར་འཁྲུགས་པར་འགྱུར་བ་འམ། གཉིས་འདྲེས་པའི་ལྡན་པར་འཁྲུགས་པ་འམ། ཡང་ན་ནད་བཞི་ཐམས་ཅད་འཁྲུགས་པ་འམ། །ཁྲག་དང་བཅས་པར་འཁྲུགས
་ཤིང་གཡོས་པས་སྤུབས་ཆེན་པོ་སྟེ། ལྟོ་བ་ཞེས་བྱ་བའི་ལུས་ཀྱི་དབུས་ཀྱི་ཆ་དེ་ལ་བརྟེན་ཅིང་གནས་ནས་དེའི་འོག་ཏུ་རྩ་བོ་ཆེའི་ནང་དུ་ཞུགས་ཏེ། སྟེང་དང་འོག་གི་ལམ་བཀག་ནས་སྐྲན་སྐྱེད་པར་འགྱུར་ལ། དེ་ཡང་གཟར་སྔོན་དུ་འགྲོ་བའི་སྒོ་ནས་ནད་སྐྱེད་པར
་འགྱུར་ཞིང། །རེག་ཏུ་རུང་བ་ཤིན་ཏུ་མཐོང་ཞིང་འབུར་བར་མདུད་པའི་གཟུགས་ཅན་ལྟར་རིལ་རིལ་པོར་གནས་པའི་སྐྲན་ཞེས་བྱ་བ་སྐྱེད་པར་འགྱུར་བ་ཡིན་ནོ། །སྐེམ་པས་བད་ཀན་མཁྲིས་བཤང་བའི། །རྒྱུན་སྲང་འགགས་པར་གྱུར་པ་ཡིན། །རླུང་ནི་ཁོང
་པར་གནས་བཅས་པ། །རྩུབ་པས་སྲ་བར་གྱུར་པ་ཡིན། །རང་གནས་ལྡང་གྱུར་རང་དབང་ཅན། །གཞན་གནས་ལ་བརྟེན་གཞན་དབང་ཅན། །གོང་པོར་གྱུར་པས་གཟུགས་མེད་ཀྱང། །གཟུགས་ཅན་ལྟར་གནས་སྐྲན་ཞེས་བྱ། །ཆུ་སོ་ལྟེ་བ་སྙིང་ལ་དང།།
་རྩིབ་ལོགས་ལ་ནི་གནས་པ་ཡིན། །ཞེས་བྱ་བ་ལ། སྐེམ་ཞིང་ལུས་ཟུངས་ཟད་པས་ལན་འགའ་ཞིག་རླུང་འཁྲུགས་ཤིང་ལྡང་བར་འགྱུར་ལ། ལན་འགའ་ཞིག་ནི་བད་ཀན་དང་མཁྲིས་པ་དང་བཤད་གའི་རྒྱུ་བའི་བུ་གའི་ཞིང?་སྲད་འགགས་པར་འགྱུར་བས
་འཁྲུགས་པར་འགྱུར་ལ། འཁྲུགས་པའི་རླུང་དེ་ཁོང་པའི་ནང་དུ་གནས་བཅས་ཤིང་བརྟེན་པར་གྱུར་པ་ཡིན་ལ། དེ་ནས་རྩུབ་པའི་རྒྱུས་སྲ་ཞིང་མཁྲད་པར་འགྱུར་པ་ཡིན་ལ། རླུང་དེ་རང་གི་གནས་ན་གནས་པའི་ཚེ་ན་ནི་རང་དབང་ཅན་ཞེས་བྱ་བ་ལ། རང
་གི་གནས་བད་ཀན་དང་མཁྲིས་པའི་གནས་ལ་བརྟེན་པའི་ཚེ་ན་ནི་གཞན་དབང་ཅན་ཞེས་བྱའོ། །ཡང་ནད་དེ་ནི་གོང་པོར་གནས་པས་ན་རེག་ཏུ་རུང་པར་གྱུར་པས། །རླུང་དེ་གཟུགས་མེད་པ་སྟེ་སྲ་བ་མ་ཡིན་དུ་ཟིན་ཀྱང་གཟུགས་ཅན་ལྟ་བུར་གནས་ཤིང
་མདུང་པའི་གཟུགས་སུ་འདུག་པས་མིང་སྐྲན་ཞེས་བཏགས་པ་ཡིན་ནོ། །དེ་ཡང་ཆུ་སོ་ལ་སོགས་པའི་གནས་ལ་གནས་པ་ཡིན་ཏེ། །ཆུ་སོ་དང་ལྟེ་བ་དང་སྙིང་ག་དང་རྩིབ་ལོག་གཡས་གཡོན་ཏེ་ལྔར་གནས་པ་ཡིན་ནོ། །རླུང་ལས་མནན་པ་ཀླད
་པར་གཟེར། །རིམས་འདེབས་མཆེར་ན་རྒྱུ་མ་འཁྲུག་།བཤད་སྲི་ཁབ་ཀྱིས་བཙགས་སྙམ་ན། །དབུགས་འབྱིན་ཡང་དང་ཡང་མི་ཕྱིན། །ལུས་རེངས་ཁ་ནི་སྐམ་པོ་དང། །སྐེམས་ཞིང་མེ་དྲོད་མི་སྙོམས་དང། །པགས་སོགས་གནག་ཅིང་རྩུབ་པ་དང།
་རླུང་སྐྲན་གཡོ་བ་ཡིན་པའི་ཕྱིར། །དབྱིབས་ནི་བརྟག་པར་མི་མངོན་ཞིང། །གནས་འཕེལ་འབྲི་དང་ན་བ་དང། །གྲོག་མས་ཁྱབ་པ་ལ་བུ་ནི། །སྐྲན་ནི་འགུལ་ཞིང་ཟུག་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ནད་ནི་མཇིད་པ་དང། །ཀླད་པར
་གཡེར་བ་ལ་སོགས་པའི་ནད་ཀྱིས་འདེབས་པར་འགྱུར་བ་དང། །ཁབ་ཀྱི་བརྩགས་པ་སྙམ་དུ་ན་ཞིང་ཟུག་པ་དང། དབུགས་འབྱིན་པ་དཀའ་ཞིང་ཡང་དང་ཡང་དུ་མི་ཐོན་པ་དང། ལུས་རེངས་ཞིང་འགྱུར་མི་ཤེས་པ་དང། སྐམ་ཞིང་རིང་བ་དང། པགས་པ་དང་མིག་དང་སེན?
་མོ་དང་གདོང་ལྕེ་ལ་སོགས་པ་གནག་པ་དང། རླུང་གི་རང་བཞིན་གཡོས་ཞིང་མི་བརྟན་པ་ཡིན་པའི་ཕྱིར་དབྱིབས་དང་རང་བཞིན་བརྟག་པར་དཀའ་ཞིང་གནས་གཅིག་ན་མི?་འདུག་པ་དང། འཕེལ་བ་དང་འབྲི་བར་སྣང་བ་དང། ན་ཞིང་ཟུག་པ་དང་གྲམས་ཁྱབ་ཅིང
་གང་བ་ལྟ་བུར་སྐྲན་དེ་འགུལ་བ་དང། ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་ལས་ཚ་ཞིང་སྒྲེགས་སྐྱུ་རང་རྒྱལ། །འཁྲུ་ཞིང་ལུས་རྡུལ་སྐོམ་རིམས་འདེབས། །པགས་པ་ལ་སོགས་སེར་པོར་སྣང། །སྐྲན་ནི་རེག་པར་མི་བཟོད་དང། །ཚ་ཞིང་འབར་ལ་དྲོ་བ་དང། །རང་གི
་གནས་ནི་བསྲགས་སྙམ་བྱེད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་ནི་ཚ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དང། སྐྲན་མྱང་ཞིང་རེག་པར་མི་བཟོད་ཅིང་ན་བ་དང། ཚ་འུར་འུར་པོ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །བད་ཀན་སླད་པག་ཡི
་ག་ན་ཞུས། །མེ་དྲོད་ཉམས་ཤིང་གྲང་རིམས་འདེབས། །ཆམ་པ་ཁོང་སྙོམས་དང་ག་ལྕི། །ལུད་པ་ལུ་ཞིང་པགས་སོགས་དཀར། །སྐྲན་ཕུགས་རིང་ཞིང་སྐྲང་བ་དང། །ལྕི་ཞིང་རང་གནས་བརྟག་ནད་ཆུང། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ནད
་ནི་སློང་བག་ལ་སོགས་པ་དང་ལྡན་པའི་ན་ཞིང་པགས་པ་དང་སེན་མོ་ལ་སོགས་པ་དཀར་ཞིང་སྐྱ་བ་དང། དེ་བཞིན་དུ་སྐྲན་ཕུགས་རིང་ཞིང་ལྔ་ལྟར་སྲ་བ་དང། ལྕི་ཞིང་ཚོར་བ་མང་བ་ལྟ་བུ་དང། རང་གི་གནས་ན་བརྟན་པར་གནས་ཤིང་མི་འགྱུར་བ་དང། ནད
་ཚ་བས་ཆུང་ཞིང་རྒྱུ་བ་ངལ་བ་ཡིན་ནོ། །ཕལ་ཆེར་རང་གནས་འདུག་པ་དང། རང་གིས་དུས་སུ་ནད་སྐྱེད་བྱེད། ཅེས་བྱ་བ་ལ། སྐྲན་དེ་དག་ནི་ཕལ་ཆེར་ནད་རང་རང་གི་གནས་ན་འདུག་ཅིང་རྟེན་ལ་རང་གི་ལྡང་པའི་དུས་སུ་ནད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་རླུང
་ལས་གྱུར་པའི་སྐྲན་ནད་ཕལ་ཆེར་ནི་བཀུའི་ཕྱོགས་སུ་གནས་ལ། མཁྲིས་པ་ལས་གྱུར་པའི་སྐྲན་ནི་ཕལ་ཆེར་ལྟེ་བ་ལ་གནས་སོ། །བད་ཀན་ལས་གྱུར་པའི་སྐྲན་ནི་ཕལ་ཆེར་རྩི་བ་ལོགས་གཉིས་དང་སྙིང་གར་གནས་སོ། །རང་གི་དུས་ནི
་ཉིན་མཚན་དང་ཟས་ཟོས་པ་ལ་སོགས་པ་ནད་རང་རང་འབྱུང་བའི་དུས་སུ། རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པའི་སྐྲན་ལྷག་པར་ལྡང་ཞིང་ན་བར་འགྱུར་རོ། །གཉིས་ལས་བྱུང་བའི་སྐྲན་གསུམ་པོ། །མཚན་ཉིད་འདྲེས་པར་ལྡན་པ་ཡིན། ཞེས་བྱ
་བ་ལ། ནད་གཞི་གཉིས་འདྲེས་པ་ལས་བྱུང་བའི་སྐྲན་གསུམ་ནི་མཚན་ཉིད་གཉིས་པོ་གང་དག་ཡིན་པ་དེའི་ཆ་འདྲེན་མ་དང་ལྡན་པ་ཡིན་ནོ། །ཀུན་སྐྱེས་མི་བཟད་ན་ཞིང་ཚ། །མྱུར་སྨིན་སྲ་མཐོ་དེ་གསོ་དཀའ་། །ཞེས་བྱ་བ་ལ། ནད་གཞི་གསུམ་པ
་ཀུན་འདུས་པ་ལས་སྐྱེས་པའི་སྐྲན་ནི་མཚན་ཉིད་ཐམས་ཅད་དང་ལྡན་ཞིང། མི་བཟད་པར་ན་བ་དང། ལྷག་པར་ཚ་བ་དང། མྱུར་དུ་སྨིན་པ་དང་སྲ་ཞིང་དཔངས་མཐོ་བ་ཡིན་ཏེ། །དེ་ནི་གསོ་དཀའ་བ་ཡིན་པས་གསོ་དཔྱད་ཀྱིས་བཅོས་ཀྱང་མི་འཚོའོ། །ཁྲག
་གི་སྐྲན་ནི་གང་ཡིན་པ། །དེ་ནི་བུད་མེད་ཉིད་ལ་འབྱུང། ཞེས་བྱ་བ་ལ། སྐྲན་བརྒྱད་པ་ཁྲག་ལས་གྱུར་པའི་སྐྲན་ནི་བུད་མེད་ཁོ་ན་ལ་འབྱུང་གི་སྐྱེས་པ་ལ་ནི་འབྱུང་བར་མི་འགྱུར་རོ། །ཟླ་མཚན་དུས་སམ་བུ་གསར་བཙས། །ཡང་ན་མངལ་གྱི་ནད་ཅན
་གྱིས། །བུད་མེད་རླུང་སྐྱེད་བསྟེན་གྱུར་བས། །རླུང་ནི་འཁྲུགས་པར་གྱུར་པ་ལས། །ཟླ་རེ་འབྱུང་བར་བྱད་པ་ཡི། །ཟླ་མཚན་མངལ་དུ་བཀག་པས་ནི། །དེ་ནི་མངལ་ཆགས་འདྲར་སྣང་ཞིང། །མཚན་མ་གསལ་བར་སྟོན་བྱེད་དེ། །སྙིང་འཕར་ནུ་འཛག་ཡིད་མི་བདེ། །སྐེམ་པ
་ལ་སོགས་ཚུལ་དུ་སྣང། ཞེས་བྱ་བ་ལ། ཟླ་མཚན་དང་ལྡན་པ་འམ། ཟླ་མཚན་གྱི་དུས་ལ་བབ་པ་བུ་གསར་དུ་བཙས་པའམ། ཟླ་བ་མ་ཚང་པར་མཆིལ་བར་གྱུར་པ་དང། ཡང་ན་བུད་མེད་མངལ་ནད་ཅན་གྱིས་རླུང་སྐྱེད་པར་བྱེད་པའི་ཟས་དང་སྐོམ་བསྟེན
་ཅིང་སྤྱད་པར་གྱུར་པས། བུད་མེད་དེའི་རླུང་གི་ནད་འཁྲུགས་པར་གྱུར་པ་ལས་ཟླ་བ་རེ་རེ་ཞིང་རྒྱུ་ཞར་བྱེད་པའི་ཟླ་མཚན་བཀག་ཅིང་ཕྱིར་འབྱུང་དུ་མི་སྟེར་བ་ཟླ་རེ་འབྱུང་བ་དེ་མངལ་ན་བུ་འཆགས?་པ་ལྟ་བུའི་ཚུལ་དེ་གསོགས་ཤིང་འཕེལ་བར་གྱུར་ནས། མངལ་དུ་ཆགས་པའི་མཚན
་མ་སྣང་ཞིང་གསལ་བར་སྟོན་པར་བྱེད་དེ། །སྙིང་འཕར་བ་ལ་སོགས་པའི་མཚན་མ་སྣང་བ་ཡིན་ནོ། །དེ་ནི་རིམ་གྱིས་རླུང་འདྲེས་དང། །མཁྲིས་པའི་ནད་རྒྱུ་ཡིས་ནི། །རླུང་དང་མཁྲིས་པ་ལས་གྱུར་པའི། །སྐྲན་ནི་ཁྲག་དེ་སྐྱེད་བྱེད་ཡིན། །ན་ཞིང་སྲ་ལ་ཚ་ཞིང་འཁྲུ། །སྒོམ?
་དང་རིམས་སོགས་བླ་གཉན་འབྱུང། །ནད་ཀྱི་ཁྲག་ལ་བརྟེན་པས་ན། །མངལ་གནས་དག་ཏུ་ལྷག་པར་བཟེར། །མངལ་ནས་དྲི་ང་འཛག་པ་དང། ན་ཞིང་འཕར་ལ་ཟུག་པར་བྱེད། །ཅེས་བྱ་བ་ལ། དུས་ཀྱི་རིམས་ཀྱིས་རླུང་དང་ཁྲག་དེ་འདྲེས་ཤིང་འདུས་པར་གྱུར་
་པ་དང། མཁྲིས་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་ཁྲག་དེ་རླུང་དང་མཁྲིས་པ་ལས་བྱུང་བའི་སྐྲན་གྱི་ནད་ཁྲག་དེ་བསྐྱེས་པར་བྱེད་ཅིང་བླ་གཉན་གྱི་ནད་ན་ཞིང་སྲ་བ་ལ་སོགས་པ་བྱུང་བར་འགྱུར་རོ། །དེ་བཞིན་དུ་ལྷག་པར་ཡང་ནད་ཀྱི་ཁྲག་ལ་བརྟེན་ཅིང་གནས་པས།
་མངལ་གྱི་གནས་སུ་ལྷག་པར་གཟེར་ཞིང་ན་བ་དང། མངལ་ནས་དྲི་ང་འཛག་པ་ལ་སོགས་པ་བྱེད་པར་འགྱུར་རོ། །མངལ་ཆགས་འདྲ་ཡང་ཡན་ལག་མེད། །འོན་ཀྱང་སྐྲན་ནི་འགུལ་གཟེར་ལྡན། །དེ་ཉིད་དེར་ནི་གོང་པོར་གནས། །ལན་འགའ་འགུལ་བར
་བྱེད་པ་ཡིན། །འདི་ནི་ལྟར་འཕེལ་མི་བྱེད་ཀྱི། །སྐྲན་ཉིད་འཕེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། གལ་ཏེ་ཁྲག་གི་སྐྲན་ཆགས་པ་དེ་མངལ་ན་བུ་ཆགས་པ་དང་ཆ་འདྲ་ན། ཡང་ཡན་ལག་ལ་སོགས་པ་དང་ལྡན་པའི་སེམས་ཅན། །ཡང་པ་མ་ཡིན་གྱི
་འོན་ཀྱང་འབུམ་ནད་གཟེར་བ་དང་ལྡན་པ་ཡིན་ནོ། །ཡང་སྐྲན་དེ་ཉིད་ནི་མངལ་གྱི་གནས་དེར་གོང་པོར་གཟུགས་ཅན་དུ་གནས་ལ། །ལན་འགའ་ཡུན་རིང་ཞིག་ནས་འགུལ་བར་བྱེད་པ་ཡིན་ནོ། །ཡང་འདིའི་མངལ་དུ་བུ་ཆགས་ནད་འཕེལ་བར་བྱེད་པ་མ
་ཡིན་གྱི། འོན་ཀྱང་འགུལ་ཞིང་གཟེར་བ་དང་ལྡན་པ་ཡིན་ནོ། །གཞན་དུ་ཁྲག་ལས་ལ་སོགས་པའི་སྐྲན་ཉིད་འཕེལ་བར་བྱེད་པ་ཡིན་ནོ། །རང་གི་ནད་གཞི་ལ་བརྟེན་ནས་དེ་དེར་སྐྲན་ནད་ཐམས་ཅད་སྐྱེད། །ཡུན་རིང་ན་ནི་སྨིན་འགྱུར་པའམ།
་ཡང་ན་མི་སྨིན། ཞེས་བྱ་བ་ལ། ནད་རང་རང་གི་ནད་གཞིའི་ཚུལ་ལ་བརྟེན་ཅིང་གནས་ནས་སྐྲན་ཐམས་ཅད་སྐྱེ་བར་འགྱུར་བ་ཡིན་ལ། རྒྱུ་དེ་ན་ཡུན་རིང་ཞིག་ན་སྨིན་པར་འགྱུར་བ་འམ། ཡང་ན་སྨིན་པར་མི་འགྱུར་རོ། །ཁོང་འབྲས་ཀྱང། ནད་ཁྲག་ལ་ནི་བརྟེན
་བའི་ཕྱིར། །ཤིན་ཏུ་མྱུར་དུ་སྨིན་པར་འགྱུར། །དེ་ཕྱིར་མྱུར་དུ་ཚ་འགྱུར་བས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། ཅེས་བྱ་བ་ལ། ཡང་ཁོང་འབྲས་སུ་གྱུར་ན་ནི་ནང་ཁྲག་ཤིན་ཏུ་གནོད་པར་བྱེད་པ་ལ་བརྟེན་ཅིང་གནས་པ་ཡིན་པའི་ཕྱིར་ཤིན་ཏུ་མྱུར
་ཞིང་རིངས་པར་སྨིན་ཅིང་བརྡོལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མྱུར་དུ་ཚ་ཞིང་སྲེག་པར་བྱེད་པས་དེ་ལ་མིང་ཁོང་འབྲས་ཞེས་བྱ་བར་བཤད་དོ། །ནང་གནས་སྐྲན་ནི་ཆུ་སོ་དང། །ལྟོ་བ་མཆིན་པ་སྙིང་ན་ཞིང། །མེ་དྲོད་ཁ་དོག་ཉམས་སྟོབས་འབྲི། །ཤུགས་ནི་འགག
་བར་འགྱུར་བ་ཡིན། ཞེས་བྱ་བ་ལ། ནང་ན་གནས་ཤིང་བརྟེན་པའི་མཚན་ནི་ཆུ་སོ་ལ་སོགས་པར་ན་བ་དང། མེ་དྲོད་ལ་སོགས་པ་ཉམས་ཤིང་འབྲི་བ་ནི་བཤང་གཅི་ན་ལ་སོགས་པའི་ཤུགས་འབྱུང་བ་འགགས་པར་འགྱུར་བ་ཡིན་ནོ། །ཕྱི་རོལ་དེ་ལས
་བཟློག་པ་སྟེ། །ཁོང་པའི་ཡན་ལག་ན་ཚ་བས་ཆུང། །ཕྱོགས་དེ་མདོག་ནི་ཉམས་པ་དང། ཕྱི་རོལ་ཏུ་ནི་མཐོང་ཞིང་འཕགས། །ཞེས་བྱ་བ་ལ། ཕྱི་རོལ་དུ་བྱུང་བའི་སྐྲན་ནི་ནང་དུ་འབྱུང་བའི་སྐྲན་གྱི་མཚན་མ་དེ་ལས་གོ་བཟློག་པ་ཡིན་ཏེ། །ཆུ་སོ་ལ་སོགས
་བར་ན་བར་མི་འགྱུར་བ་དང། མེ་དྲོད་ལ་སོགས་པ་ཉམས་པར་མི་འགྱུར་བ་དང། ཤུགས་མི་འགག་ཅིང་བདེ་བླག་ཏུ་འབྱུང་བ་དང་ཁོང་བའི་ཡན་ལག་ལྟེ་བ་ལ་སོགས་པར་ནད་ཚ་བས་ཆུང་ཞིང་ཤས་ཆེ་བར་མི་ན་བ་དང། སྐྲན་ཆགས་པའི་ཆོ་གས
་དེའི་མདོག་ཉམས་ཤིང་ཁ་དོག་གཞན་དུ་འགྱུར་བ་དང། དེ་བཞིན་དུ་ཕྱི་རོལ་ཏུ་ལྷག་པར་མཐོང་ཞིང་འཕགས་པ་ཡིན་ནོ། །ལྟོ་སྤོ་ལྟག་པར་མི་བཟད་ན། །རྒྱུ་མའི་སྒྲ་བཅས་མི་བཟད་ན། །སྦོ་བཅས་ལྟོ་བ་ན་བ་དང། རླུང་གི་ནད་ཀྱིས་སྟེང་འོག་བཀག་།དེ་ནི་ཧེན་གྱི་ཞེས་བྱ?
་བཤད། ཅེས་བྱ་བ་ལ། ལྟོ་བར་སྤོ་ཞིང་སྒྲ་དང་བཅས་པ་དང། སྟེང་འོག་ཏུ་རླུང་གི་ལམ་བཀག་པས་ལྷག་པར་མི་བཟད་པར་ན་ཞིང། བརྣག་པར་དཀའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ནི། ལྟོ་སྤོས་ཧེན་གྱི་ནད་ཅེས་བྱ་བ་ཡིན་པར་སློབ་དཔོན་གྱིས་བཤད་དོ།
་སྲ་ཞིང་གཏུན་འདྲ་མདུང་པ་ཅན། །གཏུན་འདྲེ་གྱེན་དུ་མཐོ་བར་གནས། །ཧེན་གྱིས་མཚན་ལྡན་ཞེས་བྱ་བ་ལ། ནད་གང་སྲ་ཞིང་རྡོའི་གཏུན་འདྲ་ཞིང་མདུང་བ་ཅན་དུ་གནས་ལ། རྡོ་དང་དབྱིབས་འདྲ་ཞིང་གྱེན་དུ་མཐོ་བར་འཇོད?་བག་ཏུ་གནས་པ་ཧེན་གྱི་མཚན་ཉིད
་དང་ལྡན་པ་ནི། གཏུན་འདྲ་བ་ཞེས་བྱའོ། །གཏུན་བུ་ནི། འཕྲེང་གནས་དེ་དང་ཚུལ་འདྲ་ཡིན། ཞེས་བྱ་བ་ལ། གཏུན་བུ་ཞེས་བྱ་བའི་ནད་ནི་འབྲེད?་དུ་ཐད་ཀར་གནས་ཀྱི། གྱེན་དུ་འགྲོ་བ་མ་ཡིན་ལ། ནད་ཀྱི་ཚུལ་ནི་གཏུན་འདྲ་བ་དང་མཚུངས་ཏེ། དེ་ལྟ་བུའི་ནད
་ལ་ནི་གཏུན་བུ་ཞེས་བྱའོ། །ཞུ་བའི་གནས་ནས་གཤང་ཕོ་མཚན། རླུང་ནི་མི་བཟད་ན་ཞིང་རྒྱུན། ཐུར་དུ་ཟུག་པར་ཡང་དག་བཤད། ཅེས་བྱ་བ་ལ། ཞུ་བའི་གནས་ལྟེ་བའི་འོག་གནས་གཞང་དང་པོ་མཚན་དག་ཏུ་རླུང་རྒྱུ་ཞིང། ལྷག་པར་ན་བར་བྱེད་པ་དེ་ནི་ཐུར་དུ་ཟུག
་པ་ཞེས་བྱའོ། །དེ་ལས་བཟློག་པ་གྱེན་དུ་ཟུག་པ་ཞེས་བྱ་བ་ལ། གྱེན་དུ་ཟུག་པ་ཞེས་བྱ་བའི་ནད་ནི་དེ་ལས་བཟློག་པ་སྟེ། གཞང་དང་ཕོ་མཚན་གྱི་གནས་ནས་ལྟེ་བ་གྱེན་དུ་ཟུག་ཅིང་ན་བ་ལ་གྱེན་དུ་ཟུག་པ་ཞེས་བྱའོ། །སྒྲེགས་པ་མང་ཞིང་བཤང་བ་འགགས་པ་དང། འདྲངས་པ
་མི་ནུས་རྒྱུ་མ་སྒྲ་དང་བཅས་པ། །སྤོ་ཞིང་ཧེན་ལངས་ཁ་ཟས་འཇུ་མི་ནུས། །སྐྲན་ནི་ཉེར་འབྱུང་མཚན་མ་ཡིན་པར་བཤད། ཅེས་བྱ་བ་ལ། མི་གང་ལ་སྐྲན་ཉེ་བར་འོངས་པར་འགྱུར་བའི་སྔར་འབྱུང་བའི་ཚུལ་ནི་སྒྲེགས་པ་མང་པོ་ཡང་དང་ཡང་དུ་འབྱུང་བར་གྱུར?
་བ་དང། བཤད་བ་འགགས་ཤིང་སྲི་བ་དང། འདྲངས་ཤིང་ཚིམ་པར་ཟ་མི་ནས་པ་དང། སྒྱུ་མ་སྒྲ་དང་བཅས་ཤིང་མི་གསལ་བའི་སྒྲ་ཀྲུལ་ཀྲུལ་ཟེར་བ་དང། སྔོ་ཞིང་ལྟོ་རྒྱས་ལ་ཧེན་ལངས་པ་དང། མེ་དྲོད་ཞན་པས་ཁ་ཟས་འཇུ་བར་མི
་བྱེད་པ་སྟེ། དེ་དག་ནི་སྐྲན་རིང་པོ་མི་ཐོགས་པར་འབྱུང་བར་འགྱུར་བའི་མཚན་མ་ཡིན་པར་སློབ་དཔོན་གྱི་བསྟན་འདི་བཤད་པ་ཡིན་ནོ།། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འབྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ
་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ནད་བཞིའི་གནས་ཀྱི་ལེའུ་བཅུ་གཅིག་པའི་རྙམ་པར་འགྲེལ་པའོ།། །།དེ་ནས་དམུ་རྫིངས་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་ནི་ཁོང་འབྲས་ལ་སོགས་པ་དང
་འདྲ་བས་འདི་བརྩམས་པ་ཡིན་ནོ། །ནད་ཀུན་མེ་དྲོད་ཉམས་ལས་སྐྱེ། །ལྷག་པར་དམུ་རྫིང་ནད་སྐྱེ་ཞིང། །མ་ཞུ་དྲི་མ་ཅན་གྱི་ཟས། །དྲི་མ་སོགས་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་ནད་ཐམས་ཅད་ཀྱང་ཕོ་བའི་མེ་དྲོད
་ཉམས་པ་ལས་སྐྱེ་བར་འགྱུར་བ་ཡིན་མོད་ཀྱི། ཁྱད་པར་དུ་འམ། ལྷག་པར་དམུ་རྫིང་གིས་ནད་ནི། ཕོ་བའི་མེ་དྲོད་ཉམས་པ་ལས་སྐྱེ་བར་འགྱུར་ལ། དེ་བཞིན་དུ་མ་འཇུ་བ་རྣམ་པ་བཞི་དང། དྲི་མ་ཅན་གྱིས་ཟས་རུལ་པ་དང། ཞག་ལོན
་པའི་ཁངས?་པོ་དང། འདྲེན་མ་ལ་སོགས་པ་སྐྱོན་དང་ལྡན་བསྟེན་པ་དང། དེ་བཞིན་དུ། ནད་ཀྱི་དྲི་མ་ཡུན་རིང་སོགས་ཤིང་འཕེལ་བར་གྱུར་པ་ལས། དམུ་རྫིང་གི་ནད་ཀྱི་ཞིང་འབྱུང་བར་འགྱུར་ཏེ། དེ་དག་ནི་ནད་ཀྱི་རྒྱུ་བསྟན་པ་ཡིན་ནོ། །ནད
་ཀྱི་ཆུ་ནི་རྒྱུ་བའི་རྩ། སྟེང་དང་འོག་ཏུ་བཀག་ནས་ནི། །སྲོག་དང་ཐུར་སེལ་ལ་གནོད་དེ། །བགས་པ་ཤ་ཡི་བར་གནས་དང། ལྟོ་བ་བཀང་སྟེ་དམུ་རྫིངས་བསྐྱེད། ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་ཆུ་འམ། བད་ཀན་གྱི་ཚོགས་རྒྱུ་བའི་རྩ་ལུས
་ཀྱི་སྟེང་འོག་ཏུ་རྒྱུ་བ་བཀག་ནས་རྒྱུ་དེས་སྲོག་ཅེས་བྱ་བའི་རླུང་ལ་སོགས་པས་གནོད་ཅིང་འཁྲུགས་པར་བྱས་ནས་པགས་པ་དང་ཤའི་བར་ན་ཡོད་པའི་ནད་དྲངས་ཏེ། ལྟོ་བ་བཀང་ནས་དམུ་རྫིངས་བསྐྱེད་ཅིང་འབྱུང་བར་བྱེད་པ་ཡིན་ནོ། །དེ་ཡང་རྣམ་པ་བརྒྱད་འགྱུར་ཏེ། ནད་གཞི་ཐ་དད་ལུས
་མཚར་བ། །དྲི་མ་འགགས་དང་རྒྱུ་རྡོལ་དང། ཞེས་བྱ་བ་ལ། དམུ་རྫིང་དེ་ལད་གྲངས་ཀྱི་དབྱེ་བ་རྣམ་པ་བརྒྱད་དུ་འགྱུར་ཏེ། རླུང་དང་མཁྲིས་པ་དང། བད་ཀན་གྱི་ནད་གཞི་ཐ་དད་པ་ལས་བྱུང་བ་གསུམ་དང། གསུམ་ཆང་འདུས་པ་ལས་བྱུང་བ་གཅིག་དང། མཆེར་བ་ལས་བྱུང་བ་དང།
་རྒྱུ་མ་འགགས་པའི་དམུ་རྫིངས་དང། རྒྱུ་མ་རྡོལ་བའི་དམུ་རྫིངས་དང། ཆུའི་དམུ་རྫིངས་སྟེ་རྣམ་པ་བརྒྱད་དོ། །དེས་གཟིར་རྐན་དང་མཆུ་སྐམས་ཤིང། །རྐང་པ་ལག་པ་གསུམ་བ་སྐྲངས། སྤྱོད་པ་ཁ་ཟས་ཉམས་སྟོབས་བྲི། སྐེམ་ཞིང་གསུས་པ་ཆེར་སྐྱེས་ལ། མེ་ནི་ཡི
་དགས་གཟུགས་ཅན་འགྱུར། ཞེས་བྱ་བ་ལ། དམུ་རྫིང་གི་ནད་དེས་གཟེར་ཅིང་ཉེན་པའི་མི་ནི་རྐན་དང་མཆུ་སྐམས་པར་གྱུར་པ་དང། རྐང་པ་དང་ལྤགས་པ་དང་ལྟོ་བ་སྐྲང་པ་དང། ལུས་ཀྱི་སྤྱོད་པ་ཉམས་པ་དང། ཁ་ཟས་ཟ་བའི་རྩོལ་བ་ཉམས་པ་དང། ལུས་ཀྱི་ཉམས
་སྟོབས་བྲི་ཞིང་ཟད་པ་དང། སྐེམས་ཞིང་ཤ་དང་ཁྲག་ཟད་པ་དང། གསུས་པ་ཆེར་སྐྱེས་ཤིང་རྒྱས་པར་འགྱུར་ཏེ། མདོར་ན་མི་དེ་ཡི་དགས་ཀྱི་གཟུགས་ཅན་ལྟ་བུ་འམ། འཆི་བ་དང་འདྲ་བར་འགྱུར་རོ། །དེ་ནི་འབྱུང་འགྱུར་མཚན་མ་དག་།བཀྲེས་པ་མེད་ཅིང་ཟས་ཀུན་ནི།
་རིང་ནས་ཚ་ཞིང་རྒྱུར་བཅས་འཇུ། །འཇུ་དང་མི་འཇུ་མི་ཤེས་ལ། །འདྲངས་པར་ཟ་ཡང་མི་ནུས་ཤིང། །སྟོབས་ནི་རྟག་ཏུ་ཟད་པར་འགྱུར། །ཅུང་ཟད་བསྐྱོད་ཀྱང་དབུགས་མི་བདེ། །བཤད་པ་འཕེལ་ཞིང་འགག་པར་བྱེད། །རྐང་པ་གཉིས་སུ་ཅུང་ཟད་སྐྲང། །ཆུ་སོར་ན་ཞིང་ཟས་ཡང་པ
་ཅུ་ཟད་ཟོས་ཀྱང་གསུས་པ་རྒྱས། །རྩ་རྒྱས་ལྟོ་བའི་གཉེར་མ་འཇིག་།ཅེས་བྱ་བ་ལ། དམུ་རྫིང་དེ་ཉེ་བར་འབྱུང་བའི་མཚན་མ་འམ་སྔར་བྱུང་བའི་ཚུལ་ནི་ཞེས་མ་ཟོས་ཀྱང་བཀྲེས་པའི་?་ཤ་མེད་པ་དང། རོ་དྲག?་དང་ལྡན་པའི་ཁ་ཟས་ཀུན་ཀྱང་ཚ་བ་དང་བཅས་ཤིང
་སྐྱུར་བག་གི་རྣམ་པ་རིང་ཞིག་ལོན་ན་གདོད་འཇུ་བ་དང། ཟས་ཟོས་པ་ཞུ་བར་གྱུར་ཏམ། ཞུ་བར་མ་གྱུར་ཏམ། ཞུ་བར་མ་གྱུར་པའི་བློས་རྟོགས་ཤིང་ཤེས་པར་མི་འགྱུར་བ་དང། འདྲངས་པར་ཟ་ཞིང་ལོངས་སྤྱད་པར་མི་ནུས་པ་དང།
་ལུས་ཀྱི་སྟོབས་ཉིན་མཚན་རྟག་ཏུ་ཟད་ཅིང་འབྲི་བར་འགྱུར་བ་དང། ལུས་སྐྱོད་པའི་གཡོ་འགུལ་གྱི་བྱ་བ་ཅུང་ཟད་བྱས་ཀྱང། དབུགས་མི་བདེ་ཞིང་རྩེག་པ་དང། བཤང་བ་ནང་དུ་འཕེལ་ཞིང་སོགས་ལ་ཕྱིར་མི་འབྱུང་བར་འགགས་པར་དང་དེ་བཞིན་དུ
་རྐང་པ་གྲང་པ་ནས་ལྟོ་བའི་གཉེར་མ་འཇིག་ཅིང་མི་སྣང་བའི་བར་གྱི་མཚན་མ་འབྱུང་བར་འགྱུར་རོ། །དམུ་རྫིང་ནང་ནི་ཐམས་ཅད་ལ། སྙོམ་ཞིང་ཉམ་ཆུང་འགྱུར་བ་དང། དྲི་མ་སྲི་ཞིང་མ་དྲེད་ཆུད། །ཚ་ཞིང་སྐྲང་ལ་གསུས་པ་སྤོ། །འཇུག་ཏུ་ཆུ་ནི་འབྱུང་བར་འགྱུར།།
་ཞེས་བྱ་བ་ལ། དམུ་རྫིང་ཐམས་ཅད་ཀྱི་སྤྱིའི་མཚན་མ་ནི་སྙོམ་པ་ལ་སོགས་པ་ཡིན་ཏེ། སྙོམས་པ་ནི་གཉིད་ཀྱིས་མྱོས་པ་ཉམས་དུ་ལུས། འཛིན་པར་མི་ནུས་པའོ། །ཚ་བ་ནི་ལུས་ཚབ་འུར་འུར་པོས་ཁྱབ་པའོ། །དམུ་རྫིངས་དེ་དག་ཐམས་ཅད་ཀྱི་འཇུག་གམ
་མཐར་ནི་ལྟོ་བའི་ནང་དུ་ཆུ་འབྱུང་ཞིང་ངེས་གང་བར་འགྱུར་རོ། །ཐམས་ཅད་ཆུ་མེད་པར་རབ་ཏུ་སྨུག་།སྐྲང་མེད་ཁུར་ལྟར་ལྕི་བ་ཡིན། །རྩ་འདྲའི་སྐར་ཁུང་རིས་ཁེབས། རྟག་ཏུ་སྒྲ་ནི་འུར་འུར་ཟེར། །རླུང་གིས་ལྟེ་བ་རྒྱུ་མར་ཟུག་།ཤུགས་བསྐྱེད་ནད་ནི་འཇིག
་པར་འགྱུར། །སྙིང་ག་ལྟེ་བ་རྐེད་པ་དང། །གཞང་དང་ཆུ་སོ་ན་བར་བྱེད། །རླུང་ནི་སྒྲ་དང་བཅས་པར་རྒྱུ། །བཤང་བ་འགག་ཅིང་གཅི་བ་ཉུང། མེ་དྲོད་ཆུང་མིན་སྐམ་པ་མིན། །ཁར་ནི་རོ་བྲོ་མད་པ་ཡིན་ཞེས་བྱ་བ་ལ། དམུ་རྫིང་གི་ནད་ཐམས་ཅད་ནི།
་དམུ་ཆུར་མ་གྱུར་བར་ཤ་མདོག་སྨུག་ཅིང་དམར་བར་སྣང་ལ། སྐྲང་བའི་ཚ་བ་མི་ཚ་ཞིང་ཅུང་ཟད་སྐྲང་པ་དང། །ཁུར་བུ་ལྟར་ཤིན་ཏུ་ལྕི་བ་མ་ཡིན་པ་དང། རྩ་འདྲ་བའི་ཚོགས་ཀྱིས་སྐར་ཁུང་ལྟར་གཡོགས་ཤིང་ཁབས་པ་དང། རྟགས་ཏུ
་དུས་ཐམས་ཅད་དུ་ཁོང་པའི་ནང་ན་སྒྲ་འུར་འུར་པོར་གྲག་ཅིང་བར་སྣང་གི་འབྲུག་ལྟར་སྒྲ་གྲགས་པ་དང། རླུང་ལྟེ་བ་དང་རྒྱུ་མར་ཟུང་ཞིང་ན་བར་བྱེད་པ་ནས། །སྒྲག་ཤུགས་བསྐྱེད་ཅིང་བྱུང་ནས་འཇིགས་ཏེ་མི་སྣང་བར་འགྱུར་བ་དང། ཡང་རླུང་གི་སྙིང་ག་ལ
་སོགས་པར་ན་ཞིང་ཟུག་པར་བྱེད་པ་དང། ཡང་རླུང་ད་ལྟོ་བའི་ནང་ན་སྒྲ་དང་བཅས་ཤིང་རྒྱུ་ཞིང་ཕན་ཚུན་འགྲོ་བ་དང་བཤང་བ་འགགས་ཤིང་སྐྲི?་བར་བྱེད་པ་དང། གཅིན་གྱི་ཚོགས་ཉུང་པར་བྱེད་པ་དང། །བོང་པའི་མེ་དྲོད་ཤིན་ཏུ་ཆུང་བ་མ་ཡིན་པ་དང།
་སྐམ་ཞིང་ཟས་ལག་དུ་བ་མ་ཡིན་པ་དང། ཁའི་ནང་ན་རོ་བྲོ་བ་མེད་པ་ཡིན་ཏེ། །རོ་དང་བཅས་པ་ཡིན་ནོ། །དེ་ལ་རླུང་གི་དམུ་རྫིང་ནི། །རྐང་ལག་རླིག་པ་ལྟོ་བསྐྲངས། ལྟོ་བ་རྩི་བ་ལོགས་རྒྱ་བ་ན། །ཚིགས་རྣམས་བྱེད་སྙམ་དུ་སེམས། །ལུད་བ་སྐམ་ཞིང་ཡན
་ལག་སྙོམ། །རོ་སྨད་ལྕི་ཞིང་བཤང་གཅི་འགགས། པགས་པ་ལ་སོགས་གནག་ལ་སྨུག་།གློ་བུར་དུ་ནི་འཕེལ་ཞིང་འདྲི། །གསུས་པར་ཟུག་ཅིང་ན་བ་དང། རྩ་བྲན་ནག་པོས་ཁྱབ་ཅིང་རྒྱས། །བརྡབ་ན་རྐྱལ་བར་བུགས་ཀྱིས་ནི། །གང་བ་ལྟ་བུའི་སྒྲ་དང
་ལན་ན། །འདིར་རླུང་དང་ནད་རང་སྒྲ་ར་བཅས་པས། །ཐམས་ཅད་དུ་ནི་རྒྱུ་བར་བྱེད། །ཅེས་བྱ་བ་ལ། དེ་ལ་དམུ་རྫིངས་རྣམས་ཀྱི་ནང་ནས། རླུང་ལས་གྱུར་པའི་དམུ་རྫིངས་ནི་རྐང་བ་དང་ལག་པ་ལ་སོགས་པ་སྐྲང་པར་འགྱུར་བ་དང། ལྟོ་བ་ལ་སོགས་པ་ན
་པར་འགྱུར་བ་དང་རུས་པའི་ཚིག་ན་ཞིང་ཞིག་པ་སྙམ་དུ་སེམས་པ་དང། ལུད་པ་བད་ཀན་མེད་པར་སྐམ་པོར་འབྱུང་བ་དང། ཡན་ལག་སྙོམས་ཤིང་གྲུགས་པ་སྙམ་དུ་སེམས་པ་དང། ལུས་ཀྱི་རོ་སྨད། རྩི་ཞིང་གདེག་དཀའ་བ་སྙམ་དུ་སེམས་པ་དང།
་བཤང་གཅི་དྲི་མ་འགག་ཅིང་སྲི་བ་དང། པགས་པ་དང་སེན་མོ་དང་མིག་དང་ལྕེ་དང་བཤད་བ་ལ་སོགས་པ་མདོག་གནག་ཅིང་སྨུག་པར་སྣང་བ་དང། རྒྱུ་མེད་པར་གློ་བུར་ད་དེའི་ལྟོ་བ་ཆེད་འགའ་འདི་བཞིང་ཆེད་འགའ་འབྲི་བར་འགྱུར་བ་དང།
་ཟུག་ཅིང་ཤས་ཆེར་ན་བ་དང། རྩ་རན་གྱི་ཚོགས་ནག་པོས་ཁྱབ་ཅིང་རྒྱས་པར་འགྱུར་བ་དང། ལྟོ་བ་ལ་ལག་པ་ལ་སོགས་པས་བརྡབས་ཤིང་པ་བསྣུན་ན་ཀྱལ་པ་དབུ་ཀྱིས་གང་བ་ལ་མནན་པ་ལྟ་བུའི་སྐྲ་དང་ལྡན་པ་དང། །དམུ་རྫིངས་འདི་ལ
་རླུང་ནང་དང་སྒྲ་དྲག་པ་དང་བཅས་པར་ཐམས་ཅད་དུ་རྒྱུ་ཞིང་འགྲོ་བར་བྱེད་པ་ཡིན་ནོ། །མཁྲིས་པའི་དམུ་རྫིངས་རིམས་འཕྲེལ་བ་རྒྱལ། །ལུས་ཚ་སྐོམ་དང་ཁ་རོག། །མགོ་འཁོར་ཚད་འཁྲུ་པགས་པ་སོགས། །སེར་ཞིང་གསུས་པའི་མདོག་རྩ་སྔོ། །རྩ་མི་དམར་སེར
་དག་གིས་ཁྱབ། །རྡུལ་དང་ཚ་བར་བཅས་པ་བསྲེགས། །དང་འབྱུང་རེག་ན་འཇམ་པ་དང། མྱུར་དུ་སྨིན་ཅིང་ཉེ་རབ་ཏུ་འགྱུར། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་དམུ་རྫིངས་ནི་རིམས་ཀྱིས་འདེབས་པ་ལ་སོགས་པ་འབྱུང་བ་དང། པགས་པ་དང་སེན་མོ་ལ
་སོགས་པ་མདོག་སེར་བ་དང་གསུས་པའི་མདོག་རྩ་སྔ་བར་སྣང་བ་དང། རྩའི་མདོག་དམར་པོ་དང་སེར་པོ་དག་གིས་ཁྱབ་ཅིང་ཁེབས་པ་དང། ལུས་རྡུལ་ཞིང་ཚ་བ་དང་བཅས་པས་མེ་ལྟར་བསྲེགས་པར་བྱེད་པ་དང། ངད་འབྱུང་ཞིང་དུ་བ་འཐུལ་བ་ལྟ་བུ
་འབྱུང་བར་འགྱུར་བ་དང། རེག་ན་འཇམ་ཞིང་མཉེན་པ་དང། མྱུར་དུ་སྨིན་ཅིང་ཆོས་པར་མི་འགྱུར་བ་དང། ཉེ་བར་གདུང་ཞིང་སྲེག་པར་འགྱུར་བ་ཡིན་ནོ། །བད་ཀན་དམུ་རྫིངས་ལྷུ་ཚིག་ན། །ཚོར་བ་མེད་ཅིང་སྐྲང་ལ་ལྕི། །གཉིས་ཆེ་སློན་ཞིང་ཡི་ག་འཆུས། །ལུད
་བ་དབུགས་མི་བདེ་བ་གས་སོགས། །སྐྱ་ཞིང་ལྟོ་བ་མཁྲང་ལ་སྣུན། །རྩ་ཡི་རི་མོས་ཁྱབ་ཅིང་ཆེ། །རིང་ན་འཕེལ་ཞིང་སྲ་བ་དང། །རེག་ན་གྲང་ཞིང་གསུས་པ་ལྕི། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་དམུ་རྫིང་ནི་ཡན་ལག་གི་ལྷུ་ཚིགས་ན་ཞིང་སྙོམ
་པ་དང། ཚོར་བ་མེད་ཅིང་བེམ་བེམ་པོར་འགྱུར་བ་དང་སྐྲངས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དང་པགས་པ་ནས་བཤད་གཅིའི་བར་དུ་སྐྱ་ཞིང་དཀར་བ་དང། ལྷོ་བ་སྲ་ཞིང་རེམ་རེམ་པོར་འདུག་པ་དང། རྩ་རིས་ཀྱི་བྲ་བ་མདོག་སྐྱབས་ཁྱབ
་པ་དང། ཆེ་ཞིང་སྤོམ་པ་དང། རིང་ཞིང་གནས་འཕེལ་ཞིང་རྒྱས་པ་དང། རྡོ་ལྟར་སྲ་བ་དང། རེག་ན་དྲང་ཞེས་གསོལ་བ་དང། གསིལ་བ་དང། གསུས་པ་ལྕི་ཞིང་བརྟན་པ་ཡིན་ནོ། །གནས་གསུམ་འཁྲུགས་པ་དེའང་དེ། །བུད་མེད་ཀྱིས་བྱིན་དྲི་མ་རྡུལ། །དབྱིབས་དུག་དུག་སོགས?
་ཀྱིས་གནོད་འགྱུར། །ཁྲག་བཅས་དྲི་མ་བསགས་པ་ནི། །ལྟོར་སོང་གནོད་པ་སྐྱེད་བྱེད་དེ། ཁ་སྐམ་མགོ་འཁོར་བརྒྱལ་བཅས་པའི། །རྟགས་གསུམ་ལྡན་པའི་དམུ་རྫིང་སྐྱེད། །མྱུར་དུ་སྨིན་ཅིང་མི་བཟད་ན། །དེ་ནི་བར?་དུ་རླུང་དང་ཆར། །ཕྲད་པས་ཤིན་ཏུ་གནོད་པར་འགྱུར
་ཞེས་བྱ་བ་ལ། ནད་གཞི་གསུམ་ཀྱེད?་པར་བྱེད་པའི་རྒྱུ་ནད་ཐམས་ཅད་ཀྱིས་ནད་གཞིའི་སྐབས་སུ་བཤད་པ་རྣམས་མང་པོ་དེ་དང་དེ་དག་དང། དེ་བཞིན་དུ་བུད་མེད་ཀྱིས་དབང་དུ་བྱས་པའི་ཕྱིར། །སྲོག་ཆགས་ཀྱི་ཡན་ལག་ལས་བྱུང་བའི་སྐྲ་ལ་སོགས་པའི་དྲི་མ་དང
་རྡུལ་འབྱིན་པར་འགྱུར་བ་དང། དེ་བཞིན་དུ་དབྱིག་དུག་དང་དུག་ལ་སོགས་པ་བྱིན་པས་གནོད་པར་འགྱུར་བས་ཁྲག་དང་བཅས་པའི་རླུང་ལ་སོགས་པའི་ནད་ཀྱི་དྲི་མ་བསགས་ཤིང་འཕེལ་བར་འགྱུར་བ་དེ་ལྟོ་བར་སོང་ཞིང། ཕྱིན་ནས་གནོད་པའི་ནད་བསྐྱེད
་ཅིང་འབྱུང་བར་བྱད་དེ། དེ་ཁ་སྐམ་པ་ལ་སོགས་པ་དང་ལྡན་པའི་དམུ་རྫིངས་ནད་གཞི་གསུམ་གྱི་མཚན་མ་དང་ལྡན་པ་བསྐྱེད་པར་བྱེད་པ་ནི་མྱུར་དུ་སྨིན་ཅིང་བརྣག་པར་དཀའ་བར་མི་བཟད་པར་ན་བ་ཡིན་ནོ། །ཡང་དམུ་རྫིངས་ཀྱི་ནད་དེ་ནི་གྲང་བ
་ལ་སོགས་པ་དང་ཕྲད་པས་ཤིན་ཏུ་གནོད་ཅིང་ནད་འཕེལ་བར་འགྱུར་རོ། །མང་དུ་ཟོས་པས་བསྐྱོད་པ་དང། གཞོན་པ་ཁྲག་ཏུ་འགྲོ་བ་དང། ལས་ལམ་ཉལ་པོ་དྲགས་པས་དུབ། །སྐྱུག་སྨན་དྲགས་དང་ནད་ཀྱི་སྐེམ། །གཡོན་ལོགས་གནས
་པའི་མཆེར་བ་ནི། །གནས་ལས་འཕོས་ཏེ་འཕེལ་བ་དང། ཡང་ན་དངས་མ་སོགས་པས་ཁྲག་།རྒྱས་བྱེད་དེ་ནི་འཕེལ་འགྱུར་དང། །དེ་ནི་གཏུན་བུ་བཞིན་རབ་སྲ། དེ་ནས་རུ་སྦ་ལ་རྒྱབ་འདྲ་བ། །རིམ་གྱིས་འཕེལ་བར་གྱུར་ནས་ནི། །ལྟོ་བར་དམུ
་རྫིངས་ཆགས་པར་བྱེད། །ལུད་པ་དབུགས་མི་བདེ་སྐོམ་དང། །ཁ་ཡིས་རོ་ནི་མི་ཚོར་ཞིང། །ལྕི་ཞིང་ན་ལ་རིམས་ཀྱིས་འདེབས། །ཤ་མདོག་སྐྱ་ཞིང་མི་སྡུག་ལ། །བརྒྱལ་ཞིང་བློན་པར་བྱེད་པ་དང། །ཚ་ཞིང་མྱོས་དང་ལྡན་པར
་འགྱུར། །རྩ་མདོག་དམར་བ་འམ་མི་སྡུག་པ་འམ། །སྔོ་ཞིང་སེར་ལ་རི་མོར་བཅས། །ཞེས་བྱ་བ་ལ། མང་དུ་ཟོས་ཤིང་ཧ་ཅང་འདྲངས་བྲགས་པས་བསྐྱོད་པ་དང། རྟག་དང་རྔ་མོ་ལ་སོགས་པའི་གཞོན་པས་དྲགས་ཏུ་བསྐྱོད་ཅིང་འགྲོ་བ་དང། ལས་དང
་ལམ་གྱིས་ནུབ་པ་ལ་སོགས་པས་གཡོན་ལོགས་ནས་གནས་པའི་མཆེར་བ་གནས་ལས་འཕོས་ཏེ་འཕེལ་ཞིང་རྒྱས་པར་འགྱུར་བ་དང། ཡང་ན་དངས་མ་སོགས་པའི་ལུས་ཟུངས་རྣམས་ཀྱིས་ཁྲག་འཕེལ་ཞིང་རྒྱས་པར་བྱས་པའི་དབང
་གིས་མཆེར་པ་དེ་འཕེལ་བས་གནས་ལས་འཕོས་པ་འམ། རང་གི་གནས་ཉིད་དུ་འཕེལ་བར་གྱུར་ལ། །དེ་ནས་ནི་མཆེར་བ་དེ་དང་པོ་གཏུན་བུ་ལྟར་སྲ་བར་འགྱུར་ལ། དེ་ནས་ནི་དེའི་འོག་ཏུ་རུ་སྦལ་གྱི་རྒྱབ་འདྲ་བར་རིམས་ཀྱིས་འཕེལ
་ཞིང་རྒྱས་པར་འགྱུར་གྱི། ཅིག་ཅར་འགྱུར་པ་ནི་མ་ཡིན་གྱི། དེ་ལྟར་ལྟོ་བར་དམུ་རྫིངས་ཆགས་པར་འབྱུང་བར་བྱེད་ལ་དེ་ཡང་དབུགས་མི་བདེ་བ་ལ་སོགས་པ་ནས་རྩ་རིས་སྔོ་ཞིང་སེར་བའི་བར་དུ་འགྱུར་རོ། །དེ་ལ་རིམ་གྱིས་ནང་རྣམས
་ནི་བཤད་འགགས་ནས་དང་ལྟོ་སྤོས་དང། །རྨོངས་བག་སྐམ་ཚ་རིམས་ཀྱིས་འདེབས། །ལུས་ལྕི་ལྟོ་སྲ་ཡི་ག་འཆུས། །ཞེས་བྱ་བ་ལ། མཆེར་པའི་སྐྲན་དེ་ལ་རླུང་ལ་སོགས་པའི་ནད་རྣམས་ནི་རིམས་བཞིན་དུ་བཤད་བ་འགག་པ་ལ་སོགས
་པའི་མཚན་ཉིད་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་བཤད་པ་འགགས་པ་དང་ན་བ་དང། ལྟོ་སྤོས་པ་ལས་ནི་རླུང་ཡིན་པར་ཤེས་པར་བྱའོ། །རྨོང་པག་དང་སྐོམ་དང་ཚ་བ་དང་རིམས་ཀྱིས་འདེབས་པ་ལས་ནི་མཁྲིས་པ
་ཡིན་པར་ཤེས་པར་བྱའོ། །ལུས་ལྕི་བ་དང་ལྟོ་སྲ་བ་དང་ཡི་ག་འཆུས་པ་ལས་ནི་བད་ཀན་ཡིན་པར་ཤེས་པར་བྱའོ། མཆེར་པ་ལྟ་བུར་མཆིན་ན་གཡས་ལོགས། །གནས་འཕོས་དམུ་རྫིངས་སྐྱེད་ཤེས་བྱ། །ཞེས་བྱ་བ་ལ། ཇི་ལྟར་མཆེར་བ་གཡོན་ལོགས་ན་འདུག?
་སྟེ། རྒྱུའི་ཁྱད་པར་གྱིས་འཕོས་ཤིང་ལྷུང་ནས་འཕེལ་བར་འགྱུར་བ་དེ་བཞིན་དུ་མཆིན་པ་གཡས་ལོགས་ན་གནས་པ་གཡས་ན་གནས་པ་ཡང་འཕོས་ཤིང་ཐུར་དུ་ལྟུང་ལ་འཕེལ་བར་གྱུར་ནས་དམུ་རྫིངས་སྐྱེད་པར་ཤེས་བྱའོ། །བྱ་སྒྲོ་སྤུ་དང་བཅས
་པའི་ཟས། །ཟོས་པས་བཤད་ལམ་གནས་འགགས་ཏེ། །གཞང་འབྲུམ་དང་ན་རྟུག་སྐབས་དང། །རྒྱུ་མར་ཆགས་པའི་ཟས་ཀྱིས་ཀྱང། །ཐུར་དུ་སེལ་ཅིང་རླུང་འཁྲུགས་ཏེ། །བཤད་པ་བད་མཁྲིས་བཀག་ནས་ནི། །ལྟོ་བར་དམུ་རྫིང་ཆགས་པར་བྱེད། །དེས
་ནི་ཚ་སྐོམ་རིམས་སྤྲིད་འགྱུར། །ལུད་པ་དབུགས་སུ་མི་བདེ་བརླ་ན། །གླལ་སྙིང་ལྟེ་བ་གཞར་ཁ་ན། །དྲི་མ་འགགས་སློན་ཡི་ག་འཆུས། །ལྟོ་བར་རླུང་ནི་འཁྱིམས་པར་བྱེད། །བརྟན་ཞིང་རྩ་ནི་སྔོ་ལ་སྨུག་།རྩ་རིས་སྣང་བ་འམ་མི་སྣང་འགྱུར། །ཕལ་ཆེར་ལྟེ
་བའི་གོང་དུ་ནི། །བ་ལང་མཇུག་འདྲ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། བྱ་སྒྲོ་ཕྲ་མོ་དང་སྤྱིའི་ཚོགས་དང་བཅས་པའི་ཟས་ཟོས་ཤིང་ལོངས་སྤྱོད་པས་བཤང་པའི་ལམ་གྱི་གནས་འགས་ཤིང་འབྱུང་དུ་མི་རུང་བར་འགྱུར་བ་དང། གཞང་འབྲུམ་གྱི་གཞང
་འགགས་པར་བྱས་པ་འམ། རྒྱུ་མར་ཆགས་ཤིང་ཐོགས་པར་བྱེད་པའི་ཟེས་སྲན་མ་དང། ཟར་མ་ལ་སོགས་པ་ཟོས་པས་ཐུར་དུ་སེལ་བའི་རླུང་འཁྲུགས་པར་འགྱུར་ཏེ། བཤང་བ་ལ་སོགས་པས་བཀག་ནས་ལྟེ་བར་དམུ་རྫིངས་ཚགས་པར
་འགྱུར་ཏེ། ལྟོར་འཁྱིལ་ཅིང་དྲི་མ་འགགས་པའི་དམུ་རྫིངས་དེ། ནད་པ་ལ་ཚ་ཞིང་སོམ་པ་ལ་སོགས་པ་འབྱུང་བར་འགྱུར་བ་དང། ལྟོ་བར་རླུང་ལ་ཕྱི?་མ་ཏེ་རླུང་ཕྱིར་འབྱུང་བར་མི་བྱེད་ཅིང་ནང་དུ་འཁྱིལ་པར་བྱེད་པ་དང། བརྟན་པ་ལ་སོགས་པའི་མཚན
་ཉིད་དང་ལྡན་པ་དང། ཡང་དམུ་རྫིངས་དེ་ནི་ཕལ་ཆེར་མང་དུ་ལྟེ་བའི་གོང་དུ་དབྱིབས་བ་ལང་གི་མཇུ?་མ་འདྲ་བར་འབྱུང་ཞིང་སྐྱེ་བར་འགྱུར་རོ། །རུས་སོགས་ཟུག་རྔུར་བཅས་པའི་ཟས། །ཟོས་སམ་ཤིན་ཏུ་དྲག་ཟོས་པ། །རྒྱུ་མ་བརྡོལ་ཏ་མགས?་གྱུར་ནས། །བུ
་ག་དེ་ནས་མ་ཞུ་བར། །ཕྱིར་འཛག་བཤད་ལམ་ལས་འབྱུང་ཞིང། །བཤད་བཅས་ཉུངས་ཤས་ཉུངས་ཤས་ནི། །ཤ་རུལ་ལྟ་བུར་མནམ་པ་ནི། སྦྱིན་བག་དམར་སེར་འབྱུང་བར་འགྱུར། །ལྷག་མ་ཡིས་ནི་ལྟོ་བ་འགེངས། །དམུ་རྫིངས་མི་བཟད་སྐྱེ་བར་འགྱུར
་དེ་ནི་ལྟེ་བ་མན་ཆད་རྒྱས། །ཆུས་གང་ལྟ་བུར་མྱུར་དུ་འགྱུར། །ནད་ཀྱི་ཚུལ་ནི་ཤས་ཆེར་ལྡན། །དབུགས་མི་བདེ་སྐོམ་མགོ་འཁོར་ཁྱབ། །ཆུ་རྡོལ་དམུ་རྫིང་ཞེས་བཤད་དེ། །གཞང་དག་རྒྱུ་མ་འཛག་ཅེས་ཟེར། །ཞེས་བྱ་བ་ལ། རུས་པ་དང་རྩ་དང་ཚར་མ་དང་རྡོ་དང
་རྭ་དང་ཤིང་གི་ཚལ་པ་ལ་སོགས་པའི་ཟས་ཟུག་རྔུ་དང་བཅས་པ་ཁ་ཟས་ཟོས་པར་འགྱུར་བ་འམ། ཡང་ན་ཤིན་ཏུ་དྲགས་ཤིང་ཤས་ཆེ་ཟོས་པས་གང་གི་རྒྱུ་མ་བྲོལ་ཅིང་བུ་ག་དང་བཅས་པར་འགྱུར་བ་འམ། གས་པར་གྱུར་ནས་བརྡོལ་བ་འམ། གས་པའི་བུ་ག་དེ་ནས
་ཕྱིར་འཛག་ཅིང་ཟས་མ་ཞུ་བ་ཁོ་ནར་ཕྱིར་འཛག་པར་གྱུར་ཅིང་བཤད་པའི་ལམ་ནས་འབྱུང་བར་བྱེད་ལ། དེ་ཡང་བཤད་པ་དང་བཅས་པར་ཉུང་ཤས་ཉུས་ཤས་འབྱུང་ཞིང། འབྱུང་བ་དེ་ཡང་ཤེ་རུལ་ཏེ་མི་རོ་འདྲི་ལྟར་ཤིན་ཏུ་མནམ་པར་འབྱུང་ཞིང།།
་ཤིང་ཤལམ་ལིའི་ཐང་ཆུ་ལྟར་སྦྱིན་ཞིང་འབྱར་བག་ཏུ་གནས་པ་ལ། །མདོག་དམར་ཞིང་གསེར་བར་འབྱུང་བར་འགྱུར་རོ། །བཤད་པའི་ལམ་ལས་བྱུང་བའི་ལྷག་མས་ནི་ལྟོ་བ་འགེངས་ཤིང་རྒྱས་པར་བྱས་ནས་དབུ་དམུ་རྫིང་གི་ནང་མི་བཟད་ཅིང་བརྣགས་པར
་བཀའ་བ་སྐྱེ་ཞིང་འབྱུང་བར་འགྱུར་ལ། །དམུ་རྫིང་དེ་ནི་ལྟེ་བ་མན་ཆད་རྒྱས་ཤིང་འཕེལ་བར་འགྱུར་ལ། དེ་ཡང་ལྟོ་བ་ཆུས་གང་བ་ལྟ་བུའི་ཆུའི་དམུ་རྫིང་དུ་མྱུར་ཞིང་རིང་པོར་མི་ཐོགས་པར་འགྱུར་རོ། །དེ་ནི་ནད་ཀྱི་ཚུལ་ཤས་ཆེ་ཞིང་ནད་ཀྱི་རྟགས་སྟོབས་དང་ལྡན
་བའི་ཚ་བས་བོ་ཆེ་དང་ལྡན་པ་ཡིན་ལ། དབུགས་མི་བདེ་བ་ལ་སོགས་པས་ཀྱང་ཁྱབ་ཅིང་ཟིལ་གྱིས་མནན་པ་ཡིན་ནོ། །དམུ་རྫིང་དེ་ནི་རྒྱུ་མ་བརྡོལ་བའི་དམུ་རྫིང་ཞེས་བྱའོ། །ཞེས་སློབ་དཔོན་གྱིས་བཤད་དེ། །དྲང་སྲོང་གཞན་དག་ནི་དམུ་རྫིངས་དེ་ཡོངས་སུ་འཛག་པའི་དམུ་རྫིང་ཞེས་བྱའོ།།
་ཞེས་ཟེར་རོ། །སྣུམ་འཐུངས་ལ་སོགས་བྱས་ནས་ནི། །འཕྲལ་དུ་ཆུ་གྲང་འཐུངས་པ་འམ། མེ་དྲོད་བྲི་བ་འམ་ཧ་ཅང་ནི། །སྐོམ་པས་ཆུ་མཐུངས་དྲག་པ་ལས། །རླུང་དང་བད་ཀན་འཁྲུགས་ཆུང་འདྲེས། །ཆུ་ཡི་ལམ་ནི་བཀག་གྱུར་པས། །དེ་ཉིད་གནས་དེར་འཕེལ་བར་འགྱུར།
་དེ་འོག་དམུ་རྫིང་གྱུར་པ་ཡིན། །དེ་ནས་དམུ་རྫིང་དེ་ལས་ནི། །སྐོམ་དང་རྐུབ་ཏུ་ཆུ་འཇག་བཅས། །དབུགས་མི་བདེ་ལུང་ཡི་ག་འཆུས། །སྣ་ཚོགས་མདོག་ལྡན་རྩ་ཡིས་ཁྱབ། །རྐྱལ་པ་ཆུས་གང་རེག་པ་འདྲ། །བསྐྱོད་ན་སྒྲ་གྲགས་ལུས་འདར་ལ། །དམུ་རྫིང་ཆེན་པོ་ཆེ་ཞིང
་སྣུམ། བརྟན་ཞིང་དེ་ནི་ལྟེ་བ་ཟླུམ། །ཞེས་བྱ་བ་ལ། མི་གང་ཞིག་སྣུམ་འཐུངས་པར་གྱུར་པ་དང། སོགས་པ་ཞེས་བྱ་བ་སྨོས་པས་སྐྱུགས་སྨན་དང། བཀྲུ་སྨན་ལ་སོགས་པ་བྱས་ཤིང་བཏང་ཟིན་པའི་རྗེས་ལ་འཕྲལ་དུ་ཏེ་རིང་པོ་མ་ལོན་པ་ཉིད་དུ་ཆུ་སྐྲང་བསྐོལ་བ་མ
་ཡན་པ་འཐུངས་པ་དང། །ཡང་ན་ཆུ་གྲང་ལ་སོགས་པ་འཐུངས་དྲགས་པས་ཕོ་བ་མེ་དྲོད་བྲི་ཞིང་ཉམས་པ་དང། ཡང་ན་ཧ་ཅང་སྐེམ་ཆེས་པ་སྟེ། ཟས་བཅད་པ་ལ་སོགས་པ་རུས་པ་དང་རྒྱུས་པ་བཅད་པར་གྱུར་པས་ཆུ་འཐུངས་དྲག་ཏེ། གནོད་པ་དེའི་རྒྱུས་རླུང
་འཁྲུགས་ཤིང་ལྡང་བར་འགྱུར་བ་དང། བད་ཀན་ཀྱང་འཁྲུགས་པར་གྱུར་ནས་ཆུ་རྒྱུ་བའི་ལམ་གྱི་རྒྱུན་སྲད་བཀག་ཅིང། རླུང་དང་བད་ཀན་དེ་གཉིས་ལྟོ་བར་གནས་ཤིང་ཆུ་དེ་ཉིད་དེའི་གནས་ཤིང་དེ་ལས་འཕེལ་རྒྱས་པར་གྱུར་པས། དེའི་འོག་ཏུ་ཆུའི་དམུ་རྫིང
་ཏུ་གྱུར་པ་ཡིན་ནོ། །དེ་ནས་དེའི་འོག་ཏུ་དམུ་རྫིང་དེ་སྐོམ་དང་ལ་སོགས་པ་དང་ལྡན་པར་འགྱུར་བ་དང། རྐྱལ་པ་ཆུས་གང་པ་ལ་རེག་པ་དང་འདྲ་བར་ཆུའི་དམུ་རྫིངས་དེ་ཕན་ཚུན་བསྐྱོད་ན་སྒྲ་གྲག་པ་དང་བཅས་པ་ལ་སོགས་པ་དང། ལྟེ་བ་ཀུན་ནས་ཟླུམ་ཞིང?
་འཁྱིལ་བའི་རང་བཞིན་ཅན་དུ་གནས་པ་ཡིན་ནོ། །ཐམས་ཅད་ཡལ་བར་བོར་ན་ནི། ནང་ནི་རང་གནས་ལ་སོགས་ཏེ། སྨིན་པས་སླ་ཞིང་ཟགས་གྱུར་པ། ཚིགས་དང་རྩ་སྒོ་ལས་ཀྱང་འཛག་།ཕྱི་ཡི་རྩ་སྒོ་ནས་རྡུལ་འབྱུང། །འགགས་ན་ཐད?་ཀར
་འཁྱིལ་ཞིང་གནས། །ཆུ་དེ་ཉིད་ནི་འཕེལ་འགྱུར་གང། །སྦྱིན་བག་གྱུར་ནས་དེའི་ཚེ་ནི། །ལྟོ་བ་ལྕི་ཞིང་སྲ་ལ་ཟླུམ། བརྡབས་ན་སྒྲ་ནི་མི་འབྱུང་ཞིང། །མདོག་འཇམ་རྩ་རིས་མི་སྣང་ལ། །ལྟོ་བ་དང་ནི་རྒྱབ་ཏུ་འགྲོ། །དེ་རྗེས་ཆུ་ཡི་དམུ་རྫིང་སྐྱེ། །ལྟོ་བར
་འཕེལ་ཞིང་དེ་ལས་ལྷག་།རྩ་ནུབ་གྱུར་པའི་དམུ་ཆུ་ནི། །དམུ་རྫིང་བཤད་པའི་མཚན་ཉིད་ལྡན། །ཞེས་བྱ་བ་ལ། དམུ་རྫིང་དེ་ཐམས་ཅད་ཀྱང་ཡལ་བར་པོར་ཞིང་གསོ་བ་མ་བྱས་ན། རླུང་ལ་སོགས་པའི་ནད་རང་གི་གནས་ནས་འཕོས་ནས་རང་གི་གནས
་སྤངས་ཏེ། གནས་གཞན་དུ་སོང་ནས་སྨིན་ཅིང་གཤེར་བས་སླ་ཞིང་རྣགས་ཟགས་པར་བྱེད་པར་འགྱུར་བས་ཚིགས་དང་རྩའི་སྒོ་ནས་ཀྱང་ཟགས་ཤིང་འབྱུང་བར་འགྱུར་ལ། ཕྱི་རོལ་གྱི་རྩའི་སྒོ་བ་སྤུའི་བུ་ག་ནས་རྡུལ་འབྱུང་བ་འགགས་ཤིང་འབྱུང
་དུ་མི་སྟེར་བས། ཐད་ཀར་འཁྱིལ་ཅིང་ཡན་མན་དུ་འགྲོ་བས་གནས་ལ་སྔར་གནས་པའི་ཆུ་དེ་ཉིད་འཕེལ་ཞིང་གསོགས་པར་བྱས་ནས་སྦྱིན་པག་ཏུ་བྱེད་པ་ལ། དེ་ནས་དེའི་འོག་ཏུ་དེའི་ཚེ་ལྟོད་ལྕི་བ་ལ་སོགས་པར་འགྱུར་ལ། །ལག་པས་བརྡབས་ན་ཡང་སྒྲ
་མི་འབྱུང་བ་ལ་སོགས་པར་འགྱུར་ལ་དེ་ནས་དེའི་རྗེས་ལ་དམུ་རྫིང་དེར་ཆུའི་དམུ་རྫིངས་འབྱུང་བར་འགྱུར་ཞིང་སྐྱེ་བར་འགྱུར་ཏེ་ཆུ་དེ་ལྟོ་བར་ལྕི་ཞིང་རྒྱས་པར་འགྱུར་བ་དང། རྩ་རྣམས་ནུབ་ཅིང་མི་སྣང་བར་འགྱུར་བ་དང། ཆུའི་དམུ་རྫིང་བཤད་པའི་མཚན་ཉིད
་སྐོམ་དང་རྐུབ་ཆུ་འཛག་བཅས་ཞེས་བྱ་བ་ལ་སོགས་པ་དང་ལྡན་པར་འགྱུར་རོ། །རླུང་དང་མཁྲིས་པ་བད་ཀན་མཆེར། །འདུས་པ་ཆུ་ཡི་དམུ་རྫིང་རྣམས། །ཕྱི་མ་བཞིན་དུ་གསོ་བར་དཀའ་། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་དམུ་རྫིང་ནི་ཕྱི་མ
་བཞིན་དུ་གསོ་བར་དཀའ་བ་ཡིན་ཏེ། རླུང་གི་དམུ་རྫིངས་ལས་ནི?་མཁྲིས་པའི་དམུ་རྫིང་གསོ་བར་དཀའ་བ་ཡིན་ལ། དེ་བས་བད་ཀན་གྱི་དམུ་རྫིང་གསོ་བར་དཀའ་བས་ན། །ཆུའི་དམུ་རྫིང་ནི་ཤིན་ཏུ་གསོ་བར་དཀའ་བ་ཡིན་ནོ། །གཞན་དག་ཕལ་ཆེར་ཟླ་ཕྱེད་གསོད། །ཅེས་བྱ་བ་ལ། དམུ་རྫིང་དེ་ལས་གཞན་པ་གཉིས
་པོ་དྲི་མ་འགགས་པ་ལས་གྱུར་པའི་དམུ་རྫིང་དང། །རྒྱུ་མ་རྡོལ་བ་ལས་བྱུང་བའི་དམུ་རྫིང་དག་ནི། །ཕལ་ཆེར་ཏེ་མང་དུ་ཟླ་བ་ཕྱེད་ལོན་པ་དང་ནད་པ་དེ་གསོད་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ཐམས་ཅད་ཆུར་གྱུར་འཆི་ལྟས་ལས། ལས་བཤད་བླ་གཉན་ལྡན་པ་དང་གསོད?
་ཅེས་བྱ་བ་ལ། དམུ་རྫིངས་ཐམས་ཅད་དེ་རླུང་ལས་གྱུར་པ་ལ་སོགས་པ་ཀུན་ཀྱང་ཆུ་སྐྱིས་པ་སྟེ། །ཆུའི་དམུ་རྫིང་དུ་གྱུར་པ་དང། དེ་བཞིན་འཆི་ལྟས་ལས་བཤད་པའི་བླ་གཉན་དང་ལྡན་པ་སྟེ། །སྣ་དང་མིག་དང་མཚན་མ་ཡོ། །ཞེས་བྱ་བ་ལ་སོགས་པ་དང
་ལྡན་པའི་དམུ་རྫིང་ཡང་གསོད་པ་ཡིན་ནོ། །སྐྱེས་ནས་དམུ་རྫིངས་གྱུར་པ་དག་།ཕལ་ཆེར་གསོ་བར་དཀའ་བར་བཤད། །སྟོབས་ལྡན་ཆུར་ནི་མ་གྱུར་ཅིང། །གསར་དུ་འབྱུང་བ་འབད་པས་གསོ། །ཞེས་བྱ་བ་ལ། སྐྱེས་ནས་བྱུང་བའི་དམུ་རྫིངས་སུ་གྱུར་པ་གང
་ཡིན་པ་དེ་ཐམས་ཅད་ཀྱང་གསོ་བར་དཀའ་བ་ཡིན་ནོ། །མི་སྟོབས་དང་ལྡན་ཞིང་ན་ཚོད་དར་ལ་བབ་པ་ལ་དམུ་རྫིང་དེ་སྐྱེས་པར་གྱུར་ཅིང། ཆུར་མ་གྱུར་ཏེ་གསར་དུ་བྱུང་བ་དག་ནི་གསོར་རུང་མོད་ཀྱི། །སྤྱིར་གསོ་བར་དཀའ་བའི་ནང་ཡིན་པས་འབད་པ་དང་ལྡན
་པ་ཁོ་ནས་གསོ་བར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། །ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་གཉིས་པའི་རྣམས
་པར་འགྲེལ་པའོ།། །།དེ་ནས་སྐྱ་རྦབ?་དང་འོར་ནད་དང་མེ་དབལ་གྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་གཞིའི་འོག་ཏུ་སྐྱ་རྦབ་ཀྱི་ནད་གཞི་བཤད་པ་ནི་དམུ་རྫིང་གནད་སྐྱེས་ན་ནད་གཞིའི་འོག་ཏུ་སྐྱ་རྦབ་ཀྱི་ནད་གཞི་བཤད
་པ་ནི་དམུ་རྫིང་གི་ནད་སྐྱེས་ན་སྐྱ་རྦབ་ལ་སོགས་པ་ཡང་འབྱུང་བར་འགྱུར་བས། དེའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ཇི་སྐད་བཤད་པའི་ནད་འཁྲུགས་པ། །མཁྲིས་པ་ལྷག་པར་ལྡང་གྱུར་པ། །དེ་ལ་རླུང་ནི་སྟོབས་ཆེ་བས། །སྙིང
་ལ་གནས་པའི་མཁྲིས་པ་ནི། །གཏོར་ཏེ་རྩ་ཆེན་ཅུ་ནང་བཀྲམ། །ལུས་ཀུན་ལ་ནི་ཁྱབ་གྱུར་པས། །བད་ཀན་པགས་པ་ཤ་ཁྲག་ལ། །གནོད་བྱས་རབ་ཏུ་གནས་ནས་ནི་ཤ་དང་པགས་པ་དེ་དག་ལས། །པགས་མདོག་དེ་དག་དཀར་བ་དང། །སེར
་ཞིང་ལྗང་སྔོན་བྱེད་པར་འགྱུར། དེ་ལས་སྐྱེས་པའི་ཤས་ཆེ་བས། དེ་ཕྱིར་སྐྱ་རྦབ་ནད་ཅེས་བཤད། །ཅེས་བྱ་བ་ལ། ནད་རྣམས་ཇི་སྐད་བཤད་པའི་ཁ་བ་དང་ཚ་བ་དང་མངར་བ་ལ་སོག་པའི་ནད་གཞི་ལྡང་བའི་རྒྱུས་འཁྲུགས་ཤིང
་ལྡང་བར་གྱུར་ལ། །མཁྲིས་པ་ལྷག་པར་ཤས་ཆེ་བ་ལྡང་ཞིང་འཁྲུགས་པར་གྱུར་ན་སྐྱ་རྦབ་ཀྱི་ནད་སྐྱེད་པར་འགྱུར་རོ། །དེ་ལ་ནད་དེ་རྣམས་ཀྱི་ནང་ནས་རླུང་གི་ནང་གང་ཡིན་པ་དེ་ནི་སྟོབས་དང་ལྡན་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས་སྙིང་གར
་གནས་པའི་མཁྲིས་པ་གང་ཡིན་པ་དེ་གཏོར་ཞིང་བྱེད་པར་བྱེད་ལ། །དེས་ན་མཁྲིས་པ་དེ་སྙིང་ལ་བརྟེན་པའི་རྩ་བོ་ཆེ་བཅུར་བཀྲམ?་ཞིང་ཕྱིན་པར་བྱས་ནས་ལུས་མ་ལུས་པ་ཀུན་ལ་ཁྱབ་ཅིང་བྱེད་བར་གྱུར་ནས་བད་ཀན་ལ་སོགས་པ་ལ་གནོད
་བར་བྱས་ནས་དེའི་པགས་པ་དང་ཤ་གཉིས་ཀྱིས་བར་དུ་གནས་ཏེ། མཁྲིས་པ་དེ་པགས་པའི་མདོག་རྣམ་པ་ཐ་དད་ཅིང་དུ་མར་གྱུར་པ་སྐྱ་ཞིང་དཀར་བ་དང་སེར་པོ་ལྗང་སྔོན་དུ་བྱེད་པར་འགྱུར་རོ། །མདོག་དེ་དག་ལས་གང་གི་ཕྱིར་སྐྱ་ཞིང་དཀར
་བའི་ཤས་ཆེ་བ་ན་རྒྱུ་དེའི་ཕྱིར་ནད་དེ་ལ་སྐྱ་རྦབ་ཀྱི་ནད་ཅེས་བྱའོ། །ཞེས། དྲང་སྲོང་དག་གི་བཤད་དོ། །ནད་དེས་ལུས་ནི་ལྕི་བ་དང། ལུས་ཟུངས་རྣམས་ནི་ལྷོད་པ་དང། མདངས་ཀྱི་ཡོན་ཏན་ཟད་གྱུར་ཅིང། །དེ་ལས་ཁྲག་དང་ཚིལ་ཆུང་སྟེ། །
་སྙིང་པོ་མེད་ཅིང་དབང་པོ་ལྷོད། །ཡན་ལག་བརྡུངས་པ་སྙམ་བྱེད་ཅིང། །སྙིང་ནི་ཟག་པ་སྙམ་དུ་སེམས། །མིག་ཕྲུགས་སྐྲངས་ཤིང་ཉམས་པ་ན། མཆིལ་མང་སྐད་གདང་དམའ་བ་དང། །ཟས་མི་འདོད་ཅིང་གྲང་མི་བཟོད། །སྤུ་ཕྱི་མེད་དྲོད་ཉམས་པ་དང། །རོ་སྨད་བྱིང་ཞིང
་རིམས་ཀྱིས་འདེབས། །དབུགས་མི་བདེ་ཞིང་རྣ་སྒྲ་འབོད། །མགོ་འཁོར་ངལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དེས་ལུས་ཀྱི་ཁོད་ལྕི་བ་དང། དངས་མ་ལ་སོགས་པའི་ལུས་ཟུངས་ལྷོད་ཅིང་གཅིག་ཏུ་འདུས་པ་ཞིག་པ་དང། མདངས་ཀྱི་ཡོན་ཏན
་གང་དག་ཡོད་པ་དེ་ཟད་ཅིང་ཉམས་པར་འགྱུར་བ་དང། རྒྱུ་དེ་དག་གིས་མིའི་ཁྲག་དང་ཚིལ་ཆུང་བ་ལ་སོགས་པར་འགྱུར་བ་དང། སྙིང་པོ་ནི་ཡུམ?་ཀྱི་སྟོབས་ལ་བྱ་སྟེ། རེ་མེད་པར་འགྱུར་བ་དང། དབང་པོའི་ཚོགས་རྣམས་ལྷོད་ཅིང་བྱ་བའི་སྦྱོར་བ་ལས་ཉམས་བ
་དང། ལག་དར་ལ་སོགས་པའི་ཡན་ལག་རྣམས་བརྡུངས་པ་སྙམ་དུ་སེམས་ཤིང། ན་བར་འགྱུར་བ་དང། སྙིང་ཟགས་ཤིང་འཁྲུག་པར་འགྱུར་བ་དང། མིག་གི་ཕུགས་སྐྲང་ཞིང་རློ་བ་དང། མིག་ཉམས་ཤིང་མི་སྡུངས་པ་དང། མཆིལ་མ་མང་བ
་ལ་སོགས་པ་དང་ལྡན་པ་དང། རོ་སྨད་བྱིང་ཞིང་ནང་དུ་ཞུག་པར་འགྱུར་བ་དང། དེ་བཞིན་དུ་རིམས་ཀྱིས་འདེབས་པ་ལ་སོགས་པ་འབྱུང་བར་ཤེས་པར་བྱའོ། །དེ་ནི་ནད་གཞི་ཐ་དད་འདུས། ས་ཞག་ཟོས་ལས་རྣམ་ལྔར་འགྱུར། །ཞེས་བྱ་བ་ལ།
་སྐྱ་རྦབ་ཀྱི་ནད་དེ་རྣམ་པ་ལྔ་ཡང་དེ་ནད་བཞི་ཐ་དད་པ་ལས་གྱུར་པ་གསུམ་དང། གསུམ་ཆད་འདུས་པ་ལས་གྱུར་པ་གཅིག་དང་ས་ཞག་ཟོས་བ་ལས་གྱུར་པ་ནི་ལྔ་པ་ཡིན་ནོ། །འདི་ནི་སྔོན་ཚུལ་སྙིང་འཕར་ཞིང། པགས་པ་རྩུབ་པར་གྱུར
་པ་དང། །ཡི་ག་འཆུས་ཤིང་གཅིན་མདོག་སེར། རྡུལ་མེད་ཁོང་པའི་མེ་དྲོད་ཉམས། ལུས་རྨྱ་ངལ་བར་བྱེད་པ་ཡིན། ཞེས་བྱ་བར། །སྐྱ་རྦབ་ཀྱི་ནད་འདིའི་སྔོན་དུ་བྱུང་བའི་ཚུལ་ནི། སྙིང་ཅུང་ཟད་འཕར་བ་དང། ལ་ལར་པགས་པ་རྩུབ་པར
་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་རླུང་གྱུར་ལུས་ན་ཟུག་།རྩ་སེན་མིག་དང་བཤང་གཅི་རྣམས། མདོག་གནག་རྩུབ་ལ་འདར་བ་དང། སྐྲང་སྤོ་ཁ་ཡིས་རོ་མི་ཚོར། བརྟུག་སྐམ་རྩི་བ་ལོགས་ཀླད་པ་ན། ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དེ
་རླུང་ལས་གྱུར་པ་ནི་ལུས་ན་ཞིང་མི་བདེ་བ་དང། ཁབ་ཀྱིས་ཕུག་པ་ལྟར་ཟུག་པ་དང། རྩ་དང་སེན་མོ་ལ་སོགས་པ་མདོག་དམར་ཤིང་རྩུབ་པ་དང། ལུས་འདར་བ་དང། སྐོམ་དད་ལ་སོགས་པས་ཉེན་པར་འགྱུར་པ་ཡིན་ནོ། །མཁྲིས་ལས་རྩ་དང
་སེན་མོ་ལ་སོགས་ལྗང་སྔོ་རིམས་འདེབས་མུན་ཐེབས་བྱེད། སྐོམ་དད་རྡུལ་བརྒྱལ་བསིལ་བ་འདོད། ལུས་མནམ་ཁ་ན་ཁ་བ་དང། འཁྲུ་ཞིང་སྒྲེགས་པ་སྐྱུང་ལ་ཚ། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ནི། རྩ་དང་སེན
་མོ་དང་མིག་དང་བཤང་བ་དང། གཅི་བ་ལྗང་སྔོན་ལ་སོགས་པའི་མདོག་ཏུ་སྣང་བ་དང། རིམས་ཀྱིས་འདེབས་པ་ལ་སོགས་པར་འགྱུར་རོ། །བད་ཀན་ལ་སོགས་དཀར་བ་དང། །སློང་ཞིང་ཁ་ནང་ལན་ཚྭ་བྲོ། །བ་སྤུ་ལྡང་ཞིང་སྐད་འགགས
་ལ། ལུད་པ་ལུ་ཞིང་སློན་པར་བྱེད་ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ནི་རྩ་དང་སེན་མོ་ལ་སོགས་པ་དཀར་བ་དང་བ་སྤུ་ལྡང་ཞིང་བརྩེ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །འདུས་འགྱུར་མཚན་མ་འདྲེས་བརྣག་དཀའ་
་ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་སྐྱ་རྦབ་ནི་ནད་གཞི་གསུམ་ཆར་གྱི་མཚན་ཉིད་འདྲེས་མ་དང་ལྡན་ལ། དེ་ཡང་བརྣགས་ཤིང་བཟོད་པར་བཀའ་བ་ཡིན་ནོ། །ས་ཞག་བསྐ་བས་རླུང་བསྐྱེད་ལ། །ཚྭ་བྲོ་མཁྲིས་པ་མདར་བད་ཀན། །
་དངས་མ་ལ་སོགས་གནོད་གྱུར་ཅིང། །རྩུབ་པས་ཟས་ཟོར་རྩུབ་གྱུར་ནས། ཞུ་བས་རྩ་སྐབས་འགགས་བྱས་ཏེ། སྔ་མ་བཞིན་དུ་སྐྱ་རྦབ་སྐྱེད། །དེ་ནས་ལྟེ་བ་རྐང་པ་དང། །ཁ་དང་ཕོ་མཚན་སྐྲངས་པར་བྱེད། །བཤད་བ་སྲིན་བུ་དང
་བཅས་བ་ཁྲུ། །བད་ཀན་ཁྲག་དང་བཅས་པར་འབྱུང། །ཞེས་བྱ་བ་ལ། ས་ཞག་ཟེས་ན་དེའི་རོ་བསྐ་བས་ནི་རླུང་བསྐྱེད་ཅིང་གནོད་པར་བྱེད་ལ། ལན་ཚྭ་བྲོ་བས་ནི་མཁྲིས་པ་སྐྱེད་པར་བྱེད། །མངར་བག་ལས་ནི་བད་ཀན་བསྐྱེད་པར་བྱེད་ཅིང། དངས་མ་ལ་སོགས་པའི
་ལུས་ཟུངས་རྣམས་ལ་ཡང་གནོད་ཅིང་འཁྲུགས་པར་འགྱུར་བ་དང། དེའི་རྩུབ་པའི་རྒྱུས་ཁ་ཟས་ཟོས་པ་རྩུབ་པོར་གྱུར་ནས་ས་ཞག་དེ་ཞུ་བར་གྱུར་པ་དང། །དེས་རྩུ་སྤུབས་ཀྱི་སྒོ་བཀག་ཅིང་རྒྱུར་མི་རུང་བར་བྱས་སྟེ། རྩ་སྤུབས་དེ་དག་སྔ་མ་བཞིན་དུ་སྐྱ་རྦབ་ཀྱི
་ནད་སྐྱེད་པར་བྱེད་དོ། །དེ་ནས་དེའི་འོག་ཏུ་ལྟོ་བ་ལ་སོགས་པ་སྐྲང་བར་བྱེད་པ་དང། བཤང་བ་སྲིན་དུ་བཅས་པར་འཁྲུ་ཞིང་འབྱུང་བ་དང། །ཁྲག་དང་བཅས་པའི་བད་ཀན་ཁ་ནས་འབྱུང་བར་འགྱུར་བ་ཡིན་ནོ། །གཞི་ག་སྐྱ་རྦབ་ནད་ཀྱིས་བཏག་།དེ་ཡིས
་མཁྲིས་སྐྱེས་ཟས་ཟོས་པས། ཁོད་པ་ཡན་ལག་གནས་མཁྲིས་གནས། །གཤང་ཁྲག་བསྲེགས་ཏེ་མིག་སེར་སྐྱེད། །ཅེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དང་ལྡན་པའི་མི་གང་ཞིག་མཁྲིས་པ་བསྐྱེད་ཅིང་འཕེལ་བར་བྱེད་པའི་ཟས་དང། སྐོམ་ལ་སོགས
་པ་བསྟེན་ཅིང་ཟོས་པས། མི་དེའི་ཁོང་པ་དང་ཡན་ལག་ལ་བརྟེན་ཅིང་གནས་པའི་མཁྲིས་པས་མིག་སེར་སྐྱེད་པར་བྱེད་དོ། །ཅི་ཞིག་བྱས་ནས་བསྐྱེད་པར་བྱེད་ཅེ་ན། །ཁྲག་དང་ཤ་བསྲེགས་ཤིང་ཚིག་པར་བྱས་པས། མིག་སེར་སྐྱེད་པར་བྱེད་དོ།
་དེས་ནི་མིག་དང་པགས་པ་གདོང། །བཤང་གཅི་སེན་མོ་ཁ་དོག་སེར། །ལུས་ཚ་སྐོམ་དད་ཟས་མི་བརྡུ། སྦལ་འདྲ་དབང་པོ་ཉམས་ཆུང་འགྱུར། །ཞེས་བྱ་བ་ལ། མིག་སེར་གྱི་ནད་ཀྱིས་མིའི་མིག་ལ་སོགས་པ་མདོག་སེར་བོར་འགྱུར་ལ། དེ་བཞིན
་དུ་ལུས་ཚ་བ་ལ་སོགས་པ་དང་ལྡན་པ་དང། སྦལ་པ་སེར་པོ་ལྟ་བུའི་མདོག་དང་ལྡན་པ་དང། དབང་པོ་རྣམས་ཉམ་ཆུང་ཞིང་རང་གི་ཡུལ་འཛིན་པར་མི་ནུས་པ་ཡིན་ནོ། །དེ་ནི་མཁྲིས་པའི་ཤེས་ཆེ་ནང?། །སྐྱ་རྦབ་ནད་མེད་པར་དེ་འབྱུང། །ཞེས་བྱ་བ
་ལ། མིག་སེར་གྱི་ནད་འདི་ནི་མཁྲིས་པ་སྐྱེད་པར་བྱེད་པའི་དངོས་པོ་བསྟེན་པ་དང་མཁྲིས་པའི་རང་བཞིན་ཤས་ཆེ་བས་མཁྲིས་པ་ཤིན་ཏུ་རྒྱས་པར་འགྱུར་བས་ནི། སྐྱ་རྦབ་ཀྱི་མེད་པར་ཡང་ཁོད་པ་དང་ཡན་ལག་ལ་བརྟེན་པའི་མཁྲིས་པ་མིག
་སེར་སྐྱེད་པར་བྱེད་དོ། །ཡལ་བར་བོར་ན་ཆེར་སྐྲངས་ཏེ། །གསོ་དཀའ་མིག་སེར་འོར་ཐབས་ཡིན། །ཞེས་བྱ་བ་ལ། མིག་སེར་གྱི་ནད་དེ་ཉིད་གསོ་བ་མ་བྱས་པར་ཡལ་བར་བོར་ན་ཆེ་བས་ཆེར་སྐྲངས་པར་གྱུར་པ་དེ་ནི་མིག་སེར་འོར་ཐམས་ཅད་ཞེས་བྱ་སྟེ། །
་དེ་ནི་གསོ་དཀའ་ཞིང་བཅོས་པར་དཀའ་བ་ཡིན་ནོ། །ཧ་ལི་ས་ནི་ལྗང་ནག་སེར། །རླུང་མཁྲིས་མགོ་འཁོར་སྐོམ་དད་ཆེ། །བུད་མེད་ལ་དགའ་རིམས་ཆུང་འདེབས། །ཁོང་རྨྱ་མེ་དྲོད་ཉམས་སྟོབས་འབྲི། །ཧི་ལ་ས་ཀ་ཁྲག་ངན་འགྱུར། །ཆུ་སེར་ཅན
་ཞེས་བྱ་བ་ཡིན། །ཞེས་བྱ་བ་ལ། གང་གི་ཚེ་སྐྱ་རྦབ་ཀྱི་ནད་མཁྲིས་པའི་ཤས་ཆེ་བས་ལྡང་ཞིང་གནས་ལ་སེར་བར་གྱུར་ལ། རླུང་དང་མཁྲིས་པའི་ཤས་ཆེ་ལས་མགོ་འཁོར་བ་ལ་སོགས་པ་འབྱུང་བ་དང། རིམས་ཅུང་ཟད་ཙམ་གྱིས་འདེབས
་པ་དང། ཁོང་རྨྱ་བ་ལ་སོགས་པར་འགྱུར་ཏེ། ནད་དེའི་མིང་ནི་ཧ་ལི་ས་ཀ་ཞེས་བྱ་བ་ཁྲག་ངན་ལས་གྱུར་པ་དང། དེ་བཞིན་དུ་ཆུ་སེར་ཅན་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །དེ་རྣམས་ཀྱི་ནི་བླ་གཉན་སྔར། །འོར་ནད་གཙོ་བོ
་ཡིན་པར་བཤད་དོ། །དེ་ཕྱིར་དེ་ཉིད་བཤད་པར་བྱེད། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་དེ་རྣམས་ཀྱི་བླ་གཉན་སྔར་འཆི་ལྟས་ལེའུ་ཡི་སྐབས་སུ་འོར་ནད་སྐྲངས་པར་ཁོ་ན་གཙོ་བོ་ཡིན་བར་བཤད་ཅིང་བསྟན་པས་དེའི་ཕྱིར་འོར་ནད་སྐྱ་རྦབ་ཀྱི
་འོག་ཏུ་བཤད་ཅིང་བསྟན་པར་བྱའོ། །དེ་ཡང་སྐྱ་རྦབ་འོར་ནད་བཅས་པ་དང། །མིག་དང་སེན་མོ་སེར་པོར་སྣང། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ཡིན་ནོ། །རླུང་འཁྲུགས་གྱུར་པས་བད་ཀན་དང། ཁྲག་དང་མཁྲིས་པ་ཕྱི
་རོལ་རྩར། །འཕྲོས་བྱས་དེ་ཡང་རྒྱུན་སྲད་འགགས། །པགས་པ་ཤ་ལ་གནས་གྱུར་ཏེ། །འོར་ནད་མཐོང་ཞིང་སྐྲངས་པར་བྱེད། །ཅེས་བྱ་བ་ལ། རླུང་འཁྲུགས་ཤིང་ལྡང་པར་གྱུར་པས་བད་ཀན་དང་ཁྲག་དང་མཁྲིས་པ་ཕྱི་རོལ་གྱིས་རྩ་འཕྲོས་ཤིང་བྱེ་བར་བྱས་ནས་བད་ཀན་ལ་སོགས
་དེ་དག་ཀྱང་ཕན་ཚུན་འགྲོ་བའི་རྒྱུན་སྲད་འགགས་པས་པགས་པ་དང་ཤ་ལ་གནས་ཏེ་འོར་ནད་དུ་འགྱུར་ཞིང་མཐོ་ཞིང་མ་བྲད་པར་གྱུར་པའི་སྐྲངས་པའི་ནད་དུ་འགྱུར་རོ། །དེ་བས་ཐམས་ཅད་འདུས་གྱུར་བཤད། །ཅེས་བྱ་བ་ལ། རྒྱུ་དེ་བས་ན་འོར་ནད་ཐམས་ཅད་ནི
་ནད་གཞི་གསུམ་འདུས་ལས་གྱུར་པ་ཡིན་ནོ་ཞེས་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་རྣམས་ཀྱིས་བཤད་དོ། །རྒྱུ་རྣམས་ཀྱི་ནི་བྱེད་བྲག་ལས་གཟུགས་འབྱེད་དགུ་ཡི་བདག་ཉིད་ཅན། །ནད་གཞི་ཐ་དད་གཉིས་དང་ཀུན། །སྣང་དང་དུག་གིས་ཕོག་ལས་བྱུང
་ཞེས་བྱ་བ་ལ། འོར་ནད་ཀྱི་རྒྱུ་སོ་སོར་ངེས་བའི་བྱེ་བྲག་གཟུགས་ཀྱི་མཚན་ཉིད་དབྱེ་བ་རྣམ་པ་དགུའི་བདག་ཉིད་ཅན་དུ་འགྱུར་ཏེ། །དེ་ཡང་རླུང་ལ་སོགས་པ་ནད་གཞི་ཐ་དད་པ་ལས་གྱུར་པ་གསུམ་དང་གཉིས་གཉིས་འདེས་པ་ལས་གྱུར་པ་གསུམ་དང།
་ཐམས་ཅད་འདུས་པ་ལས་གྱུར་པ་གཅིག་སྟེ། དེ་ལྟར་བདུན་དང། སྣང་པ་ལས་གྱུར་པ་དང། དུག་གིས་ཕོག་པ་ལས་བྱུང་བ་གཉིས་ཏེ་སྤྱིར་དགུ་ཡིན་ནོ། །ཡང་ན་གློ་བུར་གཉིས་ཡན་ལག་ཀུན་སྐྲང་ཕྱོགས་གཅིག་གཉིས། །ཞེས་བྱ་བ་ལ། ཡང་ན་འོར་ནད་ནི་རྣམ
་པ་གཉིས་ཏེ། ནད?་ན་རང་ལ་ཡོད་པའི་ཉེས་པའི་གཞི་ལས་བྱུང་བ་དང། གློ་བུར་བའི་ཉེས་པ་དུག་དང་སྣོད་པ་ལས་བྱུང་བ་སྟེ་གཉིས་སོ། །ཡང་རྣམ་པ་གཉིས་ཏེ་ལུས་ཀྱི་ཡན?་ལག་ཀུན་སྐྲང་བའི་འོར་ནད་དང། ཡན་ལག་གི་ཕྱོགས་གཅིག་ཏུ་འབྱུང་བའོ། །ཁྱབ་དང་མཐོ
་བར?་མདུད་པ་ཡི། །དབྱིབས་ཀྱི་དབྱེ་བས་གསུམ་དུ་འང་འདོད། །ཅེས་བྱ་བ་ཡང་འོར་ནད་དེ་ནི་ཁྱབ་པ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ཡིན་པར་དྲང་སྲོང་རྣམས་འདོད་ཅིང་བཤད་དེ། ཁྱབ་པ་ནི་རྒྱ་ཆེ་བའོ། །མཐོ་བ་ནི་གྲོག་མཁར་ལྟར་པགས་ཀྱིས་མཐོ
་བའོ། །མདུད་པ་ཅན་ནི་མདུད་པ་ལྟར་རྡོག་རྡོག་པར་འདུག་པའོ། །དེ་ལྟར་ན་ཁྱད་པར་དེ་དག་གིས་འོར་ནད་ནི་རྣམ་པ་གསུམ་ཡིན་པར་འདོད་དོ། །འོར་ནད་ཀྱི་ནི་སྤྱི་ཡི་རྒྱུ། །ནད་ལས་སྐྱེས་པ་ཁྱད་པར་ཉིད། །ནད་ལས་སྨྱུང་སོགས་ཀྱིས་ཉན་ཆུང།།
་མྱུར་དུ་ལྷག་པར་ཟས་ལས་འབྱུང། །ཞེས་བྱ་བ་ལ། ལྷན་ཅིག་སྐྱེས་པ་དང་བློ་བུར་བའི་འོར་ནད་ཐམས་ཅད་ཀྱི་སྤྱིའི་ཐུན་མོང་གི་རྒྱུ་ནི་འོག་ནས་བཤད་པ་ཡིན་ལ། ནད་གཞི་ལས་བྱུང་པའི་འོར་ནད་ཀྱི་མཚན་ཉིད་ནི་རྒྱུའི་ཁྱད་པར་ལྷག་པ་གཞན་ཡོད་དེ། །དེ
་བཞིན་དུ་གློ་བུར་བའི་རྒྱུ་ནི་རིམས་ལ་སོགས་པའི་ནད་དང་སྐྱུགས་སྨན་ལ་སོགས་པའི་ལས་དང། སྨྱུང་བ་བྱས་ཤིང་ཟས་བཅད་པ་དང། །སོགས་པ་ཞེས་སྨོས་པ་ལས་ཀྱིས་དུ་བ་ལ་སོགས་པ་ཉམ་ཆུང་ཞིང་རིང་པར་གྱུར་པའི་མིས་མྱུར་དུ་སྟེ། དེའི་མོད་ལ
་ཟས་དྲགས་པར་ཟོས་ན་འོར་ནད་སྐྱེད་པར་འགྱུར་རོ་དེ་ནས་གཞན་ཡང་ལྕི་བ་དང། །སྐྱུར་དང་སྣུམ་བསིལ་ལན་ཚྭ་དང། །ཐལ་སྨན་རྣོན་པོ་ཚྭ་བ་དང། །མྱ་ངན་ཆུ་ཉིད་དྲགས་དང་ཡར། །ཟས་ཟོས་ཤ་ལྕི་ཤ་སྐམ་དང། །མ་ཞུ་ངལ་དང་བུད་མེད་གྲགས། །
་རྐང་གིས་ལམ་དུ་འགྲོ་བ་འམ། །གཞོན་པས་དྲག་ཏུ་བསྐྱོད་འགྱུར་ཡིན། །ཞེས་བྱ་བ་ལ། དེ་ནས་གཞན་ཡང་ནད་མེད་པར་གནས་པ་དག་གིས་ཀྱང་ཟས་དང་སྐོམ་ལྕི་བ་ལ་སོགས་པ་ཆ་ཤས་ཆེར་དྲགས་པ་བསྟེན་པས་འོར་ནད་སྐྱེད་པར་འགྱུར་རོ། །
་དེ་བཞིན་དུ་མ་ཞུ་བ་ལ་སོགས་པས་ནད་སྐྱེད་པ་ཡིན་ནོ། །ལུད་པ་དབུགས་མི་བདེ་ཚྭ་འཁྲུ། །གཞང་འབྲུམ་ལྟོ་བའི་ནད་དང་ནི། །མངལ་ནས་ཁྲག་འཛག་རིམས་ཀྱིས་བཏབ། །གསུང་དང་ཆུ་སེར་སློན་ཉེས་དང། །སྦུམ་མ་དང་ནི་མེ་དཔལ་གྱིས། །ནད་དང་སྐྱ་རྦབ
་དག་གིས་བཏབ། །གཞན་ཡང་ལོག་པར་གསོས་གྱུར་པའི། །ནད་དེ་བྲང་དུ་གནས་ན་ནི། །སྟོད་སྐྲངས་ཆུ་སོར་གནས་སྨད་སྐྲངས། །དབུས་ན་གནས་པར་རབ་ཏུ་སྐྲང། །ཉིད་ལག་ལ་བརྟེན་དེ་སྐྱེད་བྱེད། །ཅེས་བྱ་བ་ལ། ལུད་པ་ལ་སོགས་པའི་ནད་རྣམས་དང། དེ
་ལས་གཞན་པའི་ནད་རྣམས་ལེགས་པར་གསོས་ཤིང་སྨན་དཔྱད་ཀྱི་བསྟན་བཅོས་ལས་ཇི་སྐད་བཤད་པ་བཞིན་དུ་གསོས་པ་གྱུར་ན་འོར་ནད་ཀྱི་རྒྱུར་འགྱུར་ཏེ། རྒྱུ་དེས་རླུང་ལ་སོགས་པའི་ནད་འཁྲུག་པར་འགྱུར་བ་དེ་གྲང་ན་གནས་པ་ལུས་ཀྱི་རོ་སྟོད་ཀྱི་ཆ་སྐྲངས་པར་བྱེད། །
་ཆུ་སོར་གནས་ན་གང་ལ་གནས་ན་ཆུ་སོ་མན་ཆད་ཀྱི་རོ་སྨད་སྐྲངས་པར་འགྱུར་རོ། །དབུས་ཏེ། ལྟེ་བ་དང་སྐེད་པའི་ཕྱོགས་སུ་གནས་ན་ལུས་ཀྱི་ཕྱོགས་སུ་སྐྲང་བར་འགྱུར་རོ། །ལུས་ཀྱི་ཡན་ལག་ཀུན་ལ་ཁྱབ་པར་གནས་ན་ཐམས་ཅད་སྐྲང་པར་འགྱུར་རོ། །ཡན་ལག་རེ་རེའི་ཉིང་ལག
་ལ་གནས་ན་གང་ལ་གནས་པའི་ཉིང་ལག་ཉིད་སྐྲང་པར་བྱེད་པར་འགྱུར་རོ། །དེའི་སྔོན་ཚུལ་རྩ་རྣམས་ཆེ། །ཡན་ལག་སྙོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། འོར་ནད་ཀྱིས་སྔོན་དུ་བྱུང་བའི་ཚུལ་ནི་མིག་ལ་སོགས་པའི་རྩ་རྣམས་ཤིན་ཏུ་མི་བཟད་པར་ཚ་བ་དང
་ཡན་ལག་རྣམས་སྙོམ་ཞིང་ན་བར་བྱེད་པ་ཡིན་ནོ། །རླུང་ལས་སྐྲང་པ་འཕོ་ཞིང་རྩུབ། །སྤུ་རྩུབ་སྨུག་ཅིང་གནག་པ་དང། པགས་འཁུམས་འདར་རྩེ་རེག་ན་ན། །ན་ཞིང་ཟུག་ལ་བེམ་བེམ་པོ། །མྱུར་བར་ལྡང་ཞིང་མྱུར་བར་ཞི། །སྐྲངས་པ་མནན་ན་དམའ་བར་འགྱུར།།
་སྣུམ་དང་དྲོ་བས་མཉེས་ན་ཞི། མཚན་མོ་ཆུང་ཞིང་ཉིན་མོ་ཆེ། །པགས་པ་ཡུངས་ཀར་ལྡེ་གུ་ཡིས། །བསྐུས་ལྟར་ཚ་བ་ཙག་ཙག་བྱེད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་འོར་ནད་ནི་འཕོ་ཞིང་གནས་མ་ངེས་པ་དང། །རེག་ན་རྩུབ་པ་དང། སྤུ་རྩུབ་པར་གནས་པ་དང།
་མདོག་སྨུག་ཅིང་གནག་པ་དང། །པགས་པ་འཁུམས་ཤིང་གཉེར་མ་ཡོད་པ་ལ་སོགས་པ་དང་ལྡན་པ་དང། དེ་བཞིན་དུ་མྱུར་དུ་ལྡང་ཞིང་འབྱུང་ལ། མྱུར་དུ་རབ་ཏུ་ཞི་བར་འགྱུར་བ་དང། སྐྲངས་པའི་ཕྱོགས་ལག་པས་མནན་ན་དམའ་ཞིང་ཀྲུང?་ཀྲུང་པོར
་འགྱུར་བ་དང། །སྣུམ་བསྐུས་ཤིང་དྲོད་པག་ཏུ་བྱས་ཏེ་མཉེས་ན་ཞི་བར་འགྱུར་བ་དང། མཚན་མོ་སྐྲང་པ་འབྲི་ཞིང་ཆུང་ལ། ཉིན་མོ་སྐྲང་པ་ཆེ་ཞིང་འཕེལ་བ་དང། །པགས་པ་ཡང་ཡུངས་ཀར་བཏེགས་པའི་འདི་གུས་བསྐུས་པ་ལྟར་ཚ་བ་ཙག་ཙག་བྱེད
་པ་དང་ལྡན་པ་ཡིན་ནོ། །མཁྲིས་བ་རྩ་སེར་དམར་ལ་གནག་།སྤུ་ནི་དམར་སེར་གྱུར་པ་དང། །གྱུར་དང་ལྡང་དང་ཞི་མི་འགྱུར། །དང་པོར་དབུས་སུ་གྱུར་དང་སྲབ། །སྐོམ་བཅས་ཚ་ཞིང་རིམས་འདེབས་རྡུལ། །མནམ་ཞིང་འདུལ་ལ
་སྣུམ་མགོ་འཁོར། །གསིལ་བག་འདོད་པའི་ཐུར་དུ་འཁྲ། །དྲི་མནམ་རེག་ན་མི་བཟོད་འཇམ། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་འོར་ནད་ནི་མདོག་སེར་པོ་ལ་སོགས་པར་སྣང་བ་དང། སྤུའི་མདོག་དམར་སེར་དུ་གྱུར་པ་དང། མྱུར་དུ་ལྡང་ཞིང་འབྱུང
་བ་དང། ཞི་བར་མི་འགྱུར་བ་དང། ཐོག་མར་དབུས་ཀྱི་ཕྱོགས་ནས་སྐྲང་ཞིང་མཆོད་པ་དང། པགས་པ་སྲབ་པ་ལ་སོགས་པ་དང་ལྡན་པ་དང། །རེག་ན་མི་བཟོད་ཅིང་ན་ལ་འཇམ་ཞིང་མཉེན་པ་ཡིན་ནོ། །བད་ཀན་གཡའ་སྤུ་ལྤགས་པ་དཀར། །མཁྲང
་ཞིང་བསིལ་ལ་ཅི་བ་དང། སྣུམ་ཞིང་འཇམ་ལ་བརྟན་ཞིང་འཐོས། །གཉིད་ཚ་སློན་ཞིང་མེ་དྲོད་ཉམས། །མནན་ན་མི་འབྱིང་ལྡང་དཀའ་ཞིང། །ཞི་དཀའ་མཚན་མོ་སྐྲངས་ཚབས་ཆེ། །འོད་མ་བཙགས་བུ་སོགས་དྲལ་ཡང། །ཁྲག་མི
་འབྱུང་བར་སྤྱི་བག་འཛག་།དྲི་དང་རེག་པ་ལ་མངོན་དགའ་། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འོར་ནད་ནི་སྐྲང་པ་གཡའ་བ་དང། །སྤུ་དང་པགས་པ་དཀར་ཞིང་སྐྱ་བ་དང། མཁྲང་ཞིང་སྤ་བ་དང། སྣུམ་པ་ལ་སོགས་པ་དང་ལྡན་ཞིང། །གཉིད
་ཆེ་བ་ལ་སོགས་པར་བྱེད་པ་དང། མནན་ན་འབྱིང་ཞིང་སྤོ་བར་མི་བྱེད་པ་དང། ལྡང་ཞིང་སྐྱེ་བ་དང་ཞི་བར་དཀའ་མཚན་མོ་སྐྲངས་ཚ་བས་ཆེ་ཞིང་ཉིན་མོ་སྐྲངས་ཚབས་ཆུང་བ་དང། འོད་མའི་ཚལ་བ་དང། བཙག་བུ་ལ་སོགས་པས་དབྲལ་བ། ཡང་ཁྲག
་མི་འབྱུང་བར་རིང་ཞིག་ན་སྦྱིན་བག་ནལ་ནལ་པོ་འབྱུང་བ་དང། །དྲོ་བ་ལ་དགའ་བ་དང། རེག་ཅིང་བྱུགས་ན་དགའ་བ་ཡིན་ནོ། །གཉིས་བྱུང་གསུམ་པོར་ཇི་བཞིན་པ། །རྒྱུ་དང་མཚན་མ་འདྲན་མ་ཡིན། །ཞེས་བྱ་བ་ལ། ནད་གཉིས་ལས་བྱུང་བའི་འོར་ནད
་གསུམ་ནི་རྒྱུ་དང་དབྱིབས་ཀྱི་མཚན་མ་འདྲེན་མར་དང་ལྡན་པ་ཡིན་ནོ། །འདུས་པ་ཀུན་གྱི་བདག་ཉིད་ཅན་ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་འོར་ནད་ནི་མཚན་མ་ཐམས་ཅད་དང་ལྡན་པའི་བདག་ཅན་ཡིན་ནོ། །མཚོན་ལ་སོགས་པས་ནད་གྱུར་ཅིང། །བཅད་དམ
་དབྲལ་ལམ་སྨྲས་ལ་སོགས། །ཁ་བ་མེ་དང་རྒྱ་མཚོའི་རླུང། །བས་རྩི་ཀ་པི་ཀ་ཆུ་ཡི། །ཁུ་བ་གྲ་མ་སོགས་རེག་པས། །སྐྲང་པ་མཆེད་པར་འགྱུར་པ་ཡིན། །ཤིན་ཏུ་ཚ་ཞིང་དམར་བར་སྣང། ཕལ་ཆེར་མཁྲིས་པའི་མཚན་ཉིད་ཅན། །ཞེས་བྱ་བ་ལ།
་མཚོན་ཆ་ལ་སོགས་པས་སྣང་ཅིང་རྨད་རྨ་ཕྱུང་ལས་བཅད་པ་དང་དབྲལ་དེ་དང་རྨ་ཕུག་པ་ལ་སོགས་པ་ལས་བྱུང་བའི་འོར་ནད་དང། སོགས་པ་སྨོས་པས་བརྡུངས་པ་དང། བཅག་པ་དང། བསྣུན་པ་དང། ལྟུང་བ་དང། བཅིངས་པ་དང། དཀྲིས་པ་ལ་སོགས
་པ་བསྡུའོ། །དེ་བཞིན་དུ་ཁ་བས་ཕྱིས་པ་དང། མེས་ཚིག་པ་དང། དེ་བཞིན་དུ་རྒྱ་མཚོ་ལས་བྱུང་བའི་རླུང་གིས་ཕོག་པ་དང། བསེ་ཤིང་གི་མེ་ཏོག་དང་ཐང་ཆུས་ཕོག་པ་དང། ཀ་པི་ཀ་ཆུའི་ཞེས་བྱ་བ་ཁ་སྲེལ་ཕྲེའུ་ཨད་མ་ཀུབ་ཏ་ཅེས་བྱ་བའི་གྲ་མ
་རེག་ན་ཡང་སྐྲང་པར་འགྱུར་ཞིང། །སྐྲང་བ་དེ་ཕན་ཚུན་མཆེད་ཅིང་བྱེད་བར་འགྱུར་བ་དང། ཤིན་ཏུ་ཚ་ཞིང་དྲོ་བ་དང། མདོག་དམར་པོར་སྣང་བ་ཡིན་ལ། ཕལ་ཆེར་ཏེ་མང་དུ་མཁྲིས་པ་དང་མཚན་ཉིད་འདྲ་བ་ཡིན་ནོ། །དུག་སྐྱེས་སྲོག་ཆགས
་དུག་ཅན་ནི། །ལུས་ལ་ས་དང་གཅིན་གྱིས་ཕོག་།སྲོག་ཆགས་དུག་མེད་པ་ཡི་ཡང། །སོ་དང་མཆེ་བ་སེན་མོས་ཟུག་།གཅིན་རྟུག་ཁུ་བས་དམེས་པ་དང། །དྲི་མ་ཅན་གྱི་གོས་ཀྱིས་རེག་།དུག་གིས་རླུང་ལ་རེག་པ་དང། །དབྱིག་དུག་ཕྱེ་མས་རེག
་ལས་བྱུང། །མཉེན་ཞིང་གཡོ་ལ་འཕྱང་བ་དང། །མྱུར་གསོད་ཆ་ཞིང་ན་བར་བྱེད་ཅེས་བྱ་བ་ལ། དུག་ལས་སྐྱེས་པའི་འོར་ནད་ནི་སྤྲུལ་ལས་བྱུང་པའི་སྲོག་ཆགས་དུག་ཅན་གྱིས་རེག་ཅིང་ལུས་ལ་སོང་བ་དང། དེ་བཞིན་དུ་དེའི་གཅིན་གྱིས་ཕོག་པ
་དང། །སྲོག་ཆགས་དུག་མེད་པ་དག་གིས་ཡང་གཅིན་དང་རྟུག་པ་ཕོག་པ་དང། ཡང་ཞེས་སྨོས་པ་ནི་དུག་དང་བཅས་པ་བསྡུ་བས་ཏེ། དེ་དག་གི་སོ་དང་མཆེ་བ་དང་སེན་མོས་ཟིན་ཅིང་ཟུག་པ་དག་ཀྱང་འོར་ནང་དུ་འགྱུར་རོ། །དེ་བཞིན་དུ་གཅིན་དང
་རྟུག་པ་དང་ཁུ་ཆུས་དམེས་པར་བྱས་པ་དང། དེ་བཞིན་དུ་དྲི་མ་དང་བཅས་པའི་གོས་ཀྱིས་རེག་པས་ཀྱང་འོར་ནང་དུ་འགྱུར་རོ། །དེ་བཞིན་དུ་དུག་གི་ཤིང་ལ་རེག་པ་དང། དུག་དང་འདྲེས་པའི་རླུང་ལ་རེག་པ་དང། དེ་བཞིན་དུ་དབྱིག་དུག་སྦྱར་མར་བྱས་པའི་ཕྱེ་མས
་རེག་པ་ལས་ཀྱང་འོར་ནད་འབྱུང་བར་འགྱུར་རོ། །སྐྲངས་པ་དེ་ནི་མཉེན་ཞིང་འཛམ་པ་དང། གཡོ་ཞིང་འཕོ་བ་དང། འཕྱང་བག་ཏུ་གནས་པ་དང། མྱུར་དུ་གསོད་བར་བྱེད་པ་དང། ཚྭ་བར་བྱེད་པ་དང། ན་བར་བྱེད་པ་ཡིན་ནོ། །འོར་ནད་གསར་བྱུང་བླ་གཉན
་མེད། གསོ་སླ་ཞེས་བྱ་བ་ལ་འོར་ནད་གསར་དུ་བྱུང་ཞིང་སྐྱེས་ནས་རིང་པོར་མ་ལོན་པ་དང། བླ་གཉན་གྱི་ནད་གཞན་གྱིས་མ་གཙེས་པ་དག་ནི་གསོ་བར་བླ་ཞིང་སྨན་དཔྱད་ཀྱིས་བཅོས་པར་ནུས་པ་ཡིན་ནོ། །གསོ་དཀའ་སྔར་བཤད་ཟིན། །ཞེས
་བྱ་བ་ལ། འོར་ནད་གསོ་བར་མི་རུང་པ་ནི་སྔར་ལུས་ཀྱི་འགྱུར་བ་བཤད་པའི་ལེའུའི་སྐབས་སུ། བླ་གཉན་དུ་མར་ལྡན་པའི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་ཅིང་བསྟན་ཟིན་པ་ཡིན་ནོ། །མེ་དབལ་ནད་རྣང་སྣང་བའི་བར། །གནོད་པའི
་འོར་ནད་མཚུངས་པ་ཡིན་ཞེས་བྱ་བ་ལ། མེ་དབལ་གྱི་ནང་ནི་ནད་གཞི་སོ་སོ་དང་གཉིས་འདྲེས་པ་དང། ཐམས་ཅད་འདུས་པ་ལས་གྱུར་པ་དང། སྣང་པའི་བར་ལས་བྱུང་བ་སྟེ། །མེ་དབལ་རྣམ་པ་བརྒྱད་ཡིན་ནོ། །དེ་བཞིན་དུ་གནོད་པ་རླུང
་དང་བད་ཀན་དང་མཁྲིས་པ་ལ་སོགས་པ་ལས་གྱུར་པའི་འོར་ནད་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །དེ་ནི་ཕྱི་ནང་གཉིས་ཀ་སྟེ། གསུམ་ན་གནས་པ་ཡིན་པར་བཤད། །ཅེས་བྱ་བ་ལ། མེ་དབལ་དེ་ནི་ཕྱི་ལ་སོགས་པའི་དབྱེ་བས་རྣམ་པ
་གསུམ་ཡོད་དོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དེ། ལ་ལ་ནི་ཕྱི་རོལ་ན་གནས་པ་ཡིན་ལ། ལ་ལ་ནི་ནང་ན་ལ་ལ་ནི་གཉི་ག་ན་གནས་པ་ཡིན་ནོ། །ཕྱི་མ་བཞིན་དུ་གསོ་བར་དཀའ་ཞེས་བྱ་བ་ལ། མེ་དབལ་དེ་ཡང་ཕྱི་མ་བཞིན་དུ་གསོ་ཞིང་བཅོས་པར་དཀའ་སྟེ།།
་དེ་ཡང་ཕྱི་རོལ་ན་གནས་པ་བས་ནི་ནང་ན་གནས་པ་རབ་ཏུ་གསོ་བར་དཀའ་ལ། ནང་ན་གནས་པ་བས་ནི་གཉི་ག་ན་གནས་པ་མཆོག་ཏུ་གསོ་བར་དཀའ་བ་ཡིན་ནོ། །དེ་ལ་ནད་ནི་ཇི་བཞིན་དུ། །འཁྲུགས་པའི་རྒྱུ་ཡིས་ལྡང་གྱུར་ལ། །ཁྱད་པར་དུ་ནི་ཚེ་བ
་ཡིས། ལུས་ལ་མྱུར་དུ་མཆེད་པར་བྱེད། །དེ་ཡང་ནང་གནས་ནང་དུ་མཆེད། ཕྱིར་གནས་ཕྱིར་མཆེད་གཉིས་ཀར་གནས། །གཉིས་གར་མཆེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། མེ་དབལ་གྱི་ནད་དེ་ནི་རླུང་ལ་སོགས་པའི་ནད་རང་རང་གི་རྣམ་པ་ཇི་ལྟ་བ
་བཞིན་དུ་འཁྲུགས་ཤིང། གཡོས་པར་འགྱུར་བའི་རྒྱུ་ཁ་བ་དང་ཚ་བ་དང་བསྐ་བ་ལ་སོགས་པའི་རྒྱུས་ལྡང་བར་འགྱུར་ལ། ཁྱད་པར་དུ་ནི་ཚ་ཞིང་སྲེག་པར་བྱེད་པའི་མཚན་ཉིད་ཅན་གྱི་སྨན་དང་ཟས་དང། སྤྱོད་ལམ་གྱིས་ལྡང་ཞིང་ནད་དེས
་ལུས་ལ་མྱུར་དུ་མཆེད་ཅིང་རྒྱས་པར་བྱེད་དོ། །དེ་ཡང་ཇི་ལྟར་མཆེད་ཅེ་ན། ནང་ན་གནས་པའི་མེ་དབལ་ནི་ནང་ན་མཆེད་ཅིང་རྒྱས་པར་བྱེད་ལ། ཕྱི་རོལ་ཏུ་གནས་པ་ནི་ཕྱི་རོལ་ཉིད་དུ་མཆེད་ལ། གཉིས་ཀར་གནས་ཤིང་རྟེན་པ་ནི་ཕྱི་དང་ནང་གཉི
་གར་མཆེད་ཅིང་རྒྱས་པར་བྱེད་པ་ཡིན་ནོ། །དེ་ལ་ནང་ན་གནས་པ་ནི། གནད་རྣམས་ཚ་གདུང་མྱོས་པར་བྱེད། བུ་ག་རྣམས་ལ་གནོད་པ་དང། །སྐོམ་དད་རབ་ཆེ་གཅིན་ནད་སོགས། །མི་སྙོམས་པར་ནི་འབྱུང་བ་དང། །མེ་དྲོད་མྱུར་ཉམས་ལས་ཤེས
་བྱ། ཞེས་བྱ་བ་ལ། དེ་ལ་ནད་ན་གནས་པ་ལ་སོགས་པའི་མེ་དབལ་གྱི་ནང་ནས། ནང་ན་གནས་པའི་མེ་དབལ་ནི་གནད་རྣམས་ཚ་བ་ལ་སོགས་པའི་མཚན་མ་ལས་ཤེས་ཤིང་རྟོགས་པར་བྱ་སྟེ། སྙིང་ལ་སོགས་པའི་གནད་རྣམས་ཚ་ཞིང
་སྡུག་བསྔལ་གྱིས་གདུངས་བ་དང། མྱོས་ཤིང་རྨོངས་བག་ཏུ་བྱེད་པ་དང་ནང་དུ་བུ་གའི་སྒོ་རྣམས་ལ་གནོད་ཅིང་གཟིར་ལ་ཁྱད་པར་དུ་སྐྱོད་པ་དང། དེ་བཞིན་དུ་སྐོམ་དད་ལྷག་པར་རབ་ཏུ་ཆེ་བ་དང། བཤང་བ་དང་གཅི་བ་ལ་སོགས་པའི་ཤུགས
་མི་སྙོམས་ཤིང་ལེགས་པར་མི་འབྱུང་བ་དང། ཁོང་པའི་མེ་དྲོད་དང་ལུས་ཀྱི་སྟོབས་ཤིན་ཏུ་མྱུར་བར་ཉམས་པ་ལས་ཤེས་ཤིང་རྟོག་པར་བྱའོ། །ཕྱི་རོལ་དེ་ལས་བཟློག་པ་ཡིན་ཞེས་བྱ་བ་ལ། ཕྱི་རོལ་ཏུ་གནས་པའི་མེ་དབལ་གྱི་མཚན་ཉིད་ནི་ནང་ན་གནས་པའི་མེ་དབལ་གྱི
་མཚན་ཉིད་ལས་གོ་བཟློག་པར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །དེ་ལ་རླུང་མེ་དབལ་ནི། །རླུང་གི་རིམས་དང་ནད་ཐབས་འདྲ། །སྐྲང་ཞིང་འགུལ་ལ་ཟུག་པ་དང། །ཡན་ལག་སྙོམས་ཞིང་བ་སྤུ་རྩེ། །ཞེས་བྱ་བ་ལ། དེ་ལ་མེ་དབལ་གྱི་ནད་རླུང་ལས་གྱུར་པ་ནི
་རླུང་གི་རིམས་དང་ན་བའི་མཚན་ཉིད་འདྲ་བ་ཡིན་པར་ཤེས་པར་བྱ་ལ། ཡང་དེ་བཞིན་དུ་མེ་དཔལ་དེ་དེ་ནི་སྐྲང་བ་ལ་སོགས་དང་ཡང་ལྡན་པ་ཡིན་ནོ། །མཁྲིས་གྱུར་མྱུར་དུ་མཆེད་ཅིང་འགྲོ་།མཁྲིས་རིམས་རྟགས་ལྡན་ཤིན་ཏུ་དམར། །ཞེས་བྱ་བ
་ལ། མཁྲིས་པ་ལས་གྱུར་པའི་མེ་དབལ་ནི་ལུས་ལ་མྱུར་དུ་མཆེད་ཅིང་ཁྱབ་པར་བྱེད་པ་དང། མཁྲིས་པའི་རིམས་ཀྱི་མཚན་ཉིད། ཇི་སྐད་སྨོས་པའི་རྟགས་དང་ལྡན་པ་དང། ཤིན་ཏུ་ཤས་ཆེར་དམར་བ་ཡིན་ནོ། །བད་ཀན་ལས་གཡའ་རེག
་ན་འཇམ། །བད་ཀན་ལས་བྱུང་རིམས་འདར་ན། །ཞེས་བྱ་བ་ལ། བད་ཀན་ལས་བྱུང་བའི་མེ་དབལ་ནི་ཤས་ཆེར་གཡའ་བ་དང། རེག་ན་འམ་པ་དང། བད་ཀན་ལས་བྱུང་བའི་མེ་དབལ་དང་རིམས་དང་ཚུལ་འདྲ་ཞིང་མཚུངས་པ་ཡིན་ནོ། །མེ
་དབལ་སོགས་ཀུན་ཡལ་བར་བོར། །རང་གི་ནད་ཚུལ་བསགས་གྱུར་ནས། །དེ་ནི་སྨིན་རྟོལ་རང་རང་གིས། །མེ་དབལ་རྨའི་མཚན་ཉིད་ཡིན། །ཞེས་བྱ་བ་ལ། མེ་དབལ་ཐམས་ཅད་ཡལ་བར་བོར་ཞིང་གསོ་བ་མ་བྱས་ན། རང་གི་ནད་རླུང་ལ་སོགས་པའི
་ཚུལ་བགས་ཤིང་འཕེལ་བར་འགྱུར་ཏེ། རླུང་གི་མཚན་ཉིད་ཀྱིས་ནི་རླུང་གི་མེ་དབལ་འཕེལ་བར་འགྱུར་ལ། མཁྲིས་པའི་མཚན་ཉིད་ཀྱིས་ནི་མཁྲིས་པའི་མེ་དབལ་འཕེལ་ཞིང་གསོགས་པར་འགྱུར་ལ། བད་ཀན་གྱི་མཚན་ཉིད་ཀྱིས་ནི་བད་ཀན་གྱི་མེ་དབལ་ལ་སོགས་པར་འགྱུར་རོ། །དེ
་བཞིན་དུ་སྨིན་ཅིང་རྡོལ་པ་སྟེ། དང་པོར་སྨིན་ནས་ཕྱིས་རོལ་བར་འགྱུར་བ་ཡིན་པས་ན་སྨིན་ཅིང་བྲོལ་བ་ཞེས་བྱའོ། །དེ་བཞིན་དུ་རླུང་ལས་གྱུར་པ་རང་རང་གི་རྨའི་མཚན་ཉིད་གང་ཡིན་པ་དེ་འཛིན་ཅིང་འཕྱང་བར་བྱེད་དེ། རྨའི་ལེའུ་ལས། དེ་ལས་རླུང་ལས་སྔོ་ནག་སྨུག་པ
་དང་ཞེས་བྱ་བ་ལ་སོགས་པ་དང། མཁྲིས་པ་ལས་གྱུར་སྨིན་ཞེས་བྱ་བ་ལ་སོགས་པ་འོག་ནས་སྨོས་པ་ཡིན་ནོ། །རླུང་མཁྲིས་ལས་ནི་རིམས་འདེབས་སྨོན། །བརྒྱལ་ཞིང་ཚད་འཁྲུ་སྐོམ་མགོ་འཁོར། །རུས་ཚིགས་ཆགས་སྙམ་མེ་དྲོད་ཉམས། །མུན་ཞུགས
་སྙམ་སེམས་ཡི་ག་འཆུས། །ཡན་ལག་ཐམས་ཅད་མི་འདག་ནི། །འབར་བས་ཁྱབ་པ་ལྟ་བུར་ཆ། །ཕྱོགས་ནི་གང་དང་གང་དུ་མཆེད། །ཁྱབ་པའི་ཡན་ལག་དེ་དང་དེ། །མེ་མདག་ཞི་བ་ལྟར་གནས་པ་འམ། །སྔོ་བ་འམ་དམར་བས་ཁྱབ་བྱེད་ལ། མེ་བསྲེགས་ལྟ་བུར
་མཆེད་ཅིང་འབྱུང། །མྱུར་དུ་མཆེད་ཅིང་ཁྱབ་པར་བྱེད། །ནད་ཀྱི་རྗེས་འཇུག་མེ་དབལ་ནི། །དེ་ནས་སྟོབས་རབ་སྐྱེས་པའི་རླུང། །ཡན་ལག་ན་ཞིང་དྲན་པ་སྟོར། །གཉིད་ཡང་དབུགས་ཀྱི་རྔམ་པ་དྲག་།སྐྱིགས་བུས་འདེབས་ཤིང་འདི་ལྟ་བུའོ། །གནས་སྐབས་དེས་ནི་ཐོབ་པར་འགྱུར།།
་ས་དང་མ་ལ་ཁྲི་སྟན་སོགས་པ། །གང་དུ་འང་བདེ་བ་མི་འཐོབ་ཅིང། །འགྲེང་ཞིང་སྡུག་བསྔལ་མྱོང་པ་དང། །ལུས་སེམས་ངལ་ལས་བྱུང་བ་ཡི། །གཉིད་ཀྱི་རྨོང་བག་སད་དཀའ་བ། །དེ་ན་མེ་འདྲིའི་མེ་དབལ་ཡིན། ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་ནི?་མེ
་དང་འདྲ་བའི་མེ་དབལ་དུ་འགྱུར་ལ། དེ་ཡང་རིམས་ཀྱིས་འདེབས་པ་ལ་སོགས་པ་དང་ལྡན་པ་དང་ལུས་ཀྱི་ཡན་ལག་ཐམས་ཅད་མེ་མདག་འབར་བས་ཁྱབ་ཅིང་གཏོར་བ་ལྟ་བུར་རབ་ཏུ་ཚ་བ་དང། ཡང་མེ་དབལ་དེ་ལུས་ཀྱི་ཕྱོགས་གང་དང་གང་དུ་མཆེད་ཅིང
་ཁྱབ་པའི་ལུས་ཀྱིས་ཡན་ལག་གི་ཕྱོགས་དེ་དང་དེ་མེ?་མདག་འབར་བ་ཞིང་བཞིན་དུ་གནག་ཅིང་སྔོ་བ་དང་དམར་བས་ཁྱབ་པར་བྱེད་པར་འགྱུར་རོ། །ཡང་མེ་དབལ་དེ་ནི་མེས་བསྲེགས་པ་ལྟ་བུར་ཆུ་བུར་གྱིས་མྱུར་དུ་མཆེད་པར་བྱེད་ཅིང་ཀུན་ཏུ་ཁྱབ
་པར་བྱེད་པར་འགྱུར་ཏེ། དེ་ཡང་རླུང་དང་མཁྲིས་པའི་རྒྱུ་ཉིད་ཀྱིས་མྱུར་བ་ཁོ་ནར་ཁྱབ་པར་བྱེད་པ་ཡིན་ནོ། །ཡང་དེ་བཞིན་དུ་སྙིང་ལ་སོགས་པའི་གནད་ཀྱི་རྗེས་སུ་འཇུག་པར་བྱེད་ཅིང་མེ་དབལ་དེས། དེའི་འོག་ཏུ་སྟོབས་རབ་ཏུ་སྐྱེས་པའི་རླུང་དེས་ཡན་ལག་ན་ཞིང
་གཟེར་བར་བྱེད་པ་དང། དྲན་པ་སྟོར་ཞིང་བརྒྱལ་བར་བྱེད་པ་དང་གཉིད་ཡར་ཞིང་མེད་པ་དང། དབུགས་ཀྱི་རྣམ་པ་དྲག་ཏུ་འབྱུང་བ་དང། སྐྱིགས་བུའི་ནད་ཀྱིས་འདེབས་པ་དང་མེ་དབལ་གྱི་ནད་དང་ལྡན་པའི་སྐྱེས་བུ་དེ་འདི་ལྟ་བུའི་གནས་སྐབས་འཐོབ?་ཅིང་མྱོང་བར
་འགྱུར་ཏེ། སེམས་མལ་ན་བདེ་བར་མི་གནས་པའི་དབང་དུ་གྱུར་པས། ས་དང་མལ་ཁྲི་དང་སྟན་པ་ལ་སོགས་པ་གང་དུ་གནས་སུ་ཟིན་ཀྱང་ལུས་དང་སེམས་བདེ་བར་མི་འཐོབ་པ་ཡིན་ལ། དེ་ལྟར་མི་བདེ་བ་ཉིད་ཀྱིས་ཕན་ཚུན་འདྲེ་ཞིང་ལྡོག་པ་སྡུག
་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དང། ལུས་དང་སེམས་ངལ་ཞིང་དུབ་པ་ལས་བྱུང་བ་གཉིད་ཀྱི་རྨོང་བག་ཉམས་སུ་མྱོང་ཞིང། དེ་ཡང་སད་པར་ཤིན་ཏུ་དཀའ་བ་ཡིན་ནོ། །བད་ཀན་གྱིས་ནི་བཀག་པའི་རླུང། །བད་ཀན་དེ་བརྟོལ་མང་དུ་བྱེད། །ཁྲག་འཕེལ
་བ་ཡིས་ཁྲག་གཏོར་ཏེ། །པགས་ཆུ་ཤ་ལ་གནས་ཞིང། །གནོད་བྱས་ཐོར་བུ་ཕྲ་ཞིང་རིང། །ཟླུམ་ཞིམ་སྦོམ་ལ་སྲ་བ་ཡི། །མཛེར་པའི་ཕྲེང་བ་ཆགས་བྱེད་ཅིང། །མདོག་དམར་རབ་ན་རིམས་ཀྱིས་འདེབས། །ལུད་པ་དབུགས་མི་བདེ་ཚད་འཁྲུ། །ཁ་སྐམས
་སྐྱིགས་བུ་སློན་མགོ་འཁོར། །རྨོང་བག་མདོག་ཉམས་བརྒྱལ་དང་ལུས། །ཡན་ལག་ན་ཞིང་མེ་དྲོད་ཉམས། །དེ་ལྟར་མཛེར་པའི་མེ་དྲོད་འདི། །བད་ཀན་རླུང་འཁྲུགས་ལས་གྱུར་ཡིན། །ཞེས་བྱ་བ་ལ། བད་ཀན་དང་རླུང་འཁྲུགས་པ་ལས་ནི་མཛེར་པའི་མེ
་དབལ་ཞེས་བྱ་བའི་ནང་དུ་འགྱུར་ཏེ། དེ་ཡང་བད་ཀན་ཕྱི་ནད་ཀྱིས་རླུང་དེ་བཀག་ཅིང་འབྱུང་དུ་མི་སྟེར་བ་དང། རླུང་གིས་བད་ཀན་དེ་རྟོལ་ཅིང་ཕྱེ་ནས་དུམ་བུ་མང་དུ་བྱས་པ་འམ། ཡང་ན་ཁྲག་འཕེལ་བར་གྱུར་པའི་མིའི་ཁྲག་ཕྱེ་ཞིང་དུམ་བུར་གཏོར་ནས་མཛེར་པའི་ཕྲེང་བ་འམ་རྨེན
་པུའི་ཕྲེང་བ་སྐྱེད་པར་བྱེད་དོ། །དེ་ཡང་པགས་པ་ལ་སོགས་པ་ལ་གནས་པའི་ཁྲག་གནོད་ཅིང་འཁྲུགས་པར་བྱས་ནས། ཐོར་བུ་ཕྲ་བ་ལ་སོགས་པའི་མཚན་ཉིད་ཅན་དང་མདོག་དམར་བའི་ཕྲེང་བ་འཆགས་པར་བྱེད་ལ། མཛེར་པའི་ཕྲེང་བ་དེ་ཡང་ནང་དུ་ན་ཞིང
་རིམས་ཀྱིས་འདེབས་པ་ལ་སོགས་པར་སྐྱེད་པར་བྱེད་དེ། དེ་ལྟར་བཤད་པའི་མེ་དབལ་འདི་ནི་བད་ཀན་དང་རླུང་འཁྲུགས་པ་ལས་གྱུར་པ་ཡིན་ནོ། །བད་ཀན་མཁྲིས་ལས་རིམས་འདེབས་རེངས། །གཉིད་ཆེ་སློར་བག་གླང་པ་ན། །ཡན་ལག་ན་ཞིང་བྱ་རྨྱང་འདོད། །
་བླ་ཞིང་མགོ་འཁོར་ཡི་ག་འཆུས། །རྩུབ་ཅིང་དྲོད་ཉམས་རུས་ཆག་སྙམ། །སྐོམ་ཞིང་དབང་པོ་མི་གསལ་ལྕི། །བེའུ་སྣབས་འཁྲུ་ཞིང་དང་ག་འཁྱིལ། །དེ་ནི་རྩ་སྤུབས་རྣམས་སུ་འགྲོ། །ཕལ་ཆེར་མ་ཞུ་གནས་ནང་ཞུགས། །ཕྱོགས་གཅིག་ཏུ་ནི་རབ་མིན། །ཐོར་བུ་སེར
་པོ་དམར་པོ་དང། །ཀར་པོས་ཕྱོགས་ཀུན་ཁྱབ་པར་བྱེད། །ནོར་བུ་ལྟར་སྣད་གནག་ཅིང་སྣུམ། །དྲི་མ་ཅན་ལ་སྐྲང་ཞིང་ལྕི། །བརྣག་པའི་ཟབས་ཆེ་རབ་ཏུ་ཚ། །རེག་ན་འཛག་ཅིང་བརྣགས་པ་དང། །འདམ་ལྟར་ན་ཞིང་ཞིག་གྱུར་ཅིང། །རྩ་རྒྱུས་གསལ་བར་སྣང་བ
་ཡིན། མི་ཡི་རོ་ལྟར་མནམ་མེ་དབལ། །དེ་ནི་འདམ་འདྲ་ཞེས་བྱར་བཤད་ཅེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ལས་ནི་འདམ་འདྲ་བ་ཞེས་བྱ་བའི་མེ་དབལ་འབྱུང་བར་འགྱུར་རོ། །དེར་ཡང་མཚན་མ་རིམས་ཀྱིས་འདེབས་པ་ལ་སོགས་པ་སྣང་སྟེ། ཡན་ལག་ན་ཞིང
་བྱ་རྨྱངས་བྱེད་འདོད་པ་ནི་ཕན་ཚུན་རྐྱོང་ཞིང་འདེགས་པར་བྱེད་པའོ། །རུས་པ་ཆགས་པ་སྙམ་སེམས་པ་ནི་རུས་པ་དཀྲུམས་པ་སྙམ་དུ་བྱེད་པའོ། །དང་ག་འཁྱིལ་བ་ནི་ཞལ་ཞལ་བྱས་སྙམ་དུ་སེམས་ཤིང་བད་ཀན་ལ་སོགས་པ་འཁྱིལ་བའོ། །མེ་དབལ་དེ་ཡང་??
་ཆེར་མ་ཞུ་བའི་གནས་ནུ་མ་དང་ལྟེ་བའི་བར་དུ་ཞུགས་ནས། དེའི་ཕྱོགས་གཅིག་ལ་བརྟེན་ཏེ་ལྷག་པར་ན་བར་མི་བྱེད་དོ། །ཡང་ན་དེ་བཞིན་དུ་ཐོར་བུ་མདོག་སེར་པོ་ལ་སོགས་པས་ཁྱབ་ཅིང་གང་བར་བྱེད་པ་དང། ནོར་བུའི་མདོག་ལྟ་བུར་སྣང་བ་སྟེ།
་གནག་ཅིང་སེར་སྐྱར་སྣང་བ་དང། ཕལ་ཆེར་མདོག་ནག་པོ་དང། སྨུག་པོར་གནས་པ་དང། དྲི་མ་ཅན་ལ་སོགས་པ་དང་ལྡན་པ་དང། བརྣགས་པའི་ཟབས་ཆེ་ཞིང་ནང་དུ་ནུབ་པ་དང། ཤས་ཆེར་རབ་ཏུ་ཚ་བ་དང། ལག་པ་ལ་སོགས་པས་རེག་ན་འཇིག་ཅིང
་ཉམས་ལ་བརྣགས་པ་འདམ་ལྟར་གནས་ཤིང་ཤ་རྣམས་ཤིགས་པར་འགྱུར་བ་དང། །དེ་ཉིད་ཀྱིས་རྩ་རྒྱུས་ལ་སོགས་པ་གསལ་བར་སྣང་ཞིང་གསལ་བ་དང། མི་རོ་ལྟར་ཤིན་ཏུ་མནམ་ཞིང་དྲིང་བའི་མེ་དཔལ་གྱི་ནད་དེ་ནི་འདམ་འདྲ་བའི་མེ་དཔལ་ཞེས
་བྱའོ། ཞེས་དྲང་སྲོང་རྣམས་ཀྱིས་བཤད་ཏོ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ལུས་ཟུངས་ཀུན་ལ་རབ་ཁྱབ་བྱེད། །ཅེས་བྱ་བ་ལ། མེ་དཔལ་ནད་གཞི་ཀུན་ལས་སྐྱེས་པ་ནད་གཞི་གསུམ་ཆར་གྱི་མཚན་ཉིད་དང་ལྡན་པ་ཡིན་ལ། ཡང་དེས་ནི་དུས
་ཟུངས་ཐམས་ཅད་ལ་ཁྱབ་ཅིང་མཆེད་པར་བྱེད་པ་ཡིན་ནོ། །ཕྱི་ཡི་རྒྱུ་ཡི་རྨས་ལས་འཁྲུགས། །ཁྲག་བཅས་མཁྲིས་པ་སྐྱེད་བྱེད་དེ། །མེ་དཔལ་དུ་ནི་རླུང་གིས་བྱེད། །རྒྱ་སྲན་ཀུ་ལངཐ་འདྲ་བའི། །འབྲུམ་བུས་ཁྱབ་སྐྲངས་རིམས་འདེབས་ན། །ཤིན་ཏུ
་ཚ་ལ་དམར་ཞིང་སྔོ། །ཞེས་བྱ་བ་ལ། ཕྱི་རོལ་གྱི་རྒྱུ་མཚོན་ཆ་ལ་སོགས་པས་སྨས་པར་གྱུར་པ་ལས་རླུང་འཁྲུགས་པར་གྱུར་ན་ཁྲག་དང་བཅས་པའི་མཁྲིས་པ་བསྐྱེད་ཅིང་འཕེལ་བར་བྱས་ནས་མེ་དཔལ་གྱི་ནང་རླུང་གིས་བསྐྱེད་པར་བྱེད་པ
་དེ་ཡང་རྒྱ་སྲན་ཀུན་ལངཐ་འདྲ་བའི་འབྲུམ་ཕྲན་གྱིས་ཁྱབ་ཅིང་ཁེབས་པར་བྱེད་པ་དང། སྐྲངས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ནད་དམིགས་ཐ་དད་ལས་གྱུར་གསུམ། །གཉིས་གྱུར་བླ་གཉན་མེད་གསོ་སླ། ཞེས་བྱ་བ་ནད་དམིགས
་ཐ་དད་པ་ལས་གྱུར་པའི་མེ་དཔལ་གསུམ་བསྐྱེད་ཅིང་གསོ་བླ་བ་ཡིན་ནོ། །དེ་བཞིན་དུ་ནད་གཞི་གཉིས་འདྲེས་པ་ལས་གྱུར་པའི་མེ་དཔལ་བླ་གཉན་མེད་པ་དག་ཀྱང་གསོ་སླ་བ་ཡིན་ནོ། །དེ་ལ་བརླ་བརྙན་ནི་ལུས་གྱིས་འགྱུར་པ་ཤེས་པའི་ལེའུ་ལས་སྨོས་པའི་སྐེམས་པ་དང
་ཁ་དོག་མི་སྡུག་པ་ལ་སོགས་པ་ཡིན་ནོ། །རྨ་དང་འདུས་པ་ལས་བྱུང་དང། ཐམས་ཅད་གནད་ནི་ཁྱབ་པ་དང། རྩ་དང་ཆུ་བ་ཤ་འདྲུལ་དང། །མི་རོའི་དྲི་འདྲ་རུལ་གསོ་དཀའ་། །ཞེས་བྱ་བ་ལ། མེ་དཔལ་གཉིས་པོ་རྨ་འམ་གནད་པའི་ནད་ལས་བྱུང་བ་དང་འདུས
་ལས་བྱུང་བ་གསོ་བ་ཡིན་ནོ། །ཐམས་ཅད་དེ་ནད་གཞི་ཐ་དད་པ་དང་ནད་གཞི་གཉིས་ལས་བྱུང་བའི་མེ་དཔལ་ཐམས་ཅད་ཀྱང་གནད་རྣམས་ཁེབས་ཤིང་ཁྱབ་པ་ནི་གསོ་དཀའ་ལ། དེ་བཞིན་དུ་མ་སོགས་པ་འདྲུལ་ཞིང་ཞིག་པ་ཡང་གསོ་དཀའ་ཨོ། །དེ་བཞིན་དུ་ཁྱད
་པར་མི་རོའི་དྲི་འདྲ་ཞིང་ཤིན་ཏུ་མནམ་པ་དེ་ཡང་གསོ་དཀའ་བ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ནད
་གཞིའི་གནས་ཀྱི་ལེའུ་བཅུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མཛེ་དང་ཤ་བཀྲ་གཟི་གུ་དང་སྲིན་བུའི་ནད་གཞི་བཤད་པར་བྱའོ་ཞེས་བྱ་བ་ལ། པགས་པའི་ནང་དུ་ཚུལ་གཅིག་བས་མེ་དཔལ་གྱི་རྗེས་ལ་མཛེ
་ནད་ལ་སོགས་པ་སྟོན་པའི་ལེའུ་བརྩམས་ཡིན་ནོ། །ཁ་ཟས་སྤྱོད་ལམ་ལོག་པ་དང། ཁྱད་པར་དུ་ནི་མི་འཕྲོད་བསྟེན། །དམ་པ་སྨོད་དང་སྲོག་གཅོད་དང། །གཞན་གྱི་ནོར་འཕྲོག་སོགས་བསྟེན་དང། །སྡིག་པའི་ལས་ནི་འཕྲལ་བྱས་དང། སྔོན་ཆད་བྱས་པས་ནད
་བསླང་ནས། །རྩ་ལ་ཐང་ཀར་གྲམ་ནས་ནི། །ཤ་དང་པགས་པ་ཆུ་སེར་ཁྲག་།གནོད་བྱས་སླ་བར་གྱུར་ནས་ནི། དེ་ནས་ཕྱིར་ནི་འབྱུང་འགྱུར་ཏེ། པགས་པའི་མདོག་ནི་མི་སྡུག་བྱེད། །མི་བཟད་དེ་ནི་མཛེ་རུ་བཤད། །ཅེས་བྱ་བ་ལ་ཟས་དང་སྤྱོད་ལམ་ལོག
་པ་སྟེ། །ཟས་གྲངས་ཆེས་བ་དང་ཚེ་ཆེས་པ་དང། ཡ་བ་ཀ་ལ་སོགས་པ་ཟོས་པ་དང། དེ་བཞིན་དུ་སྤྱོད་ལམ་ལོག་པ་སྟེ། གསོད་པ་དང་རྐུ་བ་ལ་སོགས་པའི་སྡིག་པ་བྱས་པ་དང། ཁྱད་པར་དུ་ཡང་ཁ་ཟས་དང་ཉ་དང་འོ་མ་ལྷན་ཅིག་བཟའ་དང། །སྦྲང
་རྩི་དང་རླན་ཅན་གྱི་ཤ་ལྷན་ཅིག་ཟོས་པ་ལ་སོགས་པ་མི་འཕྲོད་པའི་རྣམ་པ་ཟས་ཀྱི་ལེའུ་ལས་སྨོས་པ་ལྟ་བུ་བསྟེན་པ་དང། དེ་བཞིན་དུ་ཁྱད་པར་དུ་འགལ་བར་བྱེད་པའི་སྤྱོད་པ་བྱེད་ཅིང། རྣམ་པར་མཚེ་ཞིང་གཞན་ལ་གནོད་པ་དང། ཚིག་རྩུབ་བོར
་སྨྲ་བ་དང། གཞན་ལ་གནོད་པར་སེམས་བ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ལས་མི་དགེ་བ་བྱས་པ་དང། སྐྱེས་བུ་དོམ་པ་ལ་སྨོད་པ་ལ་སོགས་པའི་སྡིག་པའི་ལས་འཕྲལ་དུ་ཚེ་འདིར་བྱས་པ་དང་ཡང་ན་སྔོན་ཆད་བྱས་ཤིང་བསགས་པ་ལ་གོམས་པར
་བྱས་པས། རླུང་ལ་སོགས་པའི་ནད་ཀྱི་ཚོགས་རྣམས་བསླང་ཞིང་བསྐྱེད་ནས་གནོད་པར་གྱུར་པ་དེ་རྩ་ལ་ཐད་ཀར་གྲམ་ཞིང་ཞུགས་ནས། པགས་པ་ལ་སོགས་པ་ལ། གནོད་པར་བྱས་ཤིང་ནད་སྐྱེད་ནས་སླ་ཞིང་ཞུ་བར་བྱས་ནས། །དེ་ནས་དེའི་འོག
་ཏུ་ནད་དེ་རྣམས་ཕྱི་རོལ་ཏུ་བྱུང་ཞིང་ཐོན་པར་གྱུར་ཏེ། པགས་པའི་མདོག་མི་སྡུག་ཅིང་སྔ་མ་ལས་གཞན་དུ་གྱུར་པའི་མདོག་དུ་མར་བྱེད་པའི་ནད་དེ་ནི་མཛེ་ཞེས་བྱའོ་ཞེས་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་དོ། །གང་ཕྱིར་དུས་ལས
་ཡལ་བར་བོར། །དེ་ནི་ལུས་ཀུན་མ་རུངས་འགྱུར། །ཞེས་བྱ་བ་ལ། ཅིའི་ཕྱིར་མཛེ་ཞེས་བྱ་ཞེ་ན། གང་གི་ཕྱིར་གསོ་བའི་དུས་ལ་བབ་པ་དེ་ལས་ཡལ་བར་བོར་ཞིང་གསོ་བར་མ་བྱས་ན་ནད་དེས་ཐམས་ཅད་མ་རུངས་ཤིང་གནོད་པར་བྱེད་པས་ན་དེའི་ཕྱིར
་མིད་མཛེ་ཞེས་བྱ་བར་བཤད་དོ། །ལུས་ཟུངས་ལ་ཞུགས་ནང་དུ་ཁྱབ། །ཐམས་ཅད་འདྲུལ་བར་བྱེད་པར་འགྱུར། །རྡུལ་བཅས་རུལ་ཅིང་བརྣག་པ་དང། སྲིན་བུ་ཕྲ་མོ་མི་བཟད་བསྐྱེད། །སྤུ་ལྤགས་ཆུ་བ་རྩ་ཆེན་དང། རུས་པ་སྙོ་བ་རིམ་བཞིན་ཟ། །དེ
་བས་ཤ་བཀྲ་ཕྱི་རོལ་ཏེ། །མཛེ་ལས་གཞན་ནི་ཡིན་པར་བཤད། །ཅེས་བྱ་བ་ལ། །མཛེའི་ནད་དེ་དངས་མ་ལ་སོགས་པའི་ལུས་ཟུངས་ཐམས་ཅད་དུ་ཞུགས་ཤིང་ནང་དུ་ཁྱབ་པར་བྱས་ནས་ལུས་ཟུངས་དེ
་དག་ཐམས་ཅད་འདྲུལ་ཞིང་གཤེར་བར་བྱས་ནས་ལུས་ལ་འབུ་སྐྱེད་པར་བྱེད་ལ། འབུ་དེ་ཡང་ཤིན་ཏུ་ཕྲ་བ་དང། མི་བཟད་ཅིང་བརྣག་པར་དཀའ་བའི་ནད་སྐྱེད་པར་བྱེད་པ་དེས་སྤུ་ལ་སོགས་པ་ཟ་བར་བྱེད་ཅིང། རུས་པ་སྙི་བའི་རྣ་བ་དང་སྣའི་ཕྱོགས་ན
་གནས་པའི་རུས་པ་མཉེན་པ་ལ་བྱ་སྟེ་དེ་དག་ཟ་བར་བྱའོ། །དེ་བས་རྒྱུ་དེའི་ཕྱིར་ཤ་བཀྲ་ནི་འདྲུལ་བ་དང་འབུ་ལ་སོགས་པ་མེད་དེ། དེ་པགས་པའི་ཕྱི་རོལ་ཏུ་གནས་པ་ནི་མཛེ་ལས་གཞན་པ་ཡིན་ནོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ནད་གཞི་ཐ
་དད་འདྲེས་པ་དང། །འདུས་གྱུར་མཛེ་ནད་རྣམ་པ་བདུན་ཞེས་བྱ་ལ། མཛེ་ནད་ནི་རྣམ་པ་བདུན་ཡོད་དེ། ནད་གཞི་ཐ་དད་དང་རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པ་གསུམ་དང། ཉེས་པ་དེ་དག་ཉིད་སྣ་གཉིས་གཉིས་འདྲེས་པ་ལས་གྱུར་པ་གསུམ་དང། དེ་གསུམ་ཆར
་འདུས་པ་ལས་གྱུར་པ་གཅིག་སྟེ་དེ་ལྟར་བདུན་ནོ། །ཀུན་ཀྱང་ཉེས་གསུམ་ལས་བྱུང་ཡང། །དེ་ལས་ལྷག་པ་ལས་མི་འདོགས་ཞེས་བྱ་བ་ལ། མཛེ་ནད་ཀུན་ཀྱང་ནད་གཞི་གསུམ་ལས་གྱུར་པ་ཡིན་མོད་ཀྱི། དེ་ལས་ཉེས་པ་གང་ཤེས་ཆེ་ཞིང་ལྷག་པར
་གནས་པ་ལས་རླུང་ལས་གྱུར་པ་ལ་སོགས་པའི་མིང་དུ་འདོགས་པ་ཡིན་ནོ། །རླུང་གི་མཛེ་ནི་ཐོང་བ་འདྲ་ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བའི་འདུས་པ་ལས་གྱུར་བའི་མཛེ་ནི་ཐོད་པ་འདྲ་བ་ཞེས་བྱའོ། །མཁྲིས་གྱུར་ཨུ་དུམྦ་ར་ཏེ། ཞེས་བྱ་བ་ལ། མཁྲིས
་པ་ཤས་ཆེ་བའི་འདུས་པ་ལས་གྱུར་པའི་མཛེ་ནི་ཨུ་དུམྦ་ར་ཞེས་བྱ་བ་འབྱུང་བར་འགྱུར་རོ། །བད་ཀན་ལས་གྱུར་ཟླུམ་གླང་ཤུ་ཞེས་བྱ་བ་ལ་བད་ཀན་ཤས་ཆེ་བའི་འདུས་པ་ལས་གྱུར་པའི་མཛེ་ནི་མཛེ་ནད་ཟླུམ་པོ་ཞེས་བྱ་བ་དང་གླང་ཤུ་ཞེས་བྱ་བ་འབྱུང་བར
་འགྱུར་རོ། །རླུང་མཁྲིས་ལས་སྐྱེས་རི་ཤྱ་ཞེས་བྱ་བ་ལ། རླུང་མཁྲིས་པ་གཉིས་ཤས་ཆེ་བ་ལས་ནི་རི་ཤྱའི་ལྕེ་ཞེས་བྱ་བའི་མཛེ་ནད་འབྱུང་བར་འགྱུར་རོ། །བད་ཀན་ལས་གྱུར་པ་གསོ་བ་གཅིག་།འབྲུམ་ཕྲན་དང་ནི་ཤ་བཀྲ་དང། འབྲས་ཀྱི་ཆུ་སེར
་ཞེས་བྱའོ། །ཞེས་བྱ་བ་ལ། བད་ཀན་དང་རླུང་ཤས་ཆེ་བ་ལས་ནི་མཛེ་ནད་པགས་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །བད་ཀན་མཁྲིས་པ་ལས་བྱུང་བ། །ཤུ་བ་རྨ་ཁ་བརྒྱ་བ་དང། །པདྨ་དཀར་པོ་འབྲུ་བུར་བཅས། །གཡན་པ་ཕགས་པ་མྱགས་པའོ།།
་ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་གཉིས་ཤས་ཆེ་བ་ལས་གྱུར་པའི་མཛེ་ནད་ནི་ཤུ་བ་ལ་སོགས་པ་དྲུག་འབྱུང་བར་འགྱུར་རོ། །འདུས་པ་ལས་གྱུར་འོལ་མ་སེ་ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་ཆ་མཉམ་པ་ལས་ནི་འོལ་མ་སེ་ཞེས་བྱ་བའི
་མཛེ་ནད་འབྱུང་བར་འགྱུར་ཏེ། དེ་ལྟར་ན་མཛེ་ནད་རྣམ་པ་བཅོ་བརྒྱད་དུ་འགྱུར་བ་ཡིན་ནོ། །དང་པོའི་གསུམ་དང་ཤུ་བ་དང། འོལ་མ་སྲེ་དང་པདྨ་དཀར། །རི་ཤྱའི་ལྕེ་དང་བཅས་པ་སྟེ། །འདི་འདུན་མཛེ་ནད་ཆེན་པོ་ཡིན། །ཞེས་བྱ་བ་ལ། མཛེ་ནད
་དེ་དག་གི་ནང་ནས་དང་པོའི་གསུམ་པ་སྟེ། ཐོད་པ་ལྟ་བུ་དང། ཨུ་དུམྦ་ར་དང། ཟླུམ་པོ་སྟེ་གསུམ་དང། མཛེ་ནད་ཤུ་བ་དང། འོལ་མ་སེ་དང། པདྨ་དཀར་པོ་དང། རི་ཤྱའི་ལྕེ་ཞེས་བྱ་བ་སྟེ། བདུན་པོ་འདི་དག་ནི་མཛེ་ནད་ཆེན་པོ་ཞེས་བྱ་བ
་ཡིན་པར་ཤེས་པར་བྱའོ། །མཛེ་ནད་སྔར་བྱུང་མཚན་མ་ནི། །ཤིན་ཏུ་འཇམ་པ་འམ་རེག་ན་རྩུབ། །རྡུལ་འབྱུང་མི་འབྱུང་མདོག་མི་སྡུག་།ལུས་ཚ་གཡའ་ཞིང་པགས་ཚོར་མེད། །ཐོར་བུ་ཕྲེའུ་མཐོང་བ་དང། རྨ་ནི་ལྷག་པར་གཟེར་བ་དང། །
་མྱུར་དུ་འབྱུང་ཞིང་རིང་དུ་གནས། །འཚོ་བ་དག་ཀྱང་རྩུབ་པར་འགྱུར། །རྒྱུ་ཆུང་གིས་ཀྱང་ནད་ཆེར་ལྡན། །བ་སྤུ་རྩེ་ཞིང་ཁྲག་མདོག་གདག། ཅེས་བྱ་བ་ལ། མཛེ་ནད་ཐམས་ཅད་ལ་སྔོན་དུ་བྱུང་བའི་ཚུལ་ནི་འདི་ཡིན་ཏེ། པགས་པའི་མཐད?
་ཆེད་འགའ་ནི་འཇམ། །ཆེ་འགའ་ནི་ཤིན་ཏུ་རྩུབ་པ་དང། །ཆེད་འགའ་ནི་རྡུལ་འབྱུང། །ཆེད་དགའ་ན་རྡུལ་མི་འབྱུང་བ་དང། མདོག་ཤིན་ཏུ་མི་སྦུག་པར་སྣང་བ་དང། ལུས་ཀྱི་ཡན་ལག་ཐམས་ཅད་ཚ་འུར་འུར་པོས་ཁྱབ་པ་དང། ཐོར་བུ་ཏལ་ཏིལ་མཐོ་བ་ཆགས་པ་དང། རྨགས་པ་དང
་ཚིག་པ་དང། སྣང་བ་ལས་གྱུར་པ་རྣམས་ལྷག་པར་ན་ཞིང་གཟེར་བ་དང། ཡང་རྨ་དེ་དག་ཉིད་མྱུར་དུ་འབྱུང་ཞིང་སྨིན་པར་བྱེད་ལ། མྱུར་དུ་འབྱུང་ཞིང་སྨིན་པ་དང། རྨ་ཉིད་དུ་རིང་དུ་གནས་ཤིང་མི་འདྲུབས་པ་དང། གལ་ཏེ་རྨ་འཚོ་བ་དག་ཀྱང་རེག་ན་རྩུབ་ཅིང་མི་བདེ
་བ་ཉིད་དུ་འགྱུར་བ་དང། རྨ་དེ་འཇིགས་པ་འགྱུར་བའི་རྒྱུ་ཆུང་དུ་དག་གིས་ཀྱང་སླར་ཞིག་ཅིང་ནད་ཆེར་ལྡང་བར་འགྱུར་བ་དང། བ་སྤུ་རྣམས་རྩེ་ཞིང་བཤོར་བ་དང། ཁྲག་གི་མདོག་ནག་པོ་ཉིད་དུ་སྣང་བར་འགྱུར་བ་ཡིན་ནོ། །ཐོད་པ་ལྟ་བུར་གནག་ཅིང་སྨུག་།
་རྩུབ་སྲ་ཚར་བ་ཆུང་ལ་སྲབ། །ཁྱབ་ཅིང་མཛའ་མ་མི་མཉམ་ལ། བ་སྤུ་ལངས་པས་ཁྱབ་པར་བྱེད། །ཤིན་ཏུ་ཟུག་ཅིང་གཡའ་བ་ཆུང། །མྱུར་དུ་ཁྱབ་བྱེད་ཐོད་པ་འདྲ། །ཞེས་བྱ་བ་ལ། མཛེ་ནད་ཐོད་པ་ལྟ་བུ་ཞེས་བྱ་བ་ནི་ཐོང་པའི་རུས་པ་སྨུག་ནག་ལྟ་བུའི་མདོག
་ཅན་དུ་གནས་པ་དང། ལུས་རེག་ན་རྩུབ་པ་དང། སྲ་ཞིང་མཁྲད་བ་དང། པགས་པ་ཚོར་པ་ཆུང་ཞིང་བེམ་བེམ་པོར་གནས་པ་དང། སྲབ་ཅིང་ཟབས་ཆུང་བ་དང། ཁྱབ་ཅིང་རྒྱ་ཆེ་བ་དང། ཐ་མ་མི་མཉམ་ཞིང་རིང་ཐུང་དུ་འདུག་པ་དང། དེ་བཞིན་དུ་བ་སྤུ་ལངས
་ཤིང་གཤོང་བས་ཁྱབ་ཅིང་རྒྱས་པ་དང། ཤིན་ཏུ་ཟུག་ཅིང་ན་ཚབས་ཆེ་བ་དང། ཤས་ཆེར་མི་གཡའ་བ་ལ་སོགས་པ་ཡིན་ནོ། །ུ་དུམྦ་ར་སྨིན་པ་ལྟར། པགས་སྤུ་སྨུག་རྩ་དཀར་བས་ཁྱབ། །ཤས་ཆེ་དང་ཐུག་དང་ཤས་ཆེར་འདྲུལ། །ཚ་བའི་ནད་དང་ཁྲག་ཤས་ཆེ།།
་མྱུར་དུ་སྨིན་ཅིང་འདྲུལ་བར་བྱེད། །འདུ་ཅན་ཨུ་དུམྦ་ར་ཡིན། །ཞེས་བྱ་བ་ལ། ཨུ་དུམྦ་ར་ཞེས་བྱ་བའི་མཛེ་ནད་ནི་ཨུ་དུམྦ་རའི་འབྲས་བུ་སྨིན་པ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། །དེ་ནི་ཨུ་དུམྦ་རའི་འབྲས་བུ་སྨིན་པ་ལྟར་པགས་པ་དང་སྤུ་སྨུག་པོར་གནས
་པ་དང་རྩ་དཀར་ཞིང་སྐྱབས་ཁྱབ་ཅིང་ཁེབས་པ་དང། ཤས་ཆེར་འཇུག་ཅིང་ལྷུན་སྟུག་པ་དང། ཤས་ཆེར་འདྲུལ་ཞིང་བརྣགས་པ་དང། ཚ་བ་དང། ནད་ཀྱི་ཚབས་ཆེ་ཞིང་ཁྲག་གི་ཤས་ཆེ་བ་དང། མྱུར་དུ་སྨིན་པ་ལ་སོགས་པ་ཡིན་ནོ། །བརྟན་ཞིང
་མཐས་ལ་ལྕི་ཞིང་འཇམ། །དཀར་དམར་མྱུར་དུ་མི་མཆེད་ལ། །ཕན་ཚུན་འདབ་འབྲེལ་ཤུ་བསློ། །གཡའ་ཞིང་རྣག་ཆེད་འབུས་གང་ལ། །ཐ་མ་འཇམ་ཞིང་སེར་པོར་སྣང། །ཀོར་ཀོར་པོར་གནས་ཟླུམ་པོ་ཡིན། །ཞེས་བྱ་བ་ལ། མཛེ་ནད་ཟླུམ་པོ། ཞེས་བྱ་བ་ནི་ཀུན
་ནས་ཟླུམ་པར་གནས་པ་ཡིན་ཏེ། དེའི་མཚན་ཉིད་ནི་བརྟན་ཞིང་མི་འགྱུར་བ་དང། །འཐོས་ཞིང་སྲ་བར་ཚོགས་པ་དང། ལྕི་བ་ལ་སོགས་པའི་རང་བཞིན་ཅན་དང། ཕན་ཚུན་གཅིག་ལ་གཅིག་འདབ་འབྲེལ་བར་སྐྱ་བ་དང། ཤུ་བ་སློ་ཞིང་གྱེན་དུ་འབུར་བ་དང
་གཡའ་བ་ལ་སོགས་པ་ཚ་བས་ཚེ་བ་དང། ཐ་མ་རེག་ན་འཇམ་ཞིང་མདོར་སེར་བར་སྣང་བ་དང། ཟླུམ་པོའི་དབྱིབས་ཀོར་ཀོར་བོའི་ཚུལ་དུ་གནས་པ་ཡིན་ནོ། །གཡའ་ཞིང་ཕྲན་ཚག་གནག་པ་དང། །ཆུ་སེར་མང་བ་གླང་ཤུ་ཡིན། །ཞེས་བྱ་བ་ལ། མཛེ་ནད་གང
་ཤུ་ཞེས་བྱ་བ་ནི། །གཡའ་བ་དང་བཅས་ཤིང་འབུམ་ཕྲན་ཕྲ་མོ་ཙག་ཙག་པོས་ཁྱབ་པ་ཡིན་ཞིང་མདོག་གནག་པ་དང། ཆུ་སེར་མང་དུ་འཛག་པ་ཡིན་ནོ། །རྩུབ་ཅིང་སྲབ་ལ་ཐ་མ་དམར། །ནང་ན་གནག་ཅིང་མཐོ་བ་དང། །ཟུག་ཅིང་ཚ་ལ་ན་ཞིང་བརྣགས
་འབྲུམ་བུ་རྩུབ་མོས་ཁྱབ་པ་དང། རི་ཤྱའི་ལྕེ་ནི་དབྱིབས་འདྲ་བ། འབུམ་མང་རི་ཤྱའི་ལྕེ་འདྲར་བཤད། །ཅེས་བྱ་བ་ལ། རི་ཤྱའི་ལྕེ་འདྲ་བ་ཞེས་བྱ་བའི་མཛེ་ནད་ནི་སྲོག་ཆགས་རི་ཤྱའི་ལྕེ་འདྲ་བ་ཡིན་ལ། དེའི་མཚན་ཉིད་ནི་མདོག་ཤིན་ཏུ་རྩུབ་ཅིང་རེག་ན་མི
་བདེ་བ་དང་ཐ་མ་དམར་བ་དང། ནང་གི་དབུས་ཀྱིས་ཁ་དོག་གནག་པ་དང། དབུས་མ་དེ་ཉིད་མཐོ་ཞིང་སློབ་པ་དང། དེ་བཞིན་དུ་ཟུག་པ་ལ་སོགས་པ་དང་ལྡན་པ་དང། འབྲུམ་བུ་ཕྲ་མོ་རྩུབ་པས་ཁྱབ་ཅིང་རྒྱས་པ་དང། འབུའི་ཚོགས་ཤིན་ཏུ་མང?་བ
་ཡིན་ནོ། །གླང་པོའི་པགས་འདྲ་རག་རྩུབ་པགས་ཞེས་བྱ་བ་ལ། པགས་པ་ཞེས་པའི་མཛེ་ནད་ནི། གླང་པོ་ཆེའི་པགས་པ་འདྲ་བར་འཐུག་ཅིང་རེག་པ་རྩུབ་པ་ཡིན་ནོ། །གཅིག་པུར་བཤད་ལ་གཞི་ཆེ་ལ། །རྡུལ་མི་འབྱུང་ཞིང་ཉ་ལྤགས་འདྲ། །ཞེས་བྱ་བ་ལ།
་གཅིག་བུ་ཞེས་བྱ་བའི་མཛེ་ནད་ནི། འབྱུང་བའི་གནས་ཀྱི་གཞི་ཆེ་ཞིང་ལྷུན་སྟག་པ་དང། དེ་བཞིན་དུ་རྡུལ་མི་འབྱུང་བ་དང། ཉའི་པགས་པ་དང་འདྲ་བ་ཡིན་ནོ། །འབྲུམ་བུ་ཕྲ་མོ་ཐུག་ཐུག་པོ། །རེག་ན་རྩུབ་དང་ལྡན་པ་དང། གཡའ་ཞིང་རྩེ་ལ་གནག་པ
་ཡིན། ཞེས་བྱ་བ་ལ། འབྲུམ་བུ་ཕྲ་མོ་ཞེས་བྱ་བའི་མཛེ་ནད་ནི་ཐུག་ཐུག་པོ་ཞེས་བྱ་བ་ཡན་ལག་གི་ཕྱོགས་འདིར་དུད་པ་ལས་ཐུག་ཐུག་པོར་འབྱུང་བ་སྟེ། དེ་དང་འདྲ་བར་རེག་ན་རྩུབ་པ་དང། གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན
་ནོ། ཤ་བཀྲ་ནད་རྩུབ་ཕྱི་རོལ་འཇམ། །ཕྲུགས་ན་གློག་པ་འབྱུང་བ་དང། རིག་ན་འཇམ་ཞིང་སྲབ་པ་ལ། །ཀུ་པའི་མེ་ཏོག་ལྟར་དམར་དཀར། །ཕལ་ཆེར་རོ་སྟོད་དག་ཏུ་འབྱུང། །ཞེས་བྱ་བ་ལ། མཛེ་ནད་ཤ་བཀྲ་ཞེས་བྱ་བ་ནི་ནད་ན་རྩུབ་པར་གནས་པའི
་ཕྱི་རོལ་གྱི་མཛའ་ཅུང་འཇམ་པར་གནས་སྟེ། དེ་ཕྲུགས་པར་གྱུར་ན་གློག་པའི་རྡུལ་འབྱུང་བར་འགྱུར་ཅིང། རེག་ན་འཇམ་ཞིང་མཉེན་པ་ལ་ཟབས་ཆུང་པས་སྲབ་ཅིང་ཀུ་བའི་མེ་ཏོག་ལྟར་རྩ་དམར་ཞིང་དཀར་བ་ཡིན་ནོ། །དེ་ཡང་ཕལ
་ཆེར་རམ་ཤས་ཆེར་རོ་སྟོད་ཀྱི་རྒྱབ་ལ་སོགས་པར་འབྱུང་བ་ཡིན་ནོ། །རྨེན་བུ་དམར་པོ་གཡའ་དང་ལྡན། །ཁྱབ་པར་འབྱེད་པའི་འབྲས་ཞེས་བྱ། ཞེས་བྱ་བ་ལ། འབྲས་འབྱེར་བ་ཞེས་བྱ་བའི་མཛེ་ནད་ནི་སྨེན་བུ་དམར་པོ་ཤིན་ཏུ་གཡའ་བ་དང་ལྡན་པས
་ཁྱབ་ཅིང་ཁབས་པ་ལ་བྱའོ། །རྐང་པ་ལག་པ་གས་པ་དང། །མི་བཟད་ན་ཞིང་གཡའ་ཚ་བས་རླུང། །རྐང་ལག་ཞིག་པ་ཞེས་བྱའོ། །ཞེས་བྱ་བ་ལ། རྐང་ལག་ཞིག་པ་ཞེས་བྱ་བའི་མཛེ་ནད་ནི་ལག་པ་དང་རྐང་པ་གས་ཤིང་སེར་ག་ཤས་ཆེར་འབྱུང་བ་དང།
་མི་བཟད་པར་ན་ཞིང་ཅུང་ཟད་ཙམ་གཡའ་བ་ཡིན་ནོ། །ཐོར་བུར་དམར་པོས་ཁྱབ་པ་དང། རིང་དུ་མཆེད་ཅིང་དཱུརྦ་འདྲ། །པགས་པ་ཟར་མའི་མེ་ཏོག་འདྲ། །གཡལ་ཞིང་བརྟན་པར་གནས་པ་དང། །ཟླུམ་པོར་འབྱུང་བ་ཤུ་བ་ཡིན། ཞེས
་བྱ་བ་ལ། ཤུ་བ་ཞེས་བྱ་བའི་མཛེ་ནད་ནི་ཐོར་བུ་ཕ་མོ་དམར་པོ་མང་པོས་ཀུན་ཏུ་ཁྱབ་ཅིང་རྒྱས་པ་དང། དེ་བཞིན་དུ་རིང་དུ་མཆེད་ཅིང་རྒྱ་ཆེར་འཕྲོས་པ་དང། །མདོག་རྩཝ་དུརྦ་འདྲ་བར་ལྗང་བ་དང། པགས་པ་ཟར་མའི་མེ་ཏོག་འདྲ་བར་སྔོ་བ་དང། གཡའ
་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རྩ་བ་སྤོམ་ཞིང་ཚ་བཅས་ན། །དམར་ཞིང་སྨུག་ལ་རྨ་ཁ་མང། བརྣགས་ཤིང་འབུ་མང་ཁ་བརྒྱ་པ། །ཕལ་ཆེར་ཀུན་ཏུ་སྐྱེ་བ་ཡིན། །ཞེས་བྱ་བ་ལ། མཛེ་ནད་རྨ་ཁ་བརྒྱ་པ་ཞེས་བྱ་བ་ནི་རྩ་བ་སྦོམ་པ
་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ཞིང། རྨའི་ཚོགས་ཁ་མང་དུ་གནས་པ་ལ་སོགས་པ་ཡིན་ཏེ། དེ་ཡང་ལུས་ཕལ་མོ་ཆེ་ཀུན་ཏུ་སྐྱེ་ཞིང་འབྱུང་བ་ཡིན་ཏོ། །ཐ་མ་དམར་ཞིང་དབུས་ན་དཀར། །གཡའ་ཚ་ན་དང་བཅས་པ་དང། མཐོ་ཞིང་རི་མོ
་བརྟན་པས་ཁྱབ། །པདྨའི་འདབ་ལྟར་རྒྱས་ཤིང། །སྟུག་ཅིང་ཆུ་སེར་ཁྲག་མང་ལ། ཕལ་ཆེར་མྱུར་རྟོལ་པད་དཀར་ཡིན་ཏེ། ཞེས་བྱ་བ་ལ། མཛེ་ནད་པདྨ་དཀར་པོ་ཞེས་བྱ་བའི་མཚན་ཉིད་ནི། གང་དུ་འབྱུང་བའི་ཐ་མ་ཐོག་ཐག་དམར་བ་དང། དབུས་ན་པདྨ
་དཀར་པོ་ལྟར་དཀར་བ་ལ་གཡའ་བ་ལ་སོགས་པ་དང་ལྡན་པ་དང། སློ་ཞིང་མཐོ་བ་དང་རྩ་རིས་བརྟན་པས་ཀུན་ཏུ་ཁྱབ་ཅིང་པད་མ་འདབ་མ་ལྟར་རྩའི་རི་མོའི་རྩ་དམར་བས་རྒྱས་པ་དང། དེ་ཉིད་མཐུག་ཅིང་ཟབས་ཆེ་བ་དང། །ཆུ་སེར་ཁྲག་གི་ཤས
་ཆེ་ཞིང་མང་བ་དང་མྱུར་དུ་རྡོལ་ཅིང་ཞིག་པར་འགྱུར་བ་ཡིན་ནོ། །པགས་པ་སྲ་བའི་འབྲུམ་བུ་དཀར། །དམར་པས་གང་བ་འབྲུམ་བུ་ཡིན། །ཞེས་བྱ་བ་ལ། མཛེ་ནད་འབྲུམ་བུ་ཞེས་བྱ་བ་ནི་པགས་པ་སྲབ་པའི་འབྲུམ་བུ་མདོག་དཀར་དམར
་དུ་གནས་པས་གང་ཞིག་ཁྱབ་པ་ཡིན་ནོ། །གཡན་བའི་ནང་ནི་གཡའ་བ་དང། འདྲུལ་ཞིང་ལྷག་པར་ན་བ་དང། འབྲུམ་བུ་ཁྲག་གནག་མང་པོ་ནི། །ཕལ་ཆེར་རྐུབ་ལག་གྲུ་མོར་འབྱུང། །ཞེས་བྱ་བ་ལ། མཛེ་ནད་གཡའ་བ་ཞེས་བྱ་ནི་འབྲུམ་བུ་ཕྲ་མོ་ཁ་དོག་གནག་པ་མང
་པོར་འབྱུང་ལ། དེ་ཡང་གནས་ནི་ཕལ་ཆེར་རྐུབ་དང་ལག་སོར་དང་གྲུ་མོ་ལ་སོགས་པར་འབྱུང་ཞིང་ལྷག་པར་གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཐོར་བུ་བཅས་ཤིང་རེག་མི་བཟོད། །གཡའ་ཞིང་དྲོ་ཚན་དང་བཅས།།
་དམར་ལ་པགས་བ་མྱགས་པ་ཡིན། །ཞེས་བྱ་བ་ལ། མཛེ་ནད། པགས་པ་མྱགས་པ་ཞེས་བྱ་བ་ནི། ཐོར་བུའི་ཚོགས་དང་བཅས་པ་དང། ལྷག་པར་ཡང་རེག་ན་མི་བཟོད་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འོལ་མ་སེ་ནི་རབ་ཚ་ན། །སྟོད་ནི
་དམར་ཞིང་གནག་པ་སྟེ། འོལ་མ་སེ་ཡི་འབྲས་བུ་འདྲ། །མཛེ་ཡི་མཚན་མ་ཀུན་དང་ལྡན། །ཞེས་བྱ་བ་ལ་མཛེ་ནད་འོལ་མ་སེ་ཞེས་བྱ་བར་རབ་ཏུ་མི་བཟད་པར་ཚ་ཞིང་ན་བ་དང་ལྡན་པ་དང། སྟོད་དམར་ཞིང་སྨད་གནག་པས་འོལ་མ་སེ་ཞེས་བྱ་བའི
་འབྲས་བུ་དང་འདྲ་བ་ཡིན་ནོ། །འོལ་མ་སེ་འདྲ་བའི་མཛེ་ནད་དེ་ཡང་མཛེའི་མཚན་མ་མ་ལུས་བ་ཀུན་དང་ལྡན་པ་ཡིན་ལ་དེ་བས་ན་དེའི་ནི་ཁ་དོག་གཅིག་དང་མི་ལྡན་གྱི་ཁ་དོག་ཐ་དད་པར་འགྱུར་རོ། །མཛེ་ནད་རྣམས་མཚན་མ་དེ་ལས་མཛེར
་གྱུར་བ་ནི་མཚན་མ་དེ་ལས་ཞེས་བྱ་བ་ལ། ཐོད་པ་ལྟ་བུ་ལ་སོགས་པའི་མཛེ་ནད་གཞི་ཤས་ཆེ་ཞིང་རྒྱས་པ་ནི་ནད་ཀྱི་དབྱེ་བ་ཤེས་པར་བྱ་བ་དེ་ལས་བཤད་པའི་ནད་ཀྱི་མཚན་མ་དང་ལས་གཡོ་བ་དང་ཁྱབ་པས་བསྟན་པ་ཡིན་པའམ། ཡང་ན
་མཚན་མ་ཡང་ཡིན་ལ། ལས་ཀྱང་ཡིན་པས་ན་མཚན་མ་ལས་ཏེ། རླུང་གི་ནི་གཡོ་བ་ལ་སོགས་པ་དང་མཁྲིས་པའི་དམར་བ་དང། ཆེ་བ་ལ་སོགས་པ་དང། བད་ཀན་གྱི་ནི་འཇམ་པ་དང། སྲ་བ་ལ་སོགས་པ་སྟེ་མཚན་མའི་ལས་དེ་དག
་གིས་ནད་ཀྱི་ཤས་རྒྱས་པ་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །མཛེ་ནད་ནད་གཞི་ཤས་ཆེ་བ། །ལས་དབྱེ་ཤེས་ལས་བཤད་པ་ཡི། །མཚན་མ་ལས་ཀྱིས་བསྟན་པ་ཡི། །ནད་ཀུན་རྒྱས་པ་ལས་བྱུང་དང། གང་ཡང་འཆི་ལྟས་ལས་བཤད་དང།།
་རུས་རྐང་ཁུ་ཆུ་ལ་གནས་སྤང། །ཞེས་བྱ་བ་ལ། མཛེ་ནད་ནད་གཞི་གསུམ་གྱི་མཚན་ཉིད་རྒྱས་པ་ལས་བྱུང་བ་ནི་སྤང་བར་བྱའོ། །དེ་བཞིན་དུ་འཆི་ལྟས་ཀྱི་ལེའུ་ལས། མཛེ་ནི་ཡན་ལག་ཞིག་པ་དང། ཞེས་བྱ་བ་ལ་སོགས་པས་བཤད་པ་དེ་ཡང་སྤང་བར་བྱའོ
་གཞན་ཡང་མཛེ་གང་ཡང་རུང་བ་ལ་སོགས་པར་གནས་དེ་ཡང་སྤང་བར་བྱ་སྟེ་གསོར་མི་རུང་ངོ། །ཚིལ་ལ་གནས་པ་འཚོ་བ་ཙམ་ཞེས་བྱ་བ་ལ། ཚིལ་ལ་གནས་པའི་མཛེ་ནད་ནི་རེ་ཞིག་མིན་པར་འཚོ་བ་ཙམ་དུ་བྱར་རུང་ངོ། །མཁྲིས་འདྲེས་ཤ་ཁྲག
་གནས་གསོ་དཀའ་ཞེས་བྱ་བ་ལ། མཛེ་ནད་མཁྲིས་པའི་འདྲིས་པ་ལས་གྱུར་པ་ནི་གསོ་བར་དཀའ་སྟེ། མཁྲིས་པ་དང་བད་ཀན་འདྲེས་བ་ལས་གྱུར་པའམ། མཁྲིས་པ་རླུང་འདྲེས་པ་ལས་གྱུར་པ་ནི་མཁྲིས་འདྲེས་ཞེས་བྱའོ། །དེ་བཞིན་དུ་ཤ་དང་ཁྲག་ལ
་གནས་པའི་མཛེ་ནད་ཀྱང་གསོ་དཀའ་ཨོ། །རླུང་དང་བད་ཀན་ལས་གྱུར་དང། །པགས་གནས་ནད་ཅིག་གྱུར་གསོ་སླ། ཞེས་བྱ་བ་ལ། མཛེ་ནད་བད་ཀན་དང་རླུང་རེ་རེ་འམ་འདྲེས་པ་ལས་གྱུར་པ་ནི་གསོ་སླ་བ་ཡིན་ནོ། །དེ་བཞིན་དུ་པགས་པ་ལ་གནས
་པའི་མཛེ་ནད་ཀྱང་གསོ་སླའོ། །དེ་བཞིན་དུ་ནད་གཞི་གཅིག་ལས་བྱུང་བའི་མཛེ་ཡང་གསོ་སླའོ། །དེ་ལ་པགས་པར་གནས་པའི་མཛེ། །ཟུག་ཅིང་རྩུབ་ལ་མདོག་མི་སྡུག། ཅེས་བྱ་བ་ལ། དེ་ལ་མཛེའི་ནད་དེ་རྣམས་ཀྱི་ནང་ནས་པགས་པ་ལ
་གནས་པའི་མཛེ་ནད་ནི་ཟུག་ཅིང་ན་བ་ལ་སོགས་པར་འགྱུར་རོ། །ཁྲག་གནས་རྡུལ་འབྱུང་གཉིད་ཆེ་སྐྲངས། ཞེས་བྱ་བ་ལ། ཁྲག་ལ་གནས་པའི་མཛེ་ནད་ནི་རྡུལ་འབྱུང་བ་ལ་སོགས་པར་འགྱུར་རོ། །ཤ་ལ་གནས་པ་རྐང་པ་དང། ལག་པར་འབྲུམ
་བུ་འབྱུང་བ་དང། ཞེས་བྱ་བ་ལ་ཤ་ལ་གནས་པའི་མཛེ་ནད་ནི་རྐང་པ་དང་ལག་པར་འབྲུམ་བུ་འབྱུང་བར་འགྱུར་རོ། །ཚིག་གནས་ལྷག་པར་ཚིགས་འདྲུལ་སྐེམ། རྐང་པ་འཛས་འགྱུར་ཆིལ་གནས་པ། །ཡན་ལག་ཞིག་པར་བྱེད་པར་འགྱུར
་ཞེས་བྱ་བ་ལ། །ཚིགས་རྣམས་ལ་གནས་མཛེ་ནད་ནི་ལྷག་པར་ཚིགས་རྣམས་འདྲུལ་ཞིང་བརྣགས་པ་དང། སྐེམ་ཞིང་རིང་པ་དང། རྐང་ལ་འཇས་ཤིང་འགྲོ་མི་ནུས་པར་འགྱུར་རོ། །ཆིལ་གནས་པའི་མཛེ་ནད་ནི་ལུས་ཀྱི་ཡན་ལག་གི་ཕྱོགས་ཞིག
་ཅིང་འདྲུལ་པར་འགྱུར་རོ། །རུས་པ་རྐང་གནས་སྣ་ཞོམ་ཞིང། །མིག་དམར་སྐད་ནི་འགགས་པ་དང། །རྨལ་འབྲུ་ཞུགས་ཞེས་བྱ་བ་ལ། རུས་པ་དང་རྐང་པ་ལ་ཞུགས་པའི་མཛེ་ནད་ནི་སྣ་ཞོམ་ཞིང་ཉམས་པ་དང། མིག་གཉིས་དམར་ཞིང་སླེ་སླེ
་བོར་འགྱུར་པ་དང་སྐད་འགགས་ཤིང་སུབས་པ་དང། རྨ་ལ་འབུ་ཞུགས་པར་འགྱུར་རོ། །ཁུ་བར་གནས། བུ་དང་ཆུང་མར་བཅས་ལ་འབྱུང་ཞེས་བྱ་བ་ལ། མཛེ་ནད་ཁུ་ཆུ་ལ་གནས་པ་ནི་རང་གི་བུ་དང་ཆུང་མ་དང་བཅས་པ་ལ་མཛེ་འབྱུང་བར་འགྱུར
་རོ། ཁྲག་སོགས་ལ་ནི་རིམ་བཞིན་དུ། མཚན་མ་ཐམས་ཅད་འབྱུང་བར་འགྱུར། ཞེས་བྱ་བ་ལ། ཁྲག་ལ་སོགས་པ་སྟེ། ཁྲག་དང་ཤ་དང་ཚིལ་དང་རུས་པ་དང་རྐང་དང་ཁུ་བ་རྣམས་ལ་གོ་རིམ་ཇི་ལྟ་བཞིན་དུ་མཚན་མ་ཐམས་ཅད་འབྱུང་བར
་འགྱུར་ཏེ། ཁྲག་ལ་སོགས་པ་ནི་ཁུ་བའི་གོང་ན་གནས་པ་ཡིན་ཏེ་དེ་ན་ལུས་ཟུངས་གང་ལ་གནས་པའི་མཛེ་ནད་གང་གླེང་མ་གང་ཡིན་པ་དེ་ལ་དེའི་མཚན་མ་འབྱུང་སྟེ། དེས་ན་ཁྲག་ལ་གནས་པའི་མཛེ་ནད་ལ་པགས་པའི་མཚན་མ་ཟུག
་པ་ལ་སོགས་པ་འབྱུང་བར་འགྱུར་ལ། མ་ཞུ་བའི་གནས་ལ་གནས་པའི་མཛེ་ལ་ནི་པགས་པ་དང་ཁྲག་གི་མཚན་མ་འབྱུང་ངོ། །ཚིལ་ལ་གནས་པའི་པགས་པ་དང་ཁྲག་དང་ཤ་ལ་གནས་པའི་མཚན་མ་འགྱུར་བར་འགྱུར་ཏེ། །དེ
་བཞིན་དུ་ཁུ་བ་ལ་གནས་པའི་མཛེ་ལ་མཚན་མ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ལྟར་མཛེ་ནད་བཤད་ནས་བ་ནི་ཤ་བཀྲ་གཟི་གུའི་ནད་བཤད་པར་བྱ་སྟེ། གཟི་གུ་མཛེ་དར་གཅིག་ལས་འབྱུང། །དེ་ནི་ཤ་བཀྲ་ཆུ་དང་ནི། །ཡོངས་སུ
་འཛག་བ་ཞེས་བྱད་བཤད། །ནད་གཞི་གསུམ་ལ་བརྟེན་ཅིང་འབྱུང་ཞེས་བྱ་བ་ལ། ཤ་བཀྲའི?་ནད་གཟི་གུ་ནི་མཛེ་ནད་དང་ནད་བཞི་གཅིག་པ་ཡིན་ཞིང་དེ་བཞིན་དུ་གནོད་པ་དང་གནོད་དབྱ?་ལ་སོགས་པ་རྣམས་ཀྱང་གཅིག་པ་ཡིན་ནོ། །དེའི་མིང་ནི
་ཤ་བཀྲ་གཟི་གུ་དང། །ཆུ་དང་ཡོངས་སུ་མི་འཛག་པ་ཞེས་བྱ་བར་སླ་ནི་གྱིས་བཤད་དོ། །དེ་ཡང་རླུང་དང་མཁྲིས་པ་དང་པད་དཀན་ལ་གྱི་ནད་བཞི་གསུམ་ལ་བརྟེན་ཅིང་ནད་ཁྲག་དང་ཤ་དང་ཚིལ་གྱི་མཚན་ཉིད་གང་ཡིན་བདག་ལ་བརྟེན་ཅིང་འབྱུང་བའི་ན
་བས་དེ་སྐད་ཅེས་བྱའོ། །རླུང་ལས་རྩུབ་ཅིང་སྨུག་པ་ཡིན་ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཤ་ཀྲ་གཟི་གུ་ནི་རེག་ན་རྩུབ་ཅིང་ཁ་དོག་སྨུག་པ་ཡིན་ནོ། །མཁྲིས་གྱུར་པདྨའི་འདབ་ལྟར་དམར། །ཚ་ཞིང་བ་སྤུ་འབྱི་བར་བྱེད་ཅེས་བྱ་བ་ལ་མཁྲིས་པ་ལས་གྱུར
་པའི་ཤ་བཀྲ་ནི་པདྨའི་འདབ་མ་ལྟར་ཤིན་ཏུ་དམར་བ་དང་ཚ་བ་དང་བཅའ་ཨི་བ་སྤུ་བ་བྱི་བར་བྱེད་པ་ཡིན་ནོ། །བད་ཀན་ལས་སྐྱ་སྟུག་ཅིང་ལྕི། །གཡའ་བཅས་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཤ་བཀྲ་ནི་སྣག་ཅིང་སྐྱ་བ་དང་ལྟི་བ་དང་ལས་འབབ?་དང
་བཅས་པ་ཡིན་ནོ། །རིམ་པ་བཞིན་དུ་ཁྲག་དང་ནི། ཤ་དང་ཚིལ་ལ་བརྟེན་པར་བཤད། །ཅེས་བྱ་བ་ལ། ཤ་དང་བཀྲ་གཞི་གུ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་ཤ་ལ་སོགས་པ་ལ་བརྟེན་པར་བཤད་དེ། དེ་ག་རླུང་ལས་ནི། ཁྲག་བརྟེན་པ་ཡིན་ནོ། །མཁྲིས
་པ་ལས་ནི་ཤ་ལ་བརྟེན་པ་ཡིན་ནོ། །བད་ཀན་ལས་ནི་ཚིལ་ལ་བརྟེན་པ་ཡིན་ནོ། །འདི་དག་མདོག་ནི་གཉིས་ཀ་ཡིན། །དེ་ནི་ཕྱི་མ་བཞིན་གསོ་དཀའ་། ཞེས་བྱ་བ་ལ་ཤ་བཀྲ་འདི་དག་གི་མདོག་ནི་གཉིས་ཀ་ལ་བརྟེན་པའི་དབྱེ་བས་ཕྱེ་བ་ཡིན་ཏེ། ཁྲག་ལ
་བརྟེན་ན་ནི་ཁ་དོག་གདོགས་ཕོན་བ་ཅིག་བ་བརྟེན་ན་ཟིགས་ལྟར་དམར་བ་ཡིན་ལ། ཚིལ་ལ་བརྟེན་ན་ནི་དཀར་པ་ཡིན་ནོ། །དེ་ཡང་ཕྱི་མ་ལ་ནི་ནང་དུ་གསོ་དཀའ་སྟེ། ཁྲག་པ་རླུང་ལས་གྱུར་པའི་རླུང་དང་མཁྲིས་པ་ལས་བྱུང་བ་གསོ་དཀའ་ཡི?་དེ་བས་ནི
་ཚིལ་བརྟེན་ནས་བད་ཀན་ལས་བྱུང་པ་ཤིན་ཏུ་གསོ་བཀའ་བ་ཡིན་ནོ། །སྤུར?་སྐར་མ་ཡིན་སྲབ་པ་དང། ཕན་ཚུན་མ་འདྲེས་གསར་དུ་བྱུང། །མེས་མ་སྲེགས་པ་གསོ་བར་སླ་ཞེས་བྱ་བ་ལ། ཤ་བཀྲའི་ནད་གང་སྤུ་དཀར་བ་མ་ཡིན་པ་དང། སྲབ་ཅིང་ཟབས་ཆུང
་པ་དང། ཕན་ཚུན་གཅིག་ལ་གཅིག་མ་འདྲེས་པ་དང། སྐྱེས་ནས་རིང་པ་རིམ་ལོན་པ་དང། མིས་བསྲགས་པ་ལས་བྱུང་བ་མ་ཡིན་པ་ནི་གསོ་བར་སླབ་བོ། །དེ་ལས་གཞན་པ་གསོ་དཀའ་ཡིན། །འདོམས་དང་ལག་མཐིལ་མཆུར་བྱུང་བ། །གསར
་དུ་བྱུང་བ་གིས་བར་དཀའ་བ་ཞེས་བྱ་བ་ལ། །སྔར་བཤད་པ་དེ་ལ་གསན་པ་སྤུ་དཀར་བ་དང་འཐུག་པ་དང་ཕན་ཚུན་འདྲེས་པ་དང་ཡུན་རིང་པ་ལོན་པ་དང། མིས་བསྲེགས་པ་ལས་བྱུང་བ་ནི་གསོ་དཀའ་བ་ཡིན་ནོ། །དེ་བཞིན་དུ་འདོམས་གནོན
་པས་བྱུང་དག་གི་གསར་དུས་བག་ན་གསར་བྱུའདེ་ཡིན་ན་ཡང་པགས་པར་དཀའ་ནི་བ་བྱར་བར་བྱ་བ་ཉིད་ཡིན་ནོ། །ནད་རྣམས་པ་གང་གས་དང་ནི། བསར་གཅིག་གིས་རེ་གསག་པར་བརྟེན་ལས། །ཐམས་ཅད་དགོ་སྟེ་ནི་གནད་དང། མཛེ་ནད་ལྟག་པར་འགོ
་དེ་རིག་ཞེས་བྱ་བ་ལ་ཁྱར་ཅས་ཆེར་ཏེ། མང་དུ་འགོ་བའི་པ་ཚུལ་ཅེས་པའི་བཞིང་ལུས་ལས་ལུས་སུ་འཕོ་བ་ཡིན་ཏེ། ཇི་ལྟར་འཕོ་ཞེ་ན། ཟས་ལྷག་ཅིག་ཟོས་པ་ལ་སོགས་པས་འཕོ་བར་གང་གནད་པ་དང་ལྷན་ཅིག་ཏུ་ཟ་ཞིང་མལ་གལ་ཏུ
་ཉལ་བ་དང་རེས་པ་ལ་སོགས་པ་བྱས་ན། དེའི་ཚེ་ནད་མེད་གང་མ་ལ་ངས་ནད་ཐམས་ཅད་མ་ལུས་དགའ་ཕོ་བ་ཡིན་མོད་ཀྱི་དེ་ལས་ཀྱང་ཁྱད་པར་མཛེ་ནད། ལ་སོགས་པ་པགས་པའི་ནད་དང་མིག་གི་ནད་ན་ཤས་ཆེ་ག་འཕོ་ཞིང་འགོ་བ་ཡིན་ནོ།།
་ཤ་བཀྲ་གཟི་གུའི་ནད་བཤད་ནས། །ད་ནི་རིན་བུའི་ནད་བཤད་པར་བྱ་སྟེ། །ཕྱི་དང་ནང་གི་དབྱེ་བ་ཡིས། །སྲིན་བུ་རྣམ་པ་གཉིས་སུ་བཤད་ཅེས་བྱ་བ་ལ། སྲིན་བུའི་ནང་ནི་ཕྱིན་གནས་པ་དང་ནང་ན་གནས་པའི་དབྱེ་བས་རྣམ་པ་གཉིས་ཡོད་དོ། །ཞེས་མངོན་པར་ཤེས་ལྔ?་དང
་ལྡན་པའི་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཕྱི་ཡི་དྲི་མ་བད་ཀན་ཁྲག། བཤང་སྐྱེས་དབྱེ་བས་རྣམ་བཞི་ཡིན། །སྲིན་བུའི་ནང་ནི་སྐྱེ་གནས་ཀྱི། །དབྱེ་བས་རྣམ་པ་བཞི་ཡོད་དེ། ལ་ལ་ནི་ཕྱིའི་དྲི་མ་ལས་སྐྱེས་པ་ཡིན་ནོ། །ལ་ལ་ནི་བད་ཀན་ལས་སྐྱེས་པ་ཡིན་ནོ། །ལ་ལ་ནི་ཁྲག
་ལས་སྐྱེས་པ་ཡིན་ནོ། །ལ་ལ་ནི་བཤད་བ་ལས་སྐྱེས་པ་ཡིན་ནོ། །མིང་ལས་རྣམ་པ་ཉི་ཤུར་འགྱུར་ཞེས་བྱ་བ་ལ། མིང་གི་དབྱེ་བའི་འོག་ནས་བཤད་པ་རྣམས་ཀྱིས་དེ་རྣམས་ཉི་ཤུར་འགྱུར་རོ། །དེ་ལ་ཕྱིའི?་ཁྲག་ལས་བྱུང། ཚད་དབྱི་བས་མདོག་ནི་ཏིལ་འབྲུ་འདྲ།།
་སྐྲ་དང་གོས་ལ་བསྟེན་པ་ཡིན། །ཕྲ་ཞིང་རྐང་པ་མང་ལ་མིང། །ཤིག་དང་སྲོ་མ་ཞེས་བྱ་བའོ། །གཉི་གས་ཐོར་བུ་འབྲུམ་བུ་དང། །གཡན་པ་དག་ནི་བསྐྱེད་པར་འགྱུར་ཞེས་བྱ་བ་ལ། དེ་ལ་སྲིན་བུ་དེ་རྣམས་ཀྱི་ནང་ནས་ཕྱིའི་སྲིན་བུ་ནི་ཁྲག་དྲི་མ་ཅན་ལས་བྱུང་སྟེ།།
་གང་གི་ཚེ་ཁྲུས་ལ་སོགས་པས་དག་པར་མ་བྱས་པ་དེའི་ཚེ་ཤིག་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་ཡང་ཚད་དང་དབྱིབས་དང་མདོག་ནི་ཏིལ་འབྲུ་ལྟ་བུ་ཡིན་ལ། གནས་ནི་སླ་དང་གོས་ལ་བརྟེན་ཅིང་འདུག་ལ། ལུས་ནི་ཕྲ་ཞིང་རྐང་པ་མང་བ་ཡིན་ལ་དེའི་མིང་ནི་རྣམ
་པ་གཉིས་ཏེ། ཤིག་ཅེས་བྱ་བ་དང། སྲོམ་ཞེས་བྱ་བ་ཡིན་ནོ། །དེས་ཀྱང་ལུས་ལ་ཐོར་བུ་ལ་སོགས་པ་བསྐྱེད་ཅིང་འབྱུང་བར་བྱེད་དོ། །ནང་གི་མཛེ་དང་རྒྱུ་གཅིག་སྟེ་ཞེས་བྱ་བ་ལ། ནང་གི་སྲིན་བུ་ནི་མཛེ་དང་རྒྱུ་གཅིག་ཅིང་མཚུངས་པ་ཡིན་པས་ན་ཁ་ཟས
་དང་སྤྱོད་ལམ་ལོག་པ་དང་ཁ་ཟས་མི་འཕྲོད་པ་ལ་སོགས་པ་བསྟེན་པ་ཡིན་ནོ། །དེས་ལས་བད་ཀན་ལས་མང་སྐྱེ། །ཟས་དངར་བུ་རམ་འོ་མ་དང། །ཚ?་དང་འབྲས་སར་ཆན?་ལ་དཀའ་ཞེས་བྱ་བ་ལ། ནང་ན་གནས་པའི་སྲིན་བུ་དེ་རྣམས་ལས་ཀྱང་ཕལ་ཆེར
་རི་མང་དུ་བད་ཀན་ལས་སྐྱེད་པའི་འབུ་ནི་ཟས་མངར་བག་ལ་སོགས་པ་ལ་དགའ་ཞིང་དེས་འཕེལ་བར་འགྱུར་རོ། །མི་གཙང་བྱུང་བ་བཤང་ལམ་ལས་ལོ་མ་འདབ?་མ་ལ་སོགས་དགའ་ཞེས་བྱ་བ་ལ་བཤད་པ་ལས་བྱུང་བའི་འབུ་ནི་བཤང་བ་མང་བ་ནས་དང་ལོ་མ་ལ
་སོགས་པ་ལ་དགའ་ཞིང་ངེས་འཕེལ་བར་འགྱུར་རོ། །བད་ཀན་མ་ཞུའི་གནས་སུ་བྱུང། །སྐྱེས་ནས་ཀུན་ཏུ་འགྲོ་བ་ཡིན། །ལ་ལ་འབྲེང་བ་འདྲ་བ་ཡིན། །ལ་ལ་ནི་སྲིན་བུ་ཁྲོ་ལམ་འདྲ། །ཁ་ཅིག་མྱུ་གུ་འབུས་པ་འདྲ། །ཕྲ་ཞིང་རིང་ལ་ཆུང་བ་དང། དཀར་ཞིང་དམར་བར
་སྣང་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་མ་ཞུ་བའི་གནས་ལྟེ་བ་ཡན་ཆད་དུ་བྱུང་བ་ནི་སྐྱེས་ཤིང་འཕེལ་ན་ཡན་མན་ཀུན་ཏུ་སྟེ་འོག་ཏུ་འགྲོ་བ་ཡིན་ལ། སྲིན་བུ་དེ་དག་ཀྱང་འབྲེང་པ་འདྲ་བ་ཡིན་ནོ། །སྲིན་བུ་ལ་ལ་ནི་ཁྲོལ་མ་འམ་རྟ་བླ་བ་འདྲ་བ་ཡིན་ནོ།།
་ཁ་ཅིག་ནི་འབྲས་ཀྱི་མྱུ་གུ་འདྲ་ཞིང་དཀར་ལ་ཕྲ་བ་ཡིན་ནོ། །དེ་བཞིན་དུ་ཁ་ཅིག་ནི་ཕྲ་ཞིང་རིང་བའི་སྣལ་མ་འདྲ་བ་ཡིན་ནོ། །ལ་ལ་ནི་ཆུང་ཞིང་ཕྲ་བ་ཡིན་ནོ། །མདོག་ནི་དཀར་བ་དང་དམར་བ་ཉིད་དུ་ཕལ་ཆེར་སྣང་བ་ཡིན་ནོ། །དེ་ཡི་མིང་ནི་རྣམ་བདུན་ཏེ། །རྒྱུ་མ་ཟ་དང
་ལྟོན་འཁྱིལ། །སྙིང་ཟ་ཡ་མཚན་ཆེན་པོ་དང། །མི་མངོན་རྒྱུ་དང་འཇག་མ་འདྲ། །དྲི་ཞིམ་ཞེས་བྱ་བ་ལ་སྲན་བུ་དེ་རྣམས་ཀྱི་མིང་གི་དབྱེར་ནི། རྒྱུ་མ་ཟ་བ་ལ་སོགས་པ་རྣམ་པ་འདུན་ཡིན་ནོ། །དེ་རྣམས་སྙིང་ཁར་ཁ་ཆུ་འཛག་པ་དང། །ཟས་མི་འཇུ་ཞིང་ཡི་ག
་འཆུས། །བརྒྱལ་ཞིང་མི་དྲན་རིམས་འདེབས་རློན། །སྙོམས་ཞིང་སྦྲིད་པ་ཆམ་པས་འདེབས། །ཞེས་བྱ་བ་ལ། སྲིན་བུ་དེ་རྣམས་ནི་སྙིང་འཕར་བ་ལ་སོགས་པ་བྱེད་པ་གྱུར་ཏེ། སྙིང་འཕར་བ་ནི་བད་ཀན་གྱི་ཚོགས་གྱེན་དུ་འབྱུང་ཞི་འཕར་བར་བྱེད་པ
་དང། ཁ་ཆུ་འཛག་པ་ནི་ཁ་ནས་བད་ཀན་འཛག་པ་དང་ཁ་ཟས་མི་འཇུ་བ་ལ་སོགས་པ་བྱེད་པ་ཡིན་ནོ། །ཁྲག་རྒྱུ་བ་ཡི་རྩ་ནང་ན། །ཁྲག་ལས་བྱུང་བའི་སྲིན་བུ་ཕྲ། །ཟླུམ་ཞིང་རྐང་མེད་ཟངས?་ལྟར་དམར། །ཕྲ་ཞིང་ལ་ལ་ལྟར་མི་སྣང། །ཞེས
་བྱ་བ་ལ། འདི་རྣམས་ཀྱི་གནས་ནི་ཁྲག་རྒྱུ་བའི་རྩ་བོ་ཆེའི་ནང་ནས་རྒྱུ་ཞིང་དེ་ཡང་སྲིན་བུ་ཤིན་ཏུ་ཕྲ་བ་དང། ཟླུམ་པ་ལ་སོགས་པ་ཡིན་ལ། ཤིན་ཏུ་ཕྲ་ཞིང་ཆུང་པ་ཡིན་པས་ན་ལ་ལ་ལྟར་མི་སྣང་བ་ཡིན་ནོ། །སྐྲ་རྩ་ཟས
་ཞིང་སྤུ་འབྱི་བྱེད། །སྤུ་གླིང་ཨུ་དུམྦ་ར་འདྲ། །ཞགས་པ་བཅས་དང་ཐོད་ཀ་ཏེ། །དྲུག་པོ་དེ་དག་མཛེ་ལས་གཅིག་ཅེས་བྱ་བ་ལ། །ཡང་སྲིན་བུ་དེ་དག་ནི་མིང་སྐྲ་ཟ་པ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས་རྣམ་པ་དྲུག་ཡིན་ལ། །ཡང་དེ་དག་ནི་མཛེ་དང
་ལས་གཅིག་སྟེ། སྤུ་ལྡང་བ་དང་གཡའ་བ་དང། །ཟུགས་པ་ལ་སོགས་པ་དང། སྐྲ་དང་ཁ་སྤུ་ལ་སོགས་པ་འབྱི་བ་དང། །པགས་པ་དང། ཆུ་བ་དང། ཤ་དང་རྩ་དང་རུས་པ་སྙི་བ་དང་ཟ་བར་ལས་གཅིག་པ་ཡིན་ནོ། །ཞུ་བའི་གནས་སུ
་མི་གཙང་སྐྱེས། འཕེལ་ནས་ཐུར་དུ་རྒྱུ་བར་བྱེད་ཅེས་བྱ་བ་ལ་བཤང་བ་ལས་བྱུང་བའི་སྲིན་བུ་ནི་ཞུ་བའི་གནས་སུ་འབྱུང་སྟེ། དེ་འཕེལ་ཞིང་སྐྱེད་པར་གྱུར་པ་ནི་ཐུར་དུ་རྒྱུ་ཞིང་འགྲོ་བར་བྱེད་དོ། །དེ་ནི་ཆེར་འཕེལ་རྒྱུ་ནང་ན། །གང་དེ་ཚེ
་མ་ཞུའི་གནས་སུ་ཞུགས། །དེ་ཚེ་སྒྲག་པ་དབུགས་འབྱུང་བ། །ཕྱིས་ལྟ་བུར་མནམ་པར་འགྱུར། །ཞེས་བྱ་བ་ལ། སྲིན་བུ་དེ་རྣམས་དུས་གང་གི་ཚེ་མ་ཞུ་བའི་གནས་སུ་ཞུགས་པར་གྱུར་པ་དེའི་ཚེ་མི་དེའི་སྒྲེག་པ་དང་དབུགས་འབྱུང
་བའི་ཕྱིས་ལྟ་བུར་ཤིན་ཏུ་མནམ་པར་འགྱུར་རོ། །ཟླུམ་ཞིང་ལུས་ཕྲ་སྦོམ་པོ་དང། །སྨུག་དང་སེར་དང་དཀར་དང་གནག་།ཅེས་བྱ་བ་ལ། སྲིན་བུ་དེ་དག་གི་དབྱིབས་ནི་ཟླུམ་པ་དང་ཕྲ་བ་དང་སྦོམ་པར་འགྱུར་ལ། མདོག
་ནི་རྨུག་པ་ལ་སོགས་པ་གང་ཡང་རུང་བ་དང་ལྡན་པ་ཡིན་ནོ། །སྲིན་བུ་དེ་མིང་རྣམ་པ་ལྔ་སྟེ། །ཁམ?་གྱི་ཟས་དང། དལ་གྱིས་འགྲོ། །མྱང་བར་བྱེད་དང་བརྐམ་པ་དང། །ལུས་ལ་གནོད་བྱེད་ཅེས་བྱའོ། །ཞེས
་བྱ་བ་ལ། སྲིན་བུ་དེ་རྣམས་ཀྱི་མིང་ཁམ་ཀྱིས་ཟ་བ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །དེས་འཁྲུ་གཟེར་དང་སྟུག་སྐམ་བྱེད། །སྐེམ་ཞིང་མདོག་ནི་སྐྱ་བ་དང། །བ་སྤུ་ལྡང་ཞིང་མེ་དྲོད་ཉམས། །ལྕི་གཡའ་གཞང་ནི་ཕྱིར
་འབྱུང་བྱེད། །ཅེས་བྱ་བ་ལ། བཤང་བ་དེ་ལས་བྱུང་བའི་སྲིན་བུ་དེ་རྣམས་ཀྱིས་ནི་འཁྲུ་བ་ནས་གཞང་ཕྱིར་འབྱུང་བའི་བར་དུ་སྐྱེད་པར་བྱེད་དོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ
་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་ཨི་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རླུང
་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་ཆེན་པོ་ཡིན་པར་མཚན་ཉིད་མཐུན་པས་མཛེ་ནད་ཀྱི་འོག་ཏུ་རླུང་ནད་ཀྱི་ནད་གཞི་བཤད་ཅིང་བརྩམས་པ་ཡིན་ནོ། །རླུང་ནི་ཕན་དང་གནོད་བྱེད་ལ། །འདི་ནི
་སྣ་ཚོགས་རྒྱུ་གཅིག་པུ། །ཁྱད་པར་དུ་ནི་ལུས་ཀྱི་ནི། །ནད་དང་ནད་མེད་རྒྱུ་གཅིག་པུ། །ཞེས་བྱ་བ་ལ། དོན་དང་དོན་མ་ཡིན་པའི་དེས?་མི་དགེའི་ལས་གཉིས་པོ་དེ་དག་དེ་བྱེད་ཅིང་རྫོགས་པར་འགྱུར་པའི་གཞི་དེ་དག་ལས་རླུང
་དེ་ནི་སྲིད་པ་སྣ་ཚོགས་པའི་རྒྱུར་གྱུར་པ་གཅིག་པུ་ཁོ་ན་ཡིན་ལ། ཁྱད་པར་རམ་ལྷག་ནི་ལུས་ལ་ཕན་པར་བྱེད་པ་དང། ནད་དང་ནད་མེད་པའི་རྒྱུ་གཅིག་པུ་ཉིད་ཡིན་ནོ། །དེ་ནི་ཀུན་བྱེད་ཀུན་བདག་ཉིད། །སྣ་ཚོགས་གཟུགས་ཅན་སྐྱེ་དགུའི་བདག?
་འབྱིན་བྱེད་འཛིན་བྱེད་ཁྱབ་འཇུག་གཙོ། །སྡུད་བྱེད་འཆི་བདག་གཤིན་རྗེར་འགྱུར། །དེ་བས་ལྡང་འཁྲུག་མི་འགྱུར་བར། །རྟག་ཏུ་འབད་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ། ཡང་རླུང་དེ་ནི་ལུས་ལ་སོགས་པ་ཐམས་ཅད་བསྐྱེད་པ་དང། སྒྲིབ་པ་དང་འཛིན་པ་ལ་སོགས་པའི?་བྱ་བ་ཀུན་བྱེད་ཅེས་བྱ?
་དེ་བཞིན་དུ་ཀུན་གྱི་བདག་ཉིད་ཀྱང་ཡིན་ཏེ། དེ་ནི་ཐམས་ཅད་ཀྱི་སྲོག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྣ་ཚོགས་པའི་གཟུགས་ཅན་ཡང་ཡིན་ཏེ། །རྣམ་པ་ཐ་དད་པའི་རང་བཞིན་ཅན་ཡིན་ནོ། །དེ་ཉིད་ནི་སྐྱེ་དགུ་རྣམས་གནས་པར་བྱེད་པས
་ན་སྐྱེ་དགུའི་བདག་གོ་།དེ་ནི་འབྱིན་པར་བྱེད་པ་ཡང་ཡིན་ཏེ། ཕྱི་དང་ནང་གི་དངོས་པོ་སྐྱེད་པར་བྱེད་པ་ཡང་ཡིན་ནོ། །སྣ་ཚོགས་པ་འཛིན་པར་བྱེད་པས་ན་འཛིན་པར་བྱེད་པ་ཡང་ཡིན་ནོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པའི་རང་བཞིན་ཅན་ཡིན་པས
་ན་ཁྱབ་འཇུག་གོ་།དེ་བཞིན་དུ་ཐམས་ཅད་ཟིལ་གྱི་གནོན་པས་ན་གཙོ་བོའོ། །འགྲོ་བ་རྣམས་སྤུད་ཅིང་འཆིད་བར་བྱེད་པ་ན་སྡུད་བྱེད་དོ། །དེ་ཉིད་ཀྱིས་ནི་འཆི་བདག་སྟེ། འགྲོ་བ་འཇིགས་པར་བྱེད་པའོ། །དེས་ན་འགྲོ་བ་རྣམས་མཐར་འཆི་བར་བྱེད་པས་ན
་གཤིན་རྗེ་ཉིད་དང་འདྲ་བར་བྱ་བའི་ཕྱིར་གཤིན་རྗེའོ། །གང་གི་ཕྱིར་རླུང་འདིའི་རང་བཞིན་དེ་ལྟ་བུ་ཡིན་པ་དེའི་ཕྱིར་རླུང་ནི་ལྡང་ཞིང་འཁྲུག་པར་མི་འགྱུར་བར་རྟག་པར་དུས་ཐམས་ཅད་དུ་འབད་པ་ཁོ་ནར་བྱའོ། །དེ་ཡི་ཐ་མལ་གཞན་གྱུར་པས།
་ནད་ཀྱི་བྱེ་བྲག་ཤེས་པར་བཤད། །བསྡུས་དང་རྒྱས་པ་དེ་མིང་གནས། །རྒྱུ་བའི་ལས་ནི་རེ་རེ་ལྔ། །ནད་ཚུལ་ཤེས་པར་བཤད་པ་ཡིན། །ཞེས་བྱ་བ་ལ། རླུང་དེའི་ལས་ཐ་མལ་བའི་ནད་ཀྱི་བྱེ་བྲག་ཤེས་པར་དབུགས་དབྱུང་བ་དང་རྡུབ་པ་ལ
་སོགས་པ་ཡིན་པར་བཤད་ལ། དེ་བཞིན་དུ་འགྱུར་བའི་ལས་དང། རླུང་ནི་འཕེལ་བར་འགྱུར་བ་ཡིས། །སྐེམ་དང་མདོག་ནག་དྲོ་བག་དགའ་། །འདར་དང་ལྟོ་སྦོས་བཤད་པ་སྲི། སྟོབས་དང་གཉིད་དང་དབང་པོ་ཉམས། །སྨྲ་མང་མགོ་འཁར
་ཞུམ་པར་བྱེད། །ཅེས་བྱ་བ་ལ། འདི་ནི་འགྱུར་བའི་བཤད་པ་ཡིན་ནོ། །དེ་ལ་ཐ་མལ་པ་ནི་རང་བཞིན་གནས་པ་སྟེ། གཞན་དུ་མ་གྱུར་པ་ལ་བྱ། །གཞན་དུ་གྱུར་པ་ནི་ནང་འཁྲུགས་ཤིང་གནོད་པར་གྱུར་པ་ལ་བྱའོ། །དེ་བཞིན་དུ་རླུང་ནད་འདི་འདོད་བསྡུས་པ
་དང་རྒྱས་པར་བྱས་པའི་སྒོ་ནས་མིང་དང་གནས་གང་དང་གང་ཡིན་པ་དང། །རྒྱུ་བའི་ལམ་གང་དང་གང་ཡིན་པ་ཡང་རེ་རེ་ཞིང་ལྔ་ལྔར་ནད་ཀྱི་བྱེ་བྲག་ཤེས་པར་བཤད་ཅིང་བསྟན་པ་ཡིན་ཏེ། །དེ་ལ་མིང་ནི་སྲོག་ཅེས་བྱ་བ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཡིན་ལ།
་གནས་ཀྱང་སྤྱི་བོ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་སྟེ། ཇི་ལྟར་སྲོག་ཅེས་བྱ་བའི་རླུང་ནི་སྤྱི་བོ་ལ་གནས་པ་ཡིན་པ་དང། །གྱེན་དུ་རྒྱུ་བ་ནི་བྲང་ན་གནས་པ་དང། ཁྱབ་བྱེད་ནི་སྙིང་ལ་གནས་པ་དང། མེ་དང་མཉམ་དུ་གནས་པ་ནི་ཕོ་བའི་མེ་དྲོད་དང་ལྷན་ཅིག་གནས་པ
་དང། ཐུར་དུ་སེལ་བ་ནི་གཞང་ལ་གནས་པ་ཡིན་ནོ། །རྒྱུ་བ་ནི་རྣམ་པ་ལྔ་སྟེ། སྲག་ཅེས་བྱ་བའི་རླུང་ནི་བྲང་དང་ལྐོག་མར་རྒྱུ་ལ་བྱ། །དེའི་ལས་ནི་གློ་བ་ལ་སོགས་པ་བསྟན་པར་འཛིན་པ་ཡིན་ནོ། །སྟེང་དུ་རྒྱུ་བ་ནི་སྣ་དང་ལྟེ་བར་རྒྱུ་ལ་ལས་ཀྱི་བྱ་བ་ནི་ཚིག་འབྱིན་པ་ལ་སོགས
་པ་ཡིན་ནོ། །ཁྱབ་བྱེད་ནི་ལུས་མ་ལུས་པ་ལ་རྒྱུ་ལ་ལས་ནི་འགྲོ་བ་ལ་སོགས་པ་ཡིན་ནོ། །མེ་དང་མཉམ་དུ་གནས་པ་ནི་ཁོང་པར་རྒྱུ་ལ་བྱ་བའི་ལས་ནི་ཟས་འཛིན་པ་ལ་སོགས་པ་ཡིན་ནོ། །ཐུར་དུ་སེལ་བ་ནི་གཞང་ལ་སོགས་པར་རྒྱུ་སྟེ། བྱ་བའི་ལས་ནི་བཤང་གཅི
་འབྱིན་པ་ལ་སོགས་པ་ཡིན་ནོ། །འདིར་ནི་ནད་ཀྱི་རྣམ་གྱུར་པ། །དེ་ཡི་དབྱེ་བས་ནད་གཞི་དང། །མཚན་ཉིད་བཅས་པ་ཉིད་དུ་བཤད། །གྲངས་མེད་ཀྱང་ནི་བརྒྱད་ཅུ་ཡིན་གྲངས་སུ་ལྔར་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། ཡང་ལེའུ་འདིར་ནི།། །།རླུང་དེའི་རྣམ
་པར་འགྱུར་བའི་ལས་ཐ་དད་པར་དབྱེ་བའི་ཚུལ་ནད་གཞིའི་རྒྱུ་དང་བཅས་པ་དང། དེ་བཞིན་དུ་མཚན་ཉིད་ཀྱི་ཚུལ་ཇི་ལྟ་བུ་ཡིན་པ་དང་བཅས་པ་བཤད་དེ་ཡང་གྲངས་མེད་ཅིང་ཚད་བཟུང་དུ་མེད་དུ་ཟིན་ཀྱང་བརྒྱད་ཅུའི་གྲངས་སུ་ངེས་པར་འཆད་པར་སྔོན་ཆད་ནད་ཀྱི
་བྱེ་བྲག་ཤེས་པར་བྱ་བའི་ལེའུ་ལས་བཤད་པ་ཡིན་ནོ།། །།ལུས་ཟུངས་ཟད་བྱེད་བ་སྟེན་དྲགས་པས། །རླུང་ནི་འཁྲུགས་པར་བྱེད་འགྱུར་ཏེ། །སྤུ་གུ་སྟོང་བར་རྒྱུ་གྱུར་པ། །དེ་ཉིད་ཤིན་ཏུ་འགེངས་པར་བྱེད། །ནད་གཞན་གྱིས་ནི་གང་བ་དེར། །ཁེབས་བས
་མཐུ་ཅན་ཉིད་དུ་འགྱུར། །ཞེས་བྱ་བ་ལ་ལུས་ཟུངས་བདུན་པོ་ཟད་པར་བྱེད་པའི་སྨན་དང་ཟས་དང་སྤྱོད་ལམ་ཚད་ལས་དྲགས་པར་ལྷག་པར་བསྟེན་པས་རླུང་གི་ནད་འཁྲུགས་ཤིང་ལྡང་བར་འགྱུར་ཏེ། དེ་ནི་སྟོང་ཞིང་སྤུ་གུར་གནས་པའི་རྒྱུན
་སྲང་དག་ཏུ་རྒྱུ་ཞིང་འགྲོ་བར་བྱེད་པ་ནས་སྤུ་གུ་སྟོང་བ་དེ་དག་ཉིད་ཤིན་ཏུ་འགྲེངས་ཤིང་རྒྱས་པར་བྱས་ནས་ལྡང་བར་བྱེད་དེ། །དེ་ལས་ནད་གཞན་གྱིས་གང་བ་དེར་བྱིན་ཅིང་དེ་དག་ཁོབས་པར་བྱས་ནས་རླུང་དེ་མཐུ་ཅན་མི་བཟད་པ་ཉིད་དུ་ལྡང་བར་འགྱུར་རོ། །དེ
་ལྟར་ན་རླུང་ནི་རྣམ་པ་གཉིས་ལས་ལྡང་སྟེ། །ལུས་ཟུངས་ཟད་པ་དང། །ནད་ཀྱིས་ཁྱེབས་པ་ལས་ལྡང་བ་ཡིན་ནོ། །དེ་ལ་ཞུ་བའི་གནས་སུ་ཞུགས། །གཟེར་དང་རྒྱུ་མ་སྒྲ་བཅས་སྤོ། །བཤང་འགགས་རྡེའུ་ནད་གཞང་འབྲུམ་སྐྱེ། །རྒྱབ་དང་རྐེད་པ་འཇུག་དོར་ན
་རོ་སྨད་ཀྱི་ན་ཕྱོགས་དེ་རུ། །མི་བཟད་གནོད་པ་དེ་དེ་བསྐྱེད། །ཅེས་བྱ་བ་ལ། དེ་ལ་ཞུ་བའི་གནས་སུ་ཞུགས་པ་འཁྲུགས་པར་གྱུར་ན། །གཟེར་ལ་སོགས་པ་བསྐྱེད་པར་འགྱུར་ལ། །དེ་བཞིན་དུ་ལྟེ་བ་མན་ཆད་ལུས་ཀྱི་རོ་སྨད་ཀྱི་ཕྱོགས་དེ་དང་དེར་མི་བཟད
་ཅིང་མནག་པར་དཀའ་བའི་ནད་ཀྱི་གནོད་པའི་བླ་གཉན་དུ་མ་དེ་དང་དེ་དག་སྐྱེད་པར་བྱེད། །མ་ཞུའི་གནས་ཞུགས་སྐོམ་དད་སློན། །ལུད་པ་དབུགས་མི་བདེ་གསུང་ནད། །ལྐོག་མ་འགགས་ཤིང་སྒྲེག་མང་ན། །ལྟེ་བ་ཡན་ཆད་སྐྱེད་པར་བྱེད། །ཅེས་བྱ་བ་ལ
་མ་ཞུ་བའི་གནས་ལྟེ་བ་ཡན་ཆད་དུ་རླུང་ཞུགས་པར་གྱུར་ན་སྐོམ་དད་ལ་སོགས་པ་བསྐྱེད་པར་འགྱུར་རོ། །རྣ་བ་སོགས་ཞུགས་དབང་པོར་གནོད། །ཅེས་བྱ་བ་ལ། རྣ་བ་ལ་སོགས་པ་དབང་པོའི་བུ་ག་རྣམས་སུ་རླུང་ཞུགས་པར་གྱུར་ན་མིག་ལ་སོགས་པའི
་དབང་པོ་རྣམས་ལ་གནོད་ཅིང་མི་རུང་བར་བྱེད་པར་འགྱུར་རོ། །པགས་ཞུགས་གས་ཤིང་རྩུབ་པར་བྱེད་ཅེས་བྱ་བ་ལ། །རླུང་པགས་པར་གནས་ཏེ་འཁྲུག་པ་ནི་པགས་པ་ཤས་ཆེར་གས་ཤིང་རྩུབ་པར་རེག་པ་བྱེད་པར་འགྱུར་རོ། །ཁྲག་ཞུགས་གཉིས་སྡུག
་མི་བཟད་ན། །ཚ་ཞིང་དམར་ལ་གདོག་མི་སྡུག་།ཐོར་འབྱུང་ཁ་ཟས་སྲ་བར་གནས། །ཡི་ག་འཆུས་སྐེམ་མགོ་འཁོར་ལ། ཞེས་བྱ་བ་ལ། རླུང་ཁྲག་ལ་གནས་ཏེ། འཁྲུགས་ན་ནི་གཉིད་སྟུག་པ་ལ་སོགས་པར་འགྱུར་བ་དང། ཐོར་བུ་ཞེས་བྱ་བ་ཚིགས་རྣམས་སུ་རྩ་བ་སྦོམ་པ་རྨིན
་བུ་ལྟར་འབྱུང་ལ་དང། དེ་བཞིན་དུ་ཁ་ཟས་ཁྱད་པར་དུ་མི་འཇུ་ཞིང་སྲ་བ་རེམ་རེམ་པོར་གནས་པ་དང། །དེ་ཉིད་ཀྱིས་ནི་ཡི་ག་འཆུས་པར་འགྱུར་བ་དང། སྐེམ་བ་ལ་སོགས་པར་འགྱུར་རོ། །ཤ་ཚིལ་ལ་གནས་རྨེན་བུ་དང། །རབ་ཏུ་ཟུག་ཅིང་ལུས་རྩུབ་ལ། །ལུས་ལྕི་རབ་ན་རེངས་པ་དང།
་ཁུ་ཚུར་དབྱུག་པས་ཕོག་སྙམ་བྱེད། །ཅེས་བྱ་བ་ལ། ཤ་དང་ཚིལ་ལ་གནས་ནས་འཁྲུགས་པའི་རླུང་ནི་རྨེན་བུ་ལ་སོགས་པ་སྐྱེད་པར་བྱེད་པ་དང། ཁུ་ཚུར་རམ་དབྱུག་པས་ཕོག་ཅིང་བསྣུན་པ་ལྟར་ན་བར་བྱེད་པ་ཡིན་ནོ། །རུས་གནས་བརླ་དང་རུས་ཚིགས་ན། མི་བཟད་གཟེར
་ཞིང་ཉམས་སྟོབས་ཟད། །ཅེས་བྱ་བ་ལ། རླུང་དེ་རུས་པ་ལ་གནས་ཏེ་འཁྲུགས་ན་བརླ་ལ་སོགས་པ་མི་བཟད་པར་གཟེར་བ་དང། །དེ་བཞིན་དུ་ཉམས་སྟོབས་ཟད་པར་བྱེད་པར་འགྱུར་རོ། །རྐང་གནས་རུས་པ་ཁོང་སྟོངས་ཤིང། །གཉིད་མེད་རྟག་ཏུ་ན་བ་ཡིན། །ཞེས་བྱ་བ་ལ། །
་རླུང་རྐང་ལ་གནས་ཏེ་འཁྲུགས་པ་ནི་རུས་པ་ཁོང་སྟོང་དུ་བྱེད་ཅིང་རྐང་ཟད་པ་དང་གཉིད་མེད་ཅིང་ཡར་བ་དང། རྟག་པར་རྒྱུན་མི་འཆད་པར་ན་བར་བྱེད་པ་ཡིན་ནོ། །ཁུ་བར་གནས་པ་མྱུར་འབྱུང་ལ། །འགགས་པའམ་མདོག་འགྱུར་ཉིད་དུ་འགྱུར། །མངལ་གྱི་ཁུ་བར
་དེ་ནས་དེ་བཞིན། །ཞེས་བྱ་བ་ལ་ཁུ་བར་གནས་ཏེ་རླུང་འཁྲུགས་པ་ནི་ཁུ་ཆུ་མྱུར་དུ་འབྱུང་བར་བྱེད་པ་དང། །ཡང་ན་འགགས་ཤིང་མི་འབྱུང་བར་བྱེད་པ་འམ་མདོག་གཞན་དུ་འགྱུར་བར་བྱེད་པ་ཉིད་དུ་བྱེད་པར་འགྱུར་རོ། །མངལ་དུ་གནས་པའི་ཁུ་བར་རླུང་ཞུགས
་པའི་ནད་ཀྱང་དེ་དང་འདྲ་སྟེ། མྱུར་དུ་ཟག་པ་དང་འགགས་པ་དང། །མདོག་འགྱུར་བར་བྱེད་དེ། ཁུ་བ་ལ་གནས་པའི་རླུང་འཁྲུགས་པ་མངལ་ཆགས་པ་དེ་འཇིག་ཅིང་ཚུལ་འདི་ལྟར་བྱེད་པར་འགྱུར། །རྩ་གནས་སྟོངས་ཤིང་སྔོ་བར་འགྱུར། །ཞེས་བྱ་བ་ལ། རྩོ
་ལ་གནས་པའི་རླུང་འཁྲུགས་པར་གྱུར་ན་རྩ་དེ་ཉིད་ཁོང་སྟོང་དུ་གནས་པ་དང་རླུང་གིས་རྒྱས་ཤིང་སྤོས་པར་བྱེད་དོ། །ཆུ་བར་གནས་པ་གཟུགས་འཛས་དང། །སྤུར་དང་ད་རྒན་ནད་དུ་འགྱུར། །ཞེས་བྱ་ལ། ཆུ་བར་གནས་ཏེ་རླུང་འཁྲུགས་པར
་གྱུར་ན་ལྷུ་ཟུག་འཛས་ཤིང་འཐེང་བ་དང་སྒུར་བ་དང། ད་རྒན་གྱི་ནད་སྐྱེད་པ་བྱེད་པར་འགྱུར་རོ། །ཚིགས་ལ་གནས་པའི་རླུང་གི་གང་རེག་འདྲ། །བརྐྱང་དང་བསྐུམ་བར་བྱེད་པ་ཡི། །བསྐྱོད་པ་ནད་དང་བཅས་པར་གྱུར། །ཞེས་བྱ་བ་ལ་ཚིགས་ལ་གནས
་ཏེ། །རླུང་འཁྲུགས་ན་ནི་སྐྲངས་པར་འགྱུར་ཞིང། སྐྲངས་པ་དེ་ཡང་རྐྱལ་པ་རླུང་གི་གདབ?་ལ་རེག་པ་དང་འདྲ་བར་འགྱུར་བ་དང། །དེ་བཞིན་དུ་རྐང་ལག་བརྐྱང་པ་དང་བསྐུམ་པར་བྱེད་པའི་བསྐྱོད་པ་དེ་དག་ན་ཞིང་ཟུག་པ་དང་བཅས་པར་འགྱུར་རོ། །ཡན་ལག
་ཀུན་ལ་བརྟེན་པ་ནི། གཟུགས་ཆག་སྙམ་སེམས་འབུལ་བ་དང། རེངས་དང་ཚོར་བ་མེད་པ་དང། །ཚིག?་འཁྲུགས་འདར་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། ཡན་ལག་ཐམས་ཅད་ལ་བརྟེན་ཏེ་རླུང་འཁྲུགས་པར་གྱུར་པས་ན་གཟུགས་ཆག་བ་སྙམ
་པ་ལ་སོགས་པའི་ནད་བསྐྱེད་པར་འགྱུར་རོ། །གང་ཚེ་རྩ་ཆེན་ཀུན་ལ་གནས། །ཡང་དང་ཡང་དུ་འཁྲུགས་འགྱུར་བ། །དེ་ཚེ་ཡན་ལག་ལ་འཇུག་པས། །ནད་ནི་ལུས་ལ་འཇུག་ཅེས་བྱ། །ཞེས་བྱ་བ་ལ། དུས་གང་གི་ཚེ་རླུང་རྩ་བོ་ཆེ་ཀུན་ལ་གནས་ཏེ
་འཁྲུགས་བར་གྱུར་པ་དེའི་ཚེ་ལུས་ཐམས་ཅད་ཡང་དང་ཡང་དུ་འཁྲུགས་ཤིང་གནོད་པར་བྱེད་ཅིང་ཡན་ལག་ཐམས་ཅད་ལ་འཇུག་པས་ཟིལ་གྱིས་གནོན་པར་བྱེད་པས་ན་རླུང་ནད་དེ་ནི་ལུས་ལ་འཇུག་པ་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ།།
་རོ་སྨད་དུ་ནི་འགག་པའི་རླུང། །གྱེན་དུ་སོང་སྟེ་སྙིང་གར་གནས། །སྙིང་གའི་སྤུ་གུར་ཞུགས་ནས་ནི། །མགོ་བོ་ཡན་ལག་བཟས་པར་ཟུག་།ལུས་ནི་ཀུན་ཏུ་ཞུགས་གྱུར་ནས། །དེ་ནི་གཞུ་ལྟར་རྒུར་པོར་བྱེད། །དབུགས་འབྱིན་དཀའ་ཞིང་མིག་རེངས་ཧད། །ལྷོད
་ཅིང་འཛུམས་པར་བྱེད་འགྱུར་ལ། །དེ་ནས་ཕུག་རོན་ལྟ་བུར་འཁུན། །དྲན་པ་མེད་དེ་གཞན་དབང་ཅན། །དེ་ནི་ཨ་བརྟ་ནད་བཤད་ཅེས་བྱ་བ་ལ། རླུང་རོ་སྨད་དུ་ཉེ་བར་གྱུར་ཅིང། རྒྱུན་སྲང་གི་ལམ་འགགས་པར་གྱུར་ན་རོ་སྟོད་དུ་གྱེན་དུ་སོང་སྟེ་སྙིང་གར
་གནས་ཤིང་བརྟེན་ནས་སྙིང་གའི་རྩའི་སྤུ་གུའི་ནང་དུ་ཞུགས་ནས་སྙིང་དང་མགོ་བོ་དང་མུར་འགྲམ་ལ་སོགས་པར་ཟུག་ཅིང་ན་བར་བྱེད་དོ། །དེ་བཞིན་དུ་ལུས་ཀུན་ཏུ་ཞུགས་པར་གྱུར་ཅིང་བསྡུས་པར་གྱུར་ནས་ནས་པ་དེའི་ལུས་གཞུ་ལྟར་རྒུར་པོ་ཉིད་དུ
་བྱེད་ཅིང་འགུགས་པར་བྱེད་དོ། །དེ་ལྟ་བུའི་མི་དེ་ནི་དབུགས་འབྱུང་བར་དཀའ་ཞེང་རྔམ་བ་ཅན་དུ་འབྱུང་བ་དང། མིག་རེངས་ཤིང་ཧ་ར་ཧ་ར་པོར་འདུག་པ་དང། ལྷོད་ཅིང་གནས་ལས་འཆུག་པ་དང། འཛུམ་ཞིང་འབྱེད་མི་ཤེས་པར་འགྱུར་ལ། དེ་ནས་དེའི
་འོག་ཏུ་ཕུག་རོན་ལྟར་འཁུན་ཞིང་སྒྲ་མི་གསལ་བར་འབྱིན་པར་བྱེད་པ་དང། དྲན་པ་མེད་དེ་འདུ་ཤེས་མི་གསལ་བ་ཉིད་དེ་ནད་དེ་གཞན་དབང་ཅན་ཞེས་བཤད་དོ། །ལ་ལ་དག་གི་གཞུང་གི་ནི་ནད་དེ་ཉིད་ཨ་བརྟ་ན་ཞེས་བྱའོ་ཞེས་ཟེར་རོ། །རླུང་གིས་སྙིང་ནི་བཏང
་གྱུར་ན། །སྐད་ཅིག་ཙམ་དུ་བདེ་ལ་རེག་།སླར་ཞུགས་ན་ནི་ན་བར་བྱེད། །ཅེས་བྱ་བ་ལ། གཞན་དབང་ཅན་ཞེས་བྱ་བའི་ནད་དེ་ལ་རླུང་གིས་སྙིང་ག་བཏང་ཞིང་དེར་མི་གནས་པར་གྱུར་ན་སྐད་ཅིག་ཙམ་དུ་བདེ་བར་གནས་ཤིང་ནད་མེད་པར་འགྱུར་རོ། །ཡང་རླུང
་དེ་སླར?་ཞུགས་ཤིང་གནས་པར་གྱུར་ན་སྐད་ཅིག་ན་ཞིང་མི་བདེ་བར་བྱེད་པར་འགྱུར་རོ། །དེ་ནི་མངལ་འཇིག་ལས་བྱུང་དང། ཁྲག་གི་ལྷག་པར་འཛག་གྱུར་དང། །སྣང་བ་དག་ལས་བྱུང་གྱུར་པ། །ཤིན་ཏུ་གསོ་བར་དཀའ་བར་འགྱུར། །ཞེས་བྱ་བ་ལ། གཞན་དབང
་ཅན་ཞེས་བྱ་བའི་རླུང་ནད་དེ་མངལ་འཇིག་པ་ལ་སོགས་པའི་རྒྱུ་གསུམ་ལས་འབྱུང་བ་ནི་ཤིན་ཏུ་གསོ་དཀའ་བས་དཀའ་བར་འགྱུར་རོ། །འཇིད?་པ་རེངས་པའི་རླུང་ཞུགས་ཤིང། །གང་ཚེ་རྩ་ཆེན་ལ་གནས་པ། །ལུས་ཀུན་ཁྱབ་པར་གྱུར་པ་ན། དེ་ཚེ་ནམ་ཚོད
་འགུགས་པར་བྱེད། །ལུས་ནི་གཞུ་ལྟར་ནང་དུ་གུག། མིག་རེངས་ཤུགས་ནི་འབྱིན་བར་བྱེད། །གླལ་འབྱུང་སོ་ནི་འཆའ་བ་དང། །བད་ཀན་སྐྱུགས་པར་བྱེད་པར་འགྱུར། །རྩིབ་ལོགས་ཟུག་ཅིང་ཚིག་མི་ཐོན། །འགྲམ་པ་རྒྱབ་དང
་མགོ་བོ་ན། །འདི་ནི་ནད་དུ་ཞུག་ཅེས་བྱ། །ཞེས་བྱ་བ་ལ། འཇིང་བ་ནི་གཉའ་བ་ལ་བརྟེན་པའི་གནས་གཉིས་ཡོད་དེ། །དེ་དག་ཏུ་རླུང་ཞུགས་ནས་གང་གི་ཚེ་རྩ་ཆེན་པོར་ཕྱིན་ནས་གནས་པར་གྱུར་ཅིང་ལུས་ཐམས་ཅད་ཁྱབ་ཅིང་ཁེབས་བར་གྱུར་པ
་དེའི་ཚེ། །ནམ་ཚོང་གུག་ཅིང་ཡོན་པོར་བྱེད་ལ། །དེ་བཞིན་དུ་ལུས་ཀྱང་གཞུ་ལྟར་ནང་དུ་འགུགས་པར་བྱེད་ཅིང་རྒུར་པོར་བྱེད་ལ། མིག་གཉིས་རེངས་ཤིང་འབྱེད་པ་དང་འཇུམ་མི་ཤེས་པ་དང། རང་གི་ཤུགས་ཆག་པ་དང། །གུག་པར་བྱེད་པ་ལ
་སོགས་པའི་ནད་སྣ་ཚོགས་པའི་ཚུལ་སྐྱེད་པར་བྱེད་པ་དང་དེ་བཞིན་དུ་གླལ་མང་དུ་འབྱུང་བ་དང། །སོ་ཀྲིག་ཀྲིག་འཆ་བ་དང། །བད་ཀན་སྐྱག་ཅིང་རློན་པར་བྱེད་པ་དང། རྩིབ་ལོགས་གཉིས་སུ་ཟུག་ཅིང་ན་བ་དང། །ཚིག་མི་ཐོན་པ་དང། འགྲམ་པ
་ལ་སོགས་པ་ན་བར་བྱེད་དེ། །འདི་ལྟ་བུའི་ནད་འདི་ནི་ནང་དུ་གུག་པའི་རླུང་ནད་ཅེས་བྱའོ། །ཕྱི་ཡི་དེ་དང་འདྲ་བ་ལ། །ལུས་ནི་ཕྱིར་དགྱེ་པ་བྱེད་པ་དང། མགོ་བོ་རྒྱབ་ཏུ་འདྲེན་བྱེད་ཅིང། །དེ་ལ་ཕྲེང་ནི་ཤིན་ཏུ་འབུར། །གཉའ་བ་བཅོམ་པ་ལྟར་ན
་ཞིང། །སོ་དང་ཁ་ནི་མདོག་མི་སྡུག་།རྡུལ་ཞིང་ལུས་ནི་ལྷོད་པར་བྱེད་པ། །ཕྱིར་འགྱེད་གཞུ་རངས་ཞེས་བྱ་ཞིང། །དེ་ལ་ཤུགས་དྲག་ཅེས་ཀྱང་བཤད། །ཅེས་བྱ་བ་ལ། ཕྱིར་འགྱེལ་པ་ཞེས་བྱ་བའི་རླུང་ནང་གཞན་དག་ནི་ཚུལ་དེ་དང་འདྲ་ཞིང
་མཚུངས་པ་ལས་འདིར་ཁྱད་པར་ནི་འདི་ཡིན་ཏེ་ལུས་ཕྱིར་འགྱེ་ཞིང་རྒྱབ་ཏུ་སྒྲ་བར་བྱེད་ལ། །མགོ་བོ་རྒྱབ་ཏུ་ཡོ་བར་འདྲེན་ཅིང་འགུགས་པར་བྱེད་པ། དང་ཕྱིར་དགྱེ་བ་ཞེས་བྱ་བའི་ནད་དེ་ལ་བྲང་ཤིན་ཏུ་འབུར་ཞིང་མཐོ་བ་དང། གཉར་བ་ན་ཞིང
་བརྡུངས་པ་ལྟར་སེམས་པ་དང། །དེ་བཞིན་དུ་སོ་དང་ཁའི་མདོག་མི་སྡུག་པ་དང། རྡུལ་ཤིན་ཏུ་མང་དུ་འབྱུང་བ་དང། ལུས་ལྷོད་ཅིང་ཤིག་པོར་འགྱུར་བར་བྱེད་དེ། རླུང་ནད་དེ་ནི་ཕྱིར་འགྱེ་བ་ཞེས་བྱའོ། །ཞེས་བཤད་པ་ལ། ལ་ལ་ན་རེ་ནི་གཞུང་རེངས་ཞེས
་བྱའོ་ཞེས་ཟེར་རོ། །གཞན་དག་ནི་དེ་ལ་ཤུགས་དྲག་པོ་ཞེས་བྱའོ་ཞེས་ཀྱང་བཤད་དོ། །གནས་ལ་གནས་པའི་རྨར་ཞུགས་ཏེ། །རླུང་གིས་བསྐྱོད་པར་གྱུར་པ་དང། རྐང་པ་ནས་ནི་མགོ་བོའི་བར། །ལུས་ལ་གནས་ཀྱི་ཁྱབ་བྱེད་པ། སྐོམ་ཞིང་ལུས་ནི་སྐྱ་གྱུར་པ། རྨ
་མིང་རྒན་དེ་སྤང་བྱ། །ཞེས་བྱ་བ་ལ། གནད་ལ་གནས་ཤིང་རྟེན་པའི་རྨར་ཞུགས་པའི་རླུང་ལ་སོགས་པའི་ནད་དེ་རླུང་གིས་བསྐྱེད་ཅིང་བསྣན་པར་གྱུར་ན། རྐང་པ་ནས་མགོ་བོའི་བར་གྱི་ལུས་ཐམས་ཅད་ལ་ནད་ཀྱིས་ཁྱབ་ཅིང་ཟིལ་གྱིས་གནོན་པར་བྱེད་དེ། རྨའི
་ད་རྒན་དེ་ལྟ་བུ་དེ་སྐོམ་དང་ཆེ་ཞིང་ལུས་སྐྱེ་བ་ལས་བྱུང་བ་དེ་ནི་གསོ་དཀའ་བ་ཡིན་པས་སྤང་ཞིང་དོར་བས་བྱའོ། །ལུས་ལ་འཇུག་པའི་རླུང་ཀུན་ནི། །ཤུགས་དྲག་བྲལ་ན་བདེ་བར་འགྱུར་ཞེས་བྱ་བ་ལ། །སྔར་བཤད་པའི་རླུང་ནད་ལུས་ལ་འཇུག་པ་ལ་སོགས
་པ་དེ་རྣམས་ལ་རླུང་གི་ཤུགས་དང་??་།ཤུགས་ཞི་བར་གྱུར་ན་དེ་ནི་བདེ་ཤིང་ནད་མེད་པར་འགྱུར་བ་ཡིན་ནོ། །ལྕེ་ནི་བྲུད་དྲགས་སྐམ་ཟོས་སྣང། །འགྲམ་པའི་རྩ་བར་གནས་རླུང་འཁྲུགས། །འགྲམ་པ་གཉིས་ནི་བསྐྱོད་བྱས་ནས། །ཁ་ནི་གདངས
་པར་གང་པའམ། །ཡང་ན་འཇུམས་པར་བྱེད་མི་འགྱུར། །འགྲམ་པ་ཉམས་པར་བྱེད་པ་དེས། །ཟ་དང་སྨྲ་བ་དཀའ་བར་འགྱུར། །ཞེས་བྱ་བ་ལ། ལྕེ་བྲང་དྲགས་ཤིང་སོ་ཤིང་ལ་སོགས་པ་མི་གནོད་པར་བྱས་པ་དང། ཟས་སྐམ་པོ་ཟོས་ཤིང་བཅས་པ་དང།
་ཁུ་ཚུར་དང་རྣོ་ལ་སོགས་པས་སྣང་བས་འགྲམ་པའི་རྩལ་བ་གནས་པའི་རླུང་འཁྲུགས་ཤིང་ལྡང་བར་འགྱུར་ནས། །འགྲམ་པ་གཉིས་བསྐྱོད་ཅིང་རང་གི་གནས་ནས་འགུལ་བར་བྱས་ནས། །ཁ་རྟག་ཏུ་གདངས་པར་བྱེད་པ་དང། །ཡང་ན་ཁ་འཇུམ
་ཞིང་འབྱེད་མི་ཤེས་པར་བྱེད་པར་འགྱུར་ཏེ། ནད་དེ་ནི་འགྲམ་པ་ལ་གནས་ནས་ཉམས་པར་བྱེད་པ་ཞེས་བྱ་སྟེ། འགྲམ་པ་བསྐྱོད་ཅིག་ཉམས་པར་བྱེད་པ་དེས། ཟས་ཟ་བ་དང་ཚིག་ཏུ་སྨྲ་བ་ཤིན་ཏུ་དཀའ་བར་བྱེད
་པར་འགྱུར་རོ། །སྨྲ་བར་བྱེད་པའི་རྩར་གནས་རླུང། །ལྕེ་ནི་ལྡིབ་པར་བྱེད་འགྱུར་ཞིང། །ལྕེ་ལྡིབས་དེས་ནི་བཟའ་བཏུང་དང། །སྒུ?་བལ་སོགས་མི་ནུས་འགྱུར། །ཞེས་བྱ་བ་ལ། སྨྲ་བར་བྱེད་པ་ཞེས་བྱ་བའི་རྩ་གང་ཡིན་པ་ལ་གནས་པར་གྱུར་བའི་རླུང་ནི་ལྕེ
་ལྡིབས་ཤིང་ལྐུགས་པར་བྱེད་པར་འགྱུར་ཏེ། ནད་དེ་ནི་ལྕེ་ལྡིབས་པ་ཞེས་བྱ་བ་ཡིན་ཏེ། ནད་དེ་ནི་ཟ་བ་ལ་སོགས་པ་ལ་སྤྱོད་པར་མི་ནུས་པ་ཡིན་ནོ། །མགོ་བོས་ཁུར་ནི་ཁྱེར་བ་དང། །རྒོད་དྲགས་མང་དུ་སྨྲ་བ་དང། སྡང་སྡང་གཅུས་ཏེ་སྦྲིང་བ་གཏོང། །གཞུ་སྲ
་འདྲེན་པར་བྱེད་པ་དང། སྔས་ནི་མི་མཉམ་ལ་ཉལ་དང། །སྲ་བ་ཆ་བར་བྱེད་པ་དང། རླུང་བསྐྱེད་པ་ནི་དེ་དང་དེས། །རླུང་འཕེལ་རོ་སྟོད་ལ་ཞུགས་ནས། །གདོང་གི་ཕྱོགས་ཕྱེད་ཡོན་བར་བྱེད། །སྨྲ་དང་རྒོད་དང་ལྟ་བའང་ཡོ། །དེ་ནས་དེ་ཡི་མགོ་འགུལ་ཞིང། །ཆོ་ག
་མི་ཕྱིན་ལ་མིག་རེངས་ཤིང། །སོ་འགུལ་སྐད་ནི་འགགས་པ་དང། །སྒྲ་མི་ཐོས་ཤིང་སྒྲིབ་པ་སོགས། །དྲི་མི་ཚོར་ཞིང་དྲན་ཉམས་རྨོངས། །གཉིད་ལོག་པ་ན་སྡངས་པར་འགྱུར། །མཆིལ་མ་གཡོན་དུ་འདོར་བ་དང། །མིག་གཅིག་འཛུམ་པར་འགྱུར་བ་དང། །ནམ
་ཚོལ་ཡན་ཆད་མི་བཟད་ན། །གཞོག་ཕྱེད་དག་གམ་རོ་སྟོད་ན། །ལ་ལས་དེ་གཞོག་ཕྱེད་ནད་བཤད། །གཞན་དག་ཕྱོགས་གཅིག་གུག་ཅེས་ཟེར། །ཞེས་བྱ་བ་ལ། མགོ་བོས་ཁུར་ལྕི་བར་ཁྱེར་ཅིང་གནས་གཞན་ནས་གཞན་དུ་འདེབས་པ་དང། རྒོད་དྲག་བ
་ལ་སོགས་པ་དང་ལུས་བཅུས་ཏེ་སྒྲིང་པ་གཏོང་བ་ལ་སོགས་པ་དང། སྲ་བའི་ཟས་འཆ་བར་བྱེད་པ་སྟེ། དེ་དག་གི་མ་ནི་རླུང་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ལ། དེ་དག་འགའ་ཞིག་ཏུ་མ་ཟད་ཀྱི་འདིར་མ་བཤད་པའི་རླུང་སྐྱེད་པར་བྱེད་པའི་དངོས་པོ
་གང་དག་ཡིན་པ་དེ་དང་དེས་རླུང་འཕེལ་བར་གྱུར་ནས་ལུས་ཀྱི་རོ་སྟོང་ལ་ཞུགས་ཏེ་གནས་པ་དང། དེས་གདོང་གི་གཞོག་ས་ཕྱེད་ཡོན་བྱེད་པར་འགྱུར་ལ། དེ་བཞིན་དུ་ཚིག་སྨྲ་བར་བྱེད་པ་དང་རྒོད་པར་བྱེད་པ་དང། ལྟ་བར་བྱེད་པ་ན་ཡང་ཡོ་ནི་པོར་བྱེད
་བར་འགྱུར་རོ། །དེ་ནས་དེའི་འོག་ཏུ་མི་དེའི་མགོ་འགུལ་ཞིང་ལྡན་པ་འདར་བར་འགྱུར་བ། །ཚིག་མི་ཕྱིན་ཅིང་ཐོགས་པ་དང། མིག་རེངས་ཤིང་ཧ་ར་ཧ་ར་བོར་བལྟ་བ་དང། སོ་འགུལ་ཞིང་གཡོ་བ་ལ་སོགས་པ་མཆིལ་མ་གཡས་གཡོན་དུ་འདོར་ཞིང་དྲང་པོར་མི
་འདོར་བ་དང། མིག་གཅིག་འཛུམ་པར་བྱེད་འདང། ནམ་ཚོང་ཡན་ཆད་འགྲིམ་པ་ལ་སོགས་པ་མི་བཟད་པར་ན་བ་དང། ལུས་ཀྱི་གཞོགས་ཕྱེད་དམ་ཡང་ན་རོ་སྨད་དུ་ན་བར་བྱེད་དེ། ནད་དེ་ནི་གཞོག་ཕྱེད་ན་བའི་རླུང་ནད་ཅེས་བྱའོ་ཞེས་བཤད་ལ་གཞན་དག་ནི
་ཕྱོགས་གཅིག་གུག་པ་ཞེས་བྱ་བའོ་ཞེས་ཟེར་རོ། །རླུང་ནི་ཁྲག་ལ་བརྟེན་འགྱུར་ཏེ། །སྤྱི་བོར་འཛིན་པའི་རྩར་ཞུགས་པ། །རྩུབ་ཅིང་ནད་བཅས་མདོག་གནག་བྱེད། །རྩ་འཛིན་དེ་ནི་གསོར་མི་རུང་ཞེས་བྱ་བ་ལ། རླུང་ཁྲག་ལ་བརྟེན་ནས་རྒྱུ་སྟེ། །སོང་ནས་ལྕི་བོ་འཛིན
་པ་ཞེས་བྱ་བའི་རྩར་ཞུགས་པར་གྱུར་པ་ནི་རྩུབ་ཅིང་ན་བ་དང་བཅས་པ་དང། ཁ་དོག་གནག་པར་བྱེད་པར་འགྱུར་རོ། །དེ་ལྟ་བུའི་ནད་དེ་ནི་རྩ་འཛིན་པ་ཞེས་བྱ་སྟེ་གསོ་ཞིང་བཅོས་པར་མི་ནུས་པ་ཡིན་ནོ། །རླུང་གིས་དེ་ལ་གཞོགས་ཕྱེད་བཟུང། །རྩ་དང་རྒྱུས་པ
་བསམ་བྱས་ནས། །གཞོགས་ཕྱེད་གང་ཡང་རུང་ལ་གནོད། །ཚིགས་ཀྱི་སྤྲེལ་མཚམས་ལྷོད་པར་བྱེད། །དེ་ཡི་ལས་བྱེད་ཐམས་ཅད་ནི། །ལས་སྦྱོར་མི་ནུས་ཚོར་བ་མེད། །དེ་ནི་ཕྱོགས་གཅིག་ནད་ཅེས་ཟེར། །གཞན་དག་ཕྱོགས་གཅིག་སམ་པར་འཆད། །ཅེས་བྱ
་བ་ལ། རླུང་གི་ལྕམ་གྱི་ཕྱོགས་ཕྱེད་བཟུང་ཞིང་དེར་གནས་པར་བྱས་པ་དང། རྩ་དང་རྒྱུས་མ་སྐམ་པར་བྱས་ནས་ལུས་ཀྱི་གཡས་སམ་གཡོན་གྱི་གཞོགས་ཕྱེད་གང་ཡང་རུང་བ་ལ་གནོད་ཅིང་བསྐྱོད་མི་ཤེས་པར་བྱེད་ལ། །ཚིག་རྣམས་ཀྱི་འགོ་རིའི་སྒྲེལ་མཚམས
་ལྷོད་ཅིང་ཤིགས་ཤིགས་པོར་བྱེད་པ་དང། ནད་པ་དེའི་ལུས་ཀྱི་གཞོགས་ཕྱེད་ཀུན་མ་ལུས་པར་ལས་ལ་སྦྱོར་བར་མི་ནུས་ཤིང་གཡོ་འགུལ་གྱི་བྱ་བ་བྱེད་མི་ནུས་པ་དང་ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པའི་ནད་དེ་ནི་ཕྱོགས་གཅིག
་གི་ནད་ཅེས་ཟེར་རོ། །དྲང་སྲོང་གཞན་དག་ནི་ཕྱོགས་གཅིག་སྐམ་པ་ཞེས་འཆད་དོ། །ལུས་ཀུན་རླུང་ནད་དེ་དང་འདྲ། །ཡན་ལག་ཀུན་ལ་བརྟེན་པ་ཡིན། །ཅེས་བྱ་བ་ལ། ཕྱོགས་གཅིག་སྐམ་པ་དང། ལུས་ཀུན་ལ་ཞུགས་པའི་རླུང་ནད་ནི་ཚོར་བ་མེད་པ་ལ་སོགས་པ
་ཚུལ་འདྲ་བ་ཡིན་ལ། དེ་ནི་ཡན་ལག་ཐམས་ཅད་ལ་བརྟེན་པའི་ནད་ཅེས་བྱ་བའི་ཤེས་ཤེས་པར་བྱའོ། །རླུང་ནད་ཉི་ཚེས་གཞོ་ནས་བྱེད་སྐམས། །ཤིན་ཏུ་གསོ་དཀའ་ཡིན་པར་བཤད་ཅེས་བྱ་བ་ལ། རླུང་ནད་ཉི་ཚེ་ནད་གཞན་དང་མ་འདྲེས་པ་གང་ཡིན་པ་དེས་གཞོགས
་བྱེད་སྐམས་པར་གྱུར་པ་ནི་ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །གཞན་དང་འདྲེས་པ་གསོ་དཀའ་ཡིན། །ཞེས་བྱ་བ་ལ། གནད་གཞན་བད་ཀན་དང་མཁྲིས་པ་གང་ཡང་རུང་བ་དང་རླུང་འདྲེས་པ་པར་གྱུར་པའི་གཞོགས་ཕྱེད་སྐམས་པ་འང་གསོ་དཀའ་བ་ཡིན་ནོ། །ཟབ་བྱེད་རྒྱུ
་ཅན་སྤང་བར་བྱ། །ཞེས་བྱ་བ་ལ། ཟ་བྱེད་ཀྱི་རྒྱུ་ལས་བྱུང་བའི་གཞོགས་ཕྱེད་སྐམས་པ་ནི་སྤང་བར་བྱ་སྟེ་གསོར་མི་རུང་ངོ། །མ་ཞུ་བད་ཀན་ལྡན་པ་ཡིས། །རྒྱུན་སྲང་བཀག་སྟེ་ལུས་རེངས་བས། །བརྐྱང་བསྐུམ་ཀུན་ལས་ཉམས་གྱུར་པ། །ཤིང་འདྲ་ཤིང་ལྟར་རེངས་པ
་ཡིན། །ཞེས་བྱ་བ་ལ། རླུང་ནད་མ་ཞུ་བ་དང་བད་ཀན་བཅས་པ་དག་གིས་རླུང་གི་རྒྱུ་བའི་ལམ་བཀག་སྟེ། །ལུས་རངས་ཤིང་འགྱུར་མི་ཤེས་པར་བྱས་པས། །བརྐྱང་བ་དང་བསྐུམ་པ་ལ་སོགས་པའི་ལུས་ཀྱི་སྤྱོད་པ་ཀུན་ལས་ཉམས་པར་གྱུར་པ་ནི་དབྱུག་ལྟར
་རེངས་པ་ཡིན་པས་ན། །ཤིང་ལྟར་རེངས་པ་ཞེས་བྱའོ། །ཕྲག་པའི་རྩ་བར་ཞུགས་ནས་རླུང། །དེར་གནས་ཅན་འཁུམས་བྱས་ཏེ། །དབུང་བ་བསྐྱོད་པར་མི་ནུས་བྱེད། །དབུང་བ་འཇས་པའི་རླུང་ནད་ཡིན་ཞེས་བྱ་བ་ལ། རླུང་ཕྲག་པའི་རྩ་བར་གནས་ཏེ། དེ་ན་གནས
་བའི་རྩ་འཁུམས་ཤིང་འདུས་པར་བྱས་ནས་དབུངས་པ་བསྐྱོད་བསྐུལ་མི་ནུས་པར་བྱེད་པའི་རླུང་ནད་སྐྱེད་པར་བྱེད་དོ། །གང་ཞིག་ལག་མཐིལ་སོར་མོ་འབྲེལ། །ཆུ་བ་རྒྱབ་ཏུ་འཁུམས་བྱེད་ཅིང། །ལག་བར་བྱ་བ་ཡམས་བྱེད་པ། །རླུང་དེ་བྱི་ཤྭ་རྩེ་ཏུ་བཤད། །ཅེས་བྱ་བ་ལ་ནད
་གང་ཞིག་ལག་བའི་མཐིལ་དུ་ཕྱོགས་ཤིང་དེ་དང་འབྲེལ་བ། ཆུ་བ་དུས་པ་ཞེས་བྱ་བའི་ཆུ་བ་རྒྱབ་ཏུ་འཁུམ་པར་བྱེད་ཅིང་ལག་ངར་གྱི་རླུང་གིས་འཁུམས་པར་བྱེད་ན་ལག་ངར་གྱི་བྱ་བའི་ལས་གང་དག་ཡིན་པ་ཐམས་ཅད་ཉམས་པར་བྱེད་དེ། །གཡོ་འགུལ་གྱི
་བྱ་བ་ཐམས་ཅད་མི་ནུས་པར་བྱེད་པའི་རླུང་ནང་དེ་ནི་མིང་བྱི་ཤྭ་ཙེ་ཞེས་བྱ་བ་ཡིན་ནོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །གང་ཚེ་རླུང་ནི་རྐེད་བར་གནས། །བརླ་ཡི་ཆུ་བའི་ནང་དུ་ཞུགས། །དེ་ཚེ་མི་དེ་འཐེང་བོར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རླུང་གི་ནད་རྐེད་བའི་ཕྱོགས་སུ
་གནས་ཤིང་བརྟེན་པར་གྱུར་ནས་བརླའི་ཆུ་བའི་ནང་དུ་ཞུགས་ཤིང་ཞེན་པར་གྱུར་པ་དེའི་ཚེ། མི་དེ་འཐེང་པོར་འགྱུར་ཏེ་རྐང་ཟུག་ཅིང་འཆལ་བའི་འཐེང་པོར་འགྱུར་རོ། །བརླ་གཉིས་ལ་ཞུགས་འཕྱེ་བོར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རྐེད་པར་གནས་པའི་རླུང་དེ་བརླ་གཉིས
་ཀ་ལ་ཞུགས་པར་གྱུར་པ་དེའི་ཚེ། །བརླ་གཉིས་ཀའི་སྤྱོད་པ་ཉམས་པས་འཕྱེ་བར་འགྱུར་རོ། །གང་ཞིག་འགྲོ་བར་རྩོམ་པ་ན། །ལུས་འདར་འཐེང་པོ་ལྟར་འགྲོ་བ། །ཚིགས་ཀྱི་སྦྲེལ་མཚམས་ལྷོད་གྱུར་པ། །དེ་ནི་སྲན་མའི་འཐེང་པོར་བཤད། །ཅེས་བྱ་བ་ལ། སྐྱེས་བུ་གང་འགྲོ
་བར་རྩོམ་ཞོང་འགྲོ་བའི་བྱ་བ་འདར་ཞིང་གཡོ་ལ་འཐེང་པོ་ལྟ་བུར་འགྲོ་བའི་སྐྱེས་བུ་དེ་ནི་ཚིགས་ཀྱི་འགྲོ་རེའི་སྒྲེལ་མཚམས་ལྷོད་ཅིང་ཉམས་པར་གྱུར་པ་ཡིན་ཏེ། དེ་ནི་སྲན་མའི་འཐེང་བ་ཞེས་བྱའོ། །ཁ་ཟས་དྲོ་གྲང་སྐམ་རློན་འདྲེས། །ལྕི་དང་སྣུམ་ཆེས་བསྟེན་པ་དང། ཞུ
་དང་མ་ཞུ་མི་བདེས་བསྐྱོང། །ཉིན་ཉལ་མཚན་གཉིད་མ་ལོག་བས། །མ་ཞུ་ཤིན་ཏུ་བསོགས་གྱུར་ཏེ། །གལ་ཏེ་བརླ་ནང་ཞུགས་གྱུར་ན། །བད་ཀན་ཚིལ་དང་རླུང་བཅས་པ། །ནད་གཞན་ཟིལ་གྱིས་མནན་ནས་ནི། །བརླ་རུས་ནང་དུ་བར་བྱས་ཏེ། །བད་ཀན་གྱིས་ཏེ་རེངས་གྱུར་ལ།།
་དེ་ཚེ་དེ་ཡི་བརླ་རླངས་བྱེད། །འདེགས་མི་ནུས་གྲང་ཚོར་བ་མེད། །གཞན་གྱི་ཡིན་སྙམ་སེམས་ཤིང་ལྕི། །མི་བཟད་བར་ནི་འགྲོ་བ་ཉམས། །སེམས་ཁོང་ཆུང་ཞིང་ཡན་ལག་ན། །སྙིམ་རློན་རིམས་འདེབས་ཡི་ག་ཆུས། །རྐང་པ་སྒྱིད
་གཞན་འདེགས་པར་དཀའ་། །བེམས་བེམས་པོར་འདུག་ལྡན་པ་ཡིན། །དེ་ནི་བརླ་རེངས་ནད་ཅེས་བཤད། །གཞན་དག་ཕྱུག་པོའི་རླུང་ཞེས་ཟེར། །ཞེས་བྱ་བ་ལ། ཁ་ཟས་ཀྱི་བག་དྲོ་གྲང་ལ་སོགས་པ་འདྲེན་མར་བསྟེན་པ་དང། ཞུ་བ་དང་བཅས་པའི་མ་ཞུ
་བ་ནི་ཞུ་བ་དང་མ་ཞུ་བ་སྟེ། ། ལ་ལ་ནི་ཞུ་ཞིང་སྨིན་པ་ཡིན་ལ། ལ་ལ་ནི་མ་ཞུ་ཞིང་མ་སྨིན་པ་ཡིན་ཏེ། །ལེགས་པར་ཚོས་པ་དང། མ་སོས་པ་དག་གིས་མི་བདེ་བར་གྱུར་པ་དང། དེ་བཞིན་དུ་མ་ཞུ་ཞིང་སྡུག་བསྔལ་བའི་རྣམ་པ་ལ་བརྟེན་པས་བསྐྱོད་ཅིང
་འཁྲུགས་པར་བྱས་པས་མ་ཞུ་བ་ཤིན་ཏུ་ཤས་ཆེར་བ་སོགས་པར་གྱུར་ལ། དེ་བཞིན་དུ་ཉིན་བར་གཉིད་ལོག་ཅིང་ཉལ་བ་དང། གཉིད་མ་ལོག་པ་དག་ཡུན་རིང་དུ་བསྟན་པས་ཀྱང་མ་ཞུ་བ་ཤིན་ཏུ་ཤས་ཆེར་བ་སོགས་པར་འགྱུར་ཏེ། མ་ཞུ་བ་དེ་གལ་ཏེ་བརླ་དང
་བྱིན་པའི་ནང་དུ་ཞུགས་པར་གྱུར་ན། མ་ཞུ་བ་དེ་བད་ཀན་དང་ཚིལ་དང་རླུང་དང་བཅས་པར་འགྱུར་བ་ཡིན་གྱི། མ་ཞུ་བ་དེ་ནི་རླུང་བད་ཀན་གྱི་ནང་གཞན་ལས་བལྟོས་པ་ཟིལ་གྱིས་མནན་ཅིང་མཐུ་ཆུང་བར་བྱེད་ལ། དེའི་ཕྱིར་མ་ཞུ་བ་དེ་བད་ཀན་གྱི
་གཡོ་བ་མེད་པར་བྱས་ཤིང་བརླའི་རུས་པའི་ནང་དུ་གང་བར་བྱེད་པ་ན་དེའི་ཚེ་བརླ་རེངས་ཤིང་བསྐྱོད་མི་ཤེས་པར་འགྱུར་ཏེ། །དེ་བས་ན་དེའི་ནད་དེས་བརླ་རེངས་པར་བྱེད་ཅིང་འགྱུར་མི་ཤེས་པར་འདེག་ཅིང་སྐྱོད་མི་ཤེས་མི་ནུས་པ་དང། །གྲང་ཞིང་ཚོར་བ
་མེད་པ་དང། གཞན་གྱི་ཡིན་པ་སྙམ་དུ་སེམས་ཤིང་རང་གི་ལུས་ལས་བྱུང་བ་སྙམ་དུ་མི་སེམས་པ་དང། དེ་བཞིན་དུ་མི་བཟང་བར་ན་ཞིང། །བརྣག་པར་དཀའ་བ་ལ་སོགས་པར་འགྱུར་བ་དང། སེམས་ཁོངས་སུ་ཆུད་པ་ལ་སོགས་པ་དང་ལྡན་པར
་འགྱུར་བ་སྟེ། །ནང་དེ་ནི་བརླ་རེངས་ཀྱི་ནད་ཅེས་བྱའོ། །ཞེས་ཚེའི་རེག་བྱེད་ཤེས་པའི་སློབ་དཔོན་དག་ཅེས་བཤད་དོ། །དྲང་སྲོང་གཞན་དག་གིས་ཕྱུག་པོའི་རླུང་ནད་ཅེས་བྱའོ། །ཞེས་ཟེར་རོ། །རླུང་དང་ཁྲག་ལས་སྐྱེས་པའི་སྐྲངས། །བུས་མོའི་སྟེང་བྱུང་ནད་ཚ་བས་ཆེ། ཅེས་སྦྱང
་མགོ་ལྟར་སྤོམ་གྱུར་བ། །ཅེས་སྤྱང་མགོ་འདྲ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། རླུང་དང་ཁྲག་ལས་སྐྱེས་པའི་སྐྲངས་པ་པུས་མོའི་སྟེང་དུ་བྱུང་བ་དེ་ན་ནི་ཚབས་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ནི་ཅེས་སྤྱང་གི་མགོ་འདྲ་བར་སྦོམ་ཞིང་ཆེ་བར་སྐྲངས་པ་ཡིན་པས་ཅེ་སྤྱང་གི་མགོ་འདྲ
་བའི་རླུང་ནད་ཅེས་བྱའོ། །རྐང་པ་ན་ཞིང་མི་མཉམ་འདོར། ངལ་བ་ལས་ནི་གང་ཚེ་རླུང། ལོང་མར་གནས་ཏེ་ནད་བསྐྱེད་པ། དེ་ནི་རླུང་ནད་ཚེར་མར་བཤད། །ཅེས་བྱ་བ་ལ། རྐང་པ་ས་ལ་མི་མཉམ་ཞིང་མི་སྙོམས་པར་བ་འམ། ཡང་ན་ངལ་ཞིང་དུབ་པ་ལ་དུས་གང་གི་ཚེ།
་རླུང་བྱིན་པ་དང། ནད་པ་ལ་བརྟེན་ནས་ལོང་མོར་གནས་པའི་ནད་བསྐྱེད་པར་གྱུར་པའི་ནད་དེ་ནི་རླུང་ནད་དེ་ནི་ཆེར་མ་ལྟ་བུ་ཞེས་བཤད་དོ། །རྟིང་པ་སོར་མོར་འབྲེལ་བ་ཡི། །ཆུ་བར་རླུང་གི་གནོད་གྱུར་གང། །རླུང་གནས་འཇུག་པར་བྱེད་པ་དེ། །གཟུགས་འཁུམས
་ཞེས་ན་བྱ་བར་བཤད། །ཅེས་བྱ་བ་ལ། རྟིང་པར་གནས་ནས་སོར་མོ་དང་འབྲེལ་བར་འགྱུར་བའི་ཆུ་བའི་ཆོགས་གང་ཡིན་པར་རླུང་ཞུགས་ཏེ། །གནོད་པ་བསྐྱེད་པར་གྱུར་ནས་བརླའི་བར་དུ་གྱེན་དུ་འཇུག་པར་བྱེད་ཅིང། བསྡུས་ཤིང་ཁུམས་པར་བྱེད་པ་གང་ཡིན་པ་དེ་ནི
་དྲང་སྲོང་དག་གི་གཟུགས་ཁུམས་པའི་རླུང་ནད་ཅེས་བྱ་བར་བཤད་དོ། །ཕྱི་ཤྭ་རྩེ་དང་ཟུག་འཁུམས་བཤད། །མི་བཟད་ན་བའི་ཁ་ལིར་བཤད་ཅེས་བྱ་བ་ལ། སྔར་ལག་དར་དུ་ཞུགས་པའི་རླུང་ནད་ཀྱི་བྱི་ཤྭ་ཙི་དང། འདས་མ་ཐག་པའི་གཟུགས་ཁུམས་པའི་རླུང་ནད
་གཉིས་པོ་མི་བཟད་པ་དང་ལྡན་པས་ན་རླུང་ནད་ཁ་ལི་ཞེས་བར་བཤད་དོ། །གང་གི་རྐང་པ་རྩ་གྱུར་ཅིང། །བེམ་བེམ་པོར་ནི་གྱུར་བ་དག་།བད་ཀན་རླུང་འཁྲུགས་ལས་གྱུར་པ། །རྐང་པ་རྩེ་བར་དེ་བཤད་དོ། །ཞེས་བྱ་བ་ལ། མི་གང་གི་རྐང་པ་གཉིས་རྩེ་ཞིང་ཆེ་བ་ཙག
་ཙག་པོར་བྱེད་པའི་སྒོ་ནས་ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་པ་དག་ནི་བད་ཀན་དང་འདྲེས་པ་ལས་གྱུར་པ་ཡིན་ལ། ནད་དེ་ནི་རྐང་པ་རྩེ་བ་ཞེས་བྱའོ་ཞེས་བཤད་དོ། །མཁྲིས་པ་ཁྲག་དང་བཅས་པའི་རླུང། །རྐང་པ་གཉིས་སུ་ཚ་བྱེད
་ཅིང། །ཁྱད་པར་དུ་ནི་འགྲོ་ཚེ་ཚ། དེ་ནི་རྐང་ཚ་ཞེས་བྱར་བཤད། ཅེས་བྱ་བ་ལ། རླུང་གི་ནད་མཁྲིས་པ་དང་ཁྲག་དང་བཅས་པར་གྱུར་པ་ལས་རྐང་པ་གཉིས་སུ་ཚ་བ་འུར་འུར་བར་གྱུར་པ་གང་ཡིན་པ་དང། ཁྱད་པར་དུ་ཡང་འགྲོ་ཞིང་འཆགས་པའི་ཚེ། ལྷག་པར་ཚ་བར
་གྱུར་པའི་ནད་དེ་ནི་རྐང་པ་ཚ་བ་ཞེས་བྱའོ་ཞེས་བཤད་དོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱང་བ་ལས། ནད་གཞིའི་གནས་ཀྱི་ལེའུ
་བཅོ་ལྔ་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་དྲེག་ནད་ཀྱི་ནད་གཞི་བཤད་པར་བྱའོ་ཞེས་བྱ་བ་ལ། རླུང་ལམ་གྱུར་བ་ཡིན་པར་ཆོས་མཐུན་པ་ཡིན་པས་ན་རླུང་ནད་ཀྱི་འོག་ཏུ་ལེའུ་འདི་བརྩམས་པ་ཡིན་ནོ། །དེ་ཡང་རླུང་དང་ཁྲག་ལས་སྐྱེས
་པའི་སྐྲངས་ཞེས་སྨོས་པ་ཡིན་ནོ། །ཁྲག་ནི་འཁྲུག་པར་བྱེད་པའི་ཟས། །ཚ་བ་དང་ནི་མི་འཕྲོད་པ། །རྟེན་དང་སྦྱོར་བ་ལོག་པ་དང། །ཉིན་ཉལ་མཚན་གཉིད་མ་ལོག་དང། །ཉལ་པོ་དྲག་དང་སྐྱིད་པར་གནས། །འཆག་པའི་སྤྱོད་པ་མ་བསྟེན་དང། །བསྣན་དང་སྦྱར་བ
་མ་བྱས་པས། །མི་ཡི་ཁྲག་ནི་འཁྲུགས་གྱུར་ཅིང། །རླུང་སྐྱེས་ཟོས་དང་རླུང་ནང་ནི། །འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས། །དེ་བཞིན་ཁྲག་ཀྱང་ལམ་འགགས་པ། །དང་པོར་གནོད་པར་གྱུར་བ་ཡིན། །ཞེས་བྱ་བ་ལ། ཁྲག་འཁྲུགས་ཤིང་སྐྱེད་པར་བྱེད
་པའི་ཟས་འབྲུ་དང་སྲོག་ཆགས་ཆུ་ན་སྤྱོད་པའི་ཤ་དང། རྒྱ?་སྲན་ཀུ་ལཏྠ་དང། །མོན་སྲན་གྲེའུ་དང། །སྲན་དགོས་ནི་སྭ་དང། སྐྱུར་བ་དང། ཆང་དང་དར་བ་དང། ཞོ་སྐྱུར་པོ་ལ་སོགས་པ་ལ་བརྟེན་པ་དང། མི་འཕྲོད་པའི་ཟས་གཤེར་སའི་ཤ་དང། མོན་སྲན
་གྲེའུ་ལྷན་ཅིག་བཟའ་བ་དང་སྦྲང་རྩི་དང་མར་ཆ་མཉམ་པར་ཟ་བ་ལ་སོགས་པ་ཇི་སྐད་བཤད་པ་དང་འདིར་མ་སྨོས་སུ་ཟིན་ཀྱང་ཁྲག་སྐྱེད་པར་བྱེད་པའི་སྤྱོད་ལམ་དང། །ཁ་ཟས་ལ་སོགས་པ་དེ་དག་བསྟེན་ཅིང་གོམས་པར་བྱེད་པ་དང། དེ་བཞིན་དུ་སྦྱོར་བ
་ལོག་བ་སྟེ། སྨན་དཔྱད་ཀྱི་གཙུག་ལག་ལས་བྱུང་བ་བཞིན་དུ་བསྟེན་པར་མ་བྱས་པའི་སྦྱོར་བ་ལོག་པ་དང། །དེ་བཞིན་དུ་ཉིན་པར་ཤས་ཆེར་གཉིད་ལོག་པ་དང། མཚན་མོའི་དུས་སུ་གཉིད་མ་ལོག་པ་དང། ཉལ་པོ་དྲགས་ཤིང་བུད་མེད་བསྟེན་དྲགས་པ་དང། ཕལ
་ཆེར་སྐྱིད་དེ་བར་གནས་ཤིང་རྟག་ཏུ་བདེ་བ་དང་ལྡན་པ་ལ་ལུས་འཇམ་ཤ་ཅན་དུ་གྱུར་པས་འཆབ་ཅིང་འགྲོ་བའི་སྤྱོད་ལམ་མ་བསྟེན་གྱི། རྟག་ཏུ་དལ་བར་འདུག་ལ་སྐྱིད་ཅིང་རྩོལ་བ་མི་བྱེད་པ་དང། བསྣང་བ་སྟེ་མཚོན་ཚའི་ཚོགས་ཀྱི་ཁྱད་པར་གང་ཡང་རུང
་བས་སྣང་ཅིང་རྨ་བྱུང་བ་དང། སྦྱང་བ་མ་བྱས་ཏེ་དྲི་མའི་ཚོགས་མ་བསལ་ཅིང་མ་བཏོན་པས་མིའི་ཁྲག་འཁྲུགས་ཤང་ལྡང་བར་འགྱུར་ཞིང་རླུང་བསྐྱེད་ཅིང་འཁྲུགས་པའི་ཟས་ཁབ་དང། ཁེངས་བུ། ཆད་བ། བསྐ་བ་ལ་སོགས་པ་ཟོས་པ་ལ་གོམས་ཤིང་མང་དུ་བསྟེན
་པས་རླུང་ནད་འཕེལ་ཞིང་དང་པོ་བསོགས་པར་གྱུར་ལ། དེའི་འོག་ཏུ་འཁྲུགས་ཤིང་ལྡང་བར་གྱུར་ནས། །ལམ་ལོག་པ་གཞན་དུ་ཞུགས་པ་དང། ཁྲག་ཀྱང་དེ་དང་འདྲ་བར་བསོགས་ཤིང་འཕེལ་བ་དང། འཁྲུགས་ཤིང་ལྡང་བར་གྱུར་ནས་ལམ་འགག་པར་བྱ་བ་དེ་ཉིད་ཀྱིས
་དང་པོར་གནོད་ཅིང་ནད་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་ནི་ཕྱུག་པོའི་རླུང་ནད་དང། །འཐེང་ནད་སྟོབས་འཇིག་རླུང་ནད་དང། །མིང་དུ་དེ་ནི་རྣམ་པར་བཤད། །ཅེས་བྱ་བ་ལ། དྲེག་ནད་དེ་ནི་ཕྱུག་པོའི་རླུང་ནད་དང་ཐེང་པོའི་ནད་དང་སྟོབས་འཇིག་པ་དང། རླུང་ཁྲག
་འདྲེས་པའི་ནད་ཅེས་བྱ་བར་མིང་གི་རྣམ་གྲངས་སུ་སློབ་དཔོན་གྱིས་བཤད་པ་ཡིན་ནོ། །དེ་ཡང་དང་པོར་རྐང་པར་རྒྱུ། །མཆོག་ཏུ་བཞོན་སོགས་འཕྱང་ལས་འབྱུང། ཞེས་བྱ་བ་ལ། དྲེག་ནད་དེ་ཡང་དང་པོར་རྐང་པ་གཉིས་སུ་རྒྱུག་ཅིང་འབྱུང་བར་འགྱུར་རོ། །མཆོག་ཏུ་འམ
་ཁྱད་པར་དུ་ནི་རྟ་ལ་སོགས་པའི་གཞོན་པ་ལས་ཞོན་ཏེ། རྐང་པ་འཕྱང་བར་བྱས་པ་ལས་དེ་འབྱུང་བར་འགྱུར་རོ། །དེ་ཡི་འབྱུང་འགྱུར་མཚན་ཉིད་ནི། །མཛེ་ནི་འབྱུང་བར་འགྱུར་མཚན་མར་མཚུངས། །དེ་བཞིན་ལུས་ཉམས་ཡན་ལག
་ལྷོད། །པུས་མོ་བྱིན་པ་བརླ་རྐེད་པ། །ལག་པ་རྐང་པའི་ཚིགས་རྣམས་སུ། །གཡའ་ཞིང་འགུལ་རང་ན་བ་དང། །ཆགས་སྙམ་སེམས་ཤིང་ཚོར་མེད་ལྕི། །ཡང་དང་ཡང་དུ་ལྡང་བ་དང། །སླར་ཡང་ཞི་བར་འགྱུར་བ་ཡིན། ཞེས་བྱ་བ་ལ། དྲེག་ནད་དེ་ཕྱིས་འབྱུང
་བར་འགྱུར་བའི་མཚན་ཉིད་སྔར་བྱུང་བའི་ཚུལ་ནི་མཛེ་འབྱུང་བར་འགྱུར་བའི་མཚན་མ་དང་མཚུངས་པ་ཡིན་ཏེ། ཤིན་ཏུ་འདར་བའམ་རེག་ན་རྩུབ། །ཚུལ་འབྱུང་མི་འབྱུང་མདོག་མི་སྡུག་ཅེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ཡིན་ནོ། །དེ་བཞིན
་དུ་མཚན་མ་གཞན་ཡང་ལུས་ཉམས་ཀིང་ཤིག་ཤིག་པོར་གྱུར་བ་དང། ཡན་ལག་རྣམས་ལྷོད་པ་དང། པུས་མོ་ལ་སོགས་པར་གཡའ་བ་ལ་སོགས་པའི་ནད་ཡང་དང་ཡང་དུ་ལྡང་ཞིང་ཡང་དང་ཡང་དུ་སླར་ཞི་བར་འགྱུར་བ་དང། དེ་ནས་སླ་ལྡང་དུབ་བྱེད
་པ་ཡིན་ནོ། །རྐང་པ་གཉིས་ཀྱིས་རྩ་བར་གནས། །ལན་འགའ་ལག་པ་དག་ཏུ་འང་གནས། །བྱི་བའི་དུག་ནི་ལྡང་བ་ལྟར། །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །ཞེས་བྱ་བ་ལ། དྲེག་ནད་དེ་རྐང་པ་གཉིས་ཀྱི་རྩ་བར་གནས་ཤིང་རྟེན་བཅས་ནས། ལན་འགའ་ནི
་ལག་པ་གཉིས་ཀྱི་རྩ་བར་ཡང་གནས་པར་བྱེད་དེ། བྱི་བའི་དུག་ལྡང་བར་བྱེད་པ་ནང་འདྲ་བར། དང་པོར་ལུས་ཀྱི་ཕྱོགས་གཅིག་དུ་གནས་ནས། དེའི་འོག་ཏུ་ལུས་མ་ལུས་པ་ཁྱབ་ཅིང་མཆེད་པར་བྱེད་དོ། །ཐོག་མར་པགས་པ་ཁྲག་ལ་གནས། །བྱུང་བར་རྟོགས
་པར་སླ་ཞེས་བྱ། ཞེས་བྱ་བ་ལ། དྲེག་ནད་དེ་ཐོག་མར་ཏེ་དང་པོར་པགས་པ་དང་ཁྲག་ལ་གནས་ཤིང་རྟེན་ནས་བྱུང་བ་དེ་ནི་དྲེག་ནད་རྟོག་པར་སླ་བ་ཞེས་བྱའོ། །དེ་ནས་རིམ་ཕྱིས་ལུས་ཟུངས་ཀུན། ཁྱབ་སྟེ་རྟོགས་པར་དཀའ་ཞེས་བྱ། ཞེས་བྱ་བ
་ལ་།དེ་ནས་དེའི་འོག་ཏུ་སྔར་བཤད་པ་ལས་གཞན་པའི་ལུས་གཟུངས་ཚིག་ལ་སོགས་པ་ཀུན་ཁྱད་ཅིང་ཞུ་བར་གྱུར་ནས། འབྱུང་བ་དེ་ནི་གཏིང་ན་གནས་ཏེ་རྟོགས་པར་དཀའ་བ་ཞེས་བྱའོ། །རྟོགས་སླ་པགས་གཡའ་ལ་སོགས་ལྡན། །ཟངས་ལྟར་དམར་དང་སྔོ་བ་དང། །བྱ་བརྙིང
་བཅས་ཤིང་རབ་དྲོ་ཚ་ཞེས་བྱ་བ་ལ་དྲེག་ནད་རྟོགས་པར་སླ་བ་ནི་པགས་པ་གཡའ་བ་དང། འགུལ་བ་དང། ཟུག་པ་ལ་སོགས་པ་དང་ལྡན་པ་དང། དེ་བཞིན་དུ་ཟངས་ལྟར་དམར་བ་དང་སྔོ་བའི་མདོག་ཏུ་སྣང་བ་དང། བྱ་བརྙད་བྱེད་འདོད་པ་དང་བཅས་པ་དང། མི་བཟད་པར
་རབ་ཏུ་ཚ་བ་ཡིན་ནོ། །རྟོག་དཀའ་སྔ་བས་ལྷག་པར་ན། །སྐྲངས་ཤིང་འཁྲེང་ལ་ཚོས་པར་བྱེད། །གཞང་དང་ཚིགས་དང་རུས་པ་རྐང། །བཅད་སྙམ་སེམས་ཤིང་ནང་དུ་རྒྱུ། །ཤུགས་དང་ལྡན་ཚེ་རྒུར་བོ་དང། ཞའོ་འཐེང་པོར་བྱེད་འགྱུར་ལ། །ལུས་ནི་ཀུན་ཏུ་རྒྱུ་བ་ཡིན།།
་ཞེས་བྱ་བ་ལ། དྲེག་ནད་རྟོགས་པར་དཀའ་བ་ཞེས་བྱ་བ་ནི། དྲེག་ནད་སྔ་མ་རྟོག་པར་སླ་ང་བས་ལྷག་པར་ན་ཞིང་གཏིང་ཟབ་པར་སྐངས་པ་དང། མཁྲང་ཞིང་སྲ་བ་དང། ཆོས་ཤིང་སྨིན་པར་བྱེད་པ་དང། གཞང་ལ་སོགས་པ་བཅད་པ་སྙམ་དུ་སེམས་ཤིང་ནད་ནང་དུ་རྒྱ
་བ་དང་དེ་ཤུགས་དང་ལྡན་ཞིང་ཤས་ཆེར་མཚོ་བའི་ཚེ་ན་རྒུར་པོ་འམ་འཇས་པ་འམ་འཐེང་པོར་བྱེད་པར་འགྱུར་བ་དང་རླུང་དེ་མགོ་ནས་རྐང་པའི་བར་དུ་ལུས་ཐམས་ཅད་དུ་རྒྱུ་ཞིང་འཕྱན་པ་ཡིན་ནོ། །དེ་ལ་རླུང་ཤས་ཆེ་གྱུར་ན། །གཟེར་འགུལ་ཟུག་པའི་ཤས་ཆེ་ཞིང།
་སྐྲངས་པ་རྩུབ་ཅིང་གནག་པ་དང། །སྔོ་ཞིང་འཕེལ་ཞིང་འབྲི་བར་འགྱུར། །རྩ་ཆེན་སོར་མོའི་ཚིགས་རྣམས་ནི། །འཁུམས་ཤིང་ལུས་བཅུམ་ཤིན་ཏུ་ན། །གྲང་ལ་མི་དགའ་རེག་ན་བདེ། །རེངས་ཤིང་འདར་ལ་ཚོར་བ་མེད། །ཅེས་བྱ་བ་ལ། དེ་ལ་དྲེག་ནད་རླུང་གི་ཤས་ཆེ་བ
་ནི་གཟེར་བ་ལ་སོགས་པར་འགྱུར་ཏེ། གཟེར་བ་ནི་རྒྱུན་མི་འཆད་པར་ན་བའོ། །ཟུག་པ་ནི་བར་བར་དུ་ཆད་ཅིང་སྡོད་དེ་ན?་བའོ། །ལུས་བཅུམ་པ་ནི་ཡན་ལག་ཏུ་བཅིངས་པ་སྙམ་སེམས་པའོ། །གྲང་བ་ལི་མི་དགའ་བ་ནི་གྲང་བ་ལ་སྡང་ཞིང་མི་དགའ་བའོ། །རེག་ན་བདེ་བ་ནི
་གྲང་བ་དེ་ཉིད་ཀྱིས་རེག་ན་བདེ་བར་འགྱུར་བའོ། །ཁྲག་ཤས་ཆེ་སྐྲངས་རབ་ན་ཟུག་།དམར་ཞིང་ཚ་བ་ཙེག་ཙེག་བྱེད། །སྣུམ་དང་རྩུབ་པས་ཞི་མི་འགྱུར། །གཡའ་དང་འདྲུལ་བར་ལྡན་པ་ཡིན། །ཞེས་བྱ་བ་ལ། ཁྲག་གི་ཤས་ཆེ་ཞིང་རྒྱས་པ་ལས?
་གྱུར་བའི་དྲེག་ནད་ཀྱི་མདོག་དམར་བ་དང། ཡུངས་ཀར་བརྟགས་པའི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཙེག་ཙེག་བྱེད་བ་དང། ཟས་དང་སྤྱོད་ལམ་སྣུམ་པ་དང། །རྩུབ་པས་ཞི་ཞིང་བདེ་བར་མི་འགྱུར་བ་ཡིན་ནོ། །གཞན་ཡང་གཡའ་བ་དང་ཚ་བ་ལ་སོགས་པ་དང་ལྡན་ནོ།།
་མཁྲིས་གྱུར་ཚ་ཞིང་རྨོང་བག་མང། །རྡུལ་ཞིང་བརྒྱལ་མྱོས་སྐོམ་དད་ཆེ། །རེག་མི་བཟོད་ཅིང་ན་ལ་དམར། །སྐྲངས་སྨིན་ལ་ཤིན་ཏུ་དྲོ། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་ཞིང་བདོ་ལས་གྱུར་པའི་དྲེག་ནད་ནི་ཚ་ཞིང་གདུང་བ་སྣ་ཚོགས་དང་ལྡན་པ་དང། རྨོངས་བག
་ལ་སོགས་པ་དང་ལྡན་པར་འགྱུར་རོ། །བད་ཀན་གྱི་འགུལ་མི་ཤེས་ལྕི། །ཚོར་མེད་སྣུམ་ཞིང་གྲང་བ་དང། །གཡའ་ཞིང་ཅུང་ཟད་ན་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བར་གྱུར་པའི། དྲེག་ནད་ནི་འགུལ་མི་ཤེས་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ།།
་འདྲེས་པའི་མཚན་ཉིད་འདྲེན་མ་ཡིན་ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པའི་ལྡན་པ་ལས་བྱུང་བ་ནི། དྲེག་ནད་ཀྱི་མཚན་ཉིད་འདྲེན་མ་དང་ལྡན་པར་འགྱུར་རོ། །ནད་གཅིག་ལས་གྱུར་གསར་གསོ་སླ། །ཞེས་བྱ་བ་ལ། དྲག་ནད་དེ་ནད་གཞི་གཅིག་ལས་བྱུང
་བར་གྱུར་པ་དང། །གསར་དུ་བྱུང་ཞིང་རིང་པོ་མ་ལོན་པ་ནི་གསོ་སླ་བ་ཡིན་ནོ། །ནད་གཉིས་བྱུང་བ་འཚོ་བ་ཙམ། ཞེས་བྱ་བ་ལ། དྲེག་ནད་ནད་གཞི་གཉིས་ལས་བྱུང་བ་ནི་མི་ན་བ་ཙམ་དུ་འཚོ་བར་ནུས་པ་ཙམ་ཡིན་ནོ། །འདུས་པ་ལས་གྱུར་ཆུས་སེར་འཛག།
་རེངས་དང་ཐོར་བུ་འཆང་བ་སྤང། །ཞེས་བྱ་བ་ལ། དྲེག་ནད་དེ་ནད་གཞི་གསུམ་ཆར་འདུས་པ་ལས་བྱུང་བ་དང། ཆུ་སེར་འཛག་པར་བྱེད་པ་དང། །རེངས་ཤིང་འགྱུར་མི་ཤེས་པ་དང། ཐོར་བུ་འཕྱང་བར་བྱེད་པ་དེ་ནི་སྤང་ཞིང་དོར་བར་བྱའོ། །རླུང་ནི་ཡན་ལག་ཚིགས
་གནས་པ། །ཁྲག་གི་ལམ་ལ་མྱུར་གནོད་བྱེད། །དེ་གཉིས་ཕན་ཚུན་འདྲེས་གྱུར་པའི། །ནད་ཀྱིས་སྲོག་ནི་འཕྲོག་པར་བྱེད་ཅེས་བྱ་བ་ལ། རླུང་ནི་ནད་ཡན་ལག་གི་ཚིགས་རྣམས་ཀྱི་ནང་དུ་ཞུགས་ཏེ་གནས་ནས་ཁྲག་རྒྱུ་བའི་ལམ་ལ་མྱུར་དུ་གནོད་ཅིང་འཛོམས་པར་བྱེད་དེ།
་རླུང་དང་ཁྲག་དེ་གཉིས་འདྲེས་ཤིང་འཁྲུགས་པར་གྱུར་ན་རླུང་གི་ནད་ཀྱིས་མིའི་སྲོག་འཕྲོག་ཅིང་འཇོམས་པར་བྱེད་དོ། །ལྔ་ཡི་བདག་ཉིད་ཅན་རླུང་ལས། སྲོག་རྩུབ་དྲག་ཤུལ་སྨྱུང་བ་དང། །འགྲངས་དྲགས་སྣང་དང་ལམ་གྱིས་དུབ། །ཤུགས་བཀག་ནན་གྱིས་བརྩིར
་བ་ཡིས། །འཁྲུགས་ནས་མིག་ལ་སོགས་པ་ལ། །ཉེ་བར་གནང་བ་སྐྱེད་བྱེད་ཅིང། །ཆམ་པ་ཉམ་ཐག་སྐོམ་ལུད་པ། །དབུགས་མི་བདེ་སོགས་ནད་མང་བསྐྱེད། །ཅེས་བྱ་བ་ལ། སྲོག་ཅེས་བྱ་བ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔ་ཞེས་བྱ་བའི་རླུང་ལྔ་ཡོད་པ
་ལས་ཀྱང། སྲོག་ཅེས་བྱ་བའི་རླུང་ནི་རྩུབ་པ་ལ་སོགས་པས་འཁྲུགས་པར་གྱུར་ནས། མིག་ལ་སོགས་པའི་དབང་པོ་ལ་གནོད་བྱེད་དེ། ཆམ་པ་ལ་སགས་པའི་ནད་སྐྱད་པར་བྱེད་དོ། །སྟོང་རྒྱུ་སྤྲིད་པ་སྒྲག་པ་དང། །སྐྱུགས་པ་གཉིས་ནི་བཀག་པ་དང། ཁུར་ལྕི
་འདེགས་པ་དྲག་ཏུ་དུ། །རྒོད་དྲགས་སོགས་ཀྱི་ནད་འཁྲུགས་ཏེ། མགུལ་པ་འགགས་ཤིང་སེམས་ཉམས་ལ། ཆམ་འདེབས་སློང་ཞིང་ཡི་ག་འཆུས། །མགུལ་པར་སྤ་བ་སོགས་བསྐྱེད་ཅིང། །ནམ་ཚོང་ཡན་ཆད་རྟེན་ནད་བསྐྱེད། །ཅེས་བྱ་བ་ལ། སྟོད་དུ་རྒྱུ་བ་ཞེས
་བྱ་བའི་རླུང་ནི་སྤྲིད་པ་བཀག་པ་ལ་སོགས་པས་འཁྲུགས་ཤིང་ལྡང་བར་བྱེད་དེ། །མགུལ་པ་འགགས་པ་ལ་སོགས་པའི་ནད་རྣམས་དང། ནམ་ཚོང་ཡན་ཆད་ཀྱི་ནད་འདིར་མ་སྨོས་པ་གཞན་དག་ཀྱང་སྐྱེད་པར་བྱེད་དོ། །ཁྱབ་བྱེད་འགྲོ་དང་འདུག་གྲགས་དང།།
་རྩད་མོ་དྲགས་དང་མི་བཟད་སྤྱོད། །ཁ་ཟས་མི་མཐུན་རྩུབ་འཇིགས་དགའ་། །ཡི་མུག་སོགས་ཀྱིས་འཁྲུགས་པར་འགྱུར། །ཁུ་བ་སྟོབས་དང་སྤྲོ་བ་ཉམས། སྐྲང་དང་སེམས་གཡེངས་རིམས་ཀྱིས་འདེབས། །ཡན་ལག་ཀུན་ལ་ཟུག་པ་དང། སྤུ་རྩེ་ཡན་ལག་ཚོར
་བ་མེད། །མཛེ་དང་མེ་དབལ་གཞན་ཡང་ནི། །ལུས་ཀུན་ཁྱབ་པའི་ནད་བསྐྱེད་འགྱུར། ཞེས་བྱ་བ་ལ། ཁྱབ་བྱེད་ཅེས་པའི་རླུང་ནི་འགྲོ་དྲགས་པ་དང་འདུག་དྲགས་པ་ལ་སོགས་པས་འཁྲུགས་ཤིང་ལྡང་བར་གྱུར་ནས་ཁུ་བ་ཟད་ཅིང་ཉལ་པོ་མི
་ནུས་པ་ལ་སོགས་པའི་ནད་རྣམས་དང། ལུས་ཀྱི་ཡན་ལག་མ་ལུས་པ་ལ་ཁྱབ་པའི་ནད་ཐམས་ཅད་བསྐྱེད་པར་འགྱུར་རོ། །མཉམ་གནས་འཇུ་བ་མ་སྙོམས་དང། །གྲང་དང་འདྲེན་མའི་ཟས་ཟོས་དང། དུས་མིན་གཉིད་ལོག་མཚན་མོ་ནི། །གཉིད་མ་ལོག་ལ
་སོགས་ཀྱི་འཁྲུགས། །གཟེར་དང་སྐྲན་དང་ཕོ་ནད་སོགས། །ཞུ་དང་མ་ཞུ་གནས་ནད་བསྐྱེད། །ཅེས་བྱ་བ་ལ། མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་ནི་གནས་མ་སྙོམས་པ་དང། །འཇུ་བ་མ་སྙོམས་པ་ལ་སོགས་པས་འཁྲུགས་པར་གྱུར་ནས། །གཟེར
་ལ་སོགས་པའི་ནད་ཞུ་བ་དང་མ་ཞུ་བའི་གནས་ལ་བརྟེན་ཅིང་གནས་པ་རྣམས་བསྐྱེད་ཅིང་འབྱུང་བར་བྱེད་དོ། །ཐུར་སེལ་ཟས་ནི་རྩུབ་པ་ལྕི། །ཤུགས་བཀག་པ་དང་མི་སྲུན་བཞོན། །ཁྱོགས་ནི་ཞོན་དང་སྟན་ལ་གནས། །འགྲོ་བ་རྟེན་ནི་དྲགས་པ་ཡིས། །འཁྲུགས
་ནས་གསོ་བར་དཀའ་བའི་ནད། །ཞུ་བའི་གནས་ལ་བརྟེན་པ་བསྐྱེད། །གཅིན་དང་ཁུ་ཆུའི་གཞང་འབྲུམ། །གཞང་འབྲུམ་ལ་སོགས་མང་པོ་བསྐྱེད། །ཅེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ནི། ཟས་རྩུབ་པ་ལ་སོགས་པ་དང་བཞོན་པ་དང། །
་ཁྱོགས་པ་ལ་སོགས་པ་བསྟེན་པར་གྲགས་ཤིང་ཡང་དང་ཡང་དུ་སྤྱོད་པར་བྱེད་པ་དག་གིས་འཁྲུགས་པར་གྱུར་ནས། གསོ་ཤིང་བཅོས་པར་དཀའ་བའི་ནད་ཞུ་བའི་གནས་ལ་བརྟེན་པ། །གཅིན་ནད་ལ་སོགས་པ་རྣམས་དང། གཞན་ཡང་ནད་མང་པོ
་བསྐྱེད་པར་འགྱུར་རོ། །རླུང་ཀུན་མ་ཞུར་ལྡན་པ་ནི། སྙོམས་དང་འགུལ་མི་ཤེས་ཁོང་ལྕི། །སྣུམ་དང་སྐྱིད་ཞན་ཡི་ག་འཆུས། །གྲང་སྤང་མེ་དྲོ་ཉམས་བྱེད་ཅིང། །ཆེ་དང་རྩུབ་པ་མངོན་འདོད་ཅིང། །དེ་ཟོས་བདེ་འགྱུར་ལས་ཤེས་བྱ། །ཞེས་བྱ་བ་ལ། སྲོག
་ཅེས་བྱ་བ་ལ་སོགས་པས་ཕྱེ་བའི་རླུང་གི་ནད་ཀུན་མ་ཞུ་བ་དང་ལྡན་པ་ཡིན་པར་ནི་སྙོམས་པ་ལ་སོགས་པ་ལས་ཤེས་པར་བྱའོ། །འགུལ་མི་ཤེས་པ་ནི་ལ་ལ་དག་ན་རེ་མུན་པར་ཞུགས་པ་སྙམ་བྱེད་པའི་ནད་ལ་བྱའོ་ཞེས་ཟེར་རོ། །ཚ་བ་ལ་སོགས་པ་མངོན་པར
་འདོད་པ་ནི་དེ་ལ་དེ་གང་ལ་དགའ་བ་དང། དེ་དག་ཉིད་ཟོས་པས་བདེ་བ་དང། རྗེས་སུ་འབྲེལ་པ་ཡིན་པ་ལས་ཤེས་པར་བྱའོ། །དེ་ཟོས་བདེ་འགྱུར་ལས་ཤེས་བྱ། །མ་ཞུ་བ་དང་མི་ལྡན་པ། །སྙོམ་སོགས་གོ་ནི་བཟློག་པ་ཡིན། །ཞེས་བྱ་བ་ལ། རླུང་ཐམས་ཅད་མ་ཞུ
་བ་དང་མི་ལྡན་ཞིང། །བྲལ་བའི་མཚན་ཉིད་ནི་བཤད་མ་ཐག་པའི་སྙོམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་བྱའོ། །དེ་ནས་རླུང་གི་འདྲེས་པ་ཡི། །དབྱེ་བ་མང་པོ་ཤེས་པར་བྱ། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རླུང་མཁྲིས་པ་ལ་སོགས་པ་མང་པོ
་དང་འདྲེས་ཤིང་ལྡན་པར་གྱུར་པ་ལས་འཁྲུགས་པའི་མཚན་ཉིད་ཀྱི་དབྱེ་བ་མང་པོ་གང་དག་ཡིན་པ་དེ་ཤེས་པར་བྱའོ། །མཁྲིས་པས་འདྲེས་རྟགས་ཚ་བ་དང། །སྐོམ་གཟེར་མགོ་འཁོར་མུན་འཐིབས་བྱེད། །ཚ་དྲོ་སྐྱར་དང་ལན་ཚ་ཟོས། །ཚ་ཞིང་གྲང་བ་འདོད་པ
་ཡིན། །ཞེས་བྱ་བ་ལ་རླུང་མཁྲིས་པ་དང་འདྲེས་ཞིང་དེ་དང་ལྡན་པའི་རྟགས་ནི་ལུས་ཚ་བ་དང། སྙོམ་པ་ལ་སོགས་པའི་ཚུལ་ལས་ཤེས་པར་བྱའོ། །བསིལ་ཞིང་ཁོང་ལྕི་གཟེར་བ་དང། ཚ་སོགས་ཟོས་དང་སྨྱུང་བ་དང། །རྩོལ་དང་རྩུབ་བས་ལྷག་པར་བདེ། །དྲོད
་འདོད་བད་ཀན་ལྡན་པ་ཡིན། །ཞེས་བྱ་བ་ལ། བད་ཀན་དང་འདྲེས་པའི་རླུང་གི་མཚན་ཉིད་ནི་བསིལ་བ་ལ་སོགས་པ་དང་ལྡན་ཞིང་རྟགས་ནི་ཚ་བ་དང་བསྐ་བ་དང་ཁ་བ་ཟོས་པ་དང་སྨྱུར་བ་ལ་སོགས་པས་ལྷག་པར་བདེ་བར་འགྱུར་བ་ཡིན་ནོ། །ཁྲག་བཅས
་ཚ་ཞིང་ནད་དང་བཅས། །པགས་པ་ཤ་དང་ཤིན་ཏུ་ཟུག་།སྐྲངས་པ་མདོག་དམར་འགྱུར་བ་དང། །ཐིག་ལེ་དམར་པོར་འབྱུང་བ་ཡིན། །ཞེས་བྱ་བ་ལ། རླུང་ཁྲག་དང་འདྲེས་ཏེ་འཁྲུགས་པ་ནི་ཚ་བ་ལ་སོགས་པ་དང་བཅས་པ་དང། སྐྲངས་པའི་ཁ་དོག་དམར་བས
་འགྱུར་བ་དང། ཐིག་ལེ་དམར་པོ་ཏལ་ཏིལ་འབྱུང་བར་འགྱུར་བ་ཡིན་ནོ། །ཤ་དང་འདྲེས་པ་མཁྲང་བ་དང། །མདོག་འགྱུར་འབྲུམ་བུ་ཕྲ་མོ་འབྱུང། །སྤུ་རྩེ་ལུས་ལ་གྲོག་མ་ནི། །རྒྱུ་བ་སྙམ་དུ་སེམས་པར་འགྱུར། ཞེས་བྱ་བ་ལ། ཤ་དང
་འདྲེས་ནས་འཁྲུགས་པའི་རླུང་ནི་སྐྲངས་པ་སྲ་ཞིང་མཁྲང་བ་དང། མདོག་མི་སྡུག་པར་འགྱུར་བ་དང། །དེ་བཞིན་དུ་འབྲུམ་བུ་ཕྲ་མོ་ཡང། སྲ་ཞིང་མདོག་མི་སྡུག་པར་འགྱུར་བ་དང། སྤུ་རྩེ་བ་ལ་སོགས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །ཚིལ་དང་འདྲེས
་པ་གསོ་དཀའ་གང། གཡོ་ཞིང་སྣུམ་ལ་འཇམ་གྲང་བར། །ལུས་ལ་སྐྲང་ཞིང་ཡི་ག་འཆུས། །དེ་ནི་ཕྱུག་པོའི་རླུང་ནད་ཡིན་ཞེས་བྱ་བ་ལ། ཚིལ་དང་འདྲེས་པའི་རླུང་ནད་ནི་ཕྱུག་པོའི་རླུང་ནད་ཡིན་ནོ། །ཞེས་ཚིག་འདིས་ཤེས་པར་བྱ་སྟེ། །ཡན་ལག་དེར་སྐྲངས་པ་གཡོ་ཞིང་འཕོ
་བ་དང། སྣུམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རུས་པ་དང་ལྡན་རེག་ན་ཚ། །བཙིར་ན་མངོན་པར་དགའ་བ་དང། །ཡབ་ཀྱིས་རབ་ཏུ་གཙབས་སྙམ་བྱེད། །ཡན་ལག་ན་ཞིང་ཟུག་པ་ཡིན། །ཞེས་བྱ་བ་ལ། རུས་པ་དང་འདྲེས་པའི་རླུང་ནད་ནི
་རེག་ན་ཚ་བ་འུར་འུར་པོར་འདུག་པ་དང་ལག་པ་གཉིས་ཀྱིས་བཙིར་ཞིང་མནན་ན་མངོན་པར་དགའ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །རྐང་དང་ལྡན་ལ་ལུས་དགུ་ཞིང། །གླལ་མང་དཀྲིས་པ་སྙམ་དུ་སེམས། རབ་ཏུ་ན་བ་ལག་གཉིས་ཀྱིས། །བཙིར་ན་
་བད་བར?་འགྱུར་བ་ཡིན། །ཞེས་བྱ་བ་ལ། རྐང་དང་འདྲེས་ཤིང་ལྡན་པ་ལས་འཁྲུགས་པའི་རླུང་ནི་ལུས་དགུ་ཞིང་རྒྱུར?་པ་དང། །གླལ་མང་དུ་འབྱུང་བ་དང། རས་ལ་སོགས་པས་ནམ?་དུ་དཀྲིས་པ་སྙམ་དུ་སེམས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ།།
་ཁུ་བ་དང་འདྲེས་དྲག་ཏུ་འབྱུང། །ཡང་ན་མི་འབྱུང་འབྲས་བུ་མེད། །ཞེས་བྱ་བ་ལ། ཁུ་བ་དང་འདྲེས་པའི་རླུང་ནི་ཁུ་བའི་ཤུགས་དྲག་ཏུ་འབྱུང་བར་བྱེད་པ་འམ། ན་བ་ཡང་ན་མི་འབྱུང་བར་འགྱུར་ཞིང་ཁུ་བའི་འབྲས་བུ་མངལ་དུ་ཆགས་ཏེ་མེད་པར
་འགྱུར་རོ། །ཟས་འདྲེས་ཁོང་པར་མ་ཞུ་ན། ཞུ་ན་ནད་དེ་བདེ་བར་འགྱུར། །ཞེས་བྱ་བ་ལ། རླུང་ཟས་དང་འདྲེས་པར་གྱུར་ན་ཟོས་མ་ཐག་ཁོང་བར་ན་ཞིང་གཟེར་བར་འགྱུར་ལ། ཟས་དེ་ཞུ་ནས་ནི་ནད་དེ་མེད་བདེ་བར་འགྱུར་རོ། །གཅིན་དང་རླུང་འདྲེས་ལྒང་བ་སྤོ།།
་གཅིན་ནི་འགགས་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། གཅིན་དང་རླུང་འདྲེས་ཏེ་འཁྲུགས་ན་ནི་ལྒང་བ་སྤོ་ཞིང་རླུང་གིས་གང་བ་དང། གཅིན་འགགས་ཤིང་སྲི་བར་འགྱུར་རོ། །བཤད་འདྲེས་ཐུར་དུ་འབྱུང་བ་འགགས། །རང་གི་གནས་ནི་ཡངས་སུ་གཅོད། །
་སྣུམ་ཟོས་མྱུར་དུ་འཇུ་བར་འགྱུར། །ཟས་ཟོས་ལྟོ་ནི་སྤོས་པ་དང། ཟས་ཀྱིས་བཤང་བ་ཕུལ་ནས་ནི། །ན་ཞིང་སྐམ་པོ་རྙོག?་ཅན་འབྱུང། །ཞེས་བྱ་བ་ལ་བཤང་བ་དང་འདྲེས་པར་གྱུར་པའི་རླུང་ནི་ཐུར་དུ་འབྱུང་བའི་རྒྱུ་བ་འགགས་ཤིང་སྲི་བར་བྱེད་པ་དང། རང་གི
་གནས་སུ་ཞུ་བའི་གནས་ཡོངས་སུ་བཅོད་ཅིང་གྲིས་བཅད་པ་སྙམ་དུ་བྱེད་པ་དང། དེ་ལ་སྣུམ་ཟོས་ནུ་མྱུར་དུ་འཇུ་ཞིང་སྨིན་པར་འགྱུར་བ་དང། ཟས་ཟོས་ན་ལྟོ་སྒོས་ཤིང་རྒྱས་པར་འགྱུར་བ་དང། དེ་ལ་ཟས་ཀྱིས་བཤང་བ་ཕུལ་ཞིང་བཙིར་ནས་དེའི་འོག་ཏུ་ན
་བར་བྱེད་ཅིང་སྐམ་པོ་དྲི་ཅན་འབྱུང་བར་འགྱུར་རོ། །རླུང་ནི་ལུས་ཟུངས་ཀུན་དང་འདྲེས། །བརླ་དང་ཆུ་སོ་རྒྱབ?་ཏུ་ན། རླུང་ན་ལོག་སོང་མི་བདེ་ཞིང། སྙིང་ནི་རབ་ཏུ་ན་བར་བྱེད། ཅེས་བྱ་བ་ལ། རླུང་དངས་མ་ལ་སོགས་པའི་ལུས་ཟུང་ཀུན་དང་འདྲེས་པར་གྱུར
་ན། །བརླ་དང་སོགས་བ་ན་བར་འགྱུར་རོ། །དེ་བཞིན་དུ་རླུང་ནི་ལམ་ལོག་པར་སོང་ཞིང་མི་མཐུན་པར་རྒྱུ་བ་དང། །ཤིན་ཏུ་མི་བདེ་བར་བྱེད་པ་ལ་སོགས་པར་རླུང་གི་བྱེད་པར་འགྱུར་རོ། །སྲོག་དང་མཁྲིས་པ་འདྲེས་གྱུར་འཁྲུགས། །མགོ་འཁོར་བརྒྱལ་དང་ལུས་ཚ་འགྱུར།
་ལེགས་བར་མ་ཞུ་སློན་པར་བྱས་ཅེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་མཁྲིས་པ་དང་གཅིག་ཏུ་འདྲེས་ཏེ་འཁྲུགས་ཤིང་ལྡང་བར་གྱུར་ན་མགོ་འཁོར་བ་ལ་སོགས་པ་བསྐྱེད་པ་དང། ཟས་ལེགས་པར་མ་ཞུ་བ་སྟེ། ཕྱེད་ཙམ་དུ་ཞུ་བ་འམ། མ་ཞུ་བར་ཉིད་ཀྱི
་གནས་སྐབས་ན་སློན་པར་འགྱུར་རོ། །སྟོང་རྒྱུ་མགོ་འཁོར་སོགས་པ་དང། །ནད་དུ་ཚ་ཞིང་སྟོབས་ཟད་འགྱུར། །ཞེས་བྱ་བ་ལ། རླུང་སྟོང་དུ་རྒྱུ་བ་དེ་མཁྲིས་པ་དང་འདྲེས་པར་གྱུར་ན། མགོ་འཁོར་བ་ལ་སོགས་པ་སྔར་བཤད་པ་དང།
་དེ་བཞིན་དུ་ཁོང་པའི་ནད་ཚ་ཞིང་སྟོབས་ཟད་པར་འགྱུར་རོ། །ཁྱབ་བྱེད་རྨོངས་བག་ལུས་ཀུན་ནི། །ཚ་ཞིང་ངལ་ལ་ལུས་སྤྱོད་འགགས། ལུས་ཚ་ནད་དང་བཅས་པ་ཡིན། །ཞེས་བྱ་བ་ལ། ཁྱབ་བྱེད་ཅེས་བྱ་བའི་རླུང་མཁྲིས་པ་དང་འདྲེས་པར་གྱུར་ན
་རྨོངས་བག་ལ་སོགས་པ་འབྱུང་བ་དང། ལུས་ཀྱི་སྤྱོད་པའི་གཡོ་འགུལ་འགགས་ཤིང་མི་འབྱུང་བ་དང། ལུས་ཚ་བ་དང་བཅས་པ་དང། ན་བ་དང་བཅས་པ་ཡིན་ནོ། །མཉམ་གནས་དྲོད་ཀྱིས་གནོད་རྡུལ་ཚེ། མི་དགའ་སྐམ་དད་ཚ་བཅས་འགྱུར། ཞེས
་བྱ་བ་ལ། མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་མཁྲིས་པ་དང་འདྲེས་པར་གྱུར་ན། དྲོད་ཀྱི་ལུས་ལ་གནོད་པར་འགྱུར་བ་དང། །རྡུལ་ཤས་ཆེར་འབྱུང་བ་དང། ཡིད་མི་དགའ་བ་ལ་སོགས་པ་དང་བཅས་པར་འགྱུར་རོ། །ཐུར་དུ་སེལ་བས་དྲི་མ་ནི། །ཁ
་དོག་སེར་པོར་འབྱུང་བ་དང། ཟླ་མཚན་ཆེར་འཕེལ་མོ་མཚན་དང། ཕོ་མཚན་རྐུབ་ཏུ་ཚ་བར་འགྱུར། །ཞེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་མཁྲིས་པ་དང་འདྲེས་པར་འགྱུར་ན། དྲི་མ་ཞེས་བྱ་བ་བཤད་པ་དང་གཅི་བ་ཁ་དོག་སེར་ཞིང་གཞང
་རྩ་འབྱུང་བ་དང། བུད་མེད་ཀྱི་ཟླ་མཚན་འཕེལ་ཞིང་མོ་མཚན་དང་རྐུབ་ཚ་བ་དང། སྐྱེས་པའི་ཕོ་མཚན་དང། རྐུབ་ཚ་བར་འགྱུར་རོ། །སྲོག་ནི་བད་ཀན་འདྲེས་གྱུར་པ། །ལུས་ལྷོད་མཉམ་དང་ཡི་ག་འཆུས། །མཆིལ་མང་སྒྲེག་པ་སྤྲིད་མང་སློན། །དབུགས
་འབྱུང་ངོ་དབུགས་རྡུབ་ཐོགས་པ་ཡིན། ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན། ལུས་ལྷོད་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྟོད་རྒྱུ་ལུས་ནི་ལྕི་བ་དང། ཚིག་ཐོགས་སྐད་འགགས་ཡི་ག་འཆུས། སྟོབས་དང་ཁ་དོག
་ཉམས་པར་བྱེད། ཞེས་བྱ་བ་ལ། སྟོང་དུ་རྒྱུ་བ་ཞེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན། ལུས་ལྕི་བ་ནས་ཁ་དོག་ཉམས་པའི་དབང་བྱེད་པར་འགྱུར་རོ། །ཁྱབ་བྱེད་རུས་ཚིགས་རེངས་པ་དང། ཡན་ལག་ཐམས་ཅད་ལྕི་བ་དང། འགྲོས་ནི་ཤིན་ཏུ་འཁྱོར་བ
་ཡིན། ཞེས་བྱ་བ་ལ། ཁྱབ་བྱེད་ཅེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན། རུས་པ་དང་ཚིགས་རེངས་པ་ལ་སོགས་པ་དང། འགྲོས་ཤིན་ཏུ་འཁྱོར་ཞིང་འཁྲུལ་བར་འགྱུར་རོ། །མཉམ་གནས་ཡན་ལག་གྲང་བྱེད་ཅིང། རྡུལ་མི་འབྱུང་ཞིང་དྲོད་ཆུང
་འགྱུར། །ཞེས་བྱ་བ་ལ། མཉམ་དུ་གནས་པ་ཞེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན། ལུས་ཀྱི་ཡན་ལག་ཤིན་ཏུ་གྲང་པ་ལ་སོགས་པར་འགྱུར་རོ། །ཐུར་སེལ་བཤད་དང་གཅི་བ་དང། །བད་ཀན་བཅས་པར་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཐུར་དུ
་སེལ་བ་ཞེས་བྱ་བའི་རླུང་བད་ཀན་དང་འདྲེས་པར་གྱུར་ན། བཤད་བ་དང་གཅི་བ་དང་བད་ཀན་དང་བཅས་པར་ཕྱིར་འབྱུང་བར་འགྱུར་རོ། །དེ་ལྟར་རླུང་ནི་གཞན་འབྲེལ་པ། ཉི་ཤུ་རྩ་གཉིས་ཡིན་ཞེས་བྱ། ཞེས་བྱ་བ་ལ། དེ་ལྟར་ན་རྣམ་པ་དེ་དག་གི་ཚུལ་ཇི་ལྟར
་བརྟགས་པ་འདིས་རླུང་གི་ནད་གཞན་དང་འབྲེལ་ཅིང་འདྲེས་པ་ལས་འབྱུང་བ་ཉི་ཤུ་རྩ་གཉིས་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་མཁྲིས་པ་དང་བད་ཀན་གཉིས་དང་ཁྲག་ལ་སོགས་པ་ལུས་ཟུངས་དྲུག་དང་ཟས་དང་གཅི་བ་དང་བཤད་དང་ལུས་ཟུངས་ཀུན་དང
་འདྲེས་པ་དང། སྲོག་ལ་སོགས་པ་ལྔ་མཁྲིས་པ་དང་འདྲེས་པ་ལྔ་དང། བད་ཀན་དང་འདྲེས་པ་ལྔ་སྟེ། དེ་ལྟར་ཉི་ཤུ་རྩ་གཉིས་ཡིན་ནོ། །དེ་བཞིན་དུ་སྲོག་ལ་སོགས་པའི་རླུང། །ཕན་ཚུན་རིམ་བཞིན་འདྲེས་གྱུར་པ། །ཀུན་ཀྱང་འཁྲུགས་པར་གྱུར་པ་དེ། །ཉི་ཤུར
་འགྱུར་བ་ཡིན་ཞེས་བྱ། །སྲོག་ལ་སོགས་པའི་རླུང་ལྔ་པོ་ཕན་ཚུན་གཅིག་ལ་གཅིག་འདྲེས་པར་གྱུར་པ་ནི་རིམ་བཞིན་དུ་རྣམ་པ་ཉི་ཤུ་ཡིན་པར་ཤེས་པར་བྱ་སྟེ། །དེ་ལ་སྲོག་ལ་སོགས་པ་གང་ཡང་རུང་བ་ལྷག་མ་བཞི་པོ་དང། རིམ་བཞིན་དུ་འདྲེས་པར
་འགྱུར་བ་ལས་རླུང་ལྔ་པོ་དེ་དག་རེ་རེ་ཞིང་བཞིར་འགྱུར་ཏེ། དེ་ལྟར་ན་ཉི་ཤུར་འགྱུར་རོ། །དེ་ཡང་སྲོག་ཅེས་བྱ་བའི་རླུང་ནི་སྟོད་དུ་རྒྱུ་བ་ལ་སོགས་པའི་རླུང་དང་སོ་སོར་འདྲེས་པར་གྱུར་ལ། སྟོད་དུ་རྒྱུ་བ་ནི་སྲོག་ལ་སོགས་པ་བཞི་དང་འདྲ
་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །སྲོག་དང་སྟོང་རྒྱུ་ལྷན་ཅིག་འཁྲུགས། །དབུགས་འབྱུང་དབྱུགས་རྡུབ་དཀའ་བ་དང། ཆམ་འདེབས་མགོ་འཁོར་ན་བར་བྱེད། །སྙིང་ན་ཁ་ནི་སྐོམ་པར་འགྱུར། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་སྟོད་དུ
་རྒྱུ་བའི་རླུང་དང་ལྷན་ཅིག་འཁྲུགས་པར་གྱུར་ན་དབུགས་དབྱུང་བ་དང། རྡུབ་པ་དཀའ་ཞིང་འགགས་པར་འགྱུར་བ་དང། དེ་བཞིན་དུ་ཆམ་པས་འདེབས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྟོད་རྒྱུའི་རླུང་ནི་སྲོག་དང་འདྲེས། །མདོག་དང་གཟི་མདངས་སྟོབས
་ཟད་བྱེད། །ཅེས་བྱ་བ་ལ། སྟོད་དུ་རྒྱུ་བའི་རླུང་གིས་སྲོག་ཅེས་བྱ་བའི་རླུང་འཁྲུགས་པར་བྱས་ཤིང་འདྲེས་པར་གྱུར་ན་མདོག་ལ་སོགས་ཟད་པར་འགྱུར་རོ། །ཕྱོགས་འདིས་འདྲེས་པ་ལྷག་མ་རྣམས། །སྨན་པས་ཉེ་བར་སྦྱར་བར་བྱ། །རླུང་གི་གནས་དང་འཕེལ་དང
་འདྲི། །ལས་རྣམས་ལེགས་པར་བརྟག་པར་བྱའོ། །ཞེས་བྱ་བ་ལ། ཕྱོགས་ཙམ་བསྟན་པའི་ཚུལ་འདིས་རླུང་ལྔ་པོ་ཐམས་ཅད་ཀྱིས་འདྲེས་པའི་ཚུལ་བཤད་པ་ཡིན་ཏེ། །དེའི་ཆ་སྨན་པས་ཉེ་བར་སྦྱར་བར་བྱ་ཞིང་ཤེས་པར་བྱ་སྟེ། །སྲོག་ལ་སོགས་པ
་རླུང་ལྔ་པོའི་གནས། །ནད་ཀྱི་བྱེ་བྲག་ཤེས་པ་ལས་བཤད་པའི་ཚུལ་གྱིས་བརྟགས་ཤིང་ཉེ་བར་དཔྱད་པ་དང། དེ་བཞིན་དུ་དེའི་ལས་མཆིལ་སྣབས་འདོར་བ་ལ་སོགས་པ་ལས་འཕེལ་བ་དང། འབྲི་བ་ལ་སོགས་བརྟགས་པར་བྱའོ། །དེས་ན་འདི་སྐད
་སྟོན་ཏེ། རླུང་འདི་ནི་གནས་འདི་ན་གནས་ལ། དེ་ལ་གནས་ནས་ལས་འདི་དག་བྱེད་པར་བཤད་ལ། དེ་ནི་ད་ལྟར་ཚུལ་འདིས་འཕེལ་བ་འམ་འབྲི་བར་སྣང་བས་ན། དེའི་ཕྱིར་དེ་ནི་འདིས་བསྒྲིབས་ཤིང་འདི་དང་འདྲེས་པ་ཡིན་ནོ། །ཞེས་རྗེས་སུ་དཔག་པར་བྱའོ། །
་སྲོག་ལ་སོགས་པ་ལྔ་པོ་ནི། འཁྲུགས་པས་ཕན་ཚུན་འདྲེས་པ་ཡིན། ཞེས་བྱ་བ་ལ། སྲོག་ལ་སོགས་པ་རླུང་ལྔ་པོ་དག་ནི་ཕན་ཚུན་འཁྲུགས་ཞིང་སྒྲིབ་པར་བྱེད་པ་དང་འཁྲུགས་པར་བྱ་བའི་ཚུལ་གྱིས་ནད་བསྐྱེད་པའི་ཚུལ་གྱིས་ཕན་ཚུན་གཅིག་ལ་གཅིག
་འདྲེས་ཤིང་བསྒྲིབས་པ་ལས་འཁྲུགས་པར་བྱེད་པ་ཡིན་ནོ། །མཁྲིས་པ་ལ་སོགས་བཅུ་གཉིས་དང། །འདྲེས་པར་གྱུར་ཏེ་འདྲེས་མ་ཡིན། ཞེས་བྱ་བ་ལ། སྲོག་ཅེས་བྱ་བ་ལ་སོགས་པ་རླུང་ལྔ་པོ་དེ་དག་ནད་བཅུ་གཉིས་ལུས་ཟུངས་དྲུག་དང། །ཁྲག་དང
་ཟས་དང་བཤང་བ་དང་གཅི་བ་དང་འདྲེས་པ་སྟེ་རྣམ་པ་བཅུ་གཉིས་ཡིན་ནོ། །འདྲེས་པ་ང་ནི་འདྲེན་མ་ཡིན་ཏེ། སྲོག་ཅེས་བྱ་བའི་རླུང་དེ་ལ་སོགས་པ་དེ་དག་གིས་འདྲེས་པར་གྱུར་ན་འདྲེན་མ་ཡིན་ཏེ། ཕན་ཚུན་འདྲེས་པར་བྱེད་པ་དང། འདྲེས་པར་བྱ་བའི་ངོ་བོར
་གནས་པ་ཡིན་ནོ། །མཁྲིས་ལ་སོགས་པས་འདྲེས་དེ་བཞིན། །ཞེས་བྱ་བ་མཁྲིས་པ་ལ་སོགས་པས་གཉིས་པ་ལ་སོགས་པ་ཕྲད་པའི་འདྲེས་པར་འགྱུར་རོ། །དེ་བཞིན། འདྲེན་མ་རྣམ་པ་དུ་མ་ཡིན། །རབ་དང་རབ་མཆོག་བརྟགས་པ་ཡིས། །འདྲེས་པ་གྲང་མེད
་གྱུར་པ་ཡིན། །ཞེས་བྱ་བ་ལ། དེ་དང་མཚུངས་པས་ན་དེ་བཞིན་ཏེ། སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་དང། མཁྲིས་པ་ལ་སོགས་པ་དེ་དང་འདྲེས་པར་གྱུར་པ་རྣམ་པ་མང་པོས་ནད་ཀྱི་འདྲེན་མ་ནི་རྣམ་པ་དུ་མ་ཡིན་ཏེ། གྲངས་མེད་པར་འགྱུར་བ་དང། རབ
་དང་རབ་མཆོག་གི་དབྱེ་བའི་བརྟགས་པས་གྲངས་མེད་པར་འགྱུར་ཏེ། སྲོག་ལ་སོགས་པ་དང་མཁྲིས་པ་ལ་སོགས་པ་ཅུང་ཟད་རབ་ཏུ་ལྷག་པ་དང། རབ་མཆོག་ཏུ་ལྷག་པ་སྟེ། དེ་ལྟར་བརྟག་པ་རྣམ་པ་དུ་མར་ཕྱེ་བས་འདྲེས་པའི་ཚུལ་གྱི་གྲངས་མེད
་པར་འགྱུར་ཏེ། རྩིས་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་རང་གི་མཚན་ཉིད་དང། རིམ་གྱིས་བདེ་བར་གྱུར་པ་ལས། །རྟོགས་དཀའ་ཡིན་ཡང་ཡང་ཡང་བརྟག་།མ་ཡེངས་པས་ནི་ཤེས་པར་བྱ། ཞེས་བྱ་བ་ལ། འདྲེས་པའི་ནད་དེ་སྲོག་ཅེས་བྱ་བ་ལ
་སོགས་པའི་མཚན་ཉིད་ཀྱིས་དཔག་ཏུ་མེད་པའི་དབྱེ་བས་ཕྱེ་བ་ནི་ཤིན་ཏུ་རྟོགས་པར་དཀའ་ཞིང་ཤེས་པར་མི་ནུས་པ་ཡིན་དུ་ཟིན་ཀྱང། རང་གི་མཚན་ཉིད་འབྱུང་བའི་ཚུལ་རང་གི་ནད་ཀྱི་རྟགས་ཇི་ལྟར་བྱུང་བ་དང། རིམ་གྱིས་བདེ
་བར་འགྱུར་བ་སྟེ། ཟས་དང་སྤྱོད་ལམ་ལ་སོགས་པ་སྣ་ཚོགས་ཀྱིས་ཉེ་བར་སྦྱོར་བ་དང། རང་ཉིད་ཀྱིས་གོམས་པར་གྱུར་པ་ལས་རྟོགས་པར་དཀའ་བ་ཡིན་དུ་ཟིན་ཀྱང་ཡང་དང་ཡང་དུ་བརྟག་པར་བྱ་ཤིང་སྨན་པས་མ་ཡེངས་ཞིང་དེ་ཤེས་པ་ལ
་བརྩོན་པས་སེམས་གཞན་དུ་མ་འཕྱོས་པར་ཤེས་ཤིང་རྟོགས་པར་བྱའོ། །ཁྱད་པར་སྲོག་ནི་འཚོ་བ་ཡིན། སྟོད་དུ་རྒྱུ་བ་སྟོབས་ཞེས་བརྗོད། །དེ་གཉིས་གནོད་པར་གྱུར་པ་ལས། །ཚེ་དང་སྟོབས་ནི་ཟད་པར་འགྱུར། །ཞེས་བྱ་བ་ལ། ཁྱད་པར་རམ་མཆོག
་ཏུ་རླུང་ཐམས་ཅད་ལས་སྲོག་ཅེས་བྱ་བའི་རླུང་ནི་འཚོ་བ་ཞེས་བྱ་བ་ཡིན་ལ། སྟོང་དུ་རྒྱུ་བའི་རླུང་ནི་སྟོབས་ཞེས་བྱ་བ་ཡིན་པར་བརྗོད་དེ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་སྲོག་ཅེས་བྱ་བ་དང། སྟོད་དུ་རྒྱུ་བ་དེ་གཉིས་ལས་གནོད་པར་གྱུར་ཅིང
་འདྲེས་པར་གྱུར་ན་རང་གི་ལས་ཉམས་ཤིང་དེ་བཞིན་དུ་ཚེ་དང་སྟོབས་ཟད་པར་འགྱུར་རོ། །རླུང་ནི་འདྲེས་པ་མ་ཤེས་པ་འམ། །ཤེས་ཀྱང་ལོ་གཅིག་ལོན་པ་ནི། །འབད་ཀྱང་གསོ་དཀའ་ཡིན་པ་འམ། གསོ་བའི་ཐབས་ནི་མེད་པ་ཡིན། །ཞེས་བྱ་བ་ལ་སྲོག་ཅེས
་བྱ་བ་ལ་སོགས་པའི་རླུང་ཕན་ཚུན་འདྲེས་པར་གྱུར་པ་འམ། །རེ་རེ་མཁྲིས་པ་ལ་སོགས་པ་དང། འདྲེས་པ་ལས་འདྲེན་མ་དུ་མར་གྱུར་པ་དེ་མ་ཤེས་ཤིང་མ་རྟོགས་པའམ། ཕྱིན་ཅི་མ་ལོག་པར་ཤེས་སུ་ཟིན་ཀྱང་འཁྲུགས་ནས་ལོ་གཅིག་ལོན་ཅིང་འདས
་པར་གྱུར་པ་ནི་རབ་ཏུ་འབད་པས་གསོས་ཀྱང་གསོ་བར་དཀའ་བ་ཡིན་ཞིང་ཚེགས་ཆེན་པོས་བཅོས་པར་མི་ནུས་པ་ཡིན་པ་འམ། ཡང་ན་རྣམ་པ་ཐམས་ཅད་དུ་གསོ་བའི་ཐབས་མེད་པ་ཡིན་ནོ། །དེ་བས་ན་འདྲེན་མ་དེ་ནི་ངེས་པས་བརྟག་ཅིང་ཤེས་པར་བྱ
་དགོས་སོ། །འདྲེས་ནས་ཡལ་བར་བོར་བ་ནི། ཁོང་འབྲས་མ་ཆེར་བ་སྙིང་ནད་དང། །སྐྲན་དང་མེ་དྲོད་ཉམས་ལ་སོགས། །བླ་གཉན་དེ་ལས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། རླུང་གི་འགྲེན་མ་དེ་དག་ཡལ་བར་བོར་ཞིང་གསོ་བར་མ་བྱས་ན། ཁོང་འབྲས
་ལ་སོགས་པའི་བླ་གཉན་འབྱུང་བར་འགྱུར་ཏེ། དེ་བས་ན་ཤིན་ཏུ་འབད་པས་དེ་བསུང་ཞིང་གསོ་བ་དང་བཅོས་པ་ཁོ་ནར་བའོ། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ
་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པ་སྟེ། གནས་གསུམ་པའི་འགྲེལ་པ་རྫོགས་སོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར
་ཞེས་བྱ་བ་ལས་རིམས་ནད་གསོ་བ་བཞུགས་སོ།། །།དེ་ནས་རིམས་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་གཞིའི་གནས་ཀྱི་འོག་ཏུ་གསོ་བའི་གནས་བརྩམ་པའི་དགོས་བ་ནི་འདི་ཡིན་ཏེ། གང་གི་ཕྱིར་ནད་ཡོངས་སུ་བརྟགས་ནས་དེའི་རྗེས་ལ
་གསོ་བ་བྱ་དགོས་པའི་ཕྱིར་རོ། །དེ་ཡང་དྲང་སྲོང་ཙ་ར་ཀས། དང་པོ་ནད་ནི་ཡོངས་བརྟགས་ལ། དེ་རྗེས་སྨན་ནི་བརྟོག་བྱ་ཞིང། དེ་ནས་ལས་བྱ་སྨན་པ་ཡིས། །ཤེས་པ་སྔོན་འགྲོས་ཡང་དག་དཔྱད། །ཅེས་བཤད་པ་ཡིན་ནོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང
་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ནི། གཞུང་རྩོམ་པར་བྱེད་པ་བདག་ཉིད་སྨན་དཔྱད་ཀྱི་ལུང་གི་རྗེས་སུ་འཇུག་པ་ཡིན་པར་སྟོན་པ་ཡིན་ནོ། །གང་ཕྱིར་མ་ཞུར་གནས་མ་ཞུ། །རྒྱུན་སྲང་བཀག་སྟེ་མེ་དྲོད་ཉམས། །རིམས་ཀྱིས་ཉེས་པ་སྐྱེད་བྱེད་པས
་སྔོན་ཚུལ་བྱུང་དང་རིམས་སོགས་ལའང། །དེ་ཕྱིར་སྨྱང་བ་བྱ་དགོས་ལ། །སྟོབས་ནི་འབར་པར་བསྲུང་བར་བྱ། །ཞེས་བྱ་བ། གང་གི་ཕྱིར་མ་ཞུ་བའི་གནས་ལ་གནས་པའི་ནད་རླུང་ལ་སོགས་པ་གང་ཡིན་པ་དེ་མ་ཞུ་བ་དང་བཅས་པར་གནས་པ་ན་མ་ཞུ་བ
་སྟེ། དེས་རྒྱུན་སྲང་གི་བུ་ག་བཀག་ཅིང་རྒྱུར་མི་རུང་བར་བྱས་ནས་ཁོང་པའི་མེ་དྲོད་ཉམས་ཤིང་འབྲི་བར་བྱེད་ནས་རིམས་བསྐྱེད་ཅིང་འབྱུང་བར་བྱེད་པས་ན། དེའི་ཕྱིར་རིམས་ལ་ནི་དང་པོ་སྨྱུང་བ་བྱ་དགོས་སོ། །རིམས་ཕྱིས་འབྱུང་པར
་འགྱུར་བའི་སྔོན་གྱི་ཚུལ་གསལ་བར་འབྱུང་ཞིང་སྣང་བར་གྱུར་པ་འམ། རིམས་ལ་སོགས་པ་གསལ་བ་ཉིད་དུ་སྣང་ན་ཡང་སྨྱུང་བ་བྱ་ཞིང། །ནད་པའི་ཉམས་སྟོབས་འབད་པས་བསྲུང་ཞིང་བསྐྱང་བར་བྱའོ། །སྟོབས་ནི་ནད་མེད་པ་ཡི་གནས། །བྱ་བའི་རིམས
་ནི་ནད་མེད་དོན། །ཞེས་བྱ་བ་ལ། ནད་མེད་པ་ནི་བདེ་བར་གནས་པ་སྟེ། །དེ་ནི་ལུས་ཀྱི་ཉམས་སྟོབས་ལ་གནས་ཤིང་རྟེན་ལས་འབྱུང་བར་འགྱུར་བ་ཡིན་ནོ། །གང་འདི་ནད་གསལ་བར་བྱ་བའི་ཕྱིར་གསོ་བའི་དཔྱད་དུ་བྱེད་པའི་མཚན་ཉིད་ཅན་དེ་ཡང་ནད་མེད
་པའི་དོན་ཡིན་པ་དེའི་ཕྱིར་བྱེད་པ་ཡིན་ནོ། །སྨྱུང་བྱས་ནས་ནི་ཉམས་སྨད་ཅིང། །མེ་དྲོད་བསྐྱེད་དང་ཁོང་ཡང་འགྱུར། །བདེ་ཤིང་བཀྲེས་སྐོམ་ཡི་ག་འབྱེ། །ཟས་འཇུ་སྟོབས་དང་མདངས་བསྐྱེད་འགྱུར། །ཞེས་བྱ་བ་ལ། དང་པོར་སྨྱུང་བར་བྱས་པས་ནད་ཉམས་སྨད
་པར་བྱས་པ་དང། །དེ་བཞིན་དུ་ཕོ་བའི་མེ་དྲོད་བསྐྱེད་ཅིང་འབྱུང་བ་དང་ནད་ཉམས་སྨད་པས་ཡང་ཞིང་རིམས་བྲི་བར་གྱུར་ན་བདེ་ཞིང་ཐ་མལ་པ་ཉིད་དུ་གནས་པ་དང། བཀྲེས་ཤིང་ཟས་འདོད་པ་དང། སྐོམ་སྟེ་བཏུང་བ་འདོད་པ་དང། ཡི་ག་འབྱེ་སྟེ་ཟས་ལ
་འདོད་པ་སྐྱེ་བ་དང། ཟས་འཇུ་ཞིང་སྨིན་པར་འགྱུར་བ་དང། སྟོབས་དེ་ནུས་པ་སྐྱེ་བར་འགྱུར་བ་དང། མདངས་ཞེས་བྱ་བ་ལུས་ཟུངས་ཐམས་ཅད་རྟས་པར་བྱེད་པ་སྐྱེ་བར་འགྱུར་རོ། །དེ་ལ་ཕལ་ཆེར་བད་ཀན་ནད། །གློངས་དང་གཡོས་པར་གྱུར་བ་དང། དང
་གར་འཁྱིལ་བཅས་འཆིལ་མ་མང། །ཟས་ལ་མི་དགའ་ལུད་པ་གསུང། །ཟོས་མ་ཐག་ཏུ་རིམས་འདེབས་པ། །ཁྱད་པར་དུ་ནི་མ་ཞུར་འབྱུང། །སྐྱུགས་སྨན་བཏང་འོས་སྐྱུགས་སྨན་བསྔགས། །ཞེས་བྱ་བ་ལ། རིམས་དེ་ལ་དྲི་མ་སྟེ་ཕལ་ཆེར་བད་ཀན་ལ
་སོགས་པ་ནད་གཞན་ལ་བལྟོས་ནས་ཤས་ཆེ་ཞིང་སྟོབས་དྲག་པ་དང། གློངས་ཤིང་བསྐྱོད་པ་དང། གཡོས་པ་སྟེ་ཕལ་ཆེར་ཕྱིར་འབྱུང་དུ་ཉེ་བར་གྱུར་པ་དང། དེ་བཞིན་དུ་ནད་གང་དང་གར་འཁྱིལ་ཞིང་མེར་མེར་གྱུར་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི
་བད་ཀན་དེ་ལ་ནི་སྐྱུགས་སྨན་བཏང་བ་བསྔགས་པ་ཡིན་ལ། །དེ་ཡང་གང་ཞིང་ལ་བཏང་ཞེ་ན། སྐྱུགས་སྨན་བཏང་བར་འོས་པ་ཏེ། སྔར་སྐྱུགས་སྨན་བཏང་བའི་ཆོ་གའི་སྐབས་སུ་བཤད་པའི་སྐྱུགས་བཏང་བར་འོས་པ་ལ་བཏང་བར་བྱའོ། །དེ་ལས་གཞན་དུ་བྱས་ནས
་ནི། །དབུགས་མི་བདེ་དང་ཚད་འཁྲུ་རྨོངས། །སྙིང་ནད་མི་བཟད་རིམས་ཀྱིས་འདེབས། །ཞེས་བྱ་བ་ལ། སྐྱུགས་སྨན་བཏང་བ་དེ། །དེ་ལས་གཞན་པ་སྟེ་ནད་མ་གློངས་པ་ལ་སོགས་པའི་ཚུལ་ལ་བཏང་བར་གྱུར་ན་དབུགས་མི་བདེ་ལ་སོགས་པའི་ནད་ཀྱིས
་འདེབས་པར་འགྱུར་རོ། །པོ་སོན་པི་པི་ལིང་བཅས་པ། དུག་མོ་ཉུང་ངམ་ཤིང་མངར་ནི། །ཆུ་དྲོན་སྦྲང་རྩིར་བཅས་པ་འམ། །ཡང་ན་རྒྱམ་ཚྭར་ལྡན་པ་བླུད། །ཀརྐ་ཏ་འམ་པ་ཏོ་ལ། །ནིམཔ་སྤའི་ལོ་མའི་ཆུ་འམ། །འབྲས་ཡོས་ཀྱི་ནི་སྐྱོ་མ་འམ། །བུ་རམ་ཤིང་ཁུ་འམ
་ཆང་སྦྱར་བཏུང། །ཞེས་བྱ་བ་ལ། དེ་ལ་པོ་སོན་ཆ་ནི་མ་ད་ན་ཕ་ལ་སྟེ། །དེ་པི་པི་ལིང་ལ་སོགས་པ་དང་བཅས་ཤིང་སྦྱར་བ་འམ། ཡང་ན་དུག་མོ་ཉུང་སྟེ། ཨིནྡྲ་ཡ་བ་དང་བཅས་པ་དང། ཡང་ན་ཤིང་མངར་ཞེས་པ་མ་དུ་ཡང་ཏི་དང་བཅས་པ་ཆུ་དྲོན་ཞེས་པ། ཆུ
་དྲོན་འཇམ་ཙམ་དང་སྦྲང་རྩི་དང་སྦྱར་བ་བླུད་པ་འམ། ཡང་ན་རྒྱམ་ཚྭ་དང་བཅས་པའི་ཆུ་དྲོན་པོ་དག་བླུད་པར་བྱའོ། །ཡང་ན་ཀརྐ་ཏ་ལ་སོགས་པ་གང་ཡང་རུང་བའི་ལ་མ་བསྐོལ་པ་ཆུ་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་འབྲས་ཡོས་ལ་བྱས་པའི་སྐྱོ་མ
་འམ། །བུ་རམ་ཤིང་གི་ཁུ་བ་འམ། ཆང་སྣ་ཚོགས་པ་ཇི་ལྟར་འོས་པ་དང་པོ་སོན་ཆ་བླུད་པར་བྱའོ། །ཉམས་སྟོབས་དུས་ཀྱི་དབྱེ་ཤེས་པས། ཆོ་གའི་གནས་ལས་བཤད་པ་ཡི་སྐྱུག་སྨན་དག་ནི་རབ་ཏུ་བཏང། ཞེས་བྱ་བ་ལ་ཉམས་སྟོབས་དང་དུས་ཀྱི་དབྱེ་བ་ཤེས་པའི་སྨན་པ་གང་ཡིན་པ་དེས
་ཆོ་གའི་གནས་ལས་བཤད་པ་སྟེ་སྐྱུགས་སྨན་གྱི་ཆོ་ག་ལས་བཤད་པའི་སྐྱུགས་སྨན་དག་གཏང་ཞིང་སྦྱིན་པར་བྱའོ། །སྐྱུགས་སྨན་གྱི་ནི་སྦྱོར་བ་དག་།བྱས་པར་གྱུར་ཏམ་མ་བྱས་ཀྱང། རིམས་ནད་ཅན་ལ་རྣམ་སྦྱང་བྱ། །ནད་ན
་བསྐྱོད་པར་གྱུར་པ་དག་།སྨིན་དང་ཞི་བར་བྱ་ཕྱིར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆོ་གས་སྐྱུགས་སྨན་གྱི་སྦྱོར་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་རིམས་ནད་ཅན་གྱི་སྐྱེས་བུ་ལ་སྨྱུང་བ་ལ་སོགས་པའི་རྣམ་པར་སྦྱང་བའི་ཆོ་ག་བྱ་སྟེ་ཅིའི་ཕྱིར
་ཞེ་ན། རིམས་སྐྱེད་པར་བྱེད་པའི་ནད་གློངས་ཤིང་བསྐྱོད་པར་བྱ་བ་དག་སྨིན་ཅིང་མ་ཞུ་བ་མེད་པར་བྱ་བའི་ཕྱིར་དང་ཞི་ཞིང་བསལ་བའི་ཕྱིར་རྣམ་པར་སྦྱང་བའི་ཆོ་ག་བྱའོ། །ཐལ་བས་གཡོགས་པའི་མེ་བཞིན་དུ། མ་ཞུས་ཁེབས་ཟས་འཇུ་མི
་འགྱུར། །དེ་བས་ཉེས་པ་སྨིན་བྱའི་ཕྱིར་རིམས་དང་ལྡན་པས་སྨྱུང་བ་བྱ་ཞེས་བྱ་བ་ལ། ཕོ་བའི་མེ་དྲོད་རླུང་ལ་སོགས་པའི་ནད་ཀྱི་སྐྱོན་གཞན་གྱིས་གཡོགས་ཤིང་ཁེབས་པར་གྱུར་ན་ཟས་འཇུ་བར་བྱེད་མི་ནུས་ཏེ། དཔེར་ན་ཕྱི་རོལ་གྱི་མེ་ཐལ་བས
་གཡོགས་པར་གྱུར་ན་དངོས་པོ་འཚེད་ཅིང་སྨིན་པར་བྱེད་མི་ནུས་སོ། །དེ་བཞིན་དུ་ནང་གི་མེ་ཡང་མ་ཞུ་བས་ཁེབས་ཤིང་གཡོགས་ན་ཟས་འཇུ་བར་མི་ནུས་སོ། །དེ་བས་ན་རིམས་དང་ལྡན་པའི་མི་ལ་ནི་དང་པོ་ཁོ་ནར་སྨྱུང་བ་བྱ་བ་བཅེས་ཏེ
་དེ་ཡང་ནད་ཀྱི་ཉེས་པ་སྨིན་པར་གྱུར་གྱི་བར་དུ་བྱ་ཞིང་ནད་མ་ཞུ་བ་མེད་པར་གྱུར་གྱི་བར་དུ་དེ་ལ་སྨྱུང་བ་བྱའོ། །རླུང་དང་བད་ཀན་རིམས་སྐོམ་དང། ཆུ་ཚན་ཉུང་ཤས་ཉུང་ཤས་བཏུང། །དེས་ནི་བད་ཀན་ཞུ་གྱུར་ནས། །སྐོམ་དང་མྱུར་དུ་སེལ་བར་བྱེད། །མེ་དྲོད
་བསྐྱེད་ཅིང་བུ་གའི་རྒྱུན། །འཇམ་པར་བྱས་ནས་སྤོང?་བར་བྱེད། །ཞན་པའི་རླུང་མཁྲིས་རྡུལ་དང་ནི། །བཤང་གཅི་བདེ་བར་འབྱིན་པར་བྱེད། །གཉིད་རྨོངས་ཡི་ག་འཆུས་པ་སེལ། །སྲོག་ནི་འཛིན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རླུང་དང་བད་ཀན
་གྱི་རིམས་ལ་ནད་པ་སྐོམ་དད་སྐྱེས་པར་གྱུར་ན་ཆུ་བསྐོལ་བ་བཏུང་བར་བྱ་སྟེ། དེ་ཡང་ཆུ་ཚན་ཉུང་ཤས་ཅུང་ཞིག་བཏུང་བར་བྱའོ། །དེས་ཅི་ཞིག་བྱེད་ཅེ་ན། ཆུ་ཚན་དེས་རྩ་སྦུབས་ཀྱི་རྒྱུན་སྲང་འགག་པར་བྱེད་པའི་བད་ཀན་འཐས་པའི་ཚུལ་དུ་གནས་པ་དེ
་ཞུ་ཞིང་སླ་བའི་ཚུལ་དུ་བྱས་ནས་སྐོམ་དད་གང་ཡིན་པ་དེ་མྱུར་དུ་སེལ་ཞིང་ལྡོག་པར་བྱེད་དོ། །དེ་བཞིན་དུ་ཕོ་བའི་མེ་དྲོད་ཀྱང་བསྐྱེད་ཅིང་སྒར་ནས་ནང་གི་བུ་གའི་རྒྱུན་གང་དག་ཡིན་པ་དེ་འཇམ་ཞིང་མཉེན་པར་བྱས་ནས་བུ་ག་དེ་དག་ཉིད་སྦྱོང་ཞིང་དག
་པར་བྱེད་པ་དང། དེ་བཞིན་དུ་ཞེན་ཅིང་བུ་གའི་སྒོ་རྣམས་སུ་ཆགས་པའི་རླུང་ལ་སོགས་པ་ནད་བདེ་བར་བྱིན་པར་བྱེད་ཅིང་ལུགས་དང་མཐུན་པར་འབྱུང་བར་བྱེད་པ་དང། དེ་བཞིན་དུ་གཉིད་དང་རྨོངས་བག་ལ་སོགས་པ་སེལ་བར་བྱེད་པ་དང། སྲོག
་འཛིན་ཅིང་གནས་པ་ཡིན་ཏེ་ཚིམ་པར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཆུ་གྲང་དེ་ལས་ཟློག་པ་སྟེ། །ནད་ཀྱི་ཚོགས་ནི་འཕེལ་བྱེད་ཡིན། ཞེས་བྱ་བ་ལ། ཆུ་གྲང་ནི་ཆུ་ཚན་གྱི་ཡོན་ཏན་དེ་ལས་གོ་བཟློག་པའི་མཚན་ཉིད་ཅན་ཡིན་ཞིང།
་ནད་ཀྱི་ཚོགས་གང་དག་ཡོད་པ་ད་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ནོ། །ཆུ་ཚན་ཡོན་ཏན་དེ་འདྲ་ཡང། །གཅིག་ཏུ་མཁྲིས་པར་ལྡན་རིམས་དང། །མཁྲིས་ཤས་ཆེ་དང་ཕྱོགས་གཅིག་ཚ། །ཀུན་ཚ་རྨོངས་བག་ཚད་པར་འཁྲུ། ཆང་དུབ་ལས་བྱུང་སོ
་ག་དང། གཅོད?་སྐེམ་ཁྲག་མཁྲིས་ཅན་མི་བླུད། །ཅེས་བྱ་བ་ལ། ཆུ་ཚན་བཤད་མ་ཐག་པའི་ཡོན་ཏན་བད་ཀན་ཞུ་བར་གྱུར་པ་དང། མེ་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་དུ་ཟིན་ཀྱང་གཅིག་མཁྲིས་པ་ལས་གྱུར་པའི་རིམས
་དང་ལྡན་པའི་མི་དང་ནད་གཞན་དག་མཁྲིས་པ་ཤས་ཆེ་ཞིང་རྒྱས་པ་དང་ལྡན་པ་དང། ཕྱོགས་གཅིག་ཚ་བ་ལ་སོགས་པའི་ནད་དེ། དེ་ལ་ཕྱོགས་གཅིག་ཚ་བ་ནི་མིག་ལ་སོགས་པའི་དབང་པོ་ཚ་བ་དང་ཀུན་ཚ་བ་སྟེ་ལུས་ཐམས་ཅད་ཚ་བ་དང། དེ་བཞིན་དུ
་ཆང་དང་དུག་གཉིས་ལས་བྱུང་བའི་རིམས་ལ་ཆུ་ཚན་དེ་བླུད་པར་མི་བྱའོ། །དེ་བཞིན་དུ་སོ་གའི་དུས་སཱུང་རང་བཞིན་གྱི་ཆུ་ཚན་བཏུང་དུ་མི་རུང་ངོ། །དེ་བཞིན་དུ་གཅོད་ཆེན་པོས་ཐབས་ཏེ་སྐེམ་པར་གྱུར་པའི་སྐྱེས་བུ་དང།
་ཁྲག་མཁྲིས་ལས་གྱུར་པའི་ནད་ཡོད་པ་སྟེ། དེ་དག་ལ་སྐོམ་དད་ཡོད་དུ་ཟིན་ཀྱང་ཆུ་ཚན་བླུད་དུ་མི་རུང་ངོ། །དེ་དག་ལ་ཅི་ཞིག་སྦྱིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། །དེ་ལ་གླ་སྒང་ཙན་དན་དང། །བཅའ་སྒ་པརྤ་ཏ་དང་ནི། །པུ་ཤེལ་ཙེ་དང་བ་ལ་ཀ། བསྐོལ་ཆུ
་བསྒྲངས་བླུད་རིམས་སྐོམ་སེལ། །ཞེས་བྱ་བ་ལ། གཅིག་ཏུ་མཁྲིས་པའི་ནད་ཡོད་པ་ལ་སོགས་བདེ་དག་ལ་ནི་གླ་སྒང་ལ་སོགས་པ་དང། བསྐོལ་བའི་ཆུ་བསྒྲངས་པ་ཕན་ཏེ། དེ་ནི་རིམས་དང་སྐོམ་དད་སེལ་བ་ཡིན་ནོ། །འདིར་ཆུ་དང་སྨན་དག་གི་ཚད་ནི
་གཞུང་གཞན་དག་ལས་བསྟན་ཏེ། གང་ཞིག་ཆུར་བསྐོལ་བསྒྲངས་གྱུར་པ། །གླ་སྒང་ལ་སོགས་པ་ཏོ་ལ། །ཡན་ལག་དྲུག་པ་ལ་སོགས་སྦྱར། །དེ་ལས་ཞོ་རེ་བཅུག་ནས་ནི། །ཆུ་ནི་བྲེ་གང་ནང་དུ་བསྐོལ། །དེ་ནས་བཞི་ཆ་ལུས་བྱས་ཏེ། སྐོམ་དད་ལ
་སོགས་ཞི་ཕྱིར་བཏུང་ཞེས་བཤད་པ། །དེ་བཞིན་དུ་གཞན་དག་ལས་ཀྱང། །སྨན་མང་བསྐོལ་བ་བསྐ་བ་ཡིན། །སྨན་ཉུངས་ཆུར་བསྐོལ་དངས་མ་ཡིན། །ཞེས་སྨོས་པ་ཡིན་ནོ། །མཁྲིས་པ་མེད་པ་ཚ་མི་འབྱུང། །ཚ་བ་མེད་པར་རིམས་ཡོད་མིན།།
་དེ་བས་མཁྲིས་པ་ལ་གནོད་སྤང། །མཁྲིས་ཤས་ཆེ་བས་ལྷག་པར་སྤང། །ཞེས་བྱ་བ་ལ། རིམས་ནད་ཐམས་ཅད་ལ་ནི་མཁྲིས་པ་མེད་ཅིང་དེ་མ་གཏོགས་པར་ཚ་བ་མི་འབྱུང་སྟེ། །ཚ་བ་ནི་མཁྲིས་པའི་རང་བཞིན་ལས་བྱུང་བ་ཡིན་པའི་ཕྱིར
་རིམས་ལ་ཚ་བ་གང་དང་ཡོད་པ་དེ་ནི་མཁྲིས་པ་ལས་སྐྱེས་པ་ཡིན་ནོ། །ཚ་བ་དེ་ཡོད་པར་ཡང་རིམས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་རིམས་ཀྱི་ངོ་བོ་མཚན་ཉིད་ནི་དང་པོ་ཚ་བ་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་བས་ན་མཁྲིས་པ་ལ་གནོད་པའི་ཁ་ཟས
་དང་སྤྱོད་ལམ་དང་སྨན་མཁྲིས་པ་སྐྱེད་པར་བྱེད་པ་རིམས་ཐམས་ཅད་ལ་ཡང་ཕལ་ཆེར་སྤང་བར་བྱ་བ་ཉིད་ཡིན་ནོ། །དེ་ལས་ཀྱང་མཁྲིས་པའི་ཤས་ཆེ་ཞིང་མཁྲིས་པ་རྒྱས་པ་ལས་གྱུར་པའི་རིམས་ལ་ནི་མཁྲིས་པ་སྐྱེད་པར་བྱེད་པ་དེ་ལྷག་པར་ཡང་སྤང་པར
་བྱའོ། །དེ་ནས་ལྷག་པར་ཞེས་སྨོས་པའི་སྒ་འདིས་ནི་རླུང་དང་མཁྲིས་པ་ལས་གྱུར་པའི་རིམས་ལ་མཁྲིས་པ། །སྐྱེད་པར་བྱེད་པའི་སྨན་ལ་སོགས་པ་ཅུང་ཟད་ཅིག་སྤང་བར་མི་བྱ་བ་ཡང་ཡོད་དོ། །ཞེས་སྟོན་པ་ཡིན་ནོ། །ཁྲུས་དང་སྐུ་དང་བྱུག་པ་དང། སྨྱུང་བ
་ལྷག་མའང་སྤང་བར་བྱ། །ཞེས་བྱ་བ་ལ། རིམས་ཐམས་ཅད་ལ་ཁྲུས་བྱ་བ་ལ་སོགས་པ་སྤང་བར་བྱའོ། །དེ་བཞིན་དུ་སྨྱུང་བ་ལྷག་མ་རྣམས་ཀྱང་སྤང་བར་བྱ་སྟེ། གནས་སྐབས་ཀྱི་ཁྱད་པར་གྱི་དབང་དུ་བཤད་པའི་སྨྱུང་བ་མ་གཏོགས་པར་སྨྱུང་བ་གཞན་དག?
་སྤང་བར་བྱའོ། །དེ་ཡང་གནས་སྐབས་སུ་དགོས་པའི་སྨྱུང་བ་ནི། སྨྱུང་བ་ནི་རིམས་ལ་སྐྱུགས་སྨན་བཏང་བ་དང། ཟས་དབྲི་ཞིང་བཅད་པའི་སྨྱུང་བ་ཡིན་ཏེ། དེ་མ་གཏོགས་བཀྲུ་སྨན་བཏང་བ་ལ་སོགས་པ་གང་ཡིན་པ་དེ་དག་རིམས་གསང་པ་ལ་སྤང་བར་བྱའོ། །མ་ཞུ
་གཟེར་འཇོམས་སྨན་ལྟ་བུ། །མ་ཞུ་རིམས་ནི་མི་བཟད་ལ། །སྨན་བཏུང་མི་བྱེད་དེ་ཡིས་ནི། །ལྷག་པར་མ་ཞུ་འཕེལ་བར་འགྱུར། །ལྟོ་བར་མ་ཞུས་ཁྱབ་པ་ལ། །འོ་མ་སྤྲུལ་ལ་བླུད?་དང་མཚུངས། །ཞེས་བྱ་བ་ལ། མ་ཞུ་བ་དང་བཅས་པའི་རིམས་མི་བཟད་ཅིང་བརྣགས
་པར་དཀའ་བའི་ནད་དང་ལྡན་པ་ལ་སྨན་བསྐོལ་བ་དང། བསྒྲངས་པ་དང། སྐྱོམ་ལ་སོགས་པ་བཏུང་བར་མི་བྱ་སྟེ། དཔེར་ན་མ་ཞུ་ཞིང་ཟས་ཀྱི་ལྷག་མ་ལུས་པ། མི་བཟད་པར་ན་བ་ལ་གསུང་པ་ལ་སོགས་པའི་ནད་ལ་གཟེར་འཇོམས་པའི་སྨན་རྩིའོ་ཚེ་གསུམ་པ
་ལ་སོགས་པ་རླུང་པར་མི་བྱ་སྟེ། སྨན་འཇུ་མ་ནུས་པས་སླར་ལ་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་ཡང་མདོ་འདིའི་གནས་ལས། །མ་ཞུ་མི་བཟད་པས་ཉེན་ཀྱང་གཟེར་འཇོམས་སྨན་ནི་བཏུང་མི་བྱ། །བེའུ་སྣབས་མ་ཞུ་མེ་དྲོད་ཉམས། །ནད་ཀྱི་སྨན་ནི
་བཏུང་མི་ནུས། །འདི་ཡིས་ནད་པ་འཕྲལ་དུ་ནི། །ཐུ་ཞིང་འཆི་བ་དག་ཏུ་འགྱུར། །ཞེས་སྨོས་པ་དེ་དྲན་པའི་ཕྱིར་འདི་སྐད?་སྨོས་པ་ཡིན་ནོ། །དེ་བས་ན་བླ་སྒང་དང་པརྤ?་ཏ་ལ་སོགས་པའི་སྨན་བསྐོལ་བ་ལ་སོགས་པའི་སྦྱར་བ་བྱས་པ
་འཐུངས་བ་དེས་ན་ལྷག་པར་ཡང་མ་ཞུ་བ་མང་དུ་འཕེལ་ཞིང་སྐྱེད་པར་བྱེད་པ་ཡིན་ནོ། །གང་གི་བསྐྱོད་ཅན། མི་གང་ལྟོ་བར་མ་ཞུ་བ་ཁྱབ་ཅིང་ཟིལ་གྱིས་མནན་པར་གྱུར་པའི་རིམས་ནད་ཅན་དེ་ལ་བླུད་ན་འཕེལ་བར་འགྱུར་རོ། །དེ་ཡང་ཇི་ལྟར་འོ་མ་ནི
་དུག་འཇོམས་པ་ཡིན་དུ་ཟིན་ཀྱང། སྤྲུལ་ལ་བླུད་པ་འགྱུར་ན་སླར་དུག་དེ་འཕེལ་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་མ་ཞུ་བས་ཁྱད་པའི་ལྟོ་བར་སྨན་བླུད་པ་དེ་ནི་མ་ཞུ་བ་དེ་ཉིད་སླར་འཕེལ་བར་འགྱུར་རོ། །རླུང་དང་བད་ཀན་བག་ཉིད་དེར། །ལྐོག་ནད་ཆམ་པ
་དབུག་པ་མི་བདེ། །བྱིན་པ་ཚིགས་རུས་གཟེར་གྱུར་ལ། རྡུལ་འབྱུང་བ་ནི་རབ་བསྔགས་ཏེ། །རྡུལ་དང་བཤང་གཅི་ཕྱེན་བ་དེར་འབྱུང། མེ་དྲོད་བསྐྱེད་ཅིང་ཟས་འཇུ་བྱེད། །ཅེས་བྱ་བ་ལ། རླུང་དང་བད་ཀན་གྱི་བདག་ཉིད་ཅན་གྱི་རིམས་བྱུང་བར་གྱུར་པ
་ལ། ལྐོག་མའི་ནད་ལ་སོགས་པ་ཇི་ལྟར་སྨོས་པའི་ནང་བྱུང་བར་གྱུར་ན། རྡུལ་འབྱུང་བ་ཞེས་བྱ་བའི་གསོ་བ་བྱ་བ་རབ་ཏུ་བསྔགས་པ་ཡིན་ཏེ། རྡུལ་འབྱུང་བའི་ཆོ་ག་དེ་བྱས་ན་ཁོང་དུ་ཞེན་པའི་རྡུལ་ལ་སོགས་པ་བདེ་བར་འབྱུང་བར་འགྱུར། །དེ་བཞིན་དུ
་མེ་དྲོད་བསྐྱེད་ཅིང་ཕོ་བས་ཟས་བདེ་བླག་ཏུ་འཇུ་བར་བྱེད་པའི་ནུས་པ་བསེད?་པར་བྱེད་དོ། །སྣུམ་འཐུངས་ཆོ་གར་བཤད་པ་ནི། །རྣམ་པ་ཀུན་ཏུ་དཔྱད་པར་བྱ། །ཞེས་བྱ་བ་ལ། སྣུམ་འཐུངས་པའི་ཆོ་ག་སྣུམ་འཐུང་པའི་ལེའུའི་སྐབས་སུ་བཤད་པ་ཆུ་དྲོན་དག
་གཉིད་སྤྱོད་བྱ་ཞེས་བྱ་བ་ལ་སོགས་པ་དེ་ཐམས་ཅད་བསྟེན་ཅིང་སྤང་བར་བྱའོ། །སྨྱུང་དང་དུག་བྱ་དུས་དང་ནི། །ནས་ཐུག་ཏིག་ཏའི་ཁུ་བ་རྣམས། །དྲི་མ་རྣམས་ནི་སྨིན་བྱེད་པ། །རིམས་དང་གནས་སྐབས་ཇི་བཞིན་སྦྱིན། ཞེས་བྱ་བ་ལ། རླུང་ལ
་སོགས་པའི་དྲི་མ་མ་སྨིན་པ་རྣམས་ནི་སྨྱུང་པ་ལ་སོགས་པ་བསྟོན་པས་སྨིན་པར་འགྱུར་ཏེ། དེ་ཡང་ཇི་སྐད་དུ་བཤང་བའི་རིམ་གྱིས་སམ་གནས་སྐབས་གང་ལ་བབ་པ་དེ་ལས་མི་འགྱུར་བའི་ཚུལ་གྱིས་སྦྱིན་པར་བྱ་སྟེ། དེ་ཡང་རིམ་པའི་ཚུལ་ནི་དང་པོར་སྨྱུང་བ་བྱ
་ཞིང་ཟས་བཅད་པར་བྱའོ། །དེའི་འོག་ཏུ་དུགས་བྱ། དེ་ནས་དུགས་དེ་ཞག་དུག་གི་བར་དུ་བྱ་བ་དང། དེ་ནས་ནས་ཐུག་སྦྱིན་ནོ། །དེའི་འོག་ཏུ་ཏིག་ཉའི་ཁུ་བ་བླུད་པར་བྱ་སྟེ། སྨིན་པ་དེ་ནི་རིམས་མ་སྨིན་པ། གསར་དུ་བྱུང་བ་ལ་བྱའོ། །རླུང་ནད་ཉི་ཚེ་ཟད་བྱེད་དང། གློ
་བུར་བ་དང་རིམས་སྙིང་ལ། སྨྱུང་བ་མི་བྱ་དེ་ལ་ནི། །ཉམས་མི་སྨོང་པའི་ཞི་བྱ་པ་ན། ཞེས་བྱ་བ་ལ། རླུང་ནད་ཉི་ཚ་ལས་གྱུར་པའི་རིམས་ན་བ་དང། དེ་བཞིན་དུ་ཟད་བྱེད་ལས་གྱུར་པའི་རིམས་དང། རིམས་ནད་གློ་བུར་བས་ཐོབས་པ་དང། རིམས་རྙིང་པ་དག
་ལ་ནི། སྨྱུང་བའི་ཆོ་ག་མི་བྱ་སྟེ། རླུང་ནད་ཉི་ཚེ་ལ་སོགས་པའི་རིམས་ན་བ་དེ་དེ་དག་ལ་ཞི་བར་བྱ་བའི་སྦྱོར་བ་ཕན?་ལ་ཞིང?་དེ་ཡང་ཉམས་སྨོད་ཅིང། སྐེམ་པར་མི་འགྱུར་བ་དེ་ལྟ་བུའི་ཞི་བར་བྱ་བའི་ཐབས་བསྟོན་ན་ཕན་ཞིང་བསྔགས་པ་ཡིན་ནོ། །དེ་ལ་མ་ཞུའི
་རིམས་ཚུལ་ལྡན། །ཉམས་སྨད་མི་བྱར་ཤེས་པར་བྱ། །ཞེས་བྱ་བ་ལ། རིམས་དེ་ལ་མ་ཞུ་བའི་རིམས་ཀྱི་མཚན་ཉིད་དང་ཞིང། དེའི་རང་བཞིན་སྔར་སྨོས་པ་རིམས་ཀྱིས་བླ་གཉན་མི་བཟད་པ་ལ་སོགས་པ་ལྡན་པ་ལ་ཡང། ཉམས་སྨད་པར་མི་བྱ་བར་ཤེས་པར་བྱའོ། །
་གསོ་བའི་ཐབས་ནི་གཉིས་ཤེས་ལས། །བརྟགས་ཏེ་སྨྱུང་བར་བྱ་བ་ཡིན། ཞེས་བྱ་བ་ལ། གསོ་བའི་ཐབས་གཉིས་དོན་པར་བཤད་པའི་སྨྱུང་བའི་མཚན་ཉིད་ཡང་དག་པར་རྟོགས་པར་བྱ་སྟེ། དེ་ཡང་དབང་པོ་དང་ཞིང་དྲི་མ་དག་བདེ་བར་འབྱུང་བ་ཞེས་བྱ་ལ་སོགས
་པ་སྨྱུང་བ་ལེགས་པར་བྱས་པར་རྟོག་པར་བྱས་ལ། ཤིན་ཏུ་སྐམ་པ་ལ་སོགས་པས་ནི་སྨྱུང་དྲགས་པ་ཡིན་པ་ཤེས་པར་བྱའོ། །སྨྱུང་མཆིན་མར་ལྡན་པར་ལྡན་པ་ནི། དེ་ལ་ཐུག་སླ་ལ་སོགས་བླུད། །རང་གི་སྨན་དང་ཇི་བཞིན་བསྐོལ། །དང་པོར་ཐུག་སླ་ལ་སོགས
་སྦྱིན། །ཞེས་བྱ་བ་ལ་།རིམས་ནད་ཅན་སྨྱུང་བ་བྱས་ཟིན་པའི་མཚན་མ་དང་ལྡན་པ་དེ་ལ་ནི་ཐུགས་སླན་ཏེ་འབྲས་ཐུག་རྐྱང་རྐྱང་པོ་དང་པོར་བླུད་པར་བྱའི་བསྐ་བར་ནི་མ་ཡིན་ཏེ། །དེ་ཡང་དང་པོར་ནི་ཐུག་པ་སླ་བ་འབྲས་ཐུག་རྐྱང་རྐྱང
་པོ་སྦྱིན་པར་བྱའོ། །དེས་ནི་ཐུགས་པ་ཡིད་ཙམ་བསྐལ་བ་དང་ཐུག་པ་གནདྷ?་གླུད་དེ་པར་བྱའོ། །དེ་ཡང་དྲང་སྲོང་ཙ་ར་ཀས། བུད་ཤིང་གིས་ནི་མེ་བཞིན་དུ། དེ་ཡི་མེ་དྲོད་དེས་བསྐྱེད་དེ། །དེ་ཡང་སྨན་གྱི་སྦྱོར་བ་ལས། །ཡང་དང་མེ་དྲོད་འབར་བར་བྱེད། །གཤེད་ཞིང་དྲོ
་བས་རྡུལ་བར་བྱེད། །སླ་བས་སྐོམ་དང་རབ་ཞི་བྱེད། །ཁ་ཟས་ཡིན་ཕྱིར་སྲོག་རྟེན་ལ། །ཁུ་བ་ཡིན་པས་ཡང་པ་ཉིད། །རིམས་དང་འཕྲོད་པས་རིམས་འཇོམས་བྱེད། །དེ་བས་དང་པོར་ཐུག་པ་སོགས། །རིམས་ལ་བློ་དང་ལྡན་པས་སྦྱིན་ཞེས་བཤད་པ་ཡིན་ནོ། དུས
་ཇི་སྲིད་ཀྱི་བར་དུ་བྱ་ཞེ་ན། ཞག་དྲུག་བར་དུ་འམ་གང་ཚེ་རིམས། རྩེ་ཞིལ་གྱུར་པའི་བར་དུ་སྦྱིན། །དེ་ཡིས་ཤིང་གི་མེ་བཞིན་དུ། །དེ་ཡི་མེ་དྲོད་འཕེལ་བར་བྱེད། །ཅེས་བྱ་བ་ཡིན་ཏེ། རིམས་ཀྱིས་དང་པོར་བཏབ་པ་ནས་བཙམས་ཏེ་ཞག་དྲུག་གི་བར་དུ་སྦྱིན་པར
་བྱ་བ་འམ། །ཡང་ན་གང་གི་ཚེ་རིམས་རྩེ་ཞིལ་ཞིང་ཚ་བའི་གདུངས་པ་ལ་སོགས་པ་ཅུང་ཟད་ཞི་བར་གྱུར་པ་དང། ཤུགས་ངལ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་རིམས་ནད་ན་བའི་ནད་དེ་ལ་ཐུག་པ་དེ་དག་བླུད་ཅིང་སྦྱིན་པར་བྱའོ། །དེས་ན་ཞག་དྲུག་གི་གོང་ཡན་ཆད
་དུ་སྨྱུང་བ་བྱས་ཟིན་པའི་མཚན་ཉིད་མེད་པར་གྱུར་ཅིང་གང་ལ་ཐུག་པ་མ་བླུད་པ་དེའི་རིམས་རྩེ་ཞིལ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དེ་སྦྱིན་པར་བྱའོ། །དང་པོར་འབྲས་ཡོས་ཐུག་འཇུ་སླ། །བཅའ་སྒ་པི་པི་ལིང་དང་བཅས། །འུ་སུ་རྒྱམ་ཚྭར་བཅས་པ་སྦྱིན། །སྐྱུར?
་འདོད་སེའུ་འབྲུ་བཅས་པ་བཏུང། །ཞེས་བྱ་བ་ལ། དེ་ཡང་དང་པོར་ཏེ་ཐོག་མར་འབྲས་ཡོས་ཀྱི་ཐུག་པ་བླུད་པར་བྱའོ། །དེ་ནས་ལེགས་པར་འཇུ་བླ་བའི་འབྲས་ཐུག་བཅའ་སྒ་ལ་སོགས་པས་བཏབ་པ་རྒྱམ་ཚྭ་དང་བཅས་པ་བླུད་པར་བྱས་ལ། དེ་བཞིན་དུ
་རོ་སྐྱུར་བ་འདོད་པའི་སྐྱེས་བུ་ལ་ནི་སེའུ་འབྲུ་དང་བཅས་ཤིང་བཏང་པའི་ཐུག་པ་བླུད་པར་བྱའོ། །འཁྲུ་བ་འམ་མཁྲིས་པ་མང་བ་ལ། །སྦྲང་རྩི་བཅའ་སྒ་བཏབ་བསྒྲངས་བླུད། །ཅེས་བྱ་བ་ལ། འཁྲུ་བས་བཏབ་པའམ་མཁྲིས་པ་མང་བ་དག་ལ་ནི་ཐུག་པ་དེ་སྦྲང
་རྩི་དང་བཅའ་སྒ་བཏབ་ཏེ། བསྒྲངས་པ་བླུད་པར་བྱ་ལ། དེ་ཡང་ཐུག་པ་སླ་བ་ནས་བརྩམས་ཏེ། བཏུང་བར་བྱའོ། །ཆུ་སོ་རྩིབ་ལོགས་ཀླད་པར་གཟེར། །གཟེ་མ་བྱ་གྲི་བསྐལ་བ་བླུད། །ཅེས་བྱ་བ་ལ། ནད་པ་གང་ཆུ་སོ་ལ་སོགས་པར་གཟེར་བའི་ནད་ཡོད་པར
་ནི་གཟེ་མ་དང་བྱ་གྲི་སྟེ། ཀཎྚ་ཀཱ་རཱི་དང་བསྐོལ་བའི་ཐུག་པ་བླུད་པར་བྱའོ། །རིམས་འཁྲུར་པྲི་སྣ་བརྞ་དང། །བ་ལ་བིལྦ་བཅའ་སྒ་དང། ཨུཏཔལ་འོ་སུར་བསྐོལ་རིམས་འཁྲུ། ཐུག་སྐྱུང་སྨིན་དང་དྲོད་བསྐྱེད་ཡིན། །ཞེས་བྱ་བ་ལ། རིམས་དང་ཚད་པར་འཁྲུ་བའི་ནད
་གཉིས་ཡོད་པ་ལ་ནི་པྲི་སྣ་བརྞི་ལ་སོགས་དང་བསྒོལ་བའི་ཐུག་པ་སེའུ་འབྲུའི་ཁུ་བས་སྐྱུར་པོར་བྱས་པ་སྦྱིན་པར་བྱ་སྟེ། དེས་ནི་མ་ཞུ་བ་རྣམས་སྨིན་པ་དང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །སྐྱིགས་བུ་ལུད་པ་དབུགས་མི་བདེ། །གཟེར་ཅན་རྩ་བ་ཆུང
་དུ་ལྔ། །ཞེས་བྱ་བ་ལ། སྐྱིགས་བུ་ལ་སོགས་པ་སྐྱིགས་བུ་ནས་གཟེར་གྱི་བར་དང་ལྡན་པའི་ནད་པ་ལ་ནི་རྩ་བ་ཆུང་ངུ་ལྔ་དང་བསྐྲོལ་བའི་ཐུག་པ་སྦྱིན་པར་བྱ་སྟེ། བྲི་ཧ་ཏི་དང་ཀཎྚ་ཀཱ་རཱི་དང་ཨ་ཤུ་མི་ཏེ་གཉིས་དང་གཟེ་མ་སྟེ་ལྔ་དང་བསྐོལ་བའི་ཐུག་པ་སྦྱིན་པར
་བྱའོ། །བད་ཀན་གྱིས་གཉེན་ནས་ཐུག་ནི། །རྩ་བ་ཆེན་པོ་ལྔ་པ་སྦྱིན། །ཞེས་བྱ་བ་ལ། བད་ཀན་གྱི་ནད་པ་ཉེན་པའི་ནད་པ་ལ་ནི་བལྦའི་རྩ་བ་ལ་སོགས་པ་རྩ་བ་ཆེན་པོ་ལྔ་དང་ནས་ཐུག་བཙོས་པའི་ཐུག་པ་བླུད་པར་བྱའོ། །རྟུག་པ་འགགས་ལ་ནས་བཅས་པ། །པི
་པི་ལིང་དང་སྐྱུ་རུ་ར། །བཏབ་པའི་ནས་ཐུག་མང་དང་བརྡོས། །དྲི་མ་ནད་ནི་བདེར་འབྱུང་བྱེད། །ཅེས་བྱ་བ་ལ། ནད་པ་གང་ཞིག་རྟུག་འགགས་ཀྱིས་ནད་ཀྱིས་བཏབ་པ་ལ་ནི་ནས་ཐུག་བླུད་དེ། །དེ་ཡང་པི་པི་ལིང་སྐྱུ་རུ་ར་བཏབ་པ་ལ་ནས་དེ་མར་དང་?་པ
་ལ་བྱས་པའི་ཐུག་པ་སྦྱིན་པར་བྱ་སྟེ། །དེས་ནི་དྲི་མ་དང་ནད་གང་དག་ཡོད་པ་དེ་བདེ་བར་འབྱུང་བར་བྱེད་དོ། །ལྟོ་བར་རྟུག་འགགས་ན་བཅས་ལ། །དབྱི་མོ་པི་པི་ལིང་རྩ་བ། །རྒུན་འབྲུམ་དོང་ཀྲ་སྐྱུ་རུ་ར། །ཞེས་བྱ་བ་ལ། ལྟོ་བར་རྟུག་པ་འགགས
་པར་འགྱུར་ཅིང་ད་ཡང་ན་ཞིང་ཟུག་པ་དང་བཅས་པ་ལ་ནི་དབྱི་མོ་ལ་སོགས་པ་དང་བསྐོལ་བའི་ཐུག་པ་བླུད་པར་བྱའོ། །ཁོང་བཅད་པ་སྙམ་བྱེད་ལ། །རྒྱ་ཤུག་ད་ཏྲི་གསལ་པར། །པྲི་སྣ་བརྞི་བིལྦ་བླུད། ཅེས་བྱ་བ་ལ། ཁོང་པའི་ནང་གྲིས་བཅད་པ་སྙམ་དུ
་སེམས་པའི་ནད་ལ་རྒྱ་ཤུགས་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་པར་བྱའོ། །ད་ཏྲི་ག་ནི་བྲིཀྵ་ཨི་བ་ལའོ་རྡུལ་མེད་གཉིད་མེད་སྐོམ་པས་ཉེན། །ཁ་རོ་དང་ཀྲ་སྐྱུ་རུ་རའོ། །རྒྱ་ཤུག་ཁར་རྒུན་འབྲུམ་དང། ཐལ་ཏྲེས་གླ་སྒང་ཙན་དན་ནི། །སྐོམ་དང་སློན
་དང་བཅས་པ་བླུད། །སྦྲང་རྩིར་བཅས་པ་རིམས་འཇོམས་ཡིན། །དེ་དག་ཐུག་པ་སྨན་ཡིན་ཏེ། །ཤ་ཁུ་ཡུ་བྲ་སོགས་པ་འང?་སྦྱར། །ཞེས་བྱ་བ་ལ། རྡུལ་མེད་པ་དང་གཉིད་མེད་ཅིང་ཡང་བ་དང་སྐོམ་པས་ཉེན་ཅིང་གདུངས་པ་ལ་ཁ་ར་དཀར་པོ་ལ་སོགས
་པ་དང་སྦྱར་བའི་ཐུག་པ་བླུད་པར་བྱའོ། །ཐུག་པ་དང་སྦྱར་བ་བསྟན་པའི་སྨན་འདི་དག་ནི་ཤ་ཁུ་ལ་སོགས་པ་དང་ཡང་སྦྱར་ཏེ་བླུད་པར་བྱའོ། །དེ་ཡང་བསྡུས་པ་ལས། ཐུག་པ་དང་སྦྱར་སྨན་གཉིས་ཀྱིས། །ཤ་ཁུ་ཡུ་ཤ་སོགས་པའང་སྦྱར། །ཞེས
་སྨོས་པ་ཡིན་ཏེ། ཤ་བཙོས་པའི་ཁུ་བ་དང། ཡུ་ཤ་ཞེས་བྱ་བ་མོན་སྡེའུ་མུངྒ་ལ་སོགས་པ་བསྐོལ་བའི་ཁུ་བ་ལས་བྱས་པའི་བཏུང་བ་ཡིན་ནོ། །སོགས་སྨོས་པས་ནི་བཏུང་བ་གཞན་དང་ཞོ་ཁ་ཆུ་དང་ངར་བ་དང། རྒུན་འབྲུམ་ལ་སོགས་པ་བསྐོལ
་བའི་བཏུང་བ་བད་ཀན་དང། ཚོད་མ་ལ་སོགས་པ་དང་ཡང་སྦྱར་བར་བྱའོ། །དེ་ཡང་ཐུག་པ་ཤ་ཁུ་ཡུ་ཤ་སོགས། །རོ་བཟང་བཏུང་བ་ལ་སོགས་ལ། །སྨན་གྱི་ཚད་ནི་སྦྱར་བྱ་བར། །འཇིག་རྟེན་གྲགས་དང་ཅི་རིགས་སྦྱར། །ཡང་ན་ཇི་སྲིད་སྨན་གྱིས
་ནི། །དེ་དང་མཚམ་པ་ཉིད་བྱ་ཡིས། །ནད་དང་ལྟོ་ཚད་ན་ཚོད་སྟོབས། །རྣམ་པར་བརྟགས་ནས་སྦྱར་བྱ་ཡི། །ཆེད་ཀྱིས་ངེས་པ་ཡོད་མ་ཡིན། །ཞེས་བཤད་མོད་ཀྱི་འོན་ཀྱང་སྨན་པ་མཁས་པ་རྒན་པོ་རྣམས་གཅིག་ནས་གཅིག་ཏུ་རྒྱུད་དེ་བྱེད་པ་གང་དག་མཐོང་བ་དེ་འདིར
་བསྟན་པར་བྱ་སྟེ། །འབྲས་ཡོས་ཀྱིས་ཚད་ནི་སྲང་གཅིག་ཙམ་ལ་བྱའོ། །ལ་ལར་ནི་འབྲས་སྲང་གཅིག་ཙམ་ལས་བྱེད་པ་སྣང་ངོ། །བསྐོལ་བའི་སྨན་ནི་སྲང་ཕྱེད་ལས་བྱའོ། །སྦྱར་བའི་སྨན་ནི་སྤྱིར་ཞོ་གཉིས་སོ། །ཆུ་ནི་སྲང་སུམ་ཅུ་རྩ་གཉིས་བསྐོལ་བ་ལ་སོགས་པ
་སུམ་ཅུ་ལུས་པ་དང། དེའི་འོག་ཏུ་འབྲས་ཡོས་སོགས་པ་དང་ཐུག་པར་བསྐོལ་བར་བྱའོ། །ཆང་ལས་བྱུང་དང་ཆང་རྒྱུན་བསྟན། །བད་ཀན་མཁྲིས་པའི་གནས་ཞུགས་དང། དེ་གཉིས་ཆས་ཆེ་འམ་སོ་ག་འམ། སྐོམ་དང་སྲིད་དང་ཚ་བས་ཉེན། །ཁྲག་ནི་སྟོད་དུ་བྱུང་བ་སྟེ
་དེ་ལ་ཐུག་པ་མི་བླུད་ཀྱི། །འབྲས་ཕྱེའི་སྐྱོ་མ་རིམས་འཇོམས་པའི། །འབྲས་བུའི་ཁུ་བ་སྦྲང་རྩི་དང། །ཀ་ར་དཀར་བཅས་ཀླུད་པར་བྱ། །ཞེས་བྱ་བ་ལ། ཆང་འཐུང་པ་ལ་རིམས་སུ་གྱུར་པ་ལ་སོགས་པ་ལ་ནི་ཐུག་པ་བླུད་པ་སློབ་དཔོན་གྱིས་མ་བསྔགས་ཏེ། །འདོད་པར་བྱ
་བ་མ་ཡིན་ནོ། །དེ་ཡང་ཆང་ལས་བྱུང་བ་ནི་ཆང་འཐུངས་ལ་དྲགས་པ་ལས་རིམས་ནད་ཀྱིས་བཏབ་པའོ། །ཡང་དེ་བཞིན་དུ་ཆང་རྒྱུན་དུ་བསྟེན་པའི་མི་དང། བད་ཀན་དང་མཁྲིས་པའི་ནང་ལྟེ་བར་ཞུགས་པ་དང་དེ་གཉིས་ཏེ་འདས་མ་ཐག་པའི་བད་ཀན་དང་མཁྲིས་པ
་ཤས་ཆེ་བ་དང། སོགས་པའི?་དུས་དང་སྐོམ་དང་ལ་སོགས་པས་ཉེན་པ་དང། ཁྲག་དང་མཁྲིས་པ་སྟོང་དུ་འབྱུང་ཞིང་གྱེན་དུ་ལུད་པ་ལྟེ་དེ་ལྟ་བུའི་རིམས་ནད་ཅན་དེ་ལ་ཐུག་པ་བླུད་པའི་སྐབས་ཡིན་ཡང། །ནས་ཐུག་ལ་སོགས་པའི་ཐུག་པ་མི་སྦྱིན་གྱི། །དེ་ལ་ནི་སྐྱོ་མ
་འབྲས་ཡོས་ཀྱི་ཕྱེ་ལས་བྱས་པ་བླུད་པར་བྱ་སྟེ་དེ་ཡང་རིམས་འཇོམས་པར་བྱེད་པའི་འབྲས་བུའི་ཁུ་བ་རྒུན་འབྲུམ་སྐྱུ་རུ་ར་ལ་སོགས་པའི་ཁུ་བ་བསྐོལ་ཏེ། བསྒྲང་པ་འམ་དེ་མ་རྙེད་ན་སྐམ་པོར་ཆུ་དང་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་ཀ་ར་དཀར་པོ་དང
་བཅས་ཤིང་སྦྱར་བ་དེ་ལ་བླུད་པར་བྱའོ། །དེ་ནས་སྐྱོ་མ་ཞུ་ནས་ནི། །བཀྲེས་ན་ནས་ཐུག་འབྲས་བརྡོས་པའི། །འབྲས་ཅན་དག་ནི་བཟའ་བྱ་ཞིང། །ཤ་ཁུ་སླ་བའི་ཁུ་བ་འམ། མུངྒ་འུར་པའི་ཁུ་བཅས་བཟའ་། ཞེས་བྱ་བ་ལ། དེ་ནས
་དེ་ལྟར་སྐྱོ་མ་འཐུངས་པ་དེ་ཞུ་བའི་རྗེས་ལ་ཉིན་ཞག་དེ་ཉིད་ལ་བཀྲེས་ཤིང་ཟས་འདོད་བར་གྱུར་བའི་ཟས་ཀྱི་དུས་གཉིས་བར་འབྲས་བརྡོས་པ་ལས་གཡོས་པའི་འབྲས་ཅན་བཟའ་བར་བྱ་བ་འམ། ནས་ཐུག་བཏུང་བར་བྱའོ། དེ་ཡང་གང་དང་ལྷན
་ཅིག་བཟའ་ཞེ་ན། ཤ་ཉུང་ངུ་དག་གི་ཤ་ཁུ་ཤིན་ཏུ་སླ་ཞིང་ཡང་ལ་བཅུད་ཆུང་བའམ། ཡང་སྦྲན་མ་མུངྒ་སྟེ། མོན་སྲན་སྡེའུ་དང་བྱ་འུར་བ་ཞེས་བྱ་བའི་ཤ་ཁུ་བ་དང་བཅས་པ་བཟའ་བར་བྱའོ། །དེ་ཡང་ཤ་ཆུང་སོགས་ཀྱི་ཁུ་བ་སླ། །ཤ་ཉུང་སླ་བ
་ཡིན་པར་བཤད། ཅེས་བྱ་བ་ལ། ལ་ལ་དག་གིས་ཤ་ཁུ་ཚད་ཆེན་མ་ཡིན་སླ། །ཤ་ཁུ་སླ་བ་ཡིན་པར་བཤད། ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཞག་དྲུག་འདི་བཟླས་ཏེ། །ཉམས་སྟོབས་དང་ནི་བསྲུང་བར་བྱ། །ཞེས་བྱ་བ་ལ། ཐུག་པ་ལ་སོགས་པའི
་རིམ་པའི་ཚུལ་དེ་ལྟར་བུས་རིམས་ཀྱིས་བཏབ་པའི་གནས་སྐབས་དང་པོ་འདི་བཟླས་ཤིང་བཟླ་བར་བྱ་སྟེ། ནད་པས་ལུས་ཀྱི་ཉམས་སྟོབས་དང། ནད་ཀྱི་འཕེལ་འབྲིས་ལུས་བསྲུང་བར་བྱ་སྟེ། ནད་ནི་འདིར་རླུང་ལ་སོགས་པའི་གང་ཡང་རུང་བ
་རེ་རེ་འམ་གཉིས་འདྲེས་བའམ་འདུས་བ་དག་ལ་བྱའོ། །དེ་ལས་སྨྱུང་བ་ལ་སོགས་པས། །སྨིན་པའི་ནད་ནི་ལྷག་མ་རྣམས། །སྨན་པ་འམ་ཡང་ན་ཞི་བྱའི་ཕྱིར། །སྨན་ཁུའི་སྦྱོར་བྱ་བ་བསྔགས། ཞེས་བྱ་བ་ལ། དེ་ནས་ཐུག་པ་ལ་སོགས་པ་རིམ་པ་སྤྱད
་པའི་རྗེས་ལ་སྨྱུང་བ་ལ་སོགས་པ་སྟེ་སྨྱུང་བ་དང་དུགས་བྱ་བ་དང་དུགས་དང་ནས་ཐུག་དང་སྨན་བསྐོལ་བའི་ཁུ་བ་ཁུ་བས་རིམས་རྩོམ་པའི་ནད་སྨིན་པར་གྱུར་པ་དང། ནད་ལྷག་མ་རྣམས་སྨིན་པ་ཞི་བར་བྱ་བའི་ཕྱིར་སྨན་ཁུའི་སྦྱོར་བའི་རྣམ་པ
་ལྔ་པོར་རང་གི་ཁུ་བའམ། ལྡེ་ཁཱུམ། བསྐོལ་ཏེ་བསྒྲངས་པ་དང། སྐྱོ་མར་བྱ་བའི་རྣམ་པར་ཕྱེ་བ་དག་བྱ་བ་ནི་ནད་ཕལ་པོ་ཆེ་ལ་བསྔགས་པ་ཡིན་ནོ། །མཁྲིས་པ་ལ་མཆོག་ཏུ་ཁ་བ་སྟེ། བད་ཀན་ལ་ནི་ཆེ་བ་བླུད་ཅེས་བྱ་བ་ལ། །སྨན་བསྐོལ་བའི་ཁུ་བ་དེས་མཁྲིས་པ་ལས
་གྱུར་པའི་རིམས་ལ་ནི་ཁྱད་པར་རམ་མཆོག་ཏུ་རོ་ཁ་བའི་སྨན་གྱི་ཁུ་བ་བླུད་པར་བྱ་སྟེ། མཆོག་ཏུ་ཞེས་སྨོས་པས་ནི་སྨན་ཁ་བ་དེ་ནི་བད་ཀན་ལ་ཡང་བླུད་པར་བྱའོ། །ཞེས་སྟོན་པ་ཡིན་ནོ། །ཚ་བའི་སྨན་བསྐོལ་བ་ནི། །བད་ཀན་གྱི་རིམས་ཁོ་ན་ལ་སྦྱིན་བར་བྱའི་མཁྲིས
་པ་ལ་ནི་མ་ཡིན་ནོ། །བད་ཀན་མཁྲིས་པ་སེལ་བྱེད་ཀྱང། །བསྐ་བ་བསྔགས་པ་མ་ཡིན་ཏེ། །རིམས་སར་དྲི་མ་འགགས་བྱེད་པས། །བསྐ་བ་མི་བཟད་རིམས་བསྐྱེད་ཅིང། དཔག་འཁྱིལ་དང་ཡི་ག་འཆུས། །སྐྱིགས་བུ་དབུགས་མི་བདེ་འང་བསྐྱེད་ཅེས་བྱ་བ་ལ། ངོ་བསྐ་བ
་ལ་ནི། བད་ཀན་དང་མཁྲིས་པ་སེལ་བ་ཡིན་དུ་ཟིན་ཀྱང་རིམས་སར་པ་ལ་ནི་བཏང་བ་བསྔགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དྲི་མ་འགགས་པར་བྱེད་པའི་རྒྱུས་རེ་བ་བསྐ་བ་བླུད་པས་ནི་མི་བཟད་པའི་རིམས་སྐྱེད་པར་བྱེད་པ་དང། དེ་བཞིན་དུ་སྙིང་ནད་དང་ག་འཁྱིལ
་བ་ལ་སོགས་བ་སྐྱེད་པར་འགྱུར་རོ། །དེ་ཡང་རིམས་སར་པ་ལ་ནི་རོ་བསྐ་བས་ནད་འཐས་ཤིང་སྲ་བར་བྱེད་དེ་ནས། ཕྱི་རོལ་དུ་ཡང་འབྱིན་པར་མི་བྱེད་ལ། ནད་དུ་ཡང་སྨིན་ཅིང་འཇུ་བར་བྱེད་དེ། །སླར་ཞིང་ཡན་མན་གྱི་རྒྱུན་སྲང་ངམ། ལམ་ལོག་པར་བྱས་ནས་རིམས་འཕེལ
་བར་བྱེད་དོ། །དེ་ཡང་དྲང་སྲོང་ཙ་ར་ཀས། བསྐ་བའི་རས་ནི་ནད་བཀག་སྟེ། །རིམས་སར་འཐས་པར་བྱེད་འགྱུར་ཞིང། །སྲ་བར་བྱེད་ཅི་སྨིན་མི་བྱེད་།མི་བཟད་རིམས་ནི་སྐྱེ་བར་བྱེད། །ཅེས་བཤད་པ་དང། སྦྱོར་བའི་དབང་དུ་བྱས་ནས་ནི། །བསྐ་བ་བཀག་པ་མ་ཡིན་གྱི། །གང
་ཞིག་བསྐ་བ་བསྐ་འགྱུར་བས། །དེ་ནི་རིམས་པར་དག་ལ་སྦྱང། །ཞེས་བཤད་པ་ཡིན་ནོ། །ལ་ལ་ཞག་བདུན་ནས་སྨིན་གཏོང། །གཞན་དག་ཞག་ནི་བཅུ་ལོན་ནས། །ཁ་ཅིག་ཟས་ཡང་ཟོས་ནས་གཏོང། །མ་ཞུ་ཤས་ཆེ་ལ་མི་བཏང། །ཞེས་བྱ་བ་ལ། སློབ་དཔོན་ལ་ལས
་ནི་ཞིག་བདུན་པའི་རྗེས་ལ། །ཞག་བརྒྱད་པའི་ཉིན་ཞག་གི་ཚེ་སྨན་བླ་སྒང་དང་བརྦ?་ཏ་ལྡུམ་བོ་སྐྲ་བཟང་ཞེས་བྱ་བ་ལ་སོགས་པ་རིམས་འཇོམས་པའི་སྨན་བཏང་བར་བྱའོ། །ཞེས་ཟེར་རོ། །སློབ་དཔོན་གཞན་དག་ནི་ཞག་བཅུ་ལོན་བའི
་རྗེས་ལ་སྨན་བཏང་བར་པའོ། །ཞེས་ཟེར་རོ། །ཡང་སྲོག་འཚོ་བའི་སློབ་དཔོན་ཁ་ཅིག་ན་རེ་གང་གི་ཁ་ཟས་ཡང་བར་ཕྲོས་བར་གྱུར་བ་དང། །དེའི་འོག་ཏུ་སྨན་སྨིན་ཏེ། ཞག་དྲུག་ལོན་ནས་སྨན་བཏང་བར་བྱའོ། །ཞེས་ཟེར་བ་ནས། དེ་ཡན་ཆད་བཀག་པ
་ཉིད་ཡིན་ནོ། །ཚད་འདི་དག་ཐམས་ཅད་ནི་ནད་ཀྱི་གནས་སྐབས་ཀྱི་དབང་གིས་སྦྱོར་བ་དང་འཆིམ་པ་ཉིད་ཡིན་པའི་ཕྱིར་རོ། །མ་ཞུ་བ་ཤས་ཆེ་ཞིང་རྒྱས་པར་གྱུར་པ་ལ་ནི་སྨན་དེ་ཞག་བཅུ་འདས་ཟིན་ཀྱང་སྦྱིན་པར་བྱ་སྟེ། འདི་ནི་སྔར་སྨོས་པའི་ཕྱོགས་གསུམ
་ཆར་ལ་བཀག་པ་ཡིན་ནོ། །མ་ཞུ་བ་ཤས་ཆེ་བ་ལ་སྨན་མི་བཏང་བའི་དགོས་པ་གང་ཡིན་པ་འདིར་སྨྲས་པ་ནི། གང་ཕྱིར་མི་བཟད་རིམས་ཞེ་ན་ལ། ནད་ཀྱི་ཤུགས་ནི་འབྱུང་བར་འགྱུར་ལ། མི་སྨིན་པ་ལ་སྨན་གྱིས་ནི། །རིམས་ནི་སླར་འཕེལ་བྱེད་པའམ།།
་ནད་ནི་ཤིན་ཏུ་བསྲོགས་པ་ཡི། །སྙོམས་དང་རྨོངས་བག་སྐྱེད་པར་བྱེད། །ཅེས་བྱ་བ་ཡིན་ཏེ། རྒྱུ་གང་གི་ཕྱིར་མི་བཟད་པའི་རིམས་ཀྱིས་ཉེན་པའི་སྐྱེས་བུ་ལ་ནི་ནད་ཀྱི་ཤུགས་འབྱུང་བར་འགྱུར་བ་ན་སྨན་བླུད་བར་རྒྱུར་ན་མ་སྨིན་ཅིང་མ་ཞུ་བ་ཉིད་ཀྱིས
་རིམས་དེ་སླར་འཕེལ་ཞིང་རྒྱས་པ་དང་འབར་བར་བྱེད་དོ། །ཡང་ན་རིམས་སར་བ་ཤིན་ཏུ་བསོགས་ཤིང་འཕེལ་བར་གྱུར་བའི་ནད་ལ་སྨན་བཏང་ན་སྙོམས་པ་དང་རྨོངས་བག་གི་ནད་སྐྱེ་པར་བྱེད་ཅིང་སླར་རིམས་དེ་འཕེལ་བར་འགྱུར་རོ། །འོ་ན
་གང་གི་ཚེ་སྦྱིན་བར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི་གང་ཚེ་རིམས་རྩེ་ཞིལ་ལུས་ཡང། །དྲི་མ་ལ་སོགས་གཡོས་གྱུར་པ། །རིམས་བཏབ་ཡུན་རིང་མ་ལོན་ཡང། །དེ་ཚེ་སྨན་གྱི་སྦྱིན་པར་བྱ། །ཞེས་བྱ་བ་ཡིན་ཏེ། །དུས་གང་གི་ཚེ་རིམས་རྩེ་ཞིལ་ཞིང་ཤུགས
་དལ་བ་དང། དེ་བཞིན་དུ་ལུས་ཡང་ཞིང་མ་སྨིན་པའི་ནད་ཀྱི་མནོན་པ་དང། །དྲི་མ་བད་ཀན་དང་མཁྲིས་པ་བཤད་པ་ལ་སོགས་པ་གཡས་པར་གྱུར་ཅིང་གནས་ལས་འཕགས་ཏེ་འགགས་པར་མ་གྱུར་པ་དེའི་ཚེ་རིམས་ཀྱིས་བཏབ་པ་དེ་ཡུན་རིང་པོ་མ་ལོན
་ཞིང་ཞག་དྲུག་མ་འདས་སུ་ཟིན་ཀྱང་སྨན་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །གླ་སྒང་བ་རཱ་ཏ་བཅས་པའམ། །བཅའ་སྒོ་འམ་ཡང་ནི་བྱི་ཆར་བ། བསྐོལ་བ་བསྒྲངས་པའི་ཁུ་བ་བླུད། །ལ་ཏཱ་པུ་ཤེལ་བ་ལི་ཀ་།བླུད་པའམ་དེ་བཞིན་བུ་ནིམྦ། །སླེ་ཏྲེས་གླ་སྒང་དོང་ཀྲ་རྣམས
་འདི་ནི་ཅི་རིགས་པར་བླུད་བྱ། །ནད་སྨིན་བྱེད་པའི་སྨན་ཁུ་ག། རིམས་དང་སྐོམ་ནད་ཡི་ག་འཆུས། །ཁས་རོ་མི་ཚོར་མ་ཞུ་འཇོམས། །ཞེས་བྱ་བ་ལ་ནད་ལ་སོགས་པའི་དབྱེ་བས་པརྤ་ཏ་ཞེས་བྱ་སྐྲ་བཟངས་ལན་འགའ་ནི་གླ་སྒང་དང་སྤྱད་པར་བྱའོ། །ལན་འགའ་ནི་བཅའ་
་སྒ་དང་སྦྱར་ཏེ་བཏང་ངོ། །ཡང་ན་བྱི་ཚར་བ་ཞེས་པ་དུ་ར་ལ་བ་དང་སྦྱར་ཏེ་བསྐོལ་བའི་ཁུ་བའམ། ཡང་ན་བསྐོལ་ཏེ་བསྒྲངས་པའི་ཁུ་བ་བླུད་པར་བྱའོ། །ཡང་ན་བརྦ་ཏ་དང་པུ་ཤེལ་ཙེ་དང་བ་ལ་ཀ་དང་བཅས་བ་གསུམ་པོ་དེ་དག་བསྐོལ་བའི་ཁུ་བ་དྲོ་བའམ། གྲང་བ་བླུད
་པར་བྱའོ། །ཡང་དེ་བཞིན་དུ་བུ་ནིམྦ་ཞེས་བྱ་བ་རྩཝ་མཁྲོས་དང། སླེ་ཏྲེས་ལ་སོགས་པ་སྨན་བཞི་བསྐོལ་དྲོ་བ་འམ། །གྲང་བ་བླུད་པར་བྱའོ། །འདིར་སྨན་པ་སྐོལ་བའི་ཆེད་ནི་སྨན་སྲང་གཅིག་ཆུ་སྲང་བཅུ་དྲུག་དང་བསྐོལ་ཏེ། སྨན་གྱི་ཁུ་བ་སྲང་བཞི་ལུས་པ་བཏུང་བར་བྱའོ།
་བསྐྲངས་པ་ནི་སྨན་སྲང་གཅིག་ལ་ཆུ་སྲང་དྲུག་ལུས་པར་བྱའོ། །བླ་སྒང་པརྤ་ཏ་ལ་སོགས་པའི་སྨན་གྱི་ཁུ་བ་འདི་ནད་ལ་སོགས་པའི་ཚུལ་ལས་བརྟགས་ཏེ། སྨན་གང་རིམས་གང་དང་གང་ལ་བཏང་བར་འོས་པ་སྟེ། དེ་ལ་ཅི་རིགས་པར་བླུད་ཅིང་སྦྱིན་པར་བྱ
་སྟེ། སྨན་གྱི་ཁུ་བ་འདི་ནི་ནད་སྨིན་པར་བྱེད་པ་དང། རིམས་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །ཏུག་མོ་ཉུང་དང་བ་ཏོ་ལའི། །ལོ་མ་དང་ནི་པུ་ཙེ་ཤེལ། །པ་ཏོ་གླ་སྒང་ཐས་ཏྲེས་དང། །བ་ཏ་ད་རི་བུ་ཙེ་ཤེལ། །པ་ཏོ་ནིམྦ་འབྲས་བུ་གསུམ། །རྒུན་འབྲུམ་གས?
་སྒང་དུག་མོ་ཉུང། །ཀི་ར་ཏིགཏ་སླེ་ཏྲེས་དང། །བཅའ་སྒ་དང་ནི་ཙན་དན་དཀར། །སླེ་ཏྲེས་གླ་སྒང་སྐྱུ་རུ་སྦྲང། །ཚིགས་བཅད་ཕྱེད་གྱིས་རྫོགས་བྱས་པ། ལྔ་པོ་འདི་དག་བརྟག་རིམས་སོགས། །ལྔ་པོ་ཞི་བར་བྱེད་པར་འདོད། །ཅེས
་བྱ་བ་ལ། །དུག་མོ་ཉུང་ལ་སོགས་པའི་སྨན་ཚིགས་སུ་བཅས་པའི་ཕྱེད་གྱིས་རྫོགས་པར་བྱས་པས་རྟག་པའི་རིམས་ལ་སོགས་པ་རིམས་ལྔའོ་རྒྱུན་དང་རྟག་པ་ཉིན་གཅིག་པ། ཉིན་གསུམ་པ་དང་ཉིན་བཞི་པ་ཞེས་བྱ་བ་བསྟན་པ་རྟག་པ་རིམས་ནས
་ཉིན་བཞི་པའི་རིམས་ཀྱི་བར་བཞི་པོ་དེ་དག་ལ་ཅི་རིགས་པར་སྦྱར་ན་རླུང་གི་རིམས་ལ་ཕན་པ་ཡིན་ནོ། །རླུང་གི་རིམས་ལ་བྱི་ཚེར་བ། བཅའ་སྒ་སླེ་ཏྲེས་གླ་སྒང་ཕན། །ཡང་ན་པི་པི་ལིང་རྩ་བ། །སླེ་ཏྲེས་དང་ནི་བཅའ་སྒ་འམ། །རྩ་བ་ལྔ་བ་ཆུང་ངུ
་ཕན། །ཞེས་བྱ་བ་ལ། ཡང་ན་རླུང་གི་རིམས་ལ་བྱི་ཚར་བ་ལ་སོགས་པ་སྨན་བཞི་ཕན་པ་ཡིན་ནོ། །ཡང་ན་རླུང་གི་རིམས་ལ་པི་པི་ལིང་གི་རྩ་བ་ལ་སོགས་པའི་སྦྱར་བ་བྱིན་ན་ཕན་པ་ཡིན་ནོ། །ཡང་ན་རྩ་བ་ལྔ་པ་ཆུང་ངུའི་སྦྱོར་བ་ཕན་པ་ཡིན་ནོ། །མཁྲིས
་རིམས་གླ་སྒང་དུག་མོ་ཉུང། །པུ་རྩེ་ཤེལ་ནི་སྦྲང་རྩིར་བཅས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རིམས་ལ་ནི། གླ་སྒང་ལ་སོགས་པའི་སྨན་གསུམ་པོ་སྦྲང་རྩི་དང་བཅས་པ་སྨན་བསྐོལ་བའི་ཁུ་བའི་སྦྱོར་བ་བྱས་ཏེ་བླུད་ན་ཕན་ནོ། དེ
་བཞིན་གླ་སྒང་པརྤ་ཏ། །བྱི་ཚིར་རྩཝ་མཁྲིས་བཅས་པ་ཕན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་མཁྲིས་པའི་རིམས་ལ་ནི། གླ་སྒང་དང་པརྤ་ཏ་དང་བྱི་ཚེར་བ་དང། རྩ་མཁྲིས་ཞེས་བྱ་བ་བུ་ནིམྦ་དང་བཅས་པ་བསྐོལ་ཏེ། བླུད་ན་ཕན་པ་ཡིན་ནོ། །བད་ཀན
་དུག་མོ་ཉུང་སོགས་ཏེ། ཞེས་བྱ་བ་ལ། བད་ཀན་གྱི་རིམས་ལ་དུག་མོ་ཉུང་ལ་སོགས་པའི་སྡེ་ཚན་ཕན་ཏེ། དུག་མོ་ཉུང་ལ་སོགས་པའི་སྡེ་ཚན་ནི་སྔར་སྐྱུ་སྨྱུང་ལ་སོགས་པ་སྡེ་ཚན་གྱི་སྐབས་སུ་དུག་མོ་ཉུང་དང་མུར་བ་ཞེས་བྱ་བ་ལ་སོགས་པ
་བཤད་པ་ཡིན་ནོ། །ཡང་ན་བ་ཤ་ཀ་གླ་སྒང། །བཅའ་སྒ་བྱི་ཚེར་བསྐོལ་བ་ཕན། །ཞེས་བྱ་བ་ལ། ཡང་ན་བད་ཀན་གྱི་རིམས་ལ་ནི་བ་ཤ་ཀ་ལ་སོགས་པ་ཕན་པ་ཡིན་ནོ། །པི་པི་ལིང་རྩ་ཨ་རུ་ར། དོང་ག་གླ་སྒང་པུ་རྩེ་ཤེལ། །བད་ཀན་རླུང་འདྲེས་བཤད་འགགས
་པས། ན་བ་སྨིན་ཅིང་དྲོད་སྐྱེད་བྱེད། །ཅེས་བྱ་བ་ལ། བཤང་པ་འགགས་པ་ལ་སོགས་པ་དང་ལྡན་པའི་རིམས་ལ་ནི། པི་པི་ལིང་ལ་སོགས་པའི་ཁུ་བ་བསྐོལ་བའི་ཁུ་བ་བླུད་ན་སྨིན་པ་དང། །དྲོད་སྐྱེད་པར་བྱེད་དོ། །རླུང་མཁྲིས་ལས་གྱུར་རིམས་པ་ནི།།
་རྒུན་འབྲུམ་ཤིང་མངར་མ་རུ་ཀ། སང་ཕྲོམ་ཏང་དཔལ་ཐལ་ཏྲེས་དང། །གླ་སྒང་སྐྱུ་རུ་བ་ལེ་ཀ། པདྨ་གེ་སར་ཤུག་པ་དང། །པར་རྩ་ཙན་དན་ཨུ་ཤ་རི། །བ་རུ་ཤ་ཀ་ཨུཏཔལ་སྔོན། །རྒུན་སོགས་སྐྱོ་མ་འམ་བསྐོལ་བསྒྲངས་པ། །མེ་ཏོག་ཛ་ཏིའི་དྲིས་བསྒོས་ཏེ།
་ཁ་ར་འབྲས་ཡོས་སྦྲང་རྩིར་སྦྱར། །རླུང་མཁྲིས་རིམས་ནི་འཇོམས་བྱེད་ཅིང། །ཚན་ནད་སློན་བརྒྱལ་ཆེ་མ་གོ་འཁོར། །ངལ་དང་སྟོད་ཀྱི་ཁྲག་མཁྲིས་ནད། །སྐོམ་དང་མིག་སེར་དག་ཀྱང་སེལ། ཞེས་བྱ་བ་ལ། རྒུན་འབྲུམ་དང་ཤིང་མངར་ལ་སོགས་པ་བསྐོལ
་བའི་ཁུ་བ་བསྒྲངས་པ་འམ། །སྐྱོ་མ་ལ་མེ་ཏོག་ཛ་ཏི་ཞེས་བྱ་བ་སྣ་མའི་དྲིས་བསྒོས་པ་དང་ཁ་བ་དང་འབྲས་ཡོས་དང་སྦྲང་རྩི་དང་སྦྱར་བའི་རླུང་དང་མཁྲིས་པ་ལས་གྱུར་པའི་རིམས་འཇོམས་པར་བྱེད་ཅིང། །དེ་བཞིན་དུ་ཆང་ནད་ལ་སོགས་པ་ལས་གྱུར་པའི
་རིམས་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་འཕྲལ་བརྟགས་ཏེ་བཙགས་ནས་སྦྱར་བའི་སྨན་ནི་སྐྱོ་མ་ཞེས་བྱ་ལ། སྨན་བསྐོལ་བའི་ལུ་ཁ་མཚན་མོ་བཞག་པ་ནི་བསྒྲངས་པ་ཞེས་བྱའོ། །པུ་རྩེ་ཤེལ་རྟགས་སྣོད་སར་པ། །གཙང་མ་དག་ཏུ་བསྐོལ་ནས
་ནི། ཁ་ཅིར?་བཞི་ཁུ་བ་མར་དང་སྦྱར། །ཁུ་བ་དེ་ནི་རིམས་ཆེ་སེལ། །ཞེས་བྱ་བ་ལ། སྨན་པུ་རྩེ་ཤེལ་བཏགས་པ་རྫ་མའི་སྣོད་སར་པ་གཙང་ཞིང་མ་རྨེས་པ་དག་ཏུ་ཁུ་བ་བསྐོལ་བའི་ཚུལ་དུ་བསྐོལ་ནས། དེའི་ཁུ་བ་འཁྲུལ་འཁོར་གྱིས་གཙིར་ཏེ་ཕྱུང་བའི
་ཁུ་བ་མར་དང་སྦྱར་བ་འཐུངས་ན་རིམས་དང་ཚ་བ་སེལ་བར་འགྱུར་རོ། །བད་ཀན་རླུང་འདྲེས་ཤུ་དག་དང། །པུ་རྩ་ཤེལ་དང་པ་ཏ་དང། དོང་ག་དུག་མོ་ཉུང་བསྐོལ་ཕན། །ཞེས་བྱ་བ་ལ། བད་ཀན་དང་རླུང་འདྲེས་པ
་ལས་གྱུར་པའི་རིམས་ལ་ཤུ་དག་ལ་སོགས་པ་སྨན་ཁུ་བར་བསྐོལ་བའི་སྦྱོར་བ་བྱས་པ་ཕན་ནོ། །ཡང་ན་སླེ་ཏྲེས་བསྐོལ་པ་ཡི། །ཁུ་བར་པི་པི་ལིང་གི་ནི། ཕྱེ་མ་བཏབ་ཏེ་འཐུངས་པ་ཕན། །ཞེས་བྱ་བ་ལ། ཡང་ན་བད་ཀན་རླུང་འདྲེས་པ
་ལས་གྱུར་པའི་རིམས་ལ་སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་བཏགས་པའི་ཕྱེ་མ་བཏབ་ཏེ་འཐུངས་ན་ནད་དེ་སེལ་ཅིང་ཕན་པར་འགྱུར་རོ། །བྱ་གྲི་བཅའ་སྒ་སླེ་ཏྲེས་བསྐོལ། །པི་པི་ལིང་གི་ཕྱེ་མར་བཅས། །བད་ཀན་རླུང་རིམས
་དབུགས་མི་བད། ལུད་པ་ཆམ་པ་བཟེར་འཇོམས་བྱེད། །ཅེས་བྱ་བ་ལ། བྱི་གྲི་ཞེས་བྱ་ཀཎྚ་ཀཱ་རཱི་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་ཕྱེ་མ་བཏབ་པ་ནི། བད་ཀན་དང་རླུང་གི་རིམས་ལ་སོགས་པ་འཇོམས་པར་བྱེད་པ
་ཡིན་ནོ། །གླ་སྒང་འུ་སུ་ཨ་རུ་ར། །བཅའ་སྒ་སྐྲ་ལོ་བུ་ཏི་ཀ། ཤུ་དག་ག་བྲ་གང་ཕ་ལ། །ཐང་ཤིང་ཤིང་ཀུན་སྦྲང་རྩིར་བཅས། །རླུང་དང་བང་རིམས་མཆིལ་མ་མང། །ལྟོ་དང་སྙིང་ག་རྩིབ་ལོགས་ན། །ལྐོག་ནད་ཁ་ནི་སྐྲངས་པ་དང། །ལུད་པ་དབུགས
་མི་བདེ་རྣམས་སེལ། །ཞེས་བྱ་བ་ལ། གླ་སྒང་ལ་སོགས་པ་བསྐོལ་བའི་སྦྱོར་བས་ཁུ་བར་བྱས་པ་ནི་རླུང་དང་བད་ཀན་གྱི་རིམས་དང། དེ་བཞིན་དུ་མཆིལ་མ་མང་བ་དང་ལྟོ་ན་པ་ལ་སོགས་པ་སེལ་ཅིང་འཇོམས་པ་ཡིན་ནོ། །བསྐོལ་བ་འདི
་དག་ཡང་ལ་སྨན་པ་རྒན་པོ་དག་ནི་ཤིང་ཀུན་ཞོ་གཉིས་དང་ནམ་གཉིས་དང། སྦྱོར་བར་བྱའོ། །དོང་ག་སོགས་ཏེ་སྦྲང་རྩིར་བཅས། །བད་ཀན་མཁྲིས་གྱུར་རིམས་འཇོམས་སོ། །ཞེས་བྱ་བ་ལ། དོང་ག་ལ་སོགས་པའི་སྡེ་ཚན་སྔར། དོང་གདུག
་མོ་ཉུང་ཞེས་བྱ་བ་ལ་སོགས་པ་སྨོས་པ་བསྐོལ་བའི་སྦྱོར་བས་བསྐོལ་ཏེ་སྦྲང་རྩི་དང་བཅས་པར་བླུད་པ་ནི། བད་ཀན་དང་མཁྲིས་པ་ལས་གྱུར་པའི་རིམས་སེལ་བར་བྱེད་དོ། །དེ་བཞིན་དུ་རྩེ་ཤེལ་དང་ནི། བ་ཤ་ཀ་དང་པུ་ཤེལ་ཙེ། །ཁྱི་ལྕེ་བ་དང
་འབྲས་བུ་གསུམ། །སླེ་ཏྲེས་དང་ནི་པ་ཏོ་ལ། བོང་ང་དཀར་པོ་ནིམཔ་དང། མུར་བ་བྱི་ཚེར་བ་ཡང་ཕན། ཞེས་བྱ་བ་ལ། ཡང་དེ་བཞིན་དུ་པུ་རྩེ་ཤེལ་ལ་སོགས་པའི་སྨན་བསྐོལ་བ་སྦྲང་རྩི་དང་བཅས་པ་ནི་སྔ་མ་དང་འདྲ་བར་བད་ཀན་དང་མཁྲིས་པ
་ལས་གྱུར་པའི་རིམས་འཇོམས་སོ། །ཁྱི་ལྕེ་བ་ནི་ཏྲ་ཡ་མ་ནའོ། །བོང་བ?་དཀར་པོ་ནི་ཨ་ཏི་བི་ཤའོ། །འདུས་པའི་རིམས་ལ་བྱ་གྲི་དང། ཐང་ཤིང་སྐྱེར་པ་གླ་སྒང་དང། པ་ཏེ་ལོ་མ་ནིམཔའི་ཤུན། །འབྲས་གསུམ་པུ་རྩེ་ཤེལ་ཡང་ཕན། །ཞེས་བྱ་བ་ལ་འདུས་པ་ལས་གྱུར་པའི་རིམས
་ནད་ལ་དི་བྱ་གྲི་ལ་སོགས་པའི་སྨན་བསྐོལ་བ་ཕན་ནོ། །རླུང་དང་བད་ཀན་ཤས་ཆེའི་རིམས། །ལུད་དབུགས་མི་བདེ་རྩིབ་ལོགས་ཟུག་།དོང་ཀྲ་པུས་དཀར་མུ་ལ་དང། །སླེ་ཏྲེས་ཀཎྚ་ཀཱ་རཱི་ཕན། ཞེས་བྱ་བ་ལ། རླུང་དང་བད་ཀན་ཤས་ཆེ་ཞིང་རྒྱས་པ་ལས་བྱུང་བའི་རིམས་ལུད
་པ་ལ་སོགས་པ་དང་ལྡན་པ་ནི་དོང་ཀྲ་ལ་སོགས་པ་བསྐོལ་བའི་ཁུ་བ་ཕན་ནོ། །རྒུན་འབྲུམ་དུ་ཀའི་མེ་ཏོག། པ་རུ་ཤ་ཀ་ཁྱི་ལྕེ་བ། །པུ་ཤེལ་རྩེ་དང། ཕུ་ཙེ་ཤལ། འབྲས་བུ་གསུམ་དང་བཏང་དཔལ་བཅས། །བསྐོལ་ཏེ་བསྒྲངས་པར་གྱུར་པ་ཡི། །ཁུ་བ་དེ་ནི་དུས་འཐུངས
་ན། །རིམས་ནི་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་པའི་བསྐོལ་བ་བསྒྲངས་པའི་ཁུ་བ་དེ་འཐུངས་ན་ནད་གཞི་སོ་སོ་དང། །གཉིས་འདྲེས་པ་དང། འདུས་པ་ལས་གྱུར་པའི་རིམས་ཐམས་ཅད་འཇོམས་པ་ཡིན་ནོ། །ཛ་ཏི་གླ་སྒང་སྐྱུ་རུ
་ར། །བྱི་ཚེར་བ་བསྐོལ་དེ་འདྲར་ཕན། །ཞེས་བྱ་བ་ལ། ཛ་ཏི་ལ་སོགས་པ་སྨན་བཞི་པོ་བསྐོལ་ཏེ། བསྒྲངས་པ་འཐུངས་པ་ཡང་སྔ་མ་དང་འདྲ་བར་རིམས་ཐམས་ཅད་སེལ་ཅིང་ཕན་པར་འགྱུར་རོ། །བཤང་འགགས་རྒུན་འབྲུམ་པུ་ཙེ་ཤེལ། །ཁྱི་ལྕེ་བུ་རམ་འབྲས
་བུ་གསུམ། །ཞེས་བྱ་བ་ལ། རིམས་ནད་ཅན་གང་བཤད་པ་འགགས་པའི་ནད་ཀྱིས་བཏབ་ན་དེ་ལ་ནི་རྒུན་འབྲུམ་ལ་སོགས་པའི་སྨན་བསྐོལ་ཏེ་བླུད་པར་བྱའོ། །སྐོལ་བ་འདི་ལ་བུ་རམ་ནི་སྲང་གཅིག་ཙམ་དང་སྦྱར་བའི་ཆུ་བཙགས?
་པ་དང་སྦྱོར་བར་བྱེད་དོ། །སྨན་ཞུ་ནས་ནི་ཐུག་པ་སོགས་སྤྱད་བྱ། །ཞེས་བྱ་བ་ལ། སྨན་ཞུ་ཞིང་སྨིན་པར་གྱུར་ནས་ཐུག་པ་ལ་སོགས་པའི་ཁ་ཟས་སྤྱད་ཅིང་བསྟེན་པར་བྱའོ། །བད་ཀན་ཅན་གྱི་མིན། བད་ཀན་གྱིས་བརླན་ལུས་ལ་ནི། །རྡུལ་ལ་ཆ་རེ་འབབ
་འཕེལ་བ་ལྟར། །ཐུག་པ་ཡིས་ནི་བད་ཀན་བསྐྱེད། །ཅེས་བྱ་བ་ལ། བད་ཀན་ལྡན་པའི་ནད་པས་ནི་སྨན་དེ་བླུད་ནས་ཞུ་བའི་རྗེས་ལ་ཐུག་པ་ལ་སོགས་པ་ཟས་སུ་སྤྱད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། བད་ཀན་གྱིས་བརླན་ཅིང་བང་བའི་རིམས་ནད་ཅན་གྱི་ལུས
་དང་ལྡན་པ་ལ་ཐུག་པ་བྱིན་ན་བད་ཀན་སྐྱེད་ཅིང་འཕེལ་པར་བྱེད་དེ། དཔེར་ན་ས་རྡུལ་གྱི་ཚོགས་ལ་ཆར་བབས་ན་འདམ་གྱི་ཚོགས་འཕེལ་བར་འགྱུར་བ་དང་འདྲའོ། །དེའི་ཕྱིར་ཐོག་མ་ཉིད་དུ་ཡང། །ཡུ་ཤ་རྒྱ་སྲན་ཙན་ཀ་སྲན་མ་སོགས་བྱས་ཡང་བ་དང
་རྩུབ་ཅིང་རོ་ཁ་ལྡན་ཡིད་འོང། །ཡིག་འབྱེད་བྱེད་གཡོས་ལེགས་སྦྱིན་ཞེས་བྱ་བ་ལ། དེའི་ཕྱིར་བད་ཀན་དང་ལྡན་པའི་རིམས་ནད་ཅན་ལ་ཐོག་མ་དང་པོའི་ཞག་དྲུག་པ་ཉིད་ལ་སྨྱུང་བ་བྱས་པའི་རྟགས་དང་ལྡན་པའི་འོག་ཏུ་ཐུག་པ་སྦྱིན་པའི་དུས་ཉིད
་ཡིན་དུ་ཟིན་ཀྱང་རྒྱ་སྲན་ཀུ་ལཏྠ་ལ་སོགས་པ་ལས་བྱས་པའི་ཡུ་ཤ་སྟེ་སྲན་ཁུ་ཡང་བ་ཞེས་བ་ཚད་ཆུང་ངུར་བྱས་བརྩུབ་ཅིང་སྣུམ་གྱིས་མ་བཏབ་པ་རོ་ཁ་བ་དང་ལྡན་ཞིང་ངས་བསྲེས་པ་ཡིད་དུ་འོང་ཞིང། སེམས་དགའ་བར་བྱེད་པ་ཡི་ག་འབྱེད
་པར་བྱེད་ཅིང་ཟས་ལེན་པར་བྱེད་པ། གཡོས་ལེགས་ཤིང་ལེགས་པར་སྦྱར་བ་སྦྱིན་པར་བྱའོ། །ས་ལུ་རྩ་སྣར་སོགས་འབྲུ་རྙིང། །དྲུག་ཅུ་པ་ཡང་རིམས་ལ་ཕན། །ཞེས་བྱ་བ་ལ། དེ་བཞིན་དུས་ལ་རྩ་སྣང་ལ་སོགས་པ་སྟེ། འབྲས་ཤུན་པ་དམར་ཞིང་ན?་དང?
་ཤིན་ཏུ་དཀར་བ་ལ་ནི། རཀྟ་ཤ་འི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ས་ལུ་དང་ས་ལུ་ཆེན་པོ་དང་ཀ་ལ་མ་ཤ་ལི་ཞེས་བྱ་བ་བསྡུའོ། །དེ་དག་ནི་རིམས་རྣམས་ལ་ཤིན་ཏུ་ཕན་པ་ཡིན་ལ་དེ་བཞིན་དུ་འབྲས་དྲུག་ཅུ་པ་ཡང་རིམས་ལ་ཕན་པ་ཡིན་ནོ། །བད་ཀན་ཤས
་ཆེར་དེ་བཞིན་ནས། །ཕུབ་མ་མེད་བྱས་ཆག་ཚེའི་ཆན། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་ཞིང་རྒྱས་པའི་རིམས་ལ་ནི་ནས་སོ་བ་ཕུབ་མ་མེད་པ་དྲུས་ལ་ཆག་ཚེར་བྱས་ཏེ་ཆན་དུ་བཅོས་པ་ཕན་ནོ། །ནད་དང་ལུས་ཟུངས་སོགས་སྟོབས་ལས། རིམས་སེལ་སྨན་ཁུ
་བཅོས་འབྲས་ཆན། །ལན་གཉིས་ལན་གསུམ་བཙགས་ནས་ནི། །ཅི་རིགས་པར་ནི་སྦྱིན་པར་བྱ། ཞེས་བྱ་བ་ལ། འབྲས་དེ་དག་ནི་ནད་དང་ལུས་ཟུངས་ཀྱི་ཆ་ལས་བལྟོས་ཏེ་སྔར་བཤད་མ་ཐག་པའི་རིམས་སེལ་བའི་སྨན་བསྐོལ་བའི་ཁུ་བས་ནད་དམིགས་ཇི་ལྟ་བ
་བཞིན་དུ་སྨན་གྱི་ཁུ་བས་འབྲས་ཆན་བཅོས་པ་ལན་གཉིས་སམ་ལན་གསུམ་གྱི་བར་དུ་བཀྲུས་ཤིང་གཟགས་ཏེ། རིམས་ལ་ཅི་རིགས་པར་སྦྱིན་པར་བྱའོ། །མུངྒ་སོགས་དང་ཀུ་ལཏྠའོ། །ཡུ་ཤ་ཡང་བ་རིམས་ནད་འཇོམས། །ཞེས་བྱ་བ་ལ། མུངྒ་ལ་སོགས་ཞེས
་པ་མུངྒ་དང་སྲན་ཆུང་དང། ཙ་ན་ཀ་དང། རྒྱ་སྲན་ཀུ་ལཏྠ་དང། མུ་ཀུནྟ་ཞེས་བྱ་བའི་སྲན་མ་ལ་སོགས་པ་ལ་ཡང་ཞིང་ཚད་ཆུང་བར་བྱས་པའི་སྲན་ཁུ་ཡུ་ཤ་ཡང་རིམས་ནད་འཇོམས་ཤིང་སེལ་བར་འགྱུར་རོ། །ཚོད་མ་དཀར་བེ་ལ་དང། ཀརྐོ་ཏ་དང་ལ་ཕུག་གཞོན། །པརྤ
་ཏ་དང་གརྟ་ཀ། ནིམྦའི་མེ་ཏོག་པ་ཏོ་ལའི། །འབྲས་བུ་དང་ནི་ལོ་མ་ལས། །ལེགས་པར་གཡོས་པའི་ཚོད་ལ་བསྔགས། །ཞེས་བྱ་བ་ལ། རིམས་ནད་ལ་ཚོད་མ་ནི་ཀ་ར་བི་ལ་སོགས་པ་ལས་བྱས་པའི་ཚོད་མ་ཕན་ནོ། །ཤིན་ཏུ་ཡང་བའི་ཤ་དང་ནི། །སྐམས
་སྔའི་སྲོག་ཆགས་ཤ་ཁུ་ནི། །ཀཎྚ་ཀཱ་རཱི་པ་རུ་ཤ། ཨགནི་མན་དང་རྒུན་འབྲུམ་དང། །སྐྱུ་རུ་ར་དང་སེའུ་འབྲུ་དང། །པི་པི་ལིང་དང་བཅའ་སྒ་དང། །འོས་སུ་ཟིར་རྒྱམ་ཚྭར་བཅས། །ཕལ་ཆེར་ཁ་ར་སྦྲང་རྩི་ཆེར། །ལྡན་པ་གཡོས་བྱས་མ་བྱས་པ། །ཞེས་བྱ་བ་ལ། སྐམ
་ས་ལ་གནས་པའི་སྲོག་ཆགས་དགོ་བ་དང། རི་བོང་དང། ཤ་བཀྲ་དང་སྲེག་པ་དང། ཀ་བིཉྫལ་དང། ཀུ་རངྒ་ལ་སོགས་པའི་ཤ་ཁུ་དག་།རིམས་ནད་ཅན་ལ་ཕན་ནོ། །དེ་ཡང་ཀཎྚ་ཀཱ་རཱི་ལ་སོགས་པ་དང་ནད་དམིགས་ཀྱི་ཚུལ་ཇི་ལྟ་བ་ལས?
་སྦྱར་བ་ཕལ་ཆེར་ལ་ཁ་ར་དཀར་པོ་དང་སྦྲང་རྩི་ལ་སོགས་པ་ཤས་ཆེ་ཞིང་མང་བ་དང་ལྡན་པ་གཡོས་སུ་བྱས་པ་སྟེ། སྣུམ་པ་ལ་སོགས་པར་བཏབ་པའམ། གཡོས་སུ་མ་བྱས་པ་སྟེ། སྣུམ་ལ་སོགས་པ་མ་བཏབ་པ་ཤ་ཁུ་བྱས་ཏེ། དེ་ཡང་བསྡུས་པ་ལས་གཡོས
་བྱས་མ་བྱས་དེ་དག་ནི། སྣུམ་སོགས་བཅས་དང་མེད་ཅེས་བྱ། །ཞེས་བཤད་པ་ཡིན་ནོ། །མི་སྐྱུར་དར་བ་བསྐོལ་བ་དང། །ཡི་གར་འོང་ཞིང་སླ་བ་དང། །ལེགས་པར་བསྐོལ་བའི་ཚོད་མ་ཕན། ཞེས་བྱ་བ་ལ། ཚོད་མ་དེ་ཤིན་ཏུ་མི་སྐྱུར་བའི་དར་བ་དང་བསྐོལ་ཅིང། གཡོས
་པ་དང། ཡི་ག་འབྱེ་ཞིང་ཡི་གར་འོང་བ་དང། སླ་ཞིང་དང་པ་དང། ལེགས་པར་བསྐོལ་བ་སྟེ། མེས་ཆོས་པར་བཙོས་ནས་ཕན་པ་ཡིན་ནོ། །དེ་ནི་བཏུང་བའི་ཕྱིར་ཡང་སྦྱིན། །ཆུ་བསྐོལ་བསྒྲངས་པར་གྱུར་པ་དང། །གོམས་པར་གྱུར་པའི་དབང་ལས་ནི། །ཆང
་ཡང་བླུད་པར་བྱ་བ་ཡིན། །ཞེས་བྱ་བ་ལ། ཚོད་མའི་ཁུ་བ་དེ་བཏུང་བའི་ཕྱིར་རམ། །དོན་དུ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ཆུ་བསྐོལ་ཏེ་བསྒྲངས་པ་གང་ཡིན་པ་ཡང་བཏུང་བ་སྟེ་འཚལ་ནན་དུ་སྦྱིན་པར་བྱ་བ་དང་འགོམས་ཤིང་རྗེས་སུ་མཐུན་པའི་དབང་དུ་བྱས་ནས།
་ཆང་དག་ཀྱང་བཏུང་བའི་དོན་དུ་བླུད་ཅིང་སྦྱིན་པར་བྱའོ། །རིམས་དང་བཅས་པའམ་རིམས་བྲལ་བ། །དགོངས་ཀ་ཁ་ཟས་ཡང་བ་སྦྱིན། །དེ་ཚེ་བད་ཀན་མེ་དྲོད་འཕེལ། །ཁོང་པའི་མེ་དྲོད་སྟོབས་དང་ལྡན། །ཞེས་བྱ་བ་ལ་རིམས་དང་བཅས་ཤིང་རིམས་ཀྱི་ཤུགས
་ཡོད་པའམ། །རིམས་དང་བྲལ་ཞིང་རྩེ་ལེགས་པར་ཞིལ་བ་དག་ལ་དགོངས་ཀ་སྟེ། །ཉི་མ་ནུབ་པའི་མཐར་ཁ་ཟས་ཡང་བ་སྦྱིན་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་བད་ཀན་མེད་ཅིང་ཟད་པས་མེ་དྲོད་རྣམ་པར་འཕེལ་ཞིང་རྒྱས་པར་གྱུར་ཏེ། ཁོང་པའི་ཕོ་བའི་མེ་དྲོད
་སྟོབས་དང་ལྡན་ཞིང་མུ་པ་ཡིན་པའི་ཕྱིར་རོ། །ཡང་ན་ཡུལ་གོམས་དབང་ལས་ནི། །ཅི་རིགས་དུས་སཱུང་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་ན་ཅི་རིགས་ཤིང་ཇི་ལྟར་འཚམ་པའི་དུས་སུ་ཟས་སྦྱིན་པར་བྱ་ལ། དེ་ཡང་ཡུལ་གྱི་གོམས་པའི་དབང་དུ་བྱས་ནས། གང་གི་ཟོས
་དུས་གང་ཡིན་པ་དེར་ཡང་སྦྱིན་དུ་རུང་ངོ། །མེ་དྲོད་ཆུང་ལ་སྔར་ཟོས་ན། །ཟས་མ་ཞུ་བས་གཟིར་བར་འགྱུར། །ཞེས་བྱ་བ་ལ། ཅིའི་ཕྱིར་དགོངས་ཀ་ཟས་སྦྱིན་ཞེས་ན། །གང་གི་ཕྱིར་ནད་པར་གྱི་དུས་སུ་མེ་དྲོད་སྟོབས་ཆུང་ཞིང་ཞན་བས་ཉི་མའི་ཆ་དང་པོ་ལ་སྔར་ཟན་ཟོས་ན
་ཟན་མ་ཞུ་བས་ནད་པ་དེ་ལ་གཟིར་ཅིང་མནོན་པར་འགྱུར་རོ། །སྨན་བསྐོལ་ཁུ་བ་ཕན་ཟས་ཀྱིས། །ཞག་བཅུའི་བར་སྨྱུང་བ་བྱ། བད་ཀན་བྲི་ནས་རླུང་མཁྲིས་ནི། །ཤས་ཆེར་རིམས་ལ་ཞུན་མར་སྦྱིན། །ཞེས་བྱ་བ་ལ། གླ་སྒང་དང་བརྦ་ཏ་ལ་སོགས་པ་སྨན་བསྐོལ་བའི་ཁུ
་བ་དང། དེ་བཞིན་དུ་ཕན་པའི་ཟས་ཐུག་པ་དང། ཡུ་ཤ་ལ་སོགས་པས་དང་པོ་རིམས་ཀྱིས་བཏབ་པའི་ཞག་བཅུ་འདས་པ་བྱ་ཞིང། ཚུལ་འདིས་སྨྱུང་བ་བྱས་པར་གྱུར་ནས། །སྨྱུང་བའི་རིམས་པས་བད་ཀན་བྲི་ཞིང་ཆུང་བར་འགྱུར་ལ། རླུང་དང་མཁྲིས་པ་ལྷག་པར་ཤས་ཆེ་ཞིང
་སྨྱུང་བ་ཉིད་ཀྱིས་དེ་གཉིས་འཕེལ་བར་གྱུར་ནས་དེའི་ཞུན་མར་སྦྱིན་པར་བྱའོ་རིམས?་ནད་སྨིན་པ་ལ་བདུད་རྩི་ཡིན། གཞན་དུ་དེ་ནི་དུག་དང་མཚུངས། །ཞག་བཅུ་འདས་པར་གྱུར་ཀྱང་ནི། །རིམས་ཀྱི་བླ་གཉན་འཕེལ་བར་བྱེད། །ཅེས་བྱ་བ་ལ། ཞུན་མར་དེ་ཡང་རིམས་ཀྱི་ནད་སྨིན
་ཅིང་མ་སྨིན་པའི་སྐྱོན་དང་བྲལ་བ་ལ་བླུད་ན་ནི་བདུད་རྩི་དང། འདྲ་བར་ཕན་པ་ཡིན་ལ། །དེ་ལས་གཞན་དུ་རིམས་ནད་མ་སྨིན་ཅིང་བད་ཀན་དང་མཁྲིས་པ་ཤས་ཆེ་བའི་རིམས་ལ་མར་གསར་དེ་བྱིན་པ་ནི་དུག་དང་མཚུངས་པར་གནོད་པར་བྱེད་པ་ཡིན་ཏེ། ཞག་བཅུ་འདས་སུ་ཟིན་ཀྱང་ནད
་མ་སྨིན་པ་དང་རླུང་ཤས་མེད་པ་ལ་བྱིན་པས་ནི་རིམས་ཀྱི་བླ་གཉན་ཇི་སྐད་སྨོས་པའི་ལུད་པ་དང། ཡི་ག་འཆུས་པ་ལ་སོགས་པ་རྣམས་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་མ་སྨིན་པའི་གནས་སྐབས་དེར་མ་བྱིན་ན་ནི་རིམས་དང་དེའི་བླ་གཉན་འཕེལ?
་བར་བྱེད་པ་ཉིད་ཡིན་ནོ། །དེ་ལ་སྨྱུང་བ་ལ་སོགས་རིམས། །བད་ཀན་ཟད་ཀྱི་བར་དུ་བྱ། །ཞེས་བྱ་བ་ལ། དེ་ལ་རིམས་བད་ཀན་གྱིས་ཤས་ཆེ་བ་ལ་ནི་སྔར་བཤད་པའི་ཚུལ་དུ་སྨྱུང་བ་ལ་སོགས་པའི་རིམས་པ་རོ་ཁ་བ་དང་ལྡན་པའི་བར?་གྱི
་སྦྱོར་བ་བྱ་ལ། དེ་ནས་བད་ཀན་ཟད་ཀྱི་བར་དུ་བྱ་སྟེ་རིམས་སྐྱེད་པར་བྱེད་པའི་བད་ཀན་རྒྱས་པ་དུས་ཇི་སྲིད་ཀྱི་ཟད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་སྨྱུང་བ་བྱའོ། །ལུས་དང་ལུས་ཟུངས་སྟོབས་ཞན་པས། །རིམས་རྙིང་དུ་ཡང་གྱུར་པ་ཡིན། །ཞེས་བྱ་བ་ལ། ལུས
་སྟོབས་ཞན་པ་ཉིད་ཀྱི་ཕྱིར་དང། ལུས་ཟུངས་སྟོབས་ཞན་པ་ཉིད་ཀྱི་རྒྱུ། རིམས་རྙིང་པར་འགྱུར་གྱི། རང་གི་རང་བཞིན་གྱིས་ནི་ཡིན་ནོ་ཞེས?་བྱ་བའི་དོན་གྱིས་སྟོན་པ་ཡིན་ནོ། །མེ་དྲོད་རྩུབ་པས་རིམས་སྐྱེད་ཅིང། མེ་དྲོད་རྩུབ་པར་གྱུར་པ་ལ། །སྐྱུགས་སྨན
་དུག་ས་དང་དུས་དང་ཆུ། །བསྐོལ་དང་ཁ་ཟས་སྤངས་པ་ཡིས། །རླུང་གི་ཁམས་ནི་གྲོགས་གྱུར་པས། །གང་ཞིག་སྟོབས་ཆེན་གྱུར་པ་ལ། །དེ་ཡི་ཞི་བྱེད་ཞུན་མར་ཏེ། །ཁང་པ་འབར་ལ་ཆུ་བླུགས་མཚུངས། །ཞེས་བྱ་བ་ལ། གང་གི་ཕྱིར་མེ་དྲོད་རྩུབ་པོ
་སྨིན་པར་བྱེད་པའི་མེ་དྲོད་ཅེས་བྱ་བའི་མཁྲིས་པ་གང་ཡིན་པ་དེ་གཤེར་བ་དང་བྲལ་བས་མེ་དྲོད་ཉིད་དུ་གྱུར་པས་རྩུབ་ཡིན་ལ། མེ་དྲོད་རིམས་སྐྱེད་པར་བྱེད་པ་རྩུབ་པར་གྱུར་པས། ནད་པ་ཡང་རྩུབ་པར་བྱེད་ཅིང་སྐྱུགས་སྨན་ལ་སོགས་པས་ཉམས་སྨད
་ཅིང་སྨྱུང་བ་བྱས་པའི་གསོ་བས་རྩུབ་པར་བྱེད་པས་རྩུབ་པོར་བྱས་པ་དང། གང་རླུང་གི་རང་གི་རང་བཞིན་རྟག་ཏུ་རྒྱུ་ཞིང་འགྲོ་བར་བྱེད་པས་གྲོགས་དང་གསོས་བཏབ་པས་རླུང་གི་ཁམས་གང་ཡིན་པ་དེ་སྟོབས་ཆེན་པོར་གྱུར་པ་ལ་དེ་ཞི་བར་བྱ་བའི་ཐབས
་ནི་ཞུན་མར་བླུད་པ་ཡིན་ཏེ། ཇི་ལྟར་ཁང་པ་འབར་བར་གྱུར་པ་ལ། ཆུ་བླུགས་པས་ཞི་བར་གྱུར་པ་དང་མཚུངས་སོ། །རླུང་མཁྲིས་སེལ་བའི་མཆོག་ཏུ་ནི། །སྤྱོད་པའི་དབང་ལས་འགྱུར་བས་ན། །དེ་ཕྱིར་རང་གི་སྨན་དང་ནི། །ཇི་བཞིན་བསྐོལ་བ་དེ་ལ་སྦྱིན
་ཞེས་བྱ་བ་ལ། ཞུན་མར་དེ་ཡང་རླུང་དང་མཁྲིས་པའི་མཆོག་ཡིན་ལ་དེ་ཡང་སྦྱོར་བའི་དབང་ལས་མཆོག་ཏུ་གྱུར་པའམ། །ཡང་ན་བདག་ཉིད་མཆོག་ཡིན་པའི་སྟེང་དུ་སྨན་གྱི་སྦྱོར་བ་བྱས་པ་དང་རྗེས་སུ་མཐུན་ཞིང་རང་གི་མཚན་ཉིད་ཀྱི་ནུས་པ་འཕེལ་བ་དང། སྦྱོར
་བ་གཞན་དང་རྗེས་སུ་མཐུན་པར་བྱེད་དེ་སྦྱོར་བ་གང་དང་འདྲེས་པ་དེ་རང་ལྷན་ཅིག་རང་གི་བྱ་བ་བྱེད་དེ། །དེ་ཡང་དྲང་སྲོང་རྩ་ར་ཀས། །ཇི་ལྟར་ཞུན་མར་དང་འདྲ་བར། །སྣུམ་གཞན་དག་ནི་གང་ཡང་རུང། །སྦྱོར་བའི་རྗེས་སུ་མཐུན་པ་ཡིན། །དེ་བས་ཞུ་མར་སྣུམ་ཀུན་མཆོད། ཅེས་བཤད་པ་ཡིན་ནོ། །དེ་བས་ཞུན་མར་སྣུམ་སུན་མཆོག་།ཅེས་བཤད་པ་ཡིན་ནོ། །དེ
་ལྟར་ཞུན་མར་ནི་སྦྱོར་བ་དང་རྗེས་སུ་མཐུན་པ་ཡིན་པས། །དེའི་ཕྱིར་ཞུན་མར་དེ་ནད་གང་ཡིན་པ་དེའི་ཉེན་པོར་གྱུར་པའི་རང་གི་སྨན་དང། སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྐོལ་བའི་རིམས་རྙིང་པར་གྱུར་པ་ལ་བསྐོལ་བར་བྱའོ། །རིམས་དྲོ་མི་མཐུན་པས་སེལ་ལ། བསིལ
་བས་མཁྲིས་པའང་སེལ་བར་བྱེད། །སྣུམ་ལས་རླུང་སེལ་བད་ཀན་མར། །མཚུངས་ཀྱང་སྦྱོར་དང་གཡོས་ལས་སེལ། །ཞེས་བྱ་བ་ལ། རིམས་ཀྱི་མཚན་ཉིད་དང་མར་གྱི་མཚན་ཉིད་མི་མཐུན་པ་རྩུབ་པ་དང། དྲོ་བ་གང་ཡིན་པ་དེ་མར་གྱི་ཡོན་ཏན་སྣུམ་བ་དང།
་བསིལ་བས་སེལ་བར་བྱེད་ལ་མཁྲིས་པའི་རྣམ་པ་ནི་མར་གྱིས་བསིལ་བའི་ཡོན་ཏན་གྱིས་སེལ་བར་བྱེད་ཀྱི་སྣུམ་པའི་ཡོན་ཏན་གྱིས་སེལ་བར་མི་བྱེད་དེ། མཁྲིས་པ་ནི་སྣུམ་པ་དང་བཅས་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་རླུང་ནི་མ་གྱི
་སྣུམ་པས་སེལ་བ་ཡིན་གྱི། བསིལ་བས་སེལ་བ་མ་ཡིན་གྱི་རླུང་གི་རང་བཞིན་བསིལ་བ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །སྣུམ་པ་དང་བསིལ་བ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཀྱིས་བད་ཀན་དང་མར་ཡོན་ཏན་མཉམ་པ་ཡིན་དུ་ཟིན་ཀྱང་སྦྱོར་བ་དང་གཡོས་སུ་བྱས་པའི་ནད་ལས
་བད་ཀན་སེལ་བར་བྱེད་དེ། དེ་ལ་སྦྱོར་བ་ནི་བད་ཀན་འཇོམས་པར་བྱེད་པའི་སྨན་དང་ལྷན་ཅིག་ཏུ་སྦྱོར་བྱའོ། །གཡོས་སུ་བྱས་པ་ནི། ཅི་ནས་ཀྱང་བད་ཀན་འཇོམས་པར་བྱེད་པའི་ཡོན་ཏན་འབྱུང་ཞིང་སྐྱེད་པར་བྱེད་པའི་ཚུལ་དུ་གཡོས་པའོ། །སྔར་གྱི་ཁུ
་མར་བཅས་པ། །ཐམས་ཅད་ནད་དམིགས་ཇི་བཞིན་བཏང། །ཞེས་བྱ་བ་ལ། རྒྱུ་དེ་བས་ན་གླ་སྐད་དང་པརྤ་ཏ་ལ་སོགས་པ་རིགས་ཀྱིས་སྨན་སྔར་ཇི་སྐད་བསྟན་པའི་ཁུ་བའང་མར་དུ་བསྐོལ་བ་དེ་ཐམས་ཅད་ནད་དམིགས་ཇི་ལྟ
་བུའི་ཚུལ་ལས་རྗེས་སུ་དཔགས་ཏེ་བཏང་ཞིང་སྦྱིན་པར་བྱའོ། །འབྲས་བུ་གསུམ་དང་ནིམཔའི་ཤུན། །ཤིང་མངར་བྲི་ཧ་ཏཱི་གཉིས་དང། །སྲན་ཆུང་འོ་མར་བཅས་བསྐོལ་བ། །མར་ལྡན་རིམས་དང་ལུད་པ་འཇོམས། །ཞེས་བྱ་བ་ལ། འབྲས་བུ་གསུམ་དང
་ནིམཔའི་ཤུན་ལྤགས་ལ་སོགས་པའི་སྨན་སྲན་ཆུང་གི་ལོ་མ་དང་བཅས་པ་བསྐོལ་ཏེ། སྨན་བུའི་སྦྱོར་བ་བྱས་པ་དང་མར་དང་བཅས་པ་ནི་རིམས་དང་ལུས་པ་འཇོམས་པ་ཡིན་ནོ། །འདིར་ཡང་སྨན་པ་རྒན་པོ་མཁས་པ་རྣམས་ནི་འབྲས་བུ་གསུམ
་ལ་སོགས་པའི་སྨན་སྤྱིར་སྲང་གཅིག་།སྲན་ཆུང་གི་ལོ་མ་སྲད་གཅིག་།མར་སྲང་ཕྱེད་དང་སྦྱར་ཏེ་སྟེར་བར་བྱེད་དོ། །པྲི་ཧ་ཏི་གཉིས་ནི་ཀཎྟ་ཀཱ་རཱི་དང། །བྲི་ཧ་ཏཱི་སྟེ་གཉིས་སོ། །པི་པི་ལིང་ཏིགཏ་དུག་མོ་ཉུང། །ཀཎྚ་ཀཱ་རཱི་བུ་ཙེ་ཤེལ་ཐལ་ཏྲེས། ཏ་མ
་ལ་ཀ་སྐྱུ་རུ་ར་བིལྦ། །གླ་སྒང་ཙན་དན་ཁྱི་ལྕེ་པུ་ཤེལ་ཙེ། །རྒུན་འབྲུམ་པོར་ང?་ས་ལ་པརྞི་དང། །སྐོལ་བའི་མར་གྱི་རིམས་ཀྱི་ནད་དང་ནི། །མེ་དྲོད་མེ་སྙོམས་ཧ་ལི་ས་ཀ་དང། ཡི་ག་འཆུས་དང་མི་བཟད་ཚ་བ་དང། །སྙོམས་པའི་ནད་དང་རྩིབ
་ལོགས་ན་བ་དང། མགོ་ནད་སློན་ནི་མྱུར་དུ་འཇོམས་པར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་བཏགས་པའི་ལྡེ་གུ་མར་གྱི་གཞི་དང། །ཆུ་མར་གྱི་བཞི་འགྱུར་དང། བསྐོལ་བའི་སྨན་མར་གྱིས་ནི་རིམས་ལ་སོགས་པའི་ནད་སེལ
་བར་བྱེད་ལ། མེ་དྲོད་མི་སྙོམས་པ་ནི་རླུང་གིས་མེ་དྲོད་མི་མཉམ་པར་བྱས་པ་ལུས་ཀྱི་གནས་ཀྱི་སྐབས་སུ་བསྟན་པའོ། །ཧ་ལི་ས་ཀ་ནི་སྐྱ་རྦབ་གྱི་ནད་ཀྱི་སྐབས་སུ་རླུང་དང་མཁྲིས་པ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ་ཡིན་ནོ། །གཞན་ནི
་གོ་བར་ཟད་དོ། །སྨན་མར་བསྐོལ་བའི་ཚད་ནི་ལྡེ་གུ་དང་མར་གྱི་ཞི་འགྱུར་དུ་བྱས་ཏེ། །སྨན་མར་བསྐོལ་བའི་ཚད་བཤད་པ། །སྨན་ལས་མར་ནི་བཞི་འགྱུར་བྱ། ཞེས་བཤད་པའི་ཚུལ་གྱིས་སྦྱར་བར་བྱའོ། །དེ་ནས་སྨན་གྱི་ལྡེ་གུའི་བཞི་འགྱུར
་གྱི་མར་བསྐོལ་ལ། འདིར་ཆུ་མ་སྨོས་སུ་ཟིན་ཀྱང། མར་གྱི་བཞི་འགྱུར་དུ་བྱ་བ་དང། ཐམས་ཅད་དུ་བསྐོལ་བར་བྱའོ། །དེ་བཞིན་དུ་སྨན་བཏགས་པའི་ཆུ་དང་སྦྲུས་ལ་སྣུམ་ཉེ་ཆོས་དང་བསྐོལ་བ་ཆུ་མེད་པར་བྱའོ། །གང་དུ་ཚད་ནི་མ་སྨོས་པ་དེར་ནི་སྨན་རྣམས་ཆ་མཉམ་བྱ། །ཞེས་སྨོས
་པའི་ཚིག་འདིས་ནི། ཚད་ཀྱི་ངེས་པ་མ་སྨོས་པ་འདི་དག་ཏུ་ནི་ཆ་མཉམ་པར་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །གང་སྦྱོར་བ་ངེས་པར་མ་སྨོས་པ་དེར་ནི་ལྡེ་གུ་ཉིད་བྱའི་བསྐོལ་བ་ནི་མི་བྱའོ། །དེས་ན་སྨན་གྱི་ལྡེ་གུ་སྲང་བརྒྱད་སྦྱོར་ལ་མར་སྲང་སུམ་ཅུ་རྩ་གཉིས་དང་སྦྱར་ཏེ།
་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་བར་བྱའོ། །དེ་བཞིན་དུ་རློན་པ་ཉིས་འགྱུར་གཞུག་པར་བྱ་ཞེས་བྱ་བ་ལ་སོགས་པ་ཡང་འདིར་ཤེས་པར་བྱ་སྟེ། འདི་དག་ཚད་མ་སྨོས་པའི་སྨན་མར་ཐམས་ཅད་ལ་འདི་ལྟར་བྱ་བ་ཡིན་པར་ཤེས་པར་བྱའོ། །ཏ་མ་ལ་ཀ་ནི་བ
་ཏུ་པ་ཏྲ་དང་ཨ་ཛ་ཏྲ་ཞེས་བྱའོ། །ས་ལ་པརྞི་ནི་སྨན་སྠི་ར་ཞེས་བྱའོ། །དུར་བྱིད་མ་གཏོགས་སེང་ཕྲོམ་སོགས་བསྐོལ་མར། །རླུང་ལས་གྱུར་བའི་རིམས་ལ་བསྔགས་པ་ཡིན། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རིམས་ལ་ནི་སེང་ཕྲོམ་ལ་སོགས་པའི་སྨན་མར་རླུང
་ནད་གསོ་བའི་སྐབས་སུ་བཤད་པ་སེང་ཕྲོམ་སྲང་བརྒྱད་ཅེས་བྱ་བ་ལ་སོགས་པ་གཞུང་གིས་བསྟན་པའི་སྨན་མར་ལས་དེར་སྨོས་པའི་ནད་ནས་དུར་བྱིད་མ་གཏོགས་པ་སྟེ་སྟོན་ཏེ། སྨན་ལྷག་མ་བསྐོལ་བའི་མར་བླུད་པ་བསྔགས་པ་ཡིན་ནོ། །མཁྲིས་པའི་རིམས
་ལ་བུ་ཙེ་ཤེལ་དུག་མར། །ཁྱི་ལྕེ་བར་བསྐོལ་སྨན་མར་གང་ཡིན་ཕན། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རིམས་ལ་ནི། པུ་ཙེ་ཤེལ་གྱི་སྨན་མར་མཛེ་ནད་གསོ་བའི་སྐབས་ནས་བཤད་པ་དང། དུག་གི་སྨན་མར་ཁྲག་མཁྲིས་གསོ་བའི་སྐབས་ནས་བཤད་པ
་དང། ཁྱི་ལྕེ་བའི་སྨན་མར་ཁོང་འབྲས་གསོ་བའི་སྐབས་སུ་ནས་བཤད་པའི་སྨན་མར་གང་ཡིན་པ་དེ་དག་བླུད་ན་ཕན་ནོ། །བྱི་དང་ཀ?་དབང་བྱི་མོ་ཁ་རུ་ཚྭ། །པ་ཏ་ཚྭ་བ་གསུམ་དང་ཙི་ཏ་ཀ་།ལྕེ་མྱང་ཚ་དང་ནས་ཚིགས་འཁུས་?་ལ?།།
་འདི་རྣམས་ཆ་ནི་སྲང་རེར་བྱས་པ་དང། །མར་དང་འོ་མ་ཆ་ནི་མཉམ་བྱས་པ། །པྲེ་གང་བསྐོལ་བ་བད་ཀན་རིམས་རྙིང་འཇོམས། །ཞེས་བྱ་བ་ལ། བྱི་དང་ག་ལ་སོགས་པའི་སྨན་བཅུ་པོ་ཆ་སྲང་རེར་བྱས་པ་སྲང་བཅུ་དང། མར་བྲེ་གང་སྟེ། སྲང་སུམ་ཅུ་རྩ་གཉིས
་དང། །འོ་མ་ཡང་བྲེ་གང་སྟེ། ཡང་སྲང་སུམ་ཅུ་རྩ་གཉིས་དང། །བཅས་པར་བསྐོལ་བའི་སྨན་མར་ནི་བད་ཀན་ལ་སོགས་པའི་རིམས་རྙིང་པ་འཇོམས་བ་ཡིན་ནོ། །འདིར་ཆུ་མ་སྨོས་སུ་ཟིན་ཀྱང་བྲེ་གསུམ་གཞུགས་པར་བྱ་སྟེ། དེ་ལྟར་འོ་མ་དང་ཆུ
་སྤྱིར་བསྡུས་ན་མར་གྱི་བཞི་འགྱུར་དུ་འགྱུར་ཏེ། ཆུ་མེད་པར་འོ་མ་འབའ་ཞིག་གི་སྨན་གྱི་ཁུ་བ་འབྱིན་པར་མི་ནུས་ཏེ། དེ་ཡང་བསྡུས་པ་ལས་འོ་མ་ལ་སོགས་བཅས་བསྐོལ་སྨན། །ཁུ་བ་ལེགས་པར་ཐོན་མི་འགྱུར། །ཞེས་སྨོས་པ་ནི་སྨན་པ་མཁས
་པའི་མན་ངག་གི་རྗེས་སུ་འབྲངས་ནས་ཆུ་བསྐོལ་བའི་སྔོན་དུ་འགྲོ་བ་དང། འོ་མ་ལ་སོགས་པས་བསྐོལ་བར་བྱའོ། །སླེ་ཏྲེས་ཁུ་བ་ལྡེ་གུ་དང། །བ་ཤ་ཀ་དང་འབྲས་བུ་གསུམ། རྒུན་འབྲུམ་དང་ནི་བ་ལེ་དང། བསྐོལ་བའི་སྨན་མར་རིམས་ནད་འཇོམས། །
་ཞེས་བྱ་བ་ལ། སླེ་ཏྲེས་ཀྱི་ཁུ་བ་མར་གྱི་བཞི་འགྱུར་གཞུག་པར་བྱ་ཞིང། དེ་བཞིན་དུ་ཆུ་དང་བཅས་པའི་ལྡེ་གུ་བྱ་ན་ཡང། །མར་གྱི་བཞི་འགྱུར་བྱའོ། །དེ་བཞིན་དུ་བ་ཤ་ཀའི་ཁུ་བ་དང་ལྡེ་གུ་དང། འབྲས་བུ་གསུམ་གྱི་ཁུ་དང་ལྡེ་གུ་རྒུན་འབྲུམ་གྱི་ཁུ་བ། ལྡེ་གུ
་དང། བ་ལེའི་ཁུ་བ་དང་ལྡེ་ཁུ་སོ་སོར་མར་དང་བསྐོལ་བའི་སྨན་མར་ནི་རིམས་ནད་འཇོམས་པར་བྱེད་པ་སྟེ། སྨན་མར་འདྲི་དང་ནི་མར་ཁ་ན་སྦྱར་བར་བྱ་སྟེ། དེ་ནི་རིམས་ལ་ཕན་པ་ཡིན་པའི་ཕྱིར་དང། ཞུན་མར་གྱི་སྐབས་ཡིན་པའི་ཕྱིར་རོ། །མར?་ཞུ་ནས་ནི
་ཤ་འཇམ་ཁུ་།ཁ་ཟས་བཅས་པ་བཟའ་བར་བྱ། །དེ་ནི་སྟོབས་རབ་སྐྱེད་བྱེད་ཅིང། །ནད་ནི་ཤིན་ཏུ་ཟད་བྱེད་ཡིན། །ཞེས་བྱ་བ་ལ། སྔར་སྨོས་པའི་སྨན་མར་དེ་དག་གང་ཡང་རུང་བ་བྱིན་ནས་དེ་ཞུ་བ་གྱུར་ཅིང་ལེགས་པར་ཞུ་ཟིན་པ་དང། ཤ་འཇམ་ཞིང་སྙི་བ་ལས་བྱས
་པའི་ཤ་ཁུ་ཡང་བ་སྦྱིན་པར་བྱ་སྟེ། །གང་གི་ཕྱིར་ཤ་ཁུ་དེ་ནི་སྟོབས་རབ་ཏུ་བསྐྱེད་ཅིང་འབྱུང་བར་བྱེད་པ་ཡིན་ལ། སྟོབས་བསྐྱེད་པས་ནི་ནད་ཟད་པར་བྱེད་པ་ཡིན་ནོ། །ཀ་ར་བེ་ལ་སོགས་ཁུ་དང། མུངྒ་བད་ཀན་མཁྲིས་འཇོམས་པས། །ཕལ་ཆེར་རླུང་ཤས་ཆེ་རིམས་ལ། །
་གཟེར་དང་བཤད་པ་འགགས་པའི། །སྐྱེད་ཅིང་རིམས་ནི་འཕེལ་བར་བྱེད། །དེ་ཕྱིར་རིམས་ནི་བསྔགས་མ་ཡིན། །ཞེས་བྱ་བ་ལ། སྨན་ཀ་ར་བ་རལ་སོགས་པའི་ཁུ་བ་གང་དག་ཡིན་པ་དེ་ནི་བད་ཀན་དང་མཁྲིས་པ་སེལ་ཅིང་ཤས་ཆེར་རླུང་འཕེལ་བར་བྱེད་པ་ཡིན་པས
་དེ་ཕྱིར་རིམས་རྙིང་པ་རླུང་གི་ཤས་ཆེ་བ་ལ་སྦྱིན་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཟེར་ལ་སོགས་པ་འཕེལ་བར་བྱེད་པས་དེའི་ཕྱིར་བསྔགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་བྱས་ཀྱང་ནི། །རིམས་ནི་ཞི་བར་མ་གྱུར་ན། སྣང་འོས་ལ་ནི་སྦྱང་བར་བྱའོ། །ཞེས་བྱ་བ་ལ། དེ་ལྟར་རིམས
་བཞིན་དུ་ཟིན་ཀྱང་བཅས་ཤིང་སྨན་མར་བླུད་དུ་ཟིན་ཀྱང་གལ་ཏེ་རིམས་ཞི་ཞིང་བྱང་བར་མི་གྱུར་ན། དེའི་འོག་ཏུ་སྦྱང་བར་བྱ་བར་འོས་པ་སྦྲུམ་མ་དང། ཁོང་རྩུབ་པ་དང། མེ་དྲོད་ཆུང་བ་ལ་སོགས་པ་མ་གཏོགས་པ་སྐྱུགས་སྨན་ལ་སོགས་པ་སྦྱང་བ་ཞེས་བྱ་སྐྱུགས་སྨན
་ནམ་འཁྲ?་སྨན་ནམ་གང་ཡིན་པ་བྱའོ། །དེ་ལ་སྐྱུགས་སྨན་སྔར་བཤད་པ། །མ་ཞུ་བར་ནི་གནས་ནད་ལ། །སྟོབས་ཅན་སྟོབས?་ནི་བསྲུང་སྟེ་བཏང། །ཞེས་བྱ་བ་ལ། རིམས་ནད་ཅན་དེ་ལ་སྔར་བཤད་པའི་སྐྱུགས་སྨན་པོ་སོན་ཆའི་སྙིང་པོར་བཅས་ཞེས་བྱ་བ་ལ་སོགས་པས་ལེའུ
་འདི་ཉིད་ཀྱི?་ནང་དུ་སྔར་བསྟན་པ་དག་བླུད་པར་བྱ་ལ། དེ་ཡང་མ་ཞུ་བའི་གནས་ལ་གནས་ཤིང། །དེ་བསྟེན་པའི་ནད་ཕལ་ཆེར་བད་ཀན་གྱི་ཤས་ཆེ་བའི་ནད་ལ་བཏང་བར་བྱ་ལ། དེ་ཡང་ནད་པ་ཉམས་སྟོབས་དང་ལྡན་པའི་ཉམས་སྟོབས་དེ་མ་ཉམས་པར་བསྲུངས་ལ་སྨན
་བཏང་བར་བྱའོ། །སྨིན་ཅིང་ནང་ནི་ལྷོད་གྱུར་པ་འམ། །ཆང་དང་དུག་ལས་བྱུང་རིམས་ལ། །ཤ་མ་དུར་བྱིད་འབྲས་བུ་གསུམ། །པི་པི་ལིང་དང་གེ་སར་དང། །ཡང་ན་ཚ་བ་གསུམ་སོགས་སྨན། །ཁ་ར་སྦྲང་རྩིར་བཅས་པར་སྦྱིན། །ཞེས་བྱ་བ་ལ། ནད?་སྨིན
་ཅིང་མ་ཞུ་བ་མེད་པ་དང། །ལྷོད་ཅིང་གནས་ལས་གཡོས་པར་གྱུར་པ་འམ། ཡང་ན་ཆང་ནད་དང་དུག་ལས་གྱུར་པའི་རིམས་ལ། །ཤམ་དུར་བྱིད་ལ་སོགས་པའི་ཕྱེ་མ་ལས་སྦྲུས་པའི་བཀྲུ་སྨན་སྦྱིན་པར་བྱའོ། །ཡང་ན་ཚ་བ་གསུམ་ལ་སོགས་པའི་སྨན་ཆོ་ག
་གྲུབ་པ་ལས་ཚ་གསུམ་དྲི་བཟང་གསུམ་གླ་སྒང་ཞེས་བྱ་བ་ལ་སོགས་པས་བཤད་པའི་སྨན་སྦྲང་རྩི་དང་ཁར་དང་བཅས་པ་སྦྱིན་པར་བྱའོ། །དེ་བཞིན་དུ་རྒུན་འབྲུམ་སྐྱུ་རུ་རའི་ཁུ་ག་། རུ་ར་ནི་རྒུན་ཆུར་བཅས། ཞེས་བྱ་བ་ལ། ཡང་དེ་བཞིན་དུ་བཀྲུ་སྨན་གྱི་ཕྱིར་རྒུན
་འབྲུམ་གྱི་ཁུ་བ་དང། སྐྱུ་རུ་རའི་ཁུ་བ་བླུད་པའམ། ཨ་རུ་རའི་ཕྱེ་མ་རྒུན་ཆུའི་ནང་དུ་བཏབ་ཏེ་བླུད་པར་བྱའོ། །དོང་ག་འོ་མར་བཅས་པའམ། །རྒུན་ཆུ་དང་ནི་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་དོང་ག་དང། འོ་མར་སྦྱར་བའམ། རྒུན་ཆུ་དང་དོང་གར་སྦྱར་བ་འམ།
་རྒུན་ཆུ་དང་དོང་གར་སྦྱར་བའི་བཀྲུ་སྨན་བླུད་པར་བྱའོ། །འབྲས་བུ་གསུམ་མམ་ཁྱི་ལྕེ་བ། འོ་མ་རིམས་དང་ལྡན་པར་བཏུང། །ཞེས་བྱ་བ་ལ། ཡར་རིམས་དང་ལྡན་པའི་མིས་འབྲས་བུ་གསུམ་དང། འོ་མ་སྦྱར་བ་འམ། །ཁྱི་ལྕེ་བ་དང་འོ་མར་སྦྱར་བ་བཏུང་བར
་བྱའོ། །བཀྲུ་སྨན་བཏང་བའི་སྐབས་སུ་ཡང། །ཐུག་སླ་ལ་སོགས་རིམས་བཞིན་བླུད། ཅེས་བྱ་བ་ལ། བཀྲུ་སྨན་བཏང་བའི་སྐབས་དང་ཡང་ཞེས་བྱ་བའི་སྐྱུགས་སྨན་བཏང་བའི་སྐབས་སུ་ཐུག་པ་སླ་བ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེ་ཡང་དང་པོར་འབྲས་ཐུག་སླའོ་རྐྱང་རྐྱང
་པོར་བྱིན་ནས་དེའི་འོག་ཏུ་ཐུག་པ་དང་ཐུག་པ་གར་པོ་ལ་སོགས་པ་རིམས་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །རིགས་ཀྱིས་དྲི་མ་གློང་གཡོས་ཚེ། །དེ་ལ་རྟག་ཏུ་དགག་མི་བྱ། །ནད་ནི་ཁོང་པར་ནང་རྙེད་ནས། །སྨིན་ཀྱང་གནོད་པ་བསྐྱེད་པར་འགྱུར། །ཞེས་བྱ་བ་ལ
་རིམས་ཀྱི་ཚ་བ་ལ་སོགས་པས་ནད་གློངས་ཤིང་བསྐྱོད་པས་སྟོད་དང་སྨད་དུ་གཡོས་ཤིང་བསྐྱོད་ནས་རིམས་ཀྱིས་བཤད་པ་ཞེས་བྱའི་དྲི་འབྱུང་བར་བྱེད་པ་དེ་ལ། རྟག་ཏུ་དགག་ཅིང་མནག་པར་མི་བྱ་སྟེ། གང་གི་ཕྱིར་ནད་སྨིན་པར་གྱུར་ཀྱང་ཞེས་བྱ་བའི་སྒས་མ་སྨིན
་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་བཀག་པར་གྱུར་ན་ཁོང་པ་ཞེས་བྱ་བ་ལུས་ཀྱི་ཕྱོགས་སུ་གནས་རྙེད་ཅིང་འདུག་པའི་སྐབས་རྙེད་པས་ངེས་ངེས་པར་ནད་ཀྱིས་གནོད་པ་བསྐྱེད་པར་འགྱུར་རོ། །ཤིན་ཏུ་ཚབས་ཆེར་བྱུང་གྱུར་ན། །སྨིན་ནས་བཅད་པར་བྱ་བ་ཡིན། །ཞེས
་བྱ་བ་ལ། ཡང་ན་བཤད་བ་ཚབས་ཆེར་འབྱུང་བའི་ནད་དེ་ཤིན་ཏུ་ཚབས་ཆེར་བྱུང་བར་གྱུར་ན་མ་སྨིན་པ་སྨིན་པར་བྱས་ནས་བཅད་ཅིང་དགག་པའི་ཉེས་པར་བྱའོ། །མ་སྨིན་བཀག་པའི་ཉེས་པ་ནི། །ནད་བཅོས་ཐབས་སུ་བཤད་པ་ཡིན། ཞེས་བྱ་བ་ལ། འཁྲུ་བ་མ
་སྨིན་པ་རང་ཉིད་འབྱུང་བར་གྱུར་པ་བཀག་ཅིང་བཤད་བ་ལས། ནད་ཀྱི་ཉེས་པ་གང་དག་བྱུང་བ་དེ་ནི་ནད་གསོ་བའི་ལེའུའི་སྐབས་སུ་བཤད་པ་ཡིན་ཏེ། །དེ་ཡང་དེ་ལས་སྟེང་ངམ་འོག་ཏུ་འབྱུང་བར་རྩོམ། །ནད་ནི་རང་ཉིད་བྱུང་བ་ན། །སྨན་ནི་ནད་ཀྱིས་མི་དགག་ཏེ། །བཀག
་ན་དེ་ཉིད་ནད་བསྐྱེད་འགྱུར། །ཞེས་བཤད་པ་ཡིན་ནོ། །གང་གིས་རྨོངས་པས་ན་སྨིན་པའི། །རིམས་ལ་ནད་འབྱིན་སྨན་གཏོང་བ། །དེ་ནི་སྤྲུལ་ནག་གཉིད་ལོག་པ། །ལག་པ་ཡིས་ནི་རེག་དང་མཚུངས། །ཞེས་བྱ་བ་ལ། སྨན་པ་གང་ཞིག་རྨོངས་ཤིང་མི་ཤེས་པས་ནད
་མ་སྨིན་པའི་རིམས་ལ་ནད་འབྱིན་པའི་སྨན་བཀྲུ་སྨན་གྱི་རྣམ་པ་ནད་པ་ལ་གཏོང་ཞིང་བླུད་པར་བྱེད་ན། སྨན་པ་དེ་ནི་བདག་ཉིད་ཕུང་ཀྲོལ་བསྐྱེད་པ་ཡིན་ཏེ། དཔེར་ན་སྤྲུལ་ནག་པོ་གཉིད་ཀྱིས་ལོག་པར་གནས་ལ། ལག་པའི་རྩེ་མོས་རེག་ན་དེ་སང་ནས་མ་རུང
་བར་བྱེད་པ་དང་མཚུངས་སོ། །རིམས་ཟད་པ་ལ་སློན་སྨན་དང། །བཀྲུ་སྨན་ཕན་པ་མ་ཡིན་ཏེ། དེ་ལ་འོ་མ་དག་གིས་ནི། །མས་བཏང་བས་ནི་ནད་བསལ་བྱ། །ཞེས་བྱ་བ་ལ། རིམས་ཀྱིས་ཉམས་ཟད་པར་གྱུར་པའམ། །རིམས་ཟད་པའི་མི་ལ་སློན་སྨན་དང་བཀྲུ་སྨན
་བཏང་བ་དག་ཕན་པ་ཡིན་ཏེ། བཀྲུས་སྨན་གྱིས་བཅོས་དགོས་པའི་གནས་སྐབས་ལ་བབ་ན་དེ་ལ། འོ་མ་མས་བཏང་བའི་ནི་རུ་ཧ་འམ། །འཇམ་རྩིམས་བཏང་པས་ནད་བསལ་བར་བྱའོ། །འོ་མ་ལ་གོམས་བད་ཀན་ཟད། །ལུས་ཚ
་སྐོམ་དད་གཉིས་ཡོད་ན། །རླུང་དང་མཁྲིས་པས་ཉེན་པ་ནི། །ཚད་པར་འཁྲུ་ཡང་འོ་མ་ཕན། །ཞེས་བྱ་བ་ལ། ནད་པ་འོ་མ་ལ་གོམས་ཤིང་དེ་སྦྱིན་པར་འོས་པ་དང་ཁྱད་པར་དུ་བད་ཀན་ཟད་ཅིང་བྱད་བ་གང་ཡིན་པ་དེ་ལ་ལུས་ཚ་བ་དང་སྐོམ་དད་ཀྱི
་ནད་གཉིས་ཡོད་པ་དང། དེ་བཞིན་དུ་རླུང་དང་མཁྲིས་པས་ཉེན་པར་གྱུར་ན་དེ་ལ་ནི་འོ་མ་བླུད་ན་ཕན་ཏེ། །དེ་ནི་གལ་ཏེ་ཚད་པར་འཁྲུ་བའི་ནད་ཡོད་པ་ལ་ཡང་ཕན་ནོ། གཞན་ལྟ་སྨོས་ཀྱང་ཅི་དགོས། །དེ་ལུས་སྨྱུང་བས་གདུང་པ་དག་།མེས་ཚིག་པ་ཡི
་ནགས་ལ་ནི། །ཆར་ཆུ་འབབ་པས་བསྐྱེད་པ་ལྟར། །རིམས་ནི་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་ལ། འོ་མ་དེས་ལུས་སྨྱུང་བས་གདུངས་ཤིང། ལེན་པར་གྱུར་པ་དག་མྱུར་དུ་འཚོ་ཞིང་རྟས་པར་བྱེད་དོ། །དཔེར་ན་མེས་ཚིག་ཅིང་བསྲེགས་པའི་ནགས་ལ
་ཆར་པའི་ཆུ་འབབ་པས་བསྐྱོད་ཅིང་སླར་མྱུ་གུ་སྐྲུན་པར་བྱེད་པ་དང་འདྲ་བར་འོ་མ་བླུད་པར་འོས་པའི་ནད་པ་རིམས་ཀྱིས་ལུས་ཟུངས་ཟད་པར་བྱས་པ་ལ། འོ་མ་བླུད་ན་རིམས་དེ་མྱུར་དུ་སེལ་ཅིང་འཇོམས་པར་བྱེད་དོ། །དེ་བས་འོ་མ་སྦྱར་ཏེ་བསྐོལ། དྲོ་བ
་འོ་མ་བསྒྲངས་པའམ། བཞོས་མ་ཐག་།དུས་ཀྱི་དབྱེ་བ་ཤེས་ཏེ་སྦྱིན། །དེ་ལ་གཞན་དུ་རིམས་ཅན་གསོད། །ཅེས་བྱ་བ་ལ། དེ་བས་ན་འོ་མ་དེ་ནི་རྫས་གཞན་དང་སྦྱར་ཏེ་བསྐོལ་བ་དྲོ་བའམ་བསྒྲངས་པ་ཡང་ན་བཞོས་མ་ཐག་གང་ཡིན་པ་དེ་ཇི་ལྟར་འོས་ཤིང
་རིགས་པ་དང་དུས་ཀྱི་དབྱེ་བ་ཤེས་ཤིང་བརྟགས་པར་བྱས་ལ་དེ་ལྟ་བུའི་ཚུལ་གྱིས་སྦྱིན་པར་འོས་པའི་ཡུལ་ལ་སྦྱིན་པར་བྱའི། དེ་ལས་གཞན་དུ་དེ་དང་མི་འཚམ་ཞིང་གནོད་པར་འགྱུར་བའི་ཕྱིན་ཅི་ལོག་གི་ཡུལ་ལ་འོ་མ་བླུད་པར་གྱུར་ན། །རིམས་ནད་ཅན་གྱི
་ནད་པ་དེ་གསོད་པར་འགྱུར་རོ། །འོ་མ་བཅས་སྒ་འབྲ་གོར་བཅས། །རྒུན་འབྲུཾ་ཁ་ར་མར་ལྡན་པར། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་བཏབ། །སྐོམ་དད་ལུས་ཚ་རིམས་འཇོམས་བྱེད། །ཅེས་བྱ་བ་ལ། འོ་མ་བཅའ་སྒ་ལ་སོགས་པ་དང་བསྐོལ་ཅིང་བཙོས་ཏེ་བསྒྲངས
་པར་སྦྲང་རྩི་བཏབ་པ་ནི་སྐོམ་དད་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །དེ་བཞིན་བ་ལ་རྒུན་ཤིང་མངར། །ཙན་དན་ཐལ་ཏྲེས་པི་པི་ལིང། །ཞེས་བྱ་བ་ལ། སྔར་བཤད་པའི་བར་འོ་མ་དེ་དང་འདྲ་བ་ཡིན་པས་དེ་བཞིན་ཏེ། །བ་ལ་དང་རྒུན་འབྲུཾ་ལ་སོགས་པ་དང།
་བསྐོལ་བའི་འོ་མ་བསྒྲངས་པ་སྦྲང་རྩི་ལ་བཏབ་པ་ནི་སྐོམ་དད་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །འོ་མ་བཞི་འགྱུར་ཆུར་བསྐོལ་བ་འམ། །པི་པི་ལིང་དང་བསྐོལ་བ་ནི། །རིམས་ཀྱིས་བཏབ་པས་འཐུང་ན་ནི། །གླད་གཟེར་ལུད་པ་དབུགས་མི་བདེ། །རྩིབ་ལོགས
་གཟེར་རིམས་རྙིང་ལས་ཐར། །རྩ་བ་ལྔ་བསྐོལ་དེ་དང་འདྲ། །ཞེས་བྱ་བ་ལ། ཡང་བརྟག་པ་གཞན་དུ་ན་འོ་མའི་བཞི་འགྱུར་གྱི་ཆུའི་ནང་དུ་བསྐོལ་ནས་གདུས་པའི་འོ་མ་བཏུང་བའམ། །པི་པི་ལིང་དང་བསྐོལ་བའི་འོ་མ་བཏུང་བར་བྱ་སྟེ་འོ་མ་དེ་འཐུངས་ན་རིམས་ནད་ཅན་དེ
་ཀླད་གཟེར་ལ་སོགས་པ་ལས་ཐར་པར་འགྱུར་རོ། །དེ་བཞན་དུ་རྩ་བ་ལྔ་དང། བསྐོལ་བའི་འོ་མ་སྨན་པ་མཁས་པའི་ལུང་བཞིན་དུ་འཐུངས་ན་ཡང་ཀླད་པ་གཟེར་བ་ལ་སོགས་པ་ལས་ཐར་པར་འགྱུར་རོ། །ཡང་ན་རྩ་བ་ཆེན་པོ་ལྔ་དང་བསྐོལ་བའི་འོ་མ་འཐུངས་ན་ཡང
་ཡོན་ཏན་དེ་དང་འདྲ་བ་ཡིན་ནོ། །རིམས་རྙིང་པ་ནི་ཡུན་རིང་ཞིག་ཏུ་གནས་པའི་རིམས་ལ་བྱའོ། །ེ་རཎྜ་རྩ་བསྐོལ་བ་འམ། །བིལྦ་གཞོན་ནུ་དང་བསྐོལ་བ་འམ། གཞོས་མ་ཐག་པའི་འོ་མ་འཐུངས། །རླུང་གི་རིམས་ཀྱིས་ཕྱིས་འགགས། ཁག་བཅས་སྤྱིར་ག་ཚང་ཁྲུ་དང།།
་།།སྐོམ་དད་གཟེར་བཅས་འཁྲུ་ལས་ཐར། །ཞེས་བྱ་བ་ལ། ཡང་ན་འོ་མ་ཨེ་རཎྜའི་རྩ་བ་དང་བསྐོལ་བའམ། པིལྦ་གཞན་ནུ་དང་ལྷན་ཅིག་བསྐོལ་བ་འམ་གཞོས་མ་ཐག་པའི་འོ་མ་འཐུངས་ན་མི་དེ་རིམས་ལས་ཐར་བར་འགྱུར་བ་དང། ཡང་རླུང་གི་རིམས
་ཀྱིས་ཕྱིས་འགགས་ཤིང་སྲི་བར་གྱུར་པ་དེ་ལས་ཐར་པ་དང། དེ་བཞིན་རིམས་གང་ཁྲག་དང་བཅས་པའི་སྤྱི་བག་ནལ་ནལ་པོར་འཁྲུ་བ་དང། །དེ་བཞིན་དུ་ཚད་པར་འཁྲུ་བ་དང། །དེ་བཞིན་དུ་སྐོམ་དད་ལ་སོགས་པ་དང་བཅས་པའི་?
་བ་ལས་ཀྱང་ཐར་བར་འགྱུར། །བཅའ་སྒ་བ་ལ་བྱ་གྲི་དང། །གཟེམ་བུ་རམ་འོ་མར་བཙོས། །བསྐོལ་འཐུངས་སྐྲངས་བཤང་ལྕི་དང་ཕྱེ་ན། །འགགས་དང་རིམས་དང་ལུང་པ་འཛེམས། །ཞེས་བྱ་བ་ལ། དེ་བཞིན་དུ་བཅའ་སྒ་ལ་སོགས་པ་དང་བསྐོལ་བའི
་འོ་མ་འཐུངས་ན་ཡང་རིམས་ནད་ཅན་གྱི་སྐྲངས་པ་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །པྲི་ཤཙི་བ་དང་བིལྤ་དང། །པརཤ་བྷུ་དང་བསྐོལ་བ་ཡིས། །རིམས་ཀྱི་སྐྲངས་ནད་སེལ་བ་ཡིན། །ཞེས་བྱ་བ་ལ། པྲི་ཤཙི་བ་ལ་སོགས་པ་དང། བསྐོལ་བའི་འོ་མ་འཐུངས་ན
་ཡང་རིམས་ལས་གྱུར་པའི་སྐྲངས་ནད་སེལ་ཅིང་འཇོམས་པ་ཡིན་ནོ། །དེ་ལ་པྲི་ཤཙི་བ་དང་པརཤ་བྷུ་གཉི་ག་ཡང་པུན་རྣ་བ་ཡིན་ཏེ། པྲི་ཤཙི་བ་ནི་པུན་རྣ་བ་རྩ་བ་དཀར་བ་ཅན་ལ་བྱའོ། །བྷརཤ་བྷུ་ནི་པུན་རྣ་བ་མེ་ཏོག་དམར་པོ་ཅན་ལ་བྱ་སྟེ་མིང་གི་རྣམ་གྲངས་གཞན་དུ་ན
་སི་ན་ཏི་ག་ཞེས་བྱའོ། །ཤིཾ་ཤ་པ་ཡི་སྙིང་པོ་དང། །འོ་མ་དག་ཏུ་བསྐོལ་བ་ནི། །རིམས་ནི་མྱུར་དུ་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། ཤིཾ་ཤ་པའི་སྙིང་པོ་ནི་ནང་ནང་གི་སྙིང་པོ་སྲ་བ་ལ་བྱ་སྟེ། སྙིང་པོ་དེ་དང་འོ་མར་བསྐོལ་བ་འཐུངས་ན་རིམས་མྱུར་དུ་འཇོམས་པར་བྱེད་པ
་ཡིན་ནོ། །འདིར་སྨན་རྣམས་ཀྱི་ཚད་དང་ཆུའི་ཚད་དང་བསྐོལ་བའི་ལྷག་མ་ལུས་པའི་ཆེད་དང་འོ་མའི་ཚད་ནི་སྨན་པ་རྒད་པོ་མཁས་པའི་ཀུན་ཏུ་སྤྱོད་པའི་ལུང་དང་རིགས་པ་དང་སྨན་དཔྱད་ཀྱི་བསྟན་བཅོས་ཀྱི་རྩ་བ་ལ་བཤད་པའི་ཚུལ་ལ་བརྟེན་ནས་དཔྱད་པར་བྱ་སྟེ་དེས་ན
་དང་པོར་སྨན་གྱི་ཆུ་དར་བསྐོལ་བར་བྱས་ལ། ཆུ་དེ་དང་ནི་འོ་མར་བསྐོལ་བར་བྱས་པ་ནི་རིགས་པ་ཡིན་ནོ། །འདིར་ནི་ཆུ་དང་སྨན་གྱི་ཚད་ནི་སྨན་དཔྱད་ཀྱིས་བསྟན་བཅོས་ཀྱིས་རྗེས་སུ་འབྲངས་པས་བརྟགས་པར་བྱ་སྟེ། དེ་ཡང་རྒྱུད་གཞན་ལས། གང་དུ་ཟས་སྐོམ་སྨན་རྣམས་ནི། སྦྱོར
་བ་བྱེད་པར་འདོད་པ་དང། ནས་ཐུག་ཤ་ཁུ་ཡུ་ཤ་དང། །ཤ་ཁུ་ཡང་བཏུང་བ་སོགས། །དེར་ནི་ཚད་དག་སྦྱར་བྱ་བ། །འཇིག་རྟེན་གྲགས་ལས་ཅི་རིགས་བྱ། །ཡང་ན་ཇི་ཙམ་རན་པ་དང། །ཤིན་ཏུ་སྨན་རགས་མི་འགྱུར་བྱ། །གང་དུ་ཟས་དང་སྐོམ་ལ་ནི། །ཁྱབ་དྲེ་དེ་ཙམ
་སྨན་གཞུག་གོ་།དེ་ལས་གཞན་དུ་ནད་ཐུག་སོགས། །ཉེས་པ་སྐྱེད་པར་བྱེད་པ་ཡིན། །ཞེས་བཤད་པ་ཡིན་ནོ།། །།མཁས་པ་རྣམས་ཀྱི་བསྟན་བཅོས་ཤེས་པ་དག་འདི་སྐད་ཅེས་འཆད་དེ། །འདིར་སྨན་གྱིས་ཤས་ཆེར་ཁྱབ་ཅིང་གྲགས་པར་མི་འགྱུར་བ་དེ་ཙམ་དུ
་བཞག་པ་ནི་རན་པ་ཡིན་ནོ། །ཞེས་འཆད་དོ། །དེ་ནས་ཆུ་འོ་མའི་གཅིག་འགྱུར་རམ། ཉིས་འགྱུར་རམ། སུམ་འགྱུར་རམ། བཞི་འགྱུར་གྱིས་འོ་མའི་ལྕི་བ་ལ་སོགས་པའི་ནུས་པ་དབྲི་ཞིང་བསྐྱེད་པར་བྱ་བའི་ཕྱིར། །ནད་དམིགས་ཇི་ལྟ་བ་ལས་སྤྱད་དེ་འོ་མ་བསྐོལ་བར་བྱའོ།།
་དེ་ལ་འོ་མ་བསྐོལ་བའི་སྦྱོར་བའི་ཁྲོད་དུ་སྨན་གང་དག་སྨོས་པ་དེ་དག་ཐམས་ཅད་ཆུར་བསྐོལ་ནས། ཆུ་དེས་འོ་མ་བསྐོལ་བར་བྱ་བ་མ་ཡིན་གྱི་གཞན་དུ་ན་མར་དང་འོ་མ་ཤ་ཁ་ར་ལ་སོགས་པ་སྨན་ལ་ལ་ནི་མེ་བསྐོལ་བར་དེ་ཉིད་དང་འོ་མ་བསྲེས་ལ་འོ་མ་དེ་བསྐོལ་བར་བྱ
་སྟེ། དེ་དག་ནི་འོ་མ་བསྐོལ་བའི་ཆོ་ག་བཤད་པ་ཡིན་ཏེ། དེ་ལྟར་འོ་མ་བསྐོལ་བར་བྱའོ་ཞེས་འཆད་དོ། །དེ་ཡང་འདི་ལྟར། གླ་སྒང་འོ་མ་བསྐོལ་བ་ནི། །ཉི་ཤུ་འོ་མའི་སུམ་འགྱུར་ཚུར། །བསྐོལ་ཏེ་འོ་མ་ལུས་པ་བཏུང། །མ་ཞུ་ནད་དང་བཅས་པ་འཇོམས། ཞེས་བཤད་པ། འདི
་ལ། འོ་མ་ནི་དངོས་སུ་དགོད་པའི་ཕྱིར་དང། །སྦྱོར་བའི་དབང་དུ་བྱས་པའི་ཕྱིར་གཙོ་བོ་ཡིན་ནོ། །དེ་བཞིན་དུ་སྒོག་སྐྱ་སྐམ་པོ་འབའ་ཞིག་ནི། སྲང་བཞི་བཅོས་པར་གྱུར་པ་ལ། །འོ་མ་ཆུ་ཡི་བརྒྱད་འགྱུར་བྱས། །འོ་མ་ལྷག་མ་ལུས་པ་བཏུང། །ཞེས་བཤད་པ་ཡིན་ནོ།། །།ནད
་སྨིན་ཞུ་བའི་གནས་སོང་ལ། མས་བཏང་དྲག་པོས་མས?་སྟོབས་བསྐྱེད། །རིམས་བྲལ་སེམས་དགའ་ཡི་ག་འབྱེད། །མྱུར་དུ་བསྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ནད་སྨིན་པར་གྱུར་པ་ཞུ་བའི་གནས་ལྟེ་བ་མན་ཆད་དུ་སོང་ཞིང་ཕྱིན་པ་ལི་བཀྲུ་སྨན་དག་དྲག་པ་??
་ཧ་བཏང་བར་གྱུར་ན་མེའི་དྲོད་བསྐྱེད་པ་དང། ལུས་ཀྱི་ཉམས་སྟོབས་བསྐྱེད་པ་དང། རིམས་དང་བྲལ་ཞིང་སེལ་བ་དང། སེམས་དགའ་ཞིང་རངས་པ་དང། ཡི་ག་འབྱེད་ཞིང་ཟས་ལེན་པར་བྱེད་དོ། །བཀྲུ་སྨན་མཁྲིས་པ་འམ་བད་མཁྲིས་འདྲེས།།
་མཁྲིས་པའི་གནས་སུ་ཞུགས་པ་སེལ། ཞེས་བྱ་བ་ལ། བཀྲུས་སྨན་གྱི་སྦྱོར་བ་བཏང་བས་ནི། མཁྲིས་པའི་ནད་མཁྲིས་པའི་གནས་ན་གནས་ཤིང་བརྟེན་པ་འམ། །བད་ཀན་མཁྲིས་པའི་གནས་སུ་ཞུགས་པ་སེལ་བར་བྱད་དོ། །འཇམ་རྩི་ནད་ནི་གསུམ་ཆར་དག་།ཞུ་བའི་གནས་ལ
་བརྟེན་པ་སེལ། །ཞེས་བྱ་བ་ལ། འཇམ་རྩི་བཏང་བས་ནི་རླུང་ལ་སོགས་པའི་ནད་གསུམ་ཆར་ཞུ་བའི་གནས་ལྟེ་བ་མན་ཆད་ལ་བརྟེན་པ་སེལ་ལོ། །འོ་མས་བད་ཀན་མཁྲིས་པ་དག་།འཇུག་ངོ་རྒྱབ་དང་རྐེད་པ་ན། །མེ་དྲོད་ཆེ་བ་རྟུག་འགགས་པ། འཇམ་རྩི་མས་བཏང་སྦྱར་བར
་བྱ། །ཞེས་བྱ་བ་ལ། རིམས་ཀྱི་གནས་སྐབས་འདིར་འོ་མས་བད་ཀན་དང་མཁྲིས་པ་དང་ལྡན་པའི་ནད་པ་འཇུག་ངོ་ལ་སོགས་པ་ན་བར་གྱུར་ནས། །མེ་དྲོད་ཆེ་བར་གྱུར་པས་རྟུག་པ་འགགས་ཤིང་སྲི་བར་གྱུར་ན་སྣུམ་གྱི་འཇམ་རྩི་མས་བཏང་བར་གྱུར་ན། ནིམཔ་པ་ཏོ་ལའི
་ལོ་མ། །པུ་ཙེ་ཤེལ་དང་དོང་ག་དང། །ཏི་ར་བ་ལ་པོ་སོན་ཆ། །གཟེམ་པུ་ཤེལ་པ་ལ་ཀ་།འོ་མ་འམ་ཆུར་ནི་བསྐོལ་བ་དག་།འོ་མ་ལྷག་མ་ལུས་པ་ལ། གླ་སྒང་ཤིང་མངར་པོ་སོན་ཆ། པི་པི་ལིང་དང་དུག་མོ་ཉུང། །མར་དང་སྦྲང་རྩི་བསྲེས་པ་ཡི། །འཇམ་རྩི་བཏང་ན
་རིམས་འཇོམས་སོ། །ཞེས་བྱ་བ་ལ། ནིམཔའི་ལོ་མ་ལ་སོགས་པའི་སྨན་དང་འོ་མ་འམ་ཆུ་དང་བསྐོལ་པ་འོ་མ་ལྷག་མ་ལུས་པ་ལ་གླ་སྒྲང་ལ་སོགས་པའི་ལྡེ་གུ་དང་བསྲེས་ལ་མར་དང་སྦྲང་རྩི་སྦྱར་བའི་འཇམ་རྩི་བཏང་བས་རི་རིམས་ནད་ཐམས་ཅད་འཇོམས་ཞིང
་སེལ་བ་ཡིན་ནོ། །འདིར་ནིམཔ་ལ་སོགས་པའི་སྨན་དེ་རྣམས་ཀྱི་བརྒྱད་འགྱུར་གྱི་འོ་མ་དང། ཆུ་ཡང་ཚད་དེ་ཙམ་གཞུག་པར་བྱ་སྟེ། །བསྐོལ་བའི་ལྷག་མ་སྨོས་པས་སྨན་གྱི་བཞི་འགྱུར་བྱ་བ་ཡིན་མོད་ཀྱི། འོ་མའི་ལྷག་མ་ཞེས་སྨོས་པས་བཞི་འགྱུར་དུ་མི་བྱའོ། །འདིར
་ལྡེ་གུ་ནི་བསྐོལ་བའི་བརྒྱད་ཆ་གཞུག་པར་བྱའོ། །ཡང་ན་ཚོད་ཇི་ཙམ་གྱིས་ཤིན་ཏུ་བསྐ་བས་མ། སླ་བ་མ་ཡིན་པའི་ཚུལ་དུ་མར་དང་སྦྲང་རྩི་གཞུག་པར་བྱའོ། །ཡང་ན་མར་དང་སྦྲང་རྩི་སོ་སོར་ནི། །སྲང་གསུམ་ཙམ་གྱི་ཚོད་དུ་བྱ། །ཞེས་སྨོས་པ་ལྟར་ཤེས་པར་བྱའོ། །ནིམཔ་?
་པ་ཏོ་ལ་གཉིས་ཀྱི་ས་ནི་ལོ་མ་ལ་བྱའོ། །སྠི་ར་ནི་ས་ལ་པིརྞའོ། །པརྞི་བཞི་དང་ཤིང་མངར་དང། །པོ་སོན་ཆ་དང་བུ་ཤེལ་ཙེ། །དོང་ག་རྣམས་ནི་བསྐོལ་བ་རུ། །ཤིང་མངར་ཤ་ཏ་པུསྤ་དང། །པྲི་ཡངཀུ་དང་པོ་སོན་ཆ། །གླ་སྒང་ལྡེ་གུར་བྱས་པ་ལ། །བུ་རམ་མར་དང་སྦྲང་རྩིར་བཅས།།
་འཇམ་རྩི་རིམས་ནི་སེལ་བྱེད་ཡིན། ཞེས་བྱ་བ། མ་ཤ་པརྞི་ལ་སོགས་པའི་སྨན་བསྐོལ་བའི་སྦྱོར་བས་བསྐོལ་ལ། །ཤིང་མངར་ལ་སོགས་པའི་སྨན་འཇམ་རྩིའི་ཆོ་ག་ལ་སོགས་པའི་རྣམ་པ་ལྟར་ལྡེ་གུ་བྱས་པ་དང་སྦྱར་ཞིང་བུ་རམ་དང་མར་དང་སྦྲང་རྩི་དང་བཅས
་པའི་འཇམ་རྩི་ནི་རིམས་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་པརྞི་བཞི་ནི་མར་ཤ་པརྞི་དང། མུངྒ་པརྞི་དང། པྲིསྣ་པརྞི་དང། ས་ལ་པརྞིའོ། །པོ་སོན་ཆ་ནི་མ་ད་ན་ཕ་ལའོ། །དོ་ག་ནི་ཨ་རགྒ་ཏག་གོ?་།ཛི་བནྟི་དང་པོ་སོན་ཆ། །མེ་ད་ཤིང་མངར་པི་པི་ལིང། །ཤུ་དག་རིངངི?་ར་སྣ་དང། བ་ལ
་དང་ནི་པིལྤ་དང། ཤོ་ཏི་དང་ནི་ཉེའུ་ཤིང་རྣམས། །མར་དང་ཏིལ་མར་འོ་མ་དང། །ཆུ་དང་བཏགས་ཏེ་ལྷན་ཅིག་བསྐོལ། །སྣུམ་ནི་ནད་དང་རྗེས་མཐུན་པའི། །འཇམ་རྩི་རིམས་ལ་བཏང་བར་བྱ། །ཞེས་བྱ་བ་ལ། ཇི་པནྟི་ལ་སོགས་པའི་སྨན་རྣམས་མར་དང་ཏིལ་མར
་དང། །འོ་མ་ཆུ་དང་ལྷན་ཅིག་བཏགས་ཏེ་ལྡེ་གུ་བྱས་ཏེ་ལྷན་ཅིག་བསྐོལ་བའི་འཇམ་རྩི་རིམས་ནད་ལ་བཏང་བར་བྱའོ། །འདིར་ནི་ཏིལ་མར་དང་ཞུན་མར་ནི་ཆ་མཉམ་པར་བྱའོ། །ཆུ་དང་འོ་མ་ནི་སྣུམ་གྱི་ཉིས་འགྱུར་བྱའོ། །སྨན་སྦྱིར་བསྡུས་པའི་བཞི་ཆའི་སྣུམ་དང་སྦྱར་ལ
་སྣུམ་ཀྱི་བཞི་ཆའི་ལྡེ་གུ་གཞུག་པར་བྱ་ཞིང་སྣུམ་དེ་ཡང་ནད་ཀྱི་ཤས་གང་ཆེ་བ་ལས་དཔག་ཏེ་དེ་དང་རྗེས་སུ་མཐུན་པར་ཞུན་མར་རམ་ཏིལ་མར་རམ་རིལ་མར་གཞུགས་པར་བྱའོ། །གང་ཡང་ཆོ་ག་གྲུབ་པ་ལས། །རིམས་སེལ་བར་ནི་བཤད་པ་ཡི། །འཇམ་རྩི་དག་ཀྱང?
་བཏང་བར་བྱ། །ཞེས་བྱ་བ་ལ། ཆོ་ག་གྲུབ་པའི་གནས་ལས་འཇམ་རྩིའི་སྐབས་སུ་འཇམ་རྩི་གང་ཞིག་རིམས་སེལ་བར་བཤད་པ་དེ་ཡང་རིམས་ནད་ལ་སྦྱིན་པར་བྱའོ། །སྣ་ཡི་བཀྲུ་སྨན་རིམས་རྙིང་ལ། །བཏང་ན་ཡི་ག་འབྱེད་བྱེད་ཅིང། མགོ
་ནི་ལྕི་ཞིང་བད་ཀན་ཆེ། །སེལ་ཅིང་དབང་པོ་གསལ་བྱེད་ལ། །སྣུམ་གྱི་སྣ་སྨན་མགོ་སྟོང་སྙམ། །ལུས་ཚ་མཁྲིས་པ་སེལ་བྱེད་ཡིན། །ཞེས་བྱ་བ་ལ། རིམས་རྙིང་པར་གྱུར་པ་ལ། སྣའི་བཀྲུ་སྨན་བཏང་བར་བྱ་སྟེ། དེས་ནི་ཡི་ག་འབྱེད་པར་བྱེད་པ་དང། མགོ
་ནད་ལ་སོགས་པ་སེལ་བར་བྱེད་པ་ཡིན་ལ། །རིམས་རྙིང་པར་གྱུར་པ། མགོའོ་སྟོང་པ་སྙམ་དུ་སེམས་པ་ལ་ནི་གནས་སྐབས་ཀྱི་བྱེ་བྲག་ལ་མཁས་པའི་སྨན་པས་སྣུམ་གྱི་སྣ་སྨན་བཏང་ཞིང་ལུས་ཚ་བ་ལ་སོགས་པ་སེལ་བར་བྱེད་པའི་སྣ་སྨན་ཡང་བཏང
་པར་བྱའོ། །དུད་རྡུབ་འཁུར་བཀང་འཁུར་བ་པོ། །ནད་དམིགས་ཅི་བཞིན་སྦྱར་བར་བྱ། །ཆམ་པ་ཁས་རོ་མི་ཚར་དང། །མགོ་དང་ལྐོག་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། དེ་བཞིན་དུ་རིམས་རྙིང་པ་ལ་ནི་དུད་བརྡུབ་པ་ལ་སོགས་པའི་སྦྱར་བའི་དེའི
་གནས་ལ་ཇི་སྐད་བསྟན་པ་དག་ནད་དམིགས་ཀྱི་ཚུལ་དང་སྦྱར་ཞིང་བཏང་བར་བྱ་སྟེ། དེས་ནི་ཆམ་པ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །ཡི་ག་འཆུས་ལ་ཁ་ལུང་གི་།གེ་སར་མར་དང་རྒྱམ་ཚྭར་བཅས། །ཡང་ན་རྒུན་འབྲུཾ་སྐྱུ་རུ་ར། ཁ་རའི་ལྡེ་གུ
་འཁུར་བར་བཅད། །ཞེས་བྱ་བ་ལ། རིམས་རྙིང་པ་ལ་ཡི་ག་འཆུས་པའི་ནད་བྱུང་བར་གྱུར་པ་ན། །ཁ་ལུང་ཞེས་བྱ་བ་མ་དུ་ལུང་གའི་གེ་སར་མར་དང་རྒྱམ་ཚར་སྦྱར་བའམ། རྒུན་འབྲུམ་ལ་སོགས་པ་དུགས་སུ་བྱས་པའི་ལྡེ་གུ་འཁུར་བར་བཅད་ཁར
་བཞག་པར་བྱའོ། །རིམས་རྙིང་པགས་པ་ལ་བརྟེན་ལ། །རེག་ན་ཇི་ལྟར་བདེར་འགྱུར་བའི། །སྨན་བསིལ་དྲོ་བ་ལས་སྦྱར་བའི། །སྐུ་བྱུག་ཆུས་བླུག་ལ་སོགས་བྱ། །མིག་སྨན་དུད་པའི་སྦྱོར་བའང་བྱ། གློ་བུར་བྱུང་ལ་ད་དེ་བཞིན། ཞེས་བྱ་བ་ལ། རིམས་རྙིང་པ
་ལ་པགས་པ་ཙམ་ལ་རྟེན་ཅིང་གནས་པའི་ལྷག་མ་ལུས་པ་ལ་རེག་ན་ཅི་ནས་བདེ་ཞིང་ཕན་པར་འགྱུར་པའི་སྨན་བསིལ་པ་དང། །འཕྲོད་དམ་བདེ་བ་དང་འཕྲོད་པའི་ཅི་རིགས་པའི་ལས་བདེ་བ་བསྐྱེད་པར་འགྱུར་བ་དང་མི་འགལ་བའི་སྨན་གྱི་སྦྱོར་བ་བྱས་ལ། སྨན་དེ་བསྐུ?
་བ་ལ་སོགས་པ་ཅི་རིགས་པར་བྱའོ། །དེ་བཞིན་དུ་རིམས་རྙིང་པ་པགས་པ་ལ་གནས་པ་ལ། མིག་སྨན་དང་དུད་པའི་སྦྱོར་བ་ཇི་སྐད་བསྟན་པ་དག་ཀྱང་བྱའོ། །གློ་བུར་དུ་བྱུང་བའི་རིམས་གདོན་དང་དུག་ལས་བྱུང་བ་ལ་ཡང་རེག་ན་ཇི་ལྟར་བདེ་བའི་སྨན་ལས་སྦྱར་བའི་སྐུ
་བ་དང། བྱུག་པ་ལ་སོགས་པ་བྱའོ། །ཚ་ལ་ལན་སྟོང་བཀྲུས་པ་ཡི། །མར་གྱིས་བསྐུ་བ་སྤྱད་པར་བྱ། །ཞེས་བྱ་བ་ལ། རིམས་རྙིང་པ་ལུས་ཚ་བ་དང། བཅས་པ་ལ་ལན་སྟོང་ཞེས་པའི་མཚོན་པ་ལས་མང་དུ་ཆུའི་ནང་དུ་བཀྲུས་ཤིང་མཉེས་པའི་བར་གྱིས་བསྐུ་བར་བྱ་སྟེ། དེ་ཡང
་དང་པོར་མར་སྲུབས་པ་གང་ཡིན་པ་དེ་ཆུའི་ནང་དུ་བཅུག་ལ་ལག་པ་གཉིས་ཀྱིས་ལན་བརྒྱ་ཕྲག་དུ་མར་ཡང་དང་ཡང་དུ་མཉེ་བར་ལ་བྱའོ། །མདོའི་གནས་ལ་བཤད་སྨན་གྱི་སྡེ། མངར་དང་སྐྱུར་དང་བསྐ་བ་དང། དུརྦ་ལ་སོགས་རླུང་མཁྲིས་འཇོམས། །སྐྱུག་སྨན་ལ་སོགས
་སྡེ་ཚན་བཤད། །ནུས་པ་བསིལ་ཞིང་རེག་ན་གྲང། །བསྐོལ་དང་ལྡེ་གུར་བྱས་པ་དང། ཏིལ་མར་འོ་མར་བཅས་བསྐོལ་བ། །བསྐུས་ན་འཕྲལ་དུ་ཚ་རིམས་སེལ། །ཞེས་བྱ་བ་ལ། སྔར་མདོའི་གནས་སུ་བཤད་པའི་སྨན་གྱི་སྡེ་ཚན་མངར་བ་དང་སྐྱུར་བ་དང། བསྐ་བའི
་སྨན་མངར་པའི་སྡེ་ཚན་ནི་མར་དང། །བུ་རམ་དང། གསེར་ལ་སོགས་པ་དང། སྐྱུར་བའི་སྡེ་ཚན་སྐྱུ་རུ་ར་དང་སྟར་བུ་ལ་སོགས་པ་དང། བསྐ་བའི་སྡེ་ཚན་ཨ་རུར་ལ་སོགས་པ་སྟེ། སྡེ་ཚན་དེ་དག་བསྐོལ་བར་བྱ་བ་འམ། ལྡེ་གུར་བྱས་པའམ། ཏིལ་མར་བསྐོལ་བ་འམ།
་ཡང་ན་དུརྦ་ལ་སོགས་པའི་སྡེ་ཚན་ཏེ་དུརྦ་དང་ནི་བྱི་ཚེར་བ། ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ཐལ་ཏས་ཀྱིས་མཐར་ཐུག་པ་དང། ཏིལ་མར་བསྐོལ་བར་བྱ་བ་འམ། སྐྱུག་སྨན་ལ་སོགས་པའི་སྡེ་ཚན་བསྡུས་པའི་སྐབས་སུ་བཤད་བ་ནུས་པ་བསིལ་ཞིང་རེག
་ན་གྲང་བ་སྟེ་འཕྲལ་གྱི་རེག་པ་དང། ཁུ་བའི་ནུས་པ་གཉིས་ཀ་ཡང་བསིལ་པའི་གྱུར་པ་དེ་བསྐོལ་པ་དང། ལྡེ?་གུར་བྱས་པ། ཏིལ་མར་འོ་མ་དང་བཅས་པར་བསྐོལ་བ་དེས་བསྐུས་ན་འཕྲལ་དུ་སྟེ་རིང་པོ་མི་ཐོགས་པའི་དུས་སུ་ཆ་བའི
་རིམས་སེལ་བར་བྱེད་དོ། །འདིར་བསྐོལ་བ་སྨོས་པ་ནི་སྨན་གྱི་ཁུ་བ་དང་སྦྱར་ལ་ལྡེ་གུ་སྨོས་པས་ནི་ལྡེ་གུ་དང་སྦྱར་ཏེ། ཏིལ་མར་གྱི་ཉིས་འགྱུར་གྱིའོ། །མ་དང་སྦྱར་ཏེ། བཙོས་པ་བསྐུ་བར་བྱའོ། །མགོ་དང་ལུས་ཀྱང་དེ་ཉིད་དེ། ཅུང་ཟད་རྩིད་བར་བཏགས་པས་བསྐུ
་ཞེས་བྱ་བ་ལ། སྨན་གྱི་སྡེར་དག་གི་དང་ཏིལ་མར་བསྐོལ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཚ་པའི་རིམས་དེ་དག་ཞི་བར་བྱ་བའི་ཕྱིར་སྨན་དེ་དག་ཅུང་ཟད་རྩིང་དུ་བཏགས་ཏེ། ཧ་ཅང་ཞིབ་མོར་བཏགས་པ་མ་ཡིན་པས་མགོ་དང་ལུས་བསྐུ་བར་བྱའོ། །གལ་ཏེ་སྨན་འདི
་དག་ཤིན་ཏུ་ཞིབ་ཅུ་བཏགས་ཏེ་བསྐུས་ན་སླར་ཞིང་ཆེ་བ་འཕེལ་བར་བྱེད་པ་ནི་རིགས་པ་ཁོ་ན་ཡིན་ནོ། །དེ་ཡང་གཞུང་ལས། ཞིབ་ཏུ་བཏགས་ཤིང་རྟག་བསྐུས་ན། །པགས་གནས་དྲོད་ནི་བཀག་པའི་ཕྱིར། ཙན་དན་གྱིས་ཀྱང་ཚིམ་སེལ། གཞན་དུ་ཨ་ཀ་རུ་སེལ
་བསྐྱེད། །དེ་བསྐོལ་ཆུ་ནི་བླུགས་པ་དང། །ལུས་སྦྱིང་ལ་ཡང་སྦྱར་བར་བྱ། ཞེས་བྱ་བ་ལ། སྡེ་ཚན་དེ་དག་ཉིད་བསྐོལ་བའི་ཆུ་དྲོ་འཇམ་ལུས་ལ་བླུགས་པ་དང། སྨན་ཆུ་དེས་སྣོད་ཆེན་པོ་བཀང་ལ་དེར་ལུས་སྦྱིང་བ་ལ་ཡང་སྦྱར་བར་བྱའོ། །སྐྱུར་རྩབས་ཆུ་དང་འོ་མ་ཚ། །མར་ལ་
་སོགས་པའང་དེ་བཞིན་སྦྱར། །ཞེས་བྱ་བ་ལ། དེ་བཞིན་དུ་རང་སྐྱུར་ལ་སོགས་པ་དག་གིས་བླུགས་པ་དང། ལུས་སྐྱེད་པའི་སྦྱོར་བ་བྱ་སྟེ། །དེས་ཀྱང་པགས་པར་གནས་པའི་རིམས་རྙིང་པ་སེལ་བར་བྱེད་དོ། །བིལ་རྐང་པ་ལུ་ཨ་མྲ་དང། སེའུ་འབྲུ་སང་ཕྲོམ?
་པ་དི་རི། རྒྱ་ཤུགས་ལོ་མ་ལས་བྱུང་པ་འམ། །ལུད་ཐང་གི་ནི་དབུ་པ་ཡིས། །ལུས་གུང་ཚན་རྨོངས་བག་དང། །སྨོན?་དང་སྐོམ?་དང་ཞི་བར་བྱེད། །ཅེས་བྱ་བ་ལ། བིལྤའི་རྐང་དེ་བིལྤའི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་སྨན་ཇི་སྙེད་པ་ལས་རེ་རེ་འམ། མ་ལུས་པའི་ལྡེ?
་གུས་ལུས་བསྐུས་ན། ཚ་བ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །གང་ཞི་ནད་གསོའི་ཐབས་སུ་བཤད། །མཁྲིས་པ་སེལ་བའི་རིམ་པ་དེ། །བསྟེན་པར་བྱས་ན་མྱུར་དུ་ནི། །ཚ་དང་བཅས་པའི་རིམས་སེལ་འགྱུར། །ཞེས་བྱ་བ་ལ། ནད་གསོ་བའི་ལེའུའི་སྐབས་སུ་མཁྲིས་པ་བསལ་དང?
་ག་གང་དག་སྔར་བཤད་པ། །མཁྲིས་པ་ལ་ནི་མར་སར་བླུད་ཅེས་བྱ་བ་ལ་སོགས་པའི། །གཞུང་གིས་བསྟན་པ་དེ་བསྟེན་ཅིང་གོམས་པར་བྱས་ནས། ཚ?་བ་དང་བཅས་པའི་རིམས་སེལ་ཅིང་ཞི་བར་འགྱུར། །ནུས་པ་དྲོ་ཞིང་རེག་ན་དྲོ། །རྒྱ་སློས?་གུར་རུམ་ཨ་ཀ་བུ?
་རུ་རྟ་རྡོ་དྲེག་སྟ་ནེ་ཡ། །ས་རལ་དང་ཐང་ཤིན་དང། །ཆུ་སྲིན་སེན་མོར་སྣ་དང། གུ་གུལ་ཤ་དག་བཅའ་ཨང?་དད་སུག་སེལ་གཉིས་དང་ཙ་རོང་དང། །ཙན་དན་སི་བ་དང་བེའུ་རུག་པ། །ཤིཀྲུ་སྤང་སྤོས་བྱ་མ་ཀ། ཡུངས་ཀར་རྩ་བ་བཅུ་པ་དང། །སླེ་ཏྲེས་ཨེ་རཎྜ་གཉིས་དང། བ?
་ཏུ་ར་དང་རོ་ཏི་ཤ། །ཏེམ་ལ་ཡི་འོ་མ་དང། །བྷ་ཏི་ཀ་དང་ས་ལ་ཀི། འོ་སུ་ཨ་ཟ་མོ་ཏ་དང། །ཤུཏི་མ་ཤ་ཀུ་ལཏྭ། །ཙི་ཏྲ་ཀ་དང་པཀཱིརྱ། །ན་ཀུ་ལ་ནི་རྣམ་གཉིས་དང། །གཞན་ཡང་དེ་འདྲའི་གསིལ་བའི་སྨན། །བསྐོལ་དང་ལྡེ་གུར་བྱས་ནས་ནི། །ཆང་དང་སྐྱུར
་རྩ་བས་ལ་སོགས་སྦྱར། །ཏིལ་མར་བསྐོལ་བ་གྲང་རིམས་སྦྱར། །ཞེས་བྱ་བ་ལ། ནུས་པ་ཡང་དྲོ་ཞིང་རེག་པ་དྲོ་བ་སྟེ། ། ཀ་རུ་ལ་སོགས་པའི་སྨན་གང་ཡང་རུང་བ་ལ་ནུས་པ་དང་རེག་པ་གཉི་ག་དྲོ་བ་དང་ལྡན་པ་དེ་དག་བསྐོལ་བའི་སྨན་གྱི་ཆུ་དང། ཆང་དང
་སྐྱུར་རྩ་བས་ལ་སོགས་པ་སྦྱར་ལ། །ཏིལ་མར་དང་བསྐོལ་བ་དག་གང་བའི་རིམས་ལ་སྦྱར་ཞིང་བཏང་བར་བྱའོ། །དེ་ཡང་སྨན་ལྔ་ཡན་ཆད་ནི་སྣུམ་དང་མཉམ་པར་བྱའོ། །ཆང་ལ་སོགས་པ་ནི་གང་རྙེད་པ་དང་སྦྱར་བར་བྱའོ། །སྟོན?་ཡ་ནི་ཅི་ར་ཏི་དང། ཏེལ་པ་ཏ?
་ཀ་ཞེས་བྱ་བ་ལ་སོགས་པའི་མིང་གིས་བསྟན་པའོ། །རྡོ་དྲེག་ནི་ཤ་ལ་པུ་སྦའོ། །ས་རལ་དེ?་ཐང་ཤིང་གི་དབྱེ་བ་ཅི་ལ་ཞེས་བྱའོ། །དེ་ཡང་ཐང་ཤིང་ནི་དེ་བད?་དུ་ཞེས་བྱའོ། །སུ་ག་སྨེལ་གཉིས་ནི་སུག་སྨེལ་དང་ཨེ་ལ་སྒོམ་པོའོ། །ཅི་རང་ནི་ཙོར་ཀའོ། །སིབ་ནི་ཧིང།།?
་གུ་པ་ཏྲའོ། །བྱ་མ་ཀ་ནི་དྲ་བ་དག་དའོ། །རྩ་བ་བཅུ་པ་ནི་རྩ་བ་ཆུང་ངུ་ལྔ་པ་དང། །རྩ་བ་ཆེན་པོ་ལྔ་བསྡུས་པའོ། །ེ་རཎྜ་གཉིས་ནི་ཨེ་རཎྜ་དཀར་པོ་དང། །ེ་རཎྜ་དམར་པོའོ། །པ་ཏུ་ར་ནི་མཚྱ་ཀཤ་ཞེས
་བྱའོ། །བུ་ཏི་ཀ་ནི་ཀ་ཏྲི་ནའོ། །ས་ལ་ཀི་ནི་མོ་ཙའི་ཐང་ཆུ་དྲི་ཞིམ་པའོ། །འོས་སུ་ནི་འོ་སུའི་འབྲས་བུའོ། ། ཟ་མོ་ཏ་ནི་དི་བྱ་ཀའོ། །ཤུ་ཏི་ནི་ཤ་ཏ་པུ་སྤའོ། །པྲཀི་དྱ་ནི་པུ་ཏི་ཀ་རཉྫའོ། །ན་ཀུ་ལ་གཉིས་ནི་ཙ་བི་ཀ་དང། སར་པ་སུ
་གནདའོ། །དེ་དྲོ་འཇམ་གྱི་བསྐུ་བ་དང། །ཞིབ་ཏུ་བཏགས་པས་བྱུག་པར་བྱ། ཞེས་བྱ་བ་ལ། སྨན་དེ་དང་སྦྱར་བའི་ཏིལ་མར་དེ་དྲོ་འཇམ་ཙམ་དུ་བྱས་པ་ནི་གྲང་བའི་རིམས་ལ་བསྐུ་བར་བྱ་ལ། །རྒྱ་སྤོས་ལ་སོགས་པ་ཞིབ་ཏུ་བཏགས
་པས་ནི་རིམས་ནད་ཅན་དེ་ལ་བྱུག་པར་བྱའོ། །ཅུང་ཟད་དྲོ་བས་བླུགས་པ་དང། ལུས་སྤྱིད་བར་ཡང་བྱ་བ་ཡིན། ཞེས་བྱ་བ་ལ། རྒྱ་སྤོས་ལ་སོགས་པའི་སྨན་དེ་དག་ཉིད་བསྐོལ་བའི་ཆུ་དྲོ་འཇམ་ཙམ?་དུ་བྱས་པས་ནི་གྲང་བའི་ལས་ལ
་བླུགས་པ་དང། །ལུས་སྤྱིང་བའི་སྦྱོར་བ་ཡང་བྱའོ། །ཚ་དང་བ་གཅིན་ཞོ་ཁ་ཆུ། །འབའ་ཞིག་གོས་ཀྱང་དེ་བཞིན་བྱ། །ཞེས་བྱ་བ་ལ། གྲང་བའི་རིམ་རྙིང་པ་ལ་ནི། །ཚ་བ་ལ་སོགས་པ་འདི་དག་འབའ་ཞིག་སྟེ། །སྨན་གྱི་སྦྱོར་བ་མ
་བྱས་པའི་འདི་དག་གིས་ཀྱང་ལུས་དང་བླུགས་པ་དང། སྦྱིང་བའི་སྦྱོར་བ་དེ་བཞིན་དུ་བྱའོ། །དོང་ག་ལ་སོགས་སྡེ་ཡིས་ཀྱང། །བཏུང་དང་བསྐུ་དང་བྱུག་པར་བྱའོ། །ཞེས་བྱ་བ་ལ། སྔར་མདོའི་གནས་སུ་དོང་ག་དང། དུག་མོ་ཉུང་དང།
་པ་ཏ་ལི་ཞེས་བྱ་བ་ལ་སོགས་པའི་སྡེ་མཚན་དག་གིས་ཀྱང་བཏུང་བ་ལ་སོགས་པའི་སྦྱོར་བ་བྱའོ། །བསྐུ་བ་ཡང་དེ་ཉིད་དང། བསྐོལ་བའི་ཏིལ་མར་གྱིས་སྐུ་ལ་བྱུག་པ་ཡང་ཆུ?་ལ་སོགས་པ་དང་བཏགས་པ་དག་གིས་བྱའོ། །བདུག?་པ
་ཨ་ཀ་རུ་ལས་བྱུང། །འོག་ནས་བཤད་པའི་རིམས་ལ་སྦྱར། །ཞེས་བྱ་བ་ལ། །གྲང་བའི་རིམས་ལ་དུད་པས་བདུག་པ་ཨ་ཀ་རུའི་སྤོས་ལས་བྱུང་བའི་དུད་པས་བདུག་པར་བྱ་བ་དང། འོག་ནས་བཤད་པའི་བདུག་པ་ལ་འང། ཀ་ཤ་ཞེས་བྱ
་བ་ལ་སོགས་པའི་མི་བཟད་པའི་རིམས་ལ་བཏང་བར་བྱ་བ་དེ་ཡང་གྲང་བའི་རིམས་ལ་སྤང་བར་བྱའོ། །དུགས་ནི་མེས་བྱས་མེ་མ་བྱས། །དུགས་ཀྱི་སྨན་དང་ཁ་ཟས་བསྟེན། ཞེས་བྱ་བ་ལ། དུགས་ཀྱི་ལེའུ་ལས་བཤད་པའི་དུགས་མི་ལས
་བྱུང་བ་དང། མེས་མ་བྱས་པ་དག་ཀྱང་སྦྱར་བར་སྟེ། མེས་བྱས་པ་ནི་བདེ་བ་དང་ཁ་རླངས་དང། ཆུའི་དུགས་ལ་སོགས་པའོ། །མེས་མ་བྱས་པ་ནི་རླུང་མེད་པའི་ཁང་པ་དང། དྲག་ཤུལ་གྱི་རྩོལ་བ་དང། གོས་ཐུགས་པོ་བགོ་བ་དང། འཇིགས་པ་དང
་བཅིངས་པ་དང། འཐབ་པ་དང། ཉིན་མཚན་ལ་སོགས་པ་བསྟེན་པའོ། །དུགས་ཀྱི་བྱ་བ་བྱེད་པའི་སྨན་དང། ཁ་ཟས་ནི་མཁྲིས་པ་བསྐྱེད་པར་བྱེད་པའི་ཟས་དང། སྨན་རྒྱ་སྲན་ཀུ་ལཏྠ་དང། མན་སྲན་གྲེའུ་དང། ནིས་པ་པའི་ཁ་ཟས་དང། རླན
་ཅན་གྱི་ཤ་ལ་སོགས་པ་དེ་དག་བསྟེན་ཅིང་ཟར་གཞུག་པར་ཡའོ། །ཁང་སྦྲུམས་ཕུག་ཏུ་ཉལ་ཞིང། །ལ་བ་དྲེའུ་རྡོག་རེའུ་རྣམས་བགོ། ཞེས་བྱ་བ་ལ། ཡང་གྲང་བའི་རིམས་ཀྱིས་བཏབ་པ་དག་ནི། །ཁང་པ་ཉིས་རིམ་དུ་བྱས་པའི་ཆང་སྦྲུམ་དང།
་ཕུག་ནི་ནང་དུ་ཉལ་དུ་གཞུག་པ་དང། དེ་བཞིན་དུ་ལ་བ་དང། དྲེལ་རྡོག་ལ་སོགས་པ་གདིང་ཞིང་བགོ་བར་བྱའོ། །དུ་བ་མེད་པའི་མདག་མས་གང། །ཞུགས་ལིང་དག་ནི་བསྟེན་པ་དང། །ཞེས་བྱ་བ་ལ། ཞུགས་ལིང་དུ་བ་མེད་ཅུང་ཟད་འབར་བའི
་མདག་མས་གང་བདེག?་བསྟེན་ཅིང་མི་བདེ་བར་བྱའོ། །ཆང་ནི་ཚ་བ་གསུམ་བཅས་དང། །དར་བརྒྱ་སྲན་ཀུ་ལཏྠ། འབྲུ་དང་ཀ་ཏྲ་བ་དག་དང། །འདར་བའི་རིམས་ཅན་དེ་ལ་སྦྱིན། ཞེས་བྱ་བ་ལ། གྲང་བའི་རིམས་ནད་ཀྱིས་ལུས་འདར་ཞིང་གྲང་བའི་མེ
་དེ་ལ། ཚ་བ་གསུམ་དང་བཅས་པའི་ཆང་བླུད་པར་བྱ་སྟེ། ཚ་བ་གསུམ་ནི་པི་པི་ལིང་དང། ན་ལེ་ཤམ་དང། བཅའ་སྒའོ། །ཡང་ན་དར་བ་ལ་ཚ་བ་གསུམ་བཏབ་པ་བླུད་པའམ། །རྒྱ་སྲན་ཀུ་ལཏྠ་ལ་སོགས
་པ་དག་ཀྱང་ཚ་བ་གསུམ་དང་བཅས་པར་སྦྱིན་པར་བྱའོ། །གྲང་བའི་རིམས་ནད་ཅན་དེ་ལ་ཆུང་མ་ནུ་མ་རྒྱས་པ་དང། རྒྱན་གྱིས་བརྒྱན་ཅིང་བཞག་པ་དང། ལང་ཚོད་རྒྱས་ཤིང་ཆང་གིས་མྱོས། །བུད་མེད་ཀྱི་དེས་འཁྱུད་པར་བྱ། །ཞེས་བྱ་བ
་ལ། གང་དེ་གྲང་བའི་རིམས་ཀྱིས་བཏབ་པ་དེ་ལ་ཆུང་མ་ནུ་མ་རྒྱས་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དག་གིས་ཀྱང་འཁྱུད་པར་བྱའོ། །གྲང་དང་བྲལ་ནས་ཤེས་ནས་ནི། །དེ་ནས་དེ་སླར་གསལ་བར་བྱ། ཞེས་བྱ་བ་ལ། གྲང་བའི་འདར
་ནད་དང་ལྡན་པ་དེ་གྲང་བ་དང། བྲེལ་ཞིང་གྲང་བས་ཉེན་པ་མེད་པར་ཤེས་ཤིང་རྟོགས་ནས། དེ་ནས་དེའི་འོག་ཏུ་བུད་མེད་དེ་ལས་གསལ་ཞིང་དབྲལ་བར་བྱའོ། །ནད་ཅིག་འཕེལ་བར་འགྱུར་བ་དང། འགྲིབ་པའམ་ལྡང་བར་གྱུར་པ
་འམ། མཉམ་གནས་ནད་ཀྱི་བད་ཀན་གྱི། །གནས་པའི་རིམ་པས་གསལ་བར་བྱ། ཞེས་བྱ་བ་ལ། ནད་ཆ་མི་མཉམ་པ་དང། ནད་ཆ་མཉམ་པར་འདུས་པ་ལས། ནད་ཅིག་ཕེལ་བས་ནད་ཅིག་བྲི་བར་གྱུར་ན། ཤས་ཆེ་བའི
་ནད་དེ་བསལ་བར་བར་བྱའོ། །ཡང་ན་ནད་ཅིག་ཤས་ཆེར་འཕེལ་བར་གྱུར་པ་དེར་ནི་གཉིས་འབྲི་བར་གྱུར་ན་གཅིག་པུ་གསོ་བར་བྱ་སྟེ། གང་དུ་གཉིས་འཕེལ་བ་དེ་ནི་གཅིག་འབྲི་བར་གྱུར་པ་ལ། གང་དུ་གཅིག་འཕེལ་བར་གྱུར་པ་དེར་ནི
་གཉིས་འབྲི་བར་འགྱུར་རོ། །མཉམ་པར་གནས་པའི་བད་ཀན་གྱི་གནས་ཀྱི་རིམས་པས་བསལ་བར་བྱ་སྟེ། དང་པོ་ཁོ་ནར་ནི་བད་ཀན་གྱི་གཉེན་པོར་གྱུར་པའི་སྨན་བཏང་བར་བྱའོ། །དེའི་འོག་ཏུ་ནི་མཁྲིས་པ་བསལ་བར་བྱའོ། །དེའི་འོག་ཏུ་ནི
་རླུང་གསལ་བར་བྱ་སྟེ། བད་ཀན་གྱི་གནས་ན་གནས་པའི་རིམ་པ་དེས་མཉམ་པར་གནས་པའི་ནད་གསོ་བར་བྱའོ། །འདུས་པའི་རིམས་ཀྱི་ཐ་མར་ནི། །གང་གི་རྣ་བའི་རྩ་བ་རུ། །མི་བཟད་སྐྲངས་པ་འབྱུང་གྱུར་ན། །འགའ་ཞིག་ཐར་བར་འགྱུར་བ
་ཡིན་ཞེས་བྱ་བ་ལ། འདུས་པའི་རིམས་གྱིས་བཏབ་པའི་ཐ་མར་དེ་འདུས་པའི་རིམས་ཀྱིས་ལུས་ཟད་པར་བྱས་པའི་མི་ལ་རྣ་བའི་རྩ་བར་མི་བཟད་པར་ན་བའི་སྐྲངས་པ་ལས་སྣ་ཚོགས་པའི་དབང་གིས་འབྱུང་བར་འགྱུར་ལ། འབྱུང་བ་དེ་ཡང་སྟེས
་དབང་གིས་ནད་པ་འགའ་ཞིག་ཐར་ཅིང་མི་འཆི་བར་འགྱུར་བ་སྲིད་ཀྱི། །ཕལ་ཆེར་ནི་འཆི་བ་ཁོ་ནར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ནི་གཏར་གས་དབྱུང་བ་དང། །ཞུན་མར་བླུད་པས་མྱུར་བསལ་ཏེ། །བདེ་མཁྲིས་སེལ་བའི་སྨན་བསྐུ་དང།།
་སྣ་སྨན་འཁུར་བ་བཀང་བས་གསོ། །ཞེས་བྱ་བ་ལ། སྐྲངས་པ་དེ་ལྟ་བུ་དེ་གཏར་ག་གདབ་སྟེ་ཁྲག་དབྱུང་བ་དང། དེ་བཞིན་དུ་ཞུན་མར་བླུད་ཅིང་སྦྱིན་པ་དང། །དེ་བཞིན་དུ་བད་ཀན་དང་མཁྲིས་པ་སེལ་བའི་སྨན་གྱིས་བསྐུ་བ་དང། སྨན་དེ་དག་གི
་སྣ་སྨན་བཏང་བ་འཁུར་བ་བཀང་ཞིང་ཡོ་བའི་ཐབས་ཀྱི་མྱུར་ཞིང་རིངས་པར་གསོ་ཞིང་བསལ་བར་བྱའོ། །གང་གི་རིམས་ནི་བསྲིལ་དྲོ་དང། སྣུམ་རྩབས་སོགས་ཀྱི་ཞི་མ་འགྱུར། །ཡན་ལག་ཞེན་པ་དེ་རིམས་ཞིན། ལག་དར་ལས་ཁྲག་མྱུར་དུ
་དབྱུང། ཞེས་བྱ་བ་ལ། མི་གང་གི་རིམས་ཡན་ལག་ལ་ཞེན་ཅིང་ལུས་ཟུངས་ཀྱིས་རྗེས་སུ་འབྲང་བ་དེ་ནད་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་བསིལ་བ་ལ་སོགས་པའི་སྨན་གྱིས་ཞི་བར་མ་གྱུར་ན། དེ་ལ་མྱུར་དུ་ལག་དར་ལ་གཏར་ག་བྱལ། ད་ཡང་རིམས
་ཀྱིས་བྱ་བའི་ལག་དར་གཉིས་ལས་ཅིག་ཅར་ནི་མི་བྱའོ། །གོ་ག་འདི་ནི་མི་འབྲད་པའི། །རིམས་ལའང་ནད་དམིགས་ཇི་བཞིན་བྱ། རླུང་སོགས་རིམས་ཀྱི་ཆ་ཕྱེད་ལ། །ཕྱིས་བཤད་གང་ཡིན་དག་ཀྱང་བྱ། །ཞེས་བྱ་བ་ལ། གང་ནད་སྔར་བཤད་པའི་ཆོས་ག་དེ
་ཉིད་ནི་མི་བཟད་པའི་རིམས་བརྟག་པའི་རིམས་ལ་སོགས་དག་ལ་ཡང་ནད་དམིགས་ཇི་ལྟ་བ་བཞིན་ཏེ། རླུང་ལ་སོགས་པའི་ནད་ཀྱི་བྱེ་བྲག་ཇི་ལྟ་བའི་ཚུལ་ལས་རྗེས་སུ་དཔགས་ནས་བྱ་སྟེ། གང་ཕྱིར་བཤད་པ་དེ
་དག་ཀྱང་སྦྱར་བར་བྱའོ། །པ་ཏོ་ལ་དང་པུ་ཙེ་ཤེལ། གླ་སྒང་ཤིང་མངར་ཨ་རུ་ར། །གཉིས་སམ་གསུམ་འམ་ལྔ་ར་སྐོལ་བ། །མི་བཟད་རིམས་ནི་འཇོམས་བྱེད་ཡིན། ཞེས་བྱ་བ་ལ། པ་ཏོ་ལ་སོགས་པའི་སྨན་གསུམ་གསུམ་འམ།
་བཞི་བཞིའམ། ལྔ་ལྔ་བསྐོལ་བ་གང་ཡིན་པ་དེས་ནི་མི་བཟད་པའི་རིམས་རྟག་པའི་རིམས་ལ་སོགས་པ་སེལ་ཅིང་འཇོམས་པར་བྱེད་དོ། །འབྲས་བུ་གསུམ་དང་ཨ་རུ་ར། །སླེ་ཏྲེས་པི་པི་ལིང་སོ་སོར། །ཆོ་ག་དེ་དང་སྦྱར་བའམ། །གེ
་བྱེ་བུར་མ་བཅས་པ་སྦྱིན། ཞེས་བྱ་བ་ལ། འབྲས་བུ་གསུམ་པའི་མན་ཆོ་གའི་སྦྱོར་བའི་ཁུ་བ་དང་ལྡེ་གུ་དང། བསྐོལ་བ་དང་བསྒྲངས་པ་སྐྱོ་མར་བྱ་བ་དང། དེ་བཞིན་དུ་སྨན་མར་དང་ལྡག་པ་དང། །ཕྱི་མ་དང་ནི་རི་ལུར་བྱ་བ། བཅུད
་ཀྱི་ལེན་གྱིས་ཆོ་ག་ལས་བཤད་པའི་སྦྱོར་བས་ཀྱང་སོ་སོར་སྦྱར་བར་བྱ་སྟེ། ནད་དམིགས་ཀྱི་ཚུལ་ལ་དཔགས་ནས་ལན་འགའ་ནི་འབྲས་བུ་གསུམ་སྦྱིན་པར་བྱའོ། །ལན་འགའ་ནི་ཨ་རུ་ར་ཉི་ཚེ་སྦྱིན་པར་བྱའོ། །ལན་འགའ་ནི་སླེ་ཏྲེས་སྦྱིན་པར
་བྱའོ། །ལན་འགའ་ནི་པི་པི་ལིང་སྦྱིན་པར་བྱ་སྟེ། དེ་དག་ནི་སོ་སོའི་སྒྲའི་དོན་ཡིན་ནོ། །ཡང་ན་མི་བཟད་པའི་རིམས་ལ་བུ་རམ་དང་བཅས་པའི་གོ་ཆ་སྟེ། བསེ་ཤིང་གི་འབྲས་བུ་སྦྱིན??་པར་བྱའོ། །རིམས་ཡི་ཐེབས་པའི་ཉིན་ཞག་ལ་།ཉམས
་སྨད་པ་འམ་ཉམས་བརྟས་བྱ། ཞེས་བྱ་བ་ལ། མི་བཟད་པའི་རིམས་རྟག་པ་ལ་སོགས་པ་བཞི་པོ་དག་ལ་ཉིན་ཞག་གང་གི་ཚེ། རིམས་འོངས་ཞིང་འབྱུང་བར་འགྱུར་བའི་ཉིན་ཞག་དེ་ལ་ཉམས་སྨད་ཅིང་སྨྱུང་བས་གསོ་བར་བྱ་བ་འམ། །ཉམས
་ཤིན་ཏུ་བརྟས་ཤིང་ལུས་འཕེལ་བར་འགྱུར་བའི་གསོ་བ་དག་ནད་དམིགས་ཀྱི་ཚུལ་ལ་བལྟོས་ཏེ་བྱའོ། །ནང་པར་ཏིལ་མར་སྒོག་སྐྱ་བཅས། །བཟའ་བ་འམ་ཡང་ན་མར་རྙིང་ངམ། །དེ་བཞིན་ཞོ་དང་འོ་མ་སྦྱིན། །ཞུན་མར་སྲང་དྲུག་པ་དང་ནི། །དགེ་ཆེན་པ
་ཡི་རྣམ་ལྔ་ཅན། །ཏིཀྟ་དུག་དང་བསྐོལ་ཏེ་བཞིན། ཞེས་བྱ་བ་ལ། མི་བཟད་པའི་རིམས་ལ་ནང་པར་རམ་ཟས་ཀྱི་ཐོག་མར་ཏིལ་མར་སྒོག་སྐྱ་དང་བཅས་པ་སྦྱིན་པར་བྱའོ། །ཡན་ན་ནང་པར་རམ་ཟས་ཀྱི་སྔར་མར་རྙིང་པ་སྦྱིན་པར་བྱའོ། །ཡང་ན
་དེ་བཞིན་དུ་ཞོ་དང་འོ་མ་ནང་པར་རམ་ཟས་ཀྱི་སྔར་སྦྱིན་པར་བྱའོ། །ཡང་ཞུན་མར་སྲང་དྲུག་དང། ཚ་བ་ལྔ་དང། ནས་འཚིག་འཁུས་པའི་ཐལ་བ་བཙོས་པའི་སྨན་མོར་གཅོད་ཆེན་པོ་གསོ་བའི་སྐབས་ནས་བཤད་པ་འམ། །དགེ་བ་ཆེན་པོའི་སྨན་མར
་སྨྱོ་བྱེད་ཀྱི་གདོན་གསོ་བའི་སྐབས་སུ་བཤད་པ་འམ། བའི་རྣམ་ལྔའི་སྨན་མར་རྗེད་བྱེད་ཀྱི་ནད་གསོ་བའི་སྐབས་སུ་བཤད་པ་འམ། །ཏིཀྟའི་སྨན་མར་མཛེ་ནད་གསོ་བའི་སྐབས་སུ་བཤད་པའམ། དུག་གི་སྨན་མར་ཁྲག་མཁྲིས་གསོ་བའི་སྐབས་སུ་བཤད་པ་དག
་ཀྱང་དེ་བཞིན་དུ་ནད་པར་རམ་ཟས་ཀྱི་ཐོག་མར་ནད་ལ་སོགས་པའི་ཚུལ་ལས་བརྟགས་ཏེ་སོ་སོར་ཅི་རིགས་པར་སྦྱིན་པར་བྱའོ། །འབྲས་བུ་གསུམ་དང་རྒྱ་ཤུགས་དང། ཨགནི?་མནད་བསྐོལ་པ་རུ། །ཞོ་དང་བསྐོལ་བའི་མར་དག་ཏུ། །སེང་ཕྲོམ་ཤུན
་ལྤགས་ལྡེ་གུ་བཏབ། །མི་བཟད་རིམས་ནི་འཇོམས་པའི་མཆོག། ཅེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་ཁུ་བ་མར་གྱི་ཉིས་འགྱུར་དང་ཞོའི་ཉེས་འགྱུར་དུ་བྱས་པ་དང། མར་བསྐོལ་ཏེ་སེང་ཕྲོམ་གྱི་ཤུན་ལྤགས་ཀྱི་ལྡེ་གུས་མར་གྱི་བཞི་ཆ
་བཅུག་ལ་མར?་དེ་བླུད་པ་ནི་མི་བཟད་པའི་རིམས་འཇོམས་པའི་མཆོག་ཡིན་ནོ། །འབྲུ་ཆང་དང་ནི་ཆང་སྙིང་རྣོ། །རྨ་བྱ་གོང་མོ་སྲེག་ཁྱིམ་བྱ། །རླན་ཅན་ཤ་ནི་དྲོད་བསྐྱེད་པ། ཟས་བཅས་དག་ནི་ཅི་འདོད་པར། །བསྟེན་ལ་དེ་བཞིན་གཉིད་ལོག་པ། །ཡང
་ན་སླར་ནི་སྐྱུག་ཏུ་གཞུག་།ཅེས་བྱ་བ་ལ། དེ་བཞིན་དུ་ཆང་ལ་སོགས་པས་འཐུངས་ཤིང་ཟོས་པས་བསྟེན་ལ་དེའི་ཉིན་ཞག་གཉིད་ལོག་པར་བྱ་བའམ། ཡང་ན་ཆང་ལ་སོགས་པ་འཐུངས་ཤིང་ཟོས་མལ?་དེའི་ཞག
་ཉིད་སླར་སྐྱུག་ཅིང་སློན་དུ་གཞུག་གོ། །ཡང་ན་ཞུན་མར་ཚད་ཆེན་པོ་བླུད་དེ་སླར་ཡང་སྐྱུག་ཏུ་གཞུག། ཅེས་བྱ་བ་ལ། ཡང་ན་ཞུན་མར་ཚད་ཆེན་པོ་ཉིན་ཞག་གཅིག་གི་ཞུ་བར་འགྱུར་བ་དེ་ཙམ་གྱི་ཚད་འཐུངས་ལ་དེ་ཞག་ཉིད་སློན་དུ
་གཞུག་པར་བྱའོ། ། ཙ་གན་ཏ་ནི་ལི་ནི། །དུར་བྱིད་དང་ནི་པུ་ཙེ་ཤེལ། །རིམས་ཀྱིས་འདེབས་ཚེ་སྣུམ་དང་དུགས། །ལེགས་པར་བྱས་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། ཨ་ཛ་གནད་ལ་སོགས་པའི་སྨན་དག་ཀྱང་བརྟག་པའི་རིམས་ལ
་སོགས་པ་འོངས་ཞིང་འདེབས་པའི་དུས་སུ་ལྡེ་གུར་བྱས་པ་བླུད་པར་བྱའོ། །དེ་ཡང་སྣུམ་དང་དུགས་ལེགས་པར་བྱས་ནས་དེའི་འོག་ཏུ་བླུད་པར་བྱའོ། །ལྡོང་རོས་རྒྱམ་ཚྭ་པི་པི་ལིང། །ཏིལ་མར་དང་སྦྱར་མིག་སྨན་གཞུག་།ཅེས་བྱ་བ་ལ། མི
་བཟད་པའི་རིམས་ལ་ལྡོང་རོས་ལ་སོགས་པའི་སྨན་ཏིལ་མར་དང་སྦྱར་བའི་མིག་སྨན་དུ་གཞུག་པར་བྱའོ། །ཤིང་ཀུན་སྟག་ཚིལ་ཆ་སྙམ་བྱས། །རྒྱམ་ཚྭར་བཅས་པའི་སྣ་སྨན་བྱ། །ཞེས་བྱ་བ་ལ། ཤིང་ཀུན་དང་སྟག་གི་ཚིལ་ཆ་མཉམ
་པར་བྱས་པ་ལ། །རྒྱམ་ཚྭ་ཅུང་ཟད་བཅུག་པའི་སྣ་སྨན་དུ་སྦྱར་རོ། །དེ་བཞིན་མར་རྙིང་སེང་གེའི་ཚིལ། །རྒྱམ་ཚ་དག་དང་སྦྱར་ཏེ་བཏང། །ཞེས་བྱ་བ་ལ། དེ་བཞིན་དུ་མར་སྙིང་པ་གཅིག་པུ་དག་ཀྱང་སྣ་སྨན་དུ་བཏང་བར་བྱའོ། །དེ་བཞིན
་དུ་སེང་གེའི་ཚིལ་རྒྱམ་ཚྭ་དང་སྦྱར་བ་ཡང་སྣ་སྨན་དུ་བཏང་བར་བྱའོ། །བ་ལངཀ་ས་ནིམ་པའི་ལོ། །ཤུ་དག་རུ་རྟ་ཨ་རུ་ར། །ཡུངས་ཀར་ནས་བཅས་མར་སྦྱར་བའི། །བདུག་པ་འམ་བྱི་ལས་རྟུག་པས་བདུག་།ཅེས་བྱ་བ་ལ། བ་ལངཀ་ས་ལ་ལ
་སོགས་པའི་སྨན་མར་དང་སྦྱར་ཅིང་མར་གྱིས་བསྐུས་པ་ཡང་མི་བཟད་པའི་རིམས་ལ་སྦྱར་བྱའོ། །ཡང་ན་བྱི་ལས་རྟུག་པ་འབའ་ཞིག་གིས་བདུག་པས་བདུག་པར་བྱའོ། །གུ་གུལ་ཤུ་དག་བྱ་མ་ཀ་།སར་ཛ་ར་ས་ནིམཔ་དང། །རྐ་དང་ནི་ཨ་རུ་ར།།
་ཐང་ཤིང་བཅས་པའི་སྤོས་སྦྱོར་བ། །འདི་ནི་གཞན་གྱིས་མི་ཐུབ་པའི། །བདུག་པ་ཡིན་ཏེ་རིམས་ཀུན་སེལ། ཞེས་བྱ་བ་ལ། གུ་གུལ་ལ་སོགས་པ་དང་སྦྱར་བའི་བདུག་སྤོས་ནི་མིང་གཞན་གྱིས་མི་ཐུབ་པ་ཞེས་བྱ་སྟེ། །དེ་ནི་རིམས་ནད་ཐམས་ཅད
་སེལ་བ་ཡིན་པས་ཀུན་ལ་སྦྱར་བར་བྱའོ། །སྤོས་བདུག་སྣ་སྨན་བཏང་བྱ་བ། །སེམས་ཀྱིས་བསྒྱུར་བ་གང་བཤད་དང། །འཕགས་པ་ལ་བརྟན་སྨན་གྱིས་ནི། །རིམས་ནད་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། གཞན་ཡང་སྤོས་ལ་སེམས་བསྒྱུར
་བ་སྟེ། འབྱུང་པོའི་གདོན་དང། རྗེད་བྱེད་དང་སྨྱོ་བྱེད་ཀྱི་གསོ་བའི་སྐབས་སུ་གང་དག་བཤད་པ་དེ་དག་ཀྱང། །རིམས་ཐམས་ཅད་སེལ་བར་བྱེད་པ་ཡིན་པས་ཀུན་ལ་སྦྱར་བར་བྱའོ། །དེ་བཞིན་དུ་འཕགས་པ་ལ་བརྟེན་པའི་སྔགས་དང། སྦྱིན་སྲེག་དང
་གཏོར་མ་སྦྱིན་པ་དང། སྡོམ་པ་ལ་སོགས་པ་དང། སྨྱུང་བ་བྱ་བ་དང། སྡིག་པ་བཤགས་པ་དང། བཀྲ་ཤིས་ཀྱི་ཆོ་ག་བྱ་བ་དང། ཕྱག་འཚལ་བ་དང། སྐྱབས་སུ་འགྲོ་བ་ལ་སོགས་པའི་དགེ་བའི་ལས་རྣམས་ཀྱིས་རིམས་ཐམས་ཅད་སེལ་ཅིང
་འབྱར་བར་འགྱུར་རོ། །མཆོག་ཏུ་ཕལ་ཆེར་མི་བཟད་རིམས། །དེ་ནི་གློ་བུར་འོད་རྗེས་འབྲལ། ཞེས་བྱ་བ་ལ། མཆོག་གམ་ཁྱད་པར་དུ་རྟག་པའི་རིམས་ལ་སོགས་པ་ནི་འཕགས་པ་ལ། བརྟེན་པ་ལྟར་སྨན་གཞན་གྱིས་དེ་ལྟར་སེལ་བར་མི་འགྱུར་ཏེ།
་གང་གི་ཕྱིར་མི་བཟད་པའི་རིམས་དེ་དག་ནི། གློ་བུར་དུ་འོང་བ་ཡིན་ཞིང། གདོན་ཞུགས་པ་དང་རྗེས་སུ་འབྲེལ་བ་ལས་བྱུང་བ་དེར་ནི་འཕགས་པ་ལ་བརྟེན་པའི་ལས་ཁོ་ན་སྟོབས་དང་ལྡན་ཞིང། མཐུ་ཆེ་བ་ཡིན་གྱི་གཞན་དག་གི་དེ་ལྟ་མ་ཡིན་ཏོ། །མི
་བཟད་རིམས་ཞིང་མ་གྱུར་ན། །རང་གི་གཏར་ག་ཇི་བཞིན་གདབ། ཅེས་བྱ་བ་ལ། མི་བཟད་པའི་རིམས་གྲང་བ་དང་དྲོ་བ་ལ་སོགས་པའི་གསོ་བས་རྣམ་པ་ཐམས་ཅད་དུ་ཞི་བར་མ་གྱུར་ན་རང་གི
་གཏར་ག་ཇི་སྐད་སྨོས་པ་བཞིན་དུ་གདབ་པར་བྱ་སྟེ། ཉིན་གསུམ་པར་ནི་ཕྲག་མཚམས་གདབ། །ཉིན་བཞི་པ་ལ་ལྟག་པའི་འོག་།ཞེས་བྱ་བ་ལ་སོགས་པ་སྔར་མདོའི་གནས་སུ་ཇི་སྐད་བཤད་པ་བཞིན་དུ་བྱའོ། །དངས་མ་ལ་གནས་ཐམས་ཅད
་ལ། །སྐྱུག་སྨན་བཏང་དང་སྨྱུང་བ་བྱ། །ཞེས་བྱ་བ་ལ། མི་བཟད་པའི་རིམས་ཉིན་བཞི་པའི་བར་དུ་ལུས་ཟུངས་ཀྱི་ནང་ན་དངས་མ་ལ་གནས་པ་ཐམས་ཅད་ལ་ནི་སྐྱུག་སྨན་བཏང་བ་དང། སྨྱུང་བ་བྱ་བ་དག་བྱའོ། །ཁྲག་ལ་གནས་པ་སྨན་ཆུ་བླུགས
་བསྐུ་དང་བྱུག་དང་གཏར་ག་བྱ། །ཞེས་བྱ་བ་ལ། ཁྲག་ལ་གནས་པའི་རིམས་ཐམས་ཅད་ལ་ནི་སྨན་ཆུ་བླུགས་པ་ལ་སོགས་པའོ། །ཤར་གནས་བཀྲུ་སྨན་རྣོན་པ་བྱ། །ཞེས་བྱ་བ་ལ། ཤ་ལ་གནས་པའི་རིམས་ཐམས་ཅད་ནི། དཀྲུ་སྨན་རྣོན་པ
་ཁྲུས་བྱའོ། །ཚིལ་གནས་ཚིལ་ནི་དབྲི་བར་བྱ། །ཞེས་བྱ་བ་ལ། ཚིལ་གནས་པའི་རིམས་པའི་ས་ཅད་ལ་ནི། །ཚིལ་དབྲི་བའི་ཆོ་ག་ཇི་སྐད་སྨོས་པར་བྱའོ། །རུས་པར་གནས་ལ་རླུང་ཞི་བའི། །སྐུ་དང་དུགས་དང་མཉོ་བ་བྱ། །རིམས་དེ་རླུང
་ནད་ཞི་བྱ་དང། ཁྱད་པར་དུ་ནི་འཇམ་རྩི་བྱ། །ཞེས་བྱ་བ་ལ། རུས་པ་ལ་གནས་པའི་རིམས་རྣམས་ལ་ནི། །རླུང་ནད་ཞི་བའི་ཐབས་བསྐྲུ་བ་ལ་སོགས་པ་བྱའོ། །དེ་ལས་ཀྱང་ཁྱད་དུ་ནི་སྣུམ་གྱི་འཇམ་རྩི་མས་བཏང་བའི་ཆོ་ག་བྱའོ། །མ
་འདྲེས་རླུང་དང་མེ་དབལ་དང། །འབྲུམ་བུ་གནོད་གྱུར་རིམས་ལ་ནི། །ཞུན་མར་བླུད་ཅིང་ཙན་དན་བྱུག་།སྨན་ཆུ་བླུགས་ཤིང་ཤ་ཁུ་སྦྱིན། རང་གི་དཔྱད་ནི་ཇི་སྐད་བཤད། །གཏར་ག་ལ་སོགས་དག་གིས་གསོ། །ཞེས་བྱ་བ་ལ། རླུང་མ
་འདྲེས་པ་འབའ་ཞིག་ལ་སོགས་པ་ལས་གྱུར་པའི་རིམས་ལ་ནི་ཞུན་མར་བླུད་པ་ལ་སོགས་བྱ་བ་དང། །རང་གི་དཔྱད་རང་རང་གི་ལེའུའི་སྐབས་སུ་ཇི་སྐད་བཤད་པ་མེ་དབལ་ལ་གཏར་ག་གདབ་པ་ལ་སོགས་པའི་གསོ་དཔྱད་གང་དག་ཡིན་པ་དེ་དག
་གིས་གསོ་ཞིང་དཔྱད་དུ་བྱའོ། །གདོན་བྱུང་འབྱུང་པོའི་རིགས་པར་བཤད། །གཏོར་མ་སྔགས་ལ་སོགས་པས་གསོ། །ཞེས་བྱ་བ་ལ། གདོན་ལས་བྱུང་ཞིང་དེ་ལས་གྱུར་པའི་རིམས་ལ་ནི། །འབྱུང་པོའི་རིག་པར་བཤད་ཅིང་འབྱུང་པོ་ལྡོག་པའི་རིག་སྔགས
་ཀྱི་རྣམ་པ་གང་དག་ཡིན་པ་དང། གཏོར་མ་དང་སྔགས་ཀྱི་སྦྱོར་བ་ལ་སོགས་པས་གསོ་བར་བྱའོ། །སྨན་དྲི་ལས་བྱུང་མཁྲིས་པ་ནི། །ཞི་བྱ་དུག་སྐྱེས་དུག་གིས་གསོ། །ཞེས་བྱ་བ་ལ། སྨན་གྱི་དྲིས་ཕོག་པ་ལས་བྱུང་བའི་རིམས་ལ་ནི་མཁྲིས་པ་ཞི་བའི་ཐབས
་གང་དག་ཡིན་པ་དེ་དག་གིས་གསོ་བར་བྱའོ། །དུག་ལས་སྐྱེས་པའི་རིམས་ལ་ནི། །དུག་ཞི་བའི་ཐབས་གང་དག་ཡིན་པས་གསོ་བར་བྱའོ། །འདོད་དོན་ཇི་ལྟར་ཡིད་འཐད་དང། ནད་ནི་ཇི་ལྟར་ཞི་གྱུར་དང། །ཕན་དང་མི་ཕན་ལ་མཁས་པས། །ཁྲོས་སོགས
་ལས་བྱུང་རིམས་བསལ་བྱ། །ཞེས་བྱ་བ་ལ། ཁྲོ་བ་དང། འཇིགས་པ་དང། མྱ་ངན་འདོད་པ་ལས་བྱུང་བའི་རིམས་ནི་མངོན་པར་འདོད་པའི་དོན་གང་དག་ཡིན་པ་དང་ཕྲད་པ་དང། དེ་བཞིན་དུ་ཇི་ལྟར་ཡིད་འཐད་ཅིང་སེམས་དགའ་བར་བྱས་པས་བསལ
་བར་བྱ་བ་དང། དེ་བཞིན་དུ་ནད་དམིགས་ཇི་ལྟར་ཞི་བའི་ཚུལ་གྱི་སྨན་བསྟེན་པ་དང། ཕན་པ་དང་མི་ཕན་པ་སྟེ་རིགས་པ་དང་མི་རིགས་པའི་ཚུལ་ལ་མཁས་པས་རིམས་དེ་བསལ་བར་བྱའོ། །ཁྲོས་བྱུང་འདོད་པས་ཞི་བར་འགྱུར། །འདོད་བྱུང་ཁྲོས
་པས་ཞི་བར་འགྱུར། །མྱ་ངན་འཇིགས་བྱུང་དེ་གཉིས་ཀྱིས། །འཇིགས་དང་མྱ་ངན་བྱུང་ཅིག་ཤོས། །ཞེས་བྱ་བ་ལ། ཁྲོས་པ་ལས་བྱུང་བའི་རིམས་ནི་འདོད་པའི་ཡུལ་དང་ཕྲད་ཅིང་བསྟེན་པས་ཞི་བར་འགྱུར་རོ། །འདོད་པ་ལས་བྱུང་པའི
་རིམས་ནི་ཆགས་པའི་ཡུལ་གང་ཡིན་པ་དེ་ལ་ཁོར་བསྐྱེད་པས་ཞི་བར་འགྱུར་རོ། །མྱ་ངན་དང་འཇིགས་པ་ལས་བྱུང་བའི་རིམས་ནི་ཁྲོས་པ་དང་འདོད་པ་ཞི་བས་ཞི་བར་འགྱུར་རོ། །འཇིགས་པའི་ཡུལ་དང་ཁྲོས
་བའི་ཡུལ་འདི་ཡུལ་གྱི་རྣམ་པ་ལ་སོག་པ་ལ་བལྟོད་ནས། །ལན་འགའ་ཞིག་ན་ཁྲོ་བ་འབྱུང། །ལན་འགའ་ནི་འདོད་པ་འབྱུང་ལ། དེ་བཞིན་དུ་ཅིག་ཤོས་ཏེ་འདོད་པ་དང་ཁྲོ་བ་ལས་བྱུང་བའི་རིམས་ནི་མྱ་ངན་དང་འཇིགས་པ་ལས་ཞི་བར་འགྱུར་རོ།།
་དམོད་པ་སྔོན་སྤྱོད་སྔགས་ལས་བྱུང། །འཕགས་པ་དོན་ལ་བརྟེན་པས་ཞི། །ཞེས་བྱ་བ་ལ། དྲང་སྲོང་ལ་སོགས་པས་དམོད་པ་བཏབ་པ་ལས་བྱུང་བ་དང། །མངོན་སྤྱོད་ཀྱི་ལས་དྲག་པོའི་སྦྱིན་སྲེག་བྱས་པ་ལས་བྱུང་བའི་རིམས་ལ་ནི་འཕགས་པ
་ལ་བརྟེན་པའི་ཆོ་ག་བཟླས་བརྗོད་དང་སྦྱིན་སྲེག་དང་ལྷ་ལ་མཆོད་པ་དང། སྔགས་དང་ནོར་བུ་ལ་སོགས་པས་སེལ་བར་འགྱུར་རོ། །རིམས་དེ་ཐོག་མ་མར་འདྲེས་ལ། །དེ་འོག་དྲི་མས་ཁྱབ་པར་བྱེད། །དེ་བས་ནད་དང་རྗེས་མཐུན་པར། །དེ་ལ
་ཁ་ཟས་ལ་སོགས་སྦྱར། །ཞེས་བྱ་བ་ལ། གློ་བུར་བའི་རིམས་སོ་འདི་དག་ལ། ཁ་ཟས་ལ་སོགས་པ་སྟེ། ཁ་ཟས་དང་སྤྱོད་ལམ་དང། སྨན་ནད་དང། རྗེས་སུ་མཐུན་ཞིང་ནད་ལ་ཕན་པ་ཉིད་དུ་སྦྱར་ཞིང་བརྟག་པར་བྱའོ། །ཅིའི་ཕྱིར་ཞེ་ན། གློ
་བུར་བའི་རིམས་དེ་ནི་ཐོག་མར་ཏེ་རྗེས་དང་པོར་ཚ་བའི་རྣམ་པ་འབའ་ཞིག་ཙམ་དུ་འབྱུང་བར་འགྱུར་བ་ལས། །དེའི་འོག་ཏུ་རླུང་ལ་སོགས་པའི་ནད་ཀྱི་དྲི་ཁྱབ་པར་བྱེད་པ་ཡིན་ནོ། །དེ་བས་ན་ཁ་ཟས་ལ་སོགས་པས་ནད་དེ་སེལ་ཅིང་ཕན་པས
་འགྱུར་བ་དང། །རྗེས་སུ་མཐུན་པར་སྦྱར་ཞིང་སྦྱིན་པར་བྱའོ། །རླུང་སོགས་རྒྱུ་ལམ་བརྟེན་པར། །རིམས་ནི་རྗེ་འབྲེལ་གནས་མི་བྱེད། །ཅེས་བྱ་བ་ལ། གང་གི་ཕྱིར་རིམས་ནི་རླུང་ལ་སོགས་པའི་ནད་ཀྱི་འགྱུར་བའི་རྒྱུ་ལ་མ་བརྟེན་རྗེས་སུ་འབྲེལ
་ཅིང་ཡུན་རིང་དུ་གནས་པར་མི་འགྱུར་གྱི། རིམས་འདི་ལ་རླུང་ལ་སོགས་པ་རྗེས་སུ་འབྲེལ་བར་གནས་པ་ཉིད་ཡིན་ནོ། །རིམས་ཀྱི་དུས་དྲན་བྱུང་དེ་ལ། །ཡིད་འཕྲོག་ཡུལ་གྱིས་རྗེད་པར་བྱ། །ཞེས་བྱ་བ་ལ། རིམས་ཀྱི་དུས་དང། ཤུགས
་སེམས་ཤིང་དྲན་པ་ན། །རིམས་དེ་འབྱུང་བར་འགྱུར་བ་དེ་ལ་ཡིད་འཕྲོག་པའི་ཡུལ་སྒྲ་ལ་སོགས་པ་སྣ་ཚོགས་པ་དག་གིས་རིམས་འབྱུང་བར་འགྱུར་བའི་དུས་དེ་བརྗོད་ཅིང་མི་དྲན་པར་གཡངས་པར་བྱའོ། །སྙིང་རྗེས་བརྙན་ཅིང་སེམས་དག་པ།
་རིམས་ཀུན་འཇིག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། སེམས་ཀྱི་རྒྱུད་སྙིང་རྗེ་བ་སྟེ། གཞན་ལ་སྙིང་བརྩེ་བའི་ཕྱིར་ཤུགས་ཀྱིས་བརླན་ཅིང་བརྩེ་བ་དང་ལྡན་པ་དག་ལ་ན་རིགས་ཐམས་ཅད་འཇིག་ཅིང་ཉམས་པར་འགྱུར་རོ། །ཉམས་སྟོབས་རྫོགས
་བར་འགྱུར་གྱི་བར། །རྩོལ་འཁྲུས་དང་ཉལ་པོ་དང། །ཟས་ལྕི་མ་གོམས་ཚ་བྱེད་དང། གང་གཞན་རིམས་བསྐྱེད་བྱེད་པ་སྤང། །ཞེས་བྱ་བ་ལ། རིམས་ཀྱིས་བཏབ་ཅིང་ཉེན་པར་གྱུར་པའི་མིས་ནི་ལུས་ཀྱི་ཉམས་སྟོབས་ཇི་སྲིད་རྫོགས
་ཤིང་བརྟས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་རྩོལ་བའི་དྲག་ཤུལ་དང། ལུས་ཁྲུས་བྱ་བ་དང། བུད་མེད་ལ་ཉལ་པོ་བྱ་བ་དང། ཟས་ལྕི་བ་དང། སྔར་མ་གོམས་པར་གྱུར་པ་དང། ཚ་བ་སྐྱེད་པར་བྱེད་པ་དག་སྤང་བར་བྱའོ། །དེ་བཞིན་དུ
་འདིར་མ་སྨོས་ཀྱང་སྤྱིར་རིམས་སྐྱེད་པར་བྱེད་པའི་ཟས་སྐོམ་དང། སྤྱོད་ལམ་ལ་སོགས་པ་འང་སྤང་བར་བྱའོ། །རིམས་བྲལ་གྱུར་ཀྱང་འཕྲལ་དུ་ནི། ཟས་ཀུན་བསྟེན་པར་མི་བྱ་སྟེ། རིམས་ནི་མྱུར་དུ་བཟློག་བྱེད་ནས། ཉམ་ཆུང་མི་ནི་མྱུང་གསོད
་བྱེད། །ཅེས་བྱ་བ་ལ། རིམས་དང་བྲལ་ཞིང་རིམས་ནད་བྱང་བར་གྱུར་ཀྱང་འཕྲལ་དུ་སྟེ། དེའི་མེད་ལ་ཟས་ཀུན་འདྲེན་མར་བསྟེན་ཅིང། བཟའ་བར་མི་བྱ་སྟེ། གང་གི་ཕྱིར་ཟས་འཆོལ་བར་ཟོས་པས་རིམས་དང་བྲལ་དུ་ཟིན་ཀྱང་དེ་སླར་ལྡོག་པར
་བྱེད་ནས། སྔར་ལུས་དང་ལུས་ཟུངས་ཉམས་ཆུང་པར་བྱས་པ་ལ་འདས་པའི་ཕྱིར་མི་དམྱུར་དུ་གསོད་པར་བྱེད་དོ། །གང་ཕྱིར་མྱུར་དུ་གསོད་གྱུར་པས། །དེའི་ཕྱིར་དེ་ནི་ཁྱད་པར་དུ། །གནས་སྐབས་དེ་དང་དེ་དག
་ཏུ། །སྨན་དཔྱད་དེ་དེ་དང་དེ་དག་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་དེའི་རིམས་ལྡོག་པར་གྱུར་པ་ཡིན་དུ་ཟིན་ཀྱང། ཟས་སྐོམ་ལ་སོགས་པ་འཆོལ་བའི་རྒྱུས་སླར་ལྡོག་ཅིང་ཟློས་པའི་རིམས་དེ་ནི་རིང་པོར་མི་ཐོགས་པར་མྱུར་དུ་གསོད་པར
་བྱེད་པར་གྱུར་པས། རྒྱུ་དེའི་ཕྱིར་སླར་ཟློས་པའི་རིམས་དེ་ནི་ཁྱད་པར་སྟེ་མཆོག་ཏུ་ནད་གཞན་དག་ལས་བྱེ་བྲག་ཏུ་བྱ་བ་ཡིན་པས་མ་སྨིན་ཅིང་གཏིང་ནས་མཐོང་བའི་གནས་སྐབས་སམ། ནད་སྨིན་པ་དང་མ་སྨིན་པའི་གནས་སྐབས་དག་ཏུ
་གནས་སྐབས་ཀྱི་ཁྱད་པར་གྱིས་ཕྱེ་ལ། སྨན་དཔྱད་ཀྱི་རྣམ་པ་སྨྱུང་བ་དང། དུགས་བྱ་བ་དང། ནས་ཐུགས་དང། སྨན་ཁུ་བ་པོ་དང། ཤ་ཁུ་དང། སྨིན་པར་བྱ་བ་དང། འོ་མ་དང་ཞུན་མར་བཏུང་བར་བྱ་བ་ལ་སོགས་པ་འདིར་བཤད་པ
་དང། མ་བཤད་པའི་སྨན་དང་དཔྱད་ཀྱི་རྣམ་པ་གང་ཡོད་པ་དེ་དག་དེ་དག་འབད་དེ་བྱའོ། །སྨན་དང་ནོར་བུ་སྔགས་དང། བཅས་པ་དང། །དམ་པ་བླ་མ་བྲམ་ཟེ་དཀོན་མཆོག་མཆོད། །ཡིད་ནི་དགའ་བར་བྱེད་པའི་ཡུལ་བརྟེན་པས། །ཁྱབ
་འཇུག་གིས་བྱས་མ་རུངས་རིམས་ཀྱང་འཇོམས། །ཞེས་བྱ་བ་ལ། སྨན་ལ་སོགས་པས་ནི་ཁྱབ་འཇུག་གིས་བྱས་པའི་རིམས་མ་རུང་ཞིང་ཤིན་ཏུ་གདུག་པ་དག་ཀྱང་འཇོམས་པར་བྱེད་དོ། །དེ་ལ་སྨན་དང་ནོར་བུ་དང། །སྔགས་ནི་སྤྱི་བོར
་གདགས་པར་བྱའོ། །དེ་ལ་དམ་པ་ནི་ཆོས་ཀྱི་དང་ཚུལ་ཅན་དག་གོ་།བླ་མ་ནི་ཕམ་ལ་སོགས་པའོ། །དཀོན་མཆོག་འཇིག་རྟེན་ན་མཆོད་པར་འོས་པས་སངས་རྒྱས་ལ་སོགས་པ་སྟེ། དེ་དག་མཆོད་པ་དང། ཡིད་དགའ་ཞིང་ཚིམ
་པར་བྱེད་པའི་ཡུལ་གཟུགས་ལ་སོགས་པ་ཡིད་དུ་འོང་བ་ལ་བརྟེན་ཅིང་གནས་པར་བྱེད་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས། དེས
་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་དང་པོའི་རྣམ་པར་འབྲེལ་པའོ།། །།དེ་ནས་ཁྲག་མཁྲིས་གསོ་བའི་ལེའུ་བཤད་པར་བྱའོ།། །།ཞེས་བྱ་བ་ལ། གསོ་བའི་རིམ་པས་འདིར་ཁྲག་མཁྲིས་གསོ་བ་བསྟན་པའི་ཕྱིར
་ལེའུ་འདི་བརྩམས་པ་ཡིན་ནོ།། །།ཁྲག་མཁྲིས་བདེ་བའི་དུས་སུ་འབྱུང། །སྟོབས་ལྡན་སྟོང་བྱུང་ཤུགས་ངལ་ལ། ཉེས་གཅིག་ལས་བྱུང་གསར་དུ་བཏབ། བླ་གཉན་མེད་པར་གསོ་བར་བྱ། ཞེས་བྱ་བ་ལ། ཁྲག་དང་མཁྲིས
་པའི་ནད་གང་བཅོས་ན་བདེ་བའི་དུས་དགུན་སྟོང་དང་དགུན་སྨད་ཀྱི་ཆེ་བྱུང་བར་གྱུར་པ་དང། མི་ཉམས་སྟོབས་དང་ལྡན་པ་ལ་ལུས་ཀྱི་སྟོད་དུ་བྱུང་བར་གྱུར་པ་དང། ནད་ཀྱི་ཤུགས་ངལ་ཞིང་དྲག་ཏུ་བྱུང་བ་མ་ཡིན་པ་དང། ནད་བཞིའི་ཉེས
་པ་གཅིག་ལས་བྱུང་གི། །གཉིས་ཡན་ཅད་ལས་བྱུང་བ་མ་ཡིན་པ་དང། གསར་དུ་བཏབ་པ་དེ་བྱུང་ནས་རིང་པོ་མ་ལོན་པ་དང། །བླ་གཉན་མེད་པ་སྟེ་ལུས་ཀྱི་འགྱུར་བ་ཤེས་པར་བྱ་བའི་ལེའུའི་སྐབས་སུ་ཁྲག་མཁྲིས་ཞེས་བྱ་བ་ལ་སོགས
་པའི་གཞུང་གིས་བསྟན་པའི་ནད་ཀྱི་སླ་ཐབས་ཀྱི་སྐྱོན་མེད་པ་སྟེ་དེ་ལྟ་བུའི་ཁྲག་མཁྲིས་ཀྱི་ནད་དེ་ལྟ་བུ་ནི་གསོ་སླ་བ་ཡིན་པས་གསོ་བར་བྱའོ། །ཁྲག་གང་ནད་གཞི་གཉིས་ལས་སྐྱེ། །ཞི་ཞིང་ཞི་ཞིང་སླར་ལྡད་དང། །ལམ་ནས་ལམ
་གཞག་འགྲོ་བ་གང། ཐུར་དུ་འབྱུང་བ་གསོ་བ་ཙམ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་གཞི་གཉིས་ལས་སྐྱེས་པ་དེ་ཡང་མི་ན་བ་ཙམ་དུ་གསོ་བར་བྱ་བ་ཡིན་ལ། དེ་བཞིན་དུ་ཞི་ཞིང་ཞི་ཞིང་ཞེས་བྱ་བ་སླར་ལྡོག་ཅིང་བདེ
་བར་གྱུར་ནས་ཡང་དང་ཡང་དུ་སླར་ལྡང་ཞིང་འཁྲུག་པར་འགྱུར་པ་དེ་ཡང་མིན་ཙལ་དུ་གསོར་རུང་བ་ཡིན་ནོ། །དེ་བཞིན་དུ་ལམ་གཞན་ནས་གཞན་དུ་འགྲོ་བ་སྟེ། །ཁ་དང་སྣ་དང་མིག་དང
་རྣ་བ་དང། བྲང་དང་འོག་ནས་རྒྱུ་བའི་ལམ་བཤང་སྒོ་དང། གཅིན་སྒོ་དང། མངལ་གྱི་གནས་དག་ཏུ་སྤོ་ཞིང་འགྲོ་བ་སྟེ། །སྟོད་ནས་ཐུར་དུ་རྒྱུ་ལ་ཐུར་དུ་འགྲོ་ནས་ཀྱང་སྟོད་དུ་འགྲོ་བ་དེ་དག་ཀྱང་གསོ་བ་ཙམ་དུ་བྱ་བ་ཡིན
་ལ། དེ་བཞིན་དུ་ཁྲག་མཁྲིས་ཀྱི་ནད་གང་ཐུར་དུ་འབྱུང་ཞིང། འོག་གི་ལམ་ཉི་ཚེ་ནས་ཞུགས་རན་པར་འབྱུང་བ་གང་ཡིན་པ་དེ་ཡང་རེ་ཞིག་མིན་བར་འཚོ་བ་ཙམ་དུ་གསོར་རུང་ངོ། །ཤས་ཆེར་འབྱུང་ཞིང་མེ་དྲོད་ཉམས། །
་ཉེས་གསུམ་ལམ་གཉིས་ལས་བྱུང་སྦང། ཞེས་བྱ་བ་ལ། སྟོད་ཀྱི་ལམ་འམ། སྨད་ཀྱི་ལམ་ནས་ཤས་ཆེར་འབྱུང་ཞིང་འབྱུང་བའི་ཤུགས་དྲག་པའི་ཁྲག་མཁྲིས་པ་གང་ཡིན་པ་དེ་ཡང་གསོར་མི་རུང་སྟེ་སྤང་བ་བྱ་སྟེ། །
་ཁྲག་ཤས་ཆེར་བྱུང་བས་མི་ལྡོག་པ་ཡིན་པའི་ཕྱིར་རོ། །ཁོང་བ་མེ་དྲོད་ཞན་པའི་སྐྱེས་བུ་ལ་སྟེང་མ་འོག་ནས་ཁྲག་ཤས་ཆེར་བྱུང་བ་དེ་ཡང་སྤང་བར་བྱ་སྟེ། མེ་དྲོད་ཞན་པ་ལ་ནི་སྨན་སྐྱུར་བ་དང། ཚ་བ་ཕན་ན་དེ་ཁྲག་དང་མཁྲིས
་པ་ལ་གནོད་བས་ཕན་ཚུན་འགལ་བའི་ཕྱིར་དེ་ཡང་གསོར་མི་རུང་བ་ཡིན་ནོ། །དེ་བཞིན་དུ་ནད་གཞི་གསུམ་ཆར་ལས་བྱུང་བ་དང། སྟེང་འོག་གི་ལམ་གཉིས་ཀ་ལས་དུས་གཅིག་བྱུང་བ་དེ་ཡང་སྤང་བར་བྱ་སྟེ། །གསོར་མི་རུང་ངོ། །ནད
་གཞི་དང་ནི་གནས་དང་ནི། །ནད་ཀྱི་གྲོགས་དང་སྟོབས་དང། །ཡུལ་དང་དུས་ཀྱི་གནས་སྐབས་སོགས། །ཤེས་བྱ་དང་པོ་སྨྱུང་བ་འམ་བརྟ། །དེ་བཞིན་སྦྱད་དང་ཞི་བྱ་བས། །ཁྲག་དང་མཁྲིས་པ་གསོ་བར་བྱ། །ཞེས་བྱ་བ་ལ། ནད་གཞི
་ལ་སོགས་པའི་མཚན་ཉིད་ཤེས་པར་བྱས་ལ། དེའི་འོག་ཏུ་སྟོད་དུ་འབྱུང་བའམ། །སྨད་དུ་འབྱུང་བའི་མཁྲིས་བ་ལ་ཐོག་མར་ཏེ་དང་པོ་ཁོ་ནར་སྨྱུང་བར་བྱས་བ་འམ། །ཡང་ཉམས་བརྟས་པར་བྱ་བ་འམ། །ཡང་སྤྱད་བ་འམ། ཞི
་བའི་ཆོ་ག་བྱའོ། །དེ་ལ་ནད་གཞི་ནི་ཤིན་ཏུ་ཆ་ཞིང་རྣ་བའི་བྲས་ལ་སོགས་པའོ། །གནས་ནི་སྟེང་དང་འོག་གི་མཚན་ཉིད་ཅན་ནོ། །ནད་ཀྱི་གྲོགས་ནི་གཙོ་བོ་མཁྲིས་པ་ཞེས་བྱ་བ་དེའི་གྲོགས་རླུང་དང་བད་ཀན་གྱི་བྱས་པའོ། །སྟོབས་ནི་རྣམ་པ
་གསུམ་སྟེ། དེ་དག་དང་ཡུལ་གྱི་གནས་སྐབས་ཀྱང་ཤེས་པར་བྱ་སྟེ། ཡུལ་ནི་གཉིས་ཏེ། ལུས་ཀྱི་གནས་ཀྱི་ཡུལ་དང། །ས་གཞིའི་ཡུལ་ཇི་སྐད་བཤང་བ་དག་གོ། དུས་ནི་གྲང་བ་དང་ཚ་བ་དང། ཆར་གྱིས་དུས་ཏེ་རྣམ་པ་གསུམ་མོ།།
་སོགས་པའི་སྤྲས་ནི་ཁོང་པའི་མེ་དྲོད་དང། ཟས་ཀྱི་རྣམ་ལ་དང། ཉམས་སྟོབས་དང། །གོམས་པའི་དབང་དང། རང་བཞིན་དང་སྙིང་སྟོབས་དང། ན་ཚོད་ཀྱི་རྣམ་པའི་གནས་སྐབས་གང་དག་ཡིན་པ་ཤེས་པར་བྱས་ལ་སྨྱུང་བ་ལ་སོགས
་པའི་གསོ་བའི་ལས་བྱའོ། །བརྟ་བ་ལས་བྱུང་སྟོབས་ལྡན་པ། ནད་བཞི་མང་པོ་ལས་བྱུང་བ། །གྱེན་འབྱུང་དཀྲུ་སྨན་བཏང་བས་གསོ། །ཐུར་འབྱུང་སྐྱུག་སྨན་གྱིས་གསོ་བྱ། །ཞེས་བྱ་བ་ལ། ཉམས་བརྟག་ལས་བྱུང་བའི་ཁྲག་མཁྲིས་བ་རྒྱས
་བར་གྱུར་པ་ཡང་ཡིན་ཞིང་ནད་པ་དེ་སྟོབས་དང་ལྡན་པ་ཡང་ཡིན་ལ། ནད་བཞི་མང་པོ་ལས་བྱུང་བ་ཡང་ཡིན་ནོ། །གྱེན་དུ་བྱུང་བ་ཡང་ཡིན་ན་བཀྲུ་སྨན་བཏང་བས་གསོ་ཞིང་བཅོས་བར་བྱའོ། །ཡང་རྣམ་པ་དེ་ལྟ་བུ་དག་གི་ཁྲག
་མཁྲིས་ཐུར་?་བྱུང་ན་སྐྱུག་སྨན་བཏང་སྟེ་དང་བས་གསོ་བར་བྱའོ། །སྨྱུང་བྱ་བརྟ་བྱ་ལས་བལྟོས་བྱ། ཞེས་བྱ་བ་ལ། དེ་དག་ཀྱང་སྨྱུང་བ་བྱ་ཞིང་ཉམས་དབྱི་བར་བྱ་བའམ། བརྟ་བར་བྱ་ཞིང་ཉམས་བཅག་བསྐྱེད་པར་བྱ་བར་འོས་པ
་གང་དག་ཡིན་པ་དེ་བལྟོས་ནས་དེ་སྤྱོད་པར་བྱའོ། །སྟོད་དུ་འབྱུང་བ་ཁ་བ་དང། བསྐ་བའི་སྨན་ཁུ་སྨྱུང་བ་དང། །ཡན་ལག་དྲུག་སྨན་བཅའ་སྒ་མེད། །འཐུངས་ན་ཞི་བར་འགྱུར་བ་ཡིན། །ཞེས
་བྱ་བ་ལ། །ཁྲག་དང་མཁྲིས་པའི་ནད་ལུས་ཀྱི་སྟོད་དུ་བྱུང་བ་ལ་ནི་ཁ་བ་དང། སྨན་གྱི་ཁུ་བས་ཞི་བར་བྱའོ། །དེ་བཞིན་སྨྱུང་བས་ཞི་བར་བྱས་པ་དང། དེ་བཞིན་དུ་ཡན་ལག་ལག་དྲུག་པའི་སྨན་གྱི་ཁུ་བ་བཅའ་སྒ
་མེད་པའི་ལྷག་མ་བསྐོལ་བ་འཐུངས་བས་ཞི་བར་འགྱུར་རོ། །ཐུར་དུ་འབྱུང་བའི་ཁྲག་མཁྲིས་ལ། །སྨན་ཁུ་མངར་བས་བརྟ་བར་བྱ། །ལུས་ཀྱི་སྨད་དུ་ཐུར་དུ་འབྱུང་ཞིང་རྒྱུ་བའི་ཁྲག་མཁྲིས་གང་ཡིན་པ་དག་ལ་ནི། །སྨན་
་གྱི་ཁུ་བས་མངར་བས་བརྟ་ཞིང་ཞི་བར་བྱའོ། །སྟོད་འབྱུང་དང་པོར་སྐྱོ་མ་བླུད། །སྨད་བྱུང་དང་པོར་ཐུག་པ་བླུད། ཅེས་བྱ་བ་ལ། ཁྲག་དང་མཁྲིས་པ་སྟོད་དུ་བྱུང་བ་ལ་ནི་དང་པོ་ཁོ་ནར་སྨན་གྱི་སྦྱོར་བ་དང་ལྡན་པའི་སྐྱོ་མ
་བླུད་པར་བྱའོ། །སྨད་དུ་བྱུང་བའི་ཁྲག་དང་མཁྲིས་པ་ལ་ནི་དང་པོར་ཐུག་པ་བླུད་པར་བྱའོ། །སྟོབས་ལྡན་ཟ་ནུས་མ་དག་ཁྲག། བྱུང་ཡང་མི་དགག་དེ་ནད་པ་སྐྱེད། །ཞེས་བྱ་བ་ལ། མི་སྟོབས་དང་ལྡན་ཞིང་ཁ་ཟས་ཟ་བར
་ནུས་པའི་སྐྱེས་བུའི་ཁྲག་དང་མཁྲིས་པ་ནད་ཅན་བྱུང་བ་ལ་རྒྱུ་བར་བྱེད་པ་དག་མ་དག་ཅིང་ཁྲག་ནད་ཅན་ཡིན་ན་འབྱུང་བ་དེ་དགག་ཅིང་བཅད་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ནད་ཁྲག་དེ་བཅད་པའི་སྦྱོར་བ་བྱས་ན་དེས
་ནད་སྐྱེད་པར་འགྱུར་རོ། །དེ་ཡང་དྲང་སྲོང་ཙར་ཀས། །སྟོབས་དང་ཤ་ནི་མ་བཟད་ཅིང། ཟ་བར་ནུས་པའི་ཁྲག་མཁྲིས་དག། ནད་ཀྱིས་ཉེས་པས་ཀློངས་གྱུར་པ། །ཐོག་མ་ཉིད་དུ་བཅད་མི་བྱ་སྟེ། །ཐོག་མ་ཉིད་དུ་བད་ཀན་ནི། །
་ལྐོག་ནད་དང་ནི་ཤ་ལྷག་དང། བརྒྱལ་བ་རྙ་རིམས་དང་ཡི་ག་མཆུས། །སྐན་དང་མཁལ་ནད་ལྟོ་སྦོས་དང། །ཤ་བཀྲ་གཅིན་ནི་སྲི་པ་དང། །མཛེ་དང་གཞང་འབྲུམ་མེ་དཔལ་དང། །མདོག་ཉམས་མཚན་བར་རྡོལ་བ་དང། བློ
་དང་དབང་པོ་འགགས་པ་བསྐྱེད། །དེ་བས་ལས་བསྒྲུབ་འདོད་པ་ཡིས། །དང་པོར་ཁྲག་མཁྲིས་འབྱུང་བ་ལ། །ཉམས་སྟོབས་ནད་དམིགས་བརྟགས་ནས་ནི། །སྟོབས་ཅན་མི་ལ་དགག་མི་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ནི
་གཞན་དུ་མེ་ལྟ་བུར། །མྱུར་གསོད་བྱེད་པས་བཅད་པར་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་དེ་མ་ཉམས་ཤིང་སྟོབས་ཆུང་བ་དང། །ཟ་མི་ནུས་པ་དང། ནད་ཁྲག་མེད་པ་རྣམས་ནི་བཅད་ཅིང་དགག་པར་བྱ་སྟེ། ཅིའི
་ཕྱིར་ཞེ་ན། དེ་མ་བཅོས་པར་ཡལ་བར་བོར་ན། མེ་ལྟར་མྱུར་དུ་གསོད་པར་བྱེད་པ་ཉིད་ཡིན་ནོ། །དུར་བྱིད་བྲི་ཡང་ཆུ་བསྐོལ་དང། །ལྡེ་གུ་ཁ་རང་བཅས་པ་དག་།ཆོག་བཞིན་དུ་དེ་ལ་ནི། །ཞོ་གཉིས་ཙམ་དུ་བལྡག་པར་བྱ། །ཞེས
་བྱ་བ་ལ། དུར་བྱིད་དང། བྲི་ཡངཀུ་ནི་དུར་བྱིད་པྲི་ཡངཀུ་སྟེ། དེ་གཉིས་བསྐོལ་བའི་ཁུ་བ་དང། །དེ་བཞིན་གཉི་གའི་ལྡེ་གུ་ཁ་ར་དང་བཅས་པ་ཆོ་ག་བཞིན་དུ་སྦྱོར་ལ་ལྡེ་གུ་དེ་ལ་ཞོ་གཉིས་ཙམ་གྱི་ཚད་དུ་བྱས་པ་བལྡག་པར་བྱའོ། །དུར
་བྱིད་བྲི་ཡང་འབྲས་བུ་གསུམ། །ཁ་ར་སྦྲང་རྩི་པི་པི་ལིང། །སྦྲུས་པ་འདུས་བྱུང་སྟོད་དུ་བྱུང། །ཁྲག་རིམས་འོར་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། དུར་བྱེད་ལ་སོགས་པའི་སྨན་མཁྲིས་པ་བསལ་བའི་ཕྱིར་ཤ་ཁ་ར་ཆད་ལས་ལྷག
་བར་བཅག་ལ་སྦྲང་རྩིས་སྦྲུས་ཏེ་སྦྱར་བ་ནི་འདུས་པ་ལས་བྱུང་བའི་ཁྲག་སྟོད་དུ་བྱུང་བ་དང། །རིམས་དང་འོར་ནད་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུར་བྱིད་ཁ་ར་མཉམ། །པི་པི་ལིང་ནི་བཞི་ཆར་བཅས། །ཞེས་བྱ་བ་ལ།
་དུར་བྱིད་དང། །བར་ཆ་མཉམ་པར་བྱེས་པ་ལ། པི་པི་སླིང་དུར་བྱེད་གྱི་བཞི་ཆ་དང། བཅས་པ་དེ་བཞིན་དུ་ཞེས་བྱ་བ་སྔ་མ་བཞིན་དུ་སྦྲུས་ཏེ། སྦྱར་བ་ནི་ཕན་ཡོན་གོང་མ་དང་འདྲ་བ་ཡིན་ནོ། །སྐྱུག
་སྨན་ཕྱིར་ནི་པོ་སོན་ཆ། །ཁ་ར་སྦྲང་རྩིར་བཅས་སྐྱོམ་འམ། ཁ་ར་སྦྲང་རྩི་པོ་སོན་ཆ། ཆུར་བཅས་པ་འམ་ཤིང་མངར་ཆུ། །འོ་མ་འམ་བུ་རམ་ཤིང་ཁུ་བླུད་ཞེས་བྱ་བ་ལ་།སྨད་དུ་འབྱུང་བར་བྱེད་པའི་ཁྲག་དང་མཁྲིས་པ་ལ་སྐྱུག་སྨན
་གྱི་དོན་དུ་བོ་སོན་ཆ། །ཁ་ར་སྦྲང་རྩིར་བཅས་པའི་སྐྱོ་མ་བླུད་བར་བྱའོ། །ཡང་ན་ཁར་དང་སྦྲང་རྩི་དང་པོ་སོན་ཆ་ཆུ་དང་སྦྱར་ཞིང་བཅས་པ་བླུད་པར་བྱའོ། །ཡང་ན་ཤིང་མངར་ཆུ་དང་སྦྱར་བ་བླུད་པར་བྱའོ། །ཡང་ན་འོ་མ་པོ་སོན་ཆ་དང་སྦྱར
་པའི་སྐྱུག་སྨན་བླུད་པར་བྱའོ། །ཡང་བུ་རམ་ཤིང་གི་ཁུ་བ་པོ་སོན་ཆའི་ཁུ་བ་དང་སྦྱར་བའི་སྐྱུགས་སྨན་བླུད་པར་བྱའོ། །སྦྱང་པའི་རྗེས་ལ་ཆོ་ག་ནི། །ཐུག་སླ་ལ་སོགས་ཇི་བཞིན་དུ། །བླུད་ཅིང་སྟོབས་ནི་བསྲུང་བར་བྱ། ཞེས་བྱ་བ་ལ།
་དེ་ལྟར་བཀྲུ་སྨན་བཏང་བར་བྱ་བ་འམ། །སྐྱུགས་སྨན་བཏང་བས་སྦྱངས་ཞིང་དག་པར་གྱུར་པ་དང། དེའི་རྗེས་ལ་སྨད་དུ་འབྱུང་བའི་ཁྲག་དང། མཁྲིས་པ་ལ་ནི་ཐུག་པ་སླ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ནས་བཤད་པའི་ཆོ་གས་སྤང
་བས་ཇི་ལྟ་བ་བཞིན་དུ་བླུད་ཅིང་ནད་པའི་སྟོབས་བསྲུང་བའི་ཕྱིར་སྦྱིན་པར་བྱའོ། །སྟོད་དུ་འབྱུང་བ་ལ་ནི་སྐྱོ་མ་ལ་སོགས་པ་བླུད་པར་བྱའོ། །སྐྱོ་མ་རིམས་སྐབས་བཤད་རྒུན་སོགས། །ཡང་ན་མཁྲིས་འཇོམས་འབྲས་བུར་སྦྱར། །ཞེས་བྱ་བ
་ལ། སྐྱོ་མ་ནི་རིམས་ནད་གསོ་བའི་སྐབས་སུ་བཤད་པ་རྒུན་འབྲུམ་དང། ཤིང་མདར་ལ་སོགས་པ་དང་སྦྱར་བ་དང། ཡང་ན་མཁྲིས་པ་འཇོམས་པའི་འབྲས་བུ་རྒུན་འབྲུམ་དང། སྐྱུ་རུ་ར་དང་ཏད་དཔལ་དང། མ་ཏུ་ཀ་ལ་སོགས་པ་དང་སྦྱར་བ་བླུད
་པར་བྱའོ། །སྦྲང་རྩི་འབྲ་གོ་རྒུན་འབྲུམ་དང་པ་རུ་ཤ་ཀ་ཁ་རའི་ཆུ། །སྙིང་པོ་ལྔ་ཡི་སྐྱོ་མ་ནི། །འབྲས་ཡོད་ཕྱེ་ནི་མར་བཅས་སྦྱིན། །ཞེས་བྱ་བ་ལ། ཡང་སྙིང་པོ་ལྔའི་སྐྱོ་མ་ཞེས་བྱ་བ་སྦྲང་རྩི་ལ་སོགས་བའི་ཆུ་སྐྱུར་བྱས་པ་འབྲས་ཡོས་ཀྱི་ཕྱི་མར
་དང་བཅས་པ་སྦྱར་བ། བཏབ་པའི་ཕྱེ་མ་སྦྱིན་པར་བྱའོ། །མེ་དྲོད་ཆུང་ཞིང་སྐྱུར་ལ་སྲེང། །སེའུ་འབྲུ་སྐྱུ་རུ་ར་སྐྱུར་བ། །ཞེས་བྱ་བ་ལ། ཁོང་པའི་མེ་དྲོད་ཆུང་ཞིང་སྐྱུར་བག་ལ་སྲེད་པ་དག་ལ་སེའུ་འབྲུ་དང་སྐྱུ་རུ་ར་དང་སྦྱར་བའི་སྐྱོ་མ་སྐྱུར་བ་སྦྱིན་པར་བྱའོ།།
་པདྨ་ཨུད་པལ་གེ་སར་དང། །པྲི་སྣ་པརྞི་བྲི་ཡངཀུ། །པུ་ཤེལ་ཙེ་དང་སེར་ཕྲོ་མ་དཀར། །བཅའ་སྒ་དང་ནི་ཙན་དན་དམར། །བྱི་ཚེར་ཏ་ཀའི་མེ་ཏོག་དང། །བ་ལ་ཀ་དང་བིལྤའི་རྐང། །ཚིགས་བཅད་ཕྱེད་བཤད་ཐུག་བ་བླུད། །ཅེས་བྱ་བ་ལ།
་ཐུག་པ་ནི་པདྨ་ལ་སོགས་པ་ཚིགས་བཅད་ཕྱེད་ཀྱིས་རྫོགས་པར་བྱས་པའི་སྨན་གྱི་སྡེ་མཚན་གསུམ་དང་སྦྱར་བའི་ཐུག་པ་ནི། ཐུར་དུ་འབྱུང་བའི་ཁྲག་དང་མཁྲིས་པ་ལ་བླུད་པར་བྱའོ། །གེ་སར་ནི་པདྨའི་གེ་སར་དང། །ུཏཔ་ལའི་གེ་སར་སྟེ་གཉི་ག
་དང་སྦྱར་བར་བྱའོ། །པྲི་ཡངཀུ་ནི་ཀྲང་ཀུའོ། །བ་ལ་ཀ་ནི་རྡི་པ་རའོ། །གཞན་ནི་གོ་བར་ཟད་དོ། །རྩ་མཁྲིས་གླ་སྒང་པུ་ཤེལ་ཙེ། །སྲན་ཆུང་པྲི་སྣ་པིརྞི་ར་སྦྱར། །མུངྒ་གནད་བི་ད་རི། །ཧ་ལི་མུ་ག་བི་ལ་མར། །ཚིག་རྐང་གཅིག་གིས་བཤད་བར་བླུད།།
་ཅེས་བྱ་བ་ལ། རྩ་མཁྲིས་ལ་སོགས་པ་ཚིགས་སུ་བཅད་པའི་རྐང་པ་རེ་རེས་བཤད་པའི་ཐུག་པ་བཞི་བཤད་པ་དག་ཀྱང་བླུད་པར་བྱ་སྟེ། རྩ་མཁྲིས་ནི་བུ་ནིམཔ་དང་ཀི་ར་ཏ་ཏིཀྟ་ཞེས་བྱ་བ་ཡིན་ནོ། །པུ་ཤེལ་རྩེ་ནི་ཨུ་ཤ་རིའོ། །བནད་བནད་རི་ནི་སི་ལ་པརྞིའོ།།
་ཧ་རི་ནུ་ཀ་ནི་ས་ཏི་ནའོ། །ནུས་པ་བསིལ་བ་དེ་རྣམས་ནི། སྐམ་སའི་སྲོགས་ཆགས་ཤ་དག་དང། །ཆུར་ནི་སོ་སོར་བསྐོལ་བ་ཡི། །ཁུ་བས་ནས་ཐུག་སྦྱར་བ་བསྒྲངས། །ཁར་སྦྲང་རྩི་བཅས་པ་བླུད། །ཅེས་བྱ་བ་ལ། ཐུག་པ་དང་སྦྱར་བའི་སྨན་དུ་བཤད་པ།
་དེ་དག་སྐམ་སའི་སྲོག་ཆགས་ཀྱི་ཤ་དང་ཆུར་སོ་སོར་བསྐོལ་ལ་དེའི་འོག་ཏུ་ཁུ་བ་དེ་ལས་ནས་ཐུག་སྦྱར་བར་བྱའོ། །དེ་བསྒྲངས་པ་བསིལ་བར་གྱུར་པ་དང། །བ་ར་དང་སྦྲང་རྩི་བཏབ་པར་བྱའོ། །དེ་བཞིན
་དུ་ནི་ཤ་ཁུ་དང། །ཅུང་ཟད་སྐྱུར་དང་སྐྱུར་མིན་པ། །མར་བརྡོས་ཁ་ར་བཅས་པ་སྦྱིན། །ཞེས་བྱ་བ་ལ། དེ་བཞིན་དུ་ཤ་ཁུ་བསྐོལ་བར་ཐུག་པ་ཅུང་ཟད་སྐྱུར་བར་བྱས་པ་ནི་སྐྱུར་བ་སྙམ་སེམས་པ་ལ་སྦྱིན་ལ། དེ་ལྟ་བུ་མ་ཡིན་པ་དག
་ལ་ནི་སྐྱུར་བ་མ་ཡིན་པ་མངར་བ་ཉིད་སྦྱིན་པར་བྱ་ཞིང་ཐུག་པ་དེ་ཡང་མར་དང་བརྡོས་པ་དང་ཁ་ར་དང་བཅས་ཤིང་བཏབ་པ་སྦྱིན་པར་བྱའོ། །ཟས་ཀྱི་ཚུལ་ནི་ཤེས་པ་རུ། །ཡང་དག་བསིལ་བར་གང་བཤད་པའི། །མ་གང་བུ་ཅན་འབྲུ་དང།
་ཚོད་མ་ཁྲག་ལ་བསྔགས་པ་ཡིན་ནོ། །ཞེས་བྱ་བ་ལ། ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་ཡི་ནང་དུ་གྲ་མ་ཅན་གྱི་འབྲུ་དང། །གང་བུ་ཅན་གྱི་འབྲུ་གང་དག་བཤད་པ་ལས་ཡང་བ་དང་བསིལ་བའི་མཚན་ཉིད་དང་ལྡན་པར་བཤད་པ
་གང་ཡིན་པ་དང། །དེ་བཞིན་དུ་ཚེད་མ་ཡང་བ་དང། །བསིལ་བར་བཤད་པ་གང་དག་ཡིན་པ་དེ་ཁྲག་དང་མཁྲིས་པའི་ནད་ལ་བསྔགས་ཤིང་ཕན་པ་ཡིན་ནོ། །སྔར་བཤད་པའི་ཆུ་དག་གམ་རྩ་བ་ཆུང་ངུ་ལྔ་བསྐོལ་ཏེ། བསྒྲངས
་པ་འམ་སྦྲང་རྩིའི་ཆུ་འམ་ནི། །འབྲས་བུ་མཉེས་པའི་ཆུ་བླུད་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་ཡན་ལག་དྲུག་པའི་སྨན་ཆུ་ལས་བཅའ་སྒ་མེད་པ་དག་བཏུང་བར་བྱ་བ་འམ། ཡང་ན་ཙ་བ་ཆུང་ངུ་ལྔ་དང་བསྐོལ་ཏེ་སྒྲངས་པའི་ཆུ་འམ།
་ཆུ་འབའ་ཞིག་བསྐོལ་ཏེ་བསྒྲངས་པའམ། །ཡང་ན་སྦྲང་རྩིའི་ཆུ་བླུད་པའམ། །ཡང་ན་འབྲས་བུའི་ཆུ་སྟེ་མཁྲིས་པ་འཛེམས་པའི་འབྲས་བུ་རྒུན་འབྲུ་དང། །འབྲ་གོ་ལ་སོགས་པ་ཆུར་མཉེས་ཏེ་བཙགས་ནས་བསྐོལ་ཏེ་བསྒྲངས་ལ་བླུད་པར
་བྱའོ། །བཤད་འགགས་རྒྱ་སྣེའུ་རི་བོང་ཤ། རླུང་ཤས་ཆེ་ལ་སྲེག་པའི་ཤ། ཨུ་དུམྦ་རའི་ཁུ་བ་ནི། བསྐོལ་བ་བླུད་ན་སྔགས་པ་ཡིན། །ཞེས་བྱ་བ་ལ། ཁྲག་མཁྲིས་ཀྱི་ནད་བཤད་བ་འགགས་པར་གྱུར་པ་ལ་ནི། །འགགས་པ་བསལ་བའི་ཕྱིར་རྒྱ
་སྣེའུ་དང་བཅས་པའི་རི་བོང་གི་ཤ་བྱིན་ན་བསྔགས་པ་ཡིན་ནོ། །ཁྲག་མཁྲིས་ཀྱི་ནད་རླུང་ཤས་ཆེ་ཞིང་རྒྱས་པ་ལ་ནི་སྲེག་པའི་ཨུ་དུམྦ་རའི་ཁུ་བ་བསྐོལ་ཏེ་བླུད་པ་བསྔགས་པ་ཡིན་ནོ། །དེ་བཞིན་བླཀྵ་རྨ་བྱའི་ཤ། ནྱ་གྲོ་དྷ་དང་ཁྱིམ་བྱའི་བྱ། །
་ཞེས་བྱ་བ་ལ། རླུང་ཤས་ཆེ་བ་ལ་ཁྲག་མཁྲིས་ཀྱི་ནད་ལ་ནི་ཤིང་བླཀྵའི་ཁུ་བར་རྨ་བྱའི་ཤ་བཙོས་པ་བླུད་ན་ཕན་ནོ། །ཡང་དེ་བཞིན་དུ་ཤིང་ནྱ་གྲོ་དྷའི་ཁུ་བར་ཁྱིམ་བྱའི་ཤ་བཙོས་པ་ཡང་སྔ་མ་དང་འདྲ་བར་བསྔགས་པ་ཡིན་ནོ། །ཁྲག་མཁྲིས
་ཀྱི་ནི་ནད་བཞི་ནི། །གང་ཅི་འང་རུང་བ་དེ་སྤང་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པའི་ནད་བཞིར་གྱུར་པ། ཤིན་ཏུ་ཆེ་ཞིང་རྣོ་བའི་ཁ་ཟས་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་སྤང་བར་བྱའོ། །བ་ཤ་ཀའི་ཁུ་པྲི་ཡངཀུ། ས་ནག་དང་ནི
་སྐྱེས་ཁཎ?་དང། སེང་ཕྲོམ་དང་ནི་སྦྲང་རྩིར་སྦྱར། །འཐུངས་ན་ཁྲག་དང་མཁྲིས་པ་འཇོམས། །ཡང་ན་བ་ཤ་ཀ་ཡི་ནི། །ཁུ་བ་ཁ་ར་སྦྲང་རྩི་དང། །བཅས་པར་འཐུངས་པ་དེ་བཞིན་ཏེ། །བ་ཤ་ཀ་ནི་འབའ་ཞིག་དང། །བསྐོལ་བས་ཁྲག
་ནི་མྱུར་སེལ་ཏེ། དེ་ནི་འདིའི་སྨན་མཆོག་ཡིན། །ཞེས་བྱ་བ་ལ། བ་ཤ་ཀའི་ཁུ་བ་དང་བསྐོལ་པ་པྲི་ཡངཀུ་ལ་སོགས་པ་སྦྱར་བའི་འཐུངས་ན་ཁྲག་དང་མཁྲིས་པའི་ནད་འཇོམས་ཤིང་སེལ་བར་བྱེད་དོ། །ཚད་འབྲིང་དག་ཏུ་བསྟན་པ་ནི། །སྨན
་གྱི་ཁུ་བ་སྲང་བཞི་ལ། བཏགས་པ་ཞོ་གཉིས་བཏབ་བྱ་སྟེ། །གཤེར་བ་དེ་ནི་བསྲང་གསུམ་བྱ། །ཞེས་སྨོས་པའི་ཚིག་འདི་ནི་སྨན་གྱི་ཁུ་བ་སྲང་བཞིར་ཕྱེ་མ་ཞོ་གཉིས་གཞུག་པར་བྱའོ། །ས་ནག་ནི་སོར་ཏི་ཞེས་བྱ་བའི་སའོ། །ཡང་ན
་བ་ཤ་ཀ་བསྐོལ་བའི་ཁུ་བ་ཁ་ར་དང་སྦྲང་རྩི་དང་བཅས་པ་འཐུངས་ན་ཡང་སྔ་མ་བཞིན་དུ་ཁྲག་དང་མཁྲིས་པ་འཇོམས་པར་འགྱུར་རོ། །ཡང་ན་བ་ཤ་ག་འབའ་ཞིག་བསྐོལ་བའི་ཁུ་བ་འཐུངས་པས
་ཀྱང་ཁྲག་དང་མཁྲིས་པ་སེལ་བར་བྱེད་དོ། །ཡང་ན་བ་ཤ་ཀ་བརྡུང་སྟེ་བཙིར་བའི་ཁུ་བས་ཀྱང་ཁྲག་སེལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བ་ཤ་ཀ་དེ་ནི་ཁྲག་དང་མཁྲིས་པ་འདི་སེལ་ཅིང་འཇོམས་པར་བྱེད་པའི་སྨན་ཐམས་ཅད་ཀྱི་ནང
་ན་མཆོག་གམ་ངམ་པ་ཡིན་པའི་ཕྱིར་རོ། །པ་ཏོ་ལ་དང་མལ་ཏི། །ནིམཔ་ཤུག་པ་ཙན་དན་གཉིས། །སེང་ཁྲོམ་བ་ཤ་ཏན་དུ་ལི། །ས་ནག་མ་དུ་ཡནདི་ཀ། ཉེའུ་ཤིང་དང་ཐལ་ཏྲེས་དང། །རམ་ཉེ་བ་གཉིས་ཤིང་མངར་རྣམས།།
་བསྐོལ་པ་གསུམ་པོ་ཁ་ར་དང། །སྦྲང་རྩིར་བཅས་པ་ཁྲག་མཁྲིས་འཇོམས། །ཞེས་བྱ་བ་ལ། པ་ཏོལ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་བསྟན་པའི་སྨན་གྱི་ཁུ་བ་གསུམ་པོ་ཁ་ར་དང་སྦྲང་རྩི་དང་བཅས་པ་ནི་ཁྲག
་དང་མཁྲིས་པ་སེལ་ཅིང་འཇོམས་པར་འགྱུར་རོ། །མ་ལ་ཏི་ནི་མེ་ཏོག་ཛཱ་ཏིའོ། །ཙན་དན་གཉིས་ནི་ཙན་དན་དཀར་པོ་དང་དམར་པོའོ། །ཏན་ཏུ་ལི་ཡང་ནི་ཚོད་མའི་རྩའུ་ལ་ཡི་ཞེས་བྱའོ། །ས་ནག་པོ་ནི་སརྟིའོ། །མ་དུ་ཡནདི་ཞེས་བྱ་བ་ནི
་ཚིག་འདི་ཉིད་ཀྱིས་མིང་དུ་གྲགས་པའོ། །བ་ཤ་ནི་བ་ཤ་ཀའོ། །ཐལ་ཏྲེས་ནི་ཤི་རི་པའོ?། །རམ་ཉེ་པ་གཉིས་ཀ་ཀོ་ལི་དང། །ཀཤི་ར་ཀ་ཀོ་ལི་ཞེས་བྱའོ། །རྒྱ་སྐྱེགས་ཤིང་ཤུན་བསྐོལ་བ་ནི། །ལེགས་བསྒྲངས་ཁ་ར་བཏབ་པ་ཕན།།
་ཞེས་བྱ་བ་ལ། རྒྱ་སྐྱེགས་ཤིང་ནི་པ་ལ་ཤ་སྟེ། ?ཀིད་ཀང་ཞེས་ཀྱང་བྱ་སྟེ། དེའི་ཤུན་པ་བསྐོལ་བ་ལེགས་པར་བསྒྲངས་ནས་ཁ?་ར་བཏབ་པ་ནི་ཁྲག་དང་མཁྲིས་པ་སེལ་བར་བྱེད་དོ། །ཡང་ན་སྦྲང་རྩི་མར་བཅས་པ་འམ། །??་བ་རྟ??
་སྤངས་བཙིར་ཁུ་བཏུང། ཞེས་བྱ་བ་ལ། ཡང་བ་ལང་གི་ལྕི་བ་དང་རྟ་སྤངས་བཙིར་ཁུ་བ་མར་དང། སྦྲང་རྩི་དང་བཅས་པ་འཐུངས་ན་ཡང་ཁྲག་དང་མཁྲིས་པ་སེལ་བར་འགྱུར་རོ། །ཁྲག་ནད་མདུང་པ་ཅན་འདྲར་འབྱུང། །ཕུག་རོན་རྟུག་པ
་སྦྲང་རྩི་ཕན། །ཞེས་བྱ་བ་ལ། ཁྲག་ནད་ཅེས་བྱ་བ་ཁྲག་དང་མཁྲིས་པའི་ནད་རྨན་བུ་ལྟ་བུ་འམ། །མདུད་པ་ལྟ་བུ་བྱུང་བ་ལ། བྱ་ཕུག་རོན་རྟུག་པ་སྦྲང་རྩིར་དང་སྦྱར་བ་བལྡགས་ན་ཕན་པ་ཡིན་ནོ། །ཁྲག་ནི་ཤས་ཆེར་བྱུང་བ་ན། །སྐམ་སའི
་སྲོག་ཆགས་ཁྲག་དང་ནི། །སྦྲང་རྩི་སྦྱར་བ་འམ་ར་ཡི་ནི། །མཆིན་པ་མཁྲིས་བཅས་རློན་པ་བཟའ་། །ཞེས་བྱ་བ་ལ། ཁྲག་ཤས་ཆེར་འབྱུང་ཞིང་འཛག་པར་གྱུར་པ་ལ་སྐམ་སའི་སྲོགས་ཆགས་ཀྱི་ཁྲག་དང། །སྦྱར་རྩིར་སྦྱར་བ་བཏུང་བར
་བྱའོ། །ཡང་ན་ཁྲག་ཤས་ཆེར་འབྱུང་བ་ལ། དེའི་མཆིན་པ་དེ་ཉིད་ཀྱི་མཁྲིས་པ་དང་བཅས་པ་རློན་པ་བཟའ་པར་བྱའོ། །ཙན་དན་གླ་སྒང་པུ་ཤེལ་ཙེ། །འབྲས་ཡོས་མུངྒ་པི་པི་ལིང། །ནས་ནི་བ་ལའི་ཆུར་སྤངས་པ། ཁུ་བ་ཁྲག་མཁྲིས་སེལ
་བྱེད་ཡིན། །ཞེས་བྱ་བ་ལ། སྨན་པ་ལ་བསྐོལ་བའི་ཆུ་བསྒྲངས་པ་སྲང་དྲུག་གི་ནང་དུ་ཙན་དན་ལ་སོགས་པའི་སྨན་སྲང་གཅིག་མཚན་མོ་སླངས་ལ་ཕྱི་དེ་ཉིན་པར་བཙགས་པའི་ཁུ་བ་གྲང་མོ་ནི་ཁྲག་དང་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ། །ཙན་དན
་པདྨ་པུ་ཤེལ་ཙེ། །ཁུ་བར་བོང་བ་བསྲེགས་བཅུག་པ། །རབ་སྒྲངས་པ་ཁ་ར་སྦྲང་རྩིར་བཅས། །ཁྲག་ནི་ཤས་ཆེར་འབྱུང་བ་སེལ། ཞེས་བྱ་བ་ལ། ཙན་དན་ལ་སོགས་པའི་སྨན་དེ་དག་བཏགས་ཏེ་ཆུའི་ནང་དུ་བཅུག་ལ་དཀྲུགས་ཏེ་བཞག་ལ
་དེའི་སྟེང?་དུ་བྱུང་བའི་དངོས?་མ་ལེགས་པར་བསྒྲངས་པ་ལ། ཁ་ར་དང་སྦྲང་རྩི་བཏབ་པ་ནི་ཁྲག་ཤས་ཆེར་འབྱུང་ཞིང་བདེ?་བ་སེལ་བར་འགྱུར་རོ། །བོང་བ་བསྲེགས་པ་བཅུག་པ་ནི། །སོ་ཕག་བསྲེགས་པ་བཅུག་པའོ། །བུ་རམ་ཤིང་ན་ཆུ་མར་སྐབས?།
་རྫ་བུམ་གསར་པར་དེ་བཞག་ནས། །མཚན་མོའི་ཕྱི་རོལ་དབེན་པར་བཞག། ནད?་པར་ཆུ་ནི་བཙགས་ནས་སུ། །སྦྲང་རྩི་བཏབ་ནས་པདྨ་ནི། །ཁ?་ཕྱེའི་བྲེང?་རྒྱན་ཆུ་དེ་འདྲ། །ཞེས་བྱ་བ་ལ། བུ་རམ་ཞིང?་དུམ
་བུར་གཏུབས་ཏེ་ཆུ་མང་པོའི་ནང་དུ་སྤངས་ལ། རྫ་མའི་བུམ་པ་གསར་པའི་ནང་དུ་ཆུ་དེ་བཞག་ནས་མཚན་མོ་ཕྱི་རོལ་ཏུ་དབེན་པའི་ཕྱོགས་སུ་དབྱངས་ཏེ་བཞག་ལ། ནད?་པར་རས་ལ་སོགས་པས་བཙགས་ཏེ་སྦྲང་རྩི་དང
་ལྡན་པར་བྱས་ལ། པདྨ་མེ་ཏོག་ཁ་ཕྱེ་པའི་ཕྲེང་བས་བརྒྱན་ལ་དྲི་ཞིམ་པོའི་ཕྲེང་བས་བརྒྱན་པར་བྱས་པའི་ཆུ་དེ་ཡང་ཡོན་ཏན་སྔར་བཤད་པ་དང་འདྲ་སྟེ་ཁྲག་ཤས་ཆེར་འབྱུང་བ་སེལ་པར་བྱེད་པ་ཡིན་ནོ། །གང་ཡང་མཁྲིས
་པའི་རིམས་སྐབས་བཤད། །སྨན་ཁུ་དེ་ཡང་བླུད་པར་བྱ། །ཞེས་བྱ་བ་ལ། སྨན་གྱི་ཁུ་བ་གང་རིམས་ནད་གསོ་བའི་སྐབས་སུ་བཤད་པའི་མཁྲིས་པའི་རིམས་ལ་ཕན་པར་བསྟན་པ། །མཁྲིས་པར་གླ་སྒང་དུག་མོ་ཉུང། །ཞེས་བྱ་བ་ལ
་སོགས་པས་བཤད་པའི་ཁུ་བ་དེ་ཡང་བླུད་པར་བྱའོ། །སྨན་ཁུ་སྣ་ཚོགས་འདི་ཡིས་ནི། །མེ་དྲོད་བསྐྱེད་པས་བད་ཀན་ཟད། །གལ་ཏེ་ཁྲག་མཁྲིས་མ་ཞིན། །དེ་ལ་རླུང་ཤས་ཆེར་ཕན་པའི། །ར་ཡི་འོ་མ་བསྐོལ་བ་བླུད། །དེ་བཞིན
་བ་ཡི་འོ་མ་ནི། །སྔར་གྱུར་ཆུས་བསྐོལ་གདུས་པ་བླུད། །ཞེས་བྱ་བ་ལ། སྔར་བཤད་པའི་སྨན་གྱི་ཁུ་བ་རྣམ་པ་སྣ་ཚོགས་པ་འདི་དག་གིས་མེ་དྲོད་བསྐྱེད་པར་གྱུར་པས་བད་ཀན་བསལ་ཅིང་ཟད་པར་གྱུར་ལ་གལ་ཏེ་ཁྲག་དང
་མཁྲིས་པ་ནི་ཟད་པར་མ་གྱུར་ན། །ཁྲག་དང་མཁྲིས་པ་དེ་དང་ལ་རླུང་ཤས་ཆེ་ཞིང་རྒྱས་པར་གྱུར་པ་ལ་ཕན་པར་གྱུར་པའི་རའི་འོ་མ་བསྐོལ་བ་བླུད་པར་བྱ་ལ། དེ་བཞིན་དུ་བའི་འོ་མ་ཆུ་ལྔ་འགྱུར་དང་བསྲེས་པ་བསྐོལ་ཏེ།
་གདུས་པ་བླུད་པར་བྱའོ། །རྩ་བ་ལྔ་པ་ཆུ་ངུ་དང། །སྦྲང་རྩི་ཁ་ར་བསྐོལ་བའང་རུང། ཞེས་བྱ་བ་ལ། ཡང་ན་རྩ་བ་ཆུང་ངུ་ལྔ་དང། །བསྐོལ་བའི་བའི་མར་ཁ་ར་དཀར་བོ་བཏགས་ཏེ། བླུད་པར་བྱའོ། །རྒུན་འབྲུམ་བཅའ་སྒ་ཇི་པ
་ཀ། བ་ལ་གཟེ་མ་ཟངས་རྩི་བ། །རཻ?་འོ་མ་བསྐོལ་བ་འམ། །འོ་མ་ཁ་ར་མར་བསྐོལ་ཕན། །ཞེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་པའི་སྨན་རེ་རེ་དང། བའམ་རའི་འོ་མ་བསྐོལ་བ་མར་དང་བཅས་པ་ཡང་བླུད་ན་ཕན་ཏེ། ལན་འགའ་
་ནི་རྒུན་འབྲུམ་དང་བསྐོལ་བ་ཆས། །ལན་འགའ་ནི་ཟངས་རྩི་བའི་བར་དང་བསྐོལ་བར་བྱའོ། །ཡང་ན་མར་དང་ཁ་ར་དང། འོ་མར་བསྐོལ་བ་བླུད་ན་ཕན་ནོ། །གཟེ་མ་ཉེའུ་ཤིང་བསྐོལ་བ་འམ། །དེ་བཞིན་འདབ?་བཞི་འོ་མར་བསྐོལ།
་ཁྲག་ནི་ནད་བཅས་མྱུར་སེལ་ཏེ། མཆོག་ཏུ་མཚན་ནས་འབྱུང་ལ་ཕན། ཞེས་བྱ་བ་ལ། གཟེ་མ་དང་ཉེའུ་ཤིང་གཉིས་དང། འོ་མར་བསྐོལ་བ་འམ། ཡང་ན་འདབ་མ་བཞི་བ་མ་ཤ་དང། མུངྒ་དང་བྲི་སྣི་དང། ས་ལ་པརྞི
་བཞིའི་ལོ་མ་དང་བཅས་པར་བསྐོལ་བའི་འོ་མ་ནི་ཁྲག་དང་མཁྲིས་པའི་ནད་སེལ་བར་བྱེད་ལ། དེ་ལས་ཀྱང་མཆོག་གམ་ཁྱད་པར་དུ་ནི་གཅིན་གྱི་ལམ་ཕོ་མཚན་དང། མོ་མཚན་ལས་བྱུང་བ་ལ་ཕན་ནོ། །རྐུབ་ལས་བྱུང་བ་ཁྱད་པར
་དུ། །མོ་ཙ་རས་བླུད་ན་ཕན། ཞེས་བྱ་བ་ལ། བཤད་པའི་ལམ་ནས་བྱུང་བའི་ཁྲག་དང་མཁྲིས་པ་ལ་ནི་མོ་ཙ་ར་ས་དང། བསྐོལ་བའི་ལོ་མ་བླུད་ན་ཕན་ནོ། །དེ་ལ་མོ་ཙ་ར་ས་ནི། ཤའ་མ་ལི་ཡི་ཐང་ཆུ་གང། །དེ་ནི་མོ་ཙ
་ར་སར་བཤད། །ཅེས་བྱ་བ་ཡིན་ནོ། །ནྱ་གྲོ་དྷ་ནི་མྱུ་གུ་འམ། །འདབ་མ་གཞོན་པ་འམ་བཅའ་སྒ་དང། ཨུ་ཤིར་དང་ཨུཏཔལ་ཕན། །ཞེས་བྱ་བ་ལ། ཡང་ན་ཤིང་ནྱ་གོ་དྷའི་མྱུ་གུ་གཞོན་ནུ་འམ། ནྱ་གྲོ་དྷ་ཡི་འདབ་མ་དང་པོ
་བྱུང་བ་དང། འོ་མར་བསྐོལ་དེ་བཤད་པའི་ལམ་ནས་ཁྲག་འབྱུང་བར་ལ་ཕན་ནོ། །ཡང་ན་བཅའ་སྒ་དང། ཨུ་ཤི་ར་དང། ཨུཏཔལ་དང། འོ་མར་བསྐོལ་བ་དེ་ཐུར་དུ་འབྱུང་བའི་ཁྲག?
་མཁྲིས་ལ་ཕན་ནོ། །ཁྲག་གི་ཚད་འཁྲུ་གཞང་འབྲུམ་གྱི། །གསོ་བ་དག་ཀྱང་འདིར་སྦྱར་བྱ། ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་གཤང་པའི། ལམ་ནས་འབྱུང་བའི་སྐབས་འདིར་ཁྲག་གི་ཆོད་པར་འཁྲུ་བའི
་གསོ་བ་གང་ཡིན་པ་དང། ཁྲག་གི་གཞང་འབྲུམ་གྱི་གསོ་བ་གང་ཡིན་པ་དག་ཀྱང་ནང་དམིགས་ཀྱི་ཚུལ་འདི་སྦྱར་བར་བྱའོ། །སྨན་ཁུ་འོ་མ་འཐུངས་ནས་ནི། །བཟའ་བ་འམ་ཉིད་དང?་བཟའ་། ཞེས་བྱ་བ་ལ། སྨན་ཁུའི
་སྦྱར་བ་སྔར་བཤད་པ་དང། །འོ་མ་འཐུངས་ནས་བཟའ་བའི་རྣམ་པ་ཡང། །དེ་ཉིད་དང་བཟའ་ཞིང་ལོངས་སྤྱད་པར་བྱའོ། །སྨན་ཁུའི་སྦྱོར་བ་འདི་དག་ཉིད། །བསྐོལ་བའི་མར་ནི་བླུད་པར་བྱ། ཞེས་བྱ་བ་ལ། སྔར་བཤད་པའི་སྨན་ཁུ་བསྐོལ
་བའི་སྦྱར་བ་ཅི་རིགས་པར་བསྐོལ་བ་འདི་དག་ཉིད་དང། མར་དུ་བསྐོལ་བའི་སྨན་མར་ཡང་བཏུང་ཞིང་ལོངས་སྤྱོད་པར་བྱའོ། །བ་ཤ་ཀ་རྩ་རྩར་བཅས་བརྡུངས། །ཆུ་ནི་བརྒྱད་འགྱུར་ནང་དུ་ནི། །བསྐོལ་ཏེ་བརྒྱད་ཆ་ལུས་གྱུར་པ། །དེ་དང་མར་ནི་བཅེ?
་བར་བྱ། །དེ་ཡི་མེ་ཏོག་ནང་བཅུག་བསྒྲངས། །སྦྲང་རྩིར་བཅས་པ་ཁྲག་མཁྲིས་དང། །མཁྲིས་སྐྲམ་རིམས་དང་དབྲགས?་མི་བདེ། །ལུང་པ་སྙིང་ནད་མིག་སེར་དང། །རབ་རིབ་མགོ་འཁོར་མེ་དཔལ་དང། སྐད་འགྲག?་གསོ?་པ་ནི
་འཇོམས་པར་བྱེད། །ཞེས་བྱ་བ་ལ། བ་ཤ་ཀ་རྩ་བ་དང། ཡལ་ག་དང་ལོ་མ་དང། །རྩེ་མོར་བཅས་པ་དེ་གཏུམ་གྱི་ནང་དུ་བརྡུངས་ལ། །སྨན་སྲང་སུམ་ཅུ་རྩ་གཉིས། །ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་ནང་དུ་བསྐོལ་པ།།
་དེ་ལས་བརྒྱད་ཆ་སྟེ། སུམ་ཅུ་རྩ་གཉིས་ལུས་པ་དང། དེའི་ནང་དུ་མར་སྲང་བརྒྱ་བཙོས་ལ་མར་གྱི་བཞི་ཆའི་བ་ཤ་ཀའི་མེ་ཏོག་ནང་དུ་བཅུག་ལ། དེ་བསྒྲངས་པར་སྦྲང་རྩི་བཏབ་ཏེ། །ཟོས་པ་ནི་ཁྲག་མཁྲིས་ལ་སོགས་པའི་ནད་སྐྱེས་པ
་འཇོམས་པར་བྱེད་དོ། །པ་ལ་ཤ་ཡི་མྱུ་གུའི་ཁུ། །དེ་བཅུག་མར་ནི་བསྐོལ་བ་དག། །སྦྲང་རྩིར་བཅས་ཏེ་ཁྲག་ནད་སེལ། །ཁྱི་ལྕེ་བ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ལ། པ་ལ་ཤ་མྱུ་གུ་ཁ་མ་བྱེ་བ་བསྐོལ་བའི་ཁུ་བ་འདིར་ཁྱད་པར་གྱི
་ཚིག་མ་སྨོས་པ་ལས་ནི་མར་གྱི་བཞི་འགྱུར་བྱས་པ་དེ་ཉིད་ཀྱི་ནང་དུ་པ་ལ་ཤའི་ཕྱེ་མ་མར་གྱི་བཞི་ཆ་བཅུག་ལ་དྲང་སྲོང་ཤ་ན་ཀས་བཤད་པའི་ཚད་བཞིན་དུ། སྨན་གྱི་ལྡེ་གུ་མར་གྱི་བརྒྱད་ཆེ་བཅུག་ལ། ཤ་ན་ཀས་བཤད་པའི་ཚུལ་དུ
་བཏུང་བར་བྱ་སྟེ། དེ་ཡང་ཤ་ན་ཀས་བཤད་པའི་ཚུལ་ནི། །སྨན་གྱི་ཁུ་བ་བསྐོལ་རིམས་ཀྱིས། །ཆུང་ངུ་སྣུམ་ནི་དག་པ་ཡིན། །ལྡེ་གུ་བཞི་ཆ་དྲུག་ཆ་དང། །བརྒྱད་ཆ་དང་ནི་སྦྱར་བར་བྱ། །ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྨན་མར་ཏེ་སྦྲང་རྩི
་དང་བཅས་པ་ཟས?་པ་ནི་ཁྲག་མཁྲིས་ཀྱི་དྲད?་འཇོམས་པར་བྱེད་པ་ཡིན་ནོ། །ཡང་དེ་ཉིད་ཀྱི་ཚུལ་བཞིན་ཁྱི་ལྟ་བའི་རང་གི་ཁུ་བ་དང། ལྡེ་གུའི་ནང་དུ་མར་བཅུག་སྟེ་བསྐོལ་བ་དེ་ཡལ?་ཁྲག་དང་མཁྲིས་པ་འཇོམས་པར་བྱེད་པ་ཡིན་ནོ། །ཁྲག་ནི་སྤྱི
་བག་བད་ཀན་བཅས། །མདུད་པ་ཆགས་ནི་མགུལ་བར་བྱུང། ཨུད་པལ་སྡོང་པོ་བསྲེགས་ཐལ་བ། །ཞུན་མར་སྦྲང་རྩི་བཅས་པ་བལྡག་།ཅེས་བྱ་བ་ལ། མགུལ་པའི་ལམ་ནས་བྱུང་བའི་ཁྲག་སྤྱི་བག་དང་བཅས་པར་འབྱུང་ཞིང་བད་ཀན་དང
་འདྲེན་མར་བྱུང་བ་དང། དེ་བཞིན་དུ་མདུད་པ་ཆགས་པ་སྟེ། ཁྲག་གི་ནང་དུ་མདུད་པ་ཤའི་རྨེན་དུ་ལྟ་བུ་ཆགས་པའི་ནད་ལ་ནི། །ུཏཔ་ལའི་སྡེང?་བུ་བསྲེགས་པའི་ཐལ་བ་སྦྲང་རྩི་དང་ཞུན་མར་དུ་སྦྱར་ཏེ། བལྡགས་ན་སེལ་བར་འགྱུར་རོ། །པདྨ?
་ཨུཏཔལ་གེ་སར་དང། བྲི་ཡངཀུ?་དང་མ་དུ་ཀ། རེ་རེ་སྦྱོར་བ་དེ་བཞིན་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་པདྨ་གེ་སར་གྱི་ཐལ་བ་དང། ཨུཏཔ་ལའི་གེ་སར་གྱི་ཐལ་བ་དང། །བྲི་ཡངཀུ་སྟེ་གནད་བྲི?་ཡངཀུ?
་བསྲེགས་པའི་ཐལ་བ་དང། །མ་དུ་ཀའི་ཐལ་བ་སྣ་རེ་རེ་ཞིང་ཡང་ཞུན་མ་པ་དང། །སྦྲང་རྩི་དང་སྦྱར་པའི་ལྡེ་གུ་བལྡགས་ན་ཕན་ཡོན?་སྔ་མ་དང་འདྲ་སྟེ། གྲེ་བ་ནས་ཁྲག་འབྱུང་བ་སྤྱི་བག་ལ་སོགས་པའི་མཚན་ཉིད་ཅན་གྱི་ནང་སེལ
་བར་བྱེད་དོ། །ཁྲག་ནི་གཤད་པའི་ལམ་ནས་ནི། །འབྱུང་བར་བྱེད་པ་ལ་བྱད་པར་དུ། འཇོམ་རྩི་བཏང་བ་བསྔགས་པ་ཡིན། ཞེས་བྱ་བ་ལ། བཤད་པའི་ལམ་ནས་འབྱུང་བའི་ཁྲག་གི་ནང་ལ་ནི་ཁྱད་པར་རམ་མཆོག་ཏུ་འཇམ་རྩི་མས
་བཏང་བའི་ཆོ་ག་བྱ་བ་བསྔགས་པ་ཡིན་ལ། འཇམ?་རྩི་དེ་ཡང་ཁྲག་དང་མཁྲིས་བསལ་བའི་སྨན་གྱི་སྦྱོར་བ་ལས་བྱའོ། །སྣ་ནས་ནད་ཅན་ཁྲག་བྱུང་ན། །སྣ་སྨན་བཏང་ཞིང་བླུགས་པར་བྱའོ། །སྔར་བཤད་སྣམ་བུའི་སྦྱོར་བ་དང། འོ
་མ་བུ་རམ་ཤིང་ཁུ་བླུགས། འོ་ན་སོགས་ཆུ་ཁ་དང་བཅས། །ཡང་ན་ཆུ་ནི་འབའ་ཞིག་ཕན། །སེའུ?་འདྲུའི་མེ་ཏོག་ཁུ་བ་ཕན། མ་མྲའི་རུས་པ་དུ་རཱ་ཕན་ཞེས་བྱ་བ་ལ། །སྣན་ད་བྱུང་བའི་ཁྲག་ནད་བསལ་བ་ལ་ནི་སྨན་ས་ནད
་བཏེང་བའི་ཆ་གའམ་བླུགས་པ་ལ་སོགས་པར་སྦྱར་པར་བྱའོ། །དེ་བཞིན་དུ་སྔར་བཤད་པའི་སྣ་ནི་ཁུའི་སྦྱར་བ་དང། །གཅིག་ཏུ་སྦྱར་བའི་སྨན་ཡང་བཏང་བར་བྱའོ། །དེ་བཞིན་དུ་འོ་མ་ལ་སོགས་པ་ཁང་དང་བཅས་པ་དང། །དེ
་བཞིན་དུ་ཆུ་དང་ཁ་ར་བཅས་པའམ། །ཡང་ན་ཆུ་འབའ་ཞིག་བླུགས་པ་སྔགས་པ་ཡིན་ནོ། །ཡང་ན་སེང་དུ་འདྲུ་འམ་ཏག་གི་ཁུ་བ་སྣར་རླུང་ན་བ་ན་བ་ས་དང། །དེ་བཞིན་དུ་ཨ་མའི་རུས་པ་བསྐོལ་བའི་ཁུ་བ་འམ། །མང?་ན?་རྩ?་དྲུ?་དྲའི་བྲུ
་བ་སྣ་ལས་ནད་ཁྲག་ཕྱུང་བ་ལ་ཕན་ནོ། །བསིལ་སྨན་སྡེ་ཚན་གཏོགས་པ་དག། བསྐུ་དང་བྱུག་ལ་སོགས་ལ་སྦྱར། ཞེས་བྱ་བ་ལ། བསིལ་སྨན་གྱི་སྡེ་མཚན་དག་ཀྱང་ཁྲག་མཁྲིས་སེལ་བ་ཡིན་ཏེ། སྐྱུག་སྨན་ལ་སོགས་པའི་སྡེ་ཚན
་ལས་སྨོས་པའི་དུརྦ་དང་བི་ཚེར་བ་ལ་སོགས་པའི་སྨན་གང་དག་ཡིན་པ་དེ་བཀུ་པ་དང་བྱུག་པ་ལ་སོགས་ལས་སྦྱར་བར་བྱའོ། །སོགས་པ་སྨོས་པའི་སྨན་ཚུལ་བླུགས་པ་དང། ལུས་སྤྱིད་པ་དང། སྨན་མར་བཅོ་བ་ལ་སོགས་པ་བསྡུལ?
་མཁྲིས་པའི་རིམས་སེལ་བཤད་པ་གང། ཕྱི་ནང་ལས་བཏང་སྨན་དེ་དང། །བློ་རྡོལ་བར་ནི་གང་ཕན་པའི། །དེ་ཡང་ཁྲག་དང་མཁྲིས་པར་ཕན། །ཞེས་བྱ་བ་ལ། རིམས་གསོ་བའི་སྐབས་སུ་མཁྲིས་པའི་རིམས་སེལ་བའི་སྨན་ཕྱི་ནས
་བསྐུ་བ་དང་ནང་ནས་བཏུང་པ་ལ་སོགས་པ་གང་དག་ཡིན་པ་དེ་ཡང་ཁྲག་དང་མཁྲིས་པའི་ནང་ལ་ཕན་ནོ། །དེ་བཞིན་དུ་གློ་ཆོལ་པ་ལ་ཕན་པའི་སྨན་གང་དག་ཡིན་པ་དེ་ཡང་ཁྲག་དང་མཁྲིས་པ་སེལ་བ་ཡིན་པས་ཕན་པ་ཡིན་ནོ།། །།
་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་།སློབ་དཔོན་ཟླ་བ་ལ་དགའ་པས་ངེས་པར་སྦྱག་པ་ལས་གསོ་བའི་གནས་ཀྱི་ལེའུ་གཉིས་པའི་རྣམ་པ་ཐ་བགྲེལ་པའོ།། །།དེ་ནས་ལུས
་པ་གསོ་ཁའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། ད་ནི་འདིའི་གསོ་བའི་རིམས་པའི་སྐབས་ཡིན་པས་ན། །འདིའི་གསོ་བ་བརྩམས་པ་ཡིན་ནོ། །ལུས་པ་མ་འབྲུས་རླུང་ལས་བྱུང། །དང་པོར་སྣུམ་གྱིས་གསོ་བྱ་ཞིང། །ཤ་ཁུ་ཐུག
་པ་ཡུང?་ཤ་སོགས། །རླུང་འཇོམས་སྨན་བསྐོལ་སྣུམ་པ་དང། །དུང་རྡུབ་ལྡེའུ་བསྐུ་དང་དུགས། ཆུ་བླུངས་ལུས་སྤྱིར་དག་གིས་གསོ། །ཞེས་བྱ་བ་ལ། ལུད་པ་ནད་གཞི་གཞམ་དང་མ་འདྲེས་པར་རླུང་འབའ་ཞིག་ལས་བྱུང་བ་ནི། དང་པོར
་ཞུན་མར་ལ་སོགས་པའི་སྣུམ་གྱི་སྦྱོར་བས་གསོ་བར་བྱའོ། །དེ་བཞིན་དུ་ཤ་ཁུ་ལ་སོགས་པ་རླུང་འཇོམས་པའི་སྨན་དང་བསྐོལ་བ་སྣུམ་བག་དང་བཅས་པས་གསོ་བར་བྱ་བ་དང། དེ་བཞིན་དུད?་ལས?
་རྡུབ་པ་དང། ལྡེ་གུ་དང་བསྐུ་བ་ལ་སོགས་པ་དག་གི་ཀྱང་ལུད་པའི་ནང་གསོ་བར་བྱའོ། །བཤད་རླུང་འགགས་ལ་འཇམ་རྩི་གསོ། །ཞེས་བྱ་བ་ལ། བཤང་བ་དང་ཕྱན་ཞེས་བྱའི་རླུང་ཐུར་དུ་འབྱུང་བ་འགགས་པར་གྱུར་པའི
་ནད་ལ་ནི། །འཇམ་རྩིས་མས་བཏང་བས་གསོ་བར་བྱའོ། །མཁྲིས་བཅས་ཞུན་མར་འོ་མ་ནི། །ཟས་ཀྱི་སྔོན་བཏང་ཞེས་བྱ་བ་ལ། མཁྲིས་པ་དང་བཅས་པའི་རླུང་ལས་གྱུར་པ་རི་ལུད་པ་ལ་ནི་ཞུན་མར་དང་འོ་མ་ཟས་ཀྱི་སྔོན་དུ
་བཏང་ཞིང་འཐུང་ཁས་གསོ་བར་བྱའོ། །བད་ཀན་བཅས། སྣུམ་བཅས་དཀྲུ་སྨན་བཏང་བས་བསོ། །ཞེས་བྱ་བ་ལ་བད་ཀན་དང་བཅས་པའི་རླུང་ལས་གྱུར་པའི་ལུད་པ་ལ་ནི་སྣུམ་དང་བཅས་པའི་བཀྲུ་སྨན་བཏང་བས་བསོ་བར
་བྱའོ། །སླེ་ཏྲེས་ཀཎྜ་ཀཱ་རི་གཉིས་།རེ་རེ་སྲང་སུམ་ཅུའི་ཁུ་བར། །མར་སྲང་སུམ་ཅུ་རྩ་གཉིས་བསྐོལ། །རླུང་གི་ལུད་སེལ་མེ་དྲོད་བསྐྱེད། །ཅེས་བྱ་བ་ལ། སླེ་ཏྲེས་དང་ཀཎྜ་ཀཱ་རཱི་གཉིས་པོ་རེ་རེ་ཞིང་སྲང་སུམ་ཅུ་སུམ་ཅུ་བསྐོལ་བའི་ཆོ
་གས་བསྐོལ་ལ། བསྐོལ་བའི་ཁུ་བ་དེའི་ནང་དུ་མར་ཁུ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ་བསྐོལ་བའི་ཁུ་བ་སྨན་པར་གྱིས་ནི་རླུང་ལས་གྱུར་པའི་ལུད་པ་སེལ་ཅིང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །ཀྵ་ར་ར་སྣ་ཤུ་དག་དང།
་ཤིང་ཀུན་པ་ཏ་ཤིང་མངར་དང། །འོ་སུ་ཞེ་གཉིས་མར་བྲེ་གང། ཚ་བ་ལྔ་དང་བཅས་པ་དང། རྩ་བ་བཅུ་པའི་ཁུ་བར་བསྐོལ། །འཐུངས་རྗེས་ཐུག་བ་བླུད་གྱུར་ན། ལུད་པ་དབུགས་མི་བདེ་བཅས་སྙིང། །རྩིབ་ལོགས་?་པ
་སྐྲན་ནད་སེལ། །ཞེས་བྱ་བ་ལ། ཡ་བཀྵ་པ་སོགས་པའི་སྨན་ཞོ་གཉིས་ཀྱི?་ཞུན་མར་བྲེ་གང་ཞེས་པ་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་བཅུག་ལ། །ཚ་བ་ལྔ་དང་བཅས་པར་བསྐོལ་ཅིང་རྩ་བ་བཅུ་པའི་ཁུ་བར་མར་གྱི་བཞི་ཆ་སྲང་བརྒྱད་བཅུག
་ལ་བསྐོལ་ཏེ་མང་སྲང་སུམ་ཅུ་རྩ་གཉིས་པོ་དེ་ལས་ཅི་དན་ཙམ་འཐུངས་པའི་རྗེས་ལ་ཐུག་པ་བླུད་པར་གྱུར་ན། དེས་ལུད་པ་ལ་སོགས་པའི་ནད་སེལ་བར་འགྱུར་བའོ། །འདིར་ཚ་བ་ལྔ་ནི་རེ་རེ་ཞིང་ཞོ་གཉིས་གཉིས་གཞུག་གོ། ར་སྣ་ཉེའུ་ཤིང
་པ་བཅུ། །སྲང་ནི་བཅུ་གཉིས་ཆེད?་དུ་བྱས། རྒྱ་སྲན་རྒྱ་ཤུག་ནས་དང་ནི། ར་ཤ་སྲང་ནི་ལྔ་བཅུ་དང། ཆུ་སྲང་ནི་ལྔ་བརྒྱ་བཅུ་གཉིས་བསྐོལ། །དེ་དང་མར་ནི་བྲེ་བཞི་བསྐོལ། །འོ་མ་མར་མཉམ་ཇི?་བནྟི། །ལ་སོགས་སྲང་ཆར་བྱས
་ཏེ། བརྟག། རླུང་གི་ནད་ལ་བླུད་པ་དང། སྣར་བཏང་འཇམ་རྩི་མས་གཏང་དང། །སྦྱར་བ་རྣམ་ལྔ་མགོ་འདར་དང། །མོ་མཚན་ཆུ་སོར་ན་བ་དང། །འུ་ས་ཀུན་ལུས་ནི་ཕྱོགས་གཅིག་ནང། །མཆིན་བརྩས་སྟོད་ཀྱི་རླུང་ནད་སལ། །ཞེས
་བྱ་བ་ལ། སྨན་ར་སྣ་དང། ཉེའུ་ཤིང་དང། རྩ་བ་བཅུ་པ་སྟེ། སྨན་སྣ་བཅུ་གཉིས་པ་སྲང་དེ་གཞལ་བའི་སྲང་བཅུ་གཉིས་དང། རྒྱ་སྲན་ཀུ་ལཏྠ་དང། རྒྱ་ཤུག་དང། ནས་ཏ་གསུམ་པོ་སྲང་བརྒྱད་བརྒྱད་དང། ར་ཤ་སྲང་ལྔ་བཅུ
་ཆུ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ལ། །བསྐོལ་བ་དེ་ལས་བཞི་ཆ་ལུས་པ་དེ་དང་མར་དང། །འོ་མ་གྲེ་བཞི་བཞི་སྟེ། སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ཛི་བནྟི། རེམ་ཉེ་བ་ལ་སོགས་པའི་སྨན་སྲང་རེ་རེའི་ཆང་བྱས་པ་ལྡེ་གུར་བྱས་པ་དག
་བསྐོལ་བའི་ནི་རང་ལྟ་བར་བྱེད་ནུས་པ་ཉིད་དུ་ལེགས་པར་བརྟགས་ཤིང། ཤེས་པར་བྱས་ལ། རླུང་གི་ནད་ལ་བཏུང་བ་ལ་སོགས་པ་བྱིན་པར་ལུད་པ་རྣམ་པ་ལྔ་པོ་སེལ་བར་བྱེད་པ་དང། མགོ་འདར་ཞིང་འདེམས་པ་ལ་སོགས་པའི་ནད་དང། ལུས
་ཀྱི་ཡན་ལག་དུ་ཁྱབ་པ་དང། ལུས་ཀྱི་ཕྱོགས་གཅིག་ཏུ་ཁྱབ་པའི་རླུང་གི་ནད་སྣ་ཚོགས་དང། མཚན་པའི་ནད་དང་བཅས་པ་སེལ་བར་འགྱུར་རོ། །བི་ད་རི་སོགས་སྡེ་ཚན་བསྐོལ། ལྡེ་གུ་མར་བསྐོལ་ལུད
་པ་འཇོམས། །ཞེས་བྱ་བ་ལ། །བི་ད་རི་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་དང། ལྡེ་གུ་མར་གྱི་བཞི་ཆ་བསྐོལ་བའི་སྨན་མར་དེ་ནི། ལུད་པ་འཇོམས་པར་བྱེད་པ་ཡིན་ནོ། །ཤིང་མངར་ཨ་ཤྭ་ཀའི་ས་བོན། །
་བྱི་ཐང་ག་དང་སྐྱེར་ཁཎྜ། །ཤུག་པ་ཁ་རུ་ཚྭ་མར་བསྐོལ། །ཡང་ན་དེ་ཕྱེ་མར་དང་སྦྲུས། །ལྡེ་གུ་བྱིན་ལ་ར་ཡི་ནི། །འོ་མ་བླུད་ན་ལུད་པ་སེལ། །ཞེས་བྱ་བ་ལ། ཤིང་མངར་དང། ཨ་ཤྭ་ཀའི་ས་བོན་ལ་སོགས་པ་སྨན་ཁ་རུ་ཚྭ་དང
་བཅས་པར་བསྐོལ་བའི་ཁུ་བ་མར་གྱི་གཞི་འགྱུར་གྱི་ནང་དུ་བསྐོལ་བའི་སྨན་མར་འཐུངས་ལ་དེའི་རྗེས་ལ་འོ་མ་བླུད་ན་ལུད་པ་སེལ་བར་འགྱུར་རོ། །ཡང་ན་ཤིང་མངར་ལ་སོགས་པ་སྨན་གྱི་ཕྱེ་མ་མར་དང་སྦྲུས་ཏེ། ལྡེ་གུར་བྱས་པ་བལྡགས་ལ
་དེའི་རྗེས་ལ་རའི་འོ་མ་འཐུངས་ན་ཡང་ལུད་པ་སེལ་བར་འགྱུར་རོ། །དོང་ག་ར་སྣ་བྱི་ཐང་ག། ཤིང་ཀུན་རྒྱམ་ཚྭ་པི་པི་ལིང། །པརྐི་ཀྵ་ར་དེའི་ཕྱེ་མ་འམ། མར་དང་རན་ཙམ་བླུད་གྱུར་ན་རླུང་གྱུར་བད་ཀན་བཅས་ལུད་པ། དབུགས་མི་བདེ
་དང་སྐྱིགས་བུ་དང། མེ་དྲོད་ཆུང་བ་སེལ་བར་བྱེད། །ཅེས་བྱ་བ་ལ། དོང་ག་ལ་སོགས་པའི་ཕྱེ་མ་འམ། །མར་གྱི་ཚད་ནད་གཞི་བ་ལ་སོགས་པའི་ཚུལ་ལས་བལྟོས་ཏེ་བླུད་པར་གྱུར་ན། རླུང་ལས་གྱུར་པའི་བད་ཀན་དང་བཅས་པའི་ལུད
་བ་སེལ་བར་འགྱུར་རོ། །བྱི་ཆེར་བ་དང་བཅའ་སྒ་དང། །ཟུར་པ་རྒུན་འབྲུམ་ཁ་ར་དཀར། །ཀ་ར་ཏ་ཡི་སྲིངྒ་ནི། །ཏིལ་མར་དང་ནི་ལྡེ་གུར་སྦྱར?། །རླུང་ལས་གྱུར་བའི་ལུད་པ་སེལ། ཞེས་བྱ་བ་ལ། བྱི་ཚེ་བ་ལ་སོགས་པའི་སྨན
་ཏིལ་མར་དང་ལྡེ་གུར་སྦྱར་བ་བལྡགས་པས་ནི་རླུང་ལས་གྱུར་པའི་ལུད་པ་སེལ་བར་འགྱུར་རོ། །བྱི་ཚེར་གླ་སྒང་པི་པི་ལིང། །བར་གྱི་ཟུར་བ་ཀརྐ་ཏི། །བུ་རམ་རྙིང་དང་ཏིལ་མར་དང། །ལྡེ་གུར་བྱས་པ་བལྡགས་པར་བྱ། །ཞེས་བྱ་བ་ལ་བྱི་ཚང
་པ་ལ་སོགས་པའི་སྨན་ཕྱེ་མར་བཏགས་པ་དང། བུ་རམ་རྙིང་པ་དང། ཏིལ་མར་དང་ལྡེ་གུར་སྦྱར་ཏེ་བལྡགས་ན་ཡང་རླུང་ལས་གྱུར་པའི་ལུད་པ་སེལ་བར་འགྱུར་རོ། །བཅའ་སྒ་པི་པི་ལིང་དེ་བཞིན། །ཀརྐ་ཏ་སྲིང་དེ་བཞིན་ནོ། །ཞེས་བྱ་བ་ལ།
་བཅའ་སྒ་དང་པི་པི་ལིང་བུ་རམ་དང་སྦྱར་བའི་སྡེ་གུས་ཀྱང་རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ཀརྐ་ཏ་སིང་གི་ཞེས་བྱ་བའི་སྨན་ལྡེ་གུར་བྱས་པས་ཀྱང་དེ?་བཞིན་དུ་ལུད་པ་སེལ་ཏོ། །ཆུ་དྲེད་དག་དང་པི་པི་ལིང། །རྩེ་མུང་ཚ་དང་བཅས་བ་བླུད། །ཅེས
་བྱ་བ་ལ། པི་པི་ལིང་དང་ལྕེ་མྱང་ཆ་གཉིས་ཆུ་བསྐོལ་བ་དྲེ་འཇམ་ཙམ་དང་སྦྱར་བ་ཡང་རླུང་ལས་གྱུར་པའི་ལུད་བ་སེལ་ཏོ། །བཅའ་སྒ་ཁ་ར་ཞ་ག་ཆུ་འམ། །པི་པི་ལིང་ཕྱེ་ཞོར་བཏབ་བླུད། །ཅེས་བྱ་བ་ལ། བཅའ་སྒ་ཁ་ར་དང་བཅས་པ་ཞོ་ཁ་ཆུ
་དང་སྦྱར་བ་འམ། །པི་པི་ལིང་གི་ཕྱེ་མ་ཞར་བཏབ་པ་བླུད་ན་ཡང་རླུང་ལས་གྱུར་པའི་ལུད་པ་སེལ་ཏེ། །རྒྱ་ཤུག་ཚིག་གུ་ཆང་ངམ་ཞོ། །ཞོ་ག་ཆུ་དང་སྦྱར་བ་བླུད། །ཅེས་བྱ་བ་ལ། རྒྱ་ཤུག་གི་རྩ་བ་ཚིག་གུ་ཕྱེ་མར་བཏགས་ལ། ཆང
་ངམ་ཞོ་རྡུ?་དང་བ་སྦྱར་ཏེ་བླུད་ན་ཡང། །རླུང་ལས་གྱུར་པའི་ལུད་པ་འཇོམས་སོ། །ཡང་ན་པི་པི་ལིང་ལྡེ་གུ། མར་བརྡོས་རྒྱམ་ཚར་བཅས་པར་ཕན། །ཞེས་བྱ་བ་ལ། ཡང་ན་པི་པི་ལིང་གི་ལྡེ་གུར་བྱས་པ་མར་དང་བརྡོས་ཏེ་རྒྱམ་ཚར་བཏབ
་བཅད་དམ་ཞོ་འམ་ཞོ་ཁ་ཆུ་དང་སྦྱང་ཡང་རླུང་ལ་ཕན་ནོ། །ལུད་བ་ཆང་བཅས་དུད་པ་ནི། །སྣུམ་བཅས་ཚོགས་བརྡུབ་པ་དང། །སྐྱིགས་བུ་དབུགས་མི་བདེ་དུང་རྡུག་།འོ་མ་ཤ་ཁུར་བཅས་པ་བཟའ་། །ཞེས་བྱ་བ་ལ། ལུད་པ་ཆམ་པ་བཞི
་འོ་མ་དང་ཤ་ཁུ་དང་ལྡན་པར་བཟའ་བ་དང་བཅས་པར་སྡང་དུད་པས་བརྡུབ་པའི་ཆོ་གའི་སྐབས་སུ་བཤད་པའི་སྣུམ་གྱི་དུད་པ་དེ་ཉིད་དུ་བཤད་པའི་ཆོ་གས་བརྡུབ་པར་བྱ་བ་དང། དེ་བཞིན་དུ་སྐྱིགས
་བུ་དང་དབུགས་མི་བདེ་པའི་བསོ་བའི་སྐབས་སུ་འོག་ནས་བཤད་པའི་དུད་པ་དེ་ཡང་འོ་མ་དང་ཤ་ཁུ་དང་བཅས་པར་ཟོས་ལ་དེའི་འོག་ཏུ་བརྡུབ་པར་བྱའོ། །གྲོང་ཆུ་བརླན་ཅན་སྲོགས་ཆགས་ཤ། ས་ལུ་ནས་གྲོ་དྲུག་ཅུ་པ་འམ། །མ་ཤ
་ཨདམ་གུབཏ་ཡི། །ཡུ་ཤ་དག་དང་ཟོས་ན་ཕན། ཞེས་བྱ་བ་ལ། ཕྲོ་ན་གནས་པའི་སྲོག་ཆགས་པ་ཆུན་གནས་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུ་དང། ས་ལུ་ལ་སོགས་ཟོས་པ་ཡང་ལུད་པ་ཆམ་པ་ཅན་ལ་ཕན་ནོ། །ལ་ལ་ཕུད་དང་པི་པི་ལིང།
་ཕྱིལ་རྐང་དོང་གྲ་ཙི་ཏྲི་ཀ། ར་སྣ་ཟིར་པ་ལ་ཤ། པྲིན་པརྞི་ཟུར་པ་དང། །མ་ནུ་བསྐོལ་བར་སྣུམ་སྐྱུར་དང། །ལན་ཚར་བཅས་ཐུག་རླུང་གྱུར་བླུད། །རྐེད་པ་ལྟོ་སྙིང་རྩིབ་ལོགས་ན། །དབུགས་མི་བདེ་དང་སྐྱིགས་བུ་སེལ་བ་ཞེས་བྱ་བ་ལ།
་ལ་ལ་ཕུང་ལ་སོགས་པ་དང་བསྐོལ་བའི་ཐུག་པ་སྣུམ་དང་སྐྱུར་བག་དང་ལན་ཚར་བཅས་པའི་ཐུག་བ་རླུང་ལས་གྱུར་པའི་ལུས་པ་ཅན་ལ་བླུད་པར་བྱ་སྟེ། །དེས་ནི་རླུང་ལས་གྱུར་པའི་ལུད་པ་དང་རྐེད་པའི་ནད་ལ་སོགས་པ་སེལ་བར
་བྱེད་དོ། །རྩ་བ་དང་རྩུ་པའི་ཁུ་པར་ནི། །ཆ་པ་ལྔ་དང། བུ་རམ་བཅས། །ཏིལ་དང་བཅས་པའི་ཐུག་པ་བླུད། །ཡང་ན་འོ་ཐུག་རྒྱམ་ཚར་བཅས། །ཞེས་བྱ་བ་ལ། རྩ་པ་བཅུ་བསྐོལ་བའི་ཁུ་བའི་ནད་དུ་ཐུག་པ་བསྐོལ་ལ་ཚ་བ་སྔ་དང
་བུ་རི་བཏབ་ལ། ཏིལ་དང་འབྲས་བཅོས་པའི་ཐུག་པ་སྣུམ་པ་དང་སྐྱུར་བ་དང། ལན་ཚ་དང་བཅས་པ་ཡང་སྔ་མ་བཞིན་དུ་རླུང་ལས་གྱུར་པའི་ལུད་པ་དང། །རྐེད་པ་ན་བ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །ཡང་ན
་འབྲས་འོ་མར་བཅོས་པའི་ཐུག་ལ་རྒྱམ་ཚ་བཏབ་པ་བླུད་ན་ཡང་རླུང་ལས་གྱུར་པའི་ལུད་པ་དང། །རྐེད་པ་ན་བ་ལ་སོགས་པ་སེལ་བ་ཡིན་ནོ། །ཉ་དང་ཁྱིམ་བྱ་ཕག་རྒོད་ཤ། མར་དང་རྒྱམ་ཚྭར་བཅས་པའང་ཕན། །ཞེས་བྱ་བ་ལ། ཉ་ལ་སོགས
་པའི་ཤ་མར་དང་རྒྱམ་ཚྭར་དང་བཅས་པ་འཐུངས་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །ཚོང་མ་རྒྱ་སྣེའུ་པ་ཡ་སི། །ནི་ཤ་ནན་ཀ་ལུད་བ་འཇོམས། །ཀཎྜ་ཀཱ་རཱིའི་ལོ་འབྲས་དང། །ལ་ཕུ་གཞོན་ནུ་སྐམ་པོའང་ཕན། ཞེས་བྱ་བ་ལ། རྒྱ་སྣེའུ་ལ
་སོགས་པའི་ཚེད?་མ་ཡང་རླུང་ལ་སོགས་པའི་ལུད་པ་ལ་ཕན་ནོ། །ཏིལ་མར་ལ་སོགས་སྣུམ་འོ་མ་དང། བུ་རམ་བུ་རམ་ཤིང་ཁུའི་ཟས། ཞེས་བྱ་བ་ལ། རླུང་ལས་གྱུར་བའི་ལུད་པ་ལ་ཏིལ་མར་ལ་སོགས་པའི་སྣུམ་ཏེ། ཏིལ་མར་དང། ཞག་དང
་རྐད་དང། ཞུན་མར་དང། འོ་མ་དང། བུ་རམ་དང། བུ་རམ་ཤིང་གི་ཁུ་བ་དང། གཡོས་པའི་ཁ་ཟས་ཟོས་ན་ཕན་ནོ། །ཞོ་ཁ་ཆུ་ཞོ་དང་སྐྱུར་ཆང། །འབྲས་བུ་སྐྱུར་ཆུ་བླུད་པ་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལུད་པ་ལ་ནི་ཞོ་ཁ
་ཆུ་དང། ཞོ་དང་རང་སྐྱུར་ཏེ་གཉྫི་དང། ཆང་དང་འབྲས་བུ་སྐྱུར་བོ་སེའུ་འབྲུ་ལ་སོགས་པ་འབྲས་བུ་སྐྱུར་པོའི་ཁུ་བ་རྒྱམ་ཚ་བཏབ་པ་བླུད་ན་ཕན་པ་ཡིན་ནོ། །མཁྲིས་པའི་ལུད་པ་བད་ཀན་བཅས། །ཞུན་མར་གྱིས་ནི་སྐྱུགས་སྨན་ཕན།
་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་དང་བཅས་པ་ལ་ནི་སྐྱུགས་སྨན་དང་བཅས་པའི་ཞུན་མར་བླུད་ལ་སློན་དུ་གཞུག་པ་ཕན་ནོ། །དེ་བཞིན་པོ་སོན་ཆ་ཏང་ཕལ། མ་དུ་ཀ་ནི་བསྐོལ་ཆུས་སམ། ཞེས་བྱ་བ་ལ།
་ཡང་རྣམ་པ་དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་དང་བཅས་པ་ལ་ནི། པོ་སོན་ཆ་ལ་སོགས་པའི་སྨན་གྱི་ཆུ་བླུད་ལ་སློན་དུ་བཅུག་པ་ཕན་ནོ་ཤིང་མངར་པོ་སོན་ཆའི་ལྡེ་གུ། །བི་ད་བུ་རམ་ཤིང་ཁུར་སྦྱར། །ཞེས་བྱ་བ་ལ།
་ཡང་ན་ཤིང་མངར་དང་པོ?་སོན་ཆ་ལྡེ་གུ་བྱས་ཤིང་ཆུ་དགས་སུ་བྱས་པ་ལ། བི་ད་རིའི་ཁུ་བ་དང། བུ་རམ་ཤིང་གི་ཁུ་དང། སྦྱར་བ་བླུད་དེ་བློན་དུ་གཞུག་པ་ཕན་ནོ། །མཁྲིས་ལུས་བད་ཀན
་ཤས་ཆུང་ལ། །དུར་བྱིད་མངར་བའི་སྨན་སྦྱར་བཏང། །བད་ཀན་ཤས་ཆེ་ཁ་རའི་སྨན། །སྐྱུག་སྨན་ཕྱིར་ནི་བཏང་བར་བྱ། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལུད་པ་དང་བད་ཀན་ཤས་ཆུང་ཞིང་སྲ་བ་ལ་ནི་དུར་བྱིད་རྒུན
་འབྲུམ་ལ་སོགས་པའི་སྨན་མངར་བ་དང་སྦྱར་བ་དག་བཀྲུ་སྨན་གྱི་དོན་དུ་བླུད་པར་བྱའོ། །དེ་བཞིན་དུ་མཁྲིས་པའི་ལུད་པ་བད་ཀན་གྱི་ཤས་ཆེ་བ་ལ་ནི་དུར་བྱིད་པུ་ཤེལ་ཙེ་ལ་སོགས་པའི་སྨན་ཁ་བ་དང་སྦྱར་བ་སྐྱུག་སྨན་གྱི་ཕྱིར
་སྦྱར་པར་བྱའོ། །ནད་སྦྱངས་ནས་ནི་ཐུག་པ་སོགས། །བསིལ་དང་མངར་དང་སྣུམ་པ་སྤང། །བད་ཀན་ཤས་ཆེར་ཁ་བ་དང། རྩུབ་པ་དང་སྦྱར་ཁྲག་ཐུག་བླུད། ཅེས་བྱ་བ་ལ། སྐྱུག་སྨན་གཉིས་ཀྱིས་ནད་སྤྱངས་པར་གྱུར
་ནས་ཐུག་པ་ལ་སོགས་པའི་རིམ་པ་སྤྱད་པར་བྱ་ལ། །དེ་ཡང་བསིལ་བ་དེ་ལེགས་པར་བསྒྲངས་པ་དང། མངར་བའི་རོ་དང་ལྡན་པ་དང། །སྣུམ་ཞིང་རྩུབ་བག་མེད་པ་སྤྱད་པར་བྱ་ལ། བད་ཀན་ཤས་ཆེ་བའི་མཁྲིས་པའི་ནད་ལ
་ནི། ཐུག་པ་ལ་སོགས་པའི་རིམ་པ་སྨན་ཁ་བ་དང་སྦྱར་ཞིང་སྣུམ་མེད་པའི་རྩུབ་བག་བླུད་པར་བྱའོ། །མཁྲིས་གྱུར་ཁར་སྐྱུ་རུ་ར། །རྒུན་འབྲུམ་ཨུད་ཕལ་ཙན་དན་དཀར། །སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན། །བད་ཀན་བཅས་པའི
་ན་ལེ་ཤམ། །གླ་སྒང་དང་ནི་བཅས་པ་སྦྱིན། །ཞེས་བྱ་བ་ལ། མཁྲིས་པ་འབའ་ཞིག་ལས་གྱུར་པའི་ལུད་པ་ལ་ནི་ཁ་ར་དང་སྐྱུ་རུ་ར་ལ་སོགས་པའི་སྨན་ལྡེ་གུར་བཅས་པ་སྦྱིན་པར་བྱའོ། །མཁྲིས་པ་ལས་བྱུང་པའི་ལུད་པ
་བད་ཀན་དང་བཅས་པ་ལ་ནི། ན་ལེ་ཤམ་དང་གླ་སྒང་བཅས་པའི་སྨན་ཁ་ར་ལ་སོགས་པ་དང་སྦྱར་ཏེ་ལྡེ་གུར་བྱས་པར་སྦྱིན་པར་བྱའོ། །རླུང་ནད་ལ་ནི་མར་བཅས་ཕན། །ཞེས་བྱ་བ་ལ། རླུང་ནད་བཅས་པའི་མཁྲོས་པའི་ལུད་པ་ལ་ནི་ན་ལེ
་ཤམ་དང་གླ་སྒང་མེད་པའི་ཁར་ལ་སོགས་པའི་སྨན་དེ་དག་མར་དང་བཅས་པ་སྦྱིན་ནོ། །མར་དང་ཏིལ་མར་དང་བུ་རམ་དང་ཤ་ཁ་ར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ནི་ནད་བཞི་དང་སོགས་པའི་ཚུལ་ལས་བལྟོས་ཏེ། ཚད་ཅི་རིག་དུ
་སྦྱར་བར་བྱའོ། །རྒུན་འབྲུམ་ལྔ་བཅུ་པི་པི་ལིང་སུམ་ཅུ་ཁ་ར་སྲང་གཅིག་སྦྱར། །སྦྲང་རྩི་འམ་བ་ཡི་ལྕི་བ་འམ། །བེའུ་གཞོན་ལྕི་ཁུར་ལྡེ་ཁུར་སྦྱར། །ཞེས་བྱ་བ་ལ། རྒུན་འབྲུམ་ནི་གོ་ཏ་ན་ཞེས་བྱ་བ་ལ་བ་ལང་གི་ནུ་སོར་འདྲ
་བའི་རྒུན་འབྲུམ་སྔོན་པོ་ཞིག་ཡོད་པ་ལ་བྱ་སྟེ། །དེའི་རྡོག་མ་ལྔ་བཅུ་དང། །པི་པི་ལིང་རྡོག་མ་སུམ་ཅུ་དང། །བ་ར་སྲིང་གཅིག་ཏེ་འདི་དག་སྦྱར་པ་སྦྲང་རྩི་དང་སྲེ་གུར་བྱས་པ་སྦྱིན་པ་འམ། བའི་ལྕི་བའི་ཁུ་བའམ། །བེའུ་གཞོན་ནུ
་ཞོ་འཐུངས་པའི་ལྕི་བའི་ཁུ་དང་སྦྱར་བ་སྦྱིན་པར་བྱའོ། །ཤིང་ཚ་སུག་སྨེལ་ཚ་བ་གསུམ། །རྒུན་འབྲུམ་པི་པི་ལིང་རྩ་བ། མ་ནུ་འབྲས་ཡོས་གླ་སྒང་དང། ཟུར་པ་དཀར་དང་ར་སྣ་དང། །སྐྱུ་རུ་ར་དང་བ་རུ་ར། །བ་ར་སྦྲང་རྩི་ཞུན་མར་སྦྱར། །
་ལྡེ་གུ་སྙིང་ནད་ལུད་པ་སེལ། །ཞེས་བྱ་བ་ལ། ཤིང་ཆ་ལ་སོགས་པའི་སྨན་ལྡེ་གུར་སྦྱར་བ་ནི་སྙིང་ནད་ལ་སོགས་པའི་ལུད་པ་སེལ་བ་ཡིན་ནོ། །མེད་ར་བ་སྨན་དང་སྲོག་ཆགས་ནི། །སྙམས?་སའི་ཤ་དང་ནས་དང་ནི། །ཁྲེ་དང་ཁྲེ་རྒོད་མུངྒ
་སོགས། །ཡུ་ཤ་དང་ནི་ཚད་མ་དང། །ཁ་བ་ཚད་ལྡན་སྦྱར་ལྡེ་གུ། །ཁ་བ་དང་ནི་སྦྲང་རྩིར་བཅས། །བད་ཀན་ཤས་ཆེའི་ནད་ལ་ཕན། །ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བའི་ལུད་བ་ལ་ནི་སྐམས་སའི་སྲོགས་ཆགས་ཀྱི་ཤ་ཁུ་དང། སྨན་མ་དང
་བ་རྒུན་འབྲུམ་དང། །བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་དང། ནས་ལ་སོགས་པ་ཚད་དང་ལྡན་པར་སྦྱར་པ་སྦྱིན་ན་ཕན་ལ། དེ་བཞིན་དུ་པུ་ཤེལ་རྩེ་ལ་སོགས་པའི་ཁུ་བ་དང། མོན་སྲན་མུངྒ་ཞེས་བྱ
་བ་མོན་སྲན་སྡེའུ་ཡུ་ཤ་ལ་སོགས་པའི་ཚོད་མ་དང་དེ་བཞིན་དུ་སྨན་ཁ་བ་དང། སྦྲང་རྩི་དང་བཅས་པ་ཕན་པ་ཡིན་ནོ། །བད་ཀན་ཤས་ཆུང་ས་ལུ་དང། །དྲུག་ཅུ་པའི་ཆན་ཤ་ཁུ་ཕན། །ཞེས་བྱ་བ་ལ་བད་ཀན་ཤས་རུང་བའི་མཁྲིས་པའི
་ལུད་པ་ལ་ནི་འབྲས་ས་ལུ་དང། འབྲས་དྲུག་ཅུ་པའི་ཆན་ཤ་ཁུ་དང་བཟའ་བ་བན་ནོ། །བཏུང་བ་ཁ་རའམ་རྒུན་ཆཱུམ། །བུ་རམ་ཤིང་ཁུ་འམ་འོ་མ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པ་ལ་བཏུང་བ་ནི་ཁ་ར་དང་རྒུན
་འབྲུམ་བསྲེས་པའི་ཆུ་བླུད་ན་ཕན་ནོ། །དེ་བཞིན་དུ་རྒུན་འབྲུམ་དང་བུ་རམ་ཤིང་གི་ཁུ་བ་སྦྱར་བར་བླུད་པ་འམ་འོ་མ་བླུད་པ་ཕན་ནོ། །མཁྲིས་པའི་ལུད་པ་རམ་ཉེ་བ། །བྲི་ཧ་ཏཱི་གཉིས་མེད་གཉིས། །བ་ཤ་ཀ་དང་ལི་དང་གྲ། །ཤ་ཁུ་དང་ནི
་ལོ་མའམ། །ཐུག་པ་འམ་ཡུ་ཤར་སྦྱར་ཏེ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལུད་པ་ལ་ནི་རམ་ཉེ་བ་ལ་སོགས་པའི་སྨན་དང་སྦྱར་བའི་ཤ་ཁུ་བླུད་ན་ཕན་ནོ། །རྒུན་འབྲུམ་དང་ནི་པི་པི་ལིང། །རྩ་ཡི་རྩ་བ་ལྔར་བཤད
་དང། །ཆུར་བསྐོལ་བ་ཡི་ཁུ་བ་དང། །དེ་དང་འོ་མ་བསྐོལ་ཏེ་བསྒྲངས། །སྦྲང་རྩི་ཁ་རང་བཅས་པ་བླུད། །ཡང་ན་དེ་ཡི་ཐུག་པ་བླུད། །ལེགས་བསྐོལ་སྦྲང་རྩིར་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་མཁྲིས་པ་ལས་གྱུར
་པའི་ལུས་པ་ལ་ནི་རྒུན་འབྲུམ་ལ་སོགས་པ་དང་བསྐོལ་བའི་ཐུག་པ་ལེགས་པར་བསྒྲངས་པ་ལ་སྦྲང་རྩི་དང་ཁ་རར?་བཅས་པ་འམ། །ཐུག་པ་བླུད་པར་བྱའོ། །ཟུར་པ་དང་ནི་བ་ལོ་ཀ། །བ་ར་བཅའ་སྒ་བྲི་ཧ་ཏཱི། །བ་ཏ་གསོ་བའི
་ཁུ་བ་རས་ཀྱིས་བཙགས། །མར་དང་བསྲེས་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། ཟུར་བ་ལ་སོགས་པའི་སྨན་ཆུ་བཏགས་སུ་བྱས་ལ། དེའི་ཁུ་བ་རས་ཀྱིས་བཙགས་ཏེ་ཞུན་མར་དང་བསྲེས་ཏེ་བླུད་ན་ཡང། །མཁྲིས་པ་ལས་གྱུར་པའི་ལུད་པ་སེལ
་ཏོ། །ཁ་ར་དང་ཛིཾ?་བ་ཀ། མུངྒ་མ་ཤ་པརྦི་དང། །བྱི་ཚེར་བ་ནི་ལྡེ་གུར་བྱས། །མར་དང་འོ་མ་བརྒྱད་འགྱུར་བསྐོལ། །དེ་བཏུང་བཟའ་དང་བལྡགས་པ་དང། །སྦྱར་བས་མཁྲིས་པའི་ལུད་པ་སེལ། །ཞེས་བྱ་བ་ལ། ཤ་ཁ་ར་ལ་སོགས་པའི
་སྨན་ལྡེ་གུར་བྱས་ལ་མར་ཇི་ཙམ་ཡོད་པའི་བརྒྱད་འགྱུར་གྱི་འོ་མ་དང་བསྲེས་བའི་ནང་དུ་བསྐོལ་ལ། མར་དེ་བཏུང་བ་ལ་སོགས་པ་དང་སྦྱར་ན་མཁྲིས་པའི་ལུས་པ་སེལ་བར་འགྱུར་རོ། །འདི་དག་ཕྱེ་མ་ལྡེ་གུ་འམ། །བསྐོལ་བའི་ཁུ་བ་བླུད་པར་བྱ། །
་ཞེས་བྱ་བ་ལ། སྨན་མར་གྱི་སྦྱོར་བར་སྨོས་པའི་སྨན་བཤད་མ་ཐག་པ་འདི་དག་གི་ཕྱེ་མ་ལྡེ་གུར་བྱར་ཡང་རུང་སྟེ། །དེ་དག་ཀྱང་སྦྲང་རྩི་དང་ལྡེ་གུར་བྱའོ། །ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ། །ཡང་ན་སྨན་འདི་དག་བསྐོལ་བའི་ཁུ
་བ་བླུད་ན་ཡང་ནད་དེ་དག་ལ་ཡང་ཕན་པར་འགྱུར་རོ་།བད་ཀན་ལུས་ཅན་གྱི་དང་པོའོ། །ཐང་ཤིང་བསྲེགས་ནས་གཟགས་པའི་སྣུམ། །བ་ཤ་ཀ་དང་ནས་ཚིག་འཁུས། །ཐལ་བའི་ཕྱེ་མ་བཏབ་པ་བཏང། །ཞེས་བྱ་བ་ལ། བད
་ཀན་ལས་གྱུར་པའི་ལུད་པ་དང། ལྡན་པའི་མིས་ནི་དང་པོར་ཐང་ཤིང་བསྲེགས་ནས་དེའི་སྣུམ་གཟགས་སུ་བཅུག་པ་གང་ཡིན་པ་དང། །བ་ཤ་ཀ་དང་ནས་ཆག་འཁུས་པའི་སེལ་བའི་ཕྱེ་མ་བཏབ་པ་དེ་བཏང་བར་བྱའོ། །སྣུམ་ཅིན
་བཀྲུས་སྨན་གྱིས་སྟེང་དང། །འོག་དང་སྤྱི་བོར་ཅི་རིགས་པར། །ཉམས་སྟོབས་ལྡན་བཀྲུ་སྨན་རྣོ་བཏང། ཞེས་བྱ་བ་ལ། སྣུམ་དེས་སྣུམ་གྱི་ཆོག་བྱས་པའི་ནད་པ་བཀྲུ་སྨན་བ་ཉིད་དེ་སྟེང་དང་འོག་དང་སྤྱི་བོ་སྟེ་ལན་གསུམ་ནད་གྱི
་རིགས་པར་ནད་ལ་སོགས་པའི་ཚུལ་ལས་བལྟོས་ལ་བཀྲུ་སྨན་བཏང་བར་བྱ་སྟེ། སྟེང་དུ་ནི་སྐྱུགས་སྨན་གྱིས་སློ་ན་པར་བྱ་བ་དང། སྤྱི་བོར་སྣ་ནས་བཀྲུ་སྨན་བཏང་བ་དང། །འོག་ནས་ནི་བཀྲུ་སྨན
་རྣོན་པོས་བཀྲུས་སྨན་བཏང་སྟེ། །གསུམ་ཆར་ཡང་སྦྱོར་བྱེད་པས་ན་བཀྲུ་སྨན་ཞེས་བྱའོ། །དེ་དག་གིས་ཀྱང་སྐྱས་བུ་ཉམས་སྟོབས་དང་ལྡན་པ་དག་ལ་འཁྲུས་བྱའི་ཉམས་སྟོབས་ཆུང་བ་དག་ལ་ནི་མ་ཡིན་ནོ། །ཐུག་པ་སོགས
་ཀྱང་འདི་ལ་བླུད། ནད་དང་མུངྒ་རྒྱ་སྲན་ཟས། །རྩུབ་དྲོ་ན་ལེ་ཤམ་གྱིས་ཚེ?། །ཀ་ས་མརྡ་བརྡ་ཀ་ཁྱ་གྲི་ཡ་བག་ཀྵ་ར་དང། པི་པི་ལིང་དང། བཅས་པ་སྦྱིན། །སྐམས་ཁུང་གནས་ཤ་ཁུ་སྣུམ། །ཏིལ་དང་ཡུངས་དཀར
་བིལྦའི་སྣུམ། སྦྱར་བའི་ཐུག་པ་སྦྱིན་པར་བྱ། ཞེས་བྱ་བ་ལ། དེ་ལྟར་སློན་ཁྲུས་པའི་བད་ཀན་ལས་གྱུར་པའི་ལུད་པ་ཅན་ལ་ཐུག་པ་ལ་སོགས་པའི་རིམ་པ་བླུད་པར་བྱའོ། །དེ་ནས་ནས་ལ་སོགས་པ་ལས་གཡོས་པའི་རྩུབ་དང་དྲོ་བ་དང
་ནལ་ཤམ་ལ་སོགས་པའི་སྨན་གྱི་ཚ་ཞིང་རྣོ་བར་བྱས་པ་དང། ཀ་ས་མརྡ་ལ་སོགས་པའི་ཚོད་མ་དང་ལྡན་པ་དང། དེ་བཞིན་དུ་སྐམ་ས་དང་ཁུང་ན་ཡོད་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུའི་སྣུམ་དང་ཏིལ་ལ་སོགས་པ་ལས་སྨན་སྦྱར་བའི
་ཐུག་པ་སྦྱིན་པར་བྱའོ། །བསྐོལ་ན་རྩ་བ་བཅུ་བསྐོལ་ཆུ། །ཆུ་ཚན་ཆང་ངམ་སྦྲང་ཆུ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་པ་ཅན་དེ་སྐོམ་པར་གྱུར་པ་ན་རྩ་བ་བཅུ་བསྐོལ་བའི་ཆུ་བླུད་པ་འམ། །ཡང་ཆུ་འབའ་ཞིག་བསྐོལ་བའི་ཆུ
་ཚན་མ་ཆང་ལ་གོམས་པ་ཡིན་ན་ཆང་རྙིང་པ་བླུད་པ་འམ། ཡང་ན་སྦྲང་རྩི་དང་སྦྱར་བའི་ཆུ་བླུད་པར་བྱའོ། །དོང་ག་མ་ནུའི་རྩ་བ་དང། །པ་ཏོ་ལ་ཡི་རྩ་བར་བཅས། །ནུབ་གཅིག་ཆུར་སྤངས་སྦྲང་རྩི་བཏབ། །ཟས་དུས་གསུམ་མན་ནད་པར་བླུད། །ཅེས
་བྱ་བ་ལ། ཡང་གོང་ག་ལ་སོགས་པའི་སྨན་ནུབ་གཅིག་ཆུར་སྤངས་ལ་སྦྲང་རྩི་བཏབ་སྟེ་ནང་པར་བཏུང་བ་འམ་ཟས་ཟ་བའི་དུས་གསུམ་པོ་ཟས་ཀྱི་ཐོག་མ་དང། ཟས་ཀྱི་བར་དང་ཟོས་པའི་ཐ་མ་སྟེ་གསུམ་ཆར་དུ་ཡང་བླུད་པར་བྱའོ། །པི་པི
་ལིང་དང་རྩ་བ། བཅའ་སྒ་དང་ནི་བ་རུ་ར། །རྨ་བྱ་ཁྱིམ་བྱའི་མཇུག་སྒྲོ་ནི། །སྣག་ཚར་བྱས་དང་ནས་ཚིག་ཐལ། །བ་ཤ་གླ་སྒང་པི་པི་ལིང། །དུར་བྱིད་སྦྲང་རྩིར་སྦྱར་བ་སྟེ། །ཚིག་བཤད་ཕྱེད་ཀྱིས་རྫོགས་ལྡེ་གུ། གསུམ་པོ་བད་ཀན
་ལུད་པ་སེལ། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་ཚིགས་སུ་བཅས་པ་པ་ཕྱེད་ཕྱེད་ཀྱིས་རྫོགས་པར་བྱས་པའི་ལྡེ་གུ་གསུམ་པོ་སྦྲང་རྩི་དང་སྦྱར་བྱིན་ན་བད་ཀན་གྱི་ལུད་པ་སེལ་བར་འགྱུར་རོ། །རྨ་བྱ་ཁྱིམ་ཀྱི་འཇུག་སྒྲོའི་རྣག་ཚ་ནི་དེ
་གཉིས་བསྲེགས་པ་ལས་སྣག་ཚ་ལྟར་ནག་པོར་བྱས་པའོ། །ནས་ལས་བྱུང་བའི་ཐལ་བ་ཡིན་པས་ན་ནས་ཚིག་ཐལ་བའོ། །སྦྲང་རྩི་ན་ལེ་ཤམ་སྦྱར་བལྡག། ཨ་ཀ་རུ་སྦྲང་རྩི་ཉིད་ཀྱིས། །ཀཎྜ་ཀཱ་རཱི་པརྟ་ཀ་།བྲེབཀར་ཛའི་ཁུ་བ་དང། །ཀ་ས
་མ་ལྟ་རྟ་སྤངས་བཙིར། །ཁུ་བ་འམ་བྱེའུ་རུག་ནག་པོའི་ཁུ། །སྦྲང་རྩི་སོ་སོར་སྦྱར་བ་བལྡག་།ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལུད་བ་ལ་ནི་སྦྲང་རྩི་དང་ན་ལེ་ཤམ་སྦྱར་ཏེ་ལྡེ་གུར་བྱས་པ་བལྡག་པ་འམ། ཨ་ཀ་རུའི་ཕྱེ་མ་སྦྲང་རྩི་དང
་སྦྱར་ཏེ་བལྡག་པའམ། །དེ་བཞིན་དུ་ཀཎྜ་ཀཱ་རཱིའི་ཁུ་བ་དང། །བརྟ་ཀའི་ཁུ་བ་དང། བྲངྒ་ར་ཛའི་ཁུ་བ་དང། ཀ་ས་མ་དའི་ཁུ་བ་དང། །རྟ་སྦྲངས་ཀྱི་ཁུ་བ་དང། །བྱེའུ་རུག་པ་ནག་པོའི་ཁུ་བ་གང་ཡང་རུང་བའི་ཁུ་བ་སྦྲང་རྩི་དང་སྦྱར
་ཏེ་བལྡག་པར་བྱའོ། །ཐང་ཤིང་ཟུར་པ་ར་སྣ་དང། །བྱི་རྩེར་ར་ཀན་ཏ་སྲིངཀ། གླ་སྒང་བཅའ་སྒ་པི་པི་ལིང། ཁ་ར་ཨ་རུ་སྐྱུ་རུ་ར། །འབྲས་ཡོས་ཁ་ར་དཀར་པོ་དང། །སྐྱུ་རུ་ར་ཡི་པགས་པ་རྣམས། །སྦྲང་རྩི་ཏིལ་མར་སྦྱར་ལྡེ་གུ། །
་གསུམ་པོ་རླུང་འདྲེས་བད་ཀན་སེལ། །ཞེས་བྱ་བ་ལ། རླུང་ནང་འབྲེས་ཤིང་རྗེས་སུ་འབྲེལ་བའི་བད་ཀན་གྱི་ལུས་པ་ལ་ནི་ལྡེ་གུ་གསུམ་པོ་སྦྲང་རྩི་དང་ཏིལ་མར་གཉིས་དང་སྦྱར་ཅིང། བསྲེས་པ་བཏང་བ་ལ
་སྨན་ནི་ཐང་ཤིང་ལ་སོགས་པ་ཚིགས་སུ་བཅས་པ་ཕྱེད་ཕྱེད་ཀྱིས་རྫོགས་པར་བྱས་པའི་མཚན་གསུམ་དང་སྦྱར་བར་བྱའོ། །སྐྱུ་རུ་རའི་པགས་པ་ནི་སྐྱུ་རུ་ར་བཟང་པོ་སྐམས་པོར་གྱུར་པའི་པགས་པ་ར་ལྟར་འཆུས་པ་ལ་བྱའོ། །སེའུ་འབྲུ་སྲང
་གཉིས་བུ་རམ་ནི། །སྲང་བརྒྱད་ཚ་བ་གསུམ་སྲང་རེས། །སྐད་སྙན་དྲོང་བསྐྱེད་ཡི་ག་འབྱེད། །ལུད་པ་དབུག་མི་བདེ་ཆམ་སེལ། ཞེས་བྱ་བ་ལ། སེའུ་འབྲུའི་ཁུ་བ་བཙིར་བ་སྲང་གཉིས་དང་བུ་རམ་སྲང་བརྒྱད་དང། ཚ་བ་གསུམ
་སྲང་རེ་རེ་སྟེ། །སྲང་བཅུ་གསུམ་པོ་འདི་དག་བསྲེལ་བ་ཕྱེ་མར་བྱས་བ་ནི། །སྐད་སྙན་པར་བྱེད་པ་ནས་ཆམ་པ་སེལ་བའི་བར་དུ་བྱེད་དོ། །བུ་རམ་ཡ་བག་ཀྵ་ར་དང། །ན་ལེ་ཤམ་དང་པི་པི་ལིང། །སེའུ་འབྲུ་རིམས་ཀྱིས་སྲང་གཉིས
་དང། །ཞོ་རེ་སྲང་ཕྱེད་ཙམ་དུ་སྦྱར། །ལུད་པ་དབུགས་མི་བདེ་བ་སེལ། ཞེས་བྱ་བ་ལ། བུ་རམ་སྲང་གཉིས་ཡ་བག་ཀྵ་ར་ཞོ་གཅིག་པི་པི་ལིང་དང། །ན་ལེ་ཤཾ་ཞོ་རེ་རེ་སེའུ་འབྲུ་སྲང་གཅིག་ཏུ་བྱས་པ་ཕྱེ་མར་སྦྱར་བ་དེ་ནི་ལུད་པ
་དང་དབུགས་མི་བདེ་བ་སེལ་བར་བྱེད་དོ། །རིམས་ཀྱི་སྐབས་བཤད་ཨ་རུ་ར། །སོགས་དང་ཀརྐ་ཏ་སྲིང་གི། བསྐོལ་བའི་ཁུ་བ་བླུད་པར་བྱ། །ཞེས་བྱ་བ་ལ། རིམས་ཀྱི་སྐབས་སུ་བཤད་པའི་སྨན་གླ་སྒང་དང། ། རུ་ར་དང་འོ
་སུའི་འབྲས་བུ་ལ་སོགས་པ་དང། །ཀན་ཏ་སྲིང་གི་དང་བཅས་པའི་ཁུ་བ་བླུད་ན་ཡང་ལུད་པ་སེལ་བར་བྱེད་དོ། །ཡང་ན་དུར་བྱིད་ལ་ལ་ཕུད། །གླ་སྒང་མ་ནུ་བི་ཤ་ལ། པི་པི་ལིང་བཅས་པ་གཅིན་ནམ། །ཆུར་བསྐོལ་བ་གཅིན་ལུད་པ
་སེལ། །ཞེས་བྱ་བ་ལ། ཡང་ན་དུར་བྱིད་ལ་སོགས་པའི་སྨན་བ་གཅིན་དང་ཆོ་ག་བཞིན་བསྐོལ་བ་ལ་པི་པི་ལིང་གི་ཕྱེ་བཏབ་བ་འམ། །དུར་བྱིད་ལ་སོགས་པའི་སྨན་ཆུ་དང་བསྐོལ་ཏེ། །པི་པི་ལིང་གི་ཕྱེ་མ་བཏབ་བ་བླུད་ན་ཡང་བད་ཀན་བས
་གྱུར་པའི་ལུད་པ་སེལ་བར་བྱེད་དོ། །པི་པི་ལིང་ནི་ཏིལ་མར་བརྡོས། །ལྡེ་གུ་ཞོ་གཉིས་ཁ་རར་བཅས། །རྒྱ་སྲན་བསྐོལ་བ་ཁུ་བར་སྦྱར། བླུད་ན་བད་ཀན་ལུས་པ་འཇོམས། ཞེས་བྱ་བ་ལ། པི་པི་ལིང་གི་ལྡེ་གུ་ཞོ་གཉིས། །བང
་དང་བཙས་པ་ཏིལ་མར་ལ་བརྡོས་ལ་རྒྱ་སྲན་ཀུ་ལཏྠ་བསྐོལ་བའི་ཁུ་བ་དང་སྦྱར་ཞིང་བསྐོལ་བ་བླུད་ན་བད་ཀན་ལས་གྱུར་པའི་ལུད་པ་འཇོམས་པར་བྱེད་དོ། །རྩ་བཅུའི་ཁུ་བ་བྲེ་བཞི་དང། མར་བྲེ་གང་དང། མ་ནུ་དང། ཟུར་པ་བིལྦ
་བྱི་རུག་པ། །ཤིང་ཀུན་ཚ་གསུམ་ཞོ་གཉིས་བསྐོལ། །བླུད་པའི་རྗེས་ལ་ཐུག་པ་བཏུང། །དེ་ཀུན་བད་ཀན་རླུང་ནད་འཇོམས། །ཞེས་བྱ་བ་ལ། རྩ་བ་བཅུ་པ་སྨན་བསྐོལ་བའི་ཁུ་བ་བྲེ་བཞི་མ་ནུ་ཞེས་བྱ་བ་པུས་དཀར་མུ་ལ་ལ་སོགས
་པའི་སྨན་ཞོ་གཉིས་ལྡེ་གུར་བྱས་པ་དང་བསྐོལ་བའི་མར་དེ་བླུད་ལ་དེའི་རྗེས་ལ་ཐུག་པ་འཐུངས་ན་དེ་ཐམས་ཅད་ཀྱིས་རླུང་དང་བད་ཀས་ལས་གྱུར་པའི་ནད་འཇོམས་པར་འགྱུར་རོ། །ནིརྒུརྠི་ལོ་བསྐོལ་བའི་ཁུ། །མར་བསྐོལ་ལུད་པ
་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། ནིངྒུ་ནྠི་ལོ། དེ་ནི་ཤྲི་ཕ་ལ་ཞེས་བྱ་བ་སྟེ། དེའི་ལོ་མ་བསྐོལ་བའི་ཁུ་བ་སྨན་མར་གྱིས་ནི་ལུད་པ་སེལ་བར་བྱེད་པ་ཡིན་ནོ། །བྱི་ཐང་ག་ཡི་ཁུ་བའི་ནང། །ཚ་བ་གསུམ་བཅུག་མར་བསྐོལ
་པ་ན། །ཞེས་བྱ་བ་ལ། བྱི་ཐང་ག་བསྐོལ་བའི་ཁུ་བའི་ནང་དུ་ཚ་བ་གསུམ་གྱི་ལྡེ་གུ་བཅུག་པའི་མར་གྱིས་ཀྱང་ལུད་པ་སེལ་བར་བྱེད་དེ། །བ་སྤུ་པ་གཉིས་བྱེའུ་རུག་པ། ཀ་ས་མར་དེ་སླེ་ཏྲེས་དང། །བ་ཏོ་ལ་དང་བྲི་ཧ་ཏི། །བང་ནི་?
་ཀའི་བུ་ག་ནི། །འོ་མ་མར་དང་བཅས་པ་ལ། ཚ་བ་གསུམ་དང་ལེགས་བསྐོལ་འཐུངས། །ལུད་པའི་རིམས་དྲག་ཟད་བྱེད་དང། །གཞང་འབྲུམ་ནད་ཀྱིས་འཇིགས་པ་མེད། །ཅེས་བྱ་བ་ལ་བ་སྦྲུལ་སི་ན
་ཏི་ཀ་དང། །བ་ར་ཤ་པུ་ཤེལ་བྱ་བ་རྩ་བ་དཀར་པོ་ཅན་དང། །མེ་ཏོག་དཀར་པོ་ཅན་གཉིས་ནི་པུ་རྣ་རྣ་བ་རྣམ་གཉིས་ཏེ་དེ་ནི་བ་སྤུ་བ་གཉིས་ཡིན་ཏེ། །དེ་གཉིས་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་འོ་མ་དང་བཅུག་པ
་ལ། པི་པི་ལིང་དང་ན་ལེ་ཤམ་དང། བཅའ་སྒ་གསུམ་གྱི་ལྡེ་གུ་བཅུག་སྟེ། བསྐོལ་བའི་སྨན་མར་འཐུངས་ན་ལུད་པ་ལ་སོགས་པའི་ནད་ཀྱི་འཇིགས་པ་མེད་དེ། །དེ་ལས་འབྱུང་བར་མི་འགྱུར་རོ། །ཀཎྜ་ཀཱ་རཱིའི་རྩ་བ་དང། །འབྲས་བུ་ལོ
་མར་བཅས་པ་ཡི། །ཁུ་བ་བྲེ་བཞི་ཚད་ལ་ནི། །མར་བྲེ་གང་དང་བ་ལ་དང། ཚ་བ་གསུམ་དང་བྱི་ཐང་བ། ཤུ་དག་དང་ནི་སྲེའུ་འབྲུ་དང། །ཁ་རུ་ཚྭ་དང་ཚིག་ཐལ། །པི་པི་ལིང་གི་རྩ་བ་དང། །སྐྱུ་རུ་ར་དང་མ་ནུ་དང།།
་བྲི་ཤཙི་བ་དང་བྲི་ཧ་ཏཱི། ། རུ་ར་དང་ཡ་བ་ནི། །བཀྲུ་དྲུག་ཏྲེས་དང་རྒུན་འབྲུམ་དང། དབྱི་མོའི་ཕྱེ་ཚེར་བརཤ་བྷུ། །སྟར་བུ་ཀརྟ་ཏ་སྲེང་གི། ཏ་མལ་གི་ག་བྲའི་ཚ། །ར་ན་གཟེ་མའི་ལྡེ་གུ་དང། བསྐོལ་བའི་མར་དེས་ལུང་ཀུན
་དང། །སྐྱིགས་བུ་དབུགས་མི་བདེ་བ་ལའང་ཕན། །ཀཎྜ་ཀཱ་རཱིའི་སྨན་མར་འདི། །བད་ཀན་ནད་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཀཎྜ་ཀཱ་རཱིའི་རྩ་བ་དང། འབྲས་བུ་དང་ལོ་མར་བཅས་པ་བསྐོལ་བའི་ཁུ་བ་བྲེ་བཞིའི་ནང་དུ་མར་བྲེ་གང
་བཅུག་ལ་བ་ལ་དང། ཚ་བ་གསུམ་ལ་སོགས་པའི་སྨན་ལྡེ་གུའི་ཚད་ཀྱིས་སྤྱིར་མར་གྱིས་བཞི་ཆ་ཅིག་བཅུག་ལ་བསྐོལ་བའི་སྨན་མར་དེས་ནི་ལུང་པ་སོགས་བ་ལྔ་པོ་ཀུན་དང། སྐྱིགས་བུ་ལྔ་དང་དབུགས་མི་བདེ་བ་ལྔ་པོ་སྔར་བཤད
་པ་ལ་ཕན་པ་ཡིན་ནོ། །འདིར་ཆུ་སྲང་ཉིས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་བཅུག་ལ་ཚ་བ་གསུམ་ལ་སོགས་པའི་ལྡེ་གུས་མར་གྱི་བཞི་ཆ་གཞུག་པར་བྱའོ། །མ་ནུ་ནི་སྦུམ་དཀར་མུ་ལའོ། །པྲི་ཤཙི་བ་ནི་བ་སྤྲུང?
་རྩ་བ་དཀར་པོ་ཅན་ནོ། །ཡང་བ་ནི་ལ་ལ་ཕུད་དོ། །ཀྲུ་དྲུག་ཏྲས་ནི་ཙི་ཏྲ་ཀའོ། །དབྱི་མོ་ནི་ཙ་བྱའོ། །བྱི་ཚེར་བ་ནི་དུ་ར་ལ་ཝ་བའོ། །བརཤ་བྷུ་ནི་བ་སྤུ་བ་མེ་ཏོག་དམར་པོ་ཅན་ནོ། །སྟར་བུ་ནི་ཨཾ་ལ་ཙེ་ཏ་སེའོ། །ཏ་མ་ལ་ཀི་ནི་ཨཛ
་ཏའོ། །ག་བྲའི་ཙ་བ་ནི་བར་གྱིའོ། །གཟེ་མ་ནི་གོ་ཀྵ་རའོ། །བྱ་གྲི་སྲང་བརྒྱད་བརྡུངས་ཆུ་སྲང། །ཉིས་སྟོང་བཞི་བཅུ་བརྒྱད་ནས། །བརྩམས་པར་ཚ་བ་གསུམ་ར་སྣང། །སྨེ་ཏྲེས་ཀྲུ་དྲུག་ཕྱེ་མ་དང། །ཀརྐ་ཏ་སྲིང་ག་བྲ་ཙ།
་གླ་སྒང་པི་པི་ལིང་རྩ་བ། །ཕྱི་ཚེར་བ་རྣམས་སྲང་ཕྱེད་ཕྱེད། ཞུན་མར་སྲང་ནི་བཅུ་དྲུག་དང། །ཁ་ར་དཀར་པོ་སྲང་བཞི་བཅུ། །སླར་ཡང་དེ་ནི་བསྐོལ་བྱ་བ། །གཟར་བུ་ལ་འཆགས་བསྐྲངས་ན་ནི། །པི་པི་ལིང་དང་སྨིག་རྐང
་དང། །སྦྲང་རྩི་རྙེད་པ་དག་ལས་ནི། །སྲང་ནི་བརྒྱད་བརྒྱད་བཞུགས་པར་བྱ། །ལྡེ་གུ་འདིས་ནི་སྙིང་ནང་སྐྲན། །གཞང་འབྲུམ་ལུས་དབུགས་མི་བདེ་སེལ། །ཞེས་བྱ་བ་ལ། བྱ་གྲི་ཞེས་བྱ་བ་ཀཎྜ་ཀཱ་རཱི་སྲང་བརྒྱད་བརྡུངས་པ
་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་ལ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པ་རས་ཀྱི་ཚིག་ཀྱིས་བཙགས་པ་ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་སྲང་ཕྱེ་ཕྱེད་བཅུག་སྟེ། །ཞུན་མར་སྲང་བཅུ་དྲུག་བཅུག་ལ་དེའི་འོག་ཏུ་ཁ
་ར་དཀར་པོ་སྲན་བཞི་བཅུ་བཅུག་ལ་དེ་ཡང་བསྐོལ་ལ་གཟར་བུས་བཀྲུགས་པས་ན་ལྡེ་གུ་སྟེ་གཟར་བུ་ལ་ཆགས་པར་འགྱུར་བ་དང། །པི་པི་ལིང་སྲང་བརྒྱད་དང། །སྨིག་རྐང་སྲང་བརྒྱད་དང། །སྦྲང་རྩི་རྙིང་པ་སྲང་བརྒྱད་གཞུག
་བར་བྱའོ། །དེ་ལྟ་བུའི་ལྡེ་གུར་སྦྱར་བ་འདིས་ནི། །སྙིང་ནད་དང་སྐྲན་ལ་སོགས་བསེལ་བར་བྱེད་དོ། །བད་ཀན་ཞི་བ་དུད་བ་རྡུབ། །ཤས་ཆེར་སྦྱངས་པའི་དུད་པ་རྡུབ། ཅེས་བྱ་བ་ལ། བད་ཀན་ལས་རྒྱུ?་པའི?
་ལུད་པ་ལ་ནི་ཞི་བར་བྱ་བའི་དུད་པ་རྡུབ་པའི་ཆོ་གའི་སྐབས་སུ་བཤད་པ་རྡུབ་པར་བྱ་ལ། གང་གི་ཚེ་བད་ཀན་གྱི་ཤས་ཤེ་བ་དེའི་ཚེ་སྦྱང་བའི་དུད་པ་བརྡུབ་པར་བྱ་སྟེ། སྤྱད་པ་ཞེས་བྱ་བ་ནི་བཀྲུ་སྨན་དུ་བྱ་བ་སྟེ། དེ་ཡང་དུད་པ་རྡུབ་པའི་ཆོ་གའི
་སྐབས་སུ་བསྟན་པ་ཡིན་ནོ། །ལྡོང་རོས་པ་བླ་ཤིང་མངར་དང། །སྤང་པོས་གླ་སྒང་ཨིངྒུ་ངའི། །ཤུན་ལྤགས་དུ་མ་ལུད་འཇོམས་པའི། །ཆོ་གས་དུད་པ་བརྡུབ་ནས་ནི། །མཆིལ་མང་མཐར་ནི་བུ་རམ་བཅེས། །འོ་མ་འཐུངས་པ་འདི་དུད་བརྡུབ་པ
་དེས། །རླུང་དང་བད་ཀན་ཤས་ཆེ་ཡི། །ལུད་པ་རྙིང་པའང་མྱུར་དུ་སེལ། །ཞེས་བྱ་བ་ལ། ལྡོང་རོས་ལ་སོགས་པའི་སྨན་སྦྱར་བའི་དུད་པ་ལུད་པ་འཇོམས་པའི་ཆོ་གར་བཤད་པའི་ཚུལ་དུ་དུད་པ་བརྡུབ་ལ་མཆིལ་མ་མང་པོ་འབྱུང་བའི
་མཐར་ཡང་བུ་རམ་དང་འོ་མ་དྲོ་འཇམས་འཐུངས་ན་དུད་པ་བརྡུབ་པ་དེས་ནི་རླུང་ནད་བད་ཀན་གྱི་ཤས་ཆེ་བའི་ལུད་པ་རྙིང་པ་དེ་ཡུན་རིང་དུ་ལོན་པ་ཡང་མྱུར་བ་ཉིད་དུ་སལ་བར་བྱེད་དོ། །བད་ཀན་ལུད་པ་མུན་ཞུགས་སྙམ། །གལ་ཏེ
་མཁྲིས་པ་རྗེས་འབྲེལ་ལ། །དེར་ནི་གནས་སྐབས་ཇི་བཞིན་དུ། །མཁྲིས་པའི་ལུད་གསོའི་སྦྱོར་བ་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་ལུད་པ་མཁྲིས་པ་དང་རྗེས་སུ་འབྲེལ་བས་མུན་པར་ཞུགས་པ་སྙམ་པ་དེ་ལ་མཁྲིས་པའི་ལུད
་པ་གསོ་བའི་སྦྱོར་བ་འདི་ཉིད་ནས་བཤད་པ་དག་གནས་སྐབས་ཇི་ལྟ་བ་བཞིན་དུ་སྦྱར་ཞིང་བཏང་བར་བྱའོ། །ནད་ནི་བད་ཀན་འབྲེལ་པ་ལ། །བད་ཀན་བསལ་བའི་བྱ་བ་བྱ། ཞེས་བྱ་བ་ལ། རླུང་གི་ལུད་པ་བད་ཀན་དང་རྗེས་སུ
་འབྲེལ་བ་ལ་བད་ཀན་གྱི་ལུད་པ་བསལ་བའི་ཐབས་སྔར་ཇི་སྐད་བཤད་པ་དག་བྱའོ། །མཁྲིས་པ་དང་འབྲེལ་རླུང་བད་ཀན། །ལུད་པར་མཁྲིས་པ་བསལ་བར་བྱ། །ཞེས་བྱ་བ་ལ། མཁྲིས་པ་དང་རྗེས་སུ་འབྲེལ་བའི་རླུང་དང་བད་ཀན་གྱི
་ལུད་པ་ལ་ནི། །མཁྲིས་པ་གསོ་བ་སྔར་ཇི་སྐད་སྨོས་པ་དག་བྱའོ། །རླུང་དང་བད་ཀན་བདག་ཉིད་སྐམས། །གཤེར་ལ་སྣུམ་དང་རྩ་བ་ཆོས་བྱ། །ལུད་པ་བད་ཀན་ལས་གྱུར་པ། །མཁྲིས་པར་བཅས་པ་ཁ་བས་གསོ། །ཞེས་བྱ་བ་ལ།
་རླུང་དང་བད་ཀན་གྱི་བདག་ཉིད་ཅན་གྱི་ལུད་པ་སྐམ་ཞིང་བད་ཀན་གྱི་ལུད་པ་ལྗན་ལྗིན་མང་པ་ལ་སྣུམ་བཅོས་ཀྱི་བྱ་བའི་ལས་ཀྱི་སེལ་།རླུང་དང་བད་ཀན་གྱི་བདག་ཉིད་ཅན་གྱི་ལུད་པ་གཤིར་ཞིང་ལྗན་ལྗིན་དང་བཅས་པ་ལ་ནི་རྩུབ་བཅོས་སུ
་བྱས་པའི་ལས་ཀྱིས་གསོ་བར་བྱའོ། །བད་ཀན་ལས་གྱུར་པའི་ལུད་པ་མཁྲིས་པ་དང་རྗེས་སུ་འབྲེལ་པ་ལ་ནི་སྨན་ཁ་བ་དང་ལྡན་པ་སྦྱོར་བས་གསོ་བར་བྱའོ། །བློ་ནད་འདྲམས་ལ་འཕྲལ་དུ་ནི། །རྒྱ་སྐྱེགས་སྦྲང་རྩི་འོ་མ་བླུད། །ཞུ་ནས་ས
་ལུའི་འབྲས་ཆན་ནི། །འོ་མ་ཁ་རར་བཅས་པ་བཟའ་། །ཞེས་བྱ་བ་ལ། བློའི་ནད་འགྲམས་ཤིང་རྡོལ་བར་གྱུར་བ་འབྲལ་དུ་དེ་ཉིད་ཀྱི་ཚེ་བྱུང་བ་མ་གྱུར་ན། །དེ་ལ་རྒྱ་སྐྱགས་འོ་མ་དང་སྦྲང་རྩིར་བཅས་པ་བླུད་པར་བྱ་སྟེ། གློ་འགྲམས་པ་འབྱོར
་བའི་རྒྱ་སྐྱེགས་གཙོ་བོར་གྱུར་པ་ཡིན་ལ། རྒྱ་སྐྱེགས་དང་སྦྲང་རྩི་དང་འོ་མའི་སྨན་དེ་ཞུ་པར་གྱུར་ནས། །ས་ལུའི་འབྲས་ཅན་འོ་མ་དང་ཁ་ར་དང་བཅས་པ་བཟའ་བར་བྱའོ། །རྩིབ་ལོགས་ཆུ་སོ་ན་བཅས་ཏེ། མཁྲིས་དྲོད་ཤས་ཆུང་ཆང་སྦྱར
་བཏུད། ཞེས་བྱ་བ་ལ། གླ་འདྲམས་པའི་རྩིབ་ལེགས་དང་ཆུ་སོ་ན་བ་དང་བཅས་ཤིང། །མཁྲིས་པ་དང་ཁོང་པའི་མེ་དྲོད་ཤས་ཆུང་བ་ཡིན་ན། རྒྱ་སྐྱགས་དེ་ཆད་དང་སྦྱར་ལ་བཏུང་བར་བྱའོ། །བཤད་འཁྲུ་གླ་སྒང་བོ་དང་དཀར། ཁ་ཏ?
་དུག་མོ་ཉུངས་བཅས་བཏུང། །ཞེས་བྱ་བ་ལ། བཤད་པ་འཁྲུ་ཞིང་སླ་བར་གྱུར་པ་ན་རྒྱ་སྐྱེགས་དེ་གླ་སྒང་ལ་སོགས་པ་སྨན་དང་བཅས་པའི་ཆུ་བཏུང་བར་བྱའོ། །རྒྱ་སྐྱེགས་ཞུན་མར་སྦྲ་ཚིལ་དང། །འཚོ?
་བྱེད་སྡེ་ཚན་ཁ་ར་དཀར། །སྨིག་རྐང་ཁ་ར་མཉམ་འོ་མར། །བསྐོལ་བ་མེ་དྲོད་ཆེ་ལ་བླུད། །ཞེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་སྨན་ཆ་མཉམ་པར་བྱས་པའོ། །འོ་མར་བསྐོལ་བ་ནི་ཁོང་པའི་མེ་དྲོད་ཆེ་བའི་ནད་ལ་བླུད་པར་བྱའོ། །འཚོ
་བྱེད་ཀྱི་སྡེ་ཚན་ནི་ཛི་བནྟི་དང་རམ?་ཉེ་བ་ལ་སོགས་པ་སྐྱུགས་སྨན་ལ་སོགས་པའི་སྡེ་ཚན་གྱི་ནང་དུ་བཤད་པའོ། །སྨིག་རྐང་ནི་དུཀྵི་རའོ། །བུ་རམ་ཤིང་དང་པདྨའི་ཚིགས། །པདྨ་གེ་སར་ཙན་དན་དཀར། །འོ་མ་བསྐོལ་བ་སྦྲང་རྩིར་བཅས། །
་གློ་འགྲམས་འབྱོར་བར་བྱ་ཕྱིར་བླུད། །ཅེས་བྱ་བ་ལ། བུ་རམ་ཤིང་ལ་སོགས་པའི་ཁུ་བ་སྦྲང་རྩི་དང་བཅས་པའི་གློ་འགྲམས་པའི་རྡོལ་བ་འབྱོར་པར་བྱེད་པའི་ཕྱིར་བླུད་པར་བྱའོ། །ནས་བརྗེན་ཕྱེ་ནི་འོ་མ་རུ། །བཙོས་ཏེ་མར་དང་སྦྱར་བ
་འམ། །ཁ་ར་སྦྲང་རྩི་འོ་མ་ཕྱེའི། །སྐྱོ་མ་རིམས་ཚད་ལྡན་ལ་བླུད། །ཅེས་བྱ་བ་ལ། ནས་བརྗེན་པ་མེ་ལ་མ་བརྔོས་པའི་ཕྱེ་ལོ་མར་བཙོས་ཏེ་ཐུག་པ་ལྟ་བུར་བྱས་ལ་མར་དང་ཀུན་ཏུ་སྦྱར་བ་ནི། རིམས་ཀྱིས་ཚ་བ་དང་སྦྱར་བའི་གློ
་འགྲམས་པ་ལ་སྦྱིན་པར་བྱའོ། །ཡང་ན་ཁ་ར་དང་སྦྲང་རྩི་དང་འོ་མ་ཕྱེ་དང་སྐྱོ་མར་བྱས་པ་བླུད་པར་བྱའོ། །ལུད་པ་ཅན་ལ་སྨན་མངར་དང། །བསྐོལ་བའི་ཞུན་མར་བླུད་པར་བྱ། ཞེས་བྱ་བ་ལ། ལུད་པ་ཞེས་བྱ་བ་འདིར་གནས་སྐབས
་ཀྱིས་ན་གློ་རྡོལ་བའི་ལུད་པ་ཅན་ལ་བྱ་སྟེ་དེ་ལ་སྨན་སྔར་བ་ཞེས་བྱ་བ་རྒུན་འབྲུམ་དང་ཤིང་མངར་དང། མ་དུ་ཀ་ལ་སོགས་པ་མངར་བའི་སྡེ་ཚན་དུ་བསྟན་པའི་སྤྱིར་བཤད་པའི་སྨན་དང་བསྐོལ་བའི་ཞུན་མར་བླུད་པར་བྱའོ། །ཡང་ན
་བུ་རམ་ཆུ་བསྐོལ་བསྒྲངས། །སྦྲང་རྩི་ན་ལེ་ཤམ་བཏབ་བླུད། །ཅེས་བྱ་བ་ལ། ཡང་ན་ནད་དེ་ལྟ་བུ་ལ་བུ་རམ་དང་སྦྱར་བའི་ཆུ་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ན་ལེ་ཤམ་བཏབ་ཏེ་བླུད་པར་བྱའོ། །ཡང་ན་སྐྱུ་རུ་རའི་ཕྱི་མ། །
་འོ་མར་བསྐོལ་བ་མར་བཏབ་བླུད། །ཅེས་བྱ་བ་ལ། ཡང་གློ་འགྲམས་པའི་ནད་ལུད་པ་ཅན་གྱི་མི་ལ་སྐྱུ་རུ་རའི་ཕྱེ་མའོ། །མར་བསྐོལ་ཏེ་མར་བཏབ་ལ་བླུད་པར་བྱའོ། །ཡང་ན་བཅུད་ཀྱི་ལེན་ཆོ་གས། །པི་པི་ལིང་ཡང་སྦྱིན་པར་བྱ།
་ཞེས་བྱ་བ་ལ། ཡང་ན་བཅུད་ཀྱི་ལེན་གྱི་ལེའུ་ལས་བཤད་པའི་ཆོ་གས་པི་པི་ལིང་གི་སྨན་གློ་འགྲམས་པའི་ལུས་པ་ཅན་དེ་ལ་སྦྱིན་པར་བྱའོ། །ལུད་ཙནདན?་རུས་ཚིགས་གཟེར་བ་ལ། །རྒུན་འབྲུམ་ཤིང་མངར་མ་དུ་ཀ་།སྨིག་རྐང་པ་ལ
་པི་པི་ལིང། །ཞུན་མར་སྦྲང་རྩི་བཅས་པ་སྦྱིན། །ཞེས་བྱ་བ་ལ། གློ་འགྲམས་པའི་ལུས་པ་ཅན་གྱི་མིའི་རུས་པ་དང་ཚིགས་གཟར་བའི་ནད་དང་ལྡན་པ་ལ་རྒུན་འབྲུམ་ལ་སོགས་པའི་སྨན་ཞུན་མར་དང་སྦྲང་རྩི་དང་སྦྱར་ཏེ་ལྡེ་གུར་བྱས་ལ
་སྦྱིན་པར་བྱའོ། །དེ་སྣ་གསུམ་ནི་ཞོ་རེ་དང། །པི་པི་ལིང་སྲང་ཕྱེད་ཁ་ར། རྒུན་འབྲུམ་འགྲ་གོ་མ་དུ་ཀ། སྲང་རེ་ཞིབ་ཏུ་བཏགས་ནས་ནི། །སྦྲང་རྩིའི་རི་ལུར་བྱས་པ་ཡིས། །རོ་ཙ་བྱེད་ཅིང་ཁྲག་མཁྲིས་དང། །ལུད་པ་དབུགས་མི་བདེ
་སླན་བློ། བརྒྱལ་མྱོས་སྐྱིགས་པུ་མགོ་འཁོར་དང། །གློ་རྡོལ་སྐད་ནི་འགགས་པ་དང། མཆིན་པ་ལུད་སྐེམ་རླུང་འཁྱིལ་དང། །མཆིན་པར་ཁྲག་འབྱུང་རྩི་བས་ལོགས་ན། སྙིང་ནད་སྐོམ་དང་རིམས་ཀྱང་འཇོམས། །ཞེས་བྱ་བ་ལ།
་དྲི་སྣ་གསུམ་ནི་ཤིང་ཚ་དང། །གནད་པ་ཏྲ་དང་སུག་སྨེལ་ཞེས་བྱ་བ་སྟེ་སྨན་དེ་དག་ཞོ་རེ་རེ་དང། །པི་པི་ལིང་སྲང་བྱེད་དང་ཁ་ར་དང། རྒུན་འབྲུམ་སྟེ་གོ་སྟེ་ནི་དང། འབྲ་གོ་སྟེ་ཁ་ཛུ་ར་དང། མ་དུ་ཀ་སྟེ་བཞི་པོ་སྲང་རེའི་ཆར་བྱས་ཏེ།
་དེ་ནས་སྨན་ཐམས་ཅད་ཞིབ་ཏུ་བཏགས་ཏེ་བྲང་རྩིས་རི་ལུ་བྱས་ལ་དེས་ནི་རོ་ཙ་བར་བྱེད་པ་དང། ཁྲག་མཁྲིས་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །བརཤ་བུ་དང་ཁ་ར་དཀར། །ས་ལུ་རྩ་སྨན་བཏགས་པའི
་ཕྱེ། །རྒུན་ཆུ་འོ་མ་མར་དུ་བསྐོལ། །མཆིལ་མ་ཁྲག་ཏུ་འབྱུང་ལ་བླུད། །ཅེས་བྱ་བ་ལ། བརཤ་བུ་ཞེས་བྱ་བ་བ་སྤུ་བ་མེ་ཏོག་དམར་པོ་ཅན་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་རྒུན་ཆུ་ལ་སོགས་པ་དང་ལྷན་ཅིག་བསྐོལ་བ་ནི། མཆིལ
་མ་ཁྲག་ཏུ་འབྱུང་བའི་ནད་པ་ལ་བླུད་བར་བྱའོ། །ཤིང་མངར་དང་ནི་མ་དུ་ཀ། དན་ཏུ་ལིར་ཡང་འོར་བཅོས་ཕན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་དང། དནྟ་ལ་ཡ་ཞེས་བྱ་བའི་ཚོད་མའི་ཁྱད་པར་གྱི་སྨན་འོ་མར
་བཅོས་པའི་སྨན་ཡང་མཆིལ་མ་ཁྲག་ཏུ་འབྱུང་བ་ལ་ཕན་ནོ། །ཁྲག་ནི་གང་ཚེ་ཁྲག་ཏུ་འབྱུང། །དེ་བཅོས་པ་ཡི་སྨན་བསྟེན་བྱ། །ཞེས་བྱ་བ་ལ། གློ་རྡོལ་བའི་ནད་པ་འདི་ལ་གང་གི་ཚེ་ཁྲག་དྲག་ཏུ་འབྱུང་ཞིང་ཁ་དང་སྣ་དང་མིག་གི་བུ
་གའམ། །བཤང་སྒོ་ལ་སོགས་པ་ནས་སྟེང་དང་འོག་ཏུ་བྱུང་བར་གྱུར་ན་དོན་དེ་ལ་བཅོས་པའི་ཐབས་སྟེང་འོག་གང་ནས་འབྱུང་བའི་དབང་དུ་བྱས་ནས་ཁྲག་མཁྲིས་གསོ་བའི་ཚུལ་དུ་སྨན་བསྟེན་པར་བྱའོ། །རླུང་འཁྱིལ་པ་ལ་ར་ཚིལ?་ནི།
་ཆང་བརྔོས་རྒྱམ་ཚར་བཅས་པར་སྦྱིན། །ཞེས་བྱ་བ་ལ། བློ་རྡོལ་བའི་ལུད་པ་ཅན་གང་ཞིག་གི་རླུང་ནད་དུ་འཁྱིལ་ཅིང་ལུགས་བཞིན་དུ་འབྱུང་བར་མི་བྱེད་དེ་ལམ་ལོག་པར་ཞུགས་པའི་རླུང་ནད་སྟོབས་ཅན་དེ་ལ་རིའི་ཚུལ་ཆད་ལ
་བརྔོས་བའི་རྒྱམ་ཚར་བཅས་པ་སྦྱིན་པར་བྱའོ། །སྐེམ་ཞིང་ཉམས་ཆུང་གློ་འགྲམས་དང། །གཉིད་ཆུང་མེ་དྲོད་ཆ་བ་ལ། འོ་མ་བསྐོལ་བའི་སྤྲི་མར་ཆགས། །ཁ་ར་སྦྲང་རྩི་མར་བཅས་སྦྱིན། །ཞེས་བྱ་བ་ལ། ནད་པ་གང
་སྐེམ་ཞིང་རིང་པ་ལ་སོགས་པ་དང་ལྡན་པ་ལ་རིའི་ཚིལ་དང་འོ་མར་བསྐོལ་པ་ལས་སྟེང་དུ་སྤྲིས་མ་མཐུག་པོར་ཆགས་པ་བཤུས་པ་དང་ཁ་ར་དང་སྦྲང་རྩིར་སྦྱར་ཏེ་སྦྱིན་པར་བྱའོ། །བ་ར་དཀར་དང་ནས་དང་གྲོ། །འཚོ་བྱེད་བྲངས་རྩིས་སྦྲང་རྩིར་སྦྱར། །
་ཡང་ན་འོ་མར་བསྐོལ་ཏེ་བླུད། །གློ་འགྲམས་ཉམ་ཆུང་རིང་ལ་སྦྱིན། །ཞེས་བྱ་བ་ལ། ནད་པ་གང་གང་གློ་འགྲམས་ཤིང་ཉམས་ཆུང་ལ་རིངས་པར་གྱུར་པ་ཁ་ར་དཀར་པོ་ལ་སོགས་པ་དང་བསྐོལ་བའི་འོ་མ་བླུད་པར་བྱའོ། །ཤ་ཟའི་ཤ་ཡི་ཁུ་བ་ནི།
་མར་དང་བརྔོས་པའི་པི་པི་ལིང། །སྦྲང་རྩིར་བཅས་པ་དེ་ལ་བླུད། །ཤ་དང་ཁྲག་ནི་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། གློ་རྡོལ་བའི་ནད་པ་སྐེམ་པ་ལ་སོགས་པ་དེ་དང་ལྡན་པ་དེ་ལ། ཟས་སུ་ཤ་ཟ་བའི་སྲོག་ཆགས་ཀྱི
་ཤའི་ཁུ་བ་མར་དང་བརྔོས་པ་ལ་པི་པི་ལིང་དང་སྦྲང་རྩི་དང་བཅས་པ་བླུད་པར་བྱ་སྟེ། དེས་ནི་ཤ་དང་ཁྲག་ལ་སོགས་པ་འཕེལ་བར་བྱེད་པ་ཡིན་ནོ། །ུ་དུམཝ་ར་ནྱ་གྲོ་དྷ། ཨ་ཤྭཏྠ་དང་པལཀྵ། སཱ་ལའི་ཤིང་དང་པྲི་ཡངཀུ། ཏ་ལིང་རྩེ
་མོ་འཛམ་བུའི་ཤུན། །པ་ཡ་ལི་དང་ཤུགས་པར་བཅས། ། ཤྭ་ཀ་རྣར?་བཅས་པ་ནི། །འོ་མར་བསྐོལ་ལ་བྱུང་བ་ཡི། །མར་དང་འབྲས་ཅན་བཟའ་བ་ནི། །གློ་འགྲམས་ཤུ་པ་ཉམས་སྟོབས་དང། དབང་པོའི་ནུས་པ
་ཟད་ལ་སྦྱིན། །ཞེས་བྱ་བ་ལ། །ུ་དུམྦ་བ་ར་ལ་སོགས་པ་དང། བསྐོལ་བ་འོ་མ་ལས་བྱུང་བའི་མར་དང་སྤགས་ཏེ་འབྲས་ཅན་བཟའ་། །གློ་འགྲམས་པ་ལ་སོགས་པའི་སྐྱེས་བུ་ལ་སྦྱིན་པར་བྱའོ། །རླུང་མཁྲིས་ཀྱིས་ཉེན་ཡན་ལག
་ཞིགས། །ན་ལ་མར་དེ་བསྐུས་པ་བསྔགས། །རླུང་ནད་ཀྱིས་ནི་ཉེན་པ་ལ། །རླུང་འཇོམས་སྨན་བསྐོལ་ཏིལ་མར་བསྐུ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་གྱུར་བའི་ནད་ཀྱི་ཡན་ལག་ཞིགས་པ་སྙམ་དུ་སེམས་པའི་གློ་འགྲམས་པ
་ལ་ནི་རླུང་དང་མཁྲིས་པ་སེལ་བར་བྱེད་པའི་མར་དེས་བསྐུས་པ་ཡིན་ནོ། །རླུང་ནད་འབའ་ཞིག་ཉེན་ཅིང་གཟིར་པའི་ཡན་ལག་ཞིགས་པ་ལྟར་ན་བ་ལ་ནི་རླུང་ནད་འཇོམས་པའི་སྨན་དང་བསྐོལ་བའི་ཏིལ་མར
་གྱིས་བསྐུ་བར་བྱའོ། །འཚོ་བྱེད་སྡེ་ཚན་ཞུན་མར་ནི། །སྙིང་དང་རྩིབ་ལོགས་ན་བ་བླུད། །ཅེས་བྱ་བ་ལ། །སྙིང་དང་རྩིབ་ལོགས་ལ་སོགས་པ་ན་པ་ལ་ནི་འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་ཞུན་མར་བླུད་པར་བྱའོ། །ཡང་ན་རླུང་ནད
་འཇོམས་པ་དང། །ཁྲག་མཁྲིས་སེལ་བ་གང་ཡིན་བྱ། །ཞེས་བྱ་བ་ལ། ཡང་རླུང་དང་ཁྲག་མཁྲིས་སེལ་པའི་སྨན་དང་བཏུང་བ་ལས་སུ་བྱ་བ་དེ་དག་བྱའོ། །ཤིང་མངར་ན་ག་པ་ལ་གཉིས། །འོ་མ་དང་མཉམ་མ་ར་བསྐོལ
་པས། །ས་ཡ་སྱ་དང་པི་པི་ལིང། །སྨིག་རྐང་ལྡེ་གུ་བསྐོལ་པ་ནི། །གློ་འགྲམས་པ་ཡི་ནད་ལ་ཕན། །ཞེས་བྱ་བ་ལ། ཤིང་མངར་དང་ན་ག་བ་ལ་གཉིས་ཀྱི། །སྨན་ཁུ་མར་གྱི་ཉིས་འགྱུར་དང། །འོ་མ་དེ་དང་མཉམ
་སྟེ། སྤྱིར་མར་གྱི་བཞི་འགྱུར་གྱི་ནང་དུ་ས་ཡ་སྱ་ལ་སོགས་པའི་སྨན་གྱི་ལྡེ་གུ་མར་གྱི་བཞི་ཆ་བཅུག་ལ་བསྐོལ་པའི་སྨན་མར་ནི་གློ་འགྲམས་པའི་ནད་ལ་ཕན་ནོ། །ས་ཡ་སྱ་ནི་ཀྵི་རི་ནི་ཞེས་བྱ་བ་སྨན་འོ་མ་ཅན་ཞིག་གོ། འཚོ
་བྱེད་སྡེ་ཚན་བཅའ་སྒ་དང། །ཉེའུ་ཤིང་པ་དང་རམ་ཉེ་བ་།བ་སྤུ་བ་གཉིས་པ་ལ་དང། །ག་བྲའི་རྩ་བ་སྲལ་བྲེའུ། །རི་དི་ཟུར་པ་ཏ་མ་ལ། །སྟྲིདཀ་ད་ཀ་པ་ཡ་སྱ། །རྩ་བ་ལྔ་ནི་ཆུང་ངུ་དང། །རྒུན་འབྲུམ་སྟར་གའི་འབྲས
་བུ་སོགས། །མངར་ཞིང་སྣུམ་ལ་སྟོབས་བསྐྱེད་པ། །ཞོ་ནི་གཉིས་གཉིས་བཏགས་ལྡེ་གུ། དེ་ནང་ཞུན་མར་བྲེ་གང་བསྐོལ། །འོ་མར་ར་ཤ་སྐྱུ་རུ་ར། །བི་ཏ་རི་དང་བུ་རམ་ཤིང། །ཁུ་བར་ར་ཤའི་ཁུ་བར་བཅས། །བསྐོལ་ཏེ
་བསྒྲངས་པར་སྦྲང་རྩི་ནི། །བྲེ་ཕྱེད་ཁ་ར་སྲང་ལྔ་བཅུ། །ན་ལེ་ཤམ་དང་སུག་སྨེལ་དང། །ཤིང་ཚ་གནད་པ་ཏྲ་དང། །ན་ག་གེ་སར་སྲང་ཕྱེད་ཕྱེད། །ཕྱེ་མར་བཏགས་ཏེ་བཅུག་ནས་ནི། །འཇུ་སྟོབས་རྗེས་མཐུན་ཚད་དུ་བླུད། །འདི་ནི
་བདུད་རྩིའི་སྨན་མར་ཏེ། །མི་རྣམས་ཀྱི་ནི་བདུད་རྩི་ཡིན། །བདུད་རྩི་འདི་ནི་ཟོས་ནས་སུ། །འོ་མ་ཤ་ཁུ་ལྡན་ཟོས་ན། །ཁུ་ཆུ་ཉམས་དང་གློ་འགྲམས་དང། །ཉམས་སྟོབས་ཟད་པའི་གསོ་བ་ཡིན། །བུད་མེད་ལ་གདུ་ལུས་སྐེམས་དང། །
་མདོག་སྐད་ཉམས་ལ་བརྟ་བར་བྱ། །ལུད་པ་དང་ནི་སྐྱིགས་བུ་རིམས། །དབུགས་མི་བདེ་དང་ལུས་ཚ་དང། །སྐོམ་དང་ཁྲག་མཁྲིས་སེལ་བྱེད་ཅིང། །པུ་སྐྱེད་བྱེད་ཅིང་སློན་དང་བརྒྱལ། །མངལ་ནད་གཅིན་ནད་འཇོམས་བྱེད་ཡིན། །
་ཞེས་བྱ་བ་ལ། འཚོ་བྱེད་སྡེ་ཚན་ལ་སོགས་པའི་སྨན་ཞོ་གཉིས་གཉིས་བརྟགས་པའི་ལྡེ་གུ་དང། །མར་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་བསྐོལ་བར་བྱ་སྟེ། འཚོ་བྱེད་ཀྱིས་དེ་ཚན་དུ་གཏོགས་པ་དང། །རྩ་བ་ལཱ་ཆུང་ངུ་སྨན་སྣ་རེ་རེ་ཞིང
་ཞོ་གཉིས་གཉིས་གཞུག་པར་བྱ་ལ། །རྒུན་འབྲུམ་ལ་སོགས་པའི་སྨན་རྙེད་ན་ཞོ་གཉིས་གཉིས་གཞུག་པར་བྱའོ། །འོ་མ་དང་སྐྱུ་རུ་ར་ལ་སོགས་པའི་ཁུ་བ་ནི་མར་དང་ཆ་མཉམ་དུ་སྦྱར་བར་ཤེས་པར་བྱ་སྟེ། །ཁུ་བའི་རྫས་ནི་ལྔ་པོ་སོགས།།
་རེ་རེ་འང་མར་དང་མཉམ་པར་གཞུག་།ཅེས་བཤད་པ་ཡིན་ནོ། །དེ་ལྟ་བུའི་སྨན་མར་བསྐོལ་བ་དེར་སྦྲང་རྩི་བྱེ་བྲག་ཕྱེད་ཅེས་བྱ་བ་སྲང་བཅུ་དྲུག་གཞུག་པར་བྱའོ། །ཤ་ཁ་ར་ནི་སྲང་ལྔ་བཅུ་གཞུག་པར་བྱའོ། །ན་ལེ་ཤམ་ལ་སོགས
་པའི་ཕྱེ་མ་སྲང་ཕྱེད་ཕྱེད་ཅེས་པ་ཞོ་བཞི་གཞུག་པར་བྱ་སྟེ། །དེ་དག་ཕྱེ་མར་ཞིག་ཏུ་བཏགས་ཏེ་བཞུག་པར་བྱའོ། །དེ་བཟའ་བའི་ཚད་ནི་འཇུ་སྟོབས་དང་རྗེས་སུ་མཐུན་པར་བྱ་སྟེ། ཕོ་བའི་མེ་དྲོད་ཀྱིས་ཇི་ཙམ་འཇུ་བའི་ཚད་དུ་བླུད་པར་བྱའོ། །
་སྨན་མར་འདིའི་མིང་ནི་བདུད་རྩིའི་སྨན་མར་ཞེས་ཚེའི་རིག་བྱེད་རྩོམ་པའི་དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན་ནོ། །སྨན་མར་འདི་ནི་མི་རྣམས་ཀྱི་བདུད་རྩི་ཡིན་ཏེ། །བདུད་རྩི་ལྟར་ཡོན་ཏན་ཆེན་པོ
་བསྐྱེད་པའི་ཕྱིར་མིའི་བདུད་རྩིའི་སྨན་མར་ཞེས་བྱའོ། །དེ་ཡང་ཇི་ལྟར་ལྷ་རྣམས་ཀྱི་བདུད་རྩི་ལྟ་བ་དང་ཀླུ་རྣམས་ཀྱི་བདུད་རྩི་ལྟ་བུ་ཉིད་ཡིན་ནོ། །དེ་བས་ན་ཡོན་ཏན་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་བདུད་རྩི་སྨན་མར་འདི་ཟོས་ནས། དེའི་རྗེས་འོ་མ་དང་ཤ་ཁུ
་བཏུང་བར་བྱ་ཞིང་མར་དེ་བཟའ་བར་བྱའོ། །དེ་ལྟར་མེ་དྲོད་ཇི་ཙམ་གྱི་འཇུ་བའི་ཚད་དུ་ཟོས་ན་མི་དེའི་ཁུ་ཆུ་ཉམས་པ་ལ་སོགས་པ་ལ་སྟོབས་སྐྱེད་པར་བྱེད་པ་ཡིན་པས་དེ་དག་ལ་ཉམས་བརྟ་བའི་ཕྱིར་བླུད་པར་བྱ་སྟེ། །དེས་ནི
་ཡོན་ཏན་དེ་དག་བསྐྱེད་པ་དང། དེ་བཞིན་དུ་ལུད་པ་ལ་སོགས་པའི་ནད་སེལ་བར་བྱེད་པ་ཡིན་ནོ། །ཁུ་བ་འཕེལ་བར་བྱེད་པ་ཉིད་ཀྱིས་ནད་བུ་སྐྱེད་པར་བྱེད་ཅིང་སློན་པ་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །གཟེ
་མ་གཅོད་དང་བུ་ཤེལ་ཙེ། །བ་ལ་ཏང་བལ་བྷུ་ཏི་ཀ་།པྲིས་སྣ་བརྞི་དུརྦའི་རྩཝ། །ཐལ་ཏྲེས་ཏི་ར་བླཀྵ། །དེ་རྣམས་སྲང་རེ་བསྐོལ་བ་ཡི། །འོ་མ་སྨན་ཁུའི་བཞི་འགྱུར་ལ། །ཁ་སྲལ་ཕྲེའུ་ཛི་བནྟི། །མེ་ད་གཉིས་དང་ཟངས
་རྩི་བ། །ཛི་པ་ཀ་དང་ཉེའུ་ཤིང་པ། །རི་དི་རྒུན་འབྲུམ་ཤ་ཁར། །སྲ་བ་དང་ནི་པདྨའི་རྩ། །མར་ནི་བྲེ་གང་བསྐོལ་བ་ཡིས། །རླུང་མཁྲིས་སྙིང་འཛག་གཟེར་ནད་སེལ། །གཅིན་སྲི་བ་དང་གཅིན་སྙི་དང། གཞང
་འབྲུམ་ལུད་པ་ལུས་སྐེམས་དང། །ཟད་བྱེད་རིམས་ནི་སེལ་བྱེད་ཅིང། །གཞུང་འདྲེན་བུད་མེད་ཆང་དང་ལམ། །ཁུར་དུབ་སྟོབས་དང་ཤ་ཟད་བསྐྱེད། །ཅེས་བྱ་བ་ལ། གཟེ་མ་ལ་སོགས་པའི་སྨན་ཁུ་བ་བསྐོལ་བའི
་སྦྱོར་བས་བསྐོལ་ལ་ཁུ་བ་སྲང་བཞི་བཅུ་རྩ་གཉིས་ཀྱི་ནང་དུ་འོ་མ་སྨན་ཁུའི་བཞི་འགྱུར་བཅུག་ལ་ཁ་སྲལ་ཕྲེའུ་ཞེས་བྱ་བ་སྲེན་ཨདམ་ཀུབཏ་ཞེས་བྱ་བ་ལ་སོགས་པའི་སྨན་མར་གྱི་བཞི་ཆ་གཞུག་པར་བྱའོ། །པུ་ཏི་ཀ་ནི་ཀིར་ཎའོ། །
་བྲིསྣ་པརྞི་ནི་པྲི་ཐག་པརྞའོ། །སྟི་ར་ནི་ས་ལ་པརྞིའོ། །གཞན་རྣམས་ནི་གོ་བར་ཟད་དོ། །ཤིང་མངར་སྲང་བརྒྱད་རྒུན་འབྲུམ་ནི། །བྲེ་གང་བསྐོལ་བར་མར་བརྩོས་ལ། །པི་པི་ལིང་སྲང་བརྒྱད་ལྡེ་གུ། །བྲེ་གང་བསྐོལ་བ
་བསྒྲངས་ནས་ནི། །ཁ་ར་སྦྲང་རྩི་རེ་རེ་ཞིང། །སྲང་བརྒྱད་དང་ནི་བསྲེས་པ་ལ། །ནས་ཕྱེ་མཉམ་སྦྱར་ཟོས་པ་ཡིས། །དེ་ནི་བློ་འགྲམས་ཟད་བྱེད་དང། །ཁྲག་ནི་སྐྲན་ལ་ཕན་པ་ཡིན། །ཞེས་བྱ་བ་ལ། ཤིང་མངར་སྲང་བརྒྱད་དང
་རྒུན་འབྲུམ་བྲེ་གང་བསྐོལ་བའི་ཁུ་བར་མར་ཡང་བྲེ་གང་བཙོས་པ་ལ་པི་པི་ལིང་གི་ལྡེ་གུ་སྲང་བརྒྱད་བརྒྱད་བཅུག་སྟེ། །དེ་བསྐོལ་ནས་བསྒྲངས་པའི་ནང་དུ་ཁ་ར་དང་སྦྲང་རྩི་སྲང་བརྒྱད་བརྒྱད་བཅུག་པ་དེ་དང་གཅིག་ཏུ་བྱས
་པའི་མར་ད་དང་ནས་ཕྱེ་ཆ་མཉམ་པར་སྦྱར་ལ་དེ་ཟོས་ན་བློ་འགྲམས་ཞིང་རྡོལ་བ་ལ་སོགས་པའི་ནད་ལ་ཕན་པ་ཡིན་ནོ། །སྐྱུ་རུ་ར་དང་བི་ད་རི། །བུ་རམ་ཤིང་ཀུན་འཚོ་བྱེད་ཀྱི། །སྡེ་ཚན་བསྐོལ་བའི་ཁུ་བ་མར། །བ་དང་ར
་ཡི་འོ་མ་ལས། །བྲེ་ནི་རེ་རེ་བཙོ་བར་བྱ། །བསྐོལ་བཙགས་ཁ་ར་སྦྲང་རྩི་ནི། །བྲེ་རེ་དེར་ནི་གཞུག་པར་བྱ། །དེར་ནི་ཟད་བྱེད་རྗེད་བྱེད་དང། །ཁྲག་དང་མཁྲིས་པ་ལུད་པ་དང། །ལུས་སྐེམ་པ་ནི་སེལ་བྱེད་ཅིང། །རྒས་སྲ་ཚེ
་ན་རིའི་བ་དང། །ཤ་དང་ཁུ་ཆུ་སྟོབས་སྐྱེད་བྱེད། །ཅེས་བྱ་བ་ལ། སྐྱུ་རུ་ར་ཡི་ཁུ་བ་བྲེ་གང། །བི་ད་རིའི་ཁུ་བ་བྲེ་གང། བུ་རམ་ཤིང་གི་ཁུ་བ་བྲེ་གང་འཚོ་བྱེད་ཀྱི་སྡེ་ཚན་ཀུན་བསྐོལ་བའི་ཁུ་བ་བྲེ་གང། །མར་བྲེ་གང། རའི་འོ་མ་བྲེ་གང། བའི་འོ་མ་བྲེ་གང
་སྟེ། དེ་ལྟར་བྲེ་བདུན་བཙོས་ནས་མར་ཚོས་པར་གྱུར་པ་དང། རས་གཙང་མས་བཙགས་ཏེ་དེའི་ནང་དུ་ཁ་ར་བྲེ་གང་དང་སྦྲང་རྩི་པྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་དེར་གཞུག་པར་བྱའོ། །སྨན་མར་འདི་འཐུངས
་ན་ཟད་བྱེད་གཅོད་ཆེན་པོའི་ནད་དང། །རྗེད་བྱེད་ཁྲག་དང་མཁྲིས་པ་ལ་སོགས་པའི་ནད་སེལ་ཅིང་འཇོམས་པར་བྱེད་པ་དང། །རྒས་སྲ་ཞིང་ལང་ཚོར་ཡུན་རིང་དུ་འཇོག་པ་དང། །ཚེ་རིང་བ་དང། ཤ་དང་ཁུ་ཆུ་དང་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ།
་མཁྲིས་པ་ཤས་ཆེར་མར་བལྡག་བྱ། །རླུང་ཤས་ཆེ་བས་བཏུང་བར་བྱ། །བལྡགས་པས་མཁྲིས་པ་ཞི་བྱེད་ཀྱི། །ཉུང་པས་རླུང་ནི་འཇོམས་མི་ནུས། །འཐུངས་ན་རུང་ནི་འཇོམས་བྱེད་ཅིང། །མེ་དྲོད་ནང་དུ་སྡུད་པར་བྱེད། །ཅེས་བྱ་བ་ལ། དེ་ལྟར་ན
་མཁྲིས་པ་ཤས་ཆེ་བ་ལ་ནི། །མར་བལྡག་པའི་ཚུལ་གྱིས་བསྟེན་པར་བྱ་ལ་རླུང་ཤས་ཆེ་བས་ནི་སྨན་མར་བཏུང་བར་བྱའོ། །ཅིའི་ཕྱིར་ཞེ་ན། བལྡགས་པས་ནི་མཁྲིས་བཞི་བར་བྱེད་ཀྱི། བལྡགས་པ་ཉུང་བས་དེ་ཙམ་གྱིས་རླུང་འཇོམས་པར་ནི
་མི་ནུས་ལ། །དེས་ན་རླུང་གི་ནད་ལ་སྨན་མར་དེ་དག་འཐུངས་ན་རླུང་གནོན་པར་བྱེད་ཅིང་རླུང་ལས་རྒྱལ་བར་བྱེད་དོ། །མར་འདི་དག་གྲང་མོར་བསྟེན་ཀྱང་རླུང་གནོན་པར་བྱེད་དེ་མཐུ་རྩལ་གྱིས་གནོད་པར་བྱེད་དོ། །ཞེས་བྱ་བའི་དོན་ནོ། །ཡང་མར་འཐུངས་པས་ནི་བུད
་ཤིང་གི་མེ་ལ་མར་བཅུག་པ་ལྟར་ཕོ་བའི་མེ་ནང་དུ་བསྡུད་བར་བྱེད་ཅིང་སྟོབས་ཅན་དུ་བྱེད་དོ། །སྐེམས་ཞིང་ཡུད་ཀྱི་ཤ་ཟད་པས། །སྨན་མར་བཤད་པ་འདི་དག་ཉིད། །སྨིག་རྐང་འབྲས་ཡོད་པི་པི་ལིང། །ཕྱེ་མ་ལྡེ་གུར་བྱས་ལ་སྦྱིན། །ཞུན་མར་བུ་རམ་སྦྲང་རྩིའི
་ཆང། །བཅུག་ཏེ་བྱིན་ལ་འོ་མ་བླུད། རོ་ཙ་བརྩོན་དང་ལུས་རྒྱས་སྟོབས། །འདི་ཡིས་མྱུར་དུ་བསྐྱེད་པར་འགྱུར། །ཞེས་བྱ་བ་ལ། ལུས་སྐེམ་ཞིང་རིང་པས་སྔར་བཤད་པའི་སྨན་མར་འདི་དག་སྨིག་རྐང་ལ་སོགས་པའི་སྨན་གྱི་ཕྱེ་མ་དང་བསྲེས་ཏེ་ཁུ་བར་ཞུ་བར་མ་གྱུར
་ལྡེ་གུས་བྱས་ལ་སྦྱིན་ནོ། །དེ་ཡང་ཕྱེ་མར་དང་བཅས་པའི་མར་བསྐ་བ་ལ། །བུ་རམ་དང་སྦྲང་རྩིའི་ཆ། །བཅུག་སྟེ་གོང་གོང་བོ་བྱས་ལ་བྱིན་ནས་དེའི་རྗེས་ལ་སྐོམ་དུ་འོ་མ་བླུད་པར་བྱའོ། །དེས་ནི་རོ་ཙ་བར་བྱེད་ཅིང་ཁུ་བ་འཕེལ་བ་ལ་སོགས་པ་མྱུར་ཞིང
་རིང་པོར་མི་ཐོགས་པར་བསྐྱེད་ཅིང་འཐོབ་པར་འགྱུར་རོ། །བུམ་ཤ་ཤུན་པ་ས་བོན་གསལ། །སྲང་བརྒྱ་རླངས་པར་བཙོས་ནས་ནི། །ཞུན་མར་བྲེ་གང་ནང་གཞུག་བཀྲུག། སྦྲང་རྩིའི་མདོག་འདྲར་འགྱུར་པ་དང། །ཧྭགས་ནི་སྲང་བརྒྱ་པི་པི་ལིང། །བཅའ་སྒ་ཟིར
་སྲང་གཉིས་དང། །དྲི་སྣ་གསུམ་དང་འུ་སུ་དང། ན་ལེ་ཤམ་ནི་རེ་རེ་ཞིང། །སྲང་ནི་ཕྱེད་ཕྱེད་ཚད་བཅུག་ལ། །ཕབ་སྟེ་བསྒྲངས་པར་གྱུར་པ་དང། །སྦྲང་རྩི་མར་གྱི་ཕྱེད་བཅུག་ལ། །གཟར་བུས་དཀྲུགས་ཏེ་བཞག་གྱུར་པ། །ལུད་བ་སྐྱིགས་བུ་ཡི་ག་འཆུས། །དབུགས
་མི་བདེ་དང་ཁྲག་མཁྲིས་དང། །གློ་འགྲམས་ཟས་བྱེད་འཇོམས་པར་བྱེད། །གློ་འགྲམས་པ་ནི་འབྱོར་བྱེད་ཅིང། །བློ་དང་དྲན་པ་སྟོབས་རབ་བསྐྱེད། །ཀུ་སྨན་ཏ་ཡི་བཅུད་ཀྱི་ལེན། །ཡིད་དུ་འོང་བ་དམ་པ་འདི། །ཐ་ཀར་བུ་གཉིས་ཀྱིས་བཤད་ཡིན།།
་ཞེས་བྱ་བ་ལ། བུ་མ་ཤ་ནི་ཀུ་སྨན་ཏ་ཞེས་བྱ་བ་སྟེ། །དེའི་ཕྱིར་ཤུན་པ་བཤུས་ཤིང་ནང་གི་ས་བོན་གསལ་བ་སྲང་བརྒྱ་བརླངས་པར་ཁུ་བ་ཁ་བརླངས་ལ་མཚེད་པའི་ཚུལ་ལྟར་གཙོ་བར་བྱ་སྟེ་འོག་ཏུ་ཆུས་གང་བའི་སྣོད་ཆེན་པོ་བསྐོལ་བ
་སྟེང་དུ་སྣོད་བུ་ག་ཅན་ལ་བཞག་དེ་དེ་ཚོས་པར་བྱས་པ་དང། །མར་བྲེ་གང་ལའང་སྣོད་གཅིག་ཏུ་གཅུག་སྟེ་གཟར་བུས་དཀྲུགས་ལ་དེ་སྦྲང་རྩིའི་མདོག་འདྲ་བར་གྱུར་པ་དང། །ཧྭགས་སྲང་བརྒྱ་དང། །པི་པི་ལིང་དང་བཅའ་སྒ་དང། །ཟིར
་སྲང་གཉིས་གཉིས་དང་དྲི་སྣ་གསུམ་ཞེས་བྱ་བ་མིང་གི་རྣམ་གྲངས་སུ་དྲི་བཟང་གསུམ་ཞེས་བྱ་བ་ཤིང་ཆ་ལ་སོགས་པ་དང། །འོ་སུ་དང། ན་ལེ་ཤམ་བསྣན་ན་རེ་རེ
་ཞིང་སྲང་ཕྱེད་ཕྱེད་དེ་ཞོ་གཞི་བཞི་བཅུག་ལ་ཐབ་ལས་ཕབ་ལ་བསྒྲངས་ནས་གྲངས་པར་གྱུར་པ་དང་ལྡེ་གུར་སྦྲང་རྩི་སྲང་བཅུ་དྲུག་བཅུག་ལ་གཟར་བུས་ཀུན་ཏུ་བཀྲུགས་ཏེ། དེའི་འོད་དུ་རྫ་སྣོད་གཙང་མར་བཅུག་སྟེ་བཞག
་པར་གྱུར་པ་དེ་ནི། བུམ་ཤའི་བཅུད་ཀྱི་ལེན་ཅེས་བྱ་སྟེ། དེ་བླུད་ན་ལུད་པ་ལ་སོགས་པའི་ནད་འཇོམས་པར་བྱེད་པ་དང། གློ་འགྲམས་པ་འབྱོར་པར་བྱེད་ཅིང་འཚོ་བ་དང་གློ་ལ་སོགས་པ་རབ་ཏུ་སྐྱེད་པར་བྱེད་པ་ཡིན་ཏེ། སྨན་མར
་འདི་ནི་ཀུན་སྨན་ཏེ་ཞེས་བྱ་བ་བུམ་ཤའི་བཅུད་ཀྱི་ལེན་ཡིན་ཏེ། ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པའི་སྐྱོན་མེད་པའི་དམ་པ་འདི་ནི་ལྷའི་སྨན་པ་བ་སྐར་གྱི་བུ་གཉིས་ཀྱིས་བཤད་པ་ཡིན་ནོ། །དེ་ཡང་བཅུད་ཀྱི་ལེན་ཞེས་པའི
་ངེས་པའི་ཚིག་ནི། དངས་མ་ལ་སོགས་བདུན་ཐོབ་པའི་ཐབས་གནས་ཡིན་པས་བཅུད་ཀྱིས་ལེན་ཞེས་བྱ་བ་བཤད་པ་ཡིན་ནོ། །ནཱ་ག་པ་ལའི་རྩ་བ་ནི། །ཞོ་གཅིག་སོགས་ཀྱིས་བསྐྱེད་སྲང་གཅིག་འོ་མར་བཅས་པ་ཟླ་གཅིག་བཏུང། །འོ
་མ་སྤྱད་ཅིང་ཟས་མི་བཟའ་། །སྦྱོར་འདི་ཚེ་ནི་འཕེལ་བྱེད་ཅིང། །སྟོབས་བསྐྱེད་ཁ་དོག་བཟད་བྱེད་མཆོག་།ཅེས་བྱ་བ་ལ། ནཱ་ག་བ་ཕོའི་རྩ་བ་སྲང་གཅིག་དང་པོར་ཞོ་གཅིག་ནས་བསྐྱེད་ཅིང་འོ་མ་དང་སྦྱར་ཏེ་བཏུང་བར་བྱ་སྟེ། ཉིན
་ཞག་དང་པོ་ལ་ཞོ་གཅིག་།གཉིས་པ་ལ་ཞོ་གཉིས། གསུམ་པ་ལ་ཞོ་གསུམ། །བཞི་པ་ལ་ཞོ་བཞི། ལྔ་པ་ལ་ཞོ་ལྔ། དྲུག་པ་ལ་ཞོ་དྲུག་།བདུན་པ་ལ་ཞོ་བདུན། བརྒྱད་པ་ལ་སྲང་གཅིག་བཏུང་སྟེ། དེ་ཡན་ཆད་ཀྱི་ཉིན་ཞག་ལྷག
་མ་ཉི་ཤུ་རྩ་གཉིས་ལ་སྲང་རེ་འོ་མ་དང་སྦྱར་ཏེ་བཏུང་བར་བྱའོ། །དེ་དག་གི་ཚེ་ནད་པས་འོ་མ་སྦྱར་ཅིང་བསྟེན་པར་བྱའི། ཁ་ཟས་གཞན་བཟའ་བར་མི་བྱའོ། །སྦྱོར་བ་འདི་ནི་ནཱ་ག་བ་ལའི་རྩ་བའི་སྦྱོར་བ་ཞེས་བྱ་སྟེ། སྟོབས་ལ་སོགས
་པ་འཕེལ་བར་བྱེད་པའི་མཆོག་ཡིན་ནོ། །མནབུ་ཀ་པརྞི་ཤིང་མངར། །བཅའ་སྒའི་སྦྱོར་བའང་འདི་ཡིན་ནོ། །ཞེས་བྱ་བ་ལ། མནདུ་ཀ་པརྞི་ཞེས་བྱ་བ་སྒལ་བའི་དབྱིབས་འདྲ་བའི་ལོ་མ་པར་ཡོད་དོ། །དེ་ཡང་ནཱ་ག་བ་ལའི་རྩ་བ་དང་འདྲ་བར་ཞོ་གཅིག་ནས་རིམ་གྱི
་བསྐྱེད་པ་ཟླ་བ་གཅིག་གི་བར་དུ་སྲང་གཅིག་འོ་མ་དང་ལྷན་ཅིག་བཏུང་ཞིང་ཟས་མི་ཟ་བ་ལ་སོགས་པ་དང། དེའི་ཡོན་ཏན་ལ་སོགས་པ་ཐམས་ཅད་ཀྱང་མཐུན་པ་ཡིན་ནོ། །ཤིང་མངར་དང་བཅའ་སྒྲའི་སྦྱོར་བ་ཡང་ནཱ་ག་བ་ལའི་སྦྱོར་བ་དང
་མཐུན་པར་བྱར་རུང་ངོ། །ནཱ་ག་བ་ལ་སྲང་བརྒྱ་ནི། ཆུ་སྲང་ལླང་བརྒྱ་རྩ་བཅུ་གཉིས། །ནང་དུ་བསྐོལ་ཏེ་བཞི་ཆ་ལུས། །སྨན་ཁུ་དེ་དང་ཆ་མཉམ་པའི། །འོ་མ་མར་དང་བསྐོལ་བར་བྱ། །བ་ལ་ཨ་ཏི་བ་ལ་དང། ཤིང་མངར་པུ་ན་རྣ་བ་དང
་རྟག་ཚེད་པ་དང་ཏང་བལ་དང། པི་ལ་ཡ་དང་ཁ་སྲལ་པྲེའུ། ཨ་ཤྭ་གནད་ཁ་ར་དཀར། །ཉེའུ་ཤིང་མེ་ད་རྣམ་གཉིས་དང། གཟེ་མ་རམ་ཉེ་བ་གཉིས་དང། པ་ཡས་སྱ་ད་ཟི་ར་གཉིས། །པདྨའི་རྩ་བ་སྡོང་པོ་དང། །འབྲ་ག་སྲིངྒ་ཏ་ག་དང
་ཀེ་ཤེ་རུ་ཀ་སྲང་ཕྱེད་ཕྱེད། །ནཱ་ག་བ་ལའི་སྨན་མར་འདིས། །ཁྲག་མཁྲིས་གློ་རྡོལ་ཟས་བྱེད་དང། །སྐོམ་དང་མགོ་འཁོར་སེལ་བྱེད་ཅིང། །སྟབས་ནི་རྒྱས་པར་བྱེད་པའི་མཆོག་།མདོག་སྡུག་མདངས་བཟང་ཚེ་འཕེལ་ཞིང། །སྐ་དཀར
་གཉེར་མ་འཇིག་པར་བྱེད། །ཟླ་བ་དྲུག་གིས་བར་བསྟེན་ན། །རྒན་པོའང་གཞོན་ནུ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། སྨན་ནཱ་ག་བ་ལ་སྲང་བརྒྱ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ལ་དེའི་བཞི་ཆ་ལུས་པ་དང་སྨན་ནི་ཁུ་དེ་དང
་ཆ་མཉམ་པའི་འོ་མ་དང། །མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་རྩ་བརྒྱད་བཅུག་ལ་བསྐོལ་བར་བྱའོ། །དེའི་ནང་དུ་བ་ལ་དང། ། ཏི་པ་ལ་ལ་སོགས་པ་སྲང་ཕྱེད་ཕྱེད་བཅུག་ལ་ཚུལ་བཞིན་དུ་བསྐོལ་བར་བྱའོ། །དེ་ལྟ་བུར་བསྐོལ་བའི་ནཱ་ག་པ
་ལའི་སྨན་མར་འདིས་ནི་ཁྲག་མཁྲིས་ལ་སོགས་པ་སེལ་བར་བྱེད་པ་དང། སྟོབས་བསྐྱེད་པ་ནས་རྒས་སྤ་བའི་བར་གྱི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཆོ་ག་འདིས་ནི་དྲོད་བསྐྱེད་ཅིང། །མེ་དྲོད་བྲི་བ་བསྐྱེད་འཇུ་བྱེད། །གཅོད་ཆེན
་བཤད་པའང་གློ་རྡོལ་བསྔགས། །འཁྲུ་ན་གཅད་བར་བྱེད་པ་ཕན། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྨན་མར་གྱིས་ཆོ་གའི་སྦྱོར་བ་འདིས་ནི་གློ་རྡོལ་བ་དང་ཟས་བྱེད་ཀྱི་ནད་ཀྱིས་བཏབ་པའི་སྟབས་བསྐྱེད་པས་མེ་དྲོད་སྐྱེད་པར་བྱེད་ཅིང
་འབྱུང་བ་དང། །ཕོ་བའི་མེ་དྲོད་འབྲི་བར་བྱེད་པ་བདག་བྲོད་བསྐྱེད་ཅིང་ཟས་འཇུ་བར་བྱེད་པ་ཡིན་ནོ། །གཞན་ཡང་གཅོད་ཆེན་པོའི་བསོ་བའི་སྐབས་སུ་བཤད་པའི་སྦྱོར་བ་དེ་ཡང་གློ་རྡོལ་པའི་ནད་ལ་བསྔགས་པ་ཡིན་ནོ། །གང་གི་ཕྱིར་གློ
་རྡོལ་པའི་མི་དེ་འཁྲུ་བར་གྱུར་ན། གཅོད་པའི་སྦྱོར་བ་གང་ཡིན་པ་དེ་བྱས་ན་བསྔགས་སོ། །རྩ་བ་བཅུ་བ་ཁ་སྲལ་པྲེའུ། །ཤངཀ་པུསྤ་ཟུར་པ་དང། །བ་ལ་ཧསྟི་པི་པི་ལིང། ། པ་མརྒ་ཀྲུ་དྲུག་ཏྲེས། །ག་བྲ་པི་པི་ལིང་རྩ་པ། །མ་ནུ
་སྲང་ནི་གཉིས་གཉིས་དང། །ནས་སྲང་དྲུག་ཅུ་རྩ་བཞི་དག། ཨ་རུ་ར་ནི་སྲང་བརྒྱད་པ། །ཆུ་སྲང་དྲུག་བརྒྱ་བཞི་བཅུ་བསྐོལ། །ནས་ཚོད་པ་དང་སྨན་ཁུ་དེས། །བཅགས་ལ་ཨ་རུ་ར་བརྒྱ་དེར། །བུ་རམ་སྲང་བརྒྱ་བཅུག་ལ་བསྐོལ། །མར་དང
་ཏིལ་མར་པི་པི་ལིང། །བྱེ་མ་སྲང་ནི་བརྒྱད་པོ་དག་།བསྐོལ་ཏེ་བསྒྲངས་ནས་སྦྲང་རྩི་གཞུགས། །རྟག་ཏུ་ཨ་རུ་ར་གཉིས་བཅས། །ལྡེ་གུ་བཅུད་ལེན་འདི་ཟོས་ན། །དེས་ནི་སྐྲ་དཀར་གཉེར་མ་མེད། །ཚེ་རིང་མདོག་སྟོབས་འཕེལ་བར་བྱེད། །
་ལུད་?་ཟད་བྱེད་དབུགས་མི་བདེ། །སྐྱིགས་བུར་བཅས་པའི་མི་བཟད་རིམས། །གཅིན་སྙི་བ་ཡི་ནད་དང་ནི། །གཞང་འབྲུམ་སྐྲན་དང་སྙིང་ནད་དང། །ཆམ་པ་ཡི་ག་འཆུས་པ་སེལ། །བཅུད་ཀྱི་ལེན་མཆོག་དཔལ་ཡོན་ཅན། །འདི་ནི་དྲང
་སྲོང་རི་ཥིས་བཤད། །ཅེས་བྱ་བ་ལ། སྨན་རྩ་བ་བཅུ་པ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས་དང་ནས་སྲང་དྲུག་ཅུ་རྩ་བཞི་སྟེ་བྲེ་དོ་འོ། ། རུ་ར་སྲང་བརྒྱ་སྟེ་འདི་དག་ཆུ་སྲང་དྲུག་བརྒྱ་རྩ་བཞི་བཅུའི་ནང་དུ་བསྐོལ་ལ་ལེགས་པར
་ཚོས་པར་གྱུར་པ་དང། སྨན་ཁུ་དེ་བཙགས་ལ་ཨ་རུ་ར་སྲང་བརྒྱ་བསྐོལ་ལ་དེར་བུ་རམ་སྲང་བརྒྱ་བཅུག་ལ་མར་ལ་སོགས་པ་ལས་སྲང་བརྒྱད་བརྒྱད་བཅུག་ལ་པི་པི་ལིང་ནི་སྐམ་པོ་ཡིན་པའི་ཕྱིར་སྲང་བཞི་བཞུགས་པར་བྱ་སྟེ།
་དེ་ཡང་གཞུང་ལས། ཕུལ་གང་ལས་ནི་གཤེར་བའི་རྫས། །ཉིས་འགྱུར་དུ་ནི་བཞུག་པར་བྱ། །ཞེས་སྨོས་པ་ཡིན་ནོ། །དེ་ལྟར་བསྐོལ་བ་དེ་བསྒྲངས་ནས་སྦྲང་རྩི་སྲང་བརྒྱད་བཅུག་ལ། །ལྡེ་གུ་དེ་ལས་ཨ་རུ་ར་གཉིས་གཉིས་རྟག་ཏུ
་བོས་ན། །ངེས་སྐྲ་དཀར་དང་གཉེར་མ་མེད་པར་བྱེད་པ་དང། །ཆེ་དང་སྟོབས་ལ་སོགས་པ་འཕེལ་བར་བྱེད་པ་དང། །བརྒྱད་ཕུལ་ལས་བྱས་ཏེ། སྤྱིར་ཡང་བར་ལ་སྲང་བཞིས་བརྩི། །སྔར་བཤད་པའི་ལུད་པ་ལྔ་པོ་འཇོམས་པར
་བྱེད་པ་ཡིན་ཏེ། །བཅུད་ཀྱི་ལེན་འདི་ནི་དཔལ་ཡོན་ཏན་དང་བཅས་ཤིང་བཀྲ་ཤིས་པ་ཡིན་ལ། །འདི་ནི་དྲང་སྲོང་རཾ?་ཥི་ཞེས་བྱ་བ་ཨ་གསྟིས་བཤད་པ་ཡིན་ནོ། །རྩ་བ་བཅུ་པ་བ་ལ་དང། །མུར་པ་སེར་པོ་རྣམ་གཉིས་དང། །པི་པི་ལིང་ནི་རྣམ
་གཉིས་དང། །ལ?་ཏ་ཨ་ཤ་གནད་དང། ། པ་མརྒ་ཁ་སྲལ་ཕྲེའུ། སླེ་ཏྲེས་ད་ནི་བོ་ང་དཀར། །བིལ་བ་གཞོན་ནུ་དུར་བྱིད་དང། །རྩི་ཏྲ་ཀ་ཙ་ལོ་མར་བཅས། །པ་ཡས་སྱ་དང་དུག་མོ་ཉུང། །སྤང་སྤོས་བི་ཟ་ཀི་སྙིང་པོ། །མེ་ཏོག་གཅའ་དང་རྐང་དམར
་དང། །གོ་བྱེ་བཏང་ཀ་ཏ་དང། །ཉེའུ་ཤིང་པི་ཏི་རཉྫ་དང། །དོང་ག་སོ་མ་ར་ཛེ་དང། །ས་ཧ་ར་ཛ་ཤི་ཀྲུ་དང། །ནིམ་པའི་ཤུན་ལྤགས་བུ་རམ་ཤིང། །ཕྲ་མོའི་ཁུ་བ་སྲང་རེ་དང། ། རུ་ར་སྟོང་ཚིག་བརྒྱ་དང། །ནས་སྲང་ཉིས་བརྒྱ་ལྔ
་བཅུ་དྲུག་།ཆུ་ནི་བརྒྱད་གྱུར་ནད་དུ་བསྐོལ། །ནས་ཚོད་པ་དང་ཕོག་ནས་ནི། །བཙགས་ནས་ཨ་རུ་ར་བཅས་དེར། །བུ་རམ་རྙིང་པ་བསྲང་བརྒྱ་བཞུག་།ཏིལ་མར་ཞུན་མར་སྐྱུ་རུའི་ཁུ། །བྲེ་རེ་བཅུག་ནས་དེ་རྗེས་ཡང། །མེ་ཆུང་ལ
་ནི་བཙོས་ནས་སུ། །གཟའ་བུར་ཆགས་ནས་ཐབ་ལས་དབབ། །བསྒྲངས་ནས་སྦྲང་རྩི་བྲེ་དོ་དང། །པི་པི་ལིང་ནི་ཕུལ་གང་གཞུག་།དྲི་སྣ་གསུམ་ནི་ཕྱེར་བཏགས་པ། །སྲང་གསུམ་བཅུག་ནས་དེ་འོག་ཏུ། །རྫ་སྣང་སྙིང་བཅུག་འབྲུ་ནང་དུ། །བཅུག
་སྟེ་ཟླ་གཅིག་བཞག་པར་བྱ། །དེ་ནས་སྔ་མ་བཞིན་དུ་བཟའ་། །གནས་འཇོག་གིས་བཤད་བཅུད་ལེན་འདི། །སྔོན་ལས་ཡོན་ཏན་ལྷག་པར་ཚེ། །ནད་མེད་ཀྱི་གཟའ་དགག་པ་མེད། །དུས་ཀུན་དུ་ཡང་བསྔགས་པ་ཡིན། །ཞེས་བྱ་བ་ལ
་རྩ་བ་བཅུ་ལ་སོགས་པ་སྨན་སྣ་རེ་སྲང་རེར་བྱའོ། །སེར་པོ་ཡི་ནི་ཡུང་བ་དང། །སྐྱེར་པའོ། །པི་པི་ལིང་གཉིས་ནི་པི་པི་ལིང་དང་ཧསྟི་པི་པི་ལིང་ངོ། །སྲལ་ཕྲེའུ་ནི་ཨང་མ་ཀུབཏའོ། །བིལྦ་གཞོན་ནུ་ནི་བིལྦ་སྨིན་པ་ཆུང་ངུའོ། །ཙི་ཏྲ་ཀ་ནི་ཙི་ཏྲ་ཀའི་རྩ་བ་དང་ལོ་མ
་གཉིས་སོ། །པ་ཡས་སྱ་ནི་ཀྵི་རི་ནིའོ། །དུག་མོ་ཉུང་ནི་ཤུན་ལྤགས་ལ་བྱའོ། །བི་ཟ་ཀ་ནི་ཨ་ཤ་ན་སྟེ་དེའི་སྙིང་པོ་དང། མེ་ཏོག་གཞུག་གོ་།བེ་དང་ག་ཏ་ནི་གླུགས་གཟར་གྱི་ཤིང་ངོ། །སོ་མ་ར་ཛི་ནི་ཙ་ན་ཏྲ་རེ་ཁའོ། །ཤི་ཏྲུ་ནི་ས་བོན་རྫའོ།།
་བུ་རམ་ཤིང་ཕྲ་མོ་ནི་རྩཝ་ལྟ་བུའི་བུ་རམ་ཤིང་སྟེ་སྨན་དེ་དག་སྲང་རེ་དང་ཨ་རུ་ར་སྟོང་ཚིག་བརྒྱ་ནས་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་སྟེ་བྲེ་བརྒྱད་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་སྨན་དང་ནས་ཀྱི་བར་སྲང་ཇི་ཙམ་ཡོད་པ
་དེའི་བརྒྱད་གྱུར་གྱི་ཆུའི་ནང་དུ་བསྐོལ་ལ་ནས་ཚོས་པར་གྱུར་པ་དང་ཕོག་ནས་རས་གཙང་མས་ཁུ་བ་བརྩགས་ཏེ། ཨ་རུ་ར་དང་བཅས་པའི་ཁུ་བ་དེར་བུ་རམ་རྙིང་པ་སྲང་བརྒྱ་བཅུག་ལ། ཏིལ་མར་དང་ཞུན་མར་དང་སྐྱུ་རུ་རའི་ཁུ་བ་བྲེ
་རེ་རེ་བཅུག་ལ་དེའི་རྗེས་ལ་སླར་ཡང་མེ་ཆུང་ངུ་ལ་བཙོས་ནས་བཀྲུག་ཅིང་བསྐོལ་བ་ན་གཟར་བུར་ཆགས་པར་གྱུར་ན་ལྡེ་གུ་དེ་ཐབ་ལས་དབབ་ལ་དེ་བསྒྲངས་ནས་གྲངས་པར་གྱུར་པ་དང། །སྦྲང་རྩི་བྲེ་དོ་སྟེ་སྲང་དྲུག་ཅུ་རྩ་བཞི་བཞུག་པ་པི་པི་ལིང
་ཕུལ་གང་སྟེ། སྲང་བཞི་བཞུག་པར་བྱའོ། །ཤིང་ཚ་དང་སུམ་སྨེལ་དང་གནད་པྲ་ཏྲ་ཞེས་བྱ་བ་དྲི་སྣ་གསུམ་ཕྱེ་མ་བཏགས་པ་སྲང་གསུམ་གཞུག་པར་བྱའོ། །དེ་ནས་དེའི་འོག་ཏུ་ལྡེ་གུ་རྫ་མའི་སྣོད་སྙིང་པ་གཙང་མའི་ནང་དུ་བཅུག
་ལ་འབྲུའི་ནང་དུ་བཅུག་ནས་ཟླ་བ་གཅིག་བཞག་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་སྟེ་དྲང་སྲོང་རི་ཥི་ས་བཤད་པའི་ལྡེ་གུའི་ཚུལ་ལྟར་བཟའ་ཞིང་ཨ་རུ་ར་གཉིས་གཉིས་དང་བཅས་པར་རྟག་ཏུ་གཟའ་བར་བྱ་སྟེ་བཅུད་ཀྱི་ལེན
་འདི་ནི་དྲང་སྲོང་ཆེན་པོ་གནས་འཇོག་གིས་བཤད་པ་ཡིན་ཏེ། སྔ་མ་ལས་ཡོན་ཏན་ལྷག་པར་ཆེ་སྟེ། དྲང་སྲོང་རི་ཥི་ས་བཤད་པའི་བཅུད་ཀྱི་ལེན་པས་ཀྱང་འདི་ཡོན་ཏན་ཆེས་ཆེ་བ་ཡིན་ནོ། །གཞན་ཡང་ནད་མེད་པ་དག
་གིས་ཀྱང་བཟའ་བ་དང་སྤྱོད་ལམ་བསྲུང་བ་ལ་སོགས་པ་དགག་པ་མེད་པ་དང། དུས་ཚིགས་དྲུག་ཆར་ཀུན་ཏུ་ཡང། །བཟའ་བར་བསྔགས་ཤིང་ཡོན་ཏན་ཆེ་བ་ཡིན་ནོ། །རྒྱམ་ཚྭ་བཅའ་སྒ་སྲང་རེ་དང། ཁ་རུ་ཚྭ་ནི་སྲང་གཉིས་དང
་མིག་སེའུ་འབྲུ་ཨ་རྫ་ཀ། དེ་དག་སྲང་ནི་བཞི་བཞི་དང། །ན་ལེ་ཤམ་གཅིག་གོ་སྙད་གཉིས། །སེའུ་འབྲུའི་འབྲས་བུ་ཞོ་བཞི་དང། །ཚད་འདི་ལས་ནི་ཕྱེ་མར་བྱས། །ཟས་དང་སྐོམ་ལ་བཏབ་ཏེ་སྦྱིན། །དེ་ནི་ཡི་ག་བྱད་པ་དང། །
་དལ་བསྐྱེད་ཅིང་ཉམས་སྟོབས་བསྐྱེད། །རྩིབ་ལོགས་ནད་དང་དབུགས་མི་བདེ། །ཀུད་པ་ལུ་བའི་ནད་སེལ་བྱེད། །ཅེས་བྱ་བ་ལ། རྒྱམ་ཚ་དང་བཅའ་སྒ་སྲང་རེ། །བ་རུ་ཚྭ་ལས་སྲང་གཉིས་ད་ཏྲི་ག་ལ་སོགས་པ་ལས་སྲང
་བཞི་བཞི་ཕུལ་ཏེ། །ན་ལེ་ཤམ་སྲང་གཅིག། གོ་སྙོད་སྲང་གཉིས། །འོ་སུའི་འབྲས་བུ་སྲང་བཞི་སྟེ། །འདི་དག་གཅིག་ཏུ་བསྲེས་ལ་ཕྱེ་མར་བཏགས་ཏེ། ཕྱེ་མ་དེ་ལས་ནད་དང་ལུས་ཟུངས་དང་མེ་དྲོད་ལ
་སོགས་པའི་ཚུལ་ལས་དཔགས་ཏེ་ནད་པ་ལ་ཉིན་རེ་ཞིང་སྦྱིན་པར་བྱ་སྟེ། ཕྱེ་མ་དེས་ནི་ཡི་ག་འབྱེད་ཅིང་ཟས་ལེན་པ་དང་དྲོད་བསྐྱེད་པ་དང། ཉམས་སྟོབས་དང་ལྡན་པར་བྱེད་པ་དང། རྩིབ་ལོགས་ན་བ་ལ་སོགས་པ་སེལ་བར
་བྱེད་པ་ཉིད་ཡིན་ནོ། །འོ་སུ་ཞོ་གཉིས་གོ་སྙོད་དང། །ལ་ལ་ཕུང་ལས་ཞོ་བཞི་བཞི། །སེའུ་འབྲུ་དང་ནི་ད་ཏྲིག་དག། དེ་ཡི་ཉིས་འགྱུར་ཉིས་འགྱུར་བྱ། །ཁ་རུ་ཚྭ་ནི་སྲང་གཅིག་དང། །བཅའ་སྒ་ཞོ་གཉིས་བིལྦའི་རྐང། །སྲང་ལྔ་དང་ནི་སྦྱར
་བ་ལ། །ཁར་སྲང་ནི་བཅུ་དྲུག་གཞུག། རོ་དྲུག་པ་འདི་བཟའ་བ་དང། །བཏུང་བ་སྔ་མ་བཞིན་དུ་སྦྱིན། །ཞེས་བྱ་བ་ལ། འོ་སུའི་འབྲས་བུ་ལས་ཞོ་གཉིས་གོ་སྙོད་དང་ལ་ལ་ཕུད་ལས་ཞོ་བཞི་བཞི་སྟེ། །སེའུ་འབྲུ་དང། ད་ཏྲིག་ལས་དེའི
་ཉིས་འགྱུར་ཏེ། དེ་གོ་སྙོད་དང་ལ་ལ་ཕུད་ལས་སེའུ་འབྲུ་དང་ད་ཏྲིག་ཉིས་འགྱུར་ཉིས་འགྱུར་བྱས་ཏེ། སེའུ་འབྲུ་གཉིས་འགྱུར་དང་ད་ཏྲིག་ཉིས་འགྱུར་དུ་བྱས་ཏེ། །དེ་ལྟར་ན་སེའུ་འབྲུ་སྲང་བཅུ་དྲུག་།ད་ཏྲིག་སྲང་བཅུ་དྲུག
་ཁ་ར་ཚྭ་ལས་སྲང་གཅིག་བིལྦའི་རྐང་ལས་སྲང་ལྔ་བཞུག་པར་བྱ་སྟེ་དེ་ཕྱེ་མར་བཏགས་པ་དང། །ཁ་ར་སྲང་བཅུ་དྲུག་གཞུག་པར་བྱའོ། །རོ་དྲུག་པའི་ཕྱེ་མ་འདི་ནི་སྣུམ་བཞིན་དུ་བཟའ་བ་དང་བཏུང་བ་ལ་སོགས་པའི
་ནང་དུ་བྱིན་ན་ཡོན་ཏན་སྔ་མ་དང་འདྲ་བ་ཡིན་ནོ། །གཅོད་ཆེན་ལས་བཤད་ཆོ་ག་གང། །གནས་སྐབས་ཇི་བཞིན་གློ་རྡོལ་ཕན། །ཞེས་བྱ་བ་ལ། གཅོད་ཆེན་པོའི་སྐབས་སུ་བཤད་པའི་ཆོ་ག་གློ་གཅོད་ཆེན་པོ
་ཟད་བྱེད་ཀྱི་གསོ་བའི་སྐབས་སུ་བཤད་པའི་ཆོ་ག་གང་ཡིན་པ་ཡང་གནས་སྐབས་ཇི་ལྟ་བ་བཞིན་དུ་སྦྱར་ན་གློ་རྡོལ་པའི་ནད་ལ་ཕན་པ་ཡིན་ནོ། །གློ་རྡོལ་ནད་ནི་བྱང་གྱུར་ནས། །བད་ཀན་སྐྱེས་ནད་མགོ་བོ་བྲང། །ན་བའི་ལུད་པ་ཅན་གང་ཡིན། །དེ་ལ
་དུད་པ་འདི་བརྡུབ་བྱ། །ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ལྟ་བའི་ཆོ་གས་གློ་རྡོལ་བའི་ནད་བྱང་ཞིང་བྲལ་བར་གྱུར་པ་ན། །བརྟས་པ་ཉིད་ཀྱི་བད་ཀན་འཕེལ་ཞིང་རྒྱས་པར་གྱུར་ནས་དེ་ལས་ལུད་པ་སྐྱེས་ཤིང་མགོ་བོ་དང་བྲང་ན
་བའི་ལུད་པ་ཅན་གང་ཡིན་པ་དེ་ལ་ནི། གནས་སྐབས་ལས་བབ་པ་ལ་མི་འདལ་བར་དུད་པ་འདི་བརྡུབ་ཅིང་བདུག་པའི་ཆོ་ག་བྱའོ། །མེད་གཉིས་དང་པ་ལ་དང། །ཤིང་མངར་གསོ་མའི་ཤུན་ལྤགས་ནི། །ལྡེ་གུར་བྱས་པ་རེང་བུ་ནི། །བྱས་དེ
་དུད་པ་བརྡུབ་པར་བྱ། །རྗེས་ལ་འཚོ་བྱེད་སྨན་མར་བཏུང། །ཞེས་བྱ་བ་ལ། མེད་རྣམ་གཉིས་ལ་སོགས་པའི་སྨན་ཆུ་དགས་སུ་བྱས་པ་ལྡེ་གུ་གསོ་མའི་ཤུན་ལྤགས་སམ་གསོ་དང་བསྲེས་ཏེ་རེང་བུར་བྱས་ལ། །དུད་པ་བརྡུབ་པར་བྱའོ། །
་དེའི་རྗེས་ལ་བཏུང་བ་ནི་འཚོ་བྱེད་ཀྱི་སྡེ་ཚན་དང་སྦྱར་བའི་སྨན་བཏུང་བར་བྱའོ། །ལྡོང་རོས་དང་ནི་བ་ལ་ཤ། ཨ་ཟ་གནད་ཅུ་ཝང་དང། །དོང་གྲ་ལས་ཀྱང་དེ་བཞིན་བྱས། །དེ་རྗེས་ཁ་ར་བུ་རམ་དང། །བུ་རམ་ཤིང་ཆུ་བཏུང་བར་བྱ། །ཞེས་བྱ་བ་ལ
་ལྡོང་རོས་ལ་སོགས་པའི་ལྡེ་གུས་ཡང་དེ་བཞིན་དུ་གསོ་མ་དང་བསྲེས་ཏེ་རེང་བུར་བྱས་ལ་དུད་པ་བརྡུབ་པར་བྱས་ལ། །དེར་བཏུང་བ་ནི་ཁ་རའི་ཆུ་དང། །བུ་རམ་གྱི་ཆུ་དང། །བུ་རམ་ཤིང་གི་ཁུ་བའི་ཆུ་བླུད་པར་བྱའོ། །ལྡོང་རོས་དང
་ནི་ནྱ་གྲོ་དྷའི། །མྱུ་གུ་རློན་པ་ཆ་མཉམ་བཏགས། །ཞུན་མར་དང་སྦྱར་དུད་པ་བརྡུབ། །དེ་འོག་བསྲེག་པའི་ཤ་ཁུ་བཏུང། །ཞེས་བྱ་བ་ལ། ལྡོང་རོས་ནྱ་གྲོ་དྷའི་མྱུ་གུ་རློན་པ་དང་ཆ་མཉམ་པར་བྱས་པ་ཞིབ་ཏུ་བཏགས་ལ། །ཞུན་མར་དང
་སྦྱར་བའི་དུད་པ་བརྡུབ་པར་བྱ་བ་ལ་དུད་པ་བརྡུབ་པ་དེའི་རྗེས་ལ་ནི་སྲེག་པའི་ཤ་ཁུ་བཏུང་བར་བྱའོ། །གློ་རྡོལ་ལས་བྱུང་ལུད་པ་ལ། །ཐོག་མར་སྟོབས་དང་མེ་དྲོད་བསྐྱེད། །ཅེས་བྱ་བ་ལ། །གློ་རྡོལ་པ་ལས
་བྱུང་བའི་ལུད་པའི་ནད་ལ་ནི་ཐོག་མ་ཁོ་ནར་སྟོབས་བསྐྱེད་ཅིང་ཉམས་བརྟ་བའི་སྨན་བྱ་ཞིང་དེ་བཞིན་དུ་འཕོ་བའི་མེ་དྲོད་བསྐྱེད་པའི་ཆོ་ག་བྱའོ། །ནད་གཞི་མང་ལ་སྣུམ་བཅས་པའི། །བཀྲུ་སྨན་འཇམ་པོ་བཏང་བར་བྱ། །ཞེས་བྱ་བ
་ལ། ལུད་པ་ཅན་གང་ནད་གཞི་མང་ཞིང་ཤས་ཆེ་བ་ཡིན་ན་སྣུམ་དང་བཅས་པའི་བཀྲུ་སྨན་འཇམ་པོ་བཏང་བར་བྱའོ། །དང་ག་ནི་དང་དུར་བྱིད་གཉིས། །རྒུམ་འབྲུམ་ཆུ་དང་སྦྱར་བ་དང། །གསེང་ཕྲོམ་བསྐོལ་བའི་ཁུ་བ་དང།།
་བི་ད་རི་ཡི་ཁུ་བར་སྦྱར། །ཞུན་མར་ལ་བཙོས་ཅི་རིགས་སྦྱིན། །ལུས་ཟད་པ་ལ་སྦྱང་བར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་དེ་ཡང་དོང་ག་ལ་སོགས་པའི་སྨན་ཞུན་མར་གྱི་ནང་དུ་སྨན་མར་གྱི་སྦྱོར་བས་བཙོས་པའི་བཀྲུ་སྨན་དེ་ལུས་གླད་ཅིང་ཉམས
་ཆུང་བ་ལ་སྦྱང་བའི་དོན་དུ་བླུད་པར་བྱའོ། །མཁྲིས་པ་བད་ཀན་ལུས་ཟུངས་རྣམས། །ཟད་པའི་ཟས་བྱེད་ལུད་པ་ཅན། །མར་དང་ཀརྐ་ཏ་སྲིང་གི། འོ་མ་བ་ལ་གཉིས་བསྐོལ་བླུད། །ཅེས་བྱ་བ་ལ། གློ་རྡོལ་བ་འམ་ཟས་བྱེད་ཀྱི
་ལུད་པ་ཅན་ནད་སྐྱེད་པར་བྱེད་པའི་མཁྲིས་པ་ཡང་ཟད། །བད་ཀན་ཡང་ཟང་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱང་ཟད་པར་གྱུར་པ་ལ། །མར་དང་ཀརྐ་ཏ་སྲིང་གི་དང། བ་ལ་རྣམ་གཉིས་དང། བཙོས་པའི་འོ་མའི་བཞི
་འགྱུར་དང། བསྐོལ་བ་བླུད་པར་བྱའོ། །བི་ད་རི་འམ་ཀ་དམཔ། །ཏ་ལའི་འབྲས་བུ་དང་བསྐོལ་བའི། །མར་དང་འོ་མ་གཅིག་ནད་ནི། །མདོག་གྱུར་སྲི་བར་བྱེད་ལ་བླུད། །ཅེས་བྱ་བ་ལ། བི་ད་རི་ད་ལ་སོགས་པའི་སྨན་དང། །བསྐོལ་བའི
་མར་གཅིན་ནད་མདོག་གྱུར་ཅིང་སྡུག་པར་སྣང་བ་དང། གཅིན་སྲི་བར་བྱེད་པ་ལ་སྦྱིན་པར་བྱའོ། །ཕོ་མཚན་རྐུབ་དང་ཆུ་སོ་དང། །བརླ་དབྲག་མཇུག་གོ་སྐྲང་ཞིང་ན། །མར་གྱི་ཉིང་ཁུ་ཡང་བའམ། །ཏིལ་མར་བསྲེས་པའི་འཇམ་རྩི་བཏང། །ཞེས
་བྱ་བ་ལ། ཕོ་མཚན་ལ་སོགས་པ་སྐྲང་ཞིང་ན་བ་དང་ལྡན་པ་ལ་མར་གྱི་ཉིང་ཁུ་ཡང་བར་གྱུར་པ་འམ། ཡང་ན་མར་དང་ཏིལ་མར་བསྲེས་པའི་འཇམ་རྩི་བཏང་བར་བྱའོ། །སྐམ་སའི་སྲོག་ཆགས་ཤ་དང་ནི། །བྱེའུ་སོགས་དང་ནི་ཁུང་ན་གནས
་དེ་བཞིན་མཐུ་རྩལ་གྱིས་གཟས་ཚོལ། །ཤ་ཟའི་ཤ་ཡང་རིམས་བཞིན་སྦྱིན། །ཞེས་བྱ་བ་ལ། འཇམ་རྩི་བཏང་བའི་རྗེས་ལ་སྐམ་སའི་ཕྱོགས་ན་གནས་པའི་སྲོག་ཆགས་ཤ་བཀྲ་དང། །བགོ་བ་ལ་སོགས་པའི་ཤ་བཟའ་ཞིང་དེ?་དེ་ནས་རིམ
་གྱིས་བྱིའུ་ལ་སོགས་པ་བཟའ་བར་བྱས་ལ། དེའི་འོག་ཏུ་ཁུང་ན་གནས་པ་སྟེ་ཕྱི་བ་དང་གོ་ང་ལ་སོགས་པའི་ཤ་བཟའ་བར་བྱ་ཞིང། །དེ་ནས་རིམ་གྱིས་མཐུ་རྩལ་གྱིས་བཟའ་རྩལ་གྱིས་བཟའ་ཚོལ་བ་སྟག་དང་ཁྲ་ལ་སོགས་པ
་སྲོག་ཆགས་གཞན་གྱི་ཤ་ཟ་བའི་ཤ་དག་རིམ་བཞིན་དུ་སྦྱིན་པར་བྱའོ། །དྲོ་བས་བད་ཀན་འཇིག་བྱེད་པ། །རྩ་སྦུབས་རྣམས་ནི་དག་བྱེད་ཅིང། །དངས་མ་ལེགས་པར་རྒྱུ་བྱེད་པས། །ལུས་ནི་རྒྱས་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ།
་བྱེའུའི་ཤ་ལ་སོགས་པ་དེ་དག་ནི་དྲོ་བས་བད་ཀན་གྱི་ཚོགས་རྩ་སྤུབས་ཀྱི་ནང་ནས་འཛག་ཅིང་རྒྱུ་བར་བྱེད་ལ། དེ་ནས་རྩ་སྦུབས་འགགས་པར་བྱེད་པའི་བད་ཀན་སྦྱངས་པས་དག་པར་བྱེད་པར་ཡིན་ལ། ལུས་ཀྱི་བཅུད་ཀྱང་ལུས་ཀྱི
་བཅུད་ཀྱི་དངས་མ་ལེགས་པར་རྒྱུ་ཞིང་བདེ་བར་འགྲོ་བར་བྱེད་པས། ལུས་རྒྱས་པར་བྱེད་པ་ཡིན་ཏེ། ལུས་སྦྱངས་པའི་མཚན་ཉིད་ནི་གཞུང་གཞན་དག་ལས་བཤད་དེ། །རྩ་སྦུབས་ནས་ཀྱིས་བཀག་པ་རྣམས། །རྣོ་བས་སྦྱོང་ཞིང་དག
་བར་བཤད། །ཅེས་འབྱུང་བ་ཡིན་ནོ། །དབྱི་མོ་བར་གྱི་འབྲས་བུ་གསུམ། །རྩ་བ་བཅུ་དང་རྩི་ཏྲ་ཀ། རྒྱ་སྲན་པི་པི་ལིང་རྩ་བ། །བ་ཏ་རྒྱ་ཤུག་ནས་ཆུར་བསྐོལ། །ལི་དོང་གྲ་དང་བྱི་ཚེར་བ། །ཟུར་བ་མ་ནུ་པི་པི་ལིང། །ཀརྐ་ཏ་ཡི
་སྲང་གི་བཏགས། །མཉམ་པའི་ཞུན་མར་དག་དང་བསྐོལ། །བསྐོལ་བའི་འདི་ནི་ཀྵ་ར་གཉིས། །ལན་ཚྭ་ལྔ་ནི་བཏགས་ཏེ་གཞུག། དེ་ལས་རན་པར་འཐུངས་ན་ནི། །ཟད་བྱེད་ལུད་པས་ཉེན་པ་སེལ། །ཞེས་བྱ་བ་ལ། དབྱི་མོ་ལ
་སོགས་པའི་སྨན་ཆུར་བསྐོལ་བ་དང། །ལི་དོང་གྲ་ལ་སོགས་པ་ཆ་མཉམ་པར་བརྟགས་པའི་ལྡེ་གུ་དང་མར་བསྐོལ་ལ། །བསྐོལ་བའི་མར་འདིར་ཀྵ་ར་གཉིས་ཞེས་བྱ་བ་ཡ་བག་ཀྵ་ར་དང་སྭ་ར་ཛི་ཀ་ཀྵ་ར་གཉིས་དང། །དེ་བཞིན་དུ
་ལན་ཚ་ལྔ་ཞེས་བྱ་བ་ལྕེ་མྱང་ཚ་དང། །ཁ་རུ་ཚྭ་བིད་དང། རྩལ་རུ་ཚ་དང་རྒྱ་མཚོའི་ལན་ཚ་དང། །ནད་ཀྱི་ཚུལ་ལས་དཔགས་ཏེ་ཅི་རིགས་པར་བཅུག་ནས་ཚད་རན་པར་འཐུངས་ན་ཟས་བྱེད་ལས་གྱུར་བའི་ལུད་པ་སེལ་བར
་འགྱུར་རོ། །ཀསྨརྡ་དང་ཨ་རུ་ར། །གླ་སྒང་པ་ཏ་ཀཏཔ་ལ། །དོང་གྲ་པི་པི་ལིང་བཏང་བ་ལ། །པུ་རྩེ་ཤེལ་ཚད་ཞོ་གཉིས་གཉིས། །མར་ནི་བྲེ་གང་འོ་མ་དང། །རྒུན་ཆུ་བྲེ་གཞིའི་ནང་དུ་བསྐོལ། །ཟད་བྱེད་རིམས་དང་མཆིན་པའི་ནང། །ལུད་པ
་ཀུན་སེལ་དགེ་བ་ཡིན། །ཞེས་བྱ་བ་ལ། །ཀསྨརྡ་ལ་སོགས་པའི་སྨན་ཞོ་གཉིས་གཉིས་ཀྱི་ཚད་དུ་བྱས་པ་མར་བྲེ་གང་དང། འོ་མ་དང་རྒུན་ཆུ་བསྲེས་པ་བྲེ་བཞིའི་ནང་དུ་བསྐོལ་བའི་མར་དས་ནི་ཟས་བྱེད་ལ་སོགས་པའི་ནད
་སེལ་བར་བྱེད་པ་དང། །དགེ་ཞིང་དཔལ་སྐྱེད་པར་བྱེད་པ་ཡིན་ནོ། །ཀཎྜ་ཀཱ་རཱི་བ་ཤ་ཀ་།སླེ་ཏྲེས་རྩ་བ་འབྲས་བུ་དང། །མྱུ་གུ་ལོ་མ་བཅས་པ་རྣམས། །བསྐོལ་བའི་ཁུ་བ་མར་དུ་བཙོས། །ལུད་པ་རིམས་ཀྱིས་བཏབས་པ་དང། །ཡི་ག
་འཆུས་པའི་ནད་རྣམས་སེལ། །ཞེས་བྱ་བ་ལ། །ཀཎྜ་ཀཱ་རཱི་ལ་སོགས་པ་སྨན་སྣ་རེ་རེའི་རྩ་བ་དང་འབྲས་བུ་དང། མྱུ་གུ་དང་ལ་མར་བཅས་པ་བསྐོལ་བའི་ཁུ་བ་སྨན་མར་བསྐོལ་བའི་ཚད་ཀྱི་མར་དང་བསྐོལ་བ་ནི་ལུད་པ་དང་རིམས་ལ་སོགས་པ
་སེལ་བར་བྱེད་དོ། །སེའུ་འབྲུའི་ཁུ་བ་ཉིས་འགྱུར་རམ། །ཚ་གསུམ་ལྡན་པར་བསྐོལ་བའང་ཕན་ཞེས་བྱ་བ་ལ། སེའུ་འབྲུའི་ཁུ་བ་བསྐོལ་བ་ཆེ་བ་གསུམ་དང་ལྡན་པར་བསྐོལ་བ་ཡང་ལུད་པ་དང་རིགས་དང་ཡི་ག་འཆུད་པ་སེལ་བར་བྱེད་དོ།
་ཡ་བག་ཀྵ་ར་མར་དང་སྦྱར། །ཟས་ཟོས་པ་ཡི་འོག་ཏུ་བླུད། །ཅེས་བྱ་བ་ལ། ཡ་བག་ཀྵ་ར་དང་སྦྱར་བའི་མར་དེ་ཟན་ཟོས་པའི་འོག་ཏུ་བླུད་ན་ཡང་བླུད་པ་ལ་ཕན་ནོ། །པི་པི་ལིང་དང་བུ་རམ་བསྐོལ། །ར་ཡི་འོ་མ་མར་བཅས་ཕན། །ཞེས་བྱ་བ་ལ།
་པི་པི་ལིང་དང་བུ་རམ་གཉིས་ལྡེ་གུར་བྱས་པ། རའི་འོ་མ་དང་མར་བཞི་འགྱུར་བསྐོལ་བ་བླུད་ན་ཡང་ཕན་ནོ། །འདི་ནི་མེ་བྲོད་སྦྱང་ཕྱིར་ཏེ། །ཟས་བྱེད་ལུས་ཅན་གྱིས་མར་བཏུང་ནས་ཀྱིས་འགགས་པའི་མིང་པ་བྲད། །རྩ་སྦུབས་རྣམས
་ནི་དག་པར་བྱེད། །ཅེས་བྱ་བ་ལ། བར་བཤད་པའི་སྨན་ལ་སོགས་པ་འདི་དག་དང། བསྐོལ་བའི་སྨན་མར་ཟད་བྱེད་ཀྱིས་ལུད་པ་ཅན་གྱི་ནད་པས་འཐུངས་ན་མེ་དྲོད་འཕེལ་ཞིང་རྒྱས་པར་འགྱུར་ལ་ནད་ཀྱི་འགགས་ཤིང་གོས་པའི
་བྲང་དང། ལྐོག་མ་དང། རྩ་སྦུབས་དག་ཅིང་སྤྱོད་བར་བྱེད་པ་ཡིན་ནོ། །ནས་ནི་བྲེ་གང་གཙོས་པ་རུ། །རྣམ་པར་རྒྱལ་བ་ཉི་ཤུ་བཙོ། །ཚོས་ནས་དེར་ཕྱུང་མཉེས་ནས་དེར། །བུ་རམ་རྙིང་པ་སྲང་དྲུག་དང། །པི་པི་ལིང་ནི་སྲང་གཉིས་དང།
་ལྡོང་རོས་ཞོ་གཉིས་སྐྱེར་ཁཎྜ། །ཞོ་ཅིག་ཚད་ནི་བཅུག་ནས་ནི། །སླར་ཡང་བསྐོལ་བའི་ལྡེ་གུ་དེ། །ལུད་པ་དབུགས་མི་བདེ་སེལ་བྱེད། །ཅེས་བྱ་བ་ལ། ནས་བྲེ་གང་གཞལ་པ་བཙོས་པའི་ནད་དུ་ཨ་རུ་ར་རྣམ་པར་རྒྱལ་བ་རྡོག
་མ་ཉི་ཤུ་བཅུག་སྟེ་བཙོས་ལ། དེ་ཚོས་ཤིང་ཁངས་པར་གྱུར་པ་དང། ཁུ་བ་དེའི་ནང་དུ་མཉེས་ནས་ཡང་བསྐོལ་བར་བྱ་སྟེ། འདིའི་ནང་དུ་བུ་རམ་རྙིང་པ་སྲང་དྲུག། པི་པི་ལིང་སྲང་གཉིས། །ལྡོང་རོས་ཞོ་གཉིས
་སྐྱེར་ཁཎྜ་ཞོ་གཅིག་བཅུག་ལ། ལྡེ་གུའི་ཚུལ་དུ་བསྐོལ་བར་བྱའོ། །ལྡེ་གུ་དེ་ནི་ལུད་པ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །རེག་འཇམ་སྒྲོག་རྩ་བསྲེགས་ནས་ནི། །མར་དང་སྦྲང་རྩི་ཁ་རར་སྦྱར། །ཡང་ན་རྨ་བྱའི་རྐང་པ་བསྲེག
་མར་དང་སྦྲང་རྩིར་བསྲེས་པ་ཡི། །ལྡེ་གུ་ཟོས་ན་ལུད་པ་དང། །དབུགས་མི་བདེ་བསལ་བར་བྱེད། །ཅེས་བྱ་བ་ལ། བྱ་རེག་ཤི་བ་ད་ཞེས་བྱ་བ་སྒྲོ་རྩ་ཁམ་འདྲ་བ་ཡོད་དེ། དེ་བསྲེགས་ནས་མར་དང་ཁར་སྦྲང་རྩི་དང་སྦྱར་བའི་ལྡེ་གུ
་ཟོས་ན་ལུད་པ་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །ཡང་རྨ་བྱའི་རྐང་པ་བསྲེགས་ཏེ། མར་དང་སྦྲང་རྩི་སྦྱར་བའི་ལྡེ་གུ་ཟོས་ན་ཡང་ལུད་པ་ལ་སོགས་པའི་ནད་སེལ་ཏོ། །ེ་རཎྜའི་ལོ་ཐལ་བ་ནི། ཏིལ་མར་ཚ་གསུམ་བུ་རམ
་བཅས། །ལྡེ་གུ་འམ་བྱིའུ་རུག་ཨེ་རཎྜའི། །ལོ་མའི་ཐལ་བ་དེ་བཞིན་བྱ། །ཞེས་བྱ་བ་ལ། ཨེ་རཎྜའི་ལོ་མའི་ཐལ་བ་ཏིལ་མར་དང་ཚ་བ་གསུམ་བུ་རམ་དང་སྦྱར་བའི་ལྡེ་གུ་གཅོད་ཆེན་པོའི་ལུད་པ་དང་ལྡན་པས་བལྡག་པར་བྱའོ། །
་ཡང་ན་བྱེའུ་རུག་བ་དང། ཨེ་རཎྜའི་བསྲེགས་པའི་ཐལ་བ་དག་སྔ་མ་བཞིན་དུ་ཚ་བ་གསུམ་དང་ཏིལ་མར་དང་བུ་རམ་དང་སྦྱར་ཏེ་ལྡེ་གུར་བྱས་ལ་ལྡག་པར་བྱའོ། །ཚ་བ་གསུམ་གྱི་ཕྱེ་མ་ནི། །བུ་རམ་རྙིང་པ་མར་སྦྱར་ཕན། །ཞེས
་བྱ་བ་ལ། པི་པི་ལིང་དང་ན་ལེ་ཤམ་དང། བཅའ་སྒ་གསུམ་གྱི་ཕྱེ་མ་བུ་རམ་རྙིང་པ་དང་ཞུ་མར་ལྡེ་གུར་བྱས་ཏེ་བཟའ་བར་བྱའོ། །ཤུགས་པ་ཚ་གསུམ་འབྲས་བུ་གསུམ། །བྱི་དང་ག་དང་ཐང་ཤིང་དང། །??་སྣའི་ཕྱེ་མ
་ཀུན། །དེ་དང་མཉམ་པའི་ཁ་རས་སྦྱར། །ཡང་ན་སྦྲང་རྩི་མར་དང་སྦྱར། །ལྡེ་གུ་ལུད་པ་སེལ་བྱེད་མཆོག། ཅེས་བྱ་བ་ལ། ཤུག་པ་ལ་སོགས་པའི་སྨན་མ་ལུས་པ་དང། ཆ་མཉམ་པའི་ཁ་ར་སྦྱར་ལ་ཟོས་ན་ཡང་ལུད་པ་ལ་ཕན་ནོ། །ཡང་ན་སྦྲང་རྩི་??
་མར་ཆ་ན་ཉམ་དུ་སྦྱར་ཏེ། ལྡེ་གུ་ཟོས་པ་ཡང་ལུད་པ་སེལ་བའི་མཆོག་ཡིན་ནོ། །དེ་བཞིན་ན་ལེ་ཤམ་གྱི་ཕྱེ། །མར་དང་སྦྲང་རྩི་ཁ་ར་བཅས། །ཅེས་བྱ་བ་ལ། ན་ལེ་ཤམ་གྱི་ཕྱེ་མ་མར་དང་སྦྲང་རྩི་དང་ཁ་ར་དང་ལྷན་ཅིག་ཟོས་པར་དེ་ལུད་པ
་སེལ་བའི་མཆོག་ཡིན་ནོ། ། རུ་ར་དང་བཅའ་སྒ་ནི། བུ་རམ་དང་ནི་བཅས་པ་ཡིན་།རིལ་བུ་ཁར་ནི་བཞག་གྱུར་ན། །ལུད་པ་དབུགས་མི་བདེ་ཀུན་སེལ་།ཞེས་བྱ་བ་ལ། ཡང་ཨ་རུ་ར་ལ་སོགས་པའི་སྨན་བསྐོལ་ཏེ། རིལ་བུར་བྱས་ལ
་ཁའི་ནང་དུ་བཞག་ན། ལུད་པ་ལྔ་པོ་ཐམས་ཅད་དང། །དབུགས་མི་བདེ་བ་ལྔ་པོ་ཀུན་སེལ་བར་འགྱུར་བ་ཡིན་ནོ། །ཡང་ན་བ་རུ་ར་འབའ་ཞིག་།ལུད་པ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཡ་ན་བ་རུ་ར་འབའ་ཞིག་ཁར་བཞག་ཅིང་མུར་ན
་ཡང་ལུད་པ་དང་དབུགས་མི་བདེ་བ་ཐམས་ཅད་སེལ་བར་བྱེད་དོ། །སེང་ཕྲོམ་ཨ་མ་ཁ་ར་དང། །བཅས་པའི་ལྡེ་གུ་མར་དང་བརྡོས། །ཅུག་པ་ཟན་དྲོན་ནང་དུ་བཏབ། །སློན་བྲོ་སྐོམ་དང་ལུད་པ་དང། །མ་ཞུ་ཚང་འཁྲུ་སེལ་བར་བྱེད། ཅེས་བྱ་བ་ལ།
་སེང་ཁྲོམ་གྱི་ལོ་མ་སྡེ་གུར་སྦྱར་བ་མར་ལ་བརྡོས་ལ་ཁ་ར་དང་བཅས་པ་ཐུག་པར་བྱས་པ་འམ། ཡང་ན་ཟན་དྲོན་ནམ་ཁུར་བ་དང་བསྲེས་པ་ཡང། །བློ་བྲོ་པ་ལ་སོགས་པའི་ནད་ཀུན་སེལ་བར་བྱེད་དོ། །ཀཎྜ་ཀཱ་རིའི་ཁུ་བར་བསྐོལ། །མུངྒའི
་ཁུ་བ་རེ་ལེགས་གཡས་པ། །ལུད་པ་ཀུན་གྱིས་སྨན་གྱུར་ཡིན། །ཞེས་བྱ་བ་ལ། ཀཎྜ་ཀཱ་རཱིའི་རང་གི་ཁུ་བ་མུངྒའི་ཁུ་བར་བཅུག་སྟེ། །གཡོས་ལ་སྒྱུ་རུ་ར་སེར་པོ་དང་སེའུ་འབྲུ་དང་བཅས་པ་བཏབ་སྟེ་སྒེའུ་ག་ཤར་དང་བཅའ་སྒ་དང་མར་ལ
་སོགས་པ་བཅུག་ནས་ལེགས་པར་གཡོས་སུ་བྱ་པ་དེ་ནི་ལུད་པ་ཀུན་གྱི་སྨན་དུ་འགྱུར་པ་ཡིན་ནོ། །རླུང་འཇོམས་སྨན་བསྐོལ་འོ་མ་འམ། །ཆུ་ཡིས་གཟས་ཚོལ་ཁྲོན་བརྐོ་དང། །ཁུང་ན་གནས་པའི་ཤ་ཁུ་ནི། །ཟད་བྱེད
་ལུད་བ་ཅན་ལ་སྨིན། །ཞེས་བྱ་བ་ལ། ཟད་བྱེད་ཀྱི་ནད་ཀྱིས་བཏབ་པའི་མི་རླུང་འཇོམས་པའི་སྨན་དང་བསྐོལ་བའི་འོ་མ་འམ། །ཡུ་ཤ་ཁུ་བ་བླུད་པར་བྱ་བ་འམ་ཡང་ན་ཤ་ཁུ། །མཆུ་ཡིས་བཟས་ཚོལ་བའི་ཤ་ལས་བྱས་པ་འམ། །ཁྲོན་བརྐོ
་བའི་རིགས་ཀྱི་ཤ་འམ་ཁུང་ན་གནས་པའི་ཤ་ལས་གཡོས་པའི་ཤ་ཁུ་སྦྱིན་པར་བྱའོ། །གློ་རྡོལ་གྱིས་དུད་བརྡུབ་དང་གང། །བཏུང་བར་བཅས་པ་བསྟན་པ་ཡང། །ཟད་བྱེད་ལུད་པར་དེ་བཏང་བྱ། །གང་ཡང་གཅོད་ཚེན་སྐབས་སུ་བཤད།།
་ཅེས་བྱ་བ་ལ། གློ་རྡོལ་གྱི་ལུད་བའི་ནད་གསོ་བའི་སྐབས་སུ་བཤད་པའི་དུད་པ་བརྡུབ་བཏུང་བ་དང། བཅས་པར་གོང་དུ་བསྟན་པ་གང་དག་ཡིན་པ་དེ་ཡང་ཟད་བྱེད་ཀྱི་ལུད་པ་ཅན་ལ་སྦྱིན་པར་བྱའོ། །གང་ཡང་འོག་ནས་གཅོད་ཆེན་པོ
་གཡོས་པའི་གསོ་བའི་སྐབས་སུ་བཤད་པའི་སྦྱོར་བ་གང་ཡིན་པ་དེ་ཡང་སྦྱིན་པར་བྱའོ། །སྟོབས་བསྐྱེད་མེ་དྲོད་བསྐྱེད་པ་དང། རྩ་རྒྱུན་སྤྱོད་པར་བྱེད་པའི་སྨན། །རྣམ་གྲངས་ཟས་བྱེད་ལུས་ཅན་ལ། །སྟོབས་བསྐྱེད་ཐམས་ཅད
་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཟད་བྱེད་ཀྱི་ལུད་ཅན་གྱི་ནད་པ་ལ་ནི་བརྟ་ཞིང་སྟོབས་བསྐྱེད་པའི་སྨན་གང་ཡིན་པ་དང། །དེ་བཞིན་དུ་གང་ཕོ་བའི་མེ་དྲོད་བསྐྱེད་པའི་སྨན་དང་རྩ་རྒྱུན་དང་བུ་གའི་སྦུབས་སྦྱོར་བར་བྱེད
་པའི་སྨན་དེ་དག་རྣམ་གྲངས་ཀྱི་བྱིན་ན་ཡང་ཟས་བྱེད་ཀྱི་ལུད་པ་སེལ་བར་བྱེད་དོ། །དེ་བཞིན་དུ་སྟོབས་སྤྱད་པར་བྱེད་པའི་སྨན་ཐམས་ཅད་ཀྱང་ཟད་བྱེད་ཀྱི་ལུད་པ་ལ་བསྔགས་པ་ཡིན་ནོ། །གང་ཕྱིར་འདུས་པ་ལས་བྱུང་བའི། །
་ཟད་བྱེད་ལུས་པ་མི་བཟད་པས། །དེ་ཕྱིར་ནད་སྟོབས་ཇི་བཞིན་དུ། །འདུས་པའི་ནད་ལ་ཕན་པས་གསོ། །ཞེས་བྱ་བ་ལ། རྒྱུ་གང་གི་ཕྱིར་འདུས་པའི་ནད་ལས་བྱུང་བའི་ཟད་ཕྱེད་ཀྱི་ལུད་པ་ནི་མི་བཟད་ཅིང་བརྣགས་པར་དཀའ་ལ་སྡུག་བསྔལ་པ་ཡིན་
་པས་དེའི་ཕྱིར་ནད་ཀྱི་སྟོབས་ཇི་ལྟ་བ་ལ་བལྟོས་ལ་རླུང་གི་ཤས་ཆེ་བ་འམ། །མཁྲིས་པ་ཤས་ཆེ་བ་འམ། །བད་ཀན་གྱི་ཤས་ཆེ་བའི་འདུས་པའི་ནད་ལ་ཕན་པའི་ཁ་ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་ཕན་པས་གསོ་བར་བྱའོ།། །།
་ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་འདོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། །གསོ་བའི་ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྐྱིགས་བུ་དང།
་དབུགས་མི་བདེ་བ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་གཞིའི་གནས་སྐབས་སུ་བཤད་པའི་གོ་རིམས་ཀྱི་རྣམ་པས་སྐྱིགས་བུ་དང་དབུབས་མི་བདེ་བའི་ལེའུ་བརྩམས་པ་ཡིན་ནོ། །གང་ཕྱིར་དཀྱིགས་བུ་དབུབས་མི་བདེ། །རྒྱུ
་སོགས་མཚུངས་པས་དེ་མི་ཕྱིར། །གསོ་བའང་གཅིག་སྟེ། ཞེས་བྱ་བ་ལ། རྒྱུ་གང་གི་ཕྱིར་སྐྱིགས་བུ་དང་དབུགས་མི་བདེ་བ་ནི་རྒྱུ་ལ་སོགས་པ་མཚུངས་པ་ཡིན་ཏེ། སྔོན་དུ་བྱུང་བའི་ཚུལ་དང་གྲངས་དང་རང་བཞིན་དང་རྟེན་གཅིག་ཉིད
་ཡིན་པས། དེའི་ཕྱིར་སྐྱིགས་བུ་དང་དབུགས་མི་བདེ་བ་ཡང་གཅིག་ཏུ་བསྟན་ཅིང་བཤད་པ་ཡིན་ནོ། །དེས་ཉེན་ལ། ཐོག་མར་དུགས་ཀྱིས་ཉེར་སྤྱད་གྱི། །སྣུམ་དང་ལན་ཚྭ་ཏིལ་མར་བྱུག་།ཅེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ
་བའི་ནད་དེས་ཉིན་ཅིང་གཟིར་པ་ལ་ཐོག་མར་ཏེ། གསོ་བ་ཐམས་ཅད་ཀྱི་ནང་ནས་དང་པོ་ཁོ་ནར་དུགས་ཉེ་བར་བཅད་པས་གསོ་བར་བྱ་ལ་དུགས་དེ་སྣུམ་པ་སྟེ། སྣུམ་གྱིས་སྨན་ལས་སྦྱར་བའི་དུགས་བྱའི། །རྩུབས་བས་ནི
་མ་ཡིན་ཏེ། རྩུབ་པས་ནི་རླུང་འཁྲུགས་པའི་སྐྱོན་ཡོད་པའི་ཕྱིར་རོ། །སྣུམ་དེ་ཡང་ཕལ་ཆེར་རྒྱམ་ཚ་ལ་སོགས་པའི་ལན་ཚྭ་དང་ཏིལ་མར་སྦྱར་བས་བྱུག་ཅིང་བསྐུལ་བར་བྱའོ། །དེ་ཡང་བད་ཀན་བུ་གར་འགགས། །ཤིན
་ཏུ་ཞེན་པ་ཞུ་ནས་ནི། །ཁེད་པར་གནས་ལ་ལེགས་པར་འབྱིན། །བུ་གའི་རྒྱུན་སྲང་མཉེན་འགྱུར་ཞིང། །རླུང་ནི་ལུགས་དང་མཐུན་པར་རྒྱུ། །ཞེས་བྱ་བ་ལ། དུགས་དེས་ཅི་ཞིག་བྱེད་ཅེ་ན། །བུ་གའི་སྦུགས་རྣམས་སུ་ཤིན་ཏུ་ཞེན་ཅིང་འམ། གསོ
་བའི་བད་ཀན་ལེགས་པར་ཞུ་ཞིང་ལུད་པ་དང་དབུགས་མི་བདེ་བ་དེའི་ཁྱོད་པར་གནས་པ་ལེགས་པར་འབྱིན་ཅིང་བདེ་བ་ཀླག་ཏུ་འཐོན་པར་འགྱུར་ལ། དེ་བཞིན་དུ་བུ་གའི་རྒྱུན་སྲང་ཤིན་ཏུ་སྲ་ཞིང་བད་ཀན་ནང་དུ་ཞེན་པ་དང། རླུང་འཁྲུགས
་བའི་དབང་གིས་ཙུབས་ཤིན་ཏུ་སྲ་བར་གྱུར་བ་དག་དུགས་ཀྱིས་སྦྱངས་ན་གཉེན་པ་ཉིད་དུ་བྱེད་དོ། །དེ་བཞིན་དུ་རླུང་ལུགས་དང་མི་མཐུན་པར་རྒྱུ་ཞིང་རང་གི་ལམ་ལས་རྒྱུ་བར་འགྱུར་རོ། །འཇམ་ཞིང་རླན་གྱུར་ཟས་སྣུམ་དང། །རླན་ཅན་ཤ་རི
་བཅས་སྦྱིན་པ་འམ། །ཡང་ན་ཞེ་ཡིས་སྤྲིས་མ་སྦྱིན་ཞེས་བྱ་བ་ལ། ནད་པ་དུགས་ཀྱིས་ལུས་རླན་ཅིང་འཇམ་པར་གྱུར་པ་ལ། ཁ་ཟས་སྣུམ་བག་དང་རླན་ཅན་གྱི་སྲོག་ཆགས་ཀྱི་ཤ་དང་བཅས་པ་སྦྱིན་པར་བྱ་བ་འམ། ཡང་ན
་ཞོའི་སྤྲིས་པ་དང། བཅས་པ་སྦྱིན་པར་བྱའོ། །དེ་ནས་དེ་ལ་རློན་འཇམ་བཏང། །མཆོག་ཏུ་ལུད་པ་སྙིང་ནད་དང། །སྐད་འགགས་པ་ལ་སྐྱུག་སྨན་སྦྱིན། །རྒྱམ་ཚྭ་སྦྲང་རྩི་པི་པི་ལིང། །སྦྱར་བའམ་རླུང་ལ་ཕན་པ་བཏང། །ཞེས་བྱ་བ་ལ།
་དེ་ནས་ཞེས་བྱ་བ། དུགས་བྱས་པའི་རྗེས་ལ་སྐྱིགས་བུ་དང་དབུགས་མི་བདེ་བས་ཉེན་པའི་ནད་པ་དེ་ལ་སྨེན་སྨན་འཇམ་པོ་བཏང་བར་བྱ་ལ་མཆོག་ཁྱད་པར་དུ་ནི་ལུད་པ་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་དམ་པ་ལ་སྐྱུགས་སྨན
་བཏང་བར་བྱའོ། །སྐྱུགས་སྨན་དེ་ཡང་རྒྱམ་ཚ་ལ་སོགས་པ་དང་ལྡན་པའམ། གང་རླུང་ལ་ཕན་ཞིང་གནོད་པ་མེད་པ་དེ་ལྟ་བུའི་སྐྱུག་སྨན་བཏང་བར་བྱའོ། །བད་ཀན་གྱིས་ནི་གནོད་བཅས་པ། །གསལ་ན་བདེ་བ་ཐོབ་འགྱུར་ལ། །བུ་ག་རྣམ་པར་དག་གྱུར་ནས།།
་རླུང་ནི་གནོད་པ་མེད་པར་རྒྱུ། །ཞེས་བྱ་བ་ལ། བད་ཀན་གྱིས་གནོད་པ་དང་བཅས་པ་གསལ་ཞིང་སྦྱངས་ན་མི་བདེ་བ་ཐོབ་ཅིང། །སྐྱིགས་བུ་དང་དབུགས་མི་བདེ་བ་ཞི་བར་གྱུར་ལ། ཡང་བད་ཀན་གྱིས་གནོད་ཅིང་བཀག་པར་བྱས
་པའི་བུ་ག་རྣམས་དག་ཅིང་སྦྱངས་པར་གྱུར་པས་རླུང་གནོད་པ་མེད་པར་རྒྱུ་སྟེ་སུས་ཀྱང་དགགས་བྱས་པ་མེད་པར་བདེ་བར་རྒྱུ་བར་འགྱུར་ཞིང། །སྲོག་གནས་པའི་རྒྱུན་སྲང་དག་ཏུ་ལེགས་པར་རྒྱུ་བར་འགྱུར་རོ། །ལྟོ་སྤོས་རྟུག་འཕགས་ཀུན
་འཐིབས་བྱེད། །མ་དུ་ལུང་ག་སྟར་བུ་དང། །ཤིང་ཀུན་པི་ལུ་ཁ་རུ་ཚ། །ལྡན་ཟས་བྱིན་ན་བདེ་བར་འབྱུང། །ཞེས་བྱ་བ་ལ། །ལྟོ་སྤོས་པ་དང། གནས་སྐབས་དར་རྟུག་པ་འགགས་པ་ལས་མུན་འཐིབས་ཞེས་བྱེད་ཅིང་མུན་གོས?་ཆ་སྙམ་དུ
་སེམས་པའི་དབུགས་མི་བདེ་བ་འབྱུང་བར་འགྱུར་ན་མང་དུ་ལུད་ག་ཞེས་བྱ་བ། །བ་ལུ་དང་ལྟར་བུ་ལ་སོགས་པའི་སྨན་དང་ལྡན་པའི་ཟས་བྱིན་ན་དབུགས་བདེ་བར་འབྱུང་བར་འགྱུར་རོ། །རྒྱམ་ཚྭར་བཅས་པའི་འབྲས་བུ་སྐྱུར། ཁུ
་ཟན?་འགྲོ་བར་བཀྲ་སྨན་བཏང། །ཞེས་བྱ་བ་ལ། ཡང་ན་ལྟོ་སྤོས་པ་དང། རྟུག་པ་འགགས་པ་ལས་བྱུང་བའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་མུན་པའི་འཐིབས་ཞེས་བྱེད་པ་ལ་རྒྱམ་ཚྭ་དང་འབྲས་བུ་སྐྱུར་པོ་མ?་དུ
་ལུང་ག་ལ་སོགས་པ་དང་སྦྱར་བ་ཅུང་ཟད་བསྲོས་ཏེ་དྲོད་ལང་མ་ཙམ་དུ་བྱས་པའི་དཀྲུ་སྨན་བཏང་བར་བྱའོ། །འདི་དག་བད་ཀན་གྱི་ལམ་བཀག་།སྲོག་གི་རླུང་ནི་ཁྲུགས་ལས་བྱུང། །དེ་ལས་ལམ་གསལ་བྱ་བའི་ཕྱིར། །སྟེང་དང་འོག་ཏུ
་སྦྱང་བྱས་ནས་ཕན། །ཞེས་བྱ་བ་ལམ་གང་གི་ཕྱིར་ལུད་པ་དང་དབུགས་མི་བདེ་བ་འདི་དག་ནི་བད་ཀན་གྱིས་རྒྱུས་པའི་ལས་བཀག་པའི་སྲོག་ཅེས་བྱ་བའི་རླུང་དེ་འཁྲུག་པར་གྱུར་པ་ལས་འབྱུང་ཡིན་ལ། །དོ་བས་བསྲོག་ཅེས
་བྱ་བའི་རླུང་སྟེ། །དེ་རྒྱུ་བའི་ལམ་བསལ་ཞིང་དང་པོར་བྱ་བའི་ཕྱིར་སྟེང་དང་འོག་དུ་སྦྱར་བའི་ཐབས་སྐྱུགས་སྨན་བཏང་ན་ཕན་ནོ། །ཇི་ལྟར་འབབ་པར་གྱུར་པའི་ཆུ། །ཤིན་ཏུ་འཁྱིལ་ཅིང་འཕེལ་བ་ལྟར། །དེ་བཞིན་རླུང་ནི་འཁྱིལ་གྱུར་པའི། །དེ་ལམ
་ལེགས་པར་སྤྱད་བར་བྱ། །ཞེས་བྱ་བ་ལ། །དཔེར་ན་ཇི་ལྟར་ཆུ་འབབ་པར་གྱུར་པ་དག་རྒྱུ་བའི་རྒྱུན་ལམ་བཀག་པར་གྱུར་པ་ན། ཤིན་ཏུ་འཁྱིལ་ཅིང་མང་དུ་འཕེལ་བར་འགྱུར་བ་དང་འདྲ་བར་དེ་བཞིན་དུ་རང་བཞིན་གྱིས་རྒྱུ་བའི་རླུང་དེའི་རྒྱུ་བའི་ལམ
་འགགས་ཤིང་བདེ་བླག་ཏུ་འགྲོ་བའི་གོ་སྐབས་མ་ཐོབ་ན་ཤིན་ཏུ་འཁྱིལ་བར་འགྱུར་རོ། །དེ་བས་ན་རླུང་དེའི་རྒྱུ་བའི་ལམ་སློན་དང་ཁྱབ་ཀྱིས་སྦྱར་བར་བྱ་སྟེ། །ལམ་བསལ་ན་ཕན་པར་འགྱུར་རོ། །སྦྱངས་པ་བྱས་ཀྱང་མ་དག་པའི། །ཞེན་པའི་དྲི
་མ་དུ་བས་བསལ། །ཞེས་བྱ་བ་ལ། དེ་ལྟར་སྦྱངས་པའི་རྣམ་པར་དག་པར་བྱས་སུ་ཟིན་ཀྱང་ལུད་པ་དང་དབུགས་མི་བདེ་བས་ཉེན་པའི་བད་ཀན་གྱི་ནད་ཀྱི་དྲི་མ་དག་ཅིང་ཤིན་ཏུ་ཞེན་པའི་ཉེས་པ་ལྷག་མ་ཡོད་པ་གང་ཡིན་པ་དེ་དུ་བ་བརྡུབ་པའི
་ཐབས་ཀྱིས་བསལ་བར་བྱའོ། །ཡུང་བའི་ལོ་མ་ཨེ་རཎྜའི། །རྩ་བརྒྱ་སྐྱེགས་ལྡོང་རོས་དང། །ཐང་ཤིང་བ་ལ་སྤང་པོས་བཅས། །བཏགས་ཏེ་རེང་བུ་ཉིད་དུ་བྱ། །དེ་ནི་མར་བསྐུས་དུད་པ་བརྡུབ། །ཅེས་བྱ་བ་ལ། ཡུད་པའི་ལོ་མ་ལ་སོགས
་པའི་སྨན་ཆུ་དགས་སུ་བྱས་ཏེ་བསྐམས་ནས་རེང་བུ་དེ་མར་བསྐུས་ཏེ་མོ་ལ་བསྲེགས་པའི་དུད་པ་བརྡུབ་པར་བྱའོ། །ཡང་ན་མར་དང་ནས་སྤྲུབ་ནས་བསྲེགས་པའི་དུད་པ་བརྡུབ་པར་བྱའོ། །སྤྲི་ཚིལ་སྲ་རྩི་བོག་དག་གམ། ། ཀ་རུ་བཟང་མར་སྦྱར་བརྡུབ
་ཅེས་བྱ་བ་ལ། སྤྲ་ཚིལ་དང་སྲ་རྩི་པོག་ཅེས་བྱ་བས་ཛ་ར་གཅིག་ཏུ་སྦྱར་བའི་དུད་པ་འམ། །ཡང་ན་ཨ་ཀ་རུ་བཟང་པོའི་དུད་པ་བརྡུབ་པར་བྱའོ། །དེ་བཞིན་ཙན་དན་གླང་རའམ། །སྤུ་འམ་རྒྱུས་པའི་དུད་པ་བརྡུབ། །ཅེས་བྱ་བ་ལ། ཡང་ན་ཙན་དན་མེར་བསྲེགས
་པའི་དུད་པ་བརྡུབ་པར་བྱའོ། །ཡང་ན་བ་ལང་གི་ར་མེ་ལ་བསྲགས་པའི་དུད་པ་འམ། །བ་ལང་གི་སྤུ་འམ། །བ་ལང་གི་རྒྱུས་པའི་དུད་པ་བརྡུབ་པ་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་ནང་དུ་ཞེན་པའི་སྐྱོན་སེལ་བར་བྱེད་པར་རོ། །བཙོས་དང་གོ་དཀུ་རངྒ། །
་དགེ་བ་པགས་རྨིག་ར་ཡི་འམ། །ཞེས་བྱ་བ་ལ། ཡང་ན་བརྟོད་ལ་སོགས་པའི་སྲོག་ཆགས་ཀྱི་པགས་པ་ལ་སོགས་པའི་དུགས་བརྡུབ་ན་ཡང་ཕན་ནོ། །ཡང་ན་གུ་གུལ་ལྡོང་རོས་སམ། །ཡང་ན་ས་ལའི་ཐང་ཆུ་ཉིད། །ཞེས་བྱ་བ་ལ། །ཡང་ན་གུ་གུལ
་གྱི་དུད་པ་བརྡུབ་པ་འམ། །ཡང་ན་ལྡོད་རོས་ཀྱི་དུད་པ་བརྡུབ་པ་འམ། །ཤིང་སཱ་ལའི་ཆང་ཆུའི་དུབ་བརྡུབ་པར་བྱའོ། །མོ་རྩ་གུ་གུལ་ཨ་ཀ་རུ། །ཤུག་པ་མར་དང་སྦྱར་དུད་བརྡུབ། །ཅེས་བྱ་བ་ལ། ཡང་ན་མོ་རྩ་ཞེས་བྱ་ཞིང་ཤལམ་ལིའི་ཐང་ཆུ་དྲི་ཞི
་པ་ལ་སོགས་པ་མངར་བའི་སྤོས་མར་དང་སྤྱད་པའི་བདུད་པ་བརྡུབ་པར་བྱའོ། །དུགས་བྱར་མི་རུང་བཏང་སྙོམས་བཞག་།བྲང་དང་མེད་པ་ཞོམ་པ་ལ། །གཞོལ་དུ་མེད་ན་འཇམ་དུགས་བྱ། །ཁ་ར་དཀར་པོ་འོ་མས་སམ། །དྲོ་འཇམ་ཙམ་གྱིས་དུགས
་བྱ་ཞིང། །བཀྲི་རང་ལྡན་པར་བྱ་ཡི་དུགས། དུགས་ཀྱི་ལེའུ་རམ་ཤིང་དུགས་བྱ། །ཞེས་བྱ་བ་ལ། དུགས་བྱར་མི་རུང་བའི་ནད་པ་མཁྲིས་པ་དང་ཚ་བས་ཉེན་པ་དང། །ཉམས་སྟེབས་དང་ལུད་ཟུངས་ཟད་པ་དང་ཤིན་ཏུ་སྣུམ་པ་དང་སྦྲུམ
་པ་ལ་སོགས་པ་དང་བྲད་དང་ལྐོག་མ་ཞོམ་པ་ལ་སོགས་པ་ལ་དུགས་མི་བྱར་མི་རུང་སྟེ་བཤེལ་དུ་མེད་པ་ཡིན་ན་དུགས་འཇམ་པོ་བྱ་སྟེ། དེ་ཡང་ཁ་ར་དཀར་པོ་འོ་མ་དང་བཅས་པའི་སྣུམ་བག་དྲོ་འཇམ་ཙམ་དུ་བྱས་པ་བླུགས་ལ་དུགས
་བྱ་ཞིང། །དེ་བཞིན་དཀྲིས་པ་དང་ལྡན་པའི་དུགས་ཀྱི་ལེའུར་བཤད་པའི་སྨན་དང་སྦྱར་བས་དུགས་བྱའོ། །མ་ཞུར་དེ་གསོའི་ཆོ་ག་སྦྱར། ཅེས་བྱ་བ་ལ། མ་ཞུ་བ་ལས་སྐྱིགས་བུ་དང། །དབུགས་མི་བདེ་བ་ལས་གྱུར་བ་ལ་ནི་མ་ཞུ་བ
་གསོ་བའི་ཆོ་ག་སྨྱུང་བ་དང་སྨིན་པར་བྱ་བ་ལ་སོགས་པ་སྤྱད་པར་བྱའོ། །སྦྱོར་དྲགས་རླུང་ཤས་ཆེ་གྱུར་ན། །རླུང་ནད་བསལ་བའི་སྦྱོར་བ་བྱ། །ཤ་ཁུ་སྦྱིན་སོགས་རབ་ཚ་མོན། བསྐུར་པ་དག་གིས་ཞི་བར་བྱ། །ཞེས་བྱ་བ་ལ། སྐྱུགས་སྨན་ལ
་སོགས་པའི་ཉམས་སྨད་པའི་ཆོ་གའི་སྦྱོར་བ་དྲགས་པས་རླུང་ཤས་ཆེ་ཞིང་རྒྱས་པར་གྱུར་པས་མཐོང་ན་རླུང་ནད་དེ་བསལ་བའི་ཆོ་ག་བྱ་ལ། དེ་ཡང་ཤ་ཁུ་དང་སྣུམ་གྱི་རྣམ་པ་མར་ལ་སོགས་པ་དང། །འོ་མ་ལ་སོགས་པ་དང། །བསྐུ་བ་ལ་སོགས
་པས་ནད་དེ་ཞི་བར་བྱའོ། །བད་ཀན་མ་གློངས་དུགས་མ་བྱས། །ཉམ་ཆུང་བ་ལ་སྦྱར་བྱས་པས། །རླུང་གི་གནས་རྙེད་གནས་རྣམས་ནི། །སྐམས་པར་བྱས་ནས་སྲོག་འཕྲོག་བྱེད། །དེ་བས་སྨན་ཁུ་སྣུམ་དང་ནི། །ལྡེ་གུ་སོགས་ཀྱིས་དེ་ཞིར་བྱ།།
་ཞེས་བྱ་བ་ལ། བཤད་མ་ཐག་པའི་སྐྱུག་སྨན་བཏང་བ་ལ་སོགས་པའི་སྦྱོར་བ་ནི་བད་ཀན་མ་གློངས་པ་ལ་སོགས་པ་ལ་བཏང་བར་མི་བྱའོ། །ཅིའི་ཕྱིར་ཞེ་ན། སྐྱིགས་བུ་དང། དབུགས་མི་བདེ་བ་དང་ལྡན་པ་རྣམས་དེ་ལྟ་བུ་དང་ལྡན་པ་དེ་ལ
་སྤྱད་བ་བྱས་ན་རླུང་གི་གནས་རྙེད་ཅིང་བསྟན་པའི་གཞི་རྙེད་པས་སྙིང་ཞེས་བྱ་བའི་གནད་ཀུན་ཏུ་སྐམས་པར་བྱས་ནས་མྱུར་བ་ཁོ་ནར་སྲོག་འཕྲོག་ཅིང་འཇིགས་པར་བྱེད་དོ། །རྒྱུ་དེ་བས་བད་ཀན་མ་གློངས་པ་ལ་སོགས་པ་དེ་རྣམས་པར་སྨན་བསྐོལ
་བའི་ཁུ་བ་ལ་སོགས་པས་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཞི་བར་བྱའོ། །སྐེམ་ཞིང་བློ་རྡོལ་ཚད་འཁྲུག་དང། །ཁྲག་མཁྲིས་ཚ་བ་ལས་བྱུང་བའི། །སྐྱིགས་བུ་དབུགས་མ་བདེ་བ་ལ། །མངར་སྣུམ་བསིལ་སོགས་དག་གིས་གསོ། །ཞེས་བྱ་བ་ལ། སྐེམ
་ཞིང་རིང་པ་ལ་སོགས་པ་ལས་བྱུང་བའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནང་ལ་ནི་མངར་བ་ལ་སོགས་པའི་ཉམས་བརྟ་པའི་གསོ་བའི་ཐབས་ཀྱིས་གསོ་བར་བྱའོ། །ཀུ་ལཏྠ་དང་རྩ་བ་བཅུ། །བསྐོལ་བའི་སྐམས་སའི་ཤ་ཁུ་ཕན། །ཞེས་བྱ་བ་ལ། ཡང་ན
་སྐྱིགས་བུ་དང། དབུགས་མི་བདེ་བ་དང་ལྡན་པ་ལ་རྒྱ་སྲན་ཀུན་ལཏྠ་དང་རྩལ་བཅུ་པ་དང། བསྐོལ་བའི་སྐམ་སའི་ཤ་ཁུ་བླུད་ན་ཕན་ནོ། །ཤིང་ཀྲུ་བརྟ་ཀ་དང་ནི། །གས་མ་རྟ་པ་ཤ་ཀ། ལ་ཕུག་ལོ་མའི་ཁུ་བ་དང། །ནིམཔའི་མྱུ་གུ་ལས་བྱུང་དང། །ཁ་ལུད་བྲི་ཧ་ཏི་ཁུ
་ཕན། །ཞེས་བྱ་བ་ལ། ཡང་ན་ཤིང་ཀྲུ་ལ་སོགས་པའི་སྨན་བཙོས་པའི་ཁུ་བ་ལས་ཡུ་ཤར་བྱས་པ་ཡང་ཕན་པ་ཡིན་ནོ། །ཀཎྜ་ཀཱ་རཱི་བྱི་ཚེར་བ། །བིལྦའི་རྐང་དང་གཟེ་མ་དང། །སླེ་ཏྲེས་ཀརྐ་ཏ་སྲིང་གིས། །ཙིཏྲ་ཀ་དང་ཀུ་ལཏྠ། །ཆུར་བསྐོལ་བ་ཡི་ཡུ་ཤ
་བྱ། ཞེས་བྱ་བ་ལ། ཡང་ན་ཀཎྜ་ཀཱ་རཱི་ལ་སོགས་པ་སྨན་ཆུར་བསྐོལ་བའི་ལུ་ཤ་ཡང་ཕན་ནོ། །ཡང་ན་ར་སྣ་རྩ་ཆུང་ལྔ། མུངྒ་ཙི་ཏྲ་ཀར་བཅས་བླུག་།ཅེས་བྱ་བ་ལ། ཡང་ན་ར་སྣ་དང་རྩ་བ་ཆུ་ངུ་ལྔ་དང། མུངྒ་དང་ཙི་ཏྲ་ཀ་བསྐོལ་བའི་ཁུ
་བའི་ཡུ་ཤ་བླུད་ན་ཡང་ཕན་ནོ། །ཙི་ཏྲ་གོ་སྙོད་ཁ་རུ་ཚྭ། །ཀརྐ་ཏ་སྲིད་ཐུག་པ་ཕན། ཞེས་བྱ་བ་ལ། ཡང་ན་ཙི་ཏྲ་ཀ་ལ་སོགས་པའི་སྨན་དང་སྦྱར་བའི་ཐུབ་པ་བླུད་ན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ཕན་ནོ། །ཡང་ན་རྩ་བ་རླུང
་སྦྱར་བ་ཡིས་ཐུག་པ་བླུད་ན་ལུད་པ་དང། །སྐྱིགས་བུ་དབུགས་མི་བདེ་ནད་སེལ། །ཞེས་བྱ་བ་ལ། ཡང་ན་རྩ་བ་བཅུ་པ་དང་སྦྱར་བའི་ཐུག་པ་བླུད་ན་ལུད་པ་ལ་སོགས་པའི་ནད་སལ་ཏེ། །རྩ་བ་བཅུ་པར་སྣ་དང། །ཟུར་པ་ག་བྲིའི་རྩ་བ་དང། །བིལྦ་གཉིས
་དང་མ་ནུ་དང། །ཀརྐ་ཏ་སྲིད་པི་པི་ལིང། །བཅའ་ག?་སླེ་ཏྲེས་བཅའ་སྒ་ནི། །བསྐོལ་བའི་ཁུ་བ་བླུད་ཞུ་ནས། །དེ་ཉིད་དང་བཅོས་ཐུག་པ་བླུད། ཨ་ལུ་དྲུག་ཅུ་པ་དང་གྲོ། །ནས་དང་མངྒ་རྒྱ་སྲན་ཟོས། །ལུད་པ་སྙིང་ནང་རྩིབ་ལོགས་ཟུག་།སྐྱིགས
་དབུགས་མི་བདེ་བ་སེལ། ཞེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བླུད་ན་ཞུ་བར་གྱུར་པ་དང། རྩ་བ་བཅུ་པ་ལ་སོགས་པ་དེ་ཉིད་ཀྱི་ཁུ་བ་དང་བཙོས་པའི་ཐུག་པ་བླུད་པར་བྱ་ཞིང་འབྲས་ས་ལུ་ལ་སོགས
་པ་ལས་གཡོས་པའི་ཟས་ཟོས་ན་ལུད་པ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །ཡང་ན་ཨད་ཀའི་མྱུ་གུ་ཡི། །འོ་མ་དང་སྦྲུལ་ནས་ཀྱི་ཟན། །སྦྲང་རྩི་དང་བཅས་རྩ་བཅུ་སོགས། །བསྐོལ་བའི་ཁུ་བ་བཅས་པ་བླུད། ཅེས་བྱ་བ་ལ། ཡང་ན་ཨརྐའི་མྱུ
་གུའི་འོ་མ་དང། །སྦྲུས་པའི་ནས་ཟན་སྦྲང་རྩི་དང་བཅས་པ་དེ་རྩ་བ་བཅུ་པ་དངར་སྣ་ལ་སོགས་པ་བཤད་མ་ཐག་པའི་སྨན་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུད་ན་ཡང་ཕན་ནོ། །ཟས་ནི་ཀྵ་ར་ཤིང་ཀུན་མར། །ཁ་རུ་ཚ་དང་སེའུ་སྦྱར་བཟའ་། །མ་ནུ་ཟུར་པ
་ཚ་བ་གསུམ། སྟར་བུ་ཁ་ལུད་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཁ་ཟས་ནི་ནད་དུ་ཀྵ་ར་ལ་སོགས་པའི་སྨན་ནད་ཀྱི་མཚན་ཉིད་ལ་བལྟོས་ལ་གང་ཡང་རུང་བ་དང་སྦྱིན་པར་བྱའོ། །སྐྱིགས་བུ་དབུགས་མི་བདེ་སྐོམ་དང། །རྩ་བ་བཅུ
་བསྐོལ་ཁུ་བ་འམ། །ཡང་ན་ཐང་ཤིང་བསྐོལ་ཁུ་བ། །ཆང་གི་དངས་མ་བླུད་པར་བྱ། །ཞེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཀྱིས་སྐེམ་དད་དུ་གྱུར་པ་ལ་རྩ་བ་བཅུ་བསྐོལ་བའི་ཆུ་འམ་ཐང་ཤིང་བསྐོལ་བའི་ཁུ་བ་འམ།།
་ཆང་གི་དངས་མ་བླུད་པར་བྱའོ། །པི་པི་ལིང་དང་དེ་རྩ་བ། ། རུ་ར་དང་བྱི་ཐང་ག་།རྩི་ཏྲ་ཀ་རྣམས་ལྡེ་གུར་སྦྱར། །མར་སྣོད་བསྐུས་ཏེ་སྐམས་པ་རུ། །སྣོད་དུ་དར་བ་ཟླ་གཅིག་བཞག་།དེ་འཐུངས་མ་ཡི་དྲོད་བསྐྱེད་ཅིང། །ལུད་པ་དབུགས
་མི་བདེ་བ་སེལ། ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་ཆུ་དགས་སུ་བྱས་པས་མར་གྱི་སྣོད་ཀྱི་བུམ་པས་བསྐུས་ལ་དེ་སྐམས་བར་གྱུར་པ་དང། །དེར་ངར་བ་གསར་པ་བླུགས་ལ་དར་བ་དེ་སྣོད་དེར་ཟླ་བ་གཅིག་ལོན་པ་དང། དེ
་འཐུངས་ན་མེ་དྲོད་བསྐྱེད་པ་ལ་སོགས་པར་འགྱུར་རོ། །པ་ཐ་མུར་པ་ཐང་ཤིང་དང། །ཅེས་རལ་དང་ཆང་དངས་མ། །ནུབ་ཅིག་ཞག་སྟེ་ལན་ཚ་བཏབ། །དེ་ལ་ཁྱོད་གང་བླུད་པར་བྱ། །ཞེས་བྱ་བ་ལ། པ་ཐ་ལ་སོགས་པའི་ཁུ་བ་མཉེས་ཤིང་བཅུགས་ལ་ནུབ་ཅིག
་བཞག་སྟེ་ལན་ཚ་ཉུང་ཞིག་བཏབ་ཏེ་དེ་ལས་ཁྱེར་གང་ཙམ་བླུད་ན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཞི་བར་འགྱུར་རོ། །ག་བྲའི་རྩ་བ་སྒ་བྱ་མ་འམ། །ཡ་བག་ཀྵ་ར་ན་ལེ་ཤམ། །བཅའ་ཕྱེ་ཆུ་ཚན་བླུད་པ་ཕན། །ཞེས་བྱ་བ་ལ། ཆུ་བསྐོལ་བའི་དྲོ
་འཇམ་ཙམ་གྱི་ནང་དུ་ག་ཟའི?་རྩ་བ་དང་བཅའ་སྒ་དང་བཏགས་ཏེ་བླུད་པ་འམ། །ཡང་ན་ན་ལེ་ཤམ་དང་ཡ་བག་ཀྵ་རའི་ཕྱེ་མ་དང་བཅས་བ་ཆུ་བསྐོལ་བ་དྲོ་འཇམ་ཙམ་གྱི་ནད་དུ་བཅུག་སྟེ་བླུད་ན་ཡང་ཕན་ནོ། །བ་སྦྲི་ཀ་ནི་བསྐོལ་བའི་ཆུ། །བཏགས་པ་ལྡེ
་གུར་བྱས་སྲོག་བླུད། །ཅེས་བྱ་བ་ལ། པ་སྦྲི་ཀ་ནི་ཏིངྒུ་བ་ཏྲི་ཀ་སྟེང་བསྐོལ་བའི་ཁུ་བ་དང་དེ་བཏགས་པའི་ལྡེ་གུར་བྱས་པ་དང་བསྲེས་ཏེ་བླུད་ན་ཡང་ཕན་ནོ། །སབཏ་པརྞི་ཁུ་བ་འམ། །ཤི་ར་ཤ་ཡི་མེ་ཏོག་ནི། །པི་པི་ལིང་དང་སྦྲང་རྩིར་སྦྱར། །བད་ཀན
་མཁྲིས་པ་འདྲེས་གྱུར་པའི། །སྐྱིགས་བུ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་འདྲེས་པ་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ནི་སབཏ་པརྞིའི་ཁུ་བ་པི་པི་ལིང་དང་སྦྲང་རྩིར་སྦྱར་བ་བླུད་བ་འམ། །ཡང་ན་ཤིང་ཤའི་མེ་ཏོག
་བསྐོལ་བའི་ཁུ་བ་པི་པི་ལིང་དང་སྦྲང་རྩི་དང་སྦྱར་བར་བླུད་པར་བྱའོ། །ཅུ་གང་པི་པི་ལིང་དང་ནི། །འབྲས་དང་བཅའ་སྒམ་?་ལས། །ཁུ་བར་མཁྲིས་པ་ལས་གྱུར་སེལ། །ཞེས་བྱ་བ་ལ། །མཁྲིས་པ་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ནི་ཅུ་གང་ལ་སོགས་པ་དང་བ་སྦྱར་བའི་ཁུ་བ་ཧཱུ
་ཐབས་སུ་བཙེས་པ་སྦྱིན་པར་བྱའོ། །རླུང་དང་ལྡན་བྱ་རེག་འཇམ་ཤ། རི་བོང་ཤ་དང་པི་པི་ལིང། །མར་དང་ཤ་ལྱ་ཀ་ཡི་ཁྲག་།ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ལ་ནི་བྱ་རེག་འཇམ་གྱི་ཤ་དང།
་རི་བོང་གི་ཤ་ལ་སོགས་པ་དང། །ཤ་ལྱ་ཀའི་ཁྲག་དང་སྦྱར་བའི་ཁུ་བ་བྱིན་ན་ཕན་ནོ། །ལྕམ་པའི་ཁུ་བ་ཚ་བ་གསུམ། །མར་དང་འོ་མར་སྦྱར་བ་དང། །འབྲས་ཅན་ཟོས་ལ་འོ་མ་བླུད། རླུང་མཁྲིས་འདྲེས་པ་ལས་གྱུར
་སེལ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་འདྲེས་པ་ལས་གྱུར་པའི་སྐྱིགས་བུ་དང། །དབུགས་མི་བདེ་བ་ལ་ནི་ལྕམ་པ་ལ་སོགས་པའི་སྨན་དང། སྦྱར་བའི་མར་དང་འོ་མ་དང་བཅས་པའི་འབྲས་ཆན་བྱིན་ལ་དེའི་འོག་དུ་ནི་འོ་མ་བླུད་པར་བྱའོ། །
་ར་ཡི་འོ་མ་བཞི་འགྱུར་གྱི། །ཆུ་བསྐོལ་བུ་རམ་དོང་གྲ་བཏབ། །ཅེས་བྱ་བ་ལ། ཡང་ན་རའི་འོ་མ་ཆུ་བཞི་འགྱུར་གྱི་ནང་དུ་བསྐོལ་ལ་ཆུ་གདུགས་ནས་བུ་རམ་དང་བཅའ་སྒ་བཏབ་སྟེ་བླུད་པར་བྱའོ། །པི་པི་ལིང་རྩ་ཤིང་མངར་དང། བུ
་རམ་བཅའ་བརྟ་སྤངས་ཁུ། །སྦྲང་རྩི་མར་སྦྱར་ཟས་གྱུར་ན། །སྐྱིགས་བུ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། པི་པི་ལིང་གི་རྩ་བ་ལ་སོགས་པ་དང་བསྲེས་པའི་སྦྲང་རྩི་དང་མར་དུ་སྦྱར་བ་ཟོས་ན་ཡང་སྐྱིགས་བུ
་དང་དབུགས་མི་བདེ་བ་སེལ་བར་འགྱུར་རོ། །རྟ་དང་གླང་པོ་བ་ལང་ཕག་།རྔ་མོ་བུང་བུ་ལུག་དང་ར། །གང་ཡང་རུང་བའི་རྟུག་བརྩིར་ཁུ། །སྦྲང་རྩི་སྦྱར་བ་ལྷགས་ན་ཕན། །ཞེས
་བྱ་བ་ལ། ཡང་བརྟ་ལ་སོགས་པའི་རྟུག་པ་གང་ཡང་རུང་བ་བཙིར་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་ལ་ཕན་ནོ། །བད་ཀན་ཤས་ཆེར་བཏུབ་བ་ལ་བླུད། ཅེས་བྱ་བ་ལ། བད་ཀན་གྱིས་ཤས་ཆེ་བའི་ནད་པས་ནི་རྟ
་སྤངས་ལ་སོགས་པའི་ཁུ་བ་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་ཏེ་བཏུང་བ་བླུད་པར་བྱའོ། །རྐང་བཞི་བ་ཡི་པགས་རུས་སྤུ། །རྨིག་པ་བསྲེགས་ལས་སྣག་ཆར་བྱས། ། ཤྭ་གནདའི?་ལྡེ་གུས་ནི། །སྦྲང་རྩི་སྦྱར་བས་བད་ཀན
་ཤས། །ཆེ་བའི་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། རྐང་བཞི་པའི་པགས་པ་ལ་སོགས་པ་བསྲེགས་ནས་སྣག་ཚ་རྟ་བུར་བྱས་པ་སྦྲང་རྩི་དང་བཅས་པའི་ལྡེ་གུ་ཟོས་ལ་བད་ཀན་ཤས་ཆེ་བའི་དབུགས་མི་བདེ་བ་སེལ་བར་བྱེད་དོ། །ཡང་ཨ་ཤྭར
་གནད་བསྲེགས་པའི་ལྡེ་གུ་སྦྲང་རྩི་དང་བཅས་པ་བྱིན་ན་ཡང་དེ་དང་འདྲའོ། །ཟུར་པ་མ་ནུ་སྐྱུ་རུ་ར་འམ། །མ་ནུ་པི་པི་ལིང་བཅས་ཕན། །ཞེས་བྱ་བ་ལ། ཟུར་པ་དང་མུ་དང་སྐྱུ་རུ་ར་སྦྲང་རྩི་དང་བཅས་པའི་ལྡེ་གུ་ཟོས་ན་ཡང་བད་ཀན་ཤས་ཆེ་བའི་དབུགས
་མི་བདེ་བ་སེལ་བར་བྱེད་དོ། །ཡང་ན་མ་ནུ་དང་པི་པི་ལིང་དུ་བཅས་པ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་དེ་དང་འདྲའོ། །ཡུག་རྣམ་པི་པི་ལིང་བཅས་པ་འམ། །ཀ་པེཏྟ་ཡི་ཁུ་བ་འམ། །ཞེས་བྱ་བ་ལ། ཡང་ན་རྩག་ཡུག་སྣམ་པི་པི་ལིང་དང་བཅས་པའི
་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ཟོས་པ་འམ། ཡང་ན་ཀ་པེཏྟའི་ཁུ་བ་སྦྲང་རྩི་དང་སྦྱར་བ་ཟོས་ན་ཡང་ཡོན་ཏན་དེ་དང་འདྲའོ། །པིལ་རྐང་ཁུ་བ་སྐྱུ་རུ་ར། །པི་པི་ལིང་དང་རྒྱམ་ཚྭར་སྦྱར། །ཞེས་བྱ་བ་ལ། ཡང་ན་པིལྦའི་རྐང་གི་ཁུ་བ་དང། །སྐྱུ་རུ་ར་དང།།
་པི་པི་ལིང་དང་རྒྱམ་ཚྭར་སྐྱང་བའི་ལྡེ་གུ་ཟོས་ན་ཡང་དེ་དང་འདྲའོ། །མར་དང་སྦྲང་རྩི་ཨ་རུ་ར་འམ། །ཚ་བ་གཉིས་དང་ཁ་རུ་ཚྭ་མར་ཞེས་བྱ་བ་ལ་།ཡང་ན་མར་དང་སྦྲང་རྩི་དང། ཨ་རུ་ར་དང་སྦྱར་བའི་ལྡེ་གུ་བཟའ་བ་འམ། ཡང་ན་ཚ་བ་སྟེ་པི་པི་ལིང
་དང་ན་ལེ་ཤམ་དང་ཁ་རུ་ཚྭ་མར་དང་སྦྲང་རྩིར་སྦྱར་བ་བཟའ་བར་བྱའོ། །རྒྱ་ཤུག་འབྲས་ཡོད་སྦྲང་རྩི་དང། །རྒུན་འབྲུམ་བ་པི་པི་ལིང་དོང་གྲ། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་ལ་སོགས་པ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བཟའ་བར་བྱའོ། བུ་རམ་རྒུན་འབྲུམ
་ཡུ་དར་སྣ། །པི་པི་ལིང་དང་ན་ལེ་ཤམ་ཏིལ་མར་དང་མི་སྦྱར་བ་ཕན་ནོ། །ཞེས་བྱ་བ་ལ། །ཡང་ན་བུ་རམ་ལ་སོགས་པ་དང་ཏིལ་མར་སྦྱར་བའི་ལྡེ་གུ་བཟའ་བར་བྱའོ། ལྡེ་གུ་སྨན་གྱི་ཕྱེ་མ་ཡང། །ཤ་ཁུ་ཆུ་དྲོན་ཚ་སོགས་བཏུང། །ཞེས་བྱ་བ་ལ། ལྡེ
་གུའི་དོན་དུ་སྨན་གང་དག་བཤང་པ་དེ་དག་གི་ཕྱེ་མ་དག་ཀྱང་ནང་དམིགས་ལས་སྤགས་ཏེ་ཤ་ཁུ་དང་ཆུ་དྲོན་དང་ཚད་དང་ཞོ་ཁ་ཆུ་དང་ར?་བ་དང། རང་སྐྱུར་ལ་སོགས་པ་གང་ཡང་རུང་བ་དང་སྤྱོས་ཏེ་བཏུང་བར
་བྱའོ། །ཇི་བནྟི་དང་གླ་སྒང་དང། །བྱིའུ་རུག་པ་ཤིང་ཚ་དང། །སུག་སྨེལ་གཉིས་དང་མ་ནུ་དང། །བཅའ་བ་ཏ་མ་ལི་ཀ་དང། ། ཀ་རུ་དང་བྲ་གའི་རྩ། །དོང་གྲ་དང་ནི་བ་ལ་ཀ་།ཟུར་བ་ཀརྐ་ཏ་སིང་གི་།ནག་གེ་སེར་པི་པི་ལིང། །ཙ་རོང་ཅི་རིགས
་སྦྱར་ནས་ནི། །ཕྱེ་མ་གཉིས་འགྱུར་ཁ་རར་བཅས། །རྩིབ་ལོགས་ན་རིམས་ལུད་པ་སེལ། །སྐྱིགས་བུ་དབུགས་མི་བདེ་འཇོམས་མཆོག། ཅེས་བྱ་བ་ལ། ཛི་བནྟི་ལ་སོགས་པའི་ཕྱེ་མ་དང་དེའི་ཉིས་འགྱུར་གྱི་ཁ་ར་དང་སྦྱར་བ་དག་ཀྱང་བཟའ་
་བ་དང། བཏུང་བ་དང་ལྡེ་གུ་ལ་སོགས་པའི་སྦྱོར་བ་བྱས་ན་རྩིབ་ལོགས་ལ་སོགས་པའི་ནད་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །དོང་གྲ་བུ་རམ་ཆ་བསྙམས་པ། །བཟའ་བ་འམ་སྣ་ནས་བཏད་སྨན་བྱ། །ཞེས་བྱ་བ་ལ། བུ་རམ་དང་དོང་གྲ
་ཆ་བསྙམས་པ་བཟའ་བ་འམ། །དེའི་ཁུ་བ་སྣ་ནས་བཏང་བར་བྱའོ། །ཡང་ན་སྒོག་སྐྱ་འམ་ཀུན་དོད་དམ། །གྲི་ཛ་ན་ཡི་རྩ་བས་བྱ། །ཞེས་བྱ་བ་ལ། སྒོག་སྐྱ་ལ་སོགས་པའི་རྩ་བའི་ཁུ་བ་ཡང་སྣ་སྨན་བྱའོ། །ཙན་དན་གྱི་ནི་ཁུ་བ་དང། །བུད་མེད་ནུ་ཞོ་སྣར
་བླུགས་བྱ། །ཞེས་བྱ་བ་ལ། ཡང་ན་ཙན་དན་གྱི་ཁུ་བ་དང་བུད་མེད་ཀྱི་ནུ་ཞོ་སྦྱར་བ་སྣང་བླུགས་པར་བྱའོ། །སྦྲང་མའི་རྟུག་པ་ནུ་ཞོར་སྦྱར། །རྒྱ་སྐེགས་ཁུ་བ་དང་སྦྱར་བླུགས། །ཞེས་བྱ་བ་ལ། སྦྲང་མའི་རྟུག་པ་བུད་མེད་ཀྱི་ནུ་ཞོ་དང
་སྦྱར་ཏེ་སྣར་བླུགས་པར་བྱ་འམ། །ཡང་ན་རྒྱ་སྐྱེགས་ཀྱི་ཁུ་བ་དང་སྦྱར་བའི་སྨན་སྣ་ནས་བླུགས་ན་ཡང་ཕན་ནོ། །རྒྱམ་ཚྭ་ཞུན་མར་དང་བཅས་པ། །ནུ་ཞོ་མར་དང་བསྐོལ་བ་འམ། །མངར་བའི་སྨན་དང་ལྡེ་གུར་བྱས། །དེ་བཏུང་བ་འམ་སྣ་ནས
་བཏང། །ཞེས་བྱ་བ་ལ། ཡང་རྒྱམ་ཚྭ་དང་ཞུན་མར་དངས་མ་དང་བཅས་པ་བུད་མེད་ཀྱི་ནུ་ཞོ་དང་བསྐོལ་བའི་སྨན་བཏུང་བ་འམ། སྣ་ནས་བཏང་བ་འམ། སྨན་མངར་བའི་སྡེ་ཚན་རྒུན་འབྲུམ་ལ་སོགས་པ་དང་ལྡེ་གུར་བྱས་པའི་མར་དང་རྒྱམ་ཚྭ་བཏུང་བ་འམ
་སྣ་ནས་བཏད་པར་བྱའོ། །ཁ་ར་སྦྲང་རྩིར་བཅས་པ་ནི། །གྲང་དྲོ་རིམ་གྱིས་བླུགས་པ་འམ། དེ་བཞིན་འོ་མ་བསྐོལ་བ་ནི། །སྨན་གྱི་ཕྱེད་ཀྱི་མར་སྦྱར་བླུགས། །ཞེས་བྱ་བ་ལ། ཁ་ར་དང་སྦྲང་རྩིར་བཅས་པའི་སྨན་གྲང་དྲོ་རིམ་གྱིས་གཞུག་ཅིང
་བསྟེན་པ་འམ། །ཡང་ན་དེ་བཞིན་དུ་འོ་མ་བསྐོལ་བའི་སྨན་གྱི་ཕྱེ་མར་སྦྱར་བ་ལས་བཙིང་བའི་ཁུ་བ་བླུགས་ན་ཡང་ཕན་ནོ། །པི་པི་ལིང་དང་ཁ་རུ་ཚྭ། །ཡ་བཀྵ་ར་སླེ་ཏྲེས་དང། །ཤིང་ཀུན་ཙོ་ར་བྱེའུ་རུག་པ། །མར་དང་ཞོ་ཁ་ཆུར་སྦྱར
་ཅིང། །རྩ་བཅུའི་ཁུ་པར་བསྐོལ་བར་བླུད། །ཅེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང། བསྐོལ་བའི་མར་ལ་སོགས་པ་འཐུང་ན་ཡང་ན་ཡང་སྐྱེགས་བུ་དང་དབུགས་མི་བདེ་བ་ལ་ཕན་ནོ། །ཡང་ན་འཚོ་བྱེད་བསྐོལ་བའི་ཁུ།།
་སྦྲང་རྩིར་བཅས་པ་བླུད་པར་བྱ། །ཞེས་བྱ་བ་ལ། འཆོ་བྱེད་ཀྱིས་སྨན་སྣ་བཅུ་དང་མར་དུ་བསྐོལ་བ་དང་སྦྲང་རྩིར་སྦྱར་བ་བླུད་ན་ཡང་དེ་དག་ལ་ཕན་ནོ། །ཏེ་ཛོ་བ་ཏི་ཨ་རུ་ར། །པི་པི་ལིང་དང་པུ་རྩེ་ཤེལ། །རུ་རྟ་མ་ནུ་ཤུ་ཏི་ཀ་།ཙི་ཏྲ་ཀ་དང
་པལཀྵ། །ཟུར་པ་ལན་ཚ་རྣམ་གཉིས་དང། །ཛི་བནྟི་དང་པིལྦའི་རྐང། །ཤུ་དག་བལ་བའི་འོ་མ་རྣམས། །དེ་དག་ཞོ་ནི་གཉིས་གཉིས་བསྐོལ། །ཤིང་ཀུན་ཞོ་ཕྱེད་མར་བྲེ་གང། །བསྐོལ་བ་དེ་ནི་འཐུངས་གྱུར་ན། །རྐང་ལག་ལ་ནི
་ཞེན་པའི་རླུང། །གཞང་འབྲུམ་དག་ནི་ཕོ་བའི་ནད། །སྐྱིགས་བུ་སྙིང་ནད་རྩིབ་ལོགས་ཟུག་།མྱུར་དུ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཏེ་ཛོ་བ་ཏི་ལ་སོགས་པའི་ལྡེ་གུ་གཉིས་གཉིས་དང། །ཤིང་ཀུན་ཞོ་ཕྱེད་དེ་མ་ཤ་དྲུག་དང་མར་བྲེ་གང་བསྐོལ
་ལ་མར་དེ་འཐུངས་ན་རྐང་ལག་ལ་ཞེན་བའི་རླུང་ལ་སོགས་པ་མྱུར་དུ་སེལ་བར་བྱེད་དོ། །ཏེ་ཛེ་བ་ཏི་ནི་ཞེས་བྱ་བ་སྨན་གཟི་ཅན་ནོ། །པུ་ཙོ་ཤེས་ནི་ཀ་ཏུ་ཀ་རོ་ཧི་ནིའོ། །ལན་ཚ་གཉིས་ནི་ལྕེ་མྱང་ཆེ་དང་ཁ་རུ་ཚའོ། །བིལྦའི་རྐང
་ནི་བིལ་མཉྫའོ། །ཞུན་མར་ཆ་ཕྱེད་བཅས་པ་ཡི། །ཡ་བཀྵ་ར་རྒྱམ་ཚྭ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཞུན་མར་གྱི་ཆ་ཕྱེད་ཀྱི་ཡ་བཀྵ་ར་སྦྱར་བ་བླུད་པར་བྱ་བ་འམ། ཡང་ན་མར་ཆ་ཕྱེད་རྒྱམ་ཚྭ་དང་སྦྱར་བ་བླུད་ན་ཡང་དེ་དག་མྱུར་དུ་སེལ་ཏོ། །ཐང
་ལ་བར་གྱི་འམ་དུག་གི་མར་།ཞོ་ཅན་ཧ་པུ་ཤའི་མར་བླུད། ཅེས་བྱ་བ་ལ། དྲང་སྲོང་ཐང་ལ་བར་གྱི་བཤད་པའི་སྨན་མར་གཅིན་ནད་གསོ་བའི་སྐབས་སུ་བཤད་པ་དང། དུག་གི་སྨན་ཁྲག་མཁྲིས་ཀྱི་སྐབས་སུ་བཤད་པ་དང། ཞོ་ཅན་གྱི་སྨན
་མར་སྐྲན་གསོ་བའི་སྐབས་སུ་བཤད་པ་དང། ཧ་པུ་ཤ་ལ་སོགས་པའི་སྨན་མར་དེ་ཉིད་དུ་བཤད་པ་སྟེ་སྨན་མར་དེ་དག་བླུད་ན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཆུ་གྲང་བློ་བུར་བླུགས་པ་དང། སྔགས་དང་སྦུགས་དང་འཇིགས
་པ་དང། །དགའ་དང་ཕྲག་དོག་དབུགས་བསྡམས་དང། །གནོད་པའི་འབུ་ཡིས་སོས་བཏབ་དང། །ཞེས་བྱ་བ་ལ། ཡང་སྐྱིགས་བུའི་ནད་ལ་ཆུ་གྲང་གློ་བུར་དུ་འཕྲལ་ལ་བླུགས་པ་དང། དེ་བཞིན་དུ་སྔགས་ཤིང་སྐྲག་པར་བྱས་པ་དང། དེ་བཞིན
་དུ་ལུས་དཀྲུགས་པ་དང། འཇིགས་པས་ཏེ་སེམས་ཞུམ་བག་ཏུ་གྱུར་པ་ངོ་ཚ་བའི་བག་ལ་བརྟེན་པ་ལྟ་བུ་དང། །དགའ་བ་སྟེ་སེམས་དགའ་ཞིང་སྤྲོ་བའི་ཞང་འབྱུང་བ་དང། ཕྲག་དོག་སྟེ་གཞན་གྱི་ཡོན་ཏན་ལ་ནི་མི་བཟང་བ་དང་དབུགས
་བསྡམས་པ་སྟེ། ཁ་དང་སྣ་ནས་འབྱུང་བའི་དབུགས་དགག་པ་དང། དེ་བཞིན་དུ་གནོད་པའི་འབུས་ལུས་ལ་ཚ་བ་བསྐྱེད་ཅིག་འཇིགས་པའི་ནུས་པའི་འབུས་ཡིས་སོས་བཏབ་པ་ཡང་སྐྱིགས་བུས་བཏབ་པ་ལ་ཕན་དེ་དེ་དག་གིས་ནི་རླུང
་གི་ཤུགས་འབྱུང་བའི་རྒྱུན་ལ་གགས་བྱས་པའི་ཕྱིར་རོ། །གང་ཡང་བད་ཀན་རླུང་འཇོམས་སྨན། །དྲོ་ཞིང་རླུང་ནི་བདེ་རྒྱུ་བསྟེན། །གང་ཡང་ཕལ་ཆེར་རླུང་གི་ནད། །ལྷག་པར་འཇོམས་པར་བྱེད་པར་སྤྱད། །ཅེས་བྱ་བ་ལ། །སྐྱེགས་བུ་དང་དབུགས
་མི་བདེ་བ་དག་ལ་གང་ཡང་བཟའ་བ་དང་བཏུང་བ་དང་སྨན་ལ་སོགས་པ་བད་ཀན་དང་རླུང་འཇོམས་པར་བྱེད་པ་བསྟེན་པ་དང་དེ་བཞིན་དུ་ཏྲོ་ཞིང་རླུང་བདེ་བར་རྒྱུ་བར་བྱེད་པ་གང་དག་ཡིན་པ་དེ་ཐམས་ཅད་བསྟེན་པར་བྱའོ། །དེ་ལས་ཀྱང་ཁྱད་པར་དུ
་རང་གི་ནད་ལྷག་པར་འཇོམས་ཤིང་སལ་བར་བྱེད་པའི་དངོས་པོ་དེ་བསྟེན་ཅིང་སྤྱད་པར་བྱའོ། །ཐམས་ཅད་ལ་ནི་བརྟ་སྤྱད་པས། །ཚ་བས་ཆུང་གསོ་བ་སླ་བ་ཡིན། །ལྷག་པར་ཉམས་སྨད་པ་ཡིས་ནི། །ཞི་བའི་ཐབས་སུ་འགྱུར་མ་ཡིན། །དེ་བས་ཞི
་བ་རྟ་བའི་ཐབས། །མང་པོ་དེ་ལ་སྤྱད་བར་བྱ། །ཞེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ་བ་ཐམས་ཅད་ལ་བརྟ་པའི་ཆོ་ག་བྱས་ན་ནད་ཚབས་ཆུང་བར་འགྱུར་ལ་།དེ་ནས་དེ་གསོ་སླ་བར་འགྱུར་ལ། །ལྷག་པར་ཉམས་སྨྲད་པ་ནི་དེ་ཞི་ཞིང་བསལ་བའི
་ཐབས་སུ་མི་འགྱུར་ཏེ་།ཉམས་སྨད་པར་བྱས་པས་དེ་གསོ་བ་དཀའ་བར་འགྱུར་རོ། །དེ་བས་ན་དེ་ཞི་བ་གང་བརྟ་བར་བྱ་བ་ཐབས་མང་པོ་གང་ཡོད་པ་དེ་ལ་སྤྱད་པས་གསོ་བར་བྱའོ། །ལུད་པ་དབུགས་མི་བདེ་གཟོད་སྨོན། །སྐྱིགས་བུའི་སྨན་ནི་ཕན
་ཚུན་འདྲེ། །ཞེས་བྱ་བ་ལ་།ལུད་པ་ལ་སོགས་པའི་སྨན་གྱི་ཕན་ཚུན་གཅིག་ལ་གཅིག་ཕན་ཞིང་འདྲེ་བ་ཡིན་པས་ལུད་པའི་སྐབས་སུ་བཤད་པའི་སྨན་གྱིས་དབུགས་མི་བདེ་བ་ལ་སོགས་པ་གསོར་མི་རུང་ལ། དབུགས་མི་བདེ་བ་བ་ལ་སོགས་པ་སྨན་གྱིས
་ནི་ལུད་པ་གསེར་རུང་བས་ན་དེའི་ཕྱིར་ཇི་སྐད་དུ་བཤད་པའི་སྨན་གྱིས་འདི་དག་ཐམས་ཅད་གསོ་ཞིང་བཙོས་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་
་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ཀྱི་ལེའུ་གཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅོད་ཆེན་པོ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བའི་འོག་ཏུ
་གཅོད་ཆེན་པོའི་གསོ་བའི་སྐབས་སུ་བརྩམས་པ་དགོས་པ་ནི་སྔར་ནད་བཞིའི་སྐབས་སུ་དགོས་པ་བཤད་པའི་རིམ་པས་འདིའི་གསོ་བ་བཤད་པའི་གོ་རིམ་ལ་བབ་པ་ཡིན་ནོ། །སྟོབས་ལྡན་ནད་ནི་མང་གྱུར་པ། །སྣུམ་ཆོས་དུགས་བྱས་སྤྱད་བ་ནི། །སྣུམ་མེད
་མ་ཡིན་ཉམས་སྨོད་མིན། །སྟེང་འོག་གི་ནི་སྤྱད་པ་བྱ། །ཞེས་བྱ་བ་ལ། གཅོད་ཆེན་པོ་ཟད་བྱེད་དང་ལྡན་པའི་ནད་པ་ཉམས་སྟོབས་ལྡན་ཞིང་ནད་པ་མང་པོས་ཁྱབ་པར་གྱུར་པ་སྣུམ་གྱི་ཆོ་ག་དང། དུགས་བྱས་ནས་སྤྱད་པ་ཞེས་བྱ་བ་སྐྱུགས་སྨན་དང་།བཀྲུ
་སྨན་བྱ་ལ་དེ་ཡང་སྣུམ་མེད་ཅིང་རྩུབ་ཆོས་སུ་ཡང་མི་བྱ་ལ་ཉམས་སྨོད་ཅིང་འབྲི་བར་ཡང་མི་འགྱུར་བ་དེ་ལྟ་བུའི་སྤྱད་བ་བྱའོ། །འོ་མ་པོ་སོན་ཆར་བཅས་པ་ཤས་བུ་མངར་པ་དང་ལྡན་པ་འམ། །ཞུན་མར་བཏབ་པའི་ནས་ཐུག་ནི། །སྐྱུགས་སྨན་བསྐོལ་བས
་སློན་དུ་གཞུག་།ཅེས་བྱ་བ་ལ། སྐྱུགས་སྨན་ནི་འོ་མ་དང་པོ་སོན་ཆར་སྦྱར་བས་ཟད་བྱེད་ཀྱི་ནད་ཀྱིས་བཏབ་པ་སློན་དུ་གཞུག་པ་འམ། །ཡང་ན་ངོ་མངར་བ་དང་སྦྱར་བའི་ཤ་ཁུ་དང་པོ་སོན་ཆར་སྦྱར་བས་སློན་དུ་གཞུག་པ་འམ། ཡང་ན་ཞུན་མར
་བཏབ་པའི་ནས་ཐུག་སྨན་པོ་སོན་ཆ་ལ་སོགས་པ་དང་སྦྱར་ཏེ། བསྐོལ་བ་བླུད་ལ་སློན་དུ་གཞུག་པར་བྱའོ། །ཤ་མ་དུར་བྱིད་དེད་གར་བཅས། །ཁ་ར་སྦྲང་རྩི་མར་དང་ནི། །བཅས་པའི་འོ་མ་འམ་སྒྱོ་མའི། །རྒུན་འབྲུམ་ཏད་བལ་བ་དི་རི། །ཡང་ན་ཤ་ཁུར
་ལྡན་པ་ཡིས། །བཀྲུ་སྨན་འཇམ་པོ་བཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་བཀྲུ་སྨན་སྣུམ་ཞིང་ཉམས་དམའ་བར་མི་བྱེད་པས་སྦྱར་བར་བྱ་སྟེ། །དེ་ཡང་བའམ་དུར་བྱིད་ལ་སོགས་པའི་ཁ་ར་དཀར་པོ་དང་སྦྱོར་བའི་བཀྲུ་སྨན་བཏང་བ་འམ།།
་ཡང་ན་འོ་མ་དང་སྦྱར་བ་འམ། ཡང་ན་སྐྱོ་མ་ཞེས་བྱ་བ་ཕྱེ་མར་གྱི་སྐྱོ་མ་དང་བཀྲུ་སྨན་དུ་སྦྱར་ཏེ་བཏང་བ་འམ། །ཡང་ན་རྒུན་ཆུ་ལ་སོགས་པ་སྨན་རེ་རེ་ཁུ་བ་དང་སྦྱར་ཏེ་བཀྲུ་སྨན་འཇམ་པོ་བཏང་བར་བྱའོ། །ལྟོ་སྦྱངས་པ་ལ་བརྟ་བ་དང། །དྲོད་བསྐྱེད
་ཆོ་ག་སྤྱད་པར་བྱ། །ཟས་སྐོམ་ཡ་གར་འོད་བླ་དང། རླུང་འཇོམས་བྱེད་ཅིང་ཡང་བ་སྦྱིན། །ཞེས་བྱ་བ་ལ། གཅོད་ཆེན་གྱི་ནད་པ་ལ་དེ་ལྟར་སླན་ནས་ཁྲུས་ཀྱིས་ལྟོ་སྦྱངས་པར་གྱུར་ནས་ཉམས་བརྟགས་པ་དང། དྲོད་སྐྱེད་པའི་ཆོ་ག་གང་དག་ཡིན་པ
་སྤྱད་པར་བྱ་ཞིང། དེ་བཞིན་དུ་ཟས་དང་སྐོ་གྱི་རྣམ་པ་ཡི་གར་འོད་ཞིང་སྙིང་དགའ་བར་བྱེད་ལ་སྲེད་པ་བསྐྱེད་པར་བྱེད་པ་དང། གཙོ་ཆེར་རླུང་འཇོམས་ཤིང་སེལ་བར་བྱེད་པའི་རང་བཞིན་ཅན་དང་ཡང་བ་སྟེ་རང་བཞིན་གྱིས་ཡང་བ་དང་གཡོས་སུ་བྱས
་པས་ཡང་བར་གྱུར་པ་གང་དག་ཡིན་པ་སྦྱིན་པར་བྱའོ། །སཱ་ལུ་དྲུག་ཅུ་པ་དང་གྲོ། །ནས་དང་མུངྒ་ལ་གཅིག་ལོན་ཞེས་བྱ་བ་ལ་འབྲས་སཱ་ལུ་རྩ་ནར་ལ་སོགས་པ་དང། འབྲས་དྲུག་ཅུ་པ་ལ་སོགས་པའི་འབྲུ་ལོ་གཅིག་ལོན་པ་ནི་གཅོད་ཆེན
་པོའི་ནད་ལ་ཕན་ནོ། །ར་ཡི་འོ་མ་མར་དང་ཤ། །ཤ་ཟའི་ཤ་ནི་ཟད་བྱེད་འཇོམས། །ཞེས་བྱ་བ་ལ། རའི་འོ་མ་ལ་སོགས་པ་དང་སྲོགས་ཆགས་ཤ་ཟ་བ་རྣམས་ཀྱི་ཤ་གང་དག་ཡིན་པ་ནི། ལྷག་པར་ཉམས་སྟོབས་བསྐྱེད་ཅིང་ཟད་བྱེད་འཇོམས
་པར་འགྱུར་རོ། །བྱ་རོག་འུབ་པ་སྤྱང་ཀི་གཟིག། བ་ལ་ཏ་དང་ནེའུ་ལེ་སྦྲུལ། །བྱ་རྒོད་རྔ་མོ་བོང་བུ་ཁྲའི། །ཤ་ནི་སྒྱུ་ཡིས་བྱིན་ན་ཕན། །ཞེས་བྱ་བ་ལ། བྱ་རོག་གི་ཤ་ལ་སོགས་པའི་སྒྱུ་ཐབས་ཀྱིས་གསངས་ཏེ་གཞན་གྱི་ཤང་བཙོས
་ནས་བྱིན་ན་ཡང། གཅོད་ཆེན་པོའི་ནད་ལ་ཕན་ཞིང་ནད་པ་ལ་ཆ་ཡོད་པ་མངོན་སུམ་དུ་མ་ཡིན་ནོ། །དེ་ཡང་དྲང་སྲོང་རྩ་ར་ཀས། །བྱ་རོག་ཤ་ནི་བསྲེགས་པར་བརྗོད། །སྦྲུལ་ཤ་ཉ་ཡི་ཤ་ཞེས་བརྗོད། །རྟ་བླ་བ་ནི་སྒྱུ་མའི་སྒྲས། །སྨན
་པ་མཁས་པས་སྦྱིན་པར་བྱ། །ཞེས་བཤད་པ་ཡིན་ནོ། །ཤེས་ན་དེ་ལ་སྨོད་པས་ན། །སློན་ཞིང་མདངས་དང་སྟོབས་མི་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་བྱ་རོགས་ལ་སོགས་པའི་ཤ་ནི་འཇིག་རྟེན
་ན་སྨད་པར་བྱ་བ་ཡིན་པས་ནད་པ་དེས་ཤེས་པར་གྱུར་ན་དེ་ལ་སྨོད་པའི་སེམས་སྐྱེ་བས་སླར་སློན་ཞིང་སྐྱུགས་པར་འགྱུར་བ་དང། །དེ་བཞིན་དུ་ལུས་ཀྱི་མདངས་དང་ཉམས་སྟོབས་དག་ཏུ་ཡང་འགྱུར་རོ། །བད་མཁྲིས་རི་དགས་ལ
་སོགས་ཤ། རླུང་ལ་མཐུ་རྩལ་གཟས་ཚོལ་ཤ། ཚིག་ཁུར་སྦྱར་ཞིང་ཕན་པ་དང། །ཤ་ཁུ་སོགས་པ་འང་སྦྱར་བར་བྱ། །ཡུངས་མར་དག་དང་བརྡོས་པ་འམ། །ཡང་ན་ཅི་རིགས་མར་དང་བརྡོ། །ཁུ་བར་ལྡན་ཞིང་མཉེན་ལ་སྣུམ། །
་སྤོད་ལ་སོགས་དང་ལེགས་གཡོས་སྦྱིན། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ལས་གྱུར་པ་ལས་གཅོད་ཆེན་པོ་ལ་ནི་རི་དགས་ལ་སོགས་པའི་ཤ་སྟེ་ཕག་རྒོད་ལ་སོགས་པའི་རིགས་ཆེན་པོ་དང། །ཁྲོན་གྱི་རྐོ་བ་དང། །མཆུས་གཟན
་ཆོལ་བའི་སྡེ་ཚན་གྱི་ཤ་བརྡུངས་ཤིང་བཏགས་པའི་ཤ་ཁུ་བླུད་ན་ཕན་ནོ། །རླུང་ལས་གྱུར་པ་ལ་ནི་མཐུ་རྩལ་གྱིས་གཟས་ཚོལ་བ་སྟག་ལ་སོགས་པའི་ཤ་དང་ཆུ་ན་གནས་པའི་སྲོག་ཆགས་ཀྱི་ཤ་བརྡུངས་པ་ལས་ཤ་ཁུར་བྱའོ། །དེ་བཞིན
་དུ་ཤ་ཁུ་དང་ཐུག་པ་ལ་སོགས་པ་དང་ཚོད་མ་སྣ་ཚོགས་པ་ལ་སོགས་པ་ལ་མང་དེ་དག་སྦྱར་ཞིང་གཡོས་སུ་བྱས་པ་འམ། ཡུད་མ་དང་བརྡོས་ཤིང་གཡོས་པ་འམ། །ཡང་ན་ཡང་དང་བརྡོས་པ་དག་ཅི་རིགས་པར་རླུང་དང་བད་ཀན་དང་མཁྲིས་པ
་ལ་སྦྱིན་པར་བྱ་བ་དེ་ཡང་ཁུ་བ་དང་ལྡན་ཞིང་ཞིམ་པ་དང། མཉེན་ཅིང་ཚ་བ་ཆུང་ངུ་བསྐོལ་བ་དང། །སྣུམ་ཞིང་རྩུབ་བག་མེད་པ་དང། །སྤོང་དེ་སྒེའུ་གཤེར་དང་བཅའ་སྒ་དང། སེའུ་འབྲུ་ལ་སོགས་པའི་སྤོང་དང། ལེགས་པར་གཡོས
་པ་སྦྱིན་པར་བྱའོ། །དེ་བཞིན་ལ་ཕུག་རྒྱ་སྲན་ལས། གཡོས་པའི་ཡུ་ཤར་སྦྱར་བར་བྱ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུལ་ཕུག་རྒྱ། སྲན་ལ་སོགས་པ་ཁུ་བ་ན་ལེ་ཤམ་ལ་སོགས་པའི་སྤོང་དང་སྦྱར་ཞིང་སྣུམ་པའི་ཡུ་ཤར་སྦྱར་བ་ཡང་གཅོད་ཆེན་པོའི
་ནད་གྱིས་བཏབ་པ་ལ་ཕན་ནོ། །པི་པི་ལིང་བཅས་ནས་དང་བཅས། །རྒྱ་སྲན་བཅས་ཤིང་དོང་གྲར་བཅས། །སེའུ་འབྲུ་སྐྱུ་རུ་ར་དང་བཅས། །ར་ཤའི་ཁུ་བ་སྣུམ་ཅན་བླུད། །དེས་ནི་ཆམ་པ་ལ་སོགས་པ། གནོད་པ་དྲུག་ནི་སེལ་བར་འགྱུར།།
་ཞེས་བྱ་བ་ལ། ར་ཤའི་ཁུ་བ་པི་པི་ལིང་དང་བཅས་ཤིང་དེ་དག་གཡོས་པ་དང། །ནས་དང་རྒྱ་སྲན་དང་དོང་གྲའི་ཁུ་བ་དང་བཅས་པ་དང། སེའུ་འབྲུ་དང། སྐྱུ་རུ་ར་དང་མར་ལ་སོགས་པའི་སྣུམ་དང་གཡོས་པ་གང་ཡིན་པ་བླུད་པར་བྱ་སྟེ། དེ
་ལྟ་བུའི་ར་ཤའི་ཁུ་བ་དེས་ནི་ཆམ་པ་ལ་སོགས་པའི་གནང་པ་སེལ་བར་འགྱུར་ཏེ། །ཆམ་པ་ལུད་པ་དབུགས་མི་བདེ། །མགོ་ནད་སྐད་འགགས་མ་ཞུང་བཅས། །ཞེས་བྱ་བའི་གཞུང་གིས་བསྟན་པའི་ནད་འཇོམས་པ་ཡིན་ནོ། །མཁྲིས་པ
་ལ་སོགས་ཁྱད་པར་དུ། །ཆད་རྙིང་རྩ་སྤུགས་སྦྱད་བྱེད་པ། །དོམས་པ་ཉིད་དུ་བླུད་པར་བྱ། །རྒུན་ཆང་ཆང་རྙིང་ཆང་དང་ས་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལ་སོགས་པ་ལས་གྱུར་པའི་ཟད་བྱེད་ཀྱི་ནང་ལ་ཁྱད་པར་དུ་ཡང་ཆང་ཤིན་ཏུ
་རྙིང་པར་གྱུར་ཅིང་རྩ་སྤུབས་ཀྱི་བུ་ག་སྤྱོད་བར་བྱེད་ཅིང་དོམས་པ་ཉིད་དུ་བླུད་པར་བྱ་ལ། དེ་ལས་ཀྱང་ཁྱད་པར་དུ་མཁྲིས་པ་ལ་སོགས་པ་ལ་རྒུན་ཆང་དང། ཆང་རྙིང་དང། ཆན་དངས་མ་བླུད་པར་བྱའོ། །རྩ་བ་ཆུང་ངུ་ལྔ། སྐོལ་བ་འམ། །ཏ་མ་ལ
་ཚུར?་བསྐོལ་བ་འམ། །པརྞི་བཞི་དང་བསྐོལ་བ་འམ། །འོ་སུ་བཅའ་སྒ་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ན་རྩ་བ་ཆུང་ངུ་ལྔ་དང་བསྐོལ་བའི་ཆུ་བླུད་པར་བྱ་བ་འམ། ཏ་མ་ལ་ཀ་དང་ཆུ་བསྐོལ་བ་འམ། མཱ་ཤ་པརྞི་ལ་སོགས་པར་ནི་བཞི
་བསྐོལ་བའམ། །འོ་སུ་དང་བཅའ་སྒ་འང་བསྐོལ་བའི་ཆུ་བླུད་པར་བྱའོ། །དེ་དང་ཁ་ཟས་གཙང་མ་དག། འབད་པས་བཙོས་པ་རྗེས་མཐུན་ཡིན། །ཞེས་བྱ་བ་ལ། རྩ་བ་ལྔའི་ཆུ་ལ་སོགས་པ་དེ་དང་ཁ་ཟས
་གཙང་ཞིང་སྨེ་བག་མེད་པ་འབད་པས་བཙོས་ན་ཡང་རྗེས་སུ་མཐུན་ཞིང་ཕན་པ་ཡིན་ནོ། །རྩ་བ་བཅུ་དང་འོ་མ་འམ། །ཤ་ཁུའི་ནང་དུ་བཙོ་བར་བྱ། །བ་ལ་བཏབ་པའི་མར་སྦྱར་བ་འམ། །ཤ་ཟའི་ཤ་ཁུར་བཙོས་པ་བྱིན། །ཞེས་བྱ་བ་ལ། རྩ
་བ་བཅུ་དང་འོ་མ་འམ། ཤ་ཁུ་བཙོས་ལ་སྨན་པ་ལའི་ལྡེ་གུ་བཏུབ་པའི་སྨན་མར་སྦྱར་ཏེ་སྦྱིན་པ་འམ། ཤ་ཟ་བའི་ཤ་ཁུ་དང་བཙོས་པ་སྦྱིན་པར་བྱའོ། །འོ་མ་བཅུ་གྱུར་དག་དང་ནི། །མར་བསྐོལ་སྦྲང་རྩི་བཅས་པ་འང་ཕན། །ཞེས་བྱ་བ
་ལ། ཡང་ན་འོ་མ་བཅུ་གྱུར་དང་མར་བསྐོལ་བར་བ་ལ་སྦྲང་རྩི་དང་སྦྱར་བའི་སྨན་མར་སྦྱིན་ན་ཡང་ཕན་ནོ། །ཛི་བནྟི་དང་ཤིང་མངར་དང། །རྒུན་འབྲུམ་དུག་མ་ཉུང་འབྲས་བུ། །མ་ནུ་ཟུར་བ་པི་པི་ལིང། །བྱ་གྲི་གཟི་མ་པ་ལ་དང། ཏ་མ་ལ་ཀི
་ཨུཏ་པལ་སྔོ། །ཁྱིམ་ལྕེ་བ་དང་བི་ཚེར་བ། །ལྡེ་གུར་བྱས་དང་མར་བསྐོལ་བ། །གཅོད་ཆེན་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། ཛི་བནྟི་ལ་སོགས་པའི་སྨན་མར་གྱི་བཞི་ཆའི་ལྡེ་གུར་བྱས་པ་དང། ཆུ་མར་གྱི་བཞི་འགྱུར
་བསྲེས་པ་དང། །མར་བསྐོལ་བའི་སྨན་མར་ཡང་གཅོད་ཆེན་པོའི་ནད་རྒྱལ་བའི་ནད་ཅེས་བྱ་བ་སེལ་ཅིང་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །འབྲ་གོ་རྡུན་འབྲུམ་མ་དུ་ཀ་།པ་རུ་ཤ་དང་པི་པི་ལིང། །མར་དང་བསྐོལ་བས་སྐར
་འགགས་དང། །ལུད་པ་དབུགས་མི་བདེ་རིམས་འཇོམས། །ཞེས་བྱ་བ་ལ། འབྲ་གོ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་ཆོ་ག་བཞིན་དུ་བསྐོལ་བའི་སྨན་མར་གྱིས་ཀྱང་སྐད་འགགས་པ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །ཙ
་བཅུ་འོ་མར་བསྐོལ་བ་ལས། བྱུང་བའི་མར་སར་གང་ཡིན་དེ། །པི་པི་ལིང་དང་སྦྲང་རྩིར་བཅས། །སྐད་འགགས་སེལ་བའི་དམ་པ་ཡིན། །མགོ་བྲང་རྩིབ་ལོགས་གཟེར་འཇོམས་ཤིང། །ལུད་པ་དབུགས་མི་བདེ་རིམས་སེ། །ཞེས་བྱ་བ
་ལ། །རྩ་བ་བཅུ་ནི་རྩ་བ་ལྔ་ཆེ་ཆུང་གཉིས་བསྡོམས་པ་སྟེ་དང་བསྐོལ་བའི་འོ་མ་བསྲུབས་པ་ལས་མར་གསར་བྱུང་བ་དེ་པི་པི་ལིང་དང་སྦྲང་བརྩིབ་དང་བཅས་པ་ཟོས་ན་སྐད་འགགས་པ་སེལ་ཅིག་འཇོམས་པའི་དམ་པ་ཡིན་ནོ། །དེ་བཞིན
་དུ་མགོ་དང་བྲང་ལ་སོགས་པའི་ནད་ཀྱང་སེལ་བར་བྱེད་པ་ཡིན་ནོ། །རྩ་བ་ལྔ་པ་ལྔར་བསྐོལ་བའི། །འོ་མ་ལས་བྱུང་མར་གང་ཡིན། །རྩ་བ་ལྔ་པ་ལྔ་ཡིས་ནི། །ཁུ་བ་འོ་མའི་བཞི་འགྱུར་ལ། །བསྐོལ་བ་ཡིས་ནི་མར་འདི་ཡིས། །
་ཟད་བྱེད་ཀྱི་ནི་སྟོབས་བདུན་འཇོམས། །ཞེས་བྱ་བ་ལ། རྩ་བ་ལྔ་ལྔ་བསྐོལ་བའི་འོ་མ་ལས་བྱུང་བའི་མར་གང་ཡིན་པ་དེ་རྩ་བ་ལྔ་པ་ལྔ་བའི་ཁུ་བ་འོ་མའི་བཞི་འགྱུར་གྱི་ནད་དུ་བསྐོལ་བའི་མར་འདི་ནི་ཟད་བྱེད་ཀྱི་སྟོབས་ཆམ་པ་ལ་སོགས་པ
་བདུན་འཇོམས་པར་བྱེད་དོ། །ཡང་ན་གྲེ་བར་དུང་པས་གདུལ་བ་སྙམ་སེམས་པ་ལ་སོགས་པ་ནད་ཀྱི་བླ་གཉན་བདུན་འཇོམས་པར་བྱེད་དོ། ཡ་བཀྵ་ར་ཚ་བ་ལྔ། །སྲང་དྲུག་དང་ནི་བཙོས་པའི་མར། །བྲེ་གང་འོ་མ་ཆ་མཉམ་བྱས། །
་དེ་ཡིས་བུ་ག་དག་བྱེད་ཅིང། །སྐྲན་དང་རྨུ་རྫིང་མཆེར་པ་དང། །ཕོ་ནད་སྐྱ་བབ་ཆམ་པ་ལང། །ལུད་པ་དབུགས་མི་བདེ་དྲོད་ཉམས། །སྐྲངས་དང་སྟོད་ཀྱི་རླུང་ནད་འཇོམས། །ཞེས་བྱ་བ་ལ། ཡ་བཀྵ་ར་དང་ཚ་བ་ལྔ་སྟེ་པི་པི་ལིང་དང་པི་པི་ལིང་གི་རྩ
་བ་དང། དཔྱི་མོ་དང་བཅའ་སྒ་དང། ཀྲུ་དྲུག་ཏྲེས་ཏེ་ལྔ་པོ་སྲང་དྲུག་ལྡེ་གུར་བྱས་པ་དང། །འོ་མ་བྲེ་གང་དང་ཆུ་བྲེ་གསུམ་དང་མར་བྲེ་གང་བསྐོལ་བ་དེས་ནི་བུ་གའི་རྒྱུན་སྤང་དག་པར་བྱེད་ཅིང་སྐྲན་ལ་སོགས་པའི་ནད་འཇོམས་པར་བྱེད་པ
་ཡིན་ནོ། །ར་སྣ་བ་ལ་གཟེ་མ་དང། །སྠིར་བརཤ་བུའི་ཆུར། །ཛི་བནྟ་དང་པི་པི་ལིང། །འོ་བཅས་གཅོད་ཆེན་འཇོམས་པའི་མཆོག་།ཅེས་བྱ་བ་ལ། ར་སྣ་ལ་སོགས་པའི་སྨན་བསྐོལ་བའི་ཆུ་མར་གྱི་བཞི
་འགྱུར་དང། མར་དང་འོ་མ་ཆ་མཉམ་པར་བསྐོལ་པ་ཛི་བནྟི་དང། པི་པི་ལིང་བཏབ་པའི་སྨན་མར་ནི་གཅོད་ཆེན་པོ་ཟད་བྱེད་ཅེས་བྱ་བ་འཇོམས་པའི་མཆོག་ཡིན་ནོ། ། ཤྭ་གནད་འོ་མར་བསྐོལ། །ལས་བྱུང་མར་འོ་ཁ་རར་བཅས།།
་ཞེས་བྱ་བ་ལ། ཨ་ཤྭ་གནད་བསྐོལ་བའི་འོ་མ་བསྲུབས་པ་ལས་བྱུང་བའི་འོ་མ་དང་ཁ་ར་ར་བཅས་པ་བླུད་ན་ཟད་བྱེད་ཀྱི་ནད་སེལ་བར་བྱེད་དོ། །སྤྱི་ཡི་ཤ་ནི་སྲང་བརྒྱ་དག་།ཆུ་བྲེ་སུམ་ཅུ་གཉིས་ནད་བསྐོལ། །དེ་ནི་བརྒྱད་ཆ་ལུས་པ
་རུ། །འཚོ་བྱེད་བཅུ་ནི་སྲད་རར་གཞུག་།ཞུན་མར་བྲེ་གང་བཅས་བསྐོལ་པ། །ཤ་ཡི་སྨན་མར་ནི་བླུད་པ་འམ། །ཤ་ཁུ་དང་སྦྱར་ཅི་རིགས་པར། །རླུང་དང་མ་བྲིས་པ་ལས་གྱུར་ནང། །ལུད་པ་དབུགས་མི་བདེ་སྐད་འགགས། །སྐམ
་ཞིང་རྩིབ་ལོགས་ཟུག་པ་འཇོམས། །ཞེས་བྱ་བ་ལ། སྤྱིའི་ཤ་ཁུ་ན་གནས་པ་དང་མཐུ་རྩལ་གྱིས་གཟས་ཚོལ་བ་ལ་སོགས་པའི་སྲོག་ཆགས་གང་ཡང་རུང་བའི་ཤ་སྲང་བརྒྱ་རང་ཆུ་བྲེ་སུམ་ཅུ་རྩ་གཉིས་ཞེས་པ་ཆུ་སྲང་སྟོང་ཉི་ཤུ་རྩ
་གཉིས་ཀྱི་ནད་དུ་བསྐུར་བ་པའི་ཤ་ཁུ་བརྒྱ་ཆ་ལུས་པའི་ནང་དུ་མར་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ་འཚོ་བྱེད་བཅུ་པོ་སྟེ་ཛི་བནྟི་དང་ར་མ་ཉ་བ་ལ་སོགས་པ་སྲང་བའི་ཆད་དུ་བྱས་པ་དང་ལྡེ་གུ་སྦྱར་བ་བཅུག་སྟེ་བསྐོལ་ལ་ཤའི
་སྨན་མར་དེ་འབའ་ཞིག་བླུད་པ་དང། ཤ་ཁུ་དང་སྦྱར་ཏེ་བྱིན་ན་རླུང་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །སུག་སྨེལ་ཏིང་མུ་ས་འབྲས་གསུམ། །ས་ནག་ཚ་བ་གསུམ་ཙིཏྲ། །ས་ར་ནིམྦ་སད་ལྡང་དང། །ས་ལའི་འབྲས་ཨུ་ལས
་བྱུང་དང། །གོ་བྱེད་དང་ནི་བྱི་དང་ག་།སྲང་ནི་བརྒྱད་བརྒྱད་ཚད་དུ་བྱས། །ཆུ་ནི་བཅུ་དྲུག་འགྱུར་བྱས་པར། །བཅུ་དྲུག་ཆར་གནས་བར་དུ་བསྐོལ། །སླར་ཡང་དེ་དང་མར་བྲེ་གང། །བསྐོལ་བ་འདི་ནི་ཅུ་གང་ལ། །སྲང་དྲུག་རབ་ར་སྲང
་གསུམ་བཅུག་།སྦྲང་རྩི་སྲད་ནི་བཅུ་དྲུག་གཞུག་།དྲི་སྣ་གསུམ་ནི་སྲད་རེ་གཞུག་།གཟེར་དབུས་དཀྲུགས་ཏེ་ལྡེ་གུར་བྱས། །སྔ་དྲོ་ཟོས་ལ་འོ་མར་བཏུང། །བཅུད་ལེན་བསྡམས་པ་མེད་པ་ཡིན། །ཡིད་གཞུངས་མིག་རྣོ་ཚེ་རིང་ལ། །དྲོད
་བསྐྱེད་སྐྲན་དང་གཅོད་ཆེན་ནད། །སྐྱ་རྦབ་དང་ནི་མཚན་བར་རྡོལ། །མྱུར་དུ་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། སུག་སྨེ་ལ་སོགས་པའི་སྨན་བཅུ་དྲུག་སྲད་རེའི་ཚད་དུ་བྱས་པ་དང། །སྨན་སྦྱིར་བསྡོམས་པའི་བཅུ་དྲུག་འགྱུར་གྱི་ཆུ་དེ
་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ལ་བཅུ་དྲུག་ཆ་ལུས་ཀྱི་བར་དུ་ཆུ་བསྡུས་ནས་སྨན་ཁུ་དེ་དང་མར་བྲེ་གང་བསྐོལ་ལ་མང་ཚོས་པ་དེ་ཅུ་གང་སྲང་དྲུག་ཁ་ར་སྲང་སུམ་ཅུ་སྦྲང་རྩི་མར་གྱིས་ཉིས་བལྡབ་སྲ་སྲང་དྲུག་ཅུ་བཅུག་ལ། །དྲི་སྣ
་གསུམ་ཤིང་ཚ་དང་སུག་སྨེལ་དང་གནད་པ་ཏྲ་ཞེས་བྱ་བ་སྤྱིར་སྲང་སུམ་ཅུ་བཅུག་ལ་དེའི་འོག་ཏུ་ཆ་མཉམས་པར་འདྲེས་པར་བྱ་བའི་ཕྱིར་གཟར་བུས་བཀྲུགས་ལ་ལྡེ་གུར་བྱས་བ་དེ་ལས་ཅི་རན་ཙམ་ཞིག་སྔ་དྲོ་ཟོས་ལ་དེའི་རྗེས་ལ་འོ་མ་བཏུང
་བར་བྱ་སྟེ། བཅུད་ཀྱི་ལེན་དེ་ནི་སྤྱོད་ལམ་སྲུང་ཞིང་བསྡམ་མི་དགོས་པ་ཡིན་ལ་ཡིད་གཞུངས་པ་དང་དྲོད་བསྐྱེད་པའི་བར་དུ་བྱེད་ཅིང་སྐན་ལ་སོགས་པའི་ནད་རིང་པོ་མི་ཐོགས་པར་འཇོམས་པར་བྱེད་པ་ཡིན་ནོ། །གང་ཡང་ཞུན་མར་བུ་རམ
་བཅས། །གློ་རྡོལ་ལ་བཤད་ཟད་བྱེད་སྦྱར། །ཞེས་བྱ་བ་ལ། གང་ཞུན་མར་དང་བུ་རམ་དུ་བཅས་པའི་སྨན་གློ་རྡོལ་ཞིང་འགྲམས་པའི་སྐབས་སུ་བཤད་པ་གང་ཡིན་པ་དེ་ཟད་བྱེད་ཅེས་བྱ་བའི་གཅོད་ཆེན་པོའི་ནད་ལ་སྦྱར་ཞིང་??
་བར་བྱའོ། །ཤིང་ཚ་སུག་སྨེལ་པི་པི་ལིང། །ཅུ་གང་ཁ་ར་རིམས་གཉིས་འགྱུར། །ཕྱེ་མར་བྱས་བཟའ་འམ་སྦྲང་རྩི་དང། །མར་དང་སྦྱར་ཏེ་ལྡེ་གུ་ཟོས། །སྐད་འགགས་ལུད་པ་དབུགས་མི་བདེ། །ཟད་བྱེད་རྩི་བ
་ལོགས་བད་ཀན་འཇོམས། །ཞེས་བྱ་བ་ལ། སུག་སྨེལ་ཤིང་ཚ་ཉིས་འགྱུར་སུག་སྨེལ་གྱི་པི་པི་ལིང། །པི་པི་ལིང་གི་ཉིས་འགྱུར་གྱི་ཅུ་གང། ཅུ་གང་གི་ཉིས་གྱུར་གྱི་ཁ་ར་སྟེ་ཤིང་ཚ་ཞོ་གཉིས་སུ་སྨེལ་ཞོ་བཞི་པི་པི་ལིང་ཞོ་བརྒྱད
་ཅུ་གང་ཞོ་དྲུག་ཁ་ར་ཞོ་སུམ་ཅུ་རྩ་གཉིས་ཏེ་དེ་དག་ཕྱེ་མར་བྱས་ལ་བཟའ་བ་འམ། སྦྲང་རྩི་དང་མར་དང་སྦྱར་ཏེ། ལྡེ་གུར་བྱས་ནས་ཟོས་ན། སྐད་འགགས་པ་དང་ལུད་པའི་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །འདི་ཡིས
་སྐད་འགགས་ལ་ཁྱད་འཕགས། སྣ་སྨན་དུད་པ་བརྡུབ་སོགས་བྱ། ཞེས་བྱ་བ་ལ། གཅོད་ཆེན་པོ་གསོ་བའི་སྐབས་སུ་གསོ་བ་གང་དག་བཤད་པ་དེ་ནད་ཀྱིས་ཕྱོགས་གཅིག་པའི་གསོ་བ་ཡིན་དུ་ཟིན་ཀྱང། སྤྱིར་གསོ་བར་སྒྲེལ་རུང
་མོད་ཀྱི་དེ་ལས་ཀྱང་ཁྱད་པར་དུ་གཅོད་ཆེན་པོ་འདིའི་སྐད་འགགས་པ་ལ་དུད་པ་བརྡུབ་པ་ལ་སོགས་པར་སྦྱར་བར་བྱའོ། །དེ་ལས་རླུང་ལས་གྱུར་པ་ལས། ཀ་ས་མརྡ་བརྡ་ཀ་།བྲིངྒ་ར་ཛའི་ཁུ་བ་མར། །བསྐོལ་བ་འམ་ཨརྡ་ག་ལ
་བསྐོལ། །དྲོ་འཇམ་ཟོས་རྗེས་ལ་བླུད་ན། །ལུད་པ་ལུ་དང་སྐད་འགགས་སེལ། །ཞེས་བྱ་བ་ལ། གཅོད་ཆེན་པོ་ལས་གྱུར་པའི་སྐད་འགགས་པ་རླུང་ལས་གྱུར་པ་ལ་ནི་ཀ་ས་མརྡ་ལས་པའི་ཁུ་བ་དྲོ་འཇམ་ཙམ་དུ་བྱས་པ་ཟས
་ཟོས་པའི་རྗེས་ལ་བླུད་ན་ཡང་ལུད་པ་ལུ་བ་དང་སྐད་འགགས་པ་སེལ་བར་འགྱུར་རོ། །ཡང་ན་ཨརྒ་ག་ལ་ཞེས་བྱ་བ་མིང་གི་རྣམ་གྲངས་རུ་ཙ་ཀ་ར་ཞེས་བྱ་བ་དང་བསྐོལ་བའི་མར་བླུད་ན་ཡང་ལུད་པ་ལུ་བ་དང་སྐད་འགགས
་བ་སེལ་བར་འགྱུར་རོ། །རྒྱ་ཤུག་གི་འོ་མའི་ལྡེ་གུ་ནི། །མར་བརྡོས་རྒྱམ་ཚར་བཅས་པ་འམ། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་གི་ལོ་མ་ལྡེ་གུར་བྱས་པ་རྒྱམ་ཚྭ་དང་སྦྱར་བ་དེ་ཟས་ཟོས་པའི་རྗེས་ལ་སྦྱར་བར་བྱའོ། །ཤིང་མངར་དང
་ནི་པི་པི་ལིང། །པི་དང་ཀ་དང་རྒུན་འགྲུ་དང། །ཧན་ས་པར་ནའི་རྩ་བ་རྣམས། །ཏིལ་མར་བསྐོལ་ལ་སྣར་བླུགས་བྱ། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་ལྡེ་གུར་བཏགས་པ་ཏིལ་བསྐོལ་ཏེ་བཙགས་པ་སྣར་བླུག་པར
་བྱའོ། །འབྲས་ཙན་མར་དང་བུ་རམ་བཅས། །ཟོས་ལ་དེ་རྗེས་ཆུ་ཚན་བསྐོལ། །འོ་ཐུག་སྣུམ་ཅན་བླུད་བ་དང། །སྣུམ་གྱི་དུགས་ཀྱི་ཆོ་ག་སྤྱད། །ཅེས་བྱ་བ་ལ། །བུ་རམ་དང་ཆང་དང་བཅས་པའི་འབྲས་ཅན་ཐོས་ལ་དེའི་རྗེས་ལ་ཆུ་བསྐོལ
་བ་དྲོ་འཇམ་ཙམ་བཏུང་བར་བྱའོ། །དེ་བཞིན་དུ་འོ་ཐུག་ལ་མར་བཏབ་པ་ཡང་བླུད་པར་བྱ་བ་དང་དེ་སྣུམ་གྱི་དུགས་དག་ཀྱང་རླུང་ལས་གྱུར་པའི། །སྐད་འགགས་པ་ལ་སྦྱར་བར་བྱའོ། །མཁྲིས་པ་ལས་གྱུར་འོ་མའི་ཤིང། །ལྡེ་གུ
་བསྐོལ་བ་ཞུན་མར་ནི། །སྦྲང་རྩི་བཅས་པ་དེར་རྗེས་ནི། །འོ་མ་བསྐོལ་ཏེ་བསྒྲངས་པ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་ལ་ནི་ཤིང་འོ་མ་ཅན་གྱི་ལྡེ་གུ་དང་བསྐོལ་བའི་ཞུན་མར་སྦྲང་རྩི་དང་བཅས་པ་བླུད
་ལ། །དེའི་རྗེས་ལ་འོ་མ་བསྐོལ་ཏེ་བསྒྲངས་པ་བླུད་པར་བྱའོ། །ཤིང་མངར་མ་དུ་ཀྵི་འཐུག་།ཞུན་མར་བཅས་པ་བླུད་པ་འམ། །ཞེས་བྱ་བ་ལ། །ཡང་མཁྲིས་པ་ལས་གྱུར་པའི་སྐད
་འགགས་པ་ལ། །ཤིང་མངར་དང་མ་དུ་ཀའི་ཁུ་བ་དང་བཅས་པར་བསྐོལ་བ་འོ་ཐུག་ལ་ཞུན་མར་བཏབ་པ་བྱིན་ན་ཡིན་ན་ཡང་ཕན་ནོ། །བ་ལ་དྲི་བཟང་བི་ད་རི། །ཤིང་མངར་ཀྵི་ད་བ་ད་རི། རྒྱམ་ཚྭར་བཅས་པ་བསྐོལ་བའི་མར། སྐད
་འགགས་སྣ་སྨན་བླ་མེད་ཡིན། །ཞེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་ལ་བ་ལ་ལ་སོགས་པའི་པི་ད་རི་རྣམ་པ་གཉིས་དང། ཤིང་མངར་སྨན་གྱི་ཁུ་བ་དང་རྒྱམ་ཚྭ
་དང་བཅས་པ་བསྐོལ་བའི་མར་སྣ་ནས་བཏང་བ་ནི་སྣ་སྨན་བླ་ན་མེད་པ་ཡིན་ནོ། །པྲ་པུནད་རི་ཀ་ཤིང་མངར། །པི་པི་ལིང་དང་བྲི་ཧ་ཏཱི། །བ་ལ་འོ་མ་མར་བསྐོལ་ཏེ། །སྐད་འགགས་པ་ཡི་སྣ་སྨན་མཆོག་།ཅེས་བྱ་བ་ལ།
་པྲ་བུནད་རི་ཀ་ཞེས་བྱ་བ་སྟག་ཚེར་བའི་སྨན་དང་འོ་མ་དང་མར་གསར་པ་བསྐོལ་བའི་སྣ་སྨན་དེ་ཡང་སྐད་འགགས་པ་སེལ་བའི་མཆོག་ཡིན་ནོ། །མངར་བའི་སྡེ་ཆེན་ཕྱེ་མ་ནི། །སྦྲང་རྩི་མར་སྦྱར་ལྡེ་གུར་སྦྱིན། །ཞེས་བྱ་བ
་བ?་ལ། ཛི་བནྟི་ལ་སོགས་པ་མངར་བའི་སྡེ་མཚན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་ཡང་མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་སེལ་ཏོ། །བད་ཀན་ལས་གྱུར་ཚ་བ་དང། །ཟས་རྩུབ་པ་གཅིན་བླུད་པར་བྱ།།
་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐད་འགགས་པ་ལ་ནི་ན་ལེ་ཤམ་ལ་སོགས་པའི་ཚབ་དང་ཟས་རྩུབ་པ་དང་བཅས་པ་བསྟེན་ཅིང་བ་གཅིན་དང་བཅས་པར་བླུད་པར་བྱའོ། །ཀཏཔ་ལ་དང་སྐྱུ་རུ་ར། །ཚ་གསུམ་ཏིལ
་མར་སྦྲང་རྩི་སྦྱར། །ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་སྐད་འགགས་པ་ལ་ནི་ཀཏཔ་ལ་ལ་སོགས་པའི་སྨན་ཏིལ་མར་དང་སྦྲང་རྩིར་སྦྱར་བ་སྦྱིན་པར་བྱའོ། །ཡ་བཀྵ་ར་རྩ་བ་གསུམ། །ཀྲུ་དྲུག་ཏྲེས་དང་དབྱིན?
་དང། ། རུ་ར་དང་སྦྲང་རྩིར་སྦྱར། །ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་སྐད་འགགས་པ་ལ་ཡ་བཀྵ་ར་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །ནས་ཐུག་ཏིལ་མར་ཞུན་མར་དང། །པི་པི་ལིང
་དང་སྐྱུ་རུ་ར། ཞེས་བྱ་བ་ལ། ཡང་ནད་མེད་དེ་ལ་ནས་ཐུག་པི་པི་ལིང་དང་སྐྱུ་རུ་ར། །སྦྱར་ཏེ་གཡོས་པའི་ནང་དུ་ཏིལ་མར་དང། །ཞུན་མར་བཏབ་པ་སྦྱིན་པར་བྱའོ། །བཅའ་སྒལ་དང་ནི་པི་པི་ལིང། །བཟའ་བ་འམ་སྐྱུགས་སྨན་རྣོན
་པོ་བསྟེན། །ཞེས་བྱ་བ་ལ། ནད་དེ་ལ་བཅའ་སྒ་དང་པི་པི་ལིང་བཟའ་བ། །དེའི་རྗེས་ལ་ཟས་གཞན་བཟའ་བ་འམ། སྐྱུགས་སྨན་རྣོན་པོ་བཏང་བར་བྱའོ། །ཤ་ལ་ར་དང་སྦྲང་རྩིར་བསྲེས། །མངར་བའི་སྨན་དང་ལྷན་ཅིག་བསྐོལ། །འོ་མ
་འཐུངས་པས་སྐད་གསང་ནི། །ཆེན་པོར་སྨྲས་པས་འགགས་ནད་སེལ་ཞེས་བྱ་བ་ལ། མི་གང་སྐད་གསང་ཆེན་པོས་སྨྲས་པའི་དབང་གིས་སྐད་འགགས་པར་གྱུར་པ་དེ་ལ་ནི་མངར་བའི་སྨན་སྔ་དང་བསྐོལ་བའི་འོ་མ་ཁ་ར་དང་སྦྲང་རྩི
་བཏབ་ཏེ།?་བླུད་ན་སེལ་བར་བྱེད་དོ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །ཕན་པའི་སྨན་དང་སྦྱར་བ་སྦྱིན། ཞེས་བྱ་བ་ལ། ཡི་ག་འཆུས་པའི་ནང་ལ་ནི་ཕན་ཞིང་ཡང་བའི་ཟས་སྣ་ཚོགས་སྦྱིན་ཞིང་དེ་ཡང་དེ་ལ་ཕན་པའི་སྨན་དང་སྦྱར་ཏེ་སྦྱིན
་པར་བྱའོ། །ཕྱི་དང་ནང་གི་སྦྱངས་པ་དང། །སེམས་དགའ་ཡིད་དང་མཐུན་པ་སྦྱིན། །ཞེས་བྱ་བ་ལ། ཡང་ཡི་ག་འཆུས་པའི་ནད་ལ་ནི། །སྦྱངས་པ་ཁྲུས་ལ་སོགས་པ་བྱ་བ་དང་ནང་གི་སྦྱང་བ་ཀྲུ་སྨན་དང་སྐྱུགས་སྨན་བཏང་བ་ཕན་པ་དེ་བཞིན
་དུ་སེམས་དགའ་ཞིང་ཡིད་དུང?་མཐུན་ལ་སྨན་དབང་པོ་ཚིམ་པར་བྱེད་པ་སྦྱིན་པར་བྱའོ། །དུས་གཉིས་སུ་ནི་སོ་ཤིང་དག་།བཅའ་ཞིང་ཁ་ནི་སྦྱང་བྱ་ཞིང། །བསྐ་བས་ཁ་ནི་བཀྲུ་པ་དང། །རྗེས་སུ་མཐུན་པའི་དུད་པ་བརྡུབ། །ཅེས་བྱ་ལ
་དུས་གཉིས་སུ་ཞེས་པ་ནང་པར་དང་ཟས་ཟོས་པའི་རྗེས་ལ་ས་ཤིང་བཅའ་བར་བྱ་ལ། ཇི་ལྟར་བཅའ་བའི་ཚུལ་ནི་ཁ་བསྐ་བའི་ཁ་ནད་སྦྱང་བའི་སྐབས་ནས་བཤད་དོ། །དེ་བཞིན་དུ་རྗེས་སུ་མཐུན་པའི་དུད་པ་ཡང་བརྡུབ་པར་བྱའོ། །ད་ལས
་ཀྱི་ནི་རིལ་བུ་དང། །ཁ་ར་ག་བུར་བཅས་པ་སྦྱིན། །འབྲས་ཁུར་ཟླ་བའི་གཟར་ལྟར་དཀར། །བཟའ་པ་ཡི་ག་འབྱེད་པའི་མཆོག་།ཅེས་བྱ་བ་ལ། ད་ལིས་ཀྱིས་ཕྱེ་མར་བཤད་པོ་གང་དག་ཡིན་པ་དང། །རིལ་བུའི
་སྦྱོར་བར་བྱས་པ་དེ་ཡང་མཆོག་དུ་ཡི་ག་འབྱེད་པ་ཡིན་ནོ། །དེ་བཞིན་དུ་འབྲས་བཏགས་པ་སྦྲུས་པ་མར་ལ་བཙོས་པའི་ཁུ་བ་ཟླ་བའི་འོད་ཟེར་ལྟར་དཀར་བ་བཟའ་བ་ཡང་ཡི་ག་འབྱེད་པའི་མཆོག་དམ་པ་ཡིན་ནོ། །དེ་ལ་རླུང་གྱུར
་ཡི་ག་འཆུས། །ཧ་རུ་ནུ་དང་པི་པི་ལིང། །བི་ད་ཀ་དང་ར་སྣ་དང། རྒྱམ་ཚྭ་དང་ནི་དོང་གྲ་དང། །སུག་སྨེལ་ག་བྲའི་རྩ་བ་དང། །ནས་ཚིག་འཁུས་པའི་ཐལ་བ་དང། །ཤིང་ཀུན་བཅས་པ་མར་རམ་ནི། །ཆང་གི་དངས་མར
་སྦྱར་ཏེ་བཏུང། །ཞེས་བྱ་བ་ལ། ཡི་ག་འཆུས་པ་དེ་རྣམས་ཀྱི་ནད་ནས་རླུང་ལས་གྱུར་པའི་ཡི་ག་འཆུས་པའི་ནད་ལ་ནི་ཧ་རེ་ནུ་ལ་སོགས་པའི་སྨན་གྱི་ཕྱེ་མ་མར་དང་སྦྱར་བ་འམ། ཆང་གི་དངས་མ་དང་སྦྱར་ཏེ་བཏུང་བར་བྱའོ།།
་ཤུ་དགས་ཆུས་ནི་སློན་དུ་གཞུག་།ཅེས་བྱ་བ་ལ། ཡང་ན་རླུང་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ཤུ་དག་ཆུ་བླུད་ལ་སློན་དུ་གཞུག་གོ་།མཁྲིས་གྱུར་བུ་རམ་ཆུ་སློན་གཞུགས། ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཡི་ག
་འཆུས་པ་ལ་ནི་བུ་རམ་དང་སྦྱར་བའི་ཆུ་བླུད་ལ་སློན་དུ་གཞུག་གོ་།ཁར་དང་ནི་ཞུན་མར་དང། །རྒྱམ་ཚྭ་སྦྲང་རྩིར་བཅས་པ་སྦྱིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཡི་ག་འཆུས་པ་ལ་རྨི་ཁ་ར་དང་མར་དུ་བཅས་པ
་འམ། །རྒྱམ་ཚྭ་དང་སྦྲང་རྩིར་བཅས་པ་བླུད་པར་བྱའོ། །བད་ཀན་ནིམྦའི་ཆུ་སློན་གཞུག་།ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ནིམྦ་བསྐོལ་བའི་ཆུ་བླུད་ལ་སློན་དུ་གཞུག་གོ་།ལ་ལ་ཕུད་དད་དོང་གྲའི
་ཆུ། །སྦྲང་རྩི་འམ་ཆུང་རྙིང་རྣོ་སྦྱར་བ། །བུ་རམ་སྦྲང་རྩི་ཆང་བཅས་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ལ་ལ་ཕུད་ཅེས་བྱ་བ་ཏིང་མུངས་དད་དོང་གའི་ཆུ་སྦྲང་རྩི་དང་སྦྱར་བ་འམ། །ཡང་ན་ཆང་སྙིང་པ་རྣོན
་པོ་དང་སྨན་རྣོན་པོ་བསྐོལ་པ་བུ་རམ་དང་སྦྲང་རྩི་དང་སྦྱར་བ་བླུད་པར་བྱའོ། །ཧ་རེ་ནུ་སོགས་ཕྱེ་མ་ནི། །སྔར་བཤད་ཆུ་ཚན་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་སྔར་བཤད་པའི་ཕྱེ་མ་ཧ་རེ་ནུ་དང་པི་པི་ལིང་དང་བྱི་དང་ཀ་ལ་སོགས་པ་དེ་ཆུ་དྲན
་དང་སྦྱར་ཏེ་བླུད་བར་བྱའོ། །སུག་སྨེལ་དང་ནི་ཤིང་ཚ་དང། །ན་ག་ཕུསྦ་ན་ལེ་ཤམ། །པི་པི་ལིང་དང་བཅའ་སྒ་རྣམས། །རིམས་བཞིན་ཚ་རེས་བསྐྱེད་ཕྱེ་མ། །ཁ་ར་དག་དང་མཉམ་སྦྱར་བས། །མཆིལ་མད་ཡི་ག་འཆུས་པ་དང། །སྙིང་དང
་རྩི་བ་ལོགས་ན་ལུད་པ། །དབུགས་མི་བདེ་དང་མགུལ་ནད་འཇོམས། །ཞེས་བྱ་བ་ལ། །སུག་སྨེལ་ལ་སོགས་པའི་སྨན་ཕྱེ་མ་གོ་རིམ་བཞིན་དུ་ཆ་རེས་བསྐྱེད་པའི་ཕྱེ་མ་དང་ཁར་མཉམ་པོར་སྦྱར་བའི་ཕྱེ་མས་ནི་མཆིལ་མ་མང་ལ་སོགས
་པ་འཇོམས་པར་བྱེད་དོ། །ཆ་རེས་བསྐྱེད་པའི་ཚུལ་ནི་སུག་སྨེལ་ཞོ་གཅིག་ཤིང་ཚ་ཞོ་གཉིས་ན་ག་གེ་སར་ཞོ་གསུམ་ན་ལེ་ཤམ་ཞོ་བཞི་པི་པི་ལིང་ཞོ་ལྔ་བཅའ་སྒ་ཞོ་དྲུག་སྟེ། །དེ་ཕྱིར་སྡོམ་པའི་ཕྱེ་མ་དང་ཁ་ར་མཉམ་པོར
་སྦྱར་བར་བྱའོ། །ལ་ལ་ཕུད་དང་ད་ཏྲིག་དང། །སྟར་བུ་བཅའ་སྒ་སེའུ་འབྲུ་དང། །རྒྱ་ཤུག་ཞོ་ནི་གཉིས་གཉིས་བྱས། །ཁ་ར་སྤང་བཞི་འོ་སུ་དང། །གོ་སྙོང་ཤིང་ཚ་ཁ་རུ་ཚ། །ཞོ་རེ་པི་པི་ལིང་འབྲུ་བརྒྱ། །ན་ལེ་ཤམ་ནི་ཉིས་བརྒྱ
་དག་།ཕྱེར་བཏགས་ཡི་ག་འབྱེད་པའི་མཆོག་།ཡིད་འོང་ཕྱི་ས་འགགས་པ་དང། །ལུད་པ་སྙིང་ག་རྩིབས་ལོགས་ན། །མཆེད་པ་གཞང་འབྲུམ་ཕོ་ནད་སེལ། །ཞེས་བྱ་བ་ལ། ལ་ལ་ཕུད་ལ་སོགས་པའི་སྨན་སྣ་རེ་རེ་ཞོ་གཉིས་གཉིས་བྱས་པ
་ཁ་ར་སྲང་བཞི་དང། །འོ་སུ་ལ་སོགས་པའི་སྨན་སྣ་བཞི་པོ་སྣ་རེ་ཞིང་ཞོ་རེ། །པི་པི་ལིང་འབྲུམ་བུ་བརྒྱ། ན་ལེ་ཤམ་ཉིས་བརྒྱ། དེ་ཐམས་ཅད་ཕྱེ་མར་བཏགས་པ་དེ་ནི་ཡི་ག་འབྱེད་པའི་མཆོག་ཡིན་ཞིང་ངེ
་ཕྱིས་འགགས་པ་ལ་སོགས་པ་བསལ་བར་བྱེད་པའི་མཆོག་ཡིན་ནོ། །བལ་བུའི་ལོ་མ་ན་ལེ་ཤམ། །དོང་གྲ་དང་ནི་པི་པི་ལིང། །གོ་རིམས་བཞིན་དུ་ཆ་རེས་བསྐྱེད། ཤིང་ཚྭ་སུག་སེལ་དང་པོའི་ཕྱེད། །པི་པི་ལིང་གི་བརྒྱད་འགྱུར
་གྱི་།ཁ་ར་སྦྱར་བའི་ཕྱེ་མར། །དྲོད་བསྐྱེད་ཡི་ག་འབྱེད་པ་དང། ལུད་པ་ལུ་དང་དབུགས་མི་བདེ། །ཡི་ག་འཆུངས་དང་སློན་བྲོ་དང། མཆེར་པ་སྙིང་ནད་རྩིབས་ལོགས་ཟུག་།སྐྱ་རྦབ་འཁྲུ་བའི་རིམས་ནད་འཇོམས། རླུང་འཁྱིལ་བ་ནི་བདེ་རྒྱུ
་བྱེད། །ཅེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོགས་པ་རིམ་པ་བཞིན་དུ་ཆ་རེས་བསྐྱེད་དེ་དེས་ན་བལ་བུའི་ལོ་མ་ཞོ་གཅིག་ན་ལེ་ཤམ་ཞོ་གཉིས་དོང་གྲ་ཞོ་གསུམ་པི་པི་ལིང་ཞོ་བཞི། །ཤིང་ཚ་དང་སུག་སྨེལ་དང་པོ་ཞེས་བྱ་བ་ལ་བུའི
་ལོ་མ་ཕྱེད་དེ། །དེས་ན་ཤིང་ཚ་ཞོ་ཕྱེད་སུག་སྨེལ་ཞོ་ཕྱེད་ཁ་ར་པི་པི་ལིང། །བརྒྱད་འགྱུར་དུ་བྱས་པ་སྟེ་སྲང་བཞི་ཕྱེ་མར་བྱས་པ་དེ་ནི་ཕོ་བའི་མེ་དྲོད་བསྐྱེད་པ་དང། །ཡི་ག་འབྱེད་ཅིང་ཟས་ལེན་པར་བྱེད་པ་དང། །ལུད་པ་ལ་སོགས
་པའི་ནད་འཇོམས་པར་བྱེད་པ་དང། །རླུང་འཁྱིལ་ཅིང་ལམ་ལོག་པར་འགྲོ་བ་ལུགས་བཞིན་དུ་རྒྱུ་བར་བྱེད་པ་ཡིན་ནོ། །སུག་སྨེལ་ཤིང་ཚ་པུ་ཤེལ་ཙེ། །ཞོ་ནི་གཉིས་གཉིས་བྱས་པ་དང། །ན་ག་གེ་སར་སྲང་ཕྱེད་དང་ངོ། །གནད་ལ
་ཏྲ་སྲང་ཕྱེད་གཞུག་།ཕྱེར་བཏགས་བུ་རམ་རྙེད་པ་ནི། །སྲང་ནི་ཉི་ཤུ་ལྔ་ནང་བསྐོལ། །སྦྲུལ་ཏེ་ཞོ་གཉིས་ཆད་རི་ལུར། །བྱས་པའི་ཡོན་ཏན་དེ་དག་མཉམ། །ཞེས་བྱ་བ་ལ། སུག་སྨེལ་ལ་སོགས་པ་ཇི་སྐད་དུ་བཤད་པ་བཞིན་དུ
་སྦྱར་ཏེ། །ཕྱེ་མར་བཏགས་པ་བུ་རམ་རྙིང་པ་སྲང་ཉི་ཤུའི་རྩ་ལྔའི་ནང་དུ་བསྐོལ་ལ་སྦྲུས་ཏེ་ཞོ་གཉིས་ཀྱི་ཚད་བ་རུ་རའི་རྡོག་མ་ཙམ་གྱི་རིལ་བུར་བྱས་པ་ལས་རེ་རེ་ཟོས་ན་ཡང་ཡོན་ཏན་དང་ལུས་ཀྱི་བྱས་དང་མཉམ་པའོ། །རྒ་སླེ་ཏྲེ་ས་རཀྵ་ཆུར། །ནས་དང
་ནུབ་གཅིག་སྤངས་ནས་ནི། །ཆུ་དང་ཟན་ནི་སྦྲུལ་ནས་སུ། །བྱིན་ཏེ་ཉམས་སྟོབས་ལྡན་སློན་གཞུག་།དེ་བཞིན་སྐམ་སའི་སྲོག་ཆགས་ཤ་།བསྲེགས་པ་ཚ་དང་ཁར་སྦྱར་སྦྱིན། །ཟས་ནི་སྐམ་ཞིང་རབ་ཡང་དང། །ཙན་ཀ་སོགས་ཁུ་བ་བླུད། །ཅེས
་བྱ་བ་ལ། བད་ཀན་ལས་གྱུར་པའི་མཆིལ་སྣབས་མང་པའི་ནད་ལ་ཤིང་ཨརྒ་དང་སླེ་ཏྲེས་ཡ་བཀྵ་རའི་ཆུར་བཅུག་ལ། །ནས་དང་ནུབ་གཅིག་སྤངས་ནས་ཆུ་དང་ཟན་དུ་སྦྲུས་ཏེ་ཉམས་སྟོབས་དང་ལྡན་པའི་མི་ལ་སློན་དུ་གཞུག་གོ་།ཡང་དེ
་བཞིན་དུ་ང་ལ་སྐམ་སའི་ཤ་ཐུར་མ་ལ་བསྐྱོན་ཏེ་བསྲེགས་ནས་སྨན་ཚ་བ་དང་ཁ་བར་སྦྱར་ཏེ་བྱིན་ལ་ཡང་ཟས་ཀྱི་རྣམ་པ་སྐམ་བག་དང། རབ་ཏུ་ཡང་བ་བྱིན་ལ་ཅན་ཀའི་ཁུ་བ་བླུད་པར་བྱའོ། །བད་ཀན་གྱི་རབ་མཆིལ་མ་མང། །རླུང་གིས
་མཆིལ་མ་སྐྱེད་པར་བྱེད། །དེ་ནི་བད་ཀན་མཆིལ་མར་བཤད། །སྣུམ་དང་དྲེ་བས་དེ་བསལ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཆིལ་མ་མང་པོ་ཡང་དང་ཡང་དུ་འབྱུང་བ་ན་རླུང། །འཕེལ་བའི་བད་ཀན་གྱི་མཆིལ་མའི་ལྗན
་ལྗིན་བསྐྱོད་ཅིང་འབྱུང་བར་བྱེད་ལ། འདི་ནི་བད་ཀན་ལས་གྱུར་པའི་མཆིལ་མ་མང་བ་ཡིན་པར་བཤད་པས་དེ་ལ་སྨན་པས་སྣུམ་དྲོ་བའི་སྨན་དང་ཟས་བཏང་བས་དེ་བསལ་བར་བྱའོ། །རིམས་འདི་ཆམ་པ་དག་དང་ནི། །སློན་པའི་ནད་ལ་སྦྱར་བར་བྱ།།
་ཞེས་བྱ་བ་ལ། བད་ཀན་གྱི་མཆིལ་མ་མང་པའི་གསོ་བའི་རིམ་པ་དེ་ནི་ཆམ་པ་ཞེས་བྱ་བ་སྣ་ཆུ་འཛག་པའི་ནད་དང། །སླན་ཞིང་སྐྱགས་པའི་ནད་ལ་ཡང་སྦྱར་བར་བྱའོ། །མཆོག་ཏུ་ཆམ་པར་བསྐུལ་བ་དང།
་སྣུམ་དང་དབུགས་ཀྱི་ཆོ་ག་བྱ། །མགོ་དང་ལྐོག་མའི་རྩིབ་ལོགས་སུ། །འབྲས་ཁུར་སྣུམ་བཅས་དུགས་བྱ་ཞིང། །ལན་ཚྭ་སྐྱུར་དང་ཁ་དང་ཚ། །ཤ་ཁུ་སྣུམ་དང་བཅས་པ་སྦྱིན། །ཞེས་བྱ་བ་ལ། མཆོག
་གནམ་ཁྱད་པར་དུ་ཆམ་པའི་ནད་ལ་ནི་ལུས་བསྐུ་བ་དང། སྣུམ་བསྟེན་པ་དང། །དེ་བཞིན་དུ་མགོ་བོ་དང། ལྐོག་མ་ལ་སོགས་པར་འབྲས་ཁུར་བཙགས་པ་སྣུམ་ཅན་གྱི་དུགས་བྱ་བ་དང། །ཤ་ཁུ་སྣུམ་དང་སྦྱར་བ་བླུད་པ་དང་རོ་ལན་ཚ
་དང་སྐྱུར་པ་དང། །ཁ་བ་དང། ཚ་བ་བསྟེན་ཅིང་སྦྱིན་པར་བྱའོ། །མགོ་དང་སྙིང་ག་རྩིབ་ལོགས་གཟེར། །ནད་གཞི་ཇི་བཞིན་གསོ་བར་བྱ། །ཞེས་བྱ་བ་ལ། མགོ་བོ་ལ་སོགས་པའི་ནད་ལ་ནད་དམིགས་ཇི་ལྟ་བ་ལས་དེའི་གསོ
་བའི་སྦྱར་བྱའོ། །ཆུ་དང་རླན་ཅན་གནམ་པའི་ཤ་།ལེགས་སྦྱར་དཀྲི་བའི་དུགས་བྱ་ཞིང། །དེར་ནི་སྣུམ་བཞིའི་སྦྱོར་བ་བསྔགས། །ཞེས་བྱ་བ་ལ། ཆུ་དང་རླན་ཅན་ན་གནས་པའི་སྲོག་ཆགས་ཀྱི་ཤས་དཀྲི་བའི་དུགས་ཀྱི་རྣམ་པ
་བྱ་ལ། །དེ་ཡང་ལེགས་པར་སྦྱར་ཅིང་ལན་ཚ་དང་ཤིང་ཀུན་ལ་སོགས་པའི་སྨན་སྦྱར་བས་དུགས་བྱའོ། །ཡང་ཆམ་པའི་ནད་དེ་ལ་སྣུམ་གྱི་ཆོ་གར་བཤད་པ་དག་གིས་དུགས་བྱ་ཞིང་བསྐུ་བ་ཡང་བསྔགས་པ་ཡིན་ནོ། ནད
་བཞི་འདྲེས་པར་གྱུར་པ་ལ། །རྒྱ་སྤོས་ཤུ་ཏི་ཤིང་མངར་དང། །ཙན་དན་མར་གྱི་ལྡེ་གུས་བྱུག་།ཅེས་བྱ་བ་ལ། ནད་གཞི་འདྲེས་པ་སྟེ་མཁྲིས་པ་དང་བད་ཀན་འདྲེས་པར་གྱུར་པ་ལ། རྒྱ་སྤོས་ལ་སོགས་པའི་སྨན་སྦྱར་བའི་སྣུམ
་གྱིས་བྱུགས་པ་ཕན་ནོ། །བ་ལ་ར་སྣ་ཏིལ་མར་དང། ཤིང་མངར་ཨུཏཔལ་མར་དེ་བཞིན་ཞེས་བྱ་བ་ལ་སོགས་པའི་དེ་བཞིན་དུ་ནད་གཞི་འདྲེས་པར་གྱུར་པ་དེ་ལ་བ་ལ་ལ་སོགས་པའི་སྨན་དང་སྦྱར་བའི་མར་གྱིས་བསྐུ་བ་དེ་དེ་བཞིན
་དུ་སྔགས་པ་ཡིན་ནོ། །བ་སྤུ་བ་དང་ཤིང་ཀྲུ་དང། བ་ལ་ར་མཉེ་བྱིད་རི། །ཞེས་བྱ་བ་ལ། ནད་གཞི་འདྲིས་པ་ལས་བ་སྤུ་བ་དང། །ཤིང་ཀྲུ་ཞེས་བྱ་བ་སོ་པཉྫི་དང་བ་ལ་དང། ར་མཉེ་བ་དང། བི་ད་རིའི་ལྡེ་གུ་སྣུམ་དང་སྦྱར་བའི་བསྐུ་བ་ཡང་བསྔགས?
་པ་ཡིན་ནོ། །སྣ་སྨན་དུད་པ་བརྡུབ་པ་དང། །ཟས་ཟོས་འོག་དུ་སྣུམ་བསྟེན་ཅིང། །ཏིལ་མར་གྱིས་ནི་བསྐུ་བ་དང། །དེ་བཞིན་འཇམ་རྩིའི་ལས་རབ་བསྔགས། །ཞེས་བྱ་བ་ལ། དེ་བཞིན་དུ་མགོ་དང་རྩིབ་ལོགས་དང་ཕྲིག་པར་ན་ཞིང་ཟུག་པ་ལ་ནི་རྩིབ
་ལོགས་དང་སྣ་ནས་བཏང་པ་དང་དུད་པ་བརྡུབ་པ་དང། །ཟས་ཟོས་པའི་འོག་ཏུ་སྣུམ་བསྟེན་ཅིང་བཟའ་བ་དང། །བ་ལའི་ཏིལ་མར་ལ་སོགས་པའི་ཏིལ་མར་གྱི་བསྐུ་བ་དང། །དེ་བཞིན་དུ་འཇམ་རྩི་མས་བཏང་བའི་ལས་བྱ་བ་ནི་མཆོག་དུ་བསྔགས
་པ་ཡིན་ནོ། །ཡང་ན་རྡབ་ར་ལ་སོགས་པས། །ནད་དམིགས་ཇི་བཞིན་ནད་ཁྲག་དབྱུང། །ཞེས་བྱ་བ་ལ། དེ་བཞིན་དུ་མགོ་དང་རྩིབ་ལོགས་གསེར་ཅིང་ནད་གཞི་འདྲེས་པ་དང་ལྡན་པ་དེ་ལ་རྡབ་ར་དང། སྲིན་དུ་པདྨ་པ་དང་བསྐུ་བ་ལ། །ཞལ་ཞལ
་གདབ་པ་ལ་སོགས་པ་ནད་དམིགས་ཇི་སྐད་བསྟན་པ་བཞིན་དུ་ཁྲག་དབྱུང་བར་བྱ་སྟེ། རླུང་ལས་གྱུར་པའི་ནད་ཁྲག་ནི་རྡབ་རས་དབྱུང་བར་བྱ། །མཁྲིས་པ་ལས་གྱུར་པ་ནི་སྲིན་བུ་པདྨ་སོ། །བད་ཀན་ལས་གྱུར་པའི་བསྐུ་བས་དབྱུང་པར་བྱའོ། །ཤུད
་མ?་ཙན་དན་བུ་ཤེལ་ཙེ། །མར་བཅས་ལྡེ་གུས་བསྐུར་བ་འམ། ཞེས་བྱ་བ་ལ། ཡང་ན་ནད་ཁྲག་ཅན་ལ་ནི་ཤུ་།པ་ལ་སོགས་པའི་ལྡེ་གུ་མར་དང་སྦྱར་བས་བསྐུས་པས་ཕན་ནོ། །དུརྦ་ཤིང་མངར་བཙོད་དང་ནི། །ན་ག་གེ་སར་མར་སྦྱར
་བསྐུ། །ཞེས་བྱ་བ་ལ། ཡང་ན་དུརྦ་ལ་སོགས་པའི་སྨན་གྱི་ལྡེ་གུ་མར་དང་སྦྱར་བ་བསྐུས་ན་ཡང་ཕན་ནོ། །ནྱ་གྲོ་དྷ་སོགས་བསྐོལ་ཏིལ་མར། །ལན་བརྒྱ་བཀྲུས་པའི་མར་གྱིས་ནི། །བསྐུ་བ་འམ་འོ་མ་ཤིང་མངར་ཆུས། །བླུགས་པར་གྱུར
་པ་སྔགས་པ་ཡིན། །ཡང་ན་ཁྲགས་ནད་དེ་ཉིད་ནྱ་གྲོ་དྷ་ལ་སོགས་པ་དེ། །ནྱ་གྲོ་དྷའི་སྡེ་ཚན་ལས་བཤད་པའི་སྨན་དང་བསྐོལ་བའི་ཏིལ་མར་གྱིས་བསྐུས་ན་ཡང་ཕན་ནོ། །ཡང་ན་ཆུ་གྲང་མོའི་ནང་དུ་ལན?་མང་དུ
་བཀྲུས་ཤིང་ལག་པས་མཉེས་པའི་མར་སར་གྱིས་བསྐུས་ན་ཡང་ཕན་ནོ། །ཡང་ན་འོ་མ་འབའ་ཞིག་གིས་བླུགས་པ་ཕན་པ་ཡིན་ནོ། །ཡང་ན་ཤིང་མངར་གྱིས་ཆུས་བླུགས་པ་ཡང་ཕན་པ་ཡིན་ནོ། །ཕལ་ཆེར་མེ་དྲོད་ཉམས་པའི་ཕྱིར། །མ་ཞུ
་བེའུ་སྣ་བས་བཅས་འཁྲུ་ན། །དེ་ལ་ཕོ་བའི་ཚད་འཁྲུ་ཡི། །སྐབས་སུ་བཤད་པའི་སྨན་བསྟེན་ཕན། ཞེས་བྱ་བ་ལ། གཅོད་ཆེན་པོའི་ནད་དང་ལྡན་པ་དག་ནི་ཕལ་ཆེར་དེ་ནང་དུ་ཕོ་བའི་མེ་དྲོད་ཉམས་ཤིང་བྲི་བ་ཡིན་པའི་ཕྱིར། །མ་ཞུ་བའི
་བེའུ་སྣ་བས་དང་བཅས་པར་འཁྲུ་བར་འགྱུར་ལ། །དེ་བས་ནད་དེ་ལ་ཕོ་བའི་ནད་གསོ་བའི་སྐབས་སུ་བཤད་པ་དང། ཚད་པ་འཁྲུ་བའི་སྐབས་སུ་བཤད་པའི་སྨན་དེ་དག་ནད་དམིགས་དང་སྦྱར་བ་སྦྱིན་པར་བྱའོ། །ཟད་བྱེད་ལྡན་པའི་བཤད
་པ་ནི། །རྣམ་པ་ཀུན་ཏུ་བསྲུང་བྱ་སྟེ། །དེའི་ལུས་ཟུངས་ཀུན་ཟད་པས། །དེ་སྟོབས་བཤད་པའི་སྟོབས་ལ་གནས། ཞེས་བྱ་བ་ལ། གཅོད་ཆེན་པོས་བཏབ་པའི་ནད་པ་དེ་ལུས་སྐམ་ཞིང་རིང་པར་གྱུར་པས་ན་དེའི་ཕྱིར་བཤད་པ་ཅི་ནས་ཀྱང
་ཤེས་ཆེར་མི་འབྱུང་བར་བསྲུང་བར་བྱ་སྟེ། གང་གི་ཕྱིར་གཅོད་ཆེན་པོའི་ནད་ཀྱིས་ཐེབས་པ་དེའི་ལུས་ཟུངས་ཀུན་ཟད་པར་འགྱུར་བས་དེའི་ཉམས་སྟོབས་ནི་བཤད་པ་ལ་གནས་པའི་སྟོབས་ཀྱིས་གནས་པར་བྱེད་པ་ཡིན་པས་ཅི་ནས་ཀྱང
་བཤད་པ་ཤས་ཆེར་མི་འབྱུང་ཞིང། འཁྲུ་བ་ལ་སོགས་པ་མི་འགྱུར་བ་དེ་ལྟར་བསྲུང་བར་བྱའོ། །རིགས་པས་ཤ་རྣམས་ཁོ་ན་སྦྱིན། །སྐོམ་དུ་རྒུན་ཆང་བླུད་པར་བྱ། །ཤུགས་ནི་བཀག་པར་གྱུར་པ་ཡིས། །གཅོད་ཆེན་གྱིས་ནི་གླགས་མི་ཐོང
་ཅེས་བྱ་བ་ལ། །གཅོད་ཆེན་པོའི་ནད་དང་ལྡན་པ་དེ་ལ་རིགས་ཤིང་རན་པར་ཤ་རྣམས་ཁོ་ན་སྦྱིན་པར་བྱ་ཞིང་བཟའ་བར་བྱ་ལ། །སྐོམ་གྱི་འཚལ་ནང་དུ་རྒུན་ཆང་བླུད་པར་བྱ་ཞིང། དེ་བཞིན་དུ་བཤད་པའི་ཤུགས་བཀག་པར་གྱུར་པས་གཅོད་ཆེན་པོའི
་ནད་ཀྱིས་གླགས་ཐོད་པར་མི་འགྱུར་རོ། །ཆང་དང་ཆང་དངས་རྒུན་ཆང་དང། །ཆང་སྙིང་བུ་རམ་སྦྲང་ཆང་དང། །ཅི་རིགས་པར་ནི་བླུད་པར་བྱ། །ཤ་ནི་སྦྱིན་པ་ཉིད་དུ་བྱ། །ཞེས་བྱ་བ་ལ། གཅོད་ཅན་གྱི་མི་དེ་ལ་བཟའ་བར་ཤ་བྱིན་ནས་ཆང་དང་ཆང་གི
་དངས་མ་ལ་སོགས་པར་ཅི་རིགས་པར་བླུད་པར་བྱའོ། །བུ་གའི་རྒྱུན་འགགས་དག་ཕྱིར་དང། །སྟོབས་དང་མདངས་ནི་རྒྱས་བྱའི་ཕྱིར། །སྣུམ་དང་འོ་མ་ཆུས་གང་བའི། །སྣོད་དུ་ལུས་ནི་སྤྱིད?་བར་བྱ། །ཞེས་བྱ་བ་ལ། །ཡང་དེ་ལ་བུ་གའི
་རྒྱུན་སྲང་ནད་ཀྱིས་འགགས་པ་དེ་དག་པར་བྱ་བའི་ཕྱིར་དང། ལུས་ཀྱི་སྟོབས་དང་མདངས་རྒྱས་པར་བྱ་བའི་ཕྱིར་སྣུམ་གྱིས་གང་བའི་སྣད་དང་འོ་མས་གང་བའི་སྣོད་དང་སྨན་གྱི་ཆུས་གང་བའི་སྣོད་དུ་ལུས་སྤྱིད་པར་བྱ་བ་འམ། །ནད་དམིགས་དྲི
་ལྟ་བ་བཞིན་དུ་གཞུག་པར་བྱའོ། །ཕྱུང་ནས་བསྲེས་པའི་སྣུམ་གྱིས་ནི། །བསྐུ་ཞིང་ལག་པས་བདེ་བར་མཉེ། །བདེ་བར་འདུག་པར་གྱུར་པ་ལ། །དལ་གྱིས་ལྡེ་གུར་དྲིལ་བར་བྱ། །ཞེས་བྱ་བ་ལ། །ལུས་ཕྱིད་བའི་ཆུ་ལས་སླར་ཕྱུང་སྟེ་བསྲེགས
་པའི་སྣུམ་སྣུམ་གྱིས་སླར་ཡང་ལུས་བསྐུ་ཞིང་ལག་པས་ངལ་གྱིས་མཉེ་བ་དང། བདེ་བར་ལུས་ཕག་སྟེ་འདུག་པར་གྱུར་པ་ངལ་ཞིང་བདེ་བར་དྲིལ་བར་བྱའོ། །ཇི་བནྟི་དང་དུརྦ་དང། །བཙོད་དང་ཨ་ཤྭ་གནད་དང། ། པ་མརྒ་པ་སྤྲུ་བ། །གནེ
་མནདྷ་ཤིང་མངར་དང། །པ་ལ་ཡུངས་ཀར་བི་ད་རི། །རུ་རྟ་འབྲས་དང་ཟར་མ་དང། །མོན་སྲན་གྲེའུ་གཉིས་ཏིལ་དང་འབྲས། །ཐམས་ཅད་གཅིག་ཏུ་བཏགས་ནས་ནི། །ནས་ཀྱི་ཕྱེ་ནི་སུམ་འགྱུར་དང། །ཞོ་དང་སྦྲང་རྩི་ལྷན་ཅིག་སྦྱར། །འདི་དག
་གིས་ནི་དྲའི་ཕྱི་བྱ། །ཤ་རྒྱས་མདོག་བཟང་སྟོབས་སྐྱེད་བྱེད། །ཅེས་བྱ་བ་ལ། ཛི་བནྟི་ནས་ཕབས་ཀྱི་བར་གཅིག་ནས་ཕྱེ་མར་བཏགས་ལ་ཕྱེ་མ་དེ་དག་གིས་སུམ་འགྱུར་གྱི་ནས་ཀྱི་རྗེན་ཕྱེ་དང་བསྲེས་ལ་ཞོ་དང་སྦྲང་རྩི་དང་སྦྱར་བ
་འདིས་ལུས་ལ་དྲིལ་ཕྱིས་བྱས་ན། དེའི་ཤ་རྒྱས་པ་དང། མདོག་བཟང་པ་དང། སྟོབས་བསྐྱེད་པར་འགྱུར་རོ། །ཡུངས་ཀར་སེར་པོའི་ལྡེ་གུ་དང། །འཚོ་བྱེད་སྡེ་ཚན་དང་སྦྱར་བ། །ཁྲུས་ཀྱི་སྨན་གྱི་ཁྲུས་བྱ་ཞིང། །དུས་ཚིགས་འདེབས་པའི
་ཆུས་ཁྲུས་བྱ། །ཞེས་བྱ་བ་ལ། ཡང་ཟད་བྱེད་ཀྱིས་ནད་དང་ལྡན་པ་དེ་ཡུངས་ཀར་གྱིས་ལྡེ་གུ་དང་འཚོ་བྱེད་ཀྱི་སྡེ་ཚན་གྱི་སྨན་དང་བསྐོལ་བའི་ཆུས་ཁྲུས་བྱ་ཞིང་ཁྲུས་ཀྱི་སྨན་དྲི་བཟང་པོ་དག་གིས་ཁྲུས་དེ་ཡང་དུས་ཚིགས་དང། རྗེས་སུ་མཐུན
་ཞིང་ལུས་བདེ་བསྐྱེད་པར་བྱེད་དོ། །དྲི་དང་ཕྲེང་བ་སོགས་ཀྱིས་བརྒྱན། །བཀྲ་མི་ཤིས་པ་འཇིགས་པ་བརྟེན། །ཞེས་བྱ་བ་ལ། དེ་ལྟར་ཁྲུས་བྱས་ནས་དྲ་དང་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་བླུད་པ་དང། བཀྲ་མི་ཤིས་པའི་འཇིགས་པ་མདངས
་དང་སྐལ་བ་སྐྱེད་པར་བྱེད་པའི་དངོས་པོ་ལ་བརྟེན་པར་བྱའོ། །འཛའ་བཤོས་བལྟ་ཞིང་གླུ་དང་ནི། །རོལ་མོ་མཉན་ཅིང་དགའ་སྟོན་བྱ། །འཇམ་རྩི་འོ་མ་ཞུན་མར་དང། །ཤ་དང་ཆང་བསྟེན་ཚུལ་ལ་གནས། །ལྷ་ལ་བསྟེན་པའི་ཆོ་ག
་དང། །མཆོད་པའི་ལས་པ་བརྩོན་པར་བྱ། །ཞེས་བྱ་བ་ལ། གཅོད་ཆེན་པོ་དང་ལྡན་པའི་མེད་མཛའ་བཤེས་ཡིད་དུ་འོང་བ་ལ་ལྟ་བ་དང། །གླུ་ལ་སོགས་པ་ལ་མཉན་པ་ལ། །དགའ་སྟོན་གྱི་རྣམ་པ་བྱ་བ་དང། འཇམ་རྩི་དང་འོ་མ
་དང་ཞུན་མར་བསྟེན་པ་དང། དེ་བཞིན་དུ་ཤ་ལ་སོགས་པ་བསྟེན་པ་དང། ཚུལ་ལེགས་པ་ལ་གནས་པར་བྱ་བ་དང། ལྷ་ལ་བརྟེན་པའི་ཆོ་ག་གཏོར་མ་དང། །སྦྱིན་སྲེག་དང། སྡིག་པ་བཤགས་པ་ལ་སོགས་པ་ལ་གནས་པ་དང
་མཆོད་བའི་ལས་ལ་བརྩོན་པ་དག་ཀྱང་ཕན་པ་ཡིན་ནོ། །ལན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་གཟེང་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་བསོ་བའི་གནས་ཀྱི་ལེའུ་ལྔ་པའི་རྣམ
་པར་འགྲེལ་པའོ།། །།དེ་ནས་སློབ་པའི་ནད་དང་སྙིང་ནད་དང་སྐོམ་ནད་གསོ་བའི་གནས་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་གཞིའི་རིམས་ཀྱིས་སློན་པ་ལ་སོགས་པའི་གསོ་བའི་རིམ་པས་འབྱུང་བས་ན་དེ་བརྩམས་ཏེ་བཤད
་པ་ཡིན་ནོ། །སློན་ནད་ཕལ་ཆེར་མ་ཞུ་བའི། །གནས་འཁྲུགས་ལས་བྱུང་པ་དེའི་ཕྱིར། །རླུང་མ་གཏོགས་ལ་དང་པོར་ནི། །སྨྱུང་བྱས་སྐྱུགས་སྨན་བཏང་བ་ཕན། །ཞེས་བྱ་བ་ལ། སློན་ནད་ཕལ་ཆེར་ནི་མ་ཞུ་བའི་གནས་ནས་འཁྲུགས
་ཤིང་སྲོངས་པ་ལས་བྱུང་བ་ཡིན་ལ་དེས་ན་རླུང་ལས་གྱུར་བ་མ་གཏོགས་པ་རག་ལ་ནི་དང་པོར་སྨྱུང་བ་བྱས་ནས་སྐྱུགས་ན་སྨན་བཏང་བ་ཕན་པ་ཡིན་ནོ། །སྟོབས་ལྡན་རྒྱུན་དུ་སློན་གྱུར་དང། །ནད་མང་གྱུར་ལས་བཏང་བར་བྱ། །ཞེས་བྱ་བ་ལ
་དེ་ལ་སྐྱུགས་སྨན་དེ་ཡང་ཉམས་སྟོབས་དང་ལྡན་པའི་སྐྱེས་བུ་ལ་སྦྱར་བ་ཕྱིར་ཉམས་སྟོབས་ཞན་པ་ལ་ནི་མ་ཡིན་པ་དེ་ཡང་རྒྱུན་དུ་སློན་ཞིང་ནད་མང་ལ། །ཕལ་ཆེར་སློན་པར་གྱུར་པ་ལ་སྐྱུགས་སྨན་བཏང་བར་བྱའོ། །དེ་འོག་རིམས་ཀྱིས་བཀྲུ་སྨན་ནི།།
་ཡིད་འོང་ཆང་རྒྱུན?་ཆུ་སོགས་ལས། །འོ་མས་བཏང་གྱུར་དེ?་མོས་ལས། །གྱེན་འབྱུང་ནད་ནི་ཐུར་དུ་འབྱུང། ཞེས་བྱ་བ་ལ། དེ་ལྟར་སློན་སྨན་བཏང་བའི་འོག་ཏུ་བཀྲུ་སྨན་བཏང་བར་བྱ་སྟེ། །དེ་ལ་ཡང་རིམས་ཀྱིས་བྱ་ཡིས། །ཅིག་ཅར་ནི
་མ་ཡིན་ནོ། །དེ་ཡང་ཡིད་དུ་འོང་ཞིང་དགའ་བར་བྱེད་པ་བཀྲུ་སྨན་ཆང་དང་ཀུན་ཆུ་ལ་སོགས་པ་དང་ལྷན་ཅིག་བཏང་བ་འམ། །ཡང་ན་འོ་མ་དང་ལྷན་ཅིག་བཀྲུ་སྨན་བཏང་བར་བྱ་སྟེ། །གང་གི་ཕྱིར་བཀྲུ་སྨན་དེ་བཏང་བར་གྱུར་ན་དེའི་མོད་ལ་གྱེན
་དུ་འབྱུང་ཞིང་སློན་བའི་ནད་ཐུར་དུ་འབྱུང་བར་བྱེད་དོ། །ཞི་བའི་སྨན་ནི་བརྩུབ་པ་སྟེ། །ཉམས་ཆུང་བ་ཡང་དེ་ཉིད་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་ཞི་བར་བྱ་བའི་སྨན་འབྲས་ཡོས་ལ་སོགས་པ་རྩུབ་?
་གི་བྱ་ལ། སྐྱེས་བུ་ཉམས་ཆུང་བ་དག་ལ་ནི་ཞི་བར་བྱ་བའི་སྨན་དེ་ཉིད་བྱའི་སྦྱང་བའི་སྨན་མི་བྱ་སྟེ། སྦྱངས་པའི་སྨན་སྦྱར་མི་བཟོད་པའི་ཕྱིར་རོ། །ཟས་ནི་སྒོམ་ཞིང་ཡི་གར་འོང། །གོམས་ཤིང་ཡང་བ་བསྔགས་པ་ཡིན། །དེ
་བཞིན་སྨྱུང་བ་ཡུ་ཤ་དང། །ཤ་ཁུ་འབབ་ཆ་སྐམ་པ་ལ། །ཆོད་མ་ལྡེ་གུ་བཟའ་བ་དང། །བཏུང་བ་དྲི་བཟང་བ་ན་ཀ་།རོ་དྲུག་ཟས་སྐོམ་སྣ་ཚོགས་དང། །འབྲས་བུ་ཁྲུས་དང་མཉེ་བ་དང། །དྲི་ཞིམ་འབྲས་བུ་མ?་ཏོག་སྐྱེས། །ཟས་དང
་སྐོམ་དད་སྤྱོད་པ་དང། །ཟོས་མ་ཐོག་པ་འཕྲལ་དུ་ནི། །ཆུ་གྲང་གིས་ནི་གདོང་བཀྲུ་བྱ། །ཞེས་བྱ་བ་ལ། སློན་པའི་ནད་ལ་ཟས་ཀྱང་སྐམ་ཞིང་སློན་བག་མ་ཡིན་པར་སྦྱིན་པ་དང། །ཡི་གར་འོང་ཞིང་སྙིང་དགའ་བར་བྱེད་པ་དང།།
་གོམས་ཤིང་རྒྱུན་དུ་བསྟེན་ལ་དུས་ཡུན་རིང་བར་ཟོས་པ་དང། ཚད་དང་རྫས་ཀྱི་རང་བཞིན་གྱིས་ཡང་བ་དེ་ལྟ་བུའི་ཁ་ཟས་བྱིན་པ་ནི་བསྔགས་པ་ཡིན་ནོ། །ཡང་དེ་བཞིན་དུ་སྨྱུང་བར་བྱ་ཞིང། ཟས་བཅད་བ་དང་ཡུ་ཤ་ཞེས་བྱ་བ
་མོན་སྲན་སྡེའུ་ལ་སོགས་པའི་ཁུ་བ་ལས་བྱས་པའི་གཏུད་པ་དང། ཤ་ཁུ་དང་འབའ་ཆ་སྟེ་རྩ་བ་དང་འབྲས་བུ་ལས་བྱས་པ་དང། །སྐམ་པ་ཞེས་བྱ་བ་ཕལ་ཆེར་ཏིལ་གྱི་ལྡེ་གུ་དང་སྐྱུར་བ་ག་ལ་བྱས་པ་སྟེ། །དེ་ཡང་གཞུང་ལས།
་དེ་ལ་ཤ་ལས་ཤ་ཁུ་སྟེ། །འབྲུ་ལས་ཡུ་ཤ་འབྲས་ཁུ་ལས། །ཁོ་ལེའི་རྩ་བ་ཏིལ་རྩིག་སྐྱུར། །ལས་བྱས་སྐམས་པ་ལི་ཀར་བཤད། །ཅེས་འབྱུང་བ་ཡིན་ནོ། །ཚོང་མ་ནི་ཚོད་མའི་སྡེ་ཚན་ལས་བཤད་པའི་རིགས་སྣ་ཚོགས
་པའོ། །ལྡེ་གུ་ནི་ལྡེ་གུར་སྦྱར་ནས་བལྡག་པའི་སྨན་རྣམས་སོ། །བཟའ་ང་ནི་བཟའ་བ་དང་བཏུང་བ་རྣམས་སོ། །བཏུང་བ་ནི་དྲི་བཟང་ས་ནི་རྒུན་ཚུལ་སོགས་པ་ལས་བྱས་པའི་བཏུང་བའི་དྲི་ཞིམ་པོ་དང་སྦྱར་བའོ། །བཀན?་ནི་སྦྲང་ཆུ་དང་དྲི་སྣ་གའུ་??
་ལ་སོགས་པ་ལས་སྦྱར་བའོ། །རོ་ནུག་པ་ནི་ཕལ་ཆེར་སྐྱུར་བའི་ཤས་དང་ལྡན་ཞིང་སེའུ་འབྲུ་ལ་སོགས་པ་ལས་སྦྱར་བའི་ཚོད་མ་བཤད་པ་ཞེས་བྱའོ། །ཟས་སྐོམ་པོ་སྣ་ཚོགས་ནི་ལ་དུལ་སོགས་པའོ། །འབྲས་བུ་ནི་ཤིང་ཏོག་དང་འབྲས་བུ་ས
་ཚོགས་ཀྱི་སྡེ་ཚན་ལས་བསྟན་པའོ། །ཁྲུས་ནི་ཆུ་དྲི་ཞིམ་པོ་དྲོ་འཇམ་ཙམ་གྱི་བཀྲུ་བའོ། །མཉེ་བ་ནི་རྒྱ་མཚོའི་སྤུ་བ་ལ་སོགས་པས་མཉེ་བའོ། །དྲི་ཞིམ་པ་ནི་བྲོན?་མི་པའི་སྨན་དང་སྦྱར་བ་ཏེ། དྲི་དེ་དག་ཀྱང་འབྲས་བུ་དང་མེ་ཏོག་ལས་བྱུང་བ་སྟེ
་འདིར་དྲི་ཞེས་བྱ་བའི་སྒྲས་ནི་དྲི་སྨན་དག་ཀྱང་བྱའོ། །ཡང་དེ་བཞིན་ཟས་སྐོམ་ལ་སོགས་པ་ལས་སྤྱད་མ་ཐག་དུ་འཕྲལ་དུ་ངའི་མོད་ལ་ཆུ་གྲང་གིས་གཏོར་ཞིང་བླུགས་པ་འམ་སློན་པའི་ནང་རྣམས་ལ་ཕན་པ་ཡིན་ནོ། །དེ་དག་ནི་སློན་ཞིང་སྐྱུག་པོ
་བའི་ནད་ཐམས་ཅད་ཀྱི་སྤྱིའི་གསོ་བ་བཤད་པ་ཡིན་ནོ། །རླུང་ལས་གྱུར་པའི་སླན་པའི་ནང། །རྒྱམ་ཚྭ་མར་བཅས་དྲོ་བ་འམ། །ཚ་གསུམ་ལན་ཚ་གསུམ་སྦྱར་བས། །ལུད་པ་དང་ནི་སྙིང་འཛག་དང། །བཅས་པ་སལ་བར་བྱེད་པ་ཡིན
་ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རླུང་ནད་ལ་ནི་རྒྱམ་ཚྭ་དང་ཞུན་མར་སྦྱར་བ་ཉུང་ཟད་ངོ་བས་སེལ་བར་བྱེད་དོ། །དེ་ལས་ཀྱང་མཆོག་ཏུ་ལུད་པ་དང་སྙིང་འཛག་ཅིང་ན་བ་དང། །བཅས་པའི་སློན་བྲོ་བ་སེལ་ཏོ། །ཡང་ན་ཚ་བ་གསུམ
་དང་ལན་ཚ་གསུམ་དང་ཞེས་བྱ་བ་ལྕེ་མྱང་ཚ་དང་ཁ་རུ་ཚ་དང་ཁ་རུ་ཚ་ནག་པོ་དང། ཞེས་བྱ་བ་གསུམ་དང་སྨྱུང་བའི?་ཞུན་མར་བླུད་ན་ཡང་རླུང་ལས་གྱུར་པའི་སློན་ནད་སེལ་ཏོ། །སེའུ་འབྲུའི་ཁུ་བ་བཅའ་སྒ་དང། །འོ་སུ་ཞོ་དང་མར་བསྐོལ་བའམ
་ཆུ་དང་འོ་མ་མཉམ་པ་འམ། ཞེས་བྱ་བ་ལ། ཡང་ན་སེའུ་འབྲུའི་ཁུ་བ་དང་བཅའ་སྒ་དད་འོ་སུ་དང། ཞོར་བསྲེས་པ་དང། བསྐོལ་བའི་མར་བླུད་ན་རླུང་ལས་གྱུར་པའི་སློན་ནད་འཇོམས་སོ། །ཡང་ན་ཆུ་དང་འོ་མ་ཚ་མཉེམ
་བ་བླུད་ན་རླུང་ལས་གྱུར་པའི་སློན་བྲོ་བ་སེལ་ཏོ། །ཁྲོན་གྱི་ཟས་ཚོལ་ཤ་ཁུ་ནི། །འབྲས་སྐྱུར་རྒྱམ་ཚྭ་མར་ཤས་ཆེ། ཞེས་བྱ་བ་ལ། ཡང་ན་ཁྲོན་གྱིས་ཟས་ཚོལ་པའི་ཁྱིམ་བྱ་ལ་སོགས་པའི་ཤ་ཁུ་སེའུ་འབྲུ་ལ་སོགས་པའི་འབྲས་བུ
་དང་སྦྱར་ཅིང་ཞུན་མར་དང་རྒྱམ་ཚྭར་ཤས་ཆེར་བཏབ་པ་བླུད་ན་ཡང་རླུང་ལས་གྱུར་པའི་སློན་བྲོ་བ་འཇོམས་སོ། །ཁ་ཟས་སྣུམ་བོ་བཅའ་སྒ་དང། ཞོ་དང་སེའུ་འབྲུར་སྦྱར་བ་འམ། །རྒྱམ་ཚར་བཅས་པ་དྲོ་འཇམ་ཕན། །ཞེས་བྱ
་བ་ལ། ཁ་ཟས་སྣུམ་བག་དུ་བཅས་ཤིང་བཅའ་སྒ་ལ་སོགས་པ་དང་སྦྱར་བ་ལ་རྒྱམ་ཚ་བཏབ་པ་དྲོ་འཇམ་ཙམ་བྱིན་ན་ཡང་ཕན་ནོ། །འདིར་ནི་བཀྲུ་སྨན་ལན་ཚ་དང། །སྣུམ་དང་དྲོ་བར་བཅས་པ་ཕན། །ཞེས་བྱ
་བ་ལ། རླུང་ལས་སྐྱེས་པའི་སློན་ནད་འདི་ལ་སྣུམ་དང་སེང་ཕྲོན་ལ་སོགས་པ་དང་སྦྱར་བའི་བཀྲུ་སྨན་ལན་ཚ་དང་སྦྱར་ཞིང་ཆུ་བྲོ་བ་བཏད་ན་ཕན་ནོ། །མཁྲིས་པ་ལས་གྱུར་བཀྲུ་སྨན་ཕྱིར། །རྒུན་ཆུ་བུ་རམ་ཤིང་ཁུ་དང། །དུར
་བྱིང་སྤྱད་པའི་བཀྲུ་སྨན་བཏད། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སློན་བྲོ་བའི་བཀྲུ་སྨན་བྱ་བའི་ཕྱིར་རྒུན་འབྲུམ་ཁུ་བ་དང་བུ་རམ་ཤིང་གི་ཁུ་བ་དང་དུད་བྱིང་དུད་སྦྱར་བའི་བཀྲུ་སྨན་བཏད་བར་བྱའོ། །ཞུན་མར
་སེང་ཕྲོམ་སྦྱར་བ་བཏད། །ཞེས་བྱ་བ་ལ། །ཡང་ན་མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་ལ། །སེང་ཕྲོམ་དང་ཞུན་མར་སྦྱར་བ་བཏད་བར་བྱ་སྟེ། དེ་ཡང་སེང་ཕྲོམ་སྲང་བརྒྱད་ཅེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ་ལྟར
་བྱའོ། །འཕེལ་ཏེ་བད་ཀན་གནས་ཁྱབ་པའི། །མཁྲིས་པར་མངར་དང་ཁ་བ་ཡི། །གྱེན་དུ་དྲངས་ལ་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སློན་པ་འཕེལ་བར་འགྱུར་ཏེ། །བད་ཀན་གྱི་གནས་ཁྱབ་པའི་གྱུར་པ་ལ་ནི་མཁྲིས་པའི་ནད་དེ་སྨན་མངར
་བ་དང་ཁ་བ་དག་གིས་གྱེན་དུ་དྲངས་ལ་སློན་པར་བྱ་བའི་བཀྲུ་སྨན་བཏད་བར་ནི་མི་བྱའོ། །དག་གྱུར་ནས། །འབྲས་ཡོས་ཁར་བཅས་པ་ལས། །སྐྱོ་མ་འམ་ནས་ཐུག་བླུད་པར་བྱ། །ཞེས་བྱ་བ་ལ། ཁྲུས་དང་སློན་གྱིས་དེ་དག་ཅིང་སྦྱངས་པར
་གྱུར་ནས་འབྲས་ཡོས་ཁ་ར་དང་བཅས་པ་ལས་སྐྱོ་མར་བྱས་ཏེ་བླུད་པ་འམ་ནས་ཐུག་གི་ནང་དུ་སྦྲང་རྩི་དང་ཁ་ར་བཏབ་པ་བླུད་པར་བྱའོ། །ས་ལུ་དྲུག་ཅུ་པ་ཡི་ཆན། །སྐམ་སའི་ཤ་ཁུ་མུངྒའི་ཁུ། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་སྐམས
་སའི་ཤ་ཁུ་དང་མུངྒའི་ཁུ་བ་ཡུ་ཤ་ཞེས་བྱ་བ་དང། རྩ་ལུ་རྩ་སྣར་རམ་འབྲས་དྲུག་ཅུ་པའི་ཆན་སྤགས་དེ་བཟའ་བ་སྦྱིན་པར་བྱའོ། །སོ་ཕག་བསྲེགས་ཆུ་ནང་བཅུག་གསུར། ཤིན་ཏུ་བསྒྲངས་པའི་ཆུ་བླུད་པའམ། ཞེས་བྱ་བ་ལ། སྐོམ་དུ་ནི་སོ
་ཕག་ལེགས་པར་བསྲེགས་ཏེ་ཆུའི་ནང་དུ་བཅུག་ལ་གསུར་པའི་ཆུ་དངས་མ་ཤིན་ཏུ་ལེགས་པར་བསྒྲངས་བླུད་པར་བྱའོ། །མུངྒ་འོ་སུ་པུ་ཤེལ་ཙེ། །པི་པི་ལིང་དང་ནུབ་གཅིག་སྤངས། ཞེས་བྱ་བ་ལ། མོན་སྲན་སྡེའུ་དང་འོ་སུ་ལ་སོགས
་སོགས་པའི་སྨན་དང་ནུབ་ཅིག་སྤངས་པའི་ཆུ་བསྐོལ་ཏེ་བསྒྲངས་པ་བླུད་པར་བྱའོ། །ཡང་ན་རྒུན་ཆུ་བུ་རམ་ཤིང། །སླེ་ཏྲེས་ཆུ་འམ་འོ་མ་བླུད། །ཅེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་པའི་སློན་བྲོ་བ་ལ
་རྒུན་འབྲུམ་ཆུ་འམ་བུ་རམ་ཤིང་གི་ཁུ་བ་འམ། སླེ་ཏྲེས་བསྐོལ་བའི་ཆུ་འམ། །འོ་མ་གང་ཡང་རུང་བ་བླུད་པར་བྱའོ། །འཛམ་བུ་ཨ་འབྲའི་ལོ་མ་དང། ཨུ་ཤིར་ནྱ་གྲོ་དྷའི་མྱུ་གུ། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་ནི། །བཏབ
་སྟེ་བླུད་ན་སློན་པ་དང། །རིམས་དང་ཚད་འཁྲུ་བ་རྒྱལ་བ་དང། །སྐོམ་དང་ཆེ་བ་མི་བཟད་སེལ། །ཞེས་བྱ་བ་ལ། ཤིང་འཛམ་བུ་དང་ཨ་འབྲ་གཉིས་ཀྱི་ལོ་མ་ནི་ཨུ་ཤིར་ཞེས་བྱ་བ་པུ་ཤེལ་རྩེ་དང། ཤིང་ནྱ་གྲོ་དྷའི་མྱུ་གུ
་བསྐོལ་པའི་ཆུ་བསྒྲངས་ཏེ་སྦྲང་རྩི་བཏབ་པ་བླུད་ན་ཡང་སློན་པ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །སྐྱུ་རུ་རའི་ཁུ་ཙན་དན་བཅས། །མུངྒ་པ་ལའི་ཆུ་བླུད་པ་ན། ཞེས་བྱ་བ་ལ། ཡང་ན་སློན་ནད་དེ་ལ་སྐྱུ་རུ་ར་བསྐོལ་བའི་ཆུ་བསྒྲངས
་པར་ཙན་དན་དཀར་པོ་ལྡེ་གུ་དང་སྦྱར་བ་བླུད་པར་བྱའོ། །ཡང་ན་མུངྒ་དང་བ་ལ་ཆུ་ནུབ་གཅིག་སྤངས་བ་བླུད་པར་བྱའོ། །རྒྱ་ཤུག་ཚིག་གུ་ཁ་ར་དཀར། །འབྲས་ཡོས་སྤྲ་ཚིལ་པི་པི་ལིང། །དངུལ་རྡོ་སྦྲང་རྩི་འམ་ཨ་རུ་ར། །རྒུན་འབྲུམ
་མམ་རྒྱ་ཤུག་དང་སྦྱར་བ་ན། །ཞེས་བྱ་བ་ལ། ཡང་སློན་ནད་དེ་ལ་རྒྱ་ཤུག་གི་ཚིག་གུ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བ་འམ། །ཡང་ན་ཨ་རུ་ར་སྦྲང་རྩི་དང་སྦྱར་བ་འམ། །རྒུན་འབྲུཾ་སྦྲང་རྩི་དང་སྦྱར་བ་འམ། རྒྱ་ཤུག་སྦྲང་རྩི་དང
་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །བད་ཀན་ལས་གྱུར་ནིམཔ་དང། །པི་པི་ལིང་དང་པོ་སོན་ཆ། །ཡུངས་ཀར་ཆུ་དྲོན་གྱིས་སློན་བྱ། །ཉམས་ཆུང་བ་ལ་སྨྱུང་བ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ་ནི་ནིམཔ་ལ་སོགས
་པ་དང། །བསྐོལ་བའི་ཆུ་དྲོ་འཇམ་ཙམ་བྱས་པ་ལ་བླུད་ལ་སློན་པར་བྱའོ། །གལ་ཏེ་ནད་པ་ཉམས་ཆུང་བ་ལ་ནི་སློན་པར་མི་བྱ་ཡི། །མྱུང་བར་བྱས་ཏེ་ཞི་ཞི་བར་བྱའོ། །དོང་ག་ལ་སོགས་ཁུ་བ་བསྐོལ། །བསྒྲངས་པར་སྦྲང་རྩི་བཅས་པ་བླུད། །
་ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ། དོང་ག་ལ་སོགས་པའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་ཞི་བར་འགྱུར་རོ། །ནས་ཀྱི་སྐྱོ་མ་སློན་འཇོམས་པའི། །སྨན་དག་དང་ནི་སྦྱར་བ
་བླུད། །ཅེས་བྱ་བ་ལ་ཡང་བད་ཀན་གྱི་སློན་བྲོ་བ་ལ་ནི་ནས་ཀྱི་ཕྱེ་དང་སློན་འཇོམས་པའི་སྨན་འབྲས་ཡོས་དང། རྒྱ་ཤུག་དང་སེའུ་འབྲུ་ལ་སོགས་པའི་སྨན་བསྐོལ་བ་དང་ནས་ཕྱེ་དང་སྦྱར་ཏེ་དེའི་ཟན་ནམ་སྐྱོ་མ་བླུད་པར་བྱའོ། །བད་ཀན་འཇོམས
་ཟས་ཡི་གར་འོད། །བཏུང་བ་ཟིན་ཐིག་བུ་སྲིན། ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ་ནི། །བད་ཀན་འཇོམས་པའི་ཟས་འབྲས་ཡོས་ལ་སོགས་པ་ལས་བྱེད་པའི་བཏུང་བ་རག་ཞེས་བྱ་བ་རོ་དྲུག་པ། ཟིན་ཐིག་ལེ་དང། བུ་སྲིན་དང
་བཅས་པ་བླུད་ན་ཡང་བད་ཀན་ལས་གྱུར་པའི་སློན་བྲོ་བ་སེལ་ཏོ། །ཟིན་ཐིག་ལེ་ནི་ཨ་ཛ་རེ་ཀ་དང། །ཀུ་ཐེ་རུ་ཞེས་བྱ་བའོ། །བུ་སྲིན་ནི་ཀ་ཏྲི་ནའོ། །ལྡོང་རོས་དང་ནི་པི་པི་ལིང། །ན་ལེ་ཤམ་ནི་སྐྱུར་རྩི་ཆེ། །ཀ་པཏྟེ་ཡི་ཁུ་བ་དང། སྦྲང་རྩིར་བཅས་པ་སློན
་ནད་སེལ། །ཞེས་བྱ་བ་ལ། ལྡོང་རོས་ལ་སོགས་པའི་སྨན་གསུམ་པ་སྐྱུར་རྩིར་ཆེན་པོ་ཞེས་བྱ་བའི་ཛཾ་བུ་རའི?་ཁུ་བ་དང་ཀ་པེ་ཏའི་ཁུ་བ་དང་སྦྱར་ཅིང་སྦྲང་རྩི་དང་སྦྱར་བླུད་ན་སློན་ནད་སེལ་བར་འགྱུར་རོ། །ཀ་པཏྟེ་དང་ཚ་བ་གསུམ། །བྱི་ཚོར་སྦྲང་རྩི
་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་བ་ལ་ནི། ཀ་པཏྟ་དང་ཚ་གསུམ་སྦྱར་བ་བྱིན་པ་འམ། ཡང་ན་བྱི་ཚོར་བ་དང་སྦྲང་རྩིར་སྦྱར་བ་སྦྱིན་པར་བྱའོ། །མཐུན་པའི་སྤྱོད་པ་བྱས་པ་ཡིན། །མི་སྡུག་ཡུལ་མཐོང་ལས་བྱུང
་སེལ། །ཞེས་བྱ་བ་ལ། ཡུལ་མི་སྡུག་པ་མཐོང་བ་ལས་བྱུང་བའི་སློན་བྲོ་བ་ལ་ནི་ཡིད་དང་རྗེས་སུ་མཐུན་པའི་སྤྱོད་པ་ཡིད་དགའ་ཞིང་དབུགས་ཕྱུང་བས་མགུ་བར་བྱས་པའི་སྤྱོད་པ་བྱས་པས་སེལ་བར་འགྱུར་རོ། །སྲིན་བུ་ལས་བྱུང་སྲིན་བུ
་ཡི། །སྨན་དུ་བཤད་པ་རྣམས་ཀྱི་གསོ། །ཞེས་བྱ་བ་ལ། །སྲིན་བུ་ལས་བྱུང་བའི་སློན་པ་ལ་ནི་སྲིན་བུ་ལས་གྱུར་པའི་སྙིང་ནད་ཀྱི་སྐབས་སུ་བཤད་པའི་སྨན་རྣམས་ཀྱིས་གསོ་ཞིང་ཞི་བར་བྱའོ། །ལྷག་མ་ནད་དམིགས་ཇི་བཞིན་དུ། །དེ་ཞི་འགྱུར
་བའི་དཔྱད་ཀྱིས་གསོ། ཞེས་བྱ་བ་ལ། སྨོན་པའི་ནང་ལྷག་མ་སྐོམ་དད་དང་མ་ཞུ་བ་དང་ཡིད་བདེ་བས་སྐྱེས་པར་གྱུར་པ་དག་ལ་ནི། །རང་གི་ནད་དམིགས་ཇི་ལྟ་བ་བཞིན་དུ་རླུང་ལས་གྱུར་པ་ལ་སོགས་པ་ལ་ཕན་པའི་སྨན་གྱིས་ཞེས
་བར་བྱ་བ་དང། །དེ་བཞིན་དེ་ཞི་བར་འགྱུར་བའི་དཔྱད་པ་སྐོམ་དད་དང། སློན་པ་ལ་སོགས་པ་ལ་གང་དག་ཕན་པར་འགྱུར་བ་དག་གིས་གསོ་བར་བྱའོ། །སློན་པའི་སྐབས་སུ་རླུང་གི་ནད་རྣམས་ནི། །ལུས་ཟུངས་ཟད་པས་ངེས་པར་ལྡང་འགྱུར་རོ།།
་དེ་བས་འདིར་ནི་སྐྱུགས་སྨན་འབྱོར་དྲགས་པོའི། །སྐབས་བཤད་བཅད་དང་བརྟ་བའི་ཆོ་ག་བྱ། །བུ་རམ་ཞུན་མར་ཤ་ཁུ་དང་ཁ་ཆེ། །ཚ་བ་གསུམ་དང་འཚོ་བྱད་སྨན་མར་དང། །འོ་ཐུག་དང་ནི་ཕན་པའི་ལྡེ་གུ་ཡིས། །རྒྱུན་དུ་སློན་པ་ཞི་བ་ཉིད་དུ་བྱ།
་ཞེས་བྱ་བ་ལ། གང་གི་ཕྱིར་སློན་པའི་སྐབས་སུ་ནི་སྨོན་པའི་ལུས་ཟུངས་ཟད་པར་བྱ་བའི་ཕྱིར་ངེས་པ་ཁོ་ནས་ལྡང་ཞིང་འཁྲུགས་པར་འགྱུར་རོ། །དེ་བས་ན་སྐབས་འདིར་ནི་སྐྱུགས་སྨན་གྱི་སྦྱོར་བ་དགས་པའི་སྐབས་སུ་སྔོན་དྲག་པས་ནད་དུ་འགྱུར
་བའི་གསོ་བར་བཤད་པ་དེ། བཅད་པ་དང་ལྟ་བའི་ཆོ་ག་དག་ཡན་པར་བྱའོ། །དེ་བཞིན་དུ་བུ་རམ་དང་ཞུན་མར་དང། །ཤ་ཁུ་དང། དགེ་བ་ཆེན་པའི་སྨན་མར་ལ་སོགས་པ་དུས་ཇི་ལྟ་བ་བཞིན་དུ་ནད་དམིགས་དང་ལུས་ཟུངས་ཀྱི་ཚུལ་དང
་སྦྱར་ཏེ་རྒྱུན་དུ་སློན་བཞིན་ཉིད་དུ་བྱའོ། །སྙིང་ནད་རླུང་གྱུར་ཏིལ་མར་ནི། སྐྱུར་རྩབས་དར་བ་ཞོ་ཆུ། །ལྡན་པ་ཚན་དྲོ་འཇམ་རླུང། །དེས་ནི་ལྟོ་སྤོས་སྐྲན་ཀྱང་འཇོམས། །ཞེས་བྱ་བ་ལ། རྙིང་གི་ནད་རླུང་ལས་གྱུར་པ་ལ་ནི་འབྲས
་ཁུ་དང་སྐྱུར་དུ་གྱུར་པ་སྐྱུར་རྩབས་ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་ཏིལ་མར་བསྐོལ་བ་བླུད་པར་བྱ་སྟེ། དེ་ཡང་དྲོ་འཇམ་ཙམ་དུ་བྱས་ལ་བླུད་པར་བྱའོ། །དེ་ནས་དེ་ཡིས་ལྟོ་སྤོས་པ་ལ་སོགས་པ་འཇོམས་པར་བྱེད་དོ། །ཏིལ་མར་ལན
་ཚར་བཅས་དང་སྐྱུར། །བ་གཅིན་བསྐོལ་བ་འམ་དེ་དང་མཚུངས། ཞེས་བྱ་བ་ལ། སྐྱུར་བག་སྐྱུར་རྩབས་ལ་སོགས་པ་དང་བ་གཅིན་དང་ལན་ཚ་ཐམས་ཅད་དང་ཏིལ་མར་ལྷན་ཅིག་བསྐོལ་ལ་ཚོས་པར་གྱུར་པ་ཐུངས་ན། །ཡང་ཡོན་ཏན་དེ་དང་འདྲ་སྟེ།
་རླུང་ལས་གྱུར་པའི་སྙིང་ནད་དང། ལྟོ་སྤོ་བ་དང་སྐྲན་ནད་འཇོམས་པ་ཡིན་ནོ། །བིལྤར་ར་སྣ་རྒྱ་ཤུག་གནས། །ཐད་ཤིང་དང་ནི་པ་སྤྲུ་བ། །རྒྱ་སྲན་རྩ་བ་ལྡན་པ་རྣམས། །བསྐོལ་བའི་ཆུ་དེར་ཏིལ་མར་ནི། །བསྐོལ་བ་དེ་ནི་སྣང་བསྟད་དང། །བཏུང་དང
་འཇམ་རྩིར་བཏང་བར་བྱ། །ཞེས་བྱ་བ་ལ། །བིལྤ་ལ་སོགས་པ་བསྐོལ་བའི། །སྨན་གྱི་ཁུ་བ་ཏིལ་མར་བཞི་འགྱུར་དང་བསྐོལ་ལ་ཏིལ་མར་དེ་སྣ་ནས་བཏང་བ་དང་དེ་བཞིན་དུ་བཏུང་བ་དང་འཇམ་རྩི་མས་བཏང་བའི་སྦྱར་བ་བྱའོ། །བཅའ་སྒ་རྒྱམ་ཚྭ་བྱེའུ་རུག་པ།
་སཱ་ཏྲས་ཤིང་ཀུན་མ་ནུ་དང། ཨ་རུ་ར་དང་མར་བསྐོལ་བ། །སྙིང་ནད་རྩིབ་ལོགས་གཟེར་སྐྲན་འཇོམས། །ཞེས་བྱ་བ་ལ་བཅའ་སྒ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་འདིར་མ་སྨོས་སུ་ཟིན་ཀྱང་མར་གྱི་བཞི་འགྱུར་གྱི་ཆུ་དང་བསྐོལ་ལ་དེའི་ཁུ་བར
་མར་བསྐོལ་བའི་སྨན་མར་དེ་ཟོས་ན་ཡང་སྙིང་ནད་ལ་སོགས་པ་འཇོམས་པར་འགྱུར་རོ། །ཁ་རུ་ཚྭ་ནི་སྲད་གཉིས་དང། ། རུ་ར་ནི་ལྔ་བཅུ་དང། །ཞུན་མར་བྲེ་གང་བསྐོལ་རྩིབ་ལོགས། སྙིང་ནད་སྐྲན་དབུགས་མི་བདེ་སེལ། །ཞེས་བྱ་བ་ལ། ཁ
་རུ་ཚྭ་སྲང་གཉིས་དང་ཨ་རུ་ར་རྡོག་མ་ལྔ་བཅུ་ལྡེ་གུར་བྱས་པ་ཆུ་བྲེ་བཞིའི་ནད་དུ་བསྐོལ་ལ་དེའི་ཁུ་བ་དང། མར་བྲེ་གང་བསྐོལ་པའི་སྨན་མར་ནི་རྩིབ་ལོགས་ཀྱི་ནད་དང། སྙིང་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །སེའུ་བཅའ་སྒ་ཁ་རུ་ཚྭ།།
་ཤིང་ཀུན་སྟར་བུ་ཕྱེ་མར་སྦྱར། །རླུང་ནད་གཞན་དབང་ཅན་སྙིང་ནད། །དབུགས་མི་བདེ་བསལ་མཆོག་ཡིན། །ཞེས་བྱ་བ་ལ། སེའུ་འབྲུ་ལ་སོགས་པའི་སྨན་ལྔ་ཕྱེ་མར་སྦྱར་བས་རླུང་ནད་གཞན་དབང་ཅན་ལ་སོགས་པར་བྱེད་པའི་མཆོག
་ཡིན་ཏེ་རླུང་ནད་གཞན་དབང་ཅན་ནི་འོག་ནས་བཤད་དོ། །གང་དུ་ཚད་ནི་མ་བཤད་པར། །ཚ་ནི་མཉམ་པོར་བརྟག་པར་བྱ། །ཞེས་བྱ་བའི་ཚིག་སྨན་གྱི་ཁུ་བ་བསྐོལ་བ་དང་ལྡེ་གུ་དང་ནས་ཐུག་སྦྲུས་པ་དང་ཕྱེ་མ་ལ་སོགས་པ་དྲན
་པར་བྱའོ། །མ་ནུ་ཟུར་པ་བཅའ་སྒ་དང། །སྐྱུར་རྩི་ཆེར་རྩ་ཨ་རུ་རའི། །ལྡེ་གུ་ཡ་བཀྵ་ར་དང། །མངར་སྐྱུར་ལན་ཆ་ལྡན་པ་འཐུངས། །བཅད་སྙམ་སེམས་པའི་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། མ་ནུ་ཞེས་བྱ་བ་ལ། མ་ནུ་ཞེས་བྱ་བ་དུ་སྐར
་མཱུ་ལ་ལ་སོགས་པའི་སྨན་བཏབ་ཏ་ལྡེ་གུར་བྱས་ཏེ་ཡ་བཀྵ་ར་ལ་སོགས་པ་དང་བཅས་པ་ནི་སྙིང་བཅད་ཅིང་བཏུབ་པ་སྙམ་དུ་སེམས་པའི་ནད་འཇོམས་པར་བྱེད་དོ། །སྐྱུར་རྩི་ཆེན་པོའི་རྩ་བ་ནི། །མ་དུ་ལུང་གའི་རྩ་བ་སྟེ། །བི་ཟ་བུ་རའི་རྩ་བའོ།།
་ཡ་བཀྵ་ར་ནི་ནས་ཚིག་འཁུས་པའི་ཐལ་བའོ། །རྒྱམ་ཚྭ་ལ་ཕུད་ཀྵ་ར། །ཤུ་དག་གི་སྙིང་བཅད་སྒ་དང། །ཐང་ཤིང་སྐྱུར་རྩི་ཆེན་པོ་དག། །ཟུར་བ་མ་ནུ་བ་ལ་ཤ། བསྐོལ་ཁུ་འཇམ་ཐུངས་ཡོན་ཏན་མཆུངས། །ཞེས་བྱ་བ་ལ། རྒྱམ་ཚྭ་ལ
་སོགས་པ་སྨན་གྱི་ལྡེ་གུ་བསྐོལ་བ་དྲོ་འཇམ་ཙམ་འཐུངས་ན་ཡང་ཡོན་ཏན་གོང་མ་དང་འདྲ་སྟེ་སྙིང་བཅད་བ་སྙམ་དུ་སེམས་པའི་གསེར་འཇོམས་པ་ཡིན་ནོ། །ཚ་ལྔ་ཟུར་པ་ཨ་རུ་ར། །བུ་རམ་མ་ནུ་སྐྱུར་རྩི་ཚེ། །ཆང་བཏགས་ལྡེ་གུ་མར
་ཏིལ་མར། །བརྡོས་ཏེ་རྒྱམ་ཚྭར་ལྡན་འཐུངས་ན། །སྙིང་ནད་རྩིབ་ལོགས་མོ་མཆེན་ཟུག་།སྐྲན་དང་རྨུ་རྫི་ནད་རྣམས་སེལ། །ཞེས་བྱ་བ་ལ། ཆ་བ་ལྔ་ལ་སོགས་པའི་སྨན་ཆང་གི་དངས་མ་དང་ཆུ་དགས་སུ་བཏགས་ཏེ་ལྡེ་གུར་བྱས་ལ་ཉུན
་མར་དང་ཏིལ་མར་བརྡོས་ཏེ་རྒྱམ་ཚ་དང་ལྡན་པར་འཐུངས་པས་ནི་སྙིང་དང་རྩིབ་ལོགས་གཟིར་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །འདི་ལ་སྣུམ་གྱི་དུགས་ཕན་ཞིང། །སྨན་མར་གྱི་སྦྱོར་བ་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནད
་འདི་ལ་ནི་སྣུམ་གྱི་དུགས་བྱ་བ་དང། །སྨན་མར་གྱི་སྦྱོར་བ་ཕན་ནོ། །སྐོམ་ལ་རྩ་བ་ཆུང་ངུ་ལྔའམ། །བཅའ་སྒ་དང་ནི་བསྐོལ་བའི་ཆུ་འམ། །ཆང་གི་རངས་མ་ཞོ་ཁ་ཆུ། །འབྲས་བུ་རང་སྐྱུར་བླུད་པར་བྱ། །ཞེས་བྱ་བ་ལ། སྐོམ་པ་དང་བཅས་བའི
་སྙིང་ནད་རྩ་བ་ལྔ་ཆུང་ངུ་དང་བསྐོལ་བའི་ཆུ་བླུད་པ་འམ། །བཅའ་སྒ་དང་བསྐོལ་བའི་ཆུ་དངས་མ་འམ་ཞོག་ཆུ་འམ། །འབྲས་ཁུ་རང་སྐྱུར་གན་ཇི་ཞེས་བྱ་བ་བླུད་པར་བྱའོ། །བྱ་རྨད་རེས་གཟེར་མ་ཞུར་བཅས། །སྙིང་ལ་རླུང་གིས་གནད་གྱུར་ལ་བྱ
་བ་འདི་བྱ་ཞེས་བྱ་བ་ལ། །བྱ་རྨྱང་ནི་རྐང་ལག་རྐྱང་བ་ལ་སོགས་པ་སྟེ། དེ་དག་ལ་སོགས་པ་དང་ལྡན་པར་གྱུར་པའི་སྙིང་ནད་ལ་ཡང་བར་བཤད་པའི་གསོ་བའི་སྦྱོར་བ་འདི་ཉིད་བྱའོ། །སྙིང་འཛག་ཅིང། ཕར་དང་གཅིན་སྙིང་བཅས་པ་ལ། །སྲེག་པ་ཁྲུད
་ཁྲུད་རྨ་བྱ་དང། །ཅོ་ག་ཁྱིམ་བྱ་སྣུམ་མང་ཕན། །ཞེས་བྱ་བ་ལ། །ཡང་རྙིང་ནད་སྙིང་འཛག་པ་ལ་སོགས་པ་དང་བཅས་པའི་རླུང་ལས་གྱུར་པ་ནི། །སྲེགས་པ་ལ་སོགས་པའི་ཤ་ཁུ་སྙམ་མང་པོ་དང། །བརྡོས་ཤིང་སྣུམ་མར་པོ་བཏབ་པ་ཕན་ནོ། །
་སྙིང་ནད་བཅས་ལ་བ་ཡི་མར། །ཡང་ན་སྐྱིད་དེ་བའི་མར་བླུད། །ཤིང་མངར་ལན་བརྒྱ་བཅོས་བ་འམ། དེ་བཞིན་སྣུམ་ཆེན་མཆོག་ཏུ་ཕན། །ཞེས་བྱ་བ་ལ་སྙིང་ནད་དང་བཅས་པའི་སྐྱེས་བུས་བ་ལའི་ཏིལ་མར་རླུང་ནད་གསོ་བའི་སྐབས་སུ་བཤད
་པ་བླུད་པར་བྱའོ། །ཡང་ན་སྐྱེ་དེ་བའི་སྨན་མར་བྱ་བ་ལ་སྐབས་སུ་བཤད་པ་བླུད་པར་བྱའོ། །ཡང་ན་ཤིང་མངར་ལན་བརྒྱ་བཙོས་པའི་མར་རླུང་དང་ཁྲུག་གསོ་བའི་སྐབས་སུ་ཤིང་མངར་སྲང་རྒྱ། ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ
་ཏིལ་མར་དང་ལན་བརྒྱ་བསྐོལ་ཅིང་མར་དུ་བརྩོས་པ་བླུད་པར་བྱའོ། །ཡང་ན་དེ་བཞིན་དུ་སྣུམ་ཆེན་པོའི་མཆོག་བླུད་ན་ཡང་ཕན་ནོ། །སྣུམ་ཆེན་པོ་བརྟག་པའི་ཕྱིར་སྨྲས་པ་ནི། །རས་འཚོ་བྱེད་ཛི་བནྟི། །བལ་བྱ་གྲི་བ་སྤུ་བ། །ག་བྲའི་རྩ
་བ་ཏི་ར་དང། །ཤུ་དག་ཆ་བ་གསུམ་དང་ནི། །སྣུམ་ཆེན་ཞེས་བྱ་བསྐོལ་བར་བྱ། །ཞོ་ནི་བཞི་ཆ་དེ་བཞིན་སྐྱུར། །ཇི་སྙེད་བ་ལས་སྦྱར་བ་བསྟེན། །ཚིམ་བྱེད་རྟས་བྱེད་སྟོབས་བསྐྱེད་ཅིང། །རླུང་གི་སྙིང་ནང་འཇོམས་པ
་ཡིན། །ཞེས་བྱ་བ་ལ། །ར་སྣ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་སྣུམ་ཆེན་པོ་ཞེས་བྱ་བའི་ཞུན་མར་དང། རྐང་དང་ཞག་ལ་སོགས་པའི་བྱ་ག་བསྐོལ་བར་བྱ་བ་དེ་ཡང་ཞོ་བཞི་ཆ་དན་དེ་བཞིན་དུ་སྐྱུར་རྩབས་དང། །ཞོ
་ཁ་ཆུ་དང་དར་བ་ལ་སོགས་པའི་ཇི་སྙེད་པ་ལས་སྣུམ་གྱི་ཆོ་ག་འདི་ཉིད་ཀྱིས་སྦྱར་བར་བྱ་སྟེ། ལྔ་ནག་པོ་ལ་སོགས་པའི་རྫས། །སྣུམ་ནག་སོ་སོར་མཉམ་བྱ་བ་ཞེས་བྱ་བའི་ཚུལ་དུ་བྱའོ། །སྣུམ་ཆེན་པོ་དེ་བསྟེན་ན་དབང་ཅི་ཚིམ་པར་བྱེད
་པ་དང་ལུས་བརྟབས་པར་བྱེད་པ་དང། །སྟོབས་སྐྱེད་ཅིང་འཕེལ་བ་དང། །རླུང་གི་སྙིང་ནད་འཇོམས་པར་བྱེད་པ་ཡིན་ནོ། །སྙིང་ནད་དྲོད་ཆེན་འཕར་བ་ནི། རླུང་ལས་གྱུར་པའི་སྙིང་ནད་ལ། འོ་མ་ཞོ་དང་བུ་རམ་མར། །ཆུ
་དང་རླན་ཅན་ཤ་དག་ཕན། །ཞེས་བྱ་བ་རླུང་ལས་གྱུར་པའི་སྙིང་ནད་མེ་དྲོད་ཆེ་ཞིང་སྙིང་འཕར་ཞིང་འགུལ་བ་ལ་འོ་མ་བླུད་ན་ཕན་པ་ཡིན་ལ། །ཡང་དེ་བཞིན་དུ་ཞོ་དང་བུ་རམ་དང་ཞུན་མར་ཕན་ལ། །ཡང་དེ་བཞིན་དུ་ཆུ་དང།
་སླན་གྱི་ས་ལ་སོགས་པའི་སྲོག་ཆགས་ཀྱི་ཤ་ལ་སོགས་པ་བྱིན་ན་ཡང་ཕན་པ་ཡིན་ནོ། །འདི་མ་གཏོགས་པའི་སྙིང་གི་ནད། །བཞི་པོ་དག་ལ་སྤང་བར་བྱ། །རླུང་ཅན་རེངས་དང་བེའུ་སྣབས་ཅན། །ཚོར་མེད་ལྷག་མ་རྣམས
་ལའང་སྤང་ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྙིང་ནད་མ་གཏོགས་པ་སྙིང་ནད་དེ་ལས་གཞན་པ་བཞི་པོ་མཁྲིས་པ་དང་བད་ཀན་དང། འདུས་བ་དང་སྲིན་བུ་ལས་གྱུར་པའི་སྙིང་ནད་བཞི་པོ་ལ་ནི་འོ་མ་ལ་སོགས་པ་འདི་དག
་སྤང་བར་བྱ་སྟེ་སྦྱིན་པར་མི་བྱའོ། །དེ་དག་འབའ་ཞིག་དུ་མ་ཟད་ཀྱི་རླུང་ལས་གྱུར་པའི་སྙིང་ནད་རེངས་པ་དང་བེའུ་སྣ་ཅན་ལ་སོགས་པ་ལ་ཡང་འོ་མ་ལ་སོགས་པ་འདི་དག་སྤང་བར་བྱའོ། །བད་ཀན་འདྲེས་གྱུར་དེ་ལ་ནི། །རྩུབ་དྲོད་བཤད་པའི་བྱ་བ
་བྱ། །ཞེས་བྱ་བ་ནི། རླུང་ལས་གྱུར་པའི་སྙིང་ནད་བད་ཀན་དང་འདྲེས་པར་གྱུར་པ་དེ་ལ་ནི་རྩུབ་པ་དང་དྲོ་བའི་བག་དང་འདྲེས་པའི་གསོ་བའི་ལས་སུ་བྱ་བ་བྱའོ། །མཁྲིས་གྱུར་རྒུན་ཆུ་བུ་རམ་ཆུ། །ཁར་སྦྲང་རྩིར་པ་རུ་ཤར། །ལྡན་པའི་བཀྲུ་སྨན
་ཡིད་འོང་བས། །སྦྱངས་ལ་མཁྲིས་སེལ་རིམ་པ་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་རྒུན་ཆུ་དང་བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་དང་སྦྱར་བའི་བཀྲུ་སྨན་ཡིད་དང་འཐད་པ་བཏང་བས་སྦྱངས་ལ་དག་པར་གྱུར་ནས་མཁྲིས་པ
་སེལ་བར་བྱེད་པའི་ཐུག་པ་ལ་སོགས་པའི་རིམ་པ་མཁྲིས་པའི་རིམས་གསོ་བའི་སྐབས་སུ་བཤད་པ་དག་བྱའོ། །གློ་རྡོལ་རིམས་ཀྱི་མཁྲིས་སྐབས་བཤད། །ཕྱི་ནང་གི་ནི་སྦྱང་ཞི་བའི། །ཞེས་བྱ་བ་ལ། མཁྲིས་པ་ལས་བྱུང་བའི་སྙིང་ནད་དེ་ལ
་ནི་གློ་རྡོལ་བ་གསོ་བའི་སྐབས་སུ་བཤད་པ་དང་མཁྲིས་པའི་རིམས་གསོ་བའི་སྐབས་སུ་བཤད་པའི་སྦྱན་བ་ལྡེ་གུས་དྲིལ་ཞིང་བྱི་བ་དང། བསྐུ་བ་དང་བྱུག་པ་དང། བཀྲུ་བ་ལ་སོགས་པ་བྱ་བ་དང། །དེ་བཞིན་ནང་གི་སྦྱངས་པ་སྐྱུག་སྨན་དང་བཀྲུ་སྨན་ལ
་སོགས་པ་དང་ཞི་བའི་བྱ་བ་དག་ཕན་ནོ། །པུ་ཙི་ཤེལ་དང་ཤིང་མངར་བཏགས། །ཁ་རར་བཅས་པའི་ཁུ་བླུད་བྱ། ཞེས་བྱ་བ་ལ། ཡང་མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་པུ་ཙེ་ཤེ་དང་ཤིང་མངར་བཏགས་པའི་ལྡེ་གུ་ཁར་དང་སྦྱར་བ་ཆུ
་དང་སྦྱར་ཏེ་བླུད་པར་བྱའོ། །ར་སྣ་ཁ་ར་རྒུན་འབྲུ་དང། །འཚོ་བྱེད་ཨུད་པལ་ཟངས་རྩི་བ། །ཁ་ལ་འབྲ་གོ་རམ་ཉེ་བ། །མེ་དང་གཉིས་དང་མ་ཧེ་མར། །འོ་མར་བཅས་པ་བསྐོལ་བ་ནི། །མཁྲིས་གྱུར་སྙིང་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ།
་རཏན་ལ་སོགས་པའི་ལྡེ་གུར་བྱས་པ་དང། མ་ཧེའི་མར་དང། འོ་མར་བཅས་པ་དང་བསྐོལ་བ་ནི། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་བར་འགྱུར་རོ། །ཤིང་མངར་སྦྲ་པུ་ནཱ་རི་ཀ་།པདྨའི་རྩ་བ་ཀ་ཤེ་རུ། །རང་ལ
་སྒ་པ་ལར་བཅས་དེ་དང། །འོ་མར་བཅས་དང་བཅའ་སྒར་བསྐོལ། །བསྒྲངས་པར་སྦྲང་རྩི་བཏབ་པ་དང། །མངར་བའི་སྡེ་ཚན་བསྡུས་པ་འང་བསྔགས། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་མར་དང་འོ་མར་བཅས་པ་བསྐོམ
་ལ་མར་དེ་བསྒྲངས་པ་ལ་སྦྲང་རྩི་བཏབ་པ་ཡང་མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་ཕན་ནོ། །དེ་བཞིན་དུ་མངར་བའི་སྡེ་ཚན་དུ་གཏོགས་པའི་སྨན་ཆོ་ག་སྔ་མ་བཞིན་དུ་བྱས་པ་དེ་ཡང་མཁྲིས་པ་ལས་གྱུར་པའི་སྙིང་ནད་ལ་བསྔགས
་པ་ཡིན་ནོ། །ཏིལ་མར་ཤིང་མངར་བཅས་བསྐོལ་ཅིང། །སྦྲང་རྩི་བཏབ་འཇམ་རྩི་འང་ཕན། །ཞེས་བྱ་བ་ལ། ཤིང་མངར་གྱི་ལྡེ་གུ་སྔ་མ་བཞིན་དུ་བསྐོལ་བ་དང། །ཏིལ་མར་བསྐོལ་ལ་སྦྲང་རྩི་བཏང་བའི་འཇམ་རྩི་བཏང་བ
་ཡང་ཕན་ནོ། །བད་ཀན་ལས་གྱུར་དུ་གསོ་བྱས་ལ། །ནིམཔ་ཤུ་དག་ཆུ་ཡི་བློན། །རྒྱ་སྲན་ཁུ་བ་ཆུ་ཡིས་རྒྱམ་ཚྭའི་ཆུ། །ཆང་རྣོ་བླུད་ཅིང་ནད་ཟན་སྦྱིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྙིང་ནད་ལ་དང་པོར་དུགས་བྱས་ལ་དའི
་འོག་ཏུ་ནི་སྤྲ་དང་སུ་དག་བསྐོལ་བའི་ཆུ་ཡིས་སྐྱེགས་སྨན་བཏང་ཞིང། །སློན་ལ་རྒྱ་སྲན་ཀུན་པཏབ་ལ་སོགས་པའི་ཁ་ཟས་སྦྱིན་པར་བྱའོ། །ཤུ་དག་ཤིང་ཀུན་ལན་ཚ་གཉིས། །དེར་གྲ་སུག་སྨེལ་ལ་ལ་ཕུད། །ནད་ཚིག་འཁྲུས
་ཐལ་པི་པི་ལིང། །ཕྱེ་མ་དྲོ་འཇམ་ཆུར་བླུད་པ་འམ། །འབྲས་བུའི་ཆུ་འམ་རང་སྒྱུར་རམ། །རྒྱ་སྲན་པ་གཅིན་ཆང་སྙིང་བླུད། །ཅེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྨན་གྱི་ཕྱེ་མ་ཆུ་བསྐོལ་བ་དྲོ་འཇམ་ཙམ་གྱི་ནང་དུ་བཅུག་སྟེ
་བླུད་པ་འམ། །ཡང་ན་འབྲས་བུའི་ཆུ་ལ་སོག་པ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་པར་བྱའོ། །མ་ནུ་བས་སྒ་ཨ་རུ་ར། །ཟུར་པར་སྣ་པི་པི་ལིང། །ཤུ་དག་བསྐོལ་ཏེ་བླུད་པ་འམ། །ཞེས་བྱ་བ་ལ། །ཡང་ན་མ་ནུ་ལ་སོགས་པའི་སྨན་ལུ་ཆོ་ག་བཞིན
་དུ་བསྐོལ་ཏེ་བླུད་ན་ཡང་ཕན་ནོ། །དེ་བཞིན་དུ་བཅའ་སྒ་ཨ་རུ་ར། །བོད་དེ་དཀར་པོ་ཡུངས་བ་དང། །ཀཏཔ་པ་ནི་བསྐོལ་བ་འམ། །ཞེས་བྱ་བ་ལ། དེ་བཞིན་བཅའ་སྒ་ལ་སོགས་པ་དང། །བསྐོལ་བའི་ཆུ་བླུད་ན་ཡང་ཕན་ནོ། །རོ་ཧི་ཏ་ཀ་ཨ་ཤྭཏྠ
་སེང་ལྡེང་ཨུ་དུམྦ་ར་དང། ཨརྫུ་ན་དང་བ་ལ་ཤ་།ནྱ་གྲོ་དྷ་བསྐོལ་ཚབ་གསུམ། །དུར་བྱིད་ཕྱི་མར་བཅས་ལྡེ་གུག་།ཟོས་ཏེ་ཆུ་ཙམ་རྫས་འཐུངས་ན། །བད་ཀན་སྙིང་ནད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཤིང་རོ་ཧི་ཏ་ལ་སོགས་པ་བསྐོལ་བའི
་ནང་དུ་ཆེ་བ་གསུམ་དང་དུར་བྱེད་ཀྱི་ཕྱེ་མ་བཏབ་སྟེ་ལྡེ་གུར་བྱས་པ་དེ་ཟོས་ལ་དེའི་རྗེས་ལ་ཆུ་ཚན་དྲོ་འཇམ་འཐུངས་ན་བད་ཀན་ལས་གྱུར་པའི་སྙིང་ནད་སེལ་བ་ཡིན་ནོ། །བད་ཀན་སྐྲན་སྐབས་བཤད་མར་དང། །ཀྵ་ར་སྣ་ཚོགས་བླུད་པར་བྱ། །ཞེས་བྱ་བ་ལ།
་ཡང་བད་ཀན་གྱི་སྙིང་ནང་ལ་བད་ཀན་གྱི་སྐྲན་གསོ་བའི་སྐབས་སུ་བཤད་པའི་སྨན་མར་གང་དག་ཡིན་པ་དང། ཡང་ཀཱ་ར་ལ་སོགས་པར་སྣ་ཚོགས་པ་སྐབས་འདི་ཉིད་དུ་བཤད་པ་དག་ཀྱང་བླུད་པར་བྱའོ། །ཡང་ན་བྲག་ཤུན་བཅུད་ལེན་དང། །ཚངས་པའི
་བཅུད་ལེན་སྐྱུ་ར་དང། །ལྟ་བུའི་མོར་བས་བཤད་པ་འམ། །བདུད་རྩིའི་མར་ནི་འདི་སྦྱར་བྱ། །ཞེས་བྱ་བ་ལ། ཡང་ན་དེ་ལ་བྲག་ཤུན་བཅུད་ལེན་གྱིས་སྦྱར་བར་བྱ་བ་འམ། ཡང་ན་ཚངས་པའི་བཅུད་ཀྱི་ལོན་གྱི་ཆོ་གའི་སྐབས་སུ་བཤད་པའི་སྦྱིན་པ་འམ་།ཡང་ན
་སྐྱུ་རུའི་ལྡེ་གུ་དེ་ཉིད་ལས་བཤད་པ་སྦྱར་བར་བྱ་བ་འམ། ཡང་ན་གློ་རྡོལ་སྐབས་སུ་བཤད་པའི་རིའི་ས་བཤད་པའི་བདུད་རྩིའི་སྨན་མར་སྐབས་འདིར་སྦྱར་ཞིང་སྦྱིན་པར་བྱའོ། །གང་ཞིག་ཟས་ཟོས་གཟེར་གྱིས་འདེབས། །ཟས་ཞུ་གྱུར་ན་ཞི་གྱུར་པ། །
་དེ་ལ་རུ་རྟ་གྱི་དང། །ལན་ཚྭ་གཉིས་དང་སེང་ཕྲོམ་དང། །ཐང་ཤིང་བོར་དཀར་པོར་བཅས། །ཕྱེ་མ་ཆུར་བསྐོལ་དྲོ་སྦྱར་བླུད། ཅེས་བྱ་བ་།མི་གང་ཟས་ཟོས་ཟིན་ནས་གཟེར་གྱིས་འདེབས་ལ་ཟས་དེ་ཞུ་བ་བཞིན་དུ་འབྲི་ཞིང་ཟས་ཞུ་ཟིན་ནས
་ཞི་བར་གྱུར་པ་དེ་ལ་ནི་རུ་རྟ་ལ་སོགས་པའི་ཕྱེ་མ་ཆུ་དྲོན་དང་བླུད་པར་བྱའོ། །ལན་ཚ་གཉིས་ནི་ལྕེ་མྱང་ཚ་དང་ཁ་རུ་ཚའོ། །དེ་དག་གི་ཐུན་ཚད་ནི་ཕྱེ་མ་ཞོ་གཉིས་ཆུ་སྲང་གསུམ་གྱི་ནང་དུ་བསྐོལ་ཏེ་བླུད་པར་བྱའོ། །དེ་གང་གཞུང་ལས་ཕྱེ་མ་ཞོ་གཉིས་གཤེར
་བའི་རྫས། །སྲང་གསུམ་དུ་ནི་སྦྱར་ཏེ་བླུད། །ཅེས་བཤད་པ་ཡིན་ནོ། །གང་ཞིག་ཞུ་ནས་ཆེར་གཟེར་བ། །དེ་ལ་སྣུམ་གྱི་བཀྲུ་སྨན་ནི། །འབྲས་བུ་དང་ནི་དེ་བཞིན་དུ། །རྩ་བའི་བཀྲུ་སྨན་སྦྱིན་པར་བྱ། །ཞེས་བྱ་བ་ལ། མི་གང་ཞིག་ཟས
་ཞུ་ནས། །ཤས་ཆེར་གཟེར་བར་གྱུར་པ་དེ་ལ་ནི། །བཀྲུ་སྨན་སེང་ཕྲོམ་དང་ནི་བི་ནི་ཡི་མར་དང་ཨེ་རཎྜའི་ཏིལ་མར་དང། །རྩ་བའི་བཀྲུ་སྨན་དྲ་བནྟི་དང། ཤ་མ་དུར་བྱིད་དང། །དནྟི་ལ་སོགས་པའི་བཀྲུ་སྨན་གྱིས་འཁྲུར་གཞུག་པར་བྱའོ། །རྩ་བ
་དང་འབྲས་བུའི་བཀྲུ་སྨན་ནི་རྒྱུད་གཞན་ལས་ཤེས་པར་བྱ་སྟེ། དེ་ཡང་རྒུན་འབྲུམ་དེ་བཞིན་བྱི་དང་ག་།འབྲ་གོ་བ་རུ་ཤ་ཀ་དང། དྲོད་ག་འམ་ཡང་ན་སྐྱུ་རུ་ར། ། རུ་ར་དང་བ་རུ་ར། །ུ་བ་ཙིཏྲ་ཀམ་བིལ་ལྱ། །ཙི་ཏྲ་མུ་མུད་ཉིད་དང་ཀ་ནི་ལི་ཀ་དང
་བ་ཀུ་ལ། །པི་ཡུ་འབྲས་བུའི་བཀྲུ་སྨན་ཡིན། །དནྟི་དང་ནི་སབཏ་ལ། །བྱ་སྒུ་ཤང་གི་ཏྲ་བན་ནི། །ཤ་མ་དུར་བྱིད་ཀ་རམ་ཛ། །པྲ་གི་རྒྱ་དང་ཀྵི་རི་ནི། །བད་གནད་ག་བ་གྱི། །ཀི་པ་ཀྵི་ར་བི་ཤ་ཡི། །མ་སུ་ར་བི་ད་ལི་ཉིད། །རྩ་བའི་བཀྲུ་སྨན་གྱུར་པ་ཡིན
་ཞེས་བཤད་པ་ཡིན་ནོ། །ཕལ་ཆེར་རླུང་ནད་ལམ་འགགས་པ། །མ་ཞུའི་གནས་སུ་འཁྲུས་པར་འགྱུར། །དེ་ལས་སྨྱུད་དང་སྨིན་པ་དང། །སྦྱར་བས་བདེ་བར་རྒྱུ་བར་བྱ། །ཞེས་བྱ་བ་ལ། ཕལ་ཆེར་དེ་མང་དུ་རླུང་གི་ལམ་འགགས་ཤིང་རྒྱུན་སྲང་གི་བུ
་གར་བདེ་བར་འགྱུར་མེད་པར་གྱུར་པ་ནི། མ་ཞུ་བའི་གནས་སུ་འཁྲུ་བར་བྱེད་ཅིང་ནད་བསྐྱེད་བར་འགྱུར་ལ་རླུང་དེ་བདེ་བར་རྒྱུ་ཞིང་གང་དག་གནས་ནས་གནོད་པ་མེད་པར་འགྲོ་བར་བྱ་ལ། །དེ་ཡང་སྨྱུར་བ་དང། དེ་བཞིན་དུ་མ་ཞུ་འཇོམས་པའི་སྨན་གྱི་སྨིན་པར་བྱ་བ་དང།
་སྐྱུགས་སྨན་དང་བཀྲུ་སྨན་གྱིས་སྦྱངས་བས་བདེ་བར་རྒྱུ་བར་བྱའོ། །འབུ་འཇོམས་པ་ཡི་སྨན་ཀུན་གྱིས། །འབུ་ཡི་སྙིང་ནད་གསོ་བར་བྱ། །ཞེས་བྱ་བ་ལ། ལུས་ཉེན་པ་ལས་གྱུར་པའི་སྙིང་ནད་ལ་ནི་འབུ་འཇོམས་པར་བྱེད་པའི་སྨན་ཐམས་ཅད་ཕན་པས་དེས་གསོ
་བར་བྱའོ། །སྐོམ་དད་ཀྱིས་གསོ་བའང་སྨྲས་པ་ནི། །སྐོམ་དང་རླུང་དང་མཁྲིས་པ་འཇོམས། །ཆོ་ག་ཕལ་ཆེར་བསྔགས་པ་ཡིན། །ཀུན་ལ་ཕྱི་ནང་བསིལ་བ་དང་དེ་བཞིན་ཞི་དང་སྦྱང་བར་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་སྐོམ་དད་ཐམས་ཅད་ལ་ནི་ཕལ་ཆེར་རླུང
་དང་མཁྲིས་པ་འཇོམས་པའི་ཆོ་ག་གང་དག་ཡིན་པ་དེ་བྱས་ན་བསྔགས་པ་ཡིན་ནོ། །དེ་བཞིན་ཕྱི་ནང་ནས་བསིལ་བར་བྱ་བའི་ཆོ་ག་བྱས་ན་ཕན་པ་དང། དེ་བཞིན་དུ་ཞི་བ་དང། སྦྱང་བའི་ཆོ་ག་བྱས་ན་ཕན་པ་ཡིན་ནོ་ཆར་ཆུ་གྲང་མོ་སྦྲང་རྩིར་བཅས། །སའི་ཡོན་ཏན
་དེ་ལྡན་བསྔགས། །ཞེས་བྱ་བ་ལ། སྐོམ་དད་ལ་ཆར་ཆུ་གྲང་མ་སྦྱང་རྩི་དང་སྦྱར་བ་བསྔགས་པ་ཡིན་ནོ། །ཡང་སའི་ཆར་བའི་ཆུ་ཡོན་ཏན་དང་ལྡན་པ་དང། །སྦྲང་རྩི་སྦྱར་བ་ཡང་དེ་བཞིན་དུ་བསྔགས་པ་ཡིན་ནོ། །བོད་པ་རྫ་སྐྱོགས་བྱེ་མའམ། །བཤག་བསྲེག་བཅུག་དངས་མར
་བྱས། །ཞེས་བྱ་བ་ལ། ཆར་པ་དང་སའི་ཆུ་དེ་ཡང་བོང་བ་བསྲེགས་པ་ལ་སོགས་པ་བཅུག་ལ་དངས་མར་བྱས་པ་བསྔགས་པ་ཡིན་ནོ། །བསྐོལ་ཏེ་ཁ་རར་བཅས་པ་འམ། རླུང་ལ་སོགས་རྩ་བ་ལྔ། །བསྐོལ་ཏེ་ཁ་རར་བཏབ་པའི། །ཞེས་བྱ་བ་ལས་སོ། །ཡང་ན་ཆུ་དེ་དག་བསྐོལ་ལ་བསྒྲངས་ཏེ་ཁ་ར་བཏབ་པ་ཡང་བསྔགས་པ་ཡིན་ན། །ཡང
་ན་དཱུརྦ་ལ་སོགས་པའི་རྩ་བ་ལྔ་བསྐོལ་ཏེ་བསྒྲངས་པའི་ཆུ་ཁར་བཏབ་པ་བསྔགས་པ་ཡིན་ནོ། །འབྲས་ཡོས་ཕྱེ་སྦྱར་སྐྱོ་མའང་བསྔགས། །ཞེས་བྱ་བ་ལ། ཡང་སྐོམ་དང་ལ་ནི། འབྲས་ཡོས་ཀྱི་ཕྱེའི་སྐྱོ་མར་བྱས་ལ། ཁར་བཏབ་པ་ཡང་བསྔགས་པ
་ཡིན་ནོ། །ནས་རྗེན་ཆགས་ཆེ་སྦྲང་རྩི་དང། །ཁ་ར་བཏབ་པ་གྲང་མོ་ཕན། །ཞེས་བྱ་བ་ལ། ཆག་ཚེ་ནི་ནས་དྲལ་བའི་ཆན་སྟེ། དེ་ཡང་རྗེན་པ་ལས་བྱས་བ་ལ་སྦྲང་རྩི་དང། ཁ་ར་བཏབ་པ་གྲང་མོ་ཕན་པ་ཡིན་ནོ། །དེ་བཞིན
་ནས་ཐུག་ས་ལུ་དང། །ཀོ་ཏྲ་བ་ནི་རྙིང་པ་དང། །ཞེས་བྱ་བ་ལ། དེ་བཞིན་དུ་ནས་ཐུག་དང། ས་ལུ་དང། ཀོ་ཏྲ་བ་ལོ་གཅིག་ལོན་བ་རྙིང་པ་ལས་གཡོས་པའི་ཟས་ལ་སྦྲང་རྩི་དང་ཁ་ར་བཏབ་སྟེ་བསྒྲངས་པ་ཡང་ཕན་ནོ། །འོ་མ་བསིལ
་ཞིང་ནུས་བསིལ་བའི། །སྨན་དང་བསྐོལ་བའི་ཁ་ཟས་ནི། །ནད་བ་ཆུ་གྲང་གིས་བསྐྲུས་ནས། །ཁ་ར་སྦྲང་རྩི་སྦྱིན་པ་བསྔགས། །ཞེས་བྱ་བ་ལ། འོ་མ་ལྟ་བུ་རང་བཞིན་བསིལ་བའི་སྨན་དང་བསྐོལ་བའི་ཁ་ཟས་བསྒྲངས་པ་དེ་ལ་ནད་ཆུ་གྲང་གིས་བཀྲུས་ནས
་ཁ་ར་དང་སྦྲང་རྩི་བཏབ་པའི་ཟས་དེ་བྱིན་ན་བསྔགས་པ་ཡིན་ནོ། །སྐམ་སའི་ཤ་ཁུ་ལན་ཚ་སྐྱུར། །མེད་ཅིང་མངར་དང་བརྡོས་པ་འམ། །ཞེས་བྱ་བ་ལ། སྐམ་སའི་སྲོགས་ཆགས་ཀྱི་ཤ་ཁུ་ལན་ཚ་དང་སྐྱུར་མེད་པ་མར་གྱིས་བརྡོས་པ་དེ
་ནད་བ་ཆུ་གྲང་གི་ལུས་བཀྲུས་ནས་བྱིན་ན་ཡང་བསྔགས་པ་ཡིན་ནོ། །དེ་བཞིན་དུ་མུངྒ་སོགས་ཁུ་བ། །འཚོ་བྱེད་སྡེ་ཚན་ཁུ་བར་བཅས། །ཞེས་བྱ་བ་ལ། མུངྒ་ལ་སོགས་པའི་གང་བུ་ཅན་གྱི་འབྲུའི་ཁུ་བ་འཚོ་བྱེད་ཀྱི་སྡེ་ཚན་གྱི་སྨན་གྱི་ཁུ་བ
་དང་བཅས་པར་བླུད་ན་ཡང་བསྔགས་པ་ཡིན་ནོ། །སྣ་སྨན་འོ་མ་མར་བསིལ་སྨན། །བསྐོལ་བ་འམ་བུ་རམ་ཤིང་ཁུ་ཕན། །ཞེས་བྱ་བ་ལ། འོ་མ་དང་མར་སྨན་གྲང་མོ་དང་བསྐོལ་བ་སྣ་ནས་བཏང་བ་ཡང་ཕན་པ་ཡིན་ནོ། །ཡང་ན་བུ
་རམ་ཤིང་གི་ཁུ་བ་འབའ་ཞིག་སྣ་ནས་བཏང་བ་ཡང་ཕན་པ་ཡིན་ནོ། །སྐོམ་སེལ་འཁུར་པ་བཀང་བ་ནི། །མདོ་གནས་ལས་བཤད་བྱས་པ་འང་ཕན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་སྐོམ་སེལ་ཅིང་ཞི་བར་བྱེད་པའི་མཁུར་བ་བཀང་འོ་མ་དང
་བུ་རམ་ཤིང་གི་ཁུ་བ་དང་ཁ་རའི་ཆུ་དང་སྦྲང་རྩིའི?་ཆུ་དང། རྒུན་ཆང་དང་སྐྱུར་རྩབས་ལ་སོགས་པ་ཁ་སྐོམ་པ་ལ་སོགས་པ་སེལ་བར་བྱེད་པའི་མདོའི་གནས་སུ་བཤད་པར་བྱས་ན་ཕན་ནོ། །ཚ་རིམས་བཤད་པའི་ལྡེ་གུ་སོགས། །ཞེས་བྱ་བ་ལ། ཚ་བའི
་རིམས་གསོ་བའི་སྐབས་སུ་བཤད་པའི་ལྡེ་གུས་བསྐུ་བ་དང་སྨན་ཆུ་བླུགས་པ་ལ་སོགས་པ་གང་དག་ཡིན་པ་དེ་ཡང་སྐོམ་དང་སེལ་བ་ལ་ཕན་ནོ། །རྩོལ་བ་ཆུང་ཞིང་སེམས་དགའ་དང། །ཞེས་བྱ་བ་ལ། ལས་སུ་བྱ་བ་བྱ་རྩལ་གྱི་རྣམ་པ་ཆུད་པར་བདེ་བར་གནས
་པ་དང་དངོས་པོ་ཡིད་དུ་འོང་བ་ལ་སེམས་ཤིང་སྙིང་དགའ་བ་ཡང་སྐོམ་དང་ལ་ཕན་ནོ། །ཆུ་བོ་དང་ནི་ཆེན་པོ་སོགས། །དྲན་པ་དང་ནི་མཐོང་པ་ཕན། །ཞེས་བྱ་བ་ལ། ཆུ་བོ་ཆེན་པོ་དང་མཚོ་དང་རྫིང་བུ་ཆེན་པོ་ལ་སོགས་པ་དྲན་པ་དང་མཐོང་པ་དང་གཏམ་དུ
་བྱས་པ་ཡང་ཕན་ནོ། །སྐོམ་དད་ཐམས་ཅད་སྤྱིའི་གསོ་བ་བཤད་ནས་ཁྱད་པར་གྱི་གསོ་བ་བཤད་པ་ནི་སྐོམ་དད་རླུང་ལས་གྱུར་བ་ལ། །ཞོ་ནི་བུ་རམ་བཅས་པ་བསྔགས། །ཤ་ཁུས་ཉམས་བརྟེ་པི་ད་རི། །སོགས་ཏེ་བསྐོལ་ནས་བསྒྲངས་པ་ཕན། །ཞེས་བྱ
་བ་ལ་སོགས་པ་ཡིན་ནོ། །རླུང་ལས་གྱུར་པའི་སྐོམ་དད་ལ་ནི། །ཞོའི་ནང་དུ་བུ་རམ་བཏབ་པ་བསྔགས་པ་ཡིན་ནོ། །ཡང་དེ་བཞིན་དུ་ཤ་ཁུ་བྱིན་ཞིང་ཉམས་བརྟ་བ་དང། པི་ད་རེ་ལ་སོགས་པའི་སྡེ་ཚན་བསྒོམ་པའི་ཆུ་བླུད་ན་ཡང་ཕན་པ་ཡིན་ནོ། །
་མཁྲིས་གྱུར་ཨུ་དུམཔ་ར་སྦྱིན། །ཁུ་བར་ཁ་ར་བཏབ་པ་ཕན། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་བའི་ཨུ་དུམཔ་ར་སྨན་བའི་ཁུ་བར་ཁ་ར་བཏབ་པ་ཕན་པ་ཡིན་ནོ། །ཡང་ན་དེ་བསྐོལ་བ་བསྒྲངས་པ་འམ། །ཤ་རི་པ་སོགས་སྡེ་ཚན་དུ། ཞེས་བྱ་བ
་ལ། ཡང་ཨུ་དུམཔ་ར་བསྐོལ་བའི་ཆུ་བསྒྲངས་པའི་ནང་དུ་ཁ་ར་བཏབ་པ་ཡང་ཕན་ནོ། །ཡང་ན་ཤ་བ་རི་ལ་སོགས་པའི་སྡེ་ཚན་དང། ཆུ་བསྐོལ་བ་བསྒྲངས་པའི་ནང་དུ་ཁ་ར་བཏབ་པ་ཡང་ཕན་པ་ཡིན་ནོ། །སྡེ་ཚན་དེ་འདྲའི་བསྐོལ་ཁུ་བར། །
་བསྒྲངས་པ་ལར་སྦྲང་རྩིར་བཅས། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཤ་རི་བའི་སྡེ་ཚན་ལ་སྙེག་སྟེ། ཤ་རི་བའི་སྡེ་ཚན་ལྟར་ཚབ་སེལ་བ་བྱེད་པའི་སྡེ་ཚན་བ་རུ་ཤ་ཀ་ལ་སོགས་པའི་སྨན་སྡེ་དང་སླེ་ཏྲེས་ལ་སོགས་པའི
་སྨན་གྱི་སྡེ་ཚན་དེ་དག་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་ཁ་ར་དང་སྦྲང་རྩི་བཏབ་སྟེ་བླུད་ན་ཡང་ཕན་ནོ། །མངར་བའི་སྨན་གྱི་སྡེ་ཚན་དང། འོ་མ་ཅན་ཤིང་བསྐོལ་དེ་བཞིན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་རྒུན་འབྲུམ་ལ་སོགས
་པ་མངར་བའི་སྨན་གྱི་སྡེ་མཚན་བསྐོལ་བའི་ཆུ་བསྒྲངས་བ་ལ། ཁ་ར་དང་སྦྲང་རྩི་བཏབ་བ་བླུད་པ་འམ། ཡང་ན་ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བ་བསྒྲངས་པ་ལ་ཡང་དེ་བཞིན་དུ་ཁ་ར་དང་སྦྲང་རྩི་བཏབ་པ་བླུད་ན་ཡང
་ཕེན་པ་ཡིན་ནོ། །པི་བྲ་པུ་ར་རྒུན་འབྲུམ་དང། །ལྕང་ནྱ་གྲོ་དྷའི་ལོ་མ། །ཀུ་ཤ་འཇག་མའི་རྩ་བ་དང། །ཤིང་མངར་ཆུ་ནི་བསྐོལ་བ་འང་ཕན། །ཞེས་བྱ་བ་ལ། བི་ཟ་པུ་ར་ཞེས་བྱ་བ་སྐྱུར་རྩི་ཆེན་པོ་ལ་སོགས་པ་སྨན་གྱི་འོ་མ་དང་ཀུ་ཤ་ལ
་སོགས་པའི་རྩ་བ་དང། ཤིང་མངར་ལྡེ་གུར་བྱས་ལ་བསྐོལ་ཏེ་བསྒྲངས་པ་བླུད་ན་ཕན་ནོ། །རིམས་ལ་ཕན་སྨན་རྒུན་འབྲུམ་སོགས། །སྙིང་པོ་ལྔའི་བ་ཆུ་བླུད་ཕན། །ཞེས་བྱ་བ་ལ། ཆུན་འབྲུམ་ལ་སོགས་པ་རིམས་ལ་ཕན་པའི་སྨན
་རིམས་གསོ་བའི་སྐབས་སུ་རྒུན་འབྲུམ་ཤིང་མངར་མ་དུ་ཀ་ལ་སོགས་པའི་སྐྱོ་མ་འམ་ཁུ་བ་གྲང་མོ་བླུད་ན་ཡང་ཕན་ནོ། །ཡང་ན་སྙིང་པོ་ལྔའི་ཆུ་སྟེ། །སྦྲང་རྩི་འབྲ་གོ་ཆུན་འབྲུམ་དང། །ཞེས་བྱ་བ་ལ་སོགས་པ་ཁྲག་མཁྲིས་གསོ་བའི
་སྐབས་སུ་བཤད་པ་བླུད་ན་ཡང་ཕན་པ་ཡིན་ནོ། །བད་ཀན་ལས་གྱུར་ནིམཔ་ནི། །ཆུ་མཆོག་བསྐོལ་བས་སློན་དུ་གཞུག། ཅེས་བྱ་བ་ལ། བད་ཀན་ལས་གྱུར་བའི་སྐོམ་དད་ལ་ནི་ནིམཔ་བསྐོལ་བའི་ཆུ་བསྐོལ་ཏེ་སློན་དུ་གཞུག་པ་ཡིན་ནོ། །ནིམཔ་འོ་སུ
་ཚ་བ་ལྔ། །འཇག་མ་ཀྲུ་དྲུག་ཏྲེས་བསྐོལ་བླུད། །ཡང་ན་སྐྱེད་པ་ཆུར་བསྐོལ་བ། །ཁ་ར་སྦྲང་རྩི་བཏབ་པ་འང་བླུད། །ཅེས་བྱ་བ་ལ། བིལྡ་ལ་སོགས་པ་བསྐོལ་བའི་ཆུ། །ཁ་ར་སྦྲང་རྩི་བཏབ་བ་བླུད་ན་ཕན་ནོ། །མུངྒའི་ཁུ་བ་བཏོལ། །ནིམཔའི་ལོ་མ་ཆ་གསུམ
་བཅས། །ནས་ཟན་འཁུར་བཀང་རྣོམ་པོ་དང། །སྣ་སྨན་ལྡེ་གུ་རྣོམ་པོ་འང་བསྟེན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐོམ་དད་ལ་མུངྒའི་ཁུ་བ་ཚ་བ་གསུམ་ལ་སོགས་པ་ལྡན་པ་སྦྱིན་པར་བྱ་ཞིང། དེ་བཞིན་དུ་ནས་ཀྱི་ཟན་དང་ཁུར་བ་བཀང་བ་རྣོན
་པོ་དང། སྣ་སྨན་དང་ལྡེ་གུ་རྣོན་པོ་བསྟེན་པར་བྱའོ། །ཉེས་ཀུན་མ་ཞུ་ངེས་འཇོམས་པས། །དེ་བཞིན་སློན་གྱི་བྱ་བ་འང་བསྔགས། །གོ་བྱེད་ཤུ་དག་ཚ་བ་གསུམ། །འབྲས་བུ་སྐྱུར་བ་འམ་ཆུ་ཚན་ནམ། །ཞོ་ཁ་ཆུ་དང་བཏུང་བ་འང་བསྔགས། །ཞེས་བྱ་བ་ལ།
་སློན་ནང་གང་ཉེས་པ་ཀུན་དེ་གསུམ་ཆར་ལས་བྱུང་བ་གང་ཡིན་པ། །དེ་བཞིན་དུ་མ་ཞུ་བ་ལས་བྱུང་བའི་སྐོམ་དང་གང་ཡིན་པ་དེ་ལ་ནི། དེ་གཉིས་འཇོམས་པར་བྱེད་པའི་གསོ་བས་གསོ་སྟེ། ནད་གཞི་ཐམས་ཅད་ལས་བྱུང་བའི་སློན་པ་ལ་ནི་སྐོམ་དད
་གྱི་རྗེས་སུ་དཔགས་ཏེ་ནད་ཀུན་འཇོམས་པའི་གསོ་བྱ་བ་བསྔགས་པ་ཡིན་ལ། །མ་ཞུ་བ་ལས་བྱུང་བའི་སློན་ནད་ལ་ནི་དེའི་ཚུལ་ལས་དཔགས་ཏེ་མ་ཞུ་བ་འཇོམས་པའི་བྱ་བས་བསྔགས་པ་དང་དེ་བཞིན་སྨན་བཏང་སྟེ་སློན་དུ་གཞུག་པ་བསྔགས་བ་དང།
་དེ་བཞིན་མ་ཞུ་བའི་སྐོམ་དད་ལ་ནི་འབྲས་བུ་སྐྱུར་བའི་ཆུ་འམ་ཆུ་ཆན་མ་ཞོ་ག་དང་གོ་དང་བྱེ་ལ་སོགས་པའི་སྨན་སྦྱར་བ་སྦྱར་བ་སྦྱིན་བར་བྱའོ། །ཟས་ཀྱི་ཉེས་བྱུང་དུས་ཤེས་པས། །ཐུག་སླ་འམ་སྐྱོམ་བསིལ་བ་བླུད། །ཅེས་བྱ་བ་ལ། །ཟས་ཀྱི་ཉེས་པ་ལས་སྐོམ
་དད་སྐྱེས་པར་གྱུར་པའི་གང་ཡིན་པ་དེ་ལ་ནི་ཐུག་པ་སླ་མོ་རྐྱང་རྐྱང་བོ་འམ་བསིལ་བ་བླུད་པར་བྱའོ། །དེ་ཡང་དུས་ཤེས་པའི་ཚུལ་གྱིས་བླུད་པར་བྱ་སྟེ་།དུས་འདིའི་ཆན་ནི་ཐུག་བ་བླུད་པར་བྱའོ། །དུས་འདིའི་ཚེ་ནི་སྐྱོ་མ་བླུད་བར་བྱའོ། །ཞེས
་བྱེ་བྲག་ཤེས་ཤིང་ནད་ཀྱི་དམིགས་ཀྱང་ཤེས་པར་བྱ་སྟེ། །རླུང་དང་བད་ཀན་གྱིས་ཤས་ཆེ་བ་ལ་ནི་ཐུག་པ་རྐྱང་རྐྱང་པོ་བླུད་བར་བྱ་བ་ལ། མཁྲིས་པ་དང་བད་ཀན་གྱི་ཤས་ཆེ་བ་ལ་ནི་ཕྱེ་མ་ལ་སོགས་པའི
་སྐྱོ་མ་བླུད་པར་བྱའོ། །དེ་ཡང་འབྲས་ཡོས་ཕྱེ་ཆུ་སེའུ་འབྲུ་དང། །པི་པི་ལིང་བཅའ་སྒར་བསྐོལ་བ། །ཐུག་པ་ཡིན་ཏེ་མེ་དྲོད་བསྐྱེད། །རླུང་དང་བཤད་བ་བདེ་རྒྱུ་བྱེད། །ཕྱེ་དང་ཞུན་མར་སྦྲུས་པ་ནི། །ཆུ་གྲང་ལ་ནི་བསྐོལ་གྱུར་པ། །ཤིན་ཏུ་སླ་མིན་སྐ
་མ་ཡིན། །སྐྱོ་མ་ཞེས་ནི་བྱ་བར་བཤད། །ཅེས་བྱ་བ་ཡིན་ནོ། །དལ་བས་སྐོམ་ལ་ཤ་ཁུ་འམ། སྐྱོ་མ་ཁ་ར་བཅས་བ་བླུད། །ཅེས་བྱ་བ་ལ། དལ་བ་ལས་སྐོམ་དད་དུ་གྱུར་པ་ལ་ནི་ཤ་ཁུ་བླུད་པར་བྱ་བ་འམ་སྐྱོ་མ་ཁ་ར་དང་བཅས་པ་བླུད་པར་བྱའོ།།
་ཚ་བས་སྐོམ་ལ་ཁ་རར་བཅས། །ནས་དར་རྒྱ་ཤུག་ཕྱེ་སྐྱོ་བླུད། །ལུས་ཀུན་ཏིལ་གྱི་ལྡེ་གུ་དང། །རང་སྐྱུར་བཅས་པས་བསྐུ་བར་བྱ། །ཞེས་བྱ་བ་ལ། ཚ་བས་གདུངས་པ་ལ་སྐོམ་དད་སྐྱེས་པ་ལ་ནི། །ནས་རྒྱ་ཤུག་གི་འབྲས་བུ་བསྲེགས་པའི
་ཕྱེའི་སྐྱོ་མ་ཁ་ར་དང་བཅས་པ་སྦྱིན་པར་བྱའོ། །ཡང་ན་ཏིལ་གྱི་ལྡེ་གུ་དང་རང་སྐྱུར་སྐན་ཇི་སྦྱར་བའི་ལྡེ་གུས་ཐམས་ཅད་བསྐུ་བར་བྱའོ། །ཆུ་བསིལ་ཁྲུས་ལ་སྐོམ་གྱུར་ཆང། །ཆུ་བསྲེས་པ་འམ་བུར་ཆུ་བླུད། །ཅེས་བྱ་བ་ལ། ཆུ་བསིལ་བ་དང
་ཁྲུས་བྱ་བ་ལ་སྐོམ་དད་སྐྱེད་བར་གྱུར་བའི་མི་དེ་ལ་ནི་ཆང་དང་ཆུ་བསྲེས་པ་བླུད་པར་བྱའོ། །བུ་རམ་གྱི་ཆུ་བླུད་བར་བྱའོ། །ཆང་ནི་ཆུ་ཕྱེ་བཅས་པ་བླུད། །ལན་ཚ་སྐྱུར་དང་བཅས་ཁྲུས་བྱ། །ཞེས་བྱ་བ་ལ། ཆང་ལས་སྐོམ་དད་གྱུར་པ་ལ
་ནི། ཆང་དང་ཆུ་ཕྱེད་བ་སྲེས་པ་བླུད་པ་འམ། ཡང་ན་ཚེ་དང་སྐྱུར་ཆུང་ཟད་པ་སྲེས་བའི་ཆུས་ཁྲུས་བྱས་བྱའོ། །སྣུམ་བཅས་མེ་དྲོད་རབ་རྣོ་བ། །རང་བཞིན་བསིལ་བའི་ཆུ་བླུད་བྱ། །ཞེས་བྱ་བ་ལ། སྣུམ་དང་བཅས་ཤིང་བསྟེན་ལ་མེ་དྲོད
་རབ་ཏུ་རྣོལ་ལས་སྐོམ་དད་དུ་གྱུར་པ་ལ་ནི་རང་བཞིན་གྱིས་བསིལ་གྱིས་བསྒྲངས་པ་མ་ཡིན་པའི་ཆུ་བླུད་བར་བྱའོ། །སྣུམ་མ་ཞུ་ལ་ཆུ་ཚན་བླུད། །ཞུས་ལས་སྐོམ་ལ་ཐུག་པ་བླུད། །ཅེས་བྱ་བ་ལ། །སྣུམ་མ་ཞུ་བ་ལ་སྐོམ་དད་དུ་གྱུར་པ་ལ
་ནི་ཆུ་ཆེན་བླུད་བར་བྱའོ། །སྣུམ་ཞུ་བ་ལས་གྱུར་པའི་སྐོམ་དད་ལ་ནི་ཐུག་པ་རྐྱང་རྐྱང་པོ་བླུད་པར་བྱའོ། །ཟས་སྣུམ་ཟོས་པས་སྐོམ་དད་སྐྱུར། །ཁ་བ་དང་མཉམ་བུ་རམ་ཆུ། །ཞེས་བྱ་བ་ལ། ཁ་ཟས་སྣུམ་པོ་ཀྲིས་ར་དང་འོ་ཐུག་ལ་སོགས་པ་ཟོས་པ་ལས
་སྐོམ་དྲད་དུ་འགྱུར་བ་ལ་ནི། ཁ་བ་དང་མཉམ་པར་བསྒྲངས་པའི་བུ་རམ་གྱི་ཆུ་བླུད་པར་བྱའོ། །བུ་རམ་སོགས་ཟས་ཟོས་ལས་སྐོམ། །ཆུ་དྲོན་བླུད་ལ་དེ་སློན་བྱ། །ཞེས་བྱ་བ་ལ། བུ་རམ་ལ་སོགས་པའི་ཟས་ཟོས་པ་ལས་སྐོམ་དད་དུ་གྱུར་ཕལ་ནི་ཆུ་དྲོན
་བླུད་ལ་ཟས་དེ་སློན་དུ་གཞུག་གོ་།གཅོད་ཕན་ལས་བྱུང་གཅོད་ལ་ཕན། །ཐམས་ཅད་ནང་ནི་ལྟ་བ་ཕན། །ཞེས་བྱ་བ་ལ། ཟད་བྱེད་ཀྱི་ནད་གཅོད་ཆེན་པོ་ལས་བྱུང་བའི་བླ་གཉན་གྱི་སྐོམ་དད་ལ་ནི་བཟའ་བ་དང་བཏུང་བ་དང་སྤྱོད་ལམ་དང་སྐན་ལ་སོགས
་པ་ཐམས་ཅད་དང་གཅོད་ཆེན་པོ་ལས་ཕན་པ་དག་བྱས་ན་ཕན་པ་དང། །དེ་བཞིན་དུ་ཉམས་བརྟ་བའི་སྨན་དག་བྱས་ན་ཕན་ནོ། །སྐེམས་ཤིང་ཉམས་ཆུང་ཁོང་རྩུབ་ལ། །ཤ་ཁུ་འམ་ར་ཡི་འོ་མ་བླུད། །ཅེས་བྱ་བ་ལ། སྐོམ་པ་ལ་སོགས
་སྐོམ་དད་དུ་གྱུར་པ་ལ་ནི། །ཤ་ཁུ་འམ་རའི་འོ་མ་བླུད་ན་ཕན་ནོ། །སྟོད་རྒྱུའི་རླུང་ལ་འོ་མ་དང། ཟད་བྱེད་ལུད་པའི་སྨན་བསྐོལ་བླུད། །ཅེས་བྱ་བ་ལ། སྟོད་དུ་རྒྱུའི་རླུང་དང་བཅས་པ་ལས་གྱུར་བའི་སྐོམ་དད་ལ་ནི། །རའི་འོ་མ་དང་ཟད་བྱེ་བ་དང། ལུད་པའི
་སྨན་གང་དག་ཡིན་པ་དང། བསྐོལ་བ་བླུད་ན་ཕན་ནོ། །ནད་རྐྱེན་ལས་གྱུར་འོ་སུ་ཡི། །འབྲས་བསྐོལ་ཁ་ར་སྦྲང་རྩིར་བཅས། །ནད་དམིགས་ལས་ནི་བལྟོས་ནས་ནི། །བཏུང་བའི་བྱ་བ་ཀུན་ཀྱང་བསྔགས། །ཞེས་བྱ་བ་ལ། ནད་ཀྱི་རྐྱེན་ལས་བྱུང
་བའི་སྐོམ་དད་ལ་ནི་འོ་སུའི་འབྲས་བུ་བསྐོལ་བའི་ཆུ་ཁ་ར་དང་སྦྲང་རྩི་བཏབ་པ་ཕན་ནོ། །དེ་བཞིན་དུ་ནད་གཞི་གང་དག་གྱུར་པ་ལ་བལྟོས་ནས་བཏུང་བའི་བཅོས་ཐབས་ཀྱི་བྱ་བ་ཐམས་ཅད་ཀྱང་བསྔགས་པ་ཡིན་ནོ། །སྐོམ་ཞིང
་སྔར་གྱི་ནད་ཀྱིས་གཟིར། །ཆུ་དང་ཕྲད་པར་མ་གྱུར་ན། །འཆི་བ་འམ་ཡུན་རིང་བ་ཡི་ནད། །རྙོད་པར་འགྱུར་བས་དེ་ཡི་ཕྱིར། །གོམས་པའི་ཟས་སྐོམ་སྨན་གྱིས་ནི། །དེ་ཡི་སྐོམ་དད་མྱུར་བསལ་བྱ། །དེ་བསལ་ནད་ནི་གཞན་དག་ཀྱང། །གསོ་བ་ཉིད་དུ་ནུས
་པ་ཡིན། །ཞེས་བྱ་བ་ལ། མི་སྐོམ་པས་གདུངས་པ་ལ། །སྔར་བྱུང་བའི་ནད་ཀྱིས་གཟིར་པས་ལུས་ཟུངས་ཟད་པར་གྱུར་བ་དང། ཆུ་འདོད་པར་གྱུར་པ་ན། ཆུ་དང་ཕྲད་པར་མ་གྱུར་ན། །མྱུར་དུ་འཆི་བར་འགྱུར་བ་འམ། །ཡང་ན་ཡུན་རིང་ཞིང་འབྱད་དཀའ་བའི་ནད
་སྐྱེད་པར་འགྱུར་བས། །དེའི་ཕྱིར་སྐོམ་ཞིང་ནད་ཀྱི་ཉམས་ཐག་པའི་མི་དེ་ལ་གང་གོམས་པར་གྱུར་པའི་ཟས་དང། སྐམ་དད་སྨན་གྱིས་དེའི་སྐོམ་དད་མྱུར་བ་ཁོ་ནར་གསོ་བར་བྱ་སྟེ། །དེ་བསོས་ན་དེ་ལས་གྱུར་པའི་ནད་ཀྱི་བླ་གཉན་གཞན་དག་ལ
་བདེ་བླག་ཁོ་ནར་གསོ་ཞིང། བསལ་བ་ཉིད་དུ་ནུས་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། །གསོ་བའི་གནས་ལེའུ
་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཆང་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། །སྔར་ནད་གཞི་ཇི་ལྟར་བསྟན་པ་དེ་བཞིན་དུ་གསོ་བ་ཡང་རིམ་པ་དེ་ལྟར་བཤད་པས་འདིར་འདི་བརྩམས་པ་ཡིན་ནོ། །ཉེས་པ་གང་ཞིག
་ཤས་ཆེར་མཐོང། །དེ་ནི་དང་པོར་གསོ་བར་བྱ། །ཞེས་བྱ་བ་ལ། ཆང་གི་ནད་ཐམས་ཅད་ནི་ནད་གཞི་གསུམ་ཆར་ལས་སྐྱེས་པ་ཡིན་པས་འདི་སྐད་ཅེས་བཤད་དེ། །ཆང་གི་ནད་འདི་ལ་རླུང་ལ་སོགས་པའི་ནད་གཞི་ཉེས་པ་གང་ཤས་ཆེ་བར་མཐོང
་བའི་ཤེས་པའི་ནད་དེ། །དང་པོར་དེ་ཐོག་མ་ཁོ་ནར་གསོ་ཞིང་དབྱད་ཀྱིས་བཙོས་པར་བྱ་སྟེ། དེ་ལྟར་ན་ཆང་ནད་ནད་གཞི་མ་སྙོམས་པར་གསོ་བར་བྱ་བ་ཡིན་ནོ། །ཡང་ན་ཆང་ནད་ནད་གཞི་མཚུངས། །བད་ཀན་གནས་ཀྱི་རིམ་པས་གསོ། །ཞེས་བྱ
་བ་ལ། ཡང་ཆང་ནད་ནད་གཞི་མཚུངས་ཤིང་གང་ཞིག་ལ་གང་ཡང་ལྷག་པར་གྱུར་པ་མེད་པར་གྱུར་པ་དེ་ལ་ནི་བད་ཀན་གྱི་གནས་ཀྱི་གོ་རིམ་གྱི་ནད་གཞི་མ་སྙོམས་པ་གསོ་བར་བྱའོ། །དེ་ཡང་དང་པོར་ནི་བད་ཀན་གསོ་བར་བྱའོ། །དེ་ཡང་དང
་པོར་ནི་འོག་ཏུ་མཁྲིས་པ་ཐ་མར་ནི་རླུང་གསོ་བར་བྱའོ། །གོ་རིམ་འདི་ཉིད་ཀྱིས་རིམ་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། མཁྲིས་པ་རླུང་གི་མཐར་ཐུག་པར། །ཆང་ནད་ཕལ་ཆེར་འབྱུང་བ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཆང་ནད་ཐམས་ཅད་ལ
་དུས་ཀྱི་རིམ་པས་མཁྲིས་པ་དང་རླུང་གི་མཐར་ཐུག་བྱུང་པར་འགྱུར་བ་ནི་ཆང་ནད་ཕལ་མོ་ཆེའི་རང་བཞིན་ཡིན་ཏེ། །དང་པོར་ནི་བད་ཀན་ལྷག་ཅིང་ཤས་ཆེ་བ་ཡིན་ལ། དེའི་འོག་ཏུ་ནི་མཁྲིས་པ་དང་རླུང་ཤས་ཆེ་བར་འགྱུར་བ་ཡིན་ན། །དམན་དང་ལོག
་པ་དྲགས་འཐུངས་ལས། །ནད་ནི་གང་ཞིག་བསྐྱེད་གྱུར་པ། །དེ་ཉིད་ཆ་མཉམ་འཐུངས་པ་ཡི། །ཆང་ཉིད་ཀྱིས་ནི་ཞི་བར་འགྱུར། །ཞེས་བྱ་བ་ལ། གོམས་པའི་དབང་ལས་ཤས་ཆུང་བར་འཐུང་བ་འམ། །ཕྱིན་ལོག་ཏུ་འཐུང་བ་འམ། འཐུངས་དྲགས
་པ་ལ་ནད་གང་ཞིག་སྐྱེས་ཤིང་འབྱུང་བར་འགྱུར་བའི་ནད་དེ་ལ་ནི་ཆང་དེ་ཉིད་ཆ་མཉམ་པར་འཐུངས་ཤིང་རན་པར་འཐུངས་པ་གང་ཡིན་པ་དེས་ཞི་བར་འགྱུར་རོ། །དེ་ཡང་མཁས་པས་ཆང་ནི་དུས་ཀུན་ཏུ། །ཇི་སྲིད་མཐོང་བ་མ་འཁྲུལ་ཞིང། །ཇི
་སྲིད་ཡིད་ནི་མ་གཡོས་པ། །དེ་སྲིད་བར་དུ་བཏུང་བར་བྱ། །ཞེས་བཤད་པའི་ཚུལ་གྱིས་བཏུང་བ་ནི་ཆང་ཆ་མཉམ་པར་འཐུངས་པ་ཡིན་ཏེ། །དེ་ནས་རྒུན་ཆང་ལ་སོགས་པའི་ཆང་ངམ། །སྦྲང་ཆང་ངམ་བུ་རམ་ལ་སོགས་པ་གང་ཞིག་འཐུངས
་ཉེས་པ་ལས་ནང་དུ་འགྱུར་ཏེ། །ཆང་དེ་ཉིད་རན་པར་འཐུངས་པས་དེ་ཞི་བར་འགྱུར་གྱི། །ཆང་གཞན་དག་གིས་ནི་མ་ཡིན་ལ། ཇི་ལྟར་ན་གང་གི་ནད་བསྐྱེད་པ་དེ་ཉིད་ཀྱིས་ཞི་བར་འགྱུར་ཞེ་ན། ཆང་ནི་དུག་དང་མཚུངས
་པ་ལ། །དུག་ནི་རྣོ་སོགས་ཡོན་ཏན་གྱིས། །ནུས་པ་ཤིན་ཏུ་ཆེ་བས་ན། །དུག་གཞན་ལ་ནི་བལྟོས་པ་ཡིན། ཞེས་བྱ་བ་ལ། དཔེར་ན་དུག་ནི་རྣོ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་བཞིན་དུ། ཆང་ཡང་རྣོ་བ་ལ་སོགས
་པའི་ཡོན་ཏན་དང་ལྡན་པས་དེའི་ཆང་ལས་སྐྱེས་པའི་ནད་ཀྱང་ཆད་ཉིད་ཀྱིས་ཞི་བར་འགྱུར་ཏེ། གཞན་དག་གིས་ནི་མ་ཡིན་ལ། དུག་ནི་རྣོ་བ་ལ་སོགས་པའི་ཡོན་ཏན་བཅུ་པོ་ནུས་པ་ལྷག་པར་ཆེ་བ་དང་ལྡན་པས་དུག་གཞན་ལ་བལྟོས
་པ་ཉིད་ཡིན་ནོ། །དེ་ཡང་གཞུང་ལས་རྒྱུ་དང་མི་རྒྱུ་བ་ཡི་དུག། མཚུངས་ཀྱང་གཞན་ལ་བལྟོས་མ་ཡིན། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ཆང་དང་དུག་གཉིས་རྣོ་བ་ལ་སོགས་པའི་མཚུངས་པ་ཡིན་དུ་ཟིན་ཀྱང་ནུས་པ་ཆེན་པོ་དང་ཆུང
་དབྱེ་བས་ཆང་ནི་ཆང་གཞན་ལ་བལྟོས་པར་མི་བྱེད་ཀྱི་རང་གི་རིགས་མཐུན་པ་ཉིད་ཀྱིས་ཞི་བར་འགྱུར་རོ། །རྣོན་ལྷག་པར་འཐུངས་པ་དང། །ཚ་ཞིང་སྐྱུར་བ་དག་གིས་ནི། །ཆང་གི་ཟས་ཀྱི་རོ་བསྲུལ་ཞིང། །འདུ་ཅེར་ཚ་བ་བྲོ་གང་ཡིན། །མྱོས
་དང་སྣོམ་རྨོངས་ན་དུ་ཚ། །རིམས་དང་མགོ་འཁོར་སྐྱེད་པར་བྱེད། །ཆང་གིས་གློངས་པའི་ནད་ཀྱི་ནི། །རླུང་རྒྱུའི་བུ་ག་བཀགས་གྱུར་པས། །མགོ་དང་རུས་བའི་ཚིགས་རྣམས་སུ། །མི་ཟད་པ་ནི་སྐྱེད་པར་བྱེད། །སྦྱོར་བ་རྗེས་མཐུན་གྱུར་བ་ཡིས།
་ཆང་ཉིད་ཀྱིས་ནི་དེ་སེལ་འགྱུར། །ཆང་ནད་མ་ཞུ་ཞུ་གྱུར་ན། །ཟ་འདོད་ལུས་ནི་ཡང་བར་འགྱུར། །ཞེས་བྱ་བ་ལ། །ཆང་ནི་རང་བཞིན་གྱི་རྣོ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ལྷག་པར་ཚད་ལ་ཆེར་འཐུངས་ན་ཟས་ཀྱི་རོ་བསྲུལ
་ཞིང་རྣམ་པར་འཇུ་བར་ཉེ་བར་ཞུ་བ་དང། མ་ཞུ་བའི་བར་མཚམས་རོ་སྐྱུར་བར་སོང་བའི་གནས་སྐབས་པར་མར་གནས་པ་དེ་ཉིད་ཀྱི་ཚ་བ་ཚ་བྲོ་བར་བྱེད་ཅིང་རོ་དུ་མ་ཕལ་ཆེར་ཁ་པ་དང་ལན་ཚ་བྲོ་བར་བྱེད་པ་ནས་མྱོས་པ་ལ་སོགས་པའི་ནད་སྐྱེད
་པར་བྱེད་དོ། །དེ་ཡང་ཆར་གྱིས་གློངས་ཤིང། བསླབས་པའི་ནད་བད་ཀན་ཞེས་བྱ་བས་རླུང་གིས་རྒྱུ་བའི་བུ་གའི་རྒྱུན་བ་སྲང་གང་དག་ཡིན་པ་བཀག་པར་གྱུར་པས་མགོ་དང་རུས་པ་དང། །ཚིག་སུན་བ་མི་ཟད་ཅིང་བསྣག་པར་དཀའ་བར་བྱེད་དོ།།
་དེ་ལྟ་བུའི་ནད་དེ་ནི། ཆང་ཉིད་གིས་སེལ་བར་འགྱུར་ཞིང་སྦྱོར་བར་བྱེད་དེ། དེ་ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཡིན་ཏེ་ཆང་ཉིད་ཀྱིས་སེལ་གྱི། སྨན་གཞན་དག་གིས་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་སྦྱོར་བ་དང་རྗེས་སུ་མཐུན
་པའི་འཕྲོད་པ་ཉིད་ཀྱིས་ཞི་བར་བྱེད་པར་འགྱུར་ཏེ། དེ་ཡང་སྨན་དཔྱད་ཀྱི་བསྟན་བཅོས་ལས་ཇི་སྐད་བཤད་པའི་ཆོ་ག་དང་མཐུན་པར་བྱས་པ་སྟེ། བསྡུས་པ་ལས་ཁྲུས་བྱས་ནས་ནི་ཕྱག་འཚལ་ཏེ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས
་བཤད་པ་ལྟར་འཐུངས་ན་ཕན་པ་ཡིན་ནོ། །དེ་ལྟར་ཆང་ནད་ཞི་བར་གྱུར་བ་དེ་ནི། ཅིར་འགྱུར་ཞེ་ན། ཆང་ནད་ཀྱིས་མ་ཞུ་བ་ཞུ་བར་འགྱུར་ན། །ཟས་དང་སྐོམ་ལ་འདོད་པ་བསྐྱེད་པ་དང། དེ་བཞིན་དུ་ལུས་སེམས་ཡན་ལག་བསྐྱོད་པ་ཡང
་པར་འགྱུར་རོ། །བ་ཚ་རོ་ནི་སྐྱུར་དང་ཕྲད། །མངར་བ་ཉིད་དུ་མྱུར་དུ་འགྱུར། །ནད་ནི་འཇུ་བར་བྱེད་ནུས་པས། །སྐྱུར་བ་ཀུན་ལས་ཆང་མཆོག་ཡིན། །ཞེས་བྱ་བ་ལ། །གང་གི་ཕྱིར་བ་ཚའི་རོ་དེ་རོ་སྐྱུར་བ་དང་ཕྲད་ན་རོ་མངར་བའི་མཚན་ཉིད
་ཅན་ཉིད་དུ་འགྱུར་བ་ཁོ་ནར་འགྱུར་ལ། ཆང་ནི་རོ་སྐྱུར་བའི་རྫས་ཞོ་དང་དར་བ་དང། རང་སྐྱུར་ལ་སོགས་པ་སྐྱུར་ཀུན་གྱི་ནད་ན་མཆོག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། །ནད་འཇུ་ཞིང་འཛག་པར་བྱེད་པར་ནུས་པས་མཆོག་ཡིན་ནོ། །སྔར
་བཤད་རྣོ་དང་དྲོ་སོགས་དང། །དེ་བཞིན་དྲོད་བསྐྱེད་སོགས་ཡོན་ཏན། །དེ་ཉིད་གོམས་པའི་དབང་གིས་ནི། །འདི་ཡིས་ལུས་ཟུངས་མཉམ་བྱེད་མཆོག་།ཅེས་བྱ་བ་ལ། སྔར་ཆང་གི་ཡོན་ཏན་རྣོ་བ་ལ་སོགས་པ་རྣམ་པ
་བཅུ་ཡོད་པར་ནད་གཞིའི་གནས་སུ་བཤད་པ་དང། དེ་བཞིན་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་སྔར་མདོའི་གནས་སུ་ཆང་ནི། །དྲོད་བསྐྱེད་ཡི་ག་འབྱེད་ཅེས་བྱ་བ་ལ་སོགས་པ་སྨོས་པ་དང། དེ་བཞིན་དུ་ཆང་དེ་ཉིད་གོམས་ཤིང་འདྲིས་པར་བྱས་པའི་དབང་གིས་ཆང་ནད་དང་ལྡན་པ་འདི་ཡིས་ལུས་ཟུངས་སྙོམས་ཤིང་ཆ་མཉམ་པར་བྱེད་པའི་མཆོག་ནི་ཆང་དེ་ཉིད་ཡིན་ནོ། །ཞག་བདུན་ནས་ནི་ཞག་བརྒྱད་པར། །ཆང་ནད་སྨན་གྱིས་སྦྱོར་བ་བྱས། །དུས་འདི་ཙམ་གྱིས་ལམ་ལོག་པར།།
་གནས་པའི་ཆང་ནད་ཞི་བར་འགྱུར། །ཞེས་བྱ་བ་ལ། ཆང་གི་ནད་ལ་ཞག་བདུན་ནམ། །ཞག་བརྒྱད་ཀྱི་བར་དུ་སྨན་གྱི་སྦྱོར་བྱས་ཏེ། དུས་འདི་ཙམ་གྱི་ཚོད་ཀྱིས་ལམ་ལོག་པར་གནས་པ་འཆང་ནད་ཞི་བར་འགྱུར་ཞིང་འཇུ་བར་འགྱུར་རོ། །སྨན་གྱི་བྱས
་གྱུར་ནས་ཆད་ནད། །དེ་ཕན་ཆང་ནི་རྗེས་འབྲེལ་བའི། །ནད་གང་ཡིན་པ་དེ་ལ་སྨན། །ནད་དམིགས་ཇི་བཞིན་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཞག་བདུན་ནམ་ཞག་བརྒྱད་ཀྱིས་དུས་ཚིགས་ངེས་པ་དེ་ཕན་ཆད། རྗེས་སུ་འབྲེལ་ཅིང་ཆགས་པའི་ནད
་གང་ཡིན་པ་དེ་ལ་ནད་དེ་ཉིད་ཀྱི་སྨན་བྱ་སྟེ། དེ་ཡང་ནད་དམིགས་ཀྱི་ཚུལ་ལས་དཔགས་ནས་ཇི་ལྟར་རྗེས་སུ་མཐུན་པའི་སྨན་སྦྱིན་པར་བྱའོ། །དེ་ལ་རླུང་ཤས་ཆེ་བ་ལ། །སྐྱུར་རྩི་ཆེན་པོ་ད་ཏྲིག་དང། །རྒྱ་ཤུག་སེའུ་འབྲུ་གོ་སྙོད་དང། །ལ་ལ་ཕུད
་དང་ཏ་བུ་ཤ་།ཟིར་ཚ་གསུམ་ལན་ཚ་གསུམ། །སྒེའུ་གཤེར་ཕྱེ་ཆང་སྦྱར་བ་བླུད། །བསོགས་ཤ་ལྡུམ་དང་བཅས་པ་དང། སྣུམ་དང་ལྡན་པའི་ཟས་སྦྱིན་ནོ། །ཞེས་བྱ་བ་ལ། །དེ་ཕན་ཆད་དེ་སྨན་ནད་དམིགས་ཇི་ལྟ་བ་བཞིན་དུ་སྦྱིན་པ
་ཚུལ་ནི། ནད་དེ་གལ་ཏེ་རླུང་གིས་ཤས་ཆེ་བ་ཡིན་ན་དེ་ལ་འབྲས་ས་ལུ་བཏབ་པས་ལས་བྱས་པའི་ཆང་ལ་སྐྱུར་རྩི་ཆེན་པོ་ལ་སོགས་པའི་སྨན་དང། ཅི་རིགས་པར་སྦྱར་བ་བླུད་པར་བྱའོ། །སྐྱུར་རྩི་ཆེན་པོ་ནི་མ་དུ་ལུང་གའོ། །ད་ཏྲིག་ནི་པྲིཀྵ་ཀ་མ་ལའོ།།
་རྒྱ་ཤུག་ནི་པ་དི་རི་བ་ལའོ། །ལ་ལ་ཕུད་ནི་ཨརྫ་མ་ལའོ། །ཏ་པུ་ཤ་ནི་བྷ་མ་བྷོ་ཤ་ཧོ། །ལན་ཚྭ་གསུམ་ནི་ལྕེ་མྱང་ཚྭ་དང། ཁ་རུ་ཚྭ་དང། ཁ་རུ་ཚྭ་ནག་པོའོ། །བསྲེགས་ཤ་ནི་ཐུར་མ་ལ་བསྐྱོན་ཏེ་བསྲེགས་པའི་ཤའོ། །ལྡུམ་དང་ནི་ཀྲུ་ཐེ་ར་ལ
་སོགས་པ་ལྡུམ་དང་རྗེན་པར་ཟ་བའི་སྐབས་སུ་བཤད་པའོ། །སྣུམ་དང་ལྡན་པ་ནི་མར་ལ་སོགས་པ་བཏབ་པའོ། །དྲོ་ཞིང་སྣུར་སྐྱུར་ལན་ཚར་བཅས། །ཤ་ཚོན་ཁུ་བ་བླུད་བ་འམ། ། མྲ་ཨ་མྲ་ཏ་ཀ་གཏུབས། །གཡོས་སྦྱར་བ་ཡི
་དྲུག་པ་འམ། །དྲོ་དང་མ་ཤ་ལས་བྱས་པ། །སྙིང་ཞིང་ཡི་གར་འོད་བ་དང། །སྒེའུ་གཤེར་བཅས་པའི་ཁུ་བ་ནི། ཚ་དང་ཤ་སོགས་ནད་དུ་བཅུག་པ་འམ། །ཚད་ནི་དྲི་ཞིམ་པ་བསལ་བ་དང། །ལེགས་ལངས་དངས་ཤིང་ཚར་བཅས
་ཕན། །ཞེས་བྱ་བ་ལ། ཡང་རླུང་ཤས་ཆེ་བའི་ཆང་ནད་ལ་དྲོ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཤ་ཁུ་སྦྱིན་པའམ། །ཡང་ཨ་མྲ་དང་ཨ་མྲ་ཏ་ཀ་གཏབས་པ་དང། སྦྱར་ཅིང་གཡས་བྱས་པའི་རོ་དྲུག་པ་ཤ་ཏབ་ཞེས་བྱ་བའི་སྦྱིན་པ་འམ། གྲོ་ལ་ལ
་སོགས་པའི་ལས་གཡོས་སུ་བྱས་པའི་ཟས་སྦྱིན་པ་འམ། ཡང་ཆང་དྲི་ཞིམ་ཞིང་བསིལ་བ་དང། ལེགས་པར་ལངས་པ་དངས་མར་གྱུར་པ་ལ། །ལན་ཚ་ཅུང་ཟད་བཏབ་པ་སྦྱིན་ན་ཡང་ཕན་པ་ཡིན་ནོ། །སེའུ་འབྲུ་འམ་རྩ་བ་ཆུང་ངུ་ལ་བསྐོལ་བ་འམ། བཅའ་
་སྒ་འུ་སུ་བསྐོལ་བ་འམ། ཞོ་ཁ་ཆུ་འམ་ཚ་ཆུ་འམ། །རང་སྐྱུར་དངས་མ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་རླུང་ཤས་ཆེ་བའི་ཆང་ནད་ལ་སེའུ་འབྲུ་བསྐོལ་བའི་ཁུ་བ་བླུད་པ་འམ། །ཡང་ན་རྩ་བ་ལྔ་པ་ཆུང་ངུ་པྲི་ཏི་ལ་སོགས་པ་བསྐོལ་བ་བླུད་པ་འམ།
་ཡང་ན་བཅའ་སྒ་དང་འོ་སུའི་འབྲས་བུ་བསྐོལ་བ་བླུད་པ་འམ། །ཡང་ན་ཞོ་ཁ་ཆུ་འམ་ཚ་ཆུ་འམ། །རང་སྐྱུར་ཀཉྫི་ཞེས་བྱ་བའི་མདངས་མ་བླུད་པར་བྱ་སྟེ། དེས་ནི་བཏུང་བ་ནི། འདི་ལྟར་བྱའོ་ཞེས་སྟོན་པ་ཡིན་ནོ། །ལུས་བསྐུ་དྲིལ་དང་བཀྲུ་བ
་བ་དང། གོས་ནི་དྲོ་ཞིང་མཐུག་པ་དང། ཞེས་བྱ་བ་ལ། རླུང་ཤས་ཆེ་བའི་ཆང་ནད་དེ་ཉིད་ལ་ཏིལ་མར་ལ་སོགས་པས་ལུས་བསྐུ་བ་དང་ལུས་དྲིལ་ཞིང་བཀྲུ་བ་ལ་སོགས་པ་ཡང་ཕན་ནོ། ། ཀ་རུ་ཡིད་དུད་པས་བདུག་།གུར་ཀུམ་ཨ་ག་རུ་ཡིས་བྱུག་།ཅེས
་བྱ་བ་ལ། །ཡང་དེ་ལ་ཨ་ག་རུའི་བདུག་པ་འཐུག་པོས་བདུག་པ་དང་གུམ་གུམ་དང། ཨ་ཀ་རུའི་ལྡེ་གུས་བྱུག་པའི་ཡང་གུར་གུམ་དང། །ཆུང་མ་ནུ་མ་རོ་སྨན་མཛེས། །ལང་ཚོར་ལྡན་ཞིང་ཡན་ལག་དྲོ། །དགའ་བས་འཁྱུད་པར་བྱེད་པ་དང། །བསྙེན
་བསྐུར་བྱས་པར་གྱུར་པའང་ཕན། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་ཆུང་མ་མཛེས་པ་ལ་སོགས་པས་འཁྱུད་པར་བྱེད་པ་དང། བསྙེན་བཀུར་བྱས་ཤིང་བདེ་བར་མཉེ་བ་ལ་སོགས་པ་བྱས་པ་ཡང་ཕན་ནོ། །མཁྲིས་པ་ཤས་ཆེར་ཆུ་མང་བའི། སྦྲང་རྩི་ཁ་ར
་དང་ལྡན་པའི། །སེའུ་འབྲུའི་འབྲ་གོའི་ཁུ་བ་དང་ལྡན་པ། །བྷ་བྱ་རྒུན་འབྲུམ་པ་དུ་ཤའི། །ཁུ་བསྒྲངས་ཕྱེ་དང་ཁ་དང་བཅས། །བཏུང་བ་འང་དེ་འདྲ་བླུད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བར་གྱུར་པའི་ཆང་ནད་ལ་ནི། །ཆུ་མང་པོ་དང
་བསྲེས་པའི་སྦྲང་རྩི་དང། །ཁ་ར་ལས་སྦྱངས་པའི་ཆང་གི་བྱེ་བྲག་གི་།སེའུ་འབྲུ་ལ་སོགས་པའི་ཁུ་བ་དང་ལྡན་པའི་རྒུན་ཆང་ཆུ་མང་པོ་དང་བསྲེས་པ་བསྒྲངས་པ་འམ། །དེ་བཞིན་དུ་ཕྱེ་དང་ཁ་རར་བཅས་པ་ལས་མ་གཡོས་པ་སྟེ། བཏུང་བ་དེ་ལྟ
་བུ་བཏུང་བར་བླུད་པར་བྱའོ། །ཡང་ན་མ་དར་བའི་སྡེ་ཚན་བསྐོལ། ཁུ་བ་ཆད་བསྲེས་སྦྲང་རྩི་བཏབ། །ཞེས་བྱ་བ་ལ། ཡང་ན་སྨན་མངར་བའི་སྡེ་ཚན་བསྐོལ་བ་ཁུ་བ་དང། ཆང་བསྲེས་ལ་སྦྲང་རྩི་བཏབ་པ་བསིལ་བ་བླུད་པར་བྱའོ། །ས་ལུ་དྲུག་ཅུ་པའི
་ཆན་དང། །རི་བོང་གོང་སྲེག་བཅོད་ཀྱི་ཤ་།ཙ་ན་མུངྒ་སྐྱུ་རུ་ར། །སེའུ་འབྲུ་པ་ཏོ་ལ་གཡོས་སྦྱིན། །ཞེ་བྱ་བ་ལ། ཡང་ན་དེ་དང་འབྲས་ས་ལུ་ལ་སོགས་པའི་ཆན་རི་བོང་ལ་སོགས་པའི་ཤ་དང་ལྷན་ཅིག་སྦྱིན་པར་བྱའོ། །བད་ཀན་མཁྲིས་འདྲེས་ལས་གྱུར་པ། །ཚ
་དང་སྐོམ་དང་ལྡན་པ་ཡི། །ཆང་ངམ་ཆུ་གྲང་བུ་རམ་ཤིང། །བུ་བ་འམ་རྒུན་ཆུ་མང་བླུད་ལ། །སློན་གཞུག་འདྲེས་པའི་ནད་ཀྱིས་ནི། །སྐྱོ་མ་ལ་སོགས་རིམ་པ་ཕན། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ཀུན་ཏུ་འདྲེས་པར་གྱུར་པ་ལས་ཆང་ནད་དུ་གྱུར་པ་ཚ་བ
་དང་སྐོམ་དད་དང་ལྡན་པར་གྱུར་པ་ལ་ནི་ཆང་ངམ་ཆུ་གྲང་ངམ་བུ་རམ་ཤིང་གི་ཁུ་བ་འམ། །རྒུན་འབྲུའི་ཆུ་མང་དུ་བླུད་ལ་སློན་ཞིང་སྐྱུག་ཏུ་གཞུག་པར་བྱའོ། །སློན་ཟིན་བའི་རྗེས་ལ་བད་ཀན་དང་མཁྲིས་པ་འདྲེས་པ་ལས་གྱུར་པའི་སྐྱུགས་སྨན་གྱི་རྗེས་ལ་བྱ
་བར་འོས་པའི་སྐྱོ་མ་ལ་སོགས་པའི་རིམ་པ་བླུད་པར་བྱས་ན་ཕན་ནོ། །དེའི་མེ་དྲོད་འབར་གྱུར་ལས། །ཟས་དང་ཉེས་ལྷག་སྨིན་པར་བྱ། །ཞེས་བྱ་བ་ལ། འདྲེས་པའི་སྤྱད་བ་བྱས་པ་རིམ་པ་ལྟ་བུ་སྦྱར་བར་གྱུར་པ་དེའི་ཕོ་བའི་མེ་དྲོད་འབར་བར་གྱུར་པས་ཟས
་དང་ནད་ཀྱི་ཉེས་པའི་ལྷག་མ་ཡོད་པ་མེ་དྲོད་དེས་སྨིན་ཅིང་སྤྱོད་པར་བྱེད་དོ། །ལུད་པ་མཆིལ་མ་ཁྲག་བཅས་འབྱུང། །རྩིབ་ལོགས་ནུ་མ་ག་ཟེར་བ་དང། །ཆ་དང་བཅས་པའི་སྐོམ་དད་དང། སྙིང་དང་བྲང་ན་ནི་བ་ལ། །སླེ་ཏྲས་ག་དུ་ར་བསྐོལ་བ་འམ། །ཡང་ན་བ་ཏོ་ལ
་བསྐོལ་ཁུ། །བཅའ་སྒ་བཅས་པ་བླུད་བྱ་ཞིང། །གོང་མ་སྲེག་གི་ཤ་སྦྱིན་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཆང་ནད་ལ་ལུད་པ་མཆིལ་མ་དང་ཁྲག་དུ་བཅས་པ་འབྱུང་བར་འགྱུར་ལ། །དེ་བཞིན་རྩིབ་ལོགས་དང་ནུ་མར་གཟེར་བ་དང། ཚ་བ་ལ་སོགས་པ
་དང་བཅས་པའི་ནད་ལ་སླེ་ཏྲེས་དང། །གདུང་ལ་སོགས་པ་བསྐོལ་བའི་ཁུ་བ་དང་བཅའ་སྒ་དང་བཅས་པ་བླུད་པར་བྱ་བ་འམ་ཡང་ན་པ་ཏོ་ལ་ལ་སོགས་པའི་ཁུ་བ་བཅའ་སྒ་དང་བཅས་པ་བླུད་པར་བྱ་ཞིང། །གོང་མ་སྲེག་གི་ཤ་རན་པར་སྦྱིན་པར་བྱའོ། །
་མཁྲིས་པ་རླུང་ནི་རྒྱས་གྱུར་པས། །ཤིན་ཏུ་ཤས་ཆེར་སྐོམ་གྱུར་ན། །རླུང་ནི་བདེ་བར་རྒྱུ་བྱེད་པ། །རྒུན་ཆུ་བསྒྲངས་པ་བླུད་པར་བྱ། །ཞེས་བྱ་བ་ལ། །མཁྲིས་པ་རླུང་ཤས་ཆེར་རྒྱས་པར་གྱུར་པས་ཤིན་ཏུ་སྐོམ་པར་གྱུར་པ་ཡང?
་རླུང། །བདེ་བར་རྒྱུ་བར་བྱེད་པའི་བཏུང་བ་དང་ཆུ་བསྐོལ་བ་བསྒྲངས་པ་བླུད་པར་བྱའོ། །ཞུ་ནས་ར་ཤའི་ཁུ་བ་ནི་ག་མངར་དང་སྐྱུར་བའི་སྨན་སྦྱར་སྦྱིན། །ཞེས་བྱ་བ་ལ། རྒུན་ཆུའི་བཏུང་བ་དེ་ཞི་བར་གྱུར་ནས་ར་ཤའི་ཁུ་བ་དང། སྨན་མངར་བ་དང་སྐྱུར་བ་དང།།
་སྦྱར་བའི་ཁ་ཟས་སྦྱིན་པར་བྱའོ། །སྐོམ་ན་ཆུ་མང་བསྲེས་པ་ཡིས། །ཆང་བླུད་ར་རོར་མི་འགྱུར་བསྲུང། །ཞེས་བྱ་བ་ལ། །གལ་ཏེ་སྐོམ་པར་གྱུར་པ་ནི། ཆང་ཅུང་ཟད་ཆུ་མང་པོ་བསྲེས་པ་བླུད་ལ་ཅི་ནས་ཀྱང་ར་རོ་བར་མི་འགྱུར་བ་དེ་ལྟར་བསྲུང་ཞིང་བསྡམ
་བར་བྱའོ། །གླུ་སྒང་སེའུ་འབྲུས་འབྲས་ཡོས་ཆུ་འམ། །ཡང་ན་འདབ་མ་བཞི་བསྐོལ་བ་འམ། །ཡུད་པ་ལ་པ་ཏོ་ལ་སོགས་སམ། །རང་བཞིན་གྱིས་ནི་བསིལ་བ་བླུད། །ཅེས་བྱ་བ་ལ། ཡང་གླ་སྒད་ལ་སོགས་པ་བསྐལ་བའི་ཆུ་འམ། །ུཏཔལ་དང
་པ་ཏོ་ལ་ལ་སོགས་པ་བསྐོལ་བའི་ཆུ་བསྒྲངས་ཏེ་བླུད་པ་འམ། །ཡང་ན་རང་བཞིན་གྱིས་བསིལ་པའི་མུ་བླུད་པར་བྱའོ། །ཆང་ངམ་འཐུངས་པས་ཆུ་ཡིས་ཁམས། །འཕྲི་ཞིང་མེ་ཤས་རྒྱས་པར་འགྱུར། །བྲེ་བ་རྐན་ཆུ་སྐམས་འགྱུར་ཞིང། །ལྕེ་ནི
་འབྱིན་ཅིང་གཅོད་བྱེད་ལ། །མཚན་མེ་རླུང་གིས་བསིལ་བྱས་པའི། །ཆུ་ནི་ཡོག་ཚང་བླུད་པར་བྱ། །ཞེས་བྱ་བ་ལ། །།ཆང་མང་དུ་འཐུངས་ཤིང་དྲགས་པས་ལུས་ལ་ཡོད་པའི་ཆུའི་ཁམས་འབྲི་བར་འགྱུར་ཞིང།།
་མེའི་ཁམས་ཀྱི་ཤེས་ནི་རྒྱས་པར་འགྱུར་བས། གྲེ་བ་ལ་སོགས་པ་བསྒམས་པར་འགྱུར་ཞིང་ལྕེ་ཕྱིར་འབྱིན་ཅད་ས་ལ་འགྲེ་ལྡོག་པར་བྱེད་པའི་ནང་དེ་ལ་མཚན་མོ་རླུང་གིས་བསིལ་བར་བྱས་པའི་ཆུ་ཡོག་ཚད་དུ་ཅི་འདོད་པར་བླུད་པར་བྱའོ།།
་རྒྱ་ཤུག་སེའུ་འབྲུ་ད་ཏྲིག་དང། །ཙུག་ཀྲ་ལ་ཆུ་པའི་ཁུ་བ། །སྐྱུར་བ་ལྔ་ཡིས་ཁར་བསྐུས་ན། །འཕྲལ་དུ་སྐོམ་དང་སེལ་བར་བྱེད། །ཅེས་བྱ་བ་ལ། རྒྱ་ཤུག་ལ་སོགས་པ་སྐྱུར་པ་ལྔ་ཞེས་བྱ་བ་ལྡེ་གུར་བྱས་པས་ཁར་བསྐུས་ན། །དེའི་མོད་ལ་སྐོམ་དད
་འཇོམས་པར་འགྱུར་རོ། །ཆང་འཐུངས་དྲོད་ནི་ཁྲག་མཁྲིས་དང། །འདྲེས་པས་པགས་པ་ཁྱབ་གྱུར་པ། མི་ཟད་ཚ་བསྐྱེད་བྱེད་དེ། །དེར་ནི་དབང་བསིལ་ཆོ་ག་བྱ། །མ་ཤི་ཁུས་པས་ཚིམ་བྱས་ན། །རོ་ཏི་ནི་ལས་གཏར་ག་གདབ། །ཞེས་བྱ་བ་ལ། །ཆང་འཐུངས་པ་ལས
་གྱུར་པའི་དྲོད་ཁྲག་དང་མཁྲིས་པ་དང། འདྲེས་པར་གྱུར་པ་ལས་པགས་པར་ཁྱབ་པར་གྱུར་ཅིང་ཕྱིན་ནས། །ཤས་ཆེར་མི་བཟད་པར་ཚ་བ་སྐྱེད་པར་བྱེད་པ་དེ་ལ། ཤིན་ཏུ་བསིལ་བའི་ཆོ་ག་གང་དག་ཡིན་པ་དག་བྱའོ། །བསིལ་བའི་ཆོ་ག་བྱས་ཀྱང་ཚ་བཞི
་བར་མ་གྱུར་ན་ནད་པ་དེ་ཤ་ཁུས་ཚིམ་པར་བྱས་ལ་རོ་ཧི་ནི་ཞེས་བྱ་བ་ཁྲག་སྐྱོན་མེད་པ་འབའ་ཞིག་རྒྱུའི་བའི་རྩ་ལས། །གཏར་ག་གང་བས་པར་བྱ་ཞིང། དེ་ཡང་གཏར་གའི་ཆོ་ག་ལས་ཇི་ལྟར་སྨོས་པ་ལྟར་བྱའོ། །སློན་དང་སྨྱུང་བ་དག་གིས་ཀྱང། །བད་ཀན་ཤས་ཆེ
་སྐྱུགས་སྣན་དང། །སྨྱུང་བ་བཅའ་སྒ་སྟིར་དང། །ཀ་ཏ་ཀཱ་རཱི་བ་ལ་ཀ་།གང་ཡང་རུང་བའི་ཆུ་བླུད་པས་ཞེས་བྱ་བ་ལ། །བད་ཀན་ཤས་ཆེ་བ་ལས་གྱུར་པའི་ཆང་ནད་ལ་སྐྱུགས་སྨན་བཏང་ཞིང་སློན་པ་དང། །མྱུང་བ་བྱ་ཞིང་ཟན་བཅད་པས་བསལ་བར་བྱ་ཞིང
་བཅའ་སྒ་ལ་སོགས་པ་གང་ཡང་རུང་བ་དང། བསྐོལ་བའི་ཆུ་བླུད་པས་བསལ་བར་བྱའོ། །མ་ཞུ་མེད་ཅིང་བཀྲེས་དུས་སུ། །སྦྲང་རྩི་མང་པོ་བླུད་པར་བྱ། །ཤ་ཁར་དང་སྦྲང་རྩི་རྙིང། །ཆང་རྙིང་དག་གམ་རྒུན་ཆང་དམ། །རྩུབ་པའི་སྐྱོ་མར་སྦྱར་བ་ནི། །དོད
་ཟ་ལ་ལ་ཕུད་བཅས་བླུད། །ཅེས་བྱ་བ་ལ། ནད་པ་མ་ཞུ་བ་མེད་པར་གྱུར་ཅིང་བཀྲེས་པར་གྱུར་པ་ལ་འཚམ་པའི་དུས་སུ་སྦྲང་རྩི་མང་པོ་འམ། །ཁ་ར་དང་སྦྲང་རྩིར་བཅས་པའམ། །ཆང་སྙིང་པ་འམ། །རྒུན་ཆང་འབའ་ཞིག་གམ། རྩུབ་ཅིང་སྐྱོན
་མེད་པའི་སྐྱོ་མ་སྟེ། །འདི་དག་གང་ཡང་རུང་བ་བླུད་པར་བྱའོ། །དེ་དག་ཐམས་ཅད་ཀྱང་ལ་ལ་ཕུད་དང་དོང་གྲ་དང་བཅས་པ་བླུད་པར་བྱའོ། །ནད་དང་གྲོ་ཟན་ཉུང་ཤས་ལ། །རྒྱ་སྲན་ཡུ་ཤ་ཉུང་ཟད་བཅས། །ཚུ་ཚན་ཁ་དང་ཚ་བར་བཅས། །མར
་ནི་ཅུང་ཟད་བཅས་པར་སྦྱིན། །ཞེས་བྱ་བ་ལ། ནས་དང་གྲོ་སྲན་ཉུང་ཤས་ལ་རྒྱ་སྲན་གྱི་ཨུ་ཤ་ཅུང་ཟད་དང་བཅས་པ་སྦྱིན་པར་བྱ་ཞིང་ཆུ་བ་ཚན་ཁ་བ་དང་ཚ་བའི་སྨན་དང་བཅས་ཤིང་ཞུན་མར་ཅུང་ཟད་བཏབ་པ་སྦྱིན་པར་བྱའོ། །ལ་ཕུག་སྐམ་པོར་ཤའི་ཁུ། །སྐམ་སའི
་སྲོག་ཆགས་ཤ་ཁུ་ནི། །སྟར་བུ་ད་ཏྲིག་པ་ཏོ་ལ། །ཚ་བ་གསུམ་དང་སེའུ་འབྲུ་སྦྱར། །བཅའ་སྒན་ལེ་ཤམ་མང་བཏབ། །ཅེས་བྱ་བ་ལ། ཡང་ན་ལ་ཕུག་སྐམ་པོ་བསྐོལ་བའི་ཁུ་བ་འམ། །ར་ཤའི་ཁུ་བ་འམ། སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་ལྟར་བུ་ལ་སོགས་པའི
་སྨན་གྱི་ཁུ་བ་དང། དཔགས་པའི་གནས་དང་གྲོའི་སྲན་ཆུང་ཉུང་ཟད་སྦྱིན་པར་བྱའོ། །རྗེན་ངད་བཏུབས་པ་དང་ལྡན་ཞིང། །སྐྱུར་རྩི་ཆེན་པོའི་ཁུ་བས་སྐྱུར། །བརྔོས་ཤིང་ཁུ་བ་མེད་པ་དང། །ཀ་ར་མརྡ་ཀ་རིར། །ལ་སོགས་ཡིག་འབྱེད་པ་དང། །ལན་ཚ་བརྒྱད
་པོ་ལེགས་བྲོ་དང། །གཏུབས་ཤིང་པེ་རེག་ལྟར་བཅོས་པ། །མ་དྲོད་ཚོད་ལ་ཤ་སྦྱིན་ཞིང། །སྦྲང་ཆང་ནད་མེད་གྱུར་པ་བླུད། །ཅེས་བྱ་བ་ལ། ཆང་གི་ནད་ལ་བོ་བའི་མེ་དྲོད་ཀྱི་ཆོད་ལས་དཔགས་ཏེ། ཤ་དང་སྦྲང་ཆང་ནད་ཀྱི་སྐྱོན་མེད་པར་གྱུར་པ་སྦྱིན་ཞིང
་བླུད་པར་བྱ་ལ། །ཤ་དེ་ཡང་བཅའ་སྒ་ལ་སོགས་པའི་སྨན་མང་པོ་བཏབ་པ་དང། སྔོ་དང་བཏུབས་པ་དང་བཅས་པ་དང། །འོག་ནས་བཤད་པའི་ལན་ཆའི་ཡན་ལག་བརྒྱད་བ་ཞེས་བྱ་བ་དང་ལྡན་པ་དང། །དེ་བཞིན་དུ་ཁུ་བཅུང་མེད་པར་བྱས
་པ་ཞིག་གི་ཚུལ་རྔོས་ཏེ་ཤ་དང་རྗེན་རྔད་སྔོན་པོ་ལ་སོགས་པ་ལས་གཏུབས་ཏེ། བག་ཟན་གྱི་ནང་དུ་བཅུག་ནས་བསྲེགས་པའི་ལ་ནི་བེ་རེག་ཅེས་བྱའོ། །ཁ་ར་དང་ནི་ཁ་རུ་ཚྭ། །གོ་སྙོད་ད་ཏྲི་ག་སྟར་བུ་དང། །ཤིང་ཚ་སུག་སྨེལ་ན་ལ་ཤམ། །ཆ་ཕྱད་ཡན
་ལག་བརྒྱད་པར་བཤད། །ཕལ་ཆེར་བད་ཀན་ཆང་ནད་སེལ། །བུ་གའི་རྒྱུན་སྦྱོང་དྲོད་སྐྱེད་བྱེད། །ཅེས་བྱ་བ་ལ། ཁར་ལ་སོགས་པ་བརྒྱད་པོ་ནི་ལན་ཚ་ཡན་ལག་བརྒྱད་པོ་ཞེས་བྱ་བ་སྟེ། དེ་ཡང་ཕལ་ཆེར་བད་ཀན་ལས་གྱུར་པའི་ཆང་ནད་སེལ་ཅིང། །བུ་གའི་རྒྱུན་སྦྱོང
་བར་བྱེད་པ་དང། །མོ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་དག་སྦྱར་བའི་ཚུལ་ནི་ཁ་ར་ལ་སོགས་པའི་སྨན་ལྔ་ཆ་གཅིག་ཏུ་བྱས་ལ་ཤིང་ཆ་དང། སུག་སྨེལ་དང། ན་ལེ་ཤམ་དེའི་ཆ་ཕྱད་དུ་སྦྱར་པར་བྱའོ། །རྩུབ་དང་དྲོ་བས་མཉེ་ཞིང་དྲིལ། །ཁྲུས་དང། བཟས?
་སྨྱུང་བྱས་དང། །འདོད་བཅས་བུད་མེད་ལྷན་ཅིག་བཅས། །མཚན་གཉིད་མ་ལོག་རིགས་པས་བསྟེན། །ཕལ་ཆེར་བད་ཀན་ལས་བྱུང་བའི། །ཆང་ནད་མྱུར་དུ་ཞི་བར་བྱེད། །ཅེས་བྱ་བ་ལ། རྩུབ་བ་དང་དྲོ་བ་ལ་སོགས་པའི་རིགས་པར་བསྟེན་པས་ནི་ཕལ་ཆེར་བད
་ཀན་ལས་གྱུར་པའི་ཆང་ནད་རིང་པོར་མི་ཐོགས་པར་སེལ་ཅིང་ཞི་བར་བྱེད་དོ། །ནད་གཞི་སོ་སོའི་ཤས་ཆེ་ལས། །ལས་རྣམས་གང་དག་བསྟན་པ་འདི། །འདི་ནི་འདུས་པ་ལས་གྱུར་པ། །ལྷག་མ་བཅུ་ལ་འང་སྦྱར་བར་བྱ། །ཞེས་བྱ་བ་ལ། ནད
་གཞི་སོ་སོའི་སྟོབས་ཤས་ཆེ་བ་ལས་གསོ་བའི་ཐབས་གང་དག་བཤད་པའི་རླུང་དང། མཁྲིས་པ་དང། བད་ཀན་ཤས་ཆེ་བའི་ཆང་ནད་གསུམ་པོ་འདི་དག་པའི་ལས་དེ་ཉིད་འདུས་པ་བཅུ་པ་རབ་དང། རབ་མཆོག་ཏུ་བརྟག་པའི་ཚུལ་དུ་ཆང་ནད་རྣམ
་པ་བཅུས་བརྟགས་པར་བྱས་ལ་འང་ཞེས་པའི་སྒྲས་ནི་ཇི་སྐད་བཤད་པའི་ཆང་ནད་གསུམ་པོ་འདི་འབའ་ཞིག་དུ་མ་ཟད་ཀྱིས། །གཞན་དག་ལས་ཀྱང་སྦྱར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་རླུང་གི་ཤས་ཆེ་བའི་ཆང་ནད་ལ་གསོ་བ་གང་དག་བསྟན་པ་དང
་དེ་བཞིན་དུ་མཁྲིས་པའི་ཤས་ཆེ་བའི་གང་དག་བཤད་པ་དེ། རླུང་དང་མཁྲིས་པ་ཤས་ཆེར་འདྲེས་པ་ལ་ཡང་སྦྱར་བར་བྱ་ལ། །དེ་ལྟར་ཕྱོགས་འདིས་ནད་གཞིའི་ཤས་ལ་མཚོན་ནས། ཆང་ནད་ཐམས་ཅད་ལ་གསོ་བར་བྱའོ། །མདོའི་གནས་ལས་འདུས་པའི
་པའི་ནད། །རྣམ་པ་བཅུ་གསུམ་དུ་བཤད་པ་ལས། །འདིར་ནི་ནད་གཞི་གཅིག་ཤས་ཆེ་བའི་དབང་དུ་བྱས་ནས་གསོ་བ་བསྟན་པ་ཡིན་གྱི། ནད་གཞི་གཉིས་ཤས་ཆེ་བ་འམ། །རབ་དང་མཆོག་རབ་བརྟག་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེས?
་ན་འདུས་པ་རྣམ་པ་བཅུ་པོ་ལྷག་མ་རྣམས་ཀྱང་འདི་ཉིད་ལས་རྗེས་སུ་དཔགས་ཏེ་གསོ་བར་བྱའོ། །ཤིང་ཚ་ན་ག་པུསྤ་དང། །པི་པི་ལིང་དང་ན་ལེ་ཤམ། །གོ་སྙོད་བུ་ར་ཤ་ཀ་དང། །འོ་སུ་སུག་སྨེལ་མ་དུ་ཀ་།ཐང་ཤིང་ཁ་ར་དཀར་དང་བཅས། །ཀ་པེཏྟ་ཁུ་བ
་བཏག་།ག་བུར་དྲི་ཡིས་བསྒོས་གྱུར་པ། །བཏུད་པ་ཤིན་ཏུ་ཡིད་འོང་བ། །ཆང་ནད་ཀུན་ལ་བླུད་གྱུར་ན། །ཡིག་འབྱེད་ཅིང་མེ་དྲོད་བསྐྱེད། །ཅེས་བྱ་བ་ལ། ཤིང་ཆ་དང་ན་ག་པུསྤ་ལ་སོགས་པ་ལས་སྦྱོར་བའི་ཆོ་ག་འདི་ལྟ་བུ་བཞིན་དུ་སྦྱར་བའི་བཏུང
་བའི་ནད་དུ་ཀ་པཏྟའི་ཁུ་བ་བཏབ་ཅིང་ག་བུར་གྱིས་དྲིས་བསྒོས་པར་གྱུར་པའི་བཏུང་བ་དེ་ཆང་ནད་ཀུན་ལ་བླུད་ཅིང་བྱིན་པར་གྱུར་ན་ཡི་ག་འབྱེད་པ་དང། མེ་དྲོད་གཉིས་སྐྱེས་པར་བྱེད་པ་ཡིན་ནོ། །ཆང་གིས་ཡིད་ནི་མ་དཀྲུགས་ཤིང། ལུས་ལ་གནོད་པར
་མི་བྱེད་པར། །ཆང་ནད་མི་བསྐྱེད་དེ་ཡི་ཕྱིར། །སེམས་དགར་འགྱུར་བའི་ཆོ་ག་བྱ། །ཞེས་བྱ་བ་ལ། ཆང་གིས་ནི་ཡང་མ་དཀྲུགས་ཤིང་གཡོ་བར་མ་བྱས་པར་ཆང་གི་ནད་སྐྱེད་པར་བྱེད་པ་མ་ཡིན་གྱི། །གཞན་དུ་རྣམ་པར་འཁྲུགས་པར་བྱས་ནས་ཆང་གིས་ནད་སྐྱེད
་པར་བྱེད་ལ་དེ་བཞིན་དུ་ལུས་ལ་ཡང་གནོད་པར་བྱེད་པར་ནད་སྐྱེད་པར་མི་བྱེད་ཀྱི་ལུས་ལ་གནོད་པར་བྱས་ནས་ནད་བསྐྱེད་པ་ཡིན་ནོ། །དེ་བས་ན་ཆང་གི་ནད་ཐམས་ཅད་ལ་དགའ་བར་བྱ་བའི་སྤྱད་པ་བྱ་བ་བསྔགས་པ་ཡིན་ཏེ། གང་གི་ཕྱིར་སེམས་དགའ་བར
་འགྱུར་ན་ལུས་ཀྱང་བདེ་བསྐྱེད་པར་འགྱུར་བས་ན་ཆང་གི་ནད་ལ་ཕན་པ་ཡིན་ནོ། །ཆང་ནད་ལ་ནི་སྦྱང་པ་དང། ཞི་པའི་ལས་ནི་བྱས་གྱུར་ཀྱང། གལ་ཏེ་མ་ཞི་བད་ཀན་ཟད། །ཉམས་ཆུང་ཡང་བ་ཉིད་གྱུར་ན། རླུང་དང་མཁྲིས་པ་ཤེས་ཆེ་ཞིང། ཚོད་ནད
་གྱིས་ཟད་འོ་མར་བླུད། །སོ་ག་ཆབས་གདུངས་པ་ཡི། །ཤིང་ལ་ཆར་པ་བབ་དང་མཚུངས། །ཆང་གི་ཟད་པར་བྱས་པའི་མདངས། །འོ་མས་མྱུར་དུ་ཟས་བྱེད་དོ། །མདངས་དང་ཡོན་ཏན་ཀུན་མཚུངས་ལ། །ཆང་ལས་གོ་ནི་བཟློག་པ་ཡིན། །ཞེས་བྱ་བ། །ཆང་ནད་གང་ཞིག
་ལ་དེ་བསལ་བའི་ཕྱིར་སྤང་བ་དང། །ཞི་བའི་ལས་བྱས་པར་གྱུར་ཀྱང། ཆང་ནི་དེ་ཞུ་ཞིང་བྱང་བར་མ་གྱུར་པ་དེ་བད་ཀན་ཟད་ཅིང་བྲི་བས་ལུས་ཉམས་ཆུང་བ་དང། ཡང་བར་གྱུར་ཅིང་རླུང་མཁྲིས་པར་ཤས་ཆེ་བར་གྱུར་ཅིང། ཆང
་ནད་ཀྱི་ལུས་ཀྱི་ཤ་ཟད་པར་གྱུར་པ་དེ་ལ་འོ་མ་བླུད་པ་ཕན་ཏེ། དེ་ཡང་སོ་ག་འཚ་བས་གདུངས་པའི་ཤིང་ལ། ཆར་པ་བབ་པ་དང་འདྲ་བར་འོ་མ་དེ་དེའི་ལུས་ལ་ཤིན་ཏུ་ཕན་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་ཆང་གིས་ཟད
་པར་བྱས་པའི་མདངས་གང་ཡིན་པ་དེ། འོ་མས་མྱུར་བ་ཁོ་ནར་བཅས་ཤིང་རྒྱས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འོ་མ་དང་མདངས་ནི་ཡོན་ཏན་ཐམས་ཅད་དང་མཚུངས་པ་ཡིན་ཏེ། རྡུལ་བ་དང་སྣུམ་པ་ལ་སོགས
་སོགས་པའི་ཡོན་ཏན་བཅུ་ཆེར་ཆུ་འདྲ་བ་ཡིན་ལ། ཆངས་ལས་ནི་ཡོན་ཏན་བཅུ་པོ་གོ་བཟློག་པ་ཡིན་ནོ། །འོ་མས་ནད་ནི་བཅོམ་གྱུར་ཞིང། །སྟོབས་སྐྱེས་ནས་ནི་འོ་མ་ཡི། །ཆོ་ག་ཆང་ཡང་བཟློག་བྱས་ཏེ།
་རིམས་གྱིས་ཉུང་ཟད་ཉུང་ཟད་སྤྱད། །ཅི་ནས་འཇོམས་དང་སྐམས་གྱུར་པའི། །བླ་གཉེན་འབྱུང་བར་ནི་མི་འགྱུར་བྱ། །ཞེས་བྱ་བ་ལ། ཆང་ལ་གོམས་པའི་སྐྱེས་བུ་ལ་དེའི་རྗེས་ལ་ཆང་གི་ནད་དེ་འོ་མས་བཅོམ
་ཅིང་བཟློག་པར་གྱུར་པ་ལ་ལུས་ཀྱི་སྟོབས་སྐྱེས་ཤིང་ཐོབ་པར་གྱུར་ནས། འོ་མའི་ཆོ་ག་དང་ཆང་དག་ལས་བཟློག་པར་བྱས་ལ། །དེ་ཡང་རིམས་གྱིས་བཟློག་ལ། ཅིག་ཅར་ནི་མ་ཡིན་ལ། ཉུང་ཟད་ཉུང་ཟད
་བསྟེན་དུ་གཞུག་ཅིང་སྤྱད་པར་བྱ་སྟེ་ཅི་ནས་ཀྱང་མི་དེ་ཆང་ནད་འཇོམས་པ་དང། ལུས་བསྐམས་པར་གྱུར་པ། །ཞེས་བྱ་བའི་ནད་ལས་གྱུར་བའི་བླ་གཉན་འབྱུང་བར་མི་འགྱུར་བ་དེ
་ལྟར་བྱ་སྟེ། །དེ་དག་བླ་གཉན་ཡང་འཇོམས་བ་ཞེས་བྱ་བ་ལ་ནི་བད་ཀན་གྱི་མཆིལ་མ་མེད་པ་ལ་སོགས་པའི་བླ་གཉན་འབྱུང་བར་འགྱུར་ལ། ལུས་སྐེམ་བའི་བླ་གཉན་ནི་ཡན་ལག་དང་མགོ་བོ་ན་ལ་སོགས་པ་འབྱུང་བར
་འགྱུར་ཏེ། ཞིབ་ཏུ་ནི་ཆང་ནད་གཞི་སྟེན་བའི་སྐབས་སུ་བཤད་པ་ཡིན་ནོ། །དེ་གཉིས་ལ་ནི་འོ་མ་མར། །འཇམ་རྩི་བཏང་བས་བརྟས་པ་བསྔགས། །བསྐུར་དང་དྲིལ་ཕྱིས་འཁྲུས་དང?་ནི། །བཟའ་བཏུང་རླུང་ནི་སེལ་བ
་ཕན། །ཞེས་བྱ་བ་ལ། ལུས་འཇོམས་པ་དང། ལུས་སྐེམས་པ་ཞེས་བྱ་བའི་ནད་དེ་གཉིས་ལ་ནི་འོ་མ་དང་མར་བླུད་པ་དང། འཇམ་རྩིམས་བཏང་བས་བརྟས་པ་བསྔགས་པ་ཡིན་ལ། དེ་བཞིན་དུ་བསྐུ་བ
་ལ་སོགས་པ་རླུང་ནད་སེལ་བར་བྱེད་པ་དང་བཟའ་བ་དང་བཏུང་བ་རླུང་སེལ་བ་ཕན་ནོ། །རིགས་པར་ཆང་འཐུངས་ཆང་གིས་ནི། །ནང་ནི་འབྱུང་བར་འགྱུར་མ་ཡིན། །ཞེས་བྱ་བ་ལ། གང་གིས་རན
་ཅིང་ཡང་དག་པའི་སྦྱོར་བ་དང་ལྡན་པས་ཆང་འཐུང་བར་བྱེད་པ་གང་ཡིན། །བྱེད་པ་ཆང་ལས་གྱུར་པའི་ནད་གང་དག་ཡིན་པ་དེ་འབྱུང་བར་མི་འགྱུར་ལ། །ཆང་དེའི་བདེ་བའི་བདེ་བ་སྐྱེད་པ་ཉིད་དུ
་འགྱུར་རོ། །དེ་ཡང་ཡན་ལག་བརྒྱད་པ་བསྡུས་པ་ལས། དེ་ནས་གཅིག་ཏུ་བདེ་འགྱུར་པའི། །འདི་ཡི་སྦྱོར་བ་བཤད་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ནས། བསྐུ་ཞིང་དྲིལ་དང་ཁྲུས་བྱས་དང། །གསོ?་བཟང
་སྡུག་པ་ཀྲང་ལྡན་པས། །ཟས་སྣུམ་རླུང་དྲོ་འདྲེན་མར་ནི། །རླུང་ཅན་གྱིས་ནི་ཆང་བཏུང་བྱ། །མཁྲིས་ཅན་བསིལ་སྤྱོད་དུ་མ་དང། །མདང་དང་སྣུམ་དང་བསིལ་བའི། །ཟས་དང་ལྡན་པ་ཉིད་དུ་ནི། །ཆང་འཐུངས་ནད་ཀྱིས
་ཉེན་མི་འགྱུར། །བད་ཀན་ཅན་གྱི་དྲོ་བ་ལ། །སྤྱོད་དང་ནས་དྲོ་ཡི་ཟན། །སྐམ་སའི་སྲོགས་ཆགས་ཤ་དང་ནི། །ན་ལེ་ཤམ་དང་བཅས་ཆང་བཏུང། །ཞེས་བྱ་བའི་བར་རྒྱས་པར་བཤད་པ་ཡིན་ནོ། །དེ་ལ་རླུང་ནད་ལ་ཕན་ཆད
་ཕལ་ཆེར་ཟན་ཆང་བུ་རམ་ཆང། །མཁྲིས་པར་རྒུན་ཆང་ཆུ་དང་བཅས། །བད་ཀན་ཆང་རྙིང་སྦྲང་རྒུན་ཆང། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་ཆང་ནད་པ་ནི་ཕལ་ཆེར་འབྲས་ལ་སོགས་པ་ཕྱར་བཏགས་པ་ལས་ཟན་དུ
་བྱས་པའི་ཆང་དང་བུ་རམ་ལས་བྱས་པའི་ཆང་ཕན་ནོ། །མཁྲིས་པ་ལས་གྱུར་པའི་ཆང་ནད་ལ་ནི། །རྒུན་ཆང་ཆུ་དང་བཅས་པ་བླུད་ན་ཕན་ནོ། །བད་ཀན་ལས་གྱུར་པའི་ཆང་ནད་ལ་ནི་ཆང་རྙིང་པ་དང་སྦྲང་ཆང་རྒུན་ཆང
་ཕན་ནོ། །བད་ཀན་ཅན་གྱིས་ནི་དང་པོར་བཏུང། །མཁྲིས་པ་ཅན་གྱིས་ཟས་ཟོས་བཏུང། །རླུང་ཅན་གྱིས་ནི་བར་དུ་བཏུང། །ནད་གཞི་མཉམ་པས་ཅི་དགར་བཏུང། ཞེས་བྱ་བ་ལ། བད་ཀན་ཅན་གྱི་སྐྱེས་བུས་ནི།།
་བས་ཀྱི་དང་པོར་ཆང་བཏུང་བར་བྱའོ། །མཁྲིས་པ་ཤས་ཆེ་བའི་སྐྱེས་བུས་ནི་ཟས་ཟོས་པའི་རྗེས་ལ་ཆང་བཏུང་བར་བྱའོ། །རླུང་གི་ཤས་ཆེ་བའི་སྐྱེས་བུས་ནི། ཟས་ཀྱི་བར་དུ་ཆང་བཏུང་བར་བྱའོ། །ནད་གཞི་མཉམ་ཞིང
་སྙོམས་པས་ནི། །ཐས་ཀྱི་ཐོག་མ་འམ། བར་རམ་ཐ་མར། ཅི་དག?་བ་བཏུང་བར་བྱའོ། །མྱོས་དང་བརྒྱལ་ལ་ཕལ་ཆེར་ནི། །རླུང་དང་མཁྲིས་པ་སེལ་ལས་བསྔགས། །ཞེས་བྱ་བ་ལ། ཆང་དང་ཁྲག་དང་དུག་དང་བཅས
་པ་ལས་བྱུང་བའི་མྱོས་པ་དང། དེ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་འདུས་པ་ལས་བྱུང་བའི་བརྒྱལ་བ་ལ་ཕལ་ཆེར་དེ་ངོ་མང་དུ་རླུང་དང་མཁྲིས་པ་འཇོམས་པར་བྱེད་པའི་གསོ་བའི་ལས་བྱར?་བསྔགས
་ཤིང་ཕན་པ་ཡིན་ནོ། །ཐམས་ཅད་ལ་ཡང་ཁྱད་པར་དུ། །མཁྲིས་པ་ཤས་ཆེར་ཤེས་པར་བྱ། །ཞེས་བྱ་བ་ལ། ཆང་ནད་ཐམས་ཅད་དང་བརྒྱལ་བ་ལ་ནི་ཁྱད་པར་དུ་མཁྲིས་པ་ཤས་ཆེ་བ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱིས
་ནི། བསྐུ་བྱུག་བསིལ་དང་ནུར་བུ་དང། །ཆུས་གཏོར་རླུང་ཡབ་ཀྱིས་གཡལ་བྱེད། །ཅེས་བྱ་བ་ཡིན་ཏེ། མྱོས་པ་དང་བརྒྱལ་བ་ཐམས་ཅད་ལྡེ་གུ་བསིལ་པས་བསྐུ་ཞིང་བྱུག་པ་དང། དེ་བཞིན་དུ་ནོར་དུ
་རང་བཞིན་གྱིས་བསིལ་བ་བརླན་ཞིང་གདགས་པ་དང། ཆུ་བསིལ་བ་གཏོར་བ་དང། རླུང་ཡབ་ཀྱིས་གཡབ་པར་བྱའོ། །ཁ་ར་རྒུན་འབྲུམ་བུ་རམ་ཤིང། །འབྲ་གོ་ཏང་བ་ལ་ཁུ་བ་དང། །མངར་བའི་བདེ་བསྐུལ
་འོ་མ་ཁུ། །མུ་ཤ་སེའུ་འབྲུ་བཅས་པ་བླུད། །ཞེས་བྱ་བ་ལ། དེ་བཞིན་དུ་ཁ་ར་དཀར་པོ་སྦྱིན་བར་བྱ་བ་དང། དེ་བཞིན་དུ་རྒུན་འབྲུམ་ལ་སོགས་པའི་ཁུ་བ་དང། དེ་བཞིན་དུ་སྔར་བའི་སྡེ་ཚན་དང། བསྐོལ་བའི་འོ
་མ་དང། དེ་བཞིན་དུ་ཤ་ཁུ་དང། ཡུ་ཤ་སེའུ་འབྲུ་དང་བཅས་པ་བླུད་པར་བྱའོ། །ས་ལུ་ཙ་ནང་དྲུག་ཅུ་པ། ནས་དང་འཚོ་བྱེད་སྨན་མར་དང། །དགེ་བ་ཆེན་པོ་ཏིཀྟ་ཆེ། །སྲང་དྲུག་འོ་མ་རྩི་ཏྲས་བཅས། །པི་པི་ལིང་དང་བྲག
་ཞུན་ནི། །བཅུད་གྱི་ལེན་གྱིས་ཆོ་ག་སྦྱིན། །ཞེས་བྱ་བ་ལ། འབྲུ་ལས་འབྲས་ས་ལུ་ཙ་ནར་ཞེས་བྱ་བ་དང། དྲུག་ཅུ་པ་དང་ནས་ལས་གཡོས་པ་དག་སྦྱིན་པར་བྱ་ཞིང། དེ་བཞིན་དུ་འཚོ་བྱེད་ཀྱི་སྨན་མར་དང། དགེ་བ་ཆེན་པོའི
་སྨན་མར་དང། །ཏིཀྟ་ཆེན་པོའི་སྨན་མར་དང། །རོ་དྲུག་པའི་སྨན་མར་དག་ཀྱང་ནད་གཞི་དང། ལུས་གྲངས་ཀྱི་ཚུལ་ས་ལ་དཔགས་ཏེ་སྦྱིན་པར་བྱ་བ་དང། དེ་བཞིན་དུ་འོ་མ་ཙི་ཏྲ་ཀ་དང་བཅས་པ་དག་བཅུད་ཀྱི་ལེན་གྱི་ཆོ་ག་སྦྱིན་པར་བྱ་བ་དང།
་ཡང་ན་པི་པི་ལིང་དང། བྲག་ཞུན་དག་བཅུད་ལན་གྱི་ཆོ་ག་ཇི་སྐད་བཤད་པ་བཞིན་དུ་སྦྱིན་པར་བྱའོ། །ཡང་ན་འབྲས་བུ་གསུམ་མར་དང་སྦྲང་རྩི་ཁ་རར་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་མྱོས་པ་དང་བརྒྱལ་བའི་ནད་དེ་དག་ལ་འབྲས་བུ་གསུམ
་མར་དང། སྦྲང་རྩི་ཁ་རར་བཅས་པ་སྦྱིན་པར་བྱའོ། །ཤུགས་དྲག་པ་ལ་ཁ་དང་སྣ། །བཀག་པར་གྱུར་པ་ཕན་པ་ཡིན། ཞེས་བྱ་བ་ལ། མྱོས་པ་དང་བརྒྱལ་བའི་ཤུགས་དྲག་ཅིང་རྒྱུན་རང་བ་ལ་ཁ་དང་སྣའི་བུ་ག་ལག་པ་ལ་སོགས་པས་བཀག
་ཅིང་རེ་ཞིག་དབུགས་བཀག་པ་དག་ཕན་ནོ། །ཡང་ན་བུད་མེད་ནུ་ཞོ་ནི། །བླུད་པ་འམ་སྣ་ནས་བཏང་བྱ། །ཞེས་བྱ་བ་ལ། ཡང་ན་ནད་དེ་དག་ལ་བུད་མེད་ཀྱི་ནུ་ཞོ་སྣར་བླུགས་པའི་སྣ་སྨན་བཏང་བར་བྱའོ། །པདྨའི་རྩ་སྡོང་པི་པི་ལིང། ། རུ་ར
་འམ་གླ་སྒང་ངམ། །བྱི་ཚེར་སྦྲང་རྩིར་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། པདྨའི་རྩ་བ་དང། སྡོང་བུ་དང་པི་པི་ལིང་དང། ། རུ་ར་སྦྲང་རྩི་དང་སྦྱར་བ་འམ། གློ་སྒང་སྦྲང་རྩི་དང་སྦྱར་བའི། བྱི་ཚེར?་བ?་སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །རྒྱ་ཤུག་ཚིག་གུ་ན་ལེ་ཤམ། ན་ག་གེ་སེར
་པུ་ཤེལ་རྩེ། །ཆུ་གྲང་དང་མི་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་ནད་དེ་ལ་ན་ལེ་ཤམ་དང། །རྒྱ་ཤུག་གི་ཚིག་ཁུ་ལ་སོགས་པ་ཆུ་གྲང་ལ་སྦྱར་བ་བླུད་བར་བྱའོ། །སྐྱུ་རུ་ར་ཡི་ཁུ་བ་འམ། ཨ་རུ་ར་མར་བསྐོལ་བ་འང་ཕན་ནོ། །ཞེས་བྱ་བ། ཡང་ན་སྐྱུ་རུ
་རའི་འབྲས་བུའི་ཁུ་བ་འམ། ཨ་རུ་རའི་ཁུ་བ། །མར་བསྐོལ་བ་བླུད་ན་ཡང་ཕན་ནོ། །ཇི་སྐད་བཤད་པའི་བྱ་བ་དགས་ནད་གཞིའི་ཤས་ནི་ཇི་བཞིན་སྦྱར། །ཞེས་བྱ་བ་ལ། མྱོས་པ་དང་བརྒྱལ་བའི་ནད་ལ་ནད་དམིགས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་ཇི
་སྐད་བཤད་པའི་གསོ་བ་དག་བྱའོ། །ལས་ནི་རྣམ་ལྔ་བྱ་བ་དང། །གཏར་གས་ཁྲག་ནི་དབྱུང་བ་དང། །སྙིང་སྟོབས་ཆེ་ཞིང་ཤེས་དང་ལྡན། །ཡུལ་ལ་ཆགས་པ་མེད་པ་ཕན། །ཞེས་བྱ་བ་ལ། ཡང་ནད་དེ་ལ་ལས་རྣམ་པ་ལྔ་པོ་སྐྱུགས་སྨན
་དང་བཀྲུ་སྨན། འཇམ་རྩི་མས་བཏང་བ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་དང། འགོ་བའི་བཀྲུ་སྨན་ཞེས་བྱ་བ་དག་།བྱ་བ་དང་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང། སྙིང་སྟོབས་ཆ་ཞིང་བསྟན་པས་གནས་པ་དང། དངོས་པོའི་དོན་ཕྱིན་ཅི་མ་ལོག
་པར་ཤེས་པ་དང་ལྡན་པ་དང། གཟུགས་དང། སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བའི་ཡུལ་རྣམས་ལ་ཆགས་པ་མེད་ཅིང་བརྐམ་པ་མ་ཡིན་པ་དག་ཀྱང་ཕན་ནོ། །མྱོས་པ་ཤིན་ཏུ་འཕེལ་འགྱུར་ཀྱང། །བརྒྱལ་བར་འགྱུར་བ་དག་ལ་ནི། །ཀུན་ཏུ་ཞུགས་པའི
་སྨན་རྣན་དང། །དུག་ལས་བྱུང་བ་དུག་སྨན་བཏང། །ཞེས་བྱ་བ་ལ། སྨྱོས་པ་ཤིན་ཏུ་འཕེལ་ཞིང་ལྷག་པར་སྟོབས་ཅན་དུ་གྱུར་པ་དང། དེ་བཞིན་དུ་བརྒྱལ་བར་གྱུར་བ་ལ་ནི་ཀུན་ཏུ་ཞུགས་པའི་གསོ་བའི་སྨན་རྣོན་པོ་དག་བཏང་བར་བྱའོ། །དུག་ལས་བྱུང་བའི་མྱོས་ཤིང
་བརྒྱལ་བ་ལ་ནི་དུག་སེལ་བའི་སྨན་གྱི་གསོ་བ་སྦྱར་བར་བྱའོ། །ཀུན་ཏུ་ཞུགས་པ་ཞེས་བྱ་བའི་བརྒྱལ་ནང་ཤི་བ་དང་འདྲ་བ་ལ་ནི་རབ་ཏུ་རྣོ་བའི་སྣ་སྨན་བཏང་བ་དང། དེ་བཞིན་དུ་དུད་པ་རྣོན་པོས། བདུག་པ་དང། སྣ་ནས་དུད་པའི་ཕྱེ་མ་བཏང་བ་དང། དེ་བཞིན་དུ་ཁབ་ཀྱི་སེན
་མོའི་བར་ཏུ་གཟུགས་ཤིང་དབུག་པར་བྱའོ། །སྐྲ་འབལ་བསྲེགས་དང་གསོས་བཏབ་དང། སྡིག་པ་ཤ་སྦྲང་གཅེས་པ་དང། འཁུར་བར་ཚ་དང་སྐྱུར་བ་གཞུག་།ཁ་སྲལ་ཕྲེ་འུས་བདར་བར་བྱ་ཞེས་བྱ་བ་ལ། །ཡང་ཀུན་ཏུ་ཞུགས་པ་ཞེས་བྱ་བའི་ནང་དེ་ལ
་སྐྲ་འབལ་ཞིང་འབྱི་བར་བྱ་བ་དང། མེས་བསྲེགས་པ་དང། གསོས་བཏབ་པ་དང། སྲོག་ཆགས་སྡིག་པ་དང། །ཤ་སྦྲང་འཆེ་ཞིང་ཟེར་གཞུག་པ་དང། མཁུར་བའི་ནད་དུ་སྒེའུ་གཤེར་གྱི་ཁུ་བ་དང་སོགས་པ་ཚ་བ་དང་སྐྱུར་རྩི་ཆེན་པོའི་ཁུ
་བ་དང་ཆ་དང། དར་བ་དང། སིངས་པོ་ལ་སོགས་པའི་སྐྱུར་བ་གཞུག་པ་དང། ཁ་སྲལ་ཕྲེའུ་ཨདམ་ཀུ་བ་ཞེས་བྱ་བ་དང། ལུས་ཀྱི་ཡན་ལག་གི་ཕྱོགས་སུ་བདར་བར་བྱའོ། །འདུ་ཤེས་རྙེད་ཅིང་ལྡང་གྱུར་ནས། །སྒོག་སྐྱའི་ཁུ་བ་བླུད་པར་བྱ། །ཞེས
་བྱ་བ་ལ། དེ་ལྟར་སྨན་རྣོ་བ་ལ་སོགས་པའི་སྦྱོར་བ་རྣོན་པོས་འདུ་ཤེས་རྙེད་ཅིང་ཚོར་བ་ཡོད་པར་གྱུར་པ་དང་སྒེག་སྐྱ་བརྡུངས་ཏེ་བཅིར་བའི་ཁུ་བ་བླུད་པར་བྱའོ། །ཚ་བ་གསུམ་ནི་ལན་ཚར་བཅས། །བི་ཟ་བུ་རའི་གེ་སར་སྦྱིན་ཞེས་བྱ་བ་ལ། ཡང
་འདུ་ཤེས་རྙེད་ཅིང་ལྡང་བ་དེ་ལ་བི་ཟ་བུ་ར་ཞེས་བྱ་བ་སྐྱུར་རྩི་ཆེན་པོའི་གེ་སར་ཚ་བ་གསུམ་དང་ལན་ཚ་དང་བཅས་པ་སྦྱིན་པར་བྱའོ། །བུ་གའི་རྒྱུན་སྲང་དག་བྱའི་ཕྱིར། །ཟས་ཡང་ཚ་བྲོ་རྣོ་བ་སྦྱིན། །ཞེས་བྱ་བ་ལ། ཡང་འདུ་ཤེས་རྙེད་པ་དེའི་བུ་གའི་རྒྱུན
་དག་པར་བྱ་བའི་ཕྱིར། །ཁ་ཟས་ཡང་བ་དང་ཚ་བ་དང། རྣོ་བ་དང། དྲོ་བའི་བག་སྦྱིན་བར་བྱའོ། །བརྗེད་བ་དྲན་ཕྱིར་ངོ?་མཚར་དང། ཡིད་འོང་ལྟ་དང་ཐོད་པ་དང། །གླུ་དང་རོལ་མོ་སྙན་པ་ཡི། །སྒྲ་སྙན་རྩོལ་བ་བྱེད་དུག་ཞུག་།སློན་སྨྲན་བཀྲུ་སྨན་བཏང
་དུད་བརྡུབ། །ཁྲག་ནི་དབྱུང་བར་བྱ་བ་དག་།རྒྱུན་མི་འཆད་པར་སྤྱད་པར་བྱ། །སེམས་སྟོར་བ་ཡི་རྒྱུ་ལས་ནི། །སླར་ལྡང་འབྲེལ་པའི་འཇིགས་པ་ཡིས། །དེ་ནི་ལེགས་པར་བསྲུང་བར་བྱ། །ཞེས་བྱ་བ་ལ། འདས
་པའི་དོན་པ་རྗེས་པར་གྱུར་པ་དེ། །སླར་དྲན་པར་བྱ་བའི་ཕྱིར། །ངོ་མཚར་དུ་གྱུར་བའི་རྣམ་པ་བྱ་བ་དང། །ཡིད་དུ་འོང་བའི་ཡུལ་ལྟ་བ་དང་ཐོས་པར་བྱ་བ་དང། །གླུང་དང་རོལ་མོའི་སྒྲ་སྙན་ཅིང་གསང་མཐོ
་ཞིང་གསལ་པོ་ཉན་དུ་གཞུག་པ་དང། དེ་བཞིན་དུ་ལུས་དུབ་བྱེད་པའི་རྩོལ་བ་བྱེད་དུ་གཞུག་པ་དང་སྐྱུགས་སྨན་ལ་སོགས་པ་བྱིན་ཞིང་སློན་དུ་གཞུག་པ་དང། ལ་སོགས་པ་བྱ་བ་དག་གིས་ཀུན་ཏུ་ཞུགས་པའི་ནད་ཞི་བ་དང
་འདྲ་བ་དེ་ལ་རྒྱུན་མི་འཆད་པར་སྤྱད་པར་བྱ་ཞིང་གསོ་བར་བྱ་ལ། ཀུན་ཏུ་ཞུགས་པའི་སེམས་སྟོར་ཅིང། མི་དྲན་པ་མུན་པ་མུན་པའི་ནང་དུ་ཞུགས་བ་ལྟར་མུན་ཐིབས་ཞེས་བྱེད་པ་དེ་ལས་བསྲུང་ཞིང་གང་གིས་སླར་དེ་ལྡང་བར་མི་འགྱུར་བ་དེ་ལྟ་བུའི
་ཚུལ?་དུ་དེ་ལེགས་པ་ཉིད་དུ་བསྲུང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་བདུན་པའི་རྣམ་པར་འགྲེལ་པའོ།། །།
་དེ་ནས་གཞང་འབྲུམ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར་བཤད་པའི་གོ་རིམ་གྱིས་ལེའུ་འདི་བརྩམས་སོ། །ཐུན་མོང་དུས་སུ་སྦྲིན་མེད་པར། །གཞང་འབྲུམ་ཅན་རབ་ཉམས་ཆུང་མིན། །ལྟོ་སྦྱངས་ཁ་ཟས་ཡང་ལ་ཉུང། །རྗེས་སུ་འཐུན་པ་ཟོས་པ་ལ། །གཙང
་བྱས་བདེ་ལེགས་འགྱུར་བ་བྱས། བཤང་དང་གཅི་གསལ་གནོད་པ་མེད། །ཁྲི་འམ་སྤང་ལེབ་མི་གཞན་གྱི། །པད་པར་ལེགས་བསྟན་གནས་ནས་ནི། །གན་རྐྱལ་འདུག་ཅིང་རོ་སྟོད་སྨད། །དྲང་འདུག་ཉི་མར་རྐུབ་བསྟན་ལ། །རྐེད་པའི་ཕྱོགས་ནི་བསྟོད་པར་བྱ། །
་དེ་ནས་བརླ་དང་གཉའ་བར་ནི། །བཅིང་བའི་གོས་ཀྱིས་བསྡམས་ནས་སུ། །གཟུང་སྟེ་དྲང་པོར་འདུག་པ་ལ། །ནད་གཡོག་གིས་ནི་གཟུང་ནས་སུ། །རྐུབ་ནི་ཞུན་མར་དག་གི་བསྐུ། །དེ་ནས་མར་གྱིས་བསྐུས་པ་ཡིས། །ཆ་བྱད་དྲང་པོར་དེར་གཞུག་བྱ། །རྐུབ་ནང་ཕྱོགས་པར
་རིམ་གྱིས་གཞུགས་ཅེས་བྱ་བ་ལ། ཐུན་མོང་གི་དུས་དབྱར་ཟླ་ཆུང་དང། སྟོན་ཟླ་བ་ཆུང་དང། དཔྱིད་ཟླ་འབྲིང་པོ་ལ་ནམ་མཁའ་སྤྲིན་མེད་པ་དག་གི་ཚེ། གཞང་འབྲུམ་གྱི་ནད་ཀྱིས་གཟེར་བའི་མི་ཤས་ཆེར་ཉམས་ཆུང་བ་མ་ཡིན་པའི་ནད་པ་ལྟོ་སྦྱངས་ཤིང། སྐྱུགས་སྨན
་བཀྲུ་སྨན་བྱས་པ་ཁ་ཟས་ཡང་བ་ལས་ཉུང་ཤས་ཤིག་ཟོས་པ་སྟེ། རང་བཞིན་གྱིས་ཡང་བ་དང། ཚད་ཆུང་བ་དང། ལྡན་པར་བཟའ་ཞིང་རླུང་དང་བཤད་པ་རྗེས་སུ་མཐུན་པར་རྒྱུན་བར་བྱེད་པ་ཟོས་པ་དང། གཙང་ཞིང་ཁྲུས་བྱས་པ་དང། བདེ་ལེགས་སུ
་འགྱུར་བའི་ཆོ་ག་དགེ་སྦྱོང་དང། བྲམ་ཟེས་ཤིས་པ་བརྗོད་ཅིང། བཀྲ་ཤིས་ཀྱི་ཆོ་ག་བརྗོད་པ་བཤད་བ་དང་གཅི་བ་བསལ་ཅིང་དོར་བའི་ནད་དེ་ཁྲི་འམ་སྤང་ལེབ་བམ། མི་གཞན་གྱི་དད་པར་ལེགས་པར་བསྟེན་ཏེ་གནས་པ་རོ་སྟོད་གན་རྐྱལ་དུ་འདུག་ཅིང། ཡིད་ཙམ་སྨད་ལ
་ཉི་མའི་ཐད་ཀར་རྐུབ་བསྟན་ཏེ། རྐེད་པའི་ཕྱོགས་ལེགས་པར་སྟོད་དེ། བཞག་པར་བྱའོ། །དེ་ནས་དེའི་འོག་ཏུ་ཆིངས་མའི་རས་ཀྱིས་བརླ་གཉིས་དང། གཉའ་བའ་ཨི་བར་དུ་ལེགས་པར་བསྡམས་ཤིང་བཅིངས་ནས། དྲང་པོར་འདུག་པར་གྱུར་པ་དེ་བཞིན་དུ་ནད་གཡོག
་མཁས་པས་དམ་དུ་བཟུང་ནས། དེའི་འོག་ཏུ་རྐུབ་ཀྱི་ཕྱོགས་ཞུམ་མར་གྱིས་ལེགས་པར་བསྐུས་ལ། དེ་ནས་དེའི་འོག་ཏུ་ཆ་དཔྱད་ཀྱང་མར་གྱིས་བསྐུས་ལ། དྲང་ཞིང་གཞུགས་པར་བྱས་ནས། རྐུབ་ཕྱོགས་དེར་གཞུག་པར་བྱ་ཞིང་རིགས་ཀྱིས་ནང་དུ་ཆུད་པར་བྱའོ། །དེ་ནས
་འབྱུང་འགྱུར་མཐོང་བ་དང། ཆ་དཔྱད་ཆུད་པར་ཤེས་གྱུར་ནས། གཞང་འབྲུམ་ཐུར་མ་གོས་གཤེར་བས། སྨན་པས་ལེགས་པར་བཙིར་ནས་ནི། ཇི་སྐད་བཤད་པའི་ཆོ་ག་ཡིས། །རླན་ཅན་ཐལ་སྨན་བསྲག་ཅིག་ཤོས། ཐལ་སྨན་རྣོན་པོ་འམ་མི་ཡིས་བསེག་ཅེས
་བྱ་བ་ལ། དེ་ནས་དེའི་འོག་ཏུ་རྐུབ་ཏུ་ཞུགས་པའི་ཆ་དཔྱད་ཀྱིས་གཞང་འབྲུམ་བཏེག་སྟེ། སྣང་བར་གྱུར་པ་དང། ཕྱིར་བྱུང་བ་དེ་ལས་གཞང་འབྲུམ་གྱི་ཆ་དཔྱད་ནང་དུ་ལེགས་པར་ཆུང་པ་ཡིན་པ་ཤེས་ནས། རས་མ་འཇམ་པོ་སློན་པས་དཀྲིས་པའི་ཐུར་མས་བཙིར་ལ།
་མདོའི་གནས་ནས་ཇི་སྐད་བའི་ཆོ་གས་གཞང་འབྲུམ་གཤེར་ཞིང་རླན་ཡོད་པ་ནི་ཐལ་སྨན་རྣོན་པོ་ཉིད་ཀྱིས་བསྲེགས་པར་བྱས་ལ། ཅིག་ཤོས་དེ་གཞང་འབྲུམ་སྐམ་པོས་དག་ནི་ཐལ་སྨན་རྣོན་པོའམ་མེས་ཉེ་བར་བསྲེག་པར་བྱའོ། །སྟོབས་ལྡན་ཆེ་བ་བཅད་སྟེ་བསྲེག།
་ཅེས་བྱ་བ་ལ?། ནད་པ་ཉམས་སྟོབས་དང་ལྡན་ཞིང་གཞང་འབྲུམ་ཆེ་བ་ཡིན་ན་བཅད་ལ་བསྲེག་པར་བྱའོ། །དེ་ནས་ཆ་དཔྱད་ཕྱུང་ནས་ནི། ནད་པའི་རྐུབ་དང་རོ་སྨད་བསྐུ། །སྣུམ་གྱི་ནང་དུ་སྤྱིར་བར་བྱ། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ཆ་དཔྱད་ཕྱུང་ཞིང་བསལ་ལ་ནད
་བ་དེའི་རྐུབ་དང། རོ་སྨན་གྱི་ཕྱོགས་སྣུམ་གྱིས་བསྐུས་ལ་དེའི་འོག་ཏུ་སྣུམ་གྱིས་གང་བའི་སྣོད་ཀྱི་ནང་དུ་ནད་བ་དེའི་རོ་སྨན་སྤྱིད་ཞིང་ནུབ་པར་བྱའོ། །དེ་ལྟར་ཞག་ནི་བདུན་བདུན་ཞིང། །རེ་རེ་ཉེ་བར་བཅོས་པར་བྱ། །ཞེས་བྱ་བ་ལ།
་རྣམ་པ་འདིས་ཚུལ་འདི་ལྟར་གཞང་འབྲུམ་རེ་རེ་བཅད་པར་བྱ་ཞིང་གསོ་བར་བྱའི། །ཅིག་ཅར་ཐམས་ཅད་བཅད་ཅིང་གསོ་བར་ནི་མི་བྱའོ། །དེ་ནས་རླུང་མེད་ཁང་པར་ནི། གཞག་ལ་སྤྱོད་པ་བསྟན་པར་བྱ། ཞེས་བྱ་བ་ལ་དེ་ནས་དེའི་འོག་ཏུ་རླུང་མེད་པའི་ཁང
་བར་གནས་པའི་ནད་པ་དེ་ལ་ཀུན་ཏུ་སྤྱད་པའི་ཆོ་ག་བསྟན་ཅིང་བསླབ་པར་བྱའོ། །གཞང་འབྲུམ་མངལ་དང་པོར་གཡས། དེ་ནས་གཡོན་གསལ་དེ་འོག་རྒྱབ། །ཅེས་བྱ་བ་ལ། ནད་པ་གཞང་འབྲུམ་མང་པོ་ཡོད་པ་ལ། དང་པོར་གཡས་ན་ཡོད་པའི་གཞང་འབྲུམ
་བསལ་ཅིང་གསོ་བར་བྱའོ། །དེ་ནས་གཡོན་ལ་སོགས་རྒྱབ་ཀྱིས་དང་པོར་སྐྱེད་པ་དེ་བསལ་ཅིང་གསོ་བར་བྱ་སྟེ། གལ་ཏེ་ཉིན་ཅིག་ལ་ཐམས་ཅད་བསྲེགས་པར་གྱུར་ན། སྦྱོར་བ་དྲག་པར་བཤད་པའི་ཉེས་པར་འགྱུར་རོ། །གཞང་འབྲུམ་མང་པོ་བསྲེགས་ལགས
་ན།?་རླུང་ནི་བདེ་བར་རྒྱུ་བྱེད་ཅིང། །ཁ་ཟས་འདོད་ཅིང་མེ་དྲོད་བསྐྱེད། བདེ་གནས་སྟོབས་དང་ཁ་དོག་བསྐྱེད། །ཅེས་བྱ་བ་ལ། གཞང་འབྲུམ་མང་པ་ཡོད་པའི་གཞང་འབྲུམ་དེ་བསྲེགས་པ་དང། བཅོས་པའི་སྦྱོར་བ་ལེགས་པར་གྱུར་ན། རླུང་བདེ་བར་རྒྱུ་ཞིང་ལུགས་སུ
་འབྱུང་བར་བྱེད་པ་དང། ཁ་ཟས་ལེན་ཅིང་འདོད་པ་དང། ཕོ་བའི་མེ་དྲོད་བསྐྱེད་པ་དང། ཇི་སྐད་བཤད་པའི་བླ་གཉན་ལ་སོགས་པའི་ནད་ཀྱི་འཚོ་བ་དང། བྲལ་བས་བདེ་བར་གནས་པ་དང། སྟོབས་དང་ཁ་དོག་གཉིས་སྐྱེ་ཞིང་རྒྱས་པར་འགྱུར་རོ། །ཆུ་སོ་གཟེར
་གྱིས་བཏབ་པ་ལ། །བ་སྤུ་བ་དང་རུ་རྟ་དང། གནད་མུ་ར་ཨ་ཀ་རུ། ཤ་ཏ་པུསྤ་ཐང་ཤིང་རྣམས། །ཞིབ་ཏུ་བཏགས་པའི་ལྡེ་གུ་ཡིས། །ལྟོ་བ་མན་ཆད་བསྐུ་བར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་ཅན་གྱི་ནད་པ། །ཆུ་སོ་གཟེར་གྱིས་བཏབ་ལ་བ་སྤྲུ་བ་མེ་ཏོག
་དམར་པོ་ཅན་བ་ཤ་བུ་ཞེས་བྱ་བ་དང། རུ་རྟ་དང། གནད་མུར་ཞེས་བྱ་བ་དྲི་བཟངས་ལ་སོགས་པའི་སྨན་ཞིབ་དུ་བཏགས་པའི་ལྡེ་གུ་ཡིས། །ལྟེ་བ་མན་ཆད་ཀྱི་རོ་སྨད་དུ་བསྐུ་བར་བྱའོ། །བཤད་དང་གཅི་བ་འགགས་གྱུར་ལ། ། ལི་བུས་བ་རན། བ
་སྤུ་གཟེ་མ་ཨེ་རཎྜ། ཨ་ཟ་གནད་མུ་ར་རྣམས། །བསྐོལ་བ་དྲོ་འཇམ་བྱས་པ་ཡིས། །བླུགས་དང་བཅིང་པའི་སྦྱོར་བ་བྱ། །ཞེས་བྱ་བ་ལ། བཤད་པ་དང་གཅི་བ་འགགས་ཤིང་མི་འབྱུང་བར་བྱེད་པ་ལ། ཨ་ལི་བུ་ལ་སོགས་པའི་སྨན་བསྐོལ་བའི་ཆུ་ལུས་ལ་བླུགས་པ
་འམ། སྤྱིད་པའི་སྦྱོར་བ་ཞིང་རྒྱབ་དང། རྐེད་བ་དང་བཤད་སྒོ་སྣུམ་གྱིས་བསྐུ་ཞིང་ལེགས་པར་བྱུག་པར་བྱའོ། །ཡང་ན་འོ་མ་སྣུམ་བཅས་པ། །རླུང་སེལ་སྨན་བསྐོལ་ཏིལ་མར་སྦྱར། །ཞེས་བྱ་བ་ལ། བཤད་བ་དང། གཅི་བ་འགགས་པར་གྱུར་པ་ལ་འོ་མ་སྣུམ་དང
་བཅས་པ་འམ་རླུང་སེལ་བའི་སྨན་དང། བསྐོལ་བའི་ཏིལ་མར་གྱིས་ལུས་ལ་བླུགས་པ་དང། ལུས་སྤྱིད་པའི་སྦྱོར་བ་བྱའོ། །ཟས་ནི་བཤད་པ་སླ་བྱེད་ཅིང། །སྣུམ་ལ་རླུང་འཇོམས་དྲོད་བསྐྱེད་འབྱིན། ཞེས་བྱ་བ་ལ། གཞང་འབྲུམ་བསྲེགས་པར་གྱུར་ནས།
་བཤད་པ་སླ་བར་བྱ་བའི་ཕྱིར། ཁ་ཟས་བཤད་པ་སླ་བར་བྱེད་པ་ནས། ནས་ལ་སོགས་པའི་ཟན་དུར་བྱིད་དང། རྒྱ་སྣེའུའི་ཆོད་མ་དང། བཅས་པ་ཞོ་ཁ་ཆུ་ལ་སོགས་པ་དང། ལྡན་པའི་འབྲས་ཆན་སྦྱིན་པར་བྱ་བ་དང། དེ་བཞིན་དུ་སྣུམ་གྱི་སྦྱོར་བ་དག་ཀྱང
་རླུང་བསྲུང་ཞིང། མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར་རླུང་འཇོམས་པའི་སྨན་དང། མེ་དྲོད་བསྐྱེད་པར་བྱ་བའི་སྨན་དང་སྦྱར་བ་དག་རླུང་ནད་བསལ་ཞིང་ལུས་རྒྱས་པར་བྱ་བའི་ཕྱིར་སྦྱིན་པར་བྱའོ། །དེ་ནས་བསྲེག་པར་མི་བྱ་ཞིང། །བད་ཀན་རླུང་སྐྱེས་ཕྱིར་བྱུང་བ
་འགགས་ཤིང་གཡའ་ལ་ན་ཞིང་སྐྲངས། །གཞང་འབྲུམ་བསྐུ་པ་བྱས་ནས་ནི། །བི་ལྦིའི་རྩ་བ་ཙི་ཏྲ་ཀ་།ཐལ་སྨན་རུ་རྟ་བསྐོལ་བ་ཡིས། །ཏིལ་མར་བླུགས་པའམ་སྤྲུལ་བྱིལ། །རྔ་མོ་ཕག་རྒོད་ཞག་གིས་བླུགས། །ཞེས་བྱ་བ་ལ། དེ་ནས་བསྲེག་པར་མི་བྱ་ཞིང། བཀག་པ
་དང། གཞང་འབྲུམ་བད་ཀན་དང་རླུང་ལས་སྐྱེས་པའི་ཕྱིར་འབྱུང་བར་གྱུར་བ་དང། དེ་བཞིན་དུ་འགགས་ཤིང་གཡའ་བ་དང། ན་ཞིང་སྐྲངས་པ་དག་ལ་ནི་དང་པོར་བསྐུ་བྱུག་བྱས་ནས་པིལྦའི་རྩ་བ་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་བླུགས་པར
་བྱ་བའམ། ཡང་ན་སྤྲུལ་དང་བྱིལ་ལ་སོགས་པའི་ཞག་གིས་དེ་ལ་བླུགས་ཤིང་བསྐུ་བར་བྱའོ། །དེར་རྗེས་གླན་དུགས་ཀྱིས་དུག་བྱ། །ཡང་ན་གཤེར་དུག་སྤྱོད་པར་བྱ། །ཡང་ན་ཟིན་ཏིལ་མར་དང། ཞུན་མར་སྣུམ་བཅས་ཀྱིས་དུགས་བྱ། །ར་སྨ་ཧ་པུ་ཤྲུ?་དག་གམ། ཤིང
་ཀྲུའི་ལོ་མའི་གོང་པོས་བྱ། །ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་གཞང་འབྲུམ་ལ། དེ་སྣུམ་བླུགས་པའི་རྗེས་ལ་གླན་པའི་བདུགས་སམ། ཆུའི་གསར་དུགས་ཀྱི་ལེའུ་ལས་བཤད་པས་དུགས་བྱའོ། །དྲང་སྲོང་ཙ་ར་ཀས་གླན་པའི་དུགས་བཤད་པ་ནི། ཏིལ
་དང་མ་ཤ་རྒྱ་སྲན་ཟན། །མར་དང་ཏིལ་མར་འབྲས་ཆན་ཤ། ཀྲི་སར་དང་ཤ་རློན་ནི། །གླན་པ་དུགས་སུ་སྦྱར་བར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ལ་གཤེར་དུགས་ནི་ཡུང་བ་དང། བོ་སོན་ཆ་དང། བ་གཅིན་ལ་སོགས་པ་བསྐོལ་བ་ལས་སྦྱར་བར་བྱའོ། །ཡང་ན་ནས་ཟན
་ཏིལ་མར་དང་ཞུན་མར་གྱི་སྣུམ་དང་སྦྱར་བའི་ཟན་དུགས་བྱའོ། །ཡང་ན་ར་སྣ་བསྟགས་པའི་གོང་པོ་འམ་ཧ་པུ་ཤའི་གོང་པོ་འམ། ཤིང་འབྲུའི་ལོ་མའི་གོང་པོས་སླན་པའི་དུགས་བྱའོ། །འདི་དག་ལ་ཡང་ཏིལ་མར་དང། ཞུན་མར་གྱི་སྣུམ་དང་བཅས་པ་ཡིན་པ་ཤེས
་བར་བྱའོ། །རྒའི་རྩ་བ་ཤལ་མ་ལེ། །ལོ་མ་མི་སྐྲ་སྒྲུལ་ལྤགས་དང། བྱི་ལའི་པགས་པ་མར་སྦྱར་བའི། །དུད་བདུགས་གཞང་འབྲུམ་དག་ལ་ཕན། ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནང་ལ་ཤིང་ཨརྒའི་རྩ་བ་དང། །ཤལ་མ་ལའི་ལོ་མ་དང། མི་སྐྲ་དང་སྤྲུལ་གྱི་པགས་པ
་དང། བྱི་བའི་པགས་པ་དང། མར་སྦྱར་བའི་ལྡེ་གུ་སྐམས་པའི་དུད་པས་བདུགས་ན་ཡང་ཕན་པ་ཡིན་ནོ། ། ཤྭ་གནད་པྲི་ཧ་ཏཱི། །བྱེའུ་རུག་པི་པི་ལིང་མར་སྦྱར། །ཞེས་བྱ་བ་ལ། དེ་བཞིན་དུ་ཨ་ཤྭ་གནད་ལ་སོགས་པ་སྦྱར་བའི་དུད་པས་བདུགས་ན་ཡང་གཞང
་འབྲུམ་གྱི་ནང་ལ་ཕན་ནོ། །ཀུ་བ་ཁ་བོའི་ས་བོན་དང། །ཡལ་ག་འཇམ་པོའི་རང་སྐྱུར་སྦྱར། །ལྡེ་གུ་གྲིབ་མར་སྐམས་པ་ཡི། །རེང་བུ་རྐུབ་བཅུག་གཞང་འབྲུམ་འཇིག་།ཅེས་བྱ་བ་ལ། ཀུ་གལ?་བོའི་ས་བོན་དང། དེ་ཡི་ཡལ་ག་འཕྲོས་པ་འཇམ་པོ་དེ་རང?་སྐྱུར་?་སྦྱར?་ཞིང།།?
་ལྡེ་གུ་བཏགས་པ་འཇམ་པོ་དེ་གྲིབ་སྐྲམས་བྱས་པའི་རེང་བུ་རྐུབ་ཀྱི་ནང་དུ་བཅུག་ན་གཞང་འབྲུམ་འཇིག་ཅིང་འབྲུལ་བར་བྱེད་པ་ཡིན་ནོ། །ཀུ་བ་ཁ་བོ་ཡལ་ག་རྩ། །ཐལ་སྨན་བཅས་པའི་ལྡེ་གུ་ནི། །འོ་ལ་མས་སེ་དུ་དང་སུར་སྣ། །བུམ་པ་ཤའི་ནི་ས་བོན་ལས། །རིང་བུ་རིང?་སེལ?
་དེ་དང་འདྲ། །ཞེས་བྱ་བ་ལ། ཀུ་བ་ཁ་པོ་ཡལ་ག་དང་རྩ་བ་དང་བཅས་པ་ལས་ལྡེ་གུར་བྱས་པ་ལ་ལྡེ་གུ་དེ་ཐལ་སྨན་རྣོན་པོ་དང་བཅས་པ་ལ་འོལ་མ་སེ་ལ་སོགས་པའི་སྨན་དང་བཅས་པའི་རེང་བུ་དེ་རྐུབ་ཀྱི་ནང་དང་ཅུག་ན་ཡོན་ཏན་དེ་དང་འདྲ་སྟེ། གཞང་འབྲུམ་འབྲུལ་བར
་བྱེད་པ་ཡིན་ནོ། །སུ་དག་ཀྵིར་ཡུད་ལྡེ་གུ། ཞེས་བྱ་བ་ལ། སུ་དག་ཀྵཱི་ར་དང་ཡུང་ལྡེ་གུར་བྱས་པའི་རིང་བུ་རྐུབ་ཀྱི་ནང་དུ་བཅུག་ན་ཡང་བསྔགས་པ་ཡིན་ནོ། །ཁྱིམ་བྱའི་རྟུག་པ་པི་པི་ལིང། །ཡུང་དང་འོ་མ་སེ་དག་ནི། །བ་བཅིན་བཏགས་པའང་དེ་དང་འདྲ། །ཞེས་བྱ་བ
་ལ། དེ་བཞིན་དུ་ཁྱིམ་བྱའི་རྟུག་པ་ལ་སོགས་པ་གཅིན་དང་བཏགས་ཏེ་ལྡེ་གུར་བྱས་པ་རྐུ་བ་དུ་བཅུག་ན་ཡོན་ཏན་གོང་མ་དང་འདྲའོ། །སྣུབ་ཧའི་ལོ་མར་བཏགས་ཤུ་དག་ཏ་མ་ལའི་རུས་བྲི་ཡངཀུ། །རྣམ་རྒྱལ་ཀརྐ་ཏ་སྲིང་གི་།རུ་རྟ་སྤང་མགོ་ཕྱེ་དང། ཤིང་ཀྲུ་ལ
་ཕུག་ས་བོན་དང། ནིམ་པ་ཀ་ར་པཱི་རའི་ལ། །པི་པི་ལིང་གི་རྩ་བ་དང། བིལ་རྩ་ཤིང་ཀུན་བཅས་པའམ། ཞེས་བྱ་བ་ལ། དེ་བཞིན་དུ་ཤུ་དག་པ་སོགས་སྨན་སྣུ་ཧ་ཞེས་བྱ་བ་ཤིང་སུ་དའི་ལོ་མང་དང་བཏེགས་པའི་ལྡེ་གུས་བསྐུས་ན་ཡང་གཞང་འབྲུམ་འཇིག་པར
་འགྱུར་རོ། །རྣམ་རྒྱལ་ནི་ཨ་རུ་ར་རྣམ་པར་རྒྱལ་བའོ། །གོ་བྱེ་ནི་བསེ་ཤིང་གི་འབྲས་བུའོ། །ཤིང་ཀྲུ་དང་ལ་ཕུག་གི་ས་བོན་དང་སྦྱར་རོ། །ནིམཔ་དང་ཀ་ར་པཱི་རའི་ལོ་མ་གཞུག་གོ་།པི་པི་ལིང་དང་བིལྤ་ནི་རྩ་བ་གཞུག་ཅིང་སྨན་འདི་དག་ཤིང་ཀུན་དང་བཅས་པར
་སྦྱར་བའི་ལྡེ་གུས་བསྐུས་ན་ཕན་ནོ། །རུ་རྟ་ཤྲི་ཤིང?་ས་བོན་དང། རྒྱམ་ཚྭ་བུ་རམ་པི་པི་ལིང། ཞེས་བྱ་བ་ལ། ཡང་ན་རུ་རྟ་མ་སོགས་པའི་ལྡེ་གུས་བསྐུ་ཡང་གཞང་འབྲུམ་ལ་སོགས་པ་འཇིག་པར་བྱེད་པ་ཡིན་ནོ། །རྒ་སྣུ་ཧའི་འོ་མ་དང། འབྲས་བུ
་གསུམ་གྱི་ལྡེ་གུས་བསྐུ། ཨརྒ་ལེ་མ་སྣུ་ཧའི་སྡོང། །ཀུ་བ་ཁ་བོའི་འདབ་མ་དང། ཀ་རཉྫ་དང་ར་ཐུགས་གཅིན། །ལྡེ་གུ་གཞང་འབྲུམ་སེལ་མཆོག་ཡིན། ཞེས་བྱ་བ་ལ། ཡང་ཤིང་ཨརྒའི་འོ་མ་དང་ཤིང་རྣ་རྟའི་སྡོང་པོ་དང་ཀུ་བ་ཁ་བོའི་འདབ་མ་དང། ཀ་རཉྫ
་དང་ར་ཐུག་གི་གཅིན་དག་བཏབ་ཏེ་ལྡེ་གུར་སྦྱར་ཏེ། ལྡེ་གུ་དེ་བསྐུས་ན་ཡང་གཞང་འབྲུམ་སེལ་བའི་མཆོག་ཡིན་ནོ། །འཇམ་རྩི་སྨན་ནི་པི་པི་ལིང། །ལ་སོགས་ལྡེ་གུ་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཡང་འཇམ་རྩི་བྱ་བའི་སྨན་པི་པི་ལིང་ལ་སོགས་པ་སྟེ། པི་པི
་ལིང་དང་པོ་སོན་ཆ་ཞེས་བྱ་བ་ལ་སོགས་པ་འོག་ནས་སྨོས་པའི་སྨན་གྱི་ལྡེ་གུ་བྱས་ཏེ། བསྐུས་ན་ཡང་གཞང་འབྲུམ་ལ་ཕན་ཤིང་བསྔགས་པ་ཡིན་ནོ། །སྨན་འདི་ཉིད་ཀྱི་ཏིལ་མར་ནི། །བསྐུ་བའི་དོན་དུ་བསྐོལ་བར་བྱ། །ཞེས་བྱ་བ་ལ། བསྐུ་བའི་དོན་དུ་ལྡེ་གུ
་བྱས་པའི་སྨན་འདི་དག་ཉིད་ཀྱིས་ཏིལ་མར་བསྐོལ་ལ་བསྐུ་བའི་དོན་གྱི་བྱ་བའོ། །དུད་པས་བདུགས་དང་ལྡེ་གུ་ནི། བསྐུས་པ་གཞང་འབྲུམ་དག་གིས་ཁྲག་།སོགས་པ་འཛག་པར་བྱེད་འགྱུར་ཏེ། །དེས་ན་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གཞང
་འབྲུམ་གྱི་ནད་ལ་ཇི་སྐད་བཤད་པའི་དུད་པས་བདུགས་པ་དང། ལྡེ་གུས་བསྐུས་པས་གཞང་འབྲུམ་ནང་དུ་ནད་ཁྲག་པ་སོགས་པ་དེ་འཛག་པར་བྱེད་པར་འགྱུར་ལ་དེ་ལྟར་ནད་ཁྲག་བྱུང་བས་སྐྱེས་བུ་དེ་བདེ་བ་ཉིད་ཐོབ་པར་འགྱུར་རོ། །སྐྲངས་ཤིང
་འཛག་པར་མ་གྱུར་ཏམ། སྲ་བ་ལས་ནི་ཁྲག་འབྱུང་སྟེ། པདྨ་བཅག་དུ་ཁབ་ཀྱི་ནི། །པིར་གྱིས་ཡང་དང་ཡང་ཁྲག་དབྱུང། །ཞེས་བྱ་བ་ལ། གཞང་འབྲུམ་སྐྲངས་པར་གྱུར་ཅིང་སྲ་བ་ལས་ཁྲག་འཛག་པར་མ་གྱུར་ན། སྲིན་བུ་པདྨ་དང་བཙགས་བུ
་དང། ཁབ་མང་པོ་བསྡུས་ཏེ་པིར་ལྟར་བྱས་པ་དག་གིས་ཡང་དང་ཡང་དུ་ཁྲག་དབྱུང་བར་བྱའོ། །བསིལ་དྲོ་སྣུམ་དང་རྩུབ་པ་ཡིས། །ནད་ནི་ཞི་བར་མ་གྱུར་དང། །དེ་ཕྱིར་སྨན་པས་ནད་ཁྲག་ཉིད། །དབྱུང་བ་ལ་ནི་འབད་པར་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་བསིལ
་བ་ལ་སོགས་པའི་གསོ་བ་བྱས་སུ་ཟིན་ཀྱང། གཞང་འབྲུམ་སེལ་བ་འགྱུར་གྱི་ནད་ཁྲག་དང་བཅས་པར་གྱུར་པས་ཞི་བར་མ་གྱུར་པ་ཡིན་པས་ན་དེའི་ཕྱིར་སྐྲན་པ་མཁས་པས་ཁྲག་དབྱུང་ཞིང་གཏར་ག་གདབ་པ་ཁོ་ན་ལ་བརྩོན་པར་བྱའོ། །འོ་མ་རྩ་ཏྲི་ཀའི
་རྩ་ཕྱེ། །བཏབ་པ་ལས་གྱུར་དར་བ་གང། །བླུད་ཅིང་དེ་ཉིད་ཀྱི་དགང།?་།བྱིན་ན་གཞང་འབྲུམ་སེལ་བར་འགྱུར། །ཞེས་བྱ་བ་ལ། དར་པ་གང་ལོ་མའི་ནང་དུ་ཙི་ཏྲ་ཀའི་རྩ་བའི་ཕྱེ་མ་བཏབ་པ་བསྲུབས་པ་ལས་བྱུང་བར་གྱུར་པ་དེ་ཉིད་ནད་པ་ལ་བླུད་ཅིང་དར་བ་དེ
་ཉིད་ཀྱིས་ཟས་དང་སྤགས་ཏེ་བྱིན་ན་གཞང་འབྲུམ་སེལ་བར་འགྱུར་པ་ཡིན་ནོ། །ཀ་པེཏྟར་རྩ་བའི་ཕྱེ། དར་བ་སར་པ་བཏབ་པ་བླུད། །ཞུ་ནས་ཕན་པའི་ཟན་བྱིན་ན། །གཞང་འབྲུམ་ནད་ལས་ཐར་པར་འགྱུར། །ཞེས་བྱ་བ་ལ། ཀ་པེཏྟ་རཱི་རྩ་བའི་ཕྱེ་མ་དར་བ
་སར་པའི་ནང་དུ་བཏབ་སྟེ་བླུད་ན་ནད་དེ་ཞུ་བར་གྱུར་པ་དང། དེ་དང་འཕྲོད་ཅིང་ཁ་ཟས་བྱིན་ན་ཡང་གཞང་འབྲུམ་གྱིས་ནད་ལས་ཐར་པར་འགྱུར་རོ། །གཞང་སྐྲངས་གཟེར་བཅས་མ་དྲོད་འབྲི། །སྐྲན་ཅན་ལ་ནི་ཕན་པའི་སྨན། །ཤིང་ཀུན་ལ་སོགས་བླུད་པ་འམ།
་བུ་རམ་ཨ་རུ་ར་སྦྱར་བ། །བྱིན་ནས་དེ་རྗེས་དར་བ་བླུད། །ཅེས་བྱ་བ་ལ། ནད་པ་གང་གཞང་ཁ་སྐྲངས་ཤིང་གློ་བ་དང། གཞལ་ཁ་གཟེར་བས་ཉེན་ཅིང་མེ་དྲོད་བྲི་བར་གྱུར་ན། སྐྲན་ཅན་ལ་ཕན་པའི་སྨན་རྩི་བོ་ཆེ་ལ་སོགས་པ་བླུད་པར་བྱ་སྟེ། དེ་ན་འོག་ནས་ཤིང
་ཀུན་ཤུ་དག་རྣམ་རྒྱལ་དང་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ནོ། །དེ་ལྟར་རྫས་བསྟན་པ་དེ་དག་ཐུག་པ་འམ། ཐུག་པ་རྐྱང་རྐྱང་པོ་འམ། ཆང་ངམ་ཆུ་དྲོན་ནམ། དར་བ་གང་ཡང་རུང་བ་ལས་གོམས་པའི་དབང་དུ་བྱས་ཏེ་བླུད་པར་བྱའོ། །ཡང་ན་བུ་རམ་དང
་ཨ་རུ་ར་བཅས་པ་བྱིན་ན་དེའི་འོག་ཏུ་དར་བ་བླུད་པར་བྱའོ། །ཡང་ན་ཨ་རུ་ར་བྱི་དང་ག་།དུག་མོ་ཉུང་ཤུན་ཙི་ཏྲ་ཀ་།དར་བ་དང་སྦྱར་བླུད་བ་འམ། ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་ལ་སོ་གསོ་བའི་ཕྱེ་མ་དར་བ་དང་སྦྱར་བ་བླུད་པར་བྱའོ།།
་དུག་མོ་ཉུང་དང་པི་པི་ལིང། །ཙི་ཏྲ་ཀ་དང། སུ་ར་ཀ་།ཆར་བསྐྱེད་པ་ཆུ་དྲོན་བླུད། །ཅེས་བྱ་བ་ལ། ཡང་ན་དུག་མོ་ཉུང་ལ་སོགས་པའི་ཆུ་དྲོན་ནམ། །དར་བ་བླུད་པར་བྱའོ། །སུ་རན་ནི་སུ་ར་གནདའོ། །ཆ་རེས་བསྐྱེད་པའི་ཚུལ་ནི། །དུག་མོ་ཉུང་ཞོ་གཅིག་པི་པི་ལིང
་ཞོ་གཉིས། རྩི་ཏྲ་ཀ་ཞོ་གསུམ། སུ་རན་ཞོ་བཞིར་བྱའོ། །ཡང་ན་ཚ་གསུམ་ལན་ཚྭ་གསུམ། །ཤིང་ཀུན་སྟར་བུ་བཅས་ཆུ་བླུད། ཅེས་བྱ་བ་ལ། ཡང་ན་ཚ་བ་གསུམ་དང་ལྡན་ཚ་གསུམ་ལ་སོགས་པའི་སྨན་ཆུ་དྲོན་པོ་བླུད་པར་བྱའོ། །བིལྦ་ཀ་པཏྟེར་བཅས་པ
་འམ། བཅའ་སྒ་ཁུ་རུ་ཚྭར་བཅས་པ་འམ། གོ་བྱེ་ལ་ལ་བུད་བཅས་པའི། །སྐྱོ་མ་དེ་ལ་བླུད་པར་བྱ། ཞེས་བྱ་བ་ལ། བིལྦ་དང་ཀ་བེཏྟ་གཉིས་དར་བའི་སྐྱོ་མ་དང་བཅས་པ་བླུད་པར་བྱ་བ་འམ། བཅའ་སྒ་དང་ཁ་རུ་ཚྭ་དང་བཅས་པའི་དར་བའི་སྐྱོ་མ་འམ། གོ་བྱེ་དང
་བཅས་པའི་སྐྱོ་མེ་འམ། ལ་ལ་ལ་ཕུང་དང་བཅས་པའི་དར་བའི་སྐྱོ་མ་བླུད་པར་བྱའོ། །ཡང་ན་ཤིང་ཀུན་སྤ་མའི་འབྲས། །ཙི་ཏྲ་ཀ་དང་དར་བར་བཅས། །ཞེས་བྱ་བ་ལ། ཡང་ན་སྤ་མའི་འབྲས་བུ་ཧ་བུ་ཤ་ཞེས་བྱ་བ་དང། ཙི་ཀའི་ཕྱེ་མ་དར་བ་དང་བཅས་པ་བླུད་པར་བྱའོ། །བི་ལུའི་འབྲས་བུ་དར་པར
་བཅས། །ཟླ་བ་གཅིག་གི་བར་དུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་ཤིང་པི་ལུའི་འབྲས་བུ་དར་བར་བཅས་པ་ཟླ་བ་གཅིག་གི་བར་དུ་བྱིན་ན་ཡང་གཞང་འབྲུམ་སེལ་བར་བྱེད་དོ། །ཟས་ཀྱི་སྔོན་ཉིན་རེ་རེ་ཞིང། ཅི་འདོད་པར་ནི་བླུད་པར་བྱ། ཞེས་བྱ་བ་ལ། ཡང་ཟས་མ
་ཟོས་པའི་སྔོན་ཉིད་དུ་ཉི་མ་རེ་རེ་ཞིང་དར་བ་ཇི་ཙམ་འདོད་པར་ཡོག་དྲོད་དུ་བླུད་པར་བྱའོ། །ཤིན་ཏུ་མེ་དྲོད་ཆུང་བ་ལ། དར་བ་ཁོ་ན་བླུད་པར་བྱ། ཞེས་བྱ་བ་ལ། ནད་བ་མེ་དྲོད་ཤིན་ཏུ་ཆུང་བ་དག་ལ་ནི་དར་བ་སར་པ་ཆུ་མ་རེག་པ་འབའ་ཞིག་སྦྱིན་པར
་བྱའི། །སྨན་གཞན་དང་བསྲེས་ནས་སྦྱིན་པ་ནི་བླུད་བར་མི་བྱའོ། ཉམས་སྟོབས་དུས་དང་ནད་ཤེས་པའི། །སྨན་པ་ཡིས་ནི་དར་བ་དག་།ཞག་བདུན་ནས་ནི་ཞག་བཅུ་འམ། ཟླ་བ་ཟླ་གཅིག་པར་དུ་བླུད། ཅེས་བྱ་བ་ལ། སྨན་པ་ནད་པའི་ཉམས་སྟོབས
་ལ་སོགས་པ་ཤེས་པ་ངས་ངར་བ་ཞག་བདུན་ནས་ཟླ་བ་གཅིག་གི་པར་གྱི་དུས་ཚིགས་སུ་སྦྱིན་པར་བྱའོ། །ཡང་ན་ཕྱི་དྲོ་འབྲས་ཡོས་ཀྱིས། ཕྱི་དང་དར་པའི་ལྡེ་གུ་སྦྱིན། ཞེས་བྱ་བ་ལ། ཡང་ན་ཕྱི་དྲོ་ཕྱི་འཕྲེང་ཀྱི་དུས་སུ་འབྲས་ཡོས་ཀྱི་ཕྱེ་དང། དར་བའི་ལྡེ་གུ
་སྦྱར་བ་སྦྱིན་པར་བྱའོ། །དར་བ་ཞུ་ནས་དར་བ་ཡི། །ཐུག་པ་རྒྱམ་ཚར་བཅས་པ་བླུད། །ཅེས་བྱ་བ་ལ། དར་བའི་སྐྱོ་མ་ཞུ་བར་གྱུར་ནས། དར་བ་ལས་གཡོས་པའི་ཐུག་པ་ལ་རྒྱམ་ཚ་བཏབ་པ་བླུད་པར་བྱའོ། །དེ་ཅེས་དར་པས་གཡོས་པའི་ཟན། སྣུམ་ཅན་ཅན་བྱིན
་ལ་གཡོས་པའི། ཞེས་བྱ་བ་ལ། དེ་ལྟར་ཐུགས་བ་བླུད་པའི་རྗེས་ཐོགས་ལ། དར་པ་དང་བསྐོལ་པའི་ཟས་སྣུམ་པ་དམ་བཅས་པ་སྦྱིན་ཞིང་དེའི་རྗེས་ལ་སྐོམ་དུ་དར་བ་སར་བ་བླུད་པར་བྱའོ། །ཡུ་ཤའམ་ཤ་ཁུ་དར་བ་ཅན། །ས་ལུའི་འབྲས་ཅན་རན་པར་བཟའ་། །ཞེས་བྱ་བ
་ལ་ཡང་ན་ཡུ་ཤ་ཞེས་བྱ་བ་སྲན་བུ་ལ་དར་བ་འམ། ཤ་ཁུ་ལ་དར་བ་བཏབ་པ་འམ། ས་ལུའི་འབྲས་ཅན་ཆོད་རན་པར་བཟའ་བར་བྱའོ། །རྩུབ་དང་མར་ཕྱེ་ཕྱུང་བ་དང། །གང་ལས་མར་ནི་མ་ཕྱུང་བ། །དར་བ་ནད་དང་མེ་དྲོད་ཀྱི། །སྟོབས་ལས་དེ་ནི་རྣམ་གསུམ་སྦྱར།།
་ཞེས་བྱ་བ་ལ། དར་བ་རྩུབ་པ་སྣུམ་མེད་པ་དང། །ཡང་ན་མར་གྱི་ཕྱེད་ཕྱུང་བའི་དར་བ་དང། དར་བ་གང་ཞིག་ལས་མར་མ་ཕྱུང་ཞིང་ཕྱེ་མར་མ་བྱས་པ་དེ། དར་པ་གསུམ་པོ་དེ་དག་ནི་ནད་པའི་ཚུལ་དང། མེ་དྲོད་ཀྱི་སྟོབས་ལ་དཔགས་ཏེ། སྦྱིན་པར་བྱའོ།།
་དར་བས་ལེགས་བཅོམ་གྱུར་པ་ཡི། །གཞང་འབྲུམ་སླར་ནི་འབྱུང་མི་འགྱུར། ཞེས་བྱ་བ་ལ། དར་བས་ལེགས་པར་བཅོམ་ཞིང་བསལ་བའི་གཞང་འབྲུམ་ནི་སླར་སྐྱེ་ཞིང་འབྱུང་པར་མི་འགྱུར་རོ། །དེ་བླུགས་གྱུར་ན་རྩ་ཡི་ནི། །ཚོགས་ཀྱང་སྐྱེ་བར
་མི་འགྱུར་རོ། །ཞེས་བྱ་བ་ལ། དེ་ཡང་གང་གི་ཕྱིར་དང་བ་དེ་བླུགས་ཤིང་རྒྱུན་དུ་བཏང་བ་ལས་ཀྱང་རྩའི་ཚོགས་སྐྱེ་བར་མི་འགྱུར་གྱི། །རྩ་བ་དང་བཅས་པར་འཇིག་པར་བྱེད་དོ། །རྩ་སྤུབས་དར་བས་དག་བྱས་པས། །ལུས་ཟུངས་དངས་མར
་གྱུར་བ་གང། །དེས་ནི་ཉམས་དགའ་མདོག་དང་སྟོབས། མཆོད་ཏུ་རྒྱས་པར་བྱེད་པར་འགྱུར། ཞེས་བྱ་བ་ལ། དར་བས་ཅ?་སྦྲུགས་དག་པར་བྱས་པར་འགྱུར་ན། དངས་མ་སྟེ་ཁ་ཟས་ཀྱི་དངས་མ་ཞེས་བྱ་བའི་ལུས་ཟུངས་སུ་གྱུར་ནས་དེ་ཉམས་དགའ་ཞིང་མགུ།
་བ་དང། ཁ་དོག་གི་གཟི་མདངས་དང། སྟོབས་ཏེ་ནུས་པ་དང་ལུས་ཟུངས་རྒྱས་པར་གྱུར་པ་དག་མཆོག་ཏུ་སྐྱེ་བར་འགྱུར་རོ། །རླུང་དང་བད་ཀན་དག་གི་ནད། །རྒྱ་ཕྲག་དར་བ་རྙིངས་པས་འཇོམས། །ཞེས་བྱ་བ་ལ། དེ་བཞིན་དུ་རླུང་དང་བད་ཀན་གྱི
་ནད་བརྒྱ་ཕྲག་མང་པོ་འཇོམས་པར་འགྱུར་ཏེ། རླུང་དང་བད་ཀན་ལས་གྱུར་པའི་ནད་གང་ཡང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི་བརྒྱ་ཕྲག་ཅེས་བྱ་བའི་སྒྲའི་དོན་ཡིན་ནོ། །གཞང་འབྲུམ་གཞིག་པར་འདོད་པ་ཡིས། །ཀནཌ་ཀཱ་རཱི་བི་ལྡེ་གུས་བ་སྐུ།།
་སྣོད་དུ་དར་པ་གསར་བ་ནི། །ནུབ་གཅིག་བཞག་སྟེ་བླུད་པར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་འཇིག་པར་འདོད་པའི་སྐྱེས་བུས་ཀཎྜ་ཀཱ་རཱིའི་འབྲས་བུའི་ལྡེ་གུས་རྫ་མའི་སྣོད་བསྐུས་ལ། དེའི་ནང་དུ་དར་བ་ནུབ་གཅིག་བླུགས་ཏེ། བླུད་པར་བྱའོ།།
་འོ་སུ་ཟིར་གོ་སྙོས་དང། པི་པི་ལིང་གཉིས་ཏ་བུ་ཤ་།ཤུ་ཏི་པི་པི་ལིང་རྩ་བ། ལ་ལ་ཕུད་དང་ར་ཙི་ཏྲཀ། ཡ་བ་ན་བའི་ཕྱེ་མ་དང། །དར་བ་སྦྱར་བ་མར་གྱི་སྣོད། །བཞག་པར་གྱུར་པ་དེ་ལས་སྐྱུར། །ཁ་བ་དང་ནི་རབ་སྐྱུར་མིན། །སྐྱུར་དང་ཁ་བ་བྲོ་བར་ནི། །ལྡང
་བའི་དར་སྙིང་ཅི་འདོད་བླུད། །དྲོད་བསྐྱེད་མདོག་བཟང་ཡི་གེ་འབྱེད། །རླུང་དང་བད་ཀན་སེལ་བྱེད་ཅིང། །གཞང་ཀངས་ན་བས་ཉམས་ཐག་པ། །འཇོམས་ཤིང་སྟོབས་ནི་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། འོ་སུ་དང་ཟིར་ལ་སོགས་པ་ཕྱེ་མར་བཏགས་པ
་དང། དར་བ་ལྷན་ཅིག་མར་གྱི་སྣོད་དུ་བཅུག་སྟེ་བཞག་པར་གྱུར་པ་དེ་མནན་བ་ལས་རབ་ཏུ་སྐྱུར་བར་གྱུར་པ་ཡིན་གྱི། ཆུང་ཟད་སྐྱུར་པར་གྱུར་པའི་དར་བ་རྙིང་པ་སྐྱུར་བ་དང་ཁ་བའི་རོ་ཤས་ཆེར་གསལ་བར་གྱུར་པའི་དར་བ་རྙིང་པ་དེ་ཅི་འདོད་པར་བླུད་པར་བྱས་ན་མེ་དྲོད
་བསྐྱེད་པར་འགྱུར་བ་དང། མདོག་བཟང་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །པི་པི་ལིང་གཉིས་ནི་པི་པི་ལིང་དང། ཧ་སྟི་པི་པི་ལིང་ངོ། །སྨད་གཞན་ནི་གོ་བར་ཟད་དོ། །ཀྲུ་ཏྲུ་ཏྲེས་ཀྱི་རྩ་བའི་ཤུན། །བཏགས་པའི་ལྡེ་གུས་བུམ་པ་བསྐུ། །དེར་ནི་འོ་མ
་འམ་དར་བ་བཞག་།སྨིན་པའི་གཞང་འབྲུམ་སེལ་བྱེད་བླུད། །ཅེས་བྱ་བ་ལ། ཀྲུ་ཏྲུག་ཏྲོས་ཀྱི་རྩ་བའི་ཤུན་པ་བཏགས་པའི་ལྡེ་གུས་སྣོད་ཀྱི་བུམ་པ་བསྐུས་ལ། དེར་ཞོ་འམ་དར་བ་བཞག་སྟེ། སྐྱུར་ཞིང་སྨིན་པར་གྱུར་ནས་བླུད་ན་ཡང་གཞང་འབྲུམ་སེལ
་བར་འགྱུར་རོ། །ག་བྲའི་རྩ་བ་ཨ་རུ་ར། །སླེ་ཏྲེས་ཚ་བ་ལྔ་དག་ལའང། །ཚོ་བ། འདི་ཉིད་སྦྱར་བར་བྱ། །ཞེས་བྱ་བ་ལ། ག་བྲའི་རྩ་བ་ལ་སོགས་པ་བཏགས་པའི་ལྡེ་གུས་ཀྱང་སྦྱོར་བ་དང། ཕན་ཡོན་གོང་མ་དང་འདྲའོ། །པ་ཏ་ཏི་ཏི་པི་པི་ལིང། ཤུ་ཏི་རྩ་བ་ལྔ
་གཡེར་མ། །ཟིར་འོ་སུ་པིལྦའི་རྐང། །ཕྱེ་མར་བཏགས་ཏེ་སྦྱར་བར་བྱ། །འབྲས་བུ་སྐྱུར་པོ་མར་ཏིལ་མར། །ཡུ་ཤ་ཤ་ཁུ་ཐུགས་སོགས་བྱ། །ཞེས་བྱ་བ་ལ། པ་ཏ་ལ་སོགས་པ་སྨན་ཕྱེ་མར་བཏགས་པ་དང། ཐུག་པ་དང་ཡུ་ཤ་དང་ཤ་ཁུ་ལ་སོགས་པ
་བྱ་བ་འམ། འབྲས་བུ་སྐྱུར་པེ་སེའུ་འབྲུ་ལ་སོགས་པ་དང་མར་དང་ཏིལ་མར་གྱིས་བརྔོས་པ་ལ་ཐུག་པ་ལ་སོགས་པ་བྱའོ། །སྨན་འདི་ཉིད་དང་ཆུ་དང་མར། །བསྐོལ་བའང་དྲོད་སྐྱེད་བྱེད་པ་ཡིན། ཞེས་བྱ་བ་ལ། པ་ཏ་ལ་སོགས་པ་གོང་དུ་སྨོས་པ་འདི་དག
་ཉིད་དང་ཆུ་བསྐོལ་བ་འམ་མར་བསྐོལ་བ་དག་ཀྱང་དྲོད་སྐྱེས་པར་བྱེད་པ་ཡིན་ནོ། །རིམ་འདི་བཤད་པ་སླ་བ་ཡིན། །རྟུག་པ་འགག་པ་བཤད་བྱ་སྟེ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་རིམ་འདི་དག་ནི་ནད་པ་བཤད་བ་སླ་བར་གྱུར་པའི་སྨན
་ཡིན་ཏེ། དེ་ལས་གཞན་རྟུག་པ་འགགས་པ་གསོ་བ་ནི་འདི་མན་ཆད་ནས་སྟོན་པ་ཡིན་ཞེས་བྱ་བའི་དོན་ཏོ། །སྣུམ་སོགས་ཟན་དང་ལྡན་པ་ཡིས། །ཆང་དངས་ལན་ཚ་བཏབ་པ་བླུད། ཅེས་བྱ་བ་ལ། རྟུག་པ་འགགས་པའི་ནད་ལ་ནི། སྣུམ་ལ་སོགས
་པ་ལྡན་པའི་ཟན་དང། ཆང་གི་དངས་མ་ལན་ཆ་བཏབ་པ་དང་ལྡན་པ་བླུད་པར་བྱའོ། །ཡང་ན་དར་བ་བུ་རམ་ཆང། །རང་སྐྱུར་ཆང་དང་ལན་ཚར་སྦྱར། །ཞེས་བྱ་བ་ལ། ཡང་རྟུག་པ་འགགས་པས། དར་བ་ལ་སོགས་པ་གང་ཡང་རུང་བ་ལན་ཚ་བཏབ་ཏེ་བླུད་པར་བྱའོ།།
་ཟས་སྔར་མར་དང་ཏིལ་མར་གྱིས། །བརྔོས?་པའི་ཀ་རཉྫའི་ལོ་མ། །སྟེང་དུ་ཕྱེ་བཏབ་བྱིན་གྱུར་ན། །རླུང་གིས་རྟུག་པ་འགགས་པ་སེལ། །ཞེས་བྱ་བ་ལ། ཡང་ཟས་མ་ཟོས་པའི་སྔོན་དུ་ཀ་རཉྫའི་ལོ་མ་མར་དང་རྟིལ་མར་དང་བརྔོས་པ་ལ་ཕྱེ་བཏབ་པ་བྱིན་ན་ཡང་རླུང
་གི་རྟུག་པ་འགགས་པ་སལ་བར་བྱེད་དོ། །བཅའ་སྒ་བུ་རམ་བཅས་པ་འམ། པ་ཏ་བུ་རམ་མར་ལན་ཚ། ཞེས་བྱ་བ་ལ། ཡང་རྟུག་པ་འགགས་པས་བཅའ་སྒ་དང་བུ་རམ་དུ་བཅས་པའམ། ཡང་ན་པ་ལ་ལ་སོགས་པ་དང་བཅས་པའི་བྱིན་ན་ཕན་ནོ། །པ་གཅིན
་ལ་སྤངས་ཨ་རུ་ར། །བུ་རམ་བཅས་པ་བྱིན་པའང་རུང། ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་བ་གཅིན་གྱི་ནང་དུ་སྤངས་པ་བུ་རམ་དང་བཅས་པ་བྱིན་ན་ཡང་ཕན་ནོ། ། རུ་ར་ནི་ཉིས་བརྒྱ་གཅིན། །བྲེ་བཅུ་དྲུག་ཏུ་གཅིན་དུའི་བར། བསྐོལ་བ་སྦྲང་རྩིར་བཅས་པ
་དག་།གཉིས་གཉིས་ཟོས་ན་བད་ཀན་གྱི། །གཞང་འབྲུམ་མཛེ་དང་འོར་ནད་དང། སྐྲན་དང་དམུ་རྫིང་གཅིན་སྙི་འབུ། །རྨེན་བུ་ཤུ་བས་ཁྱད་ཆོ་ཆེས། །སྐྱ་རྦབ་རླུང་འཁྱིལ་འཇོམས་པར་བྱེད། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་རྡོག་མ་ཉིས་བརྒྱ་བ་གཅིན
་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་གཅིན་དེ་དུ་བར་གྱུར་པ་དང། དེའི་འོག་ཏུ་སྦྲང་རྩི་དང་བཅས་པའི་ཨ་རུ་ར་གཉིས་གཉིས་ཉིན་རེ་ཟོས་ནས་བད་ཀན་ལས་བྱུང་བའི་གཞང་འབྲུམ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། ། ཟ་སྲིད་གི་རྩ་བ་ཡི།།
་ལྡེ་གུ་ར་གཅིན་སྦྱར་འཐུངས་ཤིང། བུ་རམ་བརྟ་ཀ་ཟོས་ན། །གཞང་འབྲུམ་མྱུར་དུ་འཇིག་པར་འགྱུར། །ཞེས་བྱ་བ་ལ། ཨ་ཟ་སྲིང་གི་ནི་བརྟ། སྲིང་གི་ཞེས་བྱ་བར་ཐུག་གི་གཅིན་འདྲ་བའི་སྨན་གང་ཡིན་པ་དེའི་རྩ་ལྡེ་གུར་བརྟགས་པར་གཅིན་དང་སྦྱར་ཏེ། འཐུངས
་ཤིང་བུ་རམ་དང་བརྟ་ཀ་ཞེས་བྱ་བའི་ཚོད་མ་ཟོས་ན་གཞང་འབྲུམ་མྱུར་དུ་འཇིག་པར་འགྱུར་རོ། །དུར་བྱིད་འབྲས་བུ་གསུམ་ཁུར་སྦྱར། །ཡང་ན་དར་བ་ཨ་རུ་ར་འམ། ཞེས་བྱ་བ་ལ། ཡང་ན་དུར་བྱིད་དང། འབྲས་བུ་གསུམ་བསྐོལ་བའི་ཁུ་བར་སྦྱར་ཏེ་འཐུང
་ན་ཕན་ནོ། །ཡང་ན་དར་བའི་ནང་དུ་ཨ་རུ་རའི་ཕྱེ་མ་བཏབ་སྟེ་བྱིན་ན་ཡང་ཕན་ནོ། །པི་པི་ལིང་བཅས་ཨ་རུ་ར། །མར་དང་བརྔོས་པའི་བུ་རམ་བཅས་ཞེས་བྱ་བ་ལ། ཡང་ན་པི་པི་ལིང་དང་ཨ་རུ་རའི་ཕྱེ་མ་མར་དང་བརྔོས་པའི་བུ་རམ་དང་བཅས་པ་ཟོས་ན་ཡང
་རྟུག་པ་འགགས་པ་སེལ་བར་འགྱུར་རོ། །ཡང་ན་དུར་བྱིད་དནདར་བཅས། ཟོས་ན་བདེ་བར་འབྱུང་བར་བྱེད། ཅེས་བྱ་བ་ལ། ཡང་ན་དུར་བྱིད་དང་དནདར་བཅས་པ་ཟོས་ན་ཡང་རྟུག་པ་འགགས་པ་བདེ་བར་འབྱུང་བར་འགྱུར་རོ། །གཞང་ན་གནས་པའི་ནད་བསལ་ནས།
་གཞང་འབྲུམ་དེ?་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། གཞང་ལ་བརྟེན་ཅིང་གནས་པའི་བརྟུག་པ་སྐམས་ལ་སོགས་པ་གསལ་ཞིང་བཅོས་པར་གྱུར་ན་ཡང་གཞང་འབྲུམ་མེད་ཅིང་ཟད་པར་འགྱུར་རོ། །སེའུ་འབྲུའི་ཁུ་བ་ཟི་ར་དང། བཅའ་སྒ་བུ་རམ་ལ་ལ
་ཕུད། །བ?་ད་དང་སྦྱར་དར་བ་ནི། །རླུང་གི་རྟུགས་འགགས་སེལ་བྱེད་ཡིན། །ཞེས་བྱ་བ་ལ། སེའུ་འབྲུ་ལ་སོགས་པ་དང་ལྡན་པའི་དར་བ་ཡང་རླུང་ལས་གྱུར་པའི་རྟུག་པ་འགགས་པ་སེལ་བར་བྱེད་པ་ཡིན་ནོ། །རྒུན་ཆང་ཡང་ན་བུ་རམ་ཆང། །བཅའ་
་སྒ་གུ?་ཏུག་ཏྲེས་དང་སྦྱར། །ཡང་ན་ཆང་ནི་པ་ཏ་དང། །པ་འབྲས་ཁ་རུ་ཚར་བཅས་བླུད། །ཅེས་བྱ་བ་ལ། ཡང་ན་རྒུན་ཆང་ངམ། བུ་རམ་ཆང་གང་ཡང་རུང་བ་བཅའ་སྒ་དང་ཙི་ཏྲས་གཉིས་དང་ལྡན་པར་བླུད་པ་འམ། ཡང་ཆང་པ་ཏ་ལ་སོགས་པ་ལས
་ལྡན་པ་བླུད་ན་ཡང་ཕན་ནོ། །པི་པི་ལིང་ནི་བཅུ་བཅུ་བསྐྱེད། །ཏིལ་ནི་སྲང་ཕྱེད་བཏགས་གྱུར་པ། །འོ་མ་བཅས་འཐུངས་ལུས་སྟོབས་དང། མེ་དྲོད་སྐྱེད་པར་བྱེད་པ་ཡིན། ཞེས་བྱ་བ་ལ། པི་པི་ལིང་རྡོག་མ་བཅུ་བཅུས་བསྐྱེད་པའི་ཏིལ་ནག
་པོ་དྲུས་བསྲང་ཕྱེད་བཏགས་པ་དེ་པི་པི་ལིང་བསྐྱེད་པའི་ཚུལ་གྱིས་འོ་མ་བཀྲུགས་ཏེ་འཐུངས་ན་ལུས་ཀྱི་ཉམས་སྟོབས་དང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཉིན་ཞག་དང་པོ་ལ་པི་པི་ལིང་བཅུ་དང། ཏིལ་སྲང་ཕྱེད་བཏགས་པའི་འོ་མ་དང་བཅས
་པ་བླུད་པར་བྱའོ། །དེ་ནས་ཉིན་རེ་ཞིང་པི་པི་ལིང་བཅུ་བཅུ་དང། ཏིལ་སྲང་ཕྱེད་ཕྱེད་ཀྱིས་བསྐྱེད་ལ། ཞག་བཅུའི་བར་དུ་འོ་མ་དང་བཅས་པ་བླུད་པར་བྱ་སྟེ། འོ་མའི་ཆང་ནི་རང་ཉིད་ཀྱིས་བརྟག་པར་བྱ་སྟེ། དེའི་ཚད་ནི་ངེས་པ་ཡོད་པ་མ་ཡིན་གྱི། །ནད་དང་ལྟོ་སྲ
་སྙི་དང། ཉམས་སྟོབས་དང་ཡུལ་དང། དུས་གཉིས་ལས་རྟགས་ཏེ་ཅི་རིགས་པར་བླུད་པར་བྱའོ། །བྱི་ཆེར་བ་དང་བིལྤ་དང། ལ་ལ་ཕུང་དང་དངོ་གྲ་རྣམས། རེ་རེ་དང་སྦྱར་བཏས་ཀྱང། །གཞང་འབྲུམ་ནད་ནི་སེལ་བར་བྱེད། ཅེས་བྱ་བ་ལ། པ་ཏ་བྱི་ཚེར་བ་དང
་བཅས་པ་འམ། བིལྤ་དང་བཅས་པ་འམ། ལ་ལ་ཕུང་དང་བཅས་པ་དང་དོང་གྲ་དང་བཅས་སྟེ། །རེ་དང་སྦྱར་བར་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་གསུམ་གསུམ་འམ་བཞི་ཆར་ཡང་སྦྱར་བའི་བཏས་གཞང་འབྲུམ་གྱི་ནད་གཟེར་བ་ལ་སོགས་པ་འཇོམས་
་པར་བྱེད་པ་ཡིན་ནོ། །ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནང། ཨ་རུ་རའི་ཤུན་བྲེ་ཕྱེད་དང། སྐྱུ་རུ་ར་ནི་བྲེ་གང་དང། ཀ་པེཏྟ་ནི་སྲང་བཅུ་དང། པི་ཤི་ལ་ནི་སྲང་ལྔ་དང། སེང་ཕྲོམ་ཤིང་ཚ་ན་ལེ་ཤམ། །པི་པི་ལིང་དང་བྱི་དང་ག། སྲང་ནི་གཉིས་གཉིས་ཚད་བྱས
་བསྐོལ། །བཞི་ཆ་ལུས་བཙགས་བུ་རམ་ནི། །སྲང་ནི་ཉིས་བརྒྱ་བཅུག་ནས་ནི། །ད་ཏ་ཀ་ནི་བྲེ་གང་བཅུག། མར་གྱི་སྣོད་དུ་བཅུག་ནས་ནི། །ཟླ་ཕྱེད་ནས་ནི་ཆང་རྙིང་འཐུངས། །མེ་དྲོད་བསྐྱེད་ཅིང་གཞང་འབྲུམ་ནི། །ཕོ་ནད་སྐྱ་རྦབ་མཛེ་དམུ་རྫིང། །དབྱིག་དུག
་རིམས་སྐྲན་གཅིན་ནད་དང། སྙིང་ནད་སྐྲན་དང་གཅོད་ཆེན་དང། སྲོན་དང་སྲིན་བུའི་ནད་རྣམས་འཇོམས། ཞེས་བྱ་བ་ལ། ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནད། །བཏ་ཞེས་བྱ་བ་དྲོན་བཞིའི་ཚད་ཡོད་སྟེ། དེ་ལ་ནི་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཡོད་ལ། དེའི་ནང་དུ་ཨ་རུ་རའི་ཤུན
་པ་བྲེ་ཕྱེད་དེ་སྐམ་པོ་ཡིན་ན་ནི་སྲང་བརྒྱད་བཅུག་ལ། རློན་པ་ཡིན་ན་སྲང་བཅུ་དྲུག་གཞུག་པར་བྱའོ། །དེ་བཞིན་དུ་སྐྱུ་རུ་ར་བྲེ་གང་ཞེས་བྱ་བ་སྐམ་པོ་ཡིན་ན་ནི་བྲེ་ཕྱེད་སྟེ་བཅུ་དྲུག་བཅུག་ལ། རློན་པ་ཡིན་ན་ནི་སྲང་སུམ་ཅུ་རྩ་གཉིས་གཞུག་པར་བྱའོ། །དེ་ཡང
་གཞུང་ལས་ཚང་ནི་སྐམ་པོ་ཚད་ཡིན་གྱི། །རློན་དང་གཤེར་ལས་ཉིས་འགྱུར་བྱ། །ཞེས་བཤད་པ་ཡིན་ནོ། །ཀ་པི་ཏ་ནི་སྐམ་ཡང་རུང། །རློན་ཡང་རུང་སྟེ། སྲང་བཅུ་གཞུག་པར་བྱའོ། །པི་ཤ་ལི་ནི་ཀ་པེཏྟ་ཕྱེ་སྲང་ལྔ་གཞུག་པར་བྱའོ། །སེང་ཕྲོམ་ལ་སོགས་པ
་སྨན་ལྔ་ནི་རེ་རེ་ཞིང་སྲང་གཉིས་གཉིས་གཞུག་པར་བྱའོ། །དེ་དག་བསྐོལ་ལ་བཞི་ཆ་ལུས་པར་གྱུར་པ་དང། ཚོགས་ཀྱིས་བཙགས་ནས་བུ་རམ་སྲང་ཉིས་བརྒྱ་གཞུག་གོ། ད་ཏ་ཀི་ནི་བྲེ་གང་སྟེ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ། སྔར་མར་བཅུག་པའི་སྣོད་དུ་བཅུག
་ནས། ཆང་ཨ་རིས་ཏ་ཞེས་བྱ་བར་གྱུར་པ་དང། དེ་འཐུངས་ན་མེ་དྲོད་བསྐྱེད་ཅིང་གཞང་འབྲུམ་ལ་སོགས་པའི་ནད་འཇོམས་པར་བྱེད་པར་འགྱུར་རོ། །ཆུ་བྲེ་བཅུ་དྲུག་ནང་དནྟི། །རྩ་བཅུ་འབྲས་གསུམ་ཙི་ཏྲ་ཀ། སྲང་རེ་བསྐོལ་བ་བཞི་ཆ་ལུས། བུ་རམ་སྲང་བརྒྱ་གཞུག
་པར་བྱ། །ཐམས་ཅད་སྔ་མ་དང་འདྲ་ལས། རྗེས་མཐུན་ཅིག་ཤོས་སེལ་བར་བྱེད། །ཅེས་བྱ་བ་ལ། དནྟི་དང་རྩ་བ་བཅུ་པ་དང། འབྲས་བུ་གསུམ་དང་རྩི་ཏྲ་ཀ་དང་སྲང་རེ་རེ་ཆུ་བྲེ་བཅུ་དྲུག་ཅེས་བྱ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་ལ་བཞི་ཆ་ལུས་པ་དང།
་དེ་བཙགས་ནས་བསྒྲངས་ལ་དེའི་ནང་དུ་བུ་རམ་སྲང་བརྒྱ་གཞུག་པར་བྱ་སྟེ། བྱ་བ་གཞན་དག་ནི་སྔར་གྱི་ཨ་རུ་རའི་རང་རྙིང་དང། ཚུལ་འདྲ་བར་བྱ་སྟེ། དེས་ན་ད་ཏ་ཀི་ནི་བྲེ་གང་བཅུག་པ་དང། མར་གྱི་སྣོད་ཀྱི་ནང་བཅུག་པ་དང། ཟླ་བ་ཕྱེད་ལོན་ནས་བླུད་པ་སྟེ།།
་དེས་ནི་མེ་དྲོད་བསྐྱེད་པ་དང། གཞང་འབྲུམ་ལ་སོགས་པ་འཇོམས་པའི་བར་སྔ་མ་དང་མཐུན་མོད་ཀྱི། ཨ་རུ་རའི་ཆང་རྙིང་ལས་འདིའི་ཁྱད་པར་འདི་ཡིན་ཏེ། དེ་ནི་རྗེས་སུ་མཐུན་པར་རྒྱུ་བའི་རླུང་ལ་སོགས་པ་སེལ་བར་བྱེད་ལ། འདི་ནི
་མཐུན་བར་རྒྱུ་བའི་ཅིག་ཤོས་མི་མཐུན་པར་གྱུར་པ་སེལ་བར་བྱེད་པ་ཡིན་ནོ། །ཆུ་བྲེ་བཅུ་དྲུག་ནང་དག་ཏུ། །བྱི་ཚར་བ་ནི་བྲེ་གང་དང། །དནྟི་པ་ཏྲ་ཙི་ཏྲཾ་ཀ། རྣམ་རྒྱལ་དོང་གྲ་བ་ཤ་ཀ། སྐྱུ་རུ་ར་ནི་ཁྱོར་རེ་བསྐོལ། །བཞི་ཆ་ལུས་པ་དེའི་ནང་དུ། །ཁ་ར་དཀར་པོ་སྲང
་བརྒྱ་གཞུག། གཞན་དག་སྔ་མ་བཞིན་དུ་སྦྱར། །རྫ་མའི་སྣོད་ཀྱང་པྲི་ཡངཀུ། །པི་པི་ལིང་དང་དབྱི་མོ་ན། །མར་དང་སྦྲང་རྩི་ལྡེ་གུ་བསྐུ། །ཞེས་བྱ་བ་ལ། བྱི་ཚང་བ་བྲེ་གང། ཞེས་བྱ་བ་སྲང་སུམ་ཅུ་རྩ་གཉིས་དནྟི་ལ་སོགས་པ་ཁྱོར་རེ་ཞེས་བྱ་བ་སྲང་གཉིས
་གཉིས་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ། དེའི་བཞི་ཆ་ལུས་པ་དང། བཅགས་ལ་བསྒྲངས་ཏེ་ཁ་ར་དཀར་པོ་སྲང་བརྒྱ་གཞུག་པར་བྱའོ། །འདིར་མ་སྨོས་པ་གཞན་དག་ནི། །སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། །ད་ཏ་ཀི་བྲེ་གང་གཞུག་པ་ནས། སྲིན་བུའི
་ནད་འཇོམས་པའི་བར་གོང་མ་བཞིན་དུ་ཤེས་པར་བྱའོ། །འོན་ཀྱང་སྔ་མ་ལས་ཁྱད་པར་འདི་ཡོད་དེ། རྫ་མའི་སྣོད་པྲི་ཡང་ཀུ་ལ་སོགས་པའི་ལྡེ་གུས་བསྐུ་བ་ཁྱབ་པར་ཙམ་དུ་ཟད་དོ། །བདེ་བར་འབྱུང་ཕྱིར་ཟད་ཀྱི་སྔར། །འབྲས་བུ་སྐྱུར་བཅས་མར་བླུད
་བ་འམ། ཞེས་བྱ་བ་ལ། བཤད་པ་གཞིག་ཅིང་བདེ་བར་འབྱུང་བར་བྱ་བའི་ཕྱིར་ཟས་མ་ཟོས་པའི་སྤོན་དུ། མར་དང་འབྲས་བུ་སྐྱུར་པོ་སྐྱུར་རྩི་ཆེན་པོ་ལ་སོགས་པ་སྦྱར་བ་བླུད་པར་བྱའོ། །དབྱི་མོ་ཀྲུ་དྲུག་ཏྲེས་བསྐོལ་མར། །ནས་ཚིག་ཁུས་ཐལ
་བུ་རམ་བཅས། །ཞེས་བྱ་བ་ལ། ཡང་ན་དབྱི་མོ་དང་ཀྲུ་དྲུག་ཏྲེས་དང་བསྐོལ་བའི་མར་དང་ཚིག་འཁུས་པའི་ཐལ་བ་བུ་རམ་བཅས་པ་དག་རླུང་བདེ་བར་འབྱུང་བའི་ཕྱིར་སྔར་བླུད་པར་བྱའོ། །པི་པི་ལིང་ག
་རྩ་བར་བསྐོལ། །བུ་རམ་དོང་གྲ་ནས་ཚིག་འཁུས། ཞེས་བྱ་བ་ལ། ཡང་བདེ་བར་འབྱུང་བར་བྱ་བའི་ཕྱིར་པི་པི་ལིང་གི་རྩ་བ་དང། མར་བསྐོལ་བའི་མར་བུ་རམ་ནས་ཚིག་འཁུས་པའི་ཐལ་བའི་བར་གྱི་སྨན་དང་སྦྱར་བ་བླུད་པར་བྱའོ། །པི་པི་ལིང་རྩ་པི་པི་ལིང
་སེའུ་འབྲུའོ་སུ་དག་དང་མར། །བཞི་འགྱུར་ཞོ་དང་བསྐོལ་བས་ནི། ཕྱེན་དང་བཤང་གཅི་འགགས་པ་སེལ། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པ་ལྡེ་གུར་བྱས་པ་དང། ཞོ་མར་གྱི་བཞི་འགྱུར་གྱི་མར། །བསྐོལ་བའི་སྨན་མར་གྱིས་ནི་ཕྱེན་ལ་སོགས
་པ་འགགས་པ་སེལ་བར་འགྱུར་རོ། །པ་ལ་ཤ་ཡི་ཐལ་བའི་ཆུ། །སུམ་འགྱུར་ནི་མར་དུ་བསྐོལ། །དུག་མོ་ཉུང་སོགས་ཕྱེ་མ་བཏབ། དྲོད་བསྐྱད་གཞང་འབྲུམ་འཇོམས་པའི་མཆོག། ཅེས་བྱ་བ་ལ། པ་ལ་ཤའི་ཐལ་བའི་ཆུ་དངས་མ་གཟགས་པ་མར་གྱི
་སུམ་འགྱུར་དང་བསྐོལ་ཅིང་དུག་མོ་ཉུང་ལ་སོགས་པའི་ཕྱེ་མ་བཏབ་ཏེ་བསྣོལ་བའི་སྨན་མར་དེའི་ཤིན་ཏུ་དྲོད་སྐྱེད་ཅིང་གཞང་འབྲུམ་འཇོམས་པའི་མཆོག་ཡིན་ནོ། །ཚ་བ་ལྔ་དང་ཨ་རུ་ར། །ཡ་བ་ཀྵ་ར་ལ་ལ་ཕུང། །ལྕེ་མྱང་ཚ་དང་ཁ་རུ་ཚ། །པ་ཏ་འོ་སུ་ན་ལེ
་?། །བིལྤ་ཞོ་དང་བཅས་པའི་མར། །བསྐོལ་བ་དེ་ནི་ཆུས་གཞང། །ཁྲུ་ཞིང་གཞང་ནི་ཉམས་པ་དང། །གཅིན་སི་འཛག་པ་སེལ་བར་བྱེད། །ཅེས་བྱ་བ་ལ། ཚ་བ་ལྔ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང། ཞོ་མར་གྱི་བཞི་འགྱུར་དང་བཅས་པའི་མར་དེས་ནི
་ཆུ་སོ་ལ་སོགས་པའི་ནད་མྱུར་དུ་སེལ་བར་བྱེད་པ་ཡིན་ནོ། །བ་ཏ་འོ་སུ་ལ་ལ་ཕུང། །ཚ་བ་ལྔ་དང་བ་ཁྲེ་མ་དང། །བིལྦ་ཞོ་དང་ཅང་ཀི་རི། །བུ་བ་མར་གྱི་བཞི་འགྱུར་བསྐོལ། །ལྟོ་སྤོས་གཅིན་ནི་སྲི་བ་དང། །རྟག་ཏུ་འཁྲུ་དང། གཞང་འབྲུམ་དང། །གཞང
་འབྲུམ་པོ་པའི་ནད་རྣམས་དང། །བད་ཀན་རླུང་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། པ་ཏ་ལ་ལ་སོགས་པའི་སྐན་གྱི་ལྡེ་གུ་དང་ཞོ་མར་གྱི་བཞི་འགྱུར་དང། །ཙང་ཀི་རིའི་ཁུ་བའི་བཞི་འགྱུར་དང། བསྐོལ་བའི་སྨན་མར་གྱིས་ནི་ལྟོ་སྤོས་པ་ལ་སོགས་པའི
་ནད་འཇོམས་པར་བྱེད་དོ། །རྨ་བྱ་སྲེག་པ་འུར་བྱ་ཡི། །ཤ་ཁུ་སྐྱུར་པོ་ལེགས་སྦྱར་བ། །ཁྱིམ་བྱ་འམ་བྱེའུའི་ཤ་ཁུ་ནི། ཕྱེན་དང་ཕྱི་ས་འགགས་པ་བླུད། །ཅེས་བྱ་བ་ལ། རྨ་བྱ་ལ་སོགས་པའི་ཤ་ཁུ་གཡོས། །སུ་ལགས་པར་བྱས་ལ་ཕྱིན
་དང་ཕྱིས་འགགས་པར་བླུད་པར་བྱའོ། །རྒྱ་སྣེའུ་དུར་བྱིད་ཙི་ཏྲ་ཀ། དནྟི་བ་ལ་ཨཾ་ལི་ཀ། ལ་སོགས་འོ་མ་གཞན་ཡང་ནི། །བད་ཀན་རླུང་འཇོམས་ཚོད་མ་ནི། །ཡང་ཤིང་བཤད་པ་སླ་བར་བྱེད། །ཤིང་ཀུན་དང་ཏིལ་མར་བརྡོས། །ཞོ་ཡི་སྤྲིས་མ་བསྐོལ་བ་དང
་འོ་སུ་དང་ནི་ཚ་བ་ལྔ། །བཏགས་པའི་ཕྱེ་དང་སེའུ་འབྲུའི་བཅུད། །འོ་སུའི་འདབ་མ་གཞོན་ནུ་དང། །སྒེའུ་གཤེར་བཤགས་པར་གྱུར་པ་དང། །སྤོས་ཞིམ་ལེགས་དུགས་དྲི་ཞིམ་བྱས། །ཟིར་ན་ལེ་བཤམ་དང་བཅས། །ཁ་རུ་ཚ་ནི་ཤས་ཆེར་བྲོ།།
་ཞེས་བྱ་བ་ལ། རྒྱ་སྣེའུ་ལ་སོགས་པའི་འདབ་མའི་ཚོད་མ་དང། དེ་བཞིན་དུ་ཡང་བད་ཀན་དང་རླུང་འཇོམས་པར་བྱེད་པའི་ཚོད་མ་ཡང་བ་དང་བཤད་པ་སླ་བར་བྱེད་པའི་སྦྱིན་པར་བྱ་བ་ལ། དེ་དག་ཀྱང་ཤིང་ཀུན་དང་མར་དང་ཏིལ་མར་དང་བཅས་པ
་བརྡོས་བ་ཞོའི་སྤྲིས་མ་བསྐོལ་ཅིང་བཅོས་པའོ་སུའི་འབྲས་བུ་དང། ཚྭ་བ་ལྔ་པོ་བཏགས་པའི་ཕྱེ་མ་དང་དེ་བཞིན་དུ་སེའུ་འབྲུའི་ཁུ་བཅུད་དང། འོ་སུའི་ལོ་མ་གཞོན་ནུ་དང་བཅས་པའི་སྒེའུ་གཤེར་དུམ་བུ་དུམ་བུར་གཏུབས་པ། སྤོས་དྲི་ཞིམ་པོས
་ལེགས་པར་བདུགས་པ་ཡིད་དུ་འོང་ཞིང་སེམས་དགའ་བར་བྱེད་ནུས་པར་བྱས་པ། ཟི་ར་ལ་སོགས་པའི་སྤོས་བཏབ་ཅིང། ཁ་རུ་ཚ་ཤས་ཆེར་བྲོ་བར་བྱ་སྟེ། དེས་ཀྱང་ཕྱེན་དང་ཕྱིས་འགགས་པ་སེལ་ཏོ། །རླུང་ཤས་ཆེས་རྩུབ་དྲོད་ཆུང་ལ། །ས་ལུ
་ཙ?་ནར་འབྲས་ཆན་ནི། །བ་ལང་གོ་ང་རྔ་མོ་རའི། །ཤ་ཁུ་ཚོད་ལྟར་གཡོས་པ་དང། མཆོག་ཏུ་ཤ་ཟ་རྣམས་ཀྱི་ཤ། རྟུག་སྐམ་ཅན་ལ་སྦྱིན་པར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་རླུང་ཤེས་ཆེ་བ་ལ་སོགས་པ་ལ་ནི་སུ་ལུ་རྩ་སྣར་གྱི་ཆན་དང། ཚོད
་མ་སྔར་བཤད་པ་ལྟ་བུ་དང། བ་ལང་ལ་སོགས་པའི་ཤ་ཁུ་ཤིང་ཀུན་ལ་སོགས་པ་དང། ཚོད་མ་ལྟར་གཡོས་པ་དང། ཁྱད་པར་རབ་མཆོག་ཏུ་ཤ་ཟ་རྣམས་ཀྱི་ཤའི་ཤ་ཁུ་ཚོད་མའི་དོན་དུ་སྦྱར་བར་བྱའོ། །ཆང་དང་བུ་རམ་ཆང། །བར་འཆིང། །རྒུན་ཆང་བར་བརྩགས
་མོ་དང། ཆང་རྙིང་དང་ནི་ཞོ་ཁ་ཆུ། །ཡང་ན་ཆུ་ཉུང་བསྐོལ་བ་འམ། འོ་སུ་བཅའ་སྒ་སྐོལ་བ་འམ། ཀཎྜ་ཀཱ་རཱི་བསྐོལ་བ་བླུད། །ཟས་ཀྱི་ཐོག་མ་འམ་བར་དག་ཏུ། །རླུང་གི་རྟུག་སྐམ་སལ་བ་སྦྱིན། །ཞེས་བྱ་བ་ལ། བཏུང་བའི་དོན་དུ་ནི་ཆང་ལ་སོགས་པ་སྦྱིན་པར
་བྱ་སྟེ། དེས་ནི་རླུང་ལས་གྱུར་པའི་རྟུག་སྐམས་སེལ་བར་བྱེད་པ་ཡིན་ནོ། །རླུང་མཁྲིས་བད་ཀན་རྟུག་སྐམས་རྣམས་བདེ་བར་འབྱུང་ཞིང་དྲི་མ་སྦྱང། །གཞང་དཀར་གཞང་འབྲུམ་ཞི་འགྱུར་ཞིང། །མེ་དྲོད་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། གང་གི
་ཕྱིར་རླུང་དང་མཁྲིས་པ་དང་བད་ཀན་གྱི་རྟུག་སྐམས་རྣམས་སྨན་དེ་དག་གིས་སེལ་ཅིང་བདེ་བར་འབྱུང་བར་བྱས་ལ་དྲི་མ་སྦྱངས་པར་གྱུར་ན་གཞང་དཀར་འབྱུང་བའི་གཞང་འབྲུམ་ཞི་ཞིང་བྱང་པར་འགྱུར་ལ། ཕོ་བའི་མེ་དྲོད་ཀྱང་འཕེལ་ཞིང་སྐྱེད་པར
་བྱེད་དོ། །རྟུག་སྐམས་གྱིས་ནི་གཟིར་བ་དང། གན་ཡང་ཤིན་ཏུ་ཁོང་རྩུབས་དང། རླུང་འཁྱིལ་གཟེར་གྱིས་ཉེན་པ་ཡིན། །དེ་ལ་འཇམ་རྩི་བྱ་བ་བསྔགས། ཞེས་བྱ་བ་ལ། གཞང་འབྲུམ་ཅན་གང་རྟུག་སྐམས་ལ་སོགས་པའི་ནད་ཀྱིས་གཟིར་ཅིང་བྱིན?་དང
་བཤང་གཅི་འགེགས་པ་ལ་སོགས་པའི་ནད་དང་ལྡན་པ་ལ་འཇམ་རྩི་མས་བཏང་བ་བསྔགས་པ་ཡིན་ནོ། །པི་པི་ལིང་དང་པོ་སོན་ཆ། །བིལྦ་ཤུ་ཏི་ཤིང་མངར་དང། ཤུ་དག་རུ་རྟ་ཀྲུ་དྲུག་ཏྲེས། ཟུར་པ་མ་ནུ་ཐང་ཤིང་རྣམས། །བརྟགས་ཏ་ཏིལ་མར
་ལོ་བཅོས་ཤིང། །འོ་མ་ཏིལ་མར་ཉིས་འགྱུར་གཞུག། གཞང་འབྲུམ་རླུང་ནི་འཁྱིལ་བ་ལ། འཇམ་རྩི་དེ་ནི་མཆོག་ཏུ་བསྔགས། གཞང་བྱུང་བ་དང་གཟེར་བ་དང། གཅིན་སྲིད་འབྲག་ཅིང་འཁྲུ་བ་དང། བརླ་རྐད་རྒྱབ་ན་ཉམ་ཆུང་དང། ལྟོ་སྤོས་ཆུ་སོ་བསྟེན་པ
་དང། བེའུ་སྣབས་འཁྲུ་དང་གཞང་སྐྲངས་དང་རླུང་གིས་རྟུག་པ་འགགས་པ་དང། གང་ཞིག་མང་དུ་འབྱུང་འདོད་པ། །དེ་དག་འཇམ་རྩིས་སེལ་བར་འགྱུར། །ཞེས་བྱ་བ་ལ། འཇམ་རྩི་དེ་ཡང་པི་པི་ལིང་ལ་སོགས་པའི་སྨན་ཆ་སྙམ་དུ་བྱས་པའི
་བཏགས་ཏེ་ལྡེ་གུར་བྱས་པ་དང། ཏིལ་མར་གྱིས་ཉིས་འགྱུར་གྱི་འོ་མ་དང། ཉིས་འགྱུར་གྱི་ཆུ་དང། ཚུལ་བཞིན་དུ་བསྐོལ་བའི་ཏིལ་མར་འཇམ་རྩིས་མ་བཏང་ན། གཞང་འབྲུམ་གྱི་རླུང་ཕྱིན་ཞེས་བྱ་བའི་འཁྱིལ་བ་ལ་མཆོག་ཏུ་བསྔགས་པ་ཡིན་ཞིང། །
་གཞང་འབྱུང་བ་ལ་སོགས་པའི་ནད་རྣམས་སེལ་བར་བྱེད་པ་ཡིན་ཏེ། བརླ་དང་རྐེད་པ་རྒྱབ་ཉམ་ཆུང་བ་ནི་ནུས་པ་ཞན་པའོ། །ལྟོ་སྤོས་པའི་རྒྱལ་པ་པུས་པ་ལྟར་རྒྱས་པ་སྟེ་ཡང་ཆུ་སོ་ལ་བརྟེན་ཅིང་གནས་པའོ། །བེའུ་སྣབས་སུ་འཁྲུ་བ་ནི་འབྲུ་མ་སྨིན་པ
་བཅོས་པའི་ཁུ་བ་ལྟ་བུ་འབྱུང་བའོ། །རླུང་གི་རྟུག་པ་འགགས་པ་ནི་རླུང་ལས་གྱུར་པའི་རྟུག་པ་འགགས་པ་ནི་ནད་ཀྱིས་བཏབ་པའོ། །མང་དུ་འབྱུང་འདོད་པའི་བཤད་པ་ནི་ཡང་ཡང་དུ་འབྱུང་འདོད་ཅིང་མང་དུ་བཤད་པའོ། །ཡང་ན་མས་བཏང
་བཀྲུ་སྨན་དྲག་།རྩ་བ་ལྔ་དང་འོ་མར་བཅས། བ་གཅིན་ཏིལ་མར་ལན་ཚྭ་དང། །པོ་སོན་ཆ་སོགས་ལྡེ་གུ་བཏང། །ཞེས་བྱ་བ་ལ། ཡང་ན་བཀྲུ་སྨན་དྲག་པོ་མིས་བཏང་བ་ནི་རུ་ཧ་ཞེས་བྱ་བ་རྩ་བ་ལྔ་ལས་སྦྱར་བ་འོ་མ་དང་བཅས་པ་གཅིན་དང
་སྦྱར་ཅིང་ཏིལ་མར་ལ་སོགས་པའི་སྣུམ་བཅུག་པ་ལན་ཚྭ་བཏབ་པ་ནས། པོ་སོན་ཆ་ལ་སོགས་པའི་སྨན་གྱི་ལྡེ་གུ་བཏང་བར་བྱའོ། །དེ་ནས་གཞང་འབྲུམ་ཁྲག་འཛག་ལ་རླུང་ངམ་བད་ཀན་དང་འབྲེལ་པ། །བརྟགས་ནས་དེ་ལ་སྣུམ་པ་དང།
་རྩུབ་དང་བསིལ་བ་སྦྱར་བར་བྱའོ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ལ་ནི་རྣམ་པ་གཞན་སྟོན་པར་བྱེད་པའི་དོན་ཏེ་གཞང་འབྲུམ་གྱི་ནད་ལ་ནི། །སྐམ་པོ་དང་རློན་པའི་དབྱེ་བ་རྣམ་པ་གཉིས་ཡོད་པ་ལས་གཞང་འབྲུམ་སྐམ་པོ་གསོ་བ་བཤད
་ཟིན་ནས་དེའི་འོག་ཏུ་རློན་པ་ཁྲག་འཛག་པའི་གཞང་འབྲུམ་ཁྲག་ལས་གྱུར་པ་གསོ་བར་བྱ་བའི་ཕྱིར། དེ་ནས་ཞེས་སྨོས་པ་ཡིན་ཏེ། ཁྲག་གི་གཞང་འབྲུམ་ལ་ནི་རླུང་ངམ་བད་ཀན་གང་དང་འབྲེལ་པ་བརྟགས་ནས་དེའི་འོག་ཏུ་རླུང་གཞང་འབྲུམ་དེ་རླུང་དང་འབྲེལ
་བ་ཡིན་ན་ནི་སྣུམ་པ་བསིལ་བས་གསོ་བར་བྱ་ལ། བད་ཀན་དང་འབྲེལ་པ་ཡིན་ན་ནི། །རྩུབ་པ་དང་བསིལ་བས་གསོ་བར་བྱ་སྟེ། འདིར་བྲོ་བ་ནི་རྣམ་པ་ཐམས་ཅད་དུ་སྦྱར་བར་མི་བྱའོ། །མཁྲིས་པ་དང་རྟག་ཏུ་འབྲེལ་བའི་ཕྱིར་རོ། །དེ་ལ་རླུང་དང་རྗེས
་འབྲེལ་བ། །བཤད་བག་ནག་ཅིང་སྲལ་རྩུབ། །བླུད་ནི་ཐུར་དུ་འབྱུང་མི་བྱེད། །རྐེད་པ་བརླ་དང་གཞང་ཁར་གཟེར། །རྩུབ་པ་རྒྱུར་ནི་གྱུར་པ་ཡིན། ཞེས་བྱ་བ་ལ། དེ་ལ་རླུང་དང་རྗེས་སུ་འབྲེལ་ཅིང་དེ་ཤས་ཆེ་བའི་གཞང་འབྲུམ་ནི་གལ་ཏེ་བཤད་པ་གནག་པ་དང། སྲ?
་བ་དང་རྩུབ་པར་གྱུར་པ་དང། ཕྱེན་ཞེས་བྱ་བའི་རླུང་ཐུར་དུ་འབྱུང་བར་མི་བྱེད་པ་དང་རྐེད་པ་གཟེར་བ་ལ་སོགས་པ་དང་ལྡན་ཞིང་གལ་ཏེ་རྩུབ་པའི་རང་བཞིན་ལས་དེ་དག་རྒྱུར་གྱུར་ན། དེ་ནི་རླུང་དང་རྗེས་སུ་འབྲེལ་པ་ཡིན་པར་ཤེས་པར་བྱའོ། །བད་ཀན་རྗེས
་འབྲེལ་བཤད་བ་སླ། །སྐྱ་ཞིང་སེར་ལ་ལྕི་ཞིང་སྣུམ། །སྤྱི་བག་གཞང་ཁ་ཚོར་བ་ཆུང། །རྒྱུ་ནི་སྣུམ་ལྕི་ཡིན་ཞེས་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་གཞང་འབྲུམ་དེ། གལ་ཏེ་བད་ཀན་དང་རྗེས་སུ་འབྲེལ་པ་ཡིན་ན་བཤད་པ་སླ་བ་ལ་སོགས་པ་དང
་ལྡན་ཞིང་གཞང་ཁ་ཚོར་བ་ཆུང་བར་བེམ་བེམ་པོར་འགྱུར་བ་དང། དེ་བཞིན་དུ་རྒྱུ་ཞིང་སྙམ་པ་ལྕི་བ་ཡིན་པར་ཤེས་པར་བྱའོ། །རང་ཁྲག་མཚན་ཉིད་ལས་ཀྱང་བརྟག་ཅེས་བྱ་བ་ལ། མཚན་ཉིད་འདི་དག་འབའ་ཞིག་ཏུ་མ་ཟད་ཀྱི། །རང་རང་གི་ཁྲག་གི?
་མཚན་ཉིད་གཏང་ག་གདབ་པའི་ཆོ་ག་ལས་གནག་དང་དམར་བའི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པའི་ཚུལ་གྱིས་ཀྱང་རླུང་དང་བད་ཀན་དང་རྗེས་སུ་འབྲེལ་པའི་མཚན་ཉིད་རྟག་ཅིང་ཤེས་པར་བྱའོ། །ནང་ཁྲག་བསལ་བར་བྱ་བ་དང།
་ཉམས་སྟོབས་ཇི་བཞིན་སྨྱུང་བ་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་གནོད་པར་འགྱུར་བའི་ནད་ཁྲག་དག་ནི་ནད་པའི་ཉམས་སྟོབས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་སྨྱུང་བར་བྱ་བ་དང། དེ་བསལ་ཞིང་གདོན་པ་ལ་འབད་པར་བྱའོ། ཇི་སྲིད་ནད་ཁྲག་ནག་པོ
་འབྱུང། ཇི་སྲིད་འཁྲག་འཛག་བཅད་མི་བྱ་ཞེས་བྱ་བ་ལ། དེ་ལྟར་དུས་ཇི་སྲིད་ཁྲག་དེ་ནད་ཁྲག་རྙོག་མ་ཅན་ནག་པོར་འབྱུང་བ་དེ་སྲིད་ཀྱི་བར་དུ་ཁྲག་འཛག་པ་དེ་བཅད་ཅིང། འཕྲལ་དུ་དགག་པར་མི་བྱ་བར་གཟག་པར་བྱའོ། །ནད་ནི་སྨིན་པར་བྱ་ཕྱིར་དང། མེ་དྲོད་བསྐྱེད་པར་བྱ
་ཕྱིར་དང། ཁྲག་ནི་བཅད་པར་བྱ་བའི་ཕྱིར། །དེ་ཕན་ཆད་ནི་ཁ་བ་བླུད། ཅེས་བྱ་བ་ལ། དེ་ལྟར་ཁྲག་མི་བཅད་པའི་འོག་ཏུ་ནད་པ་སྨིན་ཅིང་མ་ཞུ་བ་དེ་སྨིན་ཅིང་ཞི་བར་བྱ་བའི་ཕྱིར་དང། ཁོང་པའི་མེ་དྲོད་བསྐྱེད་ཅིང། བརྟ་བར་བྱ་བའི་ཕྱིར་ཁྲག་བཅད་པར་བྱ
་ལ། དེ་ཡང་བཅད་པའི་དུས་ལ་བབ་པར་གྱུར་པ་དེ་ཕན་ཆད་སྨན་ཁ་བ་དང་ནད་པ་དེ་གསོ་བར་བྱའོ། །གང་ཞིག་ནད་ཀྱིས་སྟོབས་ཟད་པ། ཁྲག་ནི་རླུང་གི་ཤས་ཆེ་ལ། །བཏུད་དང་བསྐུ་དང་འཇམ་རྩི་རུ། །རིགས་པས་སྣུམ་ནི་སྦྱར་བར་བྱ། །ཞེས་བྱ་བ
་ལ། ཁྲག་ནད་གང་ཞིག་གིས་ནད་པའི་ཉམས་སྟོབས་ཟད་པར་འགྱུར་བ་འམ། རླུང་གི་ཤས་ཆེ་ཞིང་འདར་བར་འགྱུར་པའི་ཁྲག་འབྱུང་བ་དེ་ལ་ནི། བཏུང་བ་ལ་སོགས་པར་ཅི་རིགས་པར་སྣུམ་བཏང་བས་གསོ་བར་བྱའོ། །གང་ཞིག་མཁྲིས
་པ་རྒྱས་པའི་ཁྲག། ཚ་བའི་དུས་སུ་འབྱུང་འགྱུར་བ། །དེ་ནི་གཅིག་ཏུ་བཅད་བྱ་ཡི། །རླུང་དང་བད་ཀན་ལས་གྱུར་མིན། །ཞེས་བྱ་བ་ལ། ཁྲག་ནད་གང་ཞིག་ཚ་བའི་དུས། སོ་གའི་ཚེ་འབྱུང་བར་འགྱུར་ན། དེ་གཅིག་ཏུ་ངེས་པར་གྱུར་ན་དེ་ཁོ་ནར་བཅས
་ཅིང་དགག་པར་བྱ་བ་ཡིན་ལ། དེ་རླུང་དང་བད་ཀན་རྗེས་སུ་འབྲེལ་བ་མ་ཡིན་ན་བཅད་པར་བྱའོ། །བད་ཀན་བཅས་ཁྲག་བཅའ་སྒ་དང། དུག་མོ་ཉུང་ཤུན་བསྐོལ་བ་བླུད་ཅེས་བྱ་བས། །བད་ཀན་དང་བཅས་པའི་ཁྲག་ནད་ལ་ནི་བཅའ་སྒྲ་དང། ?
་མོ་ཉུང་གི་ཤུན་པགས་བསྐོལ་བ་བླུད་པར་བྱའོ། །ཡང་ན་རྩ་མཁྲིས་བཅའ་སྒ་དང། བྱི་ཚོར་ཙན་དན་དམར་པོ་འམ། ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་རྩ་མཁྲིས་ཞེས་བྱ་བ་བུ་ནིམྦ་ལ་སོགས་པའི་སྨན་བསྐོལ་བ་བླུད་ན་ཡང་ཕན་ནོ། །སྐྱེར་པའི་ཤུན་པ་པུ་ཤེལ་ཙེ།
་ནིམྦ་འམ་སེའུ་འབྲུའི་ཤུན་བསྐོལ་བླུད། །ཞེས་བྱ་བ་ལ། ཡང་ན་བད་ཀན་བཅས་པའི་ཁྲག་ནད་དེ་ལ་སྐྱེར་པའི་ཤུན་ལྤགས་ལ་སོགས་པ་བསྐོལ་བའི་སྨན་བླུད་པ་འམ། སེ་འབྲུའི་ཤུན་པ་འབའ་ཞིག་བླུད་ན་ཡང་ཕན་ནོ། །དུག་མོ་ཉུང་ཤུན་འབྲས
་བུ་དང། བོང་སྦྲང་རྩི་སྐྱེར་ཁཎྜ་འམ། ཡང་ན་ཨ་པ་མརྒ་ཡི། །ལྡེ་གུ་འབྲས་ཀྱི་ཆུ་སྦྱར་བླུ། ཅེས་བྱ་བ་ལ། དུག་མོ་ཉུང་གི་ཤིང་གི་ཤུན་པ་དང། དེའི་ས་བོན་ཨིནཌ་ཡ་བ་དང། བོང་ང་དཀར་པོ་དང། སྦྲང་རྩི་དང་སྐྱེར་ཁཎྜ་སྟེ་འདི་དག་ཐམས་ཅད་འབྲས་བཀྲུས
་མུའི་ཆུད་པ་སྦྱར་ཏེ་བླུད་པར་བྱའོ། །ཡང་ན་ཨ་པ་མརྒའི་ལྡེ་གུ་འབྲས་ཀྱི་ཆུ་དེ་ཉིད་དང་བཅད་པ་བླུད་པར་བྱའོ། །དུག་མོ་ཉུང་གི་ཤུན་པ་རློན། །སྲང་བརྒྱ་ཆར་ཆུའི་ནང་དུ་བསྐོལ། །ཤུན་ལྤགས་ཁུ་བ་བཙགས་པ་རུ། །བཙོད་དང་མོ་ཅི་པྲི་ཡངཀུའི། ཁུ་བ
་སྲང་རེ་དག་པ་ནི། །དུག་མོ་ཉུང་གི་ཕྱེ་མ་བཅུག། དེ་ནས་གཟར་བུ་ཆགས་པ་ཡི། །ལྡེ་གུ་བསྐོལ་ལ་སྦྱིན་བྱ་ཞིང། །ཐུག་པ་སླ་བའི་ཐུག་གམ། །ར་འམ་པ་ཡི་འོ་མ་འམ། །མེ་སྟོབས་ཇི་བཞིན་བླུད་པར་བྱ། །ལྡེ་གུ་འདིས་ནི་ཁྲག་གི་ནི། །ཚང་འཁྲུ
་གཞང་འབྲུམ་སེལ་བྱེད་ཅིང། །ཁྲག་མཁྲིས་ནང་ནི་སྟོབས་ལྡན་པ། །སྟེང་ངམ་འོག་གམ་འབྱུང་བ་སེལ། །ཞེས་བྱ་བ་ལ། དུག་མོ་ཉུང་གི་ཤུན་པ་རློན་པ་སྲང་བརྒྱ་ཆར་ཆུའི་ནང་དུ་བསྐོལ་ཏེ། འདིར་བསྐོལ་ལུགས་ཀྱི་ཁྱད་པར་མ་སྨོས་པ་ན་སྨན་གྱི་བཅུ
་དྲུག་འགྱུར་གྱིས་ཆུའི་ནང་དུ་བསྐོལ། །ཤུན་པ་ཇི་སྲིད་ལེགས་པར་འཁུས་ཤིང་ཁུ་བ་མེད་པ་དེ་སྲིད་ཀྱི་བར་དུ་བསྐོལ་ལ་ཁུ་བ་དེ་བཙགས་པའི་ནང་དུ་ཙོད་ཅེས་བྱ་བས་མང་ག་ལ་སོགས་པ་སྨན་གསུམ་སྲང་རེ་རེ་བཅུག་ལ། གཙོད་ལ་སོགས་པའི
་གསུམ་པོ་དེ་དག་དང་སྙམ་པའི་དུག་མོ་ཉུང་གི་ཕྱེ་མ་གཞུག་པར་བྱའོ། །དེས་ཡང་ཙག་ལས་གཟར་བུས་ཆགས་ཀྱི་བར་དུ་སྐོལ། ལྡེ་གུ་དེ་མེ་དྲོད་ཀྱི་སྟོབས་ཇི་ལྟ་བུའི་ཚད་དུ་བྱིན་ལ། དེའི་འོག་ཏུ་ཐུག་པ་བླུད་པར་བྱའོ། །དེས
་ན་ལྡེ་གུ་འདིས་ཁྲག་གི་ཚད་པར་འཁྲུ་བ་དང། ཁྲག་གི་གཞང་འབྲུམ་སེལ་བར་བྱེད་ལ། ཁྲག་མཁྲིས་ཀྱི་ནད་རྒྱས་ཤིང་སྟོབས་དང་ལྡན་པ་སྟེང་དམ་འོག་ནས་འབྱུང་ཤིང་འཛག་པ་དག་སེལ་བར་བྱེད་དོ། །དུག་མོ་ཉུང་ཤུན་སྲང་བརྒྱད་ཅུ། །བྲེ་བཅུ་དྲུག་བསྐོལ
་བརྐྱང་ཆ་ལས། །དེར་ནི་ཚ་གསུམ་སྐྱེད་ཁཎྜ། སེང་ཕྲོམ་གཉིས་དང་མོན་ཛ་ར། །སེའུ་འབྲུ་གཞོན་ནུའི་ཤུན་ལྤགས་དང། བིལྦ་གཞོན་ནུ་གླ་སྒང་དང། །བཙོད་དང་ད་ར་ཀའི་འབྲས་བུ། །སྲ་ནི་རེ་རེ་བཏགས་པ་ཡི། །ལྡེ་གུར་བྱས་པ་གཞུག་པར་བྱ། །དུག་མ
་ཉུང་ཤུན་སྲང་བཅུ་དང། ཞུན་མར་སྲང་ནི་ཉི་ཤུ་དང། བུ་རམ་སྲང་ནི་སུམ་ཅུ་གཞུག། །བསྐོལ་བ་གཟར་བུར་ཆགས་པ་དང། འབྲུ་ནད་ཟླ་ཕྱེད་བཅུག་སྟེ་བལྡག། གཞང་འབྲུམ་ཀུན་དང་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་སེལ། །ཞེས་བྱ་བ་ལ། དུག་མོ
་ཉུང་གི་ཤུན་ལྤགས་སྲང་བརྒྱད་ཅུ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ། །དེ་ལས་བརྒྱང་ཆ་ལུས་པ་དང། ཁུ་བ་དེའི་ནང་དུ་ཚ་བ་གསུམ་ལ་སོགས་པ་སྲང་རེ་བཏགས་ཏེ་ལྡེ་གུར་བྱས་པ་དེ་བཞིན་དུ་དུག་མོ་ཉུང་གི་ཤུན་ལྤགས་སྲང་བཅུ་དང། མར་སྲང་ཉི་ཤུ
་དང། བུ་རམ་སྲང་སུམ་ཅུ་བཅུག་སྟེ། བསྐོལ་ལ་གཟར་བུར་ཆགས་པའི་ལྡེ་གུར་གྱུར་པ་དང། རྡུལ་གྱིས་མགོས་པའི་འབྲས་ལ་སོགས་པ་འབྲུའི་ནང་དུ་ཟླ་བ་ཕྱེད་བཞག་སྟེ། དེའི་འོག་ཏུ་ལྡེ་གུ་དེ་བལྡག་ཅིང་ཟོས་ན་གཞང་འབྲུམ་གྱི་ནད་ཀུན་དང་ཕོ་བའི་ནད
་ལ་སོགས་པ་སེལ་བར་བྱེད་དོ། །སེང་ཕྲོམ་མོ་ཙ་རས་ཏིལ། བཙོད་དང་ཙན་དན་ཨུཏཔལ། །ར་ཡི་འོ་མ་སྦྱར་བ་བླུད། །དེ་ཉིད་དང་ནི་འབྲས་ཆན་སྦྱིན། །ཞེས་བྱ་བ་ལ། ཁྲག་གི་གཞང་འབྲུམ་ལ་སེང་ཕྲོམ་ལ་སོགས་པ་དང། བཙོས་པའི་རའི་འོ་མ་བླུད
་ཅིང་འོ་མ་དེ་ཉིད་དང་འབྲས་ཆན་སྦྱིན་པར་བྱའོ། །ཤིང་མངར་ཤུག་པ་བྱི་ཚེར་བ། འོ་མ་བཱུརྦ་པ་ཡཚྱ?། །ཁ་ར་སྦྲང་རྩིར་བཅས་ཆུ་འམ། །ར་ཡི་འོ་མ་སྦྱར་བ་བཏུད། ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པ་ཁ་ར་དཀར་པོ་དང། །སྦྲང་རྩིའི་ཆུ་དང་སྦྱར་བ་འམ། ཡང་ན
་རའི་འོ་མ་དང་སྦྱར་བ་བླུད་པར་བྱའོ། །སེང་ཕྲོམ་བཙོད་དང་བུ་ཙ་ཤེལ། །ཤ་མ་ཡི་ཤུན་དུག་མི་ཉུང། །ཙན་དན་ཤིང་མངར་པུ་ཤེལ་ཙེ། །ན་ག་གེ་སར་འབྲས་ཆུ་བླུད། །ཅེས་བྱ་བ་ལ། ཡང་ན་ནད་པ་དེ་ལ་སེང་ཕྲོམ་ལ་སོགས་པའི་སྨན་འབྲས་ཀྱི་ཆུ་དང་སྦྱར་ཏེ་བླུད
་པར་བྱའོ། །ལ་ལ་ཕུང་དང་དུག་མོ་ཉུང། །པཏ་བཅའ་སྒ་སྐྱེར་ཁཎྜ། །ཕྱེ་མ་གཟེར་དང་བཅས་ལ་ཕན། །ཞེས་བྱ་བ་ལ། ཡང་ན་ཁྲག་གི་གཞང་འབྲུམ་གཟེར་དང་བཅས་པ་ལ། །ལ་ལ་ཕུང་ལ་སོགས་པའི་ཕྱེ་མ་བྱིན་ན་ཡང་ཕན་ནོ། །ཁྲག་ནི་དྲག་ཏུ་བྱུང་བ་ལ།
་ཀཎྜ་ཀཱ་རཱི་པ་ཡཚྱ། །གཉིས་དང་བསྐོལ་བའི་ཞུན་མར་བསྔགས། ཞེས་བྱ་བ་ལ། གཞང་འབྲུམ་ཁྲག་ཏུ་བྱུང་བ་ལ་ནི་ཀཎྜ་ཀཱ་རཱི་དང་བ་ཡཚྱ་གཉིས་ཀྱི་ལྡེ་གུ་དང་བསྐོལ་བ་ཞུན་མར་བྱིན་ན་བསྔགས་སོ། །ཡང་ན་སེང་ཕྲོམ་ད་ཏ་ཀི། དུག་མོ་ཉུང་ཤུན་འབྲས་བུ་དང། ཨུཏཔལ
་པདྨ་གེ་སར་མོར། ཞེས་བྱ་བ་ལ། ཡང་ན་སེང་ཕྲོམ་པ་ལ་སོགས་པའི་སྨན་དང། བསྐོལ་བའི་མར་ཁྲག་དྲག་ཏུ་འབྱུང་བ་ལ་ཕན་ནོ། །ཡ་བཀྵ་ར་སེའུ་འབྲུའི་བཅུད། ཞེས་བྱ་བ་ལ། ཡང་ན་ཡ་བཀྵ་ར་ལྡེ་གུར་བྱས་པ་དང། སེའུ་འབྲུའི་ཁུ་བ་བཞི་འགྱུར་དང་བསྐོལ
་བའི་མར་བླུད་ན་ཡང་དེ་ལ་ཕན་ནོ། །ཁར་པདྨ་གེ་སར་དང། མར་སར་སྦྱར་བཏིལ་བཅས་པ་འམ། མར་གསར་སྦྱར་པ་ཁྲག་ལས་ནི། །གྱུར་པའི་གཞང་འབྲུམ་སེལ་བར་བྱེད། །ཅེས་བྱ་བ་ལ། ཤ་ཁ་ར་དང། པདྨའི་གེ་སར་དང་མར་སར་སྦྱར་བས་ཁྲག
་གི་གཞང་འབྲུམ་སེལ་བར་བྱེད་པ་འམ། ཡང་ན་ཏིལ་དང་མར་དང་སྦྱར་བ་ཟོས་པས་སེལ་བར་འགྱུར་རོ། །ར་ཡི་མར་སར་འོ་མ་དང། སྐམ་སའི་སྲོག་ཆགས་ཤ་ཁྲག་དང། །རྒྱ་སྣེའུ་ཁུ་བར་བཅས་ཤ་ཁུ། ཅུང་ཟད་སྐྱུར་དང་སྐྱུར་མེད་པས། ཞེས
་བྱ་བ་ལ། རའི་མར་སར་ལ་སོགས་པས་ཀྱང་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་སྲོག་ཆགས། ཝ་ལ་སོགས་པའི་རྒྱ་སྣེའུ་ཤ་ཁུ་དང་བཅས་པ་ཅུང་ཟད་སྐྱུར་པ་མེད་པས་ཀྱང་ཁྲག་ལས་གྱུར་པའི་གཞང་འབྲུམ་སེལ
་ཏོ། །ས་ལུ་རྩ་ནར་ཞོ་ཡི་སྤྲི་།དྲུག་ཅུ་པ་དང་ཆང་གསར་དང། །ཆང་གི་དངས་མ་གསར་པ་ནི། །ཁྲག་ལས་གྱུར་པའི་སྨན་མཆོག་ཡིན། ཞེས་བྱ་བ་ལ། ས་ལུ་རྩ་ནར་ལ་སོགས་པའི་ཁྲག་གི་གཞང་འབྲུམ་གྱི་སྨན་གྱི་མཆོག་གམ་གཙོ་བོ་ཡིན་ནོ།།
་ཆང་གསར་པ་ནི་ཕལ་ཆེར་མ་ལངས་པ་སྟེ་ཕལ་ཆེར་རྔར་བའོ། །ཆང་གི་དངས་མ་ནི་ཆང་གཞོན་ནུ་ཤས་ཆེར་སྒྱུར?་བར་མ་གྱུར་རོ། །ཐུག་པ་ཡུ་ཤ་ཤ་ཁུ་སོགས། །ཡང་ན་ཀུན་དོང་འབའ་ཞིག་གིས། །ཁྲག་རྒྱས་གྱུར་པ་སེལ་བྱེད་དེ། །རླུང་ལས་གྱུར་པའང་སྦྱར་བ
་བྱ་ཞེས་བྱ་བ་ལ། སྒོག་པ་ཀུན་དོང་པ་ལན་ཞེས་བྱ་བ་ཐུག་པ་ལ་སོགས་པ་དང་སྦྱར་ཏེ་བླུད་པ་འམ། དེ་འབའ་ཞིག་བྱིན་ན་ཁྲག་ཤིན་ཏུ་རྒྱས་པར་གྱུར་པའི་གཞང་འབྲུམ་དང་རླུང་ལས་གྱུར་པ་འཇོམས་པར་བྱེད་དོ། ཕལ་ཆེར་རླུང་ཤས་ཆེ་གཞང་འབྲུམ། ཁྲག
་འཛག་དྲགས་ལས་འབྱུང་འགྱུར་བས། །དེ་བས་ལྷག་པར་དེ་ལ་ནི། །དེ་བསལ་བྱ་བས་འབད་པར་བྱ། ཞེས་བྱ་བ་ལ། ཁྲག་ཤས་ཆེར་འཛག་ཅིང་འབྱུང་བར་གྱུར་བ་ལས། རླུང་གི་ཤས་ཆེ་བའི་གཞང་འབྲུམ་འབྱུང་བར་འགྱུར་བས། དེ་བས་ན་ལྷག་པར་ཡང
་གཞང་འབྲུམ་གྱིས་ནད་དེ་ལ་རླུང་དེ་བསལ་བར་བྱ་བའི་ཕྱིར་སྨན་པས་འབད་པར་བྱའོ། །ཁྲག་མཁྲིས་ཤས་ཆེ་བད་ཀན་དང། རླུང་ཤས་ཆེ་བ་མཐོང་གྱུར་ན། དེ་ཞི་བྱ་ཕྱིར་རྣམ་ཀུན་ཏུ། །བསིལ་བའི་ཆོ་ག་སྤྱད་པར་བྱ། ཞེས་བྱ་བ་ལ། ཁྲག་ལས་གྱུར
་པའི་གཞང་འབྲུམ་ལ་ཁྲག་དང་མཁྲིས་པ་གཉིས་ཤིན་ཏུ་ཤས་ཆེ་ཞིང་སྟོབས་དང་ལྡན་པར་མཐོང་ལ། བད་ཀན་དང་རླུང་གཉིས་ནི་ཤས་ཆུང་ཞིང་སྟོབས་ཞན་པར་མཐོང་ན་དེ་ལ་མ་སྨིན་པའི་སྐབས་སུ་ཁྲག་མཁྲིས་དེ་ཞི་བར་བྱ་བའི་ཕྱིར་རྣམ་པ
་ཐམས་ཅད་དུ་བསིལ་བའི་ཆོ་གའི་རིམ་པ་གང་དག་ཡིན་པ་དེ་སྤྱད་པར་བྱའོ། །གལ་ཏེ་དེས་ཀྱང་མ་ཞི་ན། དེ་ཚེ་སྣུམ་དང་རྡོ་བས་བརྟ། །ཤ་ཁུ་དྲོ་འཇམ་ཞུ་མར་ནི། །ཐོག་མ་ཉིས་སུ་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་གསོ་བ་བྱས་སུ་ཟིན་ཀྱང་ཁག་དང་མཁྲིས་ལ་དེ
་ཞི་བར་མ་གྱུར་ན་དེའི་འོག་ཏུ་སྣུམ་པ་དང་དྲེ?་བའི་སྨན་དང་ཟས་ཀྱིས་བརྟ་བར་བྱ་ཞིང་ཤ། བུ་ཆུང་ཟད་ཙམ་བླུད་པ་དང། ཞུ་མར་ཡང་ཁྲག་འབྱུང་བའི་ཐོག་མ་ཉིད་དུ་བཏང་ཞིང་རྟ་བར་བྱའོ། །དེ་ལེ་ཏིལ་མར་མར་དང་ནི། །འོ་མ་དྲོ་འཇམ་བླུགས་བ་འང་བསྔགས
་ཞེས་བྱ་བ་ལ། ནད་པ་དེ་ལ་ནི་ཏིལ་མར་རམ་འོ་མ་དྲོ་འཇམ་ཙམ་དུ་བྱས་པ་ཅི་འདོད་བར་བླུད་པ་ཡང་ཕན་ནོ། །བྱི་ཚེ་ར་ཀུ་ཤ་འཇག་མའི་རྩ། །ཤལ་མ་ལའི་མེ་ཏོག་དང། ཨུ་དུམྦ་ར་ནྱ་གྲོ་དྷ། ། ཤྭཏྠ་ཡི་མྱུ་གུ་སྲང། །གཉིས་གཉིས་ཆུ་བྲེ་གསུམ་དང
་ནི། འོ་མ་བྲེ་གར་ནང་དུ་བསྐོལ། །འོ་མ་ལུས་ནས་ཚིག་མ་བཙགས། །བུ་ག་དེར་ནི་མོན་ཛ་ར། །བཙེད་དང་ཙན་དན་ཨུཏཔལ། །ུད་པལ་པདྨའི་གེ་སར་དང། །དུག་མ་ཉུང་གི་ས་བོན་ཏེ། འདི་རྣམས་བརྟགས་པའི་ལྡེ་གུ་བསྲེས། །འདི་ནི་སྤྱི་བག
་ལི་རྩིད??་མར་དང་སྦྲང་རྩིའི་དང་བཅས་འཁྲག་དང་གཞང་ནི་འབྱུང་བ་དང། །བྲག་འཛག་རིམས་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཕྱི་ཚེར་བ་ལ་སོགས་པའི་རྩ་བ་དང། ཤིང་ཤལ་ལ་མིའི་མེ་ཏོག་དང། ཨུ་དུམྦ་ར་ལ་སོགས་པའི་མྱུ་གུ་སྨན་སླ་རེ་རེ་ཞིང་གཉིས
་ཆུ་བྲེ་གསུམ་དང། དེ་བཞིན་དུ་འོ་མ་བྲེ་གང་གི་ནང་དུ་བསྐོལ་ལ་འོ་མ་ལུས་པར་གྱུར་པ་དང། །ཚིགས་མ་བཙགས་ལ་ཁུ་བ་དེར་མོན་ཛ་ར་ས་དང། བཙོད་ལ་སོགས་པའི་སྨན་ལྡེ་གུར་བྱ་བའི་ཚུལ་དུ་སྦྱར་བའི་ལྡེ་གུ་དང་བཅས་པ་འདི་ནི་སྤྱི་བག་གི
་འཇམ་དུ་ཞེས་གྲགས་ཏེ། ད་དང་མར་དང་སྦྲང་རྩི་བསྲེས་ལ། ཅི་རན་ཙམ་བྱིན་ན་འཁྲེག་ཅིང་འཁྲུ་བ་དང་གཞང་འབྱུང་བ་ལ་སོགས་པ་འཇོམས་པར་བྱེད་དོ། །ཤིང་མངར་པྲ་པུཎྜ་རཱི་ཀ་།དེ་བཞིན་མོན་ཛ་ན་ལ་སོགས། །གཉིས་འགྱུར་གྱི་འོ
་མ་བསྐོལ། །སྣུམ་གྱི་འཇམ་རྩི་བཏང་བར་བྱ། །ཞེས་བྱ་བ་ལ། ཤིང་མངར་པྲ་པུཎྜ་རཱི་ཀ་དང། །མོན་ཛ་ར་དང་བཙོད་ལ་སོགས་པའི་བཟླས་མ་ཐག་པའི་སྨན་ལྡེ་གུར་བྱས་པ་དང། འོ་མ་མར་གྱི་ཉིས་འགྱུར་དང་ཆུ་དང་དེ་བཞིན་དུ་བསྐོལ
་བའི་སྣུམ་གྱི་འཇམ་རྩི་བསྐོལ་བར་བྱའོ། །ཤིང་མངར་ཨུད་པལ་སེང་ཕྲོམ་བཙོད། །བིལྦ་ཙན་དན་པ་ལ་ཀ། དབྱི་མོ་གླ་སྒང་པོད་དཀར། །པ་ཐ་ཡ་བཀྵ་ར་མཆོག། སྐྱེར་པ་ཤིང་ཚ་ཙི་ཏྲ་ཀ། དོང་གྲ་སྤོས་ཐང་ཤིང་དང། །གཙང་གི་རི་ཡི
་ཁུ་བ་མར། །བསྐོལ་བ་དེས་ནི་ཉེས་གསུམ་འཇོམས། །གཞང་འབྲུམ་ཚད་འཁྲུ་ཕོ་བའི་ནད། །སྐྱ་རྦབ་རིམས་དང་ཡི་ག་འཆུས། །གཅིན་སྲི་གཞང་ནི་ཉམས་པ་དང། །ཆོ་སོ་སྦོ་དང་འཁྲག་པ་དང། །བེའུ་སྣབས་འཁྲུ་དང་གཞང་འབྲུམ་སེལ
་དེ་བླུད་སྨན་གྱི་དམ་པ་ཡིན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་ཞུན་མར་དང་ཙང་གི་རིའི་ཁུ་བ་བཞི་འགྱུར་དང་བསྐོལ་བའི་སྨན་མར་དེས་ནི་ནད་གཞི་ཉེས་པ་གསུམ་ཆར་འཇོམས་ཏེ། སྨན་མར་དེ་ནི་གཞང་འབྲུམ་དང
་ཚད་པར་འཁྲུ་བ་ལ་སོགས་པའི་ནད་ལ་དེ་བྱིན་མ་དེ་སེལ་བའི་སྨིན་གྱི་དམ་པ་ཡིན་ནོ། །རིམ་གྱིས་མངར་ཞིང་སྐྱུར་བ་དང། གྲང་དྲོ་ལ་སོགས་རྟག་དུ་ནི། །མེ་དྲོད་སྟོབས་ལས་བལྟོས་ཏེ་བཏང། །གཞང་འབྲུམ་ནང་ལས་རྒྱལ་བར་བྱ།།
་ཞེས་བྱ་བ་ལ། གཞང་འབྲུམ་ཅན་གྱི་ནད་པ་ལ་རིམས་ཀྱིས་མངར་བ་དང། སྐྱུར་བའི་སྨན་དང་དེ་བཞིན་གྲང་བ་དང། དྲོ་བ་དག་རྟག་པར་དེ་དུས་ཐམས་ཅད་དུ་སྨན་པས་བོད་པའི་མེ་དྲོད་དང་ཉམས་སྟོབས་ལས་བརྟགས་ཏེ།
་བཏང་བར་གྱུར་ན་གཞང་འབྲུམ་གྱི་ནང་སེལ་བར་འགྱུར་བས་ན་ཇི་ནད་ཀྱང་ཚུལ་ནད་དེ་ལྟ་བུས་གཞང་འབྲུམ་གྱི་ནད་བསལ་བར་བྱའོ། །རྟུག་སྐམས་ཀྱིས་ཉེན་ཏིལ་མར་ནི། །གྲང་བའི་རིམས་ལ་ཕན་པ་བསྐུ། །བསྙན་དུག་སྣུམ་བཅས་ཀྱིས
་དུགས་བྱ། །དེ་ནས་རེང་བུ་གཞུག་བྱ་སྟེ། །ཤམ་དུར་བྱིད་དནད་དང། ནི་ལི་ནི་འབྲས་པི་པི་ལིང། །པོ་སོན་ཆ་ལན་ཆ་ཉིས་འགྱུར། །ཕྱེ་བཏགས་བུ་རམ་པ་གཅིན་སྦྱར། །མར་བསྐུས་རེང་བུ་མཐེ་བོའི་ཚན། །བཅུག་ན་རྟུག་སྐམ་བདེ་འབྱུང་ཕྱིར། ཅེས་བྱ་བ་ལ།
་རྟུག་སྐམ་གྱི་ནད་ཀྱིས་ཉེན་ཅིང་གཟིར་བའི་ནད་པས་གྲང་བའི་རིམས་ལ་ཕན་པར་བཤད་པའི་ཏིལ་མར་སྔར་བཤད་པས་ལུས་ལ་བསྐུས་ལ་བསྙན་པའི་དུགས་སྣུམ་མང་པོ་དང་བཅས་པས་དུགས་བྱས་ལ་དེ་ནས་ཤ་མ་དུར་བྱེད་ལ་སོགས་པའི་ལས
་བྱས་པའི་རིང་བུ་གཞུག་པར་བྱ་སྟེ། དེ་ཡང་ཤམ་དུ་བྱིད་ལ་སོགས་པའི་སྨན་བཏགས་ལ་བུ་རམ་དང་བའི་གཅིན་སྦྱར་ཏེ། ལན་ཚ་སྨན་ཕྱིའི་ཉིས་འགྱུར་བཅུག་ལ་རྐུབ་མར་གྱིས་བསྐུས་ཏེ། རང་བུ་ལག་པའི་ཆད་ཙམ་བཅུག་ན་རྟུག་སྐམས་བདེ་བར
་འབྱུང་བར་བྱེད་དོ། །པི་པི་ལིང་དང་པོ་སོན་ཆ། །ཁྱིམ་གྱི་དུད་པ་ཡུངས་ཀར་བཅས། ཞེས་བྱ་བ་ལ། དེ་བཞིན་དུ་པི་པི་ལིང་ལ་སོགས་པའི་རེང་བུ་མཐེ་བོའི་ཚད་ཙམ་བྱས་ཏེ། སྔ་མ་ལྟར་བྱས་ན་ཡང་རྟུག་སྐམས་སེལ་བར་བྱེད་དེ། །འདི་དག་ཉིད་ཀྱི
་ཕྱི་མ་ནི། །རྐུན་ནས་གཅེའུས་འབུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་རེང་བུ་གཉིས་ཀྱི་སྐབས་སུ་བཤད་པའི་སྨན་གྱི་ཕྱེ་མ་རྐུ་པ་ནས་གཅེའུའི་སྦུ་གུ་ལས་ནུས་ཏེ་བཏང་ན་ཡང་དེ་དང་འདྲའོ། །དེ་དོན་མེད་ན་ར་བ་རྣོ་སྣུམ། །མས་བཏང་བ་ནི་བཙིར་ཏེ་བཏང
་དེས་ནི་གཞང་རྩ་དྲང་བོར་བྱེད། །བཤང་གཅི་འཕྱེན་ནི་བདེ་བར་འབྱུང། །ཞེས་བྱ་བ་ལ། རང་བུ་དང་ཕྱེ་མར་དུད་པ་དེ་དག་དོན་མེད་པར་གྱུར་ཅིང་ནད་སེལ་བའི་འབྲས་བུ་མེད་པར་གྱུར་ན་རབ་ཏུ་རྣོ་ཞིང་སྨན་ཤིན་ཏུ་རྣོ་བ་དང། སྦྱར་བའི་སྣུམ་དང་བཅས
་པའི་སྨན་མས་བཏང་ཞིང་བཙིར་བ་བྱས་ཏེ་བཏོང་མས་བཏང་བ་དེ་ནི་ནད་པ་དེའི་གཞང་གི་རྩ་དྲང་པོར་བྱེད་ཅིང་བཤད་པ་ལ་སོགས་པ་བདེ་བར་འབྱུང་བར་འགྱུར་རོ། །ཡང་འགགས་ན་རླུང་འཇོམས་པའི། །བཀྲུ་སྨན་སྣུམ་ཅན་བཏང་བྱ་ཞིང།
་འཇམ་རྩི་དག་ནི་བཏང་བར་བྱ། །རྩུ་བ་ལས་རླུང་ནི་རྟུག་སྐམས་འགྱུར། །ཞེས་བྱ་བ་ལ། སླར་ཡང་རྟུག་པ་འགགས་པར་གྱུར་ན་རླུང་འཇོམས་པའི་བཀྲུ་སྨན་ཨེ་རཎྜའི་ཏིལ་བ་མར་ལ་སོགས་པ་བཀྲུ་སྨན་བཏང་བ་དང། །རྟུག་སྐམས་ཀྱི
་ཉན་པ་ལ་འཇམ་རྩི་མས་བཏང་བའི་སྣུམ་གྱིས་འཇམ་རྩི་བཏང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རླུང་གི་རྟུག་སྐམས་ནི་རྩུབ་པ་ལས་རྟུག་སྐམ་དུ་གྱུར་པའི་ཕྱིར་བཀྲུ་སྨན་དང། འཇམ་རྩི་སྣུམ་བག་བཏང་བར་བྱའོ། །ལན་ཚ་གསུམ་དང་ཚ་བ་གསུམ་འབྲས
་བུ་གསུམ་དང་དནྟི་དང། བསྲེ་ཞིང་འབྲས་བུ་ཙི་ཏྲ་ཀ་།ཕྱེ་མ་མར་དང་སྦྲང་རྩི་སྤྲུས། །རྫ་སྐྱོགས་ཁ་སྦྱར་འཇིམ་པས་བྱུགས། །དུག་ནད་འཁྱིམས་བསྲེག་པར་བྱ། །ཐལ་བ་དགེ་བ་ཅན་ཞེས་བྱ། །མར་དང་ལྷན་ཅིག་བླུད་པ་འམ། །འབྲས་ཆན་སྣུམ་ཅན
་དང་སྦྱར་ཟོས། །རྟུག་སྐམས་འགགས་དང་གཞང་འབྲུམ་ཅན། །སྐྱ་རྦབ་དམུ་རྫིང་རྡེའུ་གཅིན་སྲི། །སྙིང་ནད་འོར་ནད་འཕོ་བའི་ནད། །གཅིན་སྙི་མཆིན་པ་གཟེར་དང་སྤོ། །ལུད་པ་དབུགས་མི་བདེ་བ་འཇོམས། །ཞེས་བྱ་བ་ལ། ལན་ཚ་གསུམ་ནི་ས
་དེ་བ་ཞེས་བྱ་བའི་ལྕི་མར?་ཚ་དང། སོ་བར་ཚ་ལ་ཞེས་བྱ་བ་ཁ་རུ་ཚ་དང་བི་ད་ཞེས་བྱ་བ་ཁ་རུ་ཚ་ནག་པོ་དྲོ་མི་ཞིམ་པ་སྟེ། གསུམ་དང། ཚ་བ་གསུམ་ལ་སོགས་པའི་སྨན་ཕྱེ་མར་བཏགས་ལ?་དང་བ་གཅིན་གྱིས་སྤྲུས་ཏེ། རྫ་སྐྱོགས་ལ་ཁ་སྦྱར་གྱི
་ནང་དུ་བཅུག་ནས་དུ་བ་ནང་དུ་འཁྱིམས་ཤིང་ཕྱི་མར་བྱུང་བར་བྱས་བསྲེགས་པར་བྱའོ། །དེ་ལྟར་བསྲེག་པའི་ཐལ་བ་དེ་ནི། མིང་དགེ་བ་ཅན་ཞེས་བྱ་བ་སྟེ། དེ་མར་དང་ལྷན་ཅིག་སྦྱར་ཏེ་བླུད་པར་བྱའོ། །འབྲས་ཆན་སྣུམ་ཅན་དང་སྦྱར་ཏེ
་ཟོས་ན་རྟུག་སྐམས་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །གཞང་འབྲུམ་ལ་ནི་གང་ཞིག་བཤད། །དེ་ཀུན་རྟུག་སྐམས་དག་ལའང་སྦྱར། ཞེས་བྱ་བ་ལ། གཞང་འབྲུམ་གྱི་སྐབས་སུ་བཤད་པའི་བཟའ་བ་དང། བཏུང་བ་དང། སྨན་ལ་སོགས
་པ་ཐམས་ཅད་རྟུག་སྐམས་ཀྱི་ནད་ལ་ཡང་སྦྱར་བར་བྱའོ། །ཀ་རཉིཛི་ཤུན་སྲང་ནི་ཉིས་བརྒྱ་ཆུ། །བྲེ་བཅུ་དྲུག་བསྐོལ་བཞི་ཆ་ལུས་པ་དེར། །བུ་རམ་སྲང་ནི་བརྒྱད་ཅུ་ཚ་བ་གསུམ། །སྲང་བརྒྱ་ཞིབ་ཏུ་བཏགས་པའི་ཕྱེ་མ་གཞུག་།འོད་དག་ཟླ་གནག་བཞག་ཏེ་ལངས་གྱུར་ནས།
་ཆར་བྱས་མཆོག་ཏུ་དྲོད་བསྐྱེད་ཟས?་འཇུ་བའི། །ནུས་བསྐྱེད་རླུང་བདེར?་རྒྱུ་བྱས་གཞང་འབྲུམ་དང། །མཆེར?་ནད་སྐྲན་དང་དམུ་རྫིང་སེལ་བར་བྱེད། །ཅེས་བྱ་བ་ལ། ཤུ་ཏི་ཀ་རཉྫའི་ཤུན་ལྤགས་སྲང་ཉིས་བརྒྱ་ལེགས་པར་སྐམས་པ་ཆུ་བྲེ་བཅུ་དྲུག་ཅེས་བྱ་བ
་སྲང་ལྔ་བརྒྱ་རྩ་གཉིས་ཀྱི་ནང་དུ་བསྐོལ་བ་དེ་ལས་བཞི་ཆ་སྟེ། བྲེ་བཞི་ལུས་པ་དེ་བཙགས་ཏེ། བསྒྲངས་པ་དེར་བུ་རམ་སྲང་བརྒྱད་ཅུ་དང་ཁ་བ་གསུམ་ཞིབ་དུ་བཏགས་པའི་ཕྱེ་མ་བཙུག་ལ་སྨན་འདི་དག་ལྡེ་གུར་བསྐོལ་བ་མར་སྣོད་ཀྱི་རྫ་མར་བཅུག་སྟེ། ཟླ་བ
་གཅིག་གི་བར་དུ་གཞག་ནས་ལངས་ཤིང་སྨིན་པར་གྱུར་པར་ནི་ཀ་རཉྫའི་ཚ་ཞེས་བྱ་སྟེ། དེས་ནི་ཤིན་ཏུ་དྲོད་བསྐྱེད་ཅིང་ཟས་འཇུ་བའི་ནུས་པ་བསྐྱེད་པ་དང། རླུང་བདེ་བར་རྒྱུ་བ་ལ་སོགས་པ་བྱས་ནས་གཞང་འབྲུམ་ལ་སོགས་པའི་ནད་སེལ་བར་འགྱུར། །པུ་ཏི་ཀ་རཛྙ
་ཏི་སྲང་བརྒྱད་དང། ཙི་ཏ་ཀཎྜ་ཀཱ་རཱི་སྲང་ཉིས་བརྒྱ། །ཆུ་སྲེ་བཞི་བཅུ་བརྒྱད་བསྐོལ་བཞི་ཆ་ལུས། །བཙགས་ཏེ་བསྒྲངས་པར་བུ་རམ་སྲང་བརྒྱ་གཞུག་།དེ་སྣ་གསུམ་དང་ཚ་གསུམ་སེའུ་འབྲུ་དང། པི་པི་ལིང་གི་རྩ་བ་སྲུ་སྲུ་རྩ། གུ་གུལ་མ་ནུ་འོ་སུ་དབྱི་མོ་དང།
་སྤ་མའི་འབྲས་བུ་སྒེའུ་གཤེར་སྟར་བུ་ནི། །སྲང་རེ་ཞིབ་དུ་བཏགས་པའི་ཕྱེ་མ་བསྐོལ། །བསྒྲངས་ནས་སྦྲང་རྩི་སྲང་ནི་ཉི་ཤུ་གཞུག་།སྒྲེའུ་གཤེར་ལྟར་སྐྱུར་རྩི་ཆེན་པོ་རྒུན་འབྲུམ་རློན། །བུ་རམ་ཤིང་གི་རྩ་བ་བརྩིར་བར་བྱ། །མར་གྱི་སྣོད་བཅུག་ཟླ་གཅིག
་བཞག་སྟེ་ལངས། །སྐྱུར་གྱུར་འདི་ནི་གཞང་འབྲུམ་སོག་ལ་སྟེ། མེ་དྲོད་སྐྱེད་པར་བྱེད་པའི་མཆོག་ཡིན་ལ། །སྐྱ་རྦབ་དབྱིག་དུག་དམུ་རྫིང་བསྒྲམ་མཆེར་བ། ལྟོ་སྤོས་རྡེའུ་ཆགས་གཅིན་སྲི་འཇོམས་པར་བྱེད། ཅེས་བྱ་བ་ལ། པུ་ཏི་ཀ་རཉྫ་ཞེས་བྱ་བའི
་སྨན་སྲང་བརྒྱ་དེ་བཞིན་དུ་ཙི་ཏྲཀ་དང་ཀཎྜ་ཀཱ་རཱིའི་རྩ་བ་སྲང་ཉིས་བརྒྱ་ཆུ་བྲེ་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་ལ་ཞི་ཆ་ལུས་པ་དང། བཙགས་ཏེ་བསྒྲངས་པའི་ནང་དུ། བུ་རམ་སྲང་བརྒྱ་བཅུག་ལ་དེའི་འོག་ཏུ་དྲི་སྣ་གསུམ་ལ་སོགས
་པའི་སྨན་སྲང་རེ་རེ་ཞིབ་དུ་བཏགས་པའི་ཕྱེ་མ་བཅུག་ནས་བསྐོལ་ཏེ། དེ་བསྒྲངས་ལ་སྦྲང་རྩི་སྲང་ཉི་ཤུ་གཞུག་ཅིང་དེ་བཞིན་དུ་སྒེའུ་གཤེར་དང་སྐྱུར་རྩི་ཆེན་པོ་རྒུན་འབྲུམ་རློན་པའི་ཁུ་བ་སྲང་ཉི་ཤུ་བཅུག་ལ། དེ་བཞིན་དུ་བུ་རམ་ཤིང་བཙིར་བའི
་ཁུ་བ་ཅི?་རན་ཙམ་དུ་བླུགས་པ་ལ། མར་གྱི་སྨོད་ཀྱི་ནང་དུ་བཅུག་ནས་གཅིག་བཞག་སྟེ་ལངས་པ་དང། སྐྱུར་རྩི་ཚར་གྱུར་པ་འདི་ནི་གཞང་འབྲུམ་གྱི་ཚོགས་སོགས་ལེས་ཤིང་ལྟར་གཅོད་པ་ཡིན་ཞིང། མེ་དྲོད་ཤིན་ཏུ་སྐྱེད་པར་བྱེད་པ་དང། སྐྱ་རྦབ
་ལ་སོགས་པའི་ནད་འཇོམས་པར་བྱེད་པ་ཡིན་ནོ། །བི་ལུའི་ཁུ་བ་རས་བཙགས་བྲེ་བཅུ་དྲུག་།མར་གྱི་སྣོད་ཀྱི་ནང་དུ་བཅུག་ནས་ནི། །ད་ཏ་ཀི་དང་རྒུན་འབྲུམ་འབྲ་གོ་དང། །སྐྱུ་རུ་ར་ཡི་འབྲས་བུ་སྲང་གཉིས་གཉིས། པ་ཐ་བོད་དཀར་པོ་བྱི་ཚེར་བ།།
་སྟང་བུ་ཚ་བ་གསུམ་དང་ཤིང་ཚ་དང། སུག་སྨེལ་འོ་སུ་སྤྲི་ཀ་ཀ་ཀོ་ལ། ལི་ཤི་པི་པི་ལིང་རྩ་བྱི་ཐང་ག་།ཀྲུ་དྲུག་ཏྲེས་སྲང་རེ་རེ་བུ་རམ་ནི། །སྲང་བརྒྱ་རླུང་མེད་གནས་སུ་ཟླ་ཕྱེད་བཞག་།དེས་ནི་གཞང་འབྲུམ་སྐྲན་བཅས་ཞི་བྱེད་ཅིང། །མེ་ཡི་སྟོབས
་ནི་མྱུར་དུ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བི་ལུ་ཕལ་ཞེས་བྱ་བའི་ཁུ་བ་རས་ཀྱིས་བཙགས་པའི་བྲེ་བཅུ་དྲུག་སྣུམ་དང་བཅས་པའི་མར་སྣོད་ཀྱི་ནང་དུ་བཅུག་ནས་ད་ཏ་ཀི་ལ་སོགས་པ་སྨན་སྲང་གཉིས་དང་པ་ཏ་ལ་སོགས་པའི་སྨན་སྲང་རེ་རེ
་སྦྱར་ལ་དེ་བུ་རམ་སྲང་བརྒྱད་དང་བསྲེས་ནས་རླུང་མེད་པའི་ཁང་བར་ཟླ་ཕྱེད་བཞག་སྟེ། དེ་ནས་ནད་པ་ལ་ནི་རན་ཙམ་དུ་བླུད་ན། གཞང་འབྲུམ་སྐྲན་དང་བཅས་པ་ཞི་ཞིང་སེལ་བར་བྱེད་ལ། དེ་བཞིན་དུ་ཕོ་བའི་མེ་དྲོད་སྟོབས་མྱུར
་དུ་སྐྱེད་པར་བྱེད་པའི་ནུས་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཡང་ན་རྩ་བ་བཅུ་པ་དུར་བྱིད་དང། བ་ཐ་ཨརྐ་གཉིས་དང་པོ་ད་དཀར། །ཀཏཔ་ལ་རྣམས་རེ་རེ་སྲང་བཅུ་བཅུ། །སྔ་མ་བཞིན་དུ་བསྲེགས་པའི་ཐལ་བ་ནི། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ་ནས་ནི། །བཞི་ཆ་ལུས་པར་བུ་རམ་སྲང་བརྒྱད
་དང། ཚ་བ་གསུམ་དང་དབྱི་མོ་ཨ་རུ་ར། །སྲང་ལྔ་ཙི་ཏྲ་ཀ་ནི་སྲང་གཉིས་དང། ཡ་བཀྵ་ར་སྲང་གཉིས་བཅུག་སྟེ་བསྐོལ། །གཟར་བུ་ཆགས་པའི་བུ་རམ་ལྡེ་གུ་ཡིས། །སྐྲན་དང་མཆེར་ནད་གཞང་འབྲུམ་མཛེ་ནད་དང། གཅིན་ནད་མེ་དྲོད་ཉམས་པ་འཇོམས་པར
་བྱེད། །ཅེས་བྱ་བ་ལ། རྩ་བ་བཅུ་པོ་ལ་སོགས་པའི་སྨན་རེ་རེ་ཞིང་སྲང་བཅུ་བཅུ་སྔ་མ་བཞིན་དུ་བསྲེགས་ཏེ་ཐལ་བར་བྱས་ལ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་ཚགས་ཀྱིས་བཙགས་ནས་བཞི་ཆ་ལུས་བར་བུ་རམ་སྲང་བརྒྱ་བཅུག་པ་དང། དེ་བཞིན་དུ
་ཚ་བ་གསུམ་དང། དབྱི་མོ་དང་ཨ་རུ་ར་རེ་རེ་ཞིང་སྲང་ལྔ་ལྔ་དང། ཙི་ཏྲ་ཀ་ཞེས་བྱ་བ་ཀྲུ་དྲུ་ག་ཏྲེས་སྲང་གཉིས་དང། ཡ་བཀྵ་ར་ཞེས་བྱ་བ་ནས་ཚིག་འཁུས་པའི་ནས་སྲང་གཉིས་བཅུག་སྟེ། ཡང་གཟར་བུ་ལ་ཆགས་ཀྱི་བར་དུ་བསྐོལ་བའི་བུ་རམ་གྱི་ལྡེ་གུས
་འདིས་ནི་སྐྲན་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །ཙི་ཏྲ་ཀ་ཡི་རྩ་བ་སྲང་ལྔ་བཅུ། །ཆུ་སྲང་བཅུ་དྲུག་བསྐོལ་བ་བརྒྱད་ཆ་ལུས། །དེར་ནི་བུ་རམ་རྙིང་བ་སྲང་བརྒྱ་གཞུག་།སླར་བསྐོལ་སླ་བར་གྱུར་བ་དེ་ནང་དུ། །ཚ་བ་གསུམ་དང་ཤུ་ཏི་ཨ་རུ
་ར། རུ་རྟ་གླ་སྒང་ཤིང་ཚ་ཕྱི་དང?་ག། །ཙི་ཏྲ་ཀ་དང་སུག་སྨེལ་ཕྱེར་བཏགས་བསྲེས། །དེས་ནི་གཞང་འབྲུམ་མཛེ་དང་སྐྲན་དང་ནི། །མཆེར་བ་དམུ་རྫིང་ནད་ནི་འཇོམས་བྱེད་ཅིང། །རྟག་ཏུ་བསྟེན་ན་མེ་དྲོད་སྐྱེད་པར་བྱེད། ཅེས་བྱ་བ་ལ། ཙི་ཏྲ་ཀའི་རྩ་བ་ལྔ་བཅུ་ཆུ
་སར་བཅུ་དྲུག་ཏུ་བརྒྱད་ཆ་ལུས་ཀྱི་བར་དུ་བསྐོལ་ལ་དེར་བུ་རམ་རྙིང་པ་སྲང་བརྒྱ་བཅུག་སྟེ། ཡང་བསྐོལ་ནས་བསྐ་ཞིང་གཟར་བུར་ཆགས་པར་གྱུར་པ་དང། ལྡེ་གུ་དེའི་ནང་དུ་ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་བསྲེས་ལ་དེ་ལུས་ཟུངས་དང་ནད་གཞི
་དབང་དུ་བྱས་ནས། དེ་དང་རྗེས་སུ་མཐུན་པར་བསྟེན་ན་གཞང་འབྲུམ་ལ་སོགས་པའི་ནད་འཇོམས་པར་བྱེད་ཅིང། མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །ཚ་བ་གསུམ་ཏིལ་འབྲས་བུ་གསུམ། །བྱི་དང་ག་དང་གོ་བྱེད་ཙི་ཏྲག་།བུ་རམ་རིལ་བུར
་བྱས་བསྟེན་གཞང་འབྲུམ་དང། པགས་པའི་ནད་ནི་སེལ་བར་བྱེད་པ་ཡིན། ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་མང་བུ་རམ་དང་རིལ་བུར་བྱས་ཏེ། རྒྱུན་དུ་བསྟེན་ན་གཞང་འབྲུམ་གྱི་ནད་སེལ་བར་བྱེད་ཅིང། པགས་པའི་ནད་མཛེ་ནད་ཅེས་བྱ་བ་རབ
་འཇོམས་པར་བྱེད་པ་ཡིན་ནོ། །སོ་རན་ཡི་རྩ་བེ་ཁ་སྦྱར་བཅུག་།འཇིམ་པས་བསྐུས་ཏེ་ཆོག་བཞིན་བསྲེགས་པ། ལན་ཚ་ཏིལ་མར་བཅས་པ་ཟོས་གྱུར་ནས། གཞང་འབྲུམ་སེལ་པར་བྱེད་པའི་དམ་པ་ཡིན་ཞེས་བྱ་བ་ལ། སོར་ན་ཞེས་བྱ་བའི་རྫ
་སྐྱོགས་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། འཇིམ་པས་བསྐུས་ནས་འོ་མའི་རིམ་པས་དཀྲིས་ཏེ་བསྲོག་པའི་ཆོ་གས་བསྲོགས་པ་ལན་ཚ་དང་ཏིལ་མར་དང་བཅས་པར་ཟོས་ན་ཡང་གཞང་འབྲུམ་སེལ་བར་བྱེད་དོ། །ན་ལེ་ཤ་མ་དང་པི་པི་ལིང་དོང་གྲ
་ཀྲུ་དྲུག་ཏྲེམ་ནི་ཆ་རེས་བསྐྱེད་པ་དང། ཙི་ཏྲའི་བཞི་འགྱུར་སུ་རན་དང་སྦྱར། །བུ་རམ་རིལ་བུས་གཞང་འབྲུམ་གཅོད་པར་བྱེད། ཅེས་བྱ་བ་ལ། ན་ལེ་ཤམ་ལ་སོགས་པ་ཆ་རེས་བསྐྱེད་པ་དེ་བསྡུས་པ་ལ། ཀྲུ་དྲུག་ཏྲེས་ཀྱི་བཞི་འགྱུར་གྱི། །སུ་རན་དང
་སྤྱད་ལ་བུ་རམ་དང། རིལ་བུར་སྦྱར་བས་ཀྱང་གཞང་འབྲུམ་སེལ་བར་བྱེད་དོ། །ཚད་མ་བཤད་པར་བུ་རམ་ནོ། ཕྱེ་མའི་ཉིས་འགྱུར་གཞུག་པར་བྱ། །ཞེས་སྨོས་པས་དེའི་ཕྱིར་འདིར་སྦྱར་བ་ནི་ན་ལེ་ཤམ་ཞོ་གཅིག། །པི་པི་ལིང་ཞོ་གཉིས། །དོང
་གྲ་ཞོ་གསུམ། །ཀྲུ་དྲུག་ཏྲེས་ཞེས་བྱ་བ་ཙི་ཏྲ་ཀ་ཞོ་བཞི། །སུ་རན་ཙི་ཏྲ་ཀའི་བཞི་འགྱུར་ཏེ། ཞོ་བཅུ་དྲུག་སྦྱར་ལ་བུ་རམ་ནི་ཕྱེ་མ་དེ་ཐམས་ཅད་ཀྱི་ཉིས་འགྱུར་དུ་བྱའོ། །སུ་ད་ན་ཡི་བཅུ་དྲུག་ཕྱེར་བཏགས་ཤིང། ཙི་ཏྲ་ཀ་ནི་དེ་ཡི་ཆ་ཕྱེད་བྱ། །
་བཅའ་སྒ་ཆ་གཉིས་ན་ལེ་ཤམ་ཆ་གཅིག་།བུ་རམ་རིལ་བུར་བྱས་པས་གཞང་འབྲུམ་སེལ། ཞེས་བྱ་བ་ལ། སུ་ར་ན་བཅུ་དྲུག་ཕྱེ་མར་བཏགས་ལ་ཙི་ཏྲ་ཀ་དེའི་ཕྱེད་དེ་སྲང་བརྒྱད་བྱ། །བཅའ་སྒ་ལས་ནི་ཆ་གཉིས། ན་ལེ་ཤམ་ཆ་གཅིག་སྟེ། འདི་དག་ཀུན་གྱིས
་ཉིས་འགྱུར་གྱི་བུ་རམ་དང་རིལ་བུར་བྱས་པ་བསྟེན་པས་ཀྱང་གཞང་འབྲུམ་སལ་བར་བྱེད་དོ། ། དུ་ར་དང་དོར་གྲ་པི་པི་ལིང། །ཀ་རཉྫ་དང་ཙི་ཏྲ་གྱི་དང་ག་།ཁ་ར་མཉམ་ཕྱེ་རྒོད་མའི་ཁ་ལྟ་བུ། །ཟས་ལྕི་མང་དུ་ཟོས་ཀྱང་འཇུ་བར་བྱེད། ཅེས་བྱ་བ་ལ། ཨ་རུ
་ར་ལ་སོགས་པའི་སྨན་གྱི་ཕྱེ་མ་ཁ་ར་དང་ཆ་མཉམ་དུ་སྦྱར་ཏེ་ཕྱེ་མར་བྱས་པ་ཟོས་ན་ཡང་ཟས་ལྕི་བ་མང་དུ་ཟོས་ཀྱང་འཇུ་བར་བྱེད་དོ། །རྒྱ་མཚོའི་ནང་ན་རྒོད་མ། བཞེས་བྱ་བའི་མེ་ཡོད་པ་འདྲ་བ་ཡིན་ནོ། །དུག་མོ་ཉུང་ལངྒ་པི་པི་ལིང། ཙི་ཏྲ་ཀ་དང་ཨ་བམ་རྒ
་ཡི། །ས་བོན་དེ་མཁྲིས་རྒྱམ་ཚ་བུ་རམ་རྣམས། །རིལ་བུ་བྱས་པས་གཞང་འབྲུམ་སེལ་བར་བྱེད། ཅེས་བྱ་བ་ལ། དུག་མོ་ཉུང་ལ་སོགས་པའི་སྨན་བུ་རམ་དང། རིལ་བུར་བྱས་པས་ཀྱང་གཞང་འབྲུམ་སེལ་བར་བྱེད་དོ། །གལ་ཏེ་གཞང་འབྲུམ་གཞིག་བར་འདོད་ན་ནི
་རྒྱམ་ཚ་ཙི་ཏྲ་ཀ་དང་དུག་མོ་ཉུང། །ཙི་ལི་བིལྤ་ནིམྦར་བཅས་པ་དག་།བཏགས་པའི་ཕྱེ་མར་དར་བར་བཅས་པ་གཏུང། །ཞེས་བྱ་བ་ལ། འགའ་ཞིག་གལ་ཏེ་གཞང་འབྲུམ་གྱིས་ནད་ཀྱིས་ཉེན་པ་གཞིག་ཕར་འདོད་ན་རྒྱམ་ཚ་ལ་སོགས་པའི་ཕྱེ་མ་དར་བ
་གསང?་བ་དང་སྦྱར་བར་བྱའོ། །གཞང་འབྲུམ་སྐམ་ལ་བལ་ཏ་ཀ་སྟེ། གཤེར་ལ་དུག་མོ་ཉུང་ཤུན་སྨན་མཆོག་ཡིན། །ཀུན་ལ་དུས་ཀུན་ཏུ་ནི་དར་སྙིང་མཆོག་།སྟོབས་སྐྱེད་བྱེད་ཅིང་ནད་རྣམས་འཇོམས་པ་ཡིན། །ཞེས་བྱ་བ་ལ། གཞང་འབྲུམ་སྐམ་བོན
་ཡལ?་ནི་གསོ?་ཤིང་གི་འབྲས་བུ་བཏལ། ཀ་ཞེས་བྱ་བ་སྨན་གྱི་མཆོག་ཡིན་པར་བཤད་ལ། གཞང་འབྲུམ་གཤེར་པ་ལ་ནི་དུག་མོ་ཉུང་གི་ཤུན་ལྤགས་མཆོག་ཡིན་ནོ། །གཞང་འབྲུམ་གྱི་ནད་ཐམས་ཅད་ལ་དུས་ཐམས་ཅད་དུ་དར་བ་རྙིང་པ་གཞང
་འབྲུམ་གྱི་སྨན་གྱི་མཆོག་ཡིན་ནོ། །ཡང་ན་དར་བ་དེ་ནི་ལུས་ཀྱི་སྟོབས་བསྐྱེད་ཅིང་ནང་ཀྱི་ཆོ་གས་འཇིགས་པར་བྱེད་པ་ཡིན་ནོ། །རྟུག་པ་འགགས་པ་བསལ་བར་བྱ་བའི་ཕྱིར། རླུང་སེལ་མེ་དྲོད་སྐྱེད་པར་བྱེད་པ་ཡིན། །བཟའ་དང་བཏུང་བ་གང
་ཡིན་དེ་བསྟེན་བྱ། །དེ་ལས་གོ་བཟློག་པ་ནི་སྤང་བར་བྱ། ཞེས་བྱ་བ་ལ། གཞང་འབྲུམ་གྱི་ནད་ལ་ནི་རྟུག་པ་འགགས་ཤིང་རླུང་དང་བད་ཀན་ལ་སོགས་པ་སེལ་བར་བྱེད་པའི་ཟས་དང་སྐོམ་དད་སྨན་ལ་སོགས་པས་རྟུག་པ་འགགས་པ་དེ་བསལ་ཞིང་བདེ
་བར་འབྱུང་བར་བྱ་བའི་ཕྱིར་ཟས་དང་སྐོམ་དད་སྨན་གང་རླུང་སེལ་ཅིང་མེ་དྲོད་བསྐྱེད་པ་གང་ཡིན་པ་དེ་བསྟེན་ཅིང་སྤྱད་པར་བྱ་ལ། ཇི་སྐད་བསྟན་པ་དེ་ལས་གོ་བཟློག་པ་རླུང་ལས་གནོད་པར་བྱེད་པ་མེ་དྲོད་འབྲི་བར་བྱེད་པ་དེ་ནི་སྤང་བར་བྱའོ། །གཞང་འབྲུམ
་ཚད་འཁྲུ་ཕོ་བའི་ནད་རྣམས་ནི། །ཕལ་ཆེར་ཕན་ཚུན་རྒྱུད་གྱུར་ཡིན་པས་ན། མེ་དྲོད་ཆུང་ན་ནང་སྐྱེའི་ཚེ་ན་མིན། །དེ་བས་དེ་ལ་མཆོག་ཏུ་མེ་དྲོད་བསྲུང། །ཞེས་བྱ་བ་ལ། གཞང་འབྲུམ་ཚད་པར་འཁྲུ་བ་དང། ཕོ་བའི་ནད་རྣམས་ནི་ཕལ་ཆེར་རམ་ཤིན
་ཏུ་མང་དུ་ཕན་ཚུན་རྒྱུར་གྱུར་ཅིང་གཅིག་གིས་གཅིག་སྐྱེད་པར་བྱེད་པ་ཡིན་པས་ཕོ་བའི་མེ་དྲོད་ཆུང་ན་ནི་ནད་དེ་སྐྱེ་པར་འགྱུར་གྱི། མེ་དྲོད་ཆེ་ཞིང་འབར་བར་གྱུར་ན་དེ་འབྱུང་བར་མི་འགྱུར་རོ། །དེ་བས་ན་གཞང་འབྲུམ་ལ་སོགས་པའི་ནད་རྣམས་ལ
་མཆོག་ཏུ་ཕོ་བའི་མེ་དྲོད་བསྲུང་བ་ལ་འབད་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ
་བརྒྱད་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་འཁྲུ་བ་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གཞང་འབྲུམ་གསོ་བའི་འོག་ཏུ་ཚད་པར་འཁྲུ་བ་བཤད་པ་བརྩམས་པ་ནི་དེའི་རྒྱུད་ཡིན་པའི་ཕྱིར་རོ། །འཁྲུ་བ
་ཕལ་ཆེར་མ་ཞུ་བའི། །གནས་རྟེན་མེ་དྲོད་ཉམས་པ་ལས། འབྱུང་བས་དེའི་ཕྱིར་རླུང་གྱུར་ལ་འང། །དང་པོ་སྨྱུང་བ་བྱས་པ་ཕན། ཞེས་བྱ་བ་ལ། གང་གི་ཕྱིར་འཁྲུ་བ་ཕལ་ཆེར་མང་དུ་ནི་མ་ཞུ་བའི་གནས་ལ་བརྟེན་ཅིང་དེར་གནས་པའི་རྒྱུ་དང་འབྲེལ་བའི་བདག་ཉིད
་ཅན་ཡིན་པས་ན་དེའི་ཕྱིར་དེ་ན་གནས་པའི་མེ་དྲོད་ཉམས་པར་བྱས་ཤིང་བཅོམ་པ་ནས་འཁྲུ་བ་འབྱུང་བར་འགྱུར་བས་དེའི་ཕྱིར་ཚད་པས་འཁྲུ་བའི་ནད་འདི་ལ་ནི་རླུང་ལས་གྱུར་པའི་ཡིན་དུ་ཟིན་ཀྱང་དང་ངོར?་དེ་ཐོག་མ་ཁོ་ནར་སྨིན་པར་བྱ་བའི་ཕྱིར་སྨྱུང
་པར་བྱ་ཞིང་ཟས་བཅད་པར་བྱའོ། །གཟེར་སྤོ་བད་ཀན་གྱིས་ཉམས་ཐག་།འཁྲུ་བ་ཅན་ནི་སློན་དུ་གཞུག་།ཅེས་བྱ་བ་ལ། འཁྲུ་བའི་ནད་པ་གཟེར་ལ་སོགས་པས་ཉམ་ཐག་ཅིང་གཟིར་བ་ལ་ནི་སྐྱུགས་སྨན་བྱིན་ལ་སློན་དུ་གཞུག་གོ་།ནད་ནི་གང་ཞིག་བསོགས་པ
་དག་།མ་སྨིན་ཟས་དང་འདྲེས་གྱུར་ན། །འཁྲུ་པ་དག་ནི་འབྱུང་འགྱུར་ཏེ། །ཤིན་ཏུ་སློངས་ཏེ་འབྱུང་འགྱུར་དང། རང་ཉིད་འཁྲུ་བྱེད་དག་ལ་ནི། །བཏང་སྙོམས་བཞག་པ་དེ་ཉིད་སྨན། །ཞེས་བྱ་བ་ལ། ནད་གང་ཞིག་སོགས་ཅིང་ཀུན་ནས་འདུས་ལ་འཕེལ་བར
་འགྱུར་བའི་རང་བཞིན་ཅན་དུ་གྱུར་པ་དག་ལ་མ་སྨིན་པའི་ཁ་ཟས་དང་གཅིན་དུ་འདྲེས་པར་གྱུར་ན་འཁྲུ་བར་འགྱུར་ཞིང་དེའི་དོན་བྱེད་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་ནད་ཤིན་ཏུ་གློངས་ཤིང་གཡོས་པ་ལས་བྱུང་བར་གྱུར་པ་དེ་དང། དེ་བཞིན་དུ་རང
་ཉིད་རྐྱེན་གཞན་གྱིས་མི་བསྐྱོད་པར་འབྱུང་ཞིང་བསྐྱོད་པར་བྱེད་པ་དེ་དག་ལ་ནི་བཏང་སྙོམས་སུ་བཞག་ཅིང་རེ་ཞིག་བཅད་སྨན་མི་བླུད་པར་བཏང་སྙོམས་སུ་བཞག་ཅིང་འཁྲུར་གཞུག་པ་དེ་ཉིད་དེའི་སྨན་ཡིན་ནོ། །མ་ཞུ་འཁྲུ་ལ་དང་པོར་ནི། །བཅད་པའི་སྨན་ནི་བཏང
་མི་བྱ། ཞེས་བྱ་བ་ལ། མ་ཞུ་བ་འཁྲུ་བའི་སྐྱེས་བུ་ལ་ནི་ཐོག་མ་ཁོ་ནར་བཅས་པའི་སྨན་གྱིས་སྦྱོར་བ་བཏང་བར་མི་བྱའོ། །གལ་ཏེ་འགགས་བྱེད་ལྟོ་སྤོས་ལྕི། །གཟེར་དང་ཚོར་བ་ཆུང་གྱུར་ལ། ། རུ་ར་བཏང་ནད་འཁྱིལ་ག་།འབྱིན་པ་སྲོག་ནི
་སྟེར་བྱེད་ཡིན། ཞེས་བྱ་བ་ལ། ནད་ཀྱིས་གགས་བྱས་ཤིང་ཅུང་ཟད་ཅུང་ཟད་འབྱུང་བར་བྱེད་ལ་ལྟོ་སྤོས་པ་ལ་སོགས་པོ་བསྐྱེད་པའི་ནད་ལ་མི་ཨ་རུ་ར་བཏགས་པའི་ཕྱེ་མ་ཆུ་དྲོན་དང་བཏང་ན་ནད་འཁྱིལ་པ་འབྱིན་པར་བྱེད་ཅིང། སྲོག
་འཛིན་པར་བྱེད་དོ། །ནད་ཚབས་འབྲིང་ལ་ཁྱད་པར་དུ། །བུ་ཏི་ཀ་དང་པི་པི་ལིང། །བཅའ་སྒ་ཤུ་དག་ཨ་རུ་ར། །འོ་སུ་ལེགས་པར་བསྐོལ་བ་བླུད། །ཅེས་བྱ་བ་ལ། འཁྲུ་བའི་ནད་ཚབས་འབྲིང་ཙམ་དུ་གྱུར་པའི་ནད་པ་ལ་ནི། གསོ་བའི་ཁྱད་པར་བུ་ཏི་ཀ་ལ
་ལ་སོགས་པ་བླུད་པར་བྱའོ། །བསྐོལ་བ་བླུད་པར་བྱའོ། །ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་པར་འགྱུར་བ་ཡིན་ཏེ་སྦྱད་དུ་འཁྲུས་པར་འགྱུར་བའི་ཚུལ་གྱིས་བསྐོལ་བར་བྱ་བ་མིན་ཏེ། དེ་ཡང་རྒྱུད་གཞན་ལས། སྨན་ནི་ལྡེ་གུར་བྱས་ཏེ་བསྐོལ། །འཁུས
་བ་ཡིན་པར་དེ་ཤེས་བྱ། །ཞེས་བཤད་བ་དང། དེ་བཞིན་དྲང་སྲོང་རྩ་ར་ཀས་ཀྱང། །དྲོད་བསྐྱེད་སྨིན་པར་བྱེད་པ་ཡི། །ལེགས་པར་འཁྲུས་པར་བསྐོལ་ཏེ་བླུད། །ཅེས་བཤད་པ་ཡིན་ནོ། །ཡང་ན་བིལྤ་འོ་སུ་དང། །བླ་སྒང་དོང་གྲ་བའི་ཀ། ཞེས་བྱ
་བ་ལ། ཡང་ན་འཁྲུ་བའི་ནད་ཚབས་འབྲིང་ཙམ་དུ་གྱུར་བ་ལ་བིལ་བ་ལ་སོགས་པ་བསྐོལ་བའི་ཆུ་བླུད་པར་བྱའོ། །པ་ཏ་ཤུ་དག་ཁུ་རུ་ཆ། །དོང་གྲ་པི་པི་ལིང་ཨ་རུ་ར། །ཞེས་བྱ་བ་ལ། ཡང་ན་བ་ཏ་ལ་སོགས་པ་བསྐོལ་བ་བླུད་པར་བྱའོ། །བཅའ་སྒ་གླ་སྒང
་པོ་ང་དཀར། །བིལྤ་ཤིང་ཀུན་དུ་ག་མོ་ཉུང། །ཞེས་བྱ་བ་ལ། ཡང་ནད་ཚབས་བར་མ་དེ་ལ་བཅའ་སྒ་ལ་སོགས་བ་བླུད་བར་བྱའོ། །ནད་གཞི་ཆུང་བའི་ཚད་འཁྲུ་ལ། །སྨྱུང་བ་བྱ་བ་བསྔགས་པ་ཡིན། ཞེས་བྱ་བ་ལ། ཡང་ཚད་བར་འཁྲུ་བའི་ནད་པ་ལ་ཤུ་དག?
་དང་བོང་ང་དཀར་པོ་བསྐོལ་ཏེ་སྦྱིན་པའམ། ཚད་བར་ན་བའི་ནད་པ་ནད་གཞི་ཆུང་བ་རྣམས་ལ་ནི་སྨྱུང་བ་བསྔགས་པ་ཡིན་ནོ། །ཡང་ན་ཆུ་དག་པོ་ང་དཀར། །གླ་སྒོང་པརྤ་ཏ་བསྐོལ་བའམ། བ་ལ་ཀ་དང་དོང་བྲ?་ནི། །བསྐོལ་བའི་ཆུ་ནི་བླུད་པར་བྱ།།
་།།ཞེས་བྱ་བ་ལ། ཡང་ཚད་པར་འཁྲུ་བའི་ནད་པ་ལ་ཤུ་དག་དང་བོང་ང་དཀར་པོ་བསྐོལ་ཏེ་སྦྱིན་པའམ། གླ་སྒང་དང་པརྤ་ཏ་བསྐོལ་ཏེ་བླུད་པ་འམ། ཡང་ན་བལ་ཀ་དང། དོང་གྲ་བསྐོལ་བའི་ཆུ་བླུད་པར་བྱའོ། །བཀྲེས་ཤིང་ཉམས་ཆུང་ཟས་དུས
་སུ། །ཁ་ཟས་ཡང་བར་རིགས་པས་སྦྱིན། །དེས་ནི་ཁ་ཟས་ཡི་གར་འོང། །མེ་དྲོད་ལུས་སྟོབས་བསྐྱེད་པར་བྱེད། །ཅེས་བྱ་བ་ལ། ཟས་སྦྱིན་པར་འོས་པའི་དུས་སུ་ནད་པ་དེ་བཀྲེས་མིང་ལུས་ཀྱི་ཉམས་ཆུང་བ་ལིན་པར་ཤེས་ན་ཁ་ཟས་ཡང་འཐུག?་བང་ལ
་སོགས་པ་དག་ཚད་དང་ལྡན་པར་སྦྱིན་པར་བྱའོ། །ད་ལྟར་སྤྱད་པ་དེས་ནད་པ་དེའི་ཁ་ཟས་ཡི་གར་འོང་བ་ལ་སོགས་པ་བྱེད་པར་འགྱུར་རོ། །དར་བ་འམ་རང་སྐྱུར་དག་གམ་ནི། །ནད་ཐུག་དག་གམ་སྐྱོ་མ་འམ། ཆད་དམ་རྒུན་ཆང་དག་གིས་ནི། །བཏུང་བ་གར
་གོམས་ཉེར་སྤྱད་བྱ། །ཞེས་བྱ་བ་ལ། འཁྲུ་བ་དང་ལྡན་པ་དེ་ལ་སྐོམ་དུ་ནི་དར་བ་ལ་སོགས་པའི་བཏུང་བ་ཇི་ལྟར་གོམས་པའི་དབང་དུ་བྱས་ནས་ནད་དང་རྗེས་སུ་མཐུན་པར་སྦྱིན་པར་བྱ་ཞིང་བཙོ་བར་བྱའོ། །ཁ་ཟས་སྦྱིན་པའི་འོག་ཏུ་ནི། །བིལྤ?་གཞོན་ནུ་ཟུར་བ་ཀར
་འུ་སུ་ཤིང་ཀུན་ད་ཏིག་སེའུ། །ཟིར་བ་འབྲས་པ་ལ་ཤ། ལ་ལ་ཕུད་དང་ཁ་རུ་ཚ། །རྒྱམ་ཚ་རྩ་བ་ཆུང་ངུ་ལྔ། །ཚ་བ་ལྔ་དང་པ་ཏ་སྟེ། །སྨིན་སྤྲོད་བློད་ནི་སྐྱེ་བར་བྱེད། །ཅེས་བྱ་བ་ལ། ཁ་ཟས་ནས་ཐུག་དང་ཐུག?་པོ་དཀར་པོ་དང་སྦྱར་བའི་ཐུག་པ་དང། ཡུ་ཤ་དང་ཤ་རུ་དང།
་འབྲས་ཆན་ལ་སོགས་པ་བྱིན་པའི་འོག་ཏུ་སྨིན་པར་བྱེད་ཅིང་གཅོད་པ་དང། དྲོད་སྐྱེད་པར་བྱེད་པའི་བིལྤ་གཞོན་ནུ་ལ་སོགས་པའི་སྨན་དག་ཅི་རིགས་པར་སྦྱིན་པར་བྱའོ། །བད་ཀན་མཁྲིས་པའི་ཤས་ཆེ་ལ། །ས་ལ་པརྞི་བ་ལ་དང། །བིལྤ་ཕྲིན?་བརྞི་དང། །སེའུ
་འབྲུ་བསྐོལ་བའི་ཐུག་པ་ཕན། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པའི་ཤས་ཆེ་བ་འཁྲུ་བ་ལ་ནི་ས་ལ་བརྞི་ལ་སོགས་པ་དང་བསྐོལ་བའི་ཐུག་པ་ཕན། །པི་པི་ལིང་རྩ་ཨ་རུ་ར། །ཐུག་བ་རླུང་ནི་བདེ་རྒྱུ་བྱེད། །ཅེས་བྱ་བ་ལ། ཡང་རླུང་འཁྱིལ་པར་བྱེད་བའི?་འཁྲུ
་བའི་ནད་པ་ནི་པི་པི་ལིང་གི་རྩ་བ་དང། ཨ་རུ་ར་བསྐོལ་པའི་ཐུག་པ་ཕན་ནོ། །ནད་གཞི་མང་ལ་འགགས་པ་དང། མེ་དྲོད་ཆེ་བར་གང་ཞིག་འཁྲུ། །པི་པི་ལིང་དང་འབྲས་བུ་གསུམ། །བྱི་དང་ག་བསྐོལ་བཀྲུ་སྨན་བཏང། ཞེས་བྱ་བ་ལ། བསྲུ?་བའི
་ནད་པ་གང་ནད་གཞིའི་ཤས་མང་ལས་འགགས་པ་ཤིང་མཁྲེགས་པ་དང་བཅས་འཁྲུ་བར་བྱེད་པ་དང། ཕོ་བའི་མེ་དྲོད་ཆེ་བར་གྱུར་པ་གང་ཡིན་པ་དེ་ལ་པི་པི་ལིང་ལ་སོགས་པའི་བཀྲུ་སྨན་བཏང་ལ་འཁྲུས་བྱའོ། །སྦྱང་བྱས་ནས་ནི་ཐུག་པ་དག། རླུང
་འཇོམས་མེ་དྲོད་སྐྱེད་པ་བླུད། །ཅེས་བྱ་བ་ལ། དེ་ལྟར་བཀྲུ་སྨན་བཏང་སྦྱང་བ་བྱས་པའི་ནད་པ་དེ་རླུང་འཇོམས་པའི་སྨན་ཚ་བ་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་པར་བྱའོ། །གང་ཞིག་མ་ཞུ་སྨིན་གྱུར་དང། མེ་དྲོད་བསྐྱེད་ནས་འཁྲུ་འགྱུར་ཞིང།།
་འབྱར་བག་ལྦུ་བ་ཅན་ནད་བཅས། །སྲི་ཞིང་ཡང་དང་ཡང་དུ་འབྱུང། །ཡང་ཡང་འཁྲུ་ཞིང་བཤད་ཆུང་བ་འམ། །བཤད་པས་མ་འདྲེས་མཁྲེག་བཅས་ལ། །ཞོ་དང་འོ་མ་མར་ཏིལ་མར། །བཅའ་སྒ་བུ་རམ་བཅས་པ་བླུད། །ཅེས་བྱ་བ་ལ། འཁྲུ་བ་ཅན་གྱི་ནད
་པ་གང་ཞིག་མ་ཞུ་བའི་སྨིན་པར་གྱུར་ཅིང་དག་པ་དང། དེ་བཞིན་དུ་མེ་དྲོད་ཤས་ཆེར་སྐྱེས་པར་གྱུར་བས། གང་འཁྲུ་ཤིང་བཤད་པ་འབྱུང་བར་གྱུར་ལ། དེ་ཡང་འབྱར་བག་ལ་སོགས་པའི་ཚུལ་དུ་ཡང་དང་ཡང་དུ་ཉུང་ཞིག་འཁྲུ་བར་བྱེད་ལ་བཤད་པའི་ཤས
་ཆུང་པ་འམ་མ་འདྲེས་པར་དབྱར་བག་ཅན་གྱི་བེའུ་སྣབས་ལ་སོགས་པ་འབའ་ཞིག་འཁྲེག་ཅིང་བསྲི་བ་དང་བཅས་པར་འཁྲུ་བར་འགྱུར་བ་སྟེ། མཁྲེགས་པ་དང་བཅས་པའི་མཚན་ཉིད་ནི་རྒྱུད་གཞན་ལས་འདི་སྐད་བཤད་དེ་ཁྲག་འཛག་བཤད་བ
་འབྱུང་པ་དང། རླུང་གི་བཤད་པ་མེད་པར་འབྱུང། །སྤུ་བ་ཅན་དུ་གང་ཞིག་འཁྲུ། །དེ་ནི་མཁྲེག་པ་ཞེས་བྱར་བཤད། ཅེས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་འཁྲུ་བ་ལ་ནི། །ཞོ་ལ་སོགས་པ་དང་བཅས་པའི་བུ་རམ་དང་བཅལ་སྒ་བཏབ་པ་བླུད་པར་བྱའོ།།
་ཡང་ན་རྒྱ་ཤུག་འབྲས་བུ་སྤངས། །བུ་རམ་ཏིལ་མར་ལྡན་པར་སྦྱིན། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་གི་འབྲས་བུ་སྤངས་པ་དང་བུ་རམ་དང་ཏིལ་མར་དང་ལྷན་ཅིག་བྱིན་ན་ཡང་འཁྲུ་བའི་ནད་ལ་ཕན་ནོ། །བཤད་པ་སྲི་ལ་ཕན་ཚོད་མ། །སྣུམ་དང་དེ་བཞིན་ཤ་ཁུ་དང།།
་ཞོ་དང་སེའུ་འབྲུ་གཡོས་པ་དང། ས་ལུ་འབྲས་ཆན་མ་ཤ་ཏིལ། །མུངྒ་ལེགས་པར་གཡོས་པའི་ཟས། །དེ་ནི་བཀྲེས་པར་གྱུར་ཚེ་སྦྱིན། །ཞེས་བྱ་བ་ལ། ཡང་ན་བཤད་བ་སྲི་པ་ལ་ཕན་པའི་ཚོད་མ་རྒྱ་སྣེའུ་ལ་སོགས་པ་སྣུམ་མང་བ་དང། ཤ་ཁུ་སྣུམ་མང་པ་ལ་སོགས
་པ་དང། ས་ལུའི་འབྲས་སྦྱིན་པར་བྱ་བ་འམ། ཡང་ན་ཤལ་སོགས་པ་ལེགས་པར་གཡོས་ཤིང་སྦྱར་པའི་ཚོད་མ་དང་ས་ལུའི་འབྲས་ཆན་ནད་པ་དེ་བཀྲེས་ཙམ་ན་སྦྱིན་པར་བྱའོ། །ཟུར་པའི་རྩ་བ་ཀ་པེཏྟ། །པ་ཏ་སྭ་ཏི་ཀའི་ཚོད་མ། །ཤུ་ཤ་ལ་ལ་ཕུད་དང་ནི། །ཀརྐ་རུ་དང་ཤི་རི
་དང། །ཡང་ན་ཙིར་བི་ཏཱི་ཡང་རུང། །ུ་བོ་ད་ཀ་ཛི་བནྟི། བ་ཀུ་ཙེ་དང་རྒྱ་སྣེའུ་དང། །ལྕམ་པ་འམ་ཡང་ན་ཨེ་རཎྜ། །ལོ་ནི་ཀ་ཡི་ཁུ་བ་འམ། རུས་སྦལ་བེའུ་ལོ་བ་ཀ། རྨ་བྱ་སྲེག་པ་ཁྱིམ་བྱ་ཡི། །ཤ་ཁུ་དང་ཡང་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་ན་འཁྲུ་བ་ཅན་དེ་ལ་ཟུར
་བའི་རྩ་བ་ལ་སོགས་པའི་ཚོད་མ་དང། འབྲས་སུ་ལུའི་ཆན་སྦྱིན་པར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་རུས་སྦལ་ལ་སོགས་པ་ཤ་ཁུ་དང་ཡང་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ནོ། །བིལྦ་གླ་སྒང་བ་རུ་ར། །བཅའ་སྒ་ད་ཏ་ཀའི་མེ་དང། །དར་བར་བསྐོལ་བའི་ནས་ཐུག
་གམ། །ཞོ་དང་སྦྱར་བས་འཁྲུ་བ་སེལ། །ཞེས་བྱ་བ་ལ། དར་བ་ལ་སོགས་པ་དར་བ་བསྐོལ་པའི་ནས་ཐུག་དག་ཀྱང་ཚད་པར་འཁྲུ་བ་སྨིན་པར་སེལ་བར་བྱེད་པ་ཡིན་ནོ། །ཡང་ན་དེ་དག་ཞོ་དང་སྦྱར་ཏེ་བླུད་ན་ཡང་འཁྲུ་བ་སེལ་བར་བྱེད་པ་ཡིན་ནོ། །ཀ་བེཏྟ་དང་ཀ་ཙུ་ར།།
་ག་བྲའི་རྩ་བ་བུ་ཏ་རེ། ནྱ་གྲོ་དྷ་དང་རྡོ་དྲེག་དང། སེའུ་འབྲུ་སོ་མ་ར་བལ་དང། ཤལ་མ་ལི་ཡི་ལོ་མ་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་ཀ་པེཏྟ་ལ་སོགས་པ་དང། སྦྱར་བའི་ཐུག་པ་བླུད་ན་ཡང་འཁྲུ་བ་སེལ་བར་བྱེད་དོ། །ཀ་ཚུ་ར་ནི་ཀ་པ་ཀ་ཚུ་སྟེ་ལ་སྲལ་ཕྲེའུའོ།།
་བིལྤ་གཞོན་ནུའི་ལྡེ་གུ་དང། །ཏིལ་བཏགས་ལྡེ་གུ་དེ་དང་མཉམ། །ཞོ་ཡི་སྤྲིས་སྐྱུར་སྣུམ་བཅས་དང། །སྦྱར་དུག་འཁྲེག་པ་འཇོམས་པར་བྱེད། །ཅེས་བྱ་བ་ལ། བིལྤ་གཞོན་ནུ་པི་པི་ལིང་གི་འབྲས་བུ་ཕྲ?་མོ་ལྟ་བུ་ལྡེ་གུར་བྱས་པ་དང། །ཏིལ་བཏགས
་བའི་ལྡེ་གུ་དང་ཆ་མཉམ་པ་དང། ཞོའི་སྤྲིས་མ་སྐྱུང་ཞིང་མངར་བག་མེད་པ་སྣུམ་ཏེ་མར་ལ་སོགས་པ་ནད་ཀྱི་ཚུལ་ལ་སོགས་པ་ནད་ཀྱི་ཚུལ་ལ་དཔགས་ཏེ་བཅུག་པའི་སྦྱར་ཐུག་ནི་འཁྲུ་བའི་མཁྲེག་པ་འཇོམས་པར་བྱེད་པ་ཡིན་ནོ། །འོ་སུ་ཟི་ར་ན་ལེ་ཤམ།
་ད་ཏྲི་ག་ཟུར་པ་ཁ་རུ་ཚ། །སེའུ་འབྲུ་བཏང་ཏ་ཀི། འབྲས་གསུམ་ཚ་ལྔ་ཀ་པེཏྟ། །ནས་ཚིག་འཁུས་ཐལ་ལ་ལ་ཕུད། ། མྲ་འཛམ་བུའི་འབྲས་བུ་རྐང། །བིལྤ་དྲུག་འགྱུར་ལྡེ་གུར་བཏགས། །ཞོ་དང་བུ་རམ་མུངྒའི་ཁུ། །ཏིལ་དང་མར་ནི་གཡོས་པ་དག་།གཞན
་གྱིས་མ་ཐུབ་བར་དུག་འདི། །དྲོད་བསྐྱེད་སྨིན་བྱེད་འཁྲུ་བ་གཅོད། །ཡི་ག་འབྱེད་ཅིང་མཁྲེགས་པ་སེལ། །ཞེས་བྱ་བ་ལ། འུ་སུ་ལ་སོགས་པ་བཏགས་པའི་ལྡེ་གུ་ལ་པིལྤའི་རྐང་དྲུག་འགྱུར་དང་བཅས་པའི་ལྡེ་གུ་དང་བསྐོལ་ཅིང་དེ་བཞིན་དུ་ཞོ་དང
་བཅས་པ་ལ་སོགས་པ་དང་བཅས་པར་བསྐོལ་ཅིང་གཡོས་པའི་སྦྱར་དུག་འདི་ནི་དོན་དང་མཐུན་པའི་མིང་གཞན་གྱིས་མི་ཐུབ་པ་ཞེས་བྱ་སྟེ། ཕོ་བའི་མེ་དྲོད་སྐྱེས་པ་དང། མ་སྨིན་པ་སྨིན་པར་བྱེད་པ་ཡིན་ནོ། །རྒྱ་ཤུག་བིལ་པ་གཞོན་ནུ་དང། །ལྡེ་གུ་འབྲས
་དང་ནས་དང་ནི། །མུངྒ་མ་ཤ་ཏིལ་རྣམས་དང། །འབྲུ་ཡི་ཡུ་ཤར་རྣམ་པར་བརྟག། བཤད་བ་ཟད་ཅིང་ཁ་སྐམས་ལ། །ཞོ་དང་སེའུ་འབྲུའི་ཁུ་བ་དང། མར་དང་ཏིལ་མར་ལྷན་ཅིག་བརྡོས། །འབྲས་ཆན་དེ་དང་སྦྱར་བ་ནི། །བཤད་ཟད་ཁ་ནི་སྐམས་ལ
་སྦྱན། ཞེས་བྱ་བ་ལ། རྒྱ་ཤུག་ལ་སོགས་པའི་ལྡེ་གུའི་ཡུ་ཤ་ཞེས་བྱ་བར་གཡོས་པར་གྱུར་པ་དེ་དང། ཞོ་ལ་སོགས་པ་དང་བསྲེས་ཤིང་མར་ལ་སོགས་པ་དང་བརྡོས་པའི་ཡུ་ཤ་དེ་ནི་བཤད་བ་ཟད་ཅིང་བཤད་པ་དང་མ་འདྲེས་པའི་འཁྲུ་བ
་འབྱུང་བ་དང། ཁ་སྐམས་པར་བྱེད་པ་ལ་འབྲས་ཆན་དང་སྦྱར་ཏེ་སྦྱིན་པར་བྱའོ། །ཡང་ན་ཞོ་སྤྲིས་སྣུམ་གཉིས་བརྔོས། །བུ་རམ་བཅའ་སྒ་བཅས་པ་སྦྱིན། །ཞེས་བྱ་བ་ལ། ཡང་ན་བཤད་བ་ཟད་པས་འཁྲུ་ཞིང་ཁ་སྐམས་པ་ལ་ཞོའི་སྤྲིས་མ་སྣུམ་གཉིས་པོ་མར་དང་ཏིལ
་མར་གཉིས་དང་བརྡོས་པ་སྦྱིན་པར་བྱའོ། །ཡང་ན་ཆང་ནི་སྣུམ་གཉིས་བརྡོས། །ཚོད་མའི་དོན་དུ་སྦྱིན་བྱ་འམ། ཞེས་བྱ་བ་ལ། ཡང་ཆང་མར་དང་ཏིལ་མར་བརྡོས་པའི་ཚོད་མའི་དོན་དུ་སྦྱིན་པར་བྱའོ། །འབྲས་བུ་སྐྱུར་པོ་སྣུམ་གཉིས་བརྡོས། །སྒོག་པའི
་ལས་བྱས་ཡུ་ཤ་འམ། ཞེས་བྱ་བ་ལ། ཡང་ན་ནད་པ་དེ་ལ་སྒོག་པའི་?གྲིན་རྩ་ན་ཞེས་བྱ་བའི་ཡུ་ཤ་འབྲས་བུ་སྐྱུར་པོ་སྟེ། སེའུ་འབྲུ་ལ་སོགས་པ་དང། སྣུམ་གཉིས་ཀྱིས་བརྡོས་པའི་ཚོད་མའི་དོན་དུ་སྦྱིན་པར་བྱའོ། །སྣུམ་གཉིས་དང་བསྡོས་ཕྱེ་ཟན་མི་གཉིས
་ཚ་བ་གསུམ་གྱི་ཕྱེ་བཏབ་སྦྱིན། ཞེས་བྱ་བ་ལ། ཡང་བཤད་པ་ཟད་བའི་ནད་ལ་སྣུམ་གཉིས་དང་བསྔོས་པའི་ཟན་ཚ་བ་གསུམ་བཏབ་པ་སྦྱིན་པར་བྱའོ། །དེ་བཞིན་མ་ཤ་ལེགས་ཚོས་པ། །མར་གྱི་སྙིང་པོ་བླུད་པ་འམ། ཞེས་བྱ་བ་ལ། མ་ཤ་ལེགས
་པར་ཚོས་པར་གྱུར་པ་ལ་མར་གྱིས་བཏབ་པ་ཚ་བ་གསུམ་གྱི་ཕྱེ་མ་དང་བཅས་པ་བྱིན་ན་ཡང་ནད་དེ་ལ་ཕན་ནོ། །ར་ཐུག་ལུག་བུག་དག་གི་ཤ། །བཙོས་ཏེ་བཙགས་པའི་ཁུ་བ་དང། །སེའུ་འབྲུའི་ཁུ་བའི་ཆུ་དང་ནི། །འོ་སུ་དོང་གྲའང་སྣུམ་བཅས་སྐོལ།།
་ས་??་སྣར་བཅས་པ་ནི། །ཟ་ཞིང་དེ་བཞིན་འཐུངས་པ་ཡིས། །རྟུག་པ་ཟད་པ་ལས་བྱུང་བའི། །ནད་ལས་མྱུར་དུ་ཐར་པར་འགྱུར། །ཞེས་བྱ་བ་ལ། ཡང་ན་ར་ཐུག་དང་ལུག་ཐུག་གི་ཤ་ལེན། ས་པར་ཚོས་ཏེ། །དེའི་འོག་ཏུ་བཙགས་པའི་ཤ་ཁུ་སེའུ་འབྲུའི
་ཁུ་བས་སྐྱུར་བར་བྱས་པ་འོ་ལུ?་ལ་འཇོམས་པ་དང་བཅས་པར་ཚོད་མའི་དོན་དུ་བསྐོལ་ལ་ཁུ་བ་དེ་དང་ས་ལུ་རྩ་སྣར་གྱི་འབྲས་ཆན་ཟ་ཞིང་ཁུ་བ་དེ་ཉིད་འཐུངས་ན་རྟུག་པ་ཟད་པ་ལས་བྱུང་བའི་ནད་སྒྱུ་མ་ཀྲུག་ཀྲུག་གཟེར་བ་ལ་སོགས་པ་ལས་གྲོལ
་ཞིང་ཐར་བར་འགྱུར་རོ། །བུ་རམ་ཏིལ་མར་བིལྦ་གཞོན། །པི་པི་ལིང་དང་བཅའ་སྒ་ཡི། །ལྡེ་གུས་རླུང་གིས་གནོད་གྱུར་བའི། །གཟེར་བཅས་འཁྲེག་པ་སེལ་བར་བྱེད། །ཅེས་བྱ་བ་ལ། བུ་རམ་ལ་སོགས་ལྡེ་གུར་བྱས་ཀྱང་འཁྲུ་བ
་བའི་ནད་རླུང་གིས་གནོད་པར་གྱུར་ཅིང་འཁྲེག་བ་སོགས་སེལ་བར་བྱེད་དོ། །སེང་ཕྲོམ་ཤུན་ལྤགས་ད་ཏ་ཀའི། །མེ་ཏོག་རྒྱ་ཤུག་འདབ་མ་རྣམས། །ཞོ་སྤྲིས་སྦྲང་རྩིཀ་པེཏྟའི། །ཁུ་བར་སྦྱར་བ་བླུད་ནའང་ཕན། །ཞེས་བྱ་བ་ལ། སེང་ཕྲོམ་གྱི་ཤུན་ལྤགས་ལ་སོགས
་བ་ཞོའི་སྤྲིས་མ་ལ་སོགས་པ་དང་སྦྱར་བ་ཡང་ཕན་ནོ། །རླུང་གི་རྟུག་འགགས་ཤས་ཆེར་ནི། །ན་ཞིང་མཁྲེག་པར་བྱེད་པ་དང། །བེའུ་སྣབས་ཁྲག་བཅས་སྐོམ་གདུངས་ལ། །འོ་མ་ཚིམ་པར་བླུད་པ་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་བའི་རྟུག་པ་འགགས་པ
་ལ་སོགས་པའི་ནད་ལ་འོ་མ་བཞོས་མ་ཐག་ཚིག་པར་བླུད་ན་ཕན་ནོ། །ཏིལ་མར་མར་གྱི་སྟེང་དུ་ནི། །བཞོས་མ་ཐག་པའི་འོ་མ་བླུད། ཅེས་བྱ་བ་ལ། སྔར་བཤད་པའི་འཁྲུ་བ་ཅན་དེ་སྣུམ་གཉིས་ཀྱི་སྟེང་དུ་བཞོས་མ་ཐག་པའི་འོ་མ་དེའི་མོད་ལ་བླུད་ན་ཕན་ནོ།།
་ཡང་ན་ཨེ་རཎྜའི་རྩ་བ་འམ། བིལྤ་གཞོན་ནུ་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ནད་དེ་ལ་སྨན་འདི་གཉིས་གང་ཡང་རུ་ཕབ་དང། བསྐོལ་བའི་འོ་མ་ཕན་ནོ། །གླ་སྒང་ཉི་ཤུའོ་མ་ཡི། །སུམ་འགྱུར་གྱི་ནི་ཆུ་བསྐོལ་བ། །འཁྲུ་གཟེར་བཅས་པ་སེལ་བར
་བྱེད། ཅེས་བྱ་བ་ལ། གླ་སྒང་རྡོག་མ་ཉི་ཤུ་འོ་མ་སུམ་འགྱུར་གྱི་ཆུའི་ནང་དུ་བསྐོལ་ལ་འོ་མ་ཉི་ཚེ་ལུས་པར་གྱུར་པ་དང། དེ་བླུད་ན་ཡང་གཟེར་དང་བཅས་པའི་འཁྲུ་བ་སེལ་བར་བྱེད་དོ། །འདིར་གླ་སྒང་ཉི་ཤུ་སྨོས་པ་ནི་ཕལ་ཆེར་དེ་ཙམ་ལ་སྲང
་གཅིག་ཡོད་དོ། །དེ་ལྟར་འདིར་སྤྱིར་སྨོས་པ་ལས་ན་ཆུ་སྲང་བཅུ་དྲུག་ལས་བསྐོལ་བར་བྱ་སྟེ། དེ་ལྟ་ན་འོ་མ་སྲང་བཞི་དང། ཆུ་སྲང་བཅུ་གཉིས་དང། །བསྐོལ་བ་དེ་ལས་བཞི་ཆ་ཡུས་པའི་འོ་མ་སྲང
་བཞི་པོ་དེ་བཏུང་བར་བྱའོ། །པི་པི་ལིང་དམ་ན་ལེ་ཤམ། ཞིབ་ཏུ་བཏགས་པའི་ཕྱེ་དང་སྦྱིན། །དེས་ནི་ཡུན་རིང་གནས་པ་ཡི། །མཁྲེག་པ་ལེགས་པར་སེལ་བར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་དམ་ན་ལེ་ཤམ་ཞིབ་དུ་བཏགས་བ་དང་འོ་མ་ལ་སོགས་པ་གང་ཡང
་རུང་བ་དང་བླུད་ན་ཡང་ཡུན་རིང་དུ་འབྲེལ་ཅིང་འཁྲུ་བ་མཁྲེགས་པ་དང་བཅས་པ་སེལ་བར་བྱེད་དོ། །མ་ཞུ་མེད་ཅིང་གཟེར་གྱིས་ཉེན། །སྨྱུང་བ་ལ་སོགས་པས་ཉམས་སྨད། །ཁོང་རྩུབ་མེ་དོད་བརྟག་ནས་ནི། །མར་ནི་ཐལ་སྨན་རྣོ་བཅས་སྦྱིན། །ཞེས་བྱ་བ་ལ། འཁྲུ་བ
་གང་མ་ཞུ་ཞིང་མ་སྨིན་པ་མད་པ་དང། །གཟེར་གྱིས་ཉེན་ཅིང་གཟེར་བ་དང། །སྨྱུང་བ་ལ་སོགས་པའི་ཉམས་སྨད་ཅིང་སྐེམ་པར་བྱས་པ་དང། །ལུས་ཀྱི་ཁོང་རྩུབ་པའི་ནད་པའི་མེ་འདྲོད་ལ་བརྟག་ཅིར་དེ་ལ་བལྟོས་ནས་མེར་དང་ཐལ་སྨན་རྣོན་པ་དང་བཅས་པ་སྦྱིན་པར་བྱའོ
་ཡང་ན་རྩ་བ་བཅུ་བསྐོལ་ཆུ། །ཞོ་དང་ཆང་གི་དངས་མ་བསྐོལ། །ལྕེ་མྱང་ཚ་དང་ཚ་བ་ལྔ། །ཏིལ་མར་འཕྲལ་དུ་ནད་འཇོམས་བྱེད། །ཅེས་བྱ་བ་ལ། རྩ་བ་བཅུ་བསྐོལ་བའི་ཆུ་དང། །ཞོ་དང་ཆང་གི་དངས་མ་སྤྱིར་མར་གྱི་བཞི་འགྱུར་དང། །ལྕེ་མྱང་ཚ་ལ་སོགས་པ་དང། ཏིལ་མར
་བསྐལ་བའི་ཏིལ་མར་དེས་ནི་འཕྲལ་དུ་སྟེ། །དེའི་མོད་ལ་ནད་འཇོམས་པར་བྱེད་པ་ཡིན་ནོ། །བཅའ་སྒ་སྲང་དྲུག་པི་པི་ལིང། །མུ་ལ་ཀྲུ་དྲུག་ཏྲེས་རྒྱམ་ཚྭ། །སྲང་གཉིས་ཏིལ་མར་བྲེ་གང་དང། ཞོ་དང་བསྐོལ་བའི་ཏིལ་མར་ནི། །འཁྲུ་བའི་ནད་ནི་སེལ་བྱེད་ཡིན། །ཞེས་བྱ
་པ་ལ། ཏིལ་མར་བྲེ་གང་ཞོ་བྲེ་བཞི་དང་བཅའ་སྒ་སྲང་དྲུག་དང་པི་པི་ལིང་མུ་ལ་ལ་སོགས་པ་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས་ཀྱི་ལྡེ་གུ་དང་བསྐོལ་བ་ནི་འཁྲུ་བའི་གཟེར་ནད་འཇོམས་པར་བྱེད་པ་ཡིན་ནོ། །ཤ་དང་འོ་མ་མར་ཕྱོགས་གཅིག་བཏུང་དང་འཇམ་རྩི
་བསྐུ་བ་རུ། །ཏིལ་མར་འབའ་ཞིག་ཕྱོགས་གཅིག་སྦྱར། །བཤད་ཁྲག་གཟེར་ནི་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། ཕྱོགས་གཅིག་ཏུ་ཤ་དང་འོ་མ་དང་སྦྱར་བ་འདི་ན་བཤད་པ་མཁྲེགས་པ་དང་གཟེར་བ་འཇོམས་པ་ཡིན་ནོ། །ཕྱོགས་གཅིག་ཏུ་ཏིལ་མར
་འབའ་ཞིག་བཏུང་བ་ལ་སོགས་པར་བཏང་བ་ཡང་དེ་དང་འདྲའོ། །དེ་ནི་རླུང་སེལ་མཆོག་ཡིན་ལ། །རླུང་མཁྲུགས་མ་གཏོགས་གཟེར་མི་འབྱུང། །ཞེས་བྱ་བ་ལ། གང་གི་ཕྱིར་ལོ་ཏིལ་མར་དེ་ནི་རླུང་སེལ་བར་བྱེད་པའི་མཆོག་གམ་??
་ཡིན་ལ་གཟེར་ནི་རླུང་འཁྲུགས་པ་མ་གཏོགས་པ་གཞེན་དག་ལས་འབྱུང་བར་མི་བྱེད་པས་ན་དེའི་ཕྱིར་དེ་སེལ་བའི་མཆོག་ཡིན་པའི་ཕྱིར་རོ། །ཁམས་གཞན་འཇོམས་པས་འབར་གྱུར་པ། །རླུང་གི་རླུང་གནས་རྟེན་ཁྱོད་བྱེད། །ཅེས་བྱ་བ་ལ། རླུང་ལ་བལྟོས་ནས
་མཁྲིས་པ་དང་བད་ཀན་ལ་སོགས་པའི་ཁམས་གཞན་ཞེས་བྱ་བ་ལ། དེ་དག་ཉེ་བར་བཅོམ་ཞིང་ཟད་པར་བྱེད་པས་ནི་ཁམས་གཞན་འཇོམས་པ་སྟེ། དེས་ན་འབར་ཞིང་ལྷག་པར་གྱུར་པའི་ཕྱིར། ཁམས་གཞན་འཇོམས་པས་འབར?་གྱུར་པ་ཞེས་བྱ་བ་ལ།
་དེ་ལྟ་བུའི་རླུང་དེའི་རང་གི་གནས་སུ་ཞུ་བའི་གནས་ལ་བརྟན་ཅིང་ལུས་མ་ལུས་པ་ཁྱབ་པར་བྱེད་དོ། །མེ་དྲོད་ཆུང་ལ་ཏིལ་མར་ནི། །སྦྱར་བ་བདེ་བར་བྱེད་པའི་མཆོག། ཏིལ་མར་བཅས་པ་རླུང་གནས་སུ། །མཁྲེགས་པ་གནས་པར་མི་འགྱུར་རོ། །ཞེས་བྱ་བ
་ལ། འཁྲུ་པའི་ནད་དང་ལྡན་པ་དག་མེ་དྲོད་ཆུང་བར་གྱུར་པ་ལ་ཡང་ཏིལ་མར་རྗེས་སུ་མཐུན་པའི་སྦྱོང་བ་དང་བཅས་པས་བཏང་ཞིང་སྦྱར་ན་བདེ་ཞིང་ནད་མེད་པར་བྱེད་པའི་མཆོག་ཡིན་ལ། འང་ཞེས་བྱ་བའི་སྒྲ་ནི་མེ་དྲོད་ཆེ་བ་ལ། བདེ་བར་བྱེད་པའི་མཆོག་དུ
་བྱེད་པ་ནི། སྨོས་ཀྱང་ཅི་དགོས་པའི་དོན་ནོ། །དེ་ཡང་རླུང་གི་གནས་ཞེས་བྱ་བའི་མིང་གི་རྣམ་གྲངས་སུ་ཞུ་བའི་གནས་ཞེས་བྱ་བ་དེར་ཏིལ?་མར་བཅས་ཤིང་ཉེ་བར་སྦྱར་བར་གྱུར་ན་མཁྲེག་ཅིང་འཁྲུ་བའི་རླུང་གནས་པར་མི་འགྱུར་རོ། །དྲི་མ་ཟད་ཅིང་ནད་གཞན་རང
་གི་ནི། །གནས་ལས་འཕོ་བ་བས་རླུང་ནི་སྟོབས་ཆེ་བ། །ཁོང་པ་གཟེར་ཅིང་མཁྲེགས་པར་བྱེད་པ་ལ། ཕྱི་ནང་ཏིལ་མར་མ་བཏང་སུ་ཞིག་འཚོད། །ཞེས་བྱ་བ་ལ། བཤད་པ་ཞེས་བྱ་བའི་དྲི་མ་དེ་ཟད་ཅིང་ནད་གཞན་བད་ཀན་དང་མཁྲིས་པ་རང་གི་གནས་ལས
་འཕོས་ཏེ། དེ་ཉིད་ཀྱིས་ན་རླུང་སྟོབས་ཆེ། །ཞིང་ཤིན་ཏུ་ཤུགས་དྲག་ཅིང་འཕེལ་བར་འགྱུར་བ་ན་ཁོང་བ་ན་ཞིང་གཟེར་བ་ལ་མཁྲེག་པར་བྱེད་པ་ན། གལ་ཏེ་ཕྱི་དང་ནང་ནས་ཏིལ་མར་བཏང་བ་དང། འཇམ་རྩི་དང་བསྐུ་བ་ལ་སོགས་པའི་སྦྱོར་བ་ཅི་རིགས་པར་མ་བྱས་ན
་སུ་ཞིག་འཚོ་བར་འགྱུར་རོ་ཏེ?། འཚོ་བར་མི་འགྱུར་རོ་ཞེས་བྱའི་དོན་ཏོ། །གཞད་ན་འབྱུང་པར་འགྱུར་བ་ལ། འོ་མར་བསྐོལ་བའི་མར་རྒྱ་ཤུག། སྐྱུར་བ་ཙད་གི་རིའི་ཁུ་བ། ཞོ་ནང་དོང་གྲར་བཏགས་པ་བླུད། །ཅེས་བྱ་བ་ལ། གཞང་ན་ཞིང་གཟེར་པ་དང། །ཕྱིར་འབྱུང་ཞིང།
་ཉམས་པར་གྱུར་བ་ལ། འོ་མའི་ནང་དུ་བསྐོལ་བའི་མར་དང། རྒྱ་ཤུག་སྐྱུར་པོ་དང། གཅར་གི་རིའི་ཁུ་བ་དང། ཞོ་དང་དོང་གྲར་བཏགས་པའི་ལྡེ་གུ་སྦྱིན་པར་བྱའོ། །སྐྱུར་བ་དེ་ཉིད་བཅུག་པ་དང། འུ་སུ་ན་ལེ་ཤམ་ཟི་ར། །ཁ་རུ་ཚ་དང་ཚ་བ་ལྔ། །སེའུ་འབྲུ་དག་དང་སྦྱར་བ་ནི
་ཞིབ་དུ་བཏགས་པའི་ལྡེ་བུ་ཕན། །ཞེས་བྱ་བ་ལ། སྐྱུར་བ་དེ་ཉིད་ཅེས་བྱ་བ་རྒྱ་ཤུག་སྐྱུར་པོ་དང། ཙང་གི་རི་དང། ཞོ་བཅུག་ལ་འུ་སུ་ལ་སོགས་པ་ཞིབ་དུ་བཏགས་པའི་ལྡེ་གུ་ཡང་གཞང་ན་བ་དང། འབྱུང་བར་བྱེད་པ་ལ་ཕན་ནོ། །རྩ་བ་བཅུ་པ་བསྐོལ་པ་ཡི། ཟུར་བ་ཤུ་ཏི་རུ་རྟ་འམ།
་ཤུ་དག་ཙི་ཏྲ་ཀར་སྦྱར་བའི། །སྣུམ་གྱིས་འཇམ་རྩི་བཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་རྩ་བ་བཅུ་པ་བསྐོལ་བའི་མར། །སྣུམ་གྱི་འཇམ་རྩི་བཏང་བར་བྱའོ། །ཡང་ན་ཤུ་དག་དང་ཤུ་ཏི་ལ་སོགས་པ་དང། བསྐོལ་བའི་མར་དང་སྣུམ་གྱི་འཇམ་རྩི་བཏང་བར་བྱའོ། །ཡང་ན
་ཤུ་དག་དང་ཙི་ཏྲ་ཀ་དང་སྦྱར་བའི་སྣུམ་གྱི་འཇམ་རྩི་བཏང་བར་བྱའོ། །མཁྲེག་དང་གཞང་ནི་འབྱུང་བ་དང། །གཅིན་སྲི་རྐེད་བ་ན་བ་དང། མངར་དང་སྐྱུར་བར་བསྐོལ་བ་ཡི། །མངར་མ་ཏིལ་མར་འཇམ་རྩི་བཏང། །ཞེས་བྱ་བ་ལ། མཁྲེག་པ་དང་འཁྲུག་དང། །གཞང་ཕྱིར
་བྱུང་ཞིང་གློ་བ་དང། །གཅིན་སི་ཞིང་འགགས་པ་དང། རྐད་པ་ན་ཞིང་འགྱུར་མི་ཤེས་པ་ལ་མངར་བ་དང་སྐྱུར་བའི་སྨན་གྱི་སྡེ་ཚན་མར་དུ་བསྐོལ་བ། མ་ཏིལ་མར་དུ་བསྐོལ་བའི་འཇམ?་རྩི་བཏང་བར་བྱའོ། །གཞང་གྱུར་གཞུག་པ་དཀའ་བ་ལ། །བསྐུ་ཞིང་དུགས་ནི་འཇམ་བྱས་གཞུག
་ཅེས་བྱ་བ་ལ། གཞང་ཕྱིར་འབྱུང་ཅིང་གཞུག་བ་དཀའ་བ་ལ་ནི་དང་པོར་སྣུམ་གྱིས་བསྐུས་ལ་དེའི་འོག་དུ་དུགས་བྱས་སྒྲ་འཇོམས་པར་གྱུར་པ་དང། ནང་དུ་གཞུག་པར་བྱའོ། །དབུས་སུ་ཕུག་པའི་པགས་པ་ནི། །འུར་མཐིལ་འཆིང་བ་དང་ཀྱང?
་བྱས། །ཞེས་བྱ་བ་ལ། ཡང་གཞང་བྱུང་བ་དེ་ལ་ནི་པགས་པ་འཇམ་པོ་དབུས་སུ་ཕུག་པ་དེས་འུར་མཐིལ་འཆིད་བ་ཞེས་བྱ་བའི་མདོག་ནས་ན་སྨོས་པའི་ཚུལ་དུ་འཆིང་བར་བྱའོ། །རྩ་བ་ལྔ་ནི་ཆེན་པོ་ཡི། །ཁུ་བ་དང་དང་ནི་འོ་མར་བསྐོལ། །བྱི་བ་རྒྱུ་མ་བཏོན་ནས
་ཀྱང། །རླུང་འདྲོམས་ལྡེ་གུ་ལྟ་བུར་བྱ། །ཏིལ་མར་བསྐོལ་ལ་གཞང་བྱུང་ལ། །བཏུང་དང་བསྐུ་བས་དེ་གསོ་བྱ། །ཞེས་བྱ་བ་ལ། ཡང་དེ་ལ་རྩ་བ་ཆེན་པོ་ལྔ་བསྐོལ་པའི་ཁུ་བ་དང། འོ་མར་བསྐོལ་བའི་ཁུ་བ་དང་འོ་མར་བསྐོས་བ་འོ་མ་དེའི་ནང་དུ་བྱི་བ་རྒྱུ་མ་བཏོན
་པའི་ཤ་དང་བཙོས་པ་དེ་དེ་ལྟ་བུའི་འོ་མངལ?་ཡང་ནི་ཏིལ་མར་དང་བསྐོལ་བ་རླུང་འཇོམས་པའི་ལྡེ་གུ་གཞུག་པས་ན། རླུང་འཇོམས་པའི་ལྡེ་གུ་ལྟ་བུར་བྱས་ཏེ་དེ་ལྟ་བུའི་ཏིལ་མར་དེ་གཞང་འབྱུ་བའི་ནད་ལ། བཏུང་བ་བསྐུ་བས་གསོ་བར་བྱའོ། །མཁྲིས་པ་མ་ཞུ་རྣོ་དང
་དྲོ། །སྤངས་ལ་སྔོན་ཤིང་སྨྱུང་བ་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་འཁྲུ་བ་མ་ཞུ་བ་དང་བཅས་ཤིང་མ་སྨིན་བ་དག་ལ་ནི་ཁ་ཟས་ལ་སོགས་པ་རྣོ་བ་དང་དྲོ་བའི་བག་སྤངས་ལ་སྔར་རླུང་གི་འཁྲུ་བའི་གསོ་བ་བསྟན་བ་བཞིན་དུ་སྨྱུང་བ་བྱ་ཞིང
་ལུས་ཡང་བ་ཉིད་བསྒྲུབ་པར་བྱའོ། །དེ་ཡང་ཐུག་པ་ལ་སོགས་པ་བྱ་བ་གང་དག་བསྟན་པ་དེ་ཐམས་ཅད་བྱའོ། །སྐོམས་བཅས་ཡན་ལག་དྲུག་པའི་ཆུ། །རྩ་མཁྲིས་ཐལ་ཏྲེས་བཅས་བ་བླུད། །ཅེས་བྱ་བ་ལ། མཁྲིས་པའི་ཚད་པར་འཁྲུ་བ་དེ། །སྐོམ་པ་དང
་བཅས་ཤིང་སྐོམ་དང་ཀྱིས་ཉེན་པར་གྱུར་ན། ཡན་ལག་དྲུག་པའི་ཆུ་ཞེས་བྱ་བ་བླ་སྒང་དང་ཙན་དན་ལ་སོགས་པ་བསྐོལ་བའི་ཆུའི་རིམས་ནད་གསོ་བའི་སྐབས་ནས་བཤད་པ་འདི་ལ་རྩ་མཁྲིས་ཞེས་བྱ་བ་བུ་ནིམྦ་དང་བཅས་པ་དང། ཐལ་ཏེས?་ཞེས་བྱ་བ་ཤ་རི
་བ་དང་བཅས་པ་བླུད་བར་བྱའོ། །བཀྲེས་ན་ཁ་ཟས་ཐུག་པ་སོགས། །བྲི་ཧ་ཏཱི་སོགས་ཉེའུ་ཤིང་པ། །བ་ལ་རྣམ་གཉིས་བའི?་གཉིས། །བསྐོལ་བ་དྲོང་བསྐྱེད་བྱེད་པ་ཕན། །ཞེས་བྱ་ས་ལ། སྨྱུང་བྱས་པས་བཀྲེས་པ་སྐྱེས་པར་གྱུར་པས་སྨྱུང་བ་ལེགས་པའི་མཚན་ཉིད་ཇི་སྐད
་བཤོད་པ་འབྲུབ་བར་འགྱུར་ན་བྲས་ཀྱི་དོན་དུ་བྲི་ཧ་ཏཱི་ལ་སོགས་པ་རྩ་བ་ལྔ་པ་ཆུ་ངུ་དང་དེ་བཞིན་དུ་ཉེའུ་ཤིང་བལ་རྣམ་གཉིས་དང་མ་ཤ་པརྞི་མུངྒ་པརྞི་ལ་སོགས་པ་དང། བསྐོལ་བའི་ཐུག་པ་ལ་སོགས་པའི་ཁ་ཟས་ཏེ་ཐུག་པ་རྐྱང་རྐྱང་པོ་དང་ཐུག་པ་གང་པོ?
་དང་བསྐྱོ་མ་དང། འུ་ཤ་ཁུ་ལ་སོགས་པ་མེའི་བོ་སྐྱེད་པར་བྱེད་པ་དག་སྦྱིན་ན་ཕན་ནོ། །བླུད་ཀྱང་རྗེས་སུ་འབྲེལ་གྱུར་ན། །དུག་མོ་ཉུང་ཤུན་འབྲས་བུ་དང། །བོང?་ང་དཀར་པོ་བཙག་བཏགས་ཕྱེ། །སྦྲང་རྩི་བསྲིས་པ་འབྲས་ཆུ་བླུད། །ཅེས་བྱ་བ་ལ། དེ་ལྟར་ཐུག་པ་ལ་སོགས་པ་བླུད
་དུ་ཟིན་ཀྱང་འཁྲུ་བ་དེ་རྗེས་སུ་འབྲེལ་ཅིང་རུང་བར་མ་གྱུར་ན། དུག་མོ་ཉུང་གི་ཤུན་ལྤགས་དང། དེའི་འབྲས་བུ་སྟེ་དེའི་ས་བོན་དང་བོང་ང་དཀར་པོ་དང་བཅས་པའི་ཕྱེ་མ་སྦྲང་རྩི་དང་བསྲེས་པ་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་བླུད་པར་བྱའོ། །པ་ཐ་དུག་མོ་ཉུང
་ཤུན་འབྲས། །སྐྱེར་པ་པི་པི་ལིང་རྩ་འམ། ཞེས་བྱ་བ་ལ། ཡང་ན་བ་ཐ་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་སྦྲང་རྩི་དང་བཅས་པ་འབྲས་ཆུ་ཡང་བླུད་པར་བྱའོ། །བོང་ང་པིལྦ་དུག་མོ་ཉུང། །གླ་སྒང་བ་ལེ་ཀ་བསྐོལ་པ་འམ། ཞེས་བྱ་བ་ལ། ཡང
་མཁྲིས་པའི་ཚད་པར་འཁྲུ་བ་དེ་ལ་ཡང་ན་བོང་ང་དཀར་དོང་སོགས་པའི་སྨན་བཏང་བའི་ཕྱེ་མ་བསྐོལ་བ་སྔ་མང་བཞིན་དུ་བླུད་པར་བྱའོ། །ཡང་ན་བོང་ང་དཀར་མུར་བ། །སྐྱེར་པ་དུལ་རྡོ་དུག་མོ་ཉུང། །ཞེས་བྱ་བ་ལ། ཡང་ན་བོང་ང་ལ་སོགས་པ་བསྐོལ་བའི་ཆུ་སྦྲང
་རྩི་དང་བཅས་པ་བླུད་པར་བྱའོ། །བོང་ང་བཅའ་སྒ་དུག་མོ་ཉུང། །གླ་སྒང་ཀཏཔལ་སྦྲང་རྩིར་བཅས། ཞེས་བྱ་བ་ལ། ཡང་ན་བོང་ང་ལ་སོགས་པའི་སྨན་བསྐོལ་བ་ལ་སྦྲང་རྩི་ལ་སོགས་པའི་བཏབ་པ་བླུད་པར་བྱའོ། །དུག་མོ་ཉུང་གི་ས་བོན་ན། །
་སྲང་གཅིག་བསྐོལ་བའི་ཁུ་བ་བླུད། །གང་ཞིག་ཤ་ཁུ་བཅས་སྦྱར་བླུད། །མཁྲིས་པ་ལྟོ་ནི་ནད་སེལ་འགྱུར། །ཞེས་བྱ་བ་ལ། ཡང་དུག་མོ་ཉུང་གི་ས་བོན་འབའ་ཞིག་སྲང་གཅིག་སྐོལ་བའི་ཁུ་བ་བླུད་པར་བྱའོ། །ཡང་ནང་ལ་གང་ཞིག
་ཁུ་བ་དང་བཅས་པར་ཟ་བ་ནི། །མཁྲིས་པ་ལས་གྱུར་པའི་ཁོང་བའི་ནད་མྱུར་དུ་སེལ་ཅིང་བྱང་བར་འགྱུར་རོ། །དེ་བཞིན་གླ་སྒང་བསྐོལ་བའི་ཁུ། །སྦྲང་རྩི་སྦྱར་བ་བླུད་པ་ཕན། །ཞེས་བྱ་བ་ལ། ཡང་ན་གླ་སྒང་སྲང་གཅིག་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ
་བླུད་ལ་ཤ་ཁུ་དང་བཅས་པར་ཟས་ཟ་བ་ཡང་མཁྲིས་པ་ལས་གྱུར་པའི་ལྟོ་བའི་ནད་སེལ་བའི་མཆོག་ཡིན་ནོ། །ཤལ་མ་ཡི་ཡི་འདབ་མའི་རྩ། །བསྐོལ་བའི་ཁུ་བ་བསྒྲངས་པ་འམ། ཞེས་བྱ་བ་ལ། ཤལམ་ལིའི་འདབ་མ་དང་རྩ་བ་བསྐོལ་བའི་ཁུ་བ་བསྒྲངས
་པ་ལ་སྦྲང་རྩི་བཏབ་པ་ཡང་དེ་དང་འདྲའོ། །རྩ་མཁྲིས་གླ་སྒང་དུག་མོ་ཉུང། །སྐྱེར་ཁཎྜ་དང་བཅས་པ་འམ། །ཡང་ན་སྐྱེར་བ་བ་ལ་ཀ། པིལྦའི་རྐང་དང་བྱི་ཚེ་བ། །ཏིལ་དང་སེང་ཕྲོམ་མོཉྫ་ར། །བཅོད་དང་པདྨ་ཨུཏཔ་ལ། །དོང་གྲ་ད་ཏ་ཀའི་མ་ཏོག། སེའུ་འབྲུ
་ཤུན་པ་ཨུད་པ་ལ་བཅས། །ཚིགས་བཅས་ཕྱེད་ཀྱིས་བཤད་སྦྱོར་པ། །སྦྲང་རྩིར་བཅིས་པའི་འབྲས་བ་བླུད། །རྩ་མཁྲིས་ལ་སོགས་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་བསྟན་པའི་སྦྱོར་བ་བཞི་པོ་ལ་སྦྲང་རྩི་བཏབ་པ་འབྲས་བཀུས་པའི་ཆུ་བླུད་ན་ཡང
་མཁྲིས་པ་ལས་གྱུར་པའི་མཁྲུ་བ་སེལ་བར་བྱེད་དེ། །ས་མང་གིས་ནི་ནམ་སྒ་རི་བོ་མོ་ཛ་ར་ས་ནི་མོཉྫ་ར་ཛ་ཏེ། ཤལ་མ་ལིའི་ཐང་ཆུའོ། །སྐྱེར་བ་སེང་ཕྲོམ་དུག་མོ་ཉུང། །སུག་སྨེལ་བསྐོལ་པ་སྨིན་འཁྲུ་སེལ། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས
་པ་བསྐོས་པའི་ཁུ་བ་ཡང་སྨིན་པའི་འཁུ་བ་ཡང་སེལ་ཏོ། །སེང་ཕྲོམ་དང་ནི་ཨཾ་བརྟ། །པྲི་ཡངཀུ་ལ་སོགས་སྡེ་ཚན་ཡང། །བསྐོལ་པ་སོ་སོར་བླུད་དེ་སྦྱིན། །ཞེས་བྱ་བ་ལ། སེང་ཕྲོམ་ལ་སོགས་པའི་སྡེ་ཚན་དང། ཨཾ་བརྟ་ལ་སོགས་པའི་སྡེ
་ཚན་དང། པྲི་ཡངཀུ་ལ་སོགས་པའི་སྡེ་ཚན་སྐྱུགས་སྨན་ལ་སོགས་པའི་སྨན་སྡེ་ཚན་བསྡུས་པའི་སྐབས་ནས་བཤད་པ་བསྐོལ་ཏེ་སོ་སོར་བླུད་པ་ཡང་སྔ་མ་བཞིན་དུ་སྦྱིན་པའི་འཁྲུ་བ་སེལ་བ་ཡིན་ནོ། །པུ་ཙ་ཤེལ་དང་ཤིང་མངར་དང། སེའུ་འབྲུའི་མྱུ་གུ
་བྲི་ཡངཀུ། །ཞོ་དང་འོ་སུ་འབྲས་བུར་བཅས། །ཐུག་པ་ལྡེ་གུ་སྦྱར་དུག་བྱ། །ཞེས་བྱ་བ་ལ། པུ་ཙ་ཤེལ་ལ་སོགས་པ་ལས་ཐུག་པ་ལ་སོགས་པ་བྱའོ། །སེའུ་འབྲུའི་མྱུ་གུ་དང། བར་སྐྱེས་མ་ཐག་པའོ། །དེ་བཞིན་པིལྦ་ཀ་པེཏྟ། ། མྲ་འདམ་བུའི་རྐང་ལས
་སྦྱང། །ཞེས་བྱ་བ་ལ། དེ་བཞིན་དུ་ཐུག་པ་དང་ལྡེ་གུ་དང་སྦྱར་ཐུག་ཁ་ལ་ཞེས་བྱ་བ་ལ་སོགས་ལ་པིལྦའི་རྐང་དང། ཀ་པེཏྟའི་རྐང་དང་ཨ་འབྲའི་རྐང་དང་འཇམ་བུའི་རྐང་དང་སྦྱར་བར་བྱའོ། །སྨིན་པའི་ཁུ་བ་རའི་འོ་མ་མཆོག་ཏུ་ཕན་ཏེ། དེ་ལ་ནི།
་སྟོབས་ལྡན་ནད་གཞི་ཚེ་བའི་ཕྱིར། མ་ཞིན་ནི་བཀྲུ་སྨན་བཏང། །ཞེས་བྱ་བ་ལ། སྨིན་པའི་མཁྲིས་པའི་འཁྲུ་བ་ལ་ནི་རའི་འོ་མ་མཆོག་ཏུ་ཕན་པ་ཡིན་མོད་ཀྱི། །རའི་འོ་མ་དེས་སྟོབས་དང་ལྡན་པའི་ནད་གཞི་ཆེན་པོ་དང། ལེན་པའི་ཕྱིར་གལ་ཏེ་ཞི་ཞིང
་བྱང་བར་མ་ནུས་ན་མཁྲིས་པའི་འཁྲུ་བ་སྟོབས་ཅན་དེ་ལས་བཀྲུ་སྨན་བཏང་བར་བྱའོ། །རིམས་ཀྱིས་བཤང་བ་ཁྲག་ཏུ་འཁྲུ། །གང་ཞིག་འཁྲུ་བར་གྱུར་པ་ལའང། །པ་ལ་ཤ་ཡི་འབྲས་བུ་ཡི། །ཁུ་བ་དང་སྦྱར་འོ་མ་བླུད། །དེ་ནས་འོ་མ་དྲོ་འཇམ་ཙམ།
་ཉམས་སྟོབས་ཇི་བཞིན་བླུད་པར་བྱ། །དེས་ནི་ཏི་མ་བསལ་བས་ན། །ལྟོ་ཡི་ནད་ནི་ཞི་བར་འགྱུར། ཞེས་བྱ་བ་ལ། གང་བཤད་པ་དང་ཁྲག་རིམས་ཀྱིས་འབྱུང་བ་འཁྲུ་སྟེ། བཤང་བ་དང་བཅས་པའི་ཁྲག་ཏུ་འཁྲུ་ན་དེའི་རྗེས་ལ་ཁྲག་འབའ་ཞིག་འཁྲུ་བར་
་བྱེད་པ་དང། ལན་འགའ་ནི་ཁྲག་ཏུ་འཁྲུ་ནས་བཤད་པ་འཁྲུ་བར་བྱེད་པ་དང། ལན་འགའ་ནི་བཤང་བར་འཁྲུ་བ་ཁྲག་ཏུ་འཁྲུ་བར་བྱེད་པ་ལ་ནི་པ་ལ་ཤའི་འབྲས་བུ་ཁུ་བ་ཞིག་བླུད་པ་འམ། ཡང་ན་འོ་མ་དང་སྦྱར་བ་བླུད་ལ་དེ་ནས་དེའི་འོག་ཏུ་འོ་མ
་འབའ་ཞིག་བསྐོལ་བ་དྲོ་འཇམ་ཙམ་ནད་པའི་ཉམས་སྟོབས་ཇི་ལྟ་བ་བཞིན་དུ་བླུད་པར་བྱའོ། །འོ་མའི་སྦྱོར་བ་དེས་ནི་བཤང་བ་ཞེས་བྱའི་དྲི་མ། བཏོན་པས་ལྟོ་བའི་ནད་འཁྲུ་བ་ཞེས་བྱ་བའི་དྲི་མ་བཏོན་པས་ལྟོ་བའི་ནད་འཁྲུ་བ་ཞེས
་བྱ་བ་དེ་ཞི་ཞིང་བྱང་བར་འགྱུར་རོ། །ཁྱི་ལྕེ་བ་ཡི་སྦྱང་བ་ཡང། །པ་ལ་ཤ་ལྟར་སྦྱོར་བར་བྱ། །ཞེས་བྱ་བ་ལ། ཁྱི་ལྕེ་བ་ལ་ཤ་ལྟར་བསྐོལ་བ་ལ་འོ་མ་ལྷན་ཅིག་སྦྱར་ཏེ་བླུད་ན་དེའི་རྗེས་ལ་འོ་མ་བླུད་པའི་སྦྱོར་བ་བྱས་ན་ཡང་དེ་དང་འདྲའོ། །ཐུག
་སོགས་རིམ་པར་བྱས་ཀྱང་ནི། །གལ་ཏེ་གཟེར་དེ་མ་ཞིན། །ཉེས་བསལ་དེ་ལ་མེ་དྲོད་སྟབས། །ལས་དཔགས་འཇམ་རྩི་མྱུར་དུ་བཏང། །ཞེས་བྱ་བ་ལ། ཐུག་པ་ལ་སོགས་པའི་རིམ་པ་ཇི་སྐད་བཤད་པ་ལྟར་བྱས་སུ་ཟིན་ཀྱང་གལ་ཏེ་གཟེར་དེ་ཞི
་པར་མ་གྱུར་ཅིང་དྲི་མ་སྦྱངས་ཟིན་པ་དེ་ལ་མེད་དྲོད་ཀྱི་སྟོབས་ཇི་ལྟ་བའི། །ཚོད་ལས་དཔགས་ཏེ་འཇམ་རྩིའི་སྦྱོར་བ་ཇི་ལྟེ་བ་མྱུར་དུ་བཏང་བར་བྱའོ། །ཤ་ཏ་བུསྤ་ཉེའུ་ཤིང་དང། བིལྤ་དང་ནི་ཤིང་མངར་དག། མར་འོ་ཏིལ་མར་བཞི་ཆར་བཅས།།
་བསྐོལ་བ་འཇམ་རྩིའི་སྨན་མར་ཡིན། །ཞེས་བྱ་བ་ལ། འཇམ་རྩི་དེ་ཡང་མར་དང་འོ་མར་བཅས་པའི་ནང་དུ་ཏིལ་མར་མར་གྱི་ཆ་དང་བཅས་པ་དང། ཤ་ཏ་བུསྤ་ལ་སོགས་པའི་ལྡེ་གུར་བྱས་པ་དང། བསྐོལ་བའི་འཇམ་རྩི་བཏང་བར་བྱའོ། །དེས
་ནི་ཚད་འཁྲུ་མ་ཞུ་ན། སྤྱི་བག་འཇམ་རྩི་མཆོག་ཏུ་ཕན། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་དུ་བསྟན་པའི་གསོ་བ་བྱས་སུ་ཟིན་ཀྱང། འཁྲུ་བ་དེ་ཞི་བར་མ་གྱུར་ན་དེའི་འོག་ཏུ་ནི་སྤྱི་བག་གི་འཇམ་རྩིའི་འོག་ནས་བཤད་པ་བཏང་བར་བྱའོ། །ཤལ
་མ་འདི་ཡི་ལོ་མ་རློམ། །ཀུ་ཤ་རློན་པས་དཀྲིས་ནས་ནི། །ས་ནག་ལྡེ་གུས་བསྐུས་ནས་སུ། །ལྕི་བ་སྐམ་པོ་མེ་ནང་སྲེག། འཇིམ་པ་རློམ་པ་དེ་བཀོག་སྟེ། །གོང་པོ་དེ་ལས་སྲང་གཅིག་ཙམ། །འོ་མ་བྲེ་གང་ནང་དུ་མཉེ། །བཙགས་ལ་དངས་མར
་རྒྱ་སྤོས་དང། ཤིང་མངར་སྦྲང་རྩི་ལྡེ་གུ་མར། །ཏིལ་མར་ལྡན་པས་འཇམ་རྩི་བྱ། །ཁྲུས་བྱས་འོ་མ་འཇམ་རྩི་སྦྱིན། །ཡང་ན་སྐམས་སའི་ཤ་ཁུ་སྦྱིན། །མཁྲིས་པའི་ཚད་འཁྲུ་རིམས་དང་འོ་ར་ནད་སྐྲན། །རླུང་ནད་ཁྲག་དང་ཕོ་བའི་ནད་སེལ་ཅིང། །འདིར་ནི་བཀྲུ
་སྨན་མས་བཏང་དྲག་པོ་ཡི། །སྦྱོར་བྱས་དྲག་ཏུ་འབྱུང་བའང་མྱུར་ཞི་བྱེད། །ཅེས་བྱ་བ་ལ་ཤལ་མ་ལའི་ལོ་མ་རློམ་པས་འཇིམ་པས་བསྐུ་བའི་བར་གྱི་སྦྱོར་བ་བྱས་ནས་དེའི་འོག་ཏུ་བསྲེགས་ལན་ནང་གིས་ཆོས་ཏེ་ཕྱིའི་འཇིམ་པ་ལུས་པ་དང། འཇིམ་པ་དེ
་བཀོག་སྟེ་ལོ་མའི་གོང་པོ་སྲང་གཅིག་ཙམ་འོ་མ་སྤང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་མཉེས་པ་བཙགས་པའི་ཁུ་བ་དེ་རྒྱ་སྤོས་ལ་སོགས་པ་བཅུག་པ་མར་དང་ཏིལ?་མར་གྱི་འཇམ་རྩི་བྱའོ། །དེའི་འོག་ཏུ་ལུས་ཁྲུས་བྱས་ལ་འོ་མ་དང་བཅས་པའི་འབྲས་ཆན
་བྱིན་པ་འམ། །ཡང་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་དང་འབྲས་ཆན་སྦྱིན་པར་བྱའོ། །དེས་ནི་མཁྲིས་པའི་ཚད་པར་འཁྲུ་བ་ལ་སོགས་པ་སེལ་བར་བྱེད་ཅིང། དེ་བཞིན་དུ་བཀྲུ་སྨན་ལ་སོགས་པ་བྱས་པ་ལས་ཀྱང་དྲག་ཏུ་འབྱུང་ཞིང་སྦྱོར་བ་དྲག
་པོའི་ནད་ལྟ་བུ་ཡང་སེལ་བར་བྱེད་??། །དྲུག་མོ་ཉུང་ནི་བུ་རམ་ཕྲན། །སྟེར་བསྐོལ་དུག་མོ་ཉུང་སོགས་སྟེ། ། བརྟ་སོར་སྦྲང་རྩི་བཅས། །ལྡེ་གུས་འཁྲུ་བ་ཐམས་ཅད་སེལ། །ཞེས་བྱ་བ་ལ། དུག་མོ་ཉུང་བུ་རམ་ཕྲ་མོ་ཕནྟི་མ་ཞེས་བྱ་བ་སྟ་ར་བྱ་བསྐོལ་བའི་ཁུ་བ་ལ་དུག་མོ་ཉུང་ལ་སོགས
་པའི་སྡེ་ཚན་གྱི་ཕྱེ་ཡ་དང་བཅས་ཤིང་དེ་བཞིན་དུ་ཨཾ་བརྟ་ལ་སོགས་པའི་སྡེ་ཚན་དང་བཅས་ཤིང་ལྡེ་གུ་ནི་ཁྲུ་བ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །སྨིན་ཅིང་ནད་མེད་མེ་དྲོད་ཆེ། །ཁྲག་དང་བཅས་པར་རིང་ནད་འཁྲུ། །སྣ་ཚོགས་མཆོག་ཏུ་རིང་ནད
་འཁྲུ་འགྱུར་བར། །སྨན་ཐུམ་བཅོས་པར་སྦྱར་བར་བྱ། །ཞེས་བྱ་བ་ལ། ཚད་པར་འཁྲུ་བ་གང་སྨིན་ཅིང་མ་ཞུ་བ་མེད་པ་ལ། ནད་དང་གཟེར་ཡང་མེད་པར་གྱུར་ལ། མེ་དྲོད་ཆེ་ཞིང་ཁྲག་དང་བཅས་པར་ཚིག་རིང་ཞིག་ནས་འཁྲུ་བར་བྱེད་ལ། འཁྲུ་བ་དེ
་ཡང?་ཁ་དོག་སྣ་ཚོགས་པར་འཁྲུ་བར་གྱུར་ན་དེ་ལ་ནི་འོག་ནས་བཤད་པའི་སྨན་གྱི་ཐུན་པོ་བཙོས་པའི་སྦྱོར་བས་གསོ་བར་བྱའོ། །ཀཏཔ་ལའི་ཤུན་ལྡེ་གུ། བིལྤ་ལོ་མས་དཀྲིས་ནས་ནི། །འཇམ་པས་བསྐུས་ཏེ་མེ་དང་བསྲེག
་ཁུ་བ་བཙིར་ལ་བསྒྲངས་པ་ནི། །སྦྲང་རྩི་འམ་ཁ་རར་བཅས་པ་ནི། །འཁྲུ་བ་ཅན་ལ་ཅི་རིགས་བླུད། །ཅེས་བྱ་བ་ལ། ཀཏཔ་ལ་ཞེས་བྱ་བ་ནིར་ག་སྤྲིན་དེའི་ཤུན་ལྤགས་ཀྱི་ལྡེ་གུ་བིལྤའི་ལོ་མས་དཀྲིས་ཤིང་གཡོགས་ལ་འཇིམ་པས་ཕྱི་རོལ་ནས་བསྐུས་ལ
་དེའི་འོག་ཏུ་མེར་བསྲེགས་ནས་བཙོས་པ་འཇིམ་པ་བསལ་ནས་ཁུ་བ་བཙིར་པ་བསྒྲངས་ནས་སྦྲང་རྩི་ཁ་ར་གང་ཡང་རུང་བ་བཏབ་པ་འཁྲུ་བ་ཅན་གྱི་ནད་པ་ལ་སྦྱིན་པར་བྱའོ། །དེ་བཞིན་འོ་མ་ཅན་གྱི་ཤིང་ཤུན། དེ་ཡི་མྱུ་གུ་ལས་ཀྱང་བྱ། །ཞེས་བྱ་བ་ལ། ཆོ
་ག་འདི་ཉིད་ཀྱིས་ནྱ་གྲོ་དྷ་ལ་སོགས་པའི་ཤིང་འོ་མ་ཅན་གྱི་ཤུན་ལྤགས་དང་དེའི་མྱུ་གུ་དང་ལྡེ་གུར་བྱས་ནས་སྔ་མ་བཞིན་དུ་སྨན་གྱི་ཕུར་མ་བཅས་པ་དག་ཀྱང་བླུད་ཅིང་བཏང་བར་བྱའོ། །འཁྲི་ཤིང་ཤུན་པ་མར་དང་བཅས། །བསྐོལ་བའི་རླངས་པས་བཅས་པ་ནི།།
་སྦྲང་རྩི་བཅས་པས་ཚད་འཁྲུ་བ། །སྟོབས་ཅན་དག་ཏུ་འབྱུང་བ་སེལ། །ཞེས་བྱ་བ་ལ། འཁྲི་ཤིང་ཀ་ཏྲད་ག་ཞེས་བྱ་བའི་ཤུན་པ་མར་དང་བཅས་པ་དག་ཆུ་བསྐོལ་བའི་ཁ་རླངས་ལ་བཙོས་ལ། སྦྲང་རྩི་དང་བཅས་པར་ཟོས་པས་ནི། ཆད་པར་འཁྲུ་བའི་ནད
་སྟོབས་ཅན་ཡང་མྱུར་དུ་ཞི་བར་བྱེད་དོ། །མཁྲིས་པའི་འཁྲུ་བ་ཅན་གྱིས་ནི། །མཁྲིས་པ་སྐྱེད་བྱེད་གང་བསྟེན་པས། །དེ་ཡིས་མཁྲིས་པ་འཁྲུག་འགྱུར་ནས། ཁྲག་གི་ཚད་འཁྲུ་སྐོམ་དང་རིམས། །འདེབས་ཤིང་གཞང་ཁ་མི་ཟད་འདྲུལ། །ཞེས་བྱ་བ་ལ། མཁྲིས་པ
་ལས་གྱུར་པའི་འཁྲུ་བ་དང་ལྡན་པའི་ནད་པས་མཁྲིས་པ་བསྐྱེད་པར་བྱེད་པའི་ཟས་ལ་སོགས་པ་བསྟེན་པ་དེས་མཁྲིས་པ་འཁྲུ་ཞིང་ལྡང་པས་ཁྲག་གི་ཚད་པར་འཁྲུ་བ་ལ་སོགས་པ་བསྐྱེད་པར་འགྱུར་རོ། །པདྨ་ཨུད་པ་ལ་ས་མང་ག་།མོ་ཛ་ར་ས་བསྐོལ་བ་ཡི།།
་ར་ཡི་འོ་མ་དེ་ལ་ཕན། །ཞེས་བྱ་བ་ལ། མཁྲིས་པའི་ཚད་པར་འཁྲུ་བའི་ནད་དེ་དང། གཞང་འབྲུམ་འདྲུལ་བ་པདྨ་ལ་སོགས་པ་དང། རའི་འོ་མ་བསྐོལ་བླུད་ཕན་ནོ། །ཐལ་ཏྲེས་ཤིང་མངར་སེང་ཕྲོམ་འམ། ནྱ་གྲོ་དྷ་ལ་སོགས་པའི་མྱུ་གུ་འོ་མར་བསྐོལ་བ་ལ་སྦྲང་རྩི་དང་ཁ་ར་བཏག་པ་བཏུང་བ
་ནི། །བཏུང་བ་འམ་གཞང་འབྲུམ་བྱས་པ་ཕན། །ཞེས་བྱ་བ་ལ། ཡང་ན་ཐལ་ཏྲས་ལ་སོགས་པའི་སྨན་རའི་འོ་མ་བཏུང་བ་ལ་སོགས་པར་བྱས་ན་ཕན་ནོ། །ཡང་ནྱ་གྲོ་དྷ་ལ་སོགས་པའི་མྱུ་གུ་འོ་མར་བསྐོལ་བ་ལ་སྦྲང་རྩི་དང་ཁ་ར་བཏག་པ་བཏུང་བ
་ལ་སོགས་པར་སྦྱར་ན་ཕན་ནོ། །དེ་བཞིན་ཤ་ཁུ་སྐྱོན་མེད་སོགས། །མར་བཅས་བསྒྲངས་པའི་ཟས་སྐོམ་ཕན། །ཞེས་བྱ་བ་ལ། ཡང་ཁྲག་གི་ཆད་པར་འཁྲུ་བ་དང། གཞང་བརྣགས་ཤིང་འདྲུལ་བ་ལ་ཤ་ཁུ་དང། ཐུག་པ་དང་སྐྱོ་མ་དང། སྦྱར་ཐུག་ལ་སོགས
་པ་སྐྱོན་མེད་པ་ལ་མར་དང་བཅས་པར་བསྒྲངས་པ་དག་ཟས་དང་སྐོམ་དུ་བྱིན་ན་ཕན་ནོ། །ཏང་བལ་འབྲས་བུའི་ཁུ་བ་ནི། །ཅུང་ཟད་སྐྱར་ཞིང་ཁ་ར་བཅས། ཞེས་བྱ་བ་ལ། ཏང་བལ་གྱི་འབྲས་བུའི་ཁུ་བ་ཡུ་ཤར་བཅས་པ་ཆུང་ཟད་ཙམ་སྐྱུར་བ་ལ་ཁ་ར་བཏབ
་པའི་བསྒྲངས་པ་དག་ཟས་དང་སྐོམ་དུ་བྱས་པ་ཡིན་ན་ཕན་ནོ། །ར་ཡི་འོ་མ་ཆུ་ཕྱེད་དང། ཨུད་པལ་དོང་གྲ་བ་ལག་།པྲི་སྣ་བར་ནི་ཁུ་བར་བཅས། །ཐུག་པ་ཁྲག་གི་ཚད་འཁྲུ་སེལ། །ཞེས་བྱ་བ་ལ། རའི་འོ་མ་ཆུ་དང་ཕྱེད་དུ་བསྲེས་པ་ཨུཏཔ་ལ་སོགས་པ་བཏབ་ཅིང་བྲི་སྣ
་པརྞི་ཁུ་བ་དང་བཅས་པ་ཐུག་པར་བྱས་པ་ནི། ཁྲག་གིས་ཚད་པར་འཁྲུ་བར་སེལ་ཏོ། །ཟས་ཀྱི་སྔོན་དུ་མར་སར་ནི། །སྦྲང་རྩི་ཁ་རར་སྦྱར་བ་བལྡག་།ཅེས་བྱ་བ་ལ། ཡང་ན་ཟས་མ་ཟོས་པའི་སྔོན་རོལ་ཏུ་མར་སར་དང་སྦྲང་རྩི་དང་ཁ་ར་ལྡེ་གུར་བྱས་པ་བལྡག་པ
་ཡང་ཕན་ནོ། །ཁྲག་གི་འཁྲུ་ཚབས་ཆེར་?་ལ་ར་འམ། རི་དགས་ཁྲག་གི་མར་བསྔོས་སྦྱིན། །ཞེས་བྱ་བ་ལ། ཁྲག་གི་འཁྲུ་བ་ཚབས་ཆེར་འཁྲུ་བ་ལ་ནི་རའི་ཁྲག་གམ། རི་དགས་ཀྱི་ཁྲག་དང་མར་བརྔོས་པ་ཕན་ནོ། །འོ་མ་དང་བཟའ་འོ་མ་བཏུང། །འོ་མ་བསྲུབས་མར
་ཞག་གསུམ་བསྟེན། །ཡང་ན་གོང་མ་སྲེག་གི་ནི། །ཤ་ཁུ་དང་ཟོས་ནད་མེད་འགྱུར། །ཞེས་བྱ་བ་ལ། འོ་མ་དང་སོགས་ཏེ་བཟའ་བ་དང། འོ་མ་བཏུང་བ་དང་འོ་མ་བསྲུབས་པའི་མར་སར་ཞག་གསུམ་གྱི་བར་དུ་བསྟེན་པ་འམ།?
་ཡང་ན་གོང་མ་སྲེག་གི་ཤ་ཁུ་འཐུངས་ལ་འོ་མ་བསྲུབས་པའི་མར་ཟ་ཞིང་འོ་མ་འཐུངས་ན་ཡང་ནད་མེད་ཅིང་བདེ་བ་ཐོབ་པར་འགྱུར་རོ། །ཉེའུ་ཤིང་བཏགས་འོ་མར་བཟའ་། །ཡང་ན་དེ་ནི་བསྐོལ་བ་ཡི། །མར་གྱི་ཚད་འཁྲུ་མྱུར་དུ་སེལ། །ཞེས་བྱ་བ་ལ།
་ཡང་ཉེའུ་ཤིང་བཏགས་པའི་ལྡེ་གུ་འོ་མ་དང་སྦྱར་ཏེ་འཐུངས་ལ་འོ་མ་དང་བཅས་པར་ཁ་ཟས་ཟོས་ན་ཡང་ཁྲག་གི་ཚད་པར་འཁྲུ་བ་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཉེའུ་ཤིང་དེ་དང་བསྐོལ་བའི་མར་འཐུངས་ན་ཡང་དེ་དང་འདྲའོ། །རྒྱ་སྐྱེགས་བཅའ་
་སྒ་པི་པི་ལིང། །སྐྱེར་པའི་ཤུན་པ་བུ་ཙ་ཤེལ། །དུག་མོ་ཉུང་དང་བཅས་བསྐོལ་མར། །ཐུག་སླ་ཐུག་པ་དང་སྦྱར་བས། ནད་གཞི་གསུམ་ཆར་ལས་བྱུང་བའི། །མི་བཟད་འཁྲུ་བའང་མྱུར་དུ་སེལ། །ཞེས་བྱ་བ་ལ། ཡང་རྒྱ་སྐྱེགས་ལ་སོགས་པའི་སྨན
་ལྡེ་གུར་བྱས་པ་དང། མར་དུ་བསྐོལ་བའི་མར་དང་ཐུག་པ་སླ་བ་ལ་སོགས་པ་སྦྱར་ཏེ་བླུད་པས་ཆད་པར་འཁྲུ་བའི་ནད་གཞི་གསུམ་ཆར་ལས་བྱུང་བའི་མི་ཟད་པར་ན་བདག་ཀྱང་སེལ་བར་བྱེད་དོ། །ས་ནག་དུག་དང་ཤིང་མངར་དང། སྦྲང་རྩིར་ཁྲག་འབྲས
་ཆུར་བླུད། །ཁྲག་གི་འཁྲུ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། ས་ནག་སོར་ཏེ་དེང་དུང་ལ་སོགས་པ་འབྲས་ཀྱི་ཆུ་དང་བཅས་པ་བླུད་ན་ཁྲག་དུ་འཁྲུ་བ་སེལ་བར་བྱེད་དོ། །བྲི་ཡངཀུ་དང་སྦྲང་རྩིར་ཕན། ཞེས་བྱ་བ་ལ། ཡང་ན་གནད་པྲི་ཡངཀུ་དང་སྦྲང་རྩིར་བསེས་པ
་འབྲས་ཀྱི་ཆུ་དང་བསྲེས་པ་བླུད་ན་ཡང་ཁྲག་ཏུ་འཁྲུ་བ་ལ་ཕན་ནོ། །ཏིལ་ནག་བཏགས་པའི་ལྡེ་གུ་དང། ཤ་ཁུ་ར་ཡི་ཆ་ལྔ་དང། །ར་ཡི་འོ་མ་སྦྱར་བ་བླུད། །འཕྲལ་དུ་ཁྲག་དུ་འཁྲུ་བསེལ། །ཞེས་བྱ་བ་ལ། ཏིལ་ནག་པ་བཏགས་པའི་ལྡེ་གུའི་ཆ
་ལྔའི་ཤ་ཁ་ར་དང་བཅས་པའི་རའི་འོ་མ་དང་སྦྱར་ཏེ་བླུད་ན་ཡང་འཕྲལ་དུ་སྟེ་དེའི་མོད་ལ་ཁྲག་ཏུ་འཁྲུ་བ་སེལ་ཏོ། །ཁ་ར་སྦྲང་རྩི་ཙན་དན་བཅས། །འབྲས་ཀྱི་ཆུ་དང་བླུད་ན་ནི། །ཁོང་ཚ་སྐོམ་དང་གཅིན་ནད་དང། །ཁྲག་ཏུ་འཁྲུ་ལས་ཐར་པར་འགྱུར། །ཞེས་བྱ
་བ་ལ། ཁ་ར་དང་སྦྲང་རྩི་དང། །ཙན་དན་དཀར་པོའི་སྡེ་གུ་དང་བཅས་པ་སྦྱར་བར་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏ་བླུད་ན་ཡང་ཚ་བ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །གཞང་ཁ་ཚ་ཞིང་འདྲུལ་བ་ལ། །བསིལ་བའི་སྨན་གྱིས་བླུགས་ཤིང་བསྐུ།
་ཞེས་བྱ་བ་ལ། གཞང་ཁའི་ཕྱོགས་སུ་ཆ་བ་འུར་འུར་པོར་གྱུར་པ་དང། འདྲུལ་ཞིང་བརྣགས་པར་གྱུར་པ་ལ་ནི། བསིལ་བའི་སྨན་གྱི་སྦྱོར་བ་ལ་སོགས་པས་བླུད་པ་དང། སྨན་གྱིས་བསྐུས་པས་ཕན་ནོ། །གང་ཚེ་ཡང་དང་ཡང་དུ་འཁྲུ། །ཁྲག་ཉུང་གཟེར
་དང་བཅས་པར་འཁྲུ། །རླུང་གི་གནས་ནི་བྱས་གྱུར་པས། །དཀའ་བས་འབྱུང་བ་འམ་མི་འབྱུང་བྱེད། །དེ་ཚེ་དེ་ལ་སྤྱི་བག་ནི། །འཇམ་རྩི་སྔར་བཤད་བཏང་བར་བྱ། ཞེས་བྱ་བ་ལ། དུས་གང་གི་ཚེ་ཡང་དང་ཡང་དུ་འཁྲུ་བ་དེའི་ཚེ་ན། ཁྲག་ཉུང་ཟད་ཉུང་ཟད་འབྱུང
་ཞིང་གཟེར་དང་བཅས་པར་གྱུར་པ་དང། དེ་བཞིན་དུ་རླུང་གི་འབྱུང་བའི་ལམ་བཀག་པར་གྱུར་པས་དཀའ་ཞིང་འཐོགས་ཏེ་འབྱུང་ངམ་ཡང་ན་འབྱུང་མི་ནུས་པར་གྱུར་པ་དེ་ལ་དེའི་ཚེ་སྔར་བཤད་པའི་སྤྱི་བག་གི་འཇམ་རྩི་བཏང་བར་བྱའོ། །ཀར་བྷུ་ད་རུ
་ཤིང་ཤ་པ། ལ་སོགས་ལོ་མ་ཆམ་ཆམ་བརྡུངས། །ནས་དང་བསྐོལ་བའི་ཁུ་བ་དེ། །མར་དང་འོ་མར་བཅས་པར་བསྐོལ། །སྤྱི་བག་འཇམ་རྩི་བཏང་ནས་ནི། །བེའུ་སྣབས་འཁྲུ་དང་གཞང་འབྱུང་དང། མཁྲག་པའི་ནད་རྣམས་སེལ་བྱེད་ཅིང། །སྐོམ་པ
་སྟོབས་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཤིང་ཀར་བྷུ་ད་རུ་དང་ཤི་ཤ་པ་ལ་སོགས་པའི་ལོ་མ་གཏུན་གྱི་ནང་དུ་ཆམ་ཆོམ་བརྡུངས་ལ་དེ་བཞིན་དུ་ནད་ཀྱང་བརྡུངས་གཏུན་ལ་ཆམ་ཆོམ་བརྡུངས་ཤིང་བཏལ་ལ་ཆོ་ག་བཞིན་དུ་བསྐོལ་བའི་ཁུ་བ
་མར་དང་འོ་མར་བཅས་པར་བསྐོལ་ཏེ་སྤྱི་བག་གི་འཇམ་རྩི་བཏང་ན་བེའུ་སྣབས་ཀྱི་འཁྲུ་བ་ལ་སོགས་པའི་དེ་དག་སེལ་བར་བྱེད་ཅིང། འཇམ་རྩི་འདི་བཏང་བས་ལུས་ཟད་ཅིང་སྐེམ་པར་གྱུར་པ་དག་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ།།
་སྟག་ཚོར་བ་དང་བསྐོལ་བའི། །མར་གྱི་འཇམ་རྩི་བཏང་བར་བྱ། །ཞེས་བྱ་བ་ལ། བེའུ་སྣབས་འཁྲུ་བ་ལ་སོགས་པའི་ནད་འདི་ལ། །སྟག་ཚོར་བ་ཞེས་བྱ་བ་པྲ་པུཎྜཱ་རཱི་ཀ་དང་བཀོལ་བའི་མར་གྱི་འ་ཟ་མ?་རྩི་བཏང་ན་ཡང་ཕན་ན། །དད་པར་བཤད་པ་ཁྲག
་འདྲེས་འགྱུར། །ཡང་ན་ཕྱིས་ནི་འཁྲུ་བར་འགྱུར་བ། །དེ་ལ་ཉེའུ་ཤིང་བསྐལ་པའི་ཁུ། །ལྡེ་གུའི་དོན་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཁྲག་གི་འཁྲུ་བ་གང་དང་པར་བཤད་པ་ཁྲག་དང་འདྲེས་པར་འབྱུང་བ་འམ། ཡང་ན་ཕྱིས་བཤད་པ་དང་ཁྲག་དང་འདྲེས
་པར་གྱུར་པ་དེ་ལ་འོག་ནས་བཤད་པའི་ཉེའུ་ཤིང་གི་མར་ལྡེ་གུའི་སྦྱོར་བས་སྦྱིན་པར་བྱའོ། །ཁར་ཆ་ཕྱེད་དང་སྦྱར་ལ། །སྦྲང་རྩི་བཞི་ཆ་བཅུག་པ་ཡི། །མར་སར་ཕན་པའི་ཟས་ཟོས་ན། །ནད་དེ?་མྱུར་དུ་སེལ་བར་འགྱུར། །ཞེས་བྱ་བ་ལ། མར་སར
་འཕྲལ་དུ་བྱུང་བ་གང་ཡིན་པ་དེ། ཁ་ར་ཆ་ཕྱེད་དང་སྦྱར་ཅིང་སྦྲང་རྩི་མར་གྱི་བཞི་ཆ་བཅུག་པའི་མར་དང། ཕན་ཞིང་འཕྲད་པའི་ཟས་ཟོས་ན་ཁྲག་ཏུ་འཁྲུ་བའི་ནང་དེ་མྱུར་དུ་སེལ་བར་འགྱུར་རོ། །ུ་དུམྦ་ར་ནྱ་གྲོ་དྷ། ། ཤཏཔ་ཡི་མྱུ་གུ་ནོ། །བརྡུངས་ཏེ
་ཆུ་དང་ཞག་གཅིག་སྤངས། །མཉོས་ཏེ་བཅགས་པར་མར་བསྐོལ་ལ། །ཁ་ར་དེ་ཡི་ཕྱེད་བཏབ་ཅིང། །སྦྲང་རྩི་བཞི་ཆ་བཏང། སྐྲུང། །གང་གི་ཁྲག་ནི་ཐུར་དུ་འམ། །གྱིན་དུ་འབྱུང་བར་བྱད་པའང་སྦྱིན། །ཞེས་བྱ་བ་ལ། ཤིང་ཨུ་དུམྦ་ར་ལ་སོགས
་བའི་མྱུ་གུ་བརྡར་ས་ཏེ་ཆུ་བསྐོལ་བའི་ནང་དུ་ཉིན་ཞག་སྤངས་ལ་ཆུ་དེ་དང་མཉེས་ཏེ་བཙགས་པའི་ཁུ་བ་དེ་དང་མར་ཆུ་ལ་བཞིན་དུ་བསྐོལ་ལ་མར་དའི་ནང་དུ་ཁ་ར་མར་གྱི་ཕྱེད་བཏང་ཅིང་སྦྲང་རྩི་མར་གྱི་བཞི་ཆ་བཏབ་སྟེ། འཁྲུ་བ་ཅན་གྱི་ནད་པ
་ལ་བྱིན་བར་བྱ་བ་ལ། ཡང་གང་གི་ཁྲག་འཐུར་དུ་འཁྲུ་བ་དང། གྱེན་དུ་འབྱུང་བར་བྱེད་པ་དེ་དག་ལ་ཡང་བླུད་པར་བྱ་བའོ། །བད་ཀན་འཁྲུ་བ་རླུང་བཤད་པའི། །མ་ཞུ་སྨིན་བྱ་མཆོག་ཏུ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འཁྲུ་བ་ཉུང་བ་དག་ལ་ནི་མ་ཞུ་བའི
་སྨིན་པར་བྱ་བའི་ཐབས་གང་དག་ཡིན་པ་དེ་མཆོག་གང་ཁྱད་པར་དུ་སྤྱད་པར་བྱའོ། །རྗེས་སུ་འབྲེལ་བ་དེ་ལ་ནི། །བིལྤ་གཞོན་ནུ་གླ་སྒ་ང་དང། ཨ་རུ་ར་དང། བཅའ་སྒ་བསྐོལ། །སྨིན་ཅིང་མ་དྲོད་བསྐྱེད་པ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འཁྲུ
་བ་སྨྱུང་བ་ལ་སོགས་པའི་རིམ་པ་བྱས་སུ་ཟིན་ཀྱང་རྗེས་སུ་ར་བག་ཅིང་བྱད་པར་ན?་གྱུར་པ་དེ་ལ་བིལྤ་གཞོན་ནུ་ལ་སོགས་པ་བསྐོལ་བའི་ནད་སྨིན་ཅིང་ན་དྲོད་བསྐྱེད་པ་དེ་བླུད་པར་བྱས་སོ། །ཤུ་དག་དོང་གྲ་བྱི་རང་ག་།པུ་ཏི་ཀ་དང་ཐང་ཤིང་དང། །ཞེས
་བྱ་བ་ལ། ཡང་ན་ཤུ་དག་ལ་སོགས་པ་བསྐོལ་བ་ཡང་སྨན་ཅིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་པས་བླུད་པར་བྱའོ། །པི་པི་ལིང་གཉིས་ཀྲུ་དྲུབ་ཏས། པི་པི་ལིང་གི་རྩ་བ་འམ། ཞེས་བྱ་བ་ལ། ཡང་ན་པི་པི་ལིང་ཏ་སྟེ། པི་པི་ལིང་ལ་སོགས་པ་བསྐོལ
་བ་བླུད་པར་བྱའོ། །པ་ཏྲ་ཙི་ཏྲ་རྨུག?་མོ་ཉུང། །ཤུ་དག་པི་པི་ལིང་རྩ་བ། །པུ་ཙ་ཤེལ་དང་ཨ་རུ་ར། །བསྐོལ་བའམ་ཡང་ན་བཏག་མ་པ་ཕན་པ་ཞེས་བྱ་བ་ལ། ཡང་ན་པ་ཐ་དང། ཙི་ཏྲ་ཀ་ལ་སོགས་པ་ཆོ་ག་བཞིན་དུ་བསྐོལ་བ་འམ་བཙགས་ཏེ་ལྡེ་གུར
་བྱས་པ་ཡང་བད་ཀན་ལས་གྱུར་པའི་འཁྲུ་བའི་དྲོད་བསྐྱེད་པའི་སྨན་ཡིན་པས་བླུད་པར་བྱའོ། །བད་ཀན་ཚ་བར་འཁྲུ་སྨན་བླུད། །ཁ་རུ་ཚ་དང་ཚ་བ་གསུམ། །ཤུ་དག་ཤིང་ཀུན་བོང་ང་དཀར། ། རུ་རའི་ཆུ་ཆན་བཅས། །བད་ཀན་འཁྲུ་བས་ཉེན་ལ་བླུད། །ཅེས་བྱ་བ་ལ། བད་ཀན་གྱི་འཁྲུ་བས
་ཉེན་ཅིང་གཟིར་བ་ལ་ཁ་རུ་ཚ་ལ་སོགས་པའི་ཕྱེ་མ་ཆུ་བསྐོལ་བ་དྲོ་འཇམ་ཙམ་དུ་བླུད་པར་བྱའོ། །ཀ་པཏྟ་ཡི་རྐང་དང་ནི། །ཚ་གསུམ་སྦྲང་རྩི་བ་ར་འམ། ཀདཔ་ལ་དང་སྦྲང་རྩིར་བཅས། །ལྟོ་ཡི་ནང་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ག་ཡང་ད་ཀ
་པཏྟ་སྐྱུར་བོའི་རྐེད་པ་དང་ཚ་བ་གསུམ་དང། སྦྲང་རྩི་ཁ་ར་དང་བཅས་པའི་ལྡེ་གུ་བྱིན་ན་ཡང་ལྟོ་བའི་ནང་བད་ཀན་ལས་གྱུར་པའི་འཁྲུ་བ་སེལ་བར་བྱེད་དོ། །ཡང་ཀཏཔ་ལ་དང་སྦྲང་རྩིར་བཅས་པའི་ལྡེ་གུ་སྦྱིན་ན་??
་དང་འབྲའོ། །པི་པི་ལིང་དང་སྦྲང་རྩིང་བཅས། །ཙིཏྲ་ཀ་དང་དར་བར་བཅས། །བིལྦ་གཞོན་ནུ་བྱིན་ན་ཡང། །འཁྲུ་བའི་ནང་ནི་སེལ་བར་བྱེད། ཅེས་བྱ་བ་ལ། པི་པི་ལིང་སྦྲང་རྩིར་བྱས་སབ?་བྱིན་པ་འམ། ཡང་ན་ཙི་ཏྲ་ཀ་དང་དར་བར་སྤྱིར་བ་བླུད་པ་འམ། བིལྤ་གཞོན་ནུ་དར
་པ་དང་སྦྱར་ཏེ་བྱིན་ན་ཡང་འཁྲུ་བ་ལས་གྱུར་པའི་ནང་སེལ་བར་བྱེད་དོ། །པ་ཏ་གླ་སྒང་མོ་ཛ་ར། །པིལྤ་དོང་གྲ་ད་ཏ་ཀའམ། བུ་རམ་དར་བར་བཅས་པ་ཡིས། །འཁྲུ་བ་ཤིན་ཏུ་གསོ་དཀའ་ཨང་སལ། །ཞེས་བྱ་བ་ལ། པ་ཏ་ལ་སོགས་པ་བུ་རམ་དང
་བསྲེས་པའི་དར་བ་དང། བླུད་ན་ཡང་འཁྲུ་བ་ཤིན་ཏུ་གསོ་བར་དཀའ་ཞིང་ནད་ཚབས་ཆེ་བ་དག་ཀྱང་སེལ་བར་བྱེད་དོ། །པི་པི་ལིང་རྩལ་ལ་ཕུར། །དྲི་བཟད་བཞི་དང་དོང་གྲ་དང། །ན་ལ་ཤམ་དང་ཀྲུ་དྲུག་ཏྲེས། །འུ་སུ་ཟེར་བ་ལ་ཀ་།ཁ་རུ་ཚ་རྣམས
་ཆ་མཉམ་དང། །ད་ཏྲིག་དང་ནི་ད་ཏ་ཀི། བིལ་བ་ནི་དང་ནི་པི་པི་ལིང། །སེའུ་འབྲུ་དང་ནི་ལ་ཕུད། །སུམ་འགྱུར་ཁ་ར་དྲུག་འགྱུར་དང། །ཀ་བེཏྟ་ན་བརྒྱད་འགྱུར་བྱས། །ཕྱེ་མས་ཚད་འཁྲུ་ཕོ་བའི་ནད། །ཟ་བྱེད་སྐྲན་དང་ལྐོག་མའི་ནད། །ལུད་པ་དབུགས
་མི་བདེ་དྲང་ཉམས། །གཞང་འབྲུམ་ཆམ་པ་ཡིག་མཆུས་སེལ། །ཞེས་བྱ་བ་ལ། པི་པི་ལིང་ག་རྩེ་བ་ལ་སོགས་པའི་སྨན་རྣམས་ཆ་མཉམ་པར་བྱས་པ་དང། །ར་ཏྲིག་ལ་སོགས་པ་སུམ་འགྱུར་ཏེ། །རྩ་བའི་སྨན་ལ་སོགས་ནས་སུམ་འགྱུར་དུ་བྱས
་པ་དང། ཁར་པི་པི་ལིང་དང་བརྩོ་བ་ལ་བ་འགྱུར་དུ་བྱས་པ་དེ་རག་ཕྱེ་མར་བྱས་ལ་ཀ་བེཏྟ་བརྒྱད་འགྱུར་དུ་བྱས་པ་དང་ཕྱེ་མར་བྱའོ། །དེ་ནས་རྩ་བའི་སྨན་རྣམས་ལས་ཁ། །ར་ནི་དྲུག་འགྱུར་དུ་བྱས་ལ། །ཀ་བེཏྟ་བརྒྱད་འགྱུར་དུ་བྱའོ། །ལ་ལ་དག?
་པི་པི་ལིང་གི་རྩ་བ་ལ་སོགས་པའི་སྨན་སྦྱིར་གཅིག་འགྱུར་བ་རའི་གྲུབ་འགྱུར་ཏེ་བདུན་ཀ་བེཏྟའི་ཆ་བརྒྱད་པ་སྟེ། །ཆ་བདུན?་ལས་བལྟོས་པའི་ཡིན་པའི་ཕྱིར་རོ། །ཕྱེ་མ་འདིས་ནི་འཁྲུ་བ་ནས་ཡིག་མཆུས་པའི་བར་གྱི་ནང་སེལ་བར་བྱེད་དོ། །སྨིག་རྐང་བ?
་དང་ནི་དྲི་སྣ་བཞི། །ཞོ་ནི་གཉིས་གཉིས་ལ་ལ་ཕུད། །འོ་སུ་ཟ་ར་ཞོ་ང་ཞི་བཞི། །པི་པི་ལིང་ཆ་ཚ་བ་གསུམ། །སྲང་ནི་རེ་རེ་སེའུ་འབྲུ་དང། །ཁར་སྲར་བརྒྱད་ཅིག་སྦྱར་འདི། །ཕྱེ་མ་སེའུ་བརྒྱད་པ་ཡིན། །ཡོན་ཏན་གོང་མ་དག་དང་འདྲ། ཞེས་བྱ་བ་ལ།
་མིག་རྐང་དང། དྲི་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་འོ་སུ་དང་ཟིར་དང་ལ་ལ་ཕུར་ར་རེ་ཞིང་ཞོ་གཞི་པི་པི་ལིང་གི་རྩ་བ་དང། ཚ་བ་གསུམ་སྣ་ར་རེ་ཞིང་སྲུང་རེ་རེ་སེའུ་འབྲུ་སྲང་བརྒྱད། །ཁར་སྲང་བརྒྱད་དེ་ལྟར་འདི་དག་གཅིག་ཏུ་སྦྱར་བའི་ཕྱེ་མ་འདི་ནི་སེའུ་འབྲུ་བརྒྱད
་།།ཞེས་བྱ་བར་མིང་གིས་མིང་དུ་བཏགས་པ་ཡིན་ཏེ། དེའི་ཡོན་ཏན་ནི་ཀ་བཏ་སྲང་བརྒྱད་པ་དང?་འདུ་བ་ཡིན་ཏེ། འཁྲུ་བ་དང་པོ་པའི་ནད་ལ་སོགས་པ་སལ་བར་བྱེད་དོ། །ཁ་ཟས་རླུང་གི་འཁྲུ་བ་བཤད། །སྦྱར་དུག་ལ་སོགས་པ་ཅི་རིགས་སྦྱིན། །ཞེས་བྱ་བ
་ལ། གནས་སྐབས་འདིར་ཁ་ཟ?་ནི་སྦྱར་ཐུག་དང་ཞོ་དང་སྦྱར་བ་དང། ཤ་ཁུ་དང་ཐུག་པ་ལ་སོགས་པ་རླུང་གི་འཁྲུ་བ་གས་པའི་སྐབས་སུ་བཤད་པ་དག་ནད་ཀྱི་ཚུལ་ལས་བརྟགས་ཏེ་ཅི་རིགས་པར་སྦྱིན་པར་བྱའོ། །ན་ལེ་ཤམ་དང་བྱི་དང་ག། པ་ཀ?་པེཏྟ
་དོང་གྲར་བཅས། །ཅང་ཤི?་རི་དང་རྒྱ་ཤུག་སྐྱུར། །སྦྱར་ཐུག་བད་ཀན་འཁྲུ་བ་སེལ། །ཞེས་བྱ་བ་ལ། ན་ལེ་ཤམ་ལ་སོགས་པ་དང་སྦྱར་བའི་ཐུག་པ་ཡང་བད་ཀན་ལས་གྱུར་པའི་འཁྲུ་བ་སེལ་བ་ཡིན་ནོ། །བད་ཀན་ཟད་ལ་སྔར་བཤད་པའི། །རྒྱ་སྐྱེགས་ལ
་སོགས་སྲང་དྲུག་པ། ནས་ཐུག་དང་ནི་སྲེས་པ་ཡི། །མར་ནི་རྙིང་པ་སྦྱིན་པ་ཕྱིན། །ཞེས་བྱ་བ་ལ། བད་ཀན་ཟད་ཅིང་མ་སྨིན་པ་མེད་ཅིང་གྱུར་ན་སྔར་བཤད་པའི་རྒྱ་སྐྱེགས་ལ་སོགས་པ་སང་དྲུག་པའི་ཐག་པ། རྒྱ་སྐྱེགས་བཅའ་སྒ་པི་པི་ལིང
་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་དེ་ཡང་སྐྱུར་ཞིང་མངར་བ་དང། ཀཉྫི་དང་སྐྱུར་རྩི་ཆེན་པོའི་ཁུ་བ་ལ་སོགས་པ་བསྐོལ་ནས་ཐུག་པ་དང་བསྲེས་པ་འམ། ཡང་ན་ནད་པ་དེ་ལ་མར་རྙིང་བ་ནས་ཐུག་པ་དང
་བསྲེས་པ་སྦྱིན་པར་བྱའོ། །རླུང་དང་བད་ཀན་གྱིས་བཀག་པ། །བད་ཀན་ཤས་ཆེས་འཁྲུ་བ་འམ། གཟེར་ཞིག་མཁྲིག་པར་བྱེད་བ་ལ། སྤྱི་བག་འཇམ་རྩི་བཏང་བ་བསྔགས། །ཞེས་བྱ་བ་ལ། རླུང་དང་བད་ཀན་གྱིས་འཁྲུ་བ་འགག་ཅིང
་འབྱུང་བར་མི་འགྱུར་བ་ལ་སོགས་པའི་ནད་ལ་སྤྱི་བག་གི་འཇམ་རྩི་གང་ཡིན་པ་བསྔགས་པ་ཡིན་ནོ། །ཤུ་དག་བིལྤ་པི་པི་ལིང། །རུ་རྟ་ཤུ་ཏི་རྒྱམ་ཚར་བཅས། །བིལྤའི་མར་རམ་ཏིལ་མར་ནི། །ཤུ་དག་ལ་སོགས་དང་བསྐོལ་བ་ཕན།
་ཞེས་བྱ་བ་ལ། །ཤུ་དག་ལ་སོགས་པ་བིལྤའི་མར་རམ་ཏིལ་མར་དྲོ་འཇམ་སྦྱར་བའི་སྨན་དྲོ་འཇམ་ཙམ་འམ། །ཡང་ན་བཀྲུ་སྨན་ལ་སོགས་པའི་སྡེ་ཚན་ལས་ཤུ་དག་དང་གླ་སྒང་ལ་སོགས་པའི་སྨན་དང་ཏིལ་མར་བསྐོལ་བ་བཏང་ན་ཡང་ཕན་ནོ།།
་བད་ཀན་རླུང་གིས་ཤས་ཆེར་གཟིར། །ཆུང་ཟད་དྲོ་བའི་འཇམ་རྩི་བཏང། །བད་ཀན་ཟད་ཅིང་ཡུན་རིང་དུ། །འཁྲུ་ཞིང་ཉམ་ཆུང་གྱུར་བ་ན། །ཞེས་བྱ་བ་ལ། བད་ཀན་ཟད་པར་གྱུར་པས་ཡུན་རིང་དུ་འཁྲུ་ཞིང་བཤད་པའི་ལམ་གཞང་ཁ་ཉམས་ཆུང
་པར་གྱུར་ན། རླུང་རང་གི་གནས་ན་གནས་པ་འདི་ནད་ཀྱི་སྟོབས་ཤིན་ཏུ་ཆེ་བར་གྱུར་ན། དེས་ནི་དེ་གསོད་པར་བྱེད་པ་ཡིན་པས་རླུང་དེ་མྱུར་དུ་གསོ་བར་བྱའོ། །རླུང་ནི་ངེས་པར་སྟོབས་ཆེ་བ། །རང་གི་ནས་ནས་རྟེན་དེ་སྐྱེ། །དེ་སྟོབས་ཆེ་བས་འཕྲལ
་གསོད་བྱེད། །དེ་ཕྱིར་དེ་ནི་མྱུར་དུ་གསོ། །རླུང་གི་རྗེས་ལ་མཁྲིས་པ་སྟེ། །མཁྲིས་པའི་རྗེས་ལ་བད་ཀན་ནི། །གསོ་བའང་གསུམ་ལས་དང་པོར་ནི། །འདི་དག་གང་ཞིག་ཤས་ཆེར་གྱུར་པ་སེལ། །ཞེས་བྱ་བ་ལ། རླུང་ལ
་སོགས་པ་འདི་དག་ན། །རིམས་བཞིན་དུ་གསོ་བར་བྱ་བ་འམ། ཡང་ན་ནད་གཞི་གསུམ་ལས་གང་ཤས་ཆེ་ཞིང་སྟོབས་དྲག་པ་དེ་དང་པོར་གསོ་བར་བྱའོ། །འཇིགས་དང་མྱ་ངན་དག་ལས་ཀྱང། མྱུར་དུ་འཁྲུལ་བ་དེ་ཕྱིར་དེར། །རླུང་བསལ་བ་ཡི་གསོ་བ་དང།
་དབུགས་དབྱུང་བ་དང་དགའ་བར་བྱའོ། །ཞེས་བྱ་བ་ལ། འཇིགས་དང་མྱ་ངན་གཉིས་རྒྱུར་གྱུར་པ་ལས་རླུང་གི་ནད་འཁྲུ་ཅིང་ལྡང་བར་འགྱུར་ལ་དེ་བས་འཇིགས་པ་དང་མྱ་ངན་ལས་གྱུར་པའི་འཁྲུ་བ་ལ་རླུང་བསལ་ཅིང་གཞོམ་བའི་གསོ་བ་བྱ་བ་དང
་དེ་བཞིན་དུ་འཇིགས་པ་དང་མྱ་ངན་ལས་བཟློག་པར་བྱ་བའི་ཕྱིར་དབུགས་འབྱུང་ཞིང་མི་འཇིགས་པ་སྦྱིན་པ་དང། །སེམས་དགའ་བར་བྱ་བ་དག་བྱའོ། །གང་ཞིག་གཅིན་མེད་ཕྱིས་དང། །ཕྱེན་ནི་འབྱུང་བར་འགྱུར་བ་དང། །མ་དྲོད་ཆེ
་ཞིང་ལྟོ་བ་ཡང། །དེ་ཡི་ཁོང་ནད་ཞི་བ་ཡིན། །ཞེས་བྱ་བ་ལ། འཁྲུ་བར་གྱུར་པ་གང་ཞིག་ཕྱི་ས་མེ་འབྱུང་བར་གཅིན་འབའ་ཞིག་འབྱུང་བ་འམ། ཡང་ན་ཕྱེན་འབའ་ཞིག་འབྱུང་བར་འགྱུར་བ་དང། ཁོང་པའི་མེ་དྲོད་ཆེ་བ་དང། །སྟོ་བ་ཁོང
་ཡངས་པར་གྱུར་པ་དེའི་ནད་འཁྲུ་བར་གྱུར་པ་དེ་ཞི་ཞིང་བྱང་བར་གྱུར་བའི་མཚན་མ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་བའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས
་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཕོ་བའི་ནད་གསོ་བའི་ལེའུ་བཤད་པར་བྱའོ།།
་ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་འདིའི་གསོ་བ་བཙམས་པ་ཡིན་ནོ། །ཕོ་བ་ལ་ནི་བརྟེན་པའི་ནད། །མ་ཞུ་བ་ལྟར་གསོ་བར་བྱའོ། །ཞེས་བྱ་བ་ལ། ཕོ་བའི་ནང་དུ་བརྟེན་ཅིང་གནས་པའི་རླུང་ལ་སོགས་པ་གང་རུང་བ་དག་ལ་ནི་དང་པོ་ཁོ
་ནར་རང་རང་གི་མ་ཞུ་བའི་ཚུལ་ལས་དཔགས་ཏེ། ཟས་ཀྱང་ཚོད་ཟིན་བར་བཟད་བའི་ལེའུ་ལས་བཤད་པ་ལྟར་སྨྱུང་པ་ལ་སོགས་པའི་གསོ་བ་ཡིས་ཉེ་བར་གསོ་ཞིང་བཅོས་པར་བྱའོ། །འཁྲུ
་བར་བཤད་པའི་ཆོ་ག་ཡིས། །དེ་ཡི་མ་ཞུ་སྨིན་པར་བྱ། །ཞེས་བྱ་བ་ལ། ཡང་ཕོ་བའི་ནད་དང་ལྡན་པ་དེ་ལ་འཁྲུ་བ་བཤད་པ་འདས་མ་ཐག་པའི་ཆོ་གས་ཀྱང་དེའི་མ་ཞུ་བའི་དེ་སྨན་ཅིང་ཞུ་བར་བྱའོ། །ཟས་ཀྱི་དུས་སུ
་ནས་ཐུག་སོགས། །ཚ་བ་ལྔ་སོགས་ལྡན་པ་དང། །ཚ་བྲོ་ཡང་བའི་ཁ་ཟས་དང། གཞན་ཡང་དྲོད་བསྐྱེད་སྦྱོར་བ་སྦྱིན། ཞེས་བྱ་བ་ལ་ཡང་ཁ་ཟས་ཀྱི་དུས་གང་ཡིན་པ་བཀྲེས་པར་གྱུར་ཅིང་ཟས་ལ་འདོད་པ་སྐྱེད་པ་ལུས་ཁོང་ཡང
་པར་གྱུར་པའི་ནང་ཐུག་ལ་སོགས་པའི་ནས་ཏེ། ཐུག་པ་དང་ཐུག་པ་གར་པོ་དང། འབྲས་ཆན་ལ་སོགས་པའི་ཟས་ཚ་བ་ལྔ་ལ་སོགས་པ་དྲོད་སྐྱེད་པར་བྱེད་པའི་སྨན་དང་གཡོས་ཤིང་སྦྱར་བ་དང་ལྡན་པ་ལ་རྒྱམ་ཚ
་ལ་སོགས་པའི་ལན་ཚ་བཏབ་དང་རང་བཞིན་གྱིས་ཡང་བ་སྦྱིན་པར་བྱ་བ་དང། གཞན་ཡང་ཡང་དང་ཡང་དུ་དྲོད་སྐྱེད་པར་བྱེད་པའི་ཕྱིར་ང་ཡིས་ཀྱི་ཕྱེ་མ་འམ། རིལ་བུ་ལ་སོགས་པ་སྦྱོར་བ་དག་ཀྱང་སྦྱིན་པར་བྱའོ།།
་མ་ཞུར་ཐུག་པ་བོང་དཀར། །བཅའ་སྒ་སྐྱུར་དང་བཅས་པ་སྦྱིན། །ཞེས་བྱ་བ་ལ། མ་ཞུ་བ་ལས་གྱུར་པའི་ཕོ་བའི་ནད་ལ་ཐུག་པའི་ནང་དུ་བོང་ང་དཀར་པོ་དང་བཅའ་སྒ་བཏབ་ཅིང་སེའུ་འབྲུ་ལ་སོགས་པ་སྐྱུར་བར་བྱས
་བ་དང་བཅས་པ་སྦྱིན་པར་བྱའོ། །བཏུང་བར་འཁྲུ་བ་ལ་བཤད་པའི། །ཆུ་དང་དར་བ་ཆང་སོགས་བླུད། །ཅེས་བྱ་བ་ལ། བཏུང་བའི་དོན་དུ་ནི་འཁྲུ་བ་གསོ་བའི་སྐབས་སུ་བཤད་པ་ཆུ་ལ་སོགས་པ་ཇི་ལྟར།
་གོམས་ཤིང་ནད་མི་བསྐྱེད་པའི་དོན་དུ་སྦྱིན་པར་བྱའོ། །ཕོ་བའི་ནད་ལ་དང་བ་ནི། །དྲོད་བསྐྱེད་འཁྲུ་གཅོད་ཡང་བས་ན། །པན་ཏེ་ཞུ་རྗེས་མངར་བའི་ཕྱིར། །མཁྲིས་པ་བསྐྱེད་པར་མི་བྱེད་དོ། །བསྐ་ཞིང་དྲོ་ལ་སྤྱོད་བྱེད་དང།
་རྩུ་བ་ཕྱིར་བད་ཀན་ལ་ཡང་ཕན། །མངར་སྐྱུར་ཁ་བ་རླུང་ལ་ཕན། །བསྲུབས་མ་ཐག་སྟ་ཚ་མི་བསྐྱེད། །ཅེས་བྱ་བ་ལ། ཕོ་བ་ན་བའི་མེལ་དར་བ་བླུད་པ་མཆོག་ཏུ་ཕན་ཏེ། །ཅིའི་ཕྱིར་ཞེ་ན། དྲོད་བསྐྱེད་པར་བྱེད་པའི་ཕྱིར་དང། །འཁྲུ་བ་ཅི
་??། ?་?་དང། ཡང་བས་ན་ཕན་པ་ཡིན་ལ། དེ་བཞིན་དུ་དར་བས་ར་པ་ནི་ཞུ་རྗེས་མངར་བའི་ཕྱིར་མཁྲིས་པ་སྐྱེད་པར་མི་བྱེད་དེ། །འདིར་དར་བ་རྙིང་པ་ནི་མཁྲིས་པ་ལ་ཤིན་ཏུ་གནོད་པས་བཀག་པ་ཡིན་མོད་ཀྱི། དར་བ་སར་བ་ནི་ད་ལྟ་མ་ཡིན་ནོ། །ཡང་དར
་?་བ་ནི་བསྐ་ཞིང་སྐྱུར་བ་དང། །དྲོ་བ་དང་སྦྱོང་ཞིང་འབྱེ་བར་བྱེད་པ། །རྩུབ་པའི་ཕྱིར་བད་ཀན་ལ་ཡང་ཕན་ཏེ་འདིར་ཅུང་ཟད་སྙིང་པ་ལ་བྱའོ། །ཡང་དར་བ་བསྲུབས་མ་ཐག་པ་དེའི་མངར་བ་ལ་སོགས་པའི་ཡོན་ཏན་དང
་ལྡན་པ་ལས་རླུང་ལ་ཡང་ཕན་ནོ། །ཡང་དང་བ་སར་པ་དེ་ནི་ཆ་ཞིང་ཁོང་ཚ་བར་བྱེད་པའི་རང་བཞིན་ཅན་ཡང་མ་ཡིན་ནོ། །སྐྱུར་བ་བཞི་པོ་བྲེ་གང་དང། །ཚ་བ་གསུམ་ནི་སྲང་གསུམ་དང། །རྒྱམ་ཚ་བསྲང་བཞི་ཁ་ར་ནི། །སྲང་བརྒྱད་ཕྱེ་མར
་བྱས་པ་དེས། །ཚད་མ་སྲང་ཚད་བཏུང་བ་སོགས། །བཏུང་བ་དྲུག་སོགས་ལའང་གདབ། །མ་ཞུ་ལུད་པ་དབུགས་མི་བདེ། །ཡི་ག་འཆུས་དང་སྨན?་མཆིན་པ། །ཕོ་བ་སྙིང་ནང་སྐྱ་རྦབ་འཇོམས། །ཞེས་བྱ་བ་ལ། སྐྱུར་པ་བཞི་པོ་བལ་པོ་སེའུ
་འབྲུ་དང། ག་པེཏྟ་དང། ད་ཏྲིག་དང། པི་ཤ་ཨི?་ལ?་ཞེས་བྱ་བ་བཞི་པོ་སྨན་སྣ་རེ་རེ་ཞིང་སྐམ་པ་ལས་ན་ཕུལ་ཕྱེད་ཕྱེད་དེ་སྲང་བཞི་བཞི་བཞུག་ལ། །རློན་པ་ལ་ནི་སྲང་བརྒྱད་དེ་ཕུལ་རེ་རེ་ཕྱིར་བྲེ་གང་དང་ཚ་པ་གསུམ་སྲང་རེ་རེ་སྟེ། །སྤྱིར
་སྲང་གསུམ་ལན་ཚ་བཞི་ལས་སྲང་བཞི་ཁར་སྲང་བརྒྱད་སྟེ། དེ་དག་གཅིག་ཏུ་ཕྱེ་མར་བཏགས་ལ་ཕྱེ་མ་དེ་ནི་ཚོད་མ་ལ་སོགས་པ་གང་གི་ནང་དུ་བཏབ་ཅིང་བླུད་པར་བྱ་སྟེ། དུས?་ནི་མ་ཞུ་བ་ལ་སོགས་པ་འཇོམས་པར་བྱེད་དོ།
་དོང་གྲ་གླ་སྒང་བོང་ང་དཀར། །བསྐོལ་བམ་ཞུ་སེལ་བྱེད་བླུད། །ཅེས་བྱ་བ་ལ། ཡང་ན་དོང་གྲ་ལ་སོགས་བྱ་བསྐོལ་བ་བླུད་ན་ཡང་ཕན་ནོ། །དེ་ཡི་ལྡེ་གུ་ཆུ་ཚན་ནམ། །བཅའ་སྒ་འམ་ཨ་རུ་རར་བཅས་བླུད། །ཅེས་བྱ་བ་ལ། ཡང་ན་དོང་གྲ་ལ་སོགས་པའི
་སྡེ་ཚན་ལ་སོགས་པའི་ལྡེ་གུར་བྱས་ལ?་ན་དང་སྦྱར་ཏེ་བླུད་པ་འམ། ཡང་ན་ཨ་རུ་ར་དང་ཆུ་ཚན་སྦྱར་ཏེ་བླུད་པར་བྱའོ། །ཤུ་དག་ལ་སོགས་རྒྱམ་ཚར་བཅས། །ཡང་ན་ཆང་དང་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་ཤུ་དག་ལ་སོགས་པ་སྐྱུགས་སྨན་ལ་སོགས
་པའི་སྨན་ཏེ་རྒྱམ་ཚོ་དང་བཅས་བ་ཆུ་ཚན་དུ་སྦྱར་ཏེ་བླུད་པ་འམ། ཡང་ན་ཤུ་དག་ལ་སོགས་པའི་སྨན་གྱི་ཕྱེ་མ་རྒྱམ་ཚ་དང་བཅས་པ་ཆང་དང་སྦྱར་ཏེ་བླུད་པར་བྱའོ། །བཤད་པ་མ་སྨིན་འཁྲུ་བཅས་ལ། །སེའུ་འབྲུ་ཁུ་བ་དང་བཅས་པ་ཡི། །
་བིལྤ་དོང་གྲ་ཙི་ཏྲ་ཀ། ཁ་རུ་ཚ་ནི་བཏགས་ལ་སྦྱིན། །ཞེས་བྱ་བ་ལ། བཤད་བ་སྨིན་ཅིང་མ་ཞུ་བ་དང། འཁྲུ་བ་དང་མཁྲེགས་པ་དང་བཅས་པར་གྱུར་པ་ལས། །སེའུ་འབྲུའི་ཁུ་བ་ལ་སོགས་པའི་སྨན་བླུད་བར་བྱའོ། །བད་ཀན་རླུང་གྱུར་བེའུ
་སྣབས་ཅན། །ཁོང་བ་གཟེར་ལ་དུག་མོ་ཉུང། །ཤིང་ཀུན་བོང་ང་ཁ་རུ་ཆ། །ཤུ་དག་ཨ་རུ་ར་ཆུ་དྲོན། །ཞེས་བྱ་བ་ལ། བད་ཀན་རླུང་ལས་གྱུར་པའི་ཕོ་བའི་ནང་བེའུ་སྣབས་ཀྱི་མ་ཞུ་བ་དང་བཅས་ཤིང་ཁོང་པའི་ནད་གཟེར་ཅིང་ན་བར
་བྱེད་པ་ལ་ནི་དུག་མོ་ཉུང་ལ་སོགས་པའི་སྨན་ཆུ་ཚན་ངོ?་འཇམ་ཙམ་དང་སྦྱར་བ་བླུད་པར་བྱའོ། །སྐྱུགས་པའི་རྗེས་ལ་གཟེར་ཞིང་སྒོང། ། རུ་ར་དང་ཁ་རུ་ཚ། །ཟིར་ན་ལེ་ཤམ་བཅས་ཕྱེ། །ཆུ་དྲོད་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། ངོ
་པའི་ནད་སྐྱུག་པའི་རྗེས་ལ་གཟེར་ཞིང་སྒོང་པ་ལ་ནི། ཨ་རུ་ར་ལ་སོགས་པའི་ཕྱེ་མ་སྔ་མ་བཞིན་དུ་བླུད་པར་བྱའོ། །དོང་གྲ་པ་ཏ་པི་པི་ལིང། །ཐལ་ཏྲེས་བྲི་ཧ་ཏི་གཉིས་དང། །དུག་མོ་ཉུང་དང་རྩི་ཏྲ་ཀ། ཚ་བ་རྣམ་ལྔ་ཐལ་སྨན་གཉིས། །ཕྱེར
་བཏགས་ཆང་ཞོ་དེའི་དངས་མ། །ཆུ་དྲོན་རར་སྐྱར་དག་ལས་བླུད། །དེས་ནི་མེ་དྲོད་འཕེལ་བྱེད་ཅིང། །ཁང་པའི་རླུང་ནི་སེལ་མཆོག་ཡིན། །ཞེས་བྱ་བ་ལ། །དོང་གྲུ་ལ་སོགས་པའི་སྨན་གྱི་ཕྱེ་མ་ཕྱེད་དམ་ཞོའི་དངས་མ་ལ་སོགས་པ་དང་བླུད་ན
་ཡང་མེ་དྲོད་འཕེལ་བ་ལ་སོགས་པའི་ཡོན་ཏན་བསྐྱེད་པར་འགྱུར་རོ། །ལན་ཚ་ལྔ་དང་ཐལ་སྨན་གཉིས། །ཚ་བ་ལྔ་དང་ན་ལེ་ཤམ། །ལ་ལ་ཕུད་དང་ཤིང་ཀུན་ལས། །སྐྱུར་རྩི་ཆེན་པོ་འམ་སེའུ་འབྲུ་འམ། །རྒྱ་ཤུག་ཁུ་བས་རིལ་བུར
་བྱས། །སྨིན་དང་དྲོད་སྐྱེད་བྱེད་མཆོག་ཡིན། ཞེས་བྱ་བ་ལ། ལྕེ་མྱང་ཚ་ལ་སོགས་པའི་ལན་ཚྭ་ལ་དང། །སྦ་ཛི་ཀྵ་ར་དང་ཡ་བཀྵ་ར་དང། ཐལ་སྨན་གཉིས་དང། ཚ་བ་ལྔ་ལ་སོགས་པའི་སྨན་སྐྱུར་རྩི་ཆེན་བའི་ཁུ་བ་ལ་སོགས་པའི་གང་རུང་བས་རི
་ལུང་བྱས་པའི་ནད་སྨིན་ཕོ་བའི་དྲོད་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །བལ་བུའི་ལོ་མ་དཔྱི་མོ་དང། པི་པི་ལིང་ནི་སྲང་གཉིས་དང། པི་པི་ལིང་དང་དེའི་རྩ་སྲང། །གཉིས་གཉིས་བཅའ་སྒ་སྲང་གསུམ་དང། །དྲི་སྣ་བཞི་དང་བུ་ཤེལ་རྩེ། །ཞོ་ནི་གཉིས་གཉིས་ཕྱེ་ཞིབ་བཏགས
་བུ་རམ་སུམ་འགྱུར་དག་གི་ནི། །རིལ་བུར་བྱས་པ་རྟག་ཏུ་བཟའ་། །དེ་རྗེས་པུ་ཤ་ཤ་ཁུ་དང། །ཆང་རྙིང་འོ་མ་ཞོ་ཁ་ཆུ། །ཐུག་པ་བླུད་ན་རླུང་དང་ནི། །བད་ཀན་ལས་གྱུར་སློན་བྲོ་དང། །ཕོ་བ་རྩིབ་ལོགས་སྙིང་ག་ན། །རིམས་དང་འོར་ནད
་སྐྱ་རྦབ་དང། །སྐྲན་དང་ཆང་ནད་གཞང་འབྲུམ་དང། །ཆམ་པ་མཆིལ་མ་དབུགས་མི་བདེ། །ལུང་པ་རྣམས་ནི་འཇོམས་བར་བྱེད། བཤད་བ་འགགས་ལ་དེ་ཉིད་ནི། །བཅའ་སྒའི་གོ་རུ་ཨ་རུ་ར། །བཅུག་སྟེ་དེ་ལ་སྦྱིན་པར་བྱ།།
་མཁྲིས་གྱུར་སློན་བྲོ་ལ་སོགས་ལ། །ཁ་ར་བཞི་འགྱུར་བཅས་བར་ནི། །བསྐོལ་བ་ལས་ནི་རིལ་བུར་བཅས། །ཡང་ན་བུ་རམ་ཁ་རར་བཅས། །མེ་དང་ཕྲད་པར་གྱུར་པ་ལས། །དེ་ནི་མཆོག་ཏུ་ཡང་བར་འགྱུར། །ཞེས་བྱ་བ་ལ
་བལ་བུ་ལ་སོགས་སྨན་སྣ་གསུམ་སྲང་རེ་པི་པི་ལིང་དང་པི་པི་ལིང་གི་རྩ་བ་སྲང་གཉིས་གཉིས་བཅའ་སྒ་སྲང་གསུམ་དྲི་སྣ་བཞི་སྣ་རེ་ཞོ་གཉིས་གཉིས། །བུ་ཤེལ་ཙེ་ཞོ་གཉིས་ཏེ་དེ་ཐམས་ཅད་ཞིབ་ཏུ་བཏགས་ལ་ཕྱེ་མའི་སུམ་འགྱུར་གྱི་བུ
་རམ་དང་རིལ་བུར་བྱས་བ་རྟག་ཏུ་བཟའ་བར་བྱའོ། །དེའི་རྗེས་ལ་ཡུ་ཤ་ལ་སོགས་པ་འཐུངས་ན་བད་ཀན་གྱི་སློན་བྲོ་བ་ལ་སོགས་པ་འཇོམས་པར་བྱེད་དོ། །ཡང་བཤད་པ་སྲི་ཞིང་འགགས་པར་གྱུར་པ་ལ་ནི། །རིལ་བུ་དེ་ཉིད་ཀྱི་བཅའ་
་སྒ་སྨོས་པའི་གོར། ། རུ་ར་བཅུག་ལ་བྱིན་ན་སེལ་བར་བྱེད་དོ། །མཁྲིས་པ་ལས་གྱུར་བའི་སློན་བྲོ་བ་ལ་སོགས་པའི་ནད་ལ་ནི་རིལ་བུ། །དེ་ལ་བུ་རམ་མི་གཞུག་པར་ཕྱེ་མའི་བཞི་འགྱུར་གྱི་ཁར་དང་སྦྱར་ཏེ་རིལ་བུར་བྱའོ། །
་རིལ་བུ་དེ་དག་བུ་རམ་འམ་ཁར་གང་དང་སྦྱར་ཡང་རུང་སྟེ་དེ་གཉིས་བསྐོལ་བ་དང་སྦྱར་ལ་དེའི་རིལ་བུར་བྱས་ཏེ། ཅིའི་ཕྱིར་ཞེ་ན། ད་ནི་མེ་དང་ཕྲད་ཅིང་བསྐོལ་བ་ལས་མཆོག་ཏུ་ཡང་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ནས་འདི་ནི་མ་ཞུ
་སྨིན། །རླུང་ལས་གྱུར་པའི་ཕོ་ནད་ལ། །དྲོད་སྐྱེད་སྨན་དང་བཅས་པ་དང། །མར་ནི་ཉུང་ཟད་ཉུང་ཟད་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ནད་བ་དེའི་མ་ཞུ་བ་སྨིན་ཅིང་བྱང་བར་གྱུར་ནས། རླུང་ལས་གྱུར་པའི་ཕོ་བའི་ནང་དུ་གྱུར་པ་ལ་ནི། །
་མེ་དྲོད་བསྐྱེད་པའི་སྨན་ཚ་བ་ལྔ་ལ་སོགས་པ་དང་བཅས་པའི་མར་ཉུང་ཟད་བླུད་པར་བྱའོ། །མེ་དྲོད་ཆུང་ཞིང་སྐྱེས་གྱུར་ནས། །བཤང་གཅི་རླུང་ན་འགགས་གྱུར་ནས། །ཞག་ནི་གཉིས་གསུམ་སྣུམ་དང་དུགས། །སྐུ་བྱ་མས་བཏང་དྲག་པོ་བྱ།།
་ཞེས་བྱ་བ་ལ། དེ་ལས་མེ་དྲོད་ཆུང་ཞིང་བསྐྱེས་པར་གྱུར། །བཤད་བ་ལ་སོགས་པ་འགགས་པར་གྱུར་པ་ལ་ནི་ཞག་གཉིས་སམ་ཞག་གསུམ་གྱི་ངར་དུ་སྣུམ་ལ་ཆོ་ག་བྱས་ལ་དང་པོར་དུགས་བྱས་ནས་དེའི་འོག་ཏུ་བསྐུ་བྱུག་བྱས་ཏེ། མས་བཏང
་བ་དྲག་པོ་བཏང་བར་བྱའོ། །དེ་ནས་ཨེ་རཎྜའི་མར་རམ། །སེང་ཕྲོམ་གྱིས་ནི་མར་དང་ནི། །ཐལ་སྨན་དག་གི་རླུང་ཞི་ནས། །གཡོས་པའི་ནད་ལ་བཀྲུ་སྨན་བཏང། །ཞེས་བྱ་བ་ལ་དེའི་འོག་ཏུ་རླུང་བསལ་བར་གྱུར་པའི་རྗེས་ལ། ནད་གཡོས་ཤིང་རླུང་གིས་འཁྲུ་བར་གྱུར
་པ་ལ་ནི། །ེ་རཏཌའི?་མར་རམ། །སེང་ཕྲོམ་དང་བསྐོལ་བའི་ཞུན་མར་ཐལ་སྨན་དང་བཅས་པའི་བཀྲུ་སྨན་བཏང་བར་བྱའོ། །སྦྱངས་ནས་ཁོང་བ་རྩུབ་འགྱུར་ཏེ། །བཤད་བ་འགགས་ལ་འཇམ་རྩི་ནི། །ཞེས་བྱ་བ་ལ། སྦྱད་བའི་རིམ་པ་བྱས་ནས་ཀྱང་ཁོང་པའི་གནས
་རྩུབ་པར་གྱུར་པས་བཤད་བ་འགགས་ཤིང་སྲི་བར་གྱུར་ན་ཏིལ་མར་གྱི་འཇམ་རྩི་བཏང་ངོ། །དྲོད་བསྐྱེད་སྐྱུར་ཞིང་རླུང་འཛམས་པའི། །སྨན་བཙོས་ཏིལ་མར་དེ་ལ་བཏང། །ཞེས་བྱ་བ་ལ། དེ་ཡང་མེ་དྲོད་བསྐྱེད་པ་ལ་སོགས་པའི་སྨན་དང་བཙོས་པའི་འཇམ་རྩི
་དེ་ལ་བཏང་ངོ། །ད་ལྟར་བཀྲུ་སྨན་དྲག་བཀྲུ་སྨན། །འཇམ་རྩི་གོ་རིམས་བྱས་ནས་ནི། །ཁ་ཟས་ཡང་བ་དང་ལྡན་པའི། །ཞུན་མར་སླར་ཡང་བསྟེན་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་བཀྲུ་སྨན་དྲག་པོ་ལ་སོགས་པ་བཏང་ནས་མེ་དྲོད་ཀྱི་སྟོབས་ཅི་ཡོད་པ་ལས།
་ཁ་ཟས་དང་བཞིན་དང་ཚང་ཡང་བ་དང་ལྡན་པའི་ཞུན་མར་སྦྱིན་པར་བྱའོ། །རྩ་བ་ལྔ་དང་ཚ་བ་གསུམ། ། རུ་ར་དང་ལྕེ་མྱང་ཚ། །ར་སྣ་པི་པི་ལིང་རྩ་བ། །ཐལ་སྨན་རྣམ་གཉིས་ཟི་ར་དང། །བྱི་བཏང་ག་དར་ཟུར་པ་དང།།
་ཚ་དང་སྐྱུར་རྩི་ཆེན་པོ་ཡི། །ཁུ་བ་དང་ནི་སྒེའུ་གཤེར་དང། །ལ་པུག་སྐམ་པོ་རྒྱ་ཤུག་སྐྱུར། །སེའུ་འབྲུའུ་ཙུཀྟརི་ཀའི་ཁུ་བ། །དར་བ་ཞོ་དང་ཆང་དངས་དང། །རྩབས་མོ་དངས་མ་རྩུབ་མོ་དང། །སྐྱུར་རྩབས་དང་ནི་དེ་བསྐོལ་བ
་མེ་དྲོད་བསྐྱེད་པའི་དམ་པ་ཡིན། །གཟེར་དང་སྐྲན་དང་དམུ་རྫིང་དང། །ལུད་པ་དབུགས་མི་བདེ་བ་དང། །རླུང་དང་བད་ཀན་འཇོམས་པར་བྱེད། །ཡང་ན་སྐྱུར་རྩི་ཆེན་པོ་ཡི། །ཁུ་བར་བསྐོལ་བའི་མར་བླུད་བྱ། །ཞེས
་བྱ་བ་ལ། རྩ་བ་ལྔ་ལ་སོགས་པའི་ལྡེ་གུར་བྱས་པ་ཚ་ལ་སོགས་པའི་ཁུ་བའི་རྫས་དང། ལྷན་ཅིག་མཉམ་པོར་བྱས་ཏེ། མར་བསྐོལ་བར་བྱའོ། །དེ་ནས་གལ་ཏེ་བ་མར་བྲེ་གང་བསྐོལ་བ་ཚ་དང་སྐྱུར་རྩི་ཆེན་པོའི་ཁུ་བ་དང། །སྒེའུ་གཤེར་གྱི་ཁུ
་བ་དང། ལ་ཕུག་སྐམ་པོ་བསྐོལ་བའི་ཁུ་བ་དང། རྒྱ་ཤུག་གི་ཁུ་བ་དང། སེའུ་འབྲུའི་ཁུ་བ་དང། ཙུ་ཀྟརི་ཀ་ཞེས་བྱ་བ་ལ་ཨཾ་ལ་ཙང་གི་རིའི་ཁུ་བ་དང་བར་བ་དང། ཞོ་དང་ཆང་གི་དངས་མ་དང་རྩབས་མོའི་དངས་མ་དང། རྩབས་མོའི་དངས་ན
་མ་ཡིན་པ་དང། །སྐྱུར་རྩབས་ཞེས་བྱ་བ་འབྲས་བུའི་རང་སྐྱུར་དེ་དག་བྲེ་རེ་རེ་དང་སྦྱར་ལ། མར་དེ་བསྐོལ་བ་ནི་མེ་དྲོད་བསྐྱེད་པར་བྱེད་པའི་དམ་པ་ཡིན་ཞིང། གཟེར་བ་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །ཡང་ན་མར་དེ་དང་སྐྱུར་རྩི་ཆེན
་པོའི་ཁུ་བ་འབའ་ཞིག་བྱིན་ན་ཡང་ཡོན་ཏན་གོང་མ་དང་འདྲའོ། །འདི་ཡིས་ཏིལ་མར་བསྐོལ་བ་ཡིས། །བསྐུ་བྱུག་བྱས་ན་རླུང་སེལ་ཏོ། །ཞེས་བྱ་བ་ལ། ཡང་ན་རྩ་བ་ལྔ་ལ་སོགས་པའི་མར་དང་བསྐོལ་བའི་སྨན་དང་ཏིལ་མར་བསྐོལ་ལ་བསྐུ
་བྱུག་བྱས་ན་ཡང་རླུང་སེལ་བར་བྱེད་དོ། །རླུང་དང་བད་ཀན་འདྲེས་མ་ཞུ་འམ། །བད་ཀན་རླུང་ཤས་ཆེ་བ་ལ། །སྨན་ནི་འདི་དག་ཉིད་ཀྱི་ཕྱེ། །ཆུ་དྲོན་སྦྱར་བ་བླུད་པར་བྱ། །ཞེས་བྱ་བ་ལ། རླུང་ཤས་ཆེ་བའི་བད་ཀན་ལ་སོགས་པའི་ནད་ལ་སྨན་འདི་དག
་ཉིད་ཀྱི་ཕྱེ་མ་དང་བསོལ་བའི་ཆུ་དྲོན་བླུད་པར་བྱའོ། །མཁྲིས་པས་མེ་དྲོད་ཉམས་གྱུར་པ། །བཀྲུ་སྨན་དག་གམ་སློན་སྨན་བཏང། །ཁ་དང་ཡང་དང་འཁྲུ་བ་ཅོད་དང། །ཚ་མི་བསྐྱེད་པས་དྲོད་བསྐྱེད་བྱ། །ཕྱེ་མ་སྣུམ་དང་ཁ་བ་ཡིས། །མེ་དྲོད་ཉེ་བར་བསྐྱེད་པར་བྱ།
་ཞེས་བྱ་བ་ལ། །མཁྲིས་པ་ལས་གྱུར་བའི་ཕོ་བའི་ནད་ལ་མཁྲིས་པ་འཁྲུ་བར་གྱུར་ནས་རང་གི་གནས་ན་གནས་པ་བློངས་བསྐྱོད་དེ་མེ་དྲོད་ཉམས་པར་བྱས་པ་ལ་ནི་བཀྲུ་སྨན་ནམ། སྐྱུགས་སྨན་བཏང་བ་དེའི་འོག་ཏུ་ཁ
་ཟས་ཁ་བ་དང། ཡང་བ་དང། འཁྲུ་བ་གཅད་པར་བྱེད་པ་དང། ཚ་བ་བསྐྱེད་པར་མི་བྱེད་པ་དག་གིས་མེ་དྲོད་སྐྱེད་པར་བྱེད་ཅིང་དེ་བཞིན་དུ་ཕྱེ་མ་སྣུམ་དང་ཁ་འོག་ནས་བཤད་པ་དག་གིས་ཀྱང་མེ་དྲོད་སྐྱེད་པར་བྱེད་དོ། །པ་ཏོ་ལ་དང་ཁྱི་ལྕེ་བ།།
་ནིམཔ་བུ་ཙ་ཤེལ་རྩ་མཁྲིས། །པར་པ་ཐ་དང་དུག་མོ་ཉུང། །ཤུན་ལྤགས་འབྲས་བུ་མུར་བ་དང། །ཤི་ཀྲུ་མངར་བོའི་འབྲས་བུ་དང། །ཤུ་དག་སྐྱེར་པའི་ཤུན་ལྤགས་དང། །ཤུག་པ་དང་ནི་པུ་ཤེལ་རྩེ། །ཙན་དན་གླ་སྒང་ལ་ལ་ཕུད། །ས་ནག་པོང་ང་ཚ་བ་གསུམ། །ཤིང
་ཚ་སུག་སྨེལ་ཐད་ཤིང་དང། །གན་ཏ་བ་ཏྲའི་ཕྱེ་མ་ནི། །སྦྲང་རྩི་ལྡེ་གུར་བྱས་ཟ?་བ་འམ། །ཆང་ངམ་ཆུ་དང་སྦྱར་འཐུངས་ན། །སྙིང་ནད་སྐྱ་རྦབ་ཕོ་བའི་ནད། །སྐྲན་གཟེར་རིམས་དང་ཡི་ག་འཆུས། །མིག་སེར་འདུས་པའི་ནད་དང་ནི། །ཁ་ཡི་ནད་རྣམས་འཇོམས་པར
་བྱེད། །ཅེས་བྱ་བ་ལ། བ་ཏོ་ལ་ལ་སོགས་པའི་སྔན་ཕྱེ་མར་བྱས་ལ། སྦྲང་རྩི་ལྡེ་གུར་བྱས་ནས་བཟའ་བ་འམ་ཆང་ངམ་ཆུ་དང་སྦྱར་ཏེ་བླུད་ན་དེས་སྙིང་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །ས་ནག་ནི་ས་ར་ཏའོ། །རྩ་མཁྲིས་བླ་སྒང་བུ་ཚ་ཤེལ།།
་ཚ་བ་གསུམ་དང་དུག་མོ་ཉུང། །ཙི་ཏྲ་ཀ་ནི་ཆ་གཉིས་དང། །དུག་མོ་ཉུང་གི་ཤུན་ལྤགས་ནི། །བཅུ་དྲུག་ཆ་སྤར་ཞིབ་དུ་བཏགས། །དེ་ནི་བུ་རམ་ཆུ་གྲང་བླུད། །ཕོ་བའི་ནད་དང་སྐྲན་སལ་ཅིང། མིག་སེར་སྐྱ་རྦབ་རིམས་ཀྱི་ནང། །ཡི་ག་འཆུས་རང་འཁྲུ་བ
་འཇོམས། །ཞེས་བྱ་བ་ལ། རྩ་མཁྲིས་བུ་ནིམཔ་ཞེས་བྱ་བ་ནས་དུག་མོ་ཉུང་གི་དར་དུ་སྨན་སྣ་བདུན་ཆ་མཉམ་པོར་ཕྱེ་མ་བྱས་ལ། །ཙི་ཏྲ་ག་རྩ་མཁྲིས་ཀྱི་ཆ་གཉིས་དང། །དེ་བཞིན་དུ་དུག་མོ་ཉུང་གི་ཤུན་ལྤགས་སྨན་གཅིག་གི་བཅུ་དྲུག་འགྱུར་བྱས
་ལ། ཞིབ་ཏུ་བཏགས་ཏེ་ཕྱེ་མ་བུ་རམ་དང་བཅས་པའི་ཆུ་གྲང་བླུད་ན་ཕོ་བའི་ནད་ལ་སོགས་པ་འཇོམས་པར་འགྱུར་རོ། །དོང་གྲ་བོང་ང་གླ་སྒང་དང། །པ་ཐ་བིལྤ་སྐྱེར་ཁཎྜ། །དུག་མོ་ཉུང་གི་ས་བོན་དང། །ཏིཀྟ་ད་ཏ་ཀའི་མེ་ཏོག།།
་ཕྱེ་མར་བཏགས་པ་སྦྲང་རྩིར་སྦྱར། །འབྲས་བཀྲུས་ཆུ་དང་བླུད་ན་ནི། །མཁྲིས་པ་ལས་གྱུར་ཕོ་བའི་ནད། །མཁྲིག་འཁྲུ་གཞང་འབྲུམ་གཞང་ཁ་ནི། །ཁྲག་ཏུ་འཁྲུ་བ་དག་ལའང་ཕན། །ཞེས་བྱ་བ་ལ། དོང་གྲ་ལ་སོགས་པའི་སྨན་ཕྱེ་མར་བཏགས
་ལ་སྦྲང་རྩི་དང་སྦྱར་ཏེ། འབྲས་བཀྲུས་པའི་ཆུ་དང་བླུད་ན་མཁྲིས་བ་ལས་གྱུར་པའི་ཕོ་བའི་ནད་ལ་ནི་ཕན་ནོ། །ཙན་དན་ཤུག་པ་བུ་ཤེལ་ཙེ། །བ་ཐ་མུར་བ་གླ་བ་དང། །ཤུ་དག་ཐལ་ཏྲེས་དབྱི་མོ་དང། །ལོ་མ་བདུན་པ་བ་ཤ་ཀ་།པ་ཏོ་ལ་དང་ནྱ་གྲོ་དྷ།།
་ཨུ་དུབ་ར་ཨ་ཤྭཏྠ་ས་བླཀྵ་ཀ་བེཏྟ་ན་དང། །པུ་རྩ་ཤེལ་དང་ལི་ག་དུང། །ནིམཔ་སྲང་ནི་གཉིས་གཉིས་དང་ཆུ་བྲེ་བཅུ་དྲུག་བསྐོལ་བ་དང། ཀི་ར་ཏིཀྟ་ཏ་དུག་མོ་ཉུང། །ར་མ་ཉེ་ཨུད་བལ་པི་པི་ལིང། །བསྐོལ་བ་དེ་འཐུངས་མཁྲིས་བ་ཡི། །ཕོ་བའི
་ནད་ལ་བླུད་པར་བྱ། །མཛེར་བཤད་ཏིཀྟའི་མར་ཡང་བླུད། །ཅེས་བྱ་བ་ལ། ཙན་དན་ལ་སོགས་པའི་སྨན་སྲང་གཉིས་གཉིས་སུ་བྱས་པ་ཆུ་བྲེ་དྲུག་སྟེ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་བ་དེ་བཞི་ཆ་ལུས་པ་དང་ཞུན་མར་བྲེ་གང་བཅུག
་སྟེ་དེར་ཀ་རི་ཏ་དང་ཏིཀྟ་ལ་སོགས་པ་ཞོ་གཉིས་གཉིས། ལྡེ་གུར་བྱས་པ་དང་བསྐོལ་ལ། །མར་དེ་མཁྲིས་པའི་ཕོ་བའི་ནད་ལ་བླུད་པར་བྱའོ། །ཐལ་ཏྲེས་ནི་ཤི་རི་བའོ། །གླ་བ་ནི་ཀུན་ནད་ལ་ཐའོ། །ལོ་མ་བདུན་པ་སཔཏ་པ་རྣིའོ། །ཀི་ར་ད་ཏྲིག་ཏ་ནི་བུ་ནིམཔ
་སྟེ་རྩ་མཁྲིས་སོ། །མཛེར་བཤད་ཏིཀྟའི་མར་ཡང་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་མཛེ་ནད་གསོ་བའི་སྐབས་སུ་བཤད་པའི་ཏིཀྟའི་སྨན་མར་མཁྲིས་པ་ལས་གྱུར་པའི་ཕོ་བའི་ནད་ལ་བླུད་པར་བྱའོ། །བད་ཀན་ལས་གྱུར་ཕོ་བའི་ནད། །སློན
་སྨན་རྣོན་པོས་སློན་བྱས་ན། །ཚ་སྐྱུར་ལན་ཚ་ཐལ་སྨན་གྱིས། །རིམས་ཀྱིས་མེ་དྲོད་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བད་ཀན་འཁྲུགས་པ་ལས་གྱུར་པའི་ཕོ་བའི་ནད་ལ་ནི་སློན་སྨན་རྣོན་པོ་པི་པི་ལིང་དང་ཡུངས་ཀར་ལ་སོགས་པས་སློན་པར་བྱ
་བའི་འོག་ཏུ་རོ་ཚ་བ་དང་སྐྱུར་བ་དང་ལན་ཚ་དང་ཐལ་སྨན་གྱི་ཕྱེ་མ་ལ་སོགས་པས་མེ་དྲོད་སྐྱེད་པར་བྱེད་དོ། །ཆ་བ་ལྔ་དང་ཨ་རུ་ར། །འུ་སུ་པ་ཐ་པ་ལ་ཤ་།སྐྱུར་རྩི་ཆེན་པོའི་མྱུ་གུ་དང། །བསྐོལ་བའི་ཐུག་པ་ལ་སོགས་བླུད། །ཅེས་བྱ་བ
་ལ། ཡང་དེ་ལ་ཚ་བ་ལྔ་ལ་སོགས་པ་དང་བསྐོལ་བའི་ཐུག་པ་ཡུ་ཤ་སོགས་པ་བླུད་པར་བྱའོ། །མ་དུ་ཀ་ཡི་མེ་ཏོག་བྲེ། །བཅུ་དྲུག་བྱི་དང་ག་དེའི་ཕྱེད། །ཙི་ཏྲ་ཀ་ནི་དེའི་ཕྱེད་དང། །བསེ་ཤིང་འབྲས་བུ་བྲེ་བཞི་དང། །བཙོད་སྲང་བརྒྱད་དེ
་འདི་དག་ནི། །ཆུ་བྲེ་སུམ་ཅུ་རྩ་གཉིས་བསྐོལ། །ཆུ་བྲེ་བཅུ་དྲུག་ལུས་བསྒྲངས་པར། །སྦྲང་རྩི་བྲེ་དོ་གཞུག་པ་དང། །སུག་སྨེལ་པདྨའི་རྩ་བ་དང། ། ཀར་ཙནདན་ལྡེ་གུས་བྱུག་།བུམ་བ་ཟླ་བ་གཅིག་བཞག་སྟེ། །ལངས་ནས་མནན་ཆང་བླུད
་གྱུར་ན། །འདི་ཡིས་ཕོ་བའི་དྲོད་བསྐྱེད་ཅིང། །ཉམས་བརྟས་ཁྲག་མཁྲིས་སལ་བར་བྱེད། །སྐེམ་དང་མཛེ་དང་ཤ་བཀྲ་དང། །གཅིན་སྙི་བ་ཡི་ནང་རྣམས་འཇོམས། །ཞེས་བྱ་བ་ལ། མ་དུ་ཀའི་མེ་ཏོག་བྲེ་བཅུ་དྲུག་བྱི་དང་ག་དེའི་ཕྱེད་དེ་བྲེ་བརྒྱད
་ཙི་ཏྲཀ་དེའི་ཕྱེད་དེ་བྲེ་བཞི། །བསྲེ་ཤིང་གི་འབྲས་བུ་བྲེ་བཞི། བཙོང་སྲང་བཞི་སྟེ་འདི་དག་ཐམས་ཅད་ཆུ་བྲེ་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་བསྐོལ་ལ་བསྐོལ་བའི་ཁུ་བ་བྲེ་བཅུ་དྲུག་ལུས་པ་དེ་བཙགས་ཏེ་བསྒྲངས་པ་སྦྲང་རྩི་བྲེ་དོ་བཅུག་ནས་དེའི
་འོག་ཏུ་སུག་སྨེལ་ལ་སོགས་པའི་ལྡེ་གུས་དེའི་སྣོད་ཀྱི་བུམ་པར་བྱུགས་ལ་ཟླ་བ་གཅིག་བཞག་སྟེ་ལངས་པར་གྱུར་པའི་མནན་པའི་ཆད་དེ་བླུད་པར་གྱུར་ན་ཕོ་བའི་མེ་དྲོད་བསྐྱེད་པ་ལ་སོགས་པ་ཡོན་ཏན་འབྱུང་བར་འགྱུར་རོ། །མ་དུ་ཀ་ཡི་མེ
་ཏོག་ནི། །ཁུ་བ་བསྐོལ་བ་ཕྱེད་གདུབ། །བསྒྲངས་པར་སྦྲང་རྩི་བཞི་ཆ་བཏབ། །སྔ་མ་བཞིན་དུ་བྱས་པའི་ཆང། །ཕན་པའི་ཟས་དང་བཅས་བསྟན་ན། །ཕོ་བའི་ནད་ནི་ཐམས་ཅད་སེལ། །ཞེས་བྱ་བ་ལ། མ་དུ་ཀའི་མེ་ཏོག་གི
་ཁུ་བ་བསྐོལ་བ་ནས་སྦྲང་རྩི་བཏབ་པའི་བར་དུ་བྱས་ལ་སྔ་མ་བཞིན་དུ་སུག་སྨེལ་ལ་སོགས་པས་བྱུགས་པའི་སྣོད་དུ་བཅུག་སྟེ་ཟླ་བ་གཅིག་མནན་པའི་ཆད་ཡང་ཡོན་ཏན་སྔ་མ་དང་འདྲ་ཞིང་འཕྲོད་ཅིང་ཕན་པའི་ཟས་དང་བསྟེན
་ན་ཕོ་བའི་ནད་ཐམས་ཅད་སེལ་ཅིང་འཇོམས་པར་བྱེད་དོ། །དེ་བཞིན་རྒུན་འབྲུ་བུ་རམ་ཤིང། །འབྲ་བའི་ཁུ་བ་མནན་པ་བླུད། །ཅེས་བྱ་བ་ལ། མ་དུ་ཀའི་མེ་ཏོག་གི་ཁུ་བ་ཇི་ལྟ་བ་བཞིན་དུ་རྒུན་འབྲུམ་ལ་སོགས་པ་ཁུ་བ་བྱེད་དུ་པའི
་བར་དུ་བསྐོལ་ལ་སྦྲང་རྩི་བཞི་ཆ་བཅུག་སུག་སྨེལ་མ་སོགས་པའི་བསྐུས་པའི་བུམ་པའི་ནང་དུ་ཟླ་བ་གཅིག་བཞག་ནས། ལངས་པ་བླུད་ན་ཡང་ཕོ་བའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཤིང་ཀུན་ཤུ་དག་པུ་ཙ་ཤལ། །བོང་ང་པ་ཐ
་དུག་མོ་ཉུང། །གཟེ?་ཚ་བ་ལྔ་པོ་ཞོ། །གཉིས་གཉིས་ལན་ཆ་ལྔ་སྲང་རེ། །མར་དང་ཏིལ་མར་ཕུལ་དོ་དོ། །ཞོ་བྲེ་གཉིས་དང་བསྲེས་ནས་ནི། །མེ་ནི་ཆུ་དུལ་བཅོས་ཏེ། །རྙིང་ཞིང་ཁུ་བ་ཐིམ་པ་དང། །དེ་ནས་དུ་བ་འཁྱིམས་པར་བསྲེགས།
་བཏགས་ཏེ་མར་དང་བསྲེས་ནས་ནི། །དེ་ནས་ཞོ་གཉིས་འཐུངས་ནས་ནི། །ཞུ་ནས་ཁ་ཟས་མངར་ཟོས་ན། །དེས་ནི་བད་ཀན་རླུང་ནད་ནི། །ཀུན་དང་དུག་དང་དབྱིག་དུག་འཇོམས། །ཞེས་བྱ་བ་ལ། ཤིང་ཀུན་ནས་ཚ་བ་ལྔའི་བར་དུ་སྣ་རེ་རེ
་ཞིང་ཞོ་གཉིས་གཉིས་ལན་ཚ་ལྔ་པོ་ལས་སྲང་རེ་རེ་མར་དང་ཏིལ་མར་ཕུལ་གཉིས་གཉིས་ཏེ་རེ་རེ་ཞིང་སྲང་བཅུ་དྲུག་བཅུ་དྲུག་ཞོ་བྲེ་གཉིས་སྲང་དྲུག་ཅུ་རྩ་བཞི་སྟེ། །དེ་དག་ལ་སྨན་རྣམས་གཏུན་ལ་རྡུངས་པ་དང་བསྲེས་ནས་མེ་ཆུ
་དུ་བཙོས་ཏེ་ཁུ་བ་འཁུས་ཏེ་རྫས་ལ་ཐིམ་པ་དང། དེ་ནས་དེའི་འོག་ཏུ་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ཏེ་བཏགས་ལ་མར་དང་བསྲེས་ལ་དེ་ནས་ཞོ་གཉིས་ཀྱི་ཚད་དུ་འཐུངས་ལ་སྨན་དེ་ཞུ་ནས་ཁ་ཟས་མངར
་བག་ཟོས་ན་ཐལ་བའི་སྨན་དེས་ནི་བད་ཀན་དང་རླུང་གི་ནད་ཐམས་ཅད་དང། །དུག་དང་དབྱིག་དུག་གི་ནད་རྣམས་འཇོམས་པར་འགྱུར་རོ། །རྩ་མཁྲིས་ནང་ནི་པུ་ཙ་ཤེལ། །པ་ཏོ་ནིམཔ་པ་ར་པ་ཏ། བསྲེགས་ལ་མ་ཧེའི་གཅིན་དང
་ནི། །འཐུངས་ན་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལ་སོགས་པ་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ཏེ། །མ་ཧེའི་གཅིན་དང་སྦྱར་ཏ་འཐུངས་ན་ཡང། མེ་དྲོད་བསྐྱེད་ཅིང་འཕེལ་བར་བྱེད་དོ། །ཤུ་དག་རུ
་རྟ་སེར་པོ་གཉིས། །ཙི་ཏྲཀ་དང་བུ་ཙ་ཤེལ། །གླ་སྒང་ར་ཡི་གཅིན་དང་ནི། །བསྐོལ་བ་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ་ཤུ་དག་ལ་སོགས་པའི་སྨན་བསྐོལ་ནས་ར་གཅིན་དྲང་སྦྱར་ཏེ་བླུས་ན་ཡང་མེ་དྲོད་བསྐྱེད་པ་ཡིན་ནོ། །སུ་དའི་སྡོང་པོ
་སྲང་བཞི་དང། །ལན་ཚ་གསུམ་ལས་སྲང་རེ་དང། །བརྟ་ཀ་ནི་ཕུ་གང་དང། །རྐ་སྲང་བརྒྱད་ཙི་ཏྲ་ཀ་།སྲང་གཉིས་བསྲེགས་ལ་བརྟ་ཀའི། །ཁུ་བ་ལ་རིལ་བུར་བྱས་ནས་ནི། །ཟས་རྗེས་ཟོས་ནས་ཟོས་པའི་རྗེས། །མྱུར་དུ་ལུད་པ་དབུགས་མི་བདེ།
་གཞང་འབྲུམ་གཏུད?་དང་ཆམ་པ་དང། །སྙིང་ནད་དེས་ནི་སེལ་བར་བྱེད། །ཞེས་བྱ་བ་ལ། སུ་ར་ཞེས་བྱ་ཞིང་སྣུ་ཧའི་སྡོང་པོ་སྲང་བཞི། །ལྕེ་མྱང་ཚ་ལ་སོགས་པའི་ལན་ཚ་གསུམ་སྲང་རེ་རེ་སྟེ་སྲང་གསུམ་བརྟ་ཀའི་ཞེས་བྱ་བའི་འབྲས་བུ་སྐམ
་པོ་ཕུལ་གང་སྟེ་སྲང་བཞི་ཤིང་ཨར་ཤ་སྲང་བརྒྱད་རྩི་ཏྲ་ཀ་སྲང་གཉིས་ཏེ་དེ་ཐམས་ཅད་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ལ་བརྟ་ཀའི་ཁུ་བས་རིལ་བུར་བྱས་ནས་དེ་ལས་ཇི་ཙམ་ཟས་ཟོས་པའི་རྗེས་ལ་ཟོས་ན་ཁ་ཟས་ཟོས་པ
་གང་ཡིན་པ་དེ་མྱུར་དུ་འཇུ་བར་འགྱུར་ལ། །གཞན་ཡང་ལུད་པ་ལ་སོགས་པ་དག་ཞི་བར་བྱེད་དོ། །ཁ་ལུད་ཟུར་པར་སྣ་དང། །ཚ་བ་གསུམ་དང་ཨ་རུ་ར། །ནས་ཚིག་འཁུས་ཐལ་སྭ་རྫི་ཀ་།ཐལ་སྨན་ལན་ཚ་ལྔ་པོ་དང། །ཕྱེར
་བཏགས་དྲོ་འཇམ་ཆུ་དང་བླུད། །མདོག་སྟོབས་མེ་དྲོད་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། མ་དུ་ལུད་ག་ཞེས་བྱ་བ་སྐྱུར་རྩི་ཆེན་པོ་ལ་སོགས་པའི་སྨན་ཕྱེ་མར་བྱས་པ་ཆུ་ཚན་དྲོ་འཇམ་ཙམ་དང་བླུད་ན་མདོག་ལ་སོགས་པ་འཕེལ་བར་འགྱུར་རོ།།
་བད་ཀན་ལས་གྱུར་ཕོ་པའི་ནད། །རླུང་བཅས་ལ་དེ་མར་དང་བསྐོལ། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ནད་ཕོ་བའི་ནད་རླུང་དང་རྗེས་སུ་འབྲེལ་བར་གྱུར་པ་ལ་སྨན་དེ་དག་དང་མར་བསྐོལ་བའི་སྨན་མར་བྱའོ། །ཐང་ལ་འབར་དང་སྲང་དྲུག
་བ། །དེ་བཞིན་གོ་བྱེའི་སྨན་མར་བླུད། །ཅེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་ཕོ་བའི་ནད་རླུང་དང་བཅས་པ་ལ་ནི་དྲང་སྲོང་ཐང་ལ་འབར་གྱིས་བཤད་པ་གཅིན་ནད་ཀྱི་གསོ་བའི་སྐབས་ནས་བཤད་པ་དང། །དེ་བཞིན་དུ་སྲང་དྲུག་པའི་སྨན
་མར་གཅོད་ཆེན་པོ་གསོ་བའི་སྐབས་ནས་བཤད་པ་བླུད་པར་བྱ་ཞིང། །དེ་བཞིན་དུ་གོ་བྱའི་སྨན་མར་སྐྲན་གསོ་བའི་སྐབས་ནས་བཤད་པ་བླུད་པར་བྱའོ། །ཁ་རུ་ཚ་དང་ཚ་ནག་དང། བུལ་ཏོག་དང་ནི་སྭརྫི་ཀ་།ནས་ཚིག་འཁུལ་པའི་ཐལ
་བ་དང། །ཀཎྜ་ཀཱ་རཱི་སཔཏ་ལ། །ཙི་ཏྲ་ཀ་ནི་གཅིག་ཏུ་བསྲེགས། །ལན་བདུན་པར་དུ་གཟགས་པ་ཡི། །ཐལ་ཁུ་བྲེ་རོ་མར་བྲེ་བཞི། །བསྐོལ་ལ་མེ་དྲོད་བསྐྱེད་ཕྱིར་བླུད། །ཅེས་བྱ་བ་ལ། ཁ་རུ་ཚ་ནག་པོ་ལ་སོགས་པ་གཅིག་ཏུ་བསྲེགས
་ལ་ཐལ་བ་དེ་ལན་བདུན་གྱི་བར་ཁུ་བ་གཟགས་པར་གྱུར་པའི་ཐལ་ཆུ་བྲེ་དོ་དང་མར་བྲེ་བཞི་བསྐོལ་ལ་སྨན་མར་དེ་ཕོ་པའི་མེ་དྲོད་བསྐྱེད་པའི་ཕྱིར་བཏུང་བར་བྱའོ། །འདུས་པ་དང་ནི་ལྔ་པོ་དང། །འདི་དག་ཉམས་སྟོབས་ཇི་བཞིན་བྱ། །ཞེས
་བྱ་བ་ལ། འདུས་པ་ལས་གྱུར་པའི་ཕོ་བའི་ནད་བཞི་གསུམ་ཆར་ལས་གྱུར་བ་ལ་ནི་ལས་ལྔ་པོ་སྐྱུག་སྨན་དང་བཀྲུ་སྨན་བཏང་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི་དང་ཞེས་བྱ་བའི་སྒྲས
་ཕོ་པའི་ནད་ཀྱིས་གསོ་བ་འདི་ཉིད་དག་ཀྱང་ཚུལ་ཇི་ལྟ་བ་བཞིན་དུ་བྱའོ། །ཞེས་བྱ་བའི་དོན་ནོ། །བད་ཀན་མཆིལ་མང་དྲོད་ཆུང་ལ། །ཁ་རྩུབ་མེ་དྲོད་བསྐྱེད་པ་སྦྱར། །བད་ཀན་ལས་བྱུང་སྐེམ་པ་ལ། །སྣུམ་དང་རྩུབ་པ་རས་ཀྱིས་བསྟེན། །
་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཕོ་བའི་ནད་མཆིལ་སྣ་བས་དང་ལྗན་ལྗིན་མང་དུ་འབྱུང་ཞིང་མེ་དྲོད་ཆུང་བར་གྱུར་བ་ལ། སྨན་ཁ་བ་དང་རྩུབ་པ་དང་མེ་དྲོད་སྐྱེད་པར་བྱེད་པ་གང་དག་ཡིན་པར་སྦྱར་ཞིང་བཏང་བར་བྱ་ལ། །བད་ཀན་འཕེལ
་བ་ལས་གྱུར་པའི་ལུས་སྐེམ་ཞིང་མེ་དྲོད་ཆུང་བ་ལ་ནི། སྨིན་དང་ཟས་སྣུམ་པ་རང་རྩུབ་པ་རིམ་གྱིས་བསྟན་པར་བྱ་སྟེ། སྣུམ་པ་བསྟེན་ནས་རྩུབ་པ་བཏང་བར་བྱ་ལ། །རྩུབ་པ་བྱིན་ན་ཡང་སྣུམ་པ་བཏང་བར་བྱ་སྟེ། དེ་ལྟར་རྣམ་གྲང་སྤོ
་པའི་ཚུལ་གྱིས་སྨན་སྦྱིན་པར་བྱའོ། །ཉམ་ཆུང་རིང་པའི་ལུས་ལ་ནི། །མེ་དྲོད་བསྐྱེད་པ་སྣུམ་ལྡན་སྦྱིན། །ཞེས་བྱ་བ་ལ། རླུང་ཤས་ཆ་བའི་མེ་དྲོད་བྲི་བར་གྱུར་པས་ཡུས་ཉམ་ཆུང་ཞིང་རིང་པ་སྐེམ་པར་གྱུར་པ་ལ་ནི་ཚ་བ་ལྔ་ལ་སོགས་པ་མར
་ལ་སོགས་པའི་སྣུམ་དང་ལྡན་པ་སྦྱིན་པར་བྱའོ། །མཁྲིས་པ་ཤས་ཆེའི་དྲོད་ཉམས་ལ། །ཁ་དང་མངར་དང་ལྡན་པ་སྦྱིན། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བར་གྱུར་པའི་མེ་དྲོད་ཉམས་ཤིང་ཆུང་བར་གྱུར་པ་ལ་ནི་མེ་དྲོད་སྐྱེད་པར་བྱེད་པའི་སྨན
་དང་སྦྱིན་པར་བའི། །རླུང་ཤས་ཆེ་ལ་སྣུམ་སྐྱུར་དང། །ལན་ཚར་ལྡན་པ་བསྔགས་པ་ཡིན། །ཞེས་བྱ་བ་ལ། རླུང་ཤས་ཆེ་བར་གྱུར་པའི་མེ་དྲོད་བྲི་བ་ལ་ནི་སྨན་སྣུམ་པ་དང། སྐྱུར་པ་ལ་སོགས་པ་དང་ལན་ཚ་དང་ལྡན་པར་བྱིན་ན་ཕན་ནོ། །རིང?་པ
་མེ་དྲོད་བསྐྱེད་པ་ལས། །སྣུམ་ཉིད་མཆོག་དུ་ཤེས་པར་བྱ། །སྣུམ་ཤས་ཆེ་བར་གྱུར་པ་ལ། །རབ་ལྕི་ཟས་ཀྱང་སྦྱིན་མི་བྱེད། །ཞེས་བྱ་བ་ལ། ནད་པ་རིད?་ཅིང་ཉམ་ཆུང་བའི་མེ་དྲོད་སྐྱེད་པ་ལ་ནི་སྣུམ་དང་དྲོད་བསྐྱེད་པའི
་སྨན་དུ་སྦྱར་བ་ཉིད་མཆོག་ཡིན་པར་ཤེས་པར་བྱའོ། །སྣུམ་ཤས་ཆེ་བས་མེ་དྲོད་བྲི་བ་ལ་ནི་སྣུམ་སྦྱིན་པར་མི་བྱ་ཞིང་ཁ་ཟས་ཧ་ཅང་ལྕི་བ་ཡང་སྦྱིན་པར་མི་བྱའོ། །གང་ཞིག་དྲོད་ཆུང་བད་ཀན་ཟད། །བཤད་བ་སྨིན་ཀྱང་སླང་ལ། །དེ་ལ་སྨན་རོ་རྣོ?་བཅས་བའི
་མར་ནི་ཉུང་ཟད་བླུད་པར་བྱ། །དེ་ཡིས་མེ་དང་མཉམ་གནས་རླུང། །རང་གནས་བཀུག་སྟེ་རང་གི་ནི། །ལས་ལ་སྤྱིར?་ཞིང་དྲོད་སྐྱེད་བྱེད། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། མི་གང་ཞིག་མེ་དྲོད་ཆུང་ཞིང་བད་ཀན་ཟད་ཅིང་བྲི་བར་འགྱུར་པས
་བཤད་བ་སྨིན་ཅིང་མ་ཞུ་བ་མེད་པར་གྱུར་ནས་ཀྱང་སླ་བ་ཉིད་དུ་འཁྲུ་བར་གྱུར་པའི་མེ་དེ་ལ་སྨན་རོ་རྣོ་བ་དང་བཅས་པའི་མར་ཉུང་ཟད་ཉུང་ཟད་བླུད་ཅིང་སྦྱིན་པར་བྱའོ། །དེ་ལྟར་མར་བཏང་བ་དེས་ནི་མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི
་རླུང་རང་གི་གནས་ཕོ་བའི་མེ་དྲོད་ཀྱི་གནས་སུ་བཀུག་སྟེ་དེའི་རང་གི་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པའི་རང་བཞིན་ལ་འཛུད་པར་བྱེད་ཅིང་འབྱུང་བར་བྱེད་དེ་གང་གི་ཕྱིར་མེ་དང་མཉམ་དུ་གནས་པའི་རླུང་དེ་ནི་ཕོ་བའི་མེ་དྲོད་བསྐྱེད་ཅིང་འབར་
་བར་བྱེད་པ་ཡིན་པའི་ཕྱིར་རོ། །གང་ཞིག་བཤད་བ་སྲ་བ་ཡིས། །དཀའ་བས་འབྱིན་པར་བྱེད་པ་དང། །དེ་ལ་ལན་ཚ་བཅས་པའི་མར། །ཟས་ནི་སླ་བར་བྱེད་པ་སྦྱིན། །ཞེས་བྱ་བ་ལ། མི་གང་ཞིག་བཤད་པ་སྲ་ཞིང་སྐམས་པར་གྱུར་པས
་བཤད?་པ་དེ་དཀའ་བས་འབྱིན་པར་བྱེད་པ་དེ་ལན་ཚ་ལྔ་དང་བཅས་པའི་མར་ཟས་ཀྱི་དང་པོར་བླུད་ཅིང་ཟས་བསྲུལ་བར་བྱེད་པ་སྦྱིན་པར་བྱའོ། །རྩུབ་པས་མེ་དྲོད་ཆུང་ལ་མར། །ཡང་ན་ཏིལ་མར་དྲོད་བསྐྱེད་བླུད། །སྣུམ་མང་འཐུངས་པས
་དྲོད་ཉམས་ལ། །ཐལ་སྨན་ཕྱེ་མ་ཆད་རྙིང་སྦྱར། །ཞེས་བྱ་བ་ལ། ཁོང་རྩུབ་པས་མེ་དྲོད་ཆང་པར་གྱུར་བ་ལ་ནི་མར་རམ་ཏིལ་མར་དྲོད་བསྐྱེད་པའི་སྨན་དང་སྦྱར་བ་བླུད་པར་བྱ་ལ་སྣུམ་འཐུངས་དྲགས་པས་ཕོ་བའི་མེ་དྲོད་ཉམས་པ་ལ་ནི་ཐལ
་སྨན་གྱི་ཕྱེ་མ་དང་ཆང་རྙིང་དམ་མནན་པའི་ཆང་བླུད་པར་བྱའོ། །རྟུག་འགགས་པ་ལ་མས་བཏང་བའི། །དྲག་པོ་དང་ནི་འཇམ་རྩི་བྱ། །ཞེས་བྱ་བ་ལ། རྟུག་པ་འགགས་པ་ལས་ཕོ་བའི་མེ་དྲོད་བྲི་བ་ལ་ནི་མས་བཏང་བའི་བཀྲུ་སྨན་དྲག་པོ
་ནི་དུ་ཧ་ཞེས་བྱ་བ་འམ་སྣུམ་གྱིས་འཇམ་རྩི་མས་བཏང་པས་སྤྱད་པར་བྱའོ། །ནད་ཚབས་ཆེ་བས་མེ་དྲོད་ཉམས། །སྤྱད་བྱས་ཟས་ཀྱི་ཆོ་ག་སྤྱད། །ཞེས་བྱ་བ་ལ། ནད་ཀྱི་ཚབས་བསྐྱེད་པར་གྱུར་པས་མེ་དྲོད་ཉམས་པར་གྱུར་པ་ལ་ནི་སྐྱུགས་
་སྨན་དང་བཀྲུ་སྨན་ལ་སོགས་པས་ནད་སྦྱངས་ལ། །ཐུག་པའི་རིམ་པ་ལ་སོགས་པས་ཟས་ཀྱི་རིམ་པ་ནད་དམིགས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ནད་བྱད་མེ་དྲོད་ཆུང་བ་ལ། །ཞུན་མར་འབབ་ཞིག་དྲོད་སྐྱེད་བྱེད། །ཅེས་བྱ་བ་ལ། གལ
་ཏེ་ཁྱབ?་ཞིང?་ནད་ལས་ཐར་པའི་རྗེས་ལ་ཕོ་བའི་མེ་དྲོད་ཆུང་བར་གྱུར་ན་ཞུན་མར་ཁོ་ནར་སྦྱིན་པར་བྱའི་སྣུམ་སྣུམ་སྦྱིན་པར་མི་བྱའོ། །ལམ་དང་སྨྱུང་བས་ཉམ་ཆུང་ལ། །ནས་ཐུག་མར་དང་སྦྱར་བ་ཕན། །ཟས་བཅས་བླུད་ན་སྟོབས་བསྐྱེད་ཅིང། །དྲོད
་བསྐྱེད་བརྟ་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ལམ་ལ་སོགས་པས་དུ་བ་སྟེ་མེ་དྲོད་ཆུང་བར་གྱུར་པ་ལ་ནི་ནས་ཐུག་དང་མར་དུ་སྦྱར་བ་བླུད་བར་བྱ་ཞིང་ཡང་ན་འབྲས་ཆན་ལ་མར་བླུད་སྟེ་བཙིར་བ་དེ་སྦྱིན་པར་བྱ་སྟེ། དེ་ནི་ལུས་ཀྱི་སྟོབས
་སྐྱེད?་ཅིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །ཡུན་རིང་རལ?་པོ་སྤྱད་པ་དང། །མི་ནི་ཉམ་ཆུང་སྐེམས་གྱུར་ལ། །མཐུ་རྩལ་གྱིས་ན་ཟས་ཚོལ་ལ། །ཤ་ཟའི་ཤ་ཁུ་སྐྱུར་སྦྱར་སྦྱིན། །ཡང་ཞིང་དྲོ་ཆ་སྦྱོང་བྱེད་པས། །དེ་ཡང་མེ་དྲོད་མྱུར་དུ་བསྐྱེད། །ཤ་ཡིས
་བསྐྱེད་པའི་ཤ་ཡིན་ཕྱིར། །སྟོབས་ནི་མཆོག་ཏུ་སྐྱེད་པར་བྱེད། ཅེས་བྱ་བ་ལ། ཡུན་རིང་པོ་དུས་ཐམས་ཅད་དུ་ཉལ་པོ་སྤྱོད་ཅིང་བུད་མེད་བསྟེན་པར་བྱེད་པ་དང། ཟས་ལེན་པར་མ་ཞུ་བས་ཉམས་ཆུང་ཞིང་རིང་པ་སེམས
་བར་གྱུར་པ་དག་ལ་མཐུ་རྩལ་གྱིས་ཟས་ཚོལ་ཞིང་ཤར་དུ་སེའུ་ལས་སྐྱུར་བར་བྱས་པ་དང། སྦྱར་བའི་ཁ་ཟས་སྦྱར་བར་བྱའོ། །དེ་ལྟར་མཐུ་རྩལ་གྱིས་ཟས་ཚོལ་བ་ཟས་སུ་ཤ་ཟ་བའི་སྲོག་ཆགས་ཀྱི་ཤ་ནི་ཡང་བ་ལ་སོགས་པའི་ཡོན་ཏན་གྱིས་ཕོ་བའི་མེ་དྲོད་མྱུར་དུ་སྐྱེད་པར
་བྱེད་ལ་དེ་བཞིན་དུ་ཤ་ཟོས་པས་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མཆོག་ཏུ་སྟོབས་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །སྣུམ་དང་མནན་ཆང་ཆང་རྙིང་དང། སྨན་ཁུ་ཕྱེ་མ་འཕྲོས་པ་ཟོས། །ལུས་ལ་ལེགས་པར་སྦྱངས་པ་ཡིས། །སྟོབས
་དང་མེ་དྲོད་འཕེལ་བར་བྱེད། །ཅེས་བྱ་བ་ལ། སྣུམ་ལ་སོགས་པ་དང་གཞི་དང་ལུས་ཟུངས་ཀྱི་ཚུལ་ལས་བརྟགས་ཏེ་སྨན་སྤྱད་བསྟོན་བཅོས་ལས་འབྱུང་བའི་ཆོ་ག་བཞིན་དུ་བྱིན་ཞིང། ལེགས་པར་སྦྱར་བར་གྱུར་པས་ལུས་ཀྱི་སྟོབས་དང་མེ་དྲོད
་ཀྱིས་སྟོབས་འཕེལ་བར་བྱེད་པ་ཉིད་དུ་འགྱུར་རོ། །དཔེར་ན་མེ་ནི་ཤིང་སྲ་བས། །སྤར་བ་ཡུན་རིང་ངས་བར་བྱེད། །དེ་བཞིན་ཁད་པར་གནས་པའི་མེ། །སྣུམ་དང་བཅས་པས་བསྟན་པར་གནས། །ཞེས་བྱ་བ་ལ། དཔེར་ན་ཕྱིའི་སེང་ལྡེང་ལ་སོགས
་པའི་ཤིང་སྲ་བས་སྦར་བར་བྱས་པར་གྱུར་ན་ཡུན་རིང་དུ་གནས་ཤིང་བརྟན་པར་གནས་པར་བྱེད་པ་དེ་བཞིན་དུ་ཕོ་བ་ལ་བརྟེན་ཅིང་ཁོང་པར་གནས་པའི་མེ་ཡང་སྣུམ་དང་བཅས་པའི་ཟས་ཟོས་བརྟན་པར་གནས་ཤིང་མེ་ཉམས་པར
་བྱེད་དོ། །ཇི་ལྟར་མེ་ནི་ཤིང་མེད་པ་འམ། །མེ་ཆུང་ཞིང་ནི་དྲགས་པ་ལྟར། །ལུས་མ་ཟས་ནི་མ་ཟོས་པ། །ཟས་དྲགས་གྱུར་པས་འབར་མི་བྱེད། །ཅེས་བྱ་བ་ལ། ཇི་ལྟར་ཕྱིའི་མེ་བུད་ཤིང་མེད་ན་འབར་བར་མི་འགྱུར་པ་འམ། མེ་ཆུང་ངུ་ལ
་ཧ་ཅང་དྲགས་པ་མང་དུ་བཅུག་པས་ཀྱང་འབར་བར་མི་འགྱུར་ཏེ། དེ་བཞིན་དུ་ལུས་ཀྱི་མེ་ཡང་ཁ་ཟས་མ་ཟོས་པ་འམ། །ཁ་ཟས་ཆུང་ངུ་ཟས་ཟོས་པ་འམ། ཁ་ཟས་ལྷག་པར་ཡང་ཡང་དུ་དང་མ་ཟོས་པའི་མེ་དྲོད་མཆེད་པར་མི་འགྱུར་རོ། །གང
་ཚེ?་བད་ཀན་ཟད་མཁྲིས་པ། །རང་གི་གནས་སུ་རླུང་ཞུགས་ནི། །མེ་དྲོད་འཕེལ་ཞིང་རབ་རྒྱས་འགྱུར། །དེ་ཚེ་མེ་ནི་རླུང་བཅས་པས། །ཟས་སྨན་བྱས་པས་ལུས་ཟུངས་ཀྱང། །ཟད་ཀྱི་མདངས་འཐོར་བྱེད་པས་གསོད། །ཟས་ཟོས་ནས་ནི་བདེར་འགྱུར
་ལ། །ཞུ་ནས་མུན་ཞུགས་སྙམ་སེམས་འགྱུར་རོ། །ཞེས་བྱ་བ་ལ། དུས་གང་གི་ཚེ་བད་ཀན་ཟད་བར་གྱུར་ཅིང་ཐམས་ཅད་ནས་ཐམས་ཅད་དུ་འགྲིབས་པར་གྱུར་པ་དེའི་ཚེ་མཁྲིས་པ་གང་གིས་གནས་ལྟི་བ་ཞེས་བྱ་བར་རླུང་ཞུགས་ཤིང་དེས་བསྐྱོད
་པས་མེ་དྲོད་ང?་རྒྱས་ཤིང་ཤས་ཆེར་འཕེལ་བར་གྱུར་ལ། དེའི་ཚེ་ཕོ་བའི་མེ་དྲོད་དེ་རླུང་དང་བཅས་པས་ཟས་མྱུར་བ་ཁོ་ནར་སྨིན་ཅིང་འཇུ་བར་བྱས་ནས། དེའི་རྗེས་ལ་སྨིན་ཅིང་ཞུ་བར་བྱ་བའི་ཕྱིར། །ཟས་མོད་པས་དངས་མ་ལ་སོགས་པ
་ལས་དུངས?་ཐམས་ཅད་སྨིན་ཅིང་སྐེམས་པར་བྱས་ནས་མི་དེ་གསོད་པར་བྱེད་པར་འགྱུར་ལ་མདངས་ཀྱང་འཐོར་ཞིང་འབྱར་བར་བྱེད་པར་འགྱུར་རོ། །དེའི་ཚེ་མི་དེ་ཟས་ཟོས་ན་ནི་ལུས་སོ་བདེ་བ་སྙམ་དུ་སེམས་པར་འགྱུར་ལ། །ཟས་ཞུ་ནས་ནི་མུན
་པའི་ཞུ་མ?་པ་རློམ?་དུ་སེམས་ཤིང་མུན་འཐིབས་བྱེད་པར་འགྱུར་རོ། །སྐོམ་དང་ཚ་བརྒྱལ་དབུགས་མི་བདེ། །ལ་སོགས་མེ་དྲོད་དྲགས་ལས་འབྱུང། །ཞེས་བྱ་བ་ལ། སྐོམ་དང་ལ་སོགས་པ་ནི་ཁོང་པའི་མེ་དྲོད་ཤས་ཆེར་སྐྱེ་ཞིང་དྲགས་པ་ལས
་བྱུང་བར། ཤེས་པར?་བྱའོ། །ཟས?་ལྕི་སྣུམ་སླ་བརྟུལ་བ་དང། གྲད་དང་འཇུ་དཀའ་མེ་དྲོད་འབྲི། །འབར་བའི་མེ་ལ་ཆུ་བླུགས་ལྟར། །མེ་དྲོད་ཤས་ཆེ་དེ་ཞུ་བྱ། །ཞེས་བྱ་བ་ལ། དེ་ལྟ་བུའི་མེ་དྲོད་དྲགས་པར་གྱུར་མ་ཐག་པ་དེ་ནི་ཟས་དང་སྐོམ་ལྕི་བ
་ལ་སོགས་པའི་རང་བཞིན་ཅན་གྱིས་ཞི་བར་བྱ་སྟེ། །དཔེར་ན་མེ་འབར་བར་གྱུར་པ་དག་ལ་ཆུ་བླུགས་པར་གྱུར་པས་ཞི་བར་བྱས་པ་དང་འདྲ་བར་ཞི་བར་བྱའོ། །དེ་ནི་ཁ་ཟས་མ་ཞུ་བའང། །ཡང་དང་ཡང་དུ་ཟས་སྦྱིན་བྱ།།
་བུད་ཤིང་མེད་པའི་སྐབས་རྙེད་ལྟར། །ཇི་ནས་ཅི་འདོད་མི་འགྱུར་བྱ། །ཞེས་བྱ་བ་ལ། མེ་དྲོད་དྲགས་པའི་ནད་དང་ལྡན་པ་དེ་ལ་ནི། །ཁ་ཟས་མ་ཞུ་བ་ཡོད་དུ་ཟིན་ཀྱང་ཁ་ཟས་ཕྱི་མ་ཡང་དང་ཡང་དུ་སྦྱིན་པར་བྱ་ཞིང་ཅི་ནས་ཀྱང་མེ་དྲགས་པ
་དེ་ཞི་བའི་ཕྱིར་འབར་པར་བྱ་སྟེ། །དཔེར་ན་བུད་ཤིང་མེད་པའི་མེ་ལྟར་ནད་པ་དེ་ལ་གནོད་ཅིང་གཅོད་པར་འགྱུར་བ་དེ་ལྟར་བྱའོ། །ཀྲི་ས་ར་དང་འོ་ཐུག་སྣུམ། །སྣུམ་ཁུར་དུ་རམ་གཡོས་པ་དང། །རླན་ཅན་ཆུ་ཡི་སྲོག་ཆགས་ནི། །ཚོ་བ་ཡི
་ནི་ཤ་སྦྱིན་ནོ། །མཆོག་ཏུ་ཉ་ནི་འཇམ་པོ་དང། །ཆུ་འགུལ་ཆུ་ལ་གནས་པ་སྦྱིན། །ཞེས་བྱ་བ་ལ། མེ་དྲོད་དྲགས་པས་ཉེན་པར་གྱུར་པའི་མི་ལ་ཀྲི་ས་ར་ཞེས་བྱ་བ་ཏིལ་དང་མ་ཤ་དང་མུངྒ་ལ་སོགས་པ་ལས་བྱས་པའི་ཐུག་པ་འམ། །འོ
་ཐུག་ཅེས་བྱ་བ་འོ་མ་དང་འབྲས་བཙོས་པ་ལ་ཞག་ལ་སོགས་པའི་སྣུམ་བཏབ་པ་དང། དེ་བཞིན་དུ་སྣུམ་ཁུར་གྱི་རྣམ་པ་དང། །དེ་བཞིན་དུ་བུ་རམ་གཡོས་ཤིང་དེ་བཏབ་པ་དང་ཁ་ཟས་ལྕི་ཞིང་སྣུམ་བ་སྦྱིན་པ་དང། རླན་ཆན་གྱི་སྲོག
་ཆགས་དང་བྱ?་ཁྲུང་ཁྲུང་ལ་སོགས་པ་དེ་བཞིན་དུ་ཆུའི་སྲོག་ཆགས་ཉ་ལ་སོགས་པའི་ཤ་དེ་དག་ཀྱང་ཚོ་ཞིང་ལུས་ཤིན་ཏུ་རྒྱས་པར་འདོད་ཤ་སྦྱིན་པ་དང་དེ་བཞིན་དུ་ཉ་གང་འཇམ་ཞིང་པགས་པའི་མཛའ་འཇམ་པ་དང།།
་ཤ་ཤིན་ཏུ་རྒྱས་པ་དང་??་དགུལ་བའི་ཆུའི་ནང་ན་གནས་པ་དེ་ལྟ་བུའི་ཉའི་ཤ་བྱིན་ན་མེ་དྲོད་དྲགས་པ་འབྲི་བར་འགྱུར་རོ། །ལུག་ཤ་ཚོན་པོ་དག་དང་ནི། །ཟོས་ན་མེ་དྲོད་དྲགས་པ་སེལ། །ཞེས་བྱ་བ་ལ། ལུག་ཤིན་ཏུ་ཚོ་ཞིང་ཚེས
་ཆེ་བའི་ཤ་ཟོས་ན་ཡང་མེ་དྲགས་པ་ཞི་བར་བྱེད་དོ། །འོ་མ་སྦྲང་རྩིར་བཅས་པ་འམ། །མར་དང་སྦྱར་བ་སྐོམ་ཆེ་བླུད། །ཅེས་བྱ་བ་ལ། དེ་སྐོམ་པའི་ཚེ་ན་ནི་འོ་མ་དང་སྦྲང་རྩིར་བཅས་པའམ། །མར་དང་སྦྲང་རྩི་སྦྱར་བ་བླུད་ན། མེ་དྲོད་དྲགས་པ་དེ་ཞི
་བར་འགྱུར་རོ། །གྲ་ཡི་ཕྱ་ནི་འོ་མ་དང། །མར་ནི་མང?་པོར་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་དེ་བསྐོལ་བ་ལ་བག་ཕྱེ་དང་འོ་མ་དང་མར་བཙོས་པ་བླུད་ན་ཕན་ནོ། །རླན་ཅན་སྲོག་ཆགས་ཤ་ཁུ་དང། །ཏིལ་མར་མ་གཏོགས་སྣུམ་བཅས
་བླུད། །ཅེས་བྱ་བ་ལ། ཡང་སྐོམ་པ་ལ་སྲོག་ཆགས་རླན་ཅན་གནས་པའི་ཤ་ཁུ་ལ་མར་དང་ཚིལ་དང་རྐང་ལ་སོགས་པ་དང་བཅས་པ་བྱིན་ན་ཡང་མེ་དྲོད་དྲགས་པ་སེལ་བར་བྱེད་དོ། །ཤ་མ་དུར་བྱིང་དང་བསྐོལ་བའི། །འོ་མའི་བཀྲུ་སྨན་བླུད
་པར་བྱའོ། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་ཤ་མ་དང་དུར་བྱིད་གནས་དང་འོ་མ་དང་བསྐོལ་བའི་བཀྲུ་སྨན་བླུད་པར་བྱའོ། །མཁྲིས་པ་སེལ་པའི་ཁ་ཟས་དང། འོ་ཐུག་ལན་མང་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་དེ་ལ་མཁྲིས་པ་སེལ
་པའི་ཁ་ཟས་དང་སྨན་ལན་མང་དུ་ཡང་སྦྱིན་པ་དང་འོ་ཐུག་གི་ཐུག་པའི་རིམ་པ་བླུད་པར་བྱའོ། །གང་ཞིག་ལྕི་ཞའི་ཚིལ་བསྐྱེད་དང། །བད་ཀན་བསྐྱེད་པའི་ཁ་ཟས་རྣམས། །ཐམས་ཅད་མེ་དྲོད་དྲགས་པ་ལ། །ཟོས་ནས་ཉིན་པར་ཉལ་བར
་བྱ། །ཞེས་བྱ་བ་ལ། ཟས་དང་སྨན་གང་ཞིག་ལྕི་ཞིང་བད་ཀན་སྐྱེད་པར་བྱེད་པ་ལ་འཕྲུ་ཆ་དང་ཆུང་བ་དང། ལུག་གི་ཤ་ལ་སོགས་པ་འདིར་སྨོས་པ་དང་མ་སྨོས་པ་དེ་ཐམས་ཅད་མེ་དྲོད་དྲགས་པའི་ནད་ལ་ཕན་ནོ། །དེ་བཞིན་དུ་ཁ་ཟས
་ཟས?་ནས་བསྟན་ཉིན་པར་ཉལ་བ་ལས་ཕན་ནོ། །ཟས་ནི་མེ་དྲོད་ཀྱིས་འཇུ་བྱེད། །ཟས་མེད་ནས་ནི་ནད་ཟད་བྱེད། །ལུས་ཟུངས་ཟད་པར་བྱེད་པར་འགྱུར་ལ། །ལུས་ཟུངས་ཟད་ན་འཆི་བར་འགྱུར། །ཞེས་བྱ་བ་ལ། མེ་དྲོད་དྲགས་པའི་ཚེ་དང
་པོར་ཟས་ཟོས་པ་དེ་མེ་དྲོད་ཀྱིས་འཇུ་བར་བྱེད་ལ་དེ་ནས་ཟས་མེད་པ་དང། །དེའི་འོག་ཏུ་དེ་ན་ཡོད་པའི་ནད་སྨིན་ཅིང་ཟད་པར་བྱེད་ལ་ནད་ཟད་ནས་ལུང?་ཟུངས་ཟད་པར་བྱེད་ལ་ལུས་ཟུངས་ནས་ནི་འཆི་བ་ཉིད་དུ་འགྱུར་རོ། །ཟས་འདི?་དག་ནི
་རང་བཞིན་གྱིས་མི་མཐུན། །འདི་ནི་སྦྱོར་དང་གཡོས་ཀྱིས་མི་འཕྲོད་པ། །དེ་ལ་སོགས་པར་མི་ཤེས་ཇི་དགའ་བར། །སྤྱོད་དེ་མེ་དྲོད་སྟོབས་ལས་གྱུར་པ་ཡིན། །དེ་བས་འབད་པ་ཀུན་གྱིས་མེ་དྲོད་བསྲུངས། །དེ་ཉམས་ནས་ནི་མིའི་སྲོག
་དེས་ཉམས། །ཉེས་པར་ཁྱབ་ན་ནད་ཀྱི་སོགས་ཀྱིས་འདེབས། །མེ་དྲོད་ཉམས་ན་མེ་དྲོ་ཆེ་རིང་འགྱུར། །ཞེས་བྱ་བ་ལ། རླན་ཅན་དང་ཆུ་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ལ་སོགས་པའི་ཟས་འདི་དག་ནི། །རང་བཞིན་གྱིས་མི་མཐུན
་ཅིང་ལྕིས་དང་ཚིམ་བསྐྱེད་པ་དང། བད་ཀན་འཕེལ་བར་བྱེད་པ་ཡིན་ལ་དེ་བཞིན་དུ་འདི་ནི་སྦྱོར་བའི་དབང་གིས་ཀྱང་མི་མཐུན་ཞིང་མི་འཕྲོགས་པ་ཡིན་ཏེ། དཔེར་ན་འོ་མ་འམ་མར་དང་བྲི་ཆ་ལ་བསྲེས་ཏེ་བྱིན་པ་དེ་ལྟ་བུ་དང།།
་བག་ཕྱེ་དང་འོ་མར་སྦྱར་ཏེ་བྱིན་པ་ལ་སོགས་པ་དང། དེ་བཞིན་དུ་གཡོས་སུ་བྱས་པའི་དབང་གིས་ཀྱང་མི་འཕྲོད་པར་གྱུར་ཏེ་དཔེར་ན་སྣུམ་པ་ལ་ལ་བུག་དང། བསྐ་བ་དང་བརྟུལ་བ་དང་བསིལ་བ་དང་འཇུ་དཀའ་བའི་རྣམ་པ་དེ་ལྟ
་བུས་གཡོས་སུ་བྱས་པ་དེ་ནི་གཡོས་སྦྱར་པ་ལས་མི་འཕྲོས་པར་གྱུར་པ་ཡིན་ནོ། །སྦྱོར་བས་མི་འཕྲོད་པ་དང། །གཡོས་སུ་བྱས་པ་མི་འཕྲོད་པ་སྟེ་སོགས་པའི་སྒྲས་ཚད་དང་དུས་ལ་སོགས་པའི་དབང་གིས་ཀྱང་འདི་དག་མི་འཕྲོད་པ་
་ཡིན་ནོ། །ཞེས་མི་ཤེས་ཅིང་མི་རྟོགས་པས་ཅི་དགར་སྤྱོད་ཅིང་གནས་པར་བྱེད་པ་དེ་ནི་མེ་དྲོད་ཀྱི་སྟོབས་ལས་གྱུར་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་བས་ན་མེའི་སྟོབས་ནི་ནུས་པ་ཆེན་པོ་ཡིན་པས་འབད་བ་ཀུན་གྱིས་ཞེས་བྱ
་པ་ལ། །ཟས་ལ་སྤྱོད་པ་དང། སྤྱོད་ལམ་གྱི་རྣམ་པ་ཐམས་ཅད་ཀྱི་ཕོ་བའི་མེ་དྲོད་བསྲུང་བ་ལ་བརྩོན་པར་བྱའོ། །དེ་ཉིད་ཀྱིས་ནི་མེ་དྲོད་ཉམས་ན་ནི་མིའི་སྲོག་ངེས་པར་ཉམས་པར་འགྱུར་ཏེ། ངེས་པར་ཞེས་སྨོས་པ་ནི། ངེས་པ་ཁོ་ནར་འཆི་བར
་འགྱུར་གྱི་གནས་སྐབས་གཞན་དུ་ནི་མི་འགྱུར་རོ། །ཞེས་བྱ་བའི་དོན་ཡིན་ལ། ཡང་མེའི་དྲོད་དེ་ཉེས་པའི་ཆོགས་ཀྱིས་ཁྱབ་ཅིང་ནད་ཀྱིས་ཟིན་པར་གྱུར་ན་ནད་ཀྱི་ཆོགས་དུ་མས་འདེབས་ཤི་བ་ཉེན་བར་གྱུར་ལ་མེ་དྲོད་ཆ་མཉམ་པས་རིགས
་པས་གནས་ནས་ནད་མེད་ཅིང་བདེ་བར་གནས་པ་དང་ཚེ་རིང་ཞིང་ཡུན་དུ་འཚོ་བ་ཉིད་དུ་འགྱུར་རོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར། ཞེས་བྱ་བ་ལ་སློབ་དཔོན་ཟླ་བ་ལ་དགའ་པས་ངེས་པར
་སྦྱར་བ་ལས། གསོ་བའི་གནས་ལེའུ་བཅུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅིན་འགགས་པའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་ལ་བབས་པས་ནི་འདི་བརྩམས་པ་འདི་ཡིན་ནོ། །རླུང་ལས་གྱུར་པའི
་གཅིན་སྲི་ལ། །རླུང་འཇོམས་ཏིལ་མར་གྱིས་ལུས་བསྐུ། །ལྟེ་བ་མན་ངག་དུགས་བྱ་ཞིང། །རླན་དུ་གོས་ལུས་ནི་སྤྱིད་བའང་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་གཅིན་སྲི་ཞིང་འགགས་པའི་ནད་ལ་ནི་རླུང་འཇོམས་པའི་ཏིལ་མར
་གྱིས་ལུས་ཐམས་ཅད་བཀུ་བར་བྱ་བ་དང། །ལྟེ་བ་མན་ཆད་ལེགས་པར་དུགས་བྱ་ཞིང་གླན་པའི་དུགས་དང་ལུས་བཅིང་བའི་དུགས་ཇི་སྐད་བཤད་པ་བཞིན་བྱའོ། །རྩ་བ་བཅུ་པ་ཨེ་རཎྜ། །བ་ལ་ནས་དང་ཉེའུ་ཤིང་པ། །བ་སྦྲུ་ད?་དང་ཀུ
་ལཏྠ། །རྒྱ་ཤུག་དང་ནི་པ་ཐུ་ར། །སྲུ་སྲུའི་རྩ་བ་བྲིན་སྲི་བ། །ཏིལ་མར་ཞུན་མར་ཕག་དང་དྲེད། །ཞག་བསྐོལ་ལོན་ཚ་བཅས་པ་ནི། །འཐུངས་ན་གཟེར་འཇོམས་མཆོག་ཡིན་ནོ། །ཞེས་བྱ་བ་ལ། རྩ་བ་བཅུ་བའོ། སོགས་པ་དང་བསྐོལ?
་ཞིང་བཙོས་པའི་ཏིལ་མར་ལ་སོགས་པ་དང། ལྡེ་གུ་དང་བསྐོལ་བ་དང་ལན་ཚ་ལྔ་པོ་དང་བཅས་པར་འཐུངས་པར་གྱུར་ན་གཟེར་འཇོམས་པར་བྱེད་པའི་མཆོག་དམ་པ་ཡིན་ནོ། །སྨན་འདི་དག་ནི་སྣུམ་པ་ཡི།།
་འབྲས་བུར་བཅས་ཤིང་སྐྱུར་བ་དང། སྣུམ་དང་ལྡན་པར་ཟས་སྐོམ་དང། །གོང་བོའི་སྲི་བའི་དུགས་སྤྱད་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྨན་རྩ་བ་བཅུ་པ་ལ་སོགས་པ་འདི་དག་ཟས་དང་སྐོམ་དད་སྦྱར་བ་དང། དེ་བཞིན
་དུ་གོང་བོ་དང་རླན་པའི་དུགས་བྱ་བ་སྣུམ་དང་བཅས་པའི་འབྲས་བུ་སྟར་གའི་རྐང་ལ་སོགས་པ་དང་བཅས་པ་དང་སྐྱུར་རྩབས་ལ་སོགས་པ་དང་རྫས་སྐྱུར་བ་དང་ལྡན་པ་དང་དེ་བཞིན་དུ་སྣུམ་དང་ལྡན་པ་སྟེ། དེ་དག་གི
་དུག་ལ་སོགས་པ་སྤྱད་པར་བྱའོ། །ཁ་རུ་ཚ་མང་བཏབ་པའི་ཆང། །འཐུངས་ན་གཅིན་གྱི་ནད་སེལ་བྱེད། ཅེས་བྱ་བ་ལ། ཁ་རུ་ཚ་མང་དུ་བཏབ་ཅིང་ཤས་ཆེར་བྲོ་བའི་ཆང་འཐུངས་ན་གཅིན་གྱི་ནད་སེལ་བར་བྱེད་དོ། །མཁྲིས་འགྱུར
་བསྐུ་དང་བླུགས་པ་དང། ལུས་བཅིང་བས་ནི་བསིལ་བས་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་སྲི་བའི་ནད་ལ་ནི་ལུས་བསྐུ་བ་ལ་སོགས་པ་བསིལ་པ་དག་གིས་བྱའོ། །ཉེའུ་ཤིང་གཟེ་མ་བ་དི་རི། །རྒུན་འབྲུམ
་རྩཝ་ཡི་རྩ་བ་ལྔ། །བསྐལ་བའི་ནང་དུ་སྦྲང་རྩི་དང། །ཁ་ར་བཏབ་པ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་ཉིའུ་ཤིང་དང་གཟེ་མ་ལ་སོགས་པའི་སྨན་བསྐོལ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ཁ་ར་བཏབ་པ་བླུད་ན་ཡང
་ཕན་ནོ། །རྩའི་རྩ་བ་ལྔ་ནི་འཇག་མ་དང་འདམ་བུ་དུརྦ་དང་འབྲས་དང་བུ་རམ་ཤིང་གི་རྩ་བ་སྟེ། དེ་ལྡེ་ལ་རྩའི་རྩ་བ་ལྔ་ཞེས་བྱའོ། །བ་ཤ་ཀ་དང་ག་གན་དང། །རྒྱལ་མོ་ག་གོན་ལེ་རྒན་རྩིའི། །ས་བོན་གུར་གུམ་རྒུན་ཆུ་དང
་འཐུངས་ན་གཅིན་འགགས་ནད་སེལ་བྱེད། །ཅེས་བྱ་བ་ལ། བ་ཤ་ཀ་ལ་སོགས་པའི་ཁུ་བ་བསྒྲངས་པ་རྒུན་ཆུ་དང་སྦྱར་ཏེ་འཐུངས་ན་གཅིན་འགགས་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ག་གོན་ནི་དྲི་བུ་ཏ་ཞེས་བྱ་བ་སྟེ་དེའི
་ས་བོན་དང་རྒྱལ་མོ་ག་གོན་ཞེས་བྱ་བ་ཨེ་རན་བ་རུ་ཞེས་བྱ་བའི་ག་གོན་གྱི་ཁྱད་པར་གྱི་ས་བོན་ནོ། །དེ་བཞིན་དུ་ལེ་བརྒན་རྩའི་ས་བོན་གཟུང་ངོ། །ཤིང་མངར་ཨེར་བ་རུའི་ས་བོན། །སྐྱེར་པ་འབྲས་ཀྱི་ཆུ་དང་བླུད། །ཅེས་བྱ་བ་ལ། ཡང
་ན་ཤིང་མངར་དང་རྒྱལ་མོ་ག་གོན་གྱི་ས་བོན་དང། སྐྱེར་པའི་འབྲས་ཀྱི་ཆུ་དང་སྦྱར་ཏེ་བླུད་པར་བྱའོ། །རྒུན་འབྲུམ་ལྡེ་གུ་ཆར་སྦྱར་བ་འམ། །རྒུན་འབྲུམ་ཆུར་ནི་སྤངས་པ་བླུད། །ཅེས་བྱ་བ་ལ། ཡང་ན་རྒུན་འབྲུམ་གྱི་ལྡེ་གུ་ཆུ་དང་སྦྱར་བ
་བླུད་པ་འམ་ཡང་ན་རྒུན་འབྲུའི་ཆུའི་ནང་དུ་ནུབ་གཅིག་སྤངས་པའི་ཆུ་བླུད་ན་ཡང་ཕན་པ་ཡིན་ནོ། །བད་ཀན་ལས་གྱུར་དུགས་བྱས་ལ། །སྐྱུགས་སྨན་བཟའ་བ་རྣོ་དྲོ་སྦྱིན། །ནས་གཡོས་ཐལ་སྨན་རྣོ་བ་དང། །དར་བ་དང་བཅས་པ་སྦྱིན་པར་བྱ།།
་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་གཅིན་སྲི་བའི་ནད་ལ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་དུགས་བྱས་ལ་སྐྱུགས་སྨན་བཏང་བ་དང། བཟའ་བའི་བག་རྣོ་བ་དང་དྲོ་བ་སྦྱིན་པ་དང་ནས་ལས་གཡོས་པའི་ཟས་ཆག་ཆེ་དང་སྐྱ་ཁུར་ལ་སོགས
་པ་དར་?་སྨན་རྣོན་པོ་ལ་སོགས་པ་བཏང་བར་བྱའོ། །སུག་སྨེལ་ཆང་དང་སྦྱར་བ་འམ། །སྐྱུ་རུ་ར་ཡི་ཁུ་བ་བླུད། །ཅེས་བྱ་བ་ལ། ཡང་ན་སུག་སྨེལ་དང་སྐྱུ་རུ་རའི་ཁུ་བར་སྦྱར་བ་བླུད་པར་བྱའོ། །གཞན་རུས་གཟེ་མ་སུག་སྨེལ་དང།།
་ཆག?་?་མ་སྦྲང་རྩི་གཅིན་བཅས་བླུད། །ཞེས་བྱ་བ་ལ། ཡང་ན་བྱ་བཞད་ཀྱི་དུས་པ་དང་གཟེ་མ་ལ་སོགས་པའི་སྨན་སྦྲང་རྩི་དང་བ་གཅིན་སྦྱར་བ་ཡང་བླུད་ན་ཡང་ཕན་ནོ། །ཡང་ན་ཀཎྜ་ཀཱ་རཱིའི་ཁུ། །སྦྲང་རྩི་སྦྱར་བ་བླུད་པར་བྱའོ། །ཞེས
་བྱ་བ་ལ། ཀཎྜ་ཀཱ་རཱི་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུད་ན་ཡང་གཅིན་འགགས་པའི་ནད་སེལ་ཏེ། །ཤི་ཏི་བ་རའི་ས་བོན་ནི། །ཞིབ་ཏགས?་དར་བར་སྦྱར་བར་བླུད། །ཅེས་བྱ་བ་ལ། ཡང་ན་ཤི་ཏི་པ་ར་ཞེས་བྱ
་བའི་ས་བོན་གྱི་ཕྱེ་མ་དར་བ་དང་བླུད་ན་ཕན་ནོ། །བ་ད་སཔཏ་པར་ནི་དང། །སླེ་ཏྲེས་དོང་ག་དུག་མོ་ཉུང། །ཀེའུ་ཀ་དང་སུག་སྨེལ་དང། །ཀ་རཉྫ་བསྐོལ་སྦྲང་རྩིར་བཅས། །དེས་སྦྱར་ཐུག་པ་འམ་བྱུ་རུ་ཡི། །ཕྱེ་མ་འབྲས་ཀྱི་ཆུ་དང་བླུད། །ཅེས
་བྱ་བ་ལ། ཡང་ཤིང་བ་ད་ལ་སོགས་པ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་བཅས་པ་བླུད་པའམ། །ད་བ་ལ་སོགས་པའི་སྨན་དེ་དག་དང་སྦྱར་པའི་ཐུག་པའམ་བྱུ་རུ་བཏགས་པའི་ཕྱེ་མ་འབྲས་ཀྱི་ཕྱེ་དང་སྦྱར་ཏེ་འཐུངས་ན་ཡང་ཕན་ནོ།།
་པ་ཐ་ལ་ཡི་ཐལ་བའི་ཆུ། །ལན་བདུན་བཙགས་ཏེ་ཏིལ་མར་བཅས། །ཞེས་བྱ་བ་ལ། ཡང་ན་ཤིང་བ་ཐ་ལ་བསྲེགས་པའི་ཐལ་བའི་ཆུ་ལན་བདུན་གྱི་བར་དུ་བཙགས་ཤིང་གཟགས་པར་བྱས་པ་ཏིལ་མར་དང་བཅས་པ་བླུད་ན་ཕན་ནོ།
་ནས་ཚིག་འཁུས་ཐལ་བ་ཐ་ལི། །ཕ་རི་པ་ཏྲ་ཏིལ་ཐལ་ཆུ། །ཤིང་ཆ་སུག་སྨེལ་ན་ལེ་ཤམ། །ཆང་དང་སྦྱར་བ་བླུད་པར་བྱ། །ཞེས་བྱ་བ་ལ། ནས་ཚིག་འཁུས་པའི་ཐལ་ཆུ་དང། །པ་ཐ་ལའི་ཐལ་ཆུ་དང། །པ་རི་པ་ཏྲའི་ཐལ་ཆུ་དང་ཏིལ
་བསྲེགས་པའི་ཐལ་ཆུ་ནང་དུ་ཤིང་ཚ་ལ་སོགས་པའི་ཧཡེ་མ་དང་ཆང་དུ་སྦྱར་བ་བླུད་ན་ཡང་ཕན་ནོ། །འདི་དག་རེ་རེ་ལྡེ་གུར་སྦྱར། །བུ་རམ་སོ་ཡིས་བཅད་ཅིང་བཟའ་། །ཞེས་བྱ་བ་ལ། ནས་ཚིག་འཁུས་པའི་ཐལ་བ་ལ་སོགས་པ་འདི
་དག་ལྡེ་གུར་སྦྱར་བ་དང། བུ་རམ་སོས་བཅད་ཅིང་ཟོས་ན་ཡང་ཕན་ནོ། །འདུས་པའི་བདག་ཉིད་ཅན་ཀུན་ལ། །འདི་དག་གནས་སྐབས་ཅི་བཞིན་ཕན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་གཅིན་སྲི་བ་ལ་ནི་འདི་དག་གནས་པས
་ཇི་ལྟ་བ་བཞིན། །གང་དང་གང་ཤས་ཆེ་བའི་དབང་དུ་བྱིན་ན་ཕན་ནོ། །ནང་གཞི་ཐ་དད་ལས་གྱུར་པའི་གཅིན་འགགས་པའི་ནད་ཀྱི་གསོ་བ་བསྟན་ནས་རྡེའུ་ཆགས་པའི་གསོ་བ་བསྟན་པའི་ཕྱིར། །རྡེའུ་ཆགས་རིང་པོ་མ་ལོན་དང། །རླུང་གི
་ལྒང་ནས་སགས་པའང་སྦྱར། །ཞེས་བྱ་བ་ལ། སོགས་པ་ཡིན་ཏེ། སྔར་བཤད་པའི་སྨན་དེ་དག་ནི་འདུས་པའི་ནད་འབའ་ཞིག་ལ་སོ་སོའི་དམིགས་དང་སྦྱར་ཏེ། ཕན་པར་ཡང་མ་ཟད་ཀྱི་རྡེའུ་ཆགས་ནས་རིང་པོར་མ་ལོན་པ་ཡང་བཏང
་ན་ཕན་པ་ཡིན་ལ་དང་ཞེས་བྱ་བའི་སྒྲས་དེ་འབའ་ཞིག་ཏུ་མ་ཟད་ཀྱི་རླུང་ལས་གྱུར་པའི་ལྒང་པའི་ནད་ཀྱི་གཅིན་འགགས་པ་ལ་སོགས་པ་ལ་ཡང་ཇི་སྐད་དུ་བཤད་པ་བཞིན་དུ་སྦྱར་བར་བྱའོ། །རྡེའུ་ཆགས་ནད་ནི་མི་བཟད་སྟེ།
་འཆི་བདག་དང་ནི་འདྲ་བར་འདོད། །གཞོན་པའི་ཚེ་ན་སྨན་གྱིས་གསོ། །འཕེལ་ནས་འདྲལ་བར་འོས་པ་ཡིན། །ཞེས་བྱ་བ་ལ། རྡེའུ་ཆགས་པ་ཞེས་བྱ་བའི་ནང་ནི་མི་བཟད་ཅིང་མནགས་པར་བཀའ་བ་ཡིན་ལ་མྱུར་དུ་སོར་འཕྲོག་པར་བྱད
་བས་འཆི་བདག་དང་འདྲ་བར་འདོད་དོ། །དེ་གཞོན་ཞིང་སྐྱེས་ནས་རིང་པོ་མ་ལོན་པ་ནད་མ་སོན་པ་ལ་ནི་སྔར་ཇི་སྐད་བསྟན་པའི་སྨན་གྱིས་ཅི་རིགས་པར་གསོ་བར་བྱ་ལ། འཕེལ་ཞིང་རྡེའུ་དེ་ཆེ་ལ་སྲ་བར་གྱུར་ནས་ནི་མཚོན་གྱི་བཅད
་ཅིང་འདྲལ་ནས་དབྱུང་བར་རིགས་པ་ཡིན་ནོ། །དེ་ཡི་སྔོན་བྱུང་ཚུལ་ལ་ནི། སྣུམ་ཆོས་ལ་སོགས་རིམ་པ་བསྔགས། །ཞེས་བྱ་བ་ལ། རྡེའུ་ཆགས་པ་དེ་སྔར་བྱུང་བའི་ཚུལ་གོང་དུ་ཇི་སྐད་བསྟན་པ་ལྟ་བུ་བྱུང་བ་ལ་ནི། སྣུམ་གྱི་ཆོ་ག་དང་དུགས
་ལ་སོགས་པ་བྱས་ན་ཕན་ནོ། །སྲུ་སྲུའི་རྩ་བ་སྨྲ་ཏོག་དང། ། མན་ད་ཀ་བ་ཟི་ར། །ཉེའུ་ཤིང་ལྕམ་པ་པུ་ཤེལ་ཙེ། ། ཏི་པ་ལ་བ་ལུ་ཀ་།སྤངས་མ་བིཀྵ་དཾ་ནི་དང། །ཤ་ཀའི་འབྲས་བུ་བྱ་གྲི་གཉིས། །ཀུ་ཐ་གཟེ་མ་ཀུ་ལཏྠ། ནས་དང་རྒྱ་ཤུག
་པར་ན། །ཀ་ཏ་ཀ་ཡི་འབྲས་བུ་དང། ཨུ་ཤ་ཀ་སོགས་ཕྱེ་མ་བཏབ། །འདི་དག་ཁུ་བ་མར་བསྐོལ་བླུད། །རླུང་ལས་གྱུར་རྡེའུ་འཇིག་པར་བྱེད། །ཅེས་བྱ་བ་ལ། སྲུ་སྲུའི་རྩ་བ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི
་ནང་དུ་བུ་ཤ་ཀ་ལ་སོགས་པའི་ཕྱེ་མ་བཏབ་ཏེ། ཨུ་ཤ་ཀ་དང་སྤངས་མ་ཞེས་བྱ་བ་ལ་སོགས་པ་སྨོས་པ་བཏགས་པའི་ཕྱེ་མ་ལྡེ་གུ་བཏབ་པ་དང་བསྐོལ་བའི་མར་བླུད་ན་རླུང་ལས་གྱུར་པའི་རྡེའུ་ཆགས་པ་འཇིགས་པར་བྱེད་དོ།།
་སྤྲ་ཏོག་ནི་བ་སུ་ཀ་དང་མེ་ཏོག་སྤོམ། །སྤྲ་ཏོག་ཨི་ཤྭ་མ་ལ་ཞེས་སྨོས་པ་ཡིན་ནོ། །བ་ས་རི་ནི་ཀ་པི་པི་པ་ལིའོ། །ལྕམ་པ་ནི་མིང་གི་རྣམ་གྲངས་གཞན་དུ་ནི་ཉི་མ་ལ་དགའ་བ་ཞེས་བྱའོ། །བ་ལུང་ཀ་ནི་བྷུ་ཏ་བྲི་ཀྵའོ། །སྤངས་མ་མི་རུ
་ཏྲ་ཀ་ཏེ་ཀོ་ཙ་ཀ་ཞེས་ཀྱང་བྱའོ། །བྲིཀྵ་ད་ནི་ནི་ཏ་ཏུ་རུ་ཧ་དང་བནད་ཧ་ཞེས་བྱ་བ་ཤིང་ལས་སླ་ཐབས་སུ་སྐྱེས་པའི་ཤིང་ཕྲེའུ་འོ་ཤ་ཀའི་འབྲས་བུ་ནི་ཤིང་ཤ་ཀའི་འབྲས་བུའོ། །བྱ་བྲི་གཉིས་ནི་བྲ་ཧ་ཏཱི་དང་ཀཎྜ་ཀཱ་ཥཱིའོ། །གུད་ཐ
་ནི་དྲི་ན་ཏ་ཏི་མ་དང་ན་གུན་ད་ཞེས་བྱ་བ་རྩ་བ་བཅའ་སྒ་འདྲ་བ་ལ་ལོ་མ་ཟླུམ་པོ་ཡོད་པའོ། །གཟེ་མ་ནི་གོ་ཀྲུ་ར་ཏེ་ཚེར་མ་གསུམ་པ་ཞེས་ཀྱང་བྱ་སྟེ། ཀུ་ལཏྠ་ནི་རྒྱ་སྲན་ནོ། །བ་ར་ནི་ན་དེ་ཀན་ཐོ་ག་དང་ཀའི་འབྲས་བུ་ནི་ཀ་ཏ་ཀའི
་འབྲས་བུ་ཀ་ཚ་སྟེ་ཆུ་རྣམས་དངས་ཕྱེད་ཡིན། །ཞེས་བྱ་བ་ཡིན་ནོ། །ེ་རཎྜ་དང་བྲི་ཧ་ཏཱི། །ཀཎྜ་ཀཱ་རཱི་གཟེ་མ་དང། བུ་རམ་ཤིང་ཕྲན་རྩ་བ་ཡི། །ལྡེ་གུ་ཞོ་དང་སྦྱར་ཏེ་བླུད། །རྡེའུ་ཆགས་པའི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཨེ
་རཎྜ་ལ་སོགས་པའི་སྨན་གྱི་རྩ་བ་རྣམས་ལྡེ་གུར་བྱས་པ་ཞོ་ལྔ་པོ་དང་སྦྱར་ཏེ་བླུད་ན་ཡང་རླུང་ལས་གྱུར་པའི་རྡེའུ་ཆགས་པ་འཇིག་ཅིང་སེལ་ཏོ། །ཀུ་ཤ་འཇག་མ་འདམ་བུ་དང། །ཀུ་ཐ་ཉེའུ་ཤིང་ཨིག་ག་ཐ། །སྲུ་སྲུའི་རྩ་བ་འཇག
་ཟླུམ་དང། །པི་ད་རི་དང་བ་ར་ཧི། །འབྲས་ཀྱི་རྩ་བ་གཟེ་མ་དང། །བལ་བུ་ཀ་དང་པ་ཏ་ལི། །བ་ཏུ་ལ་དང་བྲ་བར་བཅས། །བ་སྤྲུ་བ་དང་ཤྲི་ཤ་ཀ་དེ་རྣམས་བསྐོལ་ཁུ་མར་དུ་བསྐོལ། །ག་གོན་ས་བོན་ལ་སོགས་དང། །ུད་པ་ལ་ལ་ནི་ས་བོན་དང།།
་ཤིང་མངར་དང་ནི་བྲག་ཞུན་དང། །དེ་དག་མཁྲིས་གྱུར་རྡེའུ་ཆགས་སེལ། །ཞེས་བྱ་བ་ལ། ཀུ་ཤ་དང་འཇག་མ་ལ་སོགས་པའི་བསྐོལ་བའི་ཁུ་བར་ག་གོན་གྱི་ས་བོན་དང་རྒྱལ་མོ་ག་གོན་གྱི་ས་བོན་དང་ཨུཏཔ་ལའི་ས་བོན་ལ་སོགས་པའི
་མར་ལྡེ་གུར་བྱས་པ་དང། མར་བཙོས་པ་མར་དེ་བླུད་ན་མཁྲིས་པ་ལས་གྱུར་པའི་རྡེའུ་ཆགས་པ་སེལ་ཅིང་འཇིག་པར་བྱེད་དོ། །སྲུ་སྲུའི་རྩ་བ་ནི་ཨ་མྲ་བ་ད་འམ་པ་ཤ་ན་བེ་ད་ཞེས་བྱའོ་ཞང་ཞུང་དག་གི་ནི་བེ་ད་ཛེ་རེ་ཟེར། །རྒྱ་གར་གྱི་བྲག
་འབིགས་ཞེས་ཟེར། །དེ་ཕལ་ཆེར་ནི་བྲག་ལ་འཁྲུངས་པ་ལ་བྱ། །འདི་ལྟ་བུའི་ལྡན་མར་དུ་གྲགས་པ་མི་བྱ། །ཀུ་ཤ་དང་འཇག་མ་ནི་ཀུ་ཤ་དང་དུརྦ་དང་བལ་ཞེས་བྱ་བ་ལ་འཇག་མ་སྤོམ་ཕྲའི་དབྱེ་བས་རྣམ་པ་གཉིས་ཡོད་དོ། །འདི
་ནས་བ་ར་ཧི་ནི་སུ་ག་རིའོ། །བ་ཏུ་རྒྱ་ནི་ཀུ་རུ་རྟ་ཀའོ། །བླ་བ་ནི་ཀུ་དན་ན་དའོ། །བ་ར་ན་སོགས་རླུང་འཇོམས་ཏེ། །སུག་སྨེལ་ཧ་རུ་ནུ་ཀི་ཏེ། །གུ་གུལ་རུ་རྟ་ན་ལེ་ཤམ། །ཙི་ཏྲ་ཀ་དང་བྱེའུ་རུག་པ། །དེ་དག་ལྡེ་གུར་བྱས་པ་གཞུག་།ུ་ཤ
་ལ?་ཡི་སྡེ་ཚན་བཅུ་གོ་།མར་བསྐོལ་བ་ཡི་བད་ཀན་ལས། །གྱུར་པའི་རྡེའུ་ཆགས་མྱུར་དུ་འཇོམས། །ཞེས་བྱ་བ་ལ་བར་ན་ལ་སོགས་པའི་སྨན་གྱི་སྡེ་ཚན་དང་དེ་བཞན་དུ་རླུང་འཇོམས་པའི་སྡེ་ཚན་དེ་དང། སྡེ་ཚན་དེ་གཉིས་དང་སུག་སྨེལ
་དང་ཧ་རུ་ནུ་ཀུ་ཞེས་བྱ་བའི་ཀོན་ཏི་ལ་སོགས་པའི་སྨན་དེ་དག་ལྡེ་གུར་བྱས་པ་དང། དེ་བཞིན་དུ་ཨུ་ཤ་ཀ་ལ་སོགས་པའི་སྡེ་ཚན་ལྡེ་གུར་བྱས་པ་བཅུག་ལ་དེ་དང་མར་བསྐོལ་ཏེ་བྱིན་ན་བད་ཀན་ལས་གྱུར་པའི་རྡེའུ་ཆགས་པ་མྱུར
་དུ་འཇིག་ཅིང་སེལ་བར་བྱེད་དོ། །རང་རང་སྨན་ནི་འདི་གཉིས་ཀྱིས། །ཐལ་སྨན་འོ་མ་ཐུན་སོགས་སྦྱར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་རང་རང་གི་སྨན་མར་ལ་སོགས་པའི་སྦྱོར་བ་བསྟན་པ་བཤད་མ
་ཐག?་བ་འདི་དག་ཉིད་ཀྱིས་ཐལ་སྨན་དང་འོ་མ་དང་ནས་ཐུག་དང་ཟས་དང་སྐོམ་ལ་སོགས་པ་སྦྱར་ཞིང་བཏང་ན་ཡང་ཕན། །པི་ཙུ་ཀ་དང་ཨང་གོ་ལ། །ཀ་ཏ་ཀ་ལ་ཤ་ཀ་དང། །ུཏཔ་ལའི་འབྲས་བུ་རྣམས། །བུ་རམ་བཅས་པའི་ཆུ
་དྲོན་བླུད། །རྡེའུ་ཕྲན་འཇིག་པར་བྱེད་པའི་མཆོག་།ཅེས་བྱ་བ་ལ། བི་ཙུ་ཀ་ལ་སོགས་པ་དང་བུ་རམ་དང་བཅས་པའི་ཆུ་དྲོན་བླུད་ན་ཡང། །རྡེའུ་ཕྲན་གུ་གསེ་གུ་ཕྲེའུ་ལྟར་གནས་པ་དག་འཇིག་ཅིང་འཇོམས་པར་བྱེད
་བའི་མཆོག་ཡིན་ནོ། །པི་ཙུ་ཀ་ནི་ཤི་ཏ་བི་ར་ཀའོ། །ད་ཀོ་ལ་ནི་ཨི་རི་བིལྦའོ། །ུཏཔ་ལ་ནི་ཨུཏཔ་ལ་དམར་པོ་དང་སྔོན་པོ་སྟེ་རྣམ་པ་གཉིས་སོ། །དེའི་འབྲས་བུ་ནི་དེའི་ས་བོན་ནོ། །ཁྲུང་ཁྲུང་རྔ་མོ་བོང་བུའི་རུས། །གཟེ་མ་ཏ་ལ་པ
་ཏྲི་ཀ། ཨ་ཟ་མོ་ཏ་ཀ་ཏམ་པའི། །རྩ་བ་དང་ནི་བཅའ་སྒ་ནི། །ཆ་དང་མ་ཆུ་དྲོན་བཅས་པ་བླུད། །རྡེའུ་ཕྲན་ཆགས་པ་འཇིག་པར་བྱེད། །ཅེས་བྱ་བ་ལ། ཁྲུང་ཁྲུང་ལ་སོགས་པའི་རུས་པ་ཆང་ངམ་ཆུ་དྲོན་དང་སྦྱར་ཏེ་བླུད་ན་རྡེའུ་ཕྲན་གཟེག
་ཏུ་འཇིག་པར་བྱེད་དོ། །ཏ་ལ་བ་ཏྲི་ཀ་ནི་མོ་ས་ལིའོ། །མ་རི་ཙི་ཀའི་ས་བོན་གྱི། །ཕྱེ་མ་སྦྲང་རྩིར་སྦྱར་བ་དང། །ལུག་གི་འོ་མ་ཞག་བདུན་ནི། །བླུད་ན་རྡེའུ་ནི་འཇིགས་པར་བྱེད། །ཅེས་བྱ་བ་ལ། །མ་ཙི་ར་ཀ་ཞེས་བྱ་བ་ལ། །མྲི་ཏ་ཀུནད
་ཀ་ཞེས་བྱ་བའི་ས་བོན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ལུག་གི་འོ་མ་དང་བཅས་པར་ཞག་བདུན་གྱི་བར་དུ་བླུད་ན་རྡེའུ་འཇིག་ཅིང་ལྟུང་བར་འགྱུར་རོ། །ཤིང་ཀྲུའི་རྩ་བ་བསྐོལ་པ་ནི། །དྲོ་འཇམ་འཐུངས་པས་རྡེའུ་ནད་འཇོམས། ཞེས
་བྱ་བ་ལ། ཤིང་ཀྲུའི་རྩ་བ་བསྐོལ་བའི་ཁུ་བ་བླུད་ན་ཡང་ཕན་ནོ། །ཏིལ་དང་ཨ་བ་མརྒ་དང། །ཆུ་ཤིང་དང་ནི་བ་ལ་ཤ་།ནས་ཚིག་འཁུས་ཐལ་ལུག་གཅིན་བླུད། །ཕྱེ་མ་རྡེའུ་ཆགས་པ་སེལ། །ཞེས་བྱ་བ་ལ། ཏིལ་ལ་སོགས་པའི་ཐལ་བ
་ལུག་གི་གཅིན་དང་སྦྱར་ཏེ་བླུད་ན་ཡང་ཕྱེ་མ་རྡེའུ་ཆགས་པ་སེལ་བར་བྱེད་དོ། །ཡང་ན་ལྕམ་པའི་རྩ་བ་ནི། །གཅིག་བུ་ཆང་ལ་སོགས་པ་བླུད། །ཅེས་བྱ་བ་ལ། ཡང་ན་ལྕམ་པའི་རྩ་བ་འབའ་ཞིག་ཆང་ངམ་ཆུ་དྲོན་ནམ་གཞན་གང
་ཡང་རུང་བ་དང་སྦྱར་ཏེ་བླུད་ན་ཕན་ནོ། །ཡང་ན་དེ་བསྐོལ་འོ་མ་བླུད། །ནད་ཀྱིས་ཉེན་པ་སལ་བར་བྱེད། །ཅེས་བྱ་བ་ལ། ཡང་ན་ལྕམ་པའི་རྩ་བ་དེ་དང་འོ་མ་ལྷན་ཅིག་བསྐོལ་བ་བླུད་ན་ཡང་ནད་ཀྱིས་ཉེན་ཅིང་གཟེར་བའི་རྡེའུ་ཆགས
་པའི་ནད་ལ་ཡང་ཕན་ནོ། ། རུ་ར་ཡི་རུས་པ་བཙོས། །ཡང་ན་བ་སྤྲུ་བ་བཙོས་བླུད། །ཅེས་བྱ་བ་ལ། ཡང་ན་ཨ་རུ་རའི་ནང་གི་རུས་པ་དང་བཙོས་པའི་འོ་མ་བླུད་ན་ཡང་རྡེའུ་ཆགས་པའི་ནད་ཀྱིས་ཉེན་པ་ལ་ཕན་ནོ། །ཡང་ན་བ་སྤྲུ་བ
་འོ་མ་དང་བསྐོལ་པ་བླུད་ན་ཕན་ནོ། །ཡང་ན་འོ་མ་ཅན་ཟས་བཟའ་། །ཡང་ན་བ་ར་ཧི་ཤི་ཀའི། །རྩ་བ་འབྲས་བུ་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་འོ་མ་ཅན་གྱི་ཟས་བཟའ་ཞིང་བ་ཧི་ཤི་ཀ་ཞེས་བྱ་བའི་སྨན་གྱི་རྩ་བ་དང།།
་འབྲས་ཀྱི་ཆུར་སྦྱར་བ་བླུད་ན་ཡང་ཕན་ནོ། །གཅིན་འགགས་ལྷག་མ་རྣམས་ལ་ནི། །འདི་ཡི་གསོ་བ་ལྷག་མའང་སྦྱར། །ཞེས་བྱ་བ་ལ། གཅིན་འགགས་པའི་ནད་ལྷག་མ་རྣམས་ལ་ནི་འདི་ཉིད་གོང་དུ་བཤད་པའི་གསོ་བའི་རིམ
་བ་ལས་ཅི་རིམས་པར་གསོ་བར་བྱའོ། །འབྲི་ཧ་ལ་སོགས་སྡེ་ཚན་བསྐོལ། །གཟེ་མ་ཉིས་འགྱུར་གཞུག་པར་བྱ། །ཆུ་དང་འོ་མ་ཞུན་མར་དང། །བླུད་ན་གཅིན་གྱི་ནད་ཀུན་སེལ། །ཞེས་བྱ་བ་ལ། །བྲི་ཧ་ཏི་ལ་སོགས་པའི་སྟེ
་ཚན་སྨན་ཇི་སྐད་སྨོས་པ་དང་གཟེ་མ་གཉིས་འགྱུར་བཅུག་སྟེ། བསྐོལ་བའི་ཆུ་ལ་སོགས་པ་དེ་བླུད་ན་གཅིན་འགགས་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཐང་ཤིང་གླ་སྒྲང?་མུར་པ་དང། །ཤིང་མངར
་དང་ནི་ཨ་རུ་ར། །ཆང་ངམ་འོ་མ་ཆུར་སྦྱར་བ། །གཅིན་གྱི་ནད་ནི་ཀུན་ལ་བླུད། །ཅེས་བྱ་བ་ལ། ཐང་ཤིང་ལ་སོགས་པའི་སྨན་ཆ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་ན་ཡང་གཅིན་འགགས་པའི་ནད་ཐམས་ཅད
་སེལ་ཏོ། །པི་ཚེར་བ་བསྐོལ་ཁུ་བ་འམ། །རྫུ་ན་བསྐོལ་ཁུ་བ་ནི། །རྒྱམ་ཚ་འབྲས་བུ་གསུམ་བཏགས་པ། །ཆུ་ཚན་དྲོ་འཇམ་བླུད། ཅེས་བྱ་བ་ལ། བི་ཚེར་བ་བསྐོལ་བ་འམ། ཨརྫུ་ན་བསྐོལ་པའི་ཁུ་བའི་ནང་དུ་རྒྱམ་ཚ
་ལ་སོགས་པ་བཏབ་པའི་ཆུ་དྲོན་འཇམ་ཙམ་བླུད་ན་ཡང་ཕན་ནོ། །ཀཎྜ་ཀཱ་རཱིའི་གཟེ་མ་བསྐོལ། །ཡང་ན་ནས་ཐུག་བུར་ཕྲན་བཅས། །ཞེས་བྱ་བ་ལ། ཡང་ན་ཀཎྜ་ཀཱ་རཱི་ལ་སོགས་པའི་སྨན་བསྐོལ་བ་ཡང་ཕན་ནོ། །བི་ཏ་ར་སོགས
་བསྐོལ་བ་འམ། །ཁྱིམ་བྱའི་ཤ་ཡི་ཁུ་བ་བླུད། །ཅེས་བྱ་བ་ལ། བི་ཏ་ར་ལ་སོགས་པའི་སྡེ་ཚན་དང། །བསྐོལ་བའི་ནས་ཐུག་བླུད་པར་བྱ་བ་འམ། ཁྱིམ་བྱའི་ཤ་ཁུ་བླུད་ན་ཡང་ཕན་ནོ། །བི་ར་ཏ་ར་ལ་སོགས་དང། །བསྐོལ་བའི
་བྲག་ཞུན་སྦྱིན་པའམ། །ཞེས་བྱ་བ་ལ། ཡང་ན་བི་ར་ཏ་ར་ལ་སོགས་པའི་སྡེ་ཚན་དང་བྲག་ཞུན་བསྐོལ་ཏེ་བྱིན་ན་ཡང་ཕན་ནོ། །ཡང་ན་ཆང་ནི་ནད་མེད་བླུད། །རྟ་འམ་ཤིང་རྟར་བསྐྱོན་ནས་ནི། །འགྱོགས་པར་འགྲོ་བས
་བསྐྱོད་གྱུར་ན། །རྡེའུ་དེ་ནི་གཡོ་བར་འགྱུར། །ཞེས་བྱ་བ་ལ། ཡང་རྡེའུ་ཆགས་པའི་ནད་ལ་ཆང་ནད་མེད་ཅིང་ལངས་པ་བླུད་ལ་ཤིང་རྟ་འམ། རྟ་ལ་བསྐྱོན་ཏེ་ཤུགས་འགྱོགས་པར་འགྲོ་ཞིང་རྟ་དྲག་ཏུ་བསྐྱོད་ན་ཡང་དེའི་རྡེའུ
་ཆགས་པ་དེ་ལུས་དྲག་ཏུ་བསྐྱོད་ནས་གནས་གཅིག་ཏུ་འདུག་པ་ལས་གཡོ་ཞིང་ཕན་ཚུན་འཕོས་པར་འགྱུར་རོ། །བི་རི་ད་ར་ལ་སོགས་པའི། །སྡེ་ཚན་རྣམ་པ་ཀུན་ཏུ་སྦྱར། །ཞེས་བྱ་བ་ལ། གཅིན་ནད་རྡེའུ་ཆགས་པ་དང། གསེ་གུ་ཆགས་པ
་ལ་ནི་བི་རི་ད་ར་ལ་སོགས་པའི་སྡེ་ཚན་བཟའ་བ་དང་བཏུང་བ་སྨན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་ཀུན་ལ་སྦྱར་བར་བྱའོ། །བཀྲུ་སྨན་དོན་དུ་སེང་ཕྲོམ་མར། །འཇམ་རྩི་ལས་ཀྱི་བསྟེན་བར་བྱ། །མཆོག་ཏུ་འཇམ་རྩི་གོང་མ་བྱ།།
་ཞེས་བྱ་བ་ལ། ཡང་ན་དེ་ལ་བཀྲུ་སྨན་བྱ་བའི་དོན་གྱི་ཕྱིར་སེང་ཕྲོམ་གྱི་སྨན་མར་རླུང་ནད་གསོ་པའི་སྐབས་ནས་བཤད་པ་དང་དེ་བཞིན་དུ་འཇམ་རྩི་ལས་བྱ་བ་དག་ཀྱང་ཡང་དང་ཡང་དུ་བསྟེན་ཅིང་གོམས་པར་བྱའོ། །དེ་ལས་ཀྱང་མཆོག
་གམ་ཁྱད་པར་དུ་ནི་འཇམ་རྩི་གོང་མ་ཞེས་བྱ་བ་ནི་ཕོ་མཚན་དང་མོ་མཚན་གྱི་སྒོ་ནས་འཇམ་རྩི་བཏང་བ་དེ་བསྟེན་པར་བྱའོ། །ཁུ་ཆུའི་རྡེའུ་ཆགས་དེ་ཡིས་ནི། །གཅིན་ལམ་སྦྱངས་ལ་སྟོབས་ཆེ་ཡིན། །ཁུ་ཆུའི་གནས་ནི་སྦྱང་པའི་ཕྱིར། །སྐྱེས
་པ་ཁུ་བ་འཕེལ་བྱེད་པའི། །ཤ་དང་ཁྱིམ་བྱའི་ཤ་ཡིས་འདྲངས། །འདོད་པ་བརྡོ་བས་བུད་མེད་ནི། །དགའ་བས་བསྐྱེད་པ་ཉལ་པོ་བྱ། །ཞེས་བྱ་བ་ལ། ཁུ་ཆུའི་རྡེའུ་ཆགས་པ་ལ་ནི་མོས་བཏང་བ་དེ་གཅིན་འབྱུང་བའི་ལམ་སྦྱངས་ཤིང་བསལ་ལ
་ནད་པ་ཉམས་སྟོབས་ཆེ་བའི་ཁུ་ཆུའི་གནས་སྦྱང་བར་བྱ་བའི་ཕྱིར་སྐྱེས་པ་རོ་རྩ་ཞིང་ཁུ་བ་འཕེལ་བར་བྱེད་པའི་བླན་ཅན་གྱི་ཤ་ཁུ་དང་ཁྱིམ་བྱའི་ཤ་ཡའི་འདྲངས་ཤིང་ཚིམ་པར་བྱས་ལ་བུད་མེད་ལ་ཉལ་པོ་བྱའོ། །གསོ་བ་འདི་ཡིས་བཅོས
་ཀྱང་ནི། །མ་ཞི་ན་ནི་སྨན་པ་ཡིས། །མཚོན་ནི་ལེགས་པར་བརྟགས་བྱས་ཏེ། །གསོ་བ་མ་བགྱིས་ངེས་པར་འཆི། །བགྱིས་ནའང་དོགས་པར་བཅས་པ་ལགས། །དེ་ལྟར་རྒྱལ་པོ་ལ་ཞུས་ནས། །ལས་ལ་བྱང་བའི་སྨན་པ་ནི། །མང་པོ་དང་ཡང་དཔྱད་པར
་བྱ། །ཞེས་བྱ་བ་ལ། དེ་ལྟ་བུའི་གསོ་བ་དུ་མ་འདི་དག་གིས་བཅོས་ཤིང་གསོས་པར་གྱུར་ཀྱང་དེའི་ནད་རྡེའུ་ཆགས་པ་དེ་ཞི་ཞིང་བྱང་བར་མ་གྱུར་ན། །དེའི་ཚེ་སྨན་པ་དེས་འདི་ལྟར་བདག་གིས་རྒྱལ་པོ་གང་??་ཡིན་པ
་དེ་ལ་ཞུས་ཤིང་དྲིས་ནས། བཙགས་བུའི་མཚོན་གྱི་ལས་ལེགས་ཤིང་སྐྱོན་མེད་པར་བརྟག་ཅིང་དཔྱད་ཀྱིས་ལས་བྱའོ། །དེ་ཡང་འདི་ལྟར་རྒྱལ་པོ་ལ་གལ་ཏེ་འདི་གསོ་བ་མ་བགྱིས་ན་ནི་ནད་འདི་ལྟ་བུ་སྐྱེས་པས་ངེས་པར་འཆི་བ་ཁོ་ནར
་འགྱུར་ལ། གལ་ཏེ་གསོ་བའི་མཚོན་གྱི་ལས་བགྱིས་པར་གྱུར་ན་ཡང་དོགས་པ་དང་བཅས་པར་ལགས་ཏེ་གལ་ཏེ་འདི་འཚོ་བར་འགྱུར་རམ་མི་འགྱུར་གཏོལ་མ་མཆིས་ལགས་སོ། །ཞེས་དེ་ལྟར་རྒྱལ་པོ་ལ་ཞུས་ནས་ལས་བྱ་ཞིང་སྨན
་དཔྱད་ཀྱི་བསྟན་བཅོས་ལ་མཁས་པའི་སྨན་པ་མང་པོ་ཡང་རྗེས་སུ་བཅད་ཅིང་གྲོས་སུ་བགྲོས་ཏེ་བྱའོ། །དེ་ནས་ནད་པ་ལ་སྣུམ་བསྐུ་ཞིང། །སྦྱངས་ཤིང་ཆུད་ཟད་ཉམས་སྨད་པའི། །ལུས་ནི་སྣུམ་བསྐུས་དུགས་བྱ་ཞིང། །ཟན་མ་ཟོས་ཤིང་བཀྲ་ཤིས
་བྱས། །པུས་མོ་སླེབས་པའི་སྤང་ལེབ་ལ། །འདུག་པ་མི་ཡི་བང་བར་བསྟེན། །རོ་སྟོད་གན་རྒྱལ་བཞག་ནས་ནི། །གོས་ནི་དཀྲིས་པའི་སྟེང་དུ་བཞག། ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདིར་བཀྲ་ཤིས་པ་སྟོན་པར་བྱེད་པ་དང་དེ་མ་ཐག་པ
་སྟོན་པར་བྱེད་པ་བཟུང་སྟེ་བཀྲ་ཤིས་ཀྱི་ཆོ་ག་ལ་སོགས་པ་བྱས་ནས་དེའི་འོག་ཏུ་ནད་པ་དེ་སྣུམ་བཀྲུ་བ་ལ་སོགས་པའི་སྦྱོར་བ་བྱས་ནས་ནད་པ་དེ་ལྟ་བུའི་སྦྱོར་བ་དེ་འབྱུང་བར་བྱ་བའི་ཕྱིར་ལས་སུ་བྱ་བ་འདི་དག་བྱ་སྟེ། དེ་ཉིད་ཀྱི་ཚེ་ལུས་སྣུམ
་གྱིས་ལེགས་པར་བསྐུ་པ་དང་སྦྱངས་པ་སྟེ། ནད་སྦྱར་ཞིང་དག་པར་བྱས་པ་དང་ལུས་ཅུང་ཟད་ཉམས་སྨད་ཅིང་ཉལ་པོ་བྲི་བ་དང་ལུས་སྣུམ་གྱིས་བསྐུས་ཤིང་དུགས་ལེགས་པར་བྱ་བ་དང་ཟས་མ་ཟོས་ཤིང་ཁ་ཟས་ལེགས་པར་སྤྱད་པ་དང།།
་བཀྲ་ཤིས་དང་བདེ་ལེགས་ཀྱི་ཆོ་ག་བྱས་ལ་པུས་མོ་སླེབ་པ་ཙམ་དུ་སྤང་ལེབ་ལ་འདུག་པའི་བང་པར་བསྟེན་ཏེ་འདུག་པར་གྱུར་པ་ལྟེ་བ་ཡན་ཆད་ཀྱི་རོ་སྟོད་གན་རྐྱལ་དུ་བཞག་པའི་ཚུལ་གྱིས་གོས་ཟླུམ་པོར་དཀྲིས་པའི་སྟེང་དུ་ནད་པ་དེ་འདུག
་དུ་གཞུག་པར་བྱའོ། །དེ་ནས་དེའི་སྐྱིད་ཁུང་དག། བཀུག་ནས་རས་ཀྱིས་དམ་པ་རུ། །རྟེན་གྱི་མི་དང་བཅས་པ་རུ། །བཅིངས་ཏེ་དབུགས་ནི་བྱུང་ནས་སུ། །ལྟེ་བ་མན་ཆད་བསྐུས་ནས་ནི། །དེ་ཡིས་གཡོན་རོལ་ཕྱོགས་སུ་ནི། །མཉེས་ལ་ཁུ་ཚུར་གྱིས་མནན
་ཅིང། །འོག་ཏུ་ཕྱིན་པའི་བར་དུ་བཙིར། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་པུས་མོ་སྐྱིད་ཁུང་ཅུང་ཟད་བཀུག་ནས་རས་ཀྱིས་དམ་དུ་བསྡམས་ཤིང། །རྟེན་གྱི་མི་དང་བཅས་པར་མི་འགྱུར་བར་དམ་དུ་བཅིང་ཞིང་བསྡམས་ལ། དེའི་འོག་ཏུ་དབུགས
་དབྱུང་བའི་ཚིག་ལེགས་པར་སྤྲོ་སྲིང་ཞིང་དབུགས་ཕྱུང་ནས། ལྟེ་བ་མན་ཆད་ཀྱི་རོ་སྨད་ཀུན་ཡང་བསྐུས་ལ་ཅུང་ཟད་མཉེས་ཏེ། ལྟེ་བ་དེའི་གཡོན་རོལ་གྱི་ཕྱོགས་སུ་མནན་ཅིང་རྡེའུ་ཇི་སྲིད་འོག་ཏུ་ཕྱིན་གྱི་བར་དུ་རིམས་ཀྱིས་ལེགས་པར་བཅིང་བར་བྱའོ།།
་དེ་ནས་གཡོན་པའི་མཛུབ་མོ་དང། །གུང་མོའི་སེན་མོ་བྲེགས་ནས་ནི། །ཏིལ་མར་བསྐུས་ཏེ་རྐུབ་ཏུ་ནི། །སྲུབས་མཚམས་བར་དུ་གཞུག་པར་བྱ། །རྡེའུ་ལྟེ་བ་གཉེར་མ་དང། །ཕོ་མཚན་གཞང་ཁར་ཕྱིན་པར་བྱ། །དེ་ནས་ཆུ་སོའི་གནས་སུ་ནི། །གཉེར
་མ་མེད་ཅིང་དབྱུང་སླ་བ། །སོར་མོ་གཉིས་ཀྱིས་བཙིར་ནས་ནི། །མདུད་པ་ལྟ་བུར་མཐོ་བར་བྱ། །སྲུབས་མཚམས་ནས་གང་མ་གཏོགས་པར། །བཙགས་བུས་ལེགས་པར་དཔྲལ་ནས་ནི། །རྡེའུའི་ཚད་དུ་དབྲལ་བྱས་ལ། །ཅི་ནས་ཆགས་གྲུགས་མེད་པར
་ནི། །ཆ་སྤྱད་རྩེ་མོ་གུག་པ་ཡིས། །མ་ལུས་བར་ནི་དབྱུང་བར་བྱ། །ཞེས་བྱ་བ་དེ་ནས་དེའི་རྗེས་ལ་ལག་པ་གཡོན་པའི་མཛུབ་མོ་དང་གོང་མོ་གཉིས་སེན་མོ་བྲེགས་ཏེ། ཏིལ་མར་བསྐུས་ལ་ཤིན་ཏུ་འཇམ་པོར་བྱས་ནས་ནད་པའི་རྐུབ་ཀྱི་ནང་དུ་བཅུག་སྡེ
་མཚན་གྱི་འོག་སྲུབས་ལྟ་བུའི་བར་དུ་གཞུག་ཅིང་ཕྱིན་པར་བྱས་ལ་དེའི་འོག་ཏུ་རྡེའུ་དེ་ལྟེ་བའི་གཉེར་མ་ཐ་མ་ནས་བཙིར་ཞིང་ཕུལ་ལ་ཕོ་མཚན་དང་གཞང་གི་བར་གྱི་སྲུབས་མཚམས་ཡོད་པ་ལྟ་བུར་ཕྱིན་པར་བྱ་ཞིང
་བསྐྱོད་ལ་དེ་ནས་འདོམས་ཀྱི་བར་ཆུ་སོའི་གནས་སུ་གཉེར་མ་མེད་ཅིང་པགས་པ་ཐང་ཚོད་པ་ལ་མཐོ་སྨ་མེད་ཅིང་སྙོམས་ལ་དབྱུང་སླ་བ་ཁོ་ནར་བྱས་ནས་ནང་དུ་བཅུག་པའི་སོར་མོ་གཉིས་ཀྱིས་བཏེག་ཅིང་དམ་དུ་བཙིར་ལ་གནས་དེར་མདུད
་པ་ཆགས་པ་ལྟར་ཏོག་ཏོག་པོ་མཐོ་བ་ཉིད་དུ་གྱུར་པར་བྱས་ལ། དེའི་འོག་ཏུ་སྲུབས་མཚམས་ལྟ་བུ་མ་གཏོགས་ཤིང་དེ་ལས་ནས་གང་ཙམ་གྱིས་བཟུར་པ་ན་གཡས་ཕྱོགས་སུ་བཙགས་བུས་ལེགས་པར་བཏབ་ཅིང་དཔྲལ་བར་བྱའོ། །དེ་ཡང་རྡེའུ
་ཇི་ཙམ་ཡོད་པ་ཚད་དུ་དབྲལ་བ་རྡེའུ་དེ་ཆག་གྲུགས་མེད་པར་དབྱུང་བར་བྱ་ལ། དེ་ཡང་ཆ་སྤྱད་རྩེ་མོ་གུག་པ་ལྕགས་ཀྱུ་ལྟ་བུ་གང་ཡིན་པ་དེས་རྡེའུ་མ་ལུས་པར་ལེགས་པར་དབྱུང་བར་བྱའོ། །བུད་མེད་ཆུ་སོ་ངོས་སུ་གནས། །དེ་ནི་མངལ་གྱི་གནས་ལ
་བརྟེན། །མཐོ་བར་གྱུར་ན་ཆ་སྤྱད་ཀྱིས། །ལེགས་པ་ཁོ་ནར་བསྲེལ་བར་བྱ། །གཞན་དུ་བྱས་ན་དེ་ཡིས་ནི། །རྨ་ནས་གཅིན་ནི་འཛག་པར་འགྱུར། །ཞེས་བྱ་བ་ལ། བུ་མེད་ཀྱི་ཆུ་སོ་ནི། མཚན་མའི་ངོས་གཉིས་ན་ཆགས་ཤིང་གནས་ལ་དེས་ན་མངལ
་གྱི་གནས་ལ་བརྟེན་ཅིང་འདུག་པ་ཡིན་ཏེ་དེའི་ཕྱིར་དེ་མྱངས་ནས་བཙིར་ཏེ་མཐོ་བར་གྱུར་པ་དང། །ཐུར་དུ་དབྲལ་བར་བྱ་ཞིང་གཅིན་འབྱུང་བའི་སྒོ་ལ་མི་གནོད་པར་བྱ་སྟེ། །དེ་ལས་གཞན་དུ་བྱས་ན་བུད་མེད་དེའི་རྨ་ནས་གཅིན་འཛག་ཅིང
་འབྱུང་བར་འགྱུར་རོ། །སྐྱེས་པའི་རྨ་ཡང་དབྲལ་ཉེས་ན། །གཅིན་འཛག་པ་དང་གཅིན་དུ་འགྱུར། །ཞེས་བྱ་བ་ལ། སྐྱེས་པའི་རྨ་གལ་ཏེ་དབྲལ་ཉེས་ཤིང་སྦྱོར་བ་ལོག་པར་གྱུར་ན་གཅིན་འཛག་པ་དང་རྨའི་སྒོ་གཅིག་ཏུ་གྱུར་པའི་ཉེན་ཡོད་དོ། །ཆུ་སོ་དབྲལ
་པའི་རྡེའུ་རྒྱུ། །གཅིག་ལས་གྲུབ་ཀྱིས་གཉིས་ལས་མིན། །ཞེས་བྱ་བ་ལ། ཡང་ཆུ་སོའི་གནས་ལས་རྡེའུ་དབྲལ་བའི་རྒྱུ་ནི་ཕྱོགས་གཅིག་ལས་དབྲལ་ན་ལས་ཀྱི་སྦྱོར་བ་འགྲུབ་པར་འགྱུར་གྱི། །ཕྱོགས་གཉིས་ལས་དབྲལ་བས་ནི་ལས་དེ་འགྲུབ་ཅིང་སྐྱོན
་མེད་པར་མི་འགྱུར་རོ། །ཟུག་རྔུ་ཕྱུད་ནས་ཆུ་དྲོན་གྱི། །ནང་དུ་དེ་ནི་སྦྱིང་བར་བྱ། །དེ་ལྟར་ཁྲག་གིས་གང་མི་འགྱུར། །ཞེས་བྱ་བ་ལ། ཁོང་དུ་ཟུག་རྔུ་ལྟར་གནོད་པར་གནས་པའི་ཟུག་རྔུ་དེ་ཕྱུང་ནས་སྣོད་ཆེན་པོ་ཆུ་དྲོན་གྱིས་གང་བའི་ནང་དུགས་བྱ་བའི
་ཕྱིར། །སྦྱིང་བར་བྱ་ལ་ཚུལ་དེ་ལྟར་བྱས་པའི་རྒྱུས་ཆུ་སོའི་ནང་དུ་ཁྲག་གིས་གང་བར་མི་འགྱུར་རོ། །གང་ལས་མཚན་ལས་འོ་མ་ཅན། །ཤིང་གི་ཁུ་བ་བཙིར་བར་བྱ། །ཞེས་བྱ་བ་ལ། གལ་ཏེ་ལྒང་པ་དེ་ཁྲག་གིས་གང་བར་གྱུར་ན། །འོ་མ་ཅན
་གྱི་ཤིང་བསྐོལ་བའི་ཁུ་བས་ཕོ་མཚན་གྱི་ཕྱོགས་ནས་དེའི་གཅེའུ་ལས་ཁུ་བ་ནང་དུ་བཏང་བར་བྱ་ཞིང་ཅི་ནས་ཀྱང་ལྒང་བའི་ནང་དུ་ཁྲག་གིས་གང་བར་མི་འགྱུར་བ་དང་རྡེའུའི་ཕྱེ་མ་དག་མི་གནས་པའི་ཚུལ་དུ་དབྱུང་བར་བྱའོ། །དེ་ནས་དེ
་ལ་འོ་མ་ཅན་གྱི་ཤིང། ཨུ་དུམྦ་ར་ནྱ་གྲོ་དྷ། ། ཤྭཏྠ་དང་པི་ཏ་ན། །པལཀྵ་ལྔ་པོའི་འོ་མ་ཅན། །ཤིང་དུ་འོ་མ་ཅན་གྱིས་བླུད། །ཤིང་དུ་སྨན་པ་རྣམས་ཀྱིས་བཤད། །ཅེས་བྱ་བ་ཡིན་ནོ། །དེ་ནས་གཅིན་ནི་དག་བྱའི་ཕྱིར། །བུ་རམ་འདྲངས་པ་སྦྱིན་པ
་དང། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་གཅིན་དག་ཅིང་སྐྱོན་མེད་པར་བྱ་བའི་ཕྱིར་བུ་རམ་འདྲངས་ཤིང་ཚིམ་པའི་བར་དུ་སྦྱིན་པར་བྱའོ། །རྨར་ནི་མར་དང་འཇམ་རྩི་བསྐུ། །དུས་ཀྱིས་ནས་ཐུག་མར་བཅས་པ། །དྲོ་འཇམ་གཅིན་བསྐྱེད་ཞག
་གསུམ་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ནད་པ་དེའི་རྨ་སྦྲང་རྩི་དང་མར་གྱིས་བསྐུས་ལ་ནང་པར་དང་དགོངས་གྱི་དུས་གཉིས་སུ་གཅིན་ལ་ཕན་ཞིང་གཅིན་མང་པར་བྱེད་པའི་སྨན་རྒྱལ་མོ་ག་གོན་དང་བུམ་ཤ་དང་གཟེ་མ་ལ་སོགས་པ
་དང་བཙོས་པའི་ནས་ཐུག་མར་དང་བཅས་པ་ཆུང་ཟད་ཙམ་དྲོ་བ་ཞག་གསུམ་དུ་བླུད་པར་བྱའོ། །བུ་རམ་མང་པོའི་འོ་མ་དང། འབྲས་ཆན་ཉུང་ཟད་ཞག་བཅུ་སྦྱིན། །ཞེས་བྱ་བ་ལ། ཞག་གསུམ་ཡན་ཆད་ནས་ཞག
་བཅུའི་བར་དུ་བུ་རམ་མང་པོ་བཏབ་པའི་འོ་མ་ཉུང་ཤས་དང་འབྲས་ཅན་ཉུང་ཤེས་སྦྱིན་པའོ། །དེ་ནས་འབྲས་བུ་སྐྱུར་བ་དང། །སྐམ་སའི་སྲོག་ཆགས་ཤ་ཁུ་སྦྱིན། །ཞེས་བྱ་བ་ལ། ཞག་བཅུ་འདས་ནས་དེ་ཡན་ཆད་ནི་འབྲས་བུ
་སྐྱུར་པོ་སེའུ་འབྲུ་ལ་སོགས་པ་དང་སྦྱར་བའི་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་དང་སྦྱར་བའི་འབྲས་ཅན་ཉུང་ཤས་ཙམ་སྦྱིན་པར་བྱའོ། །འོ་མ་ཅན་ཤིང་ཁུ་བ་ཡིས། །རྨ་ནི་བཀྲུས་ནས་བཙོད་དང་ནི། །ཤིང་མངར་པྲ་པུཎྜ་རཱི་ཀ། སེང
་ཕྲོམ་དཀར་པོས་བསྐུ་བར་བྱ། །ཞེས་བྱ་བ་ལ། རྨ་དེ་འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བས་རྨ་བཀྲུས་ནས་བཙོད་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །རྨ་བསྐུ་སྨན་ནི་འདི་དག་ཉིད། །སྐྱེར་བཅས་ཏིལ་མར་བསྐོལ་ཏེ་བསྐུས། ཞེས
་བྱ་བ་ལ། རྨ་བསྐུ་བ་ནི་བཙོད་ལ་སོགས་པ་བཤད་མ་ཐག་པ་འདི་དག་ཉིད་སྐྱེར་པ་དང་བཅས་པ་ཏིལ་མར་བསྐོལ་ལ་དེས་ཀྱང་རྨ་བསྐུ་བར་བྱའོ། །འདི་ཡིས་རྨ་ཞག་བཅུ་དུགས་བྱ། །ཞེས་བྱ་བ་ལ། ཡང་ནད་པའི་རྨའི་ནང་དུ་སྦྲང་རྩི
་བཅུག་ཅིང་ཞག་བཅུའི་བར་དུ་དུགས་བྱའོ། །གཅིན་གྱི་ལམ་ནི་ཞག་བདུན་དུ། །རང་གི་ལམ་ནས་མ་བྱུང་ན། །རྡེའུ་རྨ་ནི་མེ་ཡིས་བསྲེག། ཅེས་བྱ་བ་ལ། ཞག་བདུན་ནས་གཅིན་རྒྱུ་བའི་རང་གི་ལམ་ནས་གཅིན་རྒྱུ་བའི་རང་གི་ལམ་ཕོ
་མཚན་ལས་བྱུང་བར་མ་གྱུར་ན་རྡེའུ་དབྲལ་པོའི་རྨ་དེ་སྨན་པས་མེས་བསྲེག་པར་བྱའོ། །རང་གི་ལམ་ལས་བྱུང་གྱུར་ནས། །ཕལ་ཆེར་མས་བཏང་མངར་བས་གསོ། །ཞེས་བྱ་བ་ལ། གཅིན་རང་གི་ལམ་ནས་བྱུང་བར་གྱུར་ནས། ནད་པ་དེ
་ལ་ཕལ་ཆེར་དེ་མང་དུ་མངར་བའི་སྨན་དང་བསྐོལ་བའི་མས་བཏང་བ་གསུམ་པོ་མས་བཏང་བ་གོང་མ་དང་འཇམ་རྩི་དང་ནི་རུ་ཧས་གསོ་བར་བྱའོ། །རྨ་དེ་འཚོ་བས་ཀྱང་ལོ་གཅིག་པར། །རི་བོ་གླང་པོ་རྟ་དང་ནི། །ཤིང་ལ་འཛེག་པར་མི་བྱ་ཞིང།
་ཤིང་ལྟར་མི་ཞོན་ཉལ་པོ་སྤང། །ཆུ་ལ་རྐྱལ་པར་མི་བྱའོ། །ཞེས་བྱ་བ་ལ། རྡེའུ་བཏོན་པའི་ནད་པ་དེའི་རྨ་དེ་འཚོ་བས་ཤིང་བསོས་པར་གྱུར་ཀྱང་ལོ་གཅིག་གི་བར་དུ་རི་བོ་ལ་སོགས་པ་ལ་མི་འཛེག་ཅིང་ཞོན་པར་མི་བྱེད་པ་དང། །རྐྱལ་པའི་བར
་དུ་མི་བྱའོ། །ཁུ་ཆུ་གཅིན་རྒྱ་ལྒང་པ་དང། །རླིག་སྦུགས་མཚམས་སྦུབས་གཞང་དང་ནི། །ཕོ་མཚན་མོ་མཚན་རྩེ་མོ་སྟེ། །བརྒྱད་པོ་མཚོན་ནི་གདབ་མི་བྱ། །ཞེས་བྱ་བ་ལ། རྡེའུ་འབྱིན་པའི་མཚོན་གྱིས་ལས་བྱེད་པ་ན། །ཁུ་ཆུ་རྒྱུ་བ་དང། གཅིན
་རྒྱུ་བའི་གནས་དང་ལྒང་པ་དང་རླིག་པའི་ནད་ནི་སྦུབས་མཚམས་ཀྱི་སྲུབས་དང། །ཕོ་མཚན་དང་མོ་མཚན་གྱི་རྩེ་མོ་གཅིན་འཛག་པའི་ས་བརྒྱད་པ་དེ་དག་ཏུ་མཚོན་གྱིས་བཏབ་པར་མི་བྱ་སྟེ། བཙགས་གདབ་པ་སྤང་བར་བྱའོ།། །།
་ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དཀའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ་བཅུ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཅིན
་སྙི་བ་ཟ་ཁུའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་གྱིས་ན་འདི་ཡིས་གསོ་བ་བརྩམས་པ་ཡིན་ཏེ། ཟ་ཁུ་ཅན་ནི་སྟོབས་ལྡན་ལ། །དང་པོ་སྐྱུགས་སྨན་བཀྲུ་སྨན་ནི། །སྣུམ་ཅན་ཡུངས་ཀར་ཨ་རི་སྟེ། །བ་རུ་ར་དང་ཨ་རཉྫའི།།
་སྣུམ་དང་གཟེ་མ་ཏིལ་མར་བསྐོལ། །རང་སྨན་ཇི་བཞིན་བསྐོལ་བ་ཡི། །སྣུམ་ཅན་སྐྱུགས་སྨན་བཀྲུ་སྨན་བཏང། །ཞེས་བྱ་བ་ལ་ནི། གཅིན་ནད་ཅན་གྱི་མི་ཉམས་སྟོབས་དང་ལྡན་པ་ནི། དང་པོ་ཁོ་ནར་གསོ་བ་གཞན་པས་སྔར་སྐྱུགས་སྨན
་དང་བཀྲུ་སྨན་བཏང་བར་བྱའོ། །དེ་ཡང་ཡུངས་ཀར་ལ་སོགས་པ་ལས་བྱུང་བའི་སྣུམ་འམ། །གཟེ་མ་ལ་སོགས་པའི་སྨན་མར་འདི་ཉིད་ཀྱི་འོག་ནས་བཤད་པ་རང་གི་སྨན་དང་ཇི་ལྟ་བ་བཞིན་དུ་བསྐོལ་བའི་ཏིལ་མར
་གྱིས་སྣུམ་གྱི་ཆོ་ག་བྱའོ། །གླ་སྐང་ཐང་ཤིང་དོང་གྲ་བཅུག། བྱེའུ་རུག་ལ་སོགས་ཁུ་བ་ཡི། །འཇམ་རྩི་དེ་ནས་བཏང་བར་བྱ། །ཞེས་བྱ་བ་ལ། དེ་ནས་ཉམས་བརྟས་ལ་གླ་སྒང་ལ་སོགས་པའི་ལྡེ་གུར་བཅུག་པའི་བྱེའུ་རུག་པ་ལ་སོགས་པའི
་ཁུ་བ་དང་བསྐོལ་བའི་འཇམ་རྩི་བཏང་བར་བྱའོ། །མཁྲིས་པ་ནྱ་གྲོ་དྷ་ལ་སོགས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་ནད་ཟ་གུ་ལ་ནི་ནྱ་གྲོ་དྷ་ལ་སོགས་པའི་སྨན་དང་བསྐོལ་བའི་འཇམ་རྩི་བཏང་བར་བྱའོ། །སྦྱངས་ནས་ཤ
་ཁུས་བརྟས་པར་བྱའོ། །ཞེས་བྱ་བ་ལ། དེའི་འོག་ཏུ་སྦྱང་བ་བྱས་པའི་གཅིན་ནད་དེ་ལ་སྐམ་སའི་ཤ་ཁུས་བརྟ་བར་བྱའོ། །གཅིན་ནད་དང་ནི་སྐྲན་དང་ནི། །སྐེམ་ཞིང་ཉམས་མི་སྨད་པ་འབྱུང། །དེ་བས་རྗེས་འབྲེལ་བསྲུང་བའི་ཕྱིར།།
་ཞི་བར་བྱ་བ་བཏང་བར་བྱ། །ཞེས་བྱ་བ་ལ། གཅིན་སྙི་བའི་ནད་དང་ལྡན་པ་ལ་ནི་ཁྱད་པར་དུ་ནི་གཅིན་སྲི་བ་དང། ལྒང་པ་དང་ཕོ་མཚན་ན་བ་དང་སྐྲན་ལ་སོགས་པ་འབྱུང་བར་འགྱུར་བས་དེའི་ཕྱིར་ནད་དང་རྗེས་སུ་འབྲེལ་པ་དེ་ལས
་བསྲུང་བའི་ཕྱིར་ཞི་བར་བྱ་བའི་ཕྱིར་སྨན་འོག་ནས་འབྱུང་བ་དག་བཏང་བར་བྱའོ། །སྦྱང་པ་མ་བྱས་ལ་དེ་ཉིད། །གཅིན་ནད་ཅན་ནི་ཀུན་ལ་བླུད། །ཅེས་བྱ་བ་ལ། སྐྱུགས་སྨན་ལ་སོགས་པའི་སྦྱང་བའི་གཅིན་ནད་ཅན་ལ་ནི། །སྔར?་བཤད
་པའི་སྨན་གྱི་ཁུ་བ་དེ་དག་ཉིད་གཅིན་སྙི་བའི་ནད་ལ་བླུད་པར་བྱའོ། །སྐྱེར་པ་སྐྱུ་རུ་ར་བསྐོལ་ཁུ། །སྦྲང་རྩིར་བཅས་པ་ནད་པར་བླུད། །ཅེས་བྱ་བ་ལ། སྐྱུ་རུ་ར་དང་སྐྱེར་པ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནད་དུ་སྦྲང་རྩི་བཏགས་པ་བླུད་པར
་བྱའོ། །སྐྱེར་པ་ཐང་ཤིང་འབྲས་བུ་གསུམ། །གླ་སྒང་ཆུ་བསྐོལ་བླུད་པའང་ཕན། །ཞེས་བྱ་བ་ལ། ཡང་ན་གཅིན་སྙི་བའི་ནད་ལ་སྐྱེར་པ་ལ་སོགས་པ་བསྐོལ་བ་བླུད་ན་ཡང་ཕན་ནོ། །ཙི་ཏྲ་སྐྱེར་པ་འབྲས་བུ་གསུམ། །དུག་མོ་ཉུང?་ནི་སྦྲང་རྩིར་བཅས
་ཞེས་བྱ་བ་ལ། ཡང་ན་ཀྲུ་དྲུང། ཏྲེས་ལ་སོགས་པའི་སྨན་བསྐོལ་བ་སྦྲང་རྩི་དང་བཅས་པ་བྱིན་ན་ཡང་ཕན་ནོ། །ཡང་ན་སླ་ཏྲེས་སྐྱུ་རུ་ར། །སྦྲང་རྩིར་བཅས་པ་འཁུ་བའང་ཕན། །ཞེས་བྱ་བ་ལ། ཡང་ན་སླ་ཏྲེས་སམ། །སྐྱུ་རུ་ར་བསྐོལ་བའི་ཁུ་བ་སྦྲང
་རྩི་དང་བཅས་པ་བླུད་ན་ཡང་ཕན་ནོ། །སེང་ཕྲོམ་གླ་སྒང་ཀ་ཏཱ?་ལ་དང་ཨ་རུ་ར། །པ་ཏ་བི་ཚེར་བྱི་དང་ག་དང་ཨརྫུ་ན། །སར?་སྡང་སྐྱེར་པ་བྱི་དང་ག་བསྐོལ་བ་ཡི། །ཁུ་བ་གསུམ་པོ་སྦྲང་རྩིར་བཅས་པས་བད་ཀན་སེལ། ཞེས་བྱ་བ་ལ། སེང་ཕྲོམ
་ལ་སོགས་པ་ཚིག་རྐང་གསུམ་གྱིས་དཀོན་པའི་སྨན་བསྐོལ་བའི་ཁུ་བ་གསུམ་པོ་དེ་དག་བད་ཀན་ལས་གྱུར་པའི་གཅིན་སྙི་བའི་ནད་ལ་ཕན་ནོ། །མཁྲིས་གྱུར་པུ་ཤེལ་སེང་ཕྲོམ་ཙན་དན་ཨརྫུ་ན། །ནིམཔ་པ་ཏོ་ལ་དང་སླེ་ཏྲེས་སྐྱུ་རུ་ར། །སེང་ཕྲོམ
་པ་ལག་དང?་སྐྱེར་པར་ཏ་ཀིའོ། །གསུམ་པོ་དེ་དག་བསྐོལ་བའི་སྦྲང་རྩིར་བཅས་པ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གཅིན་སྙི་པའི་ནད་ལ་ནི་པུ་ཤེལ་ཙི་ལ་སོགས་པ་ཚིག་རྐང་གསུམ་གྱིས་བཤད་པའི་སྨན་གྱི་ཁུ་བ་གསུམ
་གྲང་ན་ཕན་ནོ། །འདི་སྐད་ཇི་བཞིན་ཟས་སོམ?་དང། །ནད་དང་གྲོ་དང་སྦྱར་བ་དང། །རླུང་ཤས་ཆེ་བས་གཅིན་སྙི་ལ། །སྣམ་དང་སྦྱར་ཏེ་སྦྱིན་པར་བྱ། །ཞེས་བྱ་བ་ལ། སྨན་ཁུར་བསྐོལ་བའི་སླན་འདི་དག་གིས་ནད་དམིགས་ཇི་བཞིན་དུ་ཟས་སྐོམ
་ལ་སོགས་པ་དང་སྦྱར་ཏེ་བཏང་བ་དང་ཡང་ཕན་ལ། རླུང་ཤས་རྒྱས་པར་གྱུར་པའི་གཅིན་སྙི་བ་ལ་ནི་སྨན་འདི་དག་ཉིད་སྣུམ་དང་སྦྱར་ཏེ་སྦྱིན་པར་བྱའོ། །ལྕི་པ་རྟ་རྟུག་ལས་བྱུང་བ་འམ། །འོད་མ་ལས་ནི་སྐྱེས་བ་དག། ཁུར་བ་ཟན་དྲོན་ཆག
་ཚེ་སོགས། །ནས་ལ་བྱས་པའི་ཟས་ཀྱང་ཕན། །ཞེས་བྱ་བ་ལ། བ་ལང་གི་ལྕི་བ་དང་རྟ་སྤངས་ལས་བྱུང་བའི་ནས་སམ་འོད་མ་ལས་སྐྱེས་པའི་ནས་གང་ཡང་རུང་བ་དག་ཁུར་སྐྱ་དང་ཟན་དྲོན་ལ་སོགས་པར་བྱས་ཏེ
་བྱིན་ན་ཡང་ཕན་ནོ། །རྩ་འབྲུ་མུངྒ་ལ་སོགས་པ་དང། །འབྲུ་སྙིང་དྲུག་པ་རྙིང་པ་ཕན། །ཞེས་བྱ་བ་ལ། རྩ་འབྲུའི་རྣམ་པ་དང་ཁྲེ་དང་ལྕེ་རྩི་ལ་སོགས་པ་དང་མུངྒ་ལ་སོགས་པ་གང་བུ་ཅན་གྱི་འབྲུའི་སྡེ་ཚན་ལ་སོགས་པ་དང། །འབྲས
་རྙིང་པ་ལོ་གཅིག་ལོན་པ་དང་འབྲས་དྲུག་ཅུ་པ་རྙིང་པ་ལས་བྱས་པའི་ཁ་ཟས་ཀྱང་གཅིན་སྙི་བའི་ནད་ལ་ཕན་ནོ། །ཡུངས་ཀར་ཏིལ་བཙིར་ལས་བྱུང་བ་འམ། །སྦྱར་ཐུག་སྐྱུར་དང་བཅས་པ་དང། ཞེས་བྱ་བ་ལས་ཡུངས་ཀར་དང་ཏིལ་བ
་ཙིར་བའི་འབབ་ཆ་ལས་གཡོས་སུ་བྱས་པ་འམ། །སྦྱར་ཐུག་ཁ་ལ་ཀ་ཞེས་བྱ་བ་སྐྱུར་དང་བཅས་པ་ཡང་དེའི་ནད་ལ་ཕན་ནོ། །ཀ་བེཏྟ་དང་དིནྟུ་ཀ། འཇམ་རྩ?་དེ་སྦྱར་བཏུང་བ་དང། ཞེས་བྱ་བ་ལ། ཡང་ཀ་བེཏྟ་ལ་སོགས་པའི་ཤིང་ཐོག
་སྦྱིན་པ་འམ། །ཡང་ན་དེ་དང་སྦྱར་བའི་བཏུང་བའོ་དྲུག་པ་ཞེས་བྱ་བ་ཡང་བྱིན་ན་ཡང་ཕན་ནོ། །ཆོད་མ་ཁ་པོ་སྦྲང་རྩི་དང། །འབྲས་བུ་གསུམ་ཟན་བཟའ་བ་སྐམ། ཞེས་བྱ་བ་ལ། པ་ཏོ་ལ་དང་སཔཏལ་ལས་བྱས་པའི་ཚོད་མ་རོ་ཁ་བལ
་སོགས་པ་དང་བཟའ་བསྐམ་པོ་སྟེ། ལ་ཐུ་དང་སྣུམ་ཁུར་ལ་སོགས་པ་ཡང་ཕན་ནོ། །སྐམ་སའི་ཤ་ནི་བསྲེགས་པ་དག། སྐམ་པའམ་ལྕགས་དང་གཡོས་པ་དང། །ཞེས་བྱ་བ་ལ། ཡང་ན་སྐམ་སའི་ཤ་ཐུར་མ་ལ་བསྐྱོན་ཏེ་སྲེགས
་པ་བསྐམས་ཤིང་གཤེར་བག་མེད་པར་བྱས་པ་འམ། །ཡང་ན་ལྕགས་དང་གསུར་ཞིང་གཡོས་པའི་བཏུང་བ་འདི་ཉིད་ཀྱི་འོག་ནས་བཤད་པ་ཕན་ནོ། །རྒུན་ཆང་རྙིང་མནན་ཆང་རྙིང་དང། །རྒུན་ཆུ་བསྐོལ་བ་ལས་བྱུང་བླུད། ཅེས་བྱ་བ
་ལ། ཡང་ན་རྒུན་ཆང་དང་ཆང་རྙིང་པ་དང་སྨན་ལ་སོགས་པའི་ཁུ་བ་ཡུན་རིང་དུ་མནན་པའི་ཆང་ཡང་ཕན་ནོ། །དེ་དག་ཀྱང་རྙིང་པ་ཁོ་ན་ཕན་ནོ། །ཡང་ན་ཆུ་ན་བསྐོལ་བ་ལས་གྱུར་པའི་རྒུན་ཆང་བླུད་ན་ཡང་ཕན་ནོ། ། ས་ན་སོགས་བསྐོལ་བའི
་ཆུ། །འཇག་མ་བསྐོལ་ཆུ་སྦྲང་རྩིའི་ཆུ། །ཞེས་བྱ་བ་ལ། ཨ་ན་ལ་སོགས་པའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཆུ་འམ། སྦྲང་རྩིའི་ཆུ་བླུད་ན་ཡང་ཕན་ནོ། །འབྲས་བུ་གསུམ་ལ་སྐྱུར་མོ་སྤངས། །ཉིན་པར་བསྐམས་ལ་དེ་ལས་ནི། །ལེགས་པར་བཏགས
་པའི་ཕྱེ་དག་དང། །བུར་ཆང་སྦྲང་རྩིར་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་ནས་ཀྱི་ནང་དུ་འབྲས་བུ་གསུམ་བསྐོལ་ལ་ཆུ་དེ་ཚན་གཅིག་བཞག་ནས་དེ་སྤངས་ལ་ཉིན་པར་བསྐམས་ཏེ་ལེགས་པར་ཕྱེར་བྱས་ཏེ་བུ་རམ་ཆང་སྦྲང་རྩིར་བཙོས
་ཏེ་བླུད་ན་ཡང་ཕན་ནོ། །ས་ལ་ལོ་མ་བདུན་པ་དང། །ཀ་པི་ལྱ་དང་བ་རུ་ར། །བྲིཀྵ་ཀ་དང་ཀ་བེཏྟ། །རོ་ཧི་ནི་ཡི་མེ་ཏོག་ནི། །ཕྱེར་བཏགས་སྦྲང་རྩིར་བཅས་སྦྱིན་ནམ། །སྐྱུ་རུ་ར་ཡི་ཁུ་བར་བླུད། །བད་ཀན་མཁྲིས་པའི་གཅིན་ནད་སེལ། །ཞེས་བྱ་བ
་ལ། ས་ལ་སོགས་པ་ལས་སྐྱེས་པའི་མེ་ཏོག་ཕྱེར་བཏགས་པ་སྦྲང་རྩི་དང་བཅས་པར་སྦྱིན་པའམ། ཡང་ན་སྐྱུ་རུ་རའི་ཁུ་བའི་ནང་དུ་ས་ལ་སོགས་པའི་མེ་ཏོག་བཏབ་སྟེ་བླུད་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནང་སེལ་ཏོ།།
་གཟེ་མ་སྐྱེར་པ་སེང་ཕྲོམ་དང། ཤུ་དག་ཀཏཔལ་ཨརྫུ་ན། །ཤུག་པ་ལུང་ཐང་ཨ་མན་དང། །ཙནདན་དང་ནི་ཨ་ཀ་རུ། །ལ་ལ་ཕུད་དང་པ་ཏོ་ལ། །བད་ཀན་རླུང་ལ་ཏིལ་མར་བཅས། །མཁྲིས་པར་མར་འདི་འདྲེན་མར་འདྲེས། །ཞེས་བྱ་བ
་ལ། གཟེ་མ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང། །ཏིལ་མར་བསྐོལ་བ་བླུད་ན་རླུང་དང་བད་ཀན་ལས་གྱུར་པའི་གཅིན་ནད་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་གཅིན་ནད་ལ་ནི་སྨན་འདི་དག་ཉིད་ཀྱིས་མར་དུ་བཙོས་པ་སྦྱིན་པར་བྱའོ། །ནད
་གཞི་སུམ་ཆར་འདྲེས་པ་ལ་ནི་སྨན་དེ་དག་མར་དང་ཏིལ་མར་འདྲིས་མར་བཙོས་ཏེ་བླུད་པར་བྱའོ། །རྩ་བ་བཅུ་པ་ཟུ་ར་དཀར། །དན་ཏི་ཐང་ཤིང་བ་སྤྲུ་གཉིས། །སྣུ་ཧ་ཨརྐའི་རྩ་བ་དང། །བུ་ག་དམ་པ་ཨ་རུ་ར། །གོ་བྱེ
་ཀ་རཉྫའི་རྩ་བ། པ་ར་ན་ཡི་རྩ་བ་དང། །པི་པི་ལིང་རྩ་མ་ནུའི་རྩ། །རེ་རེ་སྲང་ནི་བཅུ་བཅུ་དང། །ནས་དང་རྒྱ་སྲན་རྒྱ་ཤུག་ལས།། །།བྲེ་གསུམ་ཆུ་ནི་བརྒྱད་འགྱུར་དང། །བསྐོལ་ལ་བཞི་ཆ་ལུས་པ་དང། །དེ་དག
་པི་པི་ལིང་གཉིས་དང། །བྱི་མོ་ལྕང་མ་རོ་ཧ་ཏ། དུར་བྱིད་བི་དང་ཀམ་བིལ་ཡ། །ག་བྲའི་རྩ་བ་བཅའ་སྒ་དང། །མར་བྲེ་གང་དང་བསྐོལ་བ་ཡིས། །གཅིན་སྙིའི་ནང་ནི་དེ་ཉིད་དང། །འབུམ་ཕྲན་དུག་དང་སྐྱ་རྦབ་དང། །ཁོང་འབྲས་སྐྲན་དང་གཞང
་འབྲུམ་དང། །འོར་ནད་སྐེམ་དང་དབྱིག་དུག་དང། །མུ་རྫིང་ལུད་པ་དབུགས་མི་བདེ། །རློན་དང་ཚིལ་ཆེན་མཆེར་པའི་ནད། །དྲེག་མཛེ་སྨྱོ་བྱེད་རྗེད་བྱེད་འཇོམས། །མར་འདི་ཐང་ལ་འབར་གྱིས་ཡིན། །ཞེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི
་སྨན་སྣ་རེ་རེ་ཞིང་སྲང་བཅུ་བཅུ་ནས་སོགས་པ་གསུམ་ལས་བྲེ་རེ་རེ་དེ་ཐམས་ཅད་ཀྱི་ཆུ་བརྒྱད་འགྱུར་དང་བསྐོལ་དེ་ལས་བཞི་ཆ་ལུས་པའི་སྨན་གྱི་ཁུ་བའི་ནང་དུ་པི་པི་ལིང་རྣམ་གཉིས་ལ་སོགས་པའི་ལྡེ་གུ་དང་བཅས་པའི་མར་བྲེ་གང་བསྐོལ
་བར་བྱའོ། །མར་དེ་བླུད་ན་ནི་གཅིན་སྙི་བའི་ནད་དེ་དག་ཐམས་ཅད་འབྲུམ་ཕྲན་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །མར་འདི་ནི་དྲང་སྲོང་ཆེན་པོ་ཐང་ལ་འབར་གྱིས་བཤད་པ་ཡིན་ནོ། །སྣུ་ཧ་དང་ཀ་རཉྫ་ལ་སོགས་པའི་ནི་རྩ་བ་གཞུག་བར
་བྱའོ། །སེང་ཕྲོམ་མུར་བ་བྱི་དང་ག། ཟུར་པ་རྒྱ་སྤོས་ག་བྲ་ཡི། །ཆུ་སྲིན་སེན་མོ་དུག་མོ་ཉུང། །བླ་བ་རུ་རྟ་པྲི་ཡངཀུ། །གླ་གོར་ཤྭེ་ཤ་ཙི་ཏྲ་ཀ་།བོང་ང་བི་ཤ་ལ་གཉིས་དང། །དྲི་བཟངས་བཞི་དང་རྩ་མཁྲིས་དང། །པུ་ཙ་ཤེལ་དང་ལ་ལ་ཕུད། །པ་ཏ
་བུས་ཀར་མུ་ལ་དང། །པི་པི་ལིང་གི་རྩ་བ་དང། །དབྱི་མོ་དང་ནི་འབྲས་བུ་གསུམ། །ཞོ་ནི་གཉིས་གཉིས་ཆུ་བྲེ་ས་ནི། །བཅུ་དྲུག་ལ་བསྐོལ་བཞི་ཆ་ལུས། །བཙགས་ཏེ་བསྒྲངས་པའི་ནང་དུ་ནི། །སྦྲང་རྩི་བྲེ་དོ་བཅུག་ནས་ནི། །ཟླ་ཕྱེད་ལེགས་པར
་བཞག་པ་ཡིས། །སེང་ཕྲོམ་མནན་ཅིང་གཅིན་སྙི་དང། །གཞང་འབྲུམ་མཛེ་དང་ཡི་ག་འཆུས། །སྲིན་པོ་སྐྱ་རྦབ་ཕོ་བའི་ནད། །ཚིལ་ཆེས་པ་ཡི་ནད་སེལ་བྱེད། །ཅེས་བྱ་བ་ལ། སེང་ཕྲོམ་ལ་སོགས་པའི་སྨན་རེ་རེ་ཞིང་ཞོ་གཉིས་གཉིས་ཆུ་བྲེ
་བཅུ་དྲུག་གི་ནང་དུ་བསྐོལ་ལ་དེ་ལས་བཞི་ཆ་ལུས་པ་དང་དེ་ཆགས་ཀྱིས་བཙགས་པའི་བསྒྲངས་པའི་ནད་དུ་སྦྲང་རྩི་བྲེ་དོ་བཅུག་ནས་མར་བཅུག་པའི་སྣོད་དུ་ཟླ་བ་ཕྱེད་ཀྱི་བར་དུ་ལེགས་པར་མནན་ནས་བཞག་པ་འདི་ནི་སེང་ཕྲོམ་གྱི
་མནན་ཆང་ཨ་ས་བ་ཞེས་བྱ་བ་ཡིན་ཏེ། དེ་ལས་རན་པར་འཐུངས་ན་གཅིན་སྙི་བ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། ། ས་ན་ལ་སོགས་པའི་སྡེ། །སྣ་རེ་སྲང་ནི་ཉི་ཤུ་དག་ཆུ་བྲེ་ཉིས་བརྒྱ་ལྔ་བཅུ་དྲུག་།བསྐོལ་བ་བཞི་ཆ་ལུས་པ་དང། ཁུ
་རམ་སྲང་ནི་ཉིས་བརྒྱ་དང། །སྦྲང་རྩི་བྲེ་དོ་གཞུག་པ་དང། །དུག་མོ་ཉུང་སོགས་ལྡེ་གུ་ནི། །སྲང་རེའི་ཚད་ནི་བཅུག་པ་སྟེ། །སྦྲང་རྩི་པི་པི་ལིང་གི་ཕྱེ། །མར་གྱིས་བསྐུས་པའི་སྣོད་དག་ནི། །རྒྱ་སྐྱེགས་བསྐུས་པར་བཅུག་ནས་ནི། །ནས་ཀྱི་ནང་དུ་བཅུག
་ནས་སུ། །ལྕགས་ནི་རྣོ་ལ་སྲབ་པ་དག། སེང་ལྡེང་གི་ནི་མེ་མདག་བསྲེགས། །ཇི་སྲིད་ལྕགས་ནི་ཟད་པའི་བར། །མང་དུ་དེ་ནི་གཞུག་པར་བྱ། །ལྕགས་ལས་བྱས་པའི་ཆང་མནན་བླུད། །སྔོན་པས་ཡོན་ཏན་ལྷག་པ་ཡིན། །ཞེས་བྱ་བ་ལ། ཨ་ས་ན
་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་ཉི་ཤུ་ཉི་ཤུ་བྱས་པ་ཆུ་དྲོན་ནི་བརྒྱད་ལ་ཉི་བརྒྱ་ལྔ་བཅུ་རྩ་དྲུག་ཡོད་དེ་དེའི་ནང་དུ་བསྐོལ་བ་ནས། །རྒྱ་སྐྱེགས་བསྐུས་ཤིང་བྱུགས་པའི་སྣོད་ཀྱི་ནང་དུ་བཞག་པའི་བར་དུ་བྱས་ལ་དེ་ལྟར་ལྕགས་རྣོན་པོ་ལས་བྱས
་བརྡུངས་པའི། སྦྱང་སྲབ་མོ་ལེབ་ལེབ་མོར་བྱས་ལ་སེང་ལྡེང་གི་མེ་མདག་བསྲེགས་པ་དེའི་བར་དུ་ལྕགས་ཟད་ཀྱི་བར་དུ་བཅུག་ལ་ཟླ་བ་གསུམ་མམ་བཞིའི་ནང་དུ་མནན་ནས་དེ་ལྟ་བུའི་ཆང་བླུད་ན་མནན་ཆང་དེ་ནི་སྔར
་གྱི་སེང་ཕྲོམ་གྱི་མནན་པའི་ཆད་པས་ཡོན་ཏན་ཆེས་ལྷག་བ་ཡིན་ནོ། །རྩུབ་པས་དྲིལ་ཕྱིས་དམ་དུ་བསྡམས། །དྲག་ཤུལ་སྣུ་པོ་གཉིད་མི་ལག་གོ་།ཚིལ་དང་བད་ཀན་འཇོམས་བྱེད་གང། །དེ་ནི་ཕྱི་ནང་ལས་བཏང་ཕན། །ཞེས་བྱ་བ་ལ། ཡང
་གཅིན་སྙི་བའི་ནད་དེ་ལ་ལྡེ་གུ་རྩུབ་པས་ལུས་དྲིལ་ཞིང་ཕྱིས་པ་དང། དམ་དུ་བསྡམས་པ་དང། །ལུས་ངལ་ཞིང་དུབ་པའི་དྲག་ཤུལ་གྱི་ཚད་དང། །མཚན་མོ་ཉལ་ཞིང་གཉིད་མ་ལོག་པ་དང། །གཞན་ཡང་བད་ཀན་དང་ཚིལ་འཇོམས་ཤིང
་དབྲི་བར་བྱེད་པའི་ཁ་ཟས་དང། །སྤྱོད་ལམ་ལ་སོགས་པ་ཕྱི་དང་ནང་ནས་བསྟེན་པ་སྟེ། །དེ་ཐམས་ཅད་ལ་ཕན་པ་ཡིན་ནོ། །བྲག་ཞུན་སྲང་བརྒྱ་སྙིང་པོའི་ཆུ། །སྤངས་པ་སྙིང་པོའི་ཆུ་དང་ནི། །ལེགས་པར་བླུད་ཅིང་ས་ལུ་དང། །སྐམ་སའི
་ཤ་ཁུར་བཅས་པ་བཟའ་། །བླ་གཉན་ཤིན་ཏུ་མང་བ་ཡིན། །གཅིན་སྙི་ནད་ནི་ཀུན་ཀྱང་འཇོམས། །འབྲས་ཕྲེང་ཐོར་བུ་རྨེན་དུ་དང། །ཚིལ་ཆེས་མཛེ་དང་མཚན་བར་རྡོལ། །སྲིན་ནད་རྐང་འབམ་འོར་ནད་སེལ། །འདི་ནི་བཅུད་ཀྱིས་ལེན
་མཆོག་ཡིན། །ཞེས་བྱ་བ། ཨ་ས་ན་ལ་སོགས་པའི་སྨན་གྱི་སྡེ་ཚན་གྱི་བསྐོལ་བའི་ཆུའི་ནང་དུ་བྲག་ཞུན་བཟང་པོ་སྲང་བརྒྱ་ལེགས་པར་སྤངས་ལ་བཅུད་ཀྱི་ལེན་གྱི་ཆོ་གའི་ཚུལ་དུ་སྙིང་པོའི་ཆུ་ཉིད་དང་བླུད་ལ་ས་ལུའི་འབྲས
་ཅན་དང་སྐམ་སའི་ཤ་ཁུ་དང་བཅས་པ་བཟའ་བ་བྱིན་ན་བླ་གཉན་གྱི་ནད་ཤིན་ཏུ་མང་པོ་དང་ལྡན་པ་ཡང་འཇོམས་པར་བྱེད་ཅིང་འབྲས་ཀྱི་ཕྲེང་བ་ལ་སོགས་པ་ཡང་སེལ་བར་བྱེད་དོ། །འདི་བཅུད་ཀྱི་ལེན་རྣམས་ཀྱི་མཆོག་ཡིན་ནོ། །ལམ
་དུ་དུགས་དང་ལྷམ་རྣམས་ཀྱི། །མེད་པར་དྲང་སྲོང་ཚུལ་དུ་ནི། །དཔག་ཚད་བརྒྱ་ཡི་བར་དུ་འགྲོ། ཆུ་ཡི་ནས་ནི་བརྐོ་བྱ་འམ། །བ་གཅིན་ལྕི་བ་བསྟེན་པ་དང། །བ་ལང་དང་ནི་ལྷན་ཅིག་འཁྱམ། །ཞེས་བྱ་བ་ལ། ཡང་གཅིན་ནད་ཅན་གྱི་མིས
་དུགས་དང་ལྷམ་ལ་སོགས་པ་མེད་པར་གནས་ཤིང་དྲང་སྲོང་དག་གི་ཚུལ་དུ་རྩ་བ་དང་འབྲས་བུ་ཙམ་ཟ་བ་དང་དཔག་ཆད་བརྒྱའི་བར་དུ་འགྲོ་བར་བྱ་དང། དེ་བཞིན་དུ་ཆུའི་གནས་ཁྲོན་པ་ལ་སོགས་བརྐོ་བས་ལུས་དུབ་པའམ
་ཡང་ན་གཅིན་འཐུངས་ཤིང་ལྕི་བ་ཟ་བ་འམ། །བ་ལང་ལྷན་ཅིག་འཁྱམས་ཤིང་འགྲོ་བར་བྱའོ། །སྐེམ་པའི་གཅིན་ནད་དག་ལ་ནི། །ཟས་དང་སྨན་ཚིལ་མི་བསྐྱེད་པས། ཞེས་བྱ་བ་ལ། གཅིན་ནད་ཅན་སྐེམ་པོ་དག་ཚིལ་མི་སྐྱེ་ཞིང་ནད
་པའི་ཁ་ཟས་དང་གྲོ་ལ་སོགས་པ་བྱས་པ་རྟ་བར་བྱའོ། །ཁམ་ཕོར་ལ་སོགས་འབྲས་ནད་ནི། །མ་སྨིན་སྐྲངས་པའི་ནད་ལྟར་གསོ། །སྨིན་པ་ལ་ནི་རྨ་ལྟར་གསོ། །ཞེས་བྱ་བ་ལ། ཁམ་ཕོར་ཞེས་བྱ་བ་ལ། སོགས་པ་འབྲས་ཀྱི་ནད་བཅུ་པོ
་མ་སྨིན་པ་དག་སྐྲངས་པའི་ནད་ལྟར་གསོ་བར་བྱ་ལ་སྨན་པ་ལ་ནི་མོ་ཇི་ལྟར་གསོ་བ་དེ་ལྟར་གསོ་བར་བྱའོ། །དེའི་སྔོན་བྱུང་ཚུལ་ཉིད་ལ། འོ་མ་ཅན་ཤིང་བསྐོལ་ཆུ་དང། ར་ཐུག་གཅིན་ནི་བླུད་པ་བསྔགས། །གཅིན་སྙའི་ནད་ཅན་ལྟོ་སྲ
་བས། །ཕལ་ཆེར་བཀྲུ་སྨན་རྣོན་པོ་བཏང། །ཞེས་བྱ་བ་ལ་ཐོར་བུ་ལ་སོགས་པ་འབྲས་ནད་འདི་དག་སྔར་བྱུང་བའི་ཚུལ་ཇི་སྐད་བྱུང་བའི་ཚེ་ན་འོ་མ་ཅན་གྱི་ཤིང་བསྐོལ་བའི་ཆུ་དང་ར་ཐུག་གི་གཅིན་བླུད་པ་བསྔགས་སོ། །གཞན་ཡང་བཀྲུ་སྨན
་རྣོན་པོ་བཏུང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཅིན་ནད་ཅན་ནི་ཕལ་ཆེར་ལྟོས་པའི་ཕྱིར་རོ། །སུག་སྨེལ་སོགས་ཀྱི་ཏིལ་མར་སྦྱར། རྨ་འཚོར་བ་ཡི་ཆོ་ག་བྱ། ཞེས་བྱ་བ་ལ། ཡང་ན་སུག་སྨེལ་སོགས་པའི་སྡེ་ཚན་སྐྱུགས་སྨན
་ལ་སོགས་པའི་སྡེའི་སྐབས་ནས་བཤད་པ་དང། ཏིལ་མར་བསྐལ་པས་རྨ་འཚོབ་བ་དང་འབྱོར་པའི་ཆོ་ག་བྱའོ། །དོང་ག་ལ་སོགས་སྡེ་ཚན་ནི། །བཏགས་པའི་ལྡེ་གུས་དྲིལ་བར་བྱ། ཞེས་བྱ་བ་ལ། ཡང་དེ་ལ་དོང་ག་ལ་སོགས་པའི
་སྡེ་ཚན་གྱིས་བྲིལ་བར་བྱའོ། ། ས་ན་ལ་སོགས་བསྐོལ་བླུགས། དུག་མོ་ཉུང་སོགས་ཟས་སྐོམ་སྦྱར། ཞེས་བྱ་བ་ལ། སྨན་གྱི་ཆུ་བླུགས་པ་ནི། ཨ་ས་ན་ལ་སོགས་པའི་སྡེ་ཚན་བསྐོལ་བས་བྱ་ན་ཟས་དང་སྐོམ་གྱི་སྦྱོར་བའི་ལས
་དུག་མོ་ཉུང་ལ་སོགས་པའི་སྡེ་ཚན་དང་སྦྱར་ཏེ་སྦྱིན་པར་བྱའོ། །པ་ཏ་ཐལ་ཏྲེས་ཙི་ཏྲ་ཀ། ཤ་རང་ཀསྟ་ཀནད་ནི། །སཔཏ་པར་ནི་དུག་མོ་ཉུང། །ཀཏཔ་ལ་དང་དོང་གའི་ཕྱེ། །སྦྲང་རྩིས་ལྡེ་གུར་བྱ་བ་འམ། །ལྕགས་དགུ་པ་ཡང་དེ་བཞིན་སྦྱིན།།
་ཞེས་བྱ་བ་ལ། པ་ཏ་དང་ཐལ་ཏྲེས་ཞེས་བྱ་བ་ཤ་རི་ལ་སོགས་པའི་སྨན་གྱི་བྱེ་མར་ཞིབ་ཏུ་བཏགས་ཏེ་སྦྲང་རྩི་དང་སྦྱར་བ་ལྡེ་གུར་བྱ་བ་འམ་ལྕགས་དགུ་བའི་སྦྱོར་བ་སྐྱ་རྦབ་གསོ་བའི་སྐབས་ནས་བཤད་བ་སྦྲང་རྩི་དང་སྦྱོར
་བའི་ལྡེ་གུ་ཡང་དེ་བཞིན་དུ་སྦྱིན་པར་བྱའོ།། །།ཡན་ལག་རྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ
་བཅུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁོང་འབྲས་དང་རྒྱུ་བླུགས་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་གསོ་བ་འདི་བརྩམས་པ་ཡིན་ཏེ། ཁམ་ཕོར་ལྟ་བུ་ལ་སོགས་པའི
་འབྲས་ཀྱི་ནང་ནི་གསོ་སླ་བས་ལེའུ་སྔ་མར་བཤད་པ་ཡིན་ལ། །འདི་ནི་གསོ་དཀའ་བས་དེའི་སྐབས་སུ་བརྩམས་པ་ཡིན་ནོ། །ཁོང་འབྲས་མ་སྨིན་ཐམས་ཅད་ལ། །འོར་ནད་ལྟ་བུ་གསོ་བ་དང། །རྒྱུན་ཏུ་ཁྲག་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ།
་ཁོང་འབྲས་ཀྱི་དང་མ་སྨིན་པ་ཐམས་ཅད་ལ་ནི་འོར་ནད་ཇི་ལྟ་བ་བཞིན་གསོ་ཞིང་ནད་གཞི་ཇི་ལྟ་བ་ལས་རྟག་པར་ཁྲག་ཏུ་དབྱུང་ཞིང་གཏར་གའི་ལས་བྱའོ། །སྨིན་པ་ལ་ནི་རྨ་ལྟར་གསོ། །ཞེས་བྱ་བ་ལ། ཁོང་འབྲས་དེ་སྨིན་ནས་ནི་བསལ
་ལ་རྨའི་གསོ་བ་ཇི་ལྟ་བ་བཞིན་དུ་གསོ་བར་བྱའོ། །རླུང་ཤས་ཆེ་ལ་རྩལ་བ་ལ། །བསྐོལ་བས་རྨ་ནི་བཀྲུ་བ་དང། །ཐང་ཤིང་སོགས་སྡེ་ཤིང་མངར་དང། །ཏིལ་མར་རྒྱམ་ཚས་རྨ་བསྐུ་བྱ། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་རྨ་རླུང་ཤས་ཆེ་བ་ལ
་ནི་རྩ་བ་ལྔ་བསྐོལ་བའི་ཆུས་དང?་པོར་བཀྲུ་ཞིང་སྦར་བ་དང། ཐང་ཤིང་ལ་སོགས་པའི་སྨན་སྡེ་དང་ཤིང་མངར་དང་ཏིལ་གྱི་ལྡེ་གུ་ལ་རྒྱམ་ཚ་བསྲེས་པས་རྨ་བསྐུ་བར་བྱའོ། །བཀྲུ་སྨན་དང་ནི་ལྡན་པ་ཡི། །དུར་བྱིད་ཀྱིས་ནི་རྣམ་སྦྱང་ཞིང། །བི
་ད་རི་ཡི་སྡེ་བསྐོལ་བའི། །དུར་བྱིད་ཉིད་ཀྱིས་རྨ་འབྱོར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་གྱི་ཚོགས་དང་ལྡན་པའི་དུར་བྱིད་དང་ཞུན་མར་དང་ཚིལ་དང་རྐང་དང་བཅས་པས་སྦྱང་ཞིང་དག་པར་བྱས་ལ་བྱི་པ་རིའི་སྨན་གྱི་སྡེ་ཚན་དང་བསྐོལ་བའི་དུར
་བྱིད་དེ་ཉིད་ཀྱིས་རྨ་འབྱོར་ཅིང་འཚོབ་པར་བྱའོ། །མཁྲིས་གྱུར་འོ་མ་ཆད་ཆུས་བཀྲུ། །སླེ་ཏྲེས་ཤིང་མངར་ཏིལ་གྱིས་བསྐུ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཁོང་འབྲས་ཀྱི་རྨ་ལ་ནི་ནྱ་གྲོ་ལ་སོགས་པ་འོ་མ་ཅན་གྱི་ཤིང་བསྐོལ
་བའི་ཆུས་བཀྲུ་ཞིང་དེའི་འོག་ཏུ་སླེ་ཏྲེས་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །བཙོད་དང་ཤུག་པ་པུ་ཤེལ་ཙེ། །པ་ཡ་སྱ་དང་སེར་པོ་གཉིས། །འབྲས་བུ་གསུམ་དང་ཤིང་དམར་དང། །འོ་མར་བྱས་པ་རྨ་འབྱོར་བྱ། །ཞེས་བྱ་བ་ལ། ཡང་མཁྲིས
་པ་ལས་གྱུར་པའི་རྨ་དེ་ལ་བཙོད་ལ་སོགས་པ་དང་བསྐོལ་བའི་མར་གྱིས་ཀྱང་བསྐུས་ལ་འབྱོར་པར་བྱའོ། །ཡང་ན་ནྱ་གྲོ་དྷ་སོགས་པའི། །མྱུ་གུ་ཤུན་པ་འབྲས་བུ་བསྐུར། །ཞེས་བྱ་བ་ལ། ཡང་ནྱ་གྲོ་དྷ་ལ་སོགས་པའི
་སྡེ་ཚན་གྱི་མྱུ་གུ་དང་ཤུན་ལྤགས་དང་འབྲས་བུ་དང་མར་དུ་བསྐོལ་བས་བསྐུ་ཞིང་འབྱོར་པར་བྱའོ། །བད་ཀན་ལས་གྱུར་དོང་གའི་ཆུ། །བཀྲུ་ཞིང་ཕྱེ་དང་སེར་པོ་གཉིས། །དུར་བྱིད་དང་ནི་ཏིལ་གྱིས་བསྐུ། །ཞེས་བྱ་བ་ལ། བད་ཀན
་ལས་གྱུར་པའི་རྨ་ལ་ནི། དོང་ཀ་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཆུས་བཀྲུ་ཞིང་བླུགས་པ་དང་ནས་ཕྱེ་དང་སེར་པོ་གཉིས་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཡང་ན་རྒྱ་སྲན་དནྟི་ཡི། །ཤ་མ་དུར་བྱིད་ཙི་ཏྲ་ཀ། སེང་ཕྲོམ་རྒྱན
་ཚ་བ་གཅིན་བཅས། །ཏིལ་མར་གྱིས་ནི་རྨ་འཚོབ་བྱ། །ཞེས་བྱ་བ་ལ། ཡང་ན་རྒྱ་སྲན་ཀུ་ལཏྠ། །ཞེས་བྱ་བ་ལ་སོགས་པའི་སྨན་དང་སྦྱར་བའི་ཏིལ་མར་གྱིས་བསྐུས་ལ་རྨ་འཚོབ་བར་བྱའོ། །ཁྲག་དང་གློ་བུར་ལས་གྱུར་ལ། །མཁྲིས
་པའི་ཁོང་འབྲས་ལྟ་བུར་གསོ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པ་དང། གློ་བུར་དུ་སྣང་པར་གྱུར་པའི་ཁོང་འབྲས་ལ་ནི་མཁྲིས་པ་ལས་གྱུར་པའི་ཁོང་འབྲས་དང་མཐུན་པའི་གསོ་བ་བྱའོ། །མ་སྨིན་ནང་དུ་བྱུང་བ་ལ། །ན་བར་ན་སགས
་སྡེ་བསྐོལ་བ། །ུ་ཤ་ཀ་ཡི་སྡེ་ཚན་བཏབ། །སྔ་དྲོ་ཁོང་འབྲས་ཅན་ལ་བླུད། །ཅེས་བྱ་བ་ལ། །ཁོང་འབྲས་ནང་དུ་བྱུང་ཞིང་སྨིན་པར་མ་གྱུར་པ་ལ་ནི་པ་ར་ན་ལ་སོགས་པའི་སྡེ་ཚན་བསྐོལ
་བའི་ནང་དུ་ཨུ་ཤ་ན་ལ་སོགས་པའི་སྡེ་ཚན་གྱི་ཕྱེ་མ་བཏབ་པ་སྔ་དྲོ་བད་ཀན་གྱི་དུས་སུ་བླུད་ན་ཕན་ནོ། །བཀྲུ་སྨན་བཅས་པར་བསྐོལ་བའི་མར། །དེ་གཉིས་དང་ནི་ལྡན་པར་བླུད། །ཅེས་བྱ་བ་ལ། བཀྲུ་སྨན་གྱི་སྡེ་ཚན་དང་བསྐོལ་བའི
་མར་བ་ར་ན་སེའི་སྡེ་ཚན་དང་ཨུ་ཤ་ནའི་སྡེ་ཚན་དེ་གཉིས་དང་ལྡན་པར་བླུད་ཅིང་སྦྱིན་པར་བྱའོ། །ནི་རུ་ཧ་དང་སྣུམ་འཇམ་རྩི། །དེ་དག་ཉིད་ལས་སྦྱར་བར་བྱ། །ཞེས་བྱ་བ་ལ། ཡང་མ་སྨིན་ཞིང་ནང་དུ་བྱུང་བའི་ཁོང་འབྲས་ལ་ནི་རུ་ཧ་དང་སྣུམ་གྱི་?
་རྩི་མས་བཏང་བ་བ་ར་ན་དང་ཨུ་ཤ་ནའི་སྡེ་ཚན་དེ་གཉིས་དང་སྦྱར་བ་ཡང་ནད་དམིགས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །བཟའ་དང་བཏུང་དང་བསྐུ་བ་ལ། །སྦྲང་རྩི་ན་ལེ་ཤམ་དཀར་སྦྱར། །ནད་དམིགས་ཇི་བཞིན་བླུད་ན་ནི། །ཁོང་འབྲས་མ
་སྨིན་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྦྲང་རྩི་ལ་སོགས་པའི་བཟའ་བཏུང་ལ་སོགས་པས་བཏང་ན་ཡང་དེ་ལ་ཕན་ནོ། །ཁྱི་ལྕེ་ནིམཔ་འབྲས་བུ་གསུམ། །ཤིང་མངར་པུ་ཙེ་ཤེལ་ཆ་མཉམ། །དུར་བྱིད་པ་ཏོ་ལའི་རྩ་བ། །རེ་རེའི་ཆ་ནི་བཞི་པ་བྱ། །སྲང
་ཆུང་སྣུམ་པ་མེད་སྲང་བརྒྱད། །དེ་བསྐོར་ཞུས་པ་བསྐྱེད་པར་བླུད། །ཁོང་འབྲས་སྐྲན་དང་མེ་དཔལ་དང། །ལུས་ཚ་རྨོངས་བག་མྱོས་རིམས་འདེབས། །སྐོམ་དད་བརྒྱལ་བློན་སྙིང་ནད་དང། །ཁྲག་མཁྲིས་མིག་སེར་མཛེ་ནད་འཇོམས། །ཞེས་བྱ་བ་ལ། ཁྱི
་ལྕེ་བ་ལ་སོགས་པ་ཆ་མཉམ་པར་བྱས་ལ་དུར་བྱིད་ལ་སོགས་པ་རྫས་སྔ་མ་དང་པོའི་ཆ་ལས་དཔགས་ཏེ་རེ་རེ་ཞིང་བཞི་ཆ་བཞི་ཆར་བྱས་པ་ལ་སྲན་ཆུང་སྤུན་པ་དང་ཤུན་པ་མེད་པ་ལས་སྲང་བརྒྱད་བཅུག་སྟེ། དེ་རྣམས་བསྐོལ་བར་མར
་དང་བསྲེས་པ་བླུད་ན་ཡང་ཁོང་འབྲས་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །གཞུང་རྩོམ་པར་བྱེད་པ་པོས་སྦྱོར་བ་འདི་ཉིད་བསྡུས་པ་ལས་གཞན་དུ་བཤད་དེ། འབྲས་བུ་གསུམ་དང་ནིམཔ་དང། །ཤིང་མངར་དང་པུ་རྩེ་ཤེལ་དང་པ་ཏོ་ལ་ཞོ་ཕྱེད
་ཕྱེད་དུར་བྱིད་དང་ཁྱི་ལྕེ་བ་ཞོ་གཉིས་སྲན་ཆུང་སྲང་གཅིག་ཆུ་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ་བཙགས་པའི་ཁུ་བ་མར་གྱིས་བཏབ་པ་བླུད་པར་བྱའོ། །ཞེས་བཤད་དོ། །ཁྱི་ལྕེ་བ་ནི་ཕུལ་གང་དག། བརྒྱད་འགྱུར་ཆུ་དང་བསྐོལ་ན་ནི། །དེ་ཡི་ཁུ་བ་ཕུལ་གང
་དག། སྐྱུ་རུ་ར་ཡི་ཁུ་བ་དང། །འོ་མ་མར་ནི་ཕུལ་རེ་དང། །ཏིག་ཏ་བི་ཚེར་ཏྲ་ཡན་ཏི། །གླ་སྒ་རམ་ཉེ་ཏ་མ་ལ། །ཙནདན་ཨུཏཔལ་ཛི་བནྟི། །གཅིག་ཏུ་བསྡུས་ཏེ་བསྐོལ་བ་ནི། །མར་དེ་ཡོན་ཏན་སྔ་མར་མཚུངས། །ཞེས་བྱ་བ་ལ།
་ཁྱི་ལྕེ་བ་ཕུལ་གང་ཞེས་བྱ་བ་སྲང་བཞི་ཆུ་ཕུལ་བརྒྱད་ཀྱི་ནང་དུ་བསྐོལ་ལ་ཁྱི་ལྕེ་བའི་ཁུ་བ་ཕུལ་གང་ཞེས་སྨོས་ཀྱང་གཤེར་བའི་རྫས་འདབ་དུ་ལྕི་དགོས་པས་ཕུལ་དོ་སྐྱུ་རུ་ར་ལ་སོགས་པའི་ཁུ་བ་ཡང་བརྒྱད་བརྒྱད་དུ་བྱས་ཏེ། རེའི
་ནང་དུ་ཏིཀྟ་ལ་སོགས་པ་ཞོ་གཉིས་གཉིས་ཏེ་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་བསྐོལ་བའི་སྨན་མར་དེ་ནི་བཤད་མ་ཐག་པའི་ཁུ་བ་སྔ་མ་དང་ཡོན་ཏན་མཚུངས་པ་ཡིན་ནོ། །རྒུན་འབྲུམ་འབྲ་གོ་མ་དུ་ཀ། བི་དང་རི་དང་ཉེའུ་བཅས།
་བ་རུ་ཤ་ཀ་འབྲས་བུ་གསུམ། །དེ་བཙོས་ཁུ་བ་མར་བསྐོལ་ལ། །འོ་མ་བུ་རམ་ཤིང་ཁུ་དང། །སྐྱུ་རུ་ར་ཡི་ཁུ་བ་དང། ། རུ་ར་ཡི་ལྡེ་གུར་བཅས། །བསྐོལ་ཏེ་བསྒྲངས་པ་དེའི་ནང་དུ། །ཁ་ར་སྦྲང་རྩི་བཞི་ཆ་བཏབ། །ཡོན་ཏན་སྔ་མ་འདྲར
་ཤེས་བྱ། །ཞེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་པའི་སྨན་བསྐོལ་བ་དང། འོ་མ་བུ་རམ་ཤིང་གི་ཁུ་བ་དང། །སྐྱུ་རུ་རའི་ཁུ་བ་ཆ་མཉམ་པར་བྱས་པའི་ནང་དུ་ཨ་རུ་རའི་ལྡེ་གུ་བཅུག་སྟེ་བགྲངས་པའི་ནང་དུ་ཁ་ར་དང་སྦྲང་རྩི་དེའི་བཞི་ཆ
་བཏབ་སྟེ་བླུད་ན་ཡང་ཁྱི་ལྕེ་བ་ལ་སོགས་པའི་ཡོན་ཏན་ཇི་སྐད་སྨོས་པ་དང་འདྲ་བར་ཤེས་པར་བྱའོ། །ནད་དམིགས་ཇི་བཞིན་རྡབ་རྭ་སོགས། །ཡང་ན་གཏར་གས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། ཡང་ན་ནང་གི་ཟུག་རྔུའི་ནད་ཇི་ལྟ
་བ་ལས་རྡབ་རྭ་དང་བསྐུ་བ་དང་པདྨ་ལ་སོགས་པས་ཁྲག་དབྱུང་བ་འམ། ཡང་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །ཁོང་འབྲས་སྨིན་པར་གྱུར་པ་ལ། ཁོང་པར་གནས་པར་ཕྱིར་འབུར་བར། །ཤེས་ནས་དེ་ནི་བཅིང་བར་བྱ། ཞེས་བྱ་བ
་ལ། ཁོང་འབྲས་སྨིན་ཅིང་བརྣགས་པར་གྱུར་ནས་ཁོང་པར་གནས་པ་དེ་ཕྱིར་འབུར་བར་འགྱུར་ཏེ། དེ་ལྟར་ཤེས་ནས་དེ་ལེགས་པར་བཅིང་བར་བྱའོ། །གཟེར་བ་དེར་གནས་གོང་བུར་འདུག། དེ་རོས་བཙིར་བས་ཚོར་བ་ཆུང། །ཚ་བ་ལ་སོགས་ཆུང་གྱུར་ན།
་སྨིན་པ་ཡིན་པས་ཁོང་འབྲས་ནི། །བརྟོལ་ཏེ་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། གཟེར་བ་དེ་ཉིད་དུ་གནས་ཤིང་གོང་བུའི་ཚུལ་དུ་གནས་པ་སྙམ་བྱེད་ན་དེའི་ངོས་ནས་རིམས་ཀྱིས་བཙིར་བས་ཚོར་བ་ཆུང་ཞིང་བེམ་བེམ་པོར་འགྱུར་བ་དེ་བཞིན་དུ་ཚ
་བ་ལ་སོགས་པ་ཡང་ཆུང་བར་གྱུར་ན། ཁོང་འབྲས་དེ་ཆུང་བ་ཡིན་པས་བཙགས་དཔྱད་གདབ་པའི་སྐབས་ནས་སྨོས་པ་སྨིན་པའི་མཚན་ཉིད་ལྟ་བུས་སྨིན་པ་ཡིན་ན་དེ་བརྟོལ་ཏེ་རྨ་གསོ་བའི་ཚུལ་དུ་གསོ་བར་བྱའོ། །ནང་གི་ཆར་གནས་ཁོང་འབྲས་ནི།།
་སྨིན་པའི་མཚན་མ་འདི་ཉིད་ཡིན། །སྨིན་ནས་བུ་ག་རྣགས་གྱུར་ཏེ། །དེ་ནི་སྟེང་མ་འོག་ཏུ་དབྱུང། །ཞེས་བྱ་བ་ལ། ཁོང་པའི་ཆ་ལ་གནས་པའི་ཁོང་འབྲས་ལ་ཡང་མཚན་མ་འདི་དག་ཉིད་དབྱུང་བ་ཡིན་ལ། །དེ་སྨིན་ནས་བུ་གའི་ནང་དུ་བརྣགས་པར
་གྱུར་ཏེ། སྟེང་གི་སྒོ་འམ་འོག་གི་སྒོ་ནས་དབྱུང་ངོ། །རང་ཉིད་བརྟོལ་བའི་ནད་དེ་ནི། །ཟས་ཕན་ཕྱིན་ཞིང་བཏང་སྙོམས་བཞག། ཞག་བཅུ་འམ་བཅུ་གཉིས་བར་དུ་ནི། །སྨན་པས་བརླ་གཉན་ལ་བསྲུང་བྱ། །ཞེས་བྱ་བ་ལ། རྣག་ཅེས་བྱ་བའི་ནད་དེ་གསོ་བ
་མ་བྱས་པར་རང་ཉིད་སྨིན་ཅིང་རྡོལ་བར་གྱུར་ན། རྨ་དེ་ལ་ཕན་པའི་ཟས་ཙམ་བྱིན་ན་ནད་པ་རེ་ཤིག་མ་བཅོས་པར་སྙོམས་སུ་བཞག་ཅིང་ཞག་བཅུའི་བར་རམ་བཅུ་གཉིས་ཀྱི་བར་དུ་བླ་གཉན་གྱི་བར་མི་འབྱུང་བར་སྨན་པས་ལེགས་པར་བསྲུང་བར
་བྱའོ། །རྣག་ནི་ལེགས་པར་མི་འཛག་ན། །པ་ར་ན་སོགས་ཆུ་དྲོན་ནམ། །ཤི་ཀྲུ་སྦྲང་རྩི་བླུད་པ་འམ། །དེ་དང་སྦྱར་བའི་ནས་ཐུག་བླུད། །ཅེས་བྱ་བ་ལ། རྣག་ཅེས་བྱ་བའི་ནད་ལེགས་པར་འཛག་པར་མ་གྱུར་ན། དེ་འཛག་པར་བྱ་བའི་ཕྱིར་བ་ར་ན་ལ་སོགས
་པའི་སྨན་གྱི་སྡེ་ཚན་ནམ། ཤི་བཀྲུ་དང་སྦྲང་རྩི་སྦྱར་བར་བླུད་པར་བྱའོ། །ཡང་ཤིང་ཀྲུ་དང་སྦྲང་རྩི་དང་སྦྱར་བའི་ནས་ཐུག་བླུད་པར་བྱའོ། །རྒྱ་ཤུག་རྒྱ་སྲན་ནས་ཀྱིས་ནི། །ཡུ་ཤ་དང་ནི་བཟའ་བ་བསྔགས་པ་ཞེས་བྱ་བ་ལ། རྒྱ
་ཤུག་ལ་སོགས་པ་ལས་བྱས་པའི་ཡུ་ཤ་དང་བཟའ་བ་བྱིན་ན་ཡང་བསྔགས་པ་ཡིན་ལ། ཞག་བཅུ་ཡན་ཆད་ཁྱི་ལྕེ་བ། །མར་རམ་སེང་ཕྲོམ་དག་གིས་ནི། །ཉམས་སྟོབས་ཇི་བཞིན་སྦྱང་བར་བྱ། །སྦྱངས་ནས་ཏིག་ཏ་སྦྲང་རྩི་བླུད། །ཅེས
་བྱ་བ་ལ། ཞག་བཅུ་ལོན་ནས་ཡན་ཆད་ཀྱི་ཁྱི་ལྕེ་བའི་མར་འདི་ཉིད་ལས་བསྟན་པ་དང་སེང་ཁྲོམ་གྱི་མར་རླུང་ནད་གསོ་བའི་སྐབས་ནས་བཤད་པ་དག་གིས་དེ་སྦྱང་ཞིང་དག་པར་བྱའོ། །དེ་ལྟར་སྦྱང་བའི་ལས་བྱས་ཟིན་ནས་ཏིཀྟའི་སྨན
་མར་སྦྲང་རྩི་དང་བཅས་པ་ཉུང་ཟད་ཉུང་ཟད་བླུད་པར་བྱའོ། །འདི་ལས་ཀུན་ཀྱང་སྐྲན་ལྟ་བུར། །ནད་ཐབས་ཇི་བཞིན་གསོ་བར་བྱ། ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་འདི་ལ་སྐྲན་ནད་ཇི་ལྟར་གསོ་བ་བཞིན་དུ་ནད་ཀྱི་དམིགས་དང་སྦྱར་ཏེ་གསོ
་པར་བྱའོ། །ཁོང་འབྲས་ཀུན་དང་གནས་སྐབས་དང། །ཐམས་ཅད་དུ་ནི་གུ་གུལ་བཏང། །དེ་བཞིན་བྲག་ཞུན་རང་རང་གི། སྦྱོར་བ་བཅས་ཏེ་ཁུ་བ་བླུད། །ཅེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་ཐམས་ཅད་ལ། གནས་སྐབས་ཐམས་ཅད་དུ
་སྨིན་པ་དང། མ་སྨིན་པ་དང་རྨའི་གནས་སྐབས་ཐམས་ཅད་དུ་རང་རང་གི་སྦྱོར་བ་འདི་ན་སྨོས་བ་དང་མ་སྨོས་པ་དག་དང་སྦྱར་བའི་གུ་གུལ་བསྐོལ་བའི་ཁུ་བ་བཏང་བ་འམ། དེ་བཞིན་དུ་རང་རང་གི་སྦྱོར་བ་དང་ཅི་རིགས་པར་སྦྱར་བའི་བྲག་ཞུན་དག
་བཏང་ཞིང་སྦྱིན་པར་བྱའོ། །འབད་དེ་སྨིན་པ་ལས་བསྲུང་བྱ། །སྨིན་ན་ཤིན་ཏུ་གསོ་དཀའ་ཡིན། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ནད་ནི་ཅི་ནས་ཀྱང་སྨིན་ཅིང་བརྣགས་པར་མི་འགྱུར་བའི་ཚུལ་དུ་བསྲུང་ཞིང་གསོ་བར་བྱ་སྟེ། གང་གི་ཕྱིར་ཁོང་འབྲས
་ནང་དུ་སྨིན་པར་གྱུར་པ་ནི་ཤིན་ཏུ་གསོ་བ་དཀའ་བ་ཡིན་ཏེ་དེ་བསོད་ནམས་ཀྱི་དབང་ལས་འཚོ་བར་འགྱུར་བ་ཙམ་དུ་ཟད་དོ། །གཞན་ཡང་མྱུར་དུ་ཚེ་བྱེད་པས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །ཅེས་བྱ་བ་ལ། མྱུར་དུ་ཚ་ཞིང་སྨིན་པར་བྱེད་པའི
་ཕྱིར་ནད་དེ་ལ་མིང་ཁོང་འབྲས་ཞེས་བྱ་བ་ཡིན་པར་བསྟན་ནོ། །གལ་ཏེ་གཅིན་སྙི་ལས་གྱུར་ན། །གཅིན་སྙི་བ་ཡི་གསོ་བ་བྱ། །ཞེས་བྱ་བ་ལ། ཁོང་འབྲས་ཀྱི་ཉེས་པ་དེ་གཅིན་སྙི་བའི་ཟ་གུའི་ནད་ལས་གྱུར་པ་ཡིན་ན་དེ་ལ་ནི་གཅིན་ནད་ཟ
་གུའི་གསོ་བ་གང་ཡིན་པ་ཡང་བྱའོ། །ནུ་མར་བྱུང་ལ་འདི་ལྟར་ནི། །མི་བཅིང་ཐམས་ཅད་རྨ་ལྟར་གསོ། །ཞེས་བྱ་བ་ལ། ནུ་མར་ཁོང་འབྲས་བྱུང་བ་ལ་ནི་འདི་ལྟར་བཅིང་བའི་སྦྱོར་བ་ཇི་ལྟར་སྨྲས་པ་མི་བྱ་བར་བཟའ་བ་དང། བཏུང་བ
་དང་སྤྱོད་ལམ་ལ་སོགས་པ་ཐམས་ཅད་རྨའི་ཚུལ་དུ་གསོ་བར་བྱའོ། །གལ་ཏེ་དེ་བཅིངས་ཤིང་དཀྲིས་པར་གྱུར་ན་དེའི་ཤ་ཤིན་ཏུ་འཇམ་པ་ཐམས་ཅད་བརྣགས་ནས་ཞིགས་པར་འགྱུར་རོ། །དབྲལ་ཚེ་ནུ་ཞོ་འཛག་པ་དང། །ནུ་སོར་ནག
་པོར་མི་གནོད་བསྲུང། །ཞེས་བྱ་བ་ལ། ནུ་མའི་ནུ་འབྲས་དེ་སྨིན་པར་གྱུར་ན་བཙགས་བུའི་ལས་བྱས་ཤིང་དབྲལ་བར་བྱ་ལ་དབྲལ་བ་དེའི་ཚེ་ན་ནུ་ཞོ་འཛག་པའི་རྩ་དང་ནུ་སོར་ནག་པོ་འམ་དེའི་ཉེ་འཁོར་ནག་ཏིལ་ཏིལ་པོར་འདུག་པ
་དེ་ལ་མི་གནོད་ཅིང་མ་ཕོག་པར་བསྲུངས་ལ་བཙགས་བུས་གདབ་པར་བྱའོ། །མ་སྨིན་གནས་སྐབས་ཐམས་ཅད་དུ། །དེ་ཡི་ནུ་ཞོ་བཙིར་ཞིང་བཞོ། །ཞེས་བྱ་བ་ལ། མ་སྨིན་པ་དང་སྨིན་པ་དང་ཕྱེད་སྨིན་གནས་སྐབས་ཐམས་ཅད་དུ་དེའི
་ནུ་ཞོ་དེ་བཙིར་ཞིང་མ་ལུས་པར་བཞོ་བར་བྱའོ། །རྒྱུ་བླུགས་རླུང་ཤས་ཆེ་བ་ལ། །དུར་བྱིད་སྣུམ་ཅན་གྱིས་སྦྱང་ཞིང། ། མྲའི་འབྲས་བུ་སེང་ཕྲོམ་མར། །ེ་རཎྜ་དང་སྐྱི་དེ་བའི། །མར་དང་སྨན་མར་འདྲེས་མ་སྦྱིན། །ཞེས་བྱ་བ་ལ། རླུང་ལས
་གྱུར་པའི་རྒྱུ་བླུགས་ཀྱི་ནད་ལ་ནི་ནད་པ་དུར་བྱིད་སྣུམ་དང་ལྡན་པས་དུག་བྱས་ལ་སྤྱད་བར་བྱ་ཞིང་ཨ་མྲའི་འབྲས་བུའི་མར་དང་སེང་ཁྲོམ་གྱི་མར་དང། ཨེ་རཎྜའི་མར་དང་སྐྱི་དེ་བའི་མར་དང་འདྲེན་མའི་སྨན་མར་གང་ཡང
་རུང་བས་སྨིན་ཞིང་བཀྲུ་སྨན་གྱིས་སྦྱང་བར་བྱའོ། །དེ་ནས་རླུང་འཇོམས་སྨན་ཁུ་སྣུམ། །ལྡེ་གུས་མས་བཏང་དྲག་པོ་བྱ། །ཞེས་བྱ་བ་ལ། དེ་ལྟར་བཀྲུ་སྨན་དྲག་པོ་བཏང་བའི་འོག་ཏུ་དེ་རྟས་ལ་རླུང་འཇོམས་པའི་སྨན་གྱི་སྡེ་ཚན་གྱི་བཀྲུ
་སྨན་དྲག་པའི་སྨན་ཁུ་དང། སྣུམ་དེ་དང་ལྡེ་གུས་བཀྲུ་སྨན་མས་བཏང་བ་དྲག་པོ་ནི་རུ་ཧ་ཞེས་བྱ་བའོ། །ཤ་ཁུར་བཅས་པ་ཟས་སྦྱིན་ཞིང། །ཤིང་མངར་སྣུམ་བསྐོལ་འཇམ་རྩི་བཏང། །ཞེས་བྱ་བ་ལ། ནད་པ་དེ་དེ་ལྟར་ནི་རུ་ཧ་བྱས་ནས་ཤ
་ཁུ་དང་བཅས་པའི་ཟས་བྱིན་ན་དེའི་འོག་ཏུ་ཤིང་མར་བསྐོལ་བའི་འཇམ་རྩི་བཏང་བར་བྱའོ། །རླུང་འཇོམས་དུགས་དང་བསྐུ་བ་བྱ། །སྨིན་ནས་དཔྲལ་ལ་རྨ་ལྟར་གསོ། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་བའི་རྒྱུ་བླུགས་ཀྱི་ནད་ལ་ནི་རླུང
་འཇོམས་ཤིང་སེལ་བའི་དུགས་དང་བསྐུ་བྱུག་ཐམས་ཅད་བྱའོ། །དེ་སྨིན་པར་གྱུར་ནས་ནི་དཔྲལ་ལ་གསོ་བའི་ཆོ་ག་ལྟར་བྱའོ། །རྒྱུ་བླུགས་ཁྲག་མཁྲིས་ལས་གྱུར་ལ། །སྨིན་དང་མ་སྨིན་ཇི་བཞིན་དུ། །རྨ་དང་སྐྲངས་པའི་གསོ་བ་བྱ། །རྒྱུན་དུ
་ཁྲག་ཀྱང་དབྱུང་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པའི་རྒྱུ་བླུགས་ཀྱི་ནད་ལ་ནི་སྨིན་པ་དང་མ་སྨིན་པ་དག་ལ་རྨ་དང་སྐྲངས་པའི་ནད་གསོ་བ་བྱ་སྟེ། དེ་ཡང་གོ་རིམ་ཇི་ལྟ་བ་བཞིན་སྨིན་པ་ལ་ནི་རྨའི
་ཚུལ་དུ་གསོ་ལ་མ་སྨིན་པ་ལ་ནི་སྐྲངས་པའི་ཚུལ་དུ་གསོ་བར་བྱའོ། །ཡང་ན་དེ་ལ་རྟགས་པར་རྒྱུན་དུ་ཁྲག་དབྱུང་བར་བྱ་བའི་ཆོ་ག་བྱའོ། །བད་ཀན་ལས་གྱུར་སྐྱེར་པ་ཡི། །ཕྱེ་མ་བ་གཅིན་སྦྱོར?་བ་བླུད། །ཅེས་བྱ་བ་ལ། བད
་ཀན་ལས་གྱུར་པའི་རྒྱུ་བླུགས་ཀྱི་ནད་ལ་ནི་སྐྱེད་པའི་ཕྱེ་མ་བ་གཅིན་དང་སྦྱར་བ་བླུད་པར་བྱའོ། །འདི་ལ་རྙིང་བྱ་མ་གཏོགས་པར། །བད་ཀན་རྨེན་བུའི་གསོ་བ་ཕན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཁོང་འབྲས་ཀྱི་ནད་འདི་ལ་ནི་དེ་རྙིང་ཅིང
་ཞུམ་པར་བྱ་བའི་ཐབས་མ་གཏོགས་པ་བད་ཀན་གྱི་རྨན་བུ་གསོ་བའི་ཐབས་ཐམས་ཅད་བྱའོ། །སྨིན་ནས་དཔྲལ་ཏེ་ཛཱ་ཏི་ཡི། །མེ་ཏོག་གོ་བྱེ་ཨ་གོ་ལ། །ལོ་མ་བདུན་པ་པ་ཏོ་ལ། །ནིམཔ་ཡུང་བ་བྱི་དང་བ། །དུག་མོ་ཉུང་དང་ཏིལ་མར་བསྐོལ།།
་རྨ་སྦྱངས་ཕྱིར་ནི་བླུད་པ་བསྔགས། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྒྱུ་བླུགས་སྨིན་པར་གྱུར་པ་ལ་ནི་བཙགས་བུས་དབྲལ་ལ་ཛཱ་ཏིའི་མེ་ཏོག་ལ་སོགས་པ་དང་བསྐལ་བའི་ཏིལ་མར་བླུད་ཅིང་རྨ་སྤྱང་བར་བྱའོ། །ཛཱ་ཏིའི་མེ་ཏོག་ནི་སུ་མ
་ནའོ། །གོ་བྱེ་ནི་ད་ལ་ཏ་ཀའོ། ། ཀ་ལ་ནི་ཨི་ར་བ་ལའོ། །ཚིལ་ལས་གྱུར་ལ་བྱེའུ་རུག་སོགས། །བ་གཅིན་སྦྱར་ཏེ་བཏགས་པ་འམ། །མགོ་བོའི་བཀྲུ་སྨན་དག་གིས་བྱ། །རླིག་པའི་སྲུབས་མཚམས་མ་གཏོགས་པ། །འཕེལ་ཚབས་ཀྱིས་ནི་དཔྲལ་ནས
་སུ། །ཚིལ་ནི་ལེགས་པར་དབྱུང་བར་བྱ། །རྨ་ནི་སྤྲང་རྩི་ནག་ཚུར་དང། །རྒྱམ་ཚ་དེས་པར་བསྐུས་ནས་བཙེམ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་རྒྱུ་བླུགས་ལ་ནི་བྱེའུ་རུག་པ་ལ་སོགས་པའི་སྡེ་ཚན་བ་གཅིན་དང་སྦྱར་ཏེ་ཞིབ་ཏུ་བཏགས་པ་འམ།།
་མགོ་བོའི་བཀྲུ་སྨན་བ་གཅིན་དང་སྦྱར་བ་ལེགས་པར་ཚོས་པས་དུགས་བྱས་ལ་རླིག་པའི་དབུས་ཀྱི་སྲུབས་མཚམས་ལྟ་བུ་མ་གཏོགས་པར་འཕེལ་བཙགས་ཀྱིས་དཔྲལ་ཞིང་བཤགས་ལ་དེ་ལས་ཚིལ་ལེགས་པར་དབྱུང་ཞིང་སྐྱོན་མེད་པར
་བྱས་ལ། དེའི་འོག་ཏུ་རྨ་སྦྲང་རྩི་ལ་སོགས་པས་བསྐུས་ནས་ལེགས་པར་བཅོམ་ཅིང་དྲུབ་པར་བྱའོ། །དེ་ལ་ཚིལ་ནི་སྦྱང་པའི་ཕྱིར། །ལྡོང་རོས་སུག་སྨེལ་སུ་མ་ན། །གོ་བྱེ་པི་པི་ལིང་མུ་ལ། །ཏིལ་མར་དག་ནི་བསྐུ་བར་བྱ། །ཞེས་བྱ་བ་ལ། ཚིལ་ལས
་གྱུར་པའི་རྒྱུ་བླུགས་དེ་ལ་ཚིལ་སྦྱང་ཞིང་དག་པར་བྱ་བའི་ཕྱིར། ལྡོང་རོས་ལ་སོགས་པ་བསྐུ་བའི་སྦྱོར་བ་བྱའོ། །རྨ་ནི་འབྱོར་བར་གྱུར་གྱི་བར། །སྣུམ་དང་དུགས་ཡང་བརྟེན་པར་བྱའོ། །གཅིན་བྱུང་སྣུམ་གྱིས་དུགས
་བྱ་ཞིང་འབྱར་བར་གྱུར་གྱི་བར་དུ་སྣུམ་དང་དུགས་དུས་རྟག་ཏུ་བརྟེན་པར་བྱའོ། །གཅིན་བྱུང་སྣུམ་གྱིས་དུགས་བྱ་ཞིང། །རས་མ་ཕྲ་མོས་དཀྲི་བར་བྱ། །སྲུབས་མཚམས་འོག་ཏུ་དམུ་རྫིང་བཞིན། །ལགས་པར་དཔྲལ་ཏེ་གཟིགས
་པར་བྱ། །རྨ་བཀག་གཅིན་དང་འབྱོར་པར་བྱ། །ཞེས་བྱ་བ་ལ། གཅིན་ལས་གྱུར་པའི་རྒྱུ་བླུགས་ཀྱི་ནད་ནི་སྣུམ་གྱི་སྨན་གྱིས་དུགས་བྱས་ལ་དེའི་འོག་ཏུ་རས་ཀྱི་ཚལ་བ་ཕྲ་མོས་དཀྲིས་ལ་སྲུབས་མཚམས་ཀྱི་འོག་ཏུ་དམུ་རྫིང་གི
་སྤྱད་ཇི་ལྟར་བྱ་བ་བཞིན་དུ་འབྲས་གྱི་རྩེ་མོ་ལྟ་བུ་བཙགས་བུས་ཕུག་ལ་དེ་ལེགས་པར་འཛག་ཏུ་གཞུག་པར་བྱའོ། །དེ་ནས་དེའི་འོག་ཏུ་བཀག་ནས་སྐྱེའུ་ལྟ་བུའི་བཅིང་བས་དཀྲིས་ལ་དེ་རྨ་གསོ་བའི་ཆོ་གས་དེ་འབྱོར་བར་བྱའོ། །རྒྱུ་མ
་བྱུང་པར་གྱུར་པ་དག། རླིག་པར་ཕྱིན་པར་མ་གྱུར་ལ། །རླུང་གི་རྒྱུ་བླུགས་བཞིན་དུ་གསོ། །ཞེས་བྱ་བ་ལ། རྒྱུ་མ་བྱུང་བ་ལས་གྱུར་པའི་བླུགས་པ་ལ་ནི་རླིག་པའི་གནས་སུ་ཕྱིན་པར་མ་གྱུར་གྱི་བར་དུ་རླུང་གི་རྒྱུ་བླུགས་ལྟར་དེ་གསོ་བར
་བྱའོ། །བ་སྤྲུ་བ་ནི་སྲང་བརྒྱད་དང། །རྩ་བ་བཅུ་པ་ཨ་རཎྜ། ། ཤ་གན་ད་ཉེའུ་ཤིང་དང། །བ་ཡ་སྱ་དང་དུརྦ་གཉིས། །འདམ་བུ་ཀུ་ཤ་བུ་རམ་ཤིང། ། ཏ་ག་ལར་བཅས་པ་ནི། །རེ་རེ་སྲང་ནི་བཅུ་བཅུ་བྱས། །ཆུ་བྲེ་བརྒྱ་ཉི་ཤུ་བརྒྱ།།
་བསྐལ་ལ་བརྒྱད་ཆ་ལུས་པ་རུ། །དེར་ནི་བུ་རམ་སྲང་སུམ་ཅུ། །ེཎྜ་ཡི་མར་བྲེ་དོ། །འོ་མ་མར་ནི་བྲེ་དོ་དོ། །པི་པི་ལིང་དང་དེའི་རྩ་བ། །ཤིང་མངར་རྒུན་འབྲུམ་ལྕེ་མྱང་ཚ། །ལ་ལ་ཕུད་དང་དོང་གྲ་བཞུག། དེ་བཙོས་སྐྱིད་དེ་བཞེས་པ།
་གཞོན་ཤ་ཅན་གྱི་བཅུད་ལེན་ཡིན། །རླུང་དང་ཐན་པ་ལམ་དུ་འགྲོ། གཞོན་སོགས་བསྲུངས་པའི་བསྡམ་མི་དགོས། །སྐྱིད་དེ་བ་དང་ཕྱུག་པོ་དང། །བདེ་བ་བསྟེན་དང་བུད་མེད་དང། །བུད་མེད་རྒན་མོའི་ཁྱོ་དང་ནི། །དཔལ་དེ་སྐྱེད་རྩོད་པ་བཟློག?
་བྱེད་ཅིང། །དུས་ཀུན་ཏུ་ནི་བསྟན་གྱུར་ན། །མདོག་མདངས་ཤ་ནི་རྒྱས་བྱེད་ཅིང། །རྒྱུ་བླུགས་ཁང་འབྲས་སྐྲན་གཞང་འབྲུམ། །ཕོ་མཚན་མོ་མཚན་རླུང་གིས་ཉེན། །འོར་ནད་དམུ་རྫིང་མཆིན་པ་ན། །རྟུག་སྐམས་ནད་ནི་སེལ་བྱེད་མཆོག།
་ཅེས་བྱ་བ་ལ། བ་སྦྲུ་བ་ཞེས་བྱ་བ་བུ་ན་རྣ་བ་སྲང་བརྒྱད་རྩ་བ་བཅུ་ལ་སོགས་པ་སྨན་རེ་རེ་ཞིང་སྲང་རེ་སྟེ། སྲང་བཅུ་ཆུ་བྲེ་བརྒྱ་ཉི་ཤུ་རྩ་བརྒྱད་དེ། །དེ་ནི་བཞི་ཆ་བསྐོལ་ལ་དེའི་བརྒྱད་ཆ་ལུས་པ་དེ་བྲེ་བརྒྱད་ལུད་པ་དེ་ཚགས་ཀྱིས་བཙོགས་ཤིང་བསྒྲངས
་པའི་ཁུ་བ་དེའི་ནང་དུ་བུ་རམ་སྲང་སུམ་ཅུ་ཨེ་རཎྜའི་མར་བྲེ་དོ་འོ་མ་བྲེ་དོ་མར་བྲེ་དོ་བཅུག་སྟེ་ཡང་བསྐོལ་ལ་པི་པི་ལིང་ནས་དོང་གྲའི་བར་དུ་སྣ་རེ་རེ་ཞིང་སྲང་གཉིས་གཉིས་ལྡེ་གུར་སྦྱར་བ་བཅུག་ལ་དེ་ཐམས་ཅད་གཅིག་ཏུ་བྱས་ཏེ་བཙོས་པ
་དེ་ནི་སྐྱིད་དེ་པའི་བཅུད་ཀྱི་ལེན་ཅེས་བྱ་སྟེ། གཞོན་ཤ་ཅན་གྱིས་བཅུད་ཀྱི་ལེན་པ་ཡིན་ཞིང་རྣོན་པོ་ཡིན་ལ། རླུང་དང་ཐན་པ་ལ་སོགས་པ་བསྡམས་པར་བྱ་བ་ཐམས་ཅད་བསྲུང་ཞིང་བསྡམ་མི་དགོས་སོ། །དེ་ནི་སྐྱིད་དེ་བར་འདུག་པ་དང་ཕྱུག་ཅིང
་ནོར་མང་པ་དང་བདེ་པ་བསྟེན་ཅིང་སྡུག་མ་མྱོང་བ་དང་བུད་མེད་དང་བུད་མེད་རྒན་མོ་དང་བུད་མེད་རྒན་མོའི་ཁྱོ་ལ་སྦྱིན་པར་བྱ་བ་ཡིན་ལ། །དེ་བཞིན་དུ་བཀྲ་མི་ཤིས་པ་བཟློག་ཅིང་དཔལ་བསྐྱེད་པ་དང། རྩོད་ཅིང་འཐབ་པ་ཟློག་ཅིང་ཞི་བར
་བྱེད་པ་དང། དུས་ཐམས་ཅད་དུ་བསྟེན་ཅིང་གོམས་པར་བྱས་ན་མདོག་བཟང་བར་བྱེད་པ་དང། མདངས་གསལ་བར་བྱེད་པ་དང། ཤ་རྒྱས་པར་བྱེད་པ་ཡིན་ཞིང་དེ་བཞིན་དུ་རྒྱུ་བླུགས་ལ་སོགས་པའི་རླུང་ནད་སེལ་བར་བྱེད་པའི་སྨན་གྱི་མཆོག
་དམ་པ་ཡིན་ནོ། །སྨན་གྱི་བཀྲུ་སྨན་འཇམ་རྩི་ཡིས། །གལ་ཏེ་རྒྱུ་བླུགས་མ་ཞི་ན། །དང་པོར་འཇམ་རྩི་བཏང་ནས་ནི། །དེ་ནས་ཆུ་སོར་གནས་པ་ནི། །ཟླ་བ་ཁམ་པའི་ཁ་འདྲ་བས། །རླུང་ལམ་དག་ཕྱིར་བསྲེག་བར་བྱ།།
་ཞེས་བྱ་བ་ལ། སྣུམ་གྱི་བཀྲུ་སྨན་དང། འཇམ་རྩི་མས་བཏང་བ་དག་བྱས་སུ་ཟིན་ཀྱང། གལ་ཏེ་རྒྱུ་བླུགས་ཀྱི་ནད་དེ་ཞི་ཞིང་བྱད་བར་མ་གྱུར་ན། དེའི་འོག་ཏུ་དང་པོ་ཁོ་ན་འཇམ་རྩིའི་ལས་བྱས་ནས་དེ་ནས་ཆུ་སོར་གནས་པའི་རྒྱུ་བླུགས
་ཏེ་ཟླ་བ་ཁམ་པ་ཞེས་བྱ་བ་རྩེ་མོ་ཟླ་བ་ཕྱེད་པ་འདྲ་བའི་ཆ་བྱད་ཀྱིས་རླུང་འཇུག་ཅིང་རྒྱུ་བའི་ལམ་དགག་པའི་ཕྱིར་དེ་ལེགས་པར་བསྲེག་པར་བྱའོ། །མཐེ་བོའི་སྟེང་གི་རྒྱུས་པ་ནི། །སེར་ཞིང་སྣལ་མ་འདྲ་བ་གང། །ཁབ་ཀྱིས་བཏེག་སྟེ
་ཐད་ཀ་རུ། །གང་ན་ནད་ཡོད་བཅད་དེ་བསྲེག། ཅེས་བྱ་བ་ལ། ལུས་ཀྱི་གཞོགས་ཕྱོགས་གང་ན་ནད་དེ་ཡོད་པ་ཕྱོགས་དེ་མཐེ་བོའི་སྟེང་གི་རྒྱུས་པ་སེར་ཞིང་སྣལ་མ་དང་འདྲ་ཞིང་མཚུངས་པ་གང་ཡིན་པའི་རྒྱུས་པ་དེ་ཁབ་ཀྱིས་གྱེན་དུ
་བཏག་ལ་ཐད་ཀར་བཅད་ནས་དེའི་འོག་ཏུ་བསྲེག་པར་བྱའོ། །ཞེས་སྨན་པ་ཁ་ཅིག་ཟེར་རོ། །གཞན་དག་དེ་ལས་ལོགས་གཞན་ན་མི་སྲན་ལག་སོར་མོ་སྲེག་ཅེས་ཟེར་ཞེས་བྱ་བ་ལ། ཡང་སློབ་དཔོན་གཞན་དག་ནི་གང་ན་ཡོད་པ་དེ
་ནི་ལོགས་གཞན་པ་ཅིག་ཤོས་སུ་མཐེ་བོའི་སྟེང་གི་རྒྱུས་པ་སེར་པོ་སྣ་ལ་མ་འདྲ་བ་གང་དག་ཡོད་པ་དེ་ཁབ་ཀྱིས་བཏེག་ལ་ཐད་ཀར་འཕྲེང་དུ་བཅད་དེ་བསྲེག་པར་བྱའོ་ཞེས་ཟེར་རོ། །ཡང་ན་གང་ན་ནད་ཡོད་པའི་ཕྱོགས་དེ་འམ་ལོགས་གཞན
་གྱི་སྲིན་ལག་གི་ཚིགས་ཀྱི་སྟེང་ན་རྩ་གང་དག་ཡོད་པ་དེ་སྔ་མ་བཞིན་དུ་བཏེག་སྟེ་བསྲེག་པར་བྱའོ་ཞེས་ཟེར་རོ། །ཁ་ཅིག་འདི་ནི་བད་ཀན་རླུང། །ལས་གྱུར་སྐྲན་མཆེར་བྱ་ཞེས་ཟེར། །ཞེས་བྱ་བ་ལ། སློབ་དཔོན་གཞན་ཁ་ཅིག་ནི་རྒྱུས་པ་བཅད
་ཅིང་བསྲེག་པའི་ཆོ་ག་འདི་དག་ནི་བད་ཀན་དང་རླུང་ལས་གྱུར་པའི་སྐྲན་དང་མཆེར་པའི་ནད་ལ་ཡང་བྱའོ་ཞེས་ཟེར་རོ། །བི་ཤ་ཚེར་ནད་ག་ན་ཡོད། །མཐེའུ་ཆུང་སྲིང་ཡན་ག་ལ་བྱ། ཞེས་བྱ་བ་ལ། རླུང་ནད་བི་ཤྭ་ཙེ་ཞེས་བྱ་བ་ལ་གཞོགས
་གང་ན་ཡོད་པའི་ཕྱོགས་དེ་ཉིད་ཀྱི་མཐེའུ་ཆུང་དང་སྲིན་ལག་གི་སྟེང་གི་རྒྱུད་པ་སྔ་མ་བཞིན་དུ་བཅད་པ་དང་བསྲེག་པར་བྱའོ་ཞེས་འདོད་དོ།། །།ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས
་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ་བཅུ་གསུམ་བའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྐྲན་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམ་ལ་བབ་པས་ན་གསོ
་བ་འདི་བརྩམས་པ་ཡིན་ནོ། །རླུང་གྱུར་སྐྲན་ནི་མི་ཟད་ན། །ཕྱིས་ས་ཕྱེན་ནི་འགགས་གྱུར་ན། །རྩུབ་དང་གྲང་བྱུང་རླུང་ནད་ལ། །ཕན་པའི་ཏིལ་མར་དག་གིས་གསོ། །ཟས་སྐོམ་འཇམ་རྩི་སྤྱད་པ་དང། །བསྐུ་བྱུག་སྣུམ་ཆོས་དུགས་སྤྱད་བྱ། །ཞེས
་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ནི་བརྣགས་མི་བཟོད་པར་ན་བ་དང། ཕྱི་ས་ལ་སོགས་པ་འགག་ཅིང་སྲི་བར་འགྱུར་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་པས་རླུང་ནད་ལ་ཕན་པར་བཤད་པའི་ཏིལ་མར་གྱི་སྦྱོར་བས་གསོ་བར་བྱ་ལ། དེ
་ཡང་ཟས་སྐྲོམ་ལ་སོགས་པའི་ཚུལ་སྣུམ་ཆོས་བྱ་བ་དང། དུགས་བྱ་བ་གསོ་བར་བྱའོ། །སྤྲོ་དང་ཟུག་དང་རེངས་པ་དང། །འགགས་པ་ལ་ནི་མཆོག་ཏུ་བྱ། །ཞེས་བྱ་བ་ལ། གལ་ཏེ་རླུང་ལས་གྱུར་པའི་སྐྲན་དེ་སྤོས་པ་ལ་སོགས་པ་དང་ལྡན་ན
་ལྷག་པར་ཡང་དུགས་ཀྱིས་གསལ་བར་བྱའོ། །སྣུམ་ཆོས་དུགས་ནི་བྱས་པ་ཡིས། །བུ་གའི་རྒྱུན་སྲང་མཉེན་བྱེད་ལ། །རླུང་ཤས་ཆེ་བ་གཞོམ་བྱ་ཞིང། །ཕྱི་ས་སྲི་བ་སེལ་སྐྲན་འཇོམས། །ཞེས་བྱ་བ་ལ། ཡང་དུགས་ཀྱི་ཆོ་གས་བུ་གའི་རྒྱུན་སྲད་གང?
་དག་འགགས་པ་ཐམས་ཅད་མཉེན་ཅིང་འཇམ་པར་བྱ་བ་དང། དེ་བཞིན་དུ་རླུང་གི་ཤས་སྟབས་ཆེ་བར་གྱུར་པ་དེས་གསལ་ཞིང་གཞོམ་པར་བྱ་བ་དང། དེ་བཞིན་དུ་ཕྱི་ས་སྲི་ཞིང་འགགས་ལ་སླ་བར་བྱ་ཞིང་རླུང་གིས
་བསྡུས་པ་ལྷོད་པར་བྱས་ནས་སྐྲན་དེ་སྣུམ་ཆོས་དང་དུགས་ཀྱི་སྦྱོར་བས་སེལ་བར་བྱེད་དོ། །ལྟེ་བ་ཡན་ཆད་སྐྱེས་པ་ཡིས། །སྐྲན་ལ་མཆོག་ཏུ་སྣུམ་བླུད་ཕན། །ཞུ་བའི་གནས་པ་སྟེན་འཇམ་རྩི་བྱ། །ལྟོ་བར་གནས་ལ་གཉིས་ཀ་བྱ། །ཞེས་བྱ་བ
་ལ། སྐྲན་ལྟེ་བ་ཡན་ཆད་སྐྱེས་པའི་སྐྲན་ལ་ནི་མཆོག་ཏུ་སྨན་མར་ལ་སོགས་པའི་སྣུམ་ཕན་པ་ཡིན་ནོ། །ཞུ་བའི་གནས་ལྟེ་བ་མན་ཆད་གནས་ཤིང་སྐྱེས་པའི་སྐྲན་ལ་ནི་ཁྱད་པར་དུ་ཡང་སྣུམ་གྱི་འཇམ་རྩི་མས་བཏང་བ་ཕན་ནོ། །ལྟོ་བའི་ནང
་དུ་སྐྱེས་པའི་རླུང་ལས་གྱུར་པའི་སྐྲན་ལ་ནི། །སྣུམ་བླུད་པ་དང་འཇམ་རྩི་བྱ་བ་གཉིས་ཀ་ཕན་ནོ། །རླུང་ཅན་སྐྲན་ནི་དྲོད་ཆེ་ལ། །ཕྱི་ས་རླུང་ནི་འགགས་གྱུར་ལ། །བཟའ་བཏུང་ཉམས་རྟས་ཕྱེད་པ་དང། །སྣུམ་དང་དྲོ་བ་སྦྱིན་པར་བྱ། །ཞེས་བྱ་བ་ལ།
་རླུང་ལས་གྱུར་པའི་སྐྲན་ཁོང་པའི་མེ་དྲོད་ཆེ་པར་གྱུར་བ་དང། དེ་བཞིན་དུ་ཕྱི་ས་དང་ཕྱེ་མ་ཞེས་བྱ་བའི་ཕྱི་ས་རླུང་འགགས་པར་གྱུར་པ་ལ་ནི་བཟའ་བ་དང་བཏུང་བ་ཉམས་བརྟས་ཤིང་འཚོ་བར་བྱེད་པ་དང། །སྣུམ་པ་དང་དྲོ་བའི་བག་དག
་ཡིན་པ་དེ་སྦྱིན་པར་བྱའོ། །རླུང་གྱུར་སྐྲན་ལ་བད་ཀན་དང། །མཁྲིས་པ་བསྲུང་ཞིང་ནི་རུ་ཧ། །འཇམ་རྩིར་བྱས་པའི་སྦྱོར་བ་ནི། །ཡང་དང་ཡང་དུ་བྱ་བ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་ལ་ནི་སྨན་བས་བད་ཀན་དང་མཁྲིས་པ་མི
་ལྡང་བར་ཅི་རིགས་པར་བསྲུངས་ལ། བཀྲུ་སྨན་དྲག་པོ་ནི་རུ་ཧས་མས་བཏང་བ་དང། སྣུམ་གྱི་འཇམ་རྩི་བཏང་བ་དང་སྣུམ་བླུད་པའི་སྦྱོར་བ་གང་དག་ཡིན་པ་ཡང་དང་ཡང་དུ་སྦྱིན་ཞིང་བཏང་བར་བྱའོ། །འཇམ་རྩི་མཆོག་ཏུ་སྐྲན
་འཇོམས་པར། ཤེས་བྱ་དེ་ནི་རླུང་གི་ནད། །དང་པོར་རང་གི་གནས་སུ་བཅོམ། །འཕྲལ་དུ་སྐྲན་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། སྣུམ་གྱི་འཇམ་རྩི་མས་བཏང་པའི་གཞན་པས་ཀྱང་ཁྱད་པར་དུ་སྐྲན་འཇོམས་པར་ཤེས་ཤིང་རྟེགས་པར་བྱ་སྟེ།
་གང་གི་ཕྱིར་འཇམ་རྩིའི་ལས་དེས་རླུང་གི་ནད་གང་དག་ཡིན་པ་དེ་དང་པོ་ཁོ་ནར་རང་གི་གནས་སུ་བཅོམ་ཞིང་གསལ་བར་བྱས་ནས་འཕྲལ་དུ་དེའི་མོད་ལ་སྐྲན་སེལ་ཅིང་འཇོམས་པར་བྱེད་དོ། །དེ་ངས་སྐྲན་ལ་རྒྱུན་དུ་ནི། །མས་བཏང་དྲག་པོ།
་འཇམ་རྩི་བཅས། །བཏང་བར་གྱུར་པས་རླུང་བད་ཀན། །མཁྲིས་པའི་བདག་ཉིད་ཅན་རྣམས་སེལ། །ཞེས་བྱ་བ་ལ། གང་གི་ཕྱིར་འཇམ་རྩི་དེ་ལྟར་ཡོན་ཏན་ཆེ་བ་དེའི་ཕྱིར་སྐྲན་ལ་ནི་རྒྱུན་ཏུ་ཡང་དང་ཡང་མས་བཏང་བས་དྲག་པོ་ནི་རུ་ཧ་ཞེས
་བྱ་བ་འཇམ་རྩི་དང་བཅས་པར་གྱུར་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་བདག་ཉིད་ཅན་གྱི་སྐྲན་རྣམས་སེལ་ཅིང་ཞི་བར་འགྱུར་རོ། །ཤིང་ཀུན་དང་ནི་ཚ་བ་གསུམ། །རྩལ་རུ་ཚྭ་དང་ཁ་རུ་ཚྭ་དང། །སེའུ་འབྲུ་མ་ནུ་གོ་སྙོད་དང། །ཟི་ར་འོ་སུ་ལག?
་ཕུད། །ལྟར་བུ་ཡ་བཀཤ་ར་དང། །ཟུར་བ་ཤུ་དག་ཙི་ཏྲ་ཀ། ཨ་ས་གནད་སུག་སྨེལ་བྱེའུ་རུག་པ་ནི་ཞོ་དང་བཅས། །མར་བསྐོལ་རླུང་གི་སྐྲན་སེལ་ཅིང། །གཟེར་དང་ལྟོ་སྤོས་འཇོམས་པར་བྱེད། །ཅེས་བྱ་བ་ཤིང་ཀུན་ལ་སོགས་པའི་ལྡེ་གུར་བྱས་པ
་ཞོ་དང་བཅས་པ་དང་མར། །སྐོལ་བ་དེ་བླུད་ན་རླུང་ལས་གྱུར་པའི་སྐྲན་དང་གཟེར་ལ་སོགས་པ་འཇོམས་པར་བྱེད་དོ། །སྤ་མའི་འབྲས་བུ་ཚ་བ་གསུམ། །ཟི་ར་གོ་སྙོད་ཚ་བ་ལྔ། ། ཟ་མོ་དང་ལྕེ་མྱང་ཚ། །ཞོ་དང་འོ་མ་མར་དང་ནི། །སིའུ་འབྲུ
་ལ་ཕུག་རྒྱ་ཤུག་གི། ཁུ་བ་བསྐོལ་བ་རླུང་གི་ནི། །སྐྲན་དང་དམུ་རྫིང་ལྟོ་སྤོས་དང། །རྩིབ་ལོགས་སྙིང་དང་ལྟོ་བ་གཟེར། །མངལ་ན་གཞང་འབྲུམ་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་དང། རིམས་ནད་ཡི་ག་འཆུས་པ་འཇོམས། །ཞེས་བྱ་བ་ལ།
་ཡ་མའི་འབྲས་བུ་ལ་སོགས་པ་ལྡེ་གུར་བྱས་པ་དང་ཞོ་དང་འོ་མ་སིའུ་འབྲུའི་ཁུ་བ་དང་ལ་ཕུག་སྐམ་པོ་བསྐོལ་བའི་ཁུ་བ་དང་རྒྱ་ཤུག་གི་ཁུ་བ་སྟེ། དེ་དག་ཐམས་ཅད་ཆ་མཉམ་པ་དང། །མར་བསྐོལ་ལ་དེ་བླུད་ན་རླུང་གི
་སྐྲན་ལ་སོགས་པ་འཇོམས་པར་བྱེད་དོ། །རྩ་བ་བཅུ་པ་སུ་ཤ་པི། །པ་ལ་ཀ་ཤ་མ་ནུ་དང། །བ་སྦྲུ་པ་གཉིས་ཨེ་རཎྜ། །ར་སྣ་ཨ་ཤ་གནད་དང། །ག་བྲིལ་རྩ་བ་ཟུར་བ་དཀར། །སླེ་ཏྲས་གནད་པ་ལ་ཤ། སྲང་ནི་གཉིས་གཉིས་ཚད་བྱས་དང། །ཉི
་ཤུ་རྩ་བརྒྱད་ནང་དུ་བསྐོལ། །ནས་དང་རྒྱ་ཤུག་རྒྱ་སྲན་དང། །མ་ཤ་བྲེ་རེ་ལྷན་ཅིག་ཏུ། །ཆུ་བྲེ་བཅུ་དྲུག་ནད་དུ་བསྐོལ། །ཁུ་བ་དེར་ཞོ་བྲེ་བཞི་དང། །མར་བྲེ་གང་དང་སླར་བསྐོལ་ལ། །སེའུ་འབྲུ་ཨ་མྲ་ཏ་ཀ་དང། །ཁ་ལུང་ཁུ་བ་བྲེ་རེར་བཅས།།
་དེ་བཞིན་རྩ་བས་མོ་སྐྱུར་རྩབས་ཚྭ། །གཡེར་མ་ཤུ་དག་ག་གྲའི་རྩ། །ར་སྣ་པི་པི་ལིང་རྩ་བ། །ཙི་ཏྲ་ཀ་དང་འོ་སུ་དང། །ཡ་བ་ན་ཀ་ལ་ལ་ཕུད། །སྟར་བུ་ཟིར་ནག་པོ་དང། །གོ་སྙོད་ཟིར་སྦ་མའི་འབྲས། །ཀ་ར་བི་ར་ཟངས་རྩི་བ། །ུ་ཤ་ཀ་དང
་དུར་བྱིད་དང། །དནད་མུར་བ་བྱི་དང་ག། སེའུ་འབྲུ་ཧ་ཏི་པི་པི་ལིང། །གཟེ་མ་སྤང་པོས་སྲུ་སྲུའི་རྩ། །ག་གོན་རྒྱལ་མོ་ག་གོན་གྱི། །ས་བོན་ཤུ་ཏི་རྒྱལ་སྨན་གྱིས། །བྱེའུ་རུག་པའི་དང་ཐལ་སྨན་དང། །ནི་ལི་ལི་ཡི་འབྲས་བུ་དང། །ལན་ཚྭ
་གསུམ་དང་ཚ་བ་གསུམ། །བཅས་པའི་ཞོ་ཡི་སྨན་མར་དེས། །སྔར་བཤད་ནད་ཀྱིས་གསོ་དཀའ་དང། །རྗེད་བྱེད་སྨྱོ་བྱེད་གཅིན་སྲི་དང། །རླུང་ནད་གཞང་འབྲུམ་མྱུར་དུ་འཇོམས། །ཞེས་བྱ་བ་ལ། རྩ་བ་བཅུ་ལ་སོགས་པའི་སྨན་སྣ
་རེ་ཞིང་སྲང་གཉིས་གཉིས་ནས་དང་རྒྱ་ཤུག་དང་རྒྱ་སྲན་ཀུ་ལཏྠ་དང་མོན་སྲན་གྲེའུ་བྲེ་བཅུ་དྲུག་ལ་དྲོན་གཅིག་ཡོད་དོ། །དེའི་ནང་དུ་བསྐོལ་ལ་སྨན་གྱི་ཁུ་བ་བཞི་ཆ་ལུས་བ་དང། དེ་ཞོ་བྲེ་བཞི་དང་མར་བྲེ་གང་དང། སེའུའི་ཁུར་བྲེ་གང
་མྲི་ཏའི་ཁུ་བ་བྲེ་གང། །ཁ་ལུང་ཞེས་བྱ་བ་མ་ལུང་གི་ཁུ་བ་བྲེ་གང་བཅས་པ་དེ་བཞིན་དུ་ནས་སོ་བའི་རྩ་བ་མོ་བྲེ་གང་དང། སྐྱུར་རྩབས་ཞེས་པ་སྐན་ཇི་བྲེ་གང་དང། ཆ་བྲེ་གང་དང། དེ་བཞིན་དུ་གཡེར་མ་ལ་སོགས་པའི་སྨན་ཞིབ་ཏུ་བཏགས་པ
་མར་གྱི་བཞི་ཆར་བྱས་པ་དང་བསྲེས་ལ། བསྐོལ་བའི་སྨན་མར་དེ་ནི་ཞོའི་སྨན་མར་ཞེས་བྱ་སྟེ། ཞོ་དང་བསྐོལ་བས་མིང་དེ་སྐད་ཅེས་བྱའོ། །སྨན་མར་དེ་བླུད་པས་ནི་སྔར་བཤད་པའི་ནང་གསོ་དཀའ་བ་རླུང་གི་སྐྲུན་ལ་སོགས་པ་བཤད་མ་ཐག་པ
་རྣམས་དང་བརྗེད་བྱེད་ལ་སོགས་པའི་ནད་མྱུར་དུ་འཇོམས་པར་བྱེད་དོ། །ཀ་ར་བི་ནི་ཙིནྟི་པི་ཛ་ཞེས་བྱའོ། །ཟངས་རྩི་བ་ནི་བྲི་ཤ་པའོ། ། ཤ་ཀ་ནི་མུ་ཤ་པརྞི་སྟེ་རྟའི་རྣ་བ་འདྲའོ། །དནྟ་ནི་དནྟིའོ། །ལན་ཚྭ་གསུམ་ནི་ཁ་རུ་ཚ་རྣམ་གཉིས་དང་ལྕེ་མྱང
་ཚ་གཞན་དག་ནི་གོ་བར་ཟད་དོ། །ཚ་བ་གསུམ་དང་འབྲས་བུ་གསུམ། །འུ་སུ་དབྱི་མོ་བྱི་དང་ག། ཙི་ཏྲ་ཀ་ནི་ལྡེ་གུར་བྱས། །འོ་མ་མར་བསྐོལ་རླུང་སྐྲན་འཇོམས། །ཞེས་བྱ་བ་ལ་ཚ་བ་གསུམ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་འོ་མ་དང། མར་ཚུལ
་བཞིན་དུབ་བསྐོལ་བའི་སྨན་མར་གྱིས་ཀྱང་རླུང་ལས་གྱུར་པའི་སྐྲན་འཇོམས་པར་བྱེད་དོ། །སྒོག་སྐྱའི་རྩ་བ་སྲང་བརྒྱ་དང། །རྩ་བ་ཆེན་པོ་ལྔ་སྲང་ལྔ། །ཆུ་སྲང་སྟོང་དང་དེ་བསྐོལ་ལ། །བཞི་ཆ་ལུས་པར་ཕྱེད་སེའུ་འབྲུའི། །ཁུ་བ་ཆང་དང་འབྲས་བུ་སྐྱུར
་ཞོ་རྣམས་དེ་ཡི་ཕྱེད་ཕྱེད་དང། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་དབྱི་མོ་ལ་ལ་ཕུང། །དབྱི་མོ་ལྟར་བུ་ལྕེ་མྱང་ཚ། །ཐང་ཤིང་སྲང་ནི་ཕྱེད་ཕྱེད་དང། །མར་ནི་བྲེ་གང་བཅས་བར་བསྐོལ། །རླུང་ལས་གྱུར་པའི་ནད་ཀུན་འཇོམས། །ཞེས
་བྱ་བ་ལ། སྒོག་སྒྱུའི་རྩ་བ་ཤུན་པ་བཤུས་པ་སྲང་བརྒྱ་དང་རྩ་བ་ལྔ་ཆེན་པོ་སྣ་རེ་རེ་ཞིང་སྲང་ལྔ་ལྔ། ཆུ་སང་སྟོང་ཞེས་བྱ་བ་བྲེ་དྲུག་ཅུ་རྩ་གསུམ་དང་བསྐོལ་ལ། །བཞི་ཆ་ལུས་པར་གྱུར་པ་དེའི་ཕྱེད་དང་སྐམ་སའི་སེའུ་འབྲུའི་ཁུ་བ་དང་ཆང་དང་འབྲས
་ཁུའི་རང་སྐྱུར་ཀཉྫི་ཞེས་བྱ་བ་དང་ཞོ་རྣམས་དང་བསྲེས་ལ་ཚབ་གསུམ་ལ་སོགས་པ་སྲང་ཕྱེད་ཕྱེད་བཏགས་པའི་བྱེ་མ་བཏབ་པ་ཐམས་ཅད་མར་བྲེ་གང་དང་བསྐོལ་བའི་སྨན་མར་དེས་ནི་རླུང་ལས་གྱུར་པའི་སྐྲན་གྱི་ནད་ཇི
་སྙེད་པ་ཐམས་ཅད་འཇོམས་པར་བྱེད་དོ། །གཅོད་ཆེན་སྐབས་སུ་གང་བཤད་པའི། །སྲང་དྲུག་པ་ཡི་མར་ཡང་བླུད། ཅེས་བྱ་བ་ལ་ཡང་ན་སྔར་གཅོད་ཆེན་གསོ་བའི་སྐབས་སུ་བཤད་པའི་སྲང་དྲུག་པའི་སྨན་མར་ཞེས་བྱ་བ་བླུད་ན་ཡང་སྐྲན
་ལ་ཕན་ནོ། །འོ་མའི་སྐྱིན་པར་ཆང་དངས་སམ། །སེའུ་འབྲུ་ཞོ་སྤྲིས་སྦྱར་བའི་མར། །རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཞེས་བྱ་བ་ལ། ཡང་མར་དང་འོ་མ་བསྐོལ་བའི་སྐབས་སུ་འོ་མའི་སྐྱིན་བར་ཆང་གི་དངས་མ་འམ་སེའུ་འབྲུའི་ཁུ་བ་འམ། ཞོའི
་སྤྲིས་མ་བཅུག་ལ་དེ་དང་བཅས་པའི་མར་གྱིས་ཀྱང་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །རླུང་གི་སྐྲན་ལ་བད་ཀན་འཕེལ། །དྲོད་ཉམས་ཡི་ག་འཆུས་པ་དང། །སྙིང་རྒལ་ཁོང་ལྕི་སྙོམས་གྱུར་པས། །དེ་ལ་སྐྱུགས་སྨན་བཏང་བར་བྱ། །ཞེས་བྱ
་བ་ལ། རླུང་ལས་གྱུར་པའི་སྐྲན་ལ་གལ་ཏེ་བད་ཀན་འཕེལ་ཞིང་རྒྱས་པར་གྱུར་པས། ཁོང་པའི་མེ་དྲོད་ཉམས་པ་ལ་སོགས་པ་སྐྱེ་བར་གྱུར་པ་དེའི་ཚེ། དེ་ལས་སྐྱུགས་སྨན་བཏང་བས་བད་ཀན་དེ་བསལ་བར་བྱའོ། །གཟེར་དང་ལྟོ་སྦོས
་བཤང་སྲི་ལ། །གནས་ཤེས་བྱས་ནས་སྣུམ་བཅས་པའི། །སྨན་མར་སྨན་གྱི་ཕྱེ་མ་དང། །ཁུ་བ་རིལ་བུར་བྱས་པ་ན། །རྒྱ་ཤུག་སེའུ་འབྲུ་ཆུ་དྲོན་དང། །དར་བ་ཆང་དང་སྐྱུར་རྩབས་དང། །ཆང་དང་བཅས་བར་ནད་བར་བླུད། །ཅེས་བྱ་བ་ལ། ཡང
་ན་དེས་བསྐྱེད་པའི་གཟེར་ལ་སོགས་པའི་ནད་ལྟོ་སྲ་སྙིའི་གནས་ཤེས་པར་བྱས་ནས་སྣུམ་དང་བཅས་པ་སྦྱར་བའི་སྨན་མར་གྱིས་བཟླས་མ་ཐག་པའི་ཕྱེ་མ་དང་བསྐོལ་བའི་ཁུ་བ་དང་རིལ་བུར་བྱས་ནས་རྒྱ་ཤུག་གི་ཁུ་བའམ། །སེའུ
་འབྲུའི་ཁུ་བ་འམ་ཆུ་དྲོན་ལ་སོགས་པ་གང་ཡང་རུང་བ་བླུད་པར་བྱའོ། །ཡང་ན་བྱེ་མ་ལ་སོགས་པ། ཐུག་པ་སླ་བོར་བྱས་པ་ནི། །ནད་པར་ཡང་ན་ཟས་སྔོན་བླུད། །ཅེས་བྱ་བ་ལས། ཡང་ན་སྨན་མར་གྱི་ཕྱེ་མ་ལ་སོགས་པའི་སྨན་དེ་དག་ཐུག་པ་སླ
་བ་དང། སྦྱར་ཏེ་ནད་པར་གྱི་དུས་སུ་སྦྱིན་པར་བྱ་བ་འམ། ཟས་མ་ཟོས་པའི་ཐོག་མར་སྦྱིན་པར་བྱའོ། །ཕྱེ་མ་ཁ་ལུང་ཁུ་བ་དང། །ལན་མང་སྦྲུས་པར་གྱུར་པ་ནི། །ལས་ཀྱི་བྱེད་པར་ནུས་གྱུར་པའི། །རིལ་བུས་རླུང་དང་བད་ཀན་འཇོམས། །ཞེས་བྱ
་བ་ལ། སྨན་མར་གྱི་སྨན་དུ་བཤད་པའི་ཕྱེ་མ་དང། འོག་ནས་བཤད་པའི་སྨན་གྱི་ཕྱེ་མ་ལུང་གི་ཁུ་བ་དང། ལན་མང་དུ་སྦྲུས་ཤིང་བསྐོལ་བར་གྱུར་པའི་རིལ་བུར་བྱས་པའི་སྐྲན་འཇོམས་པའི་ལས་བྱེད་པར་ནུས་ཤིང། ཁྱད་པར་དུ་ཡང་རླུང
་དང་བད་ཀན་ལས་གྱུར་པའི་སྐྲན་འཇོམས་པ་ཡིན་ནོ། །ཤིང་ཀུན་ཤུ་དག་ཨ་རུ་ར། ཨ་ས་གནད་སེའུ་འབྲུ་དང། །འུ་སུ་པ་ཏ་ཏི་མུ་ས། །མ་ནུ་ཟུར་པ་དཀར་པོ་དང། །སྤ་མའི་འབྲས་བུ་ཙི་ཏྲ་ཀ། ཐལ་སྨན་གཉིས་དང་ལན་ཚ་གཉིས། །ས་བ་གཉིས་དང
་ཟི་ར་དང། །དབྱི་མོ་ད་ཏྲིག་སྟར་བུའི་ཕྱེས། །རླུང་དང་བད་ཀན་ལས་གྱུར་པའི། །སྙིང་ག་རྩིབ་ལོགས་ཆུ་སོ་དང། །མཇུག་ཏོ་མངལ་དང་ཆུ་སོར་གཟེར། །བད་ཀན་རླུང་ལས་གྱུར་པའི་ནད། །གསོ་དཀའ་སྐྲན་དང་ཕྱེན་དང་ནི། གཅིན་དང་ཕྱི་ས་འགགས་པ་དང།
་ལྐོག་མ་འགགས་ཤིང་སྙིང་ནད་དང། །སྐྱ་རྦབ་ཡི་ག་འཆུས་པ་དང། །མཆེར་པ་གཞང་འབྲུམ་སྐྱིགས་བུ་དང། །རྒྱུ་བླུགས་ལྟོ་སྤོས་མེ་དྲོད་ཉམས། །ལུད་པ་དབུགས་མི་བདེ་རྣམས་སེལ། །ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་གྱི་ཕྱེ་མར་བྱས
་པས་ནི་རླུང་དང་བད་ཀན་ལས་གྱུར་པའི་སྙིང་ག་དང་རྩིབ་ལོགས་ལ་སོགས་པ་གཟེར་བ་འཇོམས་ཤིང་གསོ་དཀའ་ཨི་བའི་སྐྲན་ལ་སོགས་པ་དང་ལྐོག་མ་བད་ཀན་གྱིས་འགགས་ཤིང་སྲུབས་པ་འཇོམས་པར་བྱེད་དོ། ། ས་གནད་ནི་བ་ཤུ་དནྟའོ། །ཏི
་མུ་ས་ནི་ཨ་ས་མོ་ད་དང་ནི་བྱ་ཀ་ཞེས་བྱའོ། །སྤ་མའི་འབྲས་བུ་ནི་ཧ་པུ་ཤའོ། །ཐལ་སྨན་གཉིས་ནི་སྦ་རྫི་ཀ་ཀྵེ་ར་དང་ཡ་བཀྵ་རའོ། །རྒྱམ་ཚྭ་དང་ནི་ལ་ལ་ཕུད། ། ས་མོ་དང་པི་པི་ལིང། །དོང་གྲོར་མ་བཞིན་ཆ་རེས་བསྐྱེད།
་ཐམས་ཅད་དང་ནི་ཆ་མཉམ་པའི། ། རུ་ར་བསྲེས་ཕྱེ་མ་འདི། །མེ་ནི་མངོན་སུམ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། རྒྱམ་ཚྭ་ལ་སོགས་པའི་སྨན་གོ་རིམ་བཞིན་དུ་ཕྱེ་མ་ཆ་རེ་རེས་སྐྱེད་པའི་ཕྱེ་མ་ཨ་རུ་ར་དང་ཆ་མཉམ་པར་བྱ་བ་སྟེ། དེས་ན་རྒྱམ་ཚྭ
་ཞོ་གཅིག། ལ་ལ་ཕུང་ཞོ་གཉིས། ཨ་ས་མོ་ད་ཞོ་གསུམ། པི་པི་ལིང་ཞོ་བཞི། །དོད་གྲ་ཞོ་ལྔ། དེ་ཀུན་སྤྱིར་སྡོམ་པ་དང། ཨ་རུ་ཆ་མཉམ་ཕྱེ་མ་འདི་ནི་མེ་ལྟ་བུའི་ཕྱེ་མ་ཞེས་བྱ་སྟེ། མེ་མངོན་སུམ་པ་ཉིད་དང་ནུས་པ་འདྲ་བ་ཡིན་ནོ། །ཚ་བ་གསུམ།
་དང་ཏི་མུ་ས། །རྒྱམ་ཚྭ་དང་ནི་ཟི་ར་གཉིས། །ཆ་བསྙམས་ཤིང་ཀུན་བརྒྱད་ཆའི་ཕྱེ། །མར་བསྲེས་ཁམ་གྱི་དང་པོར་ཟོས། །མ་དྲོད་དྲག་པོ་སྐྱེད་བྱེད་ཅིང། །རླུང་གི་སྐྲན་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི
་སྨན་ཆ་བསྙམས་པར་བྱས་ལ་ཤིང་ཀུན་ཆ་བརྒྱད་པར་བྱས་པ་སྟེ། དེ་ནས་ཚ་བ་གསུམ་ལ་སོགས་པའི་སྨན་ཆ་བདུན་དང་ཤིང་ཀུན་ཆ་བརྒྱད་པར་བྱ་བའམ། ཡང་ན་སྲང་གི་བཅུ་ཆར་སྨན་གྱི་ཆ་བགོས་ལ། ཤིང་ཀུན་དེའི་བརྒྱད་ཆར
་བྱས་པའི་དོན་ཏོ། །དེ་ལྟ་བུའི་ཕྱེ་མ་ནི་ཤིང་ཀུན་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་མར་དང་བསྲེས་པ་ཟས་ཀྱི་ཁམ་གྱི་དང་པོ་དང་ལྷན་ཅིག་ཟོས་ན་དེས་མེ་དྲོད་དྲག་པོ་སྐྱེད་པར་བྱེད་ཅིང་རླུང་ལས་གྱུར་པའི་སྐྲན་འཇོམས་པར་བྱེད་པ་ཡིན་ནོ།།
་ཤིང་ཀུན་ཤུ་དག་ཁ་རུ་ཚ། །དང་གྲ་དང་ནི་ལ་ལ་ཕུད། །རྣམ་རྒྱལ་མ་ནུ་རུ་རྟ་དང། །དུར་བྱིད་དནདའི་རྩ་བར་བཅས། །ཆ་རེས་སྐྱེད་པའི་ཕྱེ་མ་འདིས། ཆུ་དྲོན་སྦྱར་འཐུངས་ལྟོ་བའི་ནད། །སྐྲན་དང་དམུ་རྫིང་ལ་སོགས་པ། སེང་གེ་རི་དགས་ཚོགས
་རྣམས་ནི། །མཐུ་རྩལ་གྱིས་ནི་ཟིལ་གནོན་ལྟར། །ནད་རྣམས་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིན་ཀུན་ལ་སོགས་པའི་སྨན་ཕྱི་མ་ཕྱི་མ་བཞིན་དུ་ཆ་རེས་བསྐྱེད་ལ་ཕྱེ་མར་བཏགས་པ་ནི་སེང་གེ་ལྟ་བུ་ཞེན་བྱ་བའི་ཕྱེ་མ་ཡིན་ཏེ་ཆུ
་དྲོན་དང་སྦྱར་ཏེ་བླུད་པ་དེས་ནི་ལྟོ་བའི་ནད་ལ་སོགས་པ་འཇོམས་པར་བྱེད་དེ། །དཔེར་ན་སེང་གེས་རི་དགས་ཀྱི་ཚོགས་མཐུ་རྩལ་གྱིས་སྟོབས་ཀྱིས་ཟིལ་གྱིས་གནོན་པར་བྱེད་དེ་གསོད་པར་བྱེད་པ་དང་འདྲ་བར་ནད་ཀྱི་ཚོགས་དེ་དག
་འཇིག་ཅིང་འཇོམས་པར་བྱེད། །དེ་ལ་ཆ་རེས་སྐྱེད་པའི་དན་ནི་འདི་ཡིན་ཏེ་ཤིང་ཀུན་ཞོ་གཅིག་སྦྱར་ན། ཤུ་དག་ཞོ་གཉིས། །བ་རུ་ཚ་ཞིང་གསུམ། །དོང་གྲ་ཞོ་བཞི། །ལ་ལ་ཕུད་ཞོ་ལྔ། ། རུ་ར་རྣམ་པར་རྒྱལ་བ་ཞོ་དྲུག། མ་ནུ་ཞེས་བྱ་བ་བུ?་ར་མུ
་ལ་ཞོ་བདུན། །རུ་རྟ་ཞོ་བརྒྱད། དུར་བྱིད་ཞོ་དགུ་།དནྟ་ཞོ་བཅུ་དང་སྦྱར་བར་བྱའོ། །ལྕེ་མྱང་ཚྭ་དང་པི་པི་ལིང་དང། ། ས་མོ་ད་ཨ་རུ་རའི། །ཕྱེ་མ་ཆུ་དྲོན་སྦྱར་བླུད་ན། །སྐྲན་ཅན་བད་རླུང་ལས་གྱུར་ཚོགས། །ལྕགས་མདངས་ཕུག་པ་བཞིན་དུ་འཇོམས།
་ཞེས་བྱ་བ་ལ། ལྕེ་མྱང་ཚ་ལ་སོགས་པའི་ཕྱེ་མ་ཆུ་དྲོན་མོ་དང་སྦྱར་ཏེ་བླུད་ན། སྐྲན་ཅན་གྱི་རླུང་དང་བད་ཀན་ལ་སོགས་པའི་ནད་ཀྱི་ཚོགས་རྣམས་འཇོམས་པར་བྱེད་དེ། །དཔེར་ན་ལྕགས་མངའ་ཞེས་བྱ་བའི་མཚོན་གྱི་བྱེ་བྲག་གིས་སྲོག་ཆགས
་འགའ་ཞིག་ལ་བསྙུན་ན་འཆི་བར་བྱེད་པ་དང་འདྲའོ། །དེ་བས་ན་ཕྱི་མ་འདི་ལ་ནི་ལྕགས་མངའ་ལྟ་བུའི་ཕྱི་མ་ཞེས་བྱའོ། །ཀ་རཉྫ་ཡི་ལོ་མ་དང། །ིནྡྲ་བ་རུ་དབྱི་མོ། །ཀྲུ་ཀྲུག་ཏྲེས་དང་བཅའ་སྒ་དང། །པི་པི་ལིང་དང་ན་ལེ་ཤམ། །མ་ལུས་རེ་མ
་བཀོད་རྒྱམ་ཚས་བཀབ། །བསྲེགས་ལ་བཏགས་ཏེ་ཞོ་དང་ནི། །ཞོ་ཁ་ཆུར་སྦྱར་བླུད་པ་དང། སྐྲན་དང་དམུ་རྫིང་འོར་ནད་དང། །སྐྱ་རྦབ་གཞང་འབྲུམ་ནད་རྣམས་སེལ། །ཞེས་བྱ་བ་ལ། ཀ་རཉྫའི་ལོ་མ་ནི་བུ་ཏི་བུ་ཏི་ཀའི་ལོ་མའོ། །ིནྡྲ་བ་རུ
་ཅི་ནི་གརྫ་ཅིར་བྱེད་དོ། །གཞན་དང་ནི་གོ་རིམ་བཞིན་དུ་བཀོད་ཅིང་ཇི་སྐད་སྨོས་པའི་ཚུལ་དུ་བཞག་ལ་ཀུན་གྱི་སྟེང་དུ་རྒྱམ་ཚ་བཞག་ཅིང་དེས་སྟེང་ནས་བཀབ་ལ་དེའི་འོག་ཏུ་བསྲེགས་ལ་ཞོ་དང་ཞོ་ཁ་ཆུ་དང་སྦྱར་ཏེ།
་བླུད་བས་སྐྲན་ལ་སོགས་པའི་ནད་རྣམས་འཇོམས་པ་ཡིན་ནོ། །ཤིང་ཀུན་སུམ་འགྱུར་རྒྱམ་ཚ་དང། དེ་ལས་ཨེ་རཎྜ་ཡི་མར། །སུམ་འགྱུར་དེ་ལས་སྒོག་སྐྱ་ཡིས། །ཁུ་བ་སུམ་འགྱུར་སྦྱར་བ་དག། བླུད་ན་སྐྲན་དང་དམུ་རྫིང་དང།།
་རྒྱུ་བླུགས་གཟེར་གྱི་ནད་འཇོམས་འགྱུར། །ཞེས་བྱ་བ་ལ། ཤིང་ཀུན་གྱི་སུམ་འགྱུར་བྱས་པའི་རྒྱམ་ཚ་དང། །དེ་ལས་ཨེ་རཎྜའི་མར་སུམ་འགྱུར་དུ་བྱས་པ་དང། ཨེ་རཎྜའི་མར་ལས་སྒོག་སྐྱའི་སུམ་འགྱུར་དུ་བྱས་པ་དང། མ་ལུས་པར
་གཅིག་ཏུ་བྱས་ནས་བླུད་ན་སྐྲན་ལ་སོགས་པའི་ནད་འཇོམས་པར་འགྱུར་རོ། །དེ་ནི་འདི་སྐད་སྟོན་ཏེ་ཤིང་ཀུན་ཆ་གཅིག་རྒྱམ་ཚ་ཆ་གསུམ། ཨེ་རཎྜའི་མར་ཆ་དགུ། སྒོག་སྐྱའི་ཁུ་བ་ཆ་ཉི་ཤུ་རྩ་བདུན་སྦྱར་བར་བྱའོ། །ཁ་ལུང་ཁུ་བ་ཤིང་ཀུན
་དང། །སེའུ་འབྲུ་རྒྱམ་ཚ་ཁ་རུ་ཆ། །ཆང་གི་དངས་མར་སྦྱར་བླུད་ན། །རླུང་ལས་གྱུར་པའི་སྐྲན་ནད་སེལ། །ཞེས་བྱ་བ་ལ། ཁ་ལུང་གི་ཁུ་བ་ལ་སོགས་པ་དངས་མ་དང་སྦྱར་ཏེ་བླུད་ན་ཡང་རླུང་ལས་གྱུར་པའི་སྐྲན་གྱི་ནད་རྣམས་འཇོམས་སོ།།
་བཅའ་སྒ་ཞོ་གཉིས་བུ་རམ་ཞོ། །བཞི་དང་ཏིལ་ནག་བཀྲུས་རང་གཅིག། །གཅིག་ཏུ་ཕྱེ་མར་བཏགས་ཕྱིན་ཅིང། །འོ་མ་དྲོད་འཇམ་རྗེས་བླུད་ན། །རླུང་གི་སྙིང་ནད་སྐྲན་གཞང་འབྲུམ། །མངལ་གཟེར་རྟུག་པ་འགགས་པ་སེལ། །ཞེས
་བྱ་བ་ལ། བཅའ་སྒ་གཉིས་བུ་རམ་ཞོ་བཞི། །ཏིལ་ནག་པོ་དཀྲུས་ཏེ་སྦུན་མ་མེད་པར་བྱས་པ་སྲང་གཅིག་སྟེ་དེ་ཐམས་ཅད་གཅིག་ཏུ་ཕྱེ་མར་བཏགས་པ་བྱིན་ལ་འོ་མ་བསྐོལ་བ་བཅུད་ཟད་དྲོ་བ་དེའི་རྗེས་ལ་བླུད་ན་རླུང་གི་སྙིང་ནད་ལ
་སོགས་པའི་སེལ་བར་བྱེད་དོ། །རླུང་གྱུར་སྐྲན་ལ་ཨེ་རཎྜའི། །མར་ནི་ཆང་དང་སྦྱར་བ་བླུད། །བར་རླུང་འདྲེས་ལའང་དེ་ཉིད་བླུད། །མཁྲིས་པར་འདྲེས་པའང་ལོ་མར་བཅས། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྐྲན་བད་ཀན་དང་འབྲེལ་བར་གྱུར་པ
་ལ་ནི་ཆང་དངས་མ་དང་སྦྱར་ཏེ། བླུད་པར་བྱའོ། །མཁྲིས་པ་དང་རླུང་འདྲེས་པར་གྱུར་པ་ལ་ནི་ཨེ་རཎྜའི་ཏིལ་མར་དེ་ཉིད་འོ་མ་དང་བཅས་པ་བླུད་པར་བྱའོ། །གལ་ཏེ་མཁྲིས་པ་འཕེལ་གྱུར་ཏེ། །ཚ་སྐྱུར་རླུང་ནི་སྐྲན་ཅན་ལ། །མཐུན་པར་རྗེས་སུ
་འབྱིན་བྱེད་པའི། །སྣུམ་བཅས་བཀྲུ་སྨན་བཏང་བར་བྱ། །ཞེས་བྱ་བ་ལ། རླུང་ནི་སྐྲན་གྱི་ནད་པ་ལ་གལ་ཏེ་མཁྲིས་པ་འཕེལ་བར་འགྱུར་ཏེ་ཚ་བའི་ནད་སྐྱེད་པར་གྱུར་ན་རླུང་གི་སྐྲན་ཅན་གྱི་ནད་པ་དེ་ལ་རྗེས་སུ་མཐུན་པར་འབྱིན་ཅིང་འཁྲུ་བར་བྱེད
་པའི་བཀྲུ་སྨན་སྣུམ་དང་བཅས་པ་བྱིན་ལ་འཁྲུར་གཞུག་པར་བྱའོ། །དེས་ཀྱང་ཚ་བ་མ་བྲི་ན། །དེ་ལ་གཏར་ག་གདབ་པར་བྱ། །ཞེས་བྱ་བ་ལ། དེ་དེ་ལྟར་བཀྲུ་སྨན་བཏང་དུ་ཟིན་ཀྱང་མཁྲིས་པའི་ཚ་བ་དེ་ནི་ཞི་བར་མ་གྱུར་ན་གཏར་ག་གདབ་ལ
་ཁྲག་དབྱུང་བར་བྱའོ། །སྒོག་སྐྱ་བཤུས་པ་སྐམ་པོ་ནི། །སྲང་བཞི་ཆུ་དང་འོ་མ་ནི། བརྒྱད་འགྱུར་གྱི་ནི་ནང་དུ་བསྐོལ། །འོ་མ་ལུས་པ་བླུད་གྱུར་ན། །རླུང་འགྱུར་སྐྲན་དང་རྟུག་འགགས་དང། །རླུང་ནད་གཟུགས་འཁུམས་མི་བཟང་རིམས། །སྙིང་ནད
་ཁོང་འབྲས་ཟད་བྱེད་རྣམས། །འོ་མ་དེ་ཡི་རབ་ཏུ་འཇོམས། །ཞེས་བྱ་བ་ལ། སྒོག་སྐྱ་ཤུན་པ་ལེགས་པར་བཤུས་ཤིང་བསྐམས་པར་གྱུར་པ་ལས་སྲང་བཞི་ཆུ་དང་འོ་མ་བསྐོལ་བའི་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ། དེ་ལས?་འོ་མ་མ་ལུས་པར
་བླུད་པར་ན། རླུང་ལས་གྱུར་པའི་སྐྲན་ལ་སོགས་པ་འཇོམས་པར་འགྱུར་རོ། །ཏིལ་མར་ཆང་དངས་བ་གཅིན་དང། །རང་སྐྱུར་ཡ་བཀྵ་ར་བཅས། །བླུད་ན་སྐྲན་དང་དམུ་རྫིང་དང། །ལྟོ་སྤོས་ཅིག་ཅར་འཇོམས་པར་བྱེད། །ཞེས་བྱ་བ་ལ། ཏིལ་བཙིར་བའི?
་ཏིལ་མར་ཆང་ལ་སོགས་པ་ཐམས་ཅད་གཅིག་ཏུ་སྦྱར་ཏེ་བླུད་ན་ཡང་སྐྲན་ལ་སོགས་པ་འཇོམས་པར་བྱེད་དོ། །ཙི་ཏྲ་པི་པི་ལིང་མུ་ལ། བཅའ་སྒ་ཤིང་ཀུན་ཨེ་རཎྜ། །རྒྱམ་ཚ་ཁ་རུ་ཚར་བཅས་པ། །བསྐོལ་བ་བླུད་ན
་གཟེར་བ་དང། །ལྟོ་སྤོས་རྟུག་འགགས་སེལ་མཆོག་ཡིན། ཞེས་བྱ་བ་ལ། ཙི་ཏྲ་ཀ་ལ་སོགས་པ་བསྐོལ་བ་བླུད་ན་ཡང་གཟེར་བ་ལ་སོགས་པ་འཇོམས་པའི་མཆོག་ཡིན་ནོ། །མ་ནུ་ཨེ་རཎྜའི་རྩ་བ། །ནས་དང་པི་ཚེར་བ་ཤ་ཀ།
་ཆུ་དང་བསྐོལ་ཏེ་བླུད་ན་ནི། །ལྟོ་ནད་ལྤོས་དང་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། མ་ནུ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་ན་ཡང་ལྟོ་བའི་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །མ་ནུ་ཨེ་རཎྜ་འཇག་མའི། །རྩ་བ་ཐང་ཤིང
་བཅའ་སྒ་རྣམས། །ཆུ་དང་བསྐོལ་བའི་ཁུ་བ་བླུད། །ཁང་བ་ཁྲག་བ་རྒྱབ་གཟེར་འཇོམས། །ཞེས་བྱ་བ་ལ། །ཡང་ན་མ་ནུ་ཞེས་བྱ་བ་བུས་དཀར་མུ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་ན་ཡང་ཁོང་པའི་ན་བ་ལ་སོགས་པ་སེལ་ཏོ། །བྲག
་ཞུན་དང་ནི་པ་ཡ་སྱ། །རྩ་བ་ཆེན་པོ་ལྔར་བསྐོལ་བ། །རླུང་གྱུར་སྐྲན་ནད་ཅན་ལ་བླུད། །ཅེས་བྱ་བ་ལ། རླུང་ལས་གྱུར་པ་དང་ལྡན་པའི་ནད་པས་བྲག་ཞུན་ལ་སོགས་པའི་སྨན་འཐུངས་ན་ཡང་ཕན་ནོ། །རྟུགས་སྐམས་ནད་ལ་ནས་ཀྱི་ནི། །ཆག
་ཚེ་སྣུམ་དང་བཅས་པ་སྦྱིན། །པི་པི་ལིང་ངམ་ལ་ཕུག་གི་།ཁུ་བ་དང་ནི་སྦྱར་བ་བྱིན། །ཞེས་བྱ་བ་ལ། རྟུག་སྐམས་ཀྱི་ནད་ཀྱིས་བཏབ་པ་དག་ལ་ནས་དབྲལ་ཏེ་ཆག་ཚེ་ཅན་དུ་བྱས་པ་སྣུམ་གྱི་ཁུ་བའི་ནད་དུ་པི་པི་ལིང་བཏབ་པ་འམ། ལ་ཕུག
་གི་ཁུ་བ་དང་སྦྱར་ཏེ་སྦྱིན་པར་བྱའོ། །ནད་ཀྱི་ཟན་དྲོན་འོ་མར་བཅས། །རླུང་གི་རྟུག་འགགས་ནས་ལ་སྦྱིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རྟུག་འགགས་ཀྱི་ནད་ལ་ནི་ནས་ཀྱི་ཟན་དྲོན་མོ་དང་འོ་མ་བཅས་པ་བྱིན་པར་བྱའོ། །ཡང་ན
་མོན་སྲན་གྲེའུ་དང་ནི། །སྣུམ་མང་ལན་ཚར་ལྡན་པ་སྦྱིན། ཞེས་བྱ་བ་ལ། ཡང་ན་རྟུག་འགགས་ཀྱི་ནད་དེ་ལ་མོན་སྲན་གྲེའུའི་ཚན་ལ་སྣུམ་དང་ལན་ཚ་མང་པོ་བཏབ་པ་སྦྱིན་པར་བྱའོ། །དུར་བྱིད་དནྟི་ནི་ལི་ནི། ། རུ་ར་དང་ཀ་མ་བི་ལྱ། །ནས་ཚིག
་འཁུས་ཐལ་ཁ་རུ་ཚ། །དྲོད་གྲ་མར་དང་བཅས་པར་ནི། །དྲི་མར་བཅས་ལ་བཀྲུ་སྨན་བཏང། །ཞེས་བྱ་བ་ལ། སྐྲན་ནད་ཅན་གྱི་དྲི་མ་མ་ཐོན་པ་ལ། དུར་བྱིད་ལ་སོགས་པའི་བཀྲུ་སྨན་བཏང་བར་བྱའོ། །ནི་ལི་ནི་དང་འབྲས་བུ་གསུམ། །ར་སྣ་བ་ལ་བུ
་ཙེ་ཤེལ། །ཀཎྜ་ཀཱ་རཱི་བྱི་དང་ག་།སྲར་རེ་ཆུ་བྲ་བཞི་ནང་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་རུ། །མར་བྲེ་གང་དང་ཞོ་བྲེ་གང། །སུ་དག་ཁྱིར་སྲང་གཅིག་བསྐོལ། །དེ་ལས་མར་བྲེ་རེ་རེ་ནི། །ནས་ཐུག་ཐུག་སླ་སྦྱར་ཏེ་བླུད། །ཞུ་ཞིང་ལེགས་པར་འཁྲུས་ནས་ནི།།
་ཤ་ཁུ་བཟའ་བ་སྦྱིན་པར་བྱ། །ནི་ལི་ནི་ཡི་སྨན་མར་འདིས། །སྐྲན་འཛེ་དམུ་རྫིང་ངོ་ཁབས་དང། །འོར་ནད་སྐྱ་རྦབ་རིམས་ནད་དང། །ཤ་བཀྲ་མཚོར་བ་སྨྱོ་བྱེད་འཇོམས། །ཞེས་བྱ་བ་ལ། ནི་ལི་ནི་ལ་སོགས་པའི་སྨན་རེ་རེ་ཞིང་སྲང་རེ་ཇི་སྐད་སྨོས
་པ་བཞིན་དུ་བསྐོལ་ཏེ། སྨན་མར་དེ་ནས་ཐུག་པ་སླ་བ། །རྐྱང་རྐྱང་པོ་དང་སྦྱར་ཏེ་བླུད་ན་དེ་ཞུ་ནས་ནད་པ་ལེགས་པར་འཁྲུས་པར་གྱུར་པ་དང། ཤ་ཁུ་དུད་འབྲས་ཆན་སྦྱིན་པར་བྱ་སྟེ། ནི་ལི་ནིའི་སྨན་མར་འདི་དེ་ལྟ་བུའི་སྦྱོར་བ་དང་ལྡན་པར་བྱས
་ན་སྐྲན་ལ་སོགས་པ་འཇོམས་པར་བྱེད་དོ། །ཁྱིམ་བྱ་རྨ་བྱ་གོང་མ་སྲེག་།ཁྲུང་ཁྲུང་བྱེའུ་ཤ་ཁུ་བ་དང། །ས་ལུའི་འབྲས་ཆན་ཆང་དངས་མར། རླུང་གི་བཀྲིན་ནི་སེལ་བ་ཡིན། ཞེས་བྱ་བ་ལ། དེ་ལ་ཤ་ཁུ་ནི་ཁྱིམ་བྱའི་ཤ་ལ་སོགས་པ་ལས་བྱས་པའོ
་འབྲས་ཆན་ནི་བཟའ་བའི་དོན་དུ་བྱའོ། །ཆང་ནི་བཏུང་བའི་དོན་དུ་བྱའོ། །མར་ནི་བཟའ་བ་བཏུང་བ་གཉི་གས་སྦྱར་ཏེ་འདི་དག་ནི་རླུང་ལས་གྱུར་པའི་སྐྲན་སེལ་བར་བྱེད་པ་ཡིན་ནོ། །ཉུང་ཞིང་སྣུམ་ལ་སླ་ཞིང་དྲོ། །ཁ་ཟས་རླུང་སྐྲན་ཅན་གྱིས་བཟས། །
་བཏུང་བར་ཆང་གི་དངས་མ་འམ། འོ་སུ་བསྐོལ་བའི་ཆུ་ཚན་བླུད། །ཅེས་བྱ་བ་ལ། རླུང་གི་སྐྲན་ཅན་གྱི་མིས་ནི་ཁ་ཟས་ཉུང་ཞིང་ཚོད་རན་པར་བཟའ་བ་དང་སྣུམ་པ་ལ་སོགས་པའི་རང་བཞིན་ཅན་བཟའ་བར་བྱ་བ་ལ། ?
་བ་ནི་གོ་བར་ཟད་དོ། །མཁྲིས་ཀྱུར་སྐྲན་ནི་སྣུམ་གྱུར་ལས། །འབྱུང་བ་དེ་ལ་རྒུན་འབྲུམ་དང། ། རུ་ར་བསྐོལ་བུ་རམ་བཅས། །ཀཾ་བི་ལྱ་དང་སྦྲང་རྩི་བཅས། །ཆོག་འམ་ཁྲག་མཁྲིས་གསོ་བཤད་པའི། །བཀྲུ་སྨན་བླུད་དེ་འཁྲུས་པ་ཕན། །ཞེས
་བྱ་བ་ལ། ཁྲིས་པ་ལས་གྱུར་པའི་སྐྲན་རྒྱུ་སྣུམ་པ་དང་དྲོ་བ་ལས་བྱུང་ཞིང་སྐྱེས་པ་ལ་ནི། །རྒུན་འབྲུམ་དང་ཨ་རུ་ར་བསྐོལ་བའི་ཁུ་བའི་ནང་དུ་བུ་རམ་བཏབ་པ་བླུད་ལ་དེའི་ཁྲུར་གཞུག་པའམ། ཡང་ན་ཀམ་པ་ལྱ་དང་སྦྲང་རྩི་དང་སྦྱར
་བ་བླུད་དེ་འཁྲུར་གཞུག་པ་འམ། ཡང་ན་ཆོག་གྲུབ་པ་ལས་བཤད་པའི་བཀྲུ་སྨན་བཏང་སྟེ་གསོར་གཞུག་པ་འམ། ཡང་ན་ཁྲག་མཁྲིས་གསོ་བ་བཤད་པའི་བཀྲུ་སྨན་བླུད་དེ་འཁྲུར་གཞུག་པ་ཕན་ནོ། །རྩུབ་དྲོ་ལས་བྱུང་སྐྲན་ལ་ནི། །ཏིཀྟ
་འམ་བ་ཤ་ཀ་བསྐོལ་བའི། མར་ནི་བླུད་པར་བྱ་བ་འམ། །རྩ་བའི་རྩ་བ་ལྔ་པ་འམ། །འཚོ་བྱེད་སྡེ་མཚན་བཤད་པ་དང། །མར་བསྐོལ་བླུད་ན་མཆོག་ཏུ་ཕན། །ཞེས་བྱ་བ་ལ། རྩུབ་པ་དང་དྲོ་བའི་རྒྱུ་ལས་བྱུང་བའི་སྐྲན་ལ་ནི་ཏིཀྟ་དང་མར་བསྐོལ
་ཏེ་བླུད་པའམ། བ་ཤ་ཀ་དང་མར་བསྐོལ་བའི་ཁྲག་མཁྲིས་གསོ་བའི་སྐབས་ནས་བཤད་པའི་བླུད་པར་བྱ་བའམ། ཡང་ན་རྩ་བ་ལྔ་པ་ཞེས་བྱ་བ་དང་བཀོལ་བའི་མར་བླུད་པ་འམ། ཡང་ན་མཚོ་བྱེད་ཀྱི་སྡེ་ཚན་སྔར་བཤད་པ་དང་མར་དུ་བསྐོལ
་ཏེ་བླུད་ན་ནད་སེལ་བར་འགྱུར་རོ། །ནྱ་གྲོ་དྷ་སོགས་སྡེ་ཚན་ནམ། །འཚོ་བྱེད་སྡེ་ཚན་འོ་མ་ཕན། །ཞེས་བྱ་བ་ལ། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་དང་འོ་མར་བསྐོལ་ཏེ་བླུད་པ་འམ། འཚོ་བྱེད་ཀྱི་སྡེ་ཚན་དང་སྐོལ་བའི་འོ་མ་བླུད་ན་ཕན་ནོ། །དེར་ཡང་བཤོལ
་དུ་མེད་གྱུར་ན། །སྨན་ལས་བཀྲུ་སྨན་དང་བསྐོལ་བའི། །མར་རམ་འོ་མ་དག་གིས་ནི། །བཀྲུ་སྨན་ཉེ་བར་བཏང་བར་བྱ། །ཞེས་བྱ་བ་ལ། རྩུབ་པ་དང་དྲོ་བ་ལས་གྱུར་པའི་སྐྲ་ནད་ལ་བཤེལ་དུ་མེད་ཅིང་གདོན་མི་ཟ་བར་བཀྲུ་སྨན་བཏང་དགོས་པའི་ནང་དུ་གྱུར་ན་སྨན་པས་བཀྲུ་སྨན་དང་སྦྱར་བའི
་སྨན་མར་རམ་བཀྲུ་སྨན་དང་སྦྱར་བའི་སྨན་མར་བཏང་ལ་ལེགས་པར་འཁྲུར་གཞུག་པར་བྱའོ། །སྐྱུ་རུ་ར་དང་བུར་ཤིང་གི། ཁུ་བར་མར་ནི་བྲེ་གང་དང། ། རུ་ར་ནི་བཞི་ཆ་བཅུག་།བསྐོལ་བའི་མར་བླུད་མཁྲིས་སྐྲ་ནས་ལ། །ཞེས་བྱ་བ་ལ། སྐྱུ་རུ་ར་དང་བུ་རམ་ཤིང་གི་ཁུ་བ་མར་གྱི
་བཞི་འགྱུར་གྱི་ནང་དུ་མར་བྲེ་གང་བསྐོལ་བ་དེའི་ནང་དུ་ཨ་རུ་ར་མར་གྱི་བཞི་ཆ་བཅུག་སྟེ་བསྐོལ་བའི་མར་བླུད་ན་ཡང་མཁྲིས་པ་ལས་གྱུར་པའི་སྐྲན་སེལ་བར་བྱེད་དོ། །ཡང་ན་མཁྲིས་པའི་ཁོང་ནད་གསོ། །བཤད་པའི་སེང་ཕྲོ་མ་སྨན་མར་བླུད། །ཅེས་བྱ་བ་ལ། གང་མཁྲིས
་པའི་ཁོང་འབྲས་གསོ་བའི་སྐབས་སུ་བཤད་པའི་སེང་ཕྲོམ་གྱི་སྨན་མར་བླུད་ཅིང་འཁྲུར་བཅུག་ན། ཡང་ཕན་ནོ། །རྒུན་འབྲུམ་ཤིང་མངར་བ་ཨ་སྱ། །ཤུག་པ་ཙན་དན་སྦྲང་རྩི་རྣམས། །འབྲས་བཀྲུས་ཆུ་དང་བླུད་ན་ནི། །མཁྲིས་པའི་སྐྲ་ནི་སེལ་བར་འགྱུར། །ཞེས་བྱ་བ་ལ། རྒུན
་འབྲུམ་ལ་སོགས་པའི་སྨན་དང་འབྲས་བཀྲུས་པའི་ཆུ་བླུད་ན་ཡང་ཕན་ནོ། །ཁྱི་ལྕེ་བ་ནི་སྲང་གཉིས་དང། །ཆུ་བྲེ་དོ་ནི་བསྐོལ་ནས་སུ། །བརྒྱད་ཆ་ལུས་པ་བཙགས་པ་ནི། །དྲོ་འཇམ་འོ་མ་ཆ་མཉམ་བླུད། །ཡང་ན་དེ་སྟེང་འོ་ཚན་ནི། །མེ་དྲོད་ཇི་བཞིན་བླུད་པར་བྱ། དེ་ཡིས་ནད་ནི་བསལ་བས་ན།།
་མཁྲིས་པ་ཅན་གྱི་སྐྲན་ཞི་འགྱུར། །ཞེས་བྱ་བ་ལ། །ཁྱི་ལྕེ་བ་ཇི་སྐད་སྨོས་པའི་སྦྱོར་བས། །བླུད་ལ་དེའི་སྟེང་དུ་ཡང་འོ་མ་བསྐོལ་བ་དྲོན་མོ་རྙིང་ཁོང་པའི་མེ་དྲོད་ཀྱི་སྟོབས་ཅི་ཡོད་པ་ལས་བླུད་པར་བྱ་སྟེ། དེ་ལྟ་བུའི་སྦྱོར་བས་ནད་གསལ་ཅིང་བྱུང་བར་གྱུར་ན་ཡང། །མཁྲིས་པ་ཅན་གྱི་སྐྲན་ཞི
་པར་འགྱུར་རོ། །ཞེས་བྱ་བ་ལ། །ཚལ་མར་གྲང་སྒྱུ་པ་དང། །བསིལ་བའི་སྨན་ནི་མར་བཅས་བསྐུ། །ཆུ་སྐྱེས་ལོ་མས་རེག་བྱ་ཞིང། །སྣོད་ཆུས་གང་ལ་རིག་པ་ཕན། །ཞེས་བྱ་བ་ལ། །མཁྲིས་པ་ཅན་གྱི་སྐྲན་དེ་ལ། །ཚ་བ་དང་ལྡན་པར་གྱུར་ན། མར་སར་གྲང་མོས
་བསྐུ་པ་འམ། ཡང་ན་ཙན་དན་དཀར་པོ་དང་པུ་ཤེལ་ཙེ་ལ་སོགས་པའི་སྨན་དང་མར་དུ་སྦྱར་བས་བསྐུས་ན་ཕན་པ་དང་དེ་བཞིན་དུ་པདྨ་འམ་ཨུཏཔལ་ལ་སོགས་པ་ཆུ་ལས་སྐྱེས་པའི་འོ་མས་རེག་ཅིང་གླན
་པར་བྱ་བ་དང། གསེར་སྐྱོགས་དང་ཁམས་སྐྱོགས་ལ་སོགས་པའི་སྣོད་ཆུས་གང་ཞིང་གཡོ་བ་ལ་རེག་ཏུ་བཅུག་པ་ཕན་ནོ། །གཟེར་དང་མེ་དྲོད་བྲི་གྱུར་ཅིང། །ཚ་བའི་དང་པོའི་ཚུལ་ཅན་གྱི། །མཁྲིས་པའི་སྐྲན་ལ་ཁྱད་པར་དུ། །
་ཁྲག་ནི་ལན་མང་དབྱུང་བ་ཕན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་དང་པོ་མ་སྨིན་པར་གྱུར་པ་ན་ཚ་བར་གྱུར་པ་དང་དེ་བཞིན་གཟེར་བ་དང། མེ་དྲོད་ཆུང་ཟད་བྲི་ཞིང་ཆུང་བར་གྱུར་པ་ལ་ནི། །ཁྲག་ལན་མང་དུ་དབྱུང
་ཞིང་དབྲི་བ་ཕན་ནོ། །རྩ་བ་ཆད་སྐྲན་མི་ཚ་ཞིང། །ཉེ་བར་ཟད་པར་འགྱུར་བ་དང། །ཁྲག་ནི་སྐྱུར་བར་མི་འགྱུར་ལ། །ཁྲག་ལས་གྱུར་པའི་ནད་ཀྱང་མེད། །ཅེས་བྱ་བ་ལ། གང་གི་ཕྱིར་རྩ་བ་ཆུང་ངུ་ཆད་པར་གྱུར་པའི་སྐྲན་ལ་ནི། །ཚ་བ
་ཤས་ཆེན་པོ་དང་ལྡན་པར་ཡང་མི་འགྱུར་ལ། །དེ་བཞིན་དུ་དེ་ནི་རིམས་ཀྱིས་ཟད་ཅིང་འབྲི་བར་འགྱུར་བ་དང་དེ་བཞིན་དུ་དེའི་ནང་ནས་གནས་པའི་ཁྲག་ཀྱང་སྐྱུར་བ་ལ་སོགས་པའི་རྣམ་པས་བརྣགས་ཤིང་གནོད་པས་སྐྱེད་པར་མི་འགྱུར
་ལ་ཁྲག་མེད་པས་ན། དེ་ལས་གྱུར་པའི་ནད་ཀྱང་མེད་པར་འགྱུར་རོ། །རྙིང་ཅིང་ནད་ནི་བསལ་བ་ལ། །སྐམ་སར་སྐྱེས་པའི་ཤ་ཁུས་བརྟ། །བརྟས་ནས་ཉེས་པ་ལྷག་ལུས་པ། །སླར་ཡང་མར་ནི་བརྟེན་པར་བྱ། །ཞེས་བྱ་བ་ལ། མཁྲིས
་པ་ལས་གྱུར་པའི་སྐྲན་དེ་རྙིང་ཅིང་ཞུམ་པར་གྱུར་པ་དང་ཁྲག་ནད་བསལ་ཅིང་མེད་པར་བྱས་ནས་དེ་ལ་སྐམས་སའི་ཤ་ཁུ་བླུད་པས་ལུས་བརྟ་བར་བྱ་བ་དང། །དེ་ལྟར་ཉམ་བརྟས་ཀྱང་ནད་ཀྱི་ལྷག་མ་ཡོད་ན་མར་སར་བསྟེན་ཅིང་སྦྱིན་པར
་བྱའོ། །ཁྲག་དང་འཁྲིས་པ་འཕེལ་འགྱུར་བས། །སྐྲན་ནི་སྨིན་པར་ཕྱོགས་པ་ལ། །གསོ་བའི་བྱ་བ་མ་རྙེད་ཅིང། །མཁྲིས་པའི་ཁོང་འབྲས་ལྟར་གསོ་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྐྲན་ཁྲག་དང་མཁྲིས་པ་ཤས་ཆེར་རྒྱས?
་ཞིང་འཕེལ་བར་གྱུར་པས་དེ་སྨིན་ཅིང་བརྣགས་པ་ལ་ཕྱོགས་པར་གྱུར་པས་གསོ་བའི་ཐབས་གཞན་མ་རྙེད་ན་ཟས་དང་སྐོམ་དང་སྤྱོད་ལམ་དང་སྨན་ལ་སོགས་པའི་བྱ་བ་ཐམས་ཅད་མཁྲིས་པའི་ཁོང་འབྲས་ཇི་ལྟར་གསོ་བ་དེ་ལྟར་བྱའོ།།
་ས་ལུ་བ་དང་རའི་འོ་མ། །པ་ཏོ་ལ་སྐམ་སའི་ཤ་མར། །པ་རུ་ཤ་ཀ་སྐྱུ་རུ་ར། །རྒུན་འབྲུམ་འབྲ་གོ་སེའུ་འབྲུ་དང། །ཁ་རང་སྦྱར་བའི་ཁ་ཟས་བཟའ་། །ཞེས་བྱ་བ་ལ། འབྲས་ས་ལུ་ནི་སྐྲན་ཅན་གྱིས་བཟའ་བའི་དོན་དུ་བྱའོ། །བ་དང་རའི་འོ་མ
་དང་པ་ཏོ་ལ་ནི་ཚོད་མ་དང། །སྤགས་ཀྱི་དོན་དུ་བྱའོ། །སྐམ་སའི་སྲོག་ཆགས་ཀྱི་ཤ་དང་མར་ནི་གཡོས་སུ་བྱ་བ་དང་སྔོ་བ་ལ་སོགས་པའི་དོན་དུ་བྱའོ། །བ་རུ་ཤ་ཀ་ལ་སོགས་པའི་འབྲས་བུ་ནི་གཡོས་སུ་བྱས་པ་དང། བཟའ་བ་དག
་དུ་བྱའོ། །བཏུང་བར་བ་ལ་བྲི་ཧ་ཏཱི། །ལ་སོགས་བསྐོལ་བ་བླུད་པར་བྱ། ཞེས་བྱ་བ་ལ། བཏུང་བའི་དོན་དུ་ནི་བ་ལ་དང་བྲི་ཧ་ཏཱི་ལ་སོགས་པའི་རྩ་བ་ཆུང་ངུ་ལྔ་དང་བསྐོལ་བའི་ཆུ་བླུད་པར་བྱའོ། །བད་ཀན་ལས་གྱུར་དང་པོར་ནི། །སློན
་བྱ་དེ་མི་བཟོད་མྱོང་བྱ། །ཞེས་བྱ་བ་ལ། །བད་ཀན་ལས་གྱུར་པའི་སྐྲན་ལ་ནི། དང་པོ་ཁོ་ནར་སྐྱུགས་སྨན་བཏང་ལ་སློན་དུ་གཞུག་གོ་།གལ་ཏེ་བྱར་མི་བཟོད་པའམ། །སློན་བྱར་མི་རུང་བ་ཞིག་ཡིན་ན་སྨྱུང་བ་བྱ་ཞིང་ཉམས་དམན
་པར་བྱའོ། །ཟས་དྲོ་ཚ་བའི་ཐུག་སོགས་ཀྱི། །རིམས་པས་དེ་འོག་མེ་དྲོད་སྐྱེ། །ཤིང་ཀུན་ལ་སོགས་དང་ཐལ་སྨན། །ཤིང་ཀུན་ལྟར་བུ་ཉིས་འགྱུར་བཏང། །ཞེས་བྱ་བ་ལ། དེ་ལྟར་སློན་དང་སྨྱུང་བ་བྱས་ཟིན་པའི་རྗེས་ལ་ཁ་བ་དང་དྲོ?་ཚ་བའི
་སྨན་དང་ཟས་དེ་ལྟ་བུ་དང་སྦྱར་པའི་ཐུག་པ་ལ་སོགས་པའི་རིམ་པས་ནད་པའི་ཁོང་པའི་མེ་དྲོད་བསྐྱེད་པར་བྱའོ། །དེ་བཞིན་དུ་ཤིང་ཀུན་ལ་སོགས་པའི་བྱེ་མ་ཤིང་ཀུན་དང་ཁ་རུ་ཆ་ལ་སོགས་པ་སྔར་ཇི་སྐད་སྨོས་པའི་ཕྱེ་མ་དང། ད་བཞིན
་དུ་ཐལ་སྨན་དང་ཤིང་ཀུན་དང་སྟར་བུ་སྨན་ལྷག་མ་རྣམས་ཀྱི། །ཉིས་འགྱུར་དུ་བྱས་པ་དག་གིས་མེ་དྲོད་བསྐྱེད་པར་བྱའོ། །གལ་ཏེ་འབུར་རམ་གཏིང་རིང་གྱུར། ཚེར་བ་ཆུང་ཞིང་སྲ་ལ་བརྟན། །ལྟོ་སྤས་ལ་སོགས་ལྡན་པའི་སྐྲན། །དུགས་བྱས་ནས་ནི་སྙི་བར
་བ་ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲིན་སྟེང་དུ་འབུར་བར་གྱུར་ཏམ་མི་མངོན་ཞིང་ཟབས་ཀྱི་གཏིང་རིང་བར་གྱུར་བ་དང། ཚོར་བ་ཆུང་བེམ་བེམ་པོར་གནས་པ་དང་སྲ་ཞིང་གཉེན་བག་མེད་པ་དང། བརྟན་ཅིང་གཡོ་བ་མེད་པ་དང་ལྟོ་སྤོས་པའི་རླ་གཉན་དང
་ལྡན་པར་གྱུར་ན་དང་པོར་དུག་བྱས་ལ་སྙི་ཞིང་ཆུང་ཟད་དམའ་བར་བྱའོ། །བད་ཀན་ལས་གྱུར་སྐྲན་ཅན་གྱི། །མར་ཆ་ཐལ་སྨན་བཅས་ཆུ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ཡོད་པའི་མིས་ནི་སྨན་མར་ནི་སྨན་ཆ་དང་ཐལ་སྨན་དག་དང་བཅས་ཤིང
་སྦྱང་བ་བླུད་པར་བྱའོ། །ནས་ཚིག་འཁུས་ཐལ་ཆ་བ་གསུམ། །རྒྱམ་ཚ་ཤིང་ཀུན་ཁ་རུ་ཚ། །སའུ་འབྲུ་རྩ་བ་བཅུ་བསྒོལ་མར། །བད་ཀན་ལས་གྱུར་སྐྲན་མྱུར་འཇམས། །ཞེས་བྱ་བ་ལ། ནས་ཚིག་འཁུས་པའི་ཐལ་བ་ལ་སོགས་པའི་སྨན་དང་བསྐོལ་བའི་མར་གྱི་ནི།།
་བད་ཀན་ལས་གྱུར་བའི་སྐྲན་གང་ཡིན་པ་དེ་མྱུར་དུ་འཇོམས་པར་བྱེད་དོ། །བསེ་ཞིང་འབྲས་བུ་སྲང་གཉིས་དང། །རྩ་བ་ཆུང་ཡུལ་ལྔ?་སྲང་རེ། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་པ་དེ་དང་ནི། །མཉམ་པའི་འོ་མ་མཉམ་པའི་མར། །བྱི་དང་ག་དང་ཤིང་ཀུན་དང།
་ནས་ཚིགས་འཁུས་ཐལ་ལྕེ་མྱ་ཚ། །ཀཎྜ་ཀཱ་རE་རྩ་རུ་ཚ། །ཟུར་པ་ར་སྣ་ཤིང་མདར་དང། །པི་པི་ལིང་དང་དོང་གྲ་རྣམས། ཞེ་ནི་གཉིས་གཉིས་བཅས་པར་བསྐོལ། །གོ་བྱ་ཡི་ནི་སྨན་འདིས། །བད་ཀན་ནད་ནི་སེལ་བའི་མཆོག་།མཆིན་བ་མཆེར་བའི་ནད་དང་ནི་མཚན་པ
་དང་ནི་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་འཇོམས། །ཞེས་བྱ་བ་ལ། བསེ་ཤིང་གི་འབྲས་བུ་སྲང་གཉིས་ལ་སོགས་པའི་བསྐོལ་བ་དེ་དང་མར་བྲེ་གང་དང་འོ་མ་བྲེ་གང་དང་བྱི་དང་ག་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་བསྐོལ་བའི་སྨན་མར་འདི་ནི་གོ་བྱེའི་སྨན
་པར་ཞེས་བྱ་སྟེ། དེ་ནི་བད་ཀན་གྱི་སྐྲན་སེལ་ཅིང་འཇོམས་པར་བྱེད་པའི་མཆོག་ཡིན་ལ་དེ་བཞིན་དུ་མཆིན་པའི་ནད་ལ་སོགས་པ་ཡང་འཇོམས་བྱར་བྱེད་དོ། །དེ་ནས་སྐྲན་ཅན་དེ་ཡི་ལུས། །མ་ལུས་པར་ནི་དུགས་བྱས་ལ། ཞེས་བྱ་བ་ལ། དེ་ནས་སྐྲན
་ཅན་གྱི་ནད་པ་ད་ལ་སྔར་ཇི་སྐད་བསྟན་པའི་ཆོ་ག་བཞིན་དུ་དུགས་བྱའོ། །སྐྲན་ཀུན་ལ་ནི་ཐོག་མ་ཉིད། །སྣུམ་ཆོས་དུག་ནི་བྱས་གྱུར་ནས། །བསྔོ་བ་གང་ཞིག་བྱ་བ་དེ། །འགྲུབ་ཀྱི་རྩུབ་ཆོས་ཀྱིས་མི་འགྲུབ། །ཅེས་བྱ་བ་ལ། སྐྲན་ནད་བརྒྱད་ཆར་ཀུན་ལ
་ཐོག་མ་ཉིད་དུ་སྣུམ་ཆོས་དང། དུགས་ཀྱི་ཆོ་ག་དག་བྱས་ནས་གསོ་པའི་ཆོ་ག་གང་དང་གང་བྱས་པ་དེ་འགྲུབ་ཅིང་དོན་དང་ལྡན་པར་འགྱུར་གྱི། །སྐྲན་ཁོ་ནད་ད་ལ་རྩུབ་ཆོས་ཀྱི་རྣམ་པ་བྱས་པས་ནི་གྲུབ་པར་འགྱུར་བ་མ་ཡིན་ནོ། །སྣུམ་གྱི་དུགས་ཀྱི་རླན་ལུས་ཀྱི
་སྐྲན་ནི་སྙེ་བར་གྱུར་པ་དང། །ཇི་སྐད་བཤད་པའི་བུམ་པ་ནི། །བཞག་པས་བསྐོངས་ལ་དེ་བསལ་བྱ། ཞེས་བྱ་བ་ལ། སྐྲན་ཅན་གྱི་ནད་པ་སྣུམ་གྱི་ཆོ་ག་བྱས་ཤིང་དུགས་ཇི་སྐད་བསྟན་པས་ལུས་དྲོད་ཤིང་རླན་པར་བྱས་པས་སྐྲན་དེ་སྙི་ཞིང་ལྷོད་པར་གྱུར
་པ་དང། སྔར་མདའི་གནས་སུ་ཇི་སྐད་བཤད་པའི་བུམ་པ་བཞག་ཅིང་བརླན་ལ་དེས་པ་དུས་ཤིང་བསྐོངས་ལ་དེའི་འོག་ཏུ་བུམ་པ་དེ་བསལ་ཅིང་གདོན་པར་བྱའོ། །དེ་ནས་རས་ནང་ཆུས་བྱས་ཏེ། ཚད་ཤེས་པ་ཡིས་སྐྲན་དཔྲལ་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ
་སྐྲན་འབུར་བ་ད་རས་ཀྱི་དཀྲི་ཞིང་བསྡམས་ཏེ་དེའི་ནང་དུ་ཆུད་པར་བྱས་ལ་སྐྲན་གྱི་ཆད་ཇི་ཙམ་པ་ཤེས་པའི་སྨན་པས། སྐྲན་དེ་དཔྲལ་ཞིང་བཤག་པར་བྱ་སྟེ། ཤིང་བཅད་ར་རྨིག་མ་ལོང་རྣམས། །ཇི་སྙེད་པ་ཡིས་ལེགས་པར་བཅར། །ཞེས་བྱ་བ་ལ། དེའི་འོག
་ཏུ་ཤིང་གི་ལྷ་མཁན་ལ་སོགས་པའི་ཤིང་གི་དཔྱད་པ་འབྱར་བར་བྱེད་པའམ། ཡང་ན་རའི་རྨིག་པ་ཞེས་བྱ་བའི་ཆ་བྱད་དམ། མེ་ལོང་གང་རུང་བས་ཇི་སྙེད་པས་རས་ཀྱི་ནང་དུ་ལེགས་པར་དམ་དུ་བཙིར་བར་བྱའོ། །དེས་སྐྲན་ཅིག་པུ་དབྱི་བྱ
་ཡི། །སྙིང་དང་རྒྱུ་མར་རེག་མི་བྱ། ཞེས་བྱ་བ་ལ། ཤིང་དཔྱད་ལ་སོགས་པ་གང་ཡང་རུང་བ་དེས་སྐྲན་གཅིག་པུ་ཕྱི་ཞིང་སྦྱང་བར་བྱའོ། །ནང་གི་སྙིང་དང་རྒྱུ་མ་ལ་ནི་རེག་པར་མི་བྱའོ། །ཏིལ་དང་ཟར་མའི་ས་བོན་དང། །ཡུངས་ཀར་ཨེ་རཎྜ་ཡིས་བྱུག་།བད་ཀན
་སྐྲན་ནི་ལྕགས་ཀྱི་སྣོད། །དྲོ་འཇམ་ཙམ་གྱིས་དུགས་བྱའོ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཏིལ་ལ་སོགས་པའི་ལྡེ་གུས་བད་ཀན་ལས་གྱུར་པའི་སྐྲན་དབྲལ་ལ། དེ་ལ་བྱུགས་ལ། ལྕགས་ཀྱི་སྣོད་ཡུད་ཙམ་དྲོ་བར་བྱས་པས་དུགས་བྱའོ། །དེ་ལྟར་གནས་ལས
་བསྐྱོད་ནས་ནི། །བད་ཀན་སྐྲན་ལ་སྣུམ་བཅས་པའི། །བཀྲུ་སྨན་དང་ནི་འཇམ་རྩི་དག་།རྩ་བ་བཅུ་པ་ལྡན་པར་སྤྱད། །ཞེས་བྱ་བ་ལ། དེ་ལྟར་རིམ་པ་འདིས་བད་ཀན་ལས་གྱུར་པའི་སྐྲན་གནས་ལས་བསྐྱོད་ཅིང་གཡོ་བར་བྱས་ལ་སྙི་བར་གྱུར་ནས་སྣུམ
་དང་ལྡན་པའི་བཀྲུ་སྨན་གྱིས་སྦྱར་བར་བྱ་ཞིང་རྩ་བ་བཅུ་པ་ལ་སོགས་པའི་འཇམ་རྩིས་ཀྱང་སྦྱང་བར་བྱའོ། །པི་པི་ལིང་དང་སྐྱུ་རུ་ར། །རྒུན་འབྲུམ་ཤ་མ་དུར་བྱིད་སོགས། །སྲང་རེ་དང་ནི་བསྐོལ་བ་ལ། །ེ་རཎྜ་དང་ཞུན་མར་ནི། །བྲེ་རེ་འོ་མ་དྲུག་འགྱུར་དང།།
་ལྷན་ཅིག་བསྐོལ་བར་གྱུར་པ་འདིས། །འདྲེས་པའི་སྨན་མར་ཞེས་བྱ་སྟེ། །སྐྲན་ཅན་འཁྲུ་བར་བྱེད་པའི་མཆོག་།རྒྱུ་བླུགས་ཁོང་འབྲས་གཟེར་དང་ནི། །རླུང་གི་ནད་ལ་བདུད་རྩི་ཡིན། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པ་དང་དུར་བྱིད་ལ་སོགས་པ་སྟེ།
་དུར་བྱིད་དང་དནྟ་དང། བནྟ་ལ་སོགས་པ་སྲང་རེ་རེ་དང། ཨེ་རཎྜ་མར་བྲེ་གང་འོ་མ་དྲུག་འགྱུར་དང་བསྲེས་ཏེ། །བསྐོལ་བར་གྱུར་པ་འདི་ནི་འདྲེས་པའི་སྨན་མར་ཞེས་བྱ་སྟེ་དེ་ནི་སྐྲན་ཅན་དག་མཆོག་ཏུ་འཁྲུ་བར་བྱེད་པ་ཡིན་ཞིང་རྒྱུ་བླུགས་ལ་སོགས་པའི་ནད་ལ
་བདུད་རྩི་ལྟར་ཕན་པ་ཡིན་པས་བདུད་རྩི་ཡིན་ནོ། །ཞེས་བྱའོ། །ཡང་ན་ནི་ལི་ནི་སྨན་མར། །སྲང་གཉིས་ཆད་དུ་བླུད་པའམ། །དེ་བཞིན་སྐྱིད་དེ་བའི་སྨན་མར། །དམུ་རྫིང་སྐབས་བཤད་མར་ཡང་ཕན། །ཞེས་བྱ་བ་ལ། ཡང་ན་ནི་ལི་ནིའི་སྨན་མར་སྔར་བཤད་པ་ལས་སྲང
་གཉིས་ཀྱི་ཚད་ཙམ་དུ་བླུད་དེ་འཁྲུར་གཞུག་པར་བྱའོ། །དེ་བཞིན་དུ་སྐྱིད་དེ་བའི་སྨན་མར་རྒྱུ་བླུགས་ཀྱི་སྐབས་སུ་བཤད་པ་སྲང་གཉིས་ཀྱི་སྐབས་སུ་བཤད་པ་སྲང་གཉིས་ཀྱི་ཆེད་དུ་བླུད་ཅིང་ཡང་ན་དམུ་རྫིང་གི་སྐབས་སུ་བཤད་པའི་སྨན་མར་སྲང་གཉིས་བླུད་ལ་འཁྲུར
་བཅུག་ན་ཡང་ཕན་ནོ། །དནད་ཙི་ཏྲ་ཨ་རུ་ར། །སྲང་ནི་ཉི་ཤུ་རྩ་ལྔ་ལྔ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བརྒྱད་ཆ་ལུས་བཙགས་ཨ་རུ་ར། །བཅས་པ་བུ་རམ་དནདར་མཉམ། །བཅུག་ལ་ཏིལ་མར་དུར་བྱིད་ཕྱེད། །སྲང་བཞི་བཅའ་སྒ་པི་པི་ལིང། །ཞེ་གཉིས་བསྐོལ་བསྒྲངས
་ལྡེ་གུ་དེ། །སྦྲང་རྩི་ཏིལ་མར་ཆ་མཉམ་པ། །དྲི་སྣ་བཞི་བཞི་སྲང་རེ་གཞུག་།དེ་ལས་ཨ་རུ་ར་གཅིག་དང། །ལྡེ་གུ་སྲང་ཅིག་བཅས་ཟོས་ནས། །དེ་བར་ནད་ནི་བྲེ་གང་འཁྲུ། །སྐྲན་དང་སྙིང་ནད་གཞང་འབྲུམ་ནད། །འོར་ནད་ལྟོ་ལྦོས་སྦྱར་བའི་དུག་།མཛེ་དང་དམུ་རྫིང
་ནད?་སློངས་དང། །ཡི་ག་འཆུས་པའི་མཆེར་བའི་ནད། །སྐྱ་རྦབ་མིག་སེར་འཇོམས་པར་བྱེད། །འདི་ནི་དནྟི་ཙི་ཏྲ་ཀ་། རུ་ར་ཡི་ལྡེ་གུ་ཡིན། །ཞེས་བྱ་བ་ལ་དནྟིའི་རྩ་བ་སྲང་ཉི་ཤུ་རྩ་ལྔ་དང་ཙི་ཏྲ་ཀ་སྲང་ཉི་ཤུ་ལྔ་ཆུ་བྲེ་བཅུ་དྲུག་།ཅེས་བྱ་བ་སྲང་ལྔ་བརྒྱ་རྩ
་བཅུ་གཉིས་ཀྱི་ནང་དུ་བསྐོལ་ལ་དེ་ལས་བྲེ་དོ་ལུས་པའི་ཁུ་བ་བཙགས་ཏེ། ཨ་རུ་ར་དང་བཅས་པའི་བུ་རམ་དནྟི་དང་མཉམ་པ་སྲང་ཉི་ཤུ་རྩ་ལྔ་བཅུག་པ་དང། ཏིལ་མར་སྲང་བཞི་དང་དུར་བྱིད་ཀྱི་ཕྱེ་མ་སྲང་བཞི། བཅའ་སྒ་དང་པི་པི་ལིང་ཞོ་གཉིས་གཉིས
་བཅུག་ལ་མེ་ཆུང་ངུས་བསྐོལ་ཏེ། ལྡེ་གུར་གྱུར་པས་ན་དེ་བསྒྲངས་པའི་ནང་དུ་སྦྲང་རྩི་ཏིལ་མར་དང་ཆ་མཉམ་པ་སྲང་བཞི་བཅུག་ལ་དྲི་སྣ་བཞི་ལས་སྲང་རེ་རེ་སྟེ། སྲང་བཞི་བཅུག་ལ་ལྡེ་གུ་དེ་ལས་ཨ་རུ་ར་དེ་དང་ལྡེ་གུ་སྲང་གཅིག་དང་བཅས་པ་ཟོས་ན་བདེ་ཞིང
་ནད་མེད་པས་སྣུམ་གྱིས་ཞེན་པར་གྱུར་པས་ན་བྲེ་གང་ཙམ་འཁྲུ་ཞིང་འབྱུང་བར་འགྱུར་རོ། །དནྟ་དང་ཨ་རུ་དེ་ནི་སྐྲན་དང་སྙིང་ནད་ལ་སོགས་པ་ཡང་འཇོམས་པར་བྱེད་དོ། །སུ་ད་ཀྵི་རའི་གླན་དང་ནི། །དུར་བྱིད་དང་ནི་ལེགས་བསྲེས་ཏེ། །མར
་དང་སྦྲང་རྩི་ཞོ་གཉིས་བཅས། །ལྡེ་གུ་ལེགས་པར་འཁྲུ་བར་འགྱུར། ཞེས་བྱ་བ་ལ། དུར་བྱིད་ཀྱི་ཕྱེ་མ་སུ་དཀྵི་རའི་འོ་མ་དང་བསྲེས་ཤིང། སྡངས་ལ་མར་དང་སྦྲང་རྩི་ཞོ་གཉིས་དང་སྦྱར་བའི་ལྡེ་གུ་བྱིན་ན་ཡང་ལེགས་པར་བདེ་བླག་ཁོ་ནར་འཁྲུ
་བར་འགྱུར་རོ། །རུ་རྟ་དུར་བྱིད་ཨ་རུ་ར། །དནྟ་གུ་གུལ་ནས་ཚིག་འཁུས། །བ་གཅིན་བཅས་བླུད་ཡང་ན་ནི། །གུ་གུལ་ཉི་ཚེ་བ་གཅིན་བླུད། །ཅེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་པ་གཅིན་དང་སྦྱར་ཏེ་འཁྲུས་སྨན་གྱི་དོན་དུ་བླུད་པར་བྱ་བའམ། །ཡང
་ན་གུ་གུལ་ཉི་ཚེ་བ་གཅིན་དང་སྦྱར་ཏེ་བླུད་ན་ཡང་ཁྲུ་བར་བྱེད་དོ། །ཆོག་གྲུབ་པ་ལས་བཤད་པའི། །བཀྲུ་སྨན་དྲག་པོ་སྐྲན་འཇོམས་པ་དང། །ཞེས་བྱ་བ་ལ། ཡང་ན་ཆོ་ག་གྲུབ་པའི་སྐབས་ནས་བཤད་པའི་མས་བཏང་བའི་བཀྲུ་སྨན་དྲག་པོ་འཇོམས་པར་བྱེད
་པ་ཡང་བཏང་བར་བྱའོ། །རྩ་བ་ཟུག?་ཅིང་ལྷུན་ཆེ་ལ། །སྲ་ཞིང་ལྕི་ལ་ཚོར་བ་མེད། །གཏིང་རིང་མ་སྨིན་པ་ཡི་སྐྲན། །ཐལ་སྨན་དང་ནི་ཆད་རྙིང་དང། །མེ་ཡི་ལས་ཀྱིས་གསལ་བར་བྱ། །ཞེས་བྱ་བ་ལ། སྐྲན་རྩ་བ་ཟུག་པ་སྟེ་དངོས་པོ་གཅིན་ཏུ་ཆགས་པ་དང། ལྷུན་ཆེ་ཞིང
་སྟུག་པ་དང་མཉེན་བག་མེད་ཅིང་སྲ་བ་དང་ཁུར་ལྟར་ལྕི་བ་དང། ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་དང། གཏིང་རིང་ཞིང་ཤའི་ནང་དུ་ཟུག་པ་དང། སྨིན་པར་མ་གྱུར་པའི་སྐྲན་ལ་ཐལ་སྨན་རྣོན་པོ་བཏང་བ་དང་ཆང་རྙིང་པ་བཏབ་པ་དང། མེས་བསྲགས་པའི
་ལས་ཀྱིས་དེ་བསལ་ཞིང་གཞོམ་པར་བྱའོ། །བད་ཀན་ཤས་ཆེ་ཐལ་སྨན་ནི། །གཞང་འབྲུམ་རྡེའུ་དང་ཕོ་པའི་ནད། །གསོ་བའི་སྐབས་བཤད་བཏང་བྱ་ཞིང། །ཞག་གཅིག་ཞག་གཉིས་ཀྱིས་ཆོད་པ། །ཡང་ན་ཞག་གསུམ་ངལ་བསོས་ལ། །ལུས་ཀྱི་ཉམས་སྟོབས་ནད
་དག་ནི། །འཕེལ་འབྲིའི་ལས་ལ་བརྩོན་པར་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བའི་སྐྲན་ལ་ནི། །ཐལ་སྨན་རྣོན་པོ་གཞང་འབྲུམ་གསོ་པ་ལ་སོགས་པའི་སྐབས་སུ་བཤད་པ་གང་དག་ཡིན་པ་དེ་ཞག་གཅིག་གིས་ཆོད་ཅིང་དལ་བསོས་ཏེ་བཏང་བ་འམ། ཞག་གཉིས
་སམ་ཞག་གསུམ་གྱི་བར་ཆོད་ཅིང་ལུས་ཀྱི་ཉམས་སྟོབས་འཕེལ་བར་བྱ་བ་དང་ནད་འབྲི་བར་བྱེད་པ་ལ་སྨན་པས་བརྩོན་ཞིང་འབད་པར་བྱའོ། །ཐང་ཤིང་དུར་བྱིད་ནད་ང་དང། །བུ་ཙ་ཤེལ་དང་ཚ་བ་ལྔ། །སྦ་རྫི་ཀ་ཐལ་ནས་ཚིག་འཁུས། །པ་ཐ་དད་ནི་འབྲས་བུ
་གསུམ། །རུ་རྟ་པར་སར་སུ་གནད། །ཟིར་ནག་པོ་སྲང་ཕྱེད་ཕྱེད། །ལན་ཚ་ལྔ་ནི་སྲང་རེ་དག་།བཏགས་པའི་ཕྱེ་མ་ཏིལ་མར་དང། །ཞག་དང་ཞོ་དང་མར་དང་སྦྲུས། །རྫ་མར་དུ་བ་མ་ཤོར་བསྲེག་།རྫ་མ་མེ་ཡི་མདོག་འགྱུར་དེའི། །ཐལ་བ་བླངས་པ་འོ་མ་མར། །དར
་བ་ཆང་སོགས་སྦྱར་ཏེ་བླུད། །སྐྲན་དང་རྟུག་འགགས་རྒྱུ་བླུགས་དང། །གཞང་འབྲུམ་དམུ་རྫིང་ཕོ་བའི་ནད། །སྲིད་ནད་བརྗེད་བྱེད་སྨྱོ་བྱེད་གདོན། །མངལ་ནད་ཁུ་ཆུ་ལས་གྱུར་རྡེའུ། །བྱི་བ་སྤྲུལ་གྱི་དུག་རྣམས་ཀྱང། །ཐལ་བའི་སྨན་འདིས་སེལ་བར་བྱེད། །ཅེས་བྱ
་བ་ལ། ཐང་ཤིང་ལ་སོགས་པ་ནས་ཟི་ར་ནག་པོའི་བར་དུ་སྲང་ཕྱེད་ཕྱེད་དང་ལན་ཚ་ལྔ་སྲང་རེ་རེ་ཐམས་ཅད་བཏགས་པའི་ཕྱེ་མ་ཏིལ་ལ་སོགས་པ་དང་སྦྲུས་ཏེ་རྫ་བུམ་གྱི་ནང་དུ་དྲི་མ་མ་ཤོར་བར་ལེགས་པར་བསྲེགས་ལ་རྫ་མ་དེ་མེའི་མདོག་ཅན་དུ་དམར
་པོར་གྱུར་པ་དང་ཐལ་བ་བླངས་ལ་འོ་མ་ལ་སོགས་པ་དང་ཅི་རིགས་སུ་སྦྱར་ཏེ་བླུད་ན་ཕན་ནོ། །ཐལ་བའི་སྨན་འདི་སྐྲན་ལ་སོགས་པའི་ནད་དང་གྱི་བ་ལ་སོགས་པའི་དུག་སེལ་ཅིང་འཇིག་པར་བྱེད་དོ། །བད་ཀན་ལས་གྱུར་སྐྲན་ལ་སྣུམ། །ཤ་ཁུ་འོ་མ་མར་བསྟེན་ལ། །ཐལ་སྨན
་བཏང་ན་སྐྲན་དག་ནི། །གནས་ནས་དུམ་བུ་དུམ་བུ་རུ། །བཅད་ནས་ཐུར་དུ་འབྱིར་བར་བྱེད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ལ་ཐལ་སྨན་ཡ་པཀྵ་ར་ཞེས་བྱ་བ་བླུད་ན། །སྣུམ་ལ་སོགས་པ་བསྟེན་པའི་ཁ་པའི་གནས་ལས་དུམ་བུ་དུམ་བུའི་ཚུལ་དུ་བཅས
་ཅིང་གཏུབས་ཏེ་ཐུར་དུ་འཁྲུ་ཞིང་འབྱིན་པར་བྱེད་དོ། །མེ་དྲོད་ཆུང་ཞིང་ཡི་ག་འཆུས། །ཆང་གོམས་སྣུམ་བཅས་བཟའ་བ་ལ། །རྒྱུན་སྲང་དག་ཕྱིར་མནན་ཆང་དང། །ཆང་རྙིང་སྐྱོན་མེད་བླུད་པར་བྱ། །ཞེས་བྱ་བ་ལ། མེ་དྲོད་ཆུང་བ་ལ་སོགས་པ
་དང་ལྡན་པའི་མི་ལ་བུ་གའི་རྒྱུན་སྲང་དག་ཅིང་བསལ་བར་བྱ་བའི་ཕྱིར། །སྨན་གྱི་སྦྱོར་བ་ལ་སོགས་པ་དང། མནན་པའི་ཆང་ཨ་ས་བའམ། །ཆང་རྙིང་སྐྱོན་མེད་ཅིང་ལེགས་པར་ལངས་པ་དག་བླུད་པར་བྱའོ། །ས་ལུ་དྲུག་ཅུ་པ་རྙིང་པ། །རྒྱ་སྲན་སྐམ་སའི་སྲོག
་ཆགས་ཤ་།ཙི་ཏྲ་པུ་ཏིཀ་རཉྫ། །གནི་མནྟ་ལ་ལ་ཕུང། བ་ར་ནི་ཡ་མྱུ་གུ་དང། །ཤིང་ཀྲུ་བིལྦ་གཞོན་ནུ་དང། །ལ་ཕུག་གཞོན་ནུ་སྐམ་པོ་དང། །ཁ་ལུང་ཤིང་ཀུན་སྟར་བུ་དང། །སེའུ་འབྲུ་ནས་ཚིག་འཁུས་ཐལ་བ། །ཚ་བ་གསུམ་དང་དར་བ་དང། །མར་དང
་ཏིལ་མར་ཁ་ཟས་སྦྱིན། །ཞེས་བྱ་བ་ལ། ས་ལུ་རྩ་ནར་ལ་སོགས་པའོ། །དྲུག་ཅུ་པ་དག་ནི་འབྲས་ཀྱི་རྣམ་པ་སྟེ་དེ་དག་ཀྱང་ལོ་གཅིག་ལོན་པར་གྱུར་པ་དང་རྒྱ་སྲན་ཀུ་ལཏྠ་དང། །སྐམ་སའི་སྲོག་ཆགས་ཀྱི་ཤ་དང་ཙི་ཏྲ་ཀ་ལ་སོགས་པའི་མྱུ་གུ་གཞོན་ནུ་དང།།
་ཤིང་ཀྲུ་ལ་སོགས་པ་དང་ཀྱང་བཟའ་བ་དང་ཡུ་ཤ་ལ་སོགས་པའི་དོན་དུ་ཅི་རིགས་པ་སྦྱིན་པར་བྱའོ། །བཏུང་བར་ཆང་གི་དང་མ་དང། སྐྱུར་རྩ་བས་དར་བ་ཞོ་ཁ་ཆུ། །བི་ད་ལ་ལ་ཕུད་ཕྱེ་མ། །རྩ་བ་ལྔ་བསྐོལ་ཁུ་བ་འམ། །རྒུན་ཆང་རྙིང་པ་བླུད་པར་བྱ། །ཞེས
་བྱ་བ་ལ། དེ་ལ་བཏུང་བའི་དོན་ཆང་དངས་མ་ལ་སོགས་པ་བད་ཀན་ལས་གྱུར་པའི་སྐྲན་ཅན་གྱི་ནད་ལ་བླུད་པར་བྱའོ། །པི་པི་ལིང་དང་དེ་རྩ་བ། །གོ་སྙོད་རྒྱམ་ཚ་ཀྲུ་དྲུག་ཏྲེས། །ཆང་གི་སྙིངས་མར་བསྲེས་པ་ཡིས། །སྐྲན་ནི་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་ལ
་པི་པི་ལིང་དང་པི་པི་ལིང་གི་རྩ་བ་ལ་སོགས་པ་དང་ཆང་གི་སྙིགས་མ་འོག་ཏུ་ལུས་པ་དང་སྦྱར་ཏེ། བླུད་ན་ཡང་སྐྲན་སེལ་བར་བྱེད་དོ། །སློན་དང་སྨྱུང་བ་དུགས་དང་ནི། །སྨན་མར་བླུད་དང་བཀྲུ་སྨན་དང། །འཇམ་རྩི་ཐལ་སྨན་ཆང་དང་ནི། །ཆང་རྙིང་རིལ་བུ་ཕན་ཟས
་ཀྱི། །བད་ཀན་སྐྲན་ཅན་གཏིང་ཟུག་པས། །གལ་ཏེ་ཞི་བར་མ་གྱུར་ན། །དེ་ལ་ཁྲག་དབྱུང་ཐ་མར་ནི། །མདེའུ་ལྕགས་སོགས་ཀྱིས་བསྲེག་པར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ལ་སློན་སྨན་ལ་སོགས་པ་བཏང་བར་གྱུར་ཀྱང་དེའི་ནང་དུ་གཏིང་ཟུག་པའི་རྒྱས
་ཞི་ཞིང་བྱང་བར་མ་གྱུར་ན་དེ་ལས་ཁྲག་དབྱུང་བའི་སྦྱོར་བ་བྱས་ནས་དེའི་རྗེས་ལ་མདེའུ་ལྕགས་ལ་སོགས་པས་ལེགས་པར་བསྲེག་པར་བྱའོ། །དེ་ནས་སྐྲན་ན་མཐར་ཐུག་པར། །སྨན་པས་གོས་ཀྱིས་དཀྲིས་ནས་ནི། །ལྟེ་བ་ཆུ་སོ་རྒྱུ་མ་སྙིང། །སྤུ་ཡི་ཕྲེང་ནི་མ་གཏོགས་པར
་ཤིན་ཏུ་གཏིང་ཐུག་མ་ཡིན་པར། །མདེའུ་བསྲེགས་པའམ་ཡང་ན་ནི། །གཟོད་བུའི་ལྕགས་ནི་བསྲེག་པའམ། །ཏིང་ཏུ་ཀ་ཡི་ཤིང་གིས་བསྲེགས། །ཞེས་བྱ་བ་ལ། དེ་ནས་སྲེག་པའི་ཚུལ་ནི་སྐྲན་གྱི་མཛའ་ཅི་ཙམ་ཡོད་པ་ནས། གོས་ཀྱིས་ལེགས་པར་དཀྲིས་ཤིང་བསྡམས
་ལ་སྨན་པས་ལྟེ་བ་དང་ཆུ་ས་ལ་སོགས་པ་དག་དུ་མ་རེག་ཅིང་གཏིང་ཐུག་པར་སླབ་པར་མ་གྱུར་པར་མདེའུ་སྲེག་པའམ། །ཤིང་ཏིང་ཏུ་ཀས་བསྲེགས་པའི་བར་གང་ཡང་རུང་བས་དེ་སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྲེག་པར་བྱའོ། །དེ་ནས་བསིལ་བས་མེ་དབལ་ནི། །ཞི་ནས
་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བསྐ་བ་དང། མངར་བ་དང། སྐྱུར་བའི་བག་བསིལ་བར་གྱུར་པས། མེས་བསྲེགས་པའི་མེ་དེ་ཞི་ཞིང་མེད་པར་བྱས་ནས་དེའི་འོག་ཏུ་རྨ་གསོ་བའི་ཚུལ་དུ་གསོ་བར་བྱའོ། མ་ཞུགས་རྫ་འབྲེལ་སྨྱུང་བྱས་ནས། །ཐུག་པ་སོགས
་ཀྱི་མེ་དྲོད་བསྐྱེད། །རང་རང་རིམས་དང་འདྲེས་པ་ལ། །འདྲེན་པའི་གསོ་བས་གསོ་བར་བྱ། །ཞེས་བྱ་བ་ལ། ནད་གཞི་ཐ་དད་?་ལས་གྱུར་པའི་སྐན་མ་ཞུ་བ་དང་རྗེས་འབྲེལ་ཅིང། །སྨིན་པར་གྱུར་པ་ལ་ནི་དང་པོར་སྨྱུང་བ་བྱས་ནས་དེའི་འོག་ཏུ་ཐུག་པ་ལ་སོགས་པས
་ཕོ་བའི་མེ་དྲོད་བསྐྱེད་ཅིང་རང་རང་གིས་གསོ་བའི་རིམ་པ་སྦྱད་པར་བྱ་ལ། ནད་གཞི་འདྲེས་པ་ལས་གྱུར་པ་ལྡན་པ་དང་འདུས་པའི་ནད་ལ་ནི་སྔར་ཇི་སྐད་སྨོས་པའི་གསོ་བ་དེ་དག་ལས་འདྲེན་མའི་ཚུལ་གྱིས་གསོ་ཞིང་བཅོས་པར་བྱའོ། །བཙས་པའི་དུས་ནི་འདས་གྱུར་པའི། །བུད
་མེད་ལ་སྐྲན་ཁྲག་སྐྱེས་འབྱུང། །དེ་ལ་ལུས་སྣུམ་དུགས་བྱས་པར། །སྣུམ་གྱི་བཀྲུ་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་སྐྲན་དག་ནི་བུད་མེད་ཙམ་པའི་དུས་ཏེ། མངལ་དུ་ཆགས་ནས་ཟླ་བ་བཅུ་འདས་པ་ཡན་ཆད་འབྱུང་བར་འགྱུར་ལ་དེ
་ལྟ་བུ་དེ་ལ་ནི་ལུས་ལ་སྣུམ་པ་དང་དུགས་ཀྱི་ཆོ་ག་དང་པོར་བྱས་ནས་སྣུམ་ཅན་གྱི་དཀྲུ་སྨན་བཏང་བར་བྱའོ། །ཏིལ་བསྐོལ་མར་དང་བུ་རམ་དང། །ཆ་གསུམ་ག་བྲའི་རྩ་བའི་ཕྱེ། །ཁྲག་ལས་གྱུར་པའི་སྐྲན་དང་ནི། །བུད་མེད་ཟླ་མཚན་མེད་ལ་བླུད། །ཅེས་བྱ་བ་ལ། ཁྲག་ལས
་གྱུར་པའི་སྐྲན་དང་བུད་མེད་ཟླ་མཚན་དུས་སུམ་བྱུང་ནས་ནང་དུ་འཁྱིལ་བ་ལ་ནི་ཏིལ་བསྐོལ་བའི་ནང་དུ་མར་ལ་སོགས་པ་བཏབ་པ་བླུད་ན་ཕན་ནོ། །ག་བྲའི་རྩ་བ་པི་པི་ལིང། །ཐང་ཤིང་ཀ་རཉྫའི་ཤུན་པ། །པི་པི་ལིང་གི་རྩ་བ་ཡི། །ཕྱེ་མ་ཏིལ་བསྐོལ་ཆུར་སྦྱར་བ?་བླུད
་ན་ཁྲག་སྐྲན་ནད་སེལ་བྱེད། །ཅེས་བྱ་བ་ལ། ག་བྲའི་རྩ་བ་ལ་སོགས་པའི་ཕྱེ་མ་ཏིལ་བསྐོལ་བའི་ཆུ་དང་བླུད་ན་ཡང་ཁྲག་ལ་སོགས་པའི་སྐྲན་འཇོམས་པར་བྱེད་དོ། །པ་ལ་ཤ་ཡི་ཐལ་བ་ནི། །བྲེ་བརྒྱད་ཏིལ་མར་མར་བྲེ་བརྒྱད། །བསྐོལ་ཏེ་ཚད་བཞིན་བླུད་ན་ནི།།
་སྐྲན་ནི་སྙི་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། པ་ལ་ཤ་བསྲེས་པའི་ཐལ་བའི་ཁུ་བ་གཟགས་པ་བྲེ་བརྒྱད་དང་དེ་བཞིན་དུ་ཏིལ་མར་དང་མར་སྤྱིར་བྲེ་བརྒྱད་སྲེས་ཏེ་བསྐོལ་ལ་ཇི་ལྟ་བ་བཞིན་དུ་བླུད་ན་བུད་མེད་ཀྱི་ཁྲག་ལས་གྱུར་པའི་སྐྲན་སྙི་པར་བྱེད་ཅིང་ལྷོད་པར་གྱུར
་བ་ཡིན་ནོ། །གལ་ཏེ་སྙི་བར་མ་གྱུར་ན། །མངལ་གྱི་བཀྲུ་སྨན་བཏང་བར་བྱ། །ཏིལ་གྱི་ལྡེ་གུ་ཐལ་སྨན་བཅས། །ཡང་ན་སུ་དག་ཁྱི་རར་སྦྱར། །ཞེས་བྱ་བ་ལ། དེ་ལྟར་བྱས་པར་གྱུར་ཀྱང། །ཁྲག་ལས་གྱུར་པའི་སྐྲན་དེ་སྙི་ཞིང་ཞིག་པར་མ་གྱུར་ན་མངལ་གྱི་སྒོ་ནས
་བཀྲུ་སྨན་བཏང་པའི་ཏིལ་བཏགས་པའི་ལྡེ་གུས་ནས་ཅིག་འཁུས་པའི་ཐལ་བ་དང་སྦྱར་བའི་བཀྲུ་སྣན་བཏང་བར་བྱ་བ་འམ། །ཡང་ན་ཏིལ་མར་གྱི་ལྡེ་གུ་དང་སུ?་དཀྵི?་དང་སྦྱར་བའི་མངལ་གྱི་བཀྲུ་སྨན་བཏང་བར་བྱའོ། །ཡང་ན་དེ་གཉིས་དང་བསྲེས་པའི། །ཉ་ནི་ཁ་བོ་བཏང་བ
་བྱ། །ཞེས་བྱ་བ་ལ། ཡང་ན་ནས་ཚིག་འཁུས་པའི་ཐལ་བ་དང། །སུ་དཀྵི་ར་སྦྱར་བ་ཉ་ཁ་བོ་ཞེས་བྱ་བ་ཉའི་ཕྲུ་ཁུ་སྦྱར་བའི་བཀྲུ་སྨན་མངལ་གྱི་སྒོ་ནས་བཏང་བར་བྱའོ། །ཕག་རྒོད་ཉ་ཡི་མཁྲིས་པ་ཡིས། །བསྒོས་པའི་ངས་མ་གཞུག་པར་བྱའོ། །ཞེས་བྱ་བ་ལ། བག་རྒོང་དང
་ཉའི་ཁྲིས་པ་གཉིས་བསྒོས་ཤིང་དེ་ལ་སྤངས་པའི་རས་མ་རྣམས་ཞེས་བྱ་བ་གོས་དུམ་བུ་གཞུག་པར་བྱའོ། །ཡང་ན་བུ་རམ་ཐལ་སྨན་གཉིས། །ཕབས་སྦྱར་ཕྱིར་བཏང། །ཞེས་བྱ་བ་ལ། ཡང་ན་མངལ་ན་མངལ་ནད་སྤྱད་པར་བྱ་བའི་ཕྱིར་བུ་རམ་དང་ཐལ་སྨན་གཉིས
་དང་ཕབས་སྦྱར་ཏེ། མངལ་ནས་བཏང་བར་བྱའོ། །ཁྲག་ཁྲིས་སེལ་བའི་ཐལ་སྨན་ནི། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་སེལ་ཅིང་ཐལ་སྨན་ཨུཏཔ་ལའི་སྡོང་བུ་ལ་སོགས་པ་བསྲེས་པ་གང་ཡིན་པ་དང། སྦྲང་རྩིར་སྦྱར་པའི་ལྡེ་གུ་སྦྱིན
་ན་ཡང་ཕན་ནོ། །སྒོག་སྐྱ་ཆང་ནི་རྣོན་པོ་དང། །ཉ་ཡང་དེ་ལ་སྦྱིན་པར་བྱ། ཞེས་བྱ་བ་ལ། ཡང་བུད་མེད་དེ་ལ་སྒོག་སྐྱལ་སོགས་པ་བྱིན་ན་ཡང་ཕན་ནོ། །རྩ་བ་བཅུ་པ་ཐལ་སྨན་དང། །འོ་མ་བ་གཅིན་མས་བཏང་བྱ། །ཞེས་བྱ་བ་ལ། ཡང་ན་རྩ་བ་བཅུ་པ་བསྐོལ་བ་དང་འོ་མ་དང་སྦྱར་བ་མས
་བཏང་བ་གོང་མ་དང་འམ། །རྩ་བ་བཅུ་པ་དང་ཐལ་སྨན་སྦྱར་བ་མས་བཏང་བ་འམ་རྩ་བ་བཅུ་དང་བཅས་པ་གཅིན་མས་བཏང་བ་གོང་མ་འམ་བྱའོ། །དེས་ཀྱང་ཁྲག་འཛག་མ་གྱུར་ན། །སྐྲན་འཇིག་བྱེད་པའི་སྦྱོར་བ་ཕན། །ཞེས་བྱ་བ་ལ། སྦྱོར་བ་དེ་དག་ཀྱང་ཁྲག་མ
་འཛག་ཅིང་ཟླ་མཚན་མི་སྣང་ན་སྐྲན་འཇིག་པར་བྱེད་པའི་སྨན་གྱི་སྦྱོར་བ་བྱའོ། །བྱུར་ནས་མར་དང་ཏིལ་མར་བསྐུ། །བཅད་པ་དག་ནི་མི་བྱ་ཞིང། །ཤ་ཁུ་འབྲས་ཆན་བཟའ་བ་དང། །བཏུང་བ་ཆང་ནི་གསར་པ་བླུད། །ཅེས་བྱ་བ་ལ། ཟླ་མཚན་གྱི་ཁྲག་དེ་བྱུང་བར་གྱུར་ན
་ནི་ཞུན་མར་གྱིས་དེའི་ལུས་ལ་བསྐུ་བར་བྱའོ། །ཁྲག་དབྱུང་བར་དེ་མི་བཅད་པར་བཏང་སྙོམས་སུ་བཞག་ལ། ཤ་ཁུ་དང་འབྲས་ཆན་དུ་སྦྱར་བ་སྦྱིན་ཞིང་ཆང་གསར་པ་བླུད་པར་བྱའོ། །ཁྲག་ནི་ཆས་ཆེར་བྱུང་གྱུར་ན། །ཁྲག་མཁྲིས་སེལ་བའི་གསོ་བ་བྱ། །ཞེས་བྱ་བ
་ལ། དེ་ལྟར་བྱུང་བ་ལས་ཤས་ཆེར་རྒལ་ཞིང་མང་དུ་བྱུང་ན་ཁྲག་མཁྲིས་བསལ་བའི། །གསོ་བ་ཇི་སྐད་བཤད་པ་དག་བྱའོ། །རླུང་གི་ནད་ཀྱིས་ཉེན་གྱུར་ན། །རླུང་གི་གསོ་བ་ཀུན་ཀྱང
་བྱ་ལྟོ་ལྦོས་སོགས་དང་རྟུག་སྐམ་དང། །རླུང་བསལ་གསོ་བ་ཇི་བཞིན་བྱ། །ཞེས་བྱ་བ་ལ། བུད་མེད་དེ་རྐྱེན་དེ་ལས་དེ་རླུང་ནད་སྐྱེས་པར་གྱུར་ན་ནི། །རླུང་བསལ་ཅིང་འཇོམས་པའི་ཇི་སྐད་སྨོས
་པ་ཐམས་ཅད་བྱའོ། །གལ་ཏེ་དེ་ལྟོ་སྤོས་པ་དང་རླུང་ནི་གཏུན་འདྲ་བ་དང་རྟུག་པ་འགགས་པ་ལ་སོགས་པའི་ནད་ལ་ནི་རྟུག་སྐམས་གསོ་བའི་སྦྱོར་བ་ཇི་སྐད་སྨོས་པ་དག་བྱའོ། །ཡན་ལག
་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས།། །།
་གསོ་བའི་གནས་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ། །།དགེ་ལེགས་སུ་གྱུར་ཅིག། མངྒཱ་ལཾ།།
་