CLOSE WINDOW

N4591: yan lag brgyad pa'i snying po'i rnam par 'grel pa'i tshig gi don gyi zla zer zhes bya ba
Wyliee-texts based on the ACIP/ALL Input

text in 3 volumes

volume 1 (gso rig (e)) - volume 2 (gso rig (ko)) - volume 3 (gso rig (kho)) -

རྒྱ་གར་སྐད་དུ། པ་དཱརྠ་ཙནྡྲི་ཀ་པྲ་བྷཱ་ས་ནཱ་མ་ཨཥྚཱཾ་ག་ཧྲི་ད་ཡ་བྲིཏྟི། བོད་སྐད་དུ། ཡན་ལག་བརྒྱད ་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ལ་ཕྱག ་འཚལ་ལོ། །འཕྲོག་བྱེད་མི་ཟད་ཚིག་གི་གཏེར། །ལྷ་ཡི་ལྷ་དབང་རབ་བཏུད་དེ། །རྒྱས་བཤད་ཚིག་དོན་ཟླ་བའི་ཟེར། ། ་ཀུན་ལ་ཕན་གསལ་བདག་གིས་ནི། །དཔལ་ལྡན་སྒྲིབ་བྱེད་ལྷ་ཡིས་ནི། །སྙིང་ནི་རྣམ་པར་དྲངས་པས་ན། །བླ ་མའི་ལུང་ནི་ཡང་དག་ཉིད། །གསལ་བར་རྟོགས་ནས་བརྩམས་པར་བྱ། །རིག་པས་རབ་ཟབ་གྲགས་ལྡན་པའི། །དགེ་བའི ་འོ་མའི་མཚོ་ལས་སྐྱེས། །ཟླ་བ་དགའ་བ་ཟླ་བ་ལྟར། །མ་རྟོགས་ཚ་བཞི་བྱེད་ཡིན། །འདོད་ཆགས་ལ་སོགས་མ་ལུས་པ་ཡི ་ནད། །རྒྱུན་ཏུ་འབྲེལ་བས་ལུས་ཀུན་མ་ལུས་ཁྱབ། །འདོད་དང་གཏི་མུག་ཁྲོ་བ་སེལ་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ ་ལོ་ཞེས་བྱ་བ་ལ། བསྟན་བཅོས་རྩོམ་པ་ལ་ནི་མངོན་པར་འདོད་པའི་ལྷ་ལ་ཕྱག་བྱ་དགོས་པའི་ཕྱིར་ཚིགས་སུ་བཅད་པ་དང་པོ་འདི་སྨོས་པ་ཡིན་ཏེ། ། ་འདོད་ཆགས་ལ་སོགས་པའི་ནད་སེལ་བའི་སྨན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །འདིར་འདོད་ཆགས་ལ་སོགས་པ་ནི་འདོད་ཆགས་དང་ཞེ ་སྡང་ལ་སོགས་པ་ཡིན་ལ། འདོད་ཆགས་ལ་སོགས་པ་དེ་ཉིད་ནི་གནོད་ཅིང་གཟིར་བར་བྱེད་པས་ན་ནད་དེ། ལུས་དང་སེམས་གདུང་བར་བྱེད་པ་ཞེས ་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་ལུས་ཅན་རྣམས་ཤིན་ཏུ་གཟིར་བར་བྱེད་པ་ཡིན་ལ། དེ་གང་གིས་སེལ་པར་མཛད་པའོ། །དེ་ཇི་ལྟ་བུ་ཞེ་ན། ་རྒྱུན་ཏུ་འབྲེལ་པ་ཞེས་སྨོས་ཏེ། རྟག་ཏུ་རྗེས་སུ་འབྲང་ཞིང་དུས་ཐམས་ཅད་དུ་ཀུན་ཏུ་འབྲེལ་བ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏེ་དེ་དང་བྲལ ་བའི་འཁོར་བ་ནི་ནམ་ཡང་འབྱུང་བར་མི་འགྱུར་རོ། །ལུས་ཀུན་ཁྱབ་ཅེས་བྱ་བ་ནི་ལུས་ཀྱང་ཡིན་ལ་ཀུན་ཡང་ཡིན་པས་ན་ལུས་ཀུན ་ཞེས་བྱ་སྟེ། སྐྱེས་བུ་དང། ཕྱུགས་དང། གླང་པོ་དང། རྟ་དང། བ་ལང་དང། བ་ལང་རྒོད་དང། འབུ་སྲིན་དང། གྲོག་སྦུར་ལ་སོགས་པ་དང་འབྲེལ ་པའི་ལུས་མ་ལུས་པ་དེ་ཐམས་ཅད་ལ་མཆོག་ཏུ་ཁྱབ་པར་གནས་པས་ན་མ་ལུས་ཁྱབ་ཅེས་བྱ་སྟེ། རྩ་བ་དང་བཅས་ཤིང་ས་བོན་དང་བཅས་པ་མ་ལུས ་པ་ལ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །འདོད་དང་གཏི་མུག་ཁྲོ་བ་སེལ་ཞེས་བྱ་བ། །འདོད་པ་ནི་ཡུལ་རྣམས་ལ་འདོད་ཅིང་ཆགས་པ་ལ་མངོན་པར་ཞེན་པའོ།། ་གཏི་མུག་ནི་བྱ་བ་དང་བྱ་བ་མ་ཡིན་པ་མངོན་པར་མ་རྟོགས་ཤིང་མི་ཤེས་པའོ། །ཁྲོ་བ་ནི་སེམས་ཀྱིས་ཞེ་སྡང་ཞིང་གང་དུ་ཡང་མངོན་པར་ཆགས་པ་མེད་པ་སྟེ། ་གང་དེ་ལྟ་བུ་སེལ་ཞིང་འཇོམས་པར་མཛད་པའི་སྨན་པ་སྔོན་མེད་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ཡིན་ཏེ། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བའི་ཚུལ་ཅན་གྱི་སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ཞིང་འདུད་པར ་ནི་གང་གི་ཕྱིར་སྨན་པ་འདི་ནི་ལྷན་ཅིག་སྐྱེས་པའི་ཚུལ་ཅན་རྟག་ཏུ་འབྲེལ་ལ། ཁྱབ་པར་གནས་པ་རྩལ་དང་བཅས་པ་གསོར་མི་རུང་བའི་ནད་དང་མཚུངས་པའི་རྣམ་པ་ཅན་འཇིག་པར་མཛད་པ་ཡིན་ལ། སྨན་པ ་གཞན་དག་ནི་རིམ་ལ་སོགས་པའི་ནད་རྣམས་མཚན་མ་འདི་དག་དང་ལྡན་ན་སེལ་བར་མི་ནུས་སོ། །ཡང་ན་གང་ཞིག་གི་སྔོན་དུ་གཞན་མེད་པ་གང་ཡིན་པ་དེ་ནི་སྔོན་མེད་ཅེས་བྱའོ། །འདི་སྐད་སྟོན་ཏེ། དེ་ཉིད་ནི་ཐམས ་ཅད་ལས་ཐོག་མར་གྱུར་པ་ཡིན་ནོ། །གང་གི་ཕྱིར་མངོན་པར་འདོད་པའི་ལྷ་ལ་ཕྱག་བྱ་བ་སྔོན་དུ་འགྲོ་བར་ནི་རྩོམ་པ་ལ་འཇུག་པ་ཐམས་ཅད་རིང་པོ་མི་ཐོག་པར་གེགས་མེད་པ་ཉིད་དུ་རྫོགས་ཤིང་འབྲས ་བུ་དང་བཅས་པར་འགྱུར་རོ། །དེའི་ཕྱིར་འདོད་པའི་ལྷ་ལ་ཕྱག་བྱས་ནས། དེའི་འོག་ཏུ་སྨན་དཔྱད་ཀྱི་རྒྱུད་བྱེད་པས། རྒྱུད་འདི་ཐམས་ཅད་རྩོམ་པ་ལ་འཇུག་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་འབྲེལ་པ་ ་ལ་སོགས་པ་བཞི་བརྗོད་པར་བྱ་དགོས་ལ། ཚིག་ནི་རིམ་གྱིས་འཇུག་པ་ཡིན་པས། འདི་དག་ཅིག་ཅར་བརྗོད་པར་མི་ནུས་སོ། །དེ་བས་ན་དང་པོར་རེ་ཞིག་འབྲེལ་པ་བཤད་པར་བྱའོ། །དེ་ཡང་དེ་ཕྱིར་འབྲེལ ་པ་བརྗོད་པ་ཡིས། །ཉན་པ་པོ་ཡི་འཇུག་པ་འགྲུབ། །དེ་བས་བསྟན་བཅོས་ཐམས་ཅད་ལ། །འབྲེལ་པ་དང་པོར་བརྗོད་པར་བྱ་ཞེས་བཤད་པས་ན། འབྲེལ་པ་བརྗོད་དགོས་ལ། དགོས་པ་ཡང ་བསྟན་བཅོས་དག་ནི་ཐམས་ཅད་དང། །ལས་རྣམས་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པ། །དེ་སྲིད་དེ་ནི་སུ་ཞིག་འཛིན་ཞེས་བཤད་པ་ཡིན་ནོ། །དེ་ལ་འདིར་འབྲེལ་བ་ནི་ཐབས་ནད་ཀྱི་མཚན་ཉིད ་དང། ཐབས་ལས་བྱུང་བ་ནད་ཉེ་བར་ཞི་བའི་ཚེའི་རིག་བྱེད་དོ། དེ་དག་ཐམས་ཅད་ཐབས་ལས་བྱུང་བའི་མཚན་ཉིད་དུ་འབྲེལ་པ་ནི་འབྲེལ་པའོ། །དགོས་པ་ནི་ཁམས་དང་རང་བཞིན་གྱི་བྱ་བ་ཡང་སྟོན་པ་ནི ་གཞུང་འདིའི་དགོས་པ་ཡིན་ལ། དགོས་པའི་དགོས་པ་ནི་ཆོས་དང། དོན་དང་འདོད་པ་རྫོགས་པ་ཡིན་ནོ། །དེ་ནས་ཚེ་རིང་བར་འདོད་པའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི ་བཀྲ་ཤིས་པ་དང། དབང་དུ་བྱ་བ་དང། དེ་མ་ཐག་པའི་དོན་གྱི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་ཡི་གེ་ཨོཾ་དང་དེ་ནས་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཆོས་བརྟོལ་ཏེ་མངོན་པར ་བྱུང། །དེས་ན་འདི་གཉིས་བཀྲ་ཤིས་ཡིན། །ཞེས་སྨོས་པ་ཡིན་ལ། །བཀྲ་ཤིས་བ་ལ་སོགས་པ་ནི་དེ་འདོན་པར་བྱེད་པ་རྣམས་ལ་བར་ཆད་མེད་པར་རབ་ཏུ་འཇུག་ཅིང། མངོན་པར་འདོད་པའི་དོན་བསྒྲུབ ་པ་འབྱུང་བར་འགྱུར་བ་ཡིན་ནོ། །དབང་དུ་བྱ་བ་ནི་ཚེ་རིང་བར་འདོད་པ་ལ་ཕན་པའི་བསྟན་བཅོས་ཀྱི་དབང་དུ་བྱས་པ་ཡིན་ཏེ། གང་འདི་ནས་ཉེ་བར་བརྩམས་ཏེ། གཞུང་ཡོངས་སུ་རྫོགས་པ་དེ་དག་ཐམས་ཅད་ནི་ཚེ་རིང་བར་འདོད་པ་རྣམས་ལ་ཕན་པ ་ཡིན་ནོ། །དེ་མ་ཐག་པ་ཡང་ལྷ་ལ་ཕྱག་བྱས་པའི་རྗེས་ཐོགས་ཉིད་ལ་ཚེ་རིང་བར་འདོད་པ་རྣམས་ལ་ཕན་པ་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་འགལ་བ་དང། ཐེ་ཚོམ་དང་བཅས་པ་དང། དོན་མེད་པ་དང། ཟློས ་པ་ལ་སོགས་པའི་ཉེས་པ་དང་བཅས་པའི་གཞུང་མང་དུ་ཡོད་པ་འམ། ཡང་ན་འགྲོ་བའི་ཁོངས་སུ་གཏོགས་པའི་འཇིག་རྟེན་པ་རྣམས་ནད་ཀྱིས་ཟིལ་གྱིས་ནོན་པར་མཐོང་སྟེ། དེ་བས་ན་ཚེ་ལ་ཕན་པ་དང། ནད་མེད་པའི་འགྲོ་བ་ལ་ཕན་པ་བཤད་པར ་བྱའོ་ཞེས་པའོ། །ཚེ་ཞེས་བྱ་བ་ནི་འགྲོ་བས་ན་ཚེ་སྟེ། རྒྱུན་མི་འཆད་པར་འགྲོ་ཞིང་སྐད་ཅིག་ཀྱང་མི་སྡོད་པའོ། །ཚེ་འདོད་པ་རྣམས་ལ་ཕན་པས་ན་ཚེ་རིང་བར་འདོད་པའོ། །ལེའུ་ཞེས་བྱ་བ་ལ། ཤོས་པར་བྱེད་པས་ན་ལེའུ་སྟེ། དེ་ཡང་ཡི་གེ་བསྡུས ་པ་ནི་དག་ཡིན་ལ། རག་བསྡུས་པ་ནི་རབ་ཏུ་བྱེད་པའོ། །རབ་ཏུ་བྱེད་པ་བསྡུས་པ་ནི་ལེའུ་འོ། །བཤད་པར་བྱའོ་ཞེས་བྱ་བ་ལ། སྣ་ཚོགས་ཤིང་དུ་མར་ཕྱེ་བ་སྟེ། ཚིག་དང། དོན་དང། ངེས་པ་དང། ལན་ཏེ། གཞུང་ཡོངས་སུ་རྫོགས ་ཀྱི་བར་དུ། གང་ཅུང་ཟད་བཤད་པ་དེ་ཐམས་ཅད་ནི་ཚེ་རིང་བར་འདོད་པ་རྣམས་ལ་ཕན་པའི་ཕྱིར་བཤད་ཅིང་བསྟན་ལ་རྣམ་པར་དབྱེ་བར་བྱའོ་ཞེས་བྱ་བའི་བར་དུའོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ་ཞེས་བྱ་བ་ལ་རྒྱུན ་ཤེས་ལས་སྐྱེས་པས་ན་རྒྱུན་ཤེས་ཀྱི་བུ་སྟེ། འདིས་ནི་རིགས་པ་ཡོངས་སུ་དག་པར་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཚེའི་རིགས་བྱེད་ཀྱི་བསྟན་བཅོས་འདི་ལུང་གི་ཚད་མ་དང་ལྡན་པར་སྟོན་པ་ཡང་ཡིན་ནོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ཡང་ཡིན་ལ། དྲང་ ་སྲོང་ཆེན་པོ་ཡང་ཡིན་པས་ན་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་ཏེ། འདིས་ནི་རང་གཟོར་བྱས་པ་བཀག་པ་ཡིན་ཏེ། ཁོ་བོས་རང་དགར་ནི་ཅུང་ཟད་ཀྱང་སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་པའོ། །འདི་ལྟར་ཞེས་བྱ ་པའི་སྒྲ་ནི་འདི་སྐད་ཅེས་བྱ་བའི་དོན་ཏོ། །བཤད་དེ་ཞེས་བྱ་བའི་སྒྲ་ནི་སྔོན་གྱི་དུས་སུ་སྨྲ་ཞིང་སྟོན་པ་ཞེས་བྱ་བའི་དོན་ཏོ། །ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་བསྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པར་བྱ་བར་གྱིས་ཞེས ་བྱ་བ་ལ། ཆོས་དང་ནོར་གྱི་བདེ་བ་ཚེ་འདོད་པའི་སྐྱེས་བུས་ཚེའི་རིག་བྱེད་བསྟན་པ་ལ་མཆོག་ཏུ་གུས་པར་བྱ་བ་ནི། རང་ངམ་གཞན་ལས་ཤེས་ཏེ་བྱའོ། །དེ་ལ་ཚེ་ཞེས་བྱ་བ་ནི་འཚོ་བ་སྟེ། ལུས་དང་དབང་པོ་སེམས་ཅན་བདག་།འདུས་པ་བཞི་ཡི་འཚོ་བ་སྟེ།། ་རྟག་པར་འགྲོ་ཞིང་རྗེས་འབྲེལ་བ། །ཚེ་ཡི་རྣམ་གྲངས་ཡིན་པར་བཤད། །ཅེས་བྱ་བ་ཡིན་ལ། ཚེ་དེ་རིག་པར་བྱེད་པས་ན་ཚེའི་རིག་བྱེད་དེ། ཇི་ལྟར་ཞེ་ན། ཕན་པ་དང། ཕན་པ་མ་ཡིན་པ་དང། བདེ་བ་དང། སྡུག་བསྔལ་བ་དང། ཚད་མ་དང། ཚད ་མ་མ་ཡིན་པ་ཉིད་ལས་ཤེས་སོ། །དེ་ཡང་ལུང་ལས། ཕན་དང་མི་ཕན་བདེ་སྡུག་བསྔལ། །དེ་ཡི་ཚེ་ཡིན་པ་ན་མི་ཕན། །གང་དུ་ཚད་དུ་བཤད་པ་ནི། །ཚེ་ཡི་རིག་བྱེད་ཡིན་པར་བཤད། །ཅེས་སྨོས་པ་ཡིན་ནོ། །ཡང་ན་གང་གིས་གང་ལ་ཚེ་ཡོད་པར་འགྱུར ་པ་དེ་ནི་ཚེའི་རིག་བྱེད་དེ། དེ་ཡོད་པར་ཤེས་པ་ཐོབ་ཅིང། རྣམ་པར་དཔྱོད་པར་འགྱུར་རོ། །དེའི་ལུང་བཤད་པ་ནི་ཚེའི་རིག་བྱེད་སྟོན་པར་བྱེད་པའི་བསྟན་བཅོས་ཏེ། དེ་ལྟར་ན་ཚེའི་རིག་བྱེད་སྟོན་པར་བྱེད་པའི་བསྟན་བཙོས་ལ་རབ་ཏུ་གུས་ཤིང་འབད ་པས་གོ་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དེ་ནི་ཆོས་ལ་སོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་ཆོས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་འཛིན་ཅིང་འཚོ་བར་བྱེད་པས་ན་ཆོས་སོ། །བླང་ཞིང་དོན་དུ་གཉེར་བར་བྱ་བ་ཡིན ་པས་ནོར་རོ། །བདེ་བ་ནི་སྡུག་བསྔལ་དང་བྲལ་བའོ། །དེ་རྣམས་བསྒྲུབ་པ་ནི་བསྒྲུབ་པའི་ཐབས་སུ་གྱུར་པའོ། །ད་ནི་བསྟན་བཅོས་གཅིག་ལས་གཅིག་ཏུ་བརྒྱུད་པ་ཡིན་པར་བསྟན་པའི་ཕྱིར། ཚངས་པས་ཚེ་ཡི་རིགས་བྱེད་དྲན། །སྐྱེ་དགུའི་བདག་ལ་བཤད་པ་ཡིན། །དེ ་ཡིས་ཐ་སྐར?་དེས་བརྒྱ་བྱིན། །དེས་རྒྱུན་ཤེས་སོགས་དྲང་སྲོང་ལའོ། །དེ་ཡིས་མི་བཞིན་འཇུག་ལ་སོགས། །དེ་རྣམས་ཀྱིས་བརྒྱུད་སོ་སོར་བྱས་ཞེས་སྨོས་པ་ཡིན་ནོ། །དེ་ལ་ཚངས་པ་ནི་མེས་པོ་ཆེན་པོ་སྟེ། དེས་ནི་ཚེའི་རིག་བྱེད་དྲན་པ་ཡིན་ཏེ། ཚེའི་རིག་བྱེད་ནི་རྟག་པ ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་དགུའི་བདག་ཅེས་བྱ་བ་ནི་མྱུར་བ་ཞེས་བྱ་བ་སྟེ། དེ་ལ་བཤད་ཅིང་འཛིན་དུ་བཅུག་གོ་།དེ་ཡིས་ཐ་སྐར་ཞེས་བྱ་བ་ནི་སྐྱེ་དགུའི་བདག་པོ། །དེས་ལྷའི་སྨན་པ་ཐ་སྐར་གྱི་དུ་གཉིས་ལ་བཤད་ཅིང་འཛིན་དུ་བཅུག་གོ་།དེས་བརྒྱ་བྱིན་ཞེས་བྱ་བ་ནི ་ཐ་སྐར་གྱི་དུ་གཉིས་ཀྱིས། །བརྒྱ་བྱིན་མིག་སྟོང་ལྡན་འཛིན་དུ་བཅུག་གོ་།དེས་རྒྱུན་ཤེས་ལ་སོགས་པ་དྲང་སྲོང་ལ་ཞེས་བྱ་བ་ནི་བརྒྱ་བྱིན་དེས་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་རོང་རྣམས་འཛིན་དུ་བཅུག་སྟེ། རྒྱུན་ཤེས་ཀྱི་བུ་ནི་ན་བས་སོ་སྐྱེས་སོ། །སོགས་པའི ་སྒྲས་ནི་ཐང་ལ་འབར་དང། རྐང་གཉིས་དཔྱོད་དང། མུ་ཁྱུང་དང། འགྲོ་བ་སྐྱོབ་ཀྱི་བུ་ལ་སོགས་པས་གཟུང་ངོ། །དེ་ཡིས་མེ་བཞིན་དུ་འཇུག་ལ་སོགས་ཞེས་བྱ་བ་ནི། རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་དེ་རྣམས་ཀྱིས། དྲང་སྲོང་མེ་བཞིན་འཇུག་ལ ་སོགས་པ་ལ་བཤད་དེ། སོགས་པའི་སྒྲས་ནི་དྲང་སྲོང་ལུགས་དང། རྒྱ་སྐྱེགས་རྣ་དང། མདའི་མཆོག་དང། ལན་ཚྭའི་ལག་པ་ཞེས་བྱ་བའི་བར་ལ་བཤད་ཅིང་འཛིན་དུ་བཅུག་གོ་།དེ་རྣམས་ཀྱིས་རྒྱུད་སོ་སོར་བྱས་ཞེས་བྱ་བ་ནི། མེ་བཞིན་འཇུག་ལ་སོགས ་པ་རྣམས་ཀྱིས་ཀྱང། སོ་སོར་ཞེས་པར་རེས་རྒྱུད་ཅེས་པ་སྨན་དཔྱད་ཀྱི་གཞུང་བྱས་ཤིང་རྒྱ་ཆེར་སྦྱར་བ་ཡིན་ནོ། །དེ་ཡང་གཞུང་འདིས་ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ན་རྒྱུད་ཅེས་བྱའོ། །གལ་ཏེ་དྲངས་རོང་ཆེན་པོ་རྣམས་ཀྱིས་བྱས་པའི་གཞུང ་རྣམས་ཡོད་བཞིན་དུ། རྒྱུད་འདི་ཅིའི་ཕྱིར་རྩོམ་པར་བྱེད། དེ་ལ་འབད་པ་དོན་མེད་པ་བསྐྱེད་པ་འབའ་ཞིག་དུ་ཟད་དོ་ཞེ་ན། དེའི་ཕྱིར་ཤིན་ཏུ་མཐོང་བ་དེ་རྣམས་ལས་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུས་པས་ན་རྒྱུད་ཅེས་བྱའོ། །གལ་ཏེ ་དྲང་སྲོང་ཆེན་པོ་རྣམས་ཀྱིས་བྱས་པའི་གཞུང་ཡོད་བཞིན་དུ། རྒྱུད་འདིའི་ཅིའི་ཕྱིར་རྩོམ་པར་བྱེད། དེ་ལ་འབད་པ་དོན་མེད་བསྐྱེད་པ་འབའ་ཞིག་དུ་ཟད་དོ་ཞེ་ན། དེའི་ཕྱིར་ཤིན་ཏུ་མཐོང་བ་དེ་རྣམས་ལས། རབ་ཅེས་ཕལ་ཆེར་བསྡུས་པ་ནི། །ཤིན་ཏུ་རྒྱས ་མིན་བསྡུས་མིན་པར། །ཡན་ལག་བརྒྱད་པའི་སྙིང་པོ་བྱས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཤིན་ཏུ་འཐོར་ཞིང་མ་འདུས་ལ། །ཚིག་མཐོན་དམན་ཅན་གྱིས་དོན་ཕན་ཚུན་འཕྱན་པར་འགྱུར་བའི་གཞུང་དེ་རྣམས་ལས། ཤིན་ཏུ་གཅེས་པ་ཕལ་མོ་ཆེ་མང་དུ ་བསྡུས་ནས། ཡན་ལག་བརྒྱད་པའི་སྙིང་པོ་ངས་བྱས་ལ། དེ་ཡང་ཤིན་ཏུ་བསྡུས་པའམ། ཤིན་ཏུ་རྒྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིག་གི་དོན་ནི་རྣམ་པར་འཐོར་བའི་ཚིག་རྣམས་ལས་བཏུས་ཤིང་ལེགས་པར་བསྡུས་པས་བཏུས་པའོ།། ་དེ་ཡང་གཅེས་པ་ཉི་ལས་ཕལ་ཆེར་བཏུས་པ་ཡིན་ཏེ། གཞུང་གཞན་དག་ཏུ་གཅེས་པ་ཙམ་ཞིག་བསྡུས་པ་ཡིན་ལ། འདི་ནི་རབ་ཏུ་བཅོས་པ་བསྡུས་པ་ཡིན་ནོ། །ཤིན་ཏུ་བསྡུས་མིན་རྒྱས་མིན་པར་ཞེས་བྱ་བ་ལ། བསྡུས་པ་ནི་གཞུང་ཉུང་ངུ ་ཞིག་སྦྱར་པའོ། །རྒྱས་པ་ནི་གཞུང་མང་པོ་སྦྱར་བ་ཡིན་ནོ། །གང་གི་ཕྱིར་ཤིན་ཏུ་བསྡུས་པ་ནི་བློ་དམན་པ་རྣམས་ཀྱིས་དོན་དུ་མི་འགྱུར་ལ། དེ་རྣམས་ཉིད་ལ་ཤིན་ཏུ་རྒྱ་ཆེར་བཤད་ན་ཡང་མཉན་པ་དང། གོང?་དང་ཉམས་སུ་ལེན་པར་མི་ནུས ་སོ། །དེ་བས་ན་བློ་དམན་པ་དང། བར་མ་དང། མཆོག་དང་ལྡན་པའི་སློབ་མ་རྣམས་ཀྱི་དོན་དུ་རྒྱུད་འདི་བྱས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ་ནི་ཡན་ལག་བརྒྱད་པོ་རྣམས་ཀྱི་སྙིང་པོ་སྟེ། དེ་ནི་སྙིང་དང་འདྲ་བས་ནི་སྙིང་པོ ་སྟེ། སྙིང་པོའི་སྒྲ་ནི་གཅེས་པའི་ཚིག་ཡིན་ཏེ། གཅེས་པར་གྱུར་པ་གཙོ་བོར་བྱས་པས་གཅེས་པའི་དོན་ཏོ། །ཡན་ལག་བརྒྱད་པོ་དེ་རྣམས་ཀྱང་གང་ཞིག་ཡིན་ཞེ་ན། ལུས་དང་བྱིས་པ་གདོན་ལུས་སྟོང། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས ་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་སྨོས་པ་ཡིན་ཏེ། ཚེའི་རིག་བྱེད་ཅེས་བྱ་བའི་རྒྱུད་དེའི་ཡན་ལག་རྣམས་བརྒྱད་ནི་ལུས་ཀྱི་ཡན་ལག་གང་ལ་གསོ་བའི་དཔྱད་གནས་ཤིང་བརྟེན་པའི་ཡན་ལག་བརྒྱད་དུ་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ།། ་དེ་ལ་གསོད་བྱེད་ཅེས་བྱ་བ་ནི། ནད་གསལ་ཞིང་ཞི་པར་བྱས་ནས། ཁམས་མཉམ་པར་བྱ་བའི་དོན་གྱི་བྱ་བའོ། །དེ་འང་ལུང་ལས། སྨན་པ་ལ་སོགས་རྣམ་པ་བཞི། །བསྔགས་པས་ཁམས་ནི་འགྱུར་བ་ལ། །ཁམས་སྙོམས་ཕྱིར་ནི་རབ་འཇུག་ལ། །གསོ ་དཔྱད་ཅེས་ནི་བྱ་བར་བཤད། །ཅེས་འབྱུང་བ་ཡིན་ནོ། །དེ་ལ་ལུས་ཀྱི་གསོ་བ་ནི་ཡན་ལག་ཐམས་ཅད་ལ་བརྟེན་པའི་ནད་རིམས་དང། འཁྲུ་བ་དང། སྐྲངས་པ་དང། ཁྲག་དང། མཁྲིས་པ་དང། མཛེ་དང། གཅིན་རྟུག་འགགས་པ་ལ་སོགས་པ་ཉེ ་བར་ཞི་བར་བྱེད་པའི་དོན་ཏོ། །བྱིས་པ་གསོ་བ་ནི་གཞོན་ནུ་གསོ་བ་ནམ་མའི་ནུ་ཞོའི་ཉེས་པ་སྦྱངས་པའི་ཕྱིར་ཏེ། གནོད་པ་བྱེད་པའི་ནུ་ཞོ་ལས་བྱུང་བའི་ནད་ཉེ་བར་ཞི་བར་བྱ་བའི་དོན་ཏོ། །གདོན་གསོ་བ་ནི་ལྷ་དང་ལྷ་མ་ཡིན་དང། དྲི་ཟ་དང། གནོད་སྦྱིན་དང། ་སྲིན་པོ་དང། ཡི་དགས་དང། ཤ་ཟ་དང། ཀླུ་ལ་སོགས་པའི་གདོན་གྱིས་སེམས་ཟིན་པ་ལ་ཞི་བའི་ལས་དང། གཏོར་མ་སྦྱིན་པ་ལ་སོགས་པ་གདོན་ཉེ་བར་ཞི་བའི་དོན་དུ་བྱའོ། །ལུས་ཀྱི་སྟོང་ཀྱི་ཡན་ལག་གསོ་བ་ནི། ནམ་ཚོད་ཡན་ཆད་དུ་གཏགས་པའི ་ནད་ཀྱི་རྣམ་པར་གྱུར་བ་སྟེ། མིག་དང། རྣ་བ་དང། སྣ་དང། ཁ་ལ་སོགས་པའི་ནད་ཉེ་བར་ཞི་བར་བྱ་བའི་དོན་དུ་བྱའོ། །མཚོན་གྱིས་རྨས་པ་གསོ་བ་ནི། རྩཝ་དང། ཤིང་དང། རྡོ་དང། ས་རྡུལ་དང། ལྕགས་དང། བོང་བ་དང། རུས་པ་དང། སྒྲ?་དང ་སེན་མོ་སྣ་ཚོགས་ཀྱི་རྣག་འཛག་པ་དང། རྨ་མི་བཟད་པ་དང། ནང་དུ་ནུབ་པའི་ཟུག་རྔུ་དབྱུང་བའི་དོན་དུ་བྱ་བའོ། །མཆེ་བའི་གསོ་བ་ནི། སྤྲུལ་དང་སྲིན་བུ་ལ་སོགས་པས་ཟིན་པ་བསལ་བ་དང། དུག་སྣ་ཚོགས་ཀྱིས་བཅོམ་པ་ཉེ་བར་ཞི ་བའི་ཕྱིར་བྱ་བའོ། །རྒས་པ་ལ་གསོ་བ་ནི་ལང་ཚོལ་གནས་པར་བྱ་བ་དང། ཚེ་དང་བློ་འཕེལ་བ་དང། ནད་ཉེ་བར་ཞི་བའི་དོན་དུ་བྱ་བའོ། །རོ་ཙ་བར་བྱ་བའི་ཕྱིར་གསོ་པ་ནི། ཁུ་བ་ཆུང་བ་དང། གདུག་པ་དང། ཟད་པ་དང། སྐམས་པར་གྱུར་པ་རྣམས་ས ་བོན་འཕེལ་ཞིང་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་དང། རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་བྱ་བའོ། །དེ་ལྟར་ན་ཡན་ལག་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ། །གང་གི་དོན་དུ་གསོ་བར་བྱ་བའི་ཉེས་པ་དེ་བསྟན་པར་བྱ་བའི་ཕྱིར། འདི་ལྟར་རླུང་དང་མཁྲིས ་པ་བད་ཀན་ཀྱང། ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན། །ཞེས་སྨྲས་པ་ཡིན་ཏེ། དེ་ལ་དང་པོར་རླུང་སྨོས་པའི་རྒྱུ་བཤད་པར་བྱ་སྟེ། ཁྱབ་དང་མྱུར་དུ་བྱེད་ཕྱིར་དང། །སྟོབས་ལྡན་གཞན་དག་འཁྲུག་བྱེད་ཅིང། རང་རྒྱུད་གྲུབ་དང་ནད་མང་ཕྱིར། ་ཀུན་ལས་རླུང་ནི་སྟོབས་ལྡན་ཡིན། །ཞེས་བཤད་པ་ཡིན་ཏེ། དེའི་འོག་ཏུ་ནི་ཕལ་ཆེར་རྒྱུ་འདི་དག་ཉིད་ཀྱིས་མཁྲིས་པ་སྨོས་པ་ཡིན་ལ། དེ་བཞིན་དུ་བད་ཀན་ནི་ནུས་པ་ཆུང་བ་དང། ནང་ཉུང་བ་ཡི་པའི་ཕྱིར་ཐ་མར་བསྟན་པ་ཡིན་ནོ། །ཡང་ཞེས ་བྱ་བའི་སྒྲས་ནི། ཉེས་པ་གཞན་དག་ཀྱང་ཡོད་པ་ཉིད་དུ་སྟོན་པ་ཡིན་ཏེ། ཉེས་པ་གཞན་དག་ནི་འདོད་ཆགས་དང་གཏི་མུག་གོ་།ལ་ལ་ནི་ཁྲག་ཀྱང་ཡིན་ནོ་ཞེས་ཟེར་རོ། །གནོན་ཅིང་སུན་འབྱིན་པར་བྱེད་པས་ན་ཉེས་པའོ། །རྣམ་གསུམ་ཞེས ་སྨོས་པ་ནི་ངེས་པའི་དོན་ཏེ། གསུམ་ཉིད་ཡོད་ཀྱི་བཞི་པ་ནི་ཡོད་པ་མ་ཡིན་ནོ་ཞེས་པ་སྟེ། ཇི་ལྟར་གཞན་ལས་བཤད་པ་ལྟ་བུའོ་ཞེས་ངེས་པར་བྱ་བ་ཡིན་ཏེ། འདོད་ཆགས་དང། གཏི་མུག་དང། ཁྲག་གཅིག་བུས་ནད་བསྐྱེད་པར་ནུས་པ ་ནི་མ་མཐོང་ངོ། །དེ་ཡང། ཉེས་པ་གཞན་ལྟར་ཁྲག་དག་ནི། །གཞན་གྱི་དབང་གིས་ཉེས་ཡོད་མིན། །འདི་ནི་ཏིལ་མར་ཚིག་པ་ལྟར། །ནད་ཀྱི་མིང་དུ་བྱས་པ་ཡིན་ཞེས་བཤད་པ་དང། དེ་བཞིན་དུ་བསྡུས་པ་ལས་ཀྱང། ཁམས་སོགས་གནས་པ་ཉེ་བ་ལས ་ནད་ནི་གང་ཞིག་འབྱུང་འགྱུར་བ། །ཉེ་བ་གདགས་པ་དེ་བསྐྱེད་པར་བཤད་པ་ཚིག་པའི་མར་དང་མཚུངས་པས་བཤད་པ་ཡིན་ནོ། །མདོར་བསྡུས་ཡིན་ཞེས་བྱ་བ་ནི་བསྡུས་ནས་བསྟན་པའོ་ཞེས་བྱ་བ་སྟེ། རྒྱས་པར་ནི་རླུང་ལ་སོགས་པ་ལྡན་པ་དང། འདུས་པ ་དང། ཟད་བྱེད་དང། མཉམ་པ་དང། རྣམ་པར་འཕེལ་བ་དང། དེ་བཞིན་དུ་ཤིན་ཏུ་ཤས་ཆེ་བར་ཡོངས་སུ་བརྟགས་པས་ཀྱང་མཛའ་ཡས་པར་འགྱུར་རོ། །དེ་ནི་རྣམ་འགྱུར་མ་གྱུར་པས། ལུས་ནི་འཇོམས་དང་གནས་པ་ཡིན་ཞེས་བྱ་བ་ལ་རླུང་ལ ་སོགས་པ་དེ་རྣམས་རྣམ་པར་གྱུར་པ་སྟེ། རང་གི་རང་བཞིན་ལས་གཞན་དུ་གྱུར་ཅིང། གཡོས་པས་ནི། ལུས་འཇོམས་ཤིང་གནོད་པར་བྱེད་ལ། མ་གྱུར་ཅིང་རང་གི་རང་བཞིན་དུ་ཐ་མལ་བར་མཉམ་པར་གནས་པས་ནི། ལུས་གནས་ཤིང་འཚོ ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ཁྱབ་གྱུར་ཀྱང་སྙིང་ག་དང། ལྟེ་བའི་འོག་པར་སྟེང་ན་གནས་ཞེས་བྱ་བ་ལ། རུང་ལ་སོགས་པ་དེ་རྣམས་ཁྱབ་ཅིང་མ་ལུས་མ་ལུས་པ་ལ་རྒྱུ་བར་གྱུར་ཀྱང། གནས་ངེས་པར་ཡོད་པར་ཤེས་པར་བྱ་སྟེ། དེའི་སྙིང ་ག་དང་ལྟེ་བའི་འོག་བར་སྟེང་ན་གནས་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྙིང་ག་དང་ལྟེ་བའི་འོག་མན་ཚོད་ནི་རླུང་གི་གནས་ཡིན་ནོ། །དེ་གཉིས་ཀྱི་བར་ནི་མཁྲིས་པའི་གནས་ཡིན་ནོ། །དེ་གཉིས་ཀྱི་སྟེང་ཡན་ཚོད?་ནི་བད་ཀན་གྱི་གནས་ཡིན་ནོ། །ན ་ཚོད་ཉིན་ཞག་ཟས་ཟོས་ལ། །དེ་ཡི་མཛའ་དབུས་སོགས་གཏོགས་རིམ་ཞེས་བྱ་བ་ནི་ཉེས་པ་དེ་རྣམས་ན་ཚོད་ལ་སོགས་པའི་མཛའ་མ་དང། དབུས་ལ་སོགས་པར་གཏོགས་པ་ན་རྣམ་པར་འཕེལ་བར་འགྱུར་བ་ཡིན་ནོ། །རིམ་ཞེས་བྱ་བ་ནི་གོ་རིམ་ཇི་ལྟ་བར ་ཡིན་གྱི་རིམ་པ་འཚོལ་བར་ནི་མ་ཡིན་ནོ། །དེ་ཡང་ན་ཚོད་ནི་དུས་སུ་རྣམ་པར་བཞག་པའི་ལུས་ཀྱི་གནས་སྐབས་གཞོན་ནུ་ལ་སོགས་པའོ། །ཉིན་ཞག་ནི་ཉིན་མོ་དང་མཚན་མོའོ། །ཟས་ཟོས་པ་ནི་ཟས་ལ་སྤྱད་པའོ། །དེའི་མཛའ་ ་མ་དང་དབུས་དང་ཐོག་མར་གཏོགས་པས་ན་ཐང་བུས་གཏོགས་ཞེས་བྱའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ན་ཚོད་ཀྱི་མཛའ་རྒས་པའི་དུས་ནི། རླུང་འཕེལ་བར་འགྱུར་ལ། དབུས་ཏེ་ཡང་ཚོའི་དུས་སུ་ནི་མཁྲིས་པ་འཕེལ་བར་འགྱུར་རོ། །དང་པོ ་སྟེ་བྱིས་པའི་དུས་སུ་ནི་བད་ཀན་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཉིན་མོའི་ཐ་མར་ནི་རླུང་འཕེལ་ལོ། །ཉི་མའི་ཕྱེད་ན་མཁྲིས་པའོ། །སྔ་དྲོ་ནི་བད་ཀན་ནོ། །མཚན་མོའི་མཐར་ནི་རླུང་འཕེལ་བར་འགྱུར་རོ། །ནམ་གྱི་གུར་ལ་ནི་མཁྲིས་པའོ།། ་ནམ་སྟེང་ནི་བད་ཀན་ནོ། །དེ་ལ་ཟས་ཟོས་པའི་མཛའ་མ་ལ། ཁ་ཚ་བར་བྲོ་གྱུར་པའི་དུས་སུ་ནི་རླུང་འཕེལ་བར་འགྱུར་རོ། །ཟས་ཟོས་པའི་བར་སྒྱུར་བར་གྱུར་པའི་དུས་སུ་ནི་མཁྲིས་པའོ། །ཟས་ཟོས་ནས་དང་པོར་མངར?་བའི་དུས་སུ་ནི་བད་ཀན་འཕེལ་བར ་འགྱུར་རོ། །དེས་ནི་འཇུ་བ་མ་སྙོམས་རྣོ། །ཆུང་དང་མཉམ་པས་མཉམ་པར་འགྱུར་ཞེས་བྱ་བ་ནི་རླུང་ལ་སོགས་པ་དེ་རྣམས་ཀྱིས་མེའི་དྲོད་ཀྱིས་འཇུ་བ་མི་སྙོམས་པ་ལ་སོགས་པ་རྣམ་པ་བཞིར་འགྱུར་རོ། །དེ་ཡང་རླུང་གིས་ནི་འཇུ་བ་མི་སྙོམས་པར་འགྱུར་རོ།། ་མཁྲིས་པས་ནི་འཇུ་བའི་མེ་དྲོད་ཤིན་ཏུ་རྣོ་བར་འགྱུར་རོ། །བད་ཀན་གྱིས་ནི་མེ་དྲོད་ཆུང་བར་འགྱུར་རོ། །མཉམ་པས་ནི་མེ་དྲོད་མཉམ་པར་འགྱུར་ཏེ། ཉེས་པ་གསུམ་འཕེལ་འགྲིབ་མེད་པས་མཉམ་པར་འགྱུར་རོ། །དེ་ལ་གང་ལེགས་པར་ཟས་ཟོས ་ཀྱང་ཡུན་རིང་པོ་ཞི་གནས་འཇུ་བ་དང། ལན་འགའ་ལེགས་པར་མ་ཟོས་ཀྱང་ཤིན་ཏུ་མྱུར་བར་འཇུ་བ་ནི་མི་སྙོམས་པའོ། །གང་དུས་ཐམས་ཅད་དུ་ཟས་རན་པར་མ་ཟོས་ཀྱང་མྱུར་དུ་འཇུ་བ་དེ་ནི་རྣོ་བ་ཡིན་ནོ། །གང་དུས་ཐམས་ཅད་དུ་ཟས་རན་པར ་ཟོས་ཀྱང་ཡུན་རིང་མོ་ཞི་གནས་འཇུ་བ་དེ་ནི་ཆུང་བ་ཡིན་ཏེ། རྒྱུ་མ་འཁྲུག་ཅིང་ལྟམ་ལྟམ་པོར་གྱུར་པའོ། །གང་རན?་ཅིང་ལེགས་པར་མ་ཟོས་ཀྱང་བདེ་བར་འཇུ་བ་ནི་མཉམ་པ་ཞེས་བྱའོ། །དེ་ནི་ལྟོ་བ་སྲ་སྙི་རན?། མཉམ་པས་ཀྱང་ན་བར་མར་འགྱུར་ཞེས་བྱ ་པ་མི་རླུང་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱིས་ནི་ལྟོ་བ་རྣམ་པ་བཞིར་འགྱུར་ཏེ། རླུང་ཤས་ཆེ་བས་ལྟོ་བ་སྲ་བར་འགྱུར་ཏེ། དུར་བྱིད་ལ་སོགས་པས་ཀྱང་འཁྲུ་བ་དཀའ་བར་འགྱུར་རོ། །མཁྲིས་པ་ཤས་ཆེ་བས་ལྟོ་རྙི་པར་འགྱུར་ཏེ། ཞོ་ཁ་ཆུ་དང། འོ་མས ་ཀྱང་འཁྲུ་ནུས་པར་འགྱུར་རོ། །བད་ཀན་གྱིས་ནི་རན?་པར་འགྱུར་ཏེ། དོང་གལ་སོགས་པས་ཀྱང་འཁྲུ་ནུས་པར་འགྱུར་རོ། །མཉམ་པས་ཞེས་བྱ་བ་ནི་ཉེས་པ་གསུམ་མཉམ་སྟེ། དེས་ནི་བད་མར་འགྱུར་ཞེས་བྱ་བ། སྲ་བ་ཡང་མ་ཡིན། རྙིང?་ཡང་མ ་ཡིན་པར་འགྱུར་རོ། །སྐྱེ་པའི་དང་པོར་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུག་དང་མཚུངས། །དེ་ནི་རང་བཞིན་རྣམ་གསུམ་སྟེ། །ཆུད་འབྲིང་ཆེན་པོ་སོ་སོར་བལྟ། །མ་ལུས་པ་ལ་ཁམས་མཉམ་པ། །མཆོག་ཡིན་ཉེས་པ་གཉིས་འབྱུང་སྨད་ཅེས་བྱ ་བ་ནི་རླུང་ལ་སོགས་པ་དེ་དག་ནི་རེ་རེ་ཞིང་རང་བཞིན་གསུམ་དུ་འགྱུར་ཏེ། ཆུང་ངུ་དང། འདྲིད་དང། ཆེན་པོའོ། །རང་བཞིན་ཞེས་བྱ་བ་ནི་ལུས་ཀྱི་རང་གི་ངོ་བོའོ། །དེ་ནི་སྐྱེ་པའི་དང་པོའི་མངལ་དུ་འཇུག་པའི་དུས་སྐྱེ་བརྩོམ་ཞིང་མངལ་ན་གནས་པ་ཞེས ་བྱ་བའི་དོན་ཏོ། །ཞུ་བ་ནི་ས་བོན་ནོ། ཁྲག་ནི་ཟླ་བའི་དུས་སུ་རྒྱུ་པས་ཟླ་མཚན་ཏེ། དེ་ལ་གནས་པས་ན་ཁྲག་གནས་ཞེས་བྱའོ། །དྲིས་པ་གང་གི་ཚེ་ཁུ་བ་དང་ཁྲག་ལ་ཤས་ཚོར་གནས་པ་དེའི་ཚེ། ལུས་རྫོགས་པར་ག་ལ་འགྱུར། དེ་ལས་ཉེས་པ་གང ་ལྷག་པར་འགྱུར་བ། དེ་ཉིད་ནི་རྣམ་པར་འགྱུར་ཞིང་འཇིག་པ་ཡིན་ན། ཉེས་པ་ལྷག་པར་གནས་པ་དེ་རང་བཞིན་གྱི་རྒྱུར་ཇི་ལྟར་འགྱུར་ཏེ། རང་བཞིན་ལས་ཉམས་པ་ཡིན་ལ། རང་བཞིན་ལས་ཉམས་པར་ནི་རང་བཞིན་གྱི་རྒྱུར་ནམ་ཡང་མི ་འགྱུར་རོ། །དེ་ཡང་འབྲས་བུ་ནི་རྒྱུ་དང་འདྲ་བར་གནས་པ་ཡིན་ནོ་ཞེས་རྟོག་པ་དག་ལ་དཔེ་བསྟན་པའི་ཕྱིར། དུག་ཅན་སྲིན་བུའི་དུག་དང་མཚུངས་ཞེས་བྱ་བ་སྨོས་ཏེ། དཔེར་ན་དུག་ནི་སྲོག་འཇིག་པའི་རྒྱུ་ཡིན་ཡང། དུག་གི་སྲིན་བུ་འདི ་སྐྱེ་བའི་རང་བཞིན་འབྱུང་བར་སྣང་ངོ། །དེ་བཞིན་དུ་འདི་དག་ནི་གནོད་པའི་རང་བཞིན་ཅན་ཡིན་ཡང་རང་གི་ཚད་ལས་ལྷག་པའི་ཉེས་པ་ཁུ་བ་དང་ཁྲག་ལ་གནས་པས། སྐྱེ་བའི་དང་པོ་ལུས་འབྱུང་བར་འགྱུར་རོ། །དེ་ཡང་རླུང་ཤས་ཆེ་བས་ནི་རང་བཞིན་ཆུང ་བར་འགྱུར་རོ། །མཁྲིས་པ་ཤས་ཆེ་བས་ནི་འབྲིང་ངོ། །བད་ཀན་ཤས་ཆེ་བས་ནི་ཆེན་པོའོ། །མ་ལུས་པ་སྟེ་ཁམས་ཐམས་ཅད་ཀྱི་ནང་ནས་གང་ཁམས་གང་མཉམ་པའི་རང་བཞིན་དེ་ཉིད་མཆོག་སྟེ། ཐུ་བོ་དང་དམ་པ་ཡིན་ལ་འདི་ནི་བཞི་པའོ། །དེ ་ཡང་གང་གིས་ཁམས་མཉམ་པར་གྱུར་པ་དེ་ནི་ཁམས་མཉམ་པ་སྟེ། ཁམས་ཀྱི་སྒྲ་ནི་ནང་གཞིའི་ཉེས་པ་ལ་བྱའོ། །ཉེས་པ་གཉིས་འབྱུང་སྨད་ཅེས་བྱ་བ་ནི་གང་ཉེས་པ་གཉིས་འདས་པ་ལས་འབྱུང་བའི་རང་བཞིན་གསུམ་ནི་སྨད་པ་ཡིན་ཏེ། ནད་མེད་པ ་མ་ཡིན་པའི་གཞིར་འགྱུར་བའི་ཕྱིར་རོ། །དེ་ནི་རླུང་དང་མཁྲིས་པ་ལས་བྱུང་བ་དང། རླུང་དང་བད་ཀན་ལས་བྱུང་བ་དང། མཁྲིས་པ་དང་བད་ཀན་ལས་བྱུང་བའོ། །དེ་ལ་རླུང་ནི་རྩུབ་ཅིང་ཡང། །གྲང་ཞིང་སྲ་ལ་ཕྲ་ཞིང་གཡོ། །ཞེས་བྱ་བ་ལ། དེ་ལ་ཞེས ་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཉེས་པ་དེ་རྣམས་ཀྱི་ནང་ནས། རླུང་ནི་རྩུབ་པ་དང། ཡང་བ་དང། གྲང་བ་དང། སྲ་བ་དང་ཕྲ་བ་སྟེ། རྩ་སྦུབས་ཕྲ་མོ་ལ་འཇུག་པ་དང་གཡོ་བ་སྟེ། འགྲོ་བའི་ངང་ཚུལ་ཅན་གཅིག་ཏུ་མི་གནས་པ་ཡིན་ནོ། །དྲིས་པ ་གཟེགས་གཟན་ལ་སོགས་པས་ནི། རླུང་གྲང་བ་དང། དྲོ་བ་ཡིན་པར་བཤད་ལ། འདིར་ཡང་ཟུང་དུ་འཇུག་པའི་རྗེས་སུ་སྣང་བས་གྲང་བ་དང། དྲོ་བ་གཉིས་ཀ་མ་ཡིན་པར་འདོད་དེ། དེ་ཡང་ཟུང་དུ་འཇུག་པ་རླུང་གི་མཆོག་།ཡང་དག་སྦྱོར་བས་དོན ་གཉིས་བྱེད། །ཉི་མར་ལྡན་པས་སྲེག་བྱེད་ལ། ཟླ་བར་གནས་པས་བསིལ་བར་བྱེད། །ཅེས་བཤད་པས་དེ་བཞིན་དུ། རླུང་ནི་ཟུང་དུ་འཇུག་པས་ན། །བད་ཀན་ལྡན་པས་བསིལ་བར་འགྱུར། །མཁྲིས་པ་ལྡན་པས་ཆ་བ་ཡིན་ཞེས་བཤད་པའི་ཕྱིར་རོ་ཞེ་ན། ་འདིར་ལན་བརྗོད་པར་བྱ་བ་སྟེ། རླུང་གྲང་བ་དང་དྲོ་བ་ཉིད་མ་ཡིན་པ་ནི། བདེན་མོད་ཀྱི། དེ་ཟུང་དུ་འཇུག་པ་ཡིན་ཡང། དེ་ཙམ་གྱི་དྲོངས་གྲང་བའི་ངོ་བོ་ཉིད་མེད་པར་མི་འགྱུར་རོ། །རླུང་གི་མཚན་ཉིད་གང་བ་ཡིན་པར་བཤད་པའི་དགོས་པ་ནི་འདི་ཡིན་ཏེ། ་འདི་ལ་དྲོ་བས་ཉེ་བར་ཞི་བར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་དེ་སྐད་སྨོས་པ་ཡིན་ནོ། །མཁྲིས་པ་སྣུམ་བཅས་རྣོ་ཞིང་དྲོ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་ཞེས་བྱ་བ་ལ། སྣུམ་བཅས་ཞེས་པ་ནི་ཅུང་ཟད་སྣུམ་པ་སྟེ། བཅས་པའི་སྒྲ་ནི་ཅུང་ཟད་ཙམ ་གྱི་དོན་གི་དཔེར་ན་ཁབ་དང་བཅས་པའི་ཤ་ཁ་ར་ཞེས་ཟེར་བ་ལྟར་ཅུང་ཟད་སྣུམ་བག་ཅན་གང་ཡིན་པ་དེ་ནི་སྣུམ་བཅས་ཞེས་བྱའོ། །རྣོ་བ་ནི་ཁབ་ཀྱིས་འབིགས་པ་ལྟར་མྱུར་དུ་འབྱེད་བ་སྟེ། དམན་པ་ལས་གོ་བཟློག་པའོ། །དྲོ་བ་ནི་ཚ་བ་འུར་འུར་པོ་བསྐྱེད ་བའོ། །དྲི་མནམ་པ་ནི་ཉེ་རུལ་ལྟ་བུའི་དྲི་མནམ་པ་ལྟ་བུའོ། །འཁྲུ་བ་ནི་བཤད་པ་སླ་བ་འམ། སྟེང་དང་འོག་ཏུ་ཁྱབ་ཅིང་རྒྱུ་བ་བསྟན་པ་ཡིན་པའོ། །གཤེར་བ་ནི་སླ་བའོ། །བད་ཀན་སྣུམ་བསིལ་ལྕི་བ་དང། །བརྟུལ་ཞིང་འཇམ་བརྟན་འབྱར་བག་ཅན ་ཞེས་བྱ་བ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན་སྣུམ་པའོ། །བསིལ་བ་ནི་ཚ་བ་མེད་པའོ། །ལྕི་བ་ནི་ཡང་བར་མ་གྱུར་པའོ། །བརྟུལ་བ་ནི་ཡུན་རིང་ཞིག་ན་ལྡད་པའོ། །འཇམ་བ་ནི་མི་རྩུབ་པའོ། །བརྟན་པ་ནི་ཁྱབ་པའི་ངང་ཚུལ་ཅན་ནོ། །འབྱར་བག ་ཅན་ནི་མཉེས་པ་ན་སོར་མོ་ལ་ཆགས་ཤིང། འཇམ་བག་ནལ་ནལ་པོ་ལ་འཚེར་བག་ཅན་ནོ། །དེ་ལྟར་ན་ཡོན་ཏན་དེ་དང་ལྡན་པས། ཡོན་ཏན་དང་ཡོན་ཏན་ཅན་ཐ་མི་དད་པའི་ཉེ་བར་གདགས་པས། རླུང་ལ་སོགས་པའི་ཡོན་ཏན་ཉིད་དུ་བཤད་པ ་?་ཡིན་ནོ་།འདི་དག་འདྲེས་པར་གྱུར་དེའི་ཐ་སྙད་གཞུང་དུ་བསྟན་པར་བྱ་བའི་ཕྱིར་མིང་གཉིས་སྨོས་པ་ནི། དེ་གཉིས་གསུམ་ཟད་འཁྲུག་པ་ལས། །ལྡན་པ་དང་ནི་འདུས་པ་མིན?་ཞེས་བྱ་བ་ཡིན་ཏེ། ཀུན་ཏུ་འདུས་པའི་རྣམ་པ་གཅིག་ནི་ལྡན ་པ་ཞེས་བྱ་བ་ལ། གཉིས་པ་ནི་འདུས་པ་ཞེས་བྱ་སྟེ། གཉིས་པ་དང་གསུམ་ནི་གཉིས་དང་གསུམ་ཞེས་བྱ་ལ། ཟད་པ་དང་འཁྲུགས་པ་ནི་ཟད་འཁྲུགས་ཞེས་བྱ་སྟེ། གཉིས་དང་གསུམ་གྱི་ཟད་པ་དང་འཁྲུགས་པའོ། །དེ་ལྟར་ན་གཉིས་དང་གསུམ་ཟད་པ་དང ་འཁྲུགས་པ་དེ་ལས་མིང་གཉིས་འབྱུང་ངོ། །འདི་སྐད་སྟོན་པ་ཡིན་ཏེ། གཉིས་འཁྲུགས་ཤིང་རང་གི་ཚད་ལས་ལྷག་པར་གྱུར་པའམ། ཟད་པར་གྱུར་པ་ལས་འདྲེས་པར་གྱུར་པ་ནི་ལྡན་པ་ཞེས་བྱ་བ་ལ། ཉེས་པ་གསུམ་པོ་ཟད་པ་འམ། འཕེལ་བར ་འགྱུར་བ་ལས་འདྲེས་པར་གྱུར་པ་ནི་འདུས་པ་ཞེས་བྱའོ། །དེ་ཡན་ཆད་ཉེས་པ་རྣམས་སྨྲས་ནས། ཁམས་རྣམས་བསྟན་པའི་ཕྱིར། ལུས་ཟུངས་དངས་མ་ཁྲག་དང་ཤ་།ཚིལ་དང་རུས་རྐང་ཁུ་ཆུ་སྟེ། །གནོད་བྱ་བདུན་ཡིན་ཞེས་སྨོས་ཏེ། །བཅུད་ཀྱི ་དངས་མ་ལ་སོགས་པ་བདུན་ནི་ལུས་ཟུངས་ཞེས་བྱ་སྟེ། ལུས་འཛིན་པར་བྱེད་པ་ཡིན་པའི་ཕྱིར་ལུས་ཟུངས་སོ། །དེ་རྣམས་ཀྱང་གནོད་བྱ་ཞེས་བྱ་སྟེ། རླུང་ལ་སོགས་པས་གནོད་ཅིང་ཉེས་པར་བྱས་པའི་གཞི་ཡིན་པས་གནོད་བྱ་ཞེས་བྱ་སྟེ། གང ་གི་ཕྱིར་རླུང་ལ་སོགས་པ་ནི་གནོད་པའི་ངོ་བོ་ཡིན་པས། དོན་དང་ལྡན་པའི་མིང་ཉེས་པ་ཞེས་བཏགས་པ་ཡིན་ལ། དེས་ན་དེ་རྣམས་ནི་གནོད་པར་བྱ་བ་ལ་བལྟོས་དགོས་ཏེ། ལས་མེད་པར་ནི་བྱེད་པ་པོ་ལས་རྩོམ་པར་མི་འགྱུར་རོ། །དེ་བཞིན ་དུ་གནོད་པ་མེད་པར་དངས་མ་དང་ལུས་ཟུངས་པ་སོགས་པས་གནོད་བྱའི་མིང་མི་འཐོབ་ལ། དེ་མེད་པར་ཡང་རླུང་ལ་སོགས་པས་གནོད་པའི་མིང་མི་འཐོབ་བོ། །དེ་བས་ན་གཅིག་ལ་གཅིག་བལྟོས་པ་ཡིན་པའི་ཕྱིར་གནོད་པ་དང་གནོད་པར ་བྱ་བ་དག་གནོད་པར་བྱ་བ་ཉིད་དང། གནོད་པ་ཉིད་ཀྱི་མིང་འཐོབ་པ་ཡིན་ནོ། །དྲི་མ་གཅིན་བཤད་རྡུལ་ལ་སོགས་པ་འང་ཡིན་ཞེས་བྱ་བའི་སྒྲས་གནོད་བྱ་ཡིན་པར་སྟོན་ཏོ། བཅུད་ཀྱི་དངས་མ་ལ་སོགས་པ་འབའ་ཞིག་གནོད་བྱ་ཡིན་པར་མ་ཟད་ཀྱི། ་དྲི་མ་ལ་སོགས་པ་དེ་རྣམས་ཀྱང་རླུང་ལ་སོགས་པས་གནོད་པར་བྱ་བ་ཡིན་ནོ། །དེ་ལྟར་ན་དངས་མ་ལ་སོགས་པ་ནི་གནོད་བྱ་དང། ལུས་ཟུངས་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་བཤད་པ་དང་གཅི་བ་ལ་སོགས་པ་ཡང་སྲག་ཞེས་བྱ་བ་དང། གནོད་བྱ་ཞེས ་བྱ་བ་ཡིན་ནོ། །དེ་ལྟར་གནོད་པ་དང། ལུས་ཟུངས་དང། དྲི་མར་བསྟན་པས་ལུས་བཤད་པ་ཡིན་ཏེ། དེ་ཡང་གཞུང་འདི་ཉིད་ཀྱི་འོག་ནས་ནད་དང་ལུས་ཟུངས་དྲི་མ་ནི། །རྟག་ཏུ་ལུས་གྱི་རྩ་བ་ཡིན་ཞེས་བཤད་པ་ཡིན་ནོ། །དེ་ལྟར་བཤད་པའི་ལུས ་དེ་ཐབས་འབའ་ཞིག་གི་དུས་ཐམས་ཅད་ཡོངས་སུ་སྲུང་བ་རྫོགས་པར་འགྱུར་པའི་ཐབས་དེ་བསྟན་པའི་ཕྱིར། ཐམས་ཅད་མཉམ་པས་འཕེལ་འགྱུར་ཞིང། །དེ་ལས་བཟློག་པས་གནོད་པར་འགྱུར་པ?་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཐམས་ཅད་ཅེས ་བྱ་བ་ནི་གནོད་པ་དང། ལུས་ཟུངས་དང། དྲི་མ་ལུས་ལ་བརྟེན་པ་རྣམས་ཏེ། དེ་དག་མཉམ་ཞིང་ཆ་མཚུངས་པར་དེ་བཞིན་དུ་གྱུར་པ། བརྟས་ཤིང་འཕེལ་བར་བྱེད་དོ། རང་གི་ཚད་ལས་ལྷག་པར་གྱུར་ལ། དེ་ལས་བཟློག་པ་ནི་མི་མཉམ་པ་ཉིད ་དུ་གནས་པ་སྟེ། དེས་གནོད་པར་འགྱུར་བ་ནི་ཟད་པར་འགྱུར་ཞིང་འབྲི་བར་འགྱུར་བའོ། །སྤྱི་དང་ཁྱད་པར་ལན་རྫས་དང་ཡོན་ཏན་དང། ལས་ཀྱི་དབྱེ་བས་གསུམ་དུ་འདོད་དེ། དེ་ཡང་ཀུན་གྱི་རྣམ་ཀུན་འཕེལ་བ་ནི། རྫས་དང་ཡོན་ཏན་བྱ་བར ་མཚུངས?། བཟློག་པ་ཡིས་ནི་དངོས་པོ་རྣམས། །དེ་ལས་གཞན་དུ་འགྱུར་བ་ཡིན་ཞེས་བཤད་པ་ཡིན་ནོ། །དེ་ཡང་རྫས་ལ་ཁྲག་ནི་ཁྲག་གིས་བརྟས་པར་བྱའོ། །ཤ་ནི་ཤེས་སོ། །ཚིལ་ནི་ཚིལ་གྱིས་སོ། །རུས་པ་ནི་རུས་པས་སོ། །རྐང་ནི་རྐང ་གིས་སོ། །ཁུ་བ་ནི་ཁུ་བས་སོ། །དེ་བཞིན་དུ་མངལ་ནི་ཕྱིས་འབྱུང་བར་འགྱུར་བའི་མངལ་གྱིས་སོ། །ཞེས་བཤད་པ་ཡིན་ནོ། །དེ་ལ་ཁྲག་གིས་ཁྲག་གོ་ཞེས་བྱ་བ་ནི་གཉི་ག་ཆུའོ། །ཤིན་ཤས་སོ་ཞེས་བྱ་བ་ནི་སའོ། །དེ་བཞིན་དུ་ཆུའི ་བདག་ཉིད་ཅན་གྱིས་ཆུས་ནི་དེའི་བདག་ཉིད་ཅན་གྱིས་བད་ཀན་འཕེལ་པར་འགྱུར་ལ། དེ་བཞིན་དུ་མར་དང་འོ་མས་ནི་ཁུ་བ་འཕེལ་བར་བྱེད་དོ། །དེ་བཞིན་དུ་སྨན་འཚོ་བྱེད་དང་ཉེའུ་ཤིང་ལ་སོགས་པ་ནི་ཟླ་བའི་བདག་ཉིད་ཅན་ཏེ། ཚིམ་པར་བྱེད་པ་རྫས་ཀྱི་ཁྱད ་པར་རྣམས་ཀྱིས། ལུས་ཟུངས་མཉམ་པོར་བྱེད་པ་ཉིད་དུ་བྱ་བ་གཅིག་བ་ཡིན་བས། ལུས་སྣུམ་ཞིང་སྟོབས་དང་སྐྱེས་བུ་ཉིད་ཀྱི་གཟི་མདངས་བསྐྱེད་པ་ཡིན་ནོ། །ན་ལེ་ཤམ་དང། ཚ་བ་ལྔ་དང། བསེ་ཤིང་གི་འབྲས་བུ་ལ་སོགས་པས་ནི་བློ་དང་ཤེས ་རབ་དང། མེ་དྲོད་ལ་སོགས་པ་འཕེལ་བར་བྱེད་པ་ཡིན། །ཡོན་ཏན་ལས་ནི་བཙོ་ཙ་དང། མེ་ཙ་དང། བརྫུར?་ལ་སོགས་པ་སའི་ཁམས་ཅན་གྱི་རྫས་སུ་བསྟན་དུ་ཟིན་ཀྱང་ཆུའི་བདག་ཉིད་ཅན་བད་ཀན་འཕེལ་བར་བྱེད་དེ། སྣུམ་པ་དང། ལྕི་བ་དང། བསིལ ་བ་ལ་སོགས་པའི་ཡོན་ཏན་གྱི་ཆ་དང་མཚུངས་པའི་ཕྱིར་རོ། །ལས་ཀྱང་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱི་བྱ་བའི་བདག་ཉིད་ཅན་ནོ། །དེ་ལ་ལུས་ཀྱི་ནི་རྒྱུག་པ་དང། མཚོང་བ་དང། རྐྱལ་བ་ལ་སོགས་པས་ནི་བསྐྱེད་པ་ཉིད་དུ་མཐུན་པས ་རླུང་འཕེལ་བར་བྱེད་དོ། །ངག་གི་ནི་ཀློག་པ་དང། སྨྲ་བ་དང། འདོན་དུ་འཇུག་པ་དང། གླུར་ལེན་པ་རྣམས་སོ། །ཡིད་ཀྱི་ནི་ཡིད་ཀྱི་བྱ་བ་སྟེ། སེམས་ཤིང་དབྱེད་པ་དང། འདོད་པ་དང། མྱ་ངན་དང། འཇིགས་པའོ། །དེ་དག་ཀྱང་ཡིག་འཁྲུག ་བར་བྱེད་པའི་རྒྱུར་གྱུར་པས། རླུང་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གདུང་བ་བསྐྱེད་པར་མཐུན་པས་ན། ཁྲོ་བ་དང་ཕྲག་དོག་ལ་སོགས་པ་ནི་མཁྲིས་པ་འཕེལ་བར་བྱེད་དོ། །གཉིད་ལོག་པ་དང། སྙོམ་ལས་དང། མལ ་སྟན་བདེ་བ་ལ་ཆགས་པས་ནི་བརྟན་པར་མཐུན་པས་བད་ཀན་འཕེལ་བར་བྱེད་པ་ཡིན་ནོ། །ཁྱད་པར་དུ་གྱུར་ཅིང་མི་མཉམ་པས་ནི་ཟད་པར་འགྱུར་རོ། །དཔེར་ན་རྫས་ལས་འབྲས་བ། བེ་དྷ་ནི་སྐེམ་པར་བྱེད་པ་ཡིན་ལ། དེ་རླུང་གི་བདག་ཉིད་ཅན་ཡིན་པས་སའི་བདག་ཉིད་ཅན ་གྱི་ཤ་ལ་སོགས་པ་ཟད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མེའི་བདག་ཉིད་ཅན་གྱི་ལན་ཚྭས་ནི་བད་ཀན་ཟད་པར་བྱེད་དོ། །ཡོན་ཏན་ལས་ནི་དཔེར་ན་སྐྱུར་རྩ་བས་ནི་ཆུའི་བདག་ཉིད་ཅན་པས་བད་ཀན་ལ་དེ་དང་མི་མཐུན་པ་ཡང་བ་དང། རྩུབ་པ་དང། དྲོ་བ་དང། རྣོ་བ་དང། ་སྐམ་པའི་ཡོན་ཏན་གྱིས་ཟད་པར་བྱེད་དོ། །ལས་ལས་ནི་གཉིད་དང། སྙོམས་ལས་དང། ཡིད་མི་བདེ་བ་དག་ནི་རླུང་ཀུན་ཏུ་གཡོ་བ་དང་བཅས་པ་ཡིན་ལ། འདི་དག་ཡོངས་སུ་མི་གཡོ་བའི་མཚན་ཉིད་ཅན་ཡིན་པས་ན་འབྲི་བར་བྱེད་པ་དེ་བཞིན་དུ་ཡོངས་སུ་གཡོ་བའི་ཚུལ ་ཅན་སེམས་ལས་དང་ཕན་ཚུན་བསྐྱོད་པ་དང། རྩོལ་བ་ལ་ནི་མི་འགུལ་བའི་མི་མཐུན་པའི་ཕྱོགས་ཡིན་པས་ན་བད་ཀན་ཟད་པར་བྱེད་དོ། །དེ་ལྟར་ན། ཐམས་ཅད་མཉམ་པས་འཕེལ་བར་འགྱུར་ཞིང། །དེ་ལས་བཟློག་པས་གནོད་པར་བྱེད་ཅེས་བཤད་པ་ཡིན ་ནོ། །རླུང་ལ་སོགས་པ་དེ་རྣམས་གང་ལས་འཕེལ་བ་དང། ཟད་པར་འགྱུར་པ་དེ་བཤད་པར་བྱ་བའི་ཕྱིར། རོ་ནི་མངར་སྐྱུར་ལན་ཚྭ་དང། །ཚ་དང་ཁ་དང་བསྐ་བ་སྟེ། །རྫས་དྲུག་ལ་གནས་དེ་རྣམས་ཀྱང། །གོ་རིམ་བཞིན་དུ་སྟོབས་ཆེན་ཡིན། །ཞེས་བྱ་བ ་སྨོས་པ་ཡིན་ཏེ། མངར་པ་ལ་སོགས་པའི་རོ་དྲུག་ནི་ལྕེའི་དབང་པོའི་ཡུལ་ཡིན་པས་ན་རོའོ། །དེ་དག་ཀྱང་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་རྫས་ལ་བརྟེན་པ་ཡིན་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་མཐུ་སྟོབས་ཆེ་བ་ཡིན་ཏེ། སྔོན་མ་སྔོན་མ་རྣམས་སྟོབས་ཐོབ་ཅིང ་ནུས་པ་ཆེ་བ་ཡིན་ནོ། །དེ་བས་ན་རོ་ཐམས་ཅད་ལས་རོ་མངར་བ་ནི་ལུས་ཅན་རྣམས་ཀྱི་སྟོབས་ཤིན་ཏཱུང་བསྐྱེད་པ་ཡིན་ལ། བསྐ་བ་ནི་ཐམས་ཅད་ལས་སྟོབས་བསྐྱེད་པ་ལ་དམན་པ་ཡིན་ནོ། །དེ་ལ་མངར་བ་ན་བུར་མ་དང། མར་ལ་སོགས་པ་རོ ་བདའ་བ་རྣམས་སོ། །སྐྱུར་བ་ནི་སྐྱུར་རྩི་ཆེན་པོ་ལ་སོགས་པ་ཤིན་ཏུ་སྐྱུར་པར་བྱེད་པ་ཡིན་ནོ། །ལན་ཚྭ་ནི་ལྕེ་མྱང་ཚྭ་ལ་སོགས་པའོ། །ཚ་བ་ནི་ན་ལེ་ཤམ་ལ་སོགས་པའོ། །ཁ་བ་ནི་ནིམྦ་ལ་སོགས་པའོ། །བསྐ་བ་ནི་ཨ་རུ་ར་ལ་སོགས་པའོ། ་དྲུག་ཅེས་བྱ་བ་ནི་དྲུག་པོ་ཉིད་དེ་ལྷག་པ་འམ། ཆད་པ་མ་ཡིན་པའོ། །རོ་དེ་རྣམས་ཀྱི་ཡོན་ཏན་དང་རོ་ལ་སོགས་པའི་བྱེ་བྲག་དང། དེ་བཞིན་དུ་སྦྱར་ཞིང་འདྲེས་པ་དང། རོའི་རྗེས་ཉིད་དང། ཤིན་ཏུ་མྱུར་བར་བརྟག་པ་ལ་སོགས་པའི་དབང་གིས་ཐ་དད་པར་འགྱུར ་དུ་ཟད་ཀྱིས། འོན་ཀྱང་དྲུག་བོ་ཉིད་ལས་འདའ་བར་མི་འགྱུར་རོ། །དེ་ལ་དང་པོ་གསུམ་པོ་ནི། །རླུང་འཇོམས་ཚ་སོགས་བད་ཀན་སེལ། །བསྐ་དང་ཁ་དང་མངར་བ་ནི། །མཁྲིས་སེལ་གཞན་དག་བྱེད་པ་ཡིན། །ཞེས་བྱ་བ་ནི། དེ་ལ་རོ་དེ་རྣམས་ཀྱི་ནང་ནས། དང ་པོ་ནི་གསུམ་སྟེ། མངར་བ་དང། སྐྱུར་བ་དང། ལན་ཚྭ་རྣམས་ནི་རླུང་འཇོམས་ཤིང་ཞི་བར་བྱེད་པ་ཡིན་ནོ། །གཞན་དག་ཚ་བ་དང། ཁ་བ་དང། བསྐ་བ་གསུམ་པོ་དག་ནི་རླུང་དེ་ཉིད་སྐྱོད་པར་བྱེད་ཅིང། འཁྲུག་པར་བྱེད་པ་ཡིན་ནོ། །ཚ་སོགས་བད ་ཀན་སེལ་ཞེས་བྱ་བ་ནི། ཚ་བ་དང། ཁ་བ་དང། བསྐ་བ་གསུམ་ནི་བད་ཀན་སེལ་བ་ཡིན་ལ། མངར་བ་དང། སྐྱུར་བ་དང། ལན་ཚྭ་སྟེ་གསུམ་པོ་གཞན་དག་ནི་བད་ཀན་སྐྱེད་པ་ཡིན་ནོ། །བསྐ་བ་དང། ཁ་བ་དང། མངར་བས་ནི་མཁྲིས་པ་སེལ་བ ་ཡིན་ལ། སྐྱུར་བ་དང། ལན་ཚྭ་དང། ཚ་བ་སྟེ་གཞན་ནི་མཁྲིས་པ་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མངར་བ་ནི་རླུང་དང་མཁྲིས་པ་སེལ་ཅིང་བད་ཀན་བསྐྱེད་པ་ཡིན་ནོ། །སྐྱུར་བ་ནི་རླུང་སེལ་ཞིང་བད་ཀན་དང ་མཁྲིས་པ་བསྐྱེད་པ་ཡིན་ནོ། །ལན་ཚྭ་ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་བསྐྱེད་པ་ཡིན་ནོ། །ཚ་བ་ནི་བད་ཀན་སེལ་ཞིང་རླུང་དང་མཁྲིས་པ་བསྐྱེད་པ་ཡིན་ནོ། །ཁ་བ་ནི་བད་ཀན་དང་མཁྲིས་པ་སེལ་ཅིང། རླུང་བསྐྱེད་པ་ཡིན་ནོ། །བསྐ་བ་ནི་བད ་ཀན་དང་མཁྲིས་པ་སེལ་ཅིང། རླུང་བསྐྱེད་པ་ཡིན་ནོ། །ར་དེ་རྣམས་ཀྱི་རྟེན་གྱི་རྫས་རྣམ་པ་གསུམ་ཡོད་པར་བཤད་པ་ནི་དེ་ལྟར་རྫས་ནི་རྣམ་པ་གསུམ། །ཞི་འཁྲུགས་ཐ་མལ་གནས་ལ་ཕན་ཞེས་སྨོས་པ་ཡིན་ཏེ། དེ་ལྟར་ཞེས་པ་ཚུལ་འདིས་རྫས ་ཞི་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་བ་ཡིན་གྱི། རྣམ་པ་གཞན་གྱིས་ནི་གཉིས་སམ། ཡང་ན་རྣམ་པ་དུ་མ་ཉིད་ཡིན་ནོ་ཞེས་སོ། །དེ་ལྟར་གྱི་སྒྲས་རྣམ་པའི་དོན་དུ་བཤད་པ་ཡིན་ནོ། །དེ་ལ་གནོད་པ་གང་འཁྲུགས་པར་གྱུར་པ་ཞི ་བར་གྱུར་པ་དེ་ནི་ཞི་བ་སྟེ། དཔེར་ན་ཏིལ་མར་དང། མར་དང། སྦྲང་རྩི་ལྟ་བུའོ། །དེ་ལ་ཏིལ་མར་ནི་སྣུམ་པ་དང། དྲོ་བ་དང། ལྕི་བ་དང། ལྡན་པས་རླུང་གི་དེ་དང་མི་མཐུན་པའི་མཚན་ཉིད་ཞི་བར་བྱེད་པ་ཡིན་ལ། མར་སར་ནི་མངར་བ་དང་བསིལ ་བ་དང་བརྟན་པའི་ཡོན་ཏན་དང་ལྡན་པས། དེ་དང་མི་མཐུན་པའི་མཚན་ཉིད་དང་ལྡན་པའི་མཁྲིས་པ་སེལ་བ་ཡིན་ནོ། །སྦྲང་རྩི་ནི་རྩུབ་པ་དང། རྣོ་བ་དང་བསྐ་བ་དང་ལྡན་པས་དེ་དང་མི་མཐུན་པའི་མཚན་ཉིད་ཅན་བད་ཀན་ཞི་བར་བྱེད་དོ། །དེ་ལ ་འཁྲུགས་པ་ནི་གང་རླུང་ལ་སོགས་པའི་གནོད་པ་རྣམས་དང། བཅུད་གྱི་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང། གཅིན་ལ་སོགས་པའི་དྲི་མ་རྣམས་འཁྲུགས་པར་བྱེད་པ་ནི་འཁྲུགས་པའོ། །དེ་ནི་དཔེར་ན་ནས་ཐུག་དང། པ་ཏ་ལ་དང། མ ་ཤ་དང། ཉ་དང། རྡོ་བུ་རློན་པ་དང། ཡུངས་ཀར་དང། ཞོ་སར་བ་དང། ཕྲུ་མ་དང། མི་མཐུན་པའི་ཁ་ཟས་ཉ་དང་འོ་མ་ལྷན་ཅིག་བཟའ་བ་ལྟ་བུ་ལ་སོགས་པའོ། །ཐ་མལ་པར་གནས་པ་ལ་ཕན་པ་ནི་གནོད་པ་ནས་དྲི་མའི་མཐར་ཐུག་གི་བར་དུ་རང་གི ་ཚད་དང་ལྡན་པར་གནས་པ་ནི། མཉམ་པར་འཇུག་ཅིང་ཐ་མལ་པར་གནས་པ་སྟེ། དེ་ལ་ཕན་པའི་རྫས་གང་ཡིན་པ་དེ་ནི་ཐ་མལ་གནས་ལ་ཕན་ཞེས་བྱ་སྟེ། དེ་ནི་དུས་སུ་སྤྱད་པ་ལ་བརྟེན་པའི་སྐབས་སུ་འོག་ནས་བཤད་པ་དང། དེ་བཞིན་དུ་ཟས ་ཀྱི་ཚོད་རན་པར་བཟའ་བའི་ལེའུ་ལས་བཤད་པ་དང། སཱ་ལུ་རྩ་སྣར་དང། དྲུག་ཅུ་པ་དང། ནས་དང། གྲོ་དང། སྲོག་ཆགས་སྐམ་ས་ལ་གནས་པའི་ཤ་དང། འཚོ་བྱེད་ཀྱི་ཚོད་མ་ལ་སོགས་པ་དང། ཞོ་ཁ་ཆུ་དང། འོ་མ་ལ་སོགས་པ་དང། ་དེ་བཞིན་དུ་གང་སྟོབས་སྐྱེད་ཅིང་བཅུད་ཀྱིས་ལེན་པ་དང། རོ་ཚ་བར་བྱེད་པ་དང། རྣམ་པ་ཐམས་ཅད་དུ་བཟའ་བར་བྱ་བ་ཉིད་དུ་བསྟན་པ་རྣམས་སོ། །དེའི་ནུས་པ་བཤད་པ་ནི། དེ་ལ་ཚ་བསིལ་ཕུལ་བྱུང་བས། །ནུས་པ་རྣམ་པ་གཉིས་སུ་བཤད་ཅེས་བྱ་བ་ཡིན་ཏེ། ་དེ་ལ་ཞེས་པ་རྫས་དེ་ལ་ནུས་པ་རྣམ་པ་ཉི་ཤུ་ཡོད་པའི་ནང་ནས། ཚ་བ་དང་བསིལ་བདག་ནི་ཕུལ་དུ་བྱུང་བ་ཡིན་པས་ནུས་པ་ཞེས་བྱ་སྟེ། ཚེའི་རིག་བྱེད་ཐམས་ཅད་ལས་ཚ་བ་དང་བསིལ་བའི་ནུས་པ་གཉིས་པོ་དེ་ཉིད་དུ་བཤད་པ་ནི། རྒྱུ་དང་འབྲས་བུའི་དོན་ཡིན་ནོ། ། ་དེ་ལ་ནུས་པ་ནི་ཡོན་ཏན་ལ་བྱས་ལ། ཚ་བ་དང་བསིལ་བ་ཕུལ་དུ་བྱུང་བ་ནི། ཚ་བ་དང་བསིལ་བ་ཁྱད་པར་དུ་འཕགས་པ་ཉིད་དོ། ལ་ལ་ནི་ཚ་བའི་ནུས་པས་ཕུལ་དུ་བྱུང་བས། ཚ་བའི་ནུས་པའི་མིང་ཐོབ་ལ། དེ་བཞིན་དུ་བསིལ་བའི་ནུས་པས་ཕུལ་དུ་བྱུང ་ཞིང། བསིལ་བའི་ནུས་པས་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་བསིལ་བའི་ནུས་པའི་མིང་ཐོབ་བོ། །གལ་ཏེ་རྫས་རྣམ་པ་སྣ་ཚོགས་པ་ཡོད་མོད་ཀྱི། འོན་ཀྱང་འགྲོ་བ་ནི་མེ་དང་ཟླ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། ནུས་པའི་རྣམ་པ་གཉིས་ཁོ་ནར་བཤད ་དོ། །སྨན་ཞུ་བའི་རྗེས་སུ་བཤད་པའི་རྫས་ཀྱི་ཞུ་བ་རྣམ་གསུམ་སྟེ། །མངར་སྐྱུར་ཚ་བའི་བདག་ཉིད་ཅན། །ཞེས་སྨོས་པ་ཡིན་ཏེ། ཞུ་བ་ནི་རྣམ་པ་གསུམ་སྟེ། རྫས་ཐམས་ཅད་ཡོངས་སུ་ཞུ་བར་གྱུར་པའི་དུས་སུ། འབྲས་བུ་ལས་རྗེས་སུ་དཔག ་པར་བྱ་སྟེ། ཕོ་བའི་མེ་དང་ཕྲང་པ་ལས། རོ་རྣམས་རང་གི་རང་བཞིན་ལས་གཞན་དུ་འགྱུར་ལ། དེ་ནི་རྣམ་པ་གསུམ་ཉིད་ཡིན་གྱི། རོ་དྲུག་ཡོད་ཀྱང་དྲུག་ནི་མ་ཡིན་ནོ། །དེ་ལ་རྫས་ནི་ལ་ལ་ནི་མངར་བར་ཞུ། ལ་ལ་ནི་སྦྱར་བར་ཞུ། ལ་ལ་ཚ་བར་ཞུ་བ ་ཡིན་ནོ། །དེ་ལ་མངར་བ་དང། ལན་ཚྭ་ནི་མངར་བར་ཞུ་བའོ། །སྒྱུར་བ་ནི་སྒྱུར་པར་ཞུ་བའོ། །ཚ་བ་དང། ཁ་བ་དང། བསྐ་བ་ནི་ཚ་བར་རོ། །དེ་ནི་འབྲས་བུ་ལས་རྗེས་སུ་དཔག་པ་ཡིན་ནོ། །དེ་ཡང་ཕོ་པའི་མེ་དང་ཕྲད་པ་ལས། །གང་ཞིག་རོ་ནི་གཞན་གྱུར་བ། །རོ་རྣམས ་ཞུ་བའི་ཐ་མ་དག་།དེ་ནི་ཞུ་བ་ཞེས་བཤད་དོ། །ཞེས་འབྱུང་བ་ཡིན་ནོ། །དེ་བས་ན་ཁྱད་པར་དུ་སྨིན་པར་གྱུར་པ་ལས་ཞུ་བ་ཞེས་པའོ། །ཅུང་ཟད་སྨིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་མཐོ་བཙུན་དྲང་སྲོང་ཙ་ར་ཀས་ཀྱང། རྫས་ཀྱི་རོ་ནི་འབབ་པ་ན། །ལས་ཀྱི་མཛའ་ནི་ཞུ་པ ་ཡིན། །ཇི་སྲིད་གནས་པ་ཡོན་ཏན་ཏེ། །འདུས་པ་ལས་ནི་ཤེས་པར་འགྱུར་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ལས་བྱས་པ་རྗེས་སུ་དཔག་པའི་ཚུལ་གཅིག་པའི་གནས་སྐབས་པོ་པའམ་དང་ཕྲད་པ་ལས་རོ་རྣམས་རོ་གཞན་གྱུར་པ་གང་ཡིན་པ་དེ་ཉིད་ནི་ཞུ་བ་ཞེས ་བྱའོ། །གང་ཕོ་བ་མེ་དང་འཕྲད་པ་ཙམ་གྱིས་དེ་རྣམས་གནས་སྐབས་དུ་མར་གྱུར་ཏེ། དང་པོ་མངར་པའོ། །དེའི་རྗེས་ཐོགས་ལ་དེ་ཉིད་སྨིན་པ་ན་སྐྱུར་བའོ། །དེ་ལས་ཀྱང་སྨིན་པའི་མཐར་ཐུག་པ་ན་ཚ་བར་གྱུར་པ་ལ་ནི་མི་བྱའོ། །རྫས་ཀྱི་ཡོན་ཏན་རྣམས ་བཤད་པ་ནི། །ཡོན་ཏན་ལྕི་བརྟུལ་བསིལ་དང་སྣུམ། །འཇམ་དང་བསྐང་མཉེན་དང་བརྟན། །ཕྲ་དང་བཅས་ཤིང་སྐམ་བ་གཅན། །དེ་བཟློག་པ་དང་ཉི་ཤུ་ཡིན། །ཞེས་བྱ་བ་ཡིན་ཏེ། དེ་ལ་རྫས་ཀྱི་ཡོན་ཏན་ནི། ལྕི་བ་ལ་སོགས་པ་བཅུ་ཡིན་ལ། དེ ་ལས་བཟློག་པ་དང། ཉི་ཤུ་ཡིན་པར་ཤེས་པར་བྱ་སྟེ། འདི་དག་རིམ་གྱིས་བཟློག་པ་ནི་ཡང་བ་དང། རྣོ་བ་དང། ཚ་བ་དང། སྐ་བ་དང། རྩུབ་པ་དང། སླ་བ་དང། སྲ་བ་དང། གཡོ་བ་དང། སྤོམ་པ་དང། སླ་བག་ནལ་ནལ་པོ་ཡིན་ནོ། །དེ ་ལྟར་ན་གོ་བཟློག་པ་ནི། །དེ་དག་ཡིན་པས་སྤྱིར་ཉི་ཤུར་འགྱུར་རོ། །ནད་ཀྱི་རྒྱུ་བཤད་པ་ནི། དུས་དོན་ལས་ཀྱིས་སྦྱོར་བ་རྣམས། །སྨན་དང་ལག་པ་ལྟག་པ་དང། །ཡང་དག་སྦྱོར་བས་ནད་དང་ནི། །ནད་མེད་རྒྱུ་གཅིག་ཡིན་ཤེས་བྱ ་ཞེས་བྱ་བ་ཡིན་ཏེ། དེ་ལ་དུས་ནི་བསིལ་བ་དང། ཚ་བ་དང། ཆར་འབབ་པའི་དུས་ཉེ་གསུམ་མོ། །དོན་ནི་འབྱུང་བ་ཆེན་པོའི་ཡོན་ཏན་སྒྲ་དང། རེག་བྱ་དང། གཟུགས་དང། དྲི་དང། རོའོ། །དེ་ཡང་ལུང་ལས་དོན་ནི་སྒྲ་སོགས་ཡིན་ཞེས་བྱ ་སྤྱོད་ཡུལ་ཡུལ་དང་ཡོན་ཏན་ཡིན་ཞེས་བཤད་པ་ཡིན་ནོ། །ལས་ནི་བྱ་བ་སྟེ། ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པའོ། །དེ་ལྟར་དུས་དང་དོན་དང་ལས་ནི་དུ་ས་བོན་ལས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་འབྲེལ་པའོ། །ཇི་ལྟ་བུ་ཞེ་ན། དམན་དང་ལོག་པ་ལྟག ་པ་དང། ཞེས་བྱ་བ་ཡིན་ཏེ། དེ་བཞིན་དུ་ཡང་དག་པའི་སྦྱོར་བ་སྟེ། གང་དུས་ལ་སོགས་པའི་སྦྱོར་བ་དམན་པ་དང། ལོག་པ་དང་ལྟག་པ་སྟེ། དེ་ནི་ནད་ཀྱི་རྒྱུ་གཅིག་པུ་ཡིན་ལ། དེ་རྣམས་གཉིད་ཀྱི་ཡང་དག་པའི་སྦྱོར་བ་གང་ཡིན་པ་དེ་ནི་ནད་མེད་པའི་རྒྱུ ་གཅིག་བུ་ཡིན་ནོ། །དེ་ལ་ཡང་དག་པའི་སྦྱོར་བ་སྨོན་པ་ནི་ནད་དང་ནད་མེད་པའི་རྒྱུ་གོ་རིམ་བཞིན་དུ་ཤེས་པར་བྱ་བའི་ཕྱི་རང་དེ་ལོགས་ཤིག་ཏུ་བསྟན་པ་ཡིན་ནོ། །རྒྱུ་གཅིག་ཡིན་ཞེས་བྱ་ཞེས་བྱ་བ་ནི་རྒྱུ་གཅིག་པུ་ཡིན་པ་སྟེ། གཅིག་གི་སྒྲ་ནི་གཙོ ་བོར་གྱུར་པའི་ཚིག་ཡིན་ནོ། །དེ་ཡང་དཔེར་ན་གཞུ་འཛིན་པ་ནི་སྲིད་སྒྲུབ་གཅིག་པུ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དུས་ཀྱི་སྦྱོར་བ་དམན་པ་ནི་རང་གི་རང་བཞིན་ལས་ཉམས་པའོ། །ལྷག་པའི་སྦྱོར་བ་ནི་རང་གི་རང་བཞིན་ལས་ལྷག་པར་གྱུར་པའོ། །ལོག་པའི་སྦྱོར ་བ་ནི་རང་བཞིན་ལས་ཕྱིན་ཅི་ལོག་ཏུ་བྱེད་པའོ། །དེ་ཡང་དཔེར་ན་དམན་པའི་བསིལ་བ་དང། དམན་པའི་ཚ་བ་དང་དམན་པའི་ཆར་ནི་དམན་པའི་སྦྱར་བའོ། །དཔེར་ན་གྲང་བའི་དུས་ཀྱི་གནས་སྐབས་སུ་ཤིན་ཏུ་ཚ་བ་དང་ཚ་བའི་དུས་ཀྱི་གནས་སྐབས་ན་ཤིན ་ཏུ་གྲང་བ་ནི་ལོག་པའི་སྦྱོར་བའོ། །དཔེར་ན་ལྷག་པར་བསིལ་བ་དང་ལྷག་པར་ཚ་བ་དང། ལྷག་པར་ཆར་འབབ་པ་ནི་ལྷག་པའི་སྦྱོར་བ་སྟེ། སྦྱོར་བ་འདི་གསུམ་ནི་ནད་ཀྱི་རྒྱུ་ཡིན་ནོ། །མཉམ་པའི་སྦྱོར་བ་ནི་ཡང་དག་པའི་སྦྱོར་བ་སྟེ། རང་བཞིན ་ཇི་ལྟ་བ་བཞིན་དུ་གནས་པ་ནི་ནད་མེད་པའི་རྒྱུ་ཡིན་ནོ། །ཡང་དོན་དབང་པོ་རྣམས་ཀྱི་རང་རང་གི་དོན་དམན་པ་ལ་སྦྱོར་བ་ནི་དམན་པ་ལ་ནི་དམན་པའི་སྦྱོར་བའོ། །ཤིན་ཏུ་སྦྱོར་བ་ནི་ལྷག་པར་སྦྱོར་བའོ། །རྩུབ་ཅིང་མངོན་པར་མི་འདོད་པ་ལ་སོགས་པའི་དོན་ལ ་དབང་པོ་སྦྱོར་བར་གྱུར་པ་ནི་ལོག་པའི་སྦྱོར་བའོ། །ལུས་ལ་སོགས་པའི་ལས་དམན་པ་ལ་འཇུག་ནི་དམན་པའི་སྦྱོར་བའོ། །ལྷག་པར་འཇུག་པ་ནི་ལྷག་པའི་སྦྱོར་བའོ། །གཤང་གཅི་ལ་སོགས་པའི་ཤུགས་དགག་པ་དང། ཕྱེད་ཙམ་ཟ་ཞིང་མང་དུ་སྨྲ་བ་ལ ་སོགས་པ་དང་འདོད་ཆགས་དང། ཞེ་སྡང་ལ་སོགས་པ་རང་རང་གི་བདག་ཉིད་འདི་ཀྱིས་འོག་ནས་བཤད་པ་རྣམས་ནི་ལོག་པའི་སྦྱོར་བའོ། །ཐམས་ཅད་ཀྱང་མཉམ་པར་འཇུག་པ་ནི་ཡང་དག་པའི་སྦྱོར་བའོ། །དེ་བས་ན་དམན་པ་ལ་སོགས་པའི་སྦྱོར་པ་གསུམ ་ནི་ནད་ཀྱི་རྒྱུ་ཡིན་ནོ། །ཡང་དག་པའི་སྦྱོར་བ་ནི་ནད་མེད་པའི་རྒྱུ་ཡིན་ནོ། །ནད་དང་ནད་མེད་པ་ཞེས་གང་ལ་བྱ་ཞེས་ན། ནད་ནི་ཉེས་པ་མ་སྙོམས་ཡིན། །ཉེས་པ་སྙོམས་པ་མེད་པ་ཉིད། ཅེས་བཤད་པ་ཡིན་ཏེ། རླུང་ལ་སོགས་པའི་ཉེས་པ་རྣམས་གཅིག་གམ ་གཉིས་སམ་གསུམ་རང་གི་ཚད་ལས་འཕེལ་ལམ་ཟད་པར་གྱུར་ན། ནད་ཀྱི་རྒྱུ་ཡིན་པས་ནད་ཉིད་ནི་མ་སྙོམས་པ་ཡིན་པར་བརྟག་པར་བ་སྟེ། རང་གི་རང་བཞིན་ལས་གཡོས་པར་གྱུར་པ་ཡིན་ལ། དེ་བས་ན་རྒྱུ་དང་འབྲས་བུ་ཐ་མི་དད་པའི་ཉེ་བར་གདགས ་པས་ནད་ཅེས་བྱའོ། །ཉེས་པ་རྣམས་སྙོམས་ཤིང་རང་གི་རང་བཞིན་ལས་མི་འགྱུར་བ་མཉམ་པར་གྱུར་པ་དེ་ནི་ནད་མེད་པ་ཉིད་ཅེས་བྱ་སྟེ། ཐ་མལ་པར་རང་བཞིན་དུ་གནས་པ་ཞེས་བྱའོ། །དེའི་དབྱེ་བ་བསྟན་པ་ནི་དེ་ལ་ནད་ནི་རང་བཞིན་གནས། ཀློ་བུར་ཆ་?? ་གཉིས་སུ་བཤད་ཅེས་བཤད་པ་ཡིན་ཏེ། དེ་ལ་ཞེས་པ་ནད་དང་ནད་མེད་པ་དེ་དག་ལས། ནད་ནི་རང་བཞིན་དུ་གནས་པ་དང་གློ་བུར་བའི་དབྱེབས་གཉིས་སུ་བཤད་དོ། །དེ་ལ་རང་བཞིན་གྱིས་གནས་པ་ནི། རླུང་ལ་སོགས་པའི་ཉེས་པ་ལས་བྱུང་བའོ། ། ་གློ་བུར་བ་ནི་ཕྱི་རོལ་ནས་འོངས་པའོ། །དེ་ཡང་སློབ་དཔོན་གྱིས་ཉེས་པ་གསུམ་ལས་བྱུང་བ་ནི། རང་བཞིན་གྱིས་གནས་པ་ཡིན་ལ། ཕྱི་རོལ་གྱི་རྒྱུ་ལས་བྱུང་བའི་ནི་གློ་བུར་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། ་རང་བཞིན་གྱིས་གནས་པའི་ནད་རླུང་ལ་སོགས་པ་ནི། དང་པོ་མ་སྙོམས་པར་གྱུར་ནས། ཕྱིས་ཟུག་གཟེར་བསྐྱེད་པ་ཡིན་ལ། ཡང་གློ་བུར་བ་ནི་དང་པོ་ཉིད་དུ་ཟུག་གཟེར་བསྐྱེད་ནས། དེར་རླུང་ལ་སོགས་པ་འཁྲུགས་པར་འགྱུར་རོ། །རང་བཞིན་གྱིས་གནས་པ ་དང། གློ་བུར་བའི་ཁྱད་པར་གྱིས་ཕྱེ་བའི་ནད་འདི་གཉིས་ཀྱིས་སེམས་ཀུན་ཏུ་གདུང་བ་ཡིན་པར་ཤེས་པར་བྱའོ། །གང་གི་ཕྱིར་འདི་ལྟར་ལུས་དང་སེམས་ནི་ནད་ཀྱི་གནས་ཉིད་དུ་གནས་པ་ཡིན་ཏེ། ལུས་གཅིག་པུ་འམ་སེམས་གཅིག་པུ་ནི་མ་ཡིན་ནོ། ། ་དེ་བས་ན་དེའི་རྗེས་ཐོགས་ལ་འདི་སྐད་ཅེས་བཤད་པ་ཡིན་ཏེ། དེ་རྣམས་ལུས་སེམས་དབྱེ་བ་ཡིས། །གནས་ཀྱང་རྣམ་པ་གཉིས་ཡིན་ནོ་ཞེས་བྱ་བ་ལས་ཀྱང་རང་བཞིན་གྱིས་གནས་པ་དང། གློ་བུར་བའི་ནད་དེ་རྣམས་ནི་ལུས་དང་སེམས་ཀྱིས་དབྱེ ་བས་གནས་རྣམ་པ་གཉིས་ཡིན་ཏེ། རིམས་དང་ཁྲག་དང་མཁྲིས་པ་དང་ལུད་བ་ལ་སོགས་པའི་གནས་ནི་ལུས་ཡིན་ལ། མྱོས་པ་དང། བརྒྱལ་བ་དང། སྒྱིད་ལུག་པ་དང། གདོན་དང་འབྱུང་པོ་དང། །སྨྱོ་བ་དང་དྲན་པ་ཉམས་པ་དང། འདོད་ཆགས་དང་ཞེ་སྡང་ལ་སོགས ་པའི་གནས་ནི་སེམས་ཡིན་ནོ། །དེ་ཡང་འདི་ལ་གནས་པས་ན་གནས་སོ། །དྲིས་པ་ལུས་ཀྱི་ནད་བསྐྱེད་པའི་རྒྱུ་ནི་རླུང་ལ་སོགས་པའི་ཉེས་པ་རབ་ཏུ་འཁྲུགས་པ་ཡིན་པར་བཤད་ཀྱི། སེམས་ཀྱི་ནད་ཀྱི་རྒྱུ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཤད་པ་ནི་འདོད་ཆགས ་གཏི་མུག་ཀྱང་ཡིད་ཀྱི། ཉེས་པ་གཉིས་སུ་བསྟན་པ་ཡིན་ཞེས་བྱ་བ་ཡིན་ཏེ། ཡིད་ནི་སེམས་ལ་བྱ་ལ། །དེ་ནི་འདོད་ཆགས་དང། གཏི་མུག་བདོ་ཞིང་མ་རིག་པ་ལས་བྱུང་བ་ཡིན་ལ། འདིར་ཡང་གཙོ་བོར་གྱུར་པས་དང་པོར་འདོད་ཆགས་སྨོས་པ་ཡིན་ནོ།། ་ཀྱང་ཞེས་བྱ་བའི་སྒྲ་ནི་རླུང་ལ་སོགས་པ་ཡང་ཉེ་བར་བསྡུ་བའི་དོན་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱང་སེམས་ལ་བརྟེན་ནས། རྣམ་པར་འགྱུར་བར་བྱེད་པ་ཡིན་ཏེ། དུས་དག་ཏུ་རླུང་དང་མཁྲིས་པ་བད་ཀན་དང་ལྡན་པ་དང་འདུས་པ་དང། དུག་གི་རྒྱུ་ལས་བྱུང ་བའི་སྨྱོ་ནད་དྲུག་ཡོད་པ་ཡིན་ནོ། །བསྟན་པ་ཡིན་ཞེས་བྱ་བ་ནི་ཚེའི་རིག་བྱེད་ཀྱི་བསྟན་བཅོས་དག་ཏུ་ཚིག་གིས་མདོ་ཙམ་དུ་བསྟན་གྱི། རླུང་ལ་སོགས་པ་བཞིན་དུ་འདོད་ཆགས་དང་གཏི་མུག་གི་མཚན་ཉིད་མ་ལུས་པར་ནི་མ་ཡིན་ཏེ། འདིར་རང་བཞིན་གྱིས ་གནས་ཀྱི་མཚན་ཉིད་ལ་སོགས་པས། རླུང་ལ་སོགས་པ་འམ་མ་ལུས་པ་ཡིན་གྱི། འདོད་ཆགས་དང་གཏི་མུག་ནི་མ་ཡིན་ནོ། །ནད་ཀྱིས་བཅོམ་པའི་ལུས་ཤེས་པར་བྱ་བའི་ཐབས་བཤད་པ་ནི་ནད་བ་བལྟ་དང་རེག་པ་དང། དྲིས་པ་ཡིས་ནི་ཡོངས་སུ ་བརྟག་ཅེས་བྱ་བ་སྨོས་པ་ཡིན་ཏེ། །ནད་ཡོད་པས་ན་ནད་བ་སྟེ་ནད་ཀྱིས་གདུངས་པའོ། །དེ་ནི་བལྟ་བ་ལ་སོགས་པས་ཡོངས་སུ་བརྟག་པར་བྱའོ། །དེ་ལ་བལྟ་བ་ནི་མིག་གིས་ཏེ། མིག་སེར་ལ་སོགས་པས་ཉམ་ཐག་པ་རྣམས་ལ་མདོག་སེར་པོ་དང། ་དཀར་པོར་སྣང་བ་དང། དབྱིབས་ཀྱིས་ཚད་ཀྱིས་འཕེལ་འགྲིབ་དང། མདངས་དང་བཤད་གཅི་དང། སྐྱུགས་པ་ལ་སོགས་པས་བརྟག་པར་བྱའོ། །རེག་པ་ནི་ལག་པ་དང། ལུས་ཀྱི་རེག་པས་རིམས་དང། སྐྲན་དང། མ་ཞུ་བས་ཉེན་པ་དང། དེ་བཞིན་དུ་གྲང ་བ་དང། ཚ་བ་དང། རེངས་བ་དང། འདར་བ་དང། འཇམ་པ་དང། རྩུབ་པ་ལ་སོགས་པ་རེག་པས་བརྟག་པ་དང། དྲིས་པ་སྟེ་གཟེར་དང། ཡི་ག་འཆུས་པ་དང། སློན་པ་དང། ལྟོ་སྲ་བ་དང། རྙིབ་དང། རྨི་ལམ་དུ་མཐོང་བ་དང། བསམ་པ་དང། ན་ཚོད་དང། ་ནད་ཀྱི་མགོ་གང་ནས་ཟུག་པ་དང། སྐར་མ་དང། མཛའ་བོ་དང། དགྲ་བོ་དང། བདེ་བ་དང། སྡུག་བསྔལ་ལ་སོགས་པ་དང། ནད་པའི་ཚིགས་ལས་ཡོངས་སུ་བརྟག་པར་བྱ་བའོ་ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ཐབས་བཤད་པ་ནི། ནད་ཀྱི་གཞི་ཡི ་དང་པོའི་ཚུལ། །མཚན་ཉིད་ཉེར་བསྟེན་ཐོབ་པ་ཡིན་ཞེས་བྱ་བ་ཡིན་ཏེ། ནད་ནི་ནད་གཞི་ལ་སོགས་པ་ལས་ལྔས་ཡོངས་སུ་བརྟག་པར་བྱ་སྟེ། ནད་གཞི་དང་རྒྱུ་དང་བྱེད་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །དེ་ཡང་ཉེ་བ་དང་རིང་བའི་བྱེ་བྲག་གི ་རྣམ་པ་གཉིས་ཡིན་ལ། ཉེ་བ་ཡང་ཉེ་བ་དང་ཤིན་ཏུ་ཉེ་བའི་དབྱེབས་གཉིས་སོ། །དེ་ལ་ཉེ་བ་ནི་རྩུབ་པ་དང། ཡང་བ་དང། གྲང་བ་ལ་སོགས་པའི་རྫས་དང་འདྲེས་པར་གྱུར་པས་སོ། །ཤིན་ཏུ་ཉེ་བ་ནི་དཔེར་ན་རླུང་ལ་སོགས་པའི་ཉེས་པ་རྣམས་གང་དག་གིས ་རྗེས་ཐོག་ཉིད་ལ་ནད་འབྱུང་བར་འགྱུར་བས་འཁྲུག་པར་འགྱུར་རོ། །རིམ་པ་ནི་གང་རིམས་ལ་སོགས་པའི་དང་པོའི་དུས་ཉིད་དུ་འབྱུང་བ་སྟེ། དཔེར་ན་ཕྱི་རོལ་ཏུ་ཤ་བཀྲལ་སོགས་པ་འབྱུང་བ་དང། མཛེ་དང་གཅི་ནད་ལ་སོགས་པ་སྟེ། དེས་ན་འདི་ལྟ་བུའི ་དོན་བསྐྱེད་པ་དང། འདི་ལྟ་བུའི་ནད་ཀྱི་རྒྱུ་ཉིད་དུ་ཉེ་བར་གནས་པ་ཡིན་ལ། དེ་ལྟར་བྱུང་བ་ཡིན་པས་དེའི་ཕྱིར་ནད་གཞི་ལས་ནད་ཤེས་པར་བྱའོ། །དང་པོའི་ཚུལ་ནི་ཕྱིས་འབྱུང་བའི་ནད་མི་གསལ་བའི་ཁྱད་པར་གནས་པའི་མཚན་ཉིད་དེས། རིམས་ལ ་སོགས་པའི་ནད་འབྱུང་བར་འདོད་པ་ན་རླུང་ལ་སོགས་པའི་གནོད་པ་ཁྱད་པར་གྱིས་ཁྱབ་པར་མི་སྣང་བ་ལ། གང་གིས་སྣང་བར་འགྱུར་ཞིང་ཅི་ནས་ཆུང་བ་ཉིད་ཀྱིས་གང་མི་གསལ་ཞིང་རྟགས་མངོན་དུ་མ་གྱུར་པ་དེ་ནི་དང་པོའི་ཚུལ་ལོ། །མཚན་ཉིད་ཀྱང་དང་པོའི ་ཚུལ་ལས་མཚན་ཉིད་ཐ་དད་པ་སྟེ། གང་གིས་ཉེས་པ་མ་ལུས་པའི་བྱེ་བྲག་གི་ཁྱབ་པའི་རྟག་དང་ལྡན་པར་ནད་གསལ་བ་ཉིད་དུ་མཐོང་ཞིང་ཤེས་པའོ། །ཉེར་བརྟེན་ནི་བདེ་བ་དང། རྗེས་སུ་འབྲེལ་པའི་ཁ་ཟས་ལ་སོགས་པ་ལ་སྤྱོད་པ་སྟེ། འདི་ལྟ་བུའི་ཁ་ཟས་ལ ་སོགས་པས་ནི། འདིའི་ནད་འདི་ན་མ་བྱུང་བ་ཡིན་ལ་འདི་ལྟ་བུས་ནི་དང་འབྱུང་བར་གྱུར་ཏོ་ཞེས་བསྟེན་པ་ལས་ནད་འདི་ཡིན་ནོ་ཞེས་ཤེས་པའོ། །ནད་དེ་ནི་གསོར་རུང་ཞིང་བདེ་བའི་རྒྱུ་ཡིན་པས་ན་བདེ་བ་ཐོབ་པ་ཡིན་ནོ། །ཐོབ་པ་དང་རྫོགས་པ་དང་ཡང ་དག་པར་ཐོབ་པ་དང་འོངས་པ་དང། སྐྱེས་པ་ཞེས་བྱ་བ་ནི་དོན་གྱི་རྣམ་གྲངས་ཡིན་ནོ། །དེ་འང་འདི་ལྟ་བུའི་མི་མཐུན་པ་དང། གནས་འདི་ལྟ་བུའི་མི་མཐུན་པ་དང། གནས་འདི་ལྟ་བུ་གནས་པ་དང་འདི་ལྟར་རྗེས་སུ་འགྲོ་བ་དང། བརྟག་པ་འདི་དང། ལམ་འདི ་དང་ཉེས་པ་འདི་ཐོབ་པ་ཡིན་ནོ་ཞེས་ཡོངས་སུ་བརྟག་པ་སྟེ། དེ་བས་ན་ཐོབ་ཅིང་མཐར་ཕྱིན་པ་ལས། ནད་འདི་ཡིན་ནོ་ཞེས་ཤེས་པའོ། །ཉེ་བར་བསྟེན་པ་ལ་སོགས་པའི་སྐབས་ཀྱི་ཡུལ་དང་དུས་ལ་སོགས་པ་དང་ཉེ་བར་སྦྱར་དགོས་ཏེ། དེ་བས་ན་དེ་གཉིས ་ཀྱང་བཤད་པ་ནི། ས་དང་ལུས་ཀྱི་བྱེ་བྲག་གིས། འདི་ལ་ཡུལ་ས་རྣམ་གཉིས་བཤད། །ཅེས་བྱ་བ་ཡིན་ཏེ། ཚེའི་རིག་བྱེད་ཀྱི་བསྟན་བཅོས་འདི་ལ་ཡུལ་ས་ནི་སློབ་དཔོན་དག་གིས་རྣམ་པ་གཉིས་སུ་བཤད་དོ། །དེ་གང་ཞེ་ན་སའི་བྱེ་བྲག་དང་ལུས ་ཀྱི་བྱེ་བྲག་གིས་སོ། །དེ་ལ་ལུས་ཀྱི་ཡུལ་ནི་མགོ་བོ་དང་ལག་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་གྲགས་པའི་ལུས་ཉིད་དོ། །སའི་ཡུལ་བཤད་པར་བྱ་སྟེ། སྐམས་ཕལ་ཆེར་རླུང་བསྐྱེད་ཅིང། །རླན་ཅན་བད་ཀན་འཕེལ་བ་ཡིན། །ཆ་མཉམ ་ཉེས་པ་མཉམ་པ་སྟེ། །ས་ཡི་ཕྱོགས་ནི་གསུམ་དུ་བཤད། །ཅེས་བྱ་བ་ལ་ཡང་སའི་ཕྱོགས་ནི་རྣམ་པ་གསུམ་དུ་བཤད་དེ། དེ་ལ་སྐམ་སའི་ཆུ་ནི་ཤིང་དང་རི་བོ?་ཉུང་ཟད་ཅིག་ཡོད་པ་སྟེ། འོག་ནས་བཤད་དོ། །ཕལ་ཆེར་རླུང་བསྐྱེད་ཅིང་ཞེས་བྱ་བ་སྟེ། དེ ་ལས་སྐྱེས་པའི་སྨན་ནི་རྩུབ་པ་དང། སྲ་བ་ཡིན་པ་དང། རི་དགས་ལ་སོགས་པ་ཡང་རླུང་གི་ཤས་ཆེ་བ་ཡིན་ནོ། །རླན་མན་ནི་ཆུ་དང། ཤིང་མོད་པ་དང། རླུང་མེད་པ་དང། ཐན་པ་ཉུང་བའོ་དེ་ནི་བད་ཀན་འཕེལ་པ་ཡིན་ཏེ། །དེ་ལས་སྐྱེས་པའི་སྨན་ལ་སོགས ་པ་ཡང། སྣུམ་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ཆ་མཉམ་པ་ནི་མཚན་ཉིད་གཉི་ག་དང་ལྡན་པ་སྟེ། འདྲེས་པའི་ཚུལ་ཅན་ནོ། །ཉེས་པ་མཉམ་པ་སྟེ། ཞེས་བྱ་བ་ནི་རླུང་ལ་སོགས་པའི་ཉིས་པ་མཉམ་པའོ། །སྨན་རྣམས་ཀྱིས་ཡང་དག་པར་སྦྱར་བའི་རྒྱུའི ་དུས་བཤད་པ་ནི། སྐད་ཅིག་ལ་སོགས་ནད་ཀྱི་སྐབས། །དུས་སུ་སྨན་ནི་སྦྱོར་བར་བྱེད། །ཅེས་བྱ་བ་ཡིན་ཏེ། དུས་ནི་རྣམ་པ་གཉིས་ཏེ། སྐད་ཅིག་ལ་སོགས་པའི་མཚན་ཉིད་དང། ནད་ཀྱི་གནས་སྐབས་ཀྱི་མཚན་ཉིད་དོ། །སྨན་ནི་སྦྱར་བར་བྱ་ཏེ ་ཞེས་བྱ་བ་ནི་སྨན་གྱི་སྦྱོར་བ་བྱེད་དེ། དེའི་དོན་རྫོགས་པར་བྱེད་ནུས་སོ་ཞེས་པའི་དོན་ཏོ། །དེ་ལ་སྐད་ཅིག་ནི་གྲགས་པར་ཟད་དོ། །སོགས་པའི་སྒྲས་ནི་ཐད་གཅིག་དང། ཡུད་ཙམ་དང། ཐུན་གཅིག་དང། ཉིན་ཞག་དང། ཟླ་བ་ཕྱེད་དང་ཟླ་བ་དང། དུས་དང་ལྷོ་ཕྱོགས ་དང་བྱང་ཕྱོགས་སུ་འགྲོ་བ་དང། ལོ་རྣམས་གཟུང་བར་བྱའོ། །སྐད་ཅིག་ལ་སོགས་པའི་དུས་ཀྱི་དཔེར་བརྗོད་པ་ནི་འདི་ལྟར། སྔ་དྲོའི་དུས་སུ་སྐྱུགས་སྨན་བཏང། ཉི་མའི་གུང་ལ་འཁྲུ་སྨན་ཏེ། ཉི་མ་གུང་ལས་ཅུང་ཟད་ཡོལ། །སྨད་ནས་སྨན་ནི་མ་ཁས་བླངས ་བཏང། །ཞེས་བཤད་པ་ཡིན་ནོ། །ནད་ཀྱི་གནས་སྐབས་ནི་མ་ཞུ་བ་དང། ཞུ་བ་དང། དལ་བ་དང། བར་མ་དང། དྲག་པ་ཉིད་ཀྱི་དེ་དང་འཚམ་པའི་སྨན་གྱི་སྦྱོར་བ་བཏང་བར་བྱའོ། །དེ་ནི་འདི་ལྟར་སྨྱང་བདུགས་དང་རྩ་བ་ལྔ། །ནས་ཐུག་ཏིཀྟ་ཤ་ཁུ་དང།། ་དྲི་མ་རྣམས་ནི་སྨིན་བྱ་བ། །གནས་སྐབས་ཀྱིས་ས་མ་རིམ་པས་སོ་ཞེས་བྱ་བ་དང། །དེ་བཞིན་དུ་རིམས་ལ་ཐུག་པ་བསྐ་བ་དང། །མར་སར་འོ་མ་བཀྲུ་སྨན་དག་།ནད་སྟོབས་ཡོད་མེད་བལྟམ་ནས་ནི། །ཉི་མ་དྲུག་དྲུག་སྦྱར་བར་བྱ། །ཞེས་བྱ་བ་དང། ། ་བཞིན་དུ་རིམས་ན་བཅེ?་ཞིང་ལུས་ཡང་ལ། །དྲི་མ་ལ་སོགས་གཡོས་པ་ན། །རིམས་བཏབ་ཡུན་རིང་མ་ལོན་ཀྱང། །དེ་ཚེ་སྨན་གྱི་སྦྱོར་བ་བྱ་ཞེས་བྱ་བ་ཡིན་ཏེ། གནས་སྐབས་འདིར་བྱིན་པའི་སྨན་ནི་ནད་མེད་པའི་དོན་དུ་འགྱུར་རོ། །སྨན་དེའི་འདྲ ་རྣམ་པ་གཉིས་སུ་བཤད་དོ། །མདོར་ན་སྨན་ནི་རྣམ་གཉིས་ཏེ། །སྦྱང་བ་དང་ནི་ཞི་བའོ། །ཞེས་བྱ་བ་ཡིན་ཏེ། མདོར་བསྡུ་ན་འཇིག་རྟེན་དག་ན་སྨན་རྣམས་ཡོད་པ་དེ་རྣམ་པ་དུ་མར་ཡོད་དུ་ཟིན་ཀྱང་ཚུལ་གཉིས་ལས་འདའ་བར་མི་བྱེད་དོ། སྦྱར ་པ་དང་ཞི་པའི་མཚན་ཉིད་རྣམ་པ་གཉིས་སུ་བཤད་པ་ཡིན་ནོ། །དེ་ལ་སྦྱང་པ་ན་ཉེས་པ་འཁྲུག་པ་ཕྱི་རོལ་ཏུ་བཏོན་ནས་ནད་ཉེ་བར་ཞི་བར་བྱེད་དོ། ཞི་བ་ནི་གང་རང་གི་གནས་ན་གནས་པ་ཉིད་ལ་ཆ་མཉམ་པར་བྱེད་པས་ཞི་པ་ཡིན་ནོ། །སྨན་བཤད་ནས་དེའི་ཡུལ ་བཤད་པ་ནི། ལུས་ལས་བྱུང་བའི་ནད་རྣམས་ཀྱི། །རིམ་གྱིས་སྨན་གྱི་དམ་པ་ནི། །མས་བཏང་བཀྲུ་སྨན་སློན་སྨན་དང། དེ་བཞིན་ཏིལ་མར་མར་སྦྲང་རྩི་ཞེས་བྱ་བ་ཡིན་ཏེ། ལུས་ལས་བྱུང་བའི་ནད་རླུང་ལ་སོགས་པ་རྣམས་ཀྱི་རིམས་ཞེས་བྱ་གྲངས་ཇི་ལྟ ་བའི་གོ་རིམ་གྱིས་བསྟན་པ་དང། །བཤད་པར་གྱུར་པས་སྨན་གྱི་དམ་པ་ཞེས་བྱ་ལ། སྨན་གྱི་གཙོ་བོར་གྱུར་པ་ནི་མས་བཏང་བ་ནས་སློན་པའི་བར་གྱིས་སྦྱར་བར་བྱ་བ་དང། དེ་བཞིན་དུ་ཏིལ་མར་ནས་སྦྲང་རྩིའི་བར་ནི་ཞི་བར་བྱེད་པའི་ཚུལ་ཅན་ཡིན་ནོ། །དེས ་ན་རླུང་ལ་ནི་མཇུག་མ་ནས་སྦྲང་རྩི་དང་སྨན་བསྐོལ་བ་ལྒང་བ་ནས་བཏང་བར་བྱ་བ་སྨན་གྱི་མཆོག་ཡིན་ནོ། །མཁྲིས་པ་ལ་ནི་བཀྲུ་སྨན་ཁ་ནས་བཏུང་ཞིང་མཇུག་མའི་ལམ་གྱི་མཛའ་ནས་དབྱུང་བ་སྨན་གྱི་མཆོག་ཡིན་ནོ། །བད་ཀན་ལ་ནི་སློན་སྨན་ཁ་ནས་འཐུངས ་ཏེ། དེ་ཉིད་ནས་ནད་དབྱུང་བ་སྨན་གྱི་ཡིན་ཏེ། དེ་དག་ནི་ནད་རྣམས་སྤྱད་པའི་ཚུལ་གྱིས་སྨན་ཡིན་ནོ། །ཏིལ་མར་ལ་སོགས་པ་ཞི་བའི་རང་བཞིན་ཅན་གྱི་སྨན་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་རིམས་ཀྱིས་ཏེ་རླུང་ལ་ཏིལ་མར་རོ། །མཁྲིས་པ་ལ་ནི་མར་སར ་རོ། །བད་ཀན་ལ་ནི་སྦྲང་རྩི་སྨན་གྱི་དམ་པ་སྟེ། སྨན་གྱི་གཙོ་བོ་ཡིན་ཞེས་བྱ་བའི་དོན་ཏོ། །དུས་ལ་སོགས་པའི་ཡུལ་ལ་བརྟེན་པའི་ཐམས་ཅད་དུ་ལུས་ལས་བྱུང་པའི་ནད་ཐམས་ཅད་ཀྱི་སྨན་གྱི་དམ་པ་བཤད་ཟིན་ནས། དེའི་འོག་ཏུ་སེམས་ཀྱི་ནད ་གསོ་བའི་མཆོག་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཤད་པ་ནི། བློ་དང་བརྟན་བདག་སོགས་ཤེས་པ། །སེམས་ཀྱི་ཉེ་བའི་སྨན་མཆོག་ཡིན་ཞེས་བྱ་བ་ཡིན་ཏེ་སེམས་ཀྱི་ཉེས་པ་འདོད་ཆགས་དང་གཏི་མུག་དག་ལ་ནི་ནད་སེལ་བར་བྱེད་པའི་སྨན་གྱི་མཆོག་ནི་བློ ་དང་བརྟན་པ་ལ་སོགས་པ་ཡིན་ཏེ། དེ་ལ་བློ་ནི་ཤེས་རབ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་དེ་རྣམས་ལ་ཕན་པ་དང། ཕན་པ་མ་ཡིན་པའི་བྱེ་བྲག་གི་ཆ་རྣམ་པར་འབྱེད་ཤེས་པའོ། །བརྟན་པ་ནི ་སེམས་མི་འགྱུར་ཞིང་བརྟན་པ་ཉིད་དེ་བློ་མི་རྒོད་པའོ། །དེ་ཡང་གང་གི་བཀག་པ་རྣམས་ལ་འཇུག་པར་མ་བྱེད་པ་དང། ཕན་པ་མ་ཡིན་པ་རྣམས་དང་སྡུག་བསྔལ་ལ་ཡིད་ཞུམ་པ་མེད་པའོ། །བདག་ཉིད་ཤེས་པ་ནི་རྣལ་འབྱོར་གྱི་ངོ་བོ་ཉིད་ཤེས་པས།། ་ཏིང་ངེ་འཛིན་གྱིས་དོན་དམ་པའི་བདག་ཉིད་ཤེས་པའོ། །སོགས་པའི་སྒྲས་ནི་ཡེ་ཤེས་དང། རྣམ་པར་ཤེས་བ་དང། དྲན་པ་དང། ཡུལ་དང། དུས་ལ་སོགས་པ་ཤེས་པ་ཡོངས་སུ་བསྡུའོ། །སེམས་ཀྱི་ཉེས་པ་འབྱུང་བ་འདོད་པ་ལ་སོགས་པ ་ནི་ནད་གསལ་བའི་དོན་དུ་མཆོག་ཅེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་ཚིག་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་འདིས་ནི་གསོ་བ་མ་ལུས་པར་བསྟན་པ་ཡིན་ལ། དེ་ཡང་ཡན་ལག་བཞི་དང་ལྡན་ན་དགོས་པ་བྱེད་པ་ཡིན་པས། དེའི་ཕྱིར་བཤད་པ་ནི ་གསོ་བ་དག་ཏུ་བསྟན་པ་ནི། སྨན་པ་སྨན་དང་ནད་གཡོག་དང། ནད་པ་ཡན་ལག་རྣམ་བཞི་སྟེ། རེ་རེ་འང་རྣམ་པ་བཞི་བཞི་ཡིན་ཞེས་བྱ་བ་ཡིན་ཏེ། གསོ་བ་ཞེས་བྱ་བ་ནང་ཉེ་བར་ཞི་བར་བྱ་བའི་མཚན་ཉིད་ཀྱི་ཡན་ལག་ནི་རྣམ་པ་བཞི་ཡོད་པར ་བཤད་ལ། དོ་རི་རལ?་ཡང་རྣམ་པ་བཞི་བཞི་ཡོད་དོ། དེ་ལྟར་ན་ཡོན་ཏན་རྣམ་པ་བཅུ་དྲུག་ཡིན་པར་གསོ་དཔྱད་མཁས་པའི་སྨན་པ་རྣམས་འདོད་དོ། །དེ་ལ་སྨན་པ་ནི་དེའི་གཙོ་བོ་ཡིན་པས་དང་པོར་བསྟན་ཏེ། དེ་ཡང་ལུང་ལས་སྦྱོར་ཞིང་རབ་སྦྱོར་སྟོན ་པས་ན་འདི་ནི་སྨན་པ་གཙོ་བོ་ཡིན་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བསྡུས་པ་ལས་ཀྱང་སྨན་པ་ཡོན་ཏན་མེད་ཡན་ལག་།ཡོན་ཏན་ལྡན་ཡང་དོན་མེད་ཡིན། །དེ་ཡི་ཡོན་ཏན་ལྡན་ཡན་ལག་།མ་ཚང་ན་ཡང་ནད་པ་འཚོ། །དེ་བས་གསོ་དཔྱད་ལ་དེ ་ཉིད། །རྒྱུ་ཡི་གཙོ་བོ་ཡིན་ཞེས་བྱ་ཞེས་བཤད་དོ། །སྨན་ནི་རྫས་རྣམས་སོ། །ནད་གཡོག་ནི་བསྙེན་བཀུར་བྱེད་པའོ། །ནད་པ་ནི་ནད་ཀྱིས་ཉམ་ཐག་པ་སྟེ། དེ་དག་ནི་སློབ་དཔོན་གྱིས་མདོར་བསྟན་པ་ཡིན་ནོ། །དེ་རྣམས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ནི། སྨན ་པ་མཁས་སྟེགས་གཞུང་དོན་ཤེས། །ལས་རྣམས་མཐོང་ཞིང་གཙང་བ་ཡིན་ཞེས་བྱ་བ་ཡིན་ཏེ། དེ་ལ་སྨན་པའི་ཡན་ལག་བཞི་ནི་མཁས་པ་སྟེ། ལས་རྣམས་ལ་བྱང་བའོ། །སྟེགས་ནི་རང་གི་མཁན་པོའི་ལུང་གི་དོན་ཤེས་པ་ལས། བསྟན་བཅོས་ཀྱི་གཞུང ་གི་དོན་ཤེས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་སྨན་པ་མཁས་སྟེགས་གཞུང་དོན་ཤེས་ཞེས་བྱ་བ་ཡིན་ཏེ། ལུང་བརྒྱུད་པ་ལས། བསྟན་བཅོས་ཀྱི་དོན་རྟོགས་པ་ཐོབ་པའོ། །ལས་རྣམས་མཐོང་ཞིང་ཞེས་བྱ་བ་ནི། གང་གིས་གསོ་བའི་མཚན་ཉིད་ཅེས ་བྱ་བའི་ལས་མང་པོ་མཐོང་བ་དེ་ནི། ལས་རྣམས་མཐོང་ཞིང་ཞེས་བྱ་བ་ཡིན་ཏེ། ལན་མང་ཞིང་ནད་པ་གསོས་ཤིང་ལས་གོམས་པར་འགྱུར་བའོ། །གཙང་བ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ལ་སྡིག་པའི་དྲི་མས་མ་གོས་པའོ། །སྨན་ཡང་རྣམ ་པ་བཞི་སྟེ། དེ་ནི་སྨན་ནི་ཆོག་མང་པོ་དང། ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད་ཅེས་བྱ་བ་སྟེ། དེ་ལ་སྨན་གང་ལ་ཆོ་ག་མང་པོ་ཡོད་པ་དེ་ནི་ཆོ་ག་མང་པོ་སྟེ། བཅུད་དབྱུང་ཞིང་བསྐོལ་བ་དང། ཕྱེ་མ་ལ་སོགས་པར་བྱས་པས་ན་ནད་རྣམས་སེལ་ནུས་པ ་སྟེ། ལན་ཚྭ་ལྟར་ཆོ་ག་གཅིག་ཡོད་པ་ནི་ཡིན་ཏེ། དེ་ནི་ཁ་ཅིག་པུའི་ནང་དུ་དགོས་པ་བྱེད་པ་ཡིན་ནོ། །ཡོན་ཏན་མང་ལྡན་ཞེས་བྱ་བ་ནི་སེམས་ཅན་སྲེད་པ་ཐ་དད་པ་དག་ལ་ལྕི་བ་དང། རྟུལ་བ་ལ་སོགས་པའི་ཡོན་ཏན་མང་པོ་ཡོད་པ་དེ་ནི་ཡོན་ཏན་མང་ལྡན ་ནོ། །ཡང་ན་གང་ནང་དུ་མ་དག་གིས་ཚོགས་རྣམས་སེལ་བའི་ནུས་པ་དང་ལྡན་པའོ། །ཕུན་སུམ་ཚོགས་པ་ནི་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་གྱིས། ཡོན་ཏན་མ་ཚང་བར་གྱུར་པ་མ་ཡིན་པ་སྟེ། ས་གཞི་བཟང་པོ་ལས་སྐྱེས་པ་ལ ་སོགས་པའོ། །དེ་ཡང་གཞུང་ལས། ས་ཕྱོགས་ཆ་མཉམ་བསྔགས་པ་ནི། །གཞི་མཉམ་ས་བཟང་གཙང་བ་དང། །དུར་ཁྲོད་མཆོག་རྟེན་ཉེ་འཁོར་དང། །གཡང་ས་གྲོགས་མཁར་རྣམས་སྤངས་པའོ། །ཞེས་བཤད་པའི་ས་གཞི་བཟང་པོ ་ལས་སྐྱེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཡང་ན་ལེགས་པར་སྨིན་ཅིང་སྦྱོར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །འཕྲོད་པ་ནི་སྦྱོར་བར་འོས་པ་སྟེ། གང་གང་ལ་འཕྲོད་ཅིང་འོས་པ་དེ་དེ་ལ་སྦྱར་བའོ། །དེ་ཡང་ནད་དང། ཡུལ་ཕྱོགས་དང། ་དུས་དང། གནོད་པ་དང། གནོད་པར་བྱ་བ་དང། ལུས་དང་ན་ཚོད་དང། སྟོབས་ལ་སོགས་པ་ཤེས་པར་བྱས་ནས། སྦྱོར་ཞིང་སྟེར་བ་དག་ནད་པ་དང། ནད་ཀྱི་ཚོགས་ལས་དཔགས་ཏེ། འཕྲོད་ཅིང་འོས་པ་དང། ཕན་པར་གྱུར་པའོ། །ནད་གཡོག་གི ་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་གཡོག་རྗེས་བརྩེ་གཙང་སྦྲ་ཅན། སྒྲིམ་ཞིང་བློ་དང་ལྡན་པ་ཡིན་ཞེས་བྱ་བ་ཡིན་ཏེ། རྗེས་སུ་བརྩེ་བ་ཞེས་བྱ་བ་ནི་ནད་པ་ལ་བྱམས་ཤིང་དང། གཙང་སྦྲ་ཅན་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ངན་པས་མགོས་པའི ་སྒྲིམ་པ་ནི་བྱ་བ་ཐམས་ཅད་ལ་གཤོར་ཞིང་བརྩོན་པའོ། །བློ་དང་ལྡན་པ་ནི་བློ་གྲོས་ཁྱད་པར་ཅན་ཡོད་པ་སྟེ། མཁས་ཤིང་བྱང་བ་ཞེས་བྱ་བའི་དོན་ཏོ། །ནད་པའི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་པ་ཕྱུག་ཅིང་བསྒོ་བ་ཉན། །ཤེས་པར་ནུས་ཤིང་སྙིང ་སྟོབས་ལྡན། །ཞེས་བྱ་བ་ཡིན་ཏེ། ཕྱུག་པ་ནོར་དང་ལྡན་པའོ། །བསྒོ་བ་ཉན་པ་ནི་སྨན་པའི་དབང་དུ་གྱུར་ཅིང་བསྒོ་པ་ཉན་པའོ། །ཤེས་པར་ནུས་ཞེས་བྱ་བ་ནི་ཅི་ལས་གྱུར་པའི་ནད་ཀྱི་གཞི་ལ་སོགས་པ་ཤེས་པར་ནུས་པ་སྟེ། ན་བའི་ཟས་དང ་སྤྱོད་པ་ལ་སོགས་པ་སྨན་པ་ལ་སོགས་བརྡ་སྤྲད་པར་ནུས་ཤིང་ཟས་དང་སྤྱོད་པས་ཅི་ལྟར་གྱུར་པའི་ལོ་རྒྱུས་སྟོན་པར་ནུས་པའོ། །སྙིང་སྟོབས་ལྡན་པའི་སྨན་དང་དཔྱད་ཀྱིས་བྱ་བ་ལ་སེམས་ཞུམ་པ་མེད་ཅིང་ཕོག་རྙ་ཆེ་ལ་བློ་བརྟན་པའོ། །ད་ནི་གསོ་སླ་པ ་ལ་སོགས་པའི་ནད་རྣམ་པ་བཞིའི་མཚན་ཉིད་བཤད་པ་ནི། སྨན་ཀུན་བཟོད་པར་ནུས་པའི་ལུས། སྐྱེས་བུ་གཞོན་ཞིང་བདག་ཉིད་ཐུལ། །གནད་དུ་མ་སོང་རྒྱུ་སྔར་ཚུལ། །མཚན་ཉིད་ཆུང་དང་གནོད་པ་མེད། །གནོད་བྱ་ཡུལ་དུས་རང་བཞིན་རྣམས། །མཚུངས ་ཡིན་ཡན་ལག་ཕུན་སུམ་ཚོགས། །གཟའ་ནི་རྗེས་སུ་མཐུན་པ་ལ། །ཉེས་པ་ལ་མ་ཅིག་གསར་གོས་སླ་ཞེས་བྱ་བ་ཡིན་ཏེ། སྨན་ཀུན་བཟོད་པར་ནུས་པའི་ལུས་ལ་ནད་སྐྱེད་པར་གྱུར་ན་གསོ་སླ་བ་ཞེས་བྱ་བ་སྟེ། གསོ་བའི་ཐབས་བདེ་ཞིང་སློ་བ་ཡིན་ནོ། ། ་དེ་ཡང་གཞུང་ལས། གསོ་སླ་བ་ནི་ཐབས་བདེ་བ། ཅུང་ཟད་དུས་ཀྱིས་བསྒྲུབ་དུ་རུང་ཞེས་བཤད་པ་ཡིན་ནོ། །དེ་ལ་ཀུན་བཟོད་པར་ནུས་པའི་ལུས་ཞེས་བྱ་བ་ནི། གང་གིས་སྨན་ཐམས་ཅད་བཟོད་ཅིང་བསྙེན་པར་ནུས་པ་སྟེ། རྣོ་བ་དང། བར་མ་དང། ་འཇམ་པའི་ཚུལ་ཡུལ་སྣ་ཚོགས་ནས་སྐྱེས་པ་དང། ཞི་བར་བྱ་བ་དང། དེ་བཞིན་སྦྱང་བ་དང། དུག་དང་ལྡན་ཚྭ་ལ་སོགས་པ་བསྟེན་པར་བཟོད་པའོ། །སྐྱེས་བུ་ཞེས་སྨོས་པ་ནི་བུད་མེད་དག་མ་ཡིན་ཏེ། གང་གི་ཕྱིར་བུད་མེད་དག་ནི་རྟག་ཏུ་སྔར་ཞིང་བློ ་དང་མི་ལྡན་པ་ཡིན་པས། ཇི་སྐད་བཤད་པའི་ནད་པའི་ཡོན་དང་མི་ལྡན་པ་ཡིན་པ་ལ། དེ་ནི་ཤིན་ཏུ་གཞོན་ཤ་ཅན་ཡིན་པས། སྨན་རྣོན་པོ་བསྟན་པར་མི་བཟོད་པ་ཡིན་ནོ། །གཞོན་ཞིང་ཞེས་བྱ་བ་ནི། ལང་ཚོ་ལ་གནས་ཤིང་གཞོན་པ་ཉིད་ཅེས་བྱ ་བའི་དོན་ཏོ། །བདག་ཉིད་ཐུལ་ཞེས་བྱ་བ་ནི། བརྐམ་ཞིང་ཆགས་པ་མ་ཡིན་པ་སྟེ། གང་གིས་ཡུལ་མངོན་པར་འདོད་པ་སྤངས་པས་བདག་ཉིད་ཐུལ་བའོ། །གནད་དུ་མ་སོང་ཞེས་བྱ་བ་ནི། གནད་ལ་མི་གནས་པ་སྟེ། གནད་ནི་མགོ་དང། སྙིང་ག་དང། ་འདོམས་ལ་སོགས་པ་སྟེ། དེ་རྣམས་སུམ་སོང་ཞིང། སྙིང་དང་ལྐོག་མ་ལ་སོགས་པར་ཤས་ཆེར་གནོད་མི་ནུས་པའོ། །རྒྱུ་སྔར་ཚུལ་མཚན་ཉིད་ཆུང་དང་ཞེས་བྱ་བ་ནི། རྒྱུ་དང་སྔར་གྱི་ཚུལ་དང་མཚན་ཉིད་དག་ནི། རྒྱུ་སྔར་ཚུལ་གྱི་མཚན་ཉིད ་ཅེས་བྱ་སྟེ་རྒྱུ་དང་སྔར་གྱི་ཚུལ་དང། མཚན་ཉིད་དེ་དག་ཆུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རྒྱུ་ནི་ནད་ཀྱི་གཞིའོ། །སྔར་གྱི་ཚུལ་ནི་སྔར་དང་པོ་བྱུང་བའི་ཚུལ་ལོ། །མཚན་ཉིད་ནི་རྟགས་ཀྱི་ཚུལ་ཏེ། དེ་དག་ཆུང་བ་གང ་ཡིན་པ་གསོ་བ་ཡིན་ནོ། །གནོད་པ་མེད་ཅེས་བྱ་བ་ནི་གང་ལ་འཚོ་ཞིང་གནོད་པ་མེད་པ་དེ་ནི་གནོད་པ་མེད་པ་ཞེས་བྱ་སྟེ། འདི་ལྟར་སྔར་ནད་ཅིག་བསྐྱེད་པ་ལ། དེའི་འོག་ཏུ་གང་ནད་གཞན་བླ་གཉན་དུ་བྱུང་བ་ནི། དེའི་མཚན་ཉིད་མ་ཡིན་ཞིང། གཙོ་བོ་མ ་ཡིན་ལ། རང་གི་མཚན་ཉིད་ཇི་ལྟ་བ་བཞིན་མ་ཡིན་ཏེ། ནད་སྔ་མ་དེ་སེལ་བར་བྱེད་པ་ལ་གནོད་པ་བྱེད་པ་ཡིན་ནོ། །དེ་ཡང་ལུང་ལས། ནད་ཀྱི་སྟེང་དུ་ནད་གང་ཞིག་།ཕྱིས་དུས་དག་ཏུ་འབྱུང་བ་དག་།གསོ་བ་དག་ལ་གེགས་བྱེད་པ། དེ་ནི་གནོད་པ་ཞེས ་བཤད་དོ། །ཞེས་འབྱུང་བ་ནི་ཡིན་ཏེ་དེ་མེད་པ་ལ་གནོད་པ་མེད་པ་ཞེས་བྱའོ། །གནོད་བྱ་ཡུལ་དུས་རང་བཞིན་རྣམས། །མཚུངས་མིན་ཞེས་བྱ་བ་ལ། གནོད་བྱ་དང། ཡུལ་དང་དུས་དང། རང་བཞིན་རྣམས་དང། གནོད་བྱ་ཡུལ་དུས་རང་བཞིན ་རྣམས་ཞེས་བྱ་སྟེ། །གང་གི་དེ་རྣམས་མཚུངས་པ་མ་ཡིན་པ་ནི་མཚུངས་མིན་ནོ། །དེ་ལ་དེ་རྣམས་མཚུངས་པ་མ་ཡིན་པ་ནི། དཔེར་ན་གནོད་པར་བྱ། རྐང་དང་ཚིལ་ལ་སོགས་པ་དང། ཤིན་ཏུ་རླན་ཆེ་པའི་ཡུལ་དང། གྲང་པའི་དུས་དང། ་ནད་པའི་རླུང་གི་རང་བཞིན་དེ་ལ། མཁྲིས་པ་འཁྲུགས་པར་གྱུར་ན་གསོ་སླ་བ་ཡིན་ནོ། །གནོད་པར་བྱ་བ་མཚུངས་པ་མ་ཡིན་པ་ནི་དཔེར་ན་བད་ཀན་གྱི་མཚན་ཉིད་གྲང་བས། ཁྲག་དྲོ་བ་གནོད་པ་ཡིན་ནོ། །ཡུལ་མཚུངས་པ་མ་ཡིན་པ་ནི། ་དཔེར་ན་རླན་ཅན་ཤིང་རྩི་མོད་པའི་ཡུལ་དུ་མཁྲིས་པ་སྐྱེས་པའོ། །དུས་མཚུངས་པ་མ་ཡིན་པ་ནི་དཔེར་ན་སྟོན་ཀའི་དུས་སུ་བདག་ན་སྐྱེས་པའོ། །རང་བཞིན་མཚུངས་པ་མ་ཡིན་པ་ནི་དཔེར་ན་མཁྲིས་པའི་རང་བཞིན་ཅན་ལ། བད་ཀན་གྱི་ནད ་སྐྱེས?་པ་ལྟ་བུའོ། །འདིར་དྲིས་པ། གནོད་བྱ་དང། ཡུལ་དང། དུས་དང། རང་བཞིན་རྣམས་མཚུངས་པ་མ་ཡིན་པ་ནི། གསོ་བར་དཀའ་བའམ་སྤང་བར་བྱ་བ་ཡིན་གྱིས་གསོ་སླ་བ་མ་ཡིན་ཏེ། སྒོ་དུམ་ནས་གསོ་བ་ཙམ་དགོས་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་གནོད་བྱ ་ལ་སོགས་པ་འདྲ་བ་མ་ཡིན་པ་དག་ལ། ཕན་ཚུན་གསོ་བའི་རྩོམ་པ་གཞན་དང་གཞན་དག་ཀྱང་དགོས་ཀྱི། སྒོ་གཅིག་ནས་གསོ་བ་སླ་བ་ཡིན་ནོ་ཞེ་ན། དེའི་ལན་བརྗོད་པར་བྱ་སྟེ། གནོད་བྱ་ལ་སོགས་པ་མཚུངས་པ་ནི་རང་བཞིན་སྟོབས་དང་ལྡན་པ་ཡིན་ཞིང། ་རྩོམས་པ་ཆེ་བས་དཀའ་བ་འབྱུང་བས་དེ་གསོ་སླ་བ་མ་ཡིན་ནོ། །ལ་ལ་ནི་གནོད་བྱ་ལ་སོགས་པ་མཚུངས་སུ་ཟིན་ཡང། གསོ་སླ་བ་དག་ནི་ཡོད་དོ། །དེ་ཡང་གཞུང་ལས། རིམས་ལ་ཡུལ་དུས་མཚུངས་པ་དང། གཅིན་འགག་གནོད་བྱ་མཉམ་པ་དང། ཁྲག ་གི་སྐྲན་ནི་རྙིང་པ་ཉིད། གསོ་སླ་བ་ཡི་རྒྱུ་ཉིད་ཡིན། །ཞེས་བཤད་པ་ཡིན་ནོ། །ཡན་ལག་ཕུན་སུམ་ཚོགས་ཞེས་བྱ་བ་ནི། སྨན་ལ་སོགས་པའི་ཡན་ལག་བཞི་ཕུན་སུམ་ཚོགས་པ་ནི་འབྱོར་པར་གྱུར་པ་སྟེ། ཡན་ལག་བཞི་པོ་དེ་ཡོངས་སུ་རྫོགས་པར་གྱུར ་ན། ནད་གསོ་སླ་བར་འགྱུར་བའོ། །གཟའ་ནི་རྗེས་སུ་མཐུན་པ་དང། ཞེས་བྱ་བ་ལ། གཟའི་ན་ཉི་མ་ལ་སོགས་པ་སྟེ། དེ་དག་རྗེས་སུ་མཐུན་པ་ཞེས་བྱ་བ། སྐར་མའི་ཁྱིམ་རྗེས་སུ་མཐུན་པ་ན་གནས་ཤིང། གནས་བཟང་པོ་ན་གནས་པར་འགྱུར་ན་ཡང་ནད་གསོ་སླ་བ ་ཡིན་ནོ། །ཉེས་པ་ལམ་གཅིག་ཅེས་བྱ་བ་ནི་ཉེས་པ་དང་ལམ་གཉིས་གཅིག་དང་ལྡན་པ་ནི། ཉེས་པ་ལམ་གཅིག་སྟེ། ཉེས་པ་ནི་རླུང་ལ་སོགས་པའོ། །ལམ་ནི་གསུམ་སྟེ། འོག་ནས་བཤད་པའི་ཡན་ལག་གམ། ཡལ་ག་ལ་སོགས་པ་ནི་ཕྱེ་དང་ནང་དང་བར་གྱི་དབྱེ ་བས་སོ། །དེས་ན་གང་ཡང་རླུང་ལ་སོགས་པའི་ནང་ནས་གང་ཡང་རུང་བ་ཞིག་ལས་སྐྱེས་ཀྱི། གཉིས་སམ་གསུམ་ལས་མ་སྐྱེས་པ་དང། དེ་བཞིན་དུ་ཕྱི་རོལ་ལ་མ་ནད་ངན་པར་མ་སྟེ་ལམ་གཅིག་ལས་སྐྱེས་པ་ནི་གསོ་སླ་བ་ཡིན་ནོ། །གསར་བ་ཞེས་བྱ་བ་ནི་ནད ་མ་རྙིངས་པ་སྟེ། སྐྱེས་ནས་རིང་པོ་མ་ལོན་པ་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ལོ་གཅིག་ཡན་ཆད་འདས་པའི་ནད་ནི་གསོ་དཀའ་བ་ཡིན་ནོ། །དེ་ལྟར་ན་དེ་ལྟ་བུའི་ནང་ནི་གསོ་སླ་ཞིང། གསོ་བའི་ཐབས་ནི་སླ་བ་ཉིད་ཡིན་ནོ། །གསོ་དཀའ་བའི ་ནད་བཤད་པ་ནི། ནད་ཀྱི་མཚོན་སོགས་ཀྱིས་གདབ་ཅིང། གསོ་བར་དཀའ་ཞིང་དེ་ལས་འདྲེས་ཞེས་བྱ་བ་ཡིན་ཏེ། ནད་གང་མཚོན་ལ་སོགས་པས་སྒྲུབ་ཅིང་གདབ་དགོས་པ་དེ་ནི། གསོ་དཀའ་ཞིང་བཟློག་བར་དཀའ་བ་ཡིན་པས། ཐབས་མང་པོ་དང་ཡུན ་རིང་པོས་གསོ་དགོས་པ་ཡིན་ནོ། །དེ་ཡང་གཞུང་ལས། གསོ་དཀའ་བ་ལ་དཀའ་པ་དང། ཐབས་ནད་ཡུན་ནི་རིང་པོས་སོ། །ཞེས་བཤད་པ་ཡིན་ནོ། །གསོ་ལ་སོགས་པའི་སྒྲས་ནི། ནས་ཚིགས་འཁུས་པའི་ཐལ་བས་བསྐུ་བ་དང། མེ་གདབ་པ་དང། དུག ་ཡིས་བསྐུ་བ་ལ་སོགས་པ་བསྡུའོ། །དེ་ལ་འདྲེས་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་སྔར་བཤད་པའི་གསོ་རུང་བའི་མཚན་མ་ལས། ནད་གང་འདྲེས་པ་ཞིག་བྱུང་ནད་ཡང་གསོ་བར་དཀའ་བ་ཡིན་ནོ། །དེ་ལ་དེ་ལས་འདྲེས་པའི་མཚན་ཉིད་ནི་སྔར ་བཤད་པའི་གསོ་སླ་བའི་མཚན་ཉིད་ལས་འདྲེས་ཤིང་གཉིས་སམ་གསུམ་ཚོགས་བར་གནས་པ་སྟེ། དཔེར་ན་གཞོན་པ་ཡང་བདག་ཉིད་མཐུལ་པ་དང། དབང་པོ་ཐུལ་བ་ཡིན་ཡང། ནད་གནད་ཀྱི་གནས་སུ་སོང་བ་དང། སྨན་ཐམས་ཅད་བཟོད ་པར་ནུས་བའི་ལུས་དང་ལྡན་པ་ཡང་རྒས་པ་དང། གལ་ཏེ་གཞོན་ནུ་ཟིན་ཀྱང་སྨན་ཐམས་ཅད་ཀྱིས་བཟོད་པར་མི་ནུས་པའོ། །དེ་ལྟར་ན་ཕྱོགས་འདིས་ཐམས་ཅད་ལས་བསྒྲེ་བར་བྱའོ། །གསོ་བ་ཙམ་དུ་བྱ་བ་བཤད་པ་ནི། ཚེ་ཡི་ལྷག་མ་ལུས ་ཕྱིར་འཚེ། །གོ་བཟློག་པ་ལ་གོམས་པ་ཉིད་ཅེས་བྱ་བ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པ་མང་པོས་བསྒྲུབ་པར་བྱ་བའི་གསོ་བའི་ཐབས་དང་མི་མཐུན་པར་གྱུར་པ་ལ་ཚེའི་ལྷག་མ་ནི་མ་ཟད་པར་ནད་ཀྱིས་གསོ་བར་མི་ནུས་པ་དག་ལ་ནི་ཁ་ཟས་དང ་སྤྱོད་ལམ་ཕན་པ་དག་གིས་རེ་ཞིག་གསོ་ཞིང་འཚོ་བ་ཙམ་དུ་བྱའི་དེ་ཡོངས་སུ་སྤང་བར་ནི་མི་བྱའོ་འདི་དང་ཡོངས་སུ་སྤང་བར་བྱ་བའི་ནད་ཀྱི་ཁྱད་པར་ནི་འདི་ཙམ་ཞིག་ཡོད་དེ། །འདི་ལ་ནི་ཚེའི་ལྷག་མ་ཙམ་ཞིག་ཡོད་པས། རེ་ཞིག་སྤང་བར་མི་བྱ་བ་ཡིན་གྱི། མཚན ་ཉིད་གཞན་ཐམས་ཅད་ནི་ཕལ་ཆེར་མཐུན་པ་ཡིན་ནོ། །གོ་བཟློག་ཅེས་བྱ་བ་གང་ཞིག་བཟློག་པ་ཡིན་ཞེ་ན། འདས་མ་ཐག་པའི་རང་བཞིན་གསོ་ཟླ་བ་ལས་བཟློག་པའོ། །གོམས་པ་ནི་ཡང་དང་ཡང་དུ་བྱ་ཞིང་བསླབ་པ་སྟེ། དེ་བས་ན་ཕན་པའི་ཟས་དང། སྤྱོད ་ལམ་གྱིས་གསོ་བར་བྱའོ། །དེ་ཡང་གསོ་བས་བདེ་བ་ཅུང་ཟད་ཅིག་སྐྱེད་ཅིང། ཡང་རྒྱུ་ཅུང་ཟད་ཀྱིས་ནི་འཕེལ་བར་འགྱུར་རོ། །དེ་ཡང་བསྡུས་པ་ལས། བདེ་བ་ཅུང་ཟད་སྐྱེས་ནས་ནི། ཅུང་ཟད་རྒྱུ་ནི་འཕེལ་འགྱུར་ཞིང། །ནད་ཀྱི་ལྷག་མ་མེད་མི་འགྱུར། །ལས ་སྐྱེས་ཚེ་ནི་ངེས་པ་ཡིན། །ལྷུངས་པ་ལས་ནི་འཇུས་པ་ཡིན། །ནད་ལ་ཕན་པས་གཟུང་བར་བྱ། །ཞེས་བཤད་པ་ཡིན་ནོ། །སྤང་བར་བྱ་བ་བཤད་པ་ནི། །འཆོས་པའི་ཐབས་མེད་ཉིད་དུ་འགྱུར། །ཤིན་ཏུ་ཕྱིན་ཅི་ལོག་པར་གནས། །ཤིན་ཏུ་རྨོངས་དང་ཁྲོ ་བར་བྱེད། །འཆི་ལྟས་སྣང་ཞིང་དབང་པོ་ཉམས། །ཞེས་བྱ་བ་ཡིན་ཏེ། གང་ལ་བཅོས་ཤིང་གསོ་བའི་ཐབས་མེད་པར་གྱུར་པ་དེ་ནི་བཅོས་པའི་ཐབས་མེད་པ་སྟེ། སྤང་བར་བྱ་བའི་དོན་ཏོ། །བཅོས་པའི་ཐབས་མེད་པ་དེ་གང་ཞིག་ཡིན་ཞེ་ན། གང་ཤིན་ཏུ་ཕྱིན་ཅི ་ལོག་ལ་གནས་པ་ཞེས་བྱ་བ་ཡིན་ཏེ། ནད་གང་གསོ་བ་ཙམ་གྱི་ཚུལ་ལས་ཀྱང། ཤིན་ཏུ་ཕྱིན་ཅི་ལོག་པར་གནས་པ་སྟེ། བྱ་བའི་ལས་ཀྱི་ལམ་ཐམས་ཅད་ལས་འདས་ཤིང། ནད་རྐང་དང་ཁུ་ཆུ་ལ་སོགས་པ་ལུས་ཟུངས་ཤིན་ཏུ་གཉིད་རིང་བར་ཞེན་པ་གནད་དང ་ཚིགས་ཀྱི་ནང་དུ་ཞེན་པ་དེ་ནི་བཅོས་པའི་ཐབས་མེད་ཅིང་གསོ་བར་མི་ནུས་པ་ཡིན་ནོ། །དེ་བཞིན་དུ་འདོད་པ་ལ་སོགས་པ་བྱེད་པ་ཡང་གསོར་མི་རུང་བ་ཉིད་དེ། འདོད་པ་ནི་ཡུལ་རྣམས་ལ་ལྷག་པར་ཆབས་ཤིང་ཞེན་པའོ། །རྨོངས་བ་ནི་སེམས་དང་བྲལ་ཞིང་དྲན ་པ་ཉམས་ལ་མི་ཤེས་པར་གྱུར་པའོ། །ཁྲོས་བ་ནི་གནས་དང་མལ་སྟན་ལ་སོགས་པ་གང་དུ་ཡང་མི་དགའ་ཞིང་སེམས་ལྡོག་པའོ། །བྱེད་པ་ཞེས་བྱ་བ་ནི་གང་ལ་དེ་དག་ལྟར་བྱེད་པ་དེ་ཡང་བཅོས་པའི་ཐབས་མེད་པ་ཡིན་ནོ། །དེ་བཞིན་དུ་འཆི ་ལྟས་སྣང་ཞིང་དབང་པོ་ཉམས་པ་ཡང་སྤང་བར་བྱ་བ་ཡིན་ནོ། །དེ་ལ་འཆི་ལྟས་སྣང་བ་ནི། འཆི་བའི་མཚན་མ་སྣང་བའོ། །དབང་པོ་ཉམས་པ་ནི་མིག་ལ་སོགས་པའི་དབང་པོ་ཉམས་ཤིང་དབང་པོ་འགགས་པར་བྱེད་པའི་ནད་ཀྱང་བཅོས་པའི་ཐབས་མེད་པ་ཡིན ་ཏེ། མྱུར་དུ་དབང་པོ་འཇོམས་པ་ཡིན་ནོ། །དེ་ལྷན་དང་པོ་ནད་ཡོངས་སུ་བརྟགས་ལ་གསོ་བ་བརྩམ་པར་བྱའི། །གཞན་དུ་སྨན་པའི་རང་གི་རང་དོན་ལ་སོགས་པ་ངེས་པར་ཉམས་པར་འགྱུར་རོ། །དེ་ཡང་གཞུང་ལས་དང་པོར་འདི་ལྟར་ནད་བརྟགས་ལ། ་དེ་ནས་ལས་ནི་བརྩམས་བྱ་ཡི། །གཞན་དུ་རང་དོན་རིག་པ་དང། །གྲགས་པ་ཉམས་པ་ཉིད་ཐོབ་འགྱུར་ཞེས་བཤད་པ་ཡིན་ནོ། །ནད་པ་བཅོས་པའི་ཐབས་ཡོད་པ་དག་ཀྱང། སྤང་བར་བྱ་བ་དག་བཤད་པ་ནི། སྨན་པ་རྒྱལ་པོ་ལ་སྡང་དང། དེ་དང་མི ་མཛའ་སྡང་བ་དང། ཡོ་བྱད་མི་འབྱོར་བྲེལ་བ་དང། ཉན་དུ་མི་འདོད་ཚེ་ཟད་དང། །གཏུམ་ཞིང་མྱ་ངན་ལ་གནས་འཇིགས། །བྱས་པ་མི་གཟོ་སྨན་བརྙས་སྤང། །ཞེས་བྱ་བ་ཡིན་ཏེ། ནད་པ་དེ་ལྟ་བུ་ནི་གསོར་རུང་ཡང་སྤང་བར་བྱའོ། །སྨན་པ་རྒྱལ་པོ་ལ་སྡང ་ཞིང། །ཞེས་བྱ་བ་ནི་སྨན་པ་དག་དང་རྒྱལ་པོ་སྟེ། ས་བདག་ལ་སྡང་བ་དང། དེ་བཞིན་དུ་དེ་དང་མི་མཛའ་ཞེས་བྱ་བ། སྨན་པ་དང་རྒྱལ་པོ་དག་ལ་སྡང་ཞིང་མི་མཛའ་བ་དེ་ཡང་སྤང་བར་བྱའོ། །སྤང་པ་དང་ཞེས་བྱ་བ་ནི་བདག་ཉིད་ལ་སྡང་ཞིང་དགར་བྱེད་པའོ།། ་ཡོ་བྱད་མི་འབྱོར་ཞེས་བྱ་བ་ནི་ཡོ་བྱད་མ་ཚང་བ་སྟེ། གསོ་བའི་ཡན་ལག་དང་མི་ལྡན་པའོ། །བྲེལ་པ་ནི་བྱ་བ་མང་བ་སྟེ། བྱ་བ་གཞན་བལྟོས་ཤིང། ལས་གཞན་ལ་སེམས་ཞེན་པའོ། །ཉན་དུ་མ་བཏུབ་པ་ནི་སྨན་པའི་བསྔོ་བ་མི་བྱེད་པ་གང་ཡིན་པ་དེ ་ཡང་སྤང་བར་བྱའོ། །ཚེ་ཟད་པ་ནི་འཚོ་བ་ཡོངས་སུ་ཟད་པའོ། །གཏུམ་པ་ནི་འཕྲལ་དུ་གནོད་པ་བྱེད་ཅིང་གདུག་པའི་ཆོས་ཅན་ནོ། །མྱ་ངན་ལས་གནས་པ་ནི་ཆུང་མ་ལ་སོགས་ཤི་བ་ལས་བྱུང་བའི་མྱ་ངན་གྱིས་གཟིར་བའོ། །འཇིགས་པ་ནི་འཇིགས་པ་དང་བཅས་པའོ།། ་བྱས་པ་མི་གཟོ་བ་ནི་གང་ལ་ཡང་ཕན་བར་བྱས་སུ་ཟིན་ཀྱང། །གནོད་པ་བྱེད་པའོ། །སྨན་བ་ལ་བརྙས་པ་ནི་བདག་ཉིད་སྨན་པ་མ་ཡིན་དུ་ཟིན་ཀྱང། སྨན་བ་ལྟ་བུར་འཆོས་ཤིང་རྨོངས་པས་རང་དགར་སྨན་དཔྱད་བྱེད་པ་སྟེ་དེ་ཡང་སྤང་བར་བྱ་བའོ། །དེ་ལྟར་ལེའུ་དང་པོར ་གཞུང་མ་ལུས་པའི་དོན་མདོར་བསྡུས་པ་བཤད་ནས། དེའི་འོག་ཏུ་བདེ་བླག་དུ་དྲན་བར་བྱ་བའི་ཕྱིར་ལེའུའི་གྲངས་ཀྱི་མདོར་བསྡུས་པ་བཤད་པ་ནི། དེ་ནས་གཞན་ཡང་རྒྱུད་འདི་ཡི། །ལེའུ་བསྡུས་པ་བཤད་བྱ་སྟེ་ཞེས་བྱ་བ་ཡིན། དེ་ནས་དེའི་འོག་ཏུ་བདེ་བར་བྱ་བའི ་ཕྱིར་ལེའུ་བསྡུས་པ་བཤད་པའོ་ཞེས་བྱ་བར་སྦྱར་རོ། །རྒྱུད་ཅེས་བྱ་བ་འདིས་ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་བསྡུས་པས་ན་རྒྱུད་དོ། །ལེའུ་བསྡུས་པ་ནི་ལེའུ་རྣམས་བསྡུས་ཤིང་ཕུང་པོ་གཅིག་ཏུ་བྱེད་པའོ། །དེ་དག་ཀྱང་གང་ཞིག་ཡིན་ཞེ་ན། ཚེ་རིང་ཉིན་རེ་དུས་སྤྱོད ་དང། །ནད་མེད་བྱ་དང་བཏུང་པ་དང། །ཟས་ཤེས་བྱ་དང་ཟས་བསྡམ་བྱ། །ཟས་ཚོང་སྨན་དང་རོལ་གནས། །ནད་ཤེས་བྱ་དང་དེའི་དབྱེ་བ། །དེ་གསོ་བ་དང་གསོ་ཐབས་གཉིས། །སྦྱང་སོགས་སྣུམ་འཆོས་ཁྲུས་བརྟ་བྱ། སྨན་དུང་ཁར་དོར་མིག་བཀྲུ་དང། །གསོ་དང ་དབྱུང་ཐབས་ཟུག་རྔུ་མཚོན། །གཏར་དཔྱད་ཟུག་རྔུ་དབྱུང་བའི་དཔྱད། །མཚོན་དང་ཐལ་སྨན་མེ་བཙའི་ལས། །མདོ་གནས་ལེའུ་སུམ་ཅུ་ནི། །འདི་ཡིན་ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་ལེའུ་སུམ་ཅུས་ནི་མདོའི་གནས་བཤད་པ་ཡིན་ཏེ། ཚེ་རིང ་བར་འདོད་པ་དང། ཉོན་རེ་དུས་སུ་སྤྱོད་པ་དང། ཞེས་བ་གཉིས་པའི་མཚམས་སྦྱར་བར་བྱའོ། །དེས་ན་ཚེ་རིང་བར་འདོད་བ་དང། ཉིན་རེ་དང་དུས་སུ་སྤྱོད་པ་དང། ཉིན་རེའི་སྤྱོད་པ་དང། དུས་ཀྱི་སྤྱོད་པ་དང། ནད་མེད་པར་བྱ་བ་དང། བཏུང་བའི་རྫས་ཤེས་པར ་བྱ་བ་དང། ཟས་ཀྱི་རང་བཞིན་ཤེས་བར་བྱ་བ་དང། ཟས་ལེགས་བར་བསྡམས་པར་བྱ་བ་དང། ཟས་ཀྱི་ཚོང་ཟིན་པར་བཟའ་བ་དང། སྨན་ལ་སོགས་པའི་རྫས་ཤེས་པར་བྱ་བ་དང། རོ་རྣམས་ཤེས་པར་བྱ་བ་དང། ནད་ལ་སོགས་པ་ཤེས་བར ་བྱ་བ་དང། ནད་དེའི་བྱེ་བྲག་ཤེས་པར་བྱ་བ་དང། ནད་གསོ་བར་བསྟན་པ་དང། གསོ་ཐབས་རྣམ་པ་གཉིས་དང། སྦྱང་བ་ལ་སོགས་པའི་ཚོགས་བསྡུ་བ་དང། སྣུམ་འཆོས་ཀྱི་དཔྱད་དང། དུགས་ཀྱི་དཔྱད་དང། སློན་དང་ཁྲུས་ཀྱི་དཔྱད་དང། འདོམས་ཀྱི ་དཔྱད་དང། སྣ་ནས་བཏང་བའི་དཔྱད་དང། སྨན་གྱི་དུད་པའི་དཔྱད་དང། སྨན་ཁུས་མཁུར་བ་བཀང་ཞིང་དོར་བ་ལ་སོགས་པའི་དཔྱད་དང། མིག་སྨན་བླུག་སྟེ་མིག་ནད་བཀྲུ་བའི་དཔྱད་དང། མིག་གསོ་ཞིང་ཚིམ་པར་བྱ་བའི་དཔྱད་དང། སྨན་གྱི་ཕུར་མ་བཙོ་ཞིང་སྨན ་ཁུས་མིག་བརྟ་བའི་ཆོ་ག་དང། མཚོན་གྱི་དུམ་བུ་ལུས་པ་དབྱུང་བའི་ཆོ་ག་དང། གཏར་དཔྱད་ཀྱིས་དབུག་བའི་ཆོ་ག་དང། མཚོན་གྱི་ལས་ཀྱི་ཆོ་ག་དང། ཐལ་སྨན་རྣོན་པོ་དང། མེ་བཙའི་ལས་ཀྱི་ཆོ་གའོ། །འདི་དག་གིས་ནི་རྒྱུད་ཀྱི་དོན་མ་ལུས་པ་མདོར ་བསྟན་པ་ཡིན་པས་ན་མདོའི་གནས་ཏེ་རྒྱུད་མ་ལུས་པའི་མགོ་བོ་ལྟ་བུ་ཡིན་ནོ། །དེ་ནི་ལུས་ཀྱི་བརྗོད་བྱ་སྟེ་ཞེས་བྱ་བ་ལ། ལུས་ཀྱི་ཞེས་བྱ་བ་ནི་ལུས་ཀྱི་གནས་སོ། །ཅི་ཞིག་བརྗོད་ཅེ་ན་ལེའུའི་བསྡུས་པའོ། །དེ་དག་ཀྱང་གང་ཞེ་ན། མངལ་དུ་འཇུག་དང ་དེའི་ནད་དང། །ཡན་ལག་གནད་ཀྱི་བྱེ་བྲག་དང། །རྣམ་འགྱུར་བང་ཆེན་ལས་བྱུང་དྲུག་།ཅེས་བྱ་བ་ཡིན་ཏེ། དེ་ལ་ལུས་དེའི་མངལ་དུ་འཇུག་པ་དང། དེའི་ནད་ནི་མངལ་དེའི་ནད་ཏེ། ལུས་ཀྱི་མངལ་འཇིག་པ་དང། ལུས་ཀྱི་ཡན་ལག་གི་བྱེ་བྲག་དང། ལུས་ཀྱི་གནད་ཀྱི་བྱེ ་བྲག་དང། ལུས་ཀྱི་རྣམ་པར་འགྱུར་བ་ཤེས་པར་བྱ་བ་ལུས་ཀྱི་བང་ཆེན་ལ་སོགས་ཤེས་པར་བྱ་སྟེ། དེ་ལྟར་ན་ལེའུ་དྲུག་པོ་དེ་དག་ནི་ལས་ཀྱི་གནས་ཡིན་ནོ། །དེ་ནས་ནད་གཞིའི་གནས་བཤད་པ་ནི། ནད་ཀུན་འབྱུང་བའི་ནད་གཞི་དང། རིམས་ཁྲུག་དབུགས་མི ་བདེ་གཅོད་སོགས། །ཆང་དང་གཞང་འབྲུམ་ཚང་བའི་ནད། །ཆུ་འགགས་གཅིན་ནི་སྙི་བ་དང། །ཁོང་འབྲས་དམུ་རྫིངས་དག་དང་ནི། །སྐྱ་རྦབ་མཛེ་ནད་རླུང་གིས་གཟིར། །དྲེག་ནད་དག་དང་བཅུ་དྲུག་ཡིན། ཞེས་བྱ་བ་ཡིན་ཏེ། ནད་ཐམས་ཅད་ཀྱི་ནད་གཞི་དང། རིམས་དང ་མཁྲིས་པ་དང། ལུང་པའི་ནད་གཞི་དང། དབུགས་མི་བདེ་བའི་ནད་གཞི་དང། ཟད་བྱེད་ལ་སོགས་པའི་ནད་གཞི་དང། ཆང་དྲགས་པ་ལ་སོགས་པའི་ནད་གཞི་དང། གཞང་འབྲུམ་གྱི་ནད་གཞི་དང། ཚད་བར་འཁྲུ་བའི་ནད་གཞི་དང། གཅིན་འགགས་པའི་ནད་གཞི་དང། ་གཅིན་བསྙེ་བའི་ནད་གཞི་དང། ཁོང་འབྲས་དང། སྐྲན་གྱི་ནད་གཞི་དང། དམུ་རྫིངས་ཀྱི་ནད་གཞི་དང། སྐྱ་རྦབ་དང། འོར་ནད་དང། མེ་དཔལ་ལ་སོགས་པའི་ནད་གཞི་དང། མཛེ་ནད་དང། ཤ་བཀྲ་དང། སྲིན་བུའི་ནད་གཞི་དང། རླུང་ནད་ཀྱི་ནད་གཞི་དང། དྲག ་ནད་ཀྱི་ནད་གཞི་སྟེ། དེ་ལྟར་ལེའུ་བཅུ་དྲུག་ནི་ནད་གཞིའི་གནས་ཡིན་ནོ། །གསོ་བ་བརྗོད་པར་བྱ་སྟེ། རིམས་ནད་གསོ་དང་ཁྲག་དང་ནི། །ལུད་པ་དབུགས་མི་བདེ་དང་གཅོད། །སློན་དང་ཆང་དང་གཞང་འབྲུམ་དང། །ཆང་ནད་ཕོ་བ་གཅིན་ནད་གཉིས། །ཁོང་འབྲས་སྐྲན་དང ་དམུ་རྫིང་དང། སྐྱ་རྦབ་འོར་ནད་མེ་དཔལ་དང། །མཛེ་ནད་ཤ་བཀྲ་རླུང་ནད་དང། དྲེག་ནད་གསོ་བའི་དཔྱད་རྣམས་ཏེ། ལེའུ་ཉི་ཤུ་གཉིས་འདི་ཡིན་ཞེས་བྱ་བ་ཡིན་ཏེ། གསོ་བའི་ནད་ལེའུ་ཉི་ཤུ་རྩ་གཉིས་ཡོད་དོ། །དེ་ཡང་གང་ཡིན་ཞེ་ན། རིམས་ནད་གསོ ་པ་དང། ཁྲག་དང་མཁྲིས་པ་གསོ་པ་དང། ལུད་པ་གསོ་བ་དང། དབུགས་མ་བདེ་བ་གསོ་པ་དང། གཅོང་ཆེན་པོའི་ནད་གསོ་བ་དང། རྟག་ཏུ་སློན་པ་དང། སྙིང་ནད་དང། སྐོམ་དད་ལ་སོགས་པ་གསོ་པ་དང། ཆང་ནད་གསོ་བ་དང། གཞང་འབྲུམ་གསོ་པ ་དང། ཚད་པས་འཁྲུ་པ་གསོ་བ་དང། ཕོ་བའི་ནད་གསོ་བ་དང། གཅིན་འགགས་པའི་ནད་གསོ་བ་དང། གཅིན་བསྙི་པ་གསོ་པ་དང། ཁོང་འབྲས་འཕེལ་བ་གསོ་བ་དང། སྐྲན་ནད་གསོ་བ་དང། དམུ་རྫིང་གསོ་བ་དང། སྐྱ་རྦབ་ཀྱི་ནད་གསོ་བ་དང། འོར ་ནད་གསོ་བ་དང། མེ་དཔལ་གསོ་བ་དང། མཛེ་ནད་གསོ་བ་དང། ཤ་བཀྲ་གསོ་བ་དང། སྲིན་ནད་གསོ་བ་དང། རླུང་ནད་གསོ་བ་དང། དྲེག་ནད་གསོ་བའི་དཔྱད་སྟེ། ཉི་ཤུ་རྩ་གཉིས་པོ་འདི་དག་ནི་གསོ་བའི་གནས་ཞེས་བྱའོ། །དེ་ལས་གཞན་ཡང ་ཆོ་ག་གྲུབ། །སྐྱུག་སྨན་བཀྲུ་སྨན་ཆོ་ག་དང། །དེ་གྲུབ་མས་བཏང་ཆོ་ག་དང། །མས་བཏང་ཉེས་གྲུབ་དྲུག་པ་ནི། །སྨན་ཡིན་ཞེས་བྱ་བ་ནི་འདི་ཡན་ཆད་ཆོ་ག་གྲུབ་པའི་གནས་ཡིན་ཏེ། སྐྱུགས་སྨན་གྱི་ཆོ་ག་དང། བཀྲུ་སྨན་གྱི་ཆོ་ག་དང། སྐྱུགས་སྨན་དང་བཀྲུ ་སྨན་དེ་གྲུབ་པར་བྱ་བའི་ཆོ་ག་དང། སྨན་མས་བཏང་བའི་ཆོ་ག་དང། སྨན་མས་བཏང་བ་ཉེས་བ་གྲུབ་པའི་ཆོ་ག་དང། སྨན་གྱི་ཆོ་གའོ། །དེ་ལྟར་ན་ལེའུ་དྲུག་ནི་ཆོ་ག་གྲུབ་པའི་གནས་ཡིན་ནོ། །དེ་ནས་ཕྱི་མ་ཡིན། བྱིས་པ་ཉེར་སྤྱོད་དེ་ནད་དང། །དེའི ་གདོན་འབྱུང་པོར་གཏོགས་པ་གཉིས། །སྨྱོ་དང་བརྗེད་བྱེད་སོགས་གཉིས་གཉིས། །མིག་མཆུ་རྫི་མ་གྲ་མཚམས་དང། །མིག་འབྲས་རབ་རིབ་མཐོང་ཉམས་གསུམ། །གཉིས་གཉིས་ཀུན་ལ་འགྲོ་བ་ཡིན། །རྣ་ནད་སྣ་དང་ཁ་དང་མགོ་།རྨ་དང་ཆག ་གྲུགས་མཚན་པར་བརྡོལ། །འབྲས་སོགས་ཕྲ་མོའི་ནད་རྣམས་དང། །གསང་བའི་ནད་ནི་ཐ་དད་གཉིས། །དུག་དང་སྦྲུལ་དང་སྲིན་བུ་དུག་།བྱི་བ་དང་ནི་བཅུད་ཀྱིས་ལེན། །བུད་མེད་ས་བོན་གསོ་བ་སྟེ། །ལེའུ་བཞི་བཅུ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། ་གྲུབ་པའི་གནས་མན་ཆད་ནི་ཕྱི་མ་ཞེས་བྱ་བ་སྟེ། རྒྱུད་ཕྱི་མ་ཡིན་པར་ཤེས་པར་བྱའོ། །བྱིས་པའི་ཉེ་བར་སྤྱོད་པ་ནི། བྱིས་པའི་ཉེ་བར་སྤྱོད་པར་བྱ་བ་གང་ཡིན་པ་དང། དེའི་ནད་དང། དེའི་གདོན་དང། འབྱུང་པོར་གཏོགས་པ་གཉིས་ཏེ། ་གདོན་གྱི་དམིགས་ཤེས་པར་བྱ་བ་དང། གདོན་ནད་སེལ་བར་བྱའོ། །སྨྱོ་བ་དང་བརྗེད་བྱེད་ལ་སོགས་པ་ལ་ཡང་གཉིས་གཉིས་ཏེ། སྨྱོ་བའི་ནད་ཤེས་པར་བྱ་བ་དང། སྨྱོ་ནད་བསལ་བ་དང། བརྗེད་བྱེད་ཀྱི་ནད་ཤེས་པར་བྱ་བ་དང། བརྗེད ་བྱེད་ཀྱི་ནད་བསལ་བར་བྱ་བ་དང། རྫི་མ་དང་མིག་ཆུའི་ནད་ཤེས་པར་བྱ་བ་དང། རྫི་མ་དང་མིག་ཆུའི་ནད་བསལ་བར་བྱ་བ་དང། གྲཝ་མཚམས་ཀྱི་དཀར་བ་དང། གནག་པའི་ནད་ཤེས་པར་བྱ་བ་དང། གྲཝ་མཚམས་ཀྱི་དཀར ་བ་དང་གནག་པའི་ནད་བསལ་བའོ། །མིག་གི་འབྲས་བུའི་ནད་ཤེས་བར་བྱ་བ་དང། རབ་རིབ་གསལ་བ་དང། མཐོང་བ་མཉམ་པའི་ནད་བསལ་བ་དང། མིག་ནད་སྣ་ཚོགས་ཤེས་པར་བྱ་བ་དང། མིག་ནད་སྣ་ཚོགས་བསལ་བ་དང། རྣ་ནད་ཤེས་པར་བྱ་བ་དང། རྣ ་ནད་བསལ་བ་དང། སྣ་ནད་ཤེས་པར་བྱ་བ་དང། སྣ་ནད་བསལ་བ་དང། ཁ་ནད་ཤེས་པར་བྱ་བ་དང། ཁ་ནད་བསལ་བ་དང། མགོ་ནད་ཤེས་པར་བྱ་བ་དང། མགོ་ནད་བསལ་བ་དང། རྨ་རྙིང་པའི་ནད་ཤེས་པར་བྱ་བ་དང། རྨ་རྙིང་པའི་ནད་བསལ་བ་དང། ་རྨ་སར་པ་བསོ་བ་དང། རྐང་ལག་ཆག་གྲུགས་སུ་གྱུར་པ་གསོ་བ་དང་མཚན་བར་བརྡོལ་བའི་ནད་གསོ་བ་དང། འབྲས་དང། ཐོར་བུ་དང། རྐང་འབམ་དང། ཟད་བྱེད་དང། རྩ་སྦུབས་ཤེས་པར་བྱ་བ་དང། འབྲས་དང་ཐོར་བུ་ལ་སོགས་པའི་ནད་གསོ་བ་དང། ་འབྲུམ་བུ་ཕྲ་མོའི་ནད་ཤེས་བར་བྱ་བ་དང། འབྲུམ་བུ་ཕྲ་མོའི་ནད་གསོ་བ་དང། གསང་བའི་གནས་ཀྱི་ནད་ཤེས་པར་བྱ་བ་དང། གསང་བའི་གནས་ཀྱི་ནད་གསོ་བ་དང། དུག་སྣ་ཚོགས་ཀྱི་དམིགས་བརྟག་པ་དང། དུག་གསོ་བའི་ཆོ་ག་དང། སྦྲུལ་གདུག་པས་ཟིན ་པའི་ནད་གསོ་བ་དང། སྲིན་བུ་གདུག་པས་ཟིན་པའི་ནད་གསོ་བ་དང། བྱི་བ་དང་ཕུས་པ་ལ་སོགས་པས་ཟིན་པའི་ནད་གསོ་བ་དང། བཅུད་ཀྱིས་ལེན་པ་དང། ས་བོན་འཕེལ་ཞིང་རོ་ཙ་བར་བྱེད་པ་སྟེ། དེ་ལྟར་ལེའུ་བཞི་བཅུ་ནི་རྒྱུད་ཕྱི་མ་ཡིན་ནོ། །དེའི་ནད་དང ་དེའི་གདོན་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བྱིས་པ་ལ་བསྙེགས་པ་ཡིན་ནོ། །གཉིས་གཉིས་ཞེས་བྱ་བ་ནི། མིག་གི་མཆུ་གཉིས་དང། གྲཝ་མཚམས་གཉིས་སོ། །གསུམ་ཞེས་བྱ་བ་ནི་མིག་འབྲས་དང། རབ་རིབ་དང། མཐོང་བ་ཉམས་པ་གསུམ་པོ ་ནི་རེ་རེ་ཞིང་རེ་རེའོ། །དེ་ལ་རབ་རིབ་ནི་ཅུང་ཟད་མི་གསལ་བའོ། །མཐོང་བ་ཉམས་པ་ནི་སྤྲིན་ལྟ་བུས་ཁེངས་པའོ། །གཉིས་གཉིས་ཞེས་བྱ་བ་ནི། མིག་ནང་སྣ་ཚོགས་ནས། རྨའི་བར་དུ་ཡིན་པར་ཤེས་པར་བྱའོ། །རྐང་ལག་ཆག་གྲུགས་དང། ་མཚན་བར་བརྡོལ་བ་ནི་རེ་རེའོ། །འབྲས་ལ་སོགས་པ་དང། གསང་བའི་ནད་དང། འབྲུམ་བུ་ཕྲ་མོའི་ནད་ནི་སོ་སོ་ཞིང་གཉིས་གཉིས་སོ། །བུ་མེད་བ་ནི་རབས་ཆད་པའི་སྐྱེས་བུ་སྟེ། དེའི་ས་བོན་གསོ་ཞིང། །བུ་བ་འཕེལ་བར་བྱ་བ་ནི། ལེའུ་བཞི་བཅུ་པ་ཡིན་ནོ། ། ་དེ་ལྟར་ལེའུ་བརྒྱ་ཉི་ཤུ་གནས་ནི་དྲུག་ཏུ་བཤད་པ་ཡིན་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་རྣམ་པ་འདིས་ན། ལེའུ་བརྒྱ་ཉི་ཤུ་ཡོད་པ་ཡིན་ནོ། །གནས་དྲུག་ཅེས་བྱ་བ་ནི། མདོ་དང་ལུས་དང། ནད་གཞི་དང། གསོ་བ་དང། ཆོ་ག་གྲུབ་བ་དང། རྒྱུད་ཕྱི་མའོ།། ་བཤད་པ་ཡིན་ཞེས་བྱ་བ་ནི། བསྟན་པ་ཡིན་ཞེས་བའི་དོན་ཏོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བའི་མདོའི་གནས་ལས་རྣམ་པར་འགྲེལ་བ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ་ལེའུ་དང་པོ་འགྲེལ་བའོ།། །།དེ་ནས་ཉིན་རེ་ཞིང་སྦྱང་བའི་ལེའུ་བཤད་བར་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བ་ནི་ལེའུ་ཐམས་ཅད་ལ་བཀྲ་ཤིས་བའི་དོན་ཡིན་པ་འམ། དེ་བཞིན་དུ་དེ་མ་ཐག་པ་དང། བརྩོམ་པ་དང་རྗེས་སུ་འབྲེལ་བ་ཡིན ་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་བའི་སྒྲ་ལེའུ་སྔ་མར་དོན་བཤད་ཟིན་མོད་ཀྱི། བཀྲ་ཤིས་པའི་དོན་དུ་སློབ་དཔོན་གྱིས་ལེའུ་རེ་རེའི་ཙོམ་པ་ལ་བཀྲ་ཤིས་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བའི་སྒྲ་ནི་སྨོས་པ་ཡིན་ནོ། །ཉི་མ་རེ་རེ་ཞིང་བྱ་བའི་སྤྱོད་པ་ཡིན ་པས་ན། ཉིན་རེ་ཞིང་སྤྱད་པར་བྱ་བ་འམ། ཉིན་མོ་སྤྱོད་པ་ཡིན་པས་ན། ཉིན་རེའི་སྤྱོད་པ་སྟེ། འཇིག་རྟེན་གཉི་ག་ལ་ཕན་པར་བྱ་བའི་ཟས་དང། སྤྱོད་ལམ་གྱི་སྤྱོད་པ་སྤྱོད་པར་བྱེད་པ་སྟེ། ཉི་མ་རེ་རེ་ཞིང་གང་ཞིག་བྱ་བའི་ལེའུ་དེ་བཤད་པར་བྱའོ་ཞེས་པའོ། །ཚེ ་རིང་པར་འདོད་བའི་ལེའུའོ། རྗེས་ཐོགས་སུ་འདི་བཤད་པའི་འབྲེལ་པ་གང་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ཚེ་རིང་བར་འདོད་པའི་སྐྱེས་བུས། གཙོ་ཆེར་ཚེ་ལ་ཕན་པ་གང་ཡིན་པ་དེ་དང་པོར་ཀུན་ཏུ་བསྟེན་པར་བྱ་བ་འམ། དེའི་རྗེས་ལ་ནི་ཕན་པ་གཞན་གང་དག ་ཡོད་པ་བསྟེན་པར་བྱ་བ་ཡིན་ནོ། །དེ་བས་ན་དང་པོ་རེ་ཞིག་ཀུན་ཏུ་སྤྱོད་པ་གཙོར་གཟུང་བར་བྱའོ། །དེ་ཡང་གང་གི་ཕྱིར་ཀུན་ཏུ་སྤྱོད་པ་ལས། ཚེ་རིང་འཐོབ་པར་འགྱུར་བས་ན་ཀུན་ཏུ་སྤྱོད་པ་ཡིན་ནོ། །གང་འདིར་མཚན་མོའི་སྤྱོད་པ་དག་ཀྱང་བཤད་མོད་ཀྱི། འོན་ཀྱང་གཙོ ་བོར་གྱུར་པས། ལེའུ་འདི་ལས་ཉིན་མོའི་སྤྱོད་པ་བསྟན་པ་ཡིན་ནོ། །དེ་བས་ན་འདི་ལས་ནི་ཉིན་རེའི་སྤྱོད་པའི་??་དང། །གཞུང་འདི་ལས་ནི། ཚེ་བསྐྱང་བའི་རང་བཞིན་ཅན་སྟེན་ལ། དེ་ཡང་རྣམ་པ་གཉིས་ཏེ། ཐ་མལ་བར་བདེ་བར་གནས་པའི་འཇུག་པ་དང། ་ནད་པའི་འཇུག་པའོ། །དེ་ལ་བཀྲ་ཤིས་པའི་ཕྱིར་དང། སྨྲ་བར་བྱ་བ་ཅུང་ཟད་ཅིག་ཡོད་པའི་ཕྱིར་དང། ནད་བ་ལ་ཡང་དགོས་པའི་ཕྱིར། ཐ་མལ་བར་བདེ་བའི་གནས་བར་འཇུག་པ་ཉིད་ཐོག་མར་བཤད་པ་ཡིན་ཏེ། བདེར་གནས་ཚེ་ནི་བསྲུང་བའི་ཕྱིར། །ཡུད་ཙམ་ཚངས་ཕྱིར་གནས ་ཏེ་ལངས་ཞེས་བྱ་བ་ལ། བདེ་བར་གནས་ཤིང་ནད་མེད་ལ་དགེ་བ་དེས་ནི། ཚད་ཇི་ཙམ་དུ་འོངས་པའི་སྲོག་བསྲུང་བའི་ཕྱིར་ཚངས་པའི་ཡུད་ཙམ་ན་ལྡང་ཞིང་ལངས་པར་བྱའོ། །དེ་ལ་ཡུད་ཙམ་ནི་ཆུ་ཚོད་གཉིས་སོ། །ཚངས་པའི་མྱ་ངན་ལས་འདས་པར་བྱའོ། །དེའི་དོན་དུ་འདོན ་བ་སོགས་པ་ཡང་ཚངས་པ་ཞེས་བྱའོ། །དེ་བྱ་བ་དང་ཚངས་པའི་ཡུད་ཙམ་ནི། ཡུད་ཙམ་ཚངས་ཕྱིར་ཏེ། ཐུན་ཐ་མའི་ཆུ་ཚོད་གཉིས་སོ། །འདི་ནི་བདེ་བར་གནས་པའི་དབང་དུ་བྱས་བ་ཡིན་པར་ཤེས་པར་བྱའོ། །ལངས་ན་ཅི་ཞིག་ལ་བརྟེན་པར་བྱ་ཞེ་ན། དེའི་ཕྱིར ་བཤད་པ་ནི། ལུས་ཀྱི་བྱ་བ་རྫོགས་བྱས་ནས། དེ་ནས་གཙང་སྦྲའི་ཆོ་ག་བྱ། །ོརྐ་ནྱ་གྲོ་དྷ་སེང་ལྡེང། །ཀ་རནྫ?་ཀ་ཀུ་ལང་སོགས། །བསྐ་དང་ཚ་དང་ཁ་བ་དག་།རྩེ?་འཇམ་ནང་བར་ཟས་སྤྱད་ནས། །སོ་དང་རྙིལ་ལམ་གནོད་པར། །སོ་ཡི་དགེ་བྱེད་བཅའ་བ་བྱ།། ་ཞེས་བྱ་བ་ཡིན་ཏེ། ལུས་ཀྱི་བྱ་བ་རྫོགས་བྱས་ནས་ཞེས་བྱ་བ་ནི། བཤང་བ་དང། གཅི་བ་དོར་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། རྣམ་གྲངས་གཞན་དུ་ན་ངེས་པར་བྱ་བ་བྱས་ནས། དེ་ནས་དེའི་འོག་ཏུ་གཙང་སྦྲའི་ཆོ་ག་བྱས་ལ། སོ ་དག་བར་བྱེད་པའི་སོ་ཤིང་བཅའ་བར་བྱའོ། །དེ་ནི་ནང་པར་ཏེ་ཐོ་རངས་དང། ཟས་སྤྱོད་དེ་ཟས་ཟོས་ཟིན་ནས་བཅའ་ལ། དེ་ཡང་རྩོ་མོ་འཇམ་པ་སྟེ། པིར་ལྟ་བུར་གྱུར་བ་ཙམ་དུ་བཅས་ལ་བྱའོ། །དེ་བཞིན་དུ་བསྐ་བ་དང། ཚ་བ་དང། ཁ་བའི་ཞེས་བྱ་བ་ཡིན ་ཏེ། རོ་དེ་དག་ལྟ་བུ་དག་གོ་།དེ་ཡང་གང་ཞིག་ཅེ་ན། ཨརྐ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སོགས་པའི་སྒྲས་ནི། ཤིང་སངཛ?་དང། ཨ་རི་མེ་དོ་དང། ཨ་བ་མརྒ་དང། ཛཱ་ཏིའི་ཤིང་ལ་སོགས་པ་ཡོངས་སུ་བསྡུའོ། །དེ་ཡང་སོ་དང་རྙིལ་ལ་མ་གནོད་ཅིང། ་མ་གཙེས་པར་བཅའ་བར་བྱའོ། །ཅི་ཐམས་ཅད་ཀྱིས་བཅའ་བར་བྱ་བ་འམ། འོན་ཏེ་འགའ་ཞིག་གིས་ཤེ་ན། དེའི་ཕྱིར་བཤད་པ་ནི། མ་ཞུ་སློན་གྲོ་དབུགས་མི་བདེ། །ལུད་བ་ལུ་རིམས་ཁ་ཡོན་ཅན། །སྐོམ་ཞིང་ཁ་སྐམ་སྙིང་མིག་རྣ། །མགོ་བོ་ན་བས་དེ ་མི་བཅའ་། །སོ་ཤིང་དེ་ནི་འདི་དག་གིས་བཅའ་བར་མི་བྱའོ། །གང་གིས་ཤེ་ན། མ་ཞུ་བ་སྟེ། ཁ་ཟས་མ་ཞུ་བ་དང། སློན་བྲོ་ཞིང་སྐྱུགས་དང། དབུགས་མི་བདེ་བ་ལ་སོགས་པ། འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའོ། །ཅན་ཞེས་བྱ་བ་ནི་ཐམས་ཅད ་ལ་སྦྱར་ཏེ། གང་ལ་མ་ཞུ་བ་ཡོད་པ་དེ་ནི་མ་ཞུ་བ་ཅན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་རོ། །ཁ་ཡོ་བ་ནི་ཁའི་ཕྱེད་རླུང་གིས་ཡོན་པོར་གྱུར་པའོ། །ན་བ་ཞེས་བྱ་བ་ནི་སྐོམ་པ་ལ་སོགས་པ་ཀུན་དང་སྦྱར་ཏེ། དེས་ན་སྐོམ་དད་ཅན་དང། ཁ་སྐམས་པའི ་ནད་ཅན་དང། སྙིང་ནད་ཅན་དང། མིག་ནད་ཅན་དང། རྣ་ནད་དང། མགོ་བོ་ན་བ་དག་གིས་སོ་ཤིང་བཅའ་བ་དེ་སྤང་བར་བྱའོ། །སོ་ཤིང་བཅའ་བའི་འོག་ཏུ་མིག་སྨན་བྱ་སྟེ། དེའི་ཕྱིར་བཤད་པ་ནི། རྟག་ཏུ་མིག་སྨན་སྐྱེར་ཁཎྜ་བས། མིག་ལ་ཕན་པས ་དེ་ཕྱིར་བསྟེན། ཞེས་བྱ་བ་ཡིན་ཏེ། རྟག་པར་དུས་ཐམས་ཅད་དུ་རྒྱུན་དུ་ནད་པར་དགོངས་ཀ་མིག་གཉིས་སུ་སྐྱེར་ཁཎྜ་བཅུག་པ་ནི་ཞིང་བདེ་བར་བྱེད་པ་ཡིན་ནོ། །དེ་བས་ན་དེའི་ཕྱིར་བསྟེན་ཅིང་གོམས་པར་བྱའོ། །ཅི་དུས་ཐམས་ཅད་དུ་དེ་ཉིད་བསྟེན་པར་བྱ་བ ་ཡིན་ནམ་ཞེ་ན། དེའི་ཕྱིར་བཤད་པ་ནི། དེ་ནི་མེ་ཡི་རང་བཞིན་ཏེ། །ལྷག་པར་བད་ཀན་ལ་འཇིགས་པས། །མཆི་མ་འཛག་ཕྱིར་སྐྱེར་ཁཎྜ། །ཞག་བདུན་ཞིང་ནི་བླུག་པར་བྱ། །ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་མིག་དེ་ནི་མེའི་རང་བཞིན་ཅན་ནམ། ཚུལ་ཅན་ཡིན ་པའི་ཕྱིར་བས། དེའི་ཕྱིར་འདིར་དབང་པོ་རྣམས་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཡིན་པར་ཕལ་ཆེར་བཤད་ལ། མིག་དེའི་རླུང་ལ་སོགས་པ་བས་ཁྱད་པར་དུ་བད་ཀན་ལས་ལྷག་པར་འཇིགས་པ་ཡིན་ཞིང་བརྟན་པ་ཡིན་ལ། དེ་དག་ཕན་ཚུན་མི་མཐུན་པ་ཡིན་ལ། དེ ་བས་ན་བད་ཀན་དབྱུང་ཞིང་འཛག་པར་བྱ་བའི་ཕྱིར། ཞག་བདུན་བདུན་འདས་པ་དང། སྐྱེར་ཁཎྜ་བླུག་བར་བྱ་ཞིང་བསྟེན་པར་བྱའོ། །དེ་ནས་སྣར་བླུག་པ་ལ་སོགས་པ་བྱ་དགོས་ཏེ། དེའི་ཕྱིར་འདིའི་འོག་ཏུ་སྣ་སྨན་བཤད་པ་ཡིན་ནོ། །དེ་ཡང་བསྡུས་པ་ལས། མིག ་སྨན་སྣ་སྨན་ཁར་བཞག་དོར། །དུད་པ་བརྡུབ་པར་བྱ་བ་དང། །དུ་བ་སོ་རྩི་དོར་བ་ཡིས། །རིམ་གྱིས་བད་ཀན་རླུང་ལས་རྒྱས་ཞེས་བཤད་པ་ཡིན་པས་ན་འདིར་དེ་ནས་སྣ་སྨན་མཁུར་བཀང་དོར། དུད་པ་སོ་རྩི་བསྟེན་པར་བྱ། ཞེས་སྨོས་པ་ཡིན་ཏེ། དེ་ནས་ཞེས ་བྱ་བ་ལ་མིག་སྨན་གྱི་རྗེས་ཐོགས་ལ། མིས་སྣ་སྨན་ལ་སོགས་པ་བསྟེན་པར་བྱའོ། །སྣ་སྨན་ནི་སྣ་ནས་བཏང་བའི་སྨན་ནོ། །མཁུར་བཀང་འདོར་བ་ནི། སྨན་གྱི་ཁུ་བ་བསྐོལ་བ་ལ་སོགས་པས་མཁུར་བ་བཀང་སྟེ་ཅུང་ཟད་བཞག་ལ་འདོར་བའོ། །དུ་བ་ནི ་འོག་ནས་བཤད་པའི་མཚན་ཉིད་ཅན་གྱི་སྦྱོར་བའོ། །སོ་རྩི་ཏམྦུ་ལ་ནི་གྲགས་པར་ཟད་དོ། །དེ་དག་ཀྱང་ཅི་ཐམས་ཅད་ཀྱིས་བསྟེན་པར་བྱ་བ་འམ། འོན་ཏེ་ལ་ལ་ཞིག་གིས་བསྟེན་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། སོ་རྩི་གློ་འགྲམས་མཁྲིས་པ་ཁྲག། ་རྩུབ་པས་མིག་ནི་ན་བ་དང། །དུག་གིས་བརྒལ་ཞིང་ཆང་ནད་གཟིར། །ལུས་སྐེམ་གྱུར་ལ་གནོད་པ་ཡིན་ཞེས་བྱ་བ་སྨོས་པ་ཡིན་ཏེ། མཁྲིས་པ་དང་ཁྲག་གིས་གནོད་པར་གྱུར་པ་འམ། ལུས་སྐེམ་པོར་གྱུར་པ་ལ། སོ་རྩི་ཏམྦུ་ལ་དེ་གནོད ་པ་ཡིན་ནོ། །དེ་ལ་བློ་འགྲམས་པ་ནི་གློ་བརྡོལ་བའོ། །མཁྲིས་པ་ཁྲག་ནི་མཁྲིས་པ་ལས་གྱུར་པའི་ཁྲག་གོ་།རྩུབ་པའི་རྒྱུས་གང་གི་མིག་གི་གནོད་ཅིང་ན་བར་གྱུར་པ་དེ་ནི་རྩུབ་བས་མིག་ནི་ན་བ་དང་ཞེས་བྱའོ། །ཡང་ན་རྩུབ་པ་པོར་གྱུར་པ་དང། མིག་ན་བར་གྱུར ་བའོ། །དུག་ནི་ཁ་ལྐུགས་པ་ལ་སོགས་པའོ། །བརྒྱལ་བ་ནི་འབོག་པའོ། །ཆད་ནད་ཀྱིས་གཟིར་བ་ནི་ཆང་གིས་གནོད་པར་གྱུར་བ་སྟེ། འོག་ནས་བཤད་པའོ། །ལུས་སྐེམས་གྱུར་བ་ནི་གཅོང་ཆེན་པོས་ཐེབས་བ་སྟེ། འདི་དག་ལ་ནི་གནོད་པ་ཡིན་ནོ། །སྣང་བླུགས་པ ་ལ་སོགས་པ་བྱས་ནས། བསྐུ་ཕྱུག་བྱ་བ་ཡིན་པས་ན། དེ་ཕྱིར་སྨྲས་པ་ནི། རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་ན། །དེ་ནི་རྒས་ངལ་རླུང་འཇོམས་ཡིན། །མིག་གསལ་ལུས་རྒྱས་ཚེ་འཕེལ་ཞིང། །གཉིད་འོང་པགས་འཇམ་རྟས་བྱེད་ཡིན་ཞེས་བྱ་བ་ཡིན་ཏེ། ་རྟག་པར་དུས་ཐམས་ཅད་དུ་བསྐུ་བྱུག་ལ་སྤྱད་པར་བྱའོ། །ཅིའི་ཕྱིར་ཞེ་ན། བསྐུ་བྱུག་དེ་ནི་རྒས་པ་དང། ངལ་བ་དང། རླུང་འཇོམས་པ་ཡིན་པ་དང། དེ་བཞིན་དུ་མིག་གསལ་ཞིང་དངས་པར་བྱེད་པ་དང། ལུས་རྒྱས་ཤིང་འཕེལ་བ་དང། ཚ་ཤིན་ཏུ ་འཕེལ་བར་བྱེད་པ་དང། གཉིད་ལེགས་པར་ལོགས་པར་གྱུར་པ་དང། པགས་པ་ཤིན་ཏུ་འཇམ་ཞིང་མདོག་གསལ་བ་ཉིད་དང་བརྟས་པ་སྟེ། བརྟན་པ་ཉིད་ཀྱིས་ལས་རྣམས་ནུས་པར་བྱེད་པ་ཡིན་ནོ། །དེ་ནི་མགོ་དང་རྣ་བ་དང། རྐང་བར་ཁྱད་པར ་དག་ཏུ་བསྟེན་ཅེས་བྱ་བ་ནི། །བསྐུ་བྱུག་བྱ་སྟེ། མགོ་བོ་ལ་སོགས་པས་ཁྱད་པར་དུ་བསྟེན་ཅིང་གོམས་པར་བྱའོ། །གང་གིས་སྤང་བར་བྱ་ཞེ་ན། །བད་ཀན་སྐྱེས་དང་མ་ཞུ་དང། །བཀྲུ་སྨན་སོགས་བཏང་བསྐུ་བྱུག་སྤང་ཞེས་བྱ་བ་སྟེ། བད་ཀན ་ཀྱིས་གཟིར་ཞིང་སྐྱེས་པ་ལ་སོགས་པས་སྤང་བར་བྱ་ཞིང་བསྟེན་པར་མི་བྱའོ། །དེ་ཡང་བད་ཀན་སྐྱེས་བ་ནི། བད་ཀན་གྱིས་གཟིར་ཅིང་གནོད་པར་གྱུར་པ་སྟེ། སྐྱེས་པ་སྨོས་པ་ནི་གཟིར་བར་གྱུར་པར་བསྟན་པའི་ཕྱིར་རོ། །མ་ཞུ་བ་ནི་ཟས་ཀྱི་ལྷག་མ་མ་ཞུ་བར་གྱུར ་པའོ། །བཀྲུ་སྨན་སོགས་བཏང་ཞེས་བྱ་བ་ནི། བཀྲུ་སྨན་དང་སྐྲུགས་སྨན་ལ་སོགས་པ་བྱས་པ་སྟེ། ལུས་སྦྱངས་ནས་དུས་ཡུན་རིང་མ་ལོན་པར་ངེས་བསྐུ་བྱུག་བསྟེན་པར་མི་བྱའོ། །བསྐུ་བྱུག་བྱས་ནས་ལུས་ཀྱི་རྩོལ་བ་ལ་བརྟེན་པར་བྱ་བ་ཡིན་པས། དེའི ་ཕྱིར་བཤད་པ་ནི་ཡང་ཞིང་ལས་ནི་ནུས་པ་དང། མེ་ཡི་དྲོད་བསྐྱེད་ཚིལ་འབྲི་ལ། ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཉིད། །རྩོལ་བ་ལས་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ཡིན་ཏེ། ལུས་དུབ་པར་བྱེད་པའི་ལས་ལ་ནི་རྩོལ་བ་ཞེས་བྱའོ། །དེ་བས་ན ་རྩོལ་བ་བསྟེན་པ་ལས་ནི་ཡང་བ་ལ་སོགས་པ་ཉེ་བར་འབྱུང་པར་འགྱུར་རོ། །དེ་ལ་ཡང་བ་ནི་ལུས་ཀྱི་ཁོང་ཡང་བ་ཉིད་དོ། །ལས་ནུས་པ་ནི་བརྟན་པ་ཉིད་དོ། །མེའི་དྲོད་བསྐྱེད་པ་ནི་འཇུ་བའི་མེ་དྲོད་བསྐྱེད་པའོ། །ལུས་ཁྲུངས་ཀྱི་ཚིལ་འབྲི་བ་ནི་ཚིལ་ཆུང ་བར་འགྱུར་བའོ། །ལུས་ཀྱི་སྐབས་ཕྱེད་བ་ནི་ལུས་ཀྱི་སྟོད་སྨད་ཀྱི་ཆ་ཕྱེད་པར་གནས་པའོ། །མཁྲེགས་པ་ནི་མི་ལྷོད་ཅིང་གྲིམས་ལ་བརྟེན་པར་སྟེ། དེ་ལྟ་བུའི་ལུས་ཀྱི་ཡན་ལག་གང་ཡིན་པ་དེ་ནི། ལུས་ཀྱི་སྐབས་བྱེད་མཁྲེགས་པ་ཞེས་བྱའོ། །དེ་ལྟ ་བུའི་རང་བཞིན་ཅན་ཉིད་དུ་འགྱུར་བ་ནི། ལུས་གྱི་གནས་སྐབས་ཕྱེད་མཁྲེགས་པ་ཉིད་ཅེས་བྱའོ། །དེ་ཀུན་གྱིས་ཀྱང་བྱ་བ་འམ་སྟེ་མ་ཡིན་ཞེ་ན། དེའི་ཕྱིར་རླུང་མཁྲིས་ནད་ཅན་བྱིས་པ་དང། །རྒས་ཤིང་འཁོགས་པ་དེ་སྤང་བྱ། །ཞེས་བྱ་བ་སྨོས་ཏེ་རླུང་དང ་མཁྲིས་པའི་ནད་ཀྱིས་གཟིར་བ་དང། བྱིས་པ་དང། རྒན་པོས་རྩོལ་བ་དེ་སྤང་ཞིང་དོར་བར་བྱའོ། །དེ་ལ་རླུང་ནད་ཅན་ནི་རླུང་གི་ནད་ཀྱིས་ཉེན་པའོ། །མཁྲིས་ནད་ཅན་ནི་མཁྲིས་པས་ཉེན་པའོ། །ཐ་དད་པ་སྨོས་པ་ལས་ན། རླུང་དང་མཁྲིས་པ་གཉིས ་ཀ་སྨོས་པས་ཀྱང་སྤང་བར་ཤེས་པར་བྱའོ། །རྒན་པོ་ནི་ལོ་བདུན་ཅུ་ཡན་ཆད་ཡིན་པར་ཤེས་པར་བྱའོ། གཞན་ཡང་བ་ཇི་ལྟར་བསྟན་པར་བྱ་ཞེ་ན། སྟོབས་ལྡན་སྣུམ་བག་ཟ་བ་དང། །གྲང་བའི་དུས་དང་དཔྱིད་དུས་དང། །ནུས་ལྡན་དག་གི་བདེ ་བསྟེན་བྱ། །དེ་ལས་གཞན་ཚེད་ལ་བ་ཉིད་ཅེས་བྱ་བ་རྩོལ་བ་དེ་ཡང་སྐྱེས་བུ་སྟོབས་ལྡན་པ་དང། ཟས་སྣུམ་བག་ཅན་ཟ་བ་དང། གྲང་བའི་དུས་ཏེ། དགུན་སྟོད་དང། དགུན་སྨད་དང། དཔྱིད་ཀྱི་དུས་དང། ནུས་ལྡན་དག་གིས་ཞེས་པ། ཇི་སྲིད་ཤིན་ཏུ་ནུབ་པར ་མ་གྱུར་པ་དེ་སྲིད་ཀྱི་བར་བྱའོ། །དེ་ལས་གཞན་ཚེ་ཞེས་བྱ་བ་ནི། དེ་ལ་དུས་གཞན་པའི་ཚེ་སྟེ། སོ་ག་དང། དབྱར་དང། སྟོན་གྱི་ཚེ་ནི། དལ་བ་ཉིད་དེ། རེན་ཅིང་ཅུང་ཟད་ཙམ་བསྟེན་པར་བྱའོ། །དེ་བྱས་ཅི་བདེར་ལུས་དག་ནི། །ཀུན་ནས་ཡོངས་སུ ་མཉེ་བ་བྱ། །རྩོལ་པ་དེ་བྱས་ཟིན་ནས་ནི། །བདེ་བར་ལུས་ཀུན་གནས་པར་བྱ་ཞེས་བྱ་བ་ལ་རྐང་པ་ནས་མགོ་བོའི་བར་ཐམས་ཅད་དུ། རྐང་བས་དལ་གྱི་ཡོངས་སུ་མཉེ་བར་བྱའོ། །ཤིན་ཏུ་རྩོལ་དྲེགས་ལུད་པ་དང། །སྐོམ་དང་གློ་གཅོང་མི་དྲན་མུན།། ་ཁྲག་དང་མཁྲིས་རྒྱས་ངལ་དང་དུབ། །རིམས་དང་སློན་པ་དབྱུང་བར་འགྱུར། །ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཚད་ལས་འདུས་ཤིང་རྩོལ་བའི་ཤུགས་ཧ་ཅང་དྲགས་བར་བསྟེན་པ་ནི། སྐོམ་དད་ཆེ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ ་སྐོམ་པ་ནི་སྐོམ་དད་ཆེ་བའོ། །གཅོང་ཆེན་པོ་ནི་ཟད་བྱེད་དོ། །མི་དྲན་མུན་ཞེས་བྱ་བ་ནི། །མི་དྲན་ཞིང་མུན་པར་ཞུགས་པ་སྙམ་སེམས་པའོ། །ངལ་བ་ནི་སྐྱོ་བའོ། །དུབ་པ་ནི་ན་བའོ། །རིམས་དང་སློན་པ་ནི་རླུང་ལས་བྱུང་བའོ། །གཞན་དག་ནི་དྲགས་པར ་ཟད་དེ། །འདིའི་ཞར་ལ་དགག་བར་བྱ་བ་གཞན་དག་ཀྱང་བཤད་པ་ནི། རྩོལ་བ་མི་ཉལ་ལམ་བུད་མེད། །རྒད་དང་སྨྲ་སོགས་ཤུགས་འབྱིན་པ། །སེང་གེས་གླང་པོ་དྲངས་པ་བཞིན། །ཤིན་ཏུ་དྲགས་པས་མ་རུངས་འགྱུར་ཞེས་བྱ་བ་ཡིན་ཏེ། ་རྩོལ་བ་ལ་སོགས་ཧ་ཅང་དྲགས་པར་བརྟེན་ཅིང་སྤྱོད་པར་གྱུར་པའི་སྐྱེས་བུ་ནི་མ་རུངས་པར་འགྱུར་རོ་།དེ་ནི་དཔེར་ན་སེང་གེ་རྣམ་པར་གནོན་པ་དང་ལྡན་ཡང་ཤིན་ཏུ་སྟོབས་ཆུང་བས། སྟོབས་ཤིན་ཏུ་ཆེ་བའི་གླང་པོ་ཆེ་དྲངས་ཤིང་འདྲེན་པ་ན། རང་ཉིད་རྐེད་པ་འཆད་པར ་འགྱུར་ཏེ། གང་གི་ཕྱིར་སེང་གེ་ཤིན་ཏུ་བརྟན་པ་དང་ལྡན་པ་ཡིན་མོད་ཀྱི། འོན་ཀྱང་གླང་པོ་ཆེ་གནས་ནས་གནས་སུ་དྲངས་ནས་ཁྱེར་བར་ག་ལ་ནུས་ཏེ། གླང་པོ་ཆེ་ཁྱེར་བ་ཉིད་ན་སྲོག་དང་འབྲལ་བར་འགྱུར་རོ། །དེ་བཞིན་དུ་མི་ཡང་གཞུང་འབྲེལ་པ་ལ་སོགས་པའི ་རྩོལ་བ་ཧ་ཅང་དྲགས་པ་སྨ་རུངས་ཞིང་འཇིགས་པར་གྱུར་རོ། །རྩོལ་བའི་འོག་ཏུ་སྐ་པའི་རྫས་དག་གིས་བྱུགས་ཤིང་དྲིལ་བར་བྱས་པ་ཡིན་ཏེ། དེ་བས་ན་དེའི་ཡོན་ཏན་སྨྲས་པ་ནི། དྲིལ་ཕྱིས་བད་ཀན་སེལ་པ་དང། ཚིལ་ནི་རབ་ཏུ་ཞུ་བྱེད་ཅིང། །ཡན ་ལག་བརྟན་པར་བྱེད་པ་དང། །པགས་པ་གསལ་བར་བྱེད་པའི་མཆོག་ཅེས་བྱ་བ་ཡིན་ཏེ། དྲིལ་ཕྱིས་ནི་བད་ཀན་སེལ་ཞིང་འཇོམས་པར་འགྱུར་རོ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཚིལ་ནི་ལུས་ཟུངས་ཏེ། དེ་ཞུ་བར་བྱེད་པ་ནི་མེ་ལྟར་ཞུ་བར་བྱེད་པའོ། ། ་ཡན་ལག་རྣམས་བརྟན་པར་བྱེད་པ་ནི། མགོ་བོ་དང་རྐང་པ་ལ་སོག་པ་བརྟན་པར་བྱེད་ཅིང་རྟས་པར་བྱེད་པའོ། །དེ་བཞིན་དུ་པགས་པ་ཤིན་ཏུ་གསལ་བར་བྱེད་པའི་མཆོག་ཀྱང་ཡིན་ཏེ། པགས་པ་གསལ་ཞིང་དྲི་མ་མེད་པར་བྱེད་པའི་དོན་ཏོ། །དེ་ལྟར་ལུས་དྲིལ ་ནས། ཁྲུས་བྱས་པ་ཡིན་པས། དེའི་ཕྱིར་སྨྲས་པ་ནི། ཁྲུས་ནི་དྲོད་སྐྱེད་རོ་ཙ་དང། །ཚེ་དང་མདངས་དང་སྟོབས་རབ་བསྐྱེད། །གཡའ་དང་དྲི་མ་ངལ་དང་རྡུལ། །སྙོམ་སྐོམ་ལུས་ཚ་མི་ཤེས་སེལ་ཞེས་བྱ་བ་ཡིན་ཏེ། ཁྲུས་ནི་དྲོད་བསྐྱེད་པ་ལ་སོགས་པའི ་ཡོན་ཏན་དང་ལྡན་ཞིང། གཡའ་བ་ལ་སོགས་པ་སེལ་བ་ཡིན་ནོ། །དེ་ལས་ཁྲུས་བྱས་པས་དྲོད་བསྐྱེད་པ་ནི་དངོས་པོའི་ཆོས་ཉིད་ཡིན་ནོ། །ཕོ་བའི་མེ་དྲོད་གང་ཡིན་པ། །པ་སྤུའི་བུ་ག་རྣམས་ལས་ཕྱི་རོལ་ཏུ་འབྱུང་བར་བྱེད་པ་ཡིན་ལ། དེ་ཁྲུས ་ཀྱིས་རེག་པ་ཁྱད་པར་གྲང་བའི་རང་བཞིན་གྱིས་བ་སྤུའི་བུ་ག་བཀག་པས་དྲོད་ནང་དུ་ཞུགས་ཏེ། ཕོ་བའི་མེ་དྲོད་སྐྱེད་པ་ཡིན་ཏེ། དཔེར་ན་དགུན་གྱི་དུས་སུ་རླུང་གྲང་མོའི་རེག་པས། བ་སྤུའི་བུ་ག་བཀག་པས་ལུས་ཀྱི་མེ་ཕྱི་རོལ་ཏུ་མི་འབྱུང་བས། ་མེ་དྲོད་རྣམ་པར་འཕེལ་བ་ལྟ་བུ་ཡིན་ནོ། །རོ་ཙ་བ་ནི་ཁུ་བ་འཕེལ་བར་བྱེད་པའོ། །ཚེ་ནི་ཚེ་ལ་ཕན་པའོ། །མདངས་ནི་གཟི་མདངས་དང་ལྡན་པར་གྱུར་པའོ། །སྟོབས་ནི་ནུས་པ་སྟེ་རབ་ཏུ་སྐྱེད་པར་བྱེད་པའོ། །གཡའ་བ་ལ་སོགས་པ་འང་སེལ་བ་དང། ་སྙོམས་པ་ནི་གཉིད་ཀྱིས་འཐིབ་པར་གྱུར་པ་སྟེ། དེ་ཡང་ལུང་ལས། གཉིད་ཀྱིས་ཉེན་པས་ཕུལ་འཛིན་པར་མི་ནུས་པ་ནི་སྙོམ་པའོ། །མི་ཤེས་པ་ནི་སྡིག་པ་སྟེ། དེ་སེལ་བར་བྱའོ་ཞེས་བཤད་པ་ཡིན་ནོ། །ཆུ་དྲོན་གྱིས་ནི་ལུས་ཀྱི་སྨད། །བླུགས་ཤིང ་བཀྲུས་ལ་སྟོབས་སྐྱེད་ཡིན། །དེ་ཉིད་མགོར་བླུགས་ཁྲུས་བྱས་ན། །སྐྲ་དང་མིག་གི་སྟོབས་འཕྲོག་ཡིན། །ཞེས་བྱ་བ་ནི། ཆུ་དྲོན་གང་ཡིན་པས་རོ་སྨད་བཀྲུས་ཤིང་བླུགས་པ་དེ་ནི་སྟོབས་སྐྱེད་ཅིང། སྟོབས་ཐོབ་པར་བྱེད་པ་ཡིན་ཏེ་ལུས་ཀྱི་སྨད་དེ ་ཉིད་ཀྱིས་རང་བཞིན་དེ་ཉིད་ཡིན་པའི་ཕྱིར་རོ། །ཆུ་དྲོན་མོ་དེ་ཉིད་ཀྱི་མགོ་བོར་བླུགས་ཤིང་ཁྲུས་བྱས་པ་ནི། སྐྲ་དང་མིག་གི་སྟོབས་འཕྲོག་ཅིང་གནོད་པ་ཡིན་ནོ། །ཁྲུས་ནི་འགྲམ་ཆགས་མིག་ནད་དང། རྣ་བའི་ནད་དང་ཚོད་བ་འཁྲུ། །ལྟོ་སྦོས་ཆམ་བ་མ ་ཞུ་དང། །ཟོས་མ་ཐག་པ་རྣམས་ལ་སྨད་ཅེས་བྱ་བ་དང། ཡང་ཁྲུས་ནི་འབྲམ་པ་ལ་ཆགས་པའི་ནད་ཀྱིས་ཉེན་པ་རྣམས་ལ་སྨད་ཅིང་སྤང་བར་བྱ་བ་ཡིན་ནོ། །འགྲམ་ཆགས་ཞེས་བྱ་བ་ནི། རླུང་གི་ནད་དེ་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའོ།། ་སྦོས་པ་ནི་རླུང་གིས་ལྟོ་བ་གང་ཞིག་སྦོས་པར་གྱུར་པའོ། །ཆམ་པ་ནི་སྣ་ནས་འཛག་པའོ། །མ་ཞུ་བ་ནི་ཟས་མི་འཇུ་བ་དང། ཐོག་མ་དང། ཚ་བ་སྐྱེ་བའི་ཁྱད་པར་གྱིས་རྣམ་པ་གསུམ་ཡིན་ནོ། །ཁྲུས་བྱས་ནས་ཟས་ལ་སྤྱད་པར་བྱ་བ་ཡིན ་པས། དེའི་ཕྱིར་སྨྲས་པ་ན། ཞུ་ནས་ཕན་ཞིང་རན་པར་བཟའ་། །བཤད་སོགས་ནན་གྱིས་མནག་མི་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁ་ཟས་ཞུ་བ་ནི་ལེགས་པར་ཞུ་བར་གྱུར་པ་སྟེ། དེའི་ཁ་ཟས་གྱུར་པའོ། །ཕན་པ་ནི་གནོད་པ་མེད་པའོ། །རན་པ་ནི་ཟས ་ཀྱི་ཚོད་ཟིན་པར་བཟའ་ཞིང་སྤྱད་པར་བྱ་བའོ། །བཤད་སོགས་ནི་བཤད་བ་དང་གཅི་བ་ལ་སོགས་པ་སྟེ། དེ་ནན་གྱིས་ཞེས་པ་སྟོབས་ཀྱིས་མནག་པར་མི་བྱའི་ཡོངས་སུ་དོར་བར་བྱའོ། །ཞུ་ནས་ཕན་ཞིང་རན་པར་བཟའ་། །བཤང་སོགས་ནན་གྱིས་མནག་མི་བྱ། ། ་དེ་ཤུགས་མ་ཕྱུང་བར་གཞན་མི་བྱ། །གནོད་ལས་མི་བདེ་བར་མ་ཡིན་ཞེས་བྱ་བ་ནི་རླུང་དང་བཤང་བ་དང་གཅི་བའི་ཤུགས་འབྱུང་བར་གནས་ན། དེ་མི་དབྱུང་བར་གཞན་ལ་བརྩམ་པར་མི་བྱ་སྟེ། གང་གི་ཕྱིར་ཤུགས་བགག་པས་ནི། ནད་རྣམས་འབྱུང་བར་འགྱུར ་རོ། །གནོད་པ་བྱ་སྟེ། བསྒྲུབ་པར་བྱ་བའི་མཚན་ཉིད་དང་ལྡན་པའི་ནད་ལས་མ་རྒྱལ་ཞིང། དེ་གསོ་བས་བདེ་བར་མ་བྱས་པར་ཡང་བྱ་བ་གཞན་མི་བྱའོ། །གང་གི་ཕྱིར་གསོར་རུང་བའི་ནད་བཏང་སྙོམས་སུ་བྱས་ན་གསོར་མི་རུང་བ་ཉིད་དུ་འགྱུར་རོ། །དེ་ཡང ་འདིར་གཞན་དག་ལས། གསོ་མིན་གསོ་བྱ་ཉིད་མི་འགྱུར། །གསོ་བྱ་གསོ་དཀའ་བ་ཉིད་འགྱུར། །གསོ་དཔྱད་ལས་ཞན་ལས་ཀྱིས་ནི། །ནད་གཞི་གནས་སྐབས་གཞན་དུ་འགྱུར་ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་བདེ་འདོད་ཕྱིར། །རྩོམ་པས ་ཀུན་ལ་འཇུག་པར་འདོད། །བདེ་བ་ཆོས་མེད་པར་མ་ཡིན། །བདེ་བས་ཆོས་ལ་བརྩོན་པར་བྱ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དེ། སྲོག་ཆགས་ཀུན་གྱི་རྩམ་པའི་བྱ་བ་མ་ལུས་པ་ཀུན་ནི་བདེ་བ་འདོད་ཅིང་བསྒྲུབ་པར་བྱ་བའི་ཕྱིར་བྱེད་པར་འདོད་པ་ཡིན་ནོ། ། ་བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་བྲལ་བའོ། །དེ་ནི་ཆོས་མེད་པར་མ་ཡིན་ཞེས་བྱ་བ་ནི། ཆོས་མེད་ཅིང་ཆོས་སྤངས་ལ། ཆོས་ལས་གཞན་པ་སྤྱད་པ་ལས་འབྱུང་བར་མི་འགྱུར་རོ། །རྒྱུ་དེ་བས་ན་ཆོས་གཙོ་བོར་བྱ་ཞིང་ཆོས་ལ་བརྩོན་པར་བྱའོ། །དེས་ནི་འདི ་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པས་རྩོམ་པ་གང་དང་གང་བྱེད་པ་དེ་དང་དེ་ནི། ཆོས་གཙོ་བོར་བྱས་ནས་བྱའོ་ཞེས་བྱ་བའི་དོན་ཏོ། །མོས་པས་དགེ་པའི་བཤེས་གཉེན་བསྟེན། །ཅིག་ཤོས་རིང་དུ་སྤང་པར་བྱའོ་ཞེས་བྱ་བ་ལ། མོས ་པས་ཞེས་བྱ་བ་ནི་ལུས་ངག་དང། ཡིད་ཀུན་ཏུ་འདུད་པས། དགེ་བའི་བཤེས་གཉེན་ཞེས་བྱ་བ། མཐོ་རིས་དང་ཐར་པའི་གྲོགས་བཤེས་སུ་གྱུར་ཅིང། ཡེ་ཤེས་ལ་སོགས་བསྟོན་པར་བྱེད་པ་སྟེ། དེ་འབད་པས་བསྙེན་བཀུར་དུ་བྱའོ། །ཅིག་ཤོས་རིང་དུ་སྤང ་བར་བྱ་ཞེས་བྱ་བ་ནི། དགེ་བའི་བཤེས་གཉེན་ལས་བལྟོས་པའི་ཅིག་ཤོས་སྡིག་པའི་བྱ་བ་བྱེད་པ་སྟེ། དེ་ནི་སྤང་བར་བྱའོ། །འཆེ་དང་རྐུ་དང་འདོད་ལོག་སྤྱོད། །ཕྲ་མ་ངག་རྩུབ་བརྫུན་ཚིག་དང། །མི་འབྲེལ་སྨྲ་དང་གནོད་སེམས་དང། །བརྣབ་སེམས་ལྟ ་པ་ཕྱིན་ཅི་ལོག་།དེ་ལྟར་སྡིག་པའི་ལས་རྣམས་བཅུ། །ལུས་ངག་ཡིད་ཀྱིས་སྤང་བར་བྱའོ། །དེ་ལ་འཚེ་བ་ནི་སྲོག་ཆགས་རྣམས་འཇོམས་པ་སྟེ་གསོད་པའོ། །རྐུ་བ་ནི་གཞན་གྱི་རྫས་འཕྲོག་ཅིང་བརྐུ་བའོ། །འདོད་པ་ལ་ལོག་པར་སྤྱོད་པ་ནི། བགྲོད་པར ་བྱ་བ་མ་ཡིན་པ་ལ་སོང་བ་སྟེ། དེ་ལྟར་ན་ལུས་ཀྱི་རྣམ་པ་གསུམ་མོ། །ཕྲ་མ་ནི་གཞན་གྱི་ཉེས་པ་སྒྲོག་པར་བྱེད་པའོ། །ངག་རྩུབ་པོ་ནི་ཚིག་མི་བཟད་པར་རྣོ་བ་འམ། གཞན་གྱི་གནད་ལ་འབེབས་པའོ། །རྫུན་ཚིག་ནི་མི་བདེན་པ་སྨྲ་བའོ། །མི་འབྲེལ་བར ་སྨྲ་བ་ནི། ལོག་པར་སྨྲ་ཞིང་དགོས་པ་མེད་པར་སྨྲ་བ་སྟེ། དེ་ལྟར་ན་དག་གི་རྣམ་པ་བཞིའོ། །གནོད་སེམས་ནི་སེམས་ཅན་རྣམས་ལ་རྣམ་པར་སྡང་བའོ། །བརྣབ་སེམས་ནི་མི་རིགས་པར་གཞན་གྱི་རྫས་ལ་རེག་པའོ། །ལྟ་བ་ཕྱིན་ཅི་ལོག་ནི་ལོག་པར་ལྟ་བ་སྟེ། ་བསྟན་བཅོས་ལས་བཤད་པའི་ལྟ་བ་ལས། ཕྱིན་ཅི་ལོག་ཏུ་གྱུར་པའི་མེད་པར་ལྟ་བ་ཉིད་དོ། །སྦྱིན་པ་མེད་དེ། སྦྱིན་སྲེག་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཞེས་བྱ་བ་དེ་ལྟ་བུ་ནི་ལྟ་བ་ཕྱིན་ཅི་ལོག་སྟེ། ཡིད་ཀྱི་རྣམ་པ ་གསུམ་མོ། །ཕོངས་པ་ནད་པ་མྱ་ངན་གཟིར། །ཅི་ནུས་པར་ནི་ཕན་གདགས་བྱ། ཞེས་བྱ་བ་ལ། ཕོངས་པ་ནི་འཚོ་བའི་ཐབས་དང་བྲལ་བའོ། །ནད་ཀྱི་གནོད་པ་ནི་ནད་ཀྱི་གནོད་པར་གྱུར་པའོ། །མྱ་ངན་གྱིས་གཟིར་བ་ནི་མྱ་ངན་གྱིས་ཉམ་ཐག་པའོ། །ཕན་གདགས་པ་ནི ་སྦྱིན་པ་དང། གསོ་བ་དང། མྱ་ངན་བསལ་བ་དག་གིས་དེ་ལས་བཟློག་ཅིང་ཕན་གདགས་པར་བྱའོ། །འབུ་སྲིན་གྲོག་སྤུར་དག་ལ་ཡང། །རང་དང་འདྲ་བར་རྟག་ཏུ་བལྟ་ཞེས་བྱ་བ་ལ། འབུ་སྲིན་གྲོག་སྤུར་ལྟ་བུ་སྲོག་ཆགས་ཕྲ་མོ་རྣམས་ལ་ཡང་རང་དང་འདྲ་ཞིང་བདག་དང ་མཚུངས་པར་དུས་རྟག་ཏུ་བལྟ་ཞིང་བསམ་པར་བྱའོ། །དེ་ཡང་ཇི་ལྟར་བདག་ཉིད་བདེ་བ་དང་སྡུག་བསྔལ་འདོད་ཅིང་འདོར་བ་ལ་སོགས་པ་དང། སྲོག་ལ་སྡུག་པར་འཛིན་པ་དེ་བཞིན་དུ་འདི་རྣམས་ཀྱང། བདེ་བ་དང་སྡུག་བསྔལ་འདོད་ཅིང་འདོར་བ་དང། སྲོག་ལ ་སྡུག་པར་འཛིན་པ་ཡོད་པ་ཉིད་དེ། དེ་བས་ན་དེ་རྣམས་ལ་འཚེ་བ་ལ་སོགས་པ་མི་བྱའོ་ཞེས་པའོ། །ལྷ་དང་དགེ་སློང་བྲམ་ཟེ་དང། །སྨན་པ་རྒན་རྒྱལ་འགྲོན་འོང་མཆོད་ཅེས་བྱ་བ་ནི། ལྷ་ལ་སོགས་པ་མཆོད་ཅིང་བསྙེན་བཀུར་དུ་བྱའོ། །རྒན་པོ་ནི་ཤེས ་པ་དང་ཚུལ་ཁྲིམས་དང་དཀའ་ཐུབ་དང། ཚངས་པར་སྤྱོད་པ་དང། བརྟུལ་ཞུགས་ལ་སོགས་པ་རྣམས་ལ་རྒན་པའོ། །རྒྱལ་པོ་ནི་ས་བདག་གོ་།འགྲོན་འོངས་པ་ནི་གློ་བུར་དུ་ལྷགས་ཤིང་གསར་དུ་འོངས་པའོ། །སློང་བརྒྱབ་ཀྱིས་ཕྱོགས་མ་བྱི། །བརྙས་པར་མི་བྱ་ཚར་མི ་བཅད་ཅེས་བྱ་བ་ནི། སློང་བའི་མི་རྣམས་ལ་རྒྱབ་ཀྱིས་ཕྱོགས་ཤིང་རེ་ཐག་ཆད་པ་ཡོངས་སུ་སྤང་བ་དང། མགོ་བ་ལྟ་བུ་དང། ཚིག་རྩུབ་པར་མི་བྱའོ། །བརྙས་པ་ནི་བསྙེན་བཀུར་མེད་ཅིང་བཟློག་པའོ། །ཚར་བཅད་པ་ནི་ཁྱེད་རྣམས་ཀྱིས་ཅི་ཞིག་ཐོས་སམ། བསླབས་སམ ་ཤེས་པ་ཡིན་ཞེས་དྲིས་པའི་ཚུལ་གྱིས་ཀུན་སྤྱོད་པའོ། །གནོད་པར་བྱེད་བརྩོན་དགྲ་གཞན་ལ། །ཕན་གདགས་པ་ནི་གཙོ་ཆེར་བྱ་ཞེས་བྱ་བ་ནི། གནོད་བར་བྱེད་པ་ལ་བརྩོན་ཞིང་མི་རིགས་པར་བྱེད་པའི་དགྲ་བོ་ལ་ཡང་ཕན་གདགས་པ་ལ་གཙོ་ཆེར་བརྩོན་པ ་ཉིད་བྱས་ནས། དགྲ་བོ་རྣམས་ཀྱིས་གང་སྡང་བར་གྱུར་པ་ཉིད་ཡིད་ལ་རྣམ་པ་ཐམས་ཅད་དུ་གནས་མོད་ཀྱི། འོན་ཀྱང་གནོད་པར་བྱ་བ་ཉིད་ནི་ལན་འགའ་ཞིག་འགྲུབ་པ་ཡིན་ལ། གནོད་པར་བྱེད་པ་དེ་ལ་ནི། །གནོད་པར་བྱེད་པ་ཉིད་མི་བྱའོ། །ཕན་པར་བྱེད ་དུ་གནས་ནས། གནོད་པའི་སེམས་ཀྱང་ལྡོག་པར་འགྱུར་བ་ཉིད་ཡིན་ནོ། །འབྱོར་དང་རྒུད་ལའང་ཡིད་ཅིག་བྱ། །རྒྱུ་ལ་ཕྲག་དོག་འབྲས་བུ་མིན་ཞེས་བྱ་བ་ལ། འབྱོར་པ་ནི་ཕུན་སུམ་ཚོགས་པའོ། །རྒུད་པ་ནི་དེ་དག་ཉིད་དང་བྲལ་བ་སྟེ། དེ་དག་ལས་ཡིད་གཅིག་ཅིང་སེམས ་མཉམ་པར་བྱའི། འབྱོར་བས་དྲེག་པར་ཡང་མི་བྱ་ལ། རྒུད་པས་ཞུམ་པར་ཡང་མི་བྱའོ། །རྒྱུ་ལ་ཕྲག་དོག་ཅེས་བྱ་བ་ནི། ཕུན་སུམ་ཚོགས་པར་བྱེད་པའི་རྒྱུའི་དངོས་པོ་ལ་ཕྲག་དོག་བྱའི། འབྲས་བུ་གཞན་གྱི་ཕུན་སུམ་ཚོགས་ལ་ནི་མ་ཡིན་ནོ། །དེ་ཡང་སྤྱོད་པ་དམ་པ ་ལ་འཇུག་པ་དང། ཐོས་པ་དང། གཏོང་པ་ལ་སོགས་པ་གཞན་གྱི་ཡོན་ཏན་སྐྱེད་བར་བྱེད་པ་དེའི་རྒྱུ་ཉིད་ལ་ཕྲག་དོག་བྱའི། དེའི་འབྲས་བུ་ཐོབ་པ་ལ་ནི་མ་ཡིན་ཏེ། སྐྱེས་བུ་ཉིད་དུ་གྱུར་པར་མཚུངས་སུ་ཟིན་ཀྱང། འདི་ནི་འདི་ལྟར་ཡོན་ཏན་དང་ལྡན་པ་ཡིན། བདག་འདི ་ལྟ་བུའི་ཡོན་ཏན་གྱིས་བརྒྱན་པར་ཅིའི་ཕྱིར་མི་བྱ་ཞེས་གང་གིས་སྔོན་མ་ཐོས་པ་ལ་སོགས་པ་འཕེལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ལ་འབད་པ་ཉིད་དུ་བྱ་བ་ཡིན་ནོ་དུས་སུ་ཕན་དང་རན་པར་སྨྲ། བསླུ་བ་མེད་ཅིང་ངེས་པར་བྱ་ཞེས་བྱ་བ་ལ། ཚིག་སྨྲ་བར་བྱ་བ་དག་ནི ་དུས་སུ་ཤེས་པ་གནས་སྐབས་ལ་བབ་ཅིང་དུས་ཚོད་ལ་བབ་པར་བྱའོ། །ཕན་པ་ནི་ཆོས་དང་དོན་དང་སྙན་པ་དང་ལྡན་པའོ། །རན་པ་ནི་ཉུང་ཞིང་ཚོད་ཟིན་པའོ། །བསླུ་བ་མེད་པ་ནི་བདེན་ཞིང་མི་བསླུ་བའི་ཆོས་ཅན་ནོ། །དེས་པ་འདི་མཉན་ན་བདེ་བ་སྟེ། འཇམ་པར་སྨྲ ་ཞིང་ཡིད་དུ་འོང་ལ་དགའ་བར་སྨྲ་པའོ། །བཞིན་མཛུམ་གསོང་པོར་སྨྲ་བ་དང། སྤྱོད་པ་བཟང་ཞིང་སྙིང་རྗེ་འཇམ་ཞེས་བྱ་བ་ལ་རང་བཞིན་མཛུམ་པ་ནི། རང་བཞིན་མཛེས་པ་སྟེ། ཁྲོ་གཉེར་མེད་པའོ། །གསོང་པོར་སྨྲ་བ་ནི་དྲང་པོ་ཉིད་དུ་སྨྲ་བར་བྱེད་པའོ།། ་སྤྱོད་པ་བཟང་བ་ནི་རང་བཞིན་བཟང་བ་སྟེ། ཀུན་ཏུ་སྤྱོད་པ་མི་རྩུབ་པའོ། །སྙིང་རྗེས་འཇམ་པ་ནི་སྙིང་རྗེ་འཇམ་པ་སྟེ། སྙིང་བརྩེ་བ་དང་ལྡན་ཞིང་སེམས་མཉམ་པའོ། །གཅིག་བུ་བདེ་མིན་ཐམས་ཅད་ལ། །ཡིད་མི་བརྟན་ཅིང་དོགས་མི་བྱ། །ཞེས་བྱ་བ་ལ། སྐྱེས ་བུས་ནི་བདག་གཅིག་པུ་བདེ་བ་དང་ལྡན་པར་མི་བྱའི། གཞན་དུ་ན་དགེ་སྦྱོང་དང། བྲམ་ཟེ་དང་གཉེན་འདུན་དང། མཛའ་བཤེས་དང་བྲན་གཡོག་ལ་སོགས་པ་རྣམས་དང་ལྷན་ཅིག་ཐུན་མོང་དུ་ལོངས་སྤྱོད་པས་གནས་པར་བྱའོ། །ཐམས་ཅད་ལ་ཞེས་བྱ་བ། ཡུལ ་ཐམས་ཅད་ལ་ཡིད་བརྟན་ཞིང་བློ་གདེད་པར་མི་བྱ་ལ། ཡིད་བརྟན་དུ་རུང་བའི་མི་དང། ཉེ་དུ་དང། མཛའ་བཤེས་དང། བྲན་གཡོག་ལ་སོགས་པ་ཐམས་ཅད་ལ་ཡང་དོགས་པ་བཅོས་པར་མི་བྱའོ། །སུ་ཡང་བདག་གི་དགྲ་ཡིན་དང། བདག་ནི་སུ་ཡང་འགྲས་གྱུར ་དང། བརྙས་དང་བདག་ལ་གཙོ་བོ་ནི། །མི་བྱམས་ཞེས་ནི་སྨྲ་མི་བྱ་ཞེས་བྱ་བ་ནི། བདག་ལ་དགྲ་བོ་ཡོད་ཅེས་བྱ་བ་ནི་སུ་ལ་ཡང་སྨྲ་ཞིང་བརྗོད་པར་མི་བྱ་སྟེ། དེ་བརྗོད་ན་གཡོན་ཅན་དག་གིས་ཤིན་ཏུ་ཡང་འབྱེད་པར་འགྱུར་རོ། །བདག་ནི་སུའི་སྒ?་ཡིན་ཞེས་སྐྱེ་བོ ་འགའ་ཡང་སྨྲ་བར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་ཤིན་ཏུ་འགྲས་པར་འགྱུར་རོ། །གཙོ་བོ་དང་འབྲེལ་བའི་བརྙས་པ་སྟེ། མ་བཀུར་བར་ཡང་སྨྲ་བར་མི་བྱའོ། །དེ་བཞིན་དུ་གཙོ་བོ་དང་འབྲེལ་པའི་མི་བྱམས་ཤིང་བརྩེ་བ་མེད་པ་ལ་ཡང་སྨྲ་བར་མི་བྱའོ། །དགྲ ་བའི་བསམ་པ་ཤེས་ནས་ནི། །གང་ཞིག་ཇི་ལྟར་ཡོངས་མགུ་བ། །དེ་ལ་དེ་བཞིན་རྗེས་འཇུག་ཅིང། །གཞན་དག་དགའ་བྱེད་མཛངས་པ་ཡིན། །ཞེས་བྱ་བ་ནི། སྐྱེ་བོ་འཇིག་རྟེན་པའི་སེམས་ཀྱི་བསམ་པ་བརྟགས་ཤིང་ཤེས་པར་བྱས་ལ། ཤེས་རབ་ཀྱིས ་ཡོངས་སུ་དཔྱད་ནས། རྣམ་པ་གང་གིས་སྐྱེ་བོ་གང་དག་ཡོངས་སུ་མགུ་ཞིང་ཀུན་ཏུ་དགའ་བར་འགྱུར་བའི་འགྲོ་བ་དེ་ལ། དེ་བཞིན་དུ་རྣམ་པ་དེ་ཉིད་ཀྱིས་རང་བཞིན་དང་བསྟུན་ཏེ་གནས་ཤིང་འཇུག་པར་བྱེད་ལ། སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པས ་གཞན་དག་དགའ་བར་བྱེད་པ་དེ་ནི་མཛངས་ཤིང་མཁས་པར་གྱུར་པའོ། །དབང་པོ་གཟིར་བར་མི་བྱ་ཞིང། །འདིར་རབ་ཉམས་བདེར་བྱ་འམ་མིན་ཞེས་བྱ་བ་ལ། དབང་པོ་སྟེ་ལྕེ་ལ་སོགས་པ་ཁ་ཟས་ཤིན་ཏུ་ངན་པ་ལ་སོགས་པས་གནོད་ཅིང ་གཟིར་བར་མི་བྱ་ལ། དབང་པོ་འདི་དག་ལོངས་སྤྱོད་ཀྱི་བདེ་བ་འབད་པས་བརྩལ་ནས་བརྟེན་ཅིང་རབ་ཏུ་བདེ་བའི་ཉམས་སུ་ཡང་མི་བྱའོ། །ཚོམས་གསུམ་མེད་པའི་བརྩོམ་པ་ལ། །མི་བརྟེན་དེ་དང་འགལ་མི་བྱ། །ཞེས་བྱ་བ་ལ། ཚོམས་གསུམ་ནི་ཆོས་དང། ནོད ་དང། ལོངས་སྤྱོད་ཅེས་བྱ་བ་ཡིན་ཏེ། བཞི་པ་ཐར་བ་ནི་ཆོས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་ལྟ་བུའི་སྡེ་ཚོམས་གསུམ་མེད་ཅིང། སྟོང་པའི་རྩོམ་པ་སྟེ། སྤྱོད་པའི་འབད་པ་ལ་བརྟེན་པར་མི་བྱ་ཞིང་གནས་པར་མི་བྱའི། ཅི་ནས་ཀྱང་ཆོས་དང་མི་འགལ ་བའི་བྱ་བ་གང་ཡིན་པ་དེ་ནི་སྡེ་ཚོམས་གསུམ་དང་མི་འགལ་བ་ཉིད་དུ་སྐྱེས་བུས་བསྟེན་པར་བྱའོ། །དེ་ཡང་ཆོས་ལ་ཀུན་ཏུ་བརྟེན་པའི་ན། ཅི་ནས་ཀྱང་ནོར་དང་ལོངས་སྤྱོད་དང་འགལ་བར་མི་འགྱུར་བ་དེ་ལྟར་བྱ་ལ། ནོར་ལ་བརྟེན་པ་ན་ཡང་ཆོས་དང་འགལ་བར ་མི་བྱ་ལ། ལོངས་སྤྱོད་ལ་བརྟེན་པ་ན་ཡང། ནོར་དང་ཆོས་དང་འགལ་བར་མི་བྱའོ། །ཆོས་རྣམས་ཀུན་གྱི་ལམ་ལ་ནི། དབུ་མའི་ལམ་གྱི་རྗེས་འཇུག་བྱ་ཞེས་བྱ་བ་ལ། ཆོས་རྣམས་ཀུན་ཏེ། དངོས་པོ་ཐམས་ཅད་ལ་ལམ་ཞེས་བྱ་བ་བསྒྲུབ་ཅིང། བྱ་བའི་གནས ་རྣམས་ལ་དབུ་མ་སྟེ་དམན་པ་ཡང་མ་ཡིན་ལ། ཤིན་ཏུ་མཐོ་བ་འང་མ་ཡིན་པ་དེ་ནི་རྗེས་སུ་འཇུག་ཅིང་སྤྱད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྐྲ་སེན་ཁ་སྤུ་རིང་མི་བཞག་།སྒོ་དགུ་རྐང་པ་དྲི་མེད་བྱ་ཞེས་བྱ་བ་ནི། སྐྲ་དང་སེན་མོ་དང། ཁ་སྤུ་རིང་པོར ་མ་གྱུར་པར་བྲེགས་པ་སྟེ། ཁ་སྤུ་ཞེས་བྱ་བ་ནི་ཀོ་ཀོའི་ཕྱོགས་ཀྱི་སྤུའོ། །སྒོ་དགུ་དང། རྐང་པ་ནི་སྒོ་དགུ་དང་རྐང་པ་སྟེ། དེ་དག་ནི་དྲི་མ་མེད་པར་བྱའོ། །དེ་ལ་སྒོ་དགུ་ནི་དྲི་མའི་གནས་ཀྱི་སྒོ་རྣམས་ཏེ། མིག་དང་རྣ་བ་དང། སྣ་དང་ཁ་དང། བཤང་བའི་སྒོ་དང། ་གཅི་པའི་སྒོ་ལ་སོགས་པའོ། །རྐང་པ་ནི་རྐང་དེ་རྣམས་ཀྱི་དྲི་མ་བསལ་ཞིང་སྦྱང་བར་བྱའོ། །ཁྲུས་ལ་དགའ་ཞིང་དྲི་ཞིམ་བགོས། །ཆ་ལུགས་བཟང་ཞིང་མི་འཕྱར་སྤ། །ཞེས་བྱ་བ་ལ་ཁྲུས་ལ་དགའ་བ་ནི་རྟག་ཏུ་ཁྲུས་བྱེད་པའོ། །དྲི་ཞིམ་བགོས་ཞེས་བྱ་བ་འདི། ག་བུར་ལ ་སོགས་པའི་དྲི་ཞིམ་པའི་རྫས་རྣམས་ཀྱིས་ལུས་རྗེས་སུ་བསྒོ་ཞིང་བྱུགས་པའོ། །ཆོས་བཟང་པ་ནི་དྲི་དང་བྱུག་པ་དང། ཕྲེང་བ་དང། གོས་དང། རྒྱན་གྱི་རྣམ་པས་བརྒྱན་གྱིས་ཆས་པར་བྱའོ། །མི་འཕྱར་པ་ནི་ཁེངས་ཤིང་འཕྱར་ཆེས་པ་མ་ཡིན་པར་བྱས་ནས། ་སྤ་ཞིང་མདངས་དང་ལྡན་པར་བྱའོ། །རིན་ཆེན་གྲུབ་པའི་གསང་སྔགས་དང། སྨན་ཆེན་རྟག་ཏུ་བཅད་བར་བྱ་ཞེས་བྱ་བ་ནི། རིན་པོ་ཆེ་ནི་མརྐ་ཏ། པདྨ་རཱ་ག་དང། བཻཌཱུརྱ་དང། གསེར་ས་ལེ་སྦྲམ་དང། རྡོ་རྗེ་ལ་སོགས་པའོ། །གྲུབ་པའི་གསང་སྔགས་ནི། རབ ་ཏུ་གྲུབ་པར་གྲགས་ཤིང། མཐུ་སྔོན་དུ་སྣང་བའི་གསང་སྔགས། འཇིག་རྟེན་པ་དང་བསྟན་བཅོས་ལས་གྲགས་པའོ། །སྨན་ཆེན་པོ་ནི་ལཀྵྨཱི་དང། གུ་ཧ་དང། ཛཱ་ཏི་ལ་དང། ཤུ་དག་དང། ཡུངས་ཀར་ལ་སོགས་པའོ། །རིན་པོ་ཆེ་དང་སྔགས་དང་སྨན་དེ་དག་ནི། ་མགོ་དང་མགུལ་དང་དཔུང་པ་ལ་བཏགས་ཏེ་བཅང་བར་བྱའོ། །གདུགས་དཀར་ལྷམ་དང་ལྡན་པར་ནི། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ། ཞེས་བྱ་བ་ལ། གདུགས་དཀར་པོ་ནི་ཚད་པ་འགེབས་པའི་གདུགས་སོ། །ལྷམ་ནི་རྐང་པ་སྐྱོབ་པ་བྱིད་པ་སྟེ། སྐྱེས ་བུ་དེ་གཉིས་དང་ལྡན་པ་དང། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་བར་བྱེད་བ་སྟེ། དེ་ཙམ་ཞིག་ཏུ་མདུན་དུ་བལྟའོ། །དེས་ནི་སྤྲུལ་དང་ཕྱུགས་དང། བ་དང། རྟ་དང། རྡོ་རྩུབ་མོ་ལ་སོགས་པ་དག་གི་གནོད་པས་ཉེན་པར་མི་འགྱུར་རོ། །མཚན་མོ་དོན ་ཆེན་དག་ལ་ནི། །དབྱུག་ཐོགས་མགོ་དཀྲི་གྲོགས་ལྡན་བྱ་ཞེས་བྱ་བ་ནི། མཚན་མོའི་དུས་སུ་ནི་འགྲོ་བར་མི་བྱའོ། །གལ་ཏེ་ཤིན་ཏུ་དོན་ཆེ་ཞིང་བརྟན་པའི་བྱ་བའི་ལས་ལ་འགྲོ་ཞིང། མཚན་མོ་རྒྱུ་བས་ངེས་པར་འགྲོ་བ་ཡིན་ན། དབྱུག་པ་དང། མགོ་དཀྲི་བ ་དང། གྲོགས་དང། ལྡན་པར་བྱས་ལ། འགྲོ་བར་བྱའོ་ཞེས་སྟོན་ཏེ། དོན་གྱི་ཤུགས་ཀྱིས་ན་མཚན་མོ་ངེས་པར་འགྲོ་སྟེ། མི་བྱར་མི་རུང་བའི་བྱ་བ་མ་ཡིན་པའི་དོན་དུ་ཆུང་ངུ་དག་ལ་ནི་འགྲོ་བར་མི་བྱའོ་ཞེས་སྟོན་ཏོ། །དེ་ལ་བེར་ཀ་ཡོད་པས་ན ་དབྱུག་པ་ཅན་ཏེ། སྤྲུལ་ལ་སོགས་པ་སྐྲག་པར་བྱ་བའི་ཕྱིར། དབྱིག་པ་སྒྲ་དང་ལྡན་པར་བྱ་བ་དང། འགྱེལ་བ་ལས་བརྟེན་པར་བྱ་བའི་ཕྱིར་དང། དགྲ་བོ་བཟློག་པའི་ཕྱིར་བྱའོ། །མགོ་གཡོགས་པ་ནི་མགོ་བོ་དཀྲིས་པ་ལྟར་སྟེང་ནས་འབབ་པའི་བ་དང། ཕྱེ་མ ་ལེབ་དང། འབུ་སྲེན་ལ་སོགས་པ་ལས་བསྲུང་བར་བྱ་བའི་ཕྱིར་རོ། །གྲོགས་དང་ལྡན་པ་ནི་རྐུན་པོ་དང། གནོད་སྦྱིན་དང། སྲིན་པོ་དང། ཤ་ཟ་ལ་སོགས་པའི་འཇིག་པ་ལས་བསྲུང་བར་བྱ་བའི་ཕྱིར་བྱའོ། །མཆོད་རྟེན་མཆོད་བྱ་རྒྱལ་མཚན་དང། །མི་ཤིས་གྲིབ ་མ་ཐལ་ཕུབ་དང། །མི་གཙང་གསེག་བོང་གཏོར་མ་དང། ཁྲུས་བྱས་ས་ནི་འགོམ་མི་བྱ། །ཞེས་བྱ་བ་ལ། མཆོད་རྟེན་ནི་མཆོད་རྟེན་ཉིད་དག་དང། ཁྱད་པར་ཅན་གྱི་ལྷས་གནས་བཅས་པའི་ཞིང་གི་ཁྱད་པར་འཇིག་རྟེན་ན་གྲགས་པར་གང་གྱུར་པའོ། ། ་མཆོད་བྱ་ནི་བླ་མ་ལ་སོགས་པའོ། །རྒྱལ་མཚན་ནི་གཙུག་ལག་ཁང་དང། ལྷ་ཁང་གི་ནང་དུ་བཏགས་པ་དང་དུང་ངམ་འཁོར་ལོ་དང་ལྡན་པའི་བ་དན་ནོ། །མི་ཤིས་པ་ནི་བཀྲ་མི་ཤིས་པའི་དངོས་པོ་སྟེ། དེ་རྣམས་ཀྱི་གྲིབ་མ་འགོམ་པར་མེ་བྱ་ཞིང། བརྫི་བར་མི ་བྱའོ། །ཐལ་བ་ནི་ལྕི་བ་ལ་སོགས་པ་ཚིག་པ་ལས་བྱུང་བའོ། །ཕུང་མ་ནི་འབྲས་ཀྱི་ཤུན་པའོ། །མི་གཙང་བ་ནི་བཤད་པ་དང། གཅི་བ་ལ་སོགས་པའོ། །གསེག་མ་ནི་རྡོའི་དུམ་གྲུགས་སོ། །བོང་བ་ནི་སའི་རང་བཞིན་ས་རྡོ་དང་འདྲ་པའོ། །གཏོར་མའི ་གནས་ནི་འབྱུང་པོ་ལ་སོགས་པ་ལ་ཟས་སྦྱིན་པའི་གནས་སོ། །ཁྲུས་བྱས་པའི་ས་ནི་གང་དུ་འགའ་ཞིག་གིས་ཁྲུས་བྱས་པ་སྟེ། དེ་ཐམས་ཅད་འགོམ་པར་མི་བྱ་ཞིང་ཡོངས་སུ་སྤང་བར་བྱའོ། །ཆུ་བོར་རྒྱལ་ཏེ་འགྲོ་མི་བྱ། །མེ་ཆེན་ཕུང་པོར་འགྲོ་མི་བྱ།། ་ཞེས་བྱ་བ་ལ་ཆུ་བོ་སྟེ། ཀླུང་གི་ཆུ་ཆེན་པོ་ལ། ལག་པ་གཉིས་རྒྱལ་ཞིང་འགྲོ་བར་མི་བྱ་སྟེ། ཆུ་སྲིན་དང་རུས་སྦལ་ལ་སོགས་པས་གནོད་པར་འགྱུར་བའི་འཇིགས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་མེའི་ཕུང་པོ་ཆེན་པོའི་ཚོགས་ཀྱི་ཐང་དུ་འགྲོ་བར་མི་བྱའོ། །ཐེ་ཚོམ་བཅས ་པའི་གྲུ་ཤིང་ལ། བཞོན་པ་མི་བསྲུན་བཞིན་མི་འཛེག་ཅེས་བྱ་བ་ལ། ཐེ་ཚོམ་དང་བཅས་པའི་གྲུ་ནི་ཆིངས་མ་ལྷོད་ཅིང་རྙིངས་པས་ཕ་རོལ་ཏུ་སྐྱེལ་མི་ནུས་སོ། །དེ་བཞིན་དུ་ཐེ་ཚོམ་དང་བཅས་པའི་ཤིང་ནི། དུག་ལ་སོགས་པའི་གདུག་པ་ཡོད་པ་འམ། ལྷ་ལ་སོགས་པ ་གནས་པ་འམ་ཆག་ཏུ་ཉེ་བ་དག་ཏུ་འཛེག་པར་མི་བྱ་ཞིང། དེ་དག་གི་སྟེང་དུ་གནས་པར་མི་བྱའོ། །ཇི་ལྟར་ཞེ་ན། བཞོན་པ་མི་བསྲུན་བཞིན་ཞེས་བྱ་བ་ཡིན་ཏེ། དཔེར་ན་རྟ་ལ་སོགས་པའི་བཞོན་པ་མི་བསྲུན་པ་ལ་བཞོན་དུ་མི་རུང་བ་དང་མཚུངས་སོ། །འདིས ་ནི་ཟུར་གྱི་བཞོན་པ་མི་བསྲུན་པ་ལ་ཡང་ཞོན་པར་མི་བྱའོ་ཞེས་སྟོན་པར་མི་བྱའོ། །སྤྲིད་པ་གད་མོ་གླལ་བ་ལ། ཁ་ནི་གདང་བར་མི་བྱའོ་ཞེས་བྱ་བ་ལ། སྤྲིད་པ་ནི་སྤྲིད་པ་འབྱུང་བའོ། །གད་མོ་ནི་རྒོད་པའོ། །གླལ་བ་ནི་བྱ་རྨྱང་སྟེ། དེ་ལ་ཁ་གདང་བར་མི་བྱའོ ་ཞེས་པ་སྟེ། ཁ་མི་དག་པ་པར་མི་བྱའོ། །སྤྲིད་པ་ལ་སོགས་པ་འབྱུང་བ་ན། ལག་པ་འམ་གོས་ཀྱིས་དགབ་པར་བྱའོ་ཞེས་པའི་དོན་ཏོ། །སྣ་ནི་བྲུད་པར་མི་བྱ་ཞིང། །དོན་མེད་ས་རིས་མི་བྱའོ་ཞེས་བྱ་བ་ལ། སྣ་བྲུད་ཅིང་ཤས་ཆེར་གནོད་པར་མི་བྱ་སྟེ། ཤུ ་བ་དང་ཐོར་བུ་ལ་སོགས་པའི་གནོད་པ་སྤང་བར་བྱ་བའི་ཕྱིར་རོ། །དོན་མེད་ཅིང་དགོས་པ་འགའ་ཞིག་མེད་པར་ས་ལ་སོར་མོ་ལ་སོགས་པས་དེ་ལ་འདྲི་ཞིང་བྲུད་པར་མི་བྱའོ། །ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་ཡན་ལག་མི་གཅུ་ཞིང། །ཙོག་ཙོག་པུར་ཡང ་འདུག་མི་བྱ། ཞེས་བྱ་བ་ལ། ལུས་ཀྱི་ཡན་ལག་།ལག་པ་དང་རྐང་པ་ལ་སོགས་པ་གཅུ་བ་སྟེ། མི་མཐུན་པར་བྱས་ནས། བྱ་བའི་ལས་མི་བྱའོ། །འདི་དག་གིས་ནི་ལག་པ་དང་རྐང་པའི་རྣམ་པར་འགྱུར་བ་སྤང་བར་བྱའོ་ཞེས་སྟོན་པ་ཡིན་ཏེ། གཟེར་དང ་ཡན་ལག་ཆགས་པར་འགྱུར་བའི་ཉེས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཙོག་ཙོག་པོར་གནས་ཏེ་འདུག་པར་མི་བྱ་སྟེ། ཅོག་ཅིག་པུར་གནས་པས་ཡུན་རིང་པོར་འདུག་ན། གཞང་འབྲུམ་གྱི་ནད་འབྱུང་བར་འགྱུར་བར་བཤད་དོ། །ལུས་ངག་ཡིད ་གྱི་སྤྱོད་པ་ནི། །སྔ་ནས་དལ་ལས་བཟློག་པར་བྱ་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཞེས་བྱ་བ་ལས་སུ་བྱ་བ་ནི་སྔ་ནས་ཏེ། ངལ་བར་མ་གྱུར་བའི་དང་པོ་ཉིད་ནས་བཟློག་པར་བྱ་སྟེ། ཅི་ཙམ་གྱིས་ཤིན་ཏུ་དུབ་པར་མ་གྱུར་པ་དེ་ཙམ་ན་བཤོལ་བར ་བྱའོ། །དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། ལུས་དང་ཡིད་ཀྱིས་འགྲོ་བ་དང། ཀླག་པ་དང། སེམས་པ་ལ་སོགས་པའི་ལས་རྣམས་ནི་ཇི་སྲིད་ཤིན་ཏུ་དུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་པའི་དོན་ཏོ། །པུས་བསྒྲེང་ཡུན་རིང་གནས་མི་བྱ། །མཚན ་མོ་ཤིང་དྲུང་བསྟེན་མི་བྱ། ཞེས་བྱ་བ་ནི་པུས་མོ་གྱེན་དུ་བསྒྲེང་བ་གང་ཡིན་པ་དེ་ནི་པུས་བསྒྲེང་ཞེས་བྱ་སྟེ། གན་རྐྱལ་དུ་འདུག་ནས་པུས་མོ་བརྐྱང་སྟེ། ཡུན་རིང་དུ་གནས་པར་མི་བྱའོ། །དེ་བཞིན་དུ་མཚན་མོ་ཤིང་ཆེན་པོ་དག་ཏུ་གནས་ཤིང་བསྟེན་པར་མི་བྱའོ། ། ་སུམ་མདོ་མཆོད་རྟེན་དྲུང་བཞི་མདོ། །ལྷ་ཡི་ཁང་པའང་དེ་བཞིན་ནོ་ཞེས་བྱ་བ་ལ། སུམ་མདོ་ལ་སོགས་པར་ཡང་དེ་བཞིན་དུ་མཚན་མོ་བསྟེན་པར་མི་བྱའོ། །དེ་ལ་སུམ་མདོ་ནི་ལམ་གསུམ་འདུས་པ་ལ་བྱའོ། །དེ་ལ་ལ་ལ་དག་ནི་ས་ཕྱོགས་གང་དུ་གང་ཞིག ་གྲོང་ངམ་ལྗོངས་ནས་ཕྱིར་བྱུང་སྟེ། གནད་དུ་གྲོང་དུ་གནས་པར་རམ། ལྗོངས་ན་གནས་པ་ལས་རང་དགར་འོངས་ཏེ། སྣ་ཚོགས་པའི་གཏམ་དེ་དང་སྨྲ་བའི་གནས་ལ་བྱའོ་ཞེས་འདོད་དེ། །མཆོད་རྟེན་གྱི་དྲུང་ནི་མཆོད་རྟེན་གྱི་ཉེ་འཁོར་རོ། །བཞི་མདོ་ནི་གང་དུ ་ལམ་བཞི་གཅིག་ཏུ་འདུས་པའོ། །ལྷའི་ཁང་པ་ནི་ལྷ་རྣམས་ཀྱི་གནས་ཀྱི་ཁང་པའོ། །གསོད་ས་འབྲོག་སྟོང་ཁང་སྟོང་དང། དུར་ཁྲོད་དུ་ནི་ཉིན་མོའང་མིན། ཞེས་བྱ་བ་ནི་གསོད་ས་ལ་སོགས་པ་ཉིན་མོ་འང་བསྟེན་པར་མི་བྱའོ། །དེ་ལ་གསོད་ས་ནི་རྐུན་པོ་ལ ་སོགས་པ་གསོད་པའི་གནས་སོ། །འབྲོག་སྟོང་ནི་དགོན་པའོ། །ཁང་སྟོང་ནི་སྐྱེ་པོ་མེད་པའི་ཁང་པའོ། །དུར་ཁྲོད་ནི་རོ་བསྲེག་པའི་གནས་ཏེ། འདི་དག་ཏུ་ནི་ཉིན་པར་ཡང་བསྟེན་པར་བྱ་བ་མ་ཡིན་ན། མཚན་མོ་ལྟ་སྨོས་ཀྱང་ཅི་དགོས། རྣམ་ཀུན་ཉི་མ་ལ་མི་བལྟ། །མགོ ་ཡིས་ཁུར་ནི་བཀུར་མི་བྱ། ཞེས་བྱ་བ་ལ། རྣམ་པ་ཀུན་ཏུ་ཞེས་པ་རྣམ་པ་ཐམས་ཅད་དུ་ཉི་མ་ལ་བལྟ་ཞིང་བརྟག་པར་མི་བྱའོ། །དེ་ཡང་གཞན་དག་ལས། འཆར་དང་ནུབ་པར་འགྱུར་ཚེ་དང། །ཕྱེད་དུས་གཟུགས་བརྙན་རྟོག་པ་དང། །གོས་ཀྱིས་བསྒྲིབས་པར ་བྱས་པ་ལས། །ཉི་མ་བལྟ་བར་མི་བྱའོ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་མགོ་བོ་སྟེ། སྤྱི་བོས་ཁུར་བཀུར་བར་མི་བྱ་ཞིང། གནས་ནས་གནས་སུ་བཀུར་བར་མི་བྱའོ། །ཤིན་ཏུ་ཕྲ་དང་འཚེར་བ་དང། །མི་གཙང་མི་སྡུག་རྒྱུན་མི་བལྟ་ཞེས་བྱ་བ་ནི། ཤིན་ཏུ ་ཕྲ་ཞིང་བལྟ་དཀའ་བ་དག་ལ། རྟག་པར་རྒྱུན་དུ་བལྟ་ཞིང་བརྟག་པར་མི་བྱའོ། །དེ་བཞིན་དུ་འཚེར་བ་སྟེ། མེ་ལ་སོགས་པ་དང། གཞན་ཡང་ཤིན་ཏུ་འཚེར་ཞིང་གཟི་མདངས་དང་ལྡན་པ་ལ་བལྟ་བར་མི་བྱའོ། །མི་གཙང་བ་ནི་བཅོག་པར་གྱུར་པ་སྟེ། བཤང་གཅི་ལ ་སོགས་པ་སྟེ། དེ་ལ་ཡང་མི་བལྟའོ། །མི་སྡུག་པ་ནི་མངོན་པར་མི་དགའ་ཞིང་སྡང་བར་གྱུར་པ་ལ་བལྟ་བར་མི་བྱའོ། །ཆང་འཚོང་བ་དང་སྦྱོར་བ་དང། སྦྱིན་དང་ལེན་དང་སྤྱད་མི་བྱ། ཞེས་བྱ་བ་ལ། བཅོད་བ་ཞེས་བྱ་བ་ནི་ཟོང་དུ་བྱ་བའོ། །འདིས་སྦྱོར་བར་བྱེད་པས ་ན་སྦྱོར་བ་སྟེ། ཆར་བྱེད་པའོ། །སྦྱིན་པ་ནི་རང་གི་བྱ་བ་ལས་བཟློག་ཅིང། གཞན་དག་བསྟབས་པའོ། །ལེན་པ་ནི་བསྟན་བཅོས་ཇི་ལྟ་བ་བཞིན་དུ་གཞན་ལས་ལེན་པའོ། །དེ་ལྟར་ན་ཆང་འཚོང་པ་ལ་སོགས་པ་བྲམ་ཟེ་དང་དགེ་སྦྱོང་དག་གིས་མི་བྱའོ། །མདུན་གྱི ་བསེར་བུ་ཉི་ཚན་རྡུལ། །བ་མོ་དང་ནི་རླུང་རྩུབ་དང། །སྤྲིད་པ་སྒྲེག་པ་ལུད་པ་ཟས། །གཉིད་ལོག་ཉལ་པོ་གཅུས་མི་བྱ། །གད་ཀའི་གྲིབ་མ་རྒྱལ་པོ་དང། སྤྲུལ་གདུག་གཅན་གཟན་རྭ་ཅན་དང། །དུས་མཚམས་རྟག་ཏུ་ཟས་བཟའ་དང། །བུད་མེད་ཉལ་ཀློག ་སེམས་ལས་དང། །དགྲ་བོ་ནར་མར་ཟས་ཚོགས་འདུས། །སྨད་འཚོང་ཚོང་པའི་ཟས་དག་དང། །ལུས་དང་མཆུ་དང་སེན་སྒྲ་འབྱིན། །ལག་པ་སྐྲ་ནི་སྦྲུག་པ་དང། །ཆུ་མེ་མཆོད་བྱའི་བར་དུ་འགྲོ་།རོ་བསྲེགས་ལ་བརྟེན་དུད་པ་དང། །ཆང་སོགས་ཆགས ་དང་བུད་མེད་ལ། །ཡིད་བརྟན་རང་དབང་གྱུར་པ་སྤང་ཞེས་བྱ་བ་ནི། མདུན་གྱི་བསེར་བུ་ལ་སོགས་པ་སྐྱེས་བུས་སྤང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་མདུན་གྱི་བསེར་བུ་ནི་ཤར་ཕྱོགས་ནས་ལྡང་བའི་རླུང་ངོ། །ཉི་ཚན་ནི་ཉི་མའི་ཐན་པའོ། །རླུང་ནི་རྡུལ་གྱི་ཚོགས ་སོ། །བ་མོ་ནི་བ་མོ་ལྷགས་པའོ། །རླུང་རྩུབ་པ་ནི་རླུང་དྲག་པོའོ། །སྒྲེག་པ་ནི་རླུང་གྱེན་དུ་རྒྱུ་བའོ། །ལུད་བ་ནི་ལུད་པ་ལུ་བར་གྱུར་པའོ། །ཟས་ནི་ཟས་ལ་སྤྱོད་པའོ། །ཉལ་བོ་ནི་འཁྲིག་པ་སྤྱོད་པ་སྟེ། དེ་དག་གཅུས་ཤིང་ཡོན་བར་གྱུར་པ་མི་བྱ་བར་སྤང་བར་བྱའོ།། ་གང་ཀའི་གྲིབ་མ་ནི་ཆུ་བོའི་འགྲམ་གྱི་གང་ཀའི་གྲིབ་མའོ། །རྒྱལ་པོར་སྡང་བ་ནི་རྒྱལ་པོའི་དགྲ་བོའོ། །སྤྲུལ་གདུག་ནི་མཆེ་བ་གདུག་པ་ཅན་ནོ། །གཅན་གཟན་ནི་སེང་གེ་ལ་སོགས་པའོ། །རྭ་ཅན་ནི་མ་ཧེ་ལ་སོགས་པའོ། །དུས་མཚམས་ཐམས་ཅད་དུ་ཟས ་ལ་སྤྱོད་པ་ལ་སོགས་པའང་སྤང་བར་བྱའོ། །བུད་མེད་ནི་དེ་དང་ཉལ་པོ་བྱ་བའོ། །ཉལ་བ་ནི་གཉིད་ལོག་པའོ། །ཀློག་པ་ནི་གཞུང་འདོན་པའོ། །སེམས་ལས་ནི་ཐོས་པ་ལ་སོགས་པ་ཡང་ཡང་དུ་དྲན་པར་བྱ་བའོ། །དགྲ་བོ་ནི་ནར་མའི་ཟས་ལ་སོགས ་པའང་སྤང་བར་བྱ་སྟེ། ནར་མའི་ཟས་ཞེས་བྱ་བ་ནི། མེ་ལྷ་བསྟོད་པའི་ཆོ་ག་ལ་སོགས་པའི་དུས་སུ་སྟེར་བའི་ཟན་ཏེ། མདུན་ན་འདོན་ལ་སོགས་པ་མ་གཏོགས་པར་གཞན་དག་གིས་དེ་ཟོས་ན། སྡིག་པས་གོས་པར་འགྱུར་པར་འདོད་དེ། གང་གི ་ཕྱིར་མཆོད་སྦྱིན་རྫོགས་ཁར་དེ་ལས་བྱུང་བའི་སྡིག་པ་ཟད་པར་བྱ་བའི་ཕྱིར། ཉེས་པ་འཆག་པ་ལས་གོ་བར་འགྱུར་རོ་ཞེས་ཟེར་རོ། །ཚོགས་འདུས་ནི་སྐྱེ་བོ་མང་པོས་བསྟེན་པའོ། །ཡང་ན་ཚོགས་ཏེ་གཏན་དུ་ཟློས་པར་བྱེད་པ་མང་པོ་འདུས ་བར་བྱེད་པས་ཁྱབ་པའོ། །སྨད་འཚོང་ནི་འཕྱོན་མ་སྟེ། དེ་དང་འབྲེལ་བའི་ཟས་གང་ཡིན་པ་དེ་ཡང་བཟའ་བར་མི་བྱ་སྟེ། སྡིག་པས་གོས་པར་འགྱུར་བའི་ཕྱིར་རོ། །ཚོང་པ་ནི་ནོར་བསྒྱུར་མཁན་ཏེ། དེའི་ཟས་ཀྱང་སྡིག་པས་གོས་པར་བྱེད་པ་ཡིན་པར་འདོད་པས་བཟའ་བར་མི ་བྱའོ། །དེ་བཞིན་དུ་ལུས་དང། མཆུ་དང་སེན་མོ་སྟེ། ཡན་ལག་དང་ཁ་དང། ལག་སྐྱེས་ཀྱི་སྒྲ་འབྱིན་པ་ཡང་སྤང་བར་བྱའོ། །དེ་བཞིན་དུ་ལག་པ་དང་སྐྲ་སྤྲུགས་ཤིང་སྤྱོད་པ་ཡང་སྤང་བར་བྱའོ། །ཆུ་མེ་མཆོད་བྱ་བའི་བར་དུ་འགྲོ་ཞེས་པ་ནི། ཆུ་དང་མེ་དང་མཆོད་པར་བྱ ་བ་དག་གི་བར་དུ་འགྲོ་ཞིང། སོང་བ་ཡང་སྤང་བར་བྱའོ། །མཆོད་བྱ་ནི་བླ་མ་ལ་སོགས་པའོ། །རོ་བསྲེགས་པ་ལ་བརྟེན་པའི་དུད་པ་ནི། མི་རོ་བསྲེགས་པ་ལས་བྱུང་བའི་དུད་པ་ཡང་སྤང་བར་བྱའོ། །དེ་བཞིན་དུ་ཆང་ལ་སོགས་པ་ལ་ཆགས་པ་སྟེ། ཆང་དང། རྒྱན་པོ ་དང། བུད་མེད་དང། ཡུལ་གཞན་དག་ལ་ཆགས་ཤིང་ཡང་ནས་ཡང་དུ་བསྟེན་པ་ཡང་སྤང་བར་བྱའོ། །དེ་བཞིན་དུ་བུད་མེད་ལ་ཡིད་རྟོན་པ་དང། རབ་དབང་དུ་བྱ་བའི་ཡུལ་དེ་སྤང་བར་བྱའོ། །བློ་ལྡན་སྤྱོད་པ་ཐམས་ཅད་ལ། །འཇིག་རྟེན་ཉིད་ནི་སློབ་དཔོན་ཡིན། །དེ་བས ་འཇིག་རྟེན་པ་ཡི་དོན། །རྟོག་པར་བྱེད་པས་དེ་ཉིད་བྱ། །ཞེས་བྱ་བ་ལ་བློ་དང་ལྡན་ཞིང་ཤེས་རབ་དང་ལྡན་པས། སྤྱོད་པ་ཐམས་ཅད་དེ་བྱ་བ་ཐམས་ཅད་ལ། འཇིག་རྟེན་ཉིད་ཅེས་བྱ་བ། འཇིག་རྟེན་པ་དམ་པ་ཉིད་སློབ་དཔོན་ཡིན་ཏེ། རྗེས་སུ་སྟོན་པ་ཡིན་ནོ། །དེ་བས ་ན་ཞེས་པ་གཏན་ཚིགས་དེའི་ཕྱིར་གང་འཇིག་རྟེན་པའི་དོན་རྟོགས་པར་བྱེད་ཅིང། སོ་སོར་རྟོག་པ་སྔོན་དུ་གཏོང་ཞིང་བླང་པར་བྱ་བ་དང། སྤང་བར་བྱ་བའི་ཚུལ་གྱིས་ལེགས་པ་དང་ཉེས་པ་དག་གིས་བྱེ་བྲག་ཤེས་པ་དག་གིས་འཇིག་རྟེན་པ་དམ་པ་དག་གིས ་སྤྱོད་པ་དེ་ཉིད་རྗེས་སུ་སྤྱད་པར་བྱ་ཞིང་བསླབ་པར་བྱའོ། །སྙིང་རྗེས་བརླན་ཅིང་གཏོང་དང་ལྡན། །ལུས་དང་ངག་ཡིད་དུལ་བ་དང། །གཞན་གྱི་དོན་ལ་རང་དོན་སེམས། །དེ་དག་དམ་པའི་སྤྱོད་མཐར་ཐུག་ཅེས་བྱ་བ་ལ། སྙིང་རྗེས་བརླན་པ་ནི་སེམས་ཅན་ཐམས་ཅད ་ལ་སྙིང་རྩེ་བ་དང་ལྡན་པ་ཉིད་དེ། སྙིང་རྗེས་སེམས་ནོན་པའོ། །དེ་བཞིན་དུ་གཏོང་བ་ལྡན་པ་ནི། ཅི་ནུས་པ་དང་བསྟན་བཅོས་ཇི་ལྟ་བ་བཞིན་དུ་བདག་གིར་བྱ་བ་ལས་བཟློག་ཅིང་གཞན་དག་ལ་སྟེར་བའོ། །ལུས་དང་ངག་དང་སེམས་ནི་ལུས་ངག་ཡིད་ཀྱི་རྣམ ་པའོ། །དུལ་བ་ནི་ཉེ་བར་ཞི་བའོ། །གཞན་གྱི་དོན་ལ་ཞེས་པ་ནི་གཞན་གྱི་དགོས་པའོ། །རང་དོན་སེམས་པ་ནི་གང་གཞན་གྱི་དོན་བློ་ལ་སེམས་པ་འདི་ཉིད་ཁོ་བོའི་རང་གི་དོན་ཡིན་ནོ་ཞེས་དེ་སྙམ་དུ་སེམས་པའོ། །དེ་དག་ཅེས་པ་དེ་ལྟ་བུ་ནི་དམ་པ་སྟེ། ཡ་རབ་རྣམས ་ཀྱི་སྤྱོད་པ་ཡིན་པས་ན་དམ་པའི་སྤྱོད་པའོ། །མཐར་ཐུག་པ་ནི་རྫོགས་པའོ། །ཡང་ནི་དམ་པ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་དམ་པའི་སྤྱོད་པ་སྟེ། སྤྱོད་པ་མཛེས་པ་ཞེས་བྱ་བའི་དོན་ཏོ། །ད་ལྟར་བདག་གི་ཉིད་མཚན་དུ། ཇི་ལྟ་བུར་ནི་གནས་འགྲོ་ཞེས། ། ་རྟག་ཏུ་དྲན་པ་ཉེར་འཇོག་པ། །སྡུག་བསྔལ་སྣོད་དུ་མི་འགྱུར་རོ། །ཞེས་བྱ་བ་ནི་ད་ལྟར་ཞེས་པ་གནས་པའི་གནས་སྐབས་ཉིད་ན། བདག་ནི་ཉིན་མོ་དང་མཚན་མོ་རྟག་ཏུ་ཅི་ཆོས་ལ་སོགས་པའི་བྱ་བ་དང་ལྡན་ནམ། འོན་ཏེ་ཆོས་དང་མི་ལྡན་པར་འགྲོ་ཞིང་དུས ་འདས་པ་ཡིན་ཞེས། དེ་ལྟར་རྟག་ཏུ་དྲན་པ་ཉེ་བར་འཇོག་ཅིང། དུས་ཐམས་ཅད་དུ་ཡིད་ལ་བྱེད་པ་དང་ནི་སྡུག་བསྔལ་གྱི་སྣོད་དུ་མི་འགྱུར་གྱི། འཇིག་རྟེན་འདི་དང་གཞན་དུ་ཀུན་ཏུ་དགའ་བ་ཉིད་དུ་འགྱུར་རོ། །དེ་ལྟར་སྤྱོད་པ་མདོར་བསྡུས་པས། གང་ཞིག་ཀུན ་ཏུ་སྤྱོད་བྱེད་པ། །ཚེ་དང་དབང་ཕྱུག་ནད་མེད་པ། །གྲགས་པ་འཇིག་རྟེན་རྟག་ཐོབ་འགྱུར། ཞེས་བྱ་བ་ལ། །དེ་ལྟར་ཞེས་བྱ་བ་ནི་རྫོགས་པའི་ཚིག་གོ་།སྤྱོད་པ་ནི་ཀུན་ཏུ་སྤྱོད་པའོ། །མདོར་བསྡུས་པ་ནི་མདོ་ཙམ་དུ་བསྡུས་ཏེ་བཤད་པ་ཡིན་པས་སོ། །དེ་ལྟ་བུའི་སྤྱོད་པ ་དེ་སྐྱེས་བུ་གང་ཞིག་ཀུན་ཏུ་སྤྱོད་པར་བྱེད་པ་དེ་ནི། ཚེ་ལ་སོགས་པ་ཐོབ་པར་འགྱུར་རོ། །དེ་ལ་ཚེ་ནི་སྲོག་གོ་།ནད་མེད་པ་ནི་བདེ་བར་གནས་པའོ། །དབང་ཕྱུག་ནི་འབྱོར་པ་དང་ལྡན་པའོ། །གྲགས་པ་ནི་སྙན་པས་ཀུན་ཏུ་ཁྱབ་པའོ། །འཇིག་རྟེན་རྟག་པ་ནི ་མི་བཟད་པའི་གནས་ཐོབ་ཅིང་མི་འཇིགས་པའི་དངོས་པོ་མ་ལུས་པར་ཐོབ་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་གཉིས་པའི་རྣམ་པར་འགྲེལ ་བའོ།། །།དེ་ནས་འདུས་སུ་སྤྱད་པའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདིར་ཐ་མལ་པར་བདེ་བར་གནས་པའི་འཇུག་པ་བཤད་པའི་སྐབས་ཡིན་ལ། དེ་ཡང་ལེའུ་སྔ་མར་ནི། དུས་ཚིགས་ཅི་ཙམ་དུ་བསྟན་པ་ཡིན་ལ། ད་ནི་དུས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ་ལེའུ་འདི་བཙོམ?་པ་བྱས་པ་དེ་ཉིད་རིགས་པ་ཡིན་པའི་ཕྱིར། དེ་ཡང་གང་གི་ཕྱིར་ཞག་གཅིག་གི་ཆ་ཤས་ནི། ཐང་གཅིག་ཡིན་ལ། དེའི་སྤྱོད་པ་ཡང་གཅིག་གིས་ཉེ་བར་མཚོན་ནས་སྟོན་ཏེ། དེ་ནི་ཚངས་ཕྱིར་ཐང་གཅིག་ཅེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་པ ་ཡིན་ནོ། །ཉིན་ཞག་ཤས་བསྡུས་པ་ནི་ཟླ་བ་ཕྱེད་དོ། །ཟླ་བ་ཕྱེད་བསྡུས་པ་བཟླ་བའོ། །ཟླ་བ་བསྡུས་པ་ནི་དུས་སོ། །དུས་བསྡུས་པ་ནི་ལྷོ་དང་བྱང་དུ་འགྲོ་བའོ། །དེ་ལ་དུས་དང་དུས་སུ་སྤྱད་པར་བྱ་བ་ཡིན་པས་དུས་ཀྱི་སྤྱོད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གཞན་དག་གི ་ཚིག་གི་དོན་སྔར་བཤད་པར་བས་སོ། །དགུན་ཟླར་བ་སོགས་གཉིས་གཉིས། རིམ་བཞིན་དུས་ནི་དྲུག་ཏུ་བཤད། །དེ་ལས་དགུན་ཟླ་ཐ་ཆུང་སོགས། །གསུམ་ནི་བྱང་དུ་འགྲོ་ཞེས་བྱ། །དེ་ཚེ་མི་རྣམས་ཉིན་རེ་ཞིང། །མཐུ་འཕྲོག་བ་ཞེས་བྱ་བ་ཡིན་ཞེས་བྱ་བ་ལ། དགུན་ཟླར ་བ་ལ་སོགས་པ་ཞེས་པ་ནི། དགུན་ཟླར་བ་དང་འབྲིང་པོ་ལ་སོགས་པའོ། །གཉིས་གཉིས་ནི་གྲངས་གཉིས་ཀྱིས་བཅད་པའི་ཟླ་བ་བཅུ་གཉིས་སོ། །རིམ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་བྱ་བ་ཡིན་གྱི། གོ་རིམ་འཚོལ་བ་ནི་མ་ཡིན་ནོ། །དགུན་ཟླ་བ་ཆུང་སོགས་ཞེས་བྱ་བ་ནི། ་དགུན་སྨད་དང། དཔྱིད་དང། སོག་དང། དབྱར་དང། སྟོན་དང། དགུན་སྟོད་དེ། དུས་དྲུག་ཏུ་དུས་ཀྱི་རྣམ་པར་དབྱེ་བ་བཤད་ཅིང་བསྟན་པ་ཡིན་ནོ། །དེ་ལ་དུས་གསུམ་སྟེ། དགུན་སྨད་དང། དཔྱིད་དང། སོས་ཀ་ཞེས་བྱ་བའི་དུས་གསུམ་ལ་ནི། ཉི་མ་བྱང་ཕྱོགས་སུ ་འགྲོ་བ་ཡིན་ཏེ། ཉི་མ་བྱང་ཕྱོགས་སུ་འགྲོ་བ་དེ་ནི། མཐུ་འཕྲོག་བ་ཞེས་ཀྱང་བྱ་བར་ཤེས་པར་བྱའོ། །དེ་ཡང་གང་གི་ཕྱིར་དུས་དེའི་ཚེ་མི་རྣམས་ཀྱི་མཐུ་དང་སྟོབས་ཉི་མ་རེ་རེ་ཞིང་འཕྲོག་ཅིང་འབྲི་བར་བྱེད་པ་ཡིན་ནོ། །སུ་ཞིག་གིས་འཕྲོག་ཅེ་ན། རང་གི ་རང་བཞིན་ཡིན་པའི་ཕྱིར། ཉི་མའི་འོད་ཟེར་དག་གིས་འཕྲོག་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། དེ་ཚེ་ཤིན་ཏུ་རྣོ་ཞིང་ཚ། །རྩུབ་པའི་ལས་ཀྱི་ངོ་བོ་ཉིད། །ཉི་མ་རླུང་གིས་ཟླ་བ་ཡིས། །ས་ཡི་ཡོན་ཏན་ཟད་པར་བྱེད། །ཅེས་བྱ་བ་ལ། དུས་དེའི་ཚེ་གང་གི་ཕྱིར། །ཤིན་ཏུ་རྣོ་བ་དང། ་ཚ་བ་དང། རྩུབ་པའི་ལས་ཀྱི་ངོ་བོ་ཉིད་དེ། རང་བཞིན་ཅན་ཡིན་པས་ཉི་མ་དང་རླུང་གི་ཟླ་བའི་ཆ་ལས་བྱུང་བའི་བསིལ་བའི་རང་བཞིན་གནས་པའི་ཡོན་ཏན་དེ་ཟད་པར་བྱེད་ཅིང་འབྲི་པར་བྱེད་དོ། །ཚུལ་དེ་ལྟ་ན་མེ་ནི་རྩུབ་པའི་རང་བཞིན་ཅན་ཡིན་པས་མཐུ་སྟོབས ་ཕྲོག་སྟེ། དེས་ན་དེའི་ཚེ་དངོས་པོ་རྣམས་ཀྱི་ཁུ་བ་ཅུད་རྩུབ་པར་འགྱུར་བ་ཡིན་ནོ། །འདིར་ནི་ཚ་བསྐ་ཁ་བ་ཡི། །རོ་རྣམས་སྟོབས་ནི་ཏ་བ་ཡིན་ཞེས་བྱ་བ་ནི། དུས་འདིའི་ཚེ་ཚ་བ་ལ་སོགས་པའི་རོ་རྣམས་གྲངས་ཇི་ལྟ་བ་བཞིན་རིམ་གྱིས་སྟོབས་ཆེ་བ་ཡིན་ནོ། ། ་དེ་ལ་དགུན་སྨད་ཀྱི་དུས་སུ་རོ་ཚ་བ་སྟོབས་ཆེ་བ་ཡིན་ནོ། །དཔྱིད་ནི་བསྐར་བའོ། །སོ་གའི་ནི་ཁ་བ་སྟོབས་ཆེ་བ་ཡིན་ནོ། །སྟོབས་ཆེ་བ་སྨོས་པ་ནི་འདི་སྐད་སྟོན་པ་ཡིན་ཏེ། དེའི་ཚེ་ཚ་བ་ལ་སོགས་པའི་རོ་འདི་དག་སྐྱེད་པར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་རང་གི་ནུས་པ ་གསལ་བར་སྣང་བར་བྱེད་པ་ཉིད་ཡིན་པས། དེའི་ཚེ་སྟོབས་ཆེ་བར་འགྱུར་བ་ཡིན་ཞིང། རང་གི་མཐུ་ཁྱད་པར་ཅན་རྫོགས་པར་བྱེད་དོ། །དེ་བས་མེ་ནི་མཐུ་སྟོབས་འཕྲོག་ཅེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་སའི་ཟླ་བའི་བསིལ་བའི་ཡོན་ཏན་འབྲི་བར་བྱེད་ཅིང། རྩུབ ་པའི་རོ་འཕེལ་བར་བྱེད་ལ། ཉི་མ་རྣོ་བར་བྱེད་པས་འགྲོ་བའི་སྣུམ་པའི་སྟོབས་འཕྲོག་པར་བྱེད་ཅིང། རླུང་གིས་ཀྱང་ཆུའི་ཁམས་སྐེམས་པ་ཡིན་ནོ། །ལྷོ་ཕྱོགས་སུ་ནི་འགྲོ་བའི་དུས། དབྱར་ལ་སོགས་པར་སླར་སྟོབས་བསྐྱེད། །འདིར་སྟོབས་སླར་ནི་སྐྱེས་པས་ན། ། ་འདིར་ནི་བསིལ་བས་ཟླ་བ་ན། །སྟོབས་དང་ལྡན་པས་ཉི་མ་འབྲི། །ཞེས་བྱ་བ་ནི་ལྷོ་ཕྱོགས་སུ་འགྲོ་བ་ཞེས་བྱ་བ་ནི་ཉི་མ་ལྷོ་ཕྱོགས་སུ་འགྲོ་བའོ། །དེའི་དུས་ནི་དབྱར་ལ་སོགས་པ་ཡིན་ཏེ། དབྱར་དང་སྟོན་དང། དགུན་སྟོད་ཅེས་བྱ་བ་ནི་གསུམ་མོ། །དུས་དེ་ནི་སླར་བསྐྱེད་པ་ཞེས ་བྱ་བ་དང། བསིལ་ཞིང་ཞི་བ་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཉི་མའི་འོད་ཟེར་གྱིས་སྟོབས་འཕྲོག་པའི་དུས་སུ་མི་རྣམས་ཀྱི་བཅུང་འཕྲོག་ཅིང་ཟད་པར་བྱེད་པ་སྟེ། སླར་གཏོང་ཞིང་སྐྱེད་བར་བྱེད་པ་ཡིན་ཏེ། དེ་བས་ན་འདི་ནི་སླར་གཏོང་བ་ཡིན་པས་ན། དོན་དང ་མཐུན་པའི་མིག་དུ་དུས་འདི་ལ་སྐྱེད་པ་ཞེས་བྱའོ། །སླར་སྐྱེད་པའི་དུས་འདིར་ནི་བསིལ་ཞིང་ཞི་བ་ཡིན་པས་ཟླ་བ་སྟོབས་དང་ལྡན་ཞིང་ནུས་པ་ཆེ་བ་ཡིན་ལ། དེས་ན་ཉི་མ་འབྲི་བ་ཡིན་ཏེ། དེའི་ཚེ་ཉི་མའི་སྟོབས་ཆུང་བར་འགྱུར་བ་ཡིན་ཏེ། འདིའི་ནུས་པ་འབྲི་པ་ནི། ཟླ ་བའི་སྟོབས་འཕེལ་བས་བསིལ་བར་བྱས་པ་དང། ལྷོ་ཕྱོགས་སུ་འགྲོ་བའི་ལམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། འཆར་འབབ་པ་དང། རླུང་བསིལ་ལས། ས་སྟེང་ཚ་བ་ཞི་བ་ན། །འདིར་ནི་སྣུམ་དང་སྐྱུར་ལན་ཚྭ། །མངར་བའི་རོ་རྣམས་མཐུ་བསྐྱེད་དོ་ཞེས་བྱ་བ་ལ། ་འདིར་ནི་ཞེས་པ་སླར་སྟོབས་བསྐྱེད་པའི་དུས་འདིར་སྣུམ་པ་དང། རོ་གསུམ་པོ་སྐྱུར་པ་དང། ལན་ཚྭ་དང། མངར་བ་མཐུ་ཆེ་ཞིང་སྟོབས་བསྐྱེད་པས་རང་གི་ནུས་པ་གསལ་བར་བྱེད་ལ། འབྱུང་བ་ཆེན་པོ་རྣམས་ཆེ་ཆུང་གི་ཤས་སྙོམས་པས། རོ་དེ་རྣམས་མཐུ་ཆེ ་བར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དུས་བསིལ་བའི་ཕྱིར་ཏེ། ཆར་གྱི་ཚོགས་འབབ་པ་དང། རླུང་བསིལ་ཞིང་གྲང་བས་སའི་སྟེང་གི་ཚ་བཞི་ཞིང་ཐན་པ་དང་བྲལ་བས་མཐུ་སྐྱེ་བ་ཡིན་ནོ། །འདིར་ཡང་རིམ་པ་བཞིན་དུ་སྦྱར་བར་བྱ་སྟེ། དབྱར་ནི་རོ་སྐྱུར་བ་མཐུ་བསྐྱེད ་པ་ཡིན་ལ། སྟོན་ནི་ལན་ཚྭའོ། །དགུན་སྟོད་ནི་མངར་བའོ། །དགུན་ཆེན་ཆང་དང་ཚ་དུས་སུ། །སྟོབས་ཆུང་ལྷག་མ་དག་ལ་འབྲིད། །ཞེས་བྱ་བ་ལ། དགུན་ནི་གྲང་པའི་དུས་ཏེ། དགུན་སྟོད་དང། དགུན་སྨད་ཅེས་བྱ་བའོ། །ཆེ་བ་ནི་དེའི་ཚེ་མི་རྣམས་ཀྱི་མཐུ་སྟོབས་མཆོག ་ཏུ་ཆེ་བར་འགྱུར་རོ། །འདིར་དགུན་ཞེས་སྨོས་པས་ནི། དགུན་སྟོད་དང། དགུན་སྨད་གཉི་ག་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་ནི་མིའི་སྟོབས་ཤིན་ཏུ་ཆེ་བ་ཡིན་ནོ། །ཆར་དུས་དང། ཚ་དུས་ནི་དབྱར་དང་སོ་ཀའི་དུས་ཏེ། དེའི་དུས་སུ་མིའི་སྟོབས་ཆུང་བ ་ཡིན་ནོ། །ལྷག་མ་སྟེ། སྟོན་དང་དཔྱིད་དག་ལ་ནི། །མིའི་སྟོབས་འབྲིང་ཞིང་རན་པ་ཡིན་ནོ། །དེ་ལ་རེ་ཞིག་དགུན་གྱི་དུས་ཀྱི་སྤྱོད་པ་སྨྲས་པ་ནི། སྟོབས་ལྡན་གྲང་བས་བཀག་པ་ནི། །དགུན་གྱི་དུས་སུ་མེ་སྟོབས་ལྡན། །དེ་ནི་རླུང་གིས་སྦར་བས་ན། །ཟས་ཉུང་གྱུར་ན ་ལུས་ཟུངས་སྐེམས། །དེ་བས་དགུན་ནི་མངར་སྐྱུར་དང། །ལན་ཚྭའི་རོ་ནི་བསྟན་པར་བྱ། །ཞེས་བྱ་བ་ལ། སྟོབས་ཞེས་བྱ་བ་སྐྱེས་བུའི་མེ་དགུན་གྱི་དུས་སུ་སྟོབས་དང་ལྡན་པར་འགྱུར་རོ། །དེ་ཡང་དགུན་ནི་སླར་སྟོབས་བསྐྱེད་པའི་དུས་ཡུན་རིང་དུ་བསགས་པ ་ཡིན་པས། མིའི་སྟོབས་བརྟན་པར་གྱུར་པ་ཡིན་གྱི། དང་པོ་རྩོམ་པ་ཙམ་གྱིས་ནི་མ་ཡིན་པས། སྟོབས་འཕྲོག་པའི་དུས་ཀྱི་སྟོབས་རྫོགས་པས། དེ་ལ་གནོད་པར་མི་ནུས་སོ། །དེ་བས་ན་དགུན་ནི་སྟོབས་མཆོག་ཏུ་ཆེ་བར་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱིས་དང་པོ ་ཉིད་སུ་སྟོབས་ལྡན་གྲང་བས་བཀག་པ་ནི་ཞེས་སྨོས་པ་ཡིན་ཏེ། སྟོབས་ནི་འདི་ལྟར་བྱེད་དེ། སླར་སྟོབས་བསྐྱེད་པའི་དུས་སུ་སྟོབས་བསགས་པ། དེའི་ཚེ་སྐྱེས་བུ་དང་ལྡན་པ་ཡིན་ལ། སྟོབས་དེ་གང་བས་བཀག་པས་མི་སྨིན་པར་ནུས་པའི་སྟོབས་དང་ལྡན་པར ་འགྱུར་རོ། །འདིར་དངོས་པོའི་མཚན་ཉིད་ནི་འདི་ཡིན་ཏེ། ཕོ་བའི་མེ་དྲོད་ཀྱི་ཚོགས་གང་ཡིན་པ་བ་སྤུའི་བུ་ག་རྣམས་ལས་ཕྱིར་འབྱུང་བཞི་གྲང་བའི་རེག་པས་བ་སྤུའི་བུ་ག་བཀག་པས་ནང་དུ་འདུས་ལ། ནང་དུ་ཞུགས་པ་དེས་རང་གི་མེའི་དྲོད་དེས་ཕོ་བའི་མེ་དྲོད་དེ་ཉིད ་འགྱུར་རོ། །འདིར་དངོས་པོའི་མཚན་ཉིད་ནི་འདི་ཡིན་ཏེ། ཕོ་བའི་མེ་དྲོད་ཀྱི་ཚོགས་གང་ཡིན་པ་བ་སྤུའི་བུ་ག་རྣམས་ལས་ཕྱིར་འབྱུང་བཞི་གྲང་བའི་རེག་པས་བ་སྤུའི་བུ་ག་བཀག་པས་ནང་དུ་འདུས་ལ། ནང་དུ་ཞུགས་པ་དེས་རང་གི་མེའི་དྲོད་དེས་ཕོ་བའི་མེ་དྲོད་དེ་ཉིད ་མངོན་པར་འཕེལ་བར་བྱེད་དོ། །ཕོ་བའི་མེ་དྲོད་འཕེལ་བ་དེ་ཅི་ཞིག་བྱེད་ཅེ་ན། དེ་ནི་རླུང་གིས་སྦར་བས་ན། ཟས་ཉུང་གྱུར་ན་ལུས་ཟུངས་སྐེམས་ཞེས་སྨོས་པ་ཡིན་ཏེ། ཕོ་བའི་མེ་དྲོད་དེ་རླུང་གིས་སྦར་ཞིང་བྱས་པས། ཟས་ཉུང་བར་འགྱུར་ཞིང། དེའི་ཚེ་ཁ ་ཟས་འགྲངས་པར་ཟོས་ན་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་བཙོས་ཤིང་སྐེམས་པར་འགྱུར་རོ། །དེ་བས་ན་དགུན་གྱི་དུས་སུ་ནི་མེའི་དྲོད་བསྲུང་བའི་ཕྱིར། ཁ་ཟས་ལེགས་པར་འགྲངས་པར་བཟའ་བ་ངེས་པ་ཁོ་ནར་བྱ་དགོས་ཏེ། ཕོ་བའི་མེ་དྲོད་ཀྱིས་ཟས་ཀྱི ་ཆོད་ལྕི་བ་བརྡུ་བར་ནུས་པ་ཡིན་གྱི། དུས་གཞན་དག་ཏུ་ན་དེ་ལྟར་མ་ཡིན་ནོ། །དེ་བས་ན་ཞེས་པ་ནི་རླུང་གིས་ཕོ་བའི་མེ་སྦར་བ་ན་སྟོབས་ཅན་ཡིན་པ་དེ་ལས་རྒྱལ་བར་བྱ་བའི་ཕྱིར་རོ། །དགུན་ཁ་འབབ་པའི་དུས་དག་ཏུ་མངར་བ་དང། སྐྱུར་བ་དང། ལན་ཚྭའི་རོ་བསྟེན་པར ་བྱ་ཞིང་ལོངས་སྤྱད་པར་བྱའོ། །དེ་ཚེ་མཚན་མོ་རིང་བ་ན། ནད་པར་ཉིད་ན་བཀྲེས་པར་འགྱུར། །ངེས་པར་བྱ་བ་བྱས་ནས་ནི། །ཇི་སྐད་བཤད་རྫོགས་དེ་རྗེས་ལ། །རླུང་འཇོམས་ཏིལ་མར་གྱིས་བྱུག་ཅིང། །སྤྱི་བོ་ཏིལ་མར་གྱིས་བྱུག་མཉེ། །བག་ཡོད་པ་དང་སྟོབས་བྱེད ་ཅིང། །རྐང་པས་རན་པར་མཉེས་བྱས་ལ། །དགུན་གྱི་དུས་དེའི་ཚེ། མཚན་མོ་ནམ་རིང་བས་ནང་པར་སྟེ། ཐོ་རངས་ཀྱི་དུས་ཉིད་དུ་བཀྲེས་ཤིང་ཟས་འདོད་པར་འགྱུར་རོ། །དེ་བས་ན་དེའི་ཚེ་ངེས་པར་བྱ་བ་ཞེས་བྱ་བ། བཤང་གཅི་དོར་ནས་གཙང་སྦྲའི་ཆོ་ག་བྱ་བ ་དང། སོ་ཤིང་བཅའ་བ་དང། མཁུར་བ་བཀང་སྟེ་དོར་བ་ལ་སོགས་པ་ཉིན་རེ་སྤྱད་པའི་ཚིག་གའི?་ལེའུ་ལས་ཇི་སྐད་བཤད་པ་རྫོགས་ཤིང་ཟིན་པར་བྱས་ལ། །དེའི་རྗེས་ལ་རླུང་འཇོམས་ཤིང་སེལ་བའི་ཏིལ་མར་གྱིས་རླུང་གི་ནད་གསོ་བ་ལས་བསྟན་པ་བཞིན ་དུ་བྱུག་ཅིང་བསྐུ་བ་བསྟེན་པར་བྱའོ། །དེ་བཞིན་དུ་སྤྱི་བོ་སྟེ། མགོར་ཏིལ་མར་བྱུག་པ་དང། མཉེ་བ་སྟེ་ཁྱད་པར་དུ་ཡན་ལག་རྣམས་ལག་པ་དག་གིས་མཉེ་བ་དང་བག་ཡོད་པ་ནི་མཁས་ཤིང་གོམས་པ་སྟེ། དེ་དང་ལྷན་ཅིག་ལག་པའི་སྟོབས་སྐྱེད་པའི་ཚུལ ་གྱིས་མཉེ་བར་བྱའོ། །དེ་བཞིན་དུ་རྐང་པས་རན་པར་མཉེ་པ་སྟེ། རྐང་པ་གཉིས་ཀྱིས་པགས་པ་དང། སྤུ་ལ་སོགས་པ་ལ་མི་གནོད་བར་རན་ཅིང་ཅི་རིགས་པར་མཉེ་པར་བྱའོ། །དེ་ནས་བསྐལ་བས་སྣུམ་བསལ་ལ། །ཆོ་ག་བཞིན་དུ་ཁྲུས་དག་བྱ། །གུར་གུམ་གླ་རྩི ་དང་བཅས་པས། །ལུས་བསྐུས་ཨ་ཀ་རུ་ལེས?་འདུག་།ཤ་ཚོན་ཁུ་བ་སྣུམ་བག་དང། །བུ་རམ་ཆང་དང་ཆང་དངས་ཆང། །གྲོ་དང་འབྲས་བུར་མE་ཥ་དང། །འོ་མ་བུ་རམ་ཤིང་བཅས་བཟའ་། ཁ་ཟས་གསར་དང་ཞག་ཏིལ་མར། །པྲོ་འཇམ་མཆུ་ཡི ་གཙང་སྦྲ་བྱ། །ཞེས་བྱ་བ་ནི། དེ་ལྟར་ལུས་བཀྲུས་བའི་འོག་ཏུ་སྲན་ཆུང་གི་ཕྱེ་མ་ལ་སོགས་པ་རྫས་བསྐབས་སྣུམ་པས་?་ཞིང་མེད་པར་བྱས་ལ། དེའི་འོག་ཏུ་ཆོ་ག་ཇི་ལྟ་བ་བཞིན་དུ་ཞེས་པ་ཆོ་ག་དང་མི་འགལ་བ་སྟེ། ཆུ་དྲོན་པོས་ལུས་ཀྱི་སྨད་དཀྲུ་བ་ལ་སོགས་པ་སྔར ་ཇི་སྐད་བཤད་པ་བཞིན་དུ་ལུས་བཀྲུ་བར་བྱའོ། །དེ་ནས་ནི་གུར་ཀུམ་གླ་རྩི་དང་བཅས་པས་ལུས་བསྐུ་བར་བྱའོ། །དེའི་འོག་ཏུ་སྐྱེས་བུའི་ལུས་ཨ་ཀ་རུའི་བདུག་པས་བདུག་པར་བྱའོ། །ཤ་ཚོན་ནི་ཤ་བཟང་པོའོ། །ཁུ་བ་ནི་ཤ་ཁུའོ། །སྣུམ་ཅན་ནི་མར་ལ་སོགས་པ ་དང་ལྡན་པའོ། །དེ་ལ་བུ་རམ་ཆང་ནི་བུ་རམ་ལ་སྦྱས་པའི་ཆང་ངོ། །ཆང་དངས་མ་ནི་ཤིན་ཏུ་དངས་བའི་ཆང་ངོ། །ཡང་ཆང་ཞེས་སྨོས་པ་ནི་ཡང་དེ་ལས་གཞན་པ་ཆང་བསྐ་བ་དག་བཏུང་བའོ་དེ་བཞིན་དུ་གྲོ་ལས་བྱས་པའི་ཁུར་བ་དང་ལ་དྷ་ལ་སོགས་པ ་བཟའ་བ་དང་འབྲས་ཁུར་ཏེ། འབྲས་བཏགས་པ་ལས་བྱས་པའི་ཁུར་བ་དང། མ་ཤ་ཞེས་བྱས་པའི་བཟའ་བ་དང། ཀྲི་སར་ལ་སོགས་པའི་བཟའ་བ་དང། འོ་མ་ལས་བྱས་པ་སྟེ། ཕྲུམ་དང་ཞོ་དང་ཆུར་བ་ལ་སོགས་པ་དང། བུ་རམ་ཤིང་ལས་བྱས་པ་སྟེ། ་བཏུང་བ་དང། བུ་རམ་ལ་སོགས་པ་སྟེ། དེ་ཐམས་ཅད་བཟའ་བར་བྱའོ། །དེ་བཞིན་དུ་ཁ་ཟས་སར་པ་ནི་གསར་ཐོག་ལས་བྱས་པའོ། །ཞག་ནི་ཚིལ་མེད་པའི་ཤ་བཙོས་ཏེ་ཚོས་བ་དང། དེའི་སྟེང་ན་སྣུམ་གང་ཞིག་འབྱུང་བ་དེ་ལ་ནི་ཞག་གི་སྒྲར་བཤད་དོ། ། ་དེ་ཡང་ལུང་ལས། ཚིལ་མེད་ཤ་ཡི་སྣུམ་གང་ཡིན། །དེ་ནི་ཞག་ཏུ་ཡོངས་སུ་བསྒྲགས་ཞེས་བཤད་པ་ཡིན་ནོ། །ཏིལ་མར་ར་ནི་ཏིལ་མར་ལས་བྱུང་བ་ཡིན་ནོ། །དེ་བཞིན་དྲོ་འཇམ་ཆུ་ནི་རན་པར་བསྲོས་པའི་ཆུ་སྟེ། དེས་ཁྲུས་ལ་སོགས་པ་བཙང་སྒྲའི་བྱ ་བ་བྱའོ། །བེའུ་རས་སླག་པ་དར་སོགས་བགོ་།དྲེའུ་རྔོག་རེའུ་བལ་ཅན་གདིང། །རང་བཞིན་དྲོ་ཞིང་ཡང་བ་ཡི། །གོས་བགོས་མལ་ཆ་བསྟེན་བར་བྱ། །ཉི་མའི་འོད་ལ་རན་པར་འདི། །དུགས་བྱ་ལྷམ་ནི་རྟག་ཏུ་བགོ་།ཞེས་བྱ་བ་ནི་དེའི་ཚེ་སྐྱེས་བུས་མལ་བརྟེན་པར་བྱའོ། །ཇི་ལྟ་བུ ་ཞེ་ན། བེའུ་རས་ཞེས་བྱ་བ་ལ་སོགས་པ་སྟེ། བེའུ་རས་ནི་བེའུ་ཕྲག་གམ་ལྭ་བ་དམར་པོའོ། །གླག་པ་ནི་པགས་པའི་གོས་སོ། །དར་ནི་རྒྱ་ལས་བྱུང་བའོ། །སོགས་པ་ནི་གོས་བཟང་ངོ་གཞན་དག་བསྡུའོ། །དྲེའུ་རྡོག་རེའུ་བལ་ཅན་ནི། སྐྱིན་ལ་སོགས་པའི་སྤུ་ལས་བྱས ་པའོ། །རང་བཞིན་དྲོ་བ་ནི་ཕལ་ཆེར་སྦུ་དང་ལྡན་པའོ། །ཡང་པ་ནི་ཕྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་བགོས་པ་ནི་དེ་དག་སྟེང་ནས་བགོ་བ་དང། འོག་ཏུ་བཏིང་བའི་ལམ་ལ་སྟན་ལ་སྐྱེས་བུས་བསྟེན་པར་བྱའོ། །དེ་བཞིན་དུ་ཉི་མའི་འོད་ལ་རན་པར་ཞེས་བྱ་བ། འགྲོ་བ་ལ་སོགས ་པ་སྤངས་ལ། ཉི་མ་འདི་ཞིང་སྟེན་པར་བྱའོ། །དེ་བཞིན་དུ་དུགས་ཏེ་བསྲོ་བ་ལ་སོགས་པའི་དབྱེ་བ་རྣམ་པ་བཞི་དག་ཀྱང་ཅི་རིགས་པར་བསྟེན་པར་བྱའོ། །དེ་བཞིན་དུ་ལྷམ་ཞེས་བྱ་བ་དུས་འདིའི་ཚེ་རྣམ་པ་ཐམས་ཅད་དུ་རྟག་པར་ལྷམ་བགོ་བར་བྱའོ། །ཆུང་མ་བཞོན་ཞིང་ཡིད་འོང ་རྒྱགས། །ནུ་མ་བརླ་དང་རོ་སྨད་རྒྱས། །གུར་ཀུམ་གྱིས་བླུགས་སྤོས་ཀྱིས་བདུགས། །ལུས་ཀྱི་དྲོད་ཀྱིས་གྲང་སེལ་བའོ། །ཞེས་བྱ་བ་ནི། དེའི་ཚེ་ཆུང་མ་གཞོན་ཞིང་དར་ལ་བབ་པ་དང། ཡིད་དུ་འོང་ཞིང་སྙིང་དུ་སྡུག་བ་དང། ནུ་མ་དང་བརླ་དང་རོ་སྨད་ཀྱི་ཆ་ཤས་ཤིན་ཏུ་རྒྱས ་པ་དང། སྤོས་ཀྱི་བདུག་པ་ལ་སོགས་པས་ལུས་ཀྱི་དྲོད་ཀྱི་གྲང་བ་སེལ་ནུས་པ་བསྟེན་པར་བྱའོ། །ས་ཁང་ཁང་བ་ཉིས་རིམ་བྱ། །མདག་མེའི་དྲོད་ཀྱིས་བསྲོས་བས་ནི། །གྲང་དང་རྩུབ་པ་ལ་བྱུང་བའི། །ཉེས་པ་ནམ་ཡང་མི་འབྱུང་ངོ། །ཞེས་བྱ་བ་ལས་ཁང་ནི་གང ་ས་བསྐེས་ནས་ཁང་པར་བྱས་པའོ། ཁང་བ་ཉིས་རིམ་ནི་ཁང་བའི་ནང་དུ་ཁང་བར་བྱས་བའོ། །མདག་མེ་དག་ནི་དྲོད་ཀྱིས་བསྲོས་པའི་སོལ་བ་མདག་མར་ལྷག་པར་བྱས་པའི་དྲོད་ཀྱིས་ཁང་བ་གང་བསྲོས་པར་གྱུར་བ་དར་གནས་ཤིང་སྤྱོད་པར་བྱེད་པའི་སྐྱེས་བུ་དེ ་ལ་ནི་གྲང་བ་དང་རྩུབ་པ་ལས་བྱུང་བའི་ཞེས་པ། གྲང་བ་དང་རྩུབ་པའི་དངོས་པོ་ལས་གྱུར་པའི་ཉེས་པའི་གནོད་པ་ནམ་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་རོ། །དེ་ནི་དགུན་སྨད་ཀྱི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། དགུན་སྨད་དུས་སུ་ལྷག་པར་ཡང། ་ཆོ་ག་འདི་ཉིད་བྱ་བ་ཡིན། །དེ་ཚེ་ལྷག་པར་གྲང་བ་དང། །སྟོབས་འཕྲོག་ལས་བྱུང་རྩུབ་པའང་ཡིན་ཞེས་བྱ་བ་ལ། དགུན་སྟོད་ཀྱི་བྱ་བ་འདི་ཉིད་ནི། དགུན་སྨད་ཀྱི་དུས་སུ་ཡང་ལྷག་པར་སྟེ། ཁྱད་པར་དུ་བྱའོ། །དེས་ན་སྣུམ་པ་དང། རོ་གསུམ་པོ་དགུན་སྟོད་ཀྱི་དུས ་སུ་བསྟེན་པར་བཤད་པ་དེ། དགུན་སྨད་ཀྱི་དུས་སུ་ཤིན་ཏུ་སྣུམ་པ་ལ་བསྟེན་པར་བྱ་ལ། དེ་བཞིན་དུ་བསྟེན་པར་བྱ་བ་བཤད་པ་གཞན་གང་དག་ཡིན་པ་དེ་རྣམས། དེའི་ཚེ་ལྷག་པར་ཤས་ཆེ་བར་བྱས་ནས། ཐམས་ཅད་བསྟེན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགུན ་སྟོད་ཀྱི་དུས་ལས་ཀྱང་དེའི་ཚེ་ལྷག་པར་གྲང་བར་འགྱུར་བ་ནི་དུས་ཀྱི་རང་བཞིན་ཡིན་ལ་དེ་བཞིན་དུ་སྟོབས་འཕྲོག་པའི་དུས་ལས་བྱུང་བའི་རྩུབ་པ་ཡང་དེའི་ཚེ་འབྱུང་བ་ཡིན་ནོ། །དཔྱིད་ཀྱི་དུས་ཀྱི་སྤྱོད་པ་དག་བསྟན་པ་ནི། དགུན་ནི་བད་ཀན་ཁོང་ན་སོག་།དབྱེད་དུས ་ཉི་མའི་འོད་དྲོས་པས། །མེ་ཡི་དྲོད་ཉམས་ནད་བསྐྱེད་དེ། །དེ་བས་དེ་ནི་མྱུར་དུ་བསལ། །རྣོ་དང་སྐྱུག་སྨན་སྣ་སྨན་སོགས། །ཡང་དང་རྫུབ་པའི་ཁ་ཟས་དང། །བཅག་དང་ལུས་ཕྱེ་མ་ཉེ་བ་ཡིས། །བད་ཀན་བདོ་བའི་ནད་བསལ་བྱ། །ཁྲུས་བྱས་ག་བུར་ཙན་དན་དང། ་གུར་གུམ་སོགས་པས་བསྐུ་བར་བྱ་ཞེས་བྱ་བ་ལ། དགུན་ཞེས་པ་ནི་གྲང་བར་ཆ་མཐུན་པས། དགུན་སྟོད་དང་དགུན་སྨད་གཉི་ག་ཡིན་པར་ཤེས་པར་བྱའོ། །དེའི་ཚེ་ནི་བད་ཀན་ཁོང་དུ་སོགས་ཤིང་འཕེལ་བ་ཡིན་ནོ། །དེ་ཡང་གང་གི་ཕྱིར་དགུན་སྟོད་དང། ་དགུན་སྨད་ཀྱི་དུས་སུ་སྣུམ་བག་ལ་སྤྱོད་པ་དང། དེ་བཞིན་དུ་དུས་ལས་བྱུང་བའི་གྲང་བས་འདི་ལྷག་པར་བསྒོངས་པར་གྱུར་བ་དང། དེ་དཔྱིད་ཀྱི་དུས་ལ་བབ་པ་དང། ཉི་མའི་འོད་ཟེར་གྱིས་ཚ་བས་གདུངས་པ་དང། གཟུགས་ཞུ་བ་ཉིད་དུ་གྱུར་པས། ཆུ་ལྟར ་མེའི་མི་མཐུན་པའི་ཕྱོགས་སུ་འགྱུར་རོ། །དེས་ན་ཕོ་བའི་མེ་དྲོད་ཉམས་པར་བྱས་ཤིང་བཅིལ་ནས། ནད་སྐྱེད་པར་བྱེད་ཅིང་བར་བྱེད་དོ། །དེ་བས་ན་དཔྱིད་ཀྱི་དུས་ལ་བབ་མ་ཐག་བད་ཀན་ཆུའི་ཚོགས་ལྟར་གནས་པ་དེ་མྱུར་དུ་ཟམ་པ་ལྟ་བུའི་སྐྱུགས་སྨན་ལ་སོགས་པའི་གསོ་བ ་རྣམས་ཀྱིས་བསལ་ཞིང་བཟློག་པར་བྱའོ། །དེའི་མི་མཐུན་པའི་ཕྱོགས་ནི་སྨན་རྣོན་པོ་རྣམས་བཏང་བ་དང། དེ་བཞིན་ཡང་བ་དང་རྩུབ་བའི་ཁ་ཟས་ཏེ། ཟས་ཕལ་མོ་ཆེ་ཁ་བ་དང། བསྐ་བ་ལ་སོགས་པ་དང་ལྡན་པ་བཟའ་བ་དང། དེ་བཞིན་བཅའ་བ་ལ་སོགས་པས་བད་ཀན ་བདོ?་བ་བསལ་ཞིང་བཟློག་ནས། དེའི་འོག་ཏུ་ཁྲུས་བྱས་ལ། ག་བུར་ལ་སོགས་པས་ལུས་བཀྲུ་ཞིང་བྱུག་པར་བྱའོ། །ནས་དང་གྲོ་ནི་རྙིང་པ་དང། སྦྲང་རྩི་སྐམ་སའི་སྲེག་ཤ་བཟའ་། ། མྲའི་ཁུ་དང་སྦྱར་བ་ཡི། །ཁུ་བ་སྐོམ་དུ་སྦྱར་བ་བཏུང། །ཆུང་མ་དྲི་ཞིམ་ཨུཏཔལ་གྱི། ། ་མིག་དང་ལྡན་དང་ལྷན་ཅིག་ཅིང། །ཡིད་ནི་དགའ་ཞིང་བདེར་བྱས་པས། །གྲོགས་དང་ལྷན་ཅིག་བཏུང་བར་བྱ། །སྐྱོན་མེད་ཆང་རྒན་དྲོ་འཇམ་དང། །བུ་རམ་རྒུན་ཆང་སྦྲང་ཆང་དང། །ལྔ?་ཆུ་བསྐོལ་དང་སེའུའི་ཆུ། །སྦྲང་ཆུ་འམ་གླ་སྒང་ཆུ་བཏུང་བྱ་ཞེས་བྱ་བ་ནི། གང་ནས་རྙིང་པ ་དང། གྲོ་རྙིང་པ་དང། སྦྲང་རྩི་དང། སྲོག་ཆགས་སྐམས་ན་གནས་པའི་ཤ་ཐུར་མ་ལ་བསྐྱོན་ཏེ། བསྲེགས་པ་དེ་ཟ་བ་དང། ཆང་ལ་སོགས་པ་བཏུང་བར་བྱའོ། །ཇི་ལྟ་བུ་ཞེ་ན། ཨ་མྲའི་ཁུ་བ་དང་སྦྱར་བ་ཞེས་པ་སྟེ། ཤིང་ཙུ་ཏིའི་ཁུ་བ་དང་སྦྱར་བ་དེ་བཏུང་བར་བྱའོ། །དེ་བཞིན་དུ ་ཆུང་མས་དྲི་ཞིམ་པར་བྱས་པ་དང་དེ་བཞིན་དུ་ཆུང་མ་ཨུཏཔལ་ལྟ་བུའི་མིག་དང་ལྡན་པས་མཚན་མ་དང་ལྷན་ཅིག་བཏུང་བར་བྱའོ། །དེ་བཞིན་དུ་ཡིད་དགའ་ཞིང་དད་པར་བྱ་བ་དང། སེམས་བདེ་ཞིང་ཚིམ་པར་བྱས་པ་དང། དེ་བཞིན་དུ་གྲོགས་པོ་མཛའ་བཤེས་རྣམས་དང་ལྷན ་ཅིག་བཏུང་བར་བྱའོ། །དེ་བཞིན་དུ་སྐྱོན་མེད་པ་སྟེ། མདོག་དང་དྲི་དང་རོ་དང། གཟུགས་ཕུན་སུམ་ཚོགས་པའི་ཆང་རྒན་ལ་སོགས་པའི་ཆང་གི་བྱེ་བྲག་བཏུང་བར་བྱའོ། །དེ་ལ་ཆང་རྒན་ནི་གང་ཡུན་རིང་དུ་སྦྱར་ཞིང་བསླངས་པ་ལ་བྱའོ། །དྲོ་འཇམ་ནི་གང་བསྐོལ་ནས་བྱས་པ ་དེ་ནི་དྲོ་འཇམ་མོ། །བུ་རམ་ཆད་ནི་བུ་རམ་ཤིང་གི་ཁུ་བ་ལས?་ཆད་དུ་བྱས་པའོ། །རྒུན་ཆང་ནི་རྒུན་འབྲུམ་ལས་བྱས་པའོ། །སྦྲང་ཆང་ནི་སྦྲང་རྩི་ལས་བྱས་པའོ། །དེ་བཞིན་དུ་སྒ་ཆུ་བསྐོལ་བ་ནི། བཅའ་སྒ་བསྐོལ་བའི་བཏུང་བའོ། །སེའུའི་ཆུ་ནི་སེའུ ་འབྲུས་བསྐོལ་བའི་ཆུའོ། །སྦྲང་རྩིའི་ཆུ་ནི་སྦྲང་རྩི་དང་ཆུ་སྦྱར་ཏེ་བཏུང་བར་བྱས་པའོ། །གླ་སྒང་ཆུ་ནི་གླ་སྒང་བསྐོལ་བའི་ཆུ་བཏུང་བའོ། །ལྷོ་ཕྱོགས་བསེར་བུ་བསིལ་བ་དང། །མཛའ་མ་ཀུན་ཏུ་ཆུ་འབབ་ལ། །ཉི་མའི་འོད་ནི་མི་སྣང་དངས། །ནོར་བུ་བཅག་འདྲའི་མདངས ་ལྡན་ལ། །ཁུ་བྱུག་སྙན་པའི་སྒྲ་སྒྲོགས་ཤིང། །འདོད་པའི་ལོངས་སྤྱོད་ལྡན་པའི་ས། །སྣ་ཚོགས་མེ་ཏོག་ལྡན་པའི་ཤིང། །དྲི་ཞིམ་སྐྱེད་མོས་ཚལ་དུ་ནི། །དགའ་འདུན་གཏམ་ནི་སྣ་ཚོགས་པས། །ཕྱེད་དུས་བདེ་བས་བདེ་བར་བྱ་ཞེས་བྱ་བ་ལ། སྐྱེད་མོས་ཚལ་གྱི ་ནགས་ཚལ་དུ་འདུག་ལ། ཉི་མ་ཕྱེད་ཀྱི་དུས་སུ་བདེ་བ་ཉིད་ཀྱི་དུས་འདའ་བར་བྱའོ། །ཇི་ལྟར་ཞེ་ན་དགའ་བདུན་གཏམ་ནི་སྣ་ཚོགས་པ་ཞེས་བྱ་བ་ཡིན་ཏེ། དགའ་འདུན་ནི་གླུ་དང་རོལ་མོ་སྣ་ཚོགས་ལེན་པ་དང། གཏམ་སྟེ་སྙན་ངག་གི་གཏམ་སྣ་ཚོགས་པ་བྱ་བས ་སོ་གང་དུ་ཞེ་ན། ལྷོ་ཕྱོགས་བསེར་བུས་བསིལ་བ་དང། །ཞེས་བྱ་བ་ལ་སོགས་ཏེ། ལྷོ་ཕྱོགས་ཀྱི་རླུང་ནི་རྗེས་སུ་མཐུན་པར་ལྡང་བའི་རླུང་གང་ཡིན་པ་སྟེ། རྡུལ་དང་ཕྱེ་མ་དང་གསེག་མ་དང་བཅས་པར་ལྡན་པ་མ་ཡིན་ཏེ། དེ་ལྟ་བུའི་རླུང་གིས་བསིལ་བར་གྱུར་པའི་སྐྱེད་མོས ་ཚལ་དུའོ། །ཡང་ན་ལྷོ་ཕྱོགས་ནས་ལྡང་བའི་རླུང་ནི་བསིལ་བ་ཡིན་པའི་ཕྱིར། དེ་བཞིན་དུ་ཐ་མ་ཀུན་ཏུ་འབབ་པའི་ངང་ཚུལ་དང་ལྡན་པའོ། །དེ་བཞིན་དུ་ཉི་མའི་འོད་ནི་མི་སྣང་དངས་ཞེས་པ་སྟེ། ཇི་སྲིད་ནུས?་པ་དེ་སྲིད་ཀྱི་བར་དུ་ཉི་མ་ནི་མི་སྣང་བ་སྟེ། དེ་ལྟར་ཤིན་ཏུ་སྟུག ་པའི་ནགས་ཚལ་དེར་རོ། །ཡང་ན་ཕྱོགས་ལ་ལ་མི་སྣང་ཞིང་ཅུང་ཟད་སྣང་ལ། ལ་ལར་ནི་རྣམ་པ་ཐམས་ཅད་མི་སྣང་བར་གྱུར་པའོ། །དེ་བཞིན་དུ་ནོར་བུ་བཅག་འདྲའི་མདངས་ལྡན་པ་ཞེས་བྱ་བ་སྟེ། བཻཌཱུརྱ་ལ་སོགས་པའི་ནོར་བུ་བཅག་པ་ལྟ་བུའི་འོད་དང་ལྡན་པ་གང ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཁུ་བྱུག་སྙན་པའི་སྒྲ་སྒྲོག་ཅིང་ཞེས་བྱ་བ་སྟེ། སྐྱེད་མོས་ཚལ་དེ་ན་ཁུ་བྱུག་རྣམས་སྒྲ་སྒྲོག་ཅིང་ཅ་ཅོ་འདོན་པ་དང། དེ་བཞིན་དུ་འདོད་པའི་ལོངས་སྤྱོད་ལྡན་པའི་ས་ཞེས་པ་སྟེ། སྣ་ཚོགས་པའི་གཟུགས་ཡིད་དུ་འོང་བ་དང། འདོད་པའི ་?་?་མ་དང་ལྡན་པའི་ནགས་ཚལ་ལོ། །དེ་བཞིན་དུ་སྣ་ཚོགས་མེ་ཏོག་ལྡན་པའི་ཤིང་ཞེས་བྱ་བ་སྟེ། སྣ་ཚོགས་ཤིང་ཐ་དད་པའི་སྟེ། མེ་ཏོག་དང་ལྡན་པའི་ཤིང་དུ་མ་དང། དེ་བཞིན་དུ་དྲི་ཞིམ་པ་སྟེ། ཡིད་དུ་འོང་བའི་དྲི་འབྱུང་བའི་ཚུལ་ཅན་གྱི་སྐྱེད་མོས་ཚལ་དུ་ཉིས་བྱེད་པའི་དུས་བདེ་བར ་བྱའོ། །ལྕི་བསིལ་ཉིན་མོ་ཉལ་བ་དང། །སྣུམ་པ་གཡང་ར་སྐྱུར་སྤང་བར་བྱ་ཞེས་བྱ་བ་ནི། དེའི་ཚེ་ལྕི་བ་ནས་སྐྱུར་པའི་བར་ནི་བད་ཀན་འཕེལ་བར་བྱེད་པ་ཡིན་པས་དེའི་ཕྱིར་སྤང་བར་བྱའོ། །སོ་གའི་སྤྱོད་པ་སྨྲས་པ་ནི། ཉི་མའི་འོད་ཟེར་རབ་ཚ་བས། སོ་ག་འཕྲོག་པ་འདྲ་བ་ཡིན། །དེ་བས་དེ་ཚེ་ལན ་ཚྭ་ཚ། །སྐྱུར་རྩོལ་ཉི་མའི་འོད་ཟེར་སྤང་ཞེས་བྱ་བ་ལ། ཉི་མ་ནི་འོད་ཟེར་སྟོང་ལྡན་ནོ། །དེ་ནི་སོ་ཀའི་དུས་སུ་འོད་ཟེར་རབ་ཏུ་ཚ་བར་འགྱུར་ཏེ། སྟོབས་འཕྲོག་པའི་རང་བཞིན་མཐར་ཐུག་པའི་དུས་ཡིན་པའི་ཕྱིར་རོ། །དེ་ནི་འཕྲོག་པ་དང་འདྲ་བར་སྟོན་པ་ཡིན་ཏེ། སྔར་རྣམ་པར ་སྤྱད་པའི་ལས་གཞན་དག་བྱ་བར་རིགས་ལ་མ་ཡིན་ནོ། །དེ་བཞིན་དུ་བསིལ་བའི་ཡོན་ཏན་དང། འགྲོ་བའི་སྣུམ་པ་དག་ཀྱང་འཕྲོག་པ་འདྲ་བ་ཉིད་ཡིན་ནོ། །དེ་བས་ན་དེའི་ཚེ་ལན་ཚྭ་སྣ་ཚོགས་ལ་སོགས་པ་ཡང་སྤང་བར་བྱ་སྟེ། དེ་ནི་སྟོབས་འཕེལ་བར་བྱེད་པ་ཡིན་ནོ། །དེ་ཚེ་ཞེས ་བྱ་བ་འདིས་ནི། འདི་སྐད་སྟོན་པ་ཡིན་ཏེ། དམན་ཞིང་ཤས་ཆུང་བ་འམ། ལོག་པར་གྱུར་པའི་ཚེ། ལན་ཚྭ་ལ་སོགས་པ་སྤང་བར་མི་བྱའི་རང་གི་མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་དེའི་ཚེ་བྱ་བ་ཡིན་ནོ། །དེ་ལ་ཚ་བ་ནི་ན་ལེ་ཤམ་ལ་སོགས་པའོ། །སྐྱུར་བ་ནི་དར་པ་སྐྱུར་བ་དང ་སྐྱུར་པོ་ལ་སོགས་པའོ། །རྩོལ་བ་ནི་ལུས་དུབ་པར་བྱེད་པའི་ལས་རྣམས་སོ། །ཉི་མའི་འོད་ཟེར་ནི་ཉི་མ་ཆ་བའི་འོད་དེ་དག་སྤང་བར་བྱའོ། །དེ་ནས་དུས་དེའི་ཚེ་ཅི་ཞིག་བསྙེན་པར་བྱ་ཞེ་ན་དེའི་ཕྱིར་སྨྲས་པ་ནི། ཟས་ནི་མངར་དང་ཡང་བ་དང། སྣུམ་བསིལ་སླ་བ་ཉིད་བསྟེན་བྱ ་ཞེས་བྱ་བ་ནི། དེའི་ཚེ་ཟས་མངར་བ་ཉིད་ཡང་དང་ཡང་དུ་བསྟེན་ཅིང་གོམས་པར་བྱའོ། །རོ་གཞན་ལ་བརྟེན་པར་མི་བྱའོ། །དེ་བས་ཉིད་ཅེས་བྱ་བ་ངེས་པར་བཟུང་བར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཟས་ཡང་བ་སྟེ་རང་བཞིན་གྱིས་སྤང་བ་དང། ཚོད ་ཟིན་བར་བཟའ་ཞིང། ཡང་པར་བྱ་བ་སྣུམ་པ་སྟེ། མར་དང། འོ་མ་ལ་སོགས་པ་དང་སྦྱར་བ་དང། བསིལ་བ་སྟེ་དྲང་བ་ཉིད་དང། སླ་བ་སྟེ་སྲ་བར་མ་གྱུར་པ་ཉིད་བསྟན་ཅིང་བཟའ་བར་བྱའོ། །རབ་བསིལ་ཆུ་ཡིས་ལུས་བཀྲུ་ཞིང། །ཕྱེ་ཟན་ཁ་རར་བཅས་པ་བཟའ་ ་ཞེས་བྱ་བ་ནི། རབ་ཏུ་བསིལ་བའི་ཆུ་ཡིས་ལུས་བཀྲུ་ཞིང། གཏོར་བ་དང། ཕྱེ་ཟན་སླན་དེ་ཁ་ར་དང་སྦྱར་བ?་བལྡག་ཅིང་བཟའ་བར་བྱའོ། །ཆང་མི་མཐུང་སྟེ་མཐུང་ན་ཡང། ཉུང་བ་འམ་ཆུ་མང་བསྲེས་ལ་བཏུང་ཞེས་བྱ་བ་ནི་སོས་ཀ་ཚ་བའི་དུས་སུ་ཆང་བཏུང་བར་མི ་བྱའོ། །གལ་ཏེ་གཏོང་མི་ཕོད་ན་ཉུང་ཟད་ཅིག་གམ། ཆུ་མང་པོ་བསྲེས་ཏེ་བསླང་དེ་བཏུང་བར་བྱའོ། །གཞན་དུ་དེ་ནི་ཁ་སྐམ་ལྷོད། །ཚད་དང་རྨོངས་པར་བྱེད་པ་ཡིན་ཞེས་བྱ་བ་ནི། གཞན་དུ་ན་ཆང་དེ་མང་དུ་འཐུངས་པ་འམ། ཆུ་མང་པོས་མ་སླད་པར་འཐུངས་ན། ་ཁ་བསྐམས་ཤིང་མཆིལ་མ་བསྐ་བ་དང། ལྷོད་པ་དེ་ལུས་ལྷོད་ཅིང་ཞིག་པ་སྙམ་བྱེད་པ་དང། ཚ་བ་དེ་ཡན་ལག་ཐམས་ཅད་ཚ་བས་འདེབས་པ་དང། རྨོངས་པ་སྟེ། སེམས་མེད་པ་སྙམ་དུ་བྱེད་པར་འགྱུར་རོ། །ཆང་བཏུང་བར་མི་བྱའོ་ཞེས་བྱ་བའི ་སྐབས་འདིར་རང་བཞིན་གྱིས་དབྱེ་བ་ལ་བརྟེན་ཏེ་སྨྲས་པ་ཡིན་གྱི། ཡུལ་གཅིག་ལ་ནི་མ་ཡིན་ནོ། །འོ་ན་ཅི་ཞིག་ཡིན་ཞེ་ན། ཐ་དད་པའི་ཡུལ་གསུམ་ཏེ། དེས་བྱ་བ་དགག་པ་ནི་ཡུལ་གཅིག་ལ་ཡིན་པས་འགལ་བར་འགྱུར་རོ། །དེ་ལ་རོ་ཞིག་དུས ་སུ་སྤྱད་པ་ལ་སོགས་པའི་ཆོ་ག་འདི་ནི་ཁམས་མཉམ་པ་བདེ་བར་གནས་པ་ལས་བརྩམས་ཏེ། ཐམས་ཅད་ངེས་པར་བཤད་པ་ཡིན་ནོ། །དེ་བས་ན་ཁམས་སྙོམས་པ་ཆང་ལ་སྲེད་པས་གང་ཅི་ཡང་རུང་བ་དེ་བཏུང་བར་མི་བྱའོ། །དེ་བས་ཀྱང་མཁྲིས ་པའི་རང་བཞིན་ཅན་དག་གིས་ནི་ཤིན་ཏུ་བཏུང་བར་མི་བྱའོ་ཞེས་པ་འདི་ནི་དགག་པའི་ཡུལ་ཡིན་ནོ། །ཆོ་གའི་དབྱེ་བ་ནི་རླུང་དང། བད་ཀན་གྱི་རང་བཞིན་ཅན་དང། དེ་བཞིན་དུ་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ཅན་གྱིས་བཏུང་བར་མི་བྱ་ཞིང། དེ་བཞིན་དུ་རླུང་དང་མཁྲིས་པའི་རང ་བཞིན་ཅན་གྱིས་ཀྱང་བཏུང་བར་མི་བྱ་སྟེ། ཆང་ནི་ཕལ་ཆེར་རླུང་དང་མཁྲིས་པ་བསྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཕལ་ཆེར་ཆང་གི་ཉེས་པ་ནི་མཁྲིས་པ་རླུང་གི་མཐར་ཐུག་པའི་ནད་སྐྱེད་པར་བྱེད་པ་ཡིན་པས་གསུམ་པོ་དེ་དག་གིས། སོ་ཀའི་དུས་སུ་ཆང་དེ་ཟད་པར་བྱ་བའི་ཕྱིར། ་དུས་གཞན་གྱི་ཚེ་ན་འཐུང་བ་ལྟར་མང་པོ་བཏུང་བར་བྱའོ། །དེ་དང་ཆ་མཐུན་པ་ཉུང་ཟད་ཅིག་བཏུང་བར་བྱ་ལ། དེ་བཞིན་དུ་བད་ཀན་དང། མཁྲིས་པའི་རང་བཞིན་ཅན་ཆང་ལ་སྲེད་པ་དག་གིས་ནི་བད་ཀན་ཟད་པར་བྱ་བའི་ཕྱིར་དང། མཁྲིས་པ་དང་ཡང་མི་མཐུན་པ་མེད་པར་བྱ་བར ་འདོད་ན་ཆང་དེ་ཆུ་མང་པོས་བསྲེས་ཏེ་བཏུང་བར་བྱའོ། །ཡང་ན་གནས་སྐབས་ཀྱི་དབྱེ་བ་ལས། ཡུལ་གྱི་དབྱེ་བ་སྟེ། གང་གིས་ཆང་དེ་འཐུངས་པས་དེས་སོས་ཀའི་དུས་སུ་གནས་སྐབས་ལ་ལར་ནི། ཉུང་ཟད་ཅིག་བཏུང་བར་བྱ་ལ། གནས་སྐབས་ལ་ལར་ནི་ཆུ་མང་པོས་བསླད ་དེ་བཏུང་བར་བྱའོ། །འབྲས་ཆན་ཀུནད་ཟླ་ལྟར་དཀར། །སྐམ་སའི་སྲོག་ཆགས་ཤ་དག་བཟའ་། །ཞེས་བྱ་བ་ནི་འབྲས་སཱ་ལུ་ལ་སོགས་པའི་འབྲས་ཆན་ཀུནད་དང། ཟླ་བ་ལྟར་དཀར་བ་དེ་སྲོག་ཆགས་དེ་སྐམས་ན་གནས་པའི་ཤ་དང་བཅས་པར་བཟའ་ཞིང་ལོངས་སྤྱོད་པར ་བྱའོ། །ཁུ་བ་མི་བསྐ་ཞོ་དང་ནི། །བུ་རམ་སྦྱར་སོགས་གཡོས་བྱས་བཏུང། །ཕལ་ཆེར་སྐྱུར་བ་བཏུང་བར་བྱ་ཞེས་བྱ་བ་ལ་ཁུ་བ་ནི། ཤ་ཁུ་སྟེ་དེ་བཏུང་བར་བྱའོ། །མི་བསྐ་བ་ནི་གར་པོ་མ་ཡིན་པ་སླ་བའོ། །དེ་བཞིན་དུ་ཞོ་དང་བུ་རམ་སྦྱར་ཏེ། སྤྱོད་ཀྱིས་བཏབ་པ་བཏུང་བ་དང། ་དེ་བཞིན་རྒུན་འབྲུམ་དང། སེའུ་ལ་སོགས་པ་ལས་གཡོས་སུ་སྦྱར་ཕལ་ཆེར་སྐྱུར་བ་བཏུང་བར་བྱའོ། །སྙིང་པོ་ལྔའི་བཏུང་བ་ནི། ཁམ་ཕོར་གསར་པ་ལ་གནས་པ། །ཆུ་ཤིང་རྒྱ་སྟར་དུམ་བུར་བསྲེས། །སྐྱུར་བཅས་ཁམ་ཕོར་སྣོད་ཀྱིས་བཏུང་ཞེས་བྱ་བ་ནི། ཆུ་དང། སྦྲང ་རྩི་དང། ནཱ་ག་གེ་སར་ལ་སོགས་པ་དང་སྦྱར་བའི་བཏུང་བ་བཏུང་བར་བྱའོ། །སྙིང་པོ་ལྔ་ནི་རླུང་དང་མཁྲིས་པ་གསོ་བའི་གནས་སྐབས་ནས་སྟོན་པའི་སྐྱོ་མའི་བཏུང་བ་རྫ་བུམ་གསར་པའི་ནང་དུ་བཅུག་ཅིང་བཞག་པ་སྟེ། སྦྲང་རྩི་འབྲ་གོ་རྒུན་འབྲུམ་དང། ། ་པོ་རུ་ཤ་ཀ་ཁ་རའི་ཆུ། །སྙིང་པོ་ལྔ་ཡི་སྐྱོ་མ་ནི། །འབྲས་ཡོས་ཚ་དང་མར་བཅས་བཏུང། །ཞེས་ཁྲག་མཁྲིས་གསོ་བའི་གནས་སྐབས་ལས་ཀྱང་བཤད་པ་ཡིན་ཏེ་བཏུང་བར་བྱའོ། །ཆུ་ཤིང་རྒྱ་སྟར་དུམ་བུར་བསྲེས་ཞེས་བྱ་བ་ནི། ཆུ་ཤིང་གི་འབྲས་བུ་དང། རྒྱ ་སྟར་གྱི་འབྲས་བུའི་དུམ་བུ་དང་བསྲེ་བ་དང། སྐྱུར་བཅས་ཞེས་བྱ་བ་ནི། སེའུ་དང་སྐྱུ་རུ་རལ་སོགས་པས་རོ་སྐྱུར་བར་བྱས་པའོ། །ཁམ་ཕོར་སྣོད་ཀྱི་ཞེས་བྱ་བ་ནི། ས་ལས་བྱས་པའི་ཁམ་ཕོར་སྲབ་མོ་ཆུང་དུས་བཏུང་བའོ། །ཆུ་ནི་པ་ཏ་ལས་བསྒོས་ཤིང། ག ་བུར་བཅས་ཤིང་ཤིན་ཏུ་བསིལ་ཞེས་བྱ་བ་ལ། དེ་བཞིན་དུ་ཆུ་བཏུང་བར་བྱ་སྟེ། དེ་ཡང་པ་ཏ་ལས་བསྒོམ་པ་ཞེས་པ། པ་ལའི་མེ་ཏོག་གི་དྲི་ཞིམ་པར་བྱས་པ་དང། ག་པུར་ལ་སོགས་པ་དང་བསྲེས་ཤིང་ཤིན་ཏུ་བསིལ་བར་བཏུང་ངོ། །ཟླ་ཟེར་ལྟ་བུའི ་བཟའ་བ་ནི། མཚན་མོའི་དུས་སུ་བཟའ་བ་དང། །ཟླ་བ་སྐར་མ་ལྟར་དཀར་བའི། །མ་ཧེའི་འོ་མ་བསིལ་བུ་བཏུང་ཞེས་བྱ་བ་ལ། ཟླ་གཟེར་ལྟ་བུའི་བཟའ་བ་ཞེས་བྱ་བ་ནི། འབྲས་ཀྱི་ཁུར་བ་ག་བུར་དང་བཅས་ཤིང་ཁོང་སྟོང་དུ་བྱས་པ། ཁ་ར་དཀར་པོ་ལ ་སོགས་པ་བཅུག་པ་མཚན་མོའི་དུས་སུ་བཟའ་བར་བྱ་ཞིང་མ་ཧེའི་འོ་མ་ཁ་ར་དཀར་པོ་དང་བཅས་པ། ཟླ་བ་དང་སྐར་མའི་འོད་ཀྱིས་བསིལ་བར་གྱུར་པ་བཏུང་བར་བྱའོ། །སཱ་ལ་ཧཱ་ལ་ཆེན་པོ་ནི། སྤྲིན་རེག་ཚ་བའི་འོད་ཟེར་སྒྲིབ། །རྒུན་འབྲུའི་སྙེ་མ་གཡུར་ཟ་ཞིང།། ་འཁྲི་ཤིང་ལྡན་དང་ནགས་ཚལ་བཟང། །དྲི་ཞིམ་ཁ་བའི་ཆུ་ཡིས་ནི། །བསིལ་ཁང་ལུས་དང་མཚན་བྱས་པར། །ཆག་ཆག་བཏབ་དང་ཨ་མྲ་ཡི། །ལྡུམ་བུ་འབྲས་བུ་འཕྱ་བ་དང། །ཆུ་ཤིང་འདབ་དང་ཀལྷ?་རེ། །པད་ཙ་པདྨ་ཡུ་རུ་ལ། །མེ་ཏོག་རྒྱས་པ་དང་ལྡན ་པའ?། །འཇམ་པའི་གནས་མལ་བཅས་ནས་ནི། །ཕྱེད་དུས་ཉི་མས་གདུངས་པ་ན། །ཉལ་བ་འམ་ཞེས་བྱ་བ་ལ། སྐྱེད་མོས་ཚལ་དག་ཏུ་སྐྱེས་བུ་རང་གི་ལུས་ཀྱི་ཚད་དང་མཉམ་པའི་མལ་དུ། ཉི་མ་ཕྱེད་ཀྱི་དུས་སུ་ཉལ་བར་བྱའོ་ཞེས་སྦྱར་རོ། །སྐྱེད་མོས་ཚལ་ནི་ཅི་ལྟ་བུ་ཞེ་ན། ་སཱ་ལ་ཏཱ་ལ་ཆེན་པོ་ནི་ཞེས་པ། ཤིང་སཱ་ལ་དང། ཏཱ་ལ་སྤྲིན་རེག་ཅེས་པ་བར་སྣང་དག་ལ་ཤིན་ཏུ་འཕགས་ཤིང། །རྩེ་མོས་བསྙེག་པ་ལྟ་བུར་གནས་པ་གང་ཡིན་པ་དེས་ཚ་བའི་འོད་ཟེར་ཞེས་པ་སོ་གའི་ཉི་མ་ཚ་བའི་ཟེར་སྐྱེད་མོས་ཚལ་དུ་འབབ་པ་གང་ཡིན་པ་དེ་སྒྲིབ་ཅིང་འགེབས་པར ་བྱེད་པ་དང། དེ་བཞིན་དུ་རྒུན་འབྲུའི་སྙེ་མ་སྟེ། འབྲས་བུའི་ཚོགས་གཅིག་ཏུ་འབྱར་བ་ནི་སྙེ་མ་ཞེས་བྱ་སྟེ། དེ་གཡུར་ཟ་ཞིང་འཕྱང་བ་དང། མ་དུ་ཀ་ལ་སོགས་པའི་འཁྲི་ཤིང་གི་ཡལ་ག་རྣམས་ལ་འཇུས་ཤིང་འཁྲིས་པ་སྟེ། དེ་ལྟ་བུའི་སྐྱེད་མོས་ཚལ་དུ་ཉལ་བར་བྱའོ། ། ་གཞན་ཡང་འོད་མ་ལ་སོགས་པ་ལས་བྱས་པའི་ཁང་པར་དྲི་བཟང་པོར་ཏེ། ག་པུར་ལ་སོགས་པའི་དྲིས་བསྒོས་ཤིང། ཁ་བས་དྲང་བར་བྱས་པའི་ཆུས་ཆག་ཆག་བཏབ་ཅིང། བརླན་པར་བྱས་པ་དང། དེ་བཞིན་དུ་ལུས་དང་འཚམ་པར་བྱས་པའི་གནས་དེའི་ཉེ་འཁོར་ན། གོས ་ཀྱི་ཚོགས་དབྱངས་པ་དང། དེ་བཞིན་དུ་ཨ་མྲའི་ལྡུམ་བུ་བྱུ་རུ་ལྟར་དམར་བའི་ཡལ་ག་སར་པ་དང། དེའི་འབྲས་བུའི་ཚོགས་འཆང་བ་དེས་ཀུན་ནས་བསྐོར་ཞིང་ཁྱབ་པ་དང། ཅི་སྐྱེད་མོས་ཚལ་དེར་ལུས་ཀྱི་ཚད་དང་འཆམ་པར་བྱས་པའི་སྦྱིལ་བུར། མལ་ཁྲི་མེད་པར ་བབ་བབ་དུ་ཉལ་བར་བྱ་བ་འམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་མལ་སྟན་བཅས་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །གང་གིས་བཅའ་ཞེ་ན། ཆུ་ཤིང་འདབ་མ་ལ་སོགས་པས་སོ། །ཇི་ལྟ་བུ་ཞེ་ན་འཇམ་པའོ། །དེ་ལ་ཆུ་ཤིང་གི་འདབ་མ་ནི་ཆུ་ཤིང་གི་ལོ་མའོ། །ཀལྷ་ར་ནི ་གཾ་དྷ་ས་མ་གའོ། །པདྨའི་རྩ་བ་ནི། པདྨའི་རྩ་བ་གཞོན་ནུའོ། །པདྨ་ནི་མེ་ཏོག་པདྨའོ། །ུཏཔ་ལ་ནི་ཨུཏཔ་ལ་སྔོན་པོའོ། །གཞན་ཡང་ཅི་ལྟ་བུ་ཞེ་ན། མེ་ཏོག་རྒྱས་པ་སྟེ། མེ་ཏོག་གི་ཡལ་ག་རྒོད་པ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེར་རོ། །ཡང་མེ་ཏོག་རྒྱས་པ་ནི། ལོ ་འདབ་ཀྱི་མཛའ་མར་མེ་ཏོག་ཅུང་ཟད་རྒྱས་པ་དང་ལྡན་པ་དེར། ཉི་མ་ཕྱེད་ཀྱི་དུས་སུ་ཉི་མས་གདུངས་པ་ན་ཉལ་བར་བྱའོ། །ཆུའི་ཁང་པ་ནི་བུད་མེད་བཅོས་གཟུགས་ནུ་མ་ལག་།ཁ་ལས་ནུ་ཨུ་ཤིར་ཆུ་འབབ་བྱ་ཞེས་བྱ་བ་ནི། ཡང་ན་ཉི་མ་ཕྱེད་ཀྱི ་ཚ་བས་གདུངས་པའི་དུས་སུ་ཆུའི་ཁང་པར་ཉལ་པར་བྱའོ། །དེ་ཡང་བུད་མེད་བཅོས་མ་ཞེས་བྱ་བ་སྟེ། ཤིང་ལས་བུད་མེད་ཀྱི་གཟུགས་བྱས་ལ། ཁོང་དུ་ཆུ་དྲངས་ཏེ་དེའི་ནུ་མ་དང། ལག་སོར་དང། །བ་ལས་པུ་ཤེལ་ཅི་དང་སྦྱར་བའི་ཆུ་འབབ་པའི་དྲུང་དུ་འདུག་ཅིང ་དེས་རེག་པར་བྱའོ། །མཚན་མོ་ཡང་ཐོག་རྡོ་ཐལ་བྱུགས། ཟླ་བའི་འོད་ཀྱིས་བསིལ་བར་ཉལ་ཞེས་བྱ་བ་ནི། མཚན་མོའི་དུས་སུ་ཁ་བཟང་གི་སྟེང་གི་ཡང་ཐོག་རྡོ་ཐལ་གྱིས་བྱུགས་ཤིང། ཟླ་བའི་འོད་ཀྱིས་བསིལ་ཞིང་ཁྱབ་པར་ཉལ་བར་བྱའོ། །མལ་བསྟན ་བར་སེམས་བདེ་ཞིང། ཙན་དན་ལྡེ་གུ་ཕྲེང་བ་ཐོགས། །རབ་ཏུ་ཕྲ་བའི་གོས་བགོས་ཤིང། །འདོད་པའི་རྒྱུན་ལས་ལྡོག་པར་བྱ་ཞེས་བྱ་བ་ནི། མལ་སྟན་བདེ་བ་བཏིང་ནས་ཁང་བཟང་གི་སྟེང་དུ་འདུག་པ་ནི། མཚན་མོ་བསྔགས་པ་ཡིན་ལ། དེ་བཞིན་དུ་སེམས ་བདེ་བ་སྟེ། སྡུག་བསྔལ་གྱི་གདུང་བ་མེད་པ་དང། དེ་བཞིན་དུ་ཙནདན་ལྡེ་གུ་སྟེ། ཙནདན་གྱི་ལྡེ་གུས་ལུས་བྱུགས་པ་དང། ཕྲེང་བ་ཐོགས་པ་སྟེ། མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་བརྒྱན་པ་དང། དེ་བཞིན་དུ་རབ་ཏུ་ཕྲ་བའི་གོས་བགོས་ཞིང་ཞེས་བྱ་བ་སྟེ། ་ཤིན་ཏུ་ཕྲ་ཞིང་སྲབ་པའི་གོས་བགོས་པ་དང། དེ་བཞིན་དུ་འདོད་པའི་རྒྱུན་ལས་ལྡོག་པར་བྱ་ཞེས་བྱ་བ་སྟེ། བུད་མེད་ཉལ་པོ་བྱེད་པ་སྤང་ཞིང་འཁྲིག་པ་མི་བྱ་སྟེ། དེ་ལྟ་བུ་དག་ནི་དེའི་ཚེ་ཕན་པ་ཡིན་ནོ། །ཏཱ་ལའི་བསིལ་ཡབ་སྤོས་ཆུས་གདག་།པདྨ ་འདབ་བརྒྱད་རླུང་ཡབ་དང། དལ་གྱིས་ལེགས་པར་གཡོ་བ་དང། རྫི་ཆར་བསེར་བུ་དང་ལྡན་པའི། །ག་བུར་མལླི་ཀའི་ཕྲེང་བ། །མུ་ཏིག་དོ་ཤལ་ཙནདན་དཀར། །ནེ་ཙོ་ཤ་རི་ཀ་ལ་སོགས། །སྒྲ་བརྙན་ཡིད་འོང་སྒྲོག་པ་དང། །ཆུང་མ་གདུབ ་བུ་པད་རྩ་འདྲ། །པདྨ་རྒྱས་པ་ལྟ་བུར་མཛེས། །པདྨ་ཅན་ནི་འགྲོ་འདྲ་པ། །སྙོམ་བ་སེལ་བར་བྱེད་པ་ཡིན་ཞེས་བྱ་བ་ལ། དུས་འདིའི་ཚེ་ན། ཏཱ་ལའི་རླུང་ཡབ་ལ་སོགས་པ། སྙོམ་ཞིང་ཚ་བས་ཞུམ་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་ཏཱ་ལའི་བསིལ་ཡབ་སྤོས་ཆུས་བཏབ་པ་ནི། ་ཤིང་ཏཱ་ལེའི?་ལོ་མ་སྤོས་ཆུས་སྤངས་ཤིང་བརླན་པར་བྱས་པ་འམ། ཡང་ན་ཏཱ་ལའི་བསིལ་ཡབ་ཅེས་བྱ་བ་ནི། རྨ་བྱའི་འཇུག་མལ་སོགས་པས་བྱས་པའི་རྡུལ་ཡབ་ཚ་བསེལ་བའི་བྱ་བ་བྱེད་ནུས་པ་ལ་བྱའོ། །པདྨའི་འདབ་མ་རྒྱས་པ་ནི། །པདྨའི་འདབ་མ་དག་ཉིད་རྒྱས་པ་བསིལ་ཡབ་ཏུ་བྱས་པ་དང། ་རླུང་ཡབ་ཅེས་བྱ་བ་རྨ་བྱའི་སྒྲོ་ལས་བྱས་པ་རླུང་ཡབ་ནུས་པའི་རྣམ་པར་བྱས་པ་དག་གིས་ཏེ། དེ་དག་དང་དལ་གྱིས་ལེགས་པར་གཡོབ་ཅིང། སྒེག་པ་དང་བཅས་པས་གྱེན་དུ་བཏེག་པ་གང་ཡིན་པ་དེ་ནི་དལ་གྱིས་ལེགས་པར་གཡོབ་པའོ། །དེ་བཞིན་དུ་རྫི་ཆར་བསེར་བུ་དང་ལྡན ་པར་བྱས་ཏེ། རྫི་ཆར་དང་བསེར་བུ་བསིལ་པའི་བྱ་བ་བྱེད་པ་དང་ལྡན་པར་གཡོབ་པར་བྱའོ། །དེ་བཞིན་དུ་ག་པུར་གྱིས་བསྒོས་པའི་མལླི་ཀ་ནི། ག་བུར་གྱི་མལླི་ཀ་སྟེ། དེའི་ཕྲེང་བ་ནི། ག་པུར་མཱ་ལི་ཀའི་ཕྲེང་བ་ཞེས་བྱ་བ་འམ། ཡང་ན་མལླི་ཀ་ཁྱད་པར་ཅན་གྱི་ཕྲེང་བ་ལ་དེ་སྐད ་ཅེས་བྱ་སྟེ། དེ་གདགས་པ་དང། དེ་བཞིན་དུ་མུ་ཏིག་དོ་ཤལ་ནི་མུ་ཏིག་གི་རྒྱན་ཆུན་འཕྱང་ཞེས་བྱ་བ་སྟེ། ཙན་དན་དཀར་པོ་དང་བཅས་པར་གནས་པ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བྱིས་པ་ཡིད་དུ་འོང་བར་སྨྲ་བ་དང། ནེ་ཙོ་དང་ཤ་རི་ཀ་ལ་སོགས་པ་སྒྲ་ཡིད་དུ་འོང་བ་སྒྲོག ་པ་དང། །དེ་བཞིན་དུ་ཆུང་མ་གདུ་པུ་པདྨའི་རྩ་བ་ལྟར་དཀར་བ་ཐོགས་ཤིང། པདྨའི་འདབ་མ་རྒྱས་པ་ལྟར་བཞིན་རས་ཤིན་ཏུ་མཛེས་པ་དེ་ལ་འདི་ལྟ་བར་ནི། པདྨ་ཅན་གྱི་འགྲོ་བ་འདྲ་ཞེས་བྱ་སྟེ། པདྨ་ཅན་གྱི་མཚོ་འགྲོ་ཞེས་བྱ་བ་ལྟ་བུར་བལྟ་ཞིང་དགའ་བ་བསྐྱེད་པར་བྱའོ།། ་དབྱར་གྱི་སྤྱོད་པ་སྨྲས་པ་ནི། །མཐུ་འཕྲོག་པས་ནི་ན་བའི་ལུས། །དམན་པ་ལས་ཀྱང་དམན་འགྱུར་ཏེ། དབྱར་གནོད་པས་ཞེས་བྱ་བ་ནི། དགུན་སྨད་ནས་སོ་ཀའི་བར་དུས་གསུམ་པོ་ནི། མཐུ་འཕྲོག་པའི་དུས་ཡིན་ཏེ། མཐུ་འཕྲོག་པའི་དུས་དེས། ན་ཞིང་ནུས་པ་འབྲི་བའི ་ལུས་གང་ཡིན་པ་དེ་ནི། མཐུ་འཕྲོག་པ་ན་བའི་ལུས་སུ་ཤེས་པར་བྱའོ། །དེ་མི་དམན་པ་ལས་སྔར་དམན་ཞིང། ཞེན་པར་གྱུར་པ་ལས་ཀྱང། ཡང་དབྱར་གྱི་ཉེས་པ་རླུང་ལ་སོགས་པས་འཁྲུགས་ཤིང་ཞུམ་པས་དམན་པ་ཉིད་དུ་འགྱུར་རོ། །གནོད་འགྱུར ་ཏེ། མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན། །ཆུ་ཐིགས་བཅས་པའི་རླུང་དབང་ནི། །གྲང་བ་དྲག་པོས་ལྡང་བ་དང། །ས་ཡི་རླངས་པ་སྐྱུར་མ་ནི་དང། །ཆུ་ནི་རྙོག་མ་ཅན་དག་གིས། མེ་དྲོད་ཆུད་པས་གནོད་པར་བྱེད་ཅེས་བྱ་བ་ནི། ཉེས་པ་དེ་དག་གནོད་པར་འགྱུར་ཞིང། སྡུག ་བསྔལ་བསྐྱེད་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་ཞེ་ན། མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན་ཞེས་བྱ་བ་སྟེ། ཆུ་ཡིས་རྒྱས་པའི་ཆར་སྤྲིན་མཁའ་ལས་འདུས་པར་གྱུར་པས། གང་ཆུ་ཐིགས་ཕྲ་མོ་དང་བཅས་པའི་རླུང་དྲང་མོ་དྲག་ཅིང་ཤུགས་ཆེ་བར་ལྡང་བ་དང། ་དེ་བཞིན་དུ་སའི་ངང་པ་བྱུང་ཞིང་ཁུག་རྣ་བྱུང་བ་དང། དེ་བཞིན་དུ་སྐྱུར་བའི་རྣམ་པར་སྨིན་ཞིང་མཐུ་སྐྱེད་པ་དང། དེ་བཞིན་དུ་ཆུ་རྙོག་པ་དང་བཅས་ཤིང་བྲམ་ཡོད་པ་དག་གིས། མེ་དྲོད་ཆུང་བར་བྱེད་པས་ཉེས་པ་དེ་འཕེལ་བར་འགྱུར་རོ། །ཕན་ཚུན་གནོད་པ་དེ་ལ་ནི། ་དྲོད་ཞིང་མེ་ཡི་སྟོབས་བསྐྱེད་པ། ཐུན་མོང་གང་ཡིན་བསྟེན་པར་བྱ་ཞེས་བྱ་བ་ནི། ཕན་ཚུན་གཅིག་ལ་གཅིག་གནོད་པར་བྱེད་པའི་དང་ཚུལ་ཅན་གང་ཡིན་པ་དེ་ནི་ཕན་ཚུན་གནོད་པ་སྟེ། གཅིག་ལ་གཅིག་གནོད་པར་བྱེད་པ་ནི་རང་གི་ངོ་བོ་ལས་ཉམས་པར་བྱེད་པ་ཡིན་ནོ། །ཚུལ་འདིས་ཕན་ཚུན་གནོད་པ་དག་ལ་ནི། རླུང་ལ་སོགས་པའི་ཐུན་མོང་གི་ཉེས་པ་སུམ་ཆར་སེལ་བར་བྱེད་པའི་བཟའ་བ་དང་བཏུང་བ་དང། སྨན་ལ་སོགས་པ་བསྟེན་ཅིང་གོམས་པར་བྱའོ། །དེ་ཡང་ངོ་ཞིང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ། ཚ་བ་ལྔ་ལ་སོགས་པ་བསྟེན ་པར་བྱའོ། །སྤྱད་བས་ལུས་ནི་དག་བྱེད་པ། །ཟས་ནི་ཡང་བྲག་ཁུ་བར་བཟའ་། །སྐམ་སའི་སྲོག་ཆགས་ཤ་ཁུ་དང། །སྦྲང་རྩི་ཅན་ནི་རྙིང་ལ་བཏུང། །ཞེས་བྱ་བ་ནི་སློན་སྨན་ལ་སོགས་པས་ལས་དག་པར་བྱས་ཤིང། ནད་ལ་སོགས་པ་བསལ་བ་ལ་བསྟེན་པར་བྱའོ། ། ་དེ་བཞིན་དུ་བས་ཡང་བ་སྟེ། གསར་ཐོག་དང་ཁུ་བ་སྟེ། ཤ་ཁུ་ལ་སོགས་པ་དང་སྦྱར་བ་བཟའ་བར་བྱའོ། །སྐམ་སའི་སྲོག་ཆགས་ཀྱི་ཤ་དང་ཁུ་བ་སྟེ། སྲན་མ་མུད་ལ་སོགས་པ་ལ་སྦྱར་བའི་ཁུ་བའོ། །སྦྲང་རྩི་ནི་སྦྲང་རྩི་ལས་བྱས་པའི་ཆང་གི་ཁྱད་པར་ཏེ། དེ་ཡང་རྙིང་བ་སྟེ ་སྐྱོན་མེད་པ་བཏུང་བར་བྱའོ། །དར་བ་ཁ་རུ་ཚར་སྦྱར་བ་འམ། ཚ་བ་ལྔ་ཡི་ཕྱེ་མ་ཅན། ཁྲོན་པའི་ཆུ་ནི་བསྐོལ་བ་ཕན་ཞེས་བྱ་བ་ལ། དར་བའམ་ཁ་རུ་ཚ་སྦྱར་བ་ནི། ལན་ཚྭ་བ་རུ་ཚ་ཞེས་པ་དང་ལྡན་པའོ། །དེ་བཞིན་དུ་ཚ་བ་ལྔའི་ཕྱེ་མ་ཅན་ནམ། ཡང་ན་ཁྲོན་པའི་ཆུ་འམ། ་ཆར་ཆུ་བསྐོལ་བ་བསྟེན་པར་བྱའོ། །ཚར་ཆེའི་དུས་སུ་ཁ་ཟས་ནི། རབ་སྒྱུར་ལན་ཚྭ་སྣུམ་དང་བཅས། །སྐམ་ཞིང་སྦྲག་རྩིར་ལྡན་པ་ཡང་ཞེས་བྱ་བ་ནི། ཤིན་ཏུ་ཆར་ཆེས་ཤིང་ཡུལ་རྨུས་པའི་དུས་སུ་བཟའ་བའི་ཁ་ཟས་ནི། རབ་སྐྱུར་ལན་ཚྭ་སྣུམ་དང་བཅས་ཞེས་བྱ་བ་ཡིན་ཏེ། ་ཤིན་ཏུ་སྒྱུར་བ་དང། ལན་ཚྭ་དང་བཅས་པའི་ཁ་ཟས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐམས་ནི་ཕལ་ཆེར་སྐམ་པོ་དང་བཅས་པའོ། །སྦྲང་རྩི་ལྡན་པ་ནི་སྣང་དང་བཅས་པའོ། །ཡང་བ་ནི་རང་བཞིན་གྱིས་ཡང་བའམ། ཚོད་ཟིན་པར་བཟའ་བ་སྟེ། དེ་ལྟ་བུ་དག་བསྟེན་པར ་བྱའོ། །དེ་ཡང་དུས་འདིའི་ཚེ་ནི་ལུས་ཟུང་རྣམས་ཤིན་ཏུ་སླ་བར་གནས་པ། དེ་བས་ན་སླ་བས་ན་བསྲུང་བ་ཉིད་ཀྱི་སྦྲང་རྩིའི་ནུས་བ་དེར་ཐིམ་པར་འགྱུར་བས། སྦྲང་རྩིས་རླུང་སྐྱེད་མ་ནུས་སོ་ཞེས་སྨན་དཔྱད་ཀྱི་ལུད་འཆད་པ་རྣམས་ཟེར་ཏེ། དེ་ཡང་རླུང་ཅན་རླུང་ནི་འཁྲུག་བྱེད ་ཀྱང། །དབྱར་ནི་སྦྲང་རྩི་བསྔགས་པ་ཡིན་ཞེས་སྨོས་པ་ཡིན་ནོ། །རྐང་གིས་མི་འགྲོ་དྲི་ཞིམ་བྱུག་།རྟག་ཏུ་གོས་ནི་སྤོས་ཀྱིས་བྱུག་།ཁང་བཟང་སྟེང་དུ་བུ་མོ་བས་ལ། །ཆར་གྱི་ཟེར་སྤོང་གནས་པར་བྱ་ཞེས་བྱ་བ་ནི་དབྱར་གྱི་དུས་དེའི་ཚེ་རྐང་གིས་འགྲོ་བར་མི་བྱ་ཞིང་ཁ་ན་གླང ་མོ་ལ་སོགས་པའི་བཞོན་པ་བརྟེན་ཅིང་མཐོ་བས་འགྲོ་བར་བྱའོ། །དྲི་ཞིམ་བྱུག་ཅེས་བྱ་བ་ནི་ག་པུར་དང་གུར་ཀུན་ལ་སོགས་པས་ལུས་ལ་བྱུག་པ་དང། དུས་རྟག་ཏུ་གོས་ལ་སྤོས་ཀྱིས་བདུག་པ་དང། ཨ་ཀ་རུ་ལ་སོགས་པའི་བདུག་པས་གོས་ལ་བདུག་ཅིང་བསྒོ་བར་བྱའོ།། ་ཁང་སྟེང་ཞེས་བྱ་བ་ནི་ཁང་ཐོག་སྟེ། དེར་བ་མོ་ལ་སོགས་པས་མཉེན་པར་གནས་པར་བྱའོ། །རླུང་ཆུ་དང་སྦྱར་སྐྱོ་མ་དང། ཉིན་གཉིད་རྩོལ་དང་ཉི་ཚན་སྤང་ཞེས་བྱ་བ་ལ། དབྱར་གྱི་དུས་དེར་ཆུ་བོ་རྣམས་ཀྱི་ཆུ་དང་ཕྱེར་སྦྱར་བ་ལ། མར་དང་བཅས་པ་མི ་བཏུང་ངོ། །དེ་བཞིན་དུ་ཉིན་པར་གཉིད་ལོག་པ་དང། རྩོལ་བ་སྟེ་དྲག་ཤུལ་གྱི་དལ་བག་དང། ཉི་ཚན་དེ་ཉི་མའི་འོད་ཟེར་སྤང་ཞིག་དོར་བར་བྱའོ། །སྟོན་གྱི་དུས་ཀྱི་སྤྱོད་པ་སྨྲས་པ་ནི། དབྱར་ལུས་བསིལ་བར་གྱུར་པ་ལ། འཕྲལ་དུ་ཉི་ཟེར་གྱིས་གདུགས་པ། ཆར་འབབ ་ཚེ་ན་བསགས་པ་ཡི། །མཁྲིས་པ་སྟོན་ནི་ལྡང་བར་འགྱུར། །དེ་བསལ་ཕྱིར་ནི་སྨན་མར་ཁ། །བཀྲུ་སྨན་བཏང་དང་གཏར་ག་ཞེས་བྱ་བ་ནི། དབྱར་ལུས་བསིལ་བར་གྱུར་ཅིང། །ཆར་གྱི་གྲང་བའི་བདག་ཉིད་ཅན་དུ་གྱུར་པ་ལ། འཕྲལ་དུ་ཞེས་པ་ནི་མོད་ལ། སྟོན་གྱི ་དུས་ལ་བབ་པ་ན། ཉི་མའི་འོད་ཟེར་ཚ་བ་རྣམས་ཀྱིས་གདུངས་ཤིང། དྲོས་བར་གྱུར་པའི་སྐྱེས་བུ་ལ་ནི་ཆར་འབབ་ཚེ་ན་ཞེས་པ་དབྱར་གྱི་ཚེ་ན་བསགས་ཤིང་རང་གི་གནས་སུ་འཕེལ་བར་འགྱུར་བའི་མཁྲིས་པ་སྟོན་ལྡང་བར་འགྱུར་ཏེ། རང་གི་ནུས་པ་ལྷག་པས་རང ་གི་གནས་ནས་གཞན་དུ་སོང་སྟེ། སྐྱེ་བོ་མི་བསྲུན་པ་ལྟར་གནོད་པར་བྱེད་པར་འགྱུར་རོ། །དེ་བས་ན་མཁྲིས་པ་དེ་བསལ་བར་བྱ་བའི་ཕྱིར། སྨན་མར་ཁ་བོ་ཏིཀྟ་དང་རུ་རྟ་དང་སྦྱར་བ་བསྟེན་པ་དང། བཀྲུ་སྨན་བཏང་ཞིང་ཁྲུས་བྱ་བ་དང། གཏར་ཀ་བྱ་སྟེ། ཁྲག་གདོན ་པ་ལ་སོགས་པ་བྱའོ། །ཁ་དང་མངར་དང་བསྐ་བ་དང། །བཀྲེས་ཚེ་ཟས་ནི་ཡང་བ་བཟའ་། །འབྲས་ཅན་མུངྒ་སྐྱུར་རུ་ར། །སྦྲང་རྩི་སྐམ་སའི་པོ་ཏ་ལ། །ཞེས་བྱ་བ་ལ་ནམ་བཀྲེས་པར་གྱུར་པ་ན། བཟའ་ཨི་རྣམ་པ་ཁ་བ་དང། མངར་བ་དང། བསྐ་བ་དང། ཡང ་བ་བསྟེན་ཅིང་བཟའ་བར་བྱའོ། །དེ་བཞིན་དུ་འབྲས་སཱ་ལུའི་ཆེན་དང། མུངྒ་སྟེ། མོན་སྲན་སྡེའུ་དང། ཤ་ཀ་ར་དང། སྐྱུར་རུ་ར་དང། སྦྲང་རྩི་དང། སྐམ་ས་ནས་སྐྱེས་པའི་སྲོག་ཆགས་ཀྱི་ཤ་དང། པ་ཏོ་ལའི་ཆོད་མ་བཟའ་བར་བྱའོ། །ཉི་མའི་ཟེར་གྱིས་གདུངས ་བ་དང། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རི་ཥི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང། །དང་བ་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་འགྱུར་བ། །མི་འབྲུག་རྩུབ་བ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཞེས་བྱ་བ་ལ། ཡང་སྟོན ་ཀའི་དུས་དེའི་ཚེ། ཉིན་མོ་ཉི་མའི་འོད་ཟེར་གྱིས་གདུངས་ཤིང་རྣམ་པ་ཐམས་ཅད་དུ་ཚ་བར་གྱུར་པ་དང། མཚན་མོ་ཟླ་བའི་འོད་ཟེར་གྱིས་བསིལ་ཞིང་གྲང་བར་བྱས་པ་སྟེ། དེ་ལྟར་དུས་ཀྱིས་བཅོས་ཤིང་སྨིན་པར་བྱས་པ་དང། རི་ཥི་ཤར་བས་དུག་མེད་པ་ཞེས་པ། སྐར་མའི ་རི་ཥི་ཞེས་པ་ཤར་བ་ན། དུག་མེད་པ་སྟེ། དེ་ཤར་བས་བར་སྣང་ལས་འབའ་ཅིང་བྱུང་ནས་ཆུ་བོ་དང། རྫིང་པུ་ལ་སོགས་པར་གནས་པའི་གནོད་པ་རྣམས་སྟོན་གྱི་ཚེ་དུག་མེད་པ་ཉིད་དུ་བྱེད་པས་ནི་དེ་སྐད་ཅེས་བྱའོ། །ཁྲོན་པའི་ཆུ་ནི་མ་ཡིན་ཏེ། དེ་ནི་ཐམས་ཅད་དུ་དུག་མེད ་པ་ཡིན་ནོ། །དད་པའི་དྲི་མེད་ཆུ་ཞེས་པ་ནི། །ཉི་མ་དང་ཟླ་བ་དག་ལ་བྱ་སྟེ། དེ་གཉིས་ཀྱིས་བསྟེན་ཅིང་དྲི་མ་མེད་ལ་རྡུལ་དང་བྲལ་བ་ནི། དྲི་མ་ཞེས་པ་རླུང་ལ་སོགས་པ་སེལ་ཞིང། འཛོམས་པར་འགྱུར་བ་ཡིན་ནོ། །མི་འབྲུག་ཅེས་བྱ་བ་ནི་ཆུ་མིག་ལྟར་དེ་སྣུམ་ཞིང་ལྕི ་བ་མ་ཡིན་པས། བད་ཀན་སྐྱེད་པར་མི་བྱེད་ལ། འབྲུག་པ་མ་ཡིན་པ་ཉིད་ཀྱིས་རྩུབ་པ་ཡིན་ནོ། །བཏུང་བ་ལ་སོགས་པ་ཞེས་བྱ་བ་ནི། བཟའ་བ་དང་བཏུང་བ་དང་ཁྲུས་ལ་སོགས་པ་ཡིན་ནོ། །བདུད་རྩིར་མཚུངས་པ་ནི་བདུད་རྩིའི་རྒྱུ་ཡིན་པའི་ཕྱིར་རོ། །ཉེས་པར་བཏུ་འཁྲུགས་པ ་རྣམ་པར་བཟློག་པའི་ཕྱིར་དང། མ་འཁྲུགས་པ་དག་ཀྱང་ཞི་བ་དང་རྗེས་སུ་མཐུན་པའི་རྒྱུ་ཡིན་པའི་ཕྱིར་ཡང་བདུད་རྩི་དང་འདྲ་བ་ཡིན་ནོ། །ཙན་དན་ཨུ་ཤིར་ག་བུར་དང། །མུ་ཏིག་འཕྲེང་བ་མཛེས་པ་འབར། །སྟེང་ཁང་རྡོ་ཐལ་བསྐུས་པ་ལ། །ཟླ་འོད་མ་ཆེན་མོ་དང་པོ་བསྟེན། ་ཞེས་པ་ལ་མཚན་མོའི་དང་པོ་ནི་མཚན་མོའི་ཐུན་དང་པོའི་དུས་སྟེ་དེ་ལ་ཙན་དན་ལ་སོགས་པ་བསྟེན་པར་བྱའོ། །མཛེས་པར་འབར་ཞེས་ནི་མཛེས་པ་ཉིད་དོ་སྟེང་ཁང་ནི་ཁང་པའི་རྩེ་མོའོ་རྡོ་ཐལ་གྱིས་བསྐུས་པ་ནི་རྡོ་ཐལ་བཞིན་དུ་དཀར་བ་སྟེ་རྡོ་ཐལ་གྱིས་དཀར་བ་འམ་དཀར ་བསྟེན་པར་བྱའོ། །ཟླ་འོད་ནི་སྣང་བ་ཉིད་དོ། །བ་མོ་ཐལ་བ་ཚིམ་པ་དང། །ཏིལ་མར་ཞོ་ཞག་ཉི་མ་དང། །ཆང་རྣོན་ཉིན་བར་ཐལ་བ་དང། །མདུན་གྱི་རླུང་ནི་ཡོངས་སུ་སྤངས། །ཞེས་པ་ལ་སྟོན་གྱི་དུས་དེ་ལ་བ་མོ་ནི་ཟིལ་པའོ། །ཐལ་བ་ནི་ནས་ཚིག་ཁྲུས་པའི་ཐལ ་པ་ལ་སོགས་པ་དག་གོ་ཚིམ་པ་ནི་དོམས་པའོ། །ཞོ་ནི་འོ་མའི་རྣམ་པར་འགྱུར་པའོ། །ཏིལ་མར་ནི་ཏིལ་ལས་བྱུང་བའོ། །ཞག་ནི་ཤ་མ་འདྲེས་པའི་སྣུམ་མོ། །ཉི་མ་ནི་ཉི་མས་ཡོངས་སུ་བདུངས་པའོ། །ཆང་རྣོན་པོ་དང་ཉིན་པར་ཉལ་བ་དང། མདུན་གྱི་རླུང་ནི་སྡུན་གྱི་ཕྱོགས ་ནས་འོངས་བའི་རླུང་ངོ། །ཡོངས་སུ་སྤང་བ་ནི་ཡོངས་སུ་དོར་བའོ། །དབྱར་གྲང་དང་པོའི་རོ་གསུམ་དང། །དཔྱིད་ནི་ཐ་མའི་གསུམ་བསྟེན་བྱ། །སོས་ཀའི་དུས་སུ་མངར་བ་སྟེ། །སྟོན་ནི་མངར་ཁ་བསྐབ་ཡིན། །གྲང་བའི་དུས་ནི་དགུན་སྟོང་དགུ་ན་སྨད་དང་དབྱར་གྱི་དུས ་ནི་དང་པོའི་རོ་གསུམ་སྟེ་མངར་བ་དང་སྐྱུར་བ་དང་ལན་ཚྭ་བསྟེན་པར་བྱའོ། །དཔྱིད་ནི་དཔྱིད་ཀྱི་དུས་ནི་སྟེ་དེ་ལ་ནི་ཐ་མའི་རོ་གསུམ་པོ་ཚ་བ་དང་ཁ་བ་དང་བསླབ་པ་བསྟེན་པར་བྱའོ། །སོས་ཀ་ནི་དཔྱིད་ཀྱི་དུས་སྟེ་དེ་ལ་ནི་མངར་བ་སྟེ་མངར་བའི་དེ་ཉིད་བསྟེན་བྱའི་སྟན་ནི་མངར ་ལ་བསྐ་བའི་རོ་གསུམ་བསྟེན་པར་བྱ་བ་ཡིན་ཞེས་རྗེས་སུ་འབྲང་བ་ཡིན་ནོ། །རོ་དེ་དག་ནི་ཕལ་ཆེར་ཉེ་བར་སྦྱར་བ་ཡིན་གྱིས། དེའི་ཚེ་རོ་གཞན་ནི་ཉེ་བར་སྦྱར་བ་མ་ཡིན་ཏེ། དེ་ལྟར་ཡང་བསྡུས་པ་ལས། རྟག་ཏུ་རོ་རྣམས་ཀུན་བསྟེན་ཀྱང། །རང་རང་དུས་སུ་རོ་ལྷག་བསྟེན ་ཞེས་འབྱུང་ངོ། །སྟོན་དཔྱིད་གཉིས་ལ་རྩུབ་པ་དང། །སོག་སྟོན་གཉིས་བསིལ་བ་དང། །བཟའ་དང་བཏུང་བ་མདོར་ན་ནི། །དེ་ལས་གཞན་དུ་བཟློག་པ་ཡིན། ཞེས་པ་ལ་སྟོན་དཔྱིད་ཀྱི་དུས་གཉིས་ལ་ནི་བཟའ་བ་དང་བཏུང་བ་རྩུབ་པ་བརྟེན་པར་བྱའོ། །དཔྱིད་སྟོན་གཉིས ་ཞེས་པ་ནི་ཚ་བ་དང་སྤྲིན་དངས་བའི་དུས་སུ་དེ་ལ་ནི་བཟའ་བ་དང་བཏུང་བ་བསིལ་བ་བསྟེན་པར་བྱའོ། །མདོར་ན་ནི་མདོར་བསྡུས་པས་བདག་གིས་འདི་སྐད་སྟོན་ཏེ། དེ་ལས་གཞན་པའི་དུས་ནི་སྟོན་དག་དཔྱིད་ཀྱི་དུས་སུ་བཟའ་བ་དང་བཏུང་བ་རྩུབ་པ་བསྟེན་པ་ལས་གཞན་པའི་དུས ་ཏེ་དགུན་སྟོད་དང་དགུན་སྨད་དང་སོ་ཀ་དང་དབྱར་གྱི་དུས་སུ་བསྟེན་པའོ། །དེས་ན་འདི་སྐད་སྟོན་པ་ཡིན་ཏེ། དགུན་སྟོད་དང་དགུན་སྨད་དང་དབྱར་གྱི་དུས་ལ་ནི་སྣུམ་པ་དང་དྲོ་བའི་བཟའ་བ་དང་བཏུང་བའོ། །དཔྱིད་ནི་རྩུབ་པ་དང་དྲོ་བའོ། །སྟོན་ནི་བསིལ་བ་དང་རྩུབ་པའོ། །སོ་ཀ་ནི་སྣུམ་པ་དང ་བསིལ་བ་ཡིན་ནོ། །བཟའ་བ་དང་བཏུང་བ་སྔར་བསྟན་པ་བཟློག་པས་སྣུམ་པ་བསྟེན་པར་བྱའོ། །དེ་བཞིན་དུ་བསིལ་དབྱར་བའི་བཟའ་བ་དང་བཏུང་བ་ཚ་བ་དང། སྤྲིན་དངས་པའི་དུས་སུ་བསྟན་པ་ལས་ལྡོག་པ་དྲ་བའི་བཟའ་བ་བཏུང་བ་གཞན་དུ་དུས་གཞན་དུ་དགུན་སྟོད་དང་དགུན ་སྨད་དང་དབྱར་དང་དཔྱིད་ལ་བསྟེན་པར་བྱའོ། །གཞན་དུ་དུས་གཞན་ལ་སོ་གའི་སྣུམ་པའི་བཟའ་བ་དང་བཏུང་བ་བསྟེན་པར་བྱའོ། །དུས་ཀྱི་དང་པོའི་ཐ་མ་ཡི། །ཞག་བདུན་དུས་མཚམས་ཡིན་ཞེས་བྱ། །ཞེས་བྱ་བ་ལ་སོགས་པ་སློབ་དཔོན་ཁ་ཅིག་གིས་འདིར་བྱུང་བ་ཡིན་ནོ།། ་ཞེས་བྱས་ནས་རྒྱ་ཆེར་ནི་མ་བཤད་དོ། །དེ་བཞིན་དུ་གཞན་ཡང་ཚིག་མང་པོ་བསྡུས་པ་ལས་སྨྲ་བ་ལ་འདིར་བསྟན་པ་དེ་དག་ཀྱང་བདག་གིས་ལུང་ཉམས་སུ་དོགས་པས་བཤད་དོ། །གཞན་ཡང་ཐུན་མོང་གི་ཡུལ་ལ་ནི་ཁམས་མཉམ་པ་ཡིན་ནོ། །སོ་སོར་འདི་དག་ནི་ངེས ་པ་ཡིན་ཏེ། འདི་ལྟ་སྟེ། དུས་འདི་ལ་ནི་འདི་ནི་བསྟེན་པར་བྱའོ། །འདི་ནི་བསྟེན་པར་མི་བྱའོ། །ཞེས་བྱ་བ་ཡིན་ནོ། །ཡུལ་གཤེར་སའམ་དགོན་དུ་མལ་ནི་ཁམས་མི་མཉམ་པ་ཡིན་ཏེ། ཁམས་མཉམ་པ་བསྐྱེད་པར་བྱ་བའི་ཕྱིར་ལུས་དང་ཡུལ་དང་རྗེས་སུ་མཐུན ་པར་ཤེས་པར་བྱས་ནས་དུས་ཀྱི་ཆོ་ག་གཞན་ལའང་དུས་ཀྱི་རྗེས་སུ་བསྒྲུབ་པར་བྱའི། ཇི་ལྟར་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །འདིའང་དུས་སུ་སྤྱོད་པ་ལ་བལྟོས་པར་མི་བྱ་སྟེ། དེ་ལྟར་ཡང་ཡན་ལག་བརྒྱད་པ་ལ་འཇུག་པའི་གནས ་ཡིན་ནོ་ཞེས་སྦྱར་བར་བྱའོ། ནད་པ་ཉམ་ཐག་པ་ལ་ནི་དུས་ལ་མི་བལྟོས་ཏེ་དེ་དག་ཀུན་ཏུ་སྤྱད་པར་བྱ་སྟེ། ནད་དང་དུས་དང་ཉམས་སྟོབས་ཆུང་ལས་སྦྱར་བ་བྱས་ན་བཟང་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་འགྲོལ་བ་ཚིག་གི་དོན་གྱི་ཟླ་གཟེར་ཞེས་བྱ་བ། སློབ ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བས་ལས། ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ནད་མི་འབྱུང་བར་བྱ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ནི། དུས་སུ་སྤྱད་པར་བྱ་བའི་ལེའུ་བཤད་པའི་འོག་ཏུ། ནད་མི ་འབྱུང་བར་བྱ་བའི་ལེའུ་བརྩམས་པ་ཡིན་ཏེ། དེ་ཡང་གང་གི་ཕྱིར་ཇི་སྐད་དུ་བཤད་པའི་དུས་སུ་དཔྱད་པར་བྱ་བའི་ཆོ་ག་ཇི་ལྟ་བ་བཞིན་དུ། རང་རང་གི་དུས་སུ་སྤྱད་ཅིང་ཉམས་སུ་བླང་བ་ལ་སྤྱོད་པར་བྱེད་དུ་ཟིན་ཀྱང། བཤང་བ་དང་གཅི་བ་ལ་སོགས་པའི་ཤུགས ་བཀག་པས། དེ་དང་རྗེས་སུ་མཐུན་པའི་ནད་འབྱུང་བར་འགྱུར་བ་ཡིན་ལ། དེ་ཡང་དུས་སུ་སྤྱད་པའི་ཆོ་ག་ལས་གཞན་དུ་ལོག་པར་སྤྱད་པ་འདྲ་བ་ཡིན་ཏེ། དེ་བས་ན་འདིའི་རྩོམ་པ་བྱས་པ་ཡིན་ནོ། །དེ་ལ་ནད་ནི་ལུས་དང་སེམས་ལ་གནས་པའི་བྱེ་བྲག་གིས ་གཉིས་སུ་བཤད་པ་ཡིན་ལ། དེ་རྣམས་མི་འབྱུང་བར་བྱ་བ་ལེའུ་ག་ན་ཡོད་པ་དེ་བཤད་པར་བྱའོ་ཞེས་པ་སྟེ། འདི་ནི་ཐ་མལ་བར་ནད་མེད་པར་གནས་པའི་དབང་དུ་བྱས་པ་ཡིན་ཏེ། ཐ་མལ་པར་གནས་པར་གྱུར་པ་དེས་ཉིན་རེ་སྤྱད་པའི་ལེའུ་ལས་བཤད ་པའི། བྱ་བའི་ཆོ་ག་ཉམས་སུ་བླང་པར་བྱ་བ་དང། དེ་བཞིན་དུ་དུས་སུ་སྤྱད་པའི་ལེའུ་ལས་བཤད་པ་རྣམས་སྤྱད་དོ། །དེ་བཞིན་དུ་ནད་འབྱུང་བར་འགྱུར་བ་སྤང་བ་ལ་ནི། རླུང་ལ་སོགས་པ་ཤུགས་བཀག་པ་དང། ནན་གྱིས་བཙིར་བ་ལ་སོགས་པ ་ཡང་མི་བྱ་བ་ལ་སྤྱད་པར་བྱ་བ་ཡིན་པས་ན། དེའི་ཕྱིར་སྨྲས་པ་ནི། ཕྱིའི་དབུགས་བཤང་གཅི་སྤྲིད་པ་དང། བཀྲེས་སྐོམ་གཉིད་དང་ལུས་ངལ་དབུགས། །གླལ་དང་མཆིལ་མ་སྐྱུགས་པ་དང། །ཁུ་བའི་ཤུགས་ནི་དགག་མི་བྱ། །ཞེས་བྱ་བ་ཡིན་ཏེ། ་རླུང་ལ་སོགས་པའི་ཤུགས་དགག་པར་མི་བྱའོ། །ངལ་དབུགས་ཞེས་བྱ་བ་ནི། ངལ་ཞིང་དུབ་པ་ལས་བྱུང་བའི་དབུགས་ནི་ངལ་བའི་དགུགས་ཏེ་དེ་མི་དགག་པའོ། །ཤུགས་ཞེས་བྱ་བ་ནི་ཁུ་བའི་བར་དེ་དག་འབྱུང་བ་ལ། རྗེས་སུ་ཕྱོགས་པར ་གནས་པ་ཉིད་ནི་ཤུགས་ཞེས་བྱ་སྟེ། ཤུགས་དེ་དག་དང་འབྲེལ་པ་དེ་ནན་གྱིས་དགག་པར་མི་བྱའོ། །དེ་ལ་རླུང་ནི་གཙོ་བོར་གྱུར་པ་ཡིན་ལ། དེས་ན་དེ་བཀག་པ་ལས་བྱུང་བའི་ནད་ནི་ཤིན་ཏུ་བཟློག་པར་དཀའ་བའི་ཉེས་པ་ཡོད་པའི་འཇིགས་པས་དང་པོར་བསྟན ་པ་ཡིན་ཏེ། དེའི་ཕྱིར་སྨྲས་པ་ནི། ཕྱེན་ནི་བཀག་པར་གྱུར་པ་ཡིན། །སྐྲན་དང་རྟུག་སྐམ་གཟེར་སྙོམས་ལྕི། །ཕྱེན་དང་བཤང་གཅི་ཁོང་དུ་འགགས། །མིག་རྟུལ་དྲོད་ཆུང་སྙིང་ནད་འགྱུར་ཞེས་བྱ་བ་ནི། བཤད་སྒོ་ནས་བྱུང་བའི་འོག་གི་རླུང་བཀག་པས། ་སྐྲད་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །རྟུག་བསྐམས་ནི་བཤད་པ་ལ་སོགས་པ་རང་གི་གནས་ལས་གྱེན་དུ་འཕགས་ཤིང་གནོད་པར་བྱེད་པའོ། །གཟེར་བ་ནི་ལྟོ་ཀུན་ཏུ་གཟེར་བའོ། །སྙོམས་ཞིང་ལྕི་བ་ནི་ལུས་ཞུམ་ཞིང་ཁོང་ལྕི་བའོ། །ཕྱེན་དང་བཤང ་གཅི་ཁོང་དུ་འགག་པ་ནི་ཕྱིར་མི་འབྱུང་བའོ། །མིག་རྟུལ་ཞིང་དྲོད་ཆུང་བ་ནི་མིག་ལ་གནོད་ཅིང་ཁོང་པའི་མེ་དྲོད་འབྲི་བའོ། །སྙིང་ནང་ནི་སྙིང་ནད་ཀྱིས་འདེབས་པའོ། བཤང་འགགས་བྱིན་པའི་ཉཝ་འགྱུར་ཞིང། །ཆམ་པས་འདེབས་ཤིང་ཀླད་པ་ན། །ཁར་ནི ་མི་གཙང་འབྱུང་བ་དང། །སྔར་བཤད་ནང་དཱུང་འགྱུར་བ་ཡིན་ཞེས་བྱ་བ་ནི། བཤང་བ་ཞེས་པ་སླད་པ་ཆེན་པོའི་གགས་པས་བྱིན་པའི་ཉཝ་འགྱུར་བར་འབྱུང་སྟེ། ཉཝ་ཞེས་བྱ་བ་ནི་བྱིན་པའི་རྒྱབ་ཀྱི་ཆའི་ཤ་ཟླུམ་པོར་གནས་པ་ལ་བྱ་ལ། དེ་གཉིས་འགྱུར་བ་ནི ་ལྡོག་པ་སྟེ། ལག་པ་ལ་སོགས་པས་མཉེས་པ་ལྟ་བུར་འགྱུར་བའོ། །ཆམ་པ་ནི་སྣ་ནས་སྣབས་འཛག་པའི་རླུང་ནད་དོ། །ཀླད་པ་ན་བ་ནི་མགོ་ན་བའོ། །དེ་བཞིན་དུ་ཁར་མི་གཙོང་བ་འབྱུང་བ་ནི་ཁ་ནས་བཤང་བ་འབྱུང་བའོ། །སྔར་བཤང་ནད་ནི་ཕྱེན་འགགས་པ ་ལས་སྐྲན་ལ་སོགས་པའི་ནད་དུ་འགྱུར་བར་བཤད་པ་སྟེ། དེ་ཡང་འབྱུང་བར་འགྱུར་བའོ། །གཅིན་འགག་པ་ཡིས་ཡན་ལག་ན། །རྡེའུ་ཆུ་སོ་ཕོ་མཚན་དང། །དཀུ་ཡི་ནང་ན་སྔར་གྱི་ནད། ཕལ་ཆེར་འབྱུང་ངོ་ཞེས་བྱ་བ་ནི་གཅིན་འགགས་པ་ལས་ཡན་ལག ་ན་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་ཡན་ལག་ན་ཞེས་པ་ནི། ཡན་ལག་རྣམས་བཅུག་པ་སྙམ་པ་འམ། གཅུས་ཤིང་བཅིར་བ་སྙམ་དུ་སེམས་པའོ། །རྡེའུ་ནི་གཅིན་བསི་བའི་ནད་གཞིའི་སྐབས་ནས་བཤད་པའོ། །ཆུ་སོ་ལ་སོགས ་པའི་ནད་ལ་ཆུ་སོ་ནི་གཅིན་ཀྱི་གནས་སོ། །མཚན་ནི་ཕོ་མཚན་ནོ། །དཀུའི་ནང་ནི་བརླ་ཕུགས་ཀྱི་མཚམས་སོ། །འདིས་ནི་ནད་འདི་དག་འབའ་ཞིག་འབྱུང་བར་མ་ཟད་ཀྱི། སྔར་ཕྱེན་ལ་སོགས་པ་བཀག་པ་ལས་བྱུང་བའི་ནད་སྐྲན་ལ་སོགས་པ་འང་གཅིན་འགགས་པ ་ལས་འབྱུང་བར་འགྱུར་རོ། །ཕལ་ཆེར་ཞེས་སྨོས་བས་ནི་སྔར་གྱི་ནད་ཐམས་ཅད་འབྱུང་བར་འགྱུར་བ་ནི་མ་ཡིན་གྱི། ཅི་ཞིག་ཅེ་ན་ལ་ལ་ནི་འབྱུང་ལ་ལ་ནི་མི་འབྱུང་ངོ་ཞེས་པའི་དོན་ཏེ། ཕལ་ཆེར་ཞེས་སྨོས་པའི་དོན་ནི་ཅུང་ཟད་མ་ཚང་བ་ཉིད་དུ་སྟོན་པ་ཡིན་ནོ། །དེ་ལང་ལུང་ལས། ་ཕལ་ཆེར་སྒྲ་ནི་ཁྱད་པར་དོན་ཅུང་ཟད་མ་ཚང་བསྟོན་ཞེས་འབྱུང་བ་ཡིན་ནོ། །ཕྱེན་ལ་སོགས་པའི་ཤུགས་གསུམ་པོ་དེ་རྣམས་བཀག་པའི་སྨན་སྤྱི་ཙམ་དུ་སྨྲས་པ་ནི་དེའི་སྨན། རེད་བུ་བསྐུ་བྱུག་ལུས་བཅིང་དང། དུགས་དང་སྨན་མར་མས་བཏང་བའོ་ཞེས་བྱ་བ ་ཡིན་ཏེ་དེའི་ཞེས་པ་ཕྱེན་དང་བཤང་བ་དང་གཅི་བ་འགགས་པ་ལས་འགྱུར་བའི་སྨན་ཞེས་པ། གསོ་བའི་ཐབས་སུ་གྱུར་པའི་སྨན་ནི་རེང་བུ་ལ་སོགས་པ་ཡིན་ཏེ། དེ་ལ་རེང་བུ་ནི་པོ་སོན་ཆ་དང། ཁང་པའི་དུད་པ་དང། ལན་ཚྭ་ལ་སོགས་པ་ལ་བྱས་པའི་རེང་ ་བུ་སྟེ་འོག་ནས་བཤད་པ་ཡིན་ནོ། །བསྐུ་བྱུག་ནི་ཏིལ་མར་ལ་སོགས་པས་བྱུག་པའོ། །ལུས་བཅིང་བ་ནི་སྨན་རྣམས་བསྐོལ་བའི་ཆུ་དང། ཏིལ་མར་ལ་སོགས་པས་བཀང་བའི་ཟངས་སམ། གཞོང་བ་ཆེན་པོ་ཟབས་རིང་བའི་ནང་དུ་ལུས་བཅིང་བའོ། །དུག་ནི་སྲོ་བ་ལ ་སོགས་པ་རྣམ་པ་བཞི་པོ་འོག་ནས་བཤད་པའོ། །སྨན་མར་མས་བཏང་བ་ནི། སྨན་དང་བསྒོལ་བའི་ཏིལ་མར་ལ་སོགས་པ་བཤང་སྒོ་ནས་བཅུག་པའོ། །འདི་དག་ནི་གསུམ་ཆར་ལ་ཡང་ཐུན་མོང་ཡིན་ནོ། །ཟས་སྐོམ་བཤང་བ་འགགས་པ་དང། བཤང་བཀག ་ལས་བྱུང་གློ་གཅོང་མཚུངས་ཞེས་བྱ་བ་ནི། གང་བཤང་བཀག་པ་ལས་བྱུང་གློ་གཅོང་བྱིན་པའི་རྭ་འགྱུར་བ་ལ་སོགས་པ་ནི། བཤང་གཅི་འགགས་པ་ལ་ཕན་པའི་ཟས་དང་སྐོམ་སྦྱར་བར་བྱ་སྟེ། དེ་ནི་ནས་ཐུག་དང། ཟན་དྲོན་པོ་དང། མ་ཤ་དང། མུངྒ་དང། རྒྱ་སྣེའུ་ཡི ་ཚོད་མ་མཐུག་པོའི་ཤ་དང་བཅས་པ་དང། ཆང་བསྐ་བ་དང་ཞོག་ཆུ་དང། འབྲས་ཀྱི་ཁུ་ལེ་རང་སྐྱུར་ལ་སོགས་པ་ཡིན་ནོ། །ཆུ་འགགས་པ་ལ་མར་སར་ནི། ཆེ་ཚད་ཙམ་ནི་རབ་ཏུ་སྦྱར་ཞེས་བྱ་བ་ཡིན་ཏེ། གཅིན་བཀག་པ་ལས་བྱུང་བའི་ནད། ཡན་ལག་ན་བ་ལ་སོགས ་པ་རྣམས་ལ་ནི་མར་སར་ཆེ་ཚད་ཙམ་སྦྱིན་པར་བྱ་སྟེ། ཆེ་ཚད་ཀྱི་སྒྲ་ནི་གང། ཉིན་མཚན་ཅིག་གི་འཇུ་བར་འགྱུར་བའི་སྣུམ་གྱི་ཚད་ཆེ་བ་ལ་བྱ་སྟེ། དེ་ཡང་ཟས་མ་ཟོས་བའི་གོང་དུ་འམ། ཟས་ཞུ་བའི་རྗེས་ལ་སྦྱིན་པར་བྱའོ། །དེ་ཡང་བསྡུས་པ་ལས། མར་ནི་དང ་པོར་བཟའ་བར་བསྔགས། །འཇུ་མཐར་ཚད་ནི་ཆེན་པོའང་རུང་ཞེས་བཤད་པ་ཡིན་པས་སྦྱོར་བ་དེ་གཉིས་ལྟར་བྱ་བ་ཡིན་ནོ། །དེ་ལྟར་ཟས་ཀྱི་སྔར་རམ། ཞུ་བའི་རྗེས་ལ་བྱ་བ་གཉི་ག་ལ་ཆེ་ཚད་ཙམ་གྱི་སྒྲར་བཤད་དོ། །སྒྲེགས་པ་བཀག་ན་ཡིག་འཆུས། །ལུས ་འདར་སྙིང་དང་སྲང་འགག་ན། །སྤོམ་ཞིང་ལུས་ལ་སྐྱིགས་བུས་འདེབས། །དེའི་སྨན་སྐྱིགས་བུ་དག་དང་འདྲ་ཞེས་བྱ་བ་ཡིན་ཏེ། །སྒྲེགས་པ་བཀག་པས་ཡི་ག་འཆུས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་ཡི་ག་འཆུས་པ་ནི་ཟས་ལ་མངོན་པར་མི་དགའ་ ་པའོ། །ལུས་འདར་བ་ནི་མགོ་དང་ལག་པ་ལ་སོགས་པ་འདར་བའོ། །སྙིང་དང་བྲང་འགགས་ཤིང་ན་བ་ནི། སྙིང་དང་བྲང་གི་དོང་ཁ་དོག་སྦུབས་ཀྱིས་འགགས་ཤིང་རེངས་པ་སྙམ་སེམས་པའོ། །སྦོ་བ་ནི་ལྟོ་བ་རླུང་གིས་ཁེངས་པའོ། །ལུད་པ་དང་སྐྱིགས་བུ་ནི ་རང་གི་མཚན་ཉིད་ཀྱི་སྐབས་སུ་འོག་ནས་སྟོན་ཏོ། །དེའི་ཞེས་པ་ཡི་ག་འཆུས་པ་ལ་སོགས་པ་དེ་རྣམས་ཏེ། གསོ་བའི་ཆོ་ག་ནི་སྐྱིགས་བུ་དག་དང་འདྲ་ཞེས་བྱ་བ་ཡིན་ཏེ། འོག་ནས་སྐྱིགས་བུ་གསོ་བའི་ལེའུ་ལས་བཤད་པ་དང་འདྲའོ། །སྦྲིད་འགགས་མགོན ་དབང་མི་རྣོ། །གཉེའུ་རེངས་བ་ཡོ་འགྲམ་ཆག་འགྱུར། །དུད་རྣོན་གྱིས་བདུག་མིག་སྨན་དང། །སྣ་སྨན་ཉི་མ་བལྟ་བ་ཡིས། །སྤྲིད་བ་འགག་པ་བསལ་བྱ་ཞིང། །སྣུམ་དང་དུག་ཀྱང་བསྟེན་པར་བྱ། །ཞེས་བྱ་བ་ནི། སྤྲིད་པ་འགགས་ཤིང་མནགས་བས། མགོ ་ནད་ལ་སོགས་པ་འབྱུང་བར་འགྱུར་རོ། །མགོན་བ་ནི་ཀླད་པ་ན་བ་ཡིན་ནོ། །དབང་པོ་མི་རྣོ་བ་ནི་མིག་ལ་སོགས་པ་ཉམ་ཆུང་ཞིང་རང་གི་ཡུལ་འཛིན་པར་མི་ནུས་པའོ། །གཉེའུ་ནི་གནད་པ་གཉིས་འདུས་པ་ལ་བྱ་ལ། དེ་དག་རེངས་པ་ནི་འགྱུར་མི་ཤེས་བར་བྱས་པའོ། །ཁ ་ཡོ་བ་ནི་རླུང་གི་ཁ་ཡོན་པོར་བྱས་པའོ། །འདིར་སྤྲིད་པ་འགགས་པ་ལ་དུད་པ་ལ་སོགས་པས་སྤྲིད་པ་དབྱུང་བར་བྱའོ། །དེ་ལ་དུད་རྣོན་ནི་འོག་ནས་བཤད་པར་བྱའོ། །མིག་སྨན་ནི་པི་པི་ལིང་ལ་སོགས་པ་སྨན་རྣོན་པོའི་མིག་སྨན་དང། སྨན་རྣོན་པོའི་ཕྱེ་མ་སྣ་ནས ་རྡུབ་བའི་སྣ་སྨན་དང། ཉི་མ་ལྟ་བ་ནི་སྤྲིད་པ་དབྱུང་བའི་ཕྱིར་ཉི་མ་ལ་བལྟ་བ་སྟེ། འདི་དག་བྱ་བ་དང། དེ་ལ་སྣུམ་དང། དུགས་དག་ཀྱང་བསྟེན་ཅིང་གོམས་པར་བྱའོ། །སྐོམ་འགགས་པས་ན་ཁ་སྐམས་ཤིང། །ཡན་ལག་མི་བདེ་རྣ་མི་གསལ། །མགོ་འཁོར ་མྱོས་ཤིང་སྙིང་ནད་འབྱུང། །དེར་བསིལ་ཆོག་ཐམས་ཅད་ཕན། །ཞེས་བྱ་བ་ནི། སྐོམ་པ་ལས་འགགས་ཤིང་བརྣགས་པས་ཁ་སྐམས་བ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །དེ་ལ་ཁ་སྐམས་པ་ནི་ཤས་ཆེར་ཁ་བསྐམས་བར་གྱུར་པའོ། །ཡན་ལག ་མི་བདེ་བ་ནི་རྐང་ལག་ནུས་ཞེན་ཅིང་སྙོམ་པའོ། །རྣ་བ་མི་གསང་བ་གཉིས་ཀྱིས་སྒྲ་མི་ཐོས་པའོ། །མགོ་འཁོར་བ་ནི་འཁོར་ལོ་ལ་བསྐྱོན་པ་སྙམ་དུ་སེམས་པའོ། །མྱོས་པ་ནི་དྲན་པའོ། །སྙིང་ནད་ནི་སྙིང་ག་ན་བའོ། །དེར་ཞེས་བྱ་བ་ནི་ནད་དེ་རྣམས་ལའོ། །བསིལ ་བའི་ཆོག་ཐམས་ཅད་ཕན་ཞེས་བྱ་བ་ནི་བཟའ་བ་དང། བཏུང་བ་ལ་སོགས་པའི་ཆོག་བྱ་བ་ཐམས་ཅད་བསིལ་བར་བྱས་པ་ཕན་ཞིང་གནོད་པ་སེལ་བ་ཡིན་ནོ། །བཀྲེས་པས་ལུས་ཤིག་ཡི་ག་མཆུས། ལུས་སྙོམས་ཉམ་ཆུང་གཟེར་མགོ་འཁོར། །དེ་ལས་ཟས་ཡང་སྣུམ ་དྲོ་དང། ཆུང་བདག་ནི་སྦྱར་བར་བྱ་ཞེས་བྱ་བ་ནི། ཤས་ཆེར་བཀྲེས་པ་བརྣགས་པ་ལས། ལུས་ཞིག་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །ལུས་ཞིག་པ་ནི་ལུས་བཅོམ་པ་སྙམ་སེམས་པའོ། །ཡི་ག་ཆུས་པ་ནི་ཡི་གར་མི་འོང་བའོ། །ལུས་སྙོམས་པ ་ནི་གཟེངས་དམའ་བའ་ཨོ། །ཉམ་ཆུང་བ་ནི་སྦེག་པའོ། །གཟེར་བ་ནི་དུག?་ཅིང?་ན་བའོ། །དེ་ལ་ཞེས་བྱ་བ་ནི་ནད་རྣམས་ལའོ། །ཟས་ཡང་བ་ནི་འབྲས་སཱ་ལུ་རྩ་ནར་ལ་སོགས་པ་ཡང་བ་ལས་བྱས་པ་སྦྱིན་ཞིང་སྤྱད་པ་དང། དེ་བཞིན་དུ་སྣུམ་བ་སྟེ། མར་དང་ཤ་ལ་སོགས་པ་དང ་ལྡན་པ་དང། དྲོ་བ་སྟེ་ཆ་ཞིང་ལེགས་པར་ཚོས་པ་དང། ཆུང་པ་སྟེ་རན་ཅིང་ཆུང་བའི་ཚད་ཙམ་སྦྱིན་ནོ། །གཉིད་བཀག་ཁོང་མྱོས་སྤྱི་བོ་མིག་།ལྕི་ཞིང་སྙོམས་ལ་གླལ་གཉིད་འོང། །ལུས་ཞིག་སྙམ་སེམས་དེ་ལ་ནི། །གཉིད་ལོག་ལུས་མཉེ་ཕན་པ་ཡིན་ཞེས་བྱ་བ་ནི། ་གཉིད་བསྒགས་ཤིང་བརྣགས་པས་ཁོང་མྱོས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཁོང་མྱོས་པ་ནི་མི་དྲན་པ་མཉམ་བྱེད་པའོ། །སྤྱི་བོ་དང་མིག་ལྕི་བ་ནི་ལྗིད་ཆེ་བ་སྙམ་སེམས་པའོ། །སྙོམས་པ་ནི་ཉམ་ཆུང་ཞིང་རྨྱ་བའོ། །གླལ་འོང་བ་ནི་ཡན་ལག་སྐྱོང་བ་དང ་བཅས་པར་ཁ་གདངས་པའོ། །ལུས་ཞིག་སྙམ་སེམས་པ་ནི་ལུས་བརྡུངས་པ་མཉམ་སེམས་པའོ། །དེ་ལ་ཞེས་པ་ནི་ནད་དེ་རྣམས་ལའོ། །གཉིད་ལོག་ཅེས་པ་ནི་བདེ་བར་གཉིད་ཀྱིས་ངོམས་པར་བྱས་པ་དང། དེ་བཞིན་དུ་ལུས་མཉེ་བ་སྟེ། བདེ་བར་བྱས་ནས་ལུས ་ལེགས་པར་མཉེས་བ་སྟེ། དེ་དག་ཕན་ཞིང་འདོད་བར་བྱ་བ་ཡིན་ནོ། །ལུད་པ་བཀག་པས་དེ་འཕེལ་ཞིང། །དབུགས་མི་བདེ་ཞིང་ཡི་ག་འཆུས། །སྙིང་ནད་སྐེམས་བྱེད་སྐྱིགས་བུས་འདེབས། །དེར་ནི་ལུད་བསལ་ཆོ་ག་བྱ། །ཞེས་བྱ་བ་ནི་ལུད་པ་བགས་ཤིང་བརྣགས ་པས་ལུད་བ་དེ་ཉིད་འཕེལ་བར་འགྱུར་བ་དང། དབུགས་མི་བདེ་བ་དང། ཡི་ག་འཆུས་པ་དང། སྙིང་ནད་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་སྐེམ་བྱེད་ཅེས་བྱ་གཅོད་ཆེན་པོ་དང། སྐྱིགས་བུས་བདེབས་པར་འགྱུར་རོ། །དེར་ནད་འདི་དག་ལུད་པ་བསལ་བ་སྟེ། ལུད ་པ་གསོ་བའི་སྐབས་ནས་བཤད་པའི་ཆོ་ག་ཤིན་ཏུ་འབད་དེ་བྱའོ། ངལ་དུབ་དབུགས་ནི་བཀག་པ་ལས། །སྐྲན་དང་སྙིང་ནད་མྱོས་པར་འགྱུར། །དེ་ལ་ངལ་གསོ་བྱ་བ་དང། རླུང་སེལ་བྱ་བའི་ཆོ་ག་ཕན། ཞེས་བྱ་བ་ལ་ངལ་ཞིང་དུབ་པའི་དབུགས་ནི་རྩོལ ་བ་ལ་སོགས་པ་ལ་བརྟེན་པ་ལས། གང་འཕྲལ་དུ་བྱུང་བའི་དབུགས་དེ་འགགས་པ་ལས། སྐྲན་དང་གློ་སྙིང་གི་ནད་དང། མྱོས་ཤིང་མི་དྲན་པ་འབྱུང་བར་འགྱུར་ལ། ནད་དེ་རྣམས་ལ་བདེ་བར་ངལ་གསོ་ཞིང། རྩོལ་བ་ལ་སོགས་པ་སྤངས་ལ། ལུས་ལ་བསྐྱོད ་པ་དང། དེ་བཞིན་དུ་རླུང་སེལ་བའི་བྱ་བ། ཆོ་ག་རླུང་གི་ནད་འཇོམས་པར་འགྱུར་བའི་གསོ་བའི་རིམ་པ་ཕན་པ་ཡིན་ནོ། །གླལ་བཀག་ནད་ནི་སྤྲིད་བཀག་མཚུངས། །ཆོ་ག་ཐམས་ཅད་རླུང་འཇོམས་བྱ་ཞེས་བྱ་བ་ལ། གླལ་འོང་བ་བཀག་ཅིང་བརྣགས་པས། ་སྤྲིད་པ་བཀག་པ་དང་འདྲ་བའི་ནད་ཐམས་ཅད་དེ། ཀླད་པ་ན་བ་དང། དབང་པོ་མི་གསལ་བ་ལ་སོགས་པ་འབྱུང་བར་འགྱུར་ལ་ནད་དེ་རྣམས་ལ་ནི་ཆོ་ག་ཐམས་ཅད་རླུང་འཇོམས་ཤིང་སེལ་བའི་ཆོ་ག་རྣམས་བྱའོ། །མཆི་མ་བཀག་པས་མགོ་སྙིང་ན། །གཉའ ་རེངས་ཡི་ག་འཆུས་མགོ་འཁོར། །སྐྲན་བཅས་སྣ་ཆུ་འཇག་གྱུར་དེར། །གཉིད་ངོམས་ཆང་བཏུངས་གཏམ་སྙན་ཕན་ཞེས་བྱ་བ་ནི། མཆི་མ་བཀག་པ་ལས་མགོན་པ་ལ་སོགས་པ་དང། སྐྲན་དང་བཅས་ཤིང་སྣ་ཆུ་འཛག་པར་འགྱུར་རོ། །མགོན་བ་ལ ་སོགས་པ་ནི་བཤད་ཟིན་ཏོ། །དེར་ཞེས་བྱ་བ་ནི་ནད་དེ་རྣམས་ལ། གཉིད་ལོག་པ་དང། རྒུན་ཆང་ལ་སོགས་པ་བཏུང་བ་དང། གཏམ་སྙན་བ་སྟེ། ཆོས་ལ་སོགས་པ་དང་འབྲེལ་ཅིང། ཡིད་དགའ་བར་འགྱུར་བའི་གཏམ་རྣམས་གཉན་པ་ཕན་པ་ཡིན ་ནོ། །སྐྱུག་བྲོ་བརྣགས་པས་མེ་དཔལ་མཛེ། །འབྲས་དང་མིག་ནད་གཡན་པ་རིམས། །སྐྱ་རྦབ་ལུད་པ་དབུགས་མི་བདེ། །དང་ག་རོ་སྟོད་མི་བདེ་སྐྲངས། །དེར་ཁ་བཀང་དབོ་དུད་སྨྱུང་གནས། །རྩུབ་ཟེས་དེ་ཉིད་སྐྱུག་པ་དང། །རྩོལ་དང་མྱུར་བར་གཏར ་ག་གདབ། །བཀྲུ་སྨན་བཏང་བའམ་བསྔགས་བ་ཡིན། ཞེས་བྱ་བ་ནི། སྐྱུགས་ཤིང་སློན་བྲོ་པ་འགགས་ཤིང་བརྣགས་ལས་མི་དཔལ་ལ་སོགས་པ་ལུད་པ་དང་བཅས་པ་འབྱུང་བར་འགྱུར་རོ། །དེ་ལ་མེ་དཔལ་ན་ནད་གཞིའི་སྐབས་ནས་བཤད་པར་བྱའོ། །མཛེ་ན་པགས་པའི ་འགྱུར་པའོ། །འབྲས་ནི་ཤའི་སྟེང་དུ་འཁོར་ལོ་དམར་པོར་འབྱུང། །མིག་ནད་ལ་སོགས་པ་ནི་རང་རང་གི་ལེའུ་ལས་བཤད་པར་བྱའོ། །རོ་སྟོད་མི་བདེ་བ་ནི་ཁ་མ་གཏོགས་པ་གཞན་དག་དུ་སྔོན་པོ་ཐལ་ཐིལ་འབྱུང་བའོ། །དང་ཁ་མི་བདེ་བ་ནི་སྙིང་ཁར་འཆང་བ་སྙམ་པ་བྱེད ་པའོ། །ནད་དེ་རྣམས་ལ་ནི་ཁ་བཀང་བ་སྟེ། སྨན་བསྐོལ་བའི་ཁུ་བས་ཁ་བཀང་ཞིང་དབོ་བ་དང། དུད་པ་རྣོན་པོ་དང། སྨྱུར་བར་གནས་ཤིང་ཟན་བཅད་པ་དང། དེ་བཞིན་དུ་ཟས་རྩུབ་པ་ཟོས་ལ་དེ་ཉིད་སྐྱུགས་པ་བྱས་པ་ཕན་པ་ཡིན་ནོ། །དེ་བཞིན་དུ་རྩོལ་བ་སྟེ། ལུས ་དུབ་པར་བྱེད་པའི་ལས་རྣམས་དང། ཉུང་བ་ཉིད་དུ་གཏར་ཀ་གདབ་ཅིང་ཁྲག་དབྱུང་བ་དང། དེ་བཞིན་དུ་བཀྲུ་སྨན་བྱ་བ་སྟེ། ཨ་རུ་ར་དང། སྦྲང་རྩི་ལ་སོགས་པ་དང། ཁྲུས་བྱ་བ་བསྔགས་ཤིང་ཕན་པ་ཡིན་ནོ། །ཁུ་བ་བཀག་པས་དེ་འཛག་དང། །ཕོ་མཚན་ནད ་དང་འོར་ནད་རིམས། །སྙིང་ནད་ཆུ་འགགས་ལུས་ཞིག་དང། །རྡེའུ་འཕེལ་དང་མ་ནིང་འགྱུར། །དེ་ལ་ཁྱིམ་བྱའི་ཤ་དང་ཆང། །འབྲས་ཆན་མས་བཏད་ལུས་བཅིང་དང། །ཆུ་སོ་ནད་བསལ་ཏིལ་མར་བཅོས། །འོ་ན་བུད་མེད་གཞོན་བསྟེན་ཕན། །ཞེས་བྱ་བ་ནི་ཁུ་བ ་འབྱུང་བ་བཀག་པ་ལས་ཁུ་བ་དེ་ཉིད་འཇག་ཅིང་འབྱུང་བར་འགྱུར་བ་དང། ཕོ་མཚན་ན་བར་འགྱུར་བ་དང། འོར་ནད་དང་རིམས་ནད་དང། སྙིང་ནད་འབྱུང་བ་དང། ཆུ་འགགས་པ་སྟེ། གཅིན་འགགས་པར་འགྱུར་པ་དང། ལུས་ན་ཞིང་ཞིག་པ་སྙམ་སེམས་པ་དང། ་རྡེའུ་འཕེལ་བ་སྟེ་གཅིན་འགགས་བའི་རྡེའུ་འཕེལ་བ་དང། མ་ནིང་སྟེ་བུད་མེད་རྣམས་ལ་ཉལ་མི་ནུས་ཤིང་དགའ་བ་མེད་པར་འགྱུར་རོ། །དེ་ལྟ་བུའི་ནད་དེ་ལ་ནི་ཁྱིམ་བྱའི་ཤ་ལ་སོགས་པ་བསྟེན་པར་བྱའོ། །ཁྱིམ་བྱ་ནི་གྲགས་པར་ཟད་དོ། །ཆང་ནི་དངས་མ་འམ ་བསྐ་བའོ། །འབྲས་ཆན་ནི་འབྲས་དམར་པོ་ལ་སོགས་པའི་ཚན་ནོ། །མས་བཏང་བ་ནི་བཀྲུ་སྨན་དྲག་པོ་མས་བཏང་བའམ། །འཇམ་རྩི་དང། མས་བཏང་བ་གོང་མའི་དབྱེ་བས་རྣམ་པ་གསུམ་མོ། །ལུས་བཅིང་བ་ནི་སྨན་ཁུས་སྣོད་གང་བར་ཞུགས ་ཤིང་དུགས་བྱ་བའོ། །ཆུ་སོའི་ནད་བསལ་བ་ནི་བཀྲུ་སྨན་རྟ་དང། གཟེ་མ་དང། དོང་གྲ་ལ་སོགས་པ་ཏིལ་མར་དང་བསྐོལ་བ་དང། འོ་མ་དང། བུད་མེད་གཞོན་ཞིང་སྡུག་པ་བསྟེན་ཅིང་ལོངས་སྤྱད་པ་ཕན་པ་ཡིན་ནོ། །ཤུགས་ནི་བཀག་དང་བརྩིར་བ་ཡིས། ། ་ནད་ནི་ཀུན་ཀྱང་འབྱུང་བར་འགྱུར། །ཤིན་ཏུ་མང་པོ་དེ་ཡི་ཕྱིར། །གསོ་དཔྱད་མང་པོ་འདིར་བཤད་དོ། །ཞེས་བྱ་བ་ནི། ཤུགས་བཀག་པ་དང་གཙིར་བ་ཡིས་ནི་ནད་ཀུན་ཀྱང་ཞེས་པ་ནད་མ་ལུས་པ་དག་ཀྱང་འབྱུང་ཞིང་སྐྱེ་བར་འགྱུར་ཏེ། ཤུགས་བཀག ་པ་དག་ཏུ་ནད་གང་ཞིག་སྨྲས་པ་དེ་འབའ་ཞིག་འབྱུང་བ་ཙམ་དུ་ཟད་པ་མ་ཡིན་གྱི། རིམས་ལ་སོགས་པ་གང་ཡིན་པ་ཅི་ཡོད་པ་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཀྱང་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །གང་ཡང་ནད་ཤིན་ཏུ་མང་པོ་ཡོད་པ་དེའི་ཕྱིར། གསོ་ཞིང ་བཅོས་པའི་ཆོ་གའི་དཔྱད་འདིར་བསྟན་ཅིང་བཤད་པ་ཡིན་ནོ། །དེ་ལས་ཕལ་ཆེར་རླུང་དུ་མ། གང་ཕྱིར་འཁྲུག་པར་གྱུར་པས་ན། །དེ་ཕྱིར་དེ་ཟས་སྐོམ་དང་སྨན། །མཉམ་པར་འགྱུར་བ་སྦྱར་བར་བྱ་ཞེས་བྱ་བ་ལ། དེ་ལས་ཞེས་པ་ནི་ཤུགས་བཀག་པ་དང། བཙིར ་བ་ལས་ཕལ་ཆེར་ཞེས་པ་མང་དུ་རླུང་དག་དུ་མར་ཞེས་པ། རྣམ་པ་དུ་མའི་ཚུལ་གྱིས་རབ་ཏུ་འཁྲུག་པར་འགྱུར་ཞིང། རྣམ་པར་ལྡང་བར་འགྱུར་བ་གང་ཡིན་པ་དེའི་ཕྱིར། རླུང་དེས་ཟས་དང་སྐྱོམ་དང་སྨན་མཉམ་པར་འགྱུར་བ་ཞེས་པ། རླུང་སྙོམ་པར་འགྱུར ་ཞིང་ལམ་ལོག་པ་ན་གནས་པར་རང་གི་ལམ་ལ་གནས་བར་བྱེད་ཅིང། གནོད་པ་སེལ་བར་འགྱུར་བ་དེ་སྦྱར་བར་བྱ་ཞིང་སྤྱད་པར་བྱའོ། །འདི་དང་གཞན་དུ་ཕན་འདོད་བས། །འདོད་ཆེན་ཕྲག་དོག་ཞེ་སྡང་དང། །སེར་སྣ་འདོད་ཆགས་ལ་སོགས་ཤུགས། ། ་རྟག་དཀག་དབང་པོ་ཐུལ་བར་བྱ་ཞེས་བྱ་བ་ལ་ཡང། སྐྱེས་བུ་དབང་པོ་ཐུལ་ཅིང་འདི་དང་གཞན་ལ་ཕན་པར་འདོད་པས། ཡང་ཆེན་ལ་སོགས་པ་ལ་ཞུས་པའི་ཤུགས་འདི་དག་རྟག་པར་དུས་ཐམས་ཅད་དུ་དགག་བར་བྱའོ། །དེ་ལ་འདོད་ཆེན་ནི་གཞན་གྱི་རྫས་རྣམས་ལ་རེ་ཞིང་འདོད ་པའོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ། །ཞེ་སྡང་ནི་སྲོག་ཆགས་རྣམས་ལ་རབ་ཏུ་སྡང་བའོ། །སེར་སྣ་ནི་སེར་སྣ་ཅན་ཉིད་དོ། །འདོད་ཆགས་ནི་བུད་མེད་ལ་སོགས་པ་ལ་ཞེན་པའོ། །སོགས་པའི་སྒྲས་ནི་འཇིགས་པ་དང་ཁྲོ་བ་དང། གཡོ་རྒྱུ་དང། ་དྲེགས་པ་ལ་སོགས་པ་བསྡུ་སྟེ། དེ་དག་གི་ཤུགས་རྣམ་པར་བཀག་ཅིང་ཐུལ་བའི་རང་བཞིན་ཅན་ཉིད་དུ་བྱའོ། །དྲི་མ་རྣམས་ནི་སྦྱང་བའི་ཕྱིར། །ཅི་བཞིན་དུས་སུ་ནན་ཏན་བྱ། །དེ་ནི་ཤིན་ཏུ་གསེགས་གྱུར་ན། །ཤས་ཆེར་འཁྲུགས་པས་སྲོག་རྒྱུན་གཅོད་ཅེས་བྱ་བ ་ནི་རླུང་དང་མཁྲིས་པ་དང་བད་ཀན་དང། བཤང་གཅི་དང་ལ་སོགས་པའི་དྲི་མ་རྣམས་སྦྱང་བར་བྱ་ཞིང། རྣམ་པར་བསལ་བར་བྱ་བའི་འབད་པས་ནན་ཏན་དུ་བྱའོ། །གང་གི་ཚེ་ཞེ་ན། ཇི་བཞིན་དུས་སུ་ཞེས་བྱ་བ་སྟེ། དུས་ལས་མ་ཡོལ་བར་རོ། །དེ་ཅིའི་ཕྱིར་ཞེ་ན། དྲི ་མ་དེ་རྣམས་ནི་ཤིན་ཏུ་གསོགས་ཤིང་རང་གི་གནས་སུ་འཕེལ་བར་འགྱུར་ན་ལན་འགའ་ཞིག་ན་ཟས་དང་སྤྱོད་ལམ་གྱི་ཚུལ་གྱིས་འཁྲུག་པར་འགྱུར་བའི་རྒྱུ་ལ་བརྟན་ནས་གང་གི་ཚེ་ཤས་ཆེར་འཁྲུགས་ཤིང་དཀྱེལ་དུ་གྱུར་པ་དེའི་ཚེ། དྲི་མ་འཁྲུག་པར་གྱུར་བས ་སྲོག་གི་རྒྱུན་གཅོད་པར་འགྱུར་ཞིང་ཚེ་འཕྲོག་པར་བྱེད་པར་འགྱུར་ཏེ། དེ་བས་ན་དེ་རྣམས་སྦྱང་བ་ཉིད་དུ་བྱའོ། །འདི་ལྟར་ཤིན་ཏུ་བསགས་པའི་ཟིལ་གྱིས་མནན་པའི་ཐབས་ཀྱི་གཙོ་བོ་ནི་སྦྱང་བ་ཡིན་ཏེ། གང་གི་ཕྱིར་དེས་ཤིན་ཏུ་མྱུར་བར་ཞི་བར་འགྱུར་ལ། ཕལ་ཆེར ་གསོགས་པ་དག་ལ་ནི་རྒྱུ་བ་དང། གཞུ་བར་བྱས་པ་ཡུན་རིང་པོར་བྱས་པ་བསལ་ཏེ། སྨྱུང་བ་དང་བཞུ་བར་བྱས་པ་དང། དེ་བསལ་བའི་ཆོ་གའི་གཙོ་བོ་ཡིན་ནོ། །ཅུང་ཟད་བསགས་པ་ལ་ནི་སྨྱུང་བ་ཉིད་དེ་བསལ་བའི་ཆོ་གའི་གཙོ་བོ་ཡིན་ནོ། །དེ་ལྟར་ན་ལ་ལར་ནི་སྦྱང་བ་གཙོ་བོ་ཡིན ་ལ། ལ་ལར་ནི་སྨྱུང་བ་དང་བཞུ་བར་བྱ་བ་དག་གོ་།ལ་ལར་ནི་སྨྱུང་བ་ཉིད་ཟིལ་གྱིས་གནོན་པའི་ཆོ་གའི་གཙོ་བོ་ཡིན་ལ། གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན། གཞུང་འདི་བརྩམ་པ་རིགས་པ་ཡིན་ནོ། །གནོད་པ་སྨྱུང་དང་བཞུ་བྱས ་པས། །བསལ་ཡང་སླར་ནི་ལྡང་སྲིད་ཀྱི། གང་ཞིག་ལེགས་པར་སྦྱངས་པ་དག་།དེ་ནི་སླར་ཡང་འབྱུང་མི་འགྱུར་ཞེས་བྱ་བ་ནི། རླུང་ལ་སོགས་པའི་གནོད་པ་རྣམས་སྨྱུང་བར་བྱ་བ་དང། བཞུ་བ་བྱས་པས་བསལ་ཞིང་རྒྱལ་བར་བྱས་སུ་ཟིན་ཀྱང། ་ནམ་ཞིག་ན་སླར་ལྡང་བར་འགྱུར་བ་སྲིད་ཀྱི། ཡང་གནོད་པ་གང་ཞིག་སློན་སྨན་ལ་སོགས་པས་དག་པར་འགྱུར་ཞིང། ལེགས་པར་སྦྱངས་པའི་གནོད་པ་དག་པའི་གཙོ་བོས་དག་པ་དེ་རྣམས་ནི་སླར་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་ཏེ། རྩ་བ་ནས ་བཅད་པ་ཡིན་པའི་ཕྱིར། དེ་རྣམས་སླར་སྐྱེ་བར་མི་འགྱུར་རོ། །དེ་བས་ན་སྨྱུང་བར་བྱས་པ་དང། བཞུ་བར་བྱ་བ་བྱས་སུ་ཟིན་ཀྱང་།སྦྱང་བ་བྱ་དགོས་པ་ཡིན་ནམ་བྱས་པ་ལ་དེའི་རྩོམ་པ་བྱ་དགོས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་སྨྱུང ་བ་དང་སྨིན་ཅིང་བཞུ་བ་བྱས་པ་དག་ལ་ཡང་སྦྱང་བའི་རྩོམ་པ་བྱ་དགོས་པ་ཡིན་ནོ། །སྦྱང་བའི་གནས་དག་ལ་ཡང་ཡུལ་དང་དུས་དང་ལུས་ཀྱི་སྟོབས་ལ་སོགས་པ་ལས་དཔགས་ཏེ་སྨྱུང་བ་དང་སྨིན་པར་བྱ་བ་རླུང་གིས་གནོད་པར་མ་གྱུར་པའི་ཚུལ་གྱིས་བརྩམ ་པར་བྱ་དགོས་སོ། །དུས་ཤེས་པ་ཡིས་དེ་ཕན་ཆད། རིམ་པ་བཞིན་དུ་ཅི་རིགས་པར། །བཅུད་ཀྱིས་ལེན་རྣམས་གྲུབ་པ་དང། །རྩ་བའི་སྦྱོར་བ་སྦྱར་བར་བྱ། །ཞེས་བྱ་བ་ནི་དུས་ཤེས་པའི་མཁས་པས་སྦྱར་བར་བྱ་སྟེ་དུས་ལ་སོགས་པ་གང་གིས་ཤེས ་པ་དེ་ནི་དུས་ཤེས་པ་ཡིན་གྱི་དུས་ཙམ་ནི་མ་ཡིན་ནོ། །དེས་ན་ཡུལ་དང་ལུས་ཀྱི་སྟོབས་དང་ཟས་དང་ཁུ་བཅུད་དང་རང་བཞིན་དང་སྙིང་སྟོབས་ཀྱི་ཚུལ་གང་གིས་ཤེས་པ་དེས་དེ་ཕན་ཆད་ཅེས་བྱ་བ་སྦྱང་བ་བྱས་པའི་རྗེས་ཐོགས་ལ་རིམ་པ་བཞིན་དུ་ཞེས ་བྱ་བ་གོ་རིམ་མ་འཆོལ་བར་ཐུག་པ་ལ་སོགས་པའི་གོ་རིམ་ཞག་བདུན་གྱི་བར་དུ་བྱས་ནས་དེའི་འོག་ཏུ་ལུས་ཀྱི་སྟོབས་ཀྱི་མཐར་ཕྱིན་པ་ཐོབ་པ་དང། ཐ་མལ་པའི་ཁ་ཟས་ཟོས?་ནས་དེའི་འོག་ཏུ་ཅི་རིགས་པར་ཞེས་པ་རིགས་པ་དང་མི་འགལ་བས་བྱ་བ་སྟེ་བཅུད་ཀྱིས ་ལན་འདི་ནི་རླུང་གི་རང་བཞིན་ཅན་ནོ། །འདི་ནི་མཁྲིས་པའི་རང་བཞིན་ཅན་ནོ། །འདི་ནི་བད་ཀན་གྱི་རང་བཞིན་ནོ་ཞེས་བྱ་བ་དང། བཅུད་ཀྱི་ལེན་དེ་ཡང་གྲུབ་པ་སྟེ་གྲུབ་པའི་དྲང་སྲོང་དག་གིས་བཤད་པ་ཡིན་གྱི་རད་བཟོ་ཅི་དགའ་བས་ཁུ་བཅུད་དང་ཡོན་ཏན་དང་ནུས་པའི ་མཐུ་ལས་དཔགས་ནས་བློ་དང་ལྡན་པའི་སྨན་པ་རང་ཉིད་ཀྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་ནོ། །ཡང་ན་གྲུབ་པ་ཞེས་བྱ་བ་ནི་མང་པོའི་མངོན་སུམ་དུ་གྱུར་པས་ཡིད་ཆེས་པ་སྟེ་ཚངས་པ་དང་གནས་འཇོག་དང་རི་ཥི་དང། འཕོ་བྱེད་ཀྱིས་སྦྱར ་ཅིང་ལོངས་སྤྱད་པ་དག་གོ་།རོ་ཙ་བའི་སྦྱོར་བ་ཞེས་པ་ནི། བུད་མེད་ལ་ཕོད་པར་བྱ་བ་གྲུབ་པ་རྣམས་ཏེ་དེ་དག་སྦྱར་བར་བྱའོ། །སྨན་རྣམས་ཀྱིས་ནི་ལུས་སྦྱངས་ཕན། །ས་ལུ་དྲུག་ཅུ་བ་དང་གྲོ། །མུཏག་ཤ་དང་མར་ལ་སོགས།། ་ཕན་པའི་ཟས་ཀྱིས་ལུས་བརྟ་ཞིང། །ཡིད་འོང་དྲོད་བསྐྱེད་སྨྲན་སྦྱར་བ། །ཡི་ག་འབྱེ་ཞིང་འཇུ་བྱེད་དང། །བསྐུ་ཞིང་དྲིལ་བྱིས་ཁྲུས་བཅས་དང། །དྲག་པོ་འཇམ་རྩི་མས་བཏང་བརྟ། །ཞེས་བྱ་བ་ནི་སྐྱེས་བུ་སྨན ་གྱིས་ལུས་སྦྱངས་ཤིང་སྐྱུག་སྨན་ལ་སོགས་པས་ལུས་ཀྱི་ཉམ་སྨད་པ་ལ་ལུས་བརྟ་བར་བྱ་བའི་ཕྱིར་སཱ་ལུ་རྩ་སྣ་ར་ལ་སོགས་པའི་ཟས་རྣམས་དང་བསྐུ་བ་དང་བཅས་པ་ལ་སོགས་པས་རིམ་གྱིས་ལུས་བརྟ་བར་བྱའི་འཕྲལ་དུ་ནི་མ་ཡིན་ནོ། ། ་ཕན་པ་ཞེས་བྱ་བ་ནི་ལུས་ལ་ཕན་པར་འགྱུར་བའོ། །ཡིད་དུ་འོང་བ་ཡང་ཡིན་ལ་དྲོད་སྐྱེད་པའི་སྨན་ཡང་ཡིན་པས་ན་ཡིད་འོང་དྲོད་སྐྱེད་སྨན་ཏེ་སྒེ་གཤེར་དང་པི་པི་ལིང་དང། ན་ལེ་ཤམ་དང། སེའུ་འབྲུ་དང། བི་ཛ་པཱུ་ར་དང། ་དར་བ་རྙིང་བ་དང། ཅེ་མང་ཅི་ལ་སོགས་པ་སྟེ་དེ་དང་སྦྱར་ཞིང་འདྲེས་པའི་ཁ་ཟས་གང་ཡིན་པའི་སྦྱོར་བ་དེ་བས་ཡི་ག་འབྱེ་ཞིང་འཇུ་བར་བྱེད་ལ་ཟས་འདོད་ཅིང་སྨིན་པར་བྱེད་ནུས་པ་དེས་བརྟ་བ་དང། ལུས ་བསྐུ་བ་ལ་སོགས་པ་ནི་གྲགས་པར་ཟད་དོ། །དྲག་པོ་ནི་བཀྲུ་སྨན་དྲག་པོ་མས་བཏང་བའོ། །འཇམ་རྩི་མས་བཏང་བ་སྟེ་དེ་དག་གིས་བརྟ་བར་བྱའོ། །དེས་ནི་མེ་ཀུན་སྟོབས་ལྡན་ཞིང། །བློ་མདོག་དབང་པོ་དྲི་མ་མེད། །དེ་བཞིན་ཚེ་རིང་རོ? ་ཙ་དང། །དཔལ་དང་གཟི་མདངས་འཐོབ་བར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་རྣམ་པ་དེ་དག་བྱས་ཤིང་བཤད་མ་ཐག་པའི་བྱ་བ་རྫོགས་པ་དེས་ན་སྐྱེས་བུ་དེ་དཔལ་དང་གཟི་མདངས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་མེ་ཀུན་ཞེས་པ་ལུས་ཟུངས་རྣམས ་ཀྱི་མེ་ཐམས་ཅད་དང་འབྱུང་བའི་མེ་རྣམས་དང་ཕོ་བའི་མེ་དྲོད་སྟོབས་དང་ལྡན་ཞིང་གསལ་ལ་སྨིན་པར་བྱ་ཞིང་ནུས་པ་དང་ལྡན་པར་འགྱུར་ཏེ། དེ་ལྟར་ན་མེ་བཅུ་གསུམ་སྨིན་པའི་ནུས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བློ་མདོག་དབང ་པོ་དྲི་མ་མེད་ཅེས་བྱ་བ་སྟེ། བློ་གྲོས་དང་ཁ་དོག་དང། མིག་ལ་སོགས་པའི་དབང་པོ་རྣམས་དྲི་མ་མེད་ཅིང་དང་བར་འགྱུར་བ་དང། །དེ་བཞིན་དུ་ཚེ་རིང་བ་སྟེ། །ལྷག་པར་འཚོ་བར་འགྱུར་བ་དང། །དེ་བཞིན་དུ་རོ་ཙ་བ་ཞེས་པ་ཞུ ་བ་རྣམ་པར་འཕེལ་བས། བུད་མེད་ལ་ཕོད་པར་འགྱུར་བ་དང། དཔལ་དང་གཟི་མདངས་ཐོབ་པར་འགྱུར་རོ། །འབྱུང་པོ་དུག་དང་རླུང་དང་མེ། །མཚོན་རྨས་ཆག་གྲུགས་སོགས་བྱུང་དང། །འདོད་ཆགས་ཞེ་སྡང་འཇིག་སོགས ་གང། །དེ་ནི་གློ་བུར་ནད་ཅེས་བྱ། །ཞེས་བྱ་བ་ནི་འདི་དག་ནི་གློ་བུར་བ་ཞེས་བྱ་སྟེ། དེ་ཡང་གང་འབྱུང་པོས་མཐོང་ཞིང་ཟིན་པ་དང། དུག་གིས་རེག་ཅིང་ཟིན་པ་དང། གནོད་པའི་རླུང་དང། མེ་དང་མཚོན་གྱིས་རྨས་པ་དང། རྡོ་ལ་སོགས ་པས་ཡན་ལག་ཆག་གྲུབས?་སུ་གྱུར་ཅིང། ཉེ་བར་བཅོམ་པ་ལ་སོགས་པ་ལས་བྱུང་པར་འགྱུར་བ་གང་ཡིན་པ་དང། དེ་བཞིན་དུ་འདོད་ཆགས་དང། ཞེ་སྡང་དང། འཇིགས་པ་དང། ཁོང་ཁྲོ་བ་དང། མི་བཟོད་པ་དང། བརྐམ་ཆགས་ལ་སོགས་པ་ཡིད ་ཀྱི་ནད་དུ་གྱུར་པ་གང་ཡིན་པ་སྟེ། དེ་དག་ཀྱང་གློ་བུར་བའི་ནད་ཅེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཤེས་རབ་ཉེས་པ་སྤང་བ་དང། །དབང་པོ་ཉེར་ཞི་དྲན་པ་དང། །ཡུལ་དུས་བདག་ཉིད་ཤེས་པ་དང། །དམ་པའི་སྤྱོད་པའི་རྗེས་འཇུག་པ། །ལྷན་ཅིག ་སྐྱེས་དང་གློ་བུར་ནད། །མདོར་ན་མ་སྐྱེས་པའི་ཕྱིར་དང། །སྐྱེས་པ་ཞི་བར་བྱ་བའི་ཕྱིར། ཆོ་ག་འདི་ནི་བསྟེན་པ་ཡིན་།ཞེས་བྱ་བ་ལ། ཤེས་རབ་ཀྱི་ཉེས་པ་ཡིན་པས་ན། ཤེས་རབ་ཉེས་པ་སྟེ། དམ་པ་མ་ཡིན་སྤྱོད་བྱེད་ཅིང། །བཀག་པ་རྣམས་ལ ་སྤྱོད་པ་སྟེ། ལྷའི་མིག་དང་ལྡན་པའི་སློབ་དཔོན་རྣམས་ཀྱི་རྣམ་པར་བཀག་པའི་ཡུལ་དག་སྟེན་པར་བྱེད་ཅིང། བསྒོ་ཞིང་བསྟན་པའི་དོན་མི་བྱེད་པ་དེ་ལྟ་བུ་ནི་ཤེས་རབ་ཀྱི་ཉེས་པ་ཡིན་ཏེ། མདོར་ན་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པར་བྱེད་པའོ། ། ་དེ་སྤང་བ་ནི་མི་བྱེད་པར་གཏོང་ཞིང་སྤོང་བའོ། །དབང་པོ་ཉེ་བར་ཞི་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་མི་དགེ་བའི་རང་བཞིན་ཅན་གྱི་ཡུལ་ལ་འཇུག་པ་ལས་ལྡོག་ཅིང་ཉེ་བར་ཞི་བ་འམ། ཡང་ན་སྒྲ་ལ་སོགས་པའི་ཡུལ་ལ་ཤིན་ཏུ་ཞེན་པ་ལས་ཡང་དག ་པར་སྡོམ་པའོ། །དྲན་པ་ནི་སྔར་རྗེས་སུ་མྱོང་བའི་དོན་ཡིད་ལ་སེམས་པ་སྟེ། དེ་ཡང་དགེ་བ་དང་མི་དགེ་བའི་ཚུལ་དྲན་པར་བྱས་ནས། ལེན་པ་དང་སྤོང་བར་བྱེད་པ་སྟེ། ཉིན་དང་མཚན་དུ་ཞེས་བྱ་བ་ལ་སོགས་པ་རྟག་ཏུ་སྤྱོད་པའི་ཆོ་ག་ལས་བཤད ་པའོ། །དེ་བཞིན་དུ་ཡུལ་དུས་བདག་ཉིད་རྣམ་པར་ཤེས་པ་ཞེས་བྱ་བ་སྟེ་ཅི་སྐམས་དགོན་དུང་ཅན་ཡིན་ནམ། རླན་ཅན་ཡིན་ནམ། འོན་ཏེ་ཆ་མཉམ་པ་ཡིན། ཅི་རླུང་ནི་རང་བཞིན་ཅན་ནམ། འོན་ཏེ་མཁྲིས་པའི་རང་བཞིན་ཅན་ནམ། ཡང་ན་བད་ཀན་གྱི་རང་བཞིན ་ཅན་ཡིན་ཞེས་ཤེས་པར་བྱ་བ་དང། དེ་བཞིན་དུ་དུས་ཤེས་པ་སྟེ། ཅི་འདི་དགུན་སྟོད་ཡིན་ནམ། འོན་ཏེ་དགུན་སྨད་ལ་སོགས་པ་གཞན་དག་ཡིན་ཞེས་པ་དང། འདི་ནི་སྐད་ཅིག་ལ་སོགས་པའི་དུས་ཡིན་ནོ་ཞེས ་དང། འདིར་ཕོངས་པར་འགྱུར་བ་དག་ཀྱང་གཟུང་བར་བྱའོ། །བདག་ཅེས་པ་ནི་རྣམ་པ་གཉིས་ཏེ། དེའི་རང་བཞིན་ནི་འདི་ཡིན་ཏེ། འདི་ལངས་བརྟེན་པར་བྱའོ། །འདི་ལ་ནི་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བདག་ཉིད་ཤེས་པ་ནི་གཅིག་ཡིན་ནོ།། ་གཉིས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་ཤེས་པ་སྟེ། དེ་མེད་པར་འདོད་ཆགས་ལ་སོགས་པའི་ནད་གཞན་དག་གིས་བསལ་བར་བྱ་བར་མི་ནུས་པ་དེ་ཤེས་པར་བྱའོ། །དམ་པའི་སྤྱོད་བ་རྗེས་འཇུག་པ་ཞེས་པ་ནི་དམ་པ་རྣམས་ཀྱི་སྤྱོད་པར་གྱུར ་པ་གང་ཡིན་པ་དེའི་རྗེས་སུ་འཇུག་ཅིང་སློབ་ལ་ཉམས་སུ་ལེན་པའོ། །ལྷན་ཅིག་སྐྱེས་པ་ནི་ལུས་ལས་བྱུང་ཞིང། ལྷན་ཅིག་སྐྱེས་པའོ། །གློ་བུར་བ་ནི་འབྱུང་པོ་ལ་སོགས་པ་དང། །འབྲེལ་པ་ལས་སྐྱེས་པའོ། །དེ་ལྟ་བུའི་ནད་ཀྱི་རྣམ་པར་འགྱུར་བ་དེས་མ ་སྐྱེས་པ་རྣམས་མི་འབྱུང་བར་བྱ་བའི་ཕྱིར་དང། དེ་བཞིན་དུ་ལྷན་ཅིག་སྐྱེས་པ་དང། བློ་བུར་བའི་ནད་སྐྱེས་པ་རྣམས་ཞི་བར་བྱ་བའི་ཕྱིར། ཆོ་ག་འདི་ཉིད་མདོར་བསྡུས་ནས་སློབ་དཔོན་གྱིས་བསྟན་ཅིང་བཤད་པ་ཡིན་ནོ། །དེ་བས་ན་དྲི་མ་རྣམས་ནི་སྦྱང་པའི་ཕྱིར། ཇི ་བཞིན་དུས་སུ་ནན་ཏན་བྱ་ཞེས་བསྟན་པ་ཡིན་ནོ། །འོ་ན་དུས་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་འདིར་སྨྲས་པ་ཡིན་ཏེ། གྲང་བ་ལས་བྱུང་ཉེས་ཚོགས་དབྱིད་ཀྱི་ཚེ། །རྣམ་བསལ་སོ་ག་ལས་བྱུང་དབྱར་དུས་ན། །དབྱར་བསགས་སྤྲིན་བྲལ་དུས་སུ་ལེགས་སྦྱངས་ན། །དུས ་གྱུར་ནད་ནི་ནམ་ཡང་འབྱུང་མི་འགྱུར་ཞེས་བྱ་བ་ལ། གྲང་བ་ཞེས་བྱ་བའི་སྒྲ་ནི་དགུན་སྟོད་དང། དགུན་སྨད་གཉིས་ཀར་གཟུང་ངོ། །ཉེས་བ་རྣམས་ཀྱི་ཚོགས་ཡིན་པས་ན་ཉེས་ཚོགས་ཏེ། དེའང་གྲང་བ་ལས་བྱུང་བའི་ཉེས་པའི་ཚོགས་སོ། །དེ་ལྟར་གྲང་བ་ལས་བྱུང་ཞིང ་སྐྱེས་པའི་ཉེས་པའི་ཚོགས་གང་ཡིན་པ་དེ་ནི་དཔྱིད་ཀྱི་ཚེ་རྣམ་པར་བསལ་ཞིང་བསལ་བར་བྱའོ། །དེ་བཞིན་དུ་སོ་ཀའི་ཚེ་བསགས་པ་ལས་བྱུང་བའི་ཉེས་པའི་ཚོགས་ནི་དབྱར་གྱི་དུས་ན་རྣམ་པར་སྦྱང་བར་བྱའོ། །དེ་བཞིན་དུ་དབྱར་བསགས་པ་ཉེས་པ་རྣམས་ནི་སྤྲིན་བྲལ་དུས་ཏེ། སྟོན་གྱི་དུས་ལ ་མྱུར་ཞིང་རིངས་པར་གསོ་དཔྱད་ཀྱི་བསྟན་བཅོས་ལས་འབྱུང་བའི་ཆོ་ག་བཞིན་དུ་ལེགས་པར་སྦྱངས་ཤིང་རྣམ་པར་བསལ་ན། དུས་ལས་བྱུང་བའི་ནད་སྐྱེས་བུ་དེ་ལ་ནམ་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་རོ། །དཔྱིད་ཀྱི་ཚེ་རྣམ་བསལ་ཞེས་སྨོས་པ་འདིར་ནི་དཔྱིད་ཟླ་འབྲིང་པོ་ལ་གྲོ ་ཟུག་པ་ཁོ་ནའི་དུས་སུ་སྦྱང་བར་བྱ་བ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་མ་བྱས་ན་བཟློག་དཀའ་བའི་ཉེས་པ་ཡོད་དེ། དུས་པོ་འདི་ལ་བསགས་པའི་ཉེས་པའི་ཚོགས་སྦྱང་བར་བྱ་བའི་དུས་ལ་བབ་པ་དག་ནི་དུས་གཞན་དག་ལ་བསྡད་པ་ན་བསལ་བར་དཀའ་བ་ཡིན་པའི་ཕྱིར ་རོ། །སོས་ཀ་ལས་བྱུང་དབྱར་དུས་ན་ཞེས་བྱ་བའི་སྐབས་འདིར་ཡང་དབྱར་གྱི་དུས་རྩོམ་པ་ཉིད་ན་ཡིན་པར་བྱ་ཞིང། ཇི་སྲིད་དྲང་བ་དང། རླུང་དང། བ་མོ་དང། ཆར་གྱི་རྒྱུན་དང། འདྲེས་པའི་དུས་སུ་མ་ཕྱིན་པར་བྱ་བ་ཡིན་ནོ། །དབྱར་བསགས་སྤྲིན་བྲལ ་དུས་ཞེས་བྱ་བ་འདིར། །དུས་གང་གི་ཚེ་སྤྲིན་དང་ཤིན་ཏུ་བྲལ་ཞིང། ནམ་མཁའ་དང་བར་གྱུར་པ་སྟེ། སྟོན་ཟླ་བ་ཉིས་ཀྱི་ཕྱི་མའི་ཆ། །སྟོན་ཟླ་ཐ་ཆུང་ཡིན་པས་ཤེས་པར་བྱའི། །འགོ་རྩོམ་པ་ལ་ནི་མི་གཟུང་ངོ། །དེ་སྐད་དུ་གཞུང་རྩོམ་པར་བྱེད་པས ་ཀྱང། དབྱར་དང་སྟོན་ཟླ་ཆུང་དཔྱིད་འབྲིང། །ཟླ་བ་རིམ་བཞིན་ཐུན་མོང་ཡིན། །སོས་ཀ་དབྱར་དགུན་ལ་བསགས་པའི། །རླུང་ལ་སོགས་པ་མྱུར་དུ་བསལ་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་ན་མི་རྣམས་རྟག་ཏུ་ནད་མེད་པར་འགྱུར་བ་དེ་བསྟན་པའི་ཕྱིར་སྨྲས་པ་ནི། ་རྟག་ཏུ་ཕན་པའི་ཛས་དང་སྤྱོད་ལམ་བསྟེན། །བརྟགས་ཏེ་བྱེད་ཅིང་ཡུལ་རྣམས་ལ་མི་ཆགས། །གཏོང་ལྡན་སེམས་སྙོམས་བདེན་བརྩོན་གཟོད་དང་ལྡན། །ཉམས་ལྡན་སྐྱེས་པར་བྱེད་ན་ནད་མེད་འགྱུར་ཞེས་བྱ་བ་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སྐྱེས ་བུ་ནི་ནད་མེད་ཅིང་ཐ་མལ་པར་བདེ་བར་གནས་པར་འགྱུར་རོ། །དེ་ཡང་གང་ཞིག་ཅེ་ན། གང་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་ཕན་ཞིང་འཕྲོད་པའི་ཟས་དང། སྤྱོད་ལམ་བསྟེན་ཅིང་གོམས་པར་བྱེད་པ་སྟེ། ཕན་པའི་ཟས་ནི་འོག་ནས ་བཤད་བ་དང། དུས་སུ་སྤྱད་པའི་ལེའུ་ལས་བཤད་པར་བྱའོ། །སྤྱོད་ལམ་ནི་ལུས་དང་དག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པ་སྟེ། དེ་ཡང་ཉིན་རེ་རྟག་པར་སྤྱད་པའི་ལེའུ་ལས་བཤད་པ་ཡིན་ཏེ། དེ་དག་ལ་བརྟེན་པ་དང། དེ་བཞིན་དུ་བརྟགས་ཏེ་བྱེད་ཅིང ་ཞེས་བྱ་བ་སྟེ། གང་དང་གང་བྱེད་པ་དེ་དང་དེ་སྤང་བ་དང། བླང་བར་བྱ་བ་ལེགས་པར་བརྟགས་ཤིང་བྱེད་དེ། འདིས་བྱས་ན་ནི་རྫོགས་པར་འགྱུར་ལ། འདི་བྱས་ན་ནི་མི་རྫོགས་ཤིང་མཐར་ཕྱིན་པར་མི་འགྱུར་རོ་ཞེས་པ་དེ་ལྟར་ཤེས་པར་བྱས་ནས། ་དགེ་པ་བྱེད་ཅིང་མི་དགེ་བ་སྤོང་བར་བྱེད་པ་དང། དེ་བཞིན་དུ་ཡུལ་རྣམས་ལ་མི་ཆགས་ཞེས་པ་སྟེ། གཟུགས་དང། སྒྲ་དང། དྲི་ལ་སོགས་པ་ལ་སེམས་ཆགས་པ་མེད་བ་དང། གཏོང་ལྡན་ཞེས་པ་གཏོང་ཞིང་སྦྱིན་པར་བྱེད་པའི་ངང་ཚུལ་ཅན ་དང། སེམས་སྙོམས་ཞེས་པ་སེམས་ཅན་ཐམས་ཅད་ཉེ་དུར་གྱུར་ཅིང་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་མེད་པ་དང། བདེན་བརྩོན་ཞེས་བྱ་བ་བདེན་པ་གཙོ་བོར་ལྷུར་བྱེད་ཅིང། བདེན་བར་དམ་བཅའ་ལ། བསླུ་བ་མེད་པའི་ཚིག་ཕྱིན་ཅི ་མ་ལོག་པར་སྨྲ་བ་དང། བཟོད་པ་དང་ལྡན་ཞེས་པ་ནི། བཟོད་ཅིང་དེས་པའི་ངང་ཚུལ་ཅན་དང་དེ་བཞིན་དུ་ཉམས་ལྡན་སྟེན་པར་བྱེད་པ་ཞེས་པ་སྟེ། མཁས་པའི་ངང་ཚུལ་ཅན་ཡིན་པས་ན་མཁས་པ་སྟེ། འཇིག་རྟེན་གཉི་ག་ལ་བསླུ་བ་མེད་ཅིང ་ཆགས་པ་དང། འཆེ་བ་མེད་པའི་དངོས་པོ་མཐོང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་དྲང་སྲོང་ཙ་ར་ཀས། །གང་ཞིག་དུས་གསུམ་དྲི་མེད་པར། ཤེས་ཤིང་རྟག་ཏུ་མ་ཉམས་པ། །དེ་མཁས་ཕུལ་བྱུང་བློ་རྒྱས་ཡིན། །དེའི་ཚིག་ཐེ་ཚོམ་མེད ་ཅིང་བསྟེན། །སྐྱེན་བྲལ་རྨོངས་པ་མེད་པ་དེ། །མི་བདེན་པ་ནི་ཇི་ལྟར་སྨྲ་ཞེས་བྱ་བ་ཡིན་ཏེ། མཁས་ཤིང་ལུང་དང་ལྡན་པ་དེ་ལ་བརྟེན་ལ་ནད་མེད་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ ་དཔོན་ཟླ་བ་ལ་དཀའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཞི་པའི་རྣམ་པར་འབྲེལ་པའོ། །།དེ་ནས་ཆུ་སྣ་ཚོགས་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། སྔར་གོང་དུ་རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ ་བསྟན་ན། ནད་མེད་པར་འགྱུར་རོ་ཞེས་བསྟན་ལ། ཕན་པའི་ཟས་དང་སྤྱོད་ལམ་དེ་གཉིས་ཀྱང་མིང་ཙམ་ཞིག་སྟན་པ་ཡིན་ནོ། །དེ་ལ་སྤྱོད་ལམ་ནི་རྩོལ་བ་ལ་སོགས་པའི་རང་གི་ངོ་བོ་དང། ལས་ཀྱི་བྱེ་བྲག་བཤད་པས། ཕལ་ཆེར་བཤད་པ་ཟིན་པ ་དང། འོག་ནས་ཀྱང་སྟོན་ཏོ། །ཟས་ཀྱི་ཡང་གང་གི་ངོ་བོ་དང། ལས་དང་ཡོན་ཏན་དག་འདིར་ཅུང་ཟད་ཀྱང་མ་སྨོས་སོ། །དེ་བས་ན་ད་ནི་དེའི་རང་གི་ངོ་བོ་དང། ལས་དང་ཡོན་ཏན་བཤད་པར་བྱ་བའི་ཕྱིར། ལེའུ་འདི་གཉིས་བརྩམས་པ་ཡིན་ལ། དེ་གཉིས ་ལས་ཀྱང་ཆུ་སྣ་ཚོགས་པ་གཤེར་བའི་རྫས་ཀྱི་བྱེ་བྲག་ཤེས་པ་ནི་གཙོ་བོ་ཡིན་པས་དང་པོར་བསྟན་པ་ཡིན་ནོ། །ཆུ་སྣ་ཚོགས་ལ་སོགས་པ་ནི་ཆུ་རྣམས་དང་འོ་མ་དང་བུ་རམ་ཤིང་གི་ཁུ་བ་དང། ཏིལ་མར་དང། ཆང་ལ་སོགས་པའོ། །དེ་རྣམས་ཀྱི ་བྱེ་བྲག་ཤེས་པར་བྱ་བ་ནི་ཕན་པ་དང་གནོད་པ་ཉིད་ཀྱིས་རོ་དང་ནུས་པ་དང། འཇུ་བ་དང་ཡོན་ཏན་ལ་སོགས་པ་རྟོགས་ཤིང་ཤེས་པའོ། །དེ་ལ་ཕན་ཞིང་དགོས་པ་ནི་ལེའུ་སྟེ། དེ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་ནི་ཆུའི་ཡོན་ཏན་གྱི ་ངེས་པར་སྟོན་པ་ཡིན་ཏེ། དེ་ཐམས་ཅད་ལ་དགོས་པ་ཡིན་པའི་ཕྱིར་རོ། །དེ་ཡང་སློབ་དཔོན་གྱིས། ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག་།ལུས་ཀྱང་དེ་ཡི་རང་བཞིན་ཡིན། དེ་བས་ཤིན་ཏུ་དགག་པ་ཡིས། །ཆུ་ནི་གང་དུ་འང་བཟློག་པ་མེད་ཅེས་བཤད་པ ་ཡིན་ནོ། །མཁའ་ལས་འབབ་པའི་གང་གཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང། །ཚིམ་བྱེད་སེམས་ནི་བསལ་བྱེད་ལ། །སླ་ཞིང་རོ་མི་བསལ་ལ་ཞིམ། །གསིལ་ཞིང་ཡང་བ་བདུད་རྩིར་མཚུངས། །ཉི་ཟླ་རླུང་གིས་རེག་བྱུར་པ། །དེ ་ཡི་ཡུལ་དུས་ལ་བལྟོས་ནས། །ཕལ་ཆེར་ཕན་དང་གནོད་པ་ཡིན་ཞེས་བྱ་བ་ནི། ནམ་མཁའ་ལ་འབབ་པའི་གཾ་གའི་ཆུ་ནི། ཡོན་ཏན་འདི་དག་དང་ལྡན་ཏེ། འཚོ་བྱེད་ཅེས་བྱ་བ་མདངས་འཕེལ་བར་བྱེད་པའོ། །དོམས་བྱེད་ནི་ངལ་བ་སེལ ་བར་བྱེད་པའོ། །དགའ་བ་བྱེད་པ་ནི་སྙིང་དགའ་བར་བྱེད་པའོ། །ཡང་ན་སྙིང་ལ་ཕན་པར་བྱེད་པའོ། །ཚིམ་བྱེད་ནི་བདེ་བ་བསྐྱེད་པའམ་ནད་སེལ་བའོ། །བློ་སད་པར་བྱེད་པ་ནི་ཤེས་རབ་ཀྱི་ཁ་འབྱེད་པར་བྱེད་པ་སྟེ། གང་ལ་ཤེས་རབ་ཅི་ཙམ ་ཞིག་དེ་ལ་གསལ་བར་སྣང་བ་ཉིད་དུ་དེ་འཐུངས་པ་ལས་འགྱུར་པའོ། །སླ་བ་ནི་སྐ་བ་མ་ཡིན་པའོ། །རོ་མི་གསལ་བ་ཞེས་བྱ་བ་ནི། མངར་བ་ལ་སོགས་པའི་རོ་དེ་ལ་གསལ་བ་མེད་པས་ན་རོ་མི་གསལ་བའོ། །ཞིམ་པ་ནི་རོ་བདའ་བ་སྟེ། ་སྲོག་ཆགས་རྣམས་ཀྱིས་ཤིན་ཏུ་སྲེད་པར་བྱས་ནས། བཏུང་བའི་དོན་དུ་འཐུང་པ་ཞེས་བྱ་བའི་དོན་དོ། །དེ་ཡང་གང་གི་ཕྱིར་དྲང་སྲོང་དག་གིས། བསིལ་ཞིང་གཙང་ལ་དགེ་ཞིང་ཞིམ་ཞེས་བཤད་པ་ཡིན་ནོ། །བསིལ་བ་ཞེས་བྱ་བ་ནི། རེག ་པ་དང་ནུས་པ་གཉི་ག་ལ་སྦྱར་རོ། །ཡང་བ་ཞེས་བྱ་བ་ནི་ཡང་བའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་དུ་བདུད་རྩིར་མཚུངས་ཞེས་བྱ་བ་ནི་བདུད་བརྩིའི་ཡོན་ཏན་དང་ལྡན་པ་སྟེ། ཡོན་ཏན་དམ་པའི་ཚོགས་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན ་དང་ལན་པ་དག་ཀྱང་ནམ་མཁའ་སྟེ། བར་སྣང་ལས་འབབ་ཅིང་ལྷུང་བ་ན། ཉི་མ་དང་ཟླ་བ་དང། རླུང་གིས་རེག་ཅིང་ཕྲད་པར་གྱུར་བའི་ཆུ་ད་ཡང་ཡུལ་དང་དུས་ལས་བལྟོས་ཤིང་ཡུལ་དུས་ཀྱིས་རྗེས་སུ་ཞུགས་པས། ཡུལ་དང་དུས་ཀྱི་ཡོན་ཏན ་དང་འདྲེས་ཤིང་བདག་གིར་བྱེད་ལ། དེས་ན་ཕལ་ཆེར་སླར་ཞིང་ཕན་པ་གནོད་པ་སྟེ། ལུས་ལ་ཕན་པར་འགྱུར་བ་དང། གནོད་པར་འགྱུར་བར་བྱེད་པ་ཡིན་ཏེ། དེ་ཡང་རླན་ཆེ་བ་ལ་སོགས་པའི་ཡུལ་ཕྱོགས་གཞན་འགའ་ཞིག་ཏུ་འབབ་པ་ན། དེ་ཡང་ནག ་པོ་འམ། དཀར་པོ་ལ་སོགས་པ་གཞན་དུ་འགྱུར་བ་དང། དུས་ཏ་དུས་དྲུག་ལ་བལྟོས་ན་ཕན་པ་དང་གནོད་པ་བྱེད་པ་ཡིན་ནོ། །གང་ཞིག་ཆར་འབབ་དྲི་མ་མེད། །འབྲས་ཆན་དངུལ་ཕོར་ནང་གནས་པ། །མ་རུལ་མདོག་ཀྱང་མ་གྱུར་པ། །གང་གཱའི་ཆུ་དེ་བཏུང ་པར་བྱ། །ཞེས་བྱ་བ་ནི་ཆུ་གང་ལེགས་པར་ཆར་དུ་འབབ་པས་བརླན་ཞིང་སྤངས་པའི་སཱ?་ལུའི་ཆན་དེ་དངུལ་པོར་གྱི་ནད་ན་གནས་པའི་དེ་ཡང་རུལ་བར་མ་གྱུར་ཅིང། མདོག་ཀྱང་གཞན་དུ་མ་གྱུར་ན། དེ་ནི་གང་གཱའི་ཆུ་ཞེས་བྱ་སྟེ། དེ་ནི་མཐུངས ་ན་གནོད་པ་མེད་པ་ཡིན་པས་ན་རུང་བར་བྱ་བ་ཡིན་ནོ། །གཞན་དུ་མཚོ་ཆུ་སྟོན་ཟླ་སྟེ། འབྲིང་པོ་མིན་པར་བཏུང་མི་བྱ། །ཞེས་བྱ་བ་ནི། ཆུ་དེ་སྤངས་པའི་འབྲས་སཱ་ལུའི་ཆན་རུལ་བ་འམ། མདོག་གཞན་དུ་གྱུར་ན། དེ་ནི་རྒྱ་མཚོའི་ཆུ་དང་འདྲ་བ ་ཡིན་པས་བཏུང་བར་མི་བྱ་སྟེ། བ་ཚ་ལ་སོགས་པའི་སྐྱོན་དང་འདྲེས་པ་ཡིན་པའི་ཕྱིར་རོ། །ཅི་དུས་ཐམས་ཅད་དུ་བཏུང་བར་མི་བྱ་འམ། འོན་ཏེ་ལན་འགའ་ཞིག་བཏུང་བར་མི་བྱ་ཞེ་ན། སྟོན་ཟླ་འབྲིང་པོ་མིན་བར་བཏུང་མི་བྱ་ཞེས་བྱ་བ་སྨྲས་པ ་ཡིན་ཏེ། སྟོན་ཟླ་འབྲིང་པོ་མ་གཏོགས་པ་དུས་གཞམ་དག་ཏུ་དེ་བཏུང་བ་རིམ་བྱའོ། ཞེས་སྟོན་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དེའི་ཆེ་དྲང་སྲོང་རི་ཥི་འཆར་བའི་དུས་ཡིན་པས། དེས་མཚོ་དང་རྫིང་བུ་ལ་སོགས་པར་གཏོགས་པའི་ཆུ་ཐམས་ཅད ་གནོད་པ་དག་ཀྱང་ཕན་པར་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཆར་པའི་ཆུ་ནི་སྣོད་བཟང་བཞག་།འགྱུར་བ་མེད་པ་རྟག་ཏུ་བཏུང་ཞེས་བྱ་བ་ནི། ཆར་པའི་ཆུ་ནི་དབང་པོས་བར་སྣང་ལ་ཆར་དུ་བབ་པའི་ཆུའོ། །སྣོད་བཟང་བ་ཞེས་ཅེས་པ་ནི ་སྣོད་བཟང་པོ་བཟོད་དེ་བསགས་པའོ། །འགྱུར་བ་མེད་ཅེས་བྱ་བ་ནི་ཁ་དོག་དང་རོ་མ་ཉམས་ཤིང་འགྱུར་བ་མེད་པ་སྟེ། དེ་ནི་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་བཏུང་ཞིང་སྤྱད་པར་བྱའོ། །དེ་མེད་ན་ནི་ཐང་ལ ་གནས། །བར་སྣང་བ་དང་རྗེས་མཐུན་ཡིན། །ས་ཕྱོགས་དཀར་ནགས་གཙང་ཞིང་ཡངས། །ཉི་འོད་རླུང་གིས་ཕོག་པ་སྔགས་ཞེས་བྱ་བ་ནི། དེ་མེད་ན་ཞེས་པ་བར་སྣང་གི་ཆུ་བསགས་པ་དེ་མ་རྙེད་ན། ཐང་ལ་གནས་ཤེས་པ། ་ས་ལ་སྟེང་ཀར་གནས་པའི་ཆུ་ནི་བར་སྣང་བ་དང་རྗེས་མཐུན་ཡིན་ཞེས་བྱ་བ། བར་སྣང་གི་ཆར་ཆུ་དང་འདྲ་བར་འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་ཆ་མཐུན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ས་ཕྱོགས་ཁ་དོག་དཀར་བ ་དང། གནག་པ་དག་གི་ཆར་འདྲེས་པ་སྟེ། ཕལ་ཆེར་དཀར་གནག་དུ་གནག་པ་ན་ཡོད་པ་དང་གཙང་བ་སྟེ། དག་པ་དང་ཡངས་པ་སྟེ་ས་ཕྱོགས་རྒྱ་ཆེ་བ་ན་ཡོད་པ་དེ་ཉི་མའི་འོད་དང་རླུང་གིས་བསེར་བུས་ཀུན་ནས་ཕོག་ཅིང་བསྟེན་པའི ་ཆུ་གང་ཡིན་པ་དེ་བསྔགས་པ་ཡིན་པས་བཏུང་བར་བྱའོ། །ལྟེང་ཀ་འདམ་རྫ་བ་ཉ་ལྕི་བས་དང། །རྩཝ་དང་ལོ་མ་རྙོག་མ་ཅན། །ཉི་ཟླ་རླུང་གིས་མ་ཕོག་པ། །མངོན་དུ་བབ་དང་ཆུ་གར་ལྕི། །སྡུ་བ་སྲོག་ཆགས་ཅན་དང་དྲོ། །གྲང ་ཆེས་སོ་ཡིས་མ་བཟོད་པ། །ཆར་གང་དུས་སུ་མ་བབ་དང། །དུས་ཀྱི་འང་དང་པོར་འབབ་པ་གང། །སྲོག་ཆགས་བདུན་དང་བ་སོགས་འདྲེས། །གཤང་གཅི་དུག་འདྲེས་གནོད་མི་བཏུང། །ཞེས་བྱ་བ་ནི། ལྟེང་ག་དང་འདམ་རྫབ་ལ ་སོགས་པས་རྙོགས་པ་ཅན་དུ་གྱུར་པའི་ཆུ་དེ་བཏུང་ཞིང་ལོངས་སྤྱད་པར་མི་བྱའོ། །དེ་ལ་འདམ་རྫབ་ནི་འདམ་གྱི་རྣམ་པ་སྟེ། དེས་རྙོགས་པའི་ནག་ནོག་ཅན་དུ་བྱས་པའོ། །ཉ་ལྕིབས་ནི་ཆུའི་ནང་ཉིད་ནས་སྐྱེས་པའོ། །རྩཝ་དང་ལོ ་མ་ནི་གྲགས་པར་ཟད་དོ། །དེས་རྙོག་པ་ཅན་དུ་གྱུར་པ་ནི་གཡོགས་པའོ། །དེ་བཞིན་དུ་ཉི་ཟླ་རླུང་གིས་མ་ཕོག་པ་ཅེས་བྱ་བ་སྟེ། ཉི་མ་དང་ཟླ་བའི་འོད་དང་རླུང་གི་ཟེར་གྱིས་མ་ཕོག་པའོ། །དེ་བཞིན་དུ་མངོན་དུ་འབབ་པ་ཞེས་པ་སྟེ། མངོན་དུ་འབབ་པ་དང་འདྲེས ་ཤིང་ཆུ་གཞན་གྱིས་གང་བར་འགྱུར་བའོ། །ཆུ་གར་ནི་ཡུན་རིང་པོར་གནས་པའི་ཕྱིར། སླབ་པ་ཡིན་པ་ལས་སྐ་པ་ཉིད་དུ་གྱུར་པའོ། །དེ་བཞིན་དུ་ལྕི་བ་སྟེ། ཡང་བ་ལས་ཀྱང་ལྕི་བར་གྱུར་པའོ། །སྤུ་བ་ཅན་ནི་སྤུ་བར་ཡོད་པའོ། །སྲོག་ཆགས་ཅན་ནི་འབུ་སྲིན ་དང་ལྡན་པའོ། །དྲོ་བ་ནི་ཉི་མ་ལ་སོགས་པའི་ཆ་བས་བདུངས་པའོ། །དེ་བཞིན་དུ་ཤིན་ཏུ་གྲངས་ཆེས་པས། སོ་དང་རེག་པར་མི་བཟོད་པ་དེ་ཡང་བཏུང་བ་མི་བྱའོ། །དེ་བཞིན་དུ་ཆར་པ་གང་དུས་སུ་མ་བབ་ཡང་དུས་སུ་མ་བབ་པ་ཡང་བཏུང་བར ་མི་བྱ་སྟེ། ཆར་ཆུ་ཡིན་པའི་ཕྱིར་བཏུང་བར་བྱ་བ་ཉིད་ཡིན་ཡང། ཆར་འབབ་པའི་དུས་སུ་མ་བབ་པ་ཉིད་ཀྱིས་ན་གནོད་པ་ཡིན་པའི་ཕྱིར་བཀག་པ་ཡིན་ནོ། །དུས་ན་ཡིན་པར་འབབ་པ་བཀག་པ་ལས་ན་དུས་སུ་འབབ་པ་ནི་བཏུང་བར་བྱའོ ་ཞེས་གནང་བར་དོན་གྱི་ས་གོ་བར་བྱའོ།། །།དེ་བས་ན་བར་སྣང་ལ་འབབ་པའི་ཆུ་ཁྱད་པར་ཅན་ནི་བཏུང་བར་བྱ་བ་ཉིད་ཡིན་པ་ལས། །དེ་དུས་སུ་བཏུང་བར་བྱས་པ་ཡིན་ལ། དེ་ཡང་དབྱར་གྱི་དུས་ཡིན་ཏེ། གང་གི་ཚེ་དབྱར་ནམ་མཁའ་ ་ལས་འབབ་པ་བཏུང་བར་བྱ་བ་ཉིད་ཡིན་གྱི། དུས་གཞན་དག་ཏུ་འབབ་པ་ནི་དུས་མ་ཡིན་པ་བཏུང་བར་མི་བྱའོ། །ཅིའི་དུས་སུ་བབ་པ་ཐམས་ཅད་དུ་བཏུང་བར་བྱ་བ་ལའམ། དུས་སུ་བབ་པ་ཡིན་དུ་ཟིན་ཀྱང་བཏུང་བར་མི་བྱ་བ་ཅུང་ཞིག་ཡོད ་དམ་ཞེ་ན། དེའི་ཕྱིར་དུས་ཀྱི་དང་པོར་འབབ་པ་གང་ཞིག་བྱ་བ་སྨོས་པ་ཡིན་ཏེ། དུས་དང་པོར་འབབ་པའི་ཆུ་གང་ཡིན་པ་དེ་ནི་བཏུང་བར་མི་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དབྱར་གྱི་དུས་སུ་འབབ་པ་ནི་བཏུང་བར་བྱ་བ་ལ། དེ་ལས་ཀྱང ་དང་པོ་འབབ་པ་ནི་དུས་སུ་འབབ་བ་ཡིན་པས་བཏུང་བར་མི་བྱའོ། །དེ་བཞིན་དུ་སྲོག་ཆགས་གདུག་པ་དང། ལུང་ལ་སོགས་པ་རྣམས་ཀྱི། བརྒྱ་དང། བཤང་བ་དང། གཅི་བ་དང། དང་འདྲེས་པས་མཉེས་པར་བྱས་པའི་ཆུ་གང་ཡིན ་པར་གཏུང་བར་མི་བྱའོ། །ནུབ་ཕྱོགས་ནས་ནི་རྒྱ་མཚོར་འབབ། །གང་ཡང་མྱུར་འབབ་རྡུལ་མེད་ཆུ། དེ་དག་མདོར་ན་དགེ་བ་ཡིན། དེ་ལས་ཟློག་པ་བཟང་མ་ཡིན་ཞེས་བྱ་བ་ནི། ཆུ་བོ་གང་ནུབ་ཕྱོགས་ནས་རྒྱ་མཚོར་བབ་ཅིང་སེང་བ་དང། གང་ཡང་མྱུར ་བར་འབབ་ཅིང་མགྱོགས་པར་འགྲོ་བ་དང། དེ་བཞིན་དུ་རྡུལ་མེད་ཆུ་ཞེས་བྱ་བ་སྟེ་དྲི་མ་མེད་པའི་ཆུ་དེ་དག་ནི་མདོར་ན་དགེ་ཞིང་ཕན་པ་ཡིན་ནོ། །དེ་ལས་ལྡོག་པ་བཟང་མ་ཡིན་ཞེས་བྱ་བ་ནི། ཆུ་བོ་ནུབ་ཕྱོགས་ནས་མ་འབབ་པ་དང། དེ ་བཞིན་དུ་མྱུར་བར་མི་འབབ་པ་དང། རྡུལ་མེད་པ་མ་ཡིན་པ་དང། གོང་མ་ལས་བཟློག་པ་དེ་དག་ནི་བཟང་པོ་མ་ཡིན་པ་སྟེ། གནོད་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་དོ། །རྡོལ་ཤུགས་དྲག་བསྡེབས་པ་ཡིས། །རྒྱུ་ཅན་གཡེངས་པའི ་ཆུ་དག་དང། །གངས་ཅན་མ་ལ་ཡ་ལས་བྱུང། དགེའི་ཞེས་བྱ་བ་ལ། རྡོའི་ཆོགས་ལ་ཤུགས་དྲག་པོས་རྡེབ་པར་ཕྱེད་ལ། དེས་རྒྱུན་ཆད་ཅིང་རྣམ་པར་འཐོར་བས་གཡེངས་ཤིང་དཀྲུག་བའི་ཆུ་གང་དག་ཡིན་པ་དེ་དག་གངས་ཅན་དེ་རི་ཁ་བ་ཅན ་དང། མ་ལ་ཡའི་རི་ལས་བྱུང་བ་སྟེ། དེ་གཉིས་ལས་མཐོན་ཅིང་འབབ་པའི་ཆུ་བོ་ནི་དགེའོ་ཞེས་པ་སྟེ། ཕན་ཞིང་བསོད་པ་ཡིན་པའོ། །དེ་ཉིད་བརྟན་ཞིང་གཡུང་ན། སྲིན་བུ་རྐང་བ་མ་སྙིང་དང་ནི། །ལྐོག་མ་གླད་པའི་ན་སྐྱེད་འགྱུར་ཞེས་བྱ་བ་ནི། ཁ་བ ་ཅན་དང་མ་ལ་ཡའི་རི་ལས་བྱུང་བ་དེ་ཉིད་བརྟན་ཞིང་གཡུང་བ་སྟེ། ངལ་གྱིས་འབབ་པ་ཡིན་ནོ། །སྲིན་བུ་ལ་སོགས་པ་སྐྱེད་པར་འགྱུར་རོ། །རྐང་འབམ་ནི་ཚིལ་དང་ཤལ་བརྟེན་ཏེ། རྐང་པ་དག་ཏུ་རྐང་དག་འབྱུང་བ་སྟེ། མཚན་ཉིད་འོག་ནས་བཤད་དོ། ་ཤར་དང་ནུབ་ཀྱི་མཛའ་ལས་བྱུང། །གཞང་འབྲུམ་བསྐྱེད་དོ་ཞེས་བྱ་བ་ནི། ཤར་ཕྱོགས་ཀྱི་ལྷོ་བལ་གྱི་ཡུལ་ནས་འབབ་པ་དང། ནུབ་ཕྱོགས་ཏེ། ཏ་ཟིག་གི་ཡུལ་ནས་འབབ་པ་དང། མཛའ་ལས་བྱུང་བ་ལྷོ་ནུབ་ཀྱི་མཚམས་ཀྱི་ཡུལ་མ་ཡིན་པ་ལས་བྱུང་ཞིང་འབབ་པའི ་ཚུལ་ནི། གཞང་འབྲུམ་ཞེས་བྱ་བའི་ནད་སྐྱེད་པར་བྱེད་དོ། །དབང་ཆེན་འབབ། དམུ་རྫིང་རྐང་འབམ་ནད་སྐྱེད་འགྱུར་ཞེས་བྱ་བ་ནི། དབང་ཚན་ཞེས་བྱ་བའི་རི་ལས་འབབ་ཅིང་རྒྱུ་བའི་རྡུ?་བ་ནི་དམུ་རྫིང་གི་ནད་དང། རྐང་འབམ་གྱི་ནད་སྐྱེད་པར་འགྱུར་རོ། །སད་ཧཡ་བནདིའི་རི ་ལས་འབག་མཛེ་དང་སྐྱ་རྦབ་ཀླད་ནད་འགྱུར་ཞེས་བྱ་བ་ནི། རི་བོ་སར་བྱ་དང། རི་བོ་བིནད་ཞེས་བྱ་བའི་རི་གཉིས་ལས་འབབ་ཅིང། དེ་ལས་མཐོན་པའི་ཆུ་ནི་མཛེ་དང། སྐྱ་རྦབ་ཀྱི་ནད་དང། ཀླད་པའི་ནད་སྐྱེད་པར་འགྱུར་རོ། །པ་རི་ཡཏྟར་ནད་ཀུན་སེལ་ཞེས་བྱ་བ། རི ་བོ་བ་རི་ཡནྠ་བྱ་བ་ཞིག་ཡོད་དེ། དེ་ལས་བྱུང་བའི་ཆུ་བོ་ན་ཉེས་པ་གསུམ་ཚར་སེལ་བ་ཡིན་ནོ། །ཁྲོན་པ་རྫིང་ལ་སོགས་པའི་ཆུ། །སྐམ་ས་རླན་ཙན་བྲག་ལས་ཤེས་ཞེས་བྱ་བ་ནི། ཁྲོན་བ་དང་རྫིང་བུ་ལ་སོགས་པའི་ཆུ་མེད་བ་དང། ལྕི་བ་དང། ཡོན་ཏན་དང ་སྐྱོན་གཉི་ག་ཡང་སྐམ་ས་དང། གཤེར་ས་རླན་ཅན་དང་བྲག་ལས་ཤེས་པར་བྱ་སྟེ། སྐམ་ས་ལ་སོགས་པའི་ཡོན་ཏན་གྱིས། དེའི་ཁྲོན་པ་ལ་སོགས་པའི་ཆུའི་བྱེ་བྲག་ཤེས་པར་བྱའོ། །དེ་ཡང་ཁྲོན་པ་རྫིང་བུ་མཚེའུ་དང། མཚེར་བཅས་ཆུ་མིག་ལ་སོགས ་ཆུ། སྐམ་པ་རླན་ཅན་བྲག་ལས་ནི། །ཡོན་ཏན་སྐྱོན་དག་ཤེས་པར་བྱ་ཞེས་དྲང་སྲོང་ཙ་ར་ཀས་བཤད་པ་དང། བསྡུས་པ་ལས་ཀྱང། སྐམ་ས་གཤེར་ས་རི་བོ་དང། །ཉེ་ལས་ཡང་དང་ལྕི་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེས་ན་འདི་སྐད་སྟོན་པ་ཡིན་ཏེ ་སྐམ་པའི་ས་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ཡང་བ་ཉིད་ཡིན་ལ། རླན་ཅན་གྱི་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ལྕི་བ་ཉིད་ཡིན་ནོ། །རི་བོའི་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ཉེས་པ་སྐྱེད་པ ་ཡིན་ལ། པ་རི་ཡཏྲའི་ཕྱོགས་ན་གནས་པའི་ནི། ཉེས་པ་འཇོམས་པ་ཡིན་ཏེ། ཐམས་ཅད་ལ་ཡང་འདི་བཞིན་དུ་སྦྱར་བར་བྱའོ། །དྲོད་ཆུང་སྐྲན་ཡོད་སྐྱ་རྦབ་དང། །དམུ་རྫིང་ཚད་འཁྲུ་གཞང་འབྲུམ་མམ། །ཕོ་བའི་དྲོད་ཆུང་འོར་ནད་ཅན། ་མི་བཏུང་བ་རྣགས་དཀའ་ཉུང་ཟད་བཏུང་ཞེས་བྱ་བ་ནི། དྲོད་ཆུང་ལ་སོགས་པས་ཆུ་བཏུང་བར་མི་བྱའོ། །གལ་ཏེ་བརྣགས་པར་བཀའ་ཞིང་སྐོམ་པ་མི་བཟོད་པར་གྱུར་ན། རང་གི་རང་བཞིན་དང། ཡུལ་དང་དུས་དང། སྤྱོད་ལམ་དང། ལུས་ཀྱི་ཚོད་ལས ་དཔགས་ཏེ། ཉུང་ཟད་ཅིག་བཏུང་བར་བྱའོ། །སྟོན་ཀ་སོས་ཀ་མ་གཏོགས་པར། །ནད་མེད་མིས་ཀྱང་ཅུང་ཟད་བཏུང་ཞེས་བྱ་བ་ནི། སྟོན་ཀ་དང་སོས་ཀའི་དུས་མ་གཏོགས་པར་དུས་གཞན་དགུན་སྟོད་དང། དགུན་སྨད་དང། དཔྱིད་དང། དབྱར་དག་གི་ཚན ་ནད་མེད་པའི་མིས་ཀྱང་ཅུང་ཟད་བཏུང་ཞེས་བྱ་བ། ཉུང་ཤས་ཉུང་ཤས་དག་བཏུང་བར་བྱའོ། །ཟས་ཟོས་བར་མཛའ་ཐོག་མར་ནི། །ཆུ་མཐུངས་རན་དང་སྤོ་སྐེམས་འགྱུར་ཞེས་བྱ་བ་ནི། ཟས་ཟོས་པའི་བར་དང་མཛའ་མ་དང། ཐོག་མར་ཆུ་མཐུངས ་ན། ལུས་སྦོམ་ཕྲ་རན་པ་དང། སྦོམ་པ་དང། སྐེམས་པར་འགྱུར་རོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མིས་ཟས་ཟོས་པའི་བར་དུ་སྐོམ་མཐུངས་ན་ལུས་ཟུངས་རན་པར་ཏེ། འཕྲ་སྤོམ་འཚམ་པར་འགྱུར་ལ། ཟས་ཟོས་པའི་མཛའ་མར་སྐོམ ་འཐུངས་པས་ནི་སྤོམ་ཞིང་རགས་པར་འགྱུར་ལ། ཟས་ཟོས་པའི་ཐོག་མར་མཐུངས་པས་ནི་སྐེམས་པར་འགྱུར་རོ། །དེ་ཡང་སྐོམ་པར་དུ་མཐུངས་པས་ལུས་ཟུང་མཉམ་པོར་སྐྱེད་ཅིང་རན་པ་ཉིད་དུ་བྱེད་དོ། མཛའ་མར་མཐུངས་པས་ནི་མ ་ཞུ་བའི་གནས་སུ་བད་ཀན་འཕེལ་བས་སྦོམ་པོར་བྱེད་དོ། །ཟས་ཀྱི་ཐོག་མར་འཐུངས་པས་ནི་ཟས་ཀྱི་ཤིང་མེད་པས། ཕོ་བའི་མེ་ཉམས་པ་བྱེད་དེ། མེའི་དྲོད་ཀྱིས་མི་མཐུན་པའི་ཕྱོགས་སུ་གྱུར་བས། མེའི་དྲོད་འབྲི་བར་བྱེད་ལ། དེས་ན་ཟས་ལེགས་པར་འཇུ ་པར་མི་ནུས་ལ། ཟས་མི་འཇུ་བས་དེའི་ཚེ། དངས་མ་ལ་སོགས་པའི་ལུས་ཟུངས་ཇི་ལྟ་བ་བཞིན་དུ་རྒྱས་པར་མི་འགྱུར་ལ། དེ་རྒྱས་ཤིང་འཕེལ་བར་མ་གྱུར་པས་སྐྱེས་བུ་སྐེམ་པོར་འགྱུར་རོ། །དེ་སྐད་དུ་སློབ་དཔོན་གྱིས་བསྡུས་པ་ལས། ཟས་ཀྱི་ཐོག་མར་ཆུ་འཐུངས ་ན། །མེ་ཉམས་བྱེད་པས་སྐེམ་པར་འགྱུར། །ཐ་མས་སྤོམ་པོ་ཉིད་བྱེད་དོ། །དེ་ནི་མ་ཞུ་བད་ཀན་རྒྱས། །བར་མ་ཡན་ལག་མ་ཉམ་ཞིང་སྙོམས། །ལུས་ཟུངས་སྨིན་བས་བདེ་བ་ཡིན་ཞེས་བཤད་པ་ཡིན་ནོ། །ཆུ་བསིལ་ཆང་ནད་རྒྱལ་བ་དང། །སྐྱུགས་དང་ངལ ་དང་མགོ་འཁོར་དང། །སྐོམ་དང་ལུས་ཚ་འཁྲིས་པ་དང། ཁྲག་རྒྱས་དུག་ནི་བསིལ་བྱེད་ཡིན་ཞེས་བྱ་བ་ལ། ཆུ་བསིལ་བ་དག་ནི་ཆང་དྲགས་པའི་ནང་ལ་སོགས་པ་སེལ་ཞིང་འཇོམས་ལ་ཟློག་པར་བྱེད་པ་ཡིན་ནོ། །དེ་ལ་ཆང་ནད་ནི་ཆང་དྲགས ་པ་ལས་གྱུར་པའི་ནད་དོ་དེ་ལ་ནད་ཅེས་བྱ་བ་ནི། གནོད་པ་སོགས་ཤིང་ཉོན་མོངས་པར་བྱེད་པའོ། །རྒྱལ་བ་ནི་དྲན་པ་སྟོར་བའོ། །སྐྱུག་པ་ལ་སོགས་པ་ནི་གོ་བར་ཟད་དོ། །ལུས་ཚ་བ་ནི་ཟས་དང་སྤྱོད་ལམ་ཚ་བས་ཆེ་བར་གྱུར་པའོ། །མཁྲིས ་པ་དང་ཁྲག་རྒྱས་པ་དེ་ནི་དེ་དག་འཕེལ་བའོ། །དུག་ནི་རྒྱུ་བ་དང། རྒྱུ་བ་ལས་བྱུང་བའི་དབྱེ་བ་གཉིས་སོ། །སེལ་བྱེད་ཡིན་ཞེས་བྱ་བ་ནི་མཐུངས་པ་དང་གཏོར་བ་ལ་སོགས་པས་འདི་དག་སིལ་ཅིང་འཇོམས་པར་བྱེད་པའོ། །ཆུ་མཚན ་དྲོད་སྐྱེད་ཟས་འཇུ་ཞིང། །མགུལ་བདེ་ལུས་ཡངས་གཅིན་ནད་སེལ། །སྐྱིགས་བུ་ལྟོ་སྤོས་རླུང་བད་ཀན། །རིམས་སར་འཕྲལ་དུ་ཟློག་བྱེད་ཅིང། ལུས་པ་ཆམ་གསར་དབུགས་མི་བདེ། །རྩིབ་ལོགས་ཟུགས་ལ་བསྔགས་པ་ཡིན།། ་ཞེས་བྱ་བ་ནི། ཆུ་སྐོལ་ཞིང་ཚ་བར་བྱས་པ་དག་ནི་མེའི་དྲོད་སྐྱེད་པར་བྱེད་པ་དང། དེ་བཞིན་དུ་མ་ཞུ་བའི་ཉེས་པ་སེལ་བར་བྱེད་པ་དང། གུལ་བ་བདེ་ཞིང་ལྐོག་མ་སྦྱོང་ལ། གདངས་བསྙན་པ་དང། ཡང་བའི་ཡོན་ཏན་དང་ལྡན་པས་ལུས་ཡང་པར ་བྱེད་པ་དང། གཅིན་ནད་སེལ་བ་ཞེས་བ་གཅིན་གྱི་ནད་ནི་ཆུ་སོ་སྟེ། དེ་ལས་གནོད་པས་ཁེབས་པར་གྱུར་པ་སེལ་བར་བྱེད་པའམ། ཡང་ན་དེ་ན་གནས་པའི་གཅིན་གྱི་སྐྱོན་སེལ་བར་བྱེད་པས་ན། གཅིན་ནད་སེལ་ཞེས་བྱའོ། །ཡང ་ཆུ་བསྐོལ་བ་འདི་ནི་སྐྱིགས་བུ་ལ་སོགས་བའི་ནད་རྣམས་ལ་ཡང་བསྔགས་པ་ཡིན་ཏེ། སྐྱིགས་བུ་ལ་སོགས་པ་ནི་འོག་ནས་བཤད་བར་བྱའོ། །ཆམ་པ་ཡང་ཡིན་ལ། སར་བ་ཡང་ཡིན་པས་ཆམ་སར་ཞེས་བྱ་སྟེ། དེ་ལ་ཡང་བསྔགས་པ་ཡིན ་ཏེ། གང་གི་ཕྱིར་དྲོད་སྐྱེད་པ་དང། ཟས་འཇུ་བར་བྱེད་པ་ཡིན་པར་གོང་དུ་བཤད་པ་དེས་ན། འཇུ་ཤིང་སྨིན་པར་བྱེད་པས་ནི་མ་ཞུ་བར་སྨིན་ཞིང་ཞུ་བར་བྱེད་པ་ཡིན་བས་དེ་ལ་བསྔགས་པ་ཡིན་ནོ། །ཆུ་ནི་བསྐོལ་ནས་གྲངས་བ་དག་།བད་ཀན་མ ་བྱེད་ལུས་ཡང་ཞིང། མཁྲིས་པ་ཅན་ལ་ཕན་པ་ཡིན། །དེ་ནི་ཞག་ལོན་ཉེས་གསུམ་ཅེས་བྱ་བ་ནི། ཆུ་བསྐོལ་ནས་བསྒྲངས་བ་ནི་བད་ཀན་སྐྱེད་པར་མི་བྱེད་དེ། མ་སྐོལ་བའི་ཆུ་ལས་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་ཡིན་པ་ལས་ཀྱང་བསྐོལ ་ནས་གྲངས་བ་ན། ཤིན་ཏུ་སྤངས་པ་ཡིན་ལ། སྐོལ་ནས་གྲངས་པ་དེ་ཡང་རླུང་དང་བད་ཀན་གྱིས་ཉེས་པ་གང་ཡང་རུང་བ་མཁྲིས་པ་དང་ལྡན་པ་ལ་ཕན་པ་ཡིན་ལ། གསུམ་ཆར་འདུས་པ་ལས་བྱུང་བའི་ནད་ལ་ནི་གནོད་པ་ཡིན་ནོ།། ་དེ་ཡང་ཡུལ་དུས་ལྕི་དང་ཡང་བ་ལས། །བཞི་ཆ་སུམ་ཆ་བྱེད་འདུས་པར། །སྦུ་བ་མེད་པར་བསྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཡོན་ཏན་དང་ལྡན་ཞིང། དེ་ལྟར་སྐོལ་བ་ནས་གྲངས་བ་དེ་ནི་ཞག་ལོན ་བ་སྟེ། ཉིན་ཞག་གཅིག་འདས་པ་འམ། ཡུན་རིང་བོར་བཞག་པ་དེ་ནི། ཉེས་གསུམ་སྐྱེད་ཅེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ཉེས་པ་གསུམ་སྐྱེད་པར་བྱེད་དེ། དུས་ཀྱི་རང་བཞིན་ཉིད་དང། མའི་ཡོན་ཏན་ལས་ཉམས་པ་དང། སྐྱུར་བའི་རྣམ་པར ་འགྱུར་བས་ཉེས་བ་རྣམས་སྐྱེད་བ་ཡིན་ནོ། །རྒྱ་སྟར་ཆུ་ནི་སྣུམ་བ་དང། །རོ་མངར་རོ་ཙ་བསིལ་ཞིང་ཡང། །སྐོམ་དང་མཁྲིས་བར་ལུང་ནད་སེལ། །དྲོད་སྐྱེད་ལྒང?་པའི་ནད་སྦྱོང་བྱེད་ཅེས་བྱ་བ་ནི། རྒྱ་སྟར་གྱི་འབྲས་བུའི་ནང་ན་གནས་པའི་ཆུ་གཙོར་གཟུང་བར་བྱའི། དེའི་ཆ་ཤས་ལས་བྱུང ་བ་གཞན་དག་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཆུའི་སྡེ་མཚན་འདིར་བསྟན་པར་བྱས་པ་ཡིན་ལ། རྒྱ་སྟར་གྱི་འབྲས་བུ་དེའི་ནང་ནི་ཆུ་ན་སྣུམ་པའི་ཡོན་ཏན་དང་ལྡན་པས་ན། སྣུམ་པ་དང་རོ་མངར་ཞིམ་པ་དང། རོ་མངར་ཞིང་ཁུ་བ་འཕེལ་བར་བྱེད་པ་དང། ་བསིལ་ཞིང་གྲང་བའི་སྟོབས་དང་ལྡན་པ་དང། ཡང་བ་ལ་སོགས་པ་དང་ལྡན་པ་དང། མེའི་དྲོད་སྐྱེད་པར་བྱེད་པ་དང་ལྒང་བ་སྟེ། གཅིན་གྱི་གནས་ཀྱི་ནད་སྦྱོང་ཞིང་དག་པར་བྱེད་པ་ཡིན་ནོ། །དབྱར་གྱི་ཆར་བ་ཆུ་བོའི་ཆུ། །མཆོག་ཏུ་བཟང་དང་ངན་པར་བཤད།། ་ཅེས་བྱ་བ་ནི། ཆར་འབབས་བ་སྟེ། བར་སྣང་ལས་འབབ་པའི་ཆུ་དང་ཆུ་བོའི་ཆུ་སྟེ། དེ་ལྟར་ཆར་གྱི་ཆུ་དང་ཆུ་བོའི་ཆུ་སྟེ། དེ་ལས་དབྱར་གྱི་ཆུ་ཤིན་ཏུ་བཟང་ཞིང་མཆོག་ཏུ་གྱུར་པ་ཡིན་ལ། ཆུ་བོའི་ཆུ་ནི་དབྱར་མཆོག་ཏུ་ངན་ཞིང་སྨད་པར་བྱ་བ་ཡིན་པར་བཤད་དོ།། ་ཆུའི་སྡེ་ཚན་ནོ། །ད་ནི་འོ་མ་ཐམས་ཅད་ཀྱི་སྤྱིའི་ཡོན་ཏན་དང། ལས་རྣམས་སྨྲས་ནི་འདི་ཡིན་ཏེ། དེ་ཡང་ཅི་ལྟར་ཆུ་ནི་འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་བཞིན་དུ། འོ་མ་ཡང་ཡོན་ཏན་མང་པོ་དང་ལྡན་པ་ཡིན་པས། སྡེ་ཚན་གཞན ་དག་ལས་??་པའི་སྡེ་ཚན་ཉིད་མཆོག་ཏུ་གྱུར་པ་ཡིན་པ་དང། གཞན་ཡང་གང་གི་ཕྱིར། ཞན་མར་ནི་སྣུམ་ཐམས་ཅད་ཀྱི་མཆོག་ཡིན་ལ། དེའི་སྐྱེ་བའི་གནས་ནི་འོ་མ་ཉིད་ཡིན་ཏེ། དེ་བས་ན་མཆོག་ཏུ་གྱུར་པ་ཡིན་ནོ། །འོ་མ་ཕལ་ཆེར་རོ་ཞུ་མངར ་སྣུམ་ཞིང་རྐངས?་བསྐྱེད་ལུས་ཟུངས་འཕེལ། །རླུང་དང་མཁྲིས་སེལ་རོ་ཙ་བྱེད། །བད་ཀན་སྐྱེད་ཅིང་བསིལ་བ་ཡིན། །ཞེས་བྱ་བ་འམ། འོ་མ་ཕལ་ཆེར་ཞེས་པ་ནི་འོ་མ་ཕལ་མོ་ཆེའི་ཡོན་ཏན་འདི་དག་ཡིན་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དེ་ལ་འོ་མར་གཏོགས ་བ་ཐམས་ཅད་ཀྱི་ནི་རོ་མངར་བ་དང་ཞུ་བའི་རྗེས་ལ་མངར་ཞིང་འཇམ་པ་ཡིན་པས། །དེ་དག་ནི་ཁྱད་པར་མེད་པར་རོ་མངར་བ་དང་ཞུ་བའི་རྗེས་མངར་བ་ཡིན་ནོ། །སྔ་མ་བའི་ཡོན་ཏན་དང་ལྡན་པས་སྣུམ་པའོ། །གཟི་མདངས་སྐྱེད?་པ་ལ་ཕན་པས ་ན་མདངས་སྐྱེད་དེ། མདངས་ཞེས་བྱ་བ་ལུས་ཟུངས་རྣམས་ཀྱི་སྙིང་བོར་གྱུར་བ། འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པ་དེ་སྐྱེད་པར་བྱེད་པ་དང། ལུས་ཟུངས་ཞེས་པ་དངས་མའི་བཅུད་ལ་སོགས་པ་འཕེལ་བར་བྱེད་བ་དང། རླུང་དང་མཁྲིས་པ ་ཡི??་ཞེས་བྱ་བ། རླུང་དང་མཁྲིས་པའི་ནད་འཇོམས་པར་བྱེད་པ་དང། རོ་ཙ་བྱེད་ཅེས་པ་ཁུ་བ་འཕེལ་བར་བྱེད་པ་དང། བད་ཀན་བྱེད་ཅེས་པ་བད་ཀན་འཕེལ་བར་བྱེད་པ་དང། ལྕི་བའི་ཡོན་ཏན་དང་ལྡན་པས་ལྕི་བ་དང། བསིལ་ཞིང་གྲང་བ་སྟེ། ཡོན ་ཏན་དེ་དག་དང་ལྡན་པས་ལྕི་བའོ། །དེ་དག་ནི་ཕལ་མོ་ཆེའི་སྤྱིའི་ཡོན་ཏན་ཡིན་གྱི། ཐམས་ཅད་ཀྱི་ཡོན་ཏན་འདི་ལྟ་བུ་ནི་མ་ཡིན་ཏེ། ལ་ལ་ནི་གཞན་དག་ཏུ་ཡང་མཐོང་སྟེ། དཔེར་ན་རྔ་མོའི་འོ་མ་ནི་ཅུང་ཟད་རྩུབ་ཅིང་ཆེ་བ་དང། ལན་ཚ་བྲོ?་པ་ཡང ་བ་དང། དེ་བཞིན་དུ་རིང་ངམ་ཡང་ཡང་བ་དང། ལུག་གི་འོ་མའི་ནུས་པ་ཚ་བ་སྐྱེད་པ་དང། རྨིག་བ་གཅིག་པའི་འོ་མ་ཚ་བའི་ནུས་པ་ཅན་ཉིད་ཡིན་ནོ། །འདིར་སྤྱིའི་ཡོན་ཏན་བཤད་པ་ལས། གང་དེ་དང་མི་མཐུན་པའི་ཁྱད་པར་གྱི་ཡོན་ཏན་བཤད ་བ་དེ་ནི་སྤྱིའི་ཡོན་ཏན་དང་མི་མཐུན་པ་ཉིད་ཡིན་པར་ཤེས་པར་བྱའོ། །འོན་ཏེ་ཆ་འདྲ་བདག་ཡིན་ནི། དེ་ཉིད་སྟོབས་སྐྱེད་ཅིང་གྲོགས་སུ་གྱུར་པ་ཡིན་ནོ། །འདིར་ཁྱད་པར་དུ་བྱ་བ་ནི་བའི་འོ་མ་འཚོ་བྱེད་ཅིང། །བཅུད་ཀྱིས་ལེན་ཡིན་གློ་པ་རྡོལ་དང། ་གློ་གཅོང་ལ་ཕན་ཡིད་བཞུངས་བྱེད། །སྟོབས་སྐྱེད་ནུ་ཞོ་སྐྱེད་དང་འཁྲུ། །དལ་དང་མགོ་འཁོར་མྱོས་དཔལ་ཉམས། །ལུད་པ་དབུགས་མི་བདེ་བཀྲེས་སྐོམ། །རིམས་སྙིང་གཅིན་ནི་བསྲི་བ་དང། །ཁྲག་དང་མཁྲིས་པ་འང་སེལ་བ་ཡིན། །ཞེས་བྱ ་བའི་འདིར?་འོ་མའི་ནང་ནས་གལ་ཏེ། དེ་བའི་འོ་མ་ཡིན་ན་འཚོ་བར་བྱེད་པ་ཡིན་པས་ན་འཚོ་བྱེད་ཅིང་ཞེས་བྱ་སྟེ། འོ་མ་ཐམས་ཅད་ཀྱང་འཚོ?་བྱེད་ཡིན་མོད་ཀྱི་བའི་འོ་མ་འདི་ཡང་ཤིན་ཏུ་འཚོ་པ་བྱེད་པ་ཡིན་ཏེ། མདངས་སྐྱེད་ཅིང་ལུས་ཟུངས་མཉམ་པོར་འཕེལ་བར་བྱེད་པ་ཡིན་ནོ། །བཅུད ་ཀྱིས?་ལེན་ཡིན་ཞེས་བྱ་བ་ནི། སྲོག་ཡང་དག་པར་འཛིན་པར་བྱེད་ཡིན་པས། །བཅུད་ཀྱིས་ལེན་དང་འདྲེ་བའི་ཕྱིར་བཅུད་ཀྱིས་ལེན་ཞེས་བྱ་སྟེ། དེ་ཡང་བསྡུས་པ་ལས། མར་དང་འོ་མ་བསྟེན་པས་ནི། བཅུད་ཀྱི་ལན་ནི་ཐོབ་པ་ཡིན། །གང་ཕྱིར་འོ་མ་བསྔགས་པ ་ཡིན། བཅུད་རྣམས་ཀྱི་ནི་བཅུད་ལེན་ཡིན་ཞེས་བཤད་པ་ཡིན་ནོ། །གློ་བརྡོལ་དང་གཅོང་ལ་ཕན་པ་ནི་གློ་དང་བྲང་བརྡོལ་ག་ལུས་ཟུངས་ཟད་པར་བྱེད་པའི་གཅོད་ལ་ཕན་ཞིང་རྗེས་སུ་མཐུན་པ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཏེ། ཡིད་གཞུངས་པ་ལ་ཕན་པ ་ཡིན་བས་ན། ཡིད་གཞུངས་བྱེད་ཅེས་བྱའོ། །སྟོབས་ལ་ཕན་པས་སྟོབས་བསྐྱེད་དོ། །ནུ་ཞོ་སྐྱེད་པ་ནི་བུད་མེད་རྣམས་ཀྱི་ནུ་ཞོ་འཕེལ་བར་བྱེད་པ་སྟེ། ནུ་ཞོ་སྣུམ་པ་བུད་མེད་ཀྱི་འོ་མ་སྐྱེད་པའོ། །འཁྲུ་བ་ནི་ཁོང་ནས་འཁྲུ་པའི་ངང་ཚུལ་ཅན་ནོ། །དེ་བཞིན་དུ་ངལ་བ་ལ་སོགས་པ་ཡང ་སེལ་བ་ཡིན་ནོ། །མི་བདེ་བ་ནི་ཡིད་ཀྱི་གནོད་པའོ། །གཞན་དག་ནི་གོ་སླའོ། །མ་ཧེའི་འོ་མ་འཇུ་དྲགས་དང། །གཉིད་མེད་ལ་ཕན་རབ་ལྕི་བསིལ་ཞེས་བྱ་བ་ནི། མ་ཧེའི་འོ་མ་ནི་འཇུ་དྲགས་པ་སྟེ་མེ་དྲོད་ཆ་བས་འང་ངས?་མི་ཤེས་བ་དང། གཉིད་མེད་པ་ལ་ཕན་པ་དང། དེ་འོ་མ་གཞན་དག ་ལས་རབ་ཏུ་ཞི་ཞིང་འཇུ་དག?་པ་དང། བསིལ་ཞིང་གྲང་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ར་ནི་ཆུ་ཉུང་འཐུང་ཟས་རྒོད། །ཁ་ཞིང་ཚབས་ཟ་བྲུ?་ཡང། །སྐེམ?་དང་རིམས་བ་དབུགས་མི་བདེ། །ཁྲག་དང་མཁྲིས་པ་ཆད་ནད་སེལ། །ཞེས་བྱ་བ་ལ། རའི་འོ་མ་ནི། ཆུ་ཉུང་ངུ་འཐུང་བ་ལ་སོགས་པའི་ནད ་བཞིན་ཡོན་ཏེ། འདིར་རྒྱུ་སྨོས་པ་ནི་གཞན་དག་ཀྱང་འདི་བཞིན་དུ་རྒྱུ་དང་ལྡན་པའི་དབང་གིས་འོ་མ་ཡང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་སྨོས་པ་ཡིན་ཏེ། འདི་ལས་གོ་བཟློག་པའི་རང་བཞིན་ཅན་ནི་ལྕི་བ་ཡིན་པར་ཤུགས་ཀྱིས་གོ་བར་བྱའོ། །ཆུ་ཉུང་ངུ་འཐུང ་བ་ལ་སོགས་པའི་རང་བཞིན་ནི་དུས་དང་ཡུལ་ལ་སོགས་པ་ལ་བལྟོས་ནས་བྱ་བ་ཡིན་ནོ། །རའི་འོ་མ་འདི་སྐེམ་པ་ལ་སོགས་པའི་ནད་སྐྱེད་པ་ཡིན་ཏེ། སྐེམ་པ་ནི་གཅོད་ཆེན་པོའོ། །རྔ་མོའི་འོ་མ་ཅུང་རྩུབ་དྲོ། །ལན་ཚྭ་བྲོ་ཞིང་དྲོད་ཆེ་བ ་ཡང། རླུང་དང་བད་ཀན་ལྟོ་སྦོས་སྲིན། །འོར་ནད་དམུ་རྫིང་གཞང་ནད་སེལ། །ཞེས་བྱ་བ་ལ། རྔ་མོའི་འོ་མ་ནི་ཅུང་ཟད་རྩུབ་བ་དང། ཅུང་ཟད་དྲོ་བ་དང། ཅུང་ཟད་ལན་ཚྭ་བྲོ་བ་ཡིན་ཞིང། མེའི་དྲོད་ཆེ་བར་བསྐྱེད་པ་དང། ཡང་བ་ཡིན་ལ། རླུང་དང་བད་ཀན་དང་ལྟོ ་སྦོས་པ་དང། སྲིན་ནད་དང། འོར་ནད་དང། དམུ་རྫིང་དང། གཞང་འབྲུམ་གྱི་ནད་ལ་ཕན་ཞིང་བསྔགས་པ་ཡིན་ནོ། །བུད་མེད་ནུ་ཞོ་རླུང་མཁྲིས་ཁྲག། ནད་བའི་མིག་ནད་སེལ་བྱེད་དོ། །ཚིམ་བྱེད་མིག་དང་སྣར་བླུག་ཕན་ཞེས་བྱ་བ་ལ། བུད་མེད་ཀྱི ་འོ་མ་དེ་ནི་རླུང་དང་མཁྲིས་པ་དང་ཁྲག་དང། སྣང་བ་ལས་བྱུང་བའི་ནད་གང་ཡིན་པ་དག་སེལ་ཞིང་འཇོམས་པར་བྱེད་དོ། །ཇི་ལྟར་ན་དེ་སེལ་བར་བྱེད་ཅེ་ན། ཚིམ་བྱེད་མིག་ནི་སྣར་བླུག་ཕན། ཞེས་བྱ་བ་ཡིན་ཏེ། ཚིམ་བར་བྱེད་པ་ལ་སོགས་པའི ་མཚན་ཉིད་ནི། གནས་འདི་ཉིད་ཀྱི་འོག་ནས་བཤད་པ་ཡིན་ཏེ། ཚིམ་པར་བྱ་བ་ནི་མིག་བཀང་བ་སྟེ། ནས་སམ་སྲན་མ་ཤའི་ཟན་གྱི་རང་བུ་སྦོམ་པར་བྱས་ལ་བ་བསྐོར་ཏེ་བཀང་བའོ། །མིག་དུ་བླུགས་པ་ལ་ནི་མིག་འབྲས་ཀྱི་སྟེང་དུ་བླུགས་པའོ། །སྣར ་བླུགས་པ་ནི་སྣ་ནས་བཏོང་བའོ། །ལུག་གི་འོ་མ་སྙིང་སྣོད་ཚ། །རླུང་འཇོམས་སྐྱིགས་བུ་དབུགས་མི་བདེ། །མཁྲིས་པ་བད་ཀན་སྐྱེད་བ་ཡིན་ཞེས་བྱ་བ་ལ་ལུག་གི་འོ་མ་ནི་སྙིང་ལ་གནོད་པ་སྟེ། ཤིན་ཏུ་མི་དགེ་བ་འམ། སྙིང་ནད་སྐྱེད་པའོ། །ཆ་བ་ནི ་ནུས་པ་ཚ་བ་དང་ལྡན་པའོ། །རླུང་འཇོམས་པ་ནི་རླུང་གི་ནད་འཇིག་པའོ། །དེ་ལ་སྐྱིགས་བུ་དང་དབུགས་མི་བདེ་བ་དང་མཁྲིས་པ་དང། བད་ཀན་ནི་སྐྱེད་པར་བྱེད་པ་ཡིན་ནོ། །བན་གླང་མ་ཡིས་རབ་བརྟེན་བྱེད་ཅེས་བྱ་བ་ནི། བ་ན་གླང་མོ་ལེ?་འོ་མ ་ན་རབ་ཏུ་བརྟན་པར་བྱེད་པ་ཡིན་ཏེ། ལུས་ཤིན་ཏུ་བརྟན་པར་བྱེད་པ་ཡིན་ནོ། རྨིག་པ་གཅིག་པའི་འོ་མ་ཆི?། ཡན་ལག་རླུང་སེལ་སྐྱུད་བཅད་ཤིང། ལན་ཚྭ་བྲོ་ཞིང་རྨོངས་པར་བྱེད། །ཅེས་བྱ་བ་ལ། རྨིག་པ་གཅིག་བ་ནི། རྨིག་སྤུབས་གཅིག་ཡོད་པ་སྟེ། རྨིག ་པ་ལ་ཁ་དབྲག་ཏུ་མ་གྱུར་པ། རྟ་དང་བོང་བུ་ལ་སོགས་པ་རྣམས་ལ་རྨིག་པ་གཅིག་པ་ཞེས་བྱ་སྟེ། དེ་དག་གི་འོ་མ་ནི་ཆོ?་ཞིང་དྲོ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །ཡན་ལག་གི་ཁྲག་ལ་སོགས་པའི་ལུས་ཟུང་རྣམས་ཏེ། དེ་ལ་གནས་པའི་རླུང་སེལ་ཞིང་འཇོམས ་པར་བྱེད་པ་དང། སྐྱུར་དང་བཅས་པ་དང། ལན་ཚྭ་བྲོ་པ་ནི་ཅུང་ཟད་སྐྱུར་བ་དང། ཅུང་ཟད་ལན་ཚྭ་བྲོ་བའོ། །རྨོངས་པར་བྱེད་ཅེས་བྱ་བ་ནི་རྨོང་རྨོང་པོར་བྱེད་ཅིང། ལུས་མི་གསལ་བ་བེམས་པོ་ཉིད་དུ་བྱེད་པ་འམ། ཤེས་རབ་ལ་གནོད་པར་བྱེད་པའོ། །ཡང་ན་རྨོངས་པ་ནི་བླུན ་བོ་ཉིད་དུ་གྱུར་པའོ། །ཞེས་པ་ལས་བཤད་དོ། །འོ་བློན་བད་ཀན་སྐྱེད་ཅིང་ལྕི། །རིགས་པར་བསྒོལ་བས་དེ་ལས་གཞན། །ཤིན་ཏུ་བསྐོལ་ན་འཇུ་དཀའ་ལྕི། །བཞོས་མ་ཐག་དྲོ་བདུད་རྩིར་མཚུངས་ཞེས་བྱ་བ་ལ། འོ་མ་ཐམས་ཅད་མ་བསྐོལ་བ་ནི་བད་ཀན ་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ཏེ། དྲི་མ་དང་ལྡན་བས་ལུས་ཀྱི་རྩ་སྦུགས་ནས་མི་རྒྱུ་བ་ཡིན་པའི་ཕྱིར་རོ། །ལྕི་བ་ནི་ཡུན་རིང་ཞིག་ན་འཇུ་བ་སྟེ། ས་ནི་ཟླ་བའི་ཡོན་ཏན་གྱི་ཆ་ཤས་ཆེ་བ་ཡིན་པས་དེ་ལས་འབྱུང་བའི་ཕྱིར་རོ། །རིགས་པར་བསྐོལ་ན་ཞེས ་བྱ་བ་ནི། འོ་མ་དང་དེ་ཉིད་བློན་པ་ལས་གོ་བཟློག་བར་བསྟེན་ན། དེ་ལས་གཞོན་པ་སྟེ། བད་ཀན་བསྐྱེད་པ་མ་ཡིན་ལ་ལྕི་བ་ཡང་མ་ཡིན་ཏེ། བད་ཀན་སེལ་ཞིང་ཡང་བར་གྱུར་པའོ། །དེ་ལ་ལེགས་བ་ནི་སྦྱོར་བའི་ཐབས་ཏེ། ཇི་ལྟར་འོ་མའི་བྱེད་ཀྱི་ཆུས ་བསྣན་བ་བསྐོལ་བ་ནི། འོ་མ་བློན་པ་བས་ཤིན་ཏུ་ཡང་བ་ཡིན་ནོ་ཞེས་རྒྱུད་གཞན་ནས་བཤད་པ་ཡིན་ནོ། །ཡང་ན་ཤིན་ཏུ་བསྐོལ་བ་མ་ཡིན་ལ། ཅུང་ཟད་བསྐོལ་བ་ཡང་མ་ཡིན་པ་ནི། རིགས་པ་ཡིན་ཏེ། མི་རིགས་པར་བསྐོལ་བ་ནི་མེ་དང ་བྱད?་པ་ཡིན་དུ་ཟིན་ཀྱང། ལྕི་བ་ཉིད་དུ་འགྱུར་རོ། །དེ་ཡང་གང་གི་ཕྱིར་མི་རིགས་པར་བསྐོལ་ཅིང། ཆུ་མེད་པར་བསྐོལ་བ་ལས། ཆ་གཅིག་དང། ཆ་གཉིས་དང། གསུམ་དང་བཞི་ནས་ཆ་བརྒྱད་ལུས་པའི་བར་གྱིས་ནི། གོང་ནས་གོང་དུ ་སྙིང་པོ་འདུས་པར་འགྱུར་རོ། །དེ་ཡང་རྒྱུད་གཞན་ལས། འོ་མ་ཆུ་མེད་པར་བསྐོལ་པ། གཉིས་གསུམ་བཞི་ནས་བརྒྱད་ཆ་ལུས། །ཇི་ལྟར་ཤིན་ཏུ་བསྐོལ་བ་བཞིན། །སྙིང་པོ་ལྕི་ཞིང་རབ་སྟོབས་ལྡན་ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཤིན་ཏུ་བསྐོལ་ན། ་འཇུ་དཀའ་ཞིང་རབ་ཏུ་ལྕི་བར་འགྱུར་རོ། །བཞོས་མ་ཐག་པའི་འོ་མ་བྲོ་བ་ནི་འཕྲལ་དུ་བཞོས་པའོ། །དེ་ནི་ཕན་པ་ཉིད་ཀྱིས་ན་བདུད་བརྩིར་མཚུངས་ཞེས་བྱ་བ་སྟེ། བདུད་རྩི་དང་འདྲ་བ་ཡིན་ནོ། །ད་ནི་འོ་མ་ལས་ཞོར་གྱུར་པ་ལས། གནས་སྐབས ་དུ་མ་ཉིད་དུ་གྱུར་པ། མ་རྫོགས་པ་ལས་ཇི་སྐད་དུ་བཤད་པའི་སྐྱུར་བ་དང་ཤིན་ཏུ་སྐྱུར་བ་ལ་སོགས་པའི་ཚུལ་གྱིས་ཞོམ་ལངས་པ་དང། ལེགས་པར་ལངས་པ་དང། ལངས་ནས་ཐལ་ཆེས་པ་ཉིད་དུ་ཡོངས་སུ་གྱུར་པ་ལས། ཇི་ལྟར་ཞོའི་གནས ་སྐབས་དུ་མར་གྱུར་བའི་རང་བཞིན་གྱི་གནས་སྐབས་གཞུང་རྩོམ་པས་སྙིང་ལ་གཞག་སྟེ། སྨྲས་པ་ནི་ཞི་ནི་རོ་དང་ཞུ་རྗེས་སྐྱུར། །རྟུག་སྐེམ་ལྕི་ལ་རླུང་ནད་སེལ། །ཚིལ་དང་ཁུ་ཆུ་སྟོབས་བད་ཀན། །ཁྲག་མཁྲིས་དྲོད་སྐྱེད་འོར་ནད་སྐྱེད། །ཡི་ག? ་འབྱེད་ཅིང་ཁ་ཟས་ལེན། །གྲང་བའི་རིམས་དང་མི་སྙོམས་རིམས། །ཆམ་པ་གཅིན་འགགས་གྱུར་པ་དང། འཁྲུ་བའི་ནད་ལ་རྩུབ་མོ་ཕན་ཞེས་བྱ་བ་ལ། ཞོ་གང་རོ་དང་ཞུ་བའི་རྗེས་སྐྱུར་བ་ནི་རོ་དང་ཞུ་རྗེས་ལ་བྱའོ། །རྟུག་སྐེམས་ཞེས་བྱ་བ ་ནི་གཤང་ལྕི་ལ་སོགས་པ་རང་གི་གནས་ནས་བསྐུལ་ནས་གོང་བོར་བྱེད་པ་ལ་བྱའོ། །ལྕི་བས?་??་ཏན་དང་ལྡན་པ་ལྕི་བའོ། །རླུང་གི་ནང་སེལ་བས་ན་རླུང་སེལ་ལོ། །དྲོ་བ་ནི་དྲོ་པའི་ནུས་པ་སྐྱེད་པའོ། །དེ་བཞིན་དུ་ཚིལ་དང་ཁུ་ཆུ་དང་སྟོབས་ལ་སོགས་པ ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཡིག་འབྱེད་པར་བྱེད་པ་ཡིན་ཏེ་ཤིན་ཏུ་ཡི་ག་འབྱེད་ཅིང་འགྲངས་སུ་ཟིན་ཀྱང་འདོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཁ་ཟས་ལེན་ཞེས་བྱ་བ་སྟེ། ཡི་ག་འཆུས་པ་ལ་ཕན་ཞིང་ཟས་གཞན་དག་ཀྱང་ཡི་གར་འོང་བར་བྱེད ་པོའོ། །དེ་བཞིན་གྲང་པའི་རིམས་དང་ཞེས་པ། གྲང་བ་ལས་གྱུར་པའི་རིམས་དང། རིམས་ལྡང་དུ་བ་མི་སྙོམས་པ་ལ་སོགས་པ་དང། ཆམ་པ་དང་གཅིན་འགག་པར་གྱུར་པ་དང། འཁྲུ་པའི་ནད་རྣམས་ལ་ཕན་པ་ཡིན་ནོ། །དེ་ལ་རྩུབ་བ་ནི་ལེགས་པར ་ལངས་པའི་ཞོ་ལས་དུས་འདས་ནས། རིམ་གྱིས་ཤིན་ཏུ་སྨིན་པར་གྱུར་པ་ནི་རྩུབ་པོ་ཡིན་པ་འམ། ཡང་ན་སྤྲིས་མ་བཤུས་པའི་ཞོ་ནི་རྩུབ་པོ་ཡིན་ནོ། །ཞོ་དྲོན་དཔྱིད་དང་སོས་ཀ་དང། །སྟོན་དུས་མཚན་མོ་བཏུང་མི་བྱ། །དེ་ནི་མུད་གའི་སྲན་ཆོད་དང། ་སྦྲང་རྩི་མར་དང་ཤ་ཁ་ར། །སྐྱུ་རུ་ར་ནི་མེད་མི་བཏུང། །རྟག་ཏུ་མ་ཡིན་མ་ལངས་མིན། །གཞན་དུ་རིམས་དྲག་མེ་དཔལ་དང། །མཛེ་དང་སྐྱ་རྦབ་མགོ་འཁོར་སྐྱེད་ཅེས་བྱ་བ་ལ། ཞོ་དེ་ནི་དྲོན་པོར་མི་བཏུང་བ་དང། །དེ་བཞིན་དུ་དཔྱིད་དང། སོས་ཀ་དང། སྔོན ་གྱིས་དུས་སུ་བཏུང་བར་མི་བྱའོ། །དེ་ལྟར་ན་སྔར་དྲོན་པོ་ཞེས་སྨོས་པ་ནི་སོས་ཀའི་དུས་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་བཏུང་བར་མི་བྱ་སྟེ། དེ་བཞིན་དུ་མཚན་མོ་ཡང་བཏུང་བར་མི་བྱའོ། །གལ་ཏེ་དེ་འཐུང་བར་བྱེད་ན་སྲན་མུད་ག་ཏེ། མོན་སན་རྡེའུའི་ཚོད་ནད་དམ ་སྤྱད་པར་བཏུང་བར་མི་བྱ་བ་དང། དེ་བཞིན་དུ་སྦྲང་རྩི་དང། མར་དང་སྦྱར་བ་འམ། མར་དང་ཤ་ཁ་ར་དཀར་པོ་དང། ཤ་དང་མི་ལྡན་པར་མི་བཏུང་བ་དང། སྐྱུ་རུ་ར་མ་ཟོས་པར་མི་བཏུང་ངོ། །དེ་བཞིན་དུ་རྟག་པར་རྒྱུན་དུ་མི་བཏུང་བ་དང། མ་ལངས་མིན་ཞེས་བྱ་བ་སྟེ། ་ལེགས་པར་མ་ཆགས་ལ། གང་གི་ཚེ་འོ་མའི་རང་བཞིན་མ་སྤངས་ཤིང་ཞོང་ལེགས་པར་མ་ཆགས་པ་དེའི་འཆི་མ་ལངས་པ་ཞེས་བྱ་སྟེ། དེ་མི་བཏུང་ངོ། །གཞན་དུ་ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་ག་དང་མི་ལྡན་ཞིང་དེ་མ་སྤངས་བར། །ལ་ལ་ཞིག་སྤྱོད ་བའི་བྱེད་ན། དེའི་ཚེ་ཞོ་ངེས་རིམས་ལ་སོགས་པ་སྐྱད་བར་འགྱུར་རོ། །དར་སར་ཡང་ལ་བསྐ་ཞིང་སྦྱར། །དྲོད་སྐྱེས་བད་ཀན་རླུང་དག་སེལ། །སྐྲན་ནད་དམུ་རྫིང་གཞང་འབྲུམ་དང། ཕོ་ནད་ཆུ་སྲི་ཡི་ག་ཆུས་མཆེར་པ་སྐྲན་དང་མར་མ་ཞུ ་སྦྱར་དུག་སྐྱེ་རྦབ་ནད་རྣམས་སེལ། །ཞེས་བྱ་བ་ལ། དར་སར་ཞེས་བྱ་བ་ནི་ཞོ་སྲུབ་ཤིང་ལ་སོགས་པས་བསྲུབས་ལས་འབྱུང་བ་སྟེ་།སྲུབ་ཤིང་གི་སྣུམ་མེད་པ་དང། མར་གྱི་ཕྱེད་ཕྱུང་བ་དང། མར་ལ་བྱུང་བ་སྟེ། གསུམ་ཆར་ཡང་ཡང་བ་ཡིན ་ལ། དེ་ལས་རོ་ལས་ནི་བསྐ་བ་དང་སྦྱར་བ་ཡིན་ནོ། །དྲོད་སྐྱེད་པ་ནི་ཕོ་བའི་མེ་དྲོད་ལ་ཕེལ་བར་བྱེད་པའོ། །བད་ཀན་རླུང་དག་སེལ་ཞེས་བྱ་བ་ནི། དེ་ལས་གཉིས་གསུམ་པ་ལས་བྱུང་བ། དེ་བཞིན་དུ་སྐྲན་ནད་དང། དམུ་རྫིང་ལ་སོགས་པ་སེལ ་བར་འགྱུར་བ་དང། ཆུ་སྲི་བ་སྟེ། གཅིན་སྲི་བ་དང་མཆེར་བ་ཞེས་བ་ལྟོ་བའི་གཡོན་ལོགས་ན་བརྟེན་པའི་རྣམ་བཞི་བ་དང། མར་མ་ཞུ་བ་ཞེས་པ་མར་ལྟག་པར་ཟོས་པ་དང། མ་ལེགས་པར་བཟོས་པ་ལས་བྱུང་བའི་ནད་ལ་ནི་མར་མ་ཞུ་བ་ཞེས ་བྱའོ། །སྦྱར་དུགས་ནི་བཙོས་མའི་དུག་གོ། སྐྱ་རྦབ་ཀྱི་ནད་ནི་སྐྱ་རྦབ་ནད་དུ་གྱུར་པའོ། །ནད་དེ་རྣམས་སེལ་ཞིང་འཇོམས་པ་ཡིན་ནོ། །དེ་འདྲ་ཞོ་ག་ཆུ་འཁྲུ་ཡང། །རྩ་སྦུབས་སྦྱོང་ལ་རྟུག་སྐམས་སེལ་ཞེས་བྱ་བ་ལ། དེ་འདྲ་ཞེས་པ་ནི ་དར་བ་སར་བ་དེ་དང་ཞོ་ག་ཆུ་ཡོན་ཏན་འདྲ་ཞིང་མཚུངས་པར་ཤེས་པར་བྱའོ?། དེ་ཡང་འཁྲུ་བ་དེ་ཅུང་ཟད་ཁོང་དུ་བ་དང། ཡང་བ་ཞེས་བ་དར་བ་སར་པ་ཡང་ཡང་བ་ཡིན་མོད་ཀྱི། འདི་ན་ཤིན་ཏུ་ཡང་བས་ན་ཁྱད་པར་སྨོས་པ་ཡིན་ནོ། །རྩ་སྦུབས ་སྦྱོང་ཞིང་དག་པར་བྱེད་པ་དང། རྟུག་སྐམས་འགགས་པ་སེལ་ཞིང་འཇིགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཕྲལ་གྱི་མར་བསར་རོ་ཙ་ཞིང། །བསིལ་ཞིང་མདོག་སྟོབས་དྲོད་སྐྱེད་བྱེད། །འཁྲུ་གཅོད་རླུང་མཁྲིས་ཁྲག་གཞང་འབྲུམ། །? ་གཅོང་ཁ་ཡོན་ལུད་པ་སེལ་ཞེས་བྱ་བ་ལ་འཕྲལ་གྱི་མར་སར་ཞེས་པ་ནི་བསྲུབས་ཟིན་མ་ཐག་ཕྱུང་བའི་མར་སར་རོ། །རོ་ཙ་བ་ནི་ཁུ་བ་འབྲེལ?་བའོ། །བསིལ་བ་ནི་ནུས་པ་བསིལ་བའོ། །དེ་བཞིན་དུ་མདོག་དང་སྟོབས་ལ་སོགས་པ་ཡང་སྐྱེད་པར་བྱེད་པ་ཡིན་ནོ།། ་འཁྲུ་བ་གཅོད་པ་ནི་གཤང་གཅི་སླ་བ་ལས་བསྐ་བར་བྱེད་དེ། །དེ་བཞིན་དུ་རླུང་དང་མཁྲིས་པའི་ཁྲག་སེལ་བ་ཡིན་ཏེ། རླུང་གི་ཁྲག་ནི་རླུང་ལས་གྱུར་པའི་ཁྲག་གོ་།མཁྲིས་པའི་ཁྲག་ནི་མཁྲིས་པ་ལས་གྱུར་པའི་ཁྲག་སྟེ། དེ་དག་དང་གཞང་འབྲུམ་ལ་སོགས་སེལ་ཅིང་བསྔགས ་པ་ཡིན་ནོ། །ཞུན་མར་བློ་རྣོ་དྲན་བསལ་ཞིང། །ཡིད་གཞུངས་དྲོད་སྐྱེད་སྟོབས་ཆེ་འཕལ། །མིག་དང་བྱིས་རྒན་བུ་འདོད་དང། །མདངས་བཟང་རབ་གཞོན་སྐད་སྙན་ཕན། །གློ་བརྡོལ་སྐེམ་དང་གཅོད་དང་འབྲས། །མཚོན་རྨས་མེས་ཚིག་རྨྱ་ལའང་བསྔགས ་རླུང་དང་མཁྲིས་པ་དུག་དང་སྨྱོ། །ལུས་སྐེམས་མདངས་ཉམས་རིམས་རྣམས་སེལ། །སྣུམ་གྱི་ནང་ན་སྣུམ་མཆོག་སྟེ། བསེལ་ཞིང་ན་ཚོད་འཇོག་པའི་མཆོག་།ཞུན་མར་སྟོབས་ནི་སྟོབས་དང་ལྡན། །སྦྱོར་བས་ལ་ནི་སྟོང་བྱེད་འགྱུར། །ཞེས་བྱ་བ་ལ། ་ཞུན་མར་ནི་བློ་རྣོ་བ་ལ་སོགས་པ་ལ་ཕན་པ་ཡིན་ནོ། །དེ་ལ་བློ་རྣོ་བ་བློ་གྲོས་དང་ལྡན་པ་སྟེ། དངོས་པོ་རྣམས་འཛིན་པར་ནུས་པའོ། །དྲན་པ་ནི་འདས་བའི་དངོས་པོ་ཡིད་ལ་དྲན་པའི་ནུས་པའོ། །ཡིད་གཞུངས་པ་ནི་དངོས་པོ་རྣམས་བྱེ་བྲག་ཕྱེད་པའི་ཤེས ་རབ་འཛིན་པར་བྱེད་པའོ། །དྲོད་སྐྱེད་པ་ནི་ཕོ་བའི་མེ་དྲོད་སྐྱེད་པའོ། །སྟོབས་ནི་ནུས་མཐུའོ། །ཚེ་ནི་སྲོགས་དང་འཚོ་བར་ལྡན་པ་སྟེ། དེ་དག་འཕེལ་བར་བྱེད་པའོ། །མིག་ནི་མིག་ཉིད་ལ་ཕན་པར་བྱེད་པ་སྟེ། ཞུན་མར་དེ་དག་ལ་བསྔགས་པ་ཡིན་ནོ།། ་བྱིས་པ་ནི་བཅུ་དྲུག་ལོན་གྱི་བར་རོ། །རྒན་པོ་ནི་དྲུག་ཅུ་ཡན་ཆད་ལོན་པའོ། །བུ་འདོད་པ་ནི་བུ་སྐྱེད་པར་འདོད་པའོ། །མདངས་ནི་ལུས་ལ་གནས་པའི་མཛེས་སྡུག་གོ་།རབ་གཞོན་ཤ་ཆགས་ཤིང་མི་རྩུབ་པའོ། །སྐད་སྙན་པ་ནི་ཚིག་བསལ་བའི ་ཕན་ཞེས་པ་ནི་དེ་དག་འདོད་པ་ལ་ཕན་ཞིང་རྗེས་སུ་མཐུན་པ་ཡིན་ནོ། །དེ་བཞིན་དུ་བློ་རྡོལ་བ་ལ་སོགས་པ་རྨྱ་ཞིང་ཉོན་མོངས་པའི་བདག་ཉིད་ཅན་རྣམས་ལ་ཡང་བསྔགས་ཏེ་ཕན་པ་ཡིན་ནོ། །ལུས་སྐེམས་པ་ནི་ལུས་ཟུངས་ཟད ་པའོ། །གཞན་དག་ནི་གོ་བར་ཟད་དོ། །སྣུམ་གྱི་ནང་ན་ཞེས་པ་ནི་ཏིལ་མར་དང་ཞག་དང། རྐང་རྣམས་ཀྱི་ནད་ནའོ། །སྣུམ་མཆོག་སྟེ་ཞེས་བྱ་བ་ནི་གཙོ་ཡིན་པའོ། །བསིལ་བ་ནི་བསིལ་བའི་ནུས་པ་དང་ལྡན་པའོ། །ན་ཚོད་འཇོག་པ་ནི་རྒས་པ་འཇོམས ་སྟེ། གཞོན་ནུ་ཉིད་དུ་དུས་ཡུན་རིང་པོར་འཇོག་པའོ། །མཆོག་ཅེས་བྱ་བ་ནི་ཤིན་ཏུ་དམ་པ་ཡིན་པའོ། །སྟོབས་སྟོང་དང་ལྡན་པ་ནི་ནུས་པ་མཛའ་མས་ཤིང་མཐུ་དུ་མ་ཡོད་པའོ། །དེ་བཞིན་དུ་སྦྱོར་བས་ཞེས་བྱ་བ་ཆོ་ག་ཐ་དད་པ་སྟེ་བཏུང་བ་དང། སྣ་ནས་བཏང་བ་དང། ་བསྐུ་བ་དང། འཇམ་རྩི་མས་བཏང་བ་ལ་སོགས་པའི་སྦྱོར་བས་སོ། །ལས་ནི་སྟོང་བྱེད་འགྱུར་ཞེས་བྱ་བ་ནི། བྱ་བ་མང་པོ་བྱེད་པའི་ཕྱིར། །ལས་མཛའ་ཡས་པ་བྱེད་པའོ། །མར་སྙིང་སྨྱོ་དང་བརྗེད་བྱེད་བརྒྱལ། །གླད་ནད་རྣ་མིག་མངལ་ནད་དང། །རྨ་རྣམས ་སྦྱོང་ཞིང་འཆོ་བྱེད་པས། །ནད་ལས་རྒྱལ་བྱེད་དམ་པ་ཡིན་ཞེས་བྱ་བ་ལ། མར་སྙིང་པ་སར་པ་མ་ཡིན་པ་ལོ་མང་པོ་ལོན་པ་ནི་སྨྱོ་བ་ལ་སོགས་པའི་ནད་སེལ་བ་ཡིན་པ་དང། དེ་བཞིན་དུ་ཀླད་པ་དང། རྣ་བ་དང། མིག་དང། མངལ་གྱི་ནད་རྣམས་སེལ་བ ་ཡིན་ནོ། །སྨྱོ་བ་དང་བརྒྱལ་བ་དག་ནི་འོག་ནས་ཆ?་ནད་ཀྱི་ནང་བཞིའི་སྐབས་ནས་བཤད་པར་བྱའོ། །བརྗེད་ཕྱེད་ཀྱང་འོག་ནས་བཤད་པར་བྱའོ། །རྨ་རྣམས་སྦྱོང་ཞིང་ཞེས་བྱ་བ་ནི་རྨའི་རྣག་ལ་སོགས་པ་སེལ་བའོ། །དེ་བཞིན་དུ་འཚོབ་ཅིང་འབྱོར་པར ་བྱེད་པ་ཡང་ཡིན་ཏེ། འཚོབ་པ་ནི་རྨ་དེ་པགས་པ་གཞན་དང་མདོག་།མཉམ་པར་བྱེད་པའོ། །ཕྲུམ་སར་སྤྲི་དང་རྒྱ་བྲུམ་དང། ཆུར་བ་ལ་སོགས་སྟོབས་སྐྱེད་ཅིང། །ཁུ་བ་གཉིད་དང་བད་ཀན་འཕེལ། །རྟུག་སྐམས་བྱེད་ལྕི་ཉེས་དང་ལྡན་ཞེས་བྱ་བ་ལ། ་ཕྲུམ?་སར་ཞེས་བྱ་བ་ནི་འོ་མ་དང་དར་བ་ལས་བྱས་པ་སྟེ། གྲགས་པར་ཟད་དོ། །སྤྲི་ནི་བ་ལ་སོགས་པ་འབྲངས་མ་ཐག་པའི་འོ་མ་ལས་བྱས་པའོ། །རྒྱ་འཕྲུམ་ནི་འོ་མ་ལ་གཙོ་ཕྲུམ་། མི་ཚ་ཞེས་གྲགས་པའོ། །ཕྱུར་བ་ནི་ཞོ་ཁ་ཆུ་ལས་བསྡུས་བའི་གོང་པོའོ།། ་འོ་མ་ལས་གྱུར་པ་འདི་དག་ནི་སྟོབས་བསྐྱེད་ཅིང་འཕེལ་བར་བྱེད་པ་དང། དེ་བཞིན་དུ་ཁུ་བ་དང། གཉིད་དང། བད་ཀན་འཕེལ་བར་བྱེད་པ་ཡིན་ནོ། །གཞན་ཡང་རྟུག་སྐམས་བྱེད་པ་དང། ལྕི་བ་དང་ཉེས་པ་དང་ལྡན་པ་སྟེ་གནོད་པའི་འགྱུར་བ་དག ་སྟོན་པའོ། །སོགས་པ་ཞེས་སྨོས་པ་ནི་འོ་མ་ལས་བྱས་པའི་རྣམ་པ་གཞན་གང་དག་ཡོད་པ་བསྡུ་བའོ། །བ་མར་འོ་མར་མཆོག་ཡིན་ཏེ། ལུག་ལས་བྱུང་བ་སྨད་པ་ཡིན་ཞེས་བྱ་བ་ལ། བའི་མར་དང་འོ་མ་དག་ནི་མཆོག་ཡིན་ཏེ། ཞེས་བྱ་བ་། ་ཀུན་གྱི་གཙོ་བོ་ཡིན་ཞིང་དམ་པ་ཡིན་ལ། ལུག་ལས་བྱུང་བའི་མར་དང། འོ་མ་ནི་སྨད་ཅིང་མི་བསྔགས་པ་ཡིན་ནོ། །འོ་མའི་སྡེ་ཚན་ནོ། །འོ་མའི་སྡེ་ཚན་གྱི་འོག་ཏུ་བུ་རམ་ཤིང་གི་སྡེ་ཚན་སྨོས་པའི་དགོས་པ་ནི་ཇི་ལྟར་འོ་མའི་རོ་དང་ཞུ་བའི ་རྗེས་མངར་བ་ཡིན་པ་དེ་བཞིན་དུ། བུ་རམ་ཤིང་གི་ཁུ་བ་ཡང་རོ་དང་ཞུ་བའི་རྗེས་མངར་བ་ཡིན་ནོ། །བུ་རམ་ཤིང་ལུ་འཁྲུ་ལྕི་སྣུམ། །ཤ་སྐྱེ་རོ་ཙ་བར་གཅིན་འཕེལ། །བསིལ་ཞིང་ཁྲག་མཁྲིས་སེལ་བ་དང། །རོ་དང་ཞུ་རྗེས་མངར་བ་ཡིན།། ་ཞེས་བྱ་བ་ལ། བུ་རམ་ཤིང་ལས་བྱུང་བའི་ཁུ་བ་ནི་འཁྲུ་བ་ནི། གཤང་བ་ལ་སོགས་པ་སླ་བར་བྱེད་པ་དང། ལྕི་བ་དང། སྣུམ་པར་བྱེད་པ་དང། ཤ་སྐྱེ་བ་དང། ལུས་སྦོམ་ཞིང་འཕེལ་བར་བྱེད་པ་དང། རོ་ཙ་ཞིང་ཁུ་བ་འཕེལ་བ་དང། བད་ཀན་དང ་གཅིན་འཕེལ་བར་བྱེད་པ་དང། བསིལ་བ་སྟེ་ནུས་པ་བསིལ་བ་དང། དེ་བཞིན་དུ་ཁྲག་དང་མཁྲིས་པ་སེལ་ཞིང་འཇོམས་པ་དང། རོ་དང་ཞུ་བའི་རྗེས་མངར་ཞིང་བདའ་བའ་ཨི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་རྩེ་ལན་ཚྭ་བྲོ་ཞིང་སོས། །བཅས་ན་ཁ་ར ་དག་དང་འདྲ་ཞེས་བྱ་བ་ལ། བུ་རམ་ཤིང་དེའི་རྩེ་མོ་ཅུང་ཟད་ལན་ཚྭ་བོ་ཞིང། སོས་བཅས་ཤིང་ཟོས?་པ་དང། དེའི་ཡོན་ཏན་ཤ་ཁ་ར་དང་འདྲ་བ་ཡིན་ནོ། །རྩ་བ་རྩེ་མོ་འབུས་ཟོས་སོགས། །བཙིར་དང་དྲི་མས་སྦགས་པ་དང། དུས་ནི་ཅུང་ཟད་ལོན ་པ་ལས། །འཁྲུལ་འཁོར་ཅན་ནི་རྣམ་འགྱུར་ཏེ། ཚ་ཞིང་ལྕི་ལ་མཁྲག་པར་འགྱུར་ཞེས་བྱ་བ་ལ། རྩེ་མོ་དང་རྩ་བ་འབུས་ཟོས་པ་ནི། རྩ་བ་རྩེ་མོ་འབུས་ཟོས་སོགས་ཞེས་བྱ་བ་ལ། དེ་རྣམས་བཅིར་བ་དང། དེ་བཞིན་དུ་དྲི་མས་སྤགས་ཤིང ་གོས་པར་གྱུར་པ་དང། དེ་བཞིན་དུ་དུས་ཅུང་ཟད་ལོན་པར་གྱུར་ཅིང། དུས་ཅུང་ཟད་འདས་པར་གྱུར་པའི་འཁྲུལ་འཁོར་གྱིས་བཙིར་བའི་བུ་རམ་གྱི་ཁུ་བ་དེ་ནི་རྣམ་པར་འགྱུར་བར་བྱེད་ཅིང། གཞན་དུ་གྱུར་པ་ཉིད་དུ་འགྱུར་ཏེ། འགྱུར ་བ་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་གཞན་དུ་འགྱུར་བའོ། །དེས་ན་དེའི་ཚེ་བསིལ་བ་ཡིན་པ་ལས། ཚ་བར་འགྱུར་བ་དང། ཡང་བ་ལས་ལྕི་བར་འགྱུར་བ་དང། འཁྲུ་བ་ཡིན་པ་ལས་མཁྲེགས་པར་འགྱུར་བ་སྟེ། འདི་དག་ནི་དེའི་འགྱུར ་བ་ཡིན་ན། །དེ་ལ་གོང་དུ་ཚ་བ་ཞེས་སྨོས་པ་ནི་གང་ལ་ཚ་བ་ཡོད་པ་དེ་ནི་ཚ་བ་ལ་སྟེ། ཕོ་བའི་མེ་དྲོད་དང་ཕྲད་ནས་གང་འཇུ་བར་གྱུར་པ་དེ་ནི། འཇུ་བའི་གནས་སྐབས་ཕྱེད་ཞུ་ཙམ་དུ་གྱུར་པ་ན། རྣམ་པར་ཚ་ཞིང་མཁྲིས་པ་སྐྱེད ་པར་བྱེད་པས་ཡུན་རིང་དུ་གནས་ཀྱི་མྱུར་དུ་འཇུ་བར་མའི་བྱེད་དོ། །ད་ནི་ལྕི་བ་ཡིན་པ་འམ། དངོས་པོའི་རང་གི་རང་བཞིན་པས་ན། དེ་ཚ་བ་དང་ལྡན་པ་ཡིན་ནོ། །ཞེས་སྨན་དཔྱད་ཀྱི་ལུང་ལ་བརྟེན་པ་རྣམས་འཆད་དོ། །དེ ་ལ་ཁ་ར་དཀར་པོའི་ཤིང། །བསིལ་དང་མངར་བས་མཆོག་ཡིན་ལ། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་བུ་རམ་ཤིང་དེ་རྣམས་ཀྱི་ནང་ནས་ཁ་ར་དཀར་པོའི་བུ་རམ་ཤིང་ནི་བསིལ་ཤིང་དྲི་མ་མེད་པ་དང། མངར་བས་མཆོག་དེ་དམ ་པ་ཡིན་ནོ། །དེས་ན་དེ་ནི་ཕུལ་དུ་ཕྱུང་བ་ཉིད་ཡིན་ནོ། །དེའི་འོག་མ་སྤུབས་ཅན་ཡིན་པ་ཞེས་བྱ་བ་ནི། ཁ་ར་དཀར་པོའི་ཤིང་དེ་ལས་བི་ཤི་ཀ་ཞེས་བྱ་བའི་བུ་རམ་ཤིང་སྦུབས་ཆེ་བ་བསིལ་བ་ལ་སོགས་པ་ཡོན་ཏན་ཆུང་བ་ཡིན་ཏེ། ་བསིལ་བ་ལ་སོགས་པའི་ཡོན་ཏན་ཉུང་ཟད་ཅིག་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཚིགས་བརྒྱ་བ་དང་ཀནྟ་ར་།བལ་ཡུལ་སྐྱེས་སོགས་དེ་ལས་རིམ། །ཅུང་ཟད་ཚ་བྲོ་བསྐ་བ་དང། །རོ་བཅས་ཅུང་ཟད་ཚ་བ་སྐྱེས་ཅེས་བྱ་བ་ལ་ཚིག་བརྒྱ་པ ་ལ་སོགས་པའི་བུ་རམ་ཤིང་རྣམས་ནི། རིམ་གྱིས་འོག་ནས་འོག་ཏུ་བ་མི་ལ་བ་ལ་སོགས་པའི་ཡོན་ཏན་དམན་པ་ཡིན་ཏེ། སྦུབས་ཅན་དེ་ལས་ཡོན་ཏན་གྱི་ཚིགས་བརྒྱ་པ་དམན་པ་ཡིན་ལ། དེ་བས་ཀྱང་ཀན་ཏ་ར་ཞེས་བྱ་བའི་བུ་རམ ་ཤིང་ཕྲ་མོ་ཞིག་ཡོད་པ་དམན་པ་ཡིན་ལ། དེ་བས་ཀྱང་བལ་ཡུལ་གྱི་དམན་པ་ཡིན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེ་རྣམས་ཀྱང་ཅུང་ཟད་ལན་ཚྭ་བྲོ་བ་དང། ཅུང་ཟད་བསྐ་བ་དང། ཅུང་ཟད་དྲོ་བ་དང། ཅུང་ཟད་ཚ་བསྐྱེད་པའི་ངང ་ཚུལ་ཅན་ཡིན་ནོ། །སྤུ་བ་ཅན་ལྕི་བད་ཀན་བསྐྱེད། །སོགས་བྱེད་གཅིན་ནི་སྤོང་བྱེད་ཡིན་ཞེས་བྱ་བ་ལ། སྦུ་བ་ཅན་ཞེས་བྱ་བ་ནི་བུ་རམ་ཕྲ་མོ་དག་གི་མིང་གི་རྣམ་གྲངས་ཡིན་ཏེ། དེ་ནི་ལྕི་བ་དང། བད་ཀན་སྐྱེད་ཅིང་འཁྲུགས་པར་བྱེད་པ་དང། སོགས ་བྱེད་ཅེས་བྱ་བ་ཉེས་པ་གསུམ་སོགས་ཅིང་སྡུད་པར་བྱེད་པ་དང་བྱ་བའི་དོན་ཏོ། །དེ་བཞིན་གཅིན་ཡིན་སྦྱོང་བྱེད་ཡིན་ཞེས་བྱ་བ་ནི། གཅིན་སྦྱོང་ཞིང་དྲི་མ་མེད་པར་བྱེད་པ་འམ། ཡང་ན་གཅིན་མང་པོ་འབྱིན་པར་བྱེད་པ་ཡིན་ནོ། །དཀར་པོ་བད་ཀན ་ཆེར་མི་བསྐྱེད། །གཤང་དང་གཅི་བ་བདེ་བར་འབྱིན་ཞེས་བྱ་བ་ལ། བུ་རམ་དཀར་པོ་དང་པོ་བསྐོལ་བ་ན། རྙོག་པ་དང་བྲལ་བར་བྱ་བ་ནི། བད་ཀན་ཆེར་མི་སྐྱེད་ཅེས་པ་སྟེ། བད་ཀན་ཅུང་ཟད་ཙམ་ཞིག་སྐྱེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཤང་བ་དང་གཅི་བ ་བདེ་བར་འབྱིན་ཞེས་བྱ་བ་སྟེ། གཤང་བ་དང་གཅི་བ་བདེ་བླག་ཏུ་ཕྱི་རོལ་ཏུ་འབྱིན་ཅིང་འབྱུང་བར་བྱེད་པ་ཡིན་ནོ། །དམར་ནག་ཕལ་ཆེ་སྲིན་བུ་ཁྲག། རྐང་ཚིལ་ཤ་དང་བད་ཀན་སྐྱེད། །ཅེས་པ་ནི། བུ་རམ་དམར་ནག་རྙོག ་པ་ཅན་ནི་ཁོང་པའི་འབྲས་སྲིན་མང་དུ་སྐྱེད་བ་ལ་སོགས་པ་བྱེད་པ་ཡིན་ནོ། །སྙིང་པ་ཡིད་འོང་ཕན་པ་ཡིན་ཞེས་བྱ་བ་ནི། བུ་རམ་རྙིང་པ་ལོ་མང་པོ་ལོན་པ་ནི་ཡིད་དུ་འོང་ཞེས་བྱ་བ་སྟེ། ཡི་གར་འོང་ཞིང་སེམས་དགའ་བར་བྱེད་པ་དང། དེ་བཞིན་དུ ་ཕན་པ་སྟེ། ལུས་ཟུངས་རྣམས་དང། གནོད་པ་རྣམས་ལ་ཕན་པ་ཡིན་ནོ། །སར་པ་དྲོད་འབྲི་བད་ཀན་སྐྱེད་ཅེས་བྱ་བ་ནི། བུ་རམ་སར་བ་དག་ནི་བད་ཀན་སྐྱེད་ཅིང་མེའི་དྲོད་འབྲི་བ་ཡིན་ནོ། །ཧྭགས་དང། ཁནཌ་ཁ་ར་དཀར། །རིམ་གྱིས་ཡོན་ཏན་ཆེ་བ་སྟེ། །རོ་ཙ ་གློ་གཅོང་གློ་རྡོལ་དང། ཁྲག་དང་མཁྲིས་པ་རླུང་སེལ་ཡིན་ཞེས་བྱ་བ་ལ། ཧྭགས་ཞེས་བྱ་བ་ནི་བུ་རམ་གྱི་དངས་མའི་ཤ་ཁ་ར་སྟེ། གསལ?་ཞེས་མིང་དུ་གྲགས་པའོ། ཁནཌ་ནི་དེ་ལས་ཀྱང་དང་ཞིང་དྲི་མ་མེད་པའོ། །ཁ་ར་དཀར་པོ་ནི་དེ་བས་ཀྱང་ཚས་དང ་ཞིང་རྟོག་པ་མེད་པའི་ཁ་ར་དཀར་པོའོ། །དེ་ལྟར་ན་རིམས་ཀྱིས་ཡོན་ཏན་ཆེ་བའོ། །དེ་དག་ནི་རོ་ཙ་བ་སྟེ། ཁུ་བ་འཕེལ་བར་བྱེད་པ་དང། གཅོང་དང་བློ་རྡོལ་བ་ལ་སོགས་པ་ལ་ཕན་པ་ཡིན་ནོ། །ཡ་བ་ཀ་ར་ཚ་ཞིང་མངར། །བསྐ་དེ་ཡོན་ཏན་དེ་དང ་འདྲ་ཞེས་བྱ་བ་ལ། ཡ་བ་ཁ་ར་ཞེས་འཇིག་རྟེན་ན་གྲགས་པ་ཡིན་གྱི། གཞན་དུ་ན་ཡཝ་ཤ་ཁ་ར་ཞེས་བྱའོ། །ལ་ལ་དག་ནི་བྱི་ཚེར་བའི་ཁུ་བ་ལས་ལ་དེ་བྱེད་དོ་ཞེས་ཟེར་རོ། །དེའི་ཡོན་ཏན་ཡང་རོ་ཚ་བ་དང་མངར་བ་དང། བསྐ་བའི་རྒྱུས་ཧྭགས ་སོགས་བ་དེ་དང་འདྲ་ཞིང་མཚུངས་པ་ཡིན་ནོ། །ཁ་ར་དཀར་དང་ཀུམ་ཚ་སྐོམ། །སྐྱུག་ཁྲོ་བརྒྱལ་དང་ཁྲག་མཁྲིས་སེལ་ཞེས་བྱ་བ་ལ། ཁ་ར་འདི་དག་དང་ཁ་ར་གཞན་གང་དག་ཡོད་པ་དེ་ཐམས་ཅད་ནི་ཚ་བ་ལ་སོགས་པ་སེལ་ཞིང ་འཇོམས་བ་ཡིན་ནོ། །བུ་རམ་ཤིང་བསྡུས་ཁ་ར་དང། སྦུ་བ་ཅན་མཆོག་ཐ་མ་ཡིན་ཞེས་བྱ་བ་ལ་བུ་རམ་ཤིང་བསྡུས་པ་ནི་བུ་རམ་ཤིང་གི་ཁུ་བ་བསྡུས་པ་རྣམས་ཀྱི་ནང་ན་ཁ་ར་ནི་མཆོག་ཡིན་ལ། དབུ་བ་ཅན་ཞེས་བྱ་བ་བུ་རམ་ཕྲ་མོ་རྙོག་མ ་ཅན་ནི་ཐ་མ་ཡིན་ནོ། །སྦྲང་རྩི་མིག་ཕན་གཅོད་སྐོམ་དང། །བད་ཀན་སྐྱིགས་བུ་ཁྲག་མཁྲིས་འཇོམས། །ཚིལ་ཅན་མཛེ་ནད་གཅིན་ནད་སྐྱུག་།ལུད་པ་དབུགས་མི་བདེ་ཚང་སེལ། །རྨ་སྤྱོད་རྨ་འཚོ་ཆགས་དྲུགས་འབྱོར། །རླུང་ནི་སྐྱེད་བར་བྱིད་པ ་ཡིན། །རྩུ་བཅིང་བསྐ་ལ་མངར་བ་སྟེ། །སྦྲང་རྩིའི་ཁཎྜ་འང་དེ་དང་འདྲའོ་ཞེས་བྱ་བ་ལ། སྦྲང་རྩི་དག་ནི་མིག་ལ་ཕན་ཞིང་བསོད་པ་ཡིན་པ་དང། གཅོད་པ་ཞེས་བྱ་བའི་ངང་ཚུལ་ཅན་ཡིན་པ་ཏེ། བད་ཀན་དང་མདུད་པ་ལྟར་འདྲིལ་ཏེ། གནས་པ ་དེ། རང་གི་མཚན་ཉིད་རྣོ་བ་ལུས་ལས་གཅོད་ཅིང་འཇིགས་པར་བྱེད་པ་ཡིན་པ་དང། དེ་བཞིན་དུ་སྐོམ་པ་ལ་སོགས་པ་སེལ་ཞིང་འཇིག་པར་བྱེད་པ་དང། དེ་བཞིན་དུ་མཛེ་ནད་དང་གཅིན་ནད་ལ་སོགས་པ་ལ་ཕན་པར་བྱེད་པ་ཡིན་ནོ། །དེ ་བཞིན་དུ་མའི་བརྣགས་པ་དང། འདྲུལ་བ་ལ་སོགས་པ་སྦྱོང་བར་བྱེད་པས་ན། རྨ་སྦྱོང་ཞེ་བ་བྱ་ལ། འདིར་འཚོ་བར་བྱེད་པས་ན་རྨ་འཚོ་སྟེ། པགས་པ་འཚོ་བ་ཅིང་མདོག་མ་ཉམས་པར་བྱེད་པའོ། །ཚགས་གྲུགས་སྦྱོར་བ་ནི་འདིས་རྨ་གཉིས་གཅིག་ཏུ ་འབྱོར་པ་དང། ཆགས་པ་འབྱོར་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །རླུང་སྐྱེད་པར་བྱེད་པ་ནི་རླུང་གི་ནང་འཁྲུགས་པར་བྱེད་པའོ། །དེ་བཞིན་དུ་རྩུབ་པ་དང། རོ་བསྐ་བ་དང་མངར་བ་ཡིན་ནོ། །སྦྲང་རྩིའི་ཁཎྜ་འང་དེ་དང་འདྲ་ཞེས ་བྱ་བ་ནི་སྦྲང་རྩིའི་ཡོན་ཏན་ཇི་སྙེད་པ་དེ་ཐམས་ཅད་སྦྲང་རྩི་ཁཎྜའི་ཡོན་ཏན་ཡང་ཡིན་པས་ན། དེ་གཉིས་ཡོན་ཏན་མཚུངས་ཤིང་འདྲ་བ་ཡིན་པར་ཤེས་པར་བྱའོ། །ཚ་ཞིང་ཚས་གདུངས་ཚ་བར་ལྡན། །ཚ་བ་དེས་ནི་བསོད་པར་འགྱུར་ཞེས་བྱ་བ་ནི། ་སྦྲང་རྩི་དེ་ཚ་ཞིང་ཞེས་པ་མེ་ལ་སོགས་པས་བསྲོས་ན། དེས་མི་བསོད་ཅིང་འཇོམས་པར་འགྱུར་རོ། །དེ་བཞིན་དུ་ཚ་གདུངས་ཞེས་པ། ཉི་ཚན་ལ་སོགས་པ་ཚ་བས་གདུངས་པའི་སྦྲང་རྩི་བསོད་པར་བྱེད་དོ། །དེ ་བཞིན་དུ་ཚ་བར་ལྡན་ཞེས་བྱ་བའི་དུས་སམ། ཚ་བའི་ཡུལ་དུ་སྦྲང་རྩི་ཟོས་ན་མི་སོད་པར་བྱེད་དོ། །དེ་བཞིན་དུ་ཚ་བ་ཞེས་བྱ་བ། མེ་ལ་སོགས་པས་བསྒོལ་ཅིང་ཚ་བར་བྱས་པའི་སྨན་དང་ལྷན་ཅིག་སྦྲང་རྩི་ཟོས་ན་ཡང་མི་བསོད ་པར་བྱེད་དོ། །སྐྱུག་སྨན་སྨན་མར་མས་བཏང་ལ། །སྦྲང་རྩི་དྲོ་བ་བགག་པ་མེད་ཅེས་བྱ་བ་ལ་སྦྲང་རྩི་དྲོ་བ་དག་ཀྱང་སྐྱུག་སྨན་བཏང་བ་དང། སྨན་མར་མས་བཏང་བ་ལ་དགག་བ་མེད་དེ། གང་ཕྱིར་དེ་ནི་མི་འཇུ་བར། །མྱུར་དུ་ལྡོག་པར ་འགྱུར་ཕྱིར་རོ་ཞེས་བསྡུས་པ་ལས་གཏན་ཚིགས་བཤད་པ་ཡིན་ནོ། །བུ་རམ་ཤིང་གི་སྡེ་ཚན་ནོ། །དེ་ལ་ཏིལ་མར་ཏིལ་དང་མཚུངས། །གཙོ་བོ་རྣོ་ཞིང་ཁྱབ་པ་ཡིན། །པགས་པའི་ཉེས་བསྐྱེད་མིག་ལ་གནོད། །ཚ་ཞིང་རྣོ་ལ་བད་ཀན ་སེལ། སྐེམས་པ་དག་ནི་ཤ་སྐྱེད་ཅིང། །སྦོམ་པོའི་ཤ་འབྲི་མཁྲེགས་པར་འོང། །རྟུག་འགགས་སྲིན་བུ་འཇོམས་པ་དང། སྦྱར་བས་ནད་རྣམས་ཐམས་ཅད་སེལ། །ེ་རཎྜའི་མར་ཚ་ཞིང་ཁ། ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན། །རླིག་རླུགས ་སྐྲད?་རླུང་བད་ཀན་དང། །ལྟོ་ནད་ལྡང་དུབ་རིམས་རྣམས་སེལ། །འོར་ནད་རྐེད་པ་གས་པ་དང། །ལྟོ་བ་རོ་རྒྱབ་ནད་ལ་ཕན། །ེ་རཎྜ་ནི་དམར་པོའི་མར། །རྣོ་ཚ་དྲི་ང་རབ་འབྱིལ་འབྲེས། །ཡུངས་མར་ཚ་ཕྲོ་རྣོ་བ་དང། །བད་ཀན་རླུང་སེལ ་ཞུ་བ་འབྲི། །ཡང་ཞིང་ཁྲག་མཁྲིས་སྐྱེད་བྱེད་ལ། །ཤ་བཀྲ་མཛེ་འབྲུམ་རྨེན་བུ་སེལ། །བ་རུ་རའི་མར་བསིལ་ཞིང་ལྕི། །སྐྲན་བྱེད་རླུང་དང་མཁྲིས་པ་སེལ། །ནིམ་པར་རབ་ཏུ་ཚེ་མིན་ཁ། །ལྟོ་སྲིན་མཁྲིས་པ་བད་ཀན་སེལ། །ཟར་མ་ལེ ་བརྒན་ཅི?་ཡི་མར། །དྲོ་ཞིང་བར་ནད་བད་མཁྲིས་སེལ། །ཞག་དང་རྐང་ནི་རླུང་འཇོམས་ཤིང། །སྟོབས་དང་ཁུ་ཆུ་བད་ཀན་སྐྱེད། །ཤ་ནི་རང་དངོས་རྗེས་མཐུན་ལ། །ཚིལ་ཡང་དེ་དག་འདྲར་ཤེས་བྱ། །ཏིལ་མར་ལ་སོགས་པའི་སྡེ་ཚན་ནོ། །ཆང་གི་སྡེ ་ཚན་བརྩམས་པའི་དགོས་པ་ནི། ཆང་ནི་ནད་མེད་པར་བྱེད་པ་དང། མེའི་དྲོད་སྐྱེད་ཅིང་ཡི་ག་འབྱེ་བ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་རྣམས་དང་ལྡན་པའི་ཕྱིར་བསྟན་པ་ཡིན་ནོ། །དེ་ཡང་ཏིལ་མར་དང་ཐུན་མོང་གི་ཡོན་ཏན་ཅུང་ཟད་ཡོད་པས་ཏིལ ་མར་ལ་སོགས་པའི་འོག་ཏུ་འཆང་ཐམས་ཅད་ཀྱི་སྤྱི་ཡོན་ཏན་སྨོས་པ་ནི་ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་སྐྱེས་ཁོང་རྟ་དགའ་། །མར་བཅས་ཁ་ཞིང་ཚ་བ་དང། །ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ། །བསྐ་བཅས་གདངས་སྙན་ནད་མེད་དང། །སྟོབས ་སྐྱེད་མ་དང་འགྱུར་ཁོང་ཡངས་ལ། །གཉིད་མེད་པ་དང་གཉིད་ཆ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་སྐྱེད། །རིགས་འཐུངས་སྐེམས་དང་སྦོམ་ཕན་ཞིང། །རྩུབ་རྣོ་ལུས་སྒོ་ཁྱབ་ཅིང་སྦྱོང། །རླུང་དང་བད་ཀན་སེལ་བ་ཡིན། །གཞན་དུ་བསྟེན་ན་དུག ་དང་མཚུངས། །ཞེས་བྱ་བ་འདི་ནི་ཆང་ཐམས་ཅད་ཀྱི་ཐུན་མོང་གི་ཡོན་ཏན་བརྗོད་པ་ཡིན་ཏེ། དེ་ལ་ཆང་ངོ་ཅོག་ཐམས་ཅད་ནི་དྲོད་འབར་བར་བྱེད་ཅིང་མེའི་ཤས་སྐྱེས་པས་ན་དྲོད་འབར་རོ། །ཡི་ག་འབྱེད་ཞིང་ཟས་ལ་སྲེད་པ་སྐྱེ་བས་ན། ཡི་ག ་འབྱེད་ཅེས་བྱ་སྟེ། །འབྲས་ཆན་ལ་སོགས་པ་འདོད་པ་བསྐྱེད་པའོ། །རྣོ་བ་ནི་ལུམ་ཟུངས་རྣམས་སྦྱོང་བར་བྱེད་ཅིང། ཚིགས་ཀྱི་མཚམས་སྦྱོར་དམ་པོ་ལྷོད་པར་བྱེད་པའོ། །དྲོད་སྐྱེད་པ་ནི་ནུས་པ་དང་ལྡན་པའོ། །ཁོང་བརྟ་བ་ནི་ལུས་རྒྱས་བར ་བྱེད་པའོ། །དགའ་བ་ནི་སེམས་མགུ་བར་བྱེད་པའོ། །མངར་བཅས་ཁ་ཞིང་ཚ་དང་བཅས་ཞེས་བྱ་བ་ནི་རོ་ཅུང་ཟད་མངར་བ་དང། ཅུང་ཟད་ཁ་བ་དང། དེ་བཞིན་དུ་ཞུ་བའི་རྗེས་དང། རོ་ཅུང་ཟད་སྐྱུར་བ་ཉིད་ཡིན་པ་དང། འཁྲུ་བ་སྟེ་ཁོང་འཁྲུ་བར་བྱེད ་པ་དང། བསྐ་བཅས་ཞེས་བྱ་བ་ཅུང་ཟད་བསྐ་བའི་རོ་དང་ལྡན་པའོ། །དེ་བཞིན་གདངས་སྙན་པར་བྱེད་པའང་ཡིན་ཏེ། གདངས་སྙན་པ་ནི་ཚིག་བསལ་ཞིང་གདངས་མཐོ་བའོ། །ནད་མེད་པ་ནི་ཐ་མལ་བར་གནས་པ་ཉིད་དེ། དེ ་བྱེ་བ་དང། སྤོབས་པ་ནི་སྨྲ་བ་ལས་ཞུམ་པ་མེད་པར་འགྱུར་བ་དང། མདོག་སྟེ་མདངས་དང་ལྡན་པ་ཡང་བ་ཉིད་དང། གཉིད་མེད་པ་དང། གཉིད་ཆེ་བ་ལ་ཕན་ཞིང་བསོད་པ་ལ་ནི། ཆང་ཐམས་ཅད་མ་ཡིན་གྱི། གང་བད་ཀན་ལ་སོགས ་པ་འཕེལ་བར་བྱེད་པ་ནི་གཉིད་མེད་པ་ལ་ཕན་སྟེ། དཔེར་ན་འབྲུའི་ཆང་ལ་སོགས་པ་ལྟ་བུའོ། །ཆང་ལ་ལ་ནི་གཉིད་ཆེ་བ་ལ་ཕན་ཏེ། གང་བད་ཀན་ལ་སོགས་པ་སེལ་བར་བྱེད་པ་སྦྲང་ཆང་ལ་སོགས་པ་ལྟ་བུའོ། །ཡང་ན་མཐུ་ཉིད་ཀྱིས ་ཆང་ཐམས་ཅད་གཉིད་མེད་པ་དང། གཉིད་ཆེ་བ་ལ་ཕན་ནོ། །ཁྲག་དང་མཁྲིས་པ་སྐྱེད་པ་ནི་ཁྲག་དང་མཁྲིས་པའི་ནང་སེལ་བར་བྱེད་པའོ། །རིགས་འཐུངས་སྐེམས་དང་སྤོམ་ཕན་ཞིང་ཞེས་པ་ནི། མི་སྐེམ་པོ་དང་འཚོ་ཞིང་སྤོམ ་པ་ལ་ཕན་ཞིང་བསོད་པ་ཡིན་ནོ། །ཞེས་སྤྱིར་སྨོས་སུ་ཟིན་ཀྱི་ཆང་ལ་ལ་ནི་སྐེམས་བ་ལ་ཕན་པ་ཡིན་ལ། ཆང་ལ་ལ་ནི་སྦོམ་པ་ལ་ཕན་པ་ཡིན་གྱི་།སྤོམ་པ་ལ་ཕན་པ་དེ་ཉིད་སྐེམས་པ་ལ་ཕན་པ་ནི་མ་ཡིན་ནོ། །ཡང་ན ་ཟས་ལ་སོགས་པ་དང་རན་བར་འཐུངས་པའི་དབང་གིས་སམ། སྦྱོར་བ་ལ་སོགས་པའི་དབང་གིས་སམ། རྫས་ཀྱི་ནུས་པའི་དབང་གིས་ཐམས་ཅད་ཀྱང་སྐེམ་པ་དང་སྦོམ་པ་ལ་ཕན་པ་ཡིན་ནོ། །དེ་བཞིན་དུ་རྩུབ་པའི ་ཡོན་ཏན་དང་ལྡན་པ་དང། རྣོ་བ་ནི་རྩ་ཕྲ་མོ་རྣམས་ལ་འཇུག་པར་བྱེད་པའོ། །ལུས་ཀྱི་སྒོ་ཁྱབ་ཅིང་སྤྱོད་བ་ནི་བད་ཀན་དང་རླུང་དང་ཚིལ་དང་དྲི་མས་ཡོངས་སུ་གང་བ་རྣམས་དང་ཞིང་དྲི་མ་མེད་པར་བྱེད་བའོ། །དེ་བཞིན་དུ་དེ་རན་པར ་འཐུངས་ན་རླུང་དང་བད་ཀན་དག་ཀྱང་སེལ་ཅིང་འཇོམས་པ་ཡིན་ནོ། །དེ་ལ་རན་པར་ཞེས་བྱ་བ་ནི་ཆ་མཉམ་པའི་སྦྱོར་བ་སྟེ། ཐུན་ཆོད་དང། ཡུལ་དང། དུས་ལ་སོགས་པའི་རྣམ་པར་ཤེས་པར་བྱས་ནས། དེ་དང་རྗེས་སུ་གང་མཐུན་པར་གང ་འཐུང་བ་དེ་ནི། དེའི་རིགས་པ་འམ་རན་པ་ཡིན་ནོ། །དེ་ཉིད་ཀྱིས་ན་གཞུངས་ལས། དེ་བས་འདི་ཡི་སྦྱོར་བཤད་པ། །གང་ཞིག་བདེར་འགྱུར་འབའ་ཞིག་ཕྱིར། །ཞེས་བཤད་པ་དང། དེ་བཞིན་དུ་ནུས་སྟོབས་དང་དུས་དང་ཡུལ་དང། བདག ་ཉིད་ཀྱི་རང་བཞིན་གང་ཡིན་པ་དང། མཐུན་པའི་གྲོགས་དང། ནད་ཀྱི་ཚུལ་དང། ན་ཚོད་ཀྱི་རིམ་པ་ཤེས་པར་བྱས་ནས། དེ་དང་རྗེས་སུ་མཐུན་པར་འཐུངས་ན་བདུད་རྩི་འཐུངས་བ་དང་མཚུངས་པ་ཡིན་གྱི། དེ་ལས་གཞན་བར་རིགས་པ ་དང། །མི་ལྡན་ཞིང། རྣམ་པར་མི་དཔྱད་པར་མཐུངས་ན་དུག་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །མི་རིགས་པར་འཐུངས་པ་ནི་དམན་པ་འམ། ལོག་པ་འམ་ཧ་ཅང་མང་དུ་འཐུངས་པ་ཡིན་ནོ། །དེ་ཡང་བསྡུས་པ་ཆེན་པོ་ལས་ཆང་ལ ་སོགས་པ་བསྟེན་པ་ནི་བློ་དང་བརྟན་པ་དང། དྲན་པ་འཕྲོག་པར་བྱེད་པ་ཡིན་ནོ་ཞེས་བཤད་དོ། །ཆང་སར་ལྕི་ཞིང་ཉེས་སྐྱེད་ཡིན། །ཆང་རྙིང་དེ་ལས་གཞན་དུ་བྱེད་ཅེས་བྱ་བ་ལ། ཆང་དེ་ཐམས་ཅད་ལས་ཆང་སར་པ་ནི་ལྕི་ཞིང་ཉེས་པ ་རྣམས་འཁྲུགས་པར་སྐྱེད་པར་བྱེད་པ་ཡིན་ནོ། །ཆང་རྙིངས་ཤིང་གྲུངས་མར་གྱུར་པ། ཁ་དོག་དང་དྲི་དང་རོ་ཕུན་ཚོགས་དང་ལྡན་པའི་ཆང་ཐམས་ཅད་ནི་སྔར་བཤད་པའི་ཆང་སར་པ་དེ་ལས་གཞན་དུ་བྱེད་དེ། དེ་ཡང་ཞིང་ཉེས་པ་སེལ ་བར་བྱེད་པ་མོད་ཀྱི། འོན་ཀྱང་མཁྲིས་པ་ནི་སྐྱེད་ལ། རླུང་དང་བད་ཀན་ནི་འཇོམས་པ་ཡིན་པར་སྔར་བཤད་པ་ཡིན་ནོ། །ཚ་བའི་སྤྱོད་པར་ལྡན་མི་བཏུང། །སུན་ཅིང་བཀྲེས་ཉེན་ནང་བས་མིན། །ཤིན་ཏུ་རྣོ་མིན་སར་པ་དང། ལེགས་པར་མ་བསླང་རྙོག ་ཅན་མིན་ཞེས་བྱ་བ་ནི། ཆང་དེ་ཐམས་ཅད་ཚ་ཞིང་དྲོ་བའི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་སྐྱེས་བུ་བཏུང་བར་མི་བྱའོ། །དེ་ལ་སྤྱོད་པ་ཞེས་བྱ་བ་ནི། བྱ་བ་སྟེ། དེ་ཡང་ཟས་དང་སྤྱོད་ལམ་གྱི་ཚུལ་ཏེ། ཟས་ཚ་བ་ཟོས་པའི་རྗེས་དང། སོ ་ག་ལ་སོགས་པ་ཚ་བའི་དུས་དང། ཉི་ཚན་ལ་སོགས་པས་གདུངས་ཤིང་ཚ་བའི་སྐྱེས་བུས་བཏུང་བར་མི་བྱའོ། །དེ་བཞིན་དུ་ཆང་གི་སུན་པས་དེའི་ཚེ་བཏུང་བར་མི་བྱ་བ་དང། །དེ་བཞིན་དུ་བཀྲེས་པས་ཉེན་ཅིང་ཟིལ་གྱིས་མནན་པའི་མི ་བཏུང་བ་དང། དེ་བཞིན་དུ་ནང་པས་བཏུང་བར་མི་བྱ་སྟེ། དེ་བས་ན་ལུས་ཀྱི་གནས་སྐབས་ལས་པགས་ཏེ། ཆང་མི་བཏུང་བ་ཡང་ཡོད་པས་ཤེས་པར་བྱའོ། །དེ་བཞིན་དུ་ཤིན་ཏུ་རྣོ་ཞིང་ཚ་བས་མི་བཏུང་བ་དང། ཤིན་ཏུ་གཞོན་ཞིང་འཇམ་པ ་ནི་མི་བཏུང་བ་དང། དེ་བཞིན་དུ་ལེགས་པར་མ་བསླང་བ་སྟེ། རྒུན་འབྲུམ་དང། བུ་རམ་ཤིང་དང། འབྲས་བུ་དང། སྦྲང་རྩི་ལ་སོགས་པ་དང་ད་ཏ་ཀི་ལ་སོགས་པའི་རྩི་ཉུང་ཟད་སྦྱར་ཞིང། །ཆང་དུ་ལེགས་པར་མ་རེག་པ་ཡང་བཏུང་བ་མི་བྱའོ། །རྙོག་ཅན་ཡིན ་ཞེས་པ་ནི་རྡུལ་དང་འདམ་རྫབ་དང། བོང་བ་དང། རྡོའི་གསེག་མ་ལ་སོགས་པ་དང་ལྡན་པ་ཡང་བཏུང་བར་མི་བྱའོ། །འབྲུ་ཆང་སྐྲན་དང་དམུ་རྫིང་དང། །རྟུག་སྐེམ་གློ་གཅོད་སེལ་བ་དང། །རླུང་འཇོམས་ཚིལ་དང་ཁྲག་སྐྱེད་ཅིང། །གཅིན་བདེར ་འབྱིན་དང་བད་ཀན་སྐྱེད་ཅེས་བྱ་བ་ནི། ཆང་གང་འབྲས་སཱ་ལུ་བཏགས་པ་ལས་བྱས་པ། བསྐ་ཞིང་དགར་བ་དེའི་ཡོན་ཏན་འདི་དག་ཡིན་ཏེ། ཆང་དེས་སྐྲན་ལ་སོགས་པ་སེལ་ཞིང་འཇོམས་པ་དང། ཚིལ་སྐྱེད་པར་བྱེད་པ་དང། དེ་བཞིན་དུ ་ལྕི་ཞིང་རླུང་འཇོམས་པར་བྱེད་པ་དང། ཚིལ་ལ་སོགས་པ་སྤྱོད་ཅིང་འཕེལ་བར་བྱེད་དོ། །ཆང་དངས་ཡོན་ཏན་དེ་འདྲ་བས། །ཡིད་འོང་ཡང་ཞིང་རྣོ་བ་དང། གཟེར་དང་ལུད་པ་དབུགས་མི་བདེ། །སྐྱུར་བྲོ་བཤད་འགགས་སྤོས་ཆམ་འཇོམས ་ཞེས་བྱ་བ་ནི། ཆང་གི་དངས་མ་སྟེང་དུ་བྱུང་བ་རྙོག་པ་མེད་པ་ཆུ་ལྟ་བུ་དེ་ལ་ནི་དངས་མ་ཞེས་བྱ་སྟེ། དེ་ཡང་ལུང་ལས། དངས་མ་ཆུ་ཞེས་བྱ་བར་བཤད། །འཛོག་བ་དེ་དེ་བཞིན་ཆང་ཡིན་ལ། །དེ་འོག་བསྐ་བ་ཞེས་བྱ་སྟེ། དེའི་འོག་མ་སྙིགས་མར་བཤད ་ཅེས་འབྱུང་བ་ཡིན་ནོ། །ཆང་གི་དངས་མ་དེ་ནི་སྔ་མའི་ཆང་བསྐ་བའི་ཡོན་ཏན་གང་ཡིན་བ་དེ། ཐམས་ཅད་དངས་མ་འདི་ཡང་ཡིན་པས། ཡོན་ཏན་སྔ་མ་དེ་དང་འདྲ་བར་ཤེས་པར་བྱ་བ་དང། དེ་ནི་ཡང་ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པ ་དང་དེ་བཞིན་དུ་ཡང་བ་དང། རྣོ་བས་བད་ཀན་དང་ཚིལ་ལ་སོགས་པ་སེལ་བར་བྱེད་པ་དང། གཟེར་བ་ལ་སོགས་པ་ཡང་འཇོམས་ཤིང་སེལ་བ་ཡིན་ནོ། །བ་རུའི་ཆང་ནི་ཡང་ཞིང་ཕན། །ཤིན་ཏུ་ར་རོར་མི་འགྱུར་ཞིང། །རྨ་དང་སྐྱ་རྦབ་མཛེ་ནད ་ལ། ཧ་ཅང་གནོད་པར་མི་འགྱུར་ཡིན། །ཞེས་བྱ་བ་ལ་བ་རུ་ར་ལས་སྦྱར་བའི་ཆང་ནི་བ་རུ་རའི་ཆང་སྟེ། དེ་ནི་ཡང་བ་ཕན་པ་དང། ཤིན་ཏུ་ར་རོར་མི་འགྱུར་ཞིང་ཞེས་པ་ཤས་ཆེར་མྱོས་པར་མི་བྱེད་པ་དང། དེ་བཞིན་དུ་རྨ་དང་སྐྱ་རྦབ་ཀྱི་ནད ་དང། མཛེ་ནད་དག་ལ་དེ་ཆང་གཞན་ལྟར་ཧ་ཅང་མི་གནོད་པ་ཡིན་ནོ། །རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང། །ཆང་གི་ཡོན་ཏན་ཀུན་ལས་ལྷག། ཕོ་ནད་སྐྱ་རྦབ་མཛེ་གཞང་འབྲུམ། ལུས་སྐེམ་སྐྲན་འོར་དམུ་རྫིང་རིམས། །སྐྲན་དང ་སྲིན་ནད་མཚེར་ནད་སེལ། །རོ་ནི་བསྐ་ཞིང་ཚ་རླུང་བསྐྱེད། །ཅེས་བྱ་བ་ལ་རྫས་བཞིན་ཡོན་ཏན་རྗེས་མཐུན་ཚོད་ཞེས་བྱ་བ་ནི། རྫས་གང་བསྐོལ་ནས་བྱས་པ་འམ། མནན་ནས་བྱས་པ་ན། དེ་རྣམས་ཀྱི་ཡོན་ཏན་ནི་དེའི་རྗེས་སུ་འགྲོ ་ཞིང་རྗེས་སུ་འབྲང་བ་སྟེ། དེའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཆང་གི་ཡོན་ཏན་ཀུན་ལས་ལྷག་ཅེས་བྱ་བ་ཡིན་ཏེ། དྲོད་བསྐྱེད་པ་ལ་སོགས་པའི་ཆང་གི་ཡོན་ཏན་ཐམས་ཅད་ལས་ཡོན་ཏན་ལྡན ་ཅིང་མང་བ་ཡིན་པ་དང། དེ་བཞིན་དུ་ཕོ་བའི་ནད་ལ་སོགས་པའི་གནོད་པ་རྣམས་སེལ་ཞིང་འཇོམས་པ་ཡིན་ནོ། །དེའི་རོ་ནི་བསྐ་བ་དང་ཚ་བ་ཡིན་ཞིང་རླུང་སྐྱེད་པར་བྱེད་པ་ཡིན་ནོ། །རྒུན་ཆང་ནད་སྤྱོད་སྙིང་ལ་ཕན། །ཤིན ་ཏུ་དྲོ་མིན་མངར་ཤིང་འཁྲུ། །མཁྲིས་རླུང་ཅུང་ཟད་སྐྱེད་སྐྱ་རྦབ། །གཅིན་ནད་གཞང་འབྲུམ་སྲིན་ནད་སེལ་བྱ་བ་ལ། རྒུན་འབྲུམ་ལས་བྱས་པའི་ཆང་ནི་རྒུན་ཆང་སྟེ། དེ་ནི་ནད་སྦྱོང་ཞིང་སེལ་བ་ཡིན་ཏེ། ཤིན་ཏུ་རྣོ་བ་ཡིན་པས་བད་ཀན་ལ་སོགས ་པ་སེལ་བ་ཡིན་ནོ། །སྙིང་ལ་ཕན་པ་ནི་སྙིང་དགའ་བར་བྱེད་པའོ། །ཤིན་ཏུ་དྲོ་བ་མ་ཡིན་པ་ནི་ཅུང་ཟད་དྲོ་བའོ། །མངར་བ་ནི་རོ་མངར་བའོ། །དེ་བཞིན་འཁྲུ་བར་བྱེད་པ་དང། །མཁྲིས་པ་དང་རླུང་ཅུང་ཟད་བསྐྱེད་པ་ནི། ཆང་གཞན་ལས་བལྟོས ་ན་སྐྱེད་པ་ཡིན་ནོ། །དེ་བཞིན་དུ་སྐྱ་འབབ་ལ་སོགས་པ་སེལ་བ་ཡིན་ནོ། །བུ་རམ་ཆང་ནི་གཅིན་རྟུག་འགག། འབྱིན་ཞིང་ངོམས་ལ་དྲོད་སྐྱེད་ཡིན། །ཞེས་བྱ་བ་ལ། བུ་རམ་ལས་བྱས་པའི་ཆང་གི་བྱེ་བྲག་གིས་ནི་བུ་རམ་ཆང་སྟེ། དེ་ནི་གཅིན་རྟུག ་འགགས་པ་འབྱིན་པ་ཡིན་ཏེ། གཅིན་འགག་པ་དང་རྟུག་པ་ཕྱེན་འགག་པ་འབྱིན་ཅིང་ཕྱི་རོལ་ཏུ་འདའ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚིམ་ཞིང་ངོམས་པར་བྱེད་པ་དང། མེའི་དྲོད་གསལ་བར་བྱེད་ཅིང་སྐྱེད་པར་བྱེད་པ་ཡིན་ནོ། །བུ་རམ་ཤིང་ཆང ་རླུང་མཁྲིས་སྐྱེད། །བསྣུམ་དང་བད་ཀན་ལས་བྱུང་འཇོམས། །ཚིལ་འོར་དམུ་རྫིངས་གཞང་འབྲུམ་སེལ། །དེ་ལས་ཁུ་བ་བསྐོལ་མཆོག་ཡིན་ཞེས་བྱ་བ་ལ། བུ་རམ་ཆང་ནི་བུ་རམ་ཤིང་གི་ཁུ་བ་བསྐོལ་བ་དང། མ་བསྐོལ་བ་ལས་བྱུང ་བ་སྟེ། དེ་ཡང་ལུས་ལས། བུ་རམ་ཤིང་ཁུའི་བུ་རམ་ཆང། །རློན་པ་ཡིས་ནི་ནུས་པ་བསིལ། །བསྐོལ་བ་བསྐོལ་མའི་ཆང་ཞེས་བྱ་ཞེས་བཤད་པ་ཡིན་ནོ། །བུ་རམ་ཆང་དེ་ནི་རླུང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ལ། སྣུམ་ལས་བྱུང་བ ་བད་ཀན་ལས་བྱུང་བའི་ནི་འཇོམ་ཤིང་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚིལ་དང། འོར་ནད་དང་གཞང་འགྲུམ་དང། སྤོས་བ་སིལ་བ་ཡིན་ནོ། །དེ་ལས་ཞེས་པ་བུ་རམ་ཤིང་ལས་བྱུང་བའི་ཆང་གཉིས་ཀྱི་ནང་ནས་ཁུ་བ་བསྐོལ་བའི་ཆང ་ནི་མཆོག་སྟེ་དམ་པ་ཡིན་ནོ། །སྦྲང་ཆང་འགྲིབས་བྱེད་རྣོ་བ་སྟེ། གཅིན་ནད་ཆམ་པ་ལུད་པ་སེལ་ཞེས་བྱ་བ་ནི། སྦྲང་རྩི་དབང?་ཏ་ཀི་ལ་སོགས་པ་སྦྱར་བ་ལས་བྱས་པའི་ཆང་ནི་སྦྲང་ཆང་སྟེ། དེ་ནི་འགྲིབ་བྱེད་ཅེས་བྱ་བ་ཚིལ་ལ་སོགས་པ ་འགྲིབ་པར་བྱེད་ཅིང། རྣོ་བ་ལས་ལུས་ཟུངས་ཀྱི་གནས་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཅིན་ནད་དང་ཆམ་པ་དང་ལུད་པའི་ནད་སེལ་ཅིང་རྒྱལ་བར་བྱེད་པ་ཡིན་ནོ། །ཚ་ནི་ཁྲག་མཁྲིས་བད་ཀན་དག། འཇུ་ཞིང་རླུང་ནི་སྙོམས་བྱེད་ལ།། ་རབ་ཏུ་ཆེ་ཞིང་རྣོ་རྩུབ་འབྱུང། །ཡིད་འོང་ཡི་ག་འབྱེད་ཅིང་འཁྲུ། །དྲོད་བསྐྱེད་རེག་ན་བསིལ་བ་དང། །སྐྱ་རྦབ་སྲིན་སིལ་མིག་ལ་གནོད་ཅེས་བྱ་བ་ནི། ཆང་ཐམས་ཅད་ཕལ་ཆར་རོལ་དང་ལྡན་པ་ཡིན་ཟིན་དུ་ཀྱང། དུས་ལས་ཡོལ་ཞིང་གཞན ་དུ་གྱུར་པ་ན་གང་གི་ཚེ་དེའི་མངར་བ་ལ་སོགས་པའི་རོ་བཞི་ཡལ་ནས། རོ་སྐྱུར་བ་འབའ་ཞིག་ཤས་ཆེར་འཕེལ་ཞིང་བདོ་བ་དེའི་ཚེ། དེ་ནི་ཚ་ཞེས་བྱ་སྟེ། དེ་ཉིད་ཀྱིས་ན་ཆང་ཐམས་ཅད་ནི་ཞུ་བའི་རྗེས་སྐྱུར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། ། ་དེ་ཡང་ལུང་ལས། ཤིན་ཏུ་སྐྱུར་བ་ཚ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་ཆང་ཐམས་ཅད་ནི་ཡུན་རིང་པོ་ལོན་པ་དང། ཤིན་ཏུ་སྐྱུར་བར་འགྱུར་བ་ནི་ཚ་ཞེས་སྨན་དཔྱད་ཀྱི་ལུང་ལས་བསྟེན་པ་རྣམས་ཟེར་རོ། །ཚད་ན་ཁྲག་དང་མཁྲིས་པ་དང ་བད་ཀན་དག་འཇུ་བར་བྱེད་ཅིང། རང་གི་གནས་ནས་སྤྱོད་པར་བྱེད་དེ། །ཐ་དད་པ་ལས་འདྲེས་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་རླུང་སྙོམས་པར་བྱེད་པ་ཡིན་པས་ན། རླུང་ནི་སྙོམས་བྱེད་ལ་ཞེས་བྱ་སྟེ། འདིས་སྙོམས་པ་འམ་ཞི་བར་བྱེད ་པའོ། དེ་ཡང་ལམ་གཞན་ན་གནས་པ་ལས་བྱུང་བ་དྲངས་ནས། རང་གི་གནས་སུ་གནས་པར་རྫས་གང་གིས་བྱེད་པ་དེ་ནི་རླུང་འཇོམས་པར་བྱེད་པ་སྟེ། ལམ་ལོག་པ་ན་གནས་པ་ན་རང་གི་གནས་སུ་འཇོག་པར ་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ཡང་དེ་ནི་རབ་ཏུ་རྣོ?་བ་དང། རྩུབ་པ་དང་སྐྱུར་བ་དང། ཡིད་དུ་འོང་བ་དང་ཡི་ག་འབྱེད་པར་བྱེད་པ་དང། ཁོང་འཁྲུ་བ་དང། ཕོ་བའི་མེ་དྲོད་སྐྱེད་པ་དང། རེག་པ་བསིལ་བ་དང། བསྐུས་ཤིང་བྱུགས་ན་བསིལ་བར ་བྱེད་པ་དང། དེ་བཞིན་དུ་སྐྱ་རྦབ་སྲིན་སེལ་བ་དང། མིག་ལ་གནོད་པ་ཡིན་ནོ། །བུ་རམ་ཤིང་རྒུན་ཆད། །ཚ་ནི་ཕྱི་མ་ཕྱི་མས་ཡང་ཞེས་བྱ་བ་ནི། བུ་རམ་ལ་སོགས་པའི་ཚ་ནི་ཕྱི་མ་ཇི་ལྟ་བ་བཞིན་དུ་ཡང་པ་ཡིན་ཏེ། དེ་ཡང་བུ་རམ་ཆང? ་གི་ཚ་ལས་བུ་རམ་ཤིང་གི་ཁུ་བའི་ཚ་ཡང་བ་ཡིན་ལ། བུ་རམ་ཤིང་གི་ཁུ་བའི་ཚ་བས་ནི་ཆང་གཞན་གྱི་ཚ་བ་ཡང་བ་ཡིན་ལ། ཆང་ཐམས་ཅད་ཀྱི་ཚ་བས་ནི་རྒུན་ཆང་གི་ཚ་བ་ཡང་བ་ཡིན་པར་ཤེས་པར་བྱའོ། །སྡོང་བུ་རྩ་བ་འབྲས་སོགས ་ལས། མནན་བྱས་དེ་དང་འདྲར་ཤེས་ཞེས་བྱ་བ་ནི། དེ་ལ་ཚ་བ་དེ་རྣམས་ཉིད་དང། སྡོང་བུ་དང། རྩ་བ་དང། འབྲས་བུ་ལ་སོགས་པ་མནན་པ་ལས་བྱུང་བ་ཡང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། ཚ་ཤིན་ཏུ་དྲོ་བའི་ནུས་པ་དང་སྟོབས་སུ་ལྡན ་པ་དང། འདྲ་བར་སྡོང་བུ་ལ་སོགས་པ་ལས་མནན་ཏེ་བྱས་པ་ཡང་དེ་དང་འདྲ་བའོ། །སོགས་པའི་སྒྲས་ནི་ཤུན་པ་དང་ལོ་མ་ལ་སོགས་པ་བསྡུའོ། །རྡོ་གུ་སོགས་ལས་བཞུར་བ་གཞན། །དུས་ཀྱི་སྐྱུར་པོ་ཡང་བས་ལན་ཞེས་བྱ་བ་ནི། རྡོ་གུ ་ལ་སོགས་པའི་ཚོད་མའི་རྣམ་པ་མནན་ནས་སྐྱུར་པོར་བྱས་པ་དེ་ནི་ཡང་བ་དང། ཟས་ལེན་ཅིང་ཡི་ག་འབྱེད་པ་ཡིན་ལ། དེ་བཞིན་དུ་རྡོ་གུ་དང། རྩ་བ་དང། འབྲས་བུ་ལ་སོགས་པའི་དུས་རིང་པོར་སྐྱུར་པོར་གྱུར་པ་ཡང། ཡང་ཞིང་ཟས? ་ལེན་པར་བྱེད་པ་ཡིན་ནོ། །དེས་ན་དེ་གཉིས་ག་ཡང་ཡི་ག་འབྱེད་པར་བྱ་བ་ཡིན་ནོ། །འབྲས་ཁུའི?་རང་སྐྱུར་འཁུ་རྣོ་ཚེ། །མཁྲིས་པ་སྐྱེད་བྱེད་བསྐུས་ན་བསིལ། ངལ་དང་རྨྱ་སེལ་ཡི་ག་འབྱེད། །དྲོ་སྐྱེད་ཆུ་སོའི་ནད་སེལ་ཡིན་ཞེས་བྱ་བ་ལ། འབྲས་ཁུའི་རང་སྐྱུར ་ནི་འབྲས་ཀྱི་ཁུ་ལེ་མནན་ནས། རང་སྐྱུར་དུ་གྱུར་པའི་བཏུང་བ་ཀིཉྫ?་ཞེས་བྱ་བ་སྟེ། དེ་ནི་ཆང་དང་ཚྭ་དང་སྐྱུར་པོ་དང། ཅུང་ཟད་འདྲང་བས་སྡེ་ཚོམས་འདིའི་ནང་དུ་བསྟན་པ་ཡིན་ཏེ། ཇི་ལྟར་ཆང་ཡོ་བྱད་བསགས་ནས་བྱེད་པ་དེ་བཞིན་དུ་རང་སྐྱུར་འདི་ཡང་བྱེད ་པ་དང། གཞན་ཡང་ཆུ་མང་བ་ཉིད་ཀྱིས་ཆང་དང་འདྲ་ཞིང་རག་པ་བསིལ་བ་ཡིན་ནོ། །དེ་འཁྲུ་བ་སྟེ། ཁོང་འཁྲུ་བ་ཡིན་ནོ། །དེ་སྐད་དུ་ལུང་ལས། བཤང་བ་ལ་སོགས་གོང་པོ་མི་འཇིགས་པས་འཁྲུ་བ་ཞེས་བཤད་དེ། དེ་ལས་བཟློག་པ་འགགས་པ་ནི ་རྟུག་སྐམ་ཞེས་ནི་བྱ་བར་བཤད་ཞེས་འབྱུང་བ་ཡིན་ནོ། །རྣོ་བ་ནི་བད་ཀན་ལ་སོགས་པ་འཇིགས་པའོ། །མཁྲིས་པ་བསྐྱེད་པ་ནི། མཁྲིས་པ་འཕེལ་བར་བྱེད་པའོ། །བསྐུས་ན་བསིལ་ཞེས་བྱ་བ་ནི། ལུས་ཀྱི་ཕྱི་རོལ་ནས་བསྐུས་ན་ཆ་བ་སེལ་བའོ། །ངལ་རྨ ་སེལ་ཞེས་བྱ་བ་ནི། རྩོལ་ཞིང་ལས་སུ་བྱེད་པ་ལ་སོགས་པས་ཞུམ་ཞིང་ཞན་པར་གྱུར་པ་ནི། ངལ་བ་ཞེས་བྱ་བ་ལ་སོགས་པ་མི་བྱད་པར་ལུས་ཞུམ་ཞིང་ཉམས་ཆུང་བ་ནི་རྨྱ་བ་ཞེས་བྱ་སྟེ། དེ་དག་སེལ་བར་བྱེད་པས་ན། ངལ་བ་དང་རྨྱ་སེལ་ཞེས་བྱའོ།། ་ཡི་ག་འབྱེ་བ་ནི་ཟས་འདོད་པའི་ངང་ཚུལ་ཅན་ནོ། །ཡི་ག་འཆུས་པར་བྱེད་པ་ངེས་པར་འཇོམས་པ་ཡིན་པའི་ཕྱིར་དྲོད་སྐྱེད་པའོ། །ཆུ་སོའི་ནད་སེལ་ཡིན་ཞེས་བྱ་བ་ནི། ལྒང་པའི་ནད་སེལ་ཅིང་འབྱིན་པར་བྱེད་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །མས་བཏང ་ལ་ཕན་ཡིད་དུ་འོང། ཡང་ཞིང་རླུང་དང་བད་ཀན་འཇོམས་ཞེས་བྱ་བ་ལ། དེ་བཞིན་དུ་མས་བཏང་བ་ལ་ཕན་བ་ཞེས་བྱ་སྟེ། མས་བཏང་བ་ནི་རླུང་ལས་གྱུར་པའི་ནད་ལ། སྤུ་གུ་ནས་མར་ཁུ་ལ་སོགས་པ་གཤང་བའི་ལམ་ནས་འཛུར་པ་སྟེ། དེ་ནི་འོག ་ནས་བཤད་པར་བྱའོ། །གཞན་དག་ནི་གོ་སླའོ། །བ་གཅིན་ར་ལུག་མ་ཧེ་དང། །གླང་པོ་རྟ་བོང་རྔ་མོའི་གཅིན། །མཁྲིས་བསྐྱེད་རྩུབ་ཅིང་རྣོ་ལ་ཚ། །འཐུངས་རྗེས་ཚྭ་བྲོ་རོ་ཚ་སྟེ། །སྲིན་ནད་འོར་ནད་དམུ་རྫིང་སྦོས། །གཟེར་དང ་སྐྱ?་རྦབ་བད་ཀན་རླུང། དུག་སྐྲན་ཤ་བཀྲ་ཡི་ག་འཆུས། །མཛེ་དང་གཞང་འབྲུམ་མྱུར་དུ་འཇོམས། །ཞེས་བྱ་བ་ནི་བ་གཅིན་ལ་སོགས་པའི་གཅིན་རྣམ་པ་བརྒྱད་འདིར་བསྟན་པ་ནི་དྲོ་བ་དང་རྣོ་བའི་ཡོན་ཏན་མང་བས། ཆང་དང་ཆ་འཐུན ་པ་ཡོད་པ་བཤད་པ་ཡིན་ལ། རྣམ་པ་དེ་བརྒྱད་ཆར་ཡང་མཁྲིས་པ་བསྐྱེད་ཅེས་བྱ་བ་སྟེ། མཁྲིས་པ་འཕེལ་བར་བྱེད་པ་དང། རྩུབ་པ་དང། རྣོ་བ་དང། ཚ་བ་ཡིན་ཞིང་འཐུངས་པའི་རྗེས་ལན་ཚྭ་བྲོ་བ་གང་ཡིན་པ་དེ་ནི་འཐུངས་རྗེས་ཚྭ་བྲོ ་ཞེས་བྱ་སྟེ། འཐུངས་པ་དང་རོ་གཞན་གྱི་རྗེས་ལ་ལན་ཚྭ་བྲོ་པ་ཡིན་ལ། དེ་ཡང་གསལ་བ་དང་མི་གསལ་བར་བཤད་དོ། །དེ་ལ་རོ་ནི་གསལ་ཞེས་བྱ། །མི་གསལ་བ་ནི་འཐུངས་རྗེས་རོ། །མཐར་གསལ་བར་ཡང་འདོད་པ་ཡིན་ཞེས ་བཤད་པ་ཡིན་ནོ། །དེ་བཞིན་དུ་རོ་ལས་ཚ་བ་ཡིན་པ་དང། སྲིན་བུ་ལ་སོགས་པ་འཇོམས་ཤིང་ཡང་བར་གྱུར་པ་ཡིན་ནོ། །དེ་ལྟར་ཆུ་བོ་བུ་རམ་ཤིང། །ཏིལ་མར་ཆང་གི་སྡེ་ཚོམས་རིམས། །གཤེར་བའི་རྫས་ཕྱོགས་གཅིག་པ་འདི། ་རགས་རིམ་ཇི་བཞིན་བསྟན་པ་ཡིན། །ཞེས་བཤད་པ་ནི་དེ་ལྟར་ཞེས་བྱ་བ་བཤད་མ་ཐག་པའི་རྣམ་པས་ཆུ་དང་འོ་མ་ལ་སོགས་པ་གཤེར་བའི་རྫས་ཀྱི་སྡེ་ཚོམས་ཀྱིས། ཚིགས་ཀྱི་རིམ་པའི་གོ་རིམ་བསྟན་པ་དང། བཤད ་པའི་ཚུལ་ཇི་ལྟ་བ་ཕྱོགས་གཅིག་ཅེས་པ། ཡན་ལག་གི་ཕྱོགས་གཅིག་གམ། ཅུང་ཟད་ཙམ་བསྟན་པ་ཡིན་གྱི། གཤེར་བའི་རྫས་མཛའ་དག་མ་ལུས་པ་བསྟན་ཅིང་བཤད་པ་ནི་མ་ཡིན་ཏེ། དེ་དག་ནི་རགས་རིམ་ཇི་བཞིན་བསྟན ་པ་ཡིན་ཞེས་བྱ་བ་སྟེ། རགས་ཤིང་སྦོམ་པ་མ་བོར་བ་ཙམ་དུ་རགས་རིམས་མཐོང་བ་བསྟན་པ་ཡིན་གྱི། ཞིབ་དུ་ཕྲ་བ་ལས་རྣམ་པར་དཔྱད་པ་ནི་མཛའ་ཡས་པ་ཡིན་ནོ། །དེ་བས་ཅུང་ཟད་ཙམ་ཞིག་ཁོ་བོས་སྨྲས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར ་འགྲེལ?་པ་ཚིག་གི་དོན་གྱི་བླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བཤད་བར་བྱའོ་ཞེས་བྱ་བ་ལ། འདིའི་འགྲེལ་པ ་ནི་འདི་ཡིན་ཏེ། གནས་དང་པོ་འཇིག་རྟེན་ཆགས་པའི་དུས་སུ་དང་པོ་ནི་ཆུ་འདི་བྱུང་བ་ཡིན་ལ། དེའི་འོག་ཏུ་ནི་ཟས་བྱུང་ངོ། །དེའི་འོག་ཏུ་ནི་སེམས་ཅན་བྱུང་བ་ཡིན་ཏེ། དེ་ལྟར་ནི་འདིའི་རྗེས་ཐོགས་ལ་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ ་བའི་ལེའུ་བརྩམས་པ་ཡིན་ནོ། །དེ་ལ་ཟས་ཀྱི་རང་བཞིན་གྱི་ཚུལ་ནི། གཡོས་སུ་བྱས་པ་དང། གཡོས་སུ་མ་བྱས་པ་སྟེ། དེའི་རོ་དང་ནུས་པ་དང་ཞུ་བའི་རྗེས་དང། མཐུ་སྟོབས་དང། ཡོན་ཏན་ལ་སོགས་པ་དང། དེ་བརྟག་ཅིང་ཤེས་པར་བྱ་བ་ནི་ཁོང་དུ ་ཆུད་པ་སྟེ། དེ་ལ་ཕན་པར་བྱེད་པའི་ལེའུ་གང་ཡིན་པ་དེ་བཤད་པར་བྱའོ། །དེ་ལ་ཟས་ནི་གང་བཟའ་བར་བྱ་བ་སྟེ། འབྲུ་ལ་སོགས་པའོ། །འབྲུ་ཡང་གྲ་མ་ཅན་དང། གང་བུ་ཅན་གྱི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལས་ཀྱང་གྲ་མ་ཅན་གཙོ་བོ་ཡིན་པས ་དང་པོར་བསྟན་ཏེ། །གཙོ་བོར་གྱུར་པ་ནི་མང་དུ་དགོས་ཤིང་གཞེས་པ་ཡིན་གྱི། གང་བུ་ཅན་གྱི་འབྲུ་ནི་སྲན་ཆོད་ལ་སོགས་པ་ཉིད་ཀྱིས་ཅུང་ཟད་དགོངས་པའི་ཕྱིར་གཙོ་བོ་ཡིན་ལ་དེ་བས་ན་འདིར་སྨྲས་པ་ནི་རྩ་ནར་འབྲས་ཆེན་ཀ་མ་ལ། དྲུག་ཅུ་པ་དང་ ་བྱ་ཡི་བླངས། །སྒྲོན་བུའི་མཆུ་དང་རྩེ་རྣོན་དང། རོ་དྲིའི་འབྲས་འདྲ་དྲི་བཟང་དང། །པ་ཏད་ག་དང་གསེར་མདོག་ཅན། །གང་གཞན་འབྲས་ནི་བཟང་པོ་རྣམས། །རོ་མངར་ཞུ་རྗེས་མངར་ཞིང་སྣུམ། །རོ་ཙ་བཤང་གཅི་བསྒ་ཞིང་ཆུག་།དེ་རྗེས་པས? ་ཞིང་ཕན་པ་དང། །ཡང་ཞིང་གཅིན་མང་བསིལ་བ་ཡིན་ཞེས་བྱ་བ་ནི། འབྲས་གཞན་དག་ལས་སཱ་ལུ་རྩ་སྣང་རཀྟ་ཤ་ལི་ཞེས་བྱ་བ་ལ་སོགས་པ་ནི་གཙོ་བོ་ཡིན་པས་དང་པོར་སྨོས་པ་ཡིན་ནོ། །དེ་ལ་རཀྟ་ཤ་ལི་ནས་གསེར ་མདོག་ཅན་ཞེས་པ་ཊ་པ་ལི་ཞེས་བྱ་བའི་འབྲས་དང། གཞན་ཡང་གང་དག་དེ་དང་འདྲ་བའི་འབྲས་དཀར་པོ་དེ་བཟང་པོ་ཐམས་ཅད་ནི་རོ་མངར་བ་དང། ཞུ་བའི་རྗེས་མངར་བ་ཡིན་པ་དང་སྣུམ་པ་དང། རོ་ཙ་ཞིང་ཁུ་བ་འཕེལ་བ་དང། ་བཤང་གཅི་བསྐ་ཞིང་བསྒོངས་པ་ཆུང་ངུར་བྱེད་པ་དང། རོའི་རྗེས་བསྐ་ཞེས་པ་བསྐ་བའི་རོ་ཧ་ཅང་མི་གསལ་ཞིང། ཤས་ཆུང་བ་དང་ལྡན་པ་དང། ཕན་ཞིང་གནོད་པ་སེལ་བ་དང། དེ་བཞིན་དུ་ཡང་བའི་ཡོན་ཏན་དང་ལྡན་པ་དང། གཅིན ་མང་ཞིང་འཕེལ་བར་བྱེད་པ་དང། གསིལ་ཞིང་གྲང་བའི་ནུས་པ་ཡོད་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པ་ཡིན་ནོ། །དེ་ལ་རྩེ་མོའི་ནང་རྩ?་སྣར་མཆོག་ཡིན་སྐོམ་དང་ཉེས་གསུམ་སེལ་བྱེད་པ་ནི། དེ་ལ་རྩེ་མོ་རྣོ་ཞིང་གྲ་མ་ཅན་དེ་རྣམས ་ཀྱི་ནང་ན་རྩ་སྣར་ཏེ། རཀྟ་ཤ་ལི་ནི་མཆོག་དང་དམ་པ་ཡིན་ལ། དེ་ནི་སྐོམ་དང་སེལ་བ་དང། ཉེས་གསུམ་སེལ་བར་བྱེད་པ་ཡིན་ནོ། །དེ་ཡི་འོག་ཏུ་འབྲས་ཆེན་སྨན། དེའི་འོག་ཀ་ལམ་ཡི་འོག་ཅེས་བྱ་བ་མི་རཀྟ་ཤ་ལི་དེའི་འོག་ཏུ་ནི་འབྲས ་ཆེན་ཏེ། མ་ཧཱུ་ཤ་ལི་ཞེས་བྱ་བ་ཡོན་ཏན་གྱིས་སྔ་མ་ལས་དམན་པ་ཡིན་ལ། མ་ཧཱ་ཤ་ལི་དེའི་འོག་ཀ་མ་ལ་མ་ཎི་དེ་བས་ཀྱང་ཡོན་ཏན་ཆུང་པ་ཡིན་ནོ། །དེ་བས་ཀྱང་དེའི་འོག་མ་དྲུག་ཅུ་པ་ལ་སོགས་པ་དེ་རྣམས་རིམས་གྱིས། སྔ་མ་སྔ་མ་ལས ་ཕྱི་མ་ཕྱི་མ་ཡོན་ཏན་ཆུང་བ་ཡིན་ནོ། །ནས་འདྲ་ཧ་ཡ་ན་ཆར་མ། །ནེ་ཤ་ད་ཀ་ལ་སོགས་ནི། །རོ་དང་དྲི་ཞིམ་ལྕི་ལ་སྣུམ། །ཞུ་བའི་རྗེས་གྱུར་བ་ད་མཁྲིས་བསྐྱེད། །བཤང་དང་གཅི་བ་མཐུར་དུ་འབྱིན། །སྔ་མ་སྔ་མ་སྨད་པ་ཡིན་ཞེས་བྱ་བ་ནི། ་ནས་འདྲ་ཞེས་བྱ་བ་ཡ་བ་ཀ་ལ་སོགས་པའི་འབྲས་རྣམས་ནི་རོ་མངར་ཞིང་བསིལ་བ་དང། དེ་བཞིན་དུ་ནུས་དྲོ་ཞིང་ལྕི་བ་དང། སྣུམ་པའི་ཡོན་ཏན་དང་ལྡན་པས་སྣུམ་པ་དག་ཞུ་བའི་རྗེས་སྐྱུར་བ་ཉིད་དུ་སྨིན་པར་འགྱུར་བ་དང། བད་ཀན་དང་མཁྲིས་བསྐྱེད ་ཅིང་འཕེལ་བར་བྱེད་པ་དང། བཤང་བ་དང་གཅི་བ་མཐུར་དུ་འབྱིན་ཅིང་ཕྱི་རོལ་ཏུ་འབྱུང་བར་བྱེད་པ་དང། དེ་བཞིན་དུ་སྔ་མ་སྔ་མ་སྟེ། གང་ཞིག་གང་ལས་སྔ་མར་གྱུར་ཞིང། གོང་མ་ཡིན་པ་དེ་སྨད་ཅིང་མཆོག་མ་ཡིན་པ་ཉིད་ཡིན་ནོ། །དེས་ན་ནི་ཤད ་ལས་ཆར?་པ་རྡུལ་ཅན་དུ་སྐྱེས་པ་སྨད་པ་ཡིན་ལ། ཆར་མ་ལས་ནི་ཧ་ཡ་ན་སྨད་པ་ཡིན་ལ། དེ་ལས་ནས་འདྲ་ཞེས་པ་སྨད་པ་ཡིན་ཏེ། དེ་ལྟར་ན་ཐམས་ཅད་ལས་ཡ་བ་ཀ་ཞེས་པ་ནས་འདྲ་སྨད་པ་ཡིན་ནོ། །འབྲས་ན་དྲུག་ཅུ་པ་མཆོག་སྟེ། རྩ་སེར་ཤུན་པ ་གནག་པ་དང། སྣུམ་ཞིང་འཇུ་སླ་བརྟན་ཅིང་མངར། །ཉེས་པ་གསུམ་སེལ་བསིལ་རྟུག་འདྲིལ་ཞེས་བྱ་བ་ནི། འབྲས་ཤ་སྲི་ཀ་ཅེས་བྱ་བ་དྲུག་ཅུ་པ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན་སྣུམ་པའོ། །བརྟན་པ་ནི་ལུས་བརྟན་པར་བྱེད་ཅིང། དེ་བཞིན་དུ་ངལ ་བ་དང། དུ་བ་བ་དང། རྨྱ་པ་སེལ་བ་ཡིན་ཏེ། དེ་ཉིད་ཀྱིས་ན་བཅུད་ཀྱིས་ལེན་དང། རིམས་ལ་སོགས་པ་དེ་དང་དེར་ལུས་ཉམས་ཆུང་ཞིང་སྦེག་པ་ལ་སྦྱིན་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ནི་འབྲུ་རྣམས་ཀྱི་ཡོན་ཏན་གྱི་ནང་ནས་མཆོག་ཡིན་ལ། དེ་ལ་འང་རྩ་སེར་བ ་དང། ཤུན་པ་གནག་པའི་དབྱེ་བས་རྣམ་པ་གཉིས་ཡོད་ལ། དེ་གཉིས་ལས་ཀྱང་ཤུན་པ་གནག་པ་བས་རྩ་སེར་བ་མཆོག་ཡིན་ནོ། །དེ་ལས་རིམ་བཞིན་ཐུག་ཆེན་དང། ཤུན་ནག་རྒྱ་སྐྱེགས་ཚིགས་མ་འདྲ། ཁྱིམ་བྱའི་སྒོང་འདྲ་འུར་པའི་མིག། ཕུག་རོན ་འབྲས་དང་སུ་ཀ་ར། བ་ར་ཀ་དང་ཨུཏཔ་ལ་དམར་ཅི་ན་སྟོན་སྐྱེས་ད་དུ་ར། གནདྷ་ན་དང་ཀུ་རུ་བི་ན། །ཡོན་ཏན་རིམ་བཞིན་ཆུང་ཞེས་བྱ་ཞེས་བྱ་བ་ནི་དྲུག་ཅུ་བ་དང། འབྲས་ཆེན་ལ་སོགས་པ་ནས། ཀུ་རུ་བནདིའི་མཐར་ཐུག་པ་དག་ནི་གོ་རིམ་བཞིན་དུ་ཡོན་ཏན་དག ་ཆུང་ཞིང་དམན་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ཐུག་པོ་ཆེའི་ཡོན་ཏན་ལས་ནི་ཤུན་པ་གནག་པ་ཀྲིཥྞ་བྲི་ཧ་ཞེས་བྱ་བ་ཡོན་ཏན་ཆུང་བ་ཡིན་ལ། དེ་ལས་ནི་རྒྱ་སྐྱེགས་ཚིགས་མ་འདྲ་བྱུང་བ་ཡིན་པ་ནས། འབྲས་ཐམས་ཅད་ལས ་ཀུ་རུ་བནདི་ཡོན་ཏན་ཆུང་བ་ཉིད་ཡིན་པས་ཤེས་པར་བྱའོ། །འབྲས་གཞན་མངར་ཞིང་ཞུ་རྗེས་སྐྱུར། །མཁྲིས་པ་སྐྱེད་ཅིང་ལྕི་བ་དང། གཅིན་རྟུག་མང་ཞིང་ཚ་བ་ཡིན། །པ་ཏ་ལ་ཉིད་ཉེས་གསུམ་སྐྱེད། ཅེས་བྱ་བ་ནི། འབྲས་གཞན་ཞེས་བྱ་བ་གོང ་དུ་མ་བཤད་པའི་འབྲས་རྣམས་ནི་རོ་མངར་བ་དང། དེ་བཞིན་དུ་རྗེས་སྐྱུར་ཞེས་པ། ཞུ་བའི་རྗེས་སྐྱུར་བར་འགྱུར་པ་དང། མཁྲིས་པ་སྐྱེད་ཅིང་འཕེལ་བ་དང། གཅི་བ་དང། རྟུག་པ་མང་བར་འགྱུར་བ་དང། ཚ་བ་ཡིན་ཞེས་བྱ་བ་དྲོད་སྐྱེད་པ་སྟེ། འདིར་ཚ་བའི ་སྒྲ་ནི་དྲོད་སྐྱེད་པ་ལ་བྱའི། །མཁྲིས་པ་ནི་མ་ཡིན་ཏེ། གོང་དུ་མཁྲིས་པ་སྐྱེད་ཅེས་སྨོས་པའི་ཕྱིར་རོ། །པ་ཏ་ལ་ཉིད་ཉེས་གསུམ་བསྐྱེད་ཅེས་བྱ་བ་ནི་པ་ཏ་ལ་ཞེས་བྱ་བའི་འབྲས་བུ་ན་ཉེས་གསུམ་ཆར་བསྐྱེད་པ་ཡིན་ཏེ། གནོད་པ་གསུམ་ཤིན་ཏུ ་འཁྲུག་པ་ཡིན་པར་ཤེས་པར་བྱ་སྟེ། ཉེས་པ་གསུམ་བསྐྱེད་པ་ཉིད་ཀྱིས་ནི་འདི་བཟའ་བ་ནི་བཀག་པ་ཡིན་ནོ། །ཅི་ཙེ་ཁྲེ་དང་ནི་པར། །ཁྲེ་རྒོང་རྣེའུ་འབྲས་སོགས་བསིལ་ཡང། །རྩ་འབྲུ་དེ་དག་རླུང་སྐྱེད་ཅིང། །ཁོང་རྩུབ་བད་ཀན་མཁྲིས་པ ་སེལ། །ཞེས་བྱ་བ་ནི་ཅི་ཙེ་ལ་སོགས་པའི་རྩ་ཅན་གྱི་འབྲས་བུ་ནི་བསིལ་བ་སྟེ་གྲང་བའི་ནུས་པ་ཡོད་པ་དང། ཡང་བ་དང་རླུང་སྐྱེད་ཅིང་འབེལ་བར་བྱེད་པ་དང། དེ་བཞིན་དུ་ཁོང་རྩུབ་ཅིང་འཁྲུགས་པ་དང། བད་ཀན་དང་མཁྲིས་བསེལ་ཅིང་འཇོམས་པ ་ཡིན་ནོ། །དེ་ལ་ཁྲེ་ནི་རྟས་བྱེད་ལྕི། །ལུས་ཀྱི་ཆག་འབྲུགས་འབྱོར་བར་བྱེད་ཅེས་བྱ་བ་ནི། དེ་ལ་རྩ་ཅན་གྱི་འབྲུ་དེ་རྣམས་ཀྱི་ནང་ནས་ཁྲེ་ནི་ལུས་རྟས་པར་བྱེད་པ་དང། གཅི་བ་དང། ལུས་ཀྱི་ཡན?་ལག་གི་ཆགས་དྲུག་འབྱོར་ཅིང་འཚོ་བར་བྱེད་པ་ཡིན ་ནོ། །ཁྲེ་རྒོད་མཆོག་ཏུ་འཁྲུ་གཅོད་ཅིང། རེག་ན་བསིལ་ལ་དུག་སེལ་ཡིན་ཞེས་བྱ་བ་ནི། རྩ་བ་ཅན་གྱི་འབྲུའི་ནད་ན་ཁྲེ་རྒོད་དེ། །ཀོ་ཏྲ་བ་ནི་ཤིན་ཏུ་ཡང་འཁྲུ་པ་གཅོད་ཅིང། སྡུད་པའི་ངང་ཚུལ་དང། རེག་ན་བསིལ་བ་སྟེ། ཕྱི་རོལ་ཏུ་བསྐུ་བ་ལ་སོགས་པ་ལ ་སྦྱར་ན། རེག་ན་བསིལ་པ་ཉིད་ཀྱིས་ཚ་བ་སེལ་བར་བྱེད་དོ། །དུག་སེལ་ཞིང་འཇོམས་པ་ཡིན་པས་ན། དུག་སེལ་ཡིན་ཞེས་བྱའོ། །ནས་ནི་རྩུབ་བསིལ་ལྕི་ལ་མངར། །ཅུང་ཟད་ཁོང་འཁྲུ་བཤང་རླུང་འཕེལ། །རོ་ཙ་བརྟན་བྱེད་གཅི་ན་དང་ནི། །ཚིལ་དང ་བད་ཀན་མཁྲིས་པ་སེལ། ཆམ་པ་ལུད་པ་དབུགས་མི་བདེ། །དར་རྒན་ལྐོག་ནད་པགས་ནད་སེལ་ཞེས་བྱ་བ་ནི། ནད་ནི་རྩུབ་པའི་ཡོན་ཏན་དང་ལྡན་པས་ན་རྩུབ་པའོ། །བསིལ་བ་ནི་བསིལ་བའི་ནུས་པ་དང་ལྡན་པའོ། །དེ་བཞིན་དུ་ལྕི་བ་དང། རོ་མངར་པ་དང ་ཅུང་ཟད་ཁོང?་འཁྲུ་བ་དང། བཤད་པ་དང་རླུང་འཕེལ་ཞིང་སྐྱེད་པ་ཡིན་ཏེ། དེས་ན་བཤད་པ་ཟད་པ་དག་ལ་དྲང་སྲོང་དག་གིས་འདིའི་སྦྱོར་བ་བཤད་པ་ཡིན་ནོ། །དེ་བཞིན་དུ་རོ་ཙ་བ་དང་ལུས་བརྟན་པར་བྱེད་པ་དང། གཅིན་དང་ཚིལ?་ལ་སོགས་པ་སེལ ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ནས་རྒང་ཅུང་ཟད་དམན་པ་ཡིན་ཞེས་བྱ་བ་ནི། ནས་དང་དབྱིབས་སྲ་བ་ལས། ཤིན་ཏུ་ཕྲ་བ་ལས་ནི་རྒོད་ཅེས་བྱ་སྟེ། དེ་ནི་ནས་ཀྱི་ཡོན་ཏན་ལས་དམན་ཞིང་ཞན་པ་ཡིན་ནོ། །དེ་ནི་འཇིག་རྟེན་ན་ནས་འདྲ་ཞེས་མིང་དུ ་གྲགས་པའོ། །སྨྱིག་སྐྱེས་འཇམ?་ན་རྩུབ་ཅིང་ཚ་ཞེས་བྱ་བ་ནི། སྨྱིག་མ་ལས་སྐྱེས་པས་ན་སྨྱིག་སྐྱེས་ཏེ། འོན་མའི་འབྲས་བུའི་ནས་ཞེས་ལུང་ལས་བཤད་པའོ། །སྨྱུག་མ་ལས་བྱུང་བའི་ནས་དེ་ནི། སྨྱིག་མའི་འབྲས་བུ་ནས་འདྲ་བ་དེ། རྩུབ་པ་དང། ་དེ་བཞིན་དུ་ཚ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །གྲོ་ནི་རོ་ཙ་སྣུམ་བསིལ་ལྕི། །འཚོ་བྱེད་རླུང་དང་མཁྲིས་པ་སེལ། །ཆག་གྲུགས་འབྱོར་བྱེད་མངར་བ་དང། ཤ་མཁྲེགས་བྱེད་ཅིང་ཅུང་ཟད་འཁྲུ་ཞེས་བ་ལ། གྲོ་ནི་རོ་ཙ་བ་སྟེ། བུད་མེད་ལ་ཕོད་པར་བྱེད་པ ་དང། སྣུམ་བ་དང་བསིལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ནན་དི་མུ་ཁ་རོ་བསྐ་ཞིང། བསིལ་ཞིང་མངར་ཡང་ཕན་པ་ཡིན་ཞེས་བྱ་བ་ལ། ནནདི་མུ་ཁ་ནི་ཕྲིན་པ་སྟེ། གྲོའི་རིགས་སུ་གཏོགས་པ་ཕྲ་ཞིང་རི་རབ་ཡིན་ཏེ། དེ་ནི ་བསིལ་ཞིང་རོ་མངར་བ་དང། བསྐ་བ་དང། ཡང་བའི་ཡོན་ཏན་དང་ལྡན་ཞེས་གནོད་པ་དང། དྲི་མ་རྣམས་ལ་ཕན་ཞིང་བསོད་པ་ཡིན་ནོ། །གྲམ་ཅན་གྱི་འབྲུ་སྣ་ཚོགས་ཀྱི་སྡེ་མཚན་ནོ།། །།ཚོད་མ་བྱ་བའི་དོན་དུ། གྲ་མ་ཅན་གྱི་སྡེ ་ཚན་གྱི་འོག་ཏུ། གང་བུ་ཆགས་བའི་འབྲུའི་སྡེ་མཚན་སྟོན་པ་ཡིན་ཏེ། དེའི་ཕྱིར་སྨྲས་པ་ནི་མོན་སྲན་རྡེའུ་དཀར་སྲན་ཆུང་སོགས། གང་བུ་ཅན་འབྲུ་རྩ་སྒོ་འགག། རོ་བསྐ་མངར་ཞིང་འཁྲུ་བ་གཅོད། །ཞུ་རྗེས་ཚལ་བསིལ་ཞིང་ཡང། །ཆིལ ་དང་ཁྲག་དང་མཁྲིས་བ་ལ། །བསྐུས་ཤིང་བླུག་ན་ཕན་པ་ཡིན། །འདི་ལས་མདུག་མཆོག་རླུང་ཆུང། །སྲན་མ་ཤིན་ཏུ་རླུང་བསྐྱེད་ཡིན། །ཞེས་བྱ་བ་ལ། མོན་སྲན་རྡེའུ་ནི་སྲན་མ་མཇངྒའོ། །མོན་སྲན་དཀར་རུ་ནི་ཨ་དྷ་ཀ་ཞེས་སམ། ཏོ་བ་རི་ཞེས ་གྲགས་པའོ། །སོགས་བའི་སྒས་ནི་སྲན་མ་ལ་སོགས་པ་ཡོངས་སུ་བསྡུའོ། །མོན་སྲན་རྡེའུ་ལ་སོགས་པའི་གང་བུ་ཅན་གྱི་འབྲུ་དེ་རྣམས་ནི་རྩ་སྦུབས་རྣམས་ཀྱི་སྒོ་འགགས་པར་བྱེད་པས་ན། རྩ་སྒོ་འགག་པའོ། དེ་བཞིན་དུ་རོ་ནི་མངར་པ ་དང་བསྐ་བ་ཡིན་ནོ། །འཁྲུ་བ་གཅོད་པ་ནི་གང་བཤད་པ་ལ་སོགས་སླ་པ་འམ། འབྱེ་བ་བསྡུས་ཤིང་གོང་བོར་བྱེད་བས་ན་ཁྲུ་བ་གཅོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཞུ་བའི་རྗེས་ཚ་བ་སྟེ། ཕོ་བའི་མེ་དྲོད་དང་ཕྲད་པ་ལས་རོ་གཞན ་དུ་འགྱུར་བའོ། །དེ་བཞིན་དུ་བསིལ་ཞིང་ཡང་བ་དང། ཚིལ་དང་ཁྲག་དང་མཁྲིས་པའི་ནད་ལ་བརྟགས་ཏེ། བསྐུས་བའི་ལུས་ལ་ཁུ་བ་བླུགས་ན་ཕན་ཞིང་བདེ་བར་འགྱུར་རོ། །འདི་ལས་མུར་ག་མཆོག་རླུང་ཆུང་ཞེས་བྱ་བ་ནི། གང་བུ ་ཅན་གྱི་འབྲུ་འདི་དག་གི་ནང་ན་མུཏག་ནི་ཞེས་པ། མོན་སྲན་རྡེའུ་མཆོག་སྟེ། དམ་པ་ཡིན་པ་དང། དེ་བཞིན་དུ་རླུང་ཆུང་ཞེས་བྱ་བ་སྟེ། རླུང་ཅུང་ཞིག་སྐྱེད་པ་ཡིན་ནོ། །སྲན་མ་ཤིན་ཏུ་རླུང་བསྐྱེད་ཡིན་ཞེས་བྱ་བ་ནི། །སྲན་མ་ནི་ཤིན་ཏུ་རླུང་ཤས་ཆེར་རླུང ་བསྐྱེད་བ་ཡིན་ནོ། །མོན་སྲན་དཀར་པོ་རླུང་བསྐྱེད་ཅིང། །རྩུབ་ཅིང་ལྕི་ལ་བཤང་བ་འཕེལ་བྱ་བ་ལ། མོན་སྲན་དཀར་པོ་ར་ཛ་མཱ་ཥ་ཞེས་བྱ་བ་ནི། རླུང་ཤས་ཆེར་སྐྱེད་པར་བྱེད་པ་དང་རྩུབ་པ་དང། ལྕི་བ་དང་བཤང་བ་ཆེ་ཞིང་འཕེལ་བར་བྱེད་པ་ཡིན་ནོ།། ་རྒྱ་སྲན་ནག་ཆ་ཞུ་རྗེས་སྐྱུར། །ཆུ་ཁུའི་རྡེའུ་ཆམ་ལུང་པ། །དབུགས་མི་རླུང་བར་གཞང་འབྲུམ། །འཇོམས་ཤིང་ཁྲག་མཁྲིས་མཆོག་བསྐྱེད་ཅེས་བྱ་བ་ལ། རྒྱ་སྲན་ནག་པོ་ཀུ་ལཏྠ་ཞེས་བྱ་བ་ནི་ཚ་བ་སྟེ། ནུས་པ་ཚ་བ་དང་ལྡན་པ་དང། ཞུ་རྗེས་སྐྱུར ་བ་སྟེ། སྨིན་པ་དང་སྐྱུར་བ་ཞེས་བྱ་བའི་དོན་ཏོ། །ཁུ་བ་ལས་བསྐྱེད་པའི་རྡེའུ་ནི། །བུ་ཆུའི་རྡེའུ་སྟེ། དེ་ལ་སོགས་པ་འཇོམས་པ་དང། དེ་བཞིན་དུ་ཁྲག་མཁྲིས་མཆོག་ཏུ་ཤེས་ཆེར་སྐྱེད་པར་བྱེད་པ་ཡིན་ནོ། །ནིཥཔ་པ་ནི་རླུང་མཁྲིས་ཁྲག། ནུ ་ཞེ་གཅིན་འཕེལ་ལྕི་ཞིང་འཁྲུ། །ཚ་བྱེད་མིང་།གནོད་ཁུ་བའི་འབྲི། །བད་ཀན་འོར་ནད་དུག་རྣམས་སེལ་བྱ་བ་ལ། ནིཥཔ་བ་ཞེས་བྱ་བའི་སྲན་རྒོད་ནི། རླུང་དང་ཁྲག་དང་མཁྲིས་པ་དང་བུད་མེད་ཀྱི་ནུ་ཞོ་དང། གཅིན་བསེལ་བར་བྱེད་པ་དང། ལྕི་བ་དང ་ཁོང་འཁྲུ་བ་དང། ལུས་ཚ་བར་བྱེད་བ་དང། དེ་བཞིན་དུ་མིག་ལ་གནོད་པ་དང། ཁུ་བ་འབྲི་ཞིང་ཟད་པ་དང། བད་ཀན་ཟད་པ་དང། འོར་ནད་དང། དུག་རྣམས་སེལ་བར་བྱེད་པ་ཡིན་ནོ། །མཱ་ཥ་སྣུམ་སྟོབས་བད་ཀན་སྐྱེད། །བཤང་གཅིག་མཁྲིས ་པ་འཕེལ་བྱེད་འཁྲུ། ལྕི་ཞིང་ཆེ་ལ་རླུང་འཇོམས་དང། །ཁུ་བ་འཕེལ་ཞིང་འབྱིན་པར་བྱེད་ཅེས་བྱ་བ་ལ། མཱ་ཥ་ཞེས་བྱ་བ་མོན་སྲན་གྲེའུ་ནི་སྣུམ་ཞིང་སྟོབས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང། དེ་བཞིན་དུ་ཁུ་བ་མང་དུ་འཕེལ ་བར་བྱེད་ཅིང། ཁུ་བ་དེ་ཉིད་མཚན་གྱི་ལམ་ནས་ཕྱིར་འབྱིན་པར་བྱེད་དོ། །ཀ་ཀནདུ་ལ་ཁ་སྲལ་ཕྲེའུ། ཡོན་ཏན་མོན་སྲན་གྲེའུ་དང་འདྲ་ཞེས་བྱ་བ་ལ། ཀ་ཀནདུ་ལ་ཞེས་བྱ་བ་ནི། མིང་འདི་ཉིད་འཇིག་རྟེན་པ་ལ་གྲགས་པ་ཡིན་ནོ།། ་ཁ་སྲལ་ཕྲེའུ་ནི་སྲན་ཨཏྨ་ཀུཔཏ་སྟེ། ས་ལ་འབྱིང་བར་སྐྱེ་བའོ། །འབྲུ་དེ་དག་ནི་འབྲས་བུ་ནི་མོན་སྲན་གྲེའུ་དང་ཡོན་ཏན་འདྲ་བར་ཤེས་པར་བྱ་སྟེ། སྲན་མ་མཱ་ཥ་ལ་ཡོན་ཏན་གང་ཡོད་པ་དེ། ཐམས་ཅད་དང་ལྡན་པའི་དོན་ཏོ། །ཏིལ་འབྲུ ་དྲོ་ཞིང་པགས་པ་འཇམ། །བསིལ་ཞིང་སྐྲ་དང་སྟོབས་བསྐྱེད་ལ། །ལྕི་ཞིང་ལྕིན་ཉུང་ཞུ་རྗེས་ཚ། །ཡིད་བཞུངས་དྲོད་བསྐྱེད་བད་མཁྲིས་ཅེས་བྱ་བ་ལ། ཏིལ་གྱི་འབྲུ་ནི་དྲོ་བ་སྟེ། ནུས་བ་དྲོ་བ་དང། པགས་པ་འཇམ་ཞིང་མཉེན་པར་བྱེད ་པ་དང། བསྐུས་ན་རིགས་པ། བསིལ་བ་དང། སྐྲ་སྐྱེ་བ་དང། སྟོབས་བསྐྱེ་བ་དང། དེ་བཞིན་དུ་ལྕི་བ་དང། གཅིན་ཉུང་དུར་བྱེད་པ་དང། དེ་བཞིན་དུ་ཞུ་བའི་རྗེས་ཚ་བ་དང། ཡིད་གཞུངས་པ་དང། མེའི་དྲོད་སྐྱེད་ཅིང་བད་ཀན་དང་མཁྲིས་པ་འཕེལ ་ཞིང་སྐྱེད་པ་ཡིན་ནོ། །ཟར་མ་སྣུམ་མངར་ཁ་ཞིང་དྲོ། །ལྕི་ཞིང་བད་ཀན་མཁྲིས་བ་སྐྱེ། །མིག་གནོད་ཁུ་སྐེམ་ཞུ་རྗེས་ཚ། །ཞེས་བྱ་བ་ལ། ཟར་མའི་འབྲས་བུ་ནི་སྣུམ་པ་དང། རོ་མངར་ཞིང་ཁ་དང། ནུས་པ་དྲོ་བ་དང། ལྕི་ཞིང་བད་ཀན་དང་མཁྲིས་པ་སྐྱེད་པར་བྱེད ་པ་དང། དེ་བཞིན་དུ་མིག་ལ་གནོད་པ་དང། །ཁུ་བ་སྐེམས་ཤིང་ཟད་པ་དང། །ཞ་བའི་རྗེས་ཚ་བ་ཡིན་ནོ། །ལེ་བརྒན་རྩི་འབྲས་དེ་དང་འདྲ་ཞེས་བྱ་བ་ནི། མེ་ཏོག་ལེ་བརྒན་རྩིའི་ས་བོན་ཡང་བཤད་མ་ཐག་པའི་ཟད་མའི་ཡོན་ཏན་དང་ཉེས་པ་དང་ཆ་མཚུངས ་པ་ཡིན་པར་ཤེས་པར་བྱའོ། །གྲ་མ་ཅན་ལས་ནས་རྒོད་དང། མཱ་ཥ་གང་བུ་ཅེས་ཐ་ཆད་ཅེས་བྱ་བ་ལ། སྔར་གྱི་གྲ་མ་ཅན་རྣམས་ཀྱི་ཐ་ཆད་པ་ནི་ནད་རྒོད་ཡིན། གང་བུ་ཅན་འདི་དག་གི་ནང་ན་ནི་མོན་སྲན་གྲེའུ་སྟེ། མཱ་ཥ་ཐ་ཆད་ཡིན་པར་ཤེས་པར་བྱའོ། །འབྲུ་ཡི ་གསར་ཐོགས་བད་ཀན་སྐྱེད། །ལོར་ལོན་འབྲུ་ནི་ཡང་བ་ཡིན་ཞེས་བྱ་བ་ནི། གྲ་མ་ཅན་གྱི་འབྲུ་དང། གང་བུ་ཅན་གྱི་འབྲུ་གསར་ཐོག་ལོར་མ་ལོན་པ་ནི་བད་ཀན་སྐྱེད་ཅིང་འཕེལ་བར་བྱེད་དེ། རྩ་སྦུབས་རྣམས་ནས་སླ་ཞིང་འཛག་པ་ལས་མངོན་པར་ཕྱོགས་པར་ཞུ ་བའི་ཚུལ་གྱིས། བད་ཀན་སྐྱེད་པ་ཡིན་ལ། དོན་གྱིས་ན་རྙིང་པ་ནི་བད་ཀན་སེལ་བ་ཡིན་ནོ། །ལོར་ལོན་ཞེས་པ་ལོ་གཅིག་འདས་པའི་འབྲུ་ཐམས་ཅད་ནི་ཡང་བ་ཡིན་པ། འབྲུ་གསར་པ་གཅི་བར་མ་བཤད་དུ་ཟིན་ཀྱང། ལྕི་བ་ཉིད་ཡིན་པར་དོན་གྱིས་སྟོན་པ ་ཡིན་ཏེ། ལོ་གཅིག་ལོན་པ་འདིས་ལྕི་བ་འབའ་ཞིག་དང་བྲལ་བ་ཡིན་གྱི། ནུས་པ་དང་བྲལ་བ་ནི་མ་ཡིན་མོད་ཀྱི། འོན་ཀྱང་སྣུམ་པའི་ཡོན་ཏན་རིམ་གྱིས་ཉུང་ཟད་ཅུང་ཟད་འཕྲོ་བ་ཡིན་གྱི། དེ་ལས་རྩུབ་པ་ཞེས་བྱ་བའི་གནས་སྐབས་གཞན་དུ་གྱུར་པ ་ནི་མ་ཡིན་ནོ། །དེ་ཡང་རྒྱུད་གཞན་དག་ལས། ལོ་གཅིག་ལོན་པའི་འབྲུ་རྣམས་ཀུན། །ལྕི་བ་དག་དང་བྲལ་གྱུར་ཏེ། །དེ་ཡི་ནུས་པ་ཡོད་མ་ཡིན། །དེ་འོག་རིམ་གྱིས་ནུས་དང་བྲལ་ཞེས་པ་ཡིན་ནོ། །མྱུར་སྐྱེས་དེ་བཞིན་སྲན་མ་ནི། །སྦུན་མེད ་ལེགས་བརྡོས?་ཚོད་མ་ཡང་ཞེས་བྱ་བ་ལ། མྱུར་སྐྱེ་ཞེས་བྱ་བ་ནི་མྱུར་དུ་སྐྱེ་ཞིང་སྨིན་པའི་འབྲས་བུ་ནི་ཡང་བ་ཡིན་པ་དང། དེ་བཞིན་དུ་སྲན་མ་ཞེས་པ། མོན་སྲན་རྡེའུ་ལ་སོགས་པའི་གང་བུ་ཅན་གྱི་འབྲུ་རྣམས་སྦུན་མེད་ཅེས་བྱ་བ་བསྣུན་པ ་ལུས་པར་བསལ་ཞིང་ཤུན་པ་མེད་པར་བྱས་པ་དང། ལེགས་པར་བརྡོས་པའི་ཚོད་མའང་ཡང་བ་ཡིན་ནོ། །གང་བུར་ཆགས་པའི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་ནོ། །གྲ་མ་ཅན་གང་བུ་ཅན་གྱི་འབྲུ་སྣ་ཚོགས་ཀྱི་སྡེ་མཚན་བསྟན་པ་དག་ཀྱང། མེ ་ལ་བཙོས་པ་ལ་སོགས་པའི་གཡོས་སུ་བྱས་པ་རང་ཉིད་ཀྱི་ལེགས་པར་དགོས་པ་བྱེད་པ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་གྲ་མ་ཅན་དང་གང་བུ་ཅན་གྱི་སྡེ་མཚན་གྱི་འོག་ཏུ་ཁ་ཟས་ཀྱི་དེ་ཚན་བརྩམས་པ་ཡིན་པས། ་དེའི་ཕྱིར་སྨྲས་པ་ནི། འབྲས་ཐུག་བསྐྲ་ལ་གར་པ་དང། འབྲས་ཅན་རྣམས་ནི་སྔ་མ་བཞིན། །ཡང་ངོ་ཞེས་པའི་འབྲས་ཐུགས་སླན་ཏེ་ལ་སོགས་པའི། །སྔ་མ་སྔ་མ་བཞིན་དུ་ཡང་བ་ཡིན་པར་ཤེས་པར་བྱ་སྟེ། དེས་ན་འབྲས་ཆན་ནི་ཡང ་བ་ཡིན་ལ། དེ་བས་འབྲས་ཐུག་གར་པོ་ཡང་བ་ཡིན། གར་པོ་བས་ཀྱང་འབྲས་ཐུག་སླན་ཏེ་ཆེས་ཡང་བ་ཡིན་ལ། དེ་བས་ཀྱང་འབྲས་ཐུགས་སླན་ཏེ་ཤིན་ཏུ་ཡང་བ་ཡིན་ནོ། །འདིར་ཡང་ཐུག་པ་ལ་སོགས་པ་ལས་ཐུག་པ་སླན་ཏེ་མཆོག་ཡིན ་པས་ན་དང་པོར་བསྟན་ཏེ། འདི་ཟས་ཀྱི་རྣམ་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ནི་རླུང་ལུགས་དང་མཐུན་པར་འཇུག་པ་ལ་སོགས་པའི་ཡོན་ཏན་རྣམས་འདི་ཉིད་ལ་ཡོད་པའི་ཕྱིར་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་པི་པི་ལིང་དང། དོང ་སྒ?་དང། སེའུ་འབྲུ་དང། འབྲས་ཡོས་ལ་སོགས་པ་ལས་བྱས་པའི་ཟས་ཀྱི་རྣམ་པ་ཤིན་ཏུ་སླ་བ་ནི། འབྲས་ཐུག་སླན་ཏེ་ཞེས་བྱ་སྟེ། དེ་ཡང་ཙ་ར་ཀ་ལས། པི་པི་ལིང་དང་དོང་གྲ་དང། སེའུ་འབྲས་ཡོས་ཆུར་བཅས་བསྐོལ། །ཐུག ་པ་སླར་སྦྱར་མེ་དྲོད་སྐྱེད། །རླུང་ཡང་ལུགས་མཐུན་གྱུ་བར་བྱེད་ཅེས་བཤད་པ་ཡིན་ནོ། །འབྲས་ཐུགས་སླན་ཏེ་རྐྱང་རྐྱང་པོ་དེ་ལ་ཅུང་ཟད་བསྐ་བ་ནི་ཐུག་པ་བསྐ་བའི་ཆན་ལ་བྱ་ལ། དེ་བས་ཀྱང་ཤིན་ཏུ་བསྐ་བ་ནི་གར་པོ་ཞེས་བྱའོ། །དེ་ཡང ་སྨན་དཔྱད་ཀྱི་ལུང་ལས། སྤྱི་དང་བྲལ་བ་ཐུག་སླ་ཡིན། །སྤྱི་བ་དང་ལྡན་ཐུག་པ་སྟེ། །སྤྱི་བ་བསྐ་བ་གར་པོ་ཡིན། །ནས་ཐུག་འབྲུ་ནི་ཕ་དང་གནས་ཞེས་བཤད་པ་ཡིན་ནོ། །འབྲས་ཆན་ནི་འབྲས་བསྐོལ་བའི་ཚན་ལ་བྱ་ལ། དེ་ལས་སླ་བ ་ནི། དགེ་ཞིང་རླུང་ནི་ལུགས་མཐུན་བྱེད། །སྐོམ་རྨར་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ལུས་བཟུངས་མཉམ་བར་བྱེད། །རྩ་སྦུབས་མཉེན་བྱེད་རྡུལ་བ་དང། མེ་ཡིས་དྲོད་ནི་སྐྱེད་པར་བྱེད་ཅེས་བྱ་བ་ནི། དེ་ལ་ཐུག་པ་སོགས་པ་དེ་རྣམས་ཀྱི ་ནང་ནས་འབྲས་ཐུག་སླན་ཏེ་ནི་དགེ་ཞིང་ཉེས་པ་མེད་ཅིང་བདེ་བར་གནས་པར་བྱེད་ལ། བསོད་ཅིང་ཕན་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །རླུང་ནི་ལུགས་མཐུན་བྱེད་ཅེས་བྱ་བ་ནི། ལམ་ལོགས་པར་ཞུགས་པ་རང་གི་རྒྱུ་བའི་གནས་སུ་འཇོག་པར་བྱེད་པ་དང། ་མི་བདེ་བ་བདེ་བར་བྱེད་པའི་དོན་ཏོ། །དེ་བཞིན་དུ་སྐོམ་རྨྱ་ཉེས་པ་ལྷག་མ་འཇོམས་ཞེས་བྱ་བ་སྟེ། སྐོམ་གྱི་གདུངས་པ་དང། སྨྱ་ཞིང་ཉམས་ཆུང་བ་དང། ཞེས་པའི་ལྷག་མ་རྣམས་འཇོམས་ཤིང་སེལ་བ་ཡིན་ཏེ། སྐྱུག་སྨན་བཏང་བ་འམ། འཁྲུ ་སྨན་བཏང་པ་འམ། འཇམ་རྩི་བཏང་བ་ལས་ཉེས་པ་སྟེ། ནད་ཅུང་ཟད་ལུང་པ་གང་ཡིན་པ་དེ་ནི་ཉེས་པའི་ལྷག་མ་སྟེ། སྐྱུག་སྨན་དང། འཁྲུ་སྨན་དང། འཇམ་རྩིམས་བཏང་བར་མི་བྱ་སྟེ། སྦྱོར་བ་ཐལ་ཅེས་པའི་འཇིགས་པ་ཡོད་པའི་ཕྱིར་རོ།། ་འཇུ་ཞིང་ལུས་ཟུངས་མཉམ་པར་བྱེད་ཅེས་བྱ་བ་ནི། ལུས་ཟུངས་སི་ཉེས་པ་རྣམས་འཇུ་ཞིང་སྨིན་པར་བྱེད་པས་ན། འཇུ་ཞིང་ཞེས་བྱའོ། །དེ་བཞིན་དུ་ལུས་ཟུངས་རྣམས་དང། རླུང་ལ་སོགས་པ་མཉམ་ཞིང་སྙོམས་པར་བྱེད་པ་དང། ལུས་ཟུངས་མཉམ ་པར་བྱེད་ཅེས་བྱ་བའོ། དེ་བཞིན་དུ་རྩ་སྦུབས་མཉེན་པར་བྱེད་པ་སྟེ། རྩའི་སྦུབས་ཀྱི་ཚོགས་མཉེན་ཞིང་འཇམ་པར་བྱེད་པ་དང། དེ་བཞིན་དུ་ལུས་ལ་རླུང་འབྱུང་བ་དང། ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་རྣམས་བདེ་བར་འཇུ་བར་བྱེད་པ་ཡིན་ནོ། །ཐུལ་སྐ་བཀྲེས་སྐོཾ ་ཉམ་ཆུང་རྨྱ། །ལྟོ་ནད་རིམས་ནད་སེལ་བ་ཡིན། དྲི་མ་འགགས་ལ་ཕན་པ་སྟེ། རྩ་ཡི་སྦུབས་ཀྱི་ཚོགས་གཉེན་ཞིང། །དྲོད་སྐྱེད་ནད་ནི་འཇུ་བར་བྱེད་ཅེས་བྱ་བའི་ཐུག་པ་ཅུང་ཟད་བསྐོ་བ་ནི་བཀྲེས་ནས་རིམས་ནད་ཀྱི་བར་སེལ་ཞིང་འཇོམས་པ་ཡིན་ནོ། །ཉམས ་ཆུང་བ་ནི་འཚོ་པའི་སྟོབས་ཆུང་བའོ། །རྨྱ་བ་ནི་རིང་ཅིང་སྙོམ་པའོ། །ལྟོ་ནད་ནི་ཚད་པའི་ནང་དུ་འཁྲུ་བ་དང། དྲི་མ་འགགས་པ་དང། གཟེར་དང་སྐྲན་ལ་སོགས་པའོ། །དྲི་མ་འགགས་པ་ལ་ཕན་པ་ནི་དྲི་མ་རྣམས་བདེ་བར་འབྱིན་པ་ལ་ཕན་ཞིང་སྙོམ་པའོ།། ་དྲོད་སྐྱེད་པ་ནི་འདིས་མེའི་དྲོད་འཕེལ་བར་བྱེད་པའོ། །འཇུ་བར་བྱེད་པ་ནི་ཉེས་པ་རྣམས་འཇུ་ཞིང། སྨིན་པར་བྱེད་པའོ། །ཐུག་གར་འཁྲུ་གཅོད་ཡི་གར་འོང། །སྐོམ་སེལ་དྲོད་སྐྱེད་རྨ་དང་མིག། བཀྲུ་སྨན་རྗེས་དང་ཉམ་ཆུང་དང། སྣུམ་འཐུངས་རྗེས ་ལ?་ཕན་པ་ཡིན་ཞེས་བྱ་བ་ལ། ཐུག་པ་གར་པོ་ནི་འཁྲུ་བ་གཅོད་པ་སྟེ། བཤང་གཅི་སླ་བ་གོང་བུར་བགྱེད་པ་དང། ཡི་གར་འོང་བ་སྟེ། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང། སྐོམ་སེལ་ཞེས་བྱ་བ་སྐོམ་གྱིས་གདུངས་བཞི་བར་བྱེད་པ་དང། དྲོད ་སྐྱེད་ཅེས་པ་མེ་དྲོད་བསྐྱེད་པ་དང། དེ་བཞིན་དུ་རྨ་བྱུང་བ་དང། མིག་ནད་ཅན་དང། བཀྲུ་སྨན་དང་སྐྱུགས་སྨན་གྱིས་སྦྱངས་པའི་རྗེས་ལ། ཉམས་ཆུང་ཞིང་སྦེག་བ་དང། མར་ལ་སོགས་པའི་སྣུམ་སྤག་འཐུངས་པ་རྣམས་ལ་ཡང་ཕན་ཞིང་བསོད་པ་ཡིན་ནོ།། ་འབྲས་ཆན་ལེགས་བཀྲུས་ཁུ་ཚགས་ཚོས། །བླངས་པ་དང་ནི་བྲལ་བ་དང། །གང་ལ་ཚ་བའི་སྨན་རྣམས་ཀྱིས། །བསྐལ་བའི་འབྲས་ཚོས་ཡང་བ་ཡིན་ཞེས་བྱ་བ་ནི། འབྲས་ཆན་གང་ལེགས་པར་བཀྲུས་པ་སྟེ། དག་པར་བཀྲུས་པ་དང། དེ་བཞིན་དུ་ཁུ ་བཙགས་ཞེས་པ་སྟེ། ཕྱེད་ཙམ་ཚོས་ནས་ཁུ་བ་བཙགས་པ་དང། ཚོས་པ་དེ་ལེགས་པར་ཚོས་པ་དང། རླང་པ་དང་བྲལ་བར་གྱུར་པ་ཡིན་ནོ། །གང་ཡང་ཚ་བའི་སྨན་རྣམས་ཀྱིས་བསྐོལ་བའི་འབྲས་ཚོས་ཡང་བ་ཡིན་ཞེས་བྱ་བ་ནི། གང་ཚ ་བའི་སྨན་རྣམས་ཚ་བ་ལྔ་ལ་སོགས་པའི་ཆུ་དང་བསྐོལ་བའི་འབྲས་ཆན་དང། བརྡོས་པས་ཚོས་པར་བྱས་པའི་འབྲས་ཡོས་ལ་སོགས་པ་ནི་ཡང་བ་ཡིན་ནོ། །དེ་ལས་ཟློག་པ་དང། གང་ཞིག་ནི། ཤ་ཁུ་འོ་མས་སྐོལ་སོགས་ལྕི། ཞེས་བྱ་བ་ལ། ་འབྲས་ཆན་གང་སྔར་བཤད་པའི་མཚན་ཉིད་ལས་བཟློག་པ་དེ་ནི་ལྕི་བ་ཡིན་ནོ། །གང་མ་བཀྲུས་པ་དང། ལེགས་པར་བཙགས་པ་དང། མཚོས་པ་དང་གྲང་མོ་དང་མ་བརྡོས་པ་དང། ཚ་བའི་སྨན་གྱིས་ཁུ་བ་དང་མ་བསྐོལ་པ་དེ་ནི་ལྕི་བ ་ཡིན་ནོ། །དེ་བཞིན་དུ་འོ་མ་དང། ཤ་ཁུ་ལ་སོགས་པ་དེ་ཡང་ལྕི་བ་ཡིན་ནོ། །སོགས་པའི་སྒྲས་ནི་ཚོད་མ་དང། ཞག་དང། ཏིལ་མར་དང། མར་དང། འབྲས་བུ་དང། མཱ་ཥ་དང། ཏིལ་དང། མོན་སྲན་རྡེའུ་ལ་སོགས་པ་དང། ལྷན་ཅིག་བསྐོལ་བ་ཡང་ལྕི་བ་ཡིན་པར་ཤེས ་པར་བྱའོ། །དེ་ལྟར་རྫས་དང་བྱ་སྦྱོར་དང། ཚད་ལ་སོགས་པས་ཀུན་ཤེས་བྱ། ཞེས་བྱ་བ་ནི་ད་ལྟར་ཕྱོགས་འདིས་འདིར་མ་སྨོས་པའི་གཡོས་སུ་བྱས་པའི་ཟས་ཀྱི་རིགས་རྫས་དང་བྱ་བ་དང། སྦྱོར་བ་དང་ཚད་ལ་སོགས་པས་ཐམས་ཅད་བསྟན་ཅིང་ཤེས་པར ་བྱ་སྟེ། དེ་ལ་རྫས་ལས་ནི་དཔེར་ན་འབྲས་སཱ་ལུ་དང། དྲུག་ཅུ་པ་དང། མོན་སྲན་རྡེའུ་དག་ནི། རང་བཞིན་གྱིས་ཡང་བ་ལྟ་བུ་དང། འོ་མ་དང་བུ་རམ་ཤིང་དང། མོན་སྲན་གྲེའུ་དང། རླན་ཅན་གྱི་ཤ་རྣམས་རང་བཞིན་གྱིས་ལྕི་བ་ལྟ་བུའོ། །དེས་ན་འགྲས་སཱ་ལུ་རྩ་ནར ་ལས་བྱས་པའི་འབྲས་ཅན་ནི་ཡང་བ་ཡིན་ལ། འོ་མ་དང་བུ་རམ་ཤིང་ལ་སོགས་པ་ལས་བྱས་པ་ནི་ལྕི་བ་ཡིན་ནོ། །བྱ་བ་ནི་ལས་སུ་བྱ་བ་སྟེ། ལས་མངོན་པར་འདུ་བྱེད་པའོ། །དེ་ཡང་ཆུ་དང་མེ་ཕྲད་པའི་མཐུ་དང། སྣོད་ལ་སོགས་པ་ལས་བྱུང་བའོ། །དེ་སྐད་དུ་དྲང ་སྲོང་ཙ་ར་ཀས་བྱས་པ་ཡི་ནི་གང་རྫས་ཀྱི་རང་བཞིན་རྣམ་པར་འདུས་བྱས་ཤིང་ཚོགས་བའི་ཡོན་ཏན་ལས་སྐྱེས་པ་ཡིན་ལ། ཡོན་ཏན་དེ་དག་ཀྱང་ཆུ་དང་མེ་འདུས་པ་དང། བཅིང་བ་དང། དཀྲུགས་པ་དང། དུས་དང་ཡུལ་དང་མཐུ་ལ་སོགས་པ་ལས་བྱུང་བ ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྦྱོར་བ་ནི་རྫས་དང་ལྷན་ཅིག་སྦྱོར་ཞིང་སྦྱོར་བའོ། །དེ་ཡང་དྲང་སྲོང་ཙ་ར་ཀས། །སྦྱོར་བ་ནི་རྫས་གཅིག་གམ། མང་པོ་ལྷན་ཅིག་སྦྱར་བ་སྟེ། དེ་ནི་ཁྱད་པར་སྐྱེད་བར་བྱེད་པ་གང་གཅིག་མ་ཡིན་ནོ་ཞེས་བཤད་པའོ། །ཚད ་ནི་སྲང་ཚད་དོ། །ཞོ་གཉིས་དང་སྲང་གཅིག་དང། ཕུལ་དང། བྲེ་ལ་སོགས་པ་དང། དེ་བཞིན་དུ་ཚད་ལས་ལྷག་པའི་འབྲས་བུ་ངེས་པར་ཤེས་པར་བྱའོ། །སོགས་པས་ཞེས་སྨོས་པ་ནི། ཡུལ་དང། དུས་དང་རྒྱུ་བའི་ཡུལ། ལུས་ཀྱི་ཡན་ལག་ལ་སོགས ་པ་ཡོངས་སུ་བསྡུའོ། །དེ་ཡང་སློབ་དཔོན་གྱིས་སྤྱོད་དང་ལུས་ཀྱི་ཡན་ལག་དང། རང་བཞིན་ལུས་ཟུངས་བྱ་བ་དང། མཚན་མ་ཚད་དང་ལས་སུ་བྱས། །ཚད་དག་འདིར་ནི་བརྟག་བར་བྱ། །ཞེས་བཤད་པ་ཡིན་ནོ། །འདིའི་དཔེ་ཕྱོགས ་གཅིག་བསྟན་པ་ཡང། དེ་ཉིད་ཀྱི་ཞི་མཛད་པ་ཡིན་ཏེ། སྤྱོད་པ་རླན་ཅན་ཆུ་དང་མཁའ་། །སྐམ་སར་གནས་པ་སྤྱོད་པ་དང། །ཆུ་སྐྱེས་རླན་ཅན་སྐྱེས་ཉིད་དང། །ཆུ་དང་རླན་ཅན་ལ་སྤྱོད་གང། །གང་ཡང་ལྕི་བ་ཟ་བ་རྣམས། །དེ་དག་ཐམས་ཅད་ལྕི་བར་བཤད། ། ་སྐམ་སར་སྤྱོད་ཅིང་སྐམ་སར་སྐྱེས། །ཡང་བ་ཟ་བ་ཡང་བ་ཡིན། །ཞེས་བྱ་བ་ནི་གནས་ཀྱི་ཡུལ་ལོ། །ལུས་ཡན་ལག་ལས་བརླ་དཔྱི་དང། དེ་བཞིན་མགོ་དང་རོ་སྟོད་དེ། །དཔྱི་ལས་སྟོད་ཤ་ལྕི་བ་ཡིན། །དེ་བས་ཀླད་པ་དེ་བས་མགོ་རླིག་པ་པ་གས?་པ་ཕོ ་མཚན་དང། འཇུག་ལྟོ་རྐེད་པ་འཇུག་ཙོས་གཞང། མཆེར་པ་རྐང་དང་གཞུང་པ་དི?། ཤ་ལས་ཤིན་ཏུ་ལྕིར་ཤེས་བྱ་ཞེས་བྱ་བ་ནི། ལུས་ཀྱི་ཡན་ལག་གོ་།རང་བཞིན་གྱིས་ཡང་མུང་ག་དང། །དེ་བཞིན་ཟླ་བ་པིཉྫ་ལ། །རང་བཞིན་གྱིས་ལྕི་མོན་སྲན ་གྲེའུ། །དེ་བཞིན་ཕག་དང་མ་ཧེ་ཤ་ཞེས་བྱ་བ་སྟེ། འདི་ནི་རང་བཞིན་ནོ། །ཁྲག་ལ་སོགས་པའི་ལུས་ཟུངས་ནི། འོག་མ་བཞིན་དུ་ལྕི་བ་ནི། །ལུས་ཟུངས་སོ། །གང་ཞིག་མྱུར་ཞིང་བྱ་བ་མང། །ལེ་ལོ་ཅན་ལས་ཁྱད་འཕགས་ཡིན། །ཞེས་བཤད་པ ་སྟེ། འདི་བྱ་བའོ། །ཕོ་དང་མོ་ཡི་མཚན་འགྲ?་ལས། །ལྕི་དང་ཡང་བར་འགྱུར་པ་ཡིན། །ཞེས་བྱ་བ་ནི་མཚན་མའོ། །རང་གི་རིགས་ལས་ཚད་ཆེ་བ། །ལྕི་བའོ་གཞན་དུ་ཡང་བ་ཡིན་ཞེས་བྱ་བ་ནི་ཚད་དོ། །ལས་སུ་བྱས་ལས་གོ་བཟློག་པར། །ལྕི་བ་ཡང ་བར་འགྱུར་ཤེས་བྱ། །དཔེར་ན་འབྲུ་ལས་འབྲས་ཡོས་བྱས། །ཕྱེ་ལས་ཟན་ནི་བྱས་དང་མཚུངས། །ཞེས་བྱ་བ་ནི། ལས་སུ་བྱས་པའོ། །ལྕི་ལས་ཉུང་དུ་བཟའ་བ་དང། ཡང་བ་ལྷག་པར་བསྟེན་པ་ནི། །རྫས་ཀྱི་ལྕི་དང་ཡང་བ་དག་ཚད་ཀྱི་རྒྱུར་ནི་བཤད་པ ་ཡིན། །ཚད་ནི་རྫས་ལ་མཚོན་པ་དང། །མེ་ཡི་དྲོད་ལས་ལྟོས་བྱས་ལས། །ལྕི་ལས་ཉུང་ཞིག་སྦྱིན་པར་བྱ། །ཡང་བ་འགྲངས་པ་ཉིད་དུ་འདོད། །ཅེས་བྱ་བ་ནི་ཚད་དེ། དེ་ལྟ་ན་འདིར་དེ་དག་ཐམས་ཅད་བརྟག་པར་བྱ་བ་ཡིན་ནོ། །ཁུ་བ་ཉམ་རྟས་ཚིམ་བྱེད་ཅིང། །རོ་ཙ་མིག ་ཕན་མ་ལ་གནོད་ཅེས་བྱ་བ་ལ། ཁུ་བ་ནི་ཤ་ཁུ་ལ་བྱ་སྟེ། དེ་ཡང་སྨན་དཔྱད་ཀྱི་ལུང་ལས། ཁུ་བ་ཁྱད་པར་མེད་ཤད་བར། །ཤ་ཁུ་ཡིན་པར་ཤེས་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །བསྡུས་པ་ལས་ཀྱང་དེ་ལ་ཁུ་བ་ཤ་ཡི་ཡིན། །སྲན་ཁུ་འབྲུ་ཡི་འབྲས་བུ་དང།། ་ཁ་པ་རོ་རྩ་བ་ཏིལ་ལྡེ་གུ། ཅུང་ཟད་སྐྱུར་བ་སྐྱུར་པོ་ཡིན། །དེ་ནི་གཡོས་བྱས་མ་བྱས་ཏེ། །སྣུམ་ལ་སོགས་དང་བྲལ་ཤེས་བྱ་ཞེས་བཤད་པ་ཡིན་ནོ། །ཁུ་བ་དེ་ཡང་ཉམ་རྟས་བྱེད། །ཅེས་བྱ་བ་སྟེ། ལུས་ཉམ་རྟས་ཤིང་རགས་པར་བྱེད་པ་དང། ཚིམ་བྱེད་ཅིང ་ཞེས་པ། ལུས་ཟུངས་རྣམས་རྒྱས་ཤིང་འཕེལ་བར་བྱེད་པ་དང། རོ་ཙ་ཞིང་ཁུ་བ་སྐྱེད་པ་དང། མིག་ལ་ཕན་ཞིང་བདེ་བར་བྱེད་པ་དང། རྨ་ལ་གནོད་པ་སྟེ་རྨ་འཇོམས་པར་བྱེད་པ་ཡིན་ནོ། །མོན་སྲན་རྡེའུ་སྦྱངས་དང་རྨ། །ལྐོག་མ་མིག་ནད་དག་ལ་ཕན ་ཞེས་བྱ་བ་ལ། མོན་སྲན་རྡེའུ་མུངྒ་ཞེས་བྱ་བ་བཙོས་མའི་ཁུ་བ་ནི། སྐྱུག་སྨད་ལ་སོགས་པས་ལུས་སྦྱངས་པ་དང། རྨ་བྱུང་བ་དང། ལྐོག་མ་ན་བ་དང། མིག་ན་བ་དག་ལ་ཕན་ཞིང་བསོད་པ་ཡིན་ནོ། །ཀུ་ལཏྠའི་ཁུ་རླུང་དང་སྐྲན། །རོ་སྨད་སླད་གཟེར་གནོད་པ ་སེལ་ཞེས་བྱ་བ་ལ། རྒྱ་སྲན་ཀུ་ལཏྠའི་ཁུ་བ་ནི་རླུང་ལུགས་སུ་འབྱུང་བར་བྱེད་པ་དང། དེ་བཞིན་དུ་སྐྲན་དང། རོ་སྨད་ཆུ་སོའི་ནད་དག་སེལ་བར་བྱེད་པ་ཡིན་ཏེ། དེ་དག་གི་མཚན་ཉིད་ནི་སྐྲན་གྱི་ནང་བཞི་ལས་འོག་ནས་བཤད་པར་བྱའོ། །དེ་བཞིན་དུ་གཞུང ་གཞན་དག་ལས་ཀྱང། གང་ཞིག་བཤང་དང་ལྕི་བའི་གནས། །རོ་སྨད་དག་ཀུན་ནང་བྱུང་ཞིང། །བཤང་གཅིའི་ལམ་ནི་འགའ་སྙམ་བྱེད། །དེ་ནི་རོ་སྨད་དཔྱི་ནད་ཡིན། །བཤད་ལམ་འདོམས་ལས་བྱུང་བའི་ནད། །མི་མཐུན་རྒྱུ་བས་གནོད་བྱེད་ཅིང། །ཤུགས་ཀྱིས ་ཕོ་བའི་གནས་སུ་ཕྱི་ན། །སླར་གཟེར་བ་ཞེས་བྱ་བ་ཡིན་ཞེས་བཤད་པ་ཡིན་ནོ། །ཏིལ་ཚིགས་གཡོས་སུ་སྦྱར་བྱས་དང། ཚོད་མ་སྐམ་དང་མྱུ་གུ་དང། །སྐྱུར་པོར་ཆང་བུ་གཅུག་པ་ནི། །མི་གནོད་ཉེས་སྐྱེད་རྨྱ་བྱེད་ལྕི་ཞེས་བྱ་བ་ལ། །ཏིལ ་གྱི་ཚིགས་མ་ནི་ཏིལ་བཏགས་པའི་ལྡེ་གུའོ། །དེས་གཡོས་སུ་སྦྱར་བ་ནི་ཚོད་མ་ཉིད་དུ་བྱས་པའི་རྣམ་པར་འགྱུར་བའོ། །ཚོད་མ་ཡང་ཡིན་ལ། སྐམ་པ་ཡང་ཡིན་པས་ན་ཚོད་མ་སྐམ་མོ། །མྱུ་གུ་ནི་འབྲས་ཁྱི་གུ་སོ་ཐོན་པའོ། །སྐྱུར་པོར་བཅུག་པའི་ཆང་བུ ་ནི་སྐྱུར་བུ་རེ་ཆང་བུ་བཅུག་པ་ལས་ཚོད་མའི་གཡོས་སུ་བྱས་པའོ། །འདི་དག་ཐམས་ཅད་ནི་མིག་ལ་གནོད་པ་སྟེ། མིག་ནད་སྐྱེད་པ་དང། ཉེས་པ་སྐྱེད་པ་དང། རྨྱ་བར་བྱེད་པ་དང། ལྕི་བ་ཡིན་ནོ། །དེ་ལ་སྐྱུར་བོར་ཆང་བུ་བཅུག་པ་ཞེས་སྤྱོས་བ་ནི། ཆང་བུར ་བྱ་བ་སྐམ་པོ་ཅང་ཅང་པོ་སྟེ། ཤ་ལ་སོགས་པ་ལ་བྱས་པ་ཡིན་པར་གཟུང་སྟེ། སྔར་སྐྱུར་ངོ་སྨོས་པའི་སྐབས་སུ་རྫས་གཤེར་བའི་རྣམ་པ་འདས་ཟིན་བས། འདིར་ལ་ཕུག་དང། ཡུངས་ཀར་ལ་སོགས་པའི་ཚོད་མ་བསྐོལ་བའི་འོག་ཏུ་ཕྱིས་སྐེ་ཆེའི ་ཕྱེ་མ་བཅུག་པ་སྐྱུར་ཞིང་ཚ་བ་ལ་སོགས་རྣོ་བ་ལ་སྐྱུར་པོའི་སྒྲར་བཤད་པ་ཡིན་ནོ། །དྲི་འཛིན་ལུས་རྟ་རོ་ཅ་ཞིང། སྣུམ་ཞིང་སྟོབས་བསྐྱེད་ཡི་ག་འབྱེད་ཅེས་བྱ་བ་ལ་དྲི་འཛིན་ཞེས་བྱ་བ་ནི། ཞོ་དང་སྤོས་སྦྱར་ནས་དཀྲུགས་པ་སྟེ་ཞོ་ལག་པས ་མཉེས་ལ་ཤིང་རྩ་དང། སུག་སྨེལ་དང། གནདྷ་པ་ཏྲ་དང། ན་ལེ་ཤམ་དང། ཤ་ཀ་རའི་ཕྱེ་མོ་བཏབ་ལ། རས་ལས་བཙགས་པ་ནི་དྲི་འཛིན་ཞེས་བྱ་སྟེ། དེ་ནི་ལུས་རྟག་ཤིང་འབེལ་བར་བྱེད་པ་དང། རོ་ཙ་བ་དང། སྣུམ་བའི་ཡོན་ཏན་དང་ལྡན་པ་དང ་སྟོབས་སྐྱེད་བར་བྱེད་པ་དང། ཡི་ག་འཆུས་བ་ཡི་ག་འབྱེད་པར་བྱེད་པ་ཡིན་ནོ། །རྒུན་ཆུའི་བཏུང་པ་དལ་དུབ་ད་ལ། བཀྲེས་སེལ་ཆིང་བར་བྱེད་ཅིང་ལྕི། །རྟུག་བསྐྲ་གཅིན་མད་གར་བར་འོང། །དེ་ཡི་ཡོན་ཏན་སྨན་བཞིན་བལྟ་ཞེས་བྱ་བ་ལ། རྒུན་ཆུའི ་བཏུང་བ་ནི་བཏུང་བ་ཐ་དད་པ་ཡོད་དེ། །ཆུ་དང་སྦྲང་རྩི་དང། དྲི་སྣ་གསུམ་དང། ན་ལེ་ཤམ་དང། རྒུན་འབྲུམ་དང། འབྲ་གོ་ལ་སོགས་པ་ལས་བྱས་པ་དག་སྟེ། དེས་ན་དུབ་པ་དང་བཀྲེས་པ་དང། སྐོམ་པ་སེལ་ཅིང་འཚིམ་པར་བྱེད་པ་དང། ལྕི་བ་ཡིན་ནོ། །རྟུག་བསྐ་ནི ་བཤད་པ་བསྐ་ཞིང་འདྲིལ་བའོ། །དེ་བཞིན་དུ་གཅིན་མང་ཞིང་ཡི་ག་རི་འོང་བ་ཡིན་ནོ། །དེའི་ཡོན་ཏན་ཞེས་བྱ་བ་ནི་བཏུང་བ་དེ་དྲི་སྣ་གསུམ་དང། བུ་རམ་དང་རྒུན་འབྲུ་ལ་སོགས་པ་སྨན་དང། རྫས་གང་དང་གང་ལས་བྱས་པ། རྫས་དེའི་ཡོན་ཏན་ཅི་ཡོད་པ་ཐམས ་ཅད་བཏུང་པ་དེ་ལ་ཡོད་པར་ཤེས་པར་བྱའོ། །འབྲས་ཡོས་སྐོམ་དང་སྐྱུག་ཚད་འཁྲུ། །གཅིན་མང་ཚིལ་དང་བད་ཀན་སེལ། ལུད་པ་མཁྲིས་པ་ཉེར་ཞི་བྱེད། །དྲོད་བསྐྱེད་ཡང་ཞིང་བསིལ་བ་ཡིན། །ཞེས་བྱ་བ་ལ། འབྲས་ཡོས་ནི་སོ་བརྩེ་རྣོན་ལ་སོགས་པ ་ལས་བྱས་པ་སྟེ། དེས་ནི་སྐོཾ་དད་ལ་སོགས་པ་སེལ་ཅིང། ཞི་བར་བྱེད་པ་ཡིན་ལ། དེ་བཞིན་དུ་ལུད་པ་དང་མཁྲིས་པ་ཉེ་བར་ཞི་བར་བྱེད་པ་དང། ཕོ་བའི་མེ་དྲོད་བསྐྱེད་པ་དང། ཡང་བའི་ཡོན་ཏན་དང་ལྡན་པ་དང། བསིལ་ཞིང་གྲང་བའི་ནུས་པ་བསྐྱེད་པ་ཡིན་ནོ། ་སྲུས་ལེབ་ལྕི་ཞིང་སྟོབས་བསྐྱེད་ལ། བད་ཀན་བཤད་པ་སྲ་བྱེད་ཡིན་ཞེས་བྱ་བ་ལ། སྲུས་ལེབ་ཅེས་བྱ་བ་ནི་ནས་དང་འབྲས་ཀྱི་བསྲུས་བརྡོས་ཏེ། སྦུན་པ་མེད་པར་བྱས་པ། གཏུན་གྱིས་བརྡུངས་པ་ལ་སོགས་བ་ནི་སྲུས་ལེབ་ཅེས་བྱའོ། །ཡང་ན་བསྲུས ་བརྡོས་པ་ཉིད་ལ་ཡང་བྱའོ། །ཡང་ན་བཏགས་པའོ། །དེ་ནི་ལྕི་བ་དང་སྟོབས་བསྐྱེད་པ་དང། །བད་ཀན་དང་བཤང་གཅི་སྲ་ཞིང་སྒོང་བར་བྱེད་པ་ཡིན་ནོ། །ནས་ཡོས་རྟུག་མཁྲེགས་བརྩུབ་པ་དང། སྐོམ་ཞིང་ཁོང་འཁྲུག་ལྕི་བ་ཡིན་ཞེས་བྱ་བ་ལ། ནས་བརྡོས་པ་ལ ་ཡོས་དེ་རྟག་པ་མཁྲེག་ཅིང་རྩ་སྦུབས་འགག་པར་བྱེད་པ་དང། རྩུབ་པ་དང་སྐོམ་དང་སྐྱེད་པ་དང། ཁོང་འཁྲུག་པ་དང། བད་ཀན་ལ་སོགས་པ་དཀྲུག་ཅིང་སྲེལ་བ་དང་ལྕི་བ་ཡིན་ནོ། །ནས་ཕྱེ་ཁོང་ཡང་བཀྲེས་སྐོམ་དང། ངལ་དུབ་མིག་ནད་རྨ ་ལ་ཕན། །སྐྱོ་མར་བྱས་པ་འཐུངས་བ་ཡིས། །ཕྲལ་དུ་སྟོབས་ནི་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། ནས་ཕྱེ་ནི་ནས་ལས་བྱུང་བ་སྟེ། དེ་ནི་ཁོང་ཡང་བ་དང། བཀྲེས་པ་ལ་སོགས་པ་ལ་ཕན་པ་དང། ཆུ་ལ་སོགས་པ་ལ་སྦྱོར་ཅིང་སྐྱོ་མར ་བྱས་ཏེ་འཐུངས་པས། འཕྲལ་དུ་ཞེས་པ་དེ་མ་ཐག་ཏུ་སྟོབས་བསྐྱེད་ཅིང། ལུས་བརྟས་པར་བྱེད་བ་ཡིན་ནོ། །ཆུ་དང་ཕྱེ་སྤེལ་མི་བཟའ་ཞིང། །དུས་གཉིས་མཚན་མོའང་ཕྲད་མེད་མིན། འགྲངས་རྗེས་མི་བཟའ་སོས་བཅད་མིན། །ཧ་ཅང ་འགྲངས་ཆེས་བཟའ་མི་བྱ། །ཞེས་བྱ་བ་ལ། ཆུ་དང་ཕྱེ་སྤེལ་ཞིང་བཟའ་བར་མི་བྱ་སྟེ། དང་པོར་ཕྱེ་འགམས་ནས་བར་དུ་ཆུ་དེ་ནས་ཡང་ཕྱེ་བཟའ་བ་དང། ཡང་ཆུ་བཏུང་བའི་ཚུལ་གྱིས་སྤེལ་ཞིང་བཟའ་བར་མི་བྱ་སྟེ། ཆུ་འཐུངས་ནས་བར་བར་དུ་ཕྱེ་མི་བཟའ་ ་ཞེས་བྱ་བའི་དོན་ཏོ། །དུས་གཉིས་ཞེས་བྱ་བའི་དུས་གཉི་གར་ཕྱེ་མི་བཟའ་བ་དང། མཚན་མོའི་དུས་སུ་ཕྱེ་མི་བཟའ་སྟེ། དེ་ནི་བཀྲ་མི་ཤིས་པར་བཤད་དོ། །དེ་བཞིན་དུ་ཕྲད་མེད་པ་སྟེ། ཆུ་ལ་སོགས་པའི་གཤེར་དང་མི་ལྡན་པར་ཡང་བཟའ་ ་བར་མི་བྱའོ། །འགྲངས་རྗེས་ཞེས་པ་འབྲས་ཆན་ལ་སོགས་པས་འགྲངས་པའི་འོག་ཏུ་ཡང་ཕྱེ་ཟན་མི་བཟའ་བ་དང་མཚན་མོའི་དུས་སུ་ལག་བར་བཞག་པའི་ཟན་གོང་པོས་བཅད་ཅིང་མི་བཟའ་བ་དང། ཕྱེ་ཟན་ཧ་ཅང་འགྲངས་ཆེས་པ ་ཡང་བཟའ་བར་མི་བྱའོ། །འབའ་ཆ་ཉམས་འབྲི་རྩུབ་བ་དང། བཤང་མཁྲེགས་མིག་ལ་གནོད་པ་ཡིན་ཞེས་བྱ་བ་ནི། ཏིལ་དང་སྟང་གའི་འབྲས་བུ་ལ་སོགས་པ་བཙིར་ནས་མར་དང་ཕྲལ་བ་སྟེ། དེ་ནི་ཉམས་འབྲི་ནང་རྨྱ་བར་བྱེད་བ་དང། རྩུབ་པ་དང ་བཤང་གཅི་མཁྲེག་ཅིང་འབྱུང་དཀའ་བ་དང། མིག་ལ་གནོད་པ་ཡིན་ནོ། །ཤ་གཡོས་སྤོས་སྦྱར་སྣུམ་ཞིང་ལྕི། །སྟོབས་བསྐྱེད་ཤ་འཕེལ་རྟས་བྱེད་ཡིན་ཞེས་བྱེ་བ་ལ། ཤ་གཡོས་སྤོང་དང་སྦྱར་བ་ནི་བཅའ་སྒ་དང། འུ་སུ་དང། གོ་སྙོད?་ལ ་སོགས་པ་དང་ཤར་ཏགས་བ་ནི་གཡོས་སུ་སྦྱར་བ་སྟེ། དེ་ཡང་ལུང་ལས། ཤ་རི་རློན་པ་བཏགས་ནས་ནི། །གཡོས་སུ་སྦྱར་བ་གཡོས་ཏེ། ཞེས་བཤད་བ་ཡིན་ལ། ཤ་བཏགས་པ་དེ་ཡང་ཤིང་ཀུན་ཆེ་དང། མར་དག་ཏིལ་མར་ལ་སོགས་པ་དང་ཅི་རིགས་པར་སྦྱར་ཞིང ་བཙོས་པའོ། །དེ་ལྟ་བུའི་ཤ་གཡོས་སྤོང་དང་སྦྱར་བ་དེ་ནི། སྣུམ་པ་དང། ལྕི་བ་དང། སྟོབས་སྐྱེད་ཅིང་ཤ་འཕེལ་བ་དང། རྟས་པར་བྱེད་པ་ཡིན་ཏེ། སྟོབས་ནི་ནུས་པའོ། །རྟས་པ་ནི་ལུས་ཟུངས་རྒྱས་པར་བྱེད་པའོ། །མུཏག་གཡོས་སྦྱར་ལྕི་བ་དང། སྨན་གྱི་ཆ་དང་ཡོན་ཏན ་འདྲ་ཞེས་བྱ་བ་ལ། སྲན་མུཏག་སྟེ། མོན་སྲན་རྡེའུ་ལ་སོགས་པ་དང་སྦྱར་བའི་ཤའི་གཡོས་སུ་བྱས་བ་སྟེ། ཕྲ་མོར་བཏུས་ནས་བརྡོས་བ་ནི་ཐམས་ཅད་ལྕི་བ་དང། དེ་བཞིན་དུ་སྨན་གྱི་ཡོན་ཏན་མཚུངས་ཤིང་འདྲ་བ་སྟེ། མུངྒ་ལ་སོགས་པའི་ཡོན་ཏན་གང ་ཡིན་པ་དེ་ལ་གཡོས་སུ་བྱས་པའི་ཡང་ཡོན་ཏན་ཡོད་པ་ཡིན་པར་ཤེས་པར་བྱའོ། །བུ་བ་མདག་གཙོས་དོག་ལེ་དང། ས་སླད་ད་ནུར་རྒྱ་སོལ་བསྲེགས། །ཁུར་བ་འདི་རྣམས་རིགས་གཅིག་ཀྱང། །ཕྱི་མ་ཕྱི་མ་ཡང་བ་ཡིན་ཞེས་བྱ་བ་ལ། འབྲས་ཀྱི་ཁུར ་བ་མདག་མ་ལ་སོགས་པར་བཙོས་པ་ནི་རིགས་གཅིག་པ་སྟེ། འབྲས་ལ་སོགས་པའི་རྒྱུ་གཅིག་ན་ཡང་ཕྱི་མ་ཕྱི་མ་ཡང་བ་ཡིན་པར་ཤེས་ཤིང་རྟོགས་པར་བྱའོ། །དེ་ལ་རིག་པ་ནི་རྒྱུ་སྟེ། འབྲས་དང། གྲོ་དང། མོན་སྲན་གྲེའུ་ལ་སོགས་པ་སྟེ། དེ་དག་ནི ་རིགས་མཐུན་པ་ལས་བལྟོས་ནས་རིགས་གཅིག་པ་ཞེས་བཏགས་སོ། །དེ་ནས་འབྲས་ལ་སོགས་པའི་སྐྱ་ཁུར་མདག་མར་ཚོས་པར་བྱས་པ་ནི་ཡང་བ་ཡིན་ལ། །དེ་བས་ཀྱང་དོག་ལེ་དང་སླ་དང་བཙོས་པ་ཚེས་ཡང་བ་དང། དེ་བས་ཀྱང་ས་སླད་དུ་བཙོས་པ ་རབ་ཏུ་ཡང་བ། དེ་བས་ཀྱང་ད་ནུར་བཙོས་པ་རབ་ཏུ་ཡང་ལ་རྒྱ་སོལ་ལ་བསྲེགས་པ་ནི་ཡང་བའི་མཆོག་ཡིན་ཏ། འབྲས་སམ་གྲོ་འམ་ནས་ལ་སོགས་པ་གཅིག་ལ་བྱས་ན་ཡང་ཁྱད་པར་ཡོད་དོ། །ས་སླད་ནི་གྲག་པར་བཟད་དོ། །ད་ནུར་ནི་མེ་འདག་གིས་བསྲེགས ་པའི་རྩིག་པར་བཙོས་པའོ། །རྒྱ་སོལ་ནི་རྒྱ་སོལ་ལས་འདག་མར་ལྷགས་པ་འམ། ཡང་ན་ལྕི་བ་ལ་སོགས་པ་ལས་འདག་མར་ལེགས་པར་ལྷགས་པའོ། །ཁུར་བ་ནི་འབྲས་ལ་སོགས་པའི་ཕྱེ་ཆུས་བསྐྲུས་ཏེ་བསྒོངས་བསྲེགས་པའོ། །དེ་ལ་མདག ་བཙོས་ནི་མདག་མའི་ཤས་ཆུང་བ་ལ་བཙོས་པའོ། །གཞན་དག་ནི་རླངས་པ་ལས་བཙོས་པའོ་ཞེས་ཟེར་རོ། །ཁ་གཅིག་ནི་ཐལ་བ་མེ་མར་མུར་དུ་འདུག་པ་ལས་བསྲེགས་པ་ཡིན་ནོ་ཞེས་ཟེར་རོ། །དོག་ལེ་མེ་འབར་བ་ལ་བཙུགས་པའི་ལྕགས་སམ། སའི ་སྣོད་ལ་བསྲེགས་པའོ། །གཡོས་སུ་བྱས་པའི་ཁ་ཟས་ཀྱི་སྡེ་ཚན་ནོ། །དེ་ལ་རེ་ཞིག་གཡོས་སུ་བྱས་པའི་ཁ་ཟས་བཙོས་པ་སྟེ། དེ་ཡང་ཤ་དང་ཚོད་མ་ལ་སོགས་པ་དང་ལྷན་ཅིག་སྦྱར་ཅིང་དེ་དང་ལྡན་ན་ལེགས་པར་དགོས་པ་བྱེད་པ་ཡིན་ལ། ཟས་ནི་མང་དུ་དགོས་པ ་ཡིན་ལ། ཟས་ནི་མང་དུ་དགོས་པ་ཡིན་པ་ལྟར་ཤ་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། དེའི་བགས་ཙམ་དུ་ཟད་པ་ཡིན་ནོ། །དེ་བས་ན་གཡོས་བྱས་པའི་ཁ་ཟས་ཀྱི་སྡེ་ཚན་གྱི་རྗེས་ལ། ཤ་དང་ཚོད་མའི་སྡེ་ཚན་བསྟན་པ་ཡིན་ནོ། །དེ་གཉིས་ལས་ཀྱང་ཤ་ནི་ཟས ་དང་ལྷན་ཅིག་ཟོས་ན་ཉེས་པ་མེད་ཅིང་བསྟེན་བར་བྱ་བ་ཡིན་པས། ཤའི་སྡེ་ཚན་དང་པོར་སྨོས་པ་ཡིན་ནོ། །ཤ་བ་དགོ་བ་ཀུ་རངྒ། རྐྱང་དང་རི་ཤ་རི་དགས་མ། རི་བོང་དང་སྐོམ་ཙ་རུ་ཀ། ལྡང་སྒོ་ལ་སོགས་རི་དག་ཡིན། ཞེས་བྱ་བ་ནི་ཤ་བ་ནས་ལྡང་སྒོའི་མཐར ་ཐུག་པ་རྣམས་ནི། རི་དགས་ཀྱི་རིགས་སུ་གཏོགས་པ་ཡིན་ལ། སོགས་པའི་སྒྲས་ནི་འཇུག་ནག་གམ། སྦྲི་ཤ་ཏ་ལ་སོགས་བསྡུའོ། །དེ་དག་ནི་འཇིག་རྟེན་དུ་གྲགས་པར་ཟད་དོ། །ལ་ཆ་བ་ཏི་བརྟི་ཀ་།གོ་ཙ་དམར་དང་གོང་མོ་དང། སྲེག་པ་ཨུ་པ་ཙ་ཀྲ་དང ་ཀ་བནདི་ཀ་རུ་བ། བརྟ་བ་དང་བ་ཏི་ཀ། གོང་མ་སྲེག་དང་རྨ་བྱ་དང། ཁྱིམ་བྱ་དང་ནི་པ་ཀ་ར། གོ་ནནྟ་དང་རི་ལ་གནས། ཤ་ར་བ་དང་ཨིནྟྲ་ག་རི་བྱ་འདི་དག་གཟས་ཁྲོན་སྐོ་ཞེས་བྱ་བ་ལ། ལ་ཚ་བ་ནས་རི་བྱའི་བར་འདི་དག་ནི་གཟའ་ཁྲོན་གྱིས་སྐོམ་པ་ཞེས་བྱ་བ ་ནི། གང་རྐོ་ཞིང་རྐོ་ཞིང་འབྲུ་ལ་སོགས་པ་ཟ་བས་ན། ཟས་ཁྲོན་རྐོ་ཞེས་བྱའོ། །འདི་དག་ཞེས་བྱ་བ་ནི་རྣམ་པའི་ཚིག་སྟེ། རྣམ་པ་དེ་ལྟ་བུའི་བྱ་གཞན་དག་ཀྱང་ཡོད་དོ་ཅེས་སྟོན་ཏོ། །ཤང་ཤང་ཏེའུ་ད་རུ་ཧ། བྱུང་འདྲ་ནེ་ཙོ་ཤ་རི་ཀ། མ་ཏྭ་ཁུ་བྱུག་ཧ་རི་ཏ། བྱིའུ་ལ་སོགས་མཆུས་རྐོ ་ཡིན་ཞེས་བྱ་བ་ལ། ཤང་ཤང་ཏེའུ་ནས་བྱིའུའི་བར་ནི་མཆུས་རྐོ་ཞེས་བྱ་སྟེ། མཆུས་རྐོ་ཞིང་ཟ་བའི་དོན་གྱིས་ན་མཆུས་རྐོ་ཞེས་བྱའོ། །སོགས་པའི་སྒྲས་ནི་ཤ་ཏ་པ་ཏྲ་དང། ཁཉྫ་རི་ལ་སོགས་པའི་བྱ་རྣམས་བསྡུའོ། །སྦལ་པ་སྦྲུལ་དང་སྐྱིན་གོར་དང། བི་དུར་ལ་སོགས ་ཁུང་ན་གནས་ཞེས་བྱ་བ་ལ། སྦལ་པ་ནས་བི་ཐུར་གྱི་བར་ནི་ཁུང་ན་གནས་པ་ཡིན་ཏེ། སའི་ཁུང་བུ་དག་ན་གནས་ཤིང་ཉལ་བས་ན་ཁུང་ན་གནས་ཞེས་བྱའོ་སོགས་པའི་སྒྲས་ནི་ཤལ་མ་ཀ་ལ་སོགས་པ་བསྡུའོ། །བ་ལང་རྟ་བོང་དྲིའུ་དང། །སྟག་གཟིགས་སེངྒེ ་དོམ་སྤྲེའུ། བྱི་བ་བྱི་ལ་སྤྱང་ཀི་དང། །སྲེ་མོ་དང་ནི་དྲེད་དག་དང། ཝ་དང་ཕར་བ་ཁྲ་དང་ནི། །ཆུན་ལག་ཁྲ་ལྗང་བྱ་རོག་ཁྱི། །བྱ་རིགས་ཕྲ་སྔོན་བྱ་ཀུ་ར། །བྱ་རྒོད་འུག་པ་ཀ་ལིངཀ། །དུང་ཅན་མ་དུ་ཧ་ལ་སོགས། །གཅན་ཟན་བྱ་དང་རྩལ་མཐུས་ཟ་ཞེས་བྱ་བ ་བ་ལོང་ནས་མ་དུ་ཧའི་བར་གྱིས་ཕྱུགས་དང། གཅན་གཟན་དང་བྱ་དེ་དག་ནི། རྩལ་དང་མཐུས་ཟ་བ་ཞེས་བྱ་བ་སྟེ། མདོན་མཐོན་དུ་སྟོབས་ཀྱིས་འཕྲོག་ཅིང། ཤ་ལ་སོགས་པ་ཟ་བས་ན། རྩལ་མཐུས་ཟ་བ་ཞེས་བྱ་སྟེ། སྔོན་དུ་རྐོ་བ་དང། མཆུས་རྐོ་བ་ཨ་དང་མཐུས་ཟ་བ་ནི་ཁྲོན་དུ་རྐོ་བ་ལ་སོགས་པའི་ཚུལ་གྱིས་བྱ་བ་དང། ལྡན་པས་ཟ་བས་ན་མིང་དེ་སྐད་ཅེས་བྱ་སྟེ། དེ་ཡང་དྲང་སྲོང་ཙ་ར་ཀས། འཐོར་ཞིང་རྣམ་པར་རྐོ་པ་དང། མཆུ་ཡིས་རྐོ་བར་བྱེད་པར་དང། །རྩལ་མཐུས་འཕྲོག་ཅིང་ཟ་བས་ན།། ་མཐུས་ཟ་ཞེས་ནི་དེ་ཕྱིར་བྱ་ཞེས་བཤད་པ་ཡིན་ནོ། །སོགས་པ་ཞེས་བྱ་བ་ནི་གཞན་དག་ཀྱང་བསྡུ་བའོ། །ཕག་རྒོད་རུ་རུ་མ་ཧེ་སྐྱིན། །རི་ཧ་ཏ་དང་གླང་པོ་ཆེ། །མཛོ་རྒོད་གཡག་རྒོད་བསེ་དང་ནི། །སྨྱུག་གླང་ཞེས་གྲགས་རི་དགས་ཆེ་ཞེས་བྱ་བ་ལ། ཕ་རྒོད་ནས་སྨྱུག ་གླང་གི་བར་ནི་རི་དགས་ཆེན་པོ་ཞེས་བྱའོ། །ཆུར་གནས་དང་བ་ས་ར་ས། །ཆུ་སྐྱར་ཀ་རནྟ་བྱ་གཱ། རྒྱ་དང་ཁྲུང་ཁྲུང་དུར་པ་དང། །སོ་བྱ་ཀ་དམ་པ་སོགས་ཡིན་ཞེས་བྱ་བ་ལ། རང་པ་ནས་ཀ་དམ་པའི་བར་མི་ཆུ་ལ་གནས་པ་ཡིན་ཏེ། དེ་དག་ནི ་ཆུ་ལ་སྤྱོད་པ་ཡིན་པས་མཆུ་ལ་གནས་པའོ། །སོགས་པའི་སྒྲས་ནི་མགོ་དམར་དང་པདྨའི་མིག་དང། ཤའི་རལ་སོགས་པ་བསྡུའོ། །ཉ་རོ་ཧི་ཏ་པ་ཏི་ན། །ཉ་ཕྱིས་རུས་སྦལ་ཀུམ་བྷི་ར། །ཀརྟ་དུང་སམ་ཤ་བུ་ཀ། ཉེ་ལྡང་བ་རྨི་ཙནྟ་ཀི། བུ་ལུ་ཆུ་སྲིན་ན་བཀྲ་དང། ཉ་བོ ་ཆེ་ནི་བྱིས་པ་གསོད། །ཛ་རི་ཙི་ལི་ཙི་མི་སོགས་ཞེས་བྱ་བ་ལ། ཉ་རོ་ཧི་ཏ་ནས་ཙི་ལི་ཙི་མའི་བར་མི་ཆུ་ལས་བྱུང་ཞིང་ཆུ་ལ་གནས་སོ། །སོགས་པའི་སྒྲས་ནི་རྣམ་པའི་དོན་ཏེ། དེ་ལྟ་བུ་དང་གཞན་དག་ཀྱང་རྣམ་པ་དུ་མ་ཡོད་དེ། ཀརྐ་ཊ་ནི་ཀུ་ལི་ར་ཞེས་བྱའོ། །ཤེ ་བུ་ཀ་ནི་ཕྱུང་བའི་དུང་ཞེས་བྱའོ། །འདི་དག་ནི་རྣམ་གྲངས་ཤེས་པ་དག་གིས་ནི་ཡུལ་ཕྱོགས་ཀུན་ཏུ་ཕྱིན་པ་དག་ལས་ཤེས་པར་བྱ་སྟེ། གང་གི་ཕྱིར་འདིར་སྨོས་པའི་སྲོག་ཆགས་ཁ་ཅིག་ཡུལ་ལ་ལ་ན་མེད་པས་མི་ཤེས་ལ། ཁ་ཅིག་ནི་ཡུལ་གཞན ་དག་ཏུ་གྲགས་པ་ཡོད་དོ། །དེ་བས་ན་འདི་རྣམས་ཀྱི་མིང་གི་རྣམ་གྲངས་ཡུལ་ཐ་དད་པ་ན་གྲགས་པ་ནི་རི་བྲགས་པ་དང། ཉ་པ་ལ་སོགས་པ་ལས་མིང་དུ་ཇི་སྐད་གྲགས་པ་གང་ཡིན་པ་ལས་ཤེས་པར་བྱའོ། །དེ་ལྟར་ཤ་ནི་བརྒྱད་དུ་བཤད་པ་ཅེས་ ་བྱ་བ་ནི། དེ་ལྟར་ཞེས་པ་བཤད་མ་ཐག་པའི་རྣམ་པས་ཤ་བརྒྱད་དུ་ཞེས་པ། ཤའི་རྣམ་གྲངས་མདོར་བསྡུ་ན་རྣམ་པ་བརྒྱད་ཡོད་པར་སློབ་དཔོན་གྱིས་བཤད་ཅིང་བསྟན་པ་ཡིན་ནོ། །ར་ལུག་གཟས་ཀྱི་སྤྱོད་ཡུལ་ནི། འདྲེས་པས་རིགས་གཅིག ་དེས་མ་མིན། ཞེས་བྱ་བ་ལ། རིགས་བརྒྱད་པོ་དེ་དག་གི་ནང་ནས། ར་དང་ལུག་གི་དེས་པ་མེད་པ་ཡིན་པས་ངེས་པ་མ་བཤད་དེ་ཅིའི་ཕྱིར་ཞེ་ན། སྤྱོད་ཡུལ་འདྲེས་པ་ཡིན་པའི་ཕྱིར་ཏེ། སྤྱོད་ཡུལ་འདྲེས་པ་ནི་རླན་ཅན་དང། སྐམ་སའི་ཟས ་ཀྱི་སྤྱོད་ཡུལ་འདྲེན་མར་གནས་པ་སྟེ། ལན་འགའ་ནི་གཅིག་ཏུ་རླན་ཅན་ན་གནས་པ། ལན་འགའ་ནི་སྐམ་སར་གཅིག་ཏུ་གནས་པ་ཡིན་ནོ། །དེ་ལྟར་ན་རྒྱ་བྱ་ཡང་དེ་དང་འདྲ་བ་ཡིན་ཏེ། དེ་ཡང་གཉི་ག་ན་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ཡང་དྲང་སྲོང་ཙ་ར་ཀས་སྐམ་ས ་གཤེར་ས་གནས་པའི་ཕྱིར། ཤིན་ཏུ་ལྕི་མདང་ཆེ་མིན་པའི། །རྒྱ་བྱའི་ཤ་ནི་རླུང་ལ་སོགས། །ཉེས་པ་གསུམ་པོ་སེལ་བ་ཡིན་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་རྒྱ་བྱ་ཏི་ཏིར་ཞེས་བྱ་བ་ནི་གཉི་གར་སྤྱོད་པ་ཡིན་དུ་ཟིན་ཀྱང། འདི་ཡུལ་གཅིང། ལ་ནམ་ཡང་གནས ་པར་དགའ་བ་མ་ཡིན་པས། གཟེབ་ཏུ་བཅུག་པ་མ་གཏོགས་པར་གཤེར་བ་དང་སྐམ་ས་གཉི་གར་ཡང་བརྟེན་པ་མ་ཡིན་ནོ། །ར་ལུག་ཀྱང་ཆེད་འགའ་ནི་སྐམ་ས་ཆུ་ཉུང་བ་ན་འཚོལ། ཆེད་འགའ་ན་རླན་ཅན་ཆུ་མང་བན་འཚོ་སྟེ། རང་བཞིན་དེས་ན་ར་དང་ལུག་ནི ་ངེས་པ་མ་ཡིན་པ་ཡིན་ནོ། །ཐོག་མ་ཐ་མ་སྐམ་གཤེར་གནས། །བར་མ་གཉིས་པོ་ཐུན་མོང་བཤད་ཅེས་བྱ་བ་ལ། བར་མ་ནི་གཉིས་པོ་ཞེས་གཉིས་པར་བཤད་པ་ལས། ཐོག་མ་དང་ཐ་མར་ནི་སྡེ་ཚན་གསུམ་གསུམ་ཡིན་ཏེ། དང་པོའི་སྡེ་ཚན་གསུམ ་ནི་རི་དགས་དང་ཁྲོན་དུ་རྐོ་བ་དང། མཆུས་རྐོ་བ་གསུམ་ནི་སྐམ་ས་ལ་གནས་པ་ཡིན་པས། སྐམ་སའི་སྒྲར་བརྗོད་ལ། ཐ་མའི་གསུམ་པོ་རི་དགས་ཆེན་པོ་དང། ཆུ་ལ་སྤྱོད་པ་དང། ཉ་རྣམས་ནི་གཤེར་ས་ཉིད་ལ་སྤྱོད་པ་ཡིན་པས་ན་གཤེར་སའི ་སྒྲར་བཤད་དོ། །བར་གྱི་སྡེ་ཚན་གཉིས་པོ་ཁུང་ན་གནས་པ་དང། རྩ་ལ་མཐུས་ཟ་བ་ཞེས་བྱ་བ་གཉིས་ནི་ཐུན་མོང་སྟེ། གཉི་ག་ལ་སྤྱོད་པ་ཡིན་པར་བཤད་དོ། །དེ་ལས་སྐམ་སའི་ཤ་རྟུག་འགགས། །བསིལ་བ་དང་ནི་ཡང་བ་ཡིན། །འདུས་པ་མཁྲིས ་པ་ཤས་ཆེ་ཞིང། །རླུང་འབྲིང་བད་ཀན་ཆུང་ལ་ཕན། །ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། སྐམ་ས་དང་གཤེར་ས་དང། ཐུན་མོང་གི་གནས་ན་སྤྱོད་པ་ཡིན་པར་བཤད་དོ། །སྐམ་སའི་ཤ་ནི་རྟུག་པ་འགགས་པར་བྱེད་པ་དང། ནུས ་པ་བསིལ་བ་དང་ཡང་བ་ཡིན་ནོ། །དེ་བཞིན་དུ་འདུས་པའི་ནད་མཁྲིས་པའི་ཤས་ཆེ་ཞིང་རླུང་ཆེ་ཆུང་འབྲིང་དུ་གནས་པ་དང། བད་ཀན་ཤས་ཆུང་བ་ལ་ཕན་ཞིང། གནོད་པ་འཇོམས་པ་ཡིན་ཏེ་འདུས་པའི་ནད་གང་མཁྲིས་པའི་ཆ་ཤས ་ཆ་བ་དང། རླུང་འབྲིང་ཙམ་དུ་གནས་པ་དང། བད་ཀན་ཆེས་ཆུང་བ་དེ་ལ་ཕན་པ་ཡིན་ནོ། །རི་བོ་ཤ་ནི་དྲོད་སྐྱེད་རྩུབ། །ཞུ་རྗེས་ཚ་ཞིང་འཁྲུ་གཅོད་བསིལ། །ཞེས་བྱ་བ་ལ། སྐམ་སར་གནས་པ་དེ་རྣམས་ཀྱི་ནང་ནས། རི་བོང་གི་ཤ་ནི་དྲོད་བསྐྱེད་པ ་སྟེ། ཕོ་བའི་མེ་དྲོད་འཕེལ་བར་བྱེད་པ་དང། དེ་བཞིན་དུ་རྩུབ་པ་དང། ཞུ་བའི་རྗེས་ཀྱི་རོ་ཚ་བ་དང། འཁྲུ་བ་གཅོད་ཅིང་སྡུད་པ་དང། བསིལ་བའི་མཚན་ཉིད་ཅན་ཡིན་ནོ། །བརྟི་ཀི་ལ་སོགས་ཤ་ལྕི། །ཅུང་ཟད་སྣུམ་དྲོ་ལྕི་རྟས་བྱེད་ཅེས་བྱ་བ་ལ། སྐམ་སར ་གནས་པ་རྣམས་ཀྱི་ནང་ནས། བྱ་བརྟ་ཀི་ལ་སོགས་པ་སྟེ། གང་གང་སར་གནས་པའི་བར་དེ་ཐམས་ཅད་ནི་ཅུང་ཟད་སྣུམ་ཞིང་དྲོ་བ་དང་ལྕི་བ་དང་ལྡན་པ་ཡིན་ཞིང་ལུས་རྟས་པར་བྱེད་པ་ཡིན་ནོ། །དེ་རྣམས་ཀྱང་རྒྱ་བྱའི་ཤ། ཡིད་གཞུངས་དྲོད་སྟོབས་ཁུ་བ ་འཕེལ། བཤང་སྐེམས་མདོག་བཟང་རླུང་ཤས་ཆེ། །འདུས་པ་སེལ་བའི་དམ་པ་ཡིན། །དེ་རྣམས་ཞེས་བྱ་བ་བརྟ་ཀི་ལ་སོགས་པའི་ནང་ནས་ཀྱང། བརྒྱ་བྱ་ཏི་ཏི་རའི་ཤ་ནི་ཡིད་གཞུངས་པ་དང། དྲོད་སྐྱེ་བ་དང་སྟོབས་དང་ཁུ་བ་འཕེལ་བ་དང། བཤད ་པ་སྐེམས་ཤིང་སྡུད་པ་དང། ལུས་ཀྱི་མདོག་བཟང་པོར་བྱེད་པ་དང། རླུང་ཤས་ཆེ་བའི་འདུས་པའི་ནད་སེལ་ཅིང་འཇོམས་པའི་མཆོག་དམ་པ་ཡིན་ནོ། །རྨ་བྱའི་ཤ་ནི་བཟང་མིན་ཡང། །རྣ་མིག་སྐད་འགགས་རྒས་སླར་ཕན་ཞེས་བྱ་བ་ལ། རྨ་ ་བྱའི་ཤ་ནི་བཟང་པོ་མ་ཡིན་ཏེ། །ཕན་ཞིང་བསྔགས་པ་མ་ཡིན་གྱི། །འོན་ཀྱང་རྣ་བ་གཉིས་ལ་ཕན་ཏེ། སྒྲ་ལེགས་པར་ཐོས་པར་གྱུར་པ་དང། མིག་གིས་ལེགས་པར་མཐོང་བར་བྱེད་པས་མིག་ལ་ཕན་བ་དང། གདངས་སྙན་པ་བས་སྐད ་འགགས་པ་ལ། ཕན་བ་དང། མྱུར་དུ་རྒས་པ་ལས་བསྲུང་བས་ན། རྒས་པ་སྲ་བ་ལས་ཕན་པ་ཡིན་ནོ། །ཁྱིམ་བྱ་དེ་འདྲ་རོ་ཙ་ལ། གྲོང་གནས་ལྕི་ཞིང་བད་ཀན་སྐྱེད་ཅེས་བྱ་བ་ལ། ཁྱིམ་བྱ་ནི་རྨ་བྱའི་ཤ་འདྲ་བར་ཤིན་ཏུ་བཟང་པོ་མ་ཡིན་མོད་ཀྱི་རྣ་བ ་ལ་སོགས་པ་ལ་ཕན་པར་འདྲ་ཞིང་རོ་ཙ་བ་ཡིན་ནོ། །ཡང་ན་གྲོང་ན་གནས་པའི་ཁྱིམ་བྱ་སྟེ། སྐྱེ་བའི་ཁྱིམ་ན་རྒྱུ་བ་གང་ཡིན་པ་དེ་ནི་ལྕི་བ་དང་བད་ཀན་སྐྱེད་པར་བྱེད་པ་དང། རོ་ཙ་བ་ཡིན་ནོ། །གོང་མོ་ཨུ་པ་ཙ་ཀྲར་བཅས། །ཡིད་གཞུངས་དྲོད་སྐྱེད་ཡི་གར ་འོང་ཞེས་བྱ་བ་ལ། བྱ་གོང་མོ་དང་ཨུ་པ་ཙ་ཀྲར་བཅོས་པའི་ཤ་ནི་ཡིད་གཞུངས་ཤིང་ཤེས་རབ་སྐྱེད་པ་དང། ཕོ་བའི་མེ་དྲོད་སྐྱེད་པ་དང། ཡི་གར་འོང་ཞིང་དགའ་བར་བྱེད་པ་ཡིན་ནོ། །ཐི་བ་ཞར་བའི་ཤ་ལྕི་ཞིང། ཚ་བྲོ་ཉེས་པ་ཐམས་ཅད་བསྐྱེད་ཅེས་བྱ་བ ་ལ། བྱ་ཐི་བཞར་བའི་ཤ་ནི་ལྕི་བ་དང་ཚ་བྲོ་བ་སྟེ། ཅུང་ཟད་ལན་ཚ་བྲོ་བ་དང། ཉེས་པ་གསུམ་པོ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ནོ། །བྱིའུ་ཤ་བད་ཀན་སྐྱེད་ཅིང་སྣུམ། །རླུང་འཇོམས་ཁུ་བར་བ་འཕེལ་བྱེད། །ཅེས་བྱ་བ་ལ་བྱ?་གྲ་ན་བྱིའུ་རྣམས་ཀྱི་ཤ་ནི་བད་ཀན ་སྐྱེད་པར་བྱེད་པ་དང། དེ་བཞིན་དུ་སྣུམ་པ་དང། རླུང་འཇོམས་ཤིང་སེལ་བ་དང། མཆོག་ཏུ་ཁུ་བ་འཕེལ་བར་བྱེད་པ་ཡིན་ནོ། །སྡེ་ཚན་དེ་ལས་ཕྱི་མ་རྣམས་རིམས་བཞིན་ལྕི་དྲོ་སྣུམ་ཞིང་མངར། །གཅིན་མང་རོ་ཙ་སྟོབས་བསྐྱེད་ཅིང། །རླུང་འཇོམས་བད་ཀན ་མཁྲིས་པ་སྐྱེད་ཅེས་བྱ་བ་ལ། སྐམ་སར་གནས་པའི་སྡེ་ཚན་དེ་ལས། ཕྱི་མ་ཁུང་ན་གནས་པ་ལ་སོགས་པ་ལྔ་རྣམས་ནི་རིམ་བཞིན་དུ་ཞེས་པ། གོ་རིམ་མ་འཚོལ་བར་ལྕི་བ་ཉིད་དང་དྲོ་བ་ཉིད་དང། སྣུམ་པ་ཉིད་དང། མངར་བ་ཉིད་དོ་སྡེ་ཚན་དེ་དག ་ལས་ཕྱི་མ་གང་དང་གང་ཡིན་པ་དེ་ནི་སྔ་མ་དེ་དང་དེ་ལས་ལྕི་བ་ལ་སོགས་པ་ཉིད་དང་ལྡན་པ་ཡིན་ནོ། །དེས་ན་ཁུང་ན་གནས་པ་བས་ནི་མཐུས་ཟ་བ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། མཐུ་རྩལ་གྱི་ཟ་བ་བས་ནི། རི་དགས་ཆེན་པོའོ། །རི ་དགས་ཆེན་པོ་བས་ནི་ཁྲོན་དུ་རྐོ་བའོ། །ཁྲོན་དུ་རྐོ་བ་བས་ཉ་རྣམས་སོ། །དེ་བཞིན་དུ་རིམས་གྱིས་གཅིན་མང་བ་དང། རོ་ཙ་བ་དང། སྟོབས་བསྐྱེད་པ་དང། རླུང་དང་བད་ཀན་འཕེལ་ཞིང་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལས་རི་དགས་ཆེན་པོའི་བསིལ ་ཞེས་བྱ་བ་ནི། སྡེ་ཚན་ལྔ་པོ་རྣམས་ཀྱི་ནང་ནས་རི་དགས་ཆེན་པོ་ནི་བསིལ་བ་སྟེ། བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །རྩལ་མཐུས་ཤ་རློན་ཟ་བའི་ཡང། རོ་རྗེས་ལན་ཚ་གྲོ་ཞུ་རྗེས། །ཆ་ཞིང་ཤ་ནི་འཕེལ་པར་བྱེད། །གཞང་འབྲུམ་རྙིང་བ་ཕོ་བ་གྲང། སྐེམ ་ནད་ཉེན་ལ་མཆོག་ཏུ་ཕན་ཞེས་བྱ་བ་ལ། ཤ་རློན་ཟ་ཞེས་བྱ་བ་ནི། ཤ་རློན་པ་གཅོད་ཅིང་གཅོད་ཅིང་ཟ་བར་བྱེད་པས་ན་ཤ་ཟ་བར་བྱེད་པའོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། གཅན་གཟན་དང་བྱའོ། །དེ་ལས་ཀྱང་ཤ་རློན་པ་ཟ་བ་ལ་ལའི་མཚན་ཉིད་འདི ་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དེ་ཡང་རོ་རྗེས་ལན་ཚ་བྲོ་བ་སྟེ། རོ་གང་དག་གི་རྗེས་ལ་ཅུང་ཟད་མི་གསལ་བར་ལན་ཚ་བྲོ་བ་སྟེ། གཙོ་བོའི་རོས་ཟིལ་གྱིས་གནན་པས་ན། ཅུང་ཟད་མི་བསལ་བར་བྲོ་བའི་ཕྱིར་རོ། །རྗེས་ཞེས་བྱ་བ་སྟེ། རོའི་གཙོ ་བོ་ཐ་དད་པ་ཡོད་པར་མཚོན་པ་ཡིན་ནོ། །དེ་བཞིན་དུ་ཞུ་ཆ་བ་སྟེ་ཞུ་བའི་རྗེས་ཆ་བ་ཉིད་དུ་སྨིན་པའོ། །དེ་བཞིན་དུ་ཤ་འཕེལ་བར་བྱེད་པ་སྟེ། ཤ་སྐྱེད་པར་བྱེད་བའོ། །དེ་བཞིན་དུ་གཞང་འབྲུམ་རྙིང་པ་དང། ཕོ་བ་གྲང་ཞིང་དྲོད་ཆུང་བ་དང། སྐེམ་ནད ་ཀྱིས་ཉེན་པའི་མི་ལ་མཆོག་ཏུ་ཕན་པ་ཡིན་ནོ། །དེ་ལ་གཞང་འབྲུམ་རྙིང་པ་ཞེས་བྱ་བ་ནི་ཡུན་རིང་པོ་ལོན་པའོ། །ར་ཤ་ནི་ཤིན་ཏུ་བསིལ་བ་མིན་ཞིང། ལྕི་སྣུམ་མ་ཡིན་ཉེས་མེད་མིན། །ལུས་དང་ཁམས་ནི་མཉམ་པས་ན། །བད་ཀན་མི་སྐྱེད་ལུས ་རྟས་བྱེད་ཅེས་བྱ་བ་ལ། ཤིན་ཏུ་བསིལ་མིན་ཞེས་བྱ་བ་ནི་སྒྲ་ནི་ཅུང་ཟད་ཀྱི་དོན་ལ་སྙེགས་ཏེ། དེས་ན་རའི་ཤ་ནི་ཅུང་ཟད་ཙམ་བསིལ་བ་དང། ཅུང་ཟད་ཙམ་སྣུམ་པ་ཡིན་ནོ་ཞེས་པའོ། །ཉེས་མེད་མིན་ཞེས་པ་མེད་པའི་དོན་ནི་ཆུང་བའི་དོན་ཏེ། དཔེར་ན་ལུག་སྤུ ་མོད་ཅེས་བྱ་བ་འམ། བུ་མོ་རྐང་མེད་ཅེས་ཟེར་བ་དང་འདྲའོ། །དེས་ན་ཅུང་ཟད་ཙམ་ཉེས་པ་ཡོད་ཅིང། ཅུང་ཟད་བད་ཀན་སྐྱེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལུས་དང་ཁམས་མཉམ་པས་ཀྱང་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པ་ཡིན་ཏེ། མི་རྣམས་ཀྱི་ལུས་དང། ་ལུས་ཟུངས་ཀྱི་ཚུལ་ཇི་ལྟ་བུ་ཡིན་པ། རའི་ལུས་དང་ཁམས་ཀྱང་དེ་དང་འདྲ་བ་ཡིན་ཏེ། དེ་བས་ན་ལུས་དང་ཟུངས་མཚུངས་ཤིང་མཉམ་པས་ན། ཤ་དེ་ནི་ཉེས་པ་ཅུང་ཟད་ཀྱང་མི་སྐྱེད་པ་ཡིན་ནོ། །དེ་བས་ན་སྐྱེས་བུའི་ལུས་དང་ལུས་ཟུང་མཛའ་དག་དང་དེ་མཉམ་སྟེ། མིའི ་ལུས་ཟུངས་ཅི་འདྲ་བར་ཡང་དེ་དང་འདྲ་བར་དོན་གྱིས་སྟོན་པ་ཡིན་ཏེ། འདི་སྐད་བཤད་པས་ནི་མིའི་ཤའི་རང་བཞིན་ཅི་འདྲ་བ་ཡིན་པ་ཡང་བཤད་པ་ཡིན་ནོ། །བད་ཀན་མི་བསྐྱེད་ཅེས་བྱ་བ་ནི་རའི་ཤ་དེ་བད་ཀན་ཡིན་ཡང་ཤས་ཆེར་སྐྱེད་པར་མི་བྱེད་པའོ། །ལུས་རྟས་པར ་བྱེད་པ་ནི་ཤ་འཕེལ་བར་བྱེད་པའོ། །ལུག་ཤ་དེ་ལས་བཟློག་པའོ། །ལུས་རྟས་པ་ཡིན་ན་ཤེས་པར་བྱ་ཞེས་བྱ་བ་ལ། ལུག་གི་ཤ་ནི་རི་དེ་ལས་བཟློག་པར་ཤེས་པར་བྱ་སྟེ། དེས་ན་རའི་ཤ་ནི་ཤིན་ཏུ་བསིལ་བ་མ་ཡིན་ལ་འདི་ནི་ཤིན་ཏུ་བསིལ་བ་དང། དེ་ནི་ཤིན་ཏུ་ལྕི ་མ་ཡིན་ལ། འདི་ནི་ཤིན་ཏུ་ལྕི་བ་དང། དེ་ནི་ཤིན་ཏུ་སྣུམ་པ་མ་ཡིན་ལ། འདི་ནི་ཤིན་ཏུ་སྣུམ་པ་དང། དེ་ནི་ལུས་རྟས་པར་བྱེད་པ་ཡིན་ལ། འདི་ཡང་རྟས་པར་བྱེད་པ་ཡིན་པས། །འདི་ལ་ནི་གོ་བཟློག་པ་མེད་དོ། །བ་གླང་ཤ་ནི་ལུད་སྐམ་དང། ངལ་དང་ཚ་ཆེས་མ་སྙོམས་རིམས ་ཆམ་བ་དང་ནི་སྐེམས་པ་དང། རླུང་ནད་གཅིག་པུ་ན་བ་སེལ། །ཞེས་བྱ་བ་ལ། བ་ལང་དག་གི་ཤ་ཡིན་པ་ན་བ་ལང་ཤ་སྟེ། དེས་ནི་ལུད་བ་སྐམ་པ་ལ་སོགས་པ་སེལ་ཞིང་བཟློག་པ་ཡིན་ནོ། །ཚིག་གི་དོན་ནི་གོ་སླའོ། །མ་ཧེའི་ཤ་ནི་ལྕི་ཞིང་ཚ། གཉིད་ཆེ་བརྟན ་བྱེད་ཤ་ཆེར་སྐྱེད་ཅེས་བྱ་བ་ལ། དེ་ལ་མ་ཧེའི་ཤ་ནི་ཤིན་ཏུ་ལྕི་བ་དང་ཚ་བ་དང། གཉིད་ཆེ་ཞིང་འཐུག་ལ་བརྟན་པར་བྱེད་པ་དང། ཤ་སྐྱེད་པ་བྱེད་པ་ཡིན་ནོ། །ཕག་རྒོད་ཤ་ནི་དེ་འདྲ་ཞིང། །དེ་ལ་སེལ་ཟས་ལེན་ཁུ་སྟོབས་བསྐྱེད་ཅེས་བྱ་བ་ལ། ཕག་རྒོད་ཀྱི་ཤ་ནི་དེ་འདྲ་ཞེས་པ་མ ་ཧེ་ལི་ཤ་དང་ཡོན་ཏན་འདྲ་བ་ལས་དེ་ནི་ང་ལས་སེལ་བ་དང། དེ་བཞིན་དུ་ཁ་ཟས་ལེན་ཅིང་ཡི་ག་འབྱེད་པ་དང། །ཁུ་བ་དང་སྟོབས་རབ་ཏུ་སྐྱེད་པར་བྱེད་པ་ཡིན་ནོ། །ཉ་ནི་མཆོག་ཏུ་བད་ཀན་བསྐྱེད་ཅེས་བྱ་བ་ནི། རོ་ཧ་ཏི་དང། པ་ཐི་ན་ལ་སོགས་པའི ་ཉ་ཤ་ནི་ཤིན་ཏུ་ཡང་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །ཙི་ལི་ཙི་མ་ཉེས་གསུམ་བསྐྱེད་ཅེས་བྱ་བ་ནི་ཉ་རྣམས་ཀྱི་ནད་ནས་ཙི་ལི་ཙི་མ་ཞེས་བྱ་བ་ཉའི་ཁྱད་པར་ཅིག་ཡོད་པ་ནི་རླུང་ལ་སོགས་པའི་ཉེས་པ་གསུམ་བསྐྱེད་པ་ཡིན་ནོ། །ལཱ་ཝཱ་རོ་ཧི་ཏ་སྐྱིན་གོར། ཤ་པ་རང་རང ་སྤེ་ཚན་མཆོག་ཅེས་བྱ་བ་ནི་ལཱ་ཝཱ་ལ་སོགས་པའི་ཤ་ནི་རང་རང་གི་སྡེ་ཚན་ལས་མཆོག་ཡིན་ཏེ། དཔེར་ན་མཁྲོན་དུ་རྐོ་བའི་ནང་ན་ནི། །ལཱ་ཝཱ་མཆོག་ཡིན་ལ། ཉ་རྣམས་ཀྱི་མཆོག་ནི་རོ་ཧི་ཏ་ཡིན་ཁུང་ན་གནས་པ་རྣམས་ཀྱི་མཆོག་ནི་སྐྱིན་གོར ་ཡིན། རི་དགས་ཀྱི་ནང་ན་ཤ་བ་མཆོག་ཡིན་ནོ། །ཤ་ནི་འཕྲལ་བསད་དག་པ་དང། དར་ལ་བབ་པའི་བསྟེན་པར་བྱ། །ཞེས་བྱ་བ་ལ་ཤ་ཐམས་ཅད་ནི་འཕྲལ་བསད་པ་ཏེ། དུས་དེའི་ཚེ་ཉིད་བསད་པ་དང། དེ་བཞིན་དུ་དག་པ་སྟེ། དུག་ལ་སོགས་པ་དང་མ ་འཕགས་པ་དང། དར་ལ་བབ་པ་སྟེ། རྒན་པ་དང་གཞོན་པ་མ་ཡིན་གྱི། རང་རང་གི་ན་ཚོད་དར་ལ་བབ་པའོ། །དེ་ལྟ་བུའི་ཤ་དེ་ནི་ཕན་པར་འགྱུར་པ་ཡིན་པས་སྟེན་པར་བྱ་བ་ཉིད་ཡིན་ནོ། །རང་ཤི་རིང་དང་ཤིན་ཏུ་འཚོ། །ནད་ཆུ་དུག་གི་ཤི་བ་སྤང་ཞེས་བྱ ་པ་ལ་ཤ་ཐམས་ཅད་ལས་རང་ཉིད་ཤི་བ་སྤང་བ་དང། དེ་བཞིན་དུ་རིང་ཅིང་སྦེག་པ་དང། ཤིན་ཏུ་ཚིལ་ཆེ་ཞིང་འཚོ་དྲགས་པའང་སྤང་བ་དང། དེ་བཞིན་དུ་ནད་པ་མ་ཆུ་འམ་དུག་གི་ཤི་བའི་ཤ་སྤང་ཞིང་དོར་བར་བྱའོ། །ཕོ་དང་མོ་ཡི་སྟོད་སྨད་ཕྱེད། །ལྕི་སྟེ་སྦྲུམ ་མའི་ཐམས་ཅད་ལྕི་ཞེས་བྱ་བ་ལ། སྲོག་ཆགས་ཐམས་ཅད་ཀྱི་ཕོ་དང་མོ་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་ཕོའི་མགོ་བོ་ནས་བརྩམས་ཏེ། ལྟེ་བའི་བར་གྱི་ལུས་ཀྱི་ཕྱེད་ཤ་ལྕི་བ་ཡིན་ལ་མའོ་ལྟེ་བ་མན་ཆད་ཀྱི་རོ་སྨན་གྱིས་ཕྱེད་ཀྱི་ཤ་ལྕི་བ་ཡིན་ནོ། །སྦྲུམ་མར ་གྱུར་པའི་ཤ་ནི་མ་ལུས་པ་ཐམས་ཅད་ལྕི་བ་ཡིན་ནོ། །རྐང་བཞི་མོ་ཡི་ཡང་བ་ཡིན། །བྱ་རྣམས་ཀྱི་ཕོ་ཡི་ཡང་ཞེས་བྱ་བ་ལ་རྐང་བཞི་པ་སྟེ། རི་དགས་དང་ར་ལུག་དང་མ་ཧེ་ལ་སོགས་པའི་ནང་ནས་ནི་མོའི་ཤ་ཡང་བ་ཡིན་ལ། བྱ་རྣམས་ཏེ་ལཱ་བ་དང། ངང་པ་དང། རྨ་བྱ་དང། ཁྱི ་བྱ་ལ་སོགས་པས་གཤོགས་པ་ཅན་རྣམས་ཀྱི་ཕོའི་ཤ་ཡང་བ་ཡིན་ནོ། །མགོ་བོ་རོ་སྟོད་བྲང་དང་རྒྱབ། །རྐེད་པ་ཕྱི་ཡི་ལྕི་བ་ཡིན། །དེ་བཞིན་ཕོ་བ་རྒྱུ་མ་སོགས། །གོ་རིམ་བཞིན་དུ་ལྕི་བ་ཡིན། །ཞེས་བྱ་བ་ལ། མགོ་ལ་སོགས་པའི་ཡན་ལག་གི་ཆ་ཤས་ལས་ནི་གོ་རིམ ་བཞིན་དུ་ཤེས་པ་གོ་རིམ་མ་འཆོལ་བར་ལྕི་བ་ཉིད་ཡིན་པར་བསྟན་ཏོ། །དེས་ན་དཔྱིའི་ཤ་བས་ནི་རྐེད་པའི་ཤ་ལྕི་ལ། རྐེད་པའི་ཤ་བས་ནི་རྒྱབ་ཀྱི་ཤ་ལྕི་ལ། རྒྱབ་ཀྱི་ཤ་བས་ནི་བྲང་གི་ཤ་ལྕི་ལ། བྲང་བས་ནི་རོ་སྟོད་ལྕི་ལ། རོ་སྟོད་ཀྱི་ཤ་བས་ནི་མགོའི་ཤ་ལྕི་བ ་ཡིན་ནོ། །དེ་བཞིན་དུ་ཞུ་བའི་གནས་རྒྱུ་མ་ལ་སོགས་པའི་ཤ་བས་ནི་མ་ཞུ་བའི་གནས་ཕོ་བའི་ཤ་ལྕི་བ་ཡིན་ཏེ། དེས་ཟས་ཞུ་བ་རྣམས་ཀྱི་གནས་ནི་ཞུ་བའི་གནས་ཏེ། ལྟེ་བ་མན་ཆོད་ཟས་མ་ཞུ་བའི་གནས་ནི། མ་ཞུ་བའི་གནས་ཏེ། ལྟེ་བ་ཡན་ཆད་དོ། །དེ་ཡང་དྲང་སྲོང ་གིས་བཤད་པ་འགྲོ་བའི་ལྟེ་བ་མ་ཆུ་པར། །མ་ཞུ་བ་ཡི་གནས་སུ་བཤད། །ལྟེ་བ་ནས་ནི་ཆུ་སོའི་བར། །ཞུ་བའི་གནས་སུ་ཤེས་པར་བྱ། །ཞེས་བཤད་པ་ཡིན་ནོ། །ཁྲག་ལ་སོགས་པའི་ལུས་ཟུངས་རྣམས། ཕྱི་མ་ཕྱི་མ་ལྕི་བ་ཡིན་ཞེས་བྱ་བ་ནི། །ཁྲག་ལ་སོགས ་པའི་ལུས་ཟུངས་དྲུག་པོ་རྣམས་ཕྱི་མ་ཕྱི་མ་ལྕི་བ་ཡིན་པར་བཤད་དོ། །དེས་ན་ཁྲག་པས་ནི་ཤ་ལྕི་བའོ། །ཤ་བས་ནི་ཚིལ་ལོ། །ཚིལ་བས་ནི་རུས་པའོ། །རུས་པས་ནི་རྐང་ངོ། །རྐང་པས་ནི་ཁུ་ཆུ་ཆེ་བ་ལྕི་བ་ཡིན་ནོ། །ཤ་ལ་རླིག་པ་ཕོ་མཚན་དང། མཁལ་མ་མཆེས་པ་གཞང ་དག་ལྕི། །ཞེས་བྱ་བ་ལ། ལུས་ཐམས་ཅད་ལས་བྱུང་བའི་ཤ་རྣམས་ལས་ནི་རླིག་པ་ལ་སོགས་པའི་ཤ་ཤིན་ཏུ་ལྕི་བ་ཡིན་ནོ། །འདི་ལ་རིག་པ་ཞེས་བྱ་བ་ནི་འབྲས་བུ་ཤུ་བས་ཅན་ཞེས་མིང་གིས་རྣམ་པར་གྲགས་པའོ། །ཕོ་མཚན་མཛེའོ། །མཁལ་མ་ནི་ལྟོ་བའི་ཆ་ལ་གནས ་པའོ། །མཆེར་བ་ནི་གསུས་པའི་གཡོན་ལོག་ན་གནས་པ་ནག་པོ་ཅན་ཞེས་མིང་གི་རྣམ་པར་གྲགས་པའོ། །གཞང་ནི་བཤད་པའི་ལམ་སྟེ། དེ་དག་ནི་ལྕི་བ་ཡིན་ནོ། །འདིར་ཤ་རྣམས་ཕོ་དང་མོའི་ཁྱད་པར་དུ་བྱས་པ་དང། རིགས་གཅིག་པ་དང། རིགས ་པ་དད་པ་དེ་རྣམས་ཀྱི་སྤྱི་དང་ཁྱད་པར་དུ་གནས་པ་ལས། སྟོབས་ཆེ་ཆུང་ཡོད་པ་རྟགས་པར་བྱ་བ་ནི། ཅི་རིགས་པར་རང་གི་བློ་ཉིད་ཀྱིས་རྣམ་པར་དཔྱད་པར་བྱའོ་ཤའི་སྡེ་ཚན་ནོ། །སྔར་ཚོད་མར་བསྟན་པ་རྣམས་ཀྱི་ལྷག་མ་དེ་བརྩམས་པ་ནི་འདི་དག་ཡིན་ཏེ། ་ཚོད་མ་པཱ་ཐ་ཤ་ཐི་དང། སུ་ཤ་སུ་ནི་ཤ་ན་དང། ས་ཏི་ན་ཛ་རྒྱ་སྣེའུ་སོགས། །ཉེས་པ་གསུམ་འཇོམས་སྡུག་སྲི་དང་ཞེས་བྱ་བ་ལ་པ་ཐ་ལ་སོགས་པའི་ཚོད་མ་རྣམས་ནི་ཉེས་པ་གསུམ་སེལ་བར་བྱེད་པ་ཡིན་པས་ཉེས་པ་གསུམ་འཇོམས་ཞེས་བྱ་བ་ལ། ་དེ་བཞིན་དུ་རྟུག་བ་སྲི་ཞིང་མཁྲེགས་པ་དང་ཡང་བ་ཡིན་ནོ། །དེ་ལ་པཱ་ཐ་ནི་མཏི་གི་རྣམ་གྲངས་པཱ་པཱ་ཙེ་ལི་ཀ་ཞེས་བྱ་བའོ། །སུ་མི་ཥ་ན་ནི་སུ་ལ་ཞེས་བྱ་བ་འདབ་མ་བཞི་པ་ཙམ་གི་རི་འདྲ་བ་ཞིག་ཆུའི་ནང་ན་སྐྱེའོ། །ས་ཏི་ན་ཛ་ཞེས་བྱ་བ་ནིར་ཛཀྵ་པ་སྟེ། མིང ་ནི་རྣམས་གྲངས་བཀྲེས་བྱེད་ཅེས་བྱ་བར་གྲགས་པའོ། །དེ་ལས་སུ་ནི་ཤ་ན་དྲོ། །རོ་ཙ་ཞེས་བྱ་བ་ཚོད་མ་དེ་རྣམས་ཀྱི་ནང་ནས་སུ་ནི་ཤན་ནི་དྲོད་སྐྱེད་པ་དང་རོ་ཙ་བར་བྱེད་པའོ། །ར་ཛཀྵ་པ་ནི། ཕོ་བ་གཞང་འབྲུམ་ནད་སེལ་མཆོག་ཅེས་བྱ་བ་ལ། གང་ལ་སོགས ་པ་དེ་རྣམས་ནང་ན་ར་ཛཀྵ་བ་ཞེས་བྱ་བ་ནི་ཕོ་བ་དང་གཞང་འབྲུམ་གྱི་ནད་སེལ་བའི་མཆོག་ཡིན་ནོ། །རྒྱ་སྣེའུ་རྟུག་སྐམས་པ་ཡིན་ཞེས་བྱ་བ་ལ། ཚོད་མ་འདི་རྣམས་ཀྱི་ནང་ནས་རྒྱ་སྣེའུའི་ཚོད་མ་ནི་རྟུག་སྐམས་འཇོམས་ཤིང་འཁྲུ་བ་ཡིན་ནོ། །རྨས ་སྣེའུ་དམེ་རུ་ཉེས་པ་གསུམ་འཇོམས། མཛེ་སེལ་རོ་ཙ་བཅུད་ལན་དྲོ། །འཁྲུ་ཞིང་མགུལ་པ་སྙན་པར་བྱད་ཅེས་བྱ་བ་ལ། མོན་སྲེན་སྣེའུ་དམེ་རུ་ཀག?་མ་ཙ་ཞེས་བྱ་བ་ནི་ཉེས་པ་གསུམ་པོ་ནི་རླུང་དང་མཁྲིས་པ་བད་ཀན་ཞེས་བྱ་བ་འཇོམས་པ་དང། དེ་བཞིན ་དུ་མཛེ་ནད་སེལ་བ་དང། རོ་ཙ་ཞིང་ཁུ་བ་འཕེལ་བ་དང། བཅུད་ཀྱིས་ལེན་དུ་འགྱུར་ཞིང་ཚེ་འཕེལ་བ་དང། ཅུང་ཟད་དྲོད་བསྐྱེད་པ་དང། འཁྲུ་ཞིང་བཤད་པ་སླ་བར་བྱེད་པ་དང། མགུལ་པ་བསལ་ཞིང་སྙན་པར་བྱེད་པ་ཡིན་ནོ། །ཙདྒི་རི་སྐྱང་མེ་དྲོད་བསྐྱེད། ཕོ་བ་གཞང ་འབྲུམ་བད་ཀན་རླུང་ཁྲོད་ཆེ། འཁྲུ་གཅོད་ཡང་བ་ཡིན་ཞེས་བྱ་བ་ལ། ཙདྒི་རི་ནི་རི་སྐྱུར་བྱ་བ་དང། དེ་བཞིན་དུ་ཕོ་བའི་མེ་དྲོད་སྐྱེས་པ་དང། །ཕོ་ལ་སོགས་པ་ལ་ཕན་པ་ཡིན་ནོ། །པ་ཏོ་ལ་དང་ས་ལྟ་ལ། ནིམཔ། ཤམ་པ། ཤཐ་སླེ་ཏྲེས། ཨ་བལྒུ་ཛ་སྲའི་མྱུ་གུ།། ་བྲི་ཧ་ཏི་ད་ཀཱ་ཤྭ་དང། །ཏི་ལ་བ་རྣམ་ཀུ་ཐ་ལ། །མནདུ་ཀའི་འདབ་ཀརྐོ་ཏ། །ཀ་ར་པ་ལ་བརྡ་ཏ། །ཎ་ཌི་དང་ནི་ཀ་ཏ་ཡ། །གོ་སི་ཧཱ་དང་པ་ཏ་ཀ། བ་ན་ཏིཀྟ་ཀ་རི་དཾ། །ཀུ་ལ་ཀི་དང་ནནྟི་དང། །ཀུ་ཙ་ལགཤ་ཀགུ་ནད་ལི། །ཀ་ཏིལླཾ་དང་ཀ་བུ་ཀཾ། །ཤི་ཏཾ་ཀོ་ཤ་ཏ་ཀ་དང། ཀརཤ་འཇམ ་བསིལ་ཁ་ཞིང་ཚ། །བཤད་སྲི་རླུང་བསྐྱེད་པར་མཁྲིས་སེལ་ཞེས་བྱ་བ་ལ། པ་ཏོ་ལ་ན་གརཥ་ཤ་དང་བཅས་པའི་པང་གྱི་ཚོད་མ་རྣམས་ནི་བསིལ་བའི་ནུས་པ་དང་ལྡན་པ་དང། རོ་ང་བ་དང་འཇུ་བའི་རྗེས་ཚ་བ་དང། བཤང་བ་ལ་སོགས་པ་མཁྲེགས་ཅིང་སྲི་བ ་དང། རླུང་བསྐྱེད་པ་དང། བད་ཀན་དང་མཁྲིས་པ་དག་སེལ་བར་བྱེད་པ་ཡིན་དེ་ལ་པ་ཏོ་ལ་ནི་ལ་བ་ཞིག་གོ་།སབཏ་ལ་ནི་ས་ཏ་ལ་ཞེས་བྱའོ། །ནིམཔ་ནི་ཨ་རིཥྚ་འོ། །ཤཾ་ཀཤཐ་ནི་ཨངྒར་བ་ལིགའོ། ། བལླི་ཛ་ནི་སོ་ར་ཛའོ། །སྦའི་མྱུ་གུ་ནི་སྦ་གཞོན་ནུའི ་རྩེ་མོའོ། །འབྲི་ཧ་ཏི་ནི་སིང་ཧིའོ། །བ་ཤ་ནི་འབྲི་ཤའོ། །ཏིལླ་བརྣི་ནི་རྒྱ་ཤུག་གི་ལོ་མ་འམ་ཡང་ན་ཏིལ་གྱི་ལོ་མའོ། །མནདུ་ཀའི་འདབ་མ་ནི་མརྡུ་ཀའི་ཞེས་བྱའོ། །ཀརྐ་ཏ་ནི་ལུག་གི་རཱ་འདྲའོ། །ཀལ་བ་ལ་ནི་ཀ་དུ་ཀཾ་ལ་པི་ལའི་འབྲས་བུའོ། །པརྦ་ཏ ་ནི་ལྡུམ་བུ་སྐྲ་བཟངས་སོ། །ན་ཏི་ཀ་ནི་སྲན་མའི་སྤུར་རོ། །གོ་ཛ་ཧྭི་ནི་གླང་གི་ལྕེ་ན་འདྲ་བ་སྟེ། ཀོཥྚ་ཀ་མུ་ལ་ཞེས་བྱའོ། །བ་ན་ཏིཀྟ་ནི་བད་ཚ་ཀའོ། །ཀུ་ལི་ཀ་ནི་ཀཱ་ཀཱ་ཏིནཔུ་ཀའོ། །ནནདི་ནི་མེ་ཏོག་ཛཱ་ཏིའི་ཤིང་ངོ། །ཤ་ཀུ་ན་ད་ནི་ཀ་ཏུ་ཀའོ། །ཀ་དེ་ལ ་ནི་མེ་ཏོག་དམར་བའི་བུན་རྣ་བའོ། །ཀོ་ཤ་ཏ་ཀ་ནི་སྤུབས་ཅན་ནོ། །ཀ་ཀ་ཤ་ནི་གྲགས་པར་ཟད་དོ། །པ་ཏོ་ལ་ཞིམ་སྲིན་ནང་སེལ། ཞུ་རྗེས་མངར་ལ་ཡི་ག་འབྱེད་ཅེས་བྱ་བ་ནི། །པ་ཏོ་ལ་སོགས་པའི་སྡེ་ཚན་གྱིས་ངེས་པར་བཟུང་བ་དོན་ཏོ།། ་པ་ཏོ་ལ་ནི་ཞོམ་ཞིང་ཚིམ་པར་བྱེད་པ་དང། སྲིན་ནད་སེལ་ཅིང་འཇོམས་པ་དང། ཞུ་རྗེས་མངར་བ་སྟེ། ཞུ་བའི་རྗེས་མངར་བ་དང། ཤིན་ཏུ་ཡི་ག་འབྱེད་པར་བྱེད་པ་ཡིན་ནོ། །འབྲི་ཧ་ཏི་གཉིས་མཁྲིས་བསྐྱེད་འཁྲུ། །དྲོད་བསྐྱེད་རླུང་ནི་འཇོམས་པ་ཡིན ་ཞེས་བྱ་བ་ལ། པྲ་ཧེ་ཏི་གཉིས་ལ་གཅིག་ནི་སྦོམ་མོ། །བྲ་ཧི་ཏི་ཞེས་བྱ་བ་ཡིན་ལ། གཉིས་པ་ནི་ཀཎྜ་ཀཱ་རེ་ཞེས་བྱ་བ་སྟེ། མིང་གཞན་ཀཤུ་ཏ་ཅེས་བྱའོ། །བྲེ་ཧ་ཏི་གཉི་ག་ཡང་མཁྲིས་པ་འཁྲུག་ཅིང་སྐྱེད་པར་བྱེད་པ་དང། དེ་བཞིན་དུ་མེ་དྲོད་བསྐྱེད་པ ་དང། ཁོང་འཁྲུ་བ་དང། རླུང་འཇོམས་ཤིང་སེལ་བ་ཡིན་ནོ། །བྲི་ཤན་བློན་དང་ལུད་པ་འཇོམས། །ཁྲག་མཁྲིས་སེལ་བའི་དམ་པ་ཡིན་ཞེས་བྱ་བ་ལ་བྲི་ཤམ་ནི་ཤ་པ་ཀ་ཏེ། དེ་ནི་སློན་ཅིང་སྐྱུག་བྲེལ་དང། ལུད་བ་འཇོམས་པ་དང། དེ་བཞིན་དུ ་ཁྲག་དང་མཁྲིས་པ་ཤིན་ཏུ་སེལ་པའི་མཆོག་དམ་པ་ཡིན་ནོ། །ཀ་ར་བེ་ལམ་ཁ་བ་དང། དྲོད་བསྐྱེད་བད་ཀན་སེལ་མཆོག་ཡིན་ཞེས་བྱ་བ་ལ། ཀ་ར་བེ་ལཾ་བ་སྟེ། ཅུང་ཟད་ཁ་བ་དང། ཕོ་བའི་མེ་དྲོད་བསྐྱེད་པ་དང། དེ་བཞིན་དུ་བད་ཀན་སེལ་ཅིང་འཇོམས ་བའི་མཆོག་ཡིན་ནོ། །བརྟ་ཀིའི་རོ་ཚ་ཞིང། ག་མངར་བྲོ་བད་ཀན་རླུང་དག་སེལ། །ལན་ཚྭ་བཅས་པ་མེ་དྲོད་བསྐྱེད། །ཅེས་བྱ་བ་ལ། བརྟ་ཀ་ཞེས་བྱ་བ་མིང་གཞན་བེན་དང་ཞེས་བྱ་བའི་ཚོད་མ་ནི་རོ་ཚ་ཞིང་ཁ་བ་དང། མངར་བ་དང་དྲོ་བའི་ནུས་པ་དང ་ལྡན་པ་དང། བད་ཀན་དང་རླུང་འཇོས་ཤིང་སེལ་བ་དང། ལན་ཚར་བཅས་པ་སྟེ། ཅུང་ཟད་ལན་ཚྭ་བྲོ?་བ་དང། མེའི་དྲོད་སྐྱེ་བར་བྱེད་པ་དང། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང། ཟས་ལེན་ཅིང་ཡི་ག་འབྱེད་པར་བྱེད་པ་ཡིན་པ་དང། མཁྲིས་པ་མི་སྐྱེད་ཅེས་པ ་མཁྲིས་པ་ལ་མི་གནོད་པ་ཡིན་ནོ། །ཀ་རི་ར་ནི་སྤོས་བྱེད་ཅིང། །རོ་བསྐ་མངར་ཞིང་ཁ་བ་ཡིན་ཞེས་བྱ་བ་ལ། ཀ་རི་རའི་ཚོད་མ་ནི་ལྟོ་སྤོས་པར་བྱེད་པ་དང། དེ་བཞིན་དུ་རོ་བསྐ་བ་དང། མངར་བ་དང་ཁ་བ་ཡིན་ནོ། །ཀོ་ཤ་ཏ་ཀ་བལྒུ་ཛ། །འཁྲུ་ཞིང་དྲོད་ནི ་སྐྱེད་བྱེད་ཡིན་ཞེས་བྱ་ག་ཀོ་ཤ་ཀ་ནི་ཨ་བ་མ་དཀའ་ཨོ། ། བལྒུ་ཛ་ནི་སོ་མར་ཛའོ། །དེ་དག་ནི་གཤང་གཅི་སླ་ཞིང་འཁྲུ་བར་བྱེད་པ་དང། དྲོད་སྐྱེད་པར་བྱེས?་པ་ཡིན་ནོ། །ཏནྟུ་ལ་བསིལ་རྩུབ་པ་དང། རོ་མངར་ཞུ་རྫས་མངར་ཞིང་ཡན་ཆད་ནད་མཁྲིས་ནད་དུག་ཁྲག་སེལ ་ཞེས་བྱ་བ་ལ། ཏནྟུ་ལ་ནི་པེའུ་ལི་ཏི། དེ་ནི་བསིལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །མུཉྫ་ལས་བྱུང་རླུང་མཁྲིས་སེལ། །སྣུམ་བསིལ་ལྕི་ཞིང་མངར་བ་དང། ལུས་རྟས་ཁུ་བ་འཕེལ་བའི་མཆོག་ཅེས་བྱ་བ་ནི། རྩ་མུཉྫ་ལས་བྱས་པའི་ཚོད་མ་ནི་རླུང་ལ་སོགས ་བསེལ་བའི་མཆོག་ཡིན་ནོ། །པལཀྵ་ལྕི་འཁྲུ་བར་བྱེད་ཅེས་བྱ་བ་ལ། པལཀྵའི་ཚོད་མ་ནི་ལྕི་བའི་ཡོན་ཏན་དང་ལྡན་པས་ན་ཁོང་འཁྲུ་བར་བྱེད་པའོ། །ུ་པོ་ཏ་ཀ་ཆང་ནད་འཇོམས་ཤེས་བྱ་བ་ལ། ཨུ་པོ་ཏ་ཀ་ར་ནི་པ་ཏ་ཀི་ཏེ། དེས་ནི་ཆང་གིས་མྱོས་པ་འཇོམས ་ཤིང་ལྕི་བ་དང་འཁྲུ་བ་ཡིན་ནོ། །ཙུ་ཙུ་པལཀྵ་འདྲ་ལས། །དེ་ནི་འཁྲུ་གཅོད་བདག་ཉིད་ཅན་ཞེས་བྱ་བ་ལ། ཙུ་ཙུའི་མཚོད་མའི་ཡོན་ཏན་ནི་པལཀྵ་དང་འདྲ་ལས། དེ་ནི་ཡང་ཡོན་ཏན་འཁྲུ་བ་གཅོད་པའི་བདག་ཉིད་ཅན་ཡིན་གྲི། ཁོང་འཁྲུ་བར་བྱེད་པ་ནི ་མ་ཡིན་ཏེ། ལྕེ་བའི་ཡོན་ཏན་ཙམ་མཐུན་པ་ཡིན་ནོ། །བི་ད་རི་ནི?་རླུང་མཁྲིས་སེལ། །གཅིན་མང་མངར་ཞིང་བསིལ་བ་ཡིན། འཚོ་བར་བྱེད་ཅིང་ལྐོག་ནད་སེལ་བ་ལུས་རྟའི་རོ་ཙ་ལྕི་གཅུང་ལེན། །ཞེས་བྱ་བ་ལ་བི་ད་རི་ནི་མིང་གི་རྣམ་གྲངས། །སྲི་ག་ལི་ཁ་ཞེས་བྱ ་བ་ཡིན་ལ། དེ་ནི་རླུང་མཁྲིས་སེལ་བ་ལ་སོགས་པའི་ཡོན་ཏན་བྱེད་པ་དང། འཚོ་བར་བྱེད་པ་ཞེས་བྱ་བ་དང་མདངས་འཕེལ་ཞིང་ལུས་ཟུངས་སྙོམས་པར་བྱེད་པ་དང། ལྡོག་ནད་སེལ་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །ཛཱི་བནྟི་མངར་བསིལ་བ་དང། མིག་ལ་ཕན ་ཞིང་ཉེས་གསུམ་སེལ་ཞེས་བྱ་བ་ལ། ཛཱི་བནྟི་འི་ཚོད་མ་ནི་མངར་ཞིང་བསིལ་བའི་ནུས་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ཀུསྨ་ཎྜ་བུཾ་ཤ་ཀ་ལིམ། ཀརྐཾ་དང་ནི་ཨེ་རྦ་མུ?་?་?་ཞེས་བྱ་བ་དང། དི་ནདིས་དང་ག་གནོ་དང་ཙི་ན་ཀ་དང་ཙིརྦ་ཏ། །བད་རླུང་བསྐྱེད་ཅིང་འཁྲུ་གཅིན་མང། །གཤད་སྲི་ལྕི ་ཞིང་ཞུ་རྗེས་མངར། །ཞེས་བྱ་བ་ལ། ཀུསྨཎྜ་ལ་སོགས་པའི་ཚོད་མ་ནི། རླུང་དང་བད་ཀན་གཉིས་སྐྱེད་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་ཀུསྨཎྜ་ནི་པུ་ཤ་ཕ་ལ་ཞེས་བྱ་བ་ཀུ་བ་འདྲ་བ་ལ། ནང་ས་བོན་མང་པོས་གང་བའོ། །བུཾ་ཤ་ནི་ཀུ་བའི་ཤའོ།། ་ཀ་ལིངཀ་དང་ཀརྐ་དང། །ེརྦ་རུ་དང། ལོ་མ་ཤིང་ག་གོན་གྱི་རྣམ་གྲངས་ཡིན་ནོ། །འཁྲི་ཤིང་འབྲས་བུའི་ནང་ན་མཆོག་།ཀུསྨཎྜ་སྟེ་རླུང་མཁྲིས་སེལ། །གཅིན་ནད་སེལ་ཅིང་རོ་ཙར་བྱེད་ཅེས་བྱ་བ་ལ། ཀུ་བ་ལ་སོགས་པ་འཁྲི་ཤིང་ལ་བརྟེན་ཏེ། སྐྱེས་པའི་འབྲས་བུ་རྣམས ་ཀྱི་མཆོག་ནི་ཀུསྨཎྜ་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པ་སེལ་བའི་དམ་པ་ཡིན་པ་དང། གཅིན་ནད་ཀྱི་རྒྱུན་ལམ་སྦྱོར་ཞིང་སེལ་བར་བྱེད་པ་དང། རོ་ཙ་བ་ཡིན་ནོ། །ག་གོན་ཤིན་ཏུ་གཅིན་མང་ཡིན་ཞེས་བྱ་བ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནང་ན། ག་གོན་ནི? ་མཆོག་ཏུ་གཅིན་མང་བ་ཡིན་ནོ། །ཀུ་བ་ཤིན་ཏུ་རྩུབ་པ་ཡིན་ཞེས་བྱ་བ་ནི་འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནད་ན། ཀུ་བ་ནི་པ་ཤིན་ཏུ་རྩུབ་པ་ཡིན་ནོ། །ཀ་ལིངྒ་དང་ཨེརྦ་རུ། །ཙིརྤི་མཁྲིག་གཞོན་མཁྲིས་སེལ་བསིལ། །སྨིན་བ་དེ་ལས་གཞན་དུ་བྱེད། །འབྲས་བུ་ལུང་སྙིང་ལན་ཚྭར ་བཅས། མཁྲིས་བསྐྱེད་བད་ཀན་རླུང་ནད་སེལ། །ཡི་ག་འབྱེ་ཞིང་དྲ་ཡིད་འོང། ཧེན་ལངས་ལྟོ་སྦོས་སེལ་ཞིང་ཡང། །ཞེས་བྱ་བ་ལ། ཀ་ལིང་ཀ་རང་ཨེརྦ་རུང་ཤ་ཙིརྦི་ར་ནི་མཁྲག་པ་སྟེ། །བཤང་བ་ལ་སོགས་པ་སྲི་ཞིང་འབྱུང་བ་དཀའ་བར་བྱས་པ་ཡིན་ནོ། །དེ་བཞིན་དུ ་གཞོན་ཞེས་པ་མ་ཡིན་ཞིང་རོ་དང་ནུས་པ་དང། སྨིན་པ་མ་རྫོགས་ཤིང་དང་པོ་སྐྱེས་པའི་གཞོན་ནུ་ནི་མཁྲིས་པ་སེལ་བ་ཡིན་ལ། ནུས་པ་ནི་བསིལ་བ་ཡིན་ནོ། །སྨིན་པ་ནི་དེ་ལས་གཞན་དུ་བྱེད་པར་ཤེས་པར་བྱ་སྟེ། །མཁྲིས་པ་བསྐྱེད་པ་དང་ནུས་པ་ཚ་བ་ཡིན་ནོ།། ་དེས་ན་གཞོན་ནུ་ལས་གོ་བཟློག་པར་ཤེས་པར་བྱའོ། །འབྲས་བུ་རྙིངས་པ་ནི་འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ལུང་སྟེ། གང་ན་ག་འ་དཀ?་འམ། ཨེརྦ་རུ་འམ། ཙིརྦི་ར་དེ་གསུམ་གྱི་ལུང་དེངས་ཤིང་རྙིངས་པར་གྱུར་པ་སྨིན་པ་ལས་ཀྱང་ཐལ་བར་གྱུར་པ་དེ་ནི་ལན་ཚར ་བཅས་ཞེས་བྱ་བ་ཅུང་ཟད་ལན?་འབྲོ?་བ་དང། དེ་བཞིན་དུ་མཁྲིས་པ་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཧེན་ལངས་ཤིང་ལྟོ་སྤོས་པ་ནི་ནད་ན་མདུད་པར་འཆས་པར་སྙམ་བྱེད་ཅིང་གྱེན་དུ་ལྡང་ལ་ཁྲུག?་གཟེར་དང་བཅས་པས་ཤིང་མཁན་གྱི ་ཐོ་བ་ལྟ་བུ་སྐྱེས་པ་སྙམ་བྱེད་པ་སྟེ། དེ་ནི་ཧེན་ལངས་ཤིང་ལྟོ་སྤོས་པའི་རང་གཞིའི་སྐབས་ནད་བཤད་པ་ཡིན་ནོ། །དེ་ཡང་གཞུང་གཞན་དག་ལས། ཐོ་བ་ལྟ་བུར་སྲར་གྱུར་ཅིང། །གྱེན་དུ་རྒྱ་ཆེར་ལྡང་བ་དག་།རླུང་གི་ལྟོ་སྤོས་ཞེས་བྱ་སྟེ། །ཕྱིར་འབྱུང་ལམ་ནི ་འགེགས་བྱེད་ཡིན་ཞེས་བཤད་པ་ཡིན་ནོ། །པད་རྩ་རྩ་བ་ཨུཏཔལ་རྩ། ཀུ་མུ་ཨུད་པ་ལ་ཆུ་བ་དང། །ཆུས་པ་ཤ་ཀ་ལུ་ཌ་དང། སྲིངྒ་ད་ཀ་ཤ་རུ་ཀ། ཀྲོནྫ་ད་ན་ཀ་ལོ་རྟྱ་ཙུབ་ཅིང་བཤང་སྲི་བསིལ་ཞིང་ལྕི་ཞེས་བྱ་བ་ལ། པདྨའི་རྩ་ལག་གི་སྡོང་པོ་ནས་ཀ ་ལོ་རྟྱའི་བར་གྱི་ཚོད་མ་ནི་རྩུབ་པའི་ཡོན་ཏན་དང་ལྡན་པས་ན་རྩུབ་པའོ། །བཤད་པ་སྲི་བ་ནི་འཁྲུ་བ་ལས་གོ་བཟློག་པའོ། །དེ་ཡང་སྨན་དཔྱད་ཀྱི་ལུང་ལས། གཤང་ལ་སོགས་པ་འཇིག་བྱེད་ཅིང། །གོང་པོ་མེད་ཅེས་གང་དེ་འཁྲུ། །དེ་ལས་བཟློག་པ་བཤད ་འགགས་ཏེ། །དེ་ནི་སྲི་བ་ཞེས་བྱད་བཤད་ཅེས་བཤད་པ་ཡིན་ནོ། །བསིལ་པ་ནི་ནུས་པའོ། །ལྕི་བ་ནི་ཡིན་ནོ། །པདྨའི་རྩ་ལག་ནི་པདྨའི་རྩ་བ་ཕྲ་མོའོ། །གཞན་དག་ནི་པདྨའི་རྩ་བའི་མྱུ་གུ་ཡིན་ནོ་ཞེས་ཟེར་རོ། །པདྨའི་རྩ་བ་དེ་ཉིད་ཀྱི་སྦོམ་པོ་ནི་པདྨའི་རྩ་བའོ། ། ་ཤ་ལུ་ཀ་ནི་པདྨའི་རྩ་བ་ཉིད་དོ། །ུཏཔལ་དར་ཀུ་མུ་དའི་རྩ་བ་དང། ཆུ་བ་གང་ཡིན་པ་དེ་ནི་ཀུན་ནས་ཁྱབ་པར་གནས་པའོ། །ཀ་ལོ་ད་ནི་ཨུཏཔ་ལ་ཐུང་ངོ། །ཀྲོཉྫ་ད་ན་ནི་ཀནྟ་ལའོ། །དེ་དག་ནི་རྩུབ་པ་དང་བཤང་གཅི་འགག་ཅིང་སྲི་བ་དང། བསིལ་ཞིང ་ལྕི་བ་ཡིན་ནོ། །ཀ་ལཾ་བ་དང་ནི་ལི་ཀ་།མར་ཤེས་ཞེས་ནི་བྱ་བ་དང། །ཀུན་ཏིཉྫ་ར་ཀུ་ར་ག། སེང་ཕྲོམ་ཡུང་མ་ལོ་མིག། །རུཀ་ག་བེ་རུ། །འཚོ་བྱེད་དང་ནི་ཛུཉྫུ་ཏ་དང། །ེཛ་ག་ཛ་དག་དང་ནི། །ཡ་བ་ཤ་ཀ་ལྕམ་པ་དང། ། ལུ་ཀ་སོགས ་ཐམས་ཅད་དང། །སྲན་ལོ་ཤིང་མངར་ལོ་མ་དག་།མངར་ཞིང་རྩུབ་ལ་ལན་ཚྭ་བྲོ། བད་ཀན་རླུང་བསྐྱེད་ལྕི་བ་དང་ཁ་སིལ་ཞིང་བཤང་གཅི་འབྱུང་སླ་བྱེད། །ཕལ་ཆེར་ཞུ་ནས་གཤང་གཅི་མཁྲེགས། །ཚོས་ཤིང་ཁུ་བ་ལེགས་བཅིང་ནས། །མར་ཆེར་བཏབ ་པ་ཉེས་མི་སྐྱེད། །ཅེས་བྱ་བ་ལ། ཀ་ལམ་བ་ནས་ནགས་མའི་བར་གྱི་ཚོད་མ་ནི་རོ་མངར་བ་དང། རྩུབ་པའི་ཡོན་ཏན་དང་ལྡན་པ་དང། ཅུང་ཟད་ལན་ཚྭ་བྲོ་བ་དང། །བད་ཀན་སྐྱེད་པར་བྱེད་པ་དང། དེ་བཞིན་དུ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། ་ཕལ་ཚོན?་ཞེས་པ་མང་དུ་སྟེ། འདི་དག་ནི་ནང་ནས་ཚོད་མའི་ཁྱད་པར་ལ་ཡིན་རང་བཞིན་འདི་ལྟ་བུ་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་སྒྲ་སྨོས་པ་ཡིན་ནོ། །ཡང་ཀ་ལམ་བ་ལ་སོགས་པའི་ཚོད་མ་དེ་རྣམས་ཀྱང། ཚོས་ཞིང་ཞེས་པ་ལགས ་པར་ཚོས་པར་བྱས་པ་དང། དེ་བཞིན་དུ་ཁུ་བ་ལེགས་པར་བཙིར་བ་ཞེས་བྱ་བ། ཚོས་པར་བྱས་པའི་འོག་ཏུ་ལག་པས་ཁུ་བ་ལེགས་པར་བཙིར་བ་དེ་ལ་དེ་སྐད་ཅེས་བྱའོ། །མར་ཚོར་བཏབ་པ་ཞེས་བྱ་བ་ནི་སྣུམ་ཤས་ཆེར་བཏབ་པ་དང ་ལྡན་པའོ། །ཉེས་མི་སྐྱེ་ཅེས་བྱ་བ་ནི་ན་དཱ་བྱི་ཉེས་པ་རྣམས་ཤིན་ཏུ་བསྐྱེད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །འདི་རྣམས་ཀྱང་མིང་གི་རྣམ་གྲངས་དང། ཡུལ་ཡུལ་གྱི་སྐད་དག་ལས་ཤེས་པར་བྱའོ། །འོན་ཀྱང་འདིར ་ཅུང་ཟད་ཅིག་བཤད་པར་བྱ་སྟེ། ཀ་ལཾ་བག?་ནི། ལག་སྐྱེས་བ། ཀ་ལི་ཀ་ཅེས་བྱའོ། །མར་ཤ་ནི་གན་ད་རི་ཞེས་བྱའོ། །ཀུནྟི་ཉྫ་ར་ནི་འབྲས་བུ་ལས་ཚོད་མར་བྱས་པའོ། །སེང་ཕྲོམ་ནི་ཤ་བ་ར་པ་ཏ་སྟེ། རོ་ངོ་འོ་ལ་མ་ནི་ཀ་ནི་ཁ་ཙེ་ནཱ་ལོ ་??་པ་ཞེས་གྲགས་པའོ། །ཀུ་རུ་ད་ཀ་ནི་འབྲས་བུ་ཕྲ་མོ་སྟེ། ཤི་ཏི་བ་ར་ཞེས་བྱ་བའོ། །ག་བེ་དུ་ནི་འབྲུའི་བྱེ་བྲག་ཅིག་གོ་།འཚོ་བྱེད་ནི་ཛི་བཱནྟི་འོ། །ཛུ་ཛུ་ནི་ཛི་ནའོ། །ེ་ཊ་ག་ཟ་ནི་པུ་ན་ལའོ། །ཡབ་ཤ་ཀ་ནི་ནས་ཀྱི་ནང་ནས་སྐྱེ་བ་ཀུན་ལ། རྒྱ་སྣེའུའི་ཁྱད་པར་གྱི་སྣེའུ་ཚོད་དོ། །ལྕཾ ་པ་ནི་གྲགས་པར་ཟད་དོ། ། ལུ་ཀ་ནི་རྣམ་པ་མང་སྟེ། ཨ་ལུ་ཀ་དམར་པོ་དང། ཨ་ལུ་ཀ་ཟླུཾ་བུ་དང། ཨ་ལུ་ཀ་ལྗང་གུ་དང། ཨ་ལི་ཀ་དམར་པོའོ། །སན་ལོ་ནི་སོན་སྲན་རྡེའུ་ལ་སོགས་པའི་འབྲུར་གཏོགས་པའི་འདབ་མའོ། །ཤིང་མངར་གྱི་ལོ་མ་ནི་ལ ་ཤལན?་ཞེས་བྱའོ། །སེང་ཕྲོམ་འདབ་མ་ཞེས་བྱ་བ་དང། །དེ་ནི་རྒྱ་སྣེའུ་དང་འདྲར་འདོད་ཅེས་བྱ་བ་ལ། སོང་ཕྲོམ་ཞེས་བྱ་བ་ཙི་པ་ལི་ལོ་འདབ་ཕྲ་མོ་ཡོད་པའི་ཚོད་མ་དེ་ནི་ཡོན་ཏན་རྒྱ་སྣེའུ་དང་ཡོན་ཏན་གྱི་ཆ་འདྲ་བར་འདོད་དེ། །རྒྱ་སྣེའུ་དང་ཡོན་ཏན་གྱི་ཆ་འདྲ་བའོ། ་ཏརྐ་རི་བ་རན་མངར། ཁ་བཅས་རླུང་དང་བད་ཀན་སེལ་ཞེས་བྱ་བ་ལ། ཏརྐ་རི་ཞེས་བྱ་བ་ནི་ཨགནི་མནྠའོ། །བ་ར་ན་ནི་ཏ་མ་ལ་སྟེ། དེ་གཉིས་ཀྱི་ཚོད་མ་ནི་མངར་ཞིང་ཞིམ་པ་དང། ཁ་བཅས་ཞེས་བྱ་བ་ཅུང་ཟད་ཁ་བྲོ་བ་དང། རླུང་དང་བད་ཀན་དག་སེལ་བར་བྱེད ་པ་ཡིན་ནོ། །པུ་ཎར་རྣམ་གཉིས་ཀ་ལ་ཤ། ཅུང་ཟད་ཚྭ་བྲོ་ཁ་ཞིང་ཚ། །དྲོད་བསྐྱེད་ཁོང་འཁྲུ་སྦྱར་དུག་དང། །འོར་ནད་བད་ཀན་རླུང་ནད་འཇོམས་ཞེས་བྱ་བ་ལ། པུ་ཎར་རྣམ་གཉིས་ཞེས་བྱ་བ་ནི། སྔོན་པོ་དང། དམར་པོའོ། །ཀ་ལ་ཤ་ཀ་ནི་ཨུཏཔ་ལའི ་ཚོད་མ་འདྲ་བ་སྟེ། དེ་གསུམ་ཆར་ཡང་ཅུང་ཟད་ལན་ཚྭ་བྲོ་བ་དང། རོ་ཁ་དང་ཚ་བ་ཡིན་ཞིང་ཕོ་བའི་མེ་དྲོད་བསྐྱེད་པ་དང། བཤང་གཅི་སླ་ཞིང་འཁྲུ་བར་བྱེད་པ་དང། དེ་བཞིན་དུ་སྦྱར་བའི་དུག་ལ་སོགས་པ་འཇོམས་པ་ཡིན་ནོ། །ཅི་བི་ར་ཡི་མྱུ་གུ་ནི། །དྲོད་བསྐྱེད ་རླུང་དང་བད་སེལ་འཁྲུ་ཞེས་བྱ་བ་ལ། ཅི་བི་ར་ནི་ཀ་པའ?་ཉྫ་སྟེ། མིང་གི་རྣམ་གྲངས་པྲ་ཀིརྟྱ་ཞེས་བྱ་བའོ། །དེའི་མྱུ་གུ་ནི་མྱུ་གུར་འཐོན་པའོ། །དེ་ནི་མེའི་དྲོད་བསྐྱེད་ཅིང་རླུང་དང་བད་ཀན་གཉིས་སེལ་འཁྲུ་བར་བྱེད་པ་ཡིན་ནོ། །ཉེར་ཤིང་མྱུ་གུ་ལ་བ་སྟེ། རོ་ཙ་ཉེས་གསུམ ་སེལ་བ་ཡིན་ཞེས་བྱ་བ་ལ། ཉེར་ཤིང་ཞེས་བ་ཤ་ཏ་པ་རིའི་མྱུ་གུ་ནི་ཁ་བ་དང། རོ་ཙ་ཞིང་ཁུ་བ་འཕེལ་བ་དང། ཉེས་པ་གསུམ་པོ་རླུང་དང་མཁྲིས་པ་དང། བད་ཀན་སེལ་ཞིང་འཇོམ་པ་ཡིན་ནོ། །སྨྱིག་མའི་སྨྱུ་གུ་རྩུབ་པ་དང། །ཁོང་ཚ་རླུང ་དང་མཁྲིས་པ་བསྐྱེད་ཅེས་བྱ་བ་ལ། སྨྱིག་མའི་མྱུ་གུ་ནི་སྨིག་མའི་ཁྱི་གུ་སེར་འཐོན་པོའི་མྱུ་གུ་དེ། དེ་ནི་རྩུབ་བ་དང། ཁོད་པ་ཟ་བར་བྱེད་པ་དང། རླུང་དང་མཁྲིས་པ་སྐྱེ་བར་བྱེད་པ་མིན་ནོ། །བ་དུར་ནི་དྲོད་བསྐྱེད་ཁ་མཆེར་བ་གཞང་འབྲུམ་བད ་རླུང་སེལ་ཞེས་བྱ་བ་ལ། བ་ཏུ་ར་ནི་ཉ་མིག་ལྟ་བུའི་སྨན་མི་ཊསྱཱ་ཀྵ་ཞེས་བྱ་བའོ། །དེ་ནི་མེའི་དྲོད་བསྐྱེད་པ་དང་རོ་ཁ་བ་དང། མཆེར་བ་ལ་སོགས་པའི་ནད་སེལ་བ་ཡིན་ནོ། །ཀ་ས་མརྡྷ་སྲིན་ལུད་པ། །བད་ཀན་སེལ་ཅིང་ཞུ་བྱེད་འཁྲུ་ཞེས་བྱ་བ་ལ། ཀ་སར ་མརྡྷ་ཀནི་ཤུདྡྷི་ཞེས་བྱ་བ་སྟེ། དེ་ནི་སྲིན་ནད་དང་ལུད་པ་དང་བད་ཀན་སེལ་བར་བྱེད་ཅིང་ནད་རྣམས་ཞུ་བར་བྱེད་པ་དང། འཁྲུ་བར་བྱེད་པ་ཡིན་ནོ། །ལེ་བརྒན་རྩི་ཚོད་རྩུབ་སྐྱུར་ཚ། །ལྕི་ཞིང་མཁྲིས་པ་བསྐྱེད་ལ་འཁྲུ་ཞེས་བྱ་བ་ལ་ལེ་བརྒན་རྩི་ཞེས་བྱ ་བ་ཀུ་སུཾ་བྷའི་ཚོད་མ་ནི་རྩུབ་པ་དང་རོ་སྐྱུར་བ་དང་ནུས་པ་ཚ་བ་དང་ལྕི་བ་ཡིན་ཞིང་མཁྲིས་པ་བསྐྱེད་ལ་ཁོང་འཁྲུ་བར་བྱེད་པ་ཡིན་ནོ། །ཡངས་དཀར་ཚོད་མ་ལྕི་ཞིང་ཚ་བཤད་དང་གཅི་འགག་ཉེས་ཀུན་བསྐྱེད་ཅེས་བྱ་བ་ལ། ཡུངས་ཀར ་གྱི་ལོ་མའི་ཚོད་མ་ནི་ལྕི་ཞིང་ཆ་བ་དང། བཤང་བ་དང། གཅི་བ་གཉིས་འགག་ཤིང་སྲི་བར་བྱེད་པ་དང། ཉེས་པ་གསུམ་པོ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ནོ། །ལ་ཕུག་གཞོན་ནུ་རོ་མི་བསལ?། ཅུང་ཟད་ཚྭ་བྲོ་ཁ་དང་བཅས། །གང ་ཡིན་དེ་ནི་ཉེས་ཀུན་སེལ། །ཡང་ཞིང་ཅུང་ཟད་ཚྭ་བ་དང། །སྐྲན་དང་ལུས་གཅོད་དབུགས་མི་བདེ། །རྨ་དང་མིག་ནད་ལྐོག་ནད་སེལ། །སྐད་འགག་དྲོད་ཆུང་རྟུག་སྐམས་དང། ཚམ་པའི་ནད་ནི་འཇོམས་པ་ཡིན་ཞེས་བྱ་བ་ལ། ལ་ཕུག་གང་གཞོན ་ཞིང་ནར་ལ་སོན་ལ། སྐྱེས་ནས་རིང་པོ་མ་ལོན་པ་དང། རོ་མི་བསལ་བ་སྟེ། མངར་བ་ལ་སོགས་པའི་རོ་གསལ་བར་མ་གྱུར་ཅིང། ཅུང་ཟད་ལན་ཚྭ་བྲོ་བ་དང། ཁ་བ་དང་བཅས་ཞེས་པ་ཅུང་ཟད་རོ་ཁ་བག་ཡོད་པ་དེའི་ལ་ཕུག་དེ་ནི་ཉེས་པ་ཀུན་སེལ་ཞེས་པ། ཉེས་པ་གསུམ ་ཆར་སེལ་བ་དང། ཡང་བ་དང་ཅུང་ཟད་ཚ་ཞིང་དྲོད་སྐྱེད་པ་དང། དེ་བཞིན་དུ་སྐྲན?་ལ་སོགས་པ་འཇོམས་ཤིང་སེལ་བ་ཡིན་ནོ། །ནར་སོན་རོ་དང་ཞུ་རྗེས་ཚ། །དྲོད་སྐྱེད་བྱེད་ཅིང་ཉེས་གསུམ་བསྐྱེད་བད་ཀན་བསྐྱེད་ལྕི་ཞེས་བྱ་བ་ལ། གང་ལ་ཕུག་སྡོམ་ཞིང་ནར ་སོན་ལ་གོས་པ་དེ་ནི་དོ་དང་ཞུ་བའི་རྗེས་ཚ་བ་ཡིན་པ་དང། དེ་བཞིན་དུ་དྲོད་སྐྱེད་པའི་ནུས་པ་ཡོད་པ་དང། ཉེས་པ་གསུམ་ཆར་བསྐྱེད་པ་དང། མཆོག་ཏུ་ཡང་བད་ཀན་བསྐྱེད་ཅིང་ལྕི་བ་ཡིན་ནོ། །བཙོས་པ་ནི་སྣུམ་ཞིང་དེ་ཡང་རླུང་སེལ་ཞེས་བྱ་བ་ལ ་ལ་ཕུག་ཆེན་པོ་ནར་སོན་པ་དེ་མར་དང་ཤ་ལ་སོགས་པར་བཅོས་ཤིང་བརྔོས་པ་དེ་ནི་སྣུམ་ཞིང་རླུང་སེལ་བར་བྱེད་པ་ཡིན་ནོ། །སྐམ་པོ་རླུང་དང་བད་ཀན་སེལ་ཞེས་བྱ་བ་ནི། །ལ་ཕུག་དེ་ནར་སོན་པ་དང། མ་སོན་པ་དེ་གཉིས་ག་ཡང་བསྐམས་པར་གྱུར་པའི ་ཚོད་མ་ནི་རླུང་དང་བད་ཀན་འཇོམས་ཤིང་སེལ་བ་ཡིན་ནོ། །རྗེན་པ་ཐམས་ཅད་ཉེས་བསྐྱེད་ཡིན་ནོ་ཞེས་བྱ་བ་ལ། ལ་ཕུག་དེ་གཞོན་བ་དང་ནར་སོན་བ་དང། སྐམ་པོ་དང་རློན་པ་ཡང་རུང་སྟེ། རྗེན་པ་ཞེས་བྱ་བ་མེས་བཅོས་པ་མ་བྱས་པ་ཐམས་ཅད་ནི་ཉེས ་བསྐྱེད་ཡིན་ཞེས་བྱ་བ་ཉེས་པ་གསུམ་ཆར་བསྐྱེད་པར་ཡིན་ནོ། །ཉུང་མ་ཚེ་ཞིང་དྲོ་བ་དང། །བད་ཀན་རླུང་སེལ་མཁྲིས་པ་བསྐྱེད་ཅེས་བྱ་བ་ནི། ཉུང་མ་དག་ནི་རོ་ཅུང་ཟད་ཚ་བ་དང། ནུས་པ་དྲོ་བ་དང། བད་ཀན་དང་རླུང་སེལ་བ་དང། མཁྲིས་པ་བསྐྱེད་པ ་ཡིན་ནོ། །ཀུ་ཐེར་བྱིའུ་རུ་གའི། ཀྲུ་སུ་མུ་ཁ་དང་སྐེ་ཚེ་དང། །བུ་སྲིན་དང་ཕ་ནི་ཚ། །ཛི་ནྠིག་ལེ་དང་ཛཾ་བི་ར། །དེ་ལ་སོགས་པའི་ལྡུམ་རྣམས་ནི། །བཤང་གཅི་སྲ་ཞིང་མེ་དྲོད་བསྐྱེད། །ཁོང་བ་ཚ་ཁ་རྩུབ་ཅིང་དྲོ། །ཡིད་འོང་ལུས་དྲོ་ཡིད་ག་འབྱེད། །མིག་གནོད ་ཁུ་བ་སྲིན་འཇོམས་ནོ། །སྐྲང་བར་བྱེད་དང། ཡང་བ་ཡིན། །ཤནྟ་མཱུ་ལ་མཁྲིས་སེལ་ཞིང། གསིལ་ཞིང་ཞུ་རྗེས་མངར་བ་དང། །རོ་མངར་སྐ་ཞིང་ཁ་བ་སྟེ། བད་ཀན་དག་ཀྱང་སེལ་བར་བཤད། །ཅེས་བྱ་བ་ལ། ཀུ་ཐེར་ལ་སོགས་པའི ་ལྡུམ་དང་རླེན་པ་རྣམས་ནི། བཤང་གཅི་སྲི་ཞིང་བསྒོང་པའི་མཚན་ཉིད་ཅན། །དྲོད་བསྐྱེད་པར་བྱེད་པའི་ནུས་པ་ཡོད་པ་དང། ཁོང་པ་ཚ་ལམ་ལམ་པོར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། སྒྲུང་བར་བྱེད་ཅིང་རང་གི་ཚད་ལས་ལྷག ་བར་བསྐྱེད་པ་དང། ཡང་བ་ཡིན་ནོ། །ཀུ་ཐེ་ར་ནི་ཀ་ཤི་རུ་ཀ་ཞེས་བྱ་བ་འདབ་མ་ཆུང་བ་ཞིག་ཡོད་པ་ཡིན་ནོ། །ཤི་བཀྲུ་ནི་སོ་བཉྫ་ནའོ། །སུ་མུ་ཁ་ནི་བ་ན་ཏིཀྟའོ། །སྐེ་ཚེ་ནི་ཨ་སུ་རའོ། །ཕ་ནི་ཛི་ནི་མ་རི་ཙེ་ཀའོ། །ཛཾ་བི་ར་ནི་ལོ་མ་རྩུབ་ཅེས་བྱ་བ་ནི ་སྐྱུར་རྩི་ཆེན་པོའོ། །ཛི་ནྠ་གི་ལེ་ནི་ཀུ་ཐེ་རའི་དབྱེ་བ་ཨ་རྫ་ཀ་ཞེས་བྱ་བ་འདབ་མ་འཕྲ་བ་ཞིག་གོ་།སོགས་པ་ནི་གཞན་དག་བསྡུ་བའོ། །ལྡུམ་ནི་རྗེན་དང་མིང་གི་རྣམ་གྲངས་སོ། །བྱིའུར་རུག་སྐྱེགས་ལུད་དབུགས་མི་བདེ། །རྩིབ་ལོགས་ཟུགས ་དུག་།བ་མནམ་སེལ་ཞེས་བྱ་བ་ལ། ཀུ་ཐ་རེ་ལ་སོགས་པའི་སྡེ་ཚན་ལས། སུར་ས་བྱིའུ་རུག་པ་ཞེས་བྱ་བ་ནི་སྐྱིགས་བུ་ལ་སོགས་པའི་ནད་འཇོམས་པ་དང། རྩིབས་ལོགས་ཟུག་པ་སྟེ། རྩིབས་ལོགས་ནས་གཟེར་བ་ལ་ཕན་པ་ཡིན་ནོ། །དུག ་ནི་སྦྱར་བ་ལ་སོགས་པའོ། །ཁ་མནམ་པ་ནི་དྲི་ཞིམ་པ་སྟེ། དེ་ཡང་ཁ་ཟས་ལ་སོགས་པ་དང་འབྲེལ་པ་ལས་ཁ་དྲི་མི་ཞིམ་པར་གྱུར་པ་ཏེ། དེ་དག་སེལ་ཏོ། །སུ་མུ་ཁ་ནི་རབ་ཚ་མིན་སྦྱར་དུག་འོར་ནད་སེལ་བ་ཡིན་ཞེས་བྱ་བ་ལ། ཀུ་ཐེ་རའི་སྡེ ་ཚན་གྱི་ནང་ནས། སུ་མུ་ཀ་ནི་རབ་ཏུ་ཚ་བ་མ་ཡིན་ཏེ། དེ་ཡང་སྦྱར་དུག་དང་འོར་ནད་སྐྲད་བག་དུ་གྱུར་པ་སེལ་བ་ཡིན་ནོ། །འུ་སུའི་ལོ་མ་ཁ་ཞིང་མ་དང། །གཅིན་མང་མཁྲིས་པ་བསྐྱེད་མ་ཡིན་ཞེས་བྱ་བ་ལ། འུ་སུའི་ལོ་མ་ནི་ཨརྟི་ཀ་ཞེས་བྱ ་སྟེ། དེ་ནི་ཁ་ཞིང་མངར་བ་ཡིན་པ་དང། གཅིན་མང་པར་བྱེད་པ་ཡིན་ཞིང། མཁྲིས་པ་ནི་བསྐྱེད་པར་བྱེད་པ་མ་ཡིན་ནོ། །སྒོག་སྐྱ་རབ་ཏུ་རྣོ་ཞིང་ཚ། །ཞུ་རྗེས་ཚ་ཞིང་འཁྲུ་བ་དང། ཞིམ་ཞིང་སྐྲ་སྐྱེད་ལྕི་རོ་ཙ། །སྣུམ་ཞིང་དྲོད་སྐྱེད་ཡི་ག་འབྱེད། །ཤ་བཀྲ་མཛེ་སྐྲན ་གཞང་འབྲུམ་དང། གཅིན་ནད་སྲིན་དང་བད་ཀན་རླུང། །སྐྱོགས་བུ་ཆམ་པ་དབུགས་མི་བདེ། །ལུང་པ་སེལ་ཏེ་ཁྲག་མཁྲིས་བསྐྱེད་ཅེས་བྱ་བ་ལ། སྒོག་སྐྱོ་ནི་ར་ས་ན་ཞེས་བྱ་བ་སྟེ། དེ་ནི་རབ་ཏུ་ཤས་ཆེར་ཚ་བ་དང། རྣོ་བ་དང། དེ་བཞིན་དུ་ཞུ་བའི་རྗེས་ཀྱང་རབ ་ཏུ་ཚ་བ་དང། འཁྲུ་པར་བྱེད་པ་དང། ཞིམ་ཞིང་ཡིད་དུ་འོང་བ་དང། སྐྲ་འབྱེ་བ་བསྐྱེད་པ་དང། ལྕི་ཞིང་ཡང་བ་མ་ཡིན་པ་དང། རོ་ཙ་ཞིང་ཁུ་བ་འཕེལ་བ་དང། སྣུམ་པའི་ཡོན་ཏན་དང་ལྡན་པ་དང། དྲོད་བསྐྱེད་པ་ནས་ལུང་པ་སེལ་བའི་བར་གྱི ་ཡོན་ཏན་དང་ལྡན་པ་དང། ཁྲག་དང་མཁྲིས་པ་བསྐྱེད་ཅིག་འཕེལ་པར་བྱེད་པ་ཡིན་ནོ། །ཀུན་དོང་དེ་ལས་ཡོན་ཏན་དམན། །བད་ཀན་བསྐྱེད་མཁྲིས་རབ་མི་བསྐྱེད་ཅེས་བྱ་བ་ལ། ཀུན་དོང་ཞེས་བྱ་བ་ནི་པ་ལཎྜུ་ཞེས་བྱ་བའི། སྒོག་པ་སྟེ། དེ་ནི་དེ་ལ་ཡོན་ཏན ་དམན་ཞེས་བྱ་བ། སྒོག་སྐྱའི་ཡོན་ཏན་ལས་ཆུང་ཞིང་དམན་པ་ཡིན་ནོ། །བད་ཀན་སྐྱེད་པར་བྱེད་ཅིང་མཁྲིས་པ་ནི་ཧ་ཅང་རབ་ཏུ་བསྐྱེད་པར་མི་བྱེད་དོ། །དེའུ་བཙོས་དུག་སྦྱར་ཟོས་པ་ཡིས། །བད་ཀན་རླུང་དང་གཞང་འབྲུམ་སེལ། །རྣོ་ཞིང་རྟུག ་པ་སྲི་བ་དང། དེ་ནི་མཁྲིས་ཅན་ལ་ཕན་མིན་ཞེས་བྱ་བ་ལ། ཀེའུ་གཏུམས་ཤིང་བཙོས་ཏེ་དུག་ཏུ་སྦྱར་བ་དང། དེ་བཞིན་དུ་ཁ་ཟས་སུ་ཟོས་པས་ནི་བད་ཀན་ལ་སོགས་པ་སེལ་བར་བྱེད་པ་དང། རྣོ་བ་དང་རྟུག་པ་སྲི་ཞིང་མཁྲགས་པ་བྱེད་བ་དང། ཀའུ ་དེ་ནི་མཁྲིས་པ་ཅན་གྱི་སྐྱེས་བུ་ལ་ཕན་ཞིང་བདེ་བའི?་བྱེད་དེ། ནད་དེ་སོགས་པའི་རྒྱུར་མི་འགྱུར་བ་ཡིན་ནོ། །སུ་ར་ན་དྲོད་བསྐྱེད་ཟས་ལེན་ཁང་སེལ་དྲི་མ་སྤྱོད་ཞིང་ཡང། །མཆོག་ཏུ་གཞང་འབྲུམ་དག་ལ་ཕན་ཞེས་བྱ་བ་ལ། སུ་ར་ནི་སྡོང་བུའི ་རྣམ་པ་སྒོམ་པ་ཞིག་སྟེ། དེ་ནི་མེ་དྲོད་སྐྱེད་པར་བྱེད་པ་དང། ཁ་ཟས་ལེན་ཅིང་ཡི་ག་འཕྱེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སྤང་ཕྲུམ་ཤིན་ཏུ་ཉེས་བསྐྱེད་ཡིན་ཞེས་བྱ་བ་ལ། ཚོད་མའི་ནང་ནས་སྤང་ཕྲུམ་ནི་ཤིན་ཏུ་ངན་ཅིང ་ཉེས་པ་ཐམས་ཅད་བསྐྱེད་པ་ཡིན་ནོ། །མེ་ཏོག་འདབ་མ་འབྲས་ཡལ་ག། སྡོང་བུ་རིམ་བཞིན་ལྕི་བ་ཡིན་ཞེས་བྱ་བ་ལ། མེ་ཏོག་ལ་སོགས་པའི་ཚོད་མ་དང། ལྷུམ་བུ་རྣམས་ནི་མེ་ཏོག་ལ་སོགས་པའི་རིམ་གྱིས་འོག་མ་ལྕི་བ་ཡིན་ཏེ། མེ ་ཏོག་གི་ཚོད་མ་ལས་ལྟོས་ན་ལོ་འདབ་ཀྱི་ཚོད་མ་ལྕི་བ་ཡིན་ལ། དེ་བས་ནི་འབྲས་བུའི་ཆོད་མ་དང། དེ་བས་ཀྱང་ཡལ་གའི་ཚོད་མ་ལྕི་བ་ཡིན་ནོ། །དེ་བས་སྡུམ་བུའི་ཚོད་མ་ཤིན་ཏུ་ལྕི་བ་ཡིན་ནོ། །ལྡུམ་གྱི་དང་རྗེན་པར་བཟའ་བ་རྣམས ་ལ་ཡང། རིམ་པ་འདི་བཞིན་ཤེས་པར་བྱའོ། །ཚོད་མའི་རབ་མཆོག་མཚོ་བྱེད་ཡིན། །ཡུངས་ཀར་ཚོད་མའི་ཐ་ཆད་ཡིན་ཞེས་བྱ་བ་ལ། པ་ཏ་ལ་སོགས་ཚོད་མའི་སྡེ་ཚན་རྣམས་ཀྱི་ནང་ནས། རབ་མཆོག་ནི་འཚོ་བྱེད་ཅེས་བྱ་བའི ་ཚོད་མ་ཡིན་ལ། ཡུངས་ཀར་གྱི་ལོ་མའི་ཚོད་མ་ཐ་མ་སྟེ་ཀུན་གྱི་ཐ་ཆད་ཡིན་ནོ། །ཚོད་དང་རྣམས་ཀྱི་སྡེ་ཚན་ནོ།། །།ཟས་ཀྱི་ནང་ན་ཤིང་ཏོག་ནི་ཐ་མར་བཟའ་བར་བྱ་བ་ཡིན་པ་དང། དེ་བཞིན་དུ་བཟའ་བ་བྱ་བ་ལ་དགོས་པར་གྱུར ་པ་ཡིན་པས། འདི་དག་སྨོས་པ་ཡིན་ཏེ། རྒུན་འབྲུམ་འབྲས་བུའི་མཆོག་ཡིན་ཏེ། རོ་ཙ་མིག་ཕན་བཤང་གཅིག་སླ། །མངར་ཞིང་ཞུ་རྗེས་སྣུམ་པ་དང། ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི། །རླུང་དང་ཁྲག་མཁྲིས་སེལ་བྱེད་ཅིང། །ཁ་ནང་ཁ་གྲོ ་ཆང་ནད་དང། །སྐོམ་ལུང་ཚ་རིམས་དབུགས་མི་བདེ། །སྐང་འཛེན་གློ་རྡོལ་གློ་གཅོད་སེལ་ཞེས་བྱ་བ་ལ། རྒུན་འབྲུམ་ནི་ཤིང་ཏོག་རྣམས་ཀྱི་ནང་ན་མཆོག་དང་དམ་པར་གྱུར་པ་ཡིན་ལ། དེ་ནི་རོ་ཙ་བ་དང། མིག་ལ་ཕན་པ་ལ་སོགས་པའི ་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཚིག་གི་དོན་ནི་གོ་སླའོ། །བལ་པོ་སེའུ་མངར་མཁྲིས་རྒྱས་དང། ཉེས་པ་གསུམ་པོ་སེལ་བ་ཡིན་ཞེས་བྱ་བ་ལ། བལ་པོ་སེའུ་རོ་མངར་བ་དེ་ནི་མཁྲིས་པ་རྒྱས་ཤིང། ཤས་ཆེར་འཕེལ་བ་དང། རླུང་ལ་སོགས་པའི་ཉེས ་པ་གསུམ་ཆར་ལ་ཡང་ཕན་པ་ཡིན་ནོ། །སྐྱུར་བ་མཁྲིས་པ་སྐྱེད་མིན་ཅུང་དྲོ། །རླུང་དང་བད་ཀན་འཇོམས་པར་བྱེད་ཅེས་བྱ་བ་ལ། བལ་པོ་སེའུ་སྐྱུར་བ་གང་ཡིན་པ་དེ་ནི་སྐྱུར་བ་ཉིད་ཀྱིས་ན། མཁྲིས་པ་སྐྱེད་པར་བྱེད་པ་ཡིན་མོད་གྱི། མཁྲིས་པ་སྐྱེད་མིན་ཞེས ་བྱ་བ་འདིས་དེ་བཀག་པ་ཡིན་ནོ། །ཅུང་དྲོ་ཞེས་པ་འདི་ཤིན་ཏུ་ཚེ་བས་མ་ཡིན་གྱི་ཅུང་ཟད་དྲོ་བའི་དོན་ཏོ། །དེ་ཡང་རླུང་དང་བད་ཀན་གཉིས་ནི་འཇོམས་པར་བྱེད་པ་ཡིན་ནོ། །སེའུ་ཀུན་ཀྱང་ཡིད་འོང་སྣུམ། ཡང་ཞིང་བཤང་སྲ་དྲོད་ཟས་ལེན་ཞེས་བྱ་བ ་ལ། སེའུ་ཀུན་ཀྱང་ཞེས་པ་མངར་པོ་དང། སྐྱུར་པོ་དང། མངར་སྐྱུར་དྲེན་མ་ཐམས་ཅད་ཀྱང། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང། སྣུམ་པ་དང། ཡང་བའི་ཡོན་ཏན་དང་ལྡན་པ་དང། བཤང་བ་སྲ་ཞིང་མཁྲེགས་པ་དང། ཕོ་བའི་མེ་དྲོད་སྐྱེད་པ་དང། འབྲས ་ཆན་ལ་སོགས་པའི་ཟན་ལེན་ཅིང་ཡི་ག་འབྱེད་པ་ཡིན་ནོ། །མོ་ཙ་བྲ་གོ་པ་ནས། རྒྱ་སྔར་པ་རུ་ཤ་ཀ་དང། ཨ་མྲ་ཏ་ལ་ཀ་མར་འབྲས། །ར་ཛ་ད་ན་མ་ནུའི་འབྲས། །རྒྱ་ཤུག་སོ་བི་ར་ཨཾ་ཀོ་ལ། །ཕལྒུ་སླེས་མ་ཏའི་འབྲས་བུ། ཏ་མིལྦ་ཤུ་སྟར་གའི་འབྲས ་མྱུ་གུ་ཅན་དང་རྒྱ་ཁམ་དང། ཨ་རུ་མ་ན་པི་ཡཱལ་འབྲས། །རྟས་བྱེད་ལྕི་ཞིང་བསིལ་བ་ཡིན། །ལུས་ཚ་གློ་རྡོལ་གློ་གཅོད་སེལ། །ཁྲག་དང་མཁྲིས་པ་སྙོམས་པར་བྱེད། །ནུ་རྗེས་མངར་ཞིང་སྣུམ་པ་དང། །བཤང་སྲི་བད་ཀན་ཁུ་བ་འཕེལ་ཞེས ་བྱ་བ་ལ། ཤིང་ཏོག་མོ་ཙ་ནས། པི་ཡཱ་ལའི་བར་གྱི་འབྲས་བུ་རྣམས་ནི་རྟས་པར་བྱེད་པ་སྟེ། ཤ་རྒྱས་པར་བྱེད་པ་དང། དེ་བཞིན་དུ་ལྕི་བ་དང། བསིལ་བའི་ཡོན་ཏན་དང་ལྡན་པ་ཡིན་ཞིང། ལུས་ཚ་བ་དང། གློ་རྡོལ་བ་དང། གཅོད་སེལ་བ ་ཡིན་ནོ། །དེ་ལ་གློ་རྡོལ་བ་ནི། བྲང་གི་ཕྱོགས་ནས་ཁྲག་འབྱུང་ཞིང་རྡོལ་བའོ། །གློ་གཅོང་ནི་ལུས་ཟུངས་ཟད་པ་སྟེ། སྐེམ་ནད་དང། གཅོང་ཆེན་པོ་ཞེས་མིང་གི་རྣམ་པར་གྲགས་པའོ། །དེ་ཡང་སྨན་དཔྱད་ཀྱི་ལུང་ལས་གློ་གཅོང་ཟད་བྱེད ་སྐེམས་བྱེད་དང། ནད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ་ཞེས་བྱ་བཤད་པ་ཡིན་ནོ། །གཞན་དག་ནི་གོ་བར་ཟད་དོ། །ཤིང་ཏོག་ལ་སོགས་མོ་ཙ་ནི་ཆུ་ཤིང་གི་འབྲས་བུའོ། །ར་ཛ་ད་ན་ནི་བ་ར་ན་བྲི་ཡ་ཞེས་བྱའོ། །ཏ་ལའི་འབྲས་བུ་མཁྲིས་བྱེད་འཁྲུ། །ཞེས ་བྱ་བ་ནི། མོ་ཙ་ལ་སོགས་པའི་ཤིང་ཏོག་རྣམས་ཀྱི་ནང་ནས། ཏ་ལའི་འབྲས་བུ་ནི་མཁྲིས་པ་བསྐྱེད་ཅིང་འཕེལ་བར་བྱེད་པ་དང། ཁོང་འཁྲུ་བ་ཡིན་ནོ། །ཀཥྨ་རིའི་འབྲས་བསིལ་དང། །བཤང་གཅི་འགག་པ་སེལ་བྱེད་ཅིང། སྐྲ་བསྐྱེད་ཡིད ་གཞུངས་བཅུད་ལེན་འགྱུར། །ཞེས་བྱ་བ་ལ། ཤིང་ཀཥྨ་རི་འི་འབྲས་བུ་ནི་བསིལ་བའི་ནུས་པ་དང་ལྡན་པ་ནས། བཅུད་ལེན་གྱི་བྱ་བ་བྱེད་པར་འགྱུར་བའི་བར་གྱི་ཡོན་ཏན་དང་ལྡན་པར་གྱུར་བ་ཡིན་ནོ། །པ་ཏ་མ་སོགས་དྲོ ་བ་དང། བད་ཀན་མཁྲིས་པ་སྐྱེད་བྱེད་ཅིང། །འཁྲུ་བ་སྣུམ་ཞིང་མཆོག་ཏུ་རླུང་སྐྱེད་བྱེད་ཅེས་བྱ་བ་ལ། པ་ཏ་མ་ལ་སོགས་པ་ནས། པི་ལ་ཡའི་བར་གྱི་ཤིང་ཐོག་ནི་དྲོ་བའི་ནུས་པ་དང་ལྡན་པ་དང། དེ་བཞིན་དུ་བད་ཀན་དང་མཁྲིས་པ ་བསྐྱེད་ཅིང། ཁོང་བྲལ་སྣུམ་པ་དང། མཆོག་ཏུ་ཤས་ཚ་རླུང་འཕེལ་བར་བྱེད་པ་ཡིན་ནོ། །པི་ལ་ཡའི་འབྲས་ཚ་བ་མིན་ཞེས་བྱ་བ་ལ་པི་ལ་ཡི་འབྲས་བུའི་ཤིང་ཐོག་ནི་ཚ་བ་མིན་ཞེས་བྱ་བ་སྟེ། བསིལ་བའི་ནུས་པ་ཅན་ཡིན་ནོ་ཞེས་བྱ་བའི ་དོན་ཏོ། །པི་ལ་ཡ་ཡི་ཚིག་གུ་མངར། །རོ་ཙ་མཁྲིས་པ་རླུང་ནད་སེལ་ཞེས་བྱ་བ་ལ། པི་ལ་ཡའི་འབྲས་བུའི་ནང་གི་ཚིག་གུ་ནི་རོ་མངར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །རྒྱ་ཤུག་ཚི་གུའི་ཡོན་ཏན་ནི། །དེ་འདྲ་སྐོམ་སློན་ལུང་སེལ་ཡིན། ་རྒྱ་ཤུག་ནང་གི་ཚིག་གུའི་ཡོན་ཏན་ནི་བི་ལ་ཡའི་འབྲས་བུའི་ཡོན་ཏན་དང་ལྡན་པ་བས། དེ་ལས་ལྷག་པའི་ཡོན་ཏན་སྐོམ་ནད་དང། སློན་བྲོ་བ་དང། ལུད་པ་སེལ་བར་བྱེད་པ་ཡིན་ནོ། །བི་ལ་འབྲས་སྨིན་པ་འཇུ་དཀའ་ཞིང། ཉེས་བསྐྱེད་ཕྱེན་ནི་དྲི་ངན་བྱེད་ཅེས་བྱ་བ་ལ ་བིལྦའི་འབྲས་བུའི་སྨིན་པར་གྱུར་པ་ནི་འཇུ་བཀའ་བ་སྟེ། ཡོངས་སུ་འདུ་ཞིང་སྨིན་པར་དཀའ་བ་དང། ཉེས་པ་གསུམ་བསྐྱེད་པ་དང། ཕྱེན་གྱི་དྲི་ང་ཞིང་མནམ་པར་བྱེད་པ་ཡིན་ནོ། །མ་སྨིན་དྲོད་བསྐྱེད་བར་རླུང་སེལ་ཞེས་བྱ་བ་ལ། བིལྦའི་འབྲས་བུ་དེ་མ་སྨིན་པ། མིང ་གི་རྣམ་པར་བིལྦའི་ག་གོན་ཞེས་གྲགས་པ་སྨིན་པ་མ་གྱུར་པ་གང་ཡིན་པ་དེ་ནི་མེའི་དྲོད་བསྐྱེད་པ་དང། དེ་བཞིན་དུ་བད་ཀན་དང་རླུང་སེལ་བ་ཡིན་ནོ། །དེ་དག་གཉི་ག་འཁྲུ་བ་གཅོད་བྱེད་ཅེས་བྱ་བ་ལ། བིལྦའི་འབྲས་བུ་སྨིན་པ་དང། མ་སྨིན་པ་དེ་གཉིས་གཉི་ག ་ཡང་འཁྲུ་བ་གཅོད་པ་སྟེ། བཤང་བ་སྡུད་པའི་མཚན་ཉིད་ཅན་ཡིན་ནོ། །མ་སྨིན་ཀ་བིད་མགུལ་ནད་དང། ཉེས་པ་ཀུན་བསྐྱེད་ཅེས་བྱ་བ་ལ། ཀ་པིད་ཏ་མ་སྨིན་པ་ནི། མགུལ་ནད་སྐྱེད་ཅིང་སྐད་གསངས་ཉམས་པར་བྱེད་པ་དང། ཉེས་པ་ཀུན་བསྐྱེད་ཅེས་བྱ་བ ་ནད་གཞི་གསུམ་ཆེར་བསྐྱེད་པར་བྱེད་པ་ཡིན། །སྨིན་པ་ནི་ཉེས་འཇོམས་སྐྱིགས་བུ་སློན་བྲོ་སྲེལ་ཞེས་བྱ་བ་ལ་ཀ་པིད་ཐ་སྨིན་པ་ནི་ཉེས་འཇོམས་ཞེས་པ་ཉེས་པ་གསུམ་ཆར་སེལ་བ་དང། དེ་བཞིན་དུ་སྐྱིགས་བུ་དང། སློན་བྲོ་བའི་ནད་སེལ་བ་ཡིན་ནོ། ་ཀུན་ཀྱང་འཁྲུ་གཅོད་དུག་འཇོམས་ཡིན་ཞེས་བྱ་བ་ལ། ཀ་པིད་ད་སྨིན་པ་དང། མ་སྨིན་པ་ཐམས་ཅད་འཁྲུ་བ་གཅོད་པའི་མཆོག་ཏུ་གྱུར་པ་དང། དུག་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །འཛམ་བུའི་ཤིང་ཏོག་བཤང་སྲི་ལྕི། །བསིལ་ཞིང་ཤིན ་ཏུ་རླུང་བསྐྱེད་ཡིན། །བཤང་དང་གཅི་བ་གཅོད་བྱེད་ཅིང། །ལྐོག་མ་ལ་གནོད་པད་མཁྲིས་སེལ་ཞེས་བྱ་བ་ལ། ཤིང་འཛམྦུའི་ཤིང་ཐོག་ནི་བཤང་གཅིག་སྲི་ཞིང། རྒྱུན་འགོག་པར་བྱེད་པ་དང། ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། བད ་ཀན་དང་མཁྲིས་པ་སེལ་བའི་བར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། ། མྲའི་འབྲས་བུ་མ་སྨིན་རླུང། །ཁྲག་མཁྲིས་བསྐྱེད་བྱེད་རུས་ཆགས་པ། །བད་ཀན་མཁྲིས་བསྐྱེད་མིན་རླུང་བསྐྱོད། །ལྕི་མངར་བད་ཀན་ཁུ་བ་འཕེལ་ཞེས་བྱ ་བ་ལ། ཨ་མྲའི་ཤིང་ཏོག་མ་སྨིན་པ། གཞོན་ནུ་ནི་རླུང་དང་མཁྲིས་པ་དང་བད་ཀན་དག་སྐྱེད་པར་བྱེད་པ་སྟེ། རླུང་ལས་གྱུར་པའི་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཁྲག་བསྐྱེད་པར་བྱེད་དོ་ཅེས་བྱ་བའི་དོན་ཏོ། །རུས་པ་ཆགས་པ་ནི་ཚིག་གུའི ་རུས་པ་སྐྱེས་པ་སྟེ། རུས་པ་ཆགས་པའི་ཨ་མྲ་དེ་ནི་བད་ཀན་དང་མཁྲིས་པ་སྐྱེད་བ་ཡིན་ནོ། ། མྲའི་འབྲས་བུ་དེ་སྨིན་ཞིང་ནར་སོན་པའི་ནི་རླུང་སེལ་བ་དང་ལྕི་བ་དང། རོ་མངར་བ་དང། བད་ཀན་དང་ཁུ་བ་འཕེལ་བར་བྱེད་པ་ཡིན་ནོ། །བྲིཀྵ་ཨཾ་ལ་རྩུབ ་བཤད་སྲི། ལྕི་ཚ་བད་ཀན་རླུང་དག་འཇོམས་ཞེས་བྱ་བ་ལ། བྲིཀྵ་ཨཾ་ལ་ནི། ཏིནྟི་ལི་ཀཾ་སྟེ། དེ་ནི་རྩུབ་པ་དང། བཤང་བ་སྲི་ཞིང་བསྒོང་བ་དང། ལྕི་བ་དང། ནུས་པ་ཚ་བ་དང། བད་ཀན་དང་རླུང་དག་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །ཤ་མྱ ་ཚ་ལྕི་སྐྲ་གནོད་རྩུབ་བ་ཅེས་བྱ་བ་ལ། ཤིང་ཤ་མྱའི་འབྲས་བུ་ནི་ནུས་བ་ཚ་བ་དང། རང་བཞིན་ལྕི་བ་དང། སྐྲ་ལ་གནོད་ཅིང་འབྱི་བར་བྱེད་པ་དང། རྩུབ་པར་གྱུར་པ་ཡིན་ནོ། །པི་ལུའི་འབྲས་བུ་མཁྲིས་པ་བསྐྱེད། བད་ཀན་རླུང་ནད་སེལ་ཅིང་འཁྲུ། །མཆེར་པ ་གཞང་འབྲུམ་སྐྲན་སྲིན་སེལ་ཞེས་བྱ་བ་ལ། ཤིང་པི་ལུའི་འབྲས་བུ་ནི་མཁྲིས་པ་སྐྱེད་པ་དང། བད་ཀན་ལ་སོགས་པ་སེལ་བའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །པི་ལུ་མངར་ཞིང་ཁ་དང། ཤིན་ཏུ་ཚ་མིན་ཉེས་གསུམ་འཇོམས་ཞེས་བྱ་བ་ལ། ་པི་ལུའི་འབྲས་བུ་གང་མངར་བ་དང། ཅུང་ཟད་ཁ་བ་དེ་ནི་ཤིན་ཏུ་ཚ་མིན་ཞེས་པ་སྟེ། ཅུང་ཟད་ཙམ་དྲོ་ཞིང་ཚ་བའི་ལུས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏེ། དེ་ནི་རླུང་ལ་སོགས་པའི་ཉེས་པ་གསུམ་འཇོམས་ཤིང་སེལ་བ་ཡིན་ནོ། །བ་ལུང་ཤུན་ཁ ་ཚ་ཞིང་སྣུམ། རླུང་ནད་སེལ་བར་བྱེད་པ་ཡིན་ཞེས་བྱ་བ་ལ། བ་ལུང་ནི་མ་དུ་ལུངྒ་ཞེས་བྱ་བ་སྟེ། མིང་གི་རྣམ་གྲངས་བི་ཛ་པུ་ར་ཞེས་བྱ་བའོ། །དེའི་ཤུན་པ་ཅེས་བྱ་བ་ནི་སྟེང་གི་ཤུན་ལྤགས་ཀྱི་རོ་ཁ་ཞིང་ཚ་བ་ཡིན་པ་དང། དེ་བཞིན་དུ་སྣུམ་ཞིང་རླུང་ནད་སེལ ་པར་བྱེད་པ་ཡིན་ནོ། །བ་ལུང་འབྲས་ཤ་རྟས་བྱེད་དང། རླུང་ནད་མཁྲིས་པ་སེལ་ཞིང་ལྕི་ཞེས་བྱ་བ་ལ། བ་ལུ་དེའི་འབྲས་བུའི་ཤ་ཞེས་པ། འབྲས་བུའི་ལྤགས་པའི་ནད་རིམས་པགས་པ་དང་འབྲེལ་ཏེ་ཉེ་བར་གནས་པ་དེ་ནི་རྟས་པར་བྱེད་པ་སྟེ། ལུས ་ཉམས་རྟས་ཤིང་རྒྱས་པར་བྱེད་པ་དང། རོ་མངར་བ་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པ་སེལ་བ་དང། ལྕི་བ་ཡིན་ནོ། །དེའི་རྐང་ཡང་སྐྱིགས་ལུང་པ་དབུགས་མི་བདེ་དང་ཆང་ནད་སེལ། །ཁ་སྐམ་རླུང་དང་བད་ཀན་དང། རྟུག་ས་སྐྱུག་ཟོ་ཡི་ག་འཆུས། །སྐྲན ་དང་གཞང་འབྲུམ་གཟེར་ནད་དང། །མེ་དྲོད་ཆུང་བ་ཉིད་སེལ་ཏོ། །ཞེས་བྱ་བ་དང། བ་ལུ་དེའི་རྐང་སྟེ། ནད་ན་གནས་པའི་སྐྱུར་བ་གང་ཡིན་པ་དེ་ཡང་བ་ཡིན་ལ། དེས་ཀྱང་སྐྱིགས་བུ་ལ་སོགས་པའི་ནང་ནས་དྲོད་ཆུང་བའི་བིར་སེལ་ཅིང་འཇོམས་པ་ཡིན ་ནོ། །ན་རམ་གའི་འབྲས་མངར་ཅུང་སྐྱུར། །ཡི་གར་འོང་ཞིང་ཁ་ཟས་ལེན། །ལྕི་ཞིང་རླུང་ནི་རབ་བསྐྱེད་པའི། །ཡོན་ཏན་ལྡན་པར་ཤེས་པར་བྱ་ཞེས་བྱ་ནི། སྐྱུར་རྩི་ཆུང་ངུའི་འབྲས་ནི་རོ་མངར་ཞིང་ཅུང་ཟད་སྐྱུར་བ་ཡིན་ཏེ། །དེ་ནི་ཡི་གར་འོང་བ་ལ ་སོགས་པའི་ཡོན་ཏན་དང་ལྡན་པར་ཤེས་པར་བྱའོ། བསེ་ཞིང་འབྲས་བུའི་ཤུན་པ་ཤ། ཁོང་རྟས་བྱེད་ཅིང་མངར་ལ་བསིལ། །ཞེས་བྱ་བ་ལ། བསེ་ཤིང་གི་འབྲས་བུ་བལྟ་ཀ་ཞེས་བྱ་བ་སྟེ། མིང་གི་རྣམ་གྲངས་ཨ་རུ་སྐ་ར་ཞེས་བྱ་བ་ནི་ཤུན་པ ་དང། ནང་གི་ཤ་ནི་ཁོང་རྟས་ཤིང་ལུས་རྒྱས་པར་བྱེད་པ་དང། རོ་མངར་ཞིང་ཞིམ་པ་དང། བསིལ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེའི་རུས་མི་མཉམ་ཡིད་གཞུངས་བྱེད། །བད་ཀན་རླུང་ནི་སེལ་བའི་མཆོག་ཅེས་བྱ་བ་ལ་།བསེ་ཤིང་གི་འབྲས ་བུ་དེའི་རུས་པ་སྟེ། ཚིག་གུ་ནི་རྣོ་བས་མེ་དང་མཉམ་པ་དང། ཕྱི་རོལ་ཏུ་བསྐུས་ན་ཆུ་བུར་འབྱུང་བར་བྱེད་པས་ན། མེ་དང་མཉམ་པ་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་ནང་དུ་བཏང་བའི་སྨན་དང་སྦྱར་བ་ལས་ཀྱང། །མྱུར་དུ་ཟས ་འཇུ་བར་བྱེད་ཅིང་དྲོད་མཆོག་ཏུ་སྐྱེད་པར་བྱེད་པས་ཙི་ཏ་ཀ་དང་མཚུངས་པ་ཡིན་ནོ། །མེ་དང་མཉམ་ཞེས་བྱའོ། །ལ་ལ་ནི་རྣོ་བ་དང་ཚ་བ་དང་མེ་ལྟར་ཆུ་བུར་འབྱིན་པར་བྱེད་པས། མེ་དང་མཉམ་པ་མིན་པར་འདོད་དོ། །གཞན་དག་ནི་མེ་དང ་མཉམ་པ་ཞེས་བྱ་བ། ཙི་ཏྲ་ཀ་དང་མཉམ་པར་ཡོན་ཏན་དང་ཉེས་པ་སྐྱེད་པས་ཙི་ཏྲ་ཀ་དང་མཚུངས་པ་ཡིན་ནོ། །ཞེས་ཟེར་མོད་ཀྱི། །དེ་ནི་རིགས་པ་མ་ཡིན་ཏེ། ཙི་ཏྲ་ཀའི་སྟོབས་མེད་དང་མཉམ་ཞེས་བྱ་བའི ་སྐབས་སུ་ཚུལ་ཇི་ལྟར་བཤད་པར་བྱ་སྟེ། འདིར་ནི་མེ་ཉིད་དང་མཉམ་པར་དཔེར་སྦྱར་བར་རིགས་ཀྱི། བསེ་ཤིང་གི་རུས་པ་དང་མི་སྦྱར་རོ། །ཡིད་གཞུངས་བྱེད་ཅེས་བྱ་བ་ནི། བློ་རྣོ་བ་ལ་ཕན་པ་སྟེ། ཤེས་རབ་ཐོབ་པར་བྱེད་པའོ། །དེ་བཞིན ་དུ་བད་ཀན་རླུང་ནི་སེལ་བའོ་ཞེས་བྱ་བ་སྟེ། བད་ཀན་དང་རླུང་སེལ་ཅིང་འཇོམས་པར་བྱེད་ལ། དེ་ཡང་མཆོག་ཏུ་སེལ་བར་བྱེད་པའོ། །ཀུ་ཤུ་མ་གཉིས་ལྕི་བ་སྟེ། མངར་སྐྱུར་བསིལ་དང་ཚ་བ་ཡིན། །ཡི་ག་འབྱེ་ཞིང་མེ་རབ་འབྲི་ཞེས ་བྱ་བ་ལ། ཀུ་ཤུ་ནི་ཙོའུ་སྟེ། དེ་ཡང་རྣམ་གཉིས་ཞེས་བྱ་བ་མངར་བ་དང་སྐྱུར་བ་རྣམ་པ་གཉིས་ཡོད་དེ། །དེ་གཉི་ཀ་ཡང་ལྕི་བ་ཡིན་ལ། དེ་གཉིས་ལས་གོ་རིམ་བཞིན་དུ་མངར་བ་ནི་བསིལ་བ་ཡིན་ལ། སྐྱུར་བ་ནི་ཚ་བའི་ནུས་པ་དང ་ལྡན་པ་ཡིན་ནོ། །དེ་བཞིན་དུ་ཡིག་འབྱེ་བར་བྱེད་ཅིང། མེའི་དྲོད་རབ་ཏུ་འབྲི་བར་བྱེད་པ་ཡིན་ནོ། །ཁམ་ཤ་ཡིག་འབྱེད་ཅིང་མངར། །སྨིན་པ་མྱུར་དུ་འཇུག་པར་འགྱུར། །ཤིན་ཏུ་ཚ་མིན་ལྕི་ཉེས་བསྐྱེད་ཅེས་བྱ་བ་ལ། ཁམ་ཤའི ་དབྱེ་བ་ནི་རྣམ་པ་བཞི་སྟེ། དེ་ཡང་སྨན་དཔྱད་ཀྱི་ལུང་ལས། །ཁམ་ཤ་དང་ནི་ཁམ་རྒོད་དང། །ཙི་ལི་སོགས་དང་རྒྱ་ཁམ་སྟེ། །དེ་ནི་རིགས་ཀྱི་ཁྱད་པར་གྱིས། །ཁམ་བུ་རྣམ་པར་བཞིར་ཤེས་བྱ། །ཞེས་བཤད་པ་ཡིན་ནོ། །དེ་བཞི་ཆར་ཡང་ཡིག་འབྱེད ་ཅིང་ཟས་ལེན་པར་བྱེད་པ་དང། རོ་མངར་བ་དང། ཤིན་ཏུ་སྨིན་ཅིང་ཚོས་ནས་ནི། །མྱུར་དུ་འཇུ་བར་འགྱུར་བ་ཡིན་ནོ། །ཤིན་ཏུ་ཚ་མིན་ཞེས་བྱ་བ་ནི། །ཅུང་ཟད་ཙམ་ནུས་པ་ཚ་བ་དང། དེ་བཞིན་དུ་ཤིན་ཏུ་ལྕི་བ་དང། ཤིན་ཏུ་ཉེས་པ་སྐྱེད་པ་ཡིན་ཏེ། ཅུང ་ཟད་ལྕི་བ་དང། ཅུང་ཟད་ཉེས་པ་བསྐྱེད་པ་ཡིན་ནོ། །རྒུན་འབྲུམ་པ་རུ་ཤ་ཀ་དང། །ཀ་ར་མར་དང་བཅས་རློན་སྐྱུར། །མཁྲིས་པ་བད་ཀན་བསྐྱེད་ཅིང་འཁྲུ། །ལྕི་ཞིང་སྣུམ་ཚ་རླུང་འཇོམས་སོ། །ཞེས་བྱ་བ་ལ། རྒུན་འབྲུམ་དང། བ་རུ་ཤ་ཀ་དང། ཀ་ར་མར ་དང་བཙོས་པ་རློན་པ་སྟེ། སྐམ་པོ་མ་ཡིན་པ་དང། མ་སྨིན་ཅིང་སྐྱུར་བར་འགྱུར་བ་ནི་མཁྲིས་པ་དང་བད་ཀན་འཕེལ་ཞིང་སྐྱེད་པར་བྱེ་བ་དང། ཁོང་འཁྲུ་བ་དང་ལྕི་བ་དང། རླུང་འཇོམས་ཤིང་སེལ་བ་དང། ནུས་པའི་སྟོབས་ཚ་བ་ཡིན་ནོ། །རྒྱ་ཤུགས ་སྐྱུར་ཐུང་ལི་ཀུ་ཙེ། ཨ་མྲ་ཏ། བཾ་དེ་བཞིན་ནོ། །ཞེས་བྱ་བ་ལ་སྔར་བཤད་པའི་བཞིན་དུ་རྒྱ་ཤུག་ནི་ཁམ་བུའི་འབྲས་བུ་དག་དང། ཆ་འབྲ་ཡིན་ཏེ། རྒྱ་ཤུགས་སྐྱུར་པོ་ནི་ཨཾ་སླ་གོ་ལའོ། །རྒྱ་ཤུགས་ཐུང་ངུ་ནི་ཀརྐཾ་དུའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་འབྲས ་བུ་དེ་དག་རློན་ཞིང་སྐྱུར་བར་འགྱུར་བ་ནི་སྔ་མ་དང་འདྲ་བར་མཁྲིས་པ་བད་ཀན་སྐྱེད་ཅིང་འཁྲུ་བ་དང། ལྕི་ཞིང་ནུས་པ་ཚ་ལ་རླུང་འཇོམས་པ་ཡིན་ནོ། །ེ་ར་བ་ཏི་ཏུ་ཏ་དང། མྲི་ག་ལིནད་ཛ་བིར་བཅས། །སྨིན་དང་ཀ་ར་མརྟ་སཾ། །མཁྲིས་པ་ཤིན་ཏུ་སྐྱེད་བྱེད ་ཡིན། ཞེས་བྱ་བ་ལ། ཨེ་རི་མ་ཏི་དང། ཏུ་ཏ་དང། མྲི་ག་ལིནད་དང། ཛི་བི་ར་སྨིན་པ་དག་ནི་མཁྲིས་པ་ཤིན་ཏུ་སྐྱེད་པ་མ་ཡིན་ལ། དེ་བཞིན་དུ་ཀ་ར་ཡརྟ། །སྐམ་པོ་ཡང་མཁྲིས་པ་ཤིན་ཏུ་སྐྱེད་པར་བྱེད་པ་མ་ཡིན་ཏེ། མཁྲིས་པ་ཅུང་ཟད་སྐྱེད ་ཞེས་དོན་གྱིས་སྟོན་པ་ཡིན་ནོ། །ེ་ར་བ་ཏི་ནི་བ་རཾ་གའོ། །ཛེཾ་བི་ར་ནི་དནྟ་ཤ་ཐའོ། །ཾ་ལི་ཀ་དང་རྒྱ་ཤུག་སྐྱུར། །སྐམ་པོ་དྲོད་སྐྱེད་འཁྲུ་བ་དང། སྐོམ་དང་ངལ་དང་རྨྱ་བ་སེལ། །ཡང་ཞིང་རླུང་དང་བད་ཀན་འཇོམས། །ཞེས་བྱ་ ་བ་ལ། ཨཾ་ལི་ཀ་ནི་ཙུ་ཏྲི་ཀའོ། །རྒྱ་ཤུག་སྐྱུར་པོ་ནི་ཀོ་ལི་ཀའོ། །འབྲས་བུ་དེ་གཉིས་སྐམས་པར་གྱུར་པ་མེའི་དྲོད་བསྐྱེད་པ་དང། བཤང་གཅི་སླ་ཞིང་འཁྲུ་བ་དང། །སྐོཾ་ངང་དང་ངལ་བ་དང་རྨྱ་བ་སེལ་བ་དང། དེ་བཞིན་དུ་ཡང་བ་དང། ་རླུང་དང་བད་ཀན་དག་ཀྱང་འཇོམས་ཤིང་སེལ་བ་ཡིན་ནོ། །དེ་ལས་བུ་ཀུན་ཐ་ཆད། །ལི་གུ་ཙི་སྟེ་ནང་ཀུན་སློང་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་འབྲས་བུའི་སྡེ་ཚན་རྣམས་ལ། འབྲས་བུ་དེ་རྣམས་ཀྱི་ཐ་ཆད་ཅེས་པ། ཐ་མ་ནི ་ལི་གུ་ཙི་ཞེས་བྱ་བ་ཡིན་ཏེ། དེས་ནི་ནང་ཀུན་སློང་ཞེས་བྱ་བ་ཉེས་པ་གསུམ་པོ་མཛའ་དག་སྐྱེད་པར་བྱེད་པ་ཡིན་ནོ། །ཁ་བ་མེ་དང་རླུང་གནོད་ཉེན། །སྤྲུལ་གྱི་ཁ་ཆུ་སོགས་པས་ཕོག་།སྲིན་བུས་ཟོས་དང་ཆུ་ནང་ལྷུང། །ས་ངན་དུས ་མིན་སྐྱེས་པ་དང་ཀ་འབྲུ་གཞན་འདྲེས་ཤིང་མཐུ་ཉམས་པ། །ཤིན་ཏུ་རྙིངས་གྱུར་འབྲུ་སྤང་བྱ་ཞེས་བྱ་བ་ལ་འབྲུ་ཁ་བ་ལ་སོགས་པས་ཉེན་ཅིང་ཉམས་པ་རྣམས་སྤང་བར་བྱ་སྟེ། གནོད་པས་ཉེན་པའི་སྒྲ་ནི་ཀུན་ལ་སྦྱར་བར་བྱ་སྟེ། དེས་ན་ཁ ་པའི་གནོད་པས་ཉེན་པ་དང། དེ་བཞིན་དུ་མེས་ཚིག་པའི་གནོད་པས་ཉེན་པ་འམ། ཐན་པས་ཁྱེར་བ་དང། རླུང་གིས་གནོད་པ་སྟེ། འབྲུ་གནོད་པ་རླུང་རྩུབ་མོས་ཉེན་བ་དང། དེ་བཞིན་དུ་སྤྲུལ་ལ་སོགས་པའི་ཁ་ཆུས་ཕོགས་པ་ཏེ་སོགས་པའི་སྒྲ ་ནི་རོ་བསེགས་པའི་དྲིས་ཕོག་པ་དང། བཤང་བ་དང་གཅི་བས་ཕོག་པ་སྡུའོ། །སྲིན་བུས་ཟོས་པ་ནི་འབྲུ་སྲིན་རྣམས་ཀྱིས་ཟོས་པའོ། །ཆུ་ནང་ལྷུང་བ་སྟེ། ཆུའི་ནང་དུ་རྩེ་མོའི་བར་དུ་ནུབ་པ་དང་ས་ངན་པ་སྟེ། མི་མཐུན་པའི་སར་སྐྱེས་པ་སྟེ། དེ ་ཡང་འབྲས་བུ་གང་དང་གང་དུ་སྐྱེས་བར་འོས་ངའི་ས་དེ་མ་ཡིན་པ་གཞན་དག་ཏུ་སྐྱེས་པ་ནི་མི་མཐུན་པར་སྐྱེས་པའོ། །དུས་མ་ཡིན་པར་སྐྱེས་པ་ནི་སྨིན་པའི་དུས་སུ་མ་ཕྱིན་པ་སྟེ། འབྲུ་གང་དུས་གང་དུ་སྐྱེས་པར་གྲགས་པ་དེ་ལས་གཞན་པའི་དུས ་དག་ཏུ་སྐྱེས་པ་ཞེས་བྱ་བའི་དོན་ཏེ། དེའི་མཚན་ཉིད་ནི་རོ་ལ་སོགས་ཡོངས་སུ་མ་རྫོགས་པས་གནོད་པ་ཡིན་ནོ། །འབྲུ་གཞན་ལྡན་ཞིང་ཞེས་བྱ་བ་ནི་རིགས་མི་མཐུན་པའི་གཞན་དག་དང་འདྲེས་པར་གྱུར་པ་སྟེ། དཔེར་ན་འབྲས་རཀྟ་ཤ་ལི་ཙ་སྣར་ནི་འབྲས ་ཡ་བ་ཀ་ཞེས་བྱ་བ་ནས་འདྲ་དང་འདྲེས་ན་གནོད་པ་ཡིན་ནོ། །དེ་བཞིན་དུ་མོན་སྲན་རྡེའུ་མུཏག་ནི་མུན་སྲན་གྲེའུ་མཱ་ཥ་དང་མི་མཐུན་པ་ཡིན་ནོ། །དེ་བཞིན་དུ་གྲ་མ་ཅན་ཡང་གྲ་མ་ཅན་གྱི་རིས་མི་མཐུན་པ་དང་འདྲེས་པ་དང། གང་བུ་ཅན་ཡང་གང་བུ་ཅན་གྱི ་རིས་མི་མཐུན་པ་དང་འདྲེས་པ་སྤང་བར་བྱའོ། །ལ་ལ་དག་ནི་འབྲུ་གྲ་མ་ཅན་ནི་འབྲུ་གང་བུ་ཅན་དང་མི་མཐུན་པ་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་གཞན་དག་ནི་སར་པ་དང་རྙིང་པ་འདྲེས་དག་ནི་འབྲུ་གཞན་འདྲེས་པ་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་མཐུ ་ཉམས་ཤིང་ཤིན་ཏུ་རྙིངས་པ་སྟེ། ལོ་མང་པོར་ལོན་ཉིད་ཀྱིས་ཤིན་ཏུ་རྙིངས་པར་གྱུར་པས་མཐུ་ཉམས་ཤིང། ནུས་པ་ཟད་པའི་འབྲུ་སྤང་བར་བྱའོ། །དེ་ཡང་རྒྱུད་གཞན་དག་ལས། ལོ་གཅིག་ལོན་ནི་འབྲུ་ཐམས་ཅད། །ལྕི་བ་ཉིད་ནི་སྤོང་གྱུར་གྱི།། ་དེ་ཡི་ནུས་པ་འདོར་མ་ཡིན། །དེ་ནས་རིམས་ཀྱིས་འདོར་བར་འགྱུར་ཞེས་བཤད་པ་ཡིན་ནོ། །དེས་ན་མཐུ་ཉམས་ཤིང་ཤིན་ཏུ་རྙིངས་པར་གྱུར་པའི་འབྲུ་ཡང་སྤང་བར་བྱའོ། །ཚོད་མའང་དེ་བཞིན་རྩུབ་པ་ནི། གཡོས་པ་དག་དང་མི་རྙིང་དང།། ་རོ་ནི་སྨིན་པར་མ་གྱུར་དང། །ལ་ཕུག་མ་གཏོགས་སྐམ་པོ་དང། །ཞེས་བྱ་བ་ལ། ཚོད་མའང་དེ་བཞིན་ཞེས་པ་ཁ་བ་ལ་སོགས་པས་ཉེན་པར་སྤང་བར་བྱའོ། །དེ་བཞིན་དུ་རྩུབ་པོ་བཙོས་པ་སྟེ། རྩུབ་པ་ཉིད་དུ་བཙོས་པ་ནི་རྩུབ་པོར་གཡོས་པའམ། ་ཡང་ན་རྩུབ་པོ་སྟེ་དར་བ་དང་ཞོ་ག་ཆུ་དང། སྐྱུར་པོ་ལ་སོགས་པ་དང། གཡོས་པ་ནི་རྩུབ་པོར་གཡོས་པའོ། །མི་རྙིང་བ་ནི་སྲ་བ་སྟེ། རང་བཞིན་གྱིས་སྲ་བའི་གཡོས་སུ་བྱས་པས་སྲ་བའོ། །དེ་བཞིན་དུ་རོ་སྨིན་པ་འགྱུར་བ་སྟེ། རོའི་རང་བཞིན་ཡོངས་སུ ་རྫོགས་པར་མ་གྱུར་པའོ། །དེ་བཞིན་དུ་ལ་ཕུག་མ་གཏོགས་པ་སྐམ་པོ་སྤང་བར་བྱ་སྟེ། གང་གི་ཕྱིར་ལ་ཕུག་སྐམ་པོ་ནི་བཟའ་བར་བྱ་བར་སྔར་བཤད་པའི་ཕྱིར་རོ། །འབྲས་བཱུང་ཕལ་ཆེར་དེ་བཞིན་ཏེ། བིལྦ་མ་གཏོགས་སློན་པ ་སྤང་ཞེས་བྱ་བ་ལ། འབྲས་བུ་ཤིང་ཏོག་ཀྱང་ཕལ་ཆེར་མང་དུ་དེ་བཞིན་ཏེ། ཇི་ལྟར་འབྲུ་ཁ་བ་ལ་སོགས་པས་ཉེན་ཅིང་སྣང་བ་དང། འབྲུས་ཟོས་པ་དང། ཆུར་རླུང་བ་དང། ས་ངན་པ་ལ་སྐྱེས་པ་དང། དུས་མ་ཡིན་པར་སྐྱེས་པ་དང། རོ་མ་སྨིན ་པ་དང། སྐམ་པོ་སྤང་བར་བྱ་བ་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པས་ནི་འབྲུ་གཞན་དང་འདྲེས་པ་དང་རྩུབ་པོར་གཡོས་པ་ལ་སོགས་པ་དང། འདིར་མི་སྦྱར་བ་དང། རྒུན་འབྲུམ་ལ་སོགས་པས་ནི། སྐམ་པོ་ཡང་སྦྱོར་བ་དག་ལ་དགོས་ཤིང་སྐྱོན་མེད ་པར་སྣང་བས། དེ་དག་མ་གཏོགས་པར་ཤེས་པར་བྱ་བའི་ཕྱིར། །ཕལ་ཆེར་སྨོས་པ་ཡིན་ནོ། །དེ་བཞིན་དུ་ཤིང་ཏོག་ཐམས་ཅད་ཀྱང་སློན་པ་སྟེ། སྨིན་པར་མ་གྱུར་པ་སྤང་བར་བྱའོ། །དེ་ལ་བིལྦ་ནི་མ་གཏོགས་ཏེ། །དེའི་མ་སྨིན་པའི་སྦྱོར་བའི་ཡོན་ཏན ་ཆེན་པོ་དག་པ་སྲོང་གིས་བཤད་པ་ཡིན་ནོ། །འདིར་གཞན་དག་ཐམས་ཅད་ནི་ཅི་རིགས་པར་སྔ་མ་བཞིན་དུ་སྦྱར་པར་བའོ། །ཟས་ཀྱི་ཚུལ་ཤེས་པར་བྱ་བ་འདིར་འབྲུ་དང་ཤ་དང་ཚོད་མ་དང་ཤིང་ཏོག་འབྲས་བུ་གྲགས་པ་དང། མ་གྲགས་པ ་རྣམས་ཀྱི་མངར་མ་སྨྲས་པ་དེ་དག་ནི་ཡུལ་མང་པོ་མཐོང་ཞིང་ཐ་སྙད་ལ་མཁས་པ་རྣམས་ལས་ཤེས་པར་བྱའོ། །འབྲས་བུའི་སྡེ་ཚན་ནོ།། །།ད་ནི་ལན་ཚྭ་ལ་སོགས་པ་དག། ཟས་ཀྱི་གཡོས་ལ་དགོས་པ་དང། སྨན་དང་སྦྱོར་བ་ལ ་སོགས་པ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། ལན་ཚྭ་ཀུན་ཀྱང་བད་ཀན་བསྐྱེད། །ཕྲ་ཞིང་བཤང་གཅི་འབྱིན་ལ་འཇོམས། །རླུང་འཇོམས་འཇུ་བྱེད་ཚ་ཞིང་རྣོ། །ཡི་ག་འབྱེ་ཞིང་བད་མཁྲིས་བསྐྱེད་ཅེས་བྱ་བ་ལ། །ལན་ཚྭ་ཐམས་ཅད་ནི་སྤྱིར། བད་ཀན་སྐྱེད་ཅིང་རྩ ་སྤུབས་ཀྱི་རྒྱུན་ལ་ཆུ་རྣམས་འཛག་པར་བྱེད་པ་ཡིན་པས། ཀུན་ཀྱང་བད་ཀན་བསྐྱེད་པ་ཡིན་ནོ། །དེ་སྨན་དཔྱད་ཀྱི་རྒྱུད་ལས་རང་གི་ནུས་པ་སྙིང་གར་ནི། །སོང་སྟེ་རྣམ་པར་འདུ་བྱེད་ཅིང། །རྣོ་བས་རྣམ་པར་གཅོད་བྱེད་ལ། །ཚ་བས་མྱུར་དུ་འཛག ་པར་བྱེད། །རྩ་སྤུབས་ནས་ནི་དྲི་མ་རྣམ། །མྱུར་དུ་འབྱིན་པར་བྱེད་པ་ཡིན་ཞེས་བཤད་པ་ཡིན་ནོ། །ཕྲ་བ་ནི་རྩ་སྤུབས་ཕྲ་མོ་ལས་ཞུགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །བཤང་གཅི་འབྱིན་པ་ནི་དྲི་མ་སེལ་ཅིང་འཁྲུ་བར་བྱེད་པའོ། །འཛམ་པ་ནི་རང་བཞིན ་མཉེན་པའོ། །རླུང་འཇོམས་པ་ནི་རླུང་ནད་སེལ་བའོ། །འཇུ་བར་བྱེད་པ་ནི་ཟས་ལ་སོགས་པ་སྨིན་པར་བྱེད་པའོ། །ཚ་བ་ནི་ཚ་བའི་ནུས་པ་དང་ལྡན་པའོ། །རྣོ་བ་ནི་ལུས་ཟུངས་འབིགས་པའོ། །ཡི་གེ་འབྱེ་བ་ནི་ཟས་ལེན་པའོ། །བད་ཀན་དང་མཁྲིས་པ ་བསྐྱེད་པ་ནི་དེ་གཉིས་འཕེལ་བར་བྱེད་པའོ། །དེ་ལ་ལྕེ་མྱང་ཚྭ་མངར་བཅས། །རོ་ཙ་ཡིད་འོང་ཉེས་གསུམ་སེལ། །ཡང་ཞིང་ཚ་ལ་མིག་ལ་ཕན། །ཚ་བ་མི་སྐྱེད་མི་དྲོད་བ་སྡེབ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ལན་ཚྭ་དེ་ཐམས་ཅད ་ཀྱི་ནང་ནས། ལན་ཚྭ་ལྕེ་མྱང་ཚྭ་ནི་ཡང་བ་སྟེ། ཅུང་ཟད་མངར་བ་དང། རོ་ཙ་ཞིང་ས་བོན་འཕེལ་བར་བྱེད་པ་དང། ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པ་དང། །རླུང་ལ་སོགས་པ་ཉེས་པ་གསུམ་སེལ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང ་ལྡན་པ་ཡིན་ནོ། །རྩབས་རུ་ཚ་ཡང་ཡིད་འོང་ཞིང། །སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ། །ཞུ་རྗེས་ཚ་ཞིང་བཤང་གཅི་སེལ། །དྲོད་བསྐྱེད་ཡིག་འབྱེད་བྱེད་ཡིན། །ཞེས་བྱ་བ་ལ། རྩབས་རུ་ཚ་ནི་སོ་སོ་བརྩལ་ཏེ། མིག་གི་རྣམ་གངས་གཞན་ཡང་རུ་ཙ་ཀ་ཞེས ་བྱའོ། དེ་ནི་ཡང་ཞིང་ཡིད་འོང་བ་དང། སྒྲེགས་པའི་དྲི་མི་ཞིམ་པ་སྤྱོད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཁ་རུ་ཚ་ནི་སྟོད་བད་ཀན། །རྨད་ནི་རླུང་འབྱིན་དྲོད་བསྐྱེད་ལ། བཤང་འགག་ལྟོ་སྦོས་རྟུག་སྐམས་དང། གདེར་ཟུག ་ལུས་ལྕི་སེལ་བ་ཡིན་ཞེས་བྱ་བ་ལ། ཁ་རུ་ཚྭ་འདི་ནི་བི་ཌ་ལོ་ནུ་སྟེ། ཁ་རུ་ཚྭ་བཅོས་མ་ཡིན་པར་ཤེས་པར་བྱའོ། །དེ་ནི་སྟོད་ཀྱི་བད་ཀན་འདྲེན་པར་བྱེད་པ་དང། སྨད་ཀྱི་རླུང་འབྱིན་པར་བྱེད་པ་ཡིན་ནོ། །ལུགས་སུ་འབྱུང་བར་བྱེད་པ་ཡིན་ཞིང། དྲོད ་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར། །ལྕི་ཞིང་བད་ཀན་རྣམས་འཕེལ་བྱེད་ཅེས་བྱ་བ་ལ། རྒྱ་མཚོའི་ལན་ཚ་ནི་ཞུ་བའི་རྗེས་མངར་བ་དང། ལྕི་ཞིང་ཁྱད་པར་དུ་བད་ཀན་འཕེལ་བར་བྱེད་པ་ཡིན་ནོ། ་བཀོད་མའི་ལན་ཚྭ་ཅུང་ཟད་ཁ། །ཚ་དང་བ་ཚྭ་རྣོ་བྱེད་གཤེར། །ཞེས་བྱ་བ་ལ། བཀོད་མའི་ལན་ཚྭ་ནི་ས་ལས་སྐྱེས་པའི་ལན་ཚྭ་སྟེ། དེ་ནི་ཅུང་ཟད་ཚ་བ་དང། ཅུང་ཟད་ཚ་བ་དང། ཅུང་ཟད་བ་ཚའི་ཞད་བྲོ་བ་དང། རྣོ་བའི་ཡོན་ཏན་དང་ལྡན་པ་དང། སླ ་ཞིང་གཤེར་བར་བྱེད་ལ། བད་ཀན་དང་མཁྲིས་པ་ལ་སོགས་པ་གནས་ནས་བསྒུལ་བར་བྱེད་པས་ན་གཤེར་བར་བྱེད་པ་ཡིན་ནོ། །ཁ་རུ་ཚ་ནག་ཡོན་ཏན་དྲི། །མ་གཏོགས་ཡོན་ཏན་བི་དར་མཚུངས་ཞེས་བྱ་བ་ལ། ཁ་རུ་ཚ་ནག་པོ་ནི་དྲི་མ་གཏོགས ་པ་ཡོན་ཏན་གཞན་བི་ད་ཁ་རུ་ཚ་དང་མཚུངས་ཞིང་མཉམ་པ་སྟེ་འདི་གཉིས་ཀྱི་ཁྱད་པར་ནི་དྲི་མ་ཙམ་དུ་ཟད་དོ། །མཚོ་ཚྭ་ཡང་སྟེ་ཞེས་བྱ་ནི་ལན་ཚྭ་མཚོ་བ་ཚྭ་ཞེས་བྱ་བ་ནི་རོ་མ་ཀ་སྟེ། དེ་ནི་ཡང་བའི་ཡོན་ཏན་དང་ལྡན་པས་ན་ཡང་བ་ཡིན་ནོ། ། ་ས་སྐམ་ཚྭ། བད་ཀན་སྐྱེད་ཅིང་འཇུ་དཀའ་ལྕི་ཞེས་བྱ་བ་ལ། ས་སྐམ་གྱི་ཚ་ནི་ས་རྡུལ་ཅན་གྱི་ཕྱོགས་ནས་བྱུང་བའི་ཚ་སྟེ། དེ་ནི་བ་ཚྭ་བྲོ་ཞིང་བད་ཀན་སྐྱེད་པར་བྱེད་ཅིང་དཀའ་བ་དང། ལྕི་བ་ཡིན་ནོ། །ལན་ཚྭ་རྣམས་ཀྱི་སྦྱོར་བ་ལ། རྒྱམ་ཚྭ ་ལ་སོགས་རབ་ཏུ་སྦྱར་ཞེས་བྱ་བ་ལ། ལྕེ་མྱང་ཚྭ་ལ་སོགས་པའི་ལན་ཚྭ་རྣམས་ཀྱི་ནང་ནས་གཅིག་གམ་གཉིས་སམ་མང་པོ་བརྔོས་པའི་དེའི་ཕྱེ་མ་དང་ལངྒུ?་དང་སྨན་མར་དང། ཏིལ་མར་ལ་སོགས་པའི་སྦྱོར་བ་དེ་དང་དེ་ལ་རྒྱམ་ཚྭ་ལ་སོགས་པ་རབ་ཏུ་སྦྱར་བར་བྱའོ ་དེས་ན་འདི་སྐད་སྟོན་པ་ཡིན་ཏེ། གང་དུ་ཁྱད་པར་མེད་པར་ལན་ཚྭ་གཅིག་སྨོས་པ་དེ་ནི། །རྒྱམ་ཚྭ་འམ་ལྕེ་མྱང་ཚྭ་སྦྱར་བར་བྱའོ། །གང་དུ་གཉིས་སྨོས་པ་དེ་ནི་རྒྱམ་ཚྭ་དང་རྩབས་རུ་ཚྭའོ། །གང་དུ་གསུམ་སྨོས་པ་དོར་ནི་རྒྱམ་ཚྭ་དང་རྩ་བས་རུ་ཚ་དང། ཁ་རུ་ཚྭ ་ནག་པོ་སྦྱར་བར་བྱའོ། །གང་དུ་བཞི་སྨོས་པ་དེར་ནི། ལྕེ་མྱ་ར་ཚྭ་དང་རྩལ་རུ་ཚྭ་དང། ཁ་རུ་ཚ་དང། ཁ་རུ་ཚ་ནག་པོའོ། །གང་དུ་ལྔ་སྨོས་པ་དེར་ནི། ལྕེ་མྱང་ཚྭ་དང་རྩ་བས་རུ་ཚྭ་དང། ཁ་རུ་ཚྭ་དང་ཁ་རུ་ཚྭ་ནག་པོ་དང། རྒྱ་མཚོའི་ཚྭ་སྦྱར་བར་བྱའོ། །དེ་བཞིན་དུ་བཀོད ་མའི་ལན་ཚྭ་ལ་སོགས་པ་ཡང་སྤྱིར། །ནས་ཚིགས་འཁུས་པའི་ལན་ཚྭ་ནི། །སྐྲན་དང་སྙིང་ནང་སྐྱ་རྦབ་དང། །ཕོ་བ་མཆེར་པ་ལྐོག་ནང་དང། ལུང་པ་གཞང་འབྲུམ་དབུགས་མི་བདེ། །ལྟོ་སྤོས་བད་ཀན་སེལ་བ་ཡིན་ཞེས་བྱ་བ་ལ། ལན ་ཚྭའི་ནང་ནས་ཚིག་འཁུས་བའི་ཐལ་བའི་ལན་ཚྭ་ནི། སྐྲན་ནས་བད་ཀན་གྱི་བར་སེལ་ཞིང་འཇོམས་པ་ཡིན་ནོ། །སརྫི་ཀ་སོགས་ཐལ་ཚྭ་ཀུན། །རབ་རྣོ་ཚ་ཞིང་སྲིན་སེལ་ཡང། །ཁྲག་མཁྲིས་སྐྱེད་བྱེད་སྨིན་བྱེད་ལ། གཅོད་ཅིང་མི་ཞིམ ་མནམ་པར་འབྱེད། །ནས་ཚིག་འཁུས་ཚྭ་ཁ་བས་ན། །མདོག་མདངས་ཁུ་བ་སྐྲ་མིག་གནོད། །ཅེས་བྱ་བ་ལས་རྫི་ཀ་ལ་སོགས་པའི་ཐལ་བའི་ཚྭ་ཁུ་ནི་རབ་ཏུ་རྣོ་བ་དང། ཚ་བའི་ནུས་པ་དང་ལྡན་པ་དང། སྲིན་བུའི་མེད་སེལ་བ་དང། ་ཡང་བ་དང། ཁྲག་དང་མཁྲིས་པ་བསྐྱེད་པ་བྱེད་པ་དང། སྨིན་པར་བྱེད་པ་དང། བད་ཀན་ལ་སོགས་པ་གཅོད་པར་བྱེད་པ་དང། དེ་བཞིན་དུ་མི་ཞིམ་པ་སྟེ། སྙིང་དགའ་བར་མི་བྱེད་པ་དང། རྣམ་པར་འབྱེད་པ་སྟེ། འབྲུམ་བུ་དང། ཕོལ་མིག་ལ་སོགས་པ ་འབྱེད་ཅིང་འགགས་པར་བྱེད་པ་དང། ལན་ཚྭ་བྲོ་ཞིང་ཁ་བས་མདོག་མདངས་དང་ཁུ་བ་ལ་སོགས་པ་ལ་གནོད་པ་ཡིན་ནོ། །ཤིང་ཀུན་རླུང་དང་བད་ཀན་སེལ། །གཟེར་འཇོམས་མཁྲིས་པ་བསྐྱེད་བྱེད་དེ། །ཞུ་རྗེས་རོ་ཙ་ཡི་ག་འབྱེད། ་དྲོད་བསྐྱེད་ཟས་འཇུ་ཡང་བ་ཡིན་ཞེས་བྱ་བ་ལ། ཤིང་ཀུན་ནི་རྩི་བོ་ཆེ་སྟེ། དེ་ནི་རླུང་དང་བད་ཀན་སེལ་ཞིང་བཟེར་ནང་འཇོམས་པ་དང། དེ་བཞིན་དུ་མཁྲིས་པ་སྐྱེད་པར་བྱེད་པ་དང། ཞུ་བའི་རྗེས་མངར་རོ་ཙ་དང། ཡི་ག་འབྱེད་པ་དང་དྲོད་སྐད? ་པ་དང། ཟས་མ་ཞུ་བ་འཇུ་བ་དང། ཡང་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། ། རུ་ར་བསྐ་ཞུ་རྗེས་མངར། །རྩུབ་ཅིང་ལན་ཚྭའི་རོ་མེད་ཡང། དྲོད་ཆེ་ཟས་འཇུ་ཡིད་གཞུངས་བྱེད། ན་ཚོད་ལ་འཇོག་དམ་པ་ཡིན། །བྲོ་ཞིང་འཁྲུ་ལ་ཚེ་ལ་ཕན?། །བློ ་དང་དངར?་གསལ་སྟོབས་རབ་བསྐྱེད། །མཛེ་དང་བཞིན་ལུས་མདོག་མི་སྡུག། སྐད་འགགས་རིམས་རྙིངས་མི་བཟང་རིམས། །ཀླད་པ་མིག་ནད་སྐྱ་རྦབ་དང། །མིག་སེར་པོ་བའི་ནང་རྣམས་དང། སྐེམས་བཅས་འོར་ནད་གཅིན་ནད་དང། །ཚད་འཁྲུ་རྨོང ་བ། མྱོས་སློན་སྲིན། །མཆིལ་མང་ལུང་པ་དབུགས་མི་བདེ། །གཞང་འབྲུམ་ཆེད་པ་ལྟོ་སྤོས་དུག། གསུམ་འཕེལ་རྒྱུན་འགགས་སྐྲན་དང་ནི། །དར་རྒ་ཏན་དང་ཡི་ག་མཆུས། །རླུང་དང་བད་ཀན་ལས་གྱུར་ནད། །དེ་དང་དེ་ནི་སེལ་བྱེད་ཡིན། ཞེས་བྱ་བ་ལ། ཨ ་རུ་ར་ནི་རོ་རབ་ཏུ་བསྐ་བ་ཡིན་ལ། ཞུ་བའི་རྗེས་མངར་བ་ཡིན་ཞིང། རྩུབ་བའི་ཡོན་ཏན་དང་ལྡན་པས་རྩུབ་པ་ཡིན་ལ། ལན་ཚའི་རོ་མེད་པ་ནི་ལན་ཚྭའི་རོ་དང་བྲལ་བ་སྟེ། རོ་ལྔ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྔར་བསྐ་བ་ཞེས་སྨོས་པ་ནི། ་དེ་ཤས་ཆེ་བར་བསྟན་པའི་ཕྱིར་ཡིན་ནོ། །དེ་ལྟར་ན་ཨ་རུ་ར་ནི་མངར་བ་དང། སྐྱུར་བ་དང་ཁ་བ་དང་ཚ་བ་དང། བསྐ་བ་སྟེ། རོ་ལྔ་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ན་ཚད་ལ་འཇོག ་བ་ནི་གཞོན་ནུ་མ་ཡིན་པ་དག་ཀྱང། རྒས་པ་ལས་ཟློག་ནས་མཆོག་ཏུ་གཞོན་པ་ལས་འཇོག་པ་ཡིན་པ་དང། བློ་ཞེས་བྱ་བ་ལ་འཕྲལ་གྱི་དོན་འཛིན་པར་ནུས་པ་དང། མིག་ལ་སོགས་པའི་དབང་པོ་གསལ་བར་བྱེད་ཅིང། །དེ་རྣམས་ཀྱི་སྟོབས་རང་གི ་ཡུལ་ལ་འཇུག་པ་ནུས་པ་རབ་ཏུ་སྐྱེད་པ་ཡིན་ནོ། །དེ་བཞིན་དུ་དེ་ནི་མཛེ་ནས་ཡི་ག་འཆུས་པའི་བར་གྱི་ནད་དང། རླུང་དང་བད་ཀན་ལས་གྱུར་པའི་ནང་གཞན་གང་དག་ཡོད་པ་དེ་དང་དེ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །རིམས་རྙིངས་པ་ནི་ཡུན ་རིང་དུ་ལོན་པའོ། །མི་བཟད་པའི་རིམས་ནི་རྟག་པའི་རིམས་ལ་སོགས་པ་རྣམ་པ་བཞིའོ། །གཞན་དག་ནི་གོ་བར་ཟད་དོ། །སྐྱུ་རུ་ར་དང་དེ་འདྲ་བསིལ། །རོ་སྐྱུར་བད་མཁྲིས་སེལ་དེ་ལས་ཤེས་པར་བྱ་བ་ལ། སྐྱུ་རུ་ར་ཡང་ཨ་རུ་ར་དང་འདྲ་བར་ཤེས་པར ་བྱའོ། ། རུ་རའི་ཡོན་ཏན་བཤད་མ་ཐག་པ་གང་ཡིན་པ་དེ་ཐམས་ཅད་སྐྱུ་རུ་ར་ལ་ཡང་ཡོད་པས་དེ་དང་འདྲ་བ་ཞེས་བྱ་བ་ལ། འདིར་ནུས་པ་ནི་དེ་དང་མི་མཐུན་ཏེ། དེ་ནི་དྲོ་བ་ཡིན་ལ། སྐྱུ་རུ་ར་ནི་བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །ཡོན་ཏན ་གཞན་ལན་ཚྭ་མི་བྲོ་ཞིང་ཞུ་རྗེས་མངར་བ་དང། རོ་ལྔ་དང་ལྡན་པ་ལ་སོགས་པ་དང། བད་ཀན་དང་མཁྲིས་པ་ལས་བྱུང་བའི་ནད་དེ་རང་དེ་འཇོམས་པར་བྱེད་པ་ནི་འདྲ་བ་ཡིན་པར་ཤེས་ལ། སྐྱུར་བའི་རོ་ནི་ཤས་ཆེ་བ་ཡིན་ནོ། །ཡོན་ཏན་ཆུང་སྨན་པ་རུ་ར།། ། ་ཞུ་རྗེས་ཚ་མངར་སྐྲ་མིག་ཕན་ཞེས་བྱ་བ་ལ། བ་རུ་ར་ནི་ཨ་རུ་རའི་ཡོན་ཏན་དེ་ལ་ཅུང་ཟད་ཅིག་དམན་ཞིང་ཆུང་བ་ཡིན་ལ། དེ་ནི་ཨ་རུ་ར་དང་ཡོན་ཏན་ཐུན་མོང་ཡིན་ཀྱང་བ་རུ་ར་ནུས་པ་བསིལ་བ་ཡིན་ཏེ། དེ་ལ་རྩོམ་པའི་འབྱུང་བ་ཆེན་པོ་དེ་ལྟ་བུའི ་རྣམ་པར་ཞུགས་པ་ཡིན་པའི་ཕྱིར་རོ། །དེ་ནི་ཞུ་བའི་རྗེས་ཚ་བ་དང། རོ་མངར་བ་བའི་ཤས་ཆེ་བ་དང། སྐྲ་ལ་ཕན་པ་དང། མིག་ལ་ཕན་པ་ཡིན་ནོ། །འབྲས་བུ་གསུམ་པོ་འདི་དག་ནི་བཏུང?་གྱིས་ལེན་མཆོག་མིག་ནད་སེལ། །རྨ་འཚོ་པགས་ནད་རྨ་རོད་དང། ཚའི? ་གཅིན་སྙི་བད་ཁྲགས་སེལ། །ཞེས་བྱ་བ་ལ། ཨ་རུ་དང་སྐྱུ་རུ་ར། །བ་རུ་ཞེས་བྱ་དང་གསུམ། འབྲས་བུ་གསུམ་ཞེས་ལེགས་བཤད་པ། །འབྲས་བུ་གསུམ་བོར་དེ་ཤེས་བྱ་ཞེས་འབྱུང་བ་དང། །གཞན་དག་ལས་ཀྱང། འབྲས་བུའི་མཆོག་ནི་རྣམ ་གསུམ་མོ། །འབྲས་བུའི་དམ་པ་གསུམ་ཞེས་བྱ་བཤད་པ་ཡིན་ནོ། །འབྲས་བུ་གསུམ་པོ་དེ་དག་ཉིད་ནི་བཅུད་ཀྱིས་ལེན་པའི་མཆོག་ཅེས་བྱ་བ་སྟེ། བཅུད་ཀྱི་ལེན་རྣམས་ཀྱི་ནང་ན་དམ་པ་ཡིན་པའོ། །མིག་ནད་སེལ་བ་ནི་མིག་གི་ནད་རྣམས་འཇོམས ་པའོ། །རྨ་འཚོ་བ་ནི་རྨ་འབྱོར་ཅིང་སླར་འཚོ་བར་བྱེད་པའོ། །པགས་ནད་ནི་མཛེ་མེ་དཔལ་བ་དང། སྐྲངས་ནད་ལ་སོགས་པའོ། །རྨ་རེང་པ་ནི་རྨ་ལས་ཁྲག་ལ་སོགས་པ་འཇིག་པའོ། །ཚིལ་ཆེས་པ་ནི་ལུས་ཟུངས་ཀྱི་ལྷག་པའོ། །གཅིན་སྙི་པ་ནི་ཆུ་སེ? ་ནད་དོ། །བད་ཀན་དང། ཁྲག་ནི་དངོས་སུ་ཟད་དོ། །དེ་དག་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ཤིང་ཚྭ་སུག་སྨེལ་པ་ཏྲ་གསུམ། །གེ་སར་བཅས་པ་དྲི་བཟངས་བཞི་ཞེས་བྱ་བ་འདི་ནི། བསྡུས་པའི་ཚིག་ཡིན་པ་ལས་མིང་ཙམ་བསྟན་པའི་ཕྱིར། འགའ་ ་ཞིག་གིས་འདིར་བཅུག་པ་ཡིན་ཏེ། ཤིང་ཚ་དང། སུག་སྨེལ་དང། གན་དྷ་པ་ཏྲ་གསུམ་ནི་དྲི་བཟང་གསུམ་ཞེས་བྱ་བ་ལ། གསུམ་པོ་འདི་རྣམས་ཀྱི་སྟེང་དུ་ནཱ་ག་གེ་སར་གྱིས་བསྣན་པ་ནི་དྲི་བཟང་བཞི་ཞེས་བྱ་བའོ། །འདི་དག་ནི་མིང་ཙམ་བསྟན་པ ་ཡིན་གྱི། །ཡོན་ཏན་ནི་འདིར་མ་བསྟན་ཏེ། གཞན་ལས་ནི་མིང་ཙམ་བཏུས་པར་ཟད་དོ། །ན་ཡེ་ཤཾ་ནི་མཁྲིས་བསྐྱེད་རྣོ། །རྩུབ་ཅིང་དྲོད་བསྐྱེད་ཡི་ག་འབྱེད། །རོ་དང་ཞུ་རྗེས་དག་ཀྱང་ཆེ། །བད་ཀན་འཇོམས་ཤིང་ཡང་པ་ཡིན། །ཞེས་བྱ་བ་ལ། ན་ལེ་ཤཾ ་ནི་མཁྲིས་པ་འཕེལ་བར་བྱེད་པ་ཡིན་པས་ན་མཁྲིས་བསྐྱེད་ཅེས་བྱའོ། །དེ་བཞིན་དུ་རྣོ་ཞིང་རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པོ་ཡིན་ནོ། །པི་པི་ལིང་སློན་བད་བསྐྱེད་མངར། །བསིལ་ཞིང་ལྕི་ལ་སྣུམ་པ་ཡིན། །ཞེས་བྱ་བ་ལ། པི་པི་ལིང ་རློན་པ་ནི་བད་ཀན་བསྐྱེད་པར་བྱེད་ཅིང་མངར་བ་དང། ནུས་པ་བསིལ་བ་དང། ལྕི་ཞིང་སྣུམ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སྐམ་པོ་དེ་ལས་བཟློག་པ་ཡིན། །སྣུམ་ཞིང་རོ་ཙ་རོ་ཚ་ལ། ཞུ་རྗེས་མངར་ཞིང་བད་རླུང་དང། ལུད་པ་དབུགས་མི་བདེ་སེལ་འཁྲུ།། ་དེ་ཉིད་བཅུད་ལེན་མ་གཏོགས་པ། །གཞན་ལ་ཤས་ཆེར་སྦྱར་མི་བྱ། །ཞེས་བྱ་བ་ལ། པི་པི་ལིང་དེ་སྐམ་པོ་ཡིན་ན་ནི། །པི་པི་ལིང་རློ་ན་པ་དེ་ལས་ཡོན་གོ་བཟློག་པ་ཡིན་ཏེ་ལས་གོ་བཟློག་པ་ནི་རློན་པ་ནི་བད་ཀན་བསྐྱེད་པ་དང། མངར་བ་དང་ལྕི་བ་ཡིན ་ལ། འདི་ན་བད་ཀན་སེལ་བ་དང། ཁ་བ་དང། ནུས་པ་བསིལ་བ་དང་ཡང་བ་ཡིན་ནོ། །དེའི་ཁྱད་པར་གཞན་ཡང། །སྐམ་པོ་ནི་རོ་ཙ་ཞིང་ཁུ་བ་འཕེལ་བ་དང། ཞུ་བའི་རྗེས་མངར་བ་དང། དེ་བཞིན་དུ་བད་ཀན་དང། རླུང་དང་ལུད་པ་དང། དབུགས་མི་བདེ་བ་སེལ ་པར་བྱེད་ཅིང། །བོང་འཁྲུ་བ་ཡིན་ཏེ། དེ་ལྟ་བུའི་པི་པི་ལིང་དེ་ནི་བཅུད་ཀྱིས་ལེན་གྱི་ཆོ་ག་མ་གཏོགས་པར་གཞན་ལ་ཞེས་པ། ནད་མེད་པར་གནས་པ་དང། ནད་པ་དག་གསོ་བའི་སྐབས་ལ་ཤས་ཆེར་སྦྱང་བར་མི་བྱའོ། །དོང་གྲ་དྲོ་བསྐྱེད་རོ་ཙ་དང། །འཁྲུ ་གཅོད་ཡིད་འོང་མཁྲེགས་པ་སེལ། །ཡི་ག་འབྱེད་དང་ཞུ་རྗེས་མངར། །ཁོང་སྣུམ་དྲོད་ཆ་བང་རླུང་སེལ་ཞེས་བྱ་བ་ལ། དོང་གྲ་ནི་ལིང་དོང་གྲ་སྟེ། མིང་གི་རྣམ་གྲངས་པའི་ཤྭ་པེ་ཤ་ཞེས་གྲགས་པའོ། །དེ་ནི་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང ་ལྡན་པ་ཡིན་ཏེ། ཚིག་གི་དོན་ནི་གོ་བར་ཟད་དོ། །སྒེའུ་བཤེར་དེ་འདྲ་ཞེས་བྱ་བ་ནི། །སྒེའུ་གཤེར་ཞེས་བྱ་བ་དོང་གྲ་རློན་པ་ནི་དོང་གྲ་དེ་ཉིད་དང་ཡོན་ཏན་འདྲ་བ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་ཆ་བ་གསུམ་པ་ཤ་སྦོམ་དང། །མེ་དྲོད་ཉམས་དང ་དབུགས་མི་བདེ། །ལུད་པ་རྐང་འབབ་ཆམ་པ་འཇོམས་ཞེས་བྱ་བ་ལ། སྔར་མ་ཐག་པའི་པི་པི་ལིང་དང། ན་ལེ་ཤམ་དང། དོང་གྲ་སྟེ་གསུམ་པོ་འདི་དག་ནི་ཚ་བ་གསུམ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ནི་ཤ་སྒོམ?་པ་ནས་ཆམ་པའི་བང?་འཇོམས ་པར་བྱེད་དོ། །བྱི་སོད་པི་པི་ལིང་རྩ་ག། ན་ཤམ་ཡོན་ཏན་ཅུང་ཟད་ཆུང་ཞེས་བྱ་བ་ལ། དབྱི་མོ་དང། པི་པི་ལིང་གི་རྩ་བ་ནི་ན་ལེ་ཤཾ་གྱི་ཡོན་ཏན་ལས་ཅུང་ཟད་ཅིག་གིས་ཆུང་བ་ཡིན་པར་ཤེས་པར་བྱའོ། །ཙི་ཏྲ་ཀ་སྟོབས་མེད་དང ་མཉམ། འོར་ནར་གཞང་འབྲུམ་སྲིན་མཛེ་སེལ་ཞེས་བྱ་བ་ལ། རྩི་ཏྲ་ཀ་ནི་ཀྲུ་ཏྲུག་ཏྲེས་ཞེས་བྱ་བ་སྟེ། དེ་ནི་སྟོབས་མེ་དང་མཉམ་པ་ཡིན་ཏེ། མེ་དང་བྱ་བའི་ལས་མཚུངས་ཏེ། དེ་ནི་ཤིན་ཏུ་ཚ་ཞིང་དྲོ་པས་ཟས་མྱུར་དུ་འཇུ་བར་བྱེད་དོ། །ཞེས་བྱ ་བྱ་བའི་དོན་ཏོ། །དཔེར་ན་ཕྱི་རོལ་གྱི་མེས་ཟངས་ན་གནས་པའི་ཆུ་དང་འབྲས་མོ་ལྕེ་འབར་བ་དང་ལྡན་པའི་མདག་མས་སྨིན་པར་བྱེད་པ་ཡིན་ལ། དེ་བཞིན་དུ་ཅི་ཏྲ་ཀ་དང་ལྡན་པའི་མེའི་དྲོད་བསྐྱེད་པའི་སྒོ་ནས་འཇུ་བར་བྱེད་པའི་ལས་ཀྱིས ་དེ་ཉིད་མེ་དང་འབྲ་བར་འགྱུར་བ་ཡིན་ནོ། །དེ་ཡང་འོར་ནད་དང་གཞང་འབྲུམ་དང། སྲིན་ནད་དང། མཛེ་ནད་སེལ་པར་བྱེད་དོ། །འདི་རྣམས་ལས་ནི་ན་ལེ་ཤམ། མ་གཏོགས་ཚ་བ་ལྔ་ཞེས་བཤད། །སྐྲན་ཚེ་ན་དམུ་རྫི་ད་ལྟོ་སྦོས་དང། གཟེར་འཇོམས ་དྲོད་ནི་བསྐྱེད་པའི་མཆོག། ཅེས་བྱ་བ་ལ། བཤད་མ་ཐག་པའི་པི་པི་ལིང་དང་པི་པི་ལིང་མུ་ལ་དང། དབྱི་མོ་དང། ཙི་ཏྲ་ཀ་དང། ལི་དོང་གྲ་སྟེ། འདི་རྣམས་ལ་ནི་ཚ་བ་ལྔ་ཞེས་བྱ་བའི་མིང་གིས་མིང་དུ་གཏགས་པ་ཡིན་ནོ། །ན་ལེ་ཤམ་མ ་གཏོགས་ཞེས་བྱ་བ་ནི་འདིར་ན་ལེ་ཤམ་མི་བགྲང་བ་སྟེ། གང་གི་ཕྱིར་པི་པི་ལིང་ལ་སོགས་པའི་ནང་ན། ན་ལེ་ཤམ་ཡང་བགྲང་མོད་ཀྱི། འདིར་ཚ་བ་ལྔ་བ་མ་གཏོགས་པས་དེ་དགར་བ་ཡིན་ནོ། །ཚ་བ་ལྔ་པོ་དེ་ནི་སྐྲན་ལ་སོགས་པ་འཇོམས ་པ་དང། དེ་བཞིན་དུ་ཤིན་ཏུ་དྲོད་བསྐྱེད་པའི་མཆོག་ཡིན་ནོ། །བིལྦ་ཀ་སྨད་རྐ་རི། །བཱ་ཊ་ལ་དང་དུནདུ་ཀ། རྩ་ཆེན་ལྔ་པོ་ཀ་ཁ་དྲོ། །རླུང་དང་བད་ཀན་སེལ་བྱེད་ཡིན་ཞེས་བྱ་བ་ལ། བིལ་པ་ནི་མིང་གི་རྣམ་གྲངས་སུ་ཤཱི་ཕ་ལ་ཞེས་བྱའོ། །ཀཥྨ ་རི་ནི་ཤི་མི་བརྟིའོ། །ཏ་རྐ་རི་ནི་ཡགནི་མནྟའོ། །བ་ཏ་ལ་ནི་བ་སནྟུ?་དུ་ཏིའོ། །ཏུནྟུ་ཀ་ནི་སོན་ཀ་ཏེ། དེ་རྣམས་ཀྱི་རྩ་བ་ཆེན་པོ་ལྔ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ནི་རོ་བསྐ་ཞིང་ཁ་བ་ཡིན་ལ། ནུས་པ་ནི་དྲོ་བ་ཡིན། ཡོན་ཏན་ནི་རླུང་དང་བད་ཀན་སེལ་བར་བྱེད་པ་ཡིན ་ནོ། །ཾ་ཤུ་མ་ཏི་བྲི་ཧ་ཏི། །གཉིས་གཉིས་གཟེ་རྩ་ཆུང་བ་ལྔ་བཤད། །ཞུ་རྗེས་རོ་མངར་ཧ་ཅང་ནི། བསིལ་དང་ཚ་མིན་ཉེས་ཀུན་སེལ། ཞེས་བྱ་བ་ལ། ཨཾ་ཤུ་མ་ཏུ་གཉིས་ནི་ས་ལ་རོ་རྞི་དང། ཀྲིཥྞ་བརྞིའོ། །བྲི་ཧ་ཏི་གཉིས་ལས་བྲི་ཧ་ཏི་གཅིག་ནི་ཀཎྜ་གཱ་རི་ཏེ། ་མིང་གི་རྣམ་གྲངས་གཞན་ཡང་ཀླུ་ཏྲ་ཞེས་བྱའོ། །བྲི་ཧ་ཏི་གཉིས་ནི་ན་སྦོམ་པོ་སྟེ། མིང་གི་རྣམ་གྲངས་གཞན་ཡང་སི་ཧི་ཞེས་བྱ་བའོ། །གཟེ་མ་ནི་མིང་གི་རྣམ་གྲངས་ཁིའི་མཆེ་བ་ཞེས་བྱ་བ་སྟེ། དེ་རྣམས་ཀྱི་རྩ་བ་ནི་རྩ་བ་ཆུང་ངུ་ལྔ་ཞེས་བཤད་ལ། དེ་ཡང ་ཞུ་བའི་རྗེས་དང་རོ་མངར་བ་ཡིན་ལ། དེ་བཞིན་དུ་ཧ་ཅང་བསིལ་བ་དང་ཚ་བ་མ་ཡིན་པ་སྟེ། ཅུང་ཟད་ཚ་བ་ལ་ཅུང་ཟད་བསིལ་བས་ཐུན་མོང་གི་ཆ་མཉམ་པ་སྟེ། དཔེར་ན་མིའི་སེང་གེ་ཞེས་བྱ་བ་ལ་ལྟ་བུའོ། །དེ་བཞིན་དུ་རླུང་ལ་སོགས་པའི་ནད་རྣམས ་འཇོམས་པས་ན་ནད་ཀུན་སེལ་ཞེས་བྱའོ། །རྩ་བ་ཆེན་པོ་དང་ཆུང་ངུ་གཉིས་བསྡུས་པ་ལ་ནི་རྩ་བ་བཅུ་བ་ཞེས་བྱ་སྟེ། དེ་ཡང་ལུང་ལས། རྩ་བ་ཆུང་དང་ཆེན་པོ་ལ། རྩ་བ་བཅུ་པ་ཞེས་བྱར་བཤད་ཅེས་འབྱུང་བ་ཡིན་ནོ། །པ་ལ་བུ་རྞ་ཨེ་རཎྜ། །སུ་བྱ ་བརྩི?་རྣམ་གཉིས་རྩ། །འབྲིད་ཡིན་བད་ཀན་རླུང་འཇོམས་ཡིན། ཤིན་ཏུ་མཁྲིས་པ་མི་བསྐྱེད་འཁྲུ་ཞེས་བྱ་བ་ལ། བ་ལ་ནི་མིང་གི་རྣམ་གྲངས་པ་དྷོ་ད་རི་ཞེས་བྱ་བའོ། །བུརྞ་རྣ་པ་ནི་བརཥ་བྷུ་ཞེས་བྱ་བའོ། །ེ་རཎྜ་ནི་སོར་ལྟ་པ་ཞེས་བྱ་བའོ། །སུ་བྱ་པརྞི ་གཉིས་ནི་མུངྒ་པརྞི་དང། མཱ་ཥ་པརྞི་སྟེ། དེ་རྣམས་ཀྱི་རྩ་བ་ལྔ་ནི་རྩ་བ་འབྲིང་པོ་ཡིན་ཏེ། དེ་ན་བད་ཀན་དང་རླུང་འཇོམས་པར་བྱེད་པ་དང། ཤིན་ཏུ་མཁྲིས་པ་མི་སྐྱེད་ཅེས་བྱ་བ། མཁྲིས་པ་ཅུང་ཟད་བསྐྱེད་པ་དང། ཁོང?་འཁྲུ་བར་བྱེད་པ་ཡིན་པར ་ཤེས་པར་བྱའོ། །ཉེའུ་ཤིང་ག་ཀོ་ལ་འཚོ་བྱེད། །ཛི་བ་ཀ་དང་རི་ཤར་བཤད། །འཚོ་བྱེད་ཅེས་བྱ་མིག་ལ་ཕན། །རོ་ཙ་རླུང་དང་མཁྲིས་པ་སེལ་ཞེས་བྱ་བ་ལ། སྙེའུ་ཤིང་ཨ་བྷི་རུའོ། །ཀ་ལོ་ལ་ནི་བི་རའོ། །འཚོ་བྱེད་ནི་ཛཱི་བཱནྟི་སུ་མ ་ག་ལ་ཞེས་བྱ་བའོ། །ཛི་བ་ཀ་ནི་ཀུཙ་ཤིརཥ་འོ། །རི་ཤ་བ་ནི་བི་ཤ་ནི་ཏ། རྩ་བ་ལྔ་པོ་དེ་དག་ནི་འཚོ་བྱེད་ཀྱི་རྩ་བ་ལྔ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ནི་མིག་གཉིས་ལ་ཕན་པ་ཡིན་བས་ན། མིག་ལ་ཕན་པ་ཞེས་བྱ་ལ། དེ་བཞིན་དུ་རོ་ཙ་བ་དང། རླུང་དང་མཁྲིས་པ ་སེལ་བ་ཡིན་ནོ། །འཇག་མ་ཀ་ཤ་འབྲེས་བུར་ཤིང། འདབ་རྩཝ་རྩར་བཤད་ལྔ་མཁྲིས་སེལ་བྱ་བ་ལ། །མཇག?་མ་དང་ཀུ་ཤ་གཉིས་ཀ་རིགས་གཅིག་པ་ལ་སོགས་པ་དང། ཕྲ་བའི་ཁྱད་པར་གྱིས་གཉིས་སུ་གཤད་པ་ཡིན་ནོ། །ཀ་ཤ་ནི་ཡང ་འཇག་མ་ཅན་གྱི་རྩ་ཁྱད་པར་རོ། །འབྲས་ནི་གྲ་མ་ཅན་གྱི་སྡེ་ཚན་ལས་བཤད་པའི་རཀྟ་ཤ་ལི་ལ་སོགས་པའོ། །བུ་རམ་ཤིང་དང་འདམ་བུ་ནི་གྲགས་པར་ཟད་དོ། །དེ་རྣམས་ཀྱི་རྩ་བ་ནི་རྩ་བ་ལྔ་ཞེས་བྱ་བའི་རྩ་བ་ལྔ་པ་ཡིན་ལ། དེ་ནི་མཁྲིས་པ ་འབའ་ཞིག་སེལ་བར་བྱེད་པ་ཡིན་ནོ། །གྲ་མ་གང་བུ་གཡོས་སྦྱར་ཟད། །ཤ་དང་ཚོད་མ་ཤིང་ཏོག་སྨན། །ཟས་ཆ་ཅུང་ཟད་ཚན་བསྡུས་འདི། །རྟག་ཏུ་དགོས་པ་ཡོད་པས་སྨྲས་ཞེས་བྱ་བ་ལ། བཟའ་བར་བྱ་བ་ཡིན་པས་ན་ཟས་ཏེ། དེ་ནི་གྲ་མ་ཅན ་དང། གང་བུ་ཅན་དང། གཡོས་སུ་སྦྱར་བ་དང། ཤ་དང། ཚད་མ་དང། ཤིང་ཏོག་དང། སྨན་སྣ་ཚོགས་རྣམས་དང། ཚོད?་མ་ལ་དགོས་པའི་རྫས་གང་ཅུང་ཟད་ཡོད་བ་དེ་དག་ཀྱང་ཟས་དང་འདྲ་བར་ནད་མེད་པར་ཀན་པ་དང། ནད་བ་རྣམས་ཁམས?་སྙོམས་པར ་བྱ་བའི་ཕྱིར་སྦྱར་བར་བྱ་བ་ཡིན་ཞིང། སྐྱོན་མེད་པ་ཉིད་ལ་རྟག་ཏུ་དགོས་པ་འདིར?་བཤད་ཅིང་སྨྲས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར ་བ་ལས་ལེའུ་དྲུག་པའི་འགྲེལ་པའོ། །དེ་ནས་ཁ་ཟས་བསུངས?་པའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ། ཟས་དང་སྐོམ་ཕན་པ་དང། གནོད་པའི་དབྱེ་བས་ཕྱེ་སྟེ་བཤང་ལ་དེ་ལ་ཡང་དུག་ལ་སོགས་པ་དང་འབགས ་བའམ། མི་མ་རྐུན་བཟོས་བ་དག་དགག་པར་བྱ་བ་ཡིན་པས། །དེའི་རྗེས་ཐོགས་ལ་འདི་བརྩམས་པ་ཡིན་ནོ། །དེ་ལ་བཟའ་པར་བྱ་བ་ཡིན་པས་ན་ཟས་སོ། །དེ་བསྲུང་བ་ནི་དུག་ལ་སོགས་པ་དང་མ་འདྲིས་པར་ཡོངས་སུ་བསྲུང་ཞིང་བསྡམ་པའོ། །དེའི་ལེའུ་གང ་དུ་བསྟན་པའི་ལེའུ་དེ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་ལྟར་ན་ཟས་དང་སྐོམ་ལ་སོགས་པ་དུག་ལ་སོགས་པས་སྤགས་པ་དང་མི་མཐུན་པའི་ཁ་ཟས་ལེའུ་གང་དུ་དགག་པར་བྱེད་པའི་ལེའུ་དེ་བརྩམ་པར་བྱ་སྟེ། གང་གི་ཕྱིར་ཡོན་ཏན་དང ་ལྡན་པའི་ཟས་དང། སྐོམ་ནི་སྲོགས་འཛིན་པར་བྱེད་པ་ཡིན་བས། །སྲོག་དང་འདྲ་ལ་དེ་ཉིད་དུག་ལ་སོགས་པ་དང་ཉེ་བར་བཅོམ་པ་དང། དེ་བཞིན་དུ་མི་མཐུན་པར་གྱུར་པ་ནི་བསོད་པར་གྱུར་པ་ཉིད་ཡིན་ཏེ། དེ་བས་ན་ཟས་ཚུལ་ཤེས་པའི་ལེའུའི་རྗེས ་ཐོགས་ལ། འདི་བརྩམས་པ་ཡིན་ལ། རྒྱལ་པོས་ཕོ་བྲང་ཉེ་འཁོར་དུ། །སྲོག་འཚོའི་སློབ་དཔོན་བཞག་པར་བྱ། །དེ་ལྟར་བྱས་པས་ཐམས་ཅད་དུ། །ཐམས་ཅད་ལ་ནི་བསྲུང་བར་འགྱུར། །ཞེས་བྱ་བ་ལ། རྒྱལ་པོ་ནི་ས་བདག་གོ། ཕོ་བྲང་ཉེ་འཁོར་ནི་རྒྱལ་པོ་བཞུགས ་གནས་དང། འདབ་ཉེ་བར་རོ། །སྲོག་འཚོའི་སློབ་དཔོན་ནི་སྨན་པ་སྟེ། སྨན་པ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །དེ་ནི་བཞག་པར་བྱ་ཞེས་པ་ཕོ་གྲང་དང་ཉེ་བ་ཁོ་ནར་བཞག་པ་བྱ་ཞིང་གནས་པར་བྱ་བ་སྟེ། དེར་དིའི་ཁང་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ་དེ་ལྟར་བྱས་བས་ཞེས་པ་དེ་ལྟར་ཉེ་བར་བསྟན་པར་གྱུར་པས། སྨན་པ་དེས་ཐམས་ཅད་དུ་ཞེས་པ་དུས་ཐམས་ཅད་དུ། ཐམས་ཅད་ལ་ཞེས་པ་ཟས་དང་སྐོམ་ལ་སོགས་པ་རྣམས་ལ་བསྲུང་ཞིང་སྡོམ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །ཁྱད་པར་དུ་ནི་ས ་ལ་བདག་གིས། །ཟས་སྐོམ་དུག་ལས་བསྲུང་བར་བྱ། །ཆོས་ལ་སོགས་པ་དང་གང་འགྲེལ་བའི། །འབྱོར་བདེ་དེ་ལ་རགས་ལས་སོ། །ཞེས་བྱ་བ་ལ་ཁྱད་པར་དུ་ཞེས་བྱ་བ་རབ་ཏུ་འབད་པས་བདག་སྟེ། རྒྱལ་པོའི་ཟས་ལ་སོགས ་པ་བསྲུང་ཞིང་བསྡམ་པར་བྱའོ། །ཟས་དང་སྐོམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། །དེ་ན་རྒྱལ་པོའི་ལོངས་སྤྱོད་དུ་དགོས་པའི་ན་བཟའ་དང། གཟིམས་མལ་དང། དྲི་དང་ཕྲེང་བ་དང། རིན་པོ་ཆེ་ལ་སོགས་པ་དག་ཀྱང། དུག་ལས ་བསྲུང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སྤང་པ་དང། སོགས་པ་ཞེས་བྱ་བ་ནོར་དང། འདོད་པ་དང་ཐར་པ་རྣམས་དང་གང་འབྲེལ་ཅིང་རྒྱུར་གྱུར་པའི་སྐྱེ་དགུ་དང། བདག་ཉིད་ཀྱི་འབྱོར་པ་དང། བདེ་བ་ནི་རྒྱལ་པོ་དེ་ལ་རག་ལས་ཤིང་དེའི་ཁ་ན་ལུས་པ་ཡིན་ནོ། །དེ་ལ་འབྱོར་བ ་ནི་ལོངས་སྤྱོད་མ་ཐོབ་པ་རྣམས་སོ་ཐོབ་པར་བྱེད་པའོ། །ཐོབ་པ་རྣམས་ཡོངས་སུ་བསྲུང་བ་ནི་བདེ་བ་སྟེ། དེ་གཉིས་ག་ཡང་རྒྱལ་བའི་དེ་ལ་རག་ལུས་པ་ཡིན་ནོ། །དེ་བས་ན་དེའི་གནོད་པ་བསྲུང་བར་བྱ་དགོས་སོ། །དེ་དག་ཀྱང་ཇི་ལྟར་ཤེས་ཤིང་བསྲུང་བར ་བྱ་ཞེ་ན། འབྲས་ཅན་དུག་བཅས་གཤེར་བག་ཀྱང། །སྐམ་བག་ཅན་ནི་འདྲ་བར་འགྱུར། །ཡུན་རིང་ཆོས་པར་གྱུར་པ་དང། ཆོས་པའང་ཞག་ལོན་ལྟ་བུར་འགྱུར། །སླངས་པ་རྨ་བྱའི་མགྲིན་འདྲ་ཞིང། །ཁོང་མྱོས་བརྒྱལ་དང་ལུས་རྡུལ་བསྐྱེད། དྲི་དང ་མདོག་སོགས་ཉམས་པར་འགྱུར། །དུལ་ཅིང་རྨ་བྱའི་སྒྲོ་ལྟར་འཚེར། ཞེས་བྱ་བ་ལ་འབྲུ་ཆ་ནི་འབྲས་བཙོས་པའི་ཆན་ཏེ། དེ་དུག་དང་བཅས་ཤིང་དུག་གི་སྤགས་པར་གྱུར་ན། གཤེར་བག་དག་ཀྱང་སྐམ་བག་ཆན་འདྲ་བར་འགྱུར་ཏེ། རློན་བག་མེད་ཅིང་ཅད་དུ ་མི་འདོད་པར་འགྱུར་རོ། །དེ་བཞིན་དུ་ཆོས་དཀའ་བར་འགྱུར་ཏེ། དུས་རིང་མོས་ཚེས་པར་འགྱུར་བ་དང། དེ་ཚོས་པར་གྱུར་ནས་ཀྱང་འཕྲལ་དུ་ཞག་ལོན་པ་ལྟ་བུར་འགྱུར་ཏེ། ཉིན་ཞག་གཅིག་འདས་པ་ལྟར་རླངས་པ་མེད་ཅིང་བསྡུར་མི་འདོད་པར་འགྱུར ་རོ། །དེ་བཞིན་དུ་དེའི་རླངས་པ་རྨ་བྱའི་མགྲིན་པ་འདྲ་བར་ཁ་དོག་སྣ་ཚོགས་པར་འགྱུར་བས་ན། རླངས་བ་རྨ་བྱའི་མགྲིན་པ་འདྲ་ཞིང་ཞེས་བྱའོ། །དེ་ཟོས་པར་གྱུར་ནས་ཀྱང། ཁྱོད་མྱོས་པ་དང་བརྒྱལ་བ་དང། ལུས་རྡུལ་ལ་སྐྱེད་པར་འགྱུར་ཏེ། ཁོར་མྱོས་པ་ནི ་སེམས་མེད་པའོ། །བརྒྱལ་བ་ནི་འདུ་ཤེས་ཉམས་པའོ། །ལུས་རྡུལ་བ་ནི་བད་ཀན་འཐོན་པའོ། །ཡང་འབྲས་ཆན་དེ་དྲི་དང་མདོག་སོགས་ཞེས་པའི་དྲི་དང་ཁ་དོག་དང། རོ་དང་རག་པ་རང་གི་ཇི་ལྟ་བ་ཉིད་ཉམ་ཤིང་འཇིག་པར་འགྱུར་རོ། དེ་བཞིན་དུ་རྡུལ ་ཞིང་ཞེས་པ། རབ་ཏུ་འདྲུལ་བར་འགྱུར་རོ་ཞེས་བྱ་བའི་དོན་དེ་བཞིན་དུ་རྨ་བྱའི་སྒྲོ་ལྟར་འཚེར་བ་ཞེས་བྱ་སྟེ། རྨ་བྱའི་འཇུག་སྒྲོའི་རྩེ་མོ་ལྟ་བུ་འམ། ཆུ་ནང་དུ་ཏིལ་མར་གྱི་ཐིག་པ་བོར་བ་ལྟར་སྔོ་དམར་འཚེར་བར་འགྱུར་རོ། །ཚོད་མ་མྱུར་དུ་བསྐམས་པ་དང། ་བསྐོལ་བ་མདོག་ནི་གནག་འགྱུར་ཞིང། །དེར་གཟུགས་ཆུང་བ་འམ་ཆེ་བ་འམ། མི་སྡུག་པ་འམ་མི་སྣང་འགྱུར། །?་བ་སྟེང་བྱུང་རི་མོ་མཚམས། །ཁ་ཆུ་འདྲ་དང་ཆུ་བུར་འབྱུང་ཞེས་བྱ་བ་ལ་ཚོད་མ་ཞེས་བྱ་བ་ནི་སྲན་ཚོད་ལ་སོགས་པ་སྟེ། དེ་ལ་དུག་ཡོད ་ན་མྱུར་དུ་བསྐམས་པར་འགྱུར་བ་དང། དེ་བཞིན་དུ་བསྐོལ་བ་ནི་མདོག་གནག་ཅི་འདྲི་མ་ཅན་དུ་འགྲོ་བ་དང། དེར་ཞེས་པ་ཚོད་མ་བསྐོལ་བ་དེར་རང་གི་གཟུགས་ཀྱི་རང་བཞིན་ལས་ཆུང་ཞིང་ཞན་པའམ། ཆེ་ཞིང་ལག་པ་འམ། མི་སྡུག་བ་སྟེ། རང ་བཞིན་གཞན་དུ་སྣང་བར་འགྱུར་རོ། །ཡང་ན་དེར་རང་གི་རྣམ་པ་ཉིད་སྣང་བར་མི་འགྱུར་རོ། །ཡང་ཚོད་མ་བསྐོལ་བ་དེར་ལྦུ་བ་ལ་སོགས་པ་འབྱུང་བ་ལས་ཀྱང་ཤེས་པར་བྱ་སྟེ། དེ་ལ་ལྦུ་བ་ནི་ལྦུ་བའི་རྣམ་པར་འབུར་དུ་ཆས་ཤིང་འབྱུང་སྟེ། དེའི་ནང ་རི་མོ་སྣ་ཚོགས་བ་དག་སྣང་བ་འམ། མཚམས་འབྱེད་ཅིང་ཆད་པ་ལྟ་བུར་སྣང་བ་དང། ཁ་ཆུ་འདྲ་བར་ནལ་ནལ་པོར་འབྱུང་བ་དང། ཆུ་བུར་དག་ཇི་ལྟར་ཆུའི་ནང་ན་སྣང་བ་དང་འདྲ་སྟེ། དེ་དག་དར་འབྱུང་བར་འགྱུར་རོ། །བཏུང་བ་མངར་སྐྱུར་ཚོད་མ་དང། ། ་དག་མཚམས་འབྱེད་རོ་དང་བྲལ་ཞེས་བྱ་བ་ལ། །བཏུང་བ་ནི་རྒུན་འབྲུམ་ལ་སོགས་པ་ལ་སྔར་སྦྱང་བ་ཕལ་ཆེར་མདོག་དམར་པོར་སྣང་ཞིང་མངར་བ་དང་སྐྱུར་བ་སྟེ། ཡང་བཏུང་བའི་བྱེ་བྲག་བལ་བོ་སེའུ་ལ་སོགས་པ་ལ་བྱས་པའི་རོ ་སྐྱུར་བ་དང། ཚོད་མ་སྟེ། ཤུ་ཤ་དང། པ་ཐལ་སོགས་པ་དང། ཤ་བཙོས་པ་དག་སྟེ། བཏུང་བ་མང་པོ་མདོག་ཅན་ལ་སོགས་པ་དེ་དག་ཐམས་ཅད་དུག་དང་བཅས་པར་གྱུར་ན། མཚམས་བྱེད་པ་དང། རོ་དང་བྲལ་བར་འགྱུར་ཏེ། རོ་དྲུག་པོ་དག་མི་སྣང་ཞིང ་བསལ་བར་མི་རྙེད་པར་འགྱུར་ཏེ། དེ་ལྟར་ན་རོ་དང་བྲལ་བ་ནི་རོ་མི་ཞིམ་པ་འམ། ཕྱིན་ཅི་ལོག་རོ་དང་ལྡན་པར་འགྱུར་བའི་དོན་ནོ། །ཤ་ཁུ་རི་མོ་སྔོར་སྣང་ཞིང། །འོ་མ་ཟངས་མདོག་ཞོ་དྲི་མ། །དར་བ་ལ་ནི་སེར་དང་གནག་།མར་ཁུ་ཆུ་དང ་འདྲ་བར་སྣང། ཆར་དང་ཆུ་གནག་སྦྲང་རྩི་ལ། །ལྗང་སྣང་ཏིལ་མར་དག་ལ་དམར་ཞེས་བྱ་བ་ལ། ཤ་ཁུ་ནི་ཤ་ལས་བྱས་པའི་ཁུ་བ་སྟེ། དེ་དུག་གིས་སྤགས་པར་གྱུར་ན། དབུས་ན་རི་མོ་སྔོན་པོར་སྣང་བར་འགྱུར་རོ། །འོ་མ་ལ་དུག་གིས་སྤགས ་ན། ནང་ན་ཟངས་ཀྱི་མདོག་ལྟ་བུར་སྣང་བར་འགྱུར་རོ། །ཞོ་ལ་དུག་ཡོད་ན་ནི་རི་མོ་དྲི་མ་ཅན་སྣང་བར་འགྱུར་རོ། །དར་བ་ལ་དུག་ཡོད་ན་རི་མོ་སེར་པོ་དང་ནག་པོ་སྣང་བར་འགྱུར་རོ། །མར་དུག་དང་འདྲེས་ན་ནི་རི་མོ་ཆུ་དང ་འདྲ་བར་སྣང་པར་འགྱུར་རོ། །ཆང་དང་ཆུ་ལ་དག་ཡོད་ན་གནག་ཅིང། སྣག་ཚ་ལྟར་སྣང་བར་འགྱུར་རོ། །སྦྲང་རྩི་ལ་དུག་ཡོད་ན་ནི་ལྗང་ཁུ་སྣང་ཞིང་མདོག་བསྔོ་བསང་སུ་སྣང་བར་འགྱུར་རོ། །ཏིལ་མར་ལ་དུག་ཡོད་ན་ནི་རི་མོ་དམར་ཞིང་ཟངས་ལྟར་སྣང ་བར་འགྱུར་རོ། །ཤིང་ཏོག་མ་སྨིན་སྨིན་པར་སྣང། །སྨིན་པ་དག་ནི་ཡོངས་སུ་འདྲུལ་ཞེས་བྱ་བ་ནི། ཤིང་ཏོག་མ་སྨིན་པ་ལ་དུག་གིས་སྤགས་པ་ནི། སྨིན་པ་ལྟ་བུར་སྣང་བར་འགྱུར་ལ། ཤིང་ཏོག་སྨིན་པ་རྣམས་ལ་དུག་གིས་སྤགས་པ་ནི་ཡོངས ་སུ་འབྲུལ་ཞིང་རུལ་བར་འགྱུར་རོ། །ཁ་ཟས་རློན་དང་སྐོམ་པ་དག་།རྙིངས་ཤིང་མདོག་ནི་ཉམས་པར་འགྱུར་ཞེས་བྱ་བ་ལ། ཁ་ཟས་རློན་པ་ལ་དུག་གིས་སྤགས་ན་ནི་རྙིངས་པར་འགྱུར་ལ་ཁ་ཟས་སྐམ་པོ་དག་ལ་དུག་གིས་སྤགས་ན་ནི་མདོག་ཉམས་ཤིང་ཁ ་དོག་དང་དྲལ་བར་འགྱུར་ཏེ། འདིར་ཚིག་གཉིས་གོ་རིམ་བཞིན་སྦྱར་བར་བྱའོ། །སྙི་པ་དང་ནི་སྲ་བ་དག་།རིག་པ་གོ་ནི་བཟློག་པར་འགྱུར་ཞེས་བྱ་བ་ལ། རྫས་སྙི་བ་རྣམས་དང། དེ་བཞིན་དུ་སྲ་བ་དག་ལ་དུག་གིས་སྤགས་ན། རེག་པ་གོ་བཟློག་པར་འགྱུར་ཏེ། ་སྙི་བ་ནི་སྲ་བར་འགྱུར། སྲ་བ་ནི་སྙི་བར་འགྱུར་ཏེ། འདིར་ནི་རེག་པའི་གོ་བཟློག་པའོ། །མེ་ཏོག་ཕྲེང་རྩེ་ལོ་མ་འགས། །རྙིང་ཅིང་དྲི་ནི་མི་ཞིམ་འགྱུར། །ཞེས་བྱ་བ་ལ། མེ་ཏོག་གི་ཕྲེང་བ་ལ་དུག་ཡོད་ན་ནི་དེའི་རྩེ་མོ་འགས་ཤིང་ཟད་པ་དང། རྙིང ་ཅིང་ཀུན་ཏུ་དེངས་པར་འགྱུར་བ་དང། དྲི་མི་ཞིམ་པ་སྟེ་དྲི་ཞིམ་པོ་དང་བྲལ་ནས། དྲི་མ་ནམ་པ་གཞན་དག་འབྱུང་བར་འགྱུར་རོ། །གོས་ལ་ནག་པོ་ཏིལ་ཏིལ་དང། སྤུ་རྣམས་མཐིལ་ཞིང་ཁ་ཚར་འཆད་ཅེས་བྱ་བ་ལ། སྟེང་ནས་བགོ་བ་དང་འོག་ཏུ་བཏིང ་པ་ལ་སོགས་པའི་གོས་རྣམས་ལ་དུག་གིས་བསྒོས་པ་ན་ནི་རི་མོ་དྲི་མ་ཅན་ཏིལ་ཏིལ་དག་སྣང་བ་དང། གོས་ཀྱི་སྤུ་རྣམས་རྣམ་པར་འཐུལ་ཞིང་ཆང་པ་དང། ཁ་ཆར་བཅད་ཅིང་ལྷུང་བར་འགྱུར་རོ། །གསེར་དངུལ་ཤིང་དང་མུ་ཏིག་རྡོ། །རིན་ཆེན་སོགས ་ལ་དྲི་མ་ཆགས། །གཟི་མདངས་རེག་པ་འོད་ཉམས་འགྱུར། ཞེས་བྱ་བ་ལ། གསེར་དངུལ་ནི་ཁམས་ཀྱི་རང་བཞིན་ཅན་གྱི་རིན་པོ་ཆེ་རྣམས་ཀྱི། འདི་དག་གཞན་ཡང་བསྡུའོ། །མུ་ཏིག་ནི་མུ་ཏིག་གི་རྡོག་གུའོ། །ཤིང་དང་རྡོ་ནི་དངོས་སུ་ཟད་དོ། །རིན་ཆེན་ནི ་བཻཌཱུར་དང། རྡོ་རྗེ་ལ་སོགས་པ་སྟེ། གསེར་དངུལ་ལ་སོགས་པ་འདི་རྣམས་ལ་དུག་གིས་སྤགས་ན། དྲི་མ་ཆགས་པ་སྟེ། འདམ་གྱིས་བསྐུས་པ་འདྲ་བར་འགྱུར་བ་དང། དེ་བཞིན་དུ་གསེར་དངུལ་ལ་སོགས་པ་འདི་རྣམས་ཉིད་ཀྱི་གཟི་མདངས་དང། རེག ་པ་དང་འོད་ཉམས་ཤིང་མེད་པར་འགྱུར་རོ། །ས་ཡི་སྣོད་ནི་མདོག་བཅས་བྱེད་ཅེས་བྱ་བ་ལ། སའི་སྣོད་ཅེས་བྱ་བ་ཁམ་ཕོར་ལ་སོགས་པས་ལས་བྱས་པའི་སྣོད་རྣམས་ནི་མདོག་མེད་པ་དག་ཀྱང། །མདོག་དང་བཅས་ཤིང་གཟི་མདངས་ཅན་དུ ་འགྱུར་རོ། །དུག་སྟེར་ཁ་ནི་སྔོ་སྐམས་ལ། །གནོད་བག་གིས་ནི་ཕྱོགས་སུ་ལྟ། །རྡུལ་ཞིང་འདར་ལ་སྐྲག་པ་དང། །འཇིགས་ཤིང་འགྲོས་འཁྱོར་གྲལ་བར་འགྱུར། །ཞེས་བྱ་བ་ལ། དུག་སྟེར་ཞིང་སྦྱིན་པར་བྱེད་པས་ན་དུག་སྟེར་ཏེ། དུག་སྦྱོར་བའི་མིའོ། །དེའི་ཁ་ནི་སྔོ་སྐམས ་མ་ཞེས་བྱ་བ། དེའི་ཁ་སྔོ་ཞིང་སྐམས་པར་འགྱུར་བ་དང། དེ་བཞིན་དུ་གནོད་བག་གིས་ཞེས་བྱ་བ་ངོ་ཚ་བ་དང་བཅས་པ་ལྟ་བུར་གཡེར་བག་མེད་པ་དང། ཕྱོགས་ཀུན་ཏུ་ལྟ་ཞིང་རྟོག་པར་བྱེད་པ་དང། དེ་བཞིན་དུ་ལུས་ཚ་བས་རྡུལ་ཞིང་འདར་བག་དང ་ལྡན་ལ། རང་གི་ཉེས་པའི་དགོས་པས་སྐྲག་པ་སྟེ། ཁོང་སྐྱོ་བ་དང། འཇིགས་པ་སྟེ་བྲེད་པ་དང། བཅས་པ་དང། འགྲོས་འཁྱོར་བ་སྟེ། རྡེག་ཆོས་ཤིང་འཚོ་བ་དང། དེ་བཞིན་དུ་གླལ་ཞིང་ཁ་གདངས་པར་བྱེད་པར་འགྱུར་རོ། །དུག་ལྡན་ཟས་ནི་མེས ་བསྲེགས་ན། །མེ་ལྕེ་གཅིག་མཁྱིལ་མེ་སྟག་བརྒལ། །དུ་བ་རྨ་བྱའི་མགྲིན་འདྲིར་འགྱུར། །མེ་ལྕེ་མི་འབར་འབར་ཡང་མནམ། །སྦྲང་མས་ཟོས་ན་འཆི་བར་འགྱུར། །བྱ་རོག་གིས་ཟོས་སྐད་ཞན་འགྱུར། །འདི་ནི་ན་ཚོ་ད་རུ་ཧ། །རི་སྐེགས་ཀྱིས་ཟོས་ཅ ་ཅོ་འབྱིན། །ངང་པས་ཟོས་ན་རྡེག་ཆོས་ལ། །ཤང་ཤང་ཏིའུ་ན་བར་འགྱུར། །སྲེག་བ་མིག་གིས་མི་ཆགས་བྱེད། །ཁྲུང་ཁྲུང་དག་ནི་འཛུབ་པར་འགྱུར། །ཕུག་རོན་ཁུ་བྱུག་བྱ་གག་དང། །དུར་བས་ཟས་ན་འཆི་བར་འགྱུར། །བྱི་ལ་སྐྱོ་ཞིང་འདོར་བར་འགྱུར ་སྤྲེའུ་མི་གཙང་འདོར་བར་བྱེད། །རྨ་བྱ་དེ་མཐོང་དགའ་འགྱུར་ཞིང། །དུག་གི་དཔལ་ནི་ཉམས་པར་འགྱུར། །དེ་ལྟར་ཟས་ནི་དུག་ལྡན་པར། །ཤེས་ཤིང་ལྕི་ནས་དེ་ཡི་ནི། །སྲོག་ཆགས་ཕྲ་མོ་ཡན་ཆད་ལའང། །གནོད་མི་འགྱུར་བར་འབའ་ ་དེ་དོར། །རེག་ན་གཡའ་ཞིང་ཚ་ལ་ན། །རིམས་འདེབས་འབྲུམ་འབྱུང་ཚོར་བ་ཆུང། །སེན་མོ་སྤུ་འབྱུང་ལུས་སྐྲང་སྟེ། །དེ་ལ་དུག་ནི་རྣམ་འཇིག་པའི། །ཙན་དན་ཤུགས་པ་སྤུ་ཤེལ་རྩེ། །སོ་མའི་ཤུན་བཅས་བལྦུའི་འདབ། །རུ་རྟ་སླེ་ཏྲེས་ཨ་ཀ་རུའི། །ཆུས་བསྐྲུས་བླུགས ་ཤིང་བསླུ་བར་བྱ། །ཁར་བཅུག་ནས་ནི་མཆིལ་སྣབས་མང། །ལྕེ་མཆུ་སྦྲིད་ཅི་འབེམས་པོར་བྱེད། །ལུས་ཚ་ན་ཞིང་སོ་རྩེ་ལ། །རོ་མི་ཚོར་ཞིང་འགྲམ་སོ་འཐམས། །དེ་ལ་དུག་ཀུན་འཇོམས་སྨན་དང། །ུ་ཤིར་སོགས་ཁུ་མཁུར་བཀང་དབོ། །མ་ཞུའི་གནས ་བབས་རྡུལ་བ་དང། །བརྒྱལ་ཞིང་ལྟོ་སྤོས་མྱོས་མགོ་འཁོར། །བ་སྤུ་ལྡང་ཞིང་སྐྱུག་ལུས་ཚ། མིག་མི་གསལ་ཞིང་སྙིང་མི་དྲན། །ཡན་ལག་ཐིག་ལེས་ཁྱབ་པར་འགྱུར། །ཞུ་བའི་གནས་སུ་ཕྱིན་ན་ཡང། །ཁ་དོག་སྣ་ཚོགས་སྐྱུར་བ་དང། །གཅིན་མང་རབ་ཏུ་འཁྲུ་བར ་འགྱུར། །རྨྱ་སྙོམས་སྐོམ་ཞིང་མདོག་སྐྱ་ལ། །གསུས་པ་སྐྱེ་ཞིང་ཉམས་སྟོབས་ཟད། །དེ་གཉིས་སློན་དང་འཁྲུས་བྱས་ནས། གསེར་གཉིས་བུ་རམ་གི་ར་ཀར་ནི། །སེམ་དུ་བ་རི་ནི་སྦ་བ། །བ་ཤིས་ཀ་དང་ཚིགས་བརྒྱ་པ། །ཏནྟུ་ལི་ཡའི་རྩ་བ་དང། །བྱ་གག་སྒོ ་ང་ཨ་བལྒུ། །སྣར་བཏང་མིག་སྨན་བླུད་བྱ་བ། །དུག་ཞིའི་ཕྱིར་ན་སྦྱར་བར་བྱ་ཞེས་བྱ་བ་ལ། དེ་གཉིས་ཞེས་པ་ཞུ་བ་དང། ཞུ་བའི་གནས་དག་སློན་དུ་ཞུས་བྱ་བ་སྟེ། སློན་སྨན་གྱི་ཞུ་བའི་གནས་ནས་སློན་བྱས་ཏེ་དྲངས་པ་དང། འཁྲུ་སྨད་ཀྱིས་འཇུ ་པའི་གནས་ནས་ཁྲུས་བྱས་ཞིང་བཏོན་ནས། དེ་ལྟར་ལེགས་པར་སྤངས་པའི་ལུས་ལ་སེར་པོ་གཉིས་ལ་སོགས་པ་ནས། སྣ་ནས་བཏང་ཞིང་མིག་སྨན་བསྐུ་བ་དང། ལུད་པའི་བར་གྱིས་སྦྱོར་བ་དུག་ཞི་བར་བྱ་བའི་ཕྱིར་སྦྱར་བར་བྱའོ། །ང་ལ་སེར ་པོ་གཉིས་ཞེས་བྱ་བ་ནི་ཡུང་བ་དང་སྐྱེར་པ་སྟེ། སེར་པོ་རྣམ་པ་གཉིས་སོ། །བུ་རམ་ནི་བུ་རམ་ཤིང་ལས་བྱུང་བའི་བུ་རམ་དཀར་པོའོ། །ག་རི་ཀ་ར་ནི་ཀ་ཏ་བིའོ། །སྲིན་དུ་བ་རི་ནི་ཤྭེ་ཏ་པུཥཔའོ། །ནིསྤ་པ་ནི་གང་བུ་ཅན་གྱི་བ་འབྲུའི་ཁྱད་པར་ཞིག་གོ་། ་པ་ཥས་ཤྱི་ཀ་ནི་ཧེ་གུ་བ་ཏྲའོ། །ཏནྟུ་ལི་ཡ་ནི་མེ་གནདྷ་སྟེ། དེའི་རྩ་བའོ། །བྱ་གག་གི་སྒོང་ནི་ཁྱིམ་བྱའི་སྒོ་ངའོ། ། བལྒུ་ཛ་ནི་སོ་མ་ར་ཛ་སྟེ། རྫས་དེ་རྣམས་ཆ་མཉམས་ལ། ལྡེ་གུར་བྱས་ཏེ་སྣ་ནས་བཏང་བ་དང། མིག་སྨན ་དུ་བསྐུ་བ་དང། བླུད་ཅིང་སྦྱིན་པར་བྱ་བ་དག་དུག་ཞི་བར་བྱ་བའི་ཕྱིར་བྱའོ། །དུག་འཐུངས་པ་དག་སྟེང་དར་ནི། །དེ་བཞིན་འོག་ནི་སྦྱངས་གྱུར་ནས། །དུས་སུ་ཟངས་བཟང་བ་དར་ཕྱེ་མ། །སྦྲང་རྩིར་བཅས་པ་སྙིང་སྦྱོར་སྦྱིན་ཞེས་བྱ་བ་ལ། དུག ་འཐུངས་པའི་སྐྱེས་བུ་དེ། སློན་སྨན་དང་འཁྲུས་སྨན་གྱིས། སྟེང་སྟེ་རོ་སྟོད་དང་བག་སྟེ་རོ་སྨད་སྦྱངས་ཤིང་དག་པར་གྱུར་ནས། རིགས་ཤིང་མཚམས་པའི་གནས་སྐབས་ཀྱི་དུས་སུ་ཟངས་མ་བཟང་པོ་ལེགས་པར་བདར་བའི་ཕྱེ་མ་ཞིབ་མོ ་སྦྲང་རྩི་དང་སྦྲང་རྩིར་བཅས་པའི་ལྡེ་གུ་དེ་སྙིང་ན་ཡོད་པའི་ནད་སྦྱོང་བར་བྱེད་པ་སྦྱིན་པར་བྱའོ། །སྙིང་ནད་སྦྱངས་ནས་གསེར་ཕྱེ་ནི། །ཞིབ་མོ་ཞོག་ཅིག་སྦྱིན་བྱས་ནས་ཞེས་བྱ་བ་ལ། དེ་ལྟར་ཟངས་མའི་ཕྱེ་མའི་ལྡེ་གུ་སྦྱིན་ཞིང། སྙིང་ནད ་སྦྱངས་པར་གྱུར་ནས། དེའི་འོག་ཏུ་གསེར་གྱི་ཕྱེ་མ་ཞིབ་མོར་བྱས་པ་སྲང་གཅིག་གི་བཞི་ཆའི། །བཞི་ཆ་སྦྱིན་པར་བྱའོ། །པདམོའི་འདབ་མར་ཆུ་བཞིན་དུ། །གསེར་གྱི་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར་ཞེས་བྱ་བ་ལ། ་གང་གི་ཕྱིར་གསེར་འཐུངས་པར་གྱུར་པས་དུག་ཟོས་པའི་ཡན་ལག་རྣམས་ལ། དུག་དེ་ཆགས་ཤིང་ཞེན་པར་མི་འགྱུར་ཏེ། དཔེར་ན་པདྨའི་འདབ་མར་ཆུ་ཆགས་པར་མི་འགྱུར་པ་དེ་བཞིན་དུ། དེ་ལ་ཆགས་པར་མི་འགྱུར་བ ་དང། དེ་བཞིན་དུ་གསེར་འཐུངས་པར་གྱུར་པ་དག་ནི་ཚེ་རིང་ཞིང་འཕེལ་བར་འགྱུར་བ་ཉིད་ཀྱང་འཐོབ་པར་འགྱུར་རོ། །སྦྱར་དུག་ལ་ཡང་ཆོ་ག་འདིའི་ཞེས་བྱ་བ་ལ། བཤད་མ་ཐག་པའི་དུག་ཞི་བར་བྱ་བའི་ཆོ་ག་འདི་ནི་འོག་ནས ་བཤད་པའི་སྦྱར་དུག་ལ་བྱ་བར་དྲང་སྲོང་གིས་བཤད་དོ། །སྦྱར་བའི་དུག་ནི་དུག་སྦྱར་མའོ། །སྦྱང་དུག་དང་ལྡན་པའི་ཟས་སྐོམ་དག་ནི་དུས་ཕྱིས་ཞིག་ནས་བསོད་པར་བྱེད་པ་ཡིན་པས། གཙོ་བོ་མ་ཡིན་ལ། དེ་ལྟར་གཙོ་བོ་མ་ཡིན་པ་ཉིད་ཀྱིས་ན་འདིའི་ཆོ་གའི ་དཔྱད་དུ་བྱ་བ་ཕྱིས་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཟས་ཀྱི་ཕུང་པོ་ཡོན་མཆོག་དང་ལྡན་པ་དག་ཀྱང་གཡོས་སུ་བྱ་ཞིང་སྦྱར་བ་དང། ཚད་དང་དུས་ལ་སོགས་པའི་དབང་གིས་ཁ་ཟས་མི་འཕྲོད་པར་གྱུར་པ་ནི། སྡུག་བསྔལ་བསྐྱེད་པ་བྱེད་པས་སྦྱར་བའི ་དུག་དང་འདྲ་སྟེ། འཕྲལ་དང་དུས་ཕྱི་ནས་གསོད་པར་འགྱུར་རོ། །དེ་བས་ན་འདིར་སྨྲས་པ་ནི། ཁ་ཟས་དག་ཀྱང་མི་མཐུན་ཟོས། །སྦྱར་དུག་འདྲ་བར་ཤེས་པར་བྱ་ཞེས་བྱ་བ་ཡིན་ཏེ། །ཁ་ཟས་ཀྱང་གཡོས་སུ་བྱས་ཤིང་སྦྱར་བ་དང། ཚང་བ་དང ་ཡུལ་དང་དུས་ལ་སོགས་པས་མི་མཐུན་པར་གྱུར་བ་ཟོས་པ་ནི། སྦྱར་བའི་དུག་དང་འདྲ་བར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །རླན་ཅན་ཤ་དང་མོན་སྲན་གྲེའུ། །སྦྲང་རྩི་འོ་མ་མྱུ་གུ་ཅན། །པདྨའི་རྩ་བ་ལ་བུག་སྐམས། བུ་རམ་དང་བཅའ་? ་མི་འཕྲོད་ཡིན། ཞེས་བྱ་བ་ལ། རླན་ཅན་གྱི་ཤ་ནི་རི་དགས་ཆེན་པོ་དང། ཆུ་ལ་སྤྱོད་པ་དང། ཆུ་ལ་གནས་པ་ཞེས་བྱ་བའི་སྡེ་ཚན་གསུམ་དུ་བསྟན་པ་སྟེ། དེ་དང་མོན་སྲན་གྲེའུ་ཞེས་བྱ་བ། སྲན་མཱ་ཥ། སྦྲང་རྩི་དང་འོ་མ་དང། མྱུ་གུ་ཅན་དེ ་པདྨའི་རྩ་བ་དང། ལ་ཕུག་དག་གམ། བུ་རམ་དང་བཅས། པ་ནི་མི་འཕྲོད་ཅིང་མི་མཐུན་པ་ཡིན་ནོ། །དེ་ལ་སོགས་པ་མི་འཕྲོད་པའི་ཟས་གང་ཡིན་པ་དེས་ནི། དེའི་གནོད་པའི་ཁྱད་པར་འདིར་མ་སྟན་ཀྱང། དྲང་སྲོང་ཙ་ར་ཀས་ཇི་སྐད་བསྟན་པའི། ་མ་ནིང་ལ་སོགས་པའི་འགྱུར་བ་སྐྱེད་ཅིང། དེས་འཕྲལ་ཏམ། དུས་ཕྱིས་སྲོག་འཇོམས་པར་སྐྱེད་པ་ཡིན་ནོ། །མི་འཕྲོད་པའི་འབྲས་བུ་ཙ་ར་ཀས་བཤད་པ་ནི། འོ་ན་པ་དང། ལོང་བ་དང། འདར་བག་དང་རྨོངས་བག་དང། ལྐུགས་པ་དང་དྲན ་པ་མེད་དང། རྨུགས་པ་རྣམས་ཀྱི་རྩ་བ་ཡིན་པ་འམ། ཡང་ན་འཆི་བར་འགྱུར་བ་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་དག་ནི་འདྲེས་པའི་སྦྱོར་བའི་མི་འཕྲོད་པ་ཡིན་ནོ། །ཁྱད་པར་དུ་ནི་འོ་མ་ཉ། །ཉ་རྣམས་ལས ་ཀྱང་ཙི་ལི་རྩི་མ། །ཁྱད་པར་དུ་ཞེས་བྱ་བ་ནི་ལྷག་པར་རོ། །ཉ་ནི་རོ་ཧི་ཏ་ལ་སོགས་པ་སྟེ། སླན་ཅན་གཞན་དག་ན་ཡོད་པའང་རུང་སྟེ། དེ་ནི་འོ་མ་དང་ལྷན་ཅིག་ཟོས་ན་མི་འཕྲོད་པ་ཡིན་ནོ། དེ་བཞིན་དུ་ཉ་རྣམས་ཀྱི་ནང་ནས་ཀྱང། ཙི་ལི་ཙི་མ ་ཞེས་བྱ་བའི་ཉ་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ཏེ། འདི་གཉི་ག་ཡང་རོ་མངར་བ་དང། ཞུ་བའི་རྗེས་མངར་བ་དང། བད་ཀན་བསྐྱེད་པ་དྲོ་བ་དང། བསིལ་བར་བྱེད་པའི་ཚུལ་གྱིས་ནུས་པ་མི་མཐུན་པ་ཡིན་ལ། ནུས་པ་མི་མཐུན་པས་ན་ཁྲག ་འཁྲུག་པར་བྱེད་པ་ཡིན་ལ། བད་ཀན་སྐྱེད་པར་བྱེད་ཅིང། རྒྱུ་བའི་ལམ་འགག་པར་བྱེད་པ་ཡིན་ནོ། །དེ་ལས་ཀྱང་ཉ་ཙི་ལི་ཙི་མ་ནི་ཅུང་ཟད་ཟླུམ་ཞིང་མདོག་དམར་པོར་སྣང་ལ། ཕལ་ཆེར་ས་ལ་རྒྱུ་བས། གལ་ཏེ་དེ་འོ་མ་དང་ལྷན་ཅིག་ཟོས ་ན་གདོན་མི་ཟ་བར་ཁྲག་ལས་བྱུང་བ་འམ། རྟུག་འགགས་ལས་བྱུང་བའི་ནད་གང་ཡང་རུང་བ་འབྱུང་བར་འགྱུར་རོ་ཞེས་དྲང་སྲོང་ཙ་ར་ཀས་བཤད་དོ། །འོ་མ་ལྷན་ཅིག་སྐྱུར་ཀུན་ནི། །མི་འཕྲོད་ཤིང་ཏོག་དེ་བཞིན་ནོ་ཞེས་བྱ་བ་ལ། འོ་མ་དང་ལྷན ་ཅིག་སྐྱུར་ཐམས་ཅད་མ་འཕྲོད་དོ། །འདིར་ཀུན་གྱིས་སྒ་སྨོས་པས་སྐྱུར་པོ་ལ་སོགས་པ་རྫས་གཤར་པ་ཐམས་ཅད་བསྡུ་བ་དང། དེ་བཞིན་དུ་སྨན་སྐྱུར་བ་དང། ཆུ་བའི་བརྩ་བ་ལ་སོགས་པ་དེ་ཐམས་ཅད་འོ་མ་ལྷན་ཅིག་མའི་འཕྲོད་པ ་ཡིན་ནོ། །ཞེས་དེས་པར་ཤེས་པར་བྱའོ། །འདིར་ལྷན་ཅིག་ཅེས་སྨོས་པ་ནི་དོན་ལྷག་པར་བསྟན་པ་དང་བྱ་བའི་ཕྱིར་ཏེ། འོ་མ་འཐུངས་ནས་ཟས་གཞན་གྱིས་པར་བཅད་དུ་ཟིན་ཀྱང། །ཕོ་བར་ཇི་སྲིད་གནས་པར་འགྱུར་བ་དེ་སྲིད་ཀྱི་བར ་དུ། སྐྱུར་པོ་ལ་སོགས་པ་རྫས་སྐྱུར་པ་གང་ཡང་བཟའ་བར་མི་བྱ་སྟེ། ལྷག་པའི་དོན་འདི་ལྷན་ཅིག་ཅེས་བྱ་བའི་སྒྲ་ལས་ཤེས་པར་བྱའོ། །དེ་ཡང་བསྡུས་པ་ལས། གཤེར་བ་དང་བསྐ་བའི་རྫས་ཐམས་ཅད་ནི་ལོ་མ་དང་ལྷན་ཅིག་གམ། ་དེའི་རྗེས་ལ་མི་འཕྲོད་པ་ཡིན་ནོ། ཞེས་བཤད་པ་ཡིན་ནོ། །ཤིང་ཏོག་ནི་དེ་བཞིན་ནོ་ཞེས་བྱ་བར་འདིར་འོ་མ་དང་ལྷན་ཅིག་མི་འཕྲོད་དོ་ཞེས་བྱ་བར་སྦྱར་ཏེ། སྐྱུར་བ་རྣམས་འོ་མ་དང་མི་འཕྲོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤིང་ཏོག་ཀྱང་མི་འཕྲོད་དོ?་གནས?་ཤང ་ཏོག་སྐ?་?་འབྲས་བུ་ལ་སོགས་པ་སྐྱུར་པ་མ་ཡིན་པ་དག་ཀྱང་སྟར་ཀའི་འབྲས་བུ་ལ་སོགས་པ་ཕལ་ཆེར་ལྷན་ཅིག་མི་འཕྲོད་དོ་ཞེས་བྱ་བ་ནི་དེ་བཞིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ཡང་དྲང་སྲོང་ཙ་ར་ཀས་ཨ་མྲའི་འབྲས་བུ་དང། ཨ་མྲ་ཏ་ཀ་དང། ་བ་ཡུང་དང། ཡི་གུ་ཅི་དང། ཀ་ར་མརྡ་དང། ཆུ་ཤིང་གི་འབྲས་བུ་དང། སྐྱུར་རྩི་ཆེན་པོ་དང། རྒྱ་ཤུག་གི་འབྲས་བུ་དང། ཀོ་ཤ་ཨ་མྲ་དང། འཛམྦུའི་འབྲས་བུ་དང། བིལྦའི་རྐང་དང། ཏིཀྟིའི་ཀ་དང། ཀུ་ཤུ་དང། སྟར་ཀའི་འབྲས་བུ་དང། པ་ན་ས་དང། རྒྱ་སྟར ་གྱི་འབྲས་བུ་དང། བལ་པོ་སེའུ་དང་སྐྱུ་རུ་ར་ལ་སོགས་པ་དེ་ལྟ་བུ་དང། གཞན་དག་དང། སྐྱུར་བའི་འབྲས་སྐམ་པོ་དང། གཤེར་བ་ཐམས་ཅད་ཀྱང་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་རྒྱ་སྲན་ཁྲེ་དག་དང། བ་ལ ་ཀུ་ལཏྠ་མི་འཕྲོད་ཅེས་བྱ་བ་ལ། དེ་བཞིན་དུ་རྒྱ་སྲན་དང་ཀུ་ལཏྠ་ལ་སོགས་པ་ཡང་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ནོ། །ལ་ཕུག་ལ་སོགས་སྔོ་དང་ནི། ཟོས་ནས་འོ་མ་སྤང་བར་བྱ་ཞེས་བྱ་བ་ལ། ལ་ཕུག་ལ་སོགས་པ་སྔོ་དང་རྗེན་པ་ཟོས་ནས། འོ་མ ་སྤང་བར་བྱའོ། །ལ་སོགས་པའི་སྒྲས་ནི། ཀུ་ཏི་ར་དང། ཤི་བཀྲུ་དང། བྱིའུ་རུག་པ་ལ་སོགས་པ་བསྡུའོ། །དེ་ཡང་དྲང་སྲོང་ཙ་ར་ཀས་མཛེའི་ནད་དུ་འགྱུར་བའི་འཇིགས་པས། ལ་ཕུག་དང། ཡུངས་ཀྱང་གྱི་ལོ་མ་དང། སྒོག་སྐྱ་དང། ཀྲིཥྞ་གནདྷ་དང། ཛེ་ནྠི་ག་ལེ་སུ་མུ་ཁ་དང ་ཡུར་ས་ལ་སོགས་པ་ཟོས་ནས། འོ་མ་བཏུང་བར་མི་བྱའོ་ཞེས་བཤད་པ་ཡིན་ནོ། །སྔོ་དང་ཅེས་སྨོས་པ་ནི་ལ་ཕུག་གི་ཁྱད་པར་ལ་བྱ་བར་བསྟན་ཏེ། འདི་ལྟར་སྨོས་པ་ལས་ན་འདི་ནི་རྗེན་པར་ཡང་ཟར?་དུར་བར་སྟོན་པ་ཡིན་ལ། ་སྔར?་ཚོད་མའི་སྡེ་ཚན་གྱི་ནང་དུ་འདི་ལྟར་སྨོས་པས་ནི་ཚོད་མ་ཉིད་དུ་བྱར་རུང་བར་སྟོན་པ་ཡིན་ནོ། །དེ་ལྟར་ན་རྗེན་པ་ཟོས་ནས་འོ་མ་མི་བཏུང་བ་ཡིན་གྱི། ཚོད་མར་བྱས་པ་མ་ཡིན་སྟེ། ལེགས་པར་བཙོས་ནས་ཁུ་བ་བཙིར་བ་དང། སྣུམ་ལ ་སོགས་པས་བརྔོས་ཏེ། །ཚོད་མར་གཡོས་སུ་བྱས་པའི་རྗེས་ལ་འོ་མ་མི་བཏུང་བ་ནི་མ་ཡིན། །ཕག་རྒོད་བི་ཏུར་ཤ་མི་བཟའ་ཁྱིམ་བྱ་བྲིན?་ཏ་ཞོར་མིན་ཞེས་བྱ་བ་ལ། ཕ་རྒོད་ཀྱི་ཤ་དང། བི་དུར་གྱི་ཤ་ལྷན་ཅིག་མི་བཟའ་བ་དང། དེ་བཞིན ་ཁྱིམ་བྱ་དང། པྲི་ཤ་ཏའི་ཞོ་དང་ལྷན་ཅིག་མི་བཟའ་ཨོ། །ཤ་རློན་མཁྲིས་པ་དག་དང་ནི། ལ་ཕུག་མ་ཥའི་ཚོད་མར་མིན་ཞེས་བྱ་བ་ལ། ཤ་རློན་མཁྲིས་པ་དག་དང་ལྷན་ཅིག་མི་བཟའ་བ་དང། དེ་བཞིན་དུ་ལ་ཕུག་མ་ཥའི་ཚོད་པ་དང་ལྷན ་ཅིག་མི་བཟའ་ཨོ། །ལེ་བ་རྒན?་ཅི་ཚོད་ལུག་ཤར?་མིན། །མྱུ་གུའི་ཚོད་མ་པར་རྩར་མིན་ཞེས་བྱ་བ་ལ། ལེ་བརྒན་རྩིའི་ཚོད་མ་དང། ལུག་ཤ་ལྷན་ཅིག་མི་བཟའ་བ་དང། དེ་བཞིན་དུ་འབྲུའི་མྱུ་གུ་སྐྱེས་པའི་ཆོས་མ་དང། པདྨའི་རྩ་བའི་ལྷན་ཅིག ་བཟའ་བར་མི་བྱའོ། །མ་ཥའི་སྲན་མཚོད་བུ་རམ་ཞོ། །མར་འོ་ལི་གུ་རྩིའི་འབྲས་མིན་ཞེས་བྱ་བ་ལ་མ་ཡའི་སྲན་ཚོད་དང། བུ་རམ་མམ་ཞོ་འམ་མར་རམ་འོ་མ་འམ་ལི་གུ་ཙིའི་འབྲས་བུ་ལྷན་ཅིག་བཟའ་བར་མི་བྱའོ། །ཆུ་ཤིང་འབྲས ་བུ་དར་བར་མིན། །ཏ་ལའི་འབྲས་བུ་ཞོར་མི་འཕྲོད་ཅེས་བྱ་བ་ལ། ཆུ་ཤིང་གི་འབྲས་བུ་དང་བར་མི་བཟའ་བ་འམ། ཏ་ལའི་འབྲས་བུ་ཞོ་དང་ལྷན་ཅིག་མི་འཕྲོད་པས་མི་བཟའ་ཨོ། །ཙ་པ་གཉིས་པོ་བུ་རམ་དང། སྦྲང་རྩི་ཀ་ཀ་མ་ཙིར་མིན་ཞེས ་བྱ་བ་ལ། ཀ་ཀ་མ་ཚི་ཚ་བ་གཉིས་པོ། པི་པི་ལིང་དང། ན་ལེ་ཤམ་དང། ལྷན་ཅིག་སྦྲང་རྩི་འམ་བུ་རམ་དང་ལྡན་པར་མི་བཟའ་བོ། །དེ་ནི་ཉ་དང་བཙོས་པའི་སྣོད་དང། དོང་གྲ་བཅོས་པར་གཡོས་པར་མིན་ཞེས་བྱ་བ་ལ། ཤ་ཀ་མ་ཅི་དེ་ན་ཉ་བཙོས་པའི་སོད ་དུ་གཡོས་སུ་བྱས་པ་འང་མི་བཟའ་ཨོ། །ཀ་མ་ཏ་ནི་སྣོད་གཞན་དུ། བཙོས་ནས་ཉིན་མཚན་ལོན་མི་བཟའ་ཞེས་བྱ་བ་ལ། ཀ་མ་ཏ་ནི། ཀ་ཀ་མ་ཅི་སྟེ། དེ་སྣང་གཞན་དག་ཏུ་བཙོས་ནས་ཉིན་ཚན་ལོན་ཞིང་ཞག་འདས་པ་དག་བཟའ་བར་མི་བྱའོ། །དེ་ལ་མི་བཟའ་ཨི་ཞེས ་བྱ་བ་འདི་མི་འདི་མན་ཆད་ཀུན་ལ་སྦྱར་བར་མི་བྱའོ། །ཉ་བརྔོས་པ་ཡི་སྣུམ་ལ་ནི། པི་པི་ལིང་བརྔོས་སྤངས་པར་བྱ། །ཞེས་བྱ་བ་ལ། ཉ་བརྔོས་པའི་སྣུམ་ལ། བརྔོས་པའི་པི་པི་ལིང་ལ་སྤང་བར་བྱ་སྟེ། ཉ་གང་དུ་བརྔོས་པ་དེར་བརྔོས་ཡང་སྤང་བར་བྱའོ། །མར ་སར་འཁར་སྣོད་པ་བཞག་བཅུ་ལོན། གོ་བྱེའི་འབྲས་བུ་དྲོད་པ་བཟའ་ཞེས་བྱ་བ་ལ། མར་སར་འཁར་བའི་སྣོད་དུ་ཞག་བཅུ་ལོན་པ་སྤང་བར་བྱའོ། །དེ་བཞིན་དུ་ག་བྱེའི?་འབྲས་བུ་བ་ལ་ཏ་ཀ་བཟའ་བ་དང། བཏུང་བར་དྲོ་བ་དག་སྨན་པས་སྤང་བར་བྱའོ། ་བ་ས་སྲེག་ཤར་མི་འཕྲོད་ཅིས། དར་བར་ཀཾ་པི་པ་བཙོས་ཚན་ཞེས་བྱ་བ་ལ། བ་ས་ཞེས་བྱ་བའི་བྱའི་ཤ་སྲེག་ཤར་བྱ་བར་མི་འཕྲོད་པས་བཟའ་བར་མི་བྱའོ། །དེ་བཞིན་དུ་ཀ་པི་ལ་ཞེས་བྱ་བ་སྟེ། མིང་གི་རྣམ་གྲང་ཡན་ལག་དམར་ཞེས་བྱ་བ་སྟེ ་དར་པར་བཙོས་ཏེ་བཟའ་བ་མི་འཕྲོད་པ་ཡིན་ནོ། །འོ་ཐུག་དང་ནི་ཀྲི་ས་ར། ཆང་དང་ལྷན་ཅིག་མི་འཕྲོད་སྤང་ཞེས་བྱ་བ་ལ། འོ་ཐུག་དང། ཀྲི་ས་ར་དང། ཆང་ལྷན་གཅིག་མི་འཕྲོད་པས་སྤང་བར་བྱའོ། །དེ་ལའོ་ཐུག་ནི་འབྲས་ཆེན་འོ་མའི་ནང་དུ ་བཙོས་ཏེ་སྤོང་གྱི་བཏབ་པ་ནི་འོ་ཐུག་གོ་།ཀྲི་ས་ར་ནི་སྐྱེས་དང་སྲན་མུངྒ་དང། མ་ཥ་ལ་སོགས་པ་གཡོས་པའི་ཐུག་པའོ། །ཆང་ནི་འབྲས་བཏགས་པ་ལ་སོགས་པ་ལས་མནན་ནས་བྱས་པའོ། །དེ་རྣམས་ལྷན་ཅིག་ཏུ་བཟའ་ཞིང་ལོངས་སྤྱད ་བར་མི་བྱའོ། །སྦྲང་རྩི་མར་སར་ཞག་ཏིལ་མར། །ཆུ་རྣམས་གཉིས་གཉིས་གསུམ་གསུམ་མམ། ཆ་མཉམ་ལྷན་ཅིག་ཟོས་པ་དག་།ཕན་ཚུན་དག་ནི་མི་མཐུན་ནོ། །ཞེས་བྱ་བ་ལ་སྦྲང་རྩི་ལ་སོགས་པའི་རྫས་ལྔ་ནི་གཉིས ་གཉིས་སམ། གསུམ་དུ་ཞེས་བྱ་བ་གསུམ་གསུམ་མམ། ཆ་མཉམ་ཞེས་བྱ་བ་གཅིག་ཏུ་ཆ་མཉམ་པར་བྱ་སྟེ། བཟའ་བ་ནི་ཕན་ཚུན་མི་འཕྲོད་པ་ཡིན་ནོ། །དེ་ཡང་གཉིས་ནི་དཔེར་ན། མར་སར་དང། སྦྲང་རྩི་འམ། མར་སར་དང་ཞག་གམ་མར ་སར་དང་ཏིལ་མར་རམ། སྦྲང་རྩི་དང་ཆུའོ། །གསུམ་གསུམ་ནི་དཔེར་ན། སྦྲང་རྩི་དང་མར་སར་དང་ཏིལ་མར་དང་བཟའ་བའོ། །ཆ་མཉམ་པ་ནི་སྦྲང་རྩི་དང། མར་སར་དང། ཞག་དང་ཏིལ་མར་དང། ཆུ་རྣམས་ལ་བསྲེས་ཏེ། ལྷན་ཅིག་ཟོས་པ ་སྟེ། དེ་དག་ནི་མི་འཕྲོད་པ་ཡིན་ནོ། །མར་སྦྲང་ཆང་ནི་མི་མཉམ་ཡང། ཆར་པའི་ཆུ་ནི་འཐུངས་ན་གནད། །ཅེས་བྱ་བ་ལ། མར་དང་སྦྲང་རྩི་ཆ་མི་མཉམ་པར་གྱུར་ཀྱང། ཆར་པའི་ཆུ་དང་ལྷན་ཅིག་འཐུངས་ན་གནོད་ཅིང་མི་འཕྲོད་པར་འགྱུར ་རོ། །སྦྲང་རྩི་པདྨའི་ས་བོན་དང། སྦྲང་རྩི་འབྲུ་ཆང་ཁ་རར་མིན་ཞེས་བྱ་བ་ལ། སྦྲང་རྩི་དང་པདྨའི་ས་བོན་ལྷན་ཅིག་སྦྱར་ཏེ་བཟའ་བ་ཡང་མི་འཕྲོད་པ་ཡིན་ནོ། །དེ་བཞིན་དུ་སྦྲང་རྩི་དང། འབྲུ་ཆང་ཞེས་བྱ་བ་འབྲུ་ལས་མནན་པའི་ཆང་དང། ཤ ་ཁ་ར་ལས་བྱས་པའི་ཆང་མི་འཕྲོད་ཅིང་གནོད་པ་སྐྱེད་པ་ཡིན་པས། རླུང་ཤིན་ཏུ་སྐྱེ་བར་བྱེད་པ་ཡིན་ནོ། །འོ་ཐུག་རྗེས་ལ་སྐྱོན་མ་མིན་ཤ་མོ་ཡུངས་མར་བརྔོས་མི་འཕྲོད། །ཅེས་བྱ་བ་ལ། འོ་ཐུག་ནི་འོ་མ་ལ་འབྲས་བཙོས་པའི་ཐུག་པའོ། །དེ་ནི་སྐྱོ ་མ་དང་མི་འཕྲོད་པ་ཡིན་ཏེ། སྐྱོ་མ་དེ་ནི་བད་ཀན་སྐྱེད་པར་བྱེད་པ་ཡིན་ཏེ། སྐྱོ་མ་ཞེས་བྱ་བ་ལ་ཕྱེ་དང་མར་སྦྱར་ལ། ཆུ་དང་བསྲེས་ལ་ཧ་ཅང་སླ་བ་འམ། ཧ་ཅང་སྐ་བར་མ་གྱུར་པ་ལ་བྱའོ། །ཤ་མོ་ནི་གདུགས་ལྟ་བུར་སྐྱེས་པའི་ཚོད་མའི་ཁྱད ་པར་རོ། །དེ་ནི་ཡུངས་མར་ལ་རྔོས་ཏེ་བཟའ་བ་མི་འཕྲོད་པ་ཡིན་ཏེ། ཤིན་ཏུ་མཁྲིས་ལ་བསྐྱེད་པ་ཡིན་ནོ། །ུ་པོ་ཏ་ཀ་ཏིལ་ཚིགས་ལ། བཙོས་པ་འཁྲུ་བར་བྱེད་པ་ཡིན་ཞེས་བྱ་བ་ལ། ཨུ་པོ་ཏ་ཀ་ནི་ལི་ས་ཞེས་བྱ་བའི་ཚོད་མ་སྟེ། དེ་ཏིལ་གྱིས་ཚིགས་མ་དང? ་བཅས་ཤིང་གཡོས་པ་ནི་འཁྲུ་བར་བྱེད་པ་སྟེ། ཆད་པས་འཁྲུ་བར་བྱེད་པ་ཡིན་ནོ། །བྱ་གར་ཤ་ནི་ཆང་དངས་དང། ཀུལམ་ཤི་ཡི་ཐུག་མི་འཕྲོད་ཅེས་བྱ་བ་ལ། བྱ་གར་ནི་བྱ་བ་ལ་ག་ཞེས་བྱ་སྟེ། དེའི་ཤ་ཆང་དང་མ་བ་རུ་རྣ?་ཞེས་བྱ་བ་དང། ཀུལམ་ཤ་ཐའི་ཐུག ་པ་དང་ལྷན་ཅིག་མི་འཕྲོད་དེ། ཀུལམ་ནི་མོན་རྡེའུ?་དང་སྲན་ཆུང་མ་བཙོས་ནས། ཤིང་ཀུན་ལ་སོགས་པའི་སྤོང་བཏབ་པའི་ཐུག་པའོ། །དེ་ཉིད་ཕག་རྒོད་ཚིལ་ལ་བསྡོས། །སྲོག་ནི་འཕྲལ་དུ་འཇོམས་པར་བྱེད་ཅེས་བྱ་བ་ལ། བྱ་གར་གྱི་ཤ་དེ་ཉིད་ཕག་རྒོད་ཀྱི་ཚིལ་དང། ་བརྔོས་པ་ནི། སྲོག་འཕྲལ་དུ་འཇོམས་པར་བྱེད་པ་ཡིན་ཏེ། དེའི་མོད་ལ་གསོད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བཞིན་སྲེག་པ་རྨ་བྱ་དང། །ལ་བ་ཀ་པིཉྫ་ལ་སྲམ། །ེ་རཎྜ་ཡི་མེ་ལ་ནི། །ེ་རཎྜའི་མར་བརྔོས་མི་འཕྲོད་ཅེས་བྱ་བ་ལ། དེ་བཞིན་དུ་སྲེག་པ ་ལ་སོགས་པའི་ཤ་།ེ་རཎྜའི་མེ་ལ་བཅོས་ཤིང་དེ་བཞིན་དུ་ཨེ་རཎྜའི་མར་དང་བསྲེས་ཤིང་བསྔོས་པ་ནི་མི་འཕྲོད་དེ། སྔ་མ་དང་འདྲ་བར་སྲོག་འཕྲལ་དུ་འཇོམས་པར་བྱེད་པ་ཡིན་ནོ། །ཧ་རི་ཏྭའི་ཤ་སྐྱེར་པ་ཡི། །ཐུར་མ་དག་ལ་སྐྱོན་ནས་ནི། །སྐྱེར་པའི ་མེ་ལ་བསྲེག་གྱུར་པ། །འཕྲལ་དུ་སྲོག་ནི་འཇོམས་པར་བྱེད་ཅེས་བྱ་བ་ལ། དེ་བཞིན་བྱ་ཧ་རི་ཏའི་ཤ་སྐྱེར་པའི་ཐུར་མ་ལ་བསྐྱོན་ཞིང་བཙུགས་ནས་དེ་བཞིན་དུ་ཤིང་སྐྱེར་པ་བུས་པའི་མེ་ལ་བསྲེགས་ཤིང་ཆོས་པར་བྱས་པ་ནི་འཕྲལ་དུ་སྲོག་འཇོམས ་པར་བྱེད་དེ་དུག་དང་འདྲ་བར་མྱུར་དུ་སྲོག་འཕྲོག་ཅིང་སྲོག་དང་བྲལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། དེ་ཉིད་ཐལ་བ་རྡུལ་གྱིས་གོས། །སྤང་རྩིར་བཅས་པ་འཕྲོད་མ་ཡིན། །ཞེས་བྱ་བ་ལ་བྱ་ཧ་རི་ཏའི་ཤ་དེ་ཉིད་ཐལ་བ་དང་རྡུལ་གྱིས་གོས་ཤིང་ཉམས་པར ་གྱུར་པ་དང་སྦྲང་རྩི་དང་བཅས་པ་ནི་འཕྲོད་པ་མ་ཡིན་ཏེ། འཕྲལ་དུ་གསོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པ་གཞན་དག་སྟེ། གྲང་བ་དང། དྲོ་བ་དང། སར་པ་དང། རྙིང་པ་དང། བཙོས་པ་དང། མ་བཙོས་པ་དག་ནི་རླུང་དང། བད ་ཀན་དང་མི་ཐུན་པའི་སྨན་རྣམས་ནི། བད་ཀན་གྱི་ཁམས་དང་མི་འཕྲོད་པར་གྱུར་པ་ཡིན་ནོ། །ལ་ལ་ནི་ཕན་ཚུན་གཅིག་ལ་གཅིག་མི་འཕྲོད་པ་ཡིན་ལ། ཁ་ཅིག་ནི་སྦྱོར་བའི་དབང་གིས་ཕྲད་པ་ལས་མི་ཕྲོད་པ་ཡིན་ལ། གཞན་དག་ནི ་གཡོས་སུ་བྱ་བ་ལ་སོགས་པའི་དབང་གིས་མི་འཕྲོད་པ་ཡིན་ལ། ཡང་གཞན་དག་ནི་དུས་དང་ཡུལ་དང་ཚད་ལ་སོགས་པས་མི་འཕྲོད་པས་ཡིན་པ་དང། དེ་བཞིན་དུ་རང་བཞིན་གྱིས་མི་འཕྲོད་པ་ཡང་ཡང་དེ། གཞུང་རྩོམ་པར་བྱེད་ལས། ་བསྡུས་པ་ལས་བཤད་པ། རྫས་མཐུ་དང་ལྡན་པ་དག་ནི། ཡོན་ཏན་ཕན་ཚུན་མི་མཉམ་པ་ཉིད་ཀྱིས། གཡོས་སུ་བྱ་བ་ལ་སོགས་པའི་དབང་གིས་མི་འཕྲོད་པར་འགྱུར་ཏེ། འོ་མ་ནི་རྒྱ་སྲན་ཀུ་ལཏྠ་དང་མི་འཕྲོད་ལ། པ་ན་ས་ནི་ཉ ་དང་མི་འཕྲོད་ལ། མར་དྲོན་པོ་དང། སྦྲང་རྩི་དང། ཞོ་དྲོན་པོར་མི་འཕྲོད་པ་དང། ཚ་སྒོ་ཅན་གྱི་ཆུ་དང་ཕྱེར་བསྲེས་ཏེ། མཚན་མོ་བཟའ་བ་མི་འཕྲོད་པ་དང། དེ་བཞིན་དུ་ཆུ་གཞན་དག་དང་ནས་འདྲར་མི་འཕྲོད་པ་ལྟ་བུའོ། །ཞེས་བྱ་བ་དང ་དྲང་སྲོང་ཙ་ར་ཀས་ཀྱང་རང་གི་གཞུང་ལས་རྒྱས་པར་བཤད་པ་ཡིན་ནོ། །གང་ཡང་ཉེས་པ་མ་སྦྱངས་པ། འདོར་ན་དེ་ནི་མི་འཕྲོད་ཡིན་ཞེས་བྱ་བ་ལ། གང་ཡང་རུང་བའི་ཁ་ཟས་ལས་བྱུང་བའི་ཉེས་པ་ཁྲུས་དང། སློན་ལ་སོགས་པས་མ ་སྦྱངས་པར་དེ་ནི་མདོར་ན་ཞེས་པ། མདོར་བསྡུ་ན་མེ་འཕྲོད་པ་ཡིན་པས་བསྟེན་པར་མི་བྱའོ། །ཉེས་འདིར་སྦྱར་བར་འདོད་པ་འམ། ཡང་ན་དེ་དང་མི་མཐུན་པའི། །རྫས་དེ་ཉིད་ཀྱི་དང་པོ་ནི། །ལུས་ཀྱི་མངོན་པར་སྦྱར་བར་བྱ་ཞེས་བྱ་བ་ལ། ཟས་མི ་འཕྲོད་པ་ཟོས་པ་ལས་བྱུང་བའི་ཉེས་པ་འདི་ནི་སྦྱར་ཞེས་བྱ་ག་སློན?་དང་ཁྲུས་ལ་སོགས་པའི་ཚུལ་བྱ་བ་ནི། འདོད་ཅིང་བསྔགས་པར་བྱ་བ་ཡིན་ནོ། །ཡང་ན་དེ་དང་མི་མཐུན་པའི་རྫས་ཀྱི་སྨན་གྱིས་ཞི་བར་བྱ་བ་འདོད་པ་ཡིན་ཏེ། མི་འཕྲོད་པའི་ཁ་ཟས་དེའི ་གཉེན་པོར་གྱུར་པའི་སྨན་ཡོན་ཏན་གོ་བཟློག་པ་ཡོད་པ་དེས་ཞི་བར་བྱ་བ་ནི། ཡུལ་དང་དུས་ལ་བལྟོས་ནས་བྱ་བ་ཉིད་ཡིན་ནོ། །ཡང་ན་གང་ཕན་པར་གྱུར་པའི་སྨན་དང། ཟས་ཀྱི་རྫས་དེ་ཉིད་ཀྱིས་དང་པོ་ཁོ་ནར་ལུས་མངོན་པར་སྦྱངས་ཞིང་ཕན་པའི་དཔྱད་དུ ་བྱ་བ་སྟེ། མདོར་ན་དང་པོ་ཉིད་ནས་ཟས་ཕན་པ་ཉིད་བཟའ་བར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དྲང་སྲོང་ཙ་ར་ཀས། མི་འཕྲོད་ཟས་ཟོས?་ལས་གྱུར་ན། །སློན་དང་ཁྲུས་ཀྱིས་སྤྱངས་བྱ་ཞིང། རྣམ་པར་བསལ་ནས་ཞི་བྱ་བ་འམ། དང་པོར་འཕྲོད ་པ་བསྟན་པས་ཞེས་བཤད་པ་ཡིན་ནོ། །རྩོལ་ཅན་རྣམས་བསྟེན་དྲོད་ཆེ་དང། དར་ལ་བབ་ཅིང་ཉམས་སྟོབས་ལྡན། །གོམས་པར་ཟློས་དང་ཅུང་ཟད་ཟོས། །མི་འཕྲོད་གྱུར་ཀྱང་གནོད་མི་འགྱུར། །ཞེས་བྱ་བ་ལ། གང་ལ་རྩོལ་ཞིང་ལས་སུ་བྱ་བ་ཡོད་པ་དེ ་ནི་བརྩལ་བཅས་ཏེ། རྩོལ་བ་ཅན་དེས་ནི་ཟས་དང་བཏུང་བ་དང། སྨན་མི་འཕྲོད་པ་བསྟེན་ཀྱང་ནང་དུ་མི་འགྱུར་རོ། །དེ་བཞིན་དུ་སྣུམ་ཤས་ཆེར་བསྟེན་པ་དང། ཕོ་བའི་མེ་དྲོད་ཆེ་བ་དག་དང། དར་ལ་བབ་ཅིང་ན་ཚོད་བདོ་བ་དང། དེ་བཞིན་དུ་ཉཾ? ་སྟོབས་དང་ལྡན་ཞིང་ཤིན་ཏུ་བསྔགས་པར་བྱ་བའི་སྟོབས་ཡོད་པ་དེས། མི་འཕྲོད་པ་དག་ཟོས་ཀྱང་ནད་དུ་མི་འགྱུར་བ་དང། དེ་བཞིན་གོམས་པར་བྱས་ཤིང་རྟག་ཏུ་ཟོས་པ་དང། ཅུང་ཟད་ཅུང་ཟད་ཟོས་པ་དག་གིས་ཀྱང་ནང་དུ་མི་འགྱུར ་ཏེ། ཟས་དང་སྐོ་ལ་སོགས་པ་མི་འཕྲོད་པ་ཅིང་མི་མཐུན་པ་འགྱུར་པ་ཡིན་ཀྱང་སྐྱེས་བུ་དེ་ལ་གནོད་པའི་ནང་དུ་མི་འགྱུར་གྱི། ནད་མེད་པ་ཉིད་དུ་གནས་པར་འགྱུར་རོ། །དྲིས་པ་གང་གིས་མི་འཕྲོད་སའི་པའི་ཟས་སྐོམ་ཟོས་པ་ན་གོམས་པ་འམ་ཉུང ་ཟད?་ཅིག་བསྟེན་པའི་རྒྱུས་དུས་དང་ཡུལ་ལ་བལྟོས་ནས། གོམས་པས་ལུས་ལ་གནོད་པ་མེད་ཅིང་བདེ་བར་འགྱུར་བ་དེ། མོད་ལ་སྤང་བར་བྱ་བའམ། འོན་ཏེ་རིམ་གྱིས་སྤང། །དེ་བཞིན་དུ་གང་ལུས་ལ་ཕན་ཞིང་འཕྲོད་པ་དག་ཀྱང་མོད་ལ་ཅིག ་ཅར་བསྟེན་པར་བྱ་བ་འམ་དེ་ལྟ་མ་ཡིན། དེ་གཉིས་ཀྱི་རིམ་པ་སྤང་བ་དང། བླང་པའི་ཚུལ་བསྟན་པ་སྨྲས་པ་ནི་མི་འཕྲོད་ཆ་ཡིས་གོམས་བྱ་བ། ཆ་ཡིས་ཆ་ཡིས་ཡོངས་སུ་སྤང། །ཕན་པའང་དེ་བཞིན་བསྟེན་བྱ་སྟེ། གཅིག་གཉིས་གསུམ་གྱིས་མཆོད་པ་བྱ་ཞེས་བྱ་བ་ལ ་གང་མི་འཕྲོད་ཅིང?་ཕན་པ་མ་ཡིན་པ་བསྟེན་ཅིང་གོམས་པར་བྱ་བ་དེ་ཡང་ཆ་ཡིས་གོམས་པར་བྱ་ཞེས་བྱ་བ་རང་གི་ཚད་ལས་དེའི་བཞི་ཆས་སྤང་བར་བྱའོ། །ཡང་ཤིན་ཏུ་ཤས་ཤེར་ཟོས་པ་ནི། ཆའི་ཡང་ཆ་ཤས་སུ་བགོས་པ་སྟེ། བཅུ་དྲུག་ཆས་སྤང་བར་བྱའོ། །?? ་ཞེས་བྱ་བ་ནི་མི་འཕྲོད་བ་ཡིན་ཀྱང། གནོད་པ་མེད་པ་དག་མོད་ལ་སྤངས་པས་ལུས་ལ་གནོད་པར་འགྱུར་བ་མཐོང་བས་བསྟན་བཅོས་རྩོམ་པས་འམ་གྱི་སྒྲ་སྨོས་པ་ཡིན་ནོ། །དེ་ལྟར་སྤངས་ནས་ཕན་ཞིང་འཕྲོད་པ་དག་ཀྱང་དེ་བཞིན་དུ་རིམ་པ་དེ་ཉིད་ཀྱིས ་བསྟེན་པར་བྱ་སྟེ། འཕྲོད་པ་དག་ཀྱང་བཞི་ཆ་འམ། བཞི་ཆས་བསྟེན་པར་བྱའོ། །དེ་ལྟར་མི་འཕྲོད་པ་ཆ་ཡིས་སྤང་བར་བྱ་བ་དེའི་རིམ་པ་བལྟོས་པ་མེད་པར་དོར་བར་བྱ་བ་རྨ?་འོན་ཏེ་བལྟོས་པ་དང་བཅས་པས་དོར་བར་བྱ་ཞེ་ན་འདི་དག་གཉིས་གསུམ་གྱིས་ཆོད ་ཆ་ཞེས་སྨྲས་པ་ཡིན་ཏེ། སྔར་བཤད་པ་འདི་དག་ནི་ཞག་གཉིས་སམ་གསུམ་གྱིས་མི་འཕྲོད་པའི་ཉེ་བར་མཚོན་པ་ཐམས་ཅད་མེད་པར་འགྱུར་བས། བར་དུ་ཆོད་པར་བྱས་ལ་མི་འཕྲོད་པ་དེ་??་འམ། བཅུ་དྲུག་ཆས་སྤང་བར་བྱའོ། །དེ་བཞིན་དུ་ཕན ་པ་དག་ཀྱང་ཞག་གཉིས་དང་གསུམ་གྱིས་ཕན་པ་མ་ལུས་ཉེ་བར་འཕེལ་པར་འགྱུར་བ་བར་གྱིས་ཆད་པར་བྱས་ལ་བཞི་ཆ་འམ། བཅུ་དྲུག་ཆས་ངེས་པར་བསྟེན་ཅིང?་གོམས་པར་བྱའོ། །འདིར་དོན་ནི་འདི་ཡིན་ཏེ། མི་འཕྲོད་པ་གོམས་པར་འགྱུར་བའི ་ཆ་གཅིག་སྤངས་ལ། མི་འཕྲོད་སུམ་ཆའི་ནང་དུ་འཕྲོད་པ་ཆ་གཅིག་བཅུག་ལ་བཟའ་ཨོ?། །དེ་ནས་ཉིང?་ན་གཉིས་པ་ལ། མི་འཕྲོད་པའི་གོམས་པའི་ཆ་བཟའ་བར་བྱའོ། །ཉི་མ་ལྔ་པ་ལ་ནི་ཡང་ཐམས་ཅད་མི་འཕྲོད་པ་བཟའ་ཨོ། །དེ་ལྟར་མི་འཕྲོད་པ་གཉིས་ཀྱི ་ཆོད་པ་ཡིན། །ཉི་མ་གཉིས་པ་དང་གསུམ་པ་དང་བཞི་པ་ལ་ཡང་མི་འཕྲོད་བའི་ཆ་གསུམ་དང་འཕྲོད་པའི་ཆ་གཅིག་བསྲེས་ཏེ་བཟའ་བར་བྱའོ། །ཉི་མ་ལྔ་པ་ལ་ནི་ཐམས་ཅད་མི་འཕྲོད་པ་བཟའ་ཨོ། །དེ་ལྟར་ན་མི་འཕྲོད་པ་གཉིས་ཀྱིས་ཆོད་པ་ཡིན་ནོ། །ཞག་དྲུག་པ་དང། བདུན་པ ་ལ་མི་འཕྲོད་པའི་ཆ་གསུམ་དང། འཕྲོད་པའི་ཆ་གཅིག་བཟའ་བར་བྱའོ། །ཞག་དགུ་པ་ལ་ནི་ཐམས་ཅད་མི་འཕྲོད་པའོ། །དེ་ལྟར་ན་མི་འཕྲོད་པ་ཆ་གསུམ་གྱིས་ཆོད་པ་ཡིན་ནོ། །དེ་བཞིན་དུ་མི་འཕྲོད་པའི་ཆ་གཅིག་དབྲི?་ཞིང་དེ་ཉིད་ཕན་པའི་ཆ་གཅུག་པ་ལྟར་ཡང ་ཉི་མ་བཅུས་མི་འཕྲོད་པའི་ཆ་གཉིས་དོར་ལ་འཕྲོད་པའི་ཆ་གཉིས་བཅུག་པར་བྱའོ། །ཡང་དེ་བཞིན་དུ་ཞག་བཅུས་སྔ་ན་བཞིན་དུ་མི་འཕྲོད་པའི་ཆ་གསུམ་སྤངས་ཤིང་འཕྲོད་པའི་ཆ་གསུམ་བཅུག་ལ་ཟ་པར་བྱའོ། །དེ་བཞིན་དུ་མི་འཕྲོད་པའི་ཆ་བཞི་པ་ཡང་ཞག ་བཅུས་སྤངས་ལ། འཕྲོད་པའི་ཆ་གསུམ་གཞུག་པར་བྱའོ། །དེ་ལྟ་ན་ཞག་བཞི་བཅུས་སྤང་པ་དང། བླང་བ་གོམས་པར་བྱས་པ་ཡིན་ནོ། །གཞན་དག་ནི་འདི་ལས་གཞན་ད་ཚད?་དེ་ཉི་མ་དང་པོ་ལ་མི་འཕྲོད་པ་ལས་ཆ་གཅིག་སྤངས་ལ། འཕྲོད་པ་ལས ་ཆ་གཅིག་བཅུག་ལ་དེ་ནས་དེ་ཞག་གཅིག་སྡང་པར་བྱའོ། །དེ་ནས་ཉི་མ་གཉིས་པ་ལ་མི་འཕྲོད་པ་ཐམས་ཅད་བཟའ་བར་བྱ་སྟེ། དེ་ལྟར་ན་གཅིག་གིས་ཆོད་པར་གྱུར་པ་ཡིན་ནོ། །དེ་ནས་ཉི་མ་གསུམ་པ་ལ། མི་འཕྲོད་པའི་ཆ་གཉིས་དང་འཕྲོད་པའི་ཆ་གཉིས ་བསྟེན་པར་བྱའོ། །དེ་ནས་ཉི་མ་བཞི་པ་ལ་ཐམས་ཅད་མི་འཕྲོད་པ་བཟའ་བ་དང། དེ་བཞིན་དུ་ཞག་ལྔ་པ་ལ་ཡང་ཐམས་ཅད་མི་འཕྲོད་པ་བཟའ་བར་བྱའོ། །དེ་ལྟར་ན་ཉི་མ་གཉིས་ཀྱིས་ཆོད་པ་ཡིན་ནོ། །ཡང་ཞག་དྲུག་པ་ལ་མི་འཕྲོད་པ་ལས་ཆ་གཅིག ་འཕྲོད་པ་ལས་ཆ་གསུམ་བཟའ་བར་བྱའོ། །དེ་ནས་བདུན་པ་དང་བརྒྱད་པ་དང། དགུ་པའི་ཉིན་ཞག་ལ་ཐམས་ཅད་མི་འཕྲོད་པ་བཟའ་བར་བྱ་སྟེ། དེ་ལྟར་ན་གསུམ་གྱི་མཆོད་པ་ཡིན་ནོ། །དེ་ནས་ཞག་བཅུ་པ་ལ་མི་འཕྲོད་པའོ། །དེ་ནས་ཞག་ཅུ་གཅིག ་ལ་འཕྲོད་པ་ལ་ཆ་གསུམ་མི་འཕྲོད་པ་ལས་ཆ་གཅིག་བཟའ་བར་བྱའོ། །དེའི་འོག་ཏུ་ཉི་མ་བཅུ་གཉིས་པ་ལ་ཐམས་ཅད་འཕྲོད་པ་བཟའ་བར་བྱའོ། །དེ་ལྟ་ན་ཞག་གཅིག་གིས་ཆོད་པར་བྱས་ནས། ཞག་བཅུ་གསུམ་པ་ལ་འཕྲོད་པའི་ཆ་གཉིས ་དང་མི་འཕྲོད་པའི་ཆ་གཉིས་བཟའ་བར་བྱའོ། །དེ་ནས་ཉིན་ཞག་བཅུ་བཞི་པ་དང། བཅོ་ལྔ་པ་ལ་འཕྲོད་པ་འབའ་ཞིག་བཟའ་བར་བྱའོ། །དེ་ལྟར་ན་ཉིན་ཞག་གཉིས་གཉིས་ཀྱིས་ཆོད་པར་གྱུར་པ་ཡིན་ནོ། །དེ་ནས་ཉི་མ་བཅུ་དྲུག་པ་ལ་འཕྲོད་པ་ལ་ཆ་གསུམ? ་དང་མི་འཕྲོད་པ་ལས་ཆ་གཅིག་བཟའ་བར་བྱའོ། །དེ་ནས་ཞག་བཅུ་བདུན་པ་དང། བཅོ་བརྒྱད་པ་དང། བཅུ་དགུ་པའི་གྲངས་ཀྱིས་བཅས་པའི་ཉིན་ཞག་ལ་ཐམས་ཅད་ཀྱང་འཕྲོད་ཅིང་ཕན་པར་འགྱུར་བ་བཟའ་བར་བྱའོ། །དེ་ལྟ་ན་ཉིན་ཞག་གསུམ་གྱི ་ཆོད་པ་ཡིན་ནོ། །དེའི་འོག་ཏུ་ཞག་ཉི་ཤུ་པ་ནས་བཙམས་ཏེ། ཆ་བཞི་པ་ཐམས་ཅད་ཀྱང་ཕན་ཞིང་འཕྲོད་པ་ལས་བཟའ་བར་བྱའོ། །ཞེས་ཟེར་རོ། །ལ་ལ་ནི་འདི་སྐད་འཆད་དེ། ཁ་ཟས་གནོད་པ་གོམས་པའི་ཆ་གཅིག་པོར་ལ། །གནོད་པའི་ཁ་ཟས ་ཆ་གསུམ་གྱི་ནང་དུ། ཕན་པའི་ཆ་གཅིག་བཅུག་ལ། དེ་ཇི་སྲིད་གོམས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྟེན་པར་བྱའོ། །དེ་ལྟར་ན་གནོད་པ་མི་གཅིག་གིས་ཆོད་པ་ཡིན་ལ། ཕན་པའི་ཟས་ནི་གསུམ་གྱིས་ཆོད་པ་ཡིན་ཏེ། གང་གི་ཕྱིར་གནོད་པའི་ལས་ནི་ཆ ་གཅིག་པོར་བ་ཡིན་ལ། ཕན་པ་ལས་ཀྱང་ཆ་གསུམ་པོར་ནས། །ཆ་གཅིག་བཅུག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཆ་གཉིས་ཀྱིས་ཆོད་པ་ནི་གནོད་པ་དང། ཕན་པ་གཉིས་ལས་ཆ་གཉིས་དོར་ཏེ། །ཆ་གཉིས་གཉིས་བསྲེས་ལ། ཇི་སྲིད་གོམས་པར ་གྱུར་པ་དེ་སྲིད་ཀྱི་བར་བསྟེན་པར་བྱའོ། །དེའི་འོག་ཏུ་ཆ་གསུམ་གྱིས་ཆོད་པ་སྟེ། གནོད་པའི་ཆ་གསུམ་དོར་ལ། ཆ་གཅིག་པ་སྟེ། ཕན་པའི་ཆ་གསུམ་གྱི་ནང་བསྲེས་ཏེ། དེ་ཇི་སྲིད་གོམས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་གོམས་པར་བྱའོ། །དེའི་འོག་ཏུ་ཕན་པའི་ཟས་དང་སྨན་ཆ་བཞིང? ་རྫོགས་པ་བསྟེན་པར་བྱའོ་ཞེས་ཟེར་རོ། །དེ་བས་ན་དྲང་སྲོང་ཙ་ར་ཀས་ཀྱང། དེ་ཕྱིར་གནོད་པ་གོམས་བྱས་ལ། །རིམ་གྱིས་ཡོངས་སུ་སྤངས་པར་བྱ། །བསྟེན་པས་ཕན་པར་གྱུར་པ་ཡང། རིམས་གྱིས་རྣམ་པར་འཕེལ་བར་བྱ། །གནོད་པའི་ཆ་གཅིག་དོར་བ་དང། ཕན ་པ་འང་ཆ་གཅིག་དོར་བྱ་བ། །ཉིན་ཞག་བཅོ་ལྔ་ཉི་ཤུས་བྱས། །དེ་ཕན་ཆད་ནི་ཆ་ངེས?་བྱ་ཞེས་བཤད་པ་ཡིན་ནོ། །གཞུང་བརྩོམ་པར་བྱེད་པས་ཡན་ལག་བརྒྱད་ཕ་ལ་འཇུག་པ་ལས་ཀྱང། གནོད་པའི་ཟས་ནི་གོམ་པ་གྱུར་པ་འམ། སྤྱོད་པའི་ཆ་ཡིས?་དོར་བར་བྱ། །ཕན?་པ ་རང་ཆ་ཡིས་བསྟེན་བྱ་སྟེ། །ཞག་གཅིག་གཉིས་གསུམ་གྱིས་ཆོད་བྱ་ཞེས་བཤད་པ་ཡིན་ནོ། །སྐྱོན་ནི་རིམ་གྱིས་འགྲིབ་པ་དང། །ཡོན་ཏན་རིམ་གྱིས་འཕེལ་འགྱུར་ན། །སླར་སྐྱེས་པར་ནི་མི་འགྱུར་ཞིང། །གཡོ་བ་མེད་པ་དག་ཏུ་འགྱུར། །ཞེས་བྱ་བ་ལ། དེས་ནི ་མི་འཕྲོད་ཅིང་གནོད་པ་སྐྱེད་པར་བྱེད་པ་ཡང་གོང་དུ་བཤད་མ་ཐག་པའི་རིམ་གྱིས་འགྲིབས་ཤིང་ཟད་པར་འགྱུར་ལ། ཡོན་ཏན་དེ་བདེ་པ་བསྐྱེད་པར་གྱུར་པ་ཡང་རིམས་ཀྱིས་འཕེལ་བར་གྱུར་པ་ཉིད་ནི་གྲངས་ཅི་ལྟ་བ་བཞིན་དུ་ཉེས་པ་རྣམས་སླར་ཞིང ་ཕྱིས་འབྱུང་བར་མི་འགྱུར་ཞིང། ཡོན་ཏན་གཡོ་བ་མེད་པར་འགྱུར་རོ། །མི་འཕྲོད་པ་ཡང་སྤངས་གྱུར་དང། འཕྲོད་པ་གོམས་པར་གྱུར་པ་ཉིད། །འཕྲལ་དུ་སྤངས་དང་མ་བསྟེན་པས་ཉེས་པ་རྣམས་ནི་འབྱུང་བར་འགྱུར་ཞེས་བྱ་བ་ལ། དེ་ལྟར་གོང་དུ་བཤད ་པའི་རིམ་གྱིས་མི་འཕྲོད་པ་གོམས་པར་གྱུར་པ་ཡང་སྤངས་པར་གྱུར་ཅིང། འཕྲོད་པ་ཟང?་གོམས་པར་སྟན་པར་འགྱུར་བ་ཉིད་ནི་ཉེས་པར་མི་འགྱུར་ཀྱིས་གཞན་དུ་ན་འཕྲལ་དུ་སྟེ། དེ་མ་ཐག་མ་འོས་པར་སྤངས་པ་དང་ཕྲལ་དུ་མ་འོས་པར་བསྟེན་པར ་གྱུར་པས་ནི་འདི་གཉིས་ལས་ཉེས་པ་འབྱུང་བར་འགྱུར་རོ། །མི་འཕྲོད་པ་ཡང་སྤངས་གྱུར་དང་ཞེས་བྱ་བ་འདིར་འཕྲལ་དུ་ཞེས་བྱ་བ་སྦྱར་བར་བྱ་སྟེ། མི་འཕྲོད་པ་གོམས་པར་གྱུར་པ་ཡང། འཕྲལ་དུ་སྤངས་པར་གྱུར་པ་དང། དེ་བཞིན་དུ ་འཕྲོད་པ་འཕྲལ་དུ་གོམས་པར་གྱུར་པ་ཉིད་ལས་ནི་སྔར་བཤད་པའི་ཚུལ་ལས་གོ་བཟློག་པ་ཡིན་པས། དེ་ལྟ་བུའི་སྤངས་པ་དང། བསྟེན་པ་ལས་ནི་ཉེས་བ་སྟེ། ན་རིམས?་འབྱུང་བར་འགྱུར་རོ། །གནོད་པ་གནོད་བྱའི་བདག་ཉིད་ཅན། །ཤིན་ཏུ་ཉེ་བར་གྱུར་པ་ལ།། ་ཕན་མེད་གནོད་པར་བྱེད་པ་ནི། །མཁས་པས་ཕྱིར་ཞིང་བྱ་མི་རིགས་ཞེས་བྱ་བ་སྟེ། གནོད་པས་ཏེ་རླུང་དང། མཁྲིས་པ་དང། བད་ཀན་དང། གནོད་བྱ་སྟེ། ལུས་ཟུངས་ལ་གནོད་པའི་བདག་ཉིད་ཅན་རང་བཞིན་ཅན་དེ་ཤིན་ཏུ་ཉེ་བར་གྱུར་ཅིང་ལུས་ལ་གནས ་པར་གྱུར་པ་ལ། ཕན་མེད་ཅེས་བྱ་བ་རྗེས་སུ་མི་མཐུན་པར་གྱུར་པའི་བྱེད་པར། བྱེད་པ་ཉིད་གནོད་ཅིང་གདུག་པར་བྱེད་པ་ནི་མཁས་ཤིང་བདག་ཉིད་ཤེས་པས་ཕྱིར་ཞིང་ཡང་ནས་ཡང་དུ་བྱ་བ་མི་རིགས་སོ། །དེ་ལྟར་ན་མཁས་པས་ཉེས་པ་སྟེ། ནད་རྣམས ་སྤངས?་ཤིང་བསལ་ནས་ནི། །ནད་སླར་སྐྱེ་བར་མི་འགྱུར་ལ་ཡོན་ཏན་རིམས་ཀྱིས་འཕེལ་ཞིང་བསགས་པའི་འཕྲོད་པ་བསྟེན་པས་ནི་གཡོ་བ་མེའོ?་རྟག་ཏུ་ནད་མེད་པར་བྱེད་པར་འགྱུར་རོ། །ཟས་དང་སྟན་འདོད་ལ་སྤྱོད། །རན་ཅིང་རིགས་པར་སྦྱར་བ་ཡིས། །ཁང? ་ཁྱིམ་འཚོས་པ་ལྟ་བུར་ནི། །རྟག་ཏུ་ལུས་ནི་བཟུང་པར་བྱ་ཞེས་བྱ་བ་ལ། ཟས་དང་མལ་སྟན་དང་འདོད་པ་ལ་སྤྱོད་པ་རན་ཅིང་རིགས་པར་འགལ་བ་མེད་པའི་སྦྱོར་བར་བྱ་བ་སྟེ། རིགས་པ་ནི་བསྟན་བཅོས་ལས་བཤད་པའི་ཆོ་ག་སྟེ། ཆོ་ག་དེས་སྤྱད་པའི་དེས? ་བས་དུས་རྟག་ཏུ་ལུས་ཟུང་པར་བྱ་ཞིང། འདི་རྣམས་ཀྱིས་གནས་པར་བྱའོ། །དེ་ཡང་ཁང་ཁྱིམ་ལྟ་བུ་འཆོས་ཤིང་བསྟན་པར་བྱ་བའི་ཚུལ་ལྟ་བུར་བྱ་བ་སྟེ། དཔེར་ན་ཁང་པ་ཀ་བ་བརྟན་པས་བསྟན་པ་ལྟར་ལུས་ཀྱི་ཁང་པ་འདི་ཡང། སྔོན་གྱི་ལས་ཀྱི ་བུ་ཁ་ཅན?་གྱི??་བས་བསྟེན་པར་གྱུར་པ་ལས། ཉེ་བའི་བཀབ་ལྟ་བུའི་ཟས་དང། མལ་སྟན་དང། འདོད་པ་ལ་སྤྱོད་པར་རིགས་པ་དང་ལྡན་པས་བསྟེན་པར་བྱའོ། །དེ་འབྲས?་ནི་བཤད་ཟིན་ཅིང། དེ་དང་དེར་ནི་བཤད་བྱ་བ་ལ། དེ་ལ་ཉེ་བའི་ཀ་པ་ལྟ་བུའི་ནང་ནས། ཟས་ནི་བཤད་ཟིན་ཏེ། ཆུ་སྣ ་ཚོགས་པ་ལ་སོགས་པའི་ཚུལ་ཤེས་པར་བྱ་བ་ལ། ཟས་ཀྱི་ཚུལ་ཤེས་པར་བྱ་བ་དང། ཟས་སུ་བཅད་པའི་ལེའུ་སྔར་བཤད་ཟིན་ལ་དེ་བཞིན་དུ་འོག་ནས་ཀྱང་ཟས་ཀྱི་འོག་ཏུ་སྐེམ་བཏུང་བའི་ཚུལ་རིམ་ལ་སོགས་པ་ལ་ཇི་ལྟར་བྱ་བ་དང། ཟས་ཀྱི་ཆོད་བྲིན?་པར་བྱ་བ་ལ་སོགས ་པའི་སྐབས་ནས་དེ་དང་དེར་བཤད་པར་བྱའོ། །མལ་སྟན་དང་འདོད་པ་ལ་སྤྱོད་པ་ནི་ལེའུ་འདི་ལས་བཤད་པར་བྱའོ། །བདེ་སྡུག་སྤོམ་སྐེམ་སྟོབས་ཆེ་ཆུང། །བུད་མེད་ལ་ཕོང་མི་བོར?་དང། ཤེས་དང་ནི་ཤེས་འཚོ་དང་འཆི། །གཉིད་ལ་དག་ནི་ལུས་པ་ཡིན། །ཞེས་བྱ་བ་ལ་སོགས་དེ? ་པ་དང་སྡུག་བསྔལ་བ་ལ་སོགས་པ་ནི་གཉིད་ལ་རག་ལུས་པ་ཡིན་ཏེ། གཉིད་ལེགས་པར་ལོག་པས་ནི་བདེ་བ་དང། སྤོམ་ཞིང་རྒྱས་པ་དང། སྟོབས་དང་བུད་མེད་ལ་ཕོད་པ་དང། ཤེས་པ་དང། འཚོ་བ་འཕེལ་ཞིང་འབྱུང་བ་ཡིན། ལ་གཉིད་ཉེས་པར་བསྟེན་པས ་ནི་སྡུག་བསྔལ་དང། བསྐེམ་པ་དང། སྟོབས་ཆུང་བ་དང། བུད་མེད་ལ་མི་ཕོད་པ་དང། མི་ཤེས་པ་དང། འཆི་བ་ཉིད་དུ་འགྱུར་བས་དེ་ལ་རག་ལས་པ་ཅེས་བྱའོ། །དེ་ལ་བདེ་བ་ནི་ནད་མེད་པའོ། །སྡུག་བསྔལ་བ་ནི་ལུས་ཟུངས་མི་སྙོམས་པའོ། །སྤོམ་པ་ནི་ལུས་ཟུངས་རྒྱས ་པས་ཤ་ཆེ་བའོ། །སྐེམས་པ་ནི་ལུས་ཟུངས་ཟད་པའོ། །བུད་མེད་ལ་ཕོད་པ་ནི་རོ་ཙ་པའི་སྒོ་ནས་དགའ་པར་ནུས་སོ། །དེ་ལ་མི་ཕོད་པ་ནི་ཁུ་བ་ཟད་པའི་སྒོ་ནས་མ་ནིང་ལྟ་བུར་གྱུར་པའོ། །ཤེས་པ་ནི་རྟོགས་པ་དང་ལྡན་པའོ། །མི་ཤེས་པ་ནི་རྣམ་པར་རྨོངས?་པ་ཉིད་དོ། །འཚོ་བ། ་སྲོག་དང་ལྡན་པའོ། །འཆི་བ་ནི་སྲོག་དང་བྲལ་བའོ། །དུས་མིན་ཧ་ཅང་ཐལ་ཆེས་དང། གཉིད་ནི་ཀུན་ཏུ་འགེགས་པ་དག། བདེ་དང་ཚེ་ནི་ཉམས་བྱེད་དེ། །དུས་མཚན་གཉིས་བ་ལྟ་བུ་ཡིན་ཞེས་བྱ་བ་ལ། གཉིད་ནི་དུས་མིན་ཞེས་བྱ་བ་ལ་སྟན་བཅོས་ལས་ཀ་པའི ་དུས་སུ་བསྟེན་པ་དང། དེ་བཞིན་དུ་ཧ་ཅང་ཐལ་ཚེས་པར་བསྟེན་པ་དང། ཀུན་ནས་ཀུན་ཏུ་བཀག་ཅིང་མ་བསྟེན་པས་ནི། བདེ་བ་དང་ཚེ་ཉམས་ཤིང་འཇིགས་པར་བྱེད་པར་འགྱུར་རོ། །དེ་ལ་བདེ་བ་ནི་ནད་དང་བྲལ་བའི་མཚན་ཉིད་ཅན་ནོ། །ཚེ་ནི་འཚོ ་བ་དང་ལྡན་པ་སྟེ། དེ་གཉིས་ཉམས་ཤིང་འཇིགས་པར་བྱེད་པའོ། །དེ་ནི་དཔེར་ན་དུས་མཚན་ཞེས་པ་འཆི་པའི་དུས་ཀྱི་མཚན་མོ་ལ་བབ་པ་ནི་བདེ་པ་དང། ཚེ་ཉམས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདི་ནི་དུས་མཚན་སྔོན་ཆད་མེད་པ་གཉིས་པ་ལྟ་བུ་ཡིན ་ཏེ། བདེ་པ་དང། ཚེ་ཉམས་པར་བྱེད་པ་འདི་གཉིས་ཆོས་འཐུན་པའི་ཕྱིར་རོ། །མཚན་མོ་གཉིད་ནི་མ་ལོགས་རྩུབ། །ཉིན་མོ་གཉིད་ལོག་སྣུམ་ལྕིར་འགྱུར། །གཙོག་པུར་འདུག་སྟེ་ཡུང་བ་དག། མིག་རྩུབ་བད་ཀན་མེད་པར་འགྱུར་ཞེས་བྱ་བ་ལ། གང་མཚན་མོ ་གཉིད་མ་ལོག་པ་དེ་ནི་རྩུབ་པ་ཡིན་ལ། གང་ཉིན་མོ་གཉིད་ལོག་པ་དེ་ནི་སྣུམ་ཞིང་ལྕི་བར་གྱུར་པ་ཡིན་ཏེ། གཉིད་ཀྱིས་མ་ལོག་པའི་དབང་པོ་ཐམས་ཅད་ནི། བྱ་བ་ལ་ཕྱོགས་ཤིང་རྩོལ་བའི་མཚན་ཉིད་ཡིན་པས། བྱ་བ་མ་རྫོགས་པའི་ཚུལ? ་གྱིས་ན་ནི་བད་ཀན་དང། ཚིལ་ལ་སོགས་པ་ཞི་ཞིང་རང་བཞིན་དུ་གནས་པའི་ངོ་བོ་འགྲིབ་པས་རྩུབ་པའི་ཡོན་ཏན་འབྱུང་བར་མི་རིགས་སུ་ཟིན་ཀྱང་རྩུབ་པ་ཡིན་པར་སྒྲོ་བཏགས་ནས་སྨྲས་པ་ཡིན་གྱི། ཡང་དག་པར་ན་རྩུབ་པ་ནི་མ་ཡིན་ནོ། །དེ་ཡང ་དཔེར་ན། ཡུང་བ་ལ་སོགས་པ་ནི་གཉིད་མ་ལོག་པའི་སྔོན་དུ། བད་ཀན་དང་ཚིལ་ལ་སོགས་པ་རང་གིས་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང། སྐྱེས་བུ་ཉིད་ཀྱིས་མ་ལོག་པ་ལ། དེའི་བད་ཀན་དང་ཚིལ་ལ་སོགས་པ་ཟད་པར་སྣང་གི་འཕེལ་པར་མི་འགྱུར ་ཏེ། དེ་བས་ན་གཉིད་ཀྱིས་མ་ལོག་པ་ལ་རྩུབ་པ་ཞེས་བཤད་དོ། །གཉིད་ལོག་པ་ལ་ཡང་དབང་པོ་ཐམས་ཅད་ཀྱི་བྱ་བ་འགག་པ་ནི་མཚན་ཉིད་ཅན། བྱ་བ་ཟིན་པ་ལྟ་བུ་འདི་ལ་སྣུམ་པའི་ཡོན་ཏན་དང་འབྲེལ་པ་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་སྣུམ་པ ་ལྟ་བུར་སྒྲོ་བཏགས་ནས་བཤད་པ་ཡིན་ཏེ། གང་གི་ཕྱིར་དེའི་ཚེ་རང་བཞིན་ཞི་བར་གྱུར་པས། བད་ཀན་དང་ཚིལ་ལ་སོགས་པ་རང་གི་རྒྱུད་ཉིད་ཀྱིས་བཤད་གཅིང?་སོགས་དབང་གི་རྒྱུད་ཉིད་ཀྱིས་བཤད་གཅི་ལ་སོགས?་པ་མངོན་པར་འཕེལ་བར་བྱེད་དེ། །དབང་པོ་ཐམས་ཅད་ཀྱི་བྱ་བ ་ལས་ལྡོག་པ་ཡིན་པའི་ཕྱིར་གཉིད་མ་ལོག་པ་ལྟར་ཟད་པར་བྱེད་པ་ནི་མ་ཡིན་གྱི། གཉིད་ལོག་པའི་སྔར་ནི་བད་ཀན་དང་ཚིལ་ལ་སོགས་པའི་ཐ་མལ་པ་བཞི་བར་གནས་པའི་ངོ་བོ་རང་གི་ལུས་ལ་གནས་པར་གཏོགས་པ་དག་ནི་གཉིད་ཀྱིས་ལོག་པ་ལྟ་བུར་མི ་སྣང་སྟེ། དེ་བས་ན་གཉིད་ཀྱིས་ལོག་པ་ལ་སྣུམ་པར་བཤད་པ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ཏེ། འདིའི་བྱ་བའི་མཚན་ཉིད་ནི་ཙམ་དུ་ཟད་པའི་ཕྱིར་རོ། །རྩག་པུར་འདུག་སྟེ་གང་ཡུར་ཞིང་ཅུང་ཟད་གཉིད་ལོག་པ་དེ་ནི་མི་རྩུབ་པ་དང། བད་ཀན་མེད་པར་འགྱུར ་བ་ཡིན་ཏེ། ཤིན་ཏུ་གཉིད་ལོག་པ་དང་ཤིན་ཏུ་གཉིད་མེད་པ་མ་ཡིན་པའི་ཕྱིར། །རླུང་བསྐྱོད་ཅིང་འཁྲུགས་པ་ཡང་མ་ཡིན་ལ། བད་ཀན་བསྐྱེད་པ་ཡང་མ་ཡིན་ནོ། །སོགས?་རླུང་འཕེལ་སྟོབས་འཕྲོགས་དུས། །རྩུབ་ཅིང་མཚན་མོ་ཐུང་བས་ན། ཉིན་པར ་གཉིས་ཕན་ཞེས་བྱ་བ་ལ། སོ་ཀའི་དུས་སུ་ཉིན་པར་གཉིད་ལོག་པ་ཕན་ནོ་ཞེས་བྱ་བ་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་གསུམ་སྨྲས་པ་ཡིན་ཏེ། རླུང་འཕེལ་བའི་དུས་ཡིན་ཏེ། སོག་བསགས་པའི་རླུང་དབྱད་གྱི་དུས་ན་ལྡང་བའི་བར་འདོད་པའི་ཕྱིར་དང། སྟོབས ་འཕྲོག་པའི་དུས་བྱུང་བའི་རྩུབ་པ་ཡིན་པས་སོག་རྩུབ་པའི་ཕྱིར་དང། དེ་བཞིན་དུ་དེའི་ཚེ་མཚན་མ་ཐུང་བར་གྱུར་པས་ན། ཉིན་པར་གཉིད་ལོག་པ་ཕན་པ་ཡིན་ནོ། །གཞན་དག་ཏུ་དེ་ནི་བད་ཀན་མཁྲིས་པ་བསྐྱེད་ཅེས་བྱ་བ་ལ། སོག་ལས་གཞན་པ ་དབྱར་ལ་སོགས་པའི་དུས་སུ་ནི་ཉིན་མོའི་གཉིས་དེས་ནི་བད་ཀན་དང་མཁྲིས་པ་གཉིད་བསྐྱེད་པ་ཡིན་ནོ། །སྨྲ་མངས་གཞན་དང་ལམ་གྱིས་དུབ། །ར་རོ་བུད་མེད་བསྟེན་ཁུར་ལས། །ཁྲོས་དང་མྱ་ངན་འཇིགས་པས་དུབ། །སྐྱིགས་བུ་དབུགས་མི་བདེ་ཚད་འཁྲུ ་རྒན་དང་བྱིས་པ་ཉམས་སྟོབས་ཟད། །གླེ་དོལ་སྐོམ་དང་གཟེར་གྱིས་ནོན། །ཟས་མ་ཞུ་དང་བཅོམ་དང་སྨྱོ། །ཉིན་པར་གཉིད་ལོག་རིམས་མ་ཏོགས། །ཞེས་བྱ་བ་ལ། སྨྲ་མངས་ནས་འཇིགས་པའི་བར་དུ་དུབ་པའི་སྒྲ་སོ་སོ་ཞིང་སྦྱར་བྱ་སྟེ། དེ་དག་གིས ་དུབ་པ་དང་སྐྱིགས་བུ་ལ་སོགས་པ་དུབ་པར་སྦྱར་རོ། །དེ་ལ་སྨྲ་མངས་པ་ནི་ཀླག་པ་ལ་སོགས་པའོ། །བཞོན་པ་ནི་རྟ་ལ་སོགས་པས་སྐྱོད་པའོ། །ལམ་གྱིས་དུབ་པ་ནི་ལམ་དུ་ཞུགས་པའོ། །ར་རོ་པ་ནི་ར་རོ་བས་ཉེན་པས་དུབ་པའོ། །བུད་མེད་ཀྱིས་དུབ་པ་ནི་འཁྲིགས་པས ་དུབ་པའོ། ཁུར་གྱི་དུབ་པ་ནི་ཁུར་བས་ལུས་ཉོན་མོངས་པའི་དུབ་པའོ། །ལས་ནི་ལུས་དུབ་པར་བྱེད་པའི་རྩོལ་བ་རྣམས་སོ། །དེ་ལྟར་ན་སྨྲ་མངས་པ་ལ་སོགས་པས་དུབ་པ་དང། གཞན་ཡང་སྐྱིགས་བུ་ལ་སོགས་པས་བཏབ་པ་མ་གཏོགས་པར་གཞན་དག་ཉིན་པར ་གཉིད་ལོག་པ་ནི། བད་ཀན་དང་མཁྲིས་པ་བསྐྱེད་པར་བྱེད་པ་ཡིན་ལ། ཚུལ་འདི་དག་དང་ལྡན་པ་དག་གིས་ནི་དུས་ཐམས་ཅད་དུ་ཉིན་པར་གཉིད་ལོག་པར་བྱའོ། །ཟས་མ་ཞུ་བ་ནི་རྣམ་པ་ལྔ་སྟེ། རིང་དུ་ཐོགས་པ་དང། ཁོང་ཚ་བ་དང། གཤང་བ་འགགས ་པ་དང། ཤིན་ཏུ་ཐོགས་པ་དང། བཅུད་ཀྱི་ལྷག་མ་ལུས་པའོ། །བཅོམ་པ་ནི་རལ་གྲི་ལ་སོགས་པའི་མཚོན་གྱིས་ལུས་བཅོམ་ཞིང་བཏགས་པའོ། །སྨྱོ་བ་ནི་གདོན་དང་བརྗེད་བྱེད་ལ་སོགས་པས་ཁམས་མི་སྙམ་པར་བྱས་ནས་དྲན་པ་མེད་པའོ། །ཉིན ་པར་གཉིད་ལོག་པར་རིགས་པ་ནི། སྔར་གོམས་ཤིང་ལོབས་པའི་རང་བཞིན་ཡོད་པ་སྟེ། དེ་དག་ཐམས་ཅད་མ་གཏོགས་པར་གཞན་གྱི་དུས་ཐམས་ཅད་དུ་སྤང་བར་བྱའོ། །འདི་དག་དེ་བཞིན་དུ་ལུས་ཟུངས་སྙོམས། །བད་ཀན་སྐྱེས་ཤིང་ལུས་བརྟས་འགྱུར ་ཞེས་བྱ་བ་ལ། སྨྲ་མངས་པ་ལ་སོགས་པ་དུབ་པ་དེ་དག་གིས་སྔར་བཤད་པའི་ཚུལ་དེ་བཞིན་དུ་སྟོན་པར་གྱུར་ན། དེ་ལུས་ཟུངས་ཞེས་བྱ་བ་དངས་མ་ལ་སོགས་པ་དང། བད་ཀན་ལ་སོགས་པ་ལུས་འཛིན་པར་བྱེད་པ་སྙོམས་པ་སྟེ། ལྷག་པ་དང། འབྲི་བ་མེད་པར ་ཆ་སྙོམས་པར་འགྱུར་བ་དང། དེ་བཞིན་དུ་བད་ཀན་དང། ལག་ངར་དང། བརླ་ལ་སོགས་པའི་ལུས་ཀྱི་ཡན་ལག་རྣམས་སྐྱེས་ཤིང་བརྟས་པར་འགྱུར་བའོ། །ཚིལ་ཆེ་བད་ཀན་མང་དང་སྣུམ། །རྟག་ཟ་ཉིན་པར་གཉིད་མ་ལོག་ཆེས་བྱ་བ་ལ་མིང་གང་ཚིལ་ཆེ་ཞིང་བད་ཀན་མང་བ་དང། ་དེ་བཞིན་དུ་སྣུམ་བག་རྟག་ཏུ་ཟ་བ་དག་ནི། ཉིན་པར་གཉིད་མ་ལོག་ཅེས་བྱ་བ་སྟེ། དུས་ཐམས་ཅད་དུ་ཡང་ཉིན་པར་གཉིད་ལོག་པར་མི་བྱའོ། །དུག་གིས་ཕོག་དང་ལྐོག་ནད་ཅན། །མཚན་མོ་ནམ་ཡང་གཉིད་མ་ལོག་ཅེས་བྱ་བ་ལ། དུག་གིས་ཕོག་ཅིང་ཉེན་པའི་ནད ་པ་དང། ལྐོག་མའི་ནད་ཡོད་པའི་ལྐོག་ནད་ཅན་དེ་གཉི་གས་ཀྱང་མཚན་མོའི་དུས་སུ་ནམ་ཡང་གཉིད་ལོག་པར་མི་བྱའོ། །དུས་མིན་གཉིད་ལོག་རྨོངས་བག་དང། རིམས་བསྐྱེད་རྨུགས་ཤིང་ཆམས་འདེབས། །མགོན་སྐྲང་ཞིང་སློན་སྒྱིད་སྐྱུར། །རྩ་ཡི་རྒྱུན་འགགས ་མི་དྲོད་ཉམས། །ཞེས་བྱ་བ་ལ་དུས་མ་ཡིན་པར་གཉིད་ཀྱིས་ལོག་པ་ནི། སྔར་བཀག་པའི་དུས་སྨོས་པ་དག་ཏུ་ཉིན་མོ་གཉིད་ལོག་པ་ལས་ནི་རྨོང་བག་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་རྨོངས་བག་ནི་གང་བྱས་རྣམས་མི་དྲན་པའོ། །རྨུགས་པ་ནི ་སེམས་མི་གསལ་བའོ། །སྒྱིབ་སྐྱུར་བ་ནི་མེར་མེར་པོར་བྱེད་པའོ། །རྩའི་རྒྱུན་འགགས་པ་ནི་རྩ་སྤུབས་འགགས་ཤིང་ལེགས་པར་མི་རྒྱུ་བའོ། །དེ་ལ་སྨྱུང་དང་སློན་སྨན་དང། རྡུལ་དབྱུང་སྣ་སྨན་བཏང་བ་དག་།ཅེས་བྱ་བ་ལ། དུས་མ་ཡིན་པར་གཉིད་ལོག ་པ་ལས་བྱུང་བའི་རྨོང་བག་ལ་སོགས་པ་ལ་སྨྱུང་བ་ནས་སྨན་སྣ་ནས་བཏང་ཞིས་སྦྱིན་པར་བྱའོ། །གཉིད་ཆེས་གྱུར་ལ་སྐྱུག་སྨན་རྣོ། །མིག་སྨན་རྣོ་དང་སྣ་སྨན་དང། །སྨྱུང་བ་སེམས་ལས་བུད་མེད་བསྟེན། །མྱ་ངན་འཇིགས་དང་ཁྲོས་པ་སྦྱར། །ཞེས་བྱ་བ་ལ ་ཤིན་ཏུ་གཉིད་ཆོས་པ་ལས་གྱུར་པའི་ནད་ལ་སྐྱུག་སྨན་རྣོན་པོ་བཏང་བ་ལ་སོགས་པ་ནས། ཁྲོས་པའི་བར་སྦྱར་བར་བྱའོ། །དེ་ལ་སྒྱུག་སྨན་ནི་སློན་སྨན་བཏང་བའོ། །དེ་ཡང་སྨན་རྣོན་པོ་སྦྱར་ཏེ་བྱ་བ་ཡིན་པས་རྣོན་པོ་ཞེས་བྱའོ། །དེ་བཞིན་དུ་སྨིག་སྨན་ཡང ་རོ་ཚ་བ་དང། ལན་ཚྭ་དང། སྐྱུར་པའི་སྨན་ལས་སྦྱར་བའི་རྣོ་བ་ཉིད་ནོ། །སྣ་ནས་བཏང་བའི་སྨན་ནི། སྣ་སྨན་ནོ། །སྨྱུང་པ་ནི་ཟས་བཅས་པའོ། །སེམས་ལས་ནི་དངོས་པོ་རྣམས་ཡིད་ལ་དྲན་པའོ། །བུད་མེད་པ་སྟེན་པ་ནི་འཁྲིག་པའོ། །མྱ་ངན་ནི་སྡུག ་བསྔལ་བར་གནས་པའོ། །འཇིགས་པ་ནི་སྐྲག་པའོ། །ཁྲོས་པ་ནི་འཁྲུགས་པའོ། །འདི་དག་ཉིད་ཀྱིས་གཉིས་དྲག་པ། །འཇིག་ཅིང་བད་ཀན་རབ་ཟད་བྱེད། །ཅེས་བྱ་བ་ལ། འདི་དག་ཉིད་ཀྱིས་ཤེས་བྱ་བ། །བཤད་མ་ཐག་པའི་སྐྱུག་སྨན་རྣོན་པོ། །བཏང་བ་ལ་སོགས ་པས་གཉིད་ཀྱིས་དྲག་པ་ཡང་ཞིང་འཇིག་ལ། དེ་བཞིན་དུ་བད་ཀན་རབ་ཏུ་ཐད་བར་བྱེད་པས་ཀྱང་གཉིད་མེད་པར་འགྱུར་རོ། གཉིད་ཡང་བ་ཡིས་ཡན་ལག་སྙོམ། །གླང་བ་ལྕི་ཞིང་གླལ་འོང་ལ། །མི་གསལ་ན་ཞིང་འགོ་འཁོར་ལ། །ཟས་མི་འཇུ་རྨྱ་རླུང་སྐྱེས ་ནད། ཅེས་བྱ་བ་ལ། གཉིད་ཡར་བ་ཞེས་བྱ་བ་གཉིད་མེད་པར་གྱུར་པ་ལས། ཡན་ལག་སྙོམས་པ་ལ་སོགས་པས་འབྱུང་བར་འགྱུར་རོ། །དེ་ལ་ཡན་ལག་སྙོམས་པ་ནི་ཡན་ལག་བརྡུངས་པས་སྙམ་སེམས་པའོ། །གླད་པ་ལྕི་བ་ནི་མགོ་ལྕི་པའོ།། ་རླུང་སྐྱེད་ནད་ནི་འདི་དག་དང། །རྗེས་སུ་མཐུན་པའི་ནད་མང་པོ་འབྱུང་བའོ། །གཞན་ནི་གོ་བར་ཟད་དོ། །དེ་བས་མཚན་མོ་དུས་བཞིན་དུ། །ལྕི་བ་དེར་གཉིད་ནི་ལོག་པར་བྱ། །ཞེས་བྱ་བ་ལ། རྒྱུ་དེ་བས་ན་མཚན་མོའི་དུས་སུ་དུས་བཞིན་དུ་ཞེས་པ། གཉིད ་ལོག་པའི་དུས་ཅི་ཙམ་ཡིན་པ་དེ་ཙམ་དུ་ཅི་བདེར་ཞེས་བྱ་ག་བདེ་བར་གྱུར་པ་ཉིད་དུ་གཉིད་ལོག་པར་བྱ་ཞིང་གོམས་པས་བསྟེན་པར་བྱའོ། །མ་གོམས་གཉིད་ཀྱིས་མ་ལོག་ན། ནད་པར་མ་ཟོས་ཕྱེད་གཉིད་ལོག་།ཅེས་བྱ་བ་ལ། མ་གོམས་ཤིང ་གཉིད་ཀྱིས་མ་ལོག་པར་འོངས་པ་མ་ཡིན་པ་དག་གཉིད་མ་ལོག་ན། ནད་པར་ཉིན་མོའི་དུས་སུ་ཟན་མ་ཟོས་པར་དེའི་ཕྱེད་གཉིས་ཀྱིས་ལོག་པར་བྱའོ། །དེས་ནི་འདི་ལྟར་སྟོབས་ཡིན་ཏེ། ཇི་སྲིད་གཉིད་ལོགས་པར་རིགས་པའི་དུས ་དེ་སྲིད་དུ། གཉིད་མ་ལོག་ན། མཚན་མོ་ཅི་ཙམ་གཉིད་མ་ལོག་པ་དེ་ཙམ་གཉིད་ལོག་པ་ནི་མ་ཡིན་གྱི། དེའི་ཕྱེད་ཙམ་གཉིད་ལོག་པར་བྱ་སྟེ། གང་མཚན་མོ་ཐུན་གཉིས་གཉིད་མ་ལོག་ན། དེའི་ཉིན་མོ་ནད་པར་གྱིས་དུས་སུ་ཐུན། གཅིག་གཉིད་ལོག་པར་བྱའོ། །གཉིད ་ཡར་གྱུར་ན་འོ་མ་དང། ཆང་དང། ཤ་ཁུ་ཞོ་རྣམས་བཏུང། ལུས་བསྐུ་དྲིལ་དང་ཁྲུས་བྱ་ཞིང། །མགོ་བསྐུ་རྣ་བ་མིག་དགང་བྱ། །ཞེས་བྱ་བ་ལ་གཉིད་ཡར་བ་འམ། ཤིན་ཏུ་སྲབ་པར་གྱུར་ན། འོ་མ་བཏུང་བ་ལ་སོགས་པ་ནས། རྣ་བ་དང་མིག་དགང་བའི་བར་དུ་ཅི་རིག་པར ་བྱའོ། །མགོ་བསྐུ་བ་དང། རྣ་བ་དང་མིག་དག་པ་ནི་སྣུམ་གྱིས་བྱའོ། །ན་ཆུང་ལག་ངར་གྱིས་འཁྱུད་དང། །སེམས་བདེ་བྱ་བ་ཟིན་པ་དང། །ཡིད་དང་རྗེས་མཐུན་ཡུལ་ལྡན་པ། །ཇི་འདོད་གཉིད་འོང་བདེ་བར་བསྐྱེད་ཅེས་བྱ་བ་ལ། བུད་མེད་ན་ཆུང་གཞོན་ནུས་འཁྱུད ་པ་ལ་སོགས་པ་དང། དེ་བཞིན་དུ་སེམས་བདེ་བ་སྟེ་ཡིད་དགའ་བ་དང་ལྡན་པ་དང། བྱ་བ་ཟིན་པ་སྟེ། གང་བྱ་བའི་དངོས་པོ་དེ་བྱས་ཟིན་པར་གྱུར་པ་དང། དེ་བཞིན་དུ་གཟུགས་དང། སྒྲ་དང་དྲི་དང་རོ་དང། རེག་བྱ་ཡིད་དང་རྗེས་སུ་མཐུན་ཞིང་ཡིད་དུ་འོང་བ་དང་ལྡན ་པར་གྱུར?་པ་སྟེ། འདི་གང་གིས་ནི་ཇི་ལྟར་དགའ་བ་བཞིན་དུ་གཉིད་འོང་ཞིང་དེས་བདེ་བ་རབ་ཏུ་བསྐྱེད་པར་འགྱུར་རོ། །ཉལ་པོ་བདེ་ལ་སེམས་མ་ཆགས། །ཚངས་པར་སྤྱོད་པ་ལ་དགའ་བ། །མཆོག་ཤེས་པ་ཡིས་མགུ་བའི་གཉིད། །རང་གི་དུས་ལས་འདའ་མི ་བྱེད། །སྐྱེས་བྱ་བ་ལ་སྐྱེས་བུ་གང་གྲོང་ཡུལ་གྱི་བདེ་བ་འཁྲིགས་པ་ལ་སོགས་པ་ལ་མ་ཆགས་པ། ཚངས་པར་སྤྱོད་པ་ལ་དགའ་བ། །ཆོག་ཤེས་པས་མགུ་པར་གྱུར་པའི་གཉིད་ནི་རང་གི་དུས་ལྡོག་ཅིང་འདའ་བར་མི་བྱེད་ཀྱི། རང་གི་དུས་ཉིད་དུ་འོང་ངོ་ཞེས་བྱ་བའི་དོན ་ཏོ། །དེ་ལ་གྲོང་གི་བདེ་བ་ནི་བུད་མེད་ལ་ཆགས་པ་དང། ཟས་སྐོམ་ཞིམ་པོ་ལ་ཞེན་པ་སྟེ། དེ་རྣམས་ལ་གང་སེམས་ཞེན་པར་མ་གྱུར་པའོ། །ཚངས་པར་སྤྱོད་པ་ནི་བུད་མེད་དང་འདུས་པ་མེད་པ་སྟེ། དེ་ལ་དགའ་བ་དང། ཆོག་ཤེས་པ་ནི་བྱ་བ་ཐམས་ཅད་ལ་རེ་བ་དང། ཕན? ་པ་མེད་པ་སྟེ། ཡོན་ཏན་དེས་མགུ་ཞིང་ཚིམ་པར་གྱུར་པ་ཉིད་ནི་དང་གི་དུས་མཚན་མོ་ཇི་ཙམ་ལོག་བར་བྱ་བ་དེ་ལས་འདའ་བར་མི་བྱེད་དེ། །ཉལ་པོའི་ཆོས་ནི་སྤང་བྱ་བ། །བཀན་མིན་ཟླ་མཚན་ལྡན་པ་དང། །ཡིད་དུ་མི་འོང་མི་སྡུག་སྤྱོད། །མངལ་ནི་སྐྱོན ་གྱིས་ཁྱབ་པ་དང། །རབ་སྡོམ་སྐེམ་དང་བཅས་པ་དང། །སྒྲུབ?་མ་གཞན་གྱི་བུད་མེད་དང། །རིགས་གཞན་སྐྱེ་གནས་མི་མཐུན་དང། །བླ་མ་ལྷ་དང་རྒྱལ་པོ་གནས། །མཆོད་རྟེན་དུར་ཁྲོད་གསོད་གནས་དང། །བསྟི་ས་ལམ་གྱི་བཞི་མདོ་ཆུ། །དུས་ཚིགས་ཉིན་མོ་ཡན ་ལག་མིན། །སྙིང་ག་མགོ་།བོར་བརྡེག་སྤང་བྱ་ཞེས་བྱ་བ་ལ། གྲོང་གི་ཆོས་ནི་འཁྲིག་པའི་ཆོས་ཏེ། མིག་གི་རྣམ་གྲངས་གཞན་ཡང་སྐྱེས་པ་དང་ཁུད་མེད་ཀྱི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །དེ་དག་ལས་སྤང་བར་བྱ་བ་འདི་དག་ཡོད་དེ། བཀན་མིན་ཞེས་བྱ ་ནི་བཀན་པ་མ་ཡིན་པ་སྤང་བ་སྟེ། དོན་གྱིས་ན་བཀན་ཏེ་བསྟེན་པར་སྟོན་པ་ཡིན་ནོ། །ཟླ་མཚན་ལྡན་པ་ཞེས་བྱ་བ་ནི་ཟླ་མཚན་རྒྱུ་ནས་དང་པའི་ཞག་གསུམ་སླང་བར་བྱའོ། །དེ་བཞིན་དུ་ཡིད་དུ་མི་འོང་བ་སྟེ། སྙིང་དུ་མི་སྡུག་པ་ཡང་སྤང་པར་བྱའོ། །དེ་བཞིན ་དུ་མི་སྡུག་སྤྱོད་པ་སྟེ། ངང་ཚུལ་ངན་ཅིང་མི་རིག་པ་དང་ལྡན་པ་སྤང་བར་བྱའོ། །དེ་བཞིན་དུ་གང་གིས་མངལ་སྐྱོན་གྱིས་ཁྱབ། ཅིང་གནོད་པ་དེ་སྤང་བར་བྱའོ། །དེ་བཞིན་དུ་རབ་ཏུ་སྒོམ་ཞིང་ཤས་ཆེ་བ་ཡང་སྤང་བར་བྱའོ། །དེ་བཞིན་དུ་ཤིན་ཏུ་སྐེམ་ཞིང། ཤ་དང ་ཚིལ་དང། ཁྲག་ཟད་བ་ཡང་སྤང་བར་བྱའོ། །བཙོས་པ་དང་ཞེས་བཙས་མ་ཐག་པ་དང། བུད་མེད་སྦྲུམ་མ་ཡང་སྤང་བར་བྱའོ། །དེ་བཞིན་དུ་གཞན་གྱིས་བདག་གིར་བཟུང་བའི་བུད་མེད་ཀྱང་སྤང་བར་བྱའོ། །དེ་བཞིན་དུ་རིགས་གཞན་ཏེ། རབ་ཏུ་བྱུང་བ་འམ། ་རིག་ཤིན་ཏུ་མཐོ་བ་དག་ཀྱང་སྤང་བར་བྱའོ། །དེ་བཞིན་དུ་སྐྱེས་གནས་འཐུན་པ་སྟེ། རྟ་ལ་སོགས་པ་སྐྱེ་གནས་ཐ་དད་པ་ལ་སྤྱད་པ་ཡང་སྤང་བར་བྱའོ། །དེ་བཞིན་དུ་གྲོང་གི་ཆོས་ལ་འཇུག་པ་ན། བླ་མ་དང། ལྷ་དང། རྒྱལ་པོའི་གནས་སྤང་བར་བྱ་སྟེ། གནས་དེ ་དག་ཏུ་འཁྲིག་པའི་བྱ་བ་མི་བྱའོ། །ཞེས་པའི་དོན་ཏོ། །དེ་བཞིན་དུ་མཆོད་རྟེན་ལ་སོགས་པའི་གནས་དག་ཏུ་ཡང་འཁྲིགས་པའི་བྱ་བ་སྤང་བར་བྱ་སྟེ། དེ་ལས་མཆོད་རྟེན་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ནོ། །འཇིག་རྟེན་བདག་ནི་གྲོང་གི་ཕྱི་རོལ་ན་ཡོད་པའི་ཤིང་ཆེན་པོ ་ལྷ་ལ་སོགས་པས་གནས་བཅས་པ་ལ་བྱ་བར་འདོད་དོ། །དུར་ཁྲོད་ནི་ཤི་བའི་རོ་བསྲེགས་པའི་གནས་སོ། །གསོད་གནས་ནི་རྒྱལ་པོའི་ཆར་པས་གཅོད་ཅིང་གསོད་པའི་གནས་སོ། །བསྟི་ས་ནི་གྲོང་ངམ་གྲོང་ཁྱེར་གྱི་ཕྱི་རོལ་གྱི་ཕྱོགས་ཀྱི་ཁྱད་པར་རོ། །བཞི་མདོ་ནི་ལམ་གྱི ་བཞི་མདོའོ?། །ཆུ་ནི་ཆུའི་ནང་སྟེ། དེ་དག་ཏུ་འཁྲིག་པ་སྦྱང་བར་མི་བྱའོ། །དུས་ཚིག་ནི་ཚེས་བཞི་དང། ཚེས་དྲུག་དང། ཚེས་བརྒྱད་དང། ཉ་དང། དགུ་སྟོང་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ལུགས་ལས་བཀག་པའི་ཉིན་ཞག་རྣམས་ཏེ། དེ་དག་གི་ཚེ་ཡང་སྤང་བར་བྱའོ།། ་དེ་བཞིན་དུ་ཉིན་མོ་སྤང་པ་ཡང་སྤང་པར་བྱའོ། །ཡན་ལག་ཡིན་ཞེས་བྱ་བ་ཁ། ཡན་ལག་དང་འཚམ་པ་ནི་མངལ་གྱི་སྒོ་ཡིན་པ་ལས་དེ་མ་ཡིན་པ་ཡན་ལག་གི་གནས་སུ་མི་རུང་བ། ཁ་དང་བཤད་པའི་ལམ་ལ་སོགས་པར་སྤྱད་པར་མི་བྱའོ། །དེ་བཞིན་དུ་སྙིང་ག་དང ་མགོ་བོར་བརྡེག་པར་བྱོས་ནས་འཁྲིག་པ་བྱ་བ་ཡང་སྤང་པར་བྱའོ། །སྤང་ཞེས་བྱ་བ་ནི་ཀུན་ལ་སྦྱར་བར་བྱའོ། །འགྲངས་ཚེས་ལྟོགས་དང་བརྟན་བྲལ་དང། །ཡན་ལག་མི་བདེར་གནས་དང་སྐོམ། །བྱིས་པ་རྒན་དང་ཞུགས་གཞན་ཉོན། །ནད་པ་ཡིས་ཀྱང་འཁྲིག་པ་སྤང། །ཞེས ་བྱ་བ་ལ། འགྲངས་ཆེས་ཤིང་གསུང་པར་ཟོས་པ་དང་ལྟོགས་ཤིང་བཀྲེས་པས་ཉེན་པ་དང། བརྟན་ཞིང་ཡིད་རྟོན་པ་དང་བྲལ་བ་དང། ཡན་ལག་མི་བདེ་བར་གནས་ཤིང་ལུས་ཉམ་ང་བར་གནས་པ་དང། སྐོམ་པས་ཉེན་བ་དང། བྱིས་པ་སྟེ་ལོ་བཅུ་དྲུག་པ་མན་ཆད ་དང། རྒན་པོ་སྟེ་བདུན་ཅུ་ཡན་ཆད་ལོན་པ་དང། ཤུགས་གཞན་གྱིས་ཉེན་པ་སྟེ། གཤང་བ་དང་གཅི་པ་ལ་སོགས་པའི་ཤུགས་ཀྱིས་ཉེན་ཞིང་གཟིར་བ་དང། ནད་པ་རྙིམས?་ལ་སོགས་པའི་ནད་ཀྱིས་གཅོས་པ་སྟེ། དེ་དག་ཐམས་ཅད་ཀྱིས་ཀྱང་འཁྲིག་པ་སྤྱད ་ཁ་སྤང་བར་བྱའོ། །དེ་ཡང་བསྡུས་པ་ལས། ཆ་འདོར་སྐྱེས་པ་བུད་མེད་ཀྱིས། །བཅུ་དྲུག་ལོན་པ་ཚུན་ཆད་དང། བདུན་བཅུ་ལོན་པ་མ་ཆད་ནི། །ཀུན་སྦྱར་བྱ་བར་མི་རིགས་སོ། །རབ་བཞོན་མ་རྫོགས་ལུས་ཟུངས་ཀུན། །བུད་མེད་ལ་ནི་ཟད་འགྱུར་ཏེ། ལྟེད ་ཀ་ཆུང་བུའི་ཆུ་བཞིན་དུ། །མོང་ཡང་ཉེ་བར་བསྐམས་པར་འགྱུར། །དཔེར་ན་ཤིང་ནི་སྐམས་གྱུར་ཅིང། འབུས?་ཟོས་རྣམ་པར་བདེངས་པོ?་ནི། །རེག་ན་མྱུར་བུ་འཇིག་པར་འགྱུར། །རྒན་པོ་བུད་མེད་བསྟེན་དེ་བཞིན། །ཤུགས་བཀག་གྱུར་པ་དག་གིས་ཀྱང། གཅིན ་ནད་རྡེའུ་འཕེལ་བ་དང། །རབ་རིབ་ལ་སོགས་ནད་སྐྱེད་ཅིང། །དབང་པོ་བཅོམ་པ་ཐོབ་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །དགུན་དུས་རོ་ཙ་བྱས་དྲགས་ཚེ། །འདོད་པས་འདོད་པ་སྟེན་པར་བྱ། །དཔྱིད་དོན་ཞག་ནི་གཉིས་གཉིས་ནས། །སོ་ག་དབྱར་ཚེ་ཟླ་བྱེད་ཅི ་ཞེས་བྱ་བ་ལ། དགུན་དུས་ཞེས་བྱ་བ་ནི་གྲང་བའི་དུས་ཏེ། དགུན་སྟོད་དང་དགུན་སྨད་དོ། །དེ་ཚེ་སྐྱེས་བུ་རོ་ཙ་བའི་ཆོ་ག་བྱས་ཤིང་དྲགས་པ་བདོ་བར་འགྱུར་པའི་ཚེ། འདོད་པས་ཞེས་པ་ཅི་དགའ་བར་འདོད་པ་བསྟེན་པར་བྱའོ། །དེ་ལ་རོ་ཙ་བར་བྱ་བའི་སྦྱོར་བ་ནི་ཁུ ་བ་འཕེལ་བར་བྱ་བ་སྟེ། འོ་མ་དང་མར་དང། ཤ་ཁུ་ལ་སོགས་པ་འོག་ནས་བཤད་པ་བཞིན་དུ་བྱས་ཤིང་ངོམས་པར་གྱུར་པའོ། །དེ་བཞིན་དུ་དཔྱིད་དང་སྟོན་ནི་ཞག་གཉིས་གཉིས་ནས། རོ་ཙ་བར་བྱས་པས་ངོམས་པ་དང། འདོད་པ་བསྟེན་པར་བྱའོ། །སོ ་ཀ་དང་དབྱར་གྱི་ཚེ་ནི། རོ་ཙ་བ་བྱས་ནས་བླ་བ་ཕྱོད་ཅིང་འདོད་པ་བསྟེན་པར་བྱའོ། །གཞན་དུ་བུད་མེད་ལ་ཞུགས་ན། མགོ་འཁོར་ངལ་དང་བསླ་མཐུ་ཉམས། །སྟོབས་དང་ལུས་ཟུངས་དབང་པོ་ཉམས། །དུས་མིན་འཆི་བར་བྱེད་པ་ཡིན་ཞེས་བྱ་བ་ལ། ་གཞན་དུ་ཞེས་བྱ་བ་ཇི་སྐད་དུ་བཤད་པ་ལས་བཟློག་པས་བུད་མེད་ལ་ཞུགས་ཤིང་འདོད་པ་སྤྱོད་པའི་སྐྱེས་བུ་དེ་ནི་མགོ་འཁོར་བ་ལ་སོགས་པའི་ནང་འབྱུང་བར་འགྱུར་རོ། །དེ་ལ་མགོ་འཁོར་བ་ནི་མི་བདེ་བར་གནས་ཤིང་འཁོར་བའོ། །རལ་པ་ནི་དུ་བ?་པའོ།། ་བརླའི་མཐུ་ཉམས་པ་ནི་མལ་དུ་འཇུག་ཅིང་འགྲོ་མི་ནུས་པ་འམ། ཤ་དང་ཁྲག་ཟད་པའོ། །དེ་བཞིན་དུ་སྟོབས་ཉམས་པ་དང། ལུས་ཟུངས་ཉམས་པ་དང། དབང་པོ་ཉམས་པར་འགྱུར་བ་དང། དུས་མིན་འཆི་བར་བྱེད་བ་ནི་ཤིན་ཏུ་བུད་མེད་ལ་བརྟན་པས་དུས་མ ་ཡིན་པར་འཆི་བར་ཡང་འགྱུར་བ་ཡིན་ནོ། །བུད་མེད་དག་ལ་ལེགས་བསྡམས་ན། །དྲན་དང་ཡིད་གཞུངས་ནད་མེད་ཆེ། །དབང་པོ་རྟེས་ཤིང་དྲགས་སྟོབས་རྣམས། །ལྷག་པར་འཕེལ་ཞིང་རྒས་སྲར་འགྱུར་ཞེས་བྱ་བ་ལ། བུད་མེད་དག་བསྟེན་པ་ལེགས་པར ་བསྡམས་ཤིང་བསྲུང་བའི་སྐྱེས་བུ་ནི། །དྲན་པ་ལ་སོགས་པ་འཕེལ་བར་འགྱུར་རོ། །དེ་ལ་དྲན་པ་ནི་འདས་པའི་དོན་མ་བརྗེད་པའོ། །ཡིད་གཞུངས་པ་ནི་རྣམ་པར་དཔྱོད་ནུས་པའི་ཤེས་རབ་པོ། །ནད་པ་མེད་པ་ནི་བདེ་བར་གནས་པའོ། །ཚེ་ནི་སོག་གོ་།དབང་པོ་ནི་མིག ་ལ་སོགས་པའོ། །རྟས་པ་ནི་ལུས་རྒྱས་པའོ། །གྲགས་པ་ནི་སྙམ་པའོ། །སྟོབས་ནི་ལུས་ཀྱི་ནུས་པ་སྟེ། དེ་དག་ལྷག་པར་འཕེལ་ཞིང་རྒྱས་པ་དང། དེ་བཞིན་དུ་རྒས་སྲ་བར་འགྱུར་བ་སྟེ། སྐྲ་དཀར་མེད་པ་ལ་སོགས་པར་འགྱུར་རོ། །ཁྲུས་དང་བྱུག་པ་རླུང་སིལ་ཁར་ལ ་སོགས་བཟའ་། །ཆུ་བསིལ་འོ་མ་ཤ། བུ་སྲན་ཚོད་ཆང་དང་འཐུངས། །ཉལ་པོ་དགའ་བྱས་འདོད་དང་བྲལ?་འགྱུར་རྗེས་ལ་བསྟེན། །དེ་འདྲས་དེ་ཡིད་ལུས་མདངས་སྟོབས་སླར་སྐྱེ་བར་འགྱུར་ཞེས་བྱ་བ། སྔར་བསྟན་པའི་བུད་མེད་བསྟེན་པའི་རྗེས་ལ་ཆགས་པ་དང ་བྲལ་བའི་སྐྱེས་བུས་ཁྲུས་ལ་སོགས་པ་བསྟན་པར་བྱའོ། །དེ་ལ་བྱུགས་པ་ནི་ཙན་དན་ལ་སོགས་པ་རྫས་དྲི་བཟང་པོས་ལུས་བྱུག་ཤིང་ཁ་དོག་བསྒྱུར་བའོ། །རླུང་བསིལ་བ་ནི་རླུང་དྲང་བའོ། །བར་ལ་སོགས་པ་ནི་བཟའ་བའི་ཁྱད་པར་ཏེ། དེ་དག་བཟའ་བའོ།། ་ཆུ་བསིལ་བ་ནི་ཆུ་གྲང་མོའོ། །སྲན་ཚོད་ནི་འབྲུ་ལས་བྱས་པའོ། །ཆང?་དངས་མ་ནི་ཆང་གི་སྙིང་པོའོ། །དེ་དག་ཐམས་ཅད་ནི་འདོད་པ་སྤྱོད་པའི་དགའ་བ་བྱས་ནས། །འདོད་ཆགས་དང་བྲལ་བར་གྱུར་པའི་རྗེས་ཏེ། འོག་ཏུ་བསྟེན་ཅིང་ལོངས་སྤྱོད་པར་བྱའོ། །དེ་ལྟར ་བྱས་པར་གྱུར་པས་སྐྱེས་བུ་དེའི་ལུས་ཀྱི་མདངས?་དང་སྟོབས་སླར་སྐྱེ་བར་འགྱུར་རོ། །དེ་ཡང་བུད་མེད་དང་འཕྲད་པས་འཕྲལ་དུ་ལུས་ཀྱི་སྟོབས་འདྲིར་འགྱུར་ཡང། འདི་ལྟར་བརྟ་ཞིང་ཚིམ་པར་བྱས་པས་དེའི་ཁུ་བ་དང་སྟོབས་འཕེལ་བ་ཉིད་དུ་འགྱུར་བའི་དོན ་ཏོ། སྨན་པ་ཕོས་སྦྱོང་ཕུན་ཚོགས་ལྡན་ཞིང་ལས་མཁས་སྙིང་རྗེ་ཅན། །བགེགས་དང་གནོད་མེད་ལུས་སྲུང་བྱེད་པ་ཉེ་བར་བཞག་བྱས་ནས། །རྒྱལ་པོའི་རང་གི་འབྲས་བུའི་ལོངས་སྤྱོད་བདེར་སྤྱོད་ཅིང། །ནད་མེད་མཐུ་དང་གཟི་བརྗིད་གྲགས་པ་ཡུན་རིངས ་འཕེལ་བར་འགྱུར་ཞེས་བྱ་བ་ལ། སྨན་པ་ཞེས་བྱ་བ་ནི་སྨན་དཔྱད་ཀྱི་ཡན་ལག་ལ་མཁས་པ་སྟེ། དེ་ཡང་ཐོས་པ་དང། སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། རྟོགས་པ་དང་ཚུལ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའོ། །ལས་ལ་མཁས་པ་ནི ་གསོ་བ་ལ་མཁས་ཤིང་བྱད་པའོ། །སྙིང་རྗེ་ཅན་ནི་རྗེས་སུ་བརྩེ་བ་དང་ལྡན་པའོ། །བགེགས་དང་གནོད་པ་མེད་པ་ནི་མི་མཐུན་པ་མེད་ཅིང་བར་ཆོད་ཀྱི་གནོད་པར་བྱེད་པ་མེད་པའོ། །ལུས་བསྲུང་བྱེད་པ་ནི་རྒྱལ་པོའི་སྐུ་འཚོ་བར་བྱེད་པ་སྟེ། དེ་ལྟ་བུ་ཉེ་བར་བཞག ་ཅིང། ལུས་བསྲུང་དུ་བཅུག་ན། རྒྱལ་པོ་སྟེ་ས་བདག་གྲགས་པ་འཕེལ་བའི་བར་དུ་འགྱུར་རོ། །དེ་ཡང་རང་གི་དགེ་བ་ནི་བསོད་ནམས་སུ་བྱས་པའི་ལས་ཏེ། དེའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པ་དང་ལྡན་པས་བདེ་བར་ཉེ་བར་ལོངས་སྤྱོད་པ་ ་ཡིན་ལ་དེ་གང་ཞིག་སྤྱོད་པར་བྱེད་པ་དེ་ནི། དེ་སྐད་ཅེས་བྱ་སྟེ། དེ་ལ་ཡུན་རིང་དུ་སྤྱོད་པར་འགྱུར་བ་དང། ནད་མེད་ཅིང་ལུས་བདེ་བར་གནས་པ་དང། མཐུ་སྟེ་ལོངས་སྤྱོད་ཀྱི་འབྱོར་བ་རྣམས་དང། གཟི་བརྗིད་ཅེས་པ་ལུས་ཀྱི་གཟི་མདངས་དང་གྲགས་པ་སྟེ ་སྙན་པས་ཁྱབ་པ་ཡུན་རིང་དུ་བརྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འབྲེལ་བ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བས། ལེའུ་བདུན་པའི་འགྲེལ་པའོ།། །། ་དེ་ནས་ཁ་ཟས་ཀྱི་ཚོར་བ་ན་བར་བཟའ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་ཏེ། སྔར་བརྩམས་པའི་ཁ་ཟས་བསྲུང་བའི་རྗེས་ཐོགས་ལ། ཁ་ཟས་ཀྱི་ཚོད་རན་པར་བཟའ་བར་རྩམས་པ་ཡིན་ཏེ། གང ་གིས་ཕྱིར་ཡོན་ཏན་དང་ལྡན་པའི་ཟས་ཀྱང་ཡིན་ལ། དུག་ལ་སོགས་པ་དང་འདྲེས་པར་མ་གྱུར་དུ་ཟིན་ཀྱང་ཚད་ལས་ལྷག་པ་འམ། ཚད་ལས་ཤིན་ཏུ་ཆུང་བར་ཟོས་ན་སྲོག་ཉེ་བར་འཇོས་པ་གྱུར་ལ། དེ་ཉིད་རན་པར་ཟོས་པ་ནི་སྲོག་ཆགས ་རྣམས་ཀྱི་སྲོག་ཉིད་ཡིན་ནོ། །ཁ་ཟས་ནི་བཟའ་བར་བྱ་བ་རྣམས་སོ། །ཚོད་རན་པར་ནི་ཚད་དང་ལྡན་པའོ། །ཚོད་རན་པར་བཟའ་བའི་ཚད་དང་ལྡན་པར་བཟའ་ཞིང་སྤྱད་པའོ། །དེ་ལ་ཕན་ཞིང་དགོས་པ་བྱེད་པའི་གཞུང་ལ་ནི་ལེའུ་ཞེས་བྱ་སྟེ ་དེ་བཤད་ཅིང་རྣམ་པར་ཕྱེ་བ་བསྟན་པར་བྱའོ། །དུས་ཀུན་ཏུ་ནི་ཚོད་ཟིན་བཟའ་། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན་ཞེས་བྱ་བ་ལ། སྐྱེས་བུ་ནད་མེད་པ་འམ། ནད་དང་ལྡན་པ་ཡང་རུང་སྟེ། དེས་དུས་ཀུན་ཏུ་ཅེས་པ་དུས་ཐམས་ཅད་དུ་ཟས་ཀྱི་ཚོད་རིན་ཅིང། དེ་དང་ལྡན་པར ་བཟའ་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། གང་ཚད་དང་ལྡན་པར་བཟའ་བ་ལ་འཇུག་པར་ནེ་མེའི་དྲོད་སྐྱེད་པར་བྱེད་པ་ཡིན་ཏེ། རང་གི་བྱ་བ་སྨིན་པའི་རང་བྱེད་པར་ནུས་པ་ཡིན་ནོ། །དེ་ནི་ཚོད་རན་པར་བཟའ་ཞིང་ཚོད་ཟིན་པར་ཟ་བ་དང་ཚོད་ཟིན་པར་བཏུང ་བ་དང། ཚོད་ཟིན་པར་བལྡག་པར་བྱའོ་ཞེས་བལྟ་བར་བྱའོ། །ཚོད་རན་པའི་མཚན་ཉིད་ནི་སློབ་དཔོན་གྱིས་འདི་ལྟར་བཤད་དེ། ཚད་ཀྱང་མེའི་དྲོད་གྱི་སྟོབས་དང། ཟས་ཀྱི་དངོས་པོ་ལས་བལྟོས་བར་བྱ་དགོས་ཏེ། ཟས་ཀྱི་སྟོབས་བར་གནོད་པ་ནི ་སྐྱེད་པ་དང། སྙིང་གར་ཐོགས་པར་མི་བྱེད་པ་དང། རྩིབས་ལོགས་གཉིས་སུ་ཟུག་ཅིང་གནོད་པར་མི་བྱེད་པ་དང། ཕོ་བ་ཤིན་ཏུ་མི་ལྕི་བར་དང། དབང་པོ་ཚིམ་ཞིང་རྟས་པར་བྱེད་པ་དང། བཀྲེས་པ་དང། སྐོམ་པ་དང་བྲལ་བ་དང། གནས་དང་སྟན་དང་མལ ་དང། འགྲོ་བ་དང། དབུགས་འབྱིན་པ་དང། དབུགས་རྡུབ་པ་དང། གཏམ་ཟེར་པ་ནད་དོ་བར་གནས་པ་དང། དགོངས་ཀ་དང། ནད་པར་བདེ་བར་ཡོངས་སུ་ཞུ་བ་དང། སྟོབས་དང་ཁ་དོག་ཉེ་བར་འཕེལ་བར་བྱེད་པ་སྟེ། འདི་དག་ནི་ཚད་དང་ལྡན་པའི ་མཚན་ཉིད་ཡིན་ནོ། །འདི་དག་གིས་ཀྱང་ཚད་དང་ལྡན་ཞིང་ཚོད་ཟིན་པ་གཙོ་བོ་ཡིན་ཏེ། སེ་འབྲུ་དང། སྐྱུར་པོ་ལ་སོགས་པའི་རྫས་མེའི་དྲོད་སྐྱེད་པར་བྱེད་པའི་རང་བཞིན་ཅན་དེ་ཚད་དང་ལྡན་པར་ཟོས་ན། མེའི་དྲོད་བསྐྱེད་པར་འགྱུར་གྱི། ཚད་དང་མི་ལྡན་པས་ནི་མ ་ཡིན་ནོ། །ལྕི་ཞིང་རང་བཞིན་གཡུང་བའི་རྫས་འོ་མ་དང་བུ་རམ་གང་ལ་སོགས་པ་ལྟ་སྨོས་ཅི་དགོས་སྟེ། དེ་བས་ན་རྫས་ནི་ལྕི་བ་འམ་ཡང་བ་འང་རུང། ཚད་ལ་བལྟོས་པར་བྱ་བ་ཡིན་ཞེས་བྱ་བ་ལ། རྫས་ལྕི་བ་ནི་བུ་རམ་ཤིང་དང། འོ་མ་དང། འབྲུ་དང ་མོན་སྲན་གྲེའུ་དང། རླན་ཅན་གྱི་ཤ་རྣམས་སོ། །ཡང་བ་ནི་ཆར་གྱི་ཆུ་དང། རཀྟ་ཤ་ལི་ཞེས་བྱ་བ་ལ་འབྲས་རྩ་སྣར?་དང། དྲུག་ཅུ་དང། མོན་སྲན་རྡེའུ་དང། བྱ་ལ་ཝའི་ཤ་རྣམས་ཏེ། དེ་གཉི་ག་ལ་ཡང་ཚད་ལས་བལྟོས་པར་བྱ་བ་ཡིན་ཏེ། དེ་རྣམས་ནི་དེ་ལ་རག ་ལུས་པར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། རྫས་ལྕི་བ་འམ། ཡང་བ་དེ་དག་ཟ་ཞིང་སྤྱད་པ་ན། ཟས་ཀྱི་ཚུལ་ལ་སོགས་པར་བྱ་བ་ཆ་འབྱ་བར་རྟག་ཏུ་བཟའ་བར་བྱ་བ་འམ། ཡང་ན་ལྕི་བ་ནི་ཚད་ལས་གཞན་དུ་བྱ་ལ། ཡང་བ་ལ་ནི་ཚད་གཞན་དུ ་བྱ་ཞེས་སོམ་ཉིར་གྱུར་པ་དེའི་ཕྱིར་སྨྲས་བ་ནི། ལྕི་བ་ལས་ནི་ཕྱེད་འགྲངས་བྱ་།ཡང་བ་ལས་ནི་རབ་འགྲངས་མིན་ཞེས་བྱ་བ་ལ། ཁ་ཟས་ལྕི་ཞིང་འཇུ་དཀའ་བ་ལས་ནི་ཕྱེད་འགྲངས་ཙམ་དུ་བཟའ་བ་དང་ཁ་ཟས་ཡང་བ་ཆར་ཆུ་དང། ས་ལུ་ཙ ་སྣང་ལ་སོགས་པ་ལས་ནི། རབ་ཏུ་འགྲངས་པར་མི་བཟའ་ཡི། གཞན་དུ་ན་རན་ཅིང་བདེ་བར་གནས་པ་ཙམ་གྱིས་འགྲངས་པར་བྱ་དགོས་ཏེ། གང་གི་ཕྱིར་མེ་དང་རླུང་དག་གིས་ཡོན་ཏན་མང་པོ་ཡང་བ་ལ་ནི། ཆ་མཉམ་པར་གནས་པས་མའི་དྲོད་སྐྱེད་པར ་བྱེད་པ་ཡིན་ལ། ཚོད་མ་ཟིན་པར་ཉེས་པར་ཟོས་སུ་ཟིན་ཀྱང་ཉེས་པ་ཅུང་ཟད་སྐྱེད་པ་ཡིན་ནོ། །རྫས་ལྕི་བ་ལ་ནི་ས་དང་ཟླ་བ་དང་ཆུའི་ཡོན་ཏན་མང་དུ་གནས་པས་མའི་མི་མཐུན་པར་གྱུར་ཅིང། ཐུན་མོང་གི་ཡོན་ཏན་གཞན་ཡོད་པས་མེའི་དྲོད་འབྲི་བར་བྱེད་པ་ཡི ་ནོ། །བདེ་བླག་འཇུ་བ་དེ་ཙམ་ལ་ཚོད་ཟིན་ཞེས་ནི་བཤད་པ་ཡིན་ཞེས་བྱ་བ་ལ། ཚོད་ནི་ཚད་ཡོངས་སུ་ཆད་པ་སྟེ། ཚད་ཇི་ཙམ་ཟོས་ན་བདེ་བླག་ཏུ་གནོད་པ་མེད་པར་ཞུ་ཞིང་དེངས་པར་འགྱུར་པ་དེ་ཙམ་གྱིས་ཚད་ཙམ་ལ་ནི་ཚོད་ཟིན་པ་ཡིན་ནོ་ཞེས་བཤད་ཅིང་བསྟན་པ ་ཡིན་ནོ། །ཟས་ཚོད་མ་ཟིན་ཆུངས་གྱུར་ན། སྟོབས་དང་གཟི་མདངས་འཕེལ་མི་འགྱུར། །རླུང་གི་ནད་ནི་ཐམས་ཅད་ཀྱི། །རྒྱུ་ཉིད་དུ་ནི་གྱུར་པ་ཡིན་ཞེས་བྱ་བ་ལ། ཁ་ཟས་ཀྱི་ཚོད་མ་ཟིན་ཅིང། ཚད་ལས་ཆུང་ཞིང་དམན་པར་གྱུར་པར་ཟོས་ན་སྟོབས་སུ་ཡང་མི་འགྱུར། ་གཟི་མདངས་སུ་ཡང་མི་འགྱུར། ལུས་འཕེལ་ཞིང་རྒྱས་པར་མི་འགྱུར་བ་དང། དེ་བཞིན་དུ་རླུང་ལས་གྱུར་པའི་ནད་མ་ལུས་པ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། བསྐྱེད་པའི་རྒྱུར་འགྱུར་ཞིང་འབྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚད་ལས་ཤིན་ཏུ་ཆེས་པ། ཡང ་ཉེས་པ་ཐམས་ཅད་མྱུར་དུ་སྐྱད་ཅེས་བྱ་བ་ལ། ཚད་ལས་ཤིན་ཏུ་ཆོས་པ་ནི་ཟས་ལྷག་པར་མང་པོ་ཟོས་པ་སྟེ། དེས་ནི་ཉེས་པ་གསུམ་པོ་ཐམས་ཅད་མྱུར་ཞིང་རིངས་པར་བསྐྱེད་པར་བྱེད་ཅིང་རབ་ཏུ་གཡོ་བར་བྱེད་དོ། །མ་ཞུའི་ཟས་ནི་མི་བཟད་པ། །དེ་ཡིས་རླུང་སོགས ་གཟིར་གྱུར་པས། །གཅིག་ཅར་རྣམ་པར་འཁྲུག་འགྱུར་གྱི། །དེ་ཉིད་དུ་ནི་ཞུགས་གྱུར་ནས། །རྩ་སྒོ་འགག་ཅིང་བེའུ་སྣབས་བསྐྱེད། །སྟེང་དང་འོག་གི་ལམ་དག་ཏུ། །སྐྱོད་པ་གསུང་ཅིང་ཟུག་ཕྱེད་པ། །བརྐམ་ཆགས་ཅན་ལ་འཕྲལ་སྐྱེད་བྱེད། །ཅེས ་བྱ་བ་ལ། ཟས་མ་ཞུ་ཞིང་ལྷག་པར་ཟོས་པ་མི་བཟད་ཅིང་གནོད་པར་གྱུར་པས་དེས་རླུང་སོགས་ཞེས་པ། རླུང་དང་མཁྲིས་པ་དང་བད་ཀན་འཁྲུག་ཅིང་གཡོ་བར་གྱུར་པས་ཅིག་ཅར་དེ་རྣམས་དུས་གཅིག་ཏུ་འཁྲུག་ཅིང་ལྡང་བར་བྱེད་བ་ན། རྩ་སྒོ་ང་གགས ་ཤིང་ཞེས་པ་སྟེ། རྩ་སྦུབས་འགགས་པར་བྱས་པས། བེའུ་སྣབས་ཞུ་བ་ཞེས་བྱ་བའི་ནད་བསྐྱེད་པར་འགྱུར་རོ། །ཅི་ཞིག་བྱས་ནས་དེ་སྐྱེད་ཅེ་ན་དེ་ཉིད་དུ་ནི་ཞུགས་གྱུར་ནས་ཞེས་པ་སྟེ། ཟས་མ་ཞུ་བ་དེ་ཉིད་ཀྱིས?་ནང་དུ་རླུང་ལ་སོགས་པ་ཞུགས ་ཤིང་དེ་དང་གཅིག་ཏུ་གྱུར་ཅིང་འདྲེས་པར་གྱུར་ནས་བེའུ་སྣབས་ཀྱི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཟས་མ་ཞུ་ཞིང་འདུག་པ་དེ་ཉིད་དུ་ཞུགས་ནས། སྟེང་དང་འོག་གི་ལམ་དག་ཏུ་བསྐྱོད་ཅིང། བླ་འོག་ཏུ་དྲི་མ་དང། ཟས་ལ་སོགས་པ་ཕྱི་རོལ་ཏུ ་འགྲེན་ཅིང་འཕོ་བར་བྱེད་པས་ན། དེ་ཉིད་ཀྱི་རྒྱུས་གསུང་བའི་ཟུག་གཟེར་དྲག་པ་སྐྱེད་པར་བྱེད་པ་ཡིན་ནོ། །སུ་ཞིག་ལ་ཞེ་ན། བརྐམ་ཆགས་ཅན་ལ་ཞེས་བྱ་བ་སྟེ། བཟའ་བཏུང་ལ་ཆགས་ཤིང་བལྟོ་འདུན་ཅན་ཏེ་སེམས་མ་བསྡམས་པ་དག་ལ་གནོད་པ་འདི་ལྟ ་བུ་འཕྲལ་དུ་བསྐྱེད་ཅིང་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཕལ་ཆེར་ཤེས་རབ་ཉེས་པ་ཡིས། །ནད་ཀྱི་ཚོགས་ནི་སྐྱེ་བར་འགྱུར། །ཟས་ལ་བརྐམ་པའི་མི་རྣམས་ལ། །ཁྱད་པར་དུ་ནི་གསུང་པ་འབྱུང་ཞེས་བཤད་པ་ཡིན་ནོ། །དེ་ལས་རླུང་ལས ་གཟེར་མགོ་འཁོར། །ཁོང་སྤོས་འདར་ཞིང་དེངས་སོགས་འགྱུར། །མཁྲིས་པ་ལས་ནི་འཁྲུ་རིམས་འདེབས། །ཁོང་ཚ་སྒོམ་ཞིང་ལ?་སོགས་འགྱུར། །བད་ཀན་རློན་ཞིང་ཡན་ལག་ལྕི། །ཚིགས་ཐོགས?་མཆིལ་མ་མང་བར་འགྱུར་བྱ་བ་ལ། དེ་ལན? ་ཞུ་བ་ལ་རླུང་ལ་སོགས་པའི་ནད་གཞི་ཤས་ཆེ་བ་ལས་ནད་འདི་དག་ཏུ་འགྱུར་ཏེ། དེ་ལས་ཀྱང་རླུང་ལས་གྱུར་པའི་མ་ཞུ་བའི་ཁོང་པ་གཟེར་བ་དང། མགོ་འཁོར་ཞིང་ལྕི་བ་དང། ཁོང་སྒོ་བ་ལ་སོགས་པར་འགྱུར་རོ། །མཁྲིས་པ་དང་འདྲེས་པའི ་མ་ཞུ་བ་ལས་ནི་འཁྲུ་བ་ལ་སོགས་པའི་ནད་སྐྱེ་བར་འགྱུར་རོ། །བད་ཀན་གྱི་ཤེས་ཆེ་བ་ལས་ནི་སློན་ཞིང་སྐྱུགས་པ་དང། ཡན་ལག་ལྕི་བ་དང། ཚིགས་ཐོགས་པ་དང། ཚིགས་འབྱིན་མི་ནུས་པ་ལ་སོགས་པར་འགྱུར་རོ། །མ་ཞུ་བ་བེའུ ་སྣབས་ཅན་དང་གསུང་ཅིང་གཟེར་ཟུག་ཅན་གྱི་མཚན་ཉིད་བསྡུས་པ་ལས། མིང་དོན་དང་ལྡན་པ་བཤད་པ་ནི། ཟས་ནི་འཇུ་བར་མ་གྱུར་ལ། །སྟེང་དང་འོག་ཏུ་མི་འགྲོ་བར། །མ་ཞུའི་གནས་སུ་བེ་སྣབས་འགྱུར། །དེས་ནི་བེ་སྣབས་ཅན་ཞེས་པ་དང?། །རླུང་ལ་སོགས ་པ་རབ་འཁྲུགས་པས། །གཟེར་ཟུགས་སྣ་ཚོགས་ཀྱིས་ཟུག་ཅིང། །ཁབ་ཀྱིས་ལུས་ནི་འབིགས་བ་ལྟར། །རྣོ་བར་ཟུག་པས་གསུང་གཟེར་ཡིན། ཞེས་པའོ། །ཁྱད་པར་དུ་ཉམ་ཆུང་ཞིང་མེ་དྲོད་ཞན་དང་ཤུགས་བཀག་པའི། །ཟས་ནི་རླུང་གོས་བཀག་པ་དང། །བད ་ཀན་གྱིས་ནི་བར་བཀག་པའི། །ཉེས་པས་བ་སྣབས་དཀྲུག་པས་ན། །ཟུགས་རྡུ་ཟུགས་པ་ལྟ་བུར་མནན། །འཁྲུ་དང་སློན་པར་མི་བྱེད་པའི། །གཟེར་ལ་སོགས་པ་མི་བཟང་པ་བེ་སྣབས་དེ་ཡིན་ཞེས་བྱ་བ། །ཁྱད་པར་དུ་ཞེས་པ་མཆོག་ཏུ་ཡང་སྐྱེས་བུ་ཤིན ་ཏུ་ཉམ་ཆུང་ཞིང་སྦེག་པར་གྱུར་པ་དང། དེ་བཞིན་དུ་མེ་དྲོད་ཞན་པ་སྟེ། བད་ཀན་མང་པོས་ཕོ་བའི་མེ་དྲོད་ཉམས་པར་གྱུར་པ་དང། ཤུགས་བཀག་པས་ཞེས་བྱ་བ། ཕྱེན་དང་བཤད་པ་དང། ལྕི་བའི་ཤུགས་བཀག་པར་གྱུར་བའི་སྐྱེས་བུའི་ཟས་ནི་རླུང་གནད་ཀྱིས ་ལམ་ཉེ་བར་བཀག་པར་བྱས་པ་དང། དེ་བཞིན་དུ་བད་ཀན་གྱིས་བར་དུ་ཞེས་པ་དབུས་སུ་ལམ་བཀག་པའི་རྒྱུས་ནི། ཟས་དེ་བེའུ་སྣབས་སུ་གྱུར་ཅིང། ཕྱི་རོལ་ཏུ་འབྱུང་བར་འགྱུར་ལ། འཇུ་བའི་སྒོ་མེད་པར་གྱུར་པའི་ཉེས་པས་བེ་སྣབས་སུ་བྱས་ནས་དཀྲུགས ་ཤིང་རྣམ་པར་བསྐྱོད་པས་མ་ཞུ་བའི་བེའུ་སྣབས་ཏེ། ཟུག་རྡུ་ཟུག་བ་ལྟ་བུ་ཉིད་དུ་ཀུན་ཏུ་གནས་ཤིང་གཟེར་བ་དང་ཁོང་ཚ་བ་དང། ཡན་ལག་སྙོམ་ཞིང་ཟུག་པ་ལ་སོགས་པའི་ན། རྣམ་པ་མང་པོའི་སྤྱིའི་རྒྱུར་གྱུར་བས་ཟས་དེ་མར་འཁྲུ་བ་དང་ཡང་སློན ་པར་མི་བྱེད་པས་དེ་མ་གཏོགས་པར། ཇི་སྐད་དུ་བཤད་པའི་རླུང་ལ་སོགས་པའི་ནད་མི་བཟད་ཅིང་མནག་པར་དཀའ་བ་གང་ཡིན་པ་ནི་བེའུ་སྣབས་སུ་གྱུར་ནས་སྐྱེད་པར་བྱེད་པས་ན། ནད་དེ་ལ་མ་ཞུ་བ་བེའུ་སྣབས་ཞེས་བྱའོ། །ཉེ་བར་འདུག། དེ་སྣབས་མི ་བཟད་ཀྱིས་སྤུབས་བཀག། རྩིབས་ལོགས་ཀུན་ཏུ་དྲང་པོར་འགྲོ། ཤིང་བཞིན་རེངས་པར་གྱུར་ན་ནི། །མ་ཞུ་ཤིང་འདྲ་ཞེས་བྱ་སྟེ། །མྱུར་དུ་གསོད་བྱེད་དེ་སྤང་བྱ་ཞེས་བྱ་བ་ལ། རླུང་ལ་སོགས་པའི་ཉེས་པ་ཤིན་ཏུ་འདུག་པ་སྟེ། ཤས་ཆེར ་གནོད་པར་གྱུར་པ་དང། །བེའུ་སྣབས་མི་བཟད་པ་རྣམས་ཀྱི་སྤུབས་བཀག་པ་སྟེ། མ་ཞུ་བའི་བེའུ་སྣབས་མི་བཟད་ཅིང་གདུགས་པས་རྩ་སྦུབས་ཀྱི་ཁོང་སྟོང་རྣམ་པར་དཀག་ཅིང་གོ་སྐབས་ཀྱི་བར་ཆད་པས་རླུང་ལ་སོགས་པ་རྣམས་རྩིབ་ལོགས ་ཀུན་ཏུ་ཐད་ཀར་ཕན་ཚུན་འགྲོ་ཞིང། བྲང་པོར་འགྲོ་བས་ཁྱབ་པར་གྱུར་བས། ལན་འགའ་སྐྱེས་བུ་དེའི་ལུས་ཤིང་བཞིན་དུ་རེངས་ཤིང་དཔྱག་པ་བསྒྲེང་བ་ལྟར་གྱུར་ན། ལུས་གཡོ་བར་མི་ནུས་པར་བྱེད་པར་གྱུར་ན་ནི། དེའི་ཚེ་ནད་དེའི་མིང་མ་ཞུ་བའི ་ཤིང་འདྲ་བ་ཞེས་བྱ་སྟེ། དེས་ནི་མྱུར་དུ་གསོད་ཅིང་འཆི་བར་བྱེད་པས་གསོར་མི་རུང་བ་སྟེ། དེ་སྤང་ཞིང་དོར་བྱ་སྟེ། དེ་ནི་ཟུག་ཐབས་ཤིང་འདྲ་བའི་མ་ཞུ་བ་ཞེས་བྱའོ། །མི་འཕྲོད་ལྷག་ཟ་མི་ཟད་པར། །ཟད་བྱེད་མ་ཞུ་དུག་གིས་ནི། །མཚན ་ཉིད་ཅན་དེ་མ་ཞུ་བ། །དུག་གི་མིང་ཅན་གང་ཡིན་ཏེ། །དུག་གི་ཚུལ་ཅན་མྱུང་གསོད་བྱེད། །གསོ་དཔྱད་བྱ་བར་དཀའ་བས་སྡང་ཞེས་བྱ་བ་ལ། མི་འཕྲོད་པ་ནི་ཟས་བསྲུང་བའི་ལེའུ་ཡི་སྐབས་སུ་བཤད་པ། རླན་ཅན་གྱི་ཤ་ལ་སོགས་པ་དང། འོ་མ་ལ་སོགས ་པ་ལྷན་ཅིག་བཟའ་བ་མ་འཕྲོད་པ་ལ་སོགས་པ་ཡིན་ནོ། །ལྷག་པར་ཟ་བ་ནི་ཟས་ཀྱིས་འདྲངས་པའི་སྟེང་དུ་ཡང་ཟ་བའོ། །མ་ཞུ་བར་ཟ་བ་ནི་སྔར་དེ་བཞག་གི་ཟན་མ་ཞུ་བར་གང་ཟ་བར་བྱེད་པའོ། །དེ་ལྟར་ན་མི་འཕྲོད་པ་ཟ་བ་དང། ལྷག་པར་ཟ་བ་དང ་མ་ཞུ་བར་ཟ་བའི་སྐྱེས་བུ་དེ་ནི་དུག་གི་མཚན་ཉིད་ཅན་དེ། མ་ཞུ་བའི་ཉེས་པ་དུག་གི་མཚན་མ་ཅན་གྱི་མ་ཞུ་བ་དང། མི་བཟད་པ་ཤིན་ཏུ་གསོར་མི་རུང་བ་དག་གི་མིང་ཅན་ཏེ། དུག་དང་མཚན་མ་འདྲ་པའི་དུག་གི་ཚུལ་ཅན་ཏེ། དུག་དང་མཚན་མ ་འདྲ་བ་ཡིན་པའི་ཕྱིར་རུལ?་གི་ཚུལ་ཅན་ཏེ། དུག་དང་ཚུལ་འདྲ་བ་དང། མྱུར་དུ་གསོད་པར་བྱེད་པ་དང། གསོ་ཞིང་བཅོས?་པར་བྱ་བའི་དཔྱད་བྱ་བར་དཀའ་བས་སྡང་ཞིང་དོར་བར་བྱ་བའོ། །དེ་ཡང་གང་གི་ཕྱིར་མ་ཞུ་བ་ནི་བྱ་བ་དྲོ་བས་གསོ་དགོས་ན། དེ་དུག་གི་དབང་གིས་མ་འབྲོ ་བ་སྟེ། དུག་ནི་བསིལ་བས་གསོ་བར་བྱ་བ་ཡིན་པའི་ཕྱིར། དུག་ཡིན་པས་བ་བསིལ་བ་ཕན་ལ། དེ་ནི་མ་ཞུ་བའི་བེ་སྣབས་ལ་མི་འཕྲོད་དེ། །མ་ཞུ་བ་ནི་དྲོ་བའི་བྱ་བའི་རིམ་པས་གསོ་དགོས་པ་ཡིན་ནོ། །དེ་བས་ན་མཚན་ཉིད་གཉི་ག་དང་ལྡན་པའི། མ་ཞུ་བའི ་དུག་གི་མིང་ཅན་དེ་ནི་གསོད་པར་བྱེད་པ་ཡིན་པས་སྤང་ཞིང་དོར་བར་བྱ་བ་ཁོ་ན་ཡིན་ནོ། །དེ་བས་ན་མ་ཞུ་བ་བེའུ་སྣབས་འགྱུར་རོ། གསོར་དུང་ཤུ་དག་རྒྱམ་ཚ་དང་པོ་སོན་ཆར་ཅུ་ཆུ་དྲོན་ནོ། །འཐུངས་པས་སྐྱུག་བཅུག་ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི ་དོན་ཏེ། མ་ཞུ་བ་བེའུ་སྣབས་ལ་སོགས་པ་ནི་ཤིན་ཏུ་མི་བཟད་ཅིང། བསོད་པར་བྱེད་པ་ཡིན་པ་ལས། མ་ཞུ་བེའུ་སྣབས་སུ་གྱུར་པ་གང་གསོར་དུང་ཞིང་བཅོས་པའི་ཐབས་ཡོད་པའི་མ་ཞུ་བ་དེ་ནི་མྱུར་དུ་སྐྱུག་དུ་གཞུག་ཅིང་སློན་པར་བྱའོ། །ཅི་ཞིག ་གིས་སློན་དུ་གཞུག་ཙམ་ཤུ་དག་དང་རྒྱམ་ཚ་དང། པོ་སོན་ཆ་བསྐོལ་བའི་ཆུ་དྲོན་པོ་འཐུངས་པས་སྐྱུག་ཏུ་གཞུག་གོ། དེ་ནས་ནི་དུག་དང། མས་བཏང་རེང་བུ་དག། དྲི་མ་རླུང་དག་ལེགས་རྒྱུ་སྦྱོར་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་སྐྱག་སྨན ་བཏང་སྟེ། སློན་པའི་རྗེས་ཉིད་ལ་མ་ཞུ་བས་ཉེན་པ་ལ་དུགས་བྱ་སྟེ། མ་ཞུ་བ་བེའུ་སྣབས་ཅན་གྱིས་ཉེན་པ་ལ་དྲུགས་ཀྱི་ལེའུ་ལས་བཤད་པའི་དུགས་རྣམས་ཅི་རིགས་སུ་བྱ་བ་དང། དེ་བཞིན་དུ་མས་བཏང་བའི་རེང་བུ་སྟེ། པོ་སོན་ཆ་དང ་ཁང་པའི་དུང་པ་དང། ལན་ཚྭ་ལ་སོགས་པ་ལ་བྱས་པ། དྲི་མ་དང་རླུང་དག་ལེགས་པར་རྒྱུ་བར་བྱེད་པ་སྟེ། བཤད་པ་དང་གཅི་བ་དག་ཕྱིར་འབྱུང་བའི་རླུང་ངང་གི་གནས་སུ་འཇོག་པར་བྱེད་ཅིང་ཕྱིར་འབྱིན་པར་བྱེད་པ་སྤྱད་པར་བྱ་ཞིང་བཏང་བར ་བྱ་སྟེ། དེ་ཡང་གང་གི་ཕྱིར་ཕྲལ་དུ་ལེགས་པར་དག་པ་ནི་གནོད་པ་དེ་ནི་ཞི་བར་འགྱུར་ཞེས་བཤད་པ་ཡིན་ནོ། །ཡན་ལག་འཁུམས་པར་གྱུར་པ་ལ། ཤིན་ཏུ་དུགས་བྱ་དཀྲི་བར་བྱ་ཞེས་བྱ་བ་ལ། ལག་ངར་ལ་སོགས་པའི་ཡན་ལག་འཇམ་པ་འདྲ་བར ་གྱུར་ཅིང། ཡོན་པོར་འཁུམས་པར་གྱུར་པ་དག་ལ་ཤིན་ཏུ་དུགས་བྱས་ནས་འཇམ་པ་ཉིད་དུ་འགྱུར་པ་དང། བལ་འཇམ་པོའི་གོས་ལ་སོགས་པས་དཀྲི་བར་བྱའོ། །གསུང་ནས་ཤིན་ཏུ་འཕེལ་བ་དང། །རྟིང་བར་མེ་བཙའ་གདབ་པར་བསྔགས་ཞེས་བྱ་བ་ལ། མ་ཞུ་བ ་གཟེར་ཐབས་ཅན་ཤིན་ཏུ་འཕེལ་ཅིང་སྟོབས་ཅན་དུ་འགྱུར་བ་ལ། རྐང་པའི་རྒྱབ་ཀྱི་ཆ་ལོང་མོའི་འོག། རྟིང་པ་ཞེས་བྱ་བ་དེ་གཉིས་སུ་ལྕགས་ཀྱི་མཐུར་མ་ལ་སོགས་པས་མེ་བཙའ་བཏབ་པ་ནི་བསྔགས་པ་ཡིན་ནོ། །དེ་ནི་ཉིན་པར་སྨྱུང་བར་བཞག། །ཁྲུས་བཏང་ལྟ་བུར ་ཉེ་བར་སྤྱད་ཅེས་བྱ་བ་ལ། མ་ཞུ་བ་བེའུ་སྣབས་དང་གསུང་བས་ཉེན་པའི་སྐྱེས་བུ་དེ་ལྟར་བྱས་པས། སློན་དང་འཁྲུས་ཀྱིས་དག་པར་གྱུར་པ་དེའི་རྗེས་ལ་དེའི་ཉིན་པར་སྨྱུང་བར་བཞག་ཅིང་ཟས་སྤྱད་པ་དང། ཁྲུས་བཏང་ལྟ་བུར་འབྲས་ཐུག་སླན་ཏེ། སྐ་བ་ལ་སོགས་པའི ་སྦྱོར་བའི་རིམས་ཀྱིས་གསོ་བར་བྱའོ། །ཅིའི་ཕྱིར་མ་ཞུ་བའི་བེའུ་སྣབས་གསོར་རུང་བ་ལ་སྐྱུགས་སྨན་ལ་སོགས་པ་བྱ་བ་བསྟན་གྱི། གཟེར་འཇོམས་པར་བྱེད་པའི་སྨན་ཤིང་ཀུན་ལ་སོགས་པ་མ་བསྟན་པ་དང། གསུང་བ་གསོར་དུང་བ་ལ་རྟིང་པར་མེ་བཙའ ་བསྟན་གྱི། སློན་དང་འཁྲུས་ཀྱི་གཟེང་འཇོམས་པ་ལ་སོགས་པ་བྱེད་པ་འཇུ་བར་བྱེད་པའི་སྨན་ལ་སོགས་པ་མ་བསྟན་ཅེས་བྱ་བ་རྟོགས་པར་བྱེད་པ་དག་དགག་པའི་ཕྱིར་སྨྲས་པ་ནི་མ་ཞུས་མི་བཟད་ཉེན་གྱུར་ཀྱང། །གཟེར་འཇོམས་སྨན་ནི་བཏུད་མི་བྱ།། ་བེའུ་སྣབས་མ་ཞུ་མེ་དྲོད་ཉམས། །ནད་ཀྱི་སྨན་ནི་འཇུ་མི་ནུས། །དེ་ཡིས་ནད་པ་འཕྲལ་དུ་ནི། །མཐུ་ཞིང་འཆི་བ་དག་ཏུ་འགྱུར། ཞེས་བྱ་བ་ལ། མ་ཞུ་བས་ནི་སྨན་བཏུང་བར་མི་བྱའོ། །ཞེས་ཚིག་སྦྱོར་བར་བྱའོ། །ཟས་ཞུ་ཞིང་སྨིན་པར་མ་ནུས་པས་ན་མ་ཞུ་བ ་སྟེ། །ཟས་འབྲུམ?་ནུས་པ་དེས་མི་བཟང་བ་ཉེན་པར་གྱུར་ཅིང། ཤིན་ཏུ་གཟེར་ཟུག་པ་དང་ལྡན་པར་གྱུར་ཀྱང། གཟེར་འཇོམས་པའི་སྨན་ཤིང་ཀུན་ཅན་གསུམ་པ་ལ་སོགས་པར་གཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བེའུ་སྣབས་མ་ཞུ་བས་མེའི་དྲོད་ཉམས་ཤིང་མ་ཞུ་བའི ་ཉེས་པ་བཅོམ་པའི་མེའི་དྲོད་དེས་ནི་མ་ཞུ་བའི་ནད་ཀྱིས་སྨན་དང་ཟས་ཀྱི་རིགས་འཇུ་ཞིང་སྨན་པར་བྱ་བར་མི་ནུས་སོ། །དེས་ན་སྨན་དང་ཟས་དང་ཉེས་པ་འདི་དག་གིས་མ་ཞུ་བས་ཉེན་པའི་ནད་པ་འཕྲལ་དུ་དེའི་མོད་ལ་ཐུ་ཞིང་གནོད་པའི་ཁྱད་པར་འཕེལ་ཞིང་སྨན ་གྱི་སྦྱོར་བ་ཉིད་ཀྱིས་འཆི་བ་དག་ཉིད་དུ་འགྱུར་རོ། །ཁ་ཟས་ཞུ་ནས་ལྟོ་བ་ནི། །རྩུབ་སྲར་གྱུར་ལ་སྨན་བག་ཀྱང། །ཉེས་པའི་ལྷག་མ་སྤྱང་ཕྱིར་དང། །ཕོ་བའི་མེ་ནི་བསྐྱེད་ཕྱིར་བཏང་ཞེས་བྱ་བ་ལ། སྐྱེས་བུའི་ཁ་ཟས་ཞུ་ཞིང་སྨིན་པར་གྱུར་དུ་ཟིན་ཀྱང། ལྟོ་བ་རྩུབ ་ཅིང་སྲ་བར་གྱུར་པ་སྟེ། ཕ་བ་རེམ་རེམ་པོར་གྱུར་པ་ལ། ཉེས་པའི་ལྷག་མ་ཞུ་ཞིང་སྦྱར་བའི་ཕྱིར་དང། ཕོ་བའི་མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར། །སྨན་བཏང་བར་བྱ་ཞིང་སྦྱང་བར་བྱའོ། །མ་ཞུའི་བར་འགྱུར་བ་ཞི་བ་དང། །ཉམས་དམད་བར་ནི་བྱས་ལས་འགྱུར་ཞེས ་བྱ་བ་ལ། མ་ཞུ་བའི་འགྱུར་བ་ཞེས་པ་ཟས་མ་ཞུ་བའི་ཉེས་པ་བྱུང་བའི་བེའུ་སྣབས་དང། སྙོམས་པ་དང། གཟེར་བ་ལ་སོགས་པ་རྣམས་ལ་ཞི་བ་དག་ནི་ཉམས་དམད་པ། །སྨྱུང་བ་དང་ཞི་བར་བྱས་པ་དག་དུབས་དག་པས་པ་ལས་དེ་ཉེ་བར་ཞི་ཞིང་ཉམས་དམད ་པར་འབྱུང་བར་འགྱུར་རོ། །དེ་གསུམ་ཉེས་པ་རྣམ་གསུམ་ནི། །བརྟགས་ནས་རབ་ཏུ་སྦྱང་བར་བྱ་ཞེས་བྱ་བ་ལ། ཉམས་དམད་པར་བྱ་བ་དེ་ནི་སྨྱུང་བ་དང། ཞུ་བར་བྱས་པ་དང། དུགས་བྱ་བ་རྣམ་པ་གསུམ་ཡོད་ལ་དེ་ཉེས་པ་རྣམ་གསུམ་ལ་ཞེས་པ། ཆུང་ངུ་དང་བར ་མ་དང། ཆེན་པོའི་ཚུལ་བཏགས་ཤིང་རིམ་པ་འདིས། ཆུང་ངུ་ལ་སོགས་པའི་ཉེས་པའི་དབྱེ་བས་སོ་སོར་བརྟགས་ཤིང་དཔྱད་ནས་རབ་ཏུ་སྦྱར་བར་བྱའོ། །དེ་མཆུང་ལ་སྨྱུང་བ་ཕན། །འབྲིང་ལ་སྨྱུང་དང་བཞུ་བྱ་བ། །ཆེན་པོ་ལ་ནི་སྦྱང་བ་སྟེ། །དེ་ཡིས་དྲིན་མ ་ནས་འབྱིན་ཞེས་བྱ་བ་ལ། དེ་ལ་ཞེས་པ་ཉེས་པ་རྣམ་པ་གསུམ་པོ་ལ། ཆུང་ངུ་ལ་ནི་སྨྱུང་བར་གནས་པར་ཉམས་དམད་པ་ཕན་ཞིང་རྗེས་སུ་མཐུན་པར་ཡིན་ཏེ། དེས་ཀྱང་མེ་དང་རླུང་འཕེལ་བར་བྱས་པས་དཔེར་ན་རླུང་དང་ཐེན་པས་ཆུའི་ཚོགས་ཉུང་ཞིག ་གི་གནས་སྐེམས་པར་བྱེད་ལ་བཞིན་དུ། འདི་ལ་ཕན་པར་འགྱུར་བ་ཡིན་ནོ། །འབྲིང་ལ་ཞེས་པ་ཉེས་པའི་སྟོབས་འབྲིང་ཙམ་དུ་གྱུར་པ་ལ་ནི་སྨྱུང་བ་ཞེས་བྱ་བ་ཟས་བཅད་པ་དང། དེ་བཞིན་དུ་བཞུ་བ་ཞེས་བྱ་བ་ཤུ་དག་དང། པུ་རྩེ་ཤེལ་ལ་སོགས་པ་ཕན་པ་ཡིན ་ཏེ། དེ་གཉིས་ནི་ཉེས་པ་འབྲིང་པོ་འཇོམས་ཏེ། དཔེར་ན་ཆུའི་ཚོགས་ཧ་ཅང་མི་ཆེ་བ་ལ་ཐལ་བ་དང། ས་རྡུལ་དག་དང་འདྲེས་པའི་རླུང་དང་ཐན་པོ་ས་ཆུའི་ཚོགས་ཧ་ཅང་མི་ཆེ་བ་སྐེམ་པར་བྱེད་པ་དང་འདྲའོ། །ཆེ་ལ་ཞེས་པ་ཉེས་པ་མང་པོ་སྟོབས་དང་ལྡན་པ་དག ་ལ་ནི་སྤྱད་པ་སྟེ། འཁྲུས་དང་སློན་ལ་སོགས་པའི་ཚུལ་གྱིས་ཉམས་དམད་པར་བྱ་བ་ཕན་པ་ཡིན་ཏེ། གང་གི་ཕྱིར་སྐྱུགས་སྨན་ལ་སོགས་པས་སྦྱངས་པས་དེ་ཡིས་ནི་དྲི་མ་ཞེས་པ། རླུང་དང་མཁྲིས་པ་དང། བད་ཀན་དང་བཤང་བ་དང་གཅི་བ་ལ་སོགས ་པ་རྩ་བ་ནས་འབྱིན་ཅིང་གཅོད་པར་འགྱུར་ཏེ། དཔེར་ན་འདམ་བུའི་ཞིང་ཆུ་མེད་པ་དག་ཏུ་ནི་འབྲས་ལ་སོགས་པ་སྐྱེ་བར་མི་འགྱུར་བ་དང་འདྲའོ། །དེ་བས་ན་ཉམས་མ་ཐོས་པའི་མ་ཞུ་བ་ལས་བྱུང་བ་ལ་ནི། ཉམས་དམད་པ་མ་བྱས་པར་ཞི་བར་འགྱུར ་པ་མ་ཡིན་ལ། ཉམས་དམད་པར་གྱུར་པ་ལས་བྱུང་བ་ལ་ཉམས་བརྟ་བ་མ་བྱས་པར་ཞི་བར་འགྱུར་བ་མ་ཡིན་ནོ། །དེ་བཞིན་ནད་གཞན་དག་ལ་ཡང། །རང་ནད་གཞི་ལས་གོ་བཟློག་པས། །གསོའོ་ཞེས་བྱ་བ་ལ། དེ་བཞིན་དུ་ཆུང་ངུ་ལ་སོགས་པའི ་རིམ་པ་འདིས། རིམ་པ་ལ་སོགས་པའི་ནད་གཞན་དག་ལ་ཡང་རང་གི་ནད་བཞི་ལས་གོ་བཟློག་པས་ཞེས་པ། རང་གི་ནད་ཀྱི་རྒྱུ་དང་མི་མཐུན་པའི་སྨན་གྱིས་གསོ་བར་བྱ་ཞིང་བཟློག་པར་བྱའོ། །དེ་ཡང་རང་གི་ནད་བཞི་ཡིན་པས་ན། རང་གི་ནད ་གཞི་སྟེ། རང་གི་རྒྱུ་གང་ཡིན་པའོ། །དེ་ལས་གོ་བཟློག་པ་ནི་དེ་དང་མི་མཐུན་པ་སྟེ། དཔེར་ན་ཚིག་ཞིང་བརྟས་པར་བྱས་པ་ལས་བྱུང་བའི་ནད་ལ་ཉམས་དམད་པ་ལས་བྱུང་བའི་ནད་དེ་ལས་བཟློག་པ་ནི་བརྟ་བར་བྱ་བ་ཡིན་པ་དང། དེ་བཞིན་དུ་ལྕི་བ་དང། སྣུམ་བ་དང། ་གྲང་བ་ལ་སོགས་པ་ལས་བྱུང་བའི་ནད་ལ་དེ་དང་མི་མཐུན་པ་ཡང་པ་དང། རྩུབ་པ་དང། དྲོ་བ་བྱ་བ་དང། ཡང་བ་དང། རྩུབ་པ་དང། དྲོ་བ་ལས་བྱུང་བའི་ནད་ལ་དེ་དང་མི་མཐུན་པ་ལྕི་བ་དང། སྣུམ་པ་དང། བསིལ་བར་བྱ་བ་ལ་སོགས་པ ་ལྟ་བུའོ། །དེ་དང་རྗེས་འཕྲེལ་ཡོང་རྒྱུ་ལས། །གོ་ཟློག་རྣམ་པར་སྤངས་བྱས་ལ། །སྨན་པ་ཅི་ལྟ་ཅི་ལྟ་བུར། །ནད་ལ་གོ་བཟློག་སྦྱར་བ་འམ། ཞེས་བྱ་བ་ལ། ནད་ཀྱི་རྒྱུ་ལས་གོ་བཟློག་པའི་སྨན་བྱས་སུ་ཟིན་ཀྱང། ཉེས་པ་སྟོབས་དང་ལྡན་པས་ནད་དེ་དང་རྗེས་སུ་འབྲེལ་པ ་ཡོད་ཅིང། ཤིན་ཏུ་ཞེན་པར་གྱུར་པ་ལ་རྒྱུ་ལས་བཟློག་པ་སྟེ། ནད་བཞི་དང། རྗེས་སུ་མི་མཐུན་པའི་སྨན་སྤངས་ཤིང་དོར། །སྨན་པས་ཅི་ལྟ་ཅི་ལྟར་རིགས་ཤིང་ཅི་ལྟར་འོས་པའི་སྨན་ནད་ལས་གོ་བཟློག་པའི་སྨན་དེ་སྦྱར་བར་བྱ་ཞིང་སྦྱིན་པར་བྱ་སྟེ། དཔེར་ན་རིམས་ལ་གླ ་སྒང?་དང། པརྦ་ཏ་དང། ནས་ཐུག་སླ་བ་སྦྱིན་པ་དང། གཅིན་ནད་ལ་སེར་པོ་རྣམ་གཉིས་དང། ནས་ཟན་ལ་སོགས་པ་སྦྱིན་པ་དང། མཁྲིས་པ་གྱེན་དུ་འབྱུང་བ་ལ་ཁྲུས་སྨན་གྱིས་འོག་ནས་གདོན་པར་བྱ་དེ་བཞིན་དུ་ནད་ལས་གོ་བཟློག་པའི་གསོ་དཔྱད་ཀྱིས ་བཅོས་པའི་ཐབས་ཀྱི་གཙོ་བོ་རྣམ་པ་གཉིས་དང། ལས་རྣམ་ལྔ་དུ་བ་སྨན་ལ་བཏང་བ་དང། མིག་སྨན་ལ་སོགས་པ་དང་བཅས་པ་ལ་སོགས་པ་བྱ་བ་སྟེ། དཔེར་ན་གླ་སྐད་དང་པརྦ་ཏ་མཁྲིས་པ་སེལ་བར་བྱེད་པ་ཡིན་དུ་ཟིན་ཀྱང། རིམས་འཇོམས་པར ་བྱེད་པ་སྟེ། དེ་ལྟར་མཁྲིས་པ་ལས་བྱུང་བའི་ནད་གཞན་ལ་ནི་མ་ཡིན་ནོ། །དཔེར་ན་སྐྱེར་པ་ནི་ཚིལ་དང། བད་ཀན་སེལ་བར་བྱེད་པ་ཡིན་དུ་ཟིན་ཀྱང། གཙོ་ཆེར་གཅིན་ནད་འཇོམས་པར་བྱེད་པ་དེ་ལྟར་ཆིལ་དང་བད་ཀན་ལས་བྱུང་བའི་ནད་གཞན་དག་ཡིན ་དེ་ལྟར་མ་ཡིན་ན། །འདི་དག་ཀྱང་འོག་ནས་སློབ་དཔོན་གྱིས་རྒྱ་ཆེར་བསྟན་པ་ཡིན་ནོ། །དེའི་དོན་བྱེད་པའི་སྦྱོར་བ་བྱ་བ་ནི་རྒྱུ་དང་ནད་ཀྱིས་གོ་བཟློག་པ་དེའི་དོན་བྱེད་པ་སྟེ། འདི་ནི་རྒྱུ་དང་ནད་ཀྱི་གོ་བཟློག་པའི་དོན་བྱེད་པའི་ཚུལ་ཅན་ཡོད་པས ་ན་དོན་བྱེད་པ་སྟེ། དེའི་དོན་ནི་ནད་བཞི་ལས་གོ་བཟློག་པ་དང། ནད་ལ་གོ་བཟློག་པ་དག་ལ། གོ་མ་བཟློག་པར་གྱུར་པའི་ལས་དེའི་དོན་བྱེད་པ་སྦྱོར་བར་བྱས་སྟེ། དཔེར་ན་སྐྱུག་བྲོ་བ་ལ་སློན་སྨན་བཏང་བ་འམ། ཚང་བར་འཁྲུ་བ་ལ་ཁྲུས་བྱས་པ་འམ། ཆང ་ནད་ལ་ཆང་སྦྱིན་པ་འམ། མེས་ཚིག་པ་ལ་མེས་བསྲོ་བ་འམ། ཞི་བ་དང། རྒྱས་པའི་ལས་བྱ་བ་སྟེ། འདི་དག་ནི་བསྡུས་པ་ལས་རྒྱས་པར་བཤད་དོ། །དོན་གཉིས་ཀས་བྱེད་པ་ལྷ་རྣམས་ལ་ཡང་བརྟེན་ཅིང། སྨན་གྱི་སྦྱོར་བ་ཡང་བྱེད་པ་དང། སྐྱུག་སྲོ་བ ་ལ་སློན་སྨན་དང། ཚོད་པས་འཁྲུ་བ་ལ་དྲི་མ་སྦྱར་བ་དང། ཆང་གི་ནད་ལ་ཆང་བླུད་པ་དང། མེས་ཚིགས་པ་ལ་མེས་བསྲ་བ་དང། མཁྲིས་པ་ནང་དུ་ཞེན་པའམ་ལམ་ལོག་པར་སོང་བ་དུགས་བྱ་བ་དང། ཁ་བ་དང་སྐྱུར་བ་དང་བཀའ་བའ་ཨི་རོ་ལ་བསྟེན་ཅིང་དྲོ་བ་ད? ་གྲང་བའི་སྤྱོད་ལམ་གྱིས་གནས་པས་ཕྱི་རོལ་ཏུ་གདོན་ཅིང། རང་གི་ལམ་ནས་རྒྱུ་པར་བྱ་བ་དང། བད་ཀན་ནང་དུ་ཞེན་ཅིང་རེངས་པར་གྱུར་པ་ལ། ཕྱི་རོལ་ནས་བསིལ་བའི་ཉེ་བར་སྤྱོད་པ་ལ་གནས་པས། དེའི་གནོད་པ་ནང་དུ་ཞུགས་ནས། བད་ཀན་བཞུ་བར་བྱ་བ་སྟེ། ་དེ་ལྟ་བུའི་གོ་བཟློག་པའི་དོན་བྱེད་དོ། །ཉེས་མིན་མེ་དྲོད་སྐྱེས་གྱུར་ན། ཉམས་བརྟ་སྣུམ་གྱིས་བྱུགས་པ་དང། །བཏུང་དང་འཇམ་རྩི་སོགས་རིགས་སྦྱར་ཞེས་བྱ་བ་ལ། ཉེས་པ་རྣམས་སྨིན་ཅིང་ཞུ་བར་གྱུར་པ་ནི། མ་ཞུ་བའི་བེའུ་སྣབས་དང། གསུང་བ་ལ་སོགས་བྱ? ་ཉེན་པ་དེ་མ་ཞུ་བའི་ཉེས་པ་དང་བྲལ་བར་གྱུར་ཅིང། ཉེས་པ་སྨིན་ནས་སྨྱུར་བ་ལ་སོགས་པ་བྱ་བས། ཕོ་བའི་མེ་དྲོད་ཀྱང་སྐྱེས་ཤིང་འཕེལ་བར་གྱུར་ནས། ཉམས་བརྟ་བ་བྱ་བའི་ཕྱིར། །ཏིལ་མར་ལ་སོགས་པའི་སྣུམ་གྱིས་བྱུག་པ་དང། སྨན་མར་བཏུང་བ་དང། འཇམ ་རྩི་མས་བཏང་བ་དག་རིགས་པར་ཞེས་བྱ་བ་ཡུལ་དང་དུས་ལ་སོགས་པའི་ཆ་ལས་བཏགས་ཏེ། ཆོ་ག་བཞིན་དུ་སྦྱར་བར་བྱ་བ་ནི་ཕན་པ་ཡིན་ནོ། །སོགས་པའི་སྒྲས་ནི་བཅུད་ཀྱིས་ལེན་པ་དང། །རོ་རྩ་བའི་ཆོ་ག་དག་བསྡུའོ། །འཇམ་རྩི་མས་བཏང་བའི་དབྱེ་བ་ཡང་དང་པོར་སྦྱར་བ་ལ ་སོགས་པ་བྱ་བའི་སྒོ་ནས། རྣམ་པ་གསུམ་ཡོད་དེ། དེ་དག་ཀྱང་ནད་དང། སྨན་ལ་སོགས་པའི་གནས་སྐབས་ཀྱི་ཚུལ་ལས་བརྟགས་ནས། སྨན་པས་འདི་དག་རིགས་པར་བྱའོ། །བད་ཀན་མ་ཞུའི་བེའུ་སྣབས་ཏེ། །དེ་ནི་མིག་དང་འཁུར་བ་སྐྲངས། །སྒྲེག་བཟོས ་མ་ཐག་འདྲ་འབྱུང། །མཆིལ་མ་མང་ཞིང་ཉེས་གཡོ་ལྕི། །ཞེས་བྱ་བ་ལ། བད་ཀན་འཕེལ་བ་ལས། མ་ཞུ་བར་གྱུར་པ་དེ་གང་ཡིན་པ་དེ་ནི་བེའུ་སྣབས་ཞེས་བྱ་སྟེ། དེ་ལ་བད་ཀན་གྱི་མ་ཞུ་བའི་མཚན་ཉིད་ནི་འདི་ཡིན་ཏེ། མིག་དང་མཁུར་བ་སྐྲངས་པ་སྟེ། འཁུར ་བ་དང་མིག་ཁུང་བུར་གཏོགས་པ་སྐྲངས་པར་འགྱུར་རོ། །དེ་བཞིན་དུ་སྒྲེགས་པ་ཟོས་མ་ཐག་པའི་འདྲ་བ་འབྱུང་སྟེ། མ་སྨིན་པ་འབྱུང་བར་འགྱུར་བ་དང། མཆིལ་མ་ཤིན་ཏུ་མང་ཞིང་བད་ཀན་འབྱུང་བ་དང། ཉེས་པ་རྣམས་རང་གི་གནས་ནས་གཡོ་བ་འམ ་བད་ཀན་གྱེན་དུ་འབྱུང་བར་འགྱུར་བ་དང། ལྕི་བར་འགྱུར་རོ། །རླུང་ལས་རེངས་བག་གཟེར་པ་དང། གཤང་གཅི་འགགས་ཤིང་སྤོས་དྲོད་ཉམས། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མ་ཞུ་བའི་གང་ཡིན་པ་དེ་ནི། མིང་རེངས་བག་ཅེས་བྱ་སྟེ། དེ་ནི་གཟེར ་ཞིང་འཇུག་པ་དང། བཤང་བ་དང། གཅི་བ་འགགས་ཤིང་ཐོགས་པ་དང། སྦོས་ཤིང་གསུས་བ་རྒྱས་པ་དང། མེའི་དྲོད་ཉམས་པ་འམ་ཡན་ལག་སྙོམས་པར་བྱེད་པར་གྱུར་རོ། །མཁྲིས་པས་ཁོང་ཚ་སྐོམ་འགོ་འཁོར། །རྨོངས་བག་སྒྲེགས ་སྐྱུར་ཞིང་ཚ་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མ་ཞུ་བའི་གང་ཡིན་པ་དེ་ནི་ཁོང་ཚ་བ་ཞེས་བྱ་སྟེ། དེ་ནི་སྐོམ་དང་ཆེ་བ་དང་མགོ་འཁོར་བ་དང། རྨོངས་བག་ཅན་སྒྲེགས་པར་སྐྱུར་བ་དང། ལུས་ཚ་བ་དང་ལྡན་པར་འགྱུར་རོ། །མ་ཞུའི་བེའུ་སྣབས་སྨྱུང ་བ་བྱ། །རེངས་བག་ལ་ནི་དུགས་རབ་བྱ། །ཚ་བའི་མ་ཞུ་སྐྱུགས་སྨན་དག་།བཏང་བ་འམ་གནས་སྐབས་གང་ཕན་བྱ་ཞེས་བྱ་བ་ལ། བད་ཀན་ལས་བྱུང་བའི་མ་ཞུ་བ་བེའུ་སྣབས་ལ་ནི་སྨྱུང་བ་སྟེ། ཟན་བཅད་པར་བྱའོ། །རེངས་རྣ་བ་སྟེ། རླུང ་ལས་གྱུར་པའི་མ་ཞུ་བ་ནི་དུགས་རབ་ཏུ་བྱ་བ་སྟེ། ཤས་ཚར་དུགས་བྱའོ། །ཚ་བ་སྟེ་མཁྲིས་པ་ལས་གྱུར་བའི་མ་ཞུ་བ་ལ་ནི་སྐྱུག་སྨན་བཏང་བར་བྱའོ། །ཡང་ན་གནས་སྐབས་ཇི་ལྟ་བ་བཞིན་དུ་གསུམ་པོ་དག་ཅི་རིགས་པར་བྱའོ། །མ་ཞུའི་བེའུ་སྣབས་ལྕི ་བ་ནི། རྩ་སྦུབས་ཐིམ་ལས་ཡུན་རིང་ཅན། །བད་ཀན་རླུང་ནི་འདྲེས་མཚན་མ། །དེ་དང་མཉམ་པར་སྒྲུབ་པར་བྱ་ཞེས་བྱ་བ་ལ། མ་ཞུ་བའི་བེའུ་སྣབས་ལྕི་བར་གྱུར་པ་རྩ་སྦུབས་སུ་ཐིམ་ཞིང་ཞེན་པར་གྱུར་པ་ལས་ཡུན་རིང་ཅན་ཞེས་བྱ་བའི་མ་ཞུ་བའི ་ཁྱད་པར་འབྱུང་བར་འགྱུར་རོ། །བད་ཀན་དང་རླུང་འདྲོས?་ཞིང་རྗེས་སུ་འབྲེལ་བར་གྱུར་པ་ལས་བྱུང་བའི་མ་ཞུ་བའི་བེའུ་སྣབས་ཅན་གྱི་མཆོད་མ་མིག་སྐྲངས་པ་ལ་སོགས་པ་དང་ལྡན་པ་གང་ཡིན་པ་དེ་ལ་ནི། མ་ཞུ་བ་དེ་དང་མཉམ་ཞིང་མཆུད ་པར་བསྒྲུབ་ཅིང་གསོ་བར་བྱ་སྟེ། དེ་ལྟར་ན་དེ་མི་སྨྱུང་བས་བསྒྲུབ་པར་བྱ་བ་ཡིན་ནོ། །དངས་མ་ལུས་ལས་ཟས་དང་ཆུང། །སྙིང་ན་སྒྲེགས་པ་མནམ་པར་འགྱུར་ཞེས་བྱ་བ་ལ་ཟས་ཀྱི་དངས་མའི་ལྷག་མ་ལུས་ཡོངས་སུ་མ་ཞུ་བར་གྱུར་བ་ལས་ནི་ཟས་དང་ཆུང་བ་སྟེ ་ཟས་ལ་མི་དགའ་བ་དང། སྙིང་ན་ཞིང་སྒྲོགས་པ་མནམ་པར་འགྱུར་རོ། །འདི་ལ་ཅུང་ཟད་གཉིད་ལོག་བྱ་ཞེས་བྱ་བ་ལ། དངས་མའི་ལྷག་མ་ཞུ་བ་འདི་ལ་ནི་ཅུང་ཟད་ཅེས་བ། དུས་ཅུང་ཟད་གཅིག་གཉིད་ལོག་པར་བྱའོ། །མ་ཞུ་ཀུན་གྱིས་ཉིན ་པར་ནི། ཟས་མ་ཟོས་པར་གཉིད་ལོག་ལ། བཀྲེས་གྱུར་ཡང་ལས་རན་པར་བཟའ་ཞེས་བྱ་ལ་མ་ཞུ་བར་གྱུར་པའི་སྐྱེས་བུ་ཀུན་གྱིས་ནི། བེ་སྣབས་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་དང་ལྡན་པར་འགྱུར་པ་ཀུན་གྱིས་ཀྱང། ཟས་མ་ཟོས་པར ་རྟེན་པར་གཉིད་ལོག་པར་བྱ་ལ། དེ་ནས་དེ་བཀྲེས་པར་གྱུར་ཅིང་ཟས་ལ་འདོད་པ་སྐྱེས་པར་གྱུར་ནས། འབྲས་ལ་སོགས་པ་ལས་བྱས་པའི་ཟས་ཡང་བ་ལས་རན་པར་ཞེས་བྱ་བ་ཆོད་ཟིན་པ་ཉུང་ཟད་བཟའ་བར་བྱའོ། །མ་ཞུ་སྤྱི་ཡི་མཚན་མ་ནི། །རྣམ་པར་འགགས་སམ ་ཤས་ཆེར་འབྱུང། །ན་ཞིང་རླུང་ནི་མིག་གསལ་རྒྱུ། །མཁྲེགས་ཤིང་ལུས་ལྕི། མག་པོ་འཁོར་ཞེས་བྱ་བ་ལ། མ་ཞུ་བའི་སྤྱིའི་མཚན་མ་འམ། རྟགས་སུ་གྱུར་པ་ནི། བཤང་བ་དང་གཅི་བ་དང། ཕྱིན་ལ་སོགས་པ་སྲ་ཞིང་རྣམ་པར་འགགས་པར་འགྱུར་བ་འམ་ཡང་ན་བཤང ་གཅི་ལ་སོགས་པ་ཤས་ཆེར་འབྱུང་བར་འགྱུར་པ་དང། ན་ཞིང་རྨྱ་བར་འགྱུར་བ་དང། རླུང་མི་གསལ་བར་རྒྱུ་ཞིང་ཤེས་པར་བཀའ་བ་འབྱུང་བར་འགྱུར་པ་དང། བཤང་བ་མཁྲེགས་པ་དང། ལུས་ལྕི་བ་དང། མགོ་བོ་བསྐོར་བ་ལྟ་བུར་འཁོར་བར་འགྱུར་བ་སྟེ། འདི ་དག་ནི་མ་ཞུ་བ་བཞི་ཆར་གྱི་ཐུན་མོང་གི་མཚན་ཉིད་ཡིན་ནོ། །ཟས་ཆོད་ལྷག་པར་གྱུར་པ་ཉིད། །གཅིག་ཏུ་མ་ཞུར་མི་བཟད་ཀྱི། །མི་འདོད་འགག་བྱེད་ཚིག་མཚོས། །ལྕི་དང་རྩུབ་དང་མི་གཙང་གྲང། །ཁོང་ཚ་སྐོམ་དང་ཆུ་མང་དང། །བསྲེས་པའི་ཟས་ནི་འཇུ་མི་འགྱུར ་མྱ་ངན་མཁྲོ་དང་བཀྲེས་པ་ཡིས། །ཉེ་བར་གདུངས་ཤིང་ཟས་མི་འཇུ་ཞེས་བྱ་བ་ལ། ཟས་ཀྱི་ཚོད་ལྷག་པར་གྱུར་པར་ཟོས་པ་གཅིག་པུས་མ་ཞུ་པར་གྱུར་པར་མ་ཟད་ཀྱི། མི་འདོད་བཞིན་དུ་ཟོས་པ་དང། འགགས་པར་བྱེད་པ་སྟེ། རྩ་སྒོའི་སྦུབས་ཀྱི་བགེགས་བྱེད་པ་དང། ཚིག་པ ་སྟེ་བཙོས་པ་ཐལ་དྲགས་པ་དང། མཚོས་པ་སྟེ་ལེགས་པར་ཆོས་གི་ང་སྨིན་པར་མ་གྱུར་པ་དང། ལྕི་བ་སྟེ་འཇུ་བགའ་བ་དང། རྩུབ་པ་སྟེ་སྣུམ་མེད་པ་དང། མི་གཙང་བ་སྟེ་མ་དག་པ་དང། གྲང་བ་སྟེ་ཁོངས་པ་དང། ཁོང་ཚ་བ་སྟེ་ལུས་ཀྱི་ཁོང་ཚ་བར་བྱེད་པ་དག་བསྐྱིས? ་པ་སྟེ་གལ་ཆེར་ས་བ་དང། ཆུ་བར་བ་སྟེ། ཆུ་མང་པོ་དང་བསྲས་པའི་ཟས་འདི་དག་ནི། འཇུ་བར་མི་འགྱུར་ཞིང་ཡོངས་སུ་དངས་པར་མི་འགྱུར་གྱི། བེའུ་སྣབས་ཀྱི་ཉེས་པ་འབའ་ཞིག་སྐྱེད་པར་འགྱུར་རོ། །གཞན་ཡང་གང་མྱ་ངན་ལ་སོགས་པས་གཟིར་བར་ཟོས་པ་དེ ་ཡང་མི་མཐུན་པ་ཡིན་ཏེ། མྱ་ངན་ནི་མྱ་ངན་གྱིས་གདུངས་པའོ། །ཁྲོ་བ་ནི་སེམས་འཁྲུགས་པའོ། །བཀྲེས་ནི་འབྲུ་བ་ཆེ་བས་གདུངས་པ་སྟེ། དེ་ལྟ་བུ་ཟོས་པ་དེ་ཡང་འཇུ་བར་མི་འགྱུར་གྱི། མ་ཞུ་བའི་བེའུ་སྣབས་ཀྱི་ཉེས་པར་འགྱུར་རོ། །ཕན་དང་མི ་ཕན་བསྲེས་པ་དག་།ཟོས་པ་མཉམ་ཟ་ཡིན་པར་འདོད་ཅེ་བྱ་བ་ལ། ཕན་པ་དང་མི་ཕན་པ་དང། འཕྲོད་པ་དང་མི་འཕྲོད་པ་གཅིག་ཏུ་བསྲེས་ནས་ཟོས་པ་ནི། མཉམ་པའི་ཟས་ཟ་བ་ཡིན་པར་སློབ་དཔོན་རྣམས་འདོད་དོ། །འགྲངས་རྗེས་སླར་ཡང་ཟ?་གྱུར་པ། །ལྷག་པར ་ཟ་བ་ཡིན་ཞེས་བྱ་ཞེས་བྱ་བ་ལ། ཁ་ཟས་འགྲངས་པར་ཟོས་ཤིང་ལོངས་སྤྱད་ནས། དེའི་སྟེང་དུ་སླར་ཡང་ཟ་བ་ཟ་བར་གྱུར་པ་གང་ཡིན་པ་དེ་ནི་ལྷག་པར་ཞེས་བྱ་བར་ཤེས་པར་བྱའོ། །?་མིན་ཆི་བ་འམ་ཆུང་ཟོས་པ། །མི་མཉམ་པར་ནི་ཟ་བ་ཡིན་ཞེས་བྱ་བ་ལ། ་དུས་མ་ཡིན་པ་ནི་ཟས་ཀྱི་དུས་ལས་བབ་པའམ། དུས་ལས་ཡོལ་བར་ཟ་བའོ། །ཆེ་བ་ནི་གང་ལྷག་པར་ཟོས་པའོ། །ཆུང་བ་ནི་ཚད་ལས་ཆུང་ཞིང་དམན་པར་ཟོས་པ་སྟེ། དེ་དག་ན་མཉམ་པར་ཟ་བ་??་ཤེས་པར་བྱའོ། །གསུམ་པོ་འདིས་ཀྱང་གསོད་པ་འམ། མི ་བཟད་ནད་ཀྱིས་འདེབས་པར་འགྱུར་ཞེས་བྱ་བ་ལ། མཉམ་པར་ཟ་བ་དང་མི་མཉམ་པར་ཟ་བ་སྟེ། གསུམ་པོ་འདི་དག་གིས་ཀྱང་གསོད་ཅིང་འཆིང་བར་བྱེད་པ་འམ་མི་བཟད་ཅིང་སྐྱེད་པར་བྱེད་དོ། དུས་སུ་གོམས་ཤིང་གཅང་ལ་ཕན། །སྣུམ་དྲ་ཡང་དང་མ ་ཡེངས་དང། །རོ་དྲུག་ལྡན་ཞིང་མངར་བག་ཆེ། །ཤིན་ཏུ་མྱུར་མིན་ངལ་བར་མིན། །ཁྲུས་བྱས་བཀྲེམ་ཤིང་དབེན་པར་གནས། །ཁ་དོང་ལག་པ་རྐང་པ་བཀྲུས་ལྷ་དང་ཡི་དགས་རྗེར་ཅིང་སྦྱིན། །བླ་མ་བྱིས་པ་མགྲོན་ཆོད་བྱས། །དུད་འགྲོ་རྣམས་ཀྱང་རབ་བརྟགས ་ཏེ། བདག་ཉིད་ལེགས་པར་བརྟགས་ནས་ནི། །མ་དམར་སྨྲའམ་ཡིད་འོང་སྨྲ། །སྐྱེ་བོ་གཙང་ཞིང་གུས་པས་བསྟབས། །ཡིད་འོང་གཉེན་དང་ལྷན་ཅིག་བཟའ་ཞེས་བྱ་བ་ལ། ཟས་ནི་དུས་སུ་བཟའ་ཞིང་ལོངས་སྤྱོད་པར་བྱའོ། །ཞེས་བྱ་བར་སྤྱད་ལ། དེ་ཡང་དུས་ནི ་བཤད་དང་གཅི་བསལ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་འོག་ནས་བཤད་པ་ཡིན་ནོ། །དུས་ཡོལ་ནས་ཟོས་པ་དེ་ནི་རླུང་གིས་བཀག་པས་ཤིན་ཏུ་བཀའ་བས་འཇུ་བར་འགྱུར་བ་དང། ཟས་ལེན་ཅིང་ཡི་གར་འོང་བ་འགགས་པར་འགྱུར་རོ། གོམས་པ་ཞེས་བྱ་བ་འདི ་ན། བདག་ཉིད་ཀྱིས་གོམས་ཤིང་བསྟན་པར་གྱུར་ན་འཕྲོད་པར་གྱུར་པ་ཡིན་གྱི། དེ་ལས་གོ་བཟློག་པ་མི་འདོད་ཅིང་གནོད་པ་ནི་མ་ཡིན་ནོ། །བཅང?་པ་ནི་གང་ལས་འོངས་ཤིང་ཅི་ལྟར་གཡོས་པ་ཤེས་པར་བྱའོ། །ཕན་པ་ནི་ཟས་ཀྱི་རིགས་གང་གིས་ཁམས་སྙོམས ་པ་མཉམ་པ་ཉིད་དུ་འཇོག་པར་བྱེད་ཅིང། མ་སྙོམས་པ་རྣམས་སྙོམས་པར་བྱེད་པའོ། །དེ་ལས་བཟློག་པ་ནི་མི་ཕན་པའོ། །ཟས་སྣུམ་པ་དང། དྲོ་བ་དང། ཡང་བས་ནི་མེའི་དྲོད་བསྐྱེད་པར་བྱེད་དེ། ཅུང་ཟད་དྲོ་བས་ནི་ལུས་སྦྱོར་ཞིང་ལུས་ཟུངས་འཁྲུག་པར་མི་བྱེད ་པ་དང། མྱུར་དུ་འཇུ་བར་བྱེད་པ་དང། ལམ་མ་ཡིན་པར་ཞུགས་པ་རྣམས་བཟློག་ཅིང་ལུགས་སུ་འཇོག་པར་བྱེད་དོ། །སྣུམ་པ་ནི་དབང་པོ་རྣམས་བརྟན་པར་བྱེད་པ་དང། ལུས་བརྟས་ཤིང་འཕེལ་བ་དང། རྒས་སྲ་བ་དང། སྟོབས་བསྐྱེད་པ་དང། ཁ་དོག་དང་བར་བྱེད ་པ་ཡིན་ནོ། །ཡང་བ་ནིངས?་ཀྱི་ཡང་བཞིན་གྱིས་གནོད་པ་མེད་པར་འཇུ་བར་འགྱུར་ལ། མ་ཞུན་ཡང་གནོད་པ་ཆེན་པོ་མེད་པ་ཡིན་ནོ། །ཡང་དྲོ་བས་ན་ཡི་ག་འབྱེད་པར་བྱེད་པ་དང། བད་ཀན་འཇིག་པར་བྱེད་པ་ཡིན་ནོ། །མ་ཡེངས་པ་ནི་ཡིད་ལ་གཏོད་པ་སྟེ། ཡིད་གཞན ་དུ་ཡེངས་པ་འམ། ཤིན་ཏུ་མྱུར་བར་ཟ་བ་འམ། སྨྲ་བཞིན་ནམ། རྒོད་བཞིན་དུ་ཟ་ན། སྣུམ་མདངས་མི་བསྐྱེད་པ་དང། རྨྱ་བ་དང། གནས་སུ་མ་ཆད་པ་དང། ཡོན་ཏན་དང། སྐྱོན་མི་གཏོགས་པར་འགྱུར་རོ། །རོ་དྲུག་ལྡན་ཞིང་ཆེ་བྱ་བ་ནི་མངར་བ་དང་སྐྱུར་བ་དང ་ལན་ཚྭ་དང། ཁ་བ་དང་ཚ་བ་དང། བསྐ་བའི་རོ་དང་ལྡན་པའོ། །མངར་བག་ཆེ་ཞེས་བྱ་བ་ནི། ཕལ་ཆེར་མངར་བའི་ཤས་མང་བོའི་ཤིན་ཏུ་དལ་ཆེས་པར་བཟའ་བ་ནི་ངོམས་ཤིང་མཆོག་པར་བཀའ་བ་དང། མང་དུ་ཟ་བར་འགྱུར་བ་དང། ཟས་ཀྱི་བག་གྲངས་པར་འགྱུར་པ་དང། འཇུ ་དཀའ་བར་འགྱུར་རོ། །འཁྲུས་བྱས་པ་ནི་གཙང་སྦྲའི་ཆོ་ག་བྱས་པའོ། །བཀྲེས་པ་ནི་བྲུ་བ་ཚ་བ་དང་ལྡན་པའོ། །དབེན་པར་གནས་པ་ནི་སྐྱེ་བོ་མང་པོས་མ་བསྐོར་བའོ། །ཁ་གདོང་ལག་པ་རྐང་པ་དཀྲུས་ཞེས་བྱ་བ་ནི། ཁ་གདོང་ལག་པ་རྐང་པ ་གང་གིས་དཀྲུས་ཤིང་དག་པར་བྱས་པའོ། །དེ་བཞིན་དུ་ལྷ་རྣམས་མཆོད་ཅིང་རྗོད་པ་དང། ཡི་དགས་ལ་སྦྱིན་བར་བྱ་བ་དང། བླ་མ་དང་བྱིས་པ་དང། མགྲོན་དུ་བོས་པ་འམ། གློ་བུར་དུ་འོངས་པ་ལ་མཆོད་ཅིང་སྦྱིན་པར་བྱ་བ་དང། ཁྱི་ལ་སོགས་པ་ལ ་ཡང་སྦྱིན་ཞིང། ཕྱུགས་ལ་སོགས་པའི་དུད་འགྲོ་རྣམས་ཀྱང་རབ་ཏུ་བརྟགས་ཤིང། རྩཝ་ལ་སོགས་པ་སྦྱིན་ལ་བདག་ཉིད་ལེགས་པར་བརྟགས་ནས་ནི། ཞེས་བྱ་བ་ལ། ངའི་འདི་ནི་གོམས་ཤིང་བསྟན་པ་ཡིན་ནོ་ཞེས་པ་དང་གྲཏག་ཏུ་བག་ཡོད་པས་གནས ་པ་དང། མི་དམང་པ་སྟེ་ཟས་ལ་དཔྱས་མི་བརྗོད་པ་དང། མི་སྨྲ་བའམ། ཡིད་དུ་འོང་ཞིང་རྗེས་སུ་མཐུན་པ་ཅུང་ཟད་ཅིག་སྨྲ་བ་དང། སྐྱེ་བོ་གཙང་ཞིང་གུས་པས་བསྟབས་ཤིང་བྱིན་པ་འམ། གཡོས་སུ་བྱས་པ་དེ་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པའི་གཉེན་པར་ལྷན ་ཅིག་བཟའ་བར་བྱའོ། །ཟས་ནི་རྩཝ་དང། བ?་སྤུ་སོགས། འདྲེས་ཤིང་ཁོང་བུ་སླར་བསྲོས་དང། ཚོད་མ་ཟས་རན་མང་བ་དང། ཚེས་ཆེས་ལན་ཚྭ་མང་བ་དང། །ཕྲུམ་དང་ཞོ་དང་ཕྲུམ་སྐམ་དང། །བ་ཚྭ་ཚྭ་དང་ལ་ཕུག་རྗེན། །ཕག་རྒོད་ལུག་དང་བ་ལང་ཉ། ་མ་ཧེ་ཤ་དང་རིད་དང་རྐམ། །མཱ་ཥ་ཆུ་ལྡུམ་ནི་ཤྭ?་པ། །པད་རྩ་འབྲས་ཁུར་མྱུ་གྱུར་འགྱུར། །ཚོད་མ་སྐམ་དང་ནས་འདྲ་དང། །བུ་རམ་ཕྲ་མོ་བཟའ་མི་བྱ་ཞེས་བྱ་བ་ལ། ཕྲུམ་ནས་བུ་རམ་ཕྲ་མོའི་བར་དུ་བཟའ་བར་མི་བྱའོ། །བཟའ་མི་བྱ་ཞེས་བྱ་བ ་འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཕྲུམ་དང་ཆང་ལ་སོགས་པ་རྟག་ཏུ་གོམས་པར་རྒྱུན་དུ་བཟའ་བ་བཀག་པ་ཡིན་གྱི། འདི་དག་ལན་འགའ་ཡང་བཟར་མི་རུང་བར་བཀག་པ་ནི་མ་ཡིན་ནོ། །དེ་ལ་ཕྲུམ་ནི་པའི་འོ་ལ་སོགས་པ་ལས་བྱས་པའོ། །བ་ཚྭ ་ནི་ལ?་བགྲང་ལ་སོགས་པའོ། །ཚ་ནི་ཆང་ཐམས་ཅད་ཤིན་ཏུ་སྐྱུར་བར་སོང་བའོ། །ལ་ཕུག་རྗེན་པ་ནི་ལ་ཕུག་རྒན་པོའོ། །ཤ་ཞེས་བྱ་བ་ནི་རིང་པ་ལ་སོགས་པ་ཀུན་དང་སྦྱར་རོ། །རིང་བ་ནི་པགས་པ་དང་རུས་པ་ཙམ་ལུས་པའོ། །སྐམ་བ་ནི་རླན་མེད་པའོ། །ནིསྤ་པ་ནི་གང་བུ་ཅན་གྱི ་འབྲུའི་བྱེ་བྲག་ཅིག་གོ་།ཆུ་རྡམ?་ནི་ཨུཏཔ་ལ་ལ་སོགས་པའི་སྡོད་བུའི་ཚོད་མའོ། །འབྲས་ཁུར་ནི་སཱ་ལུ། སོགས་པ་བཏགས་པ་ལས་བྱས་པའི་ཁུར་བའོ། །མྱུ་གུར་གྱུར་པ་ནི་འབྲས་ལ་སོགས་པའི་ཁྱི་གུ་སོ་འཐོན་པའོ། །ཡ་པ་ཀ་ནི་གྲ་མ་ཅན་གྱི་འབྲུའི་བྱེ་བྲག ་གོ་།བུ་རམ་བྲ་མོ་ནི་བུ་རམ་གྱི་ཁྱད་པར་ཆུང་ངུ་ཞིག་གོ་།སཱ་ལུའི་འབྲས་དང་གྲོ་དང་ནས། །དྲུག་བཅུ་པ་དང་སྐམ་པའི་ཤ་ཨ་རུ་སྐྱུ་རུ་རྒུན་འབྲུ་དང། །མུཏག་ཁ་ར་པ་ཏོ་ལ། །ཞུན་མར་ཆར་ཆུ་འོ་མ་དང། །སྦྲང་རྩི་སེ་འབྲུ་རྒྱམ་ཚྭ་བཟའ་། །མིག་དང་སྟོབས་ཕྱིར ་མཚན་མོ་མའོ། །འབྲས་གསུམ་སྦྲང་རྩི་མར་སར་བཟའ་། །མི་ནར་འཇོག་པར་བྱེད་དག་དང། །ནད་སེལ་བྱེད་བ་གང་ཡིན་བསྟེན་ཞེས་བྱ་བ་ལ། རཀྟ་ཤ་ལི་ལ་སོགས་པའི་སཱ་ལུའི་འབྲས་ཆན་ལ་སོགས་པ་དང། སྐམ་པའི་ཤ་རྟག་ཏུ་བཟའ་བར་བྱའོ། །དེ་བཞིན་?མིག ་ལ་ཕན་པ་དང། ལུས་ཀྱི་སྟོབས་བསྐྱད་པར་བྱ་བའི་ཕྱིར། མཚན་མོའི་དུས་སུ་འབྲས་བུ་གསུམ་དང། སྦྲང་རྩི་དང་མར་སར་དུ་སྦྱར་བ་བཟའ་བར་བྱའོ། །གཞན་ཡང་སྨན་གྱི་རིགས་གང་མ་སྨོས་སུ་ཟིན་ཀྱང། སྨིན་པར་བྱེད་ཅིང་བར་འཇུ་བར་བྱེད་པ་གང་ཡིན་པ ་དང་སྨན་གང་ནད་སེལ་ཞིང་འཇོམས་པར་བྱེད་པ་དེ་ཡང་བསྟེན་ཅིང་བཟའ་བར་བྱའོ། །བད་རྩ་གུར་ཤིང་ཙོ?་ཙ་དང། མོ་རྩ་ཨ་མྲའི་འབྲས་བུ་དང། །ལ་?་ཁུར་བ་བུ་རམ་ཅན། །ཟས་ནི་ལྕི་ཞིང་སྣུམ་པ་དང། །མངར་ཞིང་འཇུ་དཀའ་བརྟན་པ་རྣམས། །དང་པོ ་ཉིད་དུ་བཟའ་བར་བྱ་ཞེས་བྱ་བ་ལ། པདྨའི་རྩ་བ་ལ་སོགས་པའི་ཟས་ཀྱི་དང་པོར་ཐོག་མར་ཉིད་དུ་དགའ་བར་བྱའོ། །ཙོ་ཙ་ནི་བརྒྱ་ལྟར་གྱིས་འབྲས་བུའོ། །མོ་ཙ་ནི་ཆུང་གི་འབྲས་བུའོ། །ཁུར་བ་བུ་རམ་ཅན་ནི་བཟའ་བའི་ཁྱད་པར་རོ།། ་འཇུ་དཀའ་བ་ནི་ནོར་བཏུལ་བའོ། །བརྟན་པ་ནི་བརྟན་པོར་གནས་པ་སྟེ། དག?་མན་བཟའ་བར་བྱའོ། །དེ་ལས་བཟློག་པ་ཐ་མར་བཟའ་། །བར་དུ་སྒྱུར་ཚ་ལན་ཚྭ་ཅན་ཞེས་བྱ་བ་ལ། སྔར་བཤད་པ་དེ་ལས་གོ་བཟློག་པ་ནི། ཡང་བ་དང། རྩུབ་པ་དང། ཚ་བ་དང། རྣོ ་བ་དང། གཡོ་བའི་རང་བཞིན་ཅན་གྱི་ཡན་ལག་རྣམས་ཁ་བ་དང། ཚ་བ་དང། བསྐར་བའི་མཚན་ཉིད་ཅན་ཟས་ཀྱི་ཐ་མ་རྫོགས་པའི་དུས་སུ་བཟའ་བར་བྱའོ། །ཟས་ཀྱི་བར་དུ་ནི་སྐྱུར་བ་དང་ཚྭ་བ་དང། ལན་ཚ་ཅན་བཟའ་བར་བྱའོ། །ལྟོ་ཡི་ཆ་གཉིས་ཟད་ཀྱི་སྟེ། ཆ ་གཅིག་སྐོམ་གྱིས་དགར་བར་བྱ། །རླུང་ལ་སོགས་པའི་གནས་སུ་ནི། །ཆ་གཞི་བར་ནི་ལྷག་པར་བཞག་ཅེས་བྱ་བ་ལ། །ལྟོའི་ཆ་གཉིས་ནི་ཟས་ཀྱིས་དགར་བྱའོ། །ལྟོའི་ཆ་གཅིག་ནི་སྐོམ་སྟེ། བཏུང་བ་སང་གང་པར་བྱའོ། །རླུང་ལ་སོགས་པའི་ཉེས་པ་རྣམས་ཀྱི་གནས ་དང། རྟེན་དུ་ནི་ལྟོའི་བཞི་བ་ལྷག་མར་བཞག་ཅིང་ལུས་པར་བྱའོ། །འདི་ནི་རྣམ་པ་ཐམས་ཅད་དུ་བྱ་བ་མ་ཡིན་ཏེ། དེ་ཡང་གཞུང་ལས། རླུང་མེའི་ཤས་ཆུང་ནད་མེད་དང། རྒྱལ་པོའི་བདེ་བའི་བདག་ཉིད་ལ། །རིམ་འདི་རྟག་ཏུ་སྦྱར་བྱ་ཡི། །གཞན་དག ་ལ་ནི་དེས་པ་མེད་ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཟས་ཟོས་ཟིན་ནས། །དེའི་རྗེས་ལ་སྐོམ་བཏུང་བ་བྱ་བ་ཡིན་པས་ན། དེའི་ཕྱིར་སྨྲས་པ་ནི། ཟོས་རྗེས་སྐོམ་ནི་བསིལ་བའི་ཆུ། ནད་དང་བག་ཕྱེའི་གཡོས་བྱས་ཟོས། །ཞོ་ཆང་དུག་འབགས་སྦྲང་རྩི་ལ། ཆུ་བ་སིལ ་རྗེས་སུ་འཐུངས་ན་ཕན་ཞེས་བྱ་བ་ལ། ཟས་ཟོས་པའི་རྗེས་ལ་སྐོམ་དུ་བཏུང་བ་ནི་ཆུ་གཉིས་བཟང་བ་ཡིན་ཏེ། རོ་ཐམས་ཅད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་དང། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལོངས་སྤྱོད་ཡིན་པའི་ཕྱིར་དང། འཚོ་བར་བྱེད་བ་ལ་སོགས ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་ཡང་ཁྱད་པར་ནི་བསིལ་ཞིང་གྲང་བའི་ཡོན་ཏན་དང་ལྡན་པའོ། །དེ་ཡང་གང་དང་རྗེས་སུ་འཐུན་ཞེ་ན། ནས་དང་བག་ཕྱེ་ལས་གཡོས་སུ་བྱས་པ་ཟོས་པ་དང། ཞོ་དང། ཆང་དང། དུག་དང། སྦྲང་རྩི་ཟོས་པའི་རྗེས་ལ་འཐུངས ་ན་ཕན་ཞིང་བདེ་བར་འགྱུར་བ་ཡིན་ནོ། །མི་འཇུ་འགགས་ལ་ཆུ་དྲོན་བཏང། །ཚོད་མ་མུཏགའི་གནོད་པ་ལ། །ཞོ་དང་ཆུ་དང་དར་བ་དང། རང་སྐྱུར་རྩབ་མོ་བཏུང་བར་བྱ་ཞེས་བྱ་བ་ལ། གང་ཟས་མི་འཇུ་བ་དང། གཤང་གཅི་འགགས་པ་ལ་ནི་ཆུ་བསྐོལ་བར་མོན་བཏུང་བར ་བྱ་བ་ལ། ཚོད་མ་དག་དང། །མུཏག་ཟོས་པ་ལས་གནོད་པར་གྱུར་བའི་ནད་ལ་ནི་ཞོ་ག་ཆུ་དང། དར་བ་དང། འབྲས་བུ་མནན་པའི་རང་སྐྱུར་གྱི་ཚ་བ་མོ་བཏུང་བར་བྱའོ། །སྐེམ་པོ་རྒྱས་བྱིང་ཆང་བཏུང་སྟེ། ཞེས་བྱ་བ་ལ། མི་སྐེམ་ཞིང་ཤ་ཆུང་བ་དག་ལ་ལུས་རྒྱས ་ཤིང་ལུས་ཟུངས་འཕེལ་བར་བྱ་བའི་ཕྱིར། །སྐོམ་དུ་ཆང་བཏུང་བ་ཕན་པ་ཡིན་ནོ། །སྦོམ་པོས་སྦྲང་རྩི་ཆུ་བཏུང་ངོ་ཞེས་བྱ་བ་ལ། མི་སྦོམ་ཞིང་ཤ་ཆེ་བ་དག་སྐེམ་པོར་བྱ་བའི་ཕྱིར། སྐོམ་དུ་སྦྲང་རྩིའི་ཆུ་བཏུང་བ་སྟེ། སྦྲང་རྩི་དང་ཆུ་སྦྱར་བའི་སྐམ་བཏུང་བར་བྱའོ། །གཙོད?་ཆེན་ནད་ལ ་ཤ་ཁུ་བཏུང་ཞེས་བྱ་བ་ལ། གཙོད་ཞེས་བྱ་བ་ཟད་བྱེད་ཀྱི་གློ་གཙོད་ཆེན་པོ་ན་བ་ལ་ཤ་ཁུ་བཏུང་བར་བྱའོ། །དྲོད་ཆུང་ཤ་ཟོས་ཆང་བཏུང་བྱ་ཞེས་བྱ་བ་ལ། མེ་དྲོད་ཆུང་ཞིང་ཤ་ཟོས་པས་ནི་སྐོམ་དུ་ཆང་བཏུང་བར་བྱའོ། །ནད་དང་སྨན་སོགས་སྦྲང་བུད་མེད། །ཟན་བཅད ་དཀའ་ཐུབ་ལས་རྣམས་ཀྱི། །སྐེམ་དང་བྱིས་པ་རྒན་པོ་ལ། འོ་མ་བདུད་རྩི་ལྟ་བུར་ཕན་ཞེས་བྱ་བ་ལ། ནད་པ་ལ་སོགས་པས་ཉམ་ཆུང་ཞིང་རྨྱ་བར་གྱུར་པའི་མི་དང། སྐེམ་བ་དང། བྱིས་པ་དང། རྒན་པོ་དག་ལ་སྐོམ་དུ་འོ་མ་བཏུང་བ་ནི་བདུད་རྩི་ལྟ་བུ་ཕན་པར་བྱེད་པ་ཡིན་ནོ། །མདོང་ན ་ཟོས་རྗེས་བཏུང་བདག། །གང་ཞིག་ཟས་དང་ཡོན་ཏན་ནི། །མི་འཐུན་མི་འཕྲོད་མེད་གྱུར་ལ། །དེ་ནི་རྣམ་པ་ཀུན་ཏུ་བསྔགས། །ཞེས་བྱ་བ་ལ། མདོར་བསྡུ་ན་ཟས་ཀྱི་རྗེས་ལ་སྐོམ་དུ་བཏུང་བར་བྱ་བ་ནི་གང་ཞིག་ཟས་དང་མི་འདྲ་ཞིང་དེ་དང་པར་བཞིན་མི་མཐུན་པར ་གྱུར་བ་དེ་ནི། དུས་རྣམ་པ་ཀུན་ཏུ་བསྔགས་ཤིང་ཕན་པར་འགྱུར་བ་ཡིན་ལ། དེ་ཡང་མི་འཕྲོད་པ་མེད་པར་གྱུར་པའོ། །དེ་ཡང་དཔེར་ན་སྣུམ་པ་ལ་རྩུབ་པ་དང། རྩུབ་པ་ལ་སྣུམ་པ་དང། གྲང་བ་ལ་དྲོ་བ་དང། དྲོ་བ་ལ་གྲང་བ་དང། མངར་བ་ལ་སྐྱུར་བ་དང། སྐྱུར་བ་ལ ་མངར་བ་དང། མངར་བ་ལ་ཁ་བ་དང། ཁ་བ་ལ་མངར་བའོ། །དེ་ལྟར་ན་ནི་འོ་མ་ལས་གཡོས་བྱས་པའི་ཟས་དང། འོ་མ་ལས་གྱུར་པ་རྣམས་ལ་སྐོམ་དུ་རང་སྐྱུར་གྱི་རྩབ་མོ་ལ་སོགས་པ་བཏུང་བར་བྱ་དགོས་ཏེ། ཟས་ཀྱི་ཡོན་ཏན་ལས་ཡོན་ཏན་མི་མཐུན ་པ་མེད་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་མི་འཕྲོད་པ་མེད་ཅེས་བྱ་བའི་ཚིག་སྨོས་པ་ཡིན་ཏེ། རྩབ་མོ་རང་སྐྱུར་ལ་སོགས་པ་སྐྱུར་བ་གང་ཡིན་པ་དེ་ནི། འོ་མ་ལ་སོགས་པ་དང་ཡོན་ཏན་མི་མཐུན་པར་གྱུར་པ་ཡིན་དུ་ཟིན་ཀྱང། དེ་ནི་མི་འཕྲོད་པ ་ཡིན་ཏེ། འོ་མ་དང་སྐྱུར་ལྷན་ཅིག་བཟའ་བ་ནི་མི་འཕྲོད་པ་ཡིན་ནོ། །ཞེས་སྔར་བསྟན་པའི་ཕྱིར་རོ། །དེ་བས་ན་གང་ཟས་དང། སྐོམ་དང་ཡོན་ཏན་མི་མཐུན་ཞིང། མཚན་ཉིད་ཐ་དད་ཀྱང་མི་འཕྲོད་པ་མེད་པར་གྱུར་པ་བཏུང་བ་དེ་མཆོག་ཏུ་བསྔགས་པ ་ཡིན་ནོ། །ད་ནི་སྐོམ་འཐུངས་པའི་ཡོན་ཏན་སྨྲས་པ་ནི། ཟན་རྗེས་སྐོམ་འཐུངས་ངོམས་དང་ཁྱབ། །སྟོབས་འཕེལ་ལུས་ནི་བརྟན་བྱེད་ལ། །ཟས་སླུད་སྙི་བར་འགྱུར་བ་དང། །འབྲུལ་ཞིང་རྣམ་པར་འཇུག་པར་འགྱུར་ཞེས་བྱ་བ་ལ། ཟས་ཀྱི་རྗེས་ལ་སྐོམ་འཐུངས ་པ་ནི་དོམས་ཤིང་ཚིམས་པར་བྱེད་པ་དང། ལུས་ཁྱབ་ཅིང་རྫོགས་པར་བྱེད་པ་དང། གཟི་མདངས་འཕེལ་ཞིང་བརྟས་པར་བྱེད་པ་དང། དེ་བཞིན་དུ་ལུས་བརྟན་པར་བྱེད་པ་དང། ཡན་ལག་བརྟན་པར་བྱེད་པ་དང། དེ་བཞིན་དུ་ཟས་ཀྱི་ཚོགས་སྡུད་ཅིང་གཅིག་ཏུ ་གནས་པར་བྱེད་ལ། སྒོང་པར་བྱེད་དོ། །སྙི་བར་བྱེད་པ་ནི་ཟས་བསྡུས་པ་དེ་ལྷོད་ཅིང་སྙི་བར་བྱེད་པ་དང། ཟས་དེ་ཉིད་འདྲུལ་པར་བྱེད་ཅིང་སླ་བར་བྱེད་པ་དང། དེ་བཞིན་དུ་རྣམ་པར་འཇུ་ཞིང་བདེ་བར་འཇུ་བར་བྱེད་པར་འགྱུར་རོ། །དེ་ནི་ནམ་ཚོད་ཡན་ཆད་ནད།། ་དབུགས་ལུང་གློ་རྡོལ་ཆམ་པ་དང། །གླུ་ལེན་སྨྲ་མང་ལ་ཆགས་དང། །སྐད་འགགས་པ་ལ་གནོད་པ་ཡིན་ཞེས་བྱ་བ་ལ། སྐོམ་འཐུངས་པ་དེ་ནི། ནམ་ཚོད་ཡན་ཆད་ཀྱི་ནད་ལ་གནོད་པ་ཡིན་ནོ། །དེ་ལ་ནམ་ཚོད་ནི་མཆན་ཁུང་དང། དཔུང་པ་གཡས ་ག?་ཡིན་གཉིས་ཀྱི་བར་མཚམས་ལ་ནམ་ཚོད་ཞེས་བྱ་སྟེ། དེ་ཡང་ལུང་ལས། ནམ་ཚོད་མགོ་དང་སྐེ་བའི་བརྟེན། །མགོ་འཛིན་ཞེས་ཀྱང་བཤད་པ་ཡིན་ཞེས་འབྱུང་པ་ཡིན་ནོ། །དེ་ལྟར་ན་དེ་ཡན་ཆད་ཀྱི་ཡན་ལག་གི་ནད་ལ་གནོད་པ་ཡིན་ནོ། །དེ་བཞིན་དུ་དབུགས ་མི་བདེ་བ་དང། ལུད་པ་མང་བ་དང། གློ་བརྡོལ་བ་དང། ཆམ་པས་བཏབ་པ་ལ་ཡང་གནོད་པ་ཡིན་ནོ། །དེ་བཞིན་དུ་གླུ་ལེན་པ་དང། སྨྲ་བ་མང་པོ་ལ་ཆགས་ཤིང་ཡང་དང་ཡང་དུ་སློབ་པ་དང། སྐད་འགགས་པ་ལ་ཡང་གནོད་པ་ཡིན་ཏེ། དེ་རྣམས་ཀྱི་མ་ཞུ་པའི ་གནས་ལ་གནོད་བར་གྱུར་ནས། ལྐོག་མར་གྱུར་པའི་ཟས་ལས་བྱུང་པའི་སྣུམ་དང་འདྲེས་ཏེ། སློན་པ་ལ་སོགས་པའི་ནད་སྐྱེད་བར་འགྱུར་བ་ཡིན་ནོ། །ལུས་ལ་རྣག་འཛག་གཅིན་ནད་མིག་།ལྐོག་ནད་རྨའི་ནད་ཀྱིས་ཉེན། །སྐོམ་སྤང་ཞེས་བྱ་བ་ལ། གང་གི ་ལུས་ལ་མཛེ་ལ་སོགས་པས་ཉེན་ཅིང་རྣག་འཛག་པར་གྱུར་པ་དང། དེ་བཞིན་དུ་གཅིན་ནད་དེ། ལྐད?་བའི་ནད་ཡོད་པ་དང། །མིག་ན་བ་དང། །ལྐོག་མིན་ངན་བ་དང། རྨའི་ནད་ཀྱིས་ཉེན་ཅིང་གནོད་པར་གྱུར་པ་སྟེ། དེ་དག་ཐམས་ཅད་ཀྱིས་སྐོམ་སྤང་ཞིང་དོར་བར་བྱའོ། །ཀུན་གྱིས་སྐོཾ ་འཐུངས་ནས། མང་སྨྲ་ལམ་ཞུགས་ཉེལ་བ་སྤང་ཞེས་བྱ་བ་ལ། ཀུན་གྱིས་ཞེས་བྱ་བ་ནད་མེད་པ་འམ། ནད་དང་ལྡན་པའི་མི་ཐམས་ཅད་ཀྱིས་ཀྱང་སྐོམ་འཐུངས་པར་གྱུར་པའི་རྗེས་ཐོགས་ལ་མང་དུ་སྨྲ་ཞིང་འདོན་པ་དང། ལམ་དུ་ཞུགས་ཤིང་འགྲོ་བ་དང། ་ཉལ་ཞིང་གཉིད་ལོག་པ་སྟེ། དུས་དེའི་ཚེ་ཉིད་འཕྲལ་དུ་བྱ་བ་དག་སྤང་ཞིང་དོར་བར་བྱའོ། །ཟས་ཟོས་ནས་ནི་ཉི་ཚན་མེ། རྟ་ཞོན་རྐྱལ་དང་འདེགས་པ་སྤང་ཞེས་བྱ་བ་ལ་ཟས་ཟོས་པའི་རྗེས་ཐོགས་ཉིད་ལ་ཉི་མཚན་ལ་སོགས་པ་སྤང་བར་བྱ་སྟེ། ཉི་ཚན ་ནི་ཉི་མའི་ཐན་པས་གདུངས་པའོ། །མེ་ནི་མེ་ཚ་ལ་འདེབས་པར་གྱུར་པའོ། །བཞོན་པ་ནི་རྟ་ལ་སོགས་པས་འགྲོ་བའོ། །རྐྱལ་བ་ནི་མཚོ་ལ་སོགས་པར་རྐྱལ་བའོ། །འདེགས་པ་ནི་གུར་ལ་སོགས་པ་ཡུལ་།གཞན་དུ་བསྐྱོད་བ་སྟེ། དེ་སྤང་བར་བྱའོ། །ཟས་དང་སྐོམ་ཡོན ་ཏན་དང་ལྡན་པ་དང། ཚོད་ཟིན་པར་བྱས་སུ་ཟིན་ཀྱང་དུས་མ་ཡིན་པར་ཟོས་པ་དང། འཐུངས་པས་ལུས་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་བས་ན་བཤང་དང་གཅི་བ་གསལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དེའི་དུས་སྨྲས་པ་ཡིན་ཏེ། ་བཤང་དང་གཅི་གསལ་སྙིང་ལ་དྲི་མེད་ཉེས་པས་ལམ་མིན་པར་མི་འགྲོ། སྒྲེགས་པ་དག་ཅིང་བྲུ་བ་ཚ་གྱུར་ཐུར་གྱི་རླུང་ནི་ཐ་མལ་རྒྱུ། །དེ་བཞིན་མ་ཡི་དྲོད་བདོ་དབང་པོ་གསལ་ཞིང་ལུས་ཀྱང་རབ་ཏུ་ཡང། །ཟས་ཀྱི་ཚོད་རན་ཚོ་གང་སྦྱར་ཞིང་བཟའ་བ་དེ ་ནི་ཤིན་ཏུ་དུས་སུ་འདོད་ཅེས་བྱ་བ་ལ། བཤང་བ་དང་གཅི་བ་ལེགས་པར་བསལ་ཞིང་བཏང་བ་དང། སྙིང་ལ་དྲི་མ་མེད་པ་སྟེ། །སེམས་དང་ཞིང་ཉམ་ང་བ་མེད་པ་དང། ཉེས་པ་དེ་རླུང་ལ་སོགས་པ་ལམ་མ་ཡིན་པ་དག་ཏུ་ལོག་པར་མི་འགྲོ་ཞིང། རང ་གི་གནས་ན་གནས་པ་དང། སྒྲེགས་པ་དག་ཅིང་དྲི་མ་མནམ་པ་མེད་པ་དང་འབྲུ་བ་ཆ་བ་མེད་པར་གྱུར་ཅིང་བཀྲེས་པས་ཟ་འདོད་པར་གྱུར་པ་དང། ཐུར་གྱི་རླུང་ཐ་མལ་པར་རྒྱུ་བ་སྟེ། ཐུར་དུ་འབྱུང་བའི་རླུང་ལུགས་བཞིན་འབྱུང་བ་དང། དེ་བཞིན་དུ་ཕོ་བའི ་མེ་དྲོད་བདོ་ཞིང་ཤས་ཆེ་བ་དང། དབང་པོ་གསལ་ཞིང་རང་གི་བྱ་བ་རྣམས་ལ་འཇུག་པ་གསལ་བ་དང། དེ་བཞིན་དུ་རང་གི་ལུས་ཀྱང་བར་གྱུར་ཅིང་ཕྱག་བྱ་བ་ལ་ཐོགས་པ་མེད་པར་གྱུར་པ་ནི། ཟས་ཀྱི་ཚོད་རན་པའི་ཆོ་གར་སྦྱར་བར་ཇི་སྐད ་བཤད་པ་དེ་བཞིན་དུ་ཟ་བ་དེ་ནི་ཟབ་ལ་སྤྱོད་པའི་དུས་ཡིན་པར་སློབ་དོན་དག་འདོད་ཅིང་བཞེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ ་ལས། ལེའུ་བརྒྱད་པའི་འགྲེལ་པའོ།། །།དེ་ནས་སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་བ་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་སྔར་བརྩམས་པའི་དེའི་རྗེས་ཐོགས་ལ་སྟེ། ཟས་ཀྱི་ཚོད་ཟིན་པར་བཟའ་བའི་རྗེས་ལ ་སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །དེ་ལ་སྨན་ལ་སོགས་པ་ཞེས་སྨོས་པ་ལ་སོགས་པའི་སྒྲས་ནི་ནུས་པ་དང། འཇུ་དཀའ་པ་ལ་སོགས་པ་བསྡུའོ། །དེ་རྣམས་ཀྱི་བྱེ་བྲག་ཅེས་པར་བྱ་བ་ནི། མཚན་ཉིད་ཁོང་དུ་ཆུད་པར་བྱ་བ་སྟེ། ་དེ་ཤེས་པར་འགྱུར་བ་ལ་ཕན་པའི་ལེའུ་བཤད་པར་བྱའོ། །ཞེས་པའོ། །དེ་འང་གང་གི་ཕྱིར་ཟས་དང་སྐོམ་འདི་དག་ནི་ཟས་དང་རོ་དང་རུས་པ་དང། འཇུ་བ་ལ་སོགས་པ་ཡོངས་སུ་བརྟགས་ནས་སྦྱར་བར་བྱ་བའི་གཞན་དུ་ནི་མ་ཡིན་ནོ། །དེ་ལ་སྨན་ནམ་རྫས་ནི་རོ་ལ་སོགས ་པ་ལས་མཆོག་ཏུ་གྱུར་པ་ཡིན་པས་དང་པོར་བསྟན་པ་ཡིན་ཏེ་སྨན་རྣམ་ཉིད་ཀྱི་རོ་ལ་སོགས། །དེ་ནི་དེ་ལ་བརྟེན་པས་མཆོག་ཅེས་བྱ་བ་ལ། སྨན་རྣམ་གཉིས་རོ་དང་ནུས་པ་ལ་སོགས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རོ་ལ་སོགས་པ ་དེ་རྣམས་ནི་སྨན་དེ་ལ་བརྟེན་ཅིང་གནས་པ་ཡིན་གྱི། རོ་ལ་སོགས་པ་འབའ་ཞིག་ཚིག་སྐྱར་གནས་པ་ནི་མ་ཡིན་ཏེ། དེ་བས་ན་དེ་ནི་མཆོག་ཡིན་ནོ། །དེ་ཡང་འབྱུང་བ་ལྔའི་བདག་ཉིད་ཅན་ཞེས་བྱ་བ་ལ། སྨན་དེ་ཡང་འབྲས་བུའི་རང་བཞིན་རྒྱུ་བ་དང ་མི་རྒྱུ་བ་ལ་སོགས་པའི་ཚུལ་དུ་གནས་པ་གང་ཡིན་པ་དེ་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཏེ། འབྱུང་བ་ཆེན་པོ་རྣམས་ལས་ཤེས་པར་བྱ་སྟེ། ནམ་མཁའ་ལ་སོགས་པ་རྒྱུའི་རྫས་རྣམས་ན་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་རྒྱུའི་རྫས་ཀྱི་འབྱུང་བ་ཆེན་པོ ་ལྔའི་བདག་ཉིད་ཅན་དུ་གྱུར་པ་ནི་སོ་སོར་རང་ཉིད་ཐོབ་པའི་དོན་དུ་གནས་པ་འདི་ནི་ནམ་མཁའ་ཞེས་བྱ་བའི་འབྱུང་བ་ཆེན་པོའོ། །དེ་ནི་སའི་འབྱུང་བ་ཆེན་པོ་ཞེས་སྨྲ་བར་ནུས་པ་མ་ཡིན་གྱི། སལ་སོགས་པ་འབྱུང་བ་རྣམས་ནི་འབྱུང་བ་ཆེན་པོ་ལྔའི་བདག ་ཅན་ཡིན་པས་ན། དེའི་སྒྲས་བརྟན་པ་ཡིན་ནོ། །དེ་བས་ན་འབྱུང་བ་ལྔའི་བདག་ཉིད་ཅན་དང་གཅིག་པ་མ་ཡིན་ནོ། །དེ་ཉེ་བར་དམིགས་པ་རྣམ་ལྔས་ཤེས་པར་བྱ་སྟེ། དེ་ལ་དེའི་འང། དྲིའི་ཤས་ཆེ་བ་གང་ཡིན་པ་དེ་ནི་སའི་ཡིན་ལ། རོའི་ཤས་ཆེ་བ་གང ་ཡིན་པ་དེ་ནི་ཆུའི་ཡིན་ནོ། །གཟུགས་ཀྱི་ཡོན་ཏན་ཤས་ཆེ་བ་དེ་ནི་མེའི་ཡོན་ཏན་ནོ། །རེག་པའི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་རླུང་གི་ཡིན་ནོ། །སྒྲའི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་ནམ་མཁའ་ ་ཡིན་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ་པ་གང་ཡིན་པའི་ཕྱིར། གང་ཞེས་བྱ་བའི་ཚིག་འདི་མ་སྨོས་སུ་ཟིན་ཀྱང། བསྟན་པ་ཉིད་ཡིན་པ་ཤེས་པར་བྱའོ། །གལ་ཏེ་སྨན་དེ་འབྱུང་བ་ཆེན་པོ་ལྔས་བསྐྱེད་པ་ཡིན་ན། དེ་འབྱུང་བ་ཆེན་པོ་གང་གིས་ཇི་ལྟར་བྱས་ནས། ་བསྐྱེད་པ་ཡིན་ཞེ་ན། དེའི་ཕྱིར་སྨས་པ་ནི། ས་ལ་བརྟེན་ཏེ་སྐྱེ་ལ་ཡིན་ཞེས་བྱ་བ་ཡིན་ཏེ། ས་བརྟེན་པའི་གནས་སུ་བྱས་ནས་སུ་བསྐྱེ་བ་ཡིན་ནོ། །དེ་ལྟར་ན་ས་ཞེས་བྱ་བའི་འབྱུང་པོ་བརྟེན་དུ་བྱས་པའི་དགོས་པ་བྱས་པས་ན། དེས་བསྐྱེད་ཅིང་བསྐྲུན་པ ་ཡོན་ནོ་ཞེས་བཤད་དོ། །དེ་བཞིན་དུ་དེ་ནི་མེའི་སྐྱེ་གནས་ཞེས་བྱ་བ་ཆུ་ནི་སྐྱེ་གནས་སུ་གྱུར་ཅིང། སྐྱེད་པར་བྱེད་པར་རྒྱུ་བྱེད་པས་ན། སྨན་གྱི་སྐྱེ་གནས་ནི་ཆུའི་ཡིན་ཏེ། དེ་ལྟར་ན་ཆུ་ཞེས་བྱ་བའི་འབྱུང་བ་ཆེན་པོས་རོ་དང་ལྡན་པར་སྐྱེ་གནས་གྱི་དགོས་པ ་བྱིས་པ་དེས་དེ་སྐྱེད་པ་ཞེས་བྱའོ། །ཆུ་ནི་སྐྱེ་གནས་མེ་དང་རླུང། །ནམ་མཁའ་རྣམས་ནི་ཚོགས་པ་ལས། །དེ་སྐྱེས་གྱུར་དང་ཁྱད་པར་འབྱུང་ཞེས་བྱ་བ་ལ་སྨན་དེ་སྐྱེས་ཤིང་འབྱུང་བས་གྱུར་པ་དང། རྫོགས་པར་འཐོན་པ་དེ་ནི་མེ་དང་རླུང་དང་ནམ་མཁའ་རྣམས་ཀྱི་ཚོགས་པ ་ལས་སྐྱེས་པར་གྱུར་པ་ཡིན་ཏེ། ཚོགས་པས་རྒྱུ་དང་འབྲས་བུའི་ཚུལ་གྱིས་བསྐྱེད་དེ། དེས་ན་དཔེར་ན་མེ་ནི་སྨིན་པར་བྱེད་པ་ཉིད་ཀྱིས་དགོས་པ་བྱེད་ལ། རླུང་ནི་གཡོ་འགུལ་གྱི་ཚུལ་གྱིས་སོ། །ནམ་མཁའ་ནི་གོ་འབྱེད་པའི་ཚུལ་གྱིས་སོ། །དེ་སྐྱེས་པ ་གྱུར་པ་མེ་དང་རླུང་དང། ནམ་མཁའ་རྣམས་ཀྱི། ཚོགས་པ་ལས་དེ་སྐྱེས་པར་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཁྱད་པར་གཞན་རྣམས་ཚུལ་ཐ་དད་ཅིང། རང་བཞིན་དུ་མར་གྱུར་པའི་བར་དེ་རྣམས་ཀྱང། མེ་དང་རླུང་དང་ནམ་མཁའ་དེ་རྣམས་ཀྱི ་ཚོགས་པ་ལས་བྱུང་བ་ཡིན་ནོ། །དེ་ལྟར་སྨན་ཐམས་ཅད་དང་འབྱུང་བ་ཆེན་པོ་ལྔར་གྱིས་སྐྱེད་པ་ཡིན་ནོ། །འདི་ནི་?་འོ། །ཞེས་མིང་ཅིའི་ཕྱིར་འདོགས་ཤེ་ན་།དེའི་ཕྱིར་སྨྲས་པ་ནི། མིང་ནི་ཤས་ཆེ་ལས་གྱུར་ཡིན་ཞེས་བྱ་བ་ཡིན་ཏེ། རྫས་གང་ལ་འདི་དག ་ཐམས་ཅད་རྒྱུར་གྱུར་པ་ཡིན་ཡང། གང་གང་གིས་ཤས་ཆེ་ཞིང་མེད་པར་གྱུར་པ་དེར་དེ་ཉིད་ཀྱི་མིང་དུ་བཏགས་པ་ཡིན་ཏེ། སའི་ཤས་ཆེ་བ་ལས་སྐྱེས་པ་ནི་སའི་མིང་ཅན་ཡིན་ལ། ཆུའི་ཤས་ཆེ་བ་ལ་སྐྱེས་བ་ནི་ཆུའི་འོ། །དེ་ལྟར་ན་སྨན་ཐམས་ཅད་ནི་འབྱུང་བ་ཆེན་པོ་ལྔའི ་བདག་ཉིད་ཙམ་ཡིན་ནོ། །དེ་བས་ན་འབྱུང་བ་འདུས་པ་ལས། འབྱུང་བ་སྨན་ནི་རོ་གཅིག་མིན་ཞེས་བྱ་བ་ལ། གང་ཕྱིར་འབྱུང་བ་ཆེན་པོ་ཚོགས་བ་རྣམས་ལ་སྨན་རྣམས་འབྱུང་ཞིང་སྐྱེ་བ་ཡིན་པ་དེ་བས་ན་སྨན་རྣམས་ནི་རོ་གཅིག་ཁོ་ནར་མི་འགྱུར་ཏེ། རོ་མང ་ཞིང་ཐ་དད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདིར་འདི་ལྟར་གང་རོའི་རྒྱུ་ནི་འབྱུང་བ་ཆེན་པོ་གཅིག་པོ་ཆུ་ཉིད་ཡིན་གྱི། འབྱུང་བ་ཆེན་པོ་གཞན་དག་ནི་མ་ཡིན་ཏེ། དེ་དག་ནི་རོ་མེད་པ་ཡིན་ལ། འབྲས་བུ་ནི་རྒྱུ་དང་ཆ་འདྲ་བར་འབྱུང་བས་ཡིན་པས། གཞན་ལས་རོ་འབྱུང ་བར་མི་རིགས་སོ་ཞེས་བརྒལ་ཞིང་བརྟག་པར་མི་བྱ་སྟེ། གང་གི་ཕྱིར་འབྱུང་བ་འདུས་པ་ལས་འབྱུང་ཞེས་བྱ་བ་འདིས་འདི་སྐད་སྟོན་པ་ཡིན་ཏེ། ཅི་ལྟར་སྨན་འབྱུང་བ་ཆེན་པོ་འདུས་པ་ལ་སྨན་འབྱུང་བ་དེ་བཞིན་དུ་སྨན་ལ་བརྟེན་པའི་རོ་ཐ་དད་པར་གྲུབ་པ་དག ་ཀྱང། འཁྱུད་པ་འདུས་པ་ཉིད་ལས་སྐྱེ་བ་ཡིན་ཏེ། ཡོན་ཏན་གཞན་ལྟར་སྨན་ལ་བལྟོས་པ་ནི་མ་ཡིན་ནོ། །དེ་བས་ན་འབྱུང་བ་ཆེན་པོ་འདུས་བ་ཉིད་རོ་འབྱུང་བར་བྱེད་པ་ཡིན་གྱི། འབྱུང་བ་ཆེན་པོ་ཁ་དོག་ལ་སོགས་པ་ལྟ་བུར་རྫས་གཅིག་བུ་ལ་རབ། ་ལུས་པ་ནི་མ་ཡིན་ནོ། །དེ་ལྟ་ན་རོ་ནི་འབྱུང་བ་ཆེན་པོ་འདུས་པ་ལས་འབྱུང་གི་།གཅིག་ལས་མ་ཡིན་ཏེ། སྨན་ལས་བརྟེན་པའི་རོ་རྣམས་ཀྱི་རྒྱུ་ནི་འབྱུང་བ་ཆེན་པོ་འདུས་པ་ལ་ཡིན་ནོ། །ལ་ལར་ནི་འབྱུང་བ་གཉིས་ཤེས་ཆེ་བ་ལས་སྨན་ལ་མངར་བ་ལ་སོགས ་པའི་རོ་གསལ་བར་འབྱུང་སྟེ། དེ་ཡང་རོ་ཐ་དད་པ་ཤེས་པར་བྱ་བའི་ལེའུ་ལས་མངར་བ་ལ་སོགས་རོ་སྐྱེ་བ། །ས་ཆུ་མེས་ཆུ་དང་མེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་ན་རོ་ཐམས་ཅད་ནི་འབྱུང་བ་འདུས་པ་ལས ་འབྱུང་བ་དེ་ལས་མང་ཞིང་ཤས་ཆེ་བ་ལས་ནི་འདི་ནི་སྨན་མངར་པའོ། །འདི་ནི་སྐྱུར་བ་ལ་སོགས་པའི་སྨན་རྣམས་སོ་ཞེས་བྱ་བར་གནས་ཀྱི་མངར་པའི་སྨན་དེ་ལ་སྐྱུར་བ་ལ་སོགས་པའི་ཞིང་དུ་གྱུར་པ་མེད་པ་མ་ཡིན་ནོ། །མྱངས་པར ་གྱུར་པ་ལ་དང་ནུས་པའི་དབང་གིས་རྫས་རྣམས་ལ་ཕན་ཚུན་རོ་དུ་མ་སྣང་ལ། ཆུ་ནི་རོ་མི་གསལ་བ་ཡིན་ཏེ། རོ་དྲུག་ཅན་དང་ལྡན་ཡང་མི་གསལ་ཞིང་མི་མངོན་པ་ཡིན་ནོ། །དེ་ལྟར་ན་འབྱུང་པ་འདུས་པ་ལས་སྨན་འབྱུང་བའི་རྒྱུ་ཡིན་པ་དེ ་བཞིན་དུ་མངར་བ་སོགས་པ་རོ་རྣམས་ཀྱི་ཡང་རྒྱུ་ཡིན་པས། རོ་ཐམས་ཅད་ནི་འབྱུང་བ་འདུས་པ་ལས་བྱུང་བ་ཡིན་ཞིང་རོ་གསལ་བ་མང་བ་བཤད་པ་ཡིན་ནོ། །དེའི་ཕྱིར་ནད་ཀྱང་ཉེས་གཅིག་མིན་ཞེས་བྱ་བ་ནི། གང་གི་ཕྱིར་སྨན་རོ་སྣ་ཚོགས ་པ་ཡིན་པའི་རྒྱུ་ཉིད་ཀྱིས་མནད་ནི་གཅིག་བུ་མ་ཡིན་ཏེ། །ཞེས་བསྟན་ཏེ། དེ་ལ་ནད་ནི་ནད་ཀྱི་ཚོགས་རྣམས་སོ། །ཉེས་པ་རླུང་ལ་སོགས་པའོ། །དེ་ཡང་རོ་ལ་བརྟེན་ལ་རོ་ཡང་སྨན་ལ་བརྟེན་ཏེ། སྨན་ནི་འབྱུང་བ་ཆེན་པོའི་བདག་ཉིད་ཅན་ཡིན་བས་རོ་སྣ་ཚོགས ་པ་ཉིད་ལ་དེ་དང་ཕྲད་པ་ལས་རླུང་ལ་སོགས་པ་སྐྱེ་བར་འགྱུར་ལ། དེ་རྣམས་སྐྱེས་པ་ལས་ནི་ནང་དུ་འགྱུར་པ་ཡིན་ཏེ། དེའི་ཕྱིར་ནད་ཀྱང་ཉེས་པ་གཅིག་དང་ལྡན་པ་མ་ཡིན་ཏེ། ཉེས་པ་གསུམ་ཆར་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ་འདིར་ཡང་མང་པོ་ཉིད་ཡིན་ནོ་ཞེས་ཤུགས་ཀྱིས་སྦྱར་བར་བྱ་སྟེ། འདི་ནི་རླུང་གི་རིམས་སོ། །འདི་ནི་མཁྲིས་པའི་རིམས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་འདིར་རོ་ནི་གང་རོ་རྗེས་ནི་གང་ཞེ་ན། དེའི་ཕྱིར་སྨས་པ་ནི་དེ་ལ ་གསལ་བར་རོ་ཞེས་བཤད། །མི་གསལ་རོ་རྗེས་མཛའ་མར་ནི། །ཅུང་ཟད་གསལ་བ་དག་ཏུ་འང་འདོད་ཅེས་བྱ་བ་ལ། འབྱུང་བ་ཆེན་པོ་ལྔ་ལས་གྱུར་པའི་སྨན། །རོ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དེ་ལ། མངར་བ་ལ་སོགས་རོ་གང་གསལ་ཞིང་ངེས ་པ་ཉིད་ཀྱི་ཚུལ་དུ་ཤེས་པར་འགྱུར་པ་དེ་ལ་ནི་རོ་ཞེས་བྱ་བར་བཤད་དེ། །འདི་ནི་མངར་བ་ཉིད་དོ། །འདི་ནི་སྐྱར་བ་ཉིད་དོ། །ཞེས་བྱའོ། །རོའི་རྗེས་ནི་མི་གསལ་བ་ལ་བྱ་སྟེ། སྐྱུར་རུ་ར་ལ་སོགས་པ་གང་ཟ་པོ་ན། ལྕེས་གསལ་བ་ཉིད་དུ་མ་རྟོགས་པ་དེ་ནི་རོ་རྗེས་ཞེས ་བྱའོ། །དེ་ནི་ཐ་མར་ཞབས་སུ་ཅུང་ཟད་ཅེས་པ་ཉུང་ཤས་ཤིག་རོ་དང་བཅས་པ་གསལ་བ་དག་ཏུ་འང་འདོད་པ་ཡིན་ནོ། །དྲིས་པ་མངར་བ་ལ་སོགས་པའི་རོ་ལ་ལྕི་བ་དང་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་སྨ་བར་མི་རིགས་ཏེ། གང་གི་ཕྱིར་མངར་བ་ལ་སོགས་པའི་རོ་རྣམས་ནི་ཡོན་ཏན ་ཉིད་ཡིན་ལ། ལྕི་བ་ལ་སོགས་པ་ཡང་དེ་བཞིན་དུ་ཡོན་ཏན་ཡིན་ཏེ། དེས་ལྕི་བ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གནས་མངར་བ་ལ་སོགས་པའི་ཡོན་ཏན་བཤད་པའི་ནི་མི་རིགས་ཏེ་གང་གི་ཕྱིར་བྱེ་བྲག་པ་དག་གིས་ཡོན་ཏན་ལ་ནི་ཡོན་ཏན་མེད་པ་ཞེས་བཤད་པའི་ཕྱིར་རོ་ཞེ་ན། དེའི ་ཕྱིར་སྨས་པ་ནི་སྨན་གྱི་སོགས་དང། རོ་ནི་ས་ལ་སོགས་བརྟེན་པས། མཚུངས་པར་སྤྱོད་པར་ཉེར་གདགས་པས། །རོ་ལས་མིང་དུ་བཏགས་པ་ཡིན་ཞེས་བྱ་བ་ལ། རོའི་གནས་ལ་སོགས་པ་ལ་ཡང་དག་པར་སྨན་གྱི་ཡོན་ཏན་ལྕི་བ་ལ་སོགས ་པ་ཡང། གནས་ཡིན་པར་ནི་འབྲས་བུ་ལས་དཔག་པར་བྱའོ། །དེས་ན་སྨན་གྱི་ཡོན་ཏན་ལྕི་བ་ཡིན་ལ། ལྕི་བ་དེ་ནི་བསྟེན་པའི་རོ་ཡང་ཡོན་ཏན་ལྕི་བ་ཡིན་པར་མཚུངས་ཤིང་ཐུན་མོང་དུ་སྤྱོད་པ་ཡིན་ཏེ། ལྷན་ཅིག་སྤྱོད་པས་ན་མཚུངས་པར་སྤྱོད ་པ་ཞེས་བྱའོ། །ཉེ་བར་གདགས་པ་ནི་ཆ་འདྲ་བར་སྤྱོད་པ་སྟེ། གཞན་གྱི་ཆོས་དང་མཚུངས་པས་བསྒྲེའོ། །དེ་ལྟར་ན་མཚུངས་པར་སྤྱོད་པའི་ཉེ་བར་གདགས་པས་ཆ་འདྲ་བའི་ལྕི་བ་ལ་སོགས་པའི་ཡོན་ཏན་ནི། རོ་ལ་སོགས་པ་ལ་ཡོད་པར་བཏགས་པ་ཡིན ་གྱི་ཡང་དག་པར་རོ་ལ་ལྕི་བ་ལ་སོགས་པའི་ཡོན་ཏན་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་རོ་གཙོ་བོར་གྱུར་པ་ལས་མིང་དུ་སྒྲོ་བཏགས་པ་ཡིན་ནོ། །དེ་བས་སའི་སྨན་ལྕི་དང་སྦོམ། །སྲ་ཞིང་དྲི་ཡིས་ཤེས་རབ་ཆེ། །ལྕི་ཞིང་བརྟན་དང་འདུས ་པ་དང། །ཉེ་བར་འཕེལ་བར་བྱེད་པ་ཡིན་ཞེས་བྱ་བ་ལ། དེ་ལ་དེ་ཞེས་པ་དེ་རྣམས་ཀྱི་ནང་ནས་སའི་རང་བཞིན་ཅན་གྱི་སྨན་ནི་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། དྲི་ཞེས་བྱ་བའི་ཡོན་ཏན་གྱི་ཤེས་རབ་ཏུ་ཆེ་བ་ཡིན་ཏེ། སའི་རང་བཞིན ་ཅན་གྱི་སྨན་དེའི་ལས་ནི། ལུས་ལ་སོགས་པ་ལྕི་བ་ལ་སོགས་པ་བྱེད་པ་ཡིན་ནོ། །དེ་ལ་ལྕི་བ་ནི་འཇུ་དགའ་ཞིང་ལྕི་བར་གྱུར་བ་ཉིད་དོ། །བརྟན་པ་ནི་ལུས་རྟས་པར་བྱེད་པའོ། །འདུས་པ་ནི་ཡན་ལག་མཁྲེགས་ཤིང་སྲ་བའོ། །ཉེ་བར་འཕེལ་བ་ནི ་ལུས་ཟུངས་རྣམས་རྒྱས་པར་བྱེད་པའོ། །ཆུ་ཡི་གཤེར་དང་ལྕི་གསལ་སྣུམ། །རྟུལ་ཞིང་བསྐ་ལ་དྲི་ཤས་ཆེ། །འཇོམ་ཞིང་བད་ཀན་འདྲ་བ་ལ། །འབྲུལ་ཞིང་ཚིམ་བྱེད་སྡུད་པར་བྱེད་ཅེས་བྱ་བ་ལ། ཆུའི་རང་བཞིན་ཅན་གྱི་སྨན་ནི་གཤེར་བ་ལ་སོགས ་པའི་ཡོན་ཏན་དང་ལྡན་པ་དང། རོའི་ཡོན་ཏན་གྱི་ཤས་ཆེ་བ་ཡིན་ནོ། །དེ་ལུས་ལ་སྦྱར་ན་ལུས་འཇམ་ཞིང་སྣུམ་པར་བྱེད་པ་དང། རྩ་སྦུབས་གཤེར་ཞིང་བད་ཀན་འདྲ་འཛག་པ་དང། །ཟས་འདུལ་ཞིང་མྱགས་པ་དང། སེམས་ཚིམ་ཞིང ་ངོམས་པར་བྱེད་པ་དང། ཚིགས་དང་རྐང་ལག་སྡུད་ཅིང་འབྱོར་བར་བྱེད་པ་ཡིན་ནོ། །མེ་ཡི་རྩུབ་རྣོ་ཚ་ཞིང་སྐམ། །ཕྲ་ཞིང་གཟུགས་ཀྱི་ཡོན་ཏན་ཆེ། །ཚ་ཞིང་འབར་ལ་མདོག་སྐྱེད་ཅིང། །བསལ་ཞིང་སྨིན་པའི་བདག་ཉིད་ཅན་ཞེས་བྱ་བ ་ལ་མེའི་རང་བཞིན་ཅན་གྱི་སྨན་ནི་རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང། དེ་ནི་གཟུགས་ཀྱི་ཡོན་ཏན་གྱིས་ཤས་ཆེ་བ་ཡིན་ནོ། །དེ་ཟོས་ཤིང་སྤྱོད་ན་ལུས་ཚ་བར་བྱེད་པ་དང། མ་དངས་འབར་བར་བྱེད་པ་དང། ལུས་ཀྱི་མདོག་སྐྱེད ་པ་དང། གསལ་ཞིང་སྣང་བ་དང་ལྡན་པ་དང། ཟས་སྨིན་ཅིང་འཇུ་བར་བྱེད་པའི་ཡོན་ཏན་ཅན་ཡིན་ནོ། །རླུང་གི་རྩུབ་ཅིང་ཁྱབ་ལ་ཡང། །རེག་པའི་ཡོན་ཏན་ཆེ་ཡིན། །རྩུབ་ཅིང་ཡང་ལ་དྲི་མ་མེད། །རྣམ་དཔྱོད་ན་པར་བྱེད་པ་ཡིན་ཞེས་བྱ་བ་ལ། ་རླུང་གི་རང་བཞིན་ཅན་གྱི་སྨན་ནི། རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། རེག་པའི་ཡོན་ཏན་གྱི་ཤས་ཆེ་བ་ཡིན་ལ། དེ་ལུས་ལ་བརྟེན་ན་རྩུབ་པ་དང་ཡང་བ་དང། དྲི་མ་སེལ་བ་ལ་སོགས་པའི་ཡོན་ཏན་གྱི་ལས་བྱེད་པ ་ཡིན་ནོ། །ནམ་མཁའ་ཨི་ཕྲ་ཞིང་དང་ལ་ཡང། །སྒྲ་ཡི་ཡོན་ཏན་ཤས་ཆེ་སྟེ། ཁོང་སྟོད་ཡང་བར་བྱེད་པ་ཡིན་ཞེས་བྱ་བ་ལ། ནམ་མཁའ་བདག་ཉིད་ཅན་གྱི་སྨན་ནི་ཕྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང། སྒྲའི་ཡོན་ཏན་ཤས་ཆེ་བ་ཡིན་ནོ། །དེ་ལུས ་ཀྱིས་བསྟེན་ནས་ཁོང་སྟོང་སྟེ། ནང་སྟོང་པར་བྱེད་པ་དང། ཡང་བར་བྱེད་པ་ཡིན་ནོ། །དྲིས་པ་རླུང་དང་ནམ་མཁའ་ཨི་ནི་གཟུགས་མེད་པ་ཡིན་པས་དེའི་བདག་ཉིད་ཅན་གྱི་རྫས་ཡོད་པར་ག་ལ་འགྱུར་ཞེས་པ་ལ། ཉེས་པ་འདི་ཡོད་པར་ཡིན་ཏེ། ་སྨན་གང་ལ་རྩུབ་པ་དང། ཁོང་སྟོང་གི་ལས་བྱེད་པ་མང་དུ་སྣང་ལ། དེར་ནི་རླུང་དང་ནམ་མཁའ་ཨི་བདག་ཉིད་ཅན་དུ་ཉེ་བར་གནས་པས་མིང་དུ་བཏགས་པ་ཡིན་ཏེ། དཔེར་ན་དང་པ་དང་ཚུལ་ཁྲིམས་དང། ཐོས་པ་དང། བཏོང་བ་ལ་སོགས ་པའི་ལས་བྱེད་པ་མཐོང་ནས། སྐྱེས་བུ་དམ་པ་དག་ལ་འདི་ནི་ལྷ་ཡིན་ནོ་ཞེས་ཉེ་བར་འདོགས་པར་བྱེད་པ་དང་འདྲའོ། །དེ་ལྟར་འགྲོ་ན་དོན་དང་ནི། །སྦྱོར་བ་སྣ་ཚོགས་དབང་གིས་ན། །སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ། ་དེ་ལྟར་འབྱུང་བ་ཆེན་པོ་ལས་བྱུང་བ་འདིས་ན། སྨན་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས། གྲོ་བ་སྟེ་འཁོར་བའི་གནས་འདི་ན། སྨན་མ་ཡིན་པར་གྱུར་པའི་རྫས་ཅི་ཡང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ཀྱང་སྨན་ཉིད་ཡིན ་ནོ། གང་གི་དབང་གིས་ཤེ་ན་སྣ་ཚོགས་དོན་དང་ནི་སྦྱོར་བའི་དབང་གིས་ཞེས་བྱ་བ་སྟེ། དོན་ནི་དགོས་པ་དང་རྒྱུའོ། །སྦྱོར་བ་ནི་རིགས་པར་སྦྱར་བ་སྟེ་དེ་དག་སྣ་ཚོགས་པར་བྱས་པའི་དོན་དང་སྦྱོར་བ་དག་གི་དབང་གིས་རྫས་གང་ཅི་ཡང་རུང་བ་དེ ་ཐམས་ཅད་ནད་སེལ་བར་བྱེད་པའི་དགོས་པ་བྱེད་པ་སྨན་ཉིད་ཡིན་ནོ། །དེ་ཡང་ཇི་ལྟར་གྱེན་དུ་ཉེས་པ་སེལ་བར་བྱེད་ནུས་པའི་དགོས་པ་དེའི་དོན་བྱེད་པར་ནུས་པ་དག་གིས་སྟོང་དུ་ཉེས་པ་སེལ་ཏེ། མེ་དང་རླུང་གི་ཤས་ཆེ་བའི་སྨིན་གང་ཡིན་པ་དག་ཕལ་ཆེ ་དེ་བྱེད་པར་ནུས་པ་ཡིན་ཏེ། རླུང་ནི་འབར་བར་བྱེད་པ་དང། མེ་ནི་རིང་དུ་འབར་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་རོ་སྟོད་ཀྱི་ནང་བསལ་བའི་དོན་གྱིས་དབང་གིས་མེ་དང་རླུང་ཤས་ཆེ་བའི་སྨན་གང་ཡིན་པ་དེ་རྣམས་དེའི་སྨན་ཡིན་ནོ། །འོག་གི་ཉིས་པ་སེལ ་བར་ནུས་པའི་སྨན་ནི་དོན་དེ་སྒྲུབ་པར་བྱེད་ནུས་པ་དང། ས་དང་ཆུ་ཤས་ཆེ་བའི་སྨན་གང་ཡིན་པ་དག་ཕལ་ཆེར་དེའི་ནུས་པ་དང་ལྡན་པ་ཡིན་ཏེ། ས་ནི་ལྕི་བ་ཉིད་དང། དྲི་དང་རོ་ནི་ཆུའི་རང་བཞིན་ཡིན་ཏེ། དེ་ལྟར་ན་འོག་གི་ནད་སེལ་བའི་རྒྱུའི ་དབང་གིས་ས་དང་ཆུའི་ཤས་ཆེ་བའི་རྫས་གང་ཡིན་པ་དེ། དེའི་སྨན་ཡིན་གྱི་མེ་དང། རླུང་གི་མ་ཡིན་ལ། སྟོད་ཀྱི་ཉེས་བ་སེལ་བ་ནི་ས་དང་ཆུའི་ཤས་ཆེ་བ་དག་མ་ཡིན་ནོ། །དེ་ལྟར་ན་རྒྱུའི་དོན་ནི་དབང་གི་རྫས་ལ་ལ་འགའ་ཞིག་སྨན་དུ་འགྱུར་རོ། ་བ་ཡིན་གྱི། ཐམས་ཅད་ནས་ཐམས་ཅད་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་སྦྱོར་པའི་དབང་གིས་ཀྱང་རྫས་ལ་ལ་དག་།ལ་ལར་སྨན་དུ་འགྱུར་བ་ཡིན་གྱི། སྦྱོར་བ་གཅིག་གིས་ནད་ཐམས་ཅད་དང་སྨན་དུ་འགྱུར་བ་མ་ཡིན་མོད་གྱི། འོན་ཀྱང་སྦྱོར་བའི ་དབང་ཁ་ཅིག་གིས་ནད་ཁ་ཅིག་ལ་སྨན་དུ་འགྱུར་བ་ཡིན་ཏེ། འདི་ལྟར་བོ་སོན་ཆལ་སོགས་པའི་སྨན་སྦྱོར་བའི་ཁྱད་པར་གཞན་དག་གིས་སྔ་མ་བས་ལྷོག་པར་འགྱུར་བ་ཡིན་ལ། གཞན་དག་གིས་ཀྱང་གཞན་དུ་འགྱུར་གྱིས། གཅིག ་གིས་ཐམས་ཅད་བྱེད་པ་ནི་མ་ཡིན་ནོ། །དེ་བས་ན་སྦྱོར་བའི་དབང་གིས་ཀྱང་རྫས་ཐམས་ཅད་སྨན་ཡིན་ནོ། །དེ་ལ་སྨན་ནི་གྱེན་དུ་འགྲོ་།ཕལ་ཆེར་མེ་དང་ཤས་ཆེ་ཞེས་བྱ་བ་དེ་ལ། སྨན་གྱི་རིགས་དེ་རྣམས་ཀྱི་ནང་ནས། གྱེན་དུ་འགྲོ་ཞིང་སྟེང་དུ་རྒྱུ་པའི ་སྨན་སློན་བར་བྱེད་པ་ནི་ཕལ་ཆེར་ཞེས་པ་མང་དུ་མེ་དང་རླུང་གིས་ཤས་ཆེ་བ་སྟེ་མེ་དང་རླུང་གི་བདག་ཉིད་ཅན་ཡིན་ཏེ། དེ་ཡང་གང་གི་ཕྱིར་གྱེན་དུ་འགྲོ་བས་མ་ཡིན་པ་དང། ཡང་བས་རླུང་ཡིན་པར་ཤེས་པར་བྱའོ། །ཐུར་དུ་འགྲོ་བ་ཕལ་ཆེར་ནི། ་ས་ཆུའི་ཡོན་ཏན་ཤས་ཆེ་བ་ཡིན་ཞེས་བྱ་བ་ལ། སྨན་དུ་འགྲོ་ཞིང་འོག་ཏུ་རྒྱུ་བས་འཁྲུ་བར་བྱེད་པའི་ཚུལ་གང་ཡིན་པ་དེ་ནི། ས་དང་ཆུའི་ཤས་ཆེ་བ་ཡིན་ཏེ། དེ་གཉིས་ནི་ས་ལྕི་བ་དང། ཆུ་གཞོལ་ཕྱོགས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་སྨན ་ནོ་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པ་ལ་བྱ་སྟེ། སྨན་གྱི་ཕྱིར་སྨྲ་བར་བྱ་བ་གང་དག་ཡོད་པ་དེ་ཐམས་ཅད་རྫོགས་སོ་ཞེས་བྱ་བའི་དོན་ནོ། །ཆ་འདྲེས་པའི་བདག་ཉིད་ཅན་གྱི་སྨན་དང། སྟེང་དང་འོག་གི་ཞེས་པ་ཆ་མཉམ ་པར་སེལ་བའི་སྨན་ནི། སྔར་སོ་སོར་བསྟན་པའི་དོན་གྱིས་ཐུགས་ཀྱིས་ཤེས་པར་འགྱུར་བའི་ཕྱིར། གཞུངས་མངས་པར་འགྱུར་པའི་དོགས་པས། རྒྱུད་གཞན་དག་ལྟར་འདིར་མ་བསྟན་པ་ཡིན་ནོ། །དེ་ལྟར་སྨན་བསྟན་ནས་དེ་ལ་བརྟན་པའི་རོ ་མངར་བ་ལ་སོགས་པ་གང་ཡིན་པ་དེ་དག་རེ་ཤིག་བསྟན་པར་བྱ་སྟེ། དེ་ནི་རོའི་བྱེ་བྲག་འདི་ནི་འོག་ནས་སྟོན་པ་ཡིན་ཞེས་བྱ་བ་ཡིན་ཏེ། རོའི་བྱེ་བྲག་དྲུག་ཅུ་རྩ་གསུམ་གྱི་གྲངས་སུ་ངེས་པར་ཚ་བ་པར་འདིའི་འོག་ནས་ཞེས་པ། རོ ་ཐ་དད་པ་ཞེས་བྱ་བའི་ལེའུ་ལས་གཞུང་རྩོམ་པར་བྱེད་པས་སྟོན་ཅིང་འཆད་པར་འགྱུར་ཏེ། འདིར་ནི་བཤད་པར་བྱེ་བ་མང་དུ་ཡོད་པས་མ་སྨས་པ་ཡིན་ནོ། །ང་ནི་སྨན་གྱིས་ནུས་པ་བཤད་པ་རྩོམ་པར་བྱེད་དེ། དེ་ནི་སྨན་མཐུ་ལས ་བཤད་པ་ནི། ལྕི་སྣུམ་བསིལ་དང་འཇམ་པ་དང། །ཡང་རྩུབ་ཚ་དང་རྣོ་བ་སྟེ། །དེ་ལྟར་རྣམ་པ་བརྒྱད་དུ་འདོད་ཅེས་བྱ་བ་ལ། སྨན་གྱི་མཐུ་ནི་ཐམས་ཅད་དུ་ཐོགས་པ་དང། གཏུགས་པ་མེད་པར་འགྲོ་བ་ཡིན ་པས་སྨན་གང་ལ་ཡོན་ཏན་གྱི་རིགས་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ལ་མཐུ་འམ་ནུས་པ་ཞེས་བྱའོ། །དེ་ལ་སློབ་དཔོན་གཞན་དག་གིས་བཤད་པ་ནི། སྨན་གྱི་མཐུ་ལྕི་བ་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བ་རྣམ་པ་བརྒྱད་དུ་འཆད་དེ། ་དེ་ལྟར་རྣམ་པ་འདིས་ནི་གྲངས་ཀྱི་རྣམ་པ་བརྒྱད་ཡིན་པར་སློན་པོ་དག་འདོད་ཅིང་འཆད་ཀྱིས། རྣམ་པ་གཞན་གྱིས་ནི་རྣམ་གྲངས་ཀྱི་ངེས་པ་གཞན་དུ་འདོད་དོ། །སྨན་འཐུ་ཙ་ར་ཀས་བཤད་པ། གང་གི་བྱ་བ་གང་བྱེད་པ། །མཐུ་མིན ་ཅི་ཡང་མི་བྱེད་ཀྱི། །དེ་དག་ཐམས་ཅད་མཐུ་ཡིན་བྱེད། །ཅེས་བྱ་བ་ལ། དྲང་སྲོང་ཙ་ར་ཀས་སྨན་གྱི་མཐུ་འམ། ནུས་པ་བཤད་ཅིང་བསྟན་པ་ནི། དངོས་པོ་གང་གིས་བྱེད་པ་གང་ལ་ཞུགས་ཤིང་བྱ་བ་གང་ཞིག་བྱེད་ཅིང་རྫོགས་པར་གྱུར་པའི ་དངོས་པོའི་རང་བཞིན་ཏེ། དེའི་མཐུ་ཡིན་ནོ་ཞེས་མཐོ་བཙུན་དྲང་སྲོང་ཙ་ར་ཀས་བཤད་དོ། །མཐུ་གང་གིས་བྱས་པ་བྱེད་པ་ཞེས་བྱ་བའི་ཚིག་གིས་ན། ནུས་པ་ནི་མཐུ་ཡིན་ཞིང་རོ་ཡང་མཐུ་ཡིན་ནོ། །དེ་བཞིན་དུ་སྨན་ལ་བརྟེན་པའི ་ཡོན་ཏན་ལྕི་བ་ལ་སོགས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི། སྨན་དེའི་མཐུ་ཞེས་བྱ་སྟེ། ནུས་པ་ཉིད་ལས་མ་འདས་པ་མཐུ་བྱུང་བ་ཡིན་ནོ། །སྤྱིར་ནི་སྨན་དེའི་མཐུ་ལ་སློབ་དཔོན་རྣམས་ཐ་དད་པར་འདོད་དེ། །སློབ་དཔོན་ལ་ལས་ནི་ལྕི ་བ་ལ་སོགས་པའི་ཡོན་ཏན་བརྒྱད་ལ་མཐུ་ཡིན་པར་འདོད་དེ། དེ་རྣམས་ནི་ཁྱད་པར་ཅན་ཉིད་ལ་མཐུར་འདོད་ཀྱི། ནུས་པ་ཕྲ་མོ་ཙམ་ལ་ནི་མི་འདོད་དོ། །གལ་ཏེ་ནུས་པ་ཕྲ་མོ་ཙམ་ལ་མཐུར་འདོ?་པ་ན་ནི?་ལྕི?་པ་ལ་སོགས་པའི་ཡོན་ཏན་བརྒྱད ་པོའི་ཆ་ཁྲ་མོ་དངོས་པོ་ཐམས་ཅད་ལ་ཡོད་པར་འགྱུར་བས་མི་རིགས་པ་ཡིན་ནོ། །དེའི་ཕྱིར་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པའི་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་ལ་མཐུ་ཞེས་བྱ་བའི་མིང་ཐོབ་པ་ཡིན་ནོ། །དེས་ན་ཡོན་ཏན་ནི་བརྒྱད་པོ་དེ་དག་ཉིད ་ཡིན་ནོ། །དེ་ཡང་གང་གི་སྦྱོར་བས་བྱེད་པས་བྱེད། །རྫས་དེའི་ནུས་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་དྲང་སྲོང་ཙ་ར་ཀའི་འདོད་ཀྱིས་སྨན་གང་ལ། ཡོན་ཏན་གྱི་རིགས་གང་དག་ཡོད་པ་དེ་ཐམས་ཅད་སྨན་དེའི་མཐུ་ཡིན་གྱི་མཐུ་དང་བྲལ་ཞིང ་མཐུ་མ་ཡིན་པས་ནི་དངོས་པོའི་རིགས་དེས་བྱ་བ་ཅི་ཡང་མི་བྱེད་དེ། །བྱ་བ་གང་ཞིག་ཀྱང་རྫོགས་པར་མི་ནུས་སོ། །དེས་ན་བྱ་བ་དེ་དག་ཐམས་ཅད་མཐུ་ཡིས་བྱེད་ཅིང་ནུས་པས་རྫོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་བྱ་བ་ཐམས་ཅད་མཐུ་ཡིན ་ན་ཅིའི་ཕྱིར་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་ཉིད་ལ་མཐུ་ཞེས་བྱའི། རོ་ལ་སོགས་པའི་ཡོན་ཏན་དག་ལ་མཐུ་ཞེས་ཅིའི་ཕྱིར་མི་བྱ། དེ་དག་གིས་ཀྱང་བྱ་བ་དེ་ནི་བྱེད་པ་ཉིད་དོ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེས་ན་ལྕི་ལ་སོགས་པ ་ཉིད། །ནུས་པའི་ཁྱད་པར་ལྡན་པ་དང། །ཡོན་ཏན་མ་ལུས་སྙིང་པོར་ནི། །གྱུར་པས་མཐུ་ཞེས་བཤད་པ་དག། དོན་དང་མཐུན་པར་བཏགས་པ་ཡིན། །ཞེས་བྱ་བ་ལ། དེས་ན་སློབ་དཔོན་དྲང་སྲོང་ཙ་ར་ཀས་ལྕི་བ་ལ་སོགས་པའི ་ཡོན་ཏན་བརྒྱད་པོ་ཉིད་ནི་ནུས་པའི་ཁྱད་པར་དང་ལྡན་པ་ཡིན་ཞིང། ཡོན་ཏན་མ་ལུས་པའི་སྙིང་པོར་གྱུར་བ་ཡིན་པས། མཐུ་ཞེས་བཤད་ཅིང་ནུས་པ་ཞེས་མིང་དུ་བཏགས་པ་དེ་ནི་གཞུང་དང་དོན་མཐུན་ཅིང་དོན་དང་ལྡན་པར་མིང་དུ་བཏགས ་པ་ཡིན་ནོ། །དེ་ལས་ནུས་པའི་ཁྱད་པར་དང་ལྡན་པ་ནི་ཡོན་ཏན་ལྷག་མ་ཉིད་དེ་ཕུལ་དུ་བྱུང་པའི་ནུས་པའོ། །ཡོན་ཏན་མ་ལུས་པའི་སྙིང་པོ་ནི་ཡོན་ཏན་མཛའ་དག་གིས་དམ་པར་གྱུར་པའོ། །ཐ་སྙད་ནི་འཇིག་རྟེན་པ་དང། ་བསྟན་བཅོས་ཀྱི་བརྟགས་པ་རྣམས་སོ། དེ་ལས་ཀྱང་འདི་རྣམས་ནི་ཐ་སྙད་གཙོ་བོ་ཉིད་ཡིན་ནོ། །དེ་ཡང་འཇིག་རྟེན་པ་རྣམས་འདི་སྐད་སྨ་བ་དག་ཐོས་ཤིང་མཐོང་སྟེ། འདི་ནི་ལྕི་བའོ་འདི་ནི་ཡང་བའོ། །འདིའི་ཡོན་ཏན ་ནི་འདི་ལྟ་བུའོ་ཞེས་ཟེར་བ་དང་དེ་བཞིན་དུ་བསྟན་བཅོས་ལས། ཅེས་པ་མང་དུ་ཡོད་ན་ཡང། །ཐ་སྙད་གཙོ་བོ་ཉིད་ཀྱིས་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཞན་ཡང་གཙོས་པ་མང་དུ་སྨོས་ཞེས་བྱ་བ་ཡིན་ཏེ། ལྕི་བ་ལ་སོགས ་པ་དེ་ནི་གཅེས་པ་མང་དུ་སྨོས་པ་ཡིན་གྱི། རོ་ལ་སོགས་པ་རྣམས་ནི་དེ་ལྟ་མ་ཡིན་པ་དང། དེ་བཞིན་དུ་གཙོ་བོ་ཉིད་དུ་སྨོས་པ་ཡང་ཡིན་ཏེ། རོ་ལ་སོགས་པའི་ཡོན་ཏན་ལས་དེ་རྣམས་མཆོག་ཏུ་བཟུང་བར་འོག་ནས་བཤད་དེ། བད་ཀན ་ལ་སོགས་པའི་ནད་ཀྱི་རང་བཞིན་བརྟག་པ་ན། རང་རང་གི་ཡོན་ཏན་ལྕི་བ་ལ་སོགས་པ་ཡོད་པར་བརྟན་པ་དང། བད་ཀན་ལྕིའི་རིང?་སིལ་བ་བསྣུམ་ཞེས་བཤད་ཀྱི་མངར་བ་མ་བཤད་པ་དང། མཁྲིས་པ་སྣུམ་བཅས་བསིལ་ཞིང་ཆ་ཞེས ་བཤད་ཀྱིས་ཡང་བར་མ་བཤད་པ་ཡིན་ནོ། །དེ་བས་གོ་ནི་བཟློག་པའི་ཕྱིར། །དེ་ནི་རོ་ལ་སོགས་པ་ལ། །སྲིད་དུ་ཟིན་ཀྱང་མ་བཤད་དེ། །དེ་བས་ལྕི་ལ་སོགས་པ་ཡིན་ཞེས་བྱ་བ་ལ། དེ་བས་དེ་ལྟར་བསྟན་པའི་རྒྱུ་འདིས་ན ་ཡོན་ཏན་མ་ལུས་པའི་སྙིང་པོར་གྱུར་པ་སོགས་པ་ལ། གང་གོ་བཟློག་པར་གྱུར་པའི་རོ་ལ་སོགས་པ་ཞེས་པ་སྟེ། རོ་དང་འཇུ་བ་ལ་སོགས་པའི་ཡོན་ཏན་གཞན་དག་ལ་དེ་སྲིད་ཀྱང་ཞེས་བྱ་བ། མཐུ་ཞེས་བྱ་བ་དེ ་ཡོད་དུ་ཟིན་ཀྱང། གཙོ་བོར་མ་གྱུར་པས་མཐུ་ཞེས་དེ་ལ་མ་བཤད་པ་ཡིན་ནོ། དེ་བས་ན་ལྕི་བ་ལ་།སོགས་པ་ཉིད་མཐུ་ཡིན་གྱི་།རོ་ལ་སོགས་པ་ནི་མ་ཡིན་ནོ། །གཞན་དག་ཚེ་དང་བསིལ་ཉིད་གཉིས། །སྟོང་པ? ་ཡིན་ཞེས་ཀྱང་སྟོན་པར་བྱེད་ཅེས་བྱ་བ་ལ་།ད་སློབ་དཔོན་གཞན་དག་ནི་སྨན་གྱི་ཚ་བ་དང་བསིལ་བ་གཉིས་ལ་མཐུ་ཞེས་བྱའོ། །ཞེས་སྟོན་ཏོ། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའོ། །དེ་ཡང་རྫས་གང་གིས་བྱ་བ་གང་བྱེད་པ་སྟེ། དེའི་མཐུན ་ཞེས་བྱའོ། ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་ནི། མཐུ་མ་ཡིན་ནོ། །དེ་ཡང་ཚ་བ་དང་བསིལ་བའི་མཚན་ཉིད་ཅན་གྱི་མཐུ་གཉིས་པོ་འདིར་བསྡང་བཤད་པའི་སྟོབས་སྔར་འདུས་པ་ཐམས་ཅད་འདུས་པ་ཡིན་པའི་ཕྱིར་རོ། །འདིར ་དེའི་གཏན་ཚིགས་སྨྲས་པ་ནི། སྨན་ནི་སྣ་ཚོགས་བདག་ཉིད་ཅན། །ཉི་མ་ཟླ་བའི་སྟོབས་ཅན་ཡིན། །འགྲོ་འདི་གསལ་དང་མི་གསལ་ལས། །ནམ་ཡང་འདའ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། གང་འདི་འགྲོ་བ་ནི་སྨན ་རྣམས་ནི་ངོ་བོ་ཉིད་གཅིག་ཀྱང་སྣ་ཚོགས་པའི་བདག་ཉིད་དུ་སྣང་ལ། དེ་ཡང་ཉིད་མ་དང་ཟླ་བ་ཉིད་ནི་སྟོབས་ཆེ་བ་ཡིན་པས་ན། དེའི་རང་བཞིན་ལས་འདའ་བར་མི་བྱེད་དེ། དེའི་བདག་ཉིད་ཅན་ཡིན ་པའི་ཕྱིར་རོ། །དེ་ལ་རེ་ཞིག་རྫས་འདི་དག་སྣ་ཚོགས་དག་ཀྱང་ཉི་མ་དང་ཟླ་བའི་རང་བཞིན་ཟླ་བར་མ་བྱེད་ཅེ་ན། དེའི་དཔེ་བསྟན་པའི་ཕྱིར་འོག་མ་འདི་སྨོས་པ་ཡིན་ཏེ། ཇི་ལྟར་འགྲོ་བ ་འདི་དག་ནི་གསལ་བ་དང་མི་གསལ་བར་སྣང་བའི་ཆོས་ལས་ནམ་ཡང་འདའ་བར་མི་འགྱུར་རོ། །དེ་གཞིན་དུ་རྒྱུ་བ་དང་མི་རྒྱུ་བའི་ཚུལ་གྱིས་སྣ་ཚོགས་པའི་བདག་ཉིད་ཅན་དུ ་གནས་པ་དག་ཀྱང། ཟླ་བ་དང་ཉི་མའི་རང་བཞིན་ལས་འདའ་པར་མི་བྱེད་དེ། དེ་ལྟར་ན་སྨན་ལ་ལ་ནི། ཉི་མའི་རང་བཞིན་ཡིན་ལ། སྨན་པ་ལ་ནི ་ཟླ་བའི་རང་བཞིན་ཅན་ཡིན་ནོ། །དེ་བས་ན་ལ་ལ་ནི་ཚ་བའི་མཐུ་ཅན་ཡིན་ལ། ལ་ལ་ནི་གྲང་བའི་མཐུ་ཅན་ཡིན་ནོ། །དེ་ལ་ཚ་བ་མགོ་འཁོར་སྐོམ། །མྱ་རྡུལ་ཚ་ཞིང་མྱུར་འཇུ་བྱེད། །རླུང་དང་བད་ཀན་ཞི་བར་བྱེད ་ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཚ་བ་དང་བསིལ་བའི་མཐུ་གཉིས་ཀྱི་ནང་ན། སྨན་ཚ་བའི་མཐུ་ཅན་ནི་འགོ་འཁོར་བ་ལ་སོགས་པ་བྱེད་དོ། །མྱུར་འཇུ་བྱེད་ཅེས་བྱ་བ་ནི་ཟས་མྱུར་བ་ཉིད་དུ་འཇུ་བ་དེ་འགྱུར་རོ། །རླུང་དང་བད་ཀན་གཉིས་ཞི ་བར་བྱེད་པ་ནི། རླུང་ནད་དང་བད་ཀན་གྱི་ནད་སེལ་བར་བྱེད་པའོ། །བསིལ་བ་དག་ནི་ཚིམ་བྱེད་ཅིང། །འཚོ་དང་རངས་པར་བྱེད་པ་དང། །ཁྲག་དང་མཁྲིས་པ་རབ་དང་བྱེད་ཅེས་བྱ་བ་ལ། སྨན་བསིལ་ཞིང་སྟོབས་གྲང་བ་ལྡན་པ་ནི་ཚིམ་པར་བྱེད་པ་ལ་སོགས་པ་དང ་ཁྲག་དང་མཁྲིས་པ་རབ་ཏུ་དང་བར་བྱེད་དོ། །དེ་ལ་ཚིམ་པ་ནི་བདེ་བ་སྐྱེད་པར་བྱེད་པའོ། །འཚོ་བ་ནི་གཟི་མདངས་འཕེལ་བར་བྱེད་པའོ། །རེངས་པར་བྱེད་པ་ནི་ལུས་ཤིང་རངས་པར་བྱེད་པའོ། །ཁྲག་དང་མཁྲིས་པ་རབ་ཏུ་དང་བ ་ནི་དེ་དག་གསལ་ཞིང་རྙོག་པ་མེད་པར་བྱེད་པའོ། །ད་ནི་ཕོ་བའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པའི་རྫས་འཇུ་བ་སྨྲས་བ་ཡིན་ཏེ། ཕོ་བའི་མེ་དང་ཕྲད་པ་ལས། །གང་ཞིག་རོ་གཞན་བྱུང་གྱུར་པའི། །རོ་རྣམས་ཀྱི་ནི་མཐར་ཞུ་བ། །དེ་ནི ་ཞུ་བ་ཞེས་བཤད་དོ། །ཞེས་བྱ་བ་ལ། ཕོ་བའི་མེ་དང་སྨན་ཕྲད་ཅིག་འདུས་པ་ལས་གང་རོ་གཞན་དུ་འགྱུར་བ་སྟེ། མངར་བ་ལ་སོགས་པའི་རོ་གཞན་དག་ཏུ་བྱུང་བར་གྱུར་བ་ཟས་ཀྱི་མཐར་ཐུག་པ་ན། མངར་བ་དང། སྐྱུར་བ་དང། །ཚ ་བའི་རོ་རྣམས་ཀྱི་ཞུ་བའི་ཐ་མར་གང་ཞིག་ཞུ་ཞིང་སྨིན་པར་གྱུར་པ་དེ་ནི་ཞུ་བ་ཞེས་བྱའོ། །ཞེས་དྲང་སྲོང་དག་གིས་བཤད་དོ། །ཇི་ལྟར་མངར་བའི་རོ་བོས་པ་ན། དད?་པའི་རོའི་ཁྱད་པར་འབྱུང་བར་གྱུར་པ་དེ་ནི་བསྟན་བཅོས་ཤེས་པ་དང ་གིས་ཞུ་བ་ཡིན་ནོ་ཞེས་བཤད་དོ། །དེ་ཉིད་ཕྱིར་སྨྲས་པ་ནི། མངར་དང་ལན་ཚྭ་ཞུ་རྗེས་མངར། །སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན། །ཁ་དང་ཚ་དང་བསྐ་བ་རྣམས། །ཞུ་རྗེས་ཕལ་ཆེར་ཁ་པ་ཡིན། ཞེས་བྱ་བ་ལ། མངར་བ་ནི་རོ་ཞིམ་པའོ། །ལན་ཚྭ་ནི་ཚྭ་རྣམས་ཏེ། །དེ ་གཉིས་ནི་ཞུ་བའི་རྗེས་མངར་པའོ། །རོ་སྐྱུར་བ་ཟོས་པའི་རྗེས་ཀྱང་སྐྱུར་བ་ཉིད་ཡིན་ནོ། །རོ་ཁ་བ་དང། ཚ་བ་དང། བསྐ་བ་རྣམས་ནི་ཕལ་ཆེར་ཁ་བར་འཇུ་བ་ཡིན་ནོ། །དེ་ལ་ཕལ་ཆེར་ཞེས་སྨོས་པ་ནི། །ཁ་ཅིག་ཏུ་འདིར་སྨོས་པ་དང། མི་མཐུན་པར་ཡོད་དོ།། ་འབྲུ་ལ་གནས་པའི་རོ་མངར་བ་ནི་ཞུ་བའི་རྗེས་སྐྱུར་བར་འགྱུར་ལ། དེས་ན་འབྲུ་ནི་རོ་མངར་ཡང་ཞུ་རྗེས་སྐྱུར་བ་ཡིན་པས། མཁྲིས་པ་བསྐྱེད་ཅིང་ལྕི་བ་ཡིན་ནོ། །དེ་བཞིན་དུ་ཨ་རུ་ར་དང། བཅའ་སྒ་དང། སྒེའུ་གཤེར་དང། པི་པི་ལིང་ལ་སོགས་པ་ལ ་ཡང་སྦྱར་བར་བྱའོ། །དེ་ཡང་བསྡུས་པ་ལས། འབྲུ་ནི་མངར་དང་སྐྱུར་བ་ཉིད། །དེ་བཞིན་སེའུ་སྐྱུར་ཡང་མངར། །ཏིལ་མར་ཁ་བར་གྱུར་པ་དང། །པི་པི་ལིང་ཡང་བསྐ་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་འབྲུ་ནི་མངར་དུ་ཟིན་ཀྱང་ཞུ་པའི་རྗེས་སྐྱུར ་བར་འགྱུར་བ་དང། སེའུ་སྐྱུར་ཡང་མངར་བར་འགྱུར་བ་དང། ཏིལ་མར་སྐྱུར་དུ་ཟིན་ཀྱི་ཁ་པར་གྱུར་པ་དང། པི་པི་ལིང་ཚ་བ་ཡང་ཞུ་རྗེས་བསྐ་བར་འགྱུར་བ་ཡིན་ནོ། །དེས་ན་དེ་ལྟར་མི་མཐུན་པ་དག་ཀྱང་ཡོད་པས་ཕལ་ཆེར་ཞེས་སྨོས་པ་ཡིན་ནོ། །རོ་དང་ཞུ་རྗེས་འབྲས་བུ་མཉམ ་ཞེས་བྱ་བ་ལ། རོ་ཞེས་བ་ལྕེའི་ཡུལ་དུ་གྱུར་བ་མངར་བ་དང། སྐྱུར་བ་ལ་སོགས་པ་དང། ཞུ་བའི་རྗེས་འདི་ནི་འབྲས་བུ་མཉམ་ཞིང་མཚུངས་པ་ཡིན་ཏེ། འདི་ལྟར་མངར་བའི་རོ་མྱངས་པ་ན་ལུས་ཚིམ་པར་བྱེད་པ་ལ་སོགས་པ་གང་བྱེད་པ་དེ་ནི ་མེ་ཏོག་ལྟ་བུ་ཡིན་ཏེ། རོ་མངར་བ་དེ་ཞུ་བ་དང། དེ་མཚུངས་པ་ཡིན་ལ། གང་གཞན་རོ་ཞིམ་པ་ལ་སོགས་པའི་བྱ་བ་བྱེད་པ་དེ་ནི། རོ་མངར་བ་དེའི་འབྲས་བུ་ཡིན་པས་ཐམས་ཅད་དུ་མཐུན་པ་ཡིན་ནོ། །རོ་མངར་བའི་ལས་ནི་འཇུ་བརྟུལ་བ་དང་རྒྱུ་ལུས ་ཟུངས་རྒྱས་པ་ལ་སོགས་པའི་ལས་བྱེད་པ་ཡིན་ནོ། །དེ་ལ་སྨན་ནི་བཟང་ངན་དང། ལ་ལ་རོ་ཡིས་ལས་བྱེད་ལ། །གཞན་དག་འཇུ་པར་བྱེད་པ་ཡིན། །ཡོན་ཏན་གཞན་དང་ནུས་པ་དང། །མཐུ་ཡིས་ལ་ལ་བྱེད་པ་ཡིན་ཞེས ་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། སྨན་དང། རོ་དང། ནུས་པ་དང། མཐུ་སྟོབས་ཀྱི་ནད་ནས། སྨན་ནི་བཟང་དང་ངན་ཞེས་བྱ་བ་སྟེ་ཡོད་པ་དང་མེད་པའི་ལས་སྨན་ལ་ལ་ནི་རོ་ཡིས་བྱེད་པ་དང་གཞན་དག་ནི་འཇུ་བས ་ལས་བྱེད་པ་སྟེ། ལས་བཟང་ངན་གཞན་དག་ནུས་པས་བྱེད་པ་དང་ལས་གཞན་དང་གཞན་དག་མཐུ་ཡིས་བྱེད་པ་ཡིན་ནོ། །འདི་དག་ནི་བསྡུས་པ་ལས་རྒྱ་ཆེར་བཤད་དོ། །དཔེར་ན་སྦྲང་རྩི་རོ་མངར་དུ་ཟིན་ཀྱང་འཇུ་བའི་རྗེས་ཁ་བ་དང། ་བསྐ་བ་དང་བཅས་པས་བད་ཀན་ཞི་བར་བྱེད་ཅིང། ནུས་པ་བསིལ་བར་བྱེད་པས་རླུང་སྐྱེད་པར་བྱེད་དོ། །རླན་ཅན་གྱི་སའི་ཆུ་ནི་ནུས་པ་དྲོ་བ་ཡིན་པས་མཁྲིས་པ་བསྐྱེད་པར་བྱེད་དོ། །དེ་བཞིན་དུ་ཏིལ་མར་ནི་ཞུ་རྗེས་ཁ་བ་ཉིད་ཀྱིས ་བཤང་གཅི་བསྐྱེད་ལ། རང་སྐྱུར་རྩབ་མོ་ནི་སྐྱུར་ཡང་རྩུབ་ཅིང་དྲོ་བ་ཡིན་པ་དང་བིལྦའི་རྐང་ནི་རྩུབ་པས་མཁྲིས་པ་སྐྱེད་པ་དང། སྐྱུ་རུ་ར་ནི་ནུས་པ་བསིལ་པ་དང། ཞུ་རྗེས་མངར་བས་བད་ཀན་བསྐྱེད་པ་དང། ཡང་ཞིང་རྩུབ་ཀྱང་རླུང་མི ་བསྐྱེད་པ་དང། ལན་ཚྭ་ལྕེ་མྱང་ཚ་ནི་ཞུ་རྗེས་མངར་བས་མཁྲིས་པ་སེལ་ཞིང་ཡང་བས་བད་ཀན་ལ་ཕན་པ་དང། སྤུ་ཤེལ་རྩེ་དང། བཅའ་སྒ་ནི་སྣུམ་པ་དང། དྲོ་བ་དང། ཞུ་རྗེས་མངར་བས་རླུང་སེལ་བ་དང། པི་པི་ལིང་ཡང་དེ་དང་འདྲ ་བས་རླུང་སེལ་བ་དང། སྒོག་སྐྱ་དང་ཀུན་དོང་དག་ནི་སྣུམ་པ་དང། ཚ་བ་དང། ལྕི་བས་རླུང་སེལ་བར་བྱེད་ལ། དེ་དག་ནི་སྣུམ་པ་དང། ལྕི་བས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །ལ་ཕུག་རྒད་པོ་ཡང་ཞུ་རྗེས་མངར་བས་བད་ཀན་སྐྱེད་དོ།། ་པྲི་ཏ་ཏུཾ?་དང། ཀཎྚ་ཀཤཱ་རི་དང། པི་ཤ་ལ་ནི་ནུས་པ་ཚ་བས་མཁྲིས་པ་སྐྱེད་པར་བྱེད་བ་དང། ཤ་ནི་ནུས་དྲོ་བས་རླུང་སེལ་ཅིང་མཁྲིས་པ་བསྐྱེད་པ་དང། ཀུ་ལཏྠ་ནི་རོ་བསྐ་ཡང་ཞུ་རྗེས་བསིལ་བས་རླུང་སེལ་ཞིང་མཁྲིས་པ་བསྐྱེད་པ་ཡིན་ནོ། །དེ་ལྟར་ན ་དེ་དག་ནི་ཕྱོགས་གཅིག་ཙམ་གྱི་དཔེར་བསྟན་པ་ཡིན་ནོ། །སྨན་གྱི་རོ་སོགས་གང་དང་གང། །སྟོབས་ལྡན་ཉིད་ཀྱིས་གནས་བྱེད་དེ། །ཤིན་ཏུ་ཟིལ་མནན་དེ་དང་དེ། །སྒྲུབ་བྱེད་རྒྱུ་ནི་ཉིད་དུ་གནས། །ཞེས་བྱ་བ་ལ། སྨན་གྱི་རིས་སུ་གཏོགས་པའི་རོ་དང ་ནུས་པ་དང། འཇུ་བ་དང་མཐུ་རྣམས་གང་དང་གང་ཡིན་པ་དེ་དག་གི་ནད་ནས། སྟོབས་དང་ལྡན་པ་ཉིད་ཀྱིས་སྨན་ལ་གནས་པར་བྱེད་པ་དེ་ནི། སྨན་གྱི་རིགས་དེ་ཤིན་ཏུ་ཟིལ་གྱིས་མནན་ཅིང་སྟོབས་ཆུང་བ་གཞན་དག་ཕམ་པར་བྱས་ནས། གནས ་པ་དེ་དང་དེ་ནི་བྱ་བ་གང་སྒྲུབ་པར་བྱེད་པ། དེ་དག་ནི་རྒྱུ་ཉིད་དུ་གནས་པར་འགྱུར་ཞིང། །བསྒྲུབ་པར་བྱ་བ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་རོ་ཡིས་ནི་འདི་བྱས་སོ། །ནུས་པས་ནི་འདི་བྱས་སོ། །སྟོབ་ཀྱིས་ནི་འདི་བྱས་སོ། ཞེས་བྱ་བ་ལྟ་བུའོ། དོན་འདི་ཉིད་ཀྱིས་དཔེར་བརྗོད ་པ་བསྡུས་པ་ལ་སྤྲོས་ཏེ། བཤད་པའི་དེར་བསྟན་པ་ཡིན་ལ། གང་འདི་ལྟར་རོ་ལ་སོགས་པའི་རིགས་སུ་གཏོགས་པས་རོ་གཞན་དག་ལ་སྟོབས་དང་ལྡན་པར་གནས་ཤིང། དེ་དང་དེ་ཉིད་དུ་ཟིལ་གྱིས་མནན་ནས་སྒྲུབ་པའི་རྒྱུ་ཉིད་དུ་བྱེད་ཀྱི། རང ་དང་གཞན་གྱི་སྟོབས་ལ་གནས་པ་དང། སྟོབས་དང་ལྡན་པ་དང། སྟོབས་ཆུང་བ་དང། གཉིས་གའི་ཚུལ་གྱིས་རང་རང་གི་ལས་བྱེད་པ་ཡིན་པས་ན། དེའི་ཕྱིར་བསྟན་པར་བྱ་བ་སྨྲས་པ་ནི། ཡོན་ཏན་མི་འཕྲོད་སྦྱར་བ་ཡིན་ཏེ། མང་པོ་ཉུང་ངུ་ཟིལ་གྱིས་གནོན ་ཅེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཡོན་ཏན་མི་འཕྲོད་པ་དག་སྦྱར་ཞིང་བསྲེས་པ་ན། མང་པོ་སྟོབས་དང་ལྡན་པས། སྟོབས་ཆུང་ངུ་ཟིལ་གྱིས་གནོན་ཅིང་རྒྱལ་བར་བྱེད་དོ། །ཡོན་ཏན་མི་འཕྲོད་ཅེས་བྱ་བ་འདིར་ནི། རྫས་མི་འཕྲོད་པའི་སྦྱོར་བ་ལ་བྱའི། ་ཡོན་ཏན་མི་འཕྲོད་པ་ཉིད་དུ་སྨྲ་བར་རིགས་པ་མ་ཡིན་ནོ། །དེ་ཡང་དྲང་སྲོང་ཙ་ར་ཀས་བཤད་པ། སྦྱོར་བ་ནི་རྫས་གཉིས་སམ་རྫས་མང་པོ་སྦྱོར་བ་ཡིན་ལ། དེ་ཡང་མི་འཕྲོད་པ་ནི་གཉིས་ཏེ། རང་བཞིན་མི་འཕྲོད་པ་དང་འབྲས་བུ ་མི་འཕྲོད་པའོ། །རང་བཞིན་མི་འཕྲོད་པ་ནི་དཔེར་ན་སྨན་ཡང་པ་དང། ལྕི་བ་སྦྱར་བ་དང། ཚ་བ་དང་བསིལ་བ་སྦྱར་བ་ལ་སོགས་པའོ། །འབྲས་བུ་མི་འཕྲོད་པ་ནི་དཔེར་ན་རླུང་གི་ནད་གསལ་བའི་ཕྱིར། སྨན་རྩུབ་པ་དང། དྲོ་བ་ལྷན་ཅིག་སྦྱར་བ ་དང། དེ་བཞིན་དུ་བསིལ་བ་དང། དྲོ་བ་དང་ལྷན་ཅིག་སྦྱར་བ་ལ་སོགས་པའོ། །དེ་ལྟར་ན་རང་བཞིན་གྱི་ཡོན་ཏན་མི་འཕྲོད་པའི་སྨན་གྱི་སྦྱོར་བ་དང། དེ་བཞིན་དུ་འབྲས་བུ་མི་འཕྲོད་སྨིན་གྱི་སྦྱོར་བ་ཕན་ཚུན་རིགས་མི་མཐུན་པའི་སྦྱོར་བ ་དེ་ལ་ནི། གང་རྫས་ཀྱི་རིགས་ཉུང་ངུ་རྫས་ཀྱི་རིགས་མང་པོས་ཟིལ་གྱིས་མནན་ནས། དེ་ཉིད་དུ་རྒྱུ་ཉིད་དུ་སྒྲུབ་པར་བྱེད་པར་གནས་པར་མཐོང་ངོ། །དེ་ཡང་དཔེར་ན་སྦྲང་རྩི་ནི་མངར་དུ་ཟིན་ཀྱང་བད་ཀན་ཞི་བར་བྱེད་དོ། །རོ་མངར་བ་ནི ་བད་ཀན་སྐྱེད་པར་བྱེད་པ་ཡིན་ཡང། སྦྲང་རྩི་བད་ཀན་ཞི་བར་བྱེད་པ་ནི་མི་མཐུན་པ་མི་འཕྲོད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ན་རིགས་མཐུན་པའི་མཚན་ཉིད་སྦྱོར་བ་ལས་ཀྱང་གང་ཞིག་གང་གིས་གྲིལ་གྱིས་མནན ་ནས། རང་རྒྱུད་དུ་གྲུབ་པ་ཡིན་པར་སོམ་ཉིད་གྱུར་པ་དེ་དགག་བར་བྱ་བའི་ཕྱིར་འདིར་སྨྲ་བ་ནི། རོ་དང་འཇུ་བའི་མཐུ་དང་ནི། །འདིས་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན་ཞེས་བྱ་བ་ཡིན་ཏེ། རོ་དང་ནུས་པ་དང་འཇུ་བ་དང་སྟོབས་རྣམས་ནི་ཅི ་ལྟར་ལྷན་ཅིག་སྦྱར་ཅིང་ནུས་པ་མཉམ་པ་ཡིན་དུ་ཟིན་ཀྱང་རང་བཞིན་གྱིས་འཇུ་བས་ནི་རེ་ཟིལ་གྱིས་མནན་ཏེ་དེ་ལ་ནུས་པ་མེད་པར་བྱས་ནས། རང་གི་བྱ་བ་བསྟན་པའི་སྒོ་ནས། དེའི་ནུས་པ་ཟིལ་གྱིས་མནན་ནས། རང་གི་ནུས་པ་གསལ ་བར་སྟོན་ཏེ། །དེ་བཞིན་དུ་རོ་དང་འཇུ་བ་དེ་གཉིས་ཀྱང་མཐུས་ཟིལ་གྱིས་གནོན་ལ། རོ་དང་འཇུ་ཁ་བ་དང། མཐུ་དེ་རྣམས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ཡིན་ནོ། །རོ་སོགས་དེ་ལྟར་སྟོབས་ནི་མཉམ། །མ་བཅོས་པ་ནི་སྟོབས་དང་ལྡན། །ཞེས་བྱ་བ ་ནི། རོ་དང་འཇུ་བ་དང་མཐུ་དང་སྟོབས་ནི། དེ་ལྟར་ཞེས་པ་རྣམ་པ་འདིས་སྟོབས་མཉམ་ཞིང་མཚུངས་པ་ཡིན་ལ། དེའི་སྟོབས་ནི་རོ་ལ་སོགས་པ་ལ་དམིགས་ནས་མ་བཅོས་པ་གང་ཡིན་པ་དེ་ནི་སྟོབས་དང་ལྡན་པར་བཤད་དེ། རྫས་གང་གི་རོ་མངར་བ་དེ་ཇི ་སྐད་བཤད་པ་བཞིན་དུ་འཇུ་བ་མངར་བ་དང་ལྡན་པ་དང། དེ་བཞིན་དུ་ནུས་པ་བསིལ་བ་དང་ལྡན་པ་ནི་སྟོབས་ཆེ་བ་ཡིན་ལ། དེ་བཞིན་དུ་རོ་སྐྱུར་བ་ཇི་སྐད་བཤད་པའི་ཞུ་རྗེས་སྐྱུར་བ་དང་ལྡན་ཞིང། དེ་བཞིན་དུ་ཚ་བའི་ནུས་པ་དང་ལྡན་པ་དང། དེ་བཞིན་དུ ་རོ་ཚ་བ་དང་ཇི་སྐད་བཤད་པའི་འཇུ་བའི་ཚ་བ་དང་ལྡན་ཞིང་དྲོ་བའི་ནུས་པ་དང་ལྡན་པ་དང། དེ་བཞིན་དུ་འོ་མ་དང། ཆང་དང། ན་ལེ་ཤམ་ལ་སོགས་པ་ལས་འོ་མ་ནི་རོ་མངར་ལ་འཇུ་བ་དང་ནུས་པ་བསིལ་པ་དང། ཚད་ནི་སྐྱུར་ལ་འཇུ་བ་དང་ནུས་པ་དྲོ་བ ་དང། ན་ལེ་ཤམ་ནི་རོ་ཚ་ལ་འཇུ་བ་དང་ནུས་པ་དྲོ་བ་བསྐྱེད་པ་དང། སྨན་དེ་དག་ནི་རོ་དང་འཇུ་བ་དང་ནུས་པ་དང་སྟོབས་མཉམ་པས་མ་བཅོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཁོ་བོ་ཅག་གི་རོ་དང་འཇུ་བ་དང་ནུས་པའི་རང ་བཞིན་ཅི་ལྟ་བུ་ཡིན་པ་དེ་ནི་ལས་ལས་རྗེས་སུ་དཔག་པས་ཤེས་ན་མཐུ་ཞེས་བྱ་བ་ནི་རང་བཞིན་ཤེས་པར་དཀའ་བས་དེ་མི་ཤེས་པས་ཐེ་ཚོམ་དུ་གྱུར་ན་མཐུ་ནི་གང་ཞིག་ཡིན། གང་ལས་ནི་རྗེས་སུ་དཔག་པར་བྱ་ཞེ་ན། འདིར་སྨྲས་པ་ལ་ནི། རོ་སོགས ་མཉམ་པའི་ལས་གང་ནི། །ཁྱད་འཕགས་དེ་ནི་མཐུ་ལས་སྐྱེས་ཞེས་བྱ་བ་ཡིན་ཏེ། རོ་ལ་སོགས་པ་མཉམ་ཞིང་མཚུངས་པ་ཉིད་ཀྱིས་ལས་གང་ཁྱད་པར་དུ་འཕགས་པ་སྨན་གཏོལ?་སྣང་བ་དེ་ནི་མཐུ་ལས་སྐྱེས་པ་ཡིན་པར་ཤེས་པར་བྱའོ། ། ་རྗེས་སུ་དཔག་པ་དེས་ན་མཐུ་ཞེས་བྱ་བར་ཤེས་པར་བྱ་སྟེ། འདི་ནི་རྫས་ཀྱི་མཐུ་ཡིན་ནོ། །དེ་ཡང་སྨན་གཉིས་རོ་དང་འཇུ་བ་དང་ནུས་པ་མཉམ་དུ་ཟིན་ཀྱང་དེ་ལ་སྨན་གཅིག་ལས་གཞན་བྱེད་ལ་ཅིག་ཤོས་ཀྱང་ལས ་གཞན་བྱེད་པ་ཉིད་ཡིན་ཏེ། དེས་ནི་སྟོབས་ཀྱིས་སྟོབས་ཉིད་ཡོད་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ན་སྨན་རེ་རེའི་འཇུག་པ་དང། ལྡོག་པའི་མཚན་ཉིད་ཅན་གྱི་ཆོས་རང་གི་རང་བཞིན་དངོས་པོ་རྐྱེན་ཚོགས་པ་ལས་བྱུང་བར་ངེས་པར་བྱེད་པའི ་མཚན་ཉིད་ཅན་དེ་ནི་མཐུ་ཞེས་བྱ་སྟེ། དངོས་པོ་གཞན་གྱི་མཐུ་ནི་མ་ཡིན་ནོ། །དནྟི་དང་ནི་ཙི་ཏྲ་ཀ་།རོ་སོགས་མཚུངས་ཀྱང་དནྟི་འཁྲུགས། །ཤིང་མངར་རྒུན་འབྲུམ་འདྲ་ཡང་འཁྲུ། འོ་མ་མར་འདྲ་མར་དྲོད་བསྐྱེད་ཅེས་བྱ་བ་ལ། དེ་ལྟར་ན་སྨན་དནྟི་དང། ་ཙི་ཏྲ་ཀ་ནི་རོ་དང་ནུས་པའི་ཞུ་བའི་རྗེས་མཚུངས་ཏེ། ཙི་ཏྲ་ཀ་ལ་རོ་དང་ནུས་པ་དང་འཇུ་བའི་རྗེས་གང་དག་ཡོད་པ་དེ་དག་རན་ཏི་ལ་ཡོད་དུ་ཟིན་ཀྱང། དནྟི་ནི་དནྟི་རང་ཉིད་ཀྱི་མཚན་ཉིད་ཀྱིས་འཁྲུ་བར་བྱེད་པ་ཡིན་གྱི། ཙི་ཏྲ་ཀ་ནི་མ་ཡིན་ཏེ། དེ་ལྟ་བུའི་ཁྱད ་པར་གྱི་ཆོས་ལ་མཐུ་ཞེས་བྱའོ། །དེ་བཞིན་དུ་ཤིང་མངར་དང། རྒུན་འབྲུམ་མངར་བ་ལ་སོགས་པར་མཐུན་དུ་ཟིན་ཀྱང། རྒུན་འབྲུ་འཁྲུ་བར་བྱེད་ཀྱི་ཤིང་མངར་ནི་མ་ཡིན་ནོ། །དེ་བཞིན་དུ་འོ་མ་དང། མར་ལ་སོགས་པ་མཚུངས་སུ་ཟིན་ཀྱང་འོ་མ་ནི ་འོ་མ་གྱུར་བས་དྲོད་མི་སྐྱེད་ཀྱི། མར་གྱིས་དྲོད་བསྐྱེད་དོ། །དེ་བཞིན་དུ་ཐམས་ཅད་ཀྱང་མཐུ་ལས་གྱུར་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ལྟར་རེ་ཞིག་དངོས་པོ་ཐམས་ཅད་ལ་ཡང་སྤྱི་དང་ཁྱད་པར་གྱིས་ཁྱབ་པ་ཡིན་པས། དེའི་ཕྱིར་བསྟན་བཅོས ་བྱེད་པས་སྨྲས་པ་ནི། དེ་ལྟར་སྨན་ལ་སོགས་པ་ཡི། །སྤྱི་ཡི་ལས་དེ་དེ་ཡང་ནི་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའི་ཚིག་གམ་རྣམ་པའི་དོན་ཏོ། །དེ་ཡང་སྨན་ལ་སོགས་པའི་རོ་དང་འཇུ་བ་དང་ནུས་པ ་དང་མཐུའི་སྤྱིའི་ལས་རྫོགས་པ་ཡིན་གྱི་ཁྱད་པར་ནི་མ་ཡིན་ཏེ། དེ་རྩོམ་པར་བྱེད་པའི་འབྱུང་བ་ཆེན་པོ་སྤྱི་སྐྱེན་སྤྱིའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་བར་དུའོ། །ཡང་ན་རྣམ་པའི་དོན་ཏེ། རྣམ་པ་འདིས་སྨན་ལ་སོགས་པའི་སྤྱིའི་ལས་ཉིད་བཤད་ཀྱི་ཁྱད་པར་གྱིས་ནི་མ ་ཡིན་ཏེ། འབྱུང་བ་ཆེན་པོ་དག་གིས་སྨན་ལ་བརྟེན་པའི་རོ་དང་མཐུ་ལ་སོགས་པ་ཇི་ལྟར་བསྐྱེད་པའི་སྤྱིའི་རྒྱུ་ཡིན་པ་བསྟན་པ་དེ་བཞིན་དུ་དེའི་ལས་ཀྱང་སྤྱི་ཙམ་དུ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྨན་ལ་སོགས་པའི་སྤྱིའི་ལས་བཤད་ནས་ཁྱད་པར་གྱི ་དབྱེ་བས་སྨན་དེ་རྣམས་རེ་རེ་ཞིང་ལས་གཞན་དང་གཞན་བྱེད་པའི་ཚུལ་སྨྲས་བ་ནི། སྣ་ཚོགས་རྐྱེན་གྱི་དབྱེ་བ་ཡིས། །སྨན་དབྱེ་ཐ་དད་འགྱུར་བ་ཡིན་ཞེས་བྱ་བ་ལ། སྤྱིར་བཤད་པའི་སྨན་གྱི་རོ་དང་འཇུ་བ་དང་ནུས་པ་ལ་སོགས་པའི་ལས་དེ་ཡང་ཐ་དད་པར ་གྱུར་པ་ཡིན་ཞིང། བྱེ་བྲག་ཏུ་འགྱུར་བ་ཡིན་ནོ། གང་གིས་ཐ་དད་པར་འགྱུར་ཞེ་ན། སྣ་ཚོགས་པའི་རྐྱེན་གྱི་དབྱེ་བ་ཐ་དད་པར་འགྱུར་བ་ཡིན་ཏེ། སྣ་ཚོགས་པའི་རྐྱེན་ནི་རྣམ་པ་ཐ་དད་པའི་ཚུལ་དུ་གནས་པའི་འབྱུང་བ་ཆེན་པོ་རྣམས་ལ་བྱ་ལ། ་དེ་ཡང་སེམས་ཅན་ཐ་དད་པ་རྣམས་ཀྱིས་སྔོན་དགེ་བ་དང་མི་དགེ་བྱས་པའི་ལས་ལས་བྱུང་བའི་འབྱུང་བ་ཆེན་པོ་དེ་རྣམས་སྣ་ཚོགས་ཤིང་ཐ་དད་པ་དེ་ལྟ་བུར་ཡོངས་སུ་གྱུར་པའི་རྐྱེན་སྣ་ཚོགས་པ་རྣམས་ཀྱིས་བསྐྱེད་པའི་སྨན་དེ་རྣམས་ཀྱིས་དབྱེ ་བ་ནི་ཁྱད་པར་ཏེ། ཁྱད་པར་གྱི་དབྱེ་བ་དེ་ཡིས་སྤྱིར་བཤད་པའི་སྨན་རྣམས་ལས་ཀྱི་དབྱེ་བ་ཐ་དད་པར་འགྱུར་ཞིང་དུ་མ་ཉིད་དུ་གནས་པ་ཡིན་ལ། རོ་ལ་སོགས་པ་ཡང་སྨན་ལ་བརྟེན་པ་ཡིན་པས་དེ་རྣམས་ཀྱི་ལས་ཀྱང་སྨན་གྱི་དབྱེ་བས་ཐ་དད་པར ་འགྱུར་བ་ཡིན་ནོ། །དེ་ལྟར་སྨན་རྣམ་པ་གཉིས་པ་ལས། ལ་ལ་ནི་རོ་རྩོམ་པར་བྱེད་པའི་རྐྱེན་གྱིས་མཚུངས་པར་བསྐྱེད་པ་ཡིན་ལ། ལ་ལ་ནི་ནུས་པ་བསྐྱེད་པའི་རྐྱེན་གྱིས་མཚུངས་པར་སྐྱེད་པ་ཡིན་པས་རྐྱེན་སྣ་ཚོགས་ཉིད་དུ་གནས་པ་ཡིན་ཏེ། དེ ་དག་གིས་ཕྱོགས་གཅིག་གི་དཔེ་བསྟན་པར་བྱ་བའི་ཕྱིར་སྨྲས་བ་ནི། གྲོ་དང་ནས་ནི་མངར་བ་དང། །ལྕི་ལས་རླུང་འཇོམས་སྐྱེད་བྱེད་ཡིན། །ཉ་དྲོ་འོ་མ་བསིལ་བ་དང། །སེང་གེ་ཁ་ཡིས་ཕག་མ་ཡིན་ཞེས་བྱ་བ་ལ། གྲོ ་དང་ནས་དག་ནི་རོ་མངར་བ་དང་ཡོན་ཏན་ལྕི་བ་དང་ལྡན་པ་ཡིན་དུ་ཟིན་ཀྱང། གྲོ་ནི་རླུང་འཇོམས་པར་བྱེད་ལ་ནས་ནི་རླུང་སྐྱེད་པར་བྱེད་པ་ནི་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྐྱེན་སྣ་ཚོགས་བ་ལས་བྱུང་བས་ཉ་ནི་རོ་མངར་དུ་ཟེར་ཀྱང། ནུས ་པ་དྲོ་བ་ཡིན་གྱི་དྲང་བ་མ་ཡིན་ལ། འོ་མ་ནི་མངར་དུ་ཟིན་ཀྱང་ཞུ་རྗེས་ནུས་པ་བསིལ་བ་ཡིན་གྱི་དྲོ་བ་མ་ཡིན་ནོ། །དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཕྱིར། སེང་གེའི་ཤ་ནི་མངར་དུ་ཟིན་ཀྱང་ཞུ་རྗེས་ལ་སོགས་པ་ཁ་བ་ཡིན་ལ། ཕག་གི་ཤ་ནི ་མངར་བ་ཡིན་པ་ལས། ཞུ་རྗེས་ལ་སོགས་པ་ཡང་མངར་བ་ཉིད་ཡིན་ནོ། །དེ་ལྟར་ན་ཐམས་ཅད་ཀྱང་རྐྱེན་སྣ་ཚོགས་ལས་བྱུང་བའི་ཕྱིར། རོ་དང་ཞུ་རྗེས་དང་ནུས་པ་ཐ་དད་པར་གྱུར་པ་ཡིན་པར་དཔེས་རིམ་པ་བཞིན་དུ་བསྟན་པ་ཡིན་ནོ། །ཡན་ལག ་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་དགུ་པའི་འགྲེལ་བའོ།། །དེ་ནས་རོ་ཐ་དད་པར་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་བ ་ལ། སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པའི་འོག་ཏུ། རོ་ཐ་དད་པ་ཤེས་པར་བྱ་བ་ལེའུ་བཤད་པར་བྱ་སྟེ། རོ་རྣམས་ནི་སྨན་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་ཡང་སྨན་རྣམས་གཉིས་རོ་ལ་སོགས། །དེ་ནི་དེ་ལ ་བརྟེན་པས་མཆོག་ཅེས་སྔར་བཤད་པའི་ཕྱིར་ཏེ། སྨན་མེད་པར་རོ་ལ་སོགས་པ་ཉེ་བར་དམིགས་པར་མི་འགྱུར་རོ། །དེ་བས་ན་དང་པོར་སྨན་བཤད་ནས་དེའི་འོག་ཏུ་བསྟེན་པ་པོའི་རོའི་བྱེ་བྲག་ཤེས་པ་བསྟན་པ་བརྩམས་པ་ཡིན་ནོ། །དེ ་ལ་རྡོ་རྣམས་ཀྱི་ཐ་དད་པ་ནི་རོའི་ཁྱད་པར་སྟེ། དེ་ཤེས་པར་བྱ་བ་ལ་ཕན་པའི་ལེའུ་གང་ཡིན་པ་དེ་ནི་བཤད་པར་བྱ་ཞིང་བརྟན་པར་བྱའོ་ཞེས་པའོ། །དེ་ལ་རོ་ནི་རེ་ཞིག་ཆུའི་རང་བཞིན་དང། དང་པོ་མི་གསལ་བ་ཡིན་པ་ལ། དེ་ནི་དུས་རྣམ་པ་དྲུག་དང ་ལྡན་པ་ཡིན་པའི་ཕྱིར་དང། འབྱུང་བ་ཆེན་པོའི་ཡོན་ཏན་ཤས་ཆེ་ཆུང་གི་དབང་གིས་བྱུང་བ་དང་མི་མཉམ་ཞིང། ཚིག་པ་ལས་མངར་བ་ལ་སོགས་པའི་དབྱེ་བ་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་ལྟར་ན་ཆུ་སྨོས་པས་ནི། རོ་དག་ཆུའི་རྣམ་པར་འགྱུར ་བ་ཡིན་པའི་ཤེས་པ་ས་ལ་སོགས་པ་ནི། ལྷན་ཅིག་བྱེད་པའི་ཚུལ་གྱིས་དགོངས་པ་བྱེད་པ་ཡིན་ཏེ། དེ་བས་ན་ཚོགས་པ་ནི་ཡང་དག་པར་ན་རོའི་བྱེད་པ་པོ་ཡིན་ནོ། །དེ་བས་ན་འབྱུང་བ་ཆེན་པོ་ཤས་ཆེ་བའི་ཁྱད་པར་ལས་རོ་འབྱུང་བའི ་ཚུལ་སྨྲས་པ་ནི། མངར་བ་ལ་སོགས་རོ་སྐྱེ་ལ། །ས་ཆུ་མེ་ས་ཆུ་དང་མེ། །མཁའ་རླུང་མེ་རླུང་ས་དང་རླུང། །གདིས?་གཉིས་ཤས་ཆེ་ལས་རིམ་འབྱུང་ཞེས་བྱ་བ་ལ། རོ་མངར་བ་དང་སྐྱུར་བ་ལ་སོགས་པ་དྲུག་པ་རྣམས་ནི་སྐྱེ་ཞིང་འབྱུང་བ་ནི ་འབྱུང་བ་གཉིས་གཉིས་ཤས་ཆེ་ཞིང་ལྷག་པ་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་བ་དང། བཤད་པའི་ཚུལ་གྱིས་འབྱུང་སྟེ། འབྱུང་བ་གཉིས་གཉིས་གང་ལ་ཤས་ཆེ་བར་གྱུར་པ་དེ་ལས་འབྱུང་བའོ། །དེ་ལས་འབྱུང་བ་ཆེན་པོ་གང ་དག་རོ་གང་ཞིག་རྩོམ་པ་ལ་ལྷག་པར་གྱུར་པ་ཡིན་ཞེ་ན། དེ་དག་གྲངས་ཇི་ལྟ་བ་བཞིན་དུ་སྨྲས་པ་ནི། ས་ཆུ་ཞེས་བྱ་བ་ལ་སོགས་པ་སྟེ། ས་ཆུ་ཞེས་པ་ས་དང་ཆུའི་འབྱུང་བ་ཤས་ཆེ་བ་ལས་ནི། རོ་མངར་བ་བྱུང་བ་ལ་མེ་ས་ཞེས་བྱ་བ ་མེ་དང་སའི་ཤས་ཚ་བ་ལས་ནི་སྐྱུར་བ་འབྱུང་ངོ། །ཆུ་དང་མེ་ཞེས་བྱ་བ་འབྱུང་བ། ཆུ་དང་མེའི་ཤས་ཆེ་བ་ལས་ནི་ལན་ཚྭའི་རོ་འབྱུང་ངོ། །མཁའ་རླུང་ཞེས་བྱ་བ་ནམ་མཁའ་དང་རླུང་ཤས་ཆེ་བ་ལས་ནི་རོ་ལ་བ་འབྱུང་ངོ། མེ་རླུང་ཞེས་བྱ་བ་མེ་དང ་དང་ཤས་ཆེ་བ་ལས་ནི་ཚ་བ་ཡིན། ས་དང་རླུང་ཞེས་བྱ་བ་འབྱུང་བས་དང་རླུང་གི་ཤས་ཆེ་བ་ལས་ནི་རོ་བསྐ་བ་འབྱུང་ངོ། །དེ་ལྟར་ན་གཉིས་གཉིས་ལས་འབྱུང་བ་ཡིན་ནོ། །ཤས་ཆེ་ཞེས་སྨོས་པས་ན་རོ་ཐམས་ཅད་ཀྱང་འབྱུང་བ་ལས་གྱུར་བ་ཡིན་པར་སྟོན་ཏོ། །དེས་ན་ཚོགས ་པ་ལས་བྱུང་བ་ཡིན་ཡང་ཤས་ཆེ་བའི་ཆས་རྫོགས་པར་བྱས་པ་ཡིན་ཏེ། གང་དུ་གང་ཞིག་ཤས་ཆེ་བ་སྟེ། དེར་རོའི་ཁྱད་པར་གཞན་བསྐྱེད་པ་ཡིན་ནོ། །དེ་ལྟར་ན་ཤས་ཆེ་བའི་དབང་གིས་རོ་མངར་བ་ནི་འབྱུང་བ་ཐམས་ཅད་ཀྱིས་བསྐྱེད ་དུ་ཟིན་ཀྱང། ས་དང་ཆུ་ལས་བྱུང་བ་ཡིན་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །ད་ནི་མངར་བ་ལ་སོགས་པ་འབྱུང་བ་རྣམས་ཀྱི་མཚན་ཉིད་དང་ལས་བསྟན་པའི་ཕྱིར་སྨྲས་པ་ནི། དེ་ལ་རོ་ནི ་མངར་བ་དག་།གང་ཞིག་མྱངས་པའི་ཆེ་ན་ནི། །ཁ་ལ་ཆགས་ཤིང་ལུས་ཀྱང་ནི། །ཚིམ་བྱེད་དབང་པོ་རབ་དང་བྱེད། །གྲོགས་མ་ལ་སོགས་དགའ་བ་ཡིན་ཞེས་བྱ་བ་ལ། རོ་དྲུག་པོ་དེ་དག་གི་ནང་ནས། རོ་མངར་བ་དག་ཏུ་ཤེས་པར་བྱ་བ་ནི་གང་ཞིག ་མྱངས་ཤིང་ལྕེ་དང་ཕྲད་པར་གྱུར་པ་ན། ཁ་ལ་ཆགས་ཤིང་འབྱར་བག་ཅན་དུ་གྱུར་པ་དང། དེ་བཞིན་དུ་ལུས་ཀྱང་ཚིམ་ཞིང་བདེ་བར་བྱེད་པ་དང། དབང་པོ་རྣམས་རབ་ཏུ་དང་ཞིང་དགའ་བར་བྱེད་པ་དང། དེ་བཞིན་དུ་གྲོགས་མ་ལ་སོགས ་པ་སྲོག་ཆགས་ཕྲ་མོ་རྣམས་ཀྱང་དགའ་ཞིང་སྲེད་པར་བྱེད་པ་ཡིན་ནོ། །སྐྱུར་བ་ཁ་ནས་ཆུ་འཛག་ཅིང། །སོ་བརྩེ་དུ་ནི་ལྡང་བ་དང། །མིག་དང་སྨིན་མ་འཛུམ་པར་བྱེད། །ཅེས་བྱ་བ་ལ། རོ་སྐྱུར་བ་ནི་མྱངས་པའི་ཚེ་ཁ་ནས་ཆུ་འཛག་ཅིང། གཤེར ་བ་འདུ་བ་དང། དེ་བཞིན་སོ་བརྩེ་བ་དང། སྤུ་ལྡང་བར་བྱེད་པ་དང། མིག་གཉིས་དང་སྨིན་མ་གཉིས་འཛུམ་ཤིང་སྡུད་པར་བྱེད་པ་ཡིན་ནོ། །ལན་ཚྭ་ཁར་ནི་འཚིལ་མ་འདུ། །མ་ཁུར་བ་གྲེ་བ་ཚ་བར་བྱེད་ཅེས་བྱ་བ་ལ། རོ་ལན་ཚྭ་ནི་ལྕེ ་མྱངས་པ་ན་ཁར་མཆིལ་མ་འདུ་ཞིང་འཛག་པ་དང་མཁུར་བ་དང་གྲེ་བར་ཚ་བར་བྱེད་པ་ཡིན་ནོ། །བ་བ་ཁ་ཡི་དྲི་མ་སྦྱོང། །ལྕེ་ནི་འཇོམས་པར་བྱེད་པ་ཡིན་ཞེས་བྱ་བ་ལ་རོ་ཁ་བ་ནི་མྱངས་པར་གྱུར་པ་ན། ཁའི་དྲི་མ་སྦྱོང་ཞིང་དག་པར་བྱེད་དེ། ལྗན་ལྗིན ་སེལ་བ་ཡིན་ཞིང་ལྕེ་འཇོམས་པ་སྟེ། རོ་གཞན་འཛིན་པར་བྱེད་པའི་ནུས་པ་འཇིག་པར་བྱད་པ་སྟེ། རང་གི་ལས་ཀྱི་ནུས་པ་ཉེ་བར་འཇོམས་པར་བྱེད་དོ་ཞེས་བྱ་བའི་དོན་ནོ། །ཚབ་ལྟེ་རྩེ་སྐྱོ་བྱེད་ཅིང། །ཅག་ཙག་བྱེད་པར་འགྱུར་བ་དང། །ཁ་མིག་སྣ་ནས་འཛག ་བྱེད་ཅིང། །མཁུར་བ་བསྲེག་པར་བྱེད་པ་ཡིན་ཞེས་བྱ་བ་ལ་རོ་ཚ་བ་ནི་ལྕེ་ལ་མྱངས་པའི་ལྕེའི་རྩེ་མོ་སྐྱོ་བར་བྱེད་ཅིང་ན་བར་བྱེད་པ་སྟེ། ལྕེ་བེམ་པོར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ཙག་ཙག་བྱེད་པར་འགྱུར་ཞེས་བྱ་བ་ནི། མ་ལྕེ་ལ་རེག་པ་ལྟར་ཚ་བ་ལམ་ལམ ་པོར་བྱེད་པ་འམ། སྐེ་སའི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཅག་ཅག་པོར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཁ་དང་མིག་དང་སྣ་ལས་ཆུ་འཛག་པར་བྱེད་པ་དང། མཁུར་བ་མེ་ལྕེས་ཕོག་པ་ལྟར་སྲེག་པར་བྱེད་པ་ཡིན་ནོ། །བསྐ་བས་ལྕེས་ནི་བེམ་པོར་བྱེད་གྲེ ་པ་རྩ་སྤུབས་འགགས་པར་བྱེད་ཅེས་བྱ་བ་ལ། རོ་བསྐ་བ་ནི་ལྕེས་མྱངས་པ་ན་ལྕེ་བེམ་བེམ་པོར་བྱེད་དོ། །རོ་ཇི་ལྟ་བ་བཞིན་དུ་ཚར་བར་གྱུར་པ་ལས་ཉམས་པར་བྱེད་པ་དང། དེ་བཞིན་དུ་གྲེ་བ་དང་རྩའི་སྤུབས་འགག་པར་བྱེད་པར་འགྱུར་རོ། །དེའི་ཚུལ ་ནི་དེ་དག་སྟེ་ཞེས་བྱ་བ་ལ། རོ་རྣམས་ཀྱི་མཚན་ཉིད་བཤད་ནས་དེ་དག་གི་རང་བཞིན་ཉིད་ཀྱི་དོན་གྱི་མཇུག་བསྡུ་བའི་ཚིག་ཏུ་སློབ་དཔོན་གྱིས་སྨྲས་པ་ཡིན་ཏེ། མངར་བ་ལ་སོགས་པའི་རོའི་ཚུལ་ནི་སྔར་བཤད་པའི་རྣམ་པ་དེ་ལྟ་བུའི་མཚན་ཉིད ་ཅན་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ནོ། །ལས་ནི་རོ་མངར་བ་དག་གིས། །སྐྱེ་གནས་འཕྲོད་པར་བྱེད་པ་དང། ལུས་ཟུངས་མཐུ་སྟོབས་རབ་བསྐྱེད་ཅིང། བྱིས་པ་རྒན་པོ་གློ་བརྡོལ་སྐེམ་མདོག་མདངས་སྐད?་དང་དབང་པོ་བཟང། །ལུས ་རྟས་སྐད་འགགས་ཕན་ཞིང་ལྕི། །ནུ་ཞོ་བསྐྱེད་ཅིང་རྨ་འབྱོར་བྱེད། །ཚེ་རིང་འཚོ་བྱེད་སྣུམ་པ་དང། །རླུང་དང་མཁྲིས་པ་དུག་རྣམས་སེལ། །ཧ་ཅང་དྲག་ན་ཚིལ་བཅས་དང། །བད་ཀན་ལས་བྱུང་ནད་བསྐྱེད་ཅིང། །ལུས ་སྦོམ་དྲོད་འབྲི་ཆང་ནད་དང། །གཅིན་ནད་ལྦ་བ་སྨོན་སོགས་བསྐྱེད། ཅེས་བྱ་བ་ལ། རོ་མངར་བ་ལ་བསྟེན་ཅིང་དཔྱད་ན་ལས་འདི་དག་བྱེད་དོ། །དེ་ཡང་སྐྱེས་ནས་འཕྲོད་པར་བྱེད་པ་སྟེ། སྐྱེས་པ་ནས་བརྩམས་ཏེ་འཕྲོད་ཅིང་རྗེས་སུ་མཐུན་པ་ཡིན་པའི ་ཕྱིར། བཅུད་ཀྱི་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱི་མཐུ་སྟོབས་རབ་ཏུ་སྐྱེད་པར་བྱེད་པ་སྟེ། ནུས་པ་ཁྱད་པར་ཅན་དང་ལྡན་པའི་སྟོབས་བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྟག་ཏུ་བྱིས་པ་དང་རྒན་པོ ་དང་གློ་བརྡོལ་བ་དང་སྐེམ་པ་དང་མདོག་མདངས་དང། སྐྲག་དང་དབང་པོ་རྣམས་ལ་བཟང་ཞིང་བསྔགས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལུས་རྟག་པར་བྱེད་པ་དང། སྐད་འགགས་པའི་ལྐོག་མ་ལ་ཕན་པ་དང། བུད་མེད་ཀྱི་ནུ་ཞོ་བསྐྱེད ་པ་དང། རྨ་དང་རུས་པ་ཆགས་པ་འབྱོར་ཞིང་འཚོ་བར་བྱེད་པ་དང། ཚེ་རིང་བར་བྱེད་པ་དང། འཚོ་བར་བྱེད་ཅིང་མདངས་བསྐྱེད་པ་དང། སྣུམ་པའི་ཡོན་ཏན་དང་ལྡན་པ་དང། དེ་བཞིན་རླུང་དང་མཁྲིས་པའི་ནད་དང་དུག་ལས་གྱུར་པའི་ནད ་རྣམས་སེལ་བར་བྱེད་པ་ཡིན་ནོ། །ཡང་རོ་མངར་བ་དེ་ཧ་ཅང་དྲགས་ཤིང་ཤས་ཆེར་བསྟེན་པར་གྱུར་ན། ཚིལ་དང་བད་ཀན་ལས་བྱུང་བའི་ནད་རྣམས་བསྐྱེད་ཅིང་འཕེལ་བར་བྱེད་པ་དང། ལུས་སྦོམ་པ་ལ་སོགས་པར་བྱེད་པ་དང། ཆང་ནད ་ནི་འོག་ནས་བཤད་དོ། །དེ་ལ་སོགས་པ་བསྐྱེད་པར་འགྱུར་རོ། །སྐྱུར་བ་མེ་དྲོད་སྐྱེད་བྱེད་སྣུམ། །ཞི་ཞིང་འཇུ་བྱེད་ཡི་ག་འབྱེད། །དྲོ་བའི་ནུས་བསྐྱེད་རག་པ་བསིལ། །ཚིམ་བྱེད་འདྲུལ་བྱེད་ཡང་བ་སྟེ། བད་ཀན་ཁྲག་མཁྲིས་རྒྱས་པར་བྱེད།། ་རླུང་འགགས་རྒྱུ་བར་བྱེད་པ་ཡིན། །དེ་ནི་ཤིན་ཏུ་བསྟེན་གྲགས་ན། །ལུས་ལྷོད་རབ་རིབ་མགོ་འཁོར་དང། །གཡན་པ་སྐྱ་རྦབས་མེ་དབལ་དང། །འོར་ནད་ཐོར་བུ་སྐེམས་རིམས་བསྐྱེད་ཅེས་བྱ་བ་ལ་རོ་སྐྱུར་བ་བསྟེན་ཅིང་སྤྱད་ན། ཁོང་པའི་མེ་དྲོད་བསྐྱེད་ཅིང ་འཕེལ་བར་བྱེད་པ་དང། དེ་བཞིན་དུ་སྣུམ་པ་དང། ཞིམ་ཞིང་སེམས་དགའ་བར་བྱེད་པ་དང། ཁ་ཟས་འཇུ་ཞིང་སྨིན་པར་བྱེད་པ་དང། ཡི་ག་འབྱེད་ཅིང་ཟས་ལེན་པ་དང། དེ་བཞིན་དུ་དྲོ་བའི་ནུས་པ་བསྐྱེད་པ་དང། བསྐུས་ན་རེག་པ་ཁ་བལྟས་པ ་བསིལ་བ་དང། ཚིམ་པར་བྱེད་པ་དང། ཁ་ཟས་འདྲུལ་ཞིང་སླ་བར་བྱེད་པ་དང། དེ་བཞིན་དུ་ཡང་བ་དང། བད་ཀན་དང། མཁྲིས་པ་དང། ཕྱག་རྒྱས་པར་བྱེད་པ་དང། དེ་བཞིན་དུ་རླུང་ལམ་འགགས་ཤིང་འཁྱིལ་བ་དག་བདེ་བར་རྒྱུ་བར་??་བྱེད ་ཅིང་འབྱུང་བར་བྱེད་པ་ཡིན་ནོ། །རོ་སྐྱུར་བ་དེ་ནི་ཤིན་ཏུ་བསྟེན་དྲགས་ཤིང་ཤས་ཆེར་ཟོས་ན་ལུས་ལྷོད་ཅིང་མི་མཁྲེགས་པར་བྱེད་པ་དང། དེ་བཞིན་དུ་རབ་རིབ་ལ་སོགས་པའི་ནད་བསྐྱེད་པར་འགྱུར་རོ། ལན་ཚྭ་སྲ་དང་འཁྱིལ་བ་དང། །འགགས་པར་འབྱིན ་ཅིང་དྲོད་སྐྱེད་བྱེད། །སྣམ་དང་དུག་གིས་རྡུལ་ཞིང་རྣོ། །ཡི་ག་འབྱེད་ཞིང་གཅོད་འབྱང་བྱེད། །དེ་ནི་དྲགས་པར་རླུང་བྲག་དང། །སྐྲ་འབྱིར་སྐྲ་དཀར་གཉེར་མ་དང། །སྐོམ་མཛེ་དུག་དང་མེ་དབལ་རྣམས། །སྐྱེད་ཅིང་སྟོབས་ནི་འབྲི་བར་བྱེད་ཅེས་བྱ་བ་ལ། རོ་ལན་ཚྭ་ཅན ་བསྟན་ཅིང་ལོངས་སྤྱོད་ན་སྲ་བ་འབྱིན་པར་བྱེད་པ་དང། །འཁྱིལ་བ་འབྱིན་པར་བྱེད་པ་དང། །འགགས་པ་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལ་སྲ་བ་ནི་རེངས་ཤིང་འགྱུར་མི་ཤེས་པའོ། །འཁྱིལ་བ་ནི་བཤད་བ་ལ་སོགས་པའི་ཚོགས་འཁྱིལ་ཞིང་འབྱུང་དུ ་མི་ཏུབ་པའོ། །འགགས་པ་ནི་རྩ་སྤུབས་རྣམས་འགགས་པ་སྟེ་དེ་དག་འབྱིན་ཅིང་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དྲེང་བསྐྱེད་ཅིང་མའི་ཤེས་པ་འཕེལ་བར་བྱེད་པ་དང། སྣུམ་པ་དང། དུགས་ཀྱིས་རྡུལ་འབྱིན་པ་བྱེད་པ་དང། རྣོ་ཞིང་འཇུག་པ ་མྱུར་བ་དང། ཡི་ག་འབྱེད་ཅིང་ཟས་འདོད་པ་དང། གཅོད་ཅིང་ཁ་གཉིས་སུ་བྱེད་པ་དང། འབྱེད་ཅིང་འཇིག་པར་བྱེད་པ་ཡིན་ནོ། །ལན་ཚྭའི་རོ་དེ་དྲགས་ཤིང་ཤས་ཆེར་བསྟེན་པས་རླུང་དང་ཁྲག་གི་ནད་དང། དེ་བཞིན་དུ ་སྐྲ་འབྱི་ཞིང་སྤྱི་ཐེང་དུ་འགྱུར་བ་དང། རྒས་སྲ་བའི་མཚན་མ་སྐྲ་དཀར་པོ་དང། གཉེར་མ་ཞེས་པ་བགས་པ་འདུས་པ་དགས་བྱེད་པ་དང། དེ་བཞིན་དུ་སྐོམ་དང་ལ་སོགས་པ་སྐྱེད་པར་བྱེད་ཅིང། སྟོབས་འབྲི་ཞིང་འཇིག་པར་བྱེད་པ་ཡིན་ནོ།། ་ཁ་བ་དང་རང་ཉིད་ཞིམ་མིན་ཞིང། །ཡི་ག་འཆུས་དང་སྲིན་སྐོམ་དུག་།མཛེ་དང་བརྒྱལ་དང་རིམས་སློན་བྲོ། །ཚ་དང་མཁྲིས་པ་བད་ཀན་འཇོམས། །འདྲུལ་དང་ཚིལ་དང་ཞག་དང་རྐང་དང། །བཤད་དང་གཅི་བ་སྐེམས་པ་དང། །ཡང་ཞིང་ཡིད ་གཞུངས་བསིལ་ཞིང་རྩུབ། །ནུ་མའི་ནང་དང་སྐད་འགག་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་ནས། །ལུས་ཟུངས་ཟད་ཅིང་རླུང་ནང་སྐྱེད། ཅེས་བྱ་བ་ལ། རོ་ཁ་བ་ནི་རང་ཉིད་ཞིམ་པ་མ་ཡིན་ཞིང་ཡི་ག་འབྱེད་པར་བྱེད་པ་ཡིན་ཡང། རང་ཉིད ་ཡི་གར་མི་འོང་བ་ཡིན་ནོ། །དེ་བཞིན་དུ་ཡི་ག་འཆུས་པ་ནས། བད་ཀན་གྱི་བར་དུ་འཇོམས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདྲུལ་པ་ལ་སོགས་པ་ཞུ་ཞིང་གཤེར་བའི་ཚུལ་ཅན་དག་སྐྱེམ་པར་བྱེད་པ་དང། དེ་བཞིན་དུ་བཞིན་ཡང་བ་དང། ་ཡིད་གཞུངས་ཤིང་ཤེས་རབ་འཕེལ་བ་དང། བསིལ་ཞིང་གྲང་བའི་ནུས་པ་བསྐྱེད་པ་དང། དེ་བཞིན་དུ་རྩུབ་པ་དང། བུད་མེད་ཀྱི་ནུ་མའི་ནད་དང། སྐད་འགགས་པའི་ལྐོག་མའི་ནད་སེལ་ཞིང་འཇོམས་པ་ཡིན་ནོ། །རོ་ཁ་བ་དེ་ཤིན ་ཏུ་དྲགས་པར་བསྟན་ཅིང་གོམས་པར་གྱུར་ན། ལུས་ཟུངས་དངས་མ་ལ་སོགས་པ་ཟད་ཅིང་འབྱེ་བ་དང། རླུང་ལས་གྱུར་བའི་ནད་རྣམས་བསྐྱེད་ཅིང་འབྱིན་པ་ཡིན་ནོ། །ཚ་བས་ལྐོག་ནད་འགགས་པ་དང། མཛེ་དང་མ་ཞུ་འོར་ནད་སེལ།། ་རྨ་འཇིག་བྱེད་ཅིང་སྣུམ་པ་དང། །ཚིལ་དང་འདྲུལ་བག་སྐེམས་པར་བྱེད། །དྲོད་བསྐྱེད་འཇུ་བྱེད་ཡི་ག་འབྱེད། །སྦྱོང་ཞིང་ཟས་ནི་འཇིག་པར་བྱེད། །འཆིང་བ་གཅོད་ཅིང་རྩ་སྤུབས་དག་།རྣམ་པར་བྱེད་ཅིང་བད་ཀན་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་པས། །སྐོམ ་བསྐྱེད་ཁུ་བ་སྟོབས་ཟད་ཅིང། །བརྒྱལ་ཞིང་ལུས་འཁུམས་འདར་བ་དང། །རྐེད་པ་རྒྱབ་སོགས་ན་བར་བྱེད། །ཅེས་བྱ་བ་ལ། རོ་ཚ་བས་ནི་ལྐོག་མའི་ནད་ལ་སོགས་པ་སེལ་བར་བྱེད་དེ། ལྐོག་ནད་ནི་ལྐོག་མའི་ཕྱོགས་སུ་འབྱུང་བའི་ནད་དོ། །འགག་པ་ནི་དང ་འགའ་ཤིང་བད་ཀན་གྱིས་རྒྱས་པ་ལས་བྱུང་བའི་ནད་ལ་བྱའོ། །ལ་ལ་ནི་གྲང་བའི་འདར་ནང་ལ་ཨུ་བརྟུ་ཞེས་བྱའོ་ཞེས་ཟེར་རོ། །གཞན་དག་ནི་གྲང་བའི་དུས་སུ་ཁྱད་པར་དུ་གྲང་བའི་ཆུའི་རེག་པ་ལས། །ལྐོག་མར་སྐྲངས་པར་གྱུར་པའི་ནད། །གག?་པ་ཅེས་བྱ་བད ་ཀན་འབྱུང་ཞེས་བཤད་དོ། །མ་ཞུ་བ་ནི་མ་ཞུ་བ་བེའུ་སྣབས་ཅན་ནོ། །རྨ་འཇིག་པར་བྱེད་པ་ནི། རྨ་ཤིན་ཏུ་མཐོ་བའི་སྐྲངས་བག་ཅན། །མཇུམ་ཞིང་འབྲི་བར་བྱེད་པའོ། །ཡང་ན་རྨ་འབྱོར་པ་དག་གིས་གགས་བྱེད་པའོ། །དེ་བཞིན་དུ་སྣུམ་བ་དང། ཚིལ་པ ་སོགས་པ་སྐེམས་ཤིང་འབྲི་བར་བྱེད་པ་དང། མེའི་དྲོད་བསྐྱེད་ཅིང་འཕེལ་བ་དང། མ་ཞུ་བ་ཞུ་བར་བྱེད་པ་དང། །ཁ་ཟས་ཡི་ག་འབྱེད་པར་བྱེད་པ་དང། རྩ་སྤུབས་སྦྱོང་བ་དང། ཟས་འཇིག་པར་བྱེད་པ་དང། འཆི་བ་གཅོད་པ་སྟེ། རྣོ་བས་ལྷ་ཚིགས ་ཀྱི་འཆི་བ་དམ་པོ་ལྷོད་པར་བྱེད་པ་དང། རྩ་སྤུབས་ཀྱི་ཁ་རྣམ་པར་འཆིད་བ་དང། བད་ཀན་སེལ་ཅིང་འཇོམས་པ་ཡིན་ནོ། །ཚ་བ་དེ་ཤིན་ཏུ་དྲགས་པར་བསྟེན་ཅིང་ཟོས་པས་ནི་སྐོམ་དད་བསྐྱེད་བ་ལ་སོགས་པ་བྱེད་པ་ཡིན་ནོ། །བརྒྱལ་བ ་ནི་རྨོངས་པར་གྱུར་པའོ། །ལུས་འཁུམས་པ་ནི་ཡན་ལག་འཇས་པ་ལྟར་གྱུར་པའོ། །དེ་བཞིན་དུ་འདར་བ་དང། རྐེད་པ་དང། རྒྱབ་ན་བ་སྟེ། དེ་དག་ཏུ་གཟེར་བ་ལ་སོགས་པ་མི་བཟད་པས་འདེབས་པ་དང། སོགས་པའི་སྒྲས་ནི་རྐང་པ་དང། རྩིབ ་ལོགས་མལ་སོགས་པར་བྱེད་པ་ཡིན་ནོ། །བསྐ་བ་མཁྲིས་པ་བད་ཀན་སེལ། །ལྕི་ཞིང་ཁྲག་ནང་རྣམ་པར་སྦྱོང། །སྐེམ་ཞིང་རྨ་འཚོ་བསིལ་བ་དང། །འདྲུལ་དང་ཚིལ་ནི་སྐེམ་པར་སྐེམས། །བེའུ་སྣབས་འཁྱིལ་ཅིང་སྲི་བར་བྱེད། ་རྩུབ་ཅིང་པགས་མདོག་རབ་དང་བྱེད། །དེ་ནི་ཤིན་ཏུ་བསྟེན་གྲགས་ན། །བཤད་འགགས་ལྟོ་སྤོས་སྙིང་ནད་དང། །སྐེམ་དང་སྐེམ་ཞིང་སྐྱེས་མཆུ་ཉམས། །རྩ་སྒོ་འགགས་ཤིང་དྲི་མ་སྲི་ཞེས་བྱ་བ། རོ་བསྐ་བ་བསྟེན་ཅིང་སྦྱད་པས་ནི། །མཁྲིས་པ་དང ་བད་ཀན་སལ་ཅིང་འཇོམས་པར་བྱེད་པ་དང། ལྕི་བའི་ཡོན་ཏན་དང་ལྡན་པ་དང། ཁྲག་གི་ནད་རྣམ་པར་སྦྱོང་བ་ལ་སོགས་པ་བྱེད་པ་དང། བེའུ་སྣབས་འཁྱིལ་ཞིང་ཐོགས་པར་བྱེད་པ་དང། བཤང་བ་སྲི་བར་བྱེད་པ་དང། དེ་བཞིན་དུ་ཤིན་ཏུ ་རྩུབ་པ་དང། པགས་པའི་མདོག་རབ་ཏུ་དང་ཞིང་མདོག་གསལ་བར་བྱེད་པ་ཡིན་ནོ། །རོ་བསྐ་བ་དེ་བསྟེན་པ་དྲགས་ཤིང་ཤས་ཆེར་ཟོས་ན་བཤད་བ་འགགས་པ་ལ་སོགས་པ་བསྐྱེད་པར་བྱེད་པ་དང། སྐྱེས་བུའི་མཐུ་ཉམས་ཤིང་ཁུ་བ་ཟད་པར ་འགྱུར་བ་དང། དྲི་མ་སྲི་བ་དང། གཅིན་དང་བྱིས་འགག་པར་འགྱུར་བ་ཡིན་ནོ། །མངར་བ་ལ་སོགས་པའི་རྫས་ཀྱི་སྡེ་ཚན་སྨྲས་པ་ནི་ཞུན་མར་བུ་རམ་སྟར་ག་གསེར། །མོ་ཙ་ཙོ་ཙ་བ་རུ་ཤ། ཉེའུ་ཤིང་ར་མཉེ་བ་ནས། །རཱ་ཛ་ད་ན་བ་ལ་གསུམ། །མེ་དག ་གཉིས་དང་པརྞ་བཞི། །འཚོ་བྱེད་ཇི་ཀ་རི་ཤ་བ། །ཤིང་མངར་མ་དུ་ཀ་བིམཔི། །ཤརྦ?་ནི་གཉིས་བ་དི་རི། །ཅུ་ཝཾ་ཀཱི་ར་ཤུ་ཀུ་ལ། །ས་ཧ་འོ་ཅན་ཀཥྨ་རི། །འོ་མ་བུ་རམ་ཤིང་གཟེ་མ། །རྒུན་འབྲུམ་སྤང་སོགས་མངར་བའི་སྡེ། །ཞེས་བྱ་བ་ལ། ཞུན་མར་ནས་རྒུན་འབྲུའི ་བར་གྱི་སྡེ་ཚན་འདི་ནི་རྫས་མངར་བ་སྟེ། སྨན་མངར་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མོ་ཙ་ནི་ཆུ་ཤིང་གི་འབྲས་བུའོ། །ཙོ་ཙ་ནི་རྒྱ་སྐྱེགས་ཀྱི་འབྲས་བུའོ། །ཉེའུ་ཤིང་ནི་ཨ་བི་རུའོ། །རཾ་མཉེ་བར་མ་ནི་བི་རའོ། །རཱ་ཛ་ད་ན་ནི་བ་ན་ཡ་བྲི་ཡའོ། །བ་ལ་གསུམ ་ནི་པཱ་ལ་དང། ཨ་ཏི་པཱ་ལ་དང། ནཱ་ག་པཱ་ལའོ། །མེ་ད་གཉིས་ནི་མེ་དང། མཧཱ་མེ་དའོ། །པརྞི་བཞི་ནི་ས་ལ་པརྞི་དང། པྲིཥྞ་པརྞི་དང། མུཏག?་པརྞི་དང། མཱ་ཥ་པརྞིའོ། །འཚོ་བྱེད་ནི་ཛཱི་བནྟིའོ། །ཛཱི་བ་ཀ་ནི་ཀུརྩ་ཤིརཥའོ། །དི་ཤ་བ་ནི་བ་ལི་བརྡྷའོ། །མ་དུ་ཀ་རི་མ་དུ ་ཀའི་མེ་ཏོག་གོ་།བི་མ་ནི་དུནྟ་ཀེ་རིའོ། ཤྲ་བ་གཉིས་ནི། ཤྲ་བ་ནི་དང། མཧཱ་ཤྲ་བ་ཎིའོ། །བ་ད་རི་ནི་ཀྵི་ད་བི་དྷ་རིའོ། །ཅུ་ཝཾ་ནི་ཏུ་ཀ་ཀྵི་རིའོ། །ཀྵི་ར་ཤུ་ཀུ་ལ་ནི། ཀྵི་ད་ཀ་ལོ་ལིའོ། །ས་ཧ་གཉིས་ནི་མ་ཧཱ་ས་ཧ་དང། ཀྵུ་རཾ་ས་ཧའོ། །འོ་མ་ཅན་ནི་འོ་མ་ཡོད་པའི ་ཤིང་འོལ་སེལ་སོགས་པའོ། །ཀཥྨ་ར་ནི་ཀཏཔ་ལའོ། །གཞན་ནི་གོ་བར་ཟད་དོ། །སྐྱུར་བ་སྐྱུར་རུ་ར་ཨཾ་ལ་ཀ་།བ་ལུང་དང་ནི་སྟར་བུ་དང། །སེའུ་འབྲུ་རྡུལ་དང་དར་བ་དང། །ཚ་དང་ཀུ་ཤུ་ཨ་མྲ་དང། །ཾ་ལ་ཏརྐ་བྷ་བྱ་དང། ཀ་ར་མརྠ་པི་ཐ་རོ་ཞེས་བྱ་བ་ལ། སྐྱུར ་རུ་ར་ནས་ཀ་པིཏྠའི་བར་གྱི་སྡེ་ཚན་ནི་སྨན་སྐྱུར་བའི་ཚན་ཡིན་ནོ། །ཾ་ལ་ཀ་ནི་ཙུ་ཀྲཾ་ཀའོ། །བ་ལུང་ནི་པི་ཛ་པུ་རཱའོ། །གཞན་དག་ནི་གོ་བར་ཟད་དོ། །ཚ་མཆོག་རྩབས་རུ་ཁ་རུ་ཚ། །བི་ད་རྒྱ་མཚོ་བཀོང་མའི་ཚ། །མཚོ་ཚ་སྐམ་ཚ་རོ་ཉིད་དང། །ཀཱ་ར་ལན་ཚྭའི ་སྡེ་ཚན་ཡིན་ཞེས་བྱ་བ་ལ། ཚྭ་མཆོག་ནས་ལན་ཚྭའི་བར་ནི། ཚའི་སྡེ་ཚན་གྱི་སྨན་གྱི་ཚོགས་སོ། །ཚ་མཆོག་ནི་རྒྱམ་ཚ་དང། ལྕེ་མྱང་ཚའོ། །རྩ་བས་རུ་ཚ་ནི་སོ་བརྩ་ལ་སྟེ། མིང་གི་རྣམ་གྲངས་རུ་ཙི་ཀ་ཞེས་བྱའོ། །ཁ་རུ་ཚ་ནི་ཚ་ན་གེ་པོའོ། །བི་ད་ནི ་ཁ་རུ་ཚྭ་ནག་པོའི་དྲི་མི་ཞིམ་པའོ། །རྒྱམ་མཚོའི་ཚ་ནི་ས་མུ་དྲལ་ཝ་ནའོ། །རོ་ཉེ་ཞེས་བྱ་བ་ནི་ཞ་ཉེ་ནག་པོའོ། །ཀྵར་ནི་རྫི་ཀ་དང། ཡ་བཀྵ་ར་ལ་སོགས་པ་ལ་སོགས་པའོ། །ཁ་བ་ཁི་ལྕེ་པ་ཏོ་ལི། ཙན་དན་ཨུ་ཤིར་བ་ལེ་ཀ་།ཙི་སྐྲིགས་ནིམྦ་བུ་ཙོ་ཤེལ ་རྒྱ་སྤོས་ཨ་ཀར་བ་ཙ་ཀ་།ནཀྟམ་ལ་སེར་པོ་གཉིས། །གླ་སྒང་མུརྦ་བ་ཤ་ཀ་། པ་མརྒ་པོ་སོན་ཆ། །ཁར་ལྕགས་སླེ་ཏྲེས་བྱི་ཚེར་བ། །རྩ་བ་ཆེན་ལ་བྱཱ་བྷྲི་གཉིས། །བོང་ང་ཤུ་དག་བི་ས་ལ། ཞེས་བྱ་བ་ལ། །བྱི་ལྕེ་བ་ནས་བི་ཤ་ལའི་པར་གྱི་སྡེ་ཚན་འདི ་ནི་སྨན་ཁ་བའི་སྡེ་ཚོམས་སོ། །ཅི་སྐྲིགས་ནི་ཀི་རི་ཏ་ཏིཀྟའོ། །ནཀྟ་མ་ལ་ནི་ཀ་རཉྫའོ། །སེར་པོ་གཉིས་ནི་ཡུང་བ་དང་སྐྱེར་པའོ། །བ་ཤ་ཀ་ནི་ཨ་ཊ་རུ་ཥ་ཀའོ། །བྱི་ཚེར་བ་ནི་དུ་རླ་བའོ། །རྩ་བ་ཆེན་པོ་ལྔ་ནི། བིལྦ་དང་ཀ་ཀཤ་རི་ལ་སོགས་པའོ།། ་བྱཱ་གྷྲི་ནི་བྲི་ཧ་ཏཱི་དང། །ཀཎྜ་ཀཱ་རིའོ། །ཚ་བ་ཤིང་ཀུན་ན་ལེ་ཤཾ། བི་ཊཾ་ག་དང་ཚ་བ་ལྔ། །ཀུ་ཐི་ར་སོགས་ལྡུམ་དང་སྔོ། །མཁྲིས་པ་གཅིན་དང་གོ་ཕྱེ་ཡིན་ཞེས་བྱ་བ་ལ། ཤིང་ཀུན་ནས་གོ་ཕྱེའི་བར་གྱི་སྡེ་ཚན་འདི་ནི། སྨན་ཚ་བའི་སྡེ་ཚན་ཡིན་ནོ་ཞེས་བྱ ་པའི་དོན་ཏོ། །ཚ་བ་ལྔ་ནི་པི་པི་ལིང་དང། པི་པི་ལིང་མཱུ་ལ་དང། དབྱི་མོད་དང། ཙི་ཏྲ་ཀ་དང། བཅའ་ལྒའོ། །ཀུ་ཐེ་ར་སོགས་ལྡུམ་རྡང་སྔོ་ཞེས་བྱ་བ་ནི་ཚོད་མའི་ནད་ནས་ལྡུམ་གྱི་སྡོ་དང་ཀུ་ཐེ་རེ་དང། ཤི་ཀྲུ་དང། བྱིའུ་རུག་པ་ལ་སོགས་པའོ།། ་མཁྲིས་པ་ནི་རི་དགས་དང་བྱ་ལ་སོགས་པའི་མཁྲིས་པའོ། །གཅིན་ནི་བ་ལང་དང་ར་ལུག་ལ་སོགས་པའི་གཅིན་རྣམ་པ་བརྒྱད་དོ། །གོ་ཕྱེ་བ་ནི་བ་ལ་ད་ཀ་ཞེས་བྱ་བ་བསེ་ཤིང་གི་འབྲས་བུའོ། །སྐ་སྨན་ཨ་རུ་བ་རུ་ར། སྦྲང་རྩི་སེང་ལྡེང་ཤྲི་ཤ། ཀ་རཾ ་ཨུ་དུམ་པ་ར་དང། མུ་ཏིག་བྱུ་རུ་ཨཉཾ་བཙག་།ཀ་པིཏྠ་གཞོན། བརྫུ་ར། །པད་རྩ་པདྨ་ཨུཏཔ་ལའོ་ཞེས་བྱ་བ་ལ། ས་རུ་ར་ནས་ཨུཏཔ་ལའི་བར་གྱི་སྡེ་ཚན་འདི་ནི་རོ་བསྐ་བའི་སྨན་གྱི་ཚོགས་སོ་ཨཉྫ་ན་ནི་ལིག་བུ་མིག་དང་དངུལ་རྡོའོ། །བཙག་ནི་སུ ་བརྞ་གི་རི་སྟེ། བཙག་ཡུག་རྣམ་མོ། །ཀ་པིཏྠ་གཞོན་ཞེས་བྱ་བ་ནི་བ་ལ་ཀ་བིཏ་གཞོན་ནུའོ། །བརྫུ་ར་ཞེས་བྱ་བ་ནི་ཀ་པིཏྠ་རློན་པ་དང། །བརྫུ་ར་མ་སྨིན་པའོ་འབྲས་རྙིང་ནས་དང་གྲོ་རྙིང་དང། མུཏག་སྦྲང་རྩི་ཤ་བ་ར། སྐམ་སའི་ཤ་རྣམས་མེ་གཏོགས ་བའི། །མངར་བ་ཕལ་ཆེར་བད་ཀན་བསྐྱེད་ཅེས་བྱ་བ་ལ། མར་ལ་སོགས་པའི་སྨན་རོ་མངར་བ་ཕལ་མོ་ཆེ་དེ་དག་ནི། བད་ཀན་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་མོད་ཀྱི། འབྲས་རྙིང་པ་དང། ནས་རྙིང་པ་དང། གྲོ་རྙིང་པ་དང། སྲན་མུཏག་སྟེ། ་མོན་སྲན་སྡེའུ་དང། སྦྲང་རྩི་དང། ཤ་ཁ་ར་དང། སྐམ་སའི་ཤ་རྣམས་ནི་མ་གཏོགས་ཏེ། འདི་དག་མངར་ཡང་བད་ཀན་མི་བསྐྱེད་ཀྱི། དེ་ལས་གཞན་པའི་མངར་བ་ཕལ་ཆེར་བད་ཀན་བསྐྱེད་པ་ཡིན་ནོ། །སྐྱུ་རུ་སེ་འབྲུ་མ་གཏོགས་པ། སྐྱུར་བ་ཕལ་ཆེར་མཁྲིས ་པ་བསྐྱེད་ཅེས་བྱ་བ་ལ། གང་སྐྱུར་བའི་སྨན་ཕལ་ཆེར་ཞེས་པ་མང་དུ་སྟེ། མ་དུ་ལུངྒ་ལ་སོགས་པ་གང་ཡིན་པ་དེ་ཐམས་ཅད་མཁྲིས་པ་བསྐྱེད་ཅིང། འཕེལ་བར་བྱེད་པ་ཡིན་མོད་ཀྱི། སྐྱུ་རུ་ར་དང་སེའུ་འབྲུ་ནི་མ་གཏོགས་དེ་ཉིད་ནི་མཁྲིས་པ་མི་བསྐྱེད་པ ་གཞན་སྐྱུར་བ་ཐམས་ཅད་མཁྲིས་པ་བསྐྱེད་པ་ཡིན་ནོ། །རྒྱམ་ཚ་ལྕེ་མྱང་ཚ་མ་གཏོགས། །ལན་ཚྭ་ཕལ་ཆེར་མིག་ལ་གནོད། །ཅེས་བྱ་བ་ལ་ལན་ཚའི་སྨ་ཐམས་ཅད་ལས་ཕལ་ཆེ་བ་ཞེས་བྱ་བ་མང་དུ་མིག་ལ་གནོད་ཅིང་འཇོམས་པ་ཡིན་མོད་ཀྱི་རྒྱམ་ཚ་དང་ལྕེ་མྱང ་ཚ་ནི་མ་གཏོགས་སོ། །དེ་བས་རྒྱམ་ཚ་དང། ལྕེ་མྱང་ཚ་ནི་མིག་ལ་ཕན་ནོ་ཞེས་དོན་གྱི་ཤུགས་ཀྱིས་སྙོན་པ་ཡིན་ནོ། །སླེ་ཏྲེས་པ་ཏོ་ལ་བཅའ་སྒ། །སྒོག་སྐྱ་པི་པི་ལིང་མ་གཏོགས། །བ་དང་ཚ་བ་ཕལ་ཆེར་ནི། །རོ་ཙ་འབྲི་ཞིང་རླུང་བསྐྱེད་ཡིན་ཞེས་བྱ་བ་ལ། སྨན་ཁ་པ ་དང་ཚ་བ་ཐམས་ཅད་ལས་ཕལ་ཆེར་ཏེ་མང་དུ་རོ་ཙ་ཞིང་ཁུ་བ་འཕེལ་བ་ལ་གནོད་ཅིང་འབྲི་བར་བྱེད་པ་དང། དེ་བཞིན་དུ་རླུང་བསྐྱེད་པར་བྱེད་པ་མིན་མོད་ཀྱི། གཞན་དུ་ན་སྨན་ཁ་བའི་ནང་ན་སླེ་ཏྲེས་དང། པ་ཏོ་ལ་མ་གཏོགས་པ། སྨན་ཚ་བ་རྣམས་ཀྱི་ནང་ན ་བཅའ་སྐ་དང། པི་པི་ལིང་སྟེ། གསུམ་མ་གཏོགས་པ་སྨན་ཁ་བ་དང། ཚ་བ་གཞན་དག་ནི་རོ་ཙ་པ་འབྲི་ཞིང་རླུང་བསྐྱེད་པ་ཡིན་ལ། ལྔ་པོ་དེ་དག་ནི་རོ་ཙ་བ་བྱེད་པ་དང། རླུང་འཇོམས་པ་ཡིན་ནོ། །བསྐ་བ་ལས་ཨ་རུ་ར་མ་གཏོགས། ཕལ་ཆེར་བསིལ་ཞིང ་སྲི་བར་བྱེད་ཅེས་བྱ་བ་ལ། སྨན་བསྐ་བ་ཤི་རི་ཤ་ལ་སོགས་པ་ཐམས་ཅད་ལས་ཕལ་ཆེར་ཏེ། མང་དུ་བསིལ་བའི་ནུས་པ་དང་ལྡན་ཞིང། བཤང་བ་ལ་སོགས་པ་སྲི་བར་བྱེད་པ་ཡིན་མོད་ཀྱི། ཨ་རུ་ར་ནི་མ་གཏོགས་ཏེ། དེ་ནི་ནུས་པ་དྲོ་ཞིང་འཁྲུ་བར་བྱེད ་པ་ཡིན་ནོ། །རོ་ཚ་སྐྱུར་དང་ལན་ཚྭ་རྣམས། །གོ་རིམ་བཞིན་དུ་དྲོ་ནུས་ལྡན་ཞེས་བྱ་བ་ལ། རོ་ཚ་བ་དང། སྐྱུར་བ་དང། ལན་ཚྭ་རྣམས་ནི་གོ་རིམ་བཞིན་ཏེ། རིམ་པ་མ་ཆོལ་བར་ཚྭ་བའི་ནུས་པ་དང་ལྡན་པ་ཡིན་ཏེ། དེ་ཡང་ཚ་བ་ནི་ཚ ་ཞིང་དྲོ་བ་ཡིན་ལ། སྐྱུར་བ་ནི་རབ་ཏུ་དྲོ་བ་ཡིན་ལ། ལན་ཚྭ་ནི་མཆོག་ཏུ་དྲོ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །ཁ་དང་བསྐ་དང་མངར་བ་རྣམས། །དེ་བཞིན་དུ་ནི་བསིལ་པ་ཉིད་ཅེས་བྱ་བ་ལ་རོ་ཁ་བ་དང་བསྐ་བ་དང་མངར་བ་རྣམས་ནི་དེ་བཞིན ་དུ་ཞེས་པ། གོ་རིམ་སྔ་མ་བཞིན་དུ་བསིལ་བའི་ནུས་པ་དང་ལྡན་པ་ཡིན་གྱི་ཁ་བ་ནི་བསིལ་བ་ཡིན་ལ། །བསྐ་བ་ནི་རབ་ཏུ་བསིལ་བ་ཡིན་ལ། མངར་བ་ནི་མཆོག་ཏུ་བསིལ་བ་ཡིན་ནོ། །ཁ་དང་ཚ་དང་བསྐ་བ་རྣམས། །དེ་བཞིན་རྩུབ་ཅིང་དྲི ་མ་སྲི་ཞེས་བྱ་བ་ལ། རོ་ཁ་བ་དང་ཚ་བ་དང། བསྐ་བ་ནི་དེ་བཞིན་དུ་ཞེས་པ་གོ་རིམ་ཇི་ལྟ་བ་བཞིན་དུ་རྩུབ་ཅིང་དྲི་མ་སྲི་བར་བྱེད་པ་ཡིན་ཏེ། ཁ་བ་ནི་རྩུབ་པ་དང་དྲི་མ་སྲི་བར་བྱེད་པ་ཡིན་ལ། ཚ་བ་ནི་རྩུབ་ཅིང་རབ་ཏུ་དྲི་མ་བསྲི་པ་ཡིན་ལ། བསྐ་བ ་ནི་ཤིན་ཏུ་རྩུབ་ཅིང་དྲི་མ་སྲི་བ་ཡིན་ནོ། །ལན་ཚྭ་སྐྱུར་མངར་སྣུམ་པ་དང། བཤང་གཅི་ཐུར་གྱི་བླུགས་འབྱིན་བྱེད་ཅེས་བྱ་བ་ལ། རོ་ལན་ཚྭ་དང། སྐྱུར་བ་དང། མངར་བ་རྣམས་ནི་སྣུམ་པ་དང། བཤང་གཅི་དང། ཐུར་གྱི་བླུགས་འབྱིན་ཅིང ་འདོན་པར་བྱེད་པ་ཡིན་ལ། གོ་རིམ་བཞིན་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱ་སྟེ། ལན་ཚྭ་ནི་སྣུམ་པ་དང། བཤང་གཅི་དང་ཕྱི་རོལ་གྱི་དབུགས་འབྱིན་པར་བྱེད་པ་ཡིན་ལ། སྐྱུར་བ་ནི་རབ་ཏུ་སྣུམ་པ་དང། བཤང་པ་དང་གཅི་བ་དང་ཕྱི་རོལ་གྱི ་དཔུགས་རབ་ཏུ་འབྱིན་པར་བྱེད་པ་ཡིན་ནོ། །མངར་བ་ནི་ཤིན་ཏུ་སྣུམ་པ་དང། བཤང་བ་དང་གཅི་བ་དང་ཕྱི་རོལ་གྱི་དབུགས་ཤིན་ཏུ་འབྱིན་པར་བྱེད་པ་ཡིན་ནོ། །ལན་ཚྭ་ལས་བསྐ་བས་དེ་བས་ཀྱང། མངར་བ་མཆོག་ཏུ་ལྕི་བ་ཡིན་ཞེས་བྱ་བ ་ལ། རོ་ལན་ཚྭས་ནི་རོ་བསྐ་བ་ལྕི་བ་ཡིན་ལ། དེ་བས་ཀྱང་ཞེས་བྱ་བ། རོ་བསྐ་བ་བས་ཀྱང་རོ་མངར་བ་མཆོག་ཏུ་ལྕི་བ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །སྐྱུར་བས་ཚ་དང་དེ་བས་ཀྱང། །ཁ་བ་དག་ནི་ཡང་བ་ཡིན་ཞེས་བྱ་བ་ལ། རོ་སྐྱུར་བ་ནི་ཡང་བ་ཡིན་ལ། དེ་བས ་ཀྱང་ཚ་བ་ཡང་ཡིན་ལ། རོ་ཚ་བ་དེ་བས་ཀྱང་ཁ་བ་དག་ཡིན་ནོ། །རོ་རྣམས་ཀྱི་དབྱེ་བ་བཤད་པ་ནི། རོ་རྣམས་ཀྱི་ནི་དབྱེ་བ་ལས། །སྦྱོར་བ་ལྔ་བཅུ་རྩ་ལྔ་དང། །བརྟག་པ་དྲུག་ཅུ་རྩ་གསུམ་དུ། །རགས་རིམ་ཇི་བཞིན་ཕྱེ་བ་ཡིན་ཞེས་བྱ་བ་ལ། རོ་རྣམས་ཀྱི་བཞི་པོ ་སྨན་གྱི་སྦྱོར་བ་བྱས་པ་ལས་འོག་ནས་བཤད་པའི་ཚུལ་དུ་ཕན་ཚུན་འདྲེས་པའི་སྦྱོར་བ་བྱས་ཤིང་རྣམ་པར་ཕྱེ་བ་ལས་སྦྱོར་བ་ལྔ་བཅུ་རྩ་བདུན་ཐ་དད་པར་བྱ་བ་ཡིན་པ་དང། ཡང་འདི་རྣམས་ལ་རྟག་པ་དྲུག་ཅུ་རྩ་གསུམ་དུ་ཕྱེ་བ་ཡིན་ནོ། །ཇི་ལྟར་བྱས་ནས ་རོ་རྣམས་ཀྱི་སྦྱོར་བ་ལྔ་བཅུ་རྩ་བདུན་དང། བརྟག་པ་དྲུག་ཅུ་བྱས་པ་ཡིན་ཞེ་ན། རགས་རིམ་ཇི་ལྟ་བ་བཞིན་ཞེས་བྱ་བ་ཡིན་ཏེ། རགས་པའི་གོ་རིམ་ལ་བལྟོས་ཤིང་མཚོན་ནས། རོ་གསལ་བར་མྱོང་བའི་ཚུལ་དང། རྗེས་སུ་མཐུན་པར་བྱས ་པ་ཡིན་གྱི། རོ་རྗེ་ཕྲ་མོ་ཡན་ཆད་རབ་དང་མཆོག་གི་དབྱེ་བ་ལས་ནི། རོ་མཛའ་ཡས་པ་ཡིན་པས། ཕྲ་མོ་རྣམས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེ་ཡང་ཇི་ཙམ་ཞིག་ལུས་ལ་དགོས་པ་ཡོད་པ་དེ་ཙམ་གྱི་རགས་རིམ། ཇི་ལྟ་བ་བཞིན་དུ་ཆེ་ཞིང ་གྲངས་སུ་ཆད་པར་བྱས་པ་ཡིན་ནོ། །སྦྱོར་བ་ཉིད་རོ་གཉིས་ལ་སོགས་པའི་དབྱེ་བས་བཤད་པ་ནི་དེ་ལྔ་རེ་རེ་ཕྲི་བ་ལས། ལྔར་འགྱུར་རོ་ནི་གཉིས་པ་ཡིན། རོ་ཞེས་བྱ་བ་ལ་རོ་གཉིས་སྦྱར་བ་ནི་གཉིས་པ་སྟེ། རོའི་གཞིའི་སྨན་དང་འབྲེལ་བའི་སྦྱོར་བ ་གཉིས་པ་དེ་ལ་རོ་ལྔ་པོ་དེ་དག་གི་སྦྱོར་བ་བྱས་པ་ལས་འགྱུར་ཏེ། ཇི་ལྟར་འགྱུར་ཞེ་ན། རེ་རེ་ཕྲི་བ་ལས་གྱུར་ཏེ། མངར་བ་ཕྲི་བའི་སྐྱུར་བ་ལ་སོགས་པ་དང། སྐྱུར་བ་ཕྲི་བའི་ལན་ཚྭ་ལ་སོགས་པ་དང། ལན་ཚྭ་ཕྲི་བའི་ཁ་བ་ལ་སོགས་པ ་དང། ཁ་བ་ཕྲི་བའི་ཚ་བ་བསྐ་བ་གཉིས་དང། ཚ་བ་ཕྲི་བའི་བསྐ་བའོ། །དེ་ལྟར་ན་མངར་བ་ལ་སོགས་པའི་རོ་རེ་རེ་ཕུལ་བའི་རོ་ལྔ་ནི་སྦྱོར་བའི་དོན་དུ་འགྲོ་བར་བྱེད་པ་ཡིན་ལ། སྐྱུར་བ་ལ་སོགས་པ་ནི་སྦྱོར་བར ་བྱེད་པ་ཡིན་ཏེ། དེ་ཡང་འདི་ལྟ་སྟེ་མངར་བ་དང་སྐྱུར་བར་སྦྱར་བ་དང། མངར་བ་དང་ཁ་བ་སྦྱར་བ་དང། མངར་བ་དང་ཚ་བ་སྦྱར་བ་དང། མངར་བ་དང་བསྐ་བར་སྦྱར་བར་བྱ་སྟེ། དེ་ལྟར་ན་མངར་བ་ཕྱེ་བ་རྣམ་པ་ལྔར་འགྱུར་རོ། །སྐྱུར་བའི ་གཉིས་པ་ནི་མངར་བ་ལ་བལྟོས་ནས་རེ་རེ་ཕྲི་བ་ལས་གཉིས་པའི་དབྱེ་བ་བཞིར་འགྱུར་བ་ནི་འདི་ལྟ་སྟེ་སྐྱུར་བ་དང་ལན་ཚྭར་སྦྱར་བ་དང། སྐྱུར་བ་དང་ཁ་བར་སྦྱར་བ་དང། སྐྱུར་བ་དང་ཚ་བར་སྦྱར་བ་དང། སྐྱུར་བ་དང་བསྐ་བར་སྦྱར་བ་སྟེ་དེ་ལྟར ་ན་སྐྱུར་བ་དབྱེ་བ་རྣམ་པ་བཞིར་འགྱུར་རོ། །ལན་ཚྭའི་གཉིས་པ་ནི་སྐྱུར་བ་ལ་བལྟོས་པ་རེ་རེ་ཕྲི་བར་གྱུར་ན་དབྱེ་བ་རྣམ་པ་གསུམ་དུ་འགྱུར་བ་ནི་འདི་ལྟ་སྟེ། ལན་ཚྭ་དང་ཁ་བར་སྦྱར་བ་དང། ལན་ཚྭ་དང། ཚ་བར་སྦྱར་བ་དང། ལན་ཚྭ་དང་བསྐ་བར་སྦྱར་བ་སྟེ། ་དེ་ལྟར་ན་ལན་ཚྭའི་གཉིས་པར་འགྱུར་རོ། །ཁ་བའི་གཉིས་པ་ནི་ལན་ཚྭ་ལས་བལྟོས་ནས། རེ་རེ་ཕྲི་བར་གྱུར་ན་དབྱེ་བ་རྣམ་པ་གཉིས་སུ་འགྱུར་བ་ནི་འདི་ལྟ་སྟེ། ཁ་བ་དང་ཚ་བར་སྦྱར་བ་དང། ཁྲུ་བ་དང་བསྐ་བར་བྱའོ། །ཚ་བ་ཁ་བ་ལས་བལྟོས ་ནས་གཅིག་ཕྲི་བར་གྱུར་ན། དབྱེ་བ་རྣམ་པ་གཅིག་ཏུ་འགྱུར་ཏེ། ཚ་བ་དང་བསྐ་བར་སྦྱར་བར་བྱའོ། །དེ་ལྟར་ན་གཉིས་པོ་དེ་དག་དབྱེ་བ་རྣམ་པ་བཅོ་ལྔར་འགྱུར་རོ། །གསུམ་པ་མངར་བཅུ་སྐྱུར་དྲུག་སྟེ། ལན་ཚྭ་གསུམ་སྟེ། ཁ་བ་གཅིག་།བསིལ ་ལ་ནི་མངར་པོ་བཅུ། །སྐྱུར་བ་བཞི་པོ་ལན་ཚྭ་གཅིག་ལྔ་པ་ལ་ནི་སྐྱུར་གཅིག་པུ། །མངར་བ་ལྔ་ལ་བརྟེན་པ་ཡིན། །ཞེས་བྱ་བ་ལ། གསུམ་པ་མངར་བཅུ་ཞེས་བྱ་བ་ལ། སྨན་གྱི་རོ་གསུམ་པ་ལ། །རོ་མངར་བ་དབྱེ་བ་རྣམ་པ་བཅུར་འགྱུར་ཏེ། དེ་ཡང ་འདི་ལྟར་མངར་བ་དང། སྐྱུར་བ་དང། ལན་ཚྭ་སྦྱར་བ་དང། མངར་བ་དང་སྐྱུར་བ་དང་ཁ་བར་སྦྱར་པ་དང། མངར་བ་དང། སྐྱུར་བ་དང། ཚ་བར་སྦྱར་བ་དང། མངར་བ་དང། སྐྱུར་བ་དང་བསྐ་བར་སྦྱར་བ་དང། མངར་བ་དང། ལན་ཚྭ་ཁ་བར་སྦྱར་བ་དང། མངར ་བ་ལན་ཚྭ་དང་ཚ་བར་སྦྱར་བ་དང། མངར་བ་དང་ལན་ཚྭ་དང་བསྐ་བར་སྦྱར་བ་དང། མངར་བ་དང་ཁ་བ་དང་ཚ་བར་སྦྱར་བ་དང། མངར་བ་དང་ཁ་བ་དང་བསྐ་བར་སྦྱར་བ་དང། མངར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་བཅུའོ། །སྐྱུར་དྲུག ་སྟེ་ཞེས་བྱ་བ་ནི། རོ་སྐྱུར་བ་གསུམ་པའི་དབྱེ་བ་དྲུག་ཏུ་འགྱུར་བ་ནི་འདི་ལྟ་སྟེ། སྐྱུར་བ་དང་ལན་ཚྭ་དང་ཁ་བར་སྦྱར་བ་དང། སྐྱུར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང། སྐྱུར་བ་དང་ལན་ཚྭ་དང་བསྐ་བར་སྦྱར་པ་དང། སྐྱུར་བ་དང་ཁ་བ་དང་ཚ་བར་སྦྱར་བ ་དང། སྐྱུར་བ་དང། ཁ་བ་དང་ལན་ཚྭར་སྦྱར་བ་དང། སྐྱུར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དྲུག་གོ་།ལན་ཚྭ་གསུམ་ཞེས་བྱ་བ་ནི། ལན་ཚྭའི་གསུམ་པ་ནི་དབྱེ་བ་རྣམ་པ་གསུམ་དུ་འགྱུར་བ་ནི་འདི་ལྟ་སྟེ། ལན་ཚྭ་དང་ཁ་བ་དང་ཚ ་བར་སྦྱར་བ་དང། ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་དང། ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ་གསུམ་དུ་འགྱུར་རོ། །ཁ་བ་གཅིག་པུ་ཉིད་ཅེས་བྱ་བ་ནི་རོ་ཁ་བ་ནི་ཁ་བ་དང་ཚ་བ་དང། བསྐ་བར་སྦྱར་བ་སྟེ། ་དབྱེ་བ་གཅིག་པུ་ཉིད་དུ་འགྱུར་རོ། །དེ་ལྟར་ན་གསུམ་པ་ཉི་ཤུར་འགྱུར་རོ། །བཞི་པ་ལ་ནི་མངར་བ་བཅུ་ཞེས་བྱ་བ་ནི། བཞི་པ་ལ་ནི་ཞེས་བྱ་བ་དབྱེ་བ་བཞི་པ་ཅན་ལ། རོ་མངར་བ་དབྱེ་བ་རྣམ་པ་བཅུར་འགྱུར་རོ། །དེ་ཡང་འདི་ལྟ་སྟེ། མངར ་བ་དང་སྐྱུར་བ་དང། ལན་ཚྭ་དང། སྦྱར་བ་དང། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་བསྐ་བར་སྦྱར་བ་དང། མངར་བ་དང་སྐྱུར་བ་དང་ཁ་བ་དང་ཚ་བར་སྦྱར་བ་དང། མངར་བ ་དང་སྐྱུར་བ་དང་ཁ་བ་དང་ཚ་བར་སྦྱར་བ་དང། མངར་བ་དང་སྐྱུར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་དང། མངར་བ་དང། སྐྱུར་བ་དང། ཁ་བ་དང། བསྐ་བར་སྦྱར་བ་དང། མངར་བ་དང་ལན་ཚྭ་དང་ཚ་བ་དང། བསྐ ་བར་སྦྱར་བ་དང། མངར་བ་དང། ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ་བཅུར་འགྱུར་རོ། །སྐྱུར་བ་བཞི་པོ་ཞེས་བྱ་བ་ནི། སྐྱུར་བ་བཞི་པོ་དབྱེ་བ་བཞིར་འགྱུར་བ་ནི་འདི་ལྟ་སྟེ། སྐྱུར་བ་དང། ལན་ཚྭ་དང་ཁ་བ་དང་ཚ ་བར་སྦྱར་བ་དང། སྐྱུར་བ་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་དང། སྐྱུར་བ་དང་ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱར་བ་དང་སྐྱུར་བ་དང་ཁ་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ་བཞིར་འགྱུར་རོ། །ལན་ཚྭ་སྣ་གཅིག་ཅེས་བྱ་བ་ནི་ལན ་ཚྭ་བཞི་པ་ནི། དབྱེ་བ་གཅིག་ཏུ་འགྱུར་ཏེ། ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བར་སྦྱར་རོ། །དེ་ལྟར་ན་དབྱེ་བ་རྣམ་པ་བཅོ་ལྔར་འགྱུར་རོ། །ལྔ་པ་ལ་ནི་སྐྱུར་གཅིག་པུ། །མངར་བ་ལྔ་ལ་བརྟེན་པ་ཡིན་ཞེས་བྱ་བ་ནི་དབྱེ་བ་རྣམ་པ་ལྔ་ནི། རོ་སྐྱུར་བའི་དབྱེ་བ ་གཅིག་དུ་བསྟེན་པ་ནི། འདི་ལྟ་སྟེ། སྐྱུར་བ་དང། ལན་ཚྭ་དང་ཁ་བ་དང། ཚ་བ་དང་བསྐ་བར་སྦྱར་བར་བྱའོ། །ལྔ་པ་ལ་རོ་མངར་བ་ནི་དབྱེ་བ་ལྔ་ལ་བརྟེན་ཅིང་གནས་པ་ཡིན་ཏེ། འདི་ལྟར་མངར་དང་བསྐྱུར་བ་དང། ལན་ཚྭ་དང། ཁ་བ་དང་ཚ་བར་སྦྱར་བ ་དང། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་དང། མངར་བ་དང་ལན་ཚྭ་དང་ཁ་བ་དང། ཚ་བ་དང་བསྐ་བར་སྦྱར་བ་དང། མངར་བ་དང་བསྐ་བ་དང་ཁ་བ་དང་ཚ་བ་དང་སྐྱུར་བར་སྦྱར་བ་དང། མངར་བ་དང་སྐྱུར་བ་དང་ལན ་ཚྭ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་རྣམ་པ་ལྔ་དང། སྔ་མ་དང་བཅས་པ་ལྔ་བ་དབྱེ་བ་དྲུག་ཏུ་འགྱུར་རོ། །སྨན་ནི་རོ་དྲུག་གཅིག་ཏུ་ཡིན། ཅེས་བྱ་བ་ན་གཅིག་པུར་འགྱུར་བ་ཡིན་ཏེ། །མངར་བ་དང་སྐྱུར་བ་དང་ལན་ཚྭ་དང། ཁ་བ་དང ་ཚ་བ་བསྐ་བའོ། །སྤྱིར་གཅིག་པུ་ཁོ་ནར་གཅིག་ཏུ་འགྱུར་པ་ཡིན་ནོ། །དེ་ལྟར་ན་སྦྱོར་བ་ནི་ལྔ་བཅུ་རྩ་བདུན་དུ་འགྱུར་བ་ཡིན་ནོ། །མ་འདྲེས་པ་ནི་རོ་དྲུག་འགྱུར་ཞེས་བྱ་བ་ལ། མ་འདྲེས་པ་ནི་གཅིག་དང་གཉིས་ལ་སོགས་པའི་སྦྱོར་བ་དང་འབྲེལ་ཏེ། །གཅིག་པུ་ཉིད ་དུ་ནི་རོ་དྲུག་ཏུ་འགྱུར་ཏེ། མངར་བ་དང། སྐྱུར་བ་དང་ལན་ཚྭ་དང་ཁ་བ་དང་ཚ་བ་དང་བསྐ་བའོ། །དེ་རྣམས་བྱེ་བྲག་གི་ཆོ་གས་ཉེ་བར་སྦྱར་བ་ཡིན་ལ། བྱེ་བྲག་དེ་ནི་སྣུམ་གྱི་ཆོ་ག་ལ་དྲུག་ཅུ་རྩ་གསུམ་དུ་འགྱུར་ཏེ། དེ་ཡང་རོ་དབྱེ་དེ་གཉིས་གཅིག་པུ་གཉིས ་དྲུག་ཅུ་རྩ་གསུམ་དག་ཏུ་བརྟག། སྣུམ་གྱིས་གཞན་དག་ཟིལ་མནན་ཅིང། །ཉུང་བ་ཉིད་ཀྱི་རིམ་ལས་བཤད། །ཅེས་འབྱུང་བ་ཡིན་ནོ། །དབྱེ་བ་དེ་དག་བྱེ་བྲག་དྲན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པར་བསྡུས་ཏེ་སྨྲས་པ་ནི། ལྔ་པ་དྲུག་དང་རོ་ནི་ཐ་དད་དྲུག ་བཞི་པ་གཉིས་པ་རྣམ་པ་བཅོ་ལྔ་ཡིན། །དབྱེ་བ་གསུམ་པ་ཉི་ཤུ་གཅིག་ཉིད་དེ། །སྨན་ནི་རོ་དྲུག་དེ་ལྟར་དགུ་ཅུ་རྩ་གསུམ་ཞེས་བྱ་བ་ལ་རོ་ལྔའི་སྦྱོར་བ་དུ་ཡོད་ཅེ་ན། དྲུག་ཅེས་བྱ་བ་སྟེ། ལྔ་པ་ལ་ནི་སྐྱུར་གཅིག་པུ། །མངར་བ་ལྔ་ནི་བསྟེན་པ་ཡིན་ཞེས་བཤད་པས ་ནི། དེ་ལྟར་ལྔ་པ་ལ་ནི་སྦྱོར་བའི་དབྱེ་བ་དྲུག་ཡིན་ནོ། །རོ་ཐ་དད་དྲུག་ཅེས་བྱ་བ་ནི་མ་འདྲེས་པའི་ངོ་བོ་ཉིད་ལས་ནི་མངར་བ་དང། སྐྱུར་བ་དང་ལན་ཚྭ་དང་ཚ་བ་དང་བསྐ་བ་སྟེ། རོ་དྲུག་གི་དབྱེ་བར་འགྱུར་རོ། །བཞི་པ་གཉིས་པ་རྣམ་ལྔ་ཡིན་ཞེས་བྱ་བ་ནི། བཞི ་པ་དང་གཉིས་པའི་དབྱེ་བ་ནི་རྣམ་པ་བཅོ་ལྔ་སྟེ། དེ་ལྟར་ན་བཞི་པ་དང། གཉིས་པའི་རྣམ་པས་ཕྱེ་བའི་རོ་ནི་དབྱིངས་རྣམ་པ་སུམ་ཅུར་འགྱུར་རོ། །དེ་ཡང་བཞི་པ་ལ་ནི་མངར་པོ་བཅུ། །སྐྱུར་པ་བཞི་པོ་ལན་ཚྭ་གཅིག་ཅེས་སྨོས་པའི་ཕྱིར་བཅོ་ལྔ་ཡིན་ནོ། །དབྱེ་བ ་གསུམ་པ་ཉི་ཤུ་ཞེས་བྱ་བ་ནི། དབྱེ་བ་རྣམ་པ་གསུམ་གྱིས་ཕྱེ་བའི་རོ་རྣམས་ནི། དབྱེ་བ་ནི་རྣམ་པ་ཉི་ཤུར་འགྱུར་ཏེ། གསུམ་པ་མངར་བཅུ་སྐྱུར་དྲུག་སྟེ། ལན་ཚྭ་གསུམ་སྟེ་ཁ་བ་གཅིག་ཅེས་བྱ་བ་ཡིན་པས་ན་ཉི་ཤུ་འོ། །གཅིག་ཉིད་ནི། སྨན་ནི་རོ་དྲུག ་ཅེས་བྱ་བ་ནི། སྨན་ནི་རོ་དྲུག་གཅིག་པུ་ཡིན་ཞེས་བྱ་བའོ། །དེ་ལྟར་དྲུག་ཅུ་གསུམ་ཞེས་བྱ་བ་ནི་རོ་རྣམས་ཀྱི་དབྱེ་བ་དྲུག་ཅུ་རྩ་གསུམ་ཡོད་པའོ། །དེ་དག་ཀྱང་གོང་དུ་གྲངས་ལྔ་བཅུ་རྩ་བདུན་དུ་ཆད་པའི་བཅོས་མང་ཡོངས་སུ་དབྱེ་བའི་སྦྱོར་བ ་དང་བཅས་པར་བཤད་པ་དང། མ་བཅོས་པའི་རོ་དྲུག་སྟེ། རོ་དྲུག་ཅུར་རོ་རྣམས་དབྱེ་བར་བཤད་པ་གང་ཡིན་པ་དེ་ནི་དོགས་པའི་དབང་དུ་བྱས་པ་ལས། མཚོན་ཅིང་ལུས་ལ་དགོས་པའི་ཡུལ་དུ་རིག་པ་ཉིད་ལས། རགས་རིམ་ཇི་ལྟ་བ་བཞིན་དུ་བྱ་ཞིང ་བཤད་པ་ཡིན་གྱི། ཕྲ་བ་རྣམས་ཀྱི་སྦྱོར་བ་བརྩིས་པའི་ཚུལ་འདི་ཙམ་དུ་ཟད་པ་ཡང་མ་ཡིན་ལ། དབྱེ་བ་ཡང་དྲུག་ཅུ་རྩ་གསུམ་དུ་ཟད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྲ་ཞིང་རབ་ཏུ་ཕྲ་བར་བརྟག་པ་དང། དེ་བཞིན་དུ་རབ་དང་མཆོག་དག་ཏུ་བརྟག་པའི་དབང་དང། ་དེ་བཞིན་དུ་རོ་དང་རོ་རྗེས་ཀྱིས་བགོས་པའི་དབང་ལས་ནི། འདི་རྣམས་ནི་དབྱེ་བ་གྲངས་མེད་པ་ཡིན་པས་ན། འདི་དག་བསྟན་པའི་ཕྱིར་སྨྲས་པ་ནི། དེ་རྣམས་རོ་རྗེས་རོའི་དབྱེ་བ། རབ་དང་རབ་མཆོག་དག་ཏུ་བརྟག་པ་ལས། །རྩིས་པ་ལས་འདས་བྱུང་བར ་གྱུར་པ་ནི། །ནད་དང་སྨན་གྱིས་དབང་ལས་ཉེ་བར་སྦྱར་ཞེས་བྱ་བ་ལ། དྲུག་ཅུ་རྩ་གསུམ་གྱི་གྲངས་ཀྱི་དབྱེ་བས་ཕྱེ་བ་དེ་རྣམས་ནི་རྩིས་ལས་འདས་པ་ཡིན་ཏེ། ཤིན་ཏུ་མང་བའི་ཕྱིར་རྩི་བར་མི་ནུས་པར་འགྱུར་ཞིང་སྐྱེས་པར་གྱུར་པ་ཡིན་ནོ། །དེ་ཅི་ ་ལྟར་ཞེ་ན། རོ་དང་རྗེས་ཀྱི་དབྱེ་བ་ལས་ཏེ། དེ་བས་འབྱུང་བ་འདུས་པ་ལས། །བྱུང་བས་སྨན་རྣམས་རོ་གཅིག་མིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། རོ་དང་རྗེས་དེ་གཉིས་ཀྱང་འདི་ལྟར་མངར་བའི་རྗེས་ནི་སྐྱུར་བ་ལ་སོགས་པ་ཡིན་ལ། ་སྐྱུར་བའི་རོ་རྗེས་ནི་མངར་བ་ལ་སོགས་པ་ཡིན་པ་དང། དེ་བཞིན་དུ་སྐྱུར་བ་ནི་ལན་ཚྭའི་ལ་སོགས་པའོ། །ལན་ཚྭ་ནི་ཁ་བ་ལ་སོགས་པ་སྟེ། དེ་རྣམས་ཞེས་བྱ་བའི་ཚིག་གིས་ཐམས་ཅད་ལ་སྙགས་སུ་ཟིན་ཀྱང། ལྔ་བཅུ་རྩ་བདུན་པོ་ཉིད ་ལ་ཅི་རིགས་བར་རོ་དང་རོ་རྗེས་ཀྱི་དབྱེ་བ་བྱས་ན་གྲངས་མེད་པར་འགྱུར་ལ། རོ་དྲུག་པོ་འབའ་ཞིག་ལ་རབ་མཆོག་ལ་སོགས་པའི་བརྟག་པ་ལས་གྲངས་མེད་པར་འགྱུར་བ་ལ་ལྟ་སུ་ཞིག་འགོག་པ་དེ་ཉིད་ཀྱིས་ན་རབ་དང། རབ་མཆོག་དག་ཏུ་བརྟག ་པ་ལས་ཞེས་སྨོས་པ་ཡིན་ཏེ། རོ་སྦྱར་བ་དང། མེ་སྦྱར་བའི་དབྱེ་བ་མཆོག་དང། རབ་མཆོག་དག་ཏུ་བརྟག་པ་ནི་འདི་ལྟར་མངར་བ་དང། རབ་ཏུ་མངར་བ་དང། རབ་མཆོག་ཏུ་མངར་བ་དང། ཅུང་ཟད་མངར་བ་དང། ཅུང་ཟད་རབ་ཏུ་མངར་བ་དང། ཅུང ་ཟད་རབ་མཆོག་ཏུ་མངར་བ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །ཡང་རོའི་དབྱེ་བ་དེ་རྣམས་ནད་ཀྱི་སྨན་གྱི་དབང་གིས་ཉེ་བར་སྦྱར་བའང་བྱ་སྟེ། དེ་ལ་ནད་ནི་རླུང་ལ་སོགས་པའོ། །སྨན་ནི་ཨ་རུ་ར་ལ་སོགས་པའོ། །ནད་དང་སྨན་གྱི་དབང ་ནི་དེའི་བྱེད་དམ། དབང་དུ་བྱས་པ་འམ། དེ་ལས་བལྟོས་པ་སྟེ། དེའི་དབང་དུ་བྱས་པ་ལས་ཡོངས་སུ་བརྟགས་ཏེ་སྦྱར་བར་བྱའི། བབ་བབ་དུ་འཆོལ་བར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནད་དང་སྨན་ཞེས་སྨོས་པ་ནི། ཉེ་བར ་མཚོན་པ་ཙམ་ཡིན་པར་ཤེས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་པའི་འགྲེལ་པའོ།། །། ་དེ་ནས་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ནི། དེའི་རྗེས་ཐེགས་ལ་སོགས་པ་ཤེས་པར་བྱ་བ་བརྩམ་པར་བྱ་སྟེ། གང་གི་ཕྱིར་རོ་རྣམས་ཀྱི་དབྱེ་བ་དྲུག་ཅུ་རྩ་གསུམ་གྱིས་ཕྱེ་བ་དེ་དག་ཀྱང་ནད་ཀྱི་སྨན་གྱི ་དབང་དུ་སྦྱར་བར་བྱ་བ་ཡིན་པར་བཤད་ལ། དེ་ལྟ་བས་ན་ནད་ལ་རྗེས་སུ་དཔགས་ཏེ་སྦྱར་བར་བྱའོ། །བབ་བབ་ཏུ་འཆོལ་བར་བྱ་བ་ནི་མ་ཡིན་ནོ། །དེ་བས་ན་ནད་དེ་རྣམས་ནི་རང་གི་ལས་ཀྱི་མཚན་ཉིད་ཇི་ལྟ་བུ་ཉིད་ལས་རྗེས་སུ་དཔགས་ཏེ་ཤེས་པར་བྱ་དགོས ་ལ། དེ་ཤེས་པར་བྱ་བའི་ཕྱིར་ནི་ལེའུ་འདི་བརྩམས་པ་ཡིན་ནོ། །འདིར་ནང་རྣམས་བཞི་མེད་པར་ནི་ཇི་ལྟར་ཡང་ཤེས་པར་བྱ་བ་མི་ནུས་ལ། དེ་བས་ན་ནད་དེ་རྣམས་ཀྱི་གཞིར་གྱུར་པ། ལུས་ཟུངས་དང་དྲི་མ་རྣམས་གང་ཡིན་པ་དེ་ཤེས་ ་པར་བྱ་དགོས་པས་ན། ནད་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བར་ངེས་པར་གནས་སོ། །དེ་ལྟར་ན་ནད་ལ་སོགས་པ་ཤེས་པར་བྱ་བ་དེ་ལ་ཕན་པའི་ལེའུ་བཤད་པར་བྱ་ཞིང་བསྟན་པར་བྱའོ། ཞེས་བྱ་བའི་དོན་ནོ། །ནད་དང་ལུས་ཟུངས ་དྲི་མ་རྣམས། །རྟག་ཏུ་ལུས་ཀྱི་རྩ་བ་ཡིན་ཞེས་བྱ་བ་ལ། ནད་དང་ལུས་ཟུངས་དང་དྲི་མ་རྣམས་ནི། ནད་དང་ལུས་ཟུངས་དང་དྲི་མ་རྣམས་སྟེ། དེ་ནི་རྟག་པར་དུས་ཐམས་ཅད་དུ་ལུས་ཀྱི་རྩ་བར་གྱུར་པ་ཡིན་ཏེ། ལུས་ནི་དེ་ལས་བྱུང་བ་ཡིན་པའི་ཕྱིར། རྩ ་བ་དང་འདྲ་བས་ན་རྩ་བ་སྟེ། རྒྱུའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །དེ་རླུང་དབུགས་བྱུང་དབུགས་རྡུབ་དང། བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་དང། ལུས་ཟུངས་ལེགས་པར་རྒྱུ་བ་དང། དབང་པོ་རྣམས་ནི་གསལ་བ་དག། མི་གནོད་པ་ནི་རྗེས ་འཛིན་ཡིན་ཞེས་བྱ་བ་ལ། ལུས་དེ་ནི་རླུང་མི་གནོད་ཅིང། དབུགས་འབྱུང་བ་ལ་སོགས་པས་མཉམ་པར་གནས་ན་ལུས་རྗེས་སུ་འཛིན་ཅིང་བརྟེན་པར་བྱེད་པ་ཡིན་ནོ། །དེ་ལ་དབུགས་འབྱུང་བ་ནི་གྱེན་དུ་དབུགས་འབྱིན་ཅིང་གཏོད་པའོ ་དབུགས་རྡུབ་པ་ནི་དབུགས་སྡུད་ཅིང་ཐུར་དུ་འཇུག་པའོ། །བསྐྱོད་པ་ནི་དབུས་སུ་བྱ་བ་ཐམས་ཅད་ལ་བརྩོན་ཞིང་རྩོལ་བའོ། །ལས་ལ་སྤྱོད་པ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སྤྱོད་ཅིང་འཇུག་པའོ། །ཤུགས་འབྱིན་པ་ནི་བཤང་བ་དང། གཅི་བ ་དང་རླུང་ཕྱི་རོལ་ཏུ་འཕྱིན་པའོ། །ལུས་ཟུངས་ལེགས་པར་རྒྱུ་བ་ཞེས་པ་ནི། ལུས་ཟུངས་ཀྱི་སྒྲས་ནི་དངས་མ་ལ་སོགས་པ་དང། མཁྲིས་པ་དང་བད་ཀན་གཟུང་ངོ། །དེ་རྣམས་ལེགས་པར་རྒྱུ་བ་ནི་མཉམ་པར་གནས་ཤིང་འཇུག་པའོ། ། ་དེ་ལ་མཉམ་པར་རྒྱུ་བའི་གནས་སྐབས་ཉིད་ཀྱིས་དེ་རྣམས་རླུང་ཉིད་མི་གནས་པར་འགྱུར་བའི་རྒྱུ་ཉིད་ཡིན་ཏེ། གང་གི་ཕྱིར་རྣམ་པར་འཐོར་ཞིང་འཁྲུགས་པ་སྡུད་ཅིང་ཞི་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབང་པོ་རྣམས་གསལ་བ་སྟེ། མིག ་ལ་སོགས་པའི་དབང་པོ་ཡུལ་འཛིན་པ་ལ་གསལ་བར་གནས་པ་སྟེ། ཡོན་ཏན་དེ་དག་དང་ལྡན་ན་མི་གནོད་ཅིང་རྗེས་སུ་འཛིན་པ་ཡིན་ནོ། །མཁྲིས་པ་འཇུ་དྲོད་མཐོང་བྱེད་དང། །བཀྲེས་སྐེམ་ཟས་ལེན་མདངས་ཡིད་གཞུངས། །བློ་ལྡན་དཔའ་། ་སྙིང་ལུས་འཇམ་པས་ཞེས་བྱ་བ་ལ། དེ་མཁྲིས་པར་འགྱུར་པ་མེད་ཅིང། མཇུ་བ་ལ་སོགས་པས་རྗེས་སུ་འཛིན་ཅི་བརྟེན་པར་བྱེད་པ་ཡིན་ནོ། །དེ་ལ་འཇུ་བ་ནི་ཟས་སྨིན་ཅིང་འཇུ་བའོ། །དྲོད་ནི་མེའི་ཤེས་སོ། །མཐོང་བ་ནི་གཟུགས་འཛིན་པར་ནུས་པའོ། ་བཀྲེས་པ་ནི་ཟས་འདོད་པའོ། །སྐོམ་པ་ནི་འཐུང་འདོད་པའོ། །ཟས་ལེན་པ་ནི་ཡིག་འབྱེད་ཅིང་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །མདངས་ནི་བཞིན་མདོག་གསལ་ཞིང་མདངས་ཆེ་བའོ། །ཡིད་གཞུངས་པ་ནི་ཤེས་རབ་དང་ལྡན་པའོ། །བློ་དང་ལྡན ་པ་ནི་བློ་གྲོས་ལྡན་པའོ། །དཔའ་སྙིང་ནི་སེམས་ཀྱིས་བརྟུལ་ཕོང་པ་ཡིན་ཏེ། བརྟན་ཞིང་མི་གཡོ་བའོ། །ལུང་འཇམ་པ་ནི་ལུས་ཀྱི་ཤ་མདངས་འཇམ་ཞིང་མཉེན་པ་སྟེ། དེ་དག་གིས་ལུས་ཀྱི་རྟེན་བྱེད་དོ། །བད་ཀན་བརྟན་ཞིང་སྣུམ་ཉིད་དང། ཚིགས ་འབྲེལ་བཟོད་པ་ལ་སོགས་པའོ། །དེ་ལ་བད་ཀན་ནི་མི་འགྱུར་ཞིང་བརྟན་པ་ལ་སོགས་པ་དང་ལྡན་ན། ལུས་རྗེས་སུ་འཛིན་པར་བྱེད་དོ། །བརྟན་པ་ནི་མི་གཡོ་བ་ཉིད་དོ། །སྣུམ་པ་ཉིད་ནི་ལུས་སྣམ་པར་གྱུར་པ་ཉིད་དོ། །ཚིགས་འབྲེལ་པ་ནི་ལྷུ་ཚིགས་ཀྱི་བོར་རོ ་རྣམ་པར་འབྲེལ་ཞིང་དམ་དུ་གནས་པའོ། །བཟོད་པ་ནི་གནོད་པ་ལ་མི་འཁྲུགས་པ་སྟེ། དེ་དག་ལ་སོགས་པས་ཕན་པའི་ལས་བྱེད་པ་ཡིན་ནོ། །ལུས་ཟུངས་ལས་གཙོ་རིམ་བཞིན་དུ། །ཚིམ་བྱེད་འཚོ་བྱེད་གཡོག་པ་དང། །སྣུམ་དང་བརྟེན་དང་འགེངས ་པ་དང། །མངལ་ནི་སྐྱེད་བྱེད་ཡིན་པར་བཤད། ཅེས་བྱ་བ་ལ། བཅུད་ཀྱི་དངས་མ་ལ་སོགས་པ། ལུས་ཟུངས་བདུན་པོ་རྣམས་ཀྱི་མཆོག་དང། གཙོ་བོ་བདུན་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པ་ལ་སོགས་པ་ཡིན་པར ་སློབ་དཔོན་དག་གིས་བཤད་ཅིང་བསྟན་ཏོ། །དེ་ལ་ཚིམ་པར་བྱེད་པ་ནི། །ལུས་ཟུངས་ཚིམ་ཞིང་སེམས་དགའ་བར་བྱེད་པ་ནི་དངས་མའི་བཅུད་ཀྱིས། ལས་ཀྱི་མཆོག་ཡིན་ནོ། །འཚོ་བར་བྱེད་ཅིང་སྲོག་འཛིན་པར་བྱེད་པ་ནི་ཁྲག་གི་ལས་སོ། །ལུས ་ཀྱི་རུས་པ་གཡོགས་ཤིང་ཁེབས་པར་བྱེད་པ་ནི་ཤའི་ལས་སོ། །ལུས་སྣུམ་ཞིང་བཅུང་ཅན་དུ་བྱེད་པ་ནི་ཚིལ་གྱི་ལས་སོ། །ལུས་བརྟེན་ཅིང་མཁྲང་པོར་བསྒྲེང་བ་ནི་རུས་པའི་ལས་ཡིན་ཏེ། གཞན་དུ་ན་ལུས་ལ་རུས་པ་མེད་ན་ཤའི་གོང་བུ་ཉིད་དུ ་འགྱུར་རོ། །རུས་པའི་རྐང་སྦུབས་འགེངས་པ་ནི་རྐང་གི་ལས་སོ། །མངལ་བསྐྱེད་ཅིང་འབྱུང་བར་བྱེད་པ་ནི་ཁུ་བའི་ལས་ཀྱི་མཆོག་ཡིན་པར་བཤད་དོ། །རྟེན་པར་བྱེད་པ་བཤང་བ་ཡིན། །འདྲུལ་བ་འཛིན་པ་གཅིན་གྱི་ཡིན། །བ་སྤུ་བརྟེན་བརྡུལ ་གྱི་ཡིན་ཞེས་བྱ་བ་ལ། ལུས་བརྟེན་ཅིང་འབྱིན་པར་བྱེད་པ་ནི། བཤང་བ་སྟེ་སླང་པའི་ལས་ཀྱི་གཙོ་བོ་ཡིན་ནོ། །ཟས་འདྲུལ་ཞིང་མྱགས་པ་དང། ཕྱི་རོལ་ཏུ་འབྱིན་ཞིང་འདོད་པ་ནི། གཅིན་གྱི་ལས་ཀྱི་གཙོ་བོ་ཡིན་ནོ། །སྐྲ་དང་བ་སྤུ་བརྟན་པར ་འཛིན་པར་བྱེད་པ་ནི། རྡུལ་གྱི་ལས་ཀྱི་གཙོ་བོ་ཡིན་ནོ། །རླུང་ནི་འཕེལ་པར་འགྱུར་བ་ཡིས། །སྐེམ་དང་མདོག་གནག་དྲོད་བག་དགའ་། །འདར་དང་ལྟོ་སྤོས་བཤང་བ་སྲི། །སྟོབས་དང་གཉིད་དང་དབང་པོ་ཉམས། །སྨྲ་མང་མིག་འཁོར་ཞམ་པར་བྱེད ་ཅེས་བྱ་བ་ལ། རླུང་གི་ནད་འཕེལ་ཞིང་སྐྱེས་པར་གྱུར་པས་སྐེམས་པ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་ལ་སྐེམ་པ་ཁྲག་ལ་སོགས་བཟད་པས་སྐེམ་ཞིང་ཉམ་ཆུང་བའོ། །མདོག་ནག་པ་ནི་ཁ་དོག་ཉམས་པའོ། །དྲོད་བག་ལ་དགའ་བ་ནི་དྲོ་བ་མངོན་པར ་འདོད་པའོ། །འདར་བ་ནི་གཡོ་ཞིང་འགུལ་བའོ། །ལྟོ་སྤོས་པ་ནི་བསུས་པ་རྒྱས་པའོ། །བཤང་བ་སྲི་བ་ནི་བཤང་གཅི་འགགས་པའོ། །སྟོབས་ལ་སོགས་པ་ཉམས་པ་ནི་དེ་དག་དང་བྲལ་བའོ། །སྨྲ་མང་བ་ནི་མ་འབྲེལ་བར་མང་དུ་སྨྲ་བའོ། །མགོ་འཁོར་བ ་ནི་ལུས་མལ་ན་མི་གནས་ཤིང་འཁོར་བའོ། །ཞུམ་པ་ནི་སེམས་མ་དགའ་ཞིང་གདུང་བར་བྱེད་པའོ། །མཁྲིས་པ་བཤང་གཅི་པགས་མིག་སེར། །བཀྲེས་སྐོམ་ལུས་ཚ་གཉིད་ཆུང་བྱེད་ཅེས་བྱ་བ་ལ། མཁྲིས་པ་འཕེལ་ཞིང་རྒྱས་པར་གྱུར ་ན། བཤང་བ་ལ་སོགས་པ་སེར་པོར་བྱེད་པ་སྟེ། བཤང་བ་དང་གཅི་བ་པགས་པ་དང། མིག་གི་མདོག་ཁ་དོག་སེར་པོར་འགྱུར་བར་བྱེད་པ་དང། དེ་བཞིན་དུ་བཀྲེས་པ་དང་སྐོམ་པ་དང། ལུས་ཚ་བ་དང་གཉིད་ཆུང་བ་ཉིད་དུ་བྱེད་པར་འགྱུར་རོ། ། ་བད་ཀན་དྲོད་ཉམས་མཆིལ་མ་ཡང། ཁོང་སྙོམ་ལྕི་དང་ཁ་དོག་དཀར། །ལུས་གྲང་ཡན་ལག་ལྷོད་པ་དང། །ལུད་པ་དབུགས་མི་བདེ་གཉིད་ཆེ། །དངས་མའང་བད་ཀན་དང་འདྲ་ལ། །ཞེས་བྱ་བ་ལ། བད་ཀན་འཕེལ་བས་མེ་དྲོད་ཉམས་པ་ལ་སོགས ་པ་བྱེད་དོ། །དེ་ལ་དྲོད་ཉམས་པ་མཆིལ་མ་མང་བ་ནི་མཆིལ་མ་ལྷག་པར་འབྱུང་བའོ། །ཁོང་སྙོམ་པ་ནི། སྤྲོ་བ་ཆུང་ཞིང་སྒྱིད་ལུག་པའོ། །ལྕི་བ་ནི་ལུས་ཀྱི་ཡན་ལག་ལྕི་བ་ཉིད་དོ། །ཤ་མདོག་དཀར་བ་ནི་ལུས་ཀྱི་མདོག་དཀར་ཞིང་སྐྱ་བ ་ཉིད་དོ། །དེ་བཞིན་དུ་ལུས་གྲང་བ་ནས་གཉིད་ཆེ་བའི་བར་ཡང་སྐྱེ་བ་ཡིན་ནོ། །དངས་མའང་བད་ཀན་འདྲ་ལ། ཞེས་བྱ་བ་ལ། བཅུད་ཀྱི་དངས་མ་འཕེལ་བར་གྱུར་ན། དྲོད་ཉམས་པ་ནས་གཉིད་ཆེ་བའི་བར་བད་ཀན་དང་འདྲ་བར་སྐྱེད་པར ་བྱེད་དོ། །ཁྲག་འཕེལ་མེ་དཔལ་ཁོང་འབྲས་མཛེར། །མཛེ་དང་རླུང་ཁྲག་མཁྲིས་པ་ཁྲག་།སྐྲན་དང་རྙིལ་ནད་མིག་སེར་དང། །བསྐྱོད་དཀའ་དྲོད་ཉམས་རྨོངས་བག་དང། །མིག་དང་གཅིན་ལྤགས་དམར་བར་འགྱུར་ཞེས་བྱ་བ་ལ། ཁྲག ་འཕེལ་བ་ལས་ནི་མེ་དཔལ་ལ་སོགས་པའི་ནད་སྐྱེད་པར་འགྱུར་རོ། །རླུང་ཁྲག་ནི་རླུང་དང་ཁྲག་འདྲེས་པ་ལས་གྱུར་པའི་ནད་དོ། །མཁྲིས་པ་དང་ཁྲག་ནི་མཁྲིས་པ་དང་ཁྲག་འདྲེས་པའོ། །རྙིལ་ནད་ནི་སོའི་ཤ་ལ་ཁྲག་ལས་གྱུར་པའི་ཤ ་ལྷག་སྐྱེ་བ་འམ་སྐྲངས་པའོ། །བསྐྱོད་དཀའ་བ་ནི་རྐང་ལག་ལྕི་བ་ལ་བྱའོ། །ཡང་ན་བྱ་གྱ་ཞེས་པ་གདོང་ལ་དམར་པོ་ཏིལ་ཏིལ་བྱུང་བའི་པགས་ནད་ལ་བྱའོ། གཞན་དག་ནི་གོ་བར་ཟད་དོ། །ཤ་འཕེལ་ལྦ་བ་སྨེན་བུ་མདུང། །མཁུར་ཚོས་བྲང་ལྟོ་བརླ ་སྦོམ་ཞིང། །མགུལ་སོགས་ལྷག་པར་ཤ་ཡང་ཆེ་ཞེས་བྱ་བ་ལ། ཤ་འཕེལ་བ་ལས་ནི་ལྦ་བ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་མཁུར་ཚོས་དང་བྲང་དང་ལྟོ་བ་དང། བརླ་སྦོམ་ཉིད་དུ་འགྱུར་པ་དང། མགུལ་བ་ལ་སོགས་པར་ལྷག ་པར་ཤ་ཆེ་བར་འགྱུར་སྟེ། ཤའི་སྟེང་དུ་ཤ་སྐྱེས་པ་ལྟ་བུར་འགྱུར་རོ། །ཚིལ་འཕེལ་དེ་འདྲ་དེ་བཞིན་ངལ། །ཅུང་ཟད་བསྐྱོད་ཀྱང་དབུགས་རྒོད་ཅིང། །རྐུབ་ཙོས་ནུ་མ་གསུས་འཕྱང་འགྱུར་ཞེས་བྱ་བ་ལ། ཚིལ་འཕེལ་བ་ནི་ཤ་འཕེལ་བ་དེ ་དང་འདྲ་བར་ལྦ་བ་ལ་སོགས་པ་བསྐྱེད་པར་འགྱུར་བ་དང། དེ་བཞིན་དུ་ངལ་བ་དང། ཅུང་ཟད་བསྐྱོད་ཅིང་གཡོ་བ་དག་ལ་ཡང་དབུགས་རྒོད་པར་འགྱུར་པ་དང། རྐུབ་རྩོས་དང་ནུ་མ་དང་གསུས་པ་དག་ཀྱང་སྦོམ་ཞིང་རྒྱས་པ་ཉིད་ཀྱིས ་འཕྱད་པར་འགྱུར་རོ། །རུས་འཕེལ་རུས་ལྷག་སོ་ལྷག་འགྱུར་ཞེས་བྱ་བ་ལ། རུས་པ་འཕེལ་བས་ནི་རུས་པའི་སྟེང་དུ་རུས་པ་སྐྱེ་བ་དང། དེ་བཞིན་དུ་སོའི་སྟེང་དུ་སོ་འབྱུང་བར་འགྱུར་རོ། །རྐང་འཕེལ་ལུས་ལྕེ་མིག་རྩ་དབྱུང། །ཚིགས ་ལ་ཐོར་བུ་གསོ་དཀའ་འབྱུང་ཞེས་བྱ་བ་ལ། རྐང་འཕེལ་བས་ནི་ལུས་ལྕི་བ་དང། མིག་རྩ་གཡུང་ཞིང་ཞན་པར་བྱེད་པ་དང། ཚིགས་འདུས་ཀྱི་མགོ་བོ་རྣམས་སྦོམ་ཞིང་ཆེ་བར་འགྱུར་བ་དང། ཚིགས་ལ་ཐོར་བུ་གཡོ་ཞིང་མི་བཟད་པ ་འབྱུང་བར་འགྱུར་རོ། །ཁུ་འཕེལ་བུད་མེད་ལ་དཔག་དུང། །ཁུ་བའི་རྡེའུ་དག་ཏུ་འགྱུར་ཞེས་བྱ་བ་ལ། ཁུ་བ་འཕེལ་ཞིང་རྒྱུས་པ་ནི་བུད་མེད་ལ་རབ་ཏུ་གདུང་ཞིང་ཆེ་བར་འགྱུར་བ་དང། ཁུ་བ་ལས་བྱུང་བའི་རྡེའུ་དག་ཆགས་པར་འགྱུར་རོ།། ་བཤད་འཕེལ་ལྟོ་སྤོས་རྒྱུ་འཁྲུག་ཅིང། །ལུས་ལྕི་ལྟོ་བ་ན་བར་བྱེད་ཅེས་བྱ་བ་ལ། བཤང་བ་འཕེལ་བར་འགྱུར་བ་ནི་ལྟོ་བ་སྟེ་ཁོང་སྤོས་ཤིང་གང་བ་དང། རྒྱུ་མ་འཁྲུག་ཅིང་ཀྲུག་ཀྲུག་ཟེར་བ་དང། ལུས་ལྕི་ཞིང་བསྐྱོད་དཀའ་བ་དང། ལྟོ་བ ་ན་ཞིང་ཟུག་ཟེར་སྐྱེད་པ་ཡིན་ནོ། །གཅིན་འཕེལ་ཆུ་སོར་ཟུག་ཅིང་ན། གཅིས་ཀྱང་མ་གཅིས་སྙམ་སེམས་འགྱུར་ཞེས་བྱ་བ་ལ། གཅིན་འཕེལ་བར་གྱུར་པ་ནི། ཆུ་སོར་ཟུབ་ཅིང་ལྷག་པར་ན་བ་དང། དེ་བཞིན་དུ་གཅིས་ཤིང་བཏང་དུ ་ཟིན་ཀྱང་མ་གཅིས་པ་སྙམ་སེམས་པར་འགྱུར་བ་སྟེ། ཡོངས་སུ་མདོར་བ་སྙམ་སེམས་འགྱུར་ཏེ། ཡང་དང་ཡང་འོང་བས་ན་གཅིས་སོ་སྙམ་དུ་སེམས་པར་བྱེད་པར་འགྱུར་རོ། །རྡུལ་འཕེལ་རྡུ་ཆེ་དྲི་མི་ཞིམ། གཡན་པ་ཉིད་ཀྱང་སྐྱེད ་ཤེས་བྱ་ཞེས་བྱ་བ་ལ། རྡུལ་ཆེ་ཤིན་ཏུ་འཕེལ་བས་རྡུལ་རབ་ཏུ་ཆེ་བར་འགྱུར་བ་དང། ལུས་དྲི་མི་ཞིམ་པ་ཉིད་དུ་བྱེད་དོ། །གཡན་པ་ཉིད་ཀྱང་སྐྱེད་ཅིང་འབྱུང་བར་བྱེད་པ་ཡིན་པར་ཤེས་པར་བྱའོ། །མིག་རྡུ་ལ་སོགས་དྲི་མ་རྣམས། །མང་བས་ལྕི་ལ ་སོགས་པར་བྱེད། །ཞེས་བྱ་བ་ལ། མིག་རྡུ་ནི་མིག་གི་དྲི་མའོ། །སོགས་པའི་སྒྲས་ནི་རྣ་བ་ལ་སོགས་པའི་དྲི་མ་རྣམས་ཀྱང་བསྡུ་བར་བྱའོ། །དེ་ལྟར་ནི་མིག་རྡུ་ལ་སོགས་པའི་དྲི་མ་རྣམས་མང་ཞིང་འཕེལ་བར་ལྕི་ཞིང་དུ་འབྱུང་བ་དང། དེ་བཞིན ་དུ་སོགས་པ་ཞེས་སྨོས་པས་གཡའ་བ་དང། འདྲུལ་པ་ལ་སོགས་པ་བྱེད་པར་བསྡུ། །དེ་དག་ཀྱང་ཟད་ཅིང་འདྲི་བར་འགྱུར་བའི་མཚན་ཉིད་ནི། རླུང་ཟད་མཚན་མ་ལུས་མི་བདེ། །སྨྲ་ཉུང་རྩོལ་བ་ཆུང་བར་འགྱུར། །དྲན་པ་མི་གསལ་བད་ཀན ་འཕེལ། །སྔར་བཤད་པ་ཡི་ནང་རྣམས་འབྱུང། །ཞེས་བྱ་བ་ལ། རླུང་ཟད་ཅིང་འབྲི་བར་འགྱུར་བའི་མཚན་མ་ནི་ལུས་བདེ་ཞིང་སྒྱིད་སྙོམ་པ་དང། སྨྲ་བ་ཉུང་ཞིང་གཙམ་ཆུང་བ་དང། རྩོལ་ཞིང་ལུས་ཀྱི་ལས་སུ་བྱེད་པ་དག ་ཀྱང་ཆུང་ཞིང་ཞན་པ་དང། དྲན་པ་མི་གསལ་བ་སྟེ། རིབ་ཅིང་ཚོར་བ་ཆུང་བ་དང་དེ་བཞིན་དུ་བད་ཀན་འཕེལ་བར་གྱུར་པའི་སྐབས་སུ་སྔར་བཤད་པའི་ནང་དྲོད་ཉམས་པ་དང། མཆིལ་མ་མང་བ་ལ་སོགས་པ་རྣམས་འབྱུང་བར་འགྱུར་རོ། ། ་མཁྲིས་ཟད་དོར་ཉམས་གྲང་བ་དང། མདོག་ཉམས་བྱེད་དེ་ཞེས་བྱ་བ་ལ། མཁྲིས་པ་ཟད་པའི་མཚན་མ་ནི་མེའི་དྲོད་ཉམས་ཤིང་རྟུལ་བ་དང། ལུས་གྲང་ཞིང་བསིལ་བག་ཏུ་འགྱུར་བ་དང། མདོག་མདངས་ཉམས་པར་བྱེད་པར་འགྱུར་རོ། །བད་ཀན་ཟད ་མགོ་འཁོར་བད་ཀན་གནས་སྟོང་ཤིང། སྙིང་འདར་ཚིགས་ནི་ལྷོད་པར་འགྱུར་ཞེས་བྱ་བ་ལ། བད་ཀན་ཟད་པའི་མཚན་མ་ནི་མགོ་འཁོར་བ་སྟེ། ལུས་དང་སེམས་མལ་ལ་མི་གནས་པ་དང། བད་ཀན་གྱི་གནས་སྣ་ལ་སོགས་པ་སྟོངས་ཤིང་བསྐམས ་པ་དང། སྙིང་འདོར་ཞིང་གཡོ་ལ་འཛག་པ་དང། ཚིགས་ཀྱི་ཚོགས་རྣམས་ལྷོད་ཅིང་ཤིག་ཤིག་པོར་འགྱུར་བ་ཡིན་ནོ། །བཅུང་ཟད་རྩུབ་དལ་སྐམ་པ་དང། ན་ཞིང་སྒྲ་ཆེར་མི་བཟོད་འགྱུར་ཞེས་བྱ་བ་ལ། བཅུད་དམ་དངས་མ་ཟད་པའི་མཚན ་མ་ནི། ལུས་རྩུབ་པ་ཉིད་དང། ངལ་ཞིང་དུབ་པ་དང། ཁ་སྐམས་པ་དང། ན་ཞིང་ཉམ་ཆུང་པ་དང། སྒྲ་ཆེར་གྲགས་པ་མི་བཟོད་ཅིང། ཚིགས་སྨྲས་པ་བརྣགས་དཀའ་བར་འགྱུར་རོ། །ཁྲག་ཟད་སྐྱུར་དང་བསིལ་བ་དགའ་། །རྩ་ལྷོད་པགས་པ་རྩུབ ་པར་འགྱུར་ཞེས་བྱ་བ་ལ། ཁྲག་ཟད་པའི་མཚན་མི་ནི་སྐྱུར་བ་དང། རེག་པ་བསིལ་བ་ལ་མངོན་པར་དགའ་ཞིང་འདོད་པ་དང། རྩ་ལྷོད་ཅིང་རྙི་བ་དང། ལུས་ཀྱི་པགས་པ་རྩུབ་པར་འགྱུར་རོ། །ཤ་ཟད་དབང་ཉམས་མིག་མཁུར་བའི། །ལུས་སྐམས ་ལྷུ་ཚིགས་ན་བར་འགྱུར་ཞེས་བྱ་ལ། ཤ་ཟད་པའི་མཚན་མ་ནི་དབང་པོ་ཉམས་ཤིང་རང་གི་ཡུལ་འཛིན་པར་མི་ནུས་པ་དང། མིག་དང་མཁུར་བའི་རུས་པ་སྐམས་ཤིང་ཤ་ཟད་པ་དང། ལྷུ་ཚིགས་རྣམས་ན་ཞིང་བཅག་པ་སྙམ་སེམས་པར་འགྱུར་རོ། ་ཚིལ་ཟད་གཉིད་ཆེ་དཔྱི་རྐེད་མངོན། །མཆེར་བ་ཆེ་དང་ལུས་སྐེམས་འགྱུར་ཞེས་བྱ་བ་ལ། ཚིལ་ཟད་པའི་མཚན་མ་ནི་དཔྱི་དང་རྐེད་པ་མངོན་ཞིང་ཚོར་བ་ཆུང་བ་དང། མཆེར་པ་ཆེ་ཞིང་འཕེལ་བ་དང། ལུས་བསྐམས་ཤིང་རིད་པར་འགྱུར་རོ། །རུས་ཟད ་རུས་ཟུགས་དང་ནི། །སེན་མོ་སྐྲ་ལ་སོགས་པ་འབྱུང་ཞེས་བྱ་བ་ལ། རུས་ཟད་པའི་མཚན་མ་ནི། རུས་པ་ཉིད་ཟུག་ཅིང་ན་བ་དང། དེ་བཞིན་དུ་སོ་དང་སེན་མོ་དང། སྐྲ་ལ་སོགས་པ་འབྱུང་ཞིང་འབྱི་བར་འགྱུར་རོ། །རྐང་ཟད་རྐང་སྦུབས་སྟོང་པ་དང། ་མགོ་འཁོར་རབ་རིབ་ཅན་དུ་འགྱུར་ཞེས་བྱ་བ་ལ། རྐང་ཟད་པའི་མཚན་མ་ནི། རྐང་གི་རུས་པའི་སྦུབས་ཁོང་སྟོང་དུ་འདུག་པ་དང་དེ་བཞིན་དུ་མགོ་འཁོར་བ་དང། རབ་རིབ་ཅན་དུ་འགྱུར་ཞིང་མུན་པར་མཐོང་བར་འགྱུར་རོ། །ཁུ་བ་ཟད་པས་རིང་ནས ་འབྱུང། །ཡང་ན་ཁུ་བ་ཁྲག་ཉིད་འབྱུང། །རླིག་པ་ཤིན་ཏུ་ན་བ་དང། །ཕོ་མཚན་ཚིག་པ་སྙམ་དུ་སེམས། ཞེས་བྱ་བ་ལ། ཁུ་བ་ཟད་པའི་མཚན་མ་ནི། ཁུ་བ་རིང་ཞིག་འགོར་ནས་འབྱུང་བ་དང། །ཡང་ན་བུ་བ་ཁྲག་ཉིད་དུ་འབྱུང་བར་འགྱུར་དང ་རླིག་པ་དེ་འབྲས་བུ་སྦུབས་ཅན་ཤིན་ཏུ་ན་ཞིང་ཟུག་པ་དང། ཕོ་མཚན་ཚིག་ཅིང་དུ་བ་འཐུལ་བ་སྙམ་དུ་སེམས་པར་འགྱུར་རོ། །བཤད་ཟད་རླུང་ནི་རྒྱུ་མའི་ནང་སྒྲ་བཅས་འཁྱིལ་བ་ལྟ་བུར་བྱེད། །ལྟོ་བར་རྒྱུ་ཞིང་གྱེན་དུ་འགྲོ། །སྙིང་ག་རྩིབ་ལོགས ་མི་བཟད་ན། ཞེས་བྱ་བ་ལ། བཤད་བ་ཟད་པའི་མཚན་ནི་རླུང་རྒྱུ་མའི་ནང་ན་རྒྱུ་བ་སྒྲ་དང་བཅས་ཤིང་འཁྱིལ་བ་ལྟ་བུར་ཡན་མན་དུ་རྒྱུ་བ་དང་དེ་བཞིན་ལྟོ་བར་གྱི་ན་དུ་རྒྱུ་ཞིང་འགྲོ་བས་ན་བར་བྱེད་པ་དང། སྙིང་ག་དང་རྩིབ་ལོགས་གཉིས་སུ་མི ་བཟོད་པའི་ན་ཞིང་གཟེར་བར་བྱེད་པ་ཡིན་ནོ། །གཅིན་ཟད་གཅིན་ནི་ཉུང་སྲི་དང། །མདོག་འགྱུར་བ་འམ་ཁྲག་བཅས་ཉིད། ཅེས་བྱ་བ་ལ། གཅིན་ཟད་པའི་མཚན་མ་ནི། གཅིན་ཉུང་ཞིང་ཅུང་ཟད་འབྱུང་བ་དང། སྲི་ཞིང་ན་པར་འབྱུང ་བ་དང། མདོག་འགྱུར་བ་འམ། ཁྲག་དང་བཅས་པ་ཉིད་དུ་འགྱུར་རོ། །རྡུལ་ཟད་སྦུ་འབྱི་སྦུ་འགྲེང་ལ། །པགས་པ་རྣམས་ནི་འགས་པར་འགྱུར་ཞེས་བྱ་བ་ལ། རྡུལ་ཟད་པའི་མཚན་མ་ནི་སྦུ་འབྱི་ཞིང་ལྷུང་བ་དང། བ་སྤུའི་བུ་ག་འཛུམ་ཞིང་སྤུ་འགྲེང ་བ་དང། པགས་པ་རྣམས་འགས་ཤིང་འགྱེས་པར་འགྱུར་བ་ཡིན་ནོ། །དྲི་མ་ཤིན་ཏུ་ཕྲ་བ་རྣམས། །ཟད་པས་བརྟག་དཀའ་དྲི་མ་ཡི། །རང་གནས་སྐབས་དང་ན་བ་དང། །སྟོང་དང་ཡང་བ་ལས་ཤེས་པ་ཞེས་བྱ་བ་ལ། མིག་རྡུལ་སོགས་པའི་དྲི་མ་ཤིན་ཏུ ་ཕྲ་བ་རྣམས་ཟད་པའི་མཚན་མ་ནི། བརྟག་པར་དཀའ་སྟེ། དེ་བས་ན་དྲི་མ་རྣམས་ཀྱི་རང་གི་གནས་བསྐམས་པ་ལ་སོགས་པ་ལས་ཤེས་ཤིང་རྟོག་པར་བྱའོ། །དྲི་མ་རྣམས་ཀྱི་རང་གི་གནས་ཡིན་པས་ནི་དྲི་མའི་རང་གནས་ཏེ། མིག་ལ་སོགས་པ་དེ་རྣམས ་བསྐམས་པ་དང། ན་བ་དང། སྟོངས་པ་དང། ཡང་བ་ལས་ཟད་པ་བརྟག་པར་དཀའ་བའི་དྲི་མ་དེ་རྣམས་ཀྱི་ཟད་པ་ཤེས་པར་བྱའོ། །དེ་ལྟར་ནད་དང་ལུས་ཟུངས་དང། དྲི་མ་རྣམས་ཀྱི་ཟད་པ་དང་འཕེལ་བ་རྒྱ་ཆེར་བཤད་ནས། མདོར་བསྡུས་ཏེ་སྨྲས་པ ་ནི། ནད་སོགས་རང་ཉིད་ཇི་ལྟ་བའི། །ཡོན་ཏན་འདི་ནི་བཟློག་པ་དག། ཟད་པ་དང་ནི་འཕེལ་འགྱུར་ལས། །འཕེལ་འབྲི་སྨན་པས་ཤེས་པར་བྱ་ཞེས་བྱ་བ་ལ། ནད་སོགས་ཞེས་བྱ་བ་ནད་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་འཕེལ་བ་དང་འབྲི་བ་སྨན ་པས་ཤེས་པར་བྱའོ། །ཇི་ལྟར་ཤེས་པར་བྱ་ཞེ་ན། རང་ཉིད་ཀྱི་མཚན་ཉིད་ཇི་ལྟ་བའི་གོ་བཟློག་པ་ཟད་པ་ལས་ནི་འཕེལ་བར་ཤེས་པར་བྱ་ལ། རང་ཉིད་ཀྱི་ཡོན་ཏན་གོ་བཟློག་པ་འཕེལ་བར་འགྱུར་བ་ལས་ནི་འབྲི་བར་ཤེས་པར་བྱ་སྟེ། ནད་ལ་སོགས ་པའི་ཡོན་ཏན་ནམ་མཚན་ཉིད་ལས་གང་གོ་བཟློག་པར་འགྱུར་བའི་མཚན་ཉིད་དོ། །དེ་ཇི་ལྟར་རླུང་གི་ནད་ཀྱི་ཡོན་ཏན་ལས་གོ་བཟློག་པ་ནི་སྣུམ་བ་ལ་སོགས་པའོ། །མཁྲིས་པའི་ནི་བསིལ་བ་ལ་སོགས་པའོ། །བད་ཀན་གྱི་ནི་རྩུབ་པ་ལ་སོགས་པའོ། །དེ་རྣམས་ལས ་གོ་བཟློག་པ་ཟད་ཅིང། བྱི་བ་ལས་ནི་ནང་འཕེལ་བར་ཤེས་པར་བྱ་བ་ལ་དེ་རྣམས་ཀྱི་ལས་ཀྱང་གོ་བཟློག་པའི་མཚན་ཉིད་འཕེལ་ཞིང་ལྷག་པར་འགྱུར་བ་ལས་ནི། འབྲི་ཞིང་ཟད་པར་འགྱུར་བར་ཤེས་པར་བྱའོ། །དྲི་མ་ཐོགས་པས་འཕེལ་བ་སྟེ། ཤིན ་ཏུ་འགྱུར་བ་ལས་ཟད་ཤེས་བྱ་ཞེས་བྱ་བ་ལ། བཤང་བ་དང་གཅི་བ་ལ་སོགས་པའི་དྲི་མ་རྣམས་ཐོགས་ཤིང་འབྱུང་བར་མི་བྱེད་པ་ལས་ནི་འཕེལ་བར་ཤེས་པར་བྱ་ལ། ཤིན་ཏུ་འབྱུང་ཞིང་ལྷག་པར་ཕྱིར་འབྱུང་བ་ལས་མི་ཟད་པར་ཤེས་པར་བྱ་སྟེ། ་སྔར་བཤད་པ་འབའ་ཞིག་ཏུ་མ་བཟད་ཀྱི། ཚུལ་འདིས་ཀྱང་ཤེས་པར་བྱའོ། །དྲི་མ་རྣམས་འཕེལ་བ་དང། ཟད་པ་གཉི་ག་ཡང་ནང་སྐྱེད་པར་བྱེད་པ་ཡིན་ལ། དེ་ལ་ཡང་གང་ཞིག་ཟད་པར་འགྱུར་བ་དེ་ནི་འཕེལ་བ་ཆེས་ལྷག་པར་འཕེལ་ཏེ་གནོད་པའི་རྒྱུར ་འགྱུར་བ་ཡིན་ཏེ། དེ་བས་ན་ལུས་ནི་དྲི་མས་བསྟེན་པས་ན། འཕེལ་བ་ཟད་པ་གནོད་པ་ཡིན་ཞེས་བྱ་བ་ལ། ལུས་ཏེ་ཕུང་པོ་འདི་ནི་དྲི་མས་བརྟེན་ཅིང་གྲོགས་སུ་བྱས་པ་ཡིན་པས། དྲི་མ་རྣམས་འཕེལ་ཞིང་ལྷག་པར་གྱུར་པས། ཟད་ཅིང་འགྲིབས་པས་གྱུར ་པས་ཆེས་ལྷག་པར་གནོད་པར་བྱེད་པ་ཡིན་ནོ། །ནད་ལ་སོགས་པའི་དངོས་པོར་རྣམས་ལས་ནད་གང་ཞིག་གཞི་གང་ལ་བརྟེན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ལ་རླུང་ནི་རུས་པར་གནས། མཁྲིས་པ་རྡུལ་དང་ཁྲག་ལ་གནས། །བད་ཀན་ལྷག་མ་གནས ་ཞེས་བྱ་བ་ལ། དེ་ལ་རླུང་ལ་སོགས་པ་དེ་རྣམས་ཀྱི་ནང་ནས་རླུང་ནི་རུས་པ་ལ་བརྟེན་ཞིང་གནས་ལ། མཁྲིས་པ་ནི་རྡུལ་དང་ཁྲག་ལ་གནས་སོ། །བད་ཀན་ནི་ལྷག་མ་ལ་གནས་པ་སྟེ། རུས་པ་དང། རྡུལ་དང། ཁྲག་ནི་གནས་པ་པོ་དང་ལྡན་པས། དེ་མ་བཏགས ་པ་ལྷག་མ་དངས་མ་དང། ཤ་དང་ཚིལ་དང་རྐང་དང་ཁུ་ཆུ་དང། བཤང་བ་དང་གཅི་བ་ལ་སོགས་པ་གཞན་དག་ལ་གནས་ཏེ། དེ་དག་ལ་གནས་པ་པོ་མེད་པས་ལྷག་མ་ཞེས་བྱ་བ་ལ། དངས་མ་ལ་སོགས་པ་ལྷག་མ་དེ་རྣམས ་བད་ཀན་རྟེན་ཞིང་གནས་པ་ཡིན་ནོ། །དེས་འདི་ཕན་ཚུན་རྟེན་དང་བརྟེན་པོ་ཡིན། འཕེལ་དང་ཟད་པར་བྱེད་པའི་སྨན། །གཅིག་གི་གང་ཡིན་གཞན་གྱིའང་དེ་ཞེས་བྱ་བ་ལ། གང་ཚུལ་དེ་ལྟ་བུ་དེས་ན་ནད་དྲི་མ་རྣམས་ནས་དང་གནས་པ་པོའི་ཚུལ་གྱིས ་གནས་པའི་རྒྱུ་དེས་ན་འདི་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་ཡིན་བས་ན་གང་གཅིག་གི་འཕེལ་བ་དེ་ནི་གཞན་དག་གིས་ཀྱང་ཟད་པར་བྱེད་པའི་སྨན་ཡིན་ཏེ་གང་རྟེན་ནམ་གནས་ཀྱིས་འཕེལ་བར་བྱེད་པ་ནི་བརྟེན ་པ་པོ་འཕེལ་བར་བྱེད་པ་ནི་ཡིན་ལ། གང་རྟེན་ཅིང་ཟད་པར་བྱེད་པ་ན་བརྟེན་པ་པོའི་ཡང་ཟིན་པར་བྱེད་པ་ཡིན་པས་ན་གཅིག་གི་སྨན་གང་ཡིན་པ་གཞན་གྱི་ཡང་དེ་ཉིད་ཡིན་ནོ། །དེ་ལྟར་ན་ནི་གང་རླུང་གི་གནས་རུས་པ་འཕེལ་བའི་སྨན ་དེས་ནི། དང་པོ་རླུང་ཡང་འཕེལ་བར་བྱེད་ལ། རུས་པ་ཟད་པར་བྱེད་པའི་སྨན་དེས་ནི་རླུང་ཡང་ཟད་པར་བྱེད་པར་འགྱུར་རོ་ཞེ་ན། རུས་པ་རླུང་གཉིས་ལ་འདི་མིན་ཞེས་བྱ་བ་ཡིན་ཏེ། རུས་པ་དང་རླུང་གཉིས་ལ་འཕེལ་བ་དང། ཟད་པར ་བྱེད་པའི་སྨན་འདི་ལྟར་མི་སྦྱོར་རོ། །ཞེས་ཤུགས་ཀྱིས་སྦྱར་བར་བྱའོ།། །ཕལ་ཆེར་བརྟས་པར་?་བར་འགྱུར། །བད་ཀན་རྗེས་མཐུན་དེ་ཡི་ཕྱིར། །དེ་ལས་བཟློག་པས་ཟད་པ་ཡིན། །རླུང་དང་རྗེས་མཐུན་ཞེས ་བྱ་བ་ལ། གང་གི་ཕྱིར་ནད་དང་ལུས་ཟུངས་འདི་རྣམས་ནི། །ཕལ་ཆེར་བརྟས་པར་བྱས་ཤིང་ཚིམ་པར་བྱས་བས་འཕེལ་ཞིང་སྐྱེ་བར་འགྱུར་ལ། འཕེལ་བ་དེ་ཡང་བད་ཀན་དང་རྗེས་སུ་མཐུན་པ་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པ་ནི་གཞན ་དག་ཏུ་ནི་ཁ་ཅིག་འདི་ལྟར་མ་ཡིན་པ་ཡང་ཡོད་དོ་ཞེས་སྟོན་པ་ཡིན་ནོ། །དེ་ལྟར་བརྟས་པ་ལས་འཕེལ་བར་འགྱུར་བའི་རྒྱུ་དེའི་ཕྱིར་བརྟེན་པ་པོའི་ཚུལ་ཅན་དང་ནད་དང་ལུས་ཟུངས་འདི་དག་ཟད་པར་བྱ་བ་ནི་དེ་ལས་བཟློག་པ་སྟེ། ཉམས་དམད་པ ་མིང་གི་རྣམས་སུ་སྨྱུང་བར་བྱ་ཞེས་བྱ་བས་ཟད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་གང་རུས་པ་འཕེལ་བར་བྱེད་པ་དེ་སྨན་སྣུམ་པ་དང་མངར་བ་ལ་སོགས་པ་དེ་ནི་རླུང་ཟད་པར་བྱེད་པ་ཡིན་ནོ། །གང་རླུང་འཕེལ་བར་འགྱུར་བའི་སྨན་རྩུབ་པ་དང། ཁ ་བ་ལ་སོགས་པ་དེ་ནི་ཉམས་དམད་པར་བྱེད་པ། སྨྱུང་བའི་རྗེས་སུ་མཐུན་པས་ནི་རུས་བ་ཟད་པར་བྱེད་པ་ཡིན་ནོ། །དེ་བས་ན་རུས་པ་རླུང་གཉིས་ལ་འདི་ཡིན་ཞེས་སྨོས་པ་ཡིན་ཏེ། བསྟན་བཅོས་བྱེད་པས་ཕལ་མོ་ཆེའི་དབང་དུ་མཛད་ན་ས་སྨྲས་པ་ནི། འཕེལ ་དང་ཟད་པ་འབྱུང་འགྱུར་བའི། །སྨྱུང་དང་བརྟ་བར་བྱ་བ་ཡིས། །ནད་ནི་རིམ་གྱི་གསོ་བ་བྱ། རླུང་མ་གཏོགས་ཏེ་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་བརྟ་བའི་ཚུལ་ལས་ནི་འཕེལ་བར་འགྱུར་ལ། ཉམ་དམད་པའི་ཚུལ་ལས་ནི་ཟད་པར་འགྱུར་བ་དེས་ན། ་ནད་ཀྱི་འཕེལ་བ་དང་ཟད་པ་འབྱུང་བར་འགྱུར་བའི་སྨྱུང་བ་བརྟ་བར་བྱ་བ་དག་གིས། ནད་ཀྱི་རྣམ་པ་རིམ་གྱིས་གསོ་བར་བྱ་ཞིང་བསྒྲུབ་པར་བྱའོ། །དེ་ཡང་འཕེལ་བ་ལས་གྱུར་པའི་ནད་ལ་ནི། སྨྱུང་བ་དང་ཉམས་དམད་པས་གསོ་བར་བྱ་ལ། ་ཟད་པ་ལས་གྱུར་པའི་ནད་ལ་ནི་བརྟ་ཞིང་ཚིམ་པར་བྱ་བས་བསྒྲུབ་པར་བྱའོ། །དེ་ལྟ་ན་ནི་རླུང་གསོ་བར་བྱ་བ་དག་ལ་རླུང་འཕེལ་བ་ལས་གྱུར་པའི་ནད་ལ་ནི་སྨྱུང་བར་བྱ་བས་གསོ་དགོས་ལ། རླུང་ཟད་པ་ལས་བྱུང་བའི་ནད་ལ་བརྟ་བར་བྱ་དོགས ་པར་འགྱུར་རོ་ཞེས་རྟོག་པར་གྱུར་པས། དེའི་ཕྱིར་སྨྲས་པ་ནི། རླུང་མ་གཏོགས་པ་ཞེས་བྱ་བ་ཡིན་ཏེ། གསོ་བའི་རིམ་པ་དེ་ལ་རླུང་ནི་མ་གཏོགས་ཏེ། འདི་ལས་གཞན་དུ་བྱ་བ་ཡིན་ནོ། །དེ་སྐྱེས་ལ། དེ་ཉིད་བཟློག་ཐབས་སྦྱར་བར་བྱ་ཞེས་བྱ་བ་ལ། རླུང་དེ ་ལས་སྐྱེས་པའི་ནང་རྣམས་ལ་ནི་དེ་ཉིད་ཅེས་བྱ་བ་སྨྱུང་བ་དང། བརྟ་བར་བྱ་བ་དག་གིས་བཟློག་པའི་ཐབས་ཀྱིས་གསོ་བར་བྱ་བ་སྟེ། འཕེལ་བ་ནི་བརྟ་བར་བྱ་བ་དང། ཟད་པ་ལ་ནི་སྨྱུང་བར་བྱ་བས་གསོ་བར་བྱའོ། །ཁྱད་པར་དུ་ནི ་ཁྲག་སྐྱེས་དང། །གཏར་ག་འཁྲུ་སྨན་དབང་གིས་སོ། །ཞེས་བྱ་བ་ལ། ནད་ཀྱི་གསོ་བ་ལས་ཡང་ཁྱད་པར་དུ་བྱ་བ་ནི་ཁྲག་སྐྱེ་ཞིང་འཕེལ་བ་ལས་ནང་དུ་གྱུར་པ་ལས། གཏར་ག་བྱ་ཞིང་ཁྲག་དབྱུང་བ་དང། བཀྲུ་སྨན་གཏང་བ་དག་གིས་གསོ་ཞིང་བསྒྲུབ་པར ་བྱའོ། ཤ་ཆེར་སྐྱེས་ལས་བྱུང་བའི་ནད། །གཏར་ག་མེ་བཙའ་ཐལ་སྨན་སྦྱར་ཞེས་བྱ་བ་ལ། ཤས་ཆེར་སྐྱེས་ཤིང་སྤོམ་པ་ལས་བྱུང་བའི་ནད་ལ་ནི་གཏར་ག་བྱ་བ་དང། མེ་བཙའ་གདབ་པ་དང། ཐལ་སྨན་རྣོན་པོ་སྦྱར་བ་ལ་སོགས་པས་གསོ་བར་བྱའོ། ་ཚིལ་ཆེར་སྦོམ་སྐེམས་གསོ་བས་བྱ་ཞེས་བྱ་བ་ལ། ཚིལ་ཆེ་ཞིང་འཕེལ་བ་ལས་བྱུང་བའི་ནད་ལ་ནི། སྦོམ་པ་གསོ་བའི་ཆོ་ག་རྣམ་པ་གཉིས་བཤད་པའི་ཚུལ་གྱིས་གསོ་བར་བྱ་ལ། ཚིལ་ཟད་པ་ལས་བྱུང་བའི་ནད་ལ་ནི་སྐམ་པོ་གསོ་བའི་ཆོས ་རྣམ་པ་གཉིས་ཀྱིས་གསོ་བར་བྱའོ། །རུས་པ་ཟད་པ་ལས་བྱུང་ལ། མར་དང་འོ་མ་ཁ་རར་སྦྱར། །དེ་བཞིན་འཇམ་རྩི་གཏང་བས་གསོ་ཞེས་བྱ་བ་ལ། རུས་པ་ཟད་པ་ལས་བྱུང་བའི་ནད་ལ་ནི། སྨན་རོ་ཁ་བ་དང་སྦྱར་བའི་འོ་མ་ལ་སོགས་པས་གསོ་བ ་དང། དེ་བཞིན་དུ་འཇམ་རྩི་མས་གཏང་བས་གསོ་བར་བྱའོ། །བཤད་བ་འཕེལ་ལ་འཁྲུ་བས་སོ། །ཞེས་བྱ་བ་ལ། བཤད་བ་འཕེལ་བ་ལས་བྱུང་བའི་ནད་ལ་ནི་དྲག་ཏུ་འཁྲུ་བའི་ཚོགས་སོ། །བཤད་བ་ཟད་ལས་བྱུང་བའི་ནད། །ར་ལུག་ནང་གྲོལ་ཟན་དྲོན་དང ་སྦྱར་ཐུག་མཱ་ཥ་གཉིས་སོགས་སྦྱིན་ཞེས་བྱ་བ་ལ། བཤད་བ་ཟད་པ་ལས་བྱུང་བའི་ནད་ལ་ནི། ར་ལུག་ལུག་གི་ནང་གྲོལ་རྒྱུ་མ་ལ་སོགས་པ་གཡོས་སུ་བྱས་བ་དང། ཟན་དྲོན་དང། སྦྱོར་ཐུག་དང། མཱ་ཥ་གཉིས་པོ་སྟེ་མོན་སྲན་གྲེའུ་དང། མོན་སྲན་དཀར ་པོ་གཉིས་སྦྱིན་པ་དང། སོགས་པའི་སྒྲས་རྒྱ་སྣེའུའི་ཚོད་མ་དང། ཞོ་ཁ་ཆུ་དང། རྩབ་མོ་རང་སྐྱུར་ལ་སོགས་པ་སྦྱིན་པ་བསྡུའོ། །གཅིན་འཕེལ་གྱུར་ལ་གཅིན་འབྲི་བ། །གཅིན་ཟད་ལས་བྱུང་གཅིན་གཉིས་གསོ་ཞེས་བྱ་བ་ལ། གཅིན་མང་བ་ལས་བྱུང་བའི ་ནད་ལ་ནི། གཅིན་སྲི་བའི་གསོ་བའི་ནད་ཀྱིས་གསོ་བར་བྱའོ། །གཅིན་ཟད་པ་ལས་བྱུང་བའི་ནད་ལ་ནི། གཅིན་སྙི་བ་གསོ་བའི་ཆོ་གས་གསོ་བར་བྱའོ། །རྡུལ་མི་འབྱུང་ལ་རྩོལ་དང་བསྐུ། །རྡུལ་དབྱུང་ཆོ་གས་གསོ་བར་བྱ་ཞེས་བྱ་བ་ལ། རྡུལ་ཟད་པ་ལས ་གྱུར?་བའི་ནད་ལ་ནི། རྩོལ་བ་ལ་སོགས་པས་རྡུལ་དབྱུང་བའི་ཆོ་གས་གསོ་བར་བྱའོ། །ལུས་ཀྱི་མེ་དྲོད་དང་གནས་འདུག་།ཆ་ཤེས་ལུས་ཟུངས་རྣམས་ལ་བརྟེན། །དེ་རྣམས་འབྲི་དང་རབ་འབར་བས། ལུས་ཟུངས་འཕེལ་དང་ཟད་པར་འགྱུར་ཞེས་བྱ་བ ་ལ། ལུས་ཀྱི་དྲོད་ཅེས་བྱ་བ། ཕོ་པའི་མེ་དྲོད་ཡིན་ལ། རང་གནས་སུ་འདུག་ཅེས་བྱ་བ། རང་གི་གནས་ཞུ་བ་དང་མ་ཞུ་བའི་གནས་ཀྱི་བར་ན་འདུག་པ་དེའི་ཆ་ཤས་གང་ཡིན་པ་རྣམས་ལུས་ཟུངས་ལ་བརྟེན་ཅིང་གནས་པའི་ཆ་དེ་རྣམས་འབྲི ་ཞིང་ཉམས་དམས་པས་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་འཕེལ་བར་འགྱུར་ལ། ཆ་ཤས་དེ་རྣམས་ཉིད་རབ་ཏུ་འབར་ཞིང་སྟོབས་ཆེ་བར་གྱུར་པས་ནི། ལུས་ཟུངས་རྣམས་ཟད་པར་འགྱུར་རོ། །ལུས་ཟུངས་དང་པོ་ཕྱི་མ་ནི། རྒྱས་བྱེད ་ཟད་པའང་དེ་བཞིན་ནོ་ཞེས་བྱ་བ་ལ། ལུས་ཟུངས་ཀྱི་དང་པོ་དངས་མ་ཞེས་བྱ་བ་རྒྱས་པར་གྱུར་ན་དེའི་ཕྱི་མ་ཁྲག་ཅེས་བྱ་བའི་ལུས་ཟུངས་རྒྱས་པར་བྱེད་ལ། ལུས་ཟུངས་ཀྱི་དངས་མ་ཟད་ན་ཕྱི་མ་ཁྲག་ཀྱང་དེ་བཞིན་དུ་ཟད་པར་འགྱུར ་རོ། ནད་དང་ལུས་ཟུངས་དང་དྲི་མ་དང། དྲི་མ་རྣམས་ཀྱི་གནས་ལ་གནོད་པའི་རིམ་པ་དང། ནད་འབྱུང་བའི་རིམ་པ་སྨྲས་བ་ནི། ཉེས་འཁྲུགས་པས་ནི་ལུས་ཟུངས་ཉེན། །གཉི་གས་དྲི་མ་ལ་གནོད་བྱེད། །འོག་ན་གཉིས་ཏེ་མགོ་བོར་བདུན ་བུ་ག་དང་ནི་རྡུལ་འབྱུང་བའི། །དྲི་མའི་གནས་ནི་དྲི་མས་ཏེ། །རང་རང་གནས་སུ་ནད་སྐྱེད་འགྱུར་ཞེས་བྱ་བ་ལ། ཉེས་པ་ནི་རླུང་ལ་སོགས་པ་སྟེ། དེ་རྣམས་འཁྲུགས་པས་ནི་རང་གི་རྒྱུ་རྣམས་ཀྱིས་ལྡང་ཞིང ་གཡོས་སོ། །དེས་ན་ལུས་ཟུངས་བྱ་བ་དངས་མ་ལ་སོགས་པ་ལ་ཉེན་ཅིང་གནོད་པར་འགྱུར་རོ། །ཉེས་པ་དང་ལུས་ཟུངས་དེ་གཉིས་ཀ་འཁྲུགས་ཅིང་གཡོས་པས་ནི་དྲི་མ་ལ་གནོད་པར་བྱེད་ལ། གནོད་པ་དང་ལྡན་པ་ནི་དྲི་མ་དེས ་ནི་དྲི་མའི་གནས་ལ་གནོད་པ་སྐྱེད་པར་གྱུར་ན། དྲི་མའི་གནས་དེ་དག་གང་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། འོག་ན་གཉིས་ཏེ་བཤང་བའི་ལམ་དང་གཅི་བའི་ལམ་མོ། །མགོ་བོར་ནི་དྲི་མའི་གནས་བདུན་ཏེ། མིག་གཉིས་དང་རྣ ་བའི་བུ་ག་གཉིས་དང། སྣའི་བུ་ག་གཉིས་དང། ལྐོག་མའི་བུ་ག་གཅིག་གོ་།བུ་ག་ནི་བུ་གའི་ཁུང་བུ་རྣམས་དང། དེ་བཞིན་དུ་རྡུལ་འབྱུང་བར་བྱེད་པ་སྟེ། ལུས་ཐམས་ཅད་དུ་གཏོགས་པའི་བ་སྤུའི་བུ་ག་རྣམས་ཏེ། དེ་ཐམས་ཅད ་ཀྱང་དྲི་མའི་གནས་ཡིན་པ་ལ། དེ་རྣམས་ནི་གནོད་པ་ཅན་གྱི་དྲི་མས་གནོད་པ་སྐྱེད་དོ། །དེ་བས་ན་ལུས་ཟུངས་དང། དྲི་མ་དང་དྲི་མའི་གནས་དེ་རྣམས་སུ་རང་རང་གི་བདག་ཉིད་ཀྱི་རྟེན་གྱི་ཚུལ་དུ་གནས་པ་དེ་རྣམས་སུ་རང་གི་ནད་སྐྱེད ་ཅིང་འབྱུང་བར་འགྱུར་རོ། །དེ་ཡང་ལུས་ཟུངས་རྣམས་ལ་ནི་ཉེས་པས་གནོད་པ་སྐྱེད་ལ། དྲི་མའི་གནས་རྣམས་སུ་ནི་དྲི་མས་གནོད་པ་སྐྱེད་ནས། རང་རང་ཇི་ལྟ་བའི་ནད་རྣམས་འབྱུང་བར་འགྱུར་རོ། །དེ་ལྟར་ཉེས་པ་དང། ལུས་ཟུངས ་དང། དྲི་མ་རྣམས་རང་གི་ལས་ཉིད་ལ་སོགས་པའི་ཁྱད་པར་གྱིས་བཤད་ནས། ད་ནི་ཉེས་པ་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་རྩ་བ་ལུས་འདིའི་ཉེས་པ་དང། ལུས་ཟུངས་དང། དྲི་མ་རྣམས་ཟད་དམ་མ་ཟད་པར་གྱུར་ཀྱང་སྲེག ་དང་བཅས་པར་ཟད་པར་འགྱུར་ལ། དེ་འཕེལ་བས་སྲོག་དང་བཅས་པར་འཕེལ་བར་འགྱུར་པའི་ལུས་གནས་པའི་རྒྱུའི་གཙོ་བོ་དེ་སྨྲས་པ་ནི་ལུས་ཟུངས་ཁུ་བའི་མཐར་ཐུག་པའི་ནད་ན་གཟི་ཅན་མདངས་མཆོག་ཡིན། །སྙིང་ལ་གནས་ཀྱང ་ཁྱབ་པ་དང། །ལུས་ནི་བརྟན་པར་གནས་པ་ཡིན། །གང་ཞིག་འཇིག་ན་དེས་འཇིག་ལ། །གང་ཞིག་གནས་ན་གནས་གྱུར་པ། །གང་ལས་དངོས་རྣམས་སྣ་ཚོགས་པ། །ལུས་ལ་བརྟེན་པ་འབྱུང་བ་ཡིན་ཞེས་བྱ་བ་ལ། ལུས་ཟུངས་དངས་མ་ནས་ཁུ ་བའི་བར་མཐར་ཐུག་པ་རྣམས་ཀྱི་ནང་ན་གཟི་སྦྱིན་ཅན་གྱི་མདངས་ནི་མཆོག་ཡིན་ཏེ། ཤིན་ཏུ་སྙིང་པོར་གྱུར་པ་ཡིན་ལ། དེ་ནི་མདངས་ཞེས་བྱ་བར་སློབ་དཔོན་གྱིས་བཤད་དོ། །དེ་བཞིན་དུ་སྙིང་ག་ལ་གནས་སུ་ཟིན་ཀྱང་ལུས་མ་ལུས་པར་ཁྱབ་པ ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་སུ་བཤད་དེ། ཐིག་ལེ་དྲུག་པའི་ཚད་དང། ཁྱབ་པར་བྱེད་དོ། །དེ་ནི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་ཅིང་ཐིག་ལེ་དྲུག་པ་ཁ་དོག་དཀར་པོ་དང། དམར་པོ་ལྟ་བུ་དང། ཅུང་ཟད་སེར་པོར་སྣང་བ་ཁྱད་པར་དུ་སྙིང་ལ་གནས ་པ་ཡིན་ནོ། །དེ་ཡང་ལུས་ནི་བརྟན་པར་གནས་པ་ཡིན་ཞེས་བྱ་བ་སྟེ། དེ་ནི་ལུས་བརྟན་པར་གནས་པ་དང། དེ་བསྲུང་ཞིང་གནས་པར་བྱེད་པ་ཡིན་ཏེ། དེའི་ལུས་གནས་ཤིང་འཇོག་པར་བྱེད་པ་ཡིན་ནོ། །གཞན་ཡང་གང་ཞིག་འཇིག་ཅིང་མེད་པར ་གྱུར་ན། ངེས་པར་གདོན་མི་ཟ་བར་འཇིག་པར་འགྱུར་ལ། དེ་བཞིན་དུ་མདངས་གང་ཞིག་གནས་ཤིང་ཡོད་པར་གྱུར་ན། སྐྱེས་བུ་དེ་གནས་ཤིང་འཚོ་བར་འགྱུར་བ་དང། དེ་བཞིན་དུ་མདངས་གང་ལས་དངོས་པོའི་ངོ་བོ་རྣམས་རྣམ་པ་དུ་མར་འབྱུང ་ཞིང་སྣང་བར་འགྱུར་ལ། ལུས་ལ་སོགས་པ་སྣ་ཚོགས་པར་འབྱུང་བར་འགྱུར་ཞིང་བརྟེན་པ་དེ་ནི་མདངས་ཞེས་བྱའོ། །དེ་ཡང་བསྡུས་པ་ལས། འབྱུང་བ་ཀུན་གྱི་མདངས་གང་ཡིན། །གཟི་ཅན་དེ་ནི་མཆོག་ཏུ་བཤད། །དེ་ནི་ཟླ་བའི་རང་བཞིན་དག་།དམར ་ཞིང་ཅུང་ཞིག་སེར་དང་བཅས། །དང་པོ་མངལ་གྱི་སྙིང་པོ་གང། །གང་དེ་མངལ་གྱི་དངས་མར་གནས། །སྙིང་ནི་ཆགས་པར་གྱུར་པ་ན། །གང་ཞིག་སྔོན་ཆད་བརྟེན་གྱུར་ཅིང། །ལུས་ཀྱི་དངས་མ་སྣུམ་དག་དང། །སྲོག་ནི་གང་ལ་བརྟེན ་གྱུར་ལ། །གང་ཞིག་འཇིགས་པས་འཇིགས་འགྱུར་ཞིང། །གང་གིས་ལུས་ཅན་འཚོ་བྱེད་ལ། །སྙིང་ལ་གནས་ཀྱང་ཁྱབ་གྱུར་གང། །དེ་ནི་སྲོག་གི་གནས་མཆོག་ཡིན་ཞེས་བཤད་པ་ཡིན་ནོ། །མདངས་ནི་སེམས་འཁྲུགས་བཀྲེས་པ་ལས། །མྱ་ངན ་ངལ་ལ་སོགས་པས་ཟད་ཅེས་བྱ་བ་ལ། མདངས་དེ་ནི་སེམས་བྱུང་འཁྲུག་པ་ལ་སོགས་པས་ཟད་པར་འགྱུར་ཏེ། སེམས་འཁྲུག་པ་ནི་ཁྲོས་པའོ། །བཀྲེས་པ་ནི་ཤིན་ཏུ་མི་ཟད་པར་གྲུ་བ་ཚའོ། །སེམས་ལས་ནི་ཡུལ་རྣམ་པ་དུ་མ་ལ་སྤྱོད་པའོ།། ་མྱ་ངན་ནི་སེམས་ཀྱི་སྡུག་བསྔལ་ལོ། །ངལ་བ་ནི་ལུས་ཉོན་མོངས་པའོ། །སོགས་པའི་སྒྲས་ནི་འཇིག་པ་ལ་སོགས་བསྡུའོ། །དེ་ཟད་སྡངས་ཤིང་ལུས་རིང་ལ། །ཡང་ཡང་སེམས་ཤིང་དབང་པོ་ཉམས། །གཟི་ཉམས་རྩུབ་དང་ཡིད་མི་དགའ་།། ་ཉམས་ཆུང་བར་ནི་གྱུར་པ་ཡིན་ཞེས་བྱ་བ་ལ། མདངས་དེ་ཟད་ཅིང་ཉམས་པར་གྱུར་ན་མི་སྡངས་པ་སྟེ། གློ་བུར་དུ་སྐྲག་པ་དང་བཅས་པར་འགྱུར་བ་དང། དེ་བཞིན་དུ་ལུས་རིད་ཅིང་མི་སྟོབས་ཆུང་བ་དང་ཡང་དང་སེམས་ཤིང་སྤྱོད ་པ་ལ་བརྩོན་བར་གྱུར་པ་དང། དབང་པོ་ཐམས་ཅད་ཉམས་ཤིང་སྡུག་བསྔལ་ལ། མྱོར་མྱོར་པོར་ནུས་པ་ཆུང་བར་འགྱུར་བ་དང། གཟི་བྱིན་ཉམས་ཤིང་སྐྱ་བོ་འོད་འོད་པོར་འགྱུར་བ་དང། རྩུབ་པ་སྟེ་པགས་ལ་སོགས་པར་སྣུམ་མེད་པ ་དང། ཡིད་མི་དགའ་ཞིང་སེམས་ཀྱི་མདུད་པ་ཤས་ཆེ་བར་འགྱུར་བ་དང། ཉམ་ཆུང་བ་སྟེ་ལུས་ཟུངས་ཅིང་འབྲི་བར་འགྱུར་བ་ཡིན་ནོ། །འཚོ་བྱེད་སྨན་དང་འོ་མ་དང། །ཤ་ཁུ་ལ་སོགས་དེའི་སྨན་ཡིན་ཞེས་བྱ་བ་ལ། མདངས་ཟད་པ་དེའི ་སྨན་ནི་ཛཱི་བནྟི་དང། ཉེའུ་ཤིང་ལ་སོགས་པ་འཚོ་བྱེད་ཀྱི་སྨན་རྣམས་དང། དེ་བཞིན་དུ་འོ་མ་དང། ཤའི་ཁུ་བ་དང། སོགས་པའི་སྒྲས་རྟས་པར་བྱེད་པའི་སྨན་རྒུན་འབྲུམ་ལ་སོགས་པའི་སྨན་མངར་བའི་སྡེ་ཚན་ལས་བསྟན་པ་རྣམས་བསྡུས་ཏེ། ་དེ་དག་ཀྱང་དེའི་སྨན་ཡིན་ནོ། །འོ་མ་ཡང་འཚོ་བྱེད་ཡིན་པས། འཚོ་བྱེད་ཀྱི་སྨན་གྱི་སྡེ་ཚན་གྱི་ནང་དུ་གཏོགས་ན། ཅིའི་ཕྱིར་ལོགས་ཤིག་ཏུ་སྨོས་ཞེ་ན། འོ་མ་ནི་དེར་སྨན་གྱི་མཆོག་ཡིན་པས་ཁྱད་པར་དུ་སྨོས་པ་ཡིན་ནོ། །ཟད་པ་དང་འཕེལ ་བ་དག་ནི་སྨན་མདོར་བསྡུས་ཏེ་སྨྲས་པ་ནི། ཟས་གང་མི་འདོད་གང་ཞིག་སློབ། །དེ་ལ་མི་འཕྲོད་འཕྲོད་པ་ནི། །སྤང་དང་སྦྱིན་པར་བྱ་བ་དང། །དེ་དང་དེས་འཕེལ་ཟད་པར་འགྱུར། །ཞེས་བྱ་བ་ལ། བཟའ་བར་བྱ་བའི་ཟས་གང་སྐྱེས་བུ་མི་འདོད་ཅིང་འདྲངས་པ ་དང། ཡང་ཟད་གང་ཞིག་སློང་ཞིང་འདོད་པར་བྱེད་པ་དེ་དང་དེ་ལས་ཟས་མི་འདོད་པ་དང་ཞེ་འགྲས་པ་ནི་སྤང་ཞིང་མི་བཟའ་བ་དང། འཕྲོད་པ་དང་ཡིད་ལ་འདོད་པ་ནི་སྦྱིན་ཞིང་བཟའ་བར་བྱ་བ་གང་ཡིན་པ་དེ་དང་དེ་ནི་ནད་འཕེལ་བ་དང་ནད་ཟད་པར ་འགྱུར་རོ། །དེ་ཡང་འདོད་ཅིང་སློང་བའི་ཟས་དེ་མི་འཕྲོད་པ་མེད་པར་གྱུར་ན། བཟའ་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཉེས་པ་ཕྱིན་ཅི་ལོག་པ་དང། མཐུན་པས་སྲེད་པ་སྐྱེད་བྱེད་དེ། ཕལ་ཆེར་འཕེལ་དང་ཟད་པ་དང། །མི་མཁས་པ་ཡིས་མི་ཤེས ་སོ། ཞེས་བྱ་བ་ལ། གང་གི་ཕྱིར་རླུང་ལ་སོགས་པའི་ཉེས་པ་དག་ནི། ཕྱིན་ཅི་ལོག་ཏུ་གྱུར་པའི་ཟས་ཀྱིས་ཡུལ་དེ་ལ་སྲེད་ཅིང་དགའ་བ་སྐྱེད་པར་བྱེད་དེ་ཅི་ལྟ་བུར་བྱེད་ཅེ་ན་འཕེལ་བ་དང་ཟད་པ་དག་གིས་བྱེད་དེ་དེའང་འཕེལ་བར་གྱུར་པ་ནི་རང་གི ་ཡོན་ཏན་དང་མི་མཐུན་ཅིང་ཕྱིན་ཅི་ལོག་ཏུ་གྱུར་པའི་ཟས་ཀྱིས་ཡུལ་དེ་ལ་སྲེད་ཅིང་དགའ་བ་སྐྱེད་པར་བྱེད་ལ་དེ་ཡང་ཕལ་ཆེར་ཏེ་ཐམས་ཅད་དུ་ནི་མ་ཡིན་ནོ། །ཟད་པ་ནི་ཟས་ཀྱི་རིས་སུ་གཏོགས་པ་དང་ཆ་འདྲ་ཞིང་མཐུན་པའི་ཡོན་ཏན་གྱིས། ཡུལ་དེ་ལ་སྲེད་ ་པ་སྐྱེད་པར་བྱེད་དེ། ཇི་སྲིད་རླུང་འཕེལ་བས་ནི། ཟས་སྣུམ་པ་དང། སྐྱུར་པ་དང། མངར་པ་ལ་དགའ་བ་སྐྱེད་པར་བྱེད་པའོ། །མཁྲིས་པ་འཕེལ་བས་ནི་གྲང་བ་དང་བསིལ་བའོ། །བད་ཀན་འཕེལ་བ་ནི་ཁ་བ་དང་རྩུབ་པ་ལ ་སྲེད་པ་སྐྱེད་པར་བྱེད་དོ། །དེ་ལ་ཟད་པ་ནི་རླུང་ཟད་པས་ནི་སྣུམ་པ་དང་ལན་ཚྭ་ལའོ། །མཁྲིས་པ་ཟད་པས་ནི་སྐྱུར་བ་ལ་སོགས་པ་ལའོ། །བད་ཀན་ཟད་པས་ནི་ཟས་སྣུམ་པ་དང། མངར་བ་ལ་སོགས་པ་ལ་དགའ་བ་བསྐྱེད་པར་བྱེད་པ་ནི། དངོས ་པོའི་རང་བཞིན་ནམ་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ཉེས་པའི་རང་བཞིན་ནི་སྨན་པ་མི་མཁས་ཤིང། ཤེས་རབ་ཆུང་བས་མི་ཤེས་ཤིང་ཡུལ་དེའི་རང་བཞིན་ཤེས་པ་དེ་ལ་མི་སྐྱེའོ། །ཞེས་བྱ་བའི་དོན་ཏོ། །ཡང་མཚན་ཉིད་གཞན་དག ་མདོར་བསྡུས་ཏེ་སྨྲས་པ་ནི། ཅི་བཞིན་སྟོབས་དང་རང་ཇི་བཞིན། །འཕེལ་ན་ཉེས་པ་རྒྱས་པར་འགྱུར། །ཟད་པས་རང་བཞིན་འདོར་བར་འགྱུར། །མཉམ་ན་རང་གི་ལས་རྣམས་བྱེད། །ཅེས་བྱ་བ་ལ། ནད་དང་ཉེས་པ་རྣམས་ཀྱི ་སྟོབས་ཅི་ལྟ་བ་དང། རང་གི་རང་བཞིན་ཅི་ལྟ་བ་ལས་ཚད་ལས་འཕེལ་བར་འགྱུར་བ་ལས་ནི། ཉེས་པ་རྒྱས་ཤིང་སྐྱེ་བར་འགྱུར་བ་ལ། དེ་བཞིན་དུ་ཟད་པ་དེ་སྟེ་རང་གི་སྟོབས་ཇི་ལྟ་བ་དང། རང་གི་མཚན་ཉིད་ཆེན་པོ་དང་འབྲིང ་དང་ཆུང་ངུ་ནི་ལྟ་བ་དང། རང་གི་རང་བཞིན་རྩུབ་པ་དང། དྲོ་བ་དང་སྣུམ་པ་ལ་སོགས་པའི་རང་བཞིན་ཇི་ལྟ་བ་ཟད་པ་ལས་ནི་ནད་དེ་རྣམས་རང་གི་མཚན་ཉིད་འདོར་ཞིང་སྤོང་བར་འགྱུར་རོ། །གང་གི་ཚེ་ཉེས་པ་དེ་རྣམས་མཉམ་པ་སྟེ་འཕེལ་བ ་ཡང་ཁ་ཟད་པར་གྱུར་པ་འང་མེད་པ་དེའི་ཚེ་ནི་རང་ཚད་དང་ལྡན་པར་གནས་པ་ཡིན་ཏེ། དེའི་ཚེ་ན་ནི་མཉམ་ཞིང་མི་འགྱུར་བར་གནས་པ་ཉིད་ཀྱིས་ན། རང་གི་ལས་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བ་ལས་བཤད་པ། དབུགས་རྡུབ་པ་དང ་དབུགས་དབྱུང་བ་ལ་སོགས་པའི་ལས་དེ་རྣམས་བྱེད་ཅིང་སྐྱེད་པ་ཡིན་ནོ། །མཚན་ཉིད་དེས་ན་དེ་རྣམས་ཞིང་འགྱུར་བ་མེད་པར་ཤེས་པར་བྱའོ། །ཉེས་པ་ཟད་པ་རྣམས་ནི་ལུས་ལ་ཉེས་པ་ཅི་ཡང་སྐྱེད་པར་མི་བྱེད་དེ། མི་ལྡང་བའི་ཕྱིར་དང། ནུས་པ་ཟད་པའི ་ཕྱིར་དང། ཅི་ཡང་མི་བྱེད་པ་ཡིན་པའི་ཕྱིར་ཉེས་པ་ཅི་ཡང་སྐྱེད་པར་མི་བྱེད་དོ་སྙམ་དུ་སེམས་ནས། སྨན་པ་དག་ཉེས་པ་ཟད་པ་འཕེལ་བར་བྱ་བའི་ཕྱིར། བཟའ་བ་དག་སྟེར་བར་བྱེད་པ་ལ་སྦྱོར་བར་བྱེད་པ་ནི་ནམ་ཡར་མ་གྱུར་ཅིག་སྙམ་ནས་སྨྲས་པ་ནི། ་གང་ཞིག་མཉམ་པས་ལུས་འདི་འཕེལ་བར་བྱེད། །ཉེས་པ་དེ་ཉིད་མི་མཉམ་གསོད་པར་བྱེད། །དེ་བས་ཟད་པའང་འཕེལ་བ་ལྟ་བུར་ནི། །ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བར་བྱ། །ཞེས་བྱ་བ་ན། ཉེས་པ་གང་ཞིག་མཉམ་ཞིང་སྙོམས་པར་གྱུར ་པས། ལུས་འཕེལ་བར་བྱེད་པའི་དོན་དུ་འགྱུར་ཏེ། རང་གི་ཚད་དང་ལྡན་པར་གནས་པ་ནི་ལུས་མཉམ་པའི་རྒྱུར་འགྱུར་རོ། །ཉེས་པ་དེ་ཉིད་མི་མཉམ་ཞིང། །རང་གི་ཚད་ལས་ལྷག་པ་འམ། །ཆད་པར་གྱུར་ན་ལུས་གསོད་ཅིང་འཇིག་པར་འགྱུར་རོ། ། ་གང་གི་ཕྱིར་ཉེས་པ་མཉམ་པར་ནི་ལུས་འཕེལ་བའི་རྒྱུ་ཡིན་ལ། མི་མཉམ་པ་ནི་ལུས་གསོད་པའི་རྒྱུ་ཡིན་པ་དེ་བས་ན། ཉེས་པ་རྣམས་ཟད་པའང་འཕེལ་བ་བཞིན་དུ་ཕན་པའི་སྤྱོད་པས་བསྲུང་བར་བྱ་སྟེ། ཇི་ལྟར་འདི་རྣམས་འཕེལ་ནས་ནད ་ལྡང་ཞིང་གནོད་པར་འགྱུར་བས་ན། ཁྱད་པར་དུ་མི་འཕེལ་བའི་ཕྱིར་སྲུང་བར་བྱེད་པ་བཞིན་དུ་ཟད་པ་ལས་ཀྱང་རྗེས་སུ་མཐུན་ཞིང་ཕན་པའི་སྤྱོད་པ་ཉིད་ཀྱིས་བསྐྱང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི ་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།དེ་ནས་ནད་ཀྱི་དབྱེ་བ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། སྔར་ནད་ལ་སོགས ་པའི་ཚུལ་ཤེས་པར་བྱ་བ་བཤད་མོད་ཀྱི། ནད་རྣམས་ནི་ཐ་དད་པར་འབྱུང་བ་ཡིན་པས། དེའི་ཕྱིར་ནད་ཀྱི་དབྱེ་བ་ཤེས་པར་བྱ་བ་མེད་པར་ནད་མ་ལུས་པའི་ཚུལ་ཤེས་པར་འགྱུར་བ་བཤད་པ་མ་ཡིན་པས་དེའི་ཕྱིར་ནད་ལ ་སོགས་པའི་ཚུལ་ཤེས་པར་བྱ་བའི་འོག་ཏུ། ནད་ཀྱི་དབྱེ་བ་ཤེས་པར་བྱ་བའི་ལེའུ་བརྩམས་པ་ཡིན་ནོ། །དེ་ལ་ནད་རྣམས་ཀྱི་དབྱེ་བ་ནི་ནད་ཀྱི་དབྱེ་བ་སྟེ། གནས་དང་མིང་དང། དབྱེ་བ་ལ་སོགས་པའི་བར་དུ་དབྱེ་བས་ཤེས་པར་བྱ་ཞིང་རྟོགས ་པར་བྱ་བ་སྟེ། དེ་ལ་ཕན་པའི་གཞུང་ནི་ནད་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། །དེའི་ལེའུ་བཤད་ཅིང་བསྟན་བར་བྱའོ་ཞེས་པའོ། །དེ་ལ་རེ་ཞིག་རླུང་ལ་སོགས་པ་ལུས་ལ་གནས་པའི་དབྱེ་བས་ངེས་པར་བརྟག་པ་སྨྲས་པ་ནི། ཞུ་བའི་གནས་དང་རྐེད་པ ་དཔྱི། རྣ་བ་རུས་པ་རེག་དབང་པོ། །རླུང་གནས་ཡིན་ཏེ་དེ་ལས་ཀྱང། །ཞུ་བའི་གནས་སུ་ཁྱད་པར་གནས་ཞེས་བྱ་བ་ལ། རླུང་གི་གནས་ནི་ཞུ་བའི་གནས་ལ་སོགས་པ་ཡིན་ཏེ། དེ་ལ་ཞུ་བའི་གནས་ཏེ། ལྟེ་བའི་འོག་དང་རྐེད་བ་དང། དཔྱི ་དང། རྣ་བ་དང། རུས་པ་དང། རེག་པའི་དབང་པོ་སྟེ། པགས་པ་རྣམས་ཡིན་ལ། ད་རྣམས་ཀྱི་ནང་ནས་ཀྱང་ཞུ་བའི་གནས་ནི་རླུང་གི་ཁྱད་པར་གྱི་གནས་ཡིན་ཏེ། ཟས་ཞུ་བ་རྣམས་གང་ན་གནས་ཤིང་བརྟན་པ་དེ་ནི་ལྷག་པར་རླུང་གི་གནས ་ཡིན་ནོ། །མཁྲིས་གནས་ལྟེ་བ་ཕོ་བ་རྡུལ། །ཆུ་སེར་དངས་མ་ཁྲག་དང་ནི། །མིག་དང་པགས་པ་དག་ཡིན་ཏེ། དེ་ལས་ལྟེ་བ་ཁྱད་པར་གནས་ཞེས་བྱ་བ་ལ། མཁྲིས་པའི་གནས་ནི་ལྟེ་བ་ལ་སོགས་པ་ཡིན་ཏེ། ཕོ་བ་ནི་ལྟེ་བ་ཡན་ཆད་ཀྱི་མ་ཞུ ་བའི་གནས་སྤྱི་ལ་བྱའོ། །ཆུ་སེར་ནི་པགས་པའི་མདངས་ན་ཆུར་གནས་ཏེ་འདུག་པ་ལ་བྱ་སྟེ། པགས་པ་ཕྲུགས་པ་ལས་ཆུའི་རྣམ་པར་བྱུང་སྣང་བའོ། །དངས་མ་དང་ཁྲག་ནི་ལུས་ཟུངས་དང་པོ་དང་གཉིས་པའོ། །མིག་ནི་མིག་གི་དབང་པོའོ། །པགས ་པ་ནི་རེག་བྱའི་དབང་པོ་སྟེ། དེ་ནི་རླུང་གི་གནས་ཡིན་པར་བསྟན་མོད་ཀྱི། མཁྲིས་པའི་ཡང་དེ་ཉིད་ཡིན་ཏེ། རླུང་གི་གྲོགས་ཡིན་པའི་ཕྱིར་རོ། །འདིར་གནས་དེ་དག་ལས་ཀྱང་ལྟེ་བ་ནི་ཁྱད་པར་གྱི་གནས་ཡིན་ནོ། །བད་ཀན་བྲང་དང ་མག་པ་མགོ་།གློ་བ་རུས་ཚིགས་མ་ཞུའི་གནས། །དངས་མ་ཚིལ་དང་སྣ་ལྕེར་གནས། །བྲང་གི་ཁྱད་པར་དག་གི་གནས་ཞེས་བྱ་བ་ལ། བད་ཀན་གྱི་གནས་ནི་བྲང་ལ་སོགས་པ་ཡིན་ནོ། །དེ་ལ་བྲང་ནི་ཐོད་ཁའི་གནས་སོ། །མགུལ་བ་ནི་ལྐོག་མའོ། །མགོ ་བོ་ནི་སྤྱི་པོའོ། །གློ་བ་ནི་ཁོང་པའི་ནང་ཆ་སྟེ། ལུས་ཀྱི་ཡན་ལག་གི་དབྱེ་བ་ལས་འོ་གནས་བཤད་དོ། །རུས་ཚིགས་ནི་ཚིགས་ཀྱི་མདུད་པའོ། །ཕོ་བའི་གནས་ནི་ལྟེ་བ་ཡན་ཆད་དོ། །དངོས་མ་ལ་སོགས་པ་ནི་གོ་བར་ཟད་དོ། །འདིར་གནས་འདི་རྣམས ་ཀྱི་ནང་ན་བྲང་ནི་བད་ཀན་གྱི་ཁྱད་པར་གྱི་གནས་ཡིན་ནོ། །རླུང་ནི་སྲོག་སོགས་དབྱེ་བ་ཡིས། །ལྔ་ཡི་དབང་ཉིད་ཅེས་བྱ་བ་ལ། རླུང་གཅིག་པུ་གཡོ་བའི་བདག་ཉིད་ཅན། །གཅིག་པུ་ནི་སྲོག་དང་སྟོང་དུ་རྒྱུ་བ་དང། ཁྱབ་བྱེད་དང། མེ་དང་མཉམ་དུ ་གནས་པ་དང། ཐུར་དུ་སེལ་བ་ཞེས་བྱ་བའི་རྣམ་པ་ལྔའི་བདག་ཉིད་ཅན་དུ་གནས་པ་ལ་སོགས་པའི་དབྱི་བས་འགྱུར་རོ། །འདིར་སྲོག་ནི་སྤྱིར་གནས་བྲང་དང་གྲེ་བར་རྒྱུ། །བློ་དང་དབང་པོ་སེམས་འཛིན་བྱེད། །མཆིལ་འདོར་སྤྲིད་འབྱུང་སྒྲེགས་པ་གཏོང ་དབུགས་རྡུབ་ཟས་ནི་མིད་བར་བྱེད་ཅེས་བྱ་བ་ལ། འདིར་ལྔ་པོ་དེ་དག་གི་ནང་ནས་སྲོག་ཅེས་བྱ་བའི་རླུང་ནི། སྤྱི་བོར་གནས་ཤིང་མགོ་ལ་བརྟེན་པ་དང། བྲང་དང་གྲེ་བར་རྒྱུ་ཞིང་འགྲོ་བ་དང། བློ་དང་དབང་པོ་དང་སེམས་འཛིན་པར་བྱེད་པ་དང། མཆིལ ་མ་ལ་སོགས་པ་འདོར་ཞིང་འབྱིན་པར་བྱེད་དོ། །མཆིལ་མ་ནི་ཁ་ནས་བད་ཀན་འབྱུང་བའོ། །དབུགས་རྡུབ་པ་ནི་དབུགས་ནང་དུ་སྡུད་པའོ། །གྱེན་རྒྱུའི་གནས་ནི་བྲང་ཡིན་ཏེ། །སྣ་དང་ལྕེ་དང་ལྐོག་མར་རྒྱུ། །ཚིག་འབྱིན་འབད་རྩོལ་མདངས ་དང་ནི། །སྟོབས་དང་ཁ་དོག་དྲན་ལས་བྱེད། ཅེས་བྱ་བ་ལ། རླུང་གྱེན་དུ་རྒྱུ་བའི་གནས་ནི་བྲང་ཡིན་ཏེ། དེར་བརྟེན་ནས་སྣ་ལ་སོགས་པ་གསུམ་དུ་རྒྱུ་བར་བྱེད་དོ། །དེའི་དབྱེ་བ་ནི་ཚིག་འབྱིན་པ་ལ་སོགས་ཡིན་ཏེ། འབད་རྩོལ་ནི་བྱ ་བ་ལ་བརྩོན་པའོ། །མདང་ནི་གཟི་མདངས་དང་ལྡན་པའོ། །སྟོབས་ནི་ནུས་པའོ། །ཁ་དོག་ནི་དཀར་པོ་ལ་སོགས་པའི་དབྱེ་བས་ཕྱེ་བའོ། །དྲན་པ་ནི་འདས་པའི་དོན་མ་བརྗོད་པའོ། །ཁྱབ་བྱེད་སྙིང་གནས་ལུས་ཀུན་ལ། །མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས ་འགྲོ་དང་འདེགས་དང་འཇོག་པ་དང། །མིག་འབྱེད་འཛུམ་པ་ལ་སོགས་པ། །ལུས་ཅན་བྱ་བ་ཕལ་ཆེར་ནི། །དེ་ལ་རག་ནི་ལུས་པ་ཡིན་ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཅེས་བྱ་བ་ནི་སྙིང་ལ་གནས་ཏེ། ལུས་ཀུན་མ་ལུས་པར་ཁྱབ་ཅིང་རྒྱུ་བ་ཡིན་ལ། ་རབ་ཏུ་མགྱོགས་པ་སྟེ་མྱུར་དུ་འགྲོ་ཞིང་ཤས་ཆེར་མགྱོགས་པ་ཡིན་ནོ། །དེའི་ལས་ནི་འགྲོ་བ་ལ་སོགས་པའི་ལུས་ཅན་ཏེ། སེམས་ཅན་གྱི་བྱ་བ་ཐམས་ཅད་ལས་ཕལ་ཆེར་ཏེ། མང་དུ་རླུང་དེ་ལས་རག་ལས་ཤིང་བལྟོས་པ་ཡིན་ནོ། །དེ་ཡང ་འགྲོ་བ་ནི་ཡུལ་ནས་ཡུལ་གཞན་དུ་འགྲོ་བ་ལ་སོགས་པའོ། །འདེགས་པ་ནི་གྱེན་དུ་འདྲེན་པའོ། །འཇོག་པ་ནི་ཡན་ལག་དམར་དེ་བྱེད་པའོ། །མིག་འབྱེད་པ་ནི་མིག་གི་རྫི་མ་གཉིས་འབྱེད་པའི། །འཛུམ་པ་ནི་དེ་ཉིད་འཛུམ་པའོ། །མཉམ་གནས་མེ་དྲོད ་ཉེ་བར་གནས། །ནང་གྲོལ་ཀུན་རྒྱུ་བ་ཡིན། །བྱ་བ་ཟས་ལེན་འཇུ་བ་དང། །དངས་སྙིགས་འབྱེད་ཅིང་འདོར་བར་བྱེད། །ཅེས་བྱ་བ་ལ། རླུང་མེ་དང་མཉམ་དུ་གནས་པ་ཞེས་བྱ་བ་ནི། ཕོ་བའི་མེ་དྲོད་དང་ཉེ་བར་གནས་ཏེ། ནང་གྲོལ་གྱི་ནང་ན་མ་ཞུ་བའི ་གནས་ཞེས་བྱ་བ་དེར། བརྟེན་ནས་ནང་གྲོལ་དུ་རྒྱུ་ཞིང་སྤྱོད་པ་ཡིན་ལ། དེའི་ལས་ཀྱི་བྱེ་བྲག་ནི་ཟས་ལེན་ཅིང་འཛིན་པ་དང། དེ་བཞིན་དུ་འཇུ་ཞིང་སྨིན་པར་བྱེད་པ་དང་དངས་སྙིགས་འབྱེད་ཅིང་བྱེ་བྲག་འབྱེད་པ་དང་ཕྱི་རོལ་ཏུ་འདོར་ཞིང་འབྱིན ་པར་བྱེད་པ་ཡིན་ནོ། །ཐུར་སེལ་གཞང་ནས་འདོར་མོ་དང། །ལྒང་བ་ཕོ་མཚན་བརླ་ནང་རྒྱུ། །བྱ་བ་ཞུ་བ་ཟླ་མཚན་དང། །བཤང་གཅི་མངལ་ནས་འབྱིན་པར་བྱེད། །ཅེས་བྱ་བ་ལ། རླུང་ཐུར་དུ་སེལ་བ་ཞེས་བྱ་བ་ནི་གཞང་ན་གནས་པ་སྟེ་རྐེད་པའི་འོག ་ན་འདུག་པ་དང། །དེ་བཞིན་དུ་འདོང་མོ་ཞེས་བྱ་བ་མཇུག་ཏོའི་ནད་ལ་སོགས་པའི་གནད་ན་རྒྱུ་བ་དང། ལྒང་པ་དང་ཕོ་མཚན་དང་བརླའི་ནང་ན་རྒྱུ་བ་ཡིན་ནོ། །བྱ་བའི་ལས་ནི་ཁུ་བ་དང། ཟླ་མཚན་འབྱིན་པ་ལ་སོགས་པ་ཡིན་ནོ། །མཁྲིས་པའི་རང་བཞིན ་ལྔ་ཞེས་བྱ་བ་ལ། མཁྲིས་པའི་རང་བཞིན་ནི་རྣམ་པ་ལྔ་སྟེ། འཇུ་བྱེད་དང། དམར་སྒྱུར་དང། སྒྲུབ་བྱེད་དང། མཐོང་བྱེད་དང། མདོག་གསལ་ལོ། །དེ་ལ་ཞུ་དང་མ་ཞུའི་བར་ན་གནས། །འབྱུང་ལྔའི་བདག་ཉིད་ཅན་གྱིས་ནི། །གང་མེའི ་ཡོན་ཏན་ཤས་ཆེ་བ། །གཤེར་ཉིད་སྐེམས་བྱེད་འཇུ་ལ་སོགས། །ལས་ཀྱིས་མེ་ཡིས་སྒྲས་བཤད་དོ། །ཟས་ནི་འཇུ་དང་དེ་བཞིན་དུ། །དངས་མ་སྙིགས་མ་འབྱེད་པར་བྱེད། །དེར་གནས་བཞིན་དུ་མཁྲིས་པ་ནི། །ལྷག་མ་རྣམས་ཀྱི་གྲོགས ་བྱེད་པ། །སྟོབས་སྐྱེད?་པ་ཡིས་འབྱེད་འགྱུར་ལ། །དེ་ནི་འཇུ་བྱེད་ཅེས་བཤད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ལྔ་པོ་དེ་རྣམས་ཀྱི་ནད་ནས། མཁྲིས་པ་འཇུ་བྱེད་ཅེས་བྱ་བ་ནི་ཞུ་བའི་གནས་དང་མ་ཞུ་བའི་གནས་ཀྱི་བར་ན་གནས་ཤིང་བརྟེན་ལ། །དེ ་ཡང་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་དུ་གྱུར་པ་ཡིན་གྱིས་ཀྱང་གང་གི་ཕྱིར་མའི་ཡོན་ཏན་གྱི་ཤས་ཆེ་ཞིང་བརྡོ་བས་གཤེར་བ་ཉིད་སྐེམས་པར་བྱེད་པ་ཡིན་ཞིང། ཟླ་བའི་ཡོན་ཏན་ཟད་པར་བྱས་པས་གཤེར་པ་ཉིད་སྐེམས་པར་བྱེད ་པ་ཡིན་ཏེ། དེས་ན་འཇུ་བ་ལ་སོགས་པའི་ལས་ཀྱིས་ཏེ། འཇུ་བ་དང་སྲེག་པ་ལ་སོགས་པའི་བྱ་བའི་ལས་ཀྱིས་མེའི་སྒར་བཤད་ཅིང། མིང་འཐོབ་པ་ཡིན་ནོ། །དེ་བཞིན་དུ་ཟས་རྣམ་པ་བཞི་འཇུ་བར་བྱེད་པ་དང། ཟས་ཞུ་བར་གྱུར ་པ་རྣམས་ཀྱི་དངས་མ་དང་ཚིགས་མ་འབྱེད་པར་བྱེད་ཅིང། བྱེ་བྲག་ཏུ་ཐ་དད་པར་བྱེད་པ་དང། ཞུ་བ་དང་མ་ཞུ་བའི་བར་དེར་གནས་བཞིན་དུ་མཁྲིས་པ་དམར་སྒྱུར་ལ་སོགས་པ་བཞི་པོ་གྲོགས་བྱེད་ཅིང་སྟོབས ་བྱེད་ལ། སྟོབས་སྐྱེད་པ་སྟེ། ནུས་པ་སྐྱེད་པར་བྱེད་པར་འགྱུར་ཏེ། མཁྲིས་པ་དེ་ནི་འཇུ་བྱེད་ཅེས་བཤད་དོ། །མཁྲིས་པ་མ་ཞུ་བའི་གནས་ལ་བརྟེན། དངས་མདོག་བསྒྱུར་བས་དམར་བསྒྱུར་ཡིན་ཞེས་བྱ་བ་ལ། དམར་བསྒྱུར་ཞེས་བྱ་བའི་མཁྲིས ་པ་ནི་མ་ཞུ་བའི་གནས་ལ་བརྟེན་ཅིང་གནས་ནས། ལུས་ཟུངས་དངས་མ་ཞེས་བྱ་བ་ཁྲག་གི་རང་བཞིན་དུ་མདོག་བསྒྱུར་བར་བྱེད་པས། དམར་པོར་བྱེད་པའི་ཕྱིར་དམར་སྒྱུར་ཞེས་བྱ་བའི་སྦྲར་བཤད་པ་ཡིན་ནོ། །མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས།། ་བློ་དང་ཡིད་གཞུངས་ང་རྒྱལ་སོགས། །མངོན་འདོད་དོན་ནི་སྒྲུབ་བྱེད་པས། ཞེས་བྱ་བ་ལ། མཁྲིས་པ་སྒྲུབ་བྱེད་ཅེས་བྱ་བ་སྙིང་ལ་གནས་ཤིང་བརྟེན་པ་གང་ཡིན་པ་དེ་ནི་བློ་ལ་སོགས་པའི་སྐྱུར་གྱུར་པས་མངོན་པར་འདོད་པའི་དོན་རྫོགས་པར ་བྱེད་ཅིང། ཕྱིའི་དོན་རྣམས་འཛིན་ཅིང་དྲན་པར་བྱེད་པ་ལ་སོགས་པའི་ཚུལ་གྱིས་སྒྲུབ་པར་བྱེད་པས་ན། དེ་ནི་སྒྲུབ་བྱེད་ཅེས་བྱའོ། །བློ་དང་ཡིད་གཞུངས་པ་ནི་ཕན་ཚུན་ཁྱད་པར་ཡོད་པར་ཤེས་པར་བྱ་སྟེ། ད་ལྟར་བྱུང་བའི་དུས་སུ ་དོན་གང་ལ་ཡིད་ཐེ་ཚོམ་དུ་གྱུར་པའི་དོན་དེ་ལ་ཚིག་འདིའི་དོན་ནི་འདི་ཡིན་ནོ། །ཞེས་གང་དེས་པ་སྐྱེད་པ་དེ་ནི་བློ་ཞེས་བྱ་བ་ལ། ཡིད་གཞུངས་པ་ནི་བློའི་ཁྱད་པར་ཡིན་ནོ། །མིག་ལ་གནས་ཏེ་གཟུགས་མཐོང་བྱེད། །མཐོང་བྱེད་ཅེས་བཤད་ཅེས ་བྱ་བ་ལ། མིག་གི་དབང་པོ་ལ་གནས་པའི་མཁྲིས་པ་ནི། མིག་འབྲས་ཀྱི་ནང་ན་གནས་ནས་གཟུགས་མཐོང་བར་བྱེད་པས་ན་མཐོང་བྱེད་ཅེས་བཤད་དེ། གཟུགས་འཛིན་པ་དེ་ནི་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །མདོག་གསལ་ནི ་པགས་མདོག་གསལ་བྱེད་པགས་པར་གནས་ཞེས་བྱ་བ་ལ། མཁྲིས་པ་མདོག་གསལ་བ་ནི་པགས་པ་མདོག་གསལ་ཞིང་དང་པར་བྱེད་པས་ན་མདོག་གསལ་ཞེས་བྱ་ལ། དེའི་གནས་ནི་པགས་པར་གནས་སོ། །དེ་བསྐུ་བ་ལ་སོགས་པ་འཇུ་ཞིང་སྨན་པར ་བྱེད་དོ། །འཇུ་བར་མ་གྱུར་པའི་སྨན་གྱིས་ནི་རང་གི་བྱ་བ་མི་བྱེད་དོ། །བད་ཀན་རྣམ་ལྔ་ཞེས་བྱ་བ་ནི། རྟེན་བྱེད་དང། མྱགས་བྱེད་དང། མྱོང་བྱེད་དང། རྟས་བྱེད་དང། འབྱོར་བྱེད་དང། དབྱེ་བ་རྣམ་པ་ལྔའོ། །བད་ཀན་རྣམ་ལྔ་བྲང་གནས་པ། །རང་གི་སྟོབས་ཀྱིས ་སུམ་མདོ་དང། །སྙིང་དང་ཟས་ཀྱི་མཐུ་དང་ནི། །དེ་ཉིད་ལ་གནས་ཆུའི་ལས་བྱེད། །བད་ཀན་ལྷག་མའི་གནས་གྱུར་པའི། །རྟེན་ནི་གང་ཕྱིར་བྱེད་གྱུར་པས། །དེ་ཕྱིར་རྟེན་བྱེད་ཅེས་བཤད་དོ། །ཞེས་བྱ་བ་ལ། ཡང་བད་ཀན་དེ་ལས། བྲད་ལ་གནས་པ་དེ་རང ་གི་སྟོབས་སམ། ནུས་པས་སུམ་མདོ་ཞེས་བྱ་བ་དཔུང་པ་གཉིས་དང། མཉའ་བ་འདུས་པའི་མདོ་རང་གི་ནུས་པས་རྟེན་པར་བྱེད་ཅིང། རང་གི་བྱ་བའི་ནུས་པ་སྐྱེད་བར་བྱེད་པས་ན་རྟེན་བྱེད་ཅེས་བྱའོ། །དེ་བཞིན་དུ་སྙིང་གར་ཟས་ཟོས་པའི་མཐུན་དེས་མི་ཚུལ་གྱིས ་རྟེན་པར་བྱེད་པ་རང་གི་སྟོབས་ཀྱིས་གནས་པ་དང། དེ་བཞིན་དུ་བྲད་དེ་ཉིད་ལ་གནས་ནས། ཆུའི་ལས་བྱེད་ཅིང་ཆུའི་བྱ་བ་དོམས་པ་དང་འགེངས་པ་ཞེས་བྱེད་པས། བད་ཀན་ལྷམ་རྣམ་པ་བཞིའི་གནས་སུ་གྱུར་ཅིང་རྟེན་བྱེད་དེ། གང་གི་ཕྱིར ་རྒྱུ་དེ་ལྟར་བྱེད་པར་གྱུར་པས། དེའི་ཕྱིར་བད་ཀན་རྟེན་བྱེད་ཅེས་མིང་དུ་བཤད་དོ། །གང་ཞིག་མ་ཞུའི་གནས་ལ་གནས། །དེ་ནི་ཟས་ཚོགས་འདྲུལ་བྱེད་པས། །མྱགས་བྱེད་ཅེས་ནི་བྱ་བ་ཡིན་ཞེས་བྱ་བ་ལ། བད་ཀན་དེ་ཉིད་གང ་མ་ཞུ་བའི་གནས་ལ་གནས་ཤིང། བརྟེན་ནས་དེས་ཟས་ཀྱི་ཚོགས་ཏེ། ཟས་ཀྱི་ཕུང་པོ་འདུལ་བར་བྱེད་ཅིང། མདག་མདག་པོར་བྱེད་པས་ནི། མིང་མྱགས་བྱེད་ཅེས་བྱ་བ་ཡིན་ནོ། །མྱོང་བྱེད་ལྕེ་གནས་རོ་ཚོར་བྱེད་ཅེས་བྱ་བ་ལ། བད་ཀན་མྱོང་བྱེད ་ནི་ལྕེར་གནས་ནས་རོ་ལེགས་པར་ཚོར་བར་བྱེད་ཅིག་།ཤེས་པར་བྱེད་པས་མྱོང་བྱེད་ཅེས་བྱའོ། །རྟས་བྱེད་མགོར་གནས་དབང་པོ་ནི། །ཚིམ་པར་བྱེད་དོ་ཞེས་བྱ་བ་ལ། བད་ཀན་རྟས་བྱེད་ནི་མགོ་བོར་གནས་ནས། མིག ་ལ་སོགས་པའི་དབང་པོ་རྣམས་ཚིམ་པར་བྱེད་ཅིང་རྟས་པར་བྱེད་པས་ན། མིང་རྟས་བྱེད་ཅེས་བྱའོ། །འབྱོར་བྱེད་ནི། ཚིགས་ལ་གནས་ནས་འབྱོར་བར་བྱེད་ཅེས་བྱ་བ་ལ། བད་ཀན་འབྱོར་བྱེད་ཅེས་བྱ་བ་ཡན་ལག་གི་ཚིགས་ལ་གནས་ནས ་ཚིགས་རྣམས་འབྱོར་པར་བྱེད་པས་ན། འབྱོར་ཅེས་བྱ་བའོ། །དེ་ལྟར་ན་ནད་རྣམས་ཀྱི་གནས་དང་ལས་རྣམས་རྣམ་པར་ཕྱེ་སྟེ་བཤད་ནས་ཉེ་བར་བསྡུ་བའི་ཕྱིར་སྨས་པ་ནི། དེ་ལྟར་ནད་ནི་ཕལ་མོ་ཆེ། །མི་འགྱུར་བདག་ཉིད་ཅན་ཁྱབ་ཀྱང ་གནས་ཡིན་པར་ནི་ཤེས་བར་བྱ་སྟེ། ལས་རྣམས་ཀྱང་ནི་ཐ་དད་ཡིན་ཞེས་བྱ་བ་ཡིན་ཏེ། བཤད་མ་ཐག་པའི་ཚུལ་དེ་ལྟར་རླུང་ལ་སོགས་པའི་ནད་ཕལ་མོ་ཆེ་མང་པོར་མི་འགྱུར་བའི་བདག་ཉིད་ཅན་ཏེ། བསྟན་བཅོས་ལས་ཇི་སྐད་བཤད ་པའི་རང་གི་ཚད་དང་ལྡན་པར་གནས་ཤིང། མི་མཉམ་པ་མེད་པར་གྱུར་བ་དག་ནི་ལུས་ཀུན་ཏུ་མ་ལུས་བར་ཁྱབ་ཅིང་རྒྱུ་བ་ཡིན་ཡང། རང་རང་གི་གནས་དེ་དག་ཡིན་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །གནས་འབའ་ཞིག་ཏུ་མ ་ཟད་ཀྱི། དེ་རྣམས་ཀྱི་ལས་རྣམས་ཀྱང་སོ་སོ་ཐ་དད་པ་ཡིན་པར་ཤེས་པར་བྱའོ། །རླུང་ལ་སོགས་པ་དེ་དག་རེ་ཞིང། རྣམ་པ་ལྔར་ཕྱེ་བ་ཡིན་མོད་ཀྱི། འོན་ཀྱང་རྩུབ་པ་དང། སྣུམ་པ་ཉིད་ཀྱི་རང་གི་མཚན་ཉིད་འདོར་བར་བྱེད་པ་ཡིན་པས་ན། དེའི ་ཕྱིར་རྫས་ལ་བརྟེན་པའི་ཡོན་ཏན་མཉམ་པས་ནི། ནད་དེ་རྣམས་ཀྱི་གསོག་པ་དང་འཕེལ་བར་འགྱུར་བ་ཡིན། དེ་རྣམས་ཀྱི་རང་གི་མཚན་ཉིད་དང་མི་མཐུན་པའི་ཡོན་ཏན་རྫས་ལ་བརྟེན་པས་ནི་ཞི་བར་གྱུར་བ་ཡིན་པས་ན། འདིར་གཞན ་དག་ལ་བལྟོས་ཤིང་རག་ལས་པ་ནི་ཅུང་ཟད་ཀྱང་མེད་དེ། ཐམས་ཅད་ཀྱང་ཡོན་ཏན་མཉམ་པས་ནི་འཕེལ་བར་འགྱུར་ལ། མི་མཐུན་པས་ནི་ཞི་བར་བྱེད་བ་ཡིན་ནོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་གཞུང་རྩོམ་པར་བྱེད་པས་འདི་སྐད་ཅེས་སྨྲས་པ་ནི། རྩུབ་སོགས་དྲེ ་བར་ལྡན་པ་ནི། །རླུང་ནི་སོགས་པར་འགྱུར་བ་ཡིན། །གྲང་པ་ལྔ་འབྱེད་སྣུམ་ལ་སོགས། །ཡོན་ཏན་དྲ་ལྡན་ཞི་བྱེད་འགྱུར་ཞེས་བྱ་བ་ཡིན་ཏེ། རྩུབ་པ་ལ་སོགས་པའི་ཡོན་ཏན་ནི་རྩུབ་པ་དང། བསིལ་བར་བྱེད་པ་དང། ཕྲ་བ་དང་གཡོ་བ་དག་ནི་ཡོན ་ཏན་དྲོ་བ་དང་ལྡན་ཞིང། རླུང་གི་གཉེན་པོར་གྱུར་ཅིང་དེ་དང་མི་མཐུན་པའི་ཡོན་ཏན་དང་ལྡན་ན་རླུང་ནད་གསོག་ཅིང་འཕེལ་བར་འགྱུར་བ་ཡིན་ཏེ། རླུང་གི་ཡོན་ཏན་གྱི་སྤྱིའི་མཚན་ཉིད་ཙམ་དང་ལྡན་པའི་རྩུབ་པ་ལ་སོགས་པ་དག་ནི། རླུང་གསོག་ཅིང་འཕེལ་པའི ་རྒྱུར་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་དེ་གཅིག་པུར་མ་ཟད་དེ། ཡོན་ཏན་དྲོ་བ་རླུང་གི་སྙེན་པོར་འགྱུར་བ་ལྡན་པའི་རྩུབ་པ་ལ་སོགས་པ་དེ་དག་ཀྱང་རླུང་གསོག་བར་བྱེད་དོ། །ཡང་རྩུབ་པ་ལ་སོགས་པའི་རླུང་གི་ཡོན་ཏན་དེ་དང་རླུང་དག་དང་ལྡན་པར་གྲང་བའི་ཡོན ་ཏན་དང་ལྡན་པ་ནི་རང་གི་རྗེས་སུ་མཐུན་པ་ཡིན་པས་ན། རླུང་ལྡང་བར་བྱེད་པ་ཡིན་ནོ། །སྣུམ་པ་ལ་སོགས་པའི་ཡོན་ཏན་དེ། སྣུམ་པ་དང་ལྕི་བ་དང་དྲ་བ་དང་སྦོམ་པོ་དང། བརྟན་པ་དག་དྲོ་བའི་ཡོན་ཏན་དང་ལྡན་ན་རླུང་རབ་ཏུ་ཞི་བར་བྱེད་དོ། །རྣོ་སོགས་བསིལ་བ་དང་ལྡན ་བས། མཁྲིས་པ་གསོག་པར་བྱེད་འགྱུར་ལ། །དྲོ་བས་ལྡང་སྟེ་རོ་བརྟུལ་སོགས། །བསིལ་བར་ལྡན་པས་ཞི་བར་འགྱུར། །ཞེས་བྱ་བ་ལ། རྣོ་བ་ལ་སོགས་པའི་ཡོན་ཏན་ནི་རྣོ་བ་དང། ཡང་བ་དང། དྲི་བ་བ་དང། འཁྲུ་བ་དང། སླ་བ་སྟེ། མཁྲིས་པའི་ཡོན་ཏན ་ཆ་མཉམ་པ་དག་ནི་བསིལ་པའི་ཡོན་ཏན་མཁྲིས་པའི་མི་མཐུན་པའི་ཕྱོགས་དང་ལྡན་པས། མཁྲིས་པའི་ནད་གསོག་ཅིང་འཕེལ་བར་འགྱུར་ལ། རྣོ་བ་ལ་སོགས་པའི་ཡོན་ཏན་མཁྲིས་པའི་ཡོན་ཏན་གྱི་ཆ་དང་མཉམ་པ་དེ་ཉིད་མཁྲིས་པའི་ཡོན་ཏན། ་དང་མཐུན་པ་དྲོ་བའི་ཡོན་ཏན་དང་ལྡན་པས་ལྡང་ཞིང་འཁྲུག་པར་བྱེད་དོ། །དེ་རོ་རྟུལ་བ་ལ་སོགས་པའི་ཡོན་ཏན་ཏེ། རོ་རྟུལ་བ་དང། ལྕི་བ་དང། རྩུབ་པ་དང། བརྟན་པ་དང། བསྐ་བ་དང། དང་བའི་མཚན་ཉིད་མཁྲིས་པའི་ཡོན་ཏན་གྱི་མི་མཐུན ་པའི་ཕྱོགས་སུ་གྱུར་པ་བསིལ་བ་ཞེས་བ་ཡང་མཁྲིས་པའི་གཉེན་པོར་གྱུར་པ་དང་ལྡན་པས་ཞི་བར་བྱེད་པར་འགྱུར་རོ། །སྣུམ་སོགས་གྲང་བ་དང་ལྡན་པའི། །བད་ཀན་སོགས་པར་བྱེད་འགྱུར་ལ། །དྲོ་བས་ལྡང་འགྱུར་དེ་ཉིད་ནི། །རྩུབ་སོགས་ཡོན་ཏན་གྱིས་ཞི ་འགྱུར་ཞེས་བྱ་བ་ལ། སྣུམ་པ་ལ་སོགས་པའི་ཡོན་ཏན་ནི་ལྕི་བ་དང། རྟུལ་བ་དང། འཇམ་པ་དང། བརྟན་པ་དེ། བད་ཀན་གྱི་ཡོན་ཏན་དང་ཆ་མཉམ་པ་དག་།གྲང་དང་ལྡན་པ་ཡིན་ཞེས་བྱ་བ་བད་ཀན་གྱི་ཡོན་ཏན་གྲང་བ་དང་ལྡན་པར་གྱུར་ན། བད་ཀན ་སོགས་པར་བྱེད་པར་འགྱུར་ཏེ། བད་ཀན་ནི་སྣུམ་པ་ལ་སོགས་པའི་ཡོན་ཏན་དག་ནི་དེའི་ཡོན་ཏན་དང་ཆ་མཐུན་པ་ཡིན་པས་དེ་ཙམ་གྱིས་གང་ལ་ཡང་མི་བལྟོས་པར་སོགས་པར་བྱེད་པ་མ་ཡིན་གྱི། གཞན་དུ་ན་གྲང་བའི་ཡོན་ཏན་ལྷག་པར་གྱུར་བ་ལ་བལྟོས ་ནས། གྲང་བ་ལྷག་པར་ཤས་ཆེ་བའི་ཡོན་ཏན་དེ་དང་ལྡན་ན། སྣུམ་པ་ལ་སོགས་པ་བད་ཀན་འཕེལ་ཞིང་གསོག་པར་བྱེད་དོ། །དེ་ཡང་འདིར་སྣུམ་པ་ལ་སོགས་པའི་བད་ཀན་གྱི་ཡོན་ཏན་རྣམ་གྲང་ཞིང་བསིལ་བས་བསྡུས་པར་བཤད་པ་ནི་གྲང་བས་བསྒོངས་ཤིང ་འཁྱགས་པར་བྱས་པས་སོགས་པ་ཉིད་དུ་འགྱུར་བ་ཡིན་ལ་དྲོ་བ་ལ་སོགས་པ་བད་ཀན་གྱི་ཡོན་ཏན་དང་ཆ་མཐུན་པ་འདི་དག་ཉིད་དྲོ་བའི་ཡོན་ཏན་གྱི་གཉེན་པོར་གྱུར་པ་དང་ལྡན་པས། བད་ཀན་ཞུ་བར་བྱས་པའི་སྒོ་ནས་ལྡང་བར་འགྱུར་བ་ཡིན་ནོ། །དེ ་ཉིད་ནི་ཞེས་པ་དྲོ་བའི་ཡོན་ཏན་བད་ཀན་གྱི་གཉེན་པོར་གྱུར་པ་དེ་ཉིད། རྩུབ་སོགས་ཡོན་ཏན་གྱིས་ཤེས་པ། རྩུབ་པ་དང་ཡང་བ་དང། རྣོ་བ་དང། མཁྲང་བ་དང། གཡོ་བ་སྟེ་བད་ཀན་གྱི་ཡོན་ཏན་གྱི་གཉེན་པོར་གྱུར་པ་དང་ལྡན་པས་ཞི་བར་བྱེད་པར་འགྱུར་རོ། །དེ་ལ ་དངོས་པོ་རྣམས་ཀྱི་ཆོས་ཉིད་དང། རང་བཞིན་ནི་འདི་ཡིན་ཏེ། གལ་ཏེ་རྩུབ་པ་ལ་སོགས་པ་འབའ་ཞིག་ཉིད་རླུང་གི་ཡོན་ཏན་དང་ཆ་མཐུན་པ་ཙམ་གྱིས། རླུང་ལྷག་པར་འཕེལ་བར་གྱུར་ན་ནི། དེའི་ཚེ་དེ་རྣམས་ལ་རླུང་གི་ཡོན་ཏན་གྱི་གཉེན་པོར་འགྱུར་བ། དྲོ་བ་ཞེས་བྱ་བ་མེད ་པས་རྩུབ་པ་ལ་སོགས་པ་རྣམས་རླུང་ལྡང་ཞིང་འཁྲུག་པའི་གནས་སྐབས་སྐྱེད་ཀྱི། སོགས་པར་ནི་མི་བྱེད་ལ། ཡང་གང་གི་ཚེ་ཡོན་ཏན་དྲོ་བའི་ནུས་པ་དང་འབྲེལ་པས་རྩུབ་པ་ལ་སོགས་པ་དེ་རྣམས་ནུས་པ་ཞན་པར་གྱུར་པའི་ཕྱིར་སོགས་པའི་གནས་སྐབས་སྐྱེད ་ཀྱི། ལྡང་བའི་གནས་སྐངས་ནི་མི་བྱེད་དེ། ནུས་པ་ཞན་པ་ཡིན་པའི་ཕྱིར་རོ། །མཁྲིས་པ་ལ་རྣོ་བ་ལ་སོགས་པ་འབའ་ཞིག་གི་གཉེན་པོ་བསིལ་བའི་ཡོན་ཏན་མེད་པར་ནི་ལྡང་བའི་གནས་སྐབས་སྐྱེད་ཀྱི། གསོག་པའི་གནས་སྐབས་སུ་མི་བྱེད་དེ། རིག་པ་སྔ་མའི ་ཚུལ་གྱིས་སོ། །བད་ཀན་ལ་ཡང་སྣུམ་པ་ལ་སོགས་པའི་ཡོན་ཏན་རྣམས་དེའི་ཡོན་ཏན་དང་ཆ་མཐུན་པར་གྱུར་པ་ཡིན་དུ་ཟིན་ཀྱང། གྲང་བའི་ཡོན་ཏན་གྱི་ཤས་ལྷག་པར་ཆེ་བ་དང་ལྡན་པའི་སྣུམ་པ་ལ་སོགས་པས་བད་ཀན་འཁྱགས་ཤིང་བསྒོང་བའི་ཚུལ་སྐྱེད ་པར་བྱེད་པས་སོ། །གསོག་པའི་གནས་སྐབས་ཉིད་བྱེད་ཀྱི། །འདིའི་ལྡང་བའི་གནས་སྐབས་ནི་མི་བྱེད་དོ། །དེ་ལ་ཡང་དེའི་གཉེན་པོར་གྱུར་བ་གྲང་བའི་ཡོན་ཏན་དང་ལྡན་པའི་སྣུམ་པ་ལ་སོགས་པས་བད་ཀན་འདིའི་གཟུགས་ཞུ་བར་བྱས་ནས། ལྡང་བའི་གནས་སྐབས ་སྐྱེད་པར་བྱེད་ནུས་ཀྱི། ཞུ་བར་བྱེད་པའི་རང་བཞིན་ཅན་མིན་པའི་ཕྱིར་གསོག་པར་བྱེད་པའི་གནས་སྐབས་ནི་བྱེད་མི་ནུས་སོ། །དེ་ལྟར་རླུང་ལ་སོགས་པ་དང་ལྡན་པ་ཅི་ལྟ་བ་ཉིད་ཡོན་ཏན་ཅི་ལྟ་བ་ལས་བྱུང་བ་དེ་ལྟར་བསྟན་ནས། ད་ནི་གསོག་པ་དང་འཕེལ་བ་ཚུལ་ཇི་ལྟ་བ་ཉིད ་དུ་འཁྲུལ་པ་དག་བསལ་བའི་ཕྱིར་གཞུང་རྩོམ་པར་བྱེད་པས། རང་གི་མཚན་ཉིད་བཤད་པའི་འོག་ཏུ་སྨྲས་པ་ནི། རང་གནས་ཉིད་དུ་འཕེལ་སོགས་ཡིན། །དཀྱེལ་གྱུར་རྒྱུ་ལས་འཁྲུག་པ་དང། །མི་མཐུན་པ་ཡི་ཡོན་ཏན་འདོད་ཅེས་བྱ་བ་ཡིན་ཏེ། གང་ཉེས་པ ་རྣམས་རང་རང་གི་གནས་སུ་འཕེལ་བར་འགྱུར་བ་ཡིན་ཞེས་བྱ་བ་འདིས་ནི་སོགས་པ་བཤད་ཅིང་བསྟན་པ་ཡིན་ནོ། །དཀྱེལ་གྱུར་རྒྱུ་ལས་འཁྲུགས་པ་དང་ཞེས་བྱ་བ་ལ། དེ་བཞིན་དུ་ཕྱིན་ཅི་ལོག་པའི་ཡོན་ཏན་འདོད་ཅེས་བྱ་བས ་ནི་རྒྱུ་བསྟན་པ་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་རླུང་ལ་སོགས་པར་འགྱུར་བ་དེའི་ཚེ། རྩུབ་པ་ལ་སོགས་པ་དེའི་ཡོན་ཏན་དང་ཆ་མཐུན་པ་རྣམས། དཀྱིལ་དུ་གྱུར་པའི་རྒྱུ་ལས་འཁྲུགས་པར་འགྱུར་ལ། དེ་དང་མི་མཐུན་པའི་ཡོན་ཏན་སྣུམ་པ་ལ ་སོགས་པ་འདོད་ཅིང། མངོན་པར་དགའ་བ་ལས་འདིའི་རྗེས་སུ་དཔག་པར་བྱའོ། །དེས་ན་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་གནས་ཏེ་ནད་རང་ཉིད་ཀྱི་གནས་སུ་གང་འཕེལ་བར་གྱུར་པ་དེ་ནི་གསོག་པ་ཡིན་ལ། ནད་རྣམས་གསོགས་པར་གྱུར་ནས ་དཀྱེལ་དུ་གྱུར་པའི་རྒྱུ་ལས་ནི་འཁྲུག་ཅིང་གཡོས་པར་གྱུར་པ་དང། དེ་དང་མི་མཐུན་པའི་ཡོན་ཏན་སྣུམ་པ་ལ་སོགས་པ་ལ་འདོད་པ་སྐྱེས་པར་འགྱུར་རོ། །ལྡང་བ་ལོག་པའི་ལམ་ཞུགས་ཉིད། །རང་གི་རྟགས་ནི་སྟོན་པ་དང། །བདེ་མེད་ནད་ནི་འབྱུང་འགྱུར་པའོ།། ་ཞེས་བྱ་བ་ལ། ཡང་ལྡང་བ་ནི་འཕེལ་ཞིང་ལྷག་པར་གྱུར་པ་ལས། ནད་རྣམས་རང་གི་གནས་ལས་གཞན་དུ་འགྲོ་བ་སྟེ། རང་གི་གནས་སྤངས་ནས། ལོག་པའི་ལམ་གཞན་དུ་ཞུགས་པར་འགྱུར་ཏེ། ལྡང་བ་ལོག་པའི་ལམ་ཞུགས་ཉིད། །ཅེས་བྱ་བ་འདིས་ནི ་ནད་ལྡང་བ་སྟོན་པ་ཡིན་ནོ། །གཞན་དུ་ན་འཕེལ་བ་ཙམ་གྱི་རང་བཞིན་དུ་མཐུན་པས་ན་ཚུལ་གཅིག་པ་ཉིད་དུ་འགྱུར་རོ། །དེས་ན་སོགས་པ་ནི་རང་གི་གནས་ཉིད་དུ། ནད་གང་འཕེལ་བར་མ་གྱུར་པ་ལ་བྱ་ལ། ལྡང་བའི་ཁྱད་པར་ནི་སོགས་པའི་རྒྱུའི་ཚོགས ་པ་གཞན་དུ་གྱུར་པ་སྟེ། རང་གི་གནས་ཡོངས་སུ་སྤངས་ནས། ནད་རྣམས་ལམ་གཞན་དུ་ཞུགས་པ་གང་ཡིན་པ་དེ་ལ་ལྡང་བ་ཞེས་བྱའོ། །དེ་བས་ན་རྩུབ་སོགས་དྲོ་བར་ལྡན་པས་ནི་ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པ་ཉིད་ཀྱིས་གསོག་པའི ་རྒྱུ་ནི་གཞན་ཡིན་ལ། ལྡང་བའི་རྒྱུ་ཡང་གཞན་ཡིན་པར་བཤད་པ་འདི་ནི་ངེས་པ་ཡིན་ནོ། །དེ་བཞིན་དུ་རང་གི་རྟགས་ནི་སྟོན་པ་དང་ཞེས་བྱ་བ་སྟེ། ནད་ཀྱི་མཚན་ཉིད་ཇི་ལྟ་ཇི་ལྟ་བར་བྱུང་བ་དེ་ལྟ་དེ་ལྟར་ནད་རྣམས་འབྱུང་ཞིང་ལྡང་བར་འདོད་ལ། སྤྱིར་ལུས་དང ་སེམས་ཟིལ་གྱིས་གནོན་པར་བྱེད་པ་ཉིད་ལ། བདེ་བ་མེད་པ་ཞེས་བྱའོ། །དེ་བཞིན་དུ་ནད་ནི་འབྱུང་འགྱུར་བའོ་ཞེས་བྱ་བ་འདིས་ནི་དེ་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་སྟོན་པ་ཡིན་ནོ། །དེ་ལྟར་ན་རྒྱུ་ལ་སོགས་པ་རེ་རེ་འབའ་ཞིག་ལས་ནད་རྣམས་ལྡང་བར་རྗེས་སུ་དཔག་པར ་ནུས་པ་མ་ཡིན་ཏེ། མི་མཐུན་ཞིང་ཆ་མི་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །ཡང་ཉེས་པ་ཐམས་ཅད་ནི་རང་གི་ཚད་ལས་ལྷག་ཀྱང་ལམ་དེ་ཉིད་ན་གནས་ནས་ནད་སྐྱེད་པར་བྱེད་པར་མི་ཟད་པས། ནད་གང་འབྱུང་བས་ལས་རྗེས་སུ་དཔག་པར་བྱའོ། །དེ་ཡང་གང ་གི་ཕྱིར་ནད་རང་གི་ཚད་ལས་ཆུང་བར་གྱུར་ཀྱང། ནད་སྟོབས་ཅན་གཞན་གྱིས་གནོན་པ་དང། རང་གི་གནས་སྤངས་ཏེ་ལོག་པའི་ལམ་དུ་ཞུགས་པར་གྱུར་ནས་རང་གི་ནད་ཇི་ལྟ་བ་ཉིད་ཤས་ཆེར་སྐྱེད་པར་བྱེད་དོ། །དེ་བས་ན་མཚན་ཉིད་གསུམ་པོ་འདི་དག ་ནི། ནད་རྣམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྨྲས་པ་ཡིན་གྱི་ལྷག་པར་སྨྲས་པས་ཅི་ཞིག་བྱ། རང་གནས་གནས་པ་མཉམ་ཉིད་དང། ནད་རྣམས་མ་བྱུང་ཞི་བ་ཡིན་ཞེས་བྱ་བ་ལ། འདིར་ཚིག་འདི་ནི་བསྡུས་པ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །དེ ་ལ་ནད་རྣམས་རང་གི་གནས་ན་གནས་པ་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཞི་བ་ཡིན་ནོ། །དེ་བཞིན་དུ་ནད་རྣམས་ཀྱི་རྣམ་པར་གྱུར་པ་མ་བྱུང་ཞིང་མ་སྐྱེས་པའི་མཚན་ཉིད་དེས་ཀྱང་ཞི་བ་ཡིན་པར་རྗེས་སུ་དཔག་པར་བྱའོ། །ནད་རྣམས་པ་སོག་པ་དང་ལྡང་བ་དང ་ཞི་བའི་མཚན་ཉིད་བཤད་ནས། ད་ནི་རླུང་ལ་སོགས་པ་དུས་གང་དང་གང་གི་ཚེ་ན་སོགས་པ་དང་སྡང་བ་དང། །ཞི་བ་འགྱུར་བ་བསྟན་པའི་ཕྱིར་སྨྲས་པ་ནི། གསོག་དང་ལྡང་དང་རབ་ཞི་བ། །རླུང་ནི་སོ་ག་སོགས་གསུམ་ཚེ། །མཁྲིས་པ་དབྱར་ལ་སོགས ་པར་ཏེ། །བད་ཀན་དགུན་སྨད་སོགས་པར་རོ། །ཞེས་བྱ་བ་ཡིན་ཏེ། གོང་དུ་བསྟན་པའི་ནད་གསོག་པ་དང་ལྡང་བ་དང། རབ་ཏུ་ཞི་བར་འགྱུར་བ་དག་རླུང་ལ་སོགས་པ་རེ་རེ་དང་སྦྱར་བ་ལས་རླུང་ནི་སོ་གསོགས་གསུམ་ཞེས་བྱ་བ་ནི། སོ་གའི ་དུས་སུ་སོགས་པར་འགྱུར་ལ། དབྱར་གྱི་ཚེ་ལྡང་བར་འགྱུར་ཞིང། སྟོན་ནི་རབ་ཏུ་ཞི་བར་འགྱུར་རོ། །མཁྲིས་པ་ནི་དབྱར་ལ་སོགས་པའི་དུས་གསུམ་དུ། གསོག་པ་དང་ལྡང་བ་དང་ཞི་བར་འགྱུར་ཏེ། དབྱར་ནི་གསོག་པར་འགྱུར་རོ། །སྟོན་ནི་ལྡང་ངོ། །དགུན ་ནི་ཞི་བར་འགྱུར་རོ། །བད་ཀན་ནི་དགུན་སྨད་ལ་སོགས་པའི་དུས་གསུམ་དུ་སོ་སོག་པ་དང་ལྡང་བ་དང། རབ་ཏུ་ཞི་བར་འགྱུར་ཏེ། དེ་ལ་དགུན་སྨད་ནི་གསོག་པར་འགྱུར་རོ། །དཔྱིད་ནི་ལྡང་བར་འགྱུར་རོ། །སོ་ཀ་ནི་རབ་ཏུ་ཞི་བར་འགྱུར་རོ། །དྲིས་པ་རླུང ་འདི་ནི་སོ་ག་གསོགས་པར་མི་འཐད་ཀྱི། ལྡང་བའི་དུས་ཡིན་ནོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཚེ་ཡང་ཞིང་རྩུབ་པའི་དུས་ཡིན་པས་སྨན་ཕལ་ཆེར་ཡང་དེ་དང་རྗེས་སུ་མཐུན་པ་ཡིན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབྱར་ཡང་མཁྲིས་པ ་གསོག་པར་མི་འཐད་དེ། ཆུ་རྣམས་སྐྱུར་བ་ཉིད་དུ་ཞུ་བར་བྱེད་པ་དང། དེ་བཞིན་དུ་སྨན་རྣམས་ཀྱང་སྐྱུར་བ་སྨིན་པས་མཁྲིས་པ་ལྡང་བའི་དུས་ཡིན་ནོ། །དེ་བཞིན་དུ་བད་ཀན་ཡང་དགུན་གསོག་པར་མི་འཐད་དེ། ཆུ་རྣམས་སྣུམ་པ་དང་སྨན་རྣམས ་ཀྱི་སྣུམ་པ་ཉིད་ལ། དུས་ཀྱང་དྲང་བ་ཉིད་ཀྱིས་ན། དེའི་ཚེ་ལྡང་བར་འགྱུར་གྱི། གསོག་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཡང་དང་རྩུབ་ལ་སོགས་པའི། །སྨན་དང་དུས་ཀྱང་དེ་མཚུངས་པས། །སོ་གར་རླུང་ནི་གསོག་འགྱུར་ཞིང། །དྲོ ་བའི་དུས་ཀྱིས་ལྡང་མི་འགྱུར་ཞེས་བྱ་བ་ཡིན་ཏེ། གསག་པ་དེ་སོ་གའི་དུས་སུ་ཡང་བ་དང། རྩུབ་པ་ལ་སོགས་པའི་སྨན་རྣམས་དང། ལུས་ཀྱང་དེ་བཞིན་དུ་ཡང་བ་དང། རྩུབ་པ་ལ་སོགས་པ་ཡིན་པ་དང། དུས་ཀྱང་ཡང་བ་དང་རྩུབ་ཡིན ་པས། རླུང་ཡང་དུས་ཀྱི་རང་བཞིན་གྱིས་ཡང་བ་དང་རྩུབ་པ་ཉིད་ཡིན་ཏེ། དེ་བས་ན་ཡོན་ཏན་ཆ་མཚུངས་པ་ཉིད་ཀྱིས་རླུང་ལྡང་བར་རིག་མོད་ཀྱི། སོ་གའི་ཚེ་རླུང་གསོག་པར་འགྱུར་གྱི། ལྡང་བར་མི་འགྱུར་ཏེ་གང་གིས་ཤེ་ན། དྲོ་བའི་དུས་ཀྱིས་ལྡང་མི་འགྱུར་ཞེས་བྱ་བ ་འདིས་བཀག་པར་གྱུར་པ་ཡིན་ཏེ། དྲོ་བ་ཉིད་ཀྱིས་ན་རྒྱུ་སྔ་མ་ཉམ་ཆུང་བར་བྱས་པ་ཡིད་པའི་ཕྱིར་ལྡང་བར་མི་འགྱུར་གྱི་གསོག་པ་ཉིད་དུ་འགྱུར་རོ། །ཆུ་རྣམས་འཇུ་བ་སྐྱུར་བ་དང། སྨན་ཡང་དེ་དང་འདྲ་བ་ཡིན། །མཁྲིས་པ་སོགས་ཀྱི་དུས་ཀྱི་ནི། །གྲང་བ་ཉིད་ཀྱིས་ལྡང ་མི་འགྱུར་ཞེས་བྱ་བ་ལ། དབྱར་ཆུ་རྣམས་ཀྱིས་འཇུ་བ་སྐྱུར་བར་འགྱུར་བ་དང། དེ་བཞིན་དུ་སྨན་ཡང་དེ་དང་འདྲ་བར་འགྱུར་བའི་རྣམ་པ་ཡིན་པས། མཁྲིས་པ་ཡང་དེ་དང་འདྲ་བར་གསོག་པར་འགྱུར་གྱི། ལྡང་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དབྱར་སྨད་ཀྱི་ཚེ་གྲང་བ་ཡིན ་པས་ན་ལྡང་བར་མི་འགྱུར་ཏེ། གྲང་བ་ནི་དྲོ་བའི་མི་མཐུན་པའི་ཕྱོགས་ཡིན་པས་གྲང་བའི་ངས་ལྡང་བ་དེའི་གནས་བྱེད་པ་ཡིན་ནོ། །ཆུ་དང་སྨན་ནི་བསིལ་བ་དང། །སྣུམ་པར་དུས་ནི་མཚུངས་གྱུར་ཀྱང། །དགུན་སྨད་བད་ཀན་གསེག་འགྱུར་གྱི། །བསྒོངས་པས ་ལྡང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། དགུན་སྨད་ནི་ཆུ་དང་སྨན་བསིལ་བ་དང། སྣུམ་པ་དང། དུས་ཀྱང་བསིལ་བ་དང། སྣུམ་པ་ཡིན་པའི་ཕྱིར། བད་ཀན་དང་དུས་ལ་སོགས་པ་མཚུངས་ཤིང་འདྲ་བ་ཡིན་དུ་ཟིན་ཀྱང། དུས་ཀྱི་རང་བཞིན་གྱིས་ལྡང་བར་མི ་འགྱུར་གྱི་སོགས་པ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གྲང་བས་བསྒོངས་ཤིང་མར་འཁྱགས་པ་ལྟར་གྱུར་པས་ལྡང་བར་མི་འགྱུར་ཏེ། བསྒོམས་པ་ཞེས་བྱ་བ་འདི་ཉིད་ཀྱིས་བཀག་པ་ཡིན་ནོ། །དེ་ལྟར་དུས་ཀྱི་རང་བཞིན་འདི་ཞེས་བྱ་བ་ལ། གང་བསགས ་པ་ལ་སོགས་པ་སོ་ག་ལ་སོགས་པའི་ཚེ་འབྱུང་བར་བཤད་པ་དེ་ནི་དུས་ཀྱི་རང་བཞིན་ལ་བརྟེན་ནས་བཤད་པ་ཡིན་ཏེ། དེ་ཡང་སོ་ག་ལ་སོགས་སྤྱིར་མཚུངས་ཀྱང། རླུང་ལ་སོགས་པ་གསོག་པའི་རྒྱུ་བཤད་པ་ཡིན་ནོ། །ཅི་ནད་རྣམས་གསོག་པ་ལ། གསོག ་པའི་རྒྱུ་དུས་འབའ་ཞིག་དུ་ཟད་དམ། གཞན་དག་ཀྱང་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། ཟས་ལ་སོགས་པའི་དབང་གིས་ན། །དུས་ལ་བབ་པར་མ་གྱུར་ཀྱང། །འཕྲལ་དུ་གསོག་པ་ལ་སོགས་འགྱུར་ཞེས་བྱ་བ་ལ། ཟས་ལ་སོགས་པའི་དབང ་གིས་ཏེ། །ཟས་སྐོམ་ལ་སོགས་པའི་ནུས་པ་དང། སོགས་པ་ཞེས་བྱ་བ་སློན་སྨན་དང། འཁྲུ་སྨན་དང། འཇམ་རྩི་མས་བཏང་བ་དང། དུབ་པ་ལ་སོགས་པའི་དབང་གིས་ཀྱང་རླུང་ལ་སོགས་པའི་ནད་གསོག་པ་དང། ལྡང་བ་དང། རབ་ཏུ་ཞི་བར་འགྱུར་རོ།། ་དེ་ཡང་རྒྱུ་དེ་དག་གི་དུས་དེ་དག་ལ་ཕྱིན་ཅིང་སྐབས་ལ་བབ་པར་མ་གྱུར་ཀྱང། དེ་དག་ལ་བལྟོས་པ་མེད་པར་འཕྲལ་དུ་སྟེ། དེའི་མོད་ལ་གསོག་པ་ལ་སོགས་པའི་དུས་ལ་སྡོད་པ་མེད་པར་ཟས་ལ་སོགས་པ་དེའི་དབང་གིས་གསོག་པ་ལ་སོགས་པར་འགྱུར ་པ་འམ། ཡང་ན་གསོག་པའི་དུས་སུ་ནང་ལ་སོགས་པར་མི་འགྱུར་གྱི་ཟས་ལ་སོགས་པ་ཉིད་ལས་འགྱུར་རོ། །ནད་ནི་ལྡང་གྱུར་འཕྲལ་དུ་ལུས། །མགོ་ནས་རྐང་གི་བར་དུ་ཁྱབ། །ལྡོག་འགྱུར་ཆུ་ཡི་རྒྱུན་བཞིན་དུ། །ཅུང་ཞིག་ཅུང་ཞིག་དག་གིས་ཞི། །ཞེས་བྱ་བ ་ལ། ནད་ནི་ལུས་ཉོན་མོངས་པར་བྱེད་པ་སྟེ། རླུང་དང་མཁྲིས་པ་དང། བད་ཀན་ལ་གསོག་པའོ། །དེ་ལྡང་བར་གྱུར་པ་ནི། འཁྲུག་པར་གྱུར་པ་སྟེ། དེའི་ཚེ་ནི་འཕྲལ་དུ་ཞེས་པ་མོད་ལ་ལུས་ཀྱི་མགོ་ནས་རྐང་གི་བར་དུ་མ་ལུས་པར་ཁྱབ་ཅིང་གནོད་པར་འགྱུར ་རོ། ནད་དེ་ཉིད་ལུས་ལས་ལྡོག་པར་གྱུར་ཅིང། གསོ་བས་ཞི་བར་བྱས་པས་ན། ཅུང་ཞིག་ཅུང་ཞིག་གིས་ཞི་བ་འགྱུར་ཏེ། དེ་ཡང་དཔེར་ན་ཆུའི་རྒྱུན་བཞིན་དུ་ཞེས་བྱ་བ་སྟེ། དཔེར་ན་ཆུའི་རྒྱུན་སྐྱེ་བ་དང། དེའི་ཚོགས་ཀྱིས་ཟམ་པ་ཡང་ཁྱེར་ནས།། ་མོད་ལ་ཀུན་ཏུ་ཁྱབ་ཅིང་འགྲོ་བར་བྱེད་ལ། ཆུའི་རྒྱུན་དེ་འབྲི་བ་ན། གནས་དེ་ལས་རིམ་གྱིས་ཅུང་ཟད་ཅུང་ཟད་ཀྱིས་ལྡོག་ཅིང་འབྲི་བར་འགྱུར་རོ། །དེ་བཞིན་དུ་ནད་རྣམས་ཀྱང་ལྡང་བར་འགྱུར་ན། ཉེས་པ་ཐམས་ཅད་སྐྱེད་པར་འགྱུར་གྱི། འབྲི་བའི ་ཆེན་ནི་དེ་ལྟ་མ་ཡིན་ནོ། །ནད་ཐམས་ཅད་ལ་རྣམ་པར་འགྱུར་རོ་ཞིང་ནད་གཞི་ཡང་གསོ་བའི་མཚན་ཉིད་མཛའ་ཡས་པར་བརྟན་པར་མ་ནུས་པས་དེའི་ཕྱིར་དེ་བསལ་བ་ལས་སུ་ཡང་འབད་པར་མི་བྱེད་དོ་སྣམ་དུ་དོགས་པའི་ཕྱིར་འདིར་སྨྲས་པ་ནི། ནད་འཁྲུགས་སྣ ་ཚོགས་ཚུལ་ཟན་ནི། །གྲངས་མེད་པར་ནི་འགྱུར་བས་ལུས། ཐམས་ཅད་ཉེ་བར་གཟིར་གྱུར་པ། །དེ་རྒྱུ་ཚུལ་དང་བསྒྲུབ་པ་དག་།རེ་རེ་ནས་ནི་བསྟན་མི་ནུས། །དེ་བས་སྤྱིའི་བརྗོད་པ་ཡིན་ཞེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ནད་འཁྲུགས་པར་གྱུར་ཅིང། རྣམ ་པར་ལྡང་བར་གྱུར་ན་སྣ་ཚོགས་པའི་ཚུལ་ཅན་དུ་འབྱུང་བའི་ནད་རྣམ་པ་ཐ་དད་པའི་མཚན་ཉིད་ཅན་གྲངས་མེད་ཅིང། བརྩི་བ་ལས་འདས་པས་ལུས་ཐམས་ཅད་ཉེ་བར་གཟིར་ཅིང་གདུང་བར་གྱུར་བ་སྟེ། ལུས་སྡུག་བསྔལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ ་བས་ན་དེ་རྣམས་ཀྱི་རྒྱུའི་ཚུལ་གྱིས་འབྱིན་པར་བྱེད་པར་དག་གི་མཚན་ཉིད་དང། བསྒྲུབ་ཅིང་གསོ་བར་བྱ་བ་དག་གི་རེ་རེ་ནས་ཞེས་པ། ནད་ཀྱི་ཚུལ་སོ་སོ་ནས་མིང་གིས་བསྟན་པར་མི་ནུས་ཏེ། ནད་འདིའི་རྒྱུ་ན་འདི་ཡིན་ནོ། །འདིའི་མཚན་ཉིད་ནི་འདི་ཡིན་ནོ།། ་གསོ་བ་ནི་འདི་ལྟར་བྱའོ། །ཞེས་བསྟན་པར་ཤིན་ཏུ་དཀའ་སྟེ། དེ་བས་ན་སྤྱིའི་བརྗོད་པ་ཡིན་ཏེ། སྤྱིར་ཁྱབ་པའི་ཚིག་གང་ཡིན་པ་དེ་ཉིད་བཤད་ཅིང་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱང་གང་ཞེ་ན། ནད་རྣམས་དག་ནི་ཐམས་ཅད་ཀྱི། །ཉེས་པའི་རྒྱུ་ནི་གཅིག་པུ ་ཉིད། ཅེས་བྱ་བ་ཡིན་ཏེ། འདི་ལྟར་ནད་ཐམས་ཅད་ཀྱི་རྒྱུ་ནི་ཉེས་པ་ཉིད་གཅིག་པུ་གྱུར་པ་ཡིན་ཏེ། རྒྱུ་ཡང་ཡིན་ལ་གཅིག་པུ་ཉིད་ཀྱང་ཡིན་ཏེ། གཙོ་བོའི་རྒྱུར་གྱུར་པ་འམ། ཡང་ན་ནད་ཐམས་ཅད་ཀྱི་སྤྱིའི་མཚུངས་པའི་རྒྱུ་ཡིན་པས་ན ་རྒྱུ་གཅིག་པུ་སྟེ། ཐུན་མོང་གི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའི་ཕྱིར་སྨོས་པ་ཡིན་ཏེ། ནད་ཀྱི་རྒྱུ་ནི་གཅིག་པུ་ཉིད་ཡིན་གྱི། དངོས་པོའི་རིགས་གཞན་དག་ནི་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཕྱིར་རོ། །དོན་འདིའི་དཔེ ་བསྟན་པར་བྱ་བའི་ཕྱིར་ཚིག་ཏུ་སྨྲས་པ་ནི། དཔེར་ན་བྱ་ནི་ལྡིང་གྱུར་པ། །ཉིན་རངས་ཀུན་ཏུ་འོངས་གྱུར་ཀྱང། །རང་གི་གྲིབ་མ་དང་མི་འབྲལ། །འགྲོ་ཀུན་དེ་དང་འདྲ་བ་ཡིན། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ཁྲ་ལ་སོགས ་པའི་བྱ་རྣམས་ལྡིང་བར་གྱུར་པ་ན་ཉིན་རངས་ཏེ། ཉིན་ཐག་ཐོག་ཀུན་སོང་ཞིང་ལྡིང་པར་གྱུར་ཀྱང། རང་གི་གྲིབ་མ་དང་འབྲལ་བར་མི་འགྱུར་ཞིང། གྲིབ་མ་དེ་དང་བྲལ་བར་སྐད་ཅིག་ཀྱང་མི་སྣང་སྟེ། འགྲོ་བ་ཡི་ནད་ཀྱི་ཚུལ་ཡང་དེ་དང་འདྲའོ། ། ་ཡང་དོན་འདིའི་དཔེ་གཞན་དག་བསྟན་པའི་ཕྱིར། སྨྲས་པ་ནི། ཡང་ན་ཇི་ལྟར་མ་ལུས་པའི། །འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །ཞེས་བྱ་བ་ཡིན་ཏེ། དཔེའི་རྣམ་པ་གཞན་ཡང་མ་ལུས་པའི་འགྲོ་བ་རང ་བཞིན་མི་འདྲ་བ། མངལ་ནས་སྐྱེས་པ་ལ་སོགས་པའི་དབྱེ་བས་ཐ་དད་པ་འམ། རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྣ་ཚོགས་ཤིང་རིགས་པ་ཐ་དད་པ་འདི་དག་ཀྱང། ཡོན་ཏན་གསུམ་པོ་སྙིང་སྟོབས་དང། རྡུལ་དང་མུན་པའི ་ཚུལ་དང་མི་འབྲལ་ཞིང་དེ་ལས་མི་འདའ་སྟེ། ཡོན་ཏན་གསུམ་པོ་འདི་དག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །དེ་བཞིན་དུ་རང་ཁམས་སྙོམས་པའི་རྒྱུ་ཡང་གནས་སྐབས་ཐམས་ཅད་དུ། ནད་རིགས་ཉེས་པ་གསུམ་མི་འབྲལ་ཞེས་བྱ་བ་ལ། དཔེ་དེ ་བཞིན་དུ་རང་ཁམས་མ་སྙོམས་པའི་རྒྱུ་ཡང་དུས་དང་གནས་སྐབས་ཐམས་ཅད་དུ་ནད་ཀྱི་རིགས་སུ་བཤད་པ། ཉེས་པ་གསུམ་པོ་དང་ནམ་ཡང་འབྲལ་ལོ། །དེ་ཡང་རླུང་ལ་སོགས་པའི་ཁམས་འདི་རྣམས་ནི་ལུས་འཛིན་པར་བྱེད་པ་ཡིན་དུ་ཟིན་ཀྱང ་གལ་ཏེ་ཁམས་མ་སྙོམས་པར་གྱུར་ན་དེ་ཡང་ནད་ཀྱི་རྒྱུ་ཡིན་པའི་ཕྱིར། ནད་དང་དྲི་མའི་ཚུལ་གྱིས་མ་སྙོམས་པ་མེད་པར་ཡང་ནད་ཀྱི་རྒྱུར་འགྱུར་བར་བཤད་པའི་ཕྱིར། འདིར་ཡང་ཞེས་བྱ་བའི་སྒྲ་ཁྱད་པར་དུ་སྨྲས་པ་ཡིན་ནོ། །དེ་རྣམས་ཀྱི་ནི་ལྡང ་བའི་རྒྱུ། །དབང་དོན་མི་འཚམ་ཕྲད་པ་དང། །དུས་དང་ཉེས་པའི་ལས་རྣམས་སོ། །ཞེས་བྱ་བ་ལ། རླུང་ལ་སོགས་པ་དེ་རྣམས་ཀྱི་ལྡང་ཞིང་འཁྲུགས་པར་བྱེད་པའི་རྒྱུ་ནི། མིག་ལ་སོགས་པའི་དབང་པོའི་དོན་མི་མཐུན་ཞིང་འཚམ་པ་མ་ཡིན་པ་དང། ཕྲེང་ཅིང ་འབྲེལ་བ་དང། དུས་མི་འདྲ་བ་སྟེ། གྲང་བ་དང་དྲོ་བ་དང་ཆར་ལ་སོགས་པ་དང། དེ་བཞིན་དུ་ལས་ཉེས་པར་སྤྱད་པ་ཚེ་སྔ་མ་འམ། འདིར་ལུས་དང་ངག་དང་ཡིད་རྣམ་པ་གསུམ་གྱི་ལས། མི་དགེ་བྱས་པ་དེ་ཐམས་ཅད་ནི་རླུང་ལ་སོགས་པ་འཁྲུག་ཅིང་ལྡང ་བའི་རྒྱུ་ཡིན་ནོ། །དེ་ཡང་དམན་ལྷག་ལོག་སྦྱར་བས། །དབྱེ་བ་རྣམ་པ་གསུམ་དུ་འགྱུར་ཞེས་བྱ་བ་ལ་འམ། གང་རླུང་ལ་སོགས་པ་འདི་དག་གི་རྒྱུའི་ཚུལ་སྔར་རྣམ་པར་དབྱེ་བ་བྱས་སུ་ཟིན་ཀྱང། ཡང་དེ་དམན་པ་དང། ལྷག་པ་དང། ལོག་པའི་སྦྱོར་བས ་དབྱེ་བ་རྣམ་པ་གསུམ་དུ་འགྱུར་ཏེ། སྔ་མ་དེ་དག་རེ་རེ་ཞིང་ཡང་གསུམ་དུ་འགྱུར་བ་ཡིན་ནོ། །དབང་དོན་རང་ཡུལ་ཆུང་ངུ་འམ། །མི་སྦྱོར་བ་ནི་དམན་པ་སྟེ། །ཤས་ཆེར་གཏད་པ་ལྷག་སྦྱོར་བ་ཞེས་བྱ་བ་ལ། གང་མིག་ལ་སོགས་པའི་དབང་པོ་རྣམས་གཟུགས་ལ ་སོགས་པའི་ཡུལ་རྣམས་ལ་རང་གི་ཡུལ་ཆུང་ངུ་ལ་སྦྱོར་བ་འམ་རང་གི་ཡུལ་ལ་མི་སྦྱོར་ཞིང་མ་ཚང་བ་དེ་ནི་དམན་པའི་སྦྱོར་བ་ཞེས་བྱའོ། །ཡང་རང་གི་ཡུལ་ཤས་ཆེར་གཏད་ཅིང་བསྟེན་དྲགས་པ་ནི་ལྷག་པའི་སྦྱོར་བ་ཞེས་བྱའོ། །རབ་ཕྲའི་འོད་དང ་འཇིགས་པ་དང། །ཤིན་ཏུ་ཉེ་དང་ཤིན་ཏུ་རིང། །ཡིད་དུ་མི་འོང་མི་སྡུག་པའི། །གཟུགས་ལ་མིག་ནི་ལྟ་བྱེད་པ། །ལོག་སྦྱོར་དེ་ནི་མི་ཟད་ཡིན། །ཞེས་བྱ་བ་ལ། ལོག་པའི་སྦྱོར་བ་ནི་གང་རང་གི་དབང་པོའི་ཡུལ་རབ་ཏུ་ཕྲ་བའི་འོང་མིག་གི་དབང་པོས་བལྟ ་ཞིང་བརྟག་པ་དེ་ནི་རང་གི་ཡུལ་ལ་ལོག་པར་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཤིན་ཏུ་འཇིགས་པའི་གཟུགས་ལ་བལྟ་བ་ལ་སོགས་པ་རྫས་སུ་མི་མཐུན་ཞིང་གནོད་པ་སྐྱེད་པར་བྱེད་པ་དག་ཀྱང་ལོག་པའི་སྦྱོར་བ་ཡིན་ཏེ། དེ་དག་ནི་ཤིན་ཏུ་མི་བཟད་ཅིང ་འཇིགས་པ་ཡིན་ནོ། །དེ་བཞིན་རབ་དྲགས་རུལ་ལ་སོགས། །དབང་དོན་ཇི་བཞིན་ཤེས་པར་བྱ་བ་ལ། ཕྱོགས་འདིར་བསྡུ་བ་ནི་དབང་པོའི་དོན་རབ་ཏུ་མཐོང་བ་དང། རུལ་པ་ལ་སོགས་པ་ཡང་ལོག་པའི་སྦྱོར་བར་རང་བཞིན་ཅན་ཡིན ་པར་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་ཇི་ལྟར་མྱ་ངན་སྐྱེད་པ་ལ་སོགས་སྒྲ་མི་སྡུག་པ་དྲག་པོ་རྣ་བའི་དབང་པོས་ཐོས་པ་ནི་ལོག་པའི་སྦྱོར་བར་འགྱུར་རོ། །གང་གི་ཚེ་རུལ་ཅིང་ཞིག་པར་གྱུར་ཅིང། མི་གཙང་བ་མྱགས་པ་ལ་སོགས་པའི་དྲི ་མི་སྡུག་པ་སྣའི་དབང་པོས་ཚོར་བ་ན། རང་གི་ཡུལ་དྲི་ཞེས་བྱ་བ་འདི་སྣའི་དབང་པོའི་ལོག་པའི་སྦྱོར་ཡིན་ནོ། །སོགས་པའི་སྒྲས་ནི། ལྕེའི་ཡུལ་ལན་ཚྭ་ཤས་ཆེར་བྲོ་བ་ལ་སོགས་པ་དང། དེ་བཞིན་དུ་རེག་བྱའི་ཡུལ་ཤིན་ཏུ་ཚ་བ་དང། ཤིན་ཏུ་གྲང་བ ་ལ་སོགས་པ་ནི་རང་གི་ཡུལ་ལོག་པའི་སྦྱོར་བ་ཡིན་པར་བསྟན་ཏེ། དེ་དག་ནི་ནད་རྣམས་ལྡང་བའི་རྒྱུ་ཡིན་པར་བཤད་དོ། །དེ་དག་ཐམས་ཅད་ནི་དྲང་སྲོང་ཙ་ར་ཀས་གསལ་བ་ཁོ་ནར་བཤད་དེ། དེ་ཡང་རང་གི་ནུས་པས་ཤས་ཆེར་བལྟ་བ་ནི ་ལྷག་པར་སྦྱོར་བའོ། །ཕྱིས་མི་མཐོང་བར་གྱུར་བ་ནི་དམན་པའི་སྦྱོར་བའོ། །ཕྲ་བ་དང། ཤིན་ཏུ་ཐག་ཉེ་བ་དང། ཤིན་ཏུ་ཐག་རིང་བ་དང། དག་ཅིང་མི་ཟད་པ་དང། འཇིགས་པ་དང་ཞེ་འདྲས་པ་དང། འཇིགས་སུ་རུང་བ་དང། མི་སྡུག་པ་དང། སྐག ་པར་བྱེད་པ་ལ་སོགས་པའི་གཟུགས་མཐོང་པ་ནི་ལོག་པའི་སྦྱོར་བའོ། །དེ་བཞིན་དུ་རྔ་བོ་ཆེ་དྲག་ཏུ་བརྡུང་མ་པ་ལ་སོགས་པའི་སྒྲ་གསང་བ་ལ་ལྷག་པར་གཏད་དེ་མཉམ་པ་ནི་ལྷག་པའི་སྦྱོར་བའོ། །ཐམས་ཅད་དུ་མི་ཐོས་པ་ནི་དམན་པའི་སྦྱོར་བའོ།། ་སྒྲ་རྩུབ་པ་དང། སྡུག་པ་དང་བྲལ་བ་དང། འདར་བའི་སྒྲ་དང་འཇིགས་པའི་སྒྲ་ཐོས་པ་ནི་ལོག་པའི་སྦྱོར་བའོ། །དེ་བཞིན་དུ་འཛག་ཅིང་རུལ་བའི་དྲི་ཤིན་ཏུ་རྣོ་ཞིང་དྲག་པ་ཤས་ཆེར་བ་སྣམ་པ་ནི་ལྷག་པའི་སྦྱོར་བའོ། །རྣམ་པ་ཐམས་ཅད་དུ་མ་བསྣམས་པ ་ནི་དམན་པའི་སྦྱོར་བའོ། །རུལ་པ་ལ་སྣོམ་པ་ལ་སོགས་པ་འདི་ལོག་པའི་སྦྱོར་བའོ། །ཡང་ཁྲུས་ལ་སོགས་པའི་ཚ་བ་དང། གྲངས་ཆེས་པ་བསྟེན་པ་དང། གོ་རིམ་འཆོལ་བར་བསྟེན་བ་དང། གནོད་པ་དང་མི་གཙང་བ་ལ་སོགས་པ་ནི་ལོག་པའི་སྦྱོར ་པའོ། དུས་ཀྱང་གྲང་དང་ཚ་བ་དང། ཆར་དུས་དབྱེ་བས་གསུམ་དུ་འདོད། ཅེས་བྱ་བ་ལ། དེ་བཞིན་དུ་དུས་ཀྱང་གྲང་བ་དང། ཚ་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ཡིན་ཏེ། དེ་ལ་གྲང་བ་ནི་དགུན་སྟོང་དང། དགུན་སྨད་ཅེས་བྱ་བའོ། །ཚ་བ་ནི ་སོ་གའོ། །དབྱར་ནི་ཆར་གྱི་དུས་སོ། །དེའི་སྨན་པའི་སྦྱོར་བ་དང། ལྷག་པའི་སྦྱོར་བ་དང། ལོག་པའི་སྦྱོར་བ་བསྟན་པའི་ཕྱིར་རོ། །དེ་དམན་གྲང་སོགས་ཆུང་བ་དང། ལྷག་སྦྱོར་ཤིན་ཏུ་ཆེ་མཚན་ཉིད། །རང་གི་མཚན་ཉིད་ཕྱིན་ཅི་ལོག་།ལོག་པའི་སྦྱོར་བ་ཡིན་པར ་བཤད། །ཅེས་བྱ་བ་ལ། དེ་བཞིན་དུ་གྲང་བ་དང། ཚ་བ་དང། ཆར་གྱིས་དུས་དང། དགུན་དང། སོ་ག་དང། དབྱར་ཞེས་བྱ་བའི་མཚན་ཉིད་ཅན། །སྔར་ཇི་ཙམ་གྱི་ཚད་དུ་བསྟན་པ་དེ་ལས་གང་ཅུང་ཞིག་ཤིན་ཏུ་དམན་པར་སྣང་བ་དེ་ཉིད་ནི་དུས་མི་སྦྱོར ་བ་ཡིན་པས་ན། ཆུང་བ་འམ། དམན་པའི་སྦྱོར་བ་ཞེས་བྱའོ། །ལྷག་པའི་སྦྱོར་བ་ནི་གང་གསུམ་པོ་དེ་དག་རང་གི་ཚད་ལས་ཀྱང་ཆེས་ལྷག་པར་སྟོན་པ། དེ་ནི་ལྷག་པའི་སྦྱོར་བ་ཞེས་བྱའོ། །ལོག་པའི་སྦྱོར་བ་ནི་ཡང་རང་གི་མཚན་ཉིད་ལས་ཕྱིན་ཅི ་ལོག་པ་སྟེ། ཇི་ལྟར་དགུན་གྱི་དུས་སུ་དྲོ་བ་དང། སོ་གའི་དུས་སུ་གྲང་བ་དང། དབྱར་གྱི་དུས་སུ་ཆར་མི་འབབ་པའོ། །ལས་ཀྱང་དབྱེ་བ་རྣམ་པ་གསུམ་དུ་བཤད་དེ། སྨྲས་པ་ནི། ལུས་ངག་ཡིད་ཀྱི་དབྱེ་བ་ཡིས། །ལས་ཀྱང་རྣམ་པ་གསུམ་དུ ་བཤད། ཅེས་བྱ་བ་ལ། ལས་ཞེས་བྱ་བ་ནི་སྦྱོར་བའི་རྒྱུ་ཡང་ལུས་དང་ངག་དང་ཡིད་ཀྱི་དབྱེ་བས་རྣམ་པ་གསུམ་དུ་བཤད་དེ། །ལུས་ལ་སོགས་པའི་ལས་དམན་ལ། །འཇུག་པ་དམན་པའི་མིང་ཅན་ཡིན། ཞེས་བྱ་བ་ལ། ལུས་ཀྱི་ལས་དང། ངག་གི ་ལས་དང། དེ་བཞིན་དུ་ཡིད་ཀྱི་ལས་རྣམས་ཀྱང། རང་གི་ཡུལ་དག་ལ། གང་དམན་པར་འཇུག་པ་ནི་དེའི་དམན་པའི་སྦྱོར་བ་ཡིན་ནོ། །བརྟུན་བས་འཇུག་པ་ལྷག་སྦྱོར་བ་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ ་གང་རུང་བརྟུན་བས་ཤིང་དྲག་ཏུ་སྦྱོར་བ་དེ་ནི་ལྷག་པའི་སྦྱོར་བ་ཡིན་ནོ། །ཤུགས་བཀག་པ་དང་བཙོར་བ་དང། །མི་བཟད་ལུས་ཀྱི་ལས་རྣམས་དང། །བཅུས་དང་བརྡེག་འཆོས་གོམ་འབྱོར་སོགས། །སྡང་བཞིན་སྨ་བར་བྱེད་པ་དང། །འདོད་ཆགས ་ཞེ་སྡང་འཇིགས་སོགས་དང། །སྲོག་གཅོད་ལ་སོགས་ལས་རྣམས་དང། །རྣམ་བཅུ་དེ་ཡང་དམད་པ་ཡིན། །འདི་དང་གཞན་དུ་བྱས་པ་རྣམས། །དེ་དག་མ་ལུས་ལོག་སྦྱོར་ཡིན། །ཞེས་བྱ་བ་ལ། ལོག་པའི་སྦྱོར་བ་ནི་ཤུགས་བཀག་པ་ནས་བརྩམས ་ཏེ། བརྡེག་འཆོས་ཤིང་གོམས་པར་འབྱོར་བ་ལ་སོགས་པའི་བར་གྱི་ལས་གང་ཡིན་པ་དེ་ལྟ་བུ་ལ་འཇུག་པ་གང་ཡིན་པ་དེ་ནི་ལུས་ཀྱི་ལོག་པའི་སྦྱོར་བའོ། །དེ་ལ་ཤུགས་བཀག་པ་ནི་རྒྱུ་བ་སྣགས་པའོ། །ཤུགས་བཅིར་བ་ནི་ཁ་ནང་དུ་ལྟས་པར ་གྱུར་བ་ཕྱིར་ཕྱོགས་པར་བྱས་པའོ། །མི་བཟད་ལུས་ཀྱི་ལས་རྣམས་དང་ཞེས་བྱ་བ་ནི། འདིར་མི་བཟད་པའི་སྒྲ་ནི་ཚིག་ཀུན་ཏུ་སྦྱར་བར་བྱའོ། །སོགས་པའི་སྒྲ་ནི་འགྲོ་བ་ལ་སོགས་པ་བསྡུའོ། །སྡང་བཞིན་སྨྲ་བར་བྱེད་པ་ནི་གང་ཕྱེད་མིང་ཙམ་ན ་སྨྲ་བ་སྟེ། འདི་དག་ནི་དག་གི་ལས་ཏེ། རབ་ཏུ་དྲག་པ་ལ་བྱའི་དལ་བ་ནི་མ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་གང་ཡིན་པ་དེ་དག་ནི་ཡིད་ཀྱི་ལས་ཡིན་ཏེ། གང་ཚུལ་དེ་ལྟ་བུ་ལ་འཇུག་པ་དེ་ནི་ཡིད་ཀྱི་ལོག་པར་སྦྱོར་བའོ། དེ་དག ་ཐམས་ཅད་ནི་ཚེ་འདིར་བྱས་ཤིང་སྤྱད་བ་འམ། སྐྱེ་བ་གཞན་དག་ཏུ་བྱས་ཀྱང་རུང་སྟེ། དེ་རྣམས་ཐམས་ཅད་ནི་ལོག་པའི་སྦྱོར་བ་ཡིན་པར་ཤེས་པར་བྱའོ། །འདི་དག་ནད་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་གསུམ་པོ་འདི་དག་གསུམ་གསུམ་དུ ་བརྟགས་པ་ནི་ནད་ཀྱི་རྒྱུ་འམ་ལྡང་བར་བྱེད་པའི་གཞི་ཡིན་ནོ། །ལྡང་འགྱུར་དེ་ནི་མཛའ་ཡས་ཏེ། །སྣ་ཚོགས་ནང་ནི་བྱེད་པར་འགྱུར། །ཡན་ལག་ནང་གྲོལ་ལྷུ་ཚིགས་རྟེན། །ཡན་ལག་ཁྲག་སོགས་པགས་པ་ཡིན། །ཞེས་བྱ་བ་ལ། ནང་ཀྱི་གཞི་དེ ་དག་ལས་ནད་དེ་རྣམས་ལྡང་ཞིང་འཁྲུག་པར་གྱུར་པ་དེ་ནི་གང་ཞིག་མཛའ་ཡས་པ་ཡིན་ཏེ། རྣམ་པ་ཐ་དད་པའི་ཚུལ་གྱིས་ནད་ཀྱིས་འདེབས་ཤིང་སྐྱེས་བ་ཡིན་ནོ། །གང་དུ་སྐྱེ་ཞེ་ན། ཡན་ལག་རྣམས་དང་དེ་བཞིན་དུ་ནང་གྲོལ་དང། ལྷུ་ཚིགས ་དང། གནད་རྣམས་སུ་སྐྱེའོ། །ཡན་ལག་ཁྲག་སོགས་པགས་པ་ཡིན་ཞེས་བྱ་བ་ནི། དེ་ལ་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་པགས་པའི་མཐར་ཐུག་པ་ལ་བྱའོ། །དེའི་ཕྱི་རོལ་ན་ནད་གནས་ཏེ། ཞེས་བྱ་བ་ལ། དེ་དག་ནི་ཕྱི་རོལ་གྱི ་ནད་རྣམས་ཀྱི་གནས་དང་རྟེན་ཡིན་པར་བཤད་དོ། །དེ་ཉིད་མ་ཞུ་ཡན་ལག་ན། །ལྦ་བ་གེའུ་སྣབས་འབྲུམ་པ་སོགས། །གཞང་འབྲུམ་སྐྲན་དང་འོར་ནད་སོགས། །དེ་དག་ཕྱི་རོལ་ནད་ཅེས་བྱ། །ཞེས་བྱ་བ་ལ། གང་གི་ཕྱི་རོལ་གྱི་ནད་ལག་ཁྲག་ལ་སོགས ་པའི་ལུས་ཟུངས་ཀྱི་གནས་སུ་གྱུར་པ་ཡིན་ལ། དེ་བས་ན་དེ་ལ་བརྟེན་ཏེ་མ་ཞུ་བ་དང། ཡན་ལག་ན་བ་ལ་སོགས་པ་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་ཕྱི་རོལ་གྱི་ནད་གཞང་འབྲུམ་ལ་སོགས་པའི་ནད་རྣམས་ཀྱང་འབྱུང་བར་འགྱུར་རོ། །ནད ་ནང་རྩ་སྦུབས་ཆེན་པོ་དང། །མ་ཞུ་ཞུ་བའི་གནས་ལ་བརྟེན། །ཞེས་བྱ་བ་ལ། ཡང་ན་ངག་གི་ནད་ཅེས་བྱ་བ་ནི་ལྟོ་བ་དང་དེ་བཞིན་དུ་རྩ་སྦུབས་ཆེན་པོ་རྣམས་དང། མ་ཞུ་བ་དང་ཞུ་བའི་གནས་ལ་བརྟན་པ་རྣམས་སོ། །གནས་དེ་ལས་ནི་སྐྱུག་ཚད་འཐའུ?།། ་དམུ་རྫིངས་ལུད་པ་དབུགས་མི་བདེ། །ནང་གི་ཆའི་གཞར་འབྲུམ་སྐྲང། །སྐྲན་དང་མེ་དབལ་ཁོང་འབྲུམ་པ། ཞེས་བྱ་བ་ལ། ནང་གྲོལ་གྱི་གནས་ནི་སྐྱུག་པ་དང། ཚད་པར་འཁྲུ་བ་ལ་སོགས་པའི་ནད་རྣམས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ནང་གི ་ཆའི་གཞང་འབྲུམ་དང། སྐྲན་ལ་སོགས་པ་འབྱུང་བར་འགྱུར་ཏེ། །དེ་ལྟར་ན་གཞང་འབྲུམ་ལ་སོགས་པ་ནི་ཕྱི་དང་ནང་གི་ཆའི་དབྱེ་བས་རྣམ་པ་གཉིས་ཡིན་ནོ། །མགོ་བོ་སྙིང་དང་ཆུ་སོ་སོགས། །རུས་པའི་ཚིགས་ནད་གནང ་ཡིན་ནོ། །ཞེས་བྱ་བ་ལ། འདི་དག་ནི་གནད་ཅེས་བྱ་བ་སྟེ། མགོ་བོ་དང། སྙིང་དང། ཆུ་སོ་ལ་སོགས་པའི་ནད་དང། རུས་ཚིགས་ཏེ། འདིར་ཚིགས་ནི་རུས་པའི་ཚིགས་ལ་བྱའོ། །ཤ་དང་རྒྱུས་པ་དང། རྩ་ལ་སོགས་པ་གཉིས་འདུས་པའི་ཚིགས ་གཞན་དག་ལ་ནི་མི་བྱའོ། །དེ་བས་ན་འདིར་རུས་པའི་ཚིགས་ངེས་པར་གཟུང་བ་ཡིན་ནོ། །དེ་འབྲེལ་རྩ་དང་ཆུ་བ་དང། །ཆུ་བ་ཆེ་སོགས་པར་མ་ཡིན། །དེ་ལ་ནད་ལ་དེར་གནས་ལ། །གཅོད་ཅན་གཞོགས་ཕྱེད་འཆིད་ཁ་ཡོ། །ཀླད་ནད ་སོགས་དང་ཚིགས་རུས་དང། དཔྱི་ཡི་གཟེར་དང་གདོན་ནད་སོགས། །ཞེས་བྱ་བ་ལ། དེ་རྣམས་དང་འབྲེལ་བ་ཡིན་པས་ན་དེ་འབྲེལ་ཏེ། གནད་དེ་རྣམས་དང། དེ་བཞིན་དུ་རུས་པའི་ཚིགས་དེ་རྣམས་དང། འབྲེལ་བའི་ལམ་བར་མ་ཞེས་བྱ་བ་དེ་ལ། ནད ་གཅོད་ཆེན་པོ་ལ་སོགས་པ་གནས་པ་ཡིན་ནོ། །དེ་བཞིན་དུ་ཀླད་ནད་ལ་སོགས་པའི་ནད་དང། ཚིགས་པ་དང། རུས་པ་དང་དབྱིའི་གཟེར་དང། གདོན་ནད་ལ་སོགས་པ་ཡར་དེར་གནས་སོ། །འབྱིན་ཁྱབ་ཟུག་དང་སྙོམ་པ་དང། ལུས་ཚ་ནད ་གཟེར་བྱེ་བ་དང། དབྱར་ཞིང་ཆག་སྙམ་རྐང་ལག་འཁུམས། །བསྒེངས་དང་བརྩེ་དང་སྐོམ་བྱེད་དང། འདར་དང་རྩུབ་དང་ཁོང་སྟོང་དང། །སྐེམ་དང་འགུལ་དང་དཀྲིས་སྙམ་དང། རེངས་དང་རོ་བསྐ་བྲོ་བའོ། །མདོག་ནི་གནག་གམ་དམར་བ་དག་། ་རླུང་གི་ལས་ཡིན། ཞེས་བྱ་བ་ནི། རླུང་འཁྲུག་པ་ལ་གྱུར་པ་ལས་འབྱིན་པ་སྙམ་བྱེད་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ། །དེ་ལ་འབྱིན་པ་ནི་མིག་ལ་སོགས་པའི་ཡན་ལག་ཐུར་དུ་ལྷུང་བ་སྙམ་དུ་སེམས་པར་བྱེད་པའོ། །ཁྱབ ་པ་ནི་ལུས་ཀུན་ཏུ་ཁྱབ་ཅིང་འདྲེན་པར་བྱེད་པའོ། །ཟུག་པ་ནི་ཡན་ལག་བརྡེགས་པ་སྙམ་སེམས་པའོ། །སྙོམ་པ་ནི་ལུས་ཀུན་བཀུམ་པ་སྙམ་སེམས་པའོ། །ལུས་ཚ་བ་ནི་ལུས་བསྲེགས་པ་སྙམ་པའོ། །ནད་ནི་ཚོར་བ་དྲག་པོའོ། །གཟེར་བ་ནི་ཁབ་ཀྱིས་ཕུག ་ཁ?་བཞིན་དུ་བྱེད་པའོ། །བྱེ་བ་ནི་འགྱེས་པ་སྙམ་སེམས་པའོ། །འབྱར་བ་ནི་བཤང་བ་ལ་སོགས་པ་གནས་ལས་མི་འགུལ་བར་བྱེད་པའོ། །ཆག་པ་སྙམ་སེམས་པ་ནི་ཡན་ལག་ཆག་པ་ལྟར་ཟུག་ཅིང་ན་བའོ། །ཡན་ལག་འཁུམས་པ་ནི་ཡན ་ལག་འཇའ་ཞིང་འཁུམས་པར་བྱེད་པའོ། །བསྒོངས་པ་ནི་ཐ་དད་པར་འདུག་པ་གཅིག་ཏུ་བསྡུས་པའོ། །བརྩེ་བ་ནི་ལུས་དང་བ་སྤུའི་ཚོགས་རྣམས་བརྩེ་བའོ། །སྐོམ་པར་བྱེད་པ་ནི་སྐོམ་གྱིས་གདུངས་པའོ། །འདར་བ་ནི་ཡན་ལག་གཡོ་ཞིང ་འགུལ་བའོ། །རྩུབ་པ་ནི་རེག་ན་མི་བདེ་བར་རྩུབ་པའོ། །ཁོང་སྟོང་པ་ནི་ནད་སྟོད་པའོ། །སྐེམས་པ་ནི་ལུས་སྐེམ་བག་ཏུ་གྱུར་པའོ། །འགུལ་བ་ནི་ཅུང་ཟད་གཡོ་བའོ། །དཀྲིས་པ་སྙམ་བྱེད་པ་ནི་ཡན་ལག་བཅིངས་པ་སྙམ་སེམས་པའོ། །རེངས ་པ་ནི་ལུས་དང་ཡན་ལག་རྣམས་ཤིང་ལྟར་རེངས་པའོ། །རོ་བསྐ་བ་ནི་རོ་གཞན་དག་ཀྱང་བསྐ་བའི་རོར་ཚོར་བའོ། །མདོག་གནག་པ་ནི་ཕལ་ཆེར་ལུས་དྲི་མ་ཅན་དུ་འདུག་པའམ། དེ་བཞིན་དུ་ཕལ་ཆེར་དམར་བག་སྣང་བ་སྟེ། འདི ་དག་ནི་རླུང་གི་ལས་ཡིན་ནོ། མཁྲིས་པའི་ལས། ལུས་ཚ་མདོག་དམར་དྲོ་སྨིན་བྱེད། །རྡུལ་དང་རྣག་དང་འཛག་མ་རེར། །འདྲུལ་དང་བརྒྱལ་ཞིང་མྱོས་པ་དང། །ཁའི་རོ་ཁ་དང་སྐྱུར་བ་དང། །མདོག་སྐྱ་དམར་ཙམ་ཡིན་པའོ། །ཞེས་བྱ་བ་ནི། ་མཁྲིས་པ་ལྡང་བར་གྱུར་ན་དེའི་ལས་ནི་ལུས་ཚ་བ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་ལ་ལུས་ཚ་བ་ནི་གང་ལུས་ཐམས་ཅད་ལ་ཤིན་ཏུ་མི་བཟད་པའི་ཚ་བ་འབྱུང་བར་འགྱུར་བ་དེ་ལ་ཚ་བ་ནི་སྒྲར་བཤད་དོ། །མདོག་དམར་བ་ནི་ལུས་དང་ཡན་ཤས ་ཆེར་དམར་བའོ། །དྲོ་བ་ནི་ལུས་དང་ཡན་ལག་ཚ་བའོ། །སྨིན་པར་བྱེད་པ་ནི་ལུས་ཀྱི་ཡན་ལག་ཚ་བའོ། །སྨིན་པར་བྱེད་པ་ནི་ལུས་ཀྱི་ཡན་ལག་ཕྱོགས་གཅིག་འདྲུལ་ཞིང་སྨིན་པའོ། །རྡུལ་པ་མི་རླན་དང་ལྡན་པ་ཉིད་དོ། །བརྣགས་པ་ནི ་ལུས་འདྲུལ་ཞིང་མནོམ་པའོ། །འཛག་པ་ནི་རྣག་ལ་སོགས་པ་འཛག་པའོ། །རྨ་རེང་པ་ནི་རྨ་ཞིག་ཅིང་མནམ་པའོ། །འདྲུལ་བ་ནི་ལུས་དང་ཡན་ལག་འདྲུལ་ཞིང་མྱགས་པའོ། །བརྒྱལ་བ་ནི་སེམས་མེད་ཅིང་མ་དྲན་པའོ། །མྱོས་པ་ནི་ཆང་གིས་མྱོས ་པའི་ནད་ལྟ་བུའོ། །ཁའི་རོ་ནི་ཁ་བ་དང་སྐྱུར་བ་དག་ཏུ་ཚོར་བར་འགྱུར་རོ། །ལུས་ཀྱི་མདོག་ནི་སྐྱ་ཞིང་རྩ་དམར་བ་མ་ཡིན་པ་སྟེ། །གཞན་དུ་ན་སྔོ་བ་དང། སེར་བ་ལ་སོགས་པའི་དབྱེ་བས་ཕྱེ་བར་སྣང་ངོ། །བད་ཀན་ལས་ནི་མཁྲད་ཞིང་སྣུམ། ། ་གཡའ་ཞིང་ཁོང་གྲང་ལྕི་བ་དང། ཚིག་དམ་ཤ་རྒྱས་རྨོངས་བག་དང། །སྐྲང་ཞིང་གཉིད་ཆེ་ཟས་མི་འཇུ། །མདོག་དཀར་ཁ་རོ་ལན་ཚྭ་དང། །ལས་ཀྱི་མཛའ་ལ་འདམ་རིང་བའོ། །ཞེས་བྱ་བ་ལ། བད་ཀན་ལྡང་བར་འགྱུར་བའི་ལས་ནི་མཁྲད ་བ་དང་སྣུམ་པ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་ལ་མཁྲད་བ་ནི་ལུས་ཀྱི་ཡན་ལག་དང་ཉིང་ལག་རྣམས་སྲ་བ་ཉིད་དོ། །སྣུམ་པ་ནི་པགས་པ་ལ་སོགས་པ་སྣུམ་བག་ཏུ་གནས་པའོ། །གཡའ་བ་ནི་ལུས་ཀྱི་པགས་པ་ལ་སོགས་པ་གཡའ་བའ་ཨོ།། ་ཁོང་གྲང་བ་ནི་ལུས་ཀྱི་ཡན་ལག་རྣམས་བསིལ་བག་ཏུ་གནས་པའོ། །ལྕི་བ་ནི་ལུས་བཟུངས་རྣམས་ལྕི་བ་ཉིད་དོ། །ཚིགས་དམ་པ་ནི་རྩ་སྤུབས་རྣམས་འགགས་པའོ། །ཤ་རྒྱས་པ་ནི་ལུས་ཀྱི་ཤ་ཆེ་བ་སྟེ། བད་ཀན་ཅན་དག་གི་ཁ ་དང་ལྐོག་མ་ལ་སོགས་པའི་ལུས་ཀྱི་ཤ་རྒྱས་པ་འམ་འགགས་པའོ། །རྨོངས་བག་ནི་ཡུལ་རྣམས་ལ་དབང་པོ་མི་གསལ་བ་ཉིད་དོ། གཞན་དག་ནི་ཡུར་བ་ཡིན་ནོ་ཞེས་ཟེར་རོ། །སྐྲང་པ་ནི་འོར་བག་ཏུ་འདུག་པའོ། །གཉིད་ཆེ་བ་ནི་གཉིད ་སྡུག?་པའོ། །ཟས་མ་འཇུ་བ་ནི་ཕོ་བའི་མེ་དྲོད་མི་སྙོམས་ཤིང་འཇུ་བར་མི་ནུས་པའོ། །ལུས་ཀྱི་མདོག་ནི་དཀར་ཞིང་སྐྱ་བོ་སྐབས?་པ་བོར་སྣང་བའོ། ཁའི་རོ་ནི་ལན་ཚྭ་དང། མངར་བག་ཏུ་བྲོ་བར་འགྱུར་རོ། །ལས་ཀྱི་མཛའ་ལ་འདམ་ཞིང་རིང་བ་ནི་ནད་ཡུན་རིང་པོ་ནས ་འབྱད་བ་འམ། ཡུན་རིང་ཞིག་ནས་འཆི་བར་བྱེད་པའོ། །དེ་ལྟར་ཇི་སྐད་བཤད་པ་ཡི། །མཚན་ཉིད་ཀྱི་ནི་ལུས་ཀུན་ཁྱབ། །ཅེས་བྱ་བ་ལ། །དེ་ལྟར་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་ཚིག་གམ། དེ་ལྟ་བུའི་རྣམ་པའི་དོན་ཡིན་ཏེ། །རྫོགས་པ་ནི་ནད་རྣམས་ཀྱི ་མཚན་ཉིད་གང་གིས། ནད་གང་ཡིན་པར་ཤེས་པར་འགྱུར་བའོ། །ཇི་ལྟ་བུ་ཞེ་ན། ནད་ཀུན་ཁྱབ་བྱེད་ཅེས་བྱ་བ་སྟེ་ནད་མ་ལུས་ཁྱབ་པའི་དང་ཚུལ་གང་ཡིན་པ་ནད་ཀུན་ཁྱབ་པའོ། །དེ་ལྟར་ཇི་སྐད་བཤད་པ་ཡི། །མཚན་ཉིད་ཀྱི་ནི་ནད་ཀུན་ཁྱབ། །དེ་ནི་ ་མ་གཡངས་བལྟ་སོགས་པས། ཡང་དག་པར་ནི་ཤེས་པར་བྱ། །ནད་ཀྱི་གནས་སྐབས་དབྱེ་ཤེས་པས། །ནད་པ་སྐད་ཅིག་རེ་རེ་བལྟ། །ཞེས་བྱ་བ་ལ། དེ་ལྟར་ནད་ཀྱི་མཚན་ཉིད་ཀུན་ལ་ཁྱབ་པ་ཇི་སྐད་བཤད་པའི་ནད་ཀྱི་མཚན་ཉིད་དེ་ནི་མ་ཡེངས ་པ་སྟེ། འབད་བ་དང་ལྡན་ཞིང་སེམས་གཞན་དུ་མ་ཡེངས་པའི་སྨན་པ་ལ་བརྩོན་པ་དང་ལྡན་པས། བལྟ་བ་ལ་སོགས་པས་ཞེས་པས་ལྟ་བ་དང། མྱང་བ་དང་དྲིས་པས་ཡང་དག་པར་ཤེས་པར་བྱ་ཞིང་རྟོགས་པར་བྱའོ། །དེ་ལ་བལྟ་བའི་མདོག ་དང་གནས་དང་ཚད་དང་མཆིལ་སྣབས་དང། བཤང་གཅི་དང། སྐྱུགས་པ་ལ་སོགས་པ་ལ་བལྟ་བ་སྟེ། སོགས་པའི་སྐྲས་ནི་རྣ་བའི་སྒྲ་དང། སྒྱུ་མ་ཀྲུག་ཀྲུག་ཟེར་བ་དང། སོར་ཚིགས་ལ་སོགས་པ་གཅོག་པ་ཐོས་པ་ལས་ཤེས་པར ་བྱའོ། བསྣམས་པས་ནི་ལུས་དང་བཤད་པ་དང་རྨ་ལ་སོགས་པའི་དྲི་བརྟག་པར་བྱའོ། །རེག་པ་ནི་གྲང་བ་དང། དྲོ་བ་དང་འཇམ་པ་དང་རྩུབ་པ་དང། འགུལ་བའི་རེག་བྱ་ཤེས་པར་བྱའོ། །ཁའི་རོ་ནི་དྲི་བ་ལས་ཤེས་པར་བྱའོ། །དེ་བཞིན་དུ་སྐྱུག་སླ་བ་དང། སྐྱུག ་དཀའ་བ་དང། ལྟོ་སྲ་བ་དང། སྙི་བ་དང། རྨི་ལམ་དུ་ཅི་མཐོང་བ་དང། གང་ལ་མངོན་པར་དགའ་བ་དང། ནད་གང་གི་ཚེ་ནས་ཞུགས་པ་དང། སྐྱེས་པའི་སྐར་མ་དང། མཛའ་བ་དང་མི་འཛའ་བ་དང། བདེ་བ་དང་སྡུག་བསྔལ ་ལ་སོགས་པ་དྲི་བར་བྱའོ། །འདི་དག་ནི་ཕྱོགས་གཅིག་ཙམ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་རྗེས་སུ་དཔག་པ་ལས་ཀྱང་ཤེས་པར་བྱ་སྟེ། །རེ་ཞིག་ཕྱིར་འབྱུང་ཞིང་རྒྱུ་བ་ལས་ལུས་ཀྱི་བཅུད་དང། རོ་ཉམས་པ་ཤེས་པར ་བྱའོ། སྦྲང་བུ་འདུ་བ་ལས་ནི་མངར་བར་རོ། །དེ་བཞིན་དུ་ཕོ་བའི་དྲོད་ནི་འཇུ་བ་ལས་སོ། །སྟོབས་ནི་རྩོལ་བའི་ནུས་པ་ལས་ཤེས་པར་བྱའོ། །ནད་ཀྱི་མཚན་མ་མི་མངོན་པ་དག་ནི་བསམ་པའི་སྲེད་པ་དང་མི་སྲིད་པ་ལས་སོ། །ནད་ཀྱི་ཚད་ནི་སྤྱོད་པའི ་ཁྱད་པར་ལས་སོ། །ཚེ་ཟད་པ་ནི་འཆི་ལྟས་ལས་སོ། །རང་བཞིན་དང་སྙིང་སྟོབས་དང་སྤྲོ་བ་དང་གོམས་པ་ནི་རྟག་ཏུ་འགྲོགས་པ་ལས་ཤེས་པར་བྱའོ། །དེ་ཡང་ཙ་ར་ཀ་ལས། ཤེས་པའི་སྒྲོན་མའི་སྣང་བ་ཡིས། །ནད་པའི་ནད་ཀྱི་བདག་ཉིད་ནི། ་མ་ཤེས་བར་དུ་སྦྱོར་ཤེས་གང། །དེ་ནི་ནད་རྣམས་གསོ་མི་བྱེད། །ཅེས་བཤད་པ་ཡིན་ནོ། །ཅི་སྨན་པ་གང་ལ་ལ་ཞིག་ཅི་ལྟར་རུང་བ་ཙམ་ཞིག་དེའི་མཚན་ཉིད་དང་ལྡན་པ་ཡིན་ནམ་ཞེ་ན། དེ་ཐམས་ཅད་མ་ཡིན་ཏེ། གཞན་དུ་ན་ནད་ཀྱི་གནས ་སྐབས་ཀྱི་དབྱེ་བ་ཤེས་པ་དང། དེ་བཞིན་དུ་ནད་པ་སྐད་ཅིག་རེ་རེ་ཞིང་བལྟ་བ་དག་སྨན་པ་ཡིན་ཏེ། སྐད་ཅིག་སྐད་ཅིག་ཅིང་གནས་སྐབས་ཐམས་ཅད་དུ་ཡང་དང་ཡང་དུ་རྒྱུན་མི་འཆད་པར་ལྟ་ཞིང། རྟོག་པར་བྱེད་པའི་སྨན་པ་དེ་ལྟ་བུ་དེ་ནི་ནད ་ཀྱི་གནས་སྐབས་ཀྱི་དབྱེ་བ་ཤེས་པ་ཡིན་ཏོ། །དེ་ལྟར་ན་ནད་པ་སྐད་ཅིག་རེ་རེ་ཡང་བལྟས་པས་དེ་ལས་རྣམ་ལ་སོགས་པ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་བས་དེ་ནི། གོམས་པས་ཉེས་པ་ཐོབ་འགྱུར་ཏེ། །ལས་རྣམས་འགྲུབ་པར་གསལ ་བྱེད་ཡིན། །ཞེས་བཤད་པ་ཡིན་ཏེ། གོམས་པ་ནི་གསོ་བའི་ལས་ལ་ཡང་དང་ཡང་དུ་འཇུག་པས་ངེས་པར་ཤེས་པ་གསོ་བ་ཤེས་པའི་ངེས་པ་རྙེད་པར་འགྱུར་གྱི། གསོ་བའི་བསྟན་བཅོས་ཁོང་དུ་ཆུད་པ་འབའ་ཞིག་ཙམ་གྱིས་ནི་མ་ཡིན་ནོ། །ཇི་ལྟ་བུའི་དེ ་པ་ཞེ་ན། ལས་རྣམས་འགྲུབ་པར་གསལ་བྱེད་ཡིན་ཞེས་བྱ་བ་སྟེ། ལས་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་པས་ན་ལས་འདྲུ་པ་པ་སྟེ། དེ་གསལ་བར་བྱེད་པ་ནི་སྣང་བར་བྱེད་པའོ། །འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། །རིན་ཆེན་ལ་སོགས་བཟང་ངན ་ཤེས། བསྟན་བཅོས་འབའ་ཞིག་ལས་མི་འབྱུང། ཞེས་བཤད་པ་ཡིན་ཏེ། མ་རྐང་ལ་སོགས་པ་འདི་དག་གི་བཟང་ངན་ཤེས་པ་གང་ཡིན་པ་ནི་གོམས་པ་ཁོ་ན་རྒྱུའི་གཙོ་བོ་ཡིན་ཏེ། དེས་འདི་ནི་བཟང་པོའོ། །འདི་ནི་ངན་པའོ་ཞེས་རྟོགས་པར་འགྱུར་ཏེ། ་འདིར་ནི་རིན་པོ་ཆེ་བརྟག་པའི་བསྟན་བཅོས་ཡོད་དུ་ཟིན་ཀྱང། དེ་ཤེས་པར་འགྱུར་བའི་བསྟན་བཅོས་འབའ་ཞིག་ལས་མི་འབྱུང་སྟེ། དེ་ནི་རིན་པོ་ཆེ་མང་པོ་ལན་མང་དུ་མཐོང་བའི་གོམས་པ་ལས་འདི་ནི་རིན་པོ་ཆེ་བཟང་པོ་ཡིན་ནོ། །འདི་ནི་མ ་ཡིན་ནོ་ཞེས་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་གང་ཞིག་དམན་དཔྱད་ཀྱི་བསྟན་བཅོས་ཤེས་ཤིང་ཁོང་དུ་ཆུད་པ་དང། དེ་བཞིན་དུ་ལས་ལ་གོམས་ཤིང་བྱ་བའི་སྨན་པ་དེས་རབ་ཏུ་ཞི་བའི་ལས་བྱེད་ན། སྲོག་ཆགས་རྣམས་ཀྱི་སྲོག་སྟེར ་བར་བྱེད་པ་ཡིན་གྱི། ལས་ལ་གོམས་ཤིང་བྱང་བར་མ་བྱས་པར། གསོ་བའི་བསྟན་བཅོས་ཤེས་པ་འབའ་ཞིག་གིས་ནི་མ་ཡིན་ལ། ཐོས་པ་མེད་པར་གོམས་པ་འབའ་ཞིག་གིས་ཀྱང་མ་ཡིན་ནོ། །དེ་བས་ན་འབའ་ཞིག་ཅེས་བྱ་བའི་སྒྲ་སྨོས་པ ་ཡིན་ཏེ། འདི་ལ་ནི་གཉི་ག་དོགས་པ་ཡིན་ནོ། །ནད་ནི་འདི་ལྟར་རྣམ་གསུམ་སྟེ། །ལ་ལ་ཚེ་འདིའི་ཉེས་ལས་བྱུང། །ལ་ལ་སྔོན་གྱི་ཉེས་པ་ལས་བྱུང། །གཞན་དག་དེ་གཉིས་འདྲེས་ལས་འབྱུང། །ཞེས་བྱ་བ་ལ། ནད་ལ་ལ་ནི་ཚེ་འདིའི་ཉེས་པ་ཞེས་པ་མཐོང ་བའི་ཆོས་ཀྱི་ཉེས་པ་སྟེ། ནད་ཀྱི་ཉེས་པ་ཞེས་བྱའོ། །དེ་བཞིན་དུ་ལ་ལ་ནི་སྔོན་གྱི་ཉེས་པ་ལས་བྱུང་སྟེ། བདག་ཉིད་ཀྱིས་སྔོན་ལས་མི་དགེ་བ་བྱས་པའི། ཉེས་པ་བྱས་པའི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ནོ། ། ་གཞན་ལ་ལ་དག་ནི་གཉིས་འདྲེས་ཤིང་འདུས་པ་ལས་འབྱུང་སྟེ། དེ་ལྟར་མཐོང་བའི་ཆོས་ཀྱི་ཚེ་འདིའི་ཉེས་པ་དང། སྔོན་གྱི་ཉེས་པ་དང། དེ་བཞིན་དུ་འདུས་པ་སྟེ། གསུམ་ཡོད་པས་ན། དེ་ལྟར་ན་ནད་རྣམ་པ་གསུམ་ཡིན་པར་ཤེས་པར ་བྱའོ། །ཡང་འདི་རྣམས་ཀྱི་མཚན་ཉིད་གོ་རིམ་ཇི་ལྟ་བའི་དབང་དུ་བྱས་ནས་སྨྲས་པ་ནི། ཉེས་འབྱུང་ནད་གཞི་ཇི་བཞིན་པ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བཤད་པའི་ནད་གཞི་དེ་དང་དེ་ཉིད་ཡིན་གྱི་ཚེ་འདིའི་ཉེས་པ་ལས་འབྱུང་བ་དེ ་ཉིད་ནོ་རླུང་དང་མཁྲིས་པ་དང་བད་ཀན་ལས་འབྱུང་བ་ཡིན་ན། །དེ་ལ་དེ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞིང། །ནད་གཞི་མཚོལ་བས་ནད་གང་ཡིན་པ་ལྡང་བའི་ནད་གཞི་གང་དང་གང་ཡིན་པ་བཤད་པའི་ནད་གཞི་དེ་དང་དེ ་ཉིད་ཡིན་གྱི་ནད་འདི་ནད་གཞི་གཞན་ལས་མི་འབྱུང་གི། རང་གི་ཉེས་པ་ཁོ་ན་ལས་བྱུང་བ་དེ་ནི་ཚེ་འདིའི་ཉེས་པ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །ལས་སྐྱེས་རྒྱུ་ནི་མེད་པ་ཡིན། །ཞེས་བྱ་བ་ནི། ནད་གང་རྒྱུ་ཞེས་པ་ནད་གཞི་མེད་པར་ཉེས ་པ་གང་ཡང་རུང་བ་ཞིག་ལས་བྱུང་བ་འདི་ནི་ལས་ལས་བྱུང་བའི་ནད་ཡིན་ནོ། །ཞེས་ངེས་པར་ཤེས་པར་བྱ་སྟེ། ནད་གཞི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །རྒྱུ་ཆུང་བ་ལ་དཀྱིལ་ཆེའི་ནད། ཉེས་དང་ལས་ལས་བྱུང་བ་ཡིན། ་ཞེས་བྱ་བ་ལ། ནད་གང་རྒྱུ་ཆུང་ངུ་ཞིག་ལས་དཀྱིལ་ཤིན་ཏུ་ཆེ་བར་སྣང་བ་དེ་ནི་ནད་གཞི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་ཡིན་དུ་ཟིན་ཀྱང། ནད་དེ་ངེས་པར་ནད་གཞིའི་ངེས་པ་དང། ལས་ཀྱི་ཉེས་པ་གཉིས་ཀ་ལས་བྱུང་བ་ཡིན་བར་ངེས ་པར་ཤེས་པར་བྱའོ། །དེ་ནི་ནད་རྣམ་པ་གསུམ་པོ་འདི་དག་གི་གསོ་བ་སྨྲས་པ་ནི། དང་པོ་མི་མཐུན་བཟའ་བ་ཡིས། །ལས་སྐྱེས་ལས་ནི་ཟད་པ་སྟེ། །ཞེས་བྱ་བ་ཡིན་ཏེ། དང་པོ་བཤད་པས་ན་དང་པོ་སྟེ། གང་ནད་གཞིའི་ཉེས་པ་འབའ་ཞིག་ལས་བྱུང་བ་ལ། ་ཇི་སྐད་དུ་བཤད་པའི་རླུང་ལ་སོགས་པའི་མི་མཐུན་པའི་གཉེན་པོར་གྱུར་པ། ཟོས་པ་ལས་ཟད་ཅིང་དེངས་པར་འགྱུར་རོ། །ཞེས་ཚིག་སྦྱར་བར་བྱའོ། །ལས་ལས་སྐྱེས་པ་ནི་མི་དགེ་བའི་ལས་དེ་ཉིད་བྱང་ཞིང་ཟད་པ་ལས་ནད་ཟད་པར་འགྱུར་རོ། །གཉི་ག ་ལ་བྱུང་ཉེས་དང་ལས། །ཟད་པས་ཟད་པར་འགྱུར་བ་ཡིན། །ཞེས་བྱ་བ་དང། །ཚེ་གཉི་གའི་ཉེས་པ་དང་ལས་ལས་བྱུང་བའི་ནད་ནི་རྒྱུའི་ཉེས་པ་དང། ནད་ཀྱི་རྒྱུའི་ལས་ཟད་ཅིང་འཇིག་པས་ནད་དེ་མེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་རེ་ཞིག་ནད་རྣམ་པ་གསུམ ་དུ་བསྟེན་ནས། ཡང་དབྱེ་བ་གཉིས་ཀྱི་དབང་དུ་བྱས་ནས་སྨྲས་པ་ནི། ནད་ནི་རང་རྒྱུད་གཞན་རྒྱུད་ལས། །གཉིས་འགྱུར་ཞེས་བྱ་བ་ཡིན་ཏེ། ནད་ནི་རང་གི་རྒྱུད་དང་གཞན་གྱི་རྒྱུད་ཀྱིས་རྣམ་པར་དག་ལས་གཉིས་སུ་འགྱུར་ཏེ། དེ་ལ་རང་གི་རྒྱུད་ནི ་གཙོ་བོ་སྟེ། གཞན་གྱི་དབང་དུ་མ་གྱུར་པ་ཞེས་བྱ་བ་དང་དོན་གཅིག་གོ་།གཞན་གྱི་རྒྱུད་ནི་འཁོར་གཞན་ཡོད་པ་དང། གཙོ་བོ་མ་ཡིན་པ་དང། རྗེས་སུ་འབྲང་བ་ཡིན་ཞེས་བྱ་བ་མིང་གི་རྣམ་གྲངས་ཡིན་ཏེ། མཛའ་མའང་གཉིས་ཡིན་ཏེ། སྔར་སྐྱེས ་སྔ་མའི་ཚུལ་དུ་བཤད། །ཕྱིས་སྐྱེས་པ་ནི་བླ་གཉེན་ཡིན། །མཛའ་མ་ནི་གཞན་རྒྱུད་ཅན་ཏེ། མཛའ་མར་བསྟན་པས་ན་མཛའ་མར་ཏེ། གཞན་གྱི་རྗེས་སུ་འབྲང་བའོ། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། །སྔར་སྐྱེས་པ་ནི་གཅིག་གོ་།གཉིས་པ་ནི་ཕྱིས་ནས ་སྐྱེས་པའོ། །དེ་ལས་གང་སྔོན་དུ་སྐྱེས་ཤིང་སྔར་བྱུང་བ་དེ་ནི་ནད་རྣམས་ཀྱི་སྔར་སྐྱེས་པའི་ནད་ཀྱི་ཚུལ་དུ་བཤད་དོ། །གང་ཕྱིས་འབྱུང་ཞིང་ནད་ཀྱི་རྗེས་སུ་འབྲང་བ་ནི་ནད་ཀྱི་བླ་གཉེན་ཞེས་བྱ་བ་ཡིན་ནོ། །རང་གནས་ཅི་བཞིན་གནད་པ་ནི། །རང་རྒྱུ་ཅན་དེ ་མཚན་ཉིད་གསལ། །ཞེས་བྱ་བ་ལ། གང་ཡང་རྒྱུད་དུ་སྒྲུབ་ཅིང། རང་ཉིད་གཙོ་བོར་གྱུར་པ་དེ་ནི་མཚན་ཉིད་གསལ་བ་ཡིན་ཏེ། དེ་ནི་རང་གི་གནས་ན་གནས་ཤིང་མཚན་ཉིད་གསལ་ལ། ཇི་ལྟ་བ་བཞིན་དུ་མངོན་པ་ཡིན་ཏེ། དེ་ནི་ཤེས ་པར་སླ་བ་ཡིན་ནོ། །གཞན་དེ་དག་ལས་གོ་བཟློག། ཞེས་བྱ་བ་ལ་གང་དེ་ལས་གཞན་པ་སྔ་མའི་ཚུལ་དང་དེ་བཞིན་དུ་བླ་གཉེན་ཞེས་བྱ་བའི་ནད་དེ་ནི་རང་རྒྱུད་ཅན་གྱི་ནད་དེ་ལས་གོ་བཟློག་པ་སྟེ། རང་བཞིན་གོ་བཟློག་པ་ཡིན་ལས། རང་གི་གནས ་ན་ཇི་བཞིན་དུ་གང་པ་ལྟར་མཚན་ཉིད་གསལ་བ་མ་ཡིན་ལ་གཞན་གྱི་དབང་དུ་གྱུར་པས་ན། གཞན་རྒྱུད་ཅན་ཞེས་བྱ་བའོ། །ཅི་ནད་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད་ཀྱིས་ཕྱེ་བའི་རང་གི་མཚན་ཉིད་ཇི་སྐད་དུ་བསྟན་པ་བཞིན་དུ་ཤེས་པར་བྱ་འམ། འོན་ཏེ ་གཞན་དག་ཀྱང་དེ་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། དྲི་མའང་དེ་བཞིན་གཤེགས་པར་གྱིས། ཞེས་བྱ་བ་སྟེ། ནད་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད་ཅན་དུ་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། དྲི་མའི་བར་ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་རྒྱུད་དང་གཞན་རྒྱུད་ཅན་དུ་ཤེས་པར་བྱའོ། །དེ་ནི་ནད་རེ་ལྡང་བ་ན། །མ་ཡེངས་པས་ནི་ཤེས་བྱ་སྟེ། ཞེས་བྱ་བ་ལ། ནད་དེ་རང་གི་གནས་ཇི་ལྟ་བ་བཞིན་དུ་གནས་པས་ཉེ་བར་གནས་པའི་རང་བཞིན་ཤེས་པར་བྱ་སྟེ། ནད་རེ ་རེ་ལྡན་གཞིང་རྣམ་པར་གཡོས་པ་ན། སྨན་པས་མ་ཡེངས་ཤིང་དེ་ལ་གནང་བའི་སེམས་བསྡུས་པས་ལུང་དང། མངོན་སུམ་དང་རྗེས་སུ་དཔག་པས་ཤེས་པར་བྱའི། །གཞན་དུ་ཡེངས་པས་ནི་མ་ཡིན་ནོ། །དེ་ལ་ནད་རང་རྒྱུད་ཅན་གྱི་རང་གི་སྐྱེ་བའི ་མཚན་ཉིད་དང། རྗེས་སུ་མཐུན་པའི་སྨན་ལ་སོགས་པས་བདེ་བར་གསོ་བ་ནི། དེའི་མཚན་ཉིད་ཀྱི་དོན་བཤད་པ་ཡིན་དེ། དེ་བས་ན་དེ་ཉིད་འདི་ཉེ་བར་ཞི་བའི་ཐབས་ཡིན་ནོ། །གཞན་རྒྱུད་ཅན་གྱི་ནད་རྣམ་ཞི་བར་བྱེད་པའི་ཐབས་གང་ཞིག་ཡིན་ཞེ་ན། དེའི ་ཕྱིར་སྨྲས་པ། དེ་རྣམས་གཙོ་བོ་ཞི་བྱས་པས། ཞི་འགྱུར་ཞེས་བྱ་བ་སྟེ། གཞན་རྒྱུད་ཅན་གྱི་ནད་དེ་རྣམས་ནི་གཙོ་བོ་མ་ཡིན་པས། གཙོ་བོ་རང་རྒྱུད་ཅན་ཞི་ཞིང་གསོ་བར་བྱས་པས། དེ་ཉེ་བར་འགྱུར་གྱི། ལོགས་ཤིན་ཏུ་གསོ་བས་གསོ་དགོས་པ་ནི་མ་ཡིན་ནོ། །ཞི་བར ་མ་གྱུར་ན། དེ་བཞིན་ཕྱི་ནས་གསོ་བར་བྱ། ཞེས་བྱ་བ་ལ། གལ་ཏེ་གཙོ་བོའི་ནད་གསོས་ཀྱང། གཙོ་བོ་མ་ཡིན་པའི་བླ་གཉན་རང་རྒྱུད་ཅན་མ་ཡིན་པ་ཞི་བར་མ་གྱུར་ན། དེའི་ཚེ་ནད་བླ་གཉན་དེ་ཡང་སྔ་མ་གསོས་པའི་རྗེས་ལ་གསོ་བར་བྱའོ། །དེ་བཏང་སྙོམས་སུ ་མི་བཞག་སྟེ། དེ་ནི་གསོར་མི་རུང་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་བླ་གཉན་ཚབ་ཆེ་ན། མྱུར་གསོ་ཞེས་བྱ་བ་ལ། གལ་ཏེ་ནད་གཞན་དབང་ཅན་བླ་གཉན་ཞེས་བྱ་བ་ཚབས་ཆེ་ཞིང་སྟོབས་དང་ལྡན་ན། དེའི་ཚེ་བླ་གཉན་ལས་བྱུང་བའི་ནད་ཚབས་པོ་ཆེ་དེ་མྱུར་བ་ཁོ ་ནད་དང་པོར་གསོ་བར་བྱའི། ཕྱིས་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ནད་ཀྱིས་གཟིར་བའི། ལུས་ལ་ཤས་ཆེར་གནོད་བྱེད་ཡིན་ཞེས་བྱ་བ་ལ། གང་གི་ཕྱིར་ནད་བླ་གཉན་དེ་ནི་སྔར་ནད་ཀྱིས་གཟིར་པའི་སྐྱེས་བུའི་ལུས་ལ་བླ་གཉན་དེ་ཤས ་ཆེར་གནོད་པར་བྱེད་པ་ཡིན་ཏེ། ཟླ་གཉན་ཕྱིས་འབྱུང་བ་ཡིན་དུ་ཟིན་ཀྱང། ནད་ཀྱིས་ཉོན་མོངས་པའི་ལུས་ལ་འབྱུང་བས། ཤིན་ཏུ་གནོད་པར་བྱེད་པ་ཡིན་ཏེ། དཔེར་ན་གཅིན་འགགས་པས་འཐོར་བུ་འབྱུང་བ་ལ་སོགས་པ་ལྟ་བུའོ། ། ་དེ་ལྟར་ན་གཞན་དབང་ཅན་གྱི་ནད་གཙོ་བོ་མ་ཡིན་པ་སྟོབས་ཞན་པ་ནི་རང་དབང་ཅན་གྱི་ནད་གསོས་བས་ཞི་བར་འགྱུར་ལ། གཞན་དབང་ཅན་སྟོབས་ཆེ་ཞིང་ནད་ཚབས་ཆེ་བ་ནི་ཕྱིས་འབྱུང་བ་ཡིན་ཡང་བླ་གཉན་དེ་སྔ་མ་བསོས་པས་ཞི་བར ་འགྱུར་ཏེ། དེ་མ་བསོས་ན་ཚབས་ཆེ་བ་ཉིད་པའི་ཕྱིར་རོ། །དེ་ལྟར་ན་ནད་ཀྱི་མཚན་ཉིད་ཤེས་པར་བྱས་ནས། གང་ནད་མ་ལུས་པའི་རྣམ་པར་འགྱུར་བ་ཐམས་ཅད་ཀྱི་མིང་ནས་བཟུང་བའི་ཚུལ་དུ་བསྡུས་ཏེ་བསྟན་མོད་ཀྱི། མིང་མེད་པའི་ནད ་དག་ཀྱང་སྣང་བས་དེ་དག་ཀྱང་གསོ་བར་བྱ་སྟེ། གང་གི་ཕྱིར་ནད་གཞི་མེད་པར་ནད་ཀྱི་རྣམ་པར་འགྱུར་བ་ཡོད་མི་སྲིད་དོ། །དེ་བས་ན་འདིར་སྨྲས་པ་ནད་ལ་རྣམ་པར་མི་མཁས་ཞེས། ངོ་ཚ་ནམ་ཡང་མ་བྱེད་ཅིག་།ནད་ཀྱི་འགྱུར ་བ་ཐམས་ཅད་ཀྱི། །མིང་གི་ངེས་བསྟན་ཡོད་པ་མ་ཡིན། ཞེས་བྱ་བ་ལ། ནད་ལ་རྣམ་པར་མི་མཁས་པ་ནི་སྨན་པས་ནད་ཀྱིས་མིང་མི་ཤེས་པ་སྟེ། དེས་ངོ་ཚ་བར་མི་བྱ་སྟེ། བདག་ནི་ནད་རྣམས་ཀྱི་མིང་ནི་ཤེས་པའོ། །ཞེས་ངོ་ཚ་བ་ཉིད་དུ་མ་བྱེད ་ཅིག་པའོ། །ཅིའི་ཕྱིར་ཞེ་ན། ནད་ཀྱི་འགྱུར་བ་ཐམས་ཅད་སྟེ། ནད་མ་ལུས་པ་རྣམས་ཀྱི་མིང་གི་ངེས་པ་འདི་དང་འདི་ཡིན་ཞེས་བསྟན་པར་གནས་པ་ཡོད་པ་མ་ཡིན་ནོ། །ཉེས་པ་དེ་ཉིད་འཁྲུགས་ནས་ནི། །ཁྱད་པར་དུ་ནི་ལྡང་གྱུར་ནས། །གནས་གཞན་དག་ཏུ ་སོང་ནས་ནི། །ནད་ནི་མང་པོར་བྱེད་པར་འགྱུར། །ཞེས་བྱ་བ་ལ། ཡང་གི་ཕྱིར་རླུང་ལ་སོགས་པའི་ཉེས་པ་གང་ཡང་རུང་བ་ཅིག་པོ་དེ་ཉིད་འཁྲུངས་ཤིང་རྣམ་པར་ལྡང་བའི་ཁྱད་པར་གྱིས་གནས་གཞན་དང་གཞན་དག་ཏུ་སོང་ཞིང་ཕྱིན་ཆད་རང་གི་གནས ་སྤངས་ཏེ། གཞན་གྱི་གནས་དེ་དང་དེར་སོང་བ་དང། ནད་ཀྱི་རྣམ་པར་འགྱུར་བ་མང་པོ་གྲངས་མེད་པ་བསྐྱེད་ཅིང་འབྱིན་པར་བྱེད་དོ་དེ་བས་ནད་ཀྱི་རང་བཞིན་ནི། རང་གནས་གཞན་དུ་འོངས་པ་དང། །རྒྱུ་ཡི་ཁྱད་པར་ཤེས་བྱ་ལ། །སྨན་དཔྱད ་ཀྱིས་གསོ་མྱུར་དུ་བྱ། །ཞེས་བྱ་བ་ལ་གང་གི་ཕྱིར་དེ་ལྟར་ནད་གྲངས་མེད་པ་ཉིད་ཀྱིས་ན་ནད་ཀྱི་རྣམ་པར་འགྱུར་བའི་རྒྱུ་རླུང་ལ་སོགས་པ་ཡིན་པར་ཤེས་པར་བྱ་བ་ནི་ནད་དེ་རྣམས་གསོ་བར་མི་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་ཤེས་ནས་རླུང ་ལ་སོགས་པ་དེ་རྣམས་འཁྲུགས་པའི་རྒྱུའི་ནད་གཞིའི་ཁྱད་པར་ཤེས་པར་བྱས་ལ། ནད་རྣམས་སྨན་དཔྱད་ཀྱིས་གསོ་ཞིང་ཞི་བ་མྱུར་ཞིང་རིངས་པ་ཉིད་དུ་བྱའི་ནད་རྣམས་མི་ཤེས་པར་ནི་ནད་དེ་གསོ་བར་མི་བྱའོ། །གལ་ཏེ་རྒྱུད་དང་རང་བཞིན ་དག་ཐ་དད་པ་མ་ཡིན་མོད་ཀྱི། འོན་ཀྱང་འདི་དག་གི་རང་གི་མཚན་ཉིད་ཀྱི་འཇུག་པ་ནི། ངེས་པར་ཁྱད་པར་ཡོད་པར་ཤེས་པ་བྱ་སྟེ། གང་གི་རླུང་ལ་སོགས་པ་ཁྱད་པར་དུ་བྱེད་པ་དེ་ནི། དེའི་རང་བཞིན་ཡིན་ལ། རྩུབ་པ་ལ་སོགས་པས་ལྡང་བར་བྱེད་པར་ནི ་རྒྱུ་ཞེས་བྱའི། རྩུབ་པ་ལ་སོགས་པ་ལ་རང་བཞིན་ཞེས་མི་བྱ་སྟེ། རིང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཅི་དེ་ཙམ་ཞིག་ལས་སུ་བྱ་བ་ཉམས་སུ་བླངས་ནས། སྨན་པ་དག་གསོ་བར་བྱེད་པ་ན། ཉེས་པ་མེད་པར་འགྱུར་བ་ཡིན་ན། འོན་ཏེ་གཞན་འགའ་ཞིག་ལ་ཡང ་བལྟོས་པར་བྱེད་དགོས་ཞེ་ན། དེའི་ཕྱིར་སྨྲས་པ་ནི། གནོད་བྱ་ཡུལ་དང་ཉམས་སྟོབས་དུས། །མེ་དྲོད་རང་བཞིན་ཚོད་དང། །སྙིང་སྟོབས་གོམས་དང་ཟད་རྣམས་ཀྱི། །གནས་སྐབས་རྣམ་པ་ཐ་དད་པ། །འདི་དག་ཕྲ་མོ་ཡན་ཆད་བརྟག། །ནད་དང་སྨན་གྱི་ཚུལ ་བརྟགས་པས། །གང་ཞིག་གསོ་བ་ལ་འཇུག་ལ་།དེ་ནི་ནམ་དང་འཁྲུལ་མི་འགྱུར། །ཞེས་བྱ་བ་ཡིན་ཏེ། །འདི་དག་གི་མཚམས་སྦྱོར་མ་བྱས་པས་གནོད་བྱ་ལ་སོགས་པ་རེ་རེ་ཞིང་རྒྱུད་དུ་སོ་སོར་མ་ལུས་པར་བརྟགས་ལ། ཇི་ལྟ་བ་བཞིན་དུ་ཤེས ་པར་བྱ་བ་དང། དེ་བཞིན་དུ་ནད་ཀྱང་ཤེས་པར་བྱ་བ་དང། གནོད་བྱ་ལ་སོགས་པ་དང་དེ་རྣམས་ཕྲ་བ་དང། ཕྲ་བའི་ཡང་ཕྲ་བ་དང་ཤིན་ཏུ་ཕྲ་ཞིང་ཤེས་པར་དཀའ་བ་ཡན་ཆད་ཀྱི་གནས་སྐབས་ལེགས་པར་བརྟག་པའི་ཚུལ་སྣ་ཚོགས་པ་དང། ནད་དང་སྨན་གྱི་ཚུལ་བརྟགས་ཤིང་ཡོངས་སུ་ཤེས ་པར་བྱ་བས་ངེས་པར་བྱས་ནས། སྨན་པ་གང་ཞིག་གསོ་ཞིང་ནད་གསལ་བ་ལ་འཇུག་པ་དེ་ནི། དུས་ནམ་ཡང་གསོ་བ་དང་སྨན་གྱི་སྦྱོར་བ་དེ་ལ་འཁྲུལ་ཞིང་ཉེས་པ་དང་ལྡན་པར་མི་འགྱུར་ཏེ། འདོད་པའི་དོན་རྫོགས་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི ་དོན་ཏོ། ཡུལ་དེ་ལ་ལོག་པར་སྒྲུབ་མི་འགྱུར་བའོ། །དེ་ལ་གནོད་བྱ་ནི་ལུས་ཟུང་དང་དྲི་མ་རྣམས་སོ། །ཡུལ་ནི་ས་ཕྱོགས་ཀྱི་ཡུལ་དང་ལུས་ཀྱི་ཡུལ་ལོ། །དེ་ཡང་སྐམས་དང། རླན་ཅན་དང། གཉིས་ཀ་འདྲེས་པའི་དབྱེ་བས་ཕྱེ་བའོ། །ཉམས ་སྟོབས་ནི་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང། དུས་ཀྱིས་སྐྱེད་པ་དང་སྦྱོར་བས་སྐྱེད་པའོ། །དུས་ནི་རྣམ་པ་གསུམ་སྟེ། གྲང་བ་དང་ཚ་བ་དང་ཆར་གྱི་དུས་སོ། །མེ་དྲོད་ནི་རྣམ་པ་བཞི་སྟེ། སྙོམས་པ་དང་མ་སྙོམས་པ ་པ་དང་གྲག་པ་དང་ཞན་པའོ། །རང་བཞིན་ནི་བདུན་ཏེ། ནད་བཞི་རེ་རེ་དང། གཉིས་གཉིས་དང་ཆ་མཉམ་པའོ། །མཚོད་ནི་གསུམ་སྟེ། བྱིས་པ་དང། དར་ལ་བབ་པ་དང། རྒན་པོའོ། །སྙིང་སྟོབས་ནི་རྣམ་པ་གསུམ་སྟེ། སྙིང་སྟོབས་དང ་དུལ་དང། མུན་པའི་དབྱེ་བས་སོ། །གོམས་པ་ནི་གསུམ་སྟེ། མཆོག་དང། བར་མ་དང། ཐ་མའི་དབྱེ་བས་སོ། །བྲས་ནི་རྣམ་པ་གཉིས་ཏེ། ཕན་པ་དང་གནོད་པ་ཉིད་ཀྱིས་སོ། །དེ་ལྟ་བུའི་གནས་སྐབས་བཅུ་སོ་སོར་བརྟགས་པས། བརྟག་པ་དང། ་དེ་བཞིན་དུ་བཅུ་པོ་འདི་བདག་ཉིད་ཀྱི་ཕྲ་མོ་སྟེ། ཤིན་ཏུ་ཤེས་པར་དཀའ་བའི་གནས་སྐབས་ཡན་ཆད་བརྟགས་པས་ཤེས་པར་བྱས་ན། དེ་གསོ་བ་ལ་ནམ་ཡང་འཁྲུལ་པར་མི་འགྱུར་གྱི་གལ་ཏེ་གནས་སྐབས་དེ་དག་སྨན་པས་མ་བརྟགས ་པར་བྱེར་ན་ནི་ནད་པ་གསོད་པར་འགྱུར་བ་ཡིན་ནོ། །ནད་དཀྱེལ་ཆེ་འམ་ཆུང་བ་དག་།ཕོག་སྙ་ལུས་ཉམ་ཆེ་ཆུང་ལས། །གནོད་པར་བྱེད་པར་སྣང་གྱུར་པས། །དེ་ལ་འང་མ་ཡེངས་ཉིད་དུ་བྱ། ཞེས་བྱ་བ་ལས་ཕོག་སྙ་ཆེ་བ་དང་ལུས་ཀྱི་ཉམ་ཆེ་བ་ལ་དང་པོར ་ནད་དཀྱིལ་ཆེ་ཞིང་སྟོབས་དང་ལྡན་པ་བྱུང་དུ་ཟིན་ཀྱང། སྟོབས་ཆུང་པ་ལྟ་བུར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྙིང་སྟོབས་དང། ལུས་ཀྱི་ཉམ་གཉིས་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕོག་སྙ་ཆུང་བ་དང། ལུས་ཀྱི་ཉམ་ཤིན་ཏུ་ཆུང་བ་ལ ་ནད་ཡང་བ་ཞིག་བྱུང་དུ་ཟིན་ཀྱང། ཆེ་བ་ལྟ་བུར་ཤེས་པར་བྱ་སྟེ། སྙིང་སྟོབས་དང་ལུས་ཀྱི་ཉམ་ཆུང་ཉིད་ཡིན་པའི་ཕྱིར་རོ་དེ་ལྟར་ཕོག་སྙ་དང། ལུས་ཀྱི་ཉམ་ཆེ་བ་དང། ཆུང་བ་ལས་ནད་ཀྱི་དཀྱེལ་ཆེ་བ་འམ་ཆུང་བ་གནོད་པར་བྱེད་པ་གཞན་དང་གཞན ་དུ་སྣང་བར་འགྱུར་གྱི། ནད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །འང་ཞེས་བྱ་བའི་སྒྲས་ནི་ནད་ཀྱི་དཀྱེལ་ཆེ་ཆུང་ཅིག་ཁོ་ནར་སྣང་བ་ནི་མ་ཡིན་ནོ། །དེ་བས་ན་ནད་ཀྱི་གནས་སྐབས་འདིར་དང་པོར་ནད་གཞི་ནས་བཟུང་སྟེ། གནས་སྐབས་ཀུན ་ལ་སྨན་པས་མ་ཡེངས་པ་ཉིད་དུ་བྱ་དགོས་སོ་ཞེས་བྱ་བའི་དོན་ཏོ། །སྨན་པ་ངན་པས་ནད་རྣམས་ནི། །ལྕི་བ་ཡང་བར་ཡོངས་རྟོག་ཅིང། །ནད་ཉུང་དག་ཏུ་བརྟགས་པ་ཡིས། །གསོ་བའི་ལོག་པ་དག་ཏུ་འགྱུར། །ཞེས་བྱ་བ་ལ་གང་སྨན་པ་ངན་ཅིང་མི ་ཤེས་པ་དེ་ནི་ནད་ཀྱི་དབྱིབས་ཙམ་མཐོང་བ་ལས། ནད་ལྕི་བ་ཡང་བ་ལྟ་བུར་རྟོག་ཅིང་ངེས་པར་བྱེད་དེ། ནད་ཉུང་བར་བརྟགས་པས་ནད་ཀྱི་ཚད་ཆུང་བར་ངེས་པར་བྱས་པའི་ཕྱིར། གསོ་བ་ལོག་པར་བྱེད་པ་འགྱུར་ལ། ནད་ཆུང་དུ་དག་ནད་ཆེ་བ། ནད་ཚ་བ ་ལྕི་བ་ཉེས་པ་ལྟར་བྱེད་དེ། དེ་ལྟར་ན་ནད་ཡང་བ་ནི་ལྕི་བ་ལྟ་བུར་ཉེས་པ་མང་བར་རྟོག་ལ། ལྕི་བ་ནི་ཡང་པ་ལྟ་བུར་རྟོག་པས། ནད་ཆུང་ངུ་ལ་ནད་ལྕི་བ་ལ་འོས་པའི་སྨན་སྟེར་བར་བྱེད་ལ། ནད་ལྕི་བ་ལ་ནི་ནད་ཡང་པ་ལ་འོས་པའི་སྨན་སྟེར་བས་གསོ་བ ་ལོག་པ་དག་ཏུ་འགྱུར་རོ། །དེ་བས་ཆུང་བ་འམ་སྟོབས་ཆུང་བ། དཀྱེལ་ཆེན་ནད་ལ་རབ་ཏུ་སྦྱོར། །སྦྱང་བ་ཆུང་ངུར་སྦྱར་བ་ཡིས། །ནད་ནི་ཤིན་ཏུ་སློང་བ་ཡིན། །ཞེས་བྱ་བ་ལ་གང་གི་ཕྱིར་དེ་ལྟར་བྱེད་པ་དེ་བས་ན། ཚད་ཆུང་བས་ཆུང་བ་འམ། སྟོབས་ཆུང་བ ་འམ། ནད་ཀྱི་དཀྱེལ་ཆུང་བར་བརྟགས་པས་ནད་དཀྱེལ་ཆེན་པོ་སྟོབས་དང་ལྡན་པ་ལ། སྨན་དེ་རབ་ཏུ་སྦྱོར་ཞིང་སྟེར་བར་བྱེད་པས་སྦྱར་བ་ཆུང་ངུར་སྦྱར་ཞིང་བཏང་བས། ནད་དེ་ཤིན་ཏུ་སློངས་ཤིང་དཀྲུགས་པས་སླར་ཐུ་བར་བྱེད་པར་འགྱུར་རོ། །སྦྱོར་བ་འང ་ལྷག་པར་སྦྱོར་བ་དང། ལོག་པར་སྦྱར་བས་ཕྱིན་ཅི་ལོག། དྲི་མ་འབྱུང་བར་མ་ཟད་ཀྱི། ལུས་ཀྱང་ཤིན་ཏུ་མ་རུངས་འགྱུར། །ཞེས་བྱ་བ་ལ། སྦྱང་བར་བྱེད་པ་ན་ནད་ཤས་ཆེ་བར་བརྟགས་པས་ཤས་ཆེ་བའི་སྦྱོར་བ་བྱེད་པ་དང། ལོག་པར་སྦྱོར་བ་སྟེ། ་ནད་ཆུང་ངུ་ལ་ཕྱིན་ཅི་ལོག་ཏུ་སྤྱོད་པ་ལ་སྦྱོར་བར་བྱེད་པའོ། །ཅིའི་ཕྱིར་ཕྱིན་ཅི་ལོག་ཡིན་ཞེ་ན། རང་བཞིན་ཆུང་ཞིང་སྟོབས་ཆུང་བ་ལ་ཚད་ཆེ་བ་སྟོབས་ཆེ་བའི་སྦྱང་བ་ལ་སྦྱོར་བ་ནི། ལྷག་པར་སྤྱོད་པ་ཡིན་པས། དེས་དྲི་མ་འབའ་ཞིག ་འབྱུང་ཞིང་ཟད་པར་འགྱུར་བར་མ་ཟད་ཀྱི། ལུས་ཀྱང་ཤིན་ཏུ་འཇིག་ཅིང་མ་རུངས་པ་ཉིད་དུ་འགྱུར་རོ། །དེ་བས་བརྟག་ཏུ་བརྩོན་པ་དང། །ཐམས་ཅད་ཀུན་ཏུ་ལེགས་བརྟགས་ནས། །ཅི་ནས་ནད་མེད་བརྟན་གྱུར་པ། །དེ་ལྟར་སྨན་དཔྱད་སྦྱར ་བར་གྱིས། །ཞེས་བྱ་བ་ལ། གང་གི་ཕྱིར་ཚུལ་དེ་ལྟར་ནད་རྣམས་ཀྱི་མཚན་ཉིད་རྟོགས་པ་ཤེས་པར་དཀའ་བ་ཡིན་པའི་རྒྱུད་དེ་བས་ན་སྨན་བ་ཤེས་རབ་དང་ལྡན་པས་བརྩོན་ཞིང་འབད་པ་དང་ལྡན་པས་དངོས་པོ་ཐམས་ཅད་དུས་ཀུན་ཏུ ་གནོད་བྱ་ལ་སོགས་པའི་དངོས་རྣམས་ལ། ལེགས་པར་དཔྱད་ཅིང་བརྟགས་ནས་རྣམ་པ་ཐམས་ཅད་དུ་ཅི་ནད་ཀྱང་ཚེའི་རིག་བྱེད་ཀྱི་རྗེས་སུ་འབྲང་བ་འམ་དེའི་བསྟན་བཅོས་ལས་བཤད་པ་བཞིན་དུ་བྱས་ལ། ནད་མེད་པ་བསྟན་པར ་བྱ་བའི་ཕྱིར་སྨན་དཔྱད་དག་མཁས་ཤིང་གསལ་པས་སྦྱར་བར་བྱ་སྟེ། རྣམ་པ་དེ་ལྟ་བུས་ནད་དང་ལུས་ཟུངས་ལ་སོགས་པ་དང། རྗེས་སུ་མཐུན་པའི་རྣམ་པ་གང་གིས་སྨན་དེ་བྱིན་པ་ན་ནད་མེད་པ་ཉིད་དུ་འགྱུར་པ་དེ་ལྟར་བྱའོ།། ་སྔར་ཉེས་པ་དང་དེ་ཉིད་ནད་ཐམས་ཅད་ཀྱི་རྒྱུ་ཡིན་པར་བཤད་ནས། དེའི་འོག་ཏུ་ནད་དེ་རྣམས་གནོད་པར་བྱ་བ་ལ་སོགས་པའི་རྣམ་པར་བརྟགས་ནས་བཤད་པ་ཡིན་ནོ། །དེ་བས་ན་འདིར་སྨྲས་པ་ནི། དེ་ནས་གཞན་ཡང་ནད་རྣམས ་ནི། འཕེལ་ཟད་དབྱེ་བས་བཤད་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། །དེ་ནས་དེའི་རྗེས་ཐོགས་ལ། །ནད་དེ་རྣམས་ཀྱི་དབྱེ་བ་བཤད་ཅིང་བསྟན་བར་བྱའོ། །ཅི་ལྟར་དབྱེ་བས་ཅི་བྱ་ཞེ་ན། འཕེལ་ཟད་དབྱེ་བས་ཞེས་བྱ་བ་སྟེ། འཕེལ་བ ་དང་ཟད་པ་ནི་འཕེལ་ཟད་དེ། དེ་གཉིས་ཀྱི་དབྱེ་བའི་ཁྱད་པར་དེ་ལས་བཤད་ཅིང་བསྟན་པར་བྱའོ། །ཐ་དད་པ་ལ་གསུམ་ཞེས་བྱ། །ལྡན་གསུམ་དེར་ཡང་དེ་དགུ་ཡིན། །མཉམ་པར་འཕེལ་པས་གསུམ་ཉིད་དེ། །གཅིག་རབ་ལྷག་ལས་དྲུག་ཏུ་འགྱུར། །མ་ལུས་པ་ལས ་བཅུ་གསུམ་ཡིན། །གཉིས་གཅིག་ལྷག་པ་ལས་དྲུག་སྟེ། །མཚུངས་ལས་གཅིག་ཡིན་རབ་དང་ནི། །རབ་མཆོག་བརྟག་པ་ལས་དྲུག་ཡིན། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །འཕེལ་བའོ་ཟད་པ་འང་དེ་སྙེད་ཡིན། །དེ་དག་རེ་རེ་འཕེལ་མཉམ་ཟད། །དྲུག་སྟེ་སླར་ཡང ་དེ་དག་ནི། །གཅིག་ཟད་གཉིས་གཉིས་འཕེལ་བ་ནི། །གོ་བཟློག་བཅས་ལས་དྲུག་ཏུ་འགྱུར། །དབྱེ་བ་དྲུག་ཅུ་གཉིས་སུ་བསྟན། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །ཞེས་བྱ་བ་ལ། རླུང་ལ་སོགས་པ་གསུམ་པོ་དེ་དག་སོ་སོ་ཐ་དད་པ་ལས་གསུམ་ཡིན་ལ། རང་གི་ཚད ་ལས་ལྷག་པས་ན་གསུམ་གསུམ་དུ་འགྱུར་བས་དགུར་ཤེས་པར་བྱའོ། །དེ་ཡང་རླུང་འཕེལ་བ་དང། མཁྲིས་པ་འཕེལ་བ་དང། བད་ཀན་འཕེལ་བ་སྟེ། དེ་ལྟར་ནད་ཀྱི་དབྱེ་བ་རྣམ་པ་གསུམ་དུ་ཤེས་པར་བྱ་བ་དང་ལྡན་པ་དང་འདུས་པའོ། །དེ་གཉིས་དང ་གསུམ་ཟད་པ་ལས་འཁྲུག་པ་ལས་འགྱུར་ཏེ། །འདུས་པ་ནི་ཉེས་པ་འདུས་པ་ལས་འགྱུར་རོ། །དེ་ལ་རེ་ཞིག་ལྡན་བ་ནི་གསུམ་སྟེ། རླུང་དང་ཁྲིས་པ་དང། རླུང་དང་བད་ཀན་དང་ཁྲིས་པ་དང་བད་ཀན་ནོ། །ལྡན་པ་དེར་རྣམ་པ་གསུམ་དུ་བཞག་པའི་ནད་ཀྱི་དབྱེ་བ་རང་གི་ཚད་ལས ་ལྷག་པར་གྱུར་པ་དེ་ལ་ཤེས་པར་བྱའོ། །ཞེས་འདི་ཐམས་ཅད་ལ་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་ལྡན་པའི་ནད་ཀྱི་དབྱེ་བ་གསུམ་པོ་ཉིད་འཕེལ་པ་ལས། །གཅིག་ནི་རླུང་དང་མཁྲིས་པར་ལྡན་པ། ལྷག་པར་གྱུར་པས་ཕྱེ་བའོ། །གཉིས་པ ་ནི་བད་ཀན་གྱི་ལྡན་པ་ལྷག་པར་གྱུར་པས་ཕྱེ་བའོ། །གསུམ་པ་ནི་མཁྲིས་པ་དང་བད་ཀན་གྱི་ལྡན་པ་ལྷག་པར་གྱུར་པས་ཕྱེ་བ་སྟེ། དེ་ལྟར་ན་ལྡན་པའི་དབྱེ་བ་གསུམ་དུ་ཤེས་པར་བྱའོ། །ཤིན་ཏུ་ལྷག་པས་གཅིག་དྲུག་འགྱུར་ཞེས་བྱ་བ་ལ་ནི་ལྡན་པ ་གནས་པའི་ནད་འདི་དག་ལས་ནད་ཤིན་ཏུ་ལྷག་ཅིང་ཁྱད་པར་དུ་འཕེལ་བས་ལྡན་པའི་དབྱེ་བ་དྲུག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། རླུང་འཕེལ་བ་དང། མཁྲིས་པ་མཆོག་ཏུ་འཕེལ་བ་དང། མཁྲིས་པ་འཕེལ་བ་དང། རླུང་མཆོག་ཏུ ་འཕེལ་བ་དང། རླུང་འཕེལ་བ་དང། བད་ཀན་མཆོག་ཏུ་འཕེལ་བ་དང། བད་ཀན་འཕེལ་བ་དང། རླུང་མཆོག་ཏུ་འཕེལ་བ་དང། བད་ཀན་འཕེལ་པ་དང། མཁྲིས་པ་མཆོག་ཏུ་འཕེལ་བ་དང། མཁྲིས་པ་འཕེལ་བ་དང། བད་ཀན་མཆོག་ཏུ་འཕེལ་བ ་དང། དེ་ལྟ་ན་འཕེལ་བ་ཤས་ཆེ་ཆུང་འདྲེས་པ་ལས་ལྡན་པ་དྲུག་ཏུ་འགྱུར་རོ། །མ་ལུས་པ་ལ་བཅུ་གསུམ་ཡིན་ཞེས་བྱ་བ་ནི། ནད་གསུམ་པོ་དེ་དག་མ་ལུས་པ་འདུས་པ་ལས་འདུས་པའི་ནད་བཅུ་གསུམ་དུ་འགྱུར་བར་ཤེས་པར་བྱ་སྟེ། ཅི་ལྟར་ཞེ་ན། ་ལྷག་པ་ཡིས་ཀྱང་དྲུག་གཉིས་གཅིག་ཅེས་བྱ་བ་སྟེ། གཉིས་དང་གཅིག་ནི་གཉིས་གཅིག་སྟེ། དེ་རྣམས་ཀྱི་ལྷག་པ་ཡིན་པས་ན། ལྷག་པ་ཡིས་གཉིས་གཅིག་སྟེ། གཉིས་དང་གཅིག་གིས་ལྷག་པ་དེ་འཕེལ་བར་གྱུར་པས། ནད་གཉིས་ལྷག་པ ་དང་གཅིག་པ་ལས་འདི་དག་ཏུ་འགྱུར་ཏེ། དེ་ཡང་རླུང་འཕེལ་བ་དང། མཁྲིས་པ་དང་བད་ཀན་གཉིས་མཆོག་ཏུ་འཕེལ་བ་དང། མཁྲིས་པ་འཕེལ་བ་དང། རླུང་དང་བད་ཀན་མཆོག་ཏུ་འཕེལ་བ་དང། བད་ཀན་འཕེལ་བ་དང། མཁྲིས ་པ་དང་རླུང་མཆོག་ཏུ་འཕེལ་བ་དང། །རླུང་དང་མཁྲིས་པ་འཕེལ་བ་དང། བད་ཀན་མཆོག་ཏུ་འཕེལ་བ་དང། མཁྲིས་པ་དང་བད་ཀན་འཕེལ་བ་དང། རླུང་མཆོག་ཏུ་འཕེལ་བ་དང། རླུང་དང་བད་ཀན་འཕེལ་བ་དང། མཁྲིས་པ་མཆོག་ཏུ ་འཕེལ་བ་སྟེ། དེ་ལྟར་འདུས་པ་དྲུག་གི་རྣམ་པར་དབྱེ་བས་གཉིས་དང་གཅིག་ལྷག་པ་ཡིན་པར་ཤེས་པར་བྱའོ། །ལྷག་པ་མཚུངས་པས་གཅིག་ཡིན་ལ། འདུས་པའི་ནད་གཅིག་པུའི་དབྱེ་བས་མཚུངས་པའི་ལྷག་པའི་ཉེས་པས་ཤེས ་བར་བྱའོ། །དེ་ཡང་གང་ལྷག་པའི་ཉེས་པ་མཚུངས་ཤིང་མཉམ་པར་བྱས་ནས། དེ་འདུས་པའི་ནད་ཀྱི་དབྱེ་བ་གཅིག་ཡིན་པར་ཤེས་པར་བྱའོ། །རབ་དང་རབ་མཆོག་བརྟག་པས་དྲུག་།དེ་ཡང་རབ་མཆོག་གི་དབྱེ་བས་འདུས་པའི་ནད་དེ་རྣམ་པར་བརྟག་པའི་དབྱེ་བས ་འཕེལ་བའི་ཚུལ་ལས་འདུས་པའི་དབྱེ་བ་དྲུག་ཏུ་ཤེས་པར་བྱ་སྟེ། རླུང་འཕེལ་བ་དང། མཁྲིས་པ་རབ་ཏུ་འཕེལ་བ་དང། བད་ཀན་རབ་མཆོག་ཏུ་འཕེལ་བ་འདུས་པ་དང། མཁྲིས་པ་འཕེལ་བ་དང། བད་ཀན་རབ་ཏུ་འཕེལ་བ་དང། རླུང་རབ་མཆོག་ཏུ་འཕེལ་བ ་འདུས་པ་དང། བད་ཀན་འཕེལ་བ་དང། མཁྲིས་པ་རབ་ཏུ་འཕེལ་བ་དང། རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང། རླུང་འཕེལ་བ་དང། བད་ཀན་རབ་ཏུ་འཕེལ་བ་དང། མཁྲིས་པ་རབ་མཆོག་ཏུ་འཕེལ་བ་འདུས་པ་དང། མཁྲིས་པ་འཕེལ་བ་དང། བད་ཀན ་རབ་ཏུ་འཕེལ་བ་དང། རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་བད་ཀན་འཕེལ་བ་དང། མཁྲིས་རླུང་རབ་ཏུ་འཕེལ་བ་དང། མཁྲིས་པ་རབ་མཆོག་ཏུ་འཕེལ་བ་འདུས་པ་སྟེ། དེ་ལྟར་དྲུག་གོ། དེ་ལྟར་ཉི་ཤུ་རྩ་ལྔ་ནི་འཕེལ་བའོ་ཞེས་བྱ་བ་ནི། ནད་འདི ་དག་ནི་ནད་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པ་དེ་དག་གིས་ནད་ཀྱི་གྲངས་ཉི་ཤུ་རྩ་ལྔར་ངེས་པ་ཉིད་དུ་ཤེས་པར་བྱའོ། །ཟད་པའང་དེ་སྙེད་ཡིན་ཞེས་བྱ་བ་ལ། །ནད་དེ་རྣམས་ཟད་ཅིང་འབྲི་བར་བྱེད་པའི་གནས་སྐབས་སུ་ཡང ་གྲངས་དེ་སྙིང་ཁོ་ན་ཡིན་ཏེ། ནད་ཀྱི་དབྱེ་བ་འདི་ཉི་ཤུ་ལྔར་འགྱུར་བ་ཤེས་པར་བྱའོ། དེ་ཡང་ནད་གཞི་གསུམ་པོ་སོ་སོ་ཟད་པ་ལས་གསུམ་དུ་འགྱུར་ཏེ། རླུང་ཟད་པ་དང། མཁྲིས་པ་ཟད་པ་དང། བད་ཀན་ཟད་པ་སྟེ། དེ་ལྟར་ནད་ཀྱི་དབྱེ་བ་གསུམ་དུ་ཤེས་པར་བྱའོ། །ནད ་ཟད་པ་གང་ཡིན་པ་དེ་དག་གི་ལྡན་པ་ནི་དགུར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། གསུམ་པོ་དེ་ཉིད་ཟད་པར་མཉམ་པ་ལས་ལྡན་པའི་དབྱེ་བར་འགྱུར་བའི་རླུང་དང། མཁྲིས་པ་ཟད་པའི་ལྡན་པ་དང། རླུང་དང་བད་ཀན་ཟད་པའི་ལྡན་པ་དང། མཁྲིས་པ་དང་བད་ཀན ་ཟད་པའི་ལྡན་བ་སྟེ་དེ་ལྟར་ན་ལྡན་པའི་དབྱེ་བ་གསུམ་དང་རེ་རེ་ལྷག་པར་ཤས་ཆེ་བ་དྲུག་སྟེ་ཤིན་ཏུ་ཤས་ཆེ་བ་ནི་ནད་གཞན་དག་ལས་བལྟོས་པའི་ཟད་པ་ལྷག་པར་ཤས་ཆེ་བ་སྟེ། རླུང་ཟད་པ་དང། མཁྲིས་པ་རབ་ཏུ་ཟད་པའི་ལྡན་པ ་དང། མཁྲིས་པ་ཟད་པ་དང། རླུང་རབ་ཏུ་ཟད་པའི་ལྡན་པ་དང། རླུང་ཟད་པ་དང། བད་ཀན་རབ་ཏུ་ཟད་པའི་ལྡན་པ་དང། བད་ཀན་ཟད་པ་དང། རླུང་རབ་ཏུ་ཟད་པའི་ལྡན་པ་དང། བད་ཀན་ཟད་པ་དང། མཁྲིས་པ་རབ་ཏུ་ཟད་པའི་ལྡན་པ་དང། མཁྲིས ་ཟད་པ་དང། བད་ཀན་རབ་ཏུ་ཟད་པའི་ལྡན་པ་སྟེ། དེ་ལྟར་ནད་ཟད་པའི་ལྡན་པ་ལས་བྱུང་བའི་དབྱེ་བ་དྲུག་ཏུ་ཤེས་པར་བྱའོ། །ནད་གཞི་ཟད་པའི་འདུས་པ་ལས་ནད་ཀྱི་དབྱེ་བ་བཅུ་གསུམ་དུ་འགྱུར་བར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། གཉིས་དང ་གཅིག་ལྷག་པར་ཤས་ཆེ་བ་དྲུག་སྟེ། ནད་གཞི་གཉིས་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པ་དང། དེ་བཞིན་དུ་ནད་གཞི་གཅིག་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པའི་རྣམ་གྲངས་ལས་འདུས་པའི་ནད་དྲུག་ཏུ་འགྱུར་བར་ཤེས་པར་བྱའོ། །དེ་ཡང་འདི་ལྟར ་རླུང་ཟད་པ་དང། མཁྲིས་པ་དང་བད་ཀན་རབ་ཏུ་ཟད་པའི་འདུས་པ་དང། མཁྲིས་པ་ཟད་པ་དང། རླུང་དང་བད་ཀན་རབ་ཏུ་ཟད་པའི་འདུས་པ་དང། བད་ཀན་ཟད་པ་དང། མཁྲིས་པ་དང་རླུང་དང་རབ་ཏུ་ཟད་པའི་འདུས་པ་དང། རླུང་དང་མཁྲིས་པ་ཟད་པ་དང། བད ་ཀན་རབ་ཏུ་ཟད་པའི་འདུས་པ་དང། མཁྲིས་པ་དང་བད་ཀན་ཟད་པ་དང། རླུང་རབ་ཏུ་ཟད་པའི་འདུས་པ་དང། རླུང་དང་བད་ཀན་ཟད་པ་དང། མཁྲིས་པ་རབ་ཏུ་ཟད་པའི་འདུས་པ་སྟེ། དྲུག་དང། རླུང་དང་མཁྲིས་པ་དང། བད་ཀན་ཟད་པའི་འདུས་པ ་གཅིག་གོ། དེ་དག་རབ་མཆོག་ཏུ་བརྟགས་པའི་དབྱེ་བས་ནད་ཀྱི་དབྱེ་བ་དྲུག་ཏུ་འགྱུར་ཏེ། རླུང་ཟད་པ་དང། མཁྲིས་པ་རབ་ཏུ་ཟད་པ་དང། བད་ཀན་རབ་མཆོག་ཏུ་ཟད་པའི་འདུས་པ་དང། མཁྲིས་པ་ཟད་པ་དང། རླུང་རབ་ཏུ་ཟད་པ་དང། བད་ཀན ་རབ་མཆོག་ཏུ་ཟད་པའི་འདུས་པ་དང། མཁྲིས་པ་རབ་ཏུ་ཟད་པ་དང། རླུང་རབ་མཆོག་ཏུ་ཟད་པའི་འདུས་པ་དང། རླུང་ཟད་པ་དང། བད་ཀན་རབ་ཏུ་ཟད་པ་དང། མཁྲིས་པ་རབ་མཆོག་ཏུ་ཟད་པའི་འདུས་པ་དང། མཁྲིས་པ་ཟད་པ་དང། བད་ཀན་རབ་ཏུ་ཟད་པ་དང། ་རླུང་རབ་མཆོག་ཏུ་ཟད་པའི་འདུས་པ་དང། བད་ཀན་ཟད་པ་དང། རླུང་རབ་ཏུ་ཟད་པ་དང། མཁྲིས་པ་རབ་ཏུ་ཟད་པའི་འདུས་པ་སྟེ་དྲུག་གོ། དེ་ལྟར་ན་སྤྱིར་ནད་གཞི་ཟད་པ་ལས་གྱུར་པའི་ནད་ཀྱང་ཉི་ཤུ་རྩ་ལྔར་ཡོད་པར་ཤེས་པར་བྱའོ། །དེ་དག་རེ་རེ་འཕེལ ་མཉམ་ཟད། །དྲུག་སྟེ་ཞེས་བྱ་བ་ལ་ནད་ཀྱི་དབྱེ་བ་དེ་རྣམས་འོག་ནས་བཤད་པའི་ནད་ཀྱི་དབྱེ་བའི་མིང་འདིས་ནད་དྲུག་ཏུ་འགྱུར་ཏེ། དེ་ཡང་འཕེལ་བ་དང། མཉམ་པ་དང་ཟད་པ་དག་ནི་འཕེལ་མཉམ་ཟད་ཅེས་བྱ་སྟེ། རླུང་ལ་སོགས་པ་གང་ཡང་རུང་བ ་དེ་ཞིང་འཕེལ་བ་དང་མཉམ་པ་དང་ཟད་པ་ལས་དྲུག་ཏུ་འགྱུར་ཏེ། འདི་ལྟར་རླུང་འཕེལ་བ་དང། མཁྲིས་པ་མཉམ་པ་དང། བད་ཀན་ཟད་པའི་ནད་དང། མཁྲིས་པ་འཕེལ་བ་དང། རླུང་མཉམ་པ་དང། བད་ཀན་ཟད་པའི་ནད་དང། བད་ཀན་འཕེལ ་བ་དང། མཁྲིས་པ་མཉམ་པ་དང། རླུང་ཟད་པའི་ནད་དང། རླུང་འཕེལ་བ་དང། བད་ཀན་མཉམ་པ་དང། མཁྲིས་པ་ཟད་པའི་ནད་དང། མཁྲིས་པ་འཕེལ་བ་དང། བད་ཀན་མཉམ་བ་དང། རླུང་ཟད་པའི་ནད་དང། བད་ཀན་འཕེལ་བ་དང། རླུང་མཉམ་པ་དང ་མཁྲིས་པ་ཟད་པའི་ནད་སྟེ། དེ་ལྟར་ན་རེ་རེ་ཞིང་འཕེལ་བ་དང། མཉམ་པ་དང་ཟད་པ་ལས་དྲུག་གོ། སླར་ཡང་དེ་དག་ནི་གཅིག་ཟད་གཉིས་གཉིས་འཕེལ་བ་ནི། གོ་བཟློག་བཅས་ལས་དྲུག་ཏུ་འགྱུར་ཞེས་བྱ་བ་ལ། ཡང་ནད་ཀྱི་དབྱེ་བ་དྲུག་པོ་དེ་རྣམས ་ལས། གཅིག་གིས་ཟད་པ་ནི་གཅིག་ཟད་ཅེས་བྱ་བ་ལ། གཉིས་གཉིས་ཀྱི་འཕེལ་བ་ཡོད་པ་ལས་ནི་གཉིས་གཉིས་འཕེལ་ཞེས་བྱ་བ་ལ། དེ་གོ་བཟློག་དང་བཅས་པ་ནི་གང་ལ་གོ་བཟློག་པ་ཡོད་པ་དེ་ལ་སྐད་ཅེས་བྱ་སྟེ། གཅིག་ཟད་པ་དང་གཉིས་འཕེལ་བ་དང། ་བསན་ན་དག་གོ་།དེ་ཡང་འདི་ལྟར་རླུང་ཟད་པ་དང་མཁྲིས་པ་དང། བད་ཀན་འཕེལ་བའི་ནད་དང། མཁྲིས་པ་ཟད་པ་རླུང་དང་བད་ཀན་འཕེལ་བའི་ནད་དང། བད་ཀན་ཟད་པ་དང། རླུང་དང་མཁྲིས་པ་འཕེལ་བའི་ནད་དང། དེ ་བཞིན་དུ་གཉི་ག་འཕེལ་བའི་ནད་ཚུལ་གྱིས་ནང་ཀྱི་དབྱེ་བ་དྲུག་སྟེ། དེ་ཡང་གཉིས་གཉིས་ཟད་ཅིང་རེ་རེ་ལ་འཕེལ་བ་དང་བཅས་པར་འགྱུར་བ་ནི། འདི་ལྟར་རླུང་དང་མཁྲིས་པ་ཟད་པ་དང། བད་ཀན་འཕེལ་བའི་ནད་དང། རླུང་དང་བད་ཀན་ཟད་པ ་དང་མཁྲིས་པ་འཕེལ་བའི་ནད་དང། མཁྲིས་པ་དང་བད་ཀན་ཟད་པ་དང། རླུང་འཕེལ་བའི་ནད་དེ། དེ་ལྟར་ཚུལ་གཉིས་འཕེལ་བའི་རྣམ་པས་ནད་ཀྱི་དབྱེ་བ་རྣམ་པ་དྲུག་ཡིན་ལ། དེ་རྣམས་ཀྱི་རབ་དང་མཆོག་རབ་ཀྱི་དབྱེ་བས་བརྩི་བ་ཕྲ་མོ་ནི་མཛའ་ ་ཡས་པ་ཡིན་པར་ཤེས་པར་བའོ། དབྱེ་བ་དྲུག་ཅུ་གཉིས་སུ་བསྟན་ནོ། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །ཞེས་བྱ་བ་ལ། དེ་ལྟར་རླུང་ལ་སོགས་པ་ནད་གཞིའི་དབྱེ་བ་ཡིས། །སྦྱིར་དྲུག་ཅུ་རྩ་གཉིས་སུ་བསྟན་ཅིང་བཤད་པ་འམ། དྲུག་ཅུ་རྩ་གསུམ་དུ་བསྟན ་ཏོ། དེ་ཅིའི་ཕྱིར་ཞེ་ན། བདེར་གནས་རྒྱུ་ཞེས་བྱ་བ་སྟེ། བདེ་བའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་འདི་དག་དངས་མ་ཁྲག་སོགས་འདྲེས་པ་ལས། །ནད་ནི་ཟད་དང་མཉམ་དང་འཕེལ་བའི་དབྱེ་བ་ཡིས། རབ་ནད?་རབ་མཆོག་དག་ལས་མཛའ་ཡས་ཉིད ་འགྱུར་བར། །རང་བཞིན་ཅི་འདྲ་མ་ཡེངས་ཉིད་ཀྱིས་ཤེས་པར་གྱིས། །ཤེས་བྱ་བ་ལ། ནད་ཀྱི་དབྱེ་བ་འདི་དག་དང། དངས་མ་ལ་སོགས་པ་འདྲེས་ཤིང་འདུས་པ་དང། དེ་བཞིན་དུ་ཟད་པ་དང། མཉམ་པ་དང། རྣམ་པར་འཕེལ་བའི་དབྱེ་བས་དང ་རབ་མཆོག་དུ་སྦྱར་བ་ལས། མཛའ་ཡས་དེ་ཉིད་དུ་འགྱུར་བ་ཉིད་ལ། རང་བཞིན་ཅི?་འདྲ་བ་ཡིན་པ་སྨན་པས་མ་ཡེངས་ཤིང་གཞན་དུ་གཡེང་བ་མེད་པར། སེམས་དེར་གཏོད་པས་ཤེས་པས་ཤིང་རྟོག་པར་གྱིས་ཤིག་པའོ། །དེ་ལ ་དངས་མ་ལ་རླུང་དང་མཁྲིས་པ་བད་ཀན་རེ་རེ་ཞིང་འཁྲུག་པ་ལས་དབྱེ་བ་གསུམ་དུ་འགྱུར་ཏེ། ཐ་དད་པ་ལས་གསུམ་ཤེས་བྱ། ཞེས་བྱ་བའི་ཚུལ་གྱིས་སོ། །དངས་མ་ལ་ལྡན་པ་བྱུང་ན། རླུང་ལ་སོགས་པ་འཕེལ་བ་ལས། །དེར་ཆ་མཉམ་པའམ། ལྷག ་བ་ལས་སྔ་མ་བཞིན་དུ་དགུར་ཤེས་པ་བྱ་སྟེ། དེ་ལྟར་ཐམས་ཅད་སྔ་མ་ལས་རྗེས་སུ་དཔག་པར་བྱའོ། །འདིར་འདི་ལྟར་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནུས་པ་མི་མཐོན་པ་ཡོད་དུ་ཟིན་ཀྱང་སེམས་ཅན་གྱི་ནད་གི་མི་དགེ་བ་ལ་སོགས་པའི་དབང་གིས ་གནོད་པ་སྐྱད་ཅིང་འདུས་པའི་ནད་བྱེད་ཅིང། གཅིག་ལ་གཅིག་ཉེ་བར་ཞི་བ་ཅིའི་ཕྱིར་མི་བྱེད་ཅེས་བརྟག་པར་མི་བྱ་སྟེ། འདི་དག་གི་རང་བཞིན་འདི་ཉིད་ཡིན་པའི་ཕྱིར་དང། འབྱུང་བ་ཆེན་པོ་ལྟར་གཅིག་གིས་གཅིག་ཟིལ་གྱིས་གནོན་པ་ཡིན་ཡང། རྫས ་བར?་རེ་ལ་སོགས་པའི་བྱ་བ་ལྷག་ཅིང་རྩོམ་པ་དང་འདྲའོ། །དེ་བས་ན་འདི་དག་གི་རང་བཞིན་མི་འགྱུར་བ་ཉིད་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ལས་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར ་སྦྱར་བ་ལས། ལེའུ་བཅུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ནད་གསོ་བའི་ཐབས་ཀྱི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། དེ་ལ་རེ་ཞིག་དབྱེ་བ་དེ་དག་ཤེས་པའི་འབྲས་བུ་མི་གང་སྨན་རྣམས་དང་ནད་རྣམ་པ་གསོ་བ་དེ་ཤེས ་བས་ནད་བསལ་བར་ཡང་དག་པར་ནུས་པ་འདི་ཉིད་མིན་པས། དེའི་འོག་ཏུ་ནད་གསོ་བའི་ཐབས་ཀྱི་ལེའུའི་དབང་དུ་བྱས་ནས། དེ་དྲན་པར་བྱ་བའི་ཕྱིར། འདིར་ནད་གསོ་བའི་ཐབས་ལ་དགོས་པའི་སྣུམ་ལ་སོགས་པའི་མི?་གང་ཡིན་པ་དེ་སྟོན་པ་དེ་བཤད ་པར་བྱའོ། །དེ་ལ་རླུང་ནི་ཐམས་ཅད་ཀྱི་གཙོ་བོ་ཡིན་པས། རླུང་ནད་གསོ་བའི་སྣུམ་དང་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས། རླུང་ནད་གསོ་བའི་ཐབས་སྨྲས་པ་ཡིན་ཏེ། རླུང་འཁྲུགས་ཤིང་ལྡང་བར་གྱུར་ན། སྣུམ་ནས་འཇམ ་རྩི་བཏང་བའི་བར་གསོ་བའི་ཐབས་ཡིན་ཏེ། རླུང་དེ་ལ་ནི་གསོ་བ་ཐམས་ཅད་ཀྱི་ནང་ན་གསོ་བའི་མཆོག་ནི་སྣུམ་ཡིན་ལ། དེ་ཡང་རྣམ་པ་དུ་མ་ཡོད་དོ། །དེའི་འོག་ཏུ་དུགས་བྱའོ། །དེ་ཡང་གང་གི་ཕྱིར་རླུང་ནི་ཟད་དང ་སྐོམ་དང་སྨན་རྩུབ་པ་དང། །གྲང་བས་ཅི་ལྟར་མྱུར་དུ་འཁྲུགས་པར་འགྱུར་བ་དེ་ལྟར་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འམ། ཡོན་ཏན་མཉམ་པས་འཁྲུགས་པར་མི་འགྱུར་རོ། །དེ་བས་ན་རླུང་འཁྲུགས་པར་གྱུར་པ་ལ་ནི་གསོ་བའི ་ཐབས་གཞན་དག་ལས་དང་པོར་སྣུམ་པ་དང། དུགས་ཀྱི་རྣམ་པ་དུ་མས་དེ་ཞི་བར་བྱ་བའི་དོན་དུ་བྱའི། གསོ་བ་གཞན་དག་ནི་དེ་ལྷ་མ་ཡིན་ནོ། རླུང་ནད་གསོ་བ་སྣུམ་དང་ནི། །དུགས་དང་སྐྱད?་པ་འཇམ་པ་དང། །མངར་སྐྱུར་ལན་ཚྭ་བཝོ་བ་ཡི། ཟས་དང་བསྐུ་ཞིང ་མཉེ་བ་དང། དཀྲི་སྣུམ་སྣམ་ཆུ་བླུགས་པ་དང། །གྲོ་ཆང་འབྲས་ཆང་བུ་རམ་ཆང། ཞེས་བྱ་བ་ལ། དེ་ལ་རླུང་ནད་གསོ་བ་ནི་སྣུམ་ཆོས་དང། དུགས་བྱས་ནས་སྤྱད་བར་བྱ་ལ་དེ་ཡང་འཇམ་པས་བྱའི། རྣོ་ཞིང་དྲག་པས་ནི་མི་བྱ་སྟེ། རྣོ་བ་ནི་རླུང་སྐྱེད ་པར་བྱེད་པ་ཡིན་པར་བཀག་པ་ཡིན་ནོ། །དེ་བཞིན་དུ་བཟའ་བར་བྱ་བའི་ཟས་ཀྱང་མངར་བ་དང། སྐྱུར་བ་དང། ལན་ཚྭ་དང། དྲོ་བས་བྱའི། རོ་གཞན་བཟའ་བར་མི་བྱའོ། །བསྐུ་ཞིང་མཉེ་བ་ཞེས་བྱ་བ་ནི་བསྐུ་བ་སྔོན་དུ་བྱས་པའི་མཉེ་བར་བྱ ་དགོས་པས་ན་བསྐུ་ཞིང་མཉེ་བའོ། །བཀྲི་བ་ནི་ཡན་ལག་རས་ལ་སོགས་པས་དཀྲི་བའོ། །སྣུན་འཇོམས་པའི་རྩ་ལ་སོགས་པ་བརྡེག་པ་སྟེ། གསོ་བའི་ཐབས་འདི་ནི་རླུང་ནད་ཅན་ཁ་ཡོ་པ་ལ་སོགས་པ་ལ་བྱའོ། །གཞོགས་ཕྱེད་ན་བ་ལ་སོགས ་པའི་རླུང་ནད་ལ་ནི་མི་བྱའོ། །སྨན་ཆུ་བླུགས་པ་ནི་རླུང་སེལ་བའི་སྨན་བསྐོལ་བ་དང། སྣུམ་དང་འོ་མ་ལ་སོགས་པའི་ཆུས་བླུགས་པའོ། །གྲོ་དང་འབྲས་ལས་བྱས་པའི་ཆང་ནི་གྲོ་དང་འབྲས་ཆང་ངོ། །བུ་རམ་ཆང་ནི་བུ་རམ་ཆང་ལས་བྱས ་བ་སྟེ་སྦྱར་བའི་ཆང་ངོ། །སྣུམ་དྲོ་འཇམ་རྩི་བཏང་བ་ནི། འཇམ་རྩི་དེས་པ་དེ་དག་དང། ཞེས་སྨོས་པ་ལས་ནི། རྩུབ་པ་དང་གྲང་བ་བཀག་པ་ཡིན་ནོ། །འཇམ་རྩི་སྨོས་པ་ནི་ངེས་པར་འམ་རྩི་བྱ་དགོས་པའོ། །འཇམ་རྩི་དེས་པ་ཞེས་བྱ་བ་ནི། ལས་དང་དུས ་དང་སྦྱོར་བ་ལས་འཇམ་རྩ་ལྔ་བཅུ་རྩ་གསུམ་བྱ་བ་ནི་འཇམ་རྩི་ངེས་པའོ། །དེ?་དགའ་ནི་མྱ་བ་ན་ལ་སོགས་པ་བློ་འཁྲུག་པར་བྱེད་པའི་དངོས་པོ་སྤངས་ལ་ཡིད་དུ་འོང་བའི་ཡུལ་བསྟེན་པའི་བདེ་བས་གནས་པའོ། །སྐྱེ་གནས་དུ་མའི་སྣུམ་དག་ནི། ཞེས ་བྱ་བ་ནི། སེམས་མེད་པ་དང་སེམས་ཡོད་པའི་དབྱེ་བས་ཕྱེ་བའོ། །དེ་ཡང་དྲོད་ཆེ་འཇུ་བར་བྱེད་གཡོས་སྦྱར། །ཁྱད་པར་དུ་ནི་ཤ་ཚེན་དང། །ཏིལ་མར་དང་སྦྱར་འཇམ་རྩི་བྱ། ཞེས་བྱ་བ་ལ། སྨན་དྲོད་ཆེ་ཞིང་འཇུ་བར་བྱེད་པ་དང། །ལྷན་ཅིག་བཙོས་ཤིང ་གཡོས་སུ་སྦྱར་བའོ། །ཡང་རླུང་དེ་འཁྲུགས་པར་གྱུར་པ་ལ་གསོ་བ་ཐམས་ཅད་ཀྱི་ནད་ན། ཁྱད་པར་དུ་མཆོག་ཏུ་གྱུར་པ་ནི། ཤ་ཚོན་པོའི་ཁུ་བ་སྟོབས་སྐྱེད་པར་བྱེད་པར་ནུས་པ་དེ་ཤ་ཁུ་དང། དེ་བཞིན་དུ་ཏིལ་མར་དང་སྦྱར་བའི་འཇམ་རྩི་དེ་ཉིད་ཀྱིས ་འཇམ་རྩི་བཏང་བའི་གསོ་བའི་ཐབས་ནི་མཆོག་ཡིན་ནོ། །མཁྲིས་པ་མར་སར་བླུད་པ་དང། །མངར་ཞིང་བསིལ་བའི་འཁྲུ་སྨན་དང། །མངར་དང་ཁ་དང་བསྐ་བ་ཡི། །ཟས་དང་སྨན་ནི་སྦྱིན་པ་དང། །དྲི་བཟང་བསིལ་ཞིང་ཡིད་འོང་བའི། །དྲི་ནི་ཉེ་བར་ ་བསྟེན་པ་དང། །མགུལ་དུ་དོ་ཤལ་སེ་མོ་དོ། །ནོར་བུ་བྲད་དུ་གདགས་པར་བྱ། །ག་བུར་ཙན་དན་ཨུ་ཤི་རིའི། །བྱུག་པས་སྐད་ཅིག་རེ་རེ་བསྐུ། །སྲད་ལ་རྡོ་ཐལ་ཅད?་ཟླ་ཟེར། །ཡིད་འོང་གླུ་དང་བསེར་བསིལ་བསྟེན། །བག་ཕེབས་མཛའ་བོ་བདེ་བ་དང། །ཞེས ་བྱ་བ་ལ། །སོགས་པའི་སྒྲས་ཚིགས་སུ་བཅད་པ་དྲུག་གིས་ནི་མཁྲིས་པ་འཁྲུགས་པར་གྱུར་པ་ན་མར་སར་བླུད་པ་ལ་སོགས་བས་གསོ་བར་བྱ་བ་དང། དེ་བཞིན་དུ་མངར་བ་དང། བསིལ་བ་དང་སྐྱུར་བའི་ནུས་པ་དང་ལྡན་པའི་སྨན་གྱི་བཀྲུ་སྨན་བཏང་བས་ནད་ཐུར་དུ་དབྱུང་བ ་ནི་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་ཁ་ཟས་ཀྱང་མངར་བ་དང་ཁ་བ་དང་བསྐ་བའི་བག་བཟའ་བ་དང། སྨན་ཡང་མངར་བ་དང་ཁ་བ་དང་བསྐ་བ་ཉིད་ཀྱིས་སྦྱིན་པས་གསོ་བར་བྱའོ། །དེ་བཞིན་དུ་དྲི་ཡང་བཟང་ཞིང་བསིལ་བ་དང། ་ཡིད་དུ་འོང་བའི་ཙན་དན་ལ་སོགས་པའི་དྲི་ཉེ་བར་བསྟེན་པས་གསོ་བ་དང། དེ་བཞིན་དུ་མགུལ་དུ་རྒྱན་གྱི་རྣམ་པ་གསེར་ལ་སོགས་པ་ལས་བྱས་པའི་དོ་ཤལ་དང་སེ་མོ་དོ་གདགས་པ་དང། དེ་བཞིན་དུ་མུ་ཏིག་གི་ཤེལ་བྲད་དུ་འཕྱང་བར་གདགས་པར་བྱ་བ ་དང། དེ་བཞིན་དུ་ནོར་བུ་སྟེ་བཻཌཱུརྱ་དང། པདྨ་རཱ་ག་དང། ཆུ་ཤེལ་དང། ཚོན་ཤེལ་ལ་སོགས་པའི་ཆུན་འཕྱང་བྲད་དུ་གདགས་པ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་ག་བུར་དང་ཙན་དན་དང། ཨུ་ཤིའི་རིའི་བྱུག་པས། སྐད་ཅིག་སྐད་ཅིག་མ་རེ ་རེ་ཞིང་བསྐུ་བ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་སྲོང་ལ་ཏེ། མཚན་མོའི་དང་པོའི་ཆ་ལ་རྡོ་ཐལ་ཅན་ཏེ། རྡོ་ཐལ་དཀར་པོས་བྱུགས་པའི་ཁྱིམ་དུ་འདུག་སྟེ། ཟླ་བའི་འོད་ཟེར་བསྟེན་ཅིང་ཡིད་དུ་འོང་ཞིང་རྣ་བར་སྙན་པའི་གླུ་དང། བསེར་བུ ་བསིལ་བ་བསྟེན་པ་ཡང་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་བག་ཕེབས་ཤིང་ཉམ་རང?་སུ་གནས་པའི་མཛའ་བོའི་བདེ་བ་ཆ་ལུགས་དང་སྤྱོད་པ་མཐུན་པ་ཡིད་ཚིམ་པར་བྱེད་པ་དང་དེ་བཞིན་དུ་བུ་ལ་གཞོན་སྐད་ཉམས་རེངས་སྨྲ། །ཆུང་མ ་ཡིད་མཐུན་ལས་བྱེད་ཅིང། །སྡུག་ཅིང་ཡོན་ཏན་རྣམས་ཀྱིས་བརྒྱན། །ཁང་པ་ཉིས་རིམ་ཆུ་བསིལ་སྨྲ། །སྐྱེད་མོས་ཚལ་རྫིང་བཟང་པོ་ནི། །རྒྱ་ཆེ་དང་ཞིང་སྟེགས་བཅས་པ། །ཆུ་བརླན་བྱེ་མ་བསིལ་བ་དང། །སྤྱིལ་བུ་ལུས་ཚད་ཤིང་ཁེབས་དང། །ཆུ་འགྲམ ་པདྨར་བཅས་པ་ནི། །བདེར་གནས་ཁྱད་པར་འོ་མ་དང། །མར་སར་བཟའ་དང་བཀྲུ་སྨན་བྱ། །ཞེས་པ་གང་དུ་ཆུང་བ་དང། །མི་གསལ་ཞིང་གསངས་དམའ་བར་སྨྲ་ཞིང་དགའ་བས་གནས་པ་དང། དེ་བཞིན་དུ་ཆུད་མ་ཡིད་མཐུན་པའི་ལས་བྱེད་པ་དང། ་སྡུག་ཅིང་ཡིད་དུ་འོང་བ་དང། ཡོན་ཏན་གྱི་ངང་ཚུལ་བཟང་པོའི་སྤྱོད་པས་བརྒྱན་པ་དང། འགྲོགས་པ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། ཁང་བ་ཡང་ཉི་རིམ་དུ་བྱས་ཤིང་བསིལ་བ་དང། ཆུ་རྒྱུན་བསིལ་བའི་རྒྱུན་འབབ་པ་བླུགས་པ་དང། སྐྱེད་མོས་ཚལ་རྫིང་བུ ་བཟང་པོ་དང་ལྡན་པར་གནས་པ་ཡང། མཁྲིས་པ་ལ་ཕན་ནོ། །དེ་བཞིན་དུ་རྒྱ་ཆེ་ཞིང་ཡངས་པའི་སྟེགས་དང་བཅས་བ་ཆུ་དང་བས་བརླན་ཞིང་གཤེར་བའི་བྱེ་མ་བསིལ་བར་གནས་པར་བྱེད་པ་ཡང་མཁྲིས་པ་ལ་ཕན་ནོ། །ཡང་ཆུ་འགྲམ་དེར་སྤྱིལ་བུ ་ལུས་ཀྱི་ཚང་ཙམ་འོ་མ་ལ་སོགས་པ་ལ་བྱས་པ་དང། ཤིང་བཟང་པོ་སྐྱེ་བ་དང། ཆུའི་འགྲམ་ན་པདྨ་དང་བཅས་པའི་གང་ཡིན་པ་དེ་ལྟ་བུར་གནས་པ་དང། དེ་བཞིན་དུ་བདེ་བར་གནས་པ་སྟེ། ལུས་དང་སེམས་དགའ་བར་བྱེད་པ་དེ་དག་ནི་མཁྲིས་པ་གསོ ་བའི་ཐབས་ཡིན་ནོ། །ཁྱད་པར་དུ་ནི་འོ་མ་དང་མར་གསར་བཟའ་བ་དང། །བཀྲུ་སྨན་བཏང་བ་ནི་མཆོག་ཐམས་ཅད་ཀྱི་ནང་ནས་གསོ་བའི་མཆོག་ཡིན་ནོ། །བད་ཀན་ཆོ་གར་ལྡན་པ་ནི། །བཀྲུ་སྨན་སྐྱུགས་སྨན་རྣོན་པོ་དང། །ཟས་ནི་རྩུབ་ཆུང་རྣོ་ཞིང་དྲོ། ། ་ཚ་ཞིང་ཁ་དང་བསྐ་བ་བཟའ་། །ཆང་ནི་ཡུན་རིང་ལོན་པ་བཏུང། །རྩེ་དགའ་དང་ནི་གཉིད་མི་ལོག་།རྩོལ་བའི་ཚུལ་ནི་སྣ་ཚོགས་དང། སེམས་ལས་རྩུབ་པས་མཉེ་བ་དང། །ཁྱད་པར་སྨན་ཁུ་སྐྱུགས་སྨན་བཏང། །སྦྲང་རྩི་ཚིལ་འཇོམས་སྨན་བསྟེན་བྱ། ་སྒྱུར་བ་དང་དུང་བདུག་མཁུར་བཀང་དགོ?་།བདེ་བ་མེད་གཉེད་བ་དེ་ཕྱིར་བྱ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱི་བད་ཀན་གྱི་རྒྱུ་སོགས་པ་དང། དེ་བཞིན་དུ་འཕེལ་བས་ནང་སྐྱེད་པར་ནུས་པ་དག་ལ་སྐྱུགས་སྨན་ལ་སོགས་པས་གསོ་བར་བྱའོ། །དེ་ལ ་སྐྱུགས་སྨན་ནི་ནད་གྱེན་དུ་དྲང་བའོ། །དེ་ཡང་ཆོག་དང་ལྡན་པར་བྱ་བ་སྟེ། གསོ་དཔྱད་ཀྱི་བསྟན་བཅོས་ལས་ཇི་སྐད་བཤད་པའི་ཆོགས་བཏང་བར་བྱ་ཞིང་སྦྱར་བར་བྱ་ལ། དེ་ཡང་རྣོ་བས་བྱ་དགོས་ཏེ། སྨན་རྣོ་བ་ལས་སྦྱར་བ་བཏང་ངོ། །དེ་བཞིན་དུ་བཀྲུ ་སྨན་ཡང་རྣོན་པོས་བཀྲུ་བ་ནི་བད་ཀན་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་ཟས་ཏེ་འདྲས་ཆན་ལ་སོགས་པ་རྩུབ་པ་དང། ཆུང་བ་དང། རྣོ་བ་དང། དྲོ་བ་དང། རོ་ཚ་བ་དང་ཁ་བ་དང། བསྐལ་བ་བཟའ་བར་བྱའོ། །དེ་བཞིན་དུ ་ཚད?་དུས་ཡུན་རིང་པོ་ལོན་པ་བཏུང་བ་ཡང་བད་ཀན་ལ་ཕན་ནོ། །དེ་བཞིན་དུ་རྩེ་བ་དང་དགའ་བ་སྟེ་ཡིད་ལ་འདོད་པའི་དགའ་བ་ལ་བརྟེན་པའི་བུད་མེད་ལ་བརྟེན་པ་དང། གཉིད་མི་ལོག་པ་སྟེ། མེལ་ཚེའི་ཚུལ་དུ་གནས་པ་ཡང་བད་ཀན་གསོ་བའི ་ཐབས་ཡིན་ནོ། །དེ་བཞིན་དུ་རྩོལ་བའི་ཚུལ་སྣ་ཚོགས་ཤིང་རྣམ་པ་ཐ་དད་དུ་ལུས་དུ་བ་པར་བྱེད་པ་ལག་སྟོབས་འགྱེད་པ་དང། རྟ་འདུལ་པ་ལ་སོགས་པ་ཡང་བད་ཀན་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་སེམས་ལས་ཏེ་དངོས ་པོ་རྗེས་སུ་དྲན་ཞིང་དཔྱོད་པ་དང། དེ་བཞིན་དུ་རྩུབ་པ་དང། ཕལ་ཆེར་རྗེས་རྩུབ་པས་མཉེ་བ་ཡང་བད་ཀན་གསོ་བའི་ཐབས་ཡིན་ནོ། །དེ་ལ་བད་ཀན་གྱི་གསོ་བ་ཐམས་ཅད་ལས་ཁྱད་པར་དུ་ཕན་པའི་ཐབས་ནི་སྨན་ཁུ་དང་སྐྱུགས ་སྨན་བཏང་བ་ཡིན་ནོ། །སྨན་ཁུ་ནི་འབྲུའི་ཁུ་བ་ལས་བྱས་པའོ། །ཚིལ་འཇོམས་པའི་སྨན་ནི་གུ་གུལ་ལ་སོགས་པའོ། །སྨྱུང་བ་ནི་ཟས་བཅད་པའོ། །དུད་པ་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་ནོ། །མཁུར་བ་དགང་ཞིང་དབོ་བ་ནི་སྨན ་ཁུས་ཁ་བཀང་ཞིང་དབོ་བའོ། །བདེ་བ་མེད་པ་ནི་བདེ་བ་ཉིད་འགེགས་པ་སྟེ། བདེ་བ་དང་མི་ལྡན་པ་འམ། སྡུག་བསྔལ་བའི་ཚུལ་ཅན་གྱི་ལུས་དང་སེམས་ཀྱི་ལས་ཤིན་ཏུ་བསྟེན་པས་གང་སྡུག་བསྔལ་སྐྱེ་བར་འགྱུར་བ་དེ་ནི་བདེ་བ་མེད་པ་སྟེ། ་དེ་ནི་བད་ཀན་གྱི་བདེ་པ་སྐྱེད་པར་བྱེད་པའི་ཕྱིར་བདེ་བའི་དོན་རྫོགས་པར་འགྱུར་རོ། །ནད་རྣམས་སོ་སོར་གསོ་བ་དག་།ནད་ལས་དཔགས་ཏེ་བཤད་པ་ཡིན། ལྡན་པ་དང་ནི་འདུས་པ་དག་།དེ་ནི་སོ་སོའི་ཚུལ་གྱིས་བརྟག་།ཅེས་བྱ་བ་ལ། གང་གིས་གསོ ་བ་གང་ཡིན་པ་ནད་རྣམས་སོ་སོའི་མཚན་ཉིད་ལས་དཔགས་ཏེ་བཤད་པ་དེ་ཉིད་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བྱ་ལ། ལྡན་པ་དང་འདུས་པའི་ནད་དག་ལ་ནི་སོ་སོའི་ཚུལ་ཇི་ལྟ་བ་ལས་བརྟག་པར་བྱ་སྟེ། དཔེར་ན་རླུང་དང་མཁྲིས་པའི་ནད་ལྡན་པ་ལ། རླུང་དང་མཁྲིས ་པ་གས་པའི་ཐབས་འདྲེན་མ་བརྟག་པར་བྱ་ལ། དེ་བཞིན་དུ་རླུང་དང་བད་ཀན་གྱི་ལྡན་པ་ཡང་རླུང་དང་བད་ཀན་འདྲེན་པའི་གསོ་པའི་ཐབས་བརྟག་པར་བྱའོ། །མཁྲིས་པ་དང་བད་ཀན་གྱི་ལྡན་པ་ཡང་མཁྲིས་པ་དང་བད་ཀན་གྱིས་གསོ་བའི་འདྲེན་མ ་བརྟོག་པར་བྱའོ། །དེ་བཞིན་དུ་འདུས་པ་ལ་ཡང་གསོ་བ་གསུམ་ཅི་རིགས་པར་དུས་གཅིག་ཏུ་བརྟག་པར་བྱའོ། །ཡང་ལྡན་པ་གསུམ་པོ་འདི་དག་ལ་སྒོ་གཞན་དག་ནས་གསོ་བའི་ཐབས་བསྒྲེ་བ་བསལ་བར་བྱ་བའི་ཕྱིར་སྨྲས་པ་ནི། རླུང་ནི་ཟུང་དུ་འཇུག ་པས་ན། རླུང་མཁྲིས་ཕལ་ཆེར་སོ་གའི་བྱ། བད་ཀན་རླུང་ཡང་དཔྱིད་ཀྱི་བྱ། །བད་ཀན་མཁྲིས་ལ་སྟོན་གྱི་བྱ། ཞེས་བྱ་བ་ལ། རླུང་དང་མཁྲིས་པའི་ཚུལ་ལ་ནི་ཕལ་ཆེར་སོ་གའི་ཆོ་ག་བྱ་སྟེ། སོ་གའི་དུས་ཀྱི་སྤྱོད་པ་དུས་སུ་སྤྱད་པའི་ལེའུ་ལས་བཤད་པའི་སྣམ ་པ་དང། བསིལ་བའི་ཆོ་ག་སྦྱར་བར་བྱའོ། །དེ་བཞིན་དུ་བད་ཀན་དང། རླུང་གི་ལྡན་པ་ལ་ནི་དཔྱིད་ཀྱི་ཞེས་བྱ་བ། དཔྱིད་ཀྱི་སྤྱོད་པའི་ཆོ་ག་དྲོ་བ་དང། རྩུབ་པ་ཞེས་བྱ་བའི་ཆོ་ག་སྦྱར་བར་བྱའོ། །དྲིས་པ་སོ་གའི་ཚེ་ནི་ཕལ་ཆེར་བསིལ་པའི་ཆོ་ག་བཤད་ལ། དཔྱིད ་ཀྱི་དུས་ནི་ཕལ་ཆེར་རྩུབ་པའི་ཆོ་ག་བཤད་ན་རླུང་སྐྱེ་བ་ཆོས་མཐུན་པ་སྟེ། གསོ་བར་ཇི་ལྟར་རིགས་ཏེ། རླུང་གི་རང་གི་མཚན་ཉིད་ནི་བྲད་བ་དང་རྩུབ་པ་ཡིན་པའི་ཕྱིར་རོ་ཞེ་ན། རླུང་ནི་ཟུང་དུ་འཇུག་པས་ན་ཞེས་སྨྲ་བ་ཡིན་ཏེ། གང་གི་རླུང་ཕྱིར་རོ ་རླུང་ནི་ཟུང་དུ་འཇུག་པ་ཡིན་པས། གང་གིས་འདྲེས་ཤིང་ལྡན་པར་གྱུར་པ་ཉིད་ཀྱིས་སྦྱོར་པའི་འཇུག་པ་གཅིག་པ་ཉིད་ཀྱིས་ན། བད་ཀན་དང་མཁྲིས་པ་ཆ་འདྲེས་པས་དེའི་གསོ་བ་དེ་ལ་ཕན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་གཞུང་ལས ་ཟུང་དུ་འཇུག་པ་རླུང་གི་མཆོག། ཡང་དག་འདྲེས་པས་གཉིས་བདག་ཅན། །མེ་དང་ལྡན་པས་སྲེག་པར་བྱེད། །ཟླ་བ་བསྟེན་པས་བསིལ་བར་བྱེད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་ན་རང་གི་མཚན་ཉིད་ཀྱི་གནས་སྐབས་ན་ཟུང ་དུ་འཇུག་པར་སྣང་པས་གསོ་བའང་ཟུང་དུ་འཇུག་པ་ཉིད་དུ་བྱ་བར་རིགས་སོ། །དེ་བས་ན་རླུང་མཁྲིས་པ་དང་ལྷན་ཅིག་གནས་སུ་ཟིན་ཀྱང། མཁྲིས་པའི་གསོ་བ་བྱར་རུང་སྟེ། དེ་གཉིས་ཟུང་དུ་འཇུག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་དང་ལྷན ་ཅིག་གནས་པ་ཡང་བད་ཀན་གྱིས་གསོ་བས་གསོ་བར་བྱར་རུང་ངོ། །བད་ཀན་དང་མཁྲིས་པའི་ལྡན་པ་ལ་ནི་སྟོན་གྱི་ཞེས་བྱ་བ་སྟོན་གྱི་དུས་སུ་བྱ་བའི་སྤྱོད་པ་བཤད་པ་དག་གིས་གསོ་བར་བྱའོ། །ད་ནི་གསོ་བའི་ཐབས་ཀྱི་དུས་སྨྲས་པ་ནི། །ནད་ནི ་དཀྱིལ་སོགས་དུས་སུ་བསལ། །ལྡང་ན་གཞན་གནོད་མེད་པར་གསོ། །ཐམས་ཅད་ལྡང་ན་ཚབས་ཆེ་བ། །ནད་གཞན་གནོད་པ་མེད་པར་གསོ། ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་ཞེས་བྱ་བའི་ནད་ནི་དཀྱིལ་སོགས་པའི་དུས་ཉིད་ཀྱི་གནས ་སྐབས་ན་བསལ་ཞིང་གསོ་བར་བྱའི། ལྡང་བར་གྱུར་པའི་དུས་ཀྱི་བར་དུ་བསྡད་པར་མི་བྱའོ། །གང་གི་ཚེ་སོགས་པའི་དུས་སུ་བཏང་སྙོམས་སུ་བྱས་པས་ལྡང་བར་གྱུར་པ་དེའི་ཚེ་ནད་དེ་ལྡང་བས་ན་ནད་གཞན་ལ་གནོད་ཅིང་ལྡང་བར་འགྱུར་བ་མེད་པའི་ཚུལ ་གྱི་གསོ་བར་བྱའོ། །དེ་ནི་འདི་སྐད་སྟོན་པ་སྟེ། ནད་དེ་ལྡང་བ་ན་དེ་དང་མི་མཐུན་པའི་ཁ་ཟས་ལ་སོགས་པ་ཆ་འདྲ་བས་ནད་གཞན་དག་ཅི་ནས་སློང་བར་མི་འགྱུར་པ་དེ་ལྟ་བུར་གསོ་བར་བྱའོ། །ཡང་གང་གི་ཚེ་ནད་ཐམས་ཅད་དུས་གཅིག་ཏུ་ལངས ་ན་དེའི་ཚེ་ཚབས་ཆེ་བའི་ནད་སྟོབས་དང་ལྡན་པ་ལྡང་བར་འགྱུར་བ་དེ། དང་པོར་གསོ་བར་བྱ་ལ། དེ་ཡང་ནད་གཞན་ལ་གནོད་པ་མེད་པར་གསོ་བ་སྟེ། ཅུང་ཟད་ལྡང་བའི་ནད་དག་ལ་གནོད་ཅིང་མི་མཐུན་པ་མང་པའི་ཚུལ་གྱིས་གསོ་བར་བྱ་ལ། ་གལ་ཏེ་ཆ་མཉམ་པར་འཁྲུགས་ན། རླུང་སྟོབས་དང་ལྡན་པ་མ་ཡིན་ལ་ཡང་ཆ་མཉམ་པར་གྱུར་པ་ལས་གང་གང་ཞིག་ལས་རང་བཞིན་གྱིས་འཕེལ་བར་འགྱུར་བ་དེ། ཚབས་ཆེ་བ་ཡིན་པས། ནད་གཞན་དག་ལ་གནོད་པ་མེད་པའི་ཚུལ་ཉིད ་ཀྱིས་གསོ་བར་བྱའོ། །ནད་ནི་སྦྱོར་བས་ཞི་བྱ་བ། གང་གཞན་ལྡང་བར་བྱེད་པ་དག། དེ་ནི་དག་མིན་གཞན་དག་ནི། །ལྡང་པར་མི་འགྱུར་རྣམ་དག་ཡིན་ཞེས་བྱ་བ་ལ། ནད་ཞི་པར་བྱ་བའི་སྦྱོར་བ་སྨན་དང་ཁ་ཟས་ལ་སོགས་པའི་སྦྱོར་བའི་ཚུལ ་གང་གིས་ནང་གཅིག་ཞི་པར་བྱས་ནས་གཞན་གཉིས་པ་ལྡང་བར་བྱེད་པའི་སྦྱོར་བ་དེ་ནི་རྣམ་པར་དག་པ་མ་ཡིན་ཏེ། བཟང་པོ་མ་ཡིན་ལ། གང་གཅིག་ཞི་བར་བྱས་ནས་གཞན་དག་ལྡང་པར་མི་བྱེད་པ་དེ་ནི་དག་པ་དམ་པ་ཡིན ་ཏེ། ཅིའི་ཕྱིར་ཞེ་ན། གནོད་པ་མེད་པའི་བྱ་བ་བཟང་པོ་བྱེད་པའི་ཕྱིར་རོ། །རྩོལ་དྲགས་ཚ་བ་རྣོ་བ་དང། གནོད་པར་གྱུར་པ་སྤྱད་པས་ཀྱང། ཁོད་པ་ཡན་ལག་རུས་པ་དང། །གནད་པུ་རླུང་ནི་འཇུག་པར་འགྱུར། །དེ་བཞིན་དེ་ལས ་རྩ་སྒོ་ནི། །རྣམ་པར་སྦྱངས་ལས་འབྱུང་བར་འགྱུར། །སྨིན་བྱས་རླུང་ནི་ཚར་བཅད་པས། །ཁོང་པའི་ནང་དུ་འབྱུང་བར་འགྱུར། ཞེས་བྱ་བ་ལ། རྩོལ་བ་དྲགས་པ་ནི་ལུས་ལ་སོགས་པ་ལ་གནོད་པར་འགྱུར་བའི་ལས་དྲག་པ་དང། ཚ་བ་རྣོ་བའི་མེ་ཆེན་པོ་ལ ་བརྟེན་པ་དང། གནོད་པར་འགྱུར་ཞིང་ལོག་པའི་ལས་སྤྱད་བ་ལས་ཀྱང། ཁོང་པ་སྟེ་ཟས་ཞུ་བ་དང་མ་ཞུ་བའི་གནས་ཞེས་བྱ་བ་ལ། ཡན་ལག་དང་རུས་པ་དང་གནད་དུ་རླུང་ལ་སོགས་པའི་ནད་མྱུར་དུ་འཇུག་པར་འགྱུར་རོ། །དེ་ལ་ཡན་ལག་ནི་ཁྲག ་ལ་སོགས་པའི་ལུས་ཟུངས་རྣམས་དང་པགས་པའོ། །རུས་པ་ནི་རུས་པའི་ཚིགས་རྣམས་སོ། །གནད་ནི་སྙིང་དང་མགོ་བོ་ལ་སོགས་པ་སྟེ། དེ་དག་ཏུ་རླུང་མྱུར་བའི་བདག་ཉིད་ཙམ་ཡིན་པས་ན་ནད་འཇུག་ཅིང་ལྡང་བར་བྱེད་དོ། །དེ་བཞིན་དུ ་ཡན་ལག་དང་རུས་པ་དང། གནད་རྣམས་ལ་ཡང་ཁོང་པའི་ནང་དུ་འང་ནད་ཞུགས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྩ་རྣམས་ཀྱི་སྒོ་གང་ཡིན་པ་དེ་རྣམ་པར་སྦྱངས་བས་རྣམ་པར་དག་པའི་ཕྱིར། དེ་ཁོང་པར ་འབྱུང་བར་འགྱུར་བ་དང། དཀྱེལ་གསོགས་ཤིང་འཕེལ་བར་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་འཟགས་ཤིང་ཞུ་བ་སྟེ། ལན་ཚ་དང་འོ་མ་ལ་སོགས་པ་འཛག་པར་འགྱུར་བའི་ཟས་ཟོས་པས་འབྱུང་བར་འགྱུར་བ་དང། དེ་བཞིན ་དུ་སྨིན་པ་སྟེ། སྨིན་པར་བྱ་བ་ལ་སོགས་པ་སྟེ། མ་ཞུ་བ་མེད་པར་བྱས་པས་ཁོང་པའི་ནང་དུ་ཞུགས་པར་འགྱུར་རོ། །ཞེས་བྱ་བར་སྦྱར་བ་དང། དེ་བཞིན་དུ་རླུང་འཐོར་བ་དང་སྡུད་པར་བྱེད་པ་ཚར་བཅད་ཅིང་ཞུ་བར་བྱེད་པ་ཁོང་པའི ་ནང་དུ་ནད་དེ་འདུ་ཞིབ་འབྱུང་བར་འགྱུར་བ་ཡིན་ནོ། །དེར་གནས་ནས་ཀྱང་རྒྱུ་དག་ལས། །སྡོད་ཅིང་རིང་དུ་ཐོགས་པ་ཡིན། །དེ་ནི་དུས་སོགས་སྟོབས་ཐོབ་ནས། གདན་ལ་བརྟེན་ཀྱང་ལྡང་བར་བྱེད། །ཅེས་བྱ་བ་ལ། ཁོང་པའི་ནང་དེར་གནས ་ནས་དེ་ལྷན་ཅིག་བྱེད་པའི་རྒྱུ་དག་དང་མ་ཕྲང་ན་སྡོད་ཅིང་རིང་དུ་ཐོགས་ཏེ། རང་གི་ཤུགས་འབྱིན་པར་མི་བྱེད་དེ། །དེ་ལྡང་པའི་རྒྱུ་གང་ཡིན་ཚེ་མ་ཚང་བས་ནད་སྐྱེད་བའི་ནུས་པ་དང་མི་ལྡན་འཚོ་འགྱུར་བའི་རྒྱུ་གཞན་དག་ལ་སྡོད་ཙོང་རྒྱུ་མང་པོ ་ལག་ཞེས་པས་ན་དེ་ལྡང་བས་ན་འགོར་བ་ཡིན་ནོ། །དེ་ནས་དེ་དུས་དང་གནོད་བྱ་དང། ཡུལ་དང་རང་བཞིན་གྱི་སྟོབས་ཀྱི་ནུས་པ་ཐོབ་ཅིང་རྙེད་ནས་ལྡང་བར་བྱེད་དོ། །དེའི་ཚེ་གཞན་དག་ལ་བརྟེན་ཀྱང་ཞེས་བྱ་བ་ལ། ཕ་རོལ་པོ་དག་ལ་བརྟེན་ཅིང་གནས་ཀྱང་རྒྱུའི ་ཚོགས་པ་རྙེད་ན་ལྡང་བར་འགྱུར་རོ། །དེ་ལ་གནས་གཞན་གནས་བ་ནི། །དེ་ཉིད་སྟོབས་ནི་མེད་ཉིད་ལ། །གསོ་བར་བྱ་བ་རང་གི་ནི། །སྟོབས་ཀྱིས་གཞན་ཟིལ་གནོན་བྱེད་ནའོ། །ཞེས་བྱ་བ་ལ། དེ་ལ་ནད་དེ་རྣམས་ལྡང་ནས་གནས་གཞན་ན་གནས་པའི་ཚེ་དེ་ཉིད་གསོ་བར་བྱའོ། །ཞེས ་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི། ངེས་པར་གཟུང་པ་སྟེ། ནད་དེ་རྣམས་ཀྱི་ནད་ན་གནས་གཞན་ན་གནས་པ་དེ་ཉིད་ཅེས་པ་དེ་དང་འབྲེལ་པའི་བླ་ཐབས་སུ་ཞུགས་པ་དང། འབྲོལ་བ་དེ་ནི་གཞན་གྱི་གནས་ན་གནས་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྟོབས་ནི་མེད ་ཅེས་བྱ་བ་སྟེ། སྔ་ན་ཡོད་པའི་ནད་སྟོབས་ཆུང་བ་གཞན་དག་ལ་གནས་པའི་བླ་གཉན་ལ་གསོ་བ་བྱའི། ནད་སྔ་མ་སྟོབས་དང་ལྡན་པ་ལ། བླ་ཐབས་སུ་བྱུང་བ་ལ་བླ་གཉན་དང་པོ་གསོ་བ་ནི་མ་ཡིན་ནོ་ཉིད་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། གནས ་གཞན་དང་འབྲེལ་བ་ཉིད་བླ་གཉན་དུ་གྱུར་པ་ཡིན་ནོ། །ཡང་ན་སྔ་མ་སྟོབས་དང་ལྡན་པ་ལ་གནས་ན་ཅི་ཞིག་བྱ་ཞེ་ན། རང་གི་ནི་སྟོབས་ཀྱིས་གཞན་ཟིལ་བྱེད་ནའོ་ཞེས་བྱ་བ་ཡིན་ཏེ། རང་ཉིད་གཞན་གྱི་གནས་ན་གནས་པ་ན་གསོ་བ་བྱའོ། །གཞན་གྱི་གནས ་དང་འབྲེལ་བའི་ནི་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། སྟོབས་ཀྱི་རང་གི་ནུས་པས་ནད་གཞན་ཟིལ་གྱིས་གནན་ཅིང་རྒྱལ་བར་ནུས་པ་དེ་གསོ་བར་བྱ་སྟེ། གང་སྟོབས་དང་ལྡན་པ་གསོ་བའི་དོན་ནོ། །ཅི་གསོ་བའི་ངེས་པ་འདིར་ཟད་དམ་རྣམ་པ་གཞན་དག་ཀྱང་འདི་ལ ་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། བླ་གཉན་ནད་ནི་ཞི་བྱས་ན། །རང་གནས་གནས་པ་གསོ་མི་དགོས། །ཞེས་བྱ་བ་སྟེ། ནད་བསལ་བའི་ཆོ་ག་ཇི་སྐད་བཤད་པས་བླ་གཉན་ནད་སྟོབས་ཆུང་བ་ཡིན་ཀྱང། ཞི་བར་བྱ་ཞིང་རྣམ་པར་གསལ་ན་རང་གི་གནས་ན་གནས ་པ་ཡང་གསོ་མི་དགོས་ཏེ། བླ་གཉན་སྟོབས་ཅན་ལ་ནི་རང་གསོ་བའི་དང་འདྲ་བར་གསོ་དགོས་སོ། །དེ་ནས་གཞན་གྱི་གནས་སུ་སོང་བའི་ནད་ནི་སྟོབས་ཆུང་བ་ཡིན་ཡང་དེ་ཉིད་གསོ་བར་བྱའོ། །ཡང་ན་རང་གི་གནས་ན་གནས་པའི་ནད་གསོས་ནས། དེའི་འོག ་ཏུ་བླ་གཉེན་གསོར་ཡང་རུང་ངོ། །སྟོབས་དང་ལྡན་པའི་ནད་གཞན་གྱི་གནས་ན་གནས་པ་ལ་ནི་རང་གི་དང་འདྲ་བར་གསོ་བར་བྱའོ། །ད་ནི་རྩིབ་ལོགས་སུ་འགྲོ་བའི་ནད་རྣམས་ལ་མཆོག་ཏུ་གསོ་བ་བྱ་བ་བསྟན་པའི་ཕྱིར་སྨྲས་པ་ནི། ཕལ་ཆེར་རྩིབ་ལོག་འགྲོ ་བའི་ནད། །ནད་པ་ཡུན་རིང་ཉོན་མོངས་བྱེད། །ལུས་མའི་སྟོབས་ནི་ཤེས་པ་ཡིས། དེ་ལ་རིངས་ཐབས་དག་མི་བྱ། །དེ་ནི་སྦྱོར་བས་ཞི་བ་འམ། །ཁོང་དུ་བདེ་བར་བསྡུ་བར་བྱ། །ཁོང་དུ་འདུས་པར་ཤེས་ན་ནི། །ཇི་ལྟར་ཉེ་བར ་བཞིན་དུ་བསལ། ཞེས་བྱ་བ་ཡིན་ནོ། །ཕལ་ཆེར་ཞེས་པ་མང་དུ་རྩིབ་ལོགས་སུ་འགྲོ་ཞིང་རྩིབ་ལོགས་གཡས་གཡོན་ན་རྒྱུ་བའི་ནད་རླུང་ལ་སོགས་པ་ནི་ནད་པ་སྡུག་བསྔལ་བ་དང་ལྡན་པ་ཡུན་རིང་ཞིང་དུས་རིང་དུ་ཉོན་མོངས་ཤིང་སྡུག་པར་བྱེད་དོ། ནད ་རྩིབ་ལོགས་སུ་འགྲོ་བ་དེ་རྣམས་ལ་དེ་ནི་ལུས་ཀྱི་མེ་སྟོབས་ཤེས་ཤིང་རྟོགས་པའི་སྨན་པས་ནད་དེ་ལས་མྱུར་བར་རིངས་ཐབས་སུ་དེའི་གསོ་བ་དག་མི་བྱའོ། །འོ་ན་ཅི་ཞིག་བྱ་ཞེ་ན། ནད་སྦྱོར་བར་ཤེས་པ་རིག་པ་དང་ལྡན་པས་ཞི་བར་བྱ་བ་འམ། ་ཁོང་པའི་ནང་དུ་བདེ་བར་བསྡུ་ཞིང་ནད་དུ་ཆུད་པར་བྱས་ལ། །དེའི་འོག་ཏུ་གཟོད་གསོའོ། །དེ་ཡང་ནད་དེ་ཁོང་དུ་འདུས་ཤིང་ཆུད་པར་ཤེས་ནས་རྩིབ་ལོགས་སུ་འགྲོ་བའི་ནད་དེ་ནང་དུ་བསྡུས་ནས། སྣ་འམ་ཁ་འམ་བཤང་སྒོ་ལ་སོགས་པ་ནད ་གང་དང་ཉེ་བའི་ལམ་དེ་ནས་སྐྱུགས་སྨན་ལ་སོགས་པས་བསལ་བར་བྱ་ཞིང་ཕྱིར་གདོན་པར་བྱའོ། །རླུང་ལ་སོགས་པའི་དྲི་མ་རྩེ་མ་ཞིལ་ཞིང་མ་ཞུ་བ་ནི་བུ་ག་འགགས་པ་ལ་སོགས་པའི་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར་སྨྲས་པ་ནི། བུ ་ག་འབྱུང་འགགས་སྟོབས་ཉམས་ཤིང། །ལྕི་ཞིང་རླུང་ནི་ཁོང་དུ་འཁྲུལ། །ཁོང་སྙོམས་མི་འཇུ་མཚིལ་མ་མང། །གཤང་གཅི་སྲི་དུབ་ཟས་མི་ལེན། །ནད་རྩེ་མ་ཞིལ་སྤྱི་ཡི་རྟགས། །རྩེ་ཞིལ་དེ་ལས་བཟློག་པ་ཡིན། །ཞེས་བྱ་བ་ལ། བུ་ག་འབྱུང་བ ་འགགས་པ་ནི། ནད་ཆེན་དུ་མི་འབྱུང་བའོ། །སྟོབས་ཉམས་པ་ནི་སྟོབ་པ་བཅོམ་པའོ། །ལྕི་བ་ནི་ལུས་དང་ཡན་ལག་ལྕི་བའོ། །རླུང་ཁོང་དུ་འཁྲུལ་པ་ནི་རླུང་གསལ་བར་མི་རྒྱུ་བའོ། །ཁོང་སྙོམས་པ་ནི་སྤྲོ་བ་ཆུང་བའོ། །མི་འཇུ་བ་ནི་ཟས་འདུ?་བའི? ་བྱེད་པའོ། །མཆིལ་མ་མང་བ་ནི་མཆིལ་སྣབས་འཛག་པའོ། །བཤང་གཅི་སྲི་བ་ནི་བཤང་བ་ལ་སོགས་པ་འགགས་པའོ། །དུབ་པ་ནི་ཉམས་བྲི་བའོ། །ཟས་འབྲི་བ་ནི་ཟད་ལ་སྲིད་པ་མེད་པའོ། །དེ་ལྟ་བུའི་རྟགས་རྣམས་ནི། །ནད་རྩེ་མ་ཞིལ་ཞིང་དང་གཏིང ་མས་ཕྱིན་བའི་སྤྱིའི་རྟགས་ཡིན་ནོ། །རྩེ་ཞིལ་དེ་ལས་བཟློག་པ་ཡིན་ཞེས་བྱ་བ་ནི། རྩེ་བ་ཅིལ་ཞིང་ནད་ཞི་བའི་རྟགས་ནི་བཤད་མ་ཐག་པའི་ས་ལོག?་བཟློག་པ་སྟེ། དེ་ཡང་རྩ་སྤུབས་དག་པ་དང་སྟོབས་སྐྱེ་བ་དང་ཡང་བ་ཉིད་དང། རླུང་ལུགས་སུ་འབྱུང་བ་དང། ཁོང་སྙོམ་པ ་མེད་པ་དང། ཟས་འཇུ་བ་དང་མཆིལ་མཉུང་བ་དང། དྲི་མ་རྣམས་བདེ་བར་འབྱུང་བ་དང། ཟས་ཡི་གར་འོང་བ་དང། སྤྲོ་བ་དང་ལྡན་པ་སྟེ། འདི་དག་ནི་ནད་མེད་པའི་མཚན་ཉིད་ཡིན་ནོ། །ཡང་མ་ཞུ་བའི་མཚན་ཉིད་ཅི་ཞིག་དང་ལྡན་ན། རླུང་ལ་སོགས་པ་མ་ཞུ་བའམ། ནད་ཀྱི་ལྷག་མ་དང ་བཅས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཁོང་པའི་དྲོད་སྟོབས་ཆུང་ཉིད་ཀྱིས། །ལུས་ཟུངས་དང་པོ་མི་འཇུ་བ། །ནད་ནི་ཕོ་བར་ཞུགས་པ་དག། དངས་མ་མ་ཞུ་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས་ཟུངས་ཀྱི་དང ་པོ་དང། དངས་མ་ཆེན་པོ་ཞེས་བྱ་བ་སྟེ་ཁོང་པའི་དྲོད་ཆུང་བ་ཉིད་ཀྱིས་འཇུ་ཞིང་སྨིན་པར་གྱུར་པ་རླུང་ལ་སོགས་པའི་ནད་དང་འདྲེས་པ་རང་གི་གནས་ཕོ་བར་ཞུགས་པ་གནོད་པར་རྣམ་པར་འགྱུར་བ་དེ་ནི་དངས་མ་མ་སྨིན་ཅིང་མ་ཞུ་བ་ཡིན་ནོ། །ཞེས་པ ་??་དག་འདོད་དོ། །གཞན་དག་ནད་ཉིད་བར་འཁྲུགས་པ། །རབ་གདུག་ཕན་ཚུན་འདོམ་ལས་བྱུང། །ཀོ་ཏྲ་བ་ཡི་དུག་བཞིན་དུ། །ནད་ཚབས་ཆེན་པོ་འབྱུང་བར་བཤད། །ཅེས་བྱ་བ་ལ། སློབ་དཔོན་གཞན་དག་ནི་མ་ཞུ་བའི་འབྱུང་བའི་ཚུལ་དུ ་འདོད་དེ། རླུང་ལ་སོགས་པའི་ནད་ཉིད་རབ་ཏུ་འཁྲུགས་ཤིང་ཤིན་ཏུ་གསོག་པ་ལས་དུས་ཕྱིས་ཞིག་ན་ཁ་ཟས་མ་ཞུ་བ་རབ་ཏུ་འདུག་པ་ཕན་ཚུན་གཅིག་ལ་འདོམ་ཞིང་འདྲེས་པར་གྱུར་གཉིད་ལས་མ་ཞུ་བ་འབྱུང་བར་འདོད་དོ། །དེ་ཡང་དཔེར་ན་ཀོ་ཏྲ ་བ་ཞེས་བྱ་བའི་འབྲུ་ལས་དུས་དང་ཡུལ་གྱི་རྒྱུ་ལ་བལྟོས་ནས་དུག་ཏུ་འགྱུར་བར་བཤད་དོ། །དེས་ན་འདི་འདི་སྐད་དུ་སྟོན་པར་འགྱུར་ཏེ། དཔེར་ན་ཀོ་ཏྲ་བ་ཉིད་དུག་ཏུ་འགྱུར་བ་བཞིན་དུ་ནད་རྣམས་ཀྱང་ཚབས་ཆེན་པོར ་འཁྲུག་པ་ལས་རང་ཉིད་ཀྱི་ཆ་ལས་མ་ཞུ་བ་འབྱུང་བར་འགྱུར་རོ། །དེ་བས་ན་རླུང་ལ་སོགས་པ་ལས་མ་ཞུ་བའི་དོན་གཞན་དག་ཡིན་པར་ཤེས་པར་བྱ་བའི་ཕྱིར་སྨྲས་པ་ནི་ནད་ཚབས་དེ་དང་འདྲེས་པ་དང། གནོད་པ་གནོད་བྱ་གནོད་འགྱུར་པར་ནད་གཞན་གང་དག ་དེ་ལས་འབྱུང། །མ་ཞུ་བ་དང་བཅས་པར་བཤད། །ཅེས་བྱ་བ་ལ། །ཇི་སྐད་དུ་བཤད་པའི་མ་ཞུ་བ་དེ་དང། རླུང་ལ་སོགས་པའི་ནད་འདྲེས་ཤིང། གཅིག་ཏུ་གྱུར་པ་ལ་མ་ཞུ་བ་དང་བཅས་པ་ཞེས་བཤད་དོ། །དེ་བཞིན་གནོད་བྱ་སྟེ་དངས་མ་ལ་སོགས་པའི་ལུས ་ཟུངས་རྣམས་དང་བཤང་བ་ལ་སོགས་པའི་དྲི་མ་དེ་རྣམས་ཀྱང་མ་ཞུ་བ་དེ་ཉིད་ཀྱིས་གནོད་པར་གྱུར་པ་ལ་མ་ཞུ་བ་དང་བཅས་པ་ཞེས་བྱའོ། །དེ་བཞིན་དུ་ནད་གཞན་གང་དག་རླུང་ཁང་དུ་འཁྱིལ་བ་ལ་སོགས་པ་དེ་ལས་བྱུང་བ་དེ་རྣམས་ནི་ནད་མ་ཞུ་བ ་དང་བཅས་པ་དང་དེ་བཞིན་དུ་གནོད་བྱ་ལུས་ཟུངས་རྣམས་དང་དྲི་མ་རྣམས་ལས་བྱུང་བ་ལ་ཡང་མ་ཞུ་བ་དང་བཅས་པ་ཞེས་བཤད་དོ། །ཅི?་དེ་དག་བཀྲུ་སྨན་དང་སྐྱུགས་སྨན་ལ་སོགས་པས་མོད་ལ་དཔྱད་བར་བྱ་འམ། འོན་ཏེ་བསལ་བར་མི་བྱ་ཞེ ་ན། དེའི་ཕྱིར་སྨྲས་པ་ནི། དེའི་ལུས་ཀུན་ཞུགས་གྱུར་པ། །ནད་ནང་ཞུགས་ཏེ་རྩེ་མ་བཅིལ། །མ་སྨིན་འབྱུང་བར་མི་བྱ་སྟེ། །མ་སྨིན་ཤིང་ཏོག་ཁུ་བར་མཚུངས་ཞེས་བྱ་བ་ལ། མ་ཞུ་བ་དང་འདྲེས་ཤིང་ལྷན་ཅིག་གནས་པའི་ནད་དེ། ལུས་ཀུན་ཏུ་ཁྱབ ་ཅིང་མགོ་ནས་རྐང་པའི་བར་དུ་ཞུགས་པས་ཁྱབ་པར་བྱས་པ། །ནད་ནང་དུ་ཞུགས་པས་རྩ་དང་རྒྱུས་པ་ཕྲ་མོ་ཡན་ཆད་ཀྱི་ཚིགས་ལ་ཁྱབ་ཅིང་ཞུགས་པ་དངས་མ་ལ་སོགས་པའི་ལུས་ཟུངས་ལ་ཞེན ་ཅིང་འབྱུང་བ། གནས་ལས་མ་འགུལ་བ་དེ། སྨིན་ཅིང་སྙི་བར་མ་བྱས་པར་སློན་སྨན་ལ་སོགས་པས་དབྱུང་བར་མི་བྱ་སྟེ། དེ་ནི་སྨིན་པའི་ཆོ་ག་མ་བྱས་པར་བྱུང་ན་གནོད་པ་ཆེན་པོ་ཉིད་དུ་འགྱུར་རོ། །འདི་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར། མ་སྨིན་ཤིང་ཏོག་ཁུ ་བར་མཚུངས་ཞེས་བྱ་བ་སྨོས་པ་ཡིན་ཏེ། མཚུངས་ཤེས་བྱ་བའི་སྒྲ་ནི་འདྲ་བའི་དོན་རྟེད་པར་ན་མ་དུ་ལུང་ཀ་དང། སྐྱུ་རུ་ར་དང། རྒུན་འབྲུ་ལ་སོགས་པའི་ཤིང་ཏོགས་སྨིན་ཅིང་མཆིས་པ་ལས། ཁུ་བ་བཙིར་བ་ན་ཁུ་བ་ཐམས་ཅད་འབྱུང་བར་མི་ནུས་ཀྱི། ་འབྲས་བུ་ཉིད་བརླག་བར་འགྱུར་ཏེ། དུས་ལ་མ་བབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནད་བར་བསྟན་པའི་དོན་གསལ་བ་བཤད་པའི་ཕྱིར་སྨྲས་བ་ནི། དེ་ནི་འབྱུང་བར་དཀའ་བས་ན། །རྟེན་ནི་འཇིགས་པར་བྱེད་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། གང་གི ་ཕྱིར་ནད་མ་སྨིན་པ་དེ་གནོད་པར་བྱེད་ཅིང། ལུས་ཀུན་ལ་ཁྱབ་པ་ལུས་ཟུངས་ལ་ཞན་ཞིང་འདྲེས་པས་སྨིན་པའི་ཆོ་ག་མ་བྱས་པར་དབྱུང་དཀའ་བ་ཡིན་ཏེ། དེས་ན་རྟེན་ཞེས་བྱ་བ་ལུས་ཉིད་འཇིག་ཅིང་ཉམས་པར་བྱེད་པར་འགྱུར་ཏེ། ཤིན་ཏུ་དཀའ་བས་ཀྱང ་ཅུང་ཟད་ཙམ་ཡང་དབྱུང་བར་མི་ནུས་པ་ཡིན་ནོ། །དེ་དག་གི་སྨན་ཅི་ཞིག་ཡིན་པ་བསྟན་པའི་ཕྱིར་སྨྲས་པ་ནི། དེ་ནི་སྨན་དང་དྲོད་སྐྱེས་སྣུམ། །དུགས་བྱས་རྩེ་བཅིལ་ད་བསལ་བ། །ཇི་ལྟར་ཉེ་དང་སྟོབས་ཇི་བཞིན། །སྦྱང་བའི་དུས་སུ་བསལ་བར་བྱ། ཞེས་བྱ་བ ་ལ་ཉེས་པ་དེ་སྨིན་པ་ལ་སོགས་པ་བྱ་སྟེ། ནད་རྣམས་སྨིན་ཅིང་སུང་བར་བྱེད་པས་ན་སྨིན་པས་ཏེ། དེའི་ཕྱིར་སྨྲས་པ་མ་སྨིན་པ་ལུད་ཟུངས་ལ་ཞེན་པ་འབྱུང་བར་དཀའ་བ་སྟེ། སྨིན་པ་ལ་སོགས་པའི་རིམ་གྱི་གནས་པར་བྱ་ལ། དེའི་འོག་ཇི་ལྟར་ཉེ་བ་དང ་སྟོབས་ཇི་ལྟ་བ་བཞིན་དུ་སྦྱང་བའི་དུས་ལ་བབ་པ་དང། སྤྱད་བའི་སྨན་ཕྱི་བསལ་བར་བྱའོ། །དེ་ལ་ཇི་ལྟར་ཉེ་བ་ནི་ནད་གང་ལམ་གང་དང་ཉེ་དང་ནད་དན་ཞིབ་ཉིད་ནས་བསལ་པར་བྱའོ། །དེ་འང་མ་ཞུ་བའི་གནས་ལ་གནས་པ་ནི་སྐྱུག་སྨན་གྱིས་གསལ་བར ་བྱའོ། ཞུ་བའི་གནས་ལ་གནས་པ་ནི་མ་བཏང་བས་བསལ་བར་བྱའོ། །མགོ་བོ་ལ་གནས་པ་ནི་སྣ་ནས་བཏང་བས་སོ། །སྟོབས་ཇི་བཞིན་ཞེས་བྱ་བ་སྟོབས་དང་ནད་ཚབས་ཤིན་ཏུ་ཆེ་བ་ནི། སྨན་རྣོ་བ་དང་ཚད་ཆེ་བས་བསལ་བར་བྱའོ།། ་སྟོབས་འབྲིང་ཙམ་གིས་སོ། །སྟོབས་ཆུང་བ་ནི་འཇམ་པོས་སོ། །དེ་དག་ཉིད་བསལ་བར་བྱ་བའི་སྨྲས་པ་ནི། ཁ་ནས་རིགས་པས་སྨན་བཏང་བས། །མ་ཞུའི་གནས་ལས་ནང་མྱུར་བསལ། །ནམ་ཚོང་ཡན་ཆད་སྣ་སྨན་གྱིས། །ཞུ་བའི་གནས་ཡོད་མ་བཏང ་བསལ། ཞེས་བྱ་བ་ཡིན་ཏེ། ཁ་ནས་ཅི་རིགས་པར་སྨན་བཏང་བས་མ་ཞུ་བའི་གནས་ལས་ནད་མྱུར་དུ་བསལ་ཞིང་གདོན་པར་བྱའོ། །ནམ་ཚོད?་ཡན་ཆད་ཀྱི་ནད་ནི་སྣ་སྨན་བཏང་བས་བསལ་བར་བྱའོ། །ཞུ་བའི་གནས་ལྟེ་བ་མན་ཆད་ན་གནས་པ ་དག་ནི་མས་བཏང་བ་སྟེ། བཤད?་སྒོ་ནས་སྨན་བཏང་བས་ན་ནད་མྱུར་དུ་བསལ་བར་བྱའོ། །ནད་འབྱུང་བར་རྩོམ་པའི་མ་སྨིན་པར་ནི་རང་ཉིད་འབྱུང་ཡང་དགག་པར་མི་བྱ་སྟེ། ཁྲག་མཁྲིས་དང་ཚད་པར་འཁྲུ་བ་དང་པོར་འབྱུང་བ་ན། །དགག་པར་མི་བྱ་སྟེ། དེ ་ནི་ནང་དུ་མའི་རྒྱུར་འགྱུར་རོ། །ཞེས་བསྟན་པའི་ཕྱིར། སྟེང་མ་འོག་ཏུ་འབྱད་བར་རྩོམ། །ནད་ནི་རང་ཉིད་འབྱུང་བ་ན། །སྨན་གྱི་ནད་ནི་མི་དགག་སྟེ། །བཀག་ན་དེ་ཉིད་ནད་སྐྱེད་འགྱུར། ཞེས་བྱ་བ་ལ། སྟེང་གི་ལམ་ཁ་དང་སྣ་ཞེས་བྱ་བ་དང། འོག་གི་ལམ ་བཤད་སྒོ་དང་གཅི་སྒོ་ལས་ནད་རྣམས་འབྱུང་བར་རྩམ་ཞིང་ཕྱིར་ཕྱོགས་བར་སྨྲས་ནས་འཐགས་པ་མི་སྨན་པར་གྱུར་བ་དེ། རང་ཉིད་འབད?་མི་དགོས་པར་འབྱུང་ཞིང་འབབ་པ་ན། སྨན་གྱི་བཅད་པའི་ཚུལ་གྱི་ནད་དེ་མི་གཞབ་ཅིང་དགག ་པར་མི་བྱའོ། །དེ་ཡང་གང་གི་ཕྱིར་མ་སྨིན་པའི་ནད་རང་ཉིད་འབྱུང་བར་རྩམ་པ་སྟེ། ནན་གྱིས་བཀག་ན་དེ་ཉིད་ནད་སྐྱེ་བའི་རྒྱུར་འགྱུར་རོ། །དེ་བས་དང་པོར་ནད་འབྱུང་ལ། །བསྡད་དེ་ཕན་པ་བཟའ་བར་བྱ། ཞེས་བྱ་བ་ལ། དེ་བས་རྒྱུ་དེའི་ཕྱིར་དང་པོར་ནད་འབྱུང ་བ་ལ་ནན་གྱིས་བཀག་པ་ནི་ཤུགས་དགག་པའི་རྒྱུར་འགྱུར་བས་སྨན་གྱིས་མི་བཟློག་པར་བཏང་སྙོམས་སུ་བྱ་ཞིང་བསྡད་པར་བྱའོ། །གང་གིས་ཤེ་ན། ཕན་པ་བཟའ་ཞེས་བྱ་བ་སྟེ། ནད་པས་ཟས་སུ་མཐུན་པའི་ཁ་ཟས་ཕན་ཞིང་བསོད་པ་བཟའ་ཞིང་ལོངས ་སྤྱོད་བར་བྱའི། དེར་ནི་དགག་པར་ཡང་མི་བྱ་ལ། སྦྱོར་བར་ཡང་མི་བྱ་སྟེ། རང་ཉིད་འབྱུང་པ་ཡིན་པའི་ཕྱིར། བཏང་སྙོམས་སུ་བསྡད་པ་ཉིད་འདིར་སྨན་ཡིན་ནོ། །འཁྱིལ་ལ་སྨིན་པ་དེ་དང་དེས། །སྨིན་བྱས་དེ་བཞིན་བསལ་བར་བྱ། ཞེས་བྱ་བ་ལ། མ་སྨིན ་པའི་ནད་དེ་འཁྱིལ་ཞིང་འགགས་ན། སྨིན་པར་བྱེད་པའི་སྨན་དེ་དང་དེས་སྨིན་པར་བྱས་ཤིང་དབྱུང་དུ་རུང་བར་བྱས་ནས། དེ་བཞིན་དུ་སྔར་ཇི་སྐད་བསྟན་པའི་ལམ་ནས་འབྱུང་ཞིང་བསལ་བར་བྱའོ། །སྔར་ནད་ཀྱི་དཀྱེལ་སོགས་དུས་སུ་བསལ་ཞེས ་སྨོས་ན། དེ་ཅི་ལྟར་བསལ་བར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དབྱར་སྟོན་ཐ?་ཆུང་དཔྱིད་ཟླ་འབྲིང། །ཐུན་མོང་དུས་སུ་རིམ་བཞིན་དུ། །སོ་ག་དབྱར་དང་དགུན་བསགས་པའི། །རླུང་སོགས་ནད་ནི་མྱུར་དུ་བསལ། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སོ་ག་ལ་སོགས་པ་དུས་གང་དུ?་མན?་གསོ? ་བར་བྱ་བ་བགགས་པར་འགྱུར་པའི་ནད་ནི་དབྱར་ཟླ་ཐ་ཆུང་དང། སྟོན་ཟླ་ཐ་ཆུང་དང། དཔྱིད་ཟླ་འབྲིང་པོ་དག་ཐུན་མོང་གི་དུས་ཡིན་པས། རིམ་བཞིན་དུ་བསལ་བར་བྱ་སྟེ། སོ་གའི་དུས་སུ་བསགས་པའི་རླུང་དབྱར་ཟླ་ཐ་ཆུང་ལ་བསལ་བར་བྱའོ། ་དབྱར་བསགས་པའི་མཁྲིས་པ་སྟོན་ཟླ་ཐ་ཆུང་ལ་བསལ་བར་བྱའོ། །དགུན་བསགས་པའི་བད་ཀན་དཔྱིད་ཟླ་འབྲིང་པོ་ལ་བསལ་བར་བྱའོ། །སོ་ག་དབྱར་དང་དགུན་གྱི་ཚེ། །རབ་ཚ་ཆར་དང་གྲང་བའི་དུས། །ཞེས་བྱ་བ་ལ། གང་གི་ཕྱིར་སོ་ག་དང་དབྱར ་དང་དགུན་གྱི་ཚེ་ནི་རིམ་པ་བཞིན་དུ་རབ་ཏུ་ཚ་བ་དང། ཆར་འབབ་པ་དང་གྲང་བའི་དུས་ཡིན་ནོ། །དེ་ལ་རབ་ཏུ་ཚ་བ་ནི་སོ་གའི་དུས་སོ། །རབ་ཏུ་ཆར་པ་འབབ་པ་ནི་དབྱར་གྱི་དུས་སོ། །རབ་ཏུ་གྲང་བ་ནི་དགུན་སྟོད་དང་དགུ་སྨད་ཀྱི་དུས་སོ། །དེ་རྣམས ་དུས་མཚུངས་ཐུན་མོང་སྟེ། །དེ་ཚེ་ནད་ནི་མི་བཟད་བསལ། ཞེས་བྱ་བ་ལ་རབ་ཏུ་ཚ་བ་དང། ཆར་འབབ་པ་དང། གྲང་བའི་དུས་སོ་ག་དང་དབྱར་དང་དགུན་ཞེས་བྱ་བ། དེ་རྣམས་ཀྱི་དུས་མཚམས་ཐུན་མོང་གྲང་བ་དང་དྲོ་བ་དང ་ཆར་འབབ་པ་ཆ་མཉམ་པའི་དུས་དེའི་ཚེ། རླུང་ལ་སོགས་པའི་ནད་མི་ཟད་ཅིང་གནོད་པ་བསལ་ཞིང་སྤྱད་བར་བྱའོ། །ཐ་མལ་བདེར་གནས་དབང་བྱས་ཀྱི། །ནད་པ་ནད་ཀྱི་དབང་དུ་ནི། །གྲང་ཚ་ཆར་གྱི་དུས་དག་གི། གཉེན་པོ་ཇི་བཞིན་བྱས་ནས་ནི།། ་སྦྱོར་བའི་དུས་སུ་འབབ་པ་ན། །བྱ་བ་དུས་ལ་མི་བསྡད་དོ། །ཞེས་བྱ་བ་ལ། ངས་དེ་ལྟར་བཤད་པ་ནི། ཐ་མལ་པ་བདེ་བར་གནས་པའི་དབང་དུ་བྱས་ཤིང། དེ་ལ་དམིགས་ནས་ཐུན་མོང་གི་ཉིན་ཞག་རྣམས་ལ། སློབ་སྨན་ལ་སོགས་པ ་བཏང་བ་བཤད་པ་ཡིན་གྱི། ནད་པའི་དབང་དུ་བྱས་ནས་སྨྲས་པ་ནི་མ་ཡིན་ཏེ། དེའི་ནད་ནི་གནོད་པར་བྱེད་དྲགས་པ་ཡིན་པས་བཏང་སྙོམས་སུ་བཞག་སྟེ། གསོར་རུང་བ་ཡང་གསོར་མི་རུང་བར་འགྱུར་རོ། །དེ་ལ་ནད་པ་ལ་ནི་ནད་སྐྱེད་བར ་གྱུར་པའི་ནད་ཀྱི་དབང་དུ་བྱས་ནས། ནད་དང་རྗེས་སུ་མཐུན་པར་གྲང་བ་དང་ཚ་བ་དང། ཆར་གྱི་དུས་དག་གི་གཉེན་པོ་ཇི་ལྟ་བ་བཞིན་དུ་བཅོས་མ་མ་ཡིན་པ་ལེགས་པར་བྱ་ཞིང་དུས་ཀྱི་ཡོན་ཏན་ཇི་ལྟ་བ་ལས་གོ་བཟློག་པ་དང། སྦྱོར་བ་དང ་ལས་བྱ་བ་དང། ཚད་བརྟག་པས་སྨན་གྱི་ལས་ཉེ་བར་སྦྱར་ཞིང། མ་ཡེངས་པ་ཁོ་ནར་ཉེ་བར་སྤྱད་པར་བྱའོ། །དེ་ཡང་གཉེན་པོ་ཇི་བཞིན་དུ་བྱ་བ་སྟེ། གྲང་བ་དང་དྲོ་བ་དང། དྲོ་བ་གྲང་བར་བྱ་བ་དང། སྦྱོར་བའི་དུས་ཏེ། ནད་ཀྱི་དབང་གིས་གསོ་བར་བྱ་བའི ་དུས་སུ་བབ་པ་ན། བྱ་བའི་དུས་དེ་ལ་མི་བསྡད་ཀྱི། དུས་ལས་འདའ་བར་བྱའོ། །སྨན་ནི་ཟས་མ་ཟོས་སྔོན་དང། །དབུས་དང་མཛའ་དང་ཁམ་གྱི་བར། །ཟད་པར་ཙག་བུ་ཟས་བཅས་དང། །ཟས་མནན་མཚན་མོ་བཏུང་པའོ། །ཞེས་བྱ་བ་ལ། སྨན ་དུས་སྐབས་བཅུར་སྦྱར་ཞིང་བཏང་བར་བྱའོ། །དེ་ལ་ཟས་མ་ཟོས་པ་ནི་གང་དུ་སྨན་གཅིག་ཏུ་དགོས་པ་དེ་ལ་ནི་ཟས་མ་ཟོས་པ་ཞེས་བྱའོ། །སྔོན་དང་ཞེས་པ་ནི་ཟས་ཟ་བའི་སྔོན་དུ་སྨན་ཟོས་ན་དེའི་རྗེས་ཐོགས་ཉིད་ལའོ། །དབུས་ནི་གང་ཟས་ཀྱི་བར་དུའོ། །ཐ་མ་ནི་ཟས ་ཟོས་པའི་རྗེས་ཐོགས་ལའོ། །ཁམ་གྱི་བར་ཞེས་བྱ་བ་ནི་སྨན་ཁམ་གྱི་བར་དུ་ཟས་དང་འདྲེས་མར་བཟའ་བའོ། །ཟས་བར་དུ་ཞེས་བྱ་བ་ནི་གང་ཟས་ཀྱི་བར་བར་དུ་བཟའ་བའོ། །ཅིག་པུ་ནི་ཡང་ཡང་སྐད་ཅིག་མ་རེ་རེ་ཞིང་ཟས་ཟོས་པ་འམ། མ་ཟོས་པའི་སྐབས་སུ་ཟ་བའོ། ་ཟས་བཅས་ནི་ཟས་དང་ལྷན་ཅིག་བཙས་པ་འམ། །ཕྱིས་བསྲེས་ཏེ་བཟའ་པའོ། །ཟས་མནན་ནི་ཁ་སྦྱར?་གྱི་ཚུལ་དུ་སྔར་སྨན་ཟོས་ནས་བར་དུ་ཟན་ཟ་བ་སྟེ། ཕྱིས་ཀྱང་སྨན་གྱིས་མནན་པའོ། །བད་ཀན་བདོ་འདས་ནད?་པ་ནི། །ཉམས་སྟོབས་ལྡན་ལ་མ་ཟོས ་བཏང། ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་ཞིང་བདོ་བའི་དུས་འདས་ཤིང་བད་ཀན་ལྡང་བའི་དུས་ཚོད་ཡོལ་བ་ནང་དང། ནད་པ་ཉམས་སྟོབས་དང་ལྡན་པ་ལ། ཟས་མ་ཟོས་པའི་སྔར་ཟས་མེད་པར་བཏང་བར་བྱའོ། །ཐུར་སེལ་རླུང་ལ་ཟས་སྔར་བཏང། །མཉམ ་གནས་སྡང་ལ་བར་དུ་ཡིན། ཞེས་བྱ་བ་ལ་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་གི་ནད་ལྡང་བར་འགྱུར་ན། ཟས་ཀྱི་དང་པོ་ཉིད་དུ་སྨན་བཏང་ལ་དེའི་རྗེས་ཐོགས་ཁོ་ན་ལ་ཟས་བཟའ་བར་བྱའོ། །རླུང་མེ་དང་མཉམ་དུ་གནས་པ་ཞེས་བྱ་བ་ལྡང་བར་གྱུར་པ་ལ། ་ཟས་ཀྱི་བར་དུ་སྨན་བཟའ་བར་བྱ་སྟེ། ཟས་ཀྱི་ཕྱེད་ཟོས་པ་དང། བར་དུ་སྨན་ཟོས་པ་དང། དེའི་འོག་ཏུ་ཟས་ལྷ་མ་རྣམས་བཟའ་བར་བྱའོ། །ཁྱབ་བྱེད་ནང་པར་ཟས་ཟའི་མཛའ་། །གྱེན་རྒྱུའི་རླུང་ལ་དགོངས་ཀའོ། ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཅེས་བྱ་བ ་ལྡང་བར་གྱུར་བ་ན། ནད་པར་ཏེ་སྔ་དྲོ་ཟས་ཟ་བའི་མཛའ་མ་རྫོགས་གར?་སྨན་བཏང་བར་བྱའོ། །གྱེན་རྒྱུ་ཞེས་བྱ་བ་ལ། དགོངས་ཀའི་ཟས་བཟའ་བའི་མཛའ་མར་སྨན་བཟའ་བར་བྱའོ། །སྲོག་ཅེས་བྱ་བའི་ལྡང་ལ། ཁམ་གྱི་བར་དང་ཟས་པར་བཟའ་།། ་ཞེས་བྱ་བ་ལ་སྲོག་ཅེས་བྱ་བའི་རླུང་སྡང་ཞིང། དང་འཁྲུག་པ་ལ་ཁམ་གྱི་བར་དང། དེ་བཞིན་དུ་ཟས་ཀྱི་བར་ཏེ། དབུས་སུ་སྨན་བཟའ་བར་བྱ་སྟེ། དེ་ཡང་ཁམ་ལ་སྤག་ཅིང་བཟའ་བ་དང། ཟས ་བཟའ་བའི་བར་བར་དུ་བཟའ་བའོ། །དུག་དང་སྐྱུག་ལུག་དབུགས་མི་བདེ། །སྐོམ་དང་སྐྱེ་ལ་ཙེག་བུའོ། །ཞེས་བྱ་བ་ལ། དུག་འཐུང་བ་དང་སྐྱུགས་པ་དང། །ལུད་པ་དབུགས་མི་བདེ་བ་དང། །སྐོམ་དང་སྐྱེ་བ་ལ་ཙེག་བུར་ཡང་དང ་ཡང་བཟའ་བ་ཟས་ཟོས་སམ། མ་ཟོས་པའི་སྐབས་སུ་བྱའོ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །སྨན་དང་ཟས་བཅས་སྦྱར་བར་བྱ། ཞེས་བྱ་བ་ལ། ཡི་ག་འཆུས་ཤིང་ཟས་མི་འདོད་པ་ལ། སྨན་སྦྱིན་པར་བྱ་བ་ནི། སྣ་ཚོགས ་པའི་ཟས་དུ་མ་དག་དང། ལྷན་ཅིག་སྨན་སྦྱིན་པར་བྱ་བ་ཡིན་བས་ན་ཟས་དང་བཅས་པར་སྦྱར་བྱའོ། །སྐྱིགས?་བུ་ལུས་འདར་ལག་འདར་དང། ཟས་ཉུང་ཟ་ལ་མནན་པ་བཏང། །ཞེས་བྱ་བ་ལ། སྐྱིགས་བུ་ལ་སོགས་པའི་ནད་རྣམས་དང། ་ཟས་ཉུང་དུ་ཟ་བ་ལ་སྨན་གྱིས་མནན་པ་བཏང་བར་བྱ་སྟེ། སྨན་གྱིས་མནན་པ་ཞེས་བྱ་བ་ནི་གང་ཟས་ཀྱི་སྔོན་དང་ཕྱི་ནས་སྨན་བཏང་ལ། གང་གིས་ཟས་ཏེ་ཟ་མ་ཏོག་གི་ནང་དུ་བཅུག་པ་ལྟར་སྨན་གྱིས་སྟེང་འོག་ནས་བཀག་སྟེ། ་མནན་པ་དེ་བ?་མནན་བ་ཞེས་བྱའོ། །ནམ་ཚོད་ཡན་ཆད་ནད་ལ་ནི། །མཚན་མོའི་དུས་སུ་བཏང་བ་བསྔགས། ཞེས་བྱ་བ་ལ། ནམ་ཚོད་ཡན་ཆད་ཀྱི་ནད་མིག་དང་གདོང་འགྱུར་བ་ལ་སོགས་པའི་ནད་ལ་མཚན་མོ་ཉལ་ཁར་སྨན་བཏང་པ་རབ ་ཏུ་བསྔགས་ཤིང་མཆོག་ཏུ་འདོད་པར་བྱ་བ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གསོ ་བའི་ཐབས་རྣམ་པ་གཉིས་བསྟན་པའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་རྣམས་ཀྱི་གསོ་བའི་ཐབས་སྣུམ་འཆོས་བྱ་བ་ལ་སོགས་པ་རྣམ་པ་དུ་མ་ཞིག་བཤད་པ་ཡིན་ཏེ། རྣམ་པ་དུ་མ་ཞིག་ཡོང་དུ་ཇེ་ན? ་ཀྱང་ཉམ་བརྟ་བ་དང། ཉམ་སྨད་པའི་ཚུལ་རྣམ་པ་གཉིས་ལས་མི་འདའ་བ་ཡིན་ནོ། །དེ་བས་དེའི་འོག་ཏུ་གསོ་བ་རྣམ་པ་གཉིས་ཀྱི་ལེའུ་བརྩམས་པ་ཡིན་ལ། གསོ་བ་རྣམ་པ་གཉིས་པོ་དེ་སྟོན་ཅིང་གང་དུ་གསོ་བ་གཉིས་པ་དེའི་ངེས་པ་བསྟན་པའི་འབུལ?་ནི ་མི?་གསོ་བའི་ཐབས་གཉིས་བསྟན་པའི་ལེའུ་ཞེས་བྱ་སྟེ། དེ་བཤད་པར་བྱའོ་ཞེས་བའོ། །གསོ་བ་གཉིས་པའི་རིགས་པ་བསྟན་པར་བྱ་བའི་ཕྱིར། གསོ་བ་རྣམ་པ་གཉིས་ཡིན་ཕྱིར། །གསོ་ཐབས་རྣམ་པ་གཉིས་སུ་འདོད། །ཅེས་བྱ་བ་ཡིན་ཏེ། གསོ་བ་རྣམ ་པ་གཉིས་ཁོ་ན་ཏེ། གཅིག་ནི་ཉམ་བརྟ་བའི་ཚུལ་གྱིས་གསོ་བའོ། །གཉིས་པ་ནི་ཉམ་འཚག?་སྨད་པའི་ཚུལ་གསོ་བར་བྱ་བ་ཡིན་ཏེ། གང་གི་ཕྱིར་གསོ་བར་བྱ་བའི་ནད་དམ། ཡང་ན་དེ་ལྡན་པའི་སྐྱེས་བུ་ནི་ཉམ་བརྟ་པས་གསོ་བར་བྱ་བ་འམ། ཉམ ་འཚག་དམད་པས་གསོ་བར་བྱ་བ་ཡིན་གྱིས། དེ་ལས་གཞན་པའི་ཕྱོགས་གསུམ་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་གསོ་བའི་ཐབས་ནི་རྣམ་པ་གཉིས་ཁོ་ན་ཡིན་ལ། གསོ་བ་དང་ནད་གསོ་བའི་ཐབས་དང་བྱ་བའི་རིམ་པ་ཞེས་བྱ་བ་ནི་དེ་ན་གཅིག་མིན ་ནོ། དྲང་སྲོང་ཚ་དཀའ་ཨི་གཞུང་ལ་བརྟེན་པ་གཞན་དག་ནི་གསོ་བའི་ཐབས་སྨྱུང་བ་ལ་སོགས་པ་བཞིང་འདོད་མོད་ཀྱི། སྨྱུང་བ་ལ་སོགས་པ་འདི་ཉིད་ཀྱི་ནང་དུ་འདུས་པ་ཡིན་ནོ། །ཁོ་ན་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། །དེ་ཉིད་ཀྱི་ཕྱིར་སྨྲས་པ་ནི། །དེ་ཅིག་བརྟ་བར ་བྱས་པ་ཡིན། །གཉིས་པ་ཉམ་པ་ནི་མེད་པའོ། །ཞེས་བྱ་བ་ཡིན་ཏེ། གསོ་བ་དེ་གཉིས་ལས་གསོ་བ་གཅིག་ནི་ཉམ་བརྟ་བའི་ཚུལ་ཡིན་ལ། གཉིས་པ་ནི་ཉམ་པ་འཚགས་ནད་པ་ཡིན་ནོ། །དེ་དག་རྒྱས་བྱ་སྨྱུང་བ་ཞེས། །རྣམ་གྲངས་དག་ཏུ་བཤད་པ་ཡིན། ཞེས ་བྱ་བ་ལ་ཉམས་བརྟ་པ་དང། ཉམས་དམད་པ་དེ་དག་མི་རིམ་བཞིན་དུ་རྒྱས་པར་བྱ་བ་དང། སྨྱུང་བ་ཞེས་བྱ་བའི་སྒྲས་མིང་གི་རྣམ་གྲངས་དག་ཏུ་བཤད་ཅིང་བསྟན་པ་དག་ལུང་ཤེས་པ་དག་གིས་བྱས་པ་ཡིན་ཏེ། དེ་དག་ཉིད་ཀྱི་མིང ་གི་རྣམ་གྲངས་བསྟན་པ་ཙམ་དུ་ཟད་དེ། ཞེས་བྱ་བའི་དོན་ནོ། །ལུས་ཤས་རྒྱས་ཕྱིར་རྒྱས་བྱས་ཏེ། ཡང་བ་ཉིད་ཡིན་པར་བྱ། ཞེས་བྱ་བ་ནི། དེ་ལ་རྒྱས་པར་བྱ་བ་ཞེས་བྱ་བ་ནི། ལུས་ཀྱི་ཤ་འཕེལ་ཞིང་རྒྱས་པར་བྱ་བའི་དོན་བྱེད་པ་སྟེ། ་དཔེར་ན་ཤང་དང་འོ་མ་ལ་སོགས་པ་བལྟ་བའོ། །གང་ལུས་ཀྱི་ཡང་ཞིང་སྲབ་པ་ཉིད་དུ་གང་གིས་བྱེད་པ་དེ་ནི་སྨྱུང་བར་བྱ་བ་ཞེས་བྱ་བའོ། །དེ་དག་ཀྱང་ཅི་ལྟ་བུའི་བདག་ཉིད་ཅན་ཡིན་ཞེ་ན། དེ་ནི་ཕལ་ཆེར་ས་ཆུ་དང། །ཅིག་ཤོས་ལས་ནི་འགྱུར་བ་ཡིན། ་ཞེས་བྱ་བ་ཡིན་ཏེ། རྒྱས་པར་བྱ་བ་དང། སྨྱུང་བ་དེ་གཉིས་ནི། ས་དང་ཆུ་དང་ཅིག་ཤོས་ལས་འགྱུར་བ་ཡིན་ཏེ། དེ་ཡང་ས་དང་བཅས་པའི་ཆུ་ཡིན་ན་ས་ཆུའོ། །དེས་ནི་འདི་སྐད་སྟོན་ཏེ། ས་དང་ཆུའི་རང་བཞིན་ཅན་གྱི་རྫས་ནི་རྒྱས་པར་བྱེད་པ་ཡིན ་ཏེ། དེ་གཉིས་ཀྱི་ངོ་བོ་ཉིད་དེ་ཡིན་པའི་ཕྱིར་རོ། །སྨྱང་བ་ནི་དེ་ལས་གཞན་པ་ཅིག་ཤོས་ཏེ། གང་གིས་ཅིག་ཤོས་ཤེ་ན། འདིར་དེའི་སྐབས་ཡིན་པས། ས་དང་ཆུ་ལས་གཞན་པའི་ཅིག་ཤོས་མེ་དང་རླུང་དང་ནམ་མཁའ་ཨི་བདག་ཉིད་ཅན ་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པས་ནི་ཤིན་ཏུ་རྒྱས་པར་བྱེད་པ་ནི་ས་དང་ཆུ་ཡིན་ལ། ཤིན་ཏུ་སྨྱུང་བར་བྱེད་པ་ནི་ཅིག་ཤོས་མེ་དང་རླུང་དང་ནམ་མཁའ་ཡིན་པས་ན་དེ་སྐད་ཅེས་བྱའི། མེ་དང་རླུང་དང་ནམ་མཁའ་ལ་རྒྱས་ཤིང་འཕེལ ་བར་འགྱུར་བ་ཡང་མེད་པ་མ་ཡིན་ལས་དང་ཚུལ་ཡང་སྨྱུང་པ་ཡ?་མེད་པ་མ་ཡིན་ཏེ། སྨན་རྣམས་ནི་འབྱུང་བ་ལྡའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །སྣེལ་གཞིར་གནས་པ་ཡང་སྲིད་དོ། །ལས་གང་སྣུམ་དང་དགག་པ་དང། །དུག་དང་ཁོང་རྩུབ་བྱ་བ་སྟེ།། ་འབྱུང་བའི་དེ་ཡང་གཉིས་ཡིན་ཕྱིར། །གཉིས་ལས་འདའ་བར་མི་བྱེད་དོ། །ཞེས་བྱ་བ་ལ་སོགས་པའི་ཐབས་མང་དུ་སྨྲས་པ་དག་ཡོད་པའི་ཕྱིར། འདིར་སྨྲས་པ་ཡིན་ཏེ། འདི་ཉིད་ཀྱིས་ལས་སྣུམ་བག་ལ་སོགས་པ་བཞི་པོ་བཤད་པ་གང་ཡིན ་པ་དེ་ནི་འདིའི་ལས་ཡིན་གྱི། བརྟ་བར་བྱ་བ་དང་ཉམ་དམད་པར་བྱ་བ་ལྟར་སྣུམ་ལ་སོགས་པ་བཞི་པོ་འདི་དག་པོ་འདི་དག་དོན་ཐ་དད་པ་མ་ཡིན་ནོ། །འབྱུང་བའི་ལས་བཞི་པོ་དེ་དག་ཀྱང་བརྟ་བ་དང་ཉམ་དམད་པ་གཉིས་ཀྱི་ཚུལ་ཅན་ཡིན་པའི་ཕྱིར ་གཉིས་པོ་དེ་ལས་འདའ་བར་མི་བྱེད་དེ། འབྱུང་པ་རྣམས་བརྟ་བ་དང་ཉམ་དམད་པའི་རང་བཞིན་གཉིས་ཀྱིས་རྣམ་པ་གཉིས་ཡིན་པའི་ཕྱིར་དང། དེ་བཞིན་དུ་མེ་དང་ཟླ་བའི་རང་བཞིན་རྣམ་པ་གཉིས་དང་ལྡན་པ་ཡིན་པས། དེ་དག་རྒྱས་པ་འམ། འཕེལ་བ་དང ་སྨྱུང་བ་གཉིས་ལས་འདའ་བར་མི་བྱེད་དོ། །དེ་ཡང་སྣུམ་དང་བསྡམ་པར་བྱ་བ་ནི་ཟླ་བའི་རང་བཞིན་བས་བལྟ་བའི་སྡེ་ཚོམས་སུ་གཏོགས་ལ། རྩུབས་པ་དང་དུགས་བྱ་བ་ནི་མེའི་རང་བཞིན་ཅན་ཡིན་པས་སྨྱུང་བར་གཏོགས་ཏེ། དེ་ནས་ལ་སོགས་པའི་འབྱུང་བ་རྣམས ་བརྟ་བ་དང་ཉམ་སྨད་པའི་ཚུལ་ཅན་ཡིན་ནོ། །ད་ནི་དེ་གཉིས་ཀྱི་སོ་སོའི་དབྱེ་བ་སྨྲས་པ་ནི། དེ་ལའང་སྤྱད་དང་ཞི་བྱ་བ། །རྣམ་པ་གཉིས་པོ་སྨྱུང་བ་ཡིན། ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཉམ་བརྟ་བ་དང་དམད་པ་ཞེས་བྱ་བ་ཡིན་ནོ། །ཡང ་ན་རྣམས་གཞན་དུ་ན། རྒྱས་པར་བྱ་བ་དང། སྨྱུང་བ་ཞེས་བྱ་བ་ལ་གང་འདི་སྨྱུང་བ་འམ། ཉམ་དམད་པ་ཞེས་བྱ་བ་དེ་ནི་རྣམ་པ་གཉིས་ཏེ། སྤྱད་བ་དང་ཞི་བ་ཞེས་བྱ་བ་ཡིན་ཏེ། དེ་ལས་ལྷག་པའི་སྨྱུང་བ་ཡོད་པ་མ་ཡིན་ནོ། །ཡང་ན་རྣམ་པ་འདི་ལྟ་བུའི་ཚུལ ་གྱིས་རྣམ་པ་གཉིས་པ་ནི་སྨྱུང་བ་ཡིན་ཏེ། གཞན་དུ་ན་འོག་ནས་བཤད་པའི་ཚུལ་གྱིས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །དེ་ལས་རང་གི་མཚན་ཉིད་དང་དེ་བཞིན་དུ་དེའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། གང་ཞིག་ནད་ནི་ཕྱིར་འབྱིན་པ། །སྤྱད་ཡིན་དེ་ནི ་རྣམ་ལྔ་སྟེ། །མས་བཏང་སྐྱུག་སྨན་ལུས་ནད་བཀྲུ། །མགོ་ཡི་ནད་བཀྲུ་གཏར་གས་འབྱུང། །ཞེས་བྱ་བ་ཡིན་ཏེ། སྨན་གང་ནད་ན་ཡོད་པའི་ནད་ཕྱིར་འབྱིན་པར་བྱེད་པ་དེ་ནི་སྦྱང་བ་ཞེས་བྱ་བ་ལ། སྦྱང་བ་དེ་ཡང་མས་བཏང་བ ་ལ་སོགས་པའི་དབྱེ་བ་རྣམ་པ་ལྔ་ཡིན་ནོ་དེ་ལ་མས་བཏང་བ་ནི་བཤད་པའི་སྒོ་ནས། སྨན་དང་མར་ལ་སོགས་པ་བསྐོལ་ཏེ་བཏང་བའོ། །སྐྱུག་སྨན་ནི་ནད་རྣམས་གྱེན་དུ་དྲང་བའོ། །ལུས་ཀྱི་ནང་བཀྲུ་བ་ནི་ནང་ཐུར་དུ་དབྱུང་བའོ། །མགོ་བོའོ་ནང་བཀྲུ་བ་ནི ་ལུས་ཀྱི་ཕྱོགས་གཅིག་མགོ་བོ་ཞེས་བྱ་བ་གཅིག་པུའི་ནང་ལ་སྨན་སྣ་ནས་བཏང་བས་གྱེན་དུ་དྲང་བ་ནི་མགོ་བོའི་ནད་བཀྲུ་བའོ། །གཏར་གས་དབྱུང་བ་ནི་བྲག་རྩའི་སྒོ་ལ་སོགས་པ་ལས་ཕྱིར་གདོན?་བའོ། །ད་ནི་ཞི་བའི་མཚན་ཉིད་དེ་བཞིན་དུ་དབྱེ་བ་བཤད་པའི་ཕྱིར ་འདི་སྨྲས་བ་ཡིན་ཏེ། གང་ཞིག་ནང་ནི་མི་སྤྱོད་དང། །སྙོམས་གནས་གློངས་པ་མ་ཡིན་དང། །མ་སྙོམས་སྙོམས་པར་བྱེད་པ་དག་།ཞི་བ་ཡིན་ཏེ་དེ་རྣམས་བདུན། །སྨིན་དང་དྲོད་སྐྱེ་བ་ཀྲེས་སྐོམ་དང་བརྩོལ་བཅག་ཉི་མཚན་བསེར་བུ་བསིལ། ཞེས ་བྱ་བ་ལ། སྨན་གང་ཞིག་གིས་རླུང་ལ་སོགས་པའི་ནད་མི་སྐྱོང་ཞིང། ནང་ན་གནས་པ་ཕྱི་རོལ་ཏུ་མ་བཏོན་པ་དང། དེ་བཞིན་དུ་སྙོམས་པར་གནས་ཤིང་ཆ་མཉམ་པར། རང་གི་ཚད་དུ་གནས་ལ་གློངས་པ་མ་ཡིན་ཞིང་རང་གི་གནས་ནས་མི་འགུལ ་བ་དང། དེ་བཞིན་དུ་མ་སྙོམས་པ་སྟེ། རང་གི་ཚད་ལས་ལྷག་པ་འམ། མ་ཚང་བའི་ཚུལ་དུ་གནས་པ་དག་སྙོམས་པར་བྱེད་ཅིང། རང་གི་ཚད་དང་ལྡན་པར་བྱེད་པའི་སྨན་དེ་ནི་ཞི་བ་ཞེས་བྱ་བ་ཡིན་ལ། ཞི་བ་དེ་ནི་སྨིན་པ་ཉིད་ལ་སོགས་པའི་དབྱེ་བས ་རྣམ་པ་བདུན་ཡིན་ནོ། །དེ་ལ་སྨིན་པ་ནི་སྨིན་པར་བྱེད་པས་ན་སྨིན་པ་སྟེ། ཕོ་བའི་མེ་དྲོད་ཀྱི་འཇུ་བའི་བྱ་བ་རྫོགས་པར་བྱེད་ཅིང། དེ་སྨིན་ཅིང་འཇུ་བའི་ནུས་པ་ལྷག་པར་སྒྱེད་པར་བྱེད་པའི་སྨན་གང་ཡིན་པ་འམ། བྱ་བ་གང་ཡིན་པ་ལ་སྨིན་པ་ཞེས་བྱ་བ ་སྟེ། དཔེར་ན་ཏིཀྟ་ལ་སོགས་པ་ལྟ་བུ་འམ། སྨྱུང་བ་བྱའོ། །དྲོད་སྐྱོང་བ་ཞེས་བྱ་བ་ནི་འདིས་དྲོད་སྐྱེད་པར་བྱེད་པ་སྟེ། དཔེར་ན་ཚ་བ་གསུམ་དང། ཚ་བ་ལྔ་ལ་སོགས་པའི་སྨན་གང་དག་གིས་མེའི་དྲོད་ཤིན་ཏུ་འཕེལ་བར་བྱེད་པས། ཟས་འཇུ་བར་བྱེད་པ་དེའི་ནུས་པ ་ལྷག་པར་ཉེ་བར་འཕེལ་བར་བྱེད་པ་དེ་ལ་དྲོད་སྐྱེད་པ་ཞེས་བྱའོ། །དེ་ཡང་ལེགས་ཐོས་ཀྱིས། མ་སྨིན་པ་ནི་སྨིན་བྱེད་ཅིང། །མཉམ་གནས་དེ་ནི་ཞི་བ་ཡིན། །དྲོད་སྐྱེད་མེ་དྲོད་ཤིན་དུ་སྐྱེད། །ཚད་འགའ་སྨིན་བྱེད་ཡང་ན་མིན། །ཞེས་བཤད་པ་ཡིན་ནོ། །གཞན་དག་ནི ་གོ་བར་ཟད་དོ། །ད་ནི་རྒྱས་པ་འམ་བལྟ་བ་བྱ་བ་བཤད་དེ། །བལྟ་བ་དག་ནི་རླུང་དག་ནི། །རླུང་བཅས་མཁྲིས་པ་ཞི་བྱེད་ཡིན། ཞེས་བྱ་བ་ལ། ནི་ཞེས་བྱ་བ་ནི་ཁྱད་པར་དུ་དབྱེ་བའི་དོན་ཏེ། བལྟ་བ་ནི་སྨྱུང་བ་ལས་ཚུལ་འདིས་ཁྱད་པར་དུ་བྱ་བ་ཡིན་ཏེ། བལྟ་བར་བྱེད་པ་འོ་མ ་སོགས་པ་ཡང་སྦྱོང་ཞིང་འཁྲུ་བར་བྱེད་མོད་ཀྱི། །སྦྱོར་བ་ནི་ཉམ་དམད་བའི་བདག་ཉིད་ཅན་ཡིན་པས་དེ་ལས་ཀྱང་རླུང་འབའ་ཞིག་གམ། མཁྲིས་པ་དང་བཅས་པར་ལྡང་བར་བྱེད་དེ། དཔེར་ན་སྨྱུང་བ་ལས་ཨ་རུ་ར་ལ་སོགས་པའི་སྦྱོར་བར་བྱེད་པ་ནི་སྨན་གྱིས ་ལྡང་བྱེད་པ་ཡིན་པས། དེའི་ཕྱིར་བལྟ་བའི་ཁྱད་པར་སྟོན་ཏེ། བལྟ་བའི་རྫས་འོ་མ་ལ་སོགས་པའི་སྦྱོར་བ་འམ་ཞི་བ་ནི། རླུང་འབའ་ཞིག་གམ་མཁྲིས་པ་དང་བཅས་པ་ཞི་བར་བྱེད་ཀྱི། སྨྱུང་བའི་སྦྱོར་བ་ལྟར་ནད་སྐྱེད་པར་ནི་མི་བྱེད་དོ། །དེ་ལྟར་ན་སྨྱུང་བ་ལས ་བལྟ་བ་འམ། རྒྱས་པར་བྱ་བ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེས་ན་བལྟ་བ་དག་ནི་རླུང་ངམ། མཁྲིས་པ་དང་བཅས་པ་ཞི་བར་བྱེད་པ་ཡིན་གྱི། ལྡང་བར་བྱེད་པ་ཉིད་མ་ཡིན་ནོ། །ཉིད་ཅེས་བྱ་བ་ནི་ངེས་པའི་དོན་ཏེ། རླུང་འབའ་ཞིག་དང། དེ་བཞིན་དུ་དེ ་ཉིད་མཁྲིས་པ་དང་བཅས་པ་དག་གི་ཡིན་གྱི། མཁྲིས་པ་འབའ་ཞིག་གམ། བད་ཀན་འབའ་ཞིག་གམ། བད་ཀན་མཁྲིས་པ་དང་བཅས་པ་འམ། འདུས་པའི་ནད་དག་ལ་བརྟ་བ་དེ་ཞི་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་བལྟ་བའི་ཉེས་པའི་ཡུལ་དེ་སྒོ་འདིས ་ཞི་བ་ཡིན་པར་ངེས་པ་ཡིན་ནོ། །ང་ནི་བལྟ་བར་བྱ་བའི་དངོས་པོ་གང་དང་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར་འདི་སྨྲས་པ་སྟེ། བརྟ་བྱ་ནང་དང་སྨན་དང་ཆང། །བུད་མེད་མྱ་ངན་གྱིས་ཉམ་ཆུང། །ཁུར་དང་ལམ་དང་གླ་བརྡོལ་དང། །ལུས་རྩུབ་ཉམ ་དམའ་རླུང་ཤས་ཆེ། །སྦྲུམ་བུ་བཙས་བྱིས་པ་རྒན། །སོ་གའི་དུས་དང་གཞན་ཡང་བལྟ། །ཞེས་བྱ་བ་ལ། འདི་དག་ལ་ཉམ་ཆུང་བ་ཞེས་བྱ་བའི་སྒྲ་ཀུན་ལ་སྦྱང་བར་བྱ་སྟེ། དེས་ན་ནད་ཀྱི་ཉམ་ཆུང་བ་དང། སྨན་འཐུངས་པས་ཉམ་ཆུང་བ་དང། ཆང་འཐུངས་པས ་ཉམ་ཆུང་བ་དང། བུད་མེད་བསྟེན་པས་ཉམ་ཆུང་བ་དང། མྱ་ངན་གྱིས་ཉམ་ཆུང་བ་སྟེ། དེ་དག་བལྟ་བར་བྱའོ། །དེ་བཞིན་དུ་རྟག་ཏུ་ཁུར་གྱིས་དུབ་པ་དང། །རྟག་ཏུ་ལམ་གྱིས་དུབ་པ་དང། །གློ་བརྡོལ་བ་དང། གཅོད་ཆེན་པོ་དང། ལུས་རྩུབ་པ་དང། ་ཉམ་དམའ་བ་དང། རླུང་གི་ཤས་ཆེ་བ་དང། སྦྲུམ་མ་དང། བུ་བཙས་པ་དང། བྱིས་པ་དང། རྒན་པོ་དག་ཀྱང། རྟག་ཏུ་བརྟ་བའི་ཆོག་དག་ཀྱང་བྱའོ། །དེ་བཞིན་དུ་སོ་གའི་དུས་དང། གཞན་ཡང་ཤེས་པ་འདིར་མ་བསྟན་པའི་གསོ་བར་འོས་པ་ནད་པ ་འམ། ཐ་མལ་བའི་གནས་སྐབས་ཐམས་ཅད་བརྟ་བར་བྱ་བ་དང། ཡང་དེ་བཞིན་དུ་སོ་གའི་དུས་དེའི་ཚེ། ནད་ཀྱིས་ཉམ་ཆུང་བ་ལ་སོགས་པ་ལྷག་པར་ཡང་གསོ་བར་བྱའོ། །དེ་ལ་གང་གིས་བརྟ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཤ་དང་འོ་མ་ཁར་དཀར། །མར ་སར་མངར་བག་མས་བཏང་དང། །གཉིད་ལོག་ཉལ་བ་དེ་བསྐུ་བྱུག་དང། །ཁྲུས་དང་བདེར་གནས་ཉམས་དགས་བརྟ། ཞེས་བྱ་བ་སྨྲས་པ་ཡིན་ཏེ། །དེ་ལ་ཤ་ནི་སྔར་བཤད་པ་རྣམ་པ་བརྒྱད་དོ། །འོ་མ་ཡང་དེ་བཞིན་ནོ། །ཁ་ར་དཀར་པོ་ནི་ཤ་ཁ་ར ་དག་གོ་།མར་སར་ནི་མར་རོ། །མངར་བག་ཀྱང་ཡིན་ལ་མས་བཏང་བ་ཡང་ཡིན་པས་ན། མངར་བག་མས་བཏང་སྟེ་དེས་བརྟ་བའོ། །གཉིས་ལོག་པའི་བདེ་བ་ནི་ཉལ་བའི་བདེ་བ་སྟེ། གཉི་ག་ལ་ཡང་བདེ་བའི་སྒྲ་སྦྱར་བ་སྐུ་བྱུག་ནི་ལུས་ཏིལ་མར་ལ་སོགས ་པས་བསྐུ་བའོ། །ཁྲུས་ནི་ཆུ་དྲོན་པོས་བསྐུ་བའོ། །བདེ་བར་གནས་པ་ནི་སེམས་དགའ་བའོ། །ཉམ་དགའ་བ་ནི་མགུ་བ་ནས་དགའ་བ་སྟེ་ཡིད་དགའ་བའོ། །ད་ནི་སྨྱུང་བསྟོད་ཏེ། གཅིན་སྙི་མ་ཞུ་སྣུམ་རབ་ཟོས། །རིམས་བཏབ་བརླ་རེངས་མཛེ་ནད་ཅན། །ཤུ ་འཁོར་འབྲས་མཆེར་བ་ན། །གླར་ནང་ལྐོག་ནང་དག་དང་ནི། །སྦོམ་པོ་དགུན་དང་གཞན་དག་ཀྱང། །རྟག་ཏུ་སྨྱུང་བ་བྱ་བ་ཡིན། ཞེས་བྱ་བ་ལ། གཅིན་སྙི་བ་དང། མ་ཞུ་བ་ལ་སོགས་པའི་ནད་ཡོད་པ་ལ་རྟག་ཏུ་སྨྱུང་བ་བྱའོ། །དེ་བཞིན་དུ་དགུན་དང། གཞན ་མ་བསྟན་པ་ནད་ཀྱི་འགྱུར་བ་གཞན་དག་ཡང་བྱ་སྟེ། སྟོབས་རྫོགས་པ་ཡིན་པ་དང། བད་ཀན་སོགས་པའི་འཇིགས་པས་སྨྱུང་བ་བྱ་སྟེ། གཞན་དག་ཀྱང་ཞེས་བྱ་བ་འདིས་ནད་པ་ལ་བྱ་བ་ཡིན་གྱི། གཞན་དུ་ན་བདེ་བར་གནས་པའི་ཚེ་ནི་དགུན་སྟོང་དང། དགུན་སྣང་བརྟ་བའི ་ཆོ་ག་ཁྱད་པར་དང་བཅས་པ་སྨྲས་པ་ཡིན་ནོ། །ད་ནི་སྤྱད་པའི་ཡུལ་ལས་བརྩམས་ཏེ་སྨྲས་པ་ནི། དེ་ལ་སྤྱད་བྱ་ཤས་ཆེ་སྦོམ། །སྟོབས་ལྡན་མཁྲིས་པ་བད་ཀན་རྒྱས། ཞེས་བྱ་བ་ཡིན་ཏེ། དེ་ལ་སྤྱད་བར་བྱ་བ་ནི་ཤས་ཆེ་ཞིང་སྤོམ་པ་དང། སྟོབས་དང ་ལྡན་པ་དང། མཁྲིས་པ་དང། བད་ཀན་རྒྱས་པ་སྟེ། ཉམ་དམད་པར་བྱ་བ་དེ་རྣམས་ཀྱི་ནང་ནས། མཚན་ཉིད་གསུམ་པོ་འདི་དག་དང་ལྡན་པའི་མི། སྦྱང་བ་རྣམ་པ་ལྔ་པོ་སྐྱུག་སྨན་ལ་སོགས་པས་ཅི་རིགས་པར་སྦྱང་ཞིང་ཉམ་དམད་པར་བྱའོ། །མ་ཞུའི ་ནད་དང་རིམས་དང་སྐྱུག་།ཚད་པར་འཁྲུ་དང་སྙིང་ནད་ཅན། །ལུས་ལྕི་སྒྲགས་མང་བཤང་གཅི་འགག་།ཡི་ག་འཆུས་སོགས་ཀྱིས་ན་བ། །འབྲིང་ཙམ་སྦོམ་སོགས་ཕལ་ཆེར་ནི། །དང་པོར་སྨིན་དང་དྲོད་སྐྱེད་བྱ། ཞེས་བྱ་བ་ལ། མ་ཞུ་བ་དང། རིམས་ལ་སོགས ་པའི་ནད་ཀྱིས་ཉེན་པའི་ནད་པ་ཤ་འབྲིང་ཙམ་དུ་སྤོམ་པར་གྱུར་པ་དག་ལ་ཕལ་ཆེར་ཞེས་པ་མང་དུ་སྨིན་པ་དང། དྲོད་སྐྱེད་པའི་སྨྱུང་བའི་རྣམ་པས་སྨྱུང་བར་བྱའོ། །སོགས་པའི་སྒྲས་ནི་འདིར་སྟོབས་དང་མཁྲིས་པ་དང་བད་ཀན་ནག་བསྡུའོ། །དང་པོར་ནི ་ཐོག་མར་ཏེ། སྔར་སྨིན་པ་དང། དྲོད་སྐྱེད་པས་སྨྱུང་བ་བྱས་ལ། དེའི་འོག་ཏུ་ཅི་རིགས་པའི་སྨྱུང་བ་བྱའོ། །ཕལ་ཆེར་ཞེས་སྨོས་པ་ནི། ནད་དང་ལུས་ཀྱི་ཉམ་སྟོབས་ལ་སོགས་པ་རྣམས་ལས་བལྟའི་ཐམས་ཅད་དུ་འདི་འདི་ལྟར་བྱ་བ་མ ་ཡིན་ནོ་ཞེས་སྟོན། ནད་ནི་འདི་དག་གིས་ཉམ་ཐག་།སྦོམ་དང་སྟོབས་སོགས་ཆུང་བ་ལ། །བཀྲེས་དང་སྐོམ་པས་ཚར་བཅད་དོ། །ཞེས་བྱ་བ་ནི། སྔར་བཤད་མ་ཐག་པའི་ནད་རིམས་ལ་སོགས་པ་འདི་དག་ཉིད་ཀྱིས་ཉམ་ཐག་ཅིང་གནོད་པར་འགྱུར་བའི་མི་ཤའི ་སྤོམ་ཚད་དང། སྟོབས་ལ་སོགས་པ་ཆུང་བ་སྟེ། ཤ་ཆེ་བའི་ཤས་ཆུང་ཞིང་སྟོབས་ཞན་པ་བད་ཀན་མཁྲིས་པ་དང་ལྡན་པ་དག་ལ་ནི། བཀྲེས་པ་དང་སྐོམ་པས་ཚར་བཅད་པ་སྟེ། ལྟོགས་པ་དང་སྐོམ་པས་ཉིན་པར་བྱ་བའི་ཤུགས་ཀྱི་སྨྱུང་བའི་རྣམ་པས ་ཉམ་དམད་པར་བྱའོ། ཞེས་བྱ་བའི་དོན་ནོ། །ནད་ཀྱིས་ཉམ་ཐག་སྟོབས་འབྲིང་བསྟན། །བསེར་བུ་ཚ་རྩོལ་གྱིས་དམད་ན། །ཉམ་ཆུང་མི་ལྟ་སྨོས་ཅི་དགོས། ཞེས་བྱ་བ་ལ། ནད་ཀྱིས་གཟིར་ཅིང་ཉམ་ཐག་པའི་མི་སྟོབས་ཆེ་ཆུང་གཉི་ག་མ་ཡིན་པ། རན་པ ་འབྲིང་ཙམ་ཡོད་པ་ནུས་པ་བརྟན་ཅིང་ཆེ་བའི་མི་ལ་ནི་བསེར་བུ་བསིལ་བ་དང། ཉི་ཚན་དང། རྩོལ་བ་དེ་དག་ཤས་ཆེར་བསྟེན་པས་དེ་ཉམ་དམད་པར་བྱ་ཞིང་སྨྱུང་བ་བྱའོ། ཞེས་བྱ་བར་ངེས་པར་གནས་པ། །ཉམ་སྟོབས་ཆུང་ཞིང་ནད་ཅུང་ཟད་ཀྱིས་ཁྱབ་པའི ་མི་ལྟ་སྨོས་ཀྱང་ཅི་དགོས་ཤེས་པའི་དོན་ཏོ། །བལྟ་བར་བྱས་པ་གང་ཡིན་པ་འདི་དག་དང་ཉམ་དམད་ཅིང་སྨྱུང་བར་བྱ་བ་གང་ཡིན་པ་འདི་དག་ལས་གང་ཡང་བརྟ་བར་བྱ་བ་ལ། །དེ་ལ་ནི་སྨྱུང་བས་མི་གསོ་ལ། ཉམ་དམད་པར་བྱ་བ་ལ་ནི་བརྟ་བས་མི་གསོ ་ཞེས་བསྟན་ལ། དེ་ལྟར་ན་རིམས་ལ་སོགས་པ་སྨྱུང་བ་གསོ་བའི་ནད་ནི། བལྟ་བར་བྱ་བར་གྱུར་པས་ཐེ་ཚོམ་དུ་འགྱུར་ཏེ། ཅི་བལྟ་བར་བྱ་བར་འོས་པའི་མི་སྨྱུང་བས་གསོ་བའི་ནད་ཀྱིས་ཉམ་ཐག་ན། སྨྱུང་བས་གསོ་བ་ལ་འཇུག་པར་བྱ་བ་འམ། འོན་ཏེ་བལྟ ་བར་བྱ་བ་ཡིན་པ་སྨྱུང་བའི་ནད་ཡོད་ཀྱང། སྐྱེས་བུ་དེ་བལྟ་བར་བྱ་ཞེས་ཐེ་ཚོམ་དུ་གྱུར་པ་འདི་ལ། དེ་བསལ་བའི་ཕྱིར་འདིར་སྨྲས་པ་ཡིན་ཏེ། ཉམ་དམད་བར་བལྟ་མི་བྱ། ཞེས་བྱ་བ་ཡིན་ཏེ། སྐྱེས་བུ་ཉམ་དམད་ཅིང་སྨྱུང་བ་བྱ་བ་ནམ་ཡང་བསྟེན་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ་བརྟ་བར་བྱ་བས་གསོ་བའི་ནད་ཀྱིས་ཉམ་ཐག་པའི་མི་ལ་སླར་ནད་སྐྱེད་པའི་འཇིགས་པ་ཡོད་པའི་ཕྱིར་རོ། །བརྟ་བྱ་འམ་ཉམ་དམད་འཇམ་པོས་བྱ། ཞེས་བྱ་བ་ནི། གང་ཡང་བརྟ་བར་བྱ་བའི་སྐྱེས་བུ་དེ། སྨྱུང་བར་བྱ་བའི་ནད་ཀྱིས་ཉམ་ཐག་ན། ཉམ་དམད་པ་འཇམ། ་པོས་བྱ་ཞིང། སྨྱུང་བའི་རྣམ་པ་འཇམ་པོས་བྱས་ན། ཉམ་དམད་པ་དེ་ལ་ནད་ལྡང་བར་མི་འགྱུར་རོ། །དེ་དག་ནི་བརྟ་བར་བྱ་བ་དག་ཚད་ཆེ་བ་དད་པར་མ་དང། ཆུང་བའི་ཟས་སྐོམ་གྱི་ཚད་དེ་དག་གི་དོན་ཤེས་པར་བྱ་བའི་ཕྱིར། དེ་སྐད་བཤད་པ་ཡིན་ནོ། །ཡང་ན་ཡུལ ་དང་སྟོབས་སོགས་ལས། རིགས་པས་དེ་ནི་ཉེ་བར་སྤྱད། ཅེས་བྱ་བ་ནི། སྨྱུང་བར་བྱ་བ་བརྟ་བར་མི་བྱ་བ་དང་བརྟ་བར་བྱ་བ་ཉམ་དམད་བར་འཇམ་པོས་བྱ་བ་ནི་ཐམས་ཅད་དུ་ངེས་པ་ཡིན་མོད་ཀྱི། འོན་ཀྱང་གཞན་དུ་ནི་ཡང་ན་ཡུལ་དང་སྟོབས་ལ་སོགས་པ་ལས ་རིགས་པའི་སྦྱོར་བས་བརྟ་བར་བྱ་བ་སྨྱུང་བའི་ནད་ཀྱིས་ཉམ་ཐག་པ་དེའི་གསོ་བ་ཉེ་བར་སྤྱད་པར་བྱའོ། །སོགས་པའི་སྒྲས་ནི་ལུས་ཟུངས་ལ་སོགས་པའི་སྟོབས་ལས་ཀྱང་ཉེ་བར་བྱེད་ལ། དེ་བཞིན་དུ་རྟར་བྱ་བ་ཡང་ཉམ་དམད་པ་འཇམ་པོས་བྱ་བ་ཡིན་པས། ཚེད་འགའ་ཉམ་བརྟ་བ་དང་ཉམ་སྨད ་པ་འདྲེན་མའི་མཚན་ཉིད་ཀྱི་གསོ་བས་ནད་གསོ་བ་ལ་ཉེ་བར་སྤྱད་པར་བྱ་སྟེ། འདིར་བརྟ་བར་བྱ་བ་ལ་ཉམ་དམད་པ་འཇམ་པོས་གསོ་དགོས་པར་ངེས་པ་ཁོ་ན་ནི་མ་ཡིན་ཏེ། གཞན་དུ་ན་ཡུལ་དང་དུས་ཀྱི་དབང་དང་རིགས་པའི་སྦྱོར་བའི་དབང་གིས་གསོ་བས་ཀྱང་དེ ་ལ་ཉེ་བར་སྤྱད་པར་བྱར་རུང་བ་ཡིན་ནོ། །བརྟ་བར་བྱ་བ་ལས་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ་ནི། བརྟ་བས་སྟོབས་ནི་འཕེལ་བ་དང། །དེ་ཡིས་བསྒྲུབ་བྱའི་ནད་ཟད་འགྱུར། ཞེས་བྱ་བ་ཡིན་ཏེ། སྐྱེས་བུ་བརྟ་བར་བྱས་པར་གྱུར་ན། སྟོབས་དང་ནུས་པ ་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་ལུས་ཟུངས་ལ་སོགས་པ་འཕེལ་ཞིང་རྒྱས་པར་འགྱུར་བ་དང། དེ་བཞིན་དུ་དེ་ཡིས་བསྒྲུབ་ཅིང་གསོ་བར་བྱ་བའི་ནད་ཟད་པར་འགྱུར་རོ། །དེ་ཡིས་ཞེས་བྱ་བ་ནི་བལྟ་བར་བྱ་བ་ལ་སྙེགས་ཏེ། བརྟ ་བར་བྱ་བས་གསོ་ཞིང་བསྒྲུབ་པར་བྱ་བའི་ནས་ཀྱིས་ཉམ་ཐག་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་འཇིག་ཅིང་མེད་པར་འགྱུར་རོ། །སྐྱེས་བུ་སྨྱུང་བར་བྱས་པ་དག་ལ་མཚན་ཉིད་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ་ནི། སྨྱུང་བས་དབང ་གསལ་དྲི་མ་རྣམས། །མི་བསྲི་ཁོང་ཡང་ཡི་ག་འབྱེད། བཀྲེས་དང་སྐོམ་པ་ལྷན་ཅིག་འབྱུང། །དང་ག་སྙིང་དང་སྒྲེག་པ་དང། །ནད་ཀྱི་རྩེ་ཞིལ་སྤྲོ་བ་ཆེ། །སྙོམ་བག་མེད་པ་དག་ཏུ་འགྱུར། །ཞེས་བྱ་བ་ཡིན་ཏེ། སྐྱེས་བུ་སྨྱུང་བ་བྱས་ཤིང་ཉམ ་དམད་པར་གྱུར་ན་དབང་པོ་གསལ་བ་སྟེ། དབང་པོའི་ཚོགས་དག་ཅིང་གསལ་བར་འགྱུར་བ་དང་དེ་བཞིན་དུ་བཤང་བ་དང་གཅི་བ་ལ་སོགས་པའི་དྲི་མ་རྣམས་ནི་མི་སྲི་ཞིང་བདེ་བར་འབྱུང་བར་འགྱུར་བ་དང། དེ་བཞིན་དུ་ཁོང་ཡང ་ལུས་བསྐྱོང་པ་ཡང་བ་ཉིད་དང། ཡི་ག་འབྱེ་བ་སྟེ་ཟས་ལེན་ཅིང་འདོད་པ་དང། དེ་བཞིན་དུ་བཀྲེས་པ་དང་སྐོམ་པ་ལྷན་ཅིག་ཏུ་དུས་གཅིག་གི་ཚེ་འབྱུང་ཞིང་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་དང་ཀ་འམ། ལྐོག་མ་དག་པར་འགྱུར་པ་དང། སྙིང ་དག་པར་འགྱུར་བ་དང། སྒྲེག་པ་དག་ཅིང་མནམ་པ་མེད་པར་འགྱུར་བ་དང། དེ་བཞིན་དུ་སྨྱུང་བར་བྱ་བས་གསོ་དགོས་པའི་ནད་རྩེ་ཞིལ་ཞིང་སྙི་བར་འགྱུར་བ་དང། དེ་བཞིན་དུ་སྤྲོ་བ་ཆེ་སྟེ་བྱ་བ་རྣམས་ལ་བརྩོན་ཞིང་འབད་ནུས་པར་འགྱུར་བ་དང། དེ ་བཞིན་དུ་སྙོམ་བག་དང། སྒྱིད་གཞན་བ་མེད་པ་དག་སྐྱེ་བར་འགྱུར་རོ། །དེ་དག་ཉིད་ཧ་ཅང་ཐལ་ཆེས་པར་ཚད་ལས་ལྷག་པར་བྱས་པའི་ཉེས་པ་སྨྲས་པ་ནི། དེ་དག་ཚད་ལ་སོགས་པ་དང། །མི་ལྡན་སྟེན་པར་བྱེད་པ་དག་།རབ་སྐོམ་རབ་ཏུ་སྐེམས་སོགས ་འགྱུར། །དེ་ཡང་སྨན་བཅས་བཤང་བ་ཡིན། །ཚུལ་ནི་ཤིན་ཏུ་བསྟ་བ་དང། །ཉམ་དམད་དེ་ཉིད་ལས་ཤེས་བྱ། ཞེས་བྱ་བ་ཡིན་ཏེ། བརྟ་བ་དང་ཉམ་དམད་བ་དེ་དག་ཆད་ལ་སོགས་པ་དང་མི་ལྡན་པར་བསྟེན་པ་སྟེ། ཚད་ལས་ལྷག་པར་སྟེན་ཅིང ་སྤྱོད་པ་དག་ནི་གོ་རིམ་བཞིན་དུ་རབ་ཏུ་སྦོམ་པ་ལ་སོགས་པ་དང། རབ་ཏུ་སྐེམ་པ་ལ་སོགས་པ་བྱེད་པར་འགྱུར་ཏེ། དེ་ཡང་ཡུལ་དང་དུས་ལ་སོགས་པ་ལམ་བལྟོས་པར་བརྟ་བ་ཧ་ཅང་ཤས་ཆེ་བར་བསྟན་པས་ནི་ཤིན་ཏུ་སྦོམ་ཞིང་ཆེ་དྲགས་པ་ལ་སོགས ་པ་སྐྱེད་པར་བྱེད་པར་འགྱུར་རོ། །སྨྱུང་བ་ཡང་དེ་བཞིན་དུ་བྱས་ན་ཤིན་ཏུ་སྒོམ་པ་ལ་སོགས་པ་སྐྱེད་པར་བྱེད་པར་འགྱུར་རོ། །དེ་ཡང་ཞེས་པ་ཤིན་ཏུ་ཚོ་བ་དང། ཤིན་ཏུ་སྐེམ་པ་ལ་སོགས་པ་དེ་རྣམས་དང་དེ་གཉིས་ཀྱིས་སྨན་གང་དང་གང་ཡིན་པ་དེ་དག་ཀྱང ་ལེའུ་འདིར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཚུལ་དེའི་མཚན་ཉིད་ཤིན་ཏུ་བརྟ་བ་དང་ཉམ་དམད་བ་དེ་གཉིས་གོ་རིམ་བཞིན་དུ་ཤེས་ཤིང་རྟོགས་པར་བྱའོ། །དེ་ལས་ཤིན་ཏུ་བརྟ་དྲགས་པ་སྨན་དང་བཅས་པ་སྨྲས་པ་ནི། ཤིན་ཏུ་ཚོ་ཆེས་འབྲུམ་གཅིན་སྙི།། ་རིམས་དང་རྨུ་རྫིངས་མཚན་བར་རྡོལ། །ལུད་རྨོད་གཅིན་སྲི་བེའུ་སྣབས་ཆགས། །མཛེ་ལ་སོགས་པ་མི་བཟད་འབྱུང། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བརྟ་བ་ཧ་ཅང་དྲགས་པར་བསྟེན་ནས་ཤིན་ཏུ་ཚོ་ཆེས་པ་ནས། མཛེ་ལ་སོགས་པའི་བར་དུ་སྐྱེད་བར ་བྱེད་དོ། །ཤིན་ཏུ་ཚོ་ཆེས་པའི་མཚན་ཉིད། །དྲང་སྲོང་ཙ་རགས་བཤད་པ། །ཤ་དང་ཚིལ་རབ་འཕེལ་བ་ཡི། །ནུ་མ་གསུམ་པ་མཇུག་མ་འབྱང། །དགོས་མེད་འཕེལ་བར་རྩོམ་པ་ཡི། །མི་ནི་ཤིན་ཏུ་ཚོ་ཞེས་བྱ་ཞེས་བྱ་བ་ཡིན་ནོ། །འབྲུམ་བུ་ནི་འབྲས་ཀྱི་འཕྲེང་བའོ། ། ་གཅིན་སྙི་བ་ལ་སོགས་པ་ནི་འོག་ནས་བཤད་པའོ། །དེ་རྣམས་ཀྱི་སྨན་སྨྲས་པ་ནི། དེ་ལ་ཚིལ་དང་རླུང་བད་ཀན། །སེལ་བར་བྱེད་པ་ཐམས་ཅད་ཕན་བརྫུ་རྣ་ཁྲེ་རྒོད་ཀུ་ལཏྠ། །ནས་དང་སྲན་ཆུང་མོན་སྲན་སྡེའུ། དང་བ་དང་རྙིང་ཞོ་ཁ་ཆུ། །སེམས་ལས་བྱ་ངང་པ ་མི་མཉམ་བྱ། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་ཞེས་པ་ཚོ་ཆེས་པ་ལ་སོགས་པ་དེ་རྣམས་ལ། ཚིལ་དང་རླུང་བད་ཀན་སེལ་བར་བྱེད་པའི་ཟས་དང་སྨན་དང་སྤྱོད་ལམ་ཐམས་ཅད་ཕན་པ་ཡིན་ཏེ། ཛུ་རྣ་དང། ཁྲེ་རྒོད་དང། རྒྱ་སྲན་ཀུལ ་ལཏྠ་དང། ནས་ནི་བཟའ་བའི་ཕྱིར་བསྟེན་ཏེ། མོན་སྲན་སྡེའུ་ནི་ཚོད་མའི་དོན་དུ་བྱའོ། །སྲན་ཆུང་དང་དར་བ་དང་དར་སྙིང་དང། ཞོག་ཆུ་ནི་བཏུང་བའི་དོན་ཏུ་བྱའོ། །སེམས་ལས་དང་མི་ཉལ་བ་ནི་སྤྱོད་ལམ་གྱི་དོན་དུའོ། །སྤང་བ་ནི་ཚིལ་དང་བད་ཀན་ལ་སོགས ་པ་དག་པར་བྱ་བའི་ཕྱིར་རོ། །སྦྲང་རྩི་འབྲས་བུ་གསུམ་བཅས་པ་འམ། སླེ་ཏྲེས་སླ་སྒང་ཨ་རུ་ར་ཞེས་བྱ་བ་ནི། ཤིན་ཏུ་འཚོ་བ་ལ་སོགས་པ་དེ་རྣམས་ལ་སྐྱེས་བུས་འབྲས་བུ་གསུམ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བཟའ་བའམ། ཡང་ན་སླ་ཏྲེས་དང་སྦྲང ་རྩིར་སྦྱར་བ་བཟའ་འམ། ཡང་ན་སླ་སྒང་དང་སྦྲང་རྩིར་སྦྱར་པ་བཟའ་བར་བྱའོ། །སྐྱེར་ཁཎྜ་དང་རྩ་བ་ནི། །ཆེན་པོ་ལྔ་དང་གུ་གུལ་དང། ཁྲག་ཤུན་གྱི་ནི་སྦྱོར་བ་དང། །གནི་མནྠའི?་ཁུ་བཅས་ཅན། ཞེས་བྱ་བ་ནི། ཤིན་ཏུ་ཚོ་ཆེས་པ་དེ་ལ་སྐྱེར་ཁཎྜའི་སྦྱོར་བ ་ཕན་ནོ། །དེ་བཞིན་དུ་བིལྤའི་རྩ་བ་ལ་སོགས་པ། རྩ་བ་ཆེན་པོ་ལྔའི་སྦྱོར་བ་ཕན་ནོ། །དེ་བཞིན་དུ་གུ་གུལ་གྱི་སྦྱོར་བ་དང། བྲག་ཤུན་གྱི་སྦྱོར་བ་ཨཀནི་མནྠ་ཞེས་བྱ་བ། ཏརྐ་རིའི་ཁུ་བ་དང་བཅས་པ་ཡང་ཕན་པ་ཡིན་ནོ། །ནས་ཆགས་ལ་བུས་ཐལ་བི་ཊ་ཀ་།བཅའ་ ་ལྒ་ལྕགས་ཕྱེ་སྦྲང་རྩི་དང། །ནས་དང་སྐྱུ་རུ་རའི་ཕྱེ་མའི། །སྦྱོར་བས་ཤིན་ཏུ་ཚོ་ནད་སེལ། །ཞེས་བྱ་བ་ནི་ནས་ཚིག་འཁུས་པའི་ཐལ་བ་ལ་སོགས་པའི་སྦྱོར་བ་འདི་སྦྲང་རྩི་དང་སྦྱར་ཏེ་བ་ལགས་ན་ཤིན་ཏུ་སྦོམ་ཞིང་ཚོ་ཆེས་པའི་ནད་སེལ་བར་བྱེད་དོ། ། ་ནས་ཚིགས་འཁུས་པའི་ཐལ་བ་ནི་ཡ་བཀྵ་རའོ། །ལྕགས་ཕྱེ་ནི་ལྕགས་ནག་པའི་ཕྱེ་མའོ། །གཞན་དག་ནི་དྲགས་པར་ཟད་དོ། །ཚ་གསུམ་འབྲས་གསུམ་བུ་རྩ་ཤེལ། །ཤི་ཀྲུ་པི་དང་པོ་སྠ་ར། །ཤིང་ཀུན་གོ་སྙོང་བ་རུ་ཚྭ། །ལ་ལ་ཕུང་དང་འུ་སུ་དང།། ་ཀྲུ་ཏྲུག་ཏྲེས་དང་སེར་པོ་གཉིས། །བྲི་ཧ་གཉིས་དང་ཆུ་རྩི་མོ། །ཏ་བུ་ཤ་དང་པ་ཐ་དང། །ཀི་བུ་ཀ་ཡི་རྩ་བ་སྟེ། །འདི་རྣམས་ཕྱེ་མ་མར་སྦྲང་རྩི། །ཏིལ་མར་དག་ནི་ཆ་སྙམས་པ། །ནས་ཕྱེའི་ཆ་ནི་བཅུ་དྲུག་བསྐྱེད། །སྦྱར་བ་འཐུངས་ན་དེ་འཇོམས་སོ། །ཤིན་ཏུ་ཤས་ཆའི ་བདག་ཉིད་ཀུན། །གཞན་ཡང་དེ་འདྲའི་ནད་རྣམ་པ་དང། །སྙིང་ནད་མིག་སེར་ཤ་བཀྲ་དང། །ལུས་དབུགས་མི་བདེ་ལྐོག་ནད་སེལ། །བློ་དང་ཡིད་གཞུངས་སེམས་དྲན་བྱེད། །ཟས་འཇུ་འཕོ་བའི་དོད་ཀྱང་བསྐྱེད། །ཅེས་བྱ་བ་ནི། འདིར་ཚ་བ་གསུམ་དང་འབྲས ་བུ་གསུམ་ལ་སོགས་པའི་སྨན་ཉི་ཤུ་རྩ་བཞི་བཤད་པ་འདི་རྣམས་མ་ལུས་པའི་ཕྱི་མ་དང། སྦྲང་རྩི་དང་མར་ཏིལ་མར་ཆ་མཉམ་པར་བྱའོ། །དེ་ནས་ཕྱེ་མ་ཆ་གཅིག་།ཆ་གཉིས་པ་སྦྲང་རྩི། །ཆ་གསུམ་པ་མར་ཆ་བཞི་པ་ཏིལ་མར། ནས་ཕྱེ། ཕྱེ་མ་ལ་བལྟོས ་པའི་བཅུ་དྲུག་འགྱུར་རོ། །དེ་ལ་འདི་སྐད་སྟོན་པ་ཡིན་དེ། ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་སྲང་ཕྱེད། སྦྲང་རྩི་དང་མར་དང་ཏིལ་མར་སྲང་རེ་གནས་ཀྱི་ཕྱེ་མ་སྲད་བཅུ་དྲུག་འགྱུར་དུ་བྱ་བའི་དོན་ནོ། །དེ་ལ་ཚ་བ་གསུམ་ནི་པི་པི་ལིང་དང་ན་ལེ་ཤམ་དང་བཅའ་ ་ལྒ་ཞེས་བྱའོ། །འབྲས་བུ་གསུམ་ནི་ཨ་རུ་ར་དང། སྐྱུ་རུ་ར་དང། བ་རུ་རའོ། །པུ་ཙེ་ཤེལ་ནི་ཀ་ཏུ་ཀའོ། །ཤི་ཀྲུ་ན་སོ་བི་ཛ་ནའོ། །སྠི་ར་ནི་བལ་མ་རྞིའོ། །ཁ་རུ་ཚྭ་ནི་སོ་བར་ཚ་ལའོ། །གོ་སྙོད་ནི་ཛི་ར་ཀའོ། །འུ་སུ་ནི་འུ་སུའི་འབྲས་བུའོ། །སེར་པོ་གཉིས་ནི་ཡུང་བ་དང་སྐྱུར་བའོ།། ་བྲི་ཧ་ཏྲི་གཉིས་ནི་ཀཎྜ་སཱ་རེ་དང། བྲི་ཧ་ཏྲཱིའོ། ཧ་པུ་ཤིན་བྲཧམོ་ཤ་ཞེས་བྱ་བ་འདབ་མ་སྔོ་བ་ཞིག་གོ་།ཀེ་བུ་ཀའི་རྩ་བ་ནི་ཆུའི་པི་པི་ལིང་གི་རྩ་བ་སྟེ། དེ་དག་ཐམས་ཅད་ཀྱི་ཕྱེ་མ་རྫས་གཤེར་བ་དང་བསྲེས་ཏེ་འཐུངས་ན་ཤིན་ཏུ་ཚོ་ཆེས་པ་ལ་སོགས་པའི་ནད་ཐམས་ཅད? ་སེལ་པར་བྱེད་ཅིང། །དེ་བཞིན་དུ་བརྟས་པ་ལས་བྱུང་བའི་ནད་དེ་དང་ཚུལ་མཐུན་པ་སེལ་བར་བྱེད་པ་དང། དེ་བཞིན་དུ་སྙིང་ནད་ལ་སོགས་པ་སེལ་བར་བྱེད་པ་དང། དེ་བཞིན་དུ་དེ་བློ་དང་ཡིད་གཞུངས་པ་དྲན་པ་གསལ་བར་བྱེད་པ་དང། དེ་བཞིན་དུ་ཕོ? ་བའི་དྲོ་བསྐྱེད་ཅིང། མོ་དྲོད་ཉམས་བ་འཐེལ་བར་བྱེད་པ་ཡིན་ནོ། །ཤིན་ཏུ་ཉམ་སྨད་ཅིང་སྨྱུང་བ་ཧ་ཅང་དྲགས་པ་ལས་ནང་དུ་འགྱུར་བ་བཤད་པ་ནི། སྨྱུང་དྲགས་རབ་སྐེམ་མགོ་འཁོར་ལུང། །སྐོམ་དང་ཆེ་ཞིང་ཡི་ག་འཆུས།། ་སྣུམ་དྲོད་གཉིད་མིག་རྣ་བ་ཉམས། །ཁུ་བ་གང་མོད་ངས་སྐད་གསང་ཟད། །ཆུ་སོ་གཉིས་གླང་འབྱིན་པ་བརླ། །སྐུ་ངོ་རྩིབས་ལོགས་ན་རིམས་འདེབས། །ཚིགས་མང་སྟོང་དུ་རླུང་ནད་འཇུག་།རྨྱ་ཞིང་སྐྱུག་བྲོ་རུས་ཚོགས་ན། །བཤད་གཅི་སྲི་བ་ལ་སོགས་པ། །སྨྱུང་བ ་དྲགས་ལས་འབྱུང་བར་འགྱུར། ཞེས་བྱ་བ་ཡིན་ཏེ། ཤིན་ཏུ་སྨྱུང་བ་དྲགས་ཤིང། ཉམ་དམང་པ་དྲགས་ཆེས་པ་ལས། །སྐེམ་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་རབ་ཏུ་སྐེམ་པ་ནི་ཤིན་ཏུ་སྒོ་ཞེང་ལུས་ཟུངས་ཟད་པ་ཉིད་དོ། །མགོ་འཁོར་བ་ནི། ་འཁོར་ལོ་ལ་བསྐྱོན་པ་ལྟར་འཁོར་བས་ན་མགོ་འཁོར་བའོ། །ལུང་པ་ནི་ལུང་བ་མང་པོའོ། །སྐོམ་དང་ཆེ་བ་ནི་སྐོམ་དང་ཀྱིས་གདུངས་པའོ། །ཡི་ག་འཆུས་པ་ནི་ཟས་ལ་མངོན་པར་མི་དགའ་བའོ། །སྣུམ་ལ་སོགས་པ་བརྒྱད་ནི་ཟད་པ་ཞེས་བྱ་བ་སྦྱར་ཏེ། དེས་ན ་སྣུམ་ཟད་བ་དང། མེ་དྲོད་ཟད་པ་ནས་སྐད་གདངས་ཀྱི་གསང་ཟད་པའི་བར་དུའོ། །ཆུ་སོ་ལ་སོགས་པ་བདུན་ནི་ན་བ་ཞེས་བྱ་བའི་སྒྲ་དང་སྦྱར་ཏེ་དེ་བས་ན་ཆུ་སོ་ན་བ་དང་སྙིང་ན་བ་ནས་རྩིབ་ལོགས་ན་བའི་བར་དུའོ། །རིམས་ཀྱིས་འདེབས་པ་ནི་རིམས་ནད་འབྱུང་བའོ།། ་ཚིག་མང་བ་ནི་འབྲེལ་བ་མེད་པའི་ཚིག་མེད་དུ་སྨྲ་བའོ། །སྟོང་དུ་རླུང་འཇུག་པ་ནི་སྟོང་དུ་རླུང་ཞུགས་པའོ། །རྨྱ་བ་ནི་ལུས་ཀྱི་ཉམ་སྟོབས་ཆུང་བའོ། །སྐྱུག་བྲོ་བ་ནི་ཟས་ལ་སོགས་པ་མི་འདོད་པའོ། །རུས་ཚིགས་ན་བ་ནི་རུས་པ་རྣམས་དང་དེ་བཞིན་དུ ་ཚིགས་རྣམས་བཅག་ཅིག་དཀྲུམ་པ་སྙམ་དུ་སེམས་ཤིང་ན་བའོ། །བཤང་གཅི་སྲི་བ་ལ་སོགས་པ་ནི་ཞེས་བྱ་བའི་སོགས་པའི་སྒྲས་ནི་རླུང་ལས་བྱུང་བའི་ནད་སྣ་ཚོགས་པ་བསྡུའོ། །རབ་ཏུ་ཚོ་བས་སྒོམ་ཉིད་མཆོག་།ཤིན་ཏུ་ཚོ་དྲག་པ་ནི་སྨན།། ་ཤིན་ཏུ་ཚིལ་ཆེས་མེ་རླུང་ལ། །བརྟ་དང་ཉམ་དམང་ཡོད་མ་ཡིན། ཞེས་བྱ་བ་ནི། སྐེམ་པ་ཞེས་བྱ་བ་འདི་ནད་ཆེན་པོ་ཡིན་མོད་ཀྱི་འོན་སྐྱང་རབ་ཏུ་ཆེ་ཞིང་སྦོམ་པས་སྐེམ་པ་མཆོག་ཡིན་ཏེ། །འདིར་ཤིན་ཏུ་ཚེ་བ་ནས་སྐེམ་པ་མཆོག་ཡིན་ནོ། ཞེས་བྱ་བ་འདི ་ལ་ཤིན?་ཏུ། ཚོ་བ་བས་ཤིན་ཏུ་སྐེམ་པ་མཆོག་ཡིན་པ་ལ་བྱའི། །ཅུང་ཟད་སྦོམ་པ་ལས་ཅུང་ཟད་སྐེམ་པ་མཆོག་མ་ཡིན་ནོ། །དེ་ཡང་གང་གི་ཕྱིར་ཤིན་ཏུ་ཆོད་ཞིང་ལྦོམ་ཆེས་པ་དང། ཤིན་ཏུ་སྐེམ་པ་ཉིད་དུ་མྱུར་བ་དང་བརྟ་བས་གོས་བར་བྱ་བ་བསྟན་གྱི། སྦོམ་པ་དང་སྐེམ་པོ ་ཐ་མལ་པ་ཙམ་ནི་མ་ཡིན་ནོ། །ཅིའི་ཕྱིར་སྦོམ་པོ་བས་སྐེམ་པོ་མཆོག་ཉིད་ཡིན་པའི་རིགས་པ་འདིར་སྨས་པ་ནི། ཤིན་ཏུ་ཚོ་དྲགས་པའི་སྨན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚིལ་ཆེས་པ་དང། ཤིན་ཏུ་མེ་དྲོད་ཆེས་པ་དང། རླུང་འཕེལ་བ་གང ་ཡིན་པ་དེ་ལྟ་བུ་ལེགས་པ་ཡིན་ན་ཤིན་ཏུ་ཚིལ་ཆེས་པ་དང་མེ་དྲོད་དང་རླུང་སེལ་བའི་སྨན་དེ་ལྟ་བུ་ཤིན་ཏུ་ཚེ་ཆེས་པའི་བརྟ་དེ་འམ་ཉམ་དམད་པར་ནུས་པ་མ་ཡིན་ནོ། །དེ་འང་སྦོམ་པའི་བརྟ་པའི་སྨན་གྱིས་སྦོམ་པོ་བཟློག་པ་འམ། ཉམ་དམང་པར་ནུས་པ་མ་ཡིན་ཏེ། ་གང་གི་ཕྱིར་བརྟ་ཞིང་འཕེལ་བར་བྱེད་པ་ནི་ཤ་ལ་སོགས་པས་བྱེད་ལ། དེས་ནི་ཚིལ་འཕེལ་བར་བྱེད་དེ། བརྟ་པའི་རང་བཞིན་ཡིན་པའི་ཕྱིར་ཚིལ་ཁོ་ན་གསོག་པར་བྱེད་དོ། །ཉམ་དམང་པའི་སྨན་གྲོ་རྒོད་ལ་སོགས་པ་གང་ཡིན་པ་འདི་ནི་ཉམ་དམང་པའོ ་རང་བཞིན་ཅན་ཡིན་པའི་ཕྱིར་རླུང་འཕེལ་བར་བྱེད་དོ། །དེ་ནི་འདི་སྐད་སྟོན་ཏེ། གལ་ཏེ་ཤིན་ཏུ་སྦོམ་ཆོས་པ་ལ་བརྟ་བའི་སྨན་བྱིན་ན་ནི། དེས་ཚིལ་དང་མེ་དྲོད་འཕེལ་བར་བྱེད་ཅིང་རླུང་འགྲིབས་པར་བྱེད་དོ། །འོན་ཏེ་ཉམ་དམང་པ་སྨད་བ་བྱས་ན ་དེས་ཚིལ་ཟད་པར་བྱེད་ཀྱི། རླུང་དང་མེ་དྲོད་ལ་གནོད་པར་མི་བྱེད་དོ། །དེ་བས་ན་ཤིན་ཏུ་ཆ་ཆོས་པ་ལ་བརྟ་བར་ཡང་བྱ་དཀའ་ལ། ཉམ་དམང་པར་ཡང་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་ཏེ། ཤིན་ཏུ་ཚེ་ཆེས་པ་ལ་གང་ཚིལ་ཟད་བར ་བྱ་བ་དང། མེ་དྲོད་སེལ་པ་དང། རླུང་སེལ་བ་དེ་དེ་ལ་ཕན་པ་ཡིན་ནོ། དེ་ལྟ་བུ་ཡོད་པ་མ་ཡིན་ནོ། །གང་ཞིག་མངར་དང་སྣུམ་བག་བཟའ་། བསོད་བདེ་དག་གིས་སྐེམ་པ་སེལ། དེ་ལས་ཤིན་ཏུ་བཟློག་པ་དག་།ངེས་པར་བསྟེན་པས་སྦོམ ་ཉིད་སེལ། ཞེས་པ་འདི་ནི་སྐེམ་པ་མཆོག་ཡིན་པའི་གཏན་ཚིགས་གཞན་དག་བསྟན་པ་ཡིན་ཏེ། སྐེམ་པ་ཉིད་ནི་གང་གི་ཕྱིར་ཟས་མངར་བག་ལ་སོགས་པས་བདེ་ཞིང་དགའ་བ་མེད་པས་ཞི་བར་འགྱུར་བས། དེའི་ཕྱིར་སྦོམ་པོ་པས་སྐེམ་པ་ཉིད ་མཆོག་ཡིན་གྱི་སྦོམ་པོ་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་སྦོམ་པོ་ཉིད་སྐེམ་པར་བྱས་པའི་གསོ་བའི་ཐབས་ལས་ཤིན་ཏུ་གོ་བཟློག་པའི་ཚུལ་བརྟེན་པས་ཟློག་པར་བྱེད་དེ། ཤིན་ཏུ་གོ་བཟློག་པ་ནི་ཕལ་ཆེར་ཁ་བ་དང་ཚ་བ་དང། བསྐ་པ་དང་ཟས་དང ་སྐོམ་དང་སྨན་རྩུབ་མོ་བསྟེན་ན། གདོང་ཤིན་ཏུ་ཚོ་ཆེས་པའི་སྦོམ་པོ་སེལ་ཏེ། ཚིལ་ཟད་པའི་རྒྱུ་རྣམས་ཀྱིས་དེ་འབྱང་གི་ཟས་དང་ལ་སོགས་པ་མངར་ཞིང་སྣུམ་བག་ཟོས་ཏེ། བསོད་ཅིང་ཚིམ་པར་བྱེད་པས་ནི་མ་ཡིན་ནོ། །དེ་ལྟར་ན་སྦོམ་པ་དང ་སྐེམ་པ་འདི་གཉིས་ནད་དུ་མཉམ་པ་ཡིན་དུ་ཟིན་ཀྱང། སྦོམ་པོར་གྱུར་པ་ནི་གསོ་དཀའ་བ་ཡིན་པས་ན་ཡུན་རིང་འགོར་བའི་ཕྱིར་འདིར་སྐེམ་པོ་ཉིད་མཆོག་ཡིན་ནོ། །སྐེམ་པོ་དེའི་སྨན་ཅི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་སྨྲ་བ་ནི། དེ་ལ་བཟའ་?་བཏུང་སྨན ་རྣམས་ནི། །བརྟ་བར་བྱེད་པ་ཐམས་ཅད་སྦྱར། །བྱ་བ་ལ་སོགས་པ་ཡིན་ཏེ། སྐྱེས་བུ་སྐེམ་པོ་དེ་ལ་བཟའ་བ་དང་བཏུང་བ་དང་སྨན་དུ་འབྲས་དྲུག་ཅུའི་ཆན་དང་ཤ་དང་འོ་མ་དང། བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་དང། ཚོ་བར་བྱེད་བ་དང། བརྟ ་པར་བྱེད་པའི་སྨན་གྱི་རིགས་ཐམས་ཅད་བརྟ་པའི་དོན་དུ་སྦྱར་བར་བྱའོ། །སེམས་ལས་མེད་དང་དགའ་བ་དང། །ངེས་པར་བརྟ་བར་བྱ་བ་དང། གཉིད་ཆེར་ལོག་ལས་སྐེམ་པ་ཡང། །ཕག་དང་འདྲ་བར་ལུས་རྒྱས་འགྱུར། ཞེས་བྱ་བ་ལ། ་སེམས་ལས་མེད་པ་ནི་མྱ་ངན་གྱིས་གདུངས་པ་མེད་པ་འམ། །བྱ་བའི་རིགས་གང་ལ་ཡང་ཡིད་ལ་དཔྱོད་པ་མེད་པའོ། །དགའ་བ་ནི་ཉམས་བག་ཏུ་གནས་པའོ། །ངེས་པར་བརྟ་བར་བྱ་བ་ནི་ཤིན་ཏུ་ཚིམ་པར་བྱ་བ་དང། །དེ་བཞིན་དུ་ལེགས་པར་གཉིད་ལོག་ཅིང ་ཉལ་བས། སྐེམ་པོ་དག་རྣམ་པ་ཐམས་ཅད་དུ་ཤ་རྒྱས་པར་འགྱུར་རོ། །དེ་ཡང་དཔེར་ན་ཕག་དང་འདྲ་བ་སྟེ། སྐེམ་པོའི་གནས་སྐབས་སུ་ཤ་རྒྱས་པའི་རྒྱུ་གཞན་པས་གཉིད་ཆེར་ལོག་པ་རྒྱུའི་གཙོ་བོ་ཡིན་པར་བསྟན་པར་བྱ་བའི་ཕྱིར་དཔེ་ཕག་པ་དང ་སྦྱར་བ་ཡིན་ནོ། །དེ་ལྟར་ན་སེམས་ལས་མེད་པ་དང། དགའ་བ་དང་ཤིན་ཏུ་བརྟ་བ་དང། ལེགས་པར་གཉིད་ལོག་པས་ལུས་ཟུངས་ཐམས་ཅད་འཕེལ་ཞིང་རྒྱས་པར་འགྱུར་རོ། །ལུས་ནི་བརྟས་ཤིང་ཚོ་བྱེད་པ། །ཤ་དང་འདྲ་བ་གང་ཡང་མེད། །ཤ་མི་ཟ་ལ་ཤ་ཟའི ་ཤས། ལུས་ནི་མཆོག་ཏུ་རྟས་བྱེད་ཡིན་ཞེས་བྱ་བ་ལ། གང་གི་ལུས་བརྟས་ཤིང་ཚོ་བར་བྱེད་པ་ཡིན་ལ་ཟས་གང་ཞིང་ཟས་ཤིང་ལོངས་སྤྱད་པ་ན། ཤ་དང་འདྲ་བར་ལུས་བརྟས་ཤིང་ཚོ་བར་བྱེད་པའི་ཁ་ཟས་ཀྱི་རིམ་པ་གང་ཡང་ཡོད་པ་མ་ཡིན་ནོ། །དེ་ལས ་ཀྱང་ཁྱད་པར་དུ་ནི་ཤ་ཟ་རྣམས་ཀྱི་ཤ་ནི་ཤས་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་པས། ཤིན་ཏུ་ཡང་ལུས་བརྟས་ཤིང་འཕེལ་བར་བྱེད་པ་ཡིན་ནོ། །སྦོམ་པོ་དང་སྐེམ་པོ་དེ་གཉིས་ཀྱི་གསོ་བའི་ཐབས་མདོར་བསྟན་པའི་ཕྱིར་སྨྲས་པ་ནི། སྦོམ་ལས་མ་དམང ་ལྕི་བས་བྱ། །དེ་ལས་བཟློག་པ་སྐེམ་ལ་ཕན། ཞེས་བྱ་བ་ཡིན་ཏེ། མི་སྦོམ་པོ་ལ་ནི་ཉམ་དམང་པའི་ལྕི་བས་བྱ་སྟེ། དཔེར་ན་སྦྲང་རྩི་དང་སྲེ་ག་ཏ་ཞེས་བྱ་བའི་འབྲས་བུ་དང། པདྨའི་རྩ་བ་དང་སྡོང་བུ་ལ་སོགས་པ་སྟེ། དེ་དག་ནི་རྩུབ་པ་ཡིན་པའི་ཕྱིར་ཚིལ་ཟད? ་པར་བྱེད་པ་དང། ལྕི་བས་མྱུར་དུ་མི་འཇུ་བའི་ཕྱིར་རོ། །སྦོམ་པོ་ལ་ནི་ཡང་བའི་ཉམ་དམང་པ་ཡང་སྦོམ་པོར་ཕན་ཏེ། དཔེར་ན་རྒྱ་སྲན་ཀུ་ལཏྠ་དང། ཁྲེ་རྒོད་ལ་སོགས་པ་ཕན་པ་ལྟ་བུའོ། །དེ་ལས་བཟློག་པ་སྐེམ་ལ་ཕན། ཞེས་བྱ་བ་ནི། གང་སྔ་མ་དེ་ལས་བཟློགས། ་པའི་ཡང་བ་དང། དེ་བཞིན་དུ་བརྟ་བ་དེ་ནི་སྐེམ་པོ་ལ་ཕན་ཏེ། དཔེར་ན་འབྲས་དྲུག་ཅུ་པའི་ཆ་དང། རི་དགས་ཤ་བཀྲ་དང། རི་བོར་ལ་སོགས་པའི་ཤ་ལྟ་བུ་སྟེ། དེ་ཡང་གང་གི་ཕྱིར་ཤིན་ཏུ་སྐེམ་པ་ལ་ནི་ཟས་དང་སྐོམ་དང་སྨན ་གཅི་བ་དག་གིས་མེ་དྲོད་འབྲི་བར་བྱེད་པས་དེ་བརྟས་པར་བྱེད་པའི་རྫས་ཡིན་དུ་ཟིན་ཀྱང་དེ་མི་འཇུ་བས་སླར་ཉམ་དམང་ཅིང་སྐེམ་པོ་ཉིད་དུ་བྱེད་པར་འགྱུར་རོ། །ནས་དང་གྲོ་ནི་གཉི་ག་ལ། །དེ་ལ་འོས་པར་བྱེད་པས་བརྟག་།ཅེས་བྱ་བ་ལ། སྦོམ་པོ་དང ་སྐེམ་པོ་དེ་གཉིས་ཀ་ལ་འོས་ཤིང་འཚམ་པར་བྱ་ཞིང་སྦྱར་བ་དང། ཡོངས་སུ་བྱས་པའི་ཉེ་བར་བརྟག་པས་བྱེད་པ་གང་ཡིན་པ་དེ་ནི། དེ་ལ་འོས་པས་བརྟག་ཅེས་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཕྱིར་སྦོམ་པོ་ལ་ནས་དང་གྲོ་སྟེར ་བ་ན། དེའི་ཚེ་སྦོམ་པོ་ལ་འོས་ཤིང་འཚམ་པའི་ཉམ་སྨད་པའི་བྱ་བས་བྱ་ལ། གང་གི་ཚེ་ནས་དང་གྲོ་དེ་ཉིད་སྐེམ་པོ་ལ་འོས་ཤིང་འཚམ་པའི་བརྟ་བ་བྱ་བའི་ཚུལ་གྱིས་བརྟག་པར་བྱ་བའོ། །འདིར་ནི་འདི་ལྟ་དོགས་པ་སྐྱེད་པར་མི་བྱའོ། །ཇི་ལྟར་ཉེས་པ ་རྣམས་ཀྱི་ནད་ཀྱི་རྒྱུ་མཛའ་ཡས་པ་ལས་ནང་ཀྱང་མཛའ་ཡས་པ་ཇི་ལྟ་བ་བཞིན་དུ་གསོ་བ་ཡང་མཛའ་ཡས། ཉམ་བརྟ་བ་དང་ཉམ་དམད་པའི་གསོ་བའི་ཐབས་ཀྱང་སྦྱོར་བ་རབ་དང་རབ་མཆོག་གི་དབྱེ་བས་མཛའ་ཡས་པར་རིགས་ན། ཅིའི་ཕྱིར་གསོ ་བའི་ཐབས་གཉིས་ཁོ་ནར་ཟད་ཅེས་ཕྱིར་རྒོལ་དག་ཡོད་པས། དེའི་ཕྱིར་གཞུང་རྩོམ་པར་བྱེད་པས་འདིར་སྨྲས་པ་ནི། ནད་ཀྱི་དབྱེ་བ་ཐ་དད་ཀྱི། །བཅོད་འཁྲུ་ལ་སོགས་བྱེད་པ་ཡིན། །ནད་ལྟར་ཐ་དད་གྱུར་ཀྱང་ནི། །གསོ་བ་གཉིས་ལས ་ཡོད་མ་ཡིན། ཞེས་བྱ་བ་ཡིན་ཏེ་ནད་རྣམས་ཟད་པ་དང། གནས་པ་དང། སྟེང་དང་འོག་དང་རྩིབ་ལོགས་ལ་སོགས་པར་ཐད་ཀར་འགྲོ་པ་ལ་སོགས་པའི་མཚན་ཉིད་ཀྱིས་རྣམ་པར་དབྱེ་ན། མཛའ་ཡས་པ་ཡོད་དུ་ཟིན་ཀྱང། །གསོ་བ ་ནི་རྣམ་པ་གཉིས་ལྷག་པར་དབྱེ་བ་མེད་དོ། །དེ་བཞིན་དུ་བཅད་པར་བྱ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་ལས་ཀྱང་ཐ་དད་པར་འགྱུར་ཏེ། འདི་ནི་བཅད་པའི་གསོ་བའོ། །འདི་ནི་འཁྲུ་བའི་གསོ་བའོ། །འདི་ནི་རབ་ཏུ་བཅད་པའོ། །འདི་ནི་རབ ་མཆོག་ཏུ་བཅད་པའོ། །འདི་ནི་རབ་ཏུ་འཁྲུ་བའོ། །འདི་ནི་རབ་ཏུ་ཆོག་ཏུ་འཁྲུ་བའོ། །སོགས་པས་ནི་སྣུམ་པར་བརྩུབ་པ་ལ་སོགས་པ་ཡིན་ན། ཇི་ལྟར་ན་དེ་མཛའ་ཡས་པ་ཡིན་དུ་ཟིན་ཀྱང། དེ་རྣམས་དབྱེ་བ་མེད་པ་ཡིན་ཞེ་ན། ནད་ལྟར་ཐ་དད་གྱུར་ཀྱང་ནི་ཞེས་བྱ་བ་སྟེ། དཔེར་ན་ནད་གཞི་ལ་སོགས་པའི་དབང་གིས་ཀྱང། ་རིམས་ལ་སོགས་པའི་ནད་རྣམས་ཐ་དད་པར་གྱུར་བ་ཡིན་ཀྱང་གསོ་བ་ནི། །བརྟ་བ་དང་ཉམ་དམང་པའི་ཚུལ་གཉིས་ཀྱིས་སྒྲུབ་པར་བྱ་བ་ཡིན་པས་ན། མཚན་ཉིད་དེ་གཉིས་ལས་དབྱེ་བ་ཡོད་པ་མ་ཡིན་ཏེ། ལན་འགའ་དེ་རྣམས་བརྟ་བར་བྱ་བས་གསོ ་དགོས་པར་འགྱུར་རོ། །ལ་ལ་ནི་ཉམ་འབྲི་བས་གསོ་བར་བྱ་དགོས་ཀྱི་དམ་གཏོགས་པ་གསོ་བའི་ཕུང་པོ་གསུམ་པ་ནི་ཡོད་པ་མ་ཡིན་ནོ།། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྱེལ་བ་ཚིག་གི་དོན་གྱི་ཟླ་ཟེར ་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྦྱང་བ་ལ་སོགས་པའི་སྨན་གྱི་སྡེ་མཚན་སྣ་ཚོགས་འདུས་པའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ་ཇི་ལྟར་འདིར་གསོ ་བ་སྣ་ཚོགས་ཡོད་དུ་ཟིན་ཀྱང། ཚུལ་གཉིས་ལས་ལྷག་པར་མེད་པ་དེ་བཞིན་དུ། སྨན་རྣམས་ཚུལ་ཐ་དད་པ་ཡོད་དུ་ཟིན་ཀྱང། སྦྱང་བ་དང་ཞི་བའི་ཚུལ་གཉིས་ལས་འདའ་བར་མི་བྱེད་དོ། །དེ་བས་ན་གསོ་བའི་ཚུལ་རྣམ་པ་གཉིས་ཀྱི་འོག་ཏུ་སྦྱངས་པ་སོགས་བ་ནི་སྨན ་གྱི་སྡེ་ཚན་གྱི་ལེའུ་བརྩམས་པ་ཡིན་ནོ། །སྦྱང་བ་ལ་སོགས་པའི་ཚུལ་ཅན་གྱི་སྨན་གྱི་སྡེ་ཚན་ལ་སོགས་པའི་སྡེ་ཚན་གང་ཡིན་པ་དེ་ནི་སྦྱང་བ་ལ་སོགས་པའི་སྨན་གྱི་སྡེ་ཚན་ནོ། །སྡེ་ཚན་སྣ་ཚོགས་པ་འདུས་པ་ནི་དངོས་པོ་ཕན་ཚུན་འཐོར་བ་ཕྱོགས་གཅིག ་ཏུ་བསྡུས་པ་དེའི་ལེའུ་བཤད་པར་བྱའོ་ཞེས་པའོ། །སྤྱོད་པའི་སྐྱུག་སྨན་ལ་སོགས་པའི་དབྱེ་བས་ཕྱིར། །ཕྱི་མ་མཆོག་ཏུ་གྱུར་པའི་ལས་རྣམ་པ་ལྔ་ཡོད་པ་ལས། དང་པོར་རེ་ཞིག་སྐྱུག་སྨན་གྱི་རྫས་ཀྱི་སྡེ་ཚན་གྱི་གཙོ་བོ་བཤད་པར་བྱ་བའི ་ཕྱིར་འདི་སྨྲས་པ་ཡིན་ཏེ། པོ་སོན་ཆ་དང་ཤིང་མངར་དང། །ཀུ་བ་ཁ་འོ་ནིམཔ་དང། །བིམཔ་གི་གོནབི་ཤ་ལ། །དུག་མོ་ཉུང་དང་མུརྦ་དང། །དེ་བ་དེ་ལི་བི་ཊི་ཀ། ལྕམ་པ་ཙི་ཏྲ་ཀྲུ་ཏྲུག་ཏྲེས། །ཀོ་ཤ་པ་ཏི་ཀ་རཉྫ། །པི་པི་ལིང་དང་རྒྱམ་ཚྭ་དང། །ཤུ་ད་གསུང་སྨེད་ཡུངས་ཀར་ཏེ།། ་འདི་དག་སྐྱུག་པའི་སྨན་གྱི་སྡེ། །ཞེས་བྱ་བ་ནི་པོ་སོན་ཆ་ལ་སོགས་པའི་སྨན་ནི་སློན་ཞིང་སྐྱུག་པ་ལ་དགོས་པ་ཡིན་ནོ། །དེ་ལ་པོ་སོན་ཆ་ནི་མང་དང་ཕ་ལའོ། །ཤིང་མངར་ནི་མ་དུ་ཡང་ཤིའོ། །ཀུ་བ་ཁ་བོ་ནི་ཀ་ཏུ་ཀ་ཨ་བ་བུའོ། །ནིམྦ་ནི་ཨ་རི་སྟག་ཀའོ།། ་བིམཔ་ནི་ཛི་མུཏཀའོ། །པི་ཊཱ་ཀ་ནི་མིང་རྣམས་གྲངས་གཞན་ཡང་འབྲས་བུ་དམར་པོ་ཞེས་བྱའོ། །ག་གོནྣི་ཏྲ་བུ་ས་ཁའོ། །བི་ལ་ཤ་ནི་ག་བ་ཨཀྵ་སྟེ། །བ་ལང་གི་མིག་ལྟ་བུའོ། །དུག་མོ་ཉུང་ནི་བད་ཙ་ཀའོ། །མུརྦ་ནི་མདུངས་ཏེ། །ཁུ་བ་དམར་བ་ཞིག་གོ་།དེ་བ ་ད་ལི་ནི་ཛི་མུཏཀའོ། །བི་ཊཱི་ཀ་ནི་སྲིན་བུ་གསོད་པའོ། །ལྕམ་པ་ནི་བི་ཏད་སོའོ། །ཙི་ཏྲ་ནི་ཏྲ་བནྟིའོ། །ཀྲུ་ཏྲུག་ཏྲེས་རི་ཙི་ཏྲ་ཀའོ། །ཀ་ཤ་བ་ནི་གཉིས་ཏེ། གཅིག་ནི་ར་ཙ་ཀོ་ཤ་བ་ཏིའོ། །གཉིས་པ་ནི་ཀ་དུ་ཀ་ཏ་ཀ་ཀོ་ཤ་ཏ་ཀིའོ། །ཀ་རཉྫ་ནི་བུ་ཏེ་ག་རཉྫའོ། །པི་པི ་ལིང་ནི་ཀརྞའོ། །ཡུངས་ཀར་ནི་ཡུངས་དཀར་བོའོ། །དེ་ཏྲི་དང་ནི་ཏྲི་བཏྟི། །འབྲས་བུ་གསུམ་དང་བི་ཤ་ལ། ཤི་ཀི་ནི་དང་སྣུ་ཧ་དང། །སེང་ཕྲོམ་དོང་ག་ནི་ལི་ནི། །ཁྲོམ་བུ་དང་ནི་ཀམྦི་ལྱ། །འོ་མ་བ་གཅིན་འཁྲུ་བར་བྱེད། ཅེས་བྱ་བ་དནྟི་ལ་སོགས་པའི ་སྨན་རྣམས་ནི་འཁྲུ་བའི་སྡེ་ཚན་ཡིན་ནོ། །དེ་ལ་དནྟི་ཀུ་མའོ། །ཏྲེ་བི་ཏི་ནི་ཀུམ་པའོ། །བི་ཤ་ལ་ནི་ག་བཀཱིའོ། །ཤིངལི་ནི་ཤིངལི་དུ་ཥཔའོ། །སྣུ་ཧ་ནི་བུ་ཏའོ། །ནཱི་ལི་ནི་ནཱི་ལ་པུཥཔ་སྟེ། མེ་ཏོག་སྔོན་པོ་ཅན་ནོ། །གསེང་ཕྲོམ་ནི་དྲོ་ཏྲའོ། །དོང་ག་ནི་ཤཾ་མྱ་ཀའོ། །ཁྲོན་བུ་ནི ་སུ་པརྞ་ཀྵི་རའོ། །བམཕི་ལླཡ་ནི་ར་ཛ་ན་ག་སྟེ། ཚོན་ཤིང་ངོ། །འོ་མ་ནི་འོ་མ་རྣམས་སོ། །བ་གཅིན་ནི་དངོས་སུ་ཟད་དོ། །བོ་སོན་ཆ་དང་དུག་མོ་ཉུང། །རུ་རྟ་དེ་བ་ད་ལི་དང། །ཤིང་སྣང?་རོ་ཤུ་དག་རྩ་བ་བཅུ། །ཐད་ཤིང་ར་སྣ་པ་ལ་ལ་ཕུང། །ཤ་ཏ་པུཥཔ་བ་ཏ་ལ། །རྒྱ་སྲན ་ནག་པོ་སྦྲང་རྩི་དང། །རྒྱམ་ཚ་ཙེ་ཚ་ཤིང་ཉེ་རོ། །འདི་དག་མས་བཏང་པ་ཀྲུ་སྨན་ཏེ། ཞེས་བྱ་བ་ལ། པོ་སོན་ཆ་ལ་སོགས་པ་ནི་མས་བཏང་བའི་བཀྲུ་སྨན་གྱི་སྡེ་ཚན་ཡིན་ཏེ། དེ་བད་ལི་ནི་ཛི་མུཏཀའོ། །གཞན་ནི་ལོ་བར་ཟད་དོ། །རྩ་བ་བཅུ་ནི་རྩ་བ་ལྔ་པ་ཆེ་ཆུང ་གཉིས་སོ། །ཤ་ཏ་པུཥཔ་ནི་མི་བིའོ། ། པ་མ་ག་བི་ཊཱི་ཀ། ཆ་བ་གསུམ་དང་སྐྱེར་བའི་རྩ། །སུ་ར་ལ་དང་ཤི་རི་ཤ། བྲཾ་ཧ་ཤི་ཀྲུའི་ས་བོན་དང། །སེང་ལྡང་མ་ཀ་སྙིང་པོའོ། །རྒྱམ་ཚ་དངུལ་རྡོ་ཕ་བོང་བྲེག་།སུག་སྨེལ་གཉིས་དང་གོ་སྙོད་སྦོམ། །མགོ་བོའི་ནང་སྦྱོང་བྱེད་པ་ཡིན ་ཞེས་བྱ་བ་ལ། ཨ་པ་མརྒ་ལ་སོགས་པའི་རྫས་ཀྱི་སྡེ་ཚན་ནི་མགོ་བོའི་ནད་སྦྱོང་བར་བྱེད་པ་ཡིན་ནོ། ། པ་མརྒ་ནི་པྲ་དག་པུཥཔ་པའོ། ཚ་བ་གསུམ་ནི་པི་པི་ལིང་དང། །ན་ལེག?་མ་དང། བཅའ་ལྦ་དང་གསུམ་བསེས་པའོ། །སྒྱེར་པའི་རྩ་བ་ནི་ད་དུ་ཧ་རིང་ཏའོ། །སུར ་ལ་ནི་སུ་ལཀྵ་ནའོ། །ཤི་རི་ཤིའི་ས་བོན་བྲི་ཧའི་ས་བོན་དང། ཤི་ཀྲུའི་ས་བོན་ནོ། །ས་བོན་གྱི་སྒྲ་གསུམ་ཆར་ལ་སྦྱར་རོ། །མ་དུ་ཀའི་སྙིང་པོ་ནི་ཨ་དུ་ཀའི་མེ་ཏོག་མཆོག་ཏུ་གྱུར་པ་ལ་བྱའོ། །དངུལ་རྡོ་ནི་ཀུ་ཤ་ར་ས་ཨཉྫ་ནའོ། །སུག་སྨེལ་ཕྲ་མོ་དང ་སྤོམ་པོའོ། །ག་སྙོང་སྤོམ་པོ་ནི་ཕྲ་ཐི་ཀའོ། །ཐང་ཤིང་རྒྱ་སྤོས་རུ་ཏ་དང། །རྩ་བ་བཅུ་དང་པཱ་ལ་གཉིས། །བིར་ཏ་རིའི་སྨན་སྡེར་གཏོགས། །བི་དལ་སོགས་རླུང་ནད་སེལ། ཞེས་བྱ་བ་ལ། ཐང་ཤིང་ལ་སོགས་པའི་སྨན་རྣམས་ནི་རླུང་འཇོམས་པར་བྱེད་པ ་ཡིན་ནོ། །རྒྱ་སྤོས་ནི་ན་ཐའོ། །རུ་རྟ་ནི་ཀུཥཱའོ། །པཱ་ལ་གཉིས་ནི་བཱ་ལ་དང་ཨ་ཏི་བཱ་ལའོ། །བི་ར་ཏ་ལ་སོགས་པའི་སྡེ་ཚན་དང་པི་དར་ལ་སོགས་པའི་སྡེ་ཚན་ནི་བཤད་དོ། །སྡེ་ཚན་དེ་གཉིས་རླུང་སེལ་བར་བྱེད་པ་ཡིན་ནོ། །དུརྦ་དང་ནི་བྱི་ཚེར་བ། །ནམཔི་བ ་ཤ་ཀའི་ལོ་མ། །ཁ་སྲལ་ཕྲེའུ་འོལ་མ་སེ། །ཉེའུ་ཤིང་ལ་ཞེས་བྱ་དང། །ཤིང་ཏ་པ་ཀི་པྲི་ཡཾ་ཀུ། །ནྱ་གྲོ་དྷ་སོགས་ཤུག་པ་སོགས། །སྠིར་རྣམ་གཉིས་པ་མའི་ཟེར། པཊཀྱ?་ཐལ་ཏྲེས་སོགས་མཁྲིས་སེལ། ཞེས་བྱ་བ་ལ། དུར་པ་ལ་སོགས ་པའི་སྡེ་ཚན་ནི་མཁྲིས་པ་འཇོམས་ཤིང་སེལ་བར་བྱེད་དོ། །དེ་ལ་དརྦ་ནི་ཤདྷ་ལའོ། །བྱི་ཚེར་པ་ཅི་ཡ་བ་ཤ་ཀའོ། །ནིམཔ་ནི་ནིམཔའོ། །ལོ་མ་ནི་བཱ་ཤ་ཀའིའོ། །ཁ་སྲལ་ནི་ཨཏྨ་ཀུཔཏའོ། །འོལ་མ་སོལ་ནི་གུནྠིའོ། །ཉེའུ་ཤིང་ནི་ཤཏ་པརྞིའོ། །ཤིང་ཏ་པ་ཀི ་མི་ཤིང་ཁནདིའོ། །པྲི་ཡང་ཀུ་ནི་གནདྷ་པྲི་ཡི་ཀུའོ། །མྱ་གྲོ་དཱ་ལ་སོགས་པ་དང། ཤུག་པ་ལ་སོགས་པ་དང། ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་ནི་འོག་ནས་སྟོན་ཏེ། ཟིར་རྣམ་གཉིས་ས་ལ་པརྞཾ་དང། །པྲི་སྣ་པར་ནིའོ། །པད་པ་ནི་ཀ་མ་ལའོ། །བཾ་མྱ་ནི་ཀུ ་ན་ཏའོ། །དོང་ཀ་སོགས་དང་ཨརྐ་སོགས། །མསྐ་ཀ་སོགས་ཨོ་སྣ་སོགས། །བྱེའུ་རུག་པ་གླ་སྒྲང་སོགས། །དུག་མོ་ཏུང་སོགས་བད་ཀན་སེལ། ཞེས་བྱ་བ་ལ། དོང་ག་ལ་སོགས་པའི་སྡེ་ཚན་བདུན་པོ་ནི་བད་ཀན་སེལ་ཅིང་འཇོམས་པར་བྱེད་པ་ཡིན ་ནོ་འཛི་བནྟི་དང་མར་ཉེ་བ། །མེ་ད་མ་ཧ་མེ་ད་དང། །མུཏག་མཱ་ཥ་བརྞི་དང། །ལྷུམ་བུ་ཟད་རྩི་བ་དང་ནི། །ཛི་བ་ཀ་དང་ཤིང་མངར་ཏེ། །སྡེ་འདི་འཚོ་བྱེད་ཅེས་བྱ་ཡིན། ཞེས་བྱ་བ་ལ་ཛཱི་བ་ན་ཛཱི་བའོ། །རམ་ཉེ་བ་ནི་གཉིས་ཏེ། ཀ་ཀོ་ལི་དང། ཀཱི་ར་ཀ་ཀོ་ལའི། །མེད་དང ་མ་ཧ་མེད་ནི་མ་ད་གཉིས་སོ། །མུཏག་དང་མཱ་ཥ?་བརྞི་ནི་མུཏག་བརྣི་དང། ??་བརྞིའོ། ??་ཅི་ཞིང་ཤ་པའོ། །ཛཱཾ་པ་ཀ་ནི་སྣན་འཚོ་བྱེད་དེ་ཀུ་རྩ་ཤི་ཤའོ་ཞེས་བྱའོ། །བདེ་རི་དང་ཨེ་རཎྜ། །པྲཤཙི་ཀ་ལ་པུརྞ་མ། །དེ་བ་ཧ་ས་དེ་བ་དང། །པསྣི་གཉིས་དང་ཁ་སལ་དང། འཚོ་བྱེད་ལྔ ་དང་རྩ་ཆུང་ལྔ། །ཐལ་ཏྲེས་དང་ནི་ལྕང་མ་དང། །ཧ་ན་ས་པ་ཏི་ཞེས་བྱ་རྣམས། །བིང་ར་སོགས་འདིར་སྙིང་ཕན། །ཉམ་ཆུང་རླུང་དང་མཁྲིས་པ་སེལ། ལུས་སྐེམ་སྐྲན་ཚིགས་ཡན་ལག་ན། དབུགས་མི་བདེ་དང་ལུད་པ་ལུ་།སེལ་པར་བྱེད་པའི་སྡེན་པ་ཡིན ་ཞེས་བྱ་བ་ལ། བི་ད་ནི་ལ་སོགས་པའི་སྡེ་ཚན་འདི་ནི། སྙིང་གི་ནད་ལ་ཕན་ཞིང་ཡིད་དུ་འོང་པ་དང། །ཉམ་བརྟ་ཞིང་ཤ་སྐྱེད་པ་དང། །དེ་བཞིན་དུ་རླུང་དང་མཁྲིས་པ་ལ་སོགས་པ་སེལ་བར་བྱེད་པ་དང། ལུས་སྐེམ་ཞིང་ཟད་བྱེད་ལ་སོགས་པ་སེལ་བར་བྱེད་པ ་ཡིན་ནོ། །དེ་ལ་བྱི་དང་རི་ནི་ཀྵི་ར་བི་དའོ། །ེ་རཎྜ་ནི་སེར་ལྔ་པ་ཞེས་བྱའོ། །བིརཥ་ག་ནི་ཨོཥྚ་མད?་ཀའོ། །པུརྞ་རྣ་བ་ནི་པྲི་ཤཙི་བའོ། །པརྞི་གཉིས་ནི་མཱ་ཤ་པརྞི་དང། མུཏག?་དབྱིའོ?། བྱད་སྣ་ལྔ་དང། རྩ་བ་ཆུང་ངུ་ལྔ་ལ། འཚོ་བྱེད་ཅེས་བྱ་བའི་རྩ་བ་ལྔ་ལ་ནི་ཉེའུ་ཤིང་དང། རམ་ཉེ་པ ་དང། ཛཱི་བནྟི་དང། ཛི་བ་ཀ་དང། ཟངས་རྩི་བའོ། །རྩ་བ་ཆུང་ངུ་ལྔ་ནི་སཔཏ་བརྞཾ་དང། བྲཾ་སྣ་པརྞི་དང། བྲི་ཧ་ཏཱི་དང། ཀཎྜ་ཀཱ་རི་དང། གཟེ་མའོ། །ཐལ་ཏྲེས་ནི་ཤ་རི་བའོ། །ཧན་ས་པ་ཏི་ནི་ཏྲི་པ་ཏི་སྟེ་རྐང་གསུམ་པའོ། ཐལ་ཏྲེས་དང་ནི་པུ་ཤེལ་ཙེ། །ཏི་བལ་དང་ནི་ནང?་དུ ་ཀ། ཙན་དན་དཀར་དང་དམར་བ་དང། །ཤིང་མངར་པ་རུ་ཤ་ཀ་རྣམས། །ཚད་པ་མཁྲིས་པ་ཁྲག་རྒྱས་དང། སྐོམ་དང་རིམས་ཀྱིས་བཏབ་པ་སེལ། ཞེས་བྱ་བ་ལ། ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་འདིས་ནི་ཚད་པ་ལ་སོགས་པ་སེལ་ཅིང་འཇོམས་པར་བྱེད་པ ་ཡིན་ནོ། །ཏཾ་པ་ལ་ནི་ཀསྨྱ?་རེའོ། །མ་དུ་ཀ་ནི་མ་དུ་ཀ་པུཥཔའོ། །པ་རུ་ཤ་ཀ་ནི་མྲི་དུ་བ་བ་སྟེ། འབྲས་བུ་ཆུང་ངུ་འཇོམས་པ་ཞིག་གོ། ཤུག་པ་པུཎྜ་རཱི་ཀ་དང། །བྲི་ཤ?་རེད?་ཅུ་གང་དང། སྲིངྒི་སླ་ཏྲོས་འཚོ་བྱེད་བཅུ། །ནུ་ཞེ་སྐྱེད་བྱེད་རླུང་མཁྲིས་སེལ། །ཉམ་ཆུང་ཚིགས་བྱེད་རྟས ་བྱེད་ལ། །འཚོ་བྱེད་རོ་ཙ་ཉིད་དུ་བྱེད། ཅེས་བྱ་བ་ལ། ཤུག་པ་ལ་སོགས་པའི་སྨན་གྱི་སྡེ་ཚན་ནོ། །ནུ་ཞོ་སྐྱེད་པ་ལ་སོགས་པ་བྱེད་དེ། །ནུ་ཞན་བུད་མེད་ནུ་ཞོ་འཕེལ་བར་བྱེད་པའོ། །དེ་བཞིན་དུ་རླུང་དང་མཁྲིས་པའི་ནད་དང་སེལ་བ་དང། ཉམ་ཆུང་པ་རྣམས་ཚིམ་པར ་བྱེད་པས་ན་ཚིམ་བྱེད་དེ། །མདངས་སྐྱེད་པའོ། །འཕེལ་ཞིང་རྒྱས་པར་བྱེད་སྨན་བཏོས་པར་བྱེད་པ་སྟེ། ཉམ་སྟོབས་བསྐྱེད་པའོ། །འཚོ་བར་བྱེད་པས་ན་འཚོ་བྱེད་དོ། །རོ་ཙ་བར་བྱེད་པས་ནི་ཁུ་བ་འཕེལ་བར་བྱེད་པའོ། །ཤུག་པ་ན་པདྨ་ཀ་སྟེ། མིང་གི་རྣམ ་གྲངས་གཞན་དུ་མ་ཧེ་མ་པདྨ་ཞེས་བྱ་བའོ། །པུཎྜ་རཱི་ཀ་ནི་པྲ་པུཎྜ་རཱི་ཀླའོ། །བྲི་ནི་ཤྲ་བ་ན་ཤི་རའོ། རིདྡི?་ནི་ཏུ་ཤིའོ། །ཅུ་གང་ནི་བཾ་ཤ་རོ་ཙ་ནའོ། །ཤི་གི་ནི་ཀརྐ་སྲིཾ་གིའོ། །སླེ་ཏྲེས་ནི་གུ་རུ་ཙིའོ། །འཚོ་བྱེད་བཅུ་ནི་ཛཱ་བནྟི་རམ་ཉེ་ང་ལ་ཡོགས་པ་ལྔར་བཤད་པ ་རྣམས་སོ། །པ་རུ་ཤ་དང་འབྲས་བུ་གསུམ། །རྒུན་འབྲུ་དང་ནི་ཀཏཔ་ལ། །ཀ་ཏ་ཀ་འབྲས་ར་ཛ་དཾ། །སེའུ་འབྲུ་བ་ར་ད་རུ་རྣམས། །སྐོམ་དང་ཚ་བ་དང་གཅིན་སྲི་དང། རླུང་གི་ནང་རྣམས་སེལ་བྱེད་ཡིན། ཞེས་བྱ་བ་ལ། བ་རུ་ཤ་ལ་སོགས་པའི་སྡེ་ཚན་ནི་སྐོམ་དང་ཆེ་བ་དང། ་གཅིན་སྲི་བའི་ནད་དང། རླུང་ནད་རྣམས་སེལ་ཅིང་འཇོམས་པ་ཡིན་ནོ། །རྒུན་འབྲུ་ནི་གོ་རྟ་ནའི་རྒུན་འབྲུའོ། །ཀཏཔ་ལ་ནི་སོ་མ་བ་ལ་ཀའོ། །ཀ་ཏ་ཀའི་འབྲས་བུ་ནི་ཤིང་ཀ་ཏ་ཀིའི་འབྲས་བུའོ། །ར་ཛ་ད་ན་ནི་ར་ཛ་ད་ནའོ། །སེ་འབྲུ་ནི་ནེ་ཅོད་གའོ། །བར་ད་རུ་ནི་ཁ་ར་པ་ཏ ་སྟེ། ལོ་མ་རྩུབ་པའི་ཤིང་ལོ་ཞིག་གོ་།ཉྫ་ན་དང་ཕ་ལི་ནི། །སྤང་སྤོས་པདྨ་ཨུཏཔ་ལ། །སྐྱེར་བཎྜ་དང་སུག་སྨེལ་དང། །ཤིང་དང་ར་ནཱག་གེ་སར་བཅས། །དུག་དང་ནང་གི་ཚ་བ་དང། །མཁྲིས་བ་རྒྱས་པ་སེལ་བར་བྱེད། ཅེས་བྱ་བ་ལ། ཨཉྫ་ན་ལ་སོགས་པའི་སྡེ ་ཚན་ནི། དུག་དང་ནང་གི་ཚིག་དང་མཁྲིས་པ་རྒྱས་པ་སེལ་བྱེད་བའོ། །དེ་ལ་ཨཉྫ་ན་ནི་རྣམ་པ་གཉིས་ཏེ། ལིག་བུ་མིག་དང། དངུལ་རྡོའོ། །པ་ལི་ནི་ནི་གནདྷ་པྲི་ཡི་ཀུའོ། །སྤང་སྤོས་ནི་ན་ལང་འོ། །ུཏཔ་ལ་ནི་རྣམ་པ་གཉིས་ཏེ། སྔོན་པོ་དང་དམར་པའོ། །པ་ཏོ་ལ་དང་པུ་ཅེ ་ཤེལ། ཙན་དན་དཀར་པོ་མུརྦ་དང། །སླེ་ཏྲེས་སྐྲ་ལེར་བཅས་པ་དག་།བད་ཀན་མཁྲིས་བ་མཛེ་དང་རིམས། །དུག་དང་སྐྱུག་བྲེ་ཡི་ག་མཆུས། །མིག་སེར་གྱི་ནི་ནད་རྣམས་འཇོམས། ཞེས་བྱ་བ་ལ། པ་ཏོལ་ལ་སོགས་པའི་སྡེ་ཚན་འདིས་ནི། བད་ཀན་དང་མཁྲིས་པ་ལ ་སོགས་པ་འཇོམས་པར་བྱེད་དོ། །པུ་ཙེ་ཤེལ་ནི་ཀ་ཏུ་ཀ་རོ་ཧི་ནའོ། །མུ་རྒ་ནི་མ་དུ་སྭ་བའོ། །སླེ་ཏྲེས་དང་ནི་ཤུག་པ་དང། །ནི་བ་འུ་སུའི་འབྲས་བུ་དང། །ཙན་དན་དམར་པོ་ཞེས་བྱ་རྣམས། །མཁྲིས་པ་དང་ནི་བད་ཀན་དང། །རིམས་ནད་སྐྱུག་གྲོ་ལུས་ཚ་དང།། ་སྒོམ་དང་ཆེ་སེལ་མེ་དྲོད་བསྐྱེད། ཅེས་བྱ་བ་ལ། སླེ་ཏྲེས་ལ་སོགས་པའི་སྡེ་ཚན་འདི་ནི་མཁྲིས་པ་དང་བད་ཀན་ལ་སོགས་པ་རྣམས་སེལ་བར་བྱེད་ལ། མེའི་དྲོད་སྐྱེད་པར་བྱེད་དོ། །དོང་ག་ལ་སོགས་པའི་སྡེ་ཚན་འདི་ནི། སློན་དྲོ་བ་ལ་སོགས་པ་ནས་གཅིན་ནད་སྨ ་རེང་པའི་བར་དུ་སྦྱོང་ཞིང་སེལ་བར་བྱེད་དོ། །དོང་ཁ་དང་ནི་དུག་མོ་ཉུང། །ཀ་ཀ་ཏིགཏ་པ་ཏ་ལི། །ནིཾ་པ་སླེ་ཏྲེས་དུརྦ་དང། །མུརྤ་པེ་ཏཾ་ཀ་ཏ་དང། བ་ཐ་གཅིག་བསྒྲིབས་ཤེརྱ་ཀ། ཀ་རཉྫ་གཉིས་པ་ཏོ་ལ། །ལོ་མ་བདུན་པ་ཀྲུ་ཏྲུག་ཏྲས། །སུ་ཤ་བི་དང་པོ་སོན་ཆ། །ས་ཧ་ཙ་ར ་ཞེས་བྱ་དང། །རྒྱ་ཤུག་གི་ནི་འབྲས་བུ་རྣམས། །དེ་ནི་སློན་བྲོ་མཛེ་ནད་དང། །དུག་དང་རིམས་དང་བད་ཀན་དང། གཡན་པ་དང་ནི་གཅིན་སྙི་དང། །རྨ་རེང་པ་རྣམས་སྤྱོད་པར་བྱེད། །ཅེས་བྱ་བ་ལ། དོང་ག་ལ་སོགས་པའི་སྡེ་ཚན་འདི་ནི་སློན་བྲོ་བ་ལ་སོགས་པ་ནས ་གཅིན་དང་རྨ་རེད་པའི་བར་དུ་སྤྱོད་ཤིང་སེལ་བར་བྱེད་དོ། །དོང་ག་ནི་ཤ་མྱ་ཀའོ། །ཀ་ཀ་ཏིག་ནི་ཤ་རི་གཥྛའོ། །པ་ཊ་ལི་ནི་ཀྲིཥྞ་བྲི་ཏའོ། །མུརྦ་ནི་མ་དུས་རའོ། །བེ་ཏངཀ་ཏ་ནི་སྲུང་བ་བི་ཤི་སྟེ། ཤིང་ལོ་མ་ཅན་ཞིག་གོ་།ཅི་ཀྲིགས་ནི་ཀིར་ཏིཀྟ་སྟེ། བུ་ནིཾ་པའོ། །ཤེརྱ ་ཀ་ནི་ས་ཧ་ཙ་རའོ། །ཀ་རཉྫ་གཉིས་ལས་གཅིག་ནི་པུ་ཏི་ན་ཀ་རཉྫ་སྟེ། མིང་གི་རྣམ་གྲངས་གཞན་ཡང་ཙི་རི་བིལྦ་ཞེས་བྱ་བའོ། །ཀ་རཉྫ་གཉིས་པ་ནི་མིང་གི་རྣམ་གྲངས་སུ་ནཀྟ་མ་ལ་ཞེས་བྱའོ། །ལོ་མ་བདུན་པ་ནི་སཔཏ་བརྞའོ། །ཀྲུ་ཏྲུག་ཏྲེས་ནི་ཙི་ཏ ་ཀའོ། སུ་ཤ་ལི་ནི་ཏོ་ཡབ་ལི་ཞེས་བྱའོ། །པོ་སོན་ཆ་ནི་མ་དང་ན་ལ་ལའོ། །ས་ཧ་ཙ་རི་ན་ནཱི་ལ་པུཥཔ་སྟེ། མེ་ཏོག་སྔོན་པོ་ཅན་ཞིག་གོ་།རྒྱ་ཤུག་པའི་འབྲས་བུ་ནི་གུནྟ་ཞེས་བྱའོ། ། ས་ན་དང་ཏི་ནི་ཤ། སྟག་པ་ཤེ་ཏ་ཧ་དང། །ཀ་ར་ད་དང་སེང་ལྡེང་དང། །བཎྜ ་དང་ནི་ཤིཾ་ཤ་བ། ། ཛ་སྲིང་ག་ཚན་དན་གསུམ། །དཱ་ལ་ཨ་དཀར་པ་ལཱ་ཤ། སཱ་ལ་ཁ་ར་པ་ཏྲ་དང། །ད་བ་ག་ལངྒི་སྤྲ་ཏོག་།ཚ་བ་ཀརྞ་བཙྪ་ཀ། ཐ་རམས་ཞེས་ནི་བྱ་བ་ཏེ། ། ས་ན་སོགས་དེ་རྣམས་ཀྱིས། །ཤ་བཀྲ་མཛེ་ནད་བད་ཀན་དང། །སྲིན་ནད་སྐྱ་རྦབ་གཅིན་སྙིང ་དང། འཚོ་ཆེས་ནད་ནི་སེལ་བར་བྱེད། ཅེས་བྱ་བ་ལ་ཨ་ས་ན་ལ་སོགས་པའི་སྡེ་ཚན་འདི་ནི་ཤ་པ་ཀྲ་ལ་སོགས་པ་ནས་ཚིལ་ཆེས་པའི་བར་གྱི་ནད་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །དེ་ལ་ཨ་ས་ན་ནི་པི་ཏ་པ ་ལའོ། ཏི་ནི་ཤ་ནི་ཤིང་སྤང་ནའོ། །ཤེ་ཏ་བ་ཏ་ནི་ཨརྫུ་ནའོ། །ཀ་དང་ནི་སེང་ལྡེང་དང་འདྲ་བ་ལ་ཁུ་བ་སྔོན་པོ་ཅན་ནོ། །བིནད་ནི་ཤི་རི་ཤའོ། །ཤིཾ་ཤ་པ་ནི་ཀྲིཥྚ་ས་རའོ། ། ཛ་སྲིཾ་གི་ནི་མེ་ཤ་སྲིཾ་གི་སྟེ། ར་ཐུག་གི་རྭ་འདྲ་བའོ། །ཙན་དན་གསུམ་ནི ་དཀར་པོ་དང་དམར་པོ་དང་སེར་པོའོ། །ཏལ་ནི་ཤིང་གི་ཁྱད་པར་ཏེ་དྷྲ་ཛ་ཞེས་བྱ་བའོ། ། ཀ་རུ་ནི་ཛཧོངྒ་ཀའོ། །པ?་ལཱ་ཤ་ནི་ཀི་ཤུ་ཀའོ། །སཱ་ལ་ནི་ཤིང་མཐོན་པོ་ཞིག་གོ་།ཁ་ར་བ་དྲ་ནི་ཤཱ་ཀ་ཞེས་བྱ་བའི་ཤིང་གི་ཁྱད་པར་ཞིག་གོ་།བྷ་བ་ན་བྲི་ཧ་རྟ་རུ ་ཞེས་བྱ་བའི་ཤིང་ཆེན་པོ་ཞིག་གོ་།ཀ་ལིངཀ་ནི་ཨིནྡྲ་ཡ་བའོ། །སྤྲ་ཏོག་ནི་བུ་ཀའོ། །ཚ་ག་ཀརྞ་ནིར་སྐྱེས་ཀྱི་རྣ་བ་འདྲ་བ་ཞིག་དོ། །ཐ་རམས་ནི་ལ་ཤ་ཀརྞའོ་ཀ་རཉྫ་ནི་པྲ་གི་རྒྱའོ། །བར་ན་ཤེརྱ་ཀ་གཉིས། ཉ་ཤིང་ནི་དུ་མོར་ཏ་བལྦི་ཨ་ཛ་སྲིཾ་གི་དང ་བྲི་ཧ་ཏཱཾ་ནི་རྣམ་གཉིས་དང། ག་རཉྫ་གཉིས་ཛ་ཡ་གཉིས། ཤིག་ཀྲུ་ཀུ་ཤ་རུ་རྟའོ། །བ་ར་ན་སོགས་བད་ཀན་ཚིལ། །མོ་དྲོད་ཆུང་དང་རླུང་ནད་འཁྱིམས། །ཀླད་པ་ན་བའི་ནད་སེལ་ཅིང་སྐྲན་དང་ཁོང་འབྲས་འཇོམས་པ་ཡིན། ཞེས་བྱ་བ་ལ་བར ་ན་ལ་སོགས་པའི་སྡེ་ཚན་འདི་ནི། །བད་ཀན་ལ་སོགས་པ་ནས་ཁོང་འབྲས་ཀྱི་བར་དུ་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །རླུང་ནད་འཁྱིམས་པ་ནི་ཚིལ་གྱིས་གཡོགས་པའི་རླུང་ངོ། །བ་ར་ན་ནི་ཤིང་ཏ་མ་ལའོ། །ཤེར?་ཀ?་གཉིས་ནི། ་སེར་པོ་དང་དམར་པོའི་མདག་གིས་ཕྱི་བའི་ས་ཧ་ཙར?་གཉིས་སོ། །མོ་ར་ཌ་ནི་གླིར་མོ་རོ་དྭའོ། །བ་ལྦི་ནི་ཤྲི་ཕ་ལའོ་ཁྲ་ཉ?་ཏཱི་རྣམ་གཉིས་ནི་གྲི་ཧ་ཏཱི་དང་ཀཎྜ་ཀ་རཱིའོ། ཀ་རཉྫ་གཉིས་ནི་སུ་ཏི་ཀ་རཉྫ་དང། ནཀྟ་མ་ལའོ། །ཛ་ཡ་གཉིས་རི་ཨགནི། ལནྠ?་གཉིས་པོ། ་ཤི་ཀྲུ་ནི་སོ་སོ་བྷཉྫ་ནའོ། །ཀུ་ཤ་ནི་དེ་རྦའོ། །རུ་རྟ་ནི་རུ་ཛ་ཀ་རའོ། །རུ་ཤ་ཀ་ཤིང་ཀུན་སྤངས་ན། །རྒྱམ་ཚ་བྲག་ཞུན་ནག་ཚུར་གཉིས། །གཅིན་སྲི་རྡེའུས་འགགས་པ་དང། །སྐྲན་དང་ཚིལ་ཆོས་བད་ཀན་སེལ། ཞེས་བྱ་བ་ལ་རུ་ཤ་ཀ་ལ་སོགས་པའི་སྡེ་ཚན་འདི་ནི། ་གཅིན་སྲི་བ་དང་རྡེའུས་འགགས་པ་ལ་སོགས་སེལ་བར་བྱེད་པ་ཡིན་ནོ། །རུ་ཤ་ཀ་ནི་བྲི་ཤ་ཀའོ། །སྤངས་རླ་ནི་རྣམས་གཉིས་ཏེ། ཀརྤ་དཱཾ་དང། རྨ་བྱའི་མགྲིན་པ་འདྲ་བ། མ་ཡཱུ་ར་གྲཱི་བ་ཞེས་བྱ་བའོ། །རྒྱམ་ཚ་ནི་ཚ་མཆོག་གོ། །བྲག་ཞུན་ནི་ཤི་ལ་ཛ ་ཏུའོ། ནག་ཚུར་གཉིས་ལས་གཅིག་ནི། པི་སུ་ཀི་པ་ས་ཞེས་བྱ་བ་ས་རུལ་འདྲ་བའོ། །གཉིས་པ་ནི་པུཥཔ་ཀ་སི་པ་ཞེས་བྱ་བའོ། །བེ་ལནྟ་ར་ཨཱ་ར་ནི། །སྤྲ་ཏོག་བྲི་ཤ་སྲུ་སྲུའི་རྩ། །ཡི་ཀ་ཏ་དང་ཟེ་མ་དང། །སཧ་ཙ་ར་བཱ་ན་དང། ཀཱ་ཤ་བྲིཀྵ་ད་ནི་དང། ་འདམ་བུ་ཀུ་ཤ་རྣམས་གཉིས་དང། ཀུནྟ་དང་ནི་ཁ་སྲལ་དང། བལླུ་ཀ་དང་མོ་ར་ཏ། ཀུ་རུ་དྲ་དང་ཀ་ཏམྦ། །ལྕམ་པ་ཞེས་བྱའི་སྨན་སྡེ་འདི། བེ་ལནྟ་ར་ལ་སོགས་པ། །རླུང་ལས་གྱུར་བའི་ནད་འཇོམས་ཤིང། རྡེའུ་རྡེའུ་ཕྲེའུ་ཡོད། །གཅིན་སྲི་བ་ཡི་ནད ་རྣམས་སེལ། ཞེས་བྱ་བ་ལ་པེ་ལནྟ་ར་ལ་སོགས་པའི་སྡེ་ཚན་འདི་ནི་རླུང་ལས་གྱུར་ཅིང་རླུང་ལས་སྐྱེས་པའི་ནད་རྣམས་འཇོམས་པ་དང། ཆུ་སོའི་རྡེའུ་ལ་སོགས་པ་སེལ་ཅིང་འཇོམས་སོ། །དེ་ལ་རྡེའུའི་ཕྲེའུ་ནི་རླུང་གིས་ཁྲག་སྐམས་ལས་དུམ་བུར་བྱར་པ་ལ ་རྡེའུའི་ཕྲེའུ་ཞེས་བྱའོ། །གཅིན་སྲི་བ་ནི་གཅིན་ནད་ཀྱི་ནད་གཞི་ལས་བཤད་པའོ། །བེ་ལན་ཏ་ར་ནི་བིར་ཏ་རའོ། ། ར་ནི་ནི་ཨགནི་མནྠའོ། །སྤྲ?་ཏོག་ནི་ཨི་ཤྭ་རེ་མལ་ཀ་འམ། བུ་ག་ཞེས་བྱ་བ་མེ་ཏོག་སྦོམ་པོ་ཅན་ནོ། །བྲི་ཤ་ནི་བཱ་ཤི་ཀའོ། །སྲུ་སྲུའི་རྩ་བ་ནི་ཨ་སྨྲ ་བ་དེའོ། །ི་ཀ་ཊ་ནི་སུ་གུ་པ་དྲའོ། །ས་ཧ་ཙ་རི་ནི་ས་ཧ་ཙ་???་ནི་ས་ཧ་ཙ་ར་གཉིས་པ་སྟེང་མར་པོའོ། །ཀཱ་ཤ་ནི་ཤེ་ཏ་ཙི་མར་ཏེ། མེ་ཏོག་རྔ་ཡབ་ལྟ་བུ་ཡོད་པའི་འཇིག་པའི་རིགས་སོ། །པྲིཀྵ་དི་ན་བནད་ཀ་ཞེས་བྱ་བ་ཤིང་ལས་ཤིང་གི་ནང་ཀྱི་ཤིང་ལོ་ཕྲེའུ་གཞན ་སྐྱེས་པའོ། །འདམ་བུ་ནི་ན་ལ་སྟེ་དང་ཁོང་སྟོང་ངོ། །ཀུ་ཤ་རྣམ་གཉིས་ནི། འཇག་མ་སྦོམ་པོ་དང་འཕྲ་མོའི་དབྱེ་བས་ཕྱེ་བའོ། །གུནྠ་ནི་རྩ་བ་བཅའ་སྒྲ་འདྲ་བ་ཡོད་པའོ། །ཁ་སལ་ནི་གུནྡྲ?་སྡེ་ཀ་བ་ཀ་ཆུའོ། །བྷ་ལུ་ཀ་ནི་པོ་ན་ཀའོ། ། ་མོར་ཏ་ནི་མུ་རུངྒའོ། །ཀུ་རུ་དྲ་ནི་ཤི་ཏི་བ་ར་ཀའོ། །ཀ་ཏམྦ་ནི་ཨགནི་མནྠའི་མཆོག་གོ་།ལྕམ་པ་ནི་པརྠའོ། །སེང་ཕྲོམ་ཤ་པ་ར་ར་དྲོ། །པ་ལ་ཤ་དང་ཛིཉྫི་ནི། །ཐང་ཤིང་ཀང་པ་ལ་རསྣ། །ཀ་དམྦ་དང་ཆུ་ཤིང་དང། །ེ་ལ་བ་ལུ་ཨཤི་ཀ་པ་རི་ས་ལ ་མོ་ཙ་ཀ། འདི་ནི་སེང་ཕྲོམ་སོགས་ཞེས་བྱ། །ཚིལ་ཆེས་བད་ཀན་སེལ་བའི་སྡེ། །མངལ་ནད་འཇོམས་ཤིང་འཁྲུ་བ་བཅོད། །མདོག་བཟང་དུས་ནད་སེལ་བྱེད་ཡིན། ཞེས་བྱ་བ་ལ་སེང་ཁྲོམ་ལ་སོགས་པའི་སྡེ་ཚན་འདི་ནི་ཚལ་ཆེས་པ་དང། བད་ཀན་གྱི་ནད་སེལ་བ ་དང། མངལ་གྱི་ནག་འཇོམས་ཤིང་འཁྲུ་བ་བཅོད་པའི་དང་ཚུལ་ཅན་དང། མདོག་བཟང་ཞིང་བཟང་བར་བྱེད་པ་དང། དེ་བཞིན་དུག་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་སེང་ཕྲོམ་ཞེས་བྱ་བ་རོ་རྡ་ལ་རྣམ་པ་གཉིས་ཡོད་དེ། གཅིག་ནི་པ་ཊི་ཀ་རོ་དྲའོ། །གཉིས་པ ་བ་ནི་ཤ་པ་ར་རོ་དྲའོ། །བཱ་ལ་ཤ་ནི་ཀཾ་ཤུ་ཀའོ། །ཛྲཱནྫ་ན་ནི་གུ་ཌ་མཉྫ་རི་སྟེ་ཡལ་ག་དང་ར་བ་ཞིག་གོ་།ཐང་ཤིང་ནི་ནིས་པ་རལ་སྟ་ཤིང་དང་ཅང་ཞེས་བྱ་བའོ། །?་སྣ་ནི་ཡུཀྟའོ། །ཀཱ་དམྦ་ནི་པ་སརྠ་ད་ན་པའོ། །ཆུ་ཤིང་ནི་རམ་པ་སྟེ་ནང་སྟོང་པའོ། །ེ་བ་བ་ལུ་ཀ་ནི་ཧ ་རི་བ་ལུ་ཀ་སྟེ། མིང་གཞན་མང་ཨེ་ལེ་ཡའོ། ། ཤ་ཀྲ་ནི་ཤིང་མྱ་ངན་མེད་དོ། །པ་རི་ས་ལ་ནི་ཀུ་ཌནྣ་ཊའོ། །མོ་ཙ་ནི་ས་ལ་ཀའོ། ། རྒ་དང་ནི་ལ་རྐ། ནཱ་ག་དནྟི་བ་ཤ་ལྱ། །ག་བྲ་སསྣ་བྲི་ཤི་ཀཱ་ལ། ། བ་མརྒ་ཀ་རཉྫ། ཀ་ཀཱ་ད་ན་ཀ་རཉྫ། །གིརྞི་གར་གཉིས ་ཨིངྒ་དང། །རྐ་ལ་སོགས་སྡེ་ཚན་འདི། །བདེ་བ། །ཅིལ་ཆེས་དུག་རྣམས་སེལ། །སྲིན་ནང་དང་ནི་མཛེ་ནད་སེལ། །ཁྱད་པར་དུ་ནི་རྨ་ལ་ཕན། ཞེས་བྱ་བ་ལ་ཀརྐ་ལ་སོགས་པའི་སྡེ་ཚན་འདི་ནི་བད་ཀན་དང་ཚིལ་ཆེས་པ་དང། དུག་རྣམས་སེལ་བར ་བྱེད་པ་དང། དེ་བཞིན་དུ་སྲིན་བུ་དང་མཛེ་ནད་འཇོམས་པའི་བྱེད་པ་དང། ཁྱད་པར་རབ་མཆོག་ཏུ་རྨ་ལ་ཕན་ཞིང་སྤྱོད་བར་བྱེད་པ་ཡིན་ནོ། །རྐ་ནི་རྟག་ཏུ་མེ་ཏོག་འབྱུང་བ་མིག་གི་རྣམ་གྲངས་སུ་རུ་སེ་ཀ་ཞེས་བྱ་བའོ། ། ལ་རྐ་ནི་ཤེ་ཏ་ཀུ་སུ་མ་སྟེ། མེ ་ཏོག་དཀར་པོ་ཡོད་པའོ། །ནཱ་ག་དནྟི་ནི་ཤེ་ར་གནདྷ་སྟེ། མེ་ཏོག་གཾ་དཀར་པོ་དྲིལ་བུ་ལྟ་བུ་ཡོད་པའོ། །བི་ཤ་ལྱ་ནི་ལི་ག་ལ་སྟེ་གཤོལ་ལྟ་བུའོ། །ག་བྲ་ནི་བརྒིའོ། །བྲི་ཤི་ཀ་ལི་ནི་ཨོཥྚ་དུ་མའོ། །མིང་གཞན་ན་སརྭ་དཥྚི་ཀ་ཞེས་བྱའོ། ། པ་མརྒ་ནི་པྲ་ཏྱཀཔུཥཔའོ། །ཀ ་རཉྫ་ནི་པྲ་ཀིརྱའོ། །ཀ་ཀཱ་ང་ནི་ནི་པི་ཏ་ཏེ་ལའོ། །ཀ་རཉྫ་པ་ནི་ཀ་རཉྫ་དཀར་པོ་སྟེ། མིང་གི་རྣམ་གྲངས་གཞན་ཡང་ནགཏ་མ་ལ་ཞེས་བྱའོ། །གི་རི་ཀརྞི་གཉིས་ལས་གཅིག་ནི་ཀི་ནི་ཧི་གི་རི་ཀརྞི་ཞེས་བྱ་བའོ། །གཉིས་པ་ནི་ཀ་ཏེ་བི་ཞེས་བྱ་བའི་གི་རི་ཀརྞི་ཀ་དཀར་པོ་ཆེ་བའོ།། ་སློབ་དཔོན་གཞན་དག་ནི་གི་རི་ཀརྞི་གཉིས་པ་ཀུ་མ་རི་ཞེས་བྱ་བ་ཡིན་ནོ། །ཞེས་ཟེར་རོ། །ིཾ་གུ་ཏ་ནི་དཀའ་ཐུབ་པའི་ཤིང་ངོ། །བྱེའུ་རུག་རྣམ་གཉིས་ཀུ་ཐར། །ཀ་ལ་མཱ་ལ་བི་ཊཱཾ་ག་།ཁ་ར་པ་དྲ་ཀཏཔ་ལ། །བྲི་ཥ་ཀརྞ་ཀ་ཤུཏཌི། །སྐེ་ཚེ་ཀ་བིདཐའི་ལོ་མ། །ག་བྲ་མོན་སྣེའུ་ཀ ་མུ་ཀ། རྐེང་དམར་བི་ཤ་ལུཥྚི་དང། །བྷུ་སྲིན་དང་འདབ་མ་པོའོ། །བྱེའུ་རུག་པ་ལ་སོགས་པའི་སྡེ། །བད་ཀན་ཆིལ་ཆེས་སྲིན་ནད་སེལ། །ཆམ་པ་ཡིག་མཆུས་ལུད་པ། །དབུགས་མི་བདེ་འཇོམས་རྨ་དང་སྤྱོད། ཞེས་བྱ་བ་ལ་བྱེའུ་རུག་ལ་སོགས་པའི་སྡེ་ཚན་འདི་ནི་བད ་ཀན་དང་ཆིལ་ཆེས་པ་དང་སྲིན་ནད་སེལ་ཅིང་འཛོམས་པར་བྱེད་པ་དང། དེ་བཞིན་དུ་ཆམ་པ་ལ་སོགས་པ་འཇོམས་པ་དང། རྨ་རེད་པ་སྦྱོང་ཞིང་དག་པར་བྱེད་པ་ཡིན་ནོ། །བྱེའུ་རུག་པ་རྣམ་པ་གཉིས་པོ་ནི་སེར་པོ་དང་ནག་པོའི་དབྱེ་བས་ཕྱེ་བའོ། །ཀུ་ཐེར་ནི་ཕན་ཛའོ། ། ་ཀ་ལེ་མ་ལ་ནི་ཀུ་ཐེ་ར་ནག་པོའོ། །བི་ཌཱཾ་ག་ནི་འབུ་འཇོམས་པར་བྱེད་པའོ། །ཁ་ར་བ་དྲ་ནི་ཁ་ར་སུ་རའོ། །བྷིཥ་ཀརྞི་ནི་མུ་པ་ཀརྞི་སྟེ་བྱི་བའི་རྣ་བའང་བའོ། །ཀ་ཤུནདི་ཀ་ཕ་མརྡ་སྟེ། མིང་གི་རྣམ་གྲངས་རཱ་ཛ་ཀྵ་པ་ཞེས་བྱ་བ་མེ་ཏོག་སེར་པོ་ཡོད་པ་ཞིག་གོ་།ཀ ་འདི་ཐ་ལོ་མ་ནི་ཇིད་པའོ། །མོན་སྲན་སྣེའུ་དེ་མེ་རུ་ནི་ཀ་ཀ་མ་ཙེའོ། །ཀ་མུ་ཀ་ནི་ན་ཐི་ཀནྠ་སྟེ། མིང་གི་རྣམ་པར་གཞན་ཡང་མུཀྟ་ཀ་ཞེས་བྱའོ། །རྐང་དམར་ནི་ཨ་ལཾ་བུ་པའོ། །བི་ཤ་མུཥཔི་ནི་ཀེ་ཤ་མུཥཐའོ། །བྷུ་བྲིན་ནི་གུ་ཧཡ་བི་ཙ་ཀ་སྟེ ་ས་བོན་མི་མངོན་པའོ། །འབམ་པོ་ནི་འབུ་ཏ་ཀ་ཤིའོ། །ལུསྐ་ཀ་དང་སྣུ་ཧ་དང། །འབྲས་བུ་གསུམ་དང་ཙི་ཏྲཀ་།པ་ལ་ཤ་དང་དྷ་པ་དང། །ཤིཾ་ཤ་པ་ཞེས་བྱ་བ་རྣམས། །སྐྲན་དང་གཅིན་ན་རྡེའུ་ཆགས། སྐྱ་རྦབ་དང་ནི་ཆིལ་ཆེས་ནད། །བད་ཀན་རྒྱབ་དང ་ཁུ་བ་ཡིད། །ནད་རྣམས་སེལ་བར་བྱེད་པ་ཡིན། ཞེས་བྱ་བ་ལ་མུསྐ་ཀ་ལ་སོགས་པའི་སྡེ་ཚན་འདི་ནི་སྐྲན་ལ་སོགས་པ་ནས་ཧུཾ་པའི་ནད་ཀྱི་བར་དུ་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །དེ་ལ་མུསྐ་ཀ་ནི་ཤིང་མོསྐ་ཀ་ཞེས་བྱ་བའོ། །སྣུ་ཧ་ནི་སུ་ད ་སྟེ་ཤྲི་ཁཎྜའི་ཤིང་ངོ། །པ་ལ་ཤིན་པྲ་མརྟ་རུའོ། །དྷ་བ་ནི་ཤི་པྲ་བ་ཞིག་གོ། ཤིཾ་ཤ་པ་ནི་མིང་གི་རྣམ་པ་མནདྷ་ལ་པཏྲ་ཞེས་བྱ་བ་ལོ་མ་ཟླུམ་པ་ཞིག་གོ་།དུག་མོ་ཉུང་དང་མུརྡ་དང། །བརྒི་དང་ནི་པུ་ཙེ་ཤེལ། །ན་ལ་ཤམ་དང་བོང་ང་བ་ཀར། །ཆོ་སྒོ་སུག་སྨེལ་བ་ཐ ་དང། ཡུངས་ཀར་ཟིར་ཨ་ར་ལུད། །བ་མཐོ་བོ་སོན་ཆ། །ཤུ་དག་ཟིར་ནག་པོ་དང། །ཤིང་ཀུན་དང་ནི་བྲི་ཊཱ་ག། བ་ཤུ་གནདྷ་ཚ་བ་ལཱ། །རླུང་དང་བད་ཀན་ཆིལ་ཆོས་དང། །ཆམ་པ་སྐན་དང་རིམས་དང་གཟེར། །གཞང་འབྲུམ་གྱི་ནི་ནད་རྣམས་སེལ། ཞེས ་བྱ་བ་ལ་དུག་མོ་ཉུང་ལ་སོགས་པའི་སྡེ་ཚན་དུ་གཏོགས་པ་འདི་ནི་རླུང་ནད་དང་བད་ཀན་ལ་སོགས་པ་གཞང་འབྲུམ་གྱི་ནད་འཛོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །དུག་མོ་ཉུང་ནི་མིང་གི་རྣམ་གྲངས་པཏྩ་ཀ་ཞེས་བྱ་བའོ། །ཆུ་སྒོག་ནི་གང་དི་རའོ ་ཨ་རུ་ཀ་ལ་ཀ་ནི་ཀྲ་དཱང་ཀ་སྟེ་མ་ཧ་རྣམ་པའོ། །ཤུ་དག་ནི་ཚིགས་དྲུག་གོ་།ཕ་ཤུ་གནདྷ་ནི་ཏྲ་ཏི་?་ཡུ་རའོ། །ཚ་བ་ལྔ་ནི་པི་པི་ལིང་ཤ་པི་པོ་ལིང་གི་རྩ་བ་དང། དབྱི་མོད་དང། ཅི་ཏྲ་ཀའང། བཅའ་སྒའོ། །ཤུ་དག་གླ་སྒང་ཐང་ཤིང་དང། །དོང་གྲ་བོ་དང་ཨ ་རུ་ར། སེར་པོ་གཉིས་དང་ཤིང་མངར་དང། །བྲི་སཎ་པརྞི་དུག་མུ་ཉུང། །ཤུ་དག་ཡུང་པ་ལ་སོགས་ཏེ། ཁེའུ་སྣ་བས་ཚད་པས་འཁྲུ་སྨིན་གཅོད། །ཆིལ་ཆེས་བད་ཀན་རྒྱས་རླུང་འཁྱིལ། །ནུ་མའི་ནང་རྣམས་སེལ་བར་བྱེད། ཅེས་བྱ་བ་ལ། ཤུ་དག་ལ་སོགས་པ་སྡེ་ཚན ་འདི་ནི། བེའུ་སྣབས་དང། ཚད་པས་འཁྲུ་བ་སྨིན་པར་བྱེད་པ་དང། ཚིལ་ཆེས་པ་དང། བད་ཀན་རྒྱས་པ་ལ་སོགས་པ་སེལ་བར་བྱེད་དོ། །སྨན་རྣམས་ནི་གོ་བར་ཟད་དོ། །པྲི་ཡཾ་ཀུ་དང་ར་གན་དུང། །ལིག་བུ་མིག་དང་སྟང་ཟིལ་དང། །ལྕུམ་རྩ་པདྨ་གེ་སར ་དང། བཙོང་དང་ཡ་བ་ཤེ་ཀ་དང། །ཤལམ་ལི་ད་དེའི་ཁུ་བ། །ས་ལངྒ་དང་ལུ་ན་མ། །ཙན་དན་དེ་ཏ་ཀིའི་མེ་ཏོག་།མྦ་ཤཐ་དང་ཤིང་མངར་དང། །ན་མསྐ་ར་ཏུ་ནི་ཤིང་རྒྱ་སྐྱེགས་ཤིང་དང་ཁ་ཙུར། གོས་ཁྲོལ་བིལ་རྐང་ར་ཏ་ཀི། པདྨའི་གེ་སར་ཀ་ཏྭ་དག་།པྲི་ཡཾ་ཨ ་མཥྛ་སྟེ་གཉིས། །ཞུ་བའི་ཚད་པར་འཁྲུ་བ་སེལ། །འབྱོར་བྱེད་མཁྲིས་པ་དག་ལ་ཕན། །རྨ་ཡང་འཚོ་བར་བྱེད་པ་ཡིན། ཞེས་བྱ་བ་ལ། བྲི་ཡཾ་ཀུ་དང་ཡོ་པཥྛའི་སཛེ་ཆན་འདི་གཉིས་ནི། ཞུ་བའི་ཚད་པར་འཁྲུ་བ་སེལ་བ་སྟེ། མ་ཞུ་བའི་བེ་སྣབས་མེད་པའི་འཁྲུ ་བ་འཇོམས་པར་བྱེད་པ་དང། དེ་བཞིན་དུ་འབྱོར་པར་བྱེད་པ་སྟེ། རྨ་འབྱོར་བ་ཚད་པས་འཁྲུ་བ་གཅོད་པ་དང། མཁྲིས་པ་ལ་ཕན་ཞིང་བདེ་བར་བྱེད་པ་དང། དེ་བཞིན་དུ་རྨ་ཡང་འཚོ་བ་ཅིང་འབྱོར་པ་ལ་ཕན་པར་བྱེད་པ་ཡིན་ནོ། །དེ་ལ་པྲི་ཡཾ་ཀུ་ནི་གནད་པྲི ་ཡི་བསྟེ། དེའི་མེ་ཏོག་ལྕམ་རྩ་ནི་པདྨ་ཙ་རིའོ། །པདྨ་གེ་སར་ནི་སང་མ་ཀཉྫི་སྲ་ཀའོ། །བཙོད་ནི་མི་ཛིཥྛའོ། །མ་པ་ཤ་ཀ་ནི་ཨ་ནནྟའོ། །ཤལམ་ལི་ནི་ལཾ་དྲུ་མའོ། །དེའི་ཁུ་བ་ནི་ཤལམ་ལིའི་ཁུ་བ་སྟེ། དེ་ལ་མོ་ཙ་ར་ས་ཞེས་ཀྱང་བྱའོ། །ས་མཾ་ག་ནཾ་ན་མསྐ་ར་ར་དང ་རཀྟ་མུ་ལ་ཞེས་བྱ་བ་རྩེ་པ་དངར་བའོ། །སུ་ནཱ་མ་ནིང་རགཏ་གེ་སར་རོ། །ཏ་ཏ་ཀི་ནི་མང་ཧེ་ཏུ་སྟེ་ཆང་རྩིའོ། །ཾ་པཥཐ་ནི་བ་ཧུ་ལུ་ལི་ཀ་སྟེ་རྩ་བ་མང་བའོ། །དེ་མསྐ་རི་ནིས་མཾ་གའོ། །ཏུ་ནི་ཤིང་ནི་ན་ནདི་བྲིཀྵའོ། །ཀཙྪུར་ནི་ཕ་ནི་ཧ་རི་ཞེས་བྱ་བ་འང་བ་མ་ཕྲ་བ་ནིས ་གོ་ཀ་ཏི་ག་ནི་ག་རུ་ལ་ཀའོ། །གླ་སྒཾ་ཤུ་དག་ཀྲུ་ཏྲུག་བྲེས། །སེར་པོ་གཉིས་དང་ཁ་བ་གཉིས། །གོ་བྱེ་བ་ན་འབྲས་བུ་གསུམ། །བོང་དཀར་ནག་རུ་རྟ་དང། །སུག་སྨེལ་དང་ནི་ཤུ་དག་རྣམས། །ནུ་ཞོ་མངལ་ནང་དྲི་མ་སེལ། །ཞེས་བྱ་བ ་ལ། གླ་སྒང་ལ་སོགས་པའོ་སྡེ་ཚན་ནུ་བྱས་པ་ནི་ནུ་ཞོ་འོ་ནང་དེ་བུད་མེད་ཀྱི་ནུ་ཞོའི་སྐྱོན་དང། དེ་བཞིན་དུ་མངལ་གྱི་ནད་རྣམས་དང་དྲི་མ་སྟེ་ཕྱིན་དང། བཤང་གཅི་ལ་སོགས་པའི་ནད་སྨིན་ཅིང་སེལ་བར་བྱེད་པ་ཡིན་ནོ། །ཁ་བ་གཉིས་ལས་གཅིག ་ནེའུ་ཙེ་ཤེལ་ལོ། །གཉིས་པ་ན་ཀ་ཀ་ཏི་ཀྟའོ། །གཞན་ནི་གྲོ་བར་ཟད་དོ། །ནྱ་གྲོ་དྷ་དང་ཨ་ཤྭཏྠ། །ུ་དུམྦ་ར་སེང་ཕྲོམ་གཉིས། །ཛམ་བུ་གཉིས་དང་ཨརྫུ་ན། །ཀ་པི་ཏ་ན་ཀཏཛ་ལ། །པལཀྵ་ཨ་མྲ་ལྕང་མ་དང། །སིལ་ཤ་དང་པ་ལཱ་ཤ། ནནདི་རྒྱ་ཤུག་ཀ་དམ ་པ། པི་དང་ཤིང་མངར་མ་བརྟུ་ཀ། ནྱ་གྲོ་དྷ་སོགས་སྡེ་ཚན་ནི། །རྨ་འཚོ་འཁྲུ་གཅོད་ཆགས་གྲུགས་འབྱོར། །ཚིལ་ཆེས་ཁྲག་མཁྲིས་སྐྲོམ་དང་ཆེ། །མཇལ་གྱི་ནད་རྣམས་སེལ་བ་ཡིན། ཞེས་བྱ་བ་ལ། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་འདི་ནི་རྨ་འཚོ ་ཞིང་མྱང་བ་བྱེད་པ་དང། འཁྲུ་བ་གཅོད་པ་དང། རྐང་ལག་གི་ཆག་གྲུགས་འབྱོར་པར་བྱེད་པ་དང། ཚིལ་ཆེས་པ་དང། ཁྲག་མཁྲིས་ལ་སོགས་པའི་ནད་རྣམས་སེལ་བ་ཡིན་ནོ། །ནྱ་གྲོ་དྷ་ནི་ཤི་བ་རྟེའོ། ། ཤྭཏྠ་ནི་ཡི་པ་ལའོ། །ུ་དུམྦཱ་ར་ནི་ས་དང ་ཕ་ལའོ། །འཛམྦུ་གཉིས་ལ། གཅིག་ནི་ར་ཅ་ཛམ་བུ་སྟེ། འབྲུས་ཆུ་ཆེ་བ་ཞིག་གོ་།གཉིས་པ་ནི་ཀ་ཀཱ་ཛམ་བུ་སྟེ། འབྲས་བུ་ཆུང་བའོ། །རྫུ་ན་ནི་ཀ་ཀུ་པའོ། །ཀ་པི་ན་ནི་པ་ར་རའོ། །ཀཏཔ་ལ་ནི་སོ་མ་བལྐའོ། །བླགཥ་ནི་གརྡ་ཁཎྜའོ། ། མྲི་ནི་ཙ་ཏའོ།། ་ལྕང་མ་ནི་པཉྫརུ་པའོ། །སི་ཡལ་ནི་ཁ་རེ་སྐན་དའོ། །སལ་ཤ་ནི་ཀི་ཤུ་ཀའོ། །ཤིང་ནརྒི་ནི་ཏུ་ནི་ཤིང་ངོ། །རྒྱ་ཤུག་ནི་བ་དར་འོ། །ཁི་རི་ལ་ནི་ཏི?་དུ་ཁཾ་འོ། །གཞན་དག་ན་རེ་འདིར་དགའ་ན་ཁ་ཡིན་ནོ་ཞེས་རྫར་རོ། །མ་དུ་ཀ་ནི་མ་རུ་དུ་ཥཔའོ། །ོ་འོ ་གཉིས་དང་དུ་རུསྐ། །རུ་རྟ་གནདྷ་པྲི་ཡཾ་ཀུ། །སྤང་སྤོས་པ་ལ་བྱ་མ་ཀ་སྤྲི་ཀ་ཙོར་ཙོ་ཙ་དང། །ཤིང་ཚ་གནདྷ་པ་ཏྲ་དང། །རྒྱ་སྤོས་པོ་ལསྠོ་ནེ་ཡང། །རྒྱ་མཚོའི་ལྤུ་བ་ཆུ་སྲིན་སེན། །ཐང་ཤིང་དང་ནི་ཨ་ག་རུ། །གུར་གུམ་སྲི་པས་ག་དང། །ཙན་དན་གུ་གུལ་ཙེ་སོགས་དཀར ་སུ་ན་མ་དང་ཀུནྟུ་རུ། །ནག་གེ་སར་ཞེས་བྱའོ། །མེ་ལ་སོགས་ཏེ་རླུང་བད་ཀན། །དུག་རྣམས་སེལ་ཅིང་མདོག་གསལ་བྱེད། །གཡོན་པ་ཐོར་བུའི་ནད་རྣམས་དང། །ཤ་བཀྲ་པས་ལྡགས་སེལ་བར་བྱེད། ཅེས་བྱ་བ་ལ། ཨེ་ལ་ལ་སོགས་པའི་སྟེ་ཚན་འདི ་ནི་རླུང་དང་བད་ཀན་དང་དུག་རྣམས་སེལ་བར་བྱེད་པ་དང། དེ་བཞིན་དུ་མདོག་གསལ་ཞིང་དང་བར་བྱེད་པ་དང། གཡོན་པ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །ེ་ལ་གཉིས་ནི་སུག་སྨེལ་ཞེས་བྱ་བ་ཨེ་ལ་ཕྲ་མོ་དང། ཨེ་ལ་སྦོམ་པོའོ། །ཏུ་རུ་ཥྐ་ནི་བི་ལྷ་རས ་པའོ། གནདྷ་པྲི་ཡི་ཀུ་ནི་ཕ་ལ་ནིའོ། །བ་ལ་ཀ་ནི་ཛ་ལའོ། །བྱམ་ཀ་ནི་ད་བ་དཀབྷ་བའོ། །སྤྲིང་ཀ་ནི་དེ་བི་ལ་ཏ་སྟེ་འབུ་སུག་ཧྭང་ངོ། །ཙོ་ར་ཀ་ནི་ཀནྠ་ཝ་ན་སྟེ་ཙོ་རོང་རོ། །ཙོ་ཙ་ནི་ཏཱ་ཙའོ། །རྒྱ་སྤོས་ནི་ཏ་ག་ཏུ་སྟེ། མིང་གི་རྣམ་གྲངས་ན་ཏ་ཞེས་བྱའོ། །བོ་ལ་ནི་ཛ་ཏི་ར་སའོ། །སྠོ་ནེ་ཡ ་ན་ཏE་ལ་མ་ཏི་ཀའོ། །རྒྱ་མཚོའི་ལྦུ་བ་ནི་བྱི་ན་བྱེ་ག་ན་ཁ་སྟེ། ས་མུཏྟ་ཛ་ཞེས་ཀྱང་བྱའོ། ཤི་རི་བཱ་ས་ནི་ཤི་རི་བེ་ཏ་ཀ་སྟེ་ཐང་ཤིང་རིང་པོའི་ཐང་ཆུའོ། །ཙན་དན་ནི་བི་ཤུ་མའོ། །གུ་གུལ་ནི་མ་ཧི་ཤ་ཀཤའོ། པོག་དཀར་པོ་ནི་སརྫ་ར་ས་སྟེ་ལྟ་རི་སྤོས་ཞེས་ཀྱང་བྱའོ།། ་སུ་ན་མ་ནི་རཀྟ། ཀེ་པ་ངའོ། །ཀུན་ཏུ་རུ་ནི་ཁ་སུ་རའོ། །ཤཱ་མ་དནཔེ་དྲ་བིནྟ་ཀུ་ཏ་ར་ན་ཀྲ་མུ་ཀ། ཤི་ལི་ནི་དང་ས་ཐ་ལ། ཁྲོན་བུ་དང་ནི་ཨ་བཱ་ཀྵ། ཤི་ལི་ནི་དང་ས་ཐལ། ཁྲོན་བུ་དང་ནི་ཨ་བཱཀཤ། །སུ་ང་ཁྱི་ར་ཀམྦི་ལྱ། སླེ་ཏྲེས་དོང་ཀ་ཀ་ནཉྫ། །བཤཊ་ཨནཔ་ཤི་ཀྲུ་དང། ། མྲ་ཤི་བོར་ཚའི་འབྲས་བུ། །དུར་བིད་ལ་སོགས་སྡེ ་ཚན་འདི། །སྐྲན་དང་དུག་དང་ཡི་ག་མཆུས། །གད་ཀན་དང་ནི་སྙིང་ནད་དང། །གཅིན་སྲི་བ་ཡི་ནད་དེ་རྣམས་འཇོམས་ཞེས་བྱ་བ་ལ་བྷ་མ་ལ་སོགས་པའི་སྡེ་ཚན་འདི་ནི། སྐྲན་ལ་སོགས་པའི་ནད་རྣམས་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་ཤ་ལྱ་ནི་དུར ་བྱིད་ཀྱི་བྱེ་བྲག་སྟེ། བ་ལིནྟི་ཞེས་བྱའོ། །དནྟི་ནི་ཀུ་མུ་ལའོ། །དྲ་བནྟི་ནི་མུ་ཤ་ཀརྞའོ། །ཀུ་ཏ་ར་ན་ནི་ཏི་པི་ཏ་སྟེ། དུརྦིད་ཅིག་ཤོས་སོ་ཀྲ་མུ་ཀ་ནི་གླ་གོར་ཞོ་ཤའོ། །ཤངྒ་ནི་ཡ་བ་ཏིཀྟའོ། །སཱ་ཏ་ལ་ནི་ཙརྨ་ས་དང་ཞེས་བྱའོ། །ཁྲོན་བུ་ནི་ཏིཀྟ་དུ་གདྷི་ཀ་སྟེ། ་འོ་མ་ཁ་བྲོ་བ་ཡོད་པའོ། །ག་བིཀྵ་ནི་བི་ཤ་ལའོ། །སུ་དཀྵི་ར་ནི་སུ་དའོ། །ཀཾ་པི་ལྱ་ནི་ར་ཛ་ནཱ་གའོ། །ཀ་རཉྫ་ནི་པུ་ཏི་ཀ་རཉྫ་འོ། །བ་ཤ་ཡནྟ་ནི་བི་ཤ་གནདྷིའོ། །ཤི་ཀུ་ནི་བ་ཧ་ལའོ། །ཤི་རོ་ཚ་བ་ནི་པི་ལུ་སྟེ་དེའི་འབྲས་བུའོ། །དེ་ལྟར་སུམ་ཅུ་རྩ་གསུམ་བཤད། ། ་སྡེ་ཚན་དེ་དག་མ་རྙེད་ན། །དེ་དང་ཆ་མཚུངས་གཞན་ཡང་སྦྱར། །མི་འདྲའི་སྦྱོར་བ་སྤང་བར་བྱ། །དེ་ལྟར་ཞེས་བྱ་བའི་སྒྲ་ནི་རྫོགས་པའི་དོན་ནམ་རྣམ་པའི་དོན་ནོ། །དེ་ལ་རྫོགས་པ་ནི་སྡེ་ཚན་སུམ་ཅུ་རྩ་གསུམ་རྫོགས་པའོ། །རྣམ་པའི་དོན་ནི་རྣམ་པ་འདིས་སྡེ་ཚན ་སུམ་ཅུ་རྩ་གསུམ་ཡིན་གྱི། ཡང་རྣམ་པ་གཞན་དུ་ན་སྨན་གྱི་དབྱེ་བ་ལས་བལྟོས་ན། སྡེ་ཚན་མཛའ་ཡས་པ་ཡིན་ནོ། །དེ་དག་ལས་སྦྱོར་བ་དང་རྗེས་སུ་མཐུན་པ་གང་དང་གང་ཡིན་པ་གཞན་དེ་དང་དེ་དག་མ་སྨོས་སུ་ཟིན་ཀྱང་གཞུག་པར་བྱ་ལ། གང་གཞན ་སྦྱོར་བ་དང་མི་མཐུན་པ་དེ་དག་ནི་སྨོས་སུ་ཟིན་ཀྱང་གདོན་པར་བྱའོ། །དེ་བཞིན་དུ་སྡེ་ཚན་ཡང་གཞན་དག་དང་གཅིག་ཏུ་ཚུལ་མཐུན་པར་ཕན་ཚུན་བསྲེས་ལ་སྦྱར་བར་བྱ་སྟེ། དེ་ལྟར་ན་སྡེ་ཚན་མཛའ་ཡས་པ་ཡིན་ནོ། །དེ་ལྟར་སྡེ་ཚན་སུམ་ཅུ་རྩ་གསུམ་དུ ་བཤད་པའི་སྡེ་ཚན་དེ་དག་ལས་ཀྱང་དེ་ཉིད་དེ་དང་འདྲ་བ་གཞན་དག་རྙེད་ན་སྦྱར་བར་བྱ་ལ། དེ་མ་རྙེད་ན་རྫས་གཞན་དག་དེ་དང་མཚུངས་པ་སྟེ། རོ་དང་ནུས་པ་དང། འཇུ་བའི་ཚུལ་དེ་དག་མཉམ་པའི་སྨན་གཞན་དག་སྤྱོད་ཞིང་བསྲེ་བར་བྱའོ། །ཅི ་འདིར་བྱ་བ་བསྟན་པ་ནི་འདི་ཙམ་ཁོ་ནར་ཟད་དམ། འོན་ཏེ་དེར་བྱ་བ་གཞན་འགའ་ཞིག་ཀྱང་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། མི་འདྲའི་སྦྱོར་བ་སྤང་བར་བྱ་བ་ཡིན་ཏེ། རྫས་གང་སྦྱོར་བ་དང་མི་མཐུན་ཞིང་ཆ་མ་འདྲ་བ་སྟེ། སྤངས་ཤིང་དོར་བར་བྱའོ།། ་སྡེ་ཚན་དེ་དག་གནོད་དང་གནོད་བྱ་སོགས་བལྟོས་ཏེ། །ཆོ་ག་བསྐོལ་དང་སྣུམ་དང་བསྡམས་པ་ལ་སོགས་ལྡན། །བཏུང་དང་སྣ་གཏོང་མས་གཏོང་ཡང་ན་ཕྱི་རོལ་ཏུ། །བསྐུ་ཞིང་བྱུགས་པས་ཤིན་ཏུ་གསོ་དཀའ་ཨི་ནད་ཀུན་འཇོམས། ཞེས་བྱ་བ་ལ། ་དོན་གྱི་ཤུགས་ཀྱིས་ནད་ལ་སོགས་པ་ལ་བལྟོས་པ་སྟེ། སྦྱོར་བ་དང་རྗེས་སུ་མཐུན་ཞིང་ཆ་འདྲ་བ་ནི་གཞུག་པར་བྱའོ། །ཞེས་སྟོན་པ་ཡིན་ནོ། །དེ་བས་ན་ནད་ལ་སོགས་པ་ལ་བལྟོས་པས་སྡེ་ཚན་མ་ལུས་པ་གསོ་བར་རྟོག་པའི་ནད་རབ་ཏུ་ཞི་བར་བྱ་བའི ་ཕྱིར་སྨན་སྦྱིན་པར་བྱ་ལ། གལ་ཏེ་སྡེ་ཚན་གྱི་སྨན་མ་ལུས་པ་རྙེད་ན་ཀུན་སྦྱིན་པར་བྱའོ། །གལ་ཏེ་མ་རྙེད་ན་དེ་ལས་སྨན་གཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔ་འམ་མང་པོ་འམ། ཇི་ཙམ་འབྱོར་བ་སྦྱིན་པར་བྱའི་འདིར་སྡེ་ཚན་ལས་སྨོས་པའི ་སྨན་མ་ལུས་པ་མེད་དུ་མི་རུང་བ་ནི་མ་ཡིན་ནོ། །དེ་ཡང་སྨན་དཔྱད་ཀྱི་གཞུང་གཞན་ལས་ནད་ཀྱི་དབྱེ་བ་ལ་བལྟས་ཏེ། ཕན་པའི་སྡེ་ཚན་སྦྱར་བྱ་བ། །རེ་རེ་འམ་བསྲེས་པ་མ་ལུས་པ། །སྡེ་ཚན་སོ་སོར་བསྡུ་བར་བྱ་ཞེས་སྨོས་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི ་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅོ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྣམ་གྱི་ཆོ་ག་དཔྱད་པར་བྱ་བའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། སྤྱད་པ ་ལ་སོགས་པའི་སྨན་གྱི་སྡེ་ཚན་གྱི་རྗེས་ལ། སྣུམ་གྱི་ཆོ་ག་བྱ་བའི་ལེའུ་བརྩམས་པ་ནི་གང་གི་ཕྱིར་སྐྱུག་སྨན་ལ་སོགས་པར་སྦྱོར་བ་ན། སྣུམ་དང་དུགས་མ་བྱས་ན་སླར་གནོད་པར་འགྱུར་པས། དེའི་འོག་ཏུ་འདི་བཤད་པ་ཡིན་ནོ། །དེ་ལ་སྣུམ་ནི་ཞུ་མར་དང ་ཏིལ་མར་དང། ཚིལ་དང་རྐང་ལ་སོགས་པའོ། །དེའི་ཆོ་ག་ནི་བྱ་བའི་ལས་ཀྱི་ཆོ་ག་སྟེ། དེ་ལེའུ་གང་དུ་བཤད་པ་དེའི་སྨན་གྱི་ཆོ་ག་དབྱེ་བའི་ལེའུ་སྟེ། དེ་ལ་བཤད་པར་བྱའོ་ཞེས་པའོ། །སྣུམ་བྱེད་སྨན་རྣམ་ཕལ་ཆེར་ནི། །ལྕི་ཞིང་བསིལ་ལ་ཁོང་འཁྲུ་སྣུམ།། ་རྟུལ་དང་འཕྲ་ལ་མཉེན་ཞིང་རླན། །དེ་ལས་བཟློག་པ་རྩུབ་བྱེད་ཡིན། །ཞེས་བྱ་བའི་ཕྱིར་བསྟན་པ་འདི་ནི་གཞུང་རྩོམ་པར་བྱེད་པས། རྩུབ་པར་བྱེད་པའི་སྨན་རྣམས་ཀྱི་མཚན་ཉིད་མདོར་བསྡུས་ནས་བཤད་པ་ཡིན་ནོ། །སྨན ་གང་ཅི་ཡང་རུང་བ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་དག་ནི་སྣུམ་པར་བྱེད་པ་དང་ལྡན་པ་དེ་ནི་ཡིན་ལ། ཡོན་ཏན་དེ་ལས་གོ་བཟློག་པ་ཡང་བ་དང་དྲོ་བ་དང། བཤང་བ་སྲི་བ་དང་རྩུབ་པ་དང། རྣོ་བ་དང་སྦོམ་པོ་དང་སྲ་བ་དང། སྐམ་པའི་ཡོན་ཏན་དང ་ལྡན་པ་དེ་ནི་རྩུབ་པར་བྱེད་པ་ཡིན་ནོ། །ཕལ་ཆེར་ཞེམ་སྨོས་པ་ནི་སྣུམ་པར་བྱེད་པ་དང། རྩུབ་པར་བྱེད་པ་གཉིས་ཀ་ལ་ཡང་སྦྱར་བར་བྱ་སྟེ། དེ་ལ་གོ་རིམ་འཆོལ་པ་དག་ཀྱང་ཡོད་པར་བསྟན་པའི་ཕྱིར་རོ། །དེ་ཡང་དཔེར་ན་རའི་འོ་མ་ནི་ཡང་ནས་ཡང་དུ་སྣུམ ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཏིལ་མར་ནི་སྣུམ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མོན་སྲམ་དཀར་པོ་ནི། ལྕི་བའི་ཡོན་ཏན་དང་ལྡན་ཡང་རྩུབ་པར་བྱེད་པ་ཡིན་ནོ། །ཞུན་མར་རྐང་དང་ཚིལ་ཏིལ་མར། །སྣུམ་རྣམས་ཀྱི་ནི་མཆོག་རབ་འདོད། །ཅེས་བྱ་བ་ལ། ་ཞུན་མར་ལ་སོགས་པ་བཞི་པ་ནི། སྣུམ་ཐམས་ཅད་ཀྱི་ནང་ནས་མཆོག་རབ་བམ། བཙོ་བོ་ཡིན་པར་སྨན་པ་མཁས་པ་རྣམས་འདོད་དེ། རང་གི་ལས་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་དག་ལས་ཀྱང་ཞུན་མར་ནི། །སྦྱོར་རྗེས་འཇུག་པས ་མཆོག་ཡིན་ནོ། །ཞེས་བྱ་བ་ལ། བཞི་པོ་དེ་དག་གི་ནང་ནས་ཀྱང་ཞུན་མར་ནི་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྦྱོར་རྗེས་འཇུག་པ་ཞེས་བྱ་བ་སྟེ། སྨན་དག་དང་སྦྱར་བ་དེའི་རྗེས་སུ་འཇུག་ཅིང་མཐུན་པས་དེའི་ཕྱིར་ཞུན་མར་ནི་སྣུམ་ཐམས་ཅད་ཀྱི ་མཆོག་ཡིན་གྱི་ཏིལ་མར་ནི་མ་ཡིན་ནོ། །དེ་ཡང་རྒྱུ་མཉམ་དུ་ཟིན་ཀྱང་ཞུན་མར་ནི་བུ་རམ་ལ་སོགས་པ་རྫས་ཀྱི་ཡོན་ཏན་དྲོ་བ་ཡོད་པ་དང་སྦྱར་དུ་ཟིན་ཀྱང། །རང་གི་མཚན་ཉིད་ཀྱི་བསིལ་བ་མདོར་བསྟན་པས་སྦྱོར་བའི་སྨན་གྱི་རྗེས་སུ་མཐུན་པར ་འཇུག་གི་།ཏིལ་མར་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་ཙན་དན་ལ་སོགས་པ་སྨན་གྱི་ནུས་མཐུ་བསིལ་བ་དང་ལྡན་པར་སྦྱར་ན་ཡང། རང་གི་ཡོན་ཏན་དྲོ་བ་དེ་རྣམས་ཐམས་ཅད་དུ་མདོར་བར་མི་འགྱུར་ལ། དེ་མི་འདོར་པས་ན་ཁྲག ་དང་མཁྲིས་པ་དང། མེ་དབལ་ལ་སོགས་པ་ལ་ཡང་གནོད་པར་བྱེད་པ་ཡིན་ནོ། །དེ་དག་སྔོན་བཞིན་མཁྲིས་པ་སེལ། །ཕྱི་མ་བཞིན་དུ་ཅིག་ཤོས་སེལ། ཞེས་བྱ་བ་ལ། སྣུམ་སྔ་མ་གང་ཡིན་པ་ནི། སྔོན་བཞིན་ཞེས་བྱ་བ་ལ། གང་ཞིག་ལ་གང་ལས ་འོག་མར་གྱུར་པ་ནི་ཕྱི་མ་བཞིན་ཞེས་བྱ་སྟེ། ཕྱི་མ་ལ་བལྟོས་པ་ནི་སྔ་མ་ཡིན་ལ། སྔ་མ་ལ་ལྟོས་པ་ནི་ཕྱི་མ་ཡིན་ནོ། །དེ་བས་ན་འདི་སྐད་དུ། བསྟན་པའི་ཞུ་མར་ལ་སོགས་པའི་སྣུམ་བཞི་པོ་དེ་དག་ལས། ཚིལ་དང་རྐང་མར་ཞུན་མར་ཞེས་བྱ་བ་ནི་སྔོན་ཞིན་ཞེས་བྱ ་བའི་ཏིལ་མར་ཞེས་བྱ་བའི་སྣུམ་ནི་མ་ཡིན་ཏེ། དེ་ལས་གོང་མར་གྱུར་པ་མེད་པའི་ཕྱིར་དང། འདི་ལ་གང་ཞིག་ལ་བལྟོས་ནས་སྔ་མས་བདག་ཉིད་སྒྲུབ་པའི་ཕྱིར་ཕྱི་མ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྣུམ་བཞི་པོ་དེ་དག་ལས་རྐང ་དང་ཚིལ་དང་ཏིལ་མར་ཞེས་བྱ་བ་ལ་སྣུམ་གསུམ་པོ་ཁོ་ན་ཕྱི་མ་བཞི་དང་སྦྱར་ཏེ། ཞུན་མར་ཞེས་བྱ་བའི་སྣུམ་ལ་ཕྱི་མ་ཡོད་པ་མ་ཡིན་ཏེ། འདི་ལ་བདག་ཉིད་ཕྱི་མར་བསྒྲུབ་པའི་སྔ་མའང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་སྔ་མ་བཞིན་དུ ་མཁྲིས་པ་སེལ་བ་ཡིན་པས་ཚིལ་དང་རྐང་དང་ཞུན་མར་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ལས་ཀྱང་ཚིལ་ནི་མཁྲིས་པ་སེལ་བར་བྱེད་པའོ། །རྐང་ནི་རབ་ཏུ་མཁྲིས་པ་སེལ་བར་བྱེད་པའོ། །ཞུན་མར་ནི་རབ་མཆོག་མཁྲིས་པ་སེལ་བར་བྱེད ་པའོ། ཕྱི་མ་བཞིན་དུ་ཅིག་ཤོས་སེལ་ཅེས་བྱ་བ་ནས། ཅིག་ཤོས་ནི་རླུང་དང་བད་ཀན་གཉིས་ཏེ། དེ་དག་སྣུམ་གསུམ་པོ་རྐང་དང་ཚིལ་དང་ཏིལ་མར་གྱིས་རིམ་བཞིན་སེལ་བར་བྱེད་པ་ཡིན་ཏེ། རྐང་ནི་རླུང་བད་ཀན་སེལ་བར་བྱེད་པ་ཡིན་ནོ། །ཚིལ ་?་ནི་རླུང་དང་བད་ཀན་རབ་ཏུ་སེལ་བའོ། །ཏིལ་མར་ནི་རླུང་དང་བད་ཀན་རབ་མཆོག་ཏུ་སེལ་བར་བྱེད་པ་ཡིན་ནོ། །མར་བས་ཏིལ་མར་ལྕི་དེ་བས། །ཚིལ་དེ་ཚིལ་བས་རྐང་ལྕིའོ། །ཞེས་བྱ་བ་ནི། འདི་དག་གི་འཇུ ་དཀའ་བའི་རིམ་པ་ཡིན་ཏེ། དེ་ཡང་མཐོ་བཙུན་དཔལ་འཕེལ་གྱིས་བྱས་པའི་གཅེས་པ་བཏུས་པ་ལས། ཞུན་མར་བས་ནི་ཏིལ་མར་ལྕི་བ་ཡིན་ལ། ཏིལ་བས་ནི་ཚིལ་ལྕི་ཞིང་འཇུ་དཀའ་བ་ཡིན་ནོ། །ཚིལ་པས་ནི་རྐང་འཇུ་དཀའ་བ་ཡིན་ནོ་ཞེས ་བཤད་དོ། །སྣུམ་རྣམས་ཀྱི་མིང་དང་མིང་ཅན་གྱི་འབྲེལ་པ་བསྟན་པར་བྱ་བའི་སྨྲས་པ་ནི། དེ་ལས་གཉིས་དང་གསུམ་དང་བཞི། །ཟུང་དང་གསུམ་པ་ཞེས་བྱའོ་ཞེས་བྱ་བ་ཡིན་ཏེ། སྣུམ་གཉིས་པོ་མར་དང་ཏིལ་མར་ནི་ཟུང་ཞེས་བྱ་བའི་སྣུམ་ཡིན་ནོ། །ཞུན་མར ་དང་ཏིལ་མར་དང། ཚིལ་གསུམ་ནི་གསུམ་པ་ཞེས་བྱའོ། །དེ་གསུམ་རྐང་དང་བཅས་པ་བཞི་ནི་ཆེན་པོ་ཞེས་བྱའོ། །དུགས་བྱ་སྦྱད་དང་ཆང་བུད་མེད། །རྩོལ་ཆགས་སེམས་ལས་ཆེ་བ་དང། །རྒན་པོ་བྱིས་པ་སྟོབས་ཆུང་སྦེག་།རྩུབ་དང་ཁྲག་དང་ཁུ་བ་ཟད།། ་རླུང་ནད་ཀྱིས་ཉེན་རབ་རིབ་དང། །ཤིན་ཏུ་དབྱེ་དཀའ་ལ་སྣུམ་བྱ་ཞེས་བྱ་བ་ལ། དུགས་བྱ་བར་འོས་པ་ནི་དུགས་བྱ་བའོ། །ལེགས་པར་སྦྱང་བར་འོས་པ་ནི་སྦྱང་བར་བྱའོ། །ཆང་དང་བུད་མེད་དང་རྩོལ་བ་རྣམས་ལ་ཆགས་པ་དང། དེ་བཞིན་དུ་སེམས་ལས ་ཆེ་བ་དང། རྒན་པོ་དང་བྱིས་པ་དང། སྟོབས་ཆུང་བ་དང། སྒེག་པ་དང། རྩུབ་པ་དང། གང་ཁྲག་དང་ཁུ་བ་ཟད་པ་དང། དེ་བཞིན་དུ་རླུང་ནད་ཀྱིས་རབ་ཏུ་ཉེན་ཞིང་གདུངས་པ་དང། དེ་བཞིན་དུ་ཡང་རླུང་ལས་རབ་རིབ་དང། མིག་ནད་ཤིན་ཏུ ་དབྱེ་དཀའ་ཞིང། མིག་དཀའ་བས་དབྱེ་དགོས་པ་གང་ཡིན་པ་སྟེ། དེ་དག་ལ་སྣུམ་གྱི་ལས་བྱའོ། །ཤིན་ཏུ་དྲོད་ཆུང་རབ་དྲོད་ཆེ། །ཤིན་ཏུ་སྦོམ་དང་རིད་པ་དང། །བརླ་རེངས་ཚད་འཁྲུ་མ་ཞུ་དང། །ལྐོག་ནད་དབྱིག་དུག་དམུ་རྫིངས་དང། །བརྒྱལ་ལྐུགས ་བད་ཀན་ཡི་ག་འཆུས། །སྐོམ་དང་ཆང་ནད་ཀྱིས་ཉེན་དང། །དུས་མིན་བུ་སྐྱེས་སྣ་སྨན་དང། །མས་བཏང་བཀྲུས་སྨན་བྱས་ལ་མིན། ཞེས་བྱ་བ་ནི། ཤིན་ཏུ་དྲོད་ཆུང་བ་ལ་སོགས་པ་ལ་སྣུམ་གྱི་ཆོ་ག་མི་བྱའོ། །ཞེས་བྱ་བར་སྦྱར་རོ། །དེ་ལ་དྲོད་ཤིན་ཏུ་ཆེ་བ་ལ་སྣུམ་གྱི་ཆོ་ག་བྱས ་ན་མེ་དྲོད་ཤིན་ཏུ་འཕེལ་དྲགས་པར་འགྱུར་རོ། །ཤིན་ཏུ་སྦོམ་པ་ལ་ཡང་མེ་དྲོད་དང་ཚིལ་ཆེན་འཕེལ་བར་འགྱུར་རོ། །རིང་པས་ནི་འཇུ་མི་ནུས་པར་འགྱུར་རོ། །བརླ་རེངས་ལ་སོགས་པས་ནི་ཉེན་པ་ཞེས་བྱ་བར་སྦྱར་ཏེ། དེས་ན་བརླ་རེངས་པས་ཉེན་པ་དང་ཚད་པར་འཁྲུ་བས་ཉེན་པ་དང་ཚད ་ནད་ཀྱིས་ཉེན་པའི་བར་དུའོ་དེས་ན་འདིར་སྦྱོར་བའི་སྐབས་ཡིན་དུ་ཟིན་ཀྱང། སྣུམ་གྱི་ཆོ་ག་མ་བྱས་པར་སྦྱང་བའི་ཆོ་ག་བྱའོ། ཞེས་སྟོན་པ་ཡིན་ནོ། །དུས་མ་ཡིན་པར་བུ་སྐྱེས་པ་ཡང་སྣུམ་གྱི་ཆོ་ག་མི་བྱ་སྟེ། ཟླ་བ་མ་ཚང་པར་དུ་སྐྱེས་པ་ལ་ཡང་སྣུམ་གྱི ་ཆོ་ག་མི་བྱའོ། །དེ་བཞིན་དུ་སྣ་སྨན་ལ་སོགས་པ་ལས་གསུམ་པོ་བྱས་པའི་སྐབས་སུ་ཡང་སྣུམ་བཅོས་ཀྱི་ཆོ་ག་མི་བྱའོ། །དེ་ལ་བློ་དྲན་ཡིད་གཞུངས་སོགས། །འདོད་པ་རྣམས་ལ་ཞུན་མར་བསྔགས། ཤེས་བྱ་བ་ནི། དེ་ལ་སྣུམ་རྣམས་ཀྱི་ནང་ནས་བློ་གྲོས་ལ་སོགས ་པ་འདོད་ཅིང་དོན་དུ་གཉེར་བའི་སྐྱེས་བུས་སྣུམ་བསྟེན་པའི་སྐབས་ལ་བབ་པས་ན། ཞུན་མར་བཏུང་བ་བསྔགས་ཤིང་འདོད་པར་བྱ་བ་ཡིན་ཏེ། དེའི་ནུས་པ་དེ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལ་བློ་ནི་བློ་གྲོས་སོ། །དྲན་པ་ནི་སྔོན་ཉམས་སུ་མྱོང་བ་དྲན་པའོ། །ཡིད་གཞུངས ་པ་ནི་ཤེས་པ་སྟེ། གཞུང་འཛིན་པར་ནུས་པ་དང་ལྡན་པའོ། །སོགས་པའི་སྒྲས་ནི་སྐད་གདངས་དང་ཚེ་དང་མདོག་ལ་སོགས་པ་བསྡུའོ། །རྨེན་བུ་བད་ཀན་སྲིན་བུ་དང། །ཚིལ་ཆེས་རླུང་ནད་ཡོད་པ་དང། །ལུས་ཡང་མཁྲང་འདོད་ལྟོས་སུ་བའི་ལུས་ཅན་རྣམས ་ལ་ཏིལ་མར་ཕན། ཞེས་བྱ་བ་ལ། རྩ་ནད་ལ་སོགས་པའི་ནད་རྣམས་དང། དེ་བཞིན་དུ་བད་ཀན་དང། ཚིལ་ཆེས་པ་དང། རླུང་ནད་ཅན་གྱི་སྐྱེས་བུ་དང། དེ་བཞིན་དུ་ལུས་ཡང་བར་འདོད་པ་དང། མཁྲང་བར་འདོད་པ་དང། དེ་བཞིན་དུ་ལྟོ་བ་སྲབ་པའི་ལུས་ཅན ་རྣམས་ལ་ཏིལ་མར་ཕན་ནོ། ཞེས་བྱ་བར་སྦྱར་རོ། །རླུང་དང་ཉིན་མཚན་ལམ་བུད་མེད། །ཁུར་དང་རྩོལ་བས་ལུངས་ཟད། །རྩུབ་ཉོན་མོངས་བཟོད་མེ་དྲོད་རྣོ། །རྩ་སྒོ་རླུང་འགགས་ལྷག་མ་ཕན། ཞེས་བྱ་བ་ལ། རླུང་དང་ཉི་ཚན་ལ་སོགས ་པས་ལུས་ཟད་པར་འགྱུར་བའི་སྐྱེས་བུ་གང་ཡིན་པ་དང། དེ་བཞིན་དུ་ལུས་རྩུབ་པ་ལ་སོགས་པ་ལ། སྣུམ་ལྷག་མ་རྐང་དང་ཚིལ་བུ་གཉིས་ཕན་ཞིང་བསྔགས་པ་ཡིན་ནོ། །ཉོན་མོངས་སོད་ཅེས་བྱ་བའི་སྒྲས། །ཉོན་མོངས་ཤིང་དཀའ་བ་བསྟེན་མི ་ཟོས་པས་ནི་ཞུན་མར་དང་ཏིལ་མར་བསྟེན་པར་བྱའོ། །ཞེས་དགར་པ་ཡིན་ནོ། །མེ་དྲོད་ནི་རྣོ་བའི་སྣུམ་སྔ་མ་དག་གིས། རྐང་དང་ཚིལ་སྦྱིན་པ་དང། དགར་བའི་ཚིག་ཡིན་ནོ། །རླུང་གི་རྩ་སྒོ་འགགས་པ་ནི་ལུས་ཚགས་ཀྱི་རྩ་སྤུབས་ཀྱི་རྒྱུན་རྣམས ་རླུང་གིས་བཀག་པར་གྱུར་པའོ། །ཚིགས་དང་རུས་པ་གནད་རྣམས་དང། །ལྟོ་ན་མེས་ཚིག་རྨ་བྱུང་ལྷུ། །མངལ་དང་རྣ་བ་ཀླད་ནད་ལ། །ཚིལ་ཡང་མཆོག་ཏུ་ཕན་པ་ཡིན། ཞེས་བྱ་བ་ལའང་ཚིལ་ནི་ཚིགས་ལ་སོགས་པའི་ནད་རྣམས་ལ་ཡང་ཕྲ་ཚིལ་ཕན ་ནོ། ཞེས་བྱ་བར་སྦྱར་ལ་ཡང་ཚིལ་མཆོག་ཏུ་ཡང་ཕན་པ་ཡིན་ནོ། །ད་ནི་དུས་གང་གི་ཚེ་སྣུམ་གང་ཞིག་བཏང་བ་བསྔགས་པ་བསྟན་པའི་ཕྱིར་སྨྲས་པ་ནི། ཏིལ་མར་དབྱར་ཕན་ཞུན་མར་ནི། །དབྱར་མཛའ་ཨོ་དེ་གཞན་དཔྱིད་དག་བསྔགས། ཞེས་བྱ་བ་ལ། འདིར ་དབྱར་ཞེས་སྨོས་ཀྱང་དབྱར་སྨོས་པའི་དུས་ཚིགས་ཐོག་མ་ལ་བྱ་སྟེ། དེས་ན་དབྱར་ཟླ་འབྲིང་པོའོ་ཞེས་བྱ་བའི་སྐབས་སུ་སྦྱོང་བ་བྱེད་ན། ཏིལ་མར་བསྔགས་པ་ཡིན་ནོ། །དབྱར་ཀྱི་མཛའ་ཞེས་སྨོས་ཀྱང། ཆར་འབབ་པའི་མཛའ་རྫོགས་པ་སྟོན ་ཟླ་ཐ་ཆུང་ལ་བྱ་ལ། དེའི་ཚེ་ན་སྣུམ་བྱ་བའི་དོན་དུ་ཞུན་མར་བསྔགས་པ་ཡིན་ནོ། །གཞན་ཞེས་བྱ་བ་རྐང?་དང་ཚིལ་ཞེས་བྱ་བའི་སྣུམ་ནི་དཔྱིད་ཟླ་འབྲིང་པོའི་སྐབས་སུ་སྦྱོང་བར་བྱེད་པ་ནི་སྣུམ་གྱི་སྦྱོར་བ་ལ་བསྔགས་པ་ཡིན་ནོ། །འདི་དག་ནི་ནད་མེད་པ་འམ། ནད ་བ་གང་ཡང་རུང་བ་སྦྱོང་བ་བྱེད་པའི་གནས་སྐབས་བྱ་བའི་ཕྱིར་གཞུང་འདི་བརྩམས་པ་ཡིན་ཏེ། ནད་མེད་ཅིང་ཐ་མལ་པར་གནས་པ་དག་གིས་ཇི་སྐད་བཤད་པའི་དུས་ཚིགས་ཀྱིས་ཆོ་ག་རྗེས་དཔྱད་ཟིན་ཀྱང་དུས་ལས་བྱུང་བའི་ནད་བསགས་པ་དག་ཡོད་སྲིད་པས་དེའི་འོག་ཏུ ་དེ་ལས་ནད་གཞི་འཁྲུགས་པར་འགྱུར་ལ། ནད་འཁྲུགས་པས་ནད་འབྱུང་བར་འགྱུར་བ་ཡིན་ཏེ། དེ་བས་ན་ཚེའི་རིག་བྱེད་ཀྱི་དེ་ཁོ་ན་ཤེས་པའི་དྲང་སྲོང་རྣམས་ཀྱིས་རང་རང་གིས་བྱས་པའི་རྒྱུད་སོ་སོར་བདེ་བར་གནས་པ་དག་གིས་སྦྱང་བ་དག་བྱ་བ་ཉིད་དུ ་བསྟན་པ་ཡིན་ནོ། །དེ་བཞིན་དུ་གྲང་བ་ལས་བྱུང་བའི་ནད་བསགས་པ་ནི་དཔྱིད་ཀྱི་ཚེ་སྦྱང་བར་བྱ་བ་བཤད་པ་འདིས་ཆོ་ག་ལྷག་མ་ཡོད་པའི་གཞུང་གིས་སྦྱར་བ་ཡིན་ནོ། །བཀྲུ་སྨན་ལ་སོགས་པའི་སྦྱོང་བ་རྣམས་ཀྱང་སྣུམ་དང་དུགས་ཀྱི་ཆོ་ག་བྱ་བ་སྔོན་དུ་འགྲོ་བས ་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་གྲང་བ་ལས་བྱུང་བའི་ནད་བསགས་པ་ནི་དཔྱིད་ཀྱི་དུས་སུ་གདོན་ཅིང། གྲང་བ་ན་སྣུམ་དང་དུགས་བྱ་བ་དང། དེའི་ཚེ་ཏིལ་མར་བཀག་པ་ཡིན་ནོ། །དེ་བཞིན་དུ་དབྱར་འདས་པ་ན། དབྱར་བསགས་པའི་ནད་འབྱིན་པ ་ནི་དང་པོར་སྣུམ་དང་དུགས་ངེས་པར་བྱ་དགོས་ལ། དེར་ཡང་སྣུམ་ཐམས་ཅད་ཀྱིས་སྣུམ་གྱི་ཆོ་ག་བྱེད་དེ། སྣུམ་སྤྱི་ཡིན་པའི་ཕྱིར་ཀུན་གྱིས་བྱེད་པ་དག་སྲིད་མོད་ཀྱི། དེར་གཞན་གྱིས་མ་བྱའི། །ཞུན་མར་གྱི་སྣུམ་གྱི ་ཆོ་ག་བྱ་སྟེ། འདི་ནི་ནད་མེད་པའི་ཡུལ་ལ་བྱས་པའི་ངེས་པ་ཡིན་ནོ། །ནད་པའི་གནས་སྐབས་སྦྱང་བར་བྱས་པ་གསོ་བའི་ནད་ཀྱིས་ཉེན་པ་ལ་དེ་ཏིལ་མར་གྱིས་གསོ་དགོས་པའི་ནད་ཡིན་ན། །དེ་དང་མི་འཚམ་དུ་ཟིན་ཀྱང། དབྱར་སྦྱང་བའི་ལས་བྱེད་པ་ན། ཏིལ་མར་ཉིད ་ཀྱིས་སྣུམ་གྱི་ཆོ་ག་བྱའོ། །སྣུམ་གཞན་གྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ཀྱང་ནད་ཀྱི་ཚུལ་དང་སྦྱར་ཏེ། རང་ཉིད་ཀྱི་རྗེས་སུ་དཔག་པར་བྱའོ། །འདིར་འདི་ལྟར་དབྱར་ནི་ཏིལ་མར་བཏང་ངོ། །དབྱར་གྱི་མཛའ་ནི་ཞུན་མར་བཏང་ངོ། །དཔྱིད་ནི་ཞག་དང་ཚིལ་བུ ་བཏང་ངོ། །ཞེས་བྱ་བའི་ཚུལ་གྱི་ངེས་པ་བཞག་པ་ནི་གཞན་ལ་ཡང་ཅུང་ཟད་བལྟོས་པ་ཡིན་པས་ན་དེའི་ཕྱིར་སྨྲས་པ་ནི། ཐུན་མོང་དུས་ལ་སྣུམ་རྣམས་ནི། །ཉིན་མོ་ཉི་མ་གསལ་ཚེ་བསྔགས། ཞེས་བྱ་བ་ཡིན་ཏེ། ཐུན་མོང་གི་དུས་? ་ཤིན་ཏུ་ཚ་བ་དང་གྲང་བ་མ་ཡིན་པའི་གནས་སྐབས་བར་མར་སྣུམ་གྱི་ཆོ་ག་བྱེད་པ་ན། དེའི་ཚེ་སྦྱང་བའི་སྔོན་དུ་ཏིལ་མར་ལ་སོགས་པ་སྣུམ་གྱི་ཆོ་ག་འདིའི་དོན་དུ་སྦྱོང་བ་དེ་ཡང་ཉིན་པར་བྱའི། མཚན་མོ་ནི་མ་ཡིན་ནོ། །དེ་བཞིན་དུ་ཉི་མ་གསལ་བ་སྟེ། ་ནམ་མཁའ་དྲི་མ་མེད་ཅིང་སྤྲིན་གྱིས་ཉི་མའི་ཟེར་མ་བསྒྲིབས་པའི་ཚེ་ན་བྱ་བ་ཡིན་ནོ། །དེ་ལྟར་ན་དུས་དེ་རྣམས་སུ་ནད་བསགས་པ་ངེས་པར་འཇོམས་པའི་ཆོ་ག་བཤད་པ་ཡིན་ནོ། །དབྱར་ལ་སོགས་པ་མ་གཏོགས་པ་དུས་གཞན་དག་ཏུ་ནད་ཀྱི་དབང་གིས ་བསྙུར?་ཏེ་བྱ་དགོས་པའི་སྦྱར་བས་བྱ་བ་ཡིན་དུ་ཟིན་ཀྱང་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་ཏེ་དེ་ནམ་མཁའ་ལྟར་གང་གི་ཕྱིར་དེ་སྦྱོང་བའི་གོང་སྣུམ་གྱི་ཆོ་ག་བྱ་དགོས་ལ། དེ་ལ་ཡང་སྣུམ་གྱི་ངེས་བ་བཤད་པས་ན། སྣུམ་གཞན་གྱིས་དགོས་པ་བྱེད་པར་མི ་ནུས་པ་དེ་ལ་ཇི་ལྟར་བྱ་བ་དེ་བསྟེན་པར་བྱ་བ་སྨྲས་པ་ནི། རིངས་ལ་དགུན་ཡང་ཏིལ་མར་གཏོང། །ཚ་བའི་དུས་སུ་འང་མར་ཆེན་བཏང། ཞེས་བྱ་བ་ལ། ནད་ཀྱིས་གསོ་བ་རིངས་ཐབས་སུ་བྱ་དགོས་ཤིང་སྦྱང་བས་གསོ་དགོས་པའི་ནད་ལ་དགུན་བསྟོད་དགུན་སྨད ་ཀྱི་ཚེ་ཡང་སྦྱང་པའི་དོན་དུ་ཏིལ་མར་བཏང་བར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཏིལ་མར་དབྱར་འབའ་ཞིག་གི་ཚེ་བཏང་བར་མ་ཟད་དོ། ཞེས་ངེས་པར་བཞག་པ་ཡིན་ནོ། །དེ་བཞིན་དུ་རིངས་པར་གསོ་དགོས་པ་ཡིན་ན། གང་གི་ཚེ་སོ་གའི་ཚེ་སྦྱང་བ་བྱེད་པ ་དེའི་ཚེ་སྦྱང་པའི་སྔོན་དུ་སྣུམ་གྱི་ཆོ་ག་བཏང་ངོ། །ཡང་ཞེས་བྱ་བའི། སྒྲས་ནི་དབྱར་གྱི་མཛའ་འབའ་ཞིག་ཏུ་ཞུན་མར་བཏང་བར་མ་ཟད་ཀྱི་དུས་འདིའི་ཚེ་ན་ཡང་བཏང་བ་ཡིན་ནོ། །སྣུམ་ཐམས་ཅད་ཉིན་མོ་བཏང་བ་ཡིན་མོད་ཀྱི། མཚན་མོ་ཡང་རིངས ་ཐངས་ལ་བཏང་ཏུ་རུང་ངོ། །མཁྲིས་བ་རླུང་དང་མཁྲིས་པར་བཅས། །ལྡན་པ་ལ་ཡང་མཚན་མོ་ཉིད། ཅེས་བྱ་བ་ལ། ཚ་བའི་དུས་སུ་མར་སྣུམ་གྱི་ཆོ་ག་ལ་སྦྱོང་བའི་སྔར་མཚན་མོ་བཏང་དུ་རུང་བར་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ཡང་ངེས་པ་ཡིན་ཏེ། མཁྲིས་པ ་འཁྲུགས་པའི་ནད་དང། དེ་ལས་བྱུང་བའི་ནད་དང། དེ་བཞིན་དུ་རླུང་འཁྲུགས་པའི་ནད་དང། དེ་ལས་བྱུང་བའི་ནད་སྣུམ་གྱིས་གསོ་བར་བྱ་བ་ལ། དེ་ཞི་བར་བྱ་བའི་ཕྱིར་ཚ་བའི་དུས་སུ་སྨན་དང་སྦྱར་བ་འམ་མ་སྦྱར་བའི་ཞུན་མར་སྦྱིན་པར་བྱའོ། །ཉིན ་མོ་མ་ཡིན་པ་ལ་ཏིལ་མར་དང། རྐང་དང་ཚིལ་སྦྱིན་པར་མི་བྱའོ། །དེ་བཞིན་དུ་མཁྲིས་པ་དང་བཅས་པའི་ལྡན་པ་ལའང་མཚན་མོ་སྦྱིན་པར་བྱ་སྟེ། དེ་ཡང་ལྡན་པ་གཉིས་པོ་མཁྲིས་པ་ཤས་ཆེ་བའི་རླུང་མཁྲིས་ཀྱི་ལྡན་པ་དང། མཁྲིས་པ་དང་བད ་ཀན་དུ་ལྡན་པའི་ནང་ལྡན་པ་འམ། དེ་ལས་བྱུང་བའི་ནད་སྣུམ་གྱིས་གསོ་བར་བྱ་ལ། དེ་ཞི་བར་བྱ་བའི་ཕྱིར་ཞུན་མར་ཁོ་ན་མཚན་མོ་བཏང་བར་བྱའི་ཏིལ་མར་ལ་སོགས་པའི་སྣུམ་གཞན་མི་བཏང་ལ། ཉིན་མོ་ཡང་བཏང་བར་མི་བྱའོ། །མཁྲིས་པ་དང་རླུང་ཞེས ་སྨོས་པ་འདིས་ནི་ནད་ཀྱི་མཚན་ཉིད་ཉེ་བར་མཚོན་པའི་དོན་ཡིན་པར་ཤེས་པར་བྱའོ། །མཚན་མོ་ལས་གཞན་རླུང་བད་ཀན། །ཉིན་པར་སྦྱར་བས་མཁྲིས་ནད་འགྱུར། ཞེས་བྱ་བ་ལ། འདིའི་དོན་ནི་འདི་ཡིན་ཏེ། ཞུན་མར་དང་ཏིལ་མར་གཉིས་ཀྱིས་བཏང་བའི་དུས་ཇི ་སྐད་ངེས་པར་བཤད་པ་ལས་དུས་ཅིག་ཤོས་སུ་སྦྱིན་པ་དེ་གཉིས་རིངས་པའི་ལས་ལ་གཞན་དུ་སྟེར་ན་སྐྱོན་དུ་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །དེའང་གང་ཏིལ་མར་ཉིན་བར་བཏང་བ་དེ་གཞན་དུ་གྒང་བའི་དུས་སུ་ཞུན་མར་བཏང་ན་རླུང་དང་བད་ཀན་གྱི་ནད་དུ་འགྱུར་རོ ་དེ་བཞིན་ཚ་བའི་དུས་སུ་ཏིལ་མར་ཉིན་མོ་བཏང་ན་མཁྲིས་པའི་ནང་དུ་འགྱུར་རོ། །རྐང་དང་ཚིལ་ནི་གྲང་བའི་དུས་དང་དྲོ་བའི་དུས་གཉི་གར་རིངས་པ་ལས་བྱུང་བ་དག་ལ་སྦྱད་པའི་སྔོན་དུ་སྣུམ་གྱི་ཆོ་ག་བྱ་བར་གཞུང་རྩོམ་པས་མ་བཤད་དེ། དེ་གཉིས་ནི་ཚ་བ་དང ་བསིལ་བའི་ནུས་པ་གཉི་ག་ཡོད་པས། དེ་ལ་བསིལ་བའི་ཡོན་ཏན་འབའ་ཞིག་མེད་དེ། གཞན་ལ་རག་ལས་པ་ཡིན་པའི་ཕྱིར་དང་དེ་བཞིན་དུ་ཤ་དང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་སྨན་དཔྱད་ཀྱི་ལུང་ལས། སེམས ་ཅན་ཚ་གྲང་ཅི་འདྲ་བ། །རྐང་ཚིལ་དེ་དང་འདྲ་བར་བཤད། ཅེས་འབྱུང་བ་ཡིན་ནོ། །དེ་ལྟར་སྣུམ་གྱིས་བཏང་བའི་དུས་གང་དང་གང་ཡིན་པ་ངེས་པར་བཤད་ནས། ད་ནི་སྣུམ་དེ་ཇི་ལྟར་བཏང་བ་དེ་བསྟེན་པར་བྱ་བའི་ཕྱིར་སྨྲས་པ་ནི་བཟའ་སོགས་ཟས་དང་མ་བཏང་དང།། ་སྣ་ནས་བཏང་བསྐུ་མཁུར་བཀང་དགོ། །མགོ་བསྐུ་རྣ་མིག་དགང་བ་ཡི། །སྣུམ་ནི་རིགས་པས་དཔྱད་པར་བྱ། ཞེས་བྱ་བ་ལ། སྣུམ་རིགས་པར་བྱ་སྟེ་གང་དང་དེ་ལྟར་དཔྱད་པར་བྱ་ཞེ་ན། བཟའ་སོགས་ཟས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་ཁུར་ལ་སོགས་པ་ཚོང ་མ་ལ་སོགས་པ་བརླན་བག་མེད་པ་དང་ལྷན་ཅིག་བཟའ་བ་དང། དེ་བཞིན་དུ་མས་བཏང་གསུམ་པོ་བཀྲུ་སྨན་དྲག་པོ་མས་བཏང་བ་ནི་རུ་ཧ་དང། བཀྲུ་སྨན་འཇམ་པོ་མས་བཏང་བ་དང། འཇམ་རྩི་མས་བཏང་བ་སྟེ། གསུམ་དང་སྣ་ནས་བཏང་བ་དང། ་ལུས་ལ་བསྐུ་བ་དང། མཁུར་བ་དགང་ཞིང་དབོ་བ་དང། རྣ་བ་དགང་བ་དང། མིག་དགང་བ་སྟེ། འདི་དག་འོག་ནས་བཤད་པའི་མཚན་ཉིད་ཅན་ལ་རིག་པ་ཞེས་བྱ་བ་སྦྱོར་བའི་ཐབས་ཚད་ལ་སོགས་པའི་མཚན་ཉིད་དང་ལྡན་པར་དུས་ཀྱིས་བྱ་བས་ས་ཕྱོགས་དང། ལུས ་ཀྱི་ཚད་དང། ནད་ཀྱི་ཚུལ་ལ་དཔགས་ནས། རན་ཅིང་འཚམ་པར་ཉེ་བར་དཔྱད་པར་བྱའོ། །དེ་བཞིན་དུ། རི་ཡི་དབྱེ་བས་རེ་རེ་ཡི། །དྲུག་ཅུ་རྩ་བཞིར་རྣམ་པར་བརྟག་།ཅེས་བྱ་བ་སྟེ། རིའི་དབྱེ་བ་རེ་རེ་དབྲི་བ་ལ་སོགས་པའི་བཞུང་བསྟན་པས། དྲུག་ཅུ་རྩ་གསུམ་གྱི་གྲངས ་སུ་ཚར་བ་དང། ལྷན་ཅིག་སྣུམ་སྦྱར་བ་དང། དེ་བཞིན་རེ་རེ་བཏང་ཞིང་ཕྲད་མེད་པར་སྣུམ་འབའ་ཞིག་བཏང་བ་ལས། དྲུག་ཅུ་རྩ་བཞི་རྣམ་པར་བརྟག་ཅིང་དཔྱད་པར་བྱའོ། །དེ་ལྟར་རོའི་དབྱེ་བ་རེ་རེ་ལས་སྣུམ་རྣམ་པར་དཔྱད་ན་དྲུག་ཅུ་རྩ་བཞིར་འགྱུར་བར་བཤད ་ན། དགས་པ་ཅི་ཞིག་གི་ཕྱིར་དཔྱད་པ་འདི་བཤད་ཅེ་ན། དེའི་ཕྱིར་རིགས་པ་གཉིས་སྨྲས་པ་ནི། སྣུམ་ནི་གཞན་གྱིས་ཟིལ་གནོན་ཏེ། ཆུང་ངུ་དགོས་པས་རིམ་པ་བཤད། ཅེས་བྱ་བ་ལ། སྣུམ་ནི་ཉུང་ཞིང་ཆུང་དུ་དགོས་པའི་ཕྱིར་དང། དེ་བཞིན་དུ་གཞན་གྱིས་ཟིལ ་གྱིས་གནོན་ཅིང་ཟད་ལ་སོགས་པ་མང་པོས་ཟིལ་གྱིས་མནན་པ་དང། དེ་བཞིན་དུ་རོའི་དབྱེ་བས་ཀྱང་ཟིལ་གྱིས་གནོན་ཏེ། དེ་ལྟར་དགོས་པའི་སྣུམ་དེ་དང་དེ། ཟིལ་གྱིས་གནོན་པས་ན། དེའི་ཕྱིར་དེ་རྣམས་ནི་དེའི་རྣམ་པར་བརྟག་པ་ཞེས་བྱའོ། །དེ་བས་ན་ཞུན་མར་འབའ་ ་ཞིག་བཏུང་བ་ལ་ནི་རྣམ་པར་དཔྱད་མི་དགོས་པར་བཤད་དེ། དེའི་ཕྱིར་སྨྲས་པ་ནི། ཇི་སྐད་བཤད་པའི་རྒྱུ་མེད་པས། །དངས་མ་རུང་ལ་དཔྱད་མི་དགོས། །སྣུམ་གྱི་ལས་ནི་མྱུར་འགྲུབ་པས། །སྣུམ་དེའི་ཆོ་ག་མཆོག་ཡིན་ནོ། ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི ་རྒྱུས་མེད་པ་ནི་སྔར་ཇི་སྐད་བསྟན་པའི་རྒྱུ་མེད་པའི་ཕྱིར་དང། མང་དུ་དགོས་པའི་ཕྱིར་འདི་ལ་དཔྱད་མི་དགོས་ལ། དེ་བས་ན་སྣུམ་གྱི་ཆོ་ག་དངས་མ་བཏུང་བ་དེ་ལྟ་བུ་དེ་ནི་མཆོག་ཡིན་ཏེ། རྣམ་པར་དཔྱད་དགོས་པ་ལས་ཁྱད་པར་ཡོད་པའི་ཕྱིར་རོ། །ཅིའི ་ཕྱིར་ཞེ་ན། སྣུམ་གྱི་ལས་ནི་མྱུར་འགྲུབ་པ། ཞེས་བྱ་བ་ཡིན་ཏེ། སྣུམ་གྱི་བྱ་བ་མྱུར་ཞིང་རིངས་བ་རྫོགས་པར་བྱེད་ཅིང་སྣུམ་གྱི་གསོ་བའི་ནད་བཞི་པར་བྱེད་པ་ཡིན་པས་ན་མཆོག་ཡིན་ནོ། །དངས་མ་བཏུང་བ་དེ་སྣུམ་གྱི་ཆོ་གར་གཏོད་པའི་ཚད་དུ་ཆུང་ངུ་དང། །བར་མ་དང ་ཆེན་པོར་བཤད་པ་ནི་ཕོ་བའི་མེ་དྲོད་ཀྱིས་འཇུ་བ་ལས་རྗེས་སུ་དཔག་པ་ལས་ཤེས་པར་བྱ་དགོས་པའི་ཕྱིར་འདིར་སྨྲས་པ་ཡིན་ཏེ། གང་ཞིག་ཐུན་ནི་གཉིས་དང་བཞི། །བརྒྱད་ཀྱིས་རིམ་བཞིན་འཇུ་འགྱུར་བ། ཆུང་ཚད་འབྲིང་དང་ཆེ་བ་སྟེ། །དེ་ལས་ཆུང་ངུ ་བཟའ་བ་མཆོག་།ཅེས་བྱ་བ་ལ། སྣུམ་དེ་བཟའ་བའི་ཚད་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་འགྱུར་ཏེ། ཚད་གང་ཞིག་གིས་ཐུན་གཉིས་ཀྱིས་འཇུ་པར་འགྱུར་བ་དེ་ནི་ཆུང་ངུ་ཡིན་ལ་གང་ཐུན་བཞིས་རྗེས་སུ་འཇུ་བར་གྱུར་པ་དེ་ནི་བར་མ་ཞེས་བྱའོ།། ་གང་ཞིག་ཐུན་བརྒྱད་ཀྱིས་འཇུ་བ་དེ་ནི་ཆེན་པོ་ཞེས་བྱའོ། །དེ་ལྟར་ཚད་ཆུང་ངུ་དང་འབྲིང་དང་ཆེན་པོ་དེ་རྣམས་ལས་གང་ཞིག་ཚད་ཆུང་ངུ་དེ་ནི་མཆོག་ཡིན་ཏེ། སྦྱོར་བ་ཐམས་ཅད་དང་འཚམ་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཚད་ཆུང་ངུ་དེ་ནི ་ཚད་ཆུང་བ་བཏང་དགོས་པ་ལ་ཉེ་བར་སྦྱར་བ་ན་སྐྱོན་མེད་པ་ཡིན་ལ། དེ་བཞིན་དུ་ཚང་འབྲིང་དང་ཆེན་པོ་བཏང་དགོས་པ་ལ་བཏང་དུ་ཟིན་ཀྱང་སྐྱོན་མེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱིས་ན་གཞུང་རྩོམ་པར་བྱེད་པས། །ནད་ལ་སོགས་པ་བརྟགས་ནས་ནི། །ཐོག་མར ་ཤིན་ཏུ་ཆུང་ངུ་བཟའ་། ཞེས་སྨྲས་པ་ཡིན་ཏེ། ནད་པའི་ཚུལ་དང་ཡུལ་དང། དུས་ལ་སོགས་པ་བརྟགས་ཤིང་དཔྱད་ནས་ཐོག་མར་ཏེ། དང་པོ་ཁོ་ནར་ཐམས་ཅད་དུ་ཚད་ནི་ཤིན་ཏུ་ཆུང་དུ་བཟའ་བར་བྱ་ཞིང་ལོངས་སྤྱད་པར་བྱའོ། །དེས་ན་འདི་འདི ་སྐད་སྟོན་ཏེ། ནད་དང་ཡུལ་ལ་སོགས་པ་ལས་བརྟགས་ན་ཚད་ཤིན་ཏུ་ཆུང་བ་ནི་ཚད་བཞི་པར་བརྟག་པར་བྱ་སྟེ། གང་གི་ཕྱིར་སྐྱེས་བུའི་ཕོ་བའི་མེའི་ཚོད་མ་ཤེས་པར་སྣུམ་མང་དུ་བྱིན་ན་དེ་མི་འཇུ་ཞིང་སྲོག་ཀྱང་འདོར་བར་འགྱུར་བ་སྲིད་པ ་ཡིན་ནོ། །ད་ནི་སྣུམ་གྱི་ཚད་གསུམ་པ་དེ་དག་བཏང་བའི་དུས་དང། བཏང་བའི་གནས་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། སྔ་དེའི་ཟས་ནི་ཞུ་ཉིད་དང། །སྦྱང་ཕྱིར་དངས་མ་མང་དུ་བཏུང་ཞེས་བྱ་བ་ཡིན་ཏེ་སྔ་དེ་ཞིག་གི་ཟས་ཞུ་བ་ཉིད་དེ་ཞུ་བ་རྩན་ཉིད་ཀྱིས་དུས?་ཉིད་ས་ནི་ཞུ་བཀྲེས ་པས་ནི་མཉེན་པའི་སྐབས་སུ་སྦྱར་བར་བྱ་བའི་ཕྱིར། སྣུམ་མང་དུ་བཏུང་བ་ཉིད་ལ་ཞུན་མར་དངས་མ་འབའ་ཞིག་བཏུང་བར་བསྔགས་པས་ན། དེའི་ཕྱིར་འདི་ཉིད་ཅེས་བྱ་བའི་སྒྲ་ངེས་པར་བཟུང་བའི་དོན་དུ་སྨྲས་པ་ཡིན་ནོ། །སྔ་དེ་ཞག་གི་ཟན་ཞུ་བ་ཉིད་ན་ཞེས་པས ་ཚད་ཀྱི་མཆོག་མ་ལྟོགས་པ་དང་བཏུང་བར་བྱ་བ་ཡིན་ཏེ། དེ་ནི་གང་གི་ཕྱིར་མྱུར་བ་ཉིད་དུ་འཇུ་བར་བྱེད་དེ། སྦྱང་བ་མ་བྱས་པར་མེའི་དྲོད་ཤིན་ཏུ་ཤས་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ཡང་དྲང་སྲོང་ཙ་ར་ཀས། ལྟོ་སྲ?་རླུང?་གི་ཤས་ཆེ་ཞིང། །རྩོལ་བ་ཆེ་བའི་ངང་ཚུལ་ཅན།། ་མེའི་དྲོད་ཆེ་བའི་སྨན་རྣམས་ནི། །མི་འཁྲུ་ཉིད་ན་མྱུར་དུ་འཇུ། ཞེས་བཤད་པ་ཡིན་ནོ། །ད་ནི་ཞི་བར་བྱ་བའི་སྣུམ་གྱི་ཆོ་ག་སྨྲས་པ་ནི། ཞི་བྱ་ལྟོགས་བཅས་ཟས་མེད་པར། །འབྲིང་ཚད་ཙམ་ནི་བསྔགས་པ་ཡིན། ཞེས་བྱ་བ་ཡིན་ཏེ། ཞི་བར་བྱ་བ་ལ་ནི་སྣུམ་ཟས་མ་ཟོས ་པར་ལྟོགས་པ་དང་བཅས་པའི་སྐབས་སུ་བཏང་བ་བསྔགས་པ་ཡིན་ལ། དེ་ཡང་འབྲིང་ཚད་ཙམ་སྟེ། ཐུན་བཞིས་འཇུ་བ་བསྔགས་ཤིང་ཕན་པ་ཡིན་ལ། དེ་ཡང་ཟས་མེད་པ་སྟེ། ཟས་གང་དང་ཡང་མ་བསྲེས་བར་ཡང་གཅིག་ཏུ་བཏང་བ་བསྔགས་པ་ཡིན་ནོ།། ་བརྟ་པའི་སྣུམ་གྱི་ཆོ་ག་སྨྲས་པ་ནི། བརྟ་བ་ཤ་དང་ཞུ་བ་སོགས། །དེ་ཡང་འབྲས་ཆན་ཉུང་བཅས་པ། །བྱིས་པ་རྒན་པོ་སྐོམ་གྱིས་གདུངས། །སྣུམ་འབྲས་ཆང་དད་ཆེ་བ་དང། །བུད་མེད་སྣུམ་ནི་རྟག་བསྟེན་དང། །དྲོད་ཆུང་དེ་དང་དགའ་མི་བཟོད། །ལྟོ་སྙིང་ནད་དཀྱིལ་ཆུང ་ངུས། ཉམ་ཆུང་བ་ལ་བསྔགས་པ་ཡིན། ཅེས་བྱ་བ་ལ། བརྟ་བའི་སྣུམ་གྱི་ཆོ་ག་ནི་ཞུ་ལ་སོགས་པ་དང། ལྷན་ཅིག་བཏང་བ་བསྔགས་སོ། །ཤ་ཁུའི་ལ་སོགས་པའི་སྒྲས་ནི་བཟའ་བ་དང་སྣུམ་ཁུར་ལ་སོགས་པ་བསྡུའོ། །དེ་ཡང་འབྲས་ཆན་དང་བཅས་པ་སྟེ། ་བཟའ་བ་དང་བཅས་པར་བྱའི། གང་སྦྱང་བ་ཞི་བ་ཞེས་བྱ་བའི་སྣུམ་གྱི་ཆོ་ག་གཉིས་སོ། །ལྔར་བཤད་བཞིན་གྱི་དག་ནི་ཟས་དང་བཅས་པར་མི་བྱ་སྟེ། གཉིས་ཀ་ཡང་ཟས་ཀྱིས་དུས་སུ་བཟའ་པ་བཀག་པ་ཡིན་ནོ། །དེ་ཡང་ཉུང་ངུ་སྟེ་ཆུང་ངུ་ཡིན་པ་དང ་ཡང་དེའི་བྱིས་པ་རང་རྒན་པོ་ལ་སོགས་པ་ལ་ཡང་ཕན་པ་ཡིན་ནོ། །དེ་བཞིན་དུ་སྐོམ་གྱིས་གདུངས་ཤིང་སྐོམ་དང་ཆེ་བ་དང། གང་སྣུམ་དང་འགྲས་ཤིང་སྣུམ་པ་ལ་མི་དགའ་བ་དང། ཆང་དང་ཚེ་ཞིང་རྟག་ཏུ་ཆང་འཐུངས་པ་དང། དེ་བཞིན་དུ་རྟག་པར་བུད ་མེད་བསྟོན་པ་དང། རྟག་པར་སྣུམ་བསྟེན་པ་དང། ཕོ་བའི་མེ་དྲོད་ཆུང་བ་དང། བདེ་ཞིང་སྐྱིད་དེ་བར་གནས་པ་དང། དཀའ་བ་མི་བཟོད་ཅིང་སྡུག་བསྔལ་བསྟེན་པར་མི་ནུས་པ་དང། ལྟོ་བ་སྙི་བ་དང། ནད་དཀྱེལ་ཆུང་བ་དང། ཚ་བའི་དུས་ཏེ་སོ་གའི་དུས་དང། ་ཉམ་ཆུང་བ་སྟེ། ལུས་ཟུངས་ཟད་པ་རྣམས་ཏེ། དེ་ཐམས་ཅད་ལ་བརྟ་བའི་སྣུམ་བསྔགས་ཤིང་ཕན་པ་ཡིན་ནོ། །དང་པོ་བར་དང་ཟས་རྗེས་ཟོས། །ལུས་ཀྱི་སྨད་པར་སྟོང་ལས་བྱུང། །ནད་རྣམས་སེལ་ཞིང་ལུས་ཀྱི་སྟོབས། །སྐྱེད ་པ་རིམ་གྱིས་བྱེད་པ་ཡིན། ཅེས་བྱ་བ་ལ། བརྟ་བ་ཞེས་བྱ་བའི་སྣུམ་ཆུང་ངུའི་འདི་ནི་ཟས་ཀྱི་དང་པོར་བཏང་ན་ལུས་ཀྱི་རོ་སྨད་ལས་བྱུང་བའི་ནད་རྣམས་སེལ་བར་འགྱུར་རོ། །ཟས་ཀྱི་བར་དུ་བཏང་ན་ལུས་ཀྱི་བར་གྱི་ནང་སེལ་ཏོ། །ཟས་ཀྱི་རྗེས་ལ་བཏང་ན་རོ་སྟོང་ལས་བྱུང ་བའི་ནད་རྣམས་སེལ་བར་བྱེད་དོ། །དེས་ན་རིམ་པ་བཞིན་ཏེ། གོ་རིམ་མ་འཆོལ་ལུས་ཞེས་བྱ་བར་རོ་སྟོད་དང་རོ་སྨད་ཀྱི་སྟོབས་བསྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་ཟས་ཀྱི་དང་པོར་བཏང་ནས་རོ་སྨད་དུ་གཏོགས་ལ། རྐེད་བ་ལ་སོགས་པའི་ལུས་ཀྱི་སྟོབས་སྐྱེད་པར་བྱེད་པ ་ཡིན་ནོ། །ཟས་ཀྱི་བར་དུ་བཏང་ན་ལུས་ཀྱི་བར་མ་ལྟོ་བ་དང་སྙིང་ག་ལ་སོགས་པའི་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །ཟས་ཀྱི་རྗེས་ལ་བཏང་ན་ནམ་ཚོང་ཡན་ཆད་ཀྱི་ལུས་མགོ་བོ་ལ་སོགས་པའི་སྟོབས་བསྐྱེད་པར་བྱེད་པ་ཡིན་ནོ། །ད་ནི་སྣུམ་འཐུངས་པའི་རྗེས་ལ་བཏུང ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་སྨྲས་བ་ནི། དེ་ནི་ལེགས་པར་སྨིན་ཕྱིར་དང། །བར་ཆགས་པ་ནི་ཕྱི་བའི་ཕྱིར། །སྣུམ་དང་འཐུངས་རྗེས་ཆུ་ཚན་བཏུང། །ེ་རན་བལླ་ཏ་ཀར་མིན། ཞེས་བྱ་བ་ལ། སྣུམ་དང་དངས་མ་འཐུངས་པའི་རྗེས་ལ། བདེ་བར་འཇུ ་བར་བྱ་བའི་ཕྱིར་སྨྲ་བ་ནི། དེ་བཞིན་དུ། དེའི་ཚེ་ཁར་ཆགས་པ་དག་མ་གོས་ཤིང་དག་པར་བྱ་བའི་ཕྱིར་ཆུ་ཚན་བཏང་བར་བྱའོ། །ཅི་སྣུམ་དངས་མ་བཏུང་བ་ཐམས་ཅད་ལ་ཆུ་ཚན་བཏུང་བར་བྱ་བ་འམ། འོན་ཏེ་འགའ་ཞིག་ལ་བཏུང་བར་མི་བྱ་ཞེ་ན། ་ཨེ་རན་བྷལླ་ཏ་ཀར་མིན་ཞེས་སྨྲས་པ་ཡིན་ཏེ། །ེ་རནད?་བྷལླ་ཏ་ཀའི་སྣུམ་འཐུངས་པའི་སྐབས་སུ་ནི། ཆུ་ཚན་བཏུང་བར་མི་བྱ་སྟེ། འདི་གཉིས་ནི་ནུས་པ་ཤིན་ཏུ་ཚ་བ་དང་ལྡན་པའི་ཕྱིར། དེ་དག་གིས་གནོད་པ་སྐྱེད་པ་ཡིན་ནོ། །ཞུ ་དང་མ་ཞུ་དོགས་སྐྱེ་ན། སླར་ཡང་ཆུ་ཚན་བཏུང་བར་བྱ། །དེས་ནི་སྒྲེགས་པ་དག་འགྱུར་ཞིང། །དེ་ལས་ཁོང་ཡང་ཡི་གར་འོང། ཞེས་བྱ་བ་ལ། སྣུམ་དངས་མ་འཐུངས་པའི་ཚེ། ཞུ་འམ་མ་ཞུ་བའི་ངོགས་པ་སྐྱེས་ཤིང་ཡིད་གཉིས་སུ་གྱུར་ན། སླར་ཞིང་ཡང་ཆུ་ཚན་བཏུང ་བར་བྱ་སྟེ། ཆུ་ཚན་དེས་དེའི་སྒྲེགས་པ་དག་ཅིང་མནམ་བ་མེད་པར་འགྱུར་བ་དང། དེ་ཡང་དེ་ལས་ལུས་ཁོང་ཡང་བར་གྱུར་པ་དང། དེ་བཞིན་དུ་ཡི་གར་འོང་བ་སྟེ། ཟས་ལ་འདོད་པ་སྐྱེ་བར་འགྱུར་རོ། །ནང་པར་འཐུངས་སམ་འཐུང་བ་འམ། །འཐུངས་པར་གྱུར་ཚེ་ཁ་ཟས ་རན། གཤེར་དྲོད་བད་ཀན་མི་སྐྱེད་དང། །ཤིན་ཏུ་སྣུམ་མིན་འདྲེས་མིན་བཟའ་། །ཞེས་བྱ་བ་ལ། སྣུམ་འཐུངས་པའི་སྐྱེས་བུ་དེས་ཁ་ཟས་བཟའ་བར་བྱ་ལ། དེ་ཡང་ཇི་ལྟ་བུ་ཞེ་ན། ཕལ་ཆེར་གཤེར་ཞིང་རླན་བག་ཡོད་པ་དང། དྲོ་བའི་བད་ཀན་མི་སྐྱེ་བ་དང། ཤིན ་ཏུ་སྣུམ་པ་མ་ཡིན་པ་སྟེ། ཅུང་ཟད་སྣུམ་པ་དང་འདྲེས་པ་མ་ཡིན་སྟེ། ཟས་གནོད་པ་དང་འདྲེན་མར་མ་ཡིན་པ་བཟའ་བར་བྱའོ། །དེ་ཡང་ཅི་ཞིག་བྱེད་པའི་ཚེ་ཞེན་ནང་བར་སྟེ། ཕྱི་དེ་ཉིན་འཐུང་བར་སྡོག་པ་འམ། ཡང་དེ་བཞིན་དུ་ཉིན་ཞག་དེ་ཉིད་ཀྱི་འཐུང་བ་དང། དེ་བཞིན་དུ ་དང་པོར་གང་གིས་སྣུམ་འཐུང་བ་དེའི་ཚེ། ཁ་ཟས་འདི་ལྟར་བཟའ་བའོ། །ཁ་ལག་ཆུ་ཚན་གྱིས་བཀྲུ་ཞིང། །བུད་མེད་མི་བསྟེན་མཚན་མོ་ཉལ། །ཤུགས་དགག་དྲག་ཤུལ་ལས་རྣམས་དང། །ཁྲོ་དང་མྱ་ངན་ཉི་ཚན་གྲང། །བསེ་རུའི་ཁར་འགྱུར་རྟ་ཞོན་འགྲོ། །མང་སྨྲ་རབ ་མཐོ་སྟན་ལ་འདུག་།སྔས?་ནི་རབ་མཐོར་བ་དམའ་དང། །ཉིན་ཉལ་དུང་བརྡུལ་གནས་པ་སྤང། །གང་གི་ཉིན་མོ་འཐུངས་གྱུར་པ། །དེ་ལྟར་གཞན་ལ་སྤང་བར་བྱ། ཞེས་བྱ་བ་ལ། སྣུམ་འཐུངས་པའི་སྐྱེས་བུས་ཁ་ལག་བཀྲུ་བ་ལ་སོགས་པ་ཆུའི་བྱ་བ་ཆུ ་དྲོན་པོས་བྱ་བ་དང། བུད་མེད་ལ་མི་བསྟེན་ཅིང་ཉལ་བོ་སྤང་བར་བྱ་བ་དང། དེ་བཞིན་དུ་མཚན་མོ་ཉལ་ཞིང་བདེ་བར་གཉིད་ལོག་པར་བྱ་བ་དང། དེ་བཞིན་དུ་བཤང་གཅི་ལ་སོགས་པ་ཤུགས་མི་དགའ་བ་དང། དེ་བཞིན་དྲག་ཤུལ་གྱི་ལས་རྣམས་དང་ཁྲོ་བ་ནས ་དུད་བ་དང་རྡུལ་གྱི་ནང་དུ་འདུག་པའི་བར་དུ་སྤང་བར་བྱའོ། །དེ་ལ་དྲགས་ཤུལ་གྱི་ལས་ནི་ལུས་དུབ་པས་བྱེད་པའི་ལས་དུ་མའོ། །རབ་མཐོའི་སྟན་ཅིག་མཐོན་བོ་ལ་གཅིག་བུ་ཡུན་རིང་དུ་མི་འདུག་པའོ། །མལ་དང་མགོ་བོའི་རྟེན་དུ་གྱུར་པ་ནི་སྔས ་ཤེས་བྱ་སྟེ། དེ་ཡང་རབ་ཏུ་མཐོ་བ་དང་རབ་ཏུ་དམའ་བ་སྤང་བར་བྱའོ། །ཉིན་པར་ཉལ་བ་ནི་ཉིན་མོ་གཉིད་ལོག་པ་སྟེ་དེ་ཡང་སྤང་པར་བྱའོ། །དུད་པ་མི་དྲགས་པར་ཟད་དོ། །རྡུལ་ནི་རྡུལ་ཁྲོད་དེ། དེར་གནས་པར་མི་བྱའོ། །རེ་བས་ན་སྣུམ་གྱི་ཆོ་ག་བྱེད་པ་ན ་དེ་ཐམས་ཅད་སྤང་པར་བྱའོ། །དེ་ཡང་གང་གི་ཉིན་མོ་སྟེ། །ཉིན་ཞག་གང་ལ་སྐྱེས་བུས་སྣུམ་འཐུངས་པར་གྱུར་བ་དེས། དེ་སྲིད་ཀྱི་ཉིན་ཞག་གཞན་ལའང་གོང་དུ་སྨོས་པའི་ཐམས་ཅད་སྤང་བར་བྱའོ། །རིམ་འདི་ལས་རྣམ་པ་ཐམས་ཅད་དང། ནང་ཟད་པ་ལ ་སྤྱད་པར་བྱ། ཞེས་བྱ་བ་ལ། བཤང་མ་ཐག་པའི་ཆུ་ཚན་བཏུང་བ་ལ་སོགས་པའི་ལས་ཀྱི་རིམ་པ་བཞིན་འདི་ནི་སྣུམ་གྱི་ཆོ་ག་དང། དུགས་དང་སློན་སྨན་ལ་སོགས་པ་ནས་མེ་བཙའ་དང། ཐལ་སྨན་རྣོན་པོ་བཏང་བའི་བར་དང་དེ་བཞིན་དུ་ནང་ཀྱི་ཉམ་ཆུང་བར ་གྱུར་པ་ལ་ཡང་བྱ་སྟེ། སྣུམ་གྱི་ཆོ་ག་འབའ་ཞིག་ལ་འདི་བྱ་བར་མ་ཟད་དོ། །ཞི་བའི་སྣུམ་གྱི་ཉེར་སྤྱད་ནི། བཀྲུ་སྨན་བཏང་བ་ལྟ་བུར་བྱ། །ཞེས་བྱ་བ་ལ། ཞི་བར་བྱ་བའི་སྣུམ་གཏོང་བའི་ཉེ་བར་སྤྱད་བ་ཟས་ལ་སོགས་པའི་རིམ་ནི་བཀྲུ་སྨན་བཏང་བ་ལྟ་བུ ་སྟེ་བཀྲུ་སྨན་བཏང་བ་ན་ཐུག་པ་ལ་སོགས་པ་བྱ་བ་གང་དག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱ་བའི་སྣུམ་དེ་ཞུ་བའི་སྐྱེས་བུ་ལ་ཡང་བྱའོ། །ལྟོ་སྙི་ཞུན་མར་ཞག་གསུམ་བཏུང། །ལྟོ་སྲ་བ་ཡིས་ཞག་བདུན་བཏུང། །ཡང་ན་ཇི་སྲིད་སྣུམ་པར་བཏང། །དེ ་ཕན་ཆད་ནི་གོམས་པར་འགྱུར། ཞེས་བྱ་བ་ལ། སྐྱེས་བུ་ལྟོ་སྙི་བས་ཞུན་མར་དངས་མ་ཞག་གསུམ་བཏུང་བར་བྱ་ལ། མི་ལྟོ་བ་སྲ་བས་ནི་ཞག་བདུན་གྱི་བར་དུ་བཏུང་ངོ། །ཡང་ན་གཉིས་པོ་འདི་དག་ཁོ་ནར་ངེས་པ་མེད་དེ། སྐྱེས་བུ་ཁོང་སྣུམ་པར ་གྱུར་པ་ནི་སྲིད་གྱུར་པ་དེ་སྲིད་ཀྱི་བར་དུ་བཏུང་བར་བྱ་སྟེ། ལེགས་པར་ཁོང་སྣུམ་པར་གྱུར་པ་ཉིད་འདིའི་ཚད་ངེས་པ་ཡིན་ནོ། །དེས་ན་དུས་ཇི་སྲིད་ཀྱི་ལེགས་པར་ཁོང་སྣུམ་པའི་མཚན་ཉིད་སྐྱེས་པར་གྱུར་པ་དེ་སྲིད་པར་དུ་བཏུང་བར་བྱའོ། ཞེས་བྱ་བའི་དོན་ནོ། །དེ་ལྟར ་ལེགས་པའི་སྣུམ་པའི་མཚན་ཉིད་དུ་གྱུར་ཕན་ཆད་སྣུམ་དངས་མ་བཏང་བའི་ནི་གོམས་པར་འགྱུར་གྱི། སྦྱོར་བའི་བྱ་བ་མི་བྱེད་དོ། ཞེས་བྱ་བའི་དོན་ནོ། །རླུང་ནི་བདེ་རྒྱུ་མེ་དྲོད་འབར། །བཤང་བ་སྣུམ་ཞིང་མི་སྲ་ལ། །སྣུམ་འདི་འདོད་ཅིང་སྙོམས་འགྱུར་ལ། །སྣུམ་ལེགས་ཡིན ་ཏེ་རྩུབ་གོ་ཟློག་།ཞེས་བྱ་བ་ལ། སྐྱེས་བུ་ལེགས་པར་སྣུམ་གྱིས་ཞེན་པར་གྱུར་པ་ནི་རླུང་རྒྱུ་ཞིང་ལུགས་བཞིན་འབྱུང་བ་དང། ཕོ་བའི་མེ་དྲོད་འབར་ཞིང་བདེ་བ་དང། བཤང་བ་སྣུམ་པར་འགྱུར་གྱི་རྩུབ་བ་མ་ཡིན་པ་དང། དེ་བཞིན་དུ་མི་སྲི་བ་སྟེ། ཕལ་ཆེར་རྙེད་ཞིང་བརླན ་པར་གྱུར་པ་དང། དེ་བཞིན་དུ་སྣུམ་སྟེན་པར་བྱེད་པའི་སྐྱེས་བུ་སྣུམ་མི་འདོད་ཅིང་སྣུམ་ལ་ཞེ་མི་དགའ་བར་འགྱུར་བ་དང། དེ་བཞིན་དུ་ལུས་སྙོམ་ཞིང་རྨྱ་བག་ཏུ་གྱུར་པ་སྟེ། དེ་དག་ཐམས་ཅད་ནི་སྣུམ་གྱིས་ལེགས་པར་ཞེན་པའི་མཚན་ཉིད་ཡིན་ནོ། སྐྱེས་བུ་སྣུམ་མེད་ཅིང་རྩུབ ་པར་གྱུར་པ་ནི་དེ་ལས་གོ་བཟློག་པ་སྟེ། ཇི་སྐད་བཤད་པའི་མཚན་ཉིད་ལས་བཟློག་པར་འགྱུར་རོ། །དེ་ཡང་རླུང་བདེ་བར་མ་རྒྱུ་བ་དང། མེ་དྲོད་ཆུང་བ་དང། བཤང་བ་རྩུབ་པ་དང། བསྒོངས་པ་དང། སྣུམ་ལ་འདོད་པ་སྐྱེ་བར་འགྱུར་ཞིང་བསྙམས་པར་མི་འགྱུར་རོ། །སྣུམ ་དྲགས་པ་ཡི་སྐྱ་བ་དང། །སྣ་དང་ཁ་རྐུབ་ལས་འཛག་འགྱུར། ཞེས་བྱ་བ་ལ། སྐྱེས་བུ་སྣུམ་ཧ་ཅང་དྲགས་པར་གྱུར་པ་ནི། སྐྱ་བོ་བསེང་བསེང་པོར་འགྱུར་བ་དང། སྣ་ནས་འཛག་པ་དང། ཁ་ནས་འཛག་པ་དང། རྐུབ་ནས་འཛག་པར་འགྱུར་རོ། །ཚད་དང་མི ་ལྡན་དུས་མི་གནོད། །ཟས་དང་སྤྱོད་ལམ་ལོགས་པ་ཡིས། །སྡུམ་འཆོས་བྱེད་སྐྲང་གཞང་འབྲུམ་དང། །ཁོང་རྨད་རེངས་ཤིང་སེམས་མྱོས་དང། །གཡས་བ་མཛེ་དང་རིམས་སྐྱུག་གཟེར། །ལྟོ་སྦོས་མགོ་འཁོར་ལ་སོགས་འགྱུར། ཞེས་བྱ་བ་ལ་སྣུམ་ཐམས་ཅད ་ཚད་དང་མི་ལྡན་པར་ཟོས་པ་དང། དེ་བཞིན་དུ་དུས་མ་ཡིན་པར་ཟོས་པ་དང། གནོད་པ་སྟེ་གང་ཞིག་ལ་གནོད་པར་འགྱུར་བ་དེ་ཟོས་པ་དང། དེ་བཞིན་དུ་ཟས་དང་སྤྱོད་ལམ་ལོག་པ་དང་ལྡན་པས་སྤྱད་ན་སྐྲངས་པ་ལ་སོགས ་པའི་ནང་སྐྱེ་བར་འགྱུར་རོ། །དེ་ཡང་ཚད་ནི་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་སྟེ། གསུམ་པོ་དག་ནད་ལུས་ཟུངས་ལ་སོགས་པ་ལ་བལྟོས་ཏེ་གཏོང་བར་མི་བྱེད་པ་དེ་ནི་ཚང་དང་མི་ལྡན་པའོ། །དུས་མ་ཡིན་པར་གཏོང་བ་དེ་ནི་དཔེར་ན་དགུན་གྱ་ཆེ་མར་གཏོང་པ ་དང། ཚན་མོ་གཏོང་བ་དང། སོ་ག་ཏིལ་མར་གཏོང་བ་དང། ཉིན་པར་གཏོང་བ་ལྟ་བུའོ། །གནོད་པ་ནི་དཔེར་ན་བད་ཀན་གྱི་ནད་ལ་མར་གཏོང་བ་དང། མཁྲིས་པའི་ནད་ལ་ཏིལ་མར་གཏོང་བ་ལྟ་བུའོ། །ཟས་ནི་ཁ་ཟས་ཚད་དང་མི་ལྡན་པར་གང་བཤད་པ་དེ་ལོག་པར ་འགྱུར་ཞིང། ཕྱིན་ཅི་ལོག་གིས་གང་གི་ཚེ་སྤྱོད་པར་བྱེད་པ་དེའི་ཆོ་སྐྱོན་དུ་འགྱུར་རོ། །སྤྱོད་ལམ་ནི་ཆུའི་བྱ་བ་ཆུ་ཚན་གྱིས་བྱ་བ་ལ་སོགས་པ་བཤད་པ་ལ་སོགས་ཏེ། དེ་ལོག་པར་སྤྱོད་པ་དེ་ནི་དེ་དང་མི་མཐུན་པར་སྤྱོད་པ་སྟེ། དེ་དག་གིས་སྐྲངས་པ་ལ་སོགས ་པའི་ནང་སྐྱེད་པར་འགྱུར་རོ། །དེ་ལ་བཀྲེས་སྐོམ་སྐྱུགས་སྨན་དུགས། །ཟས་སྐོམ་སྨན་ནི་རྩུབ་པ་དང། །དར་བ་ཆད་བརྙིངས་ཚོད་མ་དང། །འབྲུ་རྒོད་ཅི་ཚེ་ཁྲ་རྒོད་དང། །སྦྲང་རྩི་འབྲས་གསུམ་པི་པི་ལིང། །བ་གཅིན་གུ་གུལ་ཨ་རུ་ར། །ནད་དམིགས་སོ་སོ་ཇི་བཞིན་དུ།། ་སྣུམ་ལས་ནད་གྱུར་བཅོས་ཐབས་ཡིན། ཞེས་བྱ་བ་ལ། སྣུམ་གྱི་ཆོ་ག་ལས་ནད་དུ་གྱུར་ཅིང། སྣུམ་གྱི་ཆོ་ག་ལས་ཉམས་པས་ནང་དུ་གྱུར་བ་དེ་ལ་དཔྱད་དུ་བྱ་བ་ནི་བཀྲེས་སྐོམ་ལ་སོགས་པས་གསོ་ཞིང་བཅོས་པར་བྱའོ། །དེ་ལ་བཀྲེས་པ་ནི་ལྟོགས་པར་བྱ་བ་སྟེ། ་ཟས་ཟ་བ་ལས་བཟློག་པའོ། །སྐོམ་པ་ནི་སྐོམ་གྱིས་གདུངས་པས་ཚར་བཅད་པའོ། །སྐྱུགས་སྨན་ནི་སློན་བཏང་བའོ། །དུགས་ནི་འོག་ནས་བཤད་པའོ། །དེ་བཞིན་དུ་ཁ་ཟས་རྩུབ་མོ་ཟ་བ་དང། སྐོམ་རྩུབ་པ་བཏུང་བ་དང། སྨན་རྩུབ་པ་བསྟེན་པ་དང། དར་བ་སར ་བ་སྐག་དང་དེ་དར་བ་རྙིང་པ་དང། ཆང་རྙིང་པ་དང། ཚོད་མ་སྟེ། རྩ་བ་དང་འབྲས་བུ་ལས་བྲས་པའི་ཆོད་མའི་རྣམ་པ་དང། འཁྲུ་རྒོད་དང། འབྲས་ཀྱི་བྱེ་བྲག་ཨུཏྟ་ལ་ཞེས་བྱ་བ་དང། ཅི་ཙེ་སྟེ། རྩཝ་འབྲུའི་བྱེ་བྲག་དང། །བྲེ་རྒོད་སྟེ་ཀོ་ཏྲ་པ་ཞེས་བྱ་བ་དང། དེ་བཞིན་དུ ་སྦྲང་ལ་སོགས་པའི་སྨན་རྣམས་ནད་དམིགས་སོ་སོ་ཇི་ལྟར་བཞིན་ནང་གང་གིས་སྨན་གང་ཡིན་པ་དེ་དེ་ལ་སྦྱིན་པར་བྱའོ། །རྩུབ་པ་དག་ནི་སྨྱུང་བྱས་དང། །ཤིན་ཏུ་བྱས་དང་འདྲ་བ་ཡིན། ཞེས་བྱ་བ་ལ། ལེགས་པར་རྩུབ་པར་གྱུར་པ་དང། ལྷག་པར་རྩུབ་པར་དག ་ན་སྨྱུང་པ་དྲགས་པོའི་མཚན་ཉིད་དང། འདྲ་བར་ཤེས་པར་བྱ་བ་སྟེ། ཇི་ལྟར་ལགས་པར་སྨྱུང་བར་བྱས་པའི་མཚན་ཉིད་གང་ཡིན་པ་དེ་ན་ལེགས་པར་རྩུབ་ཚོས་བྱས་པའི་མཚན་ཉིད་དང་འདྲ་བར་ཤེས་པར་བྱ་ལ། དེ་བཞིན་དུ་ཤིན་ཏུ་སྨྱུང་བར་བྱས་པའི་མཚན ་ཉིད་དང་ཤིན་ཏུ་རྩུབ་ཆོས་བྱས་པའི་མཚན་ཉིད་འདྲ་བར་ཤེས་པར་བྱའོ། །རློན་དྲོ་སྐམས་ལས་བྱུང་སྣམ། །ཤ་ཁུ་བཏུང་ཞིང་དུགས་དཔྱད་བྱ། །ཁྲུས་བྱེད་པ་འམ་སྐྱུག་སྨན་བཏོང་ངོ། །སྣུམ་བྱས་ཞག་གསུམ་གནས་པར་བྱ། །ཉིན་ཞག་བཞན་པ་གཅིག་ཅིག ་ན། དེ་སྐྱེད་པ་ཡིས་བད་ཀན་སྐྱེད། ཅེས་བྱ་བ་ལ། རློན་ཞིང་དྲོ་བ་དང། སྐམས་ལས་བྱུང་བ་ཡང་ཡིན། སྣུམ་པ་ཡིད་ཡིན་པས། རློན་ངོ་སྐམ་ས་ལས་སྐྱེད་སྣུམ་ཞེས་བྱ་བ་སྟེ། རློན་ཞིང་དྲོ་བ་དང། སྐམས་སའི་སྲོག་ཆགས་ཀྱི་ཤ་ལས་གཡོས་པའི་ཤ་ཁུ་བཏུང་བ་དང། ་དུགས་ཀྱི་བྱ་བ་ཀུན་ཏུ་སྤྱད་ཅིང་གནས་པར་བྱེད་བ་དང། སྣུམ་གྱི་ཆོ་ག་བྱས་པས་ཞག་གསུམ་གནས་པར་བྱས་ནས། དེའི་འོག་ཏུ་ཉི་མ་བཞི་པ་ལ་ཁྲུས་བྱའོ། །སྐྱུག་སྨན་ཡང་འདི་བཞིན་དུ་བྱ་སྟེ། དང་པོར་སྣུམ་གྱི་ཆོ་ག་བྱས་ལ། དེའི་འོག་ཏུ་སྐམ་སའི་ཤ་རློན་ཞིང ་དྲོ་བ་ལས་བྱུང་པའི་སྣུམ་གྱི་ཤ་ཁུ་འཐུངས་ན། དུགས་བྱེད་ཅིང་ཞག་གཅིག་གནས་པར་བྱས་ལ། ཉིན་ཞག་དེ་ལས་གཞན་པ་ཉིན་ཞག་གཉིས་པར་ལས་བད་ཀན་སྐྱེད་ཅིང་འཕེལ་བར་བྱ་བའོ། །གང་གིས་ཤེ་ན། དེ་སྐྱེས་པ་ཡིས་ཞེས་བྱ་བ་སྟེ། བད་ཀན་དེ་སྐྱེད་པར ་བར་བྱའོ། །འོ་མ་དང་ཉ་ལ་སོགས་པས་བད་ཀན་སྐྱེད་ལ། དེའི་འོག་ཏུ་སྐྱུག་སྨན་བཏང་ངོ། །ཤ་ཆེ་ཚིལ་ཆེས་བད་ཀན་མང། །མེ་ཡིས་འཇུ་དྲོད་མི་སྙོམས་དང། །སྣུམ་ལ་སོགས་པའི་སྣུམ་བྱ་རྣམས། །དེ་ནི་སྔོན་དུ་རྩུབ་ཆོས་བྱ། །དེ་ནས་སྣུམ་བྱས ་སྤྱད་གྱུར་ན། །དེ་ལ་སྣུམ་ནི་མི་འབྱུང་ངོ། །སྣུམ་ལ་གོམས་པར་གྱུར་པ་ན། །དྲི་མ་འཐོན་པར་འགྱུར་བ་ཡིན། ཞེས་བྱ་བ་ལ། ཤ་ཆེ་བ་ནི་མི་ཤ་རྒྱས་ཤིང་སྦོམ་པའོ། །ཚིལ་ཆེ་བ་ནི་ཚིལ་གྱིས་རྒྱས་ཤིང་ཚོ་བའོ། །བད་ཀན་ཚ་བ་ནི་བད་ཀན་མང་བའོ། །མེའི ་འཇུ་དྲོད་མི་སྙོམས་པ་ན་ཕོ་བའི་མེ་དྲོད་ཀྱིས་འཇུ་བ་མི་མཉམ་པའོ། །སྣུམ་ལ་སོགས་པ་ནི་རྟག་ཏུ་སྣུམ་ཟ་བ་སྟེ། དེ་ལྟ་བུའི་སྣུམ་ཆོས་བཏང་བར་བྱ་བ་གང་ཡིན་པ་ནི་སྔོན་ཏུ་སྟེ། ཐོག་མར་རྩུབ་པ་ནི་ཟས་དང་སྨན་གྱིས་རྩུབ་འཆོས་བྱ་ལ། དེ་ནས་དེ་ལྟར ་རྩུབ་འཆོས་བྱས་པའི་འོག་ཏུ་སྣུམ་འཆོས་བྱས་ལ་སྦྱངས་པར་གྱུར་ན། ཤ་ཆེ་བ་ལ་སོགས་པ་དེ་ལ་སྣུམ་ནད་མི་འབྱུང་ངོ། །དེ་བཞིན་དུ་ཤ་ཆེ་བ་ལ་སོགས་པ་རྩུབ་འཆོས་བྱས་ལ། དེའི་འོག་ཏུ་སྣུམ་བཏང་ན། སྣུམ་ལ་སོགས་པར་གྱུར་པས་ན། དྲི་མ ་འཐོན་ཞིང་སྤྱོད་པར་དུས་པ་ཡིན་ནོ། །བྱིས་པ་རྒན་པོ་ལ་སོགས་པ། སྣུམ་འཆོས་སྤོང་བར་མི་ནུས་ལ། སྐྱེ་བར་མི་བྱེད་སྦྱོར་བ་འདིས། །འཕྲལ་དུ་སྣུམ་ནི་སྦྱང་བར་བྱ། ཞེས་བྱ་བ་ལ། སྣུམ་འཆོས་བྱས་པའི་བྱིས་པ་དང། རྒན་པོ་ལ་སོགས ་བ་སྔར་སྣུམ་གྱི་ཆོགས་བརྟ་བར་བྱ་བར་བཤད་པ་རྣམས་སྣུམ་འཆོས་སྤོང་བར་མི་ནུས་པ་དེ་ལྟ་བུ་ལ་སྣུམ་གྱི་ཆོ་ག་བྱ་བའི་ཕྱིར། དེ་སྐྱེ་ཞི་བ་བསྣན་པར་མི་འགྱུར་བའི་སྦྱོར་བ་འདི། འབྲལ་དུ་དེ་ལ་སྣུམ་གྱི་ཆོ་ག་སྦྱར་བར་བྱའོ། །དེ་ཡང་གང་ཡིན ་ཞེ་ན། དེ་ལ་མར་བརྡོས་ཤ་ཞུ་དང། །མང་བརྔོས་པ་ཡི་ཐུག་པ་འམ། ཏིལ་ཕྱེ་སྣུམ་བཅས་བུ་རམ་ཆུང། །བཅས་དང་ཀྲི་སར་དང་ནི། །འོ་ཐུག་མར་མང་དྲོ་བ་འམ། །བུ་རམ་ཞོ་དང་བཅས་པ་འམ། །ཐུག་པ་སྣུམ་ནི་བཞི་པ་ལ། །ལྔ་པ་འབྲས་དང་ལྡན ་པས་བྱ། །བདུན་པ་དེ་དག་འཕྲལ་སྣུམ་བྱ། ཞེས་བྱ་བ་འཁྱིས་པ་དང་རྒན་པོ་ལ་སོགས་པའི་རྣམས་ལ་མར་བརྡོས་པའི་ཤ་ཁུ་ལ་སོགས་པའི་སྦྱོར་བ་བདུན་པོ་འདི་དག་ནི་འཕྲལ་གྱི་སྣུམ་གྱི་ཆོ་གར་འགྱུར་རོ། །དེ་ལ་ཤ་མང་པོ་མར་དང་བརྔོས་པ་དེའི་ཁུ་བ་ནི་སྦྱོར་བ་གཅིག་ཡིན་ནོ། །ཡང་མར་མང་པོ་དང ་བརྔོས་ཤིང་བཅོས་པའི་ཐུག་པ་བྱས་པ་ནི་སྦྱོར་བ་གཉིས་པ་ཡིན་ནོ། །དེ་བཞིན་དུ་ཏིལ་གྱི་ཕྱེ་མ་སྣུམ་དང་བཙས་པ་དང་བུ་རམ་ཆུང་ངུ་དང་བཅས་པར་སྦྱར་བ་ནི་གསུམ་པ་ཡིན་ནོ། །འདིར་སྣུམ་ནི་མར་ལ་སོགས་པའོ། །བུ་རམ་ཆུང་ངུ་ནི་བུ་རམ་ཕྲ་མོའོ། །དེ་བཞིན་དུ་ཀྲི་སར་ཞེས ་བྱ་བ་ནི་ཏིལ་དང་འབྲས་ལ་སོགས་པ་ལས་བྱས་པའི་ཐུག་པ་གང་ཐུབ་འདྲ་བ་ལ་སྣུམ་དང་བུ་རམ་ཆུང་ངུ་བཏབ་པ་ནི་བཞི་པའོ། །ཡང་ན་འོ་མ་ནི་ཐུག་པ་སྟེ། འོ་མ་དང་བཙོས་པའི་ཐུག་པ་ཞུན་མར་མང་པོ་བཅུག་པ་དྲོ་བ་སྟེ་ལྔ་པའོ། །ཡང་བུ་རམ་དང་ཞོ་དང་བཅས་པའི་སྟེང་རིམ་ནི ་དྲུག་པའོ། །ཡང་ན་ཐུག་པ་སྣ་ལྔ་པ་ཞེས་བྱ་བ་སྣུམ་བཞི་པོ་ཞུན་མར་དང་ཏིལ་མར་དང་རྐང་དང། ཚལ་སྲང་གཉིས་གཉིས་དང་ལྔ་པ་འབྲས་ཀྱང་སྲང་གཉིས་དང་ལྡན་པ་ཡིན་པས་ན་དེའི་ཐུག་པ་ནི་བདུན་པའོ། །སྦྱོར་བ་འདི་དག་ནི་འཕྲལ་དུ་སྣུམ ་གྱི་བྱ་བ་བྱེད་ཅིང་སྐྱོ་བ་དང་སུན་པར་མི་བྱེད་པ་ཡིན་ནོ། །སྣུམ་རྣམས་ལན་ཚྭ་ཆེར་བཏབ་པ། དེ་ནི་བད་ཀན་སྐྱེད་རྩུབ་ཡིན། །ཕྲ་ཞིང་དྲོ་ལ་ལུས་ཁྱབ་བྱེད། ཅེས་བྱ་བ་ལ། དེ་བཞིན་དུ་སྣུམ་བཞི་པོ་ཞུན་མར་དང་ཏིལ་མར་དང་རྐང་དང་ཚིལ་ཞེས་བྱ་བ ་ལན་ཚྭ་ཆེར་བཏབ་པ་ནི། འཕྲལ་དུ་སྣུམ་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལན་ཚྭ་བཏབ་པ་དེ་ནི་བད་གན་སྐྱེ་ཞིང་འཛག་པའི་རང་བཞིན་ཅན་ཡིན་པ་དང། དེ་རྩུབ་བ་མ་ཡིན་ཞིང་སྣུམ་པ་དང་ཕྲ་བ་སྟེ། ཕྲ་མོ་རྣམས་ལ་འཇུག་ཅིང་ཁྱབ་པར་བྱེད་པ་དང། དྲོ ་ཞིང་ཚ་བའི་ནུས་པ་དང་ལྡན་པ་དང། ལུས་ཁྱབ་པར་བྱེད་པ་སྟེ། ལུས་མ་ལུས་པར་ཁྱབ་ནས་སྨིན་ཅིང་འཇུ་བའི་དོན་བདེ་བ་ཡིན་པ་སྟེ། ལན་ཚྭ་ཆེར་བཏབ་པའི་སྣུམ་ནི་འཕྲལ་དུ་སྣུམ་པ་ཆོས་སུ་འགྱུར་རོ། །མཛེ་དང་སྐྲངས་ནད་གཅིན་ནད་ལ། །བུ་རམ་འཆའ ་བཟའ་འོ་མ་ཤ་ཏིལ་དང་མཱ་འཆང་དང་ཞོ། །སྣུམ་བྱའི་དོན་དུ་མི་བྱའོ། ཞེས་བྱ་བ་ལ། མཛེ་ནད་ལ་སོགས་པ་ཡོད་བལ་སྣུམ་གྱི་ཆོ་གར་བཟའ་བ་བུ་རམ་དང་བཅས་པ་ལ་སོགས་པ་འདི་དག་བཏང་ཞིང་སྦྱིན་པར་མི་བྱའོ། །དེ་ལྟར་སྣུམ་གྱི་ཆོ ་གས་ཅི་ཞིག་བྱ་ཞེ་ན། འབྲས་གསུམ་པི་པི་ལིང་གུ་གུལ། ། རུ་ར་ལ་སོགས་པ་བསྐོལ་ལ། །དེ་དག་སྣུམ་ལ་ཇི་བཞིན་དུ། །གནོད་པ་མེད་པར་སྦྱར་བར་བྱ། ཞེས་བྱ་བ་ལ། གོང་དུ་སྨོས་པའི་མཛེ་ནད་ལ་སོགས་པ་དེ་དག་ལ་སྣུམ་འབྲས་བུ་གསུམ་དང། །པི་པི ་ལིང་དང། གུ་གུལ་དང། ཨ་རུ་ར་ལ་སོགས་པ་ནད་དང་ཇི་ལྟར་འཚམ་པ་བཞིན་དུ་གནོད་པ་མེད་ཅིང་མི་འཕྲོད་པ་མེད་པར་ལེགས་པར་སྦྱར་ཞིང་བཏང་བར་བྱའོ། །ནད་ཀྱི་ཉམ་ཆུང་གྱུར་པ་ལ། །ལུས་དྲོད་སྟོབས་སྐྱེད་ནུས་པ་བཏང། ཞེས་བྱ་བ་ལ། ནད་ཀྱིས ་ཉམ་ཆུང་ཞིང་སྦེག་པའི་མི་ལ། སྣུམ་གྱི་ཆོ་ག་ལུས་ཀྱི་མེ་དྲོད་སྐྱེད་པར་ནུས་པའི་སྣུམ་པོ་བཏང་བར་བྱའོ། །དེ་ཡང་ལུས་དང་དྲོད་ནི་ལུས་དྲོ་དེ། དེ་གཉིས་སྐྱེད་པར་ནུས་པའི་སྣུམ་དེ་བཏང་བ་སྟེ། །ལུས་ཀྱི་སྟོབས་སྐྱེད་པར་ནུས་པ་ནི་རྒྱས་ཤིང་འཕེལ་བར་འགྱུར་བའོ་དྲོད ་ཀྱི་སྟོབས་སྐྱེད་པར་ནུས་པ་ནི་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པའོ། །སྐྱེས་བུ་སྣུམ་ལ་བསྟན་པར་བྱེད་པ་རྣམས། །ནང་གི་དྲོད་འབར་འཁོད་བ་དག་པ་དང། །ལུས་ཟུངས་ཕྲལ་བརྟ་སྟོབས་དང་མདོག་བཟང་ལྡན། །དབང་ལྡན་རྒས་སྲ་ལོ་བརྒྱ་ཐུབ་པར་བཤད། །ཅེས་བྱ ་བ་ལ་སྐྱེས་བུ་གང་ཞིག་དུས་སུ་སྣུམ་ལ་བརྟེན་ཅིང་གནས་པར་བྱེད་པ་ནི་ནང་གི་དྲོད་ཅེས་བྱ་བ་འཕོ་བའི་མེ་དྲོད་བདོ་བར་འགྱུར་བ་དང། ཁོང་པ་དག་ཅིང་ནད་མེད་པར་འགྱུར་བ་དག་དང་ལུས་ཟུངས་བདུན་པོ་འཕྲལ་བརྟ་ཞིང་སྐྱེ་བར་འགྱུར་བ་དང་སྟོབས་དང་མདོག་བཟང་ཞིང་ཡིན ་དུ་འོང་བར་འགྱུར་བ་དང། དབང་པོ་བརྟན་པ་སྟེ། མིག་ལ་སོགས་པའི་དབང་པོ་རང་གི་བྱ་བ་བྱེད་པར་ནུས་ཤིང། གསལ་བར་འགྱུར་བ་དང། རྒས་སྲ་ཞིང་སྐྲ་དཀར་མེད་པར་འགྱུར་བ་དང། ལོ་བརྒྱ་འཚོ་ཞིང་གནས་པས་ན། ལོ་བརྒྱ་ཐུབ་པ་སྟེ། སྣུམ་མི་ལ་བརྟེན ་པའི་སྐྱེས་བུ་ལ་ཡོན་ཏན་འདི་དག་འབྱུང་བར། དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་པ་ཡིན་ནོ།། །།ཡན་ལག་བརྒྱས་པའི་སྙིང་པོ་བསྡུས་པའི་ནམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར ་པ་ལས། །ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་དུགས་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། ཞེས་བྱ་བའོ། །དུགས་ནི་ཕལ་ཆེར་དང་པོར་སྣུམ་འཆོས་བྱས་ནས་འདིར་བྱ་དགོས་པས་ནི། དེའི་ཕྱིར་སྣུམ་གྱི་ཆོ་གའི་འོག་ཏུ་དུས ་ཀྱི་ཆོ་གའི་ལེའུ་བཤད་ཅིང་བསྟན་པ་ཡིན་ནོ། །དེ་ཡང་དྲང་སྲོང་ཙར་ཀས། དུགས་ཀྱིས་གསོ་བར་བྱ་བའི་ནང། །རླུང་དང་བད་ཀན་བདག་ཉིད་ཅན། །སྣུམ་གྱི་དངོས་སུ་འགྲོ་བ་ཡི། དུགས་ཀྱིས་རབ་ཏུ་ཞི་བར་འགྱུར། ཞེས་བཤད་པ་ཡིན་ནོ། །དུགས་ཀྱི ་ཆོ་ག་ནི་ལས་སུ་བྱ་བ་ཉིད་དེ། དེའི་ཚུལ་གྱིས་ལེའུ་ཡིན་པས་ན་དུགས་ཀྱི་ཆོ་གའི་ལེའུའོ། །དེ་ལ་དུགས་ཀྱི་ཆོ་ག་ནི་དབྱེ་བའི་དབང་དུ་བྱས་ནས་སྨྲས་པ་ནི། དུགས་བསྲོ་བཅིང་དང་ཐ་མལ་པ། །ཆུ་དུགས་དབྱེ་བས་རྣམ་པ་བཞི། ཞེས་བྱ་བ་ཡིན་ཏེ། བསྲོགས་བཅིང་པ་དང། ཐ་མལ ་པ་སྟེ། །ཚུ་དུགས་ཞེས་མཚམས་སྦྱར་བར་བྱའོ། །དེས་ན་དུགས་ནི་བསྲོ་བ་ལ་སོགས་པའི་དབྱེ་བས་མེའི་ལུམས་རྣམ་པ་བཞིར་འགྱུར་རོ། །བསྲོ་བ་གོས་དང་ལྕགས་དང་ནི། །ལག་མཐལ་ལ་སོགས་མེས་བསྲོའོ། ཞེས་བྱ་བ་ལ། བསྲོ་བའི་དུགས་ནི་གོས་ལ་སོགས ་བ་མེ་ལ་བསྲོས་པས་བསྲོ་བར་བྱ་སྟེ། གོས་ནི་བགོ་བ་སྟེ་བ་ལ་ལ་སོགས་པ་ལ་བྱའོ། །ལྕགས་ནི་ལྕགས་ཀྱི་དཔྱད་ཐོད་ལྕགས་ལྟ་བུ་ལ་སོགས་པའོ། །ལག་མཐིལ་ནི་ལག་པའི་མཐིལ་ལོ། །སོགས་པའི་སྒྲས་ནི་བུམ་པ་དང། འཁར་བའི་སྣོད་ལ་སོགས་པ ་བསྡུའོ། །བཅིང་བ་ཤུ་དག་སྤང་མ་དང། །ཐང་ཤིང་ཤ་ཏ་པུཥཔ་དང། །འབྲུ་ཀུན་དྲི་རྣམ་པར་སྣ་དང། །ེ་རཎྜའི་རྩེ་ཤུ་དག་དང། །སྣུམ་བག་ཚྭ་དང་དར་བ་དང། །འོ་མས་སྦུས་ཤིང་ཚྭ་ཆེར་བ་དང། རླུང་ལས་གྱུར་པ་འབའ་ཞིག་སེལ། །བད་ཀན་འདྲེས་ལ་བྱེ་རུག ་སོགས། །མཁྲིས་པ་འདྲེས་ལ་ཤུག་སོགས་ཀྱིས། །གླན་པ་ཞེས་བྱ་ཡང་ཡང་བྱ། །དཀྲི་བ་སྣུམ་ཞིང་ནུས་པ་དྲོ། །སྤུ་འཇམ་པགས་རུལ་མིན་པས་དཀྲི། །མ་རྙེད་རླུང་འཇོམས་ལོ་མ་དང། །དར་དང་སྣམ་བུ་རས་ཀྱིས་དཀྲི། མཚན་མོ་དཀྲིས ་པའི་ཉིན་མོ་དགྲོལ། །ཉིན་པར་བྱས་པ་མཚན་མོ་དགྲེལ། ཞེས་བྱ་བ་ལ་བཅིང་བའི་དུགས་ནི་ཤུ་དག་དང། སྤང་མ་ལ་སོགས་པ་སྣུམ་ལ་སོགས་པ་དང་སྦྲུས་ཤིང་བསྲེས་པ་དང། དེ་བཞིན་དུ་ལན་ཚྭ་ཆེར་བཏབ་ཅིང་ལན་ཚྭ་ལྷག་པར་མང་དུ་བཏབ་པ ་དག་རླུང་ལས་བྱུང་བ་ནི་ནད་འབའ་ཞིག་སྟེ། ནད་གཞན་དང་མ་འདྲེས་པའི་རླུང་ནད་སེལ་ལོ། །བད་ཀན་དང་འདྲེས་པའི་རླུང་ལ་ནི་བྱེ་རུག་པ་ལ་སོགས་པ་ཕུ་རས་རྣམ་གཉིས་དང། ཀུ་ཐེ་ར་ལ་སོགས་པའི་སྡེ་ཚན་དུ་བཤད་པ་དག་གིས་བྱའོ། །དེ་བཞིན་དུ།། ་མཁྲིས་པ་དང་འདྲེས་པའི་རླུང་ལ་ནི་ཤུག་སོགས་ཀྱིས་ཞེས་བྱ་བ་ལ། པདྨ་དང་པྲ་པུ་རནཌའི་ཀ་ལ་སོགས་པའི་སྡེ་ཚན་དུ་བཤད་པས་སོ། །སྣུམ་བག་ཚྭ་དང། དར་བ་དང། འོ་མས་སྦྲུས་ཤིང་ཚ་ཆེས་བཏག་ཅེས་བྱ་བ་ནི་གསུམ་ཆར་དང་སྦྱར་བར་བྱ་སྟེ། ་དཀྲི་བ་གསུམ་པོ་དེ་དག་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་ནི་གླན་པ་ཞེས་ཀྱང་བྱ་སྟེ། དེས་ཡང་དང་ཡང་དུ་དུགས་བྱའོ། །གཞན་དག་ལས་ཀྱང། ར་ཉེ་བ་སོགས་རླུང་འཇོམས་བཅས། །སྐྱུར་བའི་གཤེར་རྫས་ཀུན་དང་ལྡན། །རླན་ཅན་ཤ་དང་ལགས་པར ་བཙོས། །སྣུམ་ཀུན་དང་ནི་ཡང་དག་ལྡན། །དྲོ་འཇམ་ལན་ཚྭ་ཤས་ཆེར་དྲོ། །གླན་པ་ཞེས་ནི་བཤད་པ་ཡིན། ཞེས་བྱ་བ་འབྱུང་བ་ཡིན་ནོ། །དཀྲི་བ་ནི་དཀྲིས་ཤིང་བཅིངས་པ་ན་དཀྲིས་པ་ཞེས་བྱ་སྟེ། བཅིངས་པ་ལ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་མང་དུ ་བྱུགས་ལ་སྣུམ་པ་དང་ནུས་པ་དྲོ་བ་དང། སྤུ་འཛམ་པའི་པགས་པ་དུལ་བ་མ་ཡིན་པས་དཀྲི་བར་བྱའོ། །དེ་མ་རྙེད་ཅིང་མེད་པར་གྱུར་ན། རླུང་འཇོམས་ཤིང་ནུས་པ་དང་ལྡན་པའི་རྩཝ་ཤིང་གསོ་མ་ལ་སོགས་པའི་ལོ་མས་བཅིངས་ཤིང་ཡན་ལག་དཀྲིས ་བ་སྟེ། མཚན་མོ་དཀྲིས་ནས་ཉིན་བ་དང་ཕྲོལ་བར་བྱ་སྟེ། དེ་ནི་ཚ་བ་མེད་པའི་ཕྱིར་བྱའོ། །ཉིན་མོ་དཀྲི་ཞིང་བཅིང་བ་བྱས་པ་ནི་མཚན་མོ་དཀྲོལ་བར་བྱའོ། །ལ་ལར་ནི་ཡུལ་ནད་ཀྱི་དབང་གིས། །ཡན་ལག་ཆག་པ་ལ་སོགས་པ། ཉིན་ཞག་གཉིས་སམ་གསུམ་བཞག ་པར་བྱ་བ་ཡང་ཡོད་དོ། །སྦང་མ་ནི་ཆང་གི་སྙིགས་མའོ། །འབྲུ་ཀུན་ནི་ཀྲ་མ་དང། གང་བུ་ཅན་གྱི་སྡེ་ཚན་ལས་བཤད་པའོ། །དྲི་རྣམས་ནི་སྤང་སྤོས་དང། རུ་རྟ་དང། ། ག་རུ་ལ་སོགས་པའོ། །ེ་རཎྜ་རྩ་ནི་ཤིང་ཨེ་རཎྜའི་རྩ་བའོ། །ཤ་ནི་རླན་ཅན་གྱི་ཤ་ལས་ཚོ་གུ ་ཞི་བ་མོར་གཏུབས་པའོ། །སྣུམ་བག་ནི་ཏིལ་མར་ལ་སོགས་པའོ། །གཞན་དག་ནི་གོ་བར་ཟད་དོ། །ཐ་མལ་བ་ནི་ཁུར་བ་དང། །ཁོང་བ་གྱོ་མོ་རྡོ་ས་ཕྱེ། །གསོ་མའི་ལོ་མ་འབྲུ་རྣམས་དང། །ལྕི་རིལ་བྱེ་མ་ཕུབ་མ་རྣམས། །ཐབས་རྣམས་དུས་མས་ལེགས་བསྲོས་བ། །ཡུལ་དང ་དུས་ལས་དབགས་ཏེ་སྦྱར། ཞེས་བྱ་བ་ལ། ཐ་མལ་བ་ཞེས་བྱ་བའི་དུགས་ནི། བལ་དང་ཁུར་བ་ལ་སོགས་པས་བྱ་སྟེ། དེ་ཡང་ནས་དང་མོན་སྲན་གྲེའུ་དང། །ཏིལ་ལ་སོགས་པ་བཏགས་ནས། སྦྲུས་ཏེ་བཙོས་པ་ཁུར་བ་ལྟ་བུར་བྱས་ནས། དུགས་སུ་བྱ་བའི ་ཐབས་ལ་སྦྱར་བ་གང་ཡིན་པ་དེ་ནི་ཁུར་བའི་དུགས་ཞེས་བྱའོ། །བོང་བ་དང་གྱོ་མོ་དང། རྡོ་བ་ནི་མེར་བསྲེགས་ལ་མེའི་མདོག་ཅན་དུ་བྱས་ལ། ཆུ་འམ་རློན་བའི་ནང་དུ་ནུབ་པར་བྱས་ལ་རློན་བ་དེ་གོས་རིམ་གཅིག་གིས་དཀྲིས་པས་དུགས་བྱའོ། །ས་ཕྱེ་དང ་གསོ་མའི་ལོ་མ་དང་འབྲུ་རྣམས་དང། བ་ལ་སོགས་པའི་ལྕི་བ་དང། རིལ་མ་དང་ཕྱེ་མ་དང་ཕུབ་མ་རྣམས་ཆུ་སྐྱུར་མོ་དང་བསྐོལ་ལ། གོས་ཀྱི་ནང་དུ་བཅུག་པས་དུགས་བྱའོ། །ཐབས་མར་དུ་མས་ལེགས་བསྲོས་བ་ཞེས་བྱ་བ་ནི། རྫ་མ་དང་སྦུ་གུ་དང་རྫ་སྐྱོགས་དང་བསླ ་ང་ལ་སོག་སྤའི་ཐབས་ཀྱི་ལེགས་པར་བསྲོས་པའི་ཁུ་བ་ལ་སོགས་པའི་དུགས་རྣམས་ཡུལ་དང་དུས་ལ་དཔགས་ནས་སྦྱར་བར་བྱ་སྟེ། ཡུལ་ནི་སའི་ཡུལ་ཕྱོགས་དང། ལུས་ཀྱི་ཡན་ལག་གི་ཕྱོགས་སོ། །དུས་ནི་སྐད་ཅིག་ལ་སོགས་པའི་མཚན་ཉིད་དང། ནད་བའི ་གནས་སྐབས་ཀྱི་མཚན་ཉིད་དོ། །དེ་ལ་དཔགས་པ་ནི་དེའི་དབང་དུ་བྱས་ཏེ། དུགས་གྱི་སྦྱོར་བ་འདི་བྱའོ། །དེ་ཡང་ལུས་ཀྱི་ཡུལ་ནི་དཔེར་ན། རླུང་ནི་མ་ཞུ་བའི་གནས་ཞུགས་དག་ཞེས་བྱ་བ་ལ་སོགས་པའོ། །སའི་ཡུལ་ལས་དཔག་པ་ནི། ཡུལ་རླན་ཅན་དུགས་བྱ་དགོས་པ ་དེ་ལྟར་སྐམ་སར་མ་ཡིན་ནོ། །དུས་ལས་ནི་དཔེར་ན་དགུན་ནི་དུགས་གཞན་དག་བྱ་དགོས་ལ། སོ་གར་གཞན་དག་བྱའོ། །ནད་པ་ལས་ནི་དཔེར་ན་དུགས་ལ་ལ་ནི་མཁྲིས་པ་དང་འདྲེས་པའི་རླུང་ལ་དགོས་ལ། ལ་ལ་ནི་བད་ཀན་དང་འདྲེས་པའི་རླུང་ལ་དགོས་ལ། ལ ་ལ་ནི་རླུང་འབའ་ཞིག་ལ་དགོས་པའོ། །འབྲུ་རྣམས་ནི་འབྲུའི་རིགས་ལོ་མ་དཀྲུགས་ཤིང་བཅོམ་པའོ། །ཆུ་དུགས་ཤི་ཀྲུ་བ་ར་ན། །ེ་རཎྜ་དང་ཀ་རཉྫ། །བྱེའུ་དུགས་པ་ཨརྫག། ཤི་རི་ཤ་དང་བའོ་ཤ་ཀ། འོ་མ་ཨརྒ་མ་ལ་ཏི། །ཡ་བ་ཤ་གའི་ལོ་མས་བཀྲུ། །ཤུ ་དག་ལ་སོགས་སྨན་རྣམས་དང། །གཤེགས་ས་ཆུས་གནས་ཤ་རྣམས་དང། །རྩ་བཅུ་ནང་འཇིགས་ཇི་བཞིན་དུ། །སོ་སོ་འམ་ལྷན་ཅིག་སྦྱར་ནས་ནི། །སྣུམ་ལྡན་ཆད་དང་ཚྭ་དང་ནི། །འོ་མ་ཆུ་ལ་སོགས་ཀྱིས་བཙོས་ལ། །བུམ་པའམ་སྦུ་གུ་རིང་པོ་ནི།། ་བཀང་ལ་ནད་ཀྱིས་ཉམ་ཐག་པའི། །ལུས་ནི་གོས་ཀྱིས་དཀྲིས་ནས་སུ། །ཙི་བདེ་བར་ནི་སྣུམ་ཆུ་བླུག་།ལུས་ལ་རླུང་ནད་ཞུགས་གྱུར་པ། །དེ་ཉིད་ཀྱིས་འདིར་བཀང་སྣོད་དུ། །ནད་པ་ཞུགས་ཏེ་གནས་ནས་ནི། །གཅིན་སྲི་གཞད?་འབྲུམ་སོགས་ནང་སེལ ་ཞེས་བྱ་བ་ལ། ཤི་གྲུ་ནས་བརྩམས་ཏེ། ཡ་བ་ཤ་ཀའི་བར་གྱི་སྡེ་ཚན་དེ་རྣམས་ལས་ལོ་མ་རྣམས་བཀྲུ་ཞིང་མཉེས་ལ། དེ་རྣམས་དང་དེ་བཞིན་དུ་ཤུ་དག་ལ་སོགས་པའི་སྨན་སྔར་བཤད་པ་རྣམས་དང། དེ་བཞིན་དུ་གཤེར་ས་དང་ཆུན་གནས་པའི་རོ་ཧི ་ཏ་པ་ཐ་ན་ལ་སོགས་པའི་ཉ་དང། དེ་བཞིན་དུ་རྩ་བ་བཅུ་བ་ཞེས་ནད་ཀྱི་དམིགས་ཇི་ལྟ་བ་བཞིན་དུ་སོ་སོའམ་ལྷན་ཅིག་བཏང་བ་སྟེ། སོ་སོ་རེ་རེ་ནས་བཏང་བའམ། མ་ལུས་པ་ལྷན་ཅིག་སྦྱར་ཞིང་བསྲེས་ནས། ནང?་དམིགས་ཇི་ལྟ་བ་བཞིན་དུ། དེ ་དང་རྗེས་སུ་མཐུན་པར་སྦྱར་བར་བྱའོ། །ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སྣུམ་དང་ལྡན་པ་སྟེ་སྣུམ་ཡོད་པའོ། །འདིར་ཡང། ནད་ལས་དཔགས་པ་དང་སྦྱར་བར་བྱ་སྟེ། མར་ལ་སོགས་པ་ནད་གང་དང་གང་ལ་ཕན་པའི་སྣུམ་དེ་དང་དེ་དག་དང་ལྡན་པར་བྱ་བ་དང། ་དེ་བཞིན་དུ་དེ་དང་མཉམ་པའི་ཆང་ལ་སོགས་པ་དང་བཙོས་པ་ནད་དམིགས་ཇི་ལྟ་བུ་ལས་དཔགས་ཏེ། བླུགས་པའི་ཆུང་བུམ་པ་ཆུ་སྣོད་ཀྱི་རྣམ་པར་བྱས་པ་མཆུ་ཕྲ་མོ་གཏོད་པའི་ཆུ་བླུགས་པའམ། སྦུ་གུ་ནི་རིང་པོ་ཁ་གྱེན་དུ་བལྟས་པའི་ནང་དུ་བཅུག ་སྟེ། བཀང་ལ་ནང་ཀྱིས་ཉམ་ཐག་པ་སྟེ། གཟེར་ལ་སོགས་པས་ཉོན་མོངས་པར་གྱུར་པའི་ལས་གོས་ཀྱིས་དཀྲིས་ལ། སྣམ་ཞིང་རླུང་འཇོམས་པའི་སྨན་དང་བསྐོལ་པ་བླུག་པར་བྱ་སྟེ། དེ་ཡང་ཅི་བདེ་བ་སྟེ་ཅི་ནས་བདེ་བ་ལ་རེག་པར་གྱུར་པའི་ཚུལ་དུ་བྱ ་སྟེ། འདིར་ལན་འགའ་ནི་ཅུང་ཟད་དྲོ་བས་བྱའོ། །ལན་འགའ་ནི་དྲོ་བས་བྱའོ། །ལན་འགའ་ནི་ཤིན་ཏུ་དྲོ་བས་བྱའོ། །དེ་བླུག་པ་ཅན་ཆུའི་རྒྱན་གྱི་ཁྱད་པར་གང་ཞིག་གིས་རྒྱུན་མི་འཆད་པར་བླུགས་ཤིང་ཆུ་ལ་སོགས་པའི་གཤེར་རྫས་འཇིག?་པར ་འགྱུར་བས་ན་བླུགས་པ་ཞེས་བྱའོ། །ཆུའི་དུགས་ནི་རྣམ་པ་གཉིས་ཏེ། རྒྱུན་བླུགས་པ་དང། ཆུ་ལ་བཅིང་བཅིངས་པའི་དེ་ལྟར་བླུགས་པ་བཤད་ཟིན་ནས། ད་ནི་ཆུ་ལ་བཅིང་བ་བཤད་པའི་ཕྱིར་ལུས་ལ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ཏེ། ་ནད་པ་ལུས་ཀྱི་ཡན་ལག་ཐམས་ཅད་ལ་རླུང་ནད་ཞུགས་ཤིང་རླུང་གིས་ཉེན་པ་དག་དེ་ཉིད་ཀྱིས་ཞེས་བྱ་བ་སྔར་བཤད་པའི་སྨན་ཆུས་སྣོད་ཆེན་པོ་བཀང་ལ། བཀང་པའི་སྣོད་དེར་ནད་པ་བཅུག་སྟེ། སྙིང་ག་ལ་སོགས་པ་བསྲུང་ཞིང་གནས་པར་བྱའོ། །སྣོད ་ཆེ་སྨོས་པ་ནི་སྤྱི་མིང་ཙམ?་དུ་ཉེ་བར་མཚོན་པ་ཙམ་སྟེ། ཟངས་ཆེན་པོ་འམ། གཞོང་པ་རིང་པོ་ཆེན་པོ་སྨན་ཆུས་བཀང་པའི་ནང་དུ་འཇུག་ཅིང་བཅིངས་དེ། གནས་པར་བྱའོ། །དེ་བཞིན་དུ་གཞད?་འབྲུམ་དང། གཅིན་སྲིན་ལ་སོགས་པ་ལུས་ཀྱི་ཕྱོགས་གཅིག་ན་བར་གྱུར ་པ་ལ་ནི་ནང་ལ་སོགས་པའི་ཚུལ་ལས་དཔགས་ཏེ། སྦྱར་བར་བྱའོ། རླུང་མེད་ཕྱི་ནང་སྣུམ་བཅས་ཤིང། ཟས་འཇུའི་དུས་སུ་དུགས་དཔྱད་བྱ། །ནང་དང་ནད་པ་ཡུལ་དུས་ཀྱིས། །དབང་ལས་ཆུང་འབྲིང་ཆེན་པོར་བྱ། ཞེས་བྱ ་བ་ལ། རླུང་མེད་པའི་ས་ཕྱོགས་སུ་སྐྱེས་བུའི་ལུས་ཕྱི་དང་ནང་སྣུམ་དང་བཅས་པར་བྱས་ལ། ཁ་ཟས་སྨིན་དང་ཞུ་ཟིན་པར་གྱུར་པའི་དུས་སུ་དུགས་དཔྱད་པར་བྱ་ལ། དྲུགས་དེ་ཡང་ནད་ལ་སོགས་པའི་དབང་གིས་ཆུང་ངུ་ལ་སོགས་པའི་ཚད་གསུམ ་དུ་འགྱུར་རོ། །དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་འགྱུར་ལ། དེ་བཞིན་དུ་ནད་པ་ཡང་སྟོབས་ལ་སོགས་པ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་བ་ཡོད་དོ། །ཡུལ་ཡང་རླན་ཅན་དང། སྐམས་དང་འདྲེན་མ་སྟེ་གསུམ་ཡོད་དོ་ལུས་ཀྱི་གནས ་ཀྱང་མགོ་བོ་དང་བྲག་པ་དང། ལྟོ་བ་དང། བྱིན་པ་ལ་སོགས་པའི་དབྱེ་བས་བྱེ་བ་ཡིན་ནོ། །དུས་ཀྱང་དྲོ་བ་དང། གྲང་བ་དང། འདྲེས་པའི་དབྱེ་བས་ཕྱེ་བ་ཡིན་ནོ། །དབང་ལས་ཞེས་བྱ་བ་ནི་དེ་དག་གཙོ་བོར་བྱས་པ་ལས་སོ། བད་ཀན་གྱིས་ཉེན་ལས་རྩུབ ་བྱ། བད་ཀན་རླུང་ལ་རྩུབ་སྣུམ་བྱ་ཞེས་བྱ་བ་ལ། །བད་ཀན་གྱིས་ཉན་ཅིང་བད་ཀན་གྱི་ཤས་ཆེ་བའི་སྐྱེས་བུས་དུགས་རྩུབ་མོ་བྱའི། སྣུམ་པོ་མི་བྱའོ། །དེ་བཞིན་དུ་སྐྱེས་བུ་རྩུབ་པར་གྱུར་ཅིང་བད་ཀན་ཡང་ཡོད་པ་དག་གིས་དུགས་གཞན་ལྟར་དང ་པོར་སྣུམ་འཚེས?་མི་བྱའོ། །བད་ཀན་དང་རུང་ཡོད་པས་རྩུབ་བ་དང། སྣུམ་པ་འདྲེན་མའི་དུགས་སྦྱར་བར་བྱའོ། །རླུང་ནི་མ་ཞུའི་གནས་ཞུགས་དང། །བད་ཀན་ཞུ་པའི་གནས་རྟེན་ལ། །གནས་ཀྱི་དབང་གིས་རྩུབ་དུགས་དང། །དེ་བཞིན་སྣུམ་སྔར་འགྲོ ་དུགས་བྱ། ཞེས་བྱ་བ་ལ། །རླུང?་མ་ཞུ་པའི་གནས་སུ་ཞུགས་ཤིང་གནས་པའི་ནད་ལ་ནི། རྩུབ་པ་སྔོན་དུ་བྱ་པའི་དུགས་ལ་སྤྱད་པར་བྱའོ། དེ་བཞིན་དུ་བད་ཀན་ཞུ་པའི་གནས་ལ་གནས?་ཤིང་བརྟེན་པ་ལ་ནི་སྣུམ་སྔོན་དུ་བྱ་བའི་དུགས་བྱ་སྟེ་དེ་དག་ནི་གནས ་ཀྱི་དབང་གིས་ཚུལ་དེ་ལྟར་བྱ་དགོས་པ་ཡིན་ནོ། །སྟ་ཟུར་དག་དང་མིག་དང་སྙིང། །རླིག་བར་ཉུང་དུ་འང་བྱ་བ་མིན། ཞེས་བྱ་བ་ལ། སྟ?་ཟུང?་ཞེས་བྱ་བ་ལུས་ཀྱི་ཕྱོགས་གཅིག་བརླ་དང། དབྱི་ལ་བརྟེན་པའི་ནད་ལ་ནི་དུགས་ཉུང་དུ་བྱའོ། །དེ་བཞིན་དུ་མིག་དང་སྙིང་ག་དང་རླིག་བར་ནི་ཤིན་ཏུ་ཆུང་བའི་དུགས ་བྱའོ། ཡང་ན་བྱ་བ་མིན་བྱ་བ་སྟེ། གནས་དེ་དག་ཏུ་དུགས་ཀྱི་ལས་ཡེ་མི་བྱའོ། །དུགས་ཀྱིས་གྲང་དང་ཟུག་ཟེར་བྲལ། །།ཡན་ལག་མཉེན་བར་འགྱུར་བ་དང། །ངལ་གྱིས་མཉེས་ལ་ཁྲུས་བྱས་ལས། །དེ་ནས་སྣུམ་གྱི་ཆོ་ག་བརྟེན། །ཞེས་བྱ་བ་ལ། དུགས་ཀྱིས་སྐྱེས་བུའི ་གྲང་བ་དང། ཟུག་ཟེར་འབྲལ་བས་སྐྱེས་བུའི་ལུས་ལེགས་པར་བླརན་མཉེན་པར་འགྱུར་བ་དང། དེ་བཞིན་དུ་ཡན་ལག་མཉེན་པོར་མཉེས་ལ་དེའི་འོག་ཏུ་ཁྲུས་བྱ་བ་དེ་དང་པོ་ལག་པས་དོལ་ཞིང་མཉེན་བས་ཡན་ལག་མཉེས་ལ་ཆུ་དྲོན་པོས་ཁྲུས་བྱས་ནས། ་ད?་ནས་དེའི་འོག་ཏུ་སྣུམ་འཆོས་ཀྱི་སྐབས་ན་བཤད་པའི་ཆོ་ག་བསྟེན་ཅིང་བར་བྱ་བ་དང། །སྤང་བར་བྱ་བ་རྣམས་དོར་བར་བྱའོ། །དེ་དག་སྔར་སྣུམ་གྱི་ཆོ་གའི་སྐབས་སུ་ཟས་དང་སྤྱོད་ལམ་བསྟན་པ་བཞིན་དུ་བྱ་བ་དང། ཐལ་སྨན་རྣོན་པོ་ལ། དེ་རྩི?་བཅིལ ་བ་དང། མ་བཙའ་ལ་ཆ?་བ་ཞི་བར་བྱ་བ་དང། ཚད་པར་འཁྲུ་བ་དང། སློན་པ་ལ་དེ་བཅད་པ་དང། མི་དྲན་ཅིང་མྱོས་པ་ལ་སླར་དྲན་པར་བྱ་བའི་ཆོ་ག་བྱའོ། །དེ་བཞིན་དུ་ཆུ་ཚན་གྱི་ཉེ་བར་སྤྱོད་པ་ལ་སོགས་པ་སྤང་བྱའོ། དུགས་དྲགས་པ་ཡིས་ཁྲག ་མཁྲིས་འཁྲུགས་བརྒྱལ་སྐོམ་སྐད་འགགས་ཡན་ལག་འཛུམས་མགོ་འཁོར་ཚིགས་ན་རིམས་འདེབས་ཤིང། ཚིག་གུ་དམར་པོ་ཏལ་ཏིལ་སྣད། །ལུམས་ཀྱིས་སྐྱུག་བྲོ་བར་འགྱུར་ཏེ། ཞེས་བྱ་བ་ལ། དུགས་དྲགས་ཤིང་ཤས་ཆེར་བསྟེན་བས ་ཁྲག་མཁྲིས་འཁྲུགས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །བརྒྱལ་བ་ནི་མི་དྲན་པའོ། །སྐད་དང་ཡན་ལག་འཛུམས་པ་ནི། སྐད་གདངས་དམའ་ཞིང་སྨྱ་བའོ། །མགོ་འཁོར་བ་ནི་ལམ་ནི་མི་གནས་པའོ། །ལྷུ་ཚིགས་ན་པ་ནི་ལྷུ་ཚིགས་ན་བའོ། །ཚིལ ་གུང་མར་པོ་ཏལ་ཏིལ་སྣང་བར་གྱུར་པ་ནི། དེ་ལྟ་བུ་དག་འབྱུང་བར་འགྱུར་བ་སྟེ། དེར་ནི་ཞི་བའི་སྨན་གྱིས་གསོ། །དུགས་དང་ཐལ་སྨན་མེ་བཙའ་དང། ཚད་འཁྲུ་སྐྱུག་བློ་བརྒྱལ་ནད་གསོ། ཞེས་བྱ་བ་ལ། དུགས་དྲགས་པ་ལས་བྱུང་པའི་ནད ་ཁྲག་དང་མཁྲིས་པ་འཁྲུགས་པ་ལ་སོགས་པ་ཞི་བར་བྱ་ཞིང་རྩེ་གཞི་ལ་བའི་སྨན་གྱིས་གསོ་ཞིང་བཙོ་སྦྱར་བར་བྱའོ། །དུགས་ཞེས་བྱ་བ་ལ་སོགས་པ་འདིའི་སྐབས་སུ་ཞར་ལ་བཤད་པ་ཡིན་ཏེ། དེ་དག་ཀྱང་ཚུལ་འདི་ཉིད་ལ་བརྟེན་ནས་དུགས་གཞིལ་བ་ལ ་སོགས་པའི་སྨན་བྱ་བ་སྟེ། དུགས་ལ་དུགས་གཞིལ་བའི་སྨན་བྱ་བ་དང། ཐལ་སྨན་རྣོན་པོ་གཏང་བ་ལ་དེའི་ཚ་བཞི་བར་བྱ་བའི་ཕྱིར་སྨན་བཏང་བ་དང། མེ་བཙའ་ལ་དེའི་ཚ་བ་ཞི་བར་བྱ་བའི་སྨན་བཏང་བ་དང། ཚད་པར་འཁྲུ་བ་ལ་ཚང?་པར་འཁྲུ་བ ་གཅོད་ཅིང་སྨིན་པའི་སྨན་བཏང་བ་དང། སྐྱུག་བྲོ་བ་ལ་དེ་ཞི་བའི་སྨན་དང། བརྒྱལ་བ་ལ་འདུ་ཤེས་རྙེད་པར་བྱ་བའི་ཐབས་ཀྱིས་གསོ་བའོ། །དུགས་ནི་ཕལ་ཆེར་ལྕི་བྲོ་རྣོ། །དེ་ལས་གཞན་བཞི་བྱེད་ཡིན། །གཤེར་ཞིང་བརྟ་འཁྲུག་སྣུམ་པ་དང། རྩུབ་ཅིང ་ཕྲ་བ་དུགས་སྨན་ཡིན། །འཇམ་དང་རྩུབ་དང་ཞིབ་འབྱར་བག་།གཤེར་བག་དེ་ནི་སེལ་བྱེད་ཡིན། །མདོར་ན་ཕལ་ཆེར་ཁ་བ་དང། །བསྐ་དང་མངར་བ་དེ་སྨན་ཡིན། ཞེས་བྱ་བ་ལ། འདིས་ནི་དུགས་དང་དེ་ཞི་བར་བྱ་བའི་ཆོ་ག་སྤྱིར་བཤད་པ་ཡིན་ཏེ། སྨན ་གང་ལྕི་བ་དང་དྲོ་བ་དང། རྣོ་བ་དེ་ཐམས་ཅད་ནི་དུགས་ཀྱི་སྨན་ཡིན་ལ། ཕལ་ཆེར་ཞེས་སྨོས་པ་ནི། ལ་ལ་རྣམ་པར་འགྱུར་བ་དག་ཀྱང་ཡོད་པར་བསྟན་པ་ཡིན་ནོ། །དེ་ལས་གཞན་པ་གོ་བཟློག་པ་དང། ཡང་བ་དང། བསིལ་བ་དང། རྟུལ་བ་ནི་ཞི་ཞིང་རྩེ་འཇིལ ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཤེར་བ་ལ་སོགས་པ་དང་ལྡན་པའི་སྨན་རྣམས་ནི་དུགས་ཀྱི་སྨན་ཡིན་ལ། འཇམ་པ་ལ་སོགས་པ་དང་ལྡན་པའི་སྨན་ནི་དེ་ཞི་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མདོར་བསྡུ་ན་སྨན་གང་ཅུང་ཟད་ཁ་བ་དང། བསྐ ་བ་དང། མངར་བ་རྣམས་?་དེའི་??་རྩེ་འཇིལ་བར་བྱེད་ཅིང་ཞི་བར་བྱེད་པའི་སྨན་ཡིན་ནོ། །འདི་གཉིས་ཀྱི་མཚན་ཉིད། དྲང་སྲོང་ཙ་ར་ཀས་བཤད་པ་དེ་ནི་ཞི་བྱེད་ཅི་དང་དྲོ་བ་འཇོམས། ལུམས་བྱེད་རྡུལ་ནི་འབྱིན་བྱེད་ཡིན། །གཡོ་བའི་རྫས་དག་གང་ཡིན་པ། །རྩེ་འཇིལ ་ཞི་བར་བྱེད་པ་ཡིན། ཞེས་འབྱུང་བ་ཡིན་ནོ། །ཞི་ཞིང་རྩེ་གཅིལ་སྟོབས་ཐོབ་གྱུར། །ཇི་སྐད་བཤད་པའི་ནང་རྣམས་ཟས། །ཅེས་བྱ་བ་སྟེ། སྐྱེས་བུ་ནང་ཞི་ཞིང་རྩེ་གཅིལ་བས། སྟོབས་ཐོབ་པར་གྱུར་ན། ནང་དེ་རྩེ་ཞིལ་ཞིང་དུགས་དྲག་པའི་སྐྱོན་མེད་པར་འགྱུར་བ ་ཡིན་ལ། དེ་བཞིན་དུ་དུགས་གྲགས་པ་ལས་བྱུང་བའི་ནང་ཁྲག་དང་མཁྲིས་པ་འཁྲུགས་པ་ལ་སོགས་པ་ཇི་སྐད་བཤད་པའི་ནད་རྣམ་པ་ཟད་ན། ནད་ཞི་བ་བཙེས་པ་ལེགས་པ་ཡིན་པར་ཤེས་པར་བྱའོ། །བཅིལ་དྲགས་པགས་པ་རྩེ་འཁུམས་ཤིང། །འདར?་ཞིང ་ཁ་འགྲམ?་ནད་དུ་འགྱུར། །རྐང་མཆུ་ལག་པ་པགས་ནད་འགྱུར། །བཅིལ་དྲགས་པ་ཡི་ནང་དུ་བཤད། །ཅེས་བྱ་བ་ཡིན་ཏེ། དུགས་དྲགས་པའི་ནང་ཧ་ཅང་བཅོས་དྲགས་ཏེ། ཐབས་ཆེས་པ་ལས་ནང་དུ་འགྱུར་བ་ནི་པགས་པ་དང། རྩ་འཁུམས་པ་ལ་སོགས ་པ་ཡིན་པར་བཤད་དོ། །དེ་ཡང་བཅིལ་ཞིང་བཅོས་དྲགས་པས་པགས་པ་དང་རྩ་འཁུམས་ཤིང། ལུ?་པ?་དེ?་ཞིང་འདར་ཞིང་གཙོ?་པ་དང། སྙིང་ག་དང། ཁ་དང་འགྲམ་པ་རྣམས་འགགས་ཤིང་རེངས་པའི་ནང་དུ་འགྱུར་ཏེ། ཚིག་མི་ཐོན་པ་དང། རྐང་པ ་དང་མཆུ་དང་ལག་པ་དང་པགས་པའི་མདོག་ནག་པོར་འགྱུར་བ་སྟེ། མཚན་མ་འདི་དག་གིས་ནི་ཤིན་ཏུ་རྩེ་བཅིལ་ཞིང་བཅོས་དྲགས་པའི་ནང་ཡིན་པར་ཤེས་པར་བྱའོ། །ཤིན་ཏུ་སྦོམ་དང་རྩུབ་པ་དང། །ཉམ་ཆུང་བརྒྱལ་བར་གྱུར་པ་དང། དུགས་དྲག?་པ ་བཅོས་དགོས་ཀློ་རྡོལ་དང། །སྐེམ་དང་ཆང་ནད་ཀྱིས་བཏབ་དང། །རབ་རིབ་དམུ་རྫིང་ཤུབ་མཆོད། །མཛེ་ནད་འོར་ནད་རླུང་མཁྲིས་དང། །འོ་མ་ཞོ་དང་མར་སྦྲང་རྩི། །འཐུངས་དང་བཀྲུ་སྨན་བཏང་བ་དང། །ལུས་གནད་ཚིག་དང་གཞད?་ནད་ཡོད། ཁྲོ་དང་མྱ་ངན ་འཇིགས་པས་ཉེན། །བཀྲེས་སྐོམ་མིག་སེར་སྐྱ་རྦབ་དང། །གཅིན་མཁྲིས་ནང་ཅན་ཟླ་བ་ཆེན་འཛག། སྣུམ་དང་བུ་སྐྱེས་དུགས་མི་བྱ། ནང་ཚབས་ཆེན་འཇམ་པོར་བྱ། ཞེས་བྱ་བ་ལ། ཤིན་ཏུ་སྒོམ་པ་དང། རྩུབ་པ་དང། བུ་བཙས ་པའི་བར་དུ་དུགས་བྱ་བར་མི་རུང་ངོ། །དེ་ལ་ཉམ་ཆུང་བ་ནི་སྟོབས་ཆུང་བའོ། །དུགས་དྲགས་ཏེ་བཅོས་དགོས་པ་ནི་རྩེ་བཅིལ་བར་འོས་པའོ། །ཆང་ནད་ཀྱིས་བཏབ་པ་ནི་ཆང་དྲགས་པའི་ནད་ན་བའོ། །རླུང་མཁྲིས་ནི་རླུང་དང་མཁྲིས་པའི་ལྡན་པ་སྟེ། དེ་དག་ལ ་དུགས་མི་བྱའོ། །དེ་བཞིན་དུ་འོ་མ་ལ་སོགས་པ་འཐུངས་པ་ལ་ཡན་དུགས་ནི་བྱའོ། །དེ་བཞིན་དུ་བཀྲུ་སྨན་འཐུངས་པ་ལ་ཡན་གདུགས་མི་བྱའོ། །གཞང་ནད་ཡོད་པའི་ནི་གཞང་སྣག་པ་ལ་སོགས་པ་ལ་ཡང་མི་བྱའོ། །དེ་བཞིན་དུ་ཁྲོ་བས་ཉེན་པ་དང། མྱ་ངན ་གྱིས་ཉེན་པ་དང། འཇིགས་པས་ཉེན་པ་དེ་དག་ལ་ཡང་དུགས་བྱར་མི་རུང་ངོ། །དེ་བཞིན་དུ་གཅིན་ནང་དང་མཁྲིས་པའི་ནད་དང། ཟླ་མཚན་འཛག་པ་དང། སྒྲུམ?་མ་དང། བུ་སྐྱེས་པ་ལ་སོགས་པ་ལ་ཡང་དུགས་བྱར་མི་རུང་ངོ། །གལ་ཏེ་དེ་ག་ལ་གསུང་པ་ལ་སོགས་པའི ་ནང་ཚབས་ཆེ་བ་འབྱུང་སྟེ། མི་བྱར་མི་རུང་ན། འཇམ་པར་སྦྱར་བའི་དུགས་དང་ལུམས་མི་དྲགས་པ་འཇམ་པོ་བྱའོ། །ལུད་པ་ཆམ་པ་དབུགས་མི་བདེ། །སྐྱེགས་བུ་ལྟོ་སྤོས་བཤད་འགགས་དང། །སྐད་འགགས་རླུང་གི་ནད་རྣམས་དང། །བད་ཀན་བེ་སྣབས་འཁྱིལ ་ཞིང་ལྕི། །ལུས་རེངས་རྐེད?་བ་རྩིབ་ལོགས་དང། །སྒུར་དང་ལྟོ་ནད་འགྲམས་ནད་དང། །རླིག་པ་སྐྲངས་དང་དྭ་རྒལ་དང། །རྩོལ་དང་རླུང་ནད་ཀྱིས་ཟུག་དང། །གཅིན་འགགས་ཐོར་བུ་རྨེན་བུ་དང། །ཁུ་བ་བཀག་དང་རླུང་འཁྱིམས་ལ། །དེ་ཡིས་སྨན་གྱི་དབྱེ་བ་ཡིས། ། ་དུགས་ནི་སོ་སོ་ཇི་བཞིན་བྱ། །ཞེས་བྱ་བ་ལ། ལུད་པ་དང་ཆམ་བ་ནས་རླུང་འཁྱིམས་པའི་བར་ལ། དེའི་སྨན་ཇི་ལྟ་བས་ལེགས་པར་དུགས་བྱ་སྟེ། ལ་ལར་ནི་བསྲོ་བས་སོ། །ལ་ལར་ནི་བཅིངས་པས་སོ། །ལ་ལར་ནི་ཐ་མལ་ཞེས་བྱ་བས་སོ། །ལ་ལར་ནི་ཆུའི ་དུགས་བྱ་བ་དང། དེ་བཞིན་དུ་དེ་ལ་ཕན་པའི་རང་གི་སྨན་གྱི་དབྱེ་བའི་ཆ་སོ་སོ་གང་ལ་ཕན་པའི་དབྱེ་བ་འོག་ནས་རང་རང་གི་ནད་ཀྱི་གནས་སྐབས་སུ་བཤད་པའི་སྨན་གྱི་དུགས་སོ་སོར་བྱའོ། །དེའི་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་ལུད་པ་ལ་དུགས་བྱ་དགོས་པ ་དེའི་ཚེ། ལུད་པའི་སྨན་དུ་བཤད་པས་དུགས་བྱའོ། །དེ་བཞིན་དུ་ཆམ་པ་དང། དབུགས་མི་བདེ་བ་ལ་སོགས་པ་ལ་ཡང་རང་རང་གིས་སྨན་གྱིས་དུགས་བྱའོ། །ཞེས་བྱ་བར་སྦྱར?་རོ། །དརྒན་དང། རྩོལ་བ་དང། རླུང་ནད་ཀྱིས་ཟུག་པ་ནི་འོག་ནས་བཤད་པའི་རླུང་ནད་ཀྱི་ནད ་གཞི་ལས་མཚན་ཉིད་སྟོན་ཏོ། །ཁུ་བ་འགགས་པ་ནི་ཁུ་ཆུ་བཀག་པའོ། །རླུང་འཁྱིམས་པ་ནི་ཚིགས་ཀྱིས་བཀག་པའོ། །དུགས་ཕན་མེ་ཡིས་བསྲོ་མིན་པ། །རླུང་ནད་ཚིལ་དང་བད་ཀན་ཅན། །རླུང་མེད་ཁང་པར་རྩོལ་བ་དང། གོས་ལྕི་བ་དག་འཇིགས་པ་དང། །དཀྲི ་དང་སྟོབས་འགྱེད་ཁྲོ་བ་དང། །ཆང་མང་དཀྲེས་དང་ཉི་ཚན་བཞག་ཅེས་བྱ་བ་ལ། ཚིལ་དང་བད་ཀན་གྱིས་ཡོགས་པའི་རླུང་ལ་ནི་མེས་མི་བསྲོ་བར་བྱ་བ་ཕན་པ་ཡིན་ཏེ། དེའི་ཐབས་ནི་རླུང་མེད་པའི་ཁང་པར་འཇུག་ལ། རྩོལ་བ་དེ་ལུས་དུབ་པར་བྱ་བ ་དང། གོས་ལྕི་བ་ཁུར་དུ་ལོངས་པ་བགོ་བ་དང། དེ་བཞིན་དུ་འཇིགས་པ་དང། དེ་བཞིན་དུ་སྔར་བཤད་པའི་དཀྲི་བ་དང། སྟོབས་འགྱེད་པ་སྟེ་ལག་སྟོབས་འགྱེད་པ་ལ་སོགས་པ་དང། ཁྲོས་འཁྲུགས་པ་དང། ཆིང་མང་པོ་བཏུང་བ་དང། བཀྲེས་ཤིང ་ལྷོགས་པས་ཉེན་པ་དང། དེ་བཞིན་དུ་ཉི་མ་ཚ་བ་ལ་བཞག་པ་སྟེ། འདི་དག་བྱའོ། །ནད་གང་ནད་གྲོལ་གནས་དང་ལུས་ཟུངས་གནས། །རྩར་སོང་རྐང་ལག་རུས་པའི་ནད?་སོང་བའི། །ནད་ད?་དུགས་ཀྱིས་བསྲུལ་བར་བྱས་ནས་ནི། །ཁེང་དུ་བསྡུས་ལ་སྦྱར་བས ་དཔྱིས་དབྱུང་བྱ། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གང་ཁོང་བར་གནས་ཤིང་ནང་གྲོལ་ན་འདུག་པ་འམ། ཁྲག་ལ་སོགས་པ་ལུས་ཟུངས་ལ་གནས་པ་རྣམས་དང། དེ་བཞིན་དུ་གང་རྩ་རྣམས་སུ་ཁྱབ་ཅིང་ཞེན་པ་དང་དེ་བཞིན་དུ་རྐང་ལག ་གི་ནང་དུ་སོང་བ་སྟེ། ལག་པ་ལ་སོགས་པའི་རུས་པ་ལ་ཞེན་པའི་ནད་དེ་དག་ཐམས་ཅད་གནས་དེ་དག་ལས་བཤད་མ་ཐག་པའི་སྣུམ་དང་དུགས་ཀྱིས་བསྲུལ་བར་བྱས་ཤིང། །འཛག་ཏུ་རུང་བ་ལྟ་བུ་བྱས་ལ། ་དེ་ནས་ཇི་སྐད་བཤད་པའི་དུགས་བཞི་པོ་ཇི་ལྟ་ཇི་ལྟ་བ་བཞིན་དུ་བསྲུལ་ཞིང་བཞུས་ནས། རྐང་ལག་ལ་སོགས་པ་ནས་ཁོང་པའི་ནང་དུ་བསྡུས་ལ། དེའི་འོག་ཏུ་འོག་ནས་བཤད་པའི་བཀྲུ་སྨན་དང་སྐྱུག་སྨན་གྱིས་དབྱིས་དབྱུང་ཞིང་གཏན་ནས། གདོན་པས ་ཕྱིར་དབྱུང་བར་བྱའོ། །རྐང་ལག་གི་ནང་དུ་སོང་བ་ཞེས་བྱ་བ་ནི་དེ་ན་གནས་པའི་ནད་ནི་ཤིན་ཏུ་དུགས་བྱ་བར་འོས་པ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཡང་ན་ལུས་ཟུངས་སུ་གཏོགས་པའི་ནད་གང་འཕེལ་ནས། ཁོང་པ་ནས་ལུས་ཟུངས་སུ་སོང་བ་དང་རྐང་ལག ་ལ་གནས་ཤིང་ལུས་ཟུངས་ཉིད་ལ་གནས་ན་ལྡང་བར་གྱུར་པ་ཡིན་པས་ན། འདིར་རྐང་ལག་དང་རུས་པར་གནས་པ་ནི་གཙོ་བོར་གཟུང་བའི་དོན་སྨོས་པ་ཡིན་ནོ། །དེ་བས་ན་དུགས་ཀྱིས་ནད་རྣམས་བསྲུལ་བ་བྱས་ལ། ཁོང་པའི་ནང་དུ་བསྡུ་དགོས ་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོའི། རྣམ་པར་འགྲེལ་བ་ཚིག་གི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅུ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས ་སྐྱུགས་སྨན་དང་བཀྲུ་སྨན་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། དུགས་ཀྱི་ཆོ་གའི་འོག་ཏུ། སྐྱུགས་སྨན་དང་བཀྲུ་སྨན་གྱི་ཆོ་གའི་ལེའུ་བརྩམས་པ་ནི་གང་གི་ཕྱིར། ནད་དེ་དུགས་ཀྱིས་བསྲུལ་བར་བྱས་ནས་ནི། ཁོང་དུ་བསྡུས ་ལ་སྦྱང་བས་དབྱིས་དབྱུང་བྱ་ཞེས་འདས་མ་ཐག་པར་བཤད་པ་གང་ཡིན་པ་དེ། སྦྱང་བའི་རང་བཞིན་ཇི་ལྟ་བུ་ཡིན་པས་བསྟན་པར་བྱ་བའི་ཕྱིར་བཤད་པ་ཡིན་ཏེ། སྐྱུགས་སྨན་ནི་སྟོད་ཀྱི་ནད་བསལ་བའི་ཐབས་ཡིན་ལ། བཀྲུ་སྨན་ནི་སྨད་ཀྱི་ནད་བསལ་ལ ་ཡིན་ཏེ། དེ་གཉིས་ཀྱི་ཆོ་ག་ནི་དེ་དག་གི་ནང་ལས་སུ་རུང་བར་བྱ་བ་ཡིན་ཏེ། དེ་ཚངས་པ་ལ་སོགས་པས་གང་དུ་དྲན་པའི་ཆོ་ག་ནི། སྐྱུགས་སྨན་དང་བཀྲུ་སྨན་བཏང་བའི་ཆོ་ག་ཞེས་བྱ་སྟེ། དེ་དག་བཤད་ཅིང་བསྟན་པར་བྱ་བའོ་ཞེས་པའོ། །བད་ཀན་ནད་དམ ་འདྲེས་པ་ཡི། །བད་ཀན་རྒྱས་ལ་སྐྱུགས་སྨན་བཏང། །དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ། ཞེས་བྱ་བ་ལ། བད་ཀན་འབའ་ཞིག་གི་ནད་ལ། སྐྱུགས་སྨན་བཏང་པར་བྱའོ། །ཡང་ན་ལྡན་པ་སྟེ། འདྲེས་པར་གྱུར་པའི་བད་ཀན་ལ་རྒྱས་པར་ཞེས་བྱ་བ་བད་ཀན་གྱི ་ཤས་ཆེ་བའི་ནད་དང་མཁྲིས་པ་འདྲེས་པའི་ནད་??་ལན་པ་འམ། བད་ཀན་དང་རླུང་འདྲེས་པའི་ལྡན་པ་བད་ཀན་ཤས་ཆེ་བ་ལ་སྐྱུགས་སྨན་བཏང་བར་བྱའོ། །དེ་བཞིན་མཁྲིས་ལ་སྐྱུགས་སྨན་བཏང། ཞེས་བྱ་བ་ལ། དེ་དང་འདྲ་བས་ན་དེ་བཞིན་ཏེ། བད་ཀན་དེ ་དང་ཚུལ་མཐུན་པར་བྱའོ། །དེ་ཡང་ཇི་ལྟར་བད་ཀན་འབའ་ཞིག་ལ་སྐྱུགས་སྨན་བྱ་བ་ཡིན་པ་འམ། བད་ཀན་ཤས་ཆེ་བའི་ལྡན་པའི་ནང་ལ། སྐྱུགས་སྨན་བྱ་བ་དེ་བཞིན་དུ་མཁྲིས་པ་འབའ་ཞིག་ལ། བཀྲུ་སྨན་བཏང་བའི་འདྲས་བའི་ནད་མཁྲིས་པའི་དེ་ཤས་ཆེ་བས་མཁྲིས ་བ་དང་བད་ཀན་འདྲེས་པའི་ནད་དམ། མཁྲིས་པ་དང་རླུང་འདྲེས་པའི་ནད་བཀྲུ་སྨན་བྱའོ། །རྒྱས་ལ་ཞེས་སྨོས་པས་ནི་དེ་འབའ་ཞིག་བདོ་བའམ། རང་གི་གནས་སམ་གནས་གཞན་དུ་ཞུགས་པའི་བད་ཀན་ནི་སྐྱུག་སྨན་བྱ་ལ། མཁྲིས་པ་ལ་ནི་བཀྲུ་སྨན ་བྱའོ། རིམས་སར་ཚང་འཁྲུ་ཐུར་དུ་ནི། །མཁྲིས་པ་ཁྲག་འཁྲུ་གློ་གཅོང?་དང། །མཛེ་དང་གཅིན་ནད་འབྲམ་ཐོང་བུ། རྐང་བམ་མི་ངན?་ལུང་བ་ཅན། །དབུགས་མི་བདེ་སྙིང་འབར་འབྲས་མཆེད། །ནུ་མའི་ནང་དང?་རོ་སྟོང་ནང། །ཁྱད་པར་བུ་ནི་སྐྱུག་སྨན ་བྱ། ཞེས་བྱ་བ་ལ། རིམས་སར་པ་དང་ཚང་པར་འཁྲུ་བ་ལ་སོགས་པ་ནས་རོ་སྟོང་ཀྱི་ནད་ཀྱི་བར་དག་ལ་ཁྱེད་པར་རམ་མཆོག་ཏུ་སྐྱུག་སྨན་བཏང་བར་བྱ་སྟེ། །དེས་ནད་འདི་རྣམས་ཆུ་དང་བྲལ་བའི་འབྲས་ལྟར་མཆོག་ཏུ་ཟད་ཅིང་དེངས་པར་འགྱུར ་རོ། དེ་ལ་རིམས་སར་པ་ནི་དང་པོ་བྱུང་བའི་རིམས་སོ། །ཐུར་དུ་ཁྲག་དང་མཁྲིས་པ་འཁྲུ་བ་ནི། །བྲག་མཁྲིས་ཀྱི་འཁྲུ་བ་འབྱུང་བའོ། །ཐོར་བུ་ནི་འབྲས་ཀྱི་ཕྲེང་པའོ། །རྐང་བ་མ་ནི་རྐང་པའི་ནད། སྐྱུགས་སྨན་མི་བཏང་སྤྲུམ་ཁོང་རྩུབ། །བཀྲེས ་དང་རྟག་ཏུ་སྡུག་བསྔལ་བ། །བྱིས་པ་རྒན་སྐེམ་སྤོམ་སྙིང་ན། །གློ་སྐམ་སྨས་དང་ཉམ་ཆུང་དང། རྟག་ཏུ་སློན་དང་མཚེར?་པ་ན། །རབ་རིབ་ལྟོ་ན་སྲིན་བུ་ཡོད། །རླུང་ཁྲག་འདྲེས་མར་གྱེན་དུ་འབྱུང། །སོ་ན་སྨན་བཏང་སྐད་འཛེར་དང། །གཅིན་སི་རྨུ་རྫིངས་སྐྲན་ནད་ཅན ་སློན་དཀའ་དྲོད་ཆེ་གཞད?་འབྲུམ་ཅན། །རྟུག་སྐམས་མགོ་འཁོར་རྩིབ་ལོགས་སྲ། །རྩིབ་ལོགས་ཟུག་དང་རླུང་ཅན་ནོ། ཞེས་བྱ་བ་ལ། སྦྲམ?་མ་ལ་སོགས་པ་ནས་རླུང་ནད་ཅན་གྱི་བར་དག་ལ་སྐྱུག་སྨན་མི་བཏང་ངོ། །དེ་ལ་ཁོང་རྩུབ་པ་ལ་སྐྱུག་སྨན་བཏང ་ན། རླུང་གིས་ཡན་ལག་ལ་གནོད་པར་འགྱུར་ཏེ། ཕལ་ཆེར་ཁ་ཟས་ལ་སོགས་པ་རྩུབ་འཆོས་བསྟན་པས་རླུང་གི་ནད་སྐྱེད་པའི་ཕྱིར་སྟོབས་ཟད་པར་འགྱུར་རོ། །དེ་བཞིན་དུ་བཀྲེས་པ་དག་ལ་སྐྱུག་སྨན་བཏང་ན་མེའི་སྟོབས་ཀྱིས་སྟོབས་ཟད་བར ་འགྱུར་རོ། །རྟག་ཏུ་སྡུག་བསྔལ་བ་ནི་ཁུར་དང་ལམ་དང་རྟག་ཏུ་ལས་བྱེད་པའི་དུབ་པས་སྟོབས་ཟད་པར་འགྱུར་རོ། །དེ་བཞིན་དུ་བཞོན་པས་དུབ་ཅིང་ཉམ་ཆུང་བདག་ལ་ཡང་སྟོབས་ཕྲིན་ཤིན་ཏུ་ཁྲག?་སྐྱེ་བར་འགྱུར་རོ། བྱིས་པ་ལ་སོགས་པས་ནི་སྨན ་གྱི་སྟོབས་མི་བཟོད་པའི་ཕྱིར། ལུས་ཀྱི་སྟོབས་ཟད་པས་ནང་གི་ཁོང་པ་སྐེམ་ཞིང་གཅོད་དུ་འགྱུར་བའི་སྐྱོན་ཡོད་པ་ཡིན་ནོ། །སྙིང་ནད་ན་བ་ནི་སྙིང་ནད་ཀྱིས་ཉེན་པ་ལ་བྱས་ན་སྙིང་ནད་ལ་གནོད་པར་འགྱུར་རོ། །རྟག་ཏུ་སློན་པ་ནི་སྟོང་དུ་རྒྱུ་བའི་རླུང ་གིས་གྱེན་དུ་བཏེག་པས་དེ་དྲགས་ན་སྲོག་ཟད་པར་འགྱུར་རོ། །ལྟོ་ན་སྲིན་བུ་ཡོད་པ་ནི་སྔར་བཀྲུ་བ་མ་བྱས་ན། སྲིན་བུ་ཤིན་ཏུ་མང་བའི་ཕྱིར་མ་ལས་བ་འབྱུང་བས། སྙིང་ཤིན་ཏུ་གཙེས་པས་སློན་པ་དྲགས་པར་འབྱུང་བར་འགྱུར་པོ་རླུང ་ལ་སོགས་པ་གྱེན་དུ་འབྱུང་བ་ནི་འོག་ཏུ་བསལ་བར་འོས་པས་གྱེན་དུ་དྲངས་པས་སྐྱོན་དུ་འགྱུར་རོ། །སློན་དཀའ་བ་ནི་ཁོང་བ་འགགས་ཤིང་སློན་དཀའ་བ་ལ་ཤས་ཆེར་དྲངས་ན་ཁོང་བའི་ནད་ཐམས་ཅད་སློངས་ཤིང་དཀྲུགས་པས། །མེ་དཔལ་དང་རྨོང་བག་དང། མི ་དྲན་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །རྟུག་སྐམ་ལ་སོགས་པས་ཉེན་བ་རྣམས་དང། རྩིབས་ལོགས་ཟུག་པ་ལ་སོགས་པ་ནི་རང་རང་གི་ནད་འཕེལ་བ་དང། འཆི་བ་དག་ཏུ་འང་འགྱུར་རོ། །ཅི་རྣམ་པ་ཐམས་ཅད་དུ་སྦྲུམ་མ་ལ་སོགས། ་??་པ་ལ་སྐྱུག་སྨན་བཏང་བར་མི་བྱ་འམ། འོན་ཏེ་གནས་སྐབས་ལ་ལར་སྐྱུག་སྨན་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་དག་དུག་འཐུངས་མ་ཞུ་དང་མི་འཕྲོད་ཟས་ཟོས་མ་གཏོགས་སོ། །ཞེས་བྱ་བ་ཡིན་ཏེ། སྦྲུམ་མ་ལ་སོགས་པ་དེ་དག་གིས་གལ་ཏེ ་དུག་དང་སྦྱར་བའི་དུག་འཐུངས་སམ། ཟས་མ་ཞུ་སྟེ་གསུང་ངམ། མི་འཕྲོད་བའི་ཟས་ཟོས་པར་གྱུར་ན་ནི་མ་གཏོགས་ཏེ། འདི་དག་ནི་མྱུར་དུ་གསོད་པར་བྱེད་པ་ཡིན་པས་ན། དུག་འཐུངས་པ་ལ་སོགས་པའི་གནས་སྐབས་འདི་ལྟ་བུ་མ་གཏོགས་པ་གནས་སྐབས ་གཞན་དུ་སྐྱུག་སྨན་མི་བཏང་གི། རྐྱེན་འདི་དག་བྱུང་ན་དེར་སྐྱུག་སྨན་འཇམ་པོ་བཏང་བར་བྱའོ། །རྟག་ཏུ་སློན་བ་ཡན་ཆད་དང། །ཕལ་ཆེར་མ་ཞུའི་རིམས་དག་དང། །མ་ཞུ་བ་ནི་ཐམས་ཅད་ལ། །དུད་པས་བདུག་པར་ལས་ཀུན་སྤང། ཞེས་བྱ་བ་ལ། འདིར་རྟག ་ཏུ་སློན་ཞིང་རྒྱུན་ཏུ་སྐྱུག་བའི་སྐྱེས་བུ་དང། གང་སྔར་སྐྱུག་སྨན་བཏང་དུ་མི་རུང་བར་བསྟན་པ་སྦྲུམ་མ་ནས། ཉམ་ཆུང་བའི་བར་དེ་ཐམས་ཅད་དུང་བས་བདུག་པའི་ཅར་གྱི་ལས་འདི་སྤང་ཞིང་དོར་བར་བྱའོ། །འདི་དག་ལ་དུད་པས་བདུག་པའི་བར་གྱིས་ལས་ཀུན ་སྤང་བར་བྱ་བ་མ་ཟད་ཀྱི། །མ་ཞུ་བའི་རིམས་ཀྱི་བར་དག་ལའང་སྤང་བར་བྱ་སྟེ། རིམས་སར་བ་ལ་ནི་ནད་འཁྱིམས་པར་གྱུར་པའི་ཉེས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་མ་ཞུ་བ་ཐམས་ཅད་ལ་ཡང་སྐྱུག་སྨན་གྱི་རྗེས་ལ་ལས་ཀུན་ཏེ། བཀྲུ་སྨན་དང། མས?་བཏང ་པ་དང་སྣ་ནས་བཏང་བ་དང། དུད་བས་བདུག་པ་དང། མཁུར་བ་བཀང་ཞིང་དཔོ་བ་དང། མཆི་མ་དབྱུང་བ་དང། མིག་སྨན་དང། སྨིན་པར་བྱ་བའི་བར་གྱི་ལས་སྤང་བར་བྱ་སྟེ། མ་ཞུ་བའི་བེའུ་སྣབས་ཀྱི་འཇིགས་པ་ཉིད་ཀྱིས་སོ། །བཀྲུ ་སྨན་གྱིས་གསོ་སྐྲན་གཞང་འབྲུམ། །འབྲུམ་བུ་མིག་སེར་གཞོག་ཕྱེད་ལྕི། །རིམས་རྙིང་རྨུ་རྫིང?་དབྱིག་དུག་དང། །སྐྱུག་དང་མཆེར་ནད་སྐྱ་རྦབ་དང། །ལོང་ནད་རབ་རིབ་སྔོན་པོར་གྱུར། །མཆི་འཇིག་ཞུ་བའི་གནས་ན་ཟུག། མདལ་དང་ཞུ་བའི་གནས་ཀྱི་ནད། །ཁོང ་ནད་གཏོགས་དང་སྲིན་ནད་རྨ། །དྲེག་ཁྲག་ནམ་ཚོང་ཡན་ཆད་ན། །གཅིན་སྲི་བཤད་བ་འགགས་པ་དང། །སློན་བྱ་མཛེ་གཅིན་ནད་སོགས་ཡིན། ཞེས་བྱ་བ་ལ། སྐྲན་ལ་སོགས་པ་ནས་རྟུག་པ་འགགས་པའི་བར་གྱི་ནད་རྣམས་དང། དེ་བཞིན་དུ་སློན་པར་བྱ་བའི་ནད་ལས ་མཛེ་ནད་དང་གཅིན་ནད་ནས་རོ་སྟོད?་ཀྱི་ནང་རྣམས་ཀྱི་བར་བཀྲུ་སྨན་གྱིས་གསོ་ཞིང་སྦྱང་བར་བྱ་བ་ཡིན་ཏེ། འདི་དག་ལ་བཀྲུ་སྨན་བྱས་པས་མཆོག་ཏུ་འབྱང་ཞིང་འཇིག་པར་འགྱུར་རོ། །ཁྲུས་མི་བྱ་བའི་རིམས་སར་དང། །དྲོད་ཆུང་ཁྲག་མཁྲིས་ཐུར་དུ་འགྱུར ་ནས?་དང་གཞད?་ནད་ཚད་བར་འཁྲུ། །ཁོང་དུ་མཚོན་ལུས་ལྟོ་སྲ་དང། །སྣུམ་ཆེས་པ་དང་སྐེམ་ཆེས་པའོ། ཞེས་བྱ་བ་ལ། རིམས་སར་ནས་སྐེམ་ཆེས་པའི་བར་ལ་ནི་ཁྲུས་བྱར་མི་རུང་ངོ། །དེ་ལ་རིམས་སར་པ་ཡིན་དུ་ཟིན་ཀྱང། ནད་མ་སྨིན་པ་ལ ་ཁྲུས་མི་བྱ་སྟེ། དེས་ནད་སླར་སྐྱེད་པའི་ཕྱིར་རོ། །གཞད་ནད་བ་ནི་བཤད?་སྒོ་སྲོག་ལ་གནོད་པའི་ནད་བསྐྱེད་པར་འགྱུར་བའི་ཕྱིར་རོ། །ཚད་པར་འཁྲུ་བ་དང་ཁྲག་མཁྲིས་ཐུར་དུ་བྱུང་བ་གཉིས་ལ། །བྲུས་བྱས་ན་ཤིན་ཏུ་འཁྲུ་དྲགས་པས་མ་རུངས ་བར་འགྱུར་རོ། །བྲོད་ཆུང་བ་ལ་སོགས་པ་ནི་སྨན་གྱི་ཤུགས་མི་བཟོད་ཅིང་བསྟེན་མི་ནུས་པ་ཡིན་ནོ། །ཆང་ནད་ཀྱིས་ཉེན་པ་ལ་ཁྲུས་མི་བྱ་སྟེ། དེས་རླུང་གིས་སྲོག་ལ་གནོད་པར་བྱེད་པའི་ཕྱིར་རོ། །ལོང་ཁའི་གནས་སུ་རླུང་བསགས་པས་ཕན་ཚུན ་རྒྱུ་བ་ན་ནད་འཕྲལ་དུ་ལྟོ་སྦོས་པ་སྐྱེད་པར་བྱེད་དོ། །ཁོང་དུ་མཚོན་ལུས་པ་ཡང་དེར་རླུང་བསྟེན་ལས་སྲོག་ལ་གནོད་པར་འགྱུར་རོ། །ལྟོ་སྲ་བ་ནི་སྨན་བདོ་བས་ནས་ཕྱིར་ཕྱིན་པར་མ་ནུས་པ་དང། སྙིང་གར་གཟེར་བ་དང། རྩིབ་ལོགས ་སུ་ཟུག་པ་དང། སྒྲོ?་བ་དང། སློན་བ་དང། བརྒྱལ་བ་དང། རྨྱ་བ་སྐྱེད་དེ། སྲོག་མ་རུངས་པར་བྱེད་དོ། །སྣུམ་ཅེས་པ་ལ་ཁྲུས་བྱས་ན་ཡང་ཧ་ཅང་དྲགས་པར་འགྱུར་རོ། །སྐེམ་ཆེས་པ་ནི་འདིར་ནད་གཅོད་ཆེན་པོ་ལ་བྱ་སྟེ། གཅེད?་ཆེན་པོས་ཉེན་པ་ནི་ལུས་ཟུངས ་ཟད་པས་དྲི་མའི་སྟོབས་ཀྱིས་གནས་པ་ཡིན་པ་ལས། དེ་ཕྱུང་ན་ལུས་ཀྱང་འཇིག་པར་འགྱུར་རོ། །སྦྲུམ་མ་ལ་སོགས་པ་ལ་ཁྲུས་བྱས་ན་ཡང་ཉེས་པ་ལྔར་བཤད་པ་ལྟར་འགྱུར་རོ། །དེ་ནས་ཐུན་མོང་དུས་སུ་ནི། །ཆོ་ག་བཞིན་དུ་སྣུམ་གྱིས་ཞེ་ན། །ཉ་དང་མ་ཤ ་ཏི་ལ་སོགས་ཀྱིས། །ནང?་པར་སློན་བྱའི་བད་ཀན་སྐྱེད། །མཚན་མོ་གཉིང་ལོག་ཟས་ལེགས་ཞུ། །སྔ་དྲོའི་དང་པོར་བཀྲ་ཤིས་བྱས། །ཟས་མ་ཟོས་པའམ་ཅུང་ཟད་སྣུམ། །ཐུག་པ་ཞུན་མར་ལྡན་པ་བཏུང། །བྱིས་པ་རྒན་པ་ཉམ་སྟོབས་ཆུང། །སྨན་སྟོབས ་ཆུང་བ་ནད་དབང་ལས། །ཆང་འོ་བུ་རམ་ཤིང་ཤ་ཁུ། །ནད་དམིགས་ནི་སྐང་བཤད་པ་བཞིན། །སྦྲང་རྩི་རྒྱམ་ཚ་དང་ལྡན་པ། །སྨན་ཚང་ལྟོ་བ་ལ་དཔགས་ཏེ། །སྨན་ལ་སྔགས་ནི་མངོན་བཟླས་ལ། །ལྐོག་མར་ཕྱིན་པའི་བར་དུ་བླུང། །ཚང་པ་སྐྱེ་དགུའི ་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླས་མེ་རླུང། །དྲང་སྲོང་རྣམས་ཀྱི་ཚོགས་དང་བཅས་པ་དང། །འབྱུང་བོའི་ཚོགས་ཀྱིས་ཁྱོད་ནི་བསྲུང་བར་ཤོག། དྲང་སྲོང་རྣམས་ཀྱི་བཅུད་ཀྱིས་ལེན་པ་དང། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང། །ཀླུ་མཆོག ་རྣམས་ཀྱི་བདུད་རྩི་ལྟ་བུར་ནི། །ཁྱོ་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག། ཨོཾ་ན་མོ་བྷ་ག་བ་ཏེ། བྷེ་ཥ་ཛཡེ་གུ་རུ་བཻཌཱུརྱ་བྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརཧ་ཏེ། སཾ་མྱག་སཾ་བུདྡྷཱ་ཡ། ཏ་དྱ་ཐཱ། བྷེ་ཥ་ཛཡེ་བྷཻཥ་ཛཡེ་མཧཱ་བྷེ་འཛཡེ། ས་མུངྒ་ཏེ་སྭཱཧཱ། ཤར་དུ་ཁ་བསྟན་འཐུང ་དུ་གཞུག། ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་བའི་དོན་དུ་སྨོས་པ་ཡིན་ནོ། །ཐུན་མོང་གི་དུས་སུ་ནི་དབྱར་ཟླ་ཐ་ཆུང་དང། །དབྱིད་ཟླ་འབྲིང་པོའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་བྱ་བའི་རིམ་པ་དང། མཐུན་པར་སྣུམ་གྱིས་ཞེན ་ཅིང་བརླན་པར་བྱས་ལ། ནད?་པར་ཏེ་དེ་ལས་གཞན་པའི་ཉི་མ་ལ། སྐྱུག་སྨན་བཏང་བར་བྱ་བའི་སྐྱེས་བུ་ནུབ་ཅིང?། །སྣུམ་གྱི་ཆོ་ག་དཔྱད་ལ། ཚད་དང་ལྡན་པའི་སྨན་དེ་བཏུང་བ་ནི་སྨན་པ་ནུབ་ཏུ་ཁ་བལྟས་ལ་ནད་པ་ཤད་དུ་ཁ་བསྟན་ཏེ། སྔགས་འདི་མངོན་པར་བཟླས་ལ ་འཐུང་དུ་གཞུག་གོ་ཞེས་བྱ་བར་སྦྱར་རོ། །སྐྱུགས་པར་བྱ་བ་ཇི་ལྟ་བུ་ལ་བླུང་ཅེ་ན། བད་ཀན་གློངས་པ་སྟེ། བད་ཀན་སྐྱེད་པར་དེ་རང་གི་གནས་ནས་གསོ་བར་བྱས་པའོ། །གང་གིས་ཤེ་ན། ཉ་ཤ་དང་སྲན་མ་མཱ་ཥ་སྟེ། མོན་སྲན་གྲེའུ་དང་ཏིལ་ལ་སོགས ་པས་སོ། །སྲོགས་པ་སྨོས་པ་ན་འོ་མ་དང། ཞོ་དང་ཏིལ་གི་འབའ་ཆ་ལ་སོགས་པའི་ཁ་ཟས་ཀྱི་བྱེ་བྲག་རྣམས་ཀྱིས་སོ། །མཚན་མོ་གཉིད་ལོག་པ་ནི་མཚན་མོ་བདེ་བར་གཉིད་ལོག་པས་གནས་པའོ། །གང་གིས་ཟས་ལེགས་པར་ཞུ་བ་ནི ་ཁ་ཟས་བདེ་མོར་ཞུ་བར་གྱུར་པའོ། །སྔ་དྲོ་ནི་ཉི་མའི་ཆ་དང་པོའོ། །བཀྲ་ཤིས་བྱས་པ་ནི་བྱིན་རློབ་ཅིང་དགེ་བསྟོན་པར་བྱེད་པའོ། །དེ་བཞིན་དུ་ཟས་མ་ཟོས་པ་ནི་ཁ་ཟས་ལོངས་སྤྱད་པ་མ་བྱས་པའོ། །ཡང་ཅུང་ཟད་སྣུམ་པ་ནི་སྣུམ་གྱི་བྱ་བ་ཅུང་ཟད་བྱས ་པའོ། ཐུག་པ་ནི་ནས་ཐུག་གོ། དེ་ཞུན་མར་ཅུང་ཟད་བཏབ་ལ་བཏུང་བར་བྱའོ། །དེ་བཞིན་དུ་བྱིས་བར?་རྒན་པོ་ལ་སོགས་པ་རྣམས་ནི་ནད་ཀྱི་དབང་ལས་ཚང་ལ་སོགས་པ་ལྐོག་མར་ཕྱིན་གྱི་བར་དུ་འཐུང་དུ་བཅུག་ལ། ནད་དམིགས་ཇི་སྐད ་བཤད་ཅིང་གང་ལ་ཇི་ལྟར་འོས་པ་བཞིན་དུ་སྦྲང་རྩི་དང་རྒྱམ་ཚྭ་དག་དང་ལྡན་ཞིང་བསྲེས་ལ། སྨན་གྱི་ཚན་ལྟོ་སྲ་སྙི་རབ་འབྲིང་ཐ་མའི་ཚད་ལས་དཔགས་ཏེ། ལྟོ་སྙི་བ་ལ་སྨན་འཇམ་པོ་འམ་ཚད་ཆུང་བའི་སྨན་སྦྱིན་ནོ། །འབྲིང་ལ་ནི་འབྲིང་ངོ། །སྲ་བ་ལ ་ནི་རྣོ་བ་དང་ཆེ་བར། །སྨན་ལ་སྔགས་ཀྱི་མངོན་པར་ཟླ་བ་ནི། །དགེ་གློང་བྲམ་ཟེ་རྣམས་ཀྱིས་ཤིས་བར་བརྗོད་པར་བྱ་བའི་ཚིག་རྣམས་དང། དེ་བཞིན་དུ་ཚངས་བ་སྟེ་སྐྱེ་དགུའི་བདག་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང། སྔགས་བཟླས་པར་བྱའོ། །དེ་ལ ་ཚངས་པ་དང་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་དང། ཐ་སྐར་གྱི་བུ་གཉིས་དང། དྲག་པོ་སྟེ་ལྷ་ཆེན་པོ་དང། དབང་པོ་སྟེ་བརྒྱ་བྱིན་དང། སའི་ལྷ་དང། ཉི་མ་དང། ཟླ་བ་དང། མེ་ལྷ་དང་རླུང་ལྷ་སྟེ། ཚངས་པ་ལ་སོགས་པ་དེ་དག་གིས་ཁྱེད་ལ་བསྲུང་ཞིང ་སྐྱོབ་པར་ཤོག་ཅིག་བའོ། །འདི་དག་འབའ་ཞིག་ཏུ་མ་ཟད་ཀྱི་དང་སྲོང་ཞེས་བྱ་བ་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་སྨན་གྱི་ཚོགས་དང་བཅས་པ་སྟེ། སྨན་གྱི་གནས་ཀྱི་ཡུལ་ལམ་སྨན་གྱི་ཚོགས་དུ་མ་དང་བཅས་པ་རྣམས་དང། དེ་བཞིན་དུ་འབྱུང་བོའི་ཚོགས་ཏེ་ལྷག་པ?? ་ཡིན་དང། ནམ་མཁའ་ལྡིང་དང་མི་འམ་ཅི་ལ་སོགས་པ་འབྱུང་བ་མཐུ་བོ་ཆེ་རྣམས་ཀྱིས་བསྲུང་བར་ཤོག་ཅིག་བའོ། །ཡང་ཁྱེད་ལ་སྨན་འདི་འདི་དག་ལྟ་བུར་ཉེ་བར་གནས་པར་གྱུར་ཅིག་པ་སྟེ། དྲང་སྲོང་རྣམས་ཀྱི་བདུད་ཀྱི་ལེན་པ་དང། ཞེས་བྱ་བ་དྲང་སྲོང་འཕོ་བ་ཞེས ་བྱ་བ་ལ་སོགས་པས་བཅུད་ཀྱི་ལེན་དུ་བྱས་པའི་སྨན་གྱི་མཆོག་ལྟ་བུ་དང། བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ཀྱི་བདུད་རྩི་ལྟ་བུ་དང། ཀླུ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན། ཀླུ་མཆོག་སྟེ་མཛའ་ཡས་དང་ནོར་རྒྱས་དང་རིག་ལྡན་ལ་སོགས་པ ་རྣམས་ཀྱི་སྟེ། ཀླུ་རྣམས་ཀྱི་བདུད་རྩི་རྙེད་པར་སླ་བ་མ་ཡིན་པས་ན་ཀླུ་མཆོག་ཅེས་སྨོས་པ་ཡིན་ཏེ། ཀླུ་རྣམས་ཀྱི་བདུད་རྩི་ནི་ལྷ་ཡི་བས་ཅུང་ཟད་དམན་པ་ཡིན་ནེ། །དེ་དག་དང་ཁྱེད་ཀྱི་མན་འདི་འདྲ་བར་ཉིད་དུ་གནས་པར་གྱུར་ཅིག་བའོ། །འཐུངས་ནས་དེ་ལ ་སེམས་དམིགས་ཏེ། །ཡུད་ཙམ་བསྡད་ལ་དང་ཁ་འཁྱིལ། །མཆིལ་མང་དེ་ནས་སློན་དུ་གཞུག། མ་གནོད་པར་ནི་སོར་མོས་སམ། །ཡང་ན་ཆུ་བ་འཇམ་པོ་ཡིས། །ལྐོག་མ་ལྕེའུ་ཆུང་མ་སྣང་བྱ། །སྐྱུག་མི་བྲོ་བར་མི་དྲང་ངོ། །འབྱུང་བར་སྡོག་པ་སྨོན་པར ་བྱ། པུས་མོ་དང་མཉམ་སྟན་ལ་གནས། ཞེས་བྱ་བ་ལ། སྨན་འཐུངས་ཟིན་ནས། །དེ་ལ་སེམས་ཤིང་ཞེས་པ་སློན་བྲོ་བའི་སེམས་བསྐྱེད་ལ། ཡུད་ཙམ་ཞེས་པ་ཆུ་ཚོད་གཉིས་ཀྱི་བར་དུ་བསྡད་ཅིང་འདུག་ལ་དང་ཁར་འཁྱིལ་བ་དང ་རྡུལ་འབྱུང་བས་ནང་ཞི་བར་འགྱུར་བ་དང། བ་སྤུ་ལྡང་བས་གནས་ལས་བསྐྱོད་པར་འགྱུར་བ་དང། ཁོང་པ་ཅུང་ཟད་སྤོ་ཞིང་འཁྲུགས་པས་ལྟོར་རྒྱུ་བ་དང། རིམ་གྱིས་སྙིང་གར་ཟུག་ཅིང་ཁ་འཁྱིལ་བ་དང། སྙིང་འཕར་པ་དང། མཆིལ་མ་མང་པོར ་ཁར་འབྱུང་པ་དག་གིས་ནད་དེ་གྱེན་དུ་མངོན་པར་ཤེས་པའི་བར་དུ་ཡུད་ཙམ་བསྡད་ནས་སློན་དུ་གཞུག་གོ་།གང་ལ་དད་ག་འཁྱིལ་བ་དང། མཆིལ་མ་མང་བ་འབྱུང་བར་འགྱུར་བ་དེ་ནི་དང་གར་འཁྱིལ་བ་དང། མཆིལ་མ་མང་བ་ཞེས་བྱ་ལ། །དེ་ལྟར ་གྱུར་ནས་དེ་སློན་དུ་གཞུག་གོ་།ཇི་ལྟར་སློན་པར་བྱ་ཞེ་ན། མ་གནོད་པར་སོར་མོ་གཉིས་ཀྱིས་སློན་ཞིང་དྲང་བ་སྟེ། ཤིན་ཏུ་རྩོལ་བ་དྲག་པོས་མི་བྱའོ། །ཡང་ན་ཆུ་འཇམ་པོས་བྱ་སྟེ། ཨུཏཔ་ལ་སྔོན་པོ་ལ་སོགས་པའི་ཆུ་སྡོང་ཟླུམ་པ་འཇམ་ཞིང་མཉེན་པས་བྱའོ།། ་ལྐོག་མ་ལྕེའུ་ཆུང་མ་སྣང་བར་ཞེས་བྱ་བ་ནི། དེ་དག་ལ་གནོད་པ་མེད་པར་རོ། །དེ་བཞིན་དུ་སྐྱུག་མི་བྲོ་ཞིང་འབྱུང་བར་མི་ལྡོག་པའི་ཚེ་དྲང་ཞིང་སློན་བར་མི་བྱའོ། །སྐྱུག་བྲོ་ཞིང་འབྱུང་བར་སྡོག་པ་ན་སློན་ཞིང་སྐྱུག་བར་མི་བྱའོ། །སྐྱེས་བུ་སྐྱུག་བྲོ་ཞིང ་རློན་པའི་ཚེ། པུས་དང་མཉམ་པའི་བསྟན་མཐོན་པོ་ལ་གནས་པར་གྱུར་པས་སྐྱུག་དུ་གཞུག་གོ། དེ་ནི་སློན་ཚེ་གློ་གཉིས་དང། །དཔྲལ་བ་དག་ནས་བསྟེན་པར་བྱ། །དེ་བཞིན་ལྟེ་བ་བཙིར་བ་དང། །རྒྱབ་ནས་གྱེན་དུས་མཉེ་བར་བྱ། ཞེས་བྱ་བ་ལ། མི་དེ་སློན་ཞིང་སྐྱུག ་པར་གྱུར་པ་ན། །གློ་གཉིས་ཏེ་རྩིབ་ལོགས་གཉིས་དང། དེ་བཞིན་དུ་དབྲལ་བ་ནས་གཟུང་ཞིང་བསྟེན་པར་བྱའོ། །དེ་བཞིན་དུ་ལྟེ་བ་བཙིར་བར་བྱ་བ་དང། རྒྱབ་ནས་གྱེན་དུ་བཙིར་ཐབས་ཀྱིས་ཕུལ་ཞིང་ལག་པ་གྱེན་དུ་བལྟས་པས་ན་ཉེ་བར་བྱའོ། །དེ་ལྟར ་བད་ཀན་རྣོ་དྲོང་ཁ། །མཁྲིས་པ་མར་དང་བསིལ་བས་སློན། །རླུང་འདྲེས་བད་ཀན་སྣུམ་པ་དང། །སྐྱུར་དང་ལན་ཚྭ་དག་གིས་སློན། །ཇི་སྲིད་བད་ཀན་རྒྱུན་ཆད་པའམ། །མཁྲིས་པ་སྣང་གི་བར་དུ་སྐྱུག། ཅེས་བྱ་བ་ལ། ཚུལ་དེ་ལྟར་བད་ཀན་ནི་སྨན་རྣོ་བ་དང་དྲོ་བ་དང་ཁ་བས་སློན་ཞིང ་སྐྱུག་དུ་གཞུག་གོ། དེ་བཞིན་དུ་མཁྲིས་པ་ཞེས་བ་མཁྲིས་པ་དང་བད་ཀན་རྒྱས་པ་འདྲེས་པའི་ནད་ལ། །སྨན་མངར་བ་དང་བསིལ་བའི་ནུས་པ་དང་ལྡན་པས་སློན་དུ་གཞུག་གོ་།དེ་བཞིན་དུ་རླུང་ནད་འདྲེས་ཤིང་འདུས་པའི་བད་ཀན་རྒྱས་པ་ལ་ནི་སྨན་སྣུམ་པ་དང། སྒྱུར ་བ་དང། ལན་ཚྭའི་ཤས་ཆེ་བ་དག་གིས་སློན་དུ་གཞུག་གོ་།དེ་སློན་པ་ནི་ཇི་སྲིད་བད་ཀན་ཟད་ཅིང་རྒྱུན་ཆད་པ་འམ། མཁྲིས་པ་སྣང་གི་བར་དུ་སྐྱུག་ཅིང་དྲང་བར་བྱའོ། །ཤུགས་དལ་པི་པི་ལིང་སྐྱུ་རུ། །ཡུངས་ཀར་རྒྱམ་ཚྭའི་ཆུ་དག་གིས། །ཡང་དང་ཡང་ནི་སློན ་དུ་གཞུག་ཅེས་བྱ་བ་ལ། སྐྱེས་བུ་སློན་པའི་ཤུགས་དལ་ཞིང་པ་བས་ཆུང་བར་གྱུར་ན། པི་པི་ལིང་དང་ཀྱུ་རུ་ར་དང་ཡུངས་ཀར་གཏགས་པའི་ལྡེ་གུ་དང། རྒྱམ་ཚའི་ཆུ་དག་བླུད་ལ། དེ་ཡང་དང་ཡང་དུ་སློན་ཞིང་སྐྱུག་དུ་གཞུག་གོ། དེར་ནི་སློན་པར་མ་གྱུར ་བ་འམ། སྡོད་པ་དང་བཅས་སློན་པའམ། །སྨན་ནི་འབའ་ཞིག་འབྱུང་འགྱུར་ན། །སྦྱོར་ཉེས་དེ་ནི་མཆིལ་མ་མང། །གཡན་པ་ཐོར་བུ་རིམས་སོགས་འབྱུང། ཞེས་བྱ་བ་ལ། སྐྱུག་པའི་གནས་སྐབས་དེར་སློན་བའི་ཤུགས་ཅི་འང་འབྱུང་བར་མ་གྱུར་པ ་འམ། ཡང་ན་སྡོད་བའི་གགས་དང་བཅས་པར་སློན་པ་འམ། །སྨན་འབའ་ཞིག་འབྱུང་བར་འགྱུར་ཞིང་ནད་མ་ཕྱིན་པར་སྨན་ཉི་ཙེ་སྐྱུག་པར་གྱུར་ན། འདི་ནི་སྐྱུགས་སྨན་གྱི་སྦྱོར་བ་ཉེས་ཤིང་མ་རུངས་པ་ཡིན་ཏེ། སྦྱོར་བ་ཉེས་པ་དེས་མཆིལ་མ་མང་བ་ལ ་སོགས་པ་འབྱུང་བར་འགྱུར་རོ། །མཆིལ་མ་མང་བ་ནི་བད་ཀན་གྱིས་མཆིལ་སྣབས་མང་དུ་འཛག་པའོ། །སོགས་པ་ཞེས་སྨོས་པ་ནི་ཡི་གར་མི་འོང་བ་དང། ལུས་ལྕི་པ་དང་ཚིགས་ན་བ་དང། རྨྱ་ཞིང་སྙོམ་པ་དང་ཟུག་ཅིང་གཟེར་བ་དང། ཆམ་བ་དང ་སྦུ་ལྡང་བ་ལ་སོགས་པ་འབྱུང་བ་བསྡུའོ། །བདེར་སྐྱུག་བད་ཀན་མཁྲིས་པ་དང། །རླུང་ནི་རིམ་གྱིས་འབྱུང་བར་འགྱུར། །སྦྱོར་བ་ལེགས་པ་ཡིན་ཞེས་བྱ་བ་ལ། སྐྱུག་སྨན་གྱི་སྦྱོར་བ་ལེགས་པའི་མཚན་མ་ཡང་བདེ་བར་སྐྱུག་ཅིང་སྡེད་པ་མེད་པ་དང། ་བད་ཀན་ལ་སོགས་པ་རིམ་གྱིས་འབྱུང་བར་འགྱུར་སྟེ?། བད་ཀན་སློན་པ་མེད་པར་འབྱུང་བ་དང། དེའི་འོག་ཏུ་མཁྲིས་པ། དེའི་འོག་ཏུ་རླུང་རིམ་བཞིན་དུ་འབྱུང་བ་དང། དེ་བཞིན་དུ་ཟུག་གཟེར་ཆེན་པོ་མེད་པ་དང། ཡིད་དགའ་ཞིང་དང་གི་གསང་བག་ལ ་སོགས་པ་འབྱུང་བར་འགྱུར་རོ། །སྐྱུག་སྨན་གྱི་སྦྱོར་བ་ལེགས་པ་ཡིན་ནོ། །སྦྱོར་བ་དྲགས་པས། ལྦུ་བ་ཚོན་ཅན་ཁྲག་འདྲར་སྣང། །སློན་ནས་ཁོང་མྱ་ལུས་ཚ་དང། །ལྐོག་སྐམས་མགོ་འཁོར་མིག་མི་མཐོང། །རླུང་ནད་མི་ཟད་ལྡང་འགྱུར་ཞིང། །སྲོག་གི་ཁྲག ་འབྱུང་འཆི་བར་འགྱུར། ཞེས་བྱ་བ་ལ། སྐྱུག་སྨན་གྱི་སྦྱོར་བ་དྲག་པར་གྱུར་པ་ཡང། སློན་པའི་སྐྱུགས་པ་ལྦུ་བ་དང། མདོག་ཚོན་ཅན་རྨ་བྱའི་མཇུག་སྒྲོ་ལྟར་ཁ་དོག་སྣ་ཚོགས་པ་སྣང་བ་དང། ཁྲག་ལྟ་བུར་སྐྱུག་པར་འགྱུར་བས་ན། ལྦུ་བ་ཚོན་ཅན་ཁྲབ་འདྲར ་སྣང་ཞེས་བྱའོ། །དེ་བཞིན་སློན་ནས་ཁོང་རྨྱ་ཞིང་ཤིན་ཏུ་ཉམ་ཆུང་བ་དང། དེ་བཞིན་དུ་ཡན་ལག་ཐམས་ཅད་ཚ་བ་འུར་འུར་པར་གྱུར་པ་དང། ལྐོག་མ་སྐམ་ཞིང་གྲེ་བ་ཞུམ་པ་དང། མགོ་འཁོར་བ་དང། མིག་གིས་མི་མཐོང་ཞིང་མུན་པ་ལྟ་བུར་སྣང་བ ་དང། རླུང་ནད་མི་བཟད་པ་སྟེ། ཁ་ཡོ་བ་དང། རྣ་བ་གཟེར་བ་དང། ཚིག་ཐོགས་པ་དང། ལྕེ་འཁུམས་པ་དང། མིག་འགྱུར་བ་དང། འགྲམ་པ་བ་ཐམས་པ?་དང། དྲན་པ་མེད་པ་དང། གཉིད་ཡར་བ་ལ་སོགས་པའི་ནད་མི་བཟད་པ་དང་ལྡན་པར་འགྱུར་རོ། ། ་ཡང་ན་སྲོག་ཅེས་བྱ་བའི་ཁྲག་འོག་ནས་བཤད་པའི་མཚན་ཉིད་ཅན། །སློན་ཉེས་པའི་ནད་དེ་འབྱུང་བས་འཆི་བར་འགྱུར་རོ། །སྦྱོར་བ་ལེགས་པས་སློན་ན་ནི། ཡུད་ཙམ་ངལ་བསོ་དུད་པ་གསུམ། །གང་ཡང་རུང་བས་བདུགས་པ་དང། དེའི་འོག་སྣུམ་གྱི་སྤྱོད ་བ་བསྟེན། ཞེས་བྱ་བ་ལ། སྐྱེས་བུ་སྦྱོར་བ་ལེགས་པས་སློན་བར་གྱུར་ན། རྐང་པ་དང་ལག་པ་དང་གདོང་དང་མིག་ལེགས་པར་དག་པར་བྱས་ཤིང་ཕྱིས་ལ། ཡུད་ཙམ་ཞིག་ལ་ངལ་བསོ་ཞིང་དུབ་བ་བསལ་ལ། རྔ་ཡབ་ལ་སོགས་པས་དབུགས་ཕྱུང་ཞིང་སེམས་བསོ་བ་བྱས་ནས། ་དེའི་འོག་ཏུ་དུ་བས་བདུག་པ་གསུམ་པོ་བདུག་པའི་ཆོག་ལས་འོག་བཤད་བ་རྣོན་པོ་དང་བར་མ་དང། འཇམ་པའི་དབྱེ་བས་ཕྱེ་བའི་གང་ཡང་རུང་བ་དེའི་ནུས་པ་དང་སྦྱར་ཏེ། ཅི་རིགས་པར་རྣོ་བ་དང་བར་མ་དང་འཇམ་པ་དང་གསུམ་ལས་གཅིག་གིས་བདུག་པར་བྱའོ། །དེ་ནས ་དེའི་འོག་ཏུ་སྣུམ་གྱི་ཆོ་གའི་སྤྱོད་པའི་ཁ་ལག་ཆུ་དྲོན་གྱིས་བཀྲུ་ཞིང་ཞེས་བྱ་བ་ལ་སོགས་པ་བསྟན་ཅིང་བསླབ་པར་བྱའོ། །དེ་ནས་དགོངས་ཀ་འམ་ནང་པར་ནི། །བཀྲེས་ཚེ་ཆུ་ཙན་གྱིས་བཀྲུས་ལ། །ས་ལུ་རྩ་སྣར་འབྲས་ཀྱི་ནི། །ཐུག་པ་ལ་སོགས་རིམ་བཞིན་བསྟེན། ཞེས་བྱ་བ ་ལ། དེ་ནས་སླན་ཟིན་པ་དང། དགོངས་ཀ་དེ་ཉི་མ་ནུབ་ནས་སམ། །ཡང་ན་ཕྱི་དེ་ཞག་གི་ནང་པར་ཐོ་རངས་ཀྱི་སློན་གྱིས་སློངས་པའི་ལུས་ཟུང་རྣམས་རང་གི་གནས་སུ་ལེགས་པར་གནས་པར་བྱ་བའི་ཕྱིར། །སྔར་སློན་པས་དཀྲིས་ཤིང་བྲུབ་ཚ་བར་གྱུར་ན། ཆུ་དྲོན་པོས་ཁྲུས ་བྱས་ཤིང་གཙང་སྦྲ་བྱས་ལ། །ས་ལུ་རྩ་སྣར་གྱི་འབྲས་ཀྱི་ཐུག་པ་ལ་སོགས་པ་འོག་ནས་བཤད་པའི་རིམས་པ་འདི་བསྟན་ཅིང་སྤྱད་པར་བྱའོ། །དེ་ལ་ཐུག་པ་ལ་སོགས་པའི་རིམ་པ་ལ་བསྟེན་པ་གཉིས་ཏེ། ཟས་ཀྱི་དུས་གཉིས་གཉིས་ཏེ་བསྟེན་པ་དང། དེ་བཞིན་དུ་སྦྱང་བ ་ཐམས་ཅད་སྦྱངས་པ་གཅིག་སྟེ། ཟས་ཀྱི་དུས་སུ་ཐུག་པ་ནས་ཤ་ཁུའི་བར་དུ་རེ་རེ་སྤྱད་པས་བསྟེན་པར་བྱའོ། །དེ་ལ་ཉི་མ་དང་པོའི་དགོངས་ཀ་ཐུག་པ་བཏུང་བར་བྱའོ། །ཉི་མ་གཉིས་པ་ལ་ཟས་ཀྱི་དུས་གཉིས་སུ་ཐུག་པ་ཉིད་བཏུང་པར་བྱ་སྟེ། དེ་ལྟར་ཟས་ཀྱི ་དུས་གསུམ་དུ་ཐུག་པ་སྤྱད་པ་ཡིན་ནོ། །ཉི་མ་གསུམ་པ་ལ་ཟས་ཀྱི་དུས་གཉིས་སུ་ཐུག་པ་གར་པོ་སྤྱད་པར་བྱ་སྟེ། ཉི་མ་བཞི་པའི་ནང་པར་གྱི་ཟས་ཀྱི་དུས་གཅིག་ཏུ་ཐུག་བ་གར་པོ་སྤྱད་བར་བྱ་སྟེ། །དེ་ཡང་སླ་བ་མ་ཡིན་པ་ཐུར་མ་ལ་བདེ་བླག་ཏུ་ཆགས་པ་བཟའ་ ་བར་བྱ་སྟེ། དེ་ལྟར་ན་ཟས་ཀྱི་དུས་གསུམ་དུ་ཐུག་པ་གར་པོ་ལོངས་སྤྱོད་པ་ཡིན་ནོ། །ཉི་མ་བཞི་པའི་དགོངས་ཀའི་ཟས་ཀྱི་དུས་གཅིག་ཏུ་གཡོས་སུ་མ་བྱས་ཁུ་བ་ལོངས་སྤྱད་པར་བྱའོ། །དེ་ཡང་ཉི་མ་ལྔ་པའི་ཟས་ཀྱི་དུས ་གཉིས་སུ་གཡོས་སུ་མ་བྱས་པའི་ཁུ་བ་ཉིད་བཏུང་བར་བྱ་སྟེ། དེ་ལྟར་ན་གཡོས་སུ་མ་བྱས་པའི་ཁུ་བ་ཟས་ཀྱི་དུས་གསུམ་དུ་སྤྱད་པ་ཡིན་ནོ། །ཞག་དྲུག་པ་ལ་ཟས་ཀྱི་དུས་གཉིས་སུ་གཡོས་སུ་བྱས་པའི་ཁུ་བ་བསྟེན་པར་བྱའོ། །ཉི་མ་བདུན་པའི་ནད ་པར་གྱི་ཟས་ཀྱི་དུས་གཅིག་ལ་གཡོས་སུ་བྱས་པའི་ཁུ་བ་དང་བཟའ་བར་བྱ་སྟེ། དེ་ལྟར་ན་གཡོས་སུ་བྱས་པའི་ཁུ་བ་ཟས་ཀྱི་དུས་གསུམ་དུ་སྤྱད་པར་བྱའོ། །ཞག་བདུན་པའི་དགོངས་ཀ་ཟས་ཀྱི་དུས་གཅིག་དུ་ཤ་ཁུ་དང་ཉེ་བར་ལོངས་སྤྱད་པར ་བྱའོ། ཞག་བརྒྱད་པའི་ཟས་ཀྱི་བར་དུས་གཉིས་སུ་ཤ་ཁུ་དང་བསྟེན་པར་བྱ་སྟེ། དེ་ལྟར་ན་ཤ་ཁུ་ཟས་ཀྱི་དུས་གསུམ་དུ་སྤྱད་པ་ཡིན་ན། །འདི་ནི་སྤྱད་བ་རབ་ཀྱི་ཐུག་པ་རྐྱང་རྐྱང་པོ་ནས་ཤ་ཁུའི་བར་སྤྱད་པའི་རིམ་པ་ཡིན་ནོ། །དེ་བཞིན་དུ་སྤྱད་པ་ཚད་ཆེ་བས ་སྦྱངས་པར་གྱུར་པས་ཟས་ཀྱི་དུས་གཉིས་སུ་ཐུག་པ་ལ་སོགས་པ་སྤྱད་པར་བྱ་སྟེ། །ཉི་མ་དང་པོའི་དགོངས་ཀ་དང་ཉི་མ་གཉིས་པའི་ནད་པར་ཐུག་པ་རྐྱང་རྐྱང་པོ་ཉིད་སྤྱད་པར་བྱའོ། །ཉི་མ་གཉིས་པའི་དགོངས་ཀ་ཐུབ་པ་གར་པོ་འཐུངས་ཉི་མ་གསུམ་པའི་ནད ་པར་ཐུག་པ་གར་པོ་ཉིད་བཏུང་བར་བྱའོ། །དེའི་དགོངས་ཀ་ནི་གཡོས་སུ་མ་བྱས་པའི་ཁུ་བ་དང་ལོངས་སྤྱད་པར་བྱའོ། །ཉི་མ་བཞི་པའི་ནང་པར་ཡང་གཡོས་སུ་མ་བྱས་པ་ཉིད་དོ། །དེའི་དགོངས་ཀ་ནི་གཡོས་སུ་བྱས་པའི་ཁུ་བ་སྟེ། ལྔ་པའི་ནང་པར་ཡང་གཡོས ་སུ་བྱས་པ་དང་སྤྱད་པར་བྱའོ། །དེའི་དགོངས་ཀ་ནི་ཤ་ཁུ་སྟེ། ཉི་མ་དྲུག་པའི་ནད་པར་ཡང་ཤ་ཁུ་དང་སྤྱད་པར་བྱའོ། །དེའི་དགོངས་ཀ་ཕན་ཆད་ནི་ཟས་ནད་མ་བཟའ་བར་བྱའོ། །དེ་བཞིན་དུ་སྤྱད་པ་ཐ་མས་སྦྱངས་པས་ཟས་ཀྱི་དུས་གཅིག་ཏུ་ཐུག?་པ་རྐྱང་རྐྱང ་པོ་ལ་སོགས་པ་སྤྱད་པར་བྱ་སྟེ། ཉིན་ཞག་དད་དང་པོའི་དགོངས་ཀ་ཐུག་པ་རྐྱང་རྐྱང་སྤྱད་པར་བྱའོ། །ཉི་མ་གཉིས་པའི་ནང་པར་ཐུག་པ་གར་པོ་དགོངས་ག་གཡོས་སུ་མ་བྱས་པའི་ཁུ་བ་ཉི་མ་གསུམ་པའི་ནང་པར་གཡོས་སུ་བྱ་བའི་ཁུ་བ། དགོངས་ཀ་ཤ ་ཁུ་དེ་ཕན་ཆད་ནི་ཟས་ནར་མ་ཐམས་ཅད་སྤྱད་ལ་རག་གོ་།ཐུག་པ་རྐྱང་རྐྱང་པོ་ལ་སོགས་པའི་རིམ་པས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། དཔེར་ན་མེ་ཆུང་རྩཝ་དང་ལྕི་སོགས་ཀྱིས། །རྣམ་པར་སྦར་ནས་རིམ་གྱིས་མཆེད་པ་ན། །ཆེ་ཞིང་བསྟན་ལ་ཐམས ་ཅད་མཆེད་པར་ནུས། །སྦྱངས་པའི་ནད་མེད་ཐུག་སོགས་ཀྱིས་དེ་བཞིན། ཞེས་བྱ་བ་ཡིན་ཏེ། དཔེར་ན་མེ་ཤིང་མེད་ཅིང་ཕྲ་བ་ཅུང་ཟད་ཅིག་གནས་པར་གྱུར་པ་ནི། རྩཝ་དང་ལྕི་བ་ལ་སོགས་པ་ཕྲ་ཞིང་ཞིབ་མོར་རྣམ་པར་སྦར་ཞིང་འབུད་པ་ན། རིམ་གྱིས་མཆེད་པར་གྱུར་པ་ན ་ཆེན་པོར་འགྱུར་བ་དང། དེ་བཞིན་དུ་བསྟན་ཞིང་མི་སོད་པར་འགྱུར་བ་དང། ཐམས་ཅད་མཆེད་པར་ནུས་པ་སྟེ། དངོས་པོ་སྲ་ཞིང་ལྕི་བའི་ཟད་ཀྱི་རིགས་རྣམས་ཀྱང་སྨིན་དང་ཆོས་པར་ནུས་པར་འགྱུར་རོ། །དེ་བཞིན་དུ་སྦྱངས་པར་གྱུར་པའི་ཕོ་བའི་ནང་གི་མེ་སྦྱངས་པས ་ཉམ་ཆུང་ཞིང་སྟོབས་ཞན་པ་ཐུག་པ་རྐྱང་རྐྱང་པོ་ལ་སོགས་པས་གསོས་པར་གྱུར་པ་ནི་རིས་ཀྱིས་ཆེ་བ་དང་བརྟན་པ་དང། འཇུ་ཞིང་སྨིན་པར་བྱེད་ནུས་པར་འགྱུར་རོ། །དེ་ལ་སྦྱངས་པ་གསུམ་པོ་དེ་དག་གང་ཞིག་ཡིན་པ་མི་ཤེས་སོ་ཤེ་ན། །དེའི་ཕྱིར་སྨྲས་པ་ནི། ་སློན་ཚད་གུས་དང་འབྲིང་དང་ཆེན་པོ་སྟེ། །བཞི་དང་དྲུག་དང་ལན་བརྒྱད་སླན་པར་འདོད། །དེ་གཉིས་བཅུ་དང་ཉིས་ལྡབ་སུམ་ལྡབ་འཁྲུ། བྲེ་གང་དེ་བཞིན་ཉིས་ལྡབ་བཞི་ལྡན་འགྱུར། །སྐྱུག་སྨན་མཐར་མཁྲིས་བཀྲུ་སྨན་ལས་ཕྱེད་དང། །བད་ཀན་མཐར་བྱུང་འཁྲུལ་བ་མཆོག ་ཏུ་བཤད། །ཅེས་བྱ་བ་ལ་སློན་པའི་ཚད་ཆུང་ངུ་དང་འབྲིང་དང་ཆེན་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་སློན་ཤུགས་བཞི་དང། །དྲུག་དང་བརྒྱད་སློན་པ་དག་ཡིན་པར་ཚེའི་རིག་བྱེད་དྲན་པར་བྱེད་པ་དག་མངོན་པར་འདོད་ཅིང་སྟོན་པ་ཡིན་ནོ། །དེ་ལ་སློན་བ་ཆུང་ཚད་ནི་ལན ་གཞི་སློན་པ་ཡིན་པར་འདོད་དོ། །སློན་ཚད་འབྲིང་ནི་ལན་དྲུག་སློན་པའོ། །སློན་པ་ཆེ་ཚད་ན་ལན་བརྒྱད་སློན་པའོ། །འབྱུང་བའི་ཤུགས་དེ་ཉིད་བཅུ་དང་གཉིས་ལྡབ་དང། སུམ་ལྡབ་ནི་འཁྲུ་བའི་ཆང་ཆུང་ངུ་དང། འབྲིང་དང་ཆེན་པོ་ཡིན་པར ་དྲང་སྲོང་དེ་དག་ཉིད་འདོད་དོ། །དེ་ལ་འཁྲུ་བ་ཆུང་བའི་ཚད་ནི་ལན་བཅུ་འཁྲུ་བའོ། །འཁྲུ་བའི་འབྲིང་ཚད་ནི། བཅུ་གཉིས་ལྡབས་ཏེ་ལན་ཉི་ཤུ་འཁྲུ་བར་འདོད་དོ། །འཁྲུ་བ་ཆེ་ཚད་ནི་བཅུའི་སུམ་ལྡབ་སུམ་བཅུ་ཡིན་པར་འདོད་དོ། །དེ་ལྟར་ན་སྐྱུག་སྨན་དང་བཀྲུ ་སྨན་གཉིས་ཀྱི་འབྱུང་བའི་གྲངས་ཀྱི་ཚད་ཆུང་ངུ་དང་འབྲིང་དང་ཆེན་པོ་བཤད་པ་ཡིན་ནོ། །བྲེ་ལ་སོགས་པའི་ཚད་ཀྱིས་གཞལ་བའི་ཚད་ཆུང་ངུ་དང། འབྲིང་དང་ཆེན་པོ་སྨྲས་པ་ནི་བྲེ་གང་ལ་སོགས་པ་ཡིན་ཏེ། འཁྲུ་བའི་ཚད་ཆུང་ངུ་དང་འབྲིང་དང་ཆེན་པོ ་ནི་རིམ་བཞིན་དུ་བྲེ་གང་དང་དེ་ཉིད་ཀྱིས་ཉིས་ལྡབ་དང། དེ་ཉིད་ཀྱི་བཞི་ལྡབ་ཡིན་ནོ། ཞེས་བྱ་བར་སྦྱར་རོ། །དེས་ན་འཁྲུ་བ་ཆུང་ཆད་ནི་བྲེ་གང་ངོ། །འབྲི་བ་ནི་བྲེ་ངོའོ། །ཆེན་པོ་ནི་བྲེ་བཞི་ཡིན་ནོ། །སློབ་དཔོན་གཞན་དག་ནི། སྐྱུག་སྨན་གྱི་མཆོག་ནི་མཁྲིས་པ ་འབྱུང་བའི་མཐར་ཐུག་པ་ཡིན་པར་འདོད་དོ། །སྐྱུག་སྨན་གང་གི་མཐར་མཁྲིས་པ་འབྱུང་བ་དེ་ནི། སྐྱུག་སྨན་མཐར་ནི་མཁྲིས་པའོ། ཞེས་བྱའོ། །བཀྲུ་སྨན་གྱི་ཚད་བྲེ་གང་དུ་ཡོངས་སུ་ཆད་པ་ལས་ཕྱེད་དེ་བྲེ་ཕྱེད་དོ། །དེས་ན་སློན་པའི་ཆུང་ཚད་ནི་བྲེ ་ཕྱེད་དོ། །འབྲིང་ནི་བྲེ་གང་ངོ། །ཆེ་ཚད་བྲེ་ངོའོ། བཞིན་དུ་བད་ཀན་མཛའ་མར་བྱུང་བའི་འཁྲུ་བའི་ཚད་ནི་མཆོག་ཡིན་ནོ། །ཞེས་སྲོག་བསྲུང་བའི་སློབ་དཔོན་དག་གིས་བཤད་དོ། །འཁྲུ་བ་གཉིས་གསུམ་བཤད་དང་བཅས་པ་མ་གཏོགས་སོ། །འཁྲུ་བ་གཞལ་ཏེ་སློན་པ ་འཐུངས་མ་གཏོགས། ཞེས་བྱ་བ་ལ། འབྲིང་ནི་བྲེ་གང་ངོ། །འཁྲུ་བའི་ཤུགས་གཉིས་སམ་གསུམ་ལ་ནི་འཁྲུ་བའི་གསུམ་ཞེས་བྱ་ལ། དེ་བཤད་བ་དང་བཅས་པར་འབྱུང་བས་ན། བཤད་བཅས་ཏེ་འཁྲུ་བ་དེ་གཏོགས་ཤིང་ཚད་དུ་བགྲང་བར་མི་རྩི་ཞིང ་པོར་ལ་འཁྲུ་བའི་ཡུལ་ལ་གཞལ་ཞིང་བརྩིས་ལ་འཁྲུ་བའི་གྲངས་སུ་བསྟན་པ་གང་ཡིན་པ་ལས་དེ་མི་རྩི་སྟེ། དེའི་འོག་ཏུ་དངོས་པོའི་རིགས་གཞན་དེ་མེད་པར་འཁྲུ་བའི་ཤུགས་ཀྱི་དབང་གིས་བཤད་བའི་སྒོ་ནས་འབྱུང་བ་དེ་ཉིད་དེའི་འོག་ཏུ་བྲེ ་ལ་སོགས་པའི་ཚད་ཀྱིས་གཞལ་བར་བྱའོ། །དེ་བཞིན་དུ་སློན་ཞིང་སྐྱུགས་པའི་ལུས་ལ་སློན་པའི་ཕྱིར། སྐྱུགས་སྨན་ཆུ་ལ་སོགས་པ་རྫས་གཤེར་བ་དང་བསྲེས་ཏེ་འཐུངས་པ་གང་ཡིན་པ་ཁ་ནས་སློན་ཏེ་བྱུང་བ་དེ་སྐད་དུ་བཤད་པར་གྲངས་སུ་མི་བརྩིའི། དེའི་འོག་ཏུ་དངོས ་པོ་གཞན་དག་སློན་པའི་ཤུགས་ཀྱིས་ཁའི་སྒོ་ནས་བྱུང་བ་དེ་ཉིད་དེ་ཕན་ཆད་གཞལ་ཞིང་བརྩི་བར་བྱའོ། །དེ་ནས་སློན་པ་དེ་ལ་ནི། །སླར་ཡང་སྣུམ་དང་དུགས་བྱས་ཏེ། །བད་ཀན་བ་དུས་འདས་ལྟོ་ཤེས་ནས། །ལེགས་པར་བཀྲུ་སྨན་བཏང་བར་བྱ། ཞེས་བྱ་བ་ལ། དེ་ནས ་ཞེས་བྱ་བ་ནི། བཀྲ་ཤིས་པའི་དོན་ནམ། དེ་མ་ཐག་པའི་དོན་ཏེ། དེ་ནས་དེའི་འོག་ཏུ་སླན་པའི་སྐྱེས་བུ་དེ་སླར་ཡང་ཞེས་བྱ་བ་ཕྱིས་ཡང་སྣུམ་དང་དུགས་བྱས་ཤིང་བདེ་བར་གནས་པས་སྔར་བཤད་པའི་ཆོ་གས་བྱས་ལ། བད་ཀན་གྱི་དུས་འདས་པ་དང་ལྟོ་ན་ཁ་ཟས ་མེད་པར་ཤེས་ཤིང་རྟོགས་ནས་སྨན་གྱི་ཚད་ཇི་ལྟར་འོས་པ་ལས་ལེགས་པར་བཀྲུ་སྨན་བཏང་ཞིང་འཐུང་ངུ་བཅུག་ལ། འཁྲུ་བར་བྱའོ། །མཁྲིས་པ་མང་ཞིང་ལྟོ་སྙི་ལ། །འོ་མས་ཀྱང་ནི་འཁྲུ་བར་བྱེད། །རླུང་ཤས་ཆེ་ཞིང་ལྟོ་སྲན། །དུར་བྱིད་སོགས་ཀྱིས་ཀྱང ་འཁྲུ་དཀའ་། ཞེས་བྱ་བ་ལ། དེ་ལ་འཁྲིས་བ་མང་ཞིང་ལྟོ་སྙི་བ་གང་ཡིན་པ་དེ་ནི་འོ་མས་ཀྱང་འཁྲུ་བར་བྱེད་དོ། །འདིར་འོ་མ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །དེ་ནས་བུ་རམ་ཤིང་གི་ཁུ་བ་དང་དར་བ་སྐྱུར་པོ་དང། ཞོ་ག་ཆུ་དང། བུ་རམ་དང། ཀྲི་ས་ར་དང། ཞུན་མར ་དང་ཆང་དང། ཆུ་ཚན་དང། པི་ལུ་དང་རྒུན་འབྲུམ་དང། སླར་གོར་ཞེ་ཤ་ལ་སོགས་པས་ཀྱང་འཁྲུ་བར་བྱེད་དོ། །དེ་ལ་རླུང་ཤས་ཆེ་ཞིང་ལྟོ་སྲལ་འཁྲུ་བར་དཀའ་བ་ནི་དུ་ཕྱིར་དང་འབྲས་བུ་གསུམ་དང། ནམ་པ་དང། ནི་ལི་ནི་དང། དནྟིའི་འབྲས་བུ་ལ་བས་ཀྱང ་འཁྲུ་བར་དཀའ་ཞིང་རྩོལ་བ་ཆེན་པོས་གདོང་འཁྲུ་བ་ཡིན་ནོ། །བཀྲུ་སྨན་མཁྲིས་ལ་མངར་དང་བསྐ། །བད་ཀན་ལ་ནི་བསྐབས་བྱ། །རླུང་ལ་སྣུམ་དྲོ་ལན་ཚྭ་ཅན། ཞེས་བྱ་བ་ལ། མཁྲིས་པའི་ནད་ཀྱི་ཡུལ་ལ ་ནི་བཀྲུ་སྨན་མང་ར་བ་དང། བསྐ་བ་བཏང་ན་བཀྲུ་བ་ལ་བསྔགས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་བཞིན་དུ་བད་ཀན་ཞེས་བྱ་བ་ལ་མཁྲིས་པ་རྒྱས་པ་དང་འདྲེས་པའི་བད་ཀན་ལ་ནི་སྨན་ཁ་བས་བཀྲུ་བ་བསྔགས་པ་ཡིན ་ནོ། །རླུང་དང་མཁྲིས་པ་འདྲེས་པ་ལ་ནི་སྨན་སྣུམ་པ་དང། དྲོ་བ་དང། ལན་ཚྭ་ཅན་གྱི་བཀྲུ་སྨན་གྱིས་བཀྲུ་བ་བསྔགས་པ་ཡིན་ནོ། །མི་འཁྲུ་ན་ནི་ཆུ་ཚན་བླུད། །ལག་པ་བསྲོས་པས་དེ་ཡི་ནི། །ལྟོ་བ་ལེགས ་པར་དུགས་བྱའོ། ཞེས་བྱ་བ་ལ། སྤྱད་པའི་སྨན་གྱིས་འཁྲུ་བར་མ་གྱུར་ན། སྨན་གྱི་ནུས་པ་སྐྱེད་པར་བྱ་བའི་ཕྱིར་རོ། །ཆུ་ཚན་བླུད་པ་དང། དེ་བཞིན་དུ་སྐྱེས་བུ་དེ་ལག་པ་བསྲོས་པས་དེའི་ལྟོ་བ་ལེགས་པར ་པར་དུགས་བྱ་ཞིབ་བསྲོ་བར་བྱའོ། །མ་འཁྲུས་དེ་ཞག་ལྡང་ཟས་ཟོས། །ཉི་མ་གཉིས་པར་སླར་ཡང་བཏུང། ཞེས་བྱ་བ་ལ། སྨན་དེས་ཅུང་ཞིག་།འཁྲུ་ཞིང་ནད་པ་བདེ་མོར་མ་ཕྱིན ་མལ་ནས་ལངས་ལ་ཕྱི་རོལ་གྱི་སར་དྲི་མ་གདོན་པའི་ཕྱིར་འགྲོ་བར་བྱ་ལ། དེ་ནས་དེ་ཞག་གཅིག་ཟན་ཟོས་ལ། ཉི་མ་གཉིས་པ་ཞེས་བྱ་བ་ཕྱི་དེ་ཉིན་ཡང་འཁྲུ་བར་བྱ་བའི་ཕྱིར་ཡང་སྨན་བཏང་བར་བྱའོ། །ལྟོ་བ་དང་སྲ་སྣུམ་དང། ་ནི། །ཞག་བཅུའི་བར་དུ་ཡང་བཏུང་བས། །སླར་ཡང་སྣུམ་དང་དུགས་ཀྱིས་ནི། །ལུས་སྦྱངས་ནས་ནི་བཀྲུ་སྨན་གྱི། །སྦྱོར་བ་ལེགས་པར་བརྟག་པ་དང། །སྔར་གྱི་ཉེས་པ་དྲན་པར་བྱ་ཞེས་བྱ་བ་ལ། གང་གི་སྣུམ་གྱིས་ཞན་པར་མ ་གྱུར་ཅིང་མ་རླན་པས་རབ་ཏུ་སྲ་བ་ཞིག་ན། ཞག་བཅུའི་བར་དུ་སླར་ཡང་སྣུམ་གྱི་ཆོ་ག་བྱས་ལ། ལུས་ཉེ་བར་སྦྱང་ཞིང་སྣུམ་དང་དུགས་ཀྱིས་ལུས་བཙོས་ནས་བཀྲུ་སྨན་གྱི་སྦྱོར་བ་ནད་ལ་སོགས་པའི་ཚུལ་ལ་ལེགས་པར་བརྟགས ་ཏེ་བྱ་བས། དེ་བཞིན་དུ་སྔར་གྱི་ཉེས་པ་ཅི་ཡང་དྲན་ཞིང་ངོས་ཟིན་པར་བྱས་ལ། མ་ཡེངས་པར་བཀྲུ་སྨན་བཏུང་བར་བྱ་བའོ། །བཀྲུ་སྨན་གྱི་སྦྱོར་བ་ཉེས་པའི་མཚན་ཉིད་ནི། སྙིང་དང་ལྟོ་ན་ཡི་ག་འཆུས། །བད་ཀན་མཁྲིས་པ་གློངས་པ་དང ་གཡན་པ་ལུས་ཚ་ཐོར་བུ་དང། ཆམ་པས་འདེབས་ཤིང་བཤང་རླུང་འགག་།སྦྱོར་བ་ཉེས་པའི་མཚན་ཉིད་ཡིན། ཞེས་བྱ་བ་ཡིན་ཏེ། བཀྲུ་སྨན་བཏང་བ་མ་ལེགས་ན། སྙིང་དང་ལྟོ་བ་ན་ཞིང་མི་དགའ་བར་འགྱུར་བ་དང། ཡིག་འཆུས་པ ་སྟེ་ཟས་ལ་འདོད་པ་མེད་པ་དང། དེ་བཞིན་དུ་བད་ཀན་དང་མཁྲིས་པ་གློངས་ཤིང་བསྐྱོད་པར་འགྱུར་བ་དང་ལུས་གཡའ་ཞིང་ལུས་ཚ་བ་སྣ་ཚོགས་ཀྱིས་འདེབས་པ་དང། ཡན་ལག་དང་ཉིང་ལག་ཏུ་ཐོར་བུ་འབྱུང་བ་དང། ཆམ་པས་འདེབས ་པ་དང། དེ་བཞིན་དུ་བཤང་བ་ཐུར་དུ་འབྱུང་བའི་རླུང་འགགས་པར་འགྱུར་དེ་ནི་སྦྱོར་བ་ཉེས་པའི་མཚན་ཉིད་ཡིན་པར་བཤད་དོ། །སྦྱོར་ལགས་ཇི་སྐད་བཤད་གོ་བཟློག་།ཅེས་བྱ་བ་ལ། བཀྲུ་སྨན་གྱི་སྦྱོར་བ་ལེགས་ན་ཇི་སད་བཤད ་པའི་མཚན་ཉིད་སྙིང་དང་ལྟོ་བ་ན་བ་ལ་སོགས་པ་ལས་གོ་བཟློག་པ་སྟེ། སྙིང་དང་ལྟོ་བ་དག་ཅིང་སང་བག་ཏུ་འགྱུར་བ་དང། ཟས་ཡི་གར་འོང་བ་ལ་སོགས་པར་འགྱུར་རོ། །བཤང་བ་མཁྲིས་པ་བད་ཀན་རླུང། །རིམ་གྱིས་འཁྲུ་ཞིང ་འབྱུང་བ་ན། །བད་ཀན་མཁྲིས་པ་མེད་ཆུ་འཁྲུ། སྐྱ་ཞིང་གནག་དང་ཁྲག་དང་བཅས། །ཡང་ན་ཤ་བཀྲུས་ལྟ་བཱུམ། །ཚིལ་གྱི་དུ་མ་བུ་འདྲ་ཉིད་དམ། །གཞང་འབྲུམ་སྐོམ་དང་ཆེ་བ་དང། །མགོ་འཁོར་མིག་ནི་ཕུགས་སུ་བྲོས། ་བཀྲུ་སྨན་དྲགས་ལས་འབྱུང་བ་ཡིན། །དེ་བཞིན་སྐྱུག་སྨན་དྲགས་ནད་འགྱུར། ཞེས་བྱ་བ་ལ། སྐྱེས་བུ་ཤིན་ཏུ་འཁྲུ་དྲགས་ལ། གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། བཤང་བ་ལ་སོགས་པ་འབྱུང་བ་ན། བད ་ཀན་མཁྲིས་པ་ནི་མེད་པའི་དྲི་མའི་ཆུ་འབའ་ཞིག་འཁྲུ་ཞིང་འབྱུང་བ་དང། དེ་བཞིན་དུ་སྐྱ་ཞིང་དཀར་བ་དང། གནག་ཅིང་སྣུམ་ཚ་དྲག་པ་དང། ཁྲག་དང་བཅས་པ་སྟེ། ཡང་ན་ཤ་བཀྲུས་པ་ལྟ་བུ་སྟེ། བཀྲུས་པའི་ཤ་འདྲ་བ་དང། ་དེ་བཞིན་དུ་ཚིལ་གྱི་དུམ་བུ་དང་འདྲ་ཞིང་མཚུངས་པ་དང། དེ་བཞིན་དུ་གཞང་འབྱུང་ཞིང་མཐོན་པ་དང། དེ་བཞིན་དུ་སྐོམ་དང་ཆེ་ཞིང་སྐོམ་པས་གདུངས་པ་དང། མགོ་འཁོར་བ་དང། དེ་བཞིན་དུ་མིག་ཕུགས་སུ་བྲོས་ཤིང་རྐོངས་སུ ་ཞུགས་པ་སྟེ། འདི་དག་ནི་ཤིན་ཏུ་འཁྲུ་དྲགས་པ་ལས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྐྱུགས་སྨན་དྲགས་པའི་ནད་ཀྱི་ཚུལ་སྔར་བཤད་པ་ལྟར་ཀྱང་འབྱུང་བར་འགྱུར་སྟེ་ལུས་སྐེམ་ཞིང་རྨྱ་བ་དང། ལུས་ཀྱི་ཁོང་ཚ་བ་དང། ་ལྐོག་མ་བསྐམས་པ་དང། མིག་གིས་མི་མཐོང་བ་ནས་འཆི་བའི་བར་དུ་འབྱུང་བར་འགྱུར་རོ། །ལེགས་པར་འཁྲུས་པ་དེ་ལ་ནི། །དུང་བས་བདུག་པ་མ་གཏོགས་པའི། །ཆོག་སྐྱུགས་སྨན་དང་མཚུངས་པས། །དེས་ན ་སློན་དང་འདྲ་བར་བྱ། །ཟས་ལ་རིམ་གྱིས་སྤྱད་པ་ནི། །དེ་འོག་ནར་མའི་ཁ་ཟས་བསྟེན། ཞེས་བྱ་བ་ལ། ལེགས་པར་འཁྲུ་ཞིང་ཁྲུས་ཀྱི་སྦྱོར་བ་ཇི་སྐད་དུ་བཤད་པ་ལྟར་འཁྲུ་བའི་སྐྱེས་བུ་དེ་ལ་དུད་པས་བདུག ་པའི་ཆོ་ག་མ་གཏོགས་པ། ཆོ་ག་གཞན་སྐྱུག་སྨན་གྱི་སྐབས་སུ་བཤད་པ་དང་མཚུངས་ཤིང་འདྲ་བར་ཉེ་བར་སྦྱར་བར་བྱ་སྟེ། འདིར་ཁྱད་པར་ནི་དུད་པས་བདུག་པ་འབའ་ཞིག་མ་གཏོགས་པ་སྔར་བཤད་པ་ཐམས་ཅད་བྱའོ། །དེ་ནས ་དེའི་འོག་ཏུ་སློན་དང་འདྲ་བར་བྱ་སྟེ། ཇི་ལྟར་སློན་པའི་སྐབས་སུ་བཤད་པ་བཞིན་དུ་རིམ་པ་ཉིད་ཀྱིས་ཁྲུས་བཏང་བའི་འོག་ཏུ་ཐུག་པ་རྐྱང་རྐྱང་པོ་ལ་སོགས་པ་སྦྱིན་པའི་ཁ་ཟས་ཀྱི་ཆོ་ག་རིམ་གྱིས་སྤྱད་ཅིང་བསྟེན་ནས། དེའི་འོག་ཏུ ་ནར་མའི་ཁ་ཟས་མིན་པའི་དབང་དུ་བྱས་ནས་བཤང་བའི་ཟས་ཀྱི་ཆོ་ག་ལ། བསྟེན་ཅིང་སྤྱད་པར་བྱའོ། །སྨན་འཐུངས་མེ་དྲོད་ཆུངས་པ་དང། །མ་དག་ནད་ཀྱི་རྨྱ་བ་དང། །ཞུ་བའི་མཚན་མ་མཐོང་ན། །དེ་ཡི་ཉིན་པར་སྨྱུང་བྱས་ལ། །སྣུམ་དང ་དུགས་དང་སྨན་རྣམས་ཀྱིས་གློངས་པའི་ནད་ཀྱིས་ཉེན་མི་འགྱུར། ཞེས་བྱ་བ་ལ། སྐྱེས་བུ་སྨན་འཐུངས་ཤིང་དཔྱད་ནས། མེའི་དྲོད་ཆུང་ཞིང་པོ་བའི་མེའི་སྟོབས་ཆུང་བ་དང། མ་དག་པ་སྟེ། ནད་མ་ཕྱིན་ལ་ལེགས་པར་སྦྱངས་པའི་མཚོན་ཉིད ་མ་སྐྱེས་པ་དང། ནད་ཀྱིས་རྨ་བ་སྟེ། ནད་ཀྱི་དུགས་ཀྱི་ཉི་ཆུང་བ་དང། ཞུ་བའི་མཚན་མ་མ་མཐོང་སྟེ། སྨན་ལེགས་པར་ཞུ་བའི་རྟགས་མི་སྣང། དེའི་ཉིན་པར་སྨྱུང་བ་བྱས་ན་སྣུམ་དང་དུགས་ལ་སོགས་པས་གློངས་པའི་ནད་ཀྱིས་གནོད་པར་མི་འགྱུར ་ཏེ། དེ་ཡང་ནད་གང་སྣུམ་གྱིས་གློངས་ཤིང་བསྐྱེད་པ་དང་དུགས་ཀྱིས་གློངས་ཤིང་བསྐྱོད་པ་དང། སྨན་གྱིས་གློངས་པའི་དབང་གིས་ནད་བསྐྱོད་པ་དེ་སྨྱུང་བ་བྱས་ནས་དེས་ཉེན་ཞིང་གནོད་པར་མི་འགྱུར་རོ། །སྦྱངས་དང་ཁྲག་ནི ་དབྱུང་བ་དང། །སྣུམ་ཆོག་ལ་སྦྱར་སྨྱུང་བ་ཡིན། །མེ་དྲོད་ཞན་པ་ཉིད་གྱུར་ཏེ། །དེ་བས་ཐུག་སོགས་རིམ་གྱིས་སྤྱད། ཅེས་བྱ་བ་ལ། སློན་དང་ཁྲུས་ལ་སོགས་པས་སྦྱངས་པ་ལ་སོགས་པས་ཕོ་བའི་མེ་དྲོད་ཞེན་ཞིང་སྟོབས་ཆུང ་ཆུང་ངར་འགྱུར་པ་ཡིན་ཏེ། དེ་བས་ན་ཐུག་པ་ལ་སོགས་པ་རིམས་ཀྱིས་སྤྱད་ཅིང་བསྟེན་པར་བྱའོ། །དེ་ལ་སྦྱངས་པའི་ནི་སྐྱུག་སྨན་བཏང་བ་དང། བཀྲུ་སྨན་བཏང་བས་ནང་ཕྱིན་པར་བྱས་པའོ། །ཁྲག་དབྱུང་བའི་ནི་གཏར ་ག་ལ་སོགས་པས་ཁྲག་དབྲིའོ། །སྣུམ་གྱི་ཆོ་ག་ལ་སྦྱར་བ་ནི་སྣུམ་གྱི་ཆོ་ག་བསྟོན་པའོ། །སྨྱུང་བ་ནི་ཟས་བཅས་པའོ། །དེ་ཡང་སྨིན་དཔྱད་ཀྱི་ལུང་ལས་སྨྱུང་བ་ཁྱད་པར་མེད་བཤད་པར་ཟས་བཅད་པར་ནི་ཡིན་པར ་བཤད་ཅེས་འབྱུང་བ་ཡིན་ནོ། །བད་ཀན་མཁྲིས་པ་འབྲི་ཞིང་ཆུང། །ཆང་འཐུངས་རླུང་དང་མཁྲིས་པ་ཆེ། །དེ་ལ་ཐུག་པ་མི་བླུད་ཀྱི། །བརྟ་བ་ལ་སོགས་རི་བས་དྲིན་ཞེས་བྱ་བ་ལ་གང་གི་བད་ཀན་དང་མཁྲིས་པ་ཆུང་ཞིང་དྲི་བས་ཆུང་བར་གྱུར་པ་དེ་ནི་བད་ཀན་མཁྲིས་པ་དྲི་ཞིང་ཆུང ་ཞེས་བྱའོ། །དེ་བཞིན་དུ་གང་ཆང་འཐུངས་པ་ལ་གོམས་པ་དེ་ནི་ཆང་འཐུངས་པའོ། །དེ་བཞིན་དུ་རང་བཞིན་གྱི་རླུང་དང་མཁྲིས་པའི་ཤས་ཆེ་བ་དེ་ལ་ཐུག་པ་མི་བླུད་ཀྱི། གསུམ་པོ་དེ་དག་ལ་བརྟ་བ་ལ་སོགས་པའི་རིམ་པ་ཕན་ཏེ། ་ཟས་ཀྱི་དུས་དང་པོར་བརྟ་བའི་ཆོ་ག་འབྲས་ཡོས་ཀྱི་ཕྱེ་ལས་བྱས་པའི་སྐྱོ་མ་བྱིན་པར་བྱ་སྟེ། ཐུག་པའི་སྐབས་སུ་བརྟ་བར་བྱེད་པའི་འབྲས་ཀྱི་སྐྱོ་མ་སྦྱར་བར་བྱའོ། ཞེས་བྱ་བའི་དོན་ཏོ། །སྐྱུག་སྨན་མ་ཞུ་བར་ནད་འབྱིན། །བཀྲུ ་སྨན་ཞུ་ནས་འབྱིན་པ་ཡིན། །དེ་ཡི་ཕྱིར་ན་སྐྱུག་སྨན་དག་།ཞུ་བ་ལས་ནི་བསྡད་མི་དགོས། ཞེས་བྱ་བ་ལ། སྐྱུག་སྨན་བཏང་ན་ནི་མ་ཞུ་བའི་ནད་འབྱིན་པར་བྱེད་དོ། །བཀྲུ་སྨན་བཏང་བ་ན་ནི་སྨན་ཞུ་ཞིང་སྨིན་ནས་དད་པའི་བྱིན་ཅིང་སེལ་བར་བྱེད་དོ། །དེའི་ཕྱིར ་སྐྱུག་སྨན་དག་བཏང་ནས་ཞུ་བ་ལ་བསྡད་མི་དགོས་ཏེ་གང་ཡུད་ཙམ་བསྡད་ལ་མ་བྱུང་ན་ཡང་མྱུར་བ་ཉིད་དུ་སློན་ཞིང་དེང་བར་བྱའོ། སྟེང་དང་འོག་ཏུ་འབྱུང་རིག་པ། །གང་ཚེ་ཕྱིན་ཅི་ལོག་གྱུར་ན། དེའི་ཚེ་སྐྱུག་ལ་རྐང་པར་ནི་ཆུ་དྲོན་དག་གིས ་བླུག་པར་བྱ། །ལུས་ཀྱི་སྟོད་ནི་ཆུ་གྲང་བླུགས། །འཁྲུ་བ་ལ་ནི་དེ་ལས་བཟློག། ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་ནི་ཡན་ལག་བརྒྱད་པ་བསྡུས་པ་ལས། །ལ་ལ་ཞིག་གིས་འདིར་བཅུག་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྐྱུག་སྨན་གྱི་སྟེང་དུ་འབྱུང་བ་དང། ་བཀྲུ་སྨན་གྱིས་འོག་ཏུ་དབྱུང་བའི་རིག་པ་ལས། གང་གི་ཚེ་རྒྱུ་འགའ་ཞིག་གིས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། རྐྱེན་དེས་སྐྱུག་སྨན་བཏང་བ་ན། འཁྲུ་བར་གྱུར་པ་དང། བཀྲུ་སྨན་བཏང་བ་ན་སློན་པར་གྱུར་པ་དེའི་ཚེ། འཁྲུ་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་ཏེ་། ་སློན་པར་གྱུར་པ་ན། ཆུ་དྲོན་པོ་རྐང་པར་བླུགས་ལས། །ཆུ་གྲང་མོ་རོ་སྟོད་དུ་བླུགས་པར་བྱའོ། །གང་གི་ཚེ་འཁྲུ་སྨན་ཕྱིན་ཅི་ལོག་ཏུ་གྱུར་པ་ལས་གོ་བཟློག་པའི་དཔྱད་བྱ་སྟེ། རྐང་པར་ཆུ་གྲང་མོ་བླུག་པར་བྱ་ལ། རོ་སྟོད་དུ་ཆུ་དྲོན་མོ་བླུག་པར ་བྱའོ། །གང་ཞིག་ཉམ་ཆུང་ནད་མང་དང། །ནད་སྨིན་པ་ཡིས་རང་ཉིད་ནི། །འཁྲུ་བར་བྱེད་ལ་འཁྲུ་བ་ཡིས། །ཁ་ཟས་བྱིན་པས་དེ་འཁྲུར་གཞུག་།ཅེས་བྱ་བ་ལ། གང་ཞིག་ཉམ་ཆུང་བ་ལ་སོགས་པ་དང། ནད་སྨིན་དེ་རང་ཉིད་འཁྲུ་བ་དེ ་ལ་ནི་འཁྲུ་བའི་ཁ་ཟས་ཀྱིས་འཁྲུར་གཞུག་གི་།འཁྲུ་བའི་སྨན་སྦྱིན་པར་མི་བྱའོ། །སྔར་སྦྱངས་པས་ནི་ཉམ་ཆུང་དང། །ནད་ཀྱི་དཀྱེལ་ཆུང་ལུས་ཟད་ནི། །ལྟོ་ཡི་སྲ་སྙི་མི་ཤེས་ལ། །སྨན་ནི་འཇམ་ཤིང་ཆུང་དུ་བླུད། །དེ་མང་འཐུབས་པ་མཆོག ་ཡིན་གྱི། །གཞན་དུ་དོགས་པར་བཅས་མི་རུང། །ཞེས་བྱ་བ་ལ། སྔར་སྦྱང་བ་བྱས་པ་ལུས་ཉམ་ཆུང་པར་འགྱུར་བ་དང། དེ་བཞིན་དུ་ནད་ཀྱི་དཀྱེལ་ཆུང་བ་དང། ལུས་ཀྱི་ཤ་ཟད་ཅིང་རྦེག་པ་དང། དེ་བཞིན་དུ་ལྟོ་སྲ་སྙིའི་བྱེ་བྲག་མི་ཤེས་པ་དག ་ལ། སྨན་འཇམ་ཞིང་ཆུང་བ་བླུད་པར་བྱ་སྟེ། གང་གི་ཕྱིར་སྨན་དེ་དགོས་པ་ལ་བལྟོས་ནས་ལན་མང་དུ་འཐུངས་པ་ནི་མཆོག་ཡིན་གྱི་གཞན་དུ་ན་ལན་ཅིག་མང་དུ་བླུད་པ་དོགས་པ་དང་བཅས་པས་ནི་མི་རུང་སྟེ། སྦྱོར་བ་ཉེས་པའི་སྐྱོན་ཡོད་པའི ་ཕྱིར་རོ། །ཉམ་ཆུང་བ་ནི་ནད་མང་པོ། །གཡོས་གྱུར་ཅུང་ཟད་ཅུང་ཟད་ཅིག་།སྨན་ནི་འཇམ་པོས་ལན་མང་ཞིག་།དེ་ནི་ཉུང་འགྱུར་ཞི་བར་བྱ། །མ་བསལ་དེ་ནི་ཡུན་རིང་དུ། །ཉོན་མོངས་པ་འམ་གསོད་པར་འགྱུར། ཞེས་བྱ་བ་ལ། སྐྱེས ་སྐྱེས་བུ་ཉམ་ཆུང་བའི་ནད་མང་པོ་གཡོས་པར་གྱུར་པའི་ནི། ཅུང་ཟད་ཅུང་ཟད་ཅིག་སྨན་འཇམ་པོས་ཡང་དང་ཡང་དུ་བསལ་བར་བྱས་ནས། ཉམ་ཆུང་བའི་ནད་གཡོས་པར་གྱུར་པ་དེ་ཉུད་དུར་གྱུར་པས ་མ་བཏོན་པར་ཞི་བར་བྱས་པས་ཞི་བར་བྱ་སྟེ། གང་གི་ཕྱིར་ཞེ་ན། མང་པོ་དེ་དག་གཡོས་པ་ཉུང་དུ་ཉུང་དུ་ནས་བསལ་ཞིང་ཞི་བར་བྱས་ན། ནད་དེ་ཡུན་རིང་དུ་ཉོན་མོངས་ཤིང། སྡུག་བསྔལ་བར་འགྱུར་བ་འམ། གསོད་ཅིང ་འཇོམས་པ་ཉིད་དུ་བྱེད་པར་འགྱུར་རོ། །མེ་དྲོད་ཆུང་དང་ལྟོ་སྲ་ལ། །ཐལ་སྨན་རྒྱམ་ཚྭ་མར་བཅས་པས། །མེ་ཡི་དྲོད་ནི་སྐྱེད་ནས་སུ། །རླུང་དང་བད་ཀན་བསལ་བར་བྱ། ཞེས་བྱ་བ་ལ། དེ་བཞིན་དུ་སྐྱེས་བུ་མེ་དྲོད་ཆུང་བར་གྱུར་པ ་སྦྱང་བའི་སྐབས་ལ་བབ་ན་ཐལ་སྨན་རྣོན་པོ་དང་བཅས་པའི་མར་ཇི་སྐད་བཤད་པས་ཕོ་བའི་མེ་དྲོད་སྐྱེད་ནས་སྦྱང་བ་བྱའོ། །དེ་བཞིན་དུ་ལྟོ་སྲ་བ་ལ་རྒྱམ་ཚྭ་དང་མར་དང་བཅས་པས་རླུང་དང་བད་ཀན་བསལ་ལ་སྤྱད་པར་བྱའོ། །ཙུབ་ཅིང་རླུང ་མང་ལྟོ་སྲ་དང། །རྟག་ཏུ་རྩོལ་བའི་ཚུལ་ཅན་དང། །མེ་དྲོད་རབ་ཏུ་ཆེ་ལ་སྨན། །མི་འཁྲུ་བར་བར་ནི་ཞུ་བར་འགྱུར། །དེ་ལ་སྔར་ནི་འཇམ་རྩ་བཏང། །དེ་ནས་སྣུམ་པའི་བཀྲུ་སྨན་བྱ། །སྨན་ནི་རྣོན་པོའི་རང་བུ་ཡིས། །བཤང་བ་ཅུང་ཟད་དབྱུང ་བར་བྱ། །དྲི་མ་ལེགས་པར་འཁྲུས་ནས་ནི། །སྣུམ་འཁྲུ་བདེ་བར་འབྱུང་བར་འགྱུར། ཞེས་བྱ་བ་ལས་པ་སྐྱེས་བ་རྩུབ་པ་ལ་སོགས་པ་དང་ལྡན་པ་དང། དེ་བཞིན་དུ་མེ་དང་རབ་ཏུ་ཆེ་ཞིང་སྨན་དེ་འཁྲུ་བའི་སྨན་ནི་འཁྲུ་ཞིང ་འཁྲུ་བའི་བྱ་བ་མི་བྱེད་པ་ཉིད་དུ་ཞུ་ཞིང་དེ་ངེས་པར་འགྱུར་རོ། །དེ་བས་ན་མི་དེ་ལྟ་བུ་དག་སྔར་དང་པོར་འཇམ་རྩི་བཏང་ལ་དེ་ནས་དེའི་འོག་ཏུ་སྣུམ་པའི་བཀྲུ་སྨན་ནི། ནི་ལི་ནའི་མར་ལ་སོགས་པ་ལས་བཏང་བ་སྦྱིན་པར ་བྱའོ། །ཡང་ན་མི་དེ་ལྟ་བུ་དེ་ལ་སྨན་རྣོན་པོའི་རིང་བུ་བྱས་པས་བཤད་པ་ཅུང་ཟད་ཅེས་པ་ཉུང་ཤས་ཞིག་ཕྱུང་ལ། དེའི་འོག་ཏུ་བཀྲུ་སྨན་བཏང་ངོ། །དེ་ཡང་གང་གི་ཕྱིར་རེང་བུ་མས་བཏང་བས། སྨད་ཀྱི་བཤད ་པ་ལ་སོགས་པ་ཕྱུར་བའི་འོག་ཏུ་བཀྲུ་སྨན་སྡུམ་པོ་བཏང་ན་འཁྲུ་བ་བདེ་བར་འགྱུར་རོ། །དུག་གིས་ཕོག་དང་ཐོར་བུ་བྱུང། །མཛེ་དང་འོར་ནད་མེད་པ་ལ་དང། །མིག་སེར་སྐྱ་སྲཱབ་ཟ་གུས་ཉེན། །ཧ་ཅང་སྣུམ ་ཚེས་སྦྱང་མི་བྱ། །ཀུན་ལ་བཀྲུ་སྨན་སྣུམ་བག་བཏང། །སྣུམ་གྱིས་ཞེན་ལ་རྩུག་བག་བཏང། ཞེས་བྱ་བ་ལ། དུག་གིས་ཕོག་པ་ནས་གཅིན་ནད་ཟ་གུས་ཉེན་པའི་བར་གྱིས་ནད་པ་ལ་སྣུམ་ཧ་ཅང་ཆེན་པོ་སྦྱིན ་པར་མི་བྱའོ། ཉམས་ལས་དཔགས་ལ། སྣུམ་ཅུང་ཟད་བྱིན་ཏེ། གང་ལ་ཇི་ལྟར་འཚམ་པའི་བཀྲུ་སྨན་ཕལ་ཚེར་རྩུབ་པ། །ཁྲུས་བྱའོ། །དུག་གིས་ཕོག་པ་ལ་སོགས་པ་འདིར་སྨོས་པ་ལ་གཏོགས་པ་གཞན་ཀུན ་ཏེ། ཐམས་ཅད་ལ་བཀྲུ་སྨན་སྣུམ་བག་ཅན་ཨེ་རཎྜའི་མར་ལ་སོགས་པ་འམ། ཡང་ན་བཀྲུ་སྨན་སྣུམ་དང་བསྐོལ་བས་སྦྱང་བར་བྱའོ། །ཇི་ལྟ་བུ་ལ་སྣུམ་གྱིས་ཁྲུས་སྨན་དེས་སྤྱད་ཞེ་ན། འདས་མ་ཐག་པའི་སྣུམ ་གྱིས་བསྒོ་བར་བསྟན་པས་རྩུབ་པས་བསྒོས་ཤིང་ཡུན་རིང་པོར་རྫས་རྩུབ་པོས་ལུས་བསྐྱེད་པ་ཞེས་བྱ་བའི་བར་དེ་ལ། སྣུམ་པའི་བཀྲུ་སྨན་བཏང་ངོ། །དེ་ལ་ཡབ་རྩུབ་པའི་ཁྲུས་སྨན་དུ་དུར་བྱིང་ལ་སོགས་པའི་སྣུམ ་གྱིས་བསྒོས་པའི་མི་ཡུན་རིང་དུ་སྣུམ་གྱིས་བསྐྱེད་པ་ལ་བཏང་ངོ། །སྐྱུག་སྨན་ལ་སོགས་པ་ལས་རྣམ་པ་ལ། །སླར་ཡང་པར་སྐབས་བར་སྐབས་སུ། །སྣུམ་དང་དུགས་ཀྱི་ཆོ་ག་བྱ། །སྣུམ་རྗེས་ལ་ནི་སྟོབས ་བསྐྱེད་བྱ། །ལུས་ལས་ནད་རྣམས་བསལ་བ་ནི། །གོས་ཀྱི་དྲི་མ་འཁྲུ་དང་མཚུངས། །ཤེས་བྱ་བ་ལ། སྐྱུག་སྨན་ལ་སོགས་པའི་ལས་རྣམས་བྱེད་པ་ན། བར་སྐབས་བར་སྐབས་ཏེ། མདོ ་མ་དོར་སྣུམ་དང་དུགས་ཀྱི་ཆོ་ག་བྱ་སྟེ། སྐྱུག་སྨན་བཏང་ནས་དེའི་ཞག་ཁ་ཅིག་འདས་པའི་སྐབས་སུ་སྣུམ་དང་དུགས་བྱས་ལ། དེའི་འོག་ཏུ་ཁྲུས་བྱའོ། །དེ་ལྟར་ཁྲུས་བྱས་ནས་ཡང་འདུས་ཏེ་འདས་པ་དང། སྣུམ་དང ་དུགས་བྱས་ལ། དེའི་འོག་ཏུ་མས་བཏང་བར་བྱའོ། །དེ་ནས་བར་སྐབས་སུ་སྣུམ་དང་དུགས་བྱས་ལ། དེའི་འོག་ཏུ་མགོ་ནད་ཀྱི་སྤྱད་པར་བྱའོ། །དེ་ལྟར་མགོའི་ནད་སྤྱད་བ་སྣ་སྨན་ལ་སོགས་པ་བྱས་ནས། སྣུམ ་འབའ་ཞིག་སྟོབས་བསྐྱེད་པའི་ཕྱིར་བཏང་བར་བྱ་སྟེ། སྐྱུག་སྨན་ལ་སོགས་པས་སྟོབས་བྲི་བ་གང་ཡིན་པ་དེ་བསྐྱེད་པར་བྱ་བའི་ཕྱིར་དེ་སྦྱིན་པར་བྱ་སྟེ། གང་གི་ཕྱིར་དྲི་མ་དང་བཅས་པའི་ལུས་ནད་དང་འདྲེས་པར་གྱུར་པ ་ནད་དེ་བསལ་ཞིང་གདོན་པར་བྱ་སྟེ། དེ་ལྟར་ན་ལུས་བསྲུང་བར་འགྱུར་རོ། །ཇི་ལྟར་ནད་ཀྱི་དྲི་མ་དབྱུང་ཞེ་ན། གོས་དང་མཚུངས་པར་ཏེ། དཔེར་ན་དྲི་མ་དང་བཅས་པའི་གོས་ལས་དྲི་མ་དེ་སྤངས་པ་ལ་སོགས་པའི་རྣམ་པས་འཁྲུད་པར་བྱེད ་པ་དེ་བཞིན་དུ་སྣུམ་དང་དུགས་ལ་སོགས་པས་ནད་ཀྱི་དྲི་མ་སློང་པའི་ཐབས་ཀྱིས་ནད་སློངས་ལ། །དེའི་རྗེས་ལ་ནད་དབྱུང་བར་བྱའོ། །སྣུམ་དང་དུགས་དག་མ་བྱས་པར། །གང་ཞིག་སྤྱད་པའི་ལས་བྱེད་པ། །ཤིང་སྐམས ་འགགས་པར་བདེ?་བ་ལྟར། །དེ་ཡི་ལུས་ནི་མ་རུངས་འགྱུར། ཞེས་བྱ་བ་ལ། གང་སྣུམ་དང་དུགས་ངག་མང་པོ་བྱས་ཤིང་མ་བསྟན་པར་གང་ཞིག་སྤྱོད་བའི་ལས་སྐྱུག་སྨན་དང། བཀྲུ་སྨན་ལ་སོགས་པ་བྱེད་པར་གྱུར་པ་དག་ནི། ་ནད་དེའི་འཇིག་ཅིང་མ་རུངས་པར་འགྱུར་བ་སྟེ། དཔེར་ན་ཤིང་སྐམ་པོ་འགུགས་ཤིང་སྒུར་བར་བྱེད་པ་ན་ཆགས་པ་དང་འདྲའོ། །སྤྱད་བ་ལེགས་པར་ཉེ་བར་བསྟེན་པས་ནི། བློ་གྲོས་གསལ་ཞིང་དབང་པོ་སྟོབས་དང་ལྡན། ལུས་བཟུངས་བརྟན ་ཞིང་ཁོང་པའི་མེ་དྲོད་འབར། །ན་ཚོད་དག་ཀྱང་རིང་དུ་འཇོག་པར་བྱེད། ཅེས་བྱ་བ་ལ། སྦྱད་བ་ཞེས་བྱ་བ་སྐྱུག་སྨན་ལ་སོགས་པ་ནས་སྣ་སྨན་ལ་སོགས་པ་མགོ་བོ་སྦྱད་བའི་བར་ལེགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྱས་པས་ཉེ ་བར་བསྟན་ཅིང་ཀུན་སྤྱད་པས་བློ་གྲོས་ཏེ། ཤེས་རབ་གསལ་ཞིང་རྣོ་བར་འགྱུར་བ་དང། དེ་བཞིན་དུ་མིག་ལ་སོགས་པ་དབང་པོ་རྣམས་ཀྱི་སྟོབས་རང་རང་གི་ཡུལ་ལ་ལེགས་པར་འཇུག་ནུས་པ་དང། དེ་བཞིན་དུ་ལུས་ཟུངས་ཏེ་དངས་མ་ལ་སོགས ་པ་བརྟན་ཞིང་སྲ་བ་དང། དེ་བཞིན་དུ་ཁོད་པའི་མེ་དྲོད་འབར་བའི་ཤིང་ཉིད་དུ་བྱེད་པ་དང། དེ་བཞིན་དུ་ན་ཚོད་དེ་ལུས་ཀྱི་ན་ཚོད་གཞོན་པ་དག་ཏཱུང་ཡུན་རིང་དུ་འཇོག་པར་བྱེད་ཅིང་གནས་པར་བྱེད་དེ། བྱེད་ཅེས་བྱ་བ་ཐམས་ཅད་དང་སྦྱར?་བར་བྱའོ།། །། ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་བླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅོ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མས་བཏང ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། འདིར་བརྩམས་པའི་དགོས་པ་ནི་བད་ཀན་བསལ་བའི་ཕྱིར་སྐྱུག་སྨན་བཤད་པ་ཡིན་ལ། མཁྲིས་པ་བསལ་བའི་ཕྱིད་ནི་བཀྲུ་སྨན་བཤད་པ་ཡིན་པས། གནས་སྐབས་འདིར་རླུང་བསལ་བར་བྱ་བའི ་ཕྱིར། མས་བཏང་བ་བཤད་པའི་སྐབས་ཡིན་ཏེ། དེ་བས་ན་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། ལེའུ་འདི་བརྩམས་པ་ཡིན་ནོ། །བཤད་སྒོ་ནས་གཏོང་བའི་ལས་སུ་བྱ་བ་ཡིན་པས་ན། མས་བཏང་བའི་ཆོ་ག་སྟེ། ཆོ་ག་ནི་ཆོ་གར་བྱ་བ་འདི ་ལྟར་བྱའོ། ཞེས་བྱ་བའི་ཚུལ་གྱི་ལེའུ་སྟེ། དེ་བཤད་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ། །རླུང་ཤས་ཆེ་བའི་ནད་རྣམས་སམ། །རླུང་ལ་མས་བཏང་བསྔགས་པ་སྟེ། །དེ་ནི་གསོ་བ་ཐམས་ཅད་ཀྱི། །མཆོག་སྟེ་དེ་ཡང་རྣམ ་པ་གསུམ། །བཀུས་དྲག་འཇམ་རྩི་མས་བཏང་ངོ། ཞེས་བྱ་བ་ལ། ནད་ཐམས་ཅད་ཀྱི་ནང་ན་རླུང་གི་ཤས་ཆེ་ཞིང་རླུང་ནད་བདོ་བའམ། རླུང་ལ་ཞེས་བྱ་རླུང་འབའ་ཞིག་ལྡང་བ་ལ་ཡང་མས་བཏང་བ་དེ་ཉིད་ཀྱིས་གསོ་བ་དང། དེ་བཞིན་དུ་འཇམ་རྩི་ཞེས་བྱ་བ ་སྣུམ་གྱི་འཇམ་རྩི་མས་བཏང་བ་འདོད་ཅིང་བསྔགས་པ་ཡིན་ནོ། །དེ་ནི་གསོ་བ་སྟེ། རླུང་གི་ནད་གསོ་བ་ཐམས་ཅད་ཀྱི་ན་ཕན་མཆོག་སྟེ། དམ་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། མྱུར་དུ་བདེ་བ་འཕེལ་བ་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །མས་བཏང ་བ་དེ་ཡང་རྣམ་པ་གསུམ་སྟེ། མས་བཏང་བ་དྲག་པོ་ནི་རུ་ཧ་ཞེས་བྱ་བ་དང། མས་བཏང་བ་ཨ་ནུ་བ་ས་ཏེ། འཇམ་རྩི་དང་མས་བཏང་བ་གོང་མ་སྟེ། ཨུཏྟ་ར་བསྟི་ཞེས་བྱ་བའོ། །དེ་ལ་ནི་རུ་ཧ་ནི་ངེས་པར་འདོད་པ་སྟེ། ནད་མ་ལུས་པ་འབྱིན་པར་བྱད་པའོ།། ་ཨ་ནུ་བ་ས་ནི་རྗེས་སུ་གནས་པར་བྱེད་པ་སྟེ། བཀྲུ་སྨན་དྲག་པོས་ནད་རྣམས་རང་གི་གནས་ལས་བསྐྱོད་ཅིང་གློངས་པ་གང་ཡིན་པ་དེ་གང་གིས་རྗེས་སུ་སྟེ། དེའི་འོག་ཏུ་རང་གི་གནས་སུ་གནས་ཤིང་བདེ་བར་འཇོག་པར་བྱེད་པ་དེ་ནི་ཨ་ནུ་བ་ས་ཏེ ་འཇམ་རྩིའོ། །མས་བཏང་བ་གོང་མ་ནི་བཤད་པའི་སྒོ་ལས་རིང་མར་གྱུར་པ་ཕོ་བའི་དབང་པོ་ཅེས་བྱ་བ་དེ་ནས་སམ། དེར་གཏོང་བར་བྱེད་པ་དེ་ནི་ཨུཏྟ་ར་བསྟི་སྟེ། མས་བཏང་པ་གོང་མ་ཞེས་བྱའོ། །དེ་ཡིས་གསོ་བྱ་སྐྲན་དང་ནི། །ལྟོ ་སྦོས་དྲེག་ནད་མཚར་པ་དང། །འཁྲུ་བ་འབའ་ཞིག་གཟེར་ནད་དང། །རིམས་རྙིང་བྱིང་དང་ཆམ་པ་དང། །ཁུ་བ་རླུང་དང་དྲི་མ་འགགས། །རླིག་རླུགས་རྡེའུ་ནད་ཟླ་མཚོན་འཇིག་།རླུང་གི་ནད་ནི་མི་བཟད་གསོ། ཞེས་བྱ་བ་ལ། བཀྲུ་སྨན་དྲག ་པོ་དེ་ཡིས་གསོ་བར་བྱ་བ་ནི། སྐྲན་ལ་སོགས་པ་ནས་རླུང་གི་ནད་མི་བཟད་པའི་བར་དུ་གསོ་ཞིང་བཅོ་བར་བྱའོ། །དྲེག་ནད་ནི་རླུང་དང་ཁྲག་འདྲེས་པ་ལས་གྱུར་བའི་རླུང་ནད་དོ། །འཁྲུ་བ་འབའ་ཞིག་ནི་བེའུ་སྣབས་ལ་སོགས་པ་དང། མ་འདྲེས་པ?་?་བའོ།། ་རིམས་རྙིང་པ་ནི་ཡུན་རིང་དུ་ལོན་པའི་རིམས་བྱིང་བག་ཏུ་འདུག་པའོ། །ཁུ་བ་དང་རླུང་དང་དྲི་མ་འགགས་པ་ནི་དེ་དག་ཐོགས་པའོ། །རླིག་རླུགས་ནི་དེ་འཕེལ་ཆེས་པའོ། །ཟླ་མཚན་འཇིག་པ་ནི་ཟླ་མཚན་མེད་པའོ། །རླུང་གི་ནད་མི་བཟད་པ་ནི་གསོ ་པར་དཀའ་བའི་རླུང་ནད་དོ། །བཀྲུས་དྲག་མི་བྱ་སྣུམ་དྲགས་དང། །གློ་རྡོལ་ཤིན་ཏུ་སྐེམ་པ་དང། །བེའུ་སྣབས་འཁྲུ་དང་སློན་བྲེ་དང། །སྦྱང་བྱས་སྣ་སྨན་བཏང་བ་དང། །དབུགས་མི་བདེ་ལུང་ཆང་གཞང་འབྲུམ། །སྐྱིགས་བུ་ལྟོ་སྦོས་མེ་དྲོད་ཆུང། ་གཞང་སྐྲངས་ཁ་ཟས་ཟིན་དང། །ལྟོ་འགགས་བུ་ག་ཆུ་ཡོད་དང། །མཛེ་ཅན་གཅིན་ནད་སྤྱང?་མདོག་དང། །སྦྲུམ་མ་ཟླ་བདུན་ཡན་ཆད་དོ། །ཞེས་བྱ་བའི། བཀྲུ་སྨན་དྲག་པོ་བཏང་བུ་མི་རུང་བ་ནི་སྣུམ་ཤིན་ཏུ་དྲགས་པ་ལ་སོགས་པ་ནས་སྦྲུམ་མ་དང། །ཟླ་བ ་བརྒྱད་པའི་མགོ་ཟུག་པའི་བར་དུའོ། །ཤིན་ཏུ་སྐམ་པ་ནི་ཧ་ཅང་ཐེག་ཅས་པའོ། །བེའུ་སྣབས་འཁྲུ་བ་ནི་མ་ཞུ་བ་བེའུ་སྣབས་དང་བཅས་པར་འཁྲུ་བའོ། །སློན་བྲོ?་བར་ནི་སྐྱུག་པ་དག་དང་ལྡན་པའོ། །སྦྱང་བ་བྱས་པ་ནི་འཁྲུ་སྨན་དང་སྐྱུག་སྨན་བཏང་པའོ།། ་སྣ་སྨན་བཏང་བ་ནི་སྣ་ནས་སྨན་གྱི་སྦྱོར་བ་བྱས་པའོ། །གཞང་སྐྲངས་པ་ནི་བཤད་པའི་ལམ་སྐྲངས་པ་དང་ལྡན་པའོ། །ཁ་ཟས་ཟོས་ཟིན་པ་ནི་ཟས་ལ་ལོངས་སྤྱོད་པའོ། །དེ་བཞིན་དུ་ལྟོ་འགགས་པ་དང། ལྟོ་ན་བུ་ག་ཡོད་པ་དང། ལྟོ་ནི་ཆུ་མང་པོ ་ཡོད་པ་དང་གཅིན་ནད་སྦྲང་མདོག་ནི་སྦྲང་རྩིའི་མདོག་ལྟ་བུའི་གཅིན་ནད་ཀྱིས་ཉེན་པའོ། །དེ་ལ་སྣུམ་དྲགས་པ་ལ་བཀྲུ་སྨན་དྲག་པོ་མས་བཏང་ན། བསྡུས་ཤིང་བསྲུལ་པའི་ནད་སློངས་པས་དམུ་རྫིངས་ཆགས་པ་དང། སྐྲངས་པ་འམ། ་བརྒྱལ་བར་བྱེད་པར་འགྱུར་རོ། །གློ་རྡོལ་བ་དང་ཤིན་ཏུ་སྐེམ་པ་ལ་ནི། དེས་ལུས་ཤིང་ཏུ་དཀྲུགས་ཤིང་གློངས་པས་ཟུག་ཟེར་དྲག་པོ་མྱུར་དུ་བསྐྱེད་པར་འགྱུར་རོ། །སློན་དང་ཁྲུས་བྱས་པ་ལ་ནི་ལུས་སྟོང་པ་སྟེ། དེ་སྐེམས་པར་མེ ་ལྟར་བསྲེགས་པར་འགྱུར་རོ། །སྣ་སྨན་བཏང་བ་ལ་ནི་སྟེང་གི་རྩ་སྒོ་ཤིན་ཏུ་ཕྱེ་བས་གནོད་པ་བྱེད་པར་འགྱུར་རོ། །རྟག་ཏུ་སློན་པ་ལ་སོགས་པ་ནི་རླུང་གི་བཀྲུ་སྨན་དྲག་པོ་གྱེན་དུ་འདྲེན་པར་འགྱུར་རོ། །གཞང་འབྲུམ་ཡོད་པ་ལ་ནི་རྒྱུ་མའི ་ལམ་འགགས་པས་མཐུར་དུ་རྒྱུར་མི་སྟེར་བའི་ཕྱིར་སྲོག་ལ་གནོད་པར་འགྱུར་རོ། །ཟས་ཟོས་ཟིན་པའི་བར་ལ་ནི་རང་ནད་འཕེལ་ཞིང་མ་ཞུ་བ་ལ་སོགས་པས་འཆི་བར་འགྱུར་རོ། །ལྟོ་སྦོས་པ་དང་ལྟོ་འགགས་པ་ལ་སོགས་པ་ལ་ནི་ཤས་ཆེར ་འགགས་ཏེ་འཆི་བར་འགྱུར་རོ། །སྦྲུམ་མའི་ཉེས་པ་ནི་སྔར་བཤད་པ་ཡིན་ནོ། །བཀྲུས་དྲག་བྱ་ཉིད་འཇམ་རྩི་བྱ། །ཁྱད་པར་དུ་ནི་མེ་དྲོད་ཆེ། །རྩུབ་དང་རླུང་ནད་གཅིག་པུས་ཉེན་ཞེས་བྱ་བ་ལ། གང་ལ་བཀྲུ་སྨན་དྲག་པོ་བཏང་བར་བྱ་བ་དེ་ཉིད ་ལ། འཇམ་རྩི་བྱ་སྟེ། དེ་དག་ཉིད་ལ་སྣུམ་གྱི་ཆོ་ག་མས་བཏང་བར་བྱའོ། །དེ་ལས་ཀྱང་ཁྱད་པར་དུ་མེ་དྲོད་ཆེ་ཞིང་ཁོང་པའི་དྲོད་ཆེ་བ་དང། དེ་བཞིན་དུ་ཁོང་རྩུབ་པ་དང། རླུང་ནད་གཅིག་པུས་ཉེན་ཅིང་ནད་གཞན་དང་མ་འདྲེས་པའི་རླུང་ནད་ཀྱིས ་གཟེར་ཅིང་གནོད་པ་ལ་འཇམ་རྩི་བྱའོ། །འཇམ་རྩི་མི་བྱ་བ་དེ་ཉིད་དོ། །དེ་བཞིན་དུ་སྐྱ་རྦབ་མིག་སེར་དང། །ཚིལ་ཆེ་ཆམ་བཏབ་ཟས་མ་ཟོས། །བཤད་བ་འཁྲུ་བར་བྱེད་པ་དང། །ལྟོ་ལྕི་ལྟོ་ནད་བད་ཀན་ཅན། །མཆིལ་མ་མང་དང་ཤིན་ཏུ་སྒོམ། ། ་ལྟོ་ན་སྲིན་ཡོད་རླུང་འཁྱིམས་དང། །དུག་དག་འཐུངས་དང་འབྲུམ་བུས་བཏབ། །རྐང་བ་མ་ལྐོག་མའི་ལྦ་བ་ཅན། ཞེས་བྱ་བ་ལ། འཇམ་རྩི་མི་བྱ་བའི་ཡུལ་ཡང། གང་སྔར་བཀྲུ་སྨན་དྲག་པོ་བྱར་མི་རུང་བར་བཤད་པ་དེ་ཉིད་ཡིན་ནོ། །གཞན ་དེ་བཞིན་དུ་འཇམ་རྩི་བྱར་མི་རུང་བ་ནི། སྐྱ་རྦབ་དང་མིག་སེར་ལ་སོགས་པས་བཏབ་པ་དག་ལ་ཡང་ཕྱིར་མི་རུང་ངོ། །རླུང་འཁྱིམས་པ་ནི་ཚིལ་གྱི་ནང་དུ་ཞེན་པའི་རླུང་ངོ། །འབྲུམ་བུ་ནི་འབྲས་ཀྱི་བྲེད་པའོ། །དེ་གཉིས་སྤུ་གུ་གསེང་སོགས ་དང། །ཤིང་རུས་འོད་མ་ལས་བྱས་བ། །བ་ལང་མཇུག་འདྲ་བུག་རྡོལ་མེད། འཇམ་ཞིང་དྲང་ལ་ཁ་ཟླུམ་པ། ཞེས་བྱ་བ་ལ་བཀྲུ་སྨན་དྲག་པོས་མས་བཏང་བ་དང། འཇམ་རྩིག་ཉིད་བ་དེ་གཉིས་ཀྱིས་སྤུ་གུ་ནི་འདི་ལྟར་བྱ་སྟེ། གསེར་ལ་སོགས ་པ་ཞེས་བྱ་བ་གསེར་དང་དངུལ་དང་ཟངས་དང་ཞ་ཉེ་དང། རོ་ཉེ་ལས་བྱས་པའོ། དེ་བཞིན་དབྱིབས་ནི་བ་ལང་གི་འཇུག་མ་ལྟར་རིམ་གྱིས་ཕྲ་བའོ། །བུག་རྡོལ་མེད་པ་ནི་སེལ་མེད་པའོ། །འཇམ་པ་ནི་རྩུབ་པ་མེད་པའོ། །དྲང་པ་ནི་མ་ཡོ་བའོ། ། ་ཁ་ཟླུམ་པ་ནི་རྩེ་མ་མི་རྣོ་བའོ། །ལོ་གཅིག་མ་ལོན་པ་སོར་ལྔ། ལོ་ཚད་ལོ་བདུན་པའི་བར་གྱི། ཚད་ནི་སོར་དྲུག་ཡིན་པར་བཤད། །ལོ་བདུན་པ་ཡི་བདུན་ཉིད་དེ། བཅུ་གཉིས་པ་ལ་སོར་བརྒྱད་བྱ། བཅུ་དྲུག་ཡན་ཆད་སོར་དགུ་སྟེ། །ཉི་ཤུ་ཕན ་ཆོད་སོར་བཅུ་གཉིས། །ལོ་གཞན་དག་ལ་ན་ཚོད་དང། །སྟོབས་དང་ལུས་ཚད་བརྟགས་ནས་ནི། །ཚད་ནི་མངོན་པར་བསྐྱེད་པར་བྱ། ཞེས་བྱ་བ་ལ། བྱིས་པ་ལོ་གཅིག་མ་ལོན་པ་ལ་གཏོང་པའི་སྤུ་གུ་ནི་སྲིད་སོར་ལྔ་བྱའོ། །ལ་ཚད་སྟེ་ལོ་གཅིག ་ལོན་པའི་བྱིས་པ་ནས་ལོ་བདུན་པའི་བར་གྱི་བྱིས་པའི་གཅེའུ་ཚད་ནི་སོར་དྲུག་པ་བྱ་བ་ཡིན་པར་བཤད་དོ། །དེ་ནས་བྱིས་པ་ལོ་དྲུག་ལོན་པ་ལ་གཅེའུ་སོར་དྲུག་པ་བྱའོ། །ལོ་བདུན་རྫོགས་པའི་ཚེ་ནི་སོར་བདུན་པ་ཉིད་བྱའོ། །ལོ་བཅུ་གཉིས ་ལོན་པ་ལ་ནི་གཅེའུ་སོར་བརྒྱད་པ་བྱའོ། །ལོ་བཅུ་དྲུག་ལོན་པ་ནས་ལོ་བཅུ་དགུ་ལོན་པའི་བར་ལ་ནི་གཅེའུ་སོར་དགུ་པ་བྱའོ། །ལོ་ཉི་ཤུ་ལོན་པ་ཕན་ཆད་ནི་གཅེའུ་སོར་བཅུ་གཉིས་པ་བྱ་ལ། ཉི་ཤུ་ཕན་ཆད་ཀྱི་ལོ་དག་ལའང་གཅེའུ་སོར ་བཅུ་གཉིས་པ་ཉིད་བྱ་ལ་ཡང་ལོ་གཞན་དེ་དག་གི་ཚེ་ན་ཚོད་དང་སྟོབས་དང་ལུས་ཀྱི་ཚད་བརྟགས་ནས་གཅེའུའི་ཚད་མངོན་པར་སྐྱེད་ཅིང་འཕེལ་བར་བྱའོ། །དེ་ཡང་ལོ་གཅིག་མ་ལོན་པ་ལ་གཅེའུའི་ཚད་སོར་ལྔ་བྱ་བར ་བཤད་ལ། ལོ་དེ་རྫོགས་ནས་ལོ་དྲུག་ལོན་པའི་བར་ལ་སོར་དྲུག་བྱ་བར་བཤད་པས། དེའི་ལོ་གཞན་དག་ལ་ནི་ཚོད་གང་ཡིན་པ་དང། དེ་བཞིན་དུ་སྟོབས་དང་ལུས་ཀྱི་ཚད་དེ་བརྟགས་ཏེ་བར་སྐབས་དེར་ན་ཚོད་ལ་སོགས་པ་སྐྱེ་བ་བཞིན་དུ་གཅེའུ ་ཡང་བསྐྱེད་པར་བྱའོ། །དེ་བཞིན་དུ་ལོ་གཞན་དག་ནི་ན་ཚོད་ཀྱི་བར་གྱི་ལོ་ལ་ཡང་བསྒྲེ་བར་བྱའོ། །རྩ་བ་རང་གི་མཐེ་བོང་མཉམ། །རྩེ་མོ་མཐེའུ་ཆུང་ཆད་དུ་བྱ། ཞེས་བྱ་བ་ལ། གཅེའུ་རྩ་བའི་གནས་སུ་རང་གི་མཐེ་བོའི་ཚད་ཅེས་པ། ནད་པའི་མཐེ ་བོ་དང་སྒོམས་ཀྱི་ཚད་མཉམ་པར་བྱའོ། །རྩེ་མོ་སྟེ་གཅེའུ་ཁའི་ཕྱོགས་ནད་པའི་མཐེའུ་ཆུང་དང་སྦོམས་མཉམ་པར་བྱའོ། །ལོ་གཅིག་ལོན་སོར་ནས་བཟུང་སྟེ། །དེ་ཡི་ཕྱེད་ཕྱེད་ཀྱིས་བསྐྱེད་བྱ། །གང་ཞིག་རྩ་བའི་བུ་གའི་ཚད། །སོར་མོ ་གསུམ་རྩེ་ཤོད་པ་མཆོག་།མུངྒ་མཱ་ཥ་སྲན་མ་བཙོས། །རྒྱ་ཤུག་འབྲས་ཤོད་རིམ་བཞིན་བྱ། ཞེས་བྱ་བ་ལ། ན་ཚོད་ཇི་སྐད་བསྟན་པའི་རིམ་པས་གཅེའུ་ཚད་བསྟན་པའི་རིམ་པ་ལས་མ་འཆོལ་བར་བྱས། །བྱིས་པ་ལོ་གཅིག་ལོན་ཞིང་ཚད ་བའི་སོར་ཚད་ནས་བཟུང་སྟེ། དེའི་ཕྱེད་ཕྱེད་བསྐྱེད་པར་བྱ་ཞིང། །ཇི་སྲིད་དུ་བུ་ག་སོར་གསུམ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྐྱེད་པར་བྱ་སྟེ། དེ་ནི་བུ་གའི་ཆེ་ཚད་སྟེ་མཆོག་ཡིན་པས་ན། དེ་ལས་ཀྱང་ལྷག་པར་མི་བྱ་སྟེ། ལོ་གཅིག ་མ་ལོན་པ་ལ་ནི་རྩ་བའི་བུ་ག་སོར་གཅིག་པས་ཆུང་བར་བྱའོ། །རྩེ་མོ་ཡང་སྲན་མུངྒ་ཤོང་བ་བས་ཅུང་ཟད་ཆུད་བར་བྱ། །དེའི་ཕྱེད་ཕྱེད་ཅེས་བྱ་བ་ལ། དེ་ཡི་ཞེས་བྱ་བ་ནི་སོར་ཚད་ལ་སྙེགས་ལ། དེས་ན་སོར་གྱི་ཕྱེད་ཕྱེད་ཀྱིས་བསྐྱེད་ཅིང ་འཕེལ་བར་བྱ་བའི་ནི། ཇི་སྲིད་རྩ་བའི་བུ་གང་སོར་གསུམ་ཤོད་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྐྱེད་པར་བྱའོ། །རྩེ་མོའི་བུ་ག་ནི་ལོ་གཅིག་ལོན་པའི་གཅེའུ་བུ་ག་སྐན་མུང་ག་སྟེ། མོན་སྲན་སྡེའུ་ཤོད་པ་ནས་རྒྱ་ཤུག་གི་བར་དུ་རིམ་བཞིན་དུ་བསྐྱེད་པར ་བྱའོ། །མཆོག་ཅེས་བྱ་བ་ནི་འདིར་ཡང་སྦྱར་བྱ་སྟེ། གང་རྒྱ་ཤུག་གི་འབྲས་བུ་ཤོད་པའི་ཚད?་དུ་བྱས་པའི་གཅེའུ་རྩེ་མོའི་བུ་ག་དེ་ནི་ཆེ་ཚད་ཡིན་པས་དེ་ལས་ལྷག་པར་ནི་མི་བྱའོ། །དེ་བས་ན་ལོ་གཅིག་ལོན་པ་ནས་ལོ་དྲུག་པའི་བར་གྱི་གཅེའུའི་རྩེ ་མོའི་བུ་གའི་ཚད་ནི་མུངྒ་ཤོད་པ་ཙམ་བྱའོ། །ལོ་བདུན་པའི་ནས་ལོ་བཅུ་གཅིག་པའི་བར་གྱི་གཅེའུ་བུ་ག་ནི་མ་ཤ་ཤོང་བའོ། །ལོ་བཅུ་གཉིས་པ་ནས་བཅོ་ལྔའི་བར་གྱི་ནི་སྲན་མ་སྐམ་པོ་ཤོང་བའོ། །ལོ་བཅུ་དྲུག་པ་ནས་བཅུ་དགུ་པའི་བར་དུ་ནི་སྲན ་མ་བཙོས་པ་ཤོང་བའོ། །ཉི་ཤུ་ལོན་པ་ཡན་ཆད་ཀྱི་གཅེའུ་རྩེ་མོའི་བུ་ག་ནི་རྒྱ་ཤུག་གི་འབྲས་བུ་ཆུང་དུ་ཤོང་བ་ཙམ་བྱའོ། །རྩ་བའི་བུ་གའི་ཚད་ཀྱི་ནི། མཐར་ནི་གག་པ་གདགས་པར་བྱ། ཞེས་བྱ་བ་ལ། མཐར་ཞེས་པ་རྩེ་མོ་རྩ་པའི་བུ་གའི་ཆད ་ཇི་ལྟ་བ་ལས་དེའི་གག་པ་འཁོར་ལོ་ལྟ་བུ་གདགས་ཤིང་བསྒྲུབ་པར་བྱའོ། །རྩེ་མོའི་ཁ་བཀག་ཅེས་བྱ་བ་ནི་གཅེའུ་དེའི་རྩེ་མོའི་ཁ་རས་བལ་ལ་སོགས་པའི་སྡོང་བུ་ལྟ་བུས་ཁ་བཀབ་སྟེ། རླུང་ལ་སོགས་པ་ནད་དུ་ཞུགས་པ་དགག་པའི ་ཕྱིར་དེ་ལྟར་བྱའོ། །གཅེའུའི་རྩ་བར་རང་གི་སོར་མོ་གཉིས་ཀྱིས། །ཆོད་པར་གག་པ་གཉིས་པ་བྱ། ཞེས་བྱ་བ་ལ། དེ་བཞིན་དུ་གཅེའུ་དེའི་ཕྱོགས་སུ་རང་གི་ཞེས་པ་ནད་པ་བདག་ཉིད་ཀྱིས་སོར་གཉིས་ཀྱིས་ཚོད་པར་གག་པ་གཉིས ་པ་བྱ་སྟེ། དེ་ལ་རྐྱལ་བུ་གདགས་ཤིང་བཅིང་དགོས་པའི་ཕྱིར་རོ། །དེར་ནི་རྐྱལ་དུ་གདགས་བྱ་བ། །ར་ལུག་མ་ཧེ་ལ་སོགས་པའི། །ལྒང་པ་ལེགས་ཉེས་སྲ་བ་དང། དམར་བཙོས་བུ་ག་ཐག་ཐུག་མེད། །དྲི་ད་རྩ་རིས་མེད ་སྲབ་པ། །སྨན་ནི་ལེགས་པར་བླུགས་བྱས་ལ། །སྲད་བུས་བམ་པར་བཅིང་བར་བྱ། ཞེས་བྱ་བ་ལ། གག་པ་གཉིས་ཀྱི་བར་དུ་ལུག་ལ་སོགས་པའི་ལྒང་བའི་རྐྱེལ་བུ་ལེགས་པར་གཉིས་པ་དང། དེ་བཞིན་དུ་སྲ་བ་སྟེ་མ་གས་པ་དང ་དམར་པོར་བཙོས་ཏེ་ཚོན་གཞན་གྱི་ཁ་དོག་མེད་པ་ཐག་ཐུག་མེད་ཅིང་མདུད་པ་ཆགས་པ་མེད་ཅིང་རུལ་པ་ལ་སོགས་པའི་དྲིང་བ་མེད་པ་རྩའི་རི་མོ་མེད་པ་སྲབ་པ་སྟེ་མཐུག་པ་མ་ཡིན་པ། དེ་ལྟ་བུར་སྨན་བདེ་བར་བླུགས་ཤིང་བཞག་ལ། སྲད་བུ ་ལ་སྲ་བས་ལེགས་པར་དམ་དུ་བཅིང་བར་བྱའོ། །ལྒང་མེད་རྐྱལ་བའི་དཔུང་པ་འམ། །བྱིན་པའི་པགས་པ་འམ་རས་སྡུག་བཟང། ཞེས་བྱ་བ་ལ། གོང་དུ་སྨོས་པ་ལྟ་བུའི་ལྒང་པ་མེད་ན་རྐྱལ་བའི་དཔུང་པ་བཅད་པ་འམ། །བྱིན་པའི་པགས་པ ་ལེགས་པར་གཉེས་པ་དེ་ལ་བཅིན་ཞིང་གདགས་པར་བྱའོ། །ཡང་ན་རས་སྡུག་ཅིང་བཟང་ལ་བུ་ག་མེད་པ་སྤྲ་ཚིལ་ལ་སོགས་པས་བསྐུས་ལ། ཆུ་ཐུབ་པ་ལས་སྨན་བླུགས་པའི་སྣོད་བྱའོ། །ནི་རུ་ཧའི་ཚད་དང་པོ་ནི། །ལོ་གཅིག་པ་ལ ་སྲང་གཅིག་མཆོག་།ཇི་སྲིད་སྲང་ནི་བཅུ་གཉིས་པར། །ལོ་རེ་སྲད་རེས་བསྐྱེད་པར་བྱ། བཅུ་གཉིས་པ་ནས་བཙོ་བརྒྱད་པར། དེ་འང་བདུན་བཅུའི་བར་ཚད་འདི། །དེ་ཕན་སྲང་ཆད་ཉི་ཤུ་ཉིད། །ཅེས་བྱ་བ་ལ། ནི་རུ་ཧ་སྟེ་བཀྲུ་སྨན་དྲག་པོ ་མས་བཏང་བའི་ཚད་ནི་ལོ་གཅིག་ལོན་པ་ལ་སྲང་གཅིག་མཆོག་སྟེ། ཆེ་ཚད་ཡིན་ནོ། །ལོ་གཅིག་མ་ལོན་པ་ནི་སྲང་གཅིག་ཏུ་ཅུང་ཟད་མ་ལོངས་པ་ཆེ་ཚད་ཡིན་ནོ། །དེ་ཕན་ཆད་ལ་རེ་རེ་ཞིང་སྲང་རེ་རེས་བསྐྱེད་དོ། ལོ་བཅུ་གཉིས ་པའི་བར་ལ་སྲང་བཅུ་གཉིས་བཏང་བའི་བར་དུ་བསྐྱེད་པར་བྱའོ། །ནི་རུ་ཧ་སྲད་བཅུ་གཉིས་བྱས་དེ་ཕན་ཆད་ཀྱི་ལོ་རེ་བཞིན་སྲད་གཉིས་གཉིས་བསྐྱེད་པར་བྱའོ། །ལོ་བཅུ་གཉིས་ལོན་པ་ནས། བདུན་ཅུ་ལན་པའི་བར་ལ་བྱའོ། ལ ་བཅོ་བརྒྱད་པའི་ནི་སྲད་ཉི་ཤུ་རྩ་བཞི་ཆེ་ཚད་ཡིན་ཏེ། དེ་ཡང་ནི་རུ་ཧ་ཚད་འདི་ནི་ལོ་བདུན་ཅུ་ལོན་པའི་བར་གྱི་ཚད་ཡིན་ནོ། །ལོ་བདུན་ཅུ་ལོན་པ་ཕན་ཆད་ཀྱི་ནི་སྲད་ཉི་ཤུ་ཉིད་ཆེ་ཚད་ཡིན་ནོ། །ཅེས་བྱ་བ་ནི་འདིར་ངེས་པར་བཟུང་བའི་དོན་ནོ། །ཆེ་ཚད་སྲད ་ཉི་ཤུ་ཁོ་ན་ཡིན་གྱི་དེ་ལས་ལྷག་པ་མི་བྱའོ། ཞེས་བྱ་བའི་དོན་ནོ། །བཀྲུ་སྨན་དྲག་ཚད་ཇི་ལྟ་བ། །དེ་ཡི་བཞི་ཆ་འཇམ་རྩིའི་ཚད། ཅེས་བྱ་བ་ལ། བཀྲུ་སྨན་དྲག་པོ་ནི་རུ་ཧའི་ཚད་ན་ཚོད་གང་དང་གང་ལས་ཇི་ལྟར་ཡིན་པ་དེ་དང་དེའི་བཞི་ཆ་འཇམ་རྩི་ཞེས ་བྱ་བ། སྣུམ་གྱི་ཆོ་ག་མས་བཏང་བའི་ཚད་ཡིན་ནོ། །དེ་ཡང་ལོ་དང་པོ་ལ་ནི་རུ་ཧའི་ཚད་སྲང་གཅིག་ཡིན་ལ། ཚད་དེའི་བཞི་ཆ་ཞོ་གཉིས་ལ་ནི་འཇམ་རྩི་ལོ་གཅིག་པ་ལ་བཏང་བའི་ཚད་ཡིན་ནོ། །དེ་བཞིན་དུ་ལོ་བཅུ་གཉིས་པ་ལ་སྲད་བཅུ་གཉིས ་ནི་རུ་ཧའི་ཚད་ཡིན་པ་ལ། དེའི་བཞི་ཆ་སྲད་གསུམ་འཇམ་རྩིའི་ཚད་དོ། །དེ་བཞིན་དུ་ལོ་བཅོ་བརྒྱད་ལོན་པའི་ཚད་ཉི་ཤུ་རྩ་བཞི་ཡིན་ལ། དེའི་བཞི་ཆ་ནི་སྲང་དྲུག་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །བཀྲུ་སྨན་དྲག་བྱ་སྣུམ་དུགས ་བྱ། །སྦྱང་བྱས་ནས་ཀྱང་སྟོབས་ཐོབ་པ། །འཇམ་རྩི་བཏང་བར་འོས་པ་ནས། །ཐོག་མ་ཉིད་དུ་འཇམ་རྩི་བཏང། ཞེས་བྱ་བ་ལ། ནི་རུ་ཧ་ཞེས་བྱ་བ་བཀྲུ་སྨན་དྲག་པོ་བཏང་བར་བྱ་ཞིང་འོས་པ་སྟེ། སྣུམ་དང་དུགས་བྱ་བ་སྟེ། དང་པོ་སྣུམ་གྱི་ཆོ་ག་བྱས་ལ། ་དེའི་འོག་ཏུ་དུགས་བྱའོ། །དེ་བཞིན་དུ་སྤྱད་པ་བྱ་བ་སྟེ། །བཀྲུ་སྨན་དང་སྐྱུག་སྨན་བྱས་ནས་ཀྱང་སླར་སྟོབས་ཐོབ་ཅིང། །ཉམས་སྟོབས་བརྟས་པ་དག་འཇམ་རྩི་བཏང་བར་འོས་ཤིང་རིགས་པར་ཤེས་ནས། དང་པོ་ཐོག་མ་ཁོ་ནར་བཀྲུ་སྨན་དྲག་པོ ་མས་བཏང་འཇམ་རྩི་བཏང་བར་བྱའོ། །དགུན་དཔྱིད་ཉིན་པར་བཏང་དེ་ལས། གཞན་དུ་མཚན་བཏང་བར་འདོད། ཅེས་བྱ་བ་ལ། དགུན་ཞེས་བྱ་གྲང་བའི་དུས་སྤྱིར་གྲང་བ་སྟེ། དགུན་སྟོད་དང་དགུན་སྨད་ཀྱི་དུས་སུ་འཇམ་རྩི་ཉིན་པར་བཏང ་བར་བྱའོ། །དེ་ལས་གཞན་དུ་ཞེས་པ་གོང་མ་ལས་གཞན་པའི་དུས་སོ་ག་དང། དབྱར་དང་སྟོན་ཀ་མཚན་མོའི་དུས་སུ་འཇམ་རྩི་བཏང་བར་བྱའོ། །ཞེས་སྲོག་འཚོ་བའི་སློབ་དཔོན་ལ་ལ་འདོད་དོ། །བསྐུ་བྱུག་ཁྲུས་བྱས་སྔོན་ཐང ་ལས། །གཞི་གསུམ་ཕན་ཞིང་ཡང་བ་དང། སྣུམ་དང་རྩུབ་ཆས་མ་ཡིན་བཟའ་། །ཁུ་བ་ལ་སོགས་ཟོས་རྗེས་བཏུང། །བཅགས་ལ་བཤང་གཅི་བསལ་ནས་ནི། །མལ་དུ་བདེ་བར་གནས་བྱས་ལ། །མཐོ་དམན་མེད་པར་མགོ་སྨད་དེ། །གློ་གཡོན ་གྱིས་ནི་ཕབ་ནས་སུ། །རྐང་པ་གཡས་པ་བཀུག་ནས་ནི། །རྐང་བ་གཡོན་པ་བརྐྱང་བར་བྱ། ཞེས་བྱ་བ་ལ། དང་པོ་བསྐུ་བྱུག་བྱས་ལ། དེའི་འོག་ཏུ་ཁྲུས་བྱ་བ་ཡིན་པས་ན་ནད་པ་དེ་བསྐུ་བྱུག་དང་ཁྲུས་བྱའོ། །དེ་ནས་སྔོན་བསྟེན་ཅིང་གོམས ་པའི་ཐ་མ་ལ་བཞི་ཆ་གསུམ་སྟེ། །ནར་མར་བཟའ་བའི་ཐང་ལས་བཞི་ཆ་ཕྲི་ལ། བཟའ་བ་ནི་ཡང་བ་དང། ཧ་ཅང་རྩུབ་ཆེས་པ་དང། སྣུམ་ཆེས་པ་མ་ཡིན་པ། སྣུམ་རྩུབ་རན་པ་ཕན་ཞིང་གནོད་པ་མེད་པའི་ཟས་བཟའ་བར་བྱའོ། །དེའི་འོག་ཏུ་མཚལ ་ནན་དུ་བཏུང་བ་ནི་མུངྒའི་ཁུ་བ་ལ་སོགས་པ་གནོད་པ་མེད་ཅིང་རྗེས་སུ་མཐུན་པ་བཏུང་བར་བྱའོ། །དེ་བཞིན་དུ་བཅགས་པ་སྟེ། ཅུང་ཟད་ཅིག་ཕན་ཚུན་བཅག་པ་དང། བཤང་བ་དང་གཅི་བ་ལེགས་པར་བསིང་ཞིང་དོར་བ་དང། དེ་བཞིན ་དུ་རླུང་མེད་པའི་ཁང་པའི་ནད་དུ་མལ་བདེ་བ་ཤིན་ཏུ་མཐབ་དང། ཤིན་ཏུ་དམའ་བ་མ་ཡིན་པར་མགོ་སྨད་པ་སྟེ། རྐང་པའི་ཕྱོགས་ཅུང་མཐོ་བར་གློ་གཡོན་པ་ལེགས་པར་ཕབ་ལ། རྐང་བ་གཡས་པ་བཀུག་ནས་རྐང་པ་གཡོན ་པ་ལེགས་པར་བརྐྱང་བའི་ཚུལ་དེ་ལྟར་གནས་པར་བྱས་ལ། དེ་ནས་དེ་ལ་གཅེའུ་བཞུག་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། དེ་ནས་དེ་ལ་བཙེའུ་ཁ་དང། གཞད་སྒོ་སྣུམ་གྱིས་བསྐུས་ནས་ནི། །གཅེའུའི་ལྒང་བའི་སྤུབས་བཏོན་ལ། །ཁ ་ཅིག་ལག་པ་མི་འདར་བར། །རྒྱབ་ཀྱི་ཕྱོགས་སུ་འདུག་ནས་ནི། །ཤིན་ཏུ་མྱུར་དང་བུལ་མིན་དང། །ཧ་ཅང་ཤུགས་དྲག་དལ་མིན་པར། །རན་པར་ལན་ཅིག་ཁོ་ནར་བཙིར། །རླུང་ནི་ལྷག་པར་གནས་པ་ན། །ལྷག་མ་ཅུང་ཟད་ལུས་པར་བྱ་ཞེས་བྱ་བ་ལ། དེ་ནས་ངའི ་འོག་ཏུ་སྐྱེས་བུ་དེ་ལ་གཅེའུ་གཞུག་པའི་ཐབས་ནི། གཅེའུའི་ཁ་སྟེ་རྩེ་མོ་སྣུམ་གྱིས་བསྐུ་བ་དང། གཞང་སྒོ་ཞེས་པ་བཤད་པའི་ལམ་ཡང་སྣུམ་བསྐུས་ཏེ། །དཔུགས་བཏོན་ཞེས་པ་ལྒང་བའི་ནང་གི་དཔུགས་བཏོན་ལ། གཅེའུ་ཁ་བཅིངས་ཤིང ་བསྡམས་ནས། ལག་པ་མི་འདར་ཞིང་བརྡབས་པག་ཏུ་མ་གྱུར་པས་རྒྱབ་ལོགས་ནས་དེ་ལ་མངོན་པར་ཕྱོགས་པར་འདུག་སྟེ་བཏང་བར་བྱའོ། །དེའི་འོག་ཏུ་ཤིན་ཏུ་མྱུར་བ་དང། ཤིན་ཏུ་བུལ་པ་འམ། དལ་བ་མ་ཡིན་པ་དང། ཧ་ཅང་ཤུགས་དྲགས་པ་དང། ་ཧ་ཅང་དལ་བ་མ་ཡིན་པར་ལན་གཅིག་ཁོ་ནར་བཙིར་བར་བྱའི། །ཡང་ནས་ཡང་དུ་ནི་མ་ཡིན་ནོ། །དེ་ཡང་ལྒང་པ་དེའི་ཞབས་ན་སྨན་གྱི་ལྷག་མ་ཅུང་ཟད་ལུས་པར་བྱའི། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བཙིར་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨན ་གྱི་ལྷག་མ་རླུང་ཡོད་པའི་ཕྱིར་རོ། །དེ་ཡང་དེའི་འོག་ནས་བཅིངས་ཏེ། །རླུང་ནི་མ་ལུས་ཕྱུང་བ་འམ། མ་ལུས་པ་ནི་བླུགས་པ་ཡིས། །རླུང་ཞུགས་ནས་ནི་རྣམ་འཁྲུགས་པས། །གཟེར་དང་ནད་རྣམས་སྐྱེད་པར་འགྱུར། ཞེས་བཤད་པ་ཡིན་ནོ། ། ་བཏང་ནས་ལུས་ནི་གན་རྐྱལ་བཞག་།རྐུབ་ཅོས་ལག་པས་བརྡབ་པར་བྱ། །རྟིང་པས་འཇུག་བཙོག་བརྡུང་བྱ་ཞིང། །རྟིང་པ་བཏེག་ལ་ལན་གསུམ་གསིབ། །ཅེས་བྱ་བ་ལ། འཇམ་རྩི་བཏང་ནས་དེའི་ལུས་གན་རྐྱལ་དུ་བཞག་ལ། །འཇམ་རྩི ་བཏང་བ་དེའི་རྐུབ་ཙོས་ལག་པས་བརྡབ་པར་བྱ་ཞིང་བསྣུམ་པར་བྱའོ། །དེ་བཞིན་དུ་ནད་པའི་རྟིང་པ་གཉིས་ཀྱིས་འཇུག་ཙོས་བརྡུང་ཞིང་བརྡེག་པར་བྱའོ། །དེ་བཞིན་དུ་མལ་ནས་རྟིང་པ་ནས་ཡར་བཏེག་སྟེ། ལན་གསུམ ་གྱི་བར་དུ་གསིག་ཅིང་གྱེན་དུ་དྲང་བར་བྱའོ། །དེ་ནས་ལུས་ནི་བརྐྱང་ནས་སུ། །སྡས་བཅས་པའི་རྟིང་བར་ནི། །ཁུ་ཚུར་གྱིས་བརྡུངས་ལུས་ཀྱང་ནི། །སྣུམ་གྱིས་བསྐུས་ལ་མཉེ་བར་བྱ། །ཚོང་བས་ཉེན་པས་སྣུམ་དག་ནི། །མྱུར་དུ ་འབྱུང་བར་མི་བྱེད་དོ། །གལ་ཏེ་མྱུར་དུ་ཕྱིར་བྱུང་ན། །བན་མི་བྱེད་པས་གཞན་དག་བཏང། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ནད་པའི་ལུས་བརྐྱང་བར་གྱུར་པ་དང། དེ་བཞིན་དུ་སྔས་བཅུག་པ་ལ་རྟིང་པར་ཁུ་ཚུལ་གྱིས་བརྡུངས་ལ་ཡན་ལག་སྣུམ་གྱིས ་བྱུགས་ནས་མཉེ་བར་བྱ་སྟེ། གང་གི་ཕྱིར་ཚོར་བའི་མི་བདེ་བས་ཉེན་པས་སྣུམ་སྟེ། མས་བཏང་བའི་སྣུམ་སྟེ། མྱུར་བ་ཁོ་ནར་ཕྱིར་འབྱུང་ཞིང་འཇག་པར་མི་བྱེད་དོ། །གལ་ཏེ་མྱུར་དུ་ཕྱིར་འབྱུང་ཞིང་ལོག་པར་གྱུར་ན། འཇམ་རྩི་གཉིས་པ་སྦྱར་ཞིང ་བཏང་བར་བྱ་སྟེ། གང་གི་ཕྱིར་སྣུམ་ནང་དུ་ཆགས་ན། ནང་པའི་རླུང་ལ་སོགས་པའི་ནད་སེལ་བའི་བྱ་བ་བྱེད་པར་འགྱུར་ན། །དེ་མྱུར་དུ་བྱུང་བས་བྱ་བ་དེ་མི་བྱེད་པའི་ཕྱིར། གཞན་དག་གིས་བསྣན་དགོས་སོ། །མེ་དྲོད་ཚེ་ཞིང་སྣུམ་བྱུང་ནས། །རྒོངས་ཀ་ཁ ་ཟས་ཡང་བ་སྦྱིན་ཞེས་བྱ་བ་ལ། མེ་དྲོད་ཤིན་ཏུ་ཆེ་ཞིང་སྣུམ་ཕྱིར་བྱུང་བར་གྱུར་ན། རྒོངས་ཀ་སྟེ་ཉིན་པར་གྱི་མཐར་ཁ་ཟས་ཡང་མོ་དག་སྦྱིན་པར་བྱའོ། །བྱུང་བའི་དུས་ཀྱི་དམ་པ་ནི། །ཐུན་གསུམ་ཡིན་ཏེ་དེ་ཕན་ཆད། །ཉིན་མཚན་གཅིག་ནི་བསྡད་ ་ནས་སུ། །དེ་ཡི་འོག་ཏུ་རེང་བུ་ཡིས། སྣུམ་དབྱུང་ཕྱིར་ནི་འབད་བྱ་བ། །མས་བཏང་བ་ནི་རྣོན་པོ་བྱ་ཞེས་བྱ་བ་ལ། འཇམ་རྩི་དབྱུང་བའི་དུས་ཀྱི་དམ་པའམ། མཆོག་ནི་ཐུན་གསུམ་ཡིན་ཏེ། དེ་ཕན་ཆད་ཅེས་བྱ་བའི་འོག་ཏུ་ཉིན་མཚན ་གཅིག་འདས་ཀྱི་བར་དུ་བྱུང་བར་མ་གྱུར་ན། ཉིན་མཚན་གཅིག་གི་བར་དུ་བསྡད་ནས། དེའི་འོག་ཏུ་རེང་བུ་སྦྱར་བས་འཇམ་རྩི་སྣུམ་དབྱུ་བར་བྱ་བའི་ཕྱིར། །སྨན་པས་འདས་པས་བྱ་བའམ། །མས་བཏང་བའི་སྨན་རྣོན་པོ ་བྱ་བ་ལ་འབད་པར་བྱའོ། །ཤིན་ཏུ་རྩུབ་པས་མ་བྱུང་ཞིང། །སྙོམ་བག་ལ་སོགས་ནད་མེད་ན། །བཏང་སྙོམས་སུ་ནི་བཞག་པར་བྱ། ཞེས་བྱ་བ་ལ། ཤིན་ཏུ་ལུས་ཀྱི་ཁོང་རྩུབ་པའི་ཕྱིར། །སྣུམ་མ་བྱུང་ཞིང་སླར་འཛག་པར་མ་གྱུར་ལ། གལ་ཏེ་སྙོམ་བག་གམ། རྨོང ་བག་ལ་སོགས་པའི་ནད་ཀྱི་ཉེས་པ་ཡང་མེད་ན་བཏང་སྙོམས་སུ་བཞག་པར་བྱའི། །དེ་བྱུང་བ་ལ་འབད་པར་མི་བྱའོ། །དེ་ནས་མཚན་འདས་ནད་པར་ནི། །བཅའ་སྒ་འུ་སུ་བསྐོལ་ཆཱུམ། །ཡང་ན་ཆུ་ཚན་འབའ་ཞིག་བཏུང། ཞེས་བྱ་བ་ལ། དེ་ནས་དེའི ་འོག་ཏུ་མཚན་མོ་བདེ་བར་གནས་པས་འདའ་བར་བྱས་ལ། ནད་པར་གྱི་དུས་སུ་བཅའ་སྒ་དང་འུ་སུ་བསྐོལ་བའི་ཆུ་ཚན་དྲོ་འཇམ་ཙམ་བཏུང་བའམ། ཡང་ན་ཆུ་བསྐོལ་བ་ཚན་ཏེ་འབའ་ཞིག་བཏུང་པར་བྱ་སྟེ། དེའི་སྣུམ་གྱི་ལྷག་མ་ཞུ་བ་དང་རླུང་དང་བད ་ཀན་ཞི་བའི་ཕྱིར་བྱ་བ་ཡིན་ནོ། །འཇམ་རྩི་བཏང་ནས་ཉིན་གསུམ་འམ། །ཉིན་ལྔ་ལོན་ནས་སླར་བཏང་བའམ། །ཇི་སྲིད་སྣུམ་ནི་འཇུ་འགྱུར་བའམ། །ཡང་ན་རླུང་ནི་ཤས་ཆེ་དང། རྟག་ཏུ་རྩོལ་བྱེད་མེ་དྲོད་ཆེ། །ཁོང་རྩུབ་པ་ལ་ཉིན་རེ་བཏང། ཞེས་བྱ་བ་ལ། དེ ་ལྟར་འཇམ་རྩི་བཏང་ནས་མི་དེ་ཉི་མ་གསུམ་གསུམ་མམ། ཉི་མ་ལྔ་ནས་སླར་ཡང་འཇམ་རྩི་བཏང་བར་བྱའོ། །ཡང་ན་དུས་ཇི་སྲིད་ཅིག་གིས་སྣུམ་དེ་བདེ་བར་འཇུ་བར་འགྱུར་བ་དེའི་ཚད་ཀྱིས་བཏང་ངོ། །ཡང་ཉིན་རེ་ཡང་བཏང་དུ་རུང་སྟེ། དེ་ཉིད་ཀྱིས་ན ་རླུང་ཤས་ཆེ་བ་ལ་སོགས་པ་ཡིན་ཏེ། རླུང་གི་ཤས་ཆེ་ཞིང་རླུང་ཅང་བདོ་བ་དང། དེ་བཞིན་དུ་རྟག་ཏུ་རྩོལ་བ་བྱེད་པ་སྟེ། རྒྱུན་མི་འཆད་པར་ལས་སུ་བྱ་བའི་རྩོལ་བ་དྲག་པོ་བྱེད་པ་དང། དེ་བཞིན་དུ་མེ་དྲོད་ཆེ་བ་དང། སྐྱེས་བུ་ཁོང་ཤིན་ཏུ་རྩུབ་པ་ལ་ཉིན ་རེ་ཏེ་ཞག་རེ་རྒྱུན་མི་འཆད་པར་བཏང་བར་བྱའོ། །དེ་ལྟར་སྣུམ་ནི་གསུམ་མམ་བཞིས། །སྣུམ་གྱུར་རྩ་སྒོ་སྤྱད་པའི་ཕྱིར། །མས་བཏང་ཁྲུས་ཀྱིས་སྤྱད་པ་དང། །སྣུམ་མེད་ལུས་ནི་སྣུམ་གྱུར་བཏང། ཞེས་བྱ་བ་ལ། དེ་ལྟར་རིམ་པ་འདིས ་ནད་ལ་སོགས་པའི་ཚུལ་ལ་དཔགས་ཏེ། འཇམ་རྩིའི་སྣུམ་གསུམ་མམ། བཞིས་སྐྱེས་བུའི་ལུས་ཀྱི་སྣུམ་གྱུར་ནས། །རྩ་སྒོ་སྦྱང་བའི་ཕྱིར་ཞེས་པ་རྩ་སྦུབས་ཀྱི་རྒྱུ་བ་རྣམ་པར་དག་པར་བྱ་བའི་ཕྱིར་ནི་རུ་ཧ་སྟེ་བཀྲུ་སྨན་དྲག་པོ་དང། སྦྱང ་ཞིང་ཞི་བར་བྱ་བ་དང། རླུང་ཤས་ཆེ་བས་ལུས་སྣུམ་མེད་པར་གྱུར་པའི་ལུས་ལ་སྣུམ་པར་བྱ་ཞིང་ཁོང་བརྟ་བར་བྱ་བའི་ཕྱིར། སྣུམ་གྱི་ཆོ་ག་བཏང་བར་བྱའོ། །ཉི་མ་གསུམ་འམ་ཉིན་ལྔ་ན། །ཚེས་གྲངས་བཟང་ཞིང་དགེ་བ་ལ། །ཉིན་ཕྱེད་ཅུང་ཟད ་ཡོལ་བའི་ཚེ། །གཏོར་མ་བཀྲ་ཤིས་ཆོ་ག་བྱ། །སྣུམ་བསྐུ་དུགས་བྱས་བཤང་གཅི་ནི། བསལ་ཞིང་ཤིན་ཏུ་བཀྲེས་མིན་ལ། །སྐྱེས་བུའི་ནད་དམིགས་སྨན་ལ་སོགས། །འབད་དེ་ཤེས་པར་བྱས་ནས་ནི། །སྨན་པས་དེ་ལ་མཁས་པ་ནི། །མང་དང་ལྷན་ཅིག ་མས་བཏང་སྦྱར། ཞེས་བྱ་བ་ལ། དེ་ནས་འཇམ་རྩིམས་བཏང་བའི་འོག་ཏུ་ཉི་མ་གསུམ་མམ་ཉི་མ་ལྔ་ན་བྱ་བ་བསྒྲུབ་ཅིང་བསྔགས་པའི་ཚེས་གྲངས་དང། བྱེད་པ་དང། ཐང་ཅིག་དང། རྒྱུ་སྐར་བཟང་པོ་དང་ཉིན་ཞག་དགེ་བ་ལ་ཉི་མའི་ཕྱེད་ཅུང་ཡོལ་ཞིང ་འདས་པའི་ཚེ་གཏོར་མ་དང་བཀྲ་ཤིས་ཀྱི་ཆོ་ག་དག་ཇི་ལྟ་བ་བཞིན་དུ་བྱས་ཤིང་ཤིས་པ་བརྗོད་པ་དང། བདེ་ལེགས་ལ་སོགས་པ་དགེ་སྦྱོང་དང་བྲམ་ཟེས་བྱས་ནས། སྨན་བཀྲུ་སྨན་དྲག་པོ་མས་བཏང་བ་བརྩམས་པར་བྱ་སྟེ། དེ་ཡང་དེ་ལ་མཁས་ཤིང ་མས་གཏོང་བའི་ཆོ་གའི་སྦྱོར་བ་ལ་མཁས་པའི་སྨན་པ་མང་པོ་དང་ལྷན་ཅིག་གྲོས་བྱ་བ་དང། སྐྱེས་བུ་ནད་པའི་ནད་ཀྱི་དམིགས་ལ་སོགས་པ་ཡང་ཤེས་པར་བྱས་ནས། ལུས་སྣུམ་གྱིས་བསྐུ་བར་བྱ་བ་དང། དེ་བཞིན་དུ་དུགས་བྱས་པ་དང། ་བཤང་བ་དང་གཅི་བ་བསལ་ཞིང་དོར་བ་དང། ཤིན་ཏུ་བཀྲེས་པ་མ་ཡིན་ཞིང་ལྟོགས་པས་ཉེན་པ་མ་ཡིན་པ་དང། དེ་བཞིན་དུ་ནད་དམིགས་དང་སྨན་ལ་སོགས་པ་འབད་ཅིང་བཙལ་བས་ཤས་ཤིང་རྟོགས་པར་བྱས་ནས། སྨན་པས ་མས་བཏང་བའི་ཆོ་ག་ལ་སྦྱར་ཞིང་བརྟག་པར་བྱའོ། །སྨན་ནི་སྲད་ནི་ཉི་ཤུ་དང། །པོ་སོན་ཆ་བརྒྱད་ལྷན་ཅིག་བསྐོལ། ཞེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི་སྨན་སྲང་ཉི་ཤུ་འོག་ནས་མས་བཏང་བའི་ཆོ་གའི་སྐབས་ནས་སྨོས་པ་བསྐོལ་བ་དང། དེ་བཞིན་དུ་པོ ་སོན་ཆའི་འབྲས་བུ་བརྒྱད་ལྷན་ཅིག་བསྐོལ་བར་བྱ་སྟེ། པོ་སོན་ཆ་བརྒྱད་ལ་ནི་སྲང་གཅིག་ཙམ་ཡོད་དོ། དེ་ལྟར་ན་སྨན་སྲང་ཉི་ཤུ་རྩ་གཅིག་དང། སྨན་གྱི་བཅུ་དྲུག་འགྱུར་གྱི་ཆུ་དང་སྦྱངས་ལ། དེ་ལེགས་པར་བསྐོལ་བར་བྱའོ། །དེ་ནས་ཆ་ལུགས་དང་བསྐོལ ་བའི་སྨན་ཆུ་དེ། བརྒྱད་ཅུ་རྩ་བཞི་འབྱུང་བར་འགྱུར་རོ། །བསྐོལ་བ་དེ་ཡི་བཞི་ཆ་ཡི། །སྨན་མར་རླུང་ལ་རྗེས་སུ་སྦྱར། །མཁྲིས་པ་བདེ་བར་གནས་དྲུག་ཆ། །བད་ཀན་ཤས་ཆེར་བརྒྱད་ཆ་གཅིག་།ཞེས་བྱ་བ་ལ། དེ་ལྟར་བསྐོལ་བ་དེ་ལས་སྣུམ་གྱི་སྨན་མར་བཞི་ཆ ་གཅིག་རླུང་གི་ནད་ལ་རྗེས་སུ་སྦྱར་ཞིང་བཏང་བར་བྱའོ། །མཁྲིས་པའི་ནད་ལ་ནི་བསྐོལ་བ་དེ་ལས་སྔ་མའི་ཚད་ལས་དྲུག་ཆ་སྟེ། སྲང་བཅུ་བཞི་བཏང་བར་བྱའོ། །དེ་བཞིན་དུ་བདེ་བར་གནས་ཤིང་ཐ་མལ་པར་འདུག་པ་ལ་ཡང་དྲུག་ཆ་ཉིད་བཏང་བར་བྱའོ། །བད ་ཀན་ཤས་ཆེ་ཞིང་རྒྱས་པའི་ནད་ལ་ནི་དེའི་བརྒྱད་ཆ་སྟེ། སྲང་བཅུ་བཏང་བར་བྱའོ། །ཡང་ན་ཀུན་ལ་སྨན་གྱི་ནི། །བརྒྱད་ཆ་གཅིག་གམ་ཞེས་བྱ་བ་ལ། སྦྱར་བར་བྱའོ་ཞེས་བྱ་བ་ལ་འདིར་ཡང་སྦྱར་བར་བྱ་སྟེ། ཀུན་ལ་ཞེས་བྱ་བ་རླུང་དང་མཁྲིས་པ་དང། ་དེ་བཞིན་དུ་བད་ཀན་ཏེ་བདེ་བར་གནས་པ་ལ་སྨན་གྱི་བརྒྱད་ཆ་གཅིག་སྟེ། བསྐོལ་བའི་གང་བརྒྱད་ཆ་གཅིག་ཏུ་གྱུར་པ་སྲང་བཅུ་ཐམས་ཅད་ལ་སྦྱིན་པར་བྱའོ། །ཅི་ནས་ཀྱང་མས་བཏང་བསྐ་སླར་མི་འགྱུར་བྱ། ཞེས་བྱ་བ་ལ། ཡང་ན་ཐམས་ཅད ་དུ་སྨན་བསྐོལ་བའི་བརྒྱད་ཆ་གཅིག་སྦྱིན་པ་མ་ཡིན་ནོ། །གཞན་དུ་ན་སྨན་གྱི་ཕྱི་མ་འམ་ལྡེ་གུའི་ཆ་ལས་མས་བཏང་བའི་སྨན་ཤིན་ཏུ་བསྐ་ཞིང་འབྱར་བ་ཡང་མ་ཡིན་ལ། །ཤིན་ཏུ་སླ་ཞིང་འཛག་ཆེས་པར་ཡར་མ་འགྱུར་བ་དེ་ལྟར་སྦྱར་བར ་བྱའོ། བུ་རམ་དག་ནི་སྲད་གཅིག་ཙམ། ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་དང། བདེ་བར་གནས་པའི་མས་བཏང་བ་ཐམས་ཅད་ལ། བུ་མར་སྲང་གཅིག་གཞུག་པར་བྱ་སྟེ། ཙམ་ཞེས་སྨོས་པ་ནི། དེ་ལས་ཡིད་ཆེས་པ ་འམ། ཆུང་བ་ཡང་རུང་བའི་དོན་ནོ། །རིགས་པས་སྦྲང་རྩི་རྒྱམ་ཚྭ་སོགས། །ལྷག་མ། ཞེས་བྱ་བ་ལ། རྗེས་སུ་སྦྱར་བ་དང་ཀུན་ལ་ཞེས་བྱ་བ་ལ་འདིར་ཡང་སྦྱར་བར་བྱ་སྟེ། །དེ་ལ་རིགས་པ་ནི་སྦྱོར་བ་སྟེ། བྱ་བའི་ཐབས་ཡིན་ནོ། །དེ་ལྟ་བུའི་རིགས་པ་དང ་ལྡན་པས་སྦྲང་རྩི་དང་རྒྱམ་ཚྭ་འམ། ལྕེ་མྱང་ཚྭ་ལ་སོགས་པ་ལྷག་མ་གང་ཡིན་པ་བཀྲུ་སྨན་དྲག་པོའི་ཡན་ལག་ཏུ་གྱུར་པ། ཚད་མ་བསྟན་པ་དེ་ཐམས་ཅད་ལ་སྦྱར་ཞིང་བཏང་བར་བྱའོ། །སོགས་པའི་སྒྲས་ནི་སྦྲང་རྩི་དང་རྒྱམ་ཚྭ་ལས་གཞན་པ ་ཞོ་ག་ཆུ་དང། ར་སྐྱུར་གྱི་རྩ་བས་མོ་དང། འོ་མ་དང་བ་གཅིན་ལ་སོགས་པ་བཀྲུ་སྨན་དྲག་པོ་མས་བཏང་བའི་སྡེ་ཚན་དུ་གཏོགས་པ་གཞན་དག་ཀྱང་བསྡུའོ། །སྣོད་ནི་གཅིག་བླུག་།བུམ་པར་ཆུ་བསྐོལ་རླངས་པ་ཡིས། །བསྲོ་ཞིང་བཟར་བུས་དཀྲུགས ་ནས་ནི། །རྐྱལ་བུའི་ནང་བླུགས་མཇུག་མར་ནི། །གཏོང་ཚེ་ཤིན་ཏུ་ཚ་གྲང་མིན། །ཤིན་ཏུ་སྣུམ་མིན་རྩུབ་པ་མིན། །ཤིན་ཏུ་རྣོ་མིན་འཇམ་པ་མིན། །ཤིན་ཏུ་སླ་མིན་བསྐ་བ་མིན། ཤིན་ཏུ་མང་ཉུང་ཚད་མེད་པའམ། ཚྭ་ཆེ་སྐྱུར་བའང་དེ་དང ་འདྲ། ཞེས་བྱ་བ་ལ། གོང་དུ་སྨོས་པ་དེ་ཐམས་ཅད་ལ་མ་ལུས་པ་སྣོད་གཅིག་ཏུ་བླུགས་ལ། བུམ་པར་བསྐོལ་བའི་རླངས་པས་བསྲོ་ཞིང་ཚ་བར་བྱ་བ་དང། དེ་བཞིན་དུ་བཟར་བཱུམ་སྐྱབས་ཀུན་དཀྲུགས་ཤིང་བསྐྱོས?་པར་ལུག་དང ་མ་ཧེ་ལ་སོགས་པའི་ལྒང་པ་ལས་བྱས་པའི་རྐྱལ་བུའི་ནང་དུ་བླུགས་ལ་སྨན་དེ?་མས་བཏང་བའི་དོན་དུ་མཇུག་མ་ནས་གཏོང་ཞིང་འདྲུང་པར་བྱེད་པའི་ཚེ། ཤིན་ཏུ་ཚ་བ་མ་ཡིན་བ་དང། ཤིན་ཏུ་གྲང་བ་མ་ཡིན་པ་དང། དེ་བཞིན་དུ་ཤིན ་ཏུ་རྩུབ་པ་མ་ཡིན་པ་དང། །དེ་བཞིན་དུ་བ་གཅིན་དང་ཡུངས་ཀར་ལ་སོགས་པ་ཤས་ཆེ་བ་ཤིན་ཏུ་རྣོ་བ་མ་ཡིན་པ་དང། འོ་མ་མང་པོ་གཏོང་བས་ཤིན་ཏུ་འཇམ་པ་མ་ཡིན་པ་དང། དེ་བཞིན་དུ་ཤིན་ཏུ་སྐབ་མ་ཡིན་པ་དང། ཤིན་ཏུ་སླ་བ་མ་ཡིན་པ་དང། དེ ་བཞིན་དུ་ཤིན་ཏུ་མང་བ་མ་ཡིན་པ་དང་ཚད་ལས་ཤིན་ཏུ་ཉུང་བ་མ་ཡིན་པ་དང། དེ་བཞིན་དུ་ཤིན་ཏུ་ཚྭ་མེད་པའམ། ཆེ་བར་ཡང་མི་བྱ་བ་དང། དེ་བཞིན་དུ་ཀ་རྫི་རང་སྐྱུར་ལ་སོགས་པ་སྐྱུར་པ་མེད་པའམ། དེ་ཤས་ཆེ་བའམ། དེ་དང་འདྲ་སྟེ། མི་བྱའོ། ་ཞེས་བྱ་བའི་དོན་ནོ། །དེ་ལས་མཁས་པ་གཞན་སྨྲས་པ་སྣུམ་དང་སྦྲང་རྩི་གཉིས་སོ་སོར། །སྲང་ནི་གསུམ་གསུམ་བྱས་ནས་སུ། །རྒྱམ་ཚྭ་དག་ནི་ཞོ་གཉིས་དང། །ནད་མེད་ལ་བཏང་སྨན་སྲང་གཉིས། །ཁུ་བའི་སྨན་ནི་ལྟག་མ་ཀུན། །སྲང་བཅུ ་ཡོངས་སུ་སྦྱོར་བར་བྱ། །ཞེས་བྱ་བ་ལ། མས་གཏོང་བའི་ཆོ་ག་ལ་མཁས་པའི་སྨན་པ་གཞན་དག་གིས་ནི། མས་བཏང་བའི་ཆོ་ག་གཞན་དག་འཆད་ཅིང་སྟོན་ཏེ། ཏིལ་མར་ལ་སོགས་པའི་སྣུམ་དང། དེ་བཞིན་དུ་སྦྲང་རྩི་དག་ནི་ཚད་སྲང་གསུམ ་གསུམ་དུ་སོ་སོར་བྱ་བ་སྟེ། སྣུམ་སྲང་གསུམ་དང་དེ་བཞིན་དུ་སྦྲང་རྩི་སྲང་གསུམ་དང། དེ་བཞིན་དུ་རྒྱམ་ཚྭ་བོད་ཞོ་གཉིས་སྦྱར་བ་འདི་ནི་ནད་མེད་པ་སྟེ། བདེ་བར་གནས་པ་ལ་བཏང་བ་ཡིན་ནོ། ཞེས་སྨྲོས་སོ། དེ་བཞིན་དུ་སྨན་སྲང ་གཉིས་དང། ཀུ་བ་བསྐོལ་བའི་སྨན་ལྷག་མ་ཀུན་སྲང་བཅུར་ཡོངས་དུ་སྦྱར་བྱ་བར་བྱའོ། །དེ་ལྟར་ན་སྤྱིར་སྲང་བཅོ་བརྒྱད་མས་བཏང་བའི་ཚད་ཡིན་པར་འདོད་དོ། །སྦྲང་རྩི་རྒྱམ་ཚྭ་སྣུམ་རྣམས་དང། སྨན་བྱ་ཁུ་བའི་རིམ་པ་ནི། ་མས་བཏང་རྐྱལ་བར་གཅུག་བྱས་ཏེ། འདི་ན་སྦྱར་བའི་ཆོ་གར་བཤད་པ་ཅེས་བྱ་བ་ལ། སྦྲང་རྩི་ལ་སོགས་པའི་སྨན་གྱི་ཁུ་བ་རིམ་གྱིས་བཅོས་ཤིང་སྦྱང་སྟེ་དང་པོ་སྦྲང་རྩི་སྦྱར་ཞིང་གཞུག་པར་བྱའོ། །དེ་ནས་ནི་རྒྱམ་ཚའོ། ། ་ཉིད་ཡིན་ནོ་ཞེས་དོགས་པ་ལ། དབང་པོས་བཟུང་བར་བྱ་བའི་གཏན་ཚིགས་ཀྱི་འབྲེལ་པ་བསྟན་པར་བྱ་བའི་ཕྱིར། རང་སྣང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་སྣང་བའི་དབང་པོའི་ཤེས་པའི་རྒྱུའི་དོན་ནི་དབང་པོའི་བཟུང་བར་བྱ་བར་བརྗོད་དོ། ། ་རྟག་པ་ནི་རིམ་དང་ཅིག་ཅར་བདག་གིས་དོན་བྱེད་པ་མི་རིགས་པའི་ཕྱིར་འབྲེལ་པ་གྲུབ་པོ། །དབང་པོས་བཟུང་བྱ་ཉིད་སོགས་ན། །ཞེས་བྱ་བ་ལ་སོགས་པ་ལ། འདི་འདྲའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་འདི་འདྲ་བ་ཡང་ཡིན་ལ་དོན་ཡང་ཡིན་པས ་དེ་སྐད་ཅེས་བྱ་སྟེ། འདི་འདྲ་ཞེས་བྱ་བ་ནི་མ་བརྟགས་ན་ཉམས་དགའ་བའོ། །དེ་ལྟ་མ་ཡིན་ན་དུ་བ་ལ་སོགས་པ་ལ་ཡང་རྣམ་པར་རྟོགས་པར་བྱ་བར་ནུས་ཏེ། ཅི་རྫས་བརྒྱད་ཀྱི་དུ་བ་རྟགས་ཉིད་དུ་ཁས་ལེན་ཏམ། འོན་ཏེ་རྣམ་པར་ཤེས་པ་དང། རང་བཞིན་དང། ་དུས་ལ་སོགས་པའི་རྣམ་པར་འགྱུར་བ་ཡིན། གཞན་ཡང་ཡན་ལག་ཅན་ནམ། རྡུལ་ཕྲ་རབ་རྣམས་ཀྱི་བསགས་པ་ཉིད་ལ་སོགས་པ་རྟོག་པ་ན་གང་ཡང་རུང་བ་ལ་མ་གྲུབ་པའི་སྐྱོན་དུ་འགྱུར་རོ། །བཙལ་མ་ཐག་ཏུ་བྱུང་ཞེས་བྱ་བ་དང། བྱས་དང་མི་རྟག་སྒྲུབ་བྱེད ་གང། ཞེས་བྱ་བ་ལ་སོགས་པ་ལ། ཁོ་བོ་ཅག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཙལ་མ་ཐག་ཏུ་བྱུང་བའི་ཤེས་པ་ཁོ་ན་འབྲས་བུ་ཡིན་ཏེ། སོ་སོར་བརྟགས་པས་འགོགས་པ་ལ་སོགས་པ་དེ་རྩོམ་པར་བྱེད་པ་ཞེས་བྱ་བ་དགག་པ་དང་སྦྱར་རོ། །གལ་ཏེ་མདོ ་སྡེ་བའི་ལུགས་ཀྱིས་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་འཁྲུལ་པ་གཞན་བརྗོད་པ?་དེའི་ཚེ་འཁྲུལ་པར་མ་གྲུབ་སྟེ། དེ་དག་གི་ལུགས་ཀྱིས་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་འབྲས ་བུ་འགའ་ཞིག་རྩོམ་པར་རིགས་པ་མ་ཡིན་ཏེ། དེའི་མཚན་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་དོན་གྱི་བྱ་བ་བྱེད་པ་གང་ཡིན་པ་དེ་ཉིད་དོན་དམ་པ་ཡིན་ལ་གཞན་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་ཏུ་ཡོད་པའི་མཚན ་ཉིད་ཡིན་ནོ། །ཅི་སྟེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུས་ཀྱི་འཁྲུལ་པ་དེ་ཡང་སོ་སོར་བརྟགས་པ་མ་འགོག་པ་ལ་སོགས་པ་ཁྱེད་ཅག་གིས་འཛིན་པ་ལ་སོགས་པའི་བདག་ཉིད་ཅི་འདྲ་བ་བརྗོད་པ་གང་ཡིན་པ་དེ་འདྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མི་འདོད་དོ་ཞེས་སྟོན་པ་ནི་འགོག་པ་དག་ནི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། འགོག་པ་དག་ཅེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་དང། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་གཉིས་སོ། །དེ་དག་ཅི་འདྲ་བ་ཞེ་ན། གང་ཕྱིར་ཟག་བཅས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ནས་ཉོན་མོངས་པའི་དངོས་པོ་རྣམས་དང ་བྲལ་བ་གང་ཡིན་པ་དེ་ནི་སོ་སོར་བརྟག་པ་སྟེ། ཤེས་རབ་ཀྱིས་ཐོབ་པའི་ཕྱིར་སོ་སོ་བརྟགས་པའི་འགོག་པ་ཞེས་བྱ་ལ། དེ་ཡང་ལྡན་པའི་རྫས་རེ་རེ་ལ་ཐ་དད་པ་ཡིན་ནོ། །འདི་ཉིད་འཆད་པ་ནི་སོ་སོ་སོ་སོ་ཡིན་ཞེས་བྱ་སྟེ། ལྡན་པའི་རྫས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ ་སྙེད་དོ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་པའི་ཕྱིར་རོ། །ཆོས་མ་འོངས་པ་རྣམས་སྐྱེ་བོ་ལ་གཏན་དུ་གེགས་སུ་གྱུར་པ་བྲལ་བ་ལས་གཞན་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་བ་སྟེ། དེ་ཡང་སོ་སོར་བརྟགས་པས་ཐོབ་པ་ནི་མ་ཡིན་ནོ། །འོ་ན ་ཅི་ཞེ་ན། སྐྱེན་མ་ཚང་བ་སྟེ། དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་སྟེ། ཇི་སྐད་དུ། སོ་སོར་བརྟག་པས་འགོག་པ་གང། །བྲལ་པའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོ་བརྟགས་མིན་པས། ཞེས་བཤད་པ ་བཞིན་ནོ། །འཇིག་པའི་བདག་ཉིད་ཡིན་དུ་ཟད་མོད། །དེ་ལྟ་ན་ཡང་འཁྲུལ་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། རང་བཞིན་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོལ་མ་ཐག་ཏུ་བྱུང་བ་མིན་ཞེས་བྱ་བ་དང་སྦྱར་རོ། །གང་ལས་ཤེ་ན། རང་བཞིན་མེད ་པའི་ཕྱིར་ཏེ། ཇི་ལྟར་དངོས་པོ་ཡོད་པ་བཀག་པ་ཙམ་གྱི་འཇིག་པ་ཡིན་ལ། ནམ་མཁའ་ཡང་རེག་པར་བྱ་བ་མེད་པ་ཙམ་ཡིན་ཏེ། དེ་ལྟ་ཡིན་དང་འཇིག་པ་འདི་གཉིས་ཀྱང་རང་བཞིན་མེད་པ་ཡིན་ནོ། དེ་ཇི་ལྟར་འདི་དག་བཙལ་མ་ཐག་ཏུ་འབྱུང་བར་འགྱུར་ཏེ། ་སྦྱོར་བ་ལེགས་པར་གྱུར་ན། སྐྱེས་བུ་དེ་ཆུ་ཅུང་ཟད་དོ་བས་བཀྲུས་ལ་སྐམ་སའི་ཤི་འཁུ་བ་དང་འབྲས་ཆན་ཉུང་ཟད་ཅིག་སྦྱིན་པར་བྱའོ། །མས་བཏང་དྲག་པོའི་ནས་རྣམས་ཀྱིས། །དྲི་མ་བསྐྱོད་པར་བྱུང་གྱུར་པ། །དེ་ནི་ཆུ་དྲོན་གྱིས་བཀྲུ་དང།། ་ཁ་ཟས་ཚུལ་བཞིན་རྒོས་བས་འབྱད། ཞེས་བྱ་བ་ལ། སྐྱེས་བུ་བཀྲུ་སྨ་དྲག་པོ་མས་བཏང་བའི་ནད་རྣམས་ཀྱི་དྲི་མས་བསྐྱོད་ཅིང་འབྱུང་བར་བྱའོ། །ནད་དེ་ཆུ་དྲོན་པོ་འཇམ་པོས་བཀྲུ་བ་དང། དེ་བཞིན་དུ་ཁ་ཟས་ཚུལ་བཞིན་དུ་ཟོས་པས་བྱང་ཞིང་དག་པར་འགྱུར་རོ། ་གལ་ཏེ་རླང་གས་ཉམ་ཐག་ན། །སླར་ཡང་འཕྲལ་དུ་འཇམ་རྩི་བཏང། ཞེས་བྱ་བ་ལ། གལ་ཏེ་རླུང་གི་ནད་ཀྱིས་ཉམ་ཐག་ཅིང་གནོད་པར་འགྱུར་ན། སླར་ཡང་འཕྲལ་དུ་དུས་དེའི་ཚེ་ཉིད་འཇམ་རྩི་བཏང་བར་བྱ་སྟེ། སྣུམ་ཇི་ལྟ་བ་བཞིན་དུ་གསོ་ཞིང་བཅོས ་བ་ཉིད་དུ་བྱའོ། །དེ་ཡི་ལེགས་དང་མ་ལེགས་དང། དྲག་པ་སྣུམ་འཐུངས་འདྲར་ཤེས་བྱ། ཞེས་བྱ་བ་ལ། འཇམ་རྩིའི་སྦྱོར་བ་ལེགས་པ་དང། མ་ལེགས་པ་དང། དྲག་པ་རྣམ་པ་གསུམ། སྣུམ་འཐུངས་པ་དང། ཚུལ་འདྲ་བར་འགྱུར་ཏེ། དེ ་ཡང་འདི་ལྟར་རླུང་ནི་བདེ་རྒྱུ་མེ་དྲོད་འབར། །བཤང་བ་སྣུམ་ཞིང་མི་སྲི་ལ། །སྣུམ་མི་འདོད་ཅིང་སྙོམ་གྱུར་པ། །སྣུམ་ལེགས་ཡིན་ཏེ་རྩུབ་གོ་བཟློག་།སྣུམ་དྲགས་པ་ཡིས་སྐྱ་བ་དང། །སྣ་དང་ཁུ་རྐུབ་ལས་འཛག་འགྱུར། ཞེས་བྱ་བ ་འདི། འདི་དག་གི་སྦྱོར་པ་ལེགས་པ་དང། མ་ལེགས་པ་དང། དྲག་པར་གྱུར་པ་ཡིན་ནོ། །གང་ཞིག་དུས་ཅུང་ཟད་གནས། བཤད་དང་བཅས་པར་འབྱུང་འགྱུར་ཞིང། །མཐུར་དུ་དབུགས་དང་སྣུམ་ལྷན་ཅིག་།འབྱུང་འགྱུར་འཇམ་རྩི་ལེགས ་པ་ཡིན་བ་ཞེས་བྱ་བ་ལ། སྣུམ་གང་ཞིག་དུས་ཅུང་ཟད་ཅིག་གནས་ནས་བཤད་པ་དང་བཅས་པར་ལྷན་ཅིག་འབྱུང་བར་འགྱུར་ཞིང་དེ་བཞིན་དུ་དབུགས་ཀྱི་རྒྱུ་བ་ལེགས་པར་འབྱུང་བར་འགྱུར་ན། འཇམ་རྩི་དེའི་སྦྱོར་པ་ལེགས ་བ་ཡིན་ནོ། །བད་ཀན་ལ་ནི་མས་བཏང་བའི། །སྣུམ་གྱི་འཇམ་རྩི་གཅིག་གམ་གསུམ་བཏང་བྱ། མཁྲིས་པ་ལ་ནི་ལྔའམ་བདུན། །རླུང་ལ་དགུ་འམ་བཅུ་གཅིག་བཏང། ཞེས་བྱ་བ་ལ། བད་ཀན་གྱི་ནད་ལ་ནི་མས་བཏང་བའི་སྣུམ་གྱི་འཇམ་རྩི་གཅིག་གམ་གསུམ ་ཞིག་བཏང་བར་བྱའོ། །མཁྲིས་པའི་ནད་ལ་ནི་འཇམ་རྩི་ལྔ་འམ། བདུན་བཏང་བར་བྱའོ། །རླུང་ལས་གྱུར་པའི་ནད་ལ་ནི་དགུ་འམ་བཅུ་གཅིག་བཏང་བར་བྱའོ། །སླར་ཡང་དེ་ལས་ཟུང་མིན་པ། །མས་བཏང་རྗེས་ལ་བྱ་བ་ཡིན། ཞེས་བ་ལ། བད་ཀན ་ཤས་ཆེ་བའི་ནད་ལ། །གཅིག་གམ་གསུམ་བཏང་བས་སྦྱོར་བ་ལེགས་པའི་མཚན་ཉིད་མ་བྱུང་ན་ཡང་མས་བཏང་བ་དེའི་རྗེས་ལ་བྱ་ལ། དེ་ཡང་ཟུང་མ་ཐེམ་པར་བྱ་སྟེ། གཅིག་དང་གསུམ་དང་ལྔ་དང་བདུན་དང་དགུ་དང་བཅུ་གཅིག་ལ་སོགས་པ་ནི ་ཟུང་མ་ཡིན་ནོ། །གཉིས་དང་བཞི་དང་དྲུག་དང་བརྒྱད་ལ་སོགས་པ་ནི་ཟུང་སྟེ། ཟུང་མ་ཡིན་པ་ཞེས་བྱ་བ་ཐམས་ཅད་ལ་སྦྱར་བར་བྱའོ། དེ་ལྟར་འཇམ་རྩི་བཏང་བའི་རྗེས་ལ་སྦྱོར་བ་ལེགས་པར་གྱུར་ན་ཡང་མས་བཏང་བའི་ཆོ་ག་བྱའོ། །ཡང?་མཁྲིས་རླུང་ལ ་རིམ་བཞིན་ཟས། །ཡུ་ཤ་འོ་མ་ཤ་ཁུ་བཏང། ཞེས་བྱ་བ་ལ། བད་ཀན་གྱི་ནད་དང་ལྡན་ལ་ནི། དེའི་ཟས་ཡུ་ཤ་སྟེ་སྲན་མུངྒའི་ཁུ་བ་ལས་གཡོས་སུ་བྱས་པ་དང། ལྷན་ཅིག་བཏང་བར་བྱའོ། །མཁྲིས་པའི་ནད་ཡོད་པ་ལེན་ཟས་འོ་མ་དང་ལྷན་ཅིག་གཏང་བར་བྱའོ།། ་རླུང་གི་ནད་ཡོད་པ་ལ་ནི་ཟས་ཤ་ཁུ་དང་ལྷན་ཅིག་བཏང་བར་བྱའོ། །རླུང་འཇོམས་སྨན་ནི་རབ་གས?་སྐོལ་བ། །ངུར་བྱིད་རྒྱམ་ཚྭར་བཅས་པར་བྱ་སྣུམ་མངར་སྐྱུར་ཤ་ཁུ་དྲོ་སྦྱར་བ?། མས་བཏང་གཅིག་ནི་རླུང་ལ་ཕན། ཞེས་བྱ་བ་ལ། རླུང་ལ་ནི་མས་བཏང་བ ་གཅིག་ཏུ་བཤད། །དེ་ཡང་རླུང་འཇོམས་པའི་སྨན་ནི་བི་ད་རི་ལ་སོགས་པ་ལེགས་པར་བསྒོལ་བ་ལས་བྱས་པ་ངུར་བྱིད་དང། རྒྱམ་ཚྭ་གཉིས་ཀྱི་ལྡེ་གུ་དང་བཅས་ཤི་སྤྱད་བ་དང། དེ་བཞིན་དུ་ཏིལ་མར་ལ་སོགས་པའི་སྣུམ་དང་ལྡན་པ་དང། ་དེ་བཞིན་དུ་སྨན་རོ་མངར་བ་དང་སྐྱུར་བ་དང་ལྡན་པ་དང། དེ་བཞིན་དུ་ཤ་ཁུ་དྲོན་པོ་དང་སྦྱར་བའི་མས་བཏང་བ་ནི་རླུང་སེལ་བར་བྱེད་པ་ཡིན་ནོ། །ནྱ་གྲོ་དྷ་སོགས་སྡེ་ཚན་བསྐོལ། །ཤུག་སོགས་ཁར་དཀར་དང་སྦྱོར། །མངར ་བའི་བུ་རམ་ཤིང་ཁུ་མར། །འོ་མ་སྦྲང་རྩི་བཅས་མཁྲིས་སེལ། ཞེས་བྱ་བ་ལ། མཁྲིས་པའི་ནད་ལ་ནི་མས་བཏང་བ་ཉིས་ཏེ། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་བསྐོལ་བ་དང། ཤུག་པ་ལ་སོགས་པའི་སྡེ་ཚན་ཁར་དཀར་པོའི་ལྡེ་གུ་དང་བཅས ་པ་ལ་དེ་བཞིན་དུ་མངར་བ་དང་བསིལ་བ་དང། བུ་རམ་ཤིང་གི་ཁུ་བ་དང་མར་དང། འོ་མ་དང་སྦྲང་རྩི་དང་བཅས་པ་རྣམས་ཀྱིས་འཁྲིས་པ་སེལ་བ་བྱེད་པ་ཡིན་ནོ། །དོང་ཁ་ལ་སོགས་བསྐོལ་བ་དང། །དུག་མོ་ཉུང་སོགས་བཅས་པ ་གསུམ། །རྩུབ་དང་སྦྲང་རྩི་བ་གཅིན་བཅས། །རྣོ་ཞིང་དྲོ་ཁ་བད་ཀན་སེལ། ཞེས་བྱ་བ་ལ། བད་ཀན་གྱི་སྐབས་སུ་མས་བཏང་བ་གསུམ་ཡོད་དེ། དོང་ག་བསྐོལ་བའི་དུག་མོ་ཉུང་ལ་སོགས་པའི་ལྡེ་གུ་དང་བཅས་པ་གསུམ ་ལ་དེ་བཞིན་དུ་རྩུབ་དང་སྦྲང་རྩི་དང་བ་གཅིན་དང་བཅས་པ་རྣོ་བ་དང། དྲོ་བ་དང་ཁ་པའི་སྨན་རྣམས་སོ། །གསུམ་པ་འདུས་པའི་ནད་ལ་སྤང། གང་ཕྱིར་རིམ་བཞིན་སེལ་བ་ཡིན་ཞེས་བྱ་བ་ལ། འདུས་པའི་ནད་ལ་ནི་མས་བཏང་བ་གསུང་ཉིད་དུ་བཤད ་དེ། སྔར་བཤད་པའི་རླུང་དང་མཁྲིས་པ་དང་བད་ཀན་སེལ་བའི་གསུམ་པོ་ཉིད་ཡིན་པར་བསྟེན་ཏོ། །དེ་ཡང་གང་གི་ཕྱིར་མས་བཏང་བ་རྣམས་ཀྱི་རླུང་དང་མཁྲིས་པ་དང་བད་ཀན་རིམ་བཞིན་དུ་སེལ་ཞིང་འཇོམས་ཏེ། དེ་ལ་མས་བཏང་བ་གཅིག ་བཏང་བས་ནི་རླུང་སེལ་ལ། གཉིས་པས་ནི་མཁྲིས་པའོ། །གསུམ་པས་ནི་བད་ཀན་ནོ། །གསུམ་པོ་དེ་ལས་གཞན་པ་ཡི། །མས་བཏང་གསོ་ཤེས་གཞན་མི་འདོད། །གང་ཕྱིར་སླར་ཡང་སྦྱིན་བྱ་ཡི། །ཉེས་པ་བཞི་པོ་ཡོད་མ་ཡིན། ཞེས་བྱ་ལ ་མས་བཏང་བ་གསུམ་པོ་དེ་དག་ལས་གཞན་པའི་མས་བཏང་བ་བཞི་བར་ནི་གསོ་བ་ཤེས་ཤིང་སྨན་དཔྱད་ཀྱི་ལུང་ལ་མཁས་པའི་སྲོག་མཚོ་བའི་སློབ་དཔོན་གསན་ངག་མི་འདོད་ཅིང་ཁས་ལེན་པར་མི་བྱེད་དེ། གང་གི་ཕྱིར་སྔར་བཤད་པའི་ནད ་དམིགས་གསུམ་ལ་མས་བཏང་བ་གྲངས་ཇི་ལྟ་བ་བཞིན་དུ་ཡིན་པ་ལས། སླར་ཡང་གང་ཞིག་གསོ་བར་བྱ་བའི་ཕྱིར་སྦྱིན་པའི་ཉེས་པ་འམ་ནད་བཞི་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ནད་བསྐྱོད་དག་པར་བྱེད་པ་དང། ཞི་བར་བྱ་བའི་རིམ་པ་ཡིས། །མས ་བཏང་གསུམ་པོ་ཉིད་བརྟག་ཅེས། དེ་སྐད་གཞན་དག་སྨྲ་བ་ཡིན། ཞེས་བྱ་བ་ལ། སྨན་པ་གཞན་དག་ནི་མས་བཏང་བ་གསུམ་པོ་ཉིད་དུ་བརྟག་པར་བྱའོ། །ཞེས་དེ་སྐད་སྨྲ་བ་ཡིན་ཏེ། མས་བཏབ་པ་གཅིག་ནི་ནད་རྣམས་བསྐྱོད་པ་ལ་བརྟག་ཅིང་སྦྱར་བར་བྱའོ ་གཉིས་པ་ནི་ནད་རྣམས་དག་པར་བྱེད་པ་ཡིན་ནོ། །གསུམ་པ་ནི་ནད་རྣམས་ཞི་བར་བྱེད་པ་ཡིན་ནོ། །དེ་ལྟར་ནད་སྐྱོད་ཅིང་བསྡུ་བ་དང། ནད་སྦྱོང་ཞིང་དག་པར་བྱེད་པ་དང། ནད་རྣམས་ཞི་བར་བྱེད་པས་ན་ཞི་བ་སྟེ། དེ་ལྟར་གསུམ་ཡིན་ནོ་ཞེས་ཟེར་རོ། །ནད ་དང་སྨན་སོགས་སྟབས་ལས་ནི། །འདི་དག་ཐམས་ཅད་ཚད་མས་གཞལ། ཞེས་བྱ་བ་ལ། སློབ་དཔོན་འདི་དག་གིས་བཤད་པ་མས་བཏང་བ་གཞན་དང་གཞན་དུ་བཤད་པའི་ཚུལ་གང་ཡིན་པ་དེ་ཐམས་ཅད་ཚད་མས་གཞལ་བ་ཡིན་གྱི། སློབ ་དཔོན་པ་ལ་ནི་གཞུང་ཚད་མ་མ་ཡིན་ལ། ལ་ལའི་གཞུང་ནི་ཚད་མ་མེད་པ་ནི་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ཚད་མས་གཞལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ནད་དང་ནད་སྨན་སོགས་ལས་ནི། ཞེས་བྱ་བ་སྟེ། ནད་ཀྱི་སྟབས་ལ་སྨན་གྱི་སྟོབས ་ལས་དཔག་མ་ཡིན་ཏེ། སོགས་པའི་སྒྲས་ནི་ཡུལ་དང་དུས་དང་ལུས་ཀྱི་སྟོབས་དང་ལུས་ཚད་དང་ཁ་ཟས་དང་གོམས་པ་དང་སྙིང་སྟོབས་དང། རང་བཞིན་གྱི་སྟོབས་ཀྱི་ནུས་པ་ལས་དཔག་པས་ཡིན་ཏེ། གཞུང་འདི་ནི་ཀུན་ལ་ཁ་བསྐང ་དགོས་པའི་ལྷག་ཡིན་པར་ཤེས་པར་བྱའོ། །ཡང་གསོ་བ་ཤེས་པའི་སློབ་དཔོན་མས་བཏང་བ་གཞན་དུ་འདོད་པ་དེ་ཐམས་ཅད་ཀྱི་གཞུང་ཡང་འདི་ཉིད་ཡིན་གྱིས་ལ་ལ་ཙམ་གྱིས་མ་ཡིན་ནོ། །བཀྲུ་སྨན་དྲག་བཏང་ལགས་མཚན ་མ། །མ་མཐོང་བར་དུ་འཕྲོ་མི་བཅད། ཅེས་བྱ་བ་ལ། ཇི་སྲིད་བཀྲུ་དྲག་པོ་བཏང་བའི་མཚན་མ་ལེགས་པར་མ་མཐོང་ཞིང། མ་བྱུང་བ་དེ་དཔྱིད་ཀྱི་བར་དུ། ནི་རུ་ཧ་བཏང་བའི་འཕྲོ་བཅད་པར་མི་བྱ་སྟེ། དེ་ན་ཇི་སྲིད་མཚན་ལེགས་པ་མཐོང་བར་གྱུར་པ ་དེ་སྲིད་ཀྱི་བར་དུ་བཀྲུ་སྨན་དྲག་པོ་བཏང་པར་བྱའོ། ཞེས་སྟོན་པ་ཡིན་ནོ། །འདི་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། འཇམ་རྩི་བཏང་བའི་ཚེ་ན་ཡང། །ཇི་སྲིད་འཇམ་རྩི་ལེགས་པར་གྱུར་པའི་མཚན་མ་བྱུང་བ་དེ་སྲིད་ཀྱི་བར་དུ་མ་བཏང་བ་འཕྲོ་མི་བཅད་ཀྱི། ་དེ་བྱུང་གི་བར་དུ་འཇམ་རྩི་བཏང་བར་བྱའོ། །གང་ཉེ་བར་མཚོན་པ་ཙམ་དུ་བཞག་པ་འདི་འཇམ་རྩི་ལ་ཡང་པའི་ཕྱིར། གཞུང་ཙོམ་པར་བྱེད་པས་འདིར་ཡན་ལག་བརྒྱད་པ་བསྡུས་པ་ལས་འདི་སྐད་སྨྲས་པ་ཡིན་ཏེ། དང་པོར་སྣུམ་གཅིག་ཐ ་མར་ལྔ། །བཀྲུ་སྨན་དྲག་པོ་བཅུ་གཉིས་ཏེ། །འཇམ་རྩི་བཅས་པ་མས་བཏང་བའི། །ལས་ནི་སུམ་ཅུར་བཤད་པ་ཡིན། ཞེས་བྱ་བ་ལ། བཀྲུ་སྨན་དྲག་པོ་མས་བཏང་བ་གཉིས་པ་དང་བཞི་པ་དང་དྲུག་པ་དང་བརྒྱད་པ་དང། བཅུ་པ་དང། །བཅུ་གཉིས་པ་དང། ་།བཅུ་བཞི་པ་དང། བཅུ་དྲུག་པ་དང། བཅོ་བརྒྱད་པ་དང། ཉི་ཤུ་པ་དག་ཉི་ཤུ་རྩ་གཉིས་པ་དང། ཉི་ཤུ་རྩ་བཞི་པ་ཞེས་བྱ་བ་དང་དེ་བཞིན་དུ་བཀྲུ་སྨན་དྲག་པོ་མས་བཏང་བ་བཅུ་གཉིས་ཏེ། གསུམ་པ་དང། ལྔ་པ་དང། བདུན་པ་དང། ་དགུ་པ་དང། བཅུ་གཅིག་པ་དང། བཅུ་གསུམ་པ་དང། བཅོ་ལྔ་པ་དང། བཅུ་བདུན་པ་དང། བཅུ་དགུ་པ་དང། ཉི་ཤུ་རྩ་གཅིག་པ་དང། ཉི་ཤུ་རྩ་གསུམ་པ་དང། ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་དང། འཇམ་རྩིར་བཅས་པ་ཞེས་བྱ་སྟེ། ཆོ་ག ་འདིས་ནི་མས་བཏང་བའི་ལས་སུམ། ཅུར་བཤད་པ་ཡིན་ནོ། །དུས་ནི་བཅོ་ལྔ་འདིར་གཅིག་ནི། །ཐོག་མའི་སྣུམ་ནི་ཐ་མར་གསུམ། །དྲུག་དང་མ་བཏང་ལྔ་པར་བཤད། །ཅེས་བྱ་བ་ལ། མས་བཏང་བའི་དུས་ནི་བཅོ་ལྔ་སྟེ། ཇི་ལྟ་ཞེ་ན། ཐོག་མར་དེ་དང་པོ་སྣུམ་གྱི ་ལན་ཅིག་དང། མཛའ་མ་སྣུམ་གྱི་ལན་གསུམ་སྟེ། བཅུ་གསུམ་པ་དང། བཅུ་བཞི་པ་དང། བཅོ་ལྔ་པ་དང། དེ་བཞིན་དུ་སྣུམ་དྲུག་སྟེ། གཉིས་པ་དང། བཞི་པ་དང། དྲུག་པ་དང། བརྒྱད་པ་དང། བཅུ་པ་དང། བཅུ་གཉིས་པ་ཞེས་བྱ་བ་དང། ཇི་ལྟ་བུ་ཞེ་ན། མས ་བཏང་བའི་འཇམ་རྩི་ལྔ་སྟེ། གསུམ་པ་དང། ལྔ་པ་དང། བདུན་པ་དང། དགུ་པ་དང། བཅུ་གཅིག་པ་ཞེས་བྱ་བས་བར་དུ་བཅད་ཅིང་ཆོད་པའི་བཀྲུ་སྨན་དྲག་པོ་མས་བཏང་བ་སྟེ། དེ་ལྟར་ན་མས་བཏང་བའི་དུས་བཅོ་ལྔ་ཡིན་ནོ། །མས་བཏང་སྦྱོར་འདིར ་བརྒྱད་ཡིན་ཏེ། །ནི་རུ་ཧ་དང་སྣུམ་གསུམ་དང། ཐོག་མ་ཐ་མ་གཉིས་གའོ། ཞེས་བྱ་བ་ལ། མས་བཏང་བའི་སྦྱོར་བ་འདིར་བརྒྱད་ཡིན་ཏེ། སྦྱོར་བ་འདི་ལ་ཐོག་མ་དང་ཐ་མ་གཉིས་ཀ་སྟེ། དང་པོ་དང་བརྒྱད་པ་ཞེས་བྱ་བའི་སྣུམ་གྱི་ལས་དང། ནི་རུ ་ཧ་གསུམ་སྟེ། གཉིས་པ་དང། བཞི་པ་དང། དྲུག་པ་དང། སྣུམ་གསུམ་སྟེ། གསུམ་པ་དང། ལྔ་པ་དང། བདུན་པ་ཞེས་བྱ་བ་སྟེ། དེ་ལྟར་ན་སྤྱིར་བརྒྱད་ནི་སྦྱོར་བ་ཡིན་ནོ། །འཇམ་རྩི་འམ་བཀྲུ་སྨན་མས་བཏང་དྲག་།གཅིག་ཏུ་ལྷག་པར་བསྟེན་མི་བྱ། ། ་འཇམ་རྩི་ནད་གློངས་མེ་དྲོད་འཇོམས། །ནི་རུ་ཧས་རླུང་བསྐྱེད་འཇིགས་ཡོད། །དེ་པས་སྣུམ་རྗེས་བཀྲུས་དྲག་བཏང། །ཁྲུས་དྲག་བཏང་ནས་འཇམ་རྩི་བྱ། །དེ་ལྟར་རིག་པས་སྣུམ་སྦྱང་བྱས། །མས་བཏང་ལས་ནི་ཉེས་གསུམ་སེལ། ཞེས་བྱ ་བ་ལ། དེ་ལྟར་ན་ནི་རུ་ཧ་སྟེ་དཀྲུ་སྨན་དྲག་པོ་མས་བཏང་བའི་ཐོག་མར་འཇམ་རྩི་བྱ་ལ། དེའི་འོག་ཏུ་བཀྲུ་སྨན་དྲག་པོ་མས་བཏང་བར་བྱ་ལ། དེའི་འོག་ཏུ་འཇམ་རྩིའི་རྒྱུན་ནི་འཆད་པར། ནི་རུ་ཧ་ཅིག་ཏུ་བསྟེན་པར་མི་བྱ་ཞིང། །འཇམ་ལྕི ་འབའ་ཞིག་རྒྱུན་མི་མཆད་པར་ཧ་ཅང་དྲགས་པར་བཏང་བར་མི་བྱ་ཞིང། བསྟེན་པར་མི་བྱ་སྟེ། གང་གི་ཕྱིར་འཇམ་རྩི་རྒྱུན་ཏུ་བསྙེན་དྲགས་པས་ནི། ནད་རྣམས་གློངས་པས་ནི་ཁམས་འཁྲུགས་པར་གྱུར་པ་དང། དེ་བཞིན་དུ་མེའི ་དྲོད་འཇོམས་པའི་ཕོ་བའི་མེ་དྲོད་ཀྱིས་ཟས་འཇུ་མི་ནུས་པར་འགྱུར་རོ། །དེ་བཞིན་དུ་ནི་རུ་ཧ་བསྟེན་དྲགས་པས་རླུང་ནད་སྐྱེད་པར་བྱེད་དོ། །གླུང་གི་ནད་ལྡང་པའི་འཇིགས་པ་ཡོད་དེ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བཀྲུ་སྨན་དྲག་པོ་མས་བཏང་བར ་པའི་སྐྱེས་བུའི་ནི། འཇམ་རྩི་གསུམ་གྱི་སྦྱོར་མས་བཏང་བར་བྱ་ལ། གང་འཇམ་རྩི་བྱ་བ་དེ་ལ་ནི་བཀྲུ་སྨན་དྲག་པོ་མས་བཏང་བར་བྱ་དགོས་ཏེ། ནད་གློངས་པ་དང་མེ་དྲོད་འཇོམས་པ་དེས་བསལ་བར་བྱ་བའི་ཕྱིར་རོ། །དེ་ལྟར་ན་རིགས་པ་འདིའི ་རིམ་པས་སྣུམ་གྱི་མས་བཏང་བ་བྱས་པ་དང། དེའི་འོག་ཏུ་ནི་རུ་ཧ་བྱ་ལ། དེ་ལྟ་བུའི་སྦྱང་བ་བྱས་ནས། མས་བཏང་བའི་ལས་དེས་ནས་གཞི་གསུམ་གྱི་ཉེས་པ་སེལ་བར་འགྱུར་རོ། །སྣུམ་གྱི་ཚད་ནི་ཆུང་དུ་ཡི། །ཚད་དང་དེ་ནི་མཉམ་པ་ཡི། །སྣུམ ་ཟད་འཇམ་རྩིའི་ཆད་དུ་བཤད། དེ་ནི་བྱིས་རྒན་ལམ་དང་ཁུར། །བུད་མེད་རྩོལ་ཞེན་པས་དུབ་དང། །རླུང་ནད་ཀྱིས་ཞུམ་མེ་དྲོད་ཆུང། །རྒྱལ་པོ་ཕྱུག་པོ་ལ་བདེ་བ། ཡིན་པས་རྟག་ཏུ་བསྟེན་པར་བྱ། །ནད་འཇོམས་སྤང་བ་མེད་པ་དང།། ་སྟོབས་བསྐྱེད་བཤད་པ་བདེ་བར་འགྱུར། ཞེས་བྱ་བ་ལ་སྣུམ་ལས་ཞུན་མར་འབའ་ཞིག་བཏུང་བའི་ཚད་ཆུང་དུ་ཐུན་གཉིས་ཀྱིས་འཇུ་བར་འགྱུར་པའི་མཚན་ཉིད་ཅན་གྱི་ཚད་དེ་དང་མཉམ་པར་བྱས་པའི་སྣུམ་གྱི་ཚད། འཇམ་རྩིའི ་ཚད་དུ་བར་ཉིད་དེ། དེ་ནི་འཇམ་རྩིའི་ཆུང་ཚད་ཅེས་བྱ་བ་ལ་ཚད་དེ་ནི་བྱིས་པ་དང་རྒན་པོ་ལ་སོགས་པས་དུས་རྟག་ཏུ་རྒྱུན་མི་འཆད་པར་བསྟེན་ཅིང་གོམས་པར་བྱའོ། །དེ་བསྟེན་ཅིང་གོམས་པར་བྱེད་པ་ནི་ནད་མེད་པར་བྱེད་པ ་དང། བདེ་བར་ཡིན་པས་བྱིས་ལ་སོགས་པ་ལ་ཡང་བཏང་དུ་རུང་བས་གོམས་པར་སྤྱད་པར་བྱའོ། །དེ་བཞིན་དུ་ནད་འཇོམས་པ་སྟེ། རླུང་དང་མཁྲིས་པ་དང་པད་ཀན་ཡང་འཇོམས་ཤིང་སེལ་བར་བྱེད་དོ། །དེ་བཞིན་དུ་ཡང་འདི་ནི་སྤང་པ་མེད་པ་ཡིན་ཏེ། ་ཁ་ལག་ཆུ་དྲོན་གྱིས་བཀྲུ་ཞིང་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྔར་བཤད་པའི་གདམ་བག་མི་དགོས་པ་ཡིན་ལ། དེ་ཉིད་ཀྱིས་ན་བྱིས་པ་ལ་སོགས་པ་བདེ་བའི་བདག་ཉིད་ཅན་ནོ། །དེ་བཞིན་དུ་སྟོབས་སྐྱེད་པ་ཡིན་ཏེ། ནུས་པ་བསྐྱེད་པ་ཡིན་ནོ།། ་དེ་བཞིན་དུ་བཤད་པ་བདེ་བར་འབྱུང་བར་བྱེད་པ་ཡིན་ཏེ། གང་ཞིག་བཏང་བས་བཤད་པ་བདེ་བླུག་དུ་འབྱུང་བར་བྱེད་པ་དེ་སྐད་ཅེས་བྱའོ། །མས་བཏང་བུད་མེད་རོ་སྨད་ཀྱི། །མངལ་དང་མོ་མཚན་ནད་རྣམས་ལ། །བཀྲུས་དྲགས་གསུམ་གྱིས ་དག་པར་ནི། །མས་བཏང་གོང་ནས་བཏང་བར་བྱ། ཞེས་བྱ་བ་ལ། འདིར་མས་བཏང་བ་ནི་ལུས་ཀྱི་ཡན་ལག་ཕྱོགས་གཅིག་འབབ་པའི་ཕྱོགས་ནས་བཏང་བ་སྟེ། དེ་ནི་གཅིན་སྲི་བ་ལ་སོགས་པའི་ནད་གང་དག་ཡོད་པའི་སྐྱེས་པ་དང། བུད་མེད་དང ་མ་ན་དེ་གི་མཚན་ནས་བཏང་བ་གོང་མ་བཏང་བར་བྱའོ། དེ་དག་ཐམས་ཅད་ཀྱང་ལན་གཉིས་སམ་ལན་གསུམ་དུ་བཀྲུ་སྨན་དྲག་པོ་མས་བཏང་བས་དག་ཅིང་སྐྱོན་བསལ་བ་ལ། མས་བཏང་བ་གོང་མ་བཏང་བ་བྱའོ། །དེ་ཡི་གཅེའུ་ནད་པ་ཡི། །སོར་ཚད་བཅུ ་གཉིས་ཆད་དུ་བྱ། །སྣུམ་ཞིང་བ་ལང་མཇུག་མ་འདྲ། །རྩ་བ་དབུས་སུ་གག་པ་གདགས། །རྩེ་མོ་ཡུངས་ཀར་ཤོང་བ་ཙམ། །འཇམ་པ་གསེར་ལ་སོགས་པས་བྱས། །ཀུན་ད་སྲི་ཞིང་སོ་མ་ནི། མེ་ཏོག་རྩེ་མོ་ལྟར་ཟུམ་སྟེ། ཞེས་བྱ་བ་ལ། དེའི ་ཞེས་བྱ་བ་ནི། །འདས་མ་ཐག་པའི་མས་བཏང་བ་གོང་མ་ལ་སྙེགས་ཏེ། དེའི་གཅེའུ་ནི་ནད་པ་གང་ཡིན་པའི་སོར་ཆད་ཀྱིས་གཞལ་ལ། དེ་ཡང་སོར་བཅུ་གཉིས་སུ་བྱའོ། །དེ་བཞིན་དུ་དེ་ཟླུམ་པ་དང། བ་ལང་གི་མཇུག་མ་ལྟར ་རྩེ་མོ་རིམས་ཀྱིས་ཕྲ་བ་དང། དེ་བཞིན་དུ་རྩ་བ་དང། དབུས་ཏེ་བར་དུ་གག་པ་གདགས་པར་བྱ་སྟེ། འདིར་གག་པ་གཅིག་ནི་དབུས་སུ་བྱ། །དེ་ཡང་ཚད་ནང་དུ་ནུབ་པའི་ཚད་ལས་ཐལ་པར་གག་བྱེད་ནུས་པ་ཙམ་ལ། ་གཉིས་པ་རྩ་བར་གནས་པར་བྱ་བ་ནི་རྐྱལ་བུ་ལ་གདགས་པ་ལ་དགོས་པ་ཡིན་ནོ། །ཡང་དེ་བཞིན་དུ་དེའི་རྩེ་མོའི་བུ་གའི་ཚད་ཡུངས་ཀར་ཤོང་བ་ཙམ་ལ་བྱའོ། །འཇམ་པ་ནི་རྩུབ་བག་མེད་པའོ། །གསེར་ལ་སོགས་པ་ལས་བྱས་པ་ནི ་མས་བཏང་བ་དག་གི་ཚེ་རྒྱུ་དང་མཚུངས་པར་བྱའོ། །དེ་བཞིན་དུ་མེ་ཏོག་ཀུནད་ལ་སོགས་པའི་རྩེ་མོ་ཁ་མ་ཕྱེ་བ་ལྟར་བྱིན་གྱིས་ཕྲ་ཞིང་ཟླུམ་པའོ། །གང་ལ་མེ་ཏོག་དང་འབྲས་བུ་ཆགས་པའི་དེའི་རྩ་བའི་ཕྲ་མོ་སྟེ་དེ་ལ་བྱའོ། །དེའི་རྐྱལ་བུ ་འཇམ་ཞིང་ཡང། ཞེས་བྱ་བ་ལ། མས་བཏང་བ་གོང་མ་དེའི་རྐྱལ་བུ་ནི། ར་སྐྱེས་ལ་སོགས་པའི་ལྒང?་པ་འཇམ་ཞིང་མཉེན་ལ་ཡང་ཞིང་ཆུང་ངུ་གདགས་པར་བྱའོ། །ཚད་སྲང་ཕྱེད་དམར་ག་རིགས་བྱ། ཞེས་བྱ་བ་ལ། འཇམ་རྩི་གོང་མ ་དེའི་ཚད་ནི་སྣུམ་གཏོང་བ་ན་སྲང་ཕྱེད་བྱ་བ་འམ། གར་རིགས་པར་བྱ་བ་སྟེ། ནང་ལ་སོགས་པའི་ཚད་ལས་དཔགས་ནས་ཇི་ལྟར་འོས་པར་བྱ་བ་སྟེ། དེས་ན་ནད་ཀྱི་ཚོད་ལས་དཔགས་ཏེ། སྲང་ཕྱེད་པས་ཆུང་པར་ཡང་བྱའོ་ཞེས་བྱ་བའི ་དོན་ཏོ། །དེ་ནས་ཁྲུས་བྱས་ཟན་ཟོས་ལ། །འཇམ་རྩི་བཏང་བའི་ཆོ་ག་བྱ། །ཁྲི་སྟེགས་པུས་མཉམ་མཛད་པ་ལས། །དྲང་ཞིང་བདེ་བར་འདུག་ནས་ནི། །ཕོ་མཚན་དྲང་ཞིང་བཏེག་པར་བྱ། །སྤུབས་སྦྱང་ཕྱིར་ནི་ཐུར་དུ་ནི། འཇམ་པ ་རིམ་གྱིས་གཞུག་པར་བྱ། །དེ་ནས་ཕོ་མཚན་དང་འཆམ་པ། །འབྲས་བུའི་མཐར་ཐུག་པར་བཏང་བ། །མི་འདར་འཇམ་རྩི་གཏོང་ལྟར་བྱ། །བརྩིར་ཏེ་བཏང་ལ་སྣུམ་རྗེས་བྱ། །འཇམ་རྩི་རིམ་པ་བཞིན་དུ་བྱ། ཞེས་བྱ་བ་ལ ་དེ་ནས་དེའི་འོག་ཏུ་ལེགས་པར་ཁྲུས་བྱས་ཤིང་ཟན་པར་ཟོས་པའི་སྐྱེས་བུ་དེའི་མཚན་དུ་དང་པོར་ཐུར་མ་ཕྲ་མོ་བཅུག་ལ། །དེའི་འོག་ཏུ་གཅེའུ་གཞུག་པར་བྱའོ། །ཅི་ལྟར་ཞེ་ན། འཇམ་རྩི་གཏོང་བའི་ཆོ་ག་བྱ་ཞེས་བྱ་བས་ཏེ། སྔར་བཤད་པའི་མས ་བཏང་བའི་ཆོ་གས་བྱའོ། །དེ་བཞིན་དུ་ཁྲའི་སྟེགས་བུ་པུས་མོ་དང་དཔངས་མཉམ་ཞིང་འཇམ་པའི་སྟེང་དུ། དྲང་ཞིང་ལུས་མ་ཡོ་པར་བདེ་བར་འདུག་པ་དེ་བཞིན་དུ་ཕོ་མཚན་དགའ་བས་བཏེག་ཅིང་ལྡང་བར་བྱས་ལ། དང་ཞིང་མ་ཡོ་བར་བྱས ་ནས་གཅི་པའི་ལམ་གྱི་སྡུབས་དག་པར་བྱ་བའི་ཕྱིར་ཐུར་མ་འཇམ་པོ་རིམ་གྱིས་དལ་བར་གཞུག་པར་བྱའི། །ཅིག་ཅར་མྱུར་དུ་གཞུག་པར་མི་བྱའོ། །དེ་ནས་ཐུར་མ་དེས་ཕོན་ཆན་གྱི་སྒྲུབས་དག་ཅིང་སྦྱངས་པའི་རྗེས་ལ་ཕོ་མཚན་དང་མཆིམ་པའི་གཅེའུ ་འབྲས་བུའི་མཐར་ཐུག་པའི་བར་དུ་བཏང་བར་བྱ་ལ། དེ་ཡང་ལག་པ་མི་འདར་པར་མཇལ་མར་འཇམ་རྩི་གཏོང་བ་དང་ཚུལ་འདྲ་བར་བྱས་ལ་བཙིར་བ་དང། བཏང་བ་དང་སྣུམ་གྱི་རྗེས་ལ་བྱ་བ་དག་ནི། འཇམ་རྩིའི་ཚེའི་རིམ་པ་ཇི་ལྟ་བ་བཞིན་དུ ་བྱ་བ་འདི་ལ་ཕན་པ་ཡིན་ནོ། །དེ་ཡི་རིམ་པ་འདི་ཡིན་ཏེ། བཏང་ནས་ལུས་ནི་གན་རྐྱལ་བཞག་།རྐུབ་ཅོས་ལག་པས་བཏབ་པར་བྱ། ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མས་བཏང་ཆོག་འདི་ཡིས་ནི། །གསུམ་མམ་བཞི་ཡི་བར་དུ་བཏང ་ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་ཆོག་འདིས་མས་བཏང་བའི་ཆོ་ག་གོང་མ་ལན་གསུམ་བཞིའི་བར་དུ་བཏང་བར་བྱའོ། །ལྷག་མ་འཇམ་རྩི་ཇི་ལྟ་བར། །འདི་ལ་ཐམས་བཅད་སྦྱར་བྱ། ཞེས་བྱ་བ་ལ། ཆོ་ག་ཐམས་ཅད་འཇམ་རྩི་དང ་འདྲ་བར་བྱ་བ་སྟེ། སྦྱོར་བ་ལེགས་པ་དང་སྦྱོར་བ་མ་ལེགས་པ་དང། སྦྱོར་པ་དྲགས་པ་དང། དེ་བཞིན་དུ་དེའི་གནད་པ་བསལ་བའི་སྨན་ལ་སོགས་པ་གང་དག་ཡིན་པ་འདི་དག་ལ་ཡང་སྦྱར་བར་བྱ་ཞིང་ཤེས་པར་བྱས་ལ་བརྟག་པར ་བྱའོ། བུད་མེད་ཟླ་མཚན་དུས་སུ་ནི། །མངལ་བྱེ་བས་ནི་ཆགས་པར་འགྱུར། །དེ་ཕྱིར་དེ་ཚེ་བཏང་བར་བྱ། །རབ་ན་དུས་མིན་པར་ཡང་བཏང། །མོ་མཚན་ཉམ་དང་གཟེར་བ་དང། མངལ་ཁྲག་རྟག་ཏུ་འབྱུང་བཏང་བ། ཞེས ་བྱ་བ་ལ། བུད་མེད་ཟླ་མཚན་འཛག་པའི་དུས་སུ་འཇམ་རྩི་འོ་མ་འཛག་པར་བྱའོ། །ཟླ་མཚན་དང་པོ་འཛག་པ་ན་ཞག་བཅུ་གཉིས་ཀྱི་བར་དུ་བུད་མེད་ཀྱི་ཟླ་མཚན་གྱི་དུས་ཡིན་ཏེ། དུས་དེའི་བར་དུ་དེའི་མས་བཏང་བའི་ལས་བྱའོ། །ཅིའི་ཕྱིར་ཞེ་ན། ་དུས་དེའི་ཚེ་མས་བཏང་བ་གོང་མ་ནས་སྣུམ་བཏང་བ་གང་ཡིན་པ་དེ་མངལ་བྱེ་བས་དེར་ཆགས་པར་འགྱུར་ཞིང་ལེན་པར་འགྱུར་ཏེ། །དེའི་ཚེ་བུད་མེད་ཀྱི་མངལ་གྱི་ཁ་བྱེ་ནས་གནས་པ་ཡིན་ནོ། །དེ་ཇི་སྐད་དེའི་ཚེ་མངལ་ཆགས་པར ་འགྱུར་བ་དེ་བཞིན་དུ་མས་བཏང་བ་ཡང་དེའི་ཚེ་ཆགས་ཀྱི་གཞན་གྱི་ཚེ་ནི་མ་ཡིན་ནོ། །དེ་ཡང་གཞུང་ལས་དཔེར་ན་ཉི་མ་ནུབ་གྱུར་ན། །པདྨའི་ཁ་ནི་ཟུམ་པར་འགྱུར། །དེ་བཞིན་ཟླ་མཚན་དུས་འདས་ན། །ཁུ་བ་ཆགས་པར་མི་འགྱུར་རོ།། ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་རབ་ན་དུས་ཡིན་པར་ཡང་བཏང་ཞེས་པ་སྟེ། །དེས་གསོ་བར་བྱ་བའི་ནད་ཚབས་ཆེར་བྱུང་བར་གྱུར་ན་དུས་མ་ཡིན་ཏེ། ཟླ་མཚན་རྒྱུ་བའི་དུས་མ་ཡིན་ན་ཡང་མས་བཏང་བ་གོང་མ་བཏང ་བར་བྱའོ། །མོ་མཚན་ཉམ་པར་གྱུར་བ་ལ་སོགས་པ་ལ་ཡང་བཏང་བར་བྱ་སྟེ། མོ་མཚན་ཉམས་པ་ལས་ནི་གནས་དེ་ལས་འཆུགས་ཤིང་ཞིག་པའོ། །དེ་བཞིན་དུ་མངལ་ན་པ་སྟེ། མངལ་གྱི་ནང་རྣམ་པ་མང་པོ་འབྱུང ་བ་དང། དེ་བཞིན་དུ་མོ་མཚན་གཟེར་ཞིང་ཟུག་པ་དང། དེ་བཞིན་དུ་མངལ་ནས་རྟག་ཏུ་ཁྲག་འཛག་ཅིང། ཁ་དོག་སྣ་ཚོགས་པའི་ཁྲག་དུས་རིང་པོར་འཛག་པའི་ནད་ནི། མངལ་ཁྲག་རྟག་ཏུ་འབྱུང་བ་སྟེ། དེ་ལ་ཡང་བཏང ་བར་བྱའོ། །གཅེའུ་སོར་བཅུ་རྩེ་མོ་ཡི། བུ་ག་མུངྒ་ཤོང་སོར་བཞི། །མངལ་གྱི་གནས་སུ་བཏང་བར་བྱ། །སོར་གཉིས་གཅིན་འབབ་ལམ་དུ་བཏང། གཅིན་འགགས་པ་ཡི་ནང་རྣམས་ལ། བུ་མོ་རྣམས་ལ་སོར་གཅིག་བཏང། ཞེས་བྱ ་བ་ལ་མངལ་ཆགས་སུ་རུང་བའི་བུད་མེད་ཐམས་ཅད་དང། ཆགས་སུ་མི་རུང་བའི་བུ་མོ་གཞོན་ནུའི་མས་བཏང་བའི་གོང་མའི་གཅེའུའི་ཆད་ནི་སྤྱིར་སོར་བཅུ་བྱའོ། །ཞེས་བྱ་བར་ཤུགས་ཀྱིས་སྦྱོར་དེ་བཞིན་དུ་རྩེ་མོའི་བུ་ག་སྲན་མུངྒ་ཤོད ་ཞིང་འགྱུར་དུ་རུང་བར་བྱ་ལ། དེ་ལས་སོར་བཞི་ནི་བུད་མེད་ཆེ་བའི་མངལ་གྱི་གནས་སུ་བཏང་བར་བྱའི་དེ་ལས་ལྷག་པར་ནི་མི་བྱའོ། །དེ་བཞིན་དུ་སོར་གཉིས་གཅིན་འབབ་ཅིང་འབྱུང་བའི་ལམ་དུ་བཏང་བར་བྱའོ། གཅིན་འགགས་པའི ་ཡོད་པའི་བུ་མོ་ཤིན་ཏུ་ཆུང་ངུ་རྣམས་ལ་གཅིན་འབབ་པའི་ལམ་དུ་སོར་གཅིག་བཏང་བར་བྱ་ཞིང་གཞུག་པར་བྱའོ། །འབྲིང་ཚད་སྲད་ནི་གཅིག་པ་སྟེ། བུ་མོ་རྣམས་ལ་སྲད་ཕྱེད་ཉིད། །ཅེས་བྱ་བ་ལ། བུད་མེད་རྣམས་ཀྱི་མས་བཏང་པ ་གོང་མའི་འབྲིང་ཚད་ནི་སྲང་གཅིག་བྱའོ། །བུ་མོ་རྣམས་ཏེ་བུ་མོ་ཆུང་ངུ་རྣམས་ཀྱི་འབྲིང་ཚད་ནི་སྲང་ཕྱེད་ཉིད་ཡིན་ནོ། །མལ་དུ་གན་རྒྱལ་འདུག་ནས་ནི། །བརླ་ནི་ལེགས་པར་བསྐུམ་ནས་སུ། །གཅིག་ལ་ལན་གསུམ་ལན་བཞི ་བཏང། དེ་ལྟར་མས་བཏང་ཞག་གསུམ་ལ། །སྣུམ་གྱི་ཚད་ནི་བསྐྱེད་པར་བྱ། །དེ་ནས་ཞག་གསུམ་ངལ་གསོས་ནས། །སླར་ཡང་ཞིག་གསུམ་བཏང་བར་བྱ། ཞེས་བྱ་བ་ལ། བུད་མེད་དེ་མལ་དུ་གན་རྒྱལ་དུ་བྱས་ཏེ། འདུག ་ཅིང་གནས་པ་དང། དེ་བཞིན་དུ་བརླ་ལེགས་པར་བསྐུམ་པ་དང། བུས་མོ་ལེགས་པར་སྟོང་དེ། དེ་ལ་ཉིན་ཞག་གཅིག་ལ་ལན་གསུམ་མམ་ལན་བཞིའི་བར་དུ་མས་བཏང་བ་གོང་མ་བྱའོ། །དེ་བཞིན་དུ་ཞག་གཉིས་ ་སམ་གསུམ་གྱི་རིམ་གྱིས་ཅི་རིགས་པར་ཉིན་རེ་ཞིང་སྣུམ་ཚད་བསྐྱེད་པར་བྱའོ། །དེ་ནས་ཞག་གསུམ་ངལ་གསོ་ཞིང་འཕྲོ་བཅད་ལ། །སླར་ཡང་ཆོ་ག་འདི་ཉིད་ཀྱིས་ཞག་གསུམ་བཏང་བར་བྱའོ། སྐྱུག་སྨན་བྱས་ཟླ་ཕྱེད་ནད་བཀྲུ་སྨན། དེ་ནས ་ཟླ་ཕྱེད་ནས་བཀྲུས་དྲག། བཀྲུས་དྲག་འཕྲལ་ལ་འཇམ་རྩི་བཏང། །ཁྲུས་བཏང་ཞག་བདུན་ནས་འཇམ་རྩི། ཞེས་བྱ་བ་ལ། སྐྱེས་བུ་སྐྱུག་སྨན་བྱས་ནས་ཟླ་བ་ཕྱེད་འདས་པ་དང། བཀྲུ་སྨན་བྱའོ། །དེ་ནས་བཀྲུ་སྨན་བཏང་བའི་ཟླ་བ་ཕྱེད་འདས་ནས་བཀྲུ་སྨན་དྲག ་པོ་མས་བཏང་བར་བྱའོ། །བཀྲུ་སྨན་དྲག་པོ་མས་པ??་བྱ་སྟེ། འཕྲལ་དེ་རིང་པོ་མི་ཐོག་པར་འཇམ་རྩི་བཏང་ངོ། བཀྲུ་སྨན་བཏང་ནས་ཞག་བདུན་ལོན་ནས་འཇམ་རྩི་བཏང་བར་བྱ་སྟེ། དེ་ལྟར་ན་བཀྲུ་སྨན་བཏང་བ་དང། ནི་རུ་ཧ་བཏང་བའི་བར་དུ ་འཇམ་རྩི་བཏང་ངོ། །ཞེས་བྱ་བའི་དོན་ཏོ། །དཔེར་ན་ལེ་བརྒན་སོགས་བཙོས་ནས། །གོས་ནི་ཆུ་ལས་ཚོས་ལེན་ལྟར། །དེ་བཞིན་བངས་པར་བྱས་ལུས་པ། །མས་བཏང་བས་ནི་ནད་རྣམས་འབྱིན། ཞེས་བྱ་བ་ལ། དཔེར་ན་ལེ?་བརྒན་རྩི་ལ་སོགས ་པ་དང་བསྲེས་པའི་ཆུ་ལ་སོགས་དེར་རས་ཚོས་ལེན་པར་བྱེད་ཅིང་ཆུ་འདོར་བར་བྱེད་པ་དེ་བཞིན་དུ་ལུས་སྣུམ་ལ་སོགས་པས། བངས་པར་བྱས་པ་ལས་མས་བཏང་བས་ན་ནད་ཀྱི་གནོད་པ་རྣམས་སལ་ཅིང་འབྱིན་པར་བྱེད་དེ་ལུས་གནོད་བའི་ནལ? ་སྦྱོར་བར་བྱེད་དོ། །ལུས་ཀྱི་ཡན་ལག་ནང་གྲོལ་དག་ཏུ་སོང་ནད་དང། །གནད་དང་ལུས་སྟོད?་ཡན་ལན་ཀུན་ཁྱབ་ནང། གང་ཞིག་ཡོད་པ་དེ་ལས་སྐྱེ་བའི་རྒྱུ། །རླུང་མ་གཏོགས་པ་གཞན་དག་ཡོད་མ་ཡིན། ཞེས་བྱ་བ་ལ། ལུས ་ཀྱི་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་ནས། པགས་པའི་བར་དང། དེ་བཞིན་དུ་ལག་ངར་ལ་སོགས་པའི་ལུས་ཀྱི་ཡན་ལན?་ནང་གྲོལ་མ་གཏོགས་པ་ཀུན་ལ་ཁྱབ་པར་བྱའོ། །དེ་བཞིན་དུ་ནང་གྲོལ་གྱི་ཕྱོགས་ཐམས་ཅད ་དུ་ཁྱབ་ཅིང་སོང་བའི་ནད་དག་དང། དེ་བཞིན་དུ་གནད་དང་ལུས་ཀྱི་སྟོད་ན་གནས་པའི་ནད་དེའི་ཡན་ལག་དངོས་སུ་ན་ལུས་ཀྱི་སྟོད་ཡན་ལག་གི་གནང་ཐམས་ཅད་ལ་ཁྱབ་ཅིང་གནས་པའི་ནད་གང་དག་ཡོད་པའི་ནད་དེ་རྣམས་སྐྱེ་བའི་རྒྱཱུམ། འབྱུང ་བའི་གཞི?་རླུང་མ་གཏོགས་པ་གཞན་གང་ཡང་ཡོད་པ་མ་ཡིན་ཏེ། ནད་ཀྱི་རྒྱུ་གཉིས་བ་མེད་དོ་ཞེས་བྱ་བའི་དོན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྨྲས་པ་ནི། བཤད་དང་བད་ཀན་མཁྲིས་གསོགས་ནད་གསགས་པ། །གང་ཕྱིར་འཐོར་ཞིང་སྡུད་པར ་བྱེད་པ་ཡིན། །དེ་ནི་རབ་འཕེལ་གྱུར་མ་ཞི་བྱའི་ཕྱིར། །འཇམ་རྩི་མ་གཏོགས་སྨན་གཞན་གང་ཡང་མེད། །དེ་བས་གསོ་བ་མ་ལུས་པ་ལས་མས་བཏང་བ། གསོལ་པའི་བྱེད་ཡིན་ཞེས་ནི་ལ་ལ་འདོད། །དེ་བཞིན་ནང་རླིང་གློ་བུར་སྐྱེད་བྱེད་ལ། །གཏར? ་གས་ཁྲག་དབྱུང་སྨན་ཉིད་འགྱུར་བ་ཡིན། ཞེས་བྱ་བ་ལ། བཤད་པ་དང་བད་ཀན་མཁྲིས་པ་ལ་སོགས་པ་གང་ཡིན་པ་དེ་ནི། །བཤད་པ་དང་བད་ཀན་མཁྲིས་པ་ལ་སོགས་ཏེ། སོགས་པ་སྨོས་པ་ནི། ལུས་ཀྱི་ཆར་གཏོགས་པ་དངས་མ་ལ་སོགས ་པའོ། །དེ་དག་ཉིད་ཀྱིས་ནི་ལུས་དྲི་མ་ཅན་དུ་བྱེད་པས་ན་ནད་དོ། །དེ་རྣམས་ལ་གསོགས་པ་ནི་བཤད་པ་ལ་སོགས་པ་འཕེལ་བར་བྱེད་པ་སྟེ། གང་གི་ཕྱིར་དེ་རྣམས་འཐོར་ཞིང་རྒྱས་པར་བྱེད་ལ། ནད་རྙིང་པའི་ཚིགས་སུ་གནས་པ་ཕན་ཚུན་འཐོར? ་ཞིང་འབྱེད?་པར་བྱེད་པ་དང། སྡུད་པར་ཡང་བྱེད་དེ། ཕན་ཚུན་དུ་འཐོར་བ་སྟེ་གནས་པ་རྣམས་ཕུང་པོ་གཅིག་ཏུ་བྱེད་པའོ། །རྣམ་པ་དེ་གཉིས་བྱེད་པས་ན། འཐོར་ཞིང་སྡུད་པར་བྱེད་པ་ཡིན། ཞེས་བྱ་བ་ལ། དེ་ལྟ་བུའི་རླུང་དེ་རབ་ཏུ་འཕེལ་ཞིང ་རྣམ་པར་འཁྲུག་པ། ལྡང་བར་གྱུར་པ་གཞི་ཞིང་བསལ་བར་བྱ་པའི་ཕྱིར་གསོ་དཔྱད་བྱ་ན། འཇམ་རྩི་ལ་སོགས་པ་མས་བཏང་བ་མ་གཏོགས་པའི་སྨན་གཞན་དག་ཅི་འང་ཡོད་པ་མ་ཡིན་ཏེ། སྣུམ་དང་དུགས་ལ་སོགས་པ་གཞན་དག་ཡོད་ན་ཡང ་ནུས་བ་ཆུང་བ་ཡིན་ནོ། །གང་གི་ཕྱིར་འཇམ་རྫི་ཡོན་ཏན་དེ་ལྟ་བུ་ཡོད་པ་དེ་བས་ནས། རྒྱུ་དེའི་ཕྱིར་གསོ་བ་མ་ལུས་ཤིང་མཛའ་དག་ལས་མས་བཏང་བ་ནི་གསོ་བ་འམ་ནད་བཅོས་པའི་ཐབས་ཀྱི་ཕྱེད་ཡིན་ནོ་ཞེས་བཤད་དེ། ཅིའི་ཕྱིར་ཞེ་ན། ་བཤད་པ་དང་གཅི་བ་དང་བད་ཀན་དང་འཁྲིས་པ་དང་གཏར་ག་བྱ་བའི་ནད་རྣམས་ཀྱང་རྩ་བ་ནས་འབྱིན་ནོ། །དེ་བས་ན་དེ་ལས་བརྩམས་ཏེ། ནད་མ་ལུས་པ་དང་རླུང་གི་ནད་རྣམས་ཐམས་ཅད་མས་བཏང་བས་གསོ་ཞིང་བཅོས་པར་བྱའོ་ཞེས་བྱ་བའི་དོན ་ཏོ། །དེའི་ཕྱིར་ཚེའི་རིག་བྱེད་ཤེས་པའི་སྲོག་འཚོ་བའི་སློབ་དཔོན་གཞན་དག་ནི་གསོ་བའི་ཐབས་མ་ལུས་བ་ནི་མས་བཏང་བར་འདུས་པར་ཁས་འཆེའོ། །ལ་ལ་དག་ནི་མས་བཏང་བ་གསོ་བའི་ཕྱེད་ཡིན་ནོ། ཞེས་ཟེར་རོ། །དེ་བཞིན་དུ་གཏར་གས ་ཁྲག་དབྱུང་བ་ཡང། ནད་རྙིང་པ་དང?་བློ་བུར་བས་བཏབ་བའི་ནད་རྣམས་ལ་གཏར་གས་དབྱུང་བ་ནི་གསོ་བའི་ཕྱེད་དམ། གསོ་བ་མ་ལུས་པར་གྱུར་བ་ཡིན་ནོ། ཞེས་ཟེར་རོ། །དེ་ཡང་ནད་རྙིང་གཞིན་གནས་པ་དང། གློ་བུར་བ་གསར་དུ་བྱུང ་བ་དག་ལ་ནི་ནད་རྙིང་གློ་བུར་བ་ཞེས་བྱ་སྟེ། དེ་དག་སྐྱེད་པར་བྱེད་པ་ཡིན་པས་ན་སྐྱེད་བྱེད་དེ། ཁྲག་ལ་བྱ་ལ། དེ་རབ་ཏུ་ཞི་ཞིང་བསལ་བ་ལ་ནི་གཏགས་ཁྲག་དབྱུང་བ་ནི་བྲག་འདོན?་ཉིད་སྨན་དུ་འགྱུར་བ་ཡིན་པས་ན་ཁྲག་ལས་གྱུར་བའི་ནད་ཀྱི་གསོ ་བའི་ཕྱེད་དམ། གསོ་བ་རངས་བ་ནི་གཏར་གས་ཁྲག་དབྱུང་བ་ཡིན་ནོ། ཞེས་བྱ་བ་ནི་སྡུད་པར་བྱེད་པ་སྟེ། མས་བཏང་བ་འབའ་ཞིག་གསོ་བ་ཡིན་པར་མ་ཟད་དེ། གཏར་གས་ཁྲག་དབྱུང་བ་ཡང་གསོ་བ་ཕྱེད་དམ། མ་ལུས་པ ་ཡིན་ནོ། ཞེས་བྱ་བའི་དོན་ནོ།། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། །སྨོ?་བ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ ་དགུ་བའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྨན་སྣ་ནས་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་སྐྲག་སྨན་ལ་སོགས་པས། ལུས་ཀྱི་ནད་ན་ཡོད་པའི་ནད་ཇི་ལྟར ་སེལ་བར་བྱེད་པ་ཇི་ལྟ་བ་བཞིན་དུ་སྣ་ནས་བཏང་བའི་སྨན་ཡང་སྣའི་སྒོ་ནས་བཏང་བས་ལུས་ཀྱི་ནང་ན་ཡོད་པའི་ནད་ཕྱིར་འབྱིན?་པར་བྱེད་དེ། །དེས་སྐྱུག་སྨན་ལ་སོགས་པ་བཞི་པོ་ནི་ནད་ཕྱིར་འབྱིན་པར་བྱེད་པ་ཡིན་ནོ་དེ་བཞིན་དུ། །སྣ་ནས་གཏོང ་བ་ཞེས་བྱ་བའི་ལྔ་པ་ཡང་དག་པའི་བྱ་བ་བྱེད་པ་ཡིན་ནོ། །ཡང་ན་ལུས་ནི་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཡིན་པས་དེ་གསོ་བ་སྔར་བཤད་པ་ཡིན་ལ། །ད་ནི་ཐུར་མས་བཅོས་པའི་རྒྱུད་ཀྱི་ལེའུ་སྟོན་ལ། དེ་ལས་འདིར་ནི་སྣ་ནས་གཏོང་བར་བྱེད་པའི་སྨན ་ཡིན་པས?་ན་སྣ་སྨན་ཏེ། །སྣ་ནས་སྨན་བཏང་བ་དང་སྣའི་ལས་དང་སྨན་སྣ་ནས་བཏང་བ་ཅེས་བྱ་བའི་མིང་འཐོབ་པ་ཡིན་ནོ། །དེའི་ཆོ་ག་ནི་འདི་ལྟར་བྱའོ་ཞེས་བྱ་བའི་ཚུལ་ཏེ། དེའི་ལེའུ་བཤད་པར་བྱའོ་ཞེས་བྱ་བའི་དོན་ནོ། །ནམ་ཚོད་ཡན་ཆད་ནད་རྣམས ་ལ། ལྷག་པར་སྣ་ནས་བཏང་བ་ཕན། །སྣ་ནི་ཀླད་པའི་སྒོ་ཡིན་ཏེ། དེས་ན་དེ་ནས་ནད་དེ་འཇོམས། ཞེས་བྱ་བ་ལ། ནམ་ཚོད་ཡན་ཅད་ཀྱི་ནད་རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པ་གང་དག་ཡོད་པའི་ཡུལ་དེ་ཐམས་ཅད་ལ་ལྷག་པ་འམ ་ཁྱད་པར་དུ་སྣ་ནས་བཏང་བ་ཕན་པ་ཡིན་ནོ། །ཡང་དེར་སྐྱུག་སྨན་ལ་སོགས་པའི་གསོ་པའི་ཐབས་མེད་པ་མ་ཡིན་མོད་ཀྱི་ཁྱད་པར་རམ་ལྷག་པར་སྣ་ནས་བཏང་བ་མཆོག་ཏུ་གྱུར་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྣ་ནི་བླང་བ་འམ་མགོ་པའི ་སྒོ་ནས་འཇུག་པའི་གནས་ཡིན་པའི་རྒྱུ་དེས་ན་སྣ་ནས་བཏང་བ་ཞེས་པའི་ལམ་དེ་ནས་སྨན་བསྟེན་ཅིང་བཏང་ན་རྣ་བའི་གསང་གི་བར་དུ་ཕྱིན་ནས་ཀླད་པ་དང། རྣ་བ་དང། ལྐོག་མ་ལ་སོགས་པའི་རྩའི་སྒོ་རྣམས་ཁྱབ་པས་ནམ་ཚོད་ཡན ་ཆད་ཀྱི་ནད་མ་ལུས་པ་དེ་འཇོམས་དེ། མགོར་ཁྱབ་པའི་ནད་སེལ་བ་ཡིན་ནོ། །དེ་ནི་རྣམ་པ་གསུམ་སྟེ། བཀྲུ་བ་དང་བརྟ་བ་དང་ཞི་བར་བྱེད་པའོ། །དེ་ལས་ཀྱང་བཀྲུ་བ་ནི། བཀྲུ་སྨན་ཀླད་པའི་ནད་རྣམས་ཀྱང། །གློང?་བག ་ལྐོག་ནང་མཆི་མ་འཇིག། སྐྲད་བར་ཐོར་དུ་སྲེན་རྨན་པུ། མཛེ་སྨྲོ?་ཆམ་པས་བཏབ་ལ་བང?་པ?། ཞེས་བྱ་བ་ལ། བཀྲུ་སྨན་སྣ་ནས་བཏང་བ་ནི་ཀླད་པའི་ནང་ལ་སོགས་པ་ལ་བཏང་པར་བྱའོ། །བཀྲུ་སྨན་ནི་མགོ་བའི་ནད་བཀྲུ་ཞིང་སྤྱོད ་བའི་སྨན་ནོ། །སློང་བག་ནི་སེམས་མི་གསལ་བའོ། །མཆི་མ་འཇིག་པ་ནི་མིག་ནས་རྫི་བོར་འབྱུང་བ་ལ་སོགས་པའོ། །སྲིན་བུ་ནི་སྤྱི་བོ་དང་མཚུལ་བར་ཁྱབ་པའོ། །ཆམ་པ་ནི་སའི་ནད་དོ། །བརྟབ?་རླུང་ལས་བྱུང་གཟེར་དང། ཀླད་པ་ཕྱེད? ་ན་སྐད་འགགས་དང། །སྣ་དང་ཁ་སྐམ་ཚིག་མི་ཐོན། །མིག་དབྱེ་དབུང་བསྐྱོད་དཀའ་བ་བཏང། ཞེས་བྱ་བ་ལ། སྣ་ནས་བཏང་བའི་སྨན་བརྟ་བར་བྱ་བ་གང་ཡིན་པ་ནི། རླུང་ལས་བྱུང་བའི་མགོ་བོའི་གཟེར་ནད་རྣམས་དང། དེ་བཞིན་དུ་ཉི་མ་ཕྱེད ་ཀྱི་བར་དུ་ཀླད་པ་ན་བ་དང་སྐད་འགགས་ཤིང་ཉམས་པ་དང། དེ་བཞིན་དུ་མ་དང་སྣ་བསྐམས་པ་དང། ཚིག?་མི་ཐོན་ཞིང་སྐད་བརྡ་སྤྲོད་མི་ནུས་པ་དང། མིག་དབྱེ་བར་དཀའ་བའི་མིག་ནད་དང། དེ་བཞིན་དུ་རླུང་གི་ནད་དཔུང་པ་བསྐྱོད་པར་དཀའ་བ་དག་ལ ་བཏང་ཞིང་སྦྱར་བྱའོ། །ཞིབ་མིག་སྔོན་གདོད་པགས?་ནད། །སྐྲ་ཡི་སྐྱོན་མིག་དམར་ལ་བཏང། ཞེས་བྱ་བ་ལ། སྣ་ནས་བཏང་བཞི་བར་བྱེད་པ་གང་ཡིན་པ་དེ་ནི། འོག་ནས་རྒྱུད་ཕྱི་མ་ལས་བཤད་པའི་མིག་གི་ནད་སྔོན་པོར་གྱུར་པ་ལ ་སོགས་པའི་ནད་ལ་ཡང་བཏང་བར་བྱའོ། །དང་པོར་རང་སྦྱོར་ཇི་ལྟའི་སྣུན། །སྨན་གྱི་ལྡེ་གུ་སོགས་བསྐོལ་དང། །ཤིང་མངར་རྒྱམ་ཚྭ་ཚད་རྙིང་སོགས། །ཅི་རིགས་པར་ནི་བསྐོལ་ལ་བཏང། ཞེས་བྱ་བ་ལ། སྣ་ནས་བཏང་བ ་བཤད་བའི་སྨན་དང་པོ་ནི་རང་གི་སྦྱོར་བ་ཇི་ལྟ?་བ་གང་དང་འཕྲོད་ཅིང་འཆམ་པའི་སྣུམ་རྣོན་པོ་ཡུངས་མར་ལ་སོགས་པ་དང་ཅི་རིགས་པར་བསྐོལ་ཞིང་མགོ་བའི་བཀྲུ་སྨན་རྣམས་དང་ཅི་རིགས་པར་བསྐོལ་བ་དང། དེ་བཞིན་དུ་སྨན་བྱེ་དང་སྨན་ཁུ་ལ་སོགས ་ལས་གོ་བོའི་བཀྲུ་སྨན་དང་འབྲེལ་པ་ལས་ཅི་རིགས་པར་སླ་བ་དང་ཞིབ་པ་དང་ལྡེ་གུར་བསྲེས་ཤིང་སྦྱར་བ་དང། དེ་བཞིན་དུ་ཤིང་མངར་བར་རྒྱམ་ཚྭ་དང། ཆད་རྙིང་ལ་སོགས་པ་དང་སྦྱར་ཏེ། བསྐོལ་བ་བཏང་བར་བྱའོ། །རྟ་བ་སུ་སུའི་ཁུ་བ་དང ་ཤ་ཁུ?་ཁྲག་དང་ཐང་ཆུ་སྦྱར། དེ་ཞེས་བྱ་བ་ལ། སྣ་ནས་བཏང་བའི་སྨན་བརྟ?་དང་བྱེད་པ་ནི་འུ་སུའི་ཁུ་བ་དེ་བཞིན་དུ་ཤ་ཁུ་དང། ཁྲག་དང་དེ་བཞིན་དུ་ཤ་ཁུར་ཞེས་བྱ་བའི་ཐང་ཆུ་དང་སྦྱར་ལ?་བཏང་བར་བྱའོ། །འང་ཞེས་བྱ་བ་སྦྱོར་བའི་སྒྲས་ནི་རང ་གི་སྦྱོར་བ་ཇི་ལྟ་བའི་སྣུམ་མངར་བ་དང། སྣུམ་པའི་སྨན་ལ་བཙོས་པ་བརྟ་བའི་སྨན་སྣ་ནས་བཏང་བ་ལ་སྦྱར་བར་བྱའོ། ཞེས་པའི་དོན་ཏོ། །ཞི་བ་སྔ་མ་འོ་མ་དང། །ཆུ་དང་བཅས་པ་སྦྱར་བར་བྱ། ཞེས་བྱ་བ་ལ། སྣ་ནས་བཏང་པའི་སྨན་ཞི་བ་ནི་སྔ་མ ་ཞེས་པའི་སྔར་བཤད་པའི་རང་གི་སྦྱོར་བའི་ཇི་ལྟ་བའི་སྣུམ་དང། རང་གི་སྨན་གང་དག་ཡིན་པ་ཁུ་བ་ལ་སོགས་པ་དང། དེ་བཞིན་དུ་འོ་མ་དང་ཆུ་དང་བཅས་པ་སྦྱར་བར་བྱའོ། །ཆེད?་ཅན་དང་ནི་ཆད་ཕྲན་ཏེ། །འདི་ཡི་སྣམ་ཚད་རྣམ་པ་གཉིས། ་ཞེས་བྱ་བ་ལ་སྣ་ནས་བཏང་བའི་སྨན་གསུམ་པོ་འདི་ལ་སྣུམ་གྱི་མན་མར་བཏང་བའི་ཁྱད་པར་གྱི་ཚད་ནི། ཚད་ཀྱི་དབྱེ་བ་ལས་རྣམ་པ་གཉིས་ཏེ། ཚད་ཅན་དང། ཚད་མེད་དོ། །ལྡེ་གུ་ལ་སོགས་བཙིར་བ་ཡི། རྣོ་དེ་སྤྱི་པོའི་བཀྲུས་སྨན་ཡིན། ་ཞེས་བྱ་བ་ལ། ལྡེ་གུ་དང་སྨན་བསྐོལ་བའི་ཁུ་བ་ལ་སོགས་པ་སྦྱར་བའི་སྨན་རས་བལ་གྱི་ཡེའུ་ལ་སོགས་པས་གཏོང་བ་དེ་ནི་བཙིར་བ་ཞེས་བྱའོ། །གཞན་དག་ན་རེ་ལྡེ་གུར་བྱས་པའི་སྨན་བཙས་པ་ལས་ཁུ་བ་བཙིར་ཏེ། འཛག་པར ་བྱས་པ་ལས་བྱའོ། ཞེས་ཟེར་རོ། །བཙིར་བ་དེ་སྨན་རྣོན་པོའི་སྡེ་གུ་བསྐྱོལ་བ་ལ་སོགས་པས་བཏང་བ་ནི་སྤྱི་པོའི་བཀྲུ་སྨན་ཞེས་བྱའོ། །ཕྱེ་མ་བུད་པའི་བཀྲུ་སྨན་ཏེ། སྦུ་གུ་སོར་དྲུག་ཁ་གཉིས་པ། ནད་ན་སྨན་དང་བཅས་པ་དང། ཁ ་ཡི་དབུགས་ཀྱིས་བུས་ཏེ་བཏང། །དེས་ནི་མགོ་ནད་མང་པོ་ཡང། །ཕྱེ་མ་ཡིན་པས་འབྱིན་པར་བྱེད། །ཅེས་བྱ་བ་ལ། འཁྲུ་བར་འགྱུར་པའི་སྨན་ལས་སྦྱར་པའི་ཕྱི་མ་ནི་བུད་པར་བྱ་བ་ཡིན་པས་ན་བུད་པའི་བཀྲུ་སྨན་ཞེས་པ་སྟེ། ཕྱེ་མ་དེ་ཁའི་རླུང་གིས ་ལུས?་ལ་སྣ་ནས་བཏང་བར་བྱའོ། །གང་གིས་བཏང་ཞེ་ན། སྦུ་གུ་སོར་དྲུག་ཡོད་པ་ཁ་གཉིས་ཡོད་པ་དང། དེ་བཞིན་དུ་ནང་ན་སྨན་དང་བཅས་ཤིང་སྨན་ཕྱེ་མ་བླུགས་པ་དེ་ཁའི་དབུགས་ཀྱིས་བུས་ཏེ་བཏང་ངོ། །བུད་པའི་བཀྲུ ་སྨན་དེས་ནི་མགོ་པོའི་བད་ཀན་ལས་བྱུང་བ་མང་པོ་ཡང་ཕྱེ་ནས་འབྱིན་ཅིང། ནང་ནས་ཕྱིར་འདོན་པར་བྱེད་དོ། །འཛུབ་མོའི་ཚིགས་ནི་གཉིས་པའི་བར། སྐུགས?་པ་ཕྱིར་ཕྱུང་གྱུར་བ་ལས། །ཐིགས་པ་བཅུ་འམ་བརྒྱད་དམ་དྲུག། ཇི་སྲིད་འཛག ་པར་གྱུར་པ་དག། སྣ་ནས་གཏོང་ཚད་ཆེ་འབྲིང་ཆུང། །རིམ་པ་དེ་ཉིད་ཀྱིས་ཤེས་བྱ། །ལྡེ་གུ་ལ་སོགས་ཐིགས་པ་ནི། །གཉིས་ཀྱིས་ཕྲི་སྟེ་བཏང་བར་བྱ། ཞེས་བྱ་བ་ལ། འཛུབ་མོ་ནི་མཐེ་བོང་ལ་དང་ཉེ་བའི་སོར་མོ་སྟེ། དེའི་ཚིགས་གཉིས ་ཀྱི་བར་དུ། དང་པོ་སྙུགས་ཤིང་སྦྱིངས་ལ་ཕྱིར་ཕྱུང་སྟེ། བཏེག་པར་གྱུར་པ་ལས་ཐིགས་པའི་ཚད་ཇི་ཙམ་ཞིག་འབྱུང་བར་འགྱུར་བ་དེ་ལ་ཐིགས་པ་ཞེས་བྱ་ལ། ཐིགས་པ་དེ་ལས་སྣུམ་གྱི་ཚད་ཆེ་ཆུང་དུ་བྱ་བ་ནི་ཐིགས་བཅུ་ནི་ཆ ་ཚད་ཡིན་ལ། ཐིགས་པ་བརྒྱད་ནི་འབྲིང་ཚད་ལ། ཐིགས་པ་དྲུག་ནི་ཆུང་ཚད་དོ། །ཚད་འདི་དག་ཉིད་ལས་ཆེ་བ་དང་འབྲིང་དང་ཆུང་ངུ་ནི་རིམ་གྱིས་ཐིགས་པ་གཉིས་གཉིས་ཀྱིས་ཆུང་ཞིང་ཕྲི་པའི་ལྡེ་གུ་ལ་སོགས་པའི་རང་གི་སྨན་གྱི ་ཁུ་བ?་སྣར་བླུགས་པ་ཡིན་པར་ཤེས་པར་བྱའོ། །ཆུ་དང་ཚང་དང་སྦྱར་དུག་མར་འཐུང་བ་འམ་འཐུང་བར་འདོད་པ་དང། ཁ་ཟས་ཟོས་དང་མགོ་དཀྲུས་དང། །འཁྲུ་བར་འདོད་དང་གཏར་བ་བྱས། །ཆམ་སར་ཤུགས་འོང་གིས་གཟེར་དང། །བུ ་བཅས་ལུད་པ་དབུགས་མི་བདེ། །སྦྱང་བྱས་མས་བཏང་ཆོ་ག་བྱས། །དེ་བཞིན་དུས་མིན་ཡུལ་རྨུས་ལ། །སྣ་སྨན་བཏང་བར་མི་བྱ་སྟེ། །ཚབས་ཆེའི་ནད་སོགས་མ་གཏོགས་སོ། །ཞེས་བྱ་བ་ལ། སྨན་སྣ་ནས་བཏང་བར་བྱར་མི་རུང་བ་ནི་ཆུ་དང ་དུག་དང?་མར་འཐུངས་པ་ནས། མས་བཏང་བའི་ཆོ་ག་བྱས་པའི་བར་དང། །དེ་བཞིན་དུ་དུས་མ་ཡིན་པའི་ཡུལ་རྨུས་པ་ལ་བཏང་བར་མི་བྱ་སྟེ། དུས་མ་ཡིན་པའི་ཡུལ་རྨུས་པ་ནི་དབྱར་མ་གཏོགས་པའི་གང་དུས་གཞན་གྱི་ཚེ། ཡུལ་རྨུས་ཤིང་ཆ?་དང? ་རླུང་དང་གྲང་ལྷགས་དང་ཆར་འབབ་པར་འཁྲིགས་པའི་ཉིན་མོ་ནི། དུས་མིན་ཡུལ་རྨུ་ཞེས་བྱའོ། །ཅི་དེ་དག་གི་ཚེ་རྣམས་ཐམས་ཅད་དུ་བཏང་བར་མི་བྱ་འམ་ཞེས་རྟོག་ན། དེའི་ཕྱིར་སྨྲས་པ་ནི། ཚབས་ཆེན་ནད་སོགས་མ་གཏོགས་སོ། ཞེས ་བྱ་བ་ཡིན་ཏེ། དེ་གསོ་བར་བྱ་བའི་ནད་ཚབས་པོ་ཆ་མ་གཏོགས་ཏེ། ནད་ཚབས་ཆེ་བའི་ཆོན?་ནི་ཆུ་དང་ཆང་དང་དུག་དང་མར་ལ་སོགས་པ་འཐུངས་སུ་ཟིན་ཀྱང་བཏང་བར་བྱའོ། །ཞེས་བྱ་བར་སྦྱར་རོ། །དེས་ན་དུས་གང་གི་ཚེ་སྣ་ནས་བཏང་བའི་སྨིན་པར ་བྱ་ཞེ་ན། དེ་ནས་སྣ་ནས་བཏང་བ། །བད་ཀན་ནད་པར་མཁྲིས་ཉིན་ཕྱེད། །རླུང་ཅན་ཕྱི་འཕྲེང་མཚན་མོ་བཏང། ཞེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི། བཀྲ་ཤིས་པ་སྟོན་པར་བྱེད་པ་ཡིན་པར་སྦྱར་རོ། དེ་ལ་སྣ་སྨན་བཏང་བའི་དུས་ནི་བད་ཀན ་ནམ། བད་ཀན་ལས་གྱུར་པའི་ནད་ནི་བད་ཀན་གྱི་དུས་ནད་པར་གྱི་ཚེ་ཉིད་སྣ་ནས་བཏང་བའི་སྨན་བཏང་བར་བྱའོ། །ཁྲིས་པ་འཁྲུགས་སམ?་དེ་ལས་བྱུང་བའི་ནད་རྣམས་ལ་མཁྲིས་པའི་དུས་ཉི་མ་ཕྱེད་ཀྱི་ཚེ་བཏང་བར་བྱའོ། །རླུང་གི་ནད་དམ། དེ ་ལས་བྱུང་བའི་ནད་རྣམས་ལ་རླུང་ལྡར་བའི་དུས་ཕྱི་འཕྲེད་དེ། །ཕྱི་དྲོ་དང་མཚན་མོའི་དུས་སུ་སྨན་སྣ་ནས་བཏང་བར་བྱའོ། །ནད་མེད་པ་ལ་སྟོན་ཀ་དང། །དཔྱིད་ཀྱི་ཚེ་ན་སྔ་དྲོ་བཏང། །དགུན་ནི་ཕྱེད་དུས་སོ་གའི་ཚེ། །བྱི་འཕྲེང་དཔྱད་ནི ་ཉི་དྲོས་བཅས། ཞེས་བྱ་བ་ལ་ནད་མེད་ཅིང་ཐ་མལ་པར་གནས་པ་ལ་ནི། སྟོན་ཀ་དང་དཔྱིད་ཀའི་ཚེ་སྔ་དྲོ་སྟེ། ཉི་མའི་སྔ་དྲོའི་ཆ་ལ་བཏང་བར་བྱའོ། །ནད་མེད་པར་གནས་པ་ལ། དགུན་གྱི་ཚེ་སྟེ། དགུན་སྟོད་དང། དགུན་སྨད་གྲང་བའི་དུས་སུ་ནི། ཉི་མ་བྱེད་ལ ་སྨན་སྣ་བས་བཏང་བར་བྱའོ། །དེ་བཞིན་དུ་སོ་གའི་ཚེ་ནི་ཕྱེ་འཕྲེང་དེ་ཕྱི་དྲོའི་དུས་སུ་ནི་སྨན་སྣ་ནས་བཏང་བར་བྱའོ། །དེ་བཞིན་དུ་དབྱར་གྱི་ཉི་མ་དྲོན་པོ་དང་བཅས་པའི་སྐབས་སུ་ནད་མེད་པ་ལས་སྨན་སྣ་ནས་བཏང་བར་བྱའོ། །ཀླད་པ་རླུང་ནད་ཀྱིས་ཐེབས ་དང། །སྐྱིགས་བུས་བཏབ་དང་མགོ་འདར་དང། །གཉེའུ་རངས་སྐད་ནི་འགགས་པ་ལ། །ཉིན་རེ་ནད་པར་དགོངས་ཀ་བཏང། ཞེས་བྱ་བ་ལ། ཀླད་པར་རླུང་ནད་ཞུགས་ཤིང་མགོ་བོ་རླུང་གི་ནད་ཀྱིས་ཐེབས་པ་དང། དེ་བཞིན་དུ་མགོ་དམའ་ཞིང ་འདར་ཞིང་འདར་བ་ཞེས་བྱ་བའི་རླུང་གི་མགོ་ནད་དང། གཉེའུ་རེངས་ཤིང་འགྱུར་མི་ཤེས་པ་དང། སྐད་འགགས་ཤིང་སྐད་གདངས་ཉམས་པ་ལ། ཉིན་རེ་ཞིང་ནད་པར་དང་དགོངས་ཀ་སྟེ། སྔ་དྲོ་དང་ཕྱི་དྲོ་སྣ་ནས་སྨན་བཏང་བར་བྱའོ། །གཞན་ལ་ཉིན་རེས ་བར་ཆད་ལ། །ཉི་མ་བདུན་དུ་དེ་སྤྱད་བྱ་ཞེས་བྱ་བ་ལ། ཀླད་བ་རླུང་ནད་ཀྱིས་ཐེབས་པ་ལ་སོགས་པའི་ནད་མ་གཏོགས་པ་གཞན་དག་ལ་ནི། ཉིན་རེ་ཞིང་སྣ་ནས་བཏང་བའི་སྨན་མི་བྱའོ། །གཞན་དུ་ན་ཉིན་རེས་པར་བཅད་པ་སྟེ། ཉི་མ ་རེ་རེས་བར་བཅད་ཅིང་ཐག་ཆོད་པར་བྱས་ལ། སྨན་བཏང་བར་བྱ་སྟེ། ཚུལ་འདི་ལྟ་བུས་སྣ་ནས་བཏང་བའི་སྨན་ཞག་བདུན་གྱི་བར་དུ་བཏང་བར་བྱ་ཞིང་སྤྱད་པར་བྱའོ། །རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོར་མགོ་སྣུམ ་བསྐུ་དུགས་བྱ། རླུང་མེད་མལ་དུ་གནས་ནས་ནི། །ནམ་ཆོད་ཡན་ཆད་དུགས་ཀྱང་བྱ། དེ་ནས་གན་རྐྱལ་ལུས་དྲང་བརྐྱང། །རྐང་པ་ལག་པ་ལེགས་རྐྱང་ལ། རྐང་པ་ཅུང་ཟད་བསྟད་ནས་སུ། །མགོ་བོ་ཡིད་ཙམ་སྨད་པར་བྱ། སྣ་བུག་གཅིག་ནི་རྣམ་བཀབ་ལ།། ་རིམ་གྱིས་ཡོངས་སུ་བླུགས་བྱ་བ། །སྨན་ནི་ཆུ་དྲོན་གྱིས་བཅོས་ལ། །སྤུ་གུ་འམ་རས་བལ་གྱིས་བླུགས་བྱ། ཞེས་བྱ་བ་ལ། དེ་ནས་སྣ་ནས་བཏང་བར་འོས་པའི་སྐྱེས་བུས། རྟག་ཏུ་བྱ་བ་ལ་སོགས་བཤད་པ་དང་གཅི་བ་དང་པོར་བྱས་ལ། ཡང་དང་པོར ་མགོ་བོ་སྣུམ་གྱིས་བསྐུས་ལ། དེའི་འོག་ཏུ་མགོ་བོ་དུགས་རན་པ་ཙམ་བྱས་པ་དང། དེ་བཞིན་དུ་རླུང་མེད་པའི་གནས་སུ་མལ་གཏིང་བ་ལ་གནས་ཤིང་འདུག་ནས། ནམ་ཚོད་ཡན་ཆད། དུགས་ཀྱང་བྱས་ལ། དེ་ནས་དེའི་འོག་ཏུ་གན་རྐྱལ་དུ་འདུག་སྟེ། ་ལུས་དྲང་ཞིང་མ་ཡོ་བར་བརྐྱང་ལ། རྐང་པ་དང་ལག་པ་ཡང་ལེགས་པར་བརྐྱང་བར་གྱུར་པ་དང། སྣ་ནས་སྨན་བཏང་བར་བྱའོ། །ཡང་དེ་བཞིན་དུ་དེའི་རྐང་པ་ཅུང་ཟད་བསྟོད་པ་སྟེ། གང་གིས་རྐང་པ་མཐོབ་པར་འགྱུར་པ་དེ་ལྟ་བུར་ཁྲི་ལ་སོགས་པ་བཅའ་ ་པར་བྱའོ། །དེ་ཉིད་ཀྱིས་ན་མགོ་བོ་ཡང་ཡིད་ཙམ་དམད་པར་གྱུར་པ་དང། སྣ་ཁུང་གཅིག་བཀག་ཅིང་བཅད་ལ། སྣ་ཁུང་གཉིས་པ་གདངས་ཤིང་ཕྱེ་སྟེ། གནས་པ་ལ་སྣ་ནས་བཏང་བའི་སྨན་བླུགས་པར་བྱའོ། །དེ་བཞིན་དུ་སྲང་གུང་གཉིས་པར ་ཡང་རིམ་གྱིས་སྣ་སྨན་སྤུ་གུ་མཆུ་ཅན་ནམ། སྲིན་བལ་གྱི་ཡིའུམ་བླུག་པར་བྱའོ། །བླུག་ནས་རྐང་མཐིལ་ཕྲག་པ་དང། ལག་པ་རྣ་བ་ལ་སོགས་མཉེ། རིམ་གྱིས་བླུག་ལ་གློ་གཉིས་སུ། །མཆིལ་མ་དོར་བས་དེ་ནས་ནི། །སྨན་ནི་ཟད་པར་གྱུར་གྱི་བར།། ་ལན་གཉིས་ལན་གསུམ་སྣར་བཏང་སྤྱད། །ཅེས་བྱ་བ་ལ། དེར་སྨན་བླུག་ཟིན་པ་དང། རྐང་མཐིལ་དང་ཕྲག་པ་དང། །ལག་པ་དང་རྣ་བ་ལ་གཉེ་བར་བྱ་ཞིང། རྐང་པའི་མཐིལ་ལ་སོགས་པ་ལེགས་པར་མཉེ་བར་བྱའོ། །དེ་ནས་དེའི་འོག་ཏུ་རིམ ་གྱིས་བརྡུབས་ལ། བློ་གཡས་གཡོན་གཉིས་སུ་མཆིལ་མ་དོར་བར་བྱའོ། །དེ་ནས་སྣ་གཡས་པར་བཅུག་པའི་སྨན་བརྡུབས་པའི་མཆིལ་མ་གཡོན་ལོགས་སུ་དོར་བར་བྱ་ལ། གཡོན་གྱི་ནི་གཡས་སུའོ། །དེ་ལྟར་འདིས་སྨན ་སྣ་ནམ་བཏང་བ་ལ་ལན་གཉིས་ལན་གསུམ་དུ་སྦྱད་པར་བྱའོ། །གལ་ཏེ་བརྒྱལ་གྱུར་བསིལ་བའི་ཆུས། །མགོ་མ་གཏོགས་པར་གཏོར་བར་བྱ། ཞེས་བྱ་བ་ལ། སྨན་སྣ་ནས་ཏོང་བ་ན། གལ་ཏེ་བརྒྱལ་ཞིང་མི་དྲན་པར་གྱུར་ཏེ། སྨན་གྱི་སྟོབས ་མ་གོམས་པས་བརྒྱལ་བར་གྱུར་ན། མགོ་བོ་མ་གཏོགས་པར་གཞན་དུ་བསིལ་བས་ཀྱང་གཏོར་བར་བྱའོ། །བཀྲུ་སྨན་འོག་ཏུ་སྣུམ་དག་ནི། །ནད་སོགས་ཚུལ་ལས་དཔགས་ཏེ་བཏང། ཞེས་བྱ་བ་ལ། སྣ་སྨན་བཏང་བའི་བཀྲུ་སྨན་བྱས་པའི ་འོག་ཏུ། སྣ་ནས་བཏང་བ་སྣུམ་བག་བཏང་བར་བྱའི། །རྩུབ་པ་ནི་མ་ཡིན་ལ། དེ་ཡང་ནད་ལ་སོགས་པའི་ཚུལ་ལམ་དཔགས་ཤིང་ཤེས་པར་བྱས་ལ། དེ་དང་རྗེས་སུ་མཐུན་པའི་སྨན་ཏིལ་མར་ལ་སོགས་པ་གང་ཡང་རུང་བ་བཏང་བར ་བྱའོ། །སྣ་སྨན་བཏང་མཐར་གན་རྒྱལ་དུ། གྲངས་བརྒྱར་དེ་ལ་བསྡད་པར་བྱ། །དུད་པས་བརྡུབས་ལ་ཆུ་དྲོན་འཇམ། གྲེ་བ་མཚུལ་བ་དག་ཕྱིར་བྱ། །ཞེས་བྱ་བ་ལ། །སྐྱེས་བུ་སྣ་སྨན་བྱས་ཤིང་བཏང་ཟིན་ནས། མཐར་གན་རྐྱལ ་དུ་གྲངས་བརྒྱ་རྫོགས་ཀྱི་བར་དུ་བསྡད་པར་བྱའོ། །དེའི་འོག་ཏུ་ཕན་པར་བྱེད་ཅིང་རྗེས་སུ་མཐུན་པའི་ཡོན་ཏན་དང་ལྡན་པའི་དུད་པས་བརྡུབས་ལ། ཆུ་ཅུང་ཟད་དྲོ་བ་འཇམ་པོ་མཁུར་བར་བཅད་བ་གྲེ་བ་དང་མཚུལ་བ ་དག་པའི་ཕྱིར་བྱའོ། །སྣུམ་བཏང་ལེགས་གྱུར་དབུགས་བདེར་འགྱུར། །གཉིད་ལེག་སད་དེ་དབང་པོ་གསལ། ཞེས་བྱ་བ་ལ། དེ་ལས་སྤྱིར་སྒུམ་བཏང་བ་ལེགས་པར་གྱུར་ན་དབུགས་བདེ་བར་འབྱིན་བ་སྔོན་དུ་འགྲོ ་བས་དབུགས་རྒྱུ་བ་དང། །དེ་བཞིན་དུ་བདེ་བར་གཉིད་ལོག་ཅིག་བདེ་བར?་སང་བ་དང། དབང་པོ་རྣམས་བདེ་ཞིང་རྣམ་པར་གསལ་བར་འགྱུར་རོ། །ཉེས་པས་མིག་རྩུབ་མི་འགྱུར་སྐམ། །སྣ་དང་ཁ་སྐམས་ཀླད་སྟོངས་སྙམ། །ཞེས་བྱ་བ་ལ། སྣུམ་གྱི་སྣ ་སྨན་ཉས་ཤིང་མགོ་རྩུབ་པར་གྱུར་པས་མིག་རྩུབ་ཅིང་མ་འགྱུར་བར་ཧར་ཧར་པོར་འདུག་པར་འགྱུར་བ་དང། སྐམ་པ་དང། དེ་བཞིན་དུ་སྣ་དང་ཁ་བསྐམས་པར་འགྱུར་བ་དང། ཀླད་པ་སྟོངས་པ་སྙམ་སེམས་པར་འགྱུར་རོ། །སྣུམ་དྲགས་གཡའ ་དང་ལྕི་བ་ཉིད། །མཆིས་མ་ཆམ་འདེབས་ཡི་ག་འཆུས། ཞེས་བྱ་བ་ལ། སྤྱི་བོར་སྣ་ནས་སྣུམ་བཏང་དྲགས་པར་གྱུར་ན། ཤིན་ཏུ་གཡལ་བར་འགྱུར་བ་དང། མགོ་ལྕི་བ་ཉིད་དང། མཆིལ་མ་དང་སྣབས་མང་བ་དང། ཆམ་པས་འདེབས་ཤིང ་ཡི་ག་འཆུས་པར་འགྱུར་རོ། །ལེགས་བཀྲུས་མིག་གསལ་ཡང་བ་དང། །ཁ་དང་སྐད་ནི་དག་པར་འགྱུར། །འཁྲུས་ཉེས་ནད་ནི་འཕེལ་བར་འགྱུར། །བཀྲུས་དྲགས་ཁོང་ནི་མྱ་བར་འགྱུར། ཞེས་བྱ་བ་ལ། མགོ་བོའི་བཀྲུ་སྨན་ལེགས་ཤིང་སྦྱོར ་བ་ཕྱིན་ཅི་མ་ལོག་པར་གྱུར་ན་མིག་གསལ་ཞིང་ཡང་བ་དང། ཁ་དང་སྐད་གདངས་དག་ཅིང་གསལ་བར་འགྱུར་རོ། །མགོ་བོའི་བཀྲུ་སྨན་ཉེས་ཤིང་མ་ལགས་པར་གྱུར་ན། ནད་ཀྱི་དཀྱེལ་འཕེལ་ཞིང་སླར་སོགས་པར་འགྱུར་རོ། །མགོ་བོའི་ཁྲུས ་ཤིན་ཏུ་དྲགས་པར་གྱུར་ན། ཁོང?་རྨྱ་ཞིང་ཉམ་ཆུང་པར་འགྱུར་རོ། །ཚད་ཆུང་གློ་རྡོལ་རིང་བ་དང། །བྱིས་པ་རྒན་པོ་སྐྱིད་གནས། །དུས་མིན་ཆར་འབབ་པར་ཡང་བཏང། ཞེས་བྱ་བ་ལ། སྣ་ནས་བཏང་བའི་སྨན་ཚད་ཆུང་ངུ་ནི། གློ་བརྡོལ་བ་ལ ་སོགས་པ་ལ་ཡང་བཏང་བར་བྱ་ལ། དེ་བཞིན་དུ་དུས་མ་ཡིན་པར་ཡུལ་རྨུས་པ་ལ་ཡང་བཏང་དུ་རུང་ངོ། །དེ་ལ་གློ་བརྡོལ་བ་ནི་གློ་ནས་ཁྲག་བྱུང་བ་འམ། བྲང་གི་ཤ་ཟད་པའོ། །རིང་པ་ནི་མི་རོ་སྐམ་པོ་ལྟར་སྐམ་པའོ། །བྱིས་པ་ནི ་ལོ་བཅུ་དྲུག་མ་མཚད་དོ། །རྒན་པོ་ནི་བདུན་ཅུ་ཡན་ཚད་ལོན་པའོ། །སྐྱིད་པར་གནས་པ་ནི་རྟག་ཏུ་བདེ་ཞིང་གཞོན་ཤ་ཅན་དུ་གནས་པའོ། །དེ་ནི་ཆམ་པ་དྲག་བཏབ་དང། །ཆང་འཐུངས་རྣ་བ་འོན་པ་དང། །ཀླང་རྒྱས་སྲིན་བུ་ཞུགས ་པ་དང། །ནད་བསྟུས་ཕྱིར་ནི་མ་ཕྱུང་ལ། །ཚད་ཆུང་བ་ནི་བཏང་མི་བྱ། །སྣ་ནས་བཏང་བའི་སྨན་ཚད་ཆུང་ངུ་དེ་ནི་ཆམ་པ་དྲག་པོས་བཏབ་པ་དང། །དེ་བཞིན་དུ་ཚད་འཐུངས་པ་སྟེ། གང་གིས་དུས་དེ་ཉིད་ཀྱི་ཚེ་འཐུངས་པ་དང། དེ་བཞིན་དུ་རྣ་བ་འོ་ན་ཞིང ་སྒྲ་འཛིན་པ་ལ་ཞེན་པ་དང། དེ་བཞིན་ཀླད་རྒྱས་ལ་སྲིན་བུ་ཞུགས་པ་དང། དེ་བཞིན་དུ་ནད་མང་པོ་ཁོང་དུ་བསྡུས་པ་འམ། ཕྱིར་ནད་མང་པར་གྱུར་པ་དང། ནད་བསྟུས་ནས་ཕྱིར་མ་བྱུང་བར་གྱུར་པ་ལ་ཡང་བཏང་བར་མི་བྱ་སྟེ། གང་གི་ཕྱིར་ཚད་ཆེན ་པོ་ནས་ཚད་ཆུང་བའི་ནི་དམན་པ་ཉིད་ཡིན་པའི་ཕྱིར་ནུས་པ་ཆུང་པ་ཡིན་ནོ། །ཉིན་མཚན་ཟས་ཟོས་སློན་ཉིན་ཉལ། །མཛའ་དང་བུད་མེད་ལམ་དལ་དུབ། མགོ་བསྐུས་མཁུར་བཀད་དཔོ་བའི་རྗེས། །བཤང་གཅི་མིག་སྨན་བཏང་རྗེས་དང། །སོ་ཤིང ་གི་རྗེས་རྒོད་པ་ཡི། །རྗེས་ལ་ཐིགས་པ་གཉིས་པ་བཏང། །ལྔ་ཡིས་དབང་པོའི་བུ་ག་དག་།གསུམ་གྱིས་རིམ་བཞིན་དལ་བ་སལ། །ལྔ་པོ་མིག་ནི་གསལ་བར་བྱེད། སོ་བརྟན་རླུང་ནད་ཞི་བར་འགྱུར། ཞེས་བྱ་བ་ལ། ཚད་ཆུང་ངུ་བཏང་བའི་དུས ་ན། བཅོ་ལྔ་པ་འདི་དག་སྟེ། ཚད་ཆུང་ངུ་ཉིན་མ་འམ། མཚན་མོ་ཟས་ཟོས་པའི་རྗེས་ལ་སོགས་པ་ལ་བཏང་པར་བྱའོ། །ཚད་ཆུང་ངུ་འདི་ནི་ཐིགས་པ་གཉིས་ཏེ། ལན་གཉིས་གཏིགས་པའི་ཚད་ཡིན་ལ། དེ་ཡང་དང་པོའི་ལྔའི་མཛའ་མར་བཏང ་ན་བུ་ག་རྣམས་སྦྱངས་ཤིང་དག་པར་བྱེད་དེ། །དེ་ཡང་མཚན་མོའི་མཛའ་དང། ཉིན་པར་གྱི་མཛའ་དང། ཟས་ཟོས་པའི་མཛའ་དང། སློན་པའི་མཛའ་དང། ཉིན་པར་ཉལ་པའི་མཐར་བཏང་ན་དབང་པོའི་བུ་ག་རྣམས་གསལ་ཞིང་དག་པར ་འགྱུར་རོ། །གསུམ་གྱིས་རིམ་བཞིན་ངལ་བ་སེལ། ཞེས་བྱ་བ་ལ་ནི། བུད་མེད་ཀྱིས་དུབ་པའི་མཛའ་དང། ལམ་གྱིས་དུབ་པའི་མཛའ་དང། དལ་ཆད་པའི་མཛའ་སྟེ། མཛའ་གསུམ་པོར་བཏང་ན་ངལ་བ་དེ་གསུམ་སེལ་བར་འགྱུར་རོ། །ལྔ་བཏང་མིག་ནི་གསལ་བར་འགྱུར། ་ཞེས་བྱ་བ་ལ། མགོ་བསྐུས་པའི་རྗེས་དང། མཁུར་བ་བཀང་ནས་ཕོ་བའི་རྗེས་དང། བཤང་བ་བཏང་པའི་རྗེས་དང། གཅི་བ་བཏང་པའི་རྗེས་དང། མིག་སྨན་བཏང་བའི་རྗེས་ལ་བཏང་ན་མིག་གསལ་ཞིང་སྟོབས་དང་ལྡན་པར་འགྱུར་རོ། སོ་ཤིང་ཟོས་པའི་རྗེས་ལ ་བཏང་གསོ?་བརྟན་པར་འགྱུར་རོ། །རྒོད་པའི་རྗེས་ལ་ཐིགས་པ་གཉིས་བཏང་ན་རླུང་ཞི་བར་འགྱུར་རོ། །སྣ་སྨན་ལོ་བདུན་མ་ལོན་དང། བརྒྱད་ཅུ་འདས་ལ་བཏང་མི་བྱ། །བཅོ་བརྒྱད་མ་ལོན་དུད་མི་བདུག། མཁུར་བཀང་ལྔ་མ་ལོན་པ་མིན། །ལོ་བཅུ་མ་ལོན་སྦྱང་མི ་བཏང?། །བདུན་ཅུ་འདས་ལ་འང་མི་བྱའོ། །སྐྱེས་ནས་རྒས་པའི་བར་དུ་ནི། ཚད་ཆུང་མས་བཏང་ལྟ་བུར་བསྔགས། དེ་ནི་ལྷག་ཏུ་བསྟེན་གྱུར་ན། །ཚད་ཆེ་བ་ལྟར་ཡོན་ཏན་བསྐྱེད། །འདྲིལ་བདམ་པ་གང་ཡང་མེད། །གནོད་ལས་ཚད་ཆེར་ལྟར་འཇིགས་མེད། ཅེས ་བྱ་བ་ལ།?་སྨན?་?་ནས་བཏང་བ་ནི། བྱིས་པ་ལོ་བདུན་མ་ལོན་པ་དང། ལོ་བརྒྱད་ཅུ་ཡན་ཆད་འདས་པའི་ནད་པ་ལ་བཏང་པར་མི་བྱའོ། །བཅོ་བརྒྱད་མ་ལོན་དུད་མི་འདུག་ཅེས་བྱ་བ་ནི། མི་ལོ་བཅོ་བརྒྱད་མ་ལོན་པ། མན་ཆད་ལ་ནི་དུད་པས་བདུག་པའི་སྨན ་བཏང་བར་མི་བྱའོ། །དེ་བཞིན་དུ་མཁུར་བ་བཀང་ནས་དཔོ་བའི་སྨན་ཡང་ལོ་ལྔ་མ་ལོན་པ་མན་ཆད་ལ་བཏང་བར་མི་བྱའོ། །དེ་བཞིན་དུ་ལོ་བཅུ་མ་ལོན་པ་ལ་བཀྲུ་སྨན་གྱིས་སྤངས་མི་བྱ་བའོ། །དེ་བཞིན་དུ་ལོ་བདུན་ཅུ་ཡན་ཆད་འདས་པའི་ན་ཚོད་དང་ལྡན་པ་ལ ་ཡང་སྤྱད་པ་མི་བྱའོ། །དགག་པ་འདི་བཀྲུ་སྨན་བཏང་པའི་སྐབས་ཡིན་པར་ཤེས་པར་བྱའོ། སྐྱུགས་སྨན་ནི་མ་ཡིན་ཏེ་བྱིས་པ་ནི་ཕལ་ཆེར་འོ་མ་དང་ཟ་བས་བད་ཀན་ལས་བྱུང་པའི་ནད་ཡོད་པས་ན་ནད་ཐམས་ཅད་ལ་བཀྲུ་སྨན་བསྟགས་པ་མ་ཡིན ་ནོ་ཞེས་བཤད་པའི་ཕྱིར་རོ། །ཡང་ཚད་རབ་ཏུ་ཆུང་བ་ཐིགས་གཉིས་པ་འདི་ནི་སྐྱེས་ནས་ཞེས་བྱ་བ་བྱིས་པ་ལོ་གཅིག་མ་ལོན་པ་ནས། །འཆི་བ་ནས་རྒས་པའི་མཐར་ཐུག་པའི་བར་ལ་ཚད་ཆུང་བསྟེན་པ་བསྔགས་པ་ཡིན་ཏེ། དེ་ཡང་ཇི་ལྟར་མས ་བཏང་བ་སྐྱེས་ནས་རྒས་པའི་བར་དུ་བཏང་དུ་རུང་ཞིང་བསྔགས་པ་ཡིན་པ་དང་འདྲ་བར་ཚད་ཆུང་ངུ་འདི་བསྔགས་པ་ཡིན་ནོ། །ཚད་ཆུང་ངུ་དེ་རྟག་ཏུ་བརྟན་ཅིང་རྒྱུན་དུ་གོམས་པར་བྱས་ན། ཐུན་ཚད་ཆེ་བ་དང་འདྲ་བ་ཡོན་ཏན་སྐྱེད་པར་བྱེད་པ་ཡིན་ཏེ། དེ་བས་ན་སྐྱེས ་ནས་རྒས་ཀྱི་བར་དུ་བསྔགས་པ་ཡིན་ནོ། །སྣ་ནས་བཏང་པའི་སྨན་ཆུང་ངུ་འདི་ལ་ནི་སྔར་གྱི་ཚད་དུ་བསྟན་པའི་ཚེ་འབྲིང་གསུམ་ལྟར་བདམ་པ་ཡོད་པ་མ་ཡིན་ཏེ། སྣུམ་གྱི་ཆ་གའི་སྐབས་ནས་བཤད་པའི་ཆ་ག་ལྟ་བུ་བསྟེན་ཅིང་བསྲུང་མི་དགོས་སོ། །ཡང་ཚད ་ཆེན་པོ་བཏང་བ་ལས་གནོད་པ་འབྱུང་བའི་འཇིགས་པ་ཡོད་པ་ལྟར་འདི་ལ་དེ་ལྟ་བུའི་གནོད་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །སྣ་སྨན་དོན་དུ་ཏིལ་མར་ཉིད། །རྟག་ཏུ་བསྟེན་པ་བསྔགས་པ་ཡིན། །མགོ་ནི་བད་ཀན་གནས་ཡིན་ཕྱིར། །སྣུམ ་གཞན་བདེར་གནས་ལ་མི་བསྔགས། ཞེས་བྱ་བ་ལ། བདེ་པར་ནད་མེད་པར་གནས་པའི་སྐབས་སུ་སྣ་ནས་བཏང་བའི་སྨན་གྱི་དོན་དུ་ཏིལ་མར་ཉིད་བསྔགས་པ་ཡིན་གྱི། མར་ལ་སོགས་པའི་སྣུམ་གཞན་རྟག་ཏུ་བསྟེན་པ་བསྔགས་པ་མ ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མགོ་བོ་ནི་བད་ཀན་གྱི་གནས་ཡིན་པའི་ཕྱིར་སྣུམ་གཞན་མི་བསྔགས་ཀྱི་ཏིལ་མར་ནི་བད་ཀན་སེལ་བ་ཡིན་པས། །དེའི་ཕྱིར་སྣུམ་གཞན་མར་ལ་སོགས་པ་ནད་མེད་པའི་སྐབས་སུ་བཏང་བ་བསྔགས་པ་མ་ཡིན་ནོ།། ་མྱུར་བྱེད་རིང་ཞིག་བྱེད་པ་དང། །ཡོན་ཏན་ཆེ་དང་ཆུང་བྱེད་པའི། །ཁྱད་པར་ཆད་ཆེན་ཚད་ཆུང་ལ། །གལ་ཏེ་མེད་པར་གྱུར་ན་ནི། གང་ཞིག་སྤང་བཅས་གནོད་བཅས་པར། །ཚད་ཆེན་དག་ནི་སུ་ཞིག་སྟོན། །སྣུམ་དང་བཏུང་བ་བརྟག་ཏུ་བཤད། ། ་སྤྱི་བོ་རླུང་དང་ཚད་པར་གནས། །འཇམ་རྩི་ཚད་ཅན་མས་བཏང་ཚད། དེ་དང་འདྲ་བར་རྣམ་པར་བསྟན། ཞེས་བྱ་བ་ལ། འདི་ནི་ཡན་ལག་བརྒྱད་པ་བསྡུས་པ་ལས་གཞུང་རྩོམ་པར་བྱེད་པས་བཤད་པ། འདིར་ལ་ལ་ཞིག་གིས་བཅུག་པ་ཡིན་མོད་ཀྱི། འོན་ཀྱང་འདིར ་བཤད་པར་བྱ་སྟེ། གལ་ཏེ་ཚད་ཆེ་བ་སྔར་རྣམ་པ་གསུམ་དུ་བསྟན་པ་དང། ཚད་ཆུང་ངུ་ཐིགས་པ་གཉིས་པ་དེ་དག་ལ་ཁྱད་པར་མེད་པར་འགྱུར་ན། སྤང་བར་བྱ་ཞིང་ཉེས་དམིགས་དང་བཅས་པའི་ཚད་ཆེན་པོས་ནད་པ་གསོ་བར་གླེན་པ་སུ་ཞིག་བྱེད་དེ། ཚད་ཆུང་ངུ ་འདིས་ཆག་མོད། །དེས་ན་འདི་གཉིས་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཡོད་ཅེ་ན། དེའི་ཕྱིར་མྱུར་བྱེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། ཚད་ཆེ་བ་དང་ཆུང་བ་གཉིས་ནི། གཉིས་ཉིད་ཀྱི་ཁྱད་པར་གྲངས་ཇི་ལྟ་བ་བཞིན་དུ་མར་དུ་བྱེད་པ་དང། རིང་ཞིག་ན་བྱེད་པ་དང། ་ཡོན་ཏན་ཆེ་བ་དང། ཆུང་བར་བྱེད་པའི་ཁྱད་པར་མཆོག་སྟེ་ཐ་མ་དག་ཡོད་པ་མ་ཡིན་ཏེ། དེ་ཡང་ཆེ་ཚད་གསུམ་པོ་ནི་སྣུམ་གྱི་ལས་ལ་སོགས་པ་མྱུར་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདི་ཉིད་ཡོན་ཏན་ཤས་ཆེ་བར་བྱེད་ལ་ཡང་ཡིན་ནོ། །དེ་བཞིན་དུ་ཆུང་ཞིང་དམན ་བར་ཡང་བྱེད་པ་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཡོད་པ་ལ་བརྟེན་ནས། ཚད་ཆེན་པོར་བཤད་པ་གསུམ་པ་ནི། །སྤང་བ་དང་བཅས་ཤིང་གནོད་པ་དང་བཅས་སུ་ཟིན་ཀྱང། ཚད་ཆེན་པོ་དག་བྱ་བ་ཁོ་ན་སྟོན་པ་ཡིན་ཏེ། དེ་བཞིན་དུ་སྐབས་ཀྱིས་གཞན་དག་ཀྱང་བཤད ་པ་ཡིན་ཏེ། སྣུམ་དངས་མ་བཏུང་བ་ནི་སྤང་བར་བྱ་བ་དང་ཡང་བཅས་ཤིང། །མི་འཐུན་པའི་གནོད་པའི་རྟགས་ཡོད་པ་དེ་སྣུམ་ཡང་དང་ཡང་བསྟེན་པའི་སྐབས་སྤང་བ་མེད་པ་མ་ཡིན་ཡང། འོན་ཀྱང་ཞུན་མར་ལ་སོགས་པའི་སྣུམ་དངས་མ་བསྟེན་པར་བཤད ་པ་ནི། མྱུར་དབྱད་པ་དང། ཡོན་ཏན་ཆེ་བའི་ཕྱིར་རོ། །དེ་བཞིན་དུ་སྤྱིལ་བུར་གནས་ནས། བཅུད་ཀྱིས་ལེན་ཉེ་བར་བསྟེན་པ་དང། དེ་བཞིན་དུ་རླུང་དང། ཚད་པར་གནས་ནས་རླུང་དང་ཉི་ཚན་གྱི་ཆོ་གས་བཅུད་ཀྱིས་ལེན་བསྟེན་པར་བྱེད་པ་དེ་གཉིས་ལ་ཁྱད་པར་མེད ་པར་གྱུར་ན་སྤྱིལ་བུར་གནས་པའི་ཆོ་ག་སྤང་བ་དང། གནོད་པ་དང་བཅས་པ་སུ་ཞིག་སྟོན་པར་བྱེད་ན། གང་གི་ཕྱིར་སྤྱིལ་བུ་ལ་གནས་པ་ནི་མྱུར་བར་བྱེད་པ་དང། ཡོན་ཏན་ཆེ་བ་ཡིན་ལ། རླུང་དང་ཚད་པར་གནས་པ་ནི་རིང་ཞིག་ན་བྱེད་པ ་དང། ཡོན་ཏན་ཆུང་བ་ཡིན་ཏེ། ཚད་འདི་གཉིས་ཀྱི་ཁྱད་པར་ཡང་དེ་དང་འདྲའོ། །དེ་བཞིན་དུ་འཇམ་རྩི་མས་བཏང་བའི་ཚད་ཀྱང་དེ་དང་འདྲ་བར་བཤད་པ་ཡིན་ཏེ། དེས་ན་འཇམ་རྩི་མས་བཏང་བ་ནི་མྱུར་དུ་བྱེད་པ་དང་ཡོན་ཏན་ཆེ་བ་ཡིན་ལ། འཇམ་རྩི་ཚད་ཤིན་ཏུ་ཆུང་བའི ་མས་བཏང་བ་ནི་རིང་ཞིག་ན་བྱེད་པ་དང། ཡོན་ཏན་ཆུང་བ་ཡིན་ན། །དེ་བས་ན་ཁྱད་པར་འདི་གཉིས་ལ་བསྟེན་ནས་འཇམ་རྩི་ཚད་དང་ལྡན་པ་དག་ནི་སྤང་བར་བྱ་བ་དང། གནད་པ་དང་བཅས་སུ་ཟིན་ཀྱང་བཤད་པ་ཡིན་གྱི། མས་བཏང་བ་ཆུང་ངུ་ཆུང་ངུས་བྱད ་པ་གཅིག་དུ་མ་བཤད་དེ། འདི་གཉིས་ནི་འབྲས་བུ་ཁྱད་པར་ཡོད་པ་ཡིན་ནོ། །ཛ་ལ་སྒྲོན་ཤིང་ཛཱི་བནྟི། །གླ་སྒང་ཤིང་ཆ་བུ་ཤེལ་ཅི། །གོ་པི་ཙན་དན་སྐྱེར་བའི་རྩ། །ཤིང་མངར་གླ་བ་ཨ་ག་རུ། །ཉེའུ་ཤིང་བལྤི་པུཎྚ་རཱི། ཨུཏཔ་ལ་མུརྤ་པརྞི་གཉིས། ་འབྲི་ཧ་ཏ་གཉིས་བི་ཊི་ཀ་།གནདྷ་པ་ཏྲ་སུག་སྨེལ་དང། །ཧ་རེ་ནུ་ཀ་པདྨ་ཡི། །གེ་སར་དང་ནི་བ་ལ་ཏེ། །སྨན་ནི་འདི་རྣམས་ཆ་བསྙམས་ལ། །ཆར་བའི་ཆུས་ནི་བསྐོལ་བར་བྱ། །ཏིལ་མར་ལས་ནི་སྨན་གྱི་ཁུ། །བཅུ་འགྱུར་ལྷག་བྱ་ད་ལས་ནི། །ཏིལ་མར་ཆུ་དང་བསྐོལ ་བྱ་བ། ལན་བཅུ་ཉིད་ནི་བསྐོལ་བྱ་བ། ཚོས་པ་ཡི་ནི་བཅུ་ཆ་ལ། །དེ་མཉམ་ར་ཡི་འོ་མ་བླུག་།སྣར་བཏང་ཏིལ་མར་ཡོན་ཏན་ཆེ། །ཐིགས་ཕྲན་ཞེས་བྱ་འདི་བསྟེན་བྱ། ཞེས་བྱ་བ་ལ། ཇལ་ཞེས་བྱ་བ་ནི་རྩོ་སྨན་བཱ་ལ་ཀའོ། །ཛཱི་བནྟི་ནི་གྲགས་པར་ཟད་དོ། །གོ་བྱི་ནི ་ཤི་རི་པའོ།?་གླུ་བ་ནི་བ་དི་?་ལའོ། །ཏེའུ་ཤིང་ན?་ཏ་པ་རིའོ། །པཎྜ་རཱི་ནི་བྲ་པུཎྜ་རཱི་ཀའོ། །ུཏཔ་ལ་ནི་ཨུཏཔལ་སྔོན་པོའོ། །མུརྦ་ནི་གནདྷ་མུར་བའོ?། །པརྞི་གཉིས་ན་སལ་པརྞི་དང། པྲིསྣ་པརྞིའོ། །བྲི་ཧ་ཏ་གཉིས་ནི་བྱི་ཧ་ཏ་དང།?་ཀཎྜ་ཀཱ?་རིའོ། ?་ཧ་རེ?་ན་ཀ་ནི་ནོ? ་རུ་ཀའོ། །པདྨའི་གེ་སར་ནི་པདྨའི་སྙིང་པོའི་གེ་སར་རོ། །བཱ་ལ་ནི་གྲགས་པར་ཟད་དོ། །སྨན་འདི་རྣམས་ལེགས་པར་ཆ་བསྙམས་ལ། །དེའི་བརྒྱ་འགྱུར་གྱི་ཆར་པའི་ཆུ་དང་བསྐོལ་བ་ཇི་སྲིད་ཏིལ་མར་གྱི་བཅུ་འགྱུར་ལུས་པར་འགྱུར་གྱི་པར་དུ་བསྐོལ་བར་བྱའོ། །དེ་ལྟར་སྨན ་གྱི་ཁུ་བ་ཏིལ་མར་གྱི་བཅུ་འགྱུར་ལུས་པར་བྱས་ལ། དེའི་འོག་ཏུ་བསྐོལ་པའི་ཆུ་ཏིལ་མར་གྱི་བཅུ་འགྱུར་ཡོད་པ་ལ། དེ་ལ་ནི་ལ་མར་ཆ་གཅིག་དང། ལན་བཅུའི་བར་དུ་བསྐོལ་བར་བྱའི། །ལྷག་བའམ་མཚང་བ་མ་ཡིན་ནོ། །འདི་ཉིད་ཅེས་བྱ་བ་ངེས་པར ་དཔུང?་པ་སྨོས་པ་ཡིན་ནོ། །དེའང་ཏིལ་མར་ཆོས་པའི་ཚད་ནི་ཅི་ནས་སྨན་བསྐོལ་པའི་ཆུ་དེ་བཅུ་ཆ་རེ་རེ་དང་སོ་སོར་བསྐོལ་བས་རྫོགས་ཀྱི་བར་དུ་བསྐོལ་ནས། །ཏིལ་མར་དེ་ཚོས་པར་གྱུར་པ་དེ་ལྟར་བྱའོ། །ཚོས་པ་བཅུ་ཆ་དོ་དང་མཉམ་པའི་རའི་འོ་མ་བླུགས ་བར་བྱ་སྟེ། གང་དང་མཉམ་ཞེ་ན། ཏིལ་མར་དང་སྐོལ་བའི་ཆུ་དང་མཉམ་པར་བྱའོ། །དེ་ཡང་འདི་སྐད་སྟོན་པ་ཡིན་ཏེ། ཛ་ལ་དང་སྒྲོན་ཤིང་ལ་སོགས་པའི་སྨན་ཆ་མཉམ་པ་སྲང་སུམ་ཅུ་རྩ་གཉིས་པ་ཕྱག?་བརྒྱ་སྟེ། སུམ་སྡོང་ཉིས་བརྒྱ་བསྐོལ་ལ། ་བསྐོལ་པའི་སྨན་ཁུ་ལྷག་མ་སྲང་སུམ་བརྒྱ་ཉི་ཉུ་ཡུས་པར་བྱས་ཏེ། དེའི་བཅུ་ཆ་སྨན་ཁུ་སྲང་སུམ་ཅུ་རྩ་གཉིས་དང། །ཏིལ་མར་སྲང་སུམ?་ཅུ་རྩ་གཉིས་བསྐོལ་བར་བྱའོ། །དེ་བཞིན་དུ་བསྐོལ་བ་བཅུ་པོའི་སྐབས་སུ་ཏིལ་མར་དང ་མཉམ་པའི་རའི་འོ་མ་སྲང་སུམ་ཅུ་རྩ་གཉིས་གཞུག་པར་བྱའོ། །སྣ་ནས་བཏང་པའི་ཏིལ་མར་འདི་ནི་ཡོན་ཏན་ཆེ་ཞིང་བསྟེན་པར་བྱ་བ་ཡིན་པར་དྲང་སྲོང་རྣམས་ཀྱི་བཤད་ལ། འདིའི་མིང་ནི་ཐིགས་ཕྲན་ཞེས་བྱ་སྟེ། མགོ་པོའི་ཆའི་རྩ་ཕྲན་རྣམས་སུ་ལེགས? ་པ་ཕྲ་མོས་ནང་དུ་འཇུག་པར་ནུས་པའི་ཕྱིད། །ཏིལ་མར་འདི་ལ་ཐིགས་ཕྲན་གྱི་ཏིལ་མར་ཞེས་དོན་དང་ལྡན་པའི་མིང་གཏགས་པ་ཡིན་ནོ། །སྣ་ནས་བཏང་བའི་སྨན་བསྟེན་པས། །ཕྲན་ལ་མགྲིན་ལ་དཔུང་མགོ་ནི། །མཁྲེགས་ཤིང་མ་མོ་ལ་ལ ་མདོག་གསལ། །དབང་བརྟན་སྐྲ་དཀར་མེད་པར་འགྱུར། ཞེས་བྱ་བ་ལ། དེ་ལྟར་བསྟན་པའི་སྣ་ནས་བཏད་བའི་སྨན་བསྟེན་ཅིང་གོམས་པར་བྱས་པས་ནི། །སྐྱེས་བུ་དེ་ཕྲག་པ་དང། མགྲིན་པ་དང་དཔུང་མགོ་མཐོ་ཞིང་སྲ་ལ ་མཁྲེགས་པར་འགྱུར་བ་དང། བགས་པའི་མདོག་གས་པ་ཞིང་རངས་པར་འགྱུར་བ་དང། དེ་བཞིན་དུ་མིག་ལ་སོགས་པའི་དབང་པོ་བརྟན་ཞིང་ཡུལ་འཛིན་པར་ནུས་པ་དང། སྐྲ་དཀར་མེད་ཅིང་རྒས་སྲ་བ་ཉིད་དུ་འགྱུར་བ་ཁོ་ན་ཡིན་ནོ། །ཡན ་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས།། །།ལེའུ་ཉི་ཤུ་བའི་རྣམ་པར་བགྲེལ་པའོ།། །། ་དེ་ནས་སྨན་གྱི་དུད་པ་བཏང་བའི་ཆོ་གའི་ལེའུ་ཤད་པར་བྱའོ། ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་བ་ནི་འདི་ཡིན་ཏེ། སྔར་བཤད་པའི་སྨན་སྣ་ནས་བཏང་བའི་རྗེས་ལ་དུད་པ་བརྡུབས་ཏེ། མཁུར་བ་བཀད་ནས་དབོ་བར་བྱའོ། །ཞེས ་སྔར་བཤད་པས་ནས། དུད་པ་དེའི་ཆོག་འདི་དང་འདི་ལྟར་བྱའོ། ཞེས་བྱ་བའི་ཚུལ་གྱི་ལེའུ་བཤད་འདི་བ་ཡིན་ནོ། །ནམ་ཚོད་ཡན་ཆད་བད་རླུང་ལས། །བྱུང་བའི་ནད་རྣམས་མི་སྐྱེ་དང། །སྐྱེས་པ་རྣམས་ནི་བསལ་བའི་ཕྱིར། །མཁས་པས་རྟག་ཏུ་དུད ་བ་རྡུབ། ཅེས་བྱ་བ་ལ། ནམ་ཚོད་ཡན་ཆད་ཀྱི་བད་ཀན་ལས་བྱུང་བའི་ནད་དང། རླུང་ལས་བྱུང་བའི་ནད་དང། དེ་བཞིན་དུ་བད་ཀན་དང་རླུང་འདྲེས་པ་ལས་བྱུང་བའི་ནད་རྣམས་མི་འབྱུང་བར་བྱ་བའི་ཕྱིར་དང། དེ་བཞིན་དུ་སྐྱེས་ཤིང ་བྱུང་བ་རྣམས་བསལ་ཞིང་གཞོམ་པར་བྱ་བའི་ཕྱིར། སྐྱེས་བུ་མཁས་པ་བདག་ལ་ཕན་བར་འདོད་པས་རྟག་པར་དུས་ཐམས་ཅད་དུ་དུད་པའི་སྨན་རྡུབ་ཅིང་བཏང་བར་བྱའོ། །དེ་ནི་འཇམ་དང་བར་དང་རྣོ། །རླུང་དང་བད་ཀན་ལ་བཏང་ངོ་ཞེས་བྱ་བ་ལ། དུད་པ་དེ་ནི ་འཇམ་བ་དང་བར་མ་དང། རྣོ་བའི་དབྱེ་བས་རྣམ་པ་གསུམ་ཡོད་དོ། །དེ་ལས་འཇམ་ཞིང་སྣུམ་པ་ནི། །བད་ཀན་ཅུང་ཟད་དང་ལྡན་པའི་རླུང་ནད་ལ་བཏད་པར་བྱའོ། །བར་མ་ནི་རླུང་དང་བད་ཀན་འདྲེས་པའི་ཆ་མཉམ་པ་ལ་བཏང་བར་བྱའོ། །རྣོན་པོ་ནི་བད་ཀན་ལ་བཏད་བར་བྱའོ། ་དེ་ལས་འཇམ་པ་ནི་རྟས་པར་བྱེད་པ་དང། སྣུམ་དང། འཇམ་པ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །པར་མ་ནི་ཞི་བར་བྱེད་པ་དང། སྦྱོར་བ་ཅན་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །རྣོ་བ་ནི་སྦྱོར་བ་དང་བཀྲུ་བ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །མཁྲིས་པ་དང་ཁྲག ་གིས་ཉེན་པ་དང། །ཁྲུས་བཏང་དམུ་རྫིངས་ཟ་ཁུ་དང། །རབ་རིབ་སྤོམ་དང་སྟོང་རླུག་ནད། །ལྐོག་ནད་མས་བཏང་བྱས་བ་དང། །ཉ་དང་ཆང་དང་འོ་མ་ཞི། །སྦྲང་རྩི་མར་དང་དུག་འཐུངས་སོགས། །མགོ་ནད་སྐྱ་རྦབ་ནད་ཅན་ནི། །མཚན་གཉིད་མ་ལོག་ལ་མི་བཏང། ་ཞེས་བྱ་བ་ལ། དུད་བ་དེ་ནི་མཁྲིས་པ་དང་ཁྲག་གི་ནད་ཀྱིས་ཉེན་བ་དང། བཀྲུ་སྨན་བཏང་བ་ལ་སོགས་པ་ལ། བཏང་བར་མི་བྱའོ། །སྟོང་ཀྱི་རླུང་ནད་ནི་རོ་སྟོང་ཀྱི་རླུང་ནད་དོ། །ལྐོག་ནད་ནི་ལྐོག་མ་འགགས་བ་ལ་སོགས་པའོ། །ཉ་དང་ཆང་འཐུངས་པ་ལ་སོགས་པ ་མཚན་མོའི་གཉིད་ཀྱིས་མ་ལོག་པ་ལ་དུ་བའི་སྨན་བཏད་བར་མི་བྱའོ། །གལ་ཏེ་དུད་པ་ཆེར་བརྡུབས་ན། །ཁྲག་དང་མཁྲིས་འཕེལ་འོན་ལོང་དང། །སྐོམ་དང་བརྒྱལ་དང་རྨོངས་པར་བྱེད། །དེར་ནི་བསིལ་བའི་ཆོ་ག་ཕན། ཞེས་བྱ་བ་ལ། དུད་པ་གསུམ་པོ་དུས་མ ་ཡིན་པར་བརྡུབས་པ་འམ། འགགས་པའི་གནས་ལ་བརྡུབས་པ་འམ། སྦྱོར་བ་ནོངས་པས་བརྡུབས་པ་དང། ཆེར་བརྡུབས་ཤིང་ལྷག་བར་བརྡུབས་པ་ནི། ཁྲག་དང་མཁྲིས་པ་འཕེལ་བར་འགྱུར་བ་དང། །དེ་བཞིན་ཏུ་འོན་པ་སྟེ་རྣ་བའི་དབང་པོ་ལ་གནོད་པར ་འགྱུར་བ་དང་མིག་ལོང་ཞིང་མཐོང་བ་ཉམས་པ་དང་སྐོམ་པ་དང། དེ་བཞིན་དུ་བརྒྱལ་ཞིང་འབོག་པ་དང། རྨོངས་ཤིང་མྱོས་པར་བྱེད་དོ། །ཁྲག་དང་མཁྲིས་པ་ཡང་འཕེལ་བ་ལ་སོགས་པ་དེར་ནི་བསིལ་བའི་ཆོ་ག་སྟེ། སྨན་སྣ་ནས་བཏང་བ་དང། ཁ་བསྐུ་བ་དང། མིག ་སྨན་དང། ཆུས་གཏོར་བ་དང། ཟས་དང་སྐོམ་པའི་ཆོ་ག་ཐམས་ཅད་བསིལ་བར་བྱས་པ་ཕན་ནོ། །བཀྲེས་སྦྲིད་གླལ་དང་བཤད་གཅི་བསལ། །བུད་མེད་བསྟེན་དང་བཏར་ག་བཏབ། །རྒོད་དང་སོ་ཤིང་བཅས་པ་ཡི། །མཐར་ནི་དུད་པ་འཇམ ་པོས་བཏང། ཞེས་བྱ་བ་ལ་སོགས་པ་བརྒྱད་ཀྱི་མཐར། དུད་པ་འཇམ་པོ་རྡུབ་ཅིང་བཏང་བར་བྱའོ། །དུད་འདི་དག་དང་མཚན་ཟས་ཟོས། །སྣ་སྨན་རྗེས་ལ་བར་མ་རྡུབ། །ཅེས་བྱ་བ་ལ། དུས་བརྒྱད་པོ་འདི་དག་ཉིད་ཀྱི་ཚེ་དང་མཚན་མོའི་མཛའ་དང་ཟས་ཟོས་པའི་མཛའ་དང། ་སྣ་སྨན་བཏང་བའི་རྗེས་ལ་དུད་བ་བར་མ་བརྡུབ་དུ་རུང་སྟེ། དུད་བ་འཇམ་པོ་བཏང་བའི་དུས་བརྒྱད་དང་མཚན་མོའི་མཛའ་ལ་སོགས་བར་དུ་བ་བརྡུབ་པར་བྱའོ། །གཉིད་ལོག་སྣ་སྨན་མིག་སྨན་ཁྲུས། །སློན་པའི་རྗེས་ལ་རྣོན་པོས་བཀྲུས། །ཞེས་བྱ་བ་ལ་གཉིད་ལོག། ་བ་ལ་སོགས་པའི་རྗེས་ལ་སྨན་རྣོན་པོས་མགོ་བོ་བཀྲུས་པའི་དུད་པ་བརྡུབ་པར་བྱའོ། །མས་བཏང་གཅེའུ་འདྲར་བྱས་པ་ཡི། །དུད་གཅེའུ་སྦུགས་གསུམ་དྲང་པོར་བྱ། །རྩ་བ་མཐེབ་ཤོང་རྩེ་མོ་ནི། །རྒྱ་ཤུག་ཤོད་བའི་ཚད་དུ་བྱ། ཞེས་བྱ་བ་ལ། དུ་བ་བརྡུབ ་བའི་གཅེའུ་ནི། མས་བཏང་བའི་གཅེའུའི་རྒྱུ་དང་འདྲ་བར་བྱ་ལ། དེ་བཞིན་དུ་སྤུབས་གསུམ་པོ་སྟེ། ནང་གི་ཁོང་སྦུབས་དང་ཁ་གསུམ་པར་བྱ་བ་དང། དྲང་ཞིང་ཡ་ཡོ་མེད་པར་བྱ་བ་དང། དེ་བཞིན་དུ་རྩ་བའི་སྦོམས་མཐེ་བོ་ཤོང་བ་ཙམ་བྱ་བ་དང། ་རྩེ་མོ་བུ་ག་རྒྱ་ཤུག་གི་འབྲས་བུ་ཤོད་པར་བྱའོ། །དེ་ཡི་ཚད་ནི་རྡུབ་བྱེད་པའི། །སོར་ནི་ཉི་ཤུ་སུམ་ཅུ་གཉིས། བཞི་བཅུ་རྣོ་དང་བར་མ་དང། །འཇམ་པོ་ལ་ནི་རིམ་བཞིན་བྱ། ཞེས་བྱ་བ་ལ་རྣོན་པོ་ལ་སོགས་པའི་དུད་པ་གསུམ་ལ། དེའི་གཅེའུའི་ཚད་ནི ་རིམ་པ་བཞིན་དུ་རྣོན་པོ་གཏོད་པ་ལ་རྡུབ་པར་བྱེད་པའི་ནང་བའི་སོར་ཉི་ཤུ་རྩ་བཞི་བྱའོ། །བར་མ་ལ་སོར་སུམ་ཅུ་རྩ་གཉིས་སོ། །འཇམ་པོ་ལ་ནི་སོར་བཞི་བཅུ་བྱ་སྟེ། དེ་ལྟར་གཅེའུ་རིང་པོ་ནས་ཐག་རིང་པོ་ལས་འཇུག་པའི་གཅེའུ་ཡི་སྦུབས་ཀྱི་བར་ནས། ་ཕྲ་མོ་རིམ་གྱིས་ཞུགས་པས་ཁྱབ་ཅིང་བདེ་བར་བྱེད་པར་འགྱུར་རོ། །དྲང་པོར་འདུག་ཅིང་དེ་ལ་སེམས། །ཁ་གདངས་ནས་ནི་ལན་གསུམ་བརྡུབ། །སྣ་ཁུང་རེ་རེ་བཀག་ནས་ནི། །སྣར་ནི་དུད་པ་བརྡུབ་པར་བྱ། ཞེས་བྱ་བ་ལ། དུད་པ་གཏོད་པའི་ཚེ་དྲང་པོར་འདུག་ཅིང། ་མ་ཡོ་བར་གནས་པར་བྱ་བ་དང། དེ་བཞིན་དུ་དེ་ལ་སེམས་བ་སྟེ། དུད་པ་བརྡུབ་པ་ལ་སོགས་པ་ལ་མ་ཡེངས་པ་དང། དེ་བཞིན་དུ་ཁ་གདངས་ཤིང་མཆུ་དང་སོ་ཕྱེ་ནས་དུ་བ་ལན་གསུམ་བརྡུབ་ཅིང་བཏང་ལ། སྣ་ཁུང་ཡ་གཅིག་བཀག་ནས་སྣ་ཁུང་གཅིག་ནས་དུད་བ ་བརྡུབ་པའོ། །དེ་བཞིན་དུ་སྣ་ཁུང་གཉིས་རེ་རེ་ནས་བཀག་ཅིང་དུད་པ་ལན་གསུམ་བརྡུབ་པར་བྱའོ། །མགོ་དང་སྣར་གཏོགས་ནད་བསྐྱོད་བ། །དང་པོར་སྣ་ནས་བརྡུབ་པར་བྱ། །བསྐྱོད་པའི་དོན་དུ་ཁ་ནས་བརྡུབ། གྲེ་བར་གཏོགས་པ་དེ་ལས་བཟློག ་ཅེས་བྱ་བ་ལ། མགོ་དང་སྣར་གཏོགས་པའི་ནད་བསྐྱོད་ཅིང་བསྡུད་པ་ལ། རང་ཉིད་བསྐྱོད་པའི་ནད་ལ་ནི། དང་པོར་ཏེ་ཐོག་མར་སྣ་ནས་བརྡུབས་ལ། །ཕྱིས་ཁ་ནས་བརྡུབ་པར་བྱའོ། །མགོ་དང་སྣར་གཏོགས་པའི་ནད་མ་ལོངས་པ་ལ་ནི་དེ་བསྐྱོད་ཅིང ་བསྡུ་བར་བྱ་བའི་ཕྱིར་དང་པོ་ཁ་ནས་བརྡུབས་ལ་དེའི་འོག་ཏུ་སྣ་ནས་བརྡུབ་པར་བྱའོ། །གྲེ་བའི་ནད་ལ་ནི་དེ་ལས་བཟློག་པའི་ཚུལ་གྱིས་བརྡུབ་པར་བྱ་སྟེ། གྲེ་བའི་ནད་བསྐྱོད་ཅིང་གློངས་པ་ལ་ནི་དང་པོར་ཁ་ནས་དུད་པ་བརྡུབས་ལ། ཕྱིས་སྣ་ནས་བརྡུབ་པར ་བྱའོ། །གྲོ་བའི་ནད་མ་བསྐྱོད་ཅིང་མ་བསྔས་པ་ལ་ནི། ད་བསྐྱོད་པར་བྱ་བའི་ཕྱིར་དང་པོར་སྣ་ནས་དུད་པ་བརྡུབས་ལ། ཕྱིས་ཁ་ནས་བརྡུབ་པར་བྱའོ། །དུ་བ་ཁ་ཉིད་ནས་སློན་གྱི། །སྣར་སློན་མིག་ལ་གནོད་པར་བྱེད། །ཅེས་བྱ་བ་ལ། སྣ་ནས་བརྡུབས་པའི་དུད་བ ་དང། ཁ་ནས་བརྡུབས་པའི་དུད་པ་ནི་གཉི་ག་ཡང་ཁ་ཉིད་ནས་སློན་ཅིང་ཕྱིར་གནོད་པར་བྱ་བའི། །མིག་ལ་གནོད་པར་བྱེད་པའི་འཇིགས་པ་ཡོད་པའི་ཕྱིར་སྣ་ནས་སློན་བར་མི་བྱའོ། །དུ་བ་བརྡུབ་དང་འབྱིན་པ་ཡི། །ལན་ནི་གསུམ་སུ་བརྡུབ་པར་བྱ། །ཞེས་བྱ ་བ་ལ་དུ་བརྡུབ་པ་ནི་ལན་གསུམ་གསུམ་རྡུབ་པ་དང་འབྱིན་པའི་ཚུལ་གྱིས་རྡུབ་པར་བྱའོ། །འཇམ་པོ་ཉིན་གཅིག་ལན་ཅིག་བཏང། བར་མ་ལན་གཉིས་སྦྱོར་བ་ནི། །ལན་གསུམ་ལན་བཞི་བཏང་བར་བྱ། ཞེས་བྱ་བ་ལ། དུ་བ་འཇམ་པ་ནི་ཉི ་མ་རངས་པ་ལ་རང་གི་བཏང་བར་བྱ་བའི་ནད་རྣམས་ལ་ལན་གཅིག་བཏང་བར་བྱའོ། །དེ་བཞིན་དུ་དུད་པ་བར་མ་ནི་ཉི་མ་རངས་པའི་ནང་དུ་རང་གིས་བཏང་བར་བྱ་བའི་ནད་རྣམས་ལ་ལན་གཉིས་བཏང་བར་བྱའོ། །དེ་བཞིན་དུ་སྦྱོར་བའི་དུད་བ་རྣོན་པོ་ནི་ཉིན ་གཅིག་ལ་རང་གིས་བཏང་བར་བྱ་བའི་ནད་རྣམས་ལ་ལན་གསུམ་མ་བཞི་བཏང་བར་བྱའོ། །དེར་སྨན་གུ་གུལ་ཨ་ཀ་རུ། །གླ་སྒང་རྡོ་དྲེག་སྠོ་ནེ་ཡ། །སྤང་སྤོས་ཨུ་ཤིར་བ་ལ་ཀ། ཤིང་ཚ་ཀོནྟི་ཤིང་མངར་དང། །བལ་རྐང་ཨེ་ལ་པ་ལུ་ཀ་།པོག་དཀར་ཤི་རེ་བསྟ་ཀ། བྱ་མ ་ཀ་གླ་བ་སྦྲ་ཚིལ། །པོག་ནག་གུར་གུམ་མཱ་ཥ་དང། །ཀུན་ཏུ་རུ་དང་ནས་དང་ཏིལ། །སྣུམ་བཅས་འབྲས་བུ་སྙིང་པོ་དང། །ཚིལ་དང་རྐང་དང་ཞག་དང་མར། ཞེས་བྱ་བ་ལ། དེ་ལ་སྨན་གྱི་དུ་བ་གསུམ་པོ་དེ་དག་གི་ནང་ནས་དུ་བ་འཇམ་པོའི་སྨན་འཕྲོད་ནི་གུ ་གུལ་ནས་མར་གྱི་བར་ཡིན་ནོ། །རྡོ་དྲེག་ནི་ཤེལླ་སྟེ། ཕ་བོང་གི་དྲག་བའོ། །ཡང་ན་བྲག་ཞུན་ལ་བྱའོ། །སྠོ་ནེ་ཡ་ནི་ཏེ་ལ་བ་ཏ་ཀའོ། །སྤང་སྤོས་ནི་ན་ལ་ཀའོ། །ཀོནྟི་ནི་ཧ་རེ་ནུ་ཀའོ། །བིལྦའི་རྐང་ནི་བལྦའི་ནང་ངོ། །ེ་ལ་པ་ལུ་ཀ་ནི། ཧི་རི་བ་ལུ་ཀའོ། །ཤི་རི་བེས་སྟ ་ཀ་ནི། ཤི་རི་བེས་སྟ་ཀ་སྟེ། ཐང་ཤིང་གི་ཐང་ཆུའོ། །པོག་དཀར་པོ་ནི་སརྫ་ར་སའོ། །བྱ་མ་ཀ་ནི་ད་བ་དྷཀྟའོ། །གླ་བ་ནི་བནྱཾ་མའོ། །པོག་ནག་པོ་ནི་ས་ལ་ཀའོ། །མཱཥ་ནི་མོན་སྲན་གྲེའུའོ། །སྣུམ་དང་བཅས་པའི་འབྲས་བུ་ནི་སྟརྒའི?་འབྲས་བུ་ལ་སོགས་པའོ། ། ་དེ་བཞིན་དུ་སྙིང་པོ་ནི་ཤིང་སཱ་ལ་དང། ། ཀ་རུ་དང། ཐང་ཤིང་དང། ཤིང་ཤ་བ་ལ་སོགས་བའི་སྙིང་པོའི་ཁུ་བའི་སྣུམ་མོ། །ཡང་དེ་བཞིན་དུ་ཚིལ་དང་རྐང་དང་ཞག་དང་མར་དང་སྦྱར་བ་ལས་དུད་བའི་སྨན་བྱའོ། །ཞི་བ་བོག་ནག་རྒྱ་སྐྱེགས་དང། རྐུན་འབྲུམ ་བདན?་ཨུཏཔ་ལ། །ནྱ་གྲོ་དྷ་དང་ཨ་ཤྭདཐ། ཨུ་དུཾ་བ་ར་བླཀྵ་དང། །སྲེད་ཕོ་མ་ཤུན་བ་ཀ་ར་དང། །ཤིང་མངར་ཀླུ་ཤིང་ཤུག་པ་བཅོད། །དྲི་ལས་རྒྱ་སྤོས་རུ་རྟ་བསྐོལ། ཞེས་བྱ་བ་ལ་ཞི་པར་བྱེད་པའི་དུ་བའི་སྨན་ནི་པོག་ནག་པོ་དང། །རྒྱ་སྐྱེགས་ལ་སོགས་པ་ལ་བྱ་སྟེ། ་ནྱ་གྲོ་དྷ་ལ་སོགས་པ་ཤིང་ལྔའི་ཤུན་ལྤགས་ལས་སྦྱར་རོ། །ཀླུ་ཤིང་གི་ཤུན་ལྤགས་ནི་ནཱ་ག་གེ་སར་གྱི་ཤིང་གི་ཤུན་པའོ། །ཤུག་པ་ནི་ཧེ་མ་པདྨ་ཁའོ། །བཅོད་ནི་མཉྫི་ཏ་འོ། །དྲིའི་རྫས་རྣམས་ལས་རྒྱ་སྤོས་དང། རུ་རྟ་བསྐོལ་ཞིང་མ་གཏོགས་པར་བྱས་པའི་རྫས ་ཐམས་ཅད་དོ། །རྣོན་པོ་རྫོ་ཏི་སྙན་ནི་དང། སྐྱེར་བ་དང་ནི་རྩ་བ་བཅུ། །ལྡོན་རོས་བ་ལ་རྒྱ་སྐྱེགས་དང། །གི་རི་ཀར་དཀར་འབྲས་བུ་ག་སུམ། །དྲི་ཡི་སྨན་ལས་རོ་རྣོ་བའི། །མགོ་བོའི་བཀྲུ་སྨན་སྡེ་ཚན་ནོ། ཞེས་བྱ་བ་ལ། དུད་པའི་སྨན་རྣོན་པོ་ལ། ཛོ་ཏི་ལ་སོགས ་པའི་སྨན་རྣམས་ཡིན་ཏེ། ཛོ་ཏི་སྨ་ཏི་ནི། གྲང་གུ་ནི་ཀའོ། རྩ་བ་བཅུ་ནི་རྩ་བ་ལྔ་པ་ཆེ་ཆུང་གཉིས་པོ། དྲིའི་སྨན་རོ་རྣོ་བ་ནི་རུ་རྟ་བ་སོགས་པའི་དྲི་རྣོ་བའི་རྫས་སོ། །མགོ་བོའི་སྡེ་ཚན་གྱི་སྡེ་ནི་ཨུ་ཤི་ར་དང། ཨ་བ་མརྒ་དང། ཚ་བ་གསུམ་ལ་སོགས་པའི་སྨན ་སྔར་སྨན་གྱི་སྡེ་ཚན་དུ་བཤད་པའོ། །དེ་དག་ཞག་གཅིག་ཆུར་སྤངས་ལ། དུ་བའི་སྨན་རྣམས་བཏགས་ནས་ནི། །ཐུར་མ་སོར་ནི་བཅུ་གཉིས་ལ། །ལན་ལྔའི་བར་དུ་བྱུག་པར་བྱ། །འདར་བུ་མཐེ་བོ་རྩམ་སྦོམ་ལ། །ནས་ཀྱི་དབྱིབས་དང་འདྲ་བར་བྱ། ་ཞེས་བྱ་བ་ལ། སྨན་དེ་དག་སྦྱར་བ་ནི། དེ་དག་ཉིད་ཞག་གཅིག་ཆུར་བཅུག་སྟེ་སྤངས་ལ། དུ་བའི་སྨན་རྣམས་ཆུ་ཐགས་སུ་ལེགས་པར་བཏགས་ལ་འདམ་བུ་ལ་སོགས་པའི་ཐུར་མ་སར་བཅུ་གཉིས་ཡོད་པ་ལ་ཞོ་གཉིས་གཉིས་ཙམ་གྱི་ལྡེ ་གུས་ལན་ལྔའི་བར་དུ་བྱུང་བར་བྱ་སྟེ། དེ་ཡང་གྲིབ་མ་ལ་སྐམ་ཞིང་ལན་ལྔའི་བར་དུ་བྱུགས་ལ། འདར་བ་དེའི་སོམས་མཐེ་བོང་ཙམ་དུ་གྱུར་གྱི་བར་དུ་བསྣན་ཅིང། དེ་བཞིན་དུ་ནས་ཀྱི་དབྱིབས་དང་འདྲ་བར་གྱུར་པར་བྱའོ། །གྲིབ་མར ་སྐམ་ཞིང་ཁོང་སྟོང་མེད། །སྣུམ་གྱིས་ཇི་བཞིན་བསྐུས་བྱས་ལ། རྡུབ་ཅིང་མེ་ཡིས་བསྲེགས་ནས་ནི། །དུ་བའི་གཅེའུ་དང་སྦྱར་བྱ། ཞེས་བྱ་བ་ལ། བདར་བུ་དེ་ལྟར་གྲིབ་མལ་བསྐམས་པ་དེ་ཁོང་སྟོང་མེད་པར་བྱས་ལ། ་སྣུམ་གང་དང་ཇི་ལྟར་འཕྲོད་པ་མར་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བསྐུས་ལ། དུད་པ་བརྡུབ་པའི་ཕྱིར་མེས་བསྲེགས་ལ། དུ་བའི་གཅེའུ་ཡི་སྤུ་གུ་དང་ཁ་སྦྱར་བར་བྱའོ། །ཁམ་ཕོར་ཁ་སྦྱར་བུ་གར་ནི། །གཅེའུ་སོར་བཅུ་འམ་སོར་བརྒྱད ་པ་ན་བཅུག་ནས་ཁ་ནས་དུད་པ་ནི། །ལུད་པ་ཅན་གྱིས་བརྡུབ་བར་བྱ། ཞེས་བྱ་བ་ལ། ཁམ་ཕོར་སྦྱར་མ་ནི། ཁམ་ཕོར་གཉིས་ལ་སྦྱར་བ་སྟེ། དེ་ལ་བུ་གཏོང་ལ་བུ་ག་དེར་འོང་མ་ལ་སོགས་པའི་གཅེའུ་སོར་བརྒྱད་པ་འམ། སོར་བཅུ་བ་བཅུག ་ལ་ལུད་པ་ཅན་གྱི་སྐྱེས་བུས་དུ་བ་བརྡུབ་པར་བྱའོ། །འདི་སྐད་སྟོན་ཏེ། ལུད་པ་འཇོམས་པར་བྱེད་པའི་སྨན་གྱི་བྱ་བ་འམ། རིལ་བུ་མེ་མདག་དུ་བ་མེད་པ་མེ་རྒྱུན་རིང་བ་འབར་བཞིན་པ་ལྟ་བུས་ཁམ་ཕོར་ལེགས་པར་བཞག་པ་བཀང་ལ། ཁམ ་ཕོར་གཉིས་པ་ཞབས་སུ་བུ་ག་ཟླུམ་པོ་བཏོང་བས་བཀབ་ལ། དེར་གཅེའུ་བཅུགས་ཏེ། ཁ་ཉིད་དུ་དུ་བ་བརྡུབ་པར་བྱ་ལ། དེ་བྲང་དུ་ཕྱིན་པ་དང། ཁ་ནས་སླར་བཏོན་ཅིང་སློན་བར་བྱའོ། །དུ་བཞིན་ཡང། སྨན་བཅུག་ཅིང་བརྡུབས་ལ། ནད་དེ ་བྱང་བ་འམ་ལུས་ཡང་བར་འགྱུར་གྱི་བར་དུ་བཏང་ངོ། །དུད་བ་བརྡུབས་ལ་ལུད་པ་དབུགས་མི་བདེ། །སྐད་འགགས་རྣག་དང་དྲི་མི་ཞིམ་གདོང་སྐྱ། །སྐྲ་སྐྱོན་རྣ་མིག་འཛག་གཡའ་རྣོངས་བག་དང། །སྙོམ་དང་སྐྱིགས་བུ་ཆམ ་བའི་ནད་མི་འབྱུང། ཞེས་བྱ་བ་ལ། སྐྱེས་བུ་དུད་བ་བརྡུབ་པའི་ཆོ་ག་ལ་རྟེན་པར་བྱེད་པ་ལ། ལུད་པ་དང་དབུགས་མི་བདེ་བ་ལ་སོགས་པའི་ནད་རྣམས་འབྱུང་བར་མི་འགྱུར་རོ། །རྣག་ནི་སྣ་ནས་འཛག་བའོ། །དྲི་མི་ཞིམ་པ་ནི་ཁ་ནས་སོ། །སྐྱ་པ་ནི་གདོང ་སྐྱ་ཞིང་ཁྱེ་མ་ཆགས་བའོ། །སྐྲའི་སྐྱོན་ནི་སྤྱི་ཐེར་དང། གཟའ་ཞུགས་བ་དང། མདོག་འགྱུར་བ་ལ་སོགས་པའོ། །འཛག་པ་ནི་གསུམ་ཆར་དང་སྦྱར་བར་བྱ་སྟེ། རྣ་བ་ནས་འཛག་པ་དང། མིག་ནས་འཛག་པ་དང། ཁ་ནས་འཛག་པའོ། །སྙོམ་བ་ནི་གཉིད་ཀྱིས་མྱོས་བ་ལྟར ་ཡུལ་འཛིན་མི་ནུས་པའོ། །གཞན་དག་ནི་གྲགས་པར་ཟད་དོ། །ནད་དེ་དག་འབྱུང་བར་མི་འགྱུར་བའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་པ་དགའ་བས་རྣམ་པར་སྦྱར་བ་ལ། ལེའུ་ཉི་ཤུ ་རྩ་གཅིག་པའི་རྣམ་པར་འགྲེལ་བའོ།། །།དེ་ནས་སྨན་གྱི་ཁུ་བས་མཁུར་བ་དགང་བ་ལ་སོགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་བ་ནི་སྣ་ནས་བཏང་བའི་རྗེས་ལ། ཐོག་མར་དུད་བ་བརྡུབ་པར་བྱ་ལ། དེའི་འོག ་ཏུ་ཆུ་དྲོན་གྱིས་མཁུར་བ་བཀང་བར་བྱའོ། ཞེས་བཤད་པ་ཡིན་པས་ན། དེ་གཉིས་ཀྱི་འོག་ཏུ་འདི་བརྩམས་བ་ཡིན་ནོ། །སྨན་གྱི་ཁུ་བས་མཁུར་བ་བཀང་བ་ནི་ཁ་བཀང་བ་སྟེ། དེ་ལ་སོགས་པ་གང་ཡིན་པ་ནི། མཁུར་བ་བཀང་བ་ལ་སོགས་པ་ཞེས་སྨན་མུརྦ་དང། གོང་བ ་བཀྲུ་བ་དང། སྤྱི་བོར་སྣུམ་གྱིས་བྱུག་བ་དང། རྣ་བ་བཀང་བ་བསྡུའོ། །དེ་རྣམས་ཀྱི་ཆོག་ནི་འདི་ལྟར་བྱའོ། ཞེས་བྱ་བའི་ཚུལ་ཏེ། དེ་ལ་ལེའུ་བཤད་པར་བྱའོ། ཞེས་པའོ། །མཁུར་བཀང་རྣམ་པ་བཞི་ཡིན་ཏེ། །སྣུམ་དང་ཞི་བྱེད་སྦྱོར་རྨ་འཚོ་ཞེས་བྱ་བ་ལ། སྨན ་གྱི་ཁུ་བས་མཁུར་བ་བཀང་བ་ནི། རྣམ་པ་བཞི་ཡིན་ཏེ། སྣུམ་ཞིང་འཇམ་པ་དང། ཞི་བར་བྱེད་པ་དང། སྦྱོར་ཞིང་འཁྲུ་བར་བྱེད་པ་དང། །རྨ་འཚོ་བར་བྱེད་པའོ། །དེ་དག་གི་མིང་ནི་རྣམ་གྲངས་གཞན་དུ་ན། འཇམ་པར་བྱེད་པ ་དང་རྩེ་འཇིལ་བར་བྱེད་པ་དང། དག་ཅིང་བསལ་བར་བྱེད་པ་དང། འབྱོར་བར་བྱེད་བ་ཞེས་བྱའོ། །དེ་ལས་གསུམ་ནི་རླུང་ལ་སོགས། །གསུམ་བཏང་ཐ་མ་རྨ་ལ་ཕན། ཞེས་བྱ་བ་ལ་མཁུར་བ་བཀང་བ་བཞིའི་ནང་ནས་དང་པོའི་མཁུར་བ་བཀང་བ་གསུམ་ནི་རླུང་དང་མཁྲིས ་པ་དང་བད་ཀན་གྱི་ནང་ལ་རིམ་བཞིན་དུ་བཏང་བར་བྱ་སྟེ། སྣུམ་གྱི་སྨན་གྱི་ཁུ་བས་མཁུར་བ་བཀང་བ་ནི། རླུང་ལ་བཏང་བར་བྱའོ། །ཞི་བར་བྱེད་པའི་སྨན་གྱི་ཁུ་བ་ན་མཁྲིས་པ་ལ་བཏང་བར་བྱའོ། །སྤྱོད་བར་བྱེད་པའི་སྨན་གྱི་ཁུ་བ་ནི་བད་ཀན ་ལ་བཏང་བར་བྱའོ། །ཐ་མའི་སྨན་ཁུས་ཁ་བཀང་ལ། རྨ་འཚོ་བ་ཞེས་བྱ་བའི་རྨ་ལ་ཕན་པ་ཡིན་ཏེ། ཁའི་ནང་ན་གནས་པའི་རྨའི་ནད་སེལ་བྱེད་དོ། །འདིར་སྣུམ་མངར་སྐྱུར་ལན་ཚྭ་ཚ། །ཚ་དང་སྣུམ་ནི་བསྐོལ་བ་ཡིན། །ཞི་བྱེད་ཁ་བསྐ་མངར་སྨན་བསྐོལ། ་སྤྱད་བ་ཁ་དང་ཆ་དང་སྐྱུར། །རྨ་འཚོ་བྱེད་པ་ཁ་བ་དང། །བསྐ་བའི་སྨན་ནི་བསྐོལ་བར་བྱ། ཞེས་བྱ་བ་ལ། འདིར་མཁུར་བ་བཀང་བ་དེ་རྣམས་ཀྱི་ནང་ནས་སྣུམ་གྱིས་མཁུར་བ་བཀང་བ་ནི། སྨན་མངར་བ་དང། སྐྱུར་བ་དང། ལན་ཚྭ་དང། ཚ་བ་རྣམས ་སྣུམ་དང་སྐོལ་ཞིང་བཅོས་པའོ། །ཞི་བར་བྱེད་པའི་མཁུར་བ་བཀང་བ་ནི་སྨན་ཁ་བ་དང། བསྐ་བ་དག་མངར་བ་དང་བསྐོལ་བའི་ཁུ་བའམ་ལྡེ་གུ་བཏང་བར་བྱའོ། །སྤྱོད་བའི་མཁུར་བ་བཀང་བ་ནི། སྨན་ཁབ་དང། ཆི་བ་དང་སྐྱུར་བ་བསྐོལ་བའམ། ལྡེ་གུ ་བཏང་བར་བྱའོ། །རྨ་འཚོ་བའི་ཁུར་བ་བཀང་བ་ནི་སྨན་ཁ་བ་དང་བསྐ་བ་རྣམས་བསྐོལ་བའམ། ལྡེ་གུས་བྱའོ། །དེ་ལ་སྣུམ་དང་འོ་མ་དང། སྦྲང་རྩི་ཆུ་ཆང་ཚ་དང་ཆང། །བ་གཅིན་འབྲུ་ཡི་ཁུ་བ་རྣམས། །སྨན་ནི་ཇི་ལྟ་ཇི་ལྟ་དང། ལྡེ་གུར་བྱས་པ་འམ ་བསྐོལ་བ་ན། །ཅི་ཙམ་བཟོད་པ་རྣམ་པར་སྦྱར། ཞེས་བྱ་བ་ལ། འདི་དག་ནི་སྨན་ཁུས་མཁུར་བ་བཀང་བ་སྤྱིའི་ཆོ་ག་ཡིན་ཏེ། དེ་ལས་ཀྱང་སྣུམ་ཞེས་བྱ་བ་ཤ་ཁུ་དང་ཏིལ་གྱི་ལྡེ་གུའི་ཆུ་དང་འོ་མ་ནི་སྣུམ་གྱི་མཁུར་བ་བཀང་བ་ཡིན་ནོ། །སྦྲང་རྩི་དང་ཆུ་དང ་འོ་མ་དང་མར་ནི་ཞི་བར་བྱེད་པའི་མཁུར་བ་བཀང་བ་ཡིན་ནོ། །ཚྭ་དང་ཆང་འབྲུའི་ཁུ་བ་སྐྱུར་པོ་ནི། སྤྱོད་པའི་མཁུར་བ་བཀང་བ་ཡིན་ནོ། །སྦྲང་རྩིའི་ཆུ་དང་འོ་མ་ནི་རྨ་འཚོ་བའི་མཁུར་བ་བཀང་བ་ཡིན་ནོ། །ཇི་ལྟར་ཇི་ལྟ་བ་ཞེས་བྱ་བ་ནི། སྔར་བཤད་པའི་སྨན ་གྱི་ལྡེ་བུ་དང་སྦྱར་བ་འམ། ཡང་ན་བསྐོལ་བའམ། ཅི་རྩམ་བཟོད་པ་རྣམ་པར་སྦྱར་བར་བྱ་སྟེ། དེ་ལ་རླུང་ལ་ནི་དྲོན་པོའོ། །མཁྲིས་བ་ལ་ནི་གང་མོའོ། །བད་ཀན་ལ་ནི་རབ་ཏུ་ཚ་བའོ། །སོ་རྩེ་སོ་སོ་ནི་འགུལ་བ་དང། རླུང་ལས་གྱུར་པའི་ཁ་ནད་ལ། །དྲོ་ལ་འཇམ་ཙམ་བསིལ་བ ་ཡི། ཏིལ་ཆུས་མཁུར་བ་བཀང་བ་ཕན། ཞེས་བྱ་བ་ལ། ཏིལ་གྱི་ལྡེ་གུ་དང་བསྲེས་བའི་ཆུ་ནི། ཏིལ་གྱི་ལྡེ་གུའི་ཆུ་སྟེ། དེ་དྲོ་འཇམ་ཙམ་མམ་བསལ་བས་མཁུར་བ་བཀང་བ་ནི། སོ་བརྩེ་བ་དང་སོ་འགུལ་བའི་ནད་འོག་ནས་བཤད་པ་དག་དང། ཁའི་ནང་རླུང་ལས་གྱུར་ཅིང ་རླུང་ཤས་ཆེ་བ་ལ་ཕན་པ་ཡིན་ནོ། །རྟག་ཏུ་མཁུར་བ་བཀང་སྟེ་བཞག། ཏིལ་མར་དག་གི་ཤ་ཁུ་བསྔགས། ཤེས་བྱ་བ་ལ། འདི་ནི་བསྡུས་པ་ལས་བྱུང་བ་ཡིན་ཏེ། རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུ་ནད་མེད་པར་གནས་པའི་སྐབས་སུ་མཁུར་བ་བཀང་སྟེ་འཇོག་པའི་སྨན་དུ་ཏིལ ་མར་རམ་ཤ་ཁུ་བསྔགས་ཤིང་ཕན་པ་ཡིན་ནོ། །ཁ་དྲོད་ཆེ་ཚྭ་ཆོས་པ་དང། །འཕྲལ་དུ་རྨ་ན་འབྱུང་བ་དང། །དུག་དང་ཐལ་སྨན་མེས་ཚིག་ལ། ཞུན་མར་དག་གམ་འོ་མས་དང། ཞེས་བྱ་བ་ལ། ཁའི་ནང་སྨིན་ཅིང་ཚོས་པ་ལ་དྲོད་ཆེ་ཞིང་ཚ་བ་དང་ལྡན་པ་དང། དེ ་བཞིན་དུ་ཁའི་རྨ་འཕྲལ་དུ་བྱུང་ཞིང་གློ་བུར་གྱིས་ཐེབས་པ་དང། དེ་བཞིན་དུ་ཁར་དུག་གིས་ཕོག་པ་དང། དེ་བཞིན་དུ་ཐལ་སྨན་རྣོན་པོ་དང། མེ་དག་གིས་ཚིག་པར་གྱུར་པ་ལ། ཞུན་མར་རམ་འོ་མས་མཁུར་བ་བཀང་ལ་བཞག་པར་བྱའོ། །སྦྲང་རྩི ་མཁུར་བཀང་བཅས་ཕས་ནི། ཁ་ཡི་དྲི་མ་སྦྱོང་བྱེད་ཅིང། །ཁ་ཡི་རྨ་ནི་འཚོ་བ་ཡིན། །ཁ་ཚ་སྐམ་དང་རབ་བཞི་བྱེད། ཅེས་བྱ་བ་ལ། སྦྲང་རྩིས་མཁུར་བ་བཀང་བས་ནི། ཁའི་དྲི་མ་སྦྱོང་ཞིང་དག་པར་བྱེད་པ་དང། དེ་བཞིན་དུ་ཁའི་ནང་གི་རྨ་འཚོ་བར ་བྱེད་འདི་འབྱོར་བར་བྱེད་པ་དང། དེ་བཞིན་དུ་ཁ་ཚ་བ་དང་སྐོམ་དང་རབ་ཏུ་ཞི་བར་བྱེད་པའོ། །རོ་མི་ཚོར་དང་དྲི་མ་ཆེ། །ཁ་མནམ་འབྲས་རྩབས་བཀང་བས་སེལ། ཞེས་བྱ་བ་ལ། འབྲས་ཀྱི་རྩ་བས་མོ་ནི་འབྲས་བུ་རང་སྐྱུར་ཀཉྫི་ཞེས་བྱ་བ་སྟེ། དེས ་ལ་བཀང་བ་འཇོག་པས་དྲི་མི་ཞིམ་མནམ་པ་དང། དྲི་མ་དང་ལྗན་ལྗིན་གྱིས་གོས་བ་དང། རོ་མི་ཚོར་ཞིང་མི་གསལ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཅུང་ཟད་ཚ་བཅས་བསིལ། །ཁ་སྐམས་སེལ་བའི་དམ་པ་ཡིན། ཞེས་བྱ་བ་ལ། ་འབྲས་ཁུའི་རང་རྩབས་དེ་ཉིད་ཅུང་ཟད་ཚྭ་དང་བཅས་ཤིང་བསིལ་པ་ནི་ཁ་སྐམ་བ་སེལ་བའི་དམ་པ་འམ་མཆོག་ཡིན་ནོ། །ཐལ་སྨན་རྣོན་ཞུས་མཁུར་བཀང་བ། བད་ཀན་སོགས་བ་མྱུར་དུ་སེལ། ཞེས་བྱ་བ་ལ། ཐལ་སྨན་རྣོན་པོའི་ཆུ་ནི་ཐལ་སྨན་རྣོན་པོ ་སྤངས་བའི་དངས་མ་སྟེ། དེས་ཁ་བཀང་ནས་འཇོག་བས་ནི། བད་ཀན་སོགས་ཤིང་སྡུད་པ་མྱུར་ཞིང་རིངས་པར་སེལ་བར་བྱེད་དོ། །ཆུ་ཚན་དྲོ་འཇམ་མཁུར་བཀང་བས། །ཁ་ནི་ཡང་ཞིང་བདེ་བར་བྱེད་ཅེས་བྱ་བ་ལ། ཆུ་ཚན་དྲོ་འཇམ་རན་པ་ཙམ་གྱིས ་མཁུར་བ་བཀང་བ་འཇོག་བས་ནི། ཁ་ཡང་ཞིང་བདེ་བར་བྱེད་དེ། རླུང་དང་བད་ཀན་སེལ་ཅིང་སྤྱོད་པར་བྱེད་དོ་ཞེས་བྱ་བའི་དོན་ནོ། །རླུང་མེད་ཉི་ཚན་བཅས་པར་བྱ། །ཕྲག་པ་མཇིང་བར་དུགས་བྱ་མཉེ། །མཁུར་བ་བཀང་ནས་གདོང་བ་ནི། །ཅུང་ཟད་བཏེག་སྟེ ་ཇི་སྲིད་ནི་བད་ཀན་གྱིས་ནི་ཁ་གང་བའམ། །སྣ་མིག་འཛག་བའི་བར་དུ་བཞག། ཅེས་བྱ་བ་ལ། མཁུར་བ་བཀང་གཏོང་བ་ན། རླུང་མེད་ཅིང་བསེར་བུས་མ་ཕོག་པ་ཉི་ཚན་ནམ་མེ་དང་བཅས་པའི་གནས་སུ་འདུག་ལ། ཕྲག་པ་དང་མཛིང་བ་མཉེས་ཤིང་དུགས་བྱས ་ལ། མཁུར་བ་བཀང་ནས་གདོང་བ་ཅུང་ཟད་བཏེག་སྟེ། ཇི་སྲིད་ཅིག་ན་བད་ཀན་གྱི་མཆིལ་སྣབས་ཀྱིས་གང་བར་གྱུར་པ་འམ། །མིག་ནས་མཆི་མ་འཛག་པ་འམ། སྣ་ནས་སྣབས་འཛག་པར་གྱུར་གྱི་བར་དུ་བཞག་པར་བྱ་སྟེ། དོན་དུ་ནི་ཇི་སྲིད་མཁུ ་བ་བཀང་བ་ལེགས་པའི་མཚན་མ་དུ་བ་བརྡུབས་པ་དང་འདྲ་བ་འབྱུང་བར་འགྱུར་གྱི་བར་དུ་ལན་ལྔ་འམ་བདུན་གྱི་བར་བྱའོ། །དེའི་མཚན་ཉིད་ནི་བསྡུས་པ་ལས་རང་གི་དོན་གྱི་བྱ་བ་བྱེད་པ་དང། མི་བྱེད་པ་ལས་ཤེས་པར་བྱ་བ་སྟོན་ཏོ། །རོ་མི་ཚོ ་བ་དང། ཡིག་འཆུས་བ་དང། མཆིལ་སྣབས་མང་བ་དང། ཁར་ཆགས་པ་ལས་ནི། སྦྱོར་བ་ཉེས་བར་ཤེས་པར་བྱའོ། །ཁ་སྐམ་པ་དང་ཁའི་ནང་ཚོར། འདི་སྨན་བུ་དང། རྒྱབ་དང། ཡི་གེ་མཆུས་པ་དང། སྙིང་འཛག་པ་དང། སྐད་གདངས་ཉམས་པ་ལས་ནི ་མཁུར་བ་བཀང་བའི་སྦྱར་བ་དགས་པར་ཤེས་པར་བྱའོ། ཞེས་བཤད་དོ། །དེ་རྣམས་ཀྱིས་གསོ་བ་ཡང་རང་རང་གི་ཇི་ལྟ་བ་བཞིན་དུ་བྱའོ། །ཁར་བཀང་མི་སྤོ་བཞག་མཁུར་བཀང། །གཞན་དུ་ཁར་རྡུབས་བར་འགྱུར་རོ། །ཞེས་བྱ་བ་ལ། ཁའི་ནང་སྣུམ ་དང་པོ་མ་བསྐོལ་བ་ལ་སོགས་པས་ཡོངས་སུ་བཀང་ནས་གཡས་གཡོན་དུ་མི་སྤོ་བར་བཞག་པ་དེ་ནི་མཁུར་བ་བཀང་བ་ཞེས་བྱ་ལ། གཞན་དུ་ཁར་རྡུབས་པ་ཞེས་བྱ་སྟེ། སྨན་བསྐོལ་བས་ཁ་ཅུང་ཟད་མ་གང་བར་བཀང་ལ། མཁུར་བ་དང་ལྐོག་མ ་སྤོ་ཞིང་དཀྲུག་བ་ནི། ཁར་བརྡུབས་བ་འམ་འགྲམ་བ་སྤོ་བའི་ཁྱད་པར་ཡིན་ནོ། །ཁར་བརྡུབས་པ་ཡིས་ཁྱད་པར་གསོ་བ་ནི། གཉེའུ་རེངས་མགོ་མིག་རྣ་བ་ཁ་ནད་དང། མཆིལ་མང་གྲེ་ནད་སྙིང་ཁ་སྲ་བ་དང། སྙིང་འཕར་སྙོམ་དང་ཆམ་བ་ཡི་ག ་འཆུས། ཞེས་བྱ་བ་ལ་མཁུར་བ་བཀང་བའི་དབྱེ་བ་ཁར་བརྡུབས་བ་ཞེ་འམ། མཁུར་བ་སྤོ་བ་ཞེས་བྱ་བས་ཁྱད་པར་དུ་སོང་ཞིང་དཔྱད་དུ་བྱ་བའི་ནད་ནི་གཉེའུ་རེངས་ལ་སོགས་པ་ཡིན་ཏེ། དེས་དེ་གསོ་བར་ནུས་པ་ཡིན་ནོ། དེ་ལ་གཉེའུ་རེངས་ནི་ནད་ཀྱི ་ཚིགས་དང་ཆུ་བ་གཉེའུ་རེངས་པ་ལ་བྱའོ། །གཞན་དག་ནི་གོ་བར་ཟད་དོ། །མུར་བ་འམ་གཞིབས་པའི་ཆོ་ག་ནི། །མཁུར་བཀང་བཤད་པའི་སྨན་རྣམས་ཀྱི། །ལྷ་ཁུ་སྨན་བུ་ཕྱེ་མ་སྟེ། །ཁར་མུར་བྱ་བ་རྣམ་གསུམ་ཡིན། །དེ་ནི་བད་ཀན་ནད་ལ་བསྔགས ་ཞེས་བྱ་བ་ལ། མུར་བར་བྱ་བ་ནི་གསུམ་སྟེ། ལྡེ་གུ་དང་སྨན་ཁུ་དང་ཕྱེ་མའོ། །དེ་ལ་ལྡེ་གུ་ནི་སྨན་རློན་པ་བཏགས་པ་ཞིབ་བར་བྱས་པ་ལ་བྱའོ། །སྨན་ཁུ་ནི་ལྡེ་གུའི་སྨན་རློན་པ་དེ་དག་བཙོས་པ་དང་ལྡེ་གུ་སྐམས་ཏེ་བྱས་པ་བལྡག་བར ་བྱ་བ་ལྟ་བུའི་ཁུ་བའི་སྦྱོར་བ་ལ་བྱའོ། །ཕྱེ་མ་ནི་སྐམ་པོ་ཉིད་བཏགས་པའོ། །དེ་གསུམ་ཆར་ཡང་བད་ཀན་གྱི་ནད་མཆིལ་མ་མང་བ་དང། །སྐྱུགས་ལྡང་བྱེད་པ་དང་ལྐོག་མའི་ནད་ལ་སོགས་པ་ལ་ཅི་རིགས་པར་བཏང་བར་བྱའོ།། ་གང་གིས་ཤེ་ན་མཁུར་བ་བཀང་བ་བཤད་པའི་སྨན་ལས་དེ་དག་སྦྱར་བར་བྱའོ། །གདོང་བསྐུས་གསུམ་སྟེ་ནད་སེལ་དེང། །དུག་སེལ་ཁ་དོག་བཟད་བྱེད་པའོ། ཞེས་བྱ་བ་ལ། གདོང་བསྐུ་བ་ནི་རྣམ་པ་གསུམ་སྟེ། ནད་སེལ་ཞེས་བྱ་བ་རླུང་དང ་མཁྲིས་པ་དང། བད་ཀན་གྱི་འཇོམ་པར་བྱེད་པ་དང། དུག་སེལ་བ་ཞེས་བྱ་བ་དུག་འཇོམས་པ་དང་ཁ་དོག་བཟང་བར་བྱེད་པ་སྟེ། མདོག་མཛེས་པར་བྱེད་པའོ། །དེ་དྲོད་བད་ཀན་རླུང་ལ་བསྔགས། །ལྷག་མ་ལ་ནི་རབ་བསིལ་བ། ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ལ ་དྲོ་བ་ནི་རླུང་དང་བད་ཀན་གྱི་ནད་ལ་བསྔགས་པ་ཡིན་ནོ། །རླུང་དང་བད་ཀན་ཞེས་སྨོས་པ་ནི། སྤྱི་དང་ཁྱད་པར་དག་ཡིན་པར་ཤེས་པར་བྱ་སྟེ། དེས་ན་རླུང་དང་བད་ཀན་སོ་སོ་ལ་ཡང་དྲོ་བར་བྱ་ལ། རླུང་དང་བད་ཀན་འདྲེས་པ་ལ་ཡང་དྲོ་བ་ཉིད་བྱའོ། །དེ་ལས་ལྷག ་མ་མཁྲིས་པ་སེལ་དང། དུག་སེལ་བ་དང། ཁ་དོག་བཟང་བར་བྱེད་པ་གསུམ་ལ་ནི། གདོང་བསྐུ་བ་ཤིན་ཏུ་བསིལ་བ་བསྔགས་པ་ཡིན་ནོ། །དེ་ཡི་ཚད་དབངས་སོར་བཞི་ཆ། སུམ་ཆ་ཕྱེད་དེ་རྣམ་པ་གསུམ། ཞེས་བྱ་བ་ལ། གདོང་བསྐུ་བ་དེའི་ཚད་ནི་རྣམ་པ་གསུམ ་སྟེ། དཔངས་སུ་སོར་གྱི་ན་ཞི་ཆ་དང། སུམ་ཆ་དང་ཕྱེད་དོ། དེ་ལྟར་ན་དཔངས་སམ་མཐུག་སོར་གྱི་བཞི་ཆའི་ཆུང་ཚད་དོ། །དཔངས་སུ་སོར་གྱི་སུམ་ཆ་ནི་གདོང་བསྐུ་བའི་འབྲིང་ཚད་དོ། །དཔངས་སུ་སོར་གྱི་ཕྱེད་ནི་གདོང་བསྐུས་པའི་ཆེ་ཚད་དོ། །མ ་བསྐམས་བར་དུ་དེ་བཞག་གི། བསྐམས་ན་པགས་པ་ལ་གནོད་འགྱུར། ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ཇི་སྲིད་དུ་མ་བསྐམས་ཀྱི་བར་དུ་བཞག་པར་བྱའི་བསྐམས་ནས་ནི་བཏང་སྙོམས་སུ་མི་བཞག་སྟེ། གང་གི་ཕྱིར་དེ་བསྐམས ་ན་པགས་པ་ལ་གནོད་ཅིང་མ་རུངས་བར་བྱེད་དོ། །དེ་ནི་རྩངས་ནས་བཀྲུ་བར་བྱ། །དེ་ཡི་རྗེས་ལ་བསྐུ་བྱུག་བྱ། ཞེས་བྱ་བ་ལ། གདོང་བསྐུས་པ་དེ་བསྐམས་མ་ཐག་སྤངས་ལ་བཀྲུ་ཞིང་ཕྱི་བར་བྱའོ། །དེའི་རྗེས་ལ་ནི་མར་ལ་སོགས་པ་བསྐུས་ལ་དྲིལ་བར་བྱའོ། །ཉིན་དང་གཉིས ་ལོག་མང་བ་སྨྲ་ཁྲོ། །མེ་ཚན་ཉི་ཚན་མྱ་ངན་སྤང། ཞེས་བྱ་བ་ལ། གདོང་བསྐུས་པ་བྱས་ནས་ཉིན་པར་གཉིད་ལོག་པ་དང། ཁ་ཏོན་ལ་སོགས་པ་མང་དུ་སྨྲ་བ་དང། མེ་ཚན་དང་ཉི་ཚན་གྱིས་གདུངས་པ་དང། ཁྲོས་ཤིང་འཁྲུགས་པ་དང། མྱ་ངན་དང་ཡིད ་མི་བདེ་བར་གྱུར་པ་སྤང་ཞིང་དོར་བར་བྱའོ། །དེ་ནི་ཆམ་པ་སྣ་སྨན་བཏང། །མ་ཞུ་འགྲམ་འཐམས་ཡི་ག་འཆུས། །མཚན་གཉིད་མ་ལོག་ལ་མི་བཏང། ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ཆམ་པས་བཏབ་པ་དང། སྣ་སྨན་བཏང་བ་དང། ཟས་མ་ཞུ་བ་དང། ་འགྲམ་པ་འཐམས་པའི་རླུང་ནད་དང། མཚན་མོ་གཉིད་ཀྱི་མ་ལོག་པ་དག་ལ་བཏང་དུ་མི་རུང་ངོ། །དེ་ནི་ལེགས་པར་སྦྱང་པ་ཡིས། །དུས་མིན་སྐྲ་དཀར་ངོ་ཁབས་དང། །གཉེར་མ་རབ་རིབ་མིག་སྔོ་སེལ། ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ལེགས་པར་སྤྱད ་ཅིང། ཕྱིན་ཅི་མ་ལོག་བར་བཏང་བས་དུས་མ་ཡིན་པར་སྐྲ་དཀར་བྱུང་བ་ལ་སོགས་པ་འཇོམས་ཤིང་སེལ་པར་བྱེད་དོ། །དུས་མ་ཡིན་སྒྲ་དཀར་ནི་ན་ཚོད་ཡོད་བཞིན་དུ་སྐྲ་དཀར་བྱུང་བའོ། །རྒྱ་ཤུག་སྙིང་པོ་བ་ཤའི་རྩ། །སེང་འཕྲོམ་ཡུངས་ཀར་དཀར་པོ་རྣམས།། ་སིམ་ཧའི་རྩ་བ་ཏིལ་ནག་དང། །སྐྱེར་པའི་ཤུན་པ་རྨྱེའུ་རྣམས། །འཛག་རྩ་ཙན་དན་ཨུ་ཤིར། ཤིར་ཤ་ཤ་ཏ་པུཥཔ་འབྲས། །ཀུ་མུད་ཨུཏཔལ་བསྟར། །དུརྦ་ཤིང་མངར་ཙན་དན་རྣམས། །ཀ་ལི་ཡ་ཀ་ཨུ་ཤིར་ཏིལ། །སྤང་སྤོས་རྒྱ་སྤོས་ཤུག་པ་རྣམས། །ང་ལིས? ་གུནྡྲ་སྟག་ཚེ་རབ། །ཤིང་མདར་རྒྱ་སྤོས་ཨ་ག་རུ། །དེ་ལྟར་ཚིགས་བཅད་ཕྱེད་ཀྱིས་བཤད། །བསྐུ་བ་དགུན་སྟོང་སོགས་དྲུག་སྦྱར། ཞེས་བྱ་བ་ལ། དེ་ལྟར་རྒྱ་ཤུག་གི་སྙིང་པོ་ལ་སོགས་པས། །མ་ཐག་པའི་རྣམ་པས་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་བཤད་པའི ་སྨན་གྱིས་གདོང་བསྐུ་བ་ན་དགུན་སྟོང་ལ་སོགས་པའི་དུས་དྲུག་པོ་སྟེ། །གུན་སྟོང་དང་དགུན་སྨད་དང། དཔྱིད་དང། སོག་དང། དབྱར་དང། སྟོན་ཞེས་བྱ་བའི་དུས་རྣམས་དང། རིམ་བཞིན་དུ་སྦྱར་བར་བྱའོ། །རྒྱ་ཤུག་གི་སྙིང་པོ་ནི་རྒྱ་ཤུག ་བར་དེའི་ཚིག་གུའོ། །བ་ཤའི་རྩ་བ་ནི་བ་ཤ་ཀའི་རྩ་བའོ། །སེང་ཕྲ་མོ་ནི་དྲང་སྲོང་དཀར་པོའི། །ཡུངས་ཀར་དཀར་པོ་ནི་དངོས་སུ་ཟད་དེ། །དེ་རྣམས་ནི་དགུན་སྟོད་ཀྱི་གདོང་བསྐུ་བའི་སྨན་ནོ། །སིམ་ཧའི་རྩ་བ་ནི་བྲི་ཧ་ཏཱའི་རྩ་བའོ། །ཏིལ་ནི་ནག་པོ་ལ་བྱའི་དཀར་པོ་ལ་མི་བྱའོ།། ་སྐྱེར་པའི་ཤུན་པ་དང་རྣེའུ་འམ་སྤུན་པ་མེད་པའི་ནས་གཞན་དག་ནི། །གུན་སྨད་ཀྱི་གདོང་བསྐུ་བའི་སྨན་ནོ། །གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །འབྲས་ནི་འབྲས་བུ་ལུའོ། །ུཏཔལ་ནི་ཨུཏཔལ་སྔོན་པོའོ། །ཀལྷ་རི་ནི་གནདྷ་སོ་མའོ། །ད་ལིས་ནིད་ལིས་ཀྱི་ལོ་མའོ།། ་གུནྡྲ་ནི་ཀ་པི་ཀ་ཆུའོ། །པུཎྜ་རཱི་ནི། པུཎྜ་རཱི་ཀའོ། །གདོང་བསྐུ་བ་ལ་གོམས་པ་རྣམས། །མཐོང་བ་བསྟན་པར་འགྱུར་བ་དང། །གདོང་ནི་ཡོངས་སུ་མ་རྙིད་ལ། །འཇམ་ཞིང་པདྨ་འདྲ་བར་འགྱུར། །ཞེས་བྱ་བ་ལ། གདོང་བསྐུ་ཞིང་བྱུག་པ་ལ་གོམས་ཤིང་རྟག་ཏུ་བསྟེན ་པ་རྣམས་ནི་མིག་གིས་མཐོང་ཞིང་བལྟ་བ་བརྟན་ཞིང་མི་ཉམས་པར་འགྱུར་བ་དང། གདོང་ཡོངས་སུ་མི་རྙིད་ལ་མདངས་ཡལ་བར་མི་འགྱུར་བ་དང། དེ་བཞིན་དུ་འཇམ་ཞིང་རྩུབ་བག་མེད་པ་དང། པདྨ་འདྲ་བར་འགྱུར་རོ། །བསྐུ་དང་བླུག་དང་ར་བ་བལ་དང། ་པགས་པས་གཡོགས་དང་རྣམ་པ་བཞི། །དེ་ནི་སྤྱི་བོའི་ཏིལ་མར་ཏེ། །ཕྱི་བཞིན་དུ་ནི་ཡོན་ཏན་ཆེ། ཞེས་བྱ་བ་ལ། སྤྱི་བོར་ཏིལ་མར་བླུགས་པ་ཡང་བསྐུ་བ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡོད་དོ། །བསྐུ་བ་ནི་གདོང་བསྐུ་ཞིང་བྱུག་པའོ། །བླུག་བ ་ནི་སྟེང་ནས་བྱུག་པའོ། །རལ་བལ་ཅན་ནི་རས་བལ་སྣུམ་ཅན་སྲན་ཁུར་ལྟར་ཟླུམ་པོ་ཆུང་ངུ་བྱས་ཏེ། སྤྱི་བོར་གླན་པའོ། །པགས་པས་གཡོགས་པ་ནི་འདི་ཉིད་ཀྱི་འོག་ནས་བཤད་པའོ། །དེ་དག་ནི་ངོ་བོའི་ཏིལ་མར་ཞེས་བྱ་སྟེ། ཕྱི་མ་ཕྱི་མ་བཞིན་དུ། ་ཡོན་ཏན་ཆེ་བ་སྟེ། །དེ་ལ་བསྐུ་བ་ནི་ཡོན་ཏན་ཅན་ཡིན་ནོ། །དེ་བས་ཀྱང་བླུག་པ་ཡོན་ཏན་ཆེ་བ་ཡིན་ནོ། །དེ་བས་ཀྱང་རས་བལ་ཅན་ཡོན་ཏན་ཆེ་བ་ཡིན་ནོ། །ཐམས་ཅད་ལས་མགོ་བོ་པགས་པས་དཀྲི་བ་ཡོན་ཏན་རབ་མཆོག་ཏུ་ཆེ་བ་ཡིན་ནོ། །སྤྱི་བོའི་ཏིལ་མར་ཞེས་བྱ ་བ་ནི་ཉོ་བར་མཚོན་བ་ཙམ་དུ་ཟད་དོ། །དེ་བས་ན་ཞུན་མར་གྱིས་བསྐུས་པ་ཡང་ཕྱི་མ་ཕྱི་མ་བཞིན་དུ་ཡོན་ཏན་ཆེ་བར་ཤེས་པར་བྱའོ། །དེ་ལ་བྱུག་བརྩུབ་པ་དང། གཡའ་དང་དྲི་མ་ཅན་ལ་སྦྱར། ཞེས་བྱ་བ་དེ་ལ། བྱུག་པ་ལ་སོགས་པ་རྣམས་ཀྱི་ནང་ནས་བྱུག་པ་ནི། ་ལུས་རྩུབ་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །བླུག་པ་བློག་བ་ཀླད་གཟིར་དང། །ཚ་དང་རྨ་སྨན་རྣམས་ལ་བཏང། ཞེས་བྱ་བ་ལ། སྣུམ་བླུགས་པ་ལ་སོགས་པ་ནི་གློག་པ་ལ་སོགས་པའི་ནད་རྣམས་ལ་སྦྱར་བར་བྱའོ། །རས་བལ་སྣུམ་ཅན་སྐྲ་འབྱི་དང། ་གཟའ་ཞུགས་མིག་ནི་རངས་ལ་བཏང། ཞེས་བྱ་བ་ལ། རས་བལ་སྣུམ་ཅན་ནི་སྐྲ་འབྱི་བ་ལ་སོགས་པ་དང། དེ་བཞིན་དུ་མིག་རེངས་པ་སྟེ། མིག་ཧར་ཧར་བོར་འདུག་ཅིང་འཛུམས་མི་ཤེས་པ་ལ་སྦྱར་བར་བྱའོ། །པགས་བཅིང་མགོ་བོ་ཚོར་བ་མེད། །ཁ ་ཡོག་ཉིད་ནི་ཡར་པ་དང། ཁ་དང་སྣ་སྐམས་རབ་རིབ་དང། མི་གཟད་མགོ་བོ་དག་ལ་སྦྱར། ཞེས་བྱ་བ་ལ། པགས་པས་གཡོགས་ནས་བཅིངས་པ་ནི་མགོ་བོ་ཚོར་བ་མེད་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །དེ་ཡི་ཆོ་ག་འདུག་པ་ལ། །ཁྲིའུ་བུས་མཉམ ་འཇམ་པ་ལ། །ལུས་བཀྲུས་ཤིང་དུགས་བྱས་ལ། དགོངས་ཀ་བ་འམ་མ་ཧེ་ཡི། པགས་པ་མགོ་བོ་དང་མཉམ་ལ། །རྒྱར་ནི་སོར་ནི་བཅུ་གཉིས་པ། །རྣ་བའི་མཐར་ཐུག་པར་བཅིངས་པ། །དབྲལ་བ་གོས་ཀྱིས་བཀྲི་བ་ནི། །གོས་སམ་ལན་བུས་བཅིངས་བྱས ་ལ། མཱཥའི་ལྤེ་གུས་བསྐུ་པར་བྱ། ཞེས་བྱ་བ་ལ། མགོ་པགས་པས་གཡོགས་ཏེ། བཅིངས་བའི་ཆོ་ག་ནི་འདི་ལྟར་བྱ་སྟེ། སྐྱེས་བུ་འདུག་པར་བྱ་བ་ལ། མགོ་པགས་པས་དཀྲི་བར་བྱའོ། །དེ་ཡང་ཇི་ལྟ་བུ་ལ་འདུག་ཅེ་ན། །ཁྲིའུའི་དཔངས་པུས་མོ་དང་མཉེ ་བ་རྒྱབ་བརྟེན་འཇམ་ཞིང་འབོལ་བ་ལ་འདུག་སྟེ། །དང་པོ་ཁྲུས་བྱས་ནས་དེའི་འོག་ཏུ་བསྐུས་ལ་དུགས་བྱས་ནས་དགོངས་ཀ་སྟེ། ཉི་མ་ནུབ་པའི་ཚེ་བ་ལང་དམ་མ་ཧེའི་པགས་པ་མགོ་མཛའ་འཁོར་བ་མཉམ་པ། རྒྱར་སོར་བཅུ་གཉིས་པ་རྣ ་བའི་མཐར་ཐུག་པར་བཅིངས་ལ། དེ་ཡང་དཔྲལ་བ་གོས་ཀྱིས་དཀྲིས་ཤིང་ལན་བུས་ཀྱང་བཅིངས་ལ། ཡང་སྲན་མཱཥའི་ལྡེ་གུས་བསྐུ་ཞིང་བྱུག་པར་བྱའོ། །དེ་ནས་ནད་དམིགས་ཅི་འདྲ་ལ། །སྣུམ་བསྐོལ་བ་ནི་དྲོ་འཇམ་ཙམ། །དེ་ནི་སྤྱི་བོ་མན་ཆད་ནས། ་སྐྲ་དྲུང་སོར་གཅིག་ནུབ་ཙམ་བླུགས། །ཁ་དང་སྣ་མཚུལ་ཕྱིན་པར་བཞག་།དེ་བཞིན་རླུང་སོགས་ནད་རྣམས་ལ། །སྟོང་ཕྲག་བཅུ་དང་བརྒྱད་དྲུག་གཞུག། ནད་མེད་པ་ལ་སྟོང་ཕྲག་གཅིག་།མར་བསལ་ཕྲག་པ་ལ་སོགས་མཉེ། །དེ་ལྟར་ཞག་བདུན ་བླུགས་པར་བྱ། ཞེས་བྱ་བ་ལ། དེ་ནས་མགོ་བོ་པགས་པས་གཡོགས་པའི་འོག་ཏུ་ནད་དམིགས་ཀྱི་རྣམ་པ་ཅི་འདྲ་བ་དང་སྦྱར་ལ། སྣུམ་བཞི་པོ་ལས་ཅི་རིགས་པར་བསྐོལ་བ་དྲོ་འཇམ་སྟེ། ཅུང་ཟད་དྲོ་བ་དེ་ནི་སྤྱི་བོ་མན་ཆད་ནས་སྐྲ་དྲུང་གི་བར་དུ ་སོར་གཅིག་ཙམ་ནུབ་པའི་ཚད་ཙམ་གྱི་བར་དུ་བླུགས་པར་བྱའོ། །ཡང་སྦྲུམ་དེ་བཞག་པའི་ཆད་ནི། ཁའི་ནང་དང་སྣའི་མཚུལ་བར་ཕྱིན་ཅིང་གཤེར་འཇག་གི་བར་དུ་བཞག་པར་བྱའོ། །ཡང་སྣུམ་དེ་རླུང་ལས་གྱུར་པའི་ནད་རྣམས་ལ་སེ་གོལ་བསྐོ ་ཞིང་གཏོགས་པའི་ཆེད་སྟོང་ཕྲག་བཅུ་སྟེ། ཁྲིའི་བར་དུ་བཞག་པར་བྱའོ། །མཁྲིས་པ་ལས་གྱུར་པ་ལས་ནི་བརྒྱད་སྟོང་གི་བར་བཞག་བྱའོ། །བད་ཀན་གྱི་ནད་ལ་ནི་དྲུག་སྟོང་གི་བར་དུ་བཞག་པར་བྱའོ། །ནད་མེད ་ཅིང་ཐ་མལ་བར་གནས་པ་ལན་སྟོང་ཕྲག་གཅིག་གི་བར་དུ་བཞག་པར་བྱའོ། །དེ་ནས་དེའི་འོག་ཏུ་མར་བསལ་ཞིང་ཟགས་སུ་བཅུག་ལ། ཕྲག་པ་ལ་སོགས་པ་མཉེ་བར་བྱ་སྟེ། ཕྲག་མགོ་དང་གཉའ་བ་དང་ལྷག་པ་དང། །དཔྲལ་བ་ལ་སོག་པ་དལ་བུས་མཉེ་བར ་བྱའོ་དེ་ལྟ་སྣུམ་གྱི་དམ་པ་སྟེ་ཞག་བདུན་གྱི་བར་དུ་བླུག་བར་བྱའོ། །རྣ་བར་གང་བར་བླུག་སྟེ་བཞག། རྣ་བའི་རྩ་བ་མཉེ་བར་བྱ། །ནད་རྩེ་ཞིལ་གྱི་བར་བྱ་ཞིང། །རྣ་བ་སེ་གོལ་བརྒྱ་བར་བཞག་།ཅེས་བྱ་བ་ལ། རྣ་བ་ན་བར་གྱུར་པ་ལ་ནི་སྣུམ་རྣ་བ་གང་བར་བླུག་ལ་བཞག་ནས ་རྣ་བའི་རྩ་བ་མཉེ་བར་བྱ་སྟེ། དེ་ཡང་སེ་གོལ་གྲངས་བརྒྱའི་བར་དུ་བཞག་པར་བྱ་ཞིང། །ནད་དེ་རྩེ་ཞིལ་གྱི་བར་དུ་རྣ་བ་བཀང་པའི་སྣུམ་བྱའོ། །པུས་མོ་གཡས་བའི་ལྟ་བ་ནི། །ལག་རྩིས་བསྐོར་བའི་བར་དག་དང། མིག་འབྱེད་འཛུམས་དང་མཉམ་པའི། །ཡུན་ནི་གངས་ཀྱི ་ཆད་དུ་བཤད། །ཅེས་བྱ་བ་ལ། གྲངས་སུ་བཟུང་བའི་ཚད་ནི། བུས་མོ་གཡས་པའི་ལྟ་ང་ལག་པའི་སོར་མོའི་རྩེ་མོས་ཀུན་ནས་བསྐོར་བའི་བར་དང། དེ་བཞིན་དུ་མིག་གཉིས་འབྱེད་པ་དང་འཛུམས་པའི་དུས་དང་མཉམ་དུས་ཀྱི་ཡུན་ནི། གྲངས་ཀྱི་ཚད་ཡིན་པར ་མཁས་པ་རྣམས་ཀྱིས་བཤད་དོ། །སྤྱི་བོར་ཏིལ་མར་སྦྱར་བ་བྱུགས་པས་ནི། སྐྲ་དཀར་དམར་སེར་སྐྲ་འབྱི་གཟའ་ཞུགས་དང། མགོ་བོའི་རླུང་ནད་སེལ་ཅིང་དབང་པོ་གསལ། སྐད་གདངས་འགྲམ་པ་མགོ་བོའི་སྟོབས་བསྐྱེད་བྱེད། ཞེས་བྱ་བ་ལ། ཏིལ་མར ་སྤྱི་བོར་བླུགས་ཤིང་བསྐུས་པས་ན། །སྐྲ་དཀར་བ་དང། སྐྲ་དམར་སེར་དུ་འདུག་པ་དང། སྐྲ་འབྱི་བ་དང། གཟའ་ཞུགས་ཤིང་སྐྲ་ཁ་གྱེས་པ་དང། མགོ་བོའི་རླུང་གི་ནང་སེལ་ཅིང་འཇོམས་པར་འགྱུར་རོ། །དེ་བཞིན་དུ་མིག་ལ་སོགས་པའི་དབང་པོ་རྣམས་གསལ ་ཞིང་རང་གི་ཡུལ་འཛིན་པར་ནུས་པ་དང། དེ་བཞིན་དུ་སྐད་གདངས་དང། འགྲམ་བ་དང། མགོ་བོའི་སྟོབས་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན ་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། །ལེའུ་ཅི་ཤུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྨན་གྱི་ཐིགས་པ་མིག་དུ་བླུག་པ་དང། སྨན་གྱིས་མིག་བསྐུ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ ་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་བཤད་མ་ཐག་པའི་སྤྱི་བོའི་ཏིལ་མར་གྱིས་ནི་དབང་པོ་རྣམས་གསལ་བར་བྱེད་པར་བཤད་ལ། དབང་པོ་ཐམས་ཅད་ཀྱི་ནང་ནས་དབང་པོའི་གཙོ་བོ་ནི་མིག་ཡིན་པས་དེའི་ཕྱིར། དེ་བསྲུང་བའི་དོན་དུ ་དེའི་འོག་ཏུ་ལེའུ་འདི་བརྩམས་པ་ཡིན་ནོ། །མིག་སྨན་གྱི་ཐིགས་པ་གང་ཞིག་བླུགས་པས་མིག་གི་སྐྱོན་ཀུན་འཛག་པར་འགྱུར་བས། མིག་གི་སྨན་གྱི་ཐིགས་པ་ལ་མིག་བསྐུ་བ་ཞེས་བྱ་སྟེ། དེའི་འོག་ཏུ་ཆོ་ག་ནི་འདི་ལྟར་བྱའོ། །ཞེས་པའི་ལས་ཀྱི་ཚུལ ་ཏེ། ཆོ་ག་དེ་བཤད་པར་བྱའོ། །མིག་ནད་དག་ནི་ཐམས་ཅད་ལ། དང་པོར་སྨན་ཐིགས་བླུག་པས་ནི། །ཟུག་ན་གཡའ་དྲུང་མཆི་མ་འཛག། མིག་ཚ་མིག་དམར་རྣམས་ལ་ཕན། ཞེས་བྱ་བ་ལ། མིག་གི་ནད་མ་ལུས་པ་ཐམས་ཅད་ལ། དང་པོ་ཐོག་མཁོ་ནར ་མིག་སྨན་ཐིགས་པ་ལ་སོགས་པ་བླུག་ནས། མཆི་མ་འཛག་ཅིང་ཁྲུས་བྱ་བ་ཕན་ནོ། །དེ་ཡང་མིག་ཇེ་བར་ལ་ཐུག་པ་ལྟར་ན་བ་དང། ཟུག་ཅིང་ན་བ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ཡང་ཟུག་པ་ནི་རྒྱུན་དུ་གཟེར་ཞིང་ན་བའོ། །ན་བ་ནི་སྣ་ཚོགས ་པའི་ཚུལ་གྱིས་ན་བའོ། །གཡའ་བ་ནི་མིག་ཤས་ཆེར་གཡའ་བའ་ཨོ། །དྲུང་པ་ནི་མིག་མཆུ་གཉིས་ཕན་ཚུན་རེག་པ་ན་མིག་ལ་དྲུད་པ་སྙམ་བྱེད་ཅིང་ན་བའོ། །མཆི་མ་འཛག་པ་ནི་རྒྱུན་དུ་མིག་ཆུ་འཛག་པའོ། །ཚ་བ་ནི་ཚ་འུར་འུར་པོར་བྱེད་པའོ། །མིག་དམར ་བ་ནི་མིག་དམར་པོ་སླེ་སླེ་བོར་འདུག་པ་སྟེ། འདི་རྣམས་ལ་མིག་བཀྲུ་བའི་སྨན་བླུག་པ་ཕན་པ་ཡིན་ནོ། །རླུང་ལ་དྲོན་པོ་བང་དྲོ་འཇམ། །ཁྲག་མཁྲིས་ལ་ནི་དེ་བསིལ་བསྔགས་ཞེས་བྱ་བ་ལ། མིག་སྨན་གྱི་ཐིགས་པ་དེ་རླུང་གི་ནད་ལ་དྲོན་པོ་སྟེ། དྲོ་བའི ་བག་ཏུ་བྱས་པ་ཕན་ནོ། །བད་ཀན་གྱི་ནད་ལ་ནི་དྲོ་འཇམ་སྟེ་ཅུང་ཟད་དྲོ་བ་ཕན་པ་ཡིན་ནོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནང་ལ་ནི། སྨན་གྱི་ཐིགས་པ་བསིལ་བ་ཕན་པ་ཡིན་ནོ། །རླུང་མེད་གནས་སུ་འདུག་ནས་ནི། ། ་ལག་པ་གཡོན་པས་མིག་ཕྱེ་ལ། །ཉ་ཕྱིས་ནང་སྦྱར་རས་བལ་ནི། །བསྙད་པའི་ཐིགས་པ་བླུག་བྱས་ལ། སོར་གཉིས་ཙམ་དཔངས་ལས་མིག་གྲ། ཐིགས་པ་བཅུ་འམ་བཅུ་གཉིས་བླུག་།ཞེས་བྱ་བ་ལ། སྐྱེས་བུས་རླུང་མེད་པའི་གནས་སུ་འདུག་ནས་སྨན་པའི་ལག་པ་གཡོན་པས ་དེའི་མིག་ལེགས་པར་ཕྱེ་ལ་ལག་པ་གཡས་པ་ཉ་ཕྱིས་ཀྱི་ནད་དུ་སྨན་སྦྱར་བ་རས་བལ་ཡེའུ་བསྙད་པས། ཅུང་ཟད་འཕྱད་པར་བྱས་ལ་ཐིགས་པ་བླུགས་པར་བྱ་བ་ནི་སོར་གཉིས་ཙམ་གྱི་དཔངས་ལས་མིག་གི་གྲ་སྣ་དང། ཉེ་བའི་མིག་གི་ཟུར་ནས་ཐིགས་པ་བཅུ་འམ་བཅུ་གཉིས ་བླུགས་པར་བྱ་སྟེ། དེ་ལས་རྣམ་པ་གཞན་དུ་བྱས་ན་མིག་དམར་བ་ལ་སོགས་པའི་ནད་སྐྱེད་པར་འགྱུར་རོ། །དེ་ནས་གོས་འཇམ་དག་གིས་ཕྱི། །རླུང་དང་བད་ཀན་ཅན་དག་ལ། །གོས་འཇམ་གཞན་ནི་ཆུ་དྲོན་ལ། །སྤངས་པས་དུགས་ནི་འཇམ་པོ་བྱ། ཞེས་བྱ་བ་ལ། དེ་ལྟར་མིག ་ཏུ་བླུགས་པའི་རྗེས་ལ། གོས་འཇམ་ཞིང་རེག་ན་བདེ་བས་མིག་ཕྱི་ཞིང་སྤྱད་པར་བྱའོ། །དེའི་འོག་ཏུ་གོས་འཇམ་པོས་ཕྱི་བ་ལས་གཞན་པ་དག་ཆུ་དྲེན་འཇམ་ཙམ་ལ་སྤངས་པས་མིག་འཇམ་ཅི་དུ་དུགས་བྱའོ། །དེ་ཡང་རླུང་དང་བད་ཀན་ཅན་དག་ལ་ཞེས་བྱ་བ། རླུང་ནད་དང ་བད་ཀན་གྱི་ནད་ཡོད་པ་ལ་དུགས་བྱའི། །མཁྲིས་པ་འམ་ཁྲག་ཅན་ལ་ནི། དེ་ལྟར་དུགས་བྱར་མི་རུང་སྟེ། དེ་གཉིས་ལ་ནི་སྦྱང་ཞིང་ཕྱི་བ་ཙམ་བྱའི། །དུགས་མི་བྱའོ། །མིག་སྨན་བླུགས་པ་རབ་ཚ་རྣོས། །ན་ཞིང་མིག་དམར་རྟུལ་བར་འགྱུར། །ཤིན་ཏུ་གྲང་བས་ཟུག་པ་དང།། ་འཛུམས་མི་ཤེས་དང་ན་བར་འགྱུར། །དྲགས་པས་མིག་མཆུ་དམར་དང་དྲུང། །རྩུབ་ཅིང་མིག་ནི་འབྱེད་དཀར་འགྱུར། ཤིན་ཏུ་ཚུངས་པས་ནད་དཀྱེལ་སྐྱེད། །མ་ཕོ་བས་ནི་ཐུ་བར་བྱེད། །ཅེས་བྱ་བ་ལ། མིག་ཏུ་སྨན་གྱི་ཐིགས ་པ་བླུགས་པ་རབ་ཏུ་ཚ་བ་དང། རྣོན་པོས་བླུགས་པས་ནི་ན་ཞིང་ཟུག་པར་འགྱུར་བ་དང། མིག་དམར་བར་འགྱུར་བ་དང། མིག་རྟུལ་ཞིང་མི་གསལ་བར་འགྱུར་རོ། །གལ་ཏེ་མིག་ཏུ་བླུགས་པའི་སྨན་ཤིན་ཏུ་བསིལ་ཞིང་གྲང་བ་བླུགས་ན། མིག་གི་ནད་རབ་ཏུ ་ཟུག་ཅིང་བརྡོལ་ལ་ཐུག་པ་སྙམ་པ་འབྱུང་པར་འགྱུར་པ་དང། འཛུམས་མི་ཤེས་ཤིང་རེངས་བག་ཧར་ཧར་པོར་གནས་པ་དང། ན་བ་སྟེ་རྒྱུན་མི་འཆད་པར་ཟུག་ཅིང་ན་བར་འགྱུར་རོ། །མིག་སྨན་གྱི་ཐིགས་པ་མང་པོར་བླུགས་ཏེ་དྲགས་པས་ནི ་མིག་མཆུ་དམར་ཞིང་འབྱར་བག་དང། རྙོག་མ་ཅན་གྱི་མདོག་ཅན་དུ་བྱེད་དོ། །དེ་བཞིན་དུ་མིག་མཆུ་ཕན་ཚུན་དྲུད་པ་དང། དེ་བཞིན་དུ་མིག་ཤིན་ཏུ་དབྱེ་དཀའ་བར་འགྱུར་རོ། །མིག་སྨན་བླུགས་པ་ཤིན་ཏུ་ཆུང་ཞིང་ཚད་དུ་མ་ཕྱིན་པས་ནི། ནད་ཀྱི་དཀྱེལ་བ་སྐྱེད་ཅིང ་འཕེལ་བར་འགྱུར་གྱི་ནད་དེ་ཞི་བར་བྱེད་མི་ནུས་སོ། །མིག་གི་སྨན་མ་བཙགས་ཤིང་གོས་ཀྱི་ཚགས་ལས་མ་བཏོན་པའམ། །མིག་ཏུ་བླུགས་པ་སླར་མ་ཕོས་པས་ནི། སླར་ཐུ་བར་བྱེད་ཅིང་མཆི་མ་འཛག་པ་དང། མིག ་གཟུགས་པ་དང། མི་རྙོག་མ་ཅན་དུ་འགྱུར་རོ། །བསྐུས་ལེགས་གནད་རྩ་སྣ་སུལ་དང། །ཁ་ཡི་སྤུབས་སུ་སྨན་གྱིས་ཁྱབ། །སྤྱི་བོར་གཏོགས་པའི་ནད་ཀྱི་ནི། །དྲི་མ་ཕྱིར་ནི་འབྱིན་པར་བྱེད། ཅེས་བྱ་བ་ལ། མིག་ཏུ་བླུགས་པའི་སྨན་ལེགས་པར་བླུགས་ན་གནད ་ཀྱི་རྩ་རྣམས་དང། ཁའི་སྤུབས་ན་ཡོད་པའི་རྩ་རྣམས་སུ་ཁྱབ་ཅིང་ཕྱིན་པར་འགྱུར་བས། །སྤྱི་བོར་གཏོགས་ཤིང་མགོ་ཁྱབ་པར་བྱེད་པའི་དྲི་མ་སྟེ། །ནད་རྣམས་སེལ་ཅིང་འབྱིན་པར་བྱེད་དོ། །ཟློག་པར་ནུས་སོ། ཞེས་བྱ་བའི་དོན་ནོ། །དེ་ནས་ལུས་སྦྱང་མིག ་སྨན་བསྐུ?། །མིག་ཙམ་ལ་ནི་གནས་གྱུར་པ། ཅུང་ཟད་སྐྲ་དང་ཤིན་ཏུ་གཡའ། །རྡུ་མ་ཆགས་པས་སྨིན་ཤེས་ཤིང། །ཅུང་ཟད་རྔུད་དམར་མཆིལ་མ་འཛག་མིག་རྔུ་སྡུག་ལ་བཏད་པར་བྱ། །བད་ཀན་དང་ནི་ཁྲག་མཁྲིས་དང། །མཆོག་ཏུ་རླུང་གིས ་གཟིར་ལ་བསྐུ། ཞེས་བྱ་བ་ལ། དེ་ནས་མིག་སྨན་གྱི་ཐིགས་པ་བླུགས་པའི་འོག་ཏུ་ལུས་སྦྱངས་ཤིང་སྐྱུགས་སྨན་ལ་སོགས་པས་ནད་བསལ་ནས། མིག་སྨན་གྱིས་བསྐུ་བ་ནི་མིག་ཙམ་ལ་བརྟེན་ཅིང་གནས་པར་གྱུར་པའི་ནད་གང་ཡིན་པ ་དེ་སྨིན་ཅིང་ཅུང་ཟད་རྙིངས་པར་གྱུར་པའི་མཚན་མ་འབྱུང་བའི་མིག་ལ་མིག་སྨན་བསྐུ་བར་བྱའོ། །སྨིན་པ་དེ་ཅུང་ཟད་སྐྲང་བ་དང། དེ་བཞིན་དུ་ཤིན་ཏུ་གཡའ་བ་དང། མིག་གི་རྔུ་མ་ཆགས་པར་གྱུར་པ་ལས་སྨིན་པ་ཡིན་པར་ཤེས་ཤིང་རྟོགས་པ་དང། དེ་བཞིན ་དུ་ཅུང་ཟད་དྲུད་བ་སྙམ་པ་དང། དམར་བ་དང་མཆི་མ་འཛག་པ་སྟེ། མིག་གང་ཤས་ཆུང་བར་དྲུད་པ་སྙམ་བྱེད་ཅིང་མཆི་མ་འཛག་པ་དང། མིག་རྔུ་སྟུག་ཅིང་ཆེ་བ་ཆགས་པ་ལ། མིག་སྨན་བསྐུ་ཞིང་བྱུག་པར་བྱའོ། །ཡང་དེ་བཞིན་དུ་བད་ཀན་དང་ཁྲག་དང། ་མཁྲིས་པས་ཉེན་ཅིང་གནོད་པའི་མིག་ནད་ལ་བཏང་བར་བྱའོ། །དེ་བཞིན་དུ་མཆོག་གམ་ཁྱད་པར་དུ་ནི་རླུང་ནད་ཀྱིས་ཉེན་པ་དག་ལ་མིག་སྨན་བསྐུ་ཞིང་བྱུག་པ་བཏང་བར་བྱའོ། །མིག་སྨན་ཕྱི་དང་རྨ་གསོ་དང། །གསལ་བར་མཐོང་སྟེ་རྣམ་པ་གསུམ། ་ཞེས་བྱ་བ་ལ་བསྐུ་ཞིང་བྱུག་པའི་མིག་སྨན་དེ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་ཕྱི་ཞིང་བསལ་བའོ། །གཉིས་པ་ནི་རྨ་འཚོ་བ་ཅིང་གསོ་བའོ། །གསུམ་པ་ནི་མིག་གསལ་བར་བྱེད་པའོ། །དེ་ཡང་ཕྱི་བ་ནི་ལིང་ཏོག་ལ་སོགས་པའི་མིག་ནད་ཀྱི་རིགས ་མིག་གི་མཚོན་དཔྱད་ཀྱིས་ཕྱི་ཞིང་བདར་བ་ལྟར་བྱེད་པས་ན་ཕྱི་བའོ། །ཡང་ན་མིག་སྨན་ཤིན་ཏུ་རྣོ་བས་ནད་ཀྱི་ཁམས་གང་འབྲུ་ཞིང་འབྱིན་པས་བསལ་བ་ཞེས་བྱ་བའོ། །རྨ་གསོ་བ་ནི་གང་གིས་རྨ་འཚོ་བ་ཅིང་འབྱོར་བར་བྱེད་པས་ན་རྨ་གསོ་བའོ། བསལ་བར་མཐོང ་བ་ནི། གསལ་ཞིང་དྲི་མ་མེད་པར་མཐོང་བར་བྱེད་དོ། །དེ་ལ་ཕྱི་བའི་མིག་སྨན་ནི། །བསྐ་དང་སྐྱུར་དང་ཚ་དང་ཁ། །རྨ་གསོ་སྨན་ནི་ཁ་བ་སྟེ། །གསལ་སྨན་མདར་དང་བསིལ་བ་ཡིན། ཞེས་བྱ་བ་ལ། མིག་སྨན་དེ་རྣམས་ཀྱི་ནང་ནས། ཕྱི་པའི་མིག་སྨན་ནི་བསྐ་བ་ལ ་སོགས་པའི་རོ་བཞི་ལས་སྦྱར་བའི་མིག་སྨན་ནི། །ལིང་ཏོག་དང་སྤྲིན་གྱིས་གཡོགས་པ་ལ་སྦྱར་རོ། །རྨ་གསོ་བའི་མིག་སྨན་ནི་རོ་ཁ་བདག་ལས་སྦྱར་ཏེ། དེ་ནི་མཆི་མ་ལ་སོགས་པ་ལ་བཏང་ངོ། །མིག་གསལ་བའི་སྨན་ནི་རོ་མངར་བ་དང་བསིལ་བ་ཡིན་ཏེ། ་དེ་ནི་མིག་སྣད་པ་དང་ནད་མེད་པར་གནས་པའི་སྐབས་སུ་བཏང་བར་བྱའོ། །ཐུར་མ་སོར་བཅུ་དབུས་ཕྲལ། །རྩེ་མོ་སྲི་ཤིང་ཁ་འབུས་འདྲ། །ཕྱི་བའི་ཐུར་མ་ཟངས་སུ་བསྔགས། །རྨ་གསོ་ལྕགས་ནག་བྱ་སོར་ཙམ། །བཟང་པོ ་བསལ་བར་བྱེད་པ་ནི། །གསེར་དང་དངུལ་ལས་བྱས་པ་བསྔགས། ཞེས་བྱ་བ་ལ། མིག་སྨན་བསྐུ་བའི་ཐུར་མ་ནི། །སྲིང་སོར་མོ་བཅུའི་ཚད་ལ་དབུས་ཀྱི་ཕྱོགས་ཕྲ་བ། །རྩེ་མོ་གཉིས་སྲི་ཤིང་མེ་ཏོག་ཁ་འབུས་པ་འདྲ་བར་ཅུང་ཟད་སྦོམ་ཞིང། འཇོད?་དེ་བར ་བྱས་ལ། ཐུར་མ་དེ་ཕྱི་བའི་དཔྱད་དུ་ནི་ཟངས་མ་ལས་བྱས་པ་བསྔགས་སོ། །རྨ་གསོ་བའི་ཐུར་མ་ནི་ལྕགས་ནག་པོ་ལས་བྱས་པ། མཛུབ་སོར་ཙམ་གྱི་སྲིད་ཡོད་པ་བཟང་ཞིང་བསྔགས་སོ། །གསལ་བར་བྱེད་པའི་མིག་སྨན་བསྐུ་བའི་ཐར་མ་ནི ་གསེར་དང། དངུལ་ལས་བྱས་པ་བཟང་བ་ཡིན་ནོ། །བདར་བུ་ལུ་བ་ཕྱེ་མ་སྟེ། མིག་སྨན་རྣམས་གསུམ་ཉིད་དུ་བརྟག། དེ་ནི་མིག་སྨན་ལྕི་འབྲིང་དང། །ཡང་བ་ལ་ནི་རིམ་བཞིན་སྦྱར་ཞེས་བྱ་བ་ལ། །མིག་སྨན་སྦྱོར་བའི་ཐབས་ནི། རྣམ་པ་གསུམ་ཁོ་ན་སྟེ། བདད?་བུ་དང ་ཁུ་བ་དང་ཕྱེ་མའོ། །དེ་ལ་གཤེར་གྱིས་སྦྲུས་ཤིང་བཏགས་ནས། རེང་བུར་བྱས་པ་ནི་བདར་བུ་ཞེས་བྱ་བའི་སྐྲར་བརྗོད་དོ། །ཁུ་བ་ནི་སྨན་ཁུ་བསྐོལ་བ་ལས་སྐན་ཏེར་བྱུང?་པ་ལས་བྱས་པའོ། །སྨན་སྐམ་པོར་བཏགས་པའི་མིག་སྨན་ནི་ཕྱེ་མགོ་ཞས ་བྱ་བའོ། །མིག་སྨན་དེ་དག་ཀྱང་སྔ་མ་བཞིན་དུ་སྟོབས་ཆེ་བ་ཡིན་ཏེ། དེ་བས་ན་ནད་ཤིན་ཏུ་སྟོབས་དང་ལྡན་པ་ལ་ནི་རེང་བུ་བཏང་བར་བྱའོ། །མིག་ནད་ཚབས་འབྲིང་ཙམ་ལ་ནི་ཁུ་བ་བཏང་བར་བྱའོ། །མིག་ནད?་ཡང་ཞིང་སྟོབས་ཞན་པ་ལ་ནི་ཕྱེ་མ ་བཏང་བར་བྱ་སྟེ། །དེ་ལྟར་རིམ་པ་བཞིན་དུ་སྦྱར་བར་བྱའོ། །མཚན་མོ་ཉལ་དང་ཉི་མའི་གུང། །ཟོས་འཐུངས་ཉི་མ་ཚ་བ་ཡིས། །མིག་གི་ནང་ནི་འཕེལ་བ་དང། །དཀྱེལ?་ནི་སྐྱེ་དང་འཁྲུགས་པར་འགྱུར། །དེ་བས་ཞི་ཕྱིར་ན་དགོངས་ཉི་མ་སྤྲིན་བྲལ་དུས་སུ་བསྐུ། ་ཞེས་བྱ་བ་ལ། མཚན་མོ་ཉལ་བས་ནད་འཕེལ་ཞིང་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་ཉི་མའི་གུང་ལ་ཟས་ཟོས་ཤིང་སྐོམ་འཐུངས་བས་དཀྱེལ་སྐྱེ་ཞིང་གྱེན་དུ་འཕེལ་བར་བྱེད་པ་དང། དེ་བཞིན་དུ་ཉི་མ་གུང་ལ་ཡང། ཉི་མ་ཚ་བའི་ཟེར་གྱིས་མིག་ནད་མྱུར་དུ་འཁྲུགས ་ཤིང་གཡོ་བར་འགྱུར་ཏེ། དེ་བས་ན་དེ་ཞི་བར་བྱ་བའི་ཕྱིར་ཏེ། དེ་ནུབ་མོའི་ནད་ཀྱི་སྐྱོན་ཞི་བར་བྱ་བའི་ཕྱིར། ནད་པར་བཏང་བར་བྱ་ལ། དེ་བཞིན་དུ་ཉི་མ་གུང་གི་སྐྱོན་ཟོས་པ་དང། འཐུངས་པ་དང། ཉི་མ་ཚ་བས་དཀྱེལ་སྐྱེ་ཞིང་གནོད་པ་དང་འཁྲུགས་པར་འགྱུ་བའི་ཉེས་པ ་སླང་པའི་ཕྱིར་དགོངས་ཀ་བསྐུའོ། །ཡང་ན་ཕྱི་འཕྲེད་ཀྱི་དུས་སྤྲིན་དང་བྲལ་ཞིང་ཡུལ་རྨུས་པ་མེད་པའི་སྐབས་སུ་བསྐུ་བྱའོ། །གཞན་དག་སྨྲ་བ་ཉིན་པར་ནི། །མིག་སྨན་རྣོན་པོ་བཏང་མི་བྱ། །བསྐུས་པས་ཉམ་ཆུང་གྱུར་པའི་མིག། ཉི་མ་བལྟས་ན་གནོད་པར་འགྱུར་།ཞེས་བྱ ་བ་ལ། ཡང་སློབ་དཔོན་གཞན་དག་འདི་སྐད་ཟེར་ཏེ། ཉིན་པར་གྱི་དུས་སུ་མིག་སྨན་རྣོན་པོ་བཏང་ཞིང་བསྐུ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མིག་སྨན་རྣོན་པོས་བསྐུས་པས་བཀྲུས་ཤིང་འཛག་པར་བྱས་པས། ཉམ་ཆུང་ཞིང་སྟོབས་ཞན་པའི་མིག་གིས་ཉི་མ་བལྟས་ན ་གནོད་པར་འགྱུར་ཞིང་ཉམ་ཆུང་པར་འགྱུར་རོ། །མཚན་མོ་གཉིད་ནི་ལོག་པ་ལ། ཟླ་དུས་ཡིན་པས་བརྟས་འགྱུར་ཏེ། །མིག་ནི་མེ་ཡི་རང་བཞིན་པས། །བསིལ་བས་གནོད་མེད་བརྟན་པར་འགྱུར། ཞེས་བྱ་བ་ལ། ཡང་སློབ་དཔོན་དེ་ནི་མཚན་མོའི་དུས་སུ ་མིག་སྨན་རྣོན་པོ་བཏང་པར་བྱའོ། །ཞེས་ཟེར་ཏེ། ཅིའི་ཕྱིར་ཞེ་ན། མཚན་མོ་གཉིད་ཀྱིས་ལོག་ཅིང་ཉལ་བ་ནི། ཟླ་བའི་རང་བཞིན་ཡིན་པ་དང། དུས་ཀྱང་ཟླ་བའི་དུས་ཡིན་པས་བརྟས་ཤིང་ཚིམ་པར་འགྱུར་བ་ཉིད་ཀྱིས་མིག་གི་མེའི་རང་བཞིན་བསིལ་བས་བརྟན ་པར་འགྱུར་ཞིང་སྟོབས་རྙེད་པར་འགྱུར་རོ། །མིག་ནད་བད་ཀན་ཤས་ཆེ་བ་འམ། །ཕྱི་ཞིང་བསལ་བར་བྱས་པ་ལ། །རབ་ཚ་མིན་པའི་ཉིན་པར་ཡང། མིག་སྨན་རྣོན་པོ་བླུགས་པར་འདོད། ཅེས་བྱ་བ་ལ། གལ་ཏེ་བད་ཀན་གྱི་མི་གནད་ཤིན་ཏུ་ཤས་ཆེ་ཞིང་བདོ་བ་དང ་དེ་བཞིན་དུ་ཕྱི་ཞིང་བསལ་བར་བྱ་བའི་མིག་མཇེར?་རམ་ལིང་ཏོག་ལ་སོགས་པ་ཉིན་མོ་ཡང་དེས་གསོ་བར་བྱ་བའི་ནད་ལ་མིག་སྨན་བཏང་དུ་རུང་ལ། དེ་ཡང་ཉི་མ་ཤིན་ཏུ་མི་ཚབ་ལ། མིག་སྨན་རྣོན་པོ་དག་ཀྱང་བླུགས་སུ་རུང་བར་འདོད་ཅིང་ ་ཁས་ལེན་པ་ཡིན་ནོ། །དྲིས་པ་མིག་ནི་མེའི་རང་བཞིན་ཡིན་ལ། མིག་སྨན་རྣོན་པོ་ཡང་མེའི་རང་བཞིན་ཅན་ཡིན་པས་ཉི་མ་ཚ་བ་དང། ཆོས་མཐུན་པ་ཡིན་ན། འདི་ལ་འགལ་བ་ཅི་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ན། ལྕགས་ནི་རྡོ་ལས་བྱུང་བ་ཡིན། །རྣོ་བ་དེ་ཉིད ་ལས་བྱུང་ཡང། །དེ་ཉིད་ཀྱིས་ནི་གནོད་བྱེད་ནུས། །མིག་གི་རང་བཞིན་དེ་དང་འདྲ། ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ལྕགས་རྣམས་ནི་རྡོའི་ཁམས་རྣམས་ལས་བྱུང་ཞིང་སྐྱེས་པ་ཡིན་ལ། གང་ཡང་ལྕགས་དེ་ཉིད་ཀྱི་རྣོ་བ་ཉིད་ཀྱང་རྡོད་ཉིད་ལས་བྱུང ་བ་ཡིན་མོད་ཀྱི། གང་ལྕགས་དེ་ཉིད་རྣོ་བ་ཉིད་ལ་གནོད་ཅིང་འཇིག་པར་བྱེད་པ་འམ། །ཡང་ན་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་བྱེད་བ་ནི་རྡོ་དེ་ཉིད་ལས་བྱུང་གི་གཞན་ལས་མ་ཡིན་ནོ། །དེ་བཞིན་དུ་མིག་གི་མཐོང་བའི་རང་བཞིན་ནི ་མེའི་ཁམས་ལས་བྱུང་ལ། དེ་ཉིད་ཀྱིས་ན་རྣོ་བའི་ཕྱིར་ཐག་རིང་པོར་མཐོང་བར་ནུས་པ་ཡིན་མོད་ཀྱི་དེ་ཉིད་ཀྱིས་གནོད་པར་བྱེད་དེ། ཅུང་ཟད་ཙམ་མཐོང་བ་འམ། རྣམ་པ་ཐམས་ཅད་དུ་མི་མཐོང་བར་འགྱུར་རོ། །དགུན་ཚེ་མཚན་མོ ་མིག་སྨན་ནི། །རྣོན་པོ་ཕན་པ་མ་ཡིན་ཏེ། །འཛག་མི་འགྱུར་བས་མིག་རེངས་དང། །གཡའ་དང་མི་གསལ་ལ་སོགས་སྐྱེ། ཅེས་བྱ་བ་ལ། དགུན་གྱི་ཚེ། མཚན་མོ་ཡང་མིག་སྨན་ཤིན་ཏུ་རྣོ་བ་ཕན་ཞིང་བདེ་བར་བྱེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ་དུས་དེའི་ཚེ་མིག་སྨན་རྣོན་པོ་བཏང་ཡང་གྲང་བའི་ཉེས་པས་མིག་ལས་མཆི་མ་ལ་སོགས་པའི་ནད་འབྱིན་ཅིང་འཛག་པར་བྱེད་མི་ནུས་ཏེ། སླར་ཞིང་མིག་སྨན་དེས་མིག་རེངས་ཤིང་ཧར་བག་ཏུ་འདག་པ་དང། གཡའ་བ་དང། མི་གསལ་བ ་བལ?་སོགས་པ་བསྐྱེད་པར་འགྱུར་རོ། །སོགས་པའི་སྒྲས་ནི་སྐྲངས་པ་དང། མིག་རྡུལ་ཆགས་པ་དང། མིག་དམར་བ་ལ་སོགས་སྐྱེད་པར་འགྱུར་རོ། །མིག་སྨན་མི་བཏང་འཇིགས་དང་སློན། །ཁྲུས་བཏང་ཟས་ཟོས་ཤུགས་ཀྱིས་ཉེན། །ཁྲོས་དང་རིམས་བཏབ ་མིག་ཕྱིར་བྱུང། །ཀླང་ནད་མྱ་ངན་གཉིད་མ་ལོག་།ཉི་མ་མཐོང་ཞིང་བཀྲུས་པ་དང། །ཆང་འཐུངས་དུ་བ་བརྡུབས་པ་དང། ཁ་ཟས་མ་ཞུ་ཉི་ཚན་གདུངས། །ཉིན་ཉལ་སྐོམ་པ་ལ་མི་བཏང། ཞེས་བྱ་བ་ལ། སྐྱེས་བུ་འཇིགས་ཤིང་སྡངས་པར་གྱུར་པ་ལ། མིག་སྨན་བཏང ་དུ་མི་རུང་ངོ། །དེ་བཞིན་སློན་ཞིང་སྐྱུག་པ་དང། བཀྲུ་སྨན་བཏང་ཟིན་པ་དང། ཟས་ཟོས་ཤིང་འདྲངས་མ་ཐག་དང། བཤད་པ་དང་གཅི་བ་ལ་སོགས་པའི་ཤུགས་ཀྱིས་ཉིན་པ་དང། །ཁྲོ་ཞིང་རྡམ?་པ་དང། རིམས་ཀྱིས་བཏབ་པ་དང། མིག་ཕྱིར་བྱུང་ཞིང་བློག་པ་དང། ་ཀླད་ནད་ཀྱིས་གཟེར་བ་དང། མྱ་ངན་དང་བཅད་པ་དང། མཚན་མོ་གཉིད་མ་ལོགས་པ་དང། ཉི་མ་མཐོང་ཞིང་མ་ཤར་བའི་བར་དང། མགོ་བཀྲུས་ཤིང་གཤེད་བ་དང། དེ་བཞིན་དུ་ཆང་འཐུངས་ཤིང་དུ་བརྡུབས་པ་དང། དེ་བཞིན་དུ་ཁ་ཟས་མ་ཞུ་བ་དང། ཉི་ཚན ་གྱིས་གདུངས་པ་དང། ཉིན་པར་ཉལ་ཞིང་གཉིད་ལོགས་པ་དང། སྐོམ་གྱིས་ཉེན་པ་ལ་མི་བཏང་ངོ། །ཞེས་མི་བཏང་བ་ཀུན་ལ་སྦྱར་བར་བྱའོ། །མིག་སྨན་རབ་རྣོ་འཇམ་དང་ཉུང། །མང་སླ་བསྐ་དང་རྩུབ་པ་དང། །ཤིན་ཏུ་བསིལ་དང་ཚ་བ་དང། མིག་སྨན་བསྐུ་བར ་མི་བྱའོ། །ཞེས་བྱ་བ་ལ། རབ་ཏུ་རྣོ་བ་ནི་རོ་ཚ་བ་དང། སྐྱུར་བ་དང། ལན་ཚྭ་ལས་སྦྱར་བར་མི་བྱའོ། །དེ་བཞིན་དུ་རབ་ཏུ་འཇམ་པ་ནི་རོ་མངར་བ་ཉི་ཚེ་ལས་བྱས་པའོ། །ཉུང་བ་ནི་ཆུང་ཆེས་པའོ། །མང་བ་ནི་ཆེས་དྲགས་པའོ། །དེ་བཞིན་ཤིན་དུ་སླ་བ་དང། ། ་ཤིན་ཏུ་བསྐ་བ་དང། ཤིན་ཏུ་རྩུབ་ཅིང་རེག་ན་མི་བདེ་བ་དང། དེ་བཞིན་དུ་ཤིན་ཏུ་བསིལ་བ་དང། ཤིན་ཏུ་ཚ་བའི་མིག་སྨན་བཏང་ཞིང་སྦྱར་བར་མི་བྱའོ། །དེས་ན་མིག་ནི་མ་ཕྱེ་བར། །དལ་གྱིས་ནང་དུ་ཁྱབ་པར་བྱ། ཞེས་བྱ་ལ། དེས་ན་དེའི་འོག ་ཏུ་མིག་སྨན་ནང་དུ་ཞུགས་ཤིང་ཁྱབ་པར་བྱ་བའི་ཕྱིར། མིག་གི་འབྲས་བུ་ངལ་གྱིས་བསྐྱེད་ཅིང་བསྒུལ་ལ། སྨན་གྱིས་ཁྱབ་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། མ་ཕྱེ་བར་ཞེས་བྱ་སྟེ། མིག་དབྱེ་བར་མིག་འབྲས་ཅང?་དུ་བསྐུལ ་བར་བྱའོ། །མིག་སྨན་བྱུགས་ནས་མིག་མཆུ་ནི། ཅུང་ཟད་བསྐྱོད་ལ་མིག་སྨན་ནི། །རྣོན་པོ་མྱུར་དུ་ཁྱབ་འགྱུར་བས། །དབྱེ་དང་འཛུམས་བར་མི་བྱའོ། །མིག་མཆུ་གཉིས་ནི་བསྡམ་པ་དང། །བཀྲུ་བ་དག་ནི་མི་བྱའོ། ཞེས་བྱ་བ་ལ། མིག་སྨན ་མིག་དུ་བཅུག་གམ། །བྱུགས་ནས་མིག་གི་མཆུ་ཅུང་ཟད་ཙམ་ངལ་བུས་བསྐྱོད་པར་གྱུར་ན། མིག་སྨན་རྣོན་པོས་མྱུར་དུ་ཁྱབ་པར་གྱུར་པས་འཕྲལ་དུ་དེའི་མོང་ལ་མིག་སྨན་བཅུག་མ་ཐག་དབྱེ་བ་དང་བཅུམ?་པར་མི་བྱའོ། །དེ་བཞིན་དུ་དེའི་མོད་ལ ་མིག་མཆུ་གཉིས་བསྔ་མ་ཞིང་བཙིར་པར་ཡང་མེ་བྱ་ལ། འཕྲལ་དུ་མིག་འབྲུ་པར་ཡང་མི་བྱའོ། །གང་ཚེ་མིག་སྨན་གྱིས་བསྐུས་པའི། །སྨན་གྱི་རྩོལ་བཞི་གྱུར་ན། །ནད་ཀྱི་དམིགས་དང་མཐུན་པ་ཡི། ཆུ་ཡིས་དེ་ཚེ་བཀྲུ་བར་བྱ། ཞེས་བྱ་བ་ལ། གང ་གི་ཚེ་མིག་སྨན་བསྐུས་པ་འམ་བྱུགས་པའི་རྗེས་ལ། སྨན་གྱི་ནུས་པའི་མཐུ་རྩོལ་བཞི་བར་གྱུར་ཅིང། ཆ་བལ་སོགས་པ་མེད་པར་གྱུར་ཅིང། །དེ་ཉིད་ཀྱིས་ན་བདེ་བར་གྱུར་པ་དེའི་ཚེ། །ནད་ཀྱི་དམིགས་དང་མཐུན་པའི་ཆུ་བསིལ་བ་དང། དྲོ་བ་དང ་བར་མའི་དང་བཞིན་ཅན་ལ་སོགས་པས་ཅི་བདེར་བཀྲུ་བར་བྱའོ། །ད་ནས་གོས་འཇམ་བཅས་པ་ཡིན། མཐེ་བོ་དང་ནི་འཛུམ་མོ་ཡིས། །མིག་ནི་ཙིར་ན་ཕྱེ་སྟེ་ཕྱི། །གཡོན་པས་གཡས་པ་ཕྱི་བར་བྱ། །གཞན་དུ་མིག་སྨན་བླུགས་པ་ཡིས། །མིག་མཆུ ་ཁྱབ་པར་ནད་སྐྱེད་འགྱུར། ཞེས་བྱ་བ་ལ། དེ་ནས་དེ་ལྟར་བཀྲུས་པའི་རྗེས་ལ་གཡས་པའི་མཐོབ་མོས་གོས་འཇམ་པོ་དང་བཅས། མིག་གཡོན་པའི་མིག་མཆུ་གོང་མ་བཟུང་ལ་ཙིར་ན་ཙམ་དུ་ཕྱི་ཞིང་བསལ་པར་བྱའོ། །གཡོན་པའི ་མཐེ་པོ་གོང་དང་བཅས་པས་ནི། གཡས་པའི་མིག་མཆུ་གོང་མ་བཟུང་ནས་ཕྱི་བར་བྱའོ། །དེ་ལས་གཞན་དུ་མིག་སྨན་བླུགས་པའི་རྗེས་ལ་སྤྱད་ཞིང་ཕྱི་བ་མ་བྱས་ན་མིག་སྨན་བླུགས་པས་ནད་ཀྱི་མིག་མཆུར?་ཁྱབ་ཅིང་ཕྱིན་པས། །ནད་ཀྱི་གནོད་པ་སྐྱེད་པར ་འགྱུར་རོ། །དེ་བས་ན་མིག་སྨན་བཏང་པའི་རྗེས་ལ། །མིག་མཆུ་བཀྲུ་བ་དང་ཕྱི་བར་བྱའོ། །སྨན་གྱིས་གཡའའམ་རྟུལ་གྱུར་ན། །རྣོན་པོ་འམ་དུང་པ་བརྡུབ་པར་བྱ། ཞེས་བྱ་བ་ལ། མིག་སྨན་བཅུག་ནས་མིག་གཡའ་པ་འམ་རྟུལ་བར་གྱུར་ན། མིག་སྨན ་རྣོན་པོ་འམ། དུ་བ་བརྡུབ་པར་བྱའོ། །མིག་སྨན་རྣོན་པོས་ཆ་གྱུར་ན། །སླར་འཆོས་མིག་སྨན་བསིལ་བྱེད་གཞུག། ཅེས་བྱ་བ་ལ། མིག་སྨན་རྣོན་པོ་བྱུགས་པས་མིག་རབ་ཏུ་ཆ་བར་གྱུར་ན། ཚ་བདེ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསིལ་ཞིང་གྲང་བའི་ཕྱི་མའི ་མིག་སྨན་གཞུག་པར་བྱའོ། །མིག་སྨན་དེ་ནི་སླ་འཆོས་ཤིང་གསོ་བར་བྱེད་པས་ན། མིག་སྨན་སླར་འཆོས་བ་ཞེས་བྱ་བའོ། །ཡན་ལག་བརྒྱད་པའི་སྙིང་པ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས ་རྣམ་པར་སྦྱར་བ་ལས། །ལེའུ་ཉི་ཤུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་བརྟ་པའི་ཆོ་ག་དང། མིག་སྨན་གྱི་ཕུར་མ་བསྲེགས་ཤིང་བཙོས་པའི། ཁུ་བ་མིག་དུ་བླུགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། འདི་བརྩམས ་པའི་འབྲེལ་པ་ནི་འདི་ཡིན་ཏེ། མིག་སྨན་རྣོན་པས་ཚ་བར་གྱུར་ན་སྣར་འཆོས་པའི་མིག་སྨན་གྱི་ཕྱེ་མ་བསིལ་པར་བཞུག་པར་བྱའོ། །ཞེས་བཤད་པས་མིག་བརྟ་ཞིང་ཚིམ་པར་བྱ་བ་ཡང་ཕལ་ཆེར་དེ་དང་འདྲ་བས་འདིར་བཤད་པ་ཡིན་ནོ། །དེ་ལ་མིག ་བལྟ་བ་དང་བསྲེག་ཅིང་བཙོ་པོའི་ཆོ་ག་གཞུང་གང་དུ་སྟོན་པ་བྱེད་པའི་ལེའུ་བཤད་ཅིང་བསྟན་པར་བྱའོ་ཞེས་པའོ། །མིག་མི་འཛུམས་མི་ཤས་དངས་བག་བསྐམ?་པར་རྩུབ་དང་སྣང་པ་དང། །རླུང་མཁྲིས་ནད་གྱུར་ཞུམ་བག་དང། །རྫི་མ་བྱི་ཞིང་གཡོགས་པར་མཐོང། །དབྱེ་དཀར་རྩ་ནི ་བརྩེ་བ་དང། མིག་གི་རྩ་འགྱུར་མི་མཐོང་དང། །དམར་ཞིང་འཆི་འཛག་བླང་བྱ་ན། །རླུང་ནད་ཀུན་འགྲོ་ལིང་རྟོག་ཅན། །མིག་ནད་རྩེ་ཞིལ་མཆི་མ་འཛག། ན་ཞིང་དམར་ལ་མིག་ཛུ?་ཆགས། །ཐུན་མོང་དུས་སུ་ནད་པར་མར། དགོངས་ཀ ་གན་རྐྱལ་ཉལ་ནས་ནི། ལུས་དང་མགོ་སྦྱར་རླུང་མེད་པའི། གནས་སུ་བརྟ་བའི་སྨན་བཏང་ངོ། ཞེས་བྱ་བ་ལ། མིག་ན་ཞིང་འཛུམས་མི་ཤེས་པ་དག་ལ་མིག་བརྟ་བའི་སྨན་བླུགས་པར་བྱའོ། །རེང་བག་ནི་བསྐྱོད་ཅིང་འགུལ་མི་ཤེས་པའོ། །སྐམ་པ་ནི ་ཡོངས་སུ་བསྐམ་པའོ། །རྩུབ་པ་ནི་སྣུམ་པའི་མདངས་ཀྱི་ཡོན་ཏན་དང་བྲལ་པའོ། །སྣང་པ་ནི་ཕྲལ་དུ་མངོན་པར་སྣང་པའོ། །རླུང་དང་མཁྲིས་པའི་ནད་ནི་དེ་གཉིས་ལས་གྱུར་པའི་ནད་ཀྱིས་ཉེན་པའོ། །ཞུམ་བག་ནི་རླུང་ཞིང?་བདག?་གིས་མིག་ཡོན་བོར་གྱུར ་པའོ། །རྫིམ་བྱི?་བ་ནི་མིག་གང་གི་རྫིམ་རྣམས་ནད་ཀྱི་བྱི་བར་གྱུར་པ་དང། དེ་བཞིན་དུ་གཡོགས་པར་མཐོང་བ་ནི། སྤྲིན་གྱིས་གཡོགས་པ་དང་འབྲ་བར་མི་གསལ་བར་མཐོང་བའམ། ཡང་ན་སྔོན་དམར་དུ་མར་མཐོང་པ་སྟེ། དེ་ལ་བརྟ་པའི ་སྨན་བར་བྱའོ། །དེ་བཞིན་དབྱེ་དཀའ་བ་ལ་སོགས་པས་ཉེན་ཅིང་ན་བལ་སོགས་པ་མིག་ནད་རྣམས་དང་ཡང་མིག་ནད་ལ་སོགས་པ་རྩ་ཞིལ་ཞིང་ཅུང་ཟད་བྲི་བ་དང། ཡང་དུས་གང་ཐུན་མོང་དུ་གྱུར་ཅིང། གྲང་དྲོ་རན་པ་དང། དབྱིད ་དང་སྟོན་གྱི་དུས་དེའི་ཚེ་ན་ཡང་ནང་པར་ཏེ་ནམ་ལངས་པ་དང་དགོངས་ཀ་སྟེ་ཉི་མ་ནུབ་པའི། དུས་སུ་སྐྱེས་བུ་གན་རྐྱལ་དུ་ཉལ་ནས་སྔར་ལུས་དང་མགོ་བོ་སྦྱངས་ཤིང་བཀྲུ་སྨན་བཏང་ཞིང་སྦྱར་བ་ལ་རླུང་མེད་པའི་གནས་སུ་བརྟ་བའི་མིག ་སྨན་བཏང་པར་བྱའོ། །ནས་སམ་མཱ་ཥའི་རྗེ་ན་ཟན་གྱིས། །མིག་སྣུབས་མཛའ་བསྐོར་མཉམ་པ་ནི། །དཔངས་སུ་སོང་གཉིས་བརྟན་བྱས་ལེ་ནད?་དམིགས་ཇི་བཞིན་སྨན་བསྐོལ་བ། ཞུན་མར་ཆུ་ཚན་ལ་བསྲོས་ཏེ། །མིག་ནི་བཙུམས? ་བར་བླུག་པར་བྱ། ཞེས་བྱ་བ་ལ། ནས་ཀྱི་རྗེན་ཕྱེ་སྦྲུས་པ་ལས། སྨན་མི་འཕོ?་བའི་རྟེན་བྱས་ལ། ཞུན་མར་མིག་ཏུ་བླུགས་པར་བྱའོ། །བསྐོར་བ་དེ་ཡང་མིག་སྤུབས་ཀྱི་ཕྱི་རོལ་ནས་བསྐོལ་བར་བྱ་ལ། དེ་ཡང་མཉམ་ཞིང་སྙོམས་པར་བྱའི། །མི་མཉམ་པར་ནི་མི ་བྱ་བ་དང། དཔངས་ཀྱི་ཚད?་སོར་གཉིས་སུ་བྱ་བ་དང། དེ་བཞིན་དུ་བརྟན་པ་སྟེགས་པ་མེད་པར་བྱས་ལ། དེའི་འོག་ཏུ་བསྐོར་བ་དེར་ནད་དམིགས་ཇི་བཞིན་ཞེས་བྱ་བ་རླུང་ལ་སོགས་པའི་ནད་གང་ལས་གྱུར་བའི་སེལ་པའི་སྨན་དང་བསྐོལ་ཅིང་བཙོས? ་བའི་ཞུན་མར་ཆུ་ཚ་བ་ལ་བསྲོས་ཤིང་བཞུས་ཏེ་དྲོ་གྲང་རན་པར་བྱས་པའི་ཞུན་མར་དེ་མིག་བཙུམས་བར་བླུགས་པར་བྱའོ། །མཚན་མོ་མི་མཐོང་རླུང་རབ་རིབ། །དབྱེ་དཀའ་སོགས་ལ་ཚིལ་ཞུན་བླུག། རྫི་མའི་རྩེ་ནུབ་བར་བཀང་ལ། དེ་ནས་བསྐྱོད ་ཅིང་དབྱེ་བ་ནི། །དེ་ནི་ངལ་གྱིས་བྱེད་དུ་གཞུག། ཚད་དག་བགྲང?་བྱ་དེ་ལ་ནི། ཞེས་བྱ་བ་ལ། མཚན་མོ་མི་མཐོང་བ་ལ་སོགས་པའི་མིག་ནད་ཀྱིས་བཏབ་པ་ལ་རང་རང་གི་སྨན་གང་ཡིན་པ་དང། བཅོས་པའི་ཚུལ་གྱི་ཞུན་མར་སྔ་མ་ལྟར་པ་སོ་སོ་བ ་བླུགས་པར་བྱའོ། །དེ་ལ་རྫི་མའི་རྩེ་མོ་ནུབ་པར་གྱུར་གྱིས་བར་དང། སྨིན་མའི་སྤུར་ཕྱིན་གྱི་བར་དུ་བཀང་བར་བྱའོ། །དེ་ནས་བླུགས་ཟིན་བའི་རྗེས་ལ། མིག་ནི་བསྐྱོད་ཅིང་དབྱེ་བ་སྐྱེད་བུ་ངལ་གྱིས་བགས་ཀྱིས་བྱེད་དུ་གཞུག་ལ། དེའི་གྲངས་ཀྱི་ཚད་བགྲང ་ཞིང་བཟུང་བར་བྱའོ། །དེ་ལ་ནི་མིག་མཆུ་འགྲམ་དཀར་ནག་ན། གྲངས་བརྒྱ་སུམ་བརྒྱ་ལྔ་བརྒྱ་དང། །བརྒྱ་ཕྲག་བདུན་དང་བརྒྱད་ནི་མ་བཞིན། །དཀྲུགས་དང་རླུང་ལ་གྲངས་སྟོང་སྟེ། །མཁྲིས་པ་ནད་མེད་ལ་དྲུག་བརྒྱ། །བད་ཀན་ལ་ནི་ལྔ་བརྒྱ་བཞག་ཅེས་བྱ་བ་ལ། དེ་ལ ་གདབ་འགྲང་བའི་ཚུལ་ནི། མིག་མཆུའི་ནད་ལ་གྲངས་བརྒྱའི་ཚད་ཀྱི་བར་དུ་བཞག་པར་བྱའོ། །མིག་འགྲམ་གྱི་ནད་ལ་ནི། གྲངས་སུམ་བརྒྱའི་བར་དུ་བཞག་གོ། མིག་གི་འབྲས་བུ་དཀར་པོའི་ཆ་ལ་ནད་ཡོད་པ་ལ་གྲངས་བདུན་བརྒྱའི་བར་དུ་བཞག་པར ་བྱའོ། །ནག་པོ་མཐོང་བ་ཚལ་ནད་ཡོད་པ་ལ་ནི་གྲངས་བརྒྱད་བརྒྱའི་བར་དུ་བཞག་གོ། དེ་བཞིན་དུ་མིག་བཀྲུགས་པ་སྙམ་སེམས་པ་དང་རླུང་གི་ནད་ལ་ནི་གྲངས་སྟོང་གི་བར་དུ་བཞག་གོ། འཁྲིས་པའི་ནད་དང་ནད་མེད་ཅིང་ཐ་མལ་བར ་གནས་པའི་སྐབས་སུ་གཏོང་པ་ལ་ནི་གྲངས་དྲུག་བརྒྱའི་བར་དུ་བཞག་པར་བྱའོ། །བད་ཀན་གྱི་ནད་ལ་ནི་གྲངས་ལྔ་བརྒྱའི་བར་དུ་བཞག་པར་བྱའོ། །དེ་ནས་མིག་འགྲམ་འཛག་སྒོ་བྱ། །སྨན་མར་སྣོད་དུ་གཟག་པར་བྱ། །དུད་པ་བརྡུབས་ནས། །ནམ་མཁའ་དང། །གཟུགས ་འཚེར་བ་ནི་ལྟ་མི་བྱ། ཞེས་བྱ་བ་ལ། གྲངས་བགྲང་བ་རྫོགས་པ་དེའི་རྗེས་ལ་བལྟ་བའི་སྣུམ་བླུགས་པ་གང་ཡིན་པ་དེ། དབོ་ཞིང་གཟག་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན་མིག་འགྲམ་རྣ་བ་དང་ཉེ་བའི་ཕྱོགས་སུ་མིག་ཟུར་གྱི་འཛག་པའི་སྒོའི་བུ་ག་བྱས་ལ། སྨན ་མར་སྣོད་བཟེད་པར་གཟག་པར་བྱའོ། །དེ་ན་དེའི་འོག་ཏུ་སྣུམ་གྱིས་གློངས་པའི་བད་ཀན་ཞི་བར་བྱ་བའི་ཕྱིར། །དུ་བ་བརྡུབ་པར་བྱའོ། །དེ་ནས་དེའི་མོད་ལ་ནམ་མཁའ་ལ་མི་ལྟ་བ་དང། མེ་དང་ཉི་མ་ལ་སོགས་པ་གཟུགས་འཚེར་བ་ལ་བལྟ་བར་མི་བྱའོ། ། ་དེ་ལྟར་རླུང་ལ་ཉིན་རེ་བྱ། །མཁྲིས་པར་ཉིན་རེ་བར་དུ་བཅད། །བད་ཀན་བདེར་གནས་གཉིས་པར་བཅད། ཚིམ་པར་གྱུར་གྱི་བར་དུ་བཏང། །དེ་ལྟ་བཤད་པ་རྣམས་རླུང་གི་ནད་དང་ལྡན་པ་ལ་ནི་ཉིན་རེ་བཏང་ལ། ཚིམ་པར་གྱུར་གྱི་བར་དུ་མི་བཅད་པར་བྱའོ།། ་མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི། ཚུལ་འདི་ཉིད་ཀྱིས་ཉི་མ་གཅིག་གི་བར་དུ་བཅད་ཅིང་ཉིན་རེས་ཆོད་པར་བྱས་ལ་བཏང་ངོ། །བད་ཀན་དང་བདེ་བར་གནས་པའི་སྐབས་སུ་ནི་ཉི་མ་གཉིས་གཉིས་ཀྱི་བར་དུ་བཅད་ཅིང་བཏང་སྟེ། ཚིམ་པར་གྱུར ་གྱི་བར་དུ་བཏང་ཞེས་པ་ནི་ཐམས་ཅད་ལ་བཏང་ངོ། །ཚིམ་པ་གསལ་བར་མཐོང་ནུས་ཤིང། །བདེ་ཞིང་མིག་ཡང་དྲི་མ་མེད། །མཚིམ་པ་ལས་གོ་བཟློག་ཡིན། །ཚིམ་དྲགས་བད་ཀན་ནད་བསྐྱེད་འགྱུར། །ཞེས་བྱ་བ་ལ་མིག་ལེགས་པར་ཚིམ ་ཞིང་ངེས?་པར་གྱུར་ན་དངོས་པོ་གསལ་བར་མཐོང་བར་ནུས་པ་དང། དེ་བཞིན་དུ་བདེ་ཞིང་ནད་མེད་བ་དང། ཡང་པག་དང་ལེགས་པར་བརྟས་པར་བྱས་པས་མིག་རང་བཞིན་གྱིས་དྲི་མ་མེད་ཅིང་དག་ལ། རབ་རིབ་ལ་སོགས་པའི་ཉེས་བ་དང་བྲལ་བར་འགྱུར་རོ། །གལ ་ཏེ་ཡང་ཚིམ་པར་མ་གྱུར་ན། བཤད་མ་ཐག་པའི་ལེགས་པར་ཚིམ་པའི་མཚན་ཉིད་ལ་སོགས་པ་གསལ་བར་མཐོང་མི་ནུས་པས་ན་དྲི་མ་དང་བཅས་པའི་བར་དུ་འགྱུར་རོ། །ཚིམ་དྲགས་ཤིང་བརྟས་པར་བྱས་དྲགས་ན། །བད་ཀན་ལས ་བྱུང་བའི་ནད་རྣམས་བསྐྱེད་ཅིང་འབྱུང་བར་འགྱུར་རོ། །དེ་ཡི་ལུས་ཀྱི་སྣུམ་འཐུངས་ལྟར། །མི་གསལ་མཐོང་བ་ཉམ་ཆུང་འགྱུར། །དེ་བས་བརྟ་བའི་རྗེས་ལ་ནི། མཐོང་བའི་ཐབས་ནི་སྐྱེད་བྱེད་པ། སྔར་བཤད་པ་ཡི་མིག་ནད་ལ། །ཕུར་མ་བཙོས་པ་སྦྱར་བ་དབྱ། ་ཞེས་བྱ་བ་ལ། ཚིམ་པ་བྱས་པའི་མིག་ནི་མཐོང་བའི་སྟོབས་ཞན་བར་འགྱུར་ཏེ། དཔེར་ན་ལུས་ཀྱི་ཁོང་དུ་སྣུམ་འཐུངས་པ་ན། ཉམ་ཆུང་ཞིང་ཅུང་ཟད་རྨྱ་ལ། སྟོབས་ཆུང་བ་དང་འདྲ་བར་མིག་སྨན་འཐུངས་པས་ཀྱང་སྟོབས་ཆུང་ཞིང་མི་གསལ་བར་འགྱུར་རོ། །དེ ་བས་ནས་མིག་བརྟ་ཚིམ་པར་བྱས་བའི་རྗེས་ལ་མཐོང་བའི་སྟོབས་གསལ་བར་བྱེད་པ་དང། སྐྱེད་པར་ནུས་པའི་མིག་སྨན་ཕུར་མ་བཙོས་པའི་ཁུ་བ་མིག་གཉིས་སུ་བླུགས་པར་བྱ་ཞིང་སྦྱར་བར་བྱའོ། །དེ་ཡང་སྔར་བཤད་པའི་མིག་ནད་མིག་དབྱེ་བར་དཀའ་བ ་ལ་སོགས་པ་ལ་ཕུར་མ་བཙོས་པའི་ཁུ་བ་བཏང་བར་བྱའོ། །དེ་ནི་རླུང་ལ་སྣུམ་ཅན་ཏེ། བད་ཀན་བཅས་ཏེ་ཕྱི་བ་ཕན། །མཐོང་ཉམས་རླུང་དང་མཁྲིས་བཅས་དང། །ཁྲག་མཁྲིས་བདེར་གནས་ལ་གསལ་བྱེད། ཅེས་བྱ་བ་ལ། མིག་སྨན་བཙོས་པའི ་ཁུ་བ་དེ་ནི་རླུང་ལས་གྱུར་པའི་མིག་ནད་ལ་སྣུམ་ཅན་བཏང་བར་བྱའོ། །དེ་བཞིན་དུ་བད་ཀན་དང་བཅས་པའི་རླུང་ལ་ནི་ཕྱི་བའི་མིག་སྨན་ཕན་པ་ཡིན་ནོ། །མཐོང་བ་ཉམས་ཤིང་མི་གསལ་བ་དང། རླུང་དང་མཁྲིས་པར་བཅས་པ་དང། ཁྲག་དང་མཁྲིས་པའི་ནད? ་དང། བདེ་བར་གནས་ཤིང་ནད་མེད་པའི་སྐབས་ལ་ནི་གསལ་བར་བྱེད་པའི་མིག་སྨན་གྱི་ཕུར་མ་བཙོས་པའི་ཐིགས་པ་མིག་དུ་བླུགས་པར་བྱའོ། །ཁུང་གནས་མཐུས་ཚོལ་རླན་ཅན་གྱི། །ཚིལ་དང་རྐང་དང་ཞག་ཤ་རློན། །འོ་མ་དག ་དང་བཏགས་པ་དང། །འཚོ་བྱེད་དག་དང་སྣུམ་སྦྱར་བའོ། །ཞེས་བྱ་བ་ལ། ཁུང་ན་གནས་པ་ནི་ས་ལ་བརྟེན་ཅིང་ཕུག་ན་གནས་པ་སྟེ། སྲ་མ་དང་ཕྱི་བ་ལ་སོགས་པའོ། །མཐུས་ཚོལ་བ་ནི་བྱ་རྒོད་དང། ཁྲ་ལ་སོགས་པའོ། །རླན་ཅན་ལ་གནས་པ་ནི་དད་པ་དང། ་ཆུ་སྐྱར་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཚིལ་དང། དེ་བཞིན་དུ་ཤ་རློན་པ་རྣམས་འོ་མ་དང་ལྷན་ཅིག་ཏུ་བཏགས་པ་དང། དེ་བཞིན་དུ་སྨན་འཚོ་བྱེད་ལ་སོགས་པ་དག་འོ་མ་དང་བཏགས་ཤིང་སྦྱར་བའི་སྣུམ་གྱི་ཁུ་བ་རྣམས་ནི་མིག་ཏུ་བླུགས་པའི། གུའི? ་ཐིགས་པའི་དོན་དུ་བཏག་པར་བྱའོ། །རི་དགས་བྱ་ཡི་མཆེར་པ་ཤ། མུ་ཏིག་ལྕགས་ཟངས་རྒྱམ་ཚྭ་དུང། །རྒྱ་མཚོའི་སྦུ་བ་ལིག་བུ་མིག། བ་ལ་ཞོ་ག་ཆུ་སྦྱར་ཕྱི། ཞེས་བྱ་བ་ལ། རི་དགས་ནི་ཤ་བཀྲ་ལ་སོགས་པའོ། །བྱ་ནི་ལ་བ་ལ་སོགས་པ་སྟེ། །དེ་རྣམས ་ཀྱི་མཆེར་བ་དང། ཤ་རློན་པ་དང། དེ་བཞིན་དུ་མུ་ཏིག་དང། ལྕགས་ཀྱི་ཕྱེ་མ་དང། ཟངས་ཀྱི་ཕྱེ་མ་དང། རྒྱམ་ཚྭ་དང། ལྕེ་མྱང་ཚྭ་དང། དུང་དང། ལིག་བུ་མིག་སྟེ། སོ་ཏཉྫ་ན་དང། རྒྱ་མཚོའི་སྤུ་བ་དང། བ་བླ་སྟེ། འདི་རྣམས་ཞོ་ཁ་ཆུ་དང་བཏགས་ལ ་བླུགས་པའི་མིག་སྨན་ཕྱི་ཞིང་བསལ་བའི་དོན་དུ་བརྟག་པར་བྱའོ། །རི་དགས་བྱ་ཡི་མཚར་བ་རྐང། ལྟོ་ཚིལ་རྒྱུ་མ་སྙིང་དང་ཤ། མངར་བག་མར་བཅས་ནུ་ཞོ་སྦྱར། བཏགས་པ་བསལ་བར་བྱད་པ་ཡིན། ཞེས་བྱ་བ་ལ། རི་དགས་དང་བྱ་ནི་སྔར་བཤད་པར ་ཟད་དེ། དེ་རྣམས་ཀྱི་མཆེར་པ་ལ་སོགས་པ་དང། དེ་བཞིན་དུ་སྨན་མངར་བག་འཚོ་བྱེད་ལ་སོགས་པ། མར་དང་བཙས་པ་རྣམས་ནུ་ཞོ་ཞེས་བྱ་བ་བུད་མེད་ཀྱི་ནུ་ཞོ་དང་སྦྱར་ཞིང་བཏགས་པའི་སྨན་གྱི་ཕུར་མ་བཙོས་པའི་ཁུ་བ་ནི་མིག་གསལ ་བར་བྱེད་པ་ཞེས་བྱ་བའི་དོན་ནོ། །ཤ་དང་སྨན་གྱི་ལྡེ་གུ་ནི། །གོང་བུ་སྲང་གཅིག་སོ་སོར་བྱས། །ེ་ར་ཎ་ནྱ་གྲོ་དྷ་པདྨ་ཡི། ལོ་མ་རྣོན་པོས་རིམ་བཞིན་དུ། །དཀྲིས་ལ་འཇམ་པས་བྱུགས་ནས་ནི། །དབ་དཀོན་པའི་ལྕི་བའི་མེ། །འབར་བར་ཡོངས་སུ་བསྲེག་པར་བྱ། །ཚོས་ནས་དེ ་ཡི་ཞུ་བ་བཙིར། །མིག་ཏུ་བརྟ་བའི་སྨན་ལྟར་བླུགས། ཞེས་བྱ་བ་ལ། སྔར་བཤད་པའི་ཤ་དང། སྨན་གྱིས་སོ་སོར་སྲང་རེ་རེ་ཙམ་ཞིག་བྱས་ལ། སྨན་དང་ཤའི་ལྡེ་གུའི་གོང་བུ་གཅིག་ཏུ་བསྲེས་ཤིང་བསྡུས་པའི་གོང་བུ་ཨེ་རཎྜ་དང། །ནྱ་གྲོ་དྷ་དང། པདྨའི་ལོ ་མས་དཀྲིས་པར་བྱ་སྟེ། དེ་ཡང་སྣུམ་གྱི་སྣུམ་བཙོས་པའི་ཨེ་རཎྜའི་ལོ་མས་དཀྲི་བར་བྱའོ། །དེ་བཞིན་དུ་ཕྱི་ཞིང་བསལ་བའི་སྨན་གྱི་ཕུར་མ་བརྩོ་བ་ནི། ནྱ་གྲོ་དྷའི་འདབ་མས་དཀྲི་བར་བྱའོ། །དེ་བཞིན་དུ་གསལ་བར་བྱེད་པའི་སྨན་གྱི་ཕུར་མ་ནི་པདྨའི་ལོ་མས་དཀྲི ་བར་བྱའོ། །དེ་ལྟར་དཀྲིས་པའི་འོག་ཏུ་འཇིམ་པས་བྱུགས་ཏེ། ཤིང་དབ་དང། དཀོན་པོའི་བའི་ལྕི་བའི་མེ་གང་རྙེད་པ་སྤར་བར་ཇི་སྲིད་དུ་མེའི་མདོག་ལྟར་སྣང་གི་བར་དུ་བཙོས་ལ། དེ་ལྟར་ཚོས་པར་ཤེས་ནས་ཁུ་བ་དེ་བཙིར་ཏེ། མིག་ཏུ་བལྟ་བའི་སྨན་གྱི་ཁུ་བ ་བླུགས་པར་བྱ་སྟེ། ཇི་ལྟར་མིག་བརྟ་བའི་སྨན། མིག་ཏུ་ལུགས་པ་ན། ནས་དང་མོན་སྲན་གྲེའུའི་རྗེན་ཟན་གྱིས་བསྐོར་ནས་ལྡུགས་པ་དེ་བཞིན་དུ་སྨན་གྱི་ཕུར་མ་བཙོས་ཤིང་བསྲེགས་པའི་ཁུ་བ་བླུགས་ནས་མིག་དལ་བུས་བསྐྱོད་པར་བྱའོ། །སྤྱི་དང་སྣུམ ་དག་གསལ་བ་ལ། །བརྒྱ་ཕྲག་གཅིག་གཉིས་གསུམ་ཅར་བཞག། དང་པོ་དྲོ་འཇམ་ཕྱི་བསིལ་བླུགས། །དེ་གཉིས་རྗེས་ལ་དུད་པ་བརྡུག་དེས་ནི་སྦྱར་བ་བརྟ་དང་མཚུངས། ཞེས་བྱ་བ་ལ། ཕྱི་བའི་སྨན་གྱི་ཐིགས་པ་མིག་ཏུ་བླུགས་པ་མཚད་ཀྱི་གྲངས ་བརྒྱའི་བར་དུ་བཞག་པར་བྱའོ། །སྣུམ་གྱི་ཕུར་མ་བཙོས་པ་ལ་ནི། ཉིས་བརྒྱའི་བར་དུ་གཞག་པར་བྱའོ། །གསལ་བར་བྱ་བའི་སྨན་བརྩོས་པའི་ཐིགས་པ་བླུགས་པ་ནི་སུམ་བརྒྱའི་བར་དུ་བཞག་པར་བྱའོ། །དང་བོ་ཞེས་བྱ་བ་སླར་བསྟན་པའི་བྱི ་བ་དང། སྣུམ་པར་བྱ་བ་གཉིས་ལ་ནི་དྲོ་འཇམ་ཞེས་བྱ་བ། ཅུང་ཟད་ཙམ་དྲོ་བ་མིག་ཏུ་བླུགས་པར་བྱའོ། །ཕྱི་མ་སྟེ་ཐ་མ་གསལ་བར་བྱ་བའི་སྨན་གྱི་ཐིགས་པ་བསིལ་ཞིང་གྲང་བ་བླུགས་པ་བྱའོ། དེ་གཉིས་ཞེས་བྱ་བ་ཕྱི་བ་དང་སྣུམ ་བར་བྱ་བའི་ཕྱིར་མིག་སྨན་བཏང་བའི་རྗེས་དེ་མཐར་དུད་པ་བརྡུབ?་བར་བྱ་བའི་གསུམ་པ་གསལ་བར་བྱེད་པའི་སྨན་བླུགས་པ་ལ་ནི་མ་ཡིན་ནོ། །ཡང་སྨན་གྱི་ཕུར་མ་བཙོས་བའི་ཐིགས་པ་མིག་ཏུ་བླུགས་པ་གསུམ་པོའི་སྐབས་དེར་སྦྱོར་བ་སྟེ། ལེགས་པ་དང ་མ་ལགས་པ་དྲགས་བའི་སྦྱོར་བ་གསུམ་ནི་བརྟ་བའི་སྦྱོར་བ་བཤད་པ་དང་འདྲ་ཞིང་མཚུངས་སོ། །ཞེས་བྱ་བའི་དོན་དེ་གསལ་བར་མཐོང་བ་ནས་བདག་ན་གྱི་ནང་དུ་འགྱུར་བའི་བར་དུ་གོང་མ་བཞིན་དུ་ཤེས་པར་བྱའོ། །བརྟ་དང་ཕུར་བཙོས་ཀྱི་ཐིགས་པ་བླུགས།། ་སྣ་སྨན་མི་བྱ་ལ་མི་བཏང། ཞེས་བྱ་བ་ལ། བརྟ་བ་དང་སྨན་གྱི་ཐིགས་པ་བླུགས་པ་གཉིས་ཀ་ཡང་སྣ་སྨན་བཏང་དུ་མི་རུང་བའི་སྐྱེས་བུ་ལ་བཏང་བར་མི་བྱའོ། །ཇི་སྲིད་དུ་ནི་སྨན་གཏོང་བ། དེ་ཡི་ཉིས་འགྱུར་འཕྲོད་པ་བཟའ་། ཞེས་བྱ་བ་ལ། བརྟ་བ་དང་མིག་སྨན ་གྱི་ཐིགས་པ་བླུགས་པ་འདི་གཉིས་ཀ་དུས་ཇི་སྲིད་དེ། ཉིན་ཞག་གི་གྲངས་སུ་སྨན་བཏང་བའི་ཉིན་ཞག་དེ་ཉིས་འགྱུར་གྱི་དུས་ཀྱི་བར་དུ་འཕྲོད་པ་བཟའ་ཞིང། ཕན་པའི་ཟས་དང་སྤྱོད་ལམ་བསྟེན་པར་བྱའོ། །མེ་ཏོག་ཛཱ་ཏི་མལླི་ཀས། །མིག་བཅིངས་མཚན་མོ ་གནས་པར་བྱ། ཞེས་བྱ་བ་ལ། མེ་ཏོག་ཛཱ་ཏི་ནི་སོ་མ་ནའོ། །མལླི་ཀ་ནི་མེ་ཏོག་རྩེག་མ་ཅན་ཏེ། མེ་ཏོག་དེས་སྐྱེས་བུའི་མིག་བཅིངས་ཏེ། མཚན་མོ་གནས་པར་བྱའོ། །སྣ་སྨན་མིག་སྨན་བརྟ་བ་ལ་སོགས་པས། །མིག་མཐུ་བསྐྱེད་ཅིང་ཀུན་ཏུ་འབད་བར ་བྱ། །མཐོང་བ་ཉམས་ན་འགྲོ་བ་སྣ་ཚོགས་པ་འམ། །མིན་པའི་རང་བཞིན་ཚུལ་གཅིག་ཉིད་དུ་འགྱུར། ཞེས་བྱ་བ་ལ། ཀུན་ཏུ་འམ། རྣམ་པ་ཐམས་ཅད་དུ་མིག་གི་མཐུ་བསྐྱེད་ཅིང། མིག་བསྲུང་བར་བྱ་བའི་ཕྱིར། འབད་ཅིང་བརྩོན་པར་བྱའོ། །གང་གིས ་ཤེ་ན། སྣ་སྨན་ལ་སོགས་པ་སྟེ། སྨན་སྣ་ནས་བཏང་བ་དང། མིག་སྨན་བསྐུ་བ་དང། བརྟ་བ་དང། སྨན་གྱི་བུ་རམ་བསྲེགས་པའི་ཁུ་བ་མིག་ཏུ་བླུགས་པ་ལ་སོགས་པས་མཐུ་བསྐྱེད་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མཐོང་བ་ཉམས་ཤིང་གསལ་བར་ལྟ་བ་དང་བྲལ་ན། འགྲོ ་བ་སྣ་ཚོགས་པ་ཚུལ་ཐ་དད་པ་འདི་དག་ཀྱང་མུན་པའི་རང་བཞིན་དུ་གྱུར་པས་ཚུལ་གཅིག་པ་ཉིད་དུ་འགྱུར་བ་སྟེ། མུན་ནག་གི་རང་བཞིན་དུ་ཐ་དད་ཅིང་རབ་རིབ་གྱི་མུན་པས་ཁེབས་པས་སྣང་བའི་ཚུལ་དང་དྲལ་ཞིང་བྱེ་བྲག་ཏུ་ཤེས་པ་མེད་པར་གྱུར་རོ། །ཡན་ལག ་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཆ་དཔྱད་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས ་བྱ་བ་ལ་འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། སྨན་མས་བཏང་བ་ནས། མིག་སྨན་གྱི་བར་གྱི་རང་རང་གི་ཆ་དཔྱད་གང་དག་ཡིན་པ་བཤད་ནས། དེའི་འོག་ཏུ་ཟུག་རྔུ་དབྱུང་བ་ལ་སོགས་པའི་ཆ་དཔྱད་སྣ་ཚོགས་པ་གང་དག་དགོས་པ་དེ་བསྟན་པར ་བྱ་བའི་ཕྱིར། །དེའི་འོག་ཏུ་འདི་བརྩམས་པ་ཡིན་ལ། དེའི་ཆོ་ག་གང་དག་ཡིན་པ་བསྟན་པ་སྨྲས་པ་ནི། ཟུག་རྔུ་རྣམ་པ་སྣ་ཚོགས་དང། ལུས་ནི་སྣ་ཚོགས་གནོད་བྱེད་པར་འབྱིན་པའི་ཐབས་སུ་གང་གྱུར་པ། དཔྱད་ཡིན་དེ་བཞིན་གཞང་འབྲུམ་དང། །མཚན་པར ་བརྡོལ་སོགས་ལྟ་བ་དང། །གཅིག་བུ་ཐལ་སྨན་མེ་བཏབ་པའི། །ཡན་ལག་ལྷག་མ་གསུང་ཕྱིར་དང། །མས་བཏང་ལ་སོགས་དཔྱད་མ་གཏོགས། །དུམ་བུ་ཀུ་བར་དང་ནི། །འཛམ་བུའི་མཆུ་ལ་སོགས་དཔྱད་ཡིན། ཞེས་བྱ་བ་ལ། སྐྱེས་བུའི་ལུས་ལ་གནོད་པར ་བྱེད་པའི་ཟུག་རྔུ་སྟེ། མཚོན་གྱི་དུམ་བུ་ནང་དུ་ལུས་པ་རྣམ་པ་སྣ་ཚོགས་ཤིང་དབྱིབས་དང་ལས་དུ་མར་གྱུར་པ་དང། དེ་བཞིན་དུ་ལུས་ཀྱི་ཕྱོགས་སྣ་ཚོགས་པ་རྣམས་སུ་གནོད་པར་བྱེད་ཅིང་ཁོང་དུ་ཟུག་པས་ལུས་ཀྱི་ཕྱོགས་དུ་མ་དང། ནད་རྣམ་པ་སྣ་ཚོགས་སྐྱེད་པས་གནོད ་བར་བྱེད་ཅིང། ཉེ་བར་འཇོམས་པར་བྱེད་པ་རྣམས་འཛིན་ཅིང་ལུས་ཀྱི་ཕྱོགས་ཀྱི་ནད་ན་གནས་པ་རྣམས་ཕྱིར་འདྲེན་པར་བྱེད་པའི་ཐབས་སུ་གྱུར་པ་གང་ཡིན་པ་དེ་ལ་ནི་ཆ་དཔྱད་ཅེས་བྱ་བ་ལ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་གཞང་འབྲུམ ་དང། མཚན་བར་བརྡོལ་བལ་སོགས་པའི་ནད་ཚོལ་ཞིང་རྟོགས་པར་བྱེད་པ་དང། །མཚོན་དུ་དེ་བཞིན་དུ་བཙག་བུ་དང། ཐལ་སྨན་རྣོན་པོ་དང། མེ་བཙའ་གདབ་པར་བྱ་བའི་ནད་དེ་གཞང་འབྲུམ་དང་མཚན་པར་བརྡོལ་བའི་ནད་ཀྱིས་ཉེན་པ་བལྟ་བའི་དཔྱད ་དང། བཙག་བུ་དང་ཐལ་སྨན་རྣོན་པོ་དང་མེ་བཙའ་གདབ་པར་བྱ་བའི་རིགས་པ་མ་གཏོག་པ་ཡན་ལག་ལྷག་མ་ནད་ཀྱིས་གནོད་པས་ཉེས་དེ་བསྲུང་ཞིང་བསྐྱང་བར་བྱ་བའི་ཕྱིར་དང། དེ་བཞིན་དུ་མས་བཏང་བ་ལ་སོགས་པའི་ལས་རྣམས་ཀྱི་དཔྱད ་མ་གཏོགས་པ་གནས་སྐབས་གཞན་དག་ཏུ་དགོས་པའི་ཆ་དཔྱད་དུམ་བུ་དང་བསྐུ་བ་དང། རྡ་བས་རྭ་དང། འཛམ་བུའི་མཆུ་འདྲ་བ་ལ་སོགས་པའི་ཆ་དཔྱད་ཀྱི་དངོས་པོ་ཐམས་ཅད་ནི་ཆ་དཔྱད་ཅེས་བྱ་བ་ཡིན་ནོ། །འཛམ་བུའི་མཆུ་ནི་ཐལ་སྨན ་འཇུ་བར་བྱེད་པའོ། །དཔྱད་དེ་དག་ནི་འཛིན་ཅིང་སྡུད་པས་ཟུག་རྔུ་ལ་སོགས་པ་གང་གིས་འབྱིན་པར་བྱེད་པ་དེ་ལ་ཆ་དཔྱད་ཅེས་བྱའོ། །གང་ཕྱིར་ཆ་དཔྱད་ཆོ་ག་བཞིན། །སྣ་ཚོགས་པའི་ཚུལ་བུ་བཏང་བྱ། བློ་ཡིས་རྣམ་དཔྱད་བྱ་བ་ནི། །རགས ་རིམ་ཙམ་ཞིག་བསྟན་པ་ཡིན། ཞེས་བྱ་བ་ལ། གང་གྱི་ཕྱིར་ཟུག་རྔུ་འབྱིན་པ་ལ་སོགས་པའི་ཆ་དཔྱད། ལས་ཀྱི་ཆོ་ག་གང་ཇི་ལྟར་དགོས་པ་བཞིན་དུ་སྣ་ཚོགས་པའི་ཚུལ། དབྱིབས་དུ་མར་ན་བ་དང། མིའི་ལུས་ལ་ཕན་པར་བྱེད་ནུས་པའི་ཚུལ ་སྣ་ཚོགས་པར་བརྡུད་བར་བྱས་ལ། དེ་ཡང་ལས་ཀྱི་ཚུལ་ལས་བློས་རྣམ་པར་དཔྱད་ལ་རྣམ་པར་རྟོགས་ནས་ཅི་རིགས་པར་བརྡུང་བར་བྱ་བ་ཡིན་ལ། དེ་དག་ལས་ཁོ་བོས་ནི་རིགས་རིམ་ཙམ་ཞིག་སྟེ། མདོར་ཙམ་ཞིག་བརྟན་ཡིན་གྱི། ་དེ་དག་གི་གྲངས་འདི་ཙམ་ཞིག་བྱའོ་ཞེས་ངེས་པར་བསྟན་པ་མ་ཡིན་ནོ། །སེང་གེ་ཀངཀ་དོམ་བྱ་རོག་།རི་དགས་བྱ་སོགས་ཁང?་འདྲ་བའི། མཆུ་ཅན་ཆ་དཔྱད་བྱས་ནས་ནི། །དེ་ཡི་མིང་ཡང་གདགས་པར་བྱ། །ཕལ་ཆེར་ལྕགས་ཀྱི་རྒྱུ་ལས་ནི། །སྲིད་དུ་སོར་ནི་བཅོ་བརྒྱད་བྱ།། ་སྒམ་པ་?་བའི་མཚམས་སུ་ནི། །སྲན་ཆུང་ལྟ་བུ་བུའི་གཟེར་བཏབ་པ། རྩ་བ་ལྕགས་ཀྱུ་ལྟར་བཀུག་པའི་ཆ་དཔྱད་བདེ་ལེགས་ཡིན་ཞེས་བྱ། །རྩེ་མོ་གཡུང་དྲུང་ལྟ་བུའོ། ཞེས་བྱ་བ་ལ། སེང་གེ་དང་ཀངཀ་ལ་སོགས་པ་རི་དགས་དང་བྱ་རྣམས་ཀྱི་མཆུ་དང་འདྲ ་ཞིང་མཚུངས་པའི་ཆ་དཔྱད་བྱ་ལ་ཆ་དཔྱད་དེ་དག་ཀྱང་དེའི་མིང་གདགས་པར་བྱ་སྟེ། །གང་གི་མཆུ་དང་གང་འདྲ་བ་དེ་ལ་དེའི་མིང་གདགས་བར་བྱ་སྟེ། དཔེར་ན་ཀངཀའི་མཆུ་ལ་བྱ་རོག་གི་མཆུ་ལྟ་བུ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཀྱང་ཕལ་ཆེར་རམ་མང ་དུ་ལྕགས་ཀྱི་རྒྱུ་ལས་བྱ་ལ། ཚད་ནི་ཕལ་ཆེར་སོར་བཅོ་བརྒྱད་པར་བྱའོ། །སྐམ་པ་དེ་དག་གི་སྤྲེལ་བའི་མཚམས་ཁའི་འོག་ཏུ་སྲན་ཆུང་ལྟ་བུ་སྟེ། རྩེ་མོ་སྲན་ཆུང་ལྟར་ཟླུམ་པའི་གཟེར་བུ་ལེགས་པར་བཏབ་ལ། དེ་བཞིན་དུ་རྩ་བ་དེ་ལག་པས་གཟུང ་པའི་ཕྱོགས་སུ་ལྕགས་ཀྱུ་ལྟ་བུ་བཀུག་ཅིང་འཁྱོག་པར་བྱ་བའི་ཆ་དཔྱད་དེ་ནི་མིང་བདེ་ལེགས་ཞེས་བྱ་བ་ཡིན་ཏེ། རྩེ་མོ་གཡུང་དྲུང་ལྟ་བུའོ། །དེ་ནི་བརྟན་པོར་རུས་ཟུག་པའི། ཟུག་རྔུ་འབྱིན་ལ་སྦྱར་བར་བྱ། ཞེས་བྱ་བ་ལ། བདེ་ལེགས་ཞེས་བྱ་བའི་ཆ ་དཔྱད་བརྟན་ཞིང་མི་འཇིགས་པས་རུས་པར་ཟུག་བའི་ཟུག་རྔུ་གང་ཡིན་བ་དེ་འབྱིན་ཅིང་དབྱུང་བ་ལ་སྦྱར་བར་བྱའོ། །གཟེར་བཏབ་རྩེ་མོ་གྱེས་པ་དག་།སྐམ་པ་ཡིན་ཏེ་སོར་བཅུ་དྲུག། དེས་ནི་བགས་པ་ཤ་རྒྱུས་ཤར། ཞེས་པའི་ཟུག་རྔུ་བ་བྱིན་ལ་སྦྱར། ཞེས ་བྱ་བ་ལ། སྐམ་པ་ནི་གཉིས་བྱ་སྟེ། དེ་ལས་གཅིག་ནི་རྩེ་མོའི་ཕྱོགས་སུ་གཟེར་བུ་བཏབ་ཅིང་བསྡམས་པ་དང་བཅས་པའོ། །གཉིས་པ་ནི་རྩེ་མོ་གྱེས་ཤིང་རྩེ་མོ་གསེར་བུས་མ་བཏབ་ལ། ཁམ་བསྡམས་པའོ། །སྐམ་པ་དེ་གཉིས་གཡང་སྲིད ་སོར་བཅུ་དྲུག་བྱའོ། །དེ་གཉིས་ནི་པགས་པ་ལ་སོགས་པར་ནུབ་ཅིང་ཞེན་པའི་ཟུག་རྔུ་དེ་དབྱུང་ཞིང་འདྲེན་པ་ལ་སྦྱར་ཞིང་བཏང་པར་བསྟན་ཏོ། །སྐམ་པ་སོར་དྲུག་ཟུག་རྔུ་ཕྲ། །རྫིམ་མ་རུངས་འབྱིན་ལ་སྦྱར། ཞེས་བྱ་བ་ལ། སྐམ་པ་དེ་ལས་གཞན ་པ་སྲིད་སེར་དྲུག་ཡོད་པ། །ཁ་གྱེས་པ་ཉིད་དུ་བྱ་ལ། དེས་ནི་ཟུག་རྔུ་ཕྲ་བ་སྟེ། མིག་གི་རྨ་ལ་སོགས་པར་རྟོག་པ་དང། དེ་བཞིན་དུ་རྫིམ་མ་རུངས་པ་སྟེ། མིག་གི་རྨའི་ནང་དུ་ཞུགས་པ་འབྱིན་པ་ལ་སྦྱར་རོ། །སོ་ཕྲག་དྲང་ཞིང་རྩ་བ་ནི་གདུ་བུས་བརྒྱན་པ་མུ ་ཙུ་ཏི། །དེས་རྨ་གཏིང་དུ་ཟུག་པ་དང། །མིག་མཛེར་གཏིང་དུ་ལུས་ལ་སྦྱར། ཞེས་བྱ་བ་ལ། ཆ་དཔྱད་གང་སོ་ཕྲ་མོ་གཏོད་པ་བྱས་པ་དེ་ཡང་དྲང་ཞིང་རྩེ་མོ་གཉིས་དྲང་པོར་བྱའོ། །དེའི་ཚད་མ་སྨོས་པས་འདས་མ་ཐག་པའི་སོར་དྲུག་ཉིད་ཡིན་པར་ཤེས་པར ་བྱའོ། །དེའི་རྩ་བ་ནི་ལག་པས་གཟུང་བའི་ཕྱོགས་ཏེ། །དེར་གདུ་བུས་བརྒྱན་པ་ཞེས་བྱ་བ་དམ་དུ་བསྡམ་པའི་ཕྱིར་ལྕགས་ཀྱི་འཁྱུང་མོས་བདུ་བུ་ལྔ་བུར་དཀྲིས་པ་གང་ཡིན་པ་དེ་ལ་གདུ་བུར་བརྒྱན་པ་ཞེས་བྱའོ། །དེའི་མིང་ནི་མུ་རྩུ་ཏི་ཞེས་བྱ་བ་ལ། དེས་རྨ་གཏིང་དུ་ཟུག་པ ་དང་དེ་བཞིན་དུ་མིག་མཛེར་བཏིང་དུ་ལུས་ཏེ་མ་ཐོན་པ་ལ་སྦྱར་བར་བྱའོ། །བཞི་པོ་དེ་དག་ནི་ཆ་དཔྱད་སྐམ་པ་ཞེས་བྱ་བ་ཡིན་ནོ། །ཉ་མགོ་འདྲ་བ་སོར་བཅུ་གཉིས། །ཆ་དཔྱད་གཉིས་པ་གཅིག་པ་བྱ། །ཉ་མགོ་ལྟ་བུ་ཞེས་བཤད་དེ། རྣ་ཁུང་ཟུག་རྔུ་འབྱིན་ལ་སྦྱར། ཞེས་བྱ་བ་ལ། ་དྲང་སྲོང་གིས་ཆ་དཔྱད་ཉ་མགོ་ལྟ་བུ་ནི་གཉིས་ཡོད་པར་བཤད་དེ། དེ་གཉི་ག་ཡང་ཉ་མགོ་དང་འདྲ་ཞིང་སོར་བཅུ་གཉིས་པ་ཡིན་ལ། དེ་ཡང་ཉའི་མགོ་བོའི་ལྐོག་མ་འདྲ་བས་ན། ཉ་མགོའི་མགུལ་པ་ལྟ་བུར་ཞེས་བྱ་བའི་དོན་ནོ། །དེ་ལ་ཉ་མགོ་གཉིས་འདྲ་བ་ཡོད་པ་དང ་གཅིག་འདྲ་བ་ཡོད་པ་སྟེ། དེས་ན་གཅིག་ནི་ཉའི་མགུལ་པ་ལྟ་བུ་གཉིས་དང་ལྡན་པའོ། །གཉིས་ནི་ཉའི་མགུལ་པ་ལྟ་བུ་གཅིག་དང་ལྡན་པའོ། །དེ་གཉི་གས་ཀྱང་རྣ་ཁུང་ན་གནས་པའི་ཟུག་རྔུ་འབྱིན་པའི་ལས་ལ་སྦྱོར་བར་བྱ་སྟེ། དེ་ན་གནས་པའི་ཟུག་རྔུ ་དེ?་གཉིས་ཀྱིས་དབྱད་པར་བྱའོ། །ཆ་དཔྱད་སྤུ་གུ་ཅན་སྨྲས་པ་ནི་ཆ་དཔྱད་སྦུ་གུ་ཅན་ཁོང་སྟོང། །རྩེ་མོ་གཅིག་གམ་མང་པོ་བྱ། །དེས་ནི་བུ་གའི་ཟུག་རྔུ་དང། ནད་ཡོད་ལྟ་དང་དབྱུང་བ་དང། །བྱ་བ་སླ་བ་བྱ་ཕྱིར་དང། །དགང་པར་བྱ་བའི་དོན་དུ་བྱ། །དེ་ཡི་ཞང་དང་སྦོམས་སྲིད ་ཚད། །བུ་གའི་ཆད་ལིས་དཔག་པ་བྱ། ཞེས་བྱ་བ་ལ། ཆ་དཔྱད་སྤུ་གུ་ཅན་ནི་ནད་ཁོང་སྟོང་དུ་བྱས་པ་ལ་རྩེ་མོ་ཁ་གཅིག་པ་འམ། ཁ་མང་པོ་པ་དགོས་པ་དུ་མའི་དབང་ལས་བྱས་ལ། དེས་ནི་གྲེ་བ་ལ་སོགས་པ་བུ་ག་ན་གནས་པའི་ཟུག་རྔུ་རྣམས་དང། དེ་ན་གནས ་པའི་ཡོད་པ་དག་བལྟ་བར་བྱ་བའི་ཕྱིར་དང། དེ་བཞིན་དུ་བྱ་སྟེ། ཟུག་རྔུ་དབྱུང་བ་དང་གཅིག་པུ་གདབ་པ་དང། ཐལ་སྨན་དང་མེ་བཙའ་གདབ་པ་ལ་སོགས་པའི་ལས་ཀྱི་བྱ་བ་སླ་བར་བྱ་བའི་ཕྱིར་དང། དེ་བཞིན་དུ་དགང་བ་བྱ་བའི་ཕྱིར་བྱ་སྟེ། དེའི་ཞེང ་སྟེ་སྦོམས་དང། སྲིད་དེ་དཔངས་ཀྱི་ཆད་ནི་བུ་གའི་ཚད་ལས་ཞེས་བྱ་བ་ལ། གང་གི་བུ་ག་གང་དུ་གཏོང་པ་དེའི་ཚད་ལས་དཔགས་ནས་ཅིང་རིགས་པར་བྱའོ། །དེ་ཡང་ཞེང་ཞེས་བྱ་བ་ནི། ལོགས་གཅིག་ནས་གཅིག་ཏུ་ཕྱིན་པའི་ཚད་ལ་བྱ་ལ། སྦོམས་ནི་འབྱུང་པའི ་ཚད་ཡོངས་སུ་ཆད་པ་ལ་བྱའོ། །སྲིད་ནི་དབངས་ཏེ། སྔར་བཤད་པའི་ཆ་དཔྱད་ལས་རིང་པར་བྱའོ། །སྲིད་དུ་སོར་བཅུ་སྦོམས་སོར་ལྔ། །གྲེ་བའི་ཟུག་རྔུ་རྟོག་བྱེད་ཡིན། །རྩེ་མོ་ལྔ་པ་བུ་ག་ཅན། །རྩེ་མོ་བཞི་པ་སྤྱི་མདུང་བྱ། །ཆ་དཔྱད་ཐུར་མ་གཉིས་པ་ནི། །བུ་ག་གསུམ་པ ་དེའི་ཚེ་བྱ། །ཆ་དཔྱད་པ་རངྒའི་དབྱི་བ་དང། །སྦོམས་དང་མཆུ་ཡི་ཚད་མཉམ་པའི། །སྦུ་གུ་དེ་འདྲ་གཞན་དག་ཀྱང། །ཆ་དཔྱད་ཤེས་པ་བྱེད་ཏུ་གཞུག་།ཅེས་བྱ་བ་ལ། ཆ་དཔྱད་སྤུ་གུ་ཅན་བྱའོ། ཞེས་བྱ་བར་སྦྱར་རོ། །དེའི་ཚད་ཀྱང་སྲིད་དུ་སོར་བཅུ་བྱ་ལ། དེ་ཉིད་ཀྱིས ་ན་དེའི་སྦོམས་ཀྱི་ཚད་སོར་ལྔ་པར་བྱའོ། །འདིས་རྟོག་ཅིང་ལྟ་བར་བྱེད་པ་ཡིན་པས་ན་རྟོག་པར་བྱེད་པ་སྟེ། གྲེ་པའི་ནང་དུ་ཟུག་པའི་ཟུག་རྔུ་བལྟ་པར་བྱ་བའི་དོན་དུ་བྱའོ། །ཡང་ན་སྤུ་གུ་གཞན་རྩེ་མོ་ལྔ་པའི་བུ་ག་ཡོད་པ་སྤུ་གུ་དེ་ལྟ་བུ་བྱ ་ལེན་རྩེ་མོ་བཞི་པའི་སྤྱིར་བསྡུ་བར་བྱ་སྟེ། །མདའ་ལ་སོགས་པ་ནང་དུ་ཞུགས་པ་བརྟག་པའི་ཕྱིར་ཐུར་མ་རྩེ་མོ་ཅན་གཏོང་བ་ནི་ཐུར་མ་ཞེས་བྱའོ། །དེ་བཞིན་དུ་ཆ་སྤྱད་ཐུར་མ་རྩེ་མོ་གཉིས་པ་ཡི་ནི་སྤུ་གུ་ཅན་བུ་ག་གསུམ་པོ་ཅན ་བྱ་སྟེ། དེ་ཡང་སྔ་མིའི་ཆད་དུ་བྱའོ། །ཆ་དབྱད་པ་རངྒ་དེའི་དབྱིབས་དང་སྦོམས་དང་མཆུའི་ཚད་དང་མཉམ་པའི་སྦུ་གུ་བྱ་ལ། ཡང་སྦུ་གུ་དེ་དང་འདྲ་བ་ན། སྟོང་པ་ལ་རྩེ་མོ་གཅིག་པ་དང། རྩེ་མོ་མང་པོ་ཡོད་པ་གཞན་དག་ཀྱང་ཟུག ་རྔུ་བལྟ་ཞིང་བརྟག་པར་བྱ་བའི་ཕྱིར་ཆ་དཔྱད་ལ་མཁས་པ་གཞན་དག་བྱེད་དུ་བཞུག་གོ་།རྩེ་མོ་པདྨའི་སྙིང་པོ་འདྲ། །སྲིད་དུ་སོར་ནི་བཅུ་གཉིས་པ། །བཞི་པ་ཁོང་སྟོང་བྱས་སྤུ་གུ་།ཟུག་རྔུ་འབྱིན་པ་ཡིན་པར་བཤད། ཅེས་བྱ་བ་ལ། ཟུག་རྔུ་འབྱིན་པའི་ཆ་བྱད་མི ་འགུལ་བའི་ཟུག་རྔུ་དབྱུང་བར་བྱ་བའི་ཕྱིར། རྩེ་མོ་སྟེ་མགོ་བོའི་ཕྱོགས་པདྨའི་སྙིང་པོ་ཀརྞ་ཀའི་དབྱིབས་འདྲ་ཞིང་མཚུངས་པ་ཚད་སྲིད་དུ་སོར་བཅུ་གཉིས་ཡོད་པ་བཞི་ཆ་ཁོང་སྟོང་ཡོད་པ་སྟེ། སོར་གསུམ་གྱི་བར་ཁོང་སྟོང་དུ་བྱས་པ་དེ་ནི་ཟུག་རྔུ ་འབྱིན་པ་ཡིན་པར་འདོད་དོ། །གཞང་འབྲུམ་ཆ་དཔྱད་པ་ཡི་ནི། །ནུ་སོར་འདྲ་བ་སོར་བཞི་པ། །སྐྱེས་པའི་སོར་ལྡས་འཁྱུང་པ་སྟེ། །བུད་མེད་སོར་དྲུག་གིས་འཁྱུང་བྱ། །ནད་བལྟ་བ་ལ་བུ་ག་གཉིས། །ལས་ལ་བུ་ག་གཅིག་པ་བྱ། །དབུས་ཀྱི་བུ་ག་སོར ་གསུམ་པ། །མཐེ་བོང་ཤོད་བ་ཙམ་དུ་བྱ། །དེ་སྟེང་རྩེ་མོ་ཟླུམ་པོ་ནི། །དབངས་སུ་སོར་ནི་ཕྱེད་པར་བྱ། ཞེས་བྱ་བ་ལ། གཞང་འབྲུམ་འཆོས་པའི་ཆ་དཔྱད་ནི། བའི་ནུ་སོང་དང་འདྲ་བའི་དབྱིབས་འདྲ་བ་བྱས་ལ། སྲིད་སོར་བཞི་ཡོད་པ། སྐྱེས་པ་ལ ་སྟོང་པའི་སྦོམས་སོར་ལྔས་འཁྱུང་པ་བྱས་ལ། བུད་མེད་ཀྱི་གཞང་འབྲུམ་འཆོས་པའི་ཆ་དཔྱད་ནི་སོར་དྲུག་གི་འཁྱུང་པའི་སྦོམས་ཡོད་པར་བྱའོ། །ནད་བལྟ་བ་ནི་གཞང་འབྲུམ་གྱི་ནད་རྟོག་པའོ། །བུ་ག་གཉིས་ནི་དས་གཉིས་ཀ་ལ་བུ་ག་ཡོད ་པར་བྱས་པའོ། །དེ་བཞིན་དུ་གཞང་འབྲུམ་བཀས་པ་དང། བཅད་པ་དང་ཐལ་སྨན་རྣོན་པོ་གཏོང་བའི་ལས་རྣམས་ཀྱི་ཆ་དཔྱད་ནི། སྔ་མ་ལྟ་བུ་ལ་བུ་ག་གཅིག་པར་བྱའོ། །དེ་ལྟ་ན་མངོན་སུམ་དུ་བལྟ་བའི་ཕྱིར་ནི་བུ་ག་གཉིས་པས་བྱ། བཙག་པ་དང་ཐལ་སྨན་དང། མེ་བཅའ་གདབ་པ་མི ་འགྱུར་བར་བྱ་བའི་ཕྱིར་ནི། བུ་ག་གཅིག་པར་བྱའོ། །ཆ་དཔྱད་འདིའི་དབུས་ཀྱི་བུ་ག་ནི། སྲིད་དུ་སོར་གསུམ་པར་བྱའོ། །མཐེ་བོའི་ལྷག་ཤོད་པ་སྟེ། རྒྱང་མཐེ་བོའི་ལྟོ་དང་ཞེང་མཉམ་པར་བྱའོ། །ཡང་བུ་ག་དེའི་རྩེ་འམ། །སྟེང་མ་ནི་དབྱིབས་ཟླུམ་པ་ལ་དཔངས་སོར་བྱེད་ཡོད་པ། ་སོར་ཆད་དུ་བསྟན་པ་དེའི་སྟེང་དུ་ལྷག་མ་སོར་ཕྱེད་ཡོད་པར་ལྟེ་བ་ཟླུམ་པོ་སོར་ཕྱེད་བྱ་བའི་དོན་ནོ། །ཁར་བཀྲོལ་དེ་འདྲའི་བུ་ག་མེད་ཆ་དཔྱད་གཞང་འབྲུམ་བཙིར་ལ་སྦྱར་ཞེས་བྱ་བ་ལ། ཁར་བཀྲོལ་ལྟ་བུ་ཞེས་བྱ་བའི་ཆ་བྱད་ནི་བུ་གའི་རྣམ་པ་བཤད་མ་ཐག་པའི་གཞང་འབྲུམ ་གྱི་རྣམ་པ་འདྲ་བ་ལ། བུ་ག་མེད་པ་སྟེ། ངོས་གཉིས་སུ་བུ་ག་གཏོད་པ་མེད་པའོ། །དེ་ལྟ་བུའི་ཆ་དཔྱད་ནི་གཞང་འབྲུམ་གྱི་ནད་བཙིར་བའི་དོན་དུ་བྱའོ། །མཚན་པར་བརྡོལ་ལ་རྣམ་ཀུན་ཏུ། །བུ་ག་ཡན་ཆད་བསལ་བར་བྱ། ཞེས་བྱ་བ་ལ། མཚན་པར་རྡོལ་བའི་ནད་གསོ་བའི་ཆ ་དཔྱད་ནི་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བུ་ག་ཡན་ཆད་ཀྱི་ལྟེ་བ་དེ་བསལ་ཞིང་མེད་པར་བྱ་སྟེ། ཆ་དཔྱད་འདི་ལས་ནི་དབུས་མའི་ལྟེ་བ་མེད་པར་བྱ་བའི་དོན?་ཏོ?། །སྣ་ཡི?་ཤུ་བའི་འབྲུམ་པ་ལ། བུ་ག་གཅིག་པ་སོར་གཉིས་བྱ། །ཞེང་དུ་མཛུབ་མོའི་ཚད་ཙམ་ལས། ། ་མཚན་པར་རྡོལ་གྱི་དཔྱད་འདྲ་བྱ། །སོར་མོ་སྲུང་ཕྱིར་བ་སོ་འམ། །ཤིང་གི་ཤུགས་ནི་སོར་བཞི་བྱ། བ་ཡི་ནུ་འདྲ་བུ་ག་གཉིས། །དེ་ཡི་ལ་ནི་དབྱེ་བར་བྱ། ཞེས་བྱ་བ་ལ། སྣའི་ནང་གི་འབྲུམ་པ་བསལ་ཞིང་བཅད་པའི་ཆ་དཔྱད་ནི། བུ་ག་གཅིག་པ་བྱ་ལ། དབངས་སུ ་གཉིས་པ། ཞེང་གི་ཚད་མཛུབ་མོ་ཙམ་ལ་མཚན་པར་བརྡོལ་གྱི་ཆ་དཔྱད་དང་འདྲ་བར་དབུས་མའི་ལྟེ་བ་མེད་པར་བྱའོ། །དེ་སྟོང་པར་བྱེད་པ་ན་སྨན་པའི་སོར་མོ་བསྲུང་ཞིང་གནོད་པ་མེད་པར་བྱ་བའི་ཕྱིར་བ་སོ་ལས་བྱས་པའམ། ཤིང་ལས་བྱས་པའི་ཤུགས? ་དཔངས་སུ་སོར་བཞི་ཡོད་པ། །བུ་ག་གཉིས་པ་ཡོད་པ་བྱ་ལ། ཆ་དཔྱད་དེའི་རྣམ་པ་ནི་བའི་ནུ་མ་འདྲ་བར་བྱའོ། །ཡང་ཆ་དཔྱད་དེའི་ཁ་བྱེ་ཞིང་གྱེས་པར་བྱས་ལ། འཁྲིག་མར་སྲད་བུས་དམ་དུ་བཅིང་བར་བྱའོ། །མོ་མཚན་ཆ་བརྟག་དབུས་སུ་ནི།། ་ཁོང་སྟོང་སོར་ནི་བཅུ་དྲུག་པ། །ཕྱོགས་བཞིར་གདུ་བུས་བཅིང་བར་བྱ། །རྩེ་མོ་པདྨ་ཁ་ཟླུམ་འདྲ། །ཐུར་མ་བཞི་ནི་མནན་པ་ཡིས། །རྩ་བ་བསྡམས་ན་ཁ་འབྱེ་བྱ། །ཞེས་བྱ་བ་ལ། མོ་མཚན་ནམ་མངལ་དུ་རྨ་བྱུང་བ་བརྟག་ཅིང་བལྟ་བའི་ཆ་དཔྱད་ནི་དབུས་ཁོང་སྟོང་དུ ་བྱས་པ་སྲིད་སོར་བཅུ་དྲུག་ཡོད་པར་གདུ་བུ་འདྲ་བའི་མཁྱུད་ཀྱིས་བཅིངས་པའི་ཕྱོགས་བཞིར་ཐུར་མ་བཞི་ཡོད་པར་བྱ་ཞིང། བསྐུལ་པའི་རྩེ་མོ་གདུ་བུ་འདྲ་བས་བཅིངས་པ་དང། དེ་བཞིན་དུ་པདྨ་ཁ་ཟླུམ་པ་འམ་མ་ཕྱེ་བ་འདྲ་བའི་རྩེ་མོ་ཡོད་པ་ཐུར་མ་བཞི་ཡོད་པའི ་རྩེ་ལག་པས་བཟུང་བའི་ཕྱོགས་སུ་བསྡམས་ཤིང་བཙིར་ན་ཁ་འབྱེ་ཞིང་གྱེས་པར་འགྱུར་བར་བྱའོ། །ཆ་དཔྱད་འཇམ་རྩིའི་སྤུབས་འདྲ་ལ། །རྩ་བ་མཐེབ་ཤོད་རྩེ་སྲན་ཤོང། །རྩེ་མོ་དགག་པ་མེད་པ་ལ། །རྩ་བར་པགས་འཇམ་རྐྱལ་དུ་བཅིང། །རྨ་ཡི་ཕུག་ནི་འཆས་པ་དང། ་རྨ་བཀྲུ་བ་ལ་སྦྱར་བར་བྱ། ཞེས་བྱ་བ་ལ། ཆ་དཔྱད་སྲིད་དུ་སོར་དྲུག་ཡོད་པ་གཉིས་བྱས་ཏེ། བུ་ག་ཅན་གྱི་རྨ་བསྐུ་བའི་ཕྱིར་དང། བཀྲུ་བའི་ཕྱིར་དགོས་སོ་ཇི་ལྟ་བུ་ཞེ་ན་འཇམ་རྩིའི་སྤུ་གུ་འདྲ་བ་སྟེ། འཇམ་རྩིའི་སྤུ་གུ་དང་ཆ་འདྲ་ཞིང་མཚུངས་པ་གང་ཡིན་པ་དེ་ནི། འཇམ ་རྩིའི་སྤུ་གུ་འདྲ་བའོ། །དེའི་བུ་ག་ནི་རྩ་བ་མཐེ་བོ་ཤོང་བ་ཙམ་ལ་རྩེ་མོ་སྲན་མ་ཤོང་བ་ཙམ་རྩེ་མོའི་ཆ་ལ་དགག་པ་མེད་པ་བྱས་ལ། རྩ་བའི་གནས་སུ་ལག་པ་འཇམ་པོའི་རྐྱལ་བུ་སྣུམ་དང་འཁྲུང་པའི་སྨན་གྱི་སྣོད་ཀྱི་རྐྱལ་བུ་བཅིངས་བདེ་ལྟ་བུའི་ཆ་དཔྱད་དག ་གིས་རྨའི་ཕུག་འཆས་པ་དང། རྨ་བཀྲུ་བ་ལ་སྦྱར་ཞིང་དཔྱད་དུ་བའོ། །འོང་མའི་སྤུ་གུ་འམ་སྒྲོ་རྩ་ནི། །འདྲ་བ་ཁ་གཉིས་དམུ་རྫིངས་དཔྱད། ཅེས་བྱ་བ་ལ། དམུ་རྫིངས་གི་ནད་གསོ་བའི་སྤུ་གུ་ཁ་གཉིས་པ་འོད་མ་ལ་སོགས་པ་ལས་བྱས་པ་འམ། སྒྲོ་རྩ་སྟེ?་རྨ་བྱ ་ལ་སོགས་པའི་སྒྲོའི་རྩ་བ་ལས་ལྕག་གུ་ཆུ་གཟག་པའི་དོན་དུ་ལ་གཉིས་པ་བྱའོ། །དུད་པ་མས་བཏང་ལ་སོགས་དཔྱད། །རང་རང་གི་ནི་སྐབས་སུ་སྨྲས། ཞེས་བྱ་བ་ལ། དུད་པ་བཏང་བའི་ཆ་དཔྱད་ནི། སྨན་གྱི་དུད་པ་སྣ་ནས་བརྡུབ་ཀྱི་སྐབས་སུ་བཤད་པ་ཡིན་ལ། འཇམ་རྩིའི་ཆ་དཔྱད་ནི ་མས་བཏང་བའི་སྐབས་སུ་བཤད་པ་ཡིན་ནོ། །སོགས་པ་ནི་མཚན་མ་ལ་སོགས་པར་བཤད་དེ། ཆ་དཔྱད་དེ་དག་རང་རང་གྱི་ལེའུ་བཤད་པའི་སྐབས་སུ་སྨྲས་ཟིན་པ་དེ་ལས་ཤེས་པར་བྱའོ། །རྡབས་རྭ་ཁ་ཞེང་སོར་གསུམ་པ། །དཔངས་སུ་སོར་བརྒྱད་པའམ་བཅུ། རྩེ་མོའི ་བུ་ག་ཡུངས་ཀར་ཤོང། །ལོགས་བཀབ་ནུ་སོར་དབྱིབས་འདྲ་བྱ། །ཞེས་བྱ་བ་ལ། རྡབས་རྭའི་ཚད་ནི་ཁ་ཞེང་དུ་སོར་གསུམ་པ་སྟེ། སོར་མོ་གསུམ་གཤིབས་ཤོང་བ་པའོ། །དེ་ཡང་ནུ་ཞོའི་ནད་ལ་སོགས་པས་གཞི་བས་པའི་ཕྱིར་བྱ་སྟེ། དེའི་དཔངས་ཀྱི་ཚད་ནི་སོར ་བརྒྱད་པ་འམ། །སོར་བཅུ་པ་བྱས་ལ། རྩེ་མོ་སྟེ་རྭའི་རྩེ་མོའི་ཕྱོགས་ཀྱི་བུ་ག་ནི་ཡུངས་ཀར་ཤོང་བ་རྩམ་དུ་བྱས་ལ། དེ་བཞིན་དུ་གནས་པ་སྟེ་ལེགས་པར་གཡོགས་པ་སྟེ་པགས་པ་སྲབ་མོ་ལ་སོགས་པས་ཁ་བཀག་ཅིང་གཡོགས་པའོ། །དེ་བཞིན་དུ་དབྱིབས་ནི་ནུ་སོར ་གྱི་ཚུལ་དུ་བྱིན་གྱིས་ཕྲ་བར་བྱའོ། །ཀུ་བ་སྲིད་དུ་སོར་བཅུ་གཉིས། །ཁྱུད་ཁོར་སོར་ནི་བཅོ་བརྒྱད་པ། ཁ་ཟླམ་སོར་ནི་གསུམ་མམ་བཞི། །ནང་འབར་བད་ཀན་ཁྲག་འདྲེན་བྱེད། །ཅེས་བྱ་བ་ལ། ཀུ་བ་ནི་སྲིད་དམ་དཔངས་སུ་སོར་བཅུ་གཉིས་ཡོད་པ་ལ། ཁྱུད་འཁོར་གྱི་ཁ་ཞེང ་ཟླུམ་པོར་བསྐོར་བ་ནི། བཅོ་བརྒྱད་ཀྱིས་འཁོར་བར་བྱ་ལ། དེ་བཞིན་དུ་དེ་འདེབས་ཕྱོགས་ཀྱི་ཁ་ནི་ཟླུམ་པོ་ལ་སོར་གསུམ་པའི་བཞི་པ་བྱ་སྟེ། དེ་ལྟར་ན་ཁ་ཟླུམ་པོ་ལ་སོར་གསུམ་པ་འམ་སོར་བཞི་པ་ཟླུམ་པོ་ཁ་ཕྱོགས་སུ་བྱ་བ་དང། དེ་བཞིན་དུ་ནང་ན་འབར་བ་སྟེ། ་དེའི་ནང་དུ་གྲོ་ག་འམ་འཇག་མ་འམ་རྩ་བལྦ་ཛ་འམ། རས་བལ་འབར་བ་བཅུག་པ། །གླན་པ་བཅུག་པ་ནི་བད་ཀན་འཁྲུགས་པའམ། ཁྲག་ནད་ཅན་འདྲེན་ཅིང་འབྱིན་པར་བྱེད་པ་ཡིན་པས་ན། དེའི་ཕྱིར་བད་ཀན་འདྲེན་བྱེད་ཅེས་བྱའོ། །དེ་བཞིན་བུམ་པ་དེ་འདྲ་བ ་གླན་པས་སྐྲན་ཀྱང་འཇུ་བར་བྱེད། །ཅེས་བྱ་བ་ལ་བུམ་པས་སྡབས་འདེབས་པ་ཡང་ཀུ་བ་དང་འདྲ་བར་བྱ་བ་སྟེ། སྲིད་སོར་བཅུ་གཉིས་ལ། ཁྱུང་འཁོར་སོར་བརྒྱད་པ་ཁ་ཟླུམ་ཞིང། སོར་གསུམ་པ་འམ་སོར་བཞི་ཡོད་པ་ནད་ན་གྲོ་འམ། རྩཝ་འཇག ་གམ་སོག་མའི་མེ་འབར་དང་བཅས་པ་དེ་གླན་པ་ནི། སྐྲན་འཇུ་བར་བྱེད་ཅིང་འབྲི་བར་བྱེད་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་སྔར་བཤད་པའི་ཀུ་བ་དང་འདྲ་བའི་བད་ཀན་དང་ཁྲག་འདྲེན་པར་བྱེད་དོ། ཞེས་བྱ་བའི་དོན་ནོ། །ཐུར་མ་ཞེས་བྱ་བའི་ཆ་དཔྱད་ནི། །ལས་དང ་དབྱིབས་ནི་སྣ་ཚོགས་པ། །ཅི་རིགས་པ་ཡི་ཚད་ལྡན་བྱ། ཞེས་བྱ་བ་ལ། ཆ་དཔྱད་ཀྱི་རྣམ་པ་ཐུར་མ་ཞེས་བྱ་བ་ནི་ལས་སྣ་ཚོགས་བྱེད་པ་དང། དེ་བཞིན་དུ་དབྱིབས་ཀྱི་ཁྱད་པར་རིང་ཐུང་ལ་སོགས་པ་སྣ་ཚོགས་པར་གནས་པ་ནི་ཅི་རིགས་པའི་ཚད་དང་ལྡན་བྱ་སྟེ། ་སྒོམས་དང་རིང་ཐུང་གང་དུ་གཏོད་པ་དེ་ཡང་མཚམ་པར་བྱའོ། །དེ་ལས་རྨ་ཚོལ་ལས་ལ་གཉིས། །སྲིན་བུ་གནདུ་པ་ཏའི་དབྱིབས། ཞེས་བྱ་བ་ལ། ཐུར་མིའི་ཆ་དཔྱད་དེ་རྣམས་ཀྱི་ནང་ནས་ཐུར་མ་གཉིས་པོ་སྲིན་བུ་གནདུ་པའི་དབྱིབས་ལྟར་འདུལ་པ་གཉིས་ནི། རྨ་ཚོལ ་གྱི་ལས་ལ་སྦྱར་བར་བྱ་སྟེ། རྨ་དང་བུ་གའི་གཏིང་བཙལ་ཞིང་བརྟག་པ་ལ་སྦྱར་རོ། །སྲིན་བུ་གནདུ་པ་ཏ་ཞེས་བྱ་བ་ནི། །ཆར་འབབ་པའི་རྗེས་ཐོགས་ལ་སྲིན་བུ་དམར་པོ། རིང་པོ་ཐུར་མ་ཕྲ་མོ་ལྟ་བུ་ཞིག་འབྱུང་བ་ལ་བྱ་སྟེ། མིང་གི་རྣམ་གྲངས་གཞན་དུ་པུ་མི་ཏ་ལ་ཞེས་པའོ ་བུ་གའི་ནད་ནི་ཟུག་རྔུ་འབྱིན། །ཁ་ནི་སྲིན་བུ་ཕྱེ་འདྲ་གཉིས། །སོར་བརྒྱད་པ་དང་དགུ་པའི་ཚད། །ཅེས་བྱ་བ་ལ། ཡང་དེ་བཞིན་དུ་ཐུར་མའི་ཆ་དཔྱད་གཉིས་པོ་ཁ་སྲན་ཆུང་ཕྱེ་བ་འདྲ་བ་སྟེ། རྩེ་མོ་སྲན་ཆུང་བཀས་པ་འདྲ་བར་གྱུར་པར་བྱ་ལ། །དེ་ཡང་གྲེ་བ་ལ་སོགས་པ་བུ་གའི ་ནང་གི་ཟུག་རྔུ་དབྱུང་ཞིང་འབྱིན་པའི་དོན་དུ་སྦྱར་རོ། །ཚད་ནི་སོར་བརྒྱད་པ་དང་དགུ་པ་བྱ་སྟེ། དེ་ལས་གཅིག་གི་ཆད་ནི་སྲིད་དུ་སོར་བརྒྱད་ཡོད་པར་བྱ་ལ། གཉིས་པའི་ཚད་ནི་སོར་དགུ་པར་བྱའོ། །ཐུར་མ་དྲུག་སྟེ་དེ་ལས་གཉིས། །སོར་ནི་བཅུ་དྲུག་བཅུ་གཉིས་པ། ཐལ ་སྨན་གཏོང་བ་སྦྲུལ་ཁ་འདྲ། །གཉིས་པ་སོར་བཅུ་གཉིས་བཅུ་པ། ཞེས་བྱ་བ་ལ། ཡང་ཕུར་པ་འདྲ་བའི་ཐུར་མ་དྲུག་བྱའོ། ཞེས་བྱ་བ་ནི། ཚིག་གི་ལྷག་མའོ། །དེ་ལས་གཉིས་ནི་ཚད་སོར་བཅུ་དྲུག་པ་དང་བཅུ་གཉིས་པར་བྱའོ། །དེ་ཡང་ཐལ་སྨན་ལ་སོགས་པ་གཏོང་ཞིང་བསྐུ་བ་ལ ་ནི་སྤྲུལ་གྱི་ལ་འདྲ་བར་བྱ་བ་སྟེ། གཉི་ག་ཡང་སྦྲུལ་གྱི་ཁ་འདྲ་བའི་དབྱིབས་བྱས་པ་དེའི་ཚད་ནི། གཅིག་ནི་བཅུ་གཉིས་པ་བྱ་བ་གཅིག་ནི་བཅུ་པ་བྱ་བའོ། །བསྐུལ་དཔྱད་ཁ་ནི་མདའ་ལྟོད་འདྲ། །འབྱིན་པའི་ཆ་དཔྱད་ལྕགས་ཀྱི་དབྱིབས། ཞེས་བྱ་བ་ལ། ཐུར་མ་དེ་ལ་ཟུག་རྔུ་སྐུལ་བའི ་ཆ་དཔྱད་ཀྱི་ཁ་ནི། མདའི་སྟོང་འདྲ་བར་བྱ་ལ། ཡང་ཕུར་པ་འདྲ་བའི་ཐུར་མ་ནི་ཟུག་རྔུ་འབྱིན་པའི་དོན་ཏུ་ཆ་དཔྱད་ལྕགས་ཀྱུའི་དབྱིབས་ལྟར་རྩེ་མོ་ཅུང་ཟད་གུག་པར་བྱའོ། །ཕུར་པའི་རྩེ་མོ་གུག་པ་ནི། །མངལ་གྱི་ཕུར་པ་ཞེས་བྱ་བ། སྲིད་དུ་སོར་བརྒྱད་བྱས་པ་དེས། བུད་མེད་མངལ་དུ་བུ ་ཞེས་འབྱུང། ཞེས་བྱ་བ་ལ། ཐུར་མ་ཕུར་པ་ལྟ་བུ་རྩེ་མོ་དགུ་པོར་གུག་པ་ནི། །མིང་མངལ་གྱི་ཕུར་པ་ཞེས་བྱ་སྟེ། དེ་ཡང་སོར་བརྒྱད་པ་བྱས་ལ། མངལ་གྱི་ཕུར་པ་དེས་བུད་མེད་མངལ་དུ་བུ་ཤི་བའི་རོ། །རྡོ་དང་བོད་དེ་སྦྲུམ་མའི་ལུས་ལས་དབྱུང་ཞིང་གདོན་པར་བྱའོ། །རྡེའུ ་འབྱིན་དཔྱད་སྦྲུལ་མགོ་ཡི། །གདངས་ཀ་འདྲ་ལ་རྩེ་གུག་པའོ། །ཞེས་བྱ་བ། །ཆུ་སོའི་ནང་རྡེའུ་འབྱིན་པའི་ཆ་དཔྱད་ནི་སྦྲུལ་མགོ་ལྟ་བུ་སྟེ། རྩེ་མོ་སྦྲུལ་མགོའི་ཡ་ཐོད་འདྲ་བ་རྩེ་མོ་གུག་པ་བྱའོ། །མདའ་སྟོང་འདྲ་བ་རི་སོར་བཞི་པ། །སོ་དབྱུང་བ་ལ་སྦྱར་བར་བྱ། ཞེས་བྱ ་བ་ལ། ཆ་དཔྱད་དབྱིབས་མདའ་ལྟོང་འདྲ་བར་བྱས་ལ་དེ་ཡང་སོར་བཞི་པ་མཛའ་མ་སྦོམ་ཞིང་ཟླུམ་པོར་བྱ་སྟེ། དེ་ནི་སོ་དབྱུང་བ་ལ་སྦྱར་བར་བྱའོ། །རྩེ་མོ་རས་བལ་གྱིས་དཀྲིས་པའི། །ཕྱི་བསལ་ཐུར་མ་དྲུག་བྱ་སྟེ། ཞེས་བྱ་བ་ལ། ཐུར་མ་དྲུག་བྱས་ལ། དེ་ཐམས་ཅད་ཀྱི ་རྩེ་མོའི་ཆ་རས་བལ་གྱིས་དཀྲིས་ཤིང་གཡོགས་པ་བྱས་ལ། དེས་རྨ་སྣགས་པ་དང། ཐལ་སྨན་ལ་སོགས་པ་སྤང་པའི་བྱ་བ་བྱའོ། །གཞང་གི་ཉེ་རིང་ནང་ལ་གཉིས། །སོར་བཅུ་པ་དང་བཅུ་གཉིས་པ་ཞེས་བྱ་བ་ལ། ཐུར་མ་སོར་བཅུ་པ་དང་བཅུ་གཉིས་པ་གཉིས ་བྱས་ལ། དེས་ནི་གཞང་གི་ནད་ཕྱི་བ་ལ་སྦྱར་བར་བྱའོ། །སྣ་ཡི་སོར་དྲུག་བདུན་པ་གཉིས། །རྣ་བའི་སོར་བརྒྱད་དགུ་པ་གཉིས། ཞེས་བྱ་བ་ལ། ཡང་ཐུར་མ་སོར་དྲུག་པ་དང། བདུན་པ་གཉིས་བྱས་ལ། །དེས་ནི་སྣ་དང་ཁའི་ནད་ཀྱི་ལྗན་ལྗིན་ཉེ་བ་དང་རིང་བ ་ན་ཡོད་པ་ཕྱི་བའི་དོན་དུ་བྱའོ། །ཡང་དེ་བཞིན་དུ་ཐུར་མ་སོར་བརྒྱད་པ་དང། དགུ་པ་གཉིས་བྱས་ལ། རྣ་བའི་རྨ་དང་འཚམ་པ་དེས་ཐལ་སྨན་ལ་སོགས་པ་ཕྱི་བ་དང། བྱུག་པ་བྱ་བ་ལ། དེ་ཡང་ཉེ་བ་དང་རིང་བར་གནས་པའི་བྱེ་བྲག་གཉིས་བྱ་བ་ཡིན་ཏེ། དེ་ལྟར ་ན་ཐུར་མ་དྲག་པའི་དབྱེ་བ་སྨྲས་པ་ཡིན་ནོ། །རྣ་བ་བསལ་བ་ཨ་ཤྭདཐའི། །རྩེ་འམ་བླུགས་བཟར་ཁ་འདྲ་བྱ། ཞེས་བྱ་བ་ལ། རྣ་བ་བསལ་ཞིང་སྦྱང་པའི་ཆད་ན་རྩེ་མོ་ཤིང་ཨ་ཤྭདཐའི་ལོ་མ་འདྲ་བ་འམ། །དེ་བཞིན་དུ་རྩེ་མོ་བླུགས་གཟར་གྱི་ཁ་དང་འདྲ་བར ་བྱའོ། ཐུར་མ་འཛམ་བུའི་ཐུར་ཏ་འདྲ། །ཐལ་སྨན་མེ་བཙས་སོ་སོར་གསུམ། །རིམ་གྱིས་ཕྲ་སྦོམ་སྦྱར་བར་བྱ། ཞེས་བྱ་བ་ལ། ཐུར་མ་ཤིང་འཛམ་བུའི་ཐོར་ཏོ་འདྲ་བར། སོར་གསུམ་གསུམ་བྱ་སྟེ། དེ་ལྟར་ན་ཐལ་སྨན་རྣོན་པོའི་ཐུར་མ་འཛམ་བུའི་ཆུ་འདྲ་པའི་རྩེ་མོ་ཅན་གསུམ ་བྱ་ལ། དེ་བཞིན་དུ་མེ་བཙའི་ལས་ལ་ཡང་གསུམ་པོ་སྟེ། དེ་དག་ཕྲ་བ་དང། སྦོམ་པའི་དབྱེ་བས་སྦར་བར་བྱའོ། རྒྱུ་མའི་ལས་ལ་ཐུར་མ་ནི། །འཁར་བ་འདྲ་ཞིང་དབུས་ཟླུམ་ལ། རྩ་བར་ཕྱེད་འདྲ་བྱ། ཞེས་བྱ་བ་ལ། རྒྱུ་མའི་གནས་སུ་གཏོང་བའི་ཐུར་མ་ནི། རྒྱུ་མའི་ནད ་ཀྱི་ཁྱད་པར་ལས་སྦྱར་བར་བྱ་སྟེ། རྩ་བའི་ཕྱོགས་ཟླ་བ་ཕྱེད་པ་དང་འདྲ་བར་དགུ་བག་ཏུ་འདུག་པ་ལ་ཟླུམ་པོ་རྩེ་མོ་ཐུག་མར་བྱས་ཤིང་ཟླུམ་པ་སྦྱར་བར་བྱའོ། །རྒྱ་ཤུག་ཚིག་གུ་བཀས་པ་འདྲ། །སྣ་ཡི་ཐོར་བུ་འབྲམ་སྲེག་བྱེད། ཅེས་བྱ་བ་ལ། ཐུར་མའི་རྩེ་མོ ་རྒྱ་ཐུག་གི་རྩེ་མོ་བཀས་པ་འདྲ་བ་ནི། སྣའི་ནད་དུ་ཐོར་བུ་དང་འབྲུམ་བུ་སྲེག་པ་ཡིན་ནོ། །སོར་བརྒྱད་པ་ལ་རྩེ་མོ་ལྗོད། །གསུམ་པོ་ཐལ་སྨན་སྨན་རིམ་ལ། །མཐེའུ་ཆུང་གུང་མོ་སྲིན་ལག་གི། སེན་མོ་ལྟ་བུའི་སོ་བྱས་པའོ། །ཞེས་བྱ་བ་ལ། ཐུར་མ་གསུམ་སྲིད་དུ ་སོ?་བརྒྱད་ཡོད་པ། རྩེ་མོ་ལྗོན་ཤིང་གཟར་བུ་འདྲ་བ། བྱས་པ་ནི་ཐལ་སྨན་གྱི་ལས་ཏེ་ཐལ་སྨན་ཀྵ་ར་སྦྱར་བ་དང། སྨན་གྱི་རིམ་པ་སྟེ། དུག་ལ་སོགས་པ་བསྐུ་བ་ལ་མཐེའུ་ཆུང་དང། གུང་མོ་དང་སྲིན་ལག་གི་སེན་མོ་ལྟ་བུའི་དབྱིབས་བྱས་པའི་སོ་འམ་རྩེ་མོ་བྱའོ། །ཕོ་མཚན ་སྦྱང་དང་མིག་སྨྱན་སོགས། །ཆ་དཔྱད་རང་རང་ལེའུར་བཤད། །ཅེས་བྱ་བ་ལ་ཕོ་མཚན་སྦྱར་བ་ལ་སོགས་ཆ་དཔྱད་ནི་རང་རང་གི་ལེའུ་སྐབས་སུ་སྔར་བཤད་ཟིན་པ་ཡིན་ནོ། །ཉེ་བའི་ཆ་དཔྱད། བ་བ་ལོང་དང། ཐག་པ་རས་དང་ཐོ་བ་དང། འབྲེང་བུ་རྒྱུ་མ་ལྕེ་རྟ ་རྔ། ཡལ་ག་སན་མོ་ཁ་སོ་དང། །དུས་དང་སྨིན་དང་ལག་རྐང་པ། །འཇིགས་དང་དགའ་བ་དེ་བྱ་བ། བྱེ་བྲག་ཐབས་ནི་ཤེས་པ་ཡིན། །མཁས་པའི་བློ་ཡིས་དཔྱད་པར་བྱ། ཞེས་བྱ་བ་ལ། ཆ་དཔྱད་དང་འདྲ་ཞིང་ཞིང་དེའི་བྱ་བ་རྫོགས་པར་བྱེད་ནུས་པ། རྡོ་ཁབ་ལེན་མ ་སོགས་པ་ཉེ་བའི་ཆ་དཔྱད་ཅེས་བྱའོ། །ཁབ་ལེན་ནི་ནོར་བུའི་བྱེ་བྲག་གོ། ཐག་པ་ནི་མུ་ཛ་ལ་སོགས་པ་ལས་བྱས་པའོ། །གོས་ནི་རས་ཀྱི་གོས་ཀྱི་རྣམ་པའོ། །ཐོ་བ་ནི་ཤིང་ལས་བྱས་པའི་སྦོམ་པོ་འམ་ཐུང་བའོ། །འབྲེང་བུ་ནི་གས་པ་ལས་བྱས་པའོ། །རྒྱུ་མ་དང་ལྕེ་ནི ་དངོས་སུ་ཟད་དོ། །རྟ་རྔ་ནི་རྟའི་རྔ་མ་འམ་རྡོག་མའོ། །ཡལ་ག་ནི་ཤིང་གིའོ། །དུས་ནི་སྐད་ཅིག་མ་ལ་སོགས་པ་ཉེ་བ་མཚོན་པའོ། །སྨིན་པ་ནི་ཆོས་པའོ། །དགའ་བ་ནི་སེ་རིངས་པ་སྟེ། དབྱེ་བ་ནི་དེའི་ལས་ལ་ཉེ་བར་སྦྱོར་བ་ཡིན་ལ། བྱ་བའི་ཐབས་དེས་ཆ་དཔྱད་ཀྱི་ལས་རྫོགས་པར་བྱད ་པའི་ཐགས་ཤེས་ཤིང་སྦྱོར་བའི་བྱེ་བྲག་ལ་མཁས་པའི་སྨན་པས་ཆ་སྤྱད་གང་ལ་འོས་པ་དེ་དེ་ལ་སྦྱར་བར་བྱ་ཞིང། དེས་བློས་ལེགས་པར་བརྟགས་ཤིང་དཔྱད་ལ་སྦྱར་བ་དབྱེའོ། །དེ་ཡང་སློབ་དཔོན་གྱིས་བསྡུས་པ་ལས། །འདི་དག་ལུས་ནི་ཐམས་ཅད་དམ། །ལུས་ཀྱི ་ཡན་ལག་འགྱུར་བ་འམ། །ཚིགས་དང་ནང་གྲོལ་རྩ་བོ་ཆར། །ཅི་རིགས་པར་ནི་སྦྱར་བར་བྱ། ཞེས་བྱ་བ་ཡིན། ཆ་དཔྱད་བརྡུང་བསྲུང་དག་ནང་རྒྱུན་སྲང་དགག་བྱ་དང། །ཐལ་སྨན་གདབ་དང་ཚོན་དབྱུང་བཙིར་དང་བཙིར་བ་དང། གཞིབ་དང་སྨད་དང་བསྟོད་དང ་བསྐྱོད་དང། བཅག་པ་དང། བཟློག་དང་དྲང་པོར་བྱ་བ་ཆ་དཔྱད་ལས་རྣམས་ཡིན། ཞེས་བྱ་བ་ལ། བརྡུང་བ་ལ་སོགས་པ་ནི་ཆ་དཔྱད་གྱི་ལས་ཡིན་ཏེ། བརྡུང་བ་ནི་བསྣུན་ཅིང་བརྡེག་པའོ། །བསྲུབ་པ་ནི་འདིས་བཙུབས་ཤིང་དཀྲུགས་པས་བསྲུབ་ལ་ཞེས་བྱའོ། །དེ་གང ་བ་ནི་འདིས་དགད་བར་བྱས་པའོ། །རྒྱུན་སྲང་དགག་པར་བྱ་བ་ནི་བུ་ག་རྣམས་དང་གྲེ་བ་ལ་སོགས་པའི་སྦུ་བས་རྣམས་མ་བདག་ཅིང་བར་བྱད་བར་བྱེད་པ། ཐལ་སྨན་གདབ་པ་ནི་ཐལ་སྨན་རྣོན་པོ་ལ་སོགས་པ་བསྐུ་བའི་ཁྱད་པར་རོ། །མཚོན་དབྱུང་བ་ནི་ཟུག ་རྡུ་ལ་སོགས་པ་འབྱིན་ཅིང་འདྲེན་པར་བྱེད་པའོ། །བཅིང་བ་ནི་ཆག་གྲུགས་ལ་སོགས་པ་འདིས་སྡམ་པར་བྱེད་པའོ། །བཙིར་བ་འདིས་རྣག་ལ་སོགས་པ་འབྱིན་པ་བྱེད་པའོ། །གཞིབ་པ་ནི་ཆ་དཔྱད་གང་གིས་ཁྲག་དང་ཆུ་སེར་ལ་སོགས་པ་རྡུབ་པའོ། །སྨད་པ་ནི་དཔྱད ་གང་གིས་ཡན་ལག་ལ་སོགས་པའི་ཕྱོགས་སྨོད་པའོ། །བསྟོད་པ་ནི་ཆ་དཔྱད་གང་གིས་འདེགས་ཤིང་མཐོང་བར་བྱེད་པའོ། །བསྐྱོད་པ་ནི་གཡོ་བར་བྱེད་པ་སྟེ། མི་འགུལ་བ་གཡོ་ཞིང་འགུ་བར་བྱེད་པའོ། །བཅག་པ་ནི་དངོས་པོ་གཅིག་དུ་མར་བྱེད་པའོ། །བཟློག་པ་ནི ་ཆ་དཔྱད་གང་གིས་གཞན་དུ་བཟློག་ཅིང་བསྒྱུར་བའོ། །དྲང་པོར་བྱ་བ་ནི་ཡོན་པོར་གནས་པའི་དངོས་པོ་བསལ་ཞིང་རྣལ་དུ་གནས་པར་བྱེད་པའོ། །དེ་ལྟར་ན་བརྡུང་བ་ལ་སོགས་པར་བསྟན་པ་གང་ཡིན་པ་དེ་དག་ནི་མདོར་ན། ཆ་དཔྱད་ཀྱི་ལས་རྣམས་ཡིན ་པར་ཤེས་པར་བྱ་སྟེ། ལེགས་པར་ཟུག་ཅིང་འབྱིན་པར་བྱེད་པ་དང། གཟུང་བྱ་བླངས་ནས་འབྱིན་པར་བྱེད་ཕྱིར་དང། ཡན་ལག་ཀུན་ལ་གནོད་པ་མེད་པ་ནས། །ཆ་སྤྱད་ཀུན་གྱི་མཆོག་ནི་ཀངཀའི་མཆུ། ཞེས་བྱ་བ་ལ་གོང་དུ་སྨོས་པ་ནི་ཆ་དཔྱད་ཐམས་ཅད་ཀྱི་ནད་ན་གང ་ཀའི་མཆུ་ལྟ་བུའི་ཆ་དཔྱད་ནི། གཙོ་བོ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལེགས་པར་ཟུག་ཅིང་ཀུན་ཏུ་བསྐྱོར་དུ་འདོད་པ་དང། དེ་བཞིན་དུ་བཟུང་བར་བྱ་བའི་ཟུག་རྡུ་བདེ་བླག་ཏུ་ཟིན་ཅིང་བླངས་ནས་ཀྱང་ཟུག་དུ་དེ་ངེས་པར་འབྱིན་ཅིང་འདོན་པར་བྱེད་པའི་ཕྱིར་དང། ཟུག ་རྡུ་དབྱུང་བར་བྱ་བའི་ལུས་ཀྱི་ཡན་ལག་ཀུན་ལ། གནོད་པ་མེད་ཅིང་ལས་དེ་བདེ་བླག་དུ་སྒྲུབ་པར་བྱེད་པ་ཡིན་བས་ན། དེའི་ཕྱིར་ཆ་དཔྱད་ཐམས་ཅད་ཀྱི་མཆོག་ནི་ཀངཀའི་མཆུ་ལྟ་བུ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པ་འགྲེལ་པ། ཚིག ་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། །སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། །ལེའུ་ཉི་ཤུ་ལྔ་པའི་རྣམ་པར་འགྲེལ་པའོ། །དེ་ནས་གཏར་དཔྱད་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། ཆ་དཔྱད་ཕལ་ཆེར་ནི་ལྕགས ་ལས་བྱེད་པ་ཡིན་ལ། འདི་ཡང་ཕལ་ཆེར་ལྕགས་ལས་བྱེད་པ་འམ། །ལས་ཀྱི་རྣམ་པ་རིས་མཐུན་པའི་ཕྱིར་ཏེ། དེའི་འོག་ཏུ་འདི་བརྩམས་པ་ཡིན་ནོ། །མགར་བ་མཁས་པས་གོ་ཆ་བཞིན། །རྡུངས་པའི་གཏར་དཔྱད་ཉི་ཤུ་དྲུག་།སྤུ་ནི་ཆོད་པར་ནུས་པ་དག་།ཕལ་ཆེར་སོར་ནི ་དྲུག་པ་བྱ། །གཟུགས་ལེགས་ངོས་ནི་ལེགས་པ་དང། གཟུང་བར་བདེ་བ་ཉིད་དུ་བྱ། །ཡ་ཡོ་མེད་ཅིང་ཐར་ལེགས་པ། ཤིན་ཏུ་རྣོ་བའི་ལྕགས་ལས་བྱས། །རྩེ་མོ་ཤིན་ཏུ་ལེགས་བརྡུངས་པ། །ུཏཔལ་སྔོན་པོའི་མདོག་འདྲ་བ། རང་མིན་རྗེས་སུ་མཐུན་གཟུགས་ནི། །རྟག་ཏུ་ཉེ་བར ་བཞག་པར་བྱ། རྩེ་མོ་རེ་རེ་དག་ལ་ཡང། རང་ཚད་སོར་ཕྱེད་གཉིས་དང་བཞི། །ཕལ་ཆེར་གཉིས་དང་གསུམ་དུ་བྱ། །དེ་གནས་ཁྱད་པར་དག་ལ་སྦྱར། ཞེས་བྱ་བ་ལ། བཙག་བུ་ཉི་ཤུ་རྩ་དྲུག་བྱ་བ་ཡིན་ལ། དེ་ཡང་གང་གིས་བྱ་ཞེ་ན། མགར་བ་མཁས་པས། ཞེས ་བྱ་བ་སྟེ། བྱ་བ་ལ་མཁས་ཤིང་བྱད་བར་གྱུར་པའི་ལྕགས་མགར་གྱི་བརྡུང་ཞིང་རྫོགས་པར་བྱ་བའོ། །ཅི་ལྟར་བྱ་ཞེ་ན་ཆོ་ག་བཞིན་ཏེ། ཚད་ལ་སོགས་པའི་རྣམ་པ་ཇི་སྐད་བཤད་པ་བཞིན་བརྡུང་བར་བྱའོ། །སྣོ་ཚད་ཇི་ཙམ་ཞེ་ན། སྤུ་ནི་ཚོད་པར་ནུས་པ་དང། ་ཅེས་བྱ་བ་སྟེ། གང་གིས་སྤུ་ཚོད་པའི་ལས་བྱེད་ནུས་པ་ཙམ་དུ་བྱའོ། །ཚད་ཅི་ཙམ་དུ་བྱ་ཞེ་ན། ཕལ་ཆེར་ཞེས་པ་མང་དུ་སྲིད་སོར་དྲུག་པར་བྱ་བ་དང། གཟུགས་ལེགས་ཤིང་ཇི་སྐད་བཤད་པའི་རྣམ་པའི་དབྱིབས་དང་ལྡན་པ་དང། དེ་བཞིན་དུ་སོ་ལེགས ་པ་སྟེ་རྣོ་ཞིང་སྙོམས་པ་དང། དེ་བཞིན་དུ་གཟུང་བར་བྱ་བ་བདེ་བ་ཉིད་དེ་བཟུང་བའི་ཕྱོགས་བདེ་བླག་ཏུ་བཟུང་བར་བྱ་བ་དང། དེ་བཞིན་དུ་ཡ་ཡོ་མེད་པ་སྟེ། སོ་སྙོམས་ཤིང་རྔ་རྔོ་མེད་པ་དང། དེ་བཞིན་དུ་ཐར་ལེགས་ཤིང་བརྡུང་བཞག་པ་དང། ཤིན་ཏུ ་རྣོ་བའི་ལྕགས་ལས་བྱས་པ་གང་ཡིན་བ་དེ་ལས་བརྡུངས་བ་དང། དེ་བཞིན་དུ་རྩེ་མོ་ཤིན་ཏུ་ལེགས་པར་བརྡུངས་པ་སྟེ། ལྕགས་ལེགས་པར་བསྐོལ་བ་ཐོབས་མ་གས་བར་བརྡུང་ཞིང་ཁྱད་པར་དུ་རྩེ་མོའི་གནས་བརྡུང་ཞག་བར་བྱས་པ་དང། དེ་བཞིན་དུ་ཨུཏཔལ ་སྔོན་པོའི་མདོག་འདྲ་ཞིང་འཇམ་པ་དང། དེ་བཞིན་དུ་རང་གི་མིང་དང་རྗེས་སུ་མཐུན་པའི་གཟུགས་སམ། དབྱིབས་ཡོད་པ་བཙགས་བུའི་འབྲས་འདྲ་བར་བྱས་པ་ལ་ནི། བཙགས་བུ་འབྲས་ཀྱི་ཁ་ཞེ་འམ། །འབྲས་ཀྱི་རྩེ་མོ་ཞེས་བཏགས་པ་ལྟ་བུ་ལ་སོགས་པའོ། །དེ་བཞིན་དུ ་རྟག་ཏུ་སྟེ། དུས་ཐམས་ཅད་དུ་ཆ་དཔྱད་དང་བཙགས་བུ་དེ་དག་ཉེ་བར་བཞག་པར་བྱ་ཞིང་སྟ་གོན་དུ་བྱ་བ་དང། དེ་བཞིན་དུ་རང་གི་ཚད་དེ། བཙགས་བུ་དེའི་སྲིད་ཀྱི་ཆད་ལས་རྩེ་མོ་འམ། །བ་ཆ་ཕྱེད་ཀྱི་ཚད་དང། ལ་ལ་བཞི་ཆའི་ཚད་དུ་བྱ་བ་དང། དེ་དག་ཀྱང ་ཕལ་ཆེར་གྲངས་གཉིས་དང་གསུམ་དུ་བྱ་བ་དང། ཡང་བཙག་བུ་དེ་དག་གནས་ཀྱི་ཁྱད་པར་དང། །ནད་ཀྱི་ཁྱད་པར་ལས་སྦྱར་བར་བྱའོ། །དེ་ལས་དཀྱིལ་འཁོར་འདྲ་བའི་རྩེ། །མཛུབ་སེན་ནང་གི་དབྱིབས་འདྲར་བྱ། །དེ་ནི་རྙིལ་སྐྱེས་ལྐོག་མ་ཡི།། ་ཤ་ལྷག་ལ་སོགས་བཞར་བཅད་སྦྱར། ཞེས་བྱ་བ་ལ། བཙགས་བུ་དེ་རྣམས་ཀྱི་ནད་ནས་བཅགས་བུ་དཀྱིལ་འཁོར་འདྲ་ཞེས་བྱ་བའི་རྩེ་མོ་ཁའི་དབྱིབས་མཛུབ་མོའི་ནང་གི་དབྱིབས་འདྲ་བར་བྱ་བ་ལ། དེ་ནི་རྙིལ་གྱི་ལྷག་མ་སྐྱེས་པ་ལ་སོགས་པའི་ཕྱི་ཞིང་བཞར་པ་དང།། ་ཤ་བཅས་པ་ལ་སྦྱར་བར་བྱའོ། །འཕེལ་བཙགས་སྤུ་གྲིའི་དབྱིབས་ལྟ་བུ། །བཅོད་དང་དྲལ་དང་དབྱིན་ལ་སྦྱར། །རྩེ་དྲང་སྐྲངས་ནད་མཐོ་བ་དང། ཟབ་པ་ལས་སྦྱར་དེ་ལས་གཞན། །ལྷག་པ་རིང་ཞིང་རྩེ་གུག་པ། །སོར་ཐུད་ནད་ཚུལ་ཇི་བཞིན་སྦྱར། ཞེས་བྱ་བ་ལ། བཙགས ་བུ་འཕེལ་བཙགས་ཞེས་བྱ་བའི་གཟུགས་ནི། སྤུ་གྲིའི་དབྱིབས་ལྟ་བུ་བྱ་སྟེ། དེ་ནི་གཅོད་པ་སྟེ་ཁ་གཉིས་སུ་བྱེད་པ་དང་འདྲ་བ་སྟེ། བཤགས་པ་དང་འབྱིན་པ་སྟེ་རྨེན་བུ?་དང། ཐོར་བུ་ལ་སོག་པ་མཐོར་པ་ལ་སྦྱར་རོ། །དེ་ལས་ཀྱང་རྩེ་མོ་དྲང་པོ་སྟེ་སོའི་གནས་དྲང་པོར་འདུག་པ་ནི། ་སྐྲངས་ནད་འཐེར་པོར་འདུག་པ་དང། རྔབས་གཏུགས་ཤིང་ཟ་བ་ལ་སྦྱར་རོ། །རྩེ་མོ་དྲང་པོ་དེ་ལས་གཞན་པ་སྟེ། དེ་དང་མི་མཐུན་པ་ལྟག་པ་འམ། རྒྱབ་རིང་ཞིང་རྩེ་མོ་གུག་པ་སོ་འམ་ཁ་ཞེང་ཐུང་བ་དག་ནི། ནད་ཀྱི་ཚུལ་ཇི་ལྟ་བ་བཞིན་བྱ་ཞིང། ལུས་ཀྱི་གནས ་ཀྱི་དབང་ལས་མཚོན་ལས་སྐྲངས་པ་ཧ་ཅང་མཐོ་པ་ཡང་མ་ཡིན་ལ། ཧ་ཅང་ཟབ་ཅིང་དམའ་བ་ཡང་མ་ཡིན་པ་མཉམ་པོར་གནས་པ་ལ་སྦྱར་བར་བྱའོ། །ུཏཔལ་དང་སོར་ཕྱེད་ཀྱིས། །དྲལ་དང་དེ་བཞིན་བཅད་པར་བྱ། ཞེས་བྱ་བ་ལ། ཨུཏཔལཱི་འདབ་མ་འདྲ་པ་དང། ་སོར་ཕྱེད་ལྟག་ཙམ་ཡོད་པའི་བཙགས་བུ་གཉིས་ནི། དྲལ་བ་སྟེ་བཤགས་པ་དང། བཅད་པ་དེ་དུམ་བུར་དབྱེ་བ་ལ་སྦྱར་བར་བྱའོ། །སྦྲུལ་ཧ་རྩ་སོར་ཕྱེ་རྣམས། །སྣ་ཡི་ཐོར་བུ་བཅད་ལ་སྦྱར། ཞེས་བྱ་བ་ལ། བརྩག་བུ་སྤྲུལ་གྱི་ཁ་ཞེས་བྱ་བ་རྩེ་མོ་སྟེ་བཙགས་བུའི་འབྲས་བུའི་ཕྱོགས་ཚད་སོར ་བྱེད་ཡོད་པ་དེ་ནི་སྣ་དང་རྣ་བ་ལ་ཐོར་བུ་འམ། འབྲུམ་ཆེན་བྱུང་བ་བཅད་པ་ལ་སྦྱར་བར་བྱའོ། །རྨ་ཚོལ་འཇམ་པོ་རྟ་བླ་བའི། །མཐོ་བ་འབྲས་གཞལ་བརྟག་པར་བྱ། ཞེས་བྱ་བ་ལ། རྨའི་ལམ་ཀུན་ཚོལ་ཞིང་རྟོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་རྨ་ཚོལ་ཞེས་བྱ་བ་ལ། དེས་ནི ་ཐག་རིང་པོར་སོང་བའི་རྨའི་ཕུག་དང། སྤུབས་ཚོལ་བའི་སྐབས་སུ་སྦྱར་བར་བྱའོ། །དེ་ཡང་འཇམ་ཞིང་རྩུབ་བག་མེད་པ་དང། སྲིན་བུ་རྟ་བླ་བ་ཞེས་བྱ་བ་གནདུ་པ་ཏའི་མགོ་ཐོ་འདྲ་བ་དག་གིས་གཞལ་ཞིང་བརྟག་པར་བྱའོ། །དེ་ལས་གཞན་པ་ཁབ་རྩེ་འདྲ། །རྩ་བུག ་ཅན་ནི་དབུག་ལ་སྦྱར། ཞེས་བྱ་བ་ལ། སྔ་མ་དེ་ལས་གཞན་པའི་རྨ་ཚོལ་གཉིས་པ་ཁབ་ཀྱི་རྩེ་མོ་འདྲ་ཞིང། རྩེ་མོ་རྣོ་བ་བུ་ག་འམ་མིག་ཡོད་པ་དག་ནི་དུག་ཅིང་བརྟོལ་བ་ལ་སྦྱར་བར་བྱའོ། །ལྗང་པའི་ལོ་འདྲ་འབིགས་ལ་སྦྱར། ཞེས་བྱ་བ་ལ། ལྗང ་པའི་ལོ་མ་དང་དབྱིབས་འདྲ་བའི་བཙགས་བུ་ནི་འབིགས་པ་ལ་སྟེ། རྩ་འབུགས་པའི་ལས་བྱའོ། །ཤ་རིའི་མཆུ་འདྲ་མདའ་བུག་གི། ཁ་འདྲ་རྩེ་གསུམ་ཁྲག་གཟགས་ལ། བཙགས་བུ་བྱ་ཤ་རི་ཀའི་མཆུ་འདྲ་བ་དང། མདའ་བུ་གི་ཁ་འདྲ་བ་དང། ་རྩེ་གསུམ་པ་འམ། པ་རི་ཁ་བསྡུས་པ་འདྲ་བ་ནི་ཁྲག་གཟགས་ཅིང་འབྱིན་པས་གསོ་བར་བྱ་བའི་ནད་ལ་སྦྱར་རོ། །ཇག་རྩི་ཨ་ཐའི་མཆུ་འདྲ་བ། །འབྲས་བུ་སོར་གཉིས་ཁྲག་འབྱིན་ལ། ཞེས་བྱ་བ་ལ། བཙགས་བུ་འཇག་མའི་རྩེ་མོ་འདྲ་བ་དང། ཨེ་ཐའི་མཆུ་འདྲ་བ་གཉིས་བྱ་ལ་ཞེས ་ཁྲག་གཟགས་པའི་ནད་ལ་སྦྱར་ལ། གཉིས་པ་དེ་དག་ལ་འབྲས་བུ་འམ། རྩེ་མོ་ནི་སོར་གཉིས་ཀྱི་ཚད་དུ་བྱའོ། །དེ་འདྲའི་སོ་ནི་ནང་དུ་ལྟ། །བཙགས་འབྲས་ཟླ་བ་ཁམ་པ་འདྲ། །སེར་ནི་ཕྱེད་དང་གཉིས་ཡོད་བྱ། ཞེས་བྱ་བ་ལ། དེ་གཉིས་དང་དབྱིབས་འདྲ་བས་ན་དེ་འདྲ་སྟེ། ་ཁྱད་པར་ནི་སོ་ནང་དུ་བལྟ་བ་དག་ཏུ་ཁྲག་གཟགས་པ་སྔ་མ་ལ་བཞིན་དུ་སྦྱར་བར་བྱ་ལ། བཙགས་བུ་ཁ་ནང་དུ་བལྟས་པ་དེའི་བཙགས་འབྲས་ཏེ་ཁ་ནི་ཟླ་བ་ཁམ་པ་སྟེ། ཟླ་བ་ཕྱེད་པ་འདྲ་ཞིང་ཁ་ཞེང་སོར་ཕྱེད་དང་གཉིས་པར་བྱའོ། །རྩེ་མོ་འབྲས་དང་འདྲ་བ་ལས། །སོར་ནི་ཕྱེད ་དང་གཉིས་ཡོད་དག་།དེ་ནི་རྩ་ལྟའི་ནང་ལ་སྦྱར། ཞེས་བྱ་བ་ལ། རྩེ་མོ་སྟེ་བཙགས་འབྲས་ཀྱི་ཕྱོགས་བྲས་འདྲ་བ་དེ་བཞིན་དུ་ཚང་སོར་ཕྱེད་དང་གཉིས་ཡོད་པ་དེ་ནི་རྩ་དབུགས་པ་དང། ནང་ལ་སྦྱར་བར་བྱའོ། །སྟེ་རེའི་དབངས་འདྲ་བ་མང་པོ། །འདྲ་བའི་བཙགས་འབྲས་སོར་ཕྱེད་པ། ་དེ་ནི་ཡུ་བ་གྱེན་བསྟན་ལ། །རུས་པའི་སྟེང་གནས་རྩ་ལ་གདབ། ཅེས་བྱ་བ་ལ། དཔངས་དང་སྲིད་སྟ་རེ་ཡུ་བ་ཅན་འདྲ་ཞིང་བཙགས་བུའི་རྩི་མ་འམ། ཁ་སོར་ཕྱེད་ཡོད་པའི་བཙག་བུ་དེས་རུས་པའི་སྟེང་ན་གནས་པའི་རྩལ་གདབ་ཅིང་དབུག་པར་བྱའོ། །ཅི་ལྟ་ཞེ་ན། ་འདེབས་པའི་ཚེ་ཡུ་བ་གྱེན་དུ་བསྟན་ལ་རྩ་དབུག་པར་བྱའོ། །ཟངས་མའི་ཐུར་མ་རྩེ་གསུམ་པ། །རྩེ་མོ་མེ་ཏོག་ཁ་འབུས་འདྲ། །དེ་ཡིས་མཐོང་ཉམས་མིག་སྤྲི་དབུག་ཅེས་བྱ་བ་ལ། མཐོང་བ་ཉམས་པའི་མིག་ནང་སྤྲིས་ཡོད་པ་དེ་དབུག་ཅིང་བསལ་བར་བྱ་བའི་ཕྱིར། ་ཐབས་ལས་བྱས་པའི་ཐུར་མ་རྩེ་མོ་གཉིས་པ་སྟེ། ཡ་ཏོག་མ་ཏོག་གཉིས་ཀ་ལ་རྩེ་མོ་ཡོད་པ། རྩེ་མོ་མེ་ཏོག་ཁ་འབུས་པ་འདྲ་བར་བྱ་སྟེ། དེས་མཐོང་བ་ཉམས་ཤིང་སྒྲིབ་པ་བྱེད་པའི་མིག་སྤྲི་དབུག་པར་བྱའོ། །རྒྱུ་འདྲའི་བཙགས་བུ་བྱ་བ་ནི། སོར་གདུབ་འདྲ་ལ་ཁར་བྱུང ་ལ་།བཙགས་འབྲས་རྒྱར་ནི་སོར་ཕྱེད་པའི། །རིགས་པས་འཕེལ་བཙགས་ལྟ་བུ་འམ། །དཀྱིལ་འཁོར་ལྟ་བུའི་རྩེ་འདྲར་བྱ། །དེ་ནི་མཛུབ་མོའི་ཐོར་ཏོ་ལ། །གདགས་སུ་རུང་བའི་རྒྱ་འདྲ་བྱ། །སྲད་པུས་བསྟོད་ལ་གྲེ་བའི་ནད། །ནད་རྣམས་བཙད་དང་དྲལ་ལ་སྦྱར། ཞེས་བྱ་བ་ལ། རྒྱ ་འདྲ་བའི་བཙགས་བུ་བྱ་བ་ནི་མཚན་ཉིད་འདི་ལྟར་བྱ་སྟེ། སོར་གདུབ་འདྲ་བར་བྱས་པ་ཉིད་ལས་ཁ་བསྟོད་པ་འམ། བྱུང་བ་འམ། དེ་བཞིན་དུ་བཙགས་འབྲས་དེའི་ཁ་ཕྱོགས་སུ་རྒྱ་སོར་ཕྱེད་ཡོད་བ། རིགས་པས་ཞེས་པ་མཚོན་གྱི་ལས་གང་བྱ་བ་དང་འཚམ་པར་བྱས ་པ་དང། དབྱིབས་འཕེལ་བཙགས་ལྟ་བུ་འམ་དཀྱིལ་འཁོར་ལྟ་བུའི་བཙགས་བུ་དང། རྩེ་མོ་འདྲ་བ་བྱས་ལ། དེ་ཡང་མཛུབ་མོའི་ཐོར་ཏོ་སྟེ། ཚིགས་དང་པོ་ལ་གདགས་སུ་རུང་བའི་རན་པའི་སོར་གདུབ་ལྟ་བུའི་རྣམ་པ་དེ་ལྟ་བུར་བྱའོ། དེ་ཡང་སྐུད་པ་དམར་པོས ་བཏགས་ཏེ། མཁྲིག་མའི་གནས་སུ་གདགས་པར་བྱ་ལ། དེ་ནས་དེའི་འོག་ཏུ་གྲེ་བའི་ནང་དུ་བཞུག་ཅིང། དེའི་ནང་གི་ནད་རྣམས་བཅད་པ་དང་དྲལ་བར་བྱའོ། །གྲེ་བའི་ཤ་ལྷག་ཐོར་སོགས་འཛིན། །ལྕགས་ཀྱུ་རྩེ་མོ་ལེགས་དགུག་བྱ། ཞེས་བྱ་བ་ལ། གྲེ་བའི་ནང་གི་ཤ་ལྷག ་དང་ཐོར་བུ་དང་འབྲས་ལ་སོགས་པ་སླང་ཞིང་གཟུང་བའི་ཕྱིར། ལྕགས་ཀྱི་རྩེ་མོ་ལྕགས་ཀྱུ་ལྟ་བུ་ལ་བྱ་ཞིང་རྩེ་མོ་ཤིན་ཏུ་ལུག་པར་བྱེད་པར་བྱའོ། །རུས་པ་གཅོག་པའི་སོག་ལེ་ནི། སྲིད་དུ་སོར་བཅུ་ཞང་སོར་གཉིས། །སོ་རྣམས་ཕྲ་ཞིང་རབ་ཏུ་རྣོ། ཡུ་བ་ཚད་ཟུངས་ལེགས་པར་བྱ། ་ཞེས་བྱ་བ་ལ། རུས་པ་བཅད་པའི་མཚོན་ནི། སོག་ལེ་ཞེས་བྱ་བས་བྱ་ལ། །དེའི་ཚད་ནི་སྲིད་ཀྱི་དཔངས་སུ་སོར་གཉིས་ཡོད་པ་བྱས་ལ། དེ་ཡང་སོ་རྣམས་རབ་ཏུ་ཕྲ་ཞིང་རྣོ་ལ་རྩུབ་པར་བྱ་བ་དང། ཡུ་བའི་ཚད་ཟུངས་ལེགས་ཤིང་མཛེས་པར་བྱའོ། །རྣ་ཡི་ཆུ་རྒྱུས་སྐྲ ་བཅད་པའི། ཆན་པ་ཆན་པ་འདྲ་བར་བྱ། ཞེས་བྱ་བ་ལ། བཙགས་དཔྱད་ཀྱི་རྣམ་པ་ཆན་བ་ཞེས་བྱ་བ་ནི། རྨའི་ཆུ་རྒྱུས་དང་སྐྲ་བཅད་པའི་དོན་དུ་བྱ་ལ། དེ་ཡང་ཆན་པ་འདྲ་བ་སྟེ། ཆ་གསུམ་འོག་ཏུ་དགུག་པར་བྱ་ལ། ལྷགས་མ་ཆ་བཞི་པ་སོར་བྱའོ། །སོ་ཡོ་སོ་དྲང་ཁ་གཉིས ་པའི། །སེན་མོ་འདྲེག་དཔྱད་སོར་དགུ་པ་ཟུག་རྔུ་ཕྲ་འབྱུང་བཅད་པ་དང། །དྲལ་དང་དབུག་དང་ཕྱི་བར་བྱ། ཞེས་བྱ་བ་ལ། བཙགས་དཔྱད་ཁ་གསེགས་སུ་ཡོད་པ་དང་ཁ་འདྲ་བ་སྟེ། ཁ་གཉིས་ཡོད་པར་བྱ་ལ། དེ་ནི་སེན་མོ་འདྲེག་པའི་བཙགས་དཔྱད་ཅེས་བྱ་སྟེ། དེའི་སྲིད་ནི་སོར་དགུ ་པར་བྱའོ། །དེས་ཀྱང་ཟུག་རྔུ་ཕྲག་མོ་ཟུག་པ་དབྱུང་བ་དང། སེན་མོ་ལ་སོགས་པ་བཅད་པ་དང་དྲལ་བ་དང། དབུག་པ་དང། ཕྱི་བར་སྦྱར་བར་བྱའོ། །ཟུར་བཞི་པ་ལ་སོ་གཅིག་པ། །དབྱིབས་ནི་ཀུན་ཏུ་གཅིག་འདྲ་བ། །སོ་ཕྱི་བ་ཡི་བཙགས་དཔྱད་དེས། །སོ་ཡི་དྲེག་པ་ཕྱི་བར ་བྱ། ཞེས་བྱ་བ་ལ། ཕྱི་བ་ཞེས་བྱ་བའི་བརྩིགས་དཔྱད་ཟུར་བཞི་པ། སོ་གཅིག་པར་བྱས་པ་ལ་དབྱིབས་ཀྱི་རྣམ་པ་ཀུན་ཏུ་འབྲེལ་ཞིང་གཅིག་འདྲ་བར་བྱ་ལ། །དེ་ཡང་ཕྱོགས་གཅིག་ནས་ལག་པས་བཟུང་དུ་རུང་བར་བྱས་ལ། དེ་ལྟ་བུའི་སོ་ཕྱི་བའི་བཙགས་དཔྱད ་དེས་སོའི་དྲེག་པ་དང། སོ་ལ་སྐྱོན་བྱུང་བ་ཕྱི་ཞིང་བསལ་བར་བྱའོ། །ཁབ་ནི་མགོ་ཟླུམ་མིག་ཟབས་ཆེ། །མཁྲང་བ་གསུམ་བྱ་ཞེས་བྱ་བ་ལ་ཁབ་གསུམ་པོ་མགོ་ཟླུམ་ཞིང་མཇམ་པ་དང། སྐུད་པ་འཇུག་པའི་ཕྱོགས་ཀྱི་མིག་གི་ཟབས་ཆེ་བ་དང། མཁྲང་ཞིང་སྲབ་པ་བྱའོ། །དེ་ལས་ནི། ཟུར་གསུམ ་སྲིད་དུ་སོར་གསུམ་པས། ཞེས་བྱ་བ་ལ་རྨ་བརྩེམ་པ་ལ་གསུམ་པོ་དེ་དག་གི་ནང་ནས་ཤས་ཆེ་བའི་ཕྱོགས་ཀྱི་རྨ་བརྩེམ་པ་ལ་ནི་ཟུར་གསུམ་ཡོད། སྲིད་སོར་གསུམ་པས་བྱའོ། །ཤ་ཆུང་དང་ནི་རུས་ཚིགས་ན། །རྨ་ཡོད་པ་ལ་སྲིད་སོར་གཉིས། ཞེས་བྱ་བ་ལ། རྨ་ཤ་ཆུང་བའི་ཕྱོགས་དང་རུས་པ ་དང། ཚིགས་ལ་རྨ་ཡོད་པ་བཙེམ་པ་ལ་ནི་ཁབ་སྲིད་དུ་སེར་གཉིས་པ་བྱའོ། །ཞུ་དང་མ་ཞུའི་གནས་ནད་རྨའི། །ཁབ་རྩེ་འབྲས་དབྱིབས་གཞུ་ལྟར་གུ་སྲིད་དུ་སོར་ནི་ཕྱེད་དང་གསུམ། ཞེས་བྱ་བ་ལ། ཁབ་གསུམ་པ་ནི་ཁབ་རྩེ་འབྲས་འདྲ་ཞིང་གཞུ་ལྟར་དགུ་པོ་ལ་སྲིད་དུ་སོར་ཕྱེད་དང་གསུམ ་ཡོད་པར་བྱ་སྟེ། དེས་ནི་ཞུ་བའི་གནས་དང། མ་ཞུ་བའི་གནས་ན་རྨ་ཡོད་བ་དང། གནད་རྣམས་ན་རྨ་ཡོད་པ་ལ་བརྩེམ་པར་བྱའོ། ཞེས་སྦྱར་བར་བྱའོ། །ཁབ་ནི་བདུན་ནམ་བརྒྱད་ཀུན་ཀྱང། །ཟླུམ་པོ་སོར་ནི་ལེགས་སྦམས་ལ། །ཁྲི་གཅིག་ལ་བཙུགས་པོར་འདྲ་བ། །བཙན་སྔན་གདོང་ནད་ཐིག ་ལེ་ནག་།སྐ་འབྱི་བ་ལ་བཙག་པར་བྱ། ཞེས་བྱ་བ་ལ། ཁབ་བདུན་ནམ་བརྒྱད་ཀུན་ཀྱང་ཟླུམ་པར་བྱས་ལ། ཚད་སོར་བཞི་པ་དེ་ལེགས་པར་སྤམས་ཤིང་བསྡུས་ལ་ཁྲིའུ་འམ། གཞི་གཅིག་ལ་བཙུགས་ཏེ། པིར་འདྲ་བར་བྱ་ཞིང་ལེགས་པར་བཅིང་བར་བྱ་སྟེ། །བཙེགས་དཔྱད ་འདི་ནི་ཁབ་ཀྱི་པིར་ཞེས་བྱ་སྟེ། དེ་ནི་བཙན་སྔོན་པོ་བྱུང་བ་དང། གདོང་གི་ནད་ཐིག་ལེ་ནག་པོ་ཆགས་པ་དང། སྐྲ་འབྱི་བའི་ནད་ལ་བརྩག་པར་བྱའོ། ཁ་བརྒྱད་ཟླུམ་པོ་སོར་ཕྱེད་པ། །གཅིག་ཏུ་སྦམས་ལ་གཟར་བུ་འདྲས། །ལག་པ་གཉིས་ཀྱིས་བཙུབས་ནས་ནི། །དེ་ཡིས ་སྣ་ཡི་ཁྲག་དབྱུང་ངོ། ཞེས་བྱ་བ་ལ། ཚལ་བ་ཕྲེའུ་ཕྱོགས་བརྒྱད་དུ་གནས་པ་དང་ལྡན་པའི་ཟླུམ་ཟླུམ་པོ་ཚད་སོར་ཕྱེད་པ་གཅིག་ཏུ་སྤམས་བ་གཟར་བུ་འདྲ་བར་བྱས་ལ། གཟར་བུ་དེས་ལག་པ་གཉིས་ཀྱིས་བཙུབས་པར་གྱུར་པ་ལས། སྣའི་ཁྲག་དབྱུང་ཞིང་གདོན་པར་བྱའོ། ། ་རྣ་ཤ་ལ་དབུག་པའི་བསྙུང་བུ་ནི། །ཡུ་ཐི་ཀ་ནི་ཁ་འདུས་འདྲ། ཞེས་བྱ་བ་ལ། རྣ་ཤལ་དབུག་ཅིང་འབུགས་པའི་ཆ་དཔྱད་བསྙུང་བུ་ནི། མེ་ཏོག་ཡུ་ཏི་ཀ་ཁ་འབུས་བ་འདྲ་བར་བྱས་པའོ། །བསྙུང་བུ་སེར་ནི་ཕྱེད་པར་བྱ། །དེ་ཡི་ཚད་དབུག་དེ་ཡན་ཆད། །ཟུར་བཞི་པར་བྱས་དེ་ཡིས་ནི། ་སྐྲངས་སྨིན་མ་སྨིན་དོགས་པ་དབུག། རྣ་དྲུང་ཤ་ནི་སྟུག་པོ་དབུག་ཅེས་བྱ་བ་ལ། བསྙུང་བུ་ཞེས་བྱ་བ་ནི། བཙེགས་དཔྱད་ཁ་ཟླུམ་པོ་སོར་ཕྱེད་ཡོད་པ། དེའི་ཚད་དུ་དབུག་ཅིང་གཞུག་བར་བྱ་ལ། ཟླུམ་པོ་སོར་ཕྱེད་པ་དེ་ཡན་ཆད་ནི་དབྱིབས་ཟུར་བཞི་པར་བྱའི། །ཟླུམ་པོར་ནི་མི་བྱའོ་དེ ་ལྟ་བུའི་བཙགས་དཔྱད་དེས་ནི། སྐྲངས་པ་འདི་སྨིན་པ་ཡིན་ནམ། མ་སྨིན་པ་ཡིན་ཞེས་དོགས་ཤིང་སོམ་ཉིར་གྱུར་པ་ལ་དབུག་བར་བྱའོ། །གཞན་ཡང་དེས་ནི། རྣ་དྲུང་གི་རྣ་ཤལ་སྟུག་པོ་ཡོད་པ་དག་དབུལ་བར་བྱའོ། །བསྙུང་བུ་ཁ་ནི་སྤོམ་པོ་ལ། བུམ་ཆ་སྤུ་གུ་ཡོད་བྱས་ལ། སོར་གསུམ་པ་ཡིས་རྣ་བ་དབུག་ཅེས་བྱ ་ལ། ཡང་རྣ་ཤ་ལམ་ཐུག་པོ་ཡོད་པ་ལ། བསྙུང་བུ་འམ་ཁབ་སྤོམ་པོས་དབུག་བ་བསྔགས་པ་ཡིན་ལ། །དེ་ཡང་སུམ་ཆའི་ཚད་ཙམ་དུ་བུ་ག་ཡོད་པར་བྱས་པ། སྲིད་སོར་གསུམ་པ་ཁོང་སྟོང་གིས་དབུག་པར་བྱའོ། །པདྨ་ཐལ་སྨན་མེད་བཅའ་དང། །མཆིང་བུ་རྡོ་དུམ ་སེན་མོ་སོགས། །ལྕགས་མིན་གཏར་དཔྱད་ཕྲ་མོ་སྟེ། །དེ་ཡང་དེ་བཞིན་སྦྱར་བར་བྱ། །ཆ་དཔྱད་འཁྲུལ་འཁོར་སོགས་པས་ཀྱང། །མཁོ་པ་ནད་ཀྱི་དམིགས་དང་སྦྱར། ཞེས་བྱ་བ་ལ། པདྨ་དང་ཐལ་སྨན་ལ་སོགས་པ་ནི། མཁོ་བའི་ཆ་དཔྱད་ཡིན་ལ། སོགས་པ་སྨོས་ནི་ཀུརྦནདི་དང། ཤིང་གི ་ཡལ་ག་དང། ཕྱུགས་ཀྱིས་རྨིག་པ་དང། ལོ་འདབ་རྩུབ་མོ་དང། རྒྱ་མཚོའི་ལྦུ་བ་དང། ལྕི་བ་སྐམ་པོ་ལ་སོགས་པ་བསྡུའོ། །དེ་དག་ནི་ལྕགས་མ་ཡིན་པའི་གཏར་དཔྱད་ཕྲ་མོ་སྟེ། དེ་ཡང་བློས་སྔ་མ་བཞིན་དུ་འོག་ནས་བཤད་པའི་ཚུལ་གྱིས་སྦྱར་བར་བྱའོ། ཡང་འདི་བཞིན་དུ་ཆ་དཔྱད ་གཞན་དག་འཁྲུལ་འཁོར་ལ་སོགས་པས་ཀྱང་ཉེ་བར་སྦྱར་བར་བྱའོ། །དེ་བཞིན་དུ་མཁོ་བའི་ཆ་དཔྱད་གཞན་དག་ཀྱང་ནད་ཀྱི་དམིགས་དང་དཔགས་ཏེ་སྦྱར་བར་བྱའོ། །འདྲེན་དང་འབྱིན་དང་དྲལ་དང་འདྲུབ། །དམིགས་ཚོལ་ཕྱི་བསལ་ཞལ་ཞལ་གདབ། །བཙགས་དཔྱད་གཤེག ་དབུག་གཅུག་པ་དང། །གཟུང་སྲེག་དེ་ཡི་བྱ་བ་ཡིན། ཞེས་བྱ་བ་ལ། འདྲེན་པ་དང་བ་འབྱིན་པ་ཞེས་བྱ་བ་ནས། སྲེག་པའི་བར་བྱ་བ་རེ་རེ་ཞིང་སྨོས་བ་ནི། བཙགས་དཔྱད་དེས་བྱ་བའི་ལས་ཡིན་ནོ། །བཅད་དང་དྲ་ལ་དང་ཕྱི་བའི་ཕྱིར། །དཔྱད་ཀྱི་བཙགས་འབྲས་རྩ་བའི་བར། མཛུབ་མོ་གུང ་མོ་མཐེ་བོ་ཡིས། །མ་ཡེངས་པ་དང་ལེགས་པར་གཟུང། ཞེས་བྱ་བ་ལ། བཙགས་དཔྱད་བཅད་པའི་དོན་དང། དྲལ་བའི་དོན་དང། །ཕྱི་བའི་དོན་གྱི་བྱ་བ་བྱེད་པའི་ཕྱིར་རོ། །དེ་ཡིས་ལས་བྱེད་པ་ན་བཙགས་དཔྱད་དེ་རྣམས་ཀྱི་བཙགས་འབྲས་དང། རྩ་བའི་བར་ནས་ལས་དེ ་དག་བྱ་བའི་ཕྱིར་གཟུང་བར་བྱས་ལ། དེར་མཛུབ་མོ་དང། གུང་མོ་དང། མཐེ་བོ་སྟེ། སོར་མོ་གསུམ་གྱིས་བཟུང་བར་བྱའི། །ལག་པ་ཐམས་ཅད་ཀྱིས་ནི་མི་བཟུང་ངོ། །འཛིན་པ་ན་ཡང་བློ་གཞན་དུ་མ་ཡེངས་པ་དང། །ནོར་བ་མེད་པར་ལེགས་པར་བཟུང་བར་བྱའོ། །གཏར ་ག་གདབ་ཕྱིར་རྩེ་མོའི་དྲུང། །མཛུབ་མོ་དང་ནི་མཐེ་བོས་བཟུང། ཞེས་བྱ་བ་ལ། གཏར་ག་གདབ་ཅིང་ཁྲག་གཟགས་པའི་དོན་དུ་ནི། བཙགས་བུའི་རྩེ་མོ་དྲུང་མཚམ་ནས་མཛུབ་མོ་དང་མཐེ་བོས་བཟུང་བར་བྱའོ། །འབྲས་འདྲ་བ་ཡི་ཡུ་བ་ནི། །ཆང་པར་བཅུག་སྟེ་རྩེ་མོ་གདབ། །ཅེས་བྱ་བར ་བཅགས་བུ་འབྲས་ཀྱི་དབྱིབས་འདྲ་བའི་ཡུ་བ་ཟླུམ་པོ་ཆང་བར་བཅུག་སྟེ། རྩེ་མོ་སྟེ་ཁའི་ཕྱོགས་ནས་བཟུང་སྟེ་གདབ་པར་བྱའོ། །དབྱུང་དོན་ཡུ་བ་ནས་བཟུང་བྱ། །ཞེས་བྱ་བ་ལ། ཟུག་རྔུ་ལ་སོགས་པ་འབྱིན་པའི་དོན་གྱི་ཆ་དཔྱད་ནི་ཡུ་བ་སྟེ། རྩ་བའི་ཕྱོགས་ནས་བཟུང་ཞིང་གདོན ་པར་བྱའོ། །ཆ་དཔྱད་སྔར་སྨོས་པ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གཞན་དག་བྱ་བ་གང་བདེར་བྱ། ཞེས་བྱ་བ་ལ། བཙགས་དཔྱད་གཞན་དག་ནི། བྱ་བ་ལ་ཇི་ལྟར་བདེ་བ་བཞིན་དུ་ཅི་རིགས་པར་བྱའོ། །གཏར་དཔྱད་སྣ་ཚོགས་དག་གི་སྣོད། །གསོ་རས་བལ་སྨན་མེནྟི་འམ། ་པགས་འཇམ་དུ་གུ་ལ་ལས་བྱས། །རབ་ཏུ་སྟུག་པ་ཞེང་སོར་དགུ། སྲི་དུ་སོར་ནི་བཅུ་གཉིས་པ། །བལ་གྱིས་པར་བཅད་དཔྱད་བཅུག་ལ། །ལེགས་པར་བཞག་སྟེ་དྲུབས་པ་དང། །ཐུར་མས་ཁ་ནི་བསྒྱུར་བར་བྱ། ཞེས་བྱ་བ་ལ། གོང་དུ་སྨོས་པའི་གཏར་དཔྱད་སྣ་ཚོགས ་དག་གི་སྣོད་གསོ་རས་ས་མ་བལ་གོས་སམ། མེནྟྲི་ལ་སོགས་པ་ལས་བྱས་པ་འམ། པགས་པ་འཇམ་པོ་འམ། རུ་གུ་ལ་ལས་བྱས་པ། རབ་ཏུ་སྟུག་པ་མཁྲེགས་པ་དང། ཞེང་སོར་དགུ་སྟེ། ངོས་གཅིག་ནས་གཅིག་ཏུ་སོར་དགུ་པ་ཡོད་པ། སྲི་དུ་སོར་བཅུ་གཉིས་པ། དེ ་བཞིན་དུ་བལ་གྱིས་བཙགས་དཔྱད་ཀྱི་བར་བར་དུ་བཅད་ཅིང། བཅུག་ལ་མ་འདྲེས་པར་ལེགས་པར་བཞག་སྟེ། དྲུབས་པ་དང། དེ་བཞིན་དུ་སྣོད་ཀྱི་ཁའི་བུ་ག་ཐུར་མས་ལེགས་པར་བསྒྱུར་བར་བྱ་ཞིང་ཁ་བཅད་པ་དང། བཅས་པ་དེ་ནི་བསག་ཅིང་བསྡུ་བར་བྱའོ། །སྲིན་བུ་པདྨ ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། ཞེས་བྱ་བ་ལ། སྲིན་བུ་པདྨ་ཞེས་བྱ་བ་ཆུ་ན་གནས་པའི་འབུའི་རིགས་མཛའ་ལུ་ཁ་ནི། སྐྱེས་བུ་བདེ་བར་གནས་པ་དག་ཁྲག་དབྱུང་བའི་ཕྱིར་སྦྱར་བར་བྱའོ། །ཆུ་ན་ཉ་དང་སྦལ་སོགས་དང། །མི་རོའི་དྲི་མ་རྣམས་ལས་བྱུང། ། ་དམར་དང་དཀར་དང་ཤིན་ཏུ་གནག་།མི་སྲུན་སྤོམ་དང་འབྱིལ་བ་དང། །འཇའ་ཚོན་དང་འདྲ་རོ་སྟོད་བཀྲ། སྤུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་གཞིབས་ན། གཡའ་རྣག་འཛག་རིམས་མགོ་འཁོར་བསྐྱེད། །དེ་ལ་དུག་ཁྲག་མཁྲིས་གསོ་བྱ། ཞེས ་བྱ་བ་ལ། སྲིན་བུ་པདྨ་ཆུ་ངན་པ་ལས་བྱུང་བ་དང་ཉ་དང་སྦལ་བ་ལ་སོགས་པ་དང། མི་རོ་དང་དྲི་མ་རྣམས་ལས་བྱུང་བ་དང། ཁ་དོག་དམར་བ་དང། དཀར་བ་དང་ཤིན་ཏུ་གནག་པ་དང་མི་སྲུན་ཞིང་རིང་བཞིན་གཡོ་བ་དང། སྦོམ་ཞིང་ལུས་ཆེ་བ་དང། བསིལ་བ་དང། འཇའ ་ཚོན་དང་འདྲ་བར་ཁ་དོག་སྣ་ཚོགས་ཡོད་པ་དང། རོ་སྟོད་བཀྲ་ཞིང་ར་རིར་འདུག་པ་དང། སྤུ་ཡོད་པ་དེ་ཐམས་ཅད་དུག་ཅན་ཡིན་པས་སྤང་བར་བྱ་བའོ། །གཏར་ག་གདབ་པའི་དོན་དུ་མི་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེས་ཁྲག་གཞིབས་ནས་གཡའ་བ་ལ་སོགས་པ་འབྱུང་བར ་འགྱུར་ལ། གཡའ་བ་ལ་སོགས་པ་སྐྱེས་པ་དེ་ལ་ནི། དུག་དང་ཁྲག་དང་མཁྲིས་པའི་གསོ་བ་བྱའོ། །ཆུ་མདོག་རྣམ་པར་གསལ་བ་དང། །དུག་མེད་ཉ་ལྕིབས་མེད་ལས་བྱུང། །རྩ་སྣ་རོ་སྟོད་སྔོ་བཀྲ་ཟླུམ། །རྒྱབ་ནི་ངུར་སྨྲིག་འདྲ་ལུས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང། ཞེས ་བྱ་བ་ལ། ཆུའི་མདོག་རྣམ་པར་གསལ་ཞིང་དང་བ་ལས་བྱུང་བ་དང། དུག་མེད་ཅིང་ཉ་ལྕིབས་མེད་པ་ལས་བྱུང་བ་དང། མདོག་ཅུང་ཟད་རྩ་སྣར་སྔོ་བག་ཏུ་འདུག་པ་དང། རོ་སྟོད་སྔོ་བཀྲར་འདུག་པ་དང། །དབྱིབས་ཟླུམ་པ་དང། རྒྱབ་ངུར་སྨྲིག་ལྟར་སེར་བ་དང། ལུས ་ཕྲ་ཞིང་སྲབ་པ་དང། ལྟོ་ཅུང་ཟད་སེར་པོར་གནས་པ་གང་ཡིན་པ་དེ་ཐམས་ཅད་བཟང་སྟེ། དུག་མེད་པ་ཡིན་ནོ། །དེ་ཡང་ལེགས་པར་མ་སྐྱུགས་དང། །རྟག་ཏུ་འཐུང་ངུ་བཅུག་པ་དག། ཆུ་ནང་ཞུགས་ཏེ་ནུབ་པ་ནི། །ཁྲག་གིས་མྱོས་པ་ཡིན་པས་སྤང། ཞེས་བྱ་བ་ལ། ་དུག་མེད་པའི་སྲིན་བུ་དེ་དག་ནི་ནད་ཁྲག་འཐུངས་ནས་ལེགས་པར་སྐྱུགས་པ་དང། རྟག་པར་རྒྱུན་དུ་འཐུང་ངུ་བཅུག་པ་དག། ཆུའི་ནང་དུ་ཕྱིན་ཏེ་ནུབ་པ་ནི་ཁྲགས་གིས་སྨྱོས་པ་ཞེས་བྱ་བ་ཡིན་པས་དེ་ཡང་སྤང་བར་བྱའོ། །དེ་ནས་ཅིག་ཤོས་སྐྱེར་པ་བཏགས། །ཆུར ་སྦྱར་བ་ཡི་ནང་དུ་གཞུག། ཀཉྫི་ར་འམ་དར་བའི་ནང་དུ་གཞུག། སླར་ཡང་ཆུར་ནི་དབུགས་ཕྱུང་ནས། །མར་རམ་ས་ཞག་ནུ་ཞོ་འམ། །ཁྲག་གི་ཐིགས་པས་བསྐུ་འཐུང་གཞུག། ཅེས་བྱ་བ་ལ། དེ་ནས་སྲིན་བུ་དུག་མེད་པ་སྐྱེར་པ་བཏགས་པའི་ཕྱེ་མ་དང། ཆུར་སྦྱར་བའི་ནང་དུ་བཅུག ་པ་འམ། རྩབ་མོ་རང་སྐྱུར་རམ། དར་བའི་ནང་དུ་བཅུག་ལ། དེ་ནས་སླར་ཡང་ཆུར་བཅུག་པས་དབུགས་ཕྱུང་ལ་འཐུང་ངུ་གཞུག་སྟེ། །དེ་ཡང་མར་ལ་སོགས་པ་བསྐུས་པར་འཐུང་ངུ་གཞུག་སྟེ། དེ་དག་གང་ཡང་རུང་བས་བསྐུས་ནས་འཐུང་ངུ་གཞུག་གོ། འཐུང་ཚེ་རོ་སྟོད་མཐོར ་གྱུར་ན། །རས་མ་སྲབ་མོས་གཡོགས་པར་བྱ་ཞེས་བྱ་བ་ལ། སྲིན་བུ་དེ་རོ་སྟོད་བཏེག་སྟེ་འཐུང་ནེ། གོས་སྲབ་མོས་གཡོགས་པར་བྱའོ། ཁྲག་ནི་བཟང་ངན་འདྲེས་བ་ལས། པདྨ་དང་པོར་ནང་ཁྲག་ནི། །འཐུང་སྟེ་དང་པ་འོ་མ་དང། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། ཞེས་བྱ་བ་ལ ་སྲིན་བུ་པདྨ་དེས་ནི་ཁྲག་བཟང་པོ་དང། ངན་པ་འདྲེས་པ་ལས་ནད་ཁྲག་འཇིབས་ཏེ། དེ་དཔེར་ན་ཆུ་དང་འོ་མ་འདྲེས་པ་ལས་དང་པས་ནི་འོ་མ་ལེན་བ་དང་འདྲའོ། །སོ་ཡིས་འདེབས་པ་འམ་གཡའ་གྱུར་ན། དེ་ནི་སླར་དབྱུང་སྐྱུག་ཏུ་གཞུག། རྒྱམ་ཚ་ཏིལ་མར་གྱིས་ཁ་བསྐུ།། ་ཕྱེ་མ་འཇམ་པོས་རྒྱབ་ཏུ་གཏོར། ཞེས་བྱ་བ་ལ། སྲིད་དུ་པདྨས་འཇིབ་པ་ན། སོ་འདེབས་པ་འམ། གཡའ་བར་གྱུར་ན། ནད་མེད་པའི་ཁྲག་བསྲུང་བའི་འབུ་དེ་གདོན་པར་བྱའོ། །བཏོན་ནས་བྱེད་ཁྲག་སྐྱུག་ཏུ་གཞུག་གོ། དེ་བཞིན་དུ་རྒྱམ་ཚ་དང། ཏིལ་མར་སྦྱར་བས་ཁ ་བསྐུ་བར་བྱའོ། །དེ་བཞིན་དུ་ཕྱེ་མ་འཇམ་པོས་ཀྱང་གཏོར་བར་བྱ་ཞིང། མཇུག་མ་ནས་ཡར་བཙིར་ཏེ་སློན་དུ་གཞུག་པར་བྱའོ། །སླར་ཡང་ཞག་བདུན་བར་དུ་ནི་ཁྲག་མྱོས་བསྲུང་ལ་འཐུང་མི་གཞུག། ཅེས་བྱ་བ་ལ། དེ་ལྟར་སྔར་བྱས་ནས་ཞག་བདུན་གྱི་བར་དུ་འཇིབ་ཏུ་མི་གཞུག་གོ། སྲིན ་བུ་པདྨ་ལ་གས་སྐྱུགས་ན། །སྔོན་བཞིན་ཁོང་གྲིམས་བརྟན་པར་འགྱུར། །དྲགས་ན་དལ་ཞིང་སྙོམ་འཆི་འགྱུར། །སྐྱུགས་མ་ལེགས་ན་རེངས་མྱོས་འགྱུར། ཞེས་བྱ་བ་ལ། སྲིན་བུ་པདྨ་སྐྱུགས་ལེགས་ན་ཁྲག་མ་འཐུངས་པའི་སྔོན་བཞིན་དུ་ཁོང་གྲིམས་ཤིང་བརྟན་པས ་འགྱུར་རོ། །དེ་སྐྱུགས་དྲགས་ན་ལུས་སྙོམ་པ་འམ་འཆི་བར་འགྱུར་རོ། །སྐྱུགས་མ་ལེགས་ན་ནི་རེངས་ཤིང་མྱོས་པར་འགྱུར་རོ། །བུམ་པ་ཆུ་དང་ས་བླུག་པ། །གཞན་དང་གཞན་དུ་བཞག་པར་བྱ། །ཁ་ཆུ་རུལ་བག་སྦྱང་ཕྱིར་བྱ། །གཞན་དུ་དུག་དང་བཅས་པར་འགྱུར། ཞེས་བྱ་བ་ལ། ་པདྨ་དེ་ནི་བུམ་པ་དང། ཆུ་དང་ས་གཙང་མ་བླུག་པ། དེ་ལྟ་བུའི་མི་མཐུན་པ་གཞན་དང་གཞན་དག་ཏུ་བཞག་པར་བྱ་སྟེ། དེ་ཁ་ཆུ་དང་རུལ་བག་སྤང་བའི་ཕྱིར་ཡིན་ནོ། །དེ་ལྟར་མ་བྱས་ན་ནི་རྒྱུ་དེས་དུག་ཅན་དུ་འགྱུར་རོ། །མ་དག་གཡའའམ་ཁྲག་མ་བྱུང། །སྐྱེར་པ་བུ་རམ་སྦྲང་རྩིས ་བསྐུ། ཞེས་བྱ་བ་ལ། ཁྲག་མ་དག་པར་གྱུར་ན་སྲིན་བུ་དེ་བསྐྱོད་ལ། སྐྱེར་པ་ལ་སོགས་པས་བསྐུ་བར་བྱའོ། །ལན་བརྒྱར་བཀྲུགས་མར་རས་བལ་གྱི། །ལེ་འུས་བྱུགས་ལ་སྨན་བསིལ་བསྐུ། ཞེས་བྱ་བ་ལ། ཁྲག་གཞིབས་ཟིན་ནས་མར་ལན་བརྒྱར་དཀྲུགས་ཤིང་བཞུན་བས ་རས་བལ་གྱི་ལེའུ་དང་བསྐུ་བ་དང་སྨན་བསིལ་བག་གིས་བསྐུ་བར་བྱའོ། །ནད་ཀྱི་ཁྲག་དང་བྲལ་གྱུར་ན། །འཕྲལ་དུ་རྩ་དམར་ནད་མེད་འགྱུར། ཞེས་བྱ་བ་ལ། ནད་ཁྲལ་མ་ལུས་པར་ཕྱིན་པར་གྱུར་པ་དང། དེའི་མོད་ལ་རྩ་དམར་བ་དང། ནད་དུ་གྱུར་བ་དག་ཞི་བར ་འགྱུར་རོ། །མ་དག་གནས་ནས་བསྐྱོད་གྱུར་པ། །རྨ་ཡི་གནས་སུ་འདུག་པའི་ཁྲག། ཞག་ལོན་ན་ནི་རྣགས་པར་འགྱུར། །དེ་བས་དེ་ནི་སླར་དབྱུང་ངོ། ཞེས་བྱ་བ་ལ། ཁྲག་མ་དག་ཅིང་ནད་དང་བཅས་པར་རང་གི་གནས་ནས་བསྐྱོད་ཅིང་འཕོས་ཏེ་རྨའི་གནས་སུ་འདུག་པ ་ནི་ཚན་མོ་འདས་ཤིང་ཞག་ལོན་ན་བརྣགས་པར་འགྱུར་རོ། །དེ་བས་ན་ཁྲག་དེ་སླར་དབྱུང་བར་བྱ་ཞིང་བསལ་བར་བྱའོ། །མཁྲིས་རྒྱས་ཁྲག་གི་ནད་ལ་ནི། བསྐུ་བ་བུམ་པ་སྤང?་མི་བྱ། །དེ་གཉིས་མེ་དང་བཅས་པ་ཡིན། །རླུང་དང་བད་ཀན་ལ་སྦྱར་བྱ། ཞེས་བྱ་བ་ལ། མཁྲིས ་པ་རྒྱས་ཤིང་ཤས་ཆེ་བ་ལས་བྱུང་བའི་ཁྲག་ནད་ལ་ནི། ཁྲག་དེ་དབྱུང་བའི་ཕྱིར་སྔར་བཤད་པའི་ཀུ་བ་དང། བུམ་པ་གླན་ཅིང་སྦྱར་བས་ཁྲག་དབྱུང་བར་མི་བྱ་སྟེ། གོང་གི་ཕྱིར་བཞི་པ་དེ་དག་ནི་ནང་ན་མེ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཁྲག་གི་སྐྱེ་གནས ་མཁྲིས་པ་དང། ནུས་པ་མཐུན་པས་གནོད་པ་ཡིན་ནོ། །རླུང་དང་བད་ཀན་ཤས་ཆེ་བའི་ནད་ལ་ནི། ཀུ་བ་དང་བུམ་པ་སྦྱར་བས་ཁྲག་དབྱུང་བར་བྱ་སྟེ། དེ་གཉིས་ཀྱི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་རོ། །བད་ཀན་ལས་གྱུར་ནད་ཁྲག་ནི། །བསྐ་བས་རྔ་བས་རྭས་གཞིབ་མི་བྱ། །རླུང་དང་མཁྲིས་པ་ལས ་གྱུར་ཁྲག། རྔ་བས་རྭས་བཞིབས་ཏེ་དབྱུང་བར་བྱ། །ཞེས་བྱ་བ་ལ་བད་ཀན་ལས་གྱུར་པའི་ནད་ཁྲག་ནི། བསྐ་ཞིང་སྦྱིན་བག་ཅན་ཡིན་པས། རྔ་བས་རྭས་གཞིབ་ཅིང་དབྱུང་བར་མི་བྱ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་ཁྲག་ནི་སླ་བ་ཡིན་བས་རྔ་བས་རྭས་གཞིབས་ཤིང་དབྱུང ་པར་བྱའོ། །ལུས་ཀྱི་གོང་དུ་སྲད་བུ་འམ། །རས་ཀྱིས་དམ་དུ་བཅིངས་ནས་ནི། །ཆུ་བ་ཚིགས་རུས་གནད་རྣམས་ནི། །དོར་ཏེ་ཞལ་ཞལ་གདབ་པར་བྱ། །གྱེན་དུ་དབྱུང་བའི་ཐབས་ཀྱིས་ནི། ཐུར་དུ་འབབ་པར་གདབ་པར་བྱ། །ཟབ་དང་ཉེ་དང་འཕྲེད་མི་གདབ། །གདབ་གནས་སུ་ཡང་གདབ་མི ་བྱ། ཞེས་བྱ་བ་ལ། ཞལ་ཞལ་གདབ་པར་བྱ་བའི་ལུས་ཀྱི་གོང་ཕྱོགས་སུ་སྲད་བུ་འམ། རས་གང་ཡང་རུང་བས་དམ་དུ་བཅིངས་ནས་ཆུ་ལ་སོགས་པ་དོར་ཞིང་སྤངས་ནས་བཙགས་བུས་ཞལ་ཞལ་གདབ་པར་བྱ་ལ། དེ་ཡང་གྱེན་དུ་དབྱུང་ཞིང་གདབ་པའི་ཐབས་ཀྱིས་ཁྲག ་ཐུར་དུ་འབབ་པར་གདབ་པར་བྱའོ། །དེ་བཞིན་དུ་ནང་དུ་ཟབ་པར་ཡང་མི་བྱ་སྟེ། ཉེ་ཞིང་བར་མཚམས་མེད་པར་ཡང་མི་གདབ། འཕྲད་འགྲོས་ཀྱིས་ཀྱང་མི་གདབ་པོ། །དེ་བཞིན་དུ་བཙགས་བུ་བཏབ་ཟིན་པའི་གནས་སུ་གཉིས་པ་གདབ་པར་ཡང་མི་བྱའོ། །ཞལ་ཞལ་བྱ་བ ་ཕྱོགས་གཅིག་འདུས། །རྩ་གདབ་སྲིན་བུས་ཁྲག་དབྱུང་ཞིང། །བེམ་བེམ་པོར་གྱུར་རྭ་སོགས་གདབ། །ནད་ཁྲག་ལུས་ཁྱབ་གཏར་ག་གདབ། ཅེས་བྱ་བ་ལ། ཕྱོགས་གཅིག་ཏུ་འདུས་པའི་ཁྲག་ནི། ཞལ་ཞལ་གདབ་པས་དབྱུང་བར་བྱའོ། །དེ་བཞིན་དུ་རྩ་མདུད་དམ། རྨེན་བུར ་འདུས་པའི་ཁྲག་ནི་སྲིན་བུ་པདྨས་དབྱུང་བར་བྱའོ། །དེ་བཞིན་དུ་ཁྲག་གི་ཁྲག་བེམ་བེམ་པོར་གྱུར་ཅིང་ཚོར་བ་མེད་པ་ནི་རྩ་སོགས་ཏེ། རྔ་བས་རྭ་དང། ཀུ་བ་དང། བུམ་པ་དག་གིས་ནད་དམིགས་ཇི་ལྟ་བ་བཞིན་དུ་དབྱུང་བར་བྱའོ། །དེ་བཞིན་དུ་ནད་ཁྲག་གིས་ལུས ་ཀུན་ཏུ་ཁྱད་པར་གྱུར་པ་དེ་ནི་གཏར་ག་གདབ་པས་འབྱུང་བར་བྱའོ། །ཁྲག་ནད་འདུས་པ་ཞལ་ཞལ་བྱ། །གཏིང་ན་ཡོད་པ་པདྨས་དབྱུང། །པགས་གནས་ཀུ་བུམ་རྡབས་རུས་དབྱུང། །ལུས་ཁྱབ་ཁྲག་ལ་གཏར་ག་ཉིད། །ཅེས་བྱ་བ་ལ། ཁྲག་ནད་བདུས་ཤིང་གོང་བོར ་འདྲིལ་པ་ལ་ནི། ཞལ་ཞལ་བདབ་པར་འོས་པ་ཡིན་ནོ། །དེ་བཞིན་དུ་ཁྲག་གཏིང་ན་ཡོད་ཅིང་ནང་དུ་ཞེན་པ་དག་ན་སྲིན་བུ་པདམོས་དབྱུང་བར་བྱའོ། ཁྲག་པགས་པར་གནས་ཤིང་རྒྱས་པར་གྱུར་པ་ལ་ནི། །བསྐུ་བ་དང། བུམ་པ་དང། རྡབས་རྭས་དབྱུང་བར་བྱའོ། །ལུས་ཐམས་ཅད་ཁྱབ་ཅིང ་རྒྱས་པའི་ནང་ཁྲག་ནི་གཏོར་གའི་ཐབས་ཉིད་ཀྱིས་དབྱུང་བར་བྱའོ། །རླུང་སོགས་གནས་ལས་རྡབས་རྭ་དང། །པདྨ་བསྐུ་བས་རིམ་བཞིན་དབྱུང། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱི་གནས་ལ་གནས་པའི་ཁྲག་དེ་ནི་གནས་དེ་ལ་རྡབས་རྭ་ལ་སོགས་པ་ཐབས་གསུམ་གྱིས ་ཁྲག་དབྱུང་བར་བྱ་སྟེ། དེས་ནི་རླུང་གི་ནད་ཀྱི་ཁྲག་ནི་རྡབས་རྭས་དབྱུང་བར་བྱའོ། །མཁྲིས་པའི་གནས་ཀྱི་ཁྲག་ནི་སྲིན་བུ་པདྨས་དབྱུང་བར་བྱའོ། །བད་ཀན་གྱི་གནས་ཀྱི་ཁྲག་ནི་བསྐུ་བས་དབྱུང་བར་བྱའོ། །ཁྲག་ཕྱུང་བསིལ་བསྐུས་ལ་སོགས་པས། །རླུང་ནི་རྣམ་པར་འཁྲུགས་འགྱུར་ཏེ། ་རྨན?་གཡའ་ཞིང་སྐྲངས་གྱུར་ན། དེ་ལ་ཞུན་མར་དྲོན་པོས་བསྐུ། ཞེས་བྱ་བ་ལ། སྐྱེས་བུའི་ལུས་ལས་ཁྲག་དབྱུང་ཞིང་གཏོན་པར་གྱུར་པ་དག་ལ་ནི། །བསིལ་བའི་སྨིན་གྱི་ལྡེ་གུས་བསྐུ་བ་དང། །བླུགས་པ་ལ་སོགས་ལས་རླུང་རྣམ་པར་འཁྲུགས་པར་འགྱུར་ཏེ། རྨན་པ་དང། ་གཡའ་བ་དང་སྐྲངས་པར་གྱུར་ན་དེ་ལ་ཞུན་མར་དྲོན་པོས་བསྐུ་ཞིང་བྱུག་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་ཉི ་ཤུ་རྩ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཏར་ག་གདབ་པའི་ཆོ་གའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། ལུས་ཁྱབ་པའི་ཁྲག་ལ་གཏར་ག་གདབ་པར་བྱའོ། ཞེས་སྔར་བཤད་པས་ན། དེའི་འོག་ཏུ་འདི་བརྩམས ་པ་ཡིན་ཏེ། རྩ་རྣམས་དབུག་ཅིང་གདབ་པའི་ལས་ནི་གཏར་ག་གདབ་པ་སྟེ། དེའི་ཆོ་ག་འདི་དང་འདི་ལྟར་བྱའོ། ཞེས་བྱ་བའི་ལས་ཀྱི་ཚུལ་ཡིན་ཏེ། དེའི་ལེའུ་??་བྱའོ་ཞེས་བྱའོ། །ཅུང་ཟད་མངར་ཞིན་ཚྭ་བྲོ་ལ། །གང་དང་ཚ་མིན་བསྐུ་མ་ཡིན། །པདྨ་ལྡམ་བུ་ཆུ་བཤེད?་དང། ་བཙོད་དང་རི་འོང་ཁྲག་ལྟར་དམར། །སྐྱོན་མེད་དང་བར་འབྱུང་བ་ནི། །དེ་ཉིད་ཀྱིས་ནི་ལུས་གནས་བྱེད། །ཅེས་བྱ་བ་ལ། ཁྲག་དག་ཅིང་ནད་མེད་པ་ནི། ཅུང་ཟད་དོ་མངར་བ་དང། ཅུང་ཟད་ལན་ཚྭ་བྲོ་བ་དང། དེ་བཞིན་དུ་གྲང་བ་དང། ཚ་པ་གཉི་ག་མ་ཡིན་པ་ཚ་གྲང་སྙོམས ་པར་གནས་ཏེ་ཟླ་བ་དང། མེའི་རང་བཞིན་གཉི་གའི་ཡོན་ཏན་དང་ལྡན་པ་དང། དེ་བཞིན་དུ་བསྐ་བ་མ་ཡིན་ཞིང། བདེ་བླག་ཏུ་འཇིག་པ་དང། དེ་བཞིན་དུ་པདྨ་དང། སྲིན་བུ་མེ་ཁྱེར་ལ་སོགས་པ་ལྟར་དམར་ཞིང་དང་བར་འབྱུང་བ་ནི་སྐྱོན་མེད་པ་ཡིན་ལ། ནད་མེད ་པའི་ཁྲག་དེ་ཉིད་ཀྱིས་ནི་ལུས་གནས་ཤིང་འཇུག་པར་འགྱུར་བ་ཡིན་ནོ། །དེ་ནི་ཕལ་ཆེར་བད?་མཁྲིས་ཀྱི། །ནད་ཀྱིས་འཁྲུགས་པས། ཞེས་བྱ་བ་ལ། ཁྲག་དམར་ཞིང་དང་དེ་ནི་ཕལ་ཆེར་ཏེ་མང་དུ་བད་ཀན་དང་མཁྲིས་བསྐྱེད་པར་བྱེད་པའི་ཁ་ཟས་དང། སྤྱོད་ལམ་དང་སྨན་གྱིས ་ནད་འཁྲུགས་པར་འགྱུར་ཞིང་ལོང་བར་བྱེད་པ་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པས་ནི་ལན་འགའ་ནི་རླུང་གིས་ཀྱང་ལྡང་པར་བྱེད་པ་ཡིན་ནོ། །གནོད་སྐྱེད་པ། མེ་དབལ་འབྲས་དང་མཆེར་ནད་དང། སྐྲན་དང་མེ་དྲོད་འབྲི་དང་རིམས། །ཁ་དང་མིག་དང་མགོ་ནད་དང། །མྱོས ་དང་སྐོམ་དང་ཆ་བྲོ་དང། །མཛོ་དེང་དྲག་ནད་མཁྲིས་ཁྲག་དང། །སྒྲོགས་པ་སྐྱུར་ཞིང་མགོ་འཁོར་བྱེད། ཅེས་བྱ་བ་ལ། དེའི་འོག་ཏུ་ནད་ཁྲག་དེས་གནོད་པ་སྐྱེད་པར་བྱེད་པ་ནི། མེ་དབལ་ལ་སོགས་པ་སྐྱོད་པར་བྱེད་པ་ཡིན་ནོ། །ཁ་ལ་སོགས་པ་གསུམ་ནི། ནད ་ཅེས་བྱ་བ་རང་སྦྱར་རོ། །དྲེག་ནད་ནི་རླུང་དང་ཁྲག་འདྲེས་པའོ། །བསིལ་དྲོ་སྣུམ་དང་རྩུབ་སོགས་ཀྱིས་ནད་གང་གསོས་པར་གྱུར་པ་ན། །ལེགས་པར་འཆོས་པར་མ་གྱུར་པ། དེ་ནི་ཁྲག་འཁྲུགས་ལས་གྱུར་ཡིན། ཞེས་བྱ་བ་ལ། བསིལ་བ་དང་དྲོ་བ་དང་སུམ ་བ་དང། རྩུབ་པ་དང། ལྕི་བ་དང། ཡང་བ་ལ་སོགས་པའི་ཐབས་སྨན་དཔྱད་ལས་ཇི་ལྟར་འབྱུང་བ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གང་སོ་སོ་ཤིང་བཙོས་པར་གྱུར་པ་ན། ལེགས་པར་འཆོས་པར་མ་གྱུར་ཅིང་ཉེ་བར་མ ་ཞིན་ནད་དེ་ནི་ཁྲག་འཁྲུགས་པ་ལས་གྱུར་པ་ཡིན་པར་ཤེས་པར་བྱ་སྟེ། མེ་དབལ་ལ་སོགས་པ་སྔར་བཤད་པ་འབའ་ཞིག་ཏུ་མ་ཟད་དོ། །ཁྲག་བདོ་གྱུར་པ་དེ་ལས་ནི། །གཏར་ག་གདབ་པས་དབྱུང་བར་བྱ། ཞེས་བྱ་བ་ལ། སྔར་བཤད་པའི་ནད་ཁྲག་བདོ་བར་གྱུར ་པ་དེ་ལས་ཁྲག་དབྱུང་བར་བྱ་བའི་ཕྱིར། གཏར་ག་གདབ་པར་བྱའོ། །དེ་ཡང་བཅུ་དྲུག་མ་ལོན་དང། བདུན་ཅུ་འདས་ལ་ཁྲག་མི་དབྱུང། ཉམ་ཆུང་དུགས་དྲགས་དུགས་མ་བྱས། རླུང་གི་ནད་ཀྱིས་ཉེན་པ་དང། སྦྲུམ་མ་བུ་བཙས་ཟན་མ་ཞུ། །ཁྲག་མཁྲིས་ལུད་པ ་དབུགས་མི་བདེ། ཚད་འཁྲུ་རིམས་ནད་སྐྱུགས་པ་དང། །སྐྱ་རྦབ་ཡན་ལག་ཀུན་སྐྲངས་དང། །སྣུམ་འཐུངས་པ་ལ་སྦྱོར་བ་དང། །དེ་བཞིན་ལས་ལྔ་བྱས་པ་མིན། །ཞེས་བྱ་བ་ལ། །གཏར་ག་གདབ་པ། དེ་ལ་བྱིས་པ་ལོ་བཅུ་དྲུག་མ་ལོན་པ་དང། །རྒན་པོ་ལོ ་བདུན་ཅུ་འདས་པ་དག་ལ་གཏར་གས་ཁྲག་དབྱུང་ཞིང་གདོན་པར་མི་བྱའོ། །དེ་བཞིན་དུ་ཉམ་ཆུང་ཞིང་ཁང་རྩུབ་པ་དང། དུགས་དྲགས་པ་དང། དུགས་མ་བྱས་པ་ནས་སྣུམ་འཐུངས་པ་ལ་སྦྱོར་བའི་སྐྱེས་བུའི་བར་དང། དེ་བཞིན་དུ་ལས་ལྔ་པོ ་སྐྱུགས་སྨན་དང། བཀྲུ་སྨན་དྲག་པོ་དང་མས་བཏང་བ་དང། འཇམ་རྩི་དང། མགོ་བོའི་བཀྲུ་སྨན་བཏང་བ་སྟེ། ལས་ལྔ་པོ་བྱས་པ་ལ་གཏར་ག་གདབ་པར་མ་བྱའོ། །མ་བསྡམས་གཏར་ག་མི་གདབ་ཅིང། །ཡོན་པ་འམ་མི་སྣད་ལ་མི་གདབ་ ་ཚབས་ཆེན་ནད་ནི་མ་གཏོགས་པ། གྲང་ལ་ཚ་ཆར་རླུང་དུས་མིན་ཞེས་བྱ་བ་ལ། ཆིངས་མས་མ་བསྡམས་པར་གཏར་ག་གདབ་པར་མི་བྱའོ། །དེ་བཞིན་དུ་ཡོན་པོར་བྱ་བ་འམ། རྩ་མི་སྣང་བ་ཡང་གཏར་ག་གདབ་པར་མི་བྱའོ། ། ་ནད་ཚབས་ཆེ་བ་དེས་གསོ་བར་བྱ་བ་བཤོལ་དུ་མེད་པ་མ་གཏོགས་པ་གཞན་དག་གྲང་བ་དང། ཆེ་བ་དང། ཆར་དང་རླུང་གི་དུས་སུ་གདབ་གང་མི་བྱ་སྟེ། ནད་ཚབས་ཆེ་བ་ལ་ནི་དེ་དག་གི་ཚེ་ཡང་བྱ་བར་རུང?་བའོ། །མགོ་དང་མིག་གི་ནད་རྣམས་ལ། །དཔྲལ་བའི་རྩ་ལས་གཏང?་བ་འམ?་མིག ་འགྲམ་སྣ་དྲུང་རྩལ་གདབ་ཅེས་བྱ་བ་ལ། མགོ་དང་མིག་གི་ནད་རྣམས་ལ་ནི། དཔལ་བའི་སྟེང་ན་ཡོད་པའི་རྩ་འམ། མིག་འགྲམ་མམ། སྣ་དྲུང་ན་ཡོད་པའི་རྩལ་གདབ་པར་བྱའོ། །རྣ་བའི་ནད་ལ་རྣ་པའི་རྩ། ཞེས་བྱ་བ་ལྔ། རྣ་པའི་ནད་རྣམས་ལ་ནི་རྣ་བ་དང་ཉེ་བར་གནས་པའི་རྩ ་པས་གདབ་པར་བྱའོ། །སྣ་ཡི་ནད་ལ་སྣ་རྩེར་རོ། ཞེས་བྱ་བ་ལ། སྣའི་ནད་རྣམས་ལ་ནི་སྣའི་རྩེ་མོའི་ཆ་ལ་གནས་པའི་རྩ་ལ་གདབ་པར་བྱའོ། །ཆམ་པ་སྣ་དང་དབྲལ?་རྩ་གདབ་ཅེས་བྱ་བ་ལ། ཆམ་པའི་ནད་ལ་ནི་ལན་འགའ་ནི་རྩ་གདབ་ན་ཕན་ནོ?། །ལན་འགའ་ནི་དཔྲལ་རྩའོ། །ལན ་འགའ་ནི་གཉི་ག་གདབ་པར་བྱའོ། །ཁ་ནད་རྣམས་ལ་ལྕི་དང་ནི། །མཆུ་དང་བད་ཀན་གྱི་རྩ་གདབ་ཅེས་བྱ་བ་ལ། ཁའི་ནད་རྣམས་ལ་ནི་ལྕེ?་ལ་བརྟེན་པའི་རྩ་དང། དེ་བཞིན་དུ་མཆུ་དང་བད་ཀན་གྱི་རྩ་ལ་གདབ་ན་ཕན་ནོ། །ནམ་ཚོད་ཡན་ཆད་རྩམ་དང་མགུལ། །རྣ་བ་མུ་འགྲམ་ཕྱིར་གནས ་གདབ་ཅེས་བྱ་བ་ལ། ནམ་ཚོད་ཡན་ཆད་ཀྱི་ནད་རྩ་བདུད་དང། རྨན་བུ་ལ་སོགས་པ་ནི་ནང་ལ་རྣ་བ་ལ་བརྟོན་པའི་རྩ་དང། མུར་འགྲམ་དང་སྤྱི་བོར་གནས་པའི་རྩ་ལ་གདབ་པར་བྱའོ། །སྨྱ་བྱེད་མིག་འགྲམ་བྲང་དབྲལ་རྩ་ཞེས་བྱ་བ་ལ། སྨོ་བྱེད་ཀྱི་ནང་ལ་ནི་མིག་འགྲམ་གྱི་རྩ་དང། གྲང་གི ་རྩ་དང། དབྲལ་བའི་རྩ་ལ་གཏད་ག་བྱའོ། །རྗེད་བྱེད་འགྲམ་པའི་མཚམས་སུ་གདབ་ཅེས་བྱ་བ་ལ། རྗེད་བྱེད་ཀྱི་ནད་ལ་མགྲམ་པ་གཉིས་ཀྱི་མཚམས་ན་ཡོད་པའི་རྩལ་གདབ་པ། །ཡང་ན་ཀུན་ལ་སྨིན?་མཚམས་གདབ་ཅེས་བྱ་བ་ལ། སྔོར་བཤད་པའི་ནང་མགོ་དང་མིག་ལ་སོགས ་བའི་ནད་མ་ལུས་པ་ཀུན་ལ། སྨིན་མཚམས་ཀྱི་བར་ན་ཡོད་པའི་རྩམ་གང་ཡིན་པ་དེ་ལ་གདབ་པར་བྱའོ། །འབྲས་དང་རྩིབ་ལོགས་ཟུག་པ་ལ། །རྩིབ་ལོགས་ནུ་མའི་བར་རྩ་གདབ་ཅེས་བྱ་བ་ལ་འབྲས་མཆེད་པའི་ནང་དང། རྩིབ་ལོགས་གཉིས་སུ་བྱུག་ཅིང་གཟེར་བའི ་ནད་ལ། རྩིབ་ལོགས་དང། ནུ་མའི་བར་ན་ཡོད་པའི་རྩལ་གདབ་པར་བྱའོ། །ཉིན་གསུམ་པ་ལ་ཕྲག་མཚམས་གང་གཉིན་བཞི་པ་ལ་ལྟག་པ་འོག་ཅེས་བྱ་བ་ལ། རིམས་ཉིན་གསུམ་པ་ལ་ཕྲག་པ་གཉིས་ཀྱི་བར་མཚམས་ཀྱི་ནང་གི་རྩ་གདབ ་པར་བྱའོ། །རིམས་ཉིན་བཞི་པ་ལ་ནི་ལྟག་པའི་འོག་ན་གནས་པའི་རྩ་གང་རུང་བ་གདབ་པར་བྱའོ། །འཁྲུབ་གཟེར་དང་ལྡན་པ་ལ། །མཇུག་ཏོའི་གོང་མ་སོར་གཉིས་པར་ཞེས་བྱ་བ་ལ། ཚད་པར་འཁྲུབས་ཉེ་བར་གཙེས་ཤིང་གཟེར་དང་ལྡན་པ་དག་ལ་མཇུག་ཏོའི་རྩ་མཇུག ་མ་ལས་སོར་གཉིས་གོང་དུ་གཞལ་བར་གདབ་པར་བྱའོ། །ཁུ་བ་མཚན་ནད་ཕོ་མཚན་རྩ་ཅེས་བྱ་བ་ལ། ཁུ་བ་འགགས་པ་ལ་སོགས་པའི་ནད་དང་ཕོ་མཚན་ཉིད་ཀྱི་ནད་ལ་ནི། ཕོ་མཚན་ལ་བརྟེན་པའི་རྩ་བ་གཏར་ག་བྱའོ། །ལྐོག་མའི་ལྦ་བར་བརླ་རྩ་གདབ་ཅེས་བྱ་བ་ལ ་ལྐོག་མར་ལྦ་བ་སྐྱེས་པའི་ནད་ལ་ནི་བརླའི་རྩ་བར་གནས་པའི་རྩ་ལ་གཏར་ག་བྱའོ། །གཟུགས་འཁྲུམས་པུས་མཐིལ་འོག་གམ་ནི། །གོང་གི་སོར་བཞི་པ་ལ་གདབ་ཅེས་བྱ་བ་རླུང་གི་ནད་གཟུགས་འཁུམས་ཤིང་འཇས་པ་ལ་ནི། པུས་མོའི་མཐིལ་གྱི་འོག་མ ་གོང་དུ་སོར་བཞི་གཞལ་བར་གདབ་པར་བྱའོ། །འབྲས་ཀྱི་ཕྲེང་བ་བྱིན་པའི་ཉའི། འོག་ཏུ་སོར་གཉིས་པར་གདབ་པོ། ཞེས་བྱ་བ་ལ། འབྲས་ཀྱི་ཕྲེང་བའི་ནད་ལ་ནི་བྱིན་པའི་ཉ་གནད་ཅེས་བྱ་བའི་འོག་སོར་གཉིས་གཞལ་བར་གཏར་ག་གདབ་པོ། །རྐུབ་རྩོས་པུས་མོའི་ལྷ ་ངའི་སྟེང། །ནད་ལ་ལོང་མོའི་ལྟག་སོར་བཞི་ཞེས་བྱ་བ་ལ། རྐུབ་རྩོས་ཀྱི་རླུང་ནད་དམ། པུས་མོའི་ལྷ་ངའི་སྟེང་གི་ནང་ལ། ལོང་མོའི་ལྟག་ཏུ་སོར་བཞི་བཅལ?་བར་གཏར་ག་བྱའོ། །རྐང་ཚ་འཐད་དང་སྤྲིད་པ་དང། རྟིང་བརྡོལ་རླུང་ནད་མཛེར་བ་དང། །རྐང་སོར་སྣབས ་བུ་ཆད་པ་ལ། །རྒྱ་ཚིགས་ལས་གོང་སོར་གཉིས་གདབ?་ཅེས་བྱ་བ་ལ། རླུང་གི་ནད་རྐང་པ་ཆ་བ་ཞེས་བྱ་བ་དང། དྲེག་ནད་ཐེངས་པ་དང་ཞེས་བྱ་བ་དང། རྐང་པ་སྤྲིད་པ་དང། རྟིང་བརྡོལ་བ་རླུང་ནད་ཀྱི་མཛེར་བ་དང། རྐང་པའི་སོར་མོ་སྣགས་བུ་ཆད་པ་ཞེས་བྱ་བའི ་ཁྲག་ལས་གྱུར་བའི་སོར་མོའི་ནད་རྣམས་ལ། རྒྱ་ཚིགས་ལས་གོང་དུ་སོར་གཉིས་གཞལ་བར་གདབ་པར་བྱའོ། འཁུམས་ལ་རྐང་འཁུམས་ལྟ་བུར་གདབ་ཅེས་བྱ་བ་ལ། རླུང་ནད་འཁུམས་པ་པི་ཤ་ཙེ། ཞེས་བྱ་བ་ལ། པུས་མོའི་གོང་སོར་བཞི་པར་གདབ་པར་བྱའོ། ཇི་སྐད་བཤད ་པ་མ་མངོན་ན། །གནད་མ་གཏོགས་པར་གར་ཉེ་བའི། །ཕྱོགས་གཞན་དག་ཏུ་གཏར་ག་གདབ་ཅེས་བྱ་བ་ལ། གོང་དུ་ཅི་སྐད་བཤད་པའི་རྩ་རྣམས་མི་མངོན་པར་གྱུར་ན། ནད་འཕེལ་བར་འགྱུར་བའི་དབང་གིས་ནད་པ་ལ་གཏར་ག་རིངས་པར་བྱ་དགོས་ན། གནད་མ་བཏོགས ་ཤིང་གནད་ལ་མ་ཕོག་པར་ནད་གང་དང་གདབ་པ་ཉེ་ཞིང་འབྲེལ་པའི་ཕྱོགས་གཞན་དག་གི་རྩ་བཤད་པ་དག་ཀྱང་མངོན་ན་གདབ་པར་བྱའོ། དེ་ནས་ལུས་སྣུམ་གཏར་ག་ཡི། ཡོ་བྱད་ཀུན་བསགས་སྟོབས་དང་ལྡན། བཀྲ་ཤིས་བྱས་ཤིང་ཁ་ཟས་ནི། སྣུམ ་ཟོས་ཁུ་བ་འཐུངས་པ་དང། །མེ་དང་ཉི་ཚན་གྱིས་དུགས་བྱས། བུས་མཉམ་མཐོ་བའི་སྟན་ལ་འདུག་།སྐྲ་རྩ་རས་ནི་འཇམ་པོས་བཙང་བུས་མོའི་ལྷ་ངར་གྲུ་མོ་གཟུགས། ཁུ་ཚོར་ནང་དུ་གློང་བཅུག་པས། མགུལ་པ་དམ་དུ་བརྩིར་བར་བྱ། །སོ་བསྡམས་ལུང་པ་ལུ་བ་དང། ་ད?་ཁུར་བ་གཉིས་ནི་བུད་པར་བྱ། །དེ་ནས་ཞེས་བྱ་བའི་དོན་ནི། བཀྲ་ཤིས་པའི་དོན་ཡིན་པར་ཤེས་པར་བྱའོ། །གཏར་ག་བྱ་བའི་སྐྱེས་བུ་སྣུམ་གྱིས་ཞེན་པར་བྱ་བ་དང། སྨན་པས་གཏར་བ་ལ་དགོས་པའི་ཡོ་བྱད་ཀུན་བས་གཅིང་ཉེར་བསྡོགས་སུ་བྱ་བ་དང། དེ་བཞིན་དུ ་སྟོབས་དང་ལྡན་ཞིང་ཉམ་ཆུང་བ་ལ་མ་ཡན་བ་དང། དགེ་སློང་དང་བྲམ་ཟེ་བཀྲ་ཤིས་དང་བདེ་ལེགས་བརྗོད་པ་དང། དེ་བཞིན་ད་ཁ་ཟས་སྣུམ་ཞིང་ཤ་ཁུལ་སོགས་པ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་མཚན་དང། ཉི་ཚན་གྱི་དུགས་བྱ་བ་དང། པུས་མོ་དང་མཉན ་པ་ཙམ་གྱི་མཐོ་བའི་སྟན་ལ་འདུག་པ་དང། དེ་བཞིན་དུ་སྐྲའི་རྩ་བ་རས་ཀྱི་ཚལ་བ་འཇམ་པོས་བཅིངས་ཤིང་བསྡམས་པ་དང། དེ་བཞིན་དུ་པུས་མོ་གཉིས་ཀྱི་ལྷ་ངར་གྲུ་མོ་བརྟན་པོ་བཙུགས་ནས། རང་གི་ཁུ་ཚུར་ནང་དུ་གོས་ཀྱི་སློང་བཅུག་པས། མགུལ་པའི ་ངོས་གཉིས་ནས་དམ་དུ་བཙིར་བར་བྱ་བ་དང། དེ་བཞིན་དུ་སོ་བསྡམས་ཤིང་བཙིར་ལ་མཁུར་བ་གཉིས་བུད་དེ་གནས་པར་བྱའོ། །དེ་ལ་རྒྱབ་ནས་བཙིར་བ་དང། གོས་ཀྱིས་དཀྲིས་ཤིང་མཛུབ་མོ་ནི། གཡོན་པ་ལྐོག་མར་བཅུག་ནས་སུ། །ནང་དུ་ལེགས་པར་གཞུག་པར་བྱ ་ཞེས་བྱ་བ་ལ། ནད་པ་དེ་ལ་སྐྱེས་བུ་གཞན་གྱི་རྒྱབ་ནས་བཙིར་ཞིང་བསྡམ་པ་དང། གོས་ཀྱིས་དཀྲིས་པ་བཅུག་པས་ལྟག་པར་གནས་ཏེ། ལྐོག་མ་དང་གོས་ཀྱི་བར་དུ་ལག་པས་གཡོགས་པའི་མཛུབ་མོ་བཅུག་ནས་དབུགས་དགག་པ་ལ་མི་གནོད་པས་དེ་བསྡམ ་པར་བྱའོ། །འདི་ནི་ནང་དུ་ཁ་བལྟས་རྩ། །མ་གཏོགས་བསྡམ་པའི་ཆོ་ག་ཡིན་ཞེས་བྱ་བ་ལ། བསྡམ་པའི་ཆོ་གར་བཤད་པ་གང་ཡིན་པ་དེ་ནི་རྩ་ཁ་ཕྱི་རོལ་ཏུ་བལྟས་པ་བསྡམ་པའི་ཆོ་ག་ཡིན་གྱི། ཁ་ནང་དུ་བལྟས་པའི་རྩ་བསྡམ་པའི་ཆོ་གར་བཤད་པ་ནི་མ་ཡིན་ནོ། ་ཁ་ནང་དུ་བལྟས་པའི་རྩ་བསྡམ་པ་ནི། ལྕེ་བཏེག་ལྡོག་སྟེ་སོས་མནན་པ་ཞེས་འོག་ནས་བཤད་པ་ཡིན་ནོ། །དེ་འོག་སྨན་པའི་མཐེ་བོ་ལས། །གུང་མོ་གཏང་བར་གྱུར་པ་ཡིས། །རྩ་བྱུང་མ་དོན་ལ་གདབ་བྱས་ནས། །རེགས་པ་འམ་མཐེ་བོས་མནན་བྱས་ལ། ལག་པ་གཡོན་པས ་བཟུང་བ་ཡི། བཙགས་བུ་སྟ་རེས་དབུས་སུ་གདབ། བཙགས་བུའི་ཁ་ཕྱོགས་མི་ཡོ་གཏད། །དེ་བཞིན་གདབ་པ་འམ་བཙིར་བ་ཡི། །བེམ་རྡོལ་བརྡབས་ལ་ཁྲག་དབྱུང་ངོ། ཞེས་བྱ་བ་ལ། དེ་ལྟར་བྱས་པའི་འོག་ཏུ་སྨན་པས་མཐེ་བོའི་སོར་མོ་ལས་གུང་མོ་གཏང ་བར་གྱུར་པས་རྩ་ལ་གདབ་པར་བྱའོ། །རྩ་དེ་བྱུང་ཞིང་གསོ་བར་གྱུར་པ་རེག་པས་ངེས་པར་བྱ་བ་འམ། མཐེ་བོས་མནན་པས་ཤེས་པར་བྱ་ལ། དེའི་འོག་ཏུ་བཙགས་བུ་སྟ་རེ་ལྟ་བུས་རྩིའི་དབུས་མཚན་མ་བཏབ་ལ། ལག་པ་གཡོན་པས་བཟུང་བའི་བཙགས ་བུ་སྟ་རེ་ལྟ་བུ་ཡུ་བ་གྱེན་དུ་བསྟན་ཏེ། ལག་པ་འདར་བ་མེད་པར་བྱས་ལ། སྔ་མ་བཞིན་དུ་མཐེ་བོ་ལས་གུང་མོ་བཏང་བའི་བེམ་རྡོལ་བརྡབས་ངས་ཁྲབ་དབྱུང་བར་བྱ་བ་འམ། མཐོ་བའོ་ལྟོས་མནན་ཏེ་གཏར་ག་གདབ་པར་བྱའོ། །རྔ་རྡུང་གི་ནི་རྩ་གདབ ་གཙེ་མོ་མཐེ་བོས་བཏེག་ནས་ནི། བཙགས་རྩེ་འབྲས་འདྲ་གདབ་པར་བྱ་ཞེས་བྱ་བ་ལ། སྣ་དང་ཉེ་བ་ན་གནས་པའི་རྩ་གདབ་པ་ན། སྣའི་རྩེ་མོ་མཐེ་བོས་བཏོག་ནས་བཙགས་བུ་རྩེ་མོ་འབྲས་འདྲ་བས་གདབ་པར་བྱའོ། །ལྕེ་བཏེག་ལྡོག་སྟེ་སོས་མནན་ལ། ལྕེ་འོག་རྩ་ནི་གདབ་པར ་བྱ་ཞེས་བྱ་བ་ལ། ལྕེ་བཏེག་ཅིང་ལྡོག་སྟེ། རྐན་གྱི་ཐད་དུ་བསྡུས་གསོས་རྣམ་པར་མནན་ནས། ལྕེའི་འོག་གི་རྩ་ལ་གཏེར་ག་གདབ་པར་བྱའོ། །ནུམ་ལན་ཆད་བསྡམས་ནས་མི། མགུལ་པར་གནས་པའི་རྩ་གདབ་པ་ཞེས་བྱ་བ་ལ། ནུ་མ་ཡན་ཆད་ངས་ཀྱིས་ལེགས ་པར་བསྡམས་ནས་མགལ་པར་གནས་པའི་རྩ་གདབ་ཅིང་གཏར་ག་བྱའོ། །ལག་པ་གཉིས་སུ་རྡོ་བཅངས་སྟེ། ལག་པ་པུས་མོར་བརྟེན་ཏེ་བཅང་ངོ། མཚན་བུང་མན་ཆད་མཉེས་ནས་མིང།?་།གོང་དུ་བཅིངས་ལ་ལྟོ་རྩ་གདབ་ཅེས་བྱ་བ་ལ། ལག་པ་གཉིས་ཀྱི་ནང་དུ་ཐོག་མ ་བཅངས་དེ་ལྟ་བུའི་ལག་པ་པུས་མར་བརྟེན་ཏེ་བརྐྱང་བ་དང། དེ་བཞིན་དུ་མཚན་ཁུང་མན་ཆད་ལེགས་པར་མཉམ་ཏེ། ལག་པ་དེའི་འོག་ཏུ་བཙོངས་ལ་ལྟོ་རྩོ་གདབ་པར་བྱའོ། ལག་དང་རྩ་ནི་བདེར་འདུག་སྟེ། །གདབ་པའི་སོར་བཞི་གོང་གི་ནི། །ཕྱོགས་ལས ་ཀྱིས་དམ་བཅིངས་ལ། །མཐེ་བོ་ཚད་པར་བཅུག་ནས་ནི། །ལག་པ་བརྐྱང། ལ་གདབ་པར་བྱ་ཞེས་བྱ་བ་ལ། ལག་དང་གཉིས་ཀྱི་རྩ་གདབ་པ་ནི། དང་པོར་བདེ་བར་འདུག་སྟེ། གང་གདབ་པའི་སོ་སོར་བཞིའི་གོང་དུ་རས་ཀྱིས་དམ་པོར་བཅིངས་ལ། མཐེ་བོ་ཆད་པར་བཅུག ་ནས་སོར་མོ་རྣམས་ཀྱིས་བསྡམས་ཏེ། བག་དར་ལེགས་པར་བརྐྱང་ལ་གདབ་པར་བྱའོ། །རྩིབ་ལོགས་རྩ་ནི་དབུང་པ་གཉིས། །ཐུར་དུ་བཅིངས་ཏེ་གདབ་པར་བྱ་ཞེས་བྱ་བ་ལ། རྩིབ་ལོགས་གཉིས་སུ་གཏར་ག་གདབ་པ་ནི། དང་པོར་ནད་པའི་དཔུང་བ་གཉིས་ཐུར་དུ ་བཅངས་པ་གདབ་པར་བྱའོ། །ཕོ་མཚན་རྩ་ནི་བཏེག་སྟེ་གདབ། ཅེས་བྱ་བ་ལ་ཕོ་མཚན་གྱི་རྩ་ནི་བཏོག་ཅིང་ལས་སུ་རུང་བར་བྱས་ནས་གདབ་པར་བྱའོ། །བྱིན་རྩ་བུས་མོ་མ་བཀུག་པར། ཞེས་བྱ་བ་ལ་བྱིན་པའི་རྩ་ནི་བུས་མོ་མ་བཀུག་པར་བརྐྱང་སྟེ་གདབ ་བར་བྱའོ། །རྐང་པ་ལེགས་གཞག་པུས་མོ་ལ། །འོག་ཏུ་ལག་པ་གཉིས་ཀྱིས་ནི། ལོང་མོའི་བར་དུར་མ་བཙིར་པ། །རྐང་པ་དེ་སྟེང་གཉིས་པ་ནི། །ཅུང་ཟད་བཀུག་སྟེ་བཞག་པ་ཡིས། །མནན་ལ་དེ་ནས་ལག་པ་ལྟར། །རྩ་གདབ་ཅེས་བྱ་བ་ལ། རྐང ་པའི་རྩ་གདབ་པའི་ཐབས་ནི། དེ་ཡང་རྐང་པ་ལེགས་པར་བཞག་ལ། པུས་མོའི་ཚོགས་ཀྱི་འོག་ཏུ་ལག་པ་གཉིས་ཀྱིས་དམ་དུ་ལོང་མོའི་བར་དུ་བཅིང་ལ། རྐང་པ་དེའི་སྟེང་དུ་རྐང་པ་གཉིས་ཅུང་ཟད་བཀུག་སྟེ་བཞག་ལ། ཅུང་ཟད་ཙམ་མནན་ནས་སྔར་ལག་པའི་རྩ ་འདེབས་པ་བཞིན་དུ་གཏང་ག་གདབ་པའི་གོང་དུ་སོར་བཞི་ཙམ་གྱིས་རས་ལ་སོགས་པས་དམ་དུ་བསྡམས་ལ་རྩ་གདབ་པར་བྱའོ། དེ་ལྟར་མ་སྨོས་པ་ཡིན་ནི། །གཞན་དག་ལ་ཡང་གདབ་བྱ་ལ། ཐབ་ཤེས་བཙགས་དཔྱད་དེ་དང་དེས། །ཕྱོགས་ནི་དེ་དང་དེ་རུ ་གདབ་ཅེས་བྱ་བ་ལ། དེ་ལྟར་རྣམ་པ་དེ་དག་གིས་རྩ་གདབ་པའི་གནས་མ་སྨོས་པའི་ཕྱོགས་གཞན་དག་ལ་ཡང་གདབ་པར་བྱ་བ་ཡིན་པས་ན། ཐབས་ཤེས་ཤིང་རྟོགས་པའི་སྨན་པས། བཙགས་དཔྱད་དེ་དང་དེ་རང་གི་བློས་ལེགས་པར་དཔགས་ལ་གནས་ཀྱི་ཕྱོགས་དེ་དང་དེར ་གདབ་པར་བྱའོ། །ཤ་ཚ་བ་ཡི་ཕྱོགས་སུ་འདེབས། འབྲས་འདྲ་འབྲས་ཀྱི་སྲིད་ཙམ་གང་བ། །རུས་པའི་སྟེང་རྩ་སྟེ་རེ་འདྲས། །ནས་ཀྱི་ཕྱེད་ཙམ་གདབ་པར་བྱའོ། ཞེས་བྱ་བ་ལ། ཤ་ཆེ་བའི་ཕྱོགས་སུ་འབྲས་འདྲ་བའི་བཙགས་བུས་འདེབས་པར་བྱེད་ན། བཙགས་བུ ་དབྱིབས་འབྲས་འདྲ་ཞིང་འབྲས་ཀྱི་ཚད་ཙམ་གདབ་པར་བྱའོ། །རུས་པའི་སྟེང་གི་རྩ་ལ་འདེབས་ན་སྟ་རེ་འདྲ་བའི་བཙགས་བུས་ནང་དུ་ནས་ཀྱི་ཕྱེད་ཙམ་ནུབ་བར་གདབ་པར་བྱའོ། །གཏར་ག་གདབ་པ་ཐམས་ཅད་ལ་ཡང་ཁ་སྤུག་པས་ཤིན་ཏུ་བཏིང ་རིང་བར་མི་བྱ་བ་དང། །དྲང་ཞེང་མ་འཚོལ་པ་དང། སྙོམས་ཤིང་གནོད་པ་མེད་པར་རྩ་དབུས་སུ་བཙགས་བུ་མྱུར་དུ་གདབ་པར་བྱའོ། ལེགས་པར་བཏབ་ནས་ཁྲག་གཟགས་ཏེ། ཆིངས་མ་བསྲོལ་ནས་གཟགས་མི་བྱ་བ་ལ། དེ་ལྟར་གཏར་ག ་ལེགས་པར་བཏབ་ནས་ཁྲག་གི་རྒྱུན་གཟགས་པར་བྱ་བའི། ཆིངས་མ་བཀྲོལ་ནས་ནི་ཁྲག་གི་རྒྱུན་ཡང་གཟིགས་པར་མི་བྱའོ། །དེ་ཡང་བསྡུས་པ་ལས། ལན་གཅིག་བཏབ་པས་ཁྲག་གི་རྒྱུན། གང་ཞིག་འཛག་པར་གྱུར་པ་ན། །ཡུད་ཙམ་བསྡམས་པ་བྱས་པ་ནི། །དེ་ནི་ལེགས་པར་བཏབ་ཅེས ་བྱ། ཞེས་བཤད་པ་ཡིན་ནོ། །བཏབ་མ་ལེགས་པས་དུས་ཅུང་ཟད། །ཉུང་ཟད་འབྱུང་བ་ཏིལ་ཕྱེ་གདབ་ཅེས་བྱ་བ་ལ། གཏར་ག་བཏབ་པ་མ་ལེགས་ཏེ། ཉེས་པར་གྱུར་པས་དུས་ཅུང་ཟད་ཅིག་ཁྲག་གི་རྒྱུན་ཉུང་ཟད་འབྱུང་བར་འགྱུར་རོ། །དེ་ལ་ཏིལ་ཞིབ་ཏུ་བཏགས་པའི་ཕྱེ་མ་རྩའི་སྒོར་གདབ ་པར་བྱའོ། །གང་བ་དྲགས་སྒྲ་དང་བཅས་པ་ནི། །འབྱུང་ཞིང་བཅད་ཀྱང་དཀའ་བར་འགྱུར་ཞེས་བྱ་བ་ལ། གཏར་ག་བཏབ་པ་ཆས་པ་དབང་པའི་ཁྲག་གི་རྒྱུན་སྒྲ་དང་བཅས་པར་འབྱུང་བར་འགྱུར་ལ། རྒྱུན་འབྱུང་བ་དེ་བཅད་ཅིང་དགག་པ་ཡང་ཤིན་ཏུ་དཀའ་བར་འགྱུར་རོ། །སྡངས་ངར་འབོག ་པར་འགྱུར་བ་དང། །ཆིངས་ལྷོད་མཚན་རྟུལ་འགྲངས་དྲགས་དང། ཉམ་ཆུང་ཤུགས་ཉེན་དུགས་མ་བྱས། ཁྲག་མི་འབྱུང་བའི་རྒྱུ་ཡིན་ནོ། ཞེས་བྱ་བ་ལ། ལེགས་པར་བཏབ་ཏུ་ཟིན་ཀྱང། སྡངས་པ་དང་འབོག་ཅིང་བརྒྱལ་བར་འགྱུར་བ་ནི། ཁྲག་གི་རྒྱུན་མིང་བྱུང་བའི་རྒྱ་ཡིན་ནོ། །དེ ་ལ་སྡངས་བ་ནི་སྐྲག་པའོ། །འབེག་པ་ནི་བརྒྱལ་ཞིང་མུན་པར་ཞུགས་པ་ལྟ་བུར་གྱུར་པའོ། །ཆིངས་མ་ལྷོད་པ་ནི་དམ་དུམ་བསྡམས་པའོ། །མཚོན་ཏུལ་བ་ནི་རྩེ་མོ་རྟུལ་ལམ?་ཆག་པའོ། །འགྲངས་དྲགས་པ་ནི་ཟས་བརྟེན་དྲགས་པའོ། །ཉམ་ཆུང་བ་ནི་རིང་པའོ། །ཤུགས་ཀྱིས་ཉེན ་པ་ནི་བཤང་གཅི་འབྱུང་བདབ་ཁང་པའོ། །དུགས་མ་བྱས་པ་ནི་ལེགས་པར་མ་བསྲོས་པའོ། །བྲག་ནི་ལེགས་པར་མ་བྱུང་ན། །བེ་ཊཾ་ཆ་གསུམ་སྐྱེར་པ་དང། །རྒྱ་སྤོས་རྒྱམ་ཚ་ཁྱིམ་དུད་བཅས། །ཏིལ་མར་བཏགས་ལ་རྨལ་བསྐུ་ཞེས་བྱ་བ་ལ། ཁྲག་ལེགས་པར་མ་བྱུང་ཞིང ་གཏར་གཉེས་པར་གྱུར་ན། པི་ཊཀ་དང་ཚ་བ་གསུམ་ལ་སོགས་པ་བཏགས་པས་རྩའི་སྒོ་བསྐུ་བར་བྱ་སྟེ། དེས་ནི་ལེགས་པར་འབྱུང་བར་འགྱུར་རོ། །ཁྲག་ནི་ལེགས་བྱུང་ཏིལ་མར་དང། རྒྱམ་ཚ་སྦྱར་ལ་དྲོ་འཇམ་བསྐུ་ཞེས་བྱ་བ་ལ། ཁྲག་ལེགས་པར་བྱུང་ཞིང་རྒྱུ་བར་གྱུར་ན། ་བད་ཀན་དང་རླུང་ཉེ་བར་ཞི་ཞིང་ཁྲག་བཅད་པར་བྱ་བའི་ཕྱིར་ཏིལ་མར་དང་རྒྱམ་ཚར་སྦྱར་ལ། དྲོ་འཇམ་ཙམ་གྱིས་རྨའི་སྒོ་བསྐུ་བར་བྱའོ། །ལེ་བརྒན་རྩི་ལས་ཚོན་སེར་ལྟར། དང་པར་ནང་ཁྲག་འབྱུང་བར་འགྱུར་ཞེས་བྱ་བ་ལ། གཏར་ཀ་བཏབ་པ་ན་ཁྲག་བཟང་ངན ་འདྲེས་པ་ལ། དང་པོར་ནད་དང་བཅས་པའི་ཁྲག་དབྱུང་ཞིང་འབབ་པར་འགྱུར་ཏེ། །དཔེར་ན་ལེ་བརྒན་རྩིའི་ཚོན་སེར་པོ་དང་དམར་པོ་འདྲེས་པར་གྱུར་པ་ལ། གོས་འཚོད་པ་ན་དང་པོ་སེར་པོ་འབྱུང་བར་འགྱུར་བ་དང་འདྲའོ། །ལེགས་པར་བྱུང་ན་རང་ཉིད་འཆད། །ཁྲག་བཟང་བྱུང་ན ་འབྱུང་མི་བྱ་ཞེས་བྱ་བ་ལ། ལེགས་པར་བཏབ་སྟེ་འབྱུང་བ་ནི་རང་ཉིད་འཆད་པར་འགྱུར་ལ་ཏེ་ལྟར་རང་འཆད་ནས་དབྱུང་བར་མི་བྱའོ། །དེ་བཞིན་དུ་ཁྲག་བཟང་པོ་ནད་མེད་པར་གྱུར་ནས་ཀྱང་དབྱུང་བར་མི་བྱ་སྟེ། ཁྲག་ནི་སྲོག་གི་སྟེན་ཡིན་པའི་ཕྱིར་རོ། །བརྒྱལ་གྱུར་ན་ནི་ཆིངས ་མ་དགྲོལ། །རླུང་ཡབ་ཀྱིས་གཡབ་སླར་ཁྲག་དབྱུང། །སླར་འབོག་གྱུར་ན་ཉི་མ་ནི། །གཉིས་པ་འམ་གསུམ་པ་དག་ལ་གདབ་ཅེས་བྱ་བ་ལ། གང་ཞིག་ཁྲག་གཟགས་ན་བརྒྱལ་བར་གྱུར་མ་གཏར་ཀའི་ཆིངས་མ་དེ་བཀྲོལ་ལ། རླུང་ཡབ་ཀྱིས་རླུང་གཡབས་ཏེ། བརྒྱལ་བ་དེ ་བསངས་ཏེ། དེའི་འོག་ཏུ་སླར་ཁྲག་དབྱུང་བར་བྱའོ། །དེ་ལྟར་བྱས་ཀྱང་སླར་འབོག་པར་གྱུར་ན། དེ་ཚེ་བཅད་ལ་ཉི་མ་གཉིས་པའམ། གསུམ་པའི་ཚེ་གཏར་ག་གདབ་ཅིང་ནང་ཁྲག་དབྱུང་བར་བྱའོ། རླུང་ཁྲག་གནག་ཅིང་དམར་ལ་རྩུབ། །ཤུགས་དྲག་གསལ་ཞིང་ལྦུ་བ་ཅན། །མཁྲིས ་ཁྲག་སེར་ལ་རྩ་གནག་མནམ། །སྦྱིན་བག་དྲོ་ཞིང་ཚོན་ཅན་ཡིན། །བད་ཀན་ཁྲག་ནི་འཇམ་ཞིང་སྐྱ། །རྒྱུན་བཅད་འབྱར་ཞིང་སྐ་བ་ཡིན། །འདྲེས་པའི་མཚན་མ་འདྲེས་མ་ཡིན། །ཉེས་གསུམ་དྲི་མ་རྙོག་མ་ཅན་ཞེས་བྱ་བ་ལ། དེ་ལ་རླུང་གི་ནད་ལས་ནི་ཁྲག་མདོག་གནག་པ ་ལ་སོགས་པ་འབྱུང་བར་འགྱུར་ཏེ། གནག་པ་ནི་ནག་ནོག་ཅན་ལ་ཅུང་ཟད་ཙམ་སྔོ་བའོ། །དམར་བ་ནི་རྩ་དམར་ཞིང་འཚེར་བའོ། །རྩུབ་པ་ནི་སྣུམ་བག་མེད་པའོ། །ཤུགས་དྲག་པོ་ནི་ཤུགས་ཀྱིས་འབྱུང་བའོ། །མདོག་གསལ་བ་ནི་གསལ་བའོ། །ལྦུ་བ་ཅན་ནི་ལྦུ་བ་དང་བཅས་པའོ། །དེ་བཞིན་དུ ་དུ་མཁྲིས་པ་ལས་གྱུར་པའི་ཁྲག་ནི་མདོག་སེར་བ་དང། གནག་པར་གྱུར་པ་དང། མནམ་ཞིང་དྲི་ང་བ་དང། སྦྱིན་བག་སྟེ་ཚབས་འཐས་ཤིང་མཁྲང་བག་དུ་ཆགས་པ་དང། དྲོ་ཞིང་ཚ་བ་འུར་འུར་བོར་འདུག་པ་དང། ཚོན་ཅན་ཏེ་རྨ་བྱའི་མཇུག་སྒྲོ་ལྟར་སྣང་བ་ཡིན་ནོ། །བད་ཀན་ལས་གྱུར་པའི ་ནང་ཁྲག་ལ་ནི་འཇམ་ཞིང་སྣུམ་པ་དང། མདོག་སྐྱུ་བ་དང། རྒྱུན་ཅན་ནལ་ནལ་པོ་ཁ་ཆུ་འདྲ་བར་སྣང་བ་དང། འབྱར་ཞིང་བླ་བག་མེད་པ་དང། བསྐ་ཞིང་འདྲིལ་བ་ཡིན་ནོ། །འདྲེས་པ་ནི་ནང་གཞི་གཉིས་ཀྱི་ལྡན་པ་ལས་གྱུར་པའི་ཁྲག་སྟེ། དེ་ནི་འདྲེན་མ་སྟེ་གང་དང་གང་འདྲེས་པ་དེ་གཉི་གའི ་མཚན་མ་དང་འདྲེས་པ་ཞེས་བྱའོ། །ནད་གཞིའི་ཉེས་པ་གསུམ་ཆར་འདུས་པའི་ཁྲག་གང་ཡིན་པ་དེ་ནི་དྲི་མ་ཅན་ཏེ། དང་བག་མེད་པ་དང། རྙོག་པ་དང་ལྡན་ཞིང་ནག་ནོག་གི་ཤས་ཆེ་བ་ཡིན་ནོ། ཁྲག་ངན་པ་ནི་ཉམ་ཆེ་བའམ། །ཚད་ལས་ལྷག་པར་དབྱུང་མི་བྱ། ཁྲག་ཕྱུང་དྲགས་ན་འཆི ་བའམ། །རླུང་ནད་མི་བཟད་འབྱུང་བར་འགྱུར་ཞེས་བྱ་བ་ལ། སྐྱེས་བུ་ཉམ་ཆེ་བ་ཞིག་ཡིན་ན་ཡང། ཁྲག་ངན་པའམ། ནང་ཁྲག་ཚད་དེ་སྲང་བཅུ་དྲུག་པར་དཔྱད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཁྲག་དབྱུང་ཞིང་གཟགས་པ་དྲགས་ན་མྱུར་དུ་འཆི་བར་འགྱུར་པའམ་ཡང་ན་རླུང་ནད་ཤིན ་ཏུ་གོས་དཀའ་བ་འབྱུང་བར་འགྱུར་རོ། །དེ་ལ་བསྐུ་བྱུག་འོ་མ་ཁུ། ཁྲག་བཅུད་བླུད་པ་སྨན་ཡིན་ནོ། ཞེས་བྱ་བ་ལ། ཁྲག་གཏོན་དྲགས་པ་དེ་ལ་སྨན་གྱི་བསྐུ་བྱུག་བྱ་བ་དང། འོ་མ་དང་ཤ་ཁུ་བླུད་པ་དང། རི་དགས་དང་ལུག་ལ་སོགས་པའི་ཁྲག་བཏོན་ཏེ་བླུད་པར་བྱའོ། །ཁྲག ་ཕྱུང་ནས་ནི་ཆིངས་མ་དག་།རལ་གྱིས་བཀྲོལ་ལ་ཆུ་བསིལ་གྱིས། །བཀྲུས་ལ་ཏིལ་མར་གྱིས་བྱུག་པའི། །གོས་འཇམ་གྱིས་ནི་རྨ་ལ་དཀྲི་ཞེས་བྱ་བ་ལ། ཁྲག་དབྱར་ཞིང་གཟགས་ནས་ཆིངས་མ་དལ་གྱིས་གློད་བཀྲོལ་ལ། ཆུ་བསིལ་བས་ཁྲག་རྗེས་བཀྲུས་ལ། རྩའི་སྒོ་ཏིལ་མར་གྱིས ་བྱུགས་པའི་གོས་འཇམ་གོས་རྨ་ཁ་གཡོགས་ལ། དེའི་འོག་ཏུ་བཅིང་བར་བྱའོ། །ཁྲག་ནད་ཡོད་ན་ཕྱི་འཕྲེད་དམ། །ཕྱི་དེ་ཉིན་པར་སླར་ཡང་དབྱུང། །ཤིན་ཏུ་གནོད་པའི་ཁྲག་ཟླ་ཕྱེད། །སྣུམ་གྱིས་རྟས་པའི་ལུས་ལས་དབྱུང་ཞེས་བྱ་བ་ལ། ཁྲག་མ་དག་ཅིང་ནད་ཡོད་པར་གྱུར ་ན། ཕྱི་འཕྲེད་ཀྱིས་སླར་ཡང་དབྱུང་བར་བྱའོ། །ཡང་ན་ཕྱི་དེ་ཉིན་དེ། ཉི་མ་གཉིས་པར་བ་སྦྱར་བར་བྱའོ། །ཤིན་ཏུ་གནོད་པའི་ཁྲག་ཡང་ཡོད་ན་ཟླ་བ་ཕྱེད་ནས་སྣུམ་བརྟ་ཞིང་ཞེན་པར་བྱའི་ལུས་ལས་དབྱུང་བར་བྱའོ། །ཁྲག་ངན་ཅུང་ཟད་ལུས་ཀྱང་ནི། །ནད ་ནི་ལྷག་པར་མི་སྐྱེད་པས། དེ་ཕྱིར་ལྷག་མ་ཡོད་གྱུར་ཀྱང། །བཞག་གི་ཤས་ཆེར་མི་དབྱུང་ངོ། །ཞེས་བྱ་བ་ལ། གང་གི་ཕྱིར་ཁྲག་ནད་ཅན་ངན་པ་ཅུང་ཟད་ལུས་པར་གྱུར་ཀྱང། དེ་ལས་བྱུང་བའི་ནད་ལྷག་པར་མི་སྐྱེད་ཅིང་བྱ་བ་ལ་བརྒལ་ཏེ། གནས་གཞན་དུ་མི་འགྲོ་བས ་དེའི་ཕྱིར་ལྷག་མ་ཅུང་ཟད་ཡོད་དུ་ཟིན་ཀྱང་ཤས་ཆེར་མི་འབྱུང་གི། ལྷག་མ་དང་བཅས་པར་བཞག་སྟེ། ཁྲག་ནི་སྲོག་གི་རྟེན་ཡིན་པའི་ཕྱིར་རོ། །དེ་ཡང་དྲང་སྲོང་ལེགས་མཐོང་གིས། །མཁས་པས་ནས་བཅས་ཁྲག་ཀྱང་ནི། །ལྷག་མ་ཅུང་ཟད་ཡོད་བྱ་ཡི། །ལྷག་པར ་དཔྱད་པར་མི་བྱ་སྟེ། །ལྷག་མ་ཞི་བས་བསལ་བར་བྱ། །ནད་ཁྲག་ལྷག་མ་ཅུང་ཟད་ལུས། །ནད་ནི་ཤས་ཆེར་མི་སྐྱེད་དེ། །དེ་བས་ལྷག་མར་བཅས་བཞག་གི། སྦྱོར་བ་དྲག་པར་མི་བྱའོ། ཞེས་བཤད་པ་ཡིན་ནོ། །ལྷག་མ་རྔབས་རུ་སོག་གདབ་པ་འམ། །ཡང་ན་སྤྱོད ་བསིལ་ཁྲག་མཁྲིས་བསལ། །སྦྱར་དང་བསྐམ་པའི་བྱེ་བྲག་ནི། །གསོ་བས་དེ་ནི་དང་པར་བྱ་ཞེས་བྱ་བ་ལ། ནང་ཁྲག་ལྷག་མ་ལུས་པ་སྟེ། རྔབས་རྭ་གདབ་པ་ལ་སོགས་པས་བསལ་བར་བྱ་བའམ། ཡང་ན་སྤྱོད་ལམ་ནི་བསིལ་བ་སྟེ། ཆུ་བསིལ་པ་བླུགས་པ ་ལ་སོགས་པ་ཁྲག་དང་མཁྲིས་པ་གསལ་ཞིང་གསོ་བའི་ཐབས་དང་ཟས་དང་སྨན་སྣུམ་པ་དང། མདར་བ་བསྟན་པ་དང་སྦྱར་བ་སྟེ། སློན་དང་ཁྲུས་ཀྱི་ཚུལ་དང། བསྐམ་པ་སྟེ། སྨྱུང་བར་གནས་པ་ལ་སོགས་པའི་བྱེ་བྲག་གི་གསོ་བས་དང་བར་བྱ་ཞིང་བསལ ་བར་བྱའོ། །ནད་ཁྲག་རབ་རྒྱས་མ་གྱུར་པའམ། །དེ་འདྲའི་ཐབས་ཀྱིས་གསོ་བར་བྱ་ཞེས་བྱ་བ་ལ། ནད་ཁྲག་ཤིན་ཏུ་རྒྱས་ཤིང་རབ་ཏུ་བདེ་བར་མ་གྱུར་པ་ལའང་སྤྱོད་ལམ་བསིལ་བར་བྱ་བ་ལ་སོགས་པ་དེ་དག་གིས་གསོ་བར་བ་ཞིང་དང་བར ་བྱའོ། །ནད་ཁྲག་རྒྱས་པར་གྱུར་པ་ལ་ནི་གཏར་ག་གདབ་པ་ལ་སོགས་པ་ཁྲག་དབྱུང་བའི་ཐབས་ཀྱིས་དབྱུང་བར་བྱའོ། །ཁྲག་གི་རྒྱུན་ནི་མཆོད་ན། བཅད་པའི་སྦྱོར་བ་མྱུར་བར་བྱ་ཞེས་བྱ་བ་ལ། ཁྲག་གི་རྒྱུན་བྱུང་བ་མ་ཆོད་ཅིང་བདེ་བར་གནས་པར་མ་གྱུར་ན། བཅད ་པའི་སྦྱར་བ་མྱུར་ཞིང་རིངས་པར་བྱའོ། །སེང་ཕྲོམ་རྨ་ཤིང་པྲི་ཡང་ཀུ། མཱ་ཥ་ཤིང་མངར་ཡུག་རྣམ་བཅད། གྱོ་དུམ་ཟར་མ་སྣག་ཚ་དང། འོ་མ་ཅན་ཤིང་ཤུག་ལོ་མ། །བཏགས་པའི་ཕྱེ་མ་རྨ་ཁར་གདབ། །ཤུགས་སོགས་ཆུ་གྲང་སྦྱར་ལ་བླུད་ཅེས་བྱ་བ་ལ། དེ་ལྟར་ཁྲག ་བཅད་པར་བྱ་བའི་ཕྱིར། སེང་ཕྲོམ་ལ་སོགས་པའི་ཕྱེ་མ་རྨའི་སྒོར་གདབ་པ་དང། ཤུག་པ་ལ་སོགས་པའི་སྡེ་ཚན་དང་སྦྱར་བའི་ཆུ་གྲང་བླུད་པར་བྱའོ། །འོ་མ་ཅན་གྱི་ཤིང་ནི་ནྱ་གྲོ་དྷ་དང། ཨ་ཤྭད་ཐ་ལ་སོགས་པའི་ཤུན་པ་དང་ལོ་མའོ། །གཞན་ནི་གོ་བར་ཟད་དོ། །ཡང་ན་རྩ་བཏབ ་དེ་གོང་གི། རྩ་དེ་ཉིད་ལས་གཏར་ག་བཏབ། །ཡང་ན་ཐུར་མ་བསྲེགས་པ་ཡིས། །རྨ་ཁ་མྱུར་དུ་བསྲེག་པར་བྱ་ཞེས་བྱ་བ་ལ། བཅད་པའི་སྦྱོར་བ་གཞན་ཡང་སྔར་བཅད་པའི་རྩ་དེ་ཉིད་ཀྱི་གོང་རོལ་དུ་གཏར་ག་གདབ་པར་བྱའོ། །ཡང་རྣམ་པ་ཐམས་ཅད་དུ་ཁྲག་ཆོད་ངར་མ ་གྱུར་ན། ཐུར་མ་མེར་བསྲེགས་པས་རྨ་ཁ་མྱུར་དུ་བསྲེག་པར་བྱའོ། །བཅིང་བ་ཉེས་པས་ལམ་ལོག་ལ་གནས་ཏེ། །ཆུད་ནི་རྒྱས་པས་ཁྲག་ནི་འཁྲུགས་གྱུར་པ། །རང་གི་གནས་སུ་སླར་ཕྱིན་མ་གྱུར་པ། །དེ་སྲིད་ཟས་དང་སྤྱོད་ལམ་ཕན་པ་བསྟེན་ཞེས་བྱ་བ་ལ། གཏར ་གའི་བཅིང་བ་ཉེས་ཤིང་མ་ལེགས་པས་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གང་རང་གི་གནས་ནས་རྒལ་ཏེ། ལམ་ལོག་པར་གནས་པས་ན་ཁྲག་ཏུ་གྱུར་པ་དེ་རང་གི་གནས་སུ་ཕྱིན་པར་མ་གྱུར་ཅིང། རང་གི་ལམ་དུ་གནས་པར་མ་གྱུར་པ་དེ་སྲིད་ཀྱི ་བར་དུ་ཟད་དང་སྤྱོད་ལམ་ལ་སོགས་པ་ཕན་ཞིང་གནོད་པ་མེད་པ་ལ་བརྟེན་པར་བྱའོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་འདིར་སྤྱོད་ལམ་ཞེས་བྱའོ། །ཤིན་ཏུ་ཚ་གྲང་མ་ཡིན་ཡང་དྲོད་བསྐྱེད། །ཁྲག་སེལ་བྱེད་པའི་བཟའ་དང་བཏུང་བ་ཕན། །དེ་ཚེ་ལུས ་དང་ཁྲག་ནི་བདེར་གནས་པས། །ཁྱད་པར་དུ་ནི་མེ་ལས་བསྲུང་བར་བྱ། ཞེས་བྱ་བ་ལ། ཁྲག་དབྱུང་ཞིང་གཟེགས་ནས་ཟས་དང་སྐོམ་ཤིན་ཏུ་ཚ་བ་དང། ཤིན་ཏུ་གྲང་བ་ནི་གནོད་པ་མ་ཡིན་ཏེ། ཤིན་ཏུ་ཚན་ནི་སླར་ཁྲག་བསྐྱེད་པར ་འགྱུར་ལ། ཤིན་ཏུ་གྲང་བ་ནི་མེ་དྲོད་ཉམས་པར་བྱེད་པ་ཡིན་ཏེ། དེ་བས་ན་གཉི་ག་མ་ཡིན་པ་བསྟན་པ་དང། དེ་བཞིན་དུ་རང་བཞིན་གྱིས་གཡོས་སུ་བྱས་པའི་བཟའ་བཏུང་དང། ཕོ་བའི་མེའི་དྲོད་བསྐྱེད་པའི་ཟས་སྐོམ་ཡང་སྦྱིན་པར་བྱ་སྟེ། གང་གི་ཕྱིར་དེའི ་ཚེ་ལུས་ལ་བདེ་བར་མི་གནས་པས་ཡང་དེ་ནི་མཁྲིས་པའི་གནས་ཡིན་ལ་མཁྲིས་པ་ནི་མེས་བསྐྱེད་དེ། དེའི་ཕྱིར་ཁྱད་པར་དུ་མེ་ལས་བསྲུང་བར་བྱ་ཞིང་རྣམ་པ་དུ་མས་བསྐྱེད་པར་བྱའོ། །མདོག་དང་དབང་པོ་གསལ་ཞིང་དབང་པོ་ཡུལ། །འདོད་ཅིང་ཟས་འཇུ ་ཤུགས་ཀྱང་བདེ་བར་འཇུ། །བདེ་དང་ལྡན་ཞིང་སྟོབས་ནི་ཕུན་སུམ་ཚོགས། །མི་ཡི་ནང་ཁྲག་པ་ཡིན་པར་བཤད་ཅེས་བྱ་བ་ལ། སྐྱེས་བུ་འདི་ལྟ་བུ་ནི་ནང་ཁྲག་མེད་པ་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ། །དེ་ཡང་སྐྱེ་དེའི་ལུས་ཀྱི་མདོག་དང། དབང་པོ་རྣམས་གསལ ་ཞིང་དང་བའི་བདག་ཉིད་ཅན་ཡིན་པར་དང། དེ་ཉིད་ནི་དབང་པོའི་ཡུལ་འདོད་ཅིང་ཡུལ་ལ་དགའ་བ་དང། ཟས་འཇུ་བ་ཡི་ནི་ཕོ་བའི་མེ་དྲོད་ལ་བྱ་ལ། དེའི་ཤུགས་ནི་ནུས་པ་ལ་བྱ་སྟེ། ཟས་འཇུ་བ་དེ་ཐོགས་པ་མེད་པ་དང། ཟིལ་གྱིས་མི་ནོན་པར་བདེ་བར་འབྱུང་བ་དང། ་དེ་བཞིན་དུ་བདེ་བ་དང་ལྡན་པ་སྟེ། ནད་མེད་པ་དང་ལྡན་པ་དང། དེ་བཞིན་དུ་སྟོབས་དང་ལུས་རྒྱས་པ་ཕུན་སུམ་ཚོགས་དང་ལྡན་པའི་མི་ནི་ནད་ཁྲག་ཡོངས་སུ་དག་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར ་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཟུག་རྔུ་དབྱུང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི ་འབྲེལ་བ་འདི་ཡིན་ཏེ། ནད་ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་ནི་གཏར་ག་གདབ་པའི་ཐབས་ཀྱིས་དབྱུང་དགོས་པས་གོང་དུ་བཤད་པས་ན་དེའི་འོག་ཏུ་ཁོང་དུ་མཚོན་ལུས་པ་ཟུག་རྔུ་ཞེས་བྱ་བ་ཡང་དབྱུང་དོགས་དང། །དེའི་འོག་ཏུ་འདི་བརྩམས་པ་ཡིན་ནོ། །ཟུག་རྔུའི་བགྲོད་པ་རྣམ་ལྔ་སྟེ། ཡོ ་དྲང་ཐང་ཀ་སྟེང་དང་འོག་ཅེས་བྱ་བ་ལ། ཟུག་རྔུ་སྟེང་མཚོན་ལུས་པའི་འགྲོད་པའི་ལམ་ནི། ཡོ་བ་ལ་སོགས་པའི་རྣམ་པས་རྣམ་པ་ལྔ་ཡོད་པར་ཤེས་པར་བྱའོ། །ཁ་གནག་སྐྲད་དང་ནད་དང་བཅས། ཡང་དང་ཡང་དུ་ཁྲག་འཛག་ལ། རྨ་ཡི་ཉེ་འཁོར་མཐོ་ཞིང་གློ། ཆུ་བུར་ལྟ་བུའི་ཐོར ་བུ་འབྱུང། །ཤ་ནི་འཇམ་པོར་ལུས་མདོར་ན། །ཁོང་ན་ཟུག་རྔུ་ཡོད་ཅེས་བྱ་ཞེས་བྱ་བ་ལ། །ཁོང་པའི་ནང་ན་མཚོན་ཡོད་པའི་མཚན་ཉིད་ནི། མདོར་ན་འདི་ལྟར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །ཇི་ལྟ་བུ་ཞེ་མ་རྨའི་སྒོ་ཁ་གནག་ཅིང་དྲི་མ་ཅན་དང། དེ་བཞིན་དུ་རྨ་སྐྲང་ཞིང ་ན་བ་དང་བཅས་པ་དང། དེ་བཞིན་དུ་ཡང་དང་ཡང་འཛག་ཅིང་འབྱུང་བ་དང། དེ་བཞིན་དུ་རྨའི་ཉེ་འཁོར་དཔངས་སུ་མཐོ་ཞིང་གློབ་དང། ཆུའི་ཆུ་བུར་ལྟ་བུར་ཐོར་དུ་འབྱུང་བ་དང། དེ་བཞིན་དུ་ཤ་མདངས་འཛམ་ཞིང་ཤ་སྙི་བར་གྱུར་པ་ཡིན་ནོ། །ཁྱད་པར་དུ་ནི་པགས་པར་ནི། མཚན ་ལུས་མདོག་ཉམས་སྲ་བ་དང། སྐྲངས་པར་འགྱུར་རོ་ཞེས་བྱ་བ་ལ། ཁྱད་པར་རམ་བྱེ་བྲག་ཏུ་པགས་པའི་ནད་དུ་མཚོན་ལུས་པ་ན་པགས་པའི་མདོག་མི་སྡུག་པར་འགྱུར་བ་དང། སྲ་ཞིང་མཁྲད་བག་ཏུ་གནས་པ་དང། ཆུར་སྐྲངས་པར་འགྱུར་རོ། །ཤར་གནས་པ། ནད་དང་སྐྲངས་བལྟབ? ་པར་འཕེལ། །བཅིར་བར་མི་བཟོད་སྨིན་པ་དང། །རྨ་ཡི་སྒོ་ན་འདྲབ་མི་ཤེས་ཞེས་བྱ་བ་ལ། ཤའི་དུམ་བུ་ལུས་པ། ཤལ་གནས་པ་ནི་ལྷག་པར་ན་ཞིང་སྐྲངས་པའི་ཚབས་ལྷག་པར་འཕེལ་བ་དང། བརྩིར་ཞིང་མནན་པར་མི་བཟོད་པ་དང། མཚོན་གང་ན་གནས་ཕར་ར ་སྨིན་ཞིང་སྣགས་པ་དང། ཟུག་རྔུ་ཟུག་པའི་རྨའི་ཁྲ་འདྲུབ་ཅིང་འཚོ་བོ་མི་ཤེས་པ་ཡིན་ནོ། །ཉ་ཡི་ནང་ཟུག་ཤར་ཟུག་དང། འདྲ་ལས་སྐྲངས་བག་མེད་པ་ཡིན་ཞེས་བྱ་བ་ལ། བྱིན་པ་ལ་སོགས་པའི་ཉའི་ནང་དུ་གནས་པའི་ཟུག་རྔུའི་མཚན་ཉིད་ནི་ཤལ་ཟུག་པོ་དང་འདྲ་བ ་འས་སྐྲངས་བག་མེད་དེ། དེ་མ་གཏོགས་བ་ཡིན་ནོ། །དེ་ལ་ལུས་ལ་ཉ་ཞེས་བྱ་བའི་ཤ་ལྔ་བརྒྱ་ཡོད་པར་འོག་ནས་བཤད་དེ། ཤའི་ཆར་གཏོགས་པ་ཟླ་བ་ཚེས་པ་ལ་སོགས་པའི་དབྱིབས་ཅན་ལ་ཉ་ཞེས་བྱའོ། །ཆུ་པའི་དྲ་བའི་ནང་ལུས་པའི། །ཆུ་བ་ལས་ནི་དབྱུང་དཀའ་ ་ཞིང། བསྒུལ་དཀའ་བསྐྱོད་ཚེ་རེངས་ཤིང་ན་ཞེས་བྱ་བ་ལ། ཆུ་བའི་དྲ་བའི་ནང་དུ་མཚོན་ལུས་པ་ནི། ཆུ་བ་ལས་དབྱུང་བར་དཀལ་བ་དང། བསྒུལ་བར་དཀའ་ཞིང་ན་བ་དང། བསྐྱོད་པའི་ཚེ་ལྷག་པར་མི་བཟོད་པ་དང། ཤིང་ལྟར་རེངས་ཤིང་འདས་པ་དང། ན་བ་ལྷང་ལྷང་པོར་བྱེད ་པ་ཡིན་ཏེ། ཟུག་རྡུ་འདི་ནི་ལྷག་པར་འབྱུང་དཀའ་བར་འགྱུར། རྩལ་བརྟེན་པ་རྩ་སྐྲངས་འགྱུར་ཞེས་བྱ་བ་ལ། ཟུག་རྡུ་རྩ་ཟུག་རྩར་གནས་པ་ནི་རྩ་སྐྲངས་ཤིང་སྤོས་བག་ཏུ་འགྱུར་བའོ་བུ་གའི་?་ན་སྦུབས་ཀྱིས་ནི། རང་གི་ལས་དང་ཡོན་ཏན་ཉམས་ཞེས་བྱ་བ་ལ། བུ་གར་གནས ་པའི་ཟུག་རྡུ་ནི་རང་གི་གནས་དང། ཡོན་ཏན་ལས་ཉམས་པར་འགྱུར་རོ། །དེ་ཡང་བུ་གའི་སྦུབས་ནི་དབུགས་དང། ལུས་ཟུངས་དང། དྲི་མ་དང་ཆུ་རྣམས་རྒྱུ་པའི་གནས་བཅུ་གསུམ་མོ། །དེ་དག་རང་གི་ལས་དང། དེ་བཞིན་དུ་ཡོན་ཏན་ཉམས་ཤིང་འཇིག་པར་འགྱུར་རོ། །རྩ་ཆེན་གནས་པ་དབུག ་དང་ཁྲག། ལྦུ་བ་ཅན་དུ་འབྱུང་འགྱུར་ཞིང། །སྐྲ་དང་བཅས་པ་འབྱུང་བ་དང། །སྙིང་ན་ཡན་ལག་བཅས་འགྱུར་ཞེས་བྱ་བ་ལ། རྩ་ཆེན་པོ་སྦུབས་ཅན་དུ་གནས་པའི་ཟུག་རྡུ་ནི། སྤུབས་དང་ཁྲག་འདྲེས་པ་ལྦུ་བ་ཅན་དུ་འབྱུང་བར་འགྱུར་བ་དང། དབུགས་དང་རླུང་དེ་སྒྲ ་དང་བཅས་པར་འགྱུར་བ། སྙིང་ག་ན་ཞིང་མེར་མེར་པོར་སེམས་བ་དང། ཡན་ལག་ན་ཞིང་སྙམ་པ་དང་བཅས་པར་འགྱུར་རོ། །རུས་ཚིགས་པོགས?་རེ་རེ་མཚོན་ལུས་པ། རུས་བརྩེ་ཆེ་བས་ཆེར་ན་བར་འགྱུར་ཞེས་བྱ་བ་ལ། རུས་པའི་ཚིགས་ཀྱི་མགོ་རར་མཚོན ་གྱི་རྡུམ་བུ་ལུས་པ་ནི་རུས་པ་ཤིན་ཏུ་རྩེ་ཞིང་ཟུག་པ་དང། བསྐྱོད་ཅིང་བསྒུལ་བ་ན་ཤས་ཆེན་པོ་རན་པར་འགྱུར་རོ། །རུས་གནས་ནད་མང་སྐྲངས་པར་བྱེད་ཅེས་བྱ་བ་ལ། མཚོན་གྱི་ཟུག་རྡུ་རུས་པའི་ནང་ན་གནས་པ་ནི། ནད་མང་པོ་སྣ་ཚོགས་པ་སྐྱེས་པར་བྱེད ་དེ། ཕལ་ཆེར་ཆག་པ་དང། གྲུམས་བ་དང། འདར་བ་དང། གནོད་ཅིང་ཟུག་པར་འགྱུར་བ་དང། དེ་བཞིན་དུ་སྐྲངས་པར་བྱེད་པར་ཡང་འགྱུར་རོ། །ཚིགས་ལ་གནས་པ་དེ་འདྲ་དང། བསྐྱོད་པར་དཀའ་པ་དག་ཏུ་འགྱུར་ཞེས་བྱ་བ་ལ། ཚིགས་ལ་གནས་པའི་ཟུག་རྡུ་ནི་རུས་པར་གནས་པ ་དང། འདྲ་པར་འགྱུར་བ་དང། དེ་བཞིན་དུ་བར་དཀའ་ཞིང་བསྒུལ་མི་བཟོད་པར་འགྱུར། །ནད་གྲོལ་ནད་ཡོད་འཁྲུག་པ་དང། སྤོ་བཞིན་ཁ་ཟས་ངན་སྐྱུགས་གཅིན། རྨ་ཡི་ཁར་ནི་འབྱུང་བར་འགྱུར་ཞེས་བྱ་བ་ལ། ནང་གྲོལ་གྱི་ནང་དུ་ལུས་པའི་མཚོན་ནི། འཁྲུག་ཅིང་རྒྱུ་མའི ་སྒྲ་?་བཀྲུག?་ཟེར་པ་དང། སྤོས་ཤིང་དབུགས་ཀྱིས་རྒྱས་པ་དང། དེ་བཞིན་དུ་ཁ་ཟས་དང། དན་སྐྱུགས་དང། གཅིན་རྨའི་ཁར་འབྱུང་ཞིང་སྣང་བར་འགྱུར་རོ། །གནད་ཀྱི་ནང་དུ་མཚན་ལུས་པ། །གནད་ཟུག་མཚན་ཉིད་ལས་ཤེས་བྱ་ཞེས་བྱ་བ་ལ་གནད་རྣམས་ཀྱི་ནང་དུ ་མཚན་ལུས་པ་ནི་ཟུག་རྡུ་ནི་གནད་དུ་ཟུག་ཅིང་བསྣུན་པའི་མཚན་ཉིད་གང་རལ་བཤད་པ་དེའི་ཚེལ་ལས་ཤེས་བར་བྱའོ། །པགས་པ་ལ་སོགས་རང་རང་ནི། ཇི་ལྟར་འཇག་ལས་ཤེས་པར་བཞེས་བྱ་བ་ལ། པགས་པ་ལ་སོགས་པ་ནས་གནད་ཀྱི་ནང་དུ་མཚོན་གྱི་དུམ་བུ་ལུས་པ་དག་སྔར་བསྟན ་པའི་མཚན་ཉིད་དག་ལས་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རང་རང་གི་གནས་ལས་ཇི་ལྟར་འཛག་པ་ལས་ཀྱང་ཟུག་རྡུ་ཡོད་པར་ཤེས་པར་བྱའོ། །སྐྱོན་མེད་ལུས་ཀྱི་རྨ་འཆོས་སྟེ?། དེ་ནི་གནོད་པ་མེད་པར་གནས། ནང་འཁྲུགས་ནད་པ་ལ་སོགས་ཀྱི། །གློངས་ནས་སླར ་ཡང་གནོད་པ་བསྐྱོད། །ཅེས་བྱ་བ་ལ། སྐྱེས་བུ་ལུས་ནད་ཀྱིས་སྐྱོན་མེད་པའི་ཟུག་རྡུ་བ་ནི་རྗེས་མཐུན་པར་གནས་པ་དག་གི་རྨ་ཡང་འཚོ་བར་བྱེད་ཅིང་གནོད་པ་མེད་པར་འགྱུར་མོད་ཀྱི་རྨ་འཚོ་ཟིན་ནས་ཀྱང་ནད་གཞི་འཁྲུགས་པ་དང། སྣང་བ་དང། རྩོལ་བས་སྐྱོད་པ་ལ་སོགས ་པའི་དབང་གིས་གླེངས་པ་དང། སླར་ཡང་ལུས་ལ་གནོད་པ་བསྐྱེད་ཅིང་ནང་དུ་གྱུར་པ་ཡིན་ནོ། །གང་ཡང་རུང་པས་པགས་པ་ཉམས། །བསྐུ་དང་མཉེ་དང་དུགས་བྱས་དང། མདོག་དམར་ན་ཞིང་ཚ་ལ་འཁྲུག། ཡང་ན་གང་དུ་མར་བཞག་འཇུག། །ལྡེ་གུ་བྱུགས་པས ་མྱུར་དུ་བསྐམས། །གནས་དེར་ཟུག་རྡུ་བཅས་ཤེས་བྱ་ཞེས་བྱ་བ་ལ། ཟུག་རྔུ་པགས་པའི་ནང་དུ་ཟུག་ཅིང། །མི་མངོན་པར་གྱུར་པ་ནི་ལུས་ཀྱི་ཕྱོགས་གང་དུ་ཟུག་པར་བགས་པ་ཉམས་པ་དང། བསྐུ་བ་ལ་སོགས་པས་བྱས་པས་མདོག་དམར་བ་དང། ན་ཞིང་ཟུག་པ ་དང། ཚ་བ་དང། །འཁྲུག་ཅིང་བསྐྱོད་པ་ནན་པར་འགྱུར་ཏེ། དེ་ལྟ་བུའི་གནས་དེ་ནི། ཟུག་རྔུ་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་པགས་པའི་ཕྱོགས་གང་དུ་ན་སར་མར་བ་ཞག་བཞི?་ན་མྱུར་དུ་འཇུ་བར་འགྱུར་བའམ་ལྡེ་གུ་གུས་པ་མྱུར་དུ་བསྐམ་བར་གྱུར་ན། གནས་དེ་ཡང་ཟུག་རྡུ་དང་བཅས་པར་ཤེས་པར ་བྱའོ། །ཤར་ལུས་སྤྱད་པ་བྱས་པ་ཡིས། །སྐེམ་བྱས་ལྷོངས་གྱུར་བསྐུལ་བ་དང། །བཙན་དམར་སོགས་ཀྱིས་ཤེས་པར་བྱ་ཞེས་བྱ་བ་ལ་ཟུག་རྡུ་ཤའི་ནང་དུ་ལུས་བ་མི་སྣང་བར་གྱུར་པ་ནི། སྤྱད་པ་བྱ་བ་སྟེ། སློན་སྨན་དང་བཀྲུ་སྨན་ལ་སོགས་པ་བྱས་པས ་ལུས་སྐེམ་ཞིང་སྦེག་བར་བྱ་བ་ལ། སྐེམས་པར་བྱས་པ་དེས་ལྷོད་ཅིང་ཡང་བག་ཏུ་གྱུར་པ་དང་བསྒུལ་བ་དང། བཙན་དམར་པོ་ཡོད་པ་དང་རྣ་བ་ལ་སོགས་པའི་ཚུལ་གྱིས་ཟུག་རྡུ་ཡོད་པར་ཤེས་པར་བྱའོ། །ཉ་དང་རུས་ཚིགས་ན་བདེ་གྲོལ་གྱི། །ཟུང་རྡཱུང ་དེ་བཞིན་ཤེས་པར་བྱ་ཞེས་བྱ་བ་ལ། ཉ་དང་རུས་པའི་ཚིགས་ལ་གནས་པ་དང། ནད་གྲོལ་ནི་གནས་པའི་ཟུག་རྡུ་ནི་སློན་སྨན་ལ་སོགས་པའི་སྦྱར་བས་སྐེམ་བོར་བྱས་ཏེ། ལྷོད་པར་གྱུར་པ་དང། བསྒུལ་བ་དང་ཁ་རྩན་པ་ལ་སོགས་པས་ན་བར་གྱུར་བ་གང་ན ་།ཡོད་པ་དེ་ན་ཟུག་རྡུ་ཡོད་པར་ཤེས་པར་བྱའོ། །ཤ་ལ་ཟུག་རྡུ་དང་འདྲ་བར་ཤེས་པར་བྱ་སྟེ། རུས་པས་ཟུག་རྡུ་མ་རུངས་འགྱུར་རོ། །རུས་པ་བསྐུ་དང་དུགས་བྱ་ཞིང། །མཉེད་དེ་བཙིར་བར་ཤེས་པར་བྱ་ཞེས་བྱ་བ་ལ། རུས་པ་ནང་དུ ་ལུས་བའི་མཚོན་མི་མངོན་པར་གྱུར་བ་ནི། རུས་པ་མ་རུངས་ཤིང་མདོག་ཉམས་པ་དང་རུས་པ་བསྐུ་བ་ལ་སོགས་པ་བྱ་བ་ན་གནོད་པ་ཡོད་པ་ལས་ཤེས་པར་བྱའོ། །རུས་ཚིགས་གནས་པ་རུས་འདྲ་དང། བརྐྱང་དང་བསྐུམ་པས་ཤེས་པར་བྱ་ཞེས་བྱ་བ་ལས་རུས ་པའི་ཚིགས་ལ་གནས་པའི་ཟུག་རྡུ་མི་མངོན་པ་ནི། རུས་པ་དང་འདྲ་བར་བསྐུ་བ་དང། དུགས་བྱ་བ་ལ་སོགས་ཤེས་པར་བྱ་བ་དང། བརྐྱང་པ་དང། བསྐུམ་པའི་བསྒུལ་བསྐྱོད་ལས་ཤེས་པར་བྱའོ། །ཆུ་བ་རྩ་དང་རྩ་ཆེན་སྣུབས། །ཁྲུག་རྡུ་མི་མཉམ་ལམ་འགྲོ་དང། །ཤིང་རྟ་ཆགས་པའི ་རྟ་དང་ནི། །ལྡན་བར་ནད་བ་བསྐྱོད་ནས་སུ། །མྱུར་དུ་དྲངས་ནས་ང་ནས་ནི། །བསྐྱོད་པས་ཟུག་རྡུ་ཤེས་པར་བྱ་ཞེས་བྱ་བ་ལ། ཆུ་བ་ལ་སོགས་པར་ནུབ་ཅིང་མི་མངོན་པའི་ཟུག་རྡུ་ནི། མི་མཉམ་པའི་ལམ་སྟེ། འམ་མཐོ་དམ་བཅན་དུ་ཤིང་རྟ་འཁོར་ལོ་ཆགས་པ། རྟས་དྲངས་པ ་ལ་བསྐྱོར་ནས་དེའི་འོག་ཏུ་མྱུར་དུ་དྲངས་ཏེ། གནས་གཞན་དུ་བསྐྱོད་པ་དང། །དོ་ནས་བསྐྱོད་པ་དེས་རྩ་དམར་བ་དང། རྩ་བ་ལ་སོགས་པ་ནས། ཟུག་རྡུ་གང་ན་ཡོད་པ་ཤེས་པར་བྱ་ཞིང་བརྟག་པར་བྱའོ། །གནད་ཟུག་ལོགས་ཤིག་མ་བཤད། དེ་རྣམས་ཤ་སོགས་ལ་གནས་ཡིན་ཞེས ་བྱ་བ་ལ། གནད་དུ་ཟུག་ཅིང་མི་སྣང་བར་གྱུར་བའི་ཟུག་རྡུའི་མཚན་ཉིད་ནི་ལོགས་ཤིག་ཏུ་མ་བཤད། །དེ་རྣམས་ནི་ཤ་ལ་སོགས་པ་ཉིད་ལ་གནས་པར་སྔར་བཤད་པས་ལོགས་ཤིག་ཏུ་དགར་དུ་མེད་དོ། །སྤྱིར་ནི་ཟུག་རྡུར་བཅས་བསྐྱོད་པའི། །བྱ་བས་ན་བཅས་ལས་ཤེས་བྱ་ཞེས ་བྱ་བ་ལ། སྤྱིར་ན་ལུས་ཀྱི་ཕྱོགས་གང་ན་ཟུག་རྡུ་ཡོད་ཅིང་ནད་ན་མཚོན་ལུས་པ་དང་བཅས་པ་ནི་བསྐྱོད་པའི་བྱ་བས། ཤེས་པ་སླད་པོ་ཆེའི་རྒྱབ་དང། རྟ་བསྐྱོན་པ་དང། ཤིང་ལ་འཛེག་པ་དང། རྟ་རྒྱུག་པ་དང། མྱུར་བ་དང། རྐྱལ་བྱས་པ་དང། མདའའཕེན་པ་དང། གླལ་དང་? ་པ་དང། སྒྲགས་པ་དང། ལུང་པ། ལུ་པ་དང། མཆིལ་མ་དྲག་ཏུ་འདོར་བ་དང། རྒོད་པ་དང། དབུགས་རྡུབ་པ་དང། འབྱུང་བ་ནན་པ་དང་བཅས་པ་ལས་ཤེས་པར་བྱའོ། །མདོར་ན་ལྡུམ་དང་གྱེས་བ་དང། ཟུར་བཞི་པ་དང་ཟུར་གསུམ་པའི། །རྨ་ཡི་དབྱིབས་ལ་ཟུག་རྡུ་ནི།། ་མི་མངོན་རྣམ་པར་ཤེས་པར་བྱ་ཞེས་བྱ་བ་ལ། མདོར་བསྡུ་ན། མི་མངོན་བའི་ཟུག་རྡུ་ཞེས་བྱ་བའི་ཐབས་ནི། རྨའི་ཁ་ཟླུམ་པ་དང་གྱེས་ཤིང་ངོས་གཉིས་ཐ་དད་པར་བྱེ་བ་དང། ཟུར་བཞིར་གནས་པ་དང། ཟུར་གསུམ་པར་གནས་པའི་རྨའི་དབྱིབས་ལས་ཟུག ་དུའི་དབྱིབས་དང། རྣམ་པར་མི་མངོན་པ་དག་ཤེས་པར་བྱ་ཞིང་རྟོགས་པ་པར་བྱའོ། །དེ་རྣམས་དབྱུང་བའི་ཐབས་གྱུར་གཉིས། །ཕྱིར་དྲང་བ་དང་མདུན་ནས་དྲང་ཞེས་བྱ་བ་ལ། ཟུག་རྡུ་ཐ་དད་ཐམས་ཅད་དབྱུང་བའི་ཐབས་ནི་གཉིས་ཁོ་ན་སྟེ། ཕྱིར ་དྲང་བ་དང་མདུན་ནས་དྲང། །རྩེ་ནས་དྲང་དང་རྩ་ནས་དྲང། །དེ་ལས་བཟློག་པས་དབྱུང་བར་བྱ་ཞེས་བྱ་བ་ལ། དེ་གཉིས་ལ་བཟློག་པའི་ཐབས་ཡིན་པས་ན། གོ་བཟློག་པའི་ཚུལ་གྱིས་དབྱུང་བར་བྱ་སྟེ། དེ་བས་ན་རྩ་ནས་དྲང་བ་དང་རྩེ་མོ་ནས་དྲང་བའི་ཐབས ་གཉིས་ཀྱིས་དྲང་བར་བྱ་བ་ཡིན་ཏེ། དེ་བས་ན་འདི་དག་ལས་ཕྱིར་དྲང་བ་ནི་རྩེ་མོ་ནས་དྲང་བར་བྱ་ལ། མདུན་ནས་དྲང་བ་ནི་རྩ་བ་ནས་དྲང་བར་བྱའོ། །དེ་ཡང་དེ་བཞིན་ཐུར་དུ་ཟུག་པའི་ཟུག་རྔུའི་རྩེ་ནས་དྲང་བར་བྱ་ལ། གྱེན་དུ་ཟུག་པ་ནི་རྩ་བ་ནས་དྲང་བྱའོ། ། ་དེ་ལྟར་ན་གཅིག་ལ་གཅིག་བཅོས་པའི་ཐབས་ཀྱིས་ཟུག་རྡུ་དབྱུང་བར་བྱ་སྟེ། དབྱུང་སླ་གང་ན་ཡོད་དྲལ་ཏེ། །དེ་ནས་ཐད་ཀར་དྲང་བར་བྱ་ཞེས་བྱ་བ་ལ། མཚོན་འཕྲེང་དུ་ཟུག་པ་དག་ནི། ལུས་ཀྱི་ཕྱོགས་གང་ན་ཡོད་པར་དྲལ་ཏེ། དབྱུང་སླ་བར་བྱ་ལ་དེ ་ནས་གནས་དེ་ལས་ཐད་ཀར་དྲང་ཞིང། དེ་དབྱུང་བར་བྱའོ། །མཚོན་ནི་བྲང་དང་མཚན་ཁུང་དང། །བརླ་རུང་རྩི་བ་ལོགས་ཟུག་པ་དང། །མདུན་དྲང་རྩེ་མོ་མངོན་བཅད་བྱ། །ཁ་ཞེང་ཆེ་དྲང་མི་བྱ་གང། །ཞེས་བྱ་བ་ལ། ཟུག་རྡུ་བྲང་ན་གནས་ཤིང་ཟུག་པ ་དང། དེ་བཞིན་དུ་མཆན་ཁུང་དང། བརླ་རུང་ན་གནས་པ་དང། རྩིབ་ལོགས་སུ་ཟུག་པ་རྣམས་སྟོབས་ཀྱིས་དབྱུང་བར་བྱའོ། །དེ་བཞིན་དུ་མདུན་ནས་དྲང་བར་མི་བྱའི་ཕྱིར་དྲང་བར་བྱ་བ་དང། རྩེ་མོ་འབུར་འབུར་པོར་ཕྱིར་མི་མངོན་བ་དང། ཁ་བཅད་པ་དང་བྱ་བ་དང། ་ཁ་ཞེང་ཚེ་བ་གང་ཡིན་པ་དེ་ནི་སྟོབས་ཀྱིས་དྲང་བར་མི་བྱའོ། །ཟུག་རྡུར་མ་གྱུར་མདེའུ་དང། །མི་དོན་མེད་པས་མི་དབྱུང་ཞེས་བྱ་བ་ལ། ཟུག་རྡུར་མ་གྱུར་ཅིང་གནད་དུ་མ་ཞེན་གྱི། གདེག་པ་དང། བདར་བ་དང། བཞག་པ་སྟེ་གནས་གསུམ་དུ ་ཞུགས་པའམ། མཚོན་མི་མངོན་ཞིང་མི་སྣང་ཡང་གནོད་པ་མེད་དེ། སྐྲང་བ་དང་ན་བ་དང་རྣགས་པ་མེད་པར་གྱུར་ན། ཟུག་རྡུ་དེ་དབྱུང་བར་མི་བྱའོ། །དེ་ནས་ལག་པ་ཟིན་གྱུར་ན། །ལག་པ་གཉིས་ཀྱིས་དྲང་བར་བྱ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏེ། ཟུག་རྡུའི་རྣམ་པ་ལག ་པ་གཟིན་ཅིང་གཟུར་དུ་རུང་བ་ནི། ལག་པ་གཉིས་ཀྱིས་དྲང་ཞིང་དབྱུང་བར་བྱའོ། །སྣང་གཞན་སེང་གེ་ཆུ་སྲིན་དང། ཁར་མི་ཀརྐ་ཊའི་མཆུས་དྲང་ཞེས་བྱ་བ་ལ། །ཟུག་རྡུ་གང་སྣང་བར་ཡང་གྱུར་ཅིང་སྡམ་ལས་གཞན་པ་སྟེ། ལག་པ་ཟིན་པར་མ་གྱུར་པ་དག་ནི། སེང་གེའི་མཆུ་འདྲ་བ ་ལ་སོགས་པའི་ཆ་དཔྱད་ཀྱིས་དྲང་བར་བྱའོ། །མི་མངོན་རྨ་ཡི་དབྱིབས་ལས་ན། །གལ་ཏེ་དབྱུང་བར་ནུས་གྱུར་པ། །ཀངཀ་བྲིངྒ?་ཁྲུ་ཁྲུང་དང། །བྱ་རོག་ཤར་ཛེའི་མཆུས་དྲང་ཞེས་བྱ་བ་ལ། གང་ཟག་ཟུག་རྔུ་ཉིད་ནི་མི་མངོན་ལ། རྨ་བྱའི་དབྱིབས་ལས་ལུས་གང་ན་གང་གནས་པའི་ཕྱོགས ་དེ་ལས་གལ་ཏེ་དབྱུང་དུ་རུང་ཞིང་ནུས་པ་ཡིན་ན་ལུས་ཀྱི་ཕྱོགས་དེ་ལས་ཀང་ཀ་ལ་སོགས་པའི་མཆུ་འདྲ་བའི་ཆད་བྱད་ཀྱིས་དྲང་བར་བྱའོ། །པགས་སོགས་ལ་གནས་སྐབས་བས་དྲང། ཁོང་སྟོང་ནང་ནས་ཉ་མགོས་དབྱུང་ཞེས་བྱ་བ་ལ། པགས་པ་ལ་སོགས་པར་གནས་པའི་ཟུག་རྡུ་ནི། ་སྐམ་པ་འདྲ་བའི་ཆ་དཔྱད་གཉིས་པོས་དྲང་བར་བྱའོ། །སོགས་པའི་སྒྲས་ནི་ཤ་ལ་སོགས་པ་བསྡུའོ། །གང་ཁོང་སྟོང་གི་སྦུབས་ཅན་གྱི་ནང་གི་པགས་པས་ལ་གནས་པ་ནི། ཉ་མགོ་ལྟ་བུའི་ཆ་དཔྱད་ཀྱིས་དབྱུང་བར་བྱའོ། །སྤུ་གུར་གནས་པ་འདམ་བུ་འདྲས་ཞེས་བྱ་བ་ལ། བུ་གའི་ཕྱོགས་སུ ་གནས་པའི་ཟུག་རྡུ་ནི་འདོམ་བུ་འདྲ་བའི་ཆ་དཔྱད་ཀྱི་འབྱུང་བར་བྱའོ། །ལྷག་མ་གཞན་གྱིས་ཅི་རིགས་དྲན་ཞེས་བྱ་བ་ལ། ཟུག་རྡུ་ལྷག་མ་སྔ་མ་དེ་དག་གིས་དབྱུང་བར་མི་ནུས་པ་དེ་དག་ནི་ཆ་དཔྱད་གཞན་འདིར་སྨོས་པ་དང། མ་སྨོས་པའི་ཐུར་མ་ལ་སོགས་པས་ཅི་རིགས་པར་དྲང་པར ་བྱ་བར་བྱ་སྟེ། གང་ཞིག་གང་དང་འཚམ་པ་དེས་དེ་དབྱུང་བར་བྱའོ། །ཡང་ན་དང་པོར་མཚོན་གྱིས་དྲལ་ཞེས་བྱ་བ་ལ། དེ་ལྟར་ཡང་ན་དྲང་བར་མ་ནུས་ན་བཙགས་དཔྱད་ཀྱི་མཚོན་གྱིས་དྲང་པོར་དྲལ་ཞིང་ཤ་ལ་སོགས་པ་བཅད་དེ། དེའི་འོག་ཏུ་དབྱུང་བར་བྱའོ། །དེ་ནས ་རྨ་ཡི་ཁ་གསལ་བ། །བྱས་ལ་མར་གྱིས་དུགས་བྱས་ཤིང། །བཅིངས་ཏེ་སྤྱོད་པ་བསྟེན་པར་བྱ་ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ལུས་ཀྱི་ཕྱོགས་ལ་ཟུག་རྡུ་ཕྱུངས་ཟིན་པ་དང། རྨའི་ཁའི་ཁྲག་བསལ་ཞིང་ཕྱིས་ལ་མར་གྱིས་རྨ་ལེགས་པར་དུགས་བྱ་ཞིང ་བཅིངས་ཏེ། དེའི་འོག་ཏུ་སྤྱོད་པ་སྔར་སྣུམ་གྱི་ཆོ་གའི་སྐབས་སུ་བཤད་པའི་ཁ་ཟས་དང། སྤྱོད་ལམ་དག་བསྟེན་པར་བྱའོ། །རྩ་དང་ཆུ་བར་མཚོན་ལུས་པ། ཐུར་མ་བསྐྱོད་དེ་དབྱུང་བར་བྱ་ཞེས་བྱ་བ་ལ། རྩ་དང་ཆུ་བར་ཞེན་ཅིང་ཆགས་པའི་མཚོན་ལུས་པའི་ཟུག་རྡུ་ནི་དང་པོར ་ཐུར་མས་བསྐྱོད་ཅིང་བསྐུལ་ལ། དེའི་འོག་ཏུ་དབྱུང་བར་བྱའོ། །སྙིང་གར་གནས་པའི་ཟུག་རྡུ་ནི། ཆུ་གྲང་གཏོར་བས་སྡང་བྱས་ལ། གནས་གཞན་ཕྱིན་ཅིང་འཕགས་གྱུར་ན། །ཅི་རིགས་པར་ནི་དབྱུང་བར་བྱ་ཞེས་བྱ་བ་ལ། སྙིང་གའི་ཕྱོགས་སུ་གནས་པའི་མཚོན་གྱི་ཟུག་རྡུ ་ནི་དང་པོར་ཆུ་གང་མོས་གཏོར་ཅིང་བཏབ་བས་སྡང་ཤིང་སྐྲག་པར་བྱས་ལ། སྡངས་བས་དེ་གནས་གཞན་དུ་འཆུག་ཤིང་འཕགས་པར་གྱུར་ན། ཅི་རིགས་པར་དབྱུང་བར་བྱ་སྟེ། ཆ་དཔྱད་གང་འཚམ་བས་དབྱུང་ངོ་ཞེས་བྱ་བའི་དོན་ནོ། །རྨ་ཡི་སྒོ་ནས་དབྱུང་དཀའ་ ་པ། །གཞན་དག་ལ་ཡང་དེ་བཞིན་བྱ་ཞེས་བྱ་བ་ལ། མཚོན་དང་པོ་གང་དུ་དུ་ཟུག་བའི་རྨའི་སྒོ་ནས་དེ་ནས་དབྱུང་ཞིང་གདོན་བར་དཀའ་བ་གཞན་དག་ལ་ཡང་ཟུག་རྡུ་དེ་གནས་གཞན་དུ་བསྐྱོད་ལ་བྲལ་ཏེ། དབྱུང་བར་བྱའོ། །རུས་པར་ཟུག་ལ་རྐང་པར་ནི། གཉིས་ཀྱི་མནན ་ལ་བྲལ་བར་བྱ། ཞེས་བྱ་བ་ལ། ཟུག་རྡུ་གང་ཞིག་རུས་པ་མུག་འགྱུར་བའི་མི་ཟུག་རྡུ་ཙམ་དེ་རྐང་པ་གཉིས་ཀྱིས་མནན་ལ། ཟུག་རྡུ་དེ་ཆ་དཔྱད་ཀྱིས་དྲང་ཞིང་གནོད་པར་བྱའོ། །དེ་ལྟར་མ་ནུས་སྟོབས་ཆེ་བའི། །གཡོག་གིས་དམ་དུ་བཅིངས་ཏེ་དབྱུང་ཞེས་བྱ་བ་ལ། དེ་ལྟར་རྣམ་པ ་དེས་ཟུག་རྡུ་དབྱུང་བར་མ་ནུས་ན་ཤིན་ཏུ་སྟོབས་ཆེ་ཞིང་ནུས་པ་དང་ལྡན་བའི་གཡོག་བསྒོ་བ་བཞིན་དུ་བྱེད་པས་ཆ་དཔྱད་ཀྱི་ཤིན་ཏུ་དམ་དུ་གཟུངས་སྟེ་དབྱུང་བར་བྱའོ། །འོན་ཀྱང་མ་ནུས་དེའུའི་བྱ། །བཀུག་ལ་གཞུ་རྒྱུད་དམ་བཏགས་ལ། རྟག་སྲབ་ཀྱིས་ནི ་ཀ་ལྕགས་མཐར། །མ་ཡེངས་པ་ཡིས་དམ་བཏགས་ཏེ། ཡན་ལག་ལྔ་པོ་ལེགས་བསྡམས་ནས། །རྟ་ནི་ལྕག་གིས་བཞུས་ནས་སུ། །བཏེག་ཅིང་མགོ་པོ་བཏེག་ནས་ནི། །ཤུགས་ཀྱིས་ཇི་བཞིན་བསྟོད་ནས་ནི། དེ་ལྟར་ཟུག་རྡུ་དབྱུང་བའམ་ཞེས་བྱ་བ་ལ། དེ་ལྟར་ན་ཡང་ཟུག་རྡུ་དབྱུང་བ་མ་ནུས ་ན། མདེའུའི་རྩ་བ་དམ་དུ་བཀུག་ལ། གཞུ་རྒྱུད་ཀྱི་ཕྱོགས་གཅིག་ལ་དམ་དུ་བཏགས་ཤིང་བཅིངས་ཏེ། གཞུ་རྒྱུད་ཀྱི་ཕྱོགས་གཅིག་རྟ་སྲབ་ཀྱི་ཁ་ལྕགས་ཀྱི་ཡང་མིག་ལ་སྨན་པས་གཞན་དུ་མ་ཡེངས་པར་དམ་དུ་བཏགས་ཏེ། རྟ་ཡན་ལག་ལྔ་པོ་ལེགས་པར་བསྡམས་ཤིང་དུལ ་བར་བྱས་ནས་དེའི་འོག་ཏུ་རྟ་ལྕག་གིས་བཞུས་ནས་ཅི་ནས་ཀྱང་མགོ་དྲག་ཏུ་བཏེག་པའི་ཤུགས་ཀྱིས་ཟུག་རྡུ་འབྱིན་པར་ནུས་པ་དེ་ལྟར་བྱའོ། །ཡང་ན་ཤིང་གི་ཡལ་གར་གདགས་ཞེས་བྱ་བ་ལ། ཡང་ན་རྣམ་པ་གོང་མ་ལྟར་གཞུ་རྒྱུད་ཀྱི་རྩེ་མོ་གཅིག་དེའུ་ལ་བཏོ་དེ། རྩེ་མོ ་གཅིག་ཤིང་གི་ཡལ་ག་བཏུད་པ་ལ་བསྟད་དེ་བཏང་བས་ཟུག་རྡུ་དབྱུང་བར་བྱའོ། །མདེའུ་རྩ་ཕྲ་བ་སྲད་བུ་དག། བཏོགས་ཏེ་ཟུག་རྡུ་དབྱུང་བར་བྱ་ཞེས་བྱ་བ་ལ། ཟུག་རྡུ་གང་གིས་མདེའུ་རྩ་བ་ཕྲ་ཞིང་ཆད་པར་གྱུར་དུ་དོགས་པ་ཡིན་ན། སྲད་བ་ཕྲ་མོ་བཏགས་ཏེ་དབྱུང་བར་བྱའོ། །རྨ ་སྒྲངས་མདེའུ་རྩ་མི་སྣང་ན། སྒྲངས་པ་ལེགས་པར་བརྩིར་ནས་དབྱུང་ཞེས་བྱ་བ་ལ། རྨའི་ཁ་སྒྲངས་པས་ཟུག་རྡུའི་མདེའུ་རྩ་བ་མི་སྣང་བར་གྱུར་ན། སྒྲངས་པ་དེ་ལགས་ཐར་བརྩིར་ཞིང་མནན་ནས་དབྱུང་བར་བྱའོ། །དོང་བུ་ཐོ་བས་བརྡུངས་པ་ཡི། །མཐོ་ཞིང་སྣང་བར་གྱུར་ན་དབྱུང ་ཞེས་བྱ་བ་ལ། ཟུག་རྡུ་མཐོ་ཞིང་འཕགས་པར་སྣང་བར་གྱུར་ན་ཆ་དཔྱད་དོང་བུ་ཞེས་བྱ་བ་ཐོ་བས་བརྡུངས་པས་དབྱུང་བར་བྱའོ། །ལམ་མ་ཡིན་པར་བྱུང་བ་གང། །དེ་ཉིད་ཀྱིས་ནི་རྨ་ཕྱད་བྱ་ཞེས་བྱ་བ་ལ། ཐོ་བ་དེ་ཉིད་ཀྱིས་ཟུག་རྡུ་བསྐྱོད་ལ། །ལམ་དམ་ཡིན་པ་ལས་རང་གི་རྒྱུ་བའི ་ལམ་རྨའི་སྒོ་དང་ཉེ་བར་དྲངས་ལ། དེའི་འོག་ཏུ་ལམ་ཇི་ལྟ་བ་ལས་དབྱུང་བར་བྱའོ། །མདེའུ་ཟུར་བཅུ་མ་སྟེ་དབྱུང་བའམ་དོང། །དོང་བུལ་བ་ཡིས་དབྱུང་བར་བྱ་ཞེས་བྱ་བ་ལ། མེད་དུའི་ཟུག་རྡུ་ཟུར་ཅན་ནི་རྣ་བ་ཅན་ཡོད་ན་རྣ་བ་དེ་བཙུམ་ཞིང་བསྡུས་ལ་ལྷོད་པར་བྱས་ཏེ། དབྱུང་བའམ་དང་བུའི་ཁ་ཡིས་ལེགས ་བར་དབྱུང་པར་བྱའོ། རྣ་བ་མེད་ཅིང་རྨ་ཁ་བྱེ། །དྲང་དུག་ཁ་ལོང་བསྟན་པས་དབྱུང་ཞེས་བྱ་བ་ལ། ཟུག་རྔུའི་མདེའུ་རྣ་བ་མེད་པ་དང། ཁ་བྱེ་ཞིང་བྱེ་བ་དང། དྲང་པོར་འདུག་ཅིང་ཐད་ཀར་གནས་པ་དག་ནི། ཁབ་ལོང་ཞེས་བྱ་བའི་ནོར་བུའི་ཁྱད་པར་བསྟན་པས་དབྱུང ་བར་བྱའོ། །ཞུ་བའི་གནས་སོང་ཟུང་རྔུ་ནི། བཀྲུ་སྨན་ཉིད་ཀྱིས་དབྱུང་བར་བྱ་ཞེས་བྱ་བ་ལ། ཞུ་བའི་གནས་ལོང་ཁ་མན་ཆད་ཀྱི་ནང་དུ་ཞུགས་པའི་ཟུག་རྔུ་ཕྲ་མོ་ནི་བཀྲུ་སྨན་བཏང་བ་ཉིད་ཀྱིས་དབྱུང་བར་བྱའོ། །རླུང་སྣོད་དུག་དང་ནུ་ཞོ་དང། །ཁྲག་དང་ཆུ་སྣོད་གཞིབས ་པས་བསལ་ཞེས་བྱ་བ་ལ། རླུང་གནོད་པ་བསྐྱེད་པ་ལ་སོགས་པ་དག་ནི་ཟུག་རྔུ་དང་འདྲ་བར་ལུས་ལ་གནོད་པར་བྱེད་པ་ཡིན་ལ། དེ་ནི་གཞིབས་པས་བསལ་ཞིང་གདོན་པར་བྱའོ། །གྲེ་བ་ནས་ཞུགས་ཟུག་རྔུ་ལ། །སྐུད་པ་གྲེ་བར་གཞུག་བྱས་ཏེ། པདྨའི་རྩ ་བར་སྐུད་པ་གདགས། །བང་རྩ་ཟུག་རྔུ་ལྷན་ཅིག་དྲང་ཞེས་བྱ་བ་ལ། གྲེ་བའི་སྦུབས་ཀྱི་ནང་དུ་ཟུག་ཅིང་དེར་ཞུགས་པའི་ཟུག་རྔུ་ནི། སྲིན་བལ་ལ་སོགས་པའི་སྐུད་པ་གཞུག་པར་བྱ་ལ། །དེ་ཡང་པདྨའི་རྩ་པ་ལ་སྐུད་པ་བཏགས་ཏེ་བཏང་ལ་དེའི་འོག་ཏུ་པདྨའི་རྩ་བ་དང ་ཟུག་རྔུ་ཟུག་པ་དང་པདྨའི་རྩ་བ་དང་ཟུག་རྔུ་ལྷན་ཅིག་ཏུ་དྲང་པར་བྱའོ། །ལྕགས་བསྲེགས་མིག་ཆུར་བཅུག་པ་ཡི། །ལྕགས་ཐུར་བརྟན་པོར་བྱས་ནས་ནི། །རྒྱ་སྐྱེགས་ཅན་མ་རྒྱ་སྐྱེགས་མེད། །རྒྱ་སྐྱེགས་ཀྱིས་བསྒོས་ཟུག་རྔུ་དབྱུང་ཞེས་བྱ་བ་ལ། ཟུག་རྔུ་རྒྱ་སྐྱེགས ་ཅན་དག་གྲེ་བའི་སྦུབས་ལས་གདོན་པའི་ཐབས་ནི། ཆ་དཔྱད་སྤུགས་ཅན་གྲེ་པར་བཅུག་ལ། གྲེ་བའི་ཚིགས་པ་བསྲུང་བར་བྱ་བའི་ཕྱིར། ཆུ་བསིལ་མོ་ལྕགས་བསྲེགས་པའི་ཐུར་མ་ལ་བླུག་པས་དེ་གདོན་པར་བྱའོ། །རྒྱ་སྐྱེགས་མེད་པའི་ཟུག་རྔུ་ཡང་ལྕགས ་བསྲེགས་པའི་ཐུར་མའི་རྩེ་རྒྱ་སྐྱེགས་ཀྱིས་བསྒོས་པ་སྨིག་མའམ། དོང་བུ་བཅུག་སྟེ། ཆུས་གཏབ་པས་དབྱུང་བར་བྱའོ། །སྐྲ་ཤད་འཛིངས་པ་འཐུང་པ་དང། གཤེར་བས་ཚོར་མ་ཟུག་པ་གདོན། འཕྲལ་དུ་སྲད་བུ་ཐོགས་པ་ཡིས། །སློན་པར་བྱའོ་དེས ་ཅིག་ཤེས་ཞེས་བྱ་བ་ལ། སྐྲའི་ཚོགས་བསྡུས་པའི་གོང་བུ་ནི་སྐྲ་ཤད་འཛིངས་པ་ཞེས་བྱ་བ་ལ་དེ་འཐུངས་པ་དང། གཤེར་བའི་རྩེས་ཆུ་ལ་སོགས་པས་ཚེར་མ་སྟེ་ཉ་རུས་སམ། གཞན་ཡང་དེ་ལྟ་བུའི་རུས་པའི་ཟུག་རྔུ་དབྱུང་ཞིང་གདོན་པར་བྱའོ། །དེ་ཡང་འཕྲལ་དུ་སྟེ། དེའི་མོད་ལ ་སྲད་བུ་ལ་ཟུག་རྔུ་ཐོགས་པར་གྱུར་པས་དེ་སློན་པར་བྱ་ཞིང། སྲད་བུའི་ཕྱོགས་གཅིག་ཏུ་ཟུག་རྔུ་འབྱར་པ་དེ་དྲང་བར་བྱའོ། །ཡང་ཚེར་མ་དེས་ནི་ཅིག་ཤོས་ཏེ་སྐྲ་ཤད་དེ་དྲང་བར་བྱ་སྟེ། སྲད་བུ་བཏགས་ཤིང་གཤེར་བག་འཐུངས་པས་སློན་པར་བྱའོ། །ཁ་སྣར་དྲད ་བར་མ་ནུས་ན། །གཞན་དུ་ཐུར་དུ་མིང་པར་བྱ་ཞེས་བྱ་བ་ལ། གལ་ཏེ་ཁ་སྣར་གྱེན་དུ་ཟུག་རྔུ་དྲད་པར་མ་ནུས་ན། གཞན་དུ་ན་ཐུར་དུ་མིང་ཅིང་ནང་དུ་དྲད་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཟས་ཀྱིས་རྣངས་པའི་ཟུག་རྔུ་ནི། ཆུ་བཏུང་ཕྲག་པར་བརྡེགས་པས་གཞུག་།ཅེས་བྱ ་བ་ལ་ཟས་ཀྱིས་བརྣངས་ཤིང་ལྐོག་མར་ཆགས་པའི་ཁམ་ཚད་ཉིད་ནི་ཟུག་རྔུའི་བྱ་བ་བྱེད་པར་ཟུག་རྔུ་ཞེས་བྱ་ལ་དེ་ནི་ཆུ་བཏུང་བ་དང་ཕྲག་པར་ཁུ་ཚུལ་བརྡེག་པས་ནང་དུ་གཞུག་པར་བྱའོ། །མིག་གི་རྨ་ཡི་ཟུག་རྔུ་ཕྲ། །དར་རམ་བལ་ལམ་ཆུ་ཡིས་བསལ་ཞེས་བྱ་བ་ལ། མིག ་གི་རྨའི་ཟུག་རྔུ་ཕྲ་མོ་ནི། དར་ལ་སོགས་པ་གསུམ་གྱིས་བསལ་ཞིང་གདོན་པར་བྱའོ། །མི་ནི་ཆུས་གང་ཁ་སྤུབ་སྟེ། སྤྲུག་པ་འམ་བརྐྱང་ལ་བཙིར་སློན་པ་འམ། །ཐལ་ཁུང་བརྐོས་ཏེ་མི་ཡི་ནི། །རྐེ་ཡི་བར་དུ་ནུབ་ཏུ་གཅུག་ཅེས་བྱ་བ་ལ། མི་ཆུས་ཁྱེར་བ་ལ་སོགས ་པའི་ཚེ་ནང་དུ་ཆུས་གང་པར་གྱུར་ན། ཁ་སྤུབ་སྟེ་ལགས་པར་སྤྲུག་པ་འམ། དེ་བཞིན་དུ་ཡང་ཁ་སྤུབ་སྟེ་བརྐྱང་ལ་བཙིར་བའམ། སློན་སྨན་གྱིས་སྐྱུག་ཏུ་གཞུག་གོ་།ཡང་ན་ཐལ་ཁུང་བརྐོས་ཏེ་མི་དེའི་རྐེའི་བར་དུ་ནུབ་ཏུ་གཞུག་པར་བྱའོ། །རྣ་བ་ཆུས་གང་ལག ་པ་ཡིས། །མཉེས་ལ་ཏིལ་མར་རྒྱུན་བླུག་ལ། །རྣ་བ་ཐུར་དུ་བསྟན་ནས་ནི། །བརྡབ་པ་འམ་ཡང་ན་བརྡུབ་པར་བྱ་ཞེས་བྱ་བ་ལ། རྣ་བ་ཆུས་གང་བར་གྱུར་ན། ལག་པས་ལེགས་པར་མཉེས་ལ། ཏིལ་མར་གྱི་རྒྱུན་བླུག་པ་དང། དེ་བཞིན་དུ་རྣ་བ་ཐུར་དུ་བསྟན་ནས ་ལག་པས་བརྡབས་པ་འམ་རྡུབ་ཅིང་གཞིབ་པར་བྱའོ། །རྣ་བའི་ནང་དུ་འབུ་ཞུགས་ན། །རྣ་བ་ཚྭ་ཆུས་བཀང་བའམ། །ཚྭ་ཆུང་འཇམ་ཉིད་ཀྱིས་དགང། །ཤིན་འབུ་རོ་དབྱུང་ཐབས་བྱ་ཞེས་བྱ་བ་ལ། རྣ་བའི་བུ་གའི་ནང་དུ་རྐང་བརྒྱ་བ་ལ་སོགས་པའི་འདུ་ཞུགས་ན ་རྣ་བ་ཆུ་ཚན་གྱི་ཆུས་བཀང་བའམ། ཚྭ་ཆུ་དྲ་འཇམ་དག་གིས་ཀྱང་དགང་པར་བྱ་སྟེ། དོན་དྲན་ཚྭ་ཆུ་འམ། ཚྭ་ཆུ་དྲོ་འཇམ་དུ་བསྲོས་པས་རྣ་བ་དགང་བར་བྱའོ། གལ་ཏེ་བུ་དེར་ཤིན་འབུ་རོ་དབྱུང་བའི་ཐབས་རྣ་སྤབས་བསལ་བ་ལ་སོགས་པའི་ཆོ་ག་འོག་ནས ་སྨོས་པ་དག་བྱའོ། །རྒྱ་སྐྱེགས་ཅན་དང་གསེར་དངུལ་སོགས་འབྱུང་ཁུངས་ལས་བྱུང་ཡུན་རིང་གནས། །མཚོན་ནི་ཕལ་ཆེར་ལུས་ཀྱི་ནི། །དྲོད་ཀྱིས་འཇུ་བར་བྱེད་པ་ཡིན་ཞེས་བྱ་བ་ལ། །ཟུག་རྔུ་རྒྱུ་སྐྱེགས་ཅན་དང། གསེར་དངུལ་གྱི་རང་བཞིན་ཅན་ལ་སོགས་པ་འབྱུང ་ཁུངས་ལས་བྱུང་བའི་མཚན་ནི། །ལུས་ཀྱི་མེ་དྲོད་ཀྱིས་འཇུ་བར་ནུས་པས་ཡུན་རིང་དུ་གནས་ན། མཚོན་དེ་དག་འཇུ་བར་འགྱུར་བ་ཡིན་ནོ། །ས་དང་འོ་མ་ཤིང་རྭ?་རུས། །སོ་དང་སྐྲ?་དང་རྔོ་བ་འང་འཇུ་ཞེས་བྱ་བ་ལ། ས་དང་འོད་མ་ལ་སོགས་པའི་ཟུག་རྔུ ་དག་ཀྱང་ལུས་ཀྱི་མེས་འཇུ་བར་ནུས་པ་ཡིན་ནོ། །རྭ་དང་འང་ཆལ་ལྕགས་ཏ་ལ། །ཤིང་ཚལ་ཟུག་རྔུ་རིང་པོས་ཀྱང། །ཕལ་ཆེར་དེ་དག་ཚོས་འགྱུར་ལ། །ཁྲག་དང་ཤ་ཡིས་ཆོས་པར་བྱེད་ཅེས་བྱ་བ་ལ། རྭའི་ཟུག་རྔུ་དང་འོང་མིའི་ཟུག་རྔུ་དང། ལྕགས་དང་ཤིང་གི་ཟུག་རྔུ་ཕལ་ཆེ་བ་དག ་ཀྱང་ལས་ཀྱི་མས་ཆོས་ཤིང་འདྲུལ་པར་འགྱུར་རོ། །དེ་དག་ཀྱང་ཤ་དང་ཁྲག་གིས་ཆོས་ཤིང་འཇུ་བར་བྱེད་དོ། །ཟུག་རྔུ་ཤ་ཡི་གཏིང་དུ་ཟུག་ཕྱོགས་དེ་ཚ་བ་མེད་གྱུར་ན། །དེ་ནས་དེ་ནི་སྣང་བྱའི་ཕྱིར། །མཉེ་དུགས་བྱུང་དང་ཤ་དབྲི་བརྟ། །སྨན་རྣོན་སྦྱིན་དང་ཟས་སྐོམ་སྦྱིན། །མཚོན ་གྱིས་བཏབ་ཅིང་བཙགས་པ་ཡིས། །སྨིན་པར་བྱས་ནས་ཤ་དྲ་ལ་དང། །བཙལ་དང་ཕྱེ་བས་ཟུག་རྔུ་དབྱུང་ཞེས་བྱ་བ་ལ། ཟུག་རྔུའི་རྣམ་པ་ཤའི་བཏིང་དུ་ཟུག་ཅིང་ནང་དུ་ཟུག་པ་ནི་ལུས་ཀྱི་ཡན་ལག་གི་ཕྱོགས་ཏེ། །ཚ་ཞིང་ཆོས་པར་མི་འགྱུར་ཏེ། དེར་གནས་པའི་ཟུག ་རྔུ་ནི་མཉེ་བ་ལ་སོགས་པའི་ཐབས་ཀྱིས་སྨིན་པར་བྱས་ནས་དབྱུང་བར་བྱའོ། །མཉེ་བ་ནི་ལག་པས་མཉེ་བའོ། །དེ་བཞིན་དུ་དུགས་བྱ་ཞིང་བཅིང་བ་དང། བཀྲུ་སྨན་དང་སློན་སྨན་ལ་སོགས་པས་སྦྱང་བ་དང། མྱུང་བ་ལ་སོགས་པ་ཤ་དབྲི་བ་དང། ཤ་ཟ་བ་ལ་སོགས་པས་བརྟ་བ་དང། སྨན་ཚ་ཞིང ་རྣོ་བས་བག་བཅིང་བ་དང། ཟས་སྐོམ་རྣོན་པོ་སྦྱིན་པ་དང། མཚན་གྱིས་བཏབ་ཅིང་བཙགས་པས་སྣང་བར་བྱས་ནས་དང་པོ་ཐབས་དེ་དག་གིས་སྨིན་པར་བྱས་ལ། དེའི་འོག་ཏུ་རྨ་འདྲལ་བ་དང། ཆུ་ཚོལ་གྱིས་སྩལ་བ་དང། དབྱེ་ཞིང་བཤགས་པས་ཟུག་རྔུ་དེ་དབྱུང་བར་བྱའོ། །ཟུག ་རྔུའི་གནས་དང་ཆ་དཔྱད་ཀྱི། །ཚུལ་ནི་མང་པོ་ལེགས་བརྟགས་ཏེ། །བློ་ལྡན་ཐབས་ནི་དེ་དང་ངེས། །ཤེས་པར་བྱས་ལ་ཟུག་རྔུ་དབྱུང་ཞེས་བྱ་བ་ལ། ཟུག་རྔུ་དེ་རྭ་དང་འོད་མ་ལ་སོགས་པ་དང་གནས་ཏེ། ཟུག་པའི་གནས་པགས་པ་དང། ཤལ་སོགས་པ་དང་ཆ་དཔྱད་ཅེས་ཆ་དཔྱད ་བཀྲ་ཤིས་ལ་སོགས་པ་དེ་རྣམས་ཀྱི་མང་པོ་འམ། རྣམ་པ་སྣ་ཚོགས་པ་ལེགས་པར་བརྟགས་ཏེ། ཤེས་པར་བྱས་ལ་བློ་དང་ལྡན་པའི་མཁས་པས་འདིར་བཤད་པ་དང། མ་བཤད་པའི་ཐབས་དང་དེའི་བྱེ་བྲག་ཤེས་པར་བྱས་ལ། ཟུག་རྔུའི་རྣམ་པ་ཡང་ཇི་ལྟར་གནས་པར ་ཤེས་པར་བྱ་བ་དང། དེ་བཞིན་དུ་ཐབས་དེ་དང་དེ་ཉིད་ཀྱིས་དབྱུང་ཞིང་གདོན་པར་བྱའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་རེ་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། །ལེའུ་ཉི་ཤུ་རྩ་བརྒྱད ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཏར་ག་གདབ་པའི་ལས་ཀྱི་ཆོ་གའི་ལེའུ་བཤད་པར་བྱེད་ཞེས་བྱ་བ་ལ། འདིར་བཤད་པའི་འབྲེལ་པ་ནི་འདི་ཡིན་ཏེ། ཟུག་རྔུ་ལ་ལ་ནི་རྨ་དྲལ་ནས་དབྱུང་བར་བྱའོ། ཞེས་གོང་དུ་བཤད་པས་དེའི་ཕྱིར་དེའི་འོག་ཏུ་འདི་བརྩམས ་པ་ཡིན་ནོ། །བཙགས་དཔྱད་ཀྱིས་གཏར་ག་གདབ་ཅིང་རྨའི་ལས་སུ་བྱ་བ་བྱེད་པས་ན། གཏར་ག་གདག་པའི་ལས་ཏེ། དེའི་ཆོ་ག་ནི་འདི་དང་འདི་ལྟར་བྱའོ། །ཞེས་བྱ་བའི་ཚུལ་ཏེ་དེ་བཤད་པར་བྱའོ། །རྨ་ནི་ཕལ་ཆེར་དང་པོ་ནི། །སྐྲངས་དང་སྨིན་ལས་འབྱུང་པར ་འགྱུར། །དེ་བས་དེ་ཉིད་གསོ་བྱ་སྟེ། །དེ་བསིལ་བྱུག་བླུགས་ཁྲག་དབྱུང་དང། ལེགས་པར་སྦྱར་བ་ལ་སོགས་པས། །སྨིན་པར་འགྱུར་བས་འབད་དེ་བསྲུང་ཞེས་བྱ་བ་ལ། རྨ་ཡི་མཚན་ཉིད་ཕལ་ཆེར་མང་དུ་དང་པོར་སྐྲངས་ཤིང་སྨིན་པ་ལས་རྨ་འབྱུང ་པར་འགྱུར་རོ། །དེ་བས་ན་སྐྲངས་པ་དེ་ཉིད་གསོ་ཞིང་ཞི་བར་བྱ་བ་དང། སྨིན་པར་འགྱུར་བ་ལས་བསྲུང་པར་བྱ་སྟེ། ཅི་ནས་ཀྱང་སྐྲངས་པ་དེ་སྨིན་ཅིང་བརྣགས་པར་མི་འགྱུར་བ་དེ་ལྟར་འབད་པ་དང་ལྡན་པས་སྲུང་བར་བྱའོ། །དེ་ཇི་ལྟར་བསྲུང་བར་བྱ་ཞེ་ན། དེ་ནི་བསིལ ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྐྲངས་པ་དེ་ཙན་དན་གྱི་ལྡེ་གུལ་སོགས་པ་བསིལ་སྨན་གྱི་བྱུག་པ་དང། བསིལ་སྨན་ལ་སོགས་པའི་ཆུའི་རྒྱུན་བླུགས་པ་དང། དེ་བཞིན་དུ་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང། སྐྱུགས་སྨན་དང་བཀྲུ་སྨན་ལ་སོགས་པ་བཏང་བས ་ལེགས་པར་སྦྱར་བར་བྱས་ལ། རླུང་ལ་སོགས་པའི་ནད་དམིགས་ཇི་ལྟ་བ་དང་མཐུན་པའི་གསོ་དཔྱད་ཀྱིས་སྨིན་ཅིང་བརྣགས་པར་འགྱུར་བ་ལས་བསྲུང་བར་བྱའོ། །ཐོར་བུ་མ་སྨིན་སྐྲངས་དྲོད་ཆུང། །མདོག་འདྲ་སྲ་ཞིང་བརྟན་པར་གནས་ཞེས་བྱ་བ་ལ། ཐོར་བུ ་འམ་སྐྲངས་བག་མི་སྨིན་པ་ནི་སྐྲངས་པའི་ཚབས་ཆུང་བ་དང། དྲོད་དམ་ཚ་བའི་ཤས་ཆུང་བ་དང། དེ་བཞིན་དུ་མདོག་ནི་འདྲ་བ་སྟེ། །པགས་པའི་མདོག་མ་ཉམས་ཤིང་མཉམ་པ་དང། སྲ་ཞིང་མཉེན་བག་མེད་པ་དང། བརྟན་ཞིང་མི་ཡོ་བར་གནས་པ་ཡིན་ནོ།། ་སྨིན་ཚེ་མདོག་ནི་འགྱུར་བ་དང། །དམར་ཞིང་རྐྱལ་བུའི་དབྱིབས་ལྟར་འདུག་གས་པ་ལྟ་བུའི་ནད་བཅས་དང། །ཡན་ལག་མཉམ་ཞིང་གླལ་བཅས་དང། །ལུས་གྲུགས་འཁྲུགས་ཚ་ཡི་ག་འཆུས། །རིམས་འདེབ་སྐོམ་དང་གཉིད་མེད་དང། །མར་འཁྱགས་བཞག ་ན་འཇུ་བ་དང། །རྨ་ལྟར་རེག་ན་མི་བཟོད་དོ་ཞེས་བྱ་བ་ལ། སྐྲངས་པར་གྱུར་པ་དེ་སྨིན་པར་བྱེད་པའི་ཚེ་ནི་མདོག་འགྱུར་ཞིང་པགས་པའི་མདོག་དང་མི་འདྲ་བ་དང། །དེ་བཞིན་དུ་མདོག་རྩ་དམར་བ་དང། རྐྱལ་བུའི་དབྱིབས་ལྟར་འདུག་པ་སྟེ། རླུང་གིས་ཁེངས་ཤིང ་མི་འགྱུར་བར་གནས་པས་ན་རྒྱལ་བ་བུས་པ་ལྟ་བུར་འདུག་པ་དང་དེ་བཞིན་དུགས་པ་ལྟ་བུ་སྟེ། བཅག་པ་འམ་བཀས་པ་ལྟ་བུའི་ཚུལ་དང་ལྡན་པ་དང། ནད་དང་བཅས་པ་དེ་ཁབ་ཀྱིས་བཙགས་པ་སྙམ་དུ་སེམས་པ་དང། དེ་བཞིན་དུ་ཡན་ལག་ཐམས་ཅད་སྙོམ་ཞིང་གླལ་འབྱུང་བ་དང ་བཅས་པར་གནས་པ་དང། །ལུས་གྲུགས་ཤིང་དཀྲུགས་པ་ལྟ་བུར་སེམས་པ་དང་དེ་བཞིན་དུ་ལུས་འཁྲུགས་པ་ལ་སོགས་པ་དང་ལྡན་པ་སྟེ། འཁྲུགས་པ་ནི་ཚིག་བརྗོད་པར་མི་ནུས་པའི་ནང་གྱི་ཚོར་བ་རང་གི་ཉམས་ཀྱིས་མྱོང་བའི་ཚུལ་དུ་མ་དང་ལྡན་པའི་ཁམས་འཁྲུགས ་བའི་ནང་འབྱུང་བའོ། །ཚ་བ་ནི་ལུས་དང་ཡན་ལག་ཐམས་ཅད་མི་བཟད་པར་ཚ་བའོ། །ཡི་ག་འཆུས་པ་ནི་ཟས་ལ་འདོད་པ་མེད་ཅིང། མངོན་པར་མི་དགའ་བར་འགྱུར་བ་དང། རིམས་ཀྱིས་འདེབས་པ་དང། སྐོམ་དང་ཀྱིས་གདུངས་པ་དང། གཉིད་མེད་ཅིང་ཡར་བ་སྟེ། དེ་དག ་དང་ལྡན་པར་འགྱུར་བ་དང། དེ་བཞིན་དུ་མར་འཁྱགས་ཤིང་འཐས་པར་གྱུར་པ་དེའི་སྟེང་དུ་བཞག་ན་འཇུ་བར་འགྱུར་བ་དང། དེ་བཞིན་དུ་རྨ་བྱུང་བ་ལྟར་སྐྲངས་པ་སྨིན་པར་བྱེད་པ་དེའི་ཚེ། རེག་ན་མི་བཟོད་ལ་ཡིན་ནོ། །སྨིན་གྱུར་ན་བའི་ཤུགས་ཆུང་ཞིང། །རྙིང་ཅིང་རྐྱལ ་གཉེར་མ་འདུ། །མཛའ་མ་འཛུམ་ཞིང་དབུས་སུ་མཐོ། །གཡའ་དང་སྐྲངས་པ་ལ་སོགས་ཕྱུང། །རྒྱལ་བ་ཡི་ནི་ཆུ་ལྟ་བུར། །རེག་ན་རྣག་ནི་ཕན་ཚུན་རྒྱུ་ཞེས་བྱ་བ་ལ། །སྐྲངས་པ་དེ་སྨིན་ཅིང་བརྣགས་པར་གྱུར་ན། ན་བའི་ཤུགས་ཆུང་བ་སྟེ། ནད་ཀྱི་རྩོམ་པ་ཤས་ཆུང་བ་དང། ་དེ་བཞིན་དུ་རྙིང་ཅིང་སྙི་བ་དང། མདོག་སྐྱ་ཞིང་དཀར་བ་དང། གཉེར་མའི་ཚོགས་འདུ་བ་དང། དེ་བཞིན་དུ་ཐམ་ཐོག་ཐག་འཛུམ་ཞིང་དམའ་ལ་དབུས་མའི་ཕྱོགས་མཐོ་ཞིང་འཕགས་པར་འགྱུར་བ་དང། དེ་བཞིན་དུ་གཡའ་བ་དང། སྐྲངས་པ་ལ་སོགས་པ་ཆུང་ཞིང་ཞིབ་དང ་རྐྱལ་པའི་ནང་དུ་ཆུ་བླུག་པ་ལྟར་གནས་ཤིང། རེག་ཅིང་མནན་ན་རྣག་གི་ཚོགས་ཕན་ཚུན་རྒྱུ་ཞིང་འཁྲུག་པ་ཡིན་ནོ། །རླུང་མིན་མིན་མཁྲིས་མིན་ཚེ། །མེད་དེ་བད་ཀན་མེད་མི་སྐྲང། །ཁྲག་མེད་དམར་བར་མི་འགྱུར་ཏེ། དེ་བས་ནད་ཁྲག་དང་བཅས་སྨིན་ཞེས་བྱ་བ་ལ། ་སྨིན་ཅིང་བརྣགས་པ་དེ་ལ་རླུང་མ་ཡིན་ཞིང། རླུང་ནད་མེད་པ་ནི། ན་ཞིང་ཟུག་པར་མི་འགྱུར་ལ། མཁྲིས་པ་མ་ཡིན་བར་ནི་ཚ་ཞིང་དྲོད་བག་མི་འབྱུང་ལ། བད་ཀན་མེད་པར་ནི་སྐྲངས་པར་འབྱུང་བར་མི་འགྱུར་ལ། ཁྲག་མེད་པར་ནི་དམར་བར ་མི་འགྱུར་ཏེ། དེ་བས་ན་རྒྱུ་དེའི་ཕྱིར་ནད་ཅེས་བྱ་བ་རླུང་དང་མཁྲིས་པ་དང། བད་ཀན་དང་ཁྲག་དང་བཅས་ན་སྐྲངས་ཞིང་སྨིན་པར་འགྱུར་རོ། །སྨིན་པ་ཐལ་དྲགས་ཁོང་སྟོང་དང། ནད་ཀྱིས་ཟོས་པ་པགས་པ་སྲག་།གཉེར་མ་འཇུམ་ཞིང་མདོག་ནག་ལ། བ་སྤུ་རྣམས ་ནི?་འབྱི་བར་འགྱུར་ཞེས་བྱ་བ་ལ། །སྐྲངས་པ་སྨིན་ནས། ཐལ་དྲགས་ཤིང་དུས་རིང་དུ་འདས་པ་ནི། སྐྲངས་པའི་གནས་ནད་ཁོང་སྟོང་དུ་འགྱུར་བ་དང་ནད་ལས་བྱུང་པའི་རྣག་གིས་ཟོས་ཤིང་ཟད་པར་བྱས་པ་དང། པགས་པ་སྲབ་ཅིང་བརྡོལ་བར་ཉེ་བ་དང། གཉེར ་མ་འཛུམ་ཞིང་པགས་འདུས་པ་དང། མདོག་གནག་ཅིང་དྲི་མ་ཅན་དུ་གནས་པ་དང། བ་སྤུ་རྣམས་ཀྱི་ཚོགས་འབྱི་ཞིང་འབྱུང་བར་མི་འགྱུར་བ་ཡིན་ནོ། །བད་ཀན་ཤས་ཆེ་སྐྲངས་པ་ནི། །སྨིན་པ་གཏིང་རིང་ཁྲག་གིས་གང། དེ་བས་སྨིན་བཏག་གསལ་མ ་ཡིན། །སྐྲངས་པ་གང་དུ་བསིལ་གྱུར་ཅིང། །པགས་མདོག་མི་འགྱུར་ནད་ཚབས་ཆུང། །རྡོ་ལྟར་རེག་ན་སྲ་བ་ནི། །མཁས་པས་ཐེ་ཚོམ་མེད་པར་དེ། །ཁྲག་གི་སྨན་པ་ཞེས་བཤད་བྱ་ཞེས་བྱ་བ་ལ་ཡང་བད་ཀན་ལས་བྱུང་བའི་སྐྲངས་པ་ལ་ནི། སྨིན་པའི་གཏིང ་རིང་ཞིང་ཟབ་པས་བརྟག་པར་དཀའ་བ་དང། ཁྲག་གིས་གང་པར་གྱུར་པ་ཡིན་ཏེ། དེ་བས་ན་དེའི་སྨིན་པའི་རྟགས་སམ། མཚན་མ་ནི་གསལ་བ་མ་ཡིན་ཏེ། ཤེས་པར་དཀའ་བ་ཡིན་ནོ། །ཡང་སྐྲངས་པའི་རྣམ་པ་གང་དུ་སྐྲངས་བག་བསིལ་ཞིང་རེག ་ན་ཀྲང་བར་གྱུར་ལ། པགས་པའི་མདོག་ཀྱང་གཞན་དུ་མི་འགྱུར་ཏེ། ཆ་འདྲ་བ་དང། ནད་ཚབས་ཆུང་བ་དང། རྡོ་ལྟར་རེག་ན་སྲ་ཞིང་མཁྲད་བག་ཏུ་གནས་པ་གང་ཡིན་པ་དེ་ནི་མཁས་པ་ཐེ་ཚོམ་དང་དོགས་པ་མེད་ཉིད་དུ་ཁྲག་ལས་གྱུར་པའི་རྨ་སྨིན་པ ་ཡིན་ནོ། །བདག་ཉིད་ཀྱང་ཞེས་བཤད་ཅིང་ཐེ་ཚོམ་མེད་པ་ཉིད་དུ་བྱའོ། །སྙིང་སྟོབས་ཉམ་ཆུང་བྱིས་པ་དང། །ཐུར་ངུ་སྨིན་པའི་ཚབས་ཆེ་བ་འམ། །གནད་དང་རུས་ཚིགས་ལ་སོགས་པར། །འབྱུང་བ་མ་གཏོག་གཞན་དག་དྲལ་ཞེས་བྱ་བ་ལ། སྙིང་སྟོབས་ཆུང་ཞིང་ཕྲོག་རྨྱ་ཞན་པ་དང ་དེ་བཞིན་དུ་ཉམ་ཆུང་བ་དང། བྱིས་པ་ལྟ་བུ་མཚོན་གང་བ་མི་བཟོད་པ་དང། སྨིན་པའི་ཚབས་ཆེ་སྟ་ཐལ་དྲགས་པ་དང། །དེ་བཞིན་དུ་གནད་དང་རུས་ཚིགས་ལ་གནས་པའི་སྐྲངས་པ་ལ་ནི། །རྣོ་བ་དང་ཚ་བའི་སྨན་གྱིས་བརྟོལ་ཞིང་དྲལ་བར་བྱའོ། །དེ་ཡང་འདི་ཉིད་ཀྱི་རྒྱུད་ཕྱི ་མ་ལས། གུ་གུལ་ཟེར་མ་བ་ལང་སོ། །ཁྲོན་བུ་དང་ནི་ཕུག་རོན་རྟུག་།ཐལ་སྨན་འཕྲོད་དང་ཐལ་སྨན་ནི། །སྐྲངས་པ་མི་འགྱུར་བརྟོལ་བར་བྱ། །ཞེས་བྱ་བ་བཤད་པ་ཡིན་ནོ། །གཞན་དག་ཅེས་བྱ་བ་སྐྲངས་པའི་རྣམ་པ་གོང་དུ་སྨོས་པ་མ་གཏོགས་པ་གཞན་དག་ནི་བཙགས་བུས་དྲལ ་བ་ཉིད་དུ་བྱའོ། །མ་སྨིན་བརྟོལ་ན་རྩ་རྒྱུས་ལ། གནོད་ཅིང་ཁྲག་ནི་མང་དུ་འབྱུང། །ནད་ཚབས་རབ་འཕེལ་རྩ་གྱེས་པའམ། །རྨ་འབྱུང་ཐོར་བུ་འབྱུང་བར་འགྱུར་ཞེས་བྱ་བ་ལ། སྐྲངས་པ་མ་སྨིན་པ་བརྟོལ་ཞིང་དྲལ་ན། རྩ་དང་རྒྱུས་པ་ལ་གནོད་ཅིང་མ་རུངས་པར་འགྱུར་བ་དང། ་དེ་བཞིན་དུ་ཁྲག་མི་ཚོགས་མང་དུ་འབྱུང་ཞིང་འབབ་པ་དང། དེ་བཞིན་དུ་ནད་ཚབས་རབ་ཏུ་འཕེལ་ཞིང་ཚོར་བ་ཆེ་བར་འགྱུར་བ་དང། རྨའི་ཁ་གྱེས་ཤིང་བྱེ་བར་འགྱུར་བའམ། ཡང་ན་རྨ་བརྟོལ་བ་ལས་བྱུང་བའི་ཐོར་བུ་འམ། མེ་དབལ་གྱི་ནད་དུ་འགྱུར་རོ། །རྣག་ནི ་ནང་དུ་གནས་གྱུར་བ། །འཕེལ་བས་རྩ་རྒྱུས་ཤ་དང་ནི། །ཁྲག་རྣམས་མྱུར་དུ་སྲེག་བྱེད་དེ་རྩ་རྣམས་ལ་ནི་མེ་དང་མཚུངས་ཞེས་བྱ་བ་ལ། སྐྲངས་པ་དེ་སྨིན་པ་ཐལ་དྲགས་ཀྱང། དྲལ་ཞིང་བརྟོལ་བ་མ་བྱས་པར་ནང་དུ་གནས་པར་གྱུར་པ་རྣམ་པར་འཕེལ་བར་གྱུར ་བས་རྩལ་སོགས་པ་སྲེག་ཅིང་ཟ་བར་བྱེད་དེ། དཔེར་ན་མེ་མཆེད་བས་རྩཝའི་ཚོགས་བསྲགས་པ་དང་འདྲའོ། །གང་ཞིག་མ་སྨིན་བརྟོལ་བ་དང། གང་ཞིག་སྨིན་ཀྱང་བཏང་སྙོམས་འཇོག་།ཁྱད་པར་མི་ཤིས་དེ་དག་ནི། །སྨེ་ཤ་ཅན་འདྲར་ཤེས་པར་བྱ་ཞེས་བྱ་བ་ལ། ་སྨན་པ་གང་གིས་སྐྲངས་པ་མ་སྨིན་པ་དག་ཀྱང་མི་ཤེས་པའི་དབང་གིས་བརྟོལ་ཞིང་དྲལ་བར་བྱེད་ལ་ཡང་སྨན་པ་གང་ཞིག་སྐྲངས་པ་དེ་སྨིན་ཟིན་ཀྱང་མི་ཤེས་པ་ཉིད་ཀྱིས་བཏང་སྙོམས་སུ་འཇོག་ཅིང་བརྟོལ་བར་མི་བྱེད་པ་ཉིད་དེ། དེ་གཉི་ག་ཡང་ཁྱད་པར ་མི་ཤེས་ཤིང་མ་བརྟགས་པར་བྱེད་པ་ཡིན་པས་སྨེ་ཤ་ཅན་ཏེ། ཁྱི་ཤ་ཟ་བའི་རིགས་ངན་དང། འདྲ་བར་དམད་པར་བྱ་བ་ཡིན་ནོ། །རྨ་བརྟོལ་བའི་དང་པོར་ནི། ཁ་ཟས་ཕན་པ་སྦྱིན་པར་བྱ། །ཚོར་བ་མི་བཟད་ཚོར་འགྱུར་བས། །ཆང་འཐུང་བ་ལ་ཆང་བླུད་བྱ། །ཟས་ཟོས་པ་ཡིས ་མ་བརྒྱལ་ཞིང། ནང་དུ་མཚོན་བཏབ་ཚོར་མི་འགྱུར་ཞེས་བྱ་བ་ལ། རྨ་བརྟོལ་ཞིང་བཙགས་བུ་འདེབས་པའི་བར་ལས་བྱེད་པའི་དང་པོར་རེ་ཞིག་འདི་དག་མ་བྱས་པར་མཚོན་གྱི་ལས་མི་བྱ་སྟེ། དེ་ཡང་ཐོག་མ་ཁོ་ནར་ནད་པ་དེའི་སྟོབས ་བསྐྱེད་པའི་ཕྱིར། ཁ་ཟས་ཕན་ཞིང་མངོན་པར་དགའ་བ་སྦྱིན་པ་དང། ཡང་མཚོན་གྱིས་བཏབ་བའི་ཚོར་བ་མི་བཟད་པ་དྲག་པོ་དེ་བཟོད་པར་འགྱུར་བས། ཆང་འཐུང་བ་ཞིག་ཡིན་ན་ཆང་རྙིང་པ་བླུད་པར་བྱ་སྟེ། །དེ་ལྟར་ན་དེས་ཟན་ཟོས་ཤིང་ལོངས་སྤྱད་པས་ནི་བརྒྱལ ་ཞིང་འབོག་པར་མི་འགྱུར་ལ། དེ་བཞིན་དུ་ཆང་རྙིང་པ་རྣོན་པོ་འཐུངས་པས་ནི་ནང་དུ་མཚོན་གྱིས་བཏབ་ཅིང་བརྟོལ་བ་ཚོར་བར་མི་འགྱུར་ཞིང། །དེའི་སྡུག་བསྔལ་བརྣགས་ནུས་པར་འགྱུར་རོ། །རུམ་དུ་བུ་ཤ་རྡེ་ཆགས་དང། །ཁ་ནང་དམུ་རྫིངས་ཅན་མ་གཏོགས་ཞེས་ ་བྱ་བ་ལ། ནད་པའི་རུམ་དུ་བྱ་ཤི་བ་ལ་སོགས་པ་ནི་མ་གཏོགས་ཏེ། བུད་མེད་རུམ་དུ་བུ་ཤི་བ་དང། །གཅིན་ནད་རྡེའུས་འགགས་པ་དང། ཁ་ཡི་ནང་རྣམས་ཡོད་པ་དང། །ལྟོ་དམུ་རྫིངས་ཅན་ལ་མཚོན་གདབ་པའི་ལས་རྨ་བརྟོལ་བར་མི་བྱའོ། །དེ་ནས་ཡོ་བྱད་ཀུན་བསགས་ཏེ། །ནད ་བ་ཤར་དུ་ཁ་བསྟན་ལ། །སྨན་པ་མངོན་ཕྱོགས་བསྡམས་ནས་ནི། །གནང་སོགས་མ་གཏོག་བཙགས་བུས་གདབ། ཤ་ཤུགས་རྗེས་མཐུན་ཤིན་ཏུ་རྣོ། །བཙགས་བུ་རྣག་ཕྱིན་བར་དུ་གདབ། །དེ་ནི་ཅིག་ཅར་གདབ་པར་བྱ་ཞེས་བྱ་བ་བློ། །དེ་ནས་ཞེས་བྱ་བ་ནི། བཀྲ་ཤིས ་བའི་དོན་དུ་སྨོས་པ་ཡིན་ནོ། །ཡོ་བྱད་ཀུན་བསགས་ཏེ་ཞེས་བྱ་བ་ནི། དེའི་ཚེ་དགོས་པའི་ཡོ་བྱད་ཐམས་ཅད་བསགས་པ་སྟེ། ཆ་དཔྱད་རྣམས་དང། བཙགས་དཔྱད་རྣམས་དང། ཐལ་སྨན་དང། འཛམ་བུའི་མཆུ་དང། རས་བལ་དང། ཆུ་འམ་མར་ལ་སྤངས་པའི་གོས་ཀྱི་དུམ་བུ་དང། ་འོ་མ་དང། སྲད་བུ་དང། པགས་པ་དང། སྦྲང་རྩི་དང། སྣུམ་དང། བསྐ་བའི་ལྡེ་གུ་དང། ཏིལ་གྱི་ལྡེ་གུ་དང། ལྟུགས་པའི་སྨན་དང། ཆུའི་བུམ་པ་དང། ཆུ་ཚན་དང། ཆུ་དོན་དང། ནད་དང་བསིལ་བ་ལ་སོགས་པ་རྨ་ལ་དགོས་པའི་ཡོ་བྱད་ཐམས་ཅད་བསག་ཅིང་ཉེར་བསྡོགས་སུ་བྱའོ།། ་དེ་ནས་ནད་པ་ཁ་ཤར་དུ་བསྟན་ཏེ། སྨན་པ་རོ་ལ་མངོན་པར་ཕྱོགས་ཤིང་བལྟས་ནས། ལེགས་པར་བསྡམས་ཏེ། བཙགས་བུས་མྱུར་དུ་གདབ་པར་བྱའོ། །དེ་ཡང་ནད་ལ་སོགས་པ་གདབ་པ་སྟེ། གནད་དང། རྩ་དང། ཆུ་བ་དང། རུས་པའི་ཚོགས་དང། རྩ་བོ་ཆེ་རྣམས ་སྤང་བར་བྱའོ། །དེ་ཡང་ཤ་ཤུགས་དང་རྗེས་སུ་མཐུན་པར་བྱས་ལ། ཤིན་ཏུ་ཏུ་རྣོ་བའི་བཙགས་བུ་གདབ་པ་ནི། རྣག་ཕྱིན་ཞིང་སྣང་བར་གྱུར་གྱི་བར་དུ་བཏང་ལ། དེ་ཡང་ཅིག་ཅར་ཏེ། ལན་ཅག་ཁོ་ན་གདབ་པར་བྱའོ། །སྨིན་པ་ཆེན་པོར་ཡོད་ཀྱང་དེ། །རྨ་ཞེས་སོར་གཉིས་དྲལ ་བའམ། སོར་གཉིས་པའི་ཟབས་སོར་གསུམ་གང་བཅས་བྱ་བ་ལ། སྨིན་པ་ཤིན་ཏུ་ཆེ་བ་ལ་ནི། རྨ་ཞེང་སོར་གཉིས་གདབ་པར་བྱ་བའམ། སོར་གཉིས་པའི་བར་རམ་ཟབས་བརྟགས་ལ། སོར་གསུམ་པར་གདབ་པར་བྱའོ། །མཛུབ་མོ་ཆུ་བ་སྤྲུ་དག་གིས། །གནས ་ཕྱོགས་ཇི་བཞིན་བརྟགས་པ་འམ། །རྨ་ཚོལ་གྱིས་ནི་ལེགས་བཙལ་ཞིང། །ཀུན་ཏུ་ལེགས་པར་བརྟག་པར་བྱ་ཞེས་བྱ་བ་ལ། རྨ་ཚོལ་གྱིས་ཀུན་ཏུ་ལེགས་པར་བཙལ་ཞིང་བརྟགས་ལ་བྱ་བ་འམ། མཛུབ་མོ་ལ་སོགས་པས་གནས་དང་ཕྱོགས་གང་ན་ཇི་ལྟར ་སོད་པ་ལེགས་པར་བརྟག་ཅིང་བཙལ་བར་བྱ་སྟེ། རྨའི་ཁ་བྱེ་ཞིང་གྱིས་པའི་ཕྱོགས་སུ་མཛུབ་མོ་གཡོན་པས་བརྟག་པར་བྱས་ལ། །བ་ཤིན་ཏུ་བྱེ་བ་ནི་མ་ཡིན་ལ། ཤའི་གཏིང་ཟབ་བ་དག་ཏུ་ནི། རྨ་ཚོལ་གྱིས་ཐུར་མས་ལེགས་པར་བཙལ་བར་བྱ་ལ། གཞན ་དག་ལ་ནི་སྨྱུག་མའི་སྦུ་གཱུམ། པདྨའི་ཆུ་བ་ལ་སོགས་པས་བརྟག་པར་བྱ་ལ། ཁ་ཤིན་ཏུ་ཟླུམ་པ་ལ་ནི་ར་ཕག་གི་སྤུས་བརྟག་ཅིང་བཙལ་ནས་རྨ་བཏོད་པར་བྱའོ། གང་ནས་གང་དུ་འགྲོ་བར་འགྱུར་བ་གང་དུ་མཐོ་བཤེས་བྱས་ལ། །དེ་དང་དེར་ནི་རྨ་ ་བཏོད་དེ། ལོགས་ཕྱེ་ཕུག་ནི་མེད་པར་བྱ། །མཆུ་དང་ཞང་དུ་ཅི་ནས་ཀྱང། །ནད་ཀྱི་གནས་པར་མི་འགྱུར་བྱ་ཞེས་བྱ་བ་ལ། ལུས་ཀྱི་ཕྱོགས་གང་དུ་རྨ་ཚོལ་འགྲོ་བར་འགྱུར་བའི་ལུས་ཀྱི་ཕྱོགས་དེར་རྨ་བཏོད་པར་བྱའོ། །ཡང་ན་གང་དང་གང་དུ་སྐྲད་པའི་ཕྱོགས ་མཐོ་བར་སྣང་བཤེས་པར་བྱས་ལ། ཕྱོགས་དེ་དང་དེར་རྨ་བཏོད་པར་བྱའོ། །དེ་ཡང་ལེགས་པར་ཕྱེ་བ་སྟེ་ལོབས་ཕན་ཆུན་གྱི་བྱེ་བྲེག་ལེགས་པར་ཤེས་ཤིང། ཕྱེད་པར་འགྱུར་བར་བསྟོད་པ་དང། དེ་བཞིན་དུ་ཕུགས་འཆས་པ་མེད་པ་སྟེ། རྣག་ལ་སོགས་པ་བརྟེན ་པའི་གནས་མེད་པར་འགྱུར་བ་དང། དེ་བཞིན་དུ་ཆུ་དེ་སྲིད་པ་དང། ཞེང་དེ་རྒྱར་ཅི་ནས་ཀྱང་རྣག་ལ་སོགས་པའི་ནད་གནས་པར་མི་འགྱུར་ཞིང། ཆགས་པར་མི་འགྱུར་བའི་མཚན་ཉིད་དང་ལྡན་པ་དེ་ལྟར་བྱའོ། །སྨན་པ་དཔའ་བརྟན་ལས་ལ་མྱུར། །མཚོན་རྣོ་མི་རྡུལ་མི ་འདང་ལ། །ཀུན་ཏུ་རྨོངས་པར་མ་གྱུར་བ། །བཙགས་བུས་འདེབས་པའི་ལས་ལ་བསྔགས་ཞེས་བྱ་བ་ལ། སྨན་པ་དཔའ་བ་ལ་སོགས་པ་དང་ལྡན་པ་ནི། སྨན་དཔྱད་ཀྱི་མཚོན་གྱི་ལས་བྱེད་པ་ལ་བསྔགས་ཤིང་འདོད་པར་བྱ་བ་ཡིན་ནོ། །དེ་ལ་དཔའ་བ་ནི་བརྟུལ་ཕོད ་བའོ། །བརྟན་པ་ནི་བག་ཚ་བ་མེད་ཅིང་མི་འགྱུར་བའོ། །ལས་ལ་མྱུར་བ་ནི་ལག་བཟོ་བས་བཙགས་བུའི་ལས་མྱུར་དུ་བྱེད་པའོ། །མཚོན་རྣོ་བ་ནི་ལགས་པར་བདར་བ་དང། ཁ་སྙོམས་ཤིང་ལེགས་པའོ། །མི་རྟུལ་བ་ནི་ལས་ཆུ་མི་འཛག་པའོ། །མི་འདར་བ་ནི ་ལག་པ་མི་འདར་བའོ། །ཀུན་ཏུ་མ་རྨོངས་པ་ནི་བྱ་བ་ལ་མཁས་པའོ། །གྱེན་དུ་བཅང་བྱ་དཔྲལ་སྨིན་རྩ། །རྙིལ་དང་སྐྱེ་རྩ་ལྟོ་རྩ་དང། །མཚན་ཁུང་དང་ནི་མིག་སྦུབས་མཆུ། །མཁུར་ཚོས་བརླ་དྲུང་ཆུ་སོ་རྩའོ་ཞེས་བྱ་བ་ལ། །དཔྲལ་བ་ལ་སོགས་པའི་རྩ་ནི ་བཙགས་བུ་ཁ་དྲང་པོར་བསྟན་ཏེ། གྱེན་དུ་གདབ་པར་བྱའོ། །གཞན་དག་གྱེན་དུ་བཅད་ན་ནི། རྩ་དང་ཆུ་བ་མ་རུངས་འགྱུར་ཞེས་བྱ་བ་ལ། ཕྱོགས་གཞན་དག་ཏུ་རྩ་གྱེན་དུ་བཅད་ན་རྩ་དང་ཆུ་བ་མ་རུངས་པར་འགྱུར་རོ། །བཙགས་བུས་བཏབ་ནས་ནད་པ་ནི། །ཚིགས་སྙན་ཆུ་ནི་བསིལ་བ ་ཡིས། །དབུགས་བྱུང་ནས་ནི་དེའི་འོག་རྨ། །སོར་མོས་ཀུན་ནས་བརྩིར་བ་དང། །བསྐ་བའི་ཆུ་ཡིས་ལེགས་བཀྲུ་ཞིང། །སྨན་ཆུར་བཅུག་པའི་གོས་ཀྱིས་ཕྱི། །གུ་གུལ་ཡུངས་ཀར་ཨ་ཀ་རུ། །ཤིང་ཀུན་ཀབ?་རྒྱམ་ཚ་དང། །ཤུ་དག་ནིམྦའི་ལོ་མ་ནི། །མར་དང་སྦྱར་བས་བདུག་པར ་བྱ་ཞེས་བྱ་བ་ལ། །བཙགས་བུ་བཏབ་ཟིན་ནས་དེའི་འོག་ཏུ་ནད་པ་ལ་དེའི་ཚེ་སྨྲ་བར་འོས་པའི་ཚིག་སྙན་པ་བརྗོད་པ་དང། དེ་བཞིན་དུ་ཆུ་བསིལ་བ་གཏོར་བ་ལ་སོགས་པས་དབུགས་ཕྱུང་ནས། དེའི་འོག་ཏུ་རྣག་ལ་སོགས་པའི་སྐྱོན་བསལ་བར་བྱ་བའི་ཕྱིར་རྨ་དེ་སོར་མོས ་ཀུན་ནས་བཅིང་བར་བྱའོ། །དེའི་འོག་ཏུ་ནད་དམིགས་ཇི་ལྟར་འཚམ་པའི་སྨན་ཆུ་བསྐ་བ་ལ་སོགས་པས་ལེགས་པར་བཀྲུ་ཞིང་སྦྱངས་ནས། དེའི་རྗེས་ལ་རས་བལ་ལ་སོགས་པའི་གོས་ཀྱི་ཆུ་ལེགས་པར་བསལ་ཞིང། དེ་ནས་རྨ་དེ་གུ་གུལ་ནས་ནིམྦའི་ལོ་མའི་བར ་གྱི་སྨན་མར་དང། སྤྲུས་ཤིང་སྦྱར་བའི་བདུག་པས་བདུག་པར་བྱའོ། ཏིལ་གྱི་ལྡེ་གུ་མར་སྦྲང་རྩི། །རང་གི་སྨན་ནི་ཇི་ལྟ་བས། བྱུགས་ཤིང་དེ་ནས་རྨ་ཆས་གཞུག་།དེ་ཉིད་ཀྱིས་ནི་དེ་གཡོགས་ལ། མར་དང་ཕྱེར་སྦྲས་བསྐུ་བ་དང། །དེའི་འོག་ཀོག་རྩེ་སྟུག་པོ་ནི། །བཞག ་སྟེ་ཤིན་ཏུ་མ་ཡེངས་པས། །གོས་ཀྱིས་ལེགས་པར་བཅིངས་བྱས་ཏེ། །བློ་དང་གཡས་དང་གཡོན་དག་གམ། །སྟེང་མ་འོག་ཏུ་མ་སོང་བྱ་ཞེས་བྱ་བ་ལ། །དེ་ནས་དེའི་འོག་ཏུ་རྨའི་ནང་དུ་གྲོ་མདེའུ་ཚུལ་དུ་རས་གཙང་མའི་རྨ་ཆས་སུ་བྱས་པ་དང། ་རས་བལ་ལ་སོགས་པའི་སྡོང་བུ་རྨའི་ནང་དུ་གཞུག་ཏུ་རུང་བ་བཅུག་ལ། དེའི་འོག་ཏུ་ནད་དམགས་ཇི་ལྟ་བའི་སྨན་གྱི་ལྡེ་གུ་བྱུག་ཅིང་བསྐུ་བར་བྱ་བ་དང། དེ་བཞིན་དུ་ཏིལ་གྱི་ལྡེ་གུ་དང། མར་དང། སྦྲང་རྩི་བསྐུ་ཞིང་ཏིལ་གྱི་ལྡེ་གུ་དང་མར་དང་སྦྲང་རྩི་དེ་ཉིད ་ཀྱིས་རྨའི་ནང་ན་གནས་པའི་རྨ་ཆས་རྨར་བཅུག་པའི་རས་དུ་མ་ལ་སོགས་པ་དེ་ཉིད་ཀྱིས་གཡོག་པར་བྱའོ། །དེ་འབའ་ཞིག་གིས་དེ་གཡོག་པར་མ་ཟད་ཀྱི་སྣོད་ཀྱི་ནང་དུ་ཕྱེ་དང་མར་དང་ཆུང་སྦྲུས་ཤིང་ལག་པའི་རྩེ་མོས་གཉིས་པའི་ཟན་གྱིས་ཀྱང ་གཡོག་པར་བྱའོ། །དེའི་འོག་རྨའི་ཐན་སྐོར་གྱི་སྟེང་དུ་ཀོག་ཙེ་གོས་རིམ་པ་མང་པོ་ལས་བྱས་པ་མཐུག་པོ་བཞག་ལ། ཤིན་ཏུ་མ་ཡེངས་པས་གོས་ཀྱི་དུམ་བུས་ལེགས་པར་བཅིང་ཞིང་དཀྲི་བར་བྱ་ལ། དེ་ཡང་གློ་གཡས་སམ་གཡོན་དུ་མ་འཕྱུགས ་བར་བྱ་བ་དང། རྨའི་སྟེང་ངམ་འོག་ཏུ་མ་སོང་བར་དྲང་ཞིར་ཡ་ཡོ་མེད་པར་རྨ་དཀྲི་ཞིང་བཅིང་བར་བྱའོ། །རྨ་ཚངས་ཀོག་ཚེ་དཀྲིས་མར་བཅས། །ཕྲ་ཞིང་སྲལ་གཙང་བ་ལ། །སྤོས་ཀྱིས་བདུགས་ཤིང་འཇམ་ལ་མཉེན། །ཁམ་ཁུམ་མེད་ཅིང་རྨ་ལ་ཕན་ཞེས་ ་བྱ་བ་ལ། །གོང་དུ་སྨོས་པའི་རྨ་ཚངས་ནང་དུ་གཞུག་པའི་རས་དང། ཀོག་ཚེ་དང། དཀྲི་བའི་རས་ནི་སྲ་ཞིང་མི་འཆད་པ་དང། གཙང་ཞིང་བཀྲུས་པ་ལས་བྱས་ལ། དེ་ཡང་གུ་གུལ་ལ་སོགས་པའི་སྤོས་ཀྱིས་བདུག་པ་དང། འཇམ་ཞིང་རེག་ན་བདེ་བ་དང། མཉེན་ཞིང ་འཇམ་པ་དང། ཁམ་ཁུམ་མེད་ཅིང་བལྟ་བ་ཚིགས་དང་བྲལ་བའི་རྨ་ལ་ཕན་པའི་དེ་ལྟ་བུ་དག་བྱའོ། །བཅིངས་ནས་དེ་ཡི་འོག་ཏུ་དེ། །གནོད་པ་ཟློག་ཅིང་བསྲུང་བར་བྱ། །དེ་རྣམས་ལ་ནི་གཏོར་མ་སྦྱིན། །ལག་མི་གུ་ཧ་ཨ་ཏི་གུ་ཧ་དང། །སྤང་སྤོས་བྲ་མ་ཙ་རི་ནི། ཚ་ཏྲ ་ཨ་ཏི་ཚ་ཏྲ་དང། །དུརྦ་ཆུ་དག་ཡུངས་ཀར་དང། །རྟག་ཏུ་དེ་ཡི་སྤྱི་བོར་གདགས་ཞེས་བྱ་བ་ལ། །རྨ་བཅིངས་པའི་བར་གྱི་ལས་དེ་དག་བྱས་ནས། །དེའི་འོག་ཏུ་ནད་པ་དེ་ལ་གདོན་ལ་སོགས་པའི་གནོད་པ་བཟློག་པའི་ཕྱིར་བསྲུང་བར་བྱའོ། །ཡང་གནོད་སྦྱིན ་ལ་སོགས་པ་དེ་རྣམས་ལ་གཏོར་མའི་ཁ་ཟས་ཅི་རིག་པར་སྦྱིན་པ་དང། རྟག་པར་དུས་ཐམས་ཅད་དུ་སྨན་འདི་དག་སྤྱི་བར་གདག་པར་བྱ་སྟེ། ལག་སྨི་ཞེས་བྱ་བ་ཤ་མི་དང། གུ་ཧ་ཞེས་བྱ་བ་ཁྲི་སོན་པར་ནི་དང། ། ཏི་གུ་ཧ་ཞེས་བྱ་བ་ས་ལ་པརྞི་དང། ་སྤང་སྤོས་ཞེས་བྱ་བ་མཉྫི་སྡེ། མིང་གི་རྣམ་གྲངས་ཛ་ཏིལ་ཞེས་བྱ་བ་དང། བྲ་མ་ཙ་རི་ཞེས་བྱ་བ་བྲ་མ་ཨཥྚི་ཀ་ཞེས་བྱ་བའི་ཤིང་དང། ཤུ་དག་སྟེ་སྨན་པ་ཙ་དང། ཚ་ཏྲེ་ཏ་ཅེས་པ་ཤ་ཏ་པུཥཔ་དང། ཨ་ཏི་ཚོ་ཏྲ་ཞེས་བྱ་བ་བི་ཤ་ནི་ཀི་དང། དུར་བ་དང། ཡུངས་ཀར་རྣམས་གདགས ་པར་བྱའོ། །དེ་ནས་སྣུམ་གྱི་ཆོ་གར་བཤད། ཉིན་རེ་ཀུན་སྤྱོད་བཤད་པ་བསྟན། །ཞེས་བྱ་བ་ལ་དེའི་འོག་ཏུ་སྐྱེས་བུ་སྨན་མ་དེ་ལ་སྣུམ་གྱི་ཆོ་གར་བཤད་པ་ཞེས་པ་སྣུམ་བཏུང་བའི་ཆོ་གའི་སྐབས་སུ་བཤད་པ། ཁ་ལ་ཆུ་དྲོན་གྱིས་ཀུན་ཏུ་སྤྱོད་པ་བྱ་བ་ལ་སོགས་པ ་དང། ཉིན་རེ་ཞིང་སྤྱད་པར་བྱ་བའི་ལེའུ་ཡི་སྐབས་སུ་བཤད་པའི་ཀུན་ཏུ་སྤྱོད་པ་སྟོན་ཅིང་བསྒོ་བར་བྱའོ། །ཉིན་པར་གཉིད་ལོག་རྨ་གཡང་ཞིང། །ཁ་དམར་ན་སྐྲང་རྣག་འཁྱིམས་འགྱུར་ཞེས་བྱ་བ་ལ། སྨན་མ་སྨིན་པར་གཉིད་ལོག་པ་ནི་རྨ་གཡའ་བ་དང། ཁ ་དམར་བ་དང། ན་བ་དང། སྐྲངས་པ་དང། རྣག་འཁྱིམས་པར་བྱེད་པར་འགྱུར་རོ། །བུད་མེད་དྲན་ནམ་རེག་པའམ། མཐོང་བས་ཁུ་བ་བྱུང་གྱུར་ན། མ་ཕྲང་ན་ཡང་འཁྲིག་པ་ལས། །བྱུང་བའི་སྐྱོན་ནི་འཐོབ་བར་འགྱུར་ཞེས་བྱ་བ་ལ། བུད་མེད་དང་མ་ཕྲད་དུ་ཟིན་ཀྱང། ་དེ་དྲན་པ་ལ་སོགས་པ་ཉིད་ཀྱིས་ཁུ་བ་བྱུང་བར་གྱུར་ན་འཁྲིག་པ་ལས་བྱུང་བའི་སྐྱོན་རྨ་བྱེ་བ་ལ་སོགས་པ་འབྱུང་ཞིང་འཐོབ་པར་འགྱུར་རོ། །ཁ་ཟས་དག་ནི་གང་གོམས་པས། ནས་དང་གྲོ་དང་དྲུག་ཅུ་པ། སྲན་ཆུང་མུངྒ་ཏུ་བ་རི། །ནི་ཤན་ནཱ་ག་ཛཱི་བནྟི། ལ་ཕུག ་གཞོན་ནུ་བརྟ་ཀ། རྒྱ་སྣེའུ་ཏནྟུ་ལ་ཡ་ཀ། ཀ་རེ་བེ་ལ་ཀརྒོ་ཏོ། །ཀ་ཏུ་ཀ་ཕུལ?་པ་ཏོ་ལ། །རྒྱམ་ཚ་སེ་འབྲུ་སྐྱུ་རུ་ར། །ཆུ་བསྐོལ་བ་ནི་བསྐྲངས་པ་དང། །འབྲས་རྙིང་ཆན་དང། སྣུམ་ཉུང་ཟད། །ཟོས་རྗེས་ཆུ་ཚན་བཏུང་བ་དང། སྐམ་སའི་ཤིང་ནི་ཟོས་གྱུར་ན། །རྨ་ནི་མྱུར་དུ་འཚོ་བར་འགྱུར ་ཞེས་བྱ་བ་ལ། ནད་པ་སྨན་པ་དེ་རྗེས་སུ་མཐུན་ཞིང་གོམས་པའི་ཁ་ཟས་ཟོས་པས་མྱུག་ཞིང་རིངས་པར་རྨ་འཚོ་ཞིང་བདེ་བར་གནས་པར་འགྱུར་རོ། །དེ་ལ་ནས་ལ་སོགས་པ་ནི་བཟའ་བའི་དོན་དུའོ། །སྲན་ཆུང་ལ་སོགས་པ་ནི་སྲན་ཁུ་ཡུ་ཤ་དང་ཚོད་མའི་དོན་དུ་སྦྱར་རོ། །ཏུ་བ་རིན ་སྲན་མ་ཨརྡུ་ཀའོ། ནི་ཤཾ་ནི་ཀ་དང། །ཛཱ་བནྟི་ལ་སོགས་པ་ནི་ཚོད་མའི་དོན་དུའོ། །རྒྱམ་ཚ་དང་སེ་འབྲུ་ལ་སོགས་པ་སྤོས་ཀྱི་དོན་དུའོ། །ཆུ་བསྐོལ་བ་སྒྲངས་པ་ནི་བཏུང་བའི་དོན་དུའོ། །འབྲས་རྙིང་པ་ནི་ལོ་གཅིག་མ་ལོན་པའི་འབྲས་དེའི་ཆེན་ནོ། །སྣུམ་ཅན ་ནི་སྣུམ་ཅུང་ཟད་ཡོད་པའོ། །དེའི་རྗེས་ལ་འཚལ་ནན་ནི་ཆུ་ཚན་བཏུང་བར་བྱའོ། །དེ་བཞིན་དུ་སྐམས་སའི་ཤའུར་བྱ་ལ་སོགས་པར་ཤི་བཟའ་བ་སྟེ། དེ་དག་གིས་རྨ་མྱུར་དུ་འཚོ་ཞིང་འབྱད་པར་འགྱུར་རོ། །དུས་སུ་རན་པར་བཟའ་བ་དང། །ཕན་བཟོས་ན་བདེ་འཇུ་འགྱུར་ཞེས་བྱ་བ་ལ། དེ་ལྟར ་རྗེས་སུ་མཐུན་པའི་ཁ་ཟས་ཇི་ལྟར་འོས་པའི་དུས་སུ་རན་ཞིང་འཚམས་པར་བཟའ་བ་དང། ཕན་པ་ཟོས་ན་བདེ་བླག་ཏུ་འཇུ་ཞིང་སྨིན་པར་འགྱུར་རོ། །མ་ཞུ་བ་ཡིས་རླུང་ལ་སོགས། །ལྡང་ཞིང་ནད་ནི་སྟོབས་ཅན་འགྱུར། །དེ་ལས་སྐྲངས་ན་བརྣགས་པ་དང། །ཚ་དང་སྤོས ་པར་འགྱུར་པ་ཡིན་ཞེས་བྱ་བ་ལ། ཁ་ཟས་མ་ཞུ་ཞིང་སྨིན་པར་མ་གྱུར་པ་ལས་ནི། རླུང་ལ་སོགས་པའི་ནད་ལྡང་ཞིང་སྟོབས་དང་ལྡན་པ་ནད་ཚབས་ཆེན་པོར་འགྱུར་རོ། །དེ་ལྟར་ལྡང་བ་དེ་ལས་རྨ། །སྐྲངས་བ་དང་ན་བ་ལ་སོགས་པས་ནད་པ་ཉེན་པར་འགྱུར་རོ།། ་འབྲུ་སར་ཏིལ་དང་མཱ་ཥ་དང། །ཆང་དང་རླན་ཅན་ལས་བྱུང་ཤ། །འོ་མ་བུ་རམ་ཤིང་ལས་གྱུར། །སྐྱུར་དང་ལན་ཚྭ་ཚ་བ་དང། །གཞན་གང་འཁྲུ་བ་གཅོད་བྱེད་དང། །ཚ་དང་བསིལ་བ་ལྕི་བ་སྤང་ཞེས་བྱ་བ་ལ། འབྲུ་སར་བ་ལ་སོགས་པའི་སྡེ་ཚན་རྨ་ཡོད་པའི་སྐྱེས ་པུས་སྤང་བར་བྱའོ། །དེ་བཞིན་དུ་ཆང་དང་སྲོག་ཆགས་གཤེར་སར་གནས་པ་ཤ་དང་འོ་མ་ལས་གྱུར་པ་དང། ཞོ་དང་དར་བ་དང་ཕྲུམ་དང། ཐུང་ལ་སོགས་པ་དང་བུ་རམ་ཤིང་ལས་གྱུར་པ་སྟེ། །བུ་རམ་ཕྲ་མོ་ལ་སོགས་པ་དང། སྐྱུར་དང། ལན་ཚྭ་དང། ཚ་བའི ་བཟའ་བཏུང་དང། གཞན་ཡང་གང་དང་འཁྲུབ་བཅོད་ཅིང་འགག་པར་བྱེད་པ་དང། ཚ་བའི་ཤེས་ཆེ་བ་དང། བསིལ་ཞིང་གྲང་བ་དང། ལྕི་བ་དེ་དག་ཀྱང་སྤང་ཞིང་དོར་བར་བྱའོ། །འབྲུས་རལ་སོགས་སྡེ་ཚན་འདི། །རྨ་དང་ལྡན་པའི་ནད་ཀུན་བསྐྱེད་ཅེས ་བྱ་བ་ལ། བཤད་མ་ཐག་པའི་འཁྲུས་རབ་ལ་སོགས་པའི་སྡེ་ཚན་འདི་ནི་རྨ་དང་ལྡན་པའི་སྐྱེས་བུ་སྨན་པའི་ནང་ཀུན་བསྐྱེད་པ་སྟེ། ནད་གཞི་གསུམ་ཚར་བསྐྱེད་པའམ། རྨ་རེད་ཅིང་འདྲུལ་བ་ལ་སོགས་པ་ནད་སྐྱེད་པར་བྱེད་པ་ཡིན་ནོ། །ཆང་ནི་རྣོ་བོ་ཆེ་རྩུབ་འགྱུར། །རྨ་ལ་མྱུར ་དུ་གནོད་པར་བྱེད་ཅེས་བྱ་བ་ལ། འབྲུ་སར་བ་ལས་ལ་སོགས་པ་སྡེ་ཚན་བཤད་མ་ཐག་བར་ཆད་སྤང་བར་བྱ་བ་ཉིད་ཡིན་པར་བསྟན་ཟིན་པ་ལས། འདིར་ཡང་ཆང་སྤང་པར་བསྟན་པ་ནི་ཤིན་ཏུ་ཉེས་པ་ཆེ་བའི་ཕྱིར་ཡང་སྨོས་པ་ཡིན་ཏེ། འབྲུས་རབ་ལ་སོགས ་བཟོས་པས་རྨ་ལ་གནོད་པར་འགྱུར་མོད་ཀྱི། དེ་བས་ཀྱང་ཆང་ནི་རྣོ་བ་དང་ཚ་བ་དང་རྩུབ་པ་དང། སྐྱུར་ཡིན་པས་དེ་ལ་གནོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རྨ་ལ་མྱུར་དུ་གནོད་པར་བྱེད་ཀྱི། གཞན་དག་ནི་དེ་ལྟ་མ་ཡིན་ནོ། །ཡང་ཆང་ཁྱད་པར་ཅན་རྣོ་བ་དང། རྩུབ ་པ་དང། སྐྱུར་བ་གང་ཡིན་པ་དེ་ཉིད་ནི་རྨ་ལ་ཤིན་ཏུ་མྱུར་བར་གནོད་པར་བྱེད་པ་ཡིན་གྱི། སྣུམ་པ་ལས་ཡོན་ཏན་དང་ལྡན་པ་གཞན་དག་ནི་དེ་ལྟ་མ་ཡིན་ནོ། །དེ་ཡང་རྒྱུད་གཞན་ལས་ཕལ་ཆེར་སྣུམ་བཅས་མངར་བ་དང། །ཤིན་ཏུ་རྣོད་བརྩུབ་མ་ཡིན། །རང་ཞིང ་བཏུང་བར་སླ་བ་དག་།ཚུན་ཆད་དག་ལས་དེ་མཆོག་ཡིན། ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཆང་སྣུམ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ནི། སྨན་པ་ལ་ལན་འགའ་ཞིག་ཉུང་ཞིང་བྱིན་པ་ནི་རྨ་ལ་གནོད་པར་མི་འགྱུར་གྱི། ཆང་རྣོ་བ་དང་ཚ་བ་ལ་སོགས་པའི ་ཡོན་ཏན་དང་ལྡན་པ་འདི་ནི་ཤིན་ཏུ་གནོད་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར། འདིར་ཡང་སྨོས་པ་ཡིན་ནོ། །བཱ་ལ་ཨུ་ཤི་རས་གཡབ་ཅིང། །འདི་ནི་སྐྱོད་པར་མི་བྱ་ལ། །དྲག་ཤུལ་མི་གཟུགས་འཕྲུལ་མི་བྱ། །བསྐྱོད་པའི་ཚེ་ནི་བག་བྱའོ་ཞེས་བྱ་བ་ལ། རྨ ་དེ་སྨན་པ་ལ་ཀ་དང། ཨུ་ཤི་རས་གཡབ་པ་དང། རྨ་འདི་བསྐྱོད་ཅིང་བསྒུལ་བར་མི་བྱ་བ་དང། དྲག་ཤུལ་དུ་གཟུགས་ཤིང་བརྡེག་པར་མི་བྱ་བ་དང། སེན་མོ་ལ་སོགས་པས་ཕུག་པར་མི་བྱའོ། །ཡང་དེ་བཞིན་དུ་བསྐྱོད་ཅིང་བསྒུལ་བའི་ཚེ་ན་ཡང་ ་བྱ་བ་ཐམས་ཅད་དུ་རྨི་ལེགས་པར་བསྲུང་ཞིང་བག་བྱའོ། །མཛའ་དང་བྲམ་ཟེ་རྒན་སོགས་ཀྱི། །གཏམ་ནི་ཡིད་ལ་དགའ་བ་མཉན། །ནད་ལས་ཐར་བའི་རེ་བཅས་པས། །རྨ་ནི་མྱུར་དུ་འཚོ་བར་འགྱུར་ཞེས་བྱ་བ་ལ། གྲོགས་མཛའ་དང ་བྲམ་ཟེ་དང་རྒན་པོ་ལ་སོགས་པའི་གཏམ་ཡིད་ལ་དགའ་བ་དག་མཉན་པ་དང། ནད་ལས་མྱུར་དུ་ཐད་པར་འགྱུར་རོ། ཞེས་རེ་བ་དང་བཅས་ཤིང་དགའ་བས་རྨ་མྱུར་དུ་འཚོ་ཞིང་འབྱང་བར་འགྱུར་རོ། །ཉིན་གསུམ་ལོན་ཚེ་རྨ་ཡི་ལས། །སླར་ཡང་བཀྲུ་སོགས ་ལས་རྣམས་ནི། །སྔ་མ་བཞིན་བྱའོ་ཞེས་བྱ་བ་ལ། དེ་ལྟར་བྱས་ན་ཉི་མ་གསུམ་ལོན་པའི་ཚེ་སླར་ཡང་རྨའི་ལས་སྔ་མ་བཞིན་དུ་བྱའོ། །གོང་གི་བཤད་བ་དང་མཐུན་པར་བྱའི་ཆོ་ག་ཇི་ལྟ་བཞིན་དུ་བྱའོ། །དེ་བཞིན་དུ་ཉིན་ཞག་གཉིས་པར་མི་བྱའོ། །ཚབས་ཆེར་ན་ཞིང ་མི་འབྱར་ལ། །རྨ་ནི་ཡུན་རིང་ཞིག་ན་འཚོ་ཞེས་བྱ་བ་ལ། སྔ་མ་དེ་བཞིན་དུ་ཉི་མ་གཉིས་པ་ལ་རྨ་བཀྲོལ་ཞིང་བཀྲུ་བ་ལ་སོགས་པའི་ལས་མི་བྱ་སྟེ། དེ་ལྟར་བྱས་ན་རྨ་ཚབས་ཆེར་ན་ཞིང། མི་ཟད་བར་ན་བ་དང། རྨ་མི་འབྱར་ཞིང་རྨེན་བུ་སྐྱེ་བ་དང། རྨ་ཡུན་རིང་ཞིག་ན ་འཚོ་ཞིང་འདྲུབ་པར་འགྱུར་རོ། །རྨ་ཚངས་སམ་ནི་ལྡེ་གུས་གླན། །སྣུམ་ཆེས་རྩུབ་ཆེས་དམ་བ་དང། །ལྷོད་དྲགས་བཞག་ཉེས་མི་བྱ་སྟེ་ཞེས་བྱ་བ་ལ། རྨའི་ནང་དུ་གཞུག་པའི་རྨ་ཚངས་རས་ལ་སོགས་པའི་གོས་ཀྱི་དུམ་བུ་རྨའི་ནང་གཞུག་ཏུ་རུང་བ་དེ་སྣུམ་ཆེས ་བ་དང། རྩུབ་ཆེས་པ་དང། དེ་བཞིན་དུ་དམ་དྲགས་ཤིང་དྲག་ཏུ་བཅིང་བ་དང། ལྷོད་དྲགས་པ་དང། བཞག་ཉེས་པ་དག་མི་བྱའོ། །དེ་བཞིན་དུ་སྨན་གྱི་ལྡེ་གུས་རྨ་གླན་པ་ཡང། སྣུམ་ཆེས་པ་དང་དམ་ཆེས་པ་དང། ལྷོད་ཆེས་པ་དང། བཞག་ཉེས་པར་མི་བྱའོ། ། ་སྣུམ་ཆེས་རྨ་ནི་རེང་པར་འགྱུར། །རྩུབ་ཆེས་ཤ་ཆད་ཤིན་ཏུ་ན། །གས་ཤིང་ཁྲག་ནི་འབྱུང་བ་འགྱུར། །དམ་དང་ལྷོད་དྲག་བཞག་ཉེས་པས། །རྨ་ཡི་ཁ་ནི་འདྲུང་པར་འགྱུར། ཞེས་བྱ་བ་ལ། སྣུམ་ཤིན་ཏུ་དྲགས་ཤིང་ཆེ་ན་རྨ་རེང་བར་འགྱུར་ཞིང་རྣག་དང་ཆུ ་སེར་འཕེལ་པར་འགྱུར་རོ། །དེ་བཞིན་དུ་རྩུབ་ཆེས་པ་ནི་ཤ་བཅད་པར་དང། ཤིན་ཏུ་ན་བར་འགྱུར་དང། དེ་བཞིན་དུ་པགས་པ་གས་པས་དང། ཁྲག་འབབ?་ཅིང་འབྱུང་བར་འགྱུར་རོ། །དེ་བཞིན་དུ་རྨ་ཚངས་དང་ལྡེ་གུ་ཤིན་ཏུ་དམ་བ་དང། ཤིན་ཏུ་ལྷོད་དྲགས་པ་དང། བཞག་ཉེས་པས་ནི། ་རྨའི་ཁ་ཕན་ཚུན་འདྲུད་ཅིང་འདར་བ་དང་ཐུག་བར་འགྱུར་རོ། །རྨ་ནི་རྣག་བཅས་སྐྲངས་ཤིང་མཐོ། །རྒྱུ་བཅས་རྣག་ཕུགས་འཆས་པ་དག་།རྨ་ཚ་འཇམ་པོ་ནང་གནས་པ། །རྨ་ཡི་སྐྱོན་ནི་དག་པར་བྱེད་ཅེས་བྱ་བ་ལ། རྨ་གང་རྣག་དང་བཅས་པར་གནས་པ་དང། དེ་བཞིན ་དུ་སྐྲངས་ཤིང་མཐོ་བར་གནས་པ་དང། རྒྱུ་བ་དང་བཅས་པ་སྟེ། ཤ་ལ་སོགས་པ་རྣག་གིས་ཟོས་པས་བུ་གའི་རྣམ་པ་རིང་དུ་འགྲོ་བ་དང། རྒྱུ་བ་དང་བཅས་པ་ཞེས་བཤད་དོ། །རྣག་གི་ཕུག་ནང་ན་འཆས་ཤིང་འཐུམས་ཡོད་པ་ནི་རྣག་ཕུགས་འཆས་པ་དེ། དེ་ལྟ་བུ ་ཡི་རྨ་གང་ཡིན་བ་དག་།རྨ་ཚངས་འཇམ་པོ་ནང་ན་གནས་ཤིང་བཅུག་པས་རྨའི་སྐྱོན་དེ་དག་།དག་ཅིང་སྦྱོང་བར་བྱེད་པས་ན་དེའི་ཕྱིར། དེའི་རྨའི་ནང་དུ་གཞུག་པར་བྱའོ། །དེའི་སྐྲངས་པ་ཧ་ཅང་མ་སྨིན་བརྟོལ། །སྨིན་ཞིང་རྣགས་པར་འགྱུར་བ་སྤྱད། །ཕན་པའི ་སྨན་དང་ཟས་སྦྱིན་དཀྲི། ཤིན་ཏུ་རྨ་མི་གནོད་པས་གསོ་ཞེས་བྱ་བ་ལ། སྐྲངས་པ་ཧ་ཅང་མ་སྨིན་པ་ལ་ལེགས་པར་མ་བརྟགས་པར་གལ་ཏེ་སྐྲངས་པ་དེ་མཚོན་གྱིས་བརྟོལ་བར་གྱུར་ན། སྨིན་ཅིང་རྣག་པའི་ཐབས་ཀྱིས་ཡང་དག་པར་གསོ་བར་བྱ་སྟེ། དེ་ཡང ་ཕལ་ཆེར་ལན་ཚྭ་དང། སྐྱུར་བ་དང། ཚ་བ་དང། དྲོ་བའི་ལྡེ་གུའི་སྨན་རྣམས་དང། དེ་བཞིན་དུ་ཟས་སྨིན?་བཅིང་རྣགས་པར་འགྱུར་བའི་བཟའ་བ་དང། དེ་བཞིན་དུ་སྨིན་པར་འགྱུར་བའི་ལོ་མ་ལ་སོགས་པ་དག་གིས་གསོ་བར་བྱ་ལ། དེ་ན་དག་ཀྱང་རྨ་ལ་ཤིན་ཏུ་མི་གནོད་པར་བྱ ་བ་སྟེ། ལན་འགའ་རྨ་སྨིན་པར་བྱ་བའི་ཕྱིར། རྨ་ལ་ཅུང་ཟད་གནོད་པ་གཏད་དུ་ཟིན་ཀྱང་སྐྱོན་དུ་མི་འགྱུར་བ་ནི་ཡོད་དོ། །སྣང་བའི་རྨ་ནི་གསར་དུ་བྱུང། །རལ་ཞིང་ཁ་བྱེད་འཕྲལ་དུ་བཙེམ། །རྨེ་ན་པུ་ཆེན་པོ་བཀས་པ་དང། །རྣ་ཤལ་བུ་ག་ཆད་པ་བཙེམ་ཞེས་བྱ་བ་ལ། ་རྨ་དེའི་མོད་ཁོ་ན་ལ་མཚོན་གྱིས་དྲལ་ཞིང་སྣང་བ་ལས་བྱུང་བ་རལ་ཞིང་ཁ་བྱེ་བ་དང། དེ་བཞིན་དུ་རྨེ་ན་བུ་ཆེན་པོ་བཀབ་པ་ལས་བྱུང་བ་དང། དེ་བཞིན་དུ་རྣ་ཤལ་གྱི་བུག་རཆད་པའང་བཙེམ་པར་བྱའོ། །མགོ་དང་མིག་ཕུགས་སྣ་དང་མཆུ། །མཁུར་ཚོས ་སྣ་བ་དབང་པོ་དང། །མགུལ་པ་དཔྲལ་བ་རླིག་པ་དབྱི། །ཕོ་མཚན་གཞང་དང་ལྟོ་བ་སོགས། །ཕུགས་རིང་བ་ན་གནས་རྣམས་དང། །ཤ་ཆེ་མི་འགུལ་མ་ཡིན་དང། །ཆུ་སོ་མཆན་ཁུང་ལ་སོགས་དང། །ཤ་ཆུང་མགུལ་པའི་རྨ་དག་དང། དབུགས་དབྱུང་ཟུག་རྔུ་ཡོད་པ་རང ་ཐལ་སྨན་དུག་མེས་ཚིག་མ་བཙེམ། །ཞེས་བྱ་བ་ལ། མགོ་བོ་དང་མིག་ཕུགས་ལ་སོགས་པར་གནས་པའི་རྨ་བཙེམ་པར་མི་བྱའོ། །དེ་བཞིན་དུ་ས་དང། མཚན་ཁྲུང་ལ་སོགས་པའི་ལུས་ཀྱི་གནད་ཀྱི་རྨ་བཙེམ་བད?་མི་བྱའོ། །དེ་བཞིན་དུ་ཤ་ཆུང་བ་དང། མགུལ་བའི་རྨ་དག་ཀྱང་ངོ་བཙེམ་པོར་མི་བྱའོ། །དེ་བཞིན་དུ་དབུགས་རྒྱུ་ཞིང་རྒྱུ་བ་དང། ནང་ན་ཟུག་རྔུ་ཡོད་པའི་རྨ ་ཡང་བཙེམ་པར་མི་བྱའོ། །དེ་བཞིན་དུ་ཐལ་སྨན་དང། དུག་དང་མེས་ཚིག་པའི་རྨ་ཡང་བརྩེམ་པར་མི་བྱའོ། །བཙེམ་པ་རུས་དུམ་ཁྲག་སྐམ་དང། །རྩ་དང་སྤུ་རྣམས་གསལ་ནས་ནི། །ཤ་ཆད་རུས་དུམ་འཕྱང་བ་ཡང། །རང་གི་གནས་སུ་གླན་པ་དང། །རུས་ཚིགས་བཅུག ་ཅིང་ཁྲག་གཟགས་ལ། །སྐུད་བ་ཤིང་ཤུན་རྒྱུས་པས་བཙེམ་ཞེས་བྱ་བ་ལ། བཙེམ་པར་བྱ་བ་ནི་རུས་ཚིག་གསུམ་དུ་གནས་ལས་འགོགས་པ་གང་ཡིན་བ་དང། ཁྲག་སྐམ་པོ་ལ་སོགས་པ་ལག་པས་བསལ་ཞིང་བཏོན་ལ། དེ་བཞིན་དུ་ཤ་ཆད་ཅིང་མཚོན ་གྱིས་དྲལ་ཏེ་དུམ་བུར་འཕྱང་བ་དེ་ཡང་རང་གིས་གནས་སུ་གླན་ཞིང་སྦྱར་བ་དང། དེ་བཞིན་དུ་རུས་པ་དང་ཚིག་ལ་སོགས་པ་བྱུང་ཞིང་འཕུར་བ་སླར་གཞུག་པ་དང། ཁྲག་གི་རྒྱུན་གཟགས་ཤིང་སྦྱད་ལ། ཅི་རིགས་བར་རས་ཀྱི་སྐུད་པ་འམ། ཤིང་ཤུན ་ཨསྨནྟ་ཀ་དང་མུརྦ་དང། གསོ་མ་ལ་སོགས་པའི་སྐུད་པ་ལག་འཇམ་པའམ། རྒྱས་པ་ལས་བྱས་པའི་སྐུད་པས་ལོགས་པར་བཙེམ་པར་བྱའོ། །སྲུབས་ནི་ཉེ་བ་འམ་རིང་མི་བྱ། བླད་བ་ཆེ་འམ་ཆུང་བྱ་ཞེས་མི་བྱ་བ་ལ། དེ་ལྟར་བཙེམ་པ་ན། རྨ་ལས་ཧ ་ཅང་ཉེ་བའམ། ཐག་རིང?་བ་ནས་བཙེམ་པར་མི་བྱའོ། །དེ་བཞིན་དུ་རྨའི་གནས་ལས་སྦུབས་ཀྱིས་བླང་བ་ཁམ་ཆེ་བ་འམ། །བམ་ཆུང་བར་མི་བྱའོ། །དེ་ནས་སྐོ་བསྲིབ་བྱས་ནས་མཐར། །རྨ་ནི་སྦྲང་རྩི་མར་སྦྱར་དང། །སྐྱེར་པ་ཟེར་མའི་དུད་པ་དང། །འབྲས་བུ་གསུམ་དང་ས་ལ་ཀི་།སེང་ཕྲོམ་ངར་དང་སྐྱུར་བཅས ་པས། །བསྐུས་པ་བཅིང་སོགས་སྔོན་བཞིན་བྱ་ཞེས་བྱ་བ་ལ། དེ་ལྟར་བརྩེམ་པའི་རྗེས་ཐོགས་ལ། ནད་པ་སྦྲོ་བསྲིང་ཞིང་དབུགས་ཕྱུང་སྟེ། དེ་ནས་དེའི་འོག་ཏུ་རྨ་ཁ་སྦྲང་རྩི་དང་མར་སྦྱར་བའི་སྐྱེར་པ་དང། ཟར་མ་ལ་སོགས་པའི་ལྡེ་གུ་བླུག་ཅིང་བསྐུ་པ་དང། །དེའི་འོག་ཏུ་བཅིང་བ་དང ་དུང་བས་བདུག་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །རྨ་ཁ་ཁྲག་ནི་མེད་གྱུར་གང། །དེ་ནི་ཅུང་ཟད་བྲུང་བྱས་ཏེ། །རྨ་འབྱོར་བྱེད་པ་ཁྲག་ཡིན་བས། །ཕྱུང་སྟེ་ལེགས་པར་དྲུབ་པར་བྱ་ཞེས་བྱ་བ་ལ། རྨ་གང་ཞིག་ཁའི་ཕྱོགས་ན་ཁྲག་མེད་པར་གྱུར་པ་དེ་ནི་ཅུང་ཟད་ཙམ་འབྲུང ་ཅིང། མཚོན་གྱིས་གཙེས་ལ་ཁྲག་དབྱུང་བ་དང། བཙེམ་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྨ་འདི་འབྱོར་ཞིང་འཚོ་བར་བྱེད་པ་ནི་ཁྲག་ཉིད་ཡིན་བས་ན། དེ་ཕྱུང་སྟེ་དྲུབ་པར་བྱ་སྟེ། དེ་ལ་བཅིང་བ་ཡུལ་ལ་སོགས། །བརྟགས་ནས་ངེས་པར་སྦྱར་བར་བྱ་ཞེས་བྱ་བ་ལ། འདིས ་རྨ་བཅིང་ཞིང་དཀྲི་བར་བྱ་བ་ཡིན་བས་ན་བཅིང་བ་སྟེ། དེ་ནི་ཡུལ་ལ་སོགས་པ་ཞེས་བ། ཡུལ་དང་ནད་གཞི་དང་ལུས་ཟུངས་ལ་སོགས་པ་ལ་བརྟགས་ནས། རང་གི་བློས་ལེགས་པར་སྦྱར་བར་བྱའོ། །བལ་གོས་པགས་པ་དར་གསུམ་དྲོ། །ཟར་མའི་རས་ནི ་བསིལ་བ་ཡིན་ཞེས་བྱ་བ་དེ། བལ་གྱི་གོས་ཡིན་བས་ན་བལ་གོས་ཏེ། སྣམ་བུ་དང་བ་པའོ། །པགས་པའི་རྣམ་པ་འཇམ་ཞིང་དྲོ་བའོ། །ངར་ནི་ཟབ་དར་ཏེ། བཅིང་གསུམ་པོ་འདི་དག་ནི་ནུས་པ་དྲོ་བ་ཡིན་ནོ། །ཟར་མའི་རས་དང་གསོ་རས་ནི་གསིལ་བ་ཡིན་ནོ།། ་དྲོ་གྲང་རན་བ་ཤིང་བལ་འདབ། །རས་བལ་རྒྱུས་པ་ཤིང་ཤུན་ཡིན་ཞེས་བྱ་བ་ལ། དྲོ་བ་དང་གྲང་བ་གཉིས་ཀའི་རང་བཞིན་རན་པ་ནི་ཤིང་བལ་བདལ་མ་དང། རས་བལ་དང་རྒྱུས་པ་དང། ཤིང་ཤུན་ལས་བྱས་པའི་ཆིངས་ཏེ། རྒྱུ་དེ་དག་ལས་སྐུད་བའི་ཚུལ ་དེ་བྱས་པའི་རྣམ་པས་དཀྲིས་པའོ། །ཟངས་ལྕགས་ཞ་ཉེ་རོ་ཉེ་ཡི། །བད་ཀན་ཚིལ་ཆེན་རྨ་ལ་གླན། །ཆག་ཐུར་ཤིང་བྱང་?་བ་དང། ཤིང་ཤུན་སྨྱིགས་ཚལ་སོགས་ཅིང་ཞེས་བྱ་བ་ལ། བད་ཀན་དང་ཚིལ་ཆེས་པའི་རྨ་ལ་ནི། ཟང་མ་དང་ལྕགས ་ལ་སོགས་པ་གླན་ཞིང་བཅིང་བར་བྱའོ། །རྐང་ལག་གི་རུས་པ་ཆག་གྲུགས་སུ་གྱུར་པ་ལ་ནི། ཤིང་བྱང་ལ་སོགས་པས་བཅིང་བར་བྱའོ། །དབྱིབས་ནི་རང་སྙིང་རྗེས་མཐུན་བའི། །ཆིངས་མ་བཅོ་ལྔ་རྣམ་བྱ་སྟེ། །ཤུ་པས་དང་བཀྲ་ཤིས་ལྷོད་པར ་བཅིང། །མཐར་ཆགས་བཅིང་དང་ཟླུམ་པོར་བཅིང། །མདའ་ལྕགས་ཁྲི་དང་དམ་བཅིང་དང། །སྒྱེའུ་བླ་རེས་ལྐོག་ཤལ་དང། །འུར་མཐིལ་ཟུང་གླན་ཟླུམ་པ་དང། །ཡན་ལག་ལྔ་བ་ཞེས་བྱ་སྦྱར་ཞེས་བྱ་བ་ནི། དབྱིབས་ཀྱི་རྣམ་པ་རང་གི་མིང་ཇི་སྐད་བཏགས་པ་དང། ་རྗེས་སུ་མཐུན་པའི་ཆིངས་མ་སེའུ་དང། བཀྲ་ཤིས་ནས་ཡན་ལག་ལྔའི་བར་བཅོ་ལྔ་པོ་དེ་དག་བཅིང་བའི་དོན་དུ་སྦྱར་བར་བྱའོ། །དེ་དག་ཀྱང་ཤུབས་ནི་མཛུབ་ཤུབས་འདྲ་བ་སྟེ། སོར་མོའི་ཚིགས་ཆགས་པ་ལ་སྦྱར་བར་བྱའོ། །བཀྲ་ཤིས་ནི་གཡུ་དྲུང་ལྟ་བུ་ཟུར ་བཞི་བ་སྟེ། རུས་པའི་ཚིགས་དང། སྨིན་མ་དང། ནུ་མའི་བར་དང། མཚན་ཁུང་དང། རྣ་བར་གླན་པར་བྱའོ། །ལྟོད་པར་བྱ་བ་ནི་རྩ་ལ་སོགས་པ་ལས་སླས་པ་སྟེ། དེ་དག་གི་མགུལ་པ་དང། ཕོ་མཚན་ལ་སོགས་པ་ལ་རྨ་བྱུང་བ་ལ་གླན་པར་བྱའོ། །མཐར་ཆགས ་སུ་བཅིང་བ་ནི་རས་བལ་ལམ་ལྟས་མ་ཞང་དྲུང་ལ་རིང་བ་སྟེ། དེ་ནི་མིག་གི་གྲར་སྦྱར་བར་བྱའོ། །ཟླུམ་པོར་བཅིང་བ་ནི་སྲད་བུ་སྟེ། དེ་ནི་ཡན་ལག་ཐམས་ཅད་བཅིང་བ་ལ་སྦྱར་བར་བྱའོ། །མངའ་ལྕགས་ནི་གང་རིང་བོར་བྱས་པ་སྟེ། དེ་ཡང་ལག་དར་ལ་སོགས་པ་ལ་སྦྱར་བར་བྱའོ། །ཁྲི་ནི་ཁྲི་རྐང་བཞི་པར་བྱས་པ་སྟེ། ་དེ་ནི་འགྲམ་བ་དང་མུ་འགྲམ་དང་མཁུར་ཚོས་སྣང་བ་ལ་སྦྱར་རོ། །དམ་དུ་བཅིང་བ་ནི་ཁྱད་པར་དུ་འགུགས་མི་ཤེས་པར་བཅིང་བ་སྟེ། དེ་ནི་ལྟོ་བ་དང་བརླའི་རྒྱབ་དུ་གླན་ཞིང་བཅིང་བར་བྱའོ། །སྒྱེའུ་ནི་ས་རྩིལ་སོགས་པའི་འཇུད་པའི་སྒྱེའུ་ཕྲན་ཏེ། ་དེ་ནི་སོན་མོ་དང་ཕོ་མཚན་གྱི་རྩ་ལ་ནད་ཡོད་པ་དང། གཅིན་ནད་ཟ་ཁུ་ཅན་ལ་སྦྱར་བར་བྱའོ། །བླ་རེ་ནི་ཉེ་ཚན་ལ་སོགས་པའི་གནོད་པ་བཟློག་པའི་ཕྱིར། །རས་བལ་ལ་སོགས་པས་ཁེབས་པ་ལྟ་བུ་སྟེ། ཕོ་མཚན་སྐྲངས་པ་ལ་སོགས་པ་ལ་སྦྱར ་བར་བྱའོ། །བ་ལང་གི་ལྐོག་མ་ལྟ་བུ་ནི། ལྐོག་མར་ལྐོག་ཤལ་ལྟར་འཕྱང་བ་སྟེ། དེ་ནི་ལུས་ཀྱི་ཡན་ལག་འཕྱངས་གར་གྱུར་པ་ལས་སྦྱར་བར་བྱའོ། །འུར་མཐིལ་ལྟ་བུ་ནི་ཞིང་བ་རྣམས་བྱ་སྐོད་པའི་ཕྱིར། །འུར་རྡོ་འཕེན་པའི་ཕྱིར་རྡོའི་གནས་སུ་བྱེད་པ་འུར་མཐིལ ་ཞེས་བྱའོ། །དེ་ནི་སྣ་དང་ཆུ་དང་གསོ?་སྣང་དམ་སྦྱར་ཞིང་བཅིང་བར་བྱའོ། །ཟུར་དུ་གླན་པ་ནི་གང་དུ་བྱེད་གཅིག་དབུས་སུ་སྐབས་བཏོང་དེ། རྨ་གཉི་ག་འདབ་ཆགས་སུ་བཅིང་དུ་རུང་བའོ། །དེ་ནི་རྨ་གཉིས་འདབ་ཆགས་སུ་བྱུང་བ་ལ་གླན་པར་བྱའོ། །ཟླུམ་པོ་ཞེས་བྱ་བ་ནི ་དཀྱིལ་འཁོར་ལྟར་ཟླུམ་པོར་བྱས་པ་སྟེ། དེ་ནི་ཡན་ལག་ཟླུམ་པོ་སྣང་ཅིང་ཆག་པ་ལ་གླན་པར་བྱའོ། །ཡན་ལག་ལྔ་པ་ནི། ཤིང་བྱང་ལ་སོགས་པ་གང་ཡན་ལག་བཞི་པ་ཡོད་པ་གཅིག་གྱེན་དུ་དབྱུང་བ་བྱ་སྟེ། དེ་ནི་ནམ་ཚོད་ཡན་ཆད་སྣང་བ་ལ་སྦྱར་བར་བྱའོ། ་དེ་ལས་གང་ཞིག་གང་ལེགས་འབྱོར། །དེ་ནི་དེ་རུ་ལེགས་པར་སྦྱར་ཞེས་བྱ་བ་ལ། བཅིང་བ་དེ་དག་གི་ནང་ནས། །ཆིངས་མ་གང་ཞིག་ལུས་ཀྱི་ཕྱོགས་གང་དང་ལེགས་པར་འབྱོར་ཞིང་འབྱར་ལ་འཚམ་པའི་ཆིངས་མ་ཤུགས་ལ་སོགས་པ ་དེ་དག་ནི། ལུས་ཀྱི་ཕྱོགས་དེ་རུ་ལེགས་པར་སྦྱར་ཞིང་བཅིང་བར་བྱའོ། །བརླ་དང་མཇུག་ཙོས་མཆན་ཁུང་དང། །ཆུ་སོ་སྤྱི་བོར་དམ་དུ་བཅིང་ཞེས་བྱ་བ་ལ། བརླ་དང་མཇུག་ཅེས་ལ་སོགས་པའི་ལུས་ཀྱི་ཕྱོགས་སུ་རྨ་བྱུང་བ་ལ་ནི་དམ་ཞིང་སྲ་བར་བཅིང ་བར་བྱའི། །ལྷོད་པར་བཅིང་བར་མི་བྱའོ། །ལག་དར་གདོང་དང་རྣ་བ་དང། རྒྱབ་དང་རྩིབ་ལོགས་མ་གུལ་བ་ལྟོ། །ཕོ་མཚན་རླིག་པ་རན་པར་བཅིང་ཞེས་བྱ་བ་ལ། ལག་དར་ལ་སོགས་པའི་ལུས་ཀྱི་ཕྱོགས་སུ་ནི་བཅིང་བ་དམ་ལྷོད་རན་པར་བྱ་ལ། ། ་དེ་བཞིན་དུ་ཕོ་མཚན་དང་རླིག་པ་ཡང་རན་ཙམ་དུ་བཅིང་བར་བྱའོ། །མིག་དང་ཚིགས་སུ་ལྷོད་པར་བཅིང་ཞེས་བྱ་བ་ལ། མིག་གི་ཕྱོགས་དང་རུས་པའི་ཚིགས་རྣམས་སུ་ཆིངས་མ་ལྷོད་བར་བཅིང་ངོ། །ལྷོད་བཅིངས ་རྨ་ནི་བད་ཀན་དང། །རླུང་ཤས་ཆེ་ལ་རན་བར་བཅིང་ཞེས་བྱ་བ་ལ། ལྷོད་པར་བཅིང་བ་མིག་དང་ཚིགས་ལ། རྨ་བད་ཀན་དང་རླུང་གི་ཤས་ཆེ་བ་ཡོད་ན་ལྷོད་པར་མི་བཅིང་གི་།དམ་པ་དང་ལྷོད་པ་རན་ཙམ་དུ་བཅིང་ངོ། །རན་ཅིང་གནས་སུ་དམ་དུ་བཅིང། དམ ་ཅིང་ཤིན་ཏུ་དམ་པར་བཅིང་ཞེས་བྱ་བ་ལ། རན་པར་བཅིང་བའི་གནས་ལག་ངར་ལ་སོགས་པར། བད་ཀན་དང་རླུང་གི་ཤས་ཆེ་བའི་རྨ་ཡོད་ན། རན་པར་མི་བཅིང་གི་དམ་དུ་བཅིང་བར་བྱའོ། །དམ་དུ་བཅིང་བའི་གནས ་བརླ་དང་མཇུག་ཅེས་ལ་སོགས་པའི་རྨ་བད་ཀན་དང་རླུང་ལས་བྱུང་བ་ཡིན་ན། ཤིན་ཏུ་ཤས་ཆེར་དམ་དུ་བཅིང་བར་བྱའོ། །དགུན་དང་དེ་བཞིན་དཔྱིད་ཀྱི་ཚེ། །ཞག་ནི་གསུམ་གསུམ་དག་ནས་དགྲོལ་ཞེས་བྱ་བ་ལ། བད་ཀན་དང་རླུང ་གི་ཤས་ཆེས་ཆེ་རྨ་དེ་གཉིས་ལས་དགུན་ཞེས་བྱ་བ་དགུན་སྟོད་དང་དགུན་སྨད། དེ་བཞིན་དུ་དབྱིད་ཀྱི་ཚེ་སྟེ། ཟླ་བ་དྲུག་ལ་ནི་ཞག་གསུམ་གསུམ་ནས་དགྲོལ་ཞིང་བཅིང་བར་བྱའོ། །ཁྲག་མཁྲིས་ཤས་ཆེའི་རྨ་དག་ནི། །དམ་བཅིང་གནས་སུ་རན ་པར་བཅིང། རན་བཅིང་གནས་སུ་ལྷོད་པར་བཅིང། །ལྷོད་བཅིང་གནས་སུ་བཅིང་མི་བྱ་ཞེས་བྱ་བ་ལ། །ཁྲག་དང་མཁྲིས་པ་ཤས་ཆེ་བའི་རྨ་ལ་ནི་དམ་དུ་བཅིང་བའི་གནས་བརླ་ལ་སོགས་པར་དམ་དུ་མི་བཅིང་གི་རན་པར་བཅིང་བར་བྱའོ། །རན་པར ་བཅིང་པའི་གནས་ལག་དར་ལ་སོགས་པར་ནི་ལྷོད་པར་བཅིང་བར་བྱའོ། །ལྷོད་པར་བཅིང་བའི་གནས་མིག་དང་ཚིགས་སུ་ཁྲག་དང་མཁྲིས་བ་ཤས་ཆེ་བའི་རྨ་བྱུང་ན་དེ་བཅིང་བར་མི་བྱའོ། །དེ་གཉིས་སོ་ཀ་སྟོན་གྱི་ཚེ། །སྔ་དྲོ་ཕྱི་དྲོ་དགྲོལ་བར་བྱ ་ཞེས་བྱ་བ་ལ་ཁྲག་དང་མཁྲིས་པ་ལས་བྱུང་བའི་རྨ་དེ་གཉིས་ལ་སོས་ཀ་དང་སྟོན་གྱི་ཚེ་ནི་ཉིན་རེ་ཞིང་སྔ་དྲོ་དང་ཕྱི་དྲོའི་དུས་སུ་དགྲོལ་ཞིང་བཅོས་པར་བྱའོ། །མ་བཅིངས་ཤ་སྦྲང་སྦྲང་བུ་དང། ལྷགས་པ་བསེར་བུ་སོགས་པས་གནོད། །རྨ་རེད་གྱུར་ཅིང་དེར་སྣུམ་དང།། ་སྨན་ནི་ཡུན་རིངས་གནས་མི་འགྱུར། །སྦྱང་བའམ་འཚོ་བར་དཀའ་བ་དང། །སོས་ཀྱང་མདོག་ནི་མི་སྡུག་འགྱུར་ཞེས་བྱ་བ་ལ། རྨ་མ་བཅིངས་ན་ཤ་སྦྲང་ལ་སོགས་པས་གཅེས་པར་འགྱུར་ཞིང། དེ་དང་རེག་པའི་དབང་གིས་འཚོ་བ་སྣ་ཚོགས་ཀྱིས་གནོད་པར ་འགྱུར་བ་དང། དེ་བཞིན་དུ་རྨ་དེ་བཅིང་བ་མེད་པར་སྣུམ་གྱི་བསྐུས་ན་ཡང་སྨན་དེ་ཡང་ཡུན་རིང་དུ་གནས་པར་མི་འགྱུར་ཞིང། སྨན་གྱི་ལྡེ་གུ་ལ་སོགས་པ་བསྐུས་པ་ཡང་ཡུན་རིང་པོར་མི་ཐོགས་པར་བསྐམས་འམ་ལྟུང་བར་གྱུར་བ་འམ། དེ་བཞིན ་དུ་ལེགས་པར་བཅོས་སུ་ཟིན་ཀྱང་རྨ་འཚོ། ཞིང་འདྲུབ་པ་དགའ་བ་དང། གལ་ཏེ་འཚོ་ཞིང་འདྲུབ་ཀྱང་ཤ་མདོག་མི་སྡུག་པར་འགྱུར་རོ། །བཅིངས་ན་ཆག་ཅིང་ཕྱེ་མར་འགྱུར། །འཕྲེས་སམ་འབུར་གྱུར་དྲལ་གྱུར་ཏམ། །རྩ་དང་རྒྱུས་པ་ཆད་གྱུར་ཀྱང། །རྨ་ནི་མྱུར་དུ་བདེ་བར ་འཚོ། ལྡང་དང་ཉལ་བལ་སོགས་པའི། །སྤྱོད་ལམ་ཀུན་གནོད་པ་མེད་ཅེས་བྱ་བ་ལ། རྨ་ལགས་པར་བཅིངས་ཤིང་བསྡམས་པས་ན། ཆག་ཅིང་ཕྱེ་མར་གྲུགས་པའམ། འཕྲེས་ཤིང་གནས་པ་ལས་འཕྱུགས་པའམ་འབུར་ཞིང་མཐོ་བའམ། དྲལ་ཞིང་གསོ ་བར་གྱུར་པའམ། རྩ་དང་རྒྱུས་པ་ཆད་བ་གྱུར་ཀྱང། རྨ་བདེ་བླག་ཏུ་མྱུར་དུ་འཚོ་བར་འགྱུར་རོ། །དེ་བཞིན་དུ་ལྡང་བ་དང་མལ་ན་ཉལ་བ་ལ་སོགས་པའི་སྤྱོད་ལམ་ཀུན་ལ་ཡང་གནོད་པ་མེད་པར་འགྱུར་རོ། །རྨ་ཡི་ཁ་སྐྱེས་མཐོ་མི་མཉམ། །སྲ་ཞིང་རབ་ན་འཚོ་བར ་དཀའ་། །འཇམ་ཞིང་མཉམ་ལན་བ་མེད། །རྨ་ནི་མྱུར་དུ་དག་ཅིང་འཚོ་ཞེས་བྱ་བ་ལ། རྨ་གང་ཁ་ཆེར་སྐྱེས་ཤིང་མཐོ་བའི་ཟླུམ་པོ་ཡོད་པ་དང། མཐོ་དམན་མི་མཉམ་པ་དང། སྲ་ཞིང་མཉེན་བག་མེད་པ་དང། རབ་ཏུ་ན་ཞིང་ཚོར་བ་དྲག་པ་དང་ལྡན་པའི་རྨ་དེ ་ལྟ་བུ་ནི་འཚོ་ཞིང་འབྱད་པར་དཀའ་ཨང་ཡིན་ནོ། །རྨ་གང་འཇམ་ཞིང་མཉེན་པ་དང། ན་བ་མེད་པ་ནི་མྱུར་དུ་དག་ཅིང་འཚོ་བར་འགྱུར་རོ། །རྨ་ནི་ཡུན་རིང་ཤ་ཆུན་དང། །རྩུབ་པས་འབྱར་བར་མ་གྱུར་ན། །ནང་ཚིགས་དུས་ཚིགས་ཇི་བཞིན་དུ། །སྨན་དང་ལོ ་མས་དགབ་པར་བྱ། །མ་རྙིངས་གཞོན་ཞིང་བུ་ག་མེད། །ཀུན་ནས་ལེགས་པར་ཁེབས་པ་དང། ། ཕྱིས་ཤིང་མི་རྩུབ་ལོ་མ་ནི། །འོ་མ་ཅན་ཤིང་སྟག་པ་དང། །རྫུ་ན་དང་ཀ་དམ་པའི། །ལོ་མ་ཡིས་ནི་གཡོག་པར་བྱ་ཞེས་བྱ་བ་ལ། རྨ་ཡུན་རིང་ཞིང་དུས་རིང་པོ་ལོན་ཏེ་རྙིངས ་པ་དང། ཤ་ཆུངས་ཤིང་ཟད་པ་དང། རྩུབ་པར་གྱུར་པའི་རྒྱུས་འབྱོར་ཞིང་འཚོ་བར་མ་གྱུར་ན། ནད་གཞི་ཇི་ལྟ་བའི་ཚུལ་དང་མཐུན་པ་དང། དུས་ཚིགས་དང་ཇི་ལྟར་མཐུན་པ་བཞིན་དུ་རྨའི་སྨན་ལྡེ་གུ་དང། སྣུམ་ལ་སོགས་པ་རྣ་ལ་ཕན་པར་བྱེད་པ་དག་བསྐུ་བར ་བྱ་བ་དང། ཤིང་འོ་མ་ཅན་ལ་སོགས་པའི་ལོ་མས་དག་བཅིང་གསོ་པར་བྱ་སྟེ། དེ་ཡང་འདི་ལྟར་རླུང་ལས་གྱུར་པའི་རྨ་དང་གྲང་པའི་དུས་སུ་སྣུམ་པ་དང་དྲོ་བས་གསོ་བ་དང་མཁྲིས་པ་ཤས་ཆེ་བའི་རྨ་དང། དེ་བཞིན་དུ་དྲོ་བའི་དུས་སུ་ནི་གསིལ་བར་གསོ ་བ་དང། བད་ཀན་ཤས་ཆེ་བའི་རྨ་དང། གྲང་བ་དང་དྲོ་བའི་དུས་སུ་ནི་ཕལ་ཆེར་རྩུབ་པ་དང། དྲོ་བས་གསོ་བར་བྱ་སྟེ། འགྲེས་འདི་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་བཞིན་དུ་ལོ་མ་མ་རྙིངས་ཤིང་དེངས་པ་མ་ཡིན་པ་དང། གཞོན་ཞིང་གསར་པ་དང། བུག་རྔོལ?་ནོད་པ་དང། དེ་བཞིན་དུ ་ཀུན་ནས་ཐམས་ཅད་དུ་ལེགས་པར་ཁེབས་ཤིང་ལེགས་པར་བཞག་པ། ཕྱིས་ཤིང་དྲི་མ་མེད་པར་བཀྲུས་པ་དང། མི་རྩུབ་ཅིང་སྲ་བ་མ་ཡིན་པའི་ལོ་མ་འོ་མ་ཅན་གྱི་ཤིང་ལ་སོགས་པ་ལས་བྱུང་བས་ལེགས་པར་གཡོག་པར་བྱའོ། །མཛེ་དང་མེ་ཡིས་ཚིག་པ ་དང། །འབུས་ཟོས་གཅིན་ནད་སྦྲང་རྩི་འདྲ། །བྱི་བ་སྤྲུལ་གྱི་དུག་དང་ནི། །ཐལ་སྨན་རྣོ་དང་དུག་གིས་ཕོག། རྨ་ནི་བཅིང་བར་མི་བྱ་ཞིང། །ཤ་འདྲུལ་གཞང་ཁར་མི་བཟད་རྣགས། །འདྲུལ་ཞིང་ཚ?་དང་ན་བཅས་པར། སྐྲང་སྐམས་མེད་པ་ལ་མི་བཅིང་ངོ་ཞེས་བྱ་བ་ལ། ་མི་མཛེས་བཏབ་པ་དང། དེ་བཞིན་དུ་མེད་ཚིག་པའི་རྨ་བཅིང་བར་མི་བྱའོ། །དེ་བཞིན་དུ་འབུས་ཟོས་པའི་རྨ་ནས་དུག་གིས་ཕོག་པའི་བར་གྱི་རྨ་ཡང་བཅིང་བར་མི་བྱའོ། །དེ་བཞིན་དུ་ཤ་རུལ་ཞིང་འདྲུལ་པ་ནས་མེ་དཔལ་གྱི་རྨ་ཡང་བཅིང་བར་མི་བྱའོ། རྨ་གང་ལེགས་པར་མ་བསྲུངས་བར? ་སྦྲང་མ་སྲིད་དུ་འཇུག་བྱེད་དེ། །དེ་ཡིས་ཟོས་པས་ན་བ་དང། །སྐྲང་དང་སྣག་ཁྲག་འཛག་པར་བྱེད་ཅེས་བྱ་བ་ལ། རྨ་གང་ཞིག་ལེགས་པར་མ་བསྲུངས་ཤིང། །མ་བཙས་པས་འབུ་འཇུག་པ་ལ་སོགས་པའི་གནོད་པ་འབྱུང་ངོ། །དེར་ནི་བཀྲུ་དང་དག་པ་ནི། བྱའུ་དུག་ལ་སོགས་སྡེ་ཚན ་སྦྱར་ཞེས་བྱ་བ་ལ། འབུ་ཞུགས་པའི་རྨ་དེར་ནི་བྱིའུ་རུག་པ་ལ་སོགས་པའི་སྡེ་ཚན་སྦྱར་བའི་སྨན་གྱིས་བསྐུ་ཞིང་སྦྱར་བ་དང་དག་སྟེ་བསྐྲད་པར་བྱའོ། སཔཏ་བརྞི་ཀརྙྫ། །རྐ་དང་ནི་ནིམ་པ་དང། ར་ཚ་དང་ནི་ཤིང་ཚ་རྣམས། །བ་གཅིན་དང་ནི་བཏགས་པ་ཡིས། །ལྡེ་གུ་དེ་ལ ་སྐུ་བ་དང། །ཐལ་སྨན་ཆུ་ནི་བླུགས་པ་ཕན་ཞེས་བྱ་བ་ལ། ཡང་རྨ་དེར་སཔཏ་པརྞི་ལ་སོགས་པ་དང། བ་གཅིན་བཏགས་པའི་ལྡེ་གུ་བསྐུ་བར་བྱའོ། །དེ་བཞིན་དུ་ཐལ་སྨན་རྣོན་པོའི་ཆུ་བླུགས་པ་ཡང་ཕན་པ་ཡིན་ནོ། །ཡང་ན་ཤ་རློན་གྱིས་གཡོགས་ལ། དེ་ནི་མྱུར་དུ་དབྱུང་བར ་བྱ་ཞེས་བྱ་བ་ལ། ཡང་ན་རྨད་ཤ་རློན་རྨའི་ཚད་དང་དབྱིབས?་འདྲ་བའི་ཤའི་དུམ་བུས་བཀག་ཅིང་གཡོགས་ལ། འབུ་དེ་དེ་ལ་ཆགས་པ་ན་མྱུར་ཞིང་རིངས་པར་གནོད་པར་བྱའོ། །འདི་ནི་ནད་ན་སྐྱོན་བཅས་པས། །མྱུར་དུ་འཚོ་བར་མི་བྱ་སྟེ། །དེ་ནི་གནོད་པ་ཆུང་ངུས་ཀྱང། །སླར ་ཞིང་འགྲམས་པར་འགྱུར་བ་ཡིན་ཞེས་བྱ་བ་ལ། རྨ་འདི་ནི་ནང་ན་སྐྱོན་བཅས་ཤིང་རྣག་ལ་སོགས་པས་ཁྱབ་པས་སྨན་པས་རིང་ཤིང་མྱུར་བར་འདྲུབ་ཤིང་འགྱུར་བྱ་བའི་ཕྱིར། །འཚོ་བ་པའི་སྨན་བསྐུ་བར་མི་བྱ་སྟེ། །གང་གི་ཕྱིར་སྨན་དེ་ནད་ན་གནོད་པ་དང ་བཅས་པས་རྨ་དེ་འཚོ་ཞིང་འབྱར་ཡང་སླ་ཞིང་འགྲམས་པ་དང་འཇིག་པར་འགྱུར་བ་ཡིན་ནོ། །འཚོ་བས་པར་གྱུར་ཀྱང་མ་ཞུ་དང། །དྲག་ཤུལ་བུད་མེད་བསྟེན་སོགས་སྤང་ཞེས་བྱ་བ་ལ། རྨ་འཚོ་བས་ཤིང་འབྱོར་བར་གྱུར་ཀྱང་ནད་པ་དེས་མ་ཞུ་བ་དང། དག? ་ཤུལ་ལ་སོགས་པ་སྤང། །ཟླ་བ་དྲུག་གམ་བདུན་གྱི་བར། །ཆོ་ག་འབད་པས་བསྲུང་བར་བྱ་ཞེས་བྱ་བ་ལ། མ་ཞུ་བ་དང། བུད་མེད་དང་ཕྲད་པ་སྤང་བ་ལ་སོགས་པའི་ཆོ་གས་ནི་རྨ་འཚོ་བས ་ནས་ཟླ་བ་དྲུག་གམ་བདུན་གྱི་བ་དུ་བསྲུང་ཞིང་བསྡམ་པར་བྱའོ། །གནས་སྐབས་དེ་དང་དེར་ནི་བྱུང་གྱུར་ཚེ། །ནད་གཞི་ལ་སོགས་སྟོབས་ཀྱིས་རྗེས་འབྲངས་ནས། །ཕྱི་མ་ནས་བཤད་རྒྱ་ཆེར་ལེགས ་བརྟགས་ལ། །ཐབས་ནི་དེ་དང་དེ་ཡིས་འབད་དེ་གསོ་ཞེས་བྱ་བ་ལ། རྨའི་གནས་སྐབས་གསལ་བར་མ་བསྟན་པའི་ཚུལ་དང་མིང་གང་དག་ཡིན་པ་དེ་དག་བྱུང་ཞིང་སྐྱེས་པར་གྱུར་བ་ན། སྣན་པས ་རླུང་སོགས་པའི་ནད་གཞི་ལ་སོགས་པའི་སྟོབས་ཀྱིས་རྗེས་སུ་འབྲངས་ནས། འདི་ཉིད་ཀྱི་རྒྱུད་ཕྱི་མ་ནས། རྒྱ་ཆེར་བཤད་པ་དེ་ལེགས་པར་བརྟགས་ཤིང་དཔྱད་ལ། རྨ་དེ་གསོ་བའི་ཐབས་དེ་དང ་དེས་འབད་པ་དང་ལྡན་པས་གསོ་བར་བྱའི། བློས་གཞུང་ལ་མ་བརྟགས་པའི་རང་དགའ་དང། འབད་པ་མེད་པའི་སྒྱིད་ཞན་པས་ནི་མི་བྱའོ།། །།ཡན་ལག་བརྒྱད་པའི་སྙིང ་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་དགའ་བས་ཉེ་བར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་འགྲེལ་པའོ།། མངྒཱ་ལཾ།། ་