CLOSE WINDOW

N4590: yan lag brgyad pa'i snying po zhes bya ba'i sman dpyad kyi bshad pa
Wyliee-texts based on the ACIP/ALL Input

text in 2 volumes

volume 1 (gso rig (se)) - volume 2 (gso rig (he)) -

ལ་ཕབ་པའོ།། །།སྨན་ཡན་ལག་བརྒྱད་པའི་རང་འགྲེལ་དུ་གྲགས་པ་ཞུགས་སོ།། །།*། །རྒྱ་གར་སྐད་དུ། ཨཥྚཾ་ག་ཧྲི་ད་ཡ་ནཱ་མ་བ་བཻཌཱུརྱ་ཀ་བྷཱཥྱཾ། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ། །བམ་པོ ་དང་པོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻརཱུ་རྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ་།འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད? ་རྒྱུན་ཏུ་འབྲེལ་བས་ལུས་ལ་ཀུན་ཏུ་ཁྱབ། །འདོད་དང་གཏི་མུག་ཁྲོ་བ་སེལ་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ། །སྔོན་གྱི་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ། །ཚེ་རིང་ལྡན་པར་འདོད་པས་ན། །ཆོས་དང་ནོར་ཡང ་བདེ་བར་བསྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པར་བྱ་བར་གྱིས། །གནས་དང་པོ་སྨན་དཔྱད་ཀྱི་ཆོ་ག་ཚེ་རིང་བར་བྱ་བ་ལ་སོགས་པའི་དཔྱད་ནི། །ཆངས་པ་ཆེན་པོས་དྲན་ནས། ཚངས་པ་ཆེན་པོའི་བུ་སྐྱེ་དགུའི་བདག་ཅིས་བྱ་བ་ལ་བཤད ་དོ། སྐྱེ་དགུའི་བདག་གིས་སྨན་དཔྱད་ལོབས་ནས། །ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ལ་བཤད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང། །ནབས་སོ་སྐྱེས་དང། ཐང་ལ་གནས་དང། རྐང་གཉིས ་སྤྱོད་དང། མུ་ཁྱུད་དང། འདྲོ་བ་སྐྱོད་ཀྱི་བུ་དང། ཤོལ་འགྲོ་ཞེས་བྱ་བ་ལ་བཤད་དོ། །དྲང་སྲོང་ཆེན་པོ་འདི་རྣམས་ཀྱིས་ཀྱང། དྲང་སྲོང་མེ་བཞིན་འཇུག་པ་ལ་སོགས་པ་ལ་བཤད་དོ། །དྲང་སྲོད་མེ་བཞིན་འཇུག་པ་ལ་སོགས་པས ་སྨན་དཔྱད་ཀྱི་གཞུང་ལོབས་ནས། དྲང་སྲོང་རེ་རེས་ཀྱང་སྨན་དཔྱད་ཞིབ་མོ་རྒྱས་པ་སོ་སོ་བྱས་པའི་གཞུད་རྩིང་ཞིབ་སྣ་ཚོགས་སུ་གྱུར་པ་ལས། ཕྱིས་སྨན་བ་ཆེན་པོ་?་གྲོལ་ཞེས་བྱ་བས་སྨན་དཔྱད་ཀྱི་གཞུང་མང་པོ་མཛའ་དག་ལས་མ་ལུས་པར ་བཏུས་པ། རྩིང་ཞིབ་རན་ཅིང་བསླབ་སླ་བའི་མདོ་ཡན་ལག་བརྒྱད་དུ་བསྡུས་པའི་སྨན་དཔྱད་ཀྱི་གཞུང་བྲིས་སོ། །དེ་ལ་སྨན་དཔྱད་ཀྱི་མདོ་ཡན། ལག་བརྒྱད་ཅེས་བྱ་བ་ནི། ནམ་ཚོང་ཡན་ཆད་ལུས་ཀྱི་ནད་སྣ་ཚོགས་གསོ་བའི ་དཔྱད་དང། བྱིས་པ་ཆུང་དུའི་དཔྱད་དང། གདོན་ནད་སྣ་ཚོགས་ཀྱི་དཔྱད་དང། ནམ་ཚོང་ཡན་ཆད་མིག་དང་རྣ་བ་དང་སྣ་དང་ཀླད་པའི་ནད་སྣ་ཚོགས་ཀྱི་དཔྱད་དང། མཚོན་གྱིས་རྨས་པའི་རྨ་གསོ་བའི་དཔྱད་དང། སྡིག་སྤྲུལ་ཟ་དུག་དང་རྩི་དུག་གིས ་ཕོག་པའི་དཔྱད་དང། རྒས་སྲ་ཞིང་ཚེ་རིང་བར་བྱ་བའི་དཔྱད་དང། །བུད་མེད་ལ་ཕོད་པར་བྱ་བའི་དབྱད་དང། ཡན་ལག་མདོ་རྣམ་པ་འདི་བརྒྱད་ཡིན་ནོ། །དེ་ལྟ་བས་ན་སྨན་དཔྱད་ཀྱིས་གསོ་བའི་ཆོ་ག་ཐམས་ཅད་ནི་མདོ་བརྒྱད་པོ་འདིར་འདུས ་སོ། དེ་ལ་མིའི་ནད་ཐམས་ཅད་ཀྱི་ནད་གཞི་ནི་རྣམ་པ་གསུམ་སྟེ་རླུང་དང་མཁྲིས་པ་དང་བད་ཀན་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་མ་སྙོམས་ཏེ། གྱུར་ན་ནད་ཡིན་ཏེ། ལུས་འཇོམས་པར་བྱེད་དོ། །འདི་གསུམ་འཕྲོད་སྙོམས ་ལ་གྱུར་པ་མེད་ན་ལུས་ཀྱི་ཉམས་ཐ་མལ་པར་གནས་ཉེ། འཚོ་བར་བྱེད་དོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་ལུས་ལ་ཁྱབ་པར་གནས་མོད་ཀྱི། དེ་ལ་ཡང་གནས་ཀྱི་བྱེ་བྲག་ནི་སྙིང་ག་ཡན་ཆད་ནི་བད་ཀན་གྱི་གནས་སོ། །སྙིང་ག་མན ་ཆད་ལྟེ་བ་ཡན་ཆད་ཀྱི་བར་ནི་མཁྲིས་པའི་གནས་སོ། །ལྟེ་བ་མན་ཆད་ཟས་ཞུ་བའི་ས་དང། རོ་སྨད་མན་ཆད་རྐང་པ་ཡན་ཆད་རླུང་གི་གནས་སོ། །ཡང་དེ་ལན་ཚོད་ཀྱི་བྱེ་བྲག་ལས་བསྟན་ན། བྱིས་པའི་ཆོ་ན་ནི་བད་ཀན་ནོ། །དང ་ལ་བབ་པའི་ཚེ་ནི་མཁྲིས་པའོ། །རྒས་ཕན་ཆད་ནི་རླུང་གི་རང་བཞིན་ཡིན་ནོ། །ཉིན་མཚན་ཡང་རྣམ་པ་གསུམ་དུ་བལྟ་སྟེ། སྔ་དྲོ?་ནི་བད་ཀན་ནོ། །ཉི་མ་ཕྱེད་ཀྱི་དུས་ན་མཁྲིས་པའོ། །སྣུར་སྨད་མན་ཆད་ནི་རླུང་ངོ། །མཚན་མོའི་ནམ ་སྟོང་ནི་བད་ཀན་ནོ། །ནམ་གྱི་གུང་ལ་མཁྲིས་པའོ། །ནམ་གྱི་སྨད་མན་ཆད་ནི་རླུང་གི་དུས་སོ། །ཡང་དེ་ལ་ཟས་ཟོས་མ་ཐག་པའི་རྗེས་ལ་ཅུང་ཟད་ཅིག་གི་བར་དུ་ནི་བད་ཀན་གནས་སོ། །དེ་ནས་ཟས་དེ་ཞུ་བར་བྱེད་ཀྱི་བར་དུ་ནི་མཁྲིས་པའོ། །ཟས་ཞུ་ནས་དངས ་སྙིགས་བྱེད་ཕན་ཆད་ནི་རླུང་གི་དུས་སོ། །དེ་ལ་ཁ་ཟས་ཟས་པ་རྣམས་མེའི་དྲོད་ཀྱི་འཇུ་བའི་བྱེ་བྲག་རླུང་དང་མཁྲིས་པ་དད་བད་ཀན་ལས་རྣམ་པ་བཞིར་བལྟ་སྟེ། དེ་ལ་རླུང་སྐྱེས་ནས་ཟས་ཟོས་པ་ཡང་ན་མྱུར་དུ་འཇུག། ཡང་ན་རིང་དུ་མི་འདུ ་བར་བྱེད་དེ། །འཇུ་བ་མི་སྙོམས་སོ། །མཁྲིས་པ་སྐྱེས་ནས་ཟས་ཟོས་པའི་མེའི་དྲོད་རྣོ་ཆེས་པར་འགྱུར་རོ། །བད་ཀན་སྐྱེས་ན་ཟས་འཇུ་བར་བྱེད་པའི་མེའི་དྲོད་ཆུང་བར་འགྱུར་རོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་ཤས་མཉམ་ན། ཟས ་འཇུ་བའི་མེའི་སྟོབས་ཀྱང་སྙོམས་པ་ཡིན་ནོ། །དེ་ལ་རླུང་གི་ཤས་ཆེན་ལྟོས་སྲའོ། །མཁྲིས་པའི་ཤས་ཆེན་ལྟོ་འཇམ་ཞིང་སྙིའོ། །བད་ཀན་གྱི་ཤས་ཆེན་ལྟོ་སྲ་ཆེས་པ་ཡང་མ་ཡིན། །སྙི་བ་ཉིད་ཀྱང་མ་ཡིན་པ་དེ་ནི་བར་མར་ན་པ་ཡིན་ནོ།། ་རླུང་དང་མཁྲིས་པ་བད་ཀན་གསུམ་ཤས་མཉམ་སྟེ་སྙོམས་བ་ནེ་ནད་གཞི་སྙོམས་ཏེ་ནད་མེད་པའོ། །ཡེ་ལུས་ཀྱི་ནད་གཞི་དང་པོ་ནི། །མའི་མངལ་དུ་ཟླ་མཚན་དང་ཁུ་བ་ཆགས་པ་དེ་ཚུན་ཆད་ནས་ལུས་སྐྱེ་བ་ལ་སོགས་པར་གྱུར་པ་ནི ་ནད་ཀྱི་འགོ་དེ་ནས་བྱུང་བ་ཡིན་ཏེ། །དེ་ནས་དཔེ་སྲིན་བུ་གདུག་པའི་དུག་དང་འདྲའོ། །ཡང་རླུང་དང་མཁྲིས་པ་དང་བད་ཀན་དང་གསུམ་གྱི་བྱེ་བྲག་ལས་ལུས་ཀྱི་རང་བཞིན་ནི་རླུང་དང་མཁྲིས་པ་དང་བད་ཀན་རེ་རེ་ལ་ཡང་ཆེ་བ་དང ་འབྲིང་པོ་དང་ཆུང་དུ་སོ་སོར་བལྟའོ། །རླུང་དང་བད་ཀན་དང་མཁྲིས་པ་གསུམ་འཕྲོད་སྙོམས་ན། ལུས་ཟུངས་འཕྲོད་སྙོམས་པ་ཡིན་ཏེ། ནད་མེད་པའི་མཆོག་གོ། རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལས་གང་ཡང་རུང་བ་གཉིས་ཤིག་? ་ལྷག་པར་ཆེ་ན། །ནད་གཞི་རྣམ་གཉིས་ལས་ནད་དུ་འགྱུར་ཏེ། །སྨད་པར་བྱ་བའི་རང་བཞིན་ཡིན་ནོ་དེ་ལ་རླུང་གི་རང་བཞིན་ནི་རྩུབ་པ་ཡང་བགྲང་བ་སྲབ་ཕྲ་བ་གཡོ་བ་ཡིན་ནོ། །དེ་ལ་མཁྲིས་པའི་རང་བཞིན་ནི་འཇམ་བག ་ཅན། ཙ་ཚག་ཙག་བྱེད་པ། །དྲོ་བ་ཡང་བ་དྲི་དབར?་མནམ་པ། ཁོད་འཁྲུ་བ་གཤེར་ཏེ་སླ་བ་ཡིན་ནོ། དེ་ལ་བད་ཀན་གྱི་རང་བཞིན་ནི་ལྕི་བ་བསིལ་བ་འཇམ་པ། འཇུ་ཞིང་འདྲུལ་བ་བརྟན་པ། ནལ?་ནལ་པོ་འབྱར་བག་གི་རང་བཞིན་ཡིན་ནེ། ་རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་ལས་གཉིས་ཀྱིས་ཤས་ཆེན་ལྡན་པའི་ནད་ཅེས་བྱའོ། །གསུམ་ཆར་ལས་ནད་དུ་གྱུར་པ་ནི་འདུས་པའི་ནད་ཅེས་བྱའོ། །དེ་ལ་ལུས་ཟུངས་བདུན་ཞེས་བྱ་བ་ནི། བཅུད་དང་ས་མ་དང། ཁྲག་དང ་ཤ་དང། ཚིལ་དང། རུས་པ་དང། རྐང་དང། ཁུ་ཆུ་དང་བདུན་ནོ། །འདི་བདུན་དང་སྙིགས་མ་བཤང་གཅི། །རྡུལ་ལ་སོགས་པ་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱིས་གནོད་པར་བྱེད་པ་ཡིན་ནོ། །རླུང་དང་མཁྲིས་པ་དད ་བད་ཀན་གསུམ་སྙོམས་ན། ལུས་ཐམས་ཅད་རྟས་པར་བྱེད་དོ། །རླུང་དང་མཁྲིས་པ་དང་བད་ཀན་རྣམས་མ་སྙོམས་ན་ལུས་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ལ་སྨན་ནོ་ཅོག་གི་དང། ཟས་ཟོས་སོ་ཅོག་གི་རོ་ནི་མདོ་རྣམ་པ ་དྲུག་སྟེ། མངར་བ་དང། སྒྱུར་བ་དང། ཚྭ་བྲོ་བ་དང། ཁ་བ་དང། ཚ་བ་དང། སྐ་བ་དང། རྣམ་པ་དྲུག་གོ། རོ་རྣམ་པ་འདི་དྲུག་ཀྱང་རྩི་སྨན་ཐ་དད་པ་ལ་རྟེན་ཏོ། །རོ་འདི་དྲུག་གི་སྟོབས་ཀྱང་གོ་རེས་བཞིན་དུ་མཐུ་ཆེ་བ་ཡིན་ནོ། །དེ་ལ་དང་པོའི ་མངར་བ་དང། སྐྱུར་བ་དང། ཚྭ་པྲོ་བ་འདི་གསུམ་གྱིས་ནི་རླུང་སེལ་ཏོ། ཁ་བ་དང་ཚ་བ་དང་བསྐབས་ནི་བད་ཀན་སེལ་ཏོ། །བསྐ་བ་དང་ཁ་བ་དང་མངར་བས་ནི་མཁྲིས་པ་སེལ་ཏོ། །དེ་ལ་ཚ་བ་དང་སྐྱུར་བ་དང། ལན་ཚྭ་ནི་མཁྲིས་པ་དང། ་ཁྲག་རྒྱས་པའི་ཚ་བའི་ནད་སྐྱེའོ། །།སྨན་གྱི་བྱེ་བྲག་ནི་རྣམ་པ་གསུམ་དུ་བལྟ་སྟེ། ལ་ལས་ནི་ནད་ཞི་བར་བྱེད། །ལ་ལས་ནི་ནད་ལྡང་བར་བྱེད། །ཐ་མལ་ནི་ཉམས་ཐ་མལ་པར་གནས་པར་བྱེད་དོ། །ཡང་སྨན་གྱི་མཐུ་རྣམ་པ་གཉིས་ཏེ། ་ཚེ་བ་དང་བསིལ་བའི་ཡོན་ཏན་ཡིན་ནོ། །སྨན་ཞུ་བའི་རྗེས་ནི་རྣམ་པ་གསུམ་སྟེ། མངར་བ་དང། སྐྱུར་བ་དང། ཚ་བའི་རང་བཞིན་ཡིན་ནོ། །སྨན་གྱི་ཡོན་ཏན་ནི་རྣམ་པ་བཅུ་སྟེ། ལྕི་བ་དང། སྙོམ་པ་དང། བསིལ་བ་དང། སྣུམ་པ་དང། འཇམ་པ་དང། ་བསྐ་བ་དང། མཉེན་པ་དང། བརྟན་པ་དང། རབ་ཏུ་ཕྲ་བ་དང། སྐམ་བག་ཅན་ནོ། །འདི་ལས་བཟློག་ན་ཉི་ཤར་སྦྱར་རོ། །ནད་གསོ་བའི་དཔྱད་ནི་དབྱར་རྒུན་གྱི་དུས་ཀྱི་བྱེ་བྲག་དང། སྨན་གྱི་བྱེ་བྲག་དང། སྨན་གྱི་སྦ་ཡོར་ཞི་གཏང་བའི་ལས་ལ་མཁས་པ ་དང། འདི་གསུམ་ལྡན་ཞིང་ལེགས་པར་སྦྱོར་བ་ཡི། ནད་མེད་པར་བྱེད་པའི་རྒྱུ་གཅིག་པུ་སྟེ། མཆོག་ཡིན་ནོ། །རྣམ་པ་འདི་གསུམ་ལྟར་མ་འབྱོར་ཏེ་ཚུངས་སམ་ལོག་པར་སྦྱར་ཏམ། ལྷག་པར་སྦྱར་ཏེ་ཆེས་མ?་ནད་ཀྱི་ཉེན་པ་ཡིན་ཏེ་ནད ་དུ་ཤེས་པར་བྱའོ། །ནད་ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་མ་སྙོམས་པ་ལས་ནད་དུ་འགྱུར་རོ། །ནད་མེད་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནང་གཞི་འཕྲོད་ཅིང་སྙོམས་ན། ནད་མེད་པའི་རང་བཞིན་ཡིན་ནོ། །ནད་ཅེས་བྱ་བ་ནི་? ་རྣམ་པ་གཉིས་ཏེ། གཅིག་ནི་བཀྲེས་པ་དང་སྐོམ་པ་དང་དགའ་བའི་ནད་རྟག་པ་རང་བཞིན་གྱིས་གནས་པ་ཡིན་ནོ། །འཕྲལ་དུ་སྣང་པ་དང། མ་འཕྲོད་པ་མ་སྙོམས་པ་ལས་ནད་དུ་གྱུར་པ་ནི། གློ་བུར་གྱི་ནད་ཡིན་ཏེ། འདི་དང་རྣམ་གཉིས་སོ།། ་ནད་འདི་གཉིས་ཀྱང་ལུས་དང་སེམས་ཀྱི་བྱེ་བྲག་གིས། ནད་ཀྱི་གནས་ཀུན་རྣམ་པ་གཉིས་རིག་པར་བྱའོ། །དེ་ལ་འདོད་ཆགས་དང། གཏི་མུག་གཉིས་ཀྱི་ཡིད་ཀྱི་ཡིན་ཏེ་འདི་གཉིས་ནད་གཞིར་བསྟན་ཏོ། །དེ་ལ་ནད་ཀྱི་ཐབས་བརྟག་པ་ནི། ་རྣམ་པ་གསུམ་སྟེ། བལྟ་བ་དང། ལག་ལ་མྱང་ཞིང་རེག་པར་བྱ་བ་དང། ནད་ཐབས་དྲི་བ་དང་གསུམ་གྱིས་བརྟག་གོ། དེ་ལ་ནད་པའི་ནད་བརྟག་པ་ཡང་རྣམ་པ་ལྔ་སྟེ། སྔར་ནད་གཞིར་གྱུར་བའི་ཟས་མི་འཕྲོད་པའི་ཅི་ཟོས་རྗེས་བཅད་པ་དང། ་ནད་གང་ཡིན་པའི་ཚུལ་ལས་ཤེས་པར་བྱ་བ་དང། ནད་ཀྱི་དངོས་པོ་གང་ཡིན་པའི་མཚན་ཉིད་རྟོགས་པ་དང། ནད་དུ་འགྱུར་བའི་ཁ་ཟས་ལ་སོགས་པ་ཟོས་པར་གྱུར་པས་ནད་ཆེར་གྱུར་པ་དང། ནད་མངོན་པར་རྟོགས་ཏེ་ནད་ཀྱི་མིང་ཅི་ཡིན ་པ་བྱེ་བྲག་ཕྱེད་པ་དང། འདི་ལྟ་བུས་ནད་ཀྱི་ཚུལ་རྟོགས་པར་བྱའོ། །ཡང་ནད་ཀྱི་ཚུལ་རྟག་པ་ཡང་རྣམ་པ་གཉིས་ཏེ། ཡུལ་སའི་བྱེ་བྲག་དང། ལུས་ཀྱི་བྱེ་བྲག་ལས་རྣམ་པ་གཉིས་སུ་བལྟ་སྟེ། དེ་ལས་ཡུལ་སའི་བྱེ་བྲག་གི་ཆུ་དང། ཤིང ་རྩི་ཉུང་ཤིང། རི་ཉུང་སྐམས་ཆེ། རུས་པ་ཅན་རླུང་ཆེ་བའི་ཡུལ་དེ་ལྟ་བུ་ནི། རླུང་ནད་ལྷག་པར་ཆེ་ཞིང་ཁྲག་ནད་དུ་འགྱུར་རོ། །ཡུལ་སེར་ཆེ་སྟེ། ཆུ་མངར?་ཤིས?་ཆེ་ཤིང་མོད་པའི་ཡུལ་འདི་ལྟ་བུ་ལས་ནི་བད་ཀན་ལྟག་པར་ཚ་ཞིང་རླུང ་དུ་ཡང་འགྱུར་རོ། །སྐམས་དང་གཤེར་ས་དེ་གཉིས་ཆ་མཉམ་སྟེ། ཐུན་མོང་ཚོམ་དུ་གྱུར་ན་རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་ཀྱང་ཆེས་མཉམ་པར་འགྱུར་རོ། །དེ་ལྟ་བས་ན་ཡུལ་ས་ལས་བལྟ་བ་རྣམ་པ་གསུམ ་དུ་བཤད་པ་ཡིན་ནོ། །སྨན་པས་ནད་ཀྱི་དམིགས་གསོ་དཀའ་སླ་ལས་སྨན་སྦྱར་བ་ཡང་རྣམ་པ་གཉིས་ཏེ། ནད་ཀྱིས་བཏབ་ནས་སྐད་ཅིག་ཐང་ཅིག་ནས་ལོ་ཟླ་བ་ལ་སོགས་པའི་?་ཇི་སྲིད་ལོན་པ་ན། །འཕྲལ་དུ་ནད་ཀྱི་ཐེབས ་པའི་ཚ་བས་ཆེ་ཆུག་གིས་དམིགས་ལས་བརྟག་ཏེ་སྨན་པས་སྨན་སྦྱར་བར་བྱའོ། །སྨ་པས་སྨན་གཏང་བ་ཡང་མདོ་རྣམ་པ་གཉིས་ཏེ། སྟོང་དུ་དྲང་ཞིང་བློན་པ་ལ་སོགས་པ་ནས། བཀྲུ་ཞིང་སྦྱང་བར་བྱ་བ་དང་ནད་ཞི་བར་བྱ་བའི་སྨན ་གཏང་བ་དང་གཉིས་སོ། །ལུས་ལས་བྱུང་བའི་ནད་རྣམས་རིམས་པས་གསོ་བ་ནི་མཆོག་ཏུ་སྨན་བཟང་སྟེ། སྨན་ལང་པ་ནས་གཏང་བ་དང། བཀྲུ་སྨན་གཏང་བ་དང། སློ་སྨན་གཏང་བ་དང། ཏིལ་མར་དང་སྨན་མར་དང། སྦྲང་རྩི་ལ་སོགས་པ་བཏང་ཞིང ་གསོའོ། །སེམས་ཀྱི་ནད་གསོ་པ་ནི། ཤེས་རབ་ཀྱི་བློ་དང་ལྡན་པ་དང། བརྟན་ཞིང་དགའ་པ་དང་ལྡན་པ་དང། གཞན་གྱིས་བརྙས་པ་ལ་སོགས་པ་བྱས་པས་སེམས་མི་དགའ་ཞིང་འཁྲུགས་པར་འགྱུར་ན། བདག་ཉིད་ཀྱི་ཚོང་ཇི་ཙམ་པ་དང། ཅི་འདྲ་བ ་ལ་སོགས་པ་རིགས་པའི་ཚུལ་གྱིས་བསམས་ཏེ། སེམས་ཀྱི་ནད་གསོ་བ་འདི་ནི་སེམས་ནད་གསོ་བའི་མཆོག་ཡིན་ནོ། །སྨན་གཏང་ཞིང་ནད་གསོ་བའི་དཔྱད་ཐབས་ལ་མདོ་རྣམ་པ་བཞི་སྟེ། སྨན་པ་དང་སྨན་དང་ནད་གཡོག་དང། ནད་པ་དང ་རྣམ་པ་འདི་བཞིའོ། །ནད་གསོ་བའི་མདོ་རྣམ་པ་འདི་བཞི་པོའི་རེ་རེ་ལ་ཡང་རྣམ་པ་བཞི་བཞི་སྟེ་བཅུ་དྲུག་དང་ལྡན་ན། ནད་གསོ་བ་ལ་སོགས་པ་སྨན་དཔྱད་ཐམས་ཅད་བྱར་རུང་ངོ། །དེ་ལ་ཡོན་ཏན་རྣམ་པ་བཞི་དང་ལྡན་ན་སྨན་པ་ཡིན་ཏེ། དེ་དག ་གང་ཞེ་ན། སྨན་པ་ཆེན་པོ་མཁས་ཤིང་ལུགས་ཆེ། ཀུན་གྱི་སྟེངས་སུ་གྱུར་པ་ཡིན། སྨན་དཔྱད་ཀྱི་གཙུག་ལག་བཤད་པ་དཔྱད་ཀྱི་ལུང་ལེགས་པར་འཁོས་པ་ཡིན་སྨན་སྦྱར་ཞིང་གཏང་བའི་ལས་སུ་བྱ་བ་རྣམས་མཐོང་བ་དག། སྙོམས ་ལས་དང་ལེ་ལོ་མི་བྱེད་ཅིང་བརྩོན་པ་ཡིན། ཕྱིའི་བརྐུ་བཤལ་དང་སྨན་སྦྱར་བ་ལ་སོགས་པ་ལ་གཙང་སྒྲ་ཆེ་ཞིང་ནང་གི་འདོད་ཆེན་མེད་ལ་སྙིང་རྗེ་ཡོད་པའི་གཙང་སྦྲ་དང་ལྡན་པ་?་ནི་སྨན་པའི་ཡོན་ཏན་ནོ། །དེ་ཡང་སྨན་ཡང ་ཡོན་ཏན་བཞི་དང་ལྡན་པར་དགོས་ཏེ། སྨན་སྣ་ཚོགས་སོ་སོའི་བརྐོ་སྐམ་པ་ལ་སོགས་པ་སོ་སོའི་ཆོ་ག་བཞིན་བྱས་པར་གྱུར་པ་དང། སྨན་སྣ་རེ་རེ་ཡང་མཐུ་སྟོབས་ལ་སོགས་པ་ཡོན་ཏན་དང་ལྡན་པ་དང། སྨན་སྐྱེ་བའི་ཚེ་ན། ཆར་པ་ ་ཆེན་པོ་འམ་ཐན་པ་ཆེས་པ་འམ། ཉི་ལྷགས་དང་གྲིབ་མས་ཧ་ཅང་གནོད་པར་མ་གྱུར་ཅིང། །ས་བཟང་པོ་ནས་སྐྱེས་པ་སོ་སོའི་སྨིན་པར་ལྡན་པ་དག་ནད་དམིགས་ཐ་དད་པ་དང། འཕྲོད་པའི་སྨན་དམིགས་སུ་ཕན་པ་པ་དང་ལྡན ་པ་དང། འདི་བཞི་ནི་སྨན་གྱི་ཡོན་ཏན་ཡིན་ནོ། །ནད་གཡོག་གི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་པ་ལ་བྱམས་པ་དང། ཕྱི་ནང་གི་གཅིང་སྦྲ་ཆེ་བ་བསྙེལ་མདོངས་ཡོད་ཅིང་གཤོར་ལ་བརྩོན་པ་དང། ནད་པའི་ནད་ཀྱི་ཚུལ་ལས་ཁ་ཟས་ལ ་སོགས་པ་རུང་གི་ཆོ་ག་སྨན་པས་བསྟན་པ་བཞིན་མི་བརྗེད་མི་འཁྲུལ་ཞིང་ལོབས་པའོ། །ནད་པ་ཡང་ཡོན་ཏན་བཞི་དང་ལྡན་ན་ནད་གསོར་རུང་སྟེ། གསོ་བའི་ཡོ་བྱད་འབྱོར་ཏེ་ཕྱུག་པ་དང། སྨན་པའི་དཔྱད་ཉན་ཅིང་བཀའ་བློ་བདེ་བ ་དང་ནང་བ་རང་གི་ནད་གང་དང་གང་དུ་ན་བཤེས་པ་དང། སྨན་དང་དཔྱད་བྱས་ན་ཕོག་རྨྱ་ཆེ་ཞིང་སྟབས་དང་ལྡན་པ་བཞིའོ། །དེ་ལྟར་སྨན?་དཔྱད་ཀྱིས་ཡན་ལག་བཅུ་དྲུག་པོ་འདི་དག་དང་ལྡན་ན། ནང་གསོ་བ་ལ་སོགས་པ་དང། རྒན་སྲན ་ཆེ་ཞིང་ཚ་རིང་བར་བྱ་བ་ལ་སོགས་པ་ཀུན་ཀྱང་བྱར་རུང་ངོ། །སྨན་པས་ནད་པ་ཞིག་གསོ་ན། ནད་གསོར་རུང་བའི་ནད་པ་ནི། །ན་ཚོད་དར་ལ་བབ་པ་དང། །སྨན་དཔྱད་ཀྱི་ཆོ་ག་ཐམས་ཅད་ལ་ཕོག་རྨྱ་ནུས་ཤིང་བཟོད་པ་དང། རྣམ་པ་འདི་གཉིས ་སུ་ལྡན་པའི་མི་སྨན་གྱི་ཆོ་ག་དང། ཁ་ཟས་མི་འཕྲོད་པ་བསྲུང་ཞིང་དབང་པོ་ཞི་ཞིང་ཐུབ་པར་བསྲུང་ནུས་པ་འདི་ལྟ་བུའི་ནད་པ་ནི་གསོ་སླ་བ་ཡིན་ནོ། །ཡང་ནད་པའི་ནད་གསོ་པ་ལ། ན་ཚོད་དར་ལ་བབ་ཅིང་ཕོག་རྨྱ་ནུས་ཀྱང་ནད་གནང་དུ་བབ་པར ་གྱུར་ཏམ། ནད་གཞི་ཆེ་བ་ལ་སོགས་པར་གྱུར་ན་ནི། གསོ་དཀའ་བ་ཡིན་ནོ། །ནད་པའི་ན་ཚད་དར་ལ་བབ་ཅིང་ཕོག་རྨྱ་ལ་སོགས་པ་དང་ལྡན་ལ་།ནད་ཀྱང་གནད་ལ་བབ་པར་མ་སོང་ནད་གཞི་ཡང་ཆུང། ན་བའི ་དམིགས་ཉིད་ཀྱང་གསལ་བར་མི་སྣང་སྟེ། ནང་གང་ཡིན་པའི་ཚུལ་ལམ། རྟགས་ཅམ་ཞིག་སྔར་སྣང་དང་མ། ནད་ཀྱི་དམིགས་གང་ཡིན་པའི་མཚན་ཉིད་གསལ་བར་རྟོགས་པ་དང། །རིམས་ལ་སོགས་པ་ནད་གང་ཡང་རུང་བའི ་བླ་གཉན་གྱི་ནད་ཕྲན་ཚེགས་གཞན་དག་གིས་ཀྱང་མ་བཏབ་ན། དེ་ནི་གནོད་པ་མ་ཡིན་ཏེ་གསོ་སླ་བའོ། །ཡང་ནད་པ་ཞིག་ན་སྟེ་མི་བདེ་ན། །མིའི་རང་བཞིན་དང། །དབྱར་དགུན་གྱི་རུས་དང། ཡུལ་སྐམས་དང། སེར་ཆེ་བ་ལ་སོགས་པ ་གནོད་པར་བྱེད་པའི་ཁམས་ལ་སོགས་པ་ལས་མི་བདེ་བའི་ནད་ཀུན་ཀྱང་ཅིག་ཏུ་མི་མཐུན་ཏེ་ཐ་དད་པར་གྱུར་པ་འདི་ལྟ་བུ་དང། སྨན་དབྱར་བྱ་བའི་ཡན་ལག་བཅུ་དྲུག་དང་ཡང་ལྡན་པར་གྱུར་པ་འདི་འདྲ་བའི་ནད་ནི་གསོ་སླ ་བ་ཡིན་ནོ། །ཡང་ནད་ཀྱིས་བཏབ་པ་ཞིག་ལས་དཔྱད་དུ་བྱ་ན། མི་དེ་བཙས་པའི་ཚེའི་བླ་སྐར་གང་ཡིན་པ་དང། གཟའ་གང་ཡིན་པ་དང་སྦྱར་སྟེ། ཐོག་མ་ནད་ཀྱིས་བཏབ་པའི་ཉི་མ་དང་སྦྱར་ན་བཙས་པའི་ཚེའི་སྐར་མ་ལ ་གནོད་པ་ན་གྱུར་པ་དང། ནད་འདོམ་སྣ་གཉིས་ཀྱིས་དག་སྟེ། ནད་སྣ་ཅིག་ན་བ་དང། ཁ་ནས་ཁྲག་འབྱུང་བ་དང། ཐུར་དུ་ཡང་འབྱུང་སྟེ་སྒོ་གཉིས་ཀ་ནས་ཁྲག་འོང་བ་འདི་ལྟ་བུ་དང། ཡང་ན་ཁ་དང་སྣ་ལ་སོགས་པ་ཀུན་ནས? ་ཁྲག་འོང་བ་འདི་ལྟ་བུ་ནི་གསོ་དཀའ་བ་ཡིན་ན། འདི་ལྟར་མ་འདོམ་སྟེ། ཁ་འམ་སྨད་འགའ་ཞིག་ནས་ཁྲག་འོང་བར་ཟད་པ་དང། ནད་རྙིང་དཀྱིལ་ཆ་བ་མ་ཡིན་པ་ནད་གསར་བ་འདི་ལྟ་བུ་ནི་གོས་སླ་བ་ཞེས་བྱའོ། །དེ་ལ ་ནད་གསོ་དཀའ་བ་ཞེས་བྱ་བ་ནི། གཏར་ཀ་སྣ་ཚོགས་གདབ་པ་དང། ཆུའི་སྲོག་ཆགས་པདྨས་ནད་ཁྲག་འཇི་བ་དུ་གཞུག་པ་དང། ནས་ཚིག་འཁུས་པའི་ཐལ་བ་ལས་སྦྱར་བའི་སྨན་གྱི་བསྐུ་བ་དང། ནད་སྣ་གཉིས་འདོམས་པའི་ནང ་ཀྱིས་བཏབ་པར་གྱུར་པ་འདི་ལྟ་བུའི་ནང་ནི་གསོ་དཀའ་བ་ཡིན་ཏེ། །སྨན་དང་ཁ་ཟས་ཕན་པ་ཙམ་ཞིག་གིས་ཟིན་པ་དང། ཚེ་སྲོག་ལ་ཐོག་པར་ཟད་དོ། དེ་ལྟ་བུ་ནི་གསོ་དཀའ་ཞེས་བྱའོ། །དེ་ལ་ཡང་གསོ་སླ་བའི་དམིགས་བསྟན ་པ་དང་གསོ་དཀའ་བའི་དམིགས་བསྟན་པ་འདི་རྣམ་གཉིས་དང་མི་མཐུན་པ་ནད་གཞི་ཡང་ཆེ་ལ་ནད་སྣ་ཡང་འདོམས་པ་དང། སྨན་དང་ཁ་ཟས་ཀྱི་བཅོས་ཤིང་བསྒྱུར་དུ་ཡང་ཡི་རུང། ཚེ་སྲོག་གིས་ཟིན་པ་ཡང་མི་འདྲ་ལ་གསོ་པའི་དཔྱད་དུ་བྱ ་བ་ཀུན་དང་རབ་ཏུ་མི་མཐུན་པར་གནས་པ་དང། སེམས་ཀྱང་ལ་བྲལ་འཁྲུལ་དུ་གྱུར་ཏེ། མི་འཕྲོད་ཅིང་གནོད་པར་འགྱུར་བ་ཀུན་འདོད་པ་དང། གཉེན་ནམ་འཛའ་སྡུག་པ་དང་འཕྲད་འདོད་ཅེས་ཟེར་བ་ལྟ་བུ་དང། རྨོངས་ཤིང་མི་དྲན་ལ། མྱོས ་ཏེ་མ་སྨྲས་པ་དང། འདོད་པ་རྣམས་རྗེད་པ་དང་ཁྲོ་པར་གྱུར་ཏེ་སྨན་པ་དང། ནད་གཡོག་དང། དཔྱད་དུ་བྱ་བ་རྣམས་ལ་གཤེ་ཞིང་ཚིག་པ་དང། འདི་ལྟ་བུའི་ནད་གཞི་ཆེར་གྱུར་པ་ནི་གསོ་བའི་ཐབས་དཀའ་བ་ཞེས་བྱ་བ་སྟེ། སྨན ་པས་ནང་པ་ལ་བལྟས་ནས་འཆི་ལྟས་སྣང་ཞིང། མིག་འགྱུར་ལ་ཉམས་ཐག་པར་སྣང་ཞིང་སྨན་པ་ལ་ཡང་ཁྲོ། རྒྱལ་པོ་ལ་ཡང་ཁྲོ། སྨན་པ་དང་རྒྱལ་པོ་དང་མི་མཛའི་མ་མཐུན་པ་ལ་ཡང་ཁྲོ་ཞིང་འཚིག། ཡོ་བྱད་མི་འབྱོར་ལ། ་སྨན་པས་གསོ་བའི་དབྱད་བྱས་ན་ཡང་བྲེལ་ཏེ་མི་ཁོམ་ཞེ་འམ། སྨན་པས་དཔྱད་ཀྱང་ཉན་དུ་མི་བཏུབ་པ་དང། ནད་པ་གཏུམ་བ་མྱ་ངན་ལ་གནས་ཅིང་སྤྱད་བྱ་བས་འཇིགས་ཏེ་ཕོག་རྨྱ་ཆུང་བ། དྲིན་མི་གཟོ་བ། ང་རྒྱལ་བྱེད་ཅིང ་སྨན་པ་ལ་བརྙས་པ། ཚེ་ཟད་པ་གྱུར་པ་འདི་ལྟར་མཐོང་ན། ཐབས་མེད་དེ་སྨན་པས་ཐོང་ཞིག། ཚེ་རིང་བར་བྱ་བའི་སྨན་དཔྱད་ཀྱིས་ལེའུ་དང་པོའི་རྒྱུད་བཤད་ཟིན་ཏོ།། །།དེ་ནས་ཚེ་རིང་བར་འདོད་པའི་རྒྱུ་ལས་སྨན་དཔྱད ་ཀྱི་རྣམ་གྲངས་ཀྱི་མདོ་བསྡུ་བའི་ལེའུ་བཤད་པར་བྱའོ། །ཚེ་རིང་བོར་འདོད་ན་ཡང་དཔྱད་དང་ཆོ་གར་བྱ་བའི་རྣམ་གྲངས་བརྒྱ་ཉི་ཤུ་ཡོད་དོ། །དེ་དག་གང་ཞེ་ན། མིང་གིས་བགྲང་བ་ལས། མདོ་མདོད་དམིགས་ཀྱིས་བཤད་པའི་གནས་སུམ་ཅུ་དང། བྱིས་པ་རུམ་དུ་ཆགས་པ་ལ ་དཔྱད་དུ་བྱ་བ་རྣམ་པ་དྲུག་དང། ནད་གཞི་རྣམ་པ་བཅུ་དྲུག་དང། ནད་གསོ་བའི་དཔྱད་ཉི་ཤུ་རྩ་གཉིས་དང། བཀྲུ་སྨན་དང། སྐྱུག་སྨན་དང། སྨན་མས་གཏང་བ་ལ་སོགས་པའི་ཆོ་ག་གྲུབ་པ་རྣམ་པ་དྲུག་དང། བྱིས་པ་ཆུང་དུའི་དཔྱད་དང། གདོན་ནད་ཀྱི་ཆོ་ག ་དང་སྨྱོ་བ་དང། བརྗོད་བྱེད་ཀྱི་ནད་དང། མིག་ནད་དང། སྣ་ནད་དང། ཁ་ནད་ནད། རྣ་ནད་དང། ཀླད་ནད་ལ་སོགས་པའི་དཔྱད་དང། རྨ་དང་མཚོན་གྱིས་ཕོག་པ་སྣ་ཚོགས་དང། རྐང་ལག་དང། འབུར་བ་ལ་སོགས་པ་གསོ་བའི་དཔྱད་རྣམ་པ་བཞི ་བཅུ་ཡོད་དོ། །དེ་ལ་ཚེ་ཏིང་བར་འདོད་ན་ཉིན་རེ་ཞིང་རྟག་ཏུ་ཇི་ལྟར་བྱ་བ་དང། ལོ་གཅིག་ཅིང་དུས་ཚིགས་ཐ་དད་པ་དྲུག་ཡོད་པ་ལ་ཁ་ཟས་ལ་སོགས་པའི་ཆོ་ག་དང། དབྱད་ཇི་ལྟར་བྱ་བ་དང། རྟག་པ་བདེ་ཞི་ནད་མེད་པར་བྱ་བ ་དང། སྐོམ་ཅི་དང་ཅི་བཏུང་བ་དང། ཁ་ཟས་སོ་སོའི་བྱེ་བྲག་ཤེས་པར་བྱ་བ་དང། ཁ་ཟས་དང་སྐོམ་ལ་སོགས་པའི་ནང་དུ། དུག་བཏབ་པ་ཐམས་ཅད་ལ་ཚོར་ཞིང་ངོས་ཟིན་པར་བྱ་བའི་ཐབས་བསྟན་ཏེ། ཟས་བསྡམ་པར་བྱ་བ་བཤད་པ་དང། ་ཟས་རན་པར་བཟའ་བའ་ཨི་ཆོད་བཟུང་བ་བརྟན་པ་དང། སྨན་སྣ་སོ་སོའི་མཐུ་དང་ཡོན་ཏན་དང་ཞུ་བའི་རྗེས་བསྟན་པ་དང། །སྨན་གྱི་ཁུ་བ་མངར་བ་དང། སྐྱུར་བ་དང་ཁ་བ་ལ་སོགས་པའི་བྱེ་བྲག་རོ་ལ་གནས་པ་བསྟན་པ་དང། བད་ཀན ་དང་མཁྲིས་པ་ལ་སོགས་པའི་ནད་ཤེས་པར་བྱ་བ་དང། ནད་དེ་དག་གི་སོ་སོའི་བྱེ་བྲག་དབྱེ་བ་དང། ནད་སོ་སོ་གསོ་བའི་ཐབས་གཉིས་པ་བསྟན་པ་དང། རིད་བ་དང་སྐེ་ཞིང་ཉམ་ཆུང་བ་བརྟ་བའི་ཐབས་དང། སྣུམ་ལ་པར་བྱང?་ཀྱི་ཆོ་ག་བྱ་བ ་དང། སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པའི་ནད་སྦྱང་བར་བྱ་བ་དང། དུགས་དང་ལུམས་བྱ་བ་དང། མས་བཀྲུ་ཞིང་གསལ་བ་ལ་སོགས་པས་ལུས་བརྟན་པར་བྱ་བ་དང། སྣ་ནས་གཏང་བ་དང། སྨན ་གྱི་དུད་པ་གཏང་ཞིང་རྡུབ་པ་དང། བད་ཀན་རྒྱས་སམ་སོ་འགུལ་ལམ། ན་བ་ལྟ་བུ་ལ་ཏིལ་མར་རམ་སྨན་གྱི་ཁུ་བ་ཁར་བླུགས་ཤིང་དོར་བ་དང། མིག་སྨན་བླུགས་ཤིང་དོར་བ་དང། མིག་སྨན་བླུགས་ཏེ་མིག་ནད་བཀྲུ་བ་དང། མིག་ནད་བཀྲུས་ནས ་མིག་གསོ་བའི་སྨན་བཏང་བ་དང། མདའ་ལ་སོགས་པ་མཚོན་གྱིས་རྨས་ཏེ་མདེའུ་ཁོང་དུ་ལུས་པ་དང། ཚེར་མ་ཟུག་པ་འམ་གྲེ་བར་བསྣངས་བའམ། གྲམ་ཆག་བ་དབྱུང་བའི་ཐབས་དང། བཙགས་བུ་དང། བཅག་ཁབ་ལ་སོགས ་པ་སྣ་ཚོགས་ཀྱི་བྱེ་བྲག་དང། རྩའི་བྱེ་བྲག་དང། མཚོན་ཁོང་དུ་ལུས་པ་དབྱུང་བའི་ཆོ་ག་དང། གཏར་དཔྱད་སོ་སོས་ནད་དམིགས་གང་གང་ལ་གདབ་པ་དང། ཐལ་སྨན་རྣོན་པོའི་སྨན་གྱི་བསྐུ་བ་དང། མེ་བ་ཅཝ་གདབ་པའི་ལས་བྱ ་པའི་དེ་དག་ནི་ལུས་ཀྱི་ནད་གསོ་བའི་ཆོ་ག་མདོའི་གནས་ཀྱི་ལེའུ་སུམ་ཅུ་བྱ་བ་ཡིན་ནོ། །དེ་ལ་བྱིས་པ་དུམ་དུ་ཆགས་པ་ནི་མངལ་དུ་ཞུགས་པ་ཞེས་བྱ་སྟེ། དེ་ལ་ཁ་ཟས་དང་སྤྱོད་ལམ་ཇི་ལྟར་བཤད་པ་དང། རུམ་དུ་ཆགས ་པ་དེའི་ནད་ཀྱི་བྱེ་བྲག་དང། དེའི་རྐང་ལག་དང། ཡན་ལག་གི་བྱེ་བྲག་བསྟན་པ་དང། གནད་ཀྱི་བྱེ་བྲག་བསྟན་པ་དང། ལུས་མདོག་དང། ཚུལ་ལ་སོགས་པ་འགྱུར་ཏེ་འཆི་ལྟས་བྱུང་བ་དང། སྨན་པ་འབོད་པ་འམ། འགུག་པའི ་བང་ཆེན་ལས་ལྟས་སུ་ལྟ་བ་དང། འདི་དྲུག་ནི་བྱིས་པ་རུམ་དུ་ཆགས་པའི་བྱེ་བྲག་བསྟན་པའོ། །ནད་གཞི་ནི་ནད་ཐམས་ཅད་ཀྱི་གཞི་ཞེས་བྱ་བ་དང། རིམས་ནད་མང་པོའི་ནད་གཞི་དང། ཁྲག་ནད་ཀྱི་ནད་གཞི་དང། ལུད་པའི ་ནད་གཞི་དང། དབུགས་མི་བདེ་བའི་ནད་གཞི་དང། གློ་གཅོང་ལ་སོགས་པ་དང། ཆང་དྲགས་པ་ལས་ནད་དུ་གྱུར་པ་དང། གཞང་འབྲུམ་ཁྲག་ཚད་དང། ཚད་པའི་ནད་དང། ཆུས་འགགས་པའི་ནད་དང། །གཅིན་སྙི་པའི་ནད་དང། ཁོང་འབྲས་དང། དམུ་རྫིད ་དང། སྐྱ་རྦ་བ་དང། མཛེ་ནད་དང། རླུང་ནད་ཀྱིས་ཉམ་ཐག་པ་དང། དྲེག་ནད་དང། ནད་འདི་རྣམ་པ་བཅུ་དྲུག་གི་ནད་གཞི་ཅི་དད་ཅི་ལས་གྱུར་པ་བསྟན་པ་ནི་ནད་གཞི་བཅུ་དྲུག་བཤད་པའོ། །དེ་ལ་ནད་གསོ་བའི་དཔྱད་རྣམ་བ་ཉི་ཤུ་རྩ་གཉིས ་ཞེས་བྱ་བ་ནི། རིམས་ནད་སྣ་ཚོགས་གསོ་བ་དང། ཁྲག་ནད་རྒྱས་ཏེ་སྟོད་སྨད་དུ་འབྱུང་བ་གསོ་བ་དང། ལུད་པའི་ནང་གསོ་བ་དང། དབུགས་མི་བདེ་བའི་ནད་གསོ་བ་དང། གློ་གཅོང་གི་ནད་གསོ་བ་དང་ཆད་ནད་གསོ་བ་དང། རྟག་ཏུ་སློན་བའི་ནང་གསོ་བ་དང། ་ཆད་ནད་གསོག་དང། གཞང་འབྲུམ་ཁྲག་ཚད་གསོད་དང། ཞུ་བའི་ཚད་པ་དང། མ་ཞུ་བ་བེའུ་སྣ་བས་སུ་འབྱུང་བ་དང། རྣམ་གཉིས་ཀྱི་ཚད་པ་གསོ་བ་དང། པོ་བའི་ནང་གསོ་བ་དང། གཅིན་འགགས་པའི་ནད་གསོ་བ་དང། གཅིན་ཟ་གུའི་ནད་གསོ་བ་དང། ་ཁོང་འབྲས་གསོ་བ་དང། སྐྲན་ནད་གསོ་བ་དང། དམུ་རྫིངས་གསོ་པ་དང། སྐྱ་རྦབ་ཀྱི་ནད་གསོ་བ་དང། འོར་ནད་གསོ་བ་དང། མེ་དཔལ་གསོ་བ་དང། མཛེའི་ནང་གསོ་བ་དང། ཤ་བཀྲའི་དཔྱད་དང། རླུང་ནད་ཀྱི་དཔྱད་དང། དྲེག་ནད་གསོ ་པའི་དཔྱད་རྣམ་པ་ཉི་ཤུ་རྩ་གཉིས་པོ་འདི་དག་ནི་ནད་གསོ་བའི་ལེའུ་ཞེས་བྱའོ། །ཆོ་ག་གྲུབ་པ་རྣམ་དྲུག་ཅེས་བྱ་བ་ནི། སྐྱུག་སྨན་གཏང་པའི་ཆོག་དང། བཀྲུ་བའི་ཆོ་ག་དང། སྐྱུག་སྨན་དང་བཀྲུ་བ་དེ་གྲུབ་པར་བྱ་བའི་ཆོ་ག་དང། སྨན་མས ་གཏང་པའི་ཆོ་ག་དང། སྨན་མས་གཏང་པའི་ཆོ་གས་ནད་ཕྱིན་ཏེ་སོས་པར་བྱ་བ་དང། སྨན་མས་གཏང་པའི་ཐབས་ནོར་ཏམ། གཏང་མ་ལགས་པ་ལས་མ་རུང་སྟེ་ནད་དུ་གྱུར་པ་གསོ་བའི་ཐབས་དང་སྨན་གྱི་ཆོ་ག་བསྟན་པ་སྟེ་རྣམ་པ་འདི་དྲུག་ནི་སྨན ་དཔྱད་ཀྱི་ཆོ་ག་གྲུབ་པར་བྱ་བ་ཡིན་ནོ། །སྨན་དཔྱད་ཀྱི་ཆོ་ག་བཞི་བཅུ་པའི་ལེའུ་བཤད་པར་བྱ་སྟེ། དེ་དག་གང་ཞེ་ན་བྱིས་པའི་ཆོ་ག་ཞེས་བྱ་བ་ནི་བྱིས་པ་བཙས་མ་ཐག་པའི་ཚེ་ནས་དཔྱད་དང་ཆེ་གར་བྱ་བའི་རིམ་པ་རྣམ ་གསུམ་དང། བྱིས་པའི་ནད་མི་འབྱུང་བར་བྱ་བ་དང། ནུ་ཞོའི་དཔྱད་དང། བྱིས་པ་གདོན་གྱི་བཏབ་ན་གསོ་བའི་ཆོ་ག་དང། སྨན་གཏང་པའི་ཐབས་དང། མི་ཆེན་པོའི་གདོན་གྱིས་གཏབ་ན་གདོན་གྱི་དམིགས་ཤེས་པ་དང། གདོན་ནད་བསལ ་བའི་ཆོ་ག་དང། སྨྱོ་བའི་ནད་བསལ་བ་དང། བརྗེད་བྱེད་ཀྱི་ནད་བསལ་བ་དང། རྫི་མ་དང་མིག་དང་མཆུའི་ནད་ངོ་ཤེས་པ་དང། ནད་དམིགས་བསལ་བ་དང། མིག་གི་མཛའ་མའི་གྲ་མཚམས་དང། མིག་གི་འབྲས་བུའི་ནད་དམིགས་བརྟག་པ ་དང། ནད་སོ་སོར་གསལ་བའི་ཆོ་ག་དང། མིག་རབ་རིབ་དུ་གྱུར་ཏེ་མི་མཐོང་བའི་ནད་དམིགས་བརྟག་པ་དང། ནད་གསོ་བའི་ཆོ་ག་དང། མིག་གི་མཐོང་བ་ཉམས་པའི་ནད་གསོ་བའི་ཆོ་ག་དང། མིག་ནད་སྣ་ཚོགས་ཀྱི་ནད་དམིགས ་བརྟག་པ་དང། མིག་ནད་གསོ་བའི་ཆོ་ག་དང། རྣ་ནད་ཀྱི་དམིགས་བརྟག་པ་དང། རྣ་ནད་གསོ་བ་དང། རྣ་ནད་ཀྱི་ནད་དམིགས་བརྟག་པ་དང། སྣ་ནད་གསོ་བའི་ཆོ་ག་དང། ཁ་ནད་ཀྱི་དམིགས་བརྟག་པ་དང། ཁ་ནད་གསོ་བའི ་ཆོ་ག་དང། མགོ་ནད་ཀྱི་དམིགས་གང་ཡིན་བརྟག་པ་དང། མགོ་ནད་གསོ་བའི་ཆོ་ག་དང། རྨ་རྙིད་གསོ་བའི་ཆོ་ག་དང། རྨ་གསར་པ་གསོ་བའི་ཆོ་ག་དང། རྐང་ལག་ཆག་གྲུབ་སུ་གྱུར་བ་གསོ་བ་དང། མཚན་པར་བརྡོལ་བའི ་ནད་དམིགས་བརྟག་ཅིང་གསོ་བའི་ཆོ་ག་དང། འབྲས་དང་ཐོར་བུ་ལ་སོགས་པ་ནད་དམིགས་བརྟག་པ་དང། གསོ་བའི་ཆོ་ག་དང། འབྲུམ་བུ་ཕྲ་མོའི་ནད་དམིགས་ཤེས་པར་བྱ་བ་དང། གསོ་བའི་ཆོ་ག་དང། གསང་བའི་གནས་ཀྱི་ནད ་དམིགས་བདག?་པ་དང། གསོ་བའི་ཆོ་ག་དང། དུག་སྣ་ཚོགས་ཀྱི་དམིགས་བརྟག་ཅི་གསོ་བའི་ཆོ་ག་དང། སྤྲུལ་གདུག་པས་ཟིན་པའི་ནད་གསོ་བ་དང། སྲིན་བུ་གདུག་བས་ཟིན་པ་དང། བྱི་བ་ལ་སོགས་པ་གདུག་པས་ཟིན་པ་སོ་སོའི་གསོ་བའི་ཆོ་ག་དང། ནད ་མེད་ཅིང་རྒས་སྲབ་བཅུད་ཀྱི་ལེན་སྦྱར་བའི་ཆོ་ག་དང། བུ་མེད་པ་ལ་ས་བོན་གསོ་ཞིང་རོ་ཅི་བའི་ཆོ་ག་དང། སྦྱད་རྣམ་པ་བཞི་བཅུ་སྟེ། དེ་ལྟར་དཔྱད་ཀྱི་རྣམ་གྲངས་བརྒྱ་ཉི་ཤུ་ནི་མདོ་རྣམ་པ་དྲུག་ཏུ་བསྡུས་ཏེ་བཤད་པ་ཡིན་ནོ། །དེ་ལ་དང་པོར ་མདོའི་གནས་སུམ་ཅུ་བསྟན་པ་ལས་གོ་རིམ་བཞིན་དུ་རྟག་ཏུ་ཉིན་པར་གྱི་དཔྱད་དུ་བྱ་བ་བཤད་པར་བྱ་སྟེ། ཉམས་ཐ་མལ་པར་གནས་པས་ཚེ་བསྲུང་པར་བྱ་བ་དང། ལུས་ཀྱི་རིམ་གྲོ་བྱ་བའི་ཕྱིར་ནད་པར་དམར་རེངས་ཤར་ཙ་ན་ལངས་ཏེ་སྐད་ཅིག ་འདུག་པར་བྱའོ། །དེ་ནས་ཕྱི་རོལ་ཏུ་བཤད་གཅི་ལ་སོགས་པ་བྱས་ནས། ནད་པར་སོ་ཤིང་གི་རྒྱུ་ཤིང་ཨརྒ་དང། ཤིང་ནྱ་གྲོ་དྷ་དང། སེང་ལྡེང་དང། ཤིང་ཀ་རཉྫ་དང། ཤིང་ཀ་ཀུ་བྷ་ལ་སོགས་པ་སོ་ཤིང་རོ་ཁ་བ་དང། ཚ་བ་དང། སྐ་བར་བྲོ ་བ་ལས་ཐོར་ཏོ་བཞོགས་ཏེ་འཇམ་པོར་བྱས་ལ། སོ་རྙིལ་ལ་གནོད་པར་མ་གྱུར་པར་?་བར་བྱའོ། གལ་ཏེ་ཟས་མ་ཞུ་བ་འམ། སློན་བྲོ་འམ། དབུགས་མི་བདེ་བའམ། ལུང་པ་ལུ་བ་འམ། རིམས་ནའམ། ཁ་ཡོན་པོར་གྱུར་པའམ། ཁ་སྐམས་ཏེ་སྐོམ ་པ་འམ། ཁའི་ནང་དུ་ཐོར་བུ་བྱུང་བ་འམ། །སྙིང་ན་?་མིག་ན་འམ། གླང་པ་ན་བའམ། རྣ་བ་ན་བར་གྱུར་ན་ནི་སོ་ཤིང་མ་བཅའ་ཞིག། ཁ་གདོང་བཀྲུས་ནས་མིག་ལ་ཕན་པར་བྱ་བའི་ཕྱིར། མིག་ལ་ཕན་པའི་སྨན་བསྟང་ཟིལ་ཞེས་བྱ་བ་མིག་ལ་རྟག་ཏུ་བྱུག་གོ། ་མིག་ནི་མེའི་རང་བཞིན་ཡིན་པས་ན། དེའི་ཁྱད་པར་དུ་ལྷག་པར་བད་ཀན་ལས་འཇིགས་པའི་ནད་འབྱུང་བར་འགྱུར་ཏེ། དེ་བས་ན་ཞག་བདུན་ཞིང་མིག་སྨན་སྐྱེར་ཁཎྜ་ཞེས་བྱ་བ་མིག་ཏུ་ལན་ཅིག་བླུགས་ཤིང་མཆི་མ་དབྱུང་བར་བྱའོ། །དེ་ནས་རྨ? ་བ་དང་ཀླད་པ་མི་བདེ་བ་རྣམས་ལ་ཏིལ་མར་ལས་སྦྱར་བའི་སྨན་མར་ཐིག་བ་གཉིས་ཙམ་སྣ་ནས་བཏང་ངོ། །མགུལ་བ་དང་གྲེ་བ་དང། ལྕེའུ་ཆུང་དང། ལྕེ་དང་ལྐོག་མ་དང། སོ་དང་རྙིལ་ལ་སོགས་པའི་ནད་བསལ་བ ་འམ་ཕན་པར་བྱ་བའི་ཕྱིར་སྨན་གྱི་ཁུ་བས་མཁུར་བཀང་སྟེ་སྐད་ཅིག་ཙམ་བཞག་ལ་དོར་རོ། །སྨན་སྲེགས་པའི་དུད་པའི་ཡང་སྦུ་གུ་ནས། །སྣ་དང་ཁ་ནས་རྡུབ་པར་བྱའོ། །སོ་རྩི་ཏམྦུ་ལ་ཡང་མུར་བར་བྱའོ། །གལ་ཏེ་གློ་འགྲམས་ཏེ་ཁ་ནས ་ཁྲག་འོང་དམ། །མཁྲིས་པ་སྐྱེས་སམ། ཁ་ནས་ཁྲག་མང་དུ་འོང་བ་འམ། རླུང་གི་ལུས་རྩུབ་བོར་གྱུར་བ་འམ། མིག་ནའི་དུག་ནད་དམ། བརྒྱལ་བ་འམ། ཆང་ནད་ཀྱིས་གཟིར་ཏམ། ལུས་སྐམ་པར་འགྱུར་བ་འདི་ལྟ་བུ་ལ་སོ་རྩི་ཏམྦུ ་ལ་མུར་དུ་མི་རུང་ངོ། །ལུས་རྟག་ཏུ་མར་གྱིས་བསྐུས་ན་རྒས་པ་དང་ངལ་ཞིང་དུབ་བ་དང། ཆད་པ་དང། རླུང་ནད་སེལ་བར་བྱེད་དེ། ལྷག་པར་མགོ་བོ་དང། རྐང་པ་མར་གྱིས་བསྐུས་ན། མི་ནད་ཀྱིས་སྐྱོན་མེད། མིག་གསལ་བ་དང། ལུས་རྟས ་པ་དང། ཚེ་ལ་ཕན་པ་དང། གཉིད་ལེགས་པར་འོང་བ་དང། པགས་པའི་མདོག་འཇམ་ཞིང་རྟས་བར་འགྱུར་རོ། །གལ་ཏེ་བད་ཀན་སྐྱེས་ཏེ་མི་བདེ་བ་འམ། སྐྱུག་སྨན་ནམ། བཀྲུ་སྨན་གཏང་ཏེ་བཀྲུས་སམ། ཟས་མ་ཞུ་བར་གྱུར་ན ་མར་གྱིས་མ་བྱུག་ཞིག། ལུས་བརྩལ་ཞིང་སྦྱངས་ན། ཁོང་ཡང་བ་དང། ལས་ཕོད་པ་དང། ཟས་ཞུས་པར་བྱེད་པའི་མེའི་དྲོད་འབར་བ་དང། ཚིལ་ཟད་པར་བྱེད་པ་དང། ལུས་ཀྱི་སྟོད་སྨད་སྐབས་ཕྱེ་ལ་ལུས་དྲིམས་པར ་བྱེད་པར་འགྱུར་རོ། །གལ་ཏེ་རླུང་དང་མཁྲིས་པའི་ནད་ཡོད་དམ། བྱིས་པ་འམ་རྒས་བ་ཞིག་ན་ལུས་བསྐྱོད་ཅིང་བཙལ་བར་བྱ་བ་དེ་ཡང་དགུན་ལྷགས་པའི་དུས་དང། དཔྱིད་ཀྱི་དུས་སུ་སྦྱར་ཏེ། དེ་ཡང་ཟས་སྣུམ་བག ་བཟའ་ཞིང་སྟོབས་ཀྱི་མཐུ་དང་ལྡན་པས། སྟོབས་ཀྱི་ཤུགས་དང། ཚད་ཕྱེད་ཙམ་བྱུང་སྟེ། བཙལ་ཞིང་བསྐྱོད་པར་བྱའོ། །དུས་གོང་མ་གཉིས་མ་ཡིན་པ་དུས་གཞན་གྱི་ཚེ་ནི་ཅིར་ན་ཙམ་མི་དྲག་བར་བཙལ་ཞིང་ཤུགས་དབྱུང་བ་དང་སྦྱང་བར་བྱའོ།། ་དེ་ལྟར་བཙལ་ཞིང་བསྐྱོད་པའི་ཤུགས་ཕྱུང་བའི་རྗེས་ལ། ལུས་ཐོག་ཐག་ཅི་རན་ཅིག་བདེ་བར་ཉེས་ཤིག་བསྐྱོད་ཅིང་བཙལ་བའི་ཤུགས་དབྱུང་བ་དང་སྦྱར་བར་བྱའོ། །བསྐྱོད་ཅིང་བཙལ་བའི་ཤུགས་ཧ་ཅང་གྲགས་ཆེས་ན་སྐོམ ་དད་ཆེ་བ་དང། གློ་གཅོད་དུ་གྱུར་བ་དང། སྙིང་ན་ཏེ་མི་དྲན་པ་མུན་ཐིབས་ཤེས་བྱེད་པ་དང་ཁྲག་རྒྱས་པ་དང། མཁྲིས་བ་རྒྱས་པ་དང། ལུང་པ་ལུ་བ་དང། རིམས་དང་སློན་པར་འགྱུར་རོ། །ལུས་ཀྱི་གནོད་པ་དྲག་ཤུལ་ལས ་གྱུར་པ་དེ་ལྟ་བུ་འབའ་ཞིག་ཏུ་མ་ཟད་དེ། དེ་དང་འདྲ་བ་གཞན་ཡང་མཚན་མོ་མི་ཉལ་བར་བྱེད་པ་དང། ལམ་རིང་གིས་དུ་བ་སྟེ་ཆད་པ་དང། བུད་མེད་ལ་གྲགས་ཏེ་དུབ་པ་དང། གད་མོ་རྒོད་དྲགས་པ་དང། སྨྲ་མང་ཞིང་གྲགས ་པ་དང། སྟོབས་ཀྱི་ཚན་གྱིས་མི་ནུས་བཞིན། ཧ་ཅང་ཤུགས་དྲག་པོས་བཙལ་ཞིང་བསྟེན་ན་སེང་གེས་གླང་པོ་ཆེ་གྲངས་པ་བཞིན་ལུས་མ་རུང་བར་འགྱུར་རོ། །དེ་ལྟར་ལུས་མར་གྱིས་བྱུགས་བའི་རྗེས་ལ་ལྡེ་གུས་བྱུགས ་ཤིང་བྱིས་ཏེ་དྲིལ་ན། བད་ཀན་སེལ་བ་དང། ཚིལ་རབ་ཏུ་ཞུ་བར་བྱེད་པ་དང། ལུས་དང་ཡན་ལག་བརྟན་པར་བྱེད་པ་དང། པགས་པའི་མདོག་དྲི་མ་མེད་ཅིང་ཤིན་ཏུ་གསལ་བར་འགྱུར་རོ། །དེ་ལྟར་ལུས་ལྡེ་གུས་དྲིལ་ནས་ལུས་ཁྲུས་བྱའོ།། ་ཁྲུས་བྱས་པའི་ཡོན་ཏན་ནི་ཕོ་བ་དྲོད་ཆེ་ཞིང་ཁ་ཟས་འཇུ་བ་དང། བུད་མེད་ལ་ཕོང་དེ་རོ་ཙ་བ་དང། ཚེ་ལ་ཕན་པ་དང། མདངས་དང་ལྡན་ཞིང་སྟོབས་སྐྱེ་བ་དང། ལུས་ཀྱི་པགས་པ་གཡ་བ་མེད་པ་དང། དྲི་མ་མེད་པ་དང། དལ་ཞིང་དུབ་པ་རྟས་ ་བ་དང། རྡུལ་མེད་པ་དང། སྙོམ་པ་སངས་པ་དང། སྐོམ་པ་མེད་པ་དང། ལུས་ཆེ་བ་ལས་ལུས་བསིལ་བ་དང། མི་ཤེས་པ་སེལ་བར་འགྱུར་རོ། །ལུས་ཀྱིས་ཁྲུས་ཆུ་ནི་ཚན་པོར་བྱས་ལ། མགུལ་བ་མན་ཆད་ལུས་ལ་བླུགས་ཤིང ་པ་ཀྲུས་ན་ལུས་ཀྱི་སྟོབས་སྐྱེ་བར་འགྱུར་རོ། །མགོ་བཀྲུ་བ་ནི་ཆུ་ཚ་ཆེས་ན་མི་བཟང་ངོ། །ཆུ་ཚན་དེ་ཉིད་ཀྱིས་མགོ་བཀྲུས་ན། ལུས་ཀྱི་སྟོབས་འཕྲོག་པ་དང། སྐྲ་འབྱི་བ་དང། མིག་ལ་གནོད་པར་འགྱུར་རོ། །གལ་ཏེ་ཁ་འགྲམ་པ་ལ་ཆགས་པའི ་ནད་ཡོད་དམ། མིག་ན་འམ། ཁ་ནད་ཀྱིས་བཏབ་པ་འམ། རྣ་བ་ན་འམ། ཚད་པ་ན་འམ། ལྟོ་སྦོས་སམ། ཆམ་པས་བཏབ་པ་འམ། ཁ་ཟས་མ་ཞུ་འམ། ཟས་ཟོས་མ་ཐག་ལྟ་བུ་ལ་བཀྲུས་ན་མི་རུང་སྟེ། ཁྲུས་མ་བྱེད་ཅིང། ཁ་ཟས་བཟའ་བ་ནི ་ཟས་ཞུ་བའི་རྗེས་ལ་ཟོས་ན་ཕན་ཏེ། ཁ་ཟས་བཟའ་བ་དེ་ལ་ཡང་ཚོད་རན་པར་བཟུང་སྟེ་བཟའ་བར་བྱའོ། །བཤད་བ་འོད་བ་གྱུར་ན་མི་བརྣགས་པར་བཤད་དོ། །བཤད་པ་མི་འོང་བཞིན་དེ་ཡང་སྟོབས་ཀྱིས་མི་བཙིར་རོ། །བཤད་པ་འོང་བར ་གྱུར་ན་བཤད་བ་མ་བྱས་པར་ལས་གཞན་མི་བྱེད་ཅིང། དེ་བཞིན་དུ་ནད་གང་ཡང་རུང་སྟེ་མི་བདེན། ནད་མ་བསལ་བར་ལས་གཞན་མི་བསྒྲུབ་བོ། །སེམས་ཅན་ཐམས་ཅད་ནི་ཅི་བྱེད་སྒྲུབ་པ་ཐམས་ཅད་ཀྱང་བདེ་བ་འདོད་པའི་ཕྱིར་བསྒྲུབ་བོ། །བདེ ་བ་དེ་ཡང་ཆོས་མ་བསྒྲུབས་ན་མི་འཐོབ་འོ། །དེ་བས་ན་ཆོས་ལ་རབ་ཏུ་བསྒྲུབ་པར་བྱའོ། །དེ་བས་ན་མི་དགེ་བའི་གྲོགས་པོ་རིང་དུ་སྤངས་ལ། དགེ་བའི་བཤེས་གཉེན་རྣམས་ལ་མོས་པས་བསྟེན་པར་བྱའོ། །དེ་བས་ན་སེམས་ཅན་ལ་གནོད ་པར་བྱེད་པ་དང། རྐུ་བ་དང། འདོད་པས་གཞན་ལ་གཡེམ་པ་དང། ཕྲ་མ་དང། ངག་རྩུབ་པོ་དང། བརྫུན་དུ་སྨྲ་བ་དང། ཚིག་གྱལ?་བ་སྨྲ་བ་དང། གནོད་སེམས་དང། བརྣབ་སེམས་དང། ལོག་པར་ལྟ་བའི་སྡིག་པའི་ལུས་ངག་དང་ཡིད་ཀྱི ་ལས་མི་དགེ་བ་རྣམས་སྤང་བར་བྱའོ། །སེམས་ཅན་འཚོ་བས་འཕོངས་པ་དང། ནད་དང་མྱ་ངན་གྱིས་གཟིར་ཏེ་ཉམས་ཐག་པར་གྱུར་པ་ལ་ཅི་ནུས་པས་ཕན་གདགས་པ་དང། ཆུང་དུ་གྲོག་སྦུར་ཡན་ཆད་ལ་ཡང་བདག་གི་རང་གི་ལུས་དང་སྲིག་བཞན་དུ་བལྟ་བར་བྱའོ།། ་རྟག་པར་བལྟ་བ་དང། དགེ་སློང་རྣམས་དང། བྲམ་ཟེ་དང། སྨན་པ་དང། ན་སོ་རྒན་པ་དང། རྒྱལ་པོ་དང། གསར་དུ་འོང་བ་རྣམས་ལ་འགྲོན་བྱ་བ་དང། སློང་བ་རྣམས་ལ་འགྲོན་བྱ་བ་དང། སློང་བ་རྣམས་ལ་རྒྱབ་ཀྱིས་མི་ཕྱོགས་པ་དང། མི་བརྙས་མི་སྦྱོང་པ་དང། ་དགྲས་ཚར་དུ་གནོད་པ་ཆད་བྱེད་ཀྱང་ཕན་གདགས་པ་ལྟར་བྱ་བ་དང། དར་བ་དང་དགུད་པར་གྱུར་ན་ཡང་ཡིད་ཅིག་སྟེ། སེམས་ལྷག་པར་དགའ་བ་འམ། མྱ་ངན་ལ་གནོན་པར་མི་བྱེད། དར་ཅིང་འབྱོར་བར་གྱུར་པའི་རྒྱུ་ལས་བརྩལ་བར་བྱ་བའི་རིགས་ཀྱི ་ཕ་རོལ་འབྱོར་པར་གྱུར་པ་ལ་ཕྲག་དོག་བྱ་བར་མི་རིགས་སོ། །སྨྲ་བ་ཡང་དུས་སུ་སྨྲ། ཕན་པར་སྨྲ། རན་པར་སྨྲ། བརྫུན་གྱི་མི་བསླ་ཞིང་ངེས་པ་དང། །བཞིན་འཛུམ་ཞིང་སྔ་ནས་གསོང་པོ་སྨྲ་བ་དང། སྤྱོད་ལམ་བཟང་པོ་དང་ལྡན་བ་དང། །སྙིང་རྗེ་ཆེ་ཞིང་འཇམ་པ་དང ་བདག་འབའ་ཞིག་བདེ་བར་བྱེད་པ་ཡིན། །ཐམས་ཅད་ལ་ཡིད་རྟོན་པར་བྱེད་པ་ཡང་མ་ཡིན། ཀུན་ལ་དོག་པར་བྱེད་པ་ཡང་མ་ཡིན། བདག་གི་དགྲ་ཞེས་བྱ་བ་སུ་ཡང་མེད་པ་དང། བདག་ནི་སུའི་དགྲ་ཡང་མ་ཡིན་བར་བྱ་བ་དང། བདག་ལ་གཞན་གྱིས་བརྙས་སོ ་ཞེས་ཚིག་ཏུ་མི་འབྱིན། དཔོན་པོ་འམ་བླ་མ་བདག་ལ་མི་བྱམས་སོ་ཞེས་མི་སྨྲ། མིའི་ཡིད་དང་སྦྱར་ཏེ། བརྟགས་ལ་ཅི་ནས་ཀྱང་དགའ་བར་འགྱུར་བ་དེ་ལྟར་བྱ་སྟེ། གཞན་དགའ་བར་བྱེད་པ་ནི་མཛངས་པ་ཞེས་བྱའོ། །དབང་པོ་རྣམས་གཟིར་ཅིག ་གནོད་པ་ཡང་མི་བྱ། ཧ་ཅང་ཡང་ལོངས་བཅོས་ཤིང་ཉམས་རངས་སུ་ཡང་མི་བྱ། མདོར་ན་ཆོས་དང་ནོར་དང་ལོངས་སྤྱོད་དང་འདི་གསུམ་མེད་པའི་མོད་སྟོང་པར་གྱུར་པའི་ལས་མི་བརྩམ་མོ། །ལས་འདི་གསུམ་དང་མི་ལྡན་ཡང ་ལས་འདི་གསུམ་དང་མི་འགལ་བའི་ལས་རྣམས་བསྒྲུབ་པར་བྱའོ། །མདོར་ན་ཆོས་ཐམས་ཅད་ལ་བསྒྲུབ་ཅིང་བྱ་བ་ནི་རན་པར་སྒྲུབ་ཅིང་འཇུག་གོ། སྐྲ་རིང་པོ་དང་སེན་མོ་དང་ཁ་སྦུ་འབྲེལ་པ་དང། དྲི་མ་འབྱུང་བའི་སྒོ་དགུ ་དང། རྐང་པ་དྲི་མ་མེད་པར་བྱ་བ་དང། ཁྲུས་བྱ་བ་ལ་དགའ་བ་དང། སྤོས་མཆོག་ཏུ་དྲི་ཞིམ་པོ་ཐོགས་ཤིང་ཆ་ལུགས་མཛེས་ལ་རྒོད་ཅིང་འཕྱར་བ་མ་ཡིན་པ་དང། གོས་དང་རྒྱན་ལ་སོགས་པ་ཧ་ཅང་ཡང་ཆེས་པར་མི་བྱ། རྟག་ཏུ་རིན ་པོ་ཆེ་དང། གྲུབ་པའི་སྔགས་དང། སྨན་ཆེན་པོ་དག་ཀྱང་ལུས་ལ་བཅད་དོ། །ཕན་ཚུན་འགྲོ་ན་ཡང་ལྷམ་གྱོན་གདུགས་ཐོགས་ལ་མིག་རན་པ་ཙམ་དུ་བལྟ་ཞིང་འགྲོའོ། །མཚན་མོ་ནི་གར་ཡང་མི་འགྲོའོ། །མཚན་མོ་མི་འགྲོར་མི ་རུང་བརྟད་བའི་ལས་ཤིག་བྱུང་ན་ཡང། གྲོགས་དང་བཤམས་ལ་ཆས་ཤིང་ལག་ཆ་ཐོགས་ལ་སོང་ཞིག། ཡན་མན་འགྲོ་བའི་ལམ་ག་ན་མཆོད་རྟེན་གྱི་གྲིབ་མ་འམ། བླ་མ་མཆོད་གནས་ཤིག་འདུག་གམ། རྒྱལ་མཚན་གྱི ་གྲིབ་མ་འམ། མི་རོ་དང་ཐལ་བ་དང་ལུད་ཕུང་དང། གྱོ་མོ་དང། བོང་པ་དང། གཏོར་མ་དང་ཡས་བཏགས་བོར་དང། ཁྲུས་བྱས་པའི་ས་དང། ཆུ་བོར་བ་འདི་རྣམས་ལ་མི་བརྩི་མི་བསྒོམ་པར་བསྐོར་དེ་འགྲོ་བར ་བྱའོ། །ཆུ་བོ་ཆེ་ལ་བརྒལ་པར་མི་བྱ། །མ་ཆེན་པོའི་ནང་དུ་འགྲོ་བར་མི་བྱ། གྲུ་ངན་ལ་བག་ཚ་བ་དང། ཤིང་བག་ཚ་བ་ལ་མི་འགྲོ་མི་འཛེག། གཞོན་པ་རྟ་མི་སྲུན་པ་ལ་ཞོན་ཏེ་མི་འགྲོ། སྦྲིད་པ་དང། གང་མོ་དང། བླལ་དང། བྱ ་སྙོངས་ལ་སོགས་པའི་ཚེ་ཡང་ཁ་ཧ་ཅང་མི་གདང་ངོ། སྣའི་བུ་གར་འཛུབ་མོས་ཧ་ཅང་ཡང་མི་དྲུང་བ་དང། བྱ་བའི་དམིགས་མེད་པར་སལ་བབ་དུ་རི་མོ་མི་བྲི་ལུས་དང་ཡན་ལག་ཧ་ཅང་མི་གཅུ། གཙོག་གཙོག་པར ་ཡང་མ་འདུག་ཤིག། ལུས་ཀྱི་ལས་སམ། ངག་གིས་སྨྲ་བའམ། སེམས་ཀྱི་བསམ་པའི་ལས་ཅི་བྱེད་ཀྱང་རུང་སྟེ། དལ་བར་མ་གྱུར་པར་ཚད་བཟུང་སྟེ་སྔ་ནས་ཐོང་ཞིག། ཡུན་རིང་དུ་མལ་ཅིག་ནམ་འགྲོད་ཅིག། རྒྱུས་མ་རིག་པའི་ཤིང་དྲུང་དུ་ནུབ་མོ་མ ་འདུག་ཅིག། དེ་བཞིན་ལམ་གྱི་སུམ་མདོ་དང། མཆོད་རྟེན་གྱི་དྲུང་དང། ལམ་གྱི་གཞི་མདོའི་རྒྱུན་ས་དང། ལྷ་ཁང་གི་དྲུང་དང་རི་དགས་ལ་སོགས་པ་བསང་པའི་དམར་དང། སློ་ཕྱུང་བའི་ས་དང། འབྲོག་དང་འདི་དག་ཏུ་འགྲོ་བར་མི ་བྱའོ། །ཁང་སྟོང་དང་དུར་ཁྲོད་དུ་ནི་ཉིན་པར་ཡང་འགྲོ་བར་མི་བྱའོ། །ཉི་མ་ལ་མིག་ཆུགས་སུ་ཡང་མི་བལྟ། མགོ་བོ་ལ་ཁུར་ཐོགས་ཏེ་ཁྱེར་བར་མི་བྱ། ཤིན་ཏུ་ཞིབ་ཅིང་ཕྲ་བ་འམ། འོད་འཚོར་བ་འམ། གཙོག་པ་འམ། མི་སྡུག་པ ་གང་ཡང་རུང་སྟེ་རྟག་པར་མ་ལྟ་ཞིག། ཆང་ནི་བག་མེད་ལ་འཁྲུལ་པའི་གནས་ཡིན་པས་རང་མི་ཙོ་མི་འཚོང། །གཞན་ལ་ཡང་མི་གླུང། བདག་གིས་ཀྱང་མི་བཏུང་བར་བྱའོ། །སྔ་དྲོ་བེ་སར་བུའི་ཁན་འདུག་པ་དང། ཉི་ཚན་ལ་འདུག་པ ་དང། རྡུལ་ཁྲོད་པ་འདུག་པ་དང། བ་མོའི་སྟེང་ན་འདུག་པ་དང། རླུང་རྩུབ་པོར་ལངས་པ་འང་ལྟ་བུའི་གནས་དང་ས་ཕྱོགས་སུ་འདུག་པར་མི་བྱའོ། །སྦྲིད་པ་འབྱུང་བའི་ཚེ། མཇིང་པ་ཡོན་པོར་གཅུ་བ་དང། དེ་དང་འདྲ་བར་མཛད ་པ་ཡོན་པོར་སྒྲོག་པ་གཏོང་བ་དང། མཇིང་བ་བཅུས་སྟེ་གཉིད་ཀྱིས་ལོག་པ་དང། ལུས་བཅུས་སྟེ་ཉལ་པོ་བྱེད་པ་དང། འདི་ལྟ་བུ་ཀུན་ལས་ནང་དུ་གྱུར་ཏེ། མཛིང་བ་དང་ལུས་གཅུ་བར་མི་བྱའོ། །ཆུ་འགྲམ་གྱི་གང་ཁར་འདུག ་བར་མི་བྱ་བ་ཡང། རྒྱལ་པོ་དང་མི་མཐུན་པ་འམ། རྒྱལ་པོས་བཀྱོན་བའི་མི་དང་མི་འདྲུལ་མི་བསྟེན་པ་དང། སྤྲུལ་དང་གཅན་ཟན་དང། ཕྱུགས་རྭ་ཅན་རྡུང་བའི་གན་དུ་མི་ཉེ་བར་བག་བྱའོ། །ནང་པར་དམར་རངས་ཤར་བའི་དུས་རྣམ ་ཕན་བུན་དང། ཉི་མ་ཕྱེད་དང། ཉི་མ་ནུབ་སྟེ་དམར་ཐག་ཆད་པ་དང། དུས་འདི་གསུམ་གྱི་ཚེ། ཁ་ཟས་ཟ་བ་དང། བུད་མེད་དང་ཉལ་བ་དང། ཡི་གེ་ཀློག་པ་དང། སྙིང་ལ་སེམས་པའི་བག་འདི་ལྟ་བུ་མི་བྱའོ། །མི་མཛའ་བ་དང ་དགྲ་བོའི་ཁྱིམ་དུ་ཟན་ཟ་བ་དང། མི་མང་པོ་ཟན་ཟ་བའི་ནང་དུ་ཆང་འཐུང་ཞིང་ཟ་བ་དང། མི་གོ་འདུན་མང་པོའི་ཟན་ཟ་བ་དང། ཚོང་བའི་ཟན་ཟ་བ་འདི་ལྟ་བུ་རྣམས་བཟའ་བར་མི་བྱའོ། །ལུས་ལ་ལག་པས་མི་འོས་པར་མི་རྡོབ་པ་དང ་མཆུ་འབྲི་ཞིང་མི་འབུད། མགོ་དང་ལག་པ་དྲག་དུ་མི་སྦྲུག། སེན་མོ་རྣམས་གཅིག་ལ་གཅིག་མི་འདྲུད་དོ། །ཆུ་དང་མེའི་ནང་དུ་འགྲོ་བར་མི་བྱ། །བླ་མ་བཙུན་པ་རྣམས་འཁོང་བའི་གོང་དམ་པར་ནས་ཕར་འགྲོ་བར་མི་བྱ། །རོ ་བསྲེགས་པའི་དུང་པའི་ཁར་འདུག་ན་ནད་དུ་འགྱུར་ཏེ་འདུག་པར་མི་བྱའོ། །བུད་མེད་རང་དབང་དུ་གྱུར་པ་དང། བུད་མེད་ཡིད་ལ་འཇོག་པ་ཐོང་ཞིག། མདོར་ན་མི་འཛངས་པའི་ཅི་བྱའོ་ཅོག་གི་སློབ་དཔོན་ནི་འཇིག་རྟེན་ཉིད་ཡིན་ནོ ་དེ་ལྟ་བས་ན་འཇིག་རྟེན་པའི་དོན་གྱི་སྲིད་ལས་སེམས་ཤིང་རྟོག་པས་ནི་འཇིག་རྟེན་པ་དང་མཐུན་པར་བྱའོ། །བདག་གིས་སེམས་ནི་སྙིང་རྗེའི་སེམས་ཀྱིས་བརླན་པ་ལག་བརྐྱང་སྟེ། གཏོང་བ། ལུས་དང་ངག་དང་སེམས་དུལ ་བར་བྱེད་པ། གཞན་གྱི་དོན་གྱི་བྱེད་ན་རང་གི་དོན་ཡིན་པར་སེམས་པ་འདི་ལྟ་བུ་ནི། མི་མཛངས་པ་ཡ་རབས་ཀྱི་སྦྱོང་པའི་ཚུལ་ཡིན་ཏེ། འདིས་ཆོག་གོ། ཡང་སྐྱེས་བུ་དམ་པས་ནི་འདི་ལྟར་བསམ་པར་བྱ་སྟེ། ད་ལྟར་བདག་ཉིན་མཚན ་གཉིས་ཀ་ལ། ཇི་ལྟ་བུར་གནས་ཤིང་འགྲོ་ཞེས་རྟག་ཏུ་སེམས་འདི་ལྟར་དྲན་པར་བྱེད་ན། དེ་ལྟ་བུའི་སྡུག་བསྔལ་བསྟེན་པ་མ་ཡིན་ནོ། །དེ་ལྟ་བས་ན་སྤྱོད་བའི་ཚུལ་གྱིས་མདོ་འདི་ནི་འདི་ལྟ་བུ་ཡིན། ཚུལ་འདི་ལྟར་དཔྱོད་པS ་ནི། ཚེ་རིང་བ་དང་ནད་མེད་པ་དང། དབང་ཕྱུག་དང་ལྡན་པ་དང། སྐུན་པར་གྲགས་པ་དང། འཇིག་རྟེན་ཕ་རོལ་གྱི་སྲིད་བརྟག་པ་ཡང་ཐོབ་བོ། །ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་དུས་ཚིགས་དང་སྦྱར་ཞིང་དཔྱད་དུ་བྱ་བའི་མདོ་བསྟན་པ།། ་དགུན་ཟླ་ར་བ་དང། དགུན་ཟླ་འབྲིང་པོ་ལ་སོགས་པ་ཟླ་བའི་གྲངས་གཉིས་གཉིས་སུ་གོ་རིམ་བཞིན་བརྩིས་པ་ལས། དུས་ཚིགས་དྲུག་ཏུ་དབྱེ་སྟེ། དེ་ལ་དགུན་སྨད་ཀྱི་དུས་དགུན་ཟླ་ཐ་ཆུང་ཉ་ཕྲི་ཕན་ཆད་ཀྱི་ཟླ་བ་གསུམ་ནི། ཉི་མ ་རིང་དུ་ནུར་བའི་ཚེ་ན། མཐུ་འཕྲོག་པ་ཞེས་བྱ་སྟེ། དེའི་ཚེ་ན། མི་ཕྱུགས་སྲོག་ཆགས་རྣམས་དང། ནགས་དང་རྩིབ་འབྲས་དང། ལོ་ཏོག་ལ་སོགས་པའི་མཐུ་ཉིན་གཅིག་བཞིན་དུ་འཕྲོག་ཅིང་འབྲོ་བར་བྱེད་དོ། །དེའི་ཚེ་ཉི་མ་ཚ་བ་དང། ་རླུང་གི་དུས་ལ་བབ་པས་ཚ་བ་དང། དྲོད་ཆེས་པ་དང། རྩུབ་པ་ཡིན་ཏེ། ཟླ་བའི་ཡོན་ཏན་ལས་བྱུང་བ་ས་ལས་སྐྱེ་བའི་མཐུ་ཀུན་ཟང་པར་བྱེད་དོ། །དེ་ལྟར་ཉི་མ་རིང་དུ་ནུར་བའི་དུས་འདིའི་ཚེ། དགུན་སྨད་ཀྱི་ཟླ་བ་གཉིས་ཀྱི་ཚེ་ནི། སྨན་དང ་?་ཁ་བའི་མཐར་གྱུར་ཏེ་རླུང་སྐྱེའོ། །དབྱིད་ཀྱི་ཟླ་བ་གཉིས་ཀྱི་ཆེ་ནི་ཟས་དང། སྨན་བསྐ་བ་རྣམས་ཀྱི་མཐུ་སྐྱེའོ། །སོས་ཀའི་ཟླ་བ་གཉིས་ཀྱི་ཚེ་ནི་མི་ཟས་དང་སྨན་ཚ་བ་རྣམས་ཀྱི་མཐུ་སྐྱེ་སྟེ། དེ་བས་ན་སྨན་དང་ཟས་ཀྱི་གོ་རིམ་བཞིན ་དུ་ཟླུ་བའི་དུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། དེ་བས་ན་ཉི་མ་རིང་དུ་ནུར་བ་ནི། མེའི་དུས་ཏེ་མཐུ་འཕྲོག་པ་འབྲི་ཞེས་བྱའོ། །དབྱར་སྨད་ཀྱི་ཉི་མ་ལྷོ་ཕྱོགས་སུ་ཐུང་དུ་ནུབ་པའི་དུས་ན། དུས་གསུམ་གྱི་ཟླ་བ་དྲུག་པོ་དབྱར་སྨད ་ལ་སོགས་པ་ནི། མཐུ་བྲི་བ་རྣམས་སླར་མཐུ་སྐྱེ་བའི་དུས་སུ་ཡིན་ཏེ། ཉི་མཚོ་བའི་མེའི་དུས་ནི་བྲི། ཟླ་བའི་དུས་ལ་བབ་པས། ཟླ་བའི་མཐུ་དང་ལྡན་པར་གྱུར་ཏེ། སྦྲིན་དང་ཆར་བ་དང། བསེར་བུ་དང། གྲང་ཞིང་བསིལ་བའི་རྣམས་གྱིས་སའི ་ཚ་བ་ཞི་ཞིང། བསིལ་བའི་དུས་ལ་བབ་པས་དེའི་ཚེ་སའི་ཁམས་སྣུམ་ཞིང་འཇམ་བས། སྐྱུར་བ་དང། ལན་ཚ་བ་དང། མངར་རོ་རྣམས་ཀྱི་མཐུ་སྐྱེའོ། །དགུན་ཟླ་ར་བ་ནས། དབྱིད་ཟླ་ར་བའི་ཡར་གྱི་ངོ་ཡན་ཆད་ཟླ་བ་བཞིའི་ཚེ་མི ་བསིལ་བ་དང་ལྷགས་པའི་དུས་ཏེ། མཐུ་མཆོག་ཏུ་ཆེ་བའི་དུས་ཡིན་ནོ། །དབྱར་ཟླ་ར་བ་ནས། སྟོན་ཟླ་ར་བའི་ཉ་ཡན་ཆད་ཟླ་བ་བཞི་ནི་སོས་ཀ་ཚ་བ་དང། དབྱར་གྱི་དུས་ཡིན་ཏེ། མཐུ་སྟོབས་ཆུང་བའི་དུས་ཡིན་ནོ། །དཔྱིད་ཀྱི་དུས་དཔྱིད་ཟླ་འབྲིང ་པོའོ། །དཔྱིད་ཟླ་ཐ་ཆུང་གཉིས་དང། སྟོན་གྱི་དུས་སྟོན་ཟླ་འབྲིང་པོ་དང། སྟོན་ཟླ་ཐ་ཆུང་གཉིས་ཏེ། ལྷག་མ་ཟླ་བ་འདི་བཞིའི་དུས་ནི་མཐུ་སྟོབས་འབྲིང་གི་དུས་ཡིན་ནོ། །དགུན་སྟོད་ན་ལྷག་པས་བཀོད་པས་མི་རྣམས་མཐུ་དང་ལྡན ་ཏེ། མའི་སྟོབས་པར་ཏུ་ཆེ་བར་འགྱུར་རོ། །དེ་ལྟར་མིའི་ཉམ་ཙག་དང། མེའི་དྲོད་ཀྱང་ཆེ། ནམ་ཡང་རིང་བའི་ཚེ། ཁ་ཟས་འདྲངས་བར་མ་ཟོས་ན། རླུང་གིས་མེ་སྦར་བས་མིའི་གཟུངས་རྣམས་ཆོས་ཤིང་སྐམས་པར་འགྱུར་རོ། །དེ་བས་ན་མཚན ་མོ་ནམ་རིང་བས་ནང་བར་བསེས་བར་གྱུར་ཏེ། དེའི་ཕྱིར་ཁ་ཟས་མངར་བ་དང། སྐྱུར་དང་ལན་ཚྭའི་རྣམས་བཟའ་བར་བྱའོ། །དེའི་གོ་རིམ་ནི་ནད་བར་ཡངས?་ནས་ཕྱི་རོལ་གྱི་བཤད་གཅི་རྣམས་བྱས་ནས། ལུས་རླུང་སེལ་བའི་ཏིལ་མར་མིག་བྱུག་ཅིང ་ཀླད་པ་ལ་ཡང་ཏིལ་མར། གྱིས་བྱུག་བ་ཇི་སྐད་བསྟན་པ་བཞིན་དུ་བསྟེན་པར་བྱའོ། །རྟག་ཏུ་ཞག་གཉིས་ཤིང་ལན་རེ་ཞིང་མཁས་ཤིང་བག་ཡོད་པའི་མི་དང། སྟོབས་བགྱེད་ཅིང་ལུས་དགྲོལ་བར་བྱའོ། །ལུས་མཉེད་མཁས་པའི་མིས་ལུས་དང ་རྐང་པ་ལེགས་པར་བཀྲུས་ལ། རྐང་བ་ལུས་རན་པར་མཉའོ། །དེ་ནས་ཆུ་དྲོན་པོར་བསྲོས་ཏེ། སྐྱུ་རུ་ར་དང་སྦྱར་བས་མགོ་དང། ལུས་ཚུལ་བཞིན་དུ་བཀྲུའོ། །ཁྲུས་བྱས་ནས་གུར་གུམ་དང། གླ་རྩི་ལ་སོགས་པ་སྦོས་ཀྱིས་ལུས ་བསྐུས་ལ། སྤོས་ཨ་ཀ་རུའི་དུད་པས་ལུས་དྲི་ཞིམ་པོས་བྱའོ། །དེ་ནས་ཁ་ཟས་བཟའ་བ་ནི་ཤ་ཚོན་པོ་སྣུམ་ཞིང་ཚིལ་ཡོད་པ་ལས་གཡོས་ཀྱི་སྣར་སྦྱར་ཏེ། མཚན་མོ་མེ་མཆེད་པར་གཙོས་པའི་བཅུད་ཁུ་དང། གྲོའི་ཁུར་བ་དང། ་འབྲས་ཁུར་དང། མོན་སྲན་རྡེའུ་སྲན་མ་ཤ་བཙོས་པ་ཟ་ཞིང། སྐོམ་དུ་ནི་བུ་རམ་ཆད་དང། འབྲས་ཆང་དང། ཆང་བསྒྲུངས་པ་རན་པ་བཏུད་ངོ། །གཞན་ཡང་བུ་རམ་ཤིང་དང་འོ་མ་དང་འོ་མ་ལས་གྱུ་པའི་ནོ་དང། མར་ཡང་དགེའོ། །ཁ་ཟས ་ནི་གསར་རྟོགས་ལས་ཟན་དུ་བྱས་བ་བཟང་ངོ། །གཞན་ཡང་ཚིལ་དང་ཏིལ་མར་ཡང་བཟང་སྟེ། ཟས་འདི་རྣམས་ནི་རླུང་ལས་ཕན་བས། དགུན་རླུང་གི་དུས་ལ་བབ་པའི་ཆེ། བཟའ་བ་ཡིན་ནོ། །དེ་ལྟར་ཁ་ཟས་ཟོས་ནས་ཁ་ལག་བཀྲུས་ཡང ་ཆུ་དྲོ་འཇམ་ཙམ་གྱིས་བཀྲུའོ། །དགུན་ཟླ་ནི་བེའུ་རས་དང། སློག་པ་དང། དར་ལ་སོགས་པ་དྲོ་ཞིང་ཡང་བ་བགོའོ། །སྟན་ནི་དྲེ་རྡོག་དང། ལ་བ་འདིད་དོ། མལ་གོས་ཀྱང་དྲོ་ཞིང་འཇམ་པ་ཡང་པ་ལ་ལས་བྱའོ།།ཉིན་པར་ཉི་མ ་འདེ་ན་ཡང་ཉི་མའི་འོད་ལ་རན་པར་འདེའོ། །ལྷམ་ནི་རྟག་ཏུ་བགོ་བར་བྱའོ། །དགུན་གྱི་ཚེ་ཆུང་མ་ནི་གཞོན་ནུ་མ་ཡིད་དུ་འོང་བའི་ན་ཆུང་གཞོན་ནུ་ཤམ་མ་ཐང་རྒྱས་པ། བརླ་དང་ཅུ་མ་དང། རོ་སྨད་རྒྱས་པ། ལུས་ཀྱི་དྲོད་ཀྱིས་གྲང ་བ་སེལ་ཅིང་མྱུར་དུ་དྲོས་བར་ནུས་པ། དེ་ལྟ་བུའི་བུད་མེད་ལུས་ལ་སྦོས་རི་ཞིམ་པོ་ཐོགས་ཤིང་བྱུགས་པ། སྦོས་ཀྱི་དུ་དྲི་ཞིམ་བོས་འདུགས་ལ་འདི་ལྟ་བུའི་དྲོད་ཀྱིས་མཚན་མོ་ལུས་སྲོ་བར་བྱའོ། །མལ་ཁང་དང་འདུག་བའི་གནས་ནི་ཟབས་སུ་བཀོད ་པའི་ས་ཁྱིམ་མ་མ། ས་ཁང་ངམ། ཁང་པའམ་སྦྲ་གུར་ཉིས་རིམ་དུ་བྱས་པའི་ནང་རྒྱ་སོལ་གྱིས་དྲོན་པོར་བྱས་ཏེ་འདུག་ན། ལྷག་པ་དང་གྲང་བ་དང། རླུང་དང་རྩུབ་པ་ལས་བྱུང་བའི་ནད་རྣམས་ཀྱང་མི་འབྱུང་ངོ། །ཆོག་འདི་དང་འདྲ ་བར་དགུན་སྨད་ཀྱི་དུས་སུ་ཡང་འདི་བས་ལྷག་པར་ཡང་ལྷགས་པ་ཆེ་བ། རླུང་དང་རྩུབ་པ་ཡང་ཆེ་བས་ན་ཆོག་འདི་བཞིན་བྱའོ། །དགུན་ཟླ་འབྲིང་པོ་ཉ་བྲི་ནས་ཉི་མ་རིང་དུ་ནུར་ཏེ། མཐུ་འཕྲོག་པའི་དུས་ལ ་བབ་པས། རླུང་དང་རྩུབ་པ་ལ་བབ་པའི་ཆོག་དེ་ལྟར་བྱ་བ་ཡིན་ནོ། །དེ་ལྟར་དགུན་རླུང་གི་དུས་ལ་བབ་པའི་ཚེ་ན། བད་ཀན་ནི་ཁོང་ན་སོགས་སོ། །དེ་ནས་དཔྱིད་ཀྱི་དུས་ལ་བ་བན་ཉི་མ་རིང་དུ་ནུད་བའི་འོད་ཀྱིས་བད་ཀན་དྲོས་ནས་སྨིན ་པར་གྱུར་བ་དང། བད་ཀན་སྐྱེ་ནས་མེའི་དྲོད་ཉམས་པ་དང། བད་ཀན་ལས་གྱུར་པའི་ནང་འབྱུང་ངོ། །དེ་བས་ན་བད་ཀན་གྱི་ནད་ནི་མྱུར་དུ་བསལ་བར་བྱའོ། །བསལ་བའི་ཆོ་ག་ནི་ན་ལེ་ཤམ་གྱི་བད་ཀན་བཞུ་བ་དང། སྐྱུག་སྨན ་གཏང་བ་དང། བད་ཀན་བཞུ་བའི་སྨན་སྣ་ནས་བཏང་བ་དང། ཁ་ཟས་ཡང་བ་དང། རྩུབ་པའི་བག་བཟའ་བ་དང། ལུས་བཅག་ཅིང་དགྲོལ་བ་དང། མར་རམ་ཏིལ་མར་གྱིས་ལུས་མི་བསྐུ་བར་བག་ཚོའི་ལྡེ་གུས་ལུས ་ཕྱེ་ཞིང་དྲིལ་བ་དང། རྐང་ལག་རྩང་མར་བསྐུས་པས་ལུས་རན་པར་མཉེ་ཞིང་བཀྲོལ་ན། བད་ཀན་སྐྱེས་བའི་ནད་སེལ་བར་འགྱུར་རོ། །དེ་ནས་ལུས་ཆུ་དྲོན་པོས་བཀྲུས་ནས་ལུས་ག་པུར་དང། ཙན་དན་དང། གུར་གུམ་ལ ་སོགས་པས་བསྐུས་ལ། དྲི་ཞིམ་པོས་བདུགས་ནས་བད་ཀན་མེད་པར་གྱུར་བའི་ཟས་ནས་དང། གྲོ་རྙིང་པ་དང། སྦྲང་རྩི་དང། ཡུལ་རྩུབ་ཅིང་སྐམས་ཆེ་བ་རུས་པ་ཅན་གྱི་ཕྱོགས་ནས་བྱུང་བའི་བྱན་ལས་སྲེག་ཤར་བཟའོ།། ་ཤིང་ཏོག་ཨ་མྲའི་ཁུ་བ་ཆུ་དང་སྦྱར་ཏེ་བསྐོལ་བའི་ཁུ་བ་དང། སྐོམ་དུ་སྦྱར་བའི་ཁུ་བ་དང་མ་བཏུང་ངོ། །ཡང་བད་ཀན་སེལ་བའི་སྐོམ་ནི་ཆན་རྒན་པོ་ལོན་པ་དང། ཆར་ཨ་ས་བ་དང། ཆང་ཨ་ཏི་ཧ་ཏ་དང། བུ་རམ་ཆད་དང ་རྒུན་ཆང་དང། སྦྲང་ཆང་དང། འདི་རྣམས་བཏུང་དུ་རུང་ངོ། །རྒ་ཆུ་བསྐོལ་བའི་ཁུ་བ་འམ། མཚོའི་ཆུ་འམ། སྦྲང་རྩིའི་ཆུ་འམ། ཆར་བའི་ཆུ་ཡང་རུང་ཏེ། འདི་རྣམས་བསྐོལ་ཏེ་སྐོམ་དུ་བཏུང་ངོ། །སྤྱིད་ཚ་བའི་དུས་ནི་བསིལ་ཁང་བྱ་བ་ནི། ལྷོ་ཕྱོགས ་ཕྱོགས་ནས་པ་སེར་བུ་དྲང་ཞིང་བསིལ་བ་འོང་བར་འགྱུར་བ། ཅིག་ངོས་ཀྱི་སྐབས་ཕྱེ་བ་དང། མཛའ་ཁོར་ཁོར་ཡུག་དུ་ཆུ་འབབ་པས་འཁོར་བར་བྱ་བ་ལ། ཁང་བའི་ཐོག་ནི་ཉི་མའི་འོད་མི་སྣང་བར་གཡོགས་ལ་འོག་གིས་གཞི་ཡང་ལེགས་པར ་མཉམས་ཏེ། བརྡུངས་ལ་ཕྱི་ཞིང་བདར་ཏེ་ནོར་བུ་གཞིན་འོད་འཚེར་བར་བྱས་པའི་ཁང་བ། བྱ་ཀོ་ཀ་ཀི་ལས་སྐད་སྙན་པ་ལ་སོགས་པས་འབྱིན་ཅིང། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་དེ་ལྟ་བུའི་བསིལ་ཁང་འདོད ་པའི་ལོངས་སྤྱོད་དང་ལྡན་པའི་སར་ཉི་མ་གུང་ལ་རྩེད་མོའི་དགའ་འདུན་གྱི་གཏམ་སྣ་ཚོགས་ཟེར་ཅིང་བདེ་བར་འདུག་ལ། ཁ་ཟས་ལྕི་བ་དང་བསིལ་བ་དང། སྣུམ་བག་དང། །མངར་བ་དང། སྐྱུར་བ་སྤང་ཞིང་ཉི་མ་ལ་གཉིད་མི་ལོག་པར་བྱའོ།། ་དབྱིད་ཀའི་ཉི་མའི་འོད་ཚ་བ་དེ་བས་ཀྱང་སོས་ཀའི་ཉི་མའི་འོད་ནི་རབ་ཏུ་ཚ་བས་རྩི་ཤིང་དང་ནགས་ཚལ་གྱི་མཐུ་དང། སྲེག་ཆགས་དང་མིའི་མཐུ་ཀུན་འཕྲོག་ཅིང་སྡུད་པ་དང་འདྲ་སྟེ། དེ་བས་ན་དུས་འདི་ཡི་ཚེན་ལན་ཚ་ནག་པོ ་རྩབས་དུ་ཚ་དང། ལན་ཚ་ཨུ་བྷི་ཏ་དང། རྒྱ་མཚོའི་ལན་ཚ་དང། ལན་ཚ་འདི་རྣམས་དང། ན་ལེ་ཤམ་ལ་སོགས་པར་རོ་ཚ་བ་དང། སྐྱུར་བ་དང། འདི་རྣམས་བཟར་རང་ངོ། །སོས་ཀའི་ཚ་བའི་དུས་འདིའི་ཚེ་སྟོབས་ཀྱི་དྲག་ཤུལ་གྱི་བག ་དང། ཡན་མན་འགྲོ་ཞིང་བཅགས་དྲགས་པ་འམ། ལས་ཆེར་བྱེད་པ་དེ་ལྟ་བུའི་བག་སྤང་ངོ། །སོས་ཀ་ཚ་བའི་ཚེ་ཟས་ནི་འོ་མ་དང། བུ་རམ་དང། ལི་ཁོར་དང། མར་ལ་སོགས་པའི་མངར་བག་དང། ཁ་ཟས་ཡང་པ་འབྲས ་ཆན་དང། ནས་ཕྱེའི་ཟན་དང། ཤ་ཁ་ར་དང། ཟས་སྣུམ་བག་ལ་ཏིལ་མར་དང། མར་སར་དང། ཤ་དང་ཚིལ་དང། ཁུ་བ་སླ་བ་དང། ཟོས་བསིལ་བག་བཟའོ། །སྐོམ་ནི་ཚ་བའི་དུས་སུ་ཆན་མི་བཏུང་ངོ། ཆན་གཏོང་མི་ཕོད་ན་ཆན་ཉུང་ཟད ་དང་ཆུ་མང་དུ་བསྲེག་པ་བཏུང་བ་འམ། ཡང་ན་ཡུལ་གྱི་སྣམས་དང་ཉི་མའི་ཉམས་དང་སྦྱར་ཏེ། ཆང་སླ་ཞིང་ཡང་པ་འམ། སྲིད་པོ་ཡང་བཏུང་དུ་རུང་ངོ། །སོས་ཀ་ཚོ་བའི་དུས་ན་ཆུ་བསིལ་བས་ལུས་ཁྲུས་བྱའོ། །དེའི་ཚ་ཁ་ཟས་འབྲས ་དཀར་པོའི་ཆན་དང། ཡུལ་སེར་ཆེ་བའི་ཤ་དང། ཁུ་བ་གར་པོར་མ་ཡིན་པ་སླ་བར་བཅོས་པ་དང། ཞོ་ཅུང་ཟད་དང། བུ་རམ་དང་ཆུར་སྦྱར་ཏེ་བསྒྲུབ་ཅིང་དཀྲུག་བཞིན་དུ་བཅོས་ལ། །སྤོང་ཤིང་ཚ་དང། ན་ལ་ཤམ་དང། ནཱ་ག་གེ་སར ་དང། སུག་སྨེལ་བཏབ་པ་ཚོད་མ་གཞི་ལ་བུག་པོ་ཤར་གཏུགས་པ་བཅོས་ཏེ། སྤོས་མར་ལ་བསྔོས་པའི་ཚོད་མ་འདི་ལྟ་བུ་འམ། ཡང་ན་ཞོ་ཙི་རན་དང་ཆུར་སྦྱར་ཏེ་བསྒྲུབ་ཅིང་བཀྲུག་སྟེ་ལི་ཁར་འམ། བུ་རམ་རྙིང་ག་དང་སྦྱར ་ཏེ་ནཱ་ག་གེ་སར་དང། སུག་སྨེན་དང། གནདྷ་པ་ཏྲ་འདི་རྣམས་བཏབ་ཏེ་བསིལ་བར་བྱས་པ་བཏུང་བ་དང། ཡང་ན་མོན་སྲན་རྡེའུ་བཏགས་པར་ཤུན་པ་བོར་ལ། སྦོས་དང་སྨན་གོང་དུ་སྨོས་པ་བཞིན་བཏབ་སྟེ། སྟར་ཀ་དང། བསྲེས་ལ ་རིལ་བུར་བྱས་པ་མར་གྱི་ནང་དུ་བརྔོས་ལ། ཞོ་དང་ཁ་རའམ། བུ་རམ་དང་སྤོང་དུ་སྦྱར་བ་བཙོས་པ་དང། བསྲེས་པའི་ཚོང་མ་སྣ་དྲུག་ཞེས་བྱ་བ་འདི་དང་ཟེན་བཟའོ། །སྐོམ་ནི་འོ་མའི་ནང་དུ་མར་ཙིར?་པ་བཏབ ་ཏེ། སུམ་ཆེ་དུ་བའམ་ཕྱེད་དུ་བར་བསྐོལ་ལ། པི་པི་ལིང་དང་ལེ་ཁར་དང། སྦྲང་རྩི་བཏབ་ལ་བཏུང་ངོ། །ཁ་ར་དང་སྦྲང་རྩི་ལ་སོགས་པ་ནི་ཞོ་གཉིས་གཉིས་གདབ་བོ། །པི་པི་ལིང་ནི་ཞོ་ཅིག་གདབ་བོ། །འོ་མའི? ་སྐོམ་དེ་ལྟར་སྦྱར་བ་ཡང་བུམ་པ་གསར་བའི་ནང་དུ་བླུགས་ལ་གྲང་མོར་བྱས་ཏེ་བཏུང་ངོ། །སྐོམ་འདི་ནི་གློ་གཅོད་དང། ལུང་པ་ལུ་བ་དང། རིམས་དང་བྲང་དུ་ཟུག་པ་དང། རླུང་ནད་དང། མཁྲིས་པའི་ནད་ལ་སོགས་ཏེ་ཚ་བའི་བག་ལ་ཕན་ནོ།། ་སྐོམ་འདི་ནི་མིང་ནི་དམ་པ་ལྔ་ཞེས་བྱའོ། །གཞན་ཡང་བསིལ་བའི་སྐོམ་ནི་ལྡུམ་བུ་ཆུ་སྐྱེས་ཞེས་བྱ་བའི་འབྲས་བུ་དང། ཤིང་ཏོག་ཙོ་ཙ་ཞེས་བྱ་བ་འདི་གཉིས་བརྡུངས་ཏེ་ཆུ་དང་སྦྱར་བའི་ནང་དུ། ཚྭ་ཅུང་ཟད་ཅིག་ཀྱང་བླུག་ལ། ་ག་བུར་ཅུང་ཟད་ཅིག་ཀྱང་བླུག་སྟེ། སྐོམ་སྣོད་རྫ་མ་གསར་བའི་ནང་དུ་མེ་ཏོག་དྲི་ཞིམ་པ་ཏ་ལ་ཞེས་བྱ་བ་བླུག་སྟེ། དྲི་ཞིམ་པོ་ས་དགོས་པའི་སྣོད་དྲི་ཞིམ་པོར་གྱུར་བའི་ནང་དུ། སྐོམ་བླུག་སྟེ་བསྒྲུངས་ཏེ་བསིལ་དུ་བྱས་པ ་འདི་ལྟ་འབྲས་ཆན་བཟང་པོ་དཀར་པོ་ཟི་ཞིང་ནང་ནུབ་ཏུ་སྐོམ་བཏུང་ངོ། །གཞན་ཡང་སྐོམ་བསིལ་བ་ནི། མ་ཧེའི་འོ་མ་འམ། འབྲིའི་འོ་མ་བསྐོལ་ཏེ་བགྲངས་པའི་ནང་དུ། ལི་ཁ་ར་བཏབ་པ་བསིལ་བར་བྱ་བའི་སྐོམ་བཏུང་ངོ།། ་དེ་ལྟར་སོས་ཀ་ཚ་བའི་ཚེ། ཤིང་ཏ་ལ་དང། ཤིང་མུ་ལེ་དུམ་ཤིང་མཐོང་ཞིང་རིང་པ་ཡལ་ག་དང། འདབ་མ་རྒྱས་ཏེ་སྤྲིན་ལ་རེག་པ་ཙམ་དུ་སྣང་བའི་ཚལ་གྱི་ནང་ན་བཟའ་ཤིང་བཟང་པོ་དང། དགུན་ཤིང་གི་ཚལ་ལས་རྐུན ་འབྲུའི་སྙེ་མའི་ཡལ་ག་ལྕུག་ཕྲན་གྱིས་ཤིང་གི་སྡོང་ལ་མཁྲིས་ཤིང། ཤིང་ཐོག་གི་འབྲས་བུ་སྨིན་པའི་མགོ་གཡུར་ཟ་བའི་སྐྱེད་མོས་ཚལ་སྣ་ཚོགས་བསིལ་བ། མཛའ་རྒྱ་ཟབ་ཀྱིས་འཁོར་ཡུག་ཏུ་བསྐོར་བའི་ནང་བསིལ་? ་ཁང་སྟེགས་པུས་བསྟེངས་ཏེ་ཕུབ་པ། ས་གཞི་ཕྱི་བདར་བྱ་ཞིང་སྟེང་འོག་ཀུན་ཏུ་ཆག་ཆག་བསིལ་བར་བཏབ་པ་ཆུ་གྲང་མོ་དང་ཆ་བ་བྲོན་དུ་བཤམས་པ། བསིལ་ཁང་རྒྱ་སབ་ཀྱི་ངོས་ན་ཤིང་ཏོག་སྒྱུར་རྩི་བཟང་པོའི་འབྲུ ་བྱུ་རུ་ལྟར་སྣང་བ་རྣམས། ཕྱི་རོལ་ནས་ནང་དུ་འཕྱང་བ། ལྡུམ་བུ་ཆུ་སྐྱེས་དང། ལྡུམ་ཀལྟ་ར་འདབ་མ་དང། མེ་ཏོག་བཟང་པོར་ལྡན་པ། མེ་ཏོག་པདྨ་དང། མེ་ཏོག་ཨུཏཔལ་རྒྱས་པས་ས་གཞི་ཆལ་པར་བཀྲམ་པའི་དྲུང་ངམ། ཆུ་རྒྱུན ་བསིལ་བ་དྲག་པར་འབབ་པའི་ཟེར་མཆར་ཕྲན་ཙམ་དུ་འཕྲོ་བའི་དྲུང་ངམ། བསིལ་ཁང་བསིལ་བའི་ནང་ངམ། ཡང་ན་ཤིང་ལས་བྱས་པའི་བུད་མེད་གཞོན་ནུ་བཟང་མོར་བྱས་པའི་ཁོང་ནས་ཆུ་དྲངས་ལ། ཁ་དང་ལག་སོར་དང་ནུ ་མ་ནས་ཆུ་རྒྱུན་བསིལ་བ་དྲག་པོ་འབྱུང་ཞིང། འཕྲོ་བའི་དྲུང་དུ་ཉི་མའི་གུང་ལ་ཚ་བའི་ཚེ་དེར་འདུག་པར་བྱའོ། །མཚན་མོ་ནི་ཡང་ཐོག་སྔར་གང་རྡོ་ཐལ་གྱི་ཞལ་ཞལ་ཅན་ཟླ་བའི་འོད་ཀྱིས་བསིལ་བར་གྱུར་བ་ན། མལ་སྟན ་བདེ་བ་བཏིང་ལ་ཉམས་ཐ་མལ་བར་གནས་པས། ལུས་ལ་ཙན་དན་གྱི་ལྡེ་གུ་བསིལ་བས་བྱུགས་ལ་མེ་ཏོག་གི་ཕྲེང་བ་ཐོགས་ནས་རབ་ཏུ་ཕྲ་ཞིང་སྲབ་པ་ཡང་བའི་གོས་བགོས་ཏེ་འདོད་པའི་སྤྱོད་པ་མི་བྱེད་པར་འདུག་ཅིག། ཤིང ་?་ལེ་གྲུམ་ཤིང་གི་ལོ་མ་སྤོས་ཆུས་བཏབ་པའི་བསིལ་ཡབ་བམ། ཡང་ན་པདྨ་འདབ་མ་རྒྱས་པའི་བསིལ་ཡབ་ཀྱང་རུང་སྟེ། འདི་ལྟ་བུས་བསིལ་ཡབ་ཐོགས་པས། མེ་དྲག་པར་དལ་བུས་གཡབ་པའི་བསིལ་གཡབ་ལ་སྤོས ་ཆུ་བསིལ་བས་བཏབ་པའི་བསིལ་གཡབ་ཀྱིས་གཡབས་པའི་ཆུ་ཐིགས་གྲང་མོ་དང། སེར་བུ་བསིལ་བ་ནི་ལུས་ལ་རྫི་ཆར་ལྟར་སིམ་པར་བྱེད་བ། དེ་ལྟ་བུའི་བསིལ་གཡབ་ཀྱིས་གཡབ་ཅིང་ལུས་ལ་ག་པུར་དང། ཙན་དན ་དཀར་པོའི་བསིལ་བས་ལུས་བྱུགས་ལ་མུ་ཏིག་གི་དོ་ཤལ་དང། མེ་ཏོག་དྲི་ཞིམ་པོ་མལི་ཀའི་ཕྲེང་བ་ཐོགས་ཤིང། བྱ་སྐད་སྙན་པ་ཡིད་དུ་འོང་བའི་སྒྲ་སྙན་པ་གྲག་པ། པདྨའི་རྩ་བ་དཀར་པོ་བསིལ་བའི་གང་དུ་བུ་རྒྱུས་ཏེ ་ཐོགས་པར་བྱ་བ་འདི་ལྟ་བུའི་ཚུལ་གྱིས་དཔྱིད་ཚ་བའི་ཚེ་ཚ་བ་བསིལ་ཞིང་བསིལ་བའི་ཆོས་སུ་བྱའོ། །དེ་ལྟར་སོས་ཀ་ཚ་བའི་ཟླ་བ་གཉིས་འདས་པའི་རྗེས་ལ་དབྱར་ཟླ་ཐ་ཆུང་དང། སྟོན་ཟླ་རབ་གཉིས་ཀྱི་ཚེ་ནི་ཉི་མ་རིང་དུ་ནུར་བས་མཐུ་ཕྲོགས་ཏེ ་མིའི་ལུས་མི་བདེ་ལ། ཁོང་བ་དྲོད་ཆུང་ཞིང་ལྷག་པར་ཕོ་བའི་དྲོད་ཆུང་སྟེ། དེ་ཡང་དབྱར་གནས་རྨུས་ཤིང་སྤྲིན་གྱིས་རྩ་བ་ནར་བའི་ཆར་ཆུས་བརླན་ཅིང། ས་གཞི་དང་རྩ་མཆོག་ཟིལ་བ་ཅན་དུ་གྱུར་པ། རླུང་གྲང་མོ་དྲག་ཏུ་ལྡང་བ། ས་རླངས ་པས་རླུང་དང་བད་ཀན་དང་མཁྲིས་པའི་ནང་དུ་འགྱུར་ཞིང་གནོད་པར་བྱེད་དེ། དུས་དེའི་ཚེ་ཟན་ཟོས་པ་ཞུ་བའི་རྗེས་ཀྱང་སྐྱུར་བར་གྱུར་ཏེ་ཟས་ལེགས་པར་མི་འདུའོ། །དབྱར་གྱི་ཆར་ཆུ་མངས་པས་ཆུ་ཡང་རྙོག་པ་དྲི་མ་ཅན་དུ་གྱུར་བ། མེའི ་དྲོད་ཀྱི་སྟོབས་ཀྱང་ཆུང་པས་རླུང་དང་པད་ཀན་དང་མཁྲིས་པ་གཅིག་?་གནོད་པར་བྱེད་ཅིང། ཁོང་གྲང་རླུང་གི་ཤས་ཚེ་བས། །དེའི་ཕྱིར་ཁོང་དྲོ་ཞིང་ཕོ་བའི་མེའི་སྟོབས་བསྐྱེད་པར་འགྱུར་བའི་ཁ་ཟས་མངར་བ་དང། སྐྱུར་བ་དང། ཚ་བ་དང ་ཁ་བ་དང། ལན་ཚྭ་བྲོ་བ་དང། སྐ་བ་འདི་རྣམས་ཀྱང་སྦྱིར་ཧ་ཅང་ཡང་མི་མངར། ཧ་ཅང་ཡང་མི་སྐྱུར་བར་འདི་དྲུག་ཆར་ཡང་རན་པ་ཙམ་དུ་བཟའ་ཞིང་ཁོང་དྲོ་བ་ཕོ་བའི་མེའི་སྟོབས་བསྐྱེད་པར་བྱའོ། །གལ་ཏེ་མེའི་དྲོད་ཆུང་ལ ་ཁོང་གྲང་ཞིང་རླུང་གི་ནད་ལ་སོགས་པར་གྱུར་ན། སྔར་རེ་ཞིག་ལུས་རྟས་ལ་དེ་ནས་སྐྱུར་སྨན་བཀྲུ་སྨན་གྱིས་ལུས་བཀྲུ་བར་བྱའོ། །བཀྲུས་ནས་ཟས་ནི་ཡང་བའི་བག་དགེ་སྟེ། ནས་འབྲས་ལོ་ལོན་པ་རྙིང་པ་བཟའོ།། ་བྱ་ན་ནི་ཡུལ་སྐམ་ས་ནས་བྱུང་བའི་ཤ་ལས་གཡོས་སུ་བྱས་པ། བལ་པོ་སེའུ་དང། སྨན་མུད་དཀར་སྦྱར་བ་དང་སྦག་ཅིང་བཟའོ། །སྐོམ་ནི་སྦྲང་རྩི་དང། དར་བར་སྦྱར་བ་དྲུང་མ་དར་བ་སྦྲང་རྩི་ཅན་ཞེས་བྱ་བ་རྙིང་པ་སྐོམ ་དུ་བཏུང་ངོ། །ཡང་ན་ཆར་བའི་ཆུ་འམ། ཁྲོན་བའི་ཆུ་བསྐོལ་བའི་ནང་དུ་ཞོག་ཆུ་དངས་མ་དང། ལན་ཚྭ་ཁ་རུ་ཚ་ཤས་ཙམ་གྱིས་ཆེར་བྱས་པ་དང། པི་པི་ལིང་གི་རྩ་བ་དང་དབྱི་མོད་དང། ལི་དེ་དག་དང། འདི་ལྔ་བཏགས་པའི ་ཆེད་རྒྱ་ཤུག་ཙམ་དུ་བྱས་པ་འདི་ལྔ་དང་སྦྱར་བའི་སྐོམ་ནི་ཡང་ཞིང་འཇུལ་དྲོད་སྐྱེ་རླུང་ལ་ཕན་ནོ། །དེ་ལྟར་ན་མོ་ནངས་ཤིང་ཆར་ཆུ་ཆེ་བའི་དུས་ན་འབྲས་ཆེན་ཆོས་པའི་ནད་དུ། མར་ཁུ་དང་དྲོད་ཆེ་བའི་སྦོད་དུ་སྦྱོར་བ་འམ། །ཁུ་ཤ ་བལ་ངོ་སེའུ་དང། ལན་ཚྭ་ཤས་ཀྱི་ཆེ་བར་བྱས་ལ། ཚིལ་དང་མར་དང་སྦྲང་རྩི་ཅུང་ཟད་ཙམ་དུ་སྦྱར་བའི་ཟས་ཡང་བར་བཟའོ། །ཕན་ཚུན་འགྲོ་ན་བཞོན་པ་དང་ཆས་ཤིང་རྐང་གིས་མི་འགྲོ་བར་བྱའོ། །བརླན་བའི་དུས་སུ་གོས ་བ་གོ་བ་སྤོས་ཀྱིས་བདུག་གོ། འདུག་པའི་གནས་ནི་འོག་གིས་རླངས་བསིལ་བ་དང། ཆར་བའི་ཟར་མ་དང་མི་ཉེ་བའི་ཡང་ཐོག་ཏུ་འདུག་པར་བྱའོ། །དབྱར་གྱི་ཆར་ཆུ་སྣ་ཚོགས་འདྲེས་པའི་ཆུའི་དྲི་མ་ཅན་དང། ཆུ་དང་ཕྱེར་སྦྱར ་བའི་ཆུ་གྲོག་མི་བཏུང་ངོ། །ཉིན་པར་གཉིད་ཀྱིས་ལོག་པ་དང། སྟོབས་དང་དྲག་ཤུལ་ངལ་བའི་བག་དང། ཉི་ཚན་ལ་འདུག་པ་འདི་རྣམས་སྤང་བར་བྱའོ། །དེ་ལྟར་དབྱར་ཟླ་གཉིས་ཀྱི་ཚེ་ཕོ་བ་དང་ཁོང་གྲང་ཞིང་རྩུབ་པ་རླུང་ཆེ་བས། ལུས ་དང་ཡན་ལག་དང་ཞིང་བསིལ་བར་གྱུར་བ་འདི་ལྟ་བུའི་ཚེ་ན། མཁྲིས་པ་དབྱར་གྱི་དུས་འདིར་བསགས་ནས། སྟོན་གྱི་དུས་སྟོན་ཟླ་འབྲིང་པོ་དང། སྟོན་ཟླ་ཐ་ཆུང་འདི་གཉིས་ཀྱི་ཚེ་གནམ་ཡང་དངས་ལ། འཕྲལ་དུ་ཉི་མའི་འོང ་ཆེན་པོ་གདུངས་བས། མཁྲིས་པའི་ནད་སྟོན་ལྡང་ངོ།། ་མཁྲིས་པ་ཚ་བའི་ནད་དེ་ལྟར་ལངས་པར་གྱུར་ན། བཀྲུ་སྨན་བཏང་བ་དང། སྨན་མར་ཁ་བོར་སྦྱར་བ་དང། སྨན་ཁ་བོ་གཏང་བ་དང། ་གཏར་ག་བྱའོ། །ཁ་ཟས་ཀྱི་ཚེ་ག་ནི། ཁ་བ་དང། མངར་བ་དང། སྐ་བ་ལ་གཡོས་སུ་བྱས་པ་དང། ཟས་ཡང་བའི་བག་དགེ་སྟེ། དི་ཡང་བཀྲེས་པར་གྱུར་བའི་དུས་ན་བཟའ་བར་བྱའོ། །གཞན་ཡང་འབྲས་ས་ལུ་དཀར་པོ་དང། མོན་སན་རྡེའུ་དང། སྐྱུ ་རུར་དང། བཏོལ་དང། སྦྲང་རྩི་དང། ཡུལ་སེར་ཆེ་བ་ནས་བྱུང་བའི་བྱ་ན་དང། ཁ་ཟས་ནི་ཆུ་ནི་ཉིན་པར་ཉི་མས་གདུངས་པ། མཚན་མོ་ཟླ་བའི་འོད་ཀྱིས་བསལ་བར་བྱས་ལ། སྐར་མ་རི་ཥི་ཤར་བས་དུག་མེད་པར་བྱས་པར་གྱུར་པ་དེ་ལྟ་བུའི ་ཆུ་ཉིན་མཚན་གཉི་གར་ཀུན་སྦྱངས་བའི་ཆུ་གཙང་མ། དད་པ་གནས་པ། དྲི་མ་མེད་ཅིང་ཆུ་དངས་པ་འཐུངས་ན་བད་ཀན་དུ་ཡང་མི་འགྱུར། །རྩུབ་སྟེ་རླུང་དུ་ཡང་མི་འགྱུར་བའི་ཆུ་བདུད་རྩི་དང་འདྲ་བ་དེ་ནི་བཏུང་བ་ལ་སོགས་པའི ་གཡོས་སུ་བྱ་བའི་ཆུ་དང། ཁྲུས་བྱ་བའི་ཆུར་བཟང་ངོ། །དེ་ལྟར་སྟོན་ཚ་བའི་དུས་ན་བསིལ་བར་འགྱུར་བ་ཙན་དན་དང། ག་བུར་དང། སྨན་ཨུ་ཤིར་བསིལ་བ་ལུས་ལ་བསྐུའོ། །གནས་ནི་ཁང་པ་བསིལ་བ་རྡོ་ཐལ་གྱི་ཞལ་ཞལ་གྱི་ནང་དུ་ཉིན ་ཚན་དུ་འདུག་པར་བྱའོ། །ཟིལ་བའི་ཁྲོད་དུ་འགྲོ་མི་འདུག། ཐལ་སྨན་རྣོན་པོས་མི་སྐུ། ཧ་ཅང་འདྲངས་པ་ཉིད་དུ་མི་བཟའ། ཏིལ་མར་དང་ཚལ་མི་བཟའ། ཉི་མཚན་པོ་ལ་མི་འདུག། ཆང་མི་བཏུང། ཉིན་པ་མི་ཉིལ། སྔ་དྲོའི་ས ་བསེར་བུ་སྤང་བར་བྱའོ། །དགུན་དང་དབྱར་གཉིས་ལ་ཁ་ཟས་ནི་མངར་བ་དང། སྐྱུར་བ་དང། ལན་ཚྭ་འདི་གསུམ་གྱི་ཟས་ཤས་ཆེ་བར་སྦྱར་བ་བཟང་ངོ། །དཔྱིད་ནི་ཁབ་དང། ཚྭ་བ་དང། སྐ་བའི་རོ་བྲོ་བ་སྦྱར་བའི་ཟས་བཟང་ངོ། སོ་ས ་ཀའི་ཆི་ནི་ཁ་ཟས་མངར་བག་བཟང་དེ། །སྟོན་ཀ་ཟས་མངར་བ་དང། ཁ་བ་དང། སྐ་བ་ལས་སྦྱར་བ་དགེའོ། །སྟོན་དང་དཔྱིད་གཉིས་ཀྱི་ཁ་ཟས་ནི་རྩུབ་པའི་བག་དགེའོ། །སྟོན་དང་སོ་ག་གཉིས་ཀྱི་ཟས་དང་སྐོམ་ནི ་བསིལ་ཞིང་ཡང་པར་བྱའོ། །དུས་ཀྱི་བྱེ་བྲག་བཞིན་ཁ་ཟས་འདི་ལྟར་མ་སྦྱར་ན་ནད་དུ་འགྱུར་རོ། །དུས་ཚིག་དང་སྦྱར་བའི་སྨན་དང་ཁ་ཟས་ཀྱི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་ཡང་མི་ཉམ་ཐ་མལ་པར ་གནས་པ་ལ་ནད་མི་འབྱུང་བར་བྱ་བའི་དཔྱད་ཀྱི་ལེའུ་བཤད་བར་བྱའོ། །ཕྱེན་འོད་ན་མི་དགག། གཤད་གཅི་ཡང་དགག་པར་མི་བྱ་བ་དང། སྦྲིད་པ་ཡང་མི་དགག། སྐོམ་པ་ཡང་བཀྲེས་ན་ཡ་མི་མནགས། ་གཉིད་པོ་འམ་ལུང་པ་འོད་ན་མི་དགག། དྲག་ཤུལ་ལམ་ལས་ཁུར་བྱེད་པའི་ཤུགས་ཀྱིས་དུབ་ཅིང་ངལ་བར་མི་བྱ། ཁ་གླ་ལ་དང་དབུགས་དགག་པར་མི་བྱ་བ་དང། མིག་མཆིམས་གང་ན་མིག་མི་འཛུམ ་ཤིང་མཆིམ་མྱུར་དུ་ཕྱི་རོལ་ཏུ་བསལ། །སྐྱུག་བྲེན་སྐྱུག་པ་མི་དགག། ཁུ་བ་འོང་བར་གྱུར་ན་ཡང་མི་དགག་པར་བྱའོ། །དེ་ལ་འཕྱེན་འགགས་ན་སྐྲན་ནང་དུ་འགྱུར་བ་དང། རྟུག་སྐམ་དུ་འགྱུར་བ་དང། ལུས ་སྙོམ་ཞིང་ལྕི་བར་འགྱུར་བ་དང། ཁོང་དུ་འཕྱེན་འཁྱིལ་ཞིང་བཤད་གཅི་ཡང་ཁོང་དུ་འགགས་པར་འགྱུར་བ་དང། མིག་བརྟུལ་བ་དང། ཁོང་གི་དྲོད་ཆུང་བ་དང། སྙིང་ནད་འདི་རྣམས་འབྱུང་ངོ། བཤད ་པ་འོང་བ་ལས་དགགས་ན་བྱིན་པའི་ཉཝ་འགྱུར་བ་དང། ཆམ་པས་འདེབས་པ་དང། ཀླད་པ་ན་བ་དང། ཁར་མི་གཙང་བ་འབྱུང་བ་དང། ཁེང་དུ་འཕེན་བགགས་པ་ལས་ནད་དུ་འགྱུར་བ་རྣམས་ཀྱང་འདིར་ནད་དུ་འགྱུར་རོ། །གཅིན ་དྲོ་ཕྲ?་ལས་བཀན། རོ་སྟོད་དང་དབུང་བ་དང། ལག་དར་མི་བདེ་བ་དང། རྡེའུ་ཆགས་ཏེ་ཆུ་སྲི་བ་དང། ཆུ་སོར་ཟུག་སྟེན་པ་དང། ཕོ་མཚན་ན་བར་འགྱུར་བ་དང། དགུའི་ནང་ལོགས་སུ་ཆུ་སོ་གཡས་གཡོན་དུ་ཟུག་བསྟེན་པ་དང། ནད་འདི་རྣམས ་ནི་གཅིན་བགགས་པ་ལས་ནང་དུ་འགྱུར་རོ། །དེ་ལ་འཕྱེན་འགགས་པ་ལས་འགྱུར་བའི་ནད་ཀྱི་སྨན་དཔྱད་ནི་སྨན་སྦྱར་བ་གདར་བུ་རེང་རེང་པོར་བྱས་ལ་གཞང་གི་ནང་དུ་གཞུག་པ་དང། གཞང་ཁ་དང་ལུས་ཕྱོགས་སུ་མར་གྱིས་བཀུ་བ་དང། ་སྨན་གྱི་རྩ་བ་དང་ལོ་མ་དང། སྡོང་བུ་བརྡུངས་ཏེ་བསྐོལ་བའི་ནང་དུ། ལུས་ཞུགས་ཏེ་འདུག་པར་བྱ་བ་དང། བག་ཕྱེའི་སྤུ་རྩེ་འམ། །ནས་སྐྱུར་གྱི་བཏབ་ཏེ་བརྡོས་པས་དུགས་བྱའོ། །ཡང་མར་ལས་སྨན་བཙོས་སྨན་མར་མས་གཏོང། །ཁ ་ཟས་ཀྱི་ཆོག་ནི་བཤད་པ་བགགས་པ་ལས། གཉིས་འདྲ་སྟེ། བཤད་པ་བགགས་པ་བསལ་བའི་ཟས་ཀྱི་ཆོག་དང། བཤད་པ་འགགས་པ་ལ་ཟས་ཀྱི་ཆོག་བསྒྱུར་བ་དང། གློ་གཅོད་གི་ནང་ལ་ཟས་ཀྱི་ཆོ་ག་བསྒྱུར་བ་བཤད་པ་དང་འདྲ་སྟེ། ་ཟས་ཀྱི་ཆོ་ག་དེ་བཞིན་བྱའོ། །ཆུས་འགགས་པའི་ཆོ་ག་ནི་ཆུ་སྲང་བཅུ་དྲུག་གི་ནང་དུ། བཅའ་སྒ་དང། འུ་སུ་འམ། བལ་པོ་སེའུ་འདི་གསུམ་གང་ཡང་རུང་བ་བརྡུངས་ཏེ་བཙོས་ལ། ཆུང་དུ་སྟེ་སྲང་བཞི་ཙམ་ལུས་བ་དང། ནད ་པའི་ཉམས་མཐུ་ཆེ་ཆུང་ལ་བལྟས་སྟེ། ཉམ་ཆུང་ན་བ་མར་དང། འབྲི་མར་སྲང་ཅིག་ཙམ་བཏབ་ལ། ཞུ་བར་བྱས་ཏེ་བཏུང་ངོ། །གྲོའི་ཟན་ནི་སྨན་ཞུ་བ་དང་བཟའོ། །སྨན་ཞུ་བའི་ཚད་ནི་སྨན་ཞུ་བར་གྱུར་པའི་སྒྲེག་པ་བྱུང་ངམ། ཟས ་ཡི་གར་འོང་ཞིང་བཀྲེས་པར་གྱུར་ན་ཟན་བཟའ་སྟེ། ཟན་བཟའ་བའ་ཨི་སྔོན་ལོགས་སུ་སྨན་གྱི་ཆོ་ག་འདི་འདྲ་བར་འཐུངས་ལ་དེའི་འོག་ཏུ་ཟན་བཟེའོ། །ཟན་གྱི་ཆོ་ག་ནི་ཞིབ་ཏུ་འོག་ནས་བཤད་དོ། །སྒེག་པ་འོང་པ་ལས་འགགས་ན་ཟས ་ཡི་གར་མི་འོང། ལུས་དང་རྐང་ལག་འདར། བཤད་གཅིག་ཉི་ག་སྲི་སྟེ་འབྱུང་དུ་མི་རུང། སྙིང་དང་བྲང་དང་ཐོང་ག་ན་ལྟོ་སྦོ་ལུད་པ་ལུ། སྐྱིགས་བུས་འདེབས་བར་འགྱུར་རོ། །དེ་ལ་སྒྲག་པ་ལས་ནད་དུ་གྱུར་བ་ཡིན། སྐྱིགས ་བུའི་ནད་བསལ་བའི་ཆོ་ག་བཤད་པ་དང་འདྲའོ། །སྦྲིད་པ་བྲོ་བ་ལ་བགག་ས་ན་མིག་དང་རྣ་བ་དང་སྣའི་དབང་པོ་རྣམས་མི་རྣོ་མི་གསལ་བར་འགྱུར་རོ། །གཉེའུ་རེངས་སུ་གྱུར་ཏེ་འགྱུར་མི་ཤེས། ཁ་ཡོ་སྟེ་འགྲམ་པ་ལ་ཆགས་པར ་འགྱུར་བའི་ནད་འདི་རྣམས་སུ་འགྱུར་རོ། །དེ་ལྟར་སྦྲིད་པ་བགགས་པའི་ནས་ནི་རྣམས་ལྟར་གྱུར་ན་དཔྱད་ནི་སྣར་དུད་པ་རྣོན་པོས་བདུག། མིག་སྨན་གྱིས་མིག་བསྐུ། སྣར་སྨན་གྱིས་བླུག་ལ་མགོ་བསྟོད་དེ་མིག་གི་གནམ་མ་མ་ཉི་མ ་ལ་བལྟར་བཅུག་ན་སྒྲིད་པ་འོང་ངོ། །མར་གྱིས་ཀྱང་སྣང་དང་གདོང་དང་མགོ་བསྐུ་དུགས་ཀྱང་བྱའོ། །སྐོམ་པ་བགགས་པ་ལས་ཁ་དང་ཁོང་བསྐམ། ལུས་དང་རྐང་ལག་མི་བདེ། རྣ་བ་མི་གསང། མགོ་འཁོར་མྱོས་ཏེ་མི་དྲན། སྙིང་ན་ཏེ་སྐོམ ་བགགས་པ་ལ་ནད་འདི་རྣམས་དབྱུང་ངོ། །འདིའི་ཆོ་ག་ནི་བསིལ་བྱ་བའི་ཆོ་ག་འོག་ནས་བཤད་པ་བཞིན་དུ་བྱའོ། །བཀྲེས་ཆེས་པ་ལས་ནད་དུ་འགྱུར་བ་ནི། ལུས་ཞིག་ཟས་ཡི་གེར་མི་འོ། །ལུས་སྙོམ་ཉམས་ཆུང། །གློ་སྙིང་དང་མཆིན ་བ་འཕྱོང་སྟེ་ན། མགོ་འཁོར་བའི་ནད་འདི་ལྟ་བུར་འགྱུར་རོ། །བཀྲེས་ཆེས་པ་ལས་ནད་འདི་ལྟ་བུར་གྱུར་པའི་ཆེ་ག་ནི་ཁ་ཟས་འཇུ་སླ་སྟེ་ཡང་པ་དང། མར་དང་སྦྱར་བའི་གཡོས་ཚོས་པ་དྲོད་དུ་སྦྱར་ཏེ། མཆེ་བར་རན་པར་བྱས་ལ་བཟོལ? ་མཚན་མོ་ནི་ཉལ་ཞིང་གཉིད་ལ་ལོག་པ་ལས་ནད་དུ་འགྱུར་བ་ནི། ཁོད་མྱོས་ཏེ་མྱོང་མྱོང་བོར་འགྱུར། །ལུས་སྙོམ་མགོ་དང་མིག་གཉིས་ལྕི། རོ་རྒྱབ་ན་ཏེ་གཉིད་མ་ལོག་པའི་ནད་འདི་ལྟ་བུ?། །ཆོག་ནི་གཉིད་ཚིམ་པར་ལོག་པར ་བྱ་བ་དང། །ལུས་མཉེས་ན་ཕན་ནོ། །ལུད་པ་འོང་བ་ལས་མནགས་ཏེ་བགགས་ན་ལུས་བའི་ནད་དེ་ཉིད་ཆེར་སྐྱེས་ཏེ། ཆེར་ལུད་པ་དང། དབུགས་མི་བདེ། ཟས་ཡི་གར་མི་འོང། སྙིང་ན། ལུས་དང་ཁ་ཡང་སྐམ། སྐྱིགས་བུས་ཀྱང་འདེབས་པར་འགྱུར་རོ། །ལུང ་པ་ལུ་བ་ལས་ནད་དུ་གྱུར་བའི་ཆོག་ནི། འོག་ནས་གློག་ཅོད་གི་ཆོག་ཞིབ་ཏུ་བཤད་པ་ལས་འབྱུང་སྟེ། དེ་བཞིན་བྱའོ། །ལས་སམ་དྲག་ཤུལ་གྱིས་དུབ་སྟེ། ངལ་བ་ལས་ངལ་མི་སོ་བར་མནགས་ཏེ་དབུཌ་བགཌ་ན། སྐྲན་ནང་དུ་འགྱུར་བ་དང། གློ་སྙིང ་ན། མི་དྲན་ཅིང་མྱོས་པར་འགྱུར་རོ། །དེའི་དཔྱད་ནི་མཆད་པར་སྐབས་སྐབས་སུ་ངལ་བསོས་ན་ཕན། རླུང་ནད་སེལ་བའི་ཁ་ཟས་ནི་ཆོ་ག་སྦྱར་ཞིང་ཟོས་ན་ཕན་ནོ། །གླལ་འོངས་པ་ལས་མནགས་ཤིན་བགགས་པས་སྦྲིང་པ་བགགས་པའི་ནང་དང་འདྲ ་སྟེ། གཞན་ཡང་ཆམ་པའི་ནད་དང་མིད་དང་ཀླད་ཕན་པ་དང། སྙིང་ན་བ་དང། གཉེའུ་རེངས་ན་ཏེ་འགྱུར་མི་ཤེས་པ་དང། ཟས་ཡི་གར་མི་འོང་བ་དང། ཀླད་པ་འཁོར་བའི་ནད་དུ་འགྱུར་ཏེ། འདི་ལྟ་བུའི་ཆོ་ག་ནི་རླུང་ནད་ཐམས་ཅད ་སེལ་བའི་དཔྱད་དུ་བྱའོ། །ཡང་མིག་ནད་དམ་མྱ་ངན་གྱིས་མཆི་མ་འོང་བར་གྱུར་བ་ལྟ་བུ་ལས་མཆི་མ་མི་འབྱུང་བར་བགགས་ན། སྐྲང་ནད་དུ་འགྱུར་ཏེ། འདིའི་ཆོ་ག་ནི་གཉིད་ངོམས་པར་ལོག་པར་བྱ་བ་དང། ཆང་ཞིམ་པོ ་བཏུང་བ་དང། གཏམ་ཡིད་དུ་འོང་བ་མཉན་དུ་ཕན་ནོ། །སྐྱུག་བྲོ་བ་ལས་མནགས་ཏེ་མ་སྐྱུགས་བའི་ནད་ནི། །འབྲས་དང་མེ་དཔལ་དང་མཛེ་དང་མིག་ན་བ་དང། གཡན་པ་དང་སྐྱ་རྦབ་དང། རིམས་ནད་དང། ལུང་བ་ལུ་བ་དང། དབུགས ་མི་བདེ་བ་དང། དང་ཀ་མེར་མེར་པོར་བྱེད། རོ་སྙིང་གཞོགས་ཕྱེད་ཀྱི་དཔུང་བ་དང། ལག་པ་ན་ཏེ་བསྐྱོད་ན་མི་བདེ་བ་དང། སྐྲངས་པ་འགྱུར་རོ། །འདིའི་ཆོག་ནི་སྨན་བཙོས་པའི་ཁུ་བ་མཁུར་བར་བཀང་སྟེ། བད་ཀན་དྲངས་པ་དང ་དུད་བ་སྦ་བུན་སྣར་བདུག་པ་དང། ཟན་མི་ཟ་བར་སྨྱུང་བར་འདུག་པ་དང། ཡང་ན་ཟས་རྩུབ་པོ་ཟོས་ལ་བགུགས་ཏེ་སྐྱུག་པར་བྱ་སྟེ། སྟོབས་རན་ཙམ་དུ་བ། གཏར་ག་བཏབ་ཏེ་ཁྲག་དབྱུང་བ་དང། བཀྲུ་སྨན་གཏང་ན ་དགེའོ། ཁུ་ཆུ་བྱུང་བས་བགགས་ཏེ་མ་བཏང་པའི་ནད་ལ་ནི། ཕོ་མཚན་ན་བ་དང། འོར་ནད་དུ་འགྱུར། རིམས་ཀྱིས་འདེབས་སྙིང་ན་ཆུས་བགགས། ལུས་བརྡུངས་བརྡུས་པ་མཉམ་དུ་ན། རྒྱུ་མ་རླིག་བར་བླུགས་པ་དང། ་རྡེའུའི་ནད་དུ་འགྱུར་བ་དང། བུད་མེད་ལ་ཉལ་མི་ནུས་པར་འགྱུར་རོ། །ནད་འདི་ལྟ་བུའི་ཆོག་ནི་ཁྱིམ་བྱའི་ཤ་ལས་གཡོས་སུ་བྱས་ཕ་དང་ཆང་དང་འབྲས་ས་ལུའི་ཟན་བཟའོ། །སྨན་ནི་མས་གཏན་བ་དང། ཏིལ་མར་གྱིས་ལུས་བྱུག་པ ་དང། རླུང་ལ་ཕན་པའི་སྨན་བཙོས་པའི་ཁུ་བའི་ནད་དུ་ལུས་ཞུགས་ཏེ་ཆུ་དྲོན་གྱིས་ལུམས་བྱ་བ་དང། བཀྲུ་སྨན་བཏང་ཞིང་ཆུ་སོའི་ནད་དམིགས་གསལ་བ་དང། ཏིལ་མར་ལས་སྨན་བཙོས་པ་ཚོས་པར་བྱ་སྟེ་བཙེགས་ལ་ཕོ ་མཚན་ན་བཏང་བ་དང། འོ་མ་སྦུབས་པ་འཐུང་ཞིང་ཁ་ཟས་ཀྱི་ཆོག་བཞིན་བྱས་ལ་བུད་མེད་གཞོན་ནུ་མ་ལ་བསྟན་ན་ནད་འབྱད་དོ། །དེ་ལྟར་ནད་དོ་ཙོག་ཐམས་ཅད་ཀྱང་ཤུགས་དབྱུང་བ་མ་ནགས་ཤིང་བགགས་པ ་ལས་ནང་དུ་འགྱུར་བ་དང། ཡང་ན་མི་བྲོ་མི་འབྱུང། བཞིན་དུ་ནན་གྱིས་བཙིར་ན་ཡང་དེ་དང་འདྲ་བར་འབྱུང་ངོ། །ནད་དེ་ལྟ་བུ་གསོ་བའི་ཚིག་ཞིབ་ཏུ་བསྟན་ཅིང་བཤད་པར་བྱའོ། །དེ་བས་ན་ནད་མང་པོ་དུ་མ་ནི་ཕལ་ཆེར ་རླུང་ལས་ནད་དུ་འགྱུར་རོ། །དེའི་ཕྱིར་རླུང་ནང་སེལ་བར་འགྱུར་བའི་སྨན་དང་ཁ་ཟས་སྦྱར་བར་བྱའོ། །དེ་བས་ན་ནད་དུ་གྱུར་པའི་རྣམས་ལ་ནན་གྱིས་མནགས་ཤིང་འགག་པར་ནི་མི་བྱའི། །བདག་ཉིད་ལ་ཕན་པར ་འདོད། །ན་ཉིན་མཚན་དུ་འདོད་ཆེན་ཕྲག་དོག་དང་ཞེ་སྡང་དང། སེར་སྣ་དང་འདོད་ཆགས་དང་འདི་རྣམས་འབྱུང་བའི་ཤུགས་དྲག་པོའི་རྒྱུན་མ་ནགས་ཤིང་བཟུང་ལ། དབང་པོ་རྣམས་དུལ་བར་བར་བྱས་ལ། སོ་སོའི་དུས་ཚིགས ་བཞིན་དུ་ནད་ཀྱི་དྲི་མ་རྣམས་བཀྲུ་ཞིང་འབྱད་པའི་ནན་ཏན་བྱའོ། །རླུང་དང་བད་ཀན་ལ་སོགས་པ་རབ་ཏུ་བཙགས་ཏེ་དཀྱིལ་དུ་འགྱུར་བ་ལས་ནད་ལངས་ན། སྲོག་ལ་འབབ་པར་འགྱུར་རོ། །བད་ཀན་ལ་སོགས་པའི་ནད་ཡོད་པ ་ལས་སྨྱུང་བར་བྱ་བ་དང། ནད་བཞུ་བ་བྱས་ཀྱང་དེ་ལྟ་བུ་ནི་སླར་ལྡང་ཡང་སྲིད་ཀྱི། གང་གིས་བཀྲུ་སྨན་སྐྱུག་སྨན་གྱིས། །ནད་བསལ་ཞིང་སྦྱངས་པ་ནི་ཕྱིས་དེ་དག་གི་ནད་འབྱུང་ཞིང་ལྡང་བ་མེད་དོ། །དེ་ལྟར་ནད་ཀྱི་དམིགས་བསྟན ་ནས་ཕྱིས་ནས། དེ་ཕན་ཆད་དུས་ཚིགས་བད་ཀན་ལ་སོགས་པའི་ནད་ཀྱི་རིམ་པ་བཞིན་དུ་དཔྱད་དང། ཆོག་སྦྱར་ཞིང་ཡུལ་རྣམས་དང། མིའི་ནན་ཚོད་དང། དུས་ཚིགས་ཤེས་པར་བྱས་ལ། ཚེ་རིང་བའི་དཔྱད་བཅུད ་ཀྱིས་ལེན་རྣམས་འགྲུབ་བར་བྱ་བ་དང། སྒྱུར་རྩི་སྦྱར་བར་བྱ་སྟེ། དེ་?་སྨན་གྱིས་ལུས་སྦྱངས་ཏེ་ལུས་ཀྱི་ཉམས་སྨད་ལ། ཁ་ཟས་ཕན་པས་ཁད་ཀྱིས་བལྟ་བར་བྱ་བ་ནི། །འབྲས་ས་ལུ་ཞག་དྲུག་ཅུས་སྨིན་པ་དང། གྲོ ་དང་མོན་སྲན་རྡེའུ་དང། ཤ་དང་མར་ལ་སོགས་ཡིད་དུ་འོང་ཞིང་འཇུ་ལ་དྲོད་ཆེ་བ་དང་ཟས་འཇུ་བའི་སྨན་དང་སྤོད་དུ་སྦྱར་ལ་བཟའ་བར་བྱའོ། །ལུས་ཀྱང་མེར་གྱི་བྱུག་ཅིང་ལྡེ་གུས་དྲིལ་མ་?་བྱ་བ་དང། སྨན་མས་གཏང ་ཞིང་བསལ་བ་དང། མར་དང་འབྲུམ་མར་ལ་སོགས་པའི་བཀྲུ་སྨན་དྲག་པོ་མས་གཏང་བ་དང། ཁོང་བལྟ་བའི་འཇམ་སྨན་མས་གཏང་བ་དེ་ལྟ་བུས་པོ་བའི་མེ་དྲོད་ཀུན་སྐྱེས་ཏེ་བདེ་པར་འགྱུར་རོ། །དེ་ལྟར་བྱེད་བར་གྱུར་ན་སེམས ་ཀྱི་བློ་དང་དབང་པོ་གསལ་བ་དང། བཞིན་དང་ལུས་མདོག་བསལ་ཏེ་དྲི་མ་མེད་པ་དང། ཚེ་རིང་ཞིང་རོ་ཙ་བར་འགྱུར་རོ། །དེ་ལ་འཕྲལ་གྱི་བློ་བུར་གྱི་ནད་ཅེས་བྱ་བ་འདོད་ཆགས་དང་ཞེ་སྡང་དང་འཇིགས་པ་ལ་སོགས་བ་དང། ་གདོན་དང་དུག་དང་རླུང་དང་ནད་དང་མེ་དང་རྨས་པ་དང། ཆགས་གྲུགས་ལ་སོགས་པ་འདི་ལྟ་བུ་གློ་བུར་དུ་འབྱུང་བའི་ནད་འདི་དག་ཀྱང་སེམས་ཀྱི་བློ་བུར་འཁྲུལ་པའི་ཉེས་པ་ཡིན་ཏེ། འཁྲུལ་པའི་ཉེས་པ་དེ་ལྟ་བུ་བསལ་བ ་དང། དབང་པོ་རྣམས་ཞི་བར་བྱ་ཞིང། ཡུལ་གྱི་རྣམས་དང་དུས་དང་སྦྱར་བ་བདག་གིས་ཆོད་ཤེས་པར་བྱས་ཏེ། སྐྱེས་བུ་དམ་པའི་སྤྱོད་པའི་རྗེས་སུ་འབྲངས་བར་བྱས་ནས་འཕྲལ་གྱི་གློ་བུར་གྱི་ནད་མི་འགྱུར་ལ། རྒ་བ་དང་བཀྲེས་བ་དང ་རྟོག་པའི་ནད་འདི་ཡང་མི་འབྱུང་ངོ། །དེ་བས་ན་ཆོ་གའི་མདོ་འདི་ལྟར་བསྟན་བས་ནང་དུ་མ་གྱུར་བ་ནི་ནད་དུ་མི་འགྱུར་ཞིང་ནད་མི་འབྱུང་བར་བྱའོ། །ནད་དུ་གྱུར་བ་ཡང་ཚེ་གའི་ཐབས་འདི་འདྲ་བར་བྱས་ན་ནད་ཞི ་བར་འགྱུར་རོ། །དགུན་ཟླ་རབ་དང། དགུན་ཟླ་ཐ་ཆུང་དང། དགུན་ཟླ་འབྲིང་པོ་དང། དཔྱིད་ཟླ་ར་བ་ཡར་གྱི་ངོ་དང། ཟླ་བ་བཞིའི་ཚེ་ནི་གྲང་ལྷགས་སུ་གྱུར་ཏེ་བད་ཀན་འབྱུང་ཤིང་དགུན་ཐོག་ཐག་བད་ཀན་བསགས་ནས། ་དཔྱིད་ཟླ་འབྲིང་བ་དང། དཔྱིད་ཟླ་ཐ་ཆུང་གཉིས་ལ་བད་ཀན་སྨིན་ནས་བད་ཀན་གྱི་ནད་དུ་འགྱུར། །དེའི་ཕྱིར་དཔྱིད་སྐྱུག་སྨན་དང་བཀྲུ་སྨན་གྱིས་བད་ཀན་གྱི་ནད་བཀྲུའོ། །ཡང་སོས་ཀའི་ཟླ་བ་དབྱར་ཟླ་ར་བ་དང། དཔྱད ་ཟླ་འབྲིང་པོ་གཉིས་ལ་རླུང་ནད་བ་སོགས་པ་ནི་དབྱར་ཟླ་ཐ་ཆུང་དང་སྟོན་ཟླ་ར་བ་གཉིས་ལ་རླུང་ནད་དུ་འགྱུར་རོ། །དབྱེར་ཟླ་གཉིས་ལ་མཁྲིས་པའི་ནད་བསགས་པ་ནི་སྟོན་ཟླ་ཐ་ཆུང་གཉིས་ལ་མཁྲིས་པའི་ནད ་ཚ་བ་ལྡང་བར་འགྱུར་ཏེ། རླུང་དང་བད་ཀན་དང་མཁྲིས་པའི་ནད་སོ་སོའི་དུས་ཚིགས་སུ་སྨིན་ཏེ། འབྱུང་བའི་དུས་སུ། སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པས་ལུས་བཀྲུ་ཞིང་སྦྱངས་ན་དུས་ཚིགས་ཀྱི་ནད་རྣམས་ཀྱང་མི་འབྱུང་ངོ། །དེ་བས་ན ་དུས་ཚིགས་ཀྱི་ཚུལ་དན་མཐུན་བར་བྱས་ལ་རྟག་བར་ཕན་ཞིང་འཕྲོད་པའི་ནད་ཟས་བཟའ་དང་བཅའ་དང། མགྲིན?་པ་དང། འདུག་པ་དང་ཉལ་བའི་སྤྱོད་ལམ་རྣམས་བཞི་ཅར་ཅི་རན་པར་བྱ་བ་དང། ཅི་བྱའོ་ཅོག་ལ་ཡང་ལེགས་པར་བརྟགས་ཏེ ་བྱེད་པ་དང། ཡུལ་མ་འོས་བར་ཆགས་པར་མི་བྱེད་པ། གཏོང་ཕོད་ལ། ཀུན་ལ་སྙོམས་པ། བདེན་ཞིང་རྟགས་ལ། མཆོག་ཏུ་བཟོད་པ་དང་ལྡན་པ། ལུང་དང་མན་དག་ཡོད་པའི་མིས་བསྙེན་བསྐུར་བྱེད་ཅིང་རྟན་པ་འདི་ལྟར་བྱས་ན་རྟག་ཏུ་ནད ་མེད་པར་འགྱུར་རོ། །ལེའུ་བཞི་བ་རྫོགས་སོ།། །།དེ་ནས་ཆུ་སྣ་ཚོགས་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཆུ་བོ་གཾ་གའི་ཆུ་ནི་མཐུངས་ན་མི་ལ་འཚོ་བར་བྱེད། ངོས་བར་བྱེད། ཡི་གར་འོང ་?་པ་ལུས་ཚིམ་པར་བྱེད། སེམས་གསལ་བར་བྱེད། ཆུ་ཡི་རོ་བྲོ་བ་ཡང་གསལ་པོར་བྱེད། རོ་ཞིམ་པ། བསིལ་བ་ཡང་བ་ཡིན་ཏེ་བཟང་པོ། །ཆར་འབར་བ་ལས་བྱུང་བའི་ཆུ་ནི་ཉི་མ་དང། ཟླ་བའི་འོད་དང་རླུང་གིས་ཀྱང་ཕོག་མོད་ཀྱི་དེ་ལ་ཕན ་གནོད་ཀྱི་བྱེ་བྲག་ནི་ཡུལ་སྐམས་དང། སར་ཚེ་བའི་ཡུལ་གྱི་སྨིན་དང་སྦྱར་བ་དང། དུས་ཀྱི་རིམ་པ་དང་སྦྱར་ལ་བརྟགས་ཏེ་ཁ་ཟས་ཀྱི་གཡོས་ཆུར་བྱ་བ་དང། སྐེམ་དུ་བཏུང་བ་ནི་དངུལ་ཕོར་གྱི་ནང་དུ་ཆུ་བླུག་ལ། དེའི་ནང་དུ་ཆུ་འབྲས་ཆན ་ཉུང་ཤས་ཅིག་བླུག་སྟེ། ཞག་གཅིག་བཞག་ན་མ་དུལ?་ལ་མདོག་ཀྱང་མ་གྱུར་ན་ནི། །ག?་གའི་ཆུ་ཀླུང་ལ་སོགས་པའི་ཆར་བའི་ཆུ་ཡིན་ཏེ། དེ་ནི་བཏུང་བར་བཟང་ངོ། །གལ་ཏེ་འབྲས་རུལ་ལཾ་ཁ་དོག་འགྱུར་ན་དེ་ནི་རྒྱ་མཚོའི་ཆུ་ཡིན་ཏེ ་དེ་ནི་བཏུང་དུ་མི་རུང་ངོ། །ཆུ་དེ་ལྟ་བུ་ནི་ལོ་གཅིག་གི་ཟླ་བའི་ངོ་གང་ལ་ཡང་བཏུང་དུ་མི་རུང་ངོ། །ཆར་འབབ་པའི་ཆུ་སྣོད་བཟང་པོར་བཟེད་དེ་བཞག་ན་ཡང། མི་རུལ་མོག་ཀྱང་མི་འགྱུར་བ་དེ་ལྟ་བུའི་ཆུ་ནི་བཟང་སྟེ་རྟག་ཏུ ་བཏུང་བར་བྱའོ། །དེ་ལྟར་ཆར་ཆུ་སྣོད་དུ་མ་བཟེད་པ་དང་འདྲ་བར་བཟང་སྟེ། དེ་ཡང་གཞི་དཀར་རམ་གནག་པ་ཡང་རུང་སྟེ། གཙང་མ་ཉི་མའི་འོད་དམ་རླུང་གིས་ཕོག་པར་དེ་ལྟ་བུ་ནི་དགེ་སྟེ་བཏུང་བར་བྱའོ། །ལྟེང་ཀ་འམ་ལུ་མ་འདམ ་རྫབ་ཅན། ཉ་ལྕིབས་དང། འདབ་མ་དང། རྙོག་པས་གང་བའི་ནང་རླུང་དང་ཉི་མ་དང། ཟླ་བའི་འོད་ཀྱང་མི་ཐོང་མི་སྣང་བ་དང། །འཕྲལ་ལ་ཆར་དྲག་པོ་འབབ་པའི་སྟེང་གི་ཆུ་གར་པོ་ལྕི་བ་སྤུ་བ་ཅན་སོག་ཆགས་ཀྱིས་གང་བལ་ཉིན་མཚན་གྱིས ་དྲོད་དེ་ཚ་བ་འམ། ཧ་ཅན་གང་ཆེ་སྟེ་སོས་མི་བཟོད་པ་འདི་ལྟ་བུ་དང། དབྱར་གྱི་དུས་ཀྱི་སྔ་རོལ་དང། དབྱར་གྱི་ཐ་མ་སྟོན་ལའི་ཆར་ཆུ་འདི་གཉིས་དང། དབྱར་ཀའི་ཆར་བ་དང་པོ་འབབ་པ་འདི་ལྟ་བུ་ཡང་མི་དགེ་སྟེ། སྲོག ་ཆགས་གདུག་བ་དང། བ་ཐག་ལ་སོགས་པ་གཅིན་དང་རྟུག་པ་དང། དུག་དང་འདྲེས་པའི་ཆུ་ནི་མི་དགེ་སྟེ་མི་བཏུང་ངོ། །ནུབ་ཕྱོགས་ཀྱི་ཆུ་བོ་ཆེན་པོ་ལས་རྒྱ་མཚེ་འབབ་པའི་ཆུའི་ཤུགས་དྲག་པོ་དྲི་མ་མེད་ཅིང་གཅད་བ་དེ ་ལྟ་བུ་ཡང་མི་ལ་ཕན་ཏེ་བཟང་ངོ། །གཞན་ཡང་གངས་རྒྱུད་ལས་བྱུང་བའི་ཆུ་བོ་དང། །ལྷོ་ཕྱོགས་ཀྱི་རིམ་ལ་ཡ་ལས་བྱུང་བའི་ཆུ་བོ་ལྟ་བུ་ནི་རྡོ་དང་བྲག་ལ་ཤུགས་དྲག་པོས་བརྡབས་ཤིང་རྒྱུན་ཆད་ལ་གཡེངས་པའི་ཆུ་དེ ་འདྲ་བ་ནི་ཕན་ཏེ་དགེའོ། །ཆུ་འདི་འདྲ་བ་ལས་ཀྱང་ཐང་ལ་ཆུ་གཡུང་པོར་འབབ་པར་གྱུར་བ་ལྟ་བུ་འཐུངས་ན། ལྟོ་བའི་ནང་ན་སྲིན་བུར་འོང་བ་དང། རྐང་བ་མ་གྱི་ནད་དང། སྙིང་ན་བ་དང། ལྐོག་མ་ན་བ་དང། ཀླད་པ་ན་བར ་འགྱུར་ཏེ་ཆུ་འདི་ལྟ་བུའི་བག་ནི་མི་དགེའོ། །ཤར་ཕྱོགས་མོན་བའི་ཡུལ་དང་རྒྱ་གར་གྱི་ཡུལ་ལྷོ་ནུབ་ཀྱི་མཚམས་ཡུལ་ཨ་བཾ་ཐི་དང། ནུབ་ཕྱོགས་ཡུལ་ག་ར་ཛ་དང། སྟག་གཟིགས་ཡུལ་ལ་སོགས་པའི་ཆུ་ནི་དགེ་སྟེ། གཞང་འབྲུམ ་གྱི་ནད་ལ་སོགས་བར་འགྱུར་རོ། །ཡུལ་ཤར་ཕྱོགས་དང། ལྷོ་ཕྱོགས་ཀྱི་མཚམས་ཡུལ་ཀ་ལིཾ་ཀའི་རི་མ་ཧེ་ན་ཏྲ་ལས་ཆུ་འབབ་པ་ནི་དམུ་རྫིངས་རྐང་བ་མ་གྱི་ནང་དུ་འགྱུར་ཏེ་མི་དགེའོ། །ནུབ་ཕྱོགས་ཀྱི་རི་ཧཡ་ཞེས་བྱ་བ་དང ་ལྷོ་ཕྱོགས་ཀྱི་རི་བན་རྒྱའི་རྒྱུད་ལས་ཆུ་བབ་པ་ཡང། མཛེ་དང་སྐྱ་རྦ་ཀྱི་ནད་དང། ཀླད་པ་ན་བར་འགྱུར་ཏེ་ཆུ་དེ་ལྟ་བུ་ནི་མི་དགེའོ། །ནུབ་ཕྱོགས་ན་ཡུལ་པ་རི་ཡ་ཏའི་རི་རྒྱུད་ལས་ཆུ་འབབ་ནི་ནད་ཀུན་སེལ་བའི་ཆུ་སྟེ་བཟང་ངོ།། ་མདོར་ན་ཡུལ་སྐམས་དང། ཡུལ་གཤེར་ས་སེར་ཆེ་བའི་ཡུལ་འདི་གཉིས་ཀྱི་ཁྲོན་བ་དང། རྫིད་ངང་ཆུ་མིག་ལ་སོགས་པ་སྐྱོན་དང་ཡོན་ཏན་གཉིས་ཀ་ཡང་སྐམས་དང་གཤེར་སའི་ཡོན་ཏན་གཉིས་ཀ་ཡང་སྐམས ་དང་གཤེར་སའི་ཡོན་ཏན་སོ་སོའི་བཤད་པ་བཞིན་དུ་མདོར་ཤེས་པར་བྱའོ། །ཆུ་འབྱུང་བར་ལོབས་པ་འམ། སྐོམ་ཆེས་ཏེ་མནགས་ཏེ་མ་རས་སམ་སྐོམ་བཏུང་བ་དང་ཡང་མ་ལྡན་ན་ཡང་ཉུང་ཤས་ཙམ་ལས་མི་བཏུང ་སྟེ། ཡོད་ནི་དྲོད་ཆུ་དམ?། སྐད་ནད་ཡོད་དམ། སྐྱ་རྦབ་ཀྱི་ནད་དམ། དམུ་རྫིང་དང། གསུས་པོ་ཆ་ལ་པ་སོགས་པའི་ནད་ཡོད་དམ། ཚད་པ་ན་འམ། གཞང་འཁྲུམ་མམ། ཕོ་བ་དྲོད་ཆུང་དམ། ཁུམ་སྐབས་པར་གྱུར་ཏམ། འོར་?་ཡོད་ན་ཆུ་འཐུང་དུ་མི་རུང?་ངོ། །ནད ་མེད་པའི་མིས་ན་སོ་གི་ཚ་བ་དང། སྟོན་ཀའི་དུས་ཉུང་ཤས་ཙམ་ཞིག་འབྲུ་རུ་རུང་ངོ། །དེ་ལ་མིའི་ལུས་རན་པ་འམ། སྦོམ་པོ་འམ། སྐེམ་བོར་འགྱུར་བ་ནི་ཟན་ཕྱེན་ཟོས་ཏེ་ཆུ་འཐུངས་ན། ཕྲོ་སྒམ་རན་བར་འོང་ངོ། ཟན་ཟོས་པའི་འོག་ཏུ་ཆུ ་འཐུངས་ན་ལུས་སྦོམ་པོར་འོང་ངོ། །སྡར་ཆུ་འཐུངས་?་ཕྱིས་ཟན་ཟོས་ན་ལུས་སྐེམ་བོས་འོད་རོ། །དེ་ལ་དམིགས་ཀྱིས་ཆུ་འཐུང་དུ་རུང་བ་ནི། ཆད་ནད་ལངས་ཏེ་མི་བདེན་ཆུ་འཐུང་དུ་རུང་ངོ། །བརྒྱལ་བར་འགྱུར་པ་ལ་གདོད་བུ་ཆུ་བཏབ་སྟེ ་བླུད?་དོ། །སྐྱུགས་སམ་དལ་ཏེ་ཆད་པ་འམ། མགོ་འཁོར་བའི་ནད་ལ་ཆུ་འཐུངས་ནི་ཕན་ནོ། །ཡང་ན་སྐོམ་འམ་ལུས་ཆེ་འམ། མཁྲིས་པ་དང་ཁྲག་རྒྱས་སམ། ཁོང་པ་དང་ལུས་ཚ་ཆེས་སམ། དུག་འཐུངས་པ་འདི་ལྟ་བུ་ལ་ཆུ་འཐུངས་ན་ཕན་ཏེ་དགེའོ། །དེ་ལ ་སྐོམ་དུ་ཆུ་འཐུང་བའི་ཐབས་ནི། ཆུ་བདུས་ཏེ་བཞི་ཆ་དུ་འམ། སུམ་ཆ་དུ་བར་བྱས་པའི་ཆུ་དྲོན་པོ་ཁས་བཟོད་ཙམ་དུ་འཐུངས་ན། དྲོད་ཆེ་ཟས་འཇུ་འགུལ་བ་བདེ། །ལུས་ཡང་སྒང་པའི་ཆུ་སོ་མིན་ཞིང་བཤད་གཅི་གཉིས་ལ་ལེགས་བར་འོད་དོ། །སྐྱིགས ་བུ་བཏབ་པ་ལ་ཕན་ལྟོ་སྤོས་པ་ལ་ཕན། རླུང་ནད་དང་བད་ཀན་རྒྱས་པ་དང། རིམས་གསར་ལུད་བ་དང། ཆམ་པ་ན་བ་དང། དབུགས་ནམི་བདེ་བ་དང། རྩི་བ་ལོགས་སུ་ཟུག་པ་འདི་རྣམས་ལ་ཕན་ཧེ་དགེའོ། །དེ་ལྟ་བུའི་ཆུ་འདུས་པ་བསྒྲངས་ཏེ་གྲངས་མོར ་འཐུངས་པ་ནི་བད་ཀན་གྱི་ནང་དུ་ཡང་འགྱུར་རོ། །ལུས་ཀྱི་ཁོང་ཡང། མཁྲིས་པའི་ནད་ཚ་བ་ལ་ཡང་ཕན་ཏེ་དགེའོ། །ཆུ་བདུས་པ་དེ་ཞག་ལོན་པར་གྱུར་པ་རྙིང་པ་ནི་རླུང་དང་བད་ཀན་དང་མཁྲིས་པའི་ནང་གཡོ་བར་འགྱུར་ཧེ་མི་དགེ་དོ། །ན་?་ཀོ་རའི་འབྲས་བུ་བདུས ་པའི་ཁུ་བ་འམ། །ཆུར་སྤངས་པའི་སྐོམ་ནི་རོ་ནི་?་འཐུངས་ན་ཁོང་སྣུམ། སྦྱར་རྩིར་འགྱུར། བསིལ་ཡང་སྐོམ་པ་ལ་ཕན། མཁྲིས་པ་དང་རླུང་ནད་སེལ། ཕོ་བའི་དྲོད་སྐྱེ། །ལྒང་པའི་ནད་སྦྱོང་བཤད་གཅི་ལེགས་པར་འབྱུང་སྟེ་དགེའོ། །དབྱར་གྱི་ཆར་པ་བབ་པའི་ཆུ? ་སྣོད་དམ་པ་གཞི་བཟང་པོར་བསད?་ལ་ནི་བཟང་སྟེ་དགེའོ། །དབྱར་གྱི་ཆུ་འབྲུག་པ་ལྡན་ལྗིན་རྙོག་མ་ཅན་དང་འདྲེས་པ་ནི་ངན་སྟོ་བཏུང་དུ་མི་རུང་ངོ། །ཆུ་སྣ་ཚོགས་ཀྱི་བྱེ་བྲག་བཤད་པའོ།། །།འོ་མ་སྣ་ཚོགས་ཀྱི་བྱེ་བག་བཤད་པར་བྱའོ ་འོ་མ་ནི། ཕར་ཆེ་རོ་འཇམ་ཞིང་མངར་བ་ཡིན། ཞུ་བའི་རྗེས་ནི་ཁོང་དུ་སྣུམ། མདངས་བཟང་བར་འགྱུར། སྲོག་ཟུངས་བདུན་བརྟས་ཞིང་སྐྱེ་བར་བྱེད། རླུང་དང་མཁྲིས་པའི་ནད་སེལ། །ཁོང་ལྷས་ཞིང་རོ་ཙ། བད་ཀན་སྐྱེ་འོ་མ་འཇུ་དཀའ་ལ་བསིལ་བ་ཡིན་ནོ། །དེ་ལ་བྱེ ་བྲག་ཏུ་བའི་འོ་མ་ནི་མཐུངས་ན་འཚོ་བར་བྱེད་དེ། བཅུད་ཀྱིས་ལེན་དུ་འགྱུར། གློ་བརྡོལ་བ་དང་?་གཙང་ལ་ཕན། ཡིད་གཞུང་བར་འགྱུར་བཞིན་མདོག་བཟད་བུད་མེད་ཀྱི་ནུ་ཞོ་མཆོག་ཏུ་སྐྱེ་བར་འགྱུར། དལ་ཏེ་ཆད་པ་དང། ནད་ཀྱིས་མྱོས་ཏེ་བརྒྱལ་བ་དང་འདྲ་བར་མི་དྲན ་པ་དང། ཆི་ཉམས་ཏེ་བཞིན་མདོག་དན་ཅིང་མི་སྡུག་པ་ལྟ་བུར་གྱུར་བ་དང། དབུགས་མི་བདེ་བ་དང། ལུང་པ་ལུ?་བ་དང། རབ་ཏུ་སྐོམ་པ་དང། བཀྲེས་པ་དང། རིམས་བྱེད་བ་དང། ཆུ་སྲིབ་དང། ཁྲག་དང་མཁྲིས་པ་རྒྱས་པའི་ནད་འདི་རྣམས་ལ ་ཕན་ནོ། །མ་ཧེའི་འོ་མ་ནི་ཕོ་བའི་མེ་དྲོད་ཧ་ཅང་ཆེས་པས་ལྡང་མི་ཤེས་པའི་ནང། གཉིད་མེད་པ་དང། འདི་རྣམས་ལ་མ་ཧེའི་འོ་མ་བསིལ་ལ་ལྕི་བས་ན་ནད་འདི་རྣམས་ལ་ཕན་ནོ། །ང་ནི་ཆུ་དང་ཆུང། གཟས་རོད། །རྩི་ཤིང་ཁ་བ་དང། ཁ ་བ་ཚོལ་ཞིང་ཟ། ཁོང་ཡང་པས་ནི་དེ་ལྟར་རའི་འོ་མ་ནི་སྐེམ་པ་དང། རིམས་དག་དབུགས་མི་?་དང། ཁྲག་མཁྲིས་རྒྱས་པའི་ནད་དང། ཚད་པའི་ནང་འདི་རྣམས་ལ་ཕན་ནོ། །རྔ་མའི་འོ་མ་ནི་ཅུང་ཟད་རྩུབ་ཅིང་ཚལ་ལན་ཚྭ་བྲོ་སྟེ། ་འཐུངས་ན་དྲོད་ཆེ། ཁོང་ཡང། བད་ཀན་དང་རླུང་ནད་སལ། ལྟོ་སྤོས་པ་ལ་ཕན། །?་ན་སྲིན་ཕོ་ཡོངས་ཡང་འོར་ནད་དང། དམུ་རྫིང་ལྟ་བུ་གསུས་པ་ཆེར་སྐྱེས་པའི་ནད་དང། གཞང་འབྲུམ་གྱི་ནད་འདི་རྣམས་ལ་ཕན་ཏེ་དགེའོ། །བུད ་མེད་ཀྱི་ནུ་ཞེ་ནི་རླུང་ནད་དང། མཁྲིས་པའི་ནད་ལ་ཕན། ཁྲག་ནད་དང། མཚོན་གྱིས་རྨས་པ་དང། རྨ་བྱུང་བ་དང། མིག་ནད་ལ་ཕན། ཅུ་ཞོ་འཐུངས་ན་བྱིས་པ་ལ་བསོད་ཅིང་དོམས་པར་བྱད། ཐིགས་པ་མིག་དུ་བྱུག་མིག ་ལ་ཕན། སྣར་བླུགས་ན་མཚུལ་བ་ཡན་ཆད་ཀྱི་ནད་ཀུན་ལ་ཕན་ནོ། །ལུག་གི་འོ་མ་ནི་རྙིང་ལ་གནོད། །ཚ་བ་སྐྱེ། སྐྱིགས་བུ་དང་དབུགས་མི་བདེ། །མཁྲིས་པ་དང་བད་ཀན་གྱི་ནང་དུ་འགྱུར། རླུང་ནད་ལ་ནི་ཕན་ནོ།། ་བ་གླང་མོའི་འོ་མ་ནི་འཐུངས་ན་ཁུས་ཀྱི་ཁོང་རབ་ཏུ་ཚ། ལུས་ཀྱི་ཤ་སྐྱེ་ཞིང་ལུས་བརྟན་པར་འགྱུར་རོ། །རྟ་ལྟ་བུ་མིག་པ་གཅིག་པའི་འོ་མ་ནི་ཡང་སྟེ་དཔུང་བ་དང། ལག་དར་དང་ལག་སོར་དང། བརླ ་དང་བྱིན་པ་དང། རྐང་སོར་ཡན་ཆད་རླུང་ཞུགས་པའི་རླུང་ནད་ལ་ཕན། གློན་པ་ལ་ཕན། རྟ་ལྟ་བུའི་འོ་མ་ནི་རོ་སྐྱུར་ལན་ཚྭ་བྲོ་བ་ཡིན་ཏེ། འཕྲལ་དུ་རྨོད་རྨོད་བོར་འགྱུར་རོ། །དེ་ལྟར་འོ་མ་གང་ཡང་རུང་མ ་བསྐོལ་བར་འོ་རློན་འཐུངས་ན་བད་ཀན་དུ་འགྱུར། ལྕི་སྟེ་འཇུ་དཀའ་ཨོ། །འོ་མ་བསྐོལ་བ་རན་པར་འཐུངས་ན་འཇུ་སླ་བ་བད་ཀན་དུ་ཡང་མི་འགྱུར་རོ། །འོ་མ་ཕྱེད་ཕྱེར་བདུས་པ་འམ། སུམ ་ཆ་འམ། བཞི་ཆར་གདུས་པའི་འོ་མ་ནི་འཇུ་དཀའ་སྟེ་ལྕིའོ། །འོ་མ་བཞོས་མ་ཐག་གི་དྲོན་བོ་མོད་ལ་འཐུང་བ་ནི་བདུད་རྩི་དང་འདྲ་སྟེ། ཅི་ལ་ཡང་ཕན་ཞིང་དགེའོ། །ཞོ་བོ་ཅོག་ནི་འཐུངས་ན་ཞུ་བའི་རྗེས ་སྐྱུར་བར་འགྱུར། རྟུག་སྐམ་དུ་འགྱུར། འཁྲུ་བ་གཅོད་ལྕི་སྟེ་འཇུ་དཀའ་ཚ་བ་སྐྱེ། རླུང་སེལ། ཚིལ་སྐྱེ། ཁུ་ཆུ་མང་དུ་འགྱུར། ཉམ་བཙག་སྐྱེ། སྟོབས་སྐྱེ། བད་ཀན་དུ་འགྱུར། མཁྲིས་པ་སྟེ། ཁྲག ་?་ཟས་འཇུ་བའི་མེ་དྲོད་ཀྱེ། ལུས་སྐྲངས་པའི་བག་དུ་འགྱུར། ཞོ་འཐུངས་ན་ཡིག་འབྱེ། ཡི་ག་འཆུས་པ་དང། གྲང་བའི་རིམ་པ་དང། རིམ་ལྡང་དུབ་ཀྱི་དུས་མི་མཐུན་པ་དང། འཆི་བ་དང། ཆུ ་སྲིབ་དང། ཕོ་བའི་ནང་དུ་རླུང་ཞུགས་ཏེ་རྩུབ་པོ་གྱུར་པ་འདི་རྣམས་ལ་ཕན་ནོ། །ཞོ་མངལ་དྲོན་བོ་ནི་དཔྱིད་དབ་སོས་ཀ་དང། སྟོན་གྱི་དུས་ཚིགས་འདི་གསུམ་གྱི་ཚེ་ཚེ་བ་སྟེ་བཏུང་དུ་མི་རུང་ངོ། །ཞོ་བསྒྲངས་པ་གྲང་མོ་ནི་བཏུང་དུ་རུང་ངོ།། ་ཞོ་བཏུང་བ་ཡང་སྦྲང་རྩི་འམ་མར་རམ་བུ་རམ་མམ་ཁར་དཀར་པ་བཏབ་ལ་བཏུང་ངོ། །ཡང་ན་སྐྱུ་རུ་ར་བཏབ་ལ་བཏུང་ངོ། །ཞོ་རྟག་བར་?་བ་ནི་མི་དགེའོ། །མཚན་མོ་བཏུང་བ་ནི་མི་དགེའོ། །མོན་སྲན་རྡེའུ་བཅས་པའི ་ཁུ་བཅུད་དང་མ་སྦྱར་བར་མི་བཏུང་ངོ། །ཞོ་མ་ལངས་པ་འཐུངས་ན་རིམས་ནད་དང། ཁྲག་ནད་དང། མཁྲིས་ནད་དང། མེ་དཔལ་དང། མཛེ་དང་སྐྱ་རྦབ་དང། མགོ་འཁོར་བའི་ནད་འདི་རྣམས་སུ་འགྱུར་རོ། །དང ་བ་སར་བ་ནི་ཡོད་ལ་རོ་སྐམ་ཞིང་སྐྱུར་བ་དང། དྲོད་ཆེ་སྟེ་བད་ཀན་དང་རླུང་ནད་སེལ། སྐྲངས་པའི་བག་དང། དམུ་རྫིང་དང། གཞང་འབྲུམ་ཁྲག་ཚད་དུ་འགྱུར་བའི་ནད་དང། གཞང་འབྲུམ་དང། འཕོ ་བའི་ནད་དང། ཆུ་སྲི་བ་དང། ཡི?། འཆུས་པ་དང། སྐྲན་ནད་དང། མཚེར་བ་དང། མར་ཆེར་ཟོས་བ་ལས་ནད་དུ་གྱུར་པ་དང། དུག་སྦྱར་མར་དང། སྐྱ་རྦབ་ཀྱི་ནད་དང། འདི་རྣམས་སེལ་ཏེ ་ཕན་པར་འགྱུར་རོ། །དར་བ་དང་འདྲ་བར་ཞོག་ཆུའི་ཡོན་ཏན་ཡང་དེ་བཞིན་ཧེ་ཁོང་འཁྲུང་བར་འགྱུར། །ལྒང་པ་མཁྲིས་ཤིང་ཆུ་སྲིབ་འམ། རྟུག་སྐམ་ལྟ་བུ་སེལ་ཅིན་ལགས་པར་འབྱུང་བ་དང། ་ཁོང་ཡངས་པར་འགྱུར་རོ། །མར་སར་ཕྱུང་མ་ཐག་པ་ནི་བུད་མེད་ལ་ཕོད་དེ་རོ་ཙ་བསིལ། ཤ་མདོག་བཟང། སྟོབས་སྐྱེ། འཁྲུ་བ་གཅོད་པར་བྱེད། །རླུང་དང་མཁྲིས་དང། ཁྲག་ནད་དང། གློ་གཅོད་དང་ ་གཞང་འབྲུམ་དང། །བ་ཡོན་པོར་གྱུར་པ་དང། ལུད་པ་དང། འདི་རྣམས་སེལ་ཏེ་ཕན་ནོ། །དེ་ལ་མར་སར་པ་ནི་ཡིད་རྣོ། །དྲན་པ་ཆེ། ཡིད་གཞུངས་དྲོད་སྐྱེ། སྟོབས་སྐྱེ། ཚེ་རིང། ཁུ་ཆུ་མང་བར་འགྱུར ་རོ། །མིག་རྣོ་བ་ལ་ཕན་ནོ། །ཞུན་མར་ནི་བྱིས་པ་དང་རྒན་པོ་ལ་ཕན་ཏེ། བུ་མང་བར་འདོད་པ་དང། བཞིན་མདོག་བཟང་ཞིང་མདངས་ཅན་དུ་འདོད་དམ། རབ་ཏུ་གཞན་པར་འདོད་དམ། སྐད་སྙན་པར་འདོད་པ་འདི་ལྟ་བུ ་ལ་ཕན། གློ་བརྡོལ་དང་ལུས་ཀྱི་སྲོག་གཟུངས་བདུན་ཟད་དེ་སྐྲམས་པ་གཅོད་ནད་དང། འབྲས་དང་མཚོན་གྱིས་རྨས་པ་དང། མེས་ཚིག་ཏེ་ཀེ་ཞིང་རྨྱ་བ་ལ་ཕན་ནོ། །རླུང་དང་མཁྲིས་པའི་ནང་དང། དུག་དང་སྨྱོ་བའི ་ནད་དང། ལུས་སྐེམ་པ་དང། ལུས་དང་བཞིན་གྱི་མདངས་དང། གཟི་ཉམས་བརླམ་བརླམ་པོར་གྱུར་པ་དང། རིམས་ནད་སེལ་ཏེ་ཕན་ནོ། །ཏིལ་མར་དང་ཚིལ་དང་ཞག་དང་མར་དང། སྣུམ་འདི་བཞིའི་ནང་ན་ཞུམ་མར་ལས ་བཟང་བ་མེད་ད། ཞུན་མར་ནི་ཚ་བའི་ནད་སེལ་ཏེ། བསིལ་བར་བྱེད། རྒས་སྲ་བ་མཆོག་ཏུ་ཕན། ཞུན་མར་གྱི་མཐུ་སྟོབས་ནི་སྣ་གྲངས་སྟོང་ཡོད་དེ། དེ་ལ་ཡང་སྨན་དང་སྦྱར་བའི་སྨན་མར་ཞུན་མར་ནི། ཕན ་པའི་ལས་སྟོང་བྱེད་ནུས་པར་འགྱུར་རོ། །ཞུན་མར་སྙིང་པ་ནི་ཆང་གིས་མྱོས་ཏེ་ར་རོ་བ་དང། རླུང་དང་མཁྲིས་པ་ལས་གྱུར་བའི་སྨྱོ་བའི་ནད་དམ། གདོན་གྱིས་སྨྱོས་པ་འམ། བརྒྱལ་བ་འམ། ཀླད་པ་ན་པ་འམ། རྣ ་བ་ན་པ་འམ། མིག་ན་བ་འམ། བུད་མེད་ཀྱི་མངལ་ན་པ་འམ། རྨའི་རྣག་དང། ཆུ་སེར་འབྱང་ཞིང་ནད་འཚོ་བ་འདི་རྣམས་ལ་ཕན་ནོ། །ཕྲུམ་གསར་བ་དང། པྲི་དང་རྒྱ་དྲུམ?་དང། གྱུར་བ་ལ་སོགས་པ་འདི་རྣམས ་འདྲ་སྟེ་སྟོབས་ཏེ། ཁུ་ཆུ་མང་བར་འགྱུར། གཉིད་འོང། བད་ཀན་དུ་འགྱུར། རྟུག་སྐམ་དུ་འགྱུར། །འཕྲུམ་དང་འདི་གཞི་ཁར་ཡང་ལྕི་སྟེ་འཇུ་དཀའ་། རླུང་དང་བད་ཀན་དང་མཁྲིས་པའི་ནང་དུ་འགྱུར་རོ། །བའི་འོ་མ་དང་ཞུན་མར་ནི་ཅི་ལ་ཡང་དགེ་སྟེ། མཆོག ་གོང་ལུག་གི་འོ་མ་དང་མར་ནི་ཅི་ལ་ཡང་མི་དགེ་སྟེ་སྨོད། །འོ་མ་དང་ཞོ་དང་མར་དར་བ་དང། ཕྲུམ་ལ་སོགས་པ་བཤད་པའི་ལེའུ་རྫོགས་སོ།། །།བུ་རམ་ཤིང་དང་བུ་རམ་ལ་སོགས་པའི་མཐུ་དང་ཡོན་ཏན་བཤད ་པར་བྱའོ། །བུ་རམ་ཤིང་གི་ཁུ་བ་ནི་འཇུ་དཀའ་སྟེ། ལྕི་ཁོང་ཁྲུ། ཁོང་དུ་འཇམ་ལུས་ཤ་སྐྱེ། བུད་མེད་ལ་ཕོད་དེ་སྦྱར་བར་འགྱུར། ཁོང་བསིལ། བད་ཀན་སྐྱེ། གཅིན་མང། ཁྲག་དང་མཁྲིས་པ་སེལ་ཏེ། ཞུ་བའི་རྗེས་ནི་མངར་བར་འགྱུར་རོ།། ་བུ་རམ་ཤིང་གི་གཏོར་ཏོ་ནི་ཅུང་ཟད་ནི་ལན་ཚ་བློ་བ་ཡིན་ནོ། །བུ་རམ་ཤིང་སོས་བཅའ་ཞིང་ཁུ་བ་ཞིབ་པ་ནི་ལི་ཁར་དང་འདྲ་སྟེ་བཟང་ངོ། །བུ་རམ་ཤིང་བརྡུངས་པ་ནི་རྩ་བ་དང་ཏོར་ཏོ་ནི་སྲིན་བུས་ཟོས་ཏེ་མི་བཟང་ལ་བུ་རམ་ཤིང་ཤུན་བ་དང། ་ལ་ལ་སྐམ་པ་དང། རྡུལ་དང་དྲི་མ་དང་ས་སོང་བ་ཉི་མའི་འོད་དང་རླུང་གིས་ཕོག་པ་ལ་སོགས་པ་བརྡུངས་ནས་ཀྱང་ཅུང་ཟད་བཞག་གམ། ཞག་ལོན་པར་གྱུར་བ་ནི་བུ་རམ་གྱི་ཕྱི་རོལ་སྐྱུར་བ་དང། མི་ཞིམ་པར་གྱུར་པས་ན་བུ་རུམ ་བཙིར་བའི་ཁུ་བ་ནི་མི་དགེ་སྟེ། ལྕི་ལ་ཚ་བར་འགྱུར། ཕྱིར་འབྱུང་དུ་མི་རུང་སྟེ། འཇུག་དཀའ་ལ་འཁྲེན་བས་དགོས་ཏེ། །དེ་བས་ན་བུ་རམ་བརྡུངས་ཏེ་བཙིར་བའི་ཁུ་བ་ནི་མི་བཟང་ངོ། །དེ་ལ་ལི་ཁོ?་ར་དཀར་པོའི་ཤིང་ནི་དཀར་ཏེ་ཁུ་བ་ན ་མངར་ལ་བསིལ། མིག་ལ་རྣོ། རྣ་བ་གསང། སེམས་བདེ་བར་འགྱུར་རོ། ཡང་བུ་རམ་ཤིང་ཕལ་བ་བི་ཤ་ཀ་ཞེས་བྱ་བ་བུ་རམ་ཤིང་སྔ་མ་ཙམ་དུ་མི་བཟང་བ་ཞིག་ཡོད་པ་དེའི་མཐུ་དང་ཡོན་ཏན་ད་བསྐྱོན་ནི་གོང་མ་དང་འང?་མོད་ཀྱི ་ཕན་ཡོན་གོང་མ་ཙམ་མི་ཕོད་ངོ། །དེ་ལ་བུ་རམ་ཤིང་གི་བྱེ་བྲག་ནི་བུ་རམ་ཤིང་ཤ་ཏ་ཞེས་བྱ་བ་གནག་ལ་སྦོམ་ཞིང་རིང་བ་དང། བུ་རམ་ཤིང་བ་ཀ་ཞེས་བྱ་བ་ཚིགས་མང་བ་ཞིག་ཡོད་པ་དང། བུ་རམ་ཤིང ་ཀ་ཏར་ཞེས་བྱ་བ་ཕེའུ་ཐུང་དུ་ཞིག་ཡོད་པ་དང། བལ་ཡུལ་གྱི་བུ་རམ་ཤིང་འདི་ལ་སོགས་པའི་རོ་ཅུང་ཟད་ཙམ་བྲོ་བ་དང། རོ་སྐ་བ་དང། ཟོས་ན་དྲོ་བ་དང། ཞུ་བའི་རྗེས་ཚ་བར་འགྱུར་རོ། །བུ་རམ་ཤིང་འདི་བཞི་ཡང་མིང་གི ་གོ་རིམ་བཞིན་འོག་མ་རྣམས་ཅུང་ཟད་ཙམ་གྱི་རོ་བྲོ་བ་དང་མཐུའི་ཤས་ཆུང་ངོ། །དེ་ལ་བུ་རམ་གྱི་བྱེ་བྲག་ནི་རྣམ་པ་གསུམ་སྟེ། བུ་རམ་བསྐོལ་སྟེ་བསྡུས་པའི་ཚེ་ཁའི་དབུ་བ་དང་དྲི་མངན་པ་བཞམས་པའི་འོག་དབུ་བ་ཅན ་ཁ་བྲི་སླ་མོ་ཞིག་ཡོད་པ་དེ་ནི་འཇུ་དཀའ་སྟེ་ལྕི་སླ་བ་འབྱར་འབྱར་པོ་ཡིན་ཏེ་མཆིན་པའི་ནད་དང་བཤད་གཅི་སྲ་བ་མ་ཡིན་ཏེ་རྙིང་པར་འགྱུར་རོ། །དེ་ལ་བཙོས་ཤིང་བསྡུས་པ་ལས་བར་ནས་བྱུང་བ་ནི་བུ་རམ་ཞེས ་བྱ་སྟེ། དེ་ལ་ཡང་བུ་རམ་དཀར་པོ་ནི་མཆིར་དུ་བད་ཀན་དུ་འགྱུར་བ་ནི་མ་ཡིན་ནོ། །བཤད་གཅི་གཉིས་ཀ་ཡང་མི་སྲིད་སྟེ་བདེ་བར་འོང་ངོ། །བུ་རམ་དམར་པོ་རྩ་བ་གནག་པ་ནི་ཕལ་ཆེར་སྲིན་བུར་འགྱུར། ཁྲག་དང ་ཚིལ་དང་ཤ་སྟེ། བད་ཀན་སྐྱེ་སྟེ་མི་བཟང་ངོ། །བུ་རམ་དཀར་པོ་ལོ་གཅིག་ལོ་ན་ཕན་ཆད་རྙིང་པ་ཞེས་བྱ་སྟེ་ཞིམ་སྟེ་ཡིད་དུ་འོང་ངོ། །ཅི་ལ་ཡང་ཕན་ནོ། །རླུང་དང་བད་ཀན་དང་མཁྲིས་པའི་ནད་གསུམ་ཆར་སེལ་ཏེ་དགེའོ།། ་བུ་རམ་གསར་བ་ནི་བད་ཀན་སྐྱེ། ཕོ་བའི་མེ་དྲོད་མེད་པར་བྱེད་དེ་མི་དགེའོ། །དེ་ལྟར་བུ་རམ་གྱི་ཁུ་བ་བསྡུས་པའི་ཞབས་ནས་བྱུང་བ་དེ་ནི་ལི་ཁ་རར་འགྱུར་རོ། །ཚུལ་འདི་དང་འདྲ་བར་ཁ་ར་དཀར་པོར་བསྐོལ་ཞིང ་གདུས་པ་ལས་ཁ་རའི་བྱེ་བྲག་རྣམ་པ་གསུམ་དུ་འབྱུང་བ། སྟེང་རིམ་གྱི་ཞེས་བྱ་བ་དང། བར་ནས་འབྱུང་བ་ནི་ལི་ཁ་ར་བཟང་པོར་བྱ་བའི་རྒྱུ་ཡིན་ཏེ། ཧྭགས་ཡིན་ནོ། །ཞབས་ནས་བྱུང་བ་ནི་ལི་ཁ་ར་ཉིད་ཡིན་ནོ། །དེ་ལ་མཐུའི་བྱེ་དྲག་ནི་སྟེང ་བས་བར་གྱི་བཟང། བར་ནས་ནང་གི་ཞབས་བཟང་སྟེ། གློ་གཅོད་དང། གློ་བརྡོལ་བ་དང། ཁྲག་དང་མཁྲིས་པའི་ནང་རླུང་ནད་སེལ། ཁོང་དུ་ཕན་ཏེ་བུ་མེད་ལ་ཕོང་ཅིང་རོ་ཙ་བར་འགྱུར། ཁ་ར་དང་འདྲ་བར་ཤིང་རླངས་པ་ཚེས་མ་ཅན་གྱི་ཁུ་བ་བསྐོལ? ་པ་ལས་ཁར་བྱས་པ་ཡང་ལི་ཁ་རའི་ཡོན་ཏན་དང་འབྲའོ། ལི་ཁ་ར་དཀར་པོ་ཐམས་ཅད་ཀྱི་ཡོན་ཏན་ནི་ཚ་བ་དང་སྐོམ་བ་དང། སྐྱུག་བྲོ་བ་དང་བརྒྱལ་བ་དང་ཁྲག་དང་མཁྲིས་པའི་ནད་འདི་རྣམ་སེལ་བར་འགྱུར་རོ། །དེ་ལ་མདོར་བུ་རམ་ཤིང་ལས ་གདུགས་ཏེ་བུ་རམ་གྱི་དབུ་བ་ཁ་ཕྲི་སླ་བར་འོང་པར་ལྟ་བུ་ནི་ངན་ནོ། །བུ་རམ་ཤིང་ཡང་རུང་ཁ་རའི་ཤིང་ཡང་རུང་སྟེ་དེ་ལས་བྱས་པའི་ཁ་ར་དཀར་པོ་ནི་བཟང་སྟེ་དགེའོ། །དེ་ལ་སྒྲང་རྩི་ནི་མིག་ལ་ཕན། བད་ཀན་དང་ཚིལ་ཆེ་བ་དང། དབུགས ་མི་བདེ་བའི་ནད་སེལ་སྒོམ་པ་ལ་ཕན། དུག་སེལ་སྐྱིགས་བུ་དང་ཁྲག་ནང་མཁྲིས་པའི་ནད་སེལ། ཧ་ཅང་ཚོ་སྟེ་ཤས་ཆེ་བཤད་ན་ཅིང་འབྲི་བར་འགྱུར། མཛེ་དང་ཆུ་སྲི་བ་དང་སྐྱུག་བྲོ་བ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ་དང། ཚད་པ་དང ་ལྟེ་བའི་ནང་ན་སྲིན་བུའི་གདུག་པ་སེལ། རྨན་རྣགས་པ་རྣག་དང་ཆུ་སེར་འབྱིན། །རྨ་འཚོ། ཆགས་གྲུགས་འབྱོར། རླུང་ཡང་སྐྱེའོ། །མདོར་ན་སྦྲང་རྩི་ནི་མངར་ལ་རོ་བསྐ། ཁོང་དུ་རྩུབ་པ་ཡིན། སྤྲང་རྩི་ལས་ཁན་དར་བྱས་པའི་ཡོན་ཏན་དང་མཐུང ་དེ་ལྟར་འདྲའོ། །སྦྲང་རྩིའི་ཉེན་ནི་སྟོན་དང་སོ་ག་ཚ་བའི་དུས་ལ་ཡང་བབ་ལ་ཚ་བའི་ནད་ཀྱིས་ཀྱང་ཐེབས་ལ། སྨན་ཚ་བ་དང་སྦྲང་རྩི་སྦྲ་དང་ནས་ཕྱུང་མ་ཐག་པ་དྲོན་མོ་དང། སྨན་ཚ་བར་གྱུར་བ་ལ་འདི་ལྟ་བུར་བྱས་ཏེ་བཏང་ན་ནད་པ་གསོད་དུག་གི ་མེ་ཏོག་ལས་རྩི་བྱུང་བ་དང། །སྣང་མ་གདུག་པས་གསོས་པ་ནི་དྲོ་བ་ཡང་རུང་དྲང་ཡང་རུང་སྟེ་མི་རུང་ངོ། །སྐྱུག་སྨན་ཆུ་དྲོན་དང་སྦྲང་རྩི་སྦྱར་ཏེ་བཏང་བ་འམ། སྨན་མར་མས་བཏང་བ་དྲོན་པོའི་ནད་དུ་སྦྲང་རྩི་སྦྱར་བ་ནི་ཉེས་པ་མེད་དོ། །བུ་རམ་ཤིང་དང་ཁ ་ད་ཤིང་དང་བུ་རམ་དང་ཁ་དའི་བྱེ་བྲག་དང་སྦྲང་རྩིའི་བྱེ་དྲག་པ་ཤད་པ་རྫོགས་སོ།། །།ཏིལ་མར་དང་ཨེ་རཎྜའི་མར་དང་ཡུངས་མར་དང་བ་རུ་རའི་མར་དང་ཟང་མའི་མར་དང་ལེབ་རྒན་རྩའི་མར་གྱི་ཕན་གནོད་བསྟན་གཏིལ་མར་གྱི་ཕན ་གནོད་ཏིལ་དངོས་དང་འདྲའོ། །དེ་ལ་འབྲུ་མར་གྱི་ནང་ན་ཏིལ་མར་ནི་བཟང་ན། ཏིལ་མར་ནི་ཅུང་ཟད་ཚ་བ་འཐུངས་ན་ལུས་ཀུན་ལ་མྱུར་དུ་ཁྱབ་ཅིང་མཆེད་པར་བྱེད། ཉེན་ནི་ཏིལ་མར་འབའ་ཞིག་རྟག་ཏུ་འཐུངས་ན་ཤ་མདངས་ཀྱི་བགས་པའི་མདོགས་གནོད་དེ་ཤ ་བཀྲ་དང་ཤུ་བ་དང་མཛེ་ལྟ་བུའི་ནང་དུ་འགྱུར་རོ། །མིག་ལ་གནོད། ཏིལ་མར་དང་སྨན་དང་སྨན་གཞན་དུ་སྦྱར་ཏེ་བཏང་པ་ནི་ཉེན་དུ་མི་འོང་ངོ། །ཏིལ་མར་ནི་རྣོ་ལ་ཚན་ཆེ་བས་བད་ཀན་སེལ་ལོ། །སྐེམ་པོ་ལ་བཏང་ན་ཤ་སྐྱེ་སྤོན?་པོ་ཚན ་པོ་ལ་བཏང་ན་ཤ་གྲིམས་པར་འོང་ངོ། །མཁྲེན་པས་ཐོགས་ཏེ་ནུ་?་སྐམ་དུ་འོང་ངོ། །ལྟོ་བ་ནང་གི་སྲིན་བུ་སེལ་ཏོ། །ཏིལ་མར་སྨན་དང་སྦྱར་ཏེ་བཏང་ན་ན་དེ་ངོ་ཅོང་ཐམས་ཅད་སེལ་ཏོ། །ེ་རཎྜ་དཀར་པོའི་མར་ནི་ཁ་ལ་ཚ་ཞིང་ངོ་ཁ་བ་ཡིན་ནོ། །ེ། ་རཎྜའི་མར་འཐུངས་ན་ཞུ་བའི་རྗེས་ནི་མངར་བར་འགྱུར། ཁོང་འཁྲུ་ལྕི་སྟེ་ཅུང་ཟད་བསིལ་བར་འགྱུར། །རྒྱུ་མ་ཆེར་སྐྱེས་ཏ་རླིག་རླུགས་སུ་གྱུར་བའི་ནང་དང། རྒྱབ་ན་?། ཨེ་རཎྜ་དམར་པོའི་མར་ནི་རྣོལ་ཆ། ཤ་རྗེན་སུངས་པའི་དྲིལ ་རབ་ཏུ་མནམ་ལག་པས་མན་བ་?་ཏུ་འབྱིལ་ཞིང་འདྲེད། ཕན་གནོད། ཀྱི་ཡོན་ཏན་ནི་ཨེ་རཎྜ་དཀར་པོ་བཤད་པ་དང་འདྲའོ། །ཡུངས་ཀར་གྱི་མར་ནི་རོ་ཚ་ལ་དྲོད་ཆེ་རྣོ། །ཡུངས་མདའའབའ་ཞིག་རྟག་ཏུ་འཐུངས་ན་བད་ཀན་དང་རླུང་སེལ?་ཁུ ་ཆུ་འབྲི་བར་འགྱུར། ཁོང་ཡང་མཁྲིས་པ་དང་ཁྲག་སྐྱེ་བར་འགྱུར་ཏེ་མི་དགེའོ། །ཕན་པ་ནི་རླུང་དང་བད་ཀན་ལས་གྱུར་བའི་འབྲུམ་བུ་དང་མཛེ་དང་གཞང་འབྲུམ་གྱི་ནང་དང། རྨ་བྱུང་བ་དང་སྟོན་སྲིན་བུ་ཡོད་པ་དང། འདི?་རྣམས་སེལ་ཏེ་པན་ནོ། །བ་རུ། ་རིའི་མང་ནི་རོ་མང་རལ་བསིལ། ཀླད་པར་བསྐུ་ཞིང་སྣ་ནས་བཏང་སྐྲ་སྐྱེ་འཇུ་དཀའ་སྟེ་ལྕི། མཁྲིས་པ་དང་བད་ཀན་སེལ་ཏོ། །ཚ་པའི་མར་ནི་རོ་ཁ་སྟེ་རབ་ཏུ་ཚ་ཞིང་དྲོ་བཙམ་ནི་མ་ཡིན། ལྟོའི་སྲིན་བུ་དང་མཁྲིས་པ་དང་བད་ཀན་གྱི་ནད་སེལ། ་ཏོ། །ཟར་མའི་མར་དད་ལེབ་རྒན་རྩིའི་མར་ནི་དྲོང་ཆེ། ཤ་མཐང་གི་ལྤགས་པ་ལ་གནོད་ཤ་བཀྲ་མཐུར་བུ་ཤུ་བ་མཛེ་འདྲ་བའི་ནང་དུ་འགྱུར། སྨན་དང་སྦྱར་ན་ནི་དེ་ལྟ་བུའི་ཉེན་དུ་ཡང་མི་འགྱུར། བད་ཀན་དང་མཁྲིས་པ་སྐྱེའོ། །ཆིལ་དང ་རྐང་ནི་རླུང་ནད་སེལ་ཏོ། །ཉམས་བརྟ། སྟོབས་སྐྱེ། བད་ཀན་སྐྱེའོ། །ལུག་དང་རའི་ཚིལ་རྟ་བུ་ནི་དྲོད་ཆེ་བས་མཁྲིས་པ་སྐྱེའོ། །བྱ་ན་ཤ་སོ་སོའི་བྱེ་བྲག་གི་ལན་གནོད་ཅིང་འདྲ་པའི་ཚལ་ཡང་དེ་དང་འདྲའོ། །བྱན་ཤ་སོ་སོའི་བྱེ་བྲག་ནི ་ཡུལ་སྐམ་ས་དད་སེར་ཚེས་ནས་བྱུང་བ་རྣམ་པ་གཉིས་ཏེ། སྤྱིའི་ཡུལ་སྐམས་དང་སེར་ཆེ་ས་ནས་བྱུང་བའི་ཕན་གནོད་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཏིལ་མར་དང་ཨེ་རཎྜའི་མར་དང། ཡུངས་མར་དང། བ་རུ་རའི་མར ་དང། ཟར་མའི་མར་དང། ལེ་བརྒན་རྩིའི་མར་གྱི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།ཆང་སྣ་ཚོགས་ཀྱེ་ཕན་གནོད་ཀྱི་བྱེ་བྲག་བཤད་པ་ཆད་ངོ་ཅོག་ནི་ཤ་འབར། ཡི་ག་འབྱེད། དྲོང་ཆེ། རྣོ་དགའ་ ་པར་བྱེད། ཁོང་བརྟ་ཆབ་གི་སྤྱིའི་རོ་ནི་མངར་ལ། ཁ་བསྐ་རྣོ། །འཐུངས་ན་ཞུ་བའི་རྗེས་ནི་སྐྱུར་ལི་ཅུང་ཟད་ཁོང་འཁྲུ། མགུལ་པ་སྙན་པར་འགྱུར། རན་པར་འཐུངས་ན་ཅི་ལ་ཡང་ཕན་ཏེ་ནད་མེད། །ཚད་ཟིན་ཅིང་ཕན་པའི་མོད་ལ་སྤོབས་པ ་ཆེ། བཞིན་མདོག་འགྱུར། ཁོང་ཡང་གཉིད་མེད་པ་ནི་གཉིད་འོང། གཉིད་ཧ་ཅང་ཆེ་བ་ནི་རན་པར་འཐུངས་ན་གཉིད་ཆུང་བར་འགྱུར། ཆང་གི་ཉེན་ནི་མཁར་པ་པ་དང་ཁྲག་སྐྱེ་བའི་ནང་དུ་འགྱུར་ཏེ་གནོད། ཆང་ཚོད་ཟིན་ཅིང་རན་པར ་འཐུངས་ན་ཤ་སྐྱེས་པ་དང། ཤ་ཆེ་ཞིང་སྦོམ་པ་གཉིས་ལ་ཕན་ཆད་འཐུངས་ན་བཅུད་རྣོ་ཞིང་མགྱོགས་ཏེ་ལུས་ཀུན་ཏུ་ཁྱབ། ཅུང་ཟད་རྩུབ། ལུས་ཀྱི་སྒོ་དགུ་ཅར་གྱི་རྒྱུན་སྲང་གི་ནད་དང་དྲི་མ་ཀུན་ཏུ་སྦྱོང་ཞིང་སེལ་ཏེ། དྲི་མ་ཀུན་ལེགས ་པར་འབྱུང་བར་འགྱུར། རན་པར་འཐུངས་ན་རླུང་དང་བད་ཀན་ཀུན་སེལ་ཏེ་ཕན་ནོ། །ཆང་ལ་ཚོད་མི་ཟིན་པ་ནི་དུག་དང་འདྲ་སྟེ་གནོད་དོ། །ཆང་མ་བསྒྲུངས་པ་སར་པ་ནི་ལྕི། ཇུ་དཀའ་ནད་དུ་འགྱུར་ཏེ་མི་དགེའོ། །ཆང་སྒྲུངས་པ་རྙིང་པ་ནི་འཇུ་སླ་དྲོང་ཆེ ་ཁོང་ཡང་ནད་ཀུན་ལ་ཕན་ནོ། །ཐུག་པ་འམ། ཚོད་མ་འམ་ཁུ་བ་འཐུངས་པའི་རྫས་ལ་ཆང་ནན་ཆེར་འཐུངས་ན་མི་དགེ་སྟེ་ཅུང་ཟད་བསྡད་ལ་ཕྱིར་བཏུང་ངོ། །བཀྲུ་སྨན་བཏང་བ་དང། ལྟོ་སྟོང་བཀྲེས་པ་ཉིད་ལ་ཆུ་འཐུངས་ན་མི་དགེ་སྟེ ་མི་བཏུང་ངོ། །ཆང་ཧ་ཅང་ཡང་ཞིམ་ཆེས་པ་རྣོན་པོ་དང་ཆང་ནར་མ་སོན་པ་གཞོན་ན་དང། ཆང་སྣ་སོ་སོ་ཐ་དད་པའི་ཆོ་ག་བཞིན་དུ་ལེཌ་པར་མ་བྱས་པ་དང། ཆང་སྙིགས་མ་ཅན་ཏེ་དེ་ལྟ་བུ་ནི་མི་དགེ་སྟེ་མ་འཐུང་ཞིག། འབྲས ་ཆན་ལ་ཕྱེད་བསྒྲུངས་པ་དང། གྲོ་ཆང་བཟང་པོ་ནི་སྐྲན་དང་དམུ་རྫིང་ལ་སོགས་པའི་ནད་དང། གཞང་འབྲུམ་དང། ཕོ་བའི་ནང་དང། ཤ་སྐེམ་པོར་གྱུར་བ་དང། སྙིང་ན་བ་འདི་རྣམས་ལ་ཕན། རླུང་ནད་སེལ་ཏེ་ཁོང་འཇམ། ཅུང ་ཟད་ཅིང། ཚིལ་དང་ཁྲག་སྐྱེ། བུད་མེད་ཀྱི་ནུ་ཞོ་སྐྱེ། གཅིན་ལེགས་པར་འོང། བད་ཀན་འགྱུར་བ་ཡིན་ནོ། །ཤིང་ན་ལེ་ཀ་རིའི་འབྲས་བུའི་ཁུ་བ་ལས་ཆང་དུ་བྱས་པ་ནི་གློ་སྙིང་ལ་ཕན་ཡང། གློ་སྙིག་ན་བ་དང། ལུང་བ་ལུ་བ་དད ་སྐྱུག་བྲོ་བ་དང། དབུཌ་མི་བདེ་བ་དང། གཤང་གཅི་འགགས་ཏེ་འོང་དུ་མི་རུང་བ་དང། ལྟོ་སྦོས་པ་དང། ཆམ་བས་བཏབ་པའི་ནད་འདི་རྣམས་སེལ་ཏོ། །བ་རུ་རའི་འབྲས་བུའི་ཁུ་བ་ལས་ཆང་དུ་བྱས་པ་ནི་སྤང་སྟེ་ཧ་ཅང་ཡང་རོ་བྲོ་བར་མི་འགྱུར། རྨ་བྱུང་བ་དང ་མཁྲིས་པ་རྒྱས་པ་ལ་ནང་དུ་འགྱུར་རོ། །མཛེ་དང་འདི་རྣམས་ལ་མཚར་དུ་མི་གནོད་ཏེ་ཕན་ནོ། །སྨན་སོ་སོ་ལས་ཆང་དུ་བྱས་པ་ནི་ནད་ཀུན་ལ་ཕན་གནོད་མེད་ཅེས་བྱ་སྟེ་ཆང་ཀུན་གྱི་ནང་ན་དགེ། སོ་སོའི་ཡོན་ཏན་སྨན་སྣ་གང་དང་གང་ལས་ཆང་དུ་བྱས་པ་ཕན་པའི་སྟོབས ་ཀྱང་བལྟའོ། །སྨན་སྣ་སོ་སོ་ཆང་དུ་བྱས་བ་གནོད་བ་མེད་ཅེས་བྱ་བ་སྤྱིའི་ཡོན་ཏན་ནི་ཕོ་བའི་ནད་དང། སྐྱ་རྦབ་ཀྱི་ནད་དང། མཛེ་དང་གཞར་འབྲུམ་གྱི་ནད་དང། ལུས་སྐེམ་བོར་གྱུར་བ་དང། ལུས་སྐྲང་བ་དྲང། དམུ་རྫིང་ལྟ་བུ་གསུས་བ་ཆེར་སྐྱེས་པ་དག་རིམས་དང་སྐྲན་དང ་ཁོང་ན་སྲིན་བུ་ཡོད་པ་དང། མཆེར་བ་ན་བ་དང། འདི་རྣམས་ཀུན་ལ་ཕན་ཏེ། སྨན་ཆང་གནོད་མེད་ཅེས་བྱ་བ་ནི་རོ་བསྐ་ལ་ཅུང་ཟད་རོ་ཚ་སྟེ། ཤས་ཀྱིས་རླུང་སྐྱེའོ། །དགུན་ཆང་རན་པར་འཐུངས་ན་ནང་ཀུན་སྤྱོད། གློ་སྙིང་ལ་ཕན། རབ་ཏུ ་དྲོད་ཆེ་བ་ཡང་མ་ཡིན། རོ་མངར་ཅུང་ཟད་འཁྲུ། མཁྲིས་པ་ཅུང་ཟད་སྐྱེ། རླུང་ནང་ཆུ་སྲི་བ་དང། གཞང་འབྲུམ་གྱི་ནད་དང། སྐྱ་རྦབ་ཀྱི་ནད་དང། ལྟོ་ན་སྲིན་བུ་ཞུགས་པའི་ནང་སེལ་ཏོ། །བུ་རམ་གྱི་ཆང་ནི་བཤང་གཅི ་འགགས་བ་འབྱུང་བ་རང་གྱུར། བུ་རམ་ཤིང་གི་ཆང་ནི་ལུས་ཀྱི་ཁོང་དུ་སྣུམ་བ་དང། བད་ཀན་གྱི་ནད་ཀུན་སེར་བར་བྱེད། དྲོ་འཇམ་དང་བུ་རམ་ཆང་ཕྱེད་དུ་པོར་གདུས་པ་ལྟར་ནི་ཤ་དང་ཚིལ་ཆེ་བར་སྐྱེ་བ་དང། འོར་ནང་སྐྲངས་པའི་བག ་དང། དམུ་རྫིང་ལྟ་བུ་ལྟོ་བ་ཆེར་སྐྱེས་པའི་ནད་དང། གཞང་འབྲུམ་གྱི་ནད་ཀུན་ལ་མཆོག་ཏུ་ཕན་ནོ། །སྦྲང་ཆང་ནི་རྣོ་སྟེ་ཚིལ་དང་བད་ཀན་ཆེར་སྐྱེས་པ་ཤས་ཆེ་ཞིང་སྦོམ་པར་གྱུར་པ་འདི་རྣམས་སེལ་ཅིང་གྲིམས་པར་བྱེད། ཆུ་སྲི་བ་དང་ཆམ་པ་དང་ལུད་པ་རྣམས་སེལ་ཏེ་ཕན། ཚ་ནི ་ཁྲག་དང་མཁྲིས་པའི་ནད་དང་བད་ཀན་སེལ་ཅིང་གྲིམ་པར་བྱེད། ཚ་ནི་ཁྲག་དང་མཁྲིས་པའི་ནད་དང་བད་ཀན་སེལ། ཁ་ཟས་ཞུ་བར་བྱེད། རླུང་ལས་གྱུར་ཏེ་བཤད་བ་འགགས་ཏེ་འོང་དུ་མི་བཏུབ་པ་ལན་ཚ་འཐུངས ་ན་བཤད་པ་ལེགས་པར་འོང། ཚ་ནི་སྐྱུར་ཏེ་རབ་ཏུ་ཚལ་རྣོ་རྩུབ་ཡིད་དུ་འོང། ཡི་ག་?་བྱེ། ཅུང་ཟད་ཙམ་འཁྲུ་བར་འགྱུར། འཐུངས་ན་དྲོད་འབད། ལུས་སམ། རྐང་ལག་ཚབ་ལས་ཚྭ་བསྐུས་སམ་བྱུགས་ན་བསིལ་བར་འགྱུར། བད་ཀན་ལས་གྱུར་པའི ་ནང་རྒྱ་རྦབ་དང། །མིག་ལ་གནོད། སྟོན་སྲིན་བུ་ཡོད་པ་ནི་སེལ་ཏེ། བུ་རམ་ཆད་པས་ནི་བུ་དང་གྱི་ཤིང་ལས་ཆང་དུ་བྱས་པ་ཡང་ངོ། །དེ་བས་ནི་རྒུན་ཆང་ཡང་ངོ། །རྒུན་ཆད་པས་ཚྭ་ཡང་ངོ། །སྨན་གྱི་རྩ་བ་ཆད་དུ་བྱས་པ་དང། སྡོད་བུ་ལ་ཆང་དུ་བྱས་པ་དང། འབྲས ་བུ་ལ་ཆང་དུ་བྱས་པ་ཡང། རྩ་བ་དང་སྡོང་བུ་དང་འབྲས་བུའི་ཕན་གནོད་ནི་ཡོན་ཏན་ཅི་འདྲ་བ་དེ་བཞིན་དུ་ཆང་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ལ་ཕུག་དང་ཡུངས་མ་བཏུབ་ཏེ་བཤུར་བསྲན་ཆེ་དང་བསྲེས་ཏེ་སྒ་དང་པི་པི་ལིང་དང། ན་ལེ་ཤམ ་དང། ལན་ཚྭ་དང་གོ་སྙོང་དང། སྐེ་ཚེ་དང་སྦྱར་ཏེ་དྲོ་འཇམ་ཙམ་དུ་མནན་པ་ནི་སྐྱུང་པོར་མ་ནན་པ་འདི་ཉིད་ཀྱང་ཡི་ག་འབྱེད་འཇུ་སླ་སྟེ་ཡང་ངོ། །འབྲས་ཙབས་ཏེ་ཁོར་འཁྲུ། དྲོད་ཆེ་སྟེ་ཚ་ལ་རྣོ། །མཁྲིས་པར་འགྱུར། ལུས་སམ་རྐང་ལག་ཚ། རྩབས་ཀྱིས ་སྤྲུལ་ན་བསིལ་བར་འགྱུར། །ངལ་བ་དང་རྨྱ་བ་ལ་འཐུངས་ན་ཕན། ཡིག་འབྱེ། དྲོད་ཆེ། ཆུ་སེར་ན་ཞིང་ཆུ་སྲིབ་ལ་ཕན། རྩབས་དང་སྨན་སྦྱར་ཏམས་བཏང་བ་ལ་དགེའོ། །རླུང་དང་བད་ཀན་གྱི་ནད་ལ་ཕན་ནོ། །ནད་ཀྱི་དམིགས་དང་སྦྱར་ཏེ་གཅིན་བཏུང་བ་ནི ་བ་གཅིན་དང། ར་གཅིན་དང། ལུག་དད་མ་ཏེ་མོ་དང། བ་ལང་མོ་དང། རྟ་དང་རྔ་མོ་དང་བུད་བྱ་དང། འདི་རྣམས་ཀྱི་གཅིན་ཡང་སོ་སོའི་སྨན་དུ་བཟའ། དཔེར་ན་བ་གཅིན་བླང་བ་ལྟ་བུ་ཡང་རྒན་གཞན་མཁྱེར་བ་དར་ལ་བབ་ཅིང་མི་དགེ་བ་ནད་མེད་པ ་འདི་ལྟ་བུ་གཤེར་ས་དང་རྩ་ངན་པ་སྣ་ཚོགས་བར་བུར་ལ་ཟད་མི་གཞུག་པར་སྐམ་སའི་རྩ་ཡང་བ་གཤིན་པ་ལ་བསྐྱངས་ལ་ཆུ་ཡང་གོང་དུ་བཤད་པ་ལྟ་བུ་ལ་བླང་དེ། གཅིན་དགོས་བཟོད་དམ། ཞོ་གཞོན་ཡང་སྔར་ཟས་ཐག་བསྲིངས་ཏ་བཞོ་འམ། ཡང་ན ་ཕན་ཚུན་དུ་བཏབ་ཏེ་བསྐྱོད་བསྐྱོད་ལ་བཞོས་སམ། གཅིན་བཟེད་པ་ནི་ཡང་པ་ཡིན་ཏེ་དགེའོ། །བ་དང་འདྲ་བར་གཞན་ཀུན་ལ་ཡང་དེ་དང་འདྲ་བར་བྱའོ། །འདི་རྣམས་ཀྱི་གཅིན་གྱི་ཡོན་ཏན་འདྲ་སྟེ་མཁྲིས་པ་སྐྱོ། རྩུབ། རྣོ་དྲོད་ཆ་འཐུངས་པའི་རྗེས། ་ལན་ཚྭ་ཕྲོ། །ངོ་ཚ་སྲན་བུ་དང་འོང་ནང་དུ་སྐྲངས་བག་དང། གསུས་པ་ཆེར་སྐྱེས་པ། །དམུ་རྫིང་ལྟ་བུ་དང། ལྟོ་སྤོས་བ་དང་བད་ཀན་ལས་ནང་དུ་གྱུར་པ་དང། རྐྱ་རྦབ་ཀྱི་ནད་དང། བད་ཀན་དང་རླུང་ནད་དང། སྐྲན་ནད་དང། ཡི་ག་འཆུས་པ་དང། དུག ་གིས་ཕོག་པ་དང། ཤ་བཀྲ་དང་མཛེ་དང་གཞང་འབྲུམ་དང། ནད་འདི་རྣམས་མྱུར་དུ་སེལ་ཏེ་ཕན་ནོ། །ཆར་སྣ་ཚོགས་དང་རྩ་བས་དང་གཅིན་སྣ་ཚོགས་ཀྱི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།དེ་ནས་ཁ་ཟས ་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །འབྲས་རཀྟ་ཤ་ལི་ཞེས་བྱ་བ་ཕྱི་ཤུན་དམར་འབྲས་ཀྱི་ཁོང་དཀར་མདོག་ཅུང་ཟད་ཙམ་རྩ་ནར་བ་ཞིག་ཡོད་པའི་མིང་ནི་ས་སུ་རྩ་སྣང་ཞེས་བྱ་བ་དང། མ་ཧ་ཤ་ལི་ཞེས་བྱ་བ་འབྲས་དཀར་ལ ་ཚོ་ཞིང་རིང་བ་ཞིག་ཡོད་དོ། །མིང་ནི་ས་ལུ་ཆེན་པོ་ཞེས་བྱ་བ་དང། །འབྲས་ཀ་ལ་མ་ལ་ཞེས་བྱ་བ་དྲི་རབ་ཏུ་ཞིམ་ལ་ཁོང་དཀར། དེའི་མིང་ནི་འབྲས་མཆོག་ཅེས་བྱ་བ་དང། འབྲས་ཏུ་རྣ་ཀ་ཞེས་བྱ་བ་ས་བོན་བཏབ་ནས་ཞག་དྲུག་ཅུས། ་སྨིན་ཏེ་བཟར་རུང་བ། ཏུ་ན་ཀ་ཞེས་ཀྱང་བྱ་སྟེ། །འབྲས་ཀྱི་ལྡང་འདབ་ཕུ་དུང་འདུས་པའི་ནང་ནས་སྨིན་པའི་རབ་ཏུ་བཟང་སྟེ། །མཆུ་ཐུང་ལ་ཟླུམ། རྩ་རབ་ཏུ་དཀར་བ་མ་ཡིན། རོ་ཞིམ་པ་ཉིད་ཀྱང་ཡིན་ཏེ། དེའི་མིང་ནི་ཞག།། ་དྲུག་ཅུ་སྨིན་པའམ། མྱུར་དུ་སྨིན་པའི་འབྲས་ཞེས་བྱའོ། །འབྲས་ཀྱི་ས་བོན་བྱས་ཁྱེར་ཏེ་འོངས་པ་ཞེས་བྱ་བ་རིང་བ་ཡང་མ་ཡིན། ཟླུམ་པ་ཡང་མ་ཡིན། ཡིད་འཛུམ་འཇོང་ལྟར་འདུག་པའི་མིང་ནི་བྱས་བླངས་བ་ཞེས་བྱ་བ་དང་། ་འབྲས་ཤར་མུ་ཁ་ཞེས་བྱ་བ་འབྲས་ཀྱི་དབྱིབས་མགྲོན་བུ་འདྲ་ལ་དཀར་བ་ཞིག་ཡོད་པ་དང། འབྲས་དྷི?་རྐ་ཤུ་ཀ་ཞེས་བྱ་བ་མཆུ་རིང་ལ་ཐོར་ཏོ་རྣོན་པོར་འདུག་པ་དང། འབྲས་ར་དྷྲ་ཀ་ཞེས་བྱ་བ་སྨན་རོ་དྷྲའི་འབྲས་བུ་འདྲ་ལ་རྩེ་མོ་རྣོན ་པོར་འདུག་པ་དང། འབྲས་བུ་གཾདྷཀ་ཞེས་བྱ་བ་དྲི་རབ་ཏུ་ཞིམ། ཐུག་ཚེ་ལ་ལེབ་མཆུ་ཐུང་ལ་དཀར་བ་ཞིག་ཡོད་པ་དང། འབྲས་བ་ཏངྒ་ཞེས་བྱ་བ་རྩ་བ་སེར་བ་ཞིག་ཡོད་བ་དང། འབྲས་འདི་རྣམས་དང། གཞན་ཡང་རུང་སྟེ། ་འབྲས་ནི་རོ་མངར། ཟོས་ནས་ཞུ་བའི་རྗེས་ནི་མངར་ཞི་མ་སྣུམ། རླུང་བད་སེལ་།བཅུད་དུ་འགྱུར། རོ་རྩ་སྟེ་བུད་མེད་ལ་ཕོང། །མཐུར་དུ་བཤང་བ་འོང་བ་ནི་ཆུང་ཞིང་སླ་མོ་མ་ཡིན་ཏེ། ཟླུམ་པོར་འབྱུང་ངོ།། འབྲས་ཅན་ཟོས་ཏེ་མིང་པ ་དང། ཁ་ན་རོ་བྲོ་བའི་རྗེས་བསྐ་པ་ཡིན། །བསོད་དེ་ཕན་ཆད་སླ་སྟེ་ཡང། ཁོང་བསིལ་གཅིན་མང་ངོ། །དེ་ལ་འབྲས་ཀུན་གྱི་ནང་ན་མཆོག་ཏུ་རཀཤ་ཤ་ལི་ཞེས་བྱ་བ་ནད་དཀར། ཕྱི་རོལ་མདོག་ཅུང་ཟད་རྩ་ནང་བ་དེ་ནི་མཆོག ་ཏུ་བཟང་སྟེ་འབྲས་དེ་ཟས་སུ་ཟོས་ན་སྐོམ་དང་ཆུང། བད་ཀན་གྱི་ནད་དང་མཁྲིས་པའི་ནད་དང་གསུམ་ལ་སོགས་པ་ནང་ཀུན་སེལ་ཏོ། །འབྲས་མཧཱ་ཤ་ལ་ཞེས་བྱ་བ་ནི་དེའི་འོག་ཏུ་བཟང་ངོ། །མ་ཧ་ཤ་ལའི་འོག་ཏུ ་འབྲས་ཀ་ལ་མཆོག་ཅེས་བྱ་བ་བཟང་སྟེ་ཕན་པ་ཡིན་ནོ།། འདི་གསུམ་མ་ཡིན་པ་གཞན་འབྲས་ཡ་བ་ཀ་ཞེས་བྱ་བ་དང། འབྲས་ཧ་ཡ་ན་དང་འབྲས་པཾ་སུ་པ་པི་ཞེས་བྱ་བ་སེར་མེད་ཅིང་སྐམ་སར་སྐྱེད་སྐྱེད་པ་དང། ་འབྲས་ནེ་ཤ་དོ་ཀ་ཞེས་བྱ་བ་ལ་སོགས་པ་འདི་རྣམས་རོ་?་དང་ཟོས་ན་ཕྲལ་དུ་དྲང་ཆེ་ལྕི་སྣུམ་ཞུ་?་རྗེས་སྦྱར་བའི་འགྱུར་དེ་བད་ཀན་དང་མཁྲིས་བ་སྐྱེ་ཐུར་དུ་བཤད་གཅི་འོང་བ་ཡིན་།སླ་ཞིང་མང་དུ་འོང། །འབྲས་འདི་རྣམས་ལ་བཟང་དན? ་གྱི་རིམ་པ་ནི། འབྲས་ན་ལི་དྷ་ཀ་དང། བསྐམ་སར་སྐྱེས་པ་པཾ་སུ་པ་པི་ཞེས་བྱ་བ་?། །པཾ་སུ་པ་?་འབྲས་ཧ་ན་ཡག་གནོད་དེ་སྨད་དོ། །འབྲས་ཧན་ཡག་འབྲས་ཡ་བ་ཀ་ཡང་།ཡང་གནང་ན་གནོད་དེ། སྨད་པ་ཡིན་ནོ། །འབྲས་ཤ་ཏི་ཀ་ཞེས ་བྱ་བ་ས་བོན་བཏབ་ནས་ཞག་དྲུག་ཅུས་སྨིན་ཏ་བཟར་རུང་བ་སྐྱེས་ནས་སྨིན་པའི་ཐབས་ནི་འབྲས་བུ་ཀྱི་ལྗང་འདབ་ཕུང་དུང་?་པའི་ནང་ཡིད་དུ་སྨིན་པའི་འབྲས་དེ་ནི། མཆུ་ཐུང་ལ་ཟླུམ། རྩ་འདོད་འདོད་མི་དཀར། རོ་ཞིམ་པ་ཉིད་ཁྱད་མ་ཡིན་ཏེ་།དེའི་མེད་ནི ་ཞག་དྲུག་ཅུས་སྨིན་པའམ། མྱུར་དུ་སྨིན་པའི་འབྲས་སྨིན་པ་འམ་མྱུར་དུ་སྨིན་པའི་འབྲས་ཞེས་བྱ་སྟེ། དེའི་ཡོན་ཏན་ནི་མངར་ལ་སྣུམ། ཡང་སྟེ་འཇུ་སླ། ལུས་ཀྱི་ཁོང་གྲིམས་ཤིང་བརྟན་པོར་འགྱུར། བསིལ་རླུང་དང་བད་ཀན་དང་མཁྲིས་པའི་ནད་ཀུན་སེལ། ་མཐུར་དུ་བཤད་གཅི་འབྱུང་བ་ནི་སླ་སྟེ། ཅུང་ཟད་རྟུག་སྐམ་ལྟར་མཁྲེན་པས་འདོགས། འབྲས་ཀྱི་འབྲུར་གཏོགས་པའི་ནང་ན་འབྲས་ཤ་ཏིཀ་ཞག་དྲུག་ཅུས་སྨིན་པ་འདི་བཟང་ངོ། །འཁྲུར་གཏོགས་པའི་འབྲས་ཀྱི་ནང་ན་འབྲས་གེའུར་ཞེས་བྱ་བ་རྩས་རང་ཞིག་ཡོད་པ་དེ་བཟང་ངོ། །དེའི ་འོག་ཏུ་འབྲས་ཧ་སི་ཏ་གེའུ་ར་ཞེས་བྱ་བ་རྩ་མི་དཀར་ལ་སེར་བ་ཞིག་ཡོད་དེ་འདི་རུང་ངོ། །འདི་གཉིས་ཀྱི་འོག་ཏུ་ནི་མ་ཧཱུ་ནི་མ་ཧཱ་བྲི་ཏི་ཞེས་བྱ་བ་འབྲས་ཀྱི་འབྲུ་ཐུག་པོ་ཆེར་འདུག་པ་འདི་བཟང་ངོ། །དེའི་འོག་ཏུ་ནི་འབྲས་ཀྱི་ཧན་འབྲི་ཧ་ཞེས་བྱ་བ་བྱིང་ཤུན་ནག་པོར་འདུག་པ་འདི ་བཟང་པོ། །དེའི་འོག་ཏུ་ནི་ཛ་ཏུ་མུ་ཁ་ཞེས་བྱ་བ་སྟེ་འབྲས་ཀྱི་གཏོར་ཏོ་རྒྱ་སྐྱེགས་ཚིགས་མ་འདྲ་བ་འདི་རུང་ངོ། །དེའི་འོག་ཏུ་ནི་དེའི་འབྲས་ཀུ་ཀུ་ཌ་ཨ་རནདྷ?་ཞེས་བྱ་ཁྱིམ་བྱའི་སྒོ་ང་འདྲ་བ་ཞིག་ཡོད་པ་དང་འབྲས་ལ་ཤ་ཞེས་བྱ་བ་?་བའི་མིག་འདྲ ་བཞིག་ཡོད་པ་དང། འབྲས་བ་ར་བ་ཏ་ཀ་བྱ་བ་ནི་དང་པོ་བྱ་ཕུག་རོན་གྱིས་བོན་ཁྱེར་ཏེ་འོངས་པས་མིང་ཕུ་རོན་འབྲས་ཞེས་བྱ་བ་དང། འབྲས་བུ་ཀ་ར་དང། །འབྲས་བར་གདང། འབྲས་ཨུཏཔ་སརྐ་དང། འབྲས ་ཨུཏཔ་ལ་དང། འབྲས་ཙན་ནེ་དང། འབྲས་ཤར་དང། ཞེས་བྱ་བ་དཔྱིད་བཏབ་ན་སྟོན་མིན་བ་དང་།འབྲས་བ་དུ་དང་།འབྲས་གིདྷ་དང་།འབྲས་ཀུ་རུ་པི་དང་།འདི་རྣམས་ནི་འབྲས་དང་འབྲུ་སྣ་ཚོགས་ཀྱི་སྣ་གྲངས་ཡིན་ཏེ་འདི་དགག་ཡོན་ཏན་ན་མིང ་རིམས་སུ་སྨོས་པའི་རིམ་བ་བཞིན་དུ་།གོང་མ་བས་འོག་མ་ཤས་ཀྱིས་ཡོན་ཏན་ཆུང་བར་བལྟ་སྟེ། རོ་ནི་མངར། ཞུ་བའི་རྗེས་ནི་སྒྱུར་རོ། །འབྲས་མིང་གིས་སྨོས་པ་འདི་དག་ལས་མ་གཏོགས་པ་འབྲུ་གཞན་ནི་འཇུག་ཀར་?་མཁྲིས་པ་སྐྱེའོ། །འབྲས་བ ་ཏ་ལ་ནི་བཤད་གཅི་གཉི་ག་མང་ཞིང་ཚ་བར་འགྱུར། ཚལ་རླུང་དང་བད་ཀན་དང་མཁྲིས་པ་གསུམ་སྐྱེའོ། །འབྲུའི་རྣམ་གྲངས་ལ་དྲང་ཀུན་ཞེས་བྱ་བ་དང། ཀྲོ་དྲ་བ་དང། ནང་བ་དང། ཁྲེ་རྒོད་ལ་སོགས་པ་ནི་བསིལ། འཇུག་ཡང་ངོ། །དེ་ལ་ཁྲེ ་ལ་སོགས་པ་ཕྱིར་ནི་རླུང་སྐྱེ། ཁོང་རྩུབ་སྟེ་ཚིལ་འབྲི་བར་བྱེད། བད་ཀན་དང་མཁྲིས་བ་སེལ། ལུས་ཀྱི་ཆགས་གྲུགས་བྱུང་བ་སླར་འབྱོར་བར་བྱེད་དོ། །དེ་ལ་སོ་སོར་བྱེ་བྲག་བཤད་ན། ཁྲེ་ནི་ཤ་མཚག་རྟལ་འཇུ་དཀའ་ལ་ལྕིའོ། །འབྲུ་ཀོ་ར་དུ ་ཤ་ཞེས་བྱ་བ་ནི་མཆོག་ཏུ་འཁྲུ་བ་གཙོང། རེག་ན་བསིལ། དུག་སེལ་ཏོ། །ནས་ནི་སྤྱི་རྩུབས་བསིལ་འཇུག་ཀའ་སྟེ་ལྕི་རོ་མངར། ཅུང་ཟད་ཁོང་ལག་བཤད་པ་ཚེར་འོང་།རླུང་སྐྱེ། ཤ་བཙག་བཟང། བུད་མེད་ལ་ཕོང། ཤ་རུས་མཁྲེགས ་ལ་བརྟེན། མཁྲིས་པ་དང་བད་ཀན་སེལ། ཚིམ་འབྲི། ཆུ་སྲི་བའི་ནད་ལ་ཕན་།ཆམ་པས་བཏབ་བ་དང། དབུགས་མི་བདེ་བ་དང། ད་རྒན་གྱིས་བཏབ་པོ་དང། ལྐོག་མ་ན་བ་དང། ལྤགས་པའི་མཛའ་ལ་མཛེ་དང་རྔོ་དང་རྐེམ་པོ ་ལ་སོགས་བའི་ནང་འབྱུང་ངོ། །གཙང་ལ་ཕན་ནོ། །ནས་ཨ་བ་ཡ་བ་ཞེས་བྱ་བ་ནི་ནས་གོང་མ་བས་ཅུང་ཟད་ཙམ་གྱིས་མཆུ་ཐུང་ངོ། །སྨིག་མ་དང་འོང་མའི་འབྲས་བུ་ཡང་ནས་གྱིས་གྲངས་སུ་བཅིས་ཏེ། རྩུབ་པ་དྲོད་ཆེ་ཚའོ། །གྲོ་ནི་རོ་མདར་ལ ་སྣུམ་ལྕི་བསིལ་ཚེ་ལ་ཏེ་མཚོ་བར་བྱེད། ཤ་བཙག་བཟང། ཁོང་རྟ། བུད་མེད་ལ་ཕོད། རླུང་དང་མཁྲིས་པའི་ནད་སེལ། རྨ་དང་ཆག་གྲུགས་འཚོ། །ལུས་ཀྱི་ཤ་མཁྲེགས་ཤིང་བརྟན་འཁྲུའོ། །འབྲུ་ནན་ཏི་མུ་ཁ་ནི་རོ་བསྐ་ཞིང་མངར ་བསིལ་ཡང་ངོ། །འབྲས་ལ་སོགས་པ་འབྲུ་སྣ་ཚོགས་གྲམ་ཅན་རྣམས་ཀྱི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།སྲན་ཡ་སྣ་ཚོགས་ཀྱི་ཕན་གནོད་གྱི་བྱེ་བྲག་བཤད་བ། མོན་སྲན་རྡེའུ་མུངྒ་དང ་མོན་སྲན་ཨནདི་ཀ་དང། སྲན་ཆུང་ལ་སོགས་པ་གང་བུ་ཅན་རྣམས་ཀྱི་འབྲུ་རྣམས་རོ་བསྐ་ཞིང་མངར་བའི་ཡིན་ཏེ་བཤད་བ་སྲི་སྟེ་སྲ་བར་འོང། འཁྲུ་བ་གཅོད། ཞུ་བའི་རྗེས་ན་ཚི། སྨན་གྱི་སྟོབས་ནི་བསིལ་ཞིང་ཡང། ཚིལ་དང་བད ་ཀན་དང་ཁྲག་དང་མཁྲིས་པའི་ནད་ལ་ཕན། ལུས་ལ་གཡན་པ་འམ། ཐོར་བུ་འམ། སྐྲངས་པ་འམ་ཚ་བ་ཡོད་པ་ལ་སྲན་མ་འདི་དག་གང་རུང་སྟེ། ཞིབ་ཏུ་བཏགས་ལ་ལྡེ་གུར་བྱས་ཏེ་བྱུགས་ན་ཕན། ཞིབ་ཏུ་བཏགས་ཏེ་ཆུ་དང་སྦྱར་བ ་སླབ་རྐྱང་རྐྱང་པོ་འམ། རམ་རུམ་དུ་བརྡུངས་ཏེ་ཆུ་དང་སྦྱར་བའི་ཁུ་བས་ལུས་གཏོར་ཞིང་བཏབ་ན་ཚིལ་ཆེ་བ་དང། བད་ཀན་རྒྱས་བ་དང། ཁྲག་རྒྱས་པའི་ནད་དང། ཚ་བའི་ནད་མཁྲིས་པ་རྒྱས་བ་འདི་ལྟ་བུའི་ནད་ཀྱི་བག་ལ་ཕན་ནོ།། ་མོན་སྲན་རྡེའུ་ནི་སྲམ་མའི་ནད་ནི་ཅི་ལ་ཡང་ཕན་ཞིང་དགེ་སྟེང་ཅུང་དུ་འགྱུར། བཤད་གཅིའི་དྲི་མ་གཉིས་ཆུང་ཞིང་ཉུང་ངོ། །སྲན་མ་ནི་མཆོག་ཏུ་རླུང་སྐྱེ་བར་འགྱུར་རོ། །ར་ཟམ་ཤ་མོན་སྲན་དཀའ་རུ་ནི་རླུང་སྐྱེ་ཁོང་རྩུབ། བཤད་པ་ཕལ ་ཆེར་འོང། འཇུ་དཀའ་ལྕིའོ། །ཀུན་ལ་ཐ་རྒྱ་སྲན་ནག་པོ་ནི་དྲོང་ཆེ་ཚ། ཞུ་བའི་རྗེས་སྐྱུར་བོར་འགྱུར་ཆུ་སོར་ཁུ་ཆུ་སྐམས་ཏེ་རྡེའུ་ཆགས་པ་དང། ཆ་མ་བ་ན་བ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ ་དང། གཞང་འབྲུམ་གྱི་ནད་དང་།བད་ཀན་དང་རླུང་ནད་འདི་རྣམས་སེལ་ཏེ་ཕན། མཁྲིས་བ་རྒྱས་པ་དང། ཁྲག་ནད་མཆོག་ཏུ་སྐྱེ་བར་འགྱུར་རོ། །ཡང་མོན་སྲན་ནིཥཔ་བ་ནི་རླུང་དང་མཁྲིས་བ་དང་ཁྲག་ནད་རྒྱས་བར་འགྱུར་།བུད ་མེད་ཀྱི་ནུ་ཞོ་སྐྱེ། གཅིན་མང། འཇུག་ཀ་།ལྕི་།ཁོང་འཁྲུ། ལུས་ཚ་བར་འགྱུར། མིག་ལ་གནོད། ཁུ་ཆུ་འབྲི། །བད་ཀན་སེལ། སྒྲངས་བའི་འར་གྱིས་བག་སེལ། དུག་ལ་ཕན་ནོ། །སྲན་མ་ཤ་མོན་སྲན་གྲེའུ་ནི་སྣུམ། བད་ཀན་སྐྱེ། བཤང ་གཅི་དྲི་མ་མང་།མཁྲིས་བ་སྐྱེ་བ་ཁོང་འཁྲུ། ལྕི་ཚ་བ་སྐེ། རླུང་སེལ། རོ་མངར། ཁུ་ཆུ་སྐྱེ་སྟེ་མངལ་རླུགས་བར་འགྱུར་རོ། །ཡང་ཀཱ་ཀཱ་ན་འདུ་ལ་དང་།ཁལ་སྲན་ཕྲེའུ་འདི་གཉིས་ཀྱང་གང་བུ་ཆགས་བས་སྲན་མའི་གྲངས་སུ་རྩི་སྟེ། ་སྲན་བ་འདི་གཉིས་ཀྱི་འབྲུའི་ཕན་གནོད་མོན་སྲན་དྲེའུ་དང་འདྲ་སྟེ་ནང་དུ་དྲོང་སྐྱེ། པགས་བའི་ཤ་མཐེང་འཇམ་བོར་འགྱུར། སྲན་མ་འདི་བརྡུངས་བའི་ཆུ་འམ། འདི་གུས་ལུས་བྱུགས་སམ་བཏབ་ན་བསིལ། སྐྲད་ལ་ཕན། སྟོངས་སྐྱེའོ། །ཏིལ ་འབྲུ་ནི་ཅི། གཅིན་ཉུང་།ཞུ་བའི་རྗེས་ཚེ་།ཡིད་གཞུངས། ཟབ་འཇུ་བའི་དྲོང་སྐྱེ་།བད་ཀན་དང་མཁྲིས་བསྐྱེ་བར་འགྱུར་རོ། །རོ་མངར་ཁ་།དྲོད་ཆེ། བད་ཀན་དང་མཁྲིས་བ་སྐྱེ་ཀ་ལྕི། ཞུ་བའི་རྗེས་ཚ་བས་ན་།མིག་ལ་གནོད་།ཁུ་ཆུ་སྐམ་མོ། །ལེ་བརྒན?་རྩིའི་ས ་བོན་ཡང་ཟར་མའི་འབྲུ་དང་འདྲ་བས་ཤེས་བར་བྱའོ། །གང་བུ་ཆགས་པའི་སྲན་མའི་ནང་ན་མོན་སྲན་གྲེའུ་ནི་མི་དགེ་སྟེ་ངན་ནོ། །གྲ་མ་ཆས་པ་ལས་བྱུང་བའི་འབྲུའི་ནང་ན་ཡ་བ་ཀ་ཞེས་བྱ་བ། ནས་ངན་པ་འདི་ནོད། །སྲན་མ་དང་ནས་ལ་སོཌ ་བའི་འབྲུ་གསར་ཐོག་ཐམས་ཅད་ནི་ལྕི་སྟེ་བད་ཀན་སྐྱེའོ། །འབྲུ་རྙིང་ལོ་ལོན་པ་ནི་ཡང་ངོ། །དེ་བཞིན་དུ་མྱུར་དུ་སྨིན་ཅིང་ཟླ་བ་མང་བོ་མ་ཐོགས་པར་རྒྱལ་བ་ཡང་ངོ། །མོན་སྲན་གྲེའུ་ལ་སོགས་བ་གང་ཡང་རུང་དྲུས་ཏེ་སྣུན་བ་དང་ཤུན་པ་མེད་པར་བྱས་པ་བརྔོས་བའི་ཆོད ་མ་ནི་འཇུ?་སླ་སྟེ་ཡང་ལ་ཕན་ནོ། །གང་བུར་ཆགས་བའི་སྲན་འབྲུ་སྣ་ཚོགས་ཀྱི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།ཟས་ཀྱི་ཆོ་ག་བསྟན་གནད་པ་ཉམས་ཆུང་བ་གསོ་བ་དང་།ཟས་དང་ཟས་མི་འཇུ་བ་དང་།ལྟོ་ན་བ་དང་།རིམས་མ་བྱང་བ་དང་།ནད་འཇུ ་བར་བྱ་བའི་ཐབས་དང་།བཀྲེས་བ་དང་།སྒོམ་པ་གཉིས་ལ་སོགས་བ་ལ་ཕན་པའི་ཟས་ཀྱི་ཆོ་ག་འབྲས་ཐུག་སླ་མོ་རྐྱང་པ་དང་།འབྲས་ཐུག་ཅུང་ཟད་ཙམ་གར་བ་དང་འབྲས་ཐུག་གང་པོ་ཁོ་ནར་བྱ་བ་དང་།འབྲས་ཆན་སྦྱར་བ་ལ་སོགས་པའི་ཆོ་ག་བཤད་པ། འབྲས ་བརྟོས་ཏེ་ཕྱེར་བཏགས་པ། ཆུ་བསྐོལ་བའི་ནང་དུ་གདུངས་ཏེ་ཚ་བ་འམ། །གྲང་བའི་ནད་ཀྱི་དམིགས་དང་ཡང་སྤྱོད་དམ་།བསིལ་བའི་བག་ཁར་ལྟ་བུ་གདབ་མི་གདབ་མི་གདབ་ཀྱི་དམིགས་དང་སྦྱར་ཏེ་།འདི་ལྟ་བུའི་འབྲས་ཐུག་རྐྱང་རྐྱང་སོ་འཐུངས་ན་ཡང་འ་འཇུག། །སྐོམ་བ་ལ ་ཕན། ཟས་མ་ཞུ་བ་དང་རིམས་ཀྱིས་བཏབ་སྟེ་ཉི་མ་གཉིས་སམ་གསུམ་ཟན་བཅད་དེ་སད་བ་བྱས་པས་ཅུང་ཟན་རྩེ་ཞིང་ནད་མ་བྱང་བ་ལྟ་བུ་ལ་ཕན་།མཆིན་པ་ན་སྟེ་ཕོ་བ་གྲང་བ་ལ་ལེའུ་སྣབས་ལྟ་བུ་ཡོད་བ་འཇུ་བར་བྱེད། ལུས་ཀྱི་སྲོག་ཟུངས་བདུན་སྙོམས་བར་འགྱུར་།རླུང ་ནད་ཀུན་ཞི་བར་བྱེད་དོ། །ཡང་འབྲས་ཐུག་ཅེས་བྱ་བ་འབྲས་ཀྱི་ཤུན་པ་མ་དྲུས་བ་བརྔོས་ཏེ་བཏགས་བའི་ཐུག་བགར་བོ་འམ། དེ་ལྟར་མ་འབྱོར་ན་འབྲས་དྲུས་པའི་ཐུག་པ་གར་པོ་ཡང་རུང་སྟེ། དེ་ལྟ་བུའི་ཐུགས་པ་ནད་དམིགས་དང་སྦྱར་ལ། སྤོང་བཏབ་ཏེ ་ཐུག་བ་སྔ་མ་བས་སླ་བ་འཐུངས་ན་འདི་ཡང་ཡང་ལ་འཇུ་སླ་སྟེ། བཀྲེས་བ་དང་སྐོམ་པ་དང། ཉམ་ཆུང་བ་ལ་ཡང་ཕན། ལྟོ་བ་ན་བ་ལ་ཕན། རིམས་ནད་སེལ། རྟུག་སྐམ་ལྟ་བུ་འོང་དུ་མི་རུང་བ་ལ་ཕན་ནོ། །ཐུག་བ་འདི་ལྟ་ནི ་དྲོད་ཆེ། ནང་ཀུན་འཇུ་ཞིང་འབྱང་བར་བྱེད་དེ། འདི་ནི་ཐུག་པ་ཕན་པ་ཡིན་ནོ། །འབྲས་མ་བརྔོས་པར་ཐུག་པ་གར་པོར་བཙོས་ཏེ་ཁ་གཟར་གིS་བཅུ་ཞིང་བཟའ་བ་འདི་ཡང་ཡང་སྟེ་གོང་མ་ཙམ་ནི་མ་ཡིན་མོང་གྱི། འཁྲུ ་བའམ་འཁྲུ་བའི་རྗེས་བཅད་པ་ལྟ་བུ་ལ་བལ་པོ་སེའུ་དང་སྦྱར་ཏེ་བཏང་ན་བཅོད་དོ། །ཐུག་པ་གར་པོ་འདི་ལྟ་བུ་ནི་གར་འོང། འཐུངས་ན་བད་ཀན་སྐྱེ་བས་སྐོམ་དད་ཆུང་།དྲོད་ཆེ་།རྨ་བྱུང་བ་དང་མིག་ན་བ་དང་བཀྲུ་སྨན་གྱི་བཀྲུས་པའི་རྫས་ལ་ཟས་ཀྱི་ཆོག ་སྦྱར་བ་དང། ཉམ་ཆུང་བ་དང་སྨན་མར་འཐུངས་པའི་ཟོས་ནི་འདི་ལྟ་བུ་བཟང་སྟེ་ཕན་ནོ། །འབྲས་ཆན་ནི་ལགས་པར་བཀྲུས་པ་ཕྱེད་ཙམ་ཚོས་པ་དང། ཁུ་བ་བཙགས་ཏེ་བོར་ལ། ཁ་རས་ཀྱིས་བཅད་ལ་མདག་མེ་དང་དོ་མ་ལ་བདུགS ་ནས་དྲོད་མ་ཡལ་བར་བྱས་པ་འདི་ལྟ་བུ་ནི་ཡང་སྟེ་འཇུ་སླ་མོད་ཀྱི། ཁ་གཟར་གྱིས་བཅུས་པའི་ཐུག་པ་གར་པོ་ཙམ་དུ་ཡང་མ་ཡིན་ནོ། །ཡང་ཟས་ཀྱི་ཆོག་འཇུ་སླ་ཞིང་ཡང་ལ་དྲོད་ཆེ་བའི་སྨན་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང ་གཅའ་སྒ་དང། དབྱི་མོའི་ལོ་མ་དང། ཀྲུ་དྲུག་ཏྲེས་དང། །ལྔ་བརྡུངས་པ་བསྐོལ་བའི་ཆུ་བཙགས་པའི་འབྲས་བཅོས་པའི་ཚན་ནི་འཇུ་སླ་ལ་དགེའོ། །འདི་ལྟར་མ་བྱས་པའི་ཆུ་རང་ཆད་དུ་བཙོས་པ་ནི་ལྕིའོ། །ཡང་འབྲས་ལེགས ་པར་བཀྲུ་མ་ཞག་ལ་འོ་མ་འམ། ཤ་ཁུ་འམ་མར་དང་སྦྱར་ཏེ་འབྲས་མ་བརྔོས་པའི་ཆན་ལྕི་ལ་འཇུ་དཀའ་འོ། །དེ་ལྟར་ཟས་ཀྱི་ཆོ་གར་བྱ་བ་ཡང་གལ་ཏེ་ཟས་མི་གསོད་ཅིང་རྩུབ་པ་ནི་སྣུབ་བག་ཤ་དང། མར་ལྟ་བུ་དང་སྦྱར་ན ་གསོད་བར་འགྱུར་བ་དང། གལ་ཏེ་ཟས་དེ་ཡང་འཇུ་བ་ཞིག་ཏུ་འགྱུར་དུ་དོགས་ན་ཟས་བ་ཅི་བ་དེ་འཇུ་བ་ལ་དྲོད་ཆེ་བར་འགྱུར་བའི་སྤོས་བཏབ་ལ་ཚོས་པར་བཙོ་ཞིང་ཐབས་འདི་ལྟར་བྱ་བ་དང་།ཟས་ཀྱི་ཆོ་ག་བཤམས་ནས་ཟ་བ་ཡང་འཇུ་མི ་འཇུ་ལས་དངགས་ཏེ་ཚོང་བཟུང་ཞིང་བཟའ་བ་ནི་ཕོ་བའི་བཞི་ཆ་གཉིས་ནི་ཟས་ཀྱིས་དགག། བཞི་ཆ་གཅི་ནི་སྐོམ་གྱིས་དགང་ཞིང་རན་པར་བཟའ། ཕོ་བའི་བཞི་ཆ་ནི་མེ་གང་བར་སྟོང་བར་བཞག་སྟེ། དབུགས་ཕྱི་ནང་དུ་བདེ་བར་རྒྱུ་བར ་བྱ་བ་དང། ཕྱིས་སྐོམ་ན་ཡང་བཏུང་བའི་དྲོན་གྱིས་བཞག་པར་བྱ། འདི་ལྟར་ཚོང་མ་གཟུང་ན་དབུགས་མི་བདེ། ཟས་མི་འཇུ་བ་དང་།ནད་གཞན་དུ་འགྱུར་རོ། །དེ་བས་ན་ཁོང་ནད་ཡོད་དེ་སྐམས་པ་འམ། ནད་སོས་ཏེ་མ་བརྟས་པའམ། སྐྱུག་སྨན ་དང་བཀྲུ་སྨན་གྱིས་བསྐུལ་པའི་རྗེས་ལ་ལུས་བརྟབ་འམ། སྐེམ་པ་འམ། ཞན་ཅིང་རྨྱ་བ་འམ། གློ་བརྡོལ་བ་འམ། ལུས་ཀྱི་སྲོག་ཟུང་བདུན་ལྟ་བུ་ཟད་དམ། །ལུས་དང་བཞིན་མདངས་རིང་ཅིང་མི་སྡུག་སྟེ། མདངས་ཉམས་པ་འམ་།མི་ག ་རྟུལ་བ་དང། རྣ་བ་མི་གསང་བ་དང་།དྲོད་ཆུང་བ་དང། ལུས་ཀྱི་ལྷུ་ཚིགས་དང། བོགས་རེའི་ཚིག་སྨས་ཏེ་རྨ་བྱུང་བ་བལྟ་བ་དང། རླུང་ནད་ཅན་འདི་རྣམས་ལ་ནང་མིགས་དང། །དྲོད་ཆེ་ཆུང་དང་འཇུ་མི་འཇུ་ལས་རྟག་སྟེ། ཡུལ་སྐམ ་ས་ལས་བྱུང་བའི་ཤ་འམ། ཡུལ་གཤེར་ས་སེར་ཆེ་བ་ནས་འབྱུང་བའི་ཤ་བཟང་པོ་དང། རྐང་དང་ལྷ་བ་ལ་སོགས་པའི་རུས་བཅུད་སྤོང་པ་དང། སྨན་དུ་སྦྱར་བ་ལས་བདུ་བདུ་ནས་བཙགས་པའི་ཁུ་བའི་བཅུད་བཏང་ན་ཁོང་བརྟས་ཏེ། ཤ་སྐྱེ ་ཚིམ་པར་བྱེད། བུད་མེད་ལ་ཉལ་ཕོད་པར་འགྱུར། མིག་རྣོ་རྣ་བ་གསང། རྨ་འཚོ་ཞིང་མདོག་བཟང་ཚེ་ལ་ཕན་སྟོབས་ཆེ། སྐད་སྙན་ཏེ་བཅུད་དེ་ལྟ་བུ་ནི་ཕན་ཞིང་བསོད་པ་ཡིན་ནོ། །མོན་སྲན་རྡེའུ་མུངྒ་བཙོས་པའི་ཁུ་བ་ནི་།སྐྱུག་སྨན ་ནམ། བཀྲུ་སྨན་ནམ། སྨན་པས་བཏང་སྟེ་བཀྲུས་བའི་རྗེས་ལ། ནད་དམིགས་ལ་སྤོས་ཀྱི་སྣ་སྦྱར་ཞིང་འཐུངས་ན་འཕན། རྨ་མཚོ་ལྐོག་མ་ན་བ་དང། མིག་ནད་ལ་ཕན། རླུང་ནད་སེལ་ཏེ་ཕན་ནོ། །སྲན་ཀུ་ལ་ཐའི་ཆོ་ག། སྲན་ཀུ ་ལ་ཐ་བཙོས་པའི་།བུ་བ་ནི་རླུང་ནད་སེལ། སྐྲན་འཇུ་དཔྱི་མིག་གཡས་གཡོན་ནམ་རྒྱབ་བམ་ལྟོ་ནས་ཡང་རླུང་ནད་ཐོག་ཐག་ཏུ་མེད་མར་པོར་ཟུག་སྟེ་ན་བ་འམ། ཡང་ན་ལུས་སྟོད་ནས་སྤྱི་དམིག་དང་བརླ་གཡས ་གཡོན་ནས་མར་ཟུག་ཅིང་ན་བ་འདི་ལྟ་བུའི་རླུང་ནད་སེལ་ཏེ་ཕན་ནོ། །ཏིལ་གྱི་ཚིག་མ་དང། སྐྱུར་བོའི་གཡོས། ཏིལ་བཙིགས་ཏེ་མར་བྱུང་བའི་རྩིག་མ་ལས་ཚོད་མར་བྱས་སམ། ཚོད་མའི་ནང་དུ་བཏབ་ཏེ་བཟའའམ། གཞན་ཡང་ལ་ཕུག? ་དང་ཡུངས་མར་ལྟ་བུ་རྩ་བ་ལས་བསྐྲུན་པའི་མྱུ་གུ་དང་ནར་མ་སོན་པར་ཟ་བ་དང། ཡུངས་མ་དང་ལ་ཕུབ་གཏུབས་པ་དང། སྲན་ཆེར་སྦྱར་ཏེ་སྐྱུ་པོར་མནན་ལ་ལངས་པ་དང་བཙིར་ཏེ་ཅང་ཅང་པོ་ཤ་དག་བྱ་སྟེ། །སྐམས་པའི་ཚོད་མ་བཟའ ་བ་འདི་ལྟ་བུའི་ཟས་ནི་མི་དགེ་སྟེ། མིག་ལ་གནོད། རླུང་ནད་བད་ཀན་དང་མཁྲིས་པའི་ནང་སྐྱེ། འཇུ་དཀའ་སྟེ། ལྕི་ལུས་མྱ་ཞིང་ཉམས་ཆུང་བར་བྱེད་དེ་གནོད་དོ། །ཞོ་དང་སྨན་དང་སྦྱར་བའི་གཡོས། ཞོ་ཅུང་ཟད་བསྲུབས་ལ་སྨན་དྲི་ཞིམ ་པོ་ས་སྣ་བཞི་པོ་ཤིང་ཚ་དང། སུག་སྨེལ་དང། གནདྷ་པ་ཏྲ་དང། ནཱ་ག་གསེར་འདི་རྣམས་བཏགས་ཏེ་བཏབ་ལ་།བཀྲུག་ཅིང་འཐུངས་ན་གསོད་དེ། ལུས་རྟ་ཁོང་སྣུམ། བཅུད་དུ་འགྱུར་ཏེ་བུད་མེད་ལ་ཉལ་ཕོད། སྟོབས?་སྐྱེ ་ཡིག་བྱེ། འདིའི་ནང་དུ་ཚ་བ་གསུམ་པོ་ན་ལེ་ཤམ་དང་།པི་པི་ལིང་དང་སྒ་རྣམས་བཏབ་ན་ནད་ཆམ་པའི་ནད་སེལ་ཏོ། །སྐོམ་དུ་བཏུང་བར་སྦྱར་བའི་ཆོ་ག་རྒུན་སྐམ་ལྟ་བུ་ཆུའི་ནད་དུ་བཙོས་ཏེ། ལྷག་གཉིས་གསུམ་ཙམ་བ་དུས་ལ ་ཚིགས་མོ་བོར་ཏེ། རྒྱུན་ཏུ་དྲོ་འཇམ་གྱི་ནང་དུ་ཁོང་དུ་ཞོའི་ནད་དུ་སྤོང་སྨན་སྣ་བཞི་གདབ་པའི་རྣམས་བཏབ་ལ་བསྒྲངས་ཏེ་འཐུངས་ན། དལ་བ་དང་བཀྲེས་པ་དང་སྐོམ་པ་དང་སྙོམས་ཞིང་རྨྱ་བ་འདི་རྣམས་ལ་ཕན། །སྐོམ་དུ་འོང། ཅུང་ཟད་ལྕི། ཕྱི་ས ་བཤང་བ་སྲ། གློ་སྙིང་ལ་ཕན་ནོ། །རྒུན་རློན་ནི་ཕྲལ་དུ་ཁོང་བསིལ། ཞུ་བའི་རྗེས་ནི་ཁོང་རྟ། །བཅུད་དང་ར་ཙ་བར་འགྱུར། སྤོང་སྨན་གཞན་ཡང་སོ་སོའི་ཡོན་ཏན་བཞི་ལྟའོ། །འབྲས་ཡོས་ལས་གཡོས་སུ་གཡོ ་པའི་ཆོ་ག། འབྲས་ཡོས་ལས་བཏགས་ཏེ་ཐུག་པ་འམ། ཟན་དུ་ཟོས་ན་སྐོམ་པ་དང་སློན་བྲོ་བ་དང། རབ་ཏུ་འཁྲུ་བ་དང། གཅིན་སྙི་སྟེ་མང་བ་དང། ཚོ་ཆེས་ཏེ་ཚིལ་ཆེ་བ་དང། བད་ཀན་རྒྱས་པའི་ནད་འདི་ལྟ་བུ་དང། ལུད་པ་ལུ་བ་དང། ་མཁྲིས་པའི་ནད་ཀུན་ཞི་བར་བྱེད། ཁོང་དུ་དྲོད་སྐྱེ། ཡང་སྟེ་འཇུ་སྨ?་།ཅུང་ཟད་བསིལ་ལོ། །འབྲས་དང་ནས་གསར་ཐོགས་སར་བའི་ཟས་ཀྱི་བྱེ་བྲག། །འབྲས་སར་བ་འམ། ནས་སར་བ་ལས་ཟས་སུ་བྱས་པ་ནི་ལྕི། །ཉམས་སྟོབས་སྐྱེ། བད ་ཀན་སྐྱེ་།མཁྲེན་པས་དོགས་ཤིང་བཤད་བསྲེའོ། །ནས་ཡོས་དང་ནས་ཕྱེའི་བྱེ་བྲག། །ནས་ཡོས་འཆོས་པ་ནི་འཁྲེན་པ་འདོགས། སྐོམ་དང་ཚེ། ཚིལ་བྲིས་ཏེ་།ཁོང་འགྲིམ། ལྕི་བ་ཡིན་ནོ། །ནས་ཕྱེ་ནི་ཡོད་ཡང་འཇུ་སླ། བཀྲེས་པ་དང་།སྐོམ ་པ་དང། ངལ་བ་ལ་ཕན། མིག་ན་བ་དང་རྨ་ན་བ་ལ་དིགས་སྟེ་ཕན། སྐྱོ་མར་བྱས་ཏེ་འཐུངས་ན་འཕྲལ་དུ་རྟས་བྱེད་འགྱུར་སོང་ངོ། །ཕྱེ་དང་ཆུར་དཔག་ཅིང་མི་བཟའ། དུས་གཉིས་སུ་མི་བཟའ། ཕྱེ་འབའ་ཞིག་མི་འགམ། འབྲས་ཅན་ལ ་སོགས་པ་ཟས་འདྲངས་པར་ཟོས་པའི་རྗེས་ལ་ཟན་མི་བཟའ། །ཟན་བཅངས་ལ་སོས་གཅད་ཅིང་བཟའ་བར་མི་བྱ། །ཏིལ་གྱི་ཚིག་མ་ངོས་སུ་དེ་བཞིན་ཟོས་ན། ལུས་སྐོམ་ཞིང་ཉམ་ཆུང་བར་འགྱུར། རྩུབ་སྟེ་རླུང་སྐྱེ། །བཤད་པ་ཐུང་དུ་འབྱུང ་མི་རུང་སྟེ། །མཁྲེན་བས་དོགས། །མིག་ལ་གནོད་དོ། །ཤ་གཡོས་ལ་སོགས་པ་སྤོང་དང་སྦྱང་བའི་གཡོས་རྣམས་ནི་།སྤྱིར་སྤྱི་ཞིང་ཁོང་སྣུམ། སྟོབས་སྐྱེ། ཤ་བཟང་ཞིང་རྟས་པར་འགྱུར་རོ། །བལ་སྲན་རྗེའུ་མུ་དག་ལ་སོགས་པ་ལས་གཡས་སུན ་བྱ་བའི་ནང་དུ་ཡང། སྤོང་ཅིང་བཏབ་བའི་ཡོན་ཏན་ཡང་དེ་བཞིན་དུ་འགྱུར་རོ། །ཁུར་བའི་རྣམ་གྲངས་ཀྱི་བྱེ་བྲག་མེ་མདག་གི་ནང་དུ་ཚོས་པར་བསྲེགས། པའི་འཁུར་བ་དང། རྒྱ་སོལ་ལས་སོ་བསྲེགས་པའི་ཁུར་བ་དང། འདི ་རྣམས་ཁུར་བའི་རྒྱུའི་དངོས་པོ་ནི་ཅིག་སྟེ་འདྲ་མོད་ཀྱི། བསྲེག་ཅིང་ཚོས་པར་བྱས་པ་ཐ་དད་པ་ལ་ཅི་ཡང་མི་འདྲ་སྟེ། །བུར་བ་གོང་མ་བོས་འོག་མ་རིམ་པས་ཡང་ངོ། །འབྲུ་ཟས་ལས་གཡོས་སྣ་ཚོགས་ཀྱི་བྱེ་བྲག་བསྟན་པ་རྫོགས་སོ།། །།རི་དགས ་སྣ་ཚོགས་ལས། ཤ་བ་དང། དགོ་བ་དང་།རི་དགས་ཀུར་ཞེས་བྱ་བ་དང། ཨ་རི་ཤ་དང་།རྐྱང་དང། སྨྲི་ག་མ་ཏྲི་ཞེས་བྱ་བ་དང་།རི་བོང་དང་།དངས་དང། ལྡང་ཀོ་ཀ་དང། རི་དགས་ཙ་རུརྐ་དང་།འདི་རྣམས་ལ་སོགས་པའོ། །བྱ་སྣ་ཚོགས་དང། བྱ་ཁྲ ་ལ་སོགས་པ་རི་དགས་དང། བྱ་སྣ་ཚོགས་མཐུ་རྩལ་གྱིས་ཟས་འཚོ་བ་ལ། རི་བྱ་སྣ་ཚོགས་དང། རི་བྱ་ཏི་ཀ་ཞེས་བྱ་བ་དང། རཀྟ་བརྨ་ཀ་ཞེས་བྱ་བ་དང། གོང་མོ་དང་སྲེག་པ། ཨུ་བ་ཙཀྲ་ཞེས་བྱ་བ་དང། ཙ་ཀོ་ར་དང། ཀུ་རུ་བ་དང། བརྟག་དང། བརྟི ་ཀ་དང། ཏི་ཏི་ར་དང་།གོང་མོ་དང་སྲེག་དང་།རྨ་བྱ་དང། བྱ་གག་དང། བ་ར་ཀ་དང་།གོན?་དྷ་དང་།གི་རི་བརྟག་དང། ཤ་ར་པ་ཏ་ཀ་དང། ཨིནྡྲ་པ་དང། རི་བྱ་འདི་རྣམས་ཀུན་འདྲ་སྟེ་ཁྲོན་རྐོ་པས་ཟས་ཚོལ་པ་ཡིན་ནོ། །གཞན་ཡང་ཤར་ཤར་རྟེའུ་དང། དཏྱ? ་ཨ་ཞེས་བྱ་བ་དང། བྲི་ག་ཏ་ཞེས་བྱ་བ་དང། ནེ་ཙོ་དང། ཤ་རི་ཀ་ལ་སོགས་པ་དང། མ་ཏཱ་དང། ཀོ་ཀཱི་ལ་དང། ཧ་རི་ཏ་དང་།ཐི་བ་དང། བྱེའུ་ལ་སོགས་པ་འདི་རྣམས་ནི་ཟས་སུ་ཆུས་བརྐོ་བ་ཡིན་ནོ། །ཁུང་དང་བུ་བ་ན་གནས་པ་ལ། སྤལ་པའང་།སྤྲུལ ་དང། གོད་དང་བྱི་དུར་དང་འདི་རྣམས་ཡིན་ནོ། །གཞན་ཡང་གཅན་ཟན་བྱ་ཁྲ་ལ་སོགས་པ་མཐུ་རྩལ་གྱིས་ཟས་ཚོལ་བ་ལ་སྟག་དང་།གཟིགས་དང། སེང་གེ་དང་།དེ་མ་དང། སྤྲིའུ་དང། བྱ་ལ་དང། སྦྱོར་ཀི་དང། ཕྱུགས་དྲེད་དང། མི་དྲེད་དག་ལྔ?་དང? ་བ་དང། ཁྲ་དང། ཁྲ་སྤྱང་སེར་ད་དང་།ཆུན་ལགས་དང། ཁྭ་དང། བྱ་རིགས་པ་དང། ཁྲ་སྔོན་པོ་དང། བྱ་ཀུ་ར་ར་དང། བྱ་རྒོད་དང། འུག་པ་དང། བྱ་ཀུ་ལིཾ་ག་ཀ་དང། བྱི་དུ་མི་ཀ་དང་།བྱ་མ་ནུ་ཧ་དང་།འདི་རྣམས་ལ་སོགས་པའོ། །རི་དགས་ཆེན་པོའི ་མིང་ལ?་བག་རྒོད་དང། མ་ཧེ་དང། ནྱ་ཏཁུཾ་དང། རོ་ཧིདམ?་དང་།གླང་པོ་ཆེ་དང། གནག་རྒོད་དང། བསེ་དང། སྨྱུག་སླ་དང་།འདི་རྣམས་སོ། །ཕྱུགས་དགས་རྟ་དང་བ་གླང་བོང་བུ་དང་།མཛོ་དང་གནག་ལ་སོགས་པའོ། །ཆུ་ན་གནས་པའི་བྱ་སྣ་ཚོགས་ལ། བྱ་དང་པ་དང ་བྱ་ས་ར་ས་དང། བྱ་ཀ་ཏཾ་པ་དང། བྱ་ཀར་དང་།ཀ་རནྟ་ཐ་དང། བྱ་རླ་དང། སྐྱ་དང་དང། ཨུདྒརོ་ཤ་དང། དུར་བ་དང། སོ་བྱ་དང། ཁྲུང་ཁྲུང་ལ་སོགས་པ་འདི་རྣམས་ནི་ཆུན་གནས་ཤིང་རྒྱུ་བ་ཡིན་ནོ། །ཆུའི་ནང་ན་གནས་པའི་ཉལ་སོགས་པ་ལ། ་ཉ་རོ་ཧི་ཏ་དང། པ་ཏི་དང། རུས་སྦལ་དང། ཀུ་བི་ར་དང། ཀརྐ་ཏ་དང། ཉ་ཕྱིས་དང། དུང་དང་།སྲམ་དང། ཤཾ་བུ་ཀ་དང། ཉེའུ་ལྟར་བུ་དང། པརྨི་དང། ཙནྡྲ་ཀ་དང། བུ་ལིཀ་དང། ཆུ་སྲིན་མ་གར་དང། རྒྱ་མཚོ་ན་གནས་པའི་ཉའོ་ཆེ་དང་།རཛི? ་དང། ཙི་ལི་ཙིམ་ལ་སོགས་པ་བརྒྱད་དོ། །ལུག་དང་ར་གཉིས་ཀྱི་གཟས་ནི། སྐམས་དང་གཤེར་ས་གཉིས་ཀར་ཡང་ཚོལ་ཞིང་ཟབས་གཅིག་ཏུ་མ་ངེས་པའི་ཕྱིར། རི་དགས་དང། བྱ་དང་ལ་སོགས་པ་རྣམ་པ་བརྒྱད་དུ་ཕྱེ་སྟེ་བཤད་པའི་ནང་དུ་ངེས ་བ་མ་ཡིན་ནོ། །དེ་ལ་རི་དགས་རྣམས་དང། རི་བྱ་ཁྲོན་རྐོ་བ་རྣམས་དང་རི་བྱ་མཆུ་ཟས་ཐུ་བ་རྣམས་དང་།ཕུག་དང་ཕུང་ན་གནས་པ་དང་ཕོའི་རིས་བཞི་པོ་རྣམས་ནི་འདྲ་སྟེ། སྐམ་ས་ལ་གནས་བའི་སྲོག་ཆགས་ཀྱི་ནང་དུ་གཏོགས་སོ། །ཆུ་ལ་གནས་ཤིང་རྒྱུ་བ་ཆུ་བྱ་དང་།དང་པ་དུར ་པ་ལ་སོགས་པ་དང་ཆུའི་ནང་ན་གནས་པའི་ཉལ་སོགས་པ་དང། དུང་དང་ཉ་ཕྱིས་ལ་སོགས་པ་འདི་རྣམས་གཉིས་ནི་གཤེར་སན་གནས་པའོ། །དེ་ལ་མཐུ་རྩལ་གྱིས་ཟས་ཚོལ་བ་གཅན་དང་ཁྲ་རྣམས་དང། རི་དགས་ཆེན་པོར་བརྩི་བ་ཕག་རྒོག་དང། མ་ཧེ་དང ་གླང་པོ་ཆེ་དང། བསེ་ལ་སོགས་པ་བར་མ་འདི་རྣམས་གཉིས་སྐམས་དང་གཤེར་ས་གཉིས་ཀ་ལ་ཐུན་མོང་དུ་གནས་སོ། །དེ་ལ་ཡུལ་སྐམས་ས་ན་གནས་པའི་ཤ་ནི་བསིལ་ཤིང་ཡང་སྟེ་།འཇུ་སླ། བཤར་བའི ་དྲི་མཐུར་དུ་འབྱུང་བ་བསྐམ་པག་རིལ་པོར་འོང་ངོ། །འདུས་པའི་ནད་མཁྲིས་ནི་བ་ཆེ། རླུང་ནི་འབྲིང། བད་ཀན་ནི་ཆུང་བ་འདི་ལྟར་མི་བདེ་བ་ལ་སྐམས་ནས་བྱུང་བའི་ཤ་ཕན་ནོ། །དེ་ལ་རི་བོང་གི་ཤ་ནི་བསིལ་ལ་བརྩུབ་པ་ཟོས་ནས་ཞུ་བའི་རྗེས་ནི་ཚ། ་དྲོད་འབར་དྲི་མ་ཐུང་དུ་འབྱུང་བ་སྐམ་བོ་སྲ་བར་འོང། དེ་ལ་ཁྲོན་རྐོ་པས་གཟས་ཚོལ་བའི་བྱ་བརྟ་ཀ་དང། བརྟི་ཀ་ལ་སོགས་པའི་ཅུང་ཟད་ཚེ། ལྕི་སྣུམ། ལུས་ཀྱི་ཤ་སྐྱེ། བརྟ་བར་འགྱུར་རོ། །རྒྱ་བྱའི་ཤ་ནི་གོང་མ་དེ་དག་པས་ཀྱང་དགེ་སྟེ་དྲོད་སྐྱེ ་ཡིད་གཞུངས། ཁུ་ཆུ་སྐྱེ། བཞིན་མདོག་བཟང་པོར་འགྱུར། རླུང་ཤས་ཆེ་བའི་འདུས་པའི་ནང་མཆོག་ཏུ་སེལ་།དྲི་མ་ཐུར་དུ་བཤང་བ་ཅུང་ཟད་སྲ་།རྨ་བྱིལ་ཤ་ནི་མཚར་དུ་ཕན་པ་མ་ཡིན་མོད་ཀྱི་།རྣ་བ་མི་གསང་བ་འམ། སྐང་འགགས་སམ་།མགུལ ་མི་བདེ་བ་འམ། མིག་བརྟུལ་བ་འམ། འདི་རྣམས་ལ་ཕན། རྒན་སྲ་བར་འགྱུར། ཡོན་ཏན་འདི་འདྲ་བར་བྱ་རྒྱ་བྱ་དང་ཁྱིམ་བྱ། ཡང་འདི་བཞིན་དུ་ཕན་ཏེ་ལྷག་པར་སྦྱར་རྩིར་འགྱུར་རོ།། ཁྱིམ་བྱ་ནི་ཅུང་ཟད་ལྕི་ལ་བད་ཀན་སྐྱེའོ། །གོང་མོ་དང། བྱ་ཨུ ་པ་ཙཀྲ་ཤ་ནི་ཡིད་གཞུངས། ཕོ་པའི་མེ་དྲོད་ཆེ། ཡི་གར་འོང། ཐི་བ་མིག་ཡ་གཅིག་མི་མཐོང་བའི་ཤིན?་ལྕེ་ལན་ཆཝ་བྲོ། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་?་ཀུན་སྐྱེ་སྟེ་།མི་དགེའོ། །བྱིའུ་ཕྱིལ་པ་ལ་སོགས་པའི་ཤིན་བད་ཀན་དུ ་འགྱུར། ཁོང་སྣུམ་རླུང་ནད་སེལ། ཁུ་ཆུ་མཆོག་ཏུ་མང་བར་འགྱུར་རོ། །དེ་ལ་ཕུག་དང་ཁུང་ན་གནས་པའི་སྲོག་ཆགས་དང། མཐུ་རྩལ་གྱིས་ཟས་ཚོལ་བ་ཁྲ་དང་གཟན་ཟན་དང། ཕག་རྒོད་ལ་སོགས་རི་དགས་ཆེན་པོ་དང་།ཆུ་ལ ་གནས་པའི་ངང་དུར་དང། ཆུའི་ནང་གི་སྲོག་ཆགས་ཉལ་སོགས་འདི་རྣམས་ལྔ་ཆར་གྱི་ཤ་ནི་ལྕི། སྣུམ་ལ་སྔར་བར་འགྱུར་བ་ཡིན་མོད་ཀྱི་དེ་ལ་བྱེ་བྲག་ཏུ་འདི་རྣམས་ལ། གོ་རིམ་བཞིན་དུ་ལྷག་མ་བས་འོག་མ་ཁད་ཀྱི་ལྕི་བ་དང་།གོང་མ་བས་འོག་མ ་དྲོ་ཞིང་ཚ། གོང་མ་བས་འོག་མ་ཁོང་སྣུམ་པར་འགྱུར་ཏེ། དེ་ལྟར་རི་དགས་ལ་སོགས་པ་སྲོག་ཆགས་ཀྱིས་རིས་རྣམ་པ་ལྔ་བོ་དེ་དག་གི་ཤ་ནི་གཅིན་མང། ཁུ་ཆུ་སྐྱེ་།སྟོབས་སྐྱེ་།རླུང་སེལ། བད་ཀན་དང་མཁྲིས་པ་སྐྱེའོ། །དེ་ལ་ཕག་རྒོད་དང་བླང་པོ་ཆེ ་ལ་སོགས་པ་རི་དགས་ཆེན་པོའི་རྣམས་ཀྱི་ཤ་ནི་བསིལ་ལོ། །གཅན་ཟན་དང་ཁྲ་ལ་སོགས་པ་སྲོག་ཆགས་གཞན་ཟ་བའི་ཤ་ཟོས་ན། མིག་རྣོ་བར་འགྱུར་རོ། །བཤང་གཅི་གཉི་ག་མི་འགག་མི་སྲིད་སྟེ་སྙི་བར་འོང་ངོ། །ཤ་སྐྱེ་ཞུ་བའི་རྫས་ནི་ཚེ ་ཞིང་དྲོད་ཆེ་བར་འགྱུར། ཤ་འདི་ལྟ་བུ་མི་རྒང་བོ་དང་ཉམ་ཆུང་བས་ཟོས་ན་རྒས་སྲ་ལུས་བལྟ་ཞིང་གཞང་འབྲུམ་གྱི་ནད་དང་ཕོ་བའི་གྲང་བའི་ནད་དང་ལུས་སྐེམ་པའི་ནད་འདི་རྣམས་ལ་མཆོག་ཏུ་ཕན་ནོ། །ར་ཤ་ནི་ཧ་ཅང་བསིལ་བ་ཡང་མ་ཡིན་།ཧ་ཅང་སྣུཾ ་པ་ཡང་མ་ཡིན་ཏེ། ར་ཤ་ཟོས་ན་ནང་དམིགས་ནི་གང་ཡང་མི་འབྱུང་ངོ། །རང་ཉིད་ནི་ལུས་ཀྱི་ཤ་ཡང་ཚེ་ཆུང་མེད་མཉམ། ཁམས་ཀྱང་ཆེ་ཆུང་མེད་དེ་མཉམ་པས་ན་དེའི་ཕྱིར་ར་ནི་བད་ཀན་ཡང་མི་ཆེ། རླུང་ཡང་མི་ཆེ། ཧ་ཅང་ཚོབ་ཡང་མ་ཡིན་པས་དེའི ་ཤ་ནི་དེ་ལྟར་ཕན་ནོ། །ལུག་ཤ་ནི་རིའི་ཕན་པ་ཇི་སྐད་དུ་བཤད་པ་དེ་ལས་བཟློག་སྟེ་ཤེས་པར་བྱའོ། །དེ་ལ་ཡང་ཇི་ལྟ་ཞེས་ན། ལུག་གི་ལུས་ཀྱི་ཤ་ཡང་སྙོམས་པ་མ་ཡིན་པ་ཁམས་ཀྱང་སྙོམས་པ་མ ་ཡིན་པས་ཚ་བ་སྐྱེ། ལྕི་ཧ་ཅང་སྣུམ་ཆེ་སྟེ། རླུང་དང་བད་ཀན་དུ་ཡང་འགྱུར། ལུས་ཀྱི་ཤ་ཡང་ཆེའོ། །བ་གླང་གི་ཤ་ནི་ལུད་པ་སྐམ་པོར་འོང་བ་ལ་ཕན། དལ་ཏེ་ཆད་པ་དང་ཧ་ཅང་དྲོད་ཆེས་ཏེ་ཚ་བ་དང། །རིམས་ནད་ཀྱི་ལྡང་དུབ་དུ་དུས་མི་འདྲ ་བར་ལྡང་བ་དང། ཚམ་བས་བཏབ་པ་དང། ལུས་སྐེམ་པོར་འགྱུར་བ་དང། །འདི་རྣམས་ལ་ཕན་ནོ། །རླུང་ནད་གཅིག་བུ་ན་བ་ལ་ཕན་ནོ། །མ་ཧེའི་ཤ་ནི་དྲོད་ཆེ་སྟེ་ཚ། །ཅི་སྟེ་འཇུ་དཀའ་། གཉིད་ཆེ་ལུས་ཀྱི་ཤ་སྐྱེ། ཁོང་གྲིམས ་ལུས་ཤ་སྐེམ་ཞིང་སྦོམ་པོར་འགྱུར་རོ། །མ་ཧེ་བཞིན་དུ་ཕག་རྒོད་ཀྱི་ཤ་ཡང་དེ་དང་འདྲ་སྟེ་ངལ་ཞིང་ཆད་པ་ལ་ཕན། ཡི་ག་འབྱེ། ཁ་ཆུ་མེད་བར་འགྱུར། སྟོབས་སྐྱེའོ།། ཉ་ལ་སོགས་པ་ནི་མཆོག་ཏུ་བད་ཀན་དང་མཁས་པ་སྐྱེའོ། །ཆུ་ལ ་སོགས་པའི་སྲོག་ཆགས་ཙི་ལི་ཅི་མ་ཞེས་བྱ་བ་ནི་ཤ་ནི་རླུང་ནད་དང་བད་ཀན་མཁྲིས་པའི་ནང་ཀུན་སྐྱེ་སྟེ་མི་དགེའོ། །བྱ་བ་ལ་ཞེས་བྱ་བ་བསྲེག་པ་ལྟ་བུ་དང་ཉ་རོ་ཧི་ཏ་དང། གོ་ཏ་ཞེས་བྱ་བ་དང། ཤ་བ་ལ་སོགས་པ་ནི་སོ་སོ་རིས་རིས་ཀྱི་ནང་ན ་མཆོག་ཏུ་བཟང་སྟེ། བྱ་ཁྲོན་རྐོ་ཞིང་ཟས་སུ་འཐུ་བའི་ནང་ནི་ན་བྱ་བ་ལ་ཞེས་བྱ་སྲེག་པ་ལྟ་བུ་མཆོག་ཏུ་བཟང་ངོ། །ཆུའི་ནད་ན་གནས་པའི་ཉའི་ནང་ན་ཉ་རོ་ཧ་ཏི་ཞེས་བྱ་བ་མཆོག་ཏུ་ཕན་ཏེ་དགེའོ། །ཕུག་ན་ཁུང་ན་གནས་པའི་ནང་ན་གཅན་ཟན་གོ ་ད་ཞེས་བྱ་བ་ནད་ཅི་ལ་ཡང་ཕན་ཏེ་དགེའོ། །དེ་ལྟ་ཤ་མིང་གིས་སྨོས་ཅོག་ཀུན་ཀྱང་རྒན་གཞོན་མཁྱེར་ཏེ་ན་ཚོང་དར་ལ་བབ་པ། ཚོན་པོ་བསད་མ་ཐག་པ་མ་རུལ་བ་དེ་ལྟ་བུ་བཟའོ། །མིང་གིས་སྨོས་པའི་ཤ་དེ་རྣམས་ལས་བཟར་མི་རུང་བ་ནི། རང ་ཤི་བའི་རིང་པ་ཧ་ཅང་ཚོ་ཆེས་པ་ནང་ཀྱི་ཤིས་པ་འམ། ཆུའི་ནང་དུ་ཤི་བ་འམ། དུག་གིས་བསད་པའི་ཤ་འདི་ལྟ་བུ་བཟང་མི་རུང་ངོ། །རི་དགས་དེ་རྣམས་ཀྱི་ཤ་ཕོ་སྨོས་ལ་ཅི་ཡང་དུ་དབྱེ་བ་ནི་རི་དགས་ལ་སོགས་པ་ཕའོ་ཅོག་གི་རོ་བསྟོང ་དང་མགོ་བོའི་ནི་ལྕི་སྟེ་བརྡུར་དཀའ་ཨོ། །མོའོ་ཅོག་གི་རོ་སྨད་ཀྱི་ཤ་ལྕི་སྟེ་མཇུ་དཀའ་ཨོ། །སྦྲུམ་མའི་ཤ་ནི་སྤྱིར་ལྕི་བ་ཡིན་ནོ། །དེ་ལ་ཡང་བྱེ་བྲག་ཏུ་རི་དགS་?་ཕྱུགས་མ་རྐང་ལག་བཞི་ཟུག་པའི་ཤ་ནི་ཡང་ངོ། །བྱའི་ཕོ་བོ་ཅོག་གི་ཤ་ནི་ཡང་རོ། །ལ་རི ་དགས་དང་བྱ་ལ་སོགས་པ་གང་ཡང་རུང་སྟེ་སྤྱིར་ནི་ནང་ན་མགོ་བོ་དང། ཀླད་རྒྱུས་ལྕི་སྟེ་འཇུག་དཀའ་ཨོ། །དེ་བས་ན་རོ་བསྟོད་ཡང། རོ་བསྟོད་པས་བླར་ཡང། དེ་བས་རྒྱབ་ཀྱི་ཤ་ཡང། དེ་བས་ཁ་མཚུལ་དང་ལྕེ་ཡང། དེ་བས་རྐེད་བ་ཡང། དེ་བས་དབྱི་ཡང་།དེ ་བཞིན་དུ་ནང་གྲོལ་ལ་ཕོ་བ་དང་གྲོད་པ་དང་གློ་སྙིང་ལ་སོགས་པ་སྟོད་ཀྱི་ཤ་ནི་ལྕིའོ། །གཉེ་མ་དང་རྒྱུ་མ་ལ་སོགས་པ་སྨད་ཀྱི་ནང་གྲོལ་ནི་ཡང་སྟེ། གོ་རིམ་བཞིན་དུ་ཤེས་བར་བྱའོ། །ཁྲག་དང་ཤ་ལ་སོགས་པའི་ལྕི་ཡང་ནི་ཁྲག་པས་ཤི་ལྕི། ཤ་བས་ནི་ཚིལ་ལྕི། ་ཚིལ་བས་རུས་པ་ལྕི། རུས་པ་བས་རྐང་ལྕིའོ། །ཤ་བས་ནི་རླིག་པ་འཇུ་དཀའ་སྟེ་ལྕི། རླིག་པ་བས་ནི་འཇེ་འཇུ་དཀའ་སྟེ་ལྕི། མཁལ་མ་བས་མཆིན་པ་ལྕི། མཆིན་པ་བས་འཇང་ལྕི་སྟེ་འཇུ་དཀའ་ཨོ། །རི་དགས་སྣ་ཚོགས་དང། བྱ་བྲན་སྣ་ཚོགས་དང། ཉ་ཤ་ལ ་སོགས་པའི་བྱེ་བྲག་ཕན་གནོད་སྣ་ཚོགས་དང་ལུགས་ལ་སོགས་པའི་བྱེ་བྲག་ཕན་གནོད་སྣ་ཚོགས་བཤད་པའི་ལེའུ་རྫོགས་སོ།། །།ཚོད་སྔར་སྣ་ཚོགས་ཀྱི་བྱེ་བྲག་དང་ཕན་གནོད་བཤད་པ། ཚོད་མ་བ་ཋ་དང། ཤ་རི་དང། ཤུ་ཤ་དང། སུ་ནི་ཤ་ན ་དང་།ས་ཏི་ན་ཟ་དང། ར་ཟག་ཤ་བ་དང། རྒྱ་སྣེའུ་འདི་རྣམས་འདྲ་སྟེ། རླུང་དང་བད་ཀན་དང་མཁྲིས་པ་སེལ། འཇུ་སྦ་ཁོང་ཡང། ཐུར་དུ་བཤད་བ་སྲ་བར་འགྱུར་རོ། །དེ་ལ་ཡང་ཚོད་མ་སུ་ནི་ཤན་ནི་དྲོད་ཆེ། མིའི་ཁོང་ལྟ། བུད་བདེ་ལ་ཕོད་བར་འགྱུར་རོ། །ཚོད ་མ་འདི་རྣམས་ཀྱི་ནང་ན་ར་ཟག་ཤ་བ་ཞེས་བྱ་བ་ནི་མཆོག་ཏུ་དགེའོ། །རྒྱ་སྣེའུ་ནི་འཕོ་བའི་ནད་དང་གཞང་འབྲུམ་ཀྱི་ནད་སེལ། རྟུག་སྐབ་གྱིས་ཏབ་པ་སེལ་བར་འགྱུར་རོ། །ཚོད་མ་ཀ་ཀ་མ་ཅི་ཞེས་བྱ་བ་མོན་སྣེའུ་ནི་རླུང་ནད་བད་ཀན་དང་མཁྲིས་པའི་ནད་སེལ། ་མཛེ་ནད་ལ་ཕན། ཁོང་རྟ་བུད་མེད་ལ་ཉལ་ཕོད་པར་འགྱུར་རོ། །དྲོད་ཚེ་རྒས་སྲ་སྨན་བཅུད་ཀྱི་ལེན་གྱི་མཐུ་དང་འདྲ་བར་འགྱུར་རོ། །ཅུང་ཟད་ཙམ་ཁོང་འཁྲུ་འགུལ་སྙན་པར་འགྱུར་རོ། །ཚོད་མ་གཙང་གི་རི་ཞེས་བྱ་བ་སྐྱུར་བ་ཞིག་ཡོད་པ་དེ་ནི ་ཟས་འཇུ་།དྲོད་ཆེ། ཕོ་བའི་ནད་དང་གཞང་འབྲུམ་གྱི་ནང་དང། རླུང་ནང་དང་བད་ཀན་གྱི་ནང་ལ་ཕན། དྲོད་ཆེ། ཕོ་བ་གྲང་ཞིང་ཟས་མི་འཇུ་ཞིང་ཁོང་འཁྲུག་པ་ལ་ཕན་ནོ། །ཚོད་མའི་སྣ་གྲངས་ལ་ཚོད་མ་བ་ཏོལ་ཞེས་བྱ་བ ་དང། ཚོང་མས་ལྟ་ལ་ཞེས་བྱ་བ་དང། ཚོད་མ་ཨ་རི་ཏ་དང། ཚོང་མ་ཤཾ་ག་ཏ་དང། ཚོང་མ་བལ་གུ་ཏ་དང་།ཚད་མ་སླ་?་ཀྱི་ལོ་མ་དང། སྦའི་མི་གུ་དང། འབྲི་ཧ་སྟི་དང། ཚེད་མ་བ་ཤ་ཀ་དང། ཚོད་མ་ཀུ་ཏ་ལི་དང། ཏིལ་གྱི་ལོ་མ་དང་།ཚོད ་མ་མནདུ་ཀའི་འདབ་མ་དང། ཚོང་མ་ཀརྐོ་ཏ་དང། ཚད་མ་ཀ་ར་པེ་ར་ཀ་དང། སྡུམ་བུ་སྐྲང་བཟངས་དང། ནི་དག?་དང། ཀ་ཧ་ཡ་དང། གོས་ཛི་དྭ་དང། བ་དྷ་ཀ་དང། བན་ཏིཀྟཀ་དང་།ཀ་རི་ར་དང་།ཀུ་ལ་ཀ་དང་།ནཎྜི་དང། ཀུ་ཚེ་ལ་དང། ་ཤ་གུ་ལ་?་དང། ཀ་ཏི་ལ་དང། ཀེའུ་ཀ་དང། ཤི་ཏ་དང། ཀོ་ཤ་ཏ་ཀ་དང། ཀ་ར་ཀ་ཤ་དང། འདི་རྣམས་ནི་འདྲ་སྟེ་ཚོང་མ་འདི་རྣམས་ཟོས་ན་ཞུ་བའི་རྗེས་ནི་ཁ་ལ་ཚ་སྟ་ཐུང་ངུ་བཤད་བ་འོང་བ་སྲ་བར་འགྱུར། རླུང་ནི་ཅུང་ཟད་སྐྱེ་བད་ཀན་དང ་མཁྲིས་པའི་ནང་ནི་སེལ་ལོ། །ཚོང་མ་བ་ཏོ་ལ་ནི་ཞིམ་ཁོང་ན་སྲིད་བུ་ཡོད་བ་འབྱིན། ཞུ་བའི་རྗེས་ནི་མངར?་བར་འགྱུར། །ཟོས་ན་ཡིག་འབྱེ། ཚོང་མ་འབྲི་ཧ་ཏི་ན་རྣམ་གཉིས་ནི་དྲོད་ཚེ་མཁྲིས་པའི་ནད་ཚ་བ་སྐྱེ། ཁོང་འབྲུ་རླུང་ནད་སེལ་ཏོ། ་ཚང?་མ་འབྲི་ཤ་ཞེས་ཀྱང་བྱ་བ་ཤ་ཀ་ཞེས་ཀྱང་བྱ་སྟེ། དེ་ནི་སློན་བྲོ་བ་ལ་ཕན། ལུང་བས་བཀང་བ་ལ་ཕན། མཁྲིས་བ་དང། །བྲག?་རྒྱས་པའི་ནང་ཁ་སྣ་ནས་ཁྲག་འོང་བའམ། ཐུར་དུ་ཁྲག་འབྱུང་བ་འདི་ལྟ་བུ་སེལ་ཏེ་མཆོག་ཏུ་ཕན་ནོ། ། ་ཚོད་མ་ཀ་ར་བེ་ལ་ཞེས་བྱ་བ་རོ་ཚ་བར་བྲལ་དྲང་སྐྱེ་སྟེ་འབར། བད་ཀན་སེལ་བར་མཆོག་ཏུ་ཕན་ནོ། །ཚོང་མ་བརྟ་ཀ་ཞེས་བྱ་བ་ནི་རི་ཁ་ལ་ཚ་ཞིང་ཅུང་ཟད་ལན་ཚ་བྲི་དྲོད་ཆེ་ཞུ་བའི་རྗེས་རླུང་དང་།བད་ཀན་སེལ། ཟས་འཇུ་བའི་མི་མཐུ་སྐྱེ་ཞིང་ཡི་? ་འོང། མཁྲིས་པའི་ནང་དུ་མི་འགྱུར་རོ། །ཚོང་མ་ཀ་ར་རི་ཞེས་བྱ་བ་ནི་རེ་སྐོ། མངར་ལ་དབྱངས་སུ་ཁ། ལྟོ་སྦོ་བར་གྱུར་ཏེ་མི་དགེའོ། །ཚོང་མ་ཀོ་ཤ་ཏ་ཀ་དང། བལ་གུ་ཇ་ག་དང། འདི་གཉིས་ཟོས་ན་ཁོང་འཁྲུ་དྲོད་སྐྱེའོ། །ཚོང་མ་དན་དུ་ལི་ཡ ་ཞེས་བྱ་བ་ནི་ངོ་མངར་ལ་ཞུ་བའི་རྗེས་ཀྱང་དངས་ཏེ་བསལ་།ཅུང་ཟད་ཁོང་རྩུབ་ལ་ཡང། ཆང་ནང་དང་མཁྲིས་པའི་ནང་དང། དུག་དང་ཁྲག་རྒྱས་པའི་ནད་སེལ་ཏེ་ཕན་ནོ། །ཚོང་མ་མུཉྫ་ཏ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་སེལ། རོ་དང་སྣུམ་བསིལ་ལ་ལྕི། ལུས ་གྱི་ཁོང་བརྟ། ཤ་སྐྱེ་ཁུ་ཆུ་སྐྱེ་སྟེ་?། ཚོད་མ་པ་ལ་ཀྵ་ནི་འཇུ་དཀའ་སྟེ་ལྕི་ཅུང་ཟད་ཁོང་ཁྲུའོ། །ཚོང་མ་ཨུ་བོ་ཏ་ནི་ཆང་ནང་ལ་ཕན་ནོ། །ཚོང་མ་ཙུ་ཙུ་ཞེས་བྱ་བ་པ་?ཀྵ་དང་འདྲ་སྟེ་བྱེ་བྲག་ཏུ་འཁྲུ་བ་གཅོད་པར་འགྱུར་རོ། །ཚོང་མ་བི་ཏ་རི ་ཞེས་བྱ་བ་ནི་རོ་མངར་བསིལ། རླུང་དང་མཁྲིས་པའི་ནད་སེལ། གཅིན་མང་ངོ། །ཚད་མ་ཛི་ཧཱ་ཞེས་བྱ་བ་ནི་ལྐོག་མ་ན་ཀ་ཕན་ཞིང་བདེ། ཅུང་ཟད་ཅི། ཁོང་བརྟ། ཤ་སྐྱེ་བུད་མེད་ལ་ཕོང་བར་འགྱུར། རྟག་ཏུ་ཟོས་ན་ཚེ་རིང་རྒས་སྲེ་སྟེ་བཅུད ་ཀྱི་ལེན་དུ་འགྱུར་རོ། །ཡང་ཚོད་མ་ཛི་ཧ་ནི་ཞེས་བྱ་བ་ནི་རོ་མ་དང། ཁོང་བསིལ། མིག་ལ་ཕན། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་ཐམས་ཅད་སེལ་ཏོ། །ཚོང་མ་བུམ་ཤ་དང་མོན་པའི་དི་བ་དང། ཚད་མ་ཀ་ལི་ཀའི་འབྲས་བུ་དང། ཀརྐ ་དང། ཨརྦ་རུ་དང། དན་དི་ཥ་དང། ག་གོན་ལས་ཚོད་མར་བྱས་བ་དང། ཙིན་ཀ་ཞེས་བྱ་བ་དང། ཙིར་བི་ཏ་ཞེས་བྱ་བ་འདི་རྣམས་ལ། ག་གོན་ནི་ཁོང་འཁྲུ་།གཅིན་མང་ངོ། །ཚོང་མ་ཙི་ན་ཀི་ནི་བཤང་བ་ཐུང་དུ་མི་འོང་སྟེ་སྲའོ། །ཅིང་པི་ཏ་ནི ་བད་ཀན་དུ་འགྱུར་རོ། །འདི་གསུམ་གྱི་རོ་འདྲ་སྟེ་རོ་མངར། ཅི་སྟེ་འཇུ་དཀའ་།ཞུ་བའི་རྗེས་ཀྱང་མངར་།རླུང་ནད་དང་བད་ཀན་དུ་ཡང་འགྱུར་རོ། །ཁྲི་དང་ཤིང་ལ་བརྟེན་པའི་ལྡུཾ་བུ་འཁྲི་ཤིང་གི་འབྲས་བུའི་ནང་ན་བུའི་ཤའི་འབྲས་བུའི་ན་རླུང་དང་བད་ཀན་གྱི་ནང་སེལ། ཆུ་སོའི་ནང་འབྱེད། གཅིན་ལེགས ་པར་འོང། བུད་མེད་ལ་ཕོད་པར་འགྱུར། ག་གོན་ནི་མཆོག་ཏུ་གཅིན་མང་བར་འགྱུར་རོ། །མོན་པའི་དོ་བ་ནི་ཁོང་རྩུབ་པར་འགྱུར་ལ་བཤང་བ་ཐུང་དུ་འབྱུང་བསྲ་བར་བྱེད་དོ། །ཚོད་མཀ་ལི་གེ ་དང། ཚོད་མ་བ་རུ་དང། གཉིས་ནི་ཐུར་དུ་བཤང་བསྲུབ་བར་འགྱུར།། ཚོད་མ་ཅིང་བིཏྟ་གཞོན་ནུ་ནི་མཁྲིས་བའི་ནད་བསེལ་བསིལ་ལོ། །ཅིར་བྱིད་སྨིན་པ་ནི་མཁྲིས་པ་སྐྱེ་ཚ་བར་འགྱུར་རོ། །རྩིར་བྱིད་ཀྱི་འབྲས་བུ་རྙིང་བའི་ཚ་བ་ནི་ཅུང་ཟད་ཙམ་ཐལ ་སྨན་རྣོན་པོ་ལན་ཚྭའི་བག་བྲོ། །མཁྲིས་པ་སྐྱེ། བད་ཀན་དང་རླུང་ནད་འཇིལ་ཡི་ག་འབྱེ། དྲོད་སྐྱེ། ཞིམ་ཡི་གར་འོང། ཁོང་དྲང་ཞིང་ཟས་མ་ཞུ་བ་ལས་བད་ཀན་དང་རླུང་ནད་ཧཡེ་ནད་ཀྱི་ལངས་པ་ལ་ཕན། ལྟོ་སྤོས་བ་ཞི་བར་འགྱུར། འཇ་སླ་ཁོང་ཡང་ངོ།། ་དེའི་འོག་ཏུ་པདྨའི་རྩ་བ་དང་མེ། །ཏོག་ཨུཏཔལ་ལའི་རྩ་བ་དང། མེ་ཏོག་ཀུ་མུ་དའི་ཆུ་བ་དང། ཨུཏཔལའི་ཆུ་བ་དང། ཆུ་ལས་སྐྱེས་བཻ་ལྡུམ་བུ་མ་ཤ་ཀ་དང། ཀེ་ལུ་ཏ་དང། ཤྲིག་ཏ་ཀ་དང། ཀ་ཤེ་རུ་ཀ་དང། གྲོན་ཙ་དན་དང། །ཀོ་ཏེ་དང། འདི་རྣམས ་འདྲ་སྟེ། ཀུན་ཀྱང་ཆུའི་ནད་དང་སེར་ཆེན་པོ་ལས་འཁྲུངས་པ་ཡིན་པས་འཇུ་དཀའ་། ལྕིད་བསིལ་ཁོང་དུ་རྩུབ། ཐུར་དུ་འབྱུང་བ་སྲའོ། །ཡང་ཚོད་མའི་སྣ་གྲངས་ལ། ཀ་ལམ་པ་ཞེས་བྱ་བ་དང། ན་ལི་ཀ་དང། མོན་སྲན་གྲེའུ་མ་ཤའི་ལོ་མ་དང། ཀུནྟིནད?་དང། ་ཀུ་དུ་མ་ཀ་དང། ཅི་ཡི་དང། ལོཏྭ་ཀ་དང། ལོ་ནི་ཀ་དང། ཀུ་རུ་ཏ་ཀ་དང། ག་བེ་རུ་ག་དང། ཛཾ་བཾ་ཏི་དང། ཛཧུན?་ཛེ་དང། ཨ་དག་ཛ་ཡ་དང། བ་ཤ་ཀ་དང། རྒྱུ་ལྕམ་ཞེས་བྱ་བས་ལྕམ་པ་དང། ཨ་ལུ་ཀ་དང། དེ་ལྟར་ཚོད་མའི་དངོས་པོ་འདི་རྣམས་ཀུན ་ནི་འདྲ་སྟེ་མངར་ལ་རྩུབ་ལན་ཚྭེའི?་ཡང་ཅུང་ཟད་གོ་།རླུང་དང་བད་ཀན་དུ་ཡང་འགྱུར། ལྕི་སྟེ་འཇུ་དཀའ་། བསིལ་བཤད་བ་གཉི་ག་འབྱུང་སླ་བར་བྱེད་དོ། །ཚོད་མ་འདི་རྣམས་ལ་ཕལ་ཆེར་འཇུ་བའི་ཚེ་ན་བཤད་གཅིག་གཉི་ག་འབྱུང་སྲ་སྟེ་ཐོག་བར་བྱེད ་ཞུ་ཟིན་ནམ་ནི་བཤད་གཅི་མི་སྲི་བར་འགྱུར་རོ། །ཚོད་མ་འདི་རྣམས་བཤུར་ཏེ། ཁུར་བ་བཙིར་ཏེ་ཕོལ་མར་ཆེ་བར་བཏབ་ན་ནད་དུ་མི་འགྱུར་རོ། །ཅིལླི?་ཞེས་བྱ་བའི་འདབ་མ་ནི་རྒྱ་སྣེའུ་དང་འདྲ་སྟེ་ཡང་བ་ཡིན་ནོ། །ཡང་ཚོད་མཏ་ཀ་ར་རི་དང། བ་རན ་དང།། འདི་རྣམས་ནི་རོ་མངར། །བད་ཀན་དང་རླང་སེལ་ཏེ་དགེའོ། །?་བོ་ཞེས་བྱ་བ་རྩི་བོ་ཆེའི་ལོ་མ་དང། ཀའང་ཤ་ཀ་དང། འདི་གཉིས་ནི་ཅུང་ཟད་ལན་ཚྭ་བྲེ། །རོ་ཚ་ཞིང་ཁ་དྲོད་སྐུ། ཁོང་འཁྲུ་དུག་སྦྱར་མ་ལོ་ལོན་ནས་ལྡད་བ་དང། འོར་ནད་དང ་བད་ཀན་དང་རླུང་ནད་སེལ་ཏོ། །ཅི་རི་ཙི་ལིའི་མྱུ་གུ་ནི་དྲོད་ཚེ། རླུང་དང་བད་ཀན་སེལ་ཅུང་ཟད་ཙམ་སེལ། ཅུང་ཟད་ཙམ་ཁོང་འཁྲུའོ། །ཉི་ཤུ་ཤུན་པའི་མྱུ་གུ་ནི་རོ་ཁ། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་སེལ། ཁོང་རྟ་བུད་མེད་ལ་ཕོད་པར ་འགྱུར་རོ། །མིག་མའི་མྱུ་གུ་ནི་རྩུབ་ཁོང་ཚ། རླུང་དང་མཁྲིས་པ་སྐྱེའོ། །བརྒྱུར?་ཞེས་བྱ་བ་ནི་རོ་ཁ་དྲོད་ཆ་མ་ཆེར་པ་ནང་བ་དང། གཞང་འབྲུ་མ་ན་བ་དང། བད་ཀན་དང་རླུང་ནད་སེལ་ཏོ། །ཚོང་མ་ཀས་ར་ཏ་ནི་ཁོང་ན་སྲིན་བུ་ཡོད་བ་དང་། ་ལུད་པས་བཀར་བ་དང་བད་ཀན་སེལ། ཁ་ཟས་སུ་ཞུ་བར་བྱེད། ཁོང་འཁྲུའོ། །ལ་བརྒན་རྩིའི་འདབ་མའི་ཚོང་མ་ནི་རོ་སྐྱུར་རྩུབ། ཚ་སྐྱེ་དྲོད་ཆ། ཅུང་ཟད་ལྕི། མཁྲིས་པ་སྐྱེད། ཁོང་འཁྲུའོ། །ཡུངས་དཀར་དང་ཡུངས་ནག་གི་ཚོང་མ་ནི་ལྕི། ཚ། བཤད ་གཅིག་ཉིས་ཀ་སྲ་སྟེ་སྲི། རླུང་ནད་དང་བད་ཀན་དང་མཁྲིས་ཨའི་ནད་ཀུན་?། །ལ་དུག་གཞོན་ནུའི་རྩ་བརྗེན་བར་ཟ་བ་ནི་རོ་འདོད་མི་གྲོ་།ཅུང་ཟད་ཙམ་ནི་ལན་ཚྭའི་རོ་བྲོ་ལ་བས་ཀྱིས་ཁ་སྟེ་ལ་པུག་དེ་ལྟ་བུ་ནི་ནད་ཀུན་སེལ། ཡང་སྟེ་འཇུ་སླ་དྲོད་ཆེ། ་སྐྲན་དང་ལུད་པ་ལུ་བ་དང། གློ་གཅོད་དང་དབུགས་མི་བདེ་བ་དང། རྨས་ཏེ་རྨ་བྱུང་བ་དང། མིག་ན་བ་དང། ལྐོག་མ་ན་བ་ལ་ཕན་སྐད་ཀྱི་གདངས་མི་སྙན་པ་དང། མའི་དྲོད་ཆུང་བ་དང། རྟུག་སྐམ་དུ་གྱུར་པ་དང། ཆམ་པའི་ནད་འདི་རྣམས་ལ་ཕན་ནོ་།ལ་ཏུ་ག ་ནར་སོན་པ་ཆེན་པོ་རྗེན?་ལར་ཟབ་པ་ནི་རོ་ཚ་ཞུ་རྗེས་དྲོང་ཆེ། ལ་ཕུག་གི་མཐུས་རླུང་ནད་དང་མཁྲིས་པ་དང་བད་ཀན་གྱི་ནད་ཀུན་སློང། འཇུ་དཀའ་སྟེ་ལྕི། བད་ཀན་གྱི་ནང་དུ་ཡང་འགྱུར་རོ། །ལ་ཕུག ་བཅོས་པ་ནི་འཇམ་ཞིང་སྣམ་སྟེ་རླུང་ནད་སེལ་ཏོ། །ལ་ཕུག་ཤག་བུར་བསྐམས་པ་དང། སྐམ་པའི་ཁུ་བ་ནི་རླུང་ནད་དང་བད་ཀན་སལ་ཏོ། །ལ་ཕུག་རྗེན་པ་ཐམས་ཅད་ནི་རླུང་ཐམས་ཅད་དང་བད་ཀན་དང་མཁྲིས་པའི་ནང་ཀུན་སླང་སྟེ་མི ་དགེའོ། །ཞིང་ལས་སྐྱེས་པའི་མོན་པའི་དོ་བ་ནི་རོ་ཚལ་དྲོད་ཆེ། རླུང་ནད་དང་བད་ཀན་སེལ། མཁྲིས་པ་ནི་སྐྱེའོ། །ཚོད་རྡད་སྣ་ཚོགས་བྱི་ལེའུ་བཤད་པ་རྫོགས་སོ།། །ལྡུམ་གྱིས་སྣ་གྲངས་ཤང་ཚེ་ལ་སོགས་པ་རྗེན་པའི ་ཕན་གནོད་ཀྱི་བྱེ་བྲག་ལ། ལྡུམ་ཀུ་ཐེ་ར་དང། ལྡུམ་ཤི་ཀྲུ་དང། རུ་ར་ས་བྱེའུ་རུག་དང། སུ་མུ་ཁ་དུནྟི་དང། བུ་སྟིན?་ཞེས་བྱ་བ་རྒྱའི་བ་ཧ་དང། པ་ནི་ཛ་དང། ཟིན་ཐིག་ལེ་དང། ཛ་བིར་ལ་སོགས་པ་ལྡུམ་རྗེན་པར་ཟ་པ་འདི་རྣམས་ནི་རོ་ཚ། རྩུབ། ལུས ་ཚ་བར་འགྱུར། དྲོད་ཆེ་ཞིང་ཕོ་བོའི་དྲོད་ཀྱི་མི་སྐྱེ་བར་འགྱུར་རོ། །ཡི་ག་འབྱེ། བཤད་གཅི་ཐུར་དུ་འབྱུང་བ་སྲ། ལྡུམ་འདི་རྣམས་གང་ཡང་རུང་ཟོས་ནི་ཟ་བ་དང་དྲོད་ལུས་ལ་ཁྱབ་པར་འགྱུར། མིག་ལ་གནོད། ཁུ་ཆུ་འབྲི། ལྟོ་ན་སྲིན་བུ་ཡོད་པ་གསོང། ་ལྡུམ་འདི་རྣམས་རྣོ་བས་ན་རླུང་ནད་བད་ཀན་དད་མཁྲིས་པའི་ནད་ལྟ་བུ་སློང་ཞིང་སྐྱོད་བར་བྱེད་དོ། །ཡང་སྟེ་འདུ་སླ། སྐྱིགས་བུས་བཏབ་པ་དང། ལུང་པས་བཀར་བ་དང། དུག་གིས་ཕོག་པ་དང། དབུགས་མི་བདེ་བ་དང། རྩིད?་ལོགས་ན་བ་དུང། ་ད་ནས་རྣག་མནམ་པ་དང་ཁམ་ནམ་པ་ལ་ཕན་།བྱེའུ་རུག་པ་དང། འུན་ཏེ་དང། འདྲི་གཉིས་རབ་ཏུ་ཚད་བའང?་མ་ཡིན་ཏེ། དུག་འཐུངས་པ་དང་འོར་ཏུ་སྐྲངས་པ་དང། འདི་རྣམས་ལ་ཕན་ནོ། །ལྡུམ་དུ་ཆ་རྟི་?་ནི་རོ་ཁོལ་མངར?། གཅིན་མེད་མ་བྲིས ་པའི་ནང་དུ་མོ་འགྱུར་རོ། །སྒོ་སྐྱ་ནི་རབ་ཏུ་ཚ་སྟེ་ཞུ་བའི་རྗེས་ཀྱང་ཚལ་དྲོད་ཆེ་ཆུང་ཟད་འཁྲུ། ཞིམ་ཡི་ག་འབྱེད། སྐྲངས་ལ་ཕན། ལྕི། ཁོང་རྟ་བུད་མེད་ལ་ཕོད་པར་འགྱུར། སྣུམ་དྲོད་ཆེ། དྲག་ཤུལ་གྱིས་ཆད་དེ་རླན་བར་འགྱུར ་པ་འམ། མཛེ་བྱུང་དམ། སྐྲན་ནད་དང། གཞང་འབྲུམ་ནའམ། གཅིན་སྲི་འམ། ལྟོ་སྲིན་བུ་གང་བ་དང། བད་ཀན་དང་རླུང་ནད་དང་སྐྱིགས་བུས་བཏབ་བ་དང། ཆམ་བ་ན་བ་དང། དབུགས་མི་བདེ་བ་དང། ལུང་བས་བཀྲ་བ་འདི་རྣམས ་སེལ་ཏེ་ར་ན། ཁྲག་རྒྱས་པ་དང། མཁྲིས་པ་རྒྱས་པའི་ནད་དུ་མི་འགྱུར་རོ། །ཀུན་དང་གི་སྒོག་སྐྱའི་ཡོན་ཏན་ཁས་ཅུང་ཟད་མཐུ་ཆུང་དུ་ཟད་དེ་བད་ཀན་ནི་སྐྱེ། མཁྲིས་པ་རབ་ཏུ་སྐྱེ་བར་ནི་མི་འགྱུར་རོ། །རླུང་ནད་དང་བད་ཀན་གྱི་ནད་དམ། ་གཞང་འབྲུམ་གྱི་ནད་ལྟ་བུ་ལ་ཀུན་དོང་གཏུབས་ལ་བཙོས་ཏེ་སྨར་ནས་བདུགས་སམ། ཟོས་ན་?་འདི་རྣམས་ལ་ཕན་ནོ། །ཀེའུ་ནི་ཚ་སྟེ་བཤད་གཅི་ཐུར་དུ་འབྱུང་བ་སྲ། མཁྲིས་བ་ཅན་ལུས་ཚ་བ་ཡོད་པ་ལ་ཕན་པ་མ་ཡིན་ནོ། ། ་ལྡུམ་བུར་ན་ཞེས་བྱ་བ་ནི་ཡི་གར་འོང་ཞིང་དྲོད་ཆེ། བད་ཀན་སེལ་ཁའི་ནང་མཆིལ་མ་དང་བད་ཀན་གྱིས་འབྱར་འབྱར་བོ་གང་པ་སེལ་ཅིང་ཁ་ལྕེ་བ་དེ། ཁོང་ཡང། ལྷག་པར་ནི་གཞང་འབྲུམ་ན་བ་ལ་ཕན་ནོ། །སྤང་ཕྲོམ་ནི་རླུང་ནད་བད་ཀན་དང ་མཁྲིས་པའི་ནང་ཀུན་སློང་སྟེ་མི་དགེའོ། །མེ་ཏོག་དང་རྩ་བའི་བར་གྱི་ལྕི་ཡང?་མ་ཏོབ་བས་ནི་འདབ་མ་ལྕིའོ། འདབ་མ་བས་ནི་འབྲས་བུ་ལྕིའོ། །འབྲས་བུས་ནི་ཡལ་ཀ་ལྕི་?་ནི་ཆུ་བ་དང་སྡོང་བུ་ལྕིའོ། །སྡོང་བུ་བས་ནི་རྩ་བ་ལྕི་སྟེ་ཕྱིར་མར་ཞིང་འཇུ་དཀའ་བར་ཞེས ་བར་བྱའོ། །ཚོང་མའི་ནང་ན་ཇི་བཾ?་ཏི་ཞེས་བྱ་བ་ནི་ཚོད་མའི་ནང་དུ་མཆོག་ཏུ་ཕན?་ཏེ་དགེའོ། །ཡུངས་ཀར་དང་ཡུངས་ནག་ལ་སོགས་པ་ཚད་མར་བྱ་བ་ནི་གནོད་དེ་མི་དགེའོ། །ལྡུམ་གྱིས་སྣ་གྲངས་ཤང་རྩལ་སོགས་པའི་ཕན་གནོད་ཀྱི་?་བཤད་པ་རྫོགས་སོ།། །། ་ཤིང་ཏོག་ལ་སོགས་པ་འབྲས་བུ་སྣ་ཚོགས་ཀྱི་བྱེ་བྲག་བཤད་པ། རྒུན་འབྲུམ་ནི་ཤིང་ཏོག་གི་མཆོག་ཡིན་ཏེ་རོ་མངར་ཞུ་བའི་རྗེས་ཀྱང་མངར། ཁོང་དུ་སྣུམ་པར་འགྱུར། བསིལ་ལྕི། རྒུན་འབྲུམ་གྱི་རུས ་བ་ནི་རོ་བསྐ། རྒུན་འབྲུམ་གྱི་མཐུ་སྟོབས་ནི་ཁོང་རྟ། བུད་མེད་ལ་ཕོང?་པར་འགྱུར། མིག་ལ་ཕན། བཤད་གཅིག་ཉི་ག་ལེགས་པར་འབྱུང། རླུང་ནད་དང་མཁྲིས་པའི་ནད་དང་ཁྲག་རྒྱས་པ་དང། ཁའི་ནང་ཁ་བར་བྲོ་བ་དང། ཆང་ནད་ན་བ་དང། ་སྐོམ་བ་དང། ལུད་པ་ལུ་བ་དང། ཚ་བའི་རིམས་དང། དབུགས་མི་བདེ་བ་དང། སྐད་མཇེར་བ་དང། གློ་རྡོལ་བ་དང། གློ་གཅོང་གི་ནད་འདི་རྣམས་སེལ་ཏེ་ཕན་ནོ། །བལ་པོ་སེའུ་རོ་མངར་བ་ནི་མཁྲིས་པའི་ནད་ཆེར་རྒྱས་པ་ཚ་བ་ལྟ་བུ་སེལ ་བ་དང། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་གསུམ་ཆར་ལ་ཕན་ནོ། །བལ་པོ་སེའུ་རོ་སྐྱུར་བ་ནི་མཁྲིས་པའི་ནད་ཀྱང་མི་སློང། རབ་ཏུ་ཚ་བ་ཡང་མ་ཡིན་ཏེ་རླུང་དང་བད་ཀན་གྱི་ནད་སེལ་ཏོ། །སྤྱིར་ངལ་སེའུ་ཐམས་ཅད་ནི་འཇུ་སླ་ལ་ཡང། ཁོང་སྣུམ། གློ་སྙིང་ལ ་ཕན། ཡི་གེ་འབྱེ། དྲོད་སྐྱེ། བཤད་གཅི་འབྱུང་བ་ནི་སྲེའོ། །ལྡུམ་བུ་ཆུ་སྐྱེས་ཀྱི་འབྲས་བུ་མོ་ཙ་ཞེས་བྱ་བ་དང། འབྲག་གོ་དང། ཤིང་པ་ན་སའི་འབྲས་བུ་དང། ཤིང་ན་རི་ཀེ་ལའི་འབྲས་བུ་དང། ལྡུམ་བུ་པ་རུ་ཤའི་འབྲས་བུ་པ་རུ་ཤ་ཀའི་འབྲས་བུ་དང། ཤིང ་ཞེས་བྱ་བ་དང། ཤིང་ཨ་མྲ་ཏེ་ཀའི་འབྲས་བུ་དང། ཤིང་ཏ་ལའི་འབྲས་བུ་དང་ཤིང་ཀཥ?་རའི་འབྲས་བུ་དང། ཤིང་ར་ཛ་ཏ་ནའི་འབྲས་བུ་དང། ཤིང་མ་དུ་ཀའི་འབྲས་བུ་དང། ཤིང་སོའུ་བི་ར་ཞེས་བྱ་བའི་འབྲས་བུ་དང་རྒྱ་ཤུག་གི་འབྲས་བུ་དང། ཤིང་ཨཾ་ཀོ་ལའི་འབྲས་བུ་དང། ་ལྡུམ་བུ་ཕལ་ཀུའི་འབྲས་བུ་དང། ཤིང་ཤེལ་མ་ཏའི་འབྲས་བུ་དང། ཤིང་ཏམ་ལའི་འབྲས་བུ་དང། ཤིང་བི་ཤུ་ཀའི་འབྲས་བུ་དང། སྟག་དང། ལྡུམ་བུ་མྱུ་ཀུ་ལཱི་འབྲས་བུ་དང་ནི་གོ་ཙ་ལ་ཞེས་བྱ་བ་རྒྱ་ཁམ་དང། ཤིང་ཨུ་རུ་མུན་ཞེས་བྱ་བའི ་འབྲས་བུ་དང། ཤིང་པི་ལ་ཡ་ཞེས་བྱ་བའི་འབྲས་བུ་དང་འདི་རྣམས་སོ། །དེ་ལྔ་ཤིང་པི་ལ་ཡའི་འབྲས་བུ་ནི་རོ་མངར་རོ། །ཞུ་བའི་རྗེས་ཀྱང་མངར་ལ་སྣུམ། ཁོང་རྟ་ཞིང་ཤ། སྐྱེ། བསིལ་ལ་ལྕི། ལུས་ཚ་བ་དང། གློ་བརྡོལ་བ་དང། གློ་གཅོང་དང་འདི་རྣམས ་ཀྱི་ནད་འབྱིན་ཅིང་སེལ། ཁྲག་རྒྱས་པ་དང་མཁྲིས་པ་རྒྱས་པའི་ནད་སེལ་ཅིང། ཤེད་སྙོམས་པར་བྱེད། བཤད་གཅི་འབྱུང་བ་སྲ། བད་ཀན་སྐྱེ། ཁུ་ཆུ་མང་བར་འགྱུར། ཤིང་ཏ་ལའི་འབྲས་བུ་ནི་མཁྲིས་པ་སྟེ། ཁོང་འཁྲུའོ། །ཤིང་ཏོག་ཀཤམ་རི་ཞེས་བྱ་བའི ་འབྲས་བུ་ནི་བསིལ། བཤད་གཅི་སྲི་ཞིང་འགགས་པ་སེལ་ཅིང་འབྱིན་པར་བྱེད། སྐྲལ་ཕན་ཏེ་བྱིན་ན་སླར་སྐྱེ། ཡིད་གཞུངས། ཚོ་རིང་བའི་སྨན་བཅུད་ཀྱིས་ལེན་དུ་ཡང་འགྱུར་རོ། །ཤིང་ཏོག་བ་ཏ་མ་དང། བྷི་ཤུ་ཀ་དང། སྟར་ག་དང། མྱུ་གུ་ལ་སོགས་པ་ཤིང་ཏོག་འདི ་རྣམས་ཀྱི་སྟོབས་ནི་བར་ཏུ་ཚ། རླུང་དང་མཁྲིས་པ་སྟེ། ཁོང་འཁྲུ། སྣུམ་ཏེ་མཆོག་ཏུ་རླུང་སེལ་ཏོ། །ཤིང་ཏོག་པི་ལ་ཡ་ནི་ཚ་ཞིང་དྲོང་ཆེབ་ཡིན་ཏེ། པི་ལ་ཡ་འདིའི་ཚིག་གུ་ནི་རོ་མ་དར། ཤ་མཆན་རྟ། བུད་མེད་ལ་ཕོད། །མཁྲིས་པ་དང་རླུང་ནང་སེལ་ཏོ། །ཤིང ་ཏོག་ཨོ་ལའི་ཚི་གུ་ནི་ཤིང་ཏོག་པ་ལི་ཡ་དང་འདྲ་སྟེ། སྐོམ་པ་དང། སློན་བྲོ་བ་དང། ལུང་པ་ལུ་བ་དང། འདི་རྣམས་སེལ་ཅིང་ཕན་ནོ། །ཤིང་ཏོག་པིལྦ་སྨིན་པ་ནི་ཤིན་ཏུ་འཇུ་དཀའ་། རླུང་ནད་དང། བད་ཀན་དང། མཁྲིས་པའི་རང་ཀུན་སློང་ཞིང་སྐྱེ། དབུགས་ཐུར་དུ ་འགྱུར། ཤིང་ཏོག་བིལྦ་མ་སྨིན་བ་འདྲ་སྟེ་འཁྲུ་བ་གཅོད་དོ། །ཤིང་ཏོག་ཀ་བ་མ་སྨིན་བ་ནི་མགུལ་པ་ན་ཞིང་མི་བདེ་བ་དང་རླུང་ནད་དང་མཁྲིས་པའི་ནང་ཀུན་སྐྱེའོ། །ཀ་བིཏྟའི་ཤིང་ཏོག་སྨིན་པ་ནི་རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་སེལ་སྐྱིགས་བུས ་བཏབ་བ་དང་སློན་བྲོ་བ་འདི་རྣམས་ལ་ཕན། འཁྲུ་བ་གཅོག་ཤིང་ཏོག་ཀ་བིཏྟ་སྨིན་མ་སྨིན་ཐམས་ཅད་འདྲ་སྟེ། འབྲུ་བ་གཅོད། དུག་ནད་སེལ་ཏོ། །ཤིང་འཛམ་བུའི་ཤིང་ཏོག་ནི་ལྕི་བསིལ། རླུང་ནད་བར་ཏུ་སྐྱེ། བཤད་གཅི་སྲི་ཞིང་འགག་པར་འགྱུར་རོ། །ཡང་ཤིང ་ཏོག་འཛམ་བུའོ་ཅག་ནི་འཁྲུ་བ་གཅོད། བཤང་གཅི་སྲ། མགུལ་པ་དང་ལྐོག་མ་མི་བདེ། རླུང་དང་མཁྲིས་པའི་ནད་སེལ་ཏོ། །ཤིང་ཏོག་འཛམ་བུ་མ་ཡིན་པ་གཞོན་ནུ་ནི་རླུང་དང་མཁྲིས་པ་དང་ཁྲག་ནད་སྐྱེའོ།། ་ཤིང་ཏོག་འཛམ་བུ་མ་སྨིན་བ་རུས་བ་ཆགས་ཙམ་ནི་མཁྲིས་བ་དང་པད་ཀན་ནི་སྐྱེ་པར་འགྱུར་རོ། །ཤིང་ཨ་མྲ་ཞེས་བྱ་བ་ལོང་ཀོག་གི་འབྲས་བུ་སྨིན་པ་ནི་རོ་མངར། འཇུ་དཀའ་། ལྕི། རླུང་ནད་སེལ་ཏོ། ། མྲའི་ཤིང་ཏོག་རྩ་བ་སྐྱར་བ་ནི་རླུང་དང ་མཁྲིས་པའི་ནད་སྐྱེད་དོ། །ཤིང་ཏོག་བྲིཀཤཾ་བླ་ནི་འཁྲུ་བ་གཅོད། རྩུབ་དྲོད་ཆེ་རླུང་དང་བད་ཀན་གྱི་ནད་སེལ། འཇུ་སླ་ཁོང་ཡང་ངོ། །ཤིང་ཤ་མའི་ཤིང་ཏོག་ནི་འདུ་དཀའ་དྲོང་ཆེ་སྐྲ་ལ་གནོད་དོ། །པི་ལུ་ཞེས་བྱ་བའི་འབྲས་བུ་ནི་རྩུབ་སྟེ ་མཁྲིས་པ་སློང། བད་ཀན་དང་རླུང་ནད་སེལ། ཁོང་འབྲུ། མཆེར་པ་ན་བ་དང། གཞན་འབྲུམ་གྱི་ནད་དང། ལྟོ་ན་སིན་བུ་ཡེད་པ་དང། སྐྲན་ནད་འདི་རྣམས་སེལ་ཅིང་འབྱང་ངོ། །པི་ལུ་རོ་མངར་ལ་ཁ་བར་བྲོ་བ་ནི་དྲོད་ཆེན་པོ་རབ་ཏུ་ཚ་བ་ཙམ་མ་ཡིན ་ཏེ། རླུང་ནང་དང། བད་ཀན་དང་མཁྲིས་པའི་ནད་གསུམ་ཆར་སེལ་ཏེ། །ཤིང་ཏོག་བ་ལུང་གི་འབྲས་བུའི་ཕྱི་ཞུན་ཁ་ཞིང་ཚ། སྣུམ་བག་ཡོད་དེ་རླུང་བག་སེལ་ཏོ། །བ་ལུང་གི་འབྲས་བུའི་ཤ་ནི་མངར་ཏེ། ལུས་ཀྱི་ཤ་བ་ཙག་རྟ་ཞིང་སྐྱེ། རླུང་ནད་དང་མཁྲིས ་པའི་ནད་སེལ། འདུ?་དཀའ་ལྕིའོ། །པ་ལུང་གི་འབྲས་བུའི་རྐང་ནི་ཡང་འཇུ་སླ། ལུད་པ་ལུ་པ་དང། དབུགས་མི་བདེ་བ་དང། སྐྱིགས་བུས་གཏབ་པ་དང། ཆང་ནན་ན་པ་དང། །བསྐམས་པ་དང། ཆམ་པས་བཏབ་པ་དང། སློན་བོ་བ་དང། ཡི་ག ་འཆུས་བ་དང། དམུ་རྫིད་ལྟ་བུའི་ནད་དང། སྐྲན་དང་གཞང་འབྲུམ་གྱི་ནང་དང། དྲོད་ཆུང་སྟེ་ཟས་མི་འཇུ་བའི་ནད་འདི་རྣམས་སེལ་ཏེ་ཕན་ནོ། །བ་ལ་ཏ་ཀ་གསེ་ཤིང་གི་འབྲས་བུ་ཀོ་བྱེའི་ཤུན་པ་དང། ནད་གི་ཤ་ནི་རོ་མངར་ཁོང་དུ་བསིལ་ལུས་ཀྱི་ཤ ་བཙག་རྟ། གོ་བྱེའི་འབྲས་བུའི་རུས་པ་ནི་ཧ་ཅང་དྲོད་ཆེ་སྟེ་མེ་དང་མཉམ། བད་ཀན་དང་རླུང་ནད་མཆོག་ཏུ་སེལ། ཡིད་གཞུངས་པར་འགྱུར་རོ། །ཀུ་ཤུ་རྣམ་པ་གཉིས་ཏེ། མངར་པོ་དང། སྐྱུར་པོའོ། །དེ་ལ་མངར་བོ་ནི་བསིལ་ལོ། །སྐྱུར་བ་ནི་ཚའོ། །གཉི་ག ་ཡང་འཇུ་དཀའ་སྟེ་ལྕི། ཡི་གར་འོང། ཟས་འཇུ་བའི་ཁོང་བའི་དྲོད་ཉམས་ཏེ་ཆུང་བར་བྱེད་དོ། །ཁམ་བུ་ནི་རོ་མངར་ལ་ཞིམ། ཁམས་སུ་སྨིན་བ་ནི་མྱུར་དུ་འཇུག། ཧ་ཅང་ཚ་ཞིང་དྲོད་ཆེ་བ་མ་ཡིན། ཧ་ཅང་ལྕི་སྟེ་འཇུ་དཀའ་བ་མ་ཡིན། རླུང་ནད་དང་བད་ཀན ་དང་མཁྲིས་པའི་ནང་ཀུན་ནི་སྐྱེའོ། །རྒུན་རློན་རོ་སྐྱུར་དང། ཤིང་ཏོག་བ་རུ་ཤ་རློན་པ་རོ་སྐྱུར་བ་གཉིས་འདྲ་སྟེ་མ་བྲིས་པ་དང་བད་ཀན་སྐྱེའོ། །ཤིང་ཏོག་ཀ་ར་མརྟ་ཀ་དང། དེ་དང་འདྲ་བར་ཤིང་ཏོག་རྒྱ་ཤུག། ཤིང་ཐོག་ཀེ་རྐནད་དང། ཤིང་ཏོག་ལི་གུ་ཅི ་དང། ?་ཏྲ་ཀ་དང། ཁམ་བུ་འདི་རྣམས་འདྲ་སྟེ་འཇུ་དྲག་ལ་ལྕི་ཆེ་བའི་མཐུ་ཡོད་རླུང་ནད་སེལ། ཁོང་འཁྲུ་བར་འགྱུར་རོ། །དེ་བཞིན་དུ་ཤིང་ཏོག་ཨེ་ར་བ་ཏ་དང། དཎྜ་ཥས་ཐ་དངས་ས་བུ་དང། མྲི་ག་ལི་དུ་ཀ་དང། འདི་རྣམས་ཀྱང་ཕན་གནོད་གོང་དུ ་བཤད་པ་དང་འདྲའོ། །ཀར་མརྟ་ཀ་སྨིན་པ་སྐམ་པོ་གཉིས་ནི་མཁྲིས་བ་རབ་ཏུ་སྐྱེ་བར་ཡང་མི་བྱེད་དོ། །ཤིང་ཏོག་ཨ་མ་ལ་ཀ་དང་ཀོ་ལ་གཉིས་ཀ་སྐམས་པ་ནི་དྲོང་སྐྱེ། ཅུང་ཟད་འཁྲུ་སྐོམ་པ་དང། དལ་ཏེ་ཚད་པ་དང། ལུས་རྨྱ་བ་དང། འདི་གཉིས ་ཀ་ལ་ཕན་ཏེ། ཡང་ཡང་ཁོངས་གྲིམས་ཤིང་བཤོར། བད་ཀན་དང་རླུང་ནད་གཏིས་ཀ་སེལ་ཏེ་ཕན་ནོ། །ཤིང་ཏོག་འབྲས་བུ་དེ་རྣམས་ཀྱི་ནང་ན་ལི་གུ་ཛ་ནི་ནང་ན་མི་དགེ་སྟེ་ནད་ཐམས་ཅད་སློང་པས་ངན་པ་ཡིན་ནོ། །ཤིང་ཏོག་གི་འབྲས་བུ་འདི་ཐམས ་ཅད་ཀྱི་ངན་པར་བལྟ་བ་ནི་ལྷགས་པས་ཕོག་པ་དང། མེས་ཚིག་སྟེ་ཚ་བར་གྱུར་པ་དང། གནོད་པའི་རླུང་གི་པོག་པ་དང། སྦྲུལ་གྱི་ཁ་ཆུས་འཕོག་པ་དང། སྲོག་ཆགས་སྲིན་བུས་ཐོས་བ་དང། ཆུའི་ནང་དུ་ལྷུང་བ་དང། ས་ངན་པ་ནས་སྨིན་པ་དང། དུས་མ་ཡིན་པར ་སྨིན་པ་དང། འདི་ལྟ་བུའི་ཤིང་ཏོག་རྣམས་ནི་གནོད་དེ་མི་རུང་ངོ། །ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུའི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།ལན་ཚ་སྣ་ཚོགས་ཀྱི་ཕན་གནོད་ཀྱི་བྱེ་བྲག་བཤད ་པ། ལན་ཚ་ཐམས་ཅད་ནི་སྤྱིར་བད་ཀན་དུ་འགྱུར། ཕྲ་ལ་ཞིབ་པས་རྩ་དང་ཤ་ཁྲག་ཐམས་ཅད་ཀྱི་ནང་དུ་འཇུག་ཅིང་འགྲོའོ། །ཐུར་དུ་བཤད་པའི་དྲི་མ་མི་ཐོགས་པ་འབྱུང་བར་བྱེད། ལུས་ཞིང་ལྷོད་བར་འགྱུར། རླུང་ནད་སེལ། ལན་ཚྭ་ཟོས་ནས་ཞུ་བའི་རྗེ་ནི ་རྣོ་ཞིང་ཚ། དྲོད་སྐྱེ། ཡི་ག་འབྱེད། བད་ཀན་དང་མཁྲིས་པ་སྐྱེའོ། །ལན་ཚྭ་སེནད་པའི་ཞེས་བྱ་བའི་བྱེ་བྲག་བཤད་པ། ལྕོ་མྱང་ཆ་ནི་རོ་མངར། གློ་སྙིང་ལ་ཕན། ཁོང་རྟ་བུད་མེད་ལ་པོར་རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་ཀུན་སེལ། ཡང་སྟེ། འཇུ་སླ་དྲོད ་ཆེ། ཚ་བ་ཡང་མ་ཡིན། ནད་དོ་ཅོག་ལ་རབ་ཏུ་ཕན། ལུས་ཚ་བར་མི་འགྱུར། ཟས་འཇུག་བའི་མེ་དྲོང་སྐྱེའོ། །ལན་ཚྭ་སོའུ་བ་ཚལ་རྩ་བས་རུ་ཚའི་བྱེ་བྲག་བཤད་པ། ལན་ཚྭ་སོའུ་བ་ཅ་ལ་རྩ་བས་རུ་ཚ་ནི་ཡང་སྟེ། འདུ་སླ། གློ་སྙིང་ལ་ཕན་།མ་ཞུ ་བའི་གསུང་སྒེག་མནམ?་པོ་འབྱུང་བ་འབྱང་ཞིང་དྲི་ཞིམ་པོར་འགྱུར། ལན་ཚྭ་འདི་ཟོས་ཏེ་ཞུ་བའི་རྫས་ནི་ཚ། བཤད་བ་འགགས་པ་འོང་དུ་མི་རུང་བ་འབྱུང་བར་བྱེད། དྲོད་སྐྱེ་ཁ་ཟས་ཡིག་འབྱེ་བར་འགྱུར་རོ། །ལན་ཚ་འདི་ཁ་རུ་ཚའི་བྱེ་བྲག ་བཤད་པ། ལན་ཚ་བི་དེ་ནི་སྟོང་ཀྱི་བད་ཀན་འདྲེན། སྨད་ཀྱི་རླུང་ནད་འབྱིན་དྲོད་སྐྱེ། བཤད་བ་ཐུར་དུ་མ་འབྱུང་ཞིང་འགགས་པ་དང། ལྟོ་བ་སྦོ་བ་དང། རྟུག་སྐམ་གྱིས་བཏབ་པ་དང། ཁོང་དུ་ཟུག་ཅིང་ན་བ་དང། ལུས་ལྕིབ་འདི་ལྟ་བུ་སེལ ་ཅིང་འབྱང་བར་བྱེད་དོ། །རྒྱ་མཚོའི་ལན་ཚྭའི་བྱེ་བྲག་བཤད་པ། རྒྱ་མཚོའི་ལན་ཚྭ་ནི་ཞུ་བའི་རྗེས་མངར། འཇུ་དཀའ་སྟེ་ལྕི། །བད་ཀན་སྐྱེའོ། །ཚ་ཁྲོལ་བུའི་བྱེ་བྲག་བཤད་པ་ཆུང་མིག་ཁོང་མ་ལས་བྱུང་བའི་ཚྭ་ནི་རོ་ཁ་ལ་ཚྭ་སྟེ་རྣོ་ཟས ་འཇུའོ། །ལན་ཚྭ་ཁ་རུ་ཚ་མདོག་ནག་པོར་འདུག་པ་ནི་དྲི་ཞིམ། རོ་མི་ཞིམ་པ་མ་ཡིན་ལན་ཚྭ་བི་ཌ་ནི་རོ་དང་དྲི་མི་ཞིམ། མཐུ་དང་ཡོན་ཏན་ནི་འདྲའོ། །མཚོ་དང་ཆུ་ལས་བྱུང་པའི་ལན་ཚྭ་ཡི་ཡང་དོ། །སྐམས་དུལ་དུལ་པོ་ལས་བྱུང་པའི ་ལན་ཚ་ནི་བད་ཀན་སྐྱེ་འཇུ་དཀའ་ལྕིའོ། །དེ་ལ་སྟན་སྣ་སྦྱར་བའི་ནང་ནས་ལན་ཚ་ཞེས་སྨོས་པ་ནི། རྒྱ་མཚ་ལ་སོགས་པ་སྨན་གྱི་སྣར་སྦྱར་ཞིང་བཏབ་པ་ཡིན་ནོ། །ནས་ཚིག་འཁྲུས་པའི་ཚ་བྱེད་བྲག་བཤད་པ། ནས་ཚིག་འཁུས་པའི་ཚྭ་ནི་སྐྲན ་དང་སྙིང་ན་བ་དང། ཕཾ?་བའི་ནད་དང། སྦྱ་རྦབ་ཀྱི་ནད་དང། མཚར་བ་ན་བ་དང། ལྟོ་སྒོ་བ་དང། ལྤ་བ་འབྱུང་པ་དང། དབུགས་མི་བདེ་བ་དང། གཞང་འབྲུམ་གྱི་ནང་དང། བད་ཀན་རྒྱས་པ་དང། ལུད་པ་ལུ་བ་རྣམས་ཞི་བར་བྱེད་དེ་ཕན་དོ?། ། ་ནས་ཚིག་འཁུས་པའི་ཚྭ་དང་སྭ་རྩི་ཀའི་ཚྭ་ཐམས་ཅད་ནི་རབ་ཏུ་རྣོ་ལ་དྲོད་ཆེ་སྟེ་ཚ། ཁོང་ན་སྲིན་བུ་ཡོད་པ་སེལ། ཟས་འཇུ་བར་བྱེད་དེ་ཡང་ངོ། །གནོད་པར་འགྱུར་བའི་ཁྲག་དང་མཁྲིས་པའི་ནད་སློད་སྟེ་གནོད་དོ། །ལོ་བགྲང་སྟེ་བེའུ་སྣམས་ཡང ་པ་དང། ཟས་མི་འཇུ་བ་འདི་ལྟ་བུ་ཆོས་ཤིང་འཇུ་བར་བྱེད། བད་ཀན་རྒྱས་པ་དང། ཆིལ་ཆེས་པ་དང། ཁུ་ཆུ་འདི་གསུམ་གཅོད་ཅིང་སེལ་བར་བྱེད། མི་ཞིམ་ཏེ་ཡི་གར་མི་འོང། རྨ་འདྲེད། ནས་ཚིག་འཁུས་པའི་ཚྭ་ནི་རོ་ཚྭ་ལ་ལན་ཚ་བྲོ་བས་ན ་མདངས་ཁོ་ན་ཡོད་པ་དང། ཁུ་ཆུ་དང། སྐྲ་དང། མིག་དང། འདི་རྣམས་ལ་གནོད་དེ། ཤིང་ཀུན་ནི་རླུང་དང་བད་ཀན་དང་ལྟོ་བ་སྦས་པའི་ནད་སེལ། མཁྲིས་པའི་ནང་ཚ་བ་ནི་ལྡང་ངོ། །ཤིང་ཀུན་ནི་རོ་ཡང་ཚ། ཞུ་བའི་རྗེས་ཀྱང་ཚ་ལ་རོ་? ་བས་ཡིག་འབྱེ། དྲོད་སྐྱེ། །བཟས་འཇུ་ཡང་ངོ། ། རུ་རའི་བྱེ་བྲག་བཤད་པ། ཨ་རུ་རའི་རོ་ནི་བསྐ། ཞུ་བའི་རྗེས་མངར་རོ། །ཅུང་ཟད་རྩུབ། ལན་ཚྭའི་རོ་ནི་མེད། ཡང་དྲོང་ཆེ། ཟས་འཇུ། ཡིད་བཞུགས་མཆོག་ཏུ་རྦ་བསྲ་བར་འགྱུར། ་ཨ་རུ་རའི་མཐུ་ནི་དྲོད་ཆེ་ཁོང་དུ་འབྲུ། ཚེ་རིང་སེམས་རྣོ། །མིག་ལ་སོགས་པའི་དབང་པོ་རྣམས་ནི་བསལ། སྟོབས་སྐྱེ་ལུས་ལ་མཛེ་བྱུང་བ་དང། བཞིན་དང་ལུས་ཀྱི་མདོག་སྡུག་པ་དང། ་སྐད་འགགས་པ་དང། རིམས་བྱིང་བ་དང། རིམས་དྲག་པོ་ལྟ་རུང་བ་མི་མཐུན་པར་ན་བ་དང། ཀླད་པ་ན་བ་དང། མིག་ན་བ་དང། སྐྱ་རྦབ་ཀྱི་ནད་དང། སྙིང་ན་བ་དང། མིག་སེར་བ་དང། ཕོ་པའི་ནད་དང། སྐོམ་པ་དང་འོར་ནད་དང ་སྐྲངས་པའི་བག་ངང། གཅིན་ནད་ཀྱིས་གཅིན་སྙི་བ་ལྟ་བུས་མྱས་ཏེ་པོར་བག་ཏུ་འགྱུར་པ་དང། སླན་བྲོ་བ་དང། ལྟོ་ན་སྲེན་བུ་ཡོད་བ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ་དང་བད་ཀན་ལས་གྱུར་ཏེ་མཆིལ་མས་ཁ་གང་བ་ལྟ ་བུ་དང། བཞང་འབུམ་གྱི་ནད་དང། མཆེར་བ་ན་བ་དང། ལྟོ་སྦོས་བ་དང། དབྱིག་དུག་དང། མཁྲིས་པ་ཆེར་སྐྱེས་པའི་ནད་དང། བཤད་བ་འགགས་ཏེ་འོང་དུ་མི་གཏུབ་པ་དང། སྐྲན་ནད་དང། ད་རྒན་ན་བ་དང། ཡིག་འཆུས་པ་དང། ནད་ཀྱི་རྣམ ་པ་དེ་རྣམས་དང། བད་ཀན་ནི་དང་རླུང་ལས་གྱུར་པའི་ནད་འདི་རྣམས་ལ་ཨ་རུ་རས་སེལ་ཅིང་འབྱང་བར་བྱེད་དོ། །སྐྱུ་རུ་རའི་ཡོན་ཏན་ཡང་ཨ་རུ་ར་དང་འདྲ་སྟེ་ལྟག་པར་རོ་ནི་སྒྱུར། བསིལ་མཁྲིས་པ་དང་བད་ཀན་གྱི་ནད་སེལ་ཏེ། །བ་རུ་ར་ནི་མངར ་བསིལ་ཞུ་བའི་རྗེས་ནི་ཚ་སྐྲ་དང་མིག་ལ་གན་ཏེ། སྐྱུ་རུ་རའི་ཡོན་ཏན་བསིལ་བས་ནི་ཅུང་ཟད་ཆུང་ངོ། ། རུ་ར་དང་སྐྱུ་རུ་ར་དང། བ་རུ་ར་འདི་གསུམ་ནི་ཚོ་རིང་བའི་སྨན་བཅུད་ལེན་དུ་འགྱུར་རོ། །འབྲས་བུ་འདི་གསུམ་ནི་མིག་ནད་སེལ་ཏེ་མིག་ལ་ཕན། ་རྨ་འཚོ་བགས་པའི་མཐང་མི་སྡུག་ཅིང་རྒད་དུ་གྱུར་པ་དང། རྨ་བ་རྣམས་ཏེ་རེད་པ་དང། ཚིལ་སྐྱེས་པའི་ནང་དང། བཅིན་ནད་སྙི་བ་ལྟ་བུ་དང། བད་ཀན་དང་བྲལ་རྒྱས་པ་ལྟ་བུའི་ནད་སེལ་ཏོ། །གཡོས་ཀྱི་སྤོང་སྣང་སྦྱར་བ་སྨན་སྣ་བཞི་དང། སྣ་གསུམ ་བཤད་པ། དེ་ལ་སྨན་དྲི་སྣ་བཞི་ནི། ནཱ་ག་གེ་སར་དང། ཤིང་ཚ་དང། གཾ་དྷ་བ་ཏ་དང། སུག་སྨེལ་དང་འདི་བཞིའོ། །སྨན་དྲི་སྣ་གསུམ་དུ་སྦྱོར་བ་ནི། ཤིང་ཚ་དང། གནདྷ་པ་ཏྲ་དང། སུག་སྨེལ་དང། འདི་གསུམ་ནི་དྲི་ཞིམ་པོ་སྣ་གསུམ་མེ། །སྨན་ཚ་བ་སྣ་གསུམ ་བཤད་པ། ན་ལེ་ཤམ་ནི་རོ་ཡང་ཚ། ཞུ་བའི་རྗེས་ཀྱང་ཚ་སྟེ་མཁྲིས་པའི་ནང་སློང། རྣོ་ལ་ཚ་པ་སྐྱེ། ཁོང་རྩུབ་ཡིག་འབྱེད། ཟས་འཇུ་བའི་མེ་དྲང་འབར་བར་འགྱུར། བད་ཀན་སེལ། འཇུ་སླ་ཞིང་ཡང་ངོ། །པི་པི་ལིང་རློན་པ་ནི་རོ་ཅུང་ཟད་ཙམ་མངར། བད་ཀན ་དུ་འགྱུར་ཁ་སིལ་ལྕི། ཁོང་འཇམ་ཞིང་སྣུམ་མོ། །པི་པི་ལིང་སྐམ་པོ་ནི་བཤེར་བའི་ཚུལ་བཤད་པ་ལས་བཟློག་པར་བྱ་སྟེ། སྐམ་པོ་ཡོན་ཏན་ནི་རོ་ཚ་ཡང་ཞུ་བའི་རྗེས་མངར། ཁོ་སྣུམ?། བུད་མེད་ལ་ཕོད་པར་འགྱུར། །རླུང་དང་བད་ཀན་དང་དབུཌ་མི་བདེ་བ ་དང། ལུད་བ་ལུ་བ་དང་འདི་རྣམས་སེལ། ཁོང་འཁྲུ་པར་འགྱུར། རྒས་སྲ་ཚེ་རིང་བར་འགྱུར་བའི་སྨོན་བཅུང་ལན་སྦྱོར་བའི་ནང་དུ་པི་པི་ལིང་འཔྲོད་དུ་བཏང་བ་མ་གདོགས་པར་གཞན་དག་ལ་པི་པི་ལིང་གཅིག་པུ་ཤས་ཆེ་བར་མི་བཏང་ངོ། །ལི་དོང་གྲ་ནི་ཕོ ་བའི་དྲོད་སྐྱེ་ཞིང་འབར་བུད་མེད་ལ་ཕོད་པར་འགྱུར། ཁོང་འབྲུ་བ་གཅོད་སྙིང་ལ་ཕན་མཁྲེན་པས་བཏགས་བསེལ། ཡིག་འབྱེ། ཁོང་ཡང། ཞུ་བའི་རྗེས་མངར། །ཁོང་དུ་དྲོད་ཆེ། ཁོར་འཇམ་ཞིང་བསྣུམ། བད་ཀན་དང་རླུང་ནད་སེལ་ཏོ། །དེ་དང་འདྲ་བར ་སྒེའུ་གཤོར་གྱི་ཡོན་ཏན་ཡང་མཐུ་ཡང་ལི་དོད་ཀྲ་དང་འདྲའོ། །ཚ་བ་འདི་སྣ་གསུམ་གྱིས་ནི་ལུས་ཤ་ཆེ་སྟེ་སྦོམ་པ་དང། ཕོ་བའི་མེ་དྲོང་ཉམས་ཤིང་ཆུང་བ་དང། དབུགས་མི་བདེ་བ་དང། ལུད་བ་ལུ་བ་དང། རོ་སྨད་མན་ཆད་དམ་རྐང་པ་སྐྲངས་པ་དང། ་ཆམ་པའི་ནད་འདི་རྣམས་སེལ་ཏེ་ཕན་ནོ། །སྨན་སྣ་ལྔའི་ཕོ་གསུམ་སྦྱར་བའི་དཔྱད་ལ། ན་ལེ་ཤམ་གྱི་ཡོན་ཏན་པས་ནི་དབྱི་མོ་དང་པི་པི་ལིང་གི་རྩ་བའི་མཐུ་ཅུང་ཟད་ཀྱིས་ཆུང་ངོ། །དེ་བས་ན་ཙི་ཏྲ་ཀ་དྲེད་ཚེ་བའི་མཐུ་ནི་མེ་དང་འདྲ་སྟེ་སྨན་ཞུ་བའི་འོག་ཏུ་ ་དྲོད་སྐྱེ། ཡོན་ཏན་ནི་ལུས་སྐྲངས་པ་དང། གཞང་འབྲུམ་གྱི་ཁྲག་ཚད་དང། ལྟོ་ན་སྲིན་བུ་ཡོད་པ་དང། མཛེ་ནད་ཀྱིས་བཏབ་པ་འདི་རྣམས་སེལ་ཏོ། །སྨན་སྣ་ལྔ་ཐུན་རྒྱ་ཤུག་ཙམ་གཏོང་བ་ནི་ནང་དུ། ན་ལེ་ཤམ་ནི་མི ་སྦྱོར་རོ། །དེ་ལ་སྨན་སྨ་ལྔ་ཐུན་རྒྱ་ཤུག་ཙམ་སྦྱོར་བ་ནི། དབྱི་མོ་དང་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། ལི་དོང་ཀྲ་དང། ཀྲུ་ཏྲུག་ཏྲེས་དང་འདི་ལྔའོ། །ཡང་འདི་ལྔའི་ཡོན་ཏན་སྐྲན་དང་མཆེར་པ་ན་བ་དང། དམུ་རྫིང་ན་པ་དང་གསུས་ཆེར་སྐྱེ ་བའི་ནད་དང། ལྟོ་བ་སྦོས་པ་དང། ཟུག་ཅིང་ན་བ་སེལ། དྲོད་མཆོག་ཏུ་སྐྱེ་བར་འགྱུར་རོ། །སྨན་གྱི་རྩ་བ་ཆེན་པོ་སྣ་ལྔའི་སྤྱད་ལ། བིལྤ་དང། ཀསྨ་རི་དང། ཏཏཀ་རི་དང། པ་ཏ་ལ་ལི་དང། ནུནྟུ?་ཀ་དང་འདི་ལྔ་ཆ་སྙོམས་ཏེ་བཅོས་པའི་ཁུ་བ་འཐུངས་ན་རླུང ་ནད་དང། བད་ཀན་ནད་སེལ་ཏོ། །སྨན་གྱི་རྩ་བ་ཆུང་བུ་རྣམ་ལྔ་སྦྱར་བའི་སྤྱད་ལ། བྲི་ཧ་ཏཱི་རྣམས་གཉིས་དང། ཨཾ་ཤུམ་ཏི་རྣམ་གཉིས་དང། གཟིམ་རྩ་ཐོན་དང། འདི་ལྔ་བསྡུས་པའི་ཁུ་བ་འཐུངས་ན་ཧ་ཅང་བསིལ་བ་ཡང་མ་ཡིན། ཧ་ཅང་ཚ་བ་ཡང་མ ་ཡིན་ཏེ། སྨན་གྱི་ཁུ་བ་ཞི་བའི་རྗེས་ནི་མངར་ཏེ་ནད་ཐམས་ཅད་ལ་ཕོན། །སྦན་གྱི་རྩ་བ་འབྲིང་པོ་སྣ་ལྔ་སྦྱར་བའི་དབྱར་ལ། བ་ལ་དང། པུ་ན་རྣ་བ་དང། ཡེ་རཎྜ་དང། སུ་པ་པ་རྞི་སྣ་གཉིས་དང། སྨན་འབྲིང་པོ་སྣ་ལྔའི་རྩ་བ་བཙོས་ཏེ་བསྡུས་པའི་ཁུ་བ་འཐུངས ་ན་བད་ཀན་དང་རླུང་སེལ། མཁྲིས་པ་རབ་ཏུ་སྐྱེ་བར་ནི་མི་བྱེད། ཁོང་ཅུང་ཟད་འཁྲུའོ། །ཛཱི་བནྟི་ཞེས་བྱ་སྨན་འཚོ་བྱེད་སྣ་བཅུའི་དཔྱད་ལ། ཨ་བྷི་རུ་དང། བི་ར་དང། རྡི་དཾ་དང། ཏི་དང། ཛི་བཀར་ཥ?་བཀབ?་དང། འདི་དག་ལ་སོགས་པ་སྨན་སྣ་བཅུ་བོ་ནི་སྨན་འཚོ་བྱེད ་ཅེས་བྱ་སྟེ། མིག་ལ་ཕན། བུད་མེད་ལ་ཕོད་པར་འགྱུར། མཁྲིས་པ་དང་རླུང་སེལ། སྨན་འཚོ་བྱེད་སྣ་བཅུ་སྦྱར་བ་ལ། དར་བ་དང། ཀ་ཤ་དང། བུ་རམ་ཤིང་གི་རྩ་བ་དང། ཤ་ར་སྐམ་སའི་འདམ་བུའི་རྩ་བ་དང། འབྲས་ཀྱི་རྩ་བ་དང། འདི་རྣམས་ནི ་སྨན་འཚོ་བྱེད་ཀྱི་ན་དང་རྩ་བའི་གྲངས་སུ་འགྲོ་སྟེ། འདི་རྣམས་ནི་མཁྲིས་པ་སེལ་བར་བྱེད་དོ། །ལེའུ་དྲུག་པ་རྫོགས་སོ།། །།དེ་ནས་ཟས་བསྡམ་ཞིང་བསྲུང་བའི་ཆོ་ག་བསྟན་པར་བྱའོ། །སྲོག་འཚོ་བའི་སློབ་དཔོན་སྨན་པ་ནི་རྟག་པར ་རྒྱལ་བའི་ཕོ་བྲང་དང་ཉེ་བའི་འདབས་སུ་བཞག་ལ། སྨན་པའི་ལས་སུ་རྒྱལ་པོའི་བཤོས་དང། གཙང་ནན་དང་ན་བཟའ་མནབས་པ་དང། གཟིམས་མལ་བཤམས་པ་ལ་སོགས་པ་ཐམས་ཅད་ལ་ཡང་སྨན་པས་གར་རིགས་པ་དང། ཚོད་ངན་པར ་སྦྱར་ཞིང་བཤམས་པའི་རྣམས་རྟག་པར་ཞལ་ཏ་བྱའོ། །མིའོ་ཅོག་ཐམས་ཅད་བདེ་བ་དང། གྲུབ་པར་ལྡན་ཞིང་ནོར་དང་ལོངས་སྤྱོད་དང་ཆོས་གྲུབ་པ་ཡན་ཆད་ཀྱི་དབང་ཡང་རྒྱལ་པོ་ལ་རག་ལུས་ཏེ། དེ་བས་ན་ལྷག་པར་རྒྱལ་པོའི་སྐུའི་རིམ་གོར་ཞལ་ཟས ་དང། གསང་ནན་ལ་སོགས་པ་བསྡམ་ཞིང་བསྲུང་བར་བྱའོ། །འབྲས་ཆན་གྱི་ནང་དུ་དུག་བཏབ་པ་ནི་འབྲས་ཆ་ན་གཤེར་པ་རླན་བག་ཏུ་འདུག་པའི་རིགས་པ་ལས་ལྷག་པར་སྐམ་བག་ཏུ་འདུག་པ་ཡིན་ནོ། །འབྲས་ཀྱི་ནང་དུ་དུག་བཏབ་པ་ནི་ཆོས་དཀའ་། ་ཚོས་པར་གྱུར་ན་ཡང་འབྲས་ཆན་བཙོས་ཏེ་ཞག་ལོན་པ་ལྟར་སྐམ་བག་རྨ་བྱའི་མགྲིན་པ་ལྟར་འབྲས་ཆན་གྱི་མདོག་རྩ་སྡོལ?། འབྲས་ཆན་གྱི་མདོག་དང་དྲི་བསྲུང་ཡང་ཉམས་ཏེ། དྲི་མི་ཞིམ་པ་རུལ་པ། ཧཾ་བག་རྨ་བྱའི་མདོངས་ལྟར་སྔོན་དམར ་སྣ་ཚོགས་སུ་འདུག་སྟེ། འདི་ལྟ་བུའི་བག་ཟོས་ན་ལུས་ཚ་ཁོང་མྱོས་པ་དང། བརྒྱལ་པ་དང་བད་ཀན་མང་པར་འགྱུར་རོ། །ཚོད་མ་སྣ་ཚོགས་ཁུ་བ་མེད་པ་རྡད་ཚོད་ཀྱི་ནང་དུ་དུག་བཏབ་ན་ནི་ཚོད་མ་མྱུར་དུ་སྐམ་པར་འགྱུར་རོ། །ཚོད་མ་དང་སྲན་དང ་ཤ་ལ་སོགས་པ་ཁུ་བ་མདོག་གསལ་བའི་ནང་དུ་དུག་བཏབ་ན་ནི་ཁུ་བའི་མདོག་གནག་པར་འགྱུར་རོ། །ཡང་ན་ཁུ་བ་སྣ་ཚོགས་ལ་སོགས་པ་ལ་བརྟག་པའི་ཐབས་ནི་ཆོད་ཁུ་བ་ཅན་ནམ། ཁུ་ཤ་ལྟ་བུ་ལག་ཏུ་བླངས་པ་ལ་བདག་གི་བཞིན་གྱི ་གཟུགས་བརྙན་ཆུང་དུ་འམ། ཧ་ཅང་ཆེ་བ་འམ། མི་སྡུག་པར་སྣང་ངམ། ཡང་ན་སེ་མི་སྣང་ན་དུག་ཡོད་དོ། །ཡང་ན་ཁུ་བ་ལ་སོགས་པའི་ནང་དུ། བལྟས་ན་དབུ་བ་སྟེང་དུ་སག་སག་བྱེད་ཅིང་འབྱུང། ་ནག་པོ་ཤུར་ཤུར་པོ་འམ། ཁྱུག་ཁྱུག་པོ་འབྱུང། ཡང་ཡང་ཕྱེད་ཕྱེད་དུ་འགྱེས་ཤིང་མཚམས་འབྱེ། ཁུ་བའི་ནང་ནས་ཆུའི་ཆུ་བུར་ལྟར་སྟེང་དུ་སྟོང་སྟོང་འབྱུང་ངོ། །སྨན་པ་ཁ་ཅིག་ན་རེ་སྐོམ་དང་ཆང་འཐུངས་པའི་ནང་དུ་ཡང་ཐབས ་འདི་ལྟར་བརྟགས་ན་མངོན་ཞེས་འཆད་དོ། །ཡང་ན་ཚོད་མ་སྣ་ཚོགས་ཆུར་བ་འམ་བུ་ར་མི། རྒུན་འབྲུམ་འམ། བལ་པོ་སེའུ་ལ་སོགས་པ་གང་ཡང་རུང་པ་དང། སྤོང་ཀྱིས་བསྒྱུར་བའི་གཡོས་ཚོད་མ་དང་ཁུ་བ་དང། འུ་ཤ་ལ་སོགས ་པ་ཁུ་བ་དཀར་མ་མ། སྨུག་གམ། དམར་རམ་བསྐ་སྟེ་མདོག་མི་གསལ་བའི་རྣམས་ལ་དུག་ཡོད་དམ་མེད་བརྟག་པའི་ཐབས་ནི། གཡོས་མངར་བ་འམ་སྐྱར་བ་རིགས་ཀྱིས་རོ་བྲོ་བ་ཡང་རུང་བ་ཞིག་སྦྱར་བའི་ནང་དུ་དུག་བཏབ་ན། རོ་དེ ་ལྟར་མི་བྲོ་ལ་རོ་མི་ཞིམ་པ་གཞན་དུ་བྲོན་དུག་ཡོད་དེ། །ཁུ་ཤ་དང་འུ་ཤའི་ནང་དུག་བཏབ་ན་ནི་ཁུ་བའི་ནང་ན་སྔོན་པ་གྱ་གྱུ་པོར་སྣང་ངོ། །འོ་མ་དང་ཞོའི་ནང་དུ་དུག་བཏབ་ན་ནི་རི་མོ་ཟངས་མའི་མདོག་ལྟ་བུ་ཤུར་ཤུར་པོ་འམ། གྱ་གྱུ་པོ ་ཡོད་དོ། །ཡང་ན་རི་མོ་གནག་ཅིང་སྔོ་བ་མ་ཡིན། རྩ་གནག་པ་འམ་དགྲོ་བའི་རི་མོར་སྣང་ངོ། །དར་བའི་ནང་དུ་དུག་བཏབ་ན་ནི། རྩ་སྔོ་བ་འམ་སེར་བ་འམ་རི་མོ་ནག་པོར་སྣང་ངོ། །མར་ཁུའི་ནང་དུ་དུག་བླུགས་ན་ནི་ཆུའི་མདོག་འདྲ་བར་སྣང་བའི ་རི་མོ་མངོན་ནོ། །ཆང་དང་ཆུའི་ནང་དུ་བླུག་ན་ནི་ནག་པོར་སྣང་ངོ། །སྦྲང་རྩིའི་ནན་དུ་དུག་བླུག་ན་ནི་ཆུའི་མདོག་འདྲ་བར་སྣང་བའི་རིམ་མོ་མངོན་ནོ། །ཆང་དང་ཆུའི་ནང་དུ་བླུག་ན་ནི་ནག་པོར་སྣང་ངོ། །སྦྲང་རྩིའི་ནང་དུ་དུག་བཏང་ན་ནི་ལྗང་སྔོན་དུ ་དུག་སྣང་ངོ། །ཏིལ་མར་གྱི་ནང་དུ་བཏབ་ན་ནི་དམར་པོར་སྣང་ངོ། །ཤིང་ཏོག་མ་སྨིན་པ་ལ་དུག་བཏབ་ན་ནི་སྨིན་པ་ལྟར་སྣང་ངོ། །ཤིང་ཏོག་སྨིན་པ་ལ་དུག་བཏབ་ན་ནི་རུལ་པར་འགྱུར་རོ། །ཁ་ཟ་སྐམ་པོ་དང་རློན་པའི་ནང་དུ་དུག་བཏབ་ན་ནི་རློན ་པ་ནི་སྙིགས་པར་འགྱུར་རོ། །སྐམ་པོ་མདོག་འགྱུར་རོ། །ཁ་ཟས་སྙི་ཞིང་འཇམ་པ་ལ་བཏབ་ན་སྲ་ཞིང་ཁངས་པར་འགྱུར་རོ། །སྲ་བའི་ནང་དུ་བཏབ་ནི་སྙ་བར་འགྱུར་རོ། མེ་ཏོག་དང་མེ་ཏོག་གི་ཕྲེང་བ་ལ་བཏབ་ན། མེ་ཏོག་གི་ལོ་མ་ཐོར་ཐོ་འགས་དྲི་ཞིམ་ཞིང་རྙིང་པར་འགྱུར་རོ། །གོས་ལ་སྤུ ་དུག་གིས་བསྐུས་ན་ནག་པོ་?་ཏིག་པོ་དང་ནག་པོ་ཀོར་ཀོར་པོར་འགྱུར་རོ། །གོས་ཀྱི་སྤུ་གྲུབས་ཤིང་འཆད། མཛའ་མ་ཟེགས། རས་ཀྱི་ཁ་ཚར་འཆད་དོ། །གསེར་དངུལ་ས་ལེ་སྦྲམ་དང་མེ་ཏོག་དང་ཤིང་གི་བག་འཁར་བ་ཕོར་ཞིང་ཞིང་རྫ་དང་རྡོ་བ་དང་རིན་པོ་ཆེ་ལ ་སོགས་པའི་དུག་གིས་བསྐུས་སམ་བྱུགས་ན་སྔ་མ་དང་མི་འདྲ་སྟེ་དྲི་མ་ཆགས་པར་སྣང། མདོག་འགྱུར། འོད་ཉམས་རེག་ན་འཇམ་རྩུབ་མི་འདྲ་སྟེ་འགྱུར་རོ། །ཁམ་པའི་རྫ་ཕྲུ་དང་སྣོད་སྤྱད་ལ་དུག་གིས་བསྐུས་ན་ནི་མདོག་བཟང་ཞིང་འོད་ཡོད་པར ་འགྱུར་རོ། །ཟས་སྐོམ་ལ་སོགས་པའི་ནང་དུ་དུག་འདེབས་ཤིང་འོང་བའི་མི་སུ་ཡིན་རྟོགས་བར་ངོས་བཟུང་བའི་ཐབས་བཤད་པ། མི་ཞིག་ལག་ན་དུག་ཁྱེར་ཞིང་འོང་བར་མངོན་པའི་རྟགས་དང་མཚན་མ་མངོན་པ་ནི། གདོང་རྩ་སྔོ་ཞིང་གནག་བབ་ཏུ ་འདུག་།ཁ་སྐམ་གདོང་བག་སྐྱེངས་བཞིན་ལ་མི་ལ་མི་ཆགས་ཏེ། མིག་ཕྱོགས་ཕན་ཚུན་བལྟ། འདར་ཞིང་རྡུལ་བག་ཏུ་འདུག་།བརྟགས་པ་དངངས་བག་།འགྲོ་ན་གོམ་པ་འདར་བག་ཏུ་འགྲོ་བ་འདི་ལྟ་བུའི་མི་ནི་ཁ་ཟས་ཀྱི་ནང་དུ་དུག་འདེབས་ཤིང ་འོང་བར་མངོན་པའི་རྟོགས་ཡིན་ནོ། །ཟས་དུག་ཅན་དུ་ཡིན་པར་མངོན་པའི་དན་རྟགས་ལ་བེབ་པར་གྱུར་ནས་དུག་ཡིན་པར་ཀུན་གྱིས་ཡིད་ཆེས་པ་དང། ངོ་བཟུང་ཞིང་དཀར་མཆོག་པའི་ཐབས་བཤད་པ། ཁ་ཟས་དུག་ཅན་ཡིན་པར་གྱུར་ནས་དེ ་མེད་སྲེགས་པ་དང། མེ་ལྕེ་ཅིག་འཁྱིལ་ཞིང། འབར་ལ་མེ་སྟག་རབ་ཏུ་དག་ལ། དུད་པ་རྨ་བྱའི་མགུལ་པ་ལྟ་བུར་འབྱུང་ཞིང་མེ་ལྕེ་བྱུང་ཡང་རུ་དྲི་མི་ཞིམ་པ་གྲག་པོར་མནམ་མོ་ཁ་ཟས་དུག་ཅན་སྭེ? ་མོས་ཟོས་ན་འཆི། བྱ་རོག་གིས་ཟོས་ན་སྐད་དུང་དུང་འབྱིན། བྱ་ནེ་ཚོ་དང། བྱ་ཏ་ཏུ་ཧ་དང། བྱ་ཤ་ར་ཀའི་སྐེགས་ཀྱིས་མཐོང་ན་སྐད་ཅ་ཅོ་འབྱིན་པར་འགྱུར། དང་པས་མཐོང་ན་གོམ་པ་ཐག་ཐུང་བྱེད་ཅིང་བརྡེག་འཆའ་བྱ་ཇི་བ་ཏི་པ ་ཀ་ཞེས་བྱ་བཤད་ཤད་ཏེ་འུས་ཟོས་ན་ན་པར་འགྱུར། སྦྲུལ་གྱིས་མཐོང་ན་མི་ག་མི་ཆགས་དེ་ལྟར་མི་བཏུབ་པར་བྱེད། ཁྲུད་ཁྲུད་གིས་མཐོང་ན་ཙང་ཙོང་པོར་སྒྲུབ་བག་ཏུ་འགྱུར། ཕུག་རོན་དང་བྱ་ཀོ་ཀི་ལ་དང། བྱ་དག་ཤ་དང། ངུར ་བས་ཟོས་ན་འཆི་བར་འགྱུར། བྱི་ལས་མཐོང་ན་སྐྱོ་སྟེ་མི་འདོད་པར་འགྱུར། སྤྲེའུས་མཐོང་ན་སྐྲག་ཏེ་མི་གཙང་བ་འདོར་བར་འགྱུར། རྨ་བྱས་མཐོང་ན་དུག་གི་དཔལ་དང་མདོག་ནི་ཉམས་རྨ་བྱ་ནི་དགའ་བར་འགྱུར་རོ། །ཁ་ཟས་དེ་ལྟེ་བུ་དུག་ཅན་ཡིན ་པར་ཤེས་ནས་བླ་འོག་མི་ཕལ་དང། སྲོག་ཆགས་ཡན་ཆད་ལ་ཅིས་ཀྱང་དེ་དག་ལ་གནོད་པར་མ་གྱུར་ཡང་མྱུར་དུ་མེད་པར་གྱིས་ཤིག་།དུག་སྣ་ཚོགས་རེག་དུག་གམ། དུག་འཐུངས་སམ་ཟོས་པ་ལས་ནང་དུ་གྱུར་ན། སོ་སོའི་ནང་དམིགས་ཀྱི ་ངོ་བོ་བསྟན་པ་དང། སོ་སོའི་སྨན་དཔྱད་ཀྱི་ཆོ་ག་བཤད་པ། རོག་དྲུག་གིས་ལུས་སམ་པ་ག་པ་ལ་རེག་ན་ན་བའི་ཐབས་ན། དུག་གིས་གར་རེག་པ་ནས་གཡའ། ཚ་ཞིང་ན། རིམས་ཀྱིས་བཏབ་པར་འགྱུར། ལུས་ལ་འབྲུམ་བུ་འབྱུང། ་ལུས་དང་ཡན་ལག་ལ་ཚོར་བའི་བག་མེད་དེ་བེམ་བེམ་པོར་འདུག་།སེན་མོ་འབྱུང། སྤྲུ་འབྱི། ལུས་སྐྲངས་ཏེ། དེ་དག་ལ་སྨན་གྱི་ཆོ་ག་ནི་སྨན་དམིགས་ཀྱིས་སྨོས་པ་རྣམས་ཀྱི་ཁུ་བས་ལུས་དང་ཡན་ལག་བཀྲུ་ཞིང་ཆུ་བླུགས་པ་དང། སྨན་གྱིས ་བསྐུས་ན་དུག་ཐུབ་སྟེ་ཕན་ནོ། །དེ་ལ་སྨན་ནི་ཨུ་ཤི་ར་དང། ཙན་དན་དཀར་པོ་དང། ཤུག་པ་དང། སོ་མུ་ལ་ཀའི་ཤུན་པ་དང། བལ་བུའི་ལོ་མ་དང། རུ་རྟ་དང། གུ་རུ་རྩི་དང། འདི་རྣམས་ཆམ་ཆོམ་དུ་བརྡུངས་པའི་ཁྱུ་བ་མཉེས་ཤིང་བུ་? ་བས་བཀྲུ་ཞིང་རྒྱུན་དུ་བླུག་པ་དང། སྨན་འདི་རྣམས་ཞིག་ཏུ་རྟགས་པའི་འདི་གུས་བྱུག་གོ་།དུག་པའི་ནད་ཙམ་དུ་རེག་པའི་ནད་ཐབས་ནི་ཁ་ནས་བད་ཀན་མང། ལྕེ་ལ་རོ་བྲོ་བ་མི་ཚོར། ཡ་མཆུ་མ་མཆུ་གཉིས་བེམ་བེམ་པོ་རོ་བྱེད་ཅིང་སོ་དང་མཆུ་དང་ལྕེ ་ཀུན་བེར་བེར་བྱེད། ལུས་ཆ་སྟེན་ཞིང་ཟུག་སོ་བརྩེ་ཁ་ཟས་ཀྱི་རོ་ཙི་བྲོ་བ་མི་ཚོར། འགྲམ་བ་རངས་ཏེ་སོ་འཛིངས་པའི་ནད་ཐབས་འདི་ལྟ་བུས་བྱེད་དེ། འདི་ལྟ་བུ་སྨན་གྱི་ཆོ་གར་བྱ་བ་ནི། རེག་དུག་གསོ་བའི་སྨན་ཨུ་ཤི་རི་ལ་སོགས་པ་གོང་དུ་བཤད ་པའི་སྨན་རྣམས་ཆུའི་ནང་དུ་སྤངས་ཏེ་མཉེས་པའི་ཁུར་བ་ཁར་བླུགས་སྟེ་གཞག་ལ་དུག་བསྲུ་ཞིང་དྲངས་ལ། ཁ་ཆུ་ཕྱིར་དོར་བའི་ཐབས་དང་དུག་ཐུབ་?་སྨན་ཐམས་ཅད་ཕན་ནོ། །དུག་འཐུངས་པ་ལས་མ་ཞུ་བའི་གནས་པོ་བ་དང། ་མཆིན་བ་ལ་བབ་པའི་ནད་ཐིབས་ནི། ལུས་རྡུལ་ཞིང་བརྒྱལ་ལྟོ་སྤོས་མགོ་འཁོར་མྱོས། བ་སྤུ་ཀུན་ལངས། སྐྱུག་ལུས་ཀུན་ཚ། མིག་མི་འཐུང། སྙིང་མ་དྲན། ལུས་དང་ཡན་ལག་ལ་རྩ་དམའ་པོ་དང། སྔོན་པོ་ཏིག་ཏིག་པོར་གང་བར་འགྱུར་རོ། ། ་ཡང་དུག་འཐུངས་བ་ཤིག་ལས་དུག་དེ་རྒྱུ་མ་མན་ཆད་སྨད་དུ་བབས་ན། ན་བའི་ཐབས་ནི་ཁ་ནས་སྐྱུག་པ་ཁ་དོག་སྣ་ཚོགས་སུ་འབྱུང་ཞིང་སྐྱུག་།གཅིན་མང་ཚ་བར་བྱེད་རབ་ཏུ་འཁྲུ་ལུས་མྱོ་མྱོ་ལོ་རྨྱལ་བག་ཏུ་འདུག། ཤ་སྐམ་ཤ་མདོག་སྐྱ་ཞིང་རྩ་སེར ་བག་ཏུ་འདུག་།གསུས་པ་སྐྱེ། ཉམས་སྟོབས་ཟད་དེ་དུག་རྣམས་འདི་གཉིས་ཀྱིས་བབ་པ་ལ་སྤྱད་དུ་བྱ་བའི་ཐབས་ནི། སྐྱུག་སྨན་དང་བཀྲུ་སྨན་གྱིས་བཀྲུས་ན། དེ་ནས་སྐྱེར་བའི་རྩ་བ་དང། ཆུ་རྩི་སེར་པོ་ཡུ་བ་དང། ཏ་ཀི་བྷ་ཞེས་བྱ་བ་དང། བུ་རམ ་དཀར་པོས་ན་དུ་བ་རི་ཀ་དང། ནི་སྦ་བ་དང། བ་སི་ཀ་དང། ཤཏ་པརྤ་ཀ་དང། ཏིནྟུ་ལི་ཡ་ཀའི་རྩ་བ་དང། བྱ་གག་གི་སྒོང་ད་དང། ཨ་པ་ལ་གུ་ཛ་དང། སྨན་འདི་རྣམས་སྟོབས་སྙོམས་ཏེ་ཞིབ་ཏུ ་བཏགས་ལ་འབྲས་བཙོས་པའི་ཁུ་བ་བཙགས་པའི་གྲང་མོའི་ནང་དུ་སྨན་ཞིག་ཏུ་བཏགས་པའི་ཕོ་སུམ་གང་བཀྲུགས་ཏེ་ཐུན་ཅིག་བླུད་དོ། །མིག་དང་སྣ་ནས་གཏང་བ་ནི། འབྲས་ཁུའི་ནང་དུ་སྐྱོ་མར་སྦྱར་ཚགས་ལས་བཙགས་ཏེ་མིག ་དང་སྣང་གཏིག་ཅིང་བླུགས་སོ། །ཐབས་འདི་ལྟར་ནད་པའི་ཉམས་སྟོབས་དང་སྦྱར་ཞིང་ན་མ་ཐག་གི་བར་དུ་གཏང་ན་དུག་ཐུབ་པོ། །དུག་གིས་ཕོག་པ་ལ་གཞན་ཡང་དཔྱད་བྱ་བ་ནི། བྱེན་དུ་གྲངས་ཏེ་བརློན་པ་དང། ཐུར་དུ་བཀྲུ་བས་ནད ་སྦྱངས་ན་དུག་ནད་ཕྱིན་ཏི། ཁོང་ཡང་བར་གྱུར་ནས། སྨན་གཏང་བའི་དུས་ལ་བབ་ཏེ། གདོང་ཟངས་བཟང་པོ་སེག་བ་དར་གྱིས་བདར་བ་པོ་གསུམ་གང་སྦྲང་རྩི་དང་སྦྱར་ཏེ་གཏང་ན་དུག་སྙིང་ལ་བབ་པ་དང། ཟུག་པ་ལ་ཕན་ཞིང་བྱང་ངོ། ། ་འདི་ལྟར་བྱས་ན་དུག་གིས་ཕོག་ཏེ་སྙིང་ནི་ཞིང་ཟུག་པ་ཀུན་འབྱང་ངོ། །སྙིང་ན་ཞིང་ཟུག་པ་ལ་སོགས་པ་ཀུན་བྱང་ནས་དེའི་རྗེས་ལ་གསེར་ཕྱེ་མར་བཏགས་པ་ཞིབ་མོར་བགྱིས་ཏེ། སྦྲང་རྩི་འམ་འབྲས་ཁུ་ལས་བཏང་ན་དུག་ཐུབ་སྟེ། གསེར ་འཐུང་བ་ནི་དཔེར་ན་པད་མོའི་འདབ་མ་ལས་ཆུ་མི་ཆགས་པ་བཞིན་མིའི་ལུས་ལ་དུག་གིས་མི་ཚུགས་སོ། །གསེར་ཕྱེ་མ་རྟག་ཏུ་འཐུངས་ན་ཚེ་ཡང་རིང་པོར་འགྱུར་རོ། །དུག་ལ་ཕན་པའི་ཆོ་ག་བསྟན་པ་ཡང་འདི་ཡིན་ནོ། །དུག་གིས་ཕོག་པའི ་སྟེང་དུ་ཁ་ཟས་མི་འཕྲོད་པ་ཟོས་ན། དབྱིག་དུག་སྦྱར་མ་དང་འདྲ་སྟེ་རབ་ཏུ་གནོད་པར་འགྱུར་རོ། །དེ་དག་གང་ཞེ་ན། ཡུལ་གཤེར་ས་སེར་ཆེ་བ་ན་གནས་པའི་རི་དགས་ལ་སོགས་པའི་ཤ་གང་ཡང་དུང་པ་དང། ཉ་དང་རྒྱུ་སྲན་ནག་པོ་དུད་སྦྲང ་རྩི་དང། འོ་མ་དང། ཡུངས་མ་ནང། ལ་ཕུག་ལ་སོགས་པའི་མྱུ་གུ་ཐམས་ཅད་དང། སྐྱུར་པོ་ཡང་མི་དགེ་བས་འདི་རྣམས་འདྲ་སྟེ། ནང་ཕན་ཚུན་མི་འཕྲོད་པས་འདི་ལྟ་བུ་ནང་འདྲེན་མར་ཟོས་ན་དུག་སློང་ཏེ་མི་རུང་ངོ། །ཡང་པདྨའི་རྩ་བ་དང། ་ལ་ཕུག་དང། བུ་རམ་གང་ཡང་རུང་བའི་འདི་གསུམ་ནང་ཡི་འཕྲོད་དེ་གནོད་དེ། །མཆོག་ཏུ་འོ་མ་དང། ཉ་གཉིས་མི་འཕྲོད་དེ། ཨཾ་གུ་ནི་གནོད་དོ། །ཉའི་ནང་ཡང་སྲི་མ་མཆོག་ཏུ་གནོད་དོ། །འོ་མ་དང་སྐྱུར་པར་མི་འཕྲོད་དེ། དེ་བཞིན ་དུ་ཤིང་ཏོག་སྐྱུར་པོ་ཐམས་ཅད་དང། རྒྱ་སྲན་ནག་པོ་དང། ཤིང་ཏོག་བ་ར་ཀ་དང། ཀཾ་ཀུ་དང། བཱ་ལ་དང། མུ་ལ་ཀ་ཏ་དང། འདི་རྣམས་ཀྱང་འོ་མ་དང། མི་འཕྲོད་དེ། དེ་བཞིན་དུ་ཚོད་སྔོན་རྗེན་པ་ཤང་རྩེའི་བག་དང། ཡུངས་བ་དང་ལ་ཕུག་ལ་སོགS ་པའོ་མ་དང་མི་འཕྲོད་ཀྱིས་མ་ཟ་ཞིག། ཕག་རྒོད་དང་བྱི་ཐུག་གྱི་ཤ་ལྟ་བུ་འཇུ་དཀའ་ཞིང་ལྕི་བ་འོ་མ་དང་མི་འཕྲོད་དེ། ཞོ་དང་རི་དགས་ཀྲི་ཤ་ཏའི་ཤ་དང། བྱ་གག་གི་ཤར་མི་འཕྲོད་དོ། །མོན་སྲན་རྡེའུ་ཚོད་མ་དང། ལ་ཕུག་ཏུ་མི་འཕྲོད་དོ། །ལུག་ཤ་དང ་ལེ་བརྒན་རྩིའི་ཚད་མར་མི་འཕྲོད་དོ། །པདྨའི་རྩ་བའི་ཚོད་མ་དང་ལ་ཕུག་དང། ཡུངས་མ་དང། མྱུ་གུ་སྣ་ཚོགས་ཀྱི་ཚོང་མ་དང་མི་འཕྲོད་དོ། །མོན་སྲན་གྲེའུའི་ཚོད་མ་དང། བུ་རམ་དང་ཞོ་དང་ཤིང་ཏོག་ལི་ཧ་ཟ་རྣམས་དད་མི་འཕྲོད་ཀྱིས་མ་ཟ་ཞིག། ་ལྡུམ་བུ་ཆུ་སྐྱེས་ཀྱི་འབྲས་བུ་དང་དར་བ་མི་འཕྲོད་དོ། །ཤིང་ཏ་ལའི་ཤིང་ཏོག་དང་པི་པི་ལིང་དང་ནེ་ལ་ཤམ་དུ་མི་འཕྲོད་དོ། །ཀ་ཀ་མ་རྩི་དང་ཡང་མི་འཕྲོད་དོ། །ཡང་ན་ཉ་བཙོས་ན་ཡང་མི་རུང་ངོ། །ཉ་མི་རུང་བ་བཞིན་བཅའ་སྒ་བསྐོལ་བའི་སྣོད་ཀྱི་ནང ་དུ་ཀ་ཀ་མི་རྩི་བཙོས་ན་ཡང་མི་འཕྲོད་དོ། །ཡང་ཀ་ཀ་མ་རྩི་དང་བྱ་ཀ་མ་ཏ་ཞེས་བྱ་བའི་ཤ་སྣོད་སོ་སོའི་ནར་དུ་བཙོས་ཏེ་ཟོས་ན་ཡང་མི་འཕྲོད་དོ། །ཡང་ན་བྱ་ཀ་མ་ཏའི་ཤ་གཅིག་བུ་བཙོས་པ་ཁོངས་སུ་ཞག་ལོན་བཟོས་ན་ཡང་གནོད་དོ། །མར་གྱི་ནང་ན་ཉ་བརྡོ ་ཁའི་ཉའི་ཞག་དང་མར་ཁུའི་ནང་དུ་པི་པི་ལིང་བརློན་པ་ཡང་མི་འཕྲོད་ཀྱི་མ་ཟ་ཞིག་།འཁར་པའི་ནང་དུ་མར་ཞག་བཅུ་ལོན་པར་བཞག་པའི་ནང་དུ་སྨན་གོ་བའི་འབྲས་བུ་མར་དྲོན་མོར་ཟོས་ན་མི་འཕྲོད ་དོ། །དར་བའི་ནང་དུ་སྐམ་པི་ལ་སོགས་པ་ཡང་མི་འཕྲོད་དོ། །ཏིལ་དང་མོན་སྲན་རྡེའུ་རྣམ་གཉིས་སྦྱར་བའི་ཐུག་པ་དང། འོ་མ་དང་ཆད་དུ་མི་འཕྲོད་དོ། །སྦྲང་རྩི་དང་མདངས?་རྡོ?་ཚིལ་དང་ཏིལ་མར་དང་ཆུ་དང། འདི་རྣམས་གང་ཡང་རུང་ལན་གཉིས་ལན ་གསུམ་དུ་ཧ་ཅང་ཆེར་མི་བཟའ་མི་བཏུང་ངོ། །ཡང་ན་འདི་ལྔ་ཆ་མཉམ་པར་བྱས་ཏེ་ཅིག་ཅར་ཟོས་ན་ཡང་ཕན་ཚུན་ནང་མི་འཕྲོད་དེ་གནོད་དོ། །མར་དང་སྦྲང་རྩི་གཉིས་ཆེ་ཆུང་བྱས་ཀྱང་ཆར་པའི་ཆུ་འཐུངས་ན་མི་འཕྲོད་དེ་གནོད་དོ། །ཡང་སྦྲང ་རྩི་དང་པུ་ཀ་རའི་ས་བོན་དང་གཉིས་ཟོས་ན་ཡང་གནོད་དོ། །སྦྲང་རྩི་དང་བུ་རམ་ཆང་དང། ལི་ཁ་རའི་ཆང་དང་ནང་མི་འཕྲོད་དེ་གནོད་དོ། །ཡང་འོ་ཐུག་དང་ཆུ་དང་ཕྱེ་སྦྱར་བའི་སྐྱེ་མར་འཐུངས་ན་མི་འཕྲོད་དེ་གནོད་དོ། །ཤ་མོ་ཡུངས་དམར ་གྱི་ནང་དུ་བཙོས་པ་ཡང་མི་འཕྲོད་དེ་གནོད་དོ། །ཡང་ཚོད་མ་ཨུ་པོ་ཏ་ཀ་ཞེས་བྱ་པ་ཏིལ་གྱི་ཚིགས་མ་ལ་ཟོས་ན་རབ་ཏུ་འཁྲུ་བར་འགྱུར་རོ། །ཆུ་ལ་གནས་པ་ཞེས་དཀར་མོའི་ཤ་བཙོས་པ་ཆང་དང་སྦྱར་བ་དང། སྲན་རྡེའུ་དང་མོན་སྲན་རྡེའུ ་དང་ཏིལ་དང་སྣ?་གསུམ་དུ་སྦྱར་བའི་ཐུག་པ་དང་མི་འཕྲོད་དེ་གནོད་དོ། །ཕག་རྒོད་ཀྱི་ཚིལ་གྱི་ནང་དུ་བྱ་དཀར་མོའི་ཤ་བ་རྡོས་ཏེ་ཟོས་ན་འཕྲལ་དུ་སྲོག་ལ་གནོད་པར་འགྱུར་རོ། །དེ་བཞིན་དུ་སྲག་པ་དང། རྨ་བྱ་དང། གོ་དྷ་ཞེས ་བྱ་བ་སྲེ་མོ་བ་ཞིག་ཡོད་པ་དང། བྱ་ཀ་བི་ཛ་ལ་དང། འདི་རྣམས་ཤིང་ཨེ་རཎྜའི་མེས་བུས་ཏེ། ཨེ་རཎྜ་ཉིད་ཀྱི་མར་ལ་བརྔོས་ཏེ་མི་འཕྲོད་པ་སྟེ་གནོད་དོ། །བྱ་ཧ་རེ་ཏ་ཞེས་བྱའི་ཤ་སྐྱེར་ཤུར་རིང་པོར་ཕུག་ལ། སྐྱེར་བའི་མེ་དང ་འདབ་མ་ལ་བསྲེགས་ཏེ་ཟོས་ན་འཕྲལ་དུ་སྲོག་ལ་གནོད་དོ། །བྱ་ཧ་རི་ཏའི་ཤ་སྲེག་ཤར་བྱས་ཏེ་ཐལ་བ་དང་ས་ཡང་རེག་ལ། དེ་སྦྲང་རྩི་དང་སྦྱར་ཞིང་ཟོས་ན་དེ་བཞིན་དུ་གནོད་དོ། །དེ་ལྟ་བས་ན་ཁ་ཟས་མི་འཕྲོད་པ་གང་ཡང་རུང་པ་ཟོས་ན་མི ་འཕྲོད་ནང་སློང་ལ་ནད་བྱང་དུ་མི་རུང་བ་དེ་ལྟ་བུ་ནི། མདོར་ན་ཟས་མི་འཕྲོད་པ་ཞེས་བྱ་སྟེ་གནོད་པ་ཡིན་ནོ། །འདི་ལྟ་བུར་ཁ་ཟས་མི་འཕྲོད་བ་ཟོས་པ་ལ་དཔྱད་དུ་བྱ་བ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བཀྲུ་སྨན་དང་སྐྱུག་སྨན་གྱིས་སྦྱང་བའོ། །རྣམ་པ ་གཉིས་ནི་ཟས་མི་འཕྲོད་པའི་ནད་དེ་ལྟ་བུ་སེལ་ཅིང་འབྱིན་པའི་འདུ་སྨན་ནམ་ཡང་ན་ཟས་བསྙུང་བ་ལ་སོགས་པས་ཞི་བར་བྱའོ། །ལ་ལ་ཞིག་ཟས་དང་མི་འཕྲོད་པ་འདི་ལྟ་བུ་ཐོག་མ་ནས་ཟ་ཞིང། ལུས་ཟ་སྟེང་ལྟ་བུ་ཉིད་ཀྱི་ལུས་གསོས་བསྐྱེད་པ་དང ་ཡང་ན་རྟག་ཏུ་བཅགས་པ་ལ་སོགས་པས་ལུས་བཀྲོལ་ཞིང་ཤུགས་ཕྱུང་བ་དང། ན་ཆོད་དར་ལ་བབ་ཅིང་ཉམས་སྟོབས་དང་ཡང་ལྡན་པའི་མི་ཟས་མི་འཕྲོད་པ་ཡིན་གྱིས་ཀྱང་རྟག་པར་ཟས་སུ་གོམས་པ་དང། ཅུང་ཟད་ཟོས་པ་དེ་ལྟ་བུ་ནི་མི ་འཕྲོད་ཅིང་གནོད་པར་འགྱུར་རོ། །ཡང་ཟས་མི་འཕྲོད་པ་དི་ཟོས་ན་ཡང་ཉེན་དུ་མི་འགྱུར་བར་བགས་ཀྱིས་བཟའ་པའི་ཐབས་ནི། ཟས་འཕྲོད་བ་ཞིག་གསུམ་ཟོས་ནས་ཟས་མི་འཕྲོད་པ་བཞི་ཆ་ཅིག་བཟའོ། །དེ་ནས་བགས་ཀྱི་ཉིན་རེ་བཞིན་ཟས་འཕྲོད་པ ་བཞི་གསུམ་གྱི་སུམ་ཆ་གཅིག་པོ་དེ་ལ་ཡང་བཞི་ཆ་བཞི་ཆས་ཉིན་རེ་རེ་ཞིང་ཕྲི་ལ་མི་འཕྲོད་པའི་ཟས་ཀྱང་ཉི་མ་རེ་རེ་ཞིང་ཆ་བསྐྱེད་དེ། བཟའ་བ་འདི་ལྟ་བུར་ཉི་མ་གཅིག་གཉིས་གསུམ་བཞི་རྟག་ཏུ་ཐོས་ན་འཕྲོད་པར་འགྱུར་རོ། །ཡང་ན་ཁ་ཟས་མ་འཕྲོད ་ཀྱང་རྟག་པར་ཟོས་ཏེ་གོམས་ན་མི་གནོད་སེལ་དེ་ཕན་ནོ། །གལ་ཏེ་ཟས་མི་འཕྲོད་པ་ཕན་ཞིང་གོམས་པར་གྱུར་པ་དེ་བཏང་ལ། འཕྲོད་ཅིང་ནང་དུ་མི་འགྱུར་བའི་ཟས་མ་གོམས་པ་བསྟེན་ཅིང་ཟོས་ན་མི་འཕྲོད་དེ་གནོད་པས་དེ་མ་ཐག་ཏུ་ནར་དུ་འགྱུར་ཏེ་རླུང་དང ་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་ལུས་ལ་གནོད་པར་འགྱུར་བ་དེ་བདག་དད་ཉེ་བར་གནས་བཞིན་དུ་མི་འཕྲོད་པའི་ཟས་གནོད་པ་ཡང་དང་ཡང་ཟ་བ་གང་ཡིན་པ་ནི་མཁས་ཤིང་ཤེས་པས་བཟའ ་པའི་མི་རིགས་སོ། །དེ་བས་ན་ལུས་ལ་ཕན་པར་འགྱུར་པ་ཟས་དང་གོས་དང་མལ་ཆ་དང། བུད་མེད་དང་ཕྲད་པ་རྣམས་ལ་ཚེད་ཟིན་ཅིང་ངན་པར་བྱེད་པས་ལུས་བརྟེན་ཅིང་གསོ་བ་ནི། དཔེར་ན་ཁང་ཁྱིམ་རྟག་ཏུ་ཞལ་ཏ་བྱེད་ཅིང་བཅོས་པ ་དང་འདྲ་སྟེ། དེ་ལྟ་བས་ན་ཁ་ཟས་ཀྱི་ཚུལ་ནི་སྔར་ཡང་བསྟན་པ་ཡིན་ནོ། །འོག་ནས་སྐབས་སྐབས་སུ་ཡང་འཆད་དོ། །བདེ་མི་བདེ་ཤ་ཆེ་བ་དང། །སྐེམ་པ་དང། སྟོབས་ཆེ་ཆུས་དང། བུད་མེད་ལ་ཕོད་མི་ཕོད་དང། སེམས་བསལ་མི་གསལ ་དང། སྲོག་གི་ཟུངས་ཡན་ཆད་ཀྱང་གཉིད་ཚིམ་པར་ལོག་ན་ཕན་ཏེ་གཉིད་ལ་རག་ལུས་སོ། །གཉིད་ལེགས་པར་ལོག་པ་ནི་ལུས་ལ་ཕན་གནོད་ཀྱི་འོན་ཀྱང་སོས་ཀའི་ཚེ་ཉིན་པར་ལོག་ཏུ་རུང་བ་མ་གཏོགས་པའི?་དུས་གཞན་གྱི་ཚེ་ཉལ ་བ་ནི་དུས་མ་ཡིམ་པར་གཉིད་ལོག་པ་ཞེས་བྱ་སྟེ་གནོད་དོ། །གཉིད་ལོག་ན་ཕན་ཞེས་ཏེ་རྒྱུན་དུ་ཧ་ཅང་ཡང་མ་འོང་པར་མི་ཉལ་ལོ། །གཉིད་དྲག་ན་ལུས་ལ་གནོད་ཆེས་ཏེ་གཉིད་ཡི་མི་ལོག་པར་ཡང་མི་རུང་ངོ། །རྟག་ཏུ་ཧ་ཅང་མཉལ ་ཞིང་གཉིད་དྲགས་ན་བདེ་སྐྱིད་པའི་ཚེལ་བདུད་ལྷག་པར་འབྱུང་སྟེ། གནོད་དོ། །མཚན་མོ་གཉིད་མི་ལོག་ཅིང་མི་ཉལ་བ་ནི་ལུས་ཀྱི་ཁོང་རྩུབ་སྟེ་རླུང་སྐྱེའོ། །ཉིན་པར་གཉིད་ལོག་པ་ནི་ལུས་ཀྱི་ཁོང་འཇམ་སྟེ་བད་ཀན་སྐྱེ། ཙོག་པུར་ཡུལ་བ་ནི ་རླུང་ཡང་མི་སྐྱེ་བད་ཀན་དུ་ཡང་མི་འགྱུར་རོ། །སོས་ཀའི་ཚེ་ཟླ་བ་གཉིས་རླུང་སྐྱེས་པའི་དུས་དེ་ཉམས་མཐུ་མི་འབྲི་བའི་དུས་ལ་བབ་པས། དེའི་ཚེ་མཚན་ནི་མཐུང་ཉི་མ་ནི་རིང་བས་ཉིན་པ་གཉིད་ལོག་ན་ཕན་ནོ། །དུས་འདིའི་ཚེ་མ་ཡིན་པར ་གཉིད་ལོག་ན་བད་ཀན་དང་མཁྲིས་པ་སྐྱེ་བར་འགྱུར་རོ། །སྨྲ་མངས་ཏེ་དྲགས་པ་དང། རྟ་ཞོན་དྲགས་པ་དང། རྐང་གིས་སོང་ཏེ་དུབ་པ་དང། ར་རོ་བ་དང། བུད་མེད་ལ་ཉལ་དྲགས་པ་དང། ཁུར་དང་ལས་ཀྱིས་དུབ་པ་དང། ཚིག་བཟོས་ཏེ་ཁྲོས་པ་དང། མྱ ་ངན་གྱིས་བཏབ་པ་དང། ངལ་ཞིང་དུབ་པ་དང། །དབུགས་མི་བདེ་བ་དང། སྐྱིགས་བུས་བཏབ་པ་དང། ཚད་པས་རབ་ཏུ་འཁྲུ་བ་དང། ན་རྒན་པ་དང། བྱིས་པ་ཆུད་དུ་དང། ཉམས་སྟོབས་འབྲི་བ་དང། གློ་བརྡོལ་ཏེ་ཁ་ནས་ཁྲག་འོད་བ་དང། སྐོམ་པ་དང། ལུས་དང ་ཡན་ལག་མ་ཏེ་ཟུག་པ་དང། ཟས་མ་ཞུ་སྟེ་མི་བདེ་བ་དང། ཚ་བ་དང། འདི་རྣམས་ལྟ་བུ་མི་བདེ་བ་ལ་གཉིད་ལོག་ཏུ་རུང་ངོ། །གཉིད་ལོག་པའི་ཡོན་ཏན་ནི་སྲོག་གཟུངས་ཀྱི་ཁམས་བདུན་སྙོམས་པར་འགྱུར་རོ། །བད་ཀན་སྐྱེས་ཏེ་ལུས་རྟའོ། །ལ་ལ་ཚེ་སྟེ་ཚིལ ་ཆེ་བ་དང། བད་ཀན་ཆེ་ལ་རྟག་པར་ཟས་སྣུམ་བག་ཟ་བ་དེ་ཏ་བུ་ནི་མཚན་མོ་ཡང་མ་ཉལ་ཞིག་།དུག་གིས་ཕོག་པ་དེ་ལྟ་བུ་ནི་མཚན་མོ་ཡང་མ་ཉལ་ཞིག་ཉིན་པར་དུས་མ་ཡིན་པར་ཉལ་བ་ནི་སེམས་རྨོངས་བག་ཏུ་འགྱུར་རོ། །རིམས་ཀྱིས་ཐེབས། ་རྨུགས་པར་བྱེད། ཆམ་པས་ཐེབས། ཀླད་པ་ན། སྐྲངས་དང་ཁ་མེར་མར་བོར་བྱེད། སྒྱིད་པ་སྐྱུར་རྩའི་རྒྱུན་རྣམས་འགགས་པ་དང། དྲོད་ཆུང་ཞིང་ཟས་མི་འཇུ་བར་འགྱུར་རོ། །དེ་ལྟར་ཉལ་དྲགས་པས་བད་ཀན་སྐྱེ་སྟེ་ནད་དུ་གྱུར་པའི་ཆོ་ག་ནི ་ཟན་བཅད་དེ་བརྙུད་པར་བྱ་བ་དང། སྐྱུག་སྨན་བཏབ་པ་དང། རླངས་པས་བདུག་ཅིང་བྱིབས་ཏེ་དངུལ་དབྱུང་བ་དང། སྨན་སྣ་ནས་བཏང་བ་དང། ན་ལེ་ཤམ་དང་སྦྱར་བའི་སྐྱགས་སྨན་རྣོན་པོ་དང། མིག་སྨན་བཏང་ངོ། །གཞིན་ཡང་བད་ཀན་བསལ ་བའི་ཐབས་ནི་སྨན་སྣ་ནས་བཏང་བ་དང། ཟས་དེ་སྙུད་པར་བྱ་བ་དང། སེམས་ལས་བསྐྱེད་པ་དང། བུད་མེད་ལ་བརྟེན་པར་བྱ་བ་དང། མི་དགའ་བའི་མྱ་ངན་འཇིགས་པ་དང། ཚིག་པ་ཟ་ཞིང་ཁྲོ་པ་ལྟ་བུར་བྱས་ན། །ཐབས་འདི་རྣམས་ཀྱིས ་གཉིད་སེལ། བད་ཀན་གྱི་ནད་འབྱང་བར་འགྱུར་རོ། །གལ་ཏེ་ཡང་གཉིད་མི་ལོག་ན་ཡང་ལུས་དང་ལྷུ་ཚིགས་སྐྱུར་ཞིང་སྙོམ། ཀླད་པ་ལྕི། ཀླ་ལ་མང། མྱོ་མྱོ་བོར་འགྱུར། ལུས་མི་བདེ། མགོ ་འཁོར། ཟས་མི་འཇུ། གློང་གློང་པོར་བྱེད། རླུང་ནང་སྐྱེའོ། །དེ་ལྟ་བས་ན་མཚན་མོ་ཉལ་བའི་དུས་ལ་ནམ་བབ་པ་དང། ཇི་ལྟར་བདེ་བར་ཉལ་བར་བྱའོ། །གལ་ཏེ་སྔོན་ཆད་མ་གོམས་པར་མཚན་མོ་མཉིལ་བར་བྱས་པས་ལུས ་ལ་གནོད་དེ། མི་བདེ་ན་ནང་པར་སྔར་ཟན་མ་ཟོས་ཇི་སྲིད་བ་ཉིད་གྱིས་མ་ལོག་པ་དེའི་ཚེ་ཕྱེད་སྲིད་ཀྱི་བར་དུ་གཉིད་ཀྱིས་ལོག་པར་བྱའོ། །ལ་ལ་ཞིག་གཉིད་མེད་ན་དེ་ལ་གཉིད་འོང་པར་བྱ་བའི་དཔྱད་ནི། འོ་མ་དང་ཆད་དང་ཤིའི ་བཅུང་དང། ཞོ་བཏུང་བ་དང། ལུས་ལ་མར་གྱིས་བྱུགས་ཏེ་ལྡེ་གུས་ཕྱེ་ཞིང་དྲིལ་ལ་ཆུ་དྲོན་པོས་ཁྲུས་བྱ་བ་དང། ཀླད་པ་དང། རྣ་བ་དང། མིག་ཏུ་ཏིལ་མར་བླུགས་པ་དང། མཚན་མོ་བུད་མེད་གཞོན་ནུ་དང་ཉལ་བ་དང། ཡུལ ་ཡིད་དུ་འོང་བ་ན་གཉིད་ལེགས་པར་སྟེ་བདེའོ། །ཡང་ཡང་ལ་ལ་ཞིག་གྲོང་གི་བདེ་བ་ལ་སེམས་མ་ཆགས་ཤིང་ཚངས་པར་སྤྱོད་པ་ལ་དགའ་སྟེ་ཆོག་ཤེས་ཤིང་མགུ་སླ་བ་དེ་ལྟ་བུ་ནི་ཉལ་བའི་དུས་སུ་གཉིད་རང་ལེགས་པར ་འོང་ངོ། །ཡང་བུད་མེད་དང་སྐྱེས་པ་ལྷན་ཅིག་སྐྱོད་པ་ལ་ཡང་བཀན་པ་མ་ཡིན་པ། ཁས་བུབ་པ་འམ། ཟུར་གྱིས་མི་བྱ། ཟླ་མཚན་གྱི་ཚེ་མི་བྱ། །ཡིད་དུ་འོང་བ་ལ་བྱེད་པ་དང། མངལ་ནས་རྣག་དང་ཤེའུ་རུལ་དང། ཆུ་སེར་ལྟ་བུ ་འོང་བ་དང། ཧང་ཀྱང་སྦོམ་པ་དང། བུ་བྱུང་བའི་རྗེས་དང། སྒྲུམ་མ་དང་བྱོལ་སོང་ལྟ་བུའི་མངལ་དུ་གྱུར་པ་དང། གཞན་གྱི་ཆ་ལུགས་སུ་ཞུགས་ཏེ་དཀའ་ཐུབ་བྱེད་པ་འདི་རྣམས་ལྟ་བུ་ལ་བྱར་མི་དུད་དོ། །ཡང་ལྷ་ཁང་དང་བླ་མའི ་གནས་དང། རྒྱལ་པོའི་ཕོ་བྲང་དང། མཆོད་རྟེན་དང། ཤིང་སྙིང་པོ་དང། དུར་ཁྲོད་དང། ལམ་གྱི་སུམ་མདོ་དང། བཞི་མདོ་དང། ཉེ་བའི་དུས་དྲུག་གི་ཚེ་དང། ཉིན་པར་ཉལ་བ་འདི་ལྟ་བུ་མི་རིགས་ཏེ་མི་རུང་ངོ། །ཡང་ཟས་སྐོམ་ཧ་ཅང ་ཡང་ཆེར་ཟོས་པའམ། མི་དགའ་བར་འགྱུར་བ་འམ། བཀྲེས་སམ་སྐོ་མོ། ལུས་མི་བདེ་བ་འམ། བྱིས་པ་གཞོན་པ་འམ་རྒན་པ་འམ། །བཤད་གཙོ་པྲོ་བ་འདི་ལྟ་བུའི་ཚེ་ན་ཉལ་པོ་མི་དགེ་བས་ཐོད་ཞིག་།བུད་མེད་དང་ཕྲད་པ་ནི་དགུན་གྱི་དུས ་སུ་ཁ་ཟས་ཕན་ཞིང་གསོད་པས་ལུས་ཀྱང་ལེགས་པར་བརྟས་ལ་ཉམས་བདེ་བའི་ཚེ་འདོད་པ་བསྟེན་པར་བྱའོ། །དཔྱིད་དང་སྟོན་ནི་ཉི་མ་གཉིས་ཤིང་ལན་རེ་བུང་མེད་དང་ཕྲད་པར་བྱའོ། །དབྱར་དང་སྟོན་གྱི་དུས་སུ་ཟླ་བ་ཕྱེད་ཅིང་ལན་རེ་ཞིང ་བུད་མེད་ལ་ཉལ་དུ་རུང་ངོ། །དུས་ཚིགས་ཀྱི་རིམ་པ་དམིགས་ཀྱིས་ཕྱེ་སྟེ་བསྟན་པ་བཞིན་དུ་བུད་མེད་དང་མི་ཉལ་བར་དུས་མ་ཡིན་པར་བུད་མེད་ལ་ཉལ་དྲགས་པ་ན། མགོ་འཁོར། ལུས་སྙོམ་ཞིང་སྒྱིང་སྐྱུར། བརླའི་མཐུ་བྲི་སྟེ་ཞན་པར་འགྱུར་རོ།། ་ཉམས་མཐུ་བྲི། །མི་ལ་ཁྲག་དང་ཤ་དང་ཚིལ་ལ་སོགས་པ་ཁམས་བདུན་ཟད་པར་འགྱུར། མིག་དང། རྣ་བ་དང། སྣ་ལ་སོགས་པའི་དབང་པོ་རྣམས་ཉམས་པར་འགྱུར། དུས་མ་ཡིན་པར་གློ་བུར་དུ་འཚེ་བའི་ཉིན་འདི་ལྟ་བུར་འགྱུར། །ཡང ་དུས་ཚིགས་བསྟན་པ་བཞིན་དུ་བུད་མེད་དང་རན་པར་ཉལ་ན་ཡིད་གཞུངས། དྲན་པ་གསལ། ནད་མེད། ལུས་དང་དབང་པོ་བརྟས། མཐུ་རྩལ་དང་གྲབས་པ་ཆེ་བ་དང་ལྔ་ནི། རྒས་སྲ་བར་འགྱུར་རོ། །བུད་མེད་ལ་རན་པར་ཉལ་བའི་རྗེས་ལ ་ལུས་ལ་ཕན་པར་བྱ་བའི་དཔྱད་ནི། །མགོ་ལུས་ཏིལ་མར་སྨན་དང་སྦྱར་བས་ལུས་མཉེ་ཞིང་བྱུགས་ལ་ལྡེ་གུས་ཕྱིས་ན། ཆུ་དྲན་པོ་རན་པས་ལུས་བཀྲུའོ། །དེ་ནས་སྤོས་ཞིམ་པོས་ལུས་བྱུགས་ལ། གོས་དྲོན་པོ་འཇམ་པོ་གྱེན་།ཟས་སུ ་བཅུད་དང་འུ་ཤ་དོང། སྲེན་དྲེའུའི་ཚོད་མ་ཁུ་བ་ཙ་ན་དང། ཁ་ར་དང། ཧྭགས་དང། འོ་མ་དང། ཆང་ཞིམ་པོ་འདི་ལྟ་བུས་བརྟག་པར་བྱས་ཤིང། །ནུབ་མོ་ཉལ་བའི་ཚེ་ཡང་འདི་བཞིན་དུ་ཟོས་འཐུངས་ལ། ་མལ་དུ་ཉལ་ཞིང་འདོད་པ་བསྟེན་ནས་ཀྱང་དེའི་རྗེས་ལ་ཁ་ཟས་ཀྱི་ཚེ་ག་བཞིན་དུ་བྱས་ན། ལུས་སླར་མྱུར་དུ་རྟ་ཞིང་གཟི་དང་ལྡན་པར་འགྱུར་རོ། །དེ་བས་ན་སྨན་པ་མཁས་པ་བཅས་ཏེ། སྨན་ཕ་མང་དུ་ཐོས་ཤིང་སྨན་སྦྱོར་མཁས་པ། ་སྨན་གྱི་ལས་ལ་བརྩོན་འགྲུས་ཆེ་ཞིང་སྙིང་རྗེད་ལྡན་པ་དེ་ལྟ་བུར་རྒྱལ་པོའི་ཕོ་བྲང་གི་འདེབས་སུ་གཞག་སྟེ། སྐུའི་རིམ་གྲོར་སྨན་སྤྱོད་དུ་བཞུག་ཅིང། །སྨན་དཔྱད་ཀྱི་ཆོ་ག་བཞིན་དུ་བྱས་ན་རྒྱལ་པོ་རང་གི་སྔོན་གྱི་དགེ་བའི་རྩ་བ་ཇི་ལྟར ་སྤྱད་པ་བཞིན་དུ་འབྲས་བུ་ལོངས་སྤྱོད་ཅིང། ནད་མེད། ཚེ་རིང། གཟི་བརྗིད་དང། གྲགས་པ་དང་ལྡན་པར་འགྱུར་རོ། །ལེའུ་བདུན་པ་ཛོགས་སོ།། །།ཁ་ཟས་ཀྱི་ཚོད་རན་པར་བཟའ་བ་བསྟན་པའི་ལེའུ་བཤད་པར་བྱའོ།། ་རྟོག་པར་ཟས་ཀྱི་ཚོད་བཟུང་སྟེ་རན་པར་ཟས་ཞུ་པར་བྱེད་པའི་མི་དྲོད་སྐྱེ་སྟེ། ཁ་ཟས་ཚོད་རན་པར་བཟའ་བ་ལ། ཟས་འཇུ་དཀའ་སྟེ་ལྕི་བ་དང་འཇུ་སླ་ཞིང་ཡང་བའི་རྣམས་ཀྱང་བྱེ་བྲག་ཕྱེད་པར་བྱའོ། །དེ་ལ་ཟས་འཇུ་དཀའ་བ་ལྕི་བཞིག་ཟན་ནི། ་ཕྱེད་འདྲངས་ཙམ་དུ་ཟའོ། །ཟས་འཇུ་སླ་ཤིང་ཡང་བ་ནི་ཧ་ཅང་འགྲངས་པ་ཉིད་དུ་མི་ཟའོ། །དེ་བས་ན་ཟས་ཚོད་རན་པར་ཟ་བ་ཞེས་བྱ་བ་ནི་ཟས་ཟེས་པ་བདེ་བླག་ཏུ་ཞུ་བར་འགྱུར་ལ་དེ་ཚོད་ཟིན་པ་ཞེས་བྱའོ། །ཡང་ཟས་བཟའ་བའ་ཨི་སོད་ཆུང་སན ་ཡང་ཉམ་ཐུང་ཡང་མི་རུང། གཟི་བརྗིད་དང་མདངས་ཀྱང་མེད་ལ་རླུང་ནད་ཐམས་ཅད་ལྡང་བར་བྱང་འགྱུར་རོ། །ཡང་ཟས་ཚོད་མ་ཟིན་ཏེ་ཧ་ཅང་ཆེར་ཟོས་པ་ནི་ནད་ཐམས་ཅད་མྱུར་དུ་སློད་པར་བྱེད་དོ། །དེ་ལྟར་བས་མ་ཞུ་ནས་མི་བདེ་བར་གྱུར་མ།། ་རླུང་དང་བད་ཀན་ལ་སོགས་པའི་ནང་ཟས་མ་ཞུ་བས་ཅིག་ཅར་སླངས་ནས་དེ་ལྟར་བེའུ་སྣབས་དང། ཟས་མ་ཞུ་བ་འདི་དག་ཕོ་པའི་ནང་དུ་གང་བ་དང། ཡང་ཡང་མ་སློན་མར་ཡང་མི་འཁྲུ་བར་འཇུ་ཞིང། ནད་དྲགས་པོ་དངོས་ལ་ཟུག་ཅིང་རུས་པ་ནི ་ཅད་གསུང་དཔོས་ཞེས་བྱའོ། །ནང་དེ་ལྟ་བུ་ལས་ཡན་མན་དུ་ཕོལ་ནས་ཟུག་ཅིང་ན་བ་ཙམ་ཡོད་ན། དེའི་མིང་ནི་བེའུ་སྣབས་དང། མ་ཞུ་བའི་ཟུག་ཐབས་ཞེས་བྱའོ། །ཟས་ཕན་གནོད་དང་ཞུམ་ཞུའི་ཚོད་མི་འཛིན་པའི་མི་མི་མཁས་པ་དེ་ལྟ་བུ་ནི ་ཟས་ཚོད་གྲགས་ཏེ་བེ་པུ་སྣབས་དང་ཟས་མ་ཞུ་བ་འདོམ་ན། དེ་ལ་རླུང་ནང་ཅིག་ཏུ་ལངས་པར་གྱུར་ན་ན་དེ་མཆིན་པའི་ཐབས་སུ་ཕོ་བར་ཟག་ཅིང་ན། མགོ་འཁོད་ཁོད་སློ་ལུས་འདང་ལ་ལུས་རངས་པ་ལ་སོགས་པ་འདི་ལྟར་གྱུར་ན་ཟས་མ་ཞུ་བ་ལས ་རླུང་ནད་ལངས་པ་ཞེས་བྱ་བ་ཡིན་ནོ། །ཡང་ཟས་དེ་ལྟ་བུ་མ་ཞུ་བ་ལས་མཁྲིས་པའི་ནད་ལངས་པར་གྱུར་ན། རིམས་གྱིས་ཐེབས། རབ་ཏུ་འཁྲུ། ཁོང་ཚ། སྐོམ་གློང་བག་ལ་སོགས་པ་འདི་ལྟར་གྱུར་ན་མ་ཞུ་བའི་མཁྲིས་པའི་ནད་ཅེས་བྱའོ། །ཡང་བེའུར ་སྣབས་དང་ཟས་དྲེགས་ཏེ་མ་ཞུ་བ་ལས་བད་ཀན་གྱི་ནང་ལངས་ན་ནི་སློན་བྲོ་ལུས་དང་རྐང་ལག་ལི?། །སྨན་ཁ་ལྕེ་ལྕེ་སྟེ་སྨྲ་མི་འདོད་དོ། །ཁ་ནས་བད་ཀན་འབྱུང་ཞིང་འདོད་པ་འདི་ལྟ་བུ་ལ་སོགས་པ་བད་ཀན་གྱི་ནད་ལྔར་དོ། །མ་ཞུ་བའི་ནང་འདི་ལྟ་བུའི ་ཡང་མི་རིང་ཅིང་ཉམས་ཆུང་བ་དང། དྲོང་ཆུང་སྟེ་ཁ་ཟས་འཇུ་བའི་མེ་དྲོད་ཞན་པ་དང། བཤད་གཅི་བྲོ་ན་མི་བཤད་མི་ལྕི་ཞིང་བརྣགས་པར་བྱེད་པ་འདི་ལྟ་བུ་ལ་འདི་རྣམས་ལྷག་པར་འབྱུང་ངོ། །དེ་ལ་འབུས་པས་རང་ཟས་མོ་ཞུ་བར་འདོམས་པའི ་ནང་ལ་མཆིན་པ་ན་བཞེས་ཟེར་ཏེ། དེ་ནི་ཟས་ཟོས་པ་ཡང་མ་ཞུ་ལ་བད་ཀན་དང་བེའུ་སྣབས་ཀྱིས་ཀྱང་ཆོད་ཅིང་འགགས་པ་དང། དེའི་ཚེ་རླུང་ཡན་ནམ་དུ་རྒྱུ་ཞིང་འགྲོ་བ་བད་ཀན་དམ་བེའུ་སྣབས་ཀྱིས་ཆོད་དེ་རྒྱུར་མེད་པ་ལས་འཁྱིལ་ཞིང་འགོགས་པའི ་ཚེ་ཕོ་བའི་ནང་ཏིང་ཏིང་ཐུག་ཅིང་ན་བ་ལས་མ་ཞུ་བའི་བེའུ་སྣབས་ཟུག་པ་ཞེས་བྱ་སྟེ། །དེ་ལ་རླུང་ལ་སོ་།གས་པའི་ནད་ཀྱིས་བསླང་ན། དེའི་ཁོང་ན་ཟུག་རྔུ་དང་འདྲ་བར་ན་ཞིང་ཟུག་སྟེ་གནས་སོ། །དེ་ལྟར ་ཁོང་རབ་ཏུ་ན་ཞིང་མི་བདེ་བའི་ཚེ། རློན་ཅིང་མིང་ཡང་མི་འཁྲུ་ན་དེ་ནི་ཟས་མ་ཞུ་བའི་ཟུག་ཐབས་ཞེས་བྱའོ། །ཡང་འདི་འདྲ་བའི་ནད་གཞིང་གྱུར་པ་ནི་བེའུ་སྣབས་ཀྱི་ནད་ཀྱིས་རྩ་སྒོ་ཀུན་ཀྱང་ཆོད་དེ་འགགས་ལ། །རླུང་ངམ་བད་ཀན་ཀྱང ་རབ་ཏུ་ཕྱེ་ཞིང་ཟས་ཀྱང་འཕྲོད་ཅིང་གྲགས་ཏེ་མ་ཞུ་བ་ལས་ནང་ལངས་ན་ཁོང་པ་ནས་རྩི་བ་ལོགས་གཡས་གཡོན་དུ་དྲང་ཐབས་སུ་ཟུག་ལ་ལུས་ཐམས་ཅད་ཤིང་བཞིན་རེངས་ན། དེ་ནི་ཟས་མ་ཞུ་བའི་ཟུག་ཐབས་ཡིན་ཞིང་ཤིང་བཞིན ་དེངས་པ་ལྟ་བུར་ཞེས་བྱ་སྟེ། སྨན་པས་བོར་ཞིག། དེ་ལྟ་བས་ན་ཟས་མི་འཕྲོད་པ་ཟབ་དང། ཟས་ཚོད་མི་ཟིན་ཕར་ཧ་ཅང་གྲགས་པར་ཟ་བ་དང། མ་ཞུ་བཞིན་དུ་ཟ་བ་འདི་ལྟ་བུ་ནི་དུག་དང་འདྲ་སྟེ། དེ་བས་ན་ཟས་མ་ཞུ་བ་དང་དེའུ་སྣབས ་ཀྱི་ནད་ནི་གནོད་པ་ཆེན་པོར་འགྱུར་གྱིས་དུག་དང་མཚུངས་པར་བོར་ཞིག་།དེའི་ཕྱིར་བེའུ་སྣབས་དང་མ་ཞུ་བར་འདོམ་པའི་ནང་དེ་ནི་དུག་དང་འདྲ་སྟེ། མྱུར་དུ་བྱེ་བྲག་འབྱེ་ལ། སྨན་དབྱང་བྱར་ཡང་དཀའ་། །དེ་ལ་བེའུ་སྣབས་དང་མ་ཞུ་བ་ལས ་གསུང་སྤོས་ཀྱི་ནང་འདི་ལྟ་བུར་གྱུར་པའི་ཐབས་ནི། །སྐྱུག་སྨན་མྱུར་དུ་བཏང་ན་ཕན་ནོ། །ཤུ་དག་དང། རྒྱམ་ཚ་དང། བས་ན་ཆ་འདི་གསུམ་ཆུ་བས་བསྐོལ་ཏེ་དྲོན་པོར་འཐུངས་ཏེ་རློན་པ་དང། དུགས་བྱ་བ་དང། སྦྲང་རྩི་ལས་སྨན་སྐྱུས་པ་རེང་དང་པོར ་འཛུབ་མོ་ཙམ་གཞང་ཁར་བཅུག་ན་ཐུར་དུ་བཀྲུ་ཞིང་རླུང་ནད་ཀྱང་ཞི་བ་དང་འགྱུར་རོ། །ཐབས་འདི་ལྟར་བྱས་པས་རྩེ་ཞིང་ནས་རྐང་ལག་བྱ་རྨྱངས་བྱེད་ཅིང་ལུས་རྡུལ་དང་གོས་ཀྱིས་དགའ་ཅིང་གཡོགས་ཤིག། །དེ་ལྟར་གསུང་ཅིང་སྨོས་པའི ་ཆོག་བྱ་སེ་སློན་ཅིང། འཁྲུས་ནས་རྩེ་ཞིལ་བ་དང། ནད་ཀྱི་བག་ལུས་བསད་རུང་མ་ཞུ་པའི་ཟུག་ཐབས་སུན་ན། དེ་ལ་དཔྱད་དུ་བྱ་བ་ནི་རྟིང་པའི་ཕྱི་ཟུར་དུ་མེ་རྩ་བཏབ་ན་ཕན་ནོ། །ངེས་ཀྱང་མ་ཕན་ན་དེའི་རྗེས་དེ་ཉིད་ཀྱི་ཉེན་པར་ཁ་ཟས་ཅི་ཡང ་མི་སྦྱིན་པའི་བརྙུང་པར་འདུ་ཅིང་བཀྲུས་སྨན་གྱིས་བཀྲུས་པ་བཞིན་དུ་བྱའོ། །ནང་ཐབས་འདི་ལྟར་ན་བ་ལ་མ་སླེན་ནམ་བཀྲུས་པར་དཔོས་ཤིང་ཟུག་པ་དང། མ་ཞུ་བ་ལ་ཕན་པའི་སྨན་བཏུང་དུ་ནི་རླུང་པོ། །དེ་ཅིའི་ཕྱིར་ཞེ་ན། བེའུ ་སྣབས་དང་ཟས་མ་ཞུ་བས་ཕོ་བའི་མོ་དྲོད་ཉམས་ཤིང་བྲི་བས་ནད་དང་ཟས་སྨན་རྣམས་འཕྲལ་དུ་དྲོད་ཀྱིས་ཞུ་པར་མི་ནུས་པས་ནང་པའི་ནད་ཐུ་བར་ལྡང་ཞིང་འཕྲལ་དུ་མ་རུང་བར་འགྱུར་རོ། །ནད་དེ་ལྟ་བས་བཏབ་པ་ལ་ཁ་ཟས་ནི་ཞུ་ན ་ད་རུང་ལྟོན་ཞིང་བག་ལྕི་མ་རེམ་རེ་མ་ཕོར་བྱེད་ན་འདི་ལྟ་བུ་ལ་སྨན་མཐོང་ཞིག་།ནང་རྩེ་ཞིལ་ཏེ་ནད་ཀྱི་ལྷག་མ་ཅུང་ཟད་ལུས་ལ་འཇུན་སྨན་གྱིས་འཇུ་བར་བྱ་བ་དང། ཁོང་དུ་མེད་དྲོད་བསྐྱེད་པར་བྱ་བ་ཡང། ནད་པ་ཉམས་སྨད་པའི ་ཐབས་གསུམ་ཡོད་པས། བེའུ་སྣབས་ལ་སོགས་པའི་ནང་ཞི་བར་འགྱུར་རོ། །ནད་ཉམས་སྨད་པ་ཡང་ནད་དམིགས་ཆེ་ཆུང་རྣམ་གསུམ་དང་སྦྱིར་པར་བྱའོ། །དེ་ལ་ནང་དམིགས་མི་ཚེ་ན་ཉི་མ་འགའ་སྨྱུང་བར་བྱས་ན་ཕན་ནོ། །ནད་དམིགས ་འབྲིང་ཙམ་ན། སྨྱུང་བ་བྱ་བ་དང། ནང་གཞུང་བཞིན་སྨན་པར་བྱ་བས་རྩེ་བཞི་པའོ། །ནང་དམིགས་ཆེན་བཀྲུས་སྨན་གྱིས་ས་བཀྲུས་ན་དེ་ནི་ནད་ཀྱིས་སྤྱིས་འབྱིན་པར་འགྱུར་རོ། །དེ་ལྟར་ནང་གཞན་ལ་ཡང་ནད་དམིགས་སོ་སོའི་ནད་ཀྱི་བཞི་དང ་སྦྱར་ཏེ་དེ་ལ་དཔྱད་བཟློག་ཐབས་སུ་བྱ་ཞིང་གསོ་བའོ། །ནང་ཆོབས་ཆེ་བ་རྩེ་ཞིལ་ཏེ་ནང་རྗེས་ཀྱི་འཕྲོ་ཞིག་ལུས་པ་ནང་སྔ་མ་དང་མི་འདྲ་བར་གྱུར་ན། ནབ་ཀྱི་གཞི་དང་ནང་དུ་མི་མཐུན་པ་ཡིན་ཏེ། ནང་གཞི་སྔ་མ་ཞོག་ལ་ནད་ཕྱི་མ་ཅིང་གྱུར་པ་ཅིང ་ཀྱི་དམིགས་དང་སྦྱར་ཞིང་སྨན་པས་ནད་ཀྱི་དཔྱད་བཟློག་སྟེ་གྱིས་ཤིག། སྔ་མ་ལུས་དཔྱད་བཟློག་ཏེ་མ་ཕན་ན་ཡང་དང་རུང་དེ་བཞིན་དུ་དཔྱད་བྱ་ཞིང་གསོའོ། །དེ་ལྟར་བསོས་ནས་ནད་རྩེ་ཞིང་ཏེ་ནང་སྨིན ་པ་དང་ཁོང་པའི་དྲོད་ཀྱང་སྐྱེས་པར་ཚོར་ནས། ཁ་ཟས་བསྣུན་བག་གིས་ཉམས་བཙག་བརྟག་།མགོ་དང་ལུས་ཀུན་ཏིལ་མར་གྱིས་ཕྱུག་སྐོམ་ཞིམ་པོ་བཏུད་པ་དང། དེ་བཞིན་དུ་རིམ་གྱི་བྱ་སྟེ། ཉམས་མཐུ་བལྟ་བར་སྨན་མས་ཀྱང ་བཏང་ཞིང་རན་པར་མཐར་གྱིས་བྱའོ། །གལ་ཏེ་དེ་ལྟར་དཔྱད་བྱས་ན་བད་ཀན་ལས་གྱུར་པའི་བེའུ་སྣབས་ད་རུང་མཞུམ་བྱང་ན། །ནད་པའི་མིག་དང། མཁུར་བསྐྲངས་པར་འགྱུར། ཟས་ཟོས་མ་ཐག་འདྲ་པའི་སྒེགས་པ་འབྱུང་ལ། དྲི་མི་ཞིམ ་པ་ཁ་ནས་བད་ཀན་མང་རློན་བྲོ་ལུས་ལྕིའོ། །གལ་ཏེ་དེ་ལྟར་དཔྱད་བྱ་ཞིན་གསོས་པ་ལས་རླུང་ནང་དུ་འགྱུར་ན་རྐང་ལག་དང་ལུས་རང་བག་ཏུ་བྱེད། ཁོང་དུ་ཟུག། བཤད་གཅི་འབྱུང་དུ་མི་རུང། ལྟ་སྤོས། །ཁོང་དྲོད་ཆུང་བ་འདི་ལྟ ་དུ་རླུང་ནང་དུ་གྱུར་པ་ཡིན་ནོ། །དེ་ལ་ཡང་མཁྲིས་ནང་དུ་གྱུར་ན་ནི། ཁས་ཟས་ཅུང་ཟད་ཙམ་ནི་ཁུ་སྟེ། སྐོམ་དང་ཆེ། ལུས་ཁོང་ཚ། མགོ་འཁོར་སྒེགས་པ་སྐྱུར་པོ་ཚ་བར་འབྱུང་ངོ། །དེ་ལྟ་ལ་དཔྱད་དུ་བྱ་བ་ནི་ཟས་མ་ཞུ་བ་དང། བེའུ་སྣབས་ཡོད་ན་ཟས ་སྨྱུང་བར་བྱའོ། །ལུས་དང་རྐང་ལག་རེངས་སམ་འཁུམས་ན་ཆེར་བྱའོ། །ཁ་ཟས་མ་ཞུ་བ་ནི་སྐྱུགས་སྨན་བཏང་ངོ། །ཡང་ན་ནད་ཀྱིས་ཚུལ་ལས་ཅི་རིགས་པར་དཔྱད་གྱིས་ཤིག། །ལུས་དང་ཁོང་ལྕི་ན་བད་ཀན་དང་བྲེའུ་སྣབས་ཕོ་བའི་ནད ་རྩ་བའི་ནང་དུ་ཞེན་པ་ཡིན་ནོ། །ཡང་བད་ཀན་དང་རླུང་དུ་འདྲེས་པའི་མཞུ་བའི་བེའུ་སྣབས་ཡོད་ན། རིང་དུ་ན་ཏེ་རླུང་བེའུ་སྣབས་ཡོད་པའི་རྟགས་ཡིན་ནོ། །དེ་ལྟ་བུ་ལ་དཔྱད་དུ་བྱ་བ་ཡང་རླུང་དང་བད་ཀན་གཉིས་སེལ་བའི་སྨན ་སྙོམས་པར་བཏང་ངོ། །ཡང་ཟས་ཡིག་མི་འོང་ཞིང་སྙིང་ན། སྒྲེག་པ་མནམ་པོ་འབྱུང་ན་བཅུང་དངས་མ་ཅུང་ཟད་ལུས་ཏེ་མ་ཞུ་བ་ཡིན་ཏེ། འདི་ལྟ་བུ་ལ་ཅུང་ཟད་ཉིན་པར་ཉོལ་ལ་ཟན་མ་ཟ་ཞིག། །ཁ་ཟས་ཞུ་སྟེ་བཀྲེས་པ་དག། ཁ ་ཟས་ཡང་བ་ཟ་ཞིག་།ཡང་སྔར་དུབ་པའི་རྗེས་མ་བྱང་ངམ། ཡང་ན་ནང་སླར་ཁོང་པའི་ནང་ན་རླུང་འཁྲུལ་ལུ་ལུ་ཟེར་བ་ལ། བཤད་ལྕི་སྲི་ཞིང་འགག་ཁོང་ལྕི། མགོ་འཁོར་ན། འདི་ལྟ་བུའི་རླུང་དང་བད་ཀན་དང་མཁྲིས་པ་གསུམ་ཆར་ལས ་གྱུར་པའི་མ་ཞུ་བའི་རྟགས་ཡིན་ནོ། །ཟས་ཚོད་མ་བཟུང་བར་དྲག་ཏུ་ཆེར་ཟོས་ན་བེའུ་སྣབས་དང་མ་ཞུ་བ་འབའ་ཞིག་ཏུ་མ་ཟད་ཀྱི། །གཞན་ཡང་མི་མཛའ་བའ་ཨི་ཟས་ཟོས་པ་དང། ཁ་ཟས་ཚིག་པ་ཟོས་པ་དང། བཤད་ལྕི་གག་ཅིང་སྲི་བར ་གྱུར་པའི་ཟས་ཟོས་པ་དང། ཟས་རྗེན་པ་དང། འཇུ་དཀའ་ཞིང་ལྕི་བ་དང། ཟས་མི་བཟོད་པ་རྩུབ་པོ་དང། ཟས་བསིལ་བག་དང། གཙང་སྤྲས་མི་ཕྱེད་པའི་ཟས་མི་གཙང་བ་དང། ཁོང་ཚ་བར་གྱུར་པའི་ཟས་དང། །ཟས་སྐམ་བག་དང།། ་ཆུ་ཧ་ཅང་ཡང་མང་དུ་འཐུངས་དང། ཆུ་དང་བསྲེས་པའི་སྐོམ་འདི་ལྟར་བུ་རིངས་བག་ཏུ་ཟོས་པ་དང། །མྱ་ངན་གྱིས་བཏབ་སྟེ་ཟ་བ་འམ་།ཁྲོ་ཞིང་ཟ་བ་འམ། བཀྲེས་ཆེས་ཏེ་ཟ་བ་ལ་སོགས་པ་འདི་ལྟ་བུ་ཀུན་འདྲ་སྟེ་མི་འཇུའོ། །ཁ་ཟས་ཕན་པ ་དང་བསོད་པ་གཉིས་ཀ་ཟན་ཟས་མཉམ་པ་ཟས་ཞེས་བྱའོ། །ཡང་ཟོས་པའི་འོག་ཏུ། །ཟ་བར་བྱེད་ན་དེ་ནི་ཟས་ལྷག་པར་ཆེ་བར་ཟ་བ་ཞེས་བྱའོ། །ཡང་དུས་མ་ཡིན་པ་ཟས་ཆེའམ། །ཆུང་དུ་ཟོས་ཀྱང་རུང། །དེ་ནི་ཟས་མི་སྙོམས་པར་ཟ ་བ་ཞེས་བྱ་བ་ཡིན་ནོ། །ཟས་རྣམ་པ་འདི་གསུམ་གང་ལྟར་ཟ་ཡང་རུང་སྟེ་དེ་དག་ནི་ཡང་ན་མདུན་མ་རུང་པ་དང་ཕྲད་པའམ། །ཡང་ན་ནད་ཀྱི་བཏབ་པར་འགྱུར་རོ། །བཀྲེས་ཏེ་ཟས་ཡིའོང་ན་བཟའ་བའ་ཨི་ཅུས་ལ་བབ་པ་ཡིན་ཏེ་། ་དེའི་རིམ་པ་ཡང་ལུས་ཏིལ་མར་གྱིས་བྱུགས་ལྡེ་གུས་ཕྱིས་ཏེ་ཁྲུས་བྱས་རྐང་ལག་དང་ཁག་གདོང་ལེགས་པར་བཀྲུས་ནས། ཐོག་མར་ལྷ་དང་བརྩུན་པ་རྗེད། དེའི་འོག་ཏུ་བདག་གི་བླ་མ་གཙོའོ།། ་བཤོས་གསོལ། འགྲོན་དང་བྱིས་པ་ལས་ཟན་སྦྱིན། བདག་གི་འཁོར་ན་ཡོད་པའི་ཕྱུགས་དང། བྱ་ཁྱི་ལྟ་བུ་ཡན་ཅད་ཀྱང་སོ་སོའི་ཁ་ཟས་ཕྱིན་ལ། །དེ་ནས་གདོང་བདག་ཉིད་ཟན་བཟ་སྟེ། དེ་ཡང་བདག་གི་ཚུལ་ཅི་འདྲ་བ་དང། ཟས ་འཇུ་མི་འཇུའི་ཚོད་དང་ཅི་ཙམ་དུ་ཟ་བ་དེ་ཙམ་དུ་བསམ་པས་དཔགས་པ་ཟོས་ལ་མི་སྨད་པ་དང། ཚིག་དན་བ་མི་སླ་བར་ཟས་ཡིད་དུ་འོང་བ་བཤམས་ལ་སྡུག་ཅིང་གཉེན་པ་དང་ལྷན་ཅིག་ཏུ་བཟའོ། །བཟའ་བའ་ཨི་རིམ་པ་ཡང ་ཐོག་མཁུ་བའི་གདོན་དང་ཅན་ལས་བཟའ་སྟེ། དེ་ཡང་གོམས་ཤིང་འཕྲོད་པའི་ཟས་གཙང་སྒྲར་བྱས་པ་སྣུས་བག་ཆེ་བ། །དྲོད་ཆེ་ཞིང་འཇུ་ལ་ཞིང་ཡང་བ་ཕན་པར་གྱུར་པ་དེ་ལྟ་བུ་རོ་རྣམ་པ་དྲུག་དང་ལྡན་ཞིང། མངར་བག་གི་ཤས ་ཆེ་བ་འདི་འདྲ་བས་སེམས་ལ་ངན་པར་བག་ཅིང་ཧ་ཅང་ཡང་མི་རེད་མི་དལ་པར་རན་པར་བཟའོ། །ཁ་ཟས་ཀྱི་ནང་ན་རྩ་དང་སྐྲ་དང་སྤུ་ལ་སོགས་པ་དང། ཟོས་པའི་ལྷག་མ་དང། ཞག་ལོན་པའི་ཁོངས་སུ་བསྲོས་པ་དང། ཚེད་མའི ་བག་དང། ཁ་ཟས་ངན་དང། ཧ་ཅང་ཚ་ཆེས་པ་དང། ལན་ཚ་ཆེས་པ་དང། བྲུམ་དང་ཁོ་དང། བྲུམ་དང་རོམ་དང། བ་ཆཝེ་དང། ཆ་དང། ལ་ཕུག་རྗེན་པ་དང། ཕག་རྒོད་དང། ལུག་དང། བ་ལང་དང། ཉ་དང། མ་ཧེ་དང། འདི་རྣམས་ཀྱི་ཤ་རིང ་དམ།?་ཤ་སྐམ་མ་མ། རུལ་བག་ཏུ་འདུག་པ་འདི་ལྟ་བུ་མི་དགེས་མ་ཟ་ཞིག། མོན་སན་དེ་ཟུའི་ཚོད་མ་དང། ཚོད་མ་ནི་?་བ་དང། །ཚོངས་ཆུ་ལྡུམ་བུ་དང། པདྨའི་རྩ་བ་ལ་སོགས་པ་ཚད་མར་བྱས་པ་དག། །འབྲས་དང། ཏིལ་དུ་སྦྱར་བའི ་ཁུར་པ་འམ། འབྲས་ཁུར་ཡང་རུང། །སྲན་སྣ་ཚོགས་ཀྱི་མྱུ་གུའི་ཚོད་མ་ཡང་རུང། ནས་ལས་བཅུད་དེ་ལྟ་བུར་བྱས་པའི་ཁ་ཚོས་སམ། ནས་ཁུར་དུ་བྱས་ནས་བུ་རམ་བཅོས་པའི་ཁུ་པྲི་བཞམས་པ་འདི་ལྟ་བུ་ལ་སོགས་པའི་བག་ཟོས། ་ན་གནོད་ཀྱིས་མ་ཟ་ཞིག། ཁ་ཟས་དགེ་སྟེ་བཟར་རུང་པ་ནི་འབྲས་ས་ལུ་དང། བྲོ་དང། ནས་དང། འབྲས་ཞག་དྲུག་ཅུས་སྨིན་པ་ཡང་བ་དང། ཡུལ་སྐམ་ས་ནས་བྱུང་བའི་ཤ་དེ་ལྟ་བུའི་བྱ་ན་དང། སྦྱར་ཏེ་བཟའ། །མིན་པའི་ཚེ་སྐབས་སྐབས་སུ ་ནང་ནུལ?། ཨ་རུ་དང། སྐྱུ་རུ་ར་དང། བ་རུ་ར་དང། རྒུན་འབྲུམ་དང། པ་ཏོ་ལའི་རྩ་བ་དང། སྲིན་རྡེའུ་དང། ཁར་དང། ཞུན་མར་དང། ཆར་པའི་ཆུ་དང། འོ་མ་དང། སྦྲང་རྩི་དང། བལ་པོ་སེའུ་དང། ལྕེ་རྩ་དཀར་པོ་དང། འདི་ལྟ་བུ་སྐབས་སྐབS ་སུ་བཟའོ། ། རུ་ར་དང། སྐྱུར་རུ་ར་དང། བ་རུ་ར་འདི་གསུམ་ཆ་མཉམ་པར་བཏགས་ལ། ཞུན་མར་སྨོན་སྣ་འདི་གསུམ་གྱི་ཆ་ཅིག། སྦྲང་རྩི་ཞུན་མར་བས་ཀྱང་ཆུང་ངུ་སྦྱར་ཏེ་སྤུས་ལ་ཉལ་ཁར་འདི་ལྟ་བུ་རྟག་ཏུ་ཟོས་ན་མིག་ལ་ཕན། ཉམས ་སྟོབས་སྐྱེ། ཟས་དང། སྨན་འདི་ལྟ་བུར་བཏོང་བ་ནི་མི་ན་བར་འདྲག་པའི་ཚེ་ན། ཕན་པའི་དཔྱད་དང། ནང་ཀུན་ལ་ཡང་ཕན་ཏེ། སྨན་དཔྱད་འདི་འདྲ་བོ་གཟན་ཅི་ཤེས་པ་ཡང་བྱའོ། །ཡང་ཟས་འཇུ་ཞི་བ་དྲོད་ལྷག་པར་ཆེ་བས་ནི་དང་པོར ་ཟས་འཇུ་དཀའ་ཞིང་ལྕི་བ་བཟང་སྟེ། པདྨའི་རྩ་བའི་ཚོད་མ་དང། བུ་རམ་ཤིང་དང། ཤིང་རྟོག་ཙོ་ཚ་དང། ལྡུམ་བུ་ཆུ་ཤིང་གི་འབྲས་བུ་དང། །ཤིང་ཏོག། ཨ་སྨྲའི་འབྲས་བུ་དང། བུ་རམ་ལས་སྦྱར་བའི་རིལ་བུ་དང། ཁུང་བཀྲུ ་རམ་དང། མར་གྱིས་བྱུགས་པ་འདི་ལྟ་བུའི་ཟས་ལྕི་ཞིང་སྩམ་ལ་མངར་བ་རིང་ཏུ་མི་འཇུ་བ་ཇེ་བཟའོ། །དེའི་འོག་ཏུ་སྐྱུར་བག་དང་ཚ་བ་དང། ལན་ཚྭ་བྲོ་བ་རྣམས་པ་ཟའོ། །ཐ་མར་ནི་ཟས་འཇུ་སྨྲ་བ་བཟའོ། །ཁ་ཟས་ཟ་བའི་ཚོད་རན་པར ་གཟུང་བའི་ཐབས་ནི་?་ལྷོར་ཟ་བ་ལ་ཕོ་བའི་ཚ་བའི་དེ་དག་ལ་ཆ་གཉིས་ནི་ཁ་ཟུ་གྱིས་?་དགང། སུམ་ཆ་ལུས་པ་ནི་སྐོམ་གྱིས་དགང་ང། །ཕྱི་ནང་བཞི་ཆ་གཅིག་ལུས་པ་ནི་དབུགས་ཕྱི་ནང་དུ་རྒྱུ་བ་དང། །བད་ཀན་དང་རླུང ་དང་མཁྲིས་པ་ལ་སོགས་གནས་པའི་སར་སྟོང་པར་བཞག་པའོ། །ཁ་ཟས་ནི་ཕྱེ་དང་བག་ཕྱེའི་གཡོས་བག་ཟོས་ལ། ཞོ་དང་ཆད་འཐུངས་བ་ཟས་ངན་དུག་ལྟ་བུ་འབགས་སམ་སྦྲང་རྩི་ཟོས་ན། སྐོམ་དུ་ཆུ་གྲང་མོ་འཐུངས་ན ་ཕན་ན། །འབྲས་ཁུང་རམ་ཏིལ་དང་འབྲས། །བུ་སྦྱར་བའི་ཁུ་བ་ལྟ་བུ་ཟོས་ན་ཆུ་དྲེན་པོ་ཚ་ལ་ནན་དུ་འཐུངས་ན་ཕན་ནོ། །ཚོང་པ་གང་ཡང་རུང་བ་འདི་ལྟ་བུ་ཟོས་པའི་ཚལ་ནན་ནི། ཞག་ཆུ་དང། དར་བ་དང། རྩ་བ་མོར་རུང་ངོ། །མི་ཤ ་སྐེམ་པོའི་ཚལ་ན་ནི་ནི་ཆད་བཟང་པོ། །མི་སྤོམ་པོའི་ཚོལ་ན་ནི་སྦྲང་རྩེ་ཆུ་འཐུངས་ན་ཤ་གྲིམ་ནོ། །ཟས་སུ་ཤ་ཟ་ཞིང་མི་བདུ་སྟེ་དྲོང་ཆུང་བའི་ཚལ་ནན་དུ་ཆད་བཟང་ངོ། །ཡང་ནད་ཀྱིས་ལུས་སྐམ་པ་དང། སྟན་གྱི་ཚོགས་ལུས་ཀྱི ་ཤ་ཟད་པ་དང། ལམ་རིངས་སུ་ཐོང?་སོང་བས་ཤ་བཟའ་བ་དང། སྨ་བ་མང་པོའི་ལས་བྱས་པ་དང། བུད་མེད་ལ་ཉལ་དྲགས་པ་དང། ཟན་བཅད་པའམ། །ཟན་མ་ཟོས་པས་རིང་པ་འམ། །དཀའ་ཐུབ་ཀྱི་ལས་བྱེད་བྱེད་པ་འདི ་རྣམས་ལྟ་བུས་རིང་ཅིང་སྐེམ་པར་འགྱུར་བ་དང། བྱིས་པ་ཆུང་དུ་དང། རྒན་པོ་འདི་རྣམས་འདྲ་སྟེ། འོ་མཚོལ་ན་ན་ཏུ་འཐུངས་ན་བདུད་རྩི་དང་འདྲ་སྟེ་ཕན་ནོ། །དེ་བས་ན་མདོར་རྟག་ཏུ་ཙམ་ནན་བཏུབ་པ་ནི་ཁ་ཟང་བའི་ཟ་བའི་མཐུ་དང ་ཡོན་ཏན་ཅི་འདྲ་བ་དང། ཚལ་ནན་དུ་བཏུང་བ་གཉིས་མི་འཕྲོད་པར་ཡང་མ་གྱུར་པ་དང། ལྕི་ཡང་འཇམ་རྩུབ་མི་འདྲ་བར་སྦྱར་ཏེ་འཐུངས་ན་དགེའོ། །ཟས་ཟོས་ནན་ཚན་ནན་འཐུངས་པ་ནི་ཁོང་ཤིང་ཚིམ། །བཞིན་ཕྱི་མར་པས ་འདོགས། ལུས་ཀུན་ཚལ་ནན་འཐུངས་ཐུན་པས་ཁྱབ་པར་འགྱུར་ལུས་བརྟ་ཞིང་གིམས་པར་བྱེད། ཁ་ཟས་ཟོས་སོ་ཙག་སྐོམ་འཐུངས་པས་སྙིང་ཞིང་མྱགས་པ་འཇུ་བར་བྱེད་དོ། །ཡང་སྐོམ་གྲགས་ན་མི་དགེ་བའི་དམིགས་ནི་མགུལ་པ་ཡན ་ཆད། མིག་རྣ་སྣ་ལྕེ་ཀླད་པ་དང་ལྐོག་མ་ན་བ་ལ་སོགས་པ་དང། དབུགས་མི་བདེ་བ་དང། ལུང་པ་ལུ་བ་དང། གློ་བརྡོ་ལ་ཏེ་ཁྲག་འོད་པ་དང། ཆམ་པས་བཏབ་པ་དང། གླུ་མང་དུ་བླངས་པ་དང། སྨྲ་མངས་པ་ལ་སྐད་འགགས་པ་འདི་ལྟ་བུ་ལས། ་ཚལ་ནན་སྐོམ་དྲགས་ན་གནོད་དོ། །ཡང་ལུས་ལ་རྣག་བྱུང་བ་དང། གཅིན་རྙི་བ་དང། མིག་ན་བ་དང། ལྐོག་མ་ན་བ་དང། སྨྱས་ཏེ་མྲ་བྱུང་བ་འདི་ལྟ་བུ་ལ་སྐོམ་འཐུངས་ན་མི་རུང་ངོ། །ཟན་ཟོས་སྐོམ་འཐུངས་ནས་དྲག་ཏུ་སྨྲ་ཞིང་མང་པ་དང། ལམ་དུ ་ཞུགས་ཏེ་འགྲོ་བ་དང། དྲོ་ཉལ་བྱེད་པ་དང། ཉིན་ཚན་དང། མེ་ཆེ་བ་འདེ་བ་དང་རྟ་ཞོན་ཞིང་རྒྱུག་པ་དང། ཆུ་ལ་རྐྱལ་བ་དང། རྐང་གིས་རྒྱུག་པ་འདི་ལྟ་བུ་ཀུན་ཟས་པའི་འོག་ཏུ་བྱར་མི་རུང་ངོ། །ཟན་བཟའ་བའ་ཨི་དུས་ལ་བབ་ཅེས་བྱ་བ་ནི་བཤད་གཅི ་བསལ་ཏེ་སྙིང་དང་ཁོང་བའི་ནང་དྲ་མི་མེད་ཅིང་སང་བག་ཏུ་འདུག་།རླང་དང་བད་ཀན་དང་མཁྲིས་པ་ཡང་རང་རང་གི་ས་ན་འདུག། སྒྲེགས་པ་ཡང་གསུང་བག་མེད་དེ་ཐ་མལ་པར་འོང་།ཐུར་དུ་དབུགས་འབྱུང་བ་ཡང་ཐལ་བ་བར་རྒྱལ། །བྲུ་བ་ཡང ་ཚ། ཁོང་ན་དྲོད་ཀྱང་ལྷག་པར་ཆེ། མིག་ལ་སོགས་པ་ཡི་དབང་པོ་ཡང་གསལ། ལུས་ཀྱང་རབ་ཏུ་ཡང་ན། དེའི་ཚེ་ཁ་ཟས་ཟ་བའི་དུས་ལ་ཐབ་པ་ཡིན་ཏེ་ཁ་ཟས་ཟ་བ་དེ་ལ་ཡང་ཁ་ཟས་ཀྱི་ཆོ་ག་བཤད་པ་དང་སྦྱར་ཞིང་བན་པར་ཟོ་བ་དེ་ལྟ་བུ་ལས ་ཟས་ཟ་བའི་དུས་ཤེས་བྱ་བ་ཡིན་ནོ། །ཁ་ཟས་ཟ་བའི་ཚེར་གཟུང་ཞིང་ཟས་ཀྱི་རིམ་པ་སྣ་ཚོགས་བསྟན་པའི་ལེའུ་བརྒྱད་པ་རྫོགས་སོ།། །།སྨན་སྣ་ཚོགས་ཀྱི་རེ་དང་སྟོབས་དང་ཞུ་བའི་རྗེས་དག་ཡོན་ཏན་དང ་སྨན་ཀྱི་མཐུའི་བྱེ་བྲག་དང་སྨན་རྣམས་ཆེན་པོ་ལྔའི་རང་བཞིན་དུ་རྟོགས་པ་དང་ཆེན་པོའི་མཐུས་ཕན་པའི་ལས་བྱེད་པ་དང་སྨན་གྱི་བྱེ་བྲག་སྣ་ཚོགས་བཤད་པ། སྨན་གྱི་རོ་ཐ་དད་པར་བྲོ་བ་ལ ་སོགས་པ་རྣམས་སྨན་གཉིད་ལ་རྟེན་ཏེ་བྲོ་བར་འགྱུར་བས་ན། སྨན་ཉིད་མཆོག་དམ་པ་ཡིན་ནོ། །སྨན་དེ་ཡང་འབྱུང་བ་ཆེན་པོ་ལྔའི་རང་བཞིན་ཅན་ཡིན་ཏེ། ས་ལ་བརྟེན་ནས་སྐྱེའོ། །སྐྱེ་བ་དེ་ཡང་མེ་དང་ཆུ་དང་རླུང་དང་ནམ་མཁའ་ ་དང་འདི་བཞི་ཆད་དུ་ལྡན་ཞིང་ཚོགས་པ་དང། ས་ལ་བརྟེན་ནས་སྐྱེས་པའི་ཕྱིར་སྨན་དེ་ནི་ཆེན་པོ་ལྔའི་རང་བཞིན་ཡིན། སྨན་ཀུན་ཀྱང་ཆེན་པོ་ལྔའི་རང་བཞིན་དང་ལྡན་པར་འདི་སྟེ། དེ་ལ་ཡང་མངར་བ་དང་ཁ་བ་ལ་སོགས་པ་རོ་དྲུག ་ཅར་གྱི་ཤས་ན་ཡོད་མོད་ཀྱི། ལ་ལ་ནི་ཁ་བའི་ཤས་ཆེ། ལ་ལ་ནི་མངར་བའི་ཤས་ཆེ་བ་ལྟ་བུ་ལས་སྨན་གྱི་མཐུ་དང་ཡོན་ཏན་ལ་སོགས་པའི་ཁྱད་པར་མི་འདྲ་བ་ཕལ་པོ་ཚིག་སོར་བཤད་དོ། །དེའི་ཕྱིར་ཆེན་པོ་ལྔ་ལས་བྱུང་བའི་སྨན ་རྣམས་རོ་གཅིག་ཏུ་བྲོ་བ་ལ་ཡིན་ནོ། །དེ་བས་ན་ནད་དམིགས་རླུང་དང་བད་ཀན་དང་མཁྲིས་པ་ལས་ནང་དུ་གྱུར་པ་ཡང་གཅིག་ཏུ་མ་ཟད་དོ། །དེ་ལ་སྨན་གྱི་རོ་ཅི་བྲོ་བ་རོ་སལ་པོར་བྱེད་བྲག་བྱེད་པར་བྲོ་བ་ནི། སྨན་གྱི་རོ་བྲོ་བ་ཞེས་བྱའོ། །སྨན ་གྱི་རོ་འབྲལ་དུ་ཅི་བྲོ་བ་བྱེ་བྲག་མི་ཕྱེད་ལ། མྱང་མྱང་བའི་རྗེས་ལ་ཕྱིས་སྤངས་སུ་རེ་བྱེ་བྲག་པ་དེ་ནི། མཇུག་ཏུ་བྲོ་བ་ཞེས་བྱ་སྟེ། དེའི་ཏ་མར་རོ་ཅུང་ཟིང་བྲོ་བར་བྱེད་བླག་ཕྱེད་ཅེས་བྱའི། །དེ་ལ་སྨན་གྱི་ཡོན་ཏན་འཇ་དཀའ་བ་ལ་སོགས་པ་ལྟ ་སུ་ནི་ས་ལ་སོགས་པ་ལ་གནས་པ་ཡིན་ཏེ། སྨན་གྱི་བྲོ་བྲོ་བ་རྣམས་ནི་སྨོན་དངོས་ལ་བརྟེན་པ་ཡིན་ནོ། །དེ་ལས་ན་གཙོ་བོ་སྨན་ཉིད་ཡིན་ཡང་སྨན་ལས་མི་སྨོས་པར་ཐུན་མོང་དུ་མཚུངས་པར་མི་བཏགས་ཏེ། སྨན་གྱི་རོ་ལ་བརྗོད་ཅིང་འདོགས།། ་དེ་ལ་སྨན་གྱི་དངོས་པོ་ལྔའི་རང་བཞིན་ཅན་དེ་ཡང་རྣམ་པ་གཉིས་སུ་བལྟས་ཏེ། རང་བཞིན་དང། ལས་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །དེ་ལས་སའི་རང་བཞིན་གྱི་ཤས་ཆེ་བའི་སྨན་ནི། ལྕི་བ་དང། སྤོམ་པ་དག། སྲ་བ་དང། དྲི ་གསུང་གི་ཤས་ཆེ་བ་དང། ཡོན་ཏན་འདི་བཞིན་ལྡན་པ་ནི་སའི་རང་བཞིན་དུ་གཏོགས་སོ། །སྨོན་སའི་ཁམས་ཀྱི་རང་བཞིན་ཅན་དེའི་ལས་ནི་ལྕི་བར་བྱེད། སྲ་ཞིང་བརྟན་པར་བྱེད། ཕལ་ཆེ་ཞིང་མང་བར་བྱེད། ལུས་སྐྱེ་ཤིང་རྟ་བ ་བྱེད་པ་ཡིན་ནོ། །སྨན་ཆུའི་རང་བཞིན་ཕྱིར། ཤས་ཆེ་དང་ལྟ་བ་ནི། གཤེར་བ་དང། བསིལ་བ་དང། ལྕི་བ་དང། འཇམ་པ་དང། རྣོ་བའི་རང་བཞིན་ཡིན། ཁུ་བ་དཀར་པོའི་ཤས་ཆེ་བ་འདི་ལྟ་བུ་ནི་ཆུའི་ཁམས་སུ་གཏོགས་པའི་རང་བཞིན་ཡིན་ནོ།། ་སྨན་ཆུའི་ཤས་ཆེ་བའི་ལམ་ནི་འཇམ་པར་བྱེད། བད་ཀན་ལྟ་བུ་འདག་འདག་པོར་བྱེད། །འཇུ་བ་འདྲུལ་བག་ཏུ་བྱེད། ལུས་སིམ་པར་བྱེད། མི་འགྱེས་མི་འཇིགས་པར་བསྡུད་ཅིང་འབྱོར་པར་བྱེད། ཡང་སྨན་མེའི་རང་བཞིན་ཡིས་ཤས ་ཆེ་བ་ནི། ཚ་རྣོ་རྩུག་སྐམ་པོ་ཤོག་ཤོག་པོ་འམ། །དུལ་དུལ་བའི་བག་ཏུ་འདུག། །ཞིབ་པའི་ཡོན་ཏན་གྱི་ཤས་ཆེ་བ་ནི་འདི་ལྟ་བུ་ནི་མེའི་རང་བཞིན་དུ་རྟོགས་སོ། །སྨན་མེའི་རང་བཞིན་གྱི་ཤས་ཆེ་བའི་ལས་ནི་ཤ་འབར། བཞིན་མདོག་བསལ ་ཞིང་རྩ་དམར། །ཟས་འཇུ་བའི་རང་བཞིན་ཅན་ཡིན་ནོ། །དེ་ལ་སྨན་གྱི་ཤས་ཆེ་བ་ནི་ཙུབ་ཡང། ཅིའི་ནང་དུ་ཡན་འཇུག་ཅིང་འགྲོ། རེག་པའི་ཤས་ཆེ་བ་འདི་ལྟ་བུ་ནི་རླུང་གི། ཁམས་སུ་གཏོགས་པའོ། །སྨན་དྲུང་གི་ཤས་ཆེ་བའི་ལས་ནི། ་ཙུ་པར་འགྱུར། ཡང་བར་འགྱུར། ཅིའི་ནང་དུ་འཇུག་པ་འམ། འགྱེས་ཤིང་འཇིག་པར་བྱེད། སེམས་སྟོན་ཅིང་སྤྱོད་པ་ལ་འཇུག་པར་བྱེད། རྣ་བར་བྱེད། སྨན་ནམ་མཁའ་ཨི་རང་བཞིན་གྱི་ཤེས་ཆེ་བ་ནི་ཕྲ་བ་འཇུ་ཅིང་རྒྱུ ་པ་དང། འགྱེས་ཤིང་འཐོར་པ་འམ། ཡང་བ་དང། སྒྲའི་ཡོན་ཏན་གྱི་ཤས་ཆ་བའོ། །སྨན་ནམ་མཁའ་ཨི་ཤེས་ཆེ་བའི་ལས་ནི་སྤུ་གུ་ནང་སྟོད་པ་དང། ཁོང་ཡང་བའི་རང་བཞིན་ཡིན་ནོ། །དེ་ལྟ་བས་ན ་ཐམས་ཅད་དང་སྨན་སྣ་སྦྱར་བ་ལས། སའི་སྟེང་ན་སྨན་དུ་མི་འགྱུར་བ་གང་ཡང་མེད་དོ། །དེ་ལ་སྨན་ཟོས་ཤིང་འཐུངས་པ་ལས་ལུས་ཀྱི་སྟོང་དུ་སྨན་གྱི་མཐུ་འགྲོ་བར་བྱེད་པ་ནི། སྨན་མེ་དང་རླུང་གིས་ཤས་ཆེ་བ་ལྟ་བུ་ཟས་ན ་སྟོད་དུ་འཕྲོས་སོ། །སྨན་འཐུངས་ན་རོ་སྨས་མན་ཆད་དུ་འགྲོ་ཞིང་འབབ་པ་ནི་སྨན་ས་དང་ཆུའི་ཤས་ཆེ་བ་ལྟ་བུ་ཟོས་ན་སྨན་གྱི་མཐུ་སྨད་དུ་འབབ་བོ། །སྨན་གྱི་ཁྱད་པར་དུ་ནི་ལྟ་བུ་དེ་ཏ་བུ་ཡིན་ནོ། །སྨན་གྱི་རོ་ཐ་དད་པར་བྱེ་བྲག་ཅི་འདྲ་བ་ནི་འོག་ནས ་རབ་ཏུ་འཆད་དོ། །ཡང་སྨན་གྱི་མཐུན་ནི་སྨན་པ་ཁོ་ཅིག་ན་རེ་རྣམ་པ་བརྒྱད་ཡོད་སྨན་ལ་བའི་མཐུ་ནི་གསིལ?་ལའི་མཐུན་སྣུལ་ལ་ནི་བསིལ། ལ་ལ་ནི་འཇམ། །ལ་ལ་ནི་ཡང། ལ་ལ་ནི་རྩུབ། ལ་ལ་ནི་ཚ། ལ་ལ་ནི་རྣོ་སྟེ། རྣམ་པ་འདི་བརྒྱད་དུ་བལྟའོ། །ཞེས ་འཆད་དོ། །ཡང་སྨན་གྱི་གཞུང་ཙ་ར་ཀ་ལས་བཤད་པ། སྨན་གྱི་མཐུ་ཞེས་བྱ་བ་ནི། སྨན་གང་གིས་ནད་བསལ་ཅིང་ཞི་བར་བྱེད་པ་ལ་སྨན་གྱི་མཐུ་ཞེས་བྱའོ། །དེ་ལྟ་བས་ན་ནད་བསེལ་བར་བྱ་བ་ལ། སྨན་གྱི་མཐུ་མ་ཡིན་ན་ནད་ཅུང་ཟད་ཙམ ་སེལ་ཀྱང་མི་ནུས་སོ། །དེའི་ཕྱིར་ན་ཐམས་ཅད་སེལ་པར་བྱེད་པ་ནི་སྨན་གྱི་མཐུ་ཡིན་ནོ། །འོན་ཀྱང་སྨན་ལྕི་བ་ལ་སོགས་པ་ཉིད་ལ་སྨན་མཐུ་ཞེས་མིང་བཏགས་པ་ཡིན་ནོ། །དེ་བས་ན་སྨན་ཐམས་ཅད་ཡོན་ཏན་དང་ལྡན་པའི ་སྙིང་ངོ་མཐུ་ཆེ་བ་དང། ལྡན་པས་ནད་སེལ་ནུས་ཏེ། དེ་ལྟ་བུ་ལ་སྨན་གྱི་མཐུ་ཞེས་བྱའོ། །དེ་བས་ན་ནད་ཀྱི་ཚུལ་དང་སྦྱར་ཏེ། སྨན་དམིགས་ཀྱི་དངོས་སུ་བཏང་བ་སྣ་མང་པོ་སོགས་ཏེ། མ་རྙིངས་མ་རུལ་པ་མཆོག་ཏུ་སྦྱར ་ཏ་བཏང་ན། དེས་ནང་ཕྱིན་པས་ན་སྨན་གྱི་མཐུ་ཞེས་བྱའོ། །དེ་བས་ན་གོང་དུ་སྨན་གོང་གིས་ནད་སེལ་ཅིང་ཞི་བར་བྱེད་པ་ལ་མཐུ་ཞེས་བྱ་བ་ཡིན་ནོ། །སྨན་རྙིངས་སམ་རུལ་པ་ཟོས་ན། དེས་ཅུང་ཟད་ཙམ་མི་ཕན་པའི་ལས ་བྱེད་དུ་ཟད་ཀྱི། ནང་ཕྱིན་པར་མི་ནུས་སོ། །དེ་ལྟ་བས་ན་སྨན་གྱི་མཐུ་ཞེས་བྱ་བ་ནི་སྨན་གྱི་རོ་དང་ཞུ་པའི་རྗེས་ལ་སོགས་པའི་ནང་ན། སྨན་གྱི་མཐུ་ཞེས་བྱ་བ་ནི་ལྕི་བ་དང་སྣུམ་པ་དང་བསིལ་བ་ཡ་སོགས་པའི་ནད་སེལ་ནུས་པའི ་མཐུ་ཡོད་པ་དེ་ལ། སྔོན་གྱི་སྨན་པ་ཆེན་པོ་དག་མཐུ་ཞེས་བྱ་བར་འདོད་དོ། །ཡང་སྨན་པ་ཁ་ཅིག་ན་རེ། སྨན་གྱི་སྟོབས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཚ་བ་དང། བསིལ་བ་ཡིན་ནོ། །ཞེས་ཟེར་རོ། །དེ་ཇི་ལྟར་ཞེ་ན། སྨན་གྱི་རང་བཞིན ་རྣམ་པ་སྣ་ཚོགས་ཡིན་ཡང། ཉི་མ་མེའི་རང་བཞིན་ཡིན་ཏེ་ཚ་བ་དང། ཟླ་བ་བསིལ་བ་ཡིན་ཏེ། འདི་གཉིས་སྟོབས་ཆེ་བས་སྨན་ཡང་ཚ་བ་དང། བསིལ་པར་དེ་ལྟར་གྱུར་ཏོ། །དེ་ཡང་དུས་བཟང་པོའི་ཚེ། སེམས་ཅན ་དར་པའི་དུས་ན་སྨན་གྱི་རོ་ཀུན་ཀྱང་བསལ་བར་བྲོ། །འཇིག་རྟེན་དམས་ཏེ་རྒུད་པ་ན་རོ་ཡང་གསལ་པོར་མི་བྲོ་བ་ནི། སེམས་ཅན་དང་འདྲ་སྟེ། འདི་གཉིས་ལས་ནམ་ཡང་འགྱུར་བ་མེད་དོ། །དེ་ལ་སྨན་ཚ་བས་ནི་མགོ ་འཁོར། སྐོམ། རྒྱལ་རྡུལ། ཆ། ཟས་མྱུར་དུ་འཇུ་བར་བྱེད་པ་རྣམས་ཡིན་ནོ། །ཚ་བ་དེ་ལྟ་བུས་རླུང་དང་བད་ཀན་གཉིས་ནི་ཞི་བར་བྱེད་དོ། །དེ་ལ་ཡང་སྨན་བསིལ་བས་ནི་ལུས་གྲངས་སིམ་པར་བྱེད། འཚོ་བར་བྱེད། །ལུས་རྟ་བར ་བྱེད། ཁྲག་དང་མཁྲིས་པ་བརྒྱས་པའི་ནད་ཞི་ཞིང་དངོས?་པར་བྱེད། ཚ་འམ་བསིལ་བ་གང་ཡང་རུང་བ་དེ་དང་དེ་ཁོང་པ་ནང་གི་དྲོད་གཉིས་སུ་ལྡན་པ་ལས་སྨན་ཐོས་པའི་རོ་དེ་ཡང་གཞན་དུ་འགྱུར་བར་བྱེད་དོ། །སྨན་གྱི་རོ་རྣམས་ཞུ་བར་གྱུར་པའི་རྗེས་ལ། སྨན་སྟོབས་ཀྱི་ལ་བྱེད ་དེ་ནི་ཞུ་བཞེས་ཀྱང་བྱ། སྨིན་པ་ཞེས་ཀྱང་བྱའོ། །མངར་བ་བུ་རམ་དང་འོ་མ་ལྟ་བུའི་བག་དང། པི་པི་ལིང་དང། སྒ་ལྟ་བུ་ཚ་བའི་བག་དང། འདི་རྣམས་ཞུ་བའི་རྗེས་འདྲ་སྟེ་འཇུག་ཏུ་མངར་རོ། །ར་སྐྱུར་བ་རྣམས་ཟས་ཏེ་ཞུ ་བའི་རྗེས་ཀྱང་སྐྱུར་བར་འགྱུར་རོ། །རོལ་བ་དང། ན་ལེ་ཤམ་ལྟ་བུ་ཆེ་བ་དང། རོ་སྐ་བ་རྣམས་ཟོས་པའི་རྗེས་ནི་ཕལ་ཆེད་ཚ་བར་འགྱུར་རོ། །དེ་བས་ན་སྨན་གྱི་རོ་བྲོ་བཟོས་པ་བཞིན་དུ་འབྲས་བུ་ཞུ་བའི་རྗེས་ཀྱང་དེ་དང་འདྲའོ། །དེ་ལ་སྨན་གྱི་སྟོབས་བཟང་ན་ལས ་ཕན་མི་ཕན་པ་འདི་ནི་གས་དབྱེ་བ་ནི། སྨན་ལ་ལ་ཟོས་ན་སྨན་གྱི་རོ་ཕན་པའི་ལས་བྱེད་དེ། །དཔེར་ན་ལན་ཡི་ཁར་མུར་བའི་རོས་ཁ་བའི་རོ་མེད་པ་དང་འདྲའོ། །སྨན་ལ་ལ་ཞུ་བའི་རྗེས་ལ། ཕན་པའི་ལས་བྱེད་པ་ནི་དཔེར་ན་ཨ་རུ་ར་ལྟ་བུ་ཞུ་ནས་འབྲུ་བ་ཡིན་ནོ།། ་སྨན་གྱི་ཡོན་ཏན་ཞེས་བྱ་བ་ནི་ལྟོར་མ་ཟོས་པར་བསྣམས་པ་འམ། རེ་ཀ་བ་ཙམ་གྱི་ཕན་པའི་ལས་བྱེད་ནུས་པ་དེ་ནི་ཡོན་ཏན་ཞེས་བྱའོ། །སྨན་ཟོས་སམ་འཐུངས་ན་ནད་སེལ་བར་བྱེད་པ་གང་ཡིན་པ་དེ་ནི་ནུས་པ་ཞེས་བྱའོ། །སྨན་གྱི་མཐུ་ཞེས་བྱ་བ་ནི་རྐུན ་འབྲུམ་དང་ཤིང་མངར། གཉིས་བསིལ་བྱེད་ནུས་པར་འདྲ་མོད་ཀྱི། རྒུན་འབྲུ་ནི་ལྷག་པར་ཁྲུ་བར་བྱེད་ནུས་ཏེ། དེ་ལྟ་བུ་ལ་མཐུ་ཞེས་བྱའོ། །དེ་བས་ན་སྨན་གང་དང་གང་ལ་བསྟེན་པའི་སྨན་གྱི་རོ་དང་སྟོབས་དང་ཞུ་བའི་རྗེས་ལ་སོགས་པས་ནད་སེལ་བའི་ལས་བྱེད་དོ།། ་དེའི་ཕྱིར་སྨན་སྣ་སྦྱར་བའི་ནང་ནས། གང་མཐུ་དང་ལྡན་པ་དེས་ཕལ་ཟིལ་གྱིས་མཚན་ནས་ཕན་པའི་ལས་བྱེད་དོ། །སྨན་མི་འཕྲོད་པ་རྣམས་སྦྱ་ཏེ་བཏང་ན། །དེ་ནི་གང་ཕལ་ཆེ་བས་སྨན་གང་མྱུར་ཞིང་མཐུ་ཆུང་བ་དེ་ཐབ་པར་བྱེད་དོ། །ཡང་དེ ་ལ་སྨན་གྱི་རོ་ལས་ནི་སྨིན་ཟོས་བཞུ་བའི་སྟོབས་ཆེའོ། །ནུས་པ་བས་ནི་སྨན་གྱི་མཐུའི་སྟོབས་ཆེའོ། །སྨན་བསིལ་བ་ཡང་དུང། ཚ་སྱང་རུང་བའི་སྨོན་གྱི་རོའི་སྟོབས་མ་ཉམས་ཏེ་བཏང་ན། དེའི་རྣ་ངན་མ་སྒྱུར་བཅོས་པ་རང་བཞིན་གྱིས་ཆེ་བ ་འམ་བསིལ་བའི་སྨན་ད་སྟོབས་ཆེའོ། །ཡང་སྨན་གྱི་རོའི་སྟོབས་ཀུན་ཐམས་ཀྱང་དེའི་ནང་ན་སྟོངས་ལྷག་པར་གང་ཆེ་བ་དེའི་མཐུ་ཆེ་སྟོ། །དཔེར་ན་ཙི་ཏྲ་ཀ་དང་དནདི་ཀ་གཉིས་རོལ་སོགས་པ་འདྲ་ཡང། །དནྟའི་མཐུ་ནི་ལྷག་པར་འཁྲུའོ། །སྦྲང་རྩི་དང་རྒུན་འབྲུམ ་ཡང་རྒུན་འཁྲུའོ། །མར་དང་འོ་མ་གཉིས་མངར་བར་འདྲ་ཡང་འོ་མ་ནི་བསིལ། །མང་ནི་དྲོད་སྐྱེའོ། །དེ་བས་ན་སྨན་རྣམས་ཀྱི་སྤྱིའི་ཕན་པར་ནུས་པ་དང། །མཐུའི་བྱེ་བྲག་དེ་ལྟར་བལྟའོ། །དེ་ཡང་སྨན་སྐྱེ་བ་རྣམ་པ་སྣ་ཚོགས་ཀྱི་རྐྱེན་གྱིས་མཐུ་སྟོབས་བྱེ་བྲག ་ཐ་དད་པར་བལྟའོ། །ཇི་ལྟར་ཞེ་ན། གྲོ་དང་ནས་གཉིས་རོ་མངར་ལ་ལྕི་མོད་ཀྱི། གྲོ་ལྷག་པར་སྣུམ་པས་རླུང་ནད་སེལ་ཏོ། །ནས་ཟ་བལྟ་བ་ནི་རླུང་སྐྱེའོ། །འོ་མ་དང་ཉ་གཉིས་བསིལ་བར་འདྲ་མེད་ཀྱི་ཉི་ཞུ་བའི་རྗེས་ནི་ཚའོ། །དཔེར་ནས་ལ་གནས་པར ་འདྲ་མེད་ཀྱིས་དེ་གེའི་ཤི་ནི་རོ་ལའོ། །ལག་ཤ་ནི་དེ་ལྟ་བུ་མ་ཡིན་ཏེ། ཚུལ་འདི་ལྟར་བལྟའོ། །སྨན་སྣ་ཚོགས་ཀྱི་རོ་དང་སྟོབས་དང་ཁུ་བའི་རྗེས་དང་ཡོན་ཏན་དང། །སྨན་གྱི་མཐུའི་བྱེ་བྲག་དང། །སྨན་རྣམས་ཆེན་པོ་ལྔའི་རང་གཞིན་དུ་གཏོགས་པ ་དང། ཆེན་པོ་ལྔའི་མཐུས་ཕན་པའི་ལས་བྱེད་པ་དང། སྨན་གྱི་བྱེ་བྲག་སྣ་ཚོགས་བཤད་པའི་ལེའུ་དགུ་པ་རྫོགས་སོ།། །།དེ་ནས་ཡང་སྨན་གྱི་རོ་ཐ་དད་པ་རྣམས་ཆེན་པ་ལྔའི་བྱེ་བྲག་ལས་ཇི་ལྟར་སྐྱེ་བ་དོ་དག་དམིགས ་ཀྱི་མ་བསྟན་པའི་ལེའུ་བཅུ་པ་བཤད་པར་བྱའོ། །དེ་ལ་སྨན་གྱི་རོ་མངར་བ་དང། སྐྱུར་པ་དང། ལན་ཚྭ་བྲོ་བ་དང། ཁ་བ་དང། ཚ་བ་དང། སྨ་བ་དང། །འདི་དྲུག་ཆེན་པོ་ལྔ་ལས་སྐྱེའོ། །དེ་ཡང་ཇི་ལྟར་ཞེ་ན། ས་དང་ཆུ་གཉིས་ཀྱི་རྒྱུ་ལས ་ནི་རོ་མངར་བར་འགྱུར་རོ། །མེ་དང་ས་གཉིས་ཀྱི་རྒྱུས་ནི་རོ་སྒྱུར་བར་འགྱུར་རོ། །ཆུ་དང་མེ་གཉིས་ཀྱི་རྒྱུས་ནི་རོ་ཚ་བྲོ་བར་འགྱུར་རོ། །ནམ་མཁའ་དང་རླུང་གཉིས་ཀྱི་རྒྱུས་ནི་རོ་བ་བོར་འགྱུར་རོ། །མེ་དང་རླུང་གཉིས་ཀྱི་རྒྱུས་ནི་རོ་ཚ་བར ་འགྱུར་རོ། །ས་དང་རླུང་གཉིས་ཀྱི་རྒྱུས་ནི་རོ་བསྐ་བ་བྲོ་བར་འགྱུར་རོ། །དེ་ལྟར་ཆེན་པོ་གཉིས་གཉིས་ཀྱི་ཤས་ཆེ་བ་ལ་རོ་མངར་བར་བྲོ་བ་ལ་སོགས་པ་སྐྱེ་བར་འབྱུང་བར་འགྱུར་རོ། །དེ་ལ་རོ་མངར་བར་བྲོ་བ་ནི་ཁ ་ལ་ཞིམ་པོར་བྲོ་བར་ཆགས་ཏེ་མངར་བ་མྱོང་ནས་ལུས་ཚིམ་པར་བྱེད། །མིག་དངས་བར་བྱེད་དེ། ཆུང་ངུ་གྲོག་མ་ལ་སོགས་པ་རོ་མངར་བ་མྱོང་ན་ཡང་ཞིམ་སྟེ། དགའ་བར་མངོན་པ་ཡིན་ནོ། །མེ་དང་ས་ལས་གྱུར་པའི་རོ་སྐྱུར་བར་བྲོ་བ་ནི། ཁའི་ནང ་དུ་སྐྱུར་ཆེས་པས་སོ་རྩེ་སྦུ་ལྡང། །མིག་དང་སྨིན་མ་རྣམས་འཇོམ་པར་འགྱུར་རོ། །ཆུ་དང་མེ་གཉིས་ཀྱི་ཤས་ཆེ་བ་ལས་ནི་རོ་ལན་ཚ་བོ་སྟེ། ཁའི་ནང་མཆིལ་མ་འདུ། གྲེ་བ་དང་ཁའི་ནང་ཚ་བར་བྱེད་དོ། །ནམ་མཁའ་དང་རླུང་གཉིས ་ལས་གྱུར་པའི་རོ་ཁ་བར་བྲོ་བ་ནི་ཁའི་ནང་དུ་རོ་ཁ་བས་ལྗིན་བག་སེལ་ཅིང། ལྕེ་ལ་མི་ཞིམ་ཞིང་གནོད་པར་བྱེད་དོ། །ཚ་འུས་ལྕེའི་ཐོར་ལོ་ལོ་ཚ?། ཙག་ཙག་བྱེད་ཅིང། སྣ་དང་མིག་དང་ཁ་ནས་ཁ་ཆུ་ཟག་ལ་མ་བུར་བའི་ནང་ཚིག་པ་བཞིན་དུ ་བྱེད་པར་སྐྱོ་བར་འགྱུར་བ་ནི་ཚ་བའོ། །རོ་བསྐ་བ་ཞེས་བྱ་བ་ནི་ལྕེ་ལ་རོ་གཞན་རེ་ཞིག་བྲོ་བ་མི་ཚོར་ལ། གྲེ་བ་དང་རྩའི་སྦུ་གུ་རྣམས་འགགས་པས་བྱེད་པས་རོ་ནི་བསྐ?་བའོ། །རོ་རྣམ་པ་དྲུག་ནི་ཚུལ་ནི་ཐིད་ལྟ་བུ་ཡིན་ནོ། །དེ་ལ ་རོ་དེ་རྣམས་ཀྱི་ལས་ཀྱི་བྱེ་བྲག་ཇི་ལྟར་བལྟ་ཞེ་ན། རོ་མངར་བ་མ་ལ་སོགས་པའི་ལ་སོགས་པའི་ལས་ནི་དང་པོ་བཙས་པ་ཆས་མངར་བའི་རོ་དེ་དར་འཕྲོད་པའི་ཟས་ཡིན། ལུས་ཀྱི་སྲོག་ཟུངས་བདུན་རྣམ་གྱིས་མཐུར ་འགྱུར། སྟོབས་རྩལ་སྐྱེད་པ་བྱིས་པ་ཆུང་ངུ་དང་མི་རྒན་པོ་ལ་ཕན། གློ་བརྡོལ་དང་ཁྲག་འོང་བ་དང། ཁམས་བདུན་ཟད་པ་དང། འདི་ལྟ་བུ་ལ་ཕན། ཁ་བཞིན་མདོག་དང། སྐྲ་བཟང། མིག་དང་རྣ་པ་ལ་སོགས་དབང ་པོ་གསལ། གཟི་མདངས་བཟང་བར་འགྱུར། ལུས་ཀྱི་ཉམས་ཚག་སྐྱེ། སྐད་འགགས་པ་དང། མཛེར་པ་ལ་ཕན། བུད་མེད་ཀྱི་ནུ་ཞོ་སྐྱེ། ཆག་ཐུར་དང་སྨས་པའི་རྨ་འབྱོར་ཅིང་འཚོ། །འཇུ་དཀའ་སྟེ་ལྕི། ཚེ་རིང་བ་ལ་ཕན། འཚོ་བར ་བྱེད། ཁོང་འཇམ་ཞིང་སྣུམ། མཁྲིས་པའི་ནད་དང་རླུང་ནད་དང་དུག་ལ་ཕན་ནོ། །འོ་མ་ལ་སོགས་པ་ཧ་ཅང་གྲགས་ན་ཚིལ་སྐྱེ། བད་ཀན་གྱི་ནད་སྐྱེ་བར་འགྱུར། །ཤ་སྐྱེས་ཏེ་ལུས་སྦོམ་པོར་འོང། ཁོང་པའི་དྲོད་བྲི་ཞིང་འདུས་པའི་རིམས་ཀྱིས་ཐེབས ་གཅིན་སྙི། དབལ་བ་འབྱུང། ལུས་ལ་རྨེན་བུ་ལ་སོགས་པ་ཐོར་བུའི་བག་འབྱུང་ངོ། །རོ་སྐྱུར་ཟོས་པའི་ལས་ནི་ཁོང་བ་མེའི་དྲོད་འབར་བར་བྱེད། ལུས་སྣམ་ཞིང་འཇམ། སྐྱུར་བག་ཁར་ཞིམ། ཟས་འཇུ་ཡི་ག་འབྱེ། དྲོད་སྐྱེ་བའི་མཐུར་འགྱུར། ་ཁུ་བས་ཁ་ལག་གམ་ལུས?་བཀྲུས་ན་བསིལ་བར་འགྱུར། འཐུངས་ན་ཚིམ་བར་བྱེད། ཟས་ཟོས་བ་ཞུ་ཞིང་མྱགས་བར་བྱེད། ཁ་ཟས་སྐྱུར་བའི་བག་འཇུ་སླ་སྟེ་ཡང་བར་འགྱུར། བད་ཀན་དང་མཁྲིས་པ་དང་ཁྲག་རྒྱས་བའི་ནད་སེལ། ཁོང་བསྒྱུ ་མའི་ནད་ན་རླུང་སྒྲ་ཁྲུལ་ལུ་ལུ་ཟེར་ཞིང་རྒྱུ། འཁྲུལ་བ་སྐྱུར་བའི་བག་རྟགས་སུ་ཧ་དྲེགས་ཅེས་ན། ལུས་ཤ་སླ་སྟེ་ལྷོད་ལྷོད་པོར་འགྱུར། །མིག་རབ་རིབ་ཟ། མགོ་འཁོར། ལུས་གཡན་པར་འགྱུར། ཁ་གདོང་དང་ལུས་རྩ་སེར་ཞིང་སྐྱ་རྦབ?་ཏུ ་འགྱུར། མེ་དཔལ་དུ་འགྱུར། ལུས་སྐྱངས། ལུས་ལ་ཐོར་བུ་འབྱུང། སྐོམ་དད་ཆེ། རིམས་ཀྱིས་ཐེབས་བར་འགྱུར་རོ། །ཚ་ནི་དངོས་ཏེ་ཟག་པ་ལྟ་བུ། རླུང་ངམ་བད་ཀན་ལ་སོགས་པ་ལྟ་བུའི་ནད་ཀྱིས་ཁོང་དུ་ཕལ་ཆེར་འཁྱིལ་བ་དང། ་བཤང་གཅི་འབྱུང་དུ་མི་རུང་བ་འདི་ལྟ་བུ་འབྱིན་པར་བྱེད། ཁོང་དྲོད་སྐྱེ། ཁོང་དུ་སྣུམ་པ་དང། དྲོད་ཆེ་བས་རྡུལ་བར་འགྱུར། རྣོ་བར་འགྱུར། ཡིག་འབྱེ། མི་ཚོན་བ་ཚིལ་ཆེ་བ་ཚིལ་ལ་འཇུ་ཞིང་སྐེམ་པོར་གྲིམས་པར་བྱེད། ཁོང་འཁྲུ ་བར་བྱེད་དོ། །ལན་ཚ་རབ་ཏུ་ཆེར་ཟོས་ན་ཁྲག་ནད་དང་རླུང་ནད་དུ་འགྱུར། སྐྲ་འབྱི་ཞིང་དཀར་པོར་འགྱུར། གཉེར་མ་མང། སྐོམ་དང་ཆེ། འཛེ་ནད་དང། དུག་ནང་ལྡང། འབྲུམ་བུ་འམ་འབྲས་ནད་འབྱུང། སྟོང་པ་འབྲི ་བར་འགྱུར་རོ། །རོ་ཁ་བ་ནི་ཁ་བོ་ཉིད་ཡི་གར་མི་འོང་སྟེ། ཟས་གཞན་འདོད་པའི་ཡི་ག?་བ?་བྱེ། ལྟོ་ན་སྲིན་བུ་ཡོད་པ་སེལ། སྐོམ་ནང་ཆུང། དུག་ནད་སེལ། མཛེ་ནད་དང། བརྒྱལ་བ་དང། རིམས་དང། སློན་བྲོ་བ་དང། ཚ་བ་དང། ཁྲིས་པའི ་ནད་དང། བད་ཀན་གྱི་ནད་འདི་ལྟ་བུ་སེལ་ཏོ། །ཁ་བྲོ་དྲགས་ན་ལུས་ལ་འདྲུལ་བག་དང། ལུས་ཀྱི་ཚིལ་དང། ནང་གི་ལྟོ་ཚིལ་དང་།རྐང་དང་ནང་གི་བཤད་གཅིའི་དྲི་མ་འདི་ལྟ་བུ་ཀུན་སྐམ་ཞིང་འཇུ་བར་བྱེད། ཁོང་ཡང། ཡིད ་གཞུངས། བསིལ་།ཁོང་རྩུབ། བུད་མེད་ཀྱི་ནུ་མའི་ནད་ལ་ཕན། འགུལ་པ་འགགས་པ་འབྱང། སྲོག་ཟུངས་བདུན་ཟད་ཅིང་སྐོམ། རླུང་ནད་ཀྱིས་ལུས་འདར་བ་དང། མཛེ་དང། ཟས་མ་ཞུ་བས་ལྟོ་ན་ཟུག་ཅིང་སྤོས་པ་དང། ལུས་སྐྲངས ་པ་དང། འདི་ལྟ་བུའི་ནད་སེལ། རྨ་འདྲེས། ལུས་ཀྱི་ཁོང་ན་སྣུམ་ཡོད་པ་དང། ཚིལ་ཟད་ཅིང་འཇུ། ལུས་ལ་འདྲུལ་བག་ཡོད་པ་སྐམ་པར་བྱེད། ཁོང་དུ་དྲོད་སྐྱེ། ཁ་ཟས་འཇུ། ཟས་ཡི་གར་འོང་བ་ཡིད་ཁར་འོས་པར་བྱེད། རྣ ་བ་དང་།མིག་ལ་སོགས་པར་བུ་ག་དགུ་དང། རྩའི་རྒྱུན་འགགས་པ་རྣམས་སྒོ་འབྱེ་བར་བྱེད་བད་ཀན་སེལ་བར་བྱེད། ཚབ་ཧ་ཅང་ཚར་དྲག་ཏུ་ཟོས་ན་སྒོམ་དང་ཆེ། ཁུ་ཆུ་ཟད་།སྟོབས་འབྲི། བརྒྱལ་བའི་བག་ཏུ་འགྱུར། རྐང ་ལག་འཁུམས་པར་བྱེད། ལུས་འདར། རྐེད་པ་དང་རྒྱབ་ལོག་པ་ན་བར་འགྱུར་རོ། །རོ་སྐ་བ་ནི་མཁྲིས་པའི་ནད་དང། བད་ཀན་གྱི་ནད་སེལ། །བོད་ལྕི། ཁྲག་ནད་འབྱུང་།རྨ་འཚོ། བསིལ། འདྲུལ་བག་གམ། ཚིལ་ཆེ་བ ་མཇུ་ཞིང་སྐེམ་པར་བྱེད། བེའུ་སྣབས་འཁྱིལ་ཞིང་ཐོགས་པར་བྱེད། ཁོང་འཁྲུ་བ་གཅོད་ཁོང་རྩུབ་པགས་པའི་མདོག་གསལ་ཞིང་བཟང་བར་བྱེད་དོ། །རོ་སྐ་བ་ཧ་ཅང་དག་ཏུ་བཟོས་ན་བཤང་གཅི་འགག་།ལྟོ་སྦོས་པར་བྱེད། སྙིང་ན་སྐོམ་དད་ཆེ། ལུས ་སྐེམ་པར་འགྱུར། སྨེས་པའི་མཐུ་རྩལ་བྲི་སྟེང?་བུད་མེད་ལ་མི་ཕོད་པར་འགྱུར། རྣ་བ་དང་མིག་ལ་སོགས་བ་བུ་ག་དགུ་དང། རྩ་ཡི་རྒྱུན་རྣམས་འགག་པར་བྱེད། བཤང་གཅི་དྲི་མ་སྲི་སྟེ་མི་འབྱུང་བ་འདི་ལྟ་བུར་འགྱུར་རོ། །དེ་ལ་རོ་མངར་བའི ་གྲངས་སུ་གཏོགས་པ་ནི། ཞུན་མར་དང་གསེར་དང། བུ་རམ་དང་སྟར་ག་དང། ཆུ་ཤིང་གི་འབྲས་བུ་ཤིང་ཏོག་ཅོ་ཅོ་དང། ཤིང་ཏོག་པ་རུ་ཤ་ཀ་དང། ཉེའུ་ཤིང་དང། ངམ་མཉེ་བ་དང། ?་ནས་པུཾ་ཤ་དང། ར་ཛ་ཏ་ན ་དང། སྨན་པ་ལ་རྣམས་སུ་མ་ལ། བཱ་ལ་དང། མ་ཧཱ་བཱ་ལ་དང། ཨ་ཏི་བཱ་ལ་དང་གསུམ་མོ། །སྨན་མེད་པ་དང། མ་ཧེ་མེད་དང་གཉིས་སོ། །འདབ་མ་རྣམ་པ་བཞི་སྟེ། ཤིང་སཱ་ལའི་མདབ་མ་དང། བྲིས་ནི་བརྣི་དང། མུངྒ་པརྞི་དང།། ་མཱ་ཥ་པི་རྞ་དང། ཛཱི་བཾ?་ཏཱི་ཞེས་བྱ་བ་སྨན་འཚོ་བྱེད་ཀྱི་གྲངས་སུ་གཏོགས་པའི་ནང་ན། ཛཱི་བ་ཀ་ན་བྷ་དང། མེ་ཏོག་མདྷུ་ཀ་དང། ཤིང་མངར་དང། པིཾ་པི་དང་།བི་དྷ་རི་དང། ཤྲ་པ་ཎི་རྣམ་གཉིས་དང། གཤིར་ཤུ་ཀླ ་དང། པ་ཤ་རོ་ཙ་ན་ཞེས་ཅུ་གང་དང། ཤི་རི་ནི་དང། ཏི་པ་ལ་དང། ས་ཏ་བེ་བ་དང། འོ་མ་དང། བུ་རམ་ཤིང་དང། གཟེ་མ་དང། སྦྲང་རྩི་དང། མགུན་འབྲུམ་ལ་སོགས་པ་ནི་མངར་བའི་གྲངས་སུ་གཏོགས་སོ། །དེ ་ལ་རོ་སྒྱུར་བའི་གྲངས་སུ་གཏོགས་པ་ནི་།སྐྱུར་རུ་ར་དང། ཨ་མ་ལི་ཀ་དང། བ་ལུང་དང། སྟར་བུ་དང། བལ་པོ་སེའུ་དང། དངུལ་དང། ངར་བ་དང། ཚྭ་དང། ཀུ་ཤུ་དང། ཞོ་དང། ཤིང་ལོང་ཀོ་གི་ཀའི་འབྲས་བུ་ལོང ་གོག་དང། ཨ་མྲ་ཏ་ཀ་དང། གྷ་བྱ་དང། ཀི་པཏྟ་དང། ཀ་ར་མརྟ་ཀ་དང་ཀ་དང། འདི་རྣམས་ནི་རོ་སྐྱུར་བའི་གྲངས་སུ་གཏོགས་སོ། །དེ་ལ་ལན་ཚྭའི་གྲངས་སུ་གཏོགས་པ་ནི། ཚ་བའི་ནང་ན་རྒྱམ་ཚ ་དང། ལྕེ་དམྱང་ཚ་བཟང་ངོ། །ཚ་ཕལ་བ་ནི་སེའུ་བར་རྩ་ལ་དང། ཁ་རུ་ཚྭ་དང། ལན་ཚྭ་བྷི་དྷ་དང། རྒྱ་མཚོའི་ཚྭ་དང། བཙོ་ཚྭ་དང། འདི་རྣམས་སོ། །ཡང་ལན་ཚྭ་རོ་མོ་མ་ཀ་དང། སྐམ་སའི་ཚྭ་དང་།རོ་ཉེ་དང་ཡ་བཀྵ་རཱ?་ནས་ཚིག ་ཁུས་པའི་ཚ་དང། འདི་རྣམས་ནི་ལན་ཚྭར་རྩི་པའི་གྲངས་སུ་གཏོགས་སོ། །རོ་ཁ་བར་རྩི་བའི་རྣམ་གྲངས་ལ་པ་ཏོ་ལི་དང། ཁྱི་ལྕེ་པ་དང། བ་ལ་ཀ་དང། ཙན་དན་ཨུ་ཤིར་དང། བུ་ནི་པ་ཞེས་བྱ་བ་ཅི་སྐྲིགས་དང། ཤིང་ནི་པ་དང། ་བུ་རྩ་ཤེལ་དང། རྒྱ་སྤོས་དང། ཨཀ་རུ་དང། ཤིང་པ་ཙ་ཀ་དང། ནགཏ?་མ་ལ་དང། སྐྱེར་བ་དང། ཡུང་པ་དང། གླ་སྐད་ཆེན་པོ་དང། མུརླ?་དང། ཨ་ཏ་རུ་ཤ་ཀ་དང། བོ་སོན་ཆ་དང། ཤིང་ཨ་བ་མརྒ་དང། འཁར ་བ་དང། ལྕགས་དང། སླེ་ཏེས་དང། དུ་རལ?་བ་དང། རྩ་བ་ཆེན་པོ་ར?་རྩ་རྣམས་དང། བྲི་ཧ་ཏི་དང། ཀཎྜ་ཀཱ?་རི་དང། བི་ཤ་ལ་དང། བོང་བ་དང། ཤུ་དག་དང། འདི་རྣམས་ནི་ཁ་བའི་གྲངས་སུ་གཏོགས་སོ། །དེ་ལ ་རོ་ཚ་བའི་གྲངས་སུ་གཏོགས་པ་ནི་ཤིང་ཀུན་དང། ན་ལ་ཤམ་དང། སྲིན་བུ་གསོད་པའི་སྨན་པི་ཊཱཾ་ཀ་དང། ཆ་བ་རྣམས་ལྔའོ། །ལི་དོང?་ར་དང། པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། དབྱི་མོའི་ལོ་མ་དང། ཀྲུ་ཏྲུག ་ཏྲེས་དང་ལྔ་།ཀུ་ཐེར་ཞེས་ཀྱང་བྱ་བ་དང། ཤང་ག་ཙེ་རྗེན་པ་ཚ་བ་རྣམས་དང། མཁྲིས་པ་རྣམས་དང། པ་གཅིན་དང། གོ་བྱེ་འདི་རྣམས་ནི་ངོ་ཚ་བའི་གྲངས་སུ་གཏོགས་སོ། །ད་ལ་རོ་བསྐ་བར་བརྩི་བ་ནི་། རུ་རེ ་དང། བ་རུ་ར་དང། ཤིང་ཤི་རི་ཤ་དང། སེང་ལྡང་དང། ཆང་དང། ཤིང་ཀ་དམ་པའི་འབྲས་བུ་དང། མུ་ཏིག་དང། བྱུ་རུ་དང། མིག་སྨན་ལིག་བུ་མིག་དང། གཙག་ཡུག་སྣམ་དང། སྐྱེར་ཁཎྜ་དང། ཤིང་ག་པི་ཏའི་ཁུ་བ་གསར ་པ་དང། བྲ་གོའི་ཤིང་དང། པདྨའི་རྩ་བ་དང། པདྨ་དང། ཨུཏཔ་ལའི་ལོ་མ་དང། འདི་རྣམས་ནི་རོ་བསྐ་པའི་གྲངས་སུ་གཏོགས་སོ། །འབྲས་དང་ནས་དང། མོན་སྲན་རྡེའུ་དང། གྲོ་དང་སྦྲང་རྩི་དང། ཁ་ར་དང། སྐམ་པའི་ཤ་མ་གཏོགས ་པར་མངར་བ་གཞན་ནི་ཕལ་ཆེར་བད་ཀན་དུ་འགྱུར་རོ། །རོ་སྐྱུར་བ་ནི་ཕལ་ཆེར་མཁྲིས་པར་འགྱུར་ཏེ། བལ་པོ་སེའུ་དང། སྐྱུ་རུ་ར་ནི་མ་གཏོགས་སོ། །ལན་ཚྭ་ནི་ཕལ་ཆེར་མིག་ལ་གནོད་དོ། །རྒྱུ་མ་ཚ་དང་ལྕེ་མྱང་ཚ་མ་གཏོགས་སོ། །རོ་ཁ་བ ་དང་རྡོ་རོ་ཚབ་ནི་ཕལ་ཆེར་བུད་མེད་ལ་ཉལ་མི་ཕོད་ཅིང་རླུང་ནང་སློང་ཏེ། སླེ་ཏྲེས་དང། པ་ཏོ་པ་དང་གཉིས། ལི་དོད་ར་དང། པི་པོ་ལིང་དང། སྒོག་པ་རྣམས་མ་གཏོགས་སོ། །རོ་བསྐ་བ་ནི་ཕལ་ཆེར་བསིལ། །བཤད་གཅི་དྲི་མ ་འབྱུང། བ་དཀའ་། འཕྲུ་པ་ཡང་གཅོད་དོ། ཨརུ་ར་ནི་མ་གཏོགས་སོ། །རོ་ཚ་བ་ནི་སྐྱུར་བ་ལན་ཚྭ་དང། འདི་གསུམ་གྱི་དྲོ་ངའི?་མཐུ་ནི་གོ་རིམ་བཞིན་དུ་ཆེ་སྟེ། རོ་ཚ་བསྐྱུར་བའི་དྲོང་ཆེ། སྐྱུར་བ་བས་ལན་ཚྭའི་དྲོད་ཆེའོ། །ཁ་བ་དང་བསྐ ་བ་དང་མངར་བ་ནི་གསུམ་ཆར་འདྲ་སྟེ་བསིལ་ལོ། །ཁ་བ་དང་ཚ་བ་དང། བསྐ་བ་གསུམ་ནི་ཁོང་རྩུབ། གཤང་གཅི་དྲི་མ་མི་འབྱུང་སྟེ་སྲི་པར་བྱེད་དོ། །ཚ་བ་དང་སྐྱུར་བ་དང་མངར་བར་སྦྱར་ན། ཁོང་འཇམ་ཞིང་སྣུམ། བཤད ་གཅི་དང། ཐུར་དུ་དབུགས་འབྱུང་བ་རྣམས་མི་ཐོབས་པར་བྱེད་དོ། །ལན་ཚྭ་པས་ནི་རོ་བསྐ་བལྕིའོ། བསྐབ?་བས་ནི་ཚ་བ་ཡང་ངོ། རོ་སྐྱུར་བ་བས་ནི་ཚ་བ་ཡང་ངོ། །ཚ་བ་བས་ཀྱང་ཁ་བ་ཆོས་ཡང་ངོ། །དེ་ལ་རོ་མངར་བ་དང་སྐྱུར?་བ ་དང་ལན་ཚྭ་བྲོ་བ་དང། ཚ་བ་དང། །བ་བ་དང། རོ་བསྐ་བ་རྣམས་དྲུག་པོ་རྣམས་ཕན་ཚུན་མང་སྦྱར་ནས། རོའི་བྱོ་བྲག་ལྔ་བཅུ་རྩ་དྲུག་ཏུ་འགྱུར་རོ། །རོ་དེ་རྣམས་ཀྱང་བྱེ་དྲག་ཏུ་ཕྱེད་ཅན?་རོའི་རྣམ་པ་དྲུག་ཅུ་རྩ་གསུམ ་དུ་འགྱུར་རོ། །དེ་པས་ན་རོ་འདི་རྣམས་ཀྱང་འོ་མ?་ཅི་རན་ཙམ་དུ་སྦྱར་བའི་བྱེ་བྲག་བསྟན་པ་ཡིན་ནོ། །དེ་ལ་རོ་རྣམ་བྲུག?་གི་བྱེ་བྲག་སོ་སོར་སྦྱར་བ་ནི། རོ་བྲོ་བ་གང་ལྟར་སྦྱོར་ཡང་རུང་སྟེ། རོ་དེ་དག་ལས་རེག་པས་ཕྲི་ལ་ལྔ་ལྔ་དང་ཕན་ཚུན ་དུ་སྦྱར་རོ། །ཕན་ཚུན་དུ་སྦྱོར་བ་དེ་ཡང་རོ་རྣམ་གཉིས་སུ་སྦྱོར་བའི་ཐབས་དང། རྣམ་གསུམ་དུ་སྦྱོར་བའི་ཐབས་དང། རོ་རྣམ་བཞིར་སྦྱར་བའི་ཐབས་དང། རོ་རྣམ་ལྔ་ལ་སོགས་པར་སྦྱོར་བར་རིག་པར་བྱའོ། །དེ་ལ་རོ་མངར་པོ་ལས ་རྣམ་གཉིས་སུ་སྦྱོར་བ་ཡང་རྣམ་པ་ལྔ་ཏེ། མངར་བ་དང་སྐྱུར་བར་སྦྱར་མངད?་བ་དང་ལན་ཚྭ་བྲ?་བར་སྦྱར། མངར་བ་དང་ཁ་བར་སྦྱར་ཏེ། དེ་ལྟར་རྣམ་པ་ལྔའོ། །སྐྱུར་བསྣ་གཉིས་སུ་སྦྱོར་བ་རྣམ་པ་བཞི་སྟེ། སྐྱུར་དང་ལན་ཚྭར་སྦྱོར ་སྐྱུར་དང་ཚ་བར་སྦྱོར། སྐྱུར་དང་ཁ་བར་སྦྱོར། སྐྱུར་དང་རོ་སྐེ་བར་སྦྱོར་ཏེ་།དེ་ལྟར་སྐྱུར་ངང་སྣ་གཉིས་སུ་སྦྱོར་བ་རྣམ་པ་བཞིའོ། །ལན་ཚྭ་བར་རྣམ་གཉིས་སུ་སྦྱོར་བ་ཡང་རྣམ་གསུམ་སྟེ། ལན་ཚྭ་དང་རོ་ཚ་བར་སྦྱོར། ལན་ཚྭ་དང་རོ་ཁ་བར ་སྦྱར། ལན་ཚྭ་དང་བསྐལ་བར་སྦྱོར་ཏེ། དེ་ནི་སྦྱོར་བ་སྣ་གསུམ་མོ། །རོ་ཚ་བ་ལ་སྦྱོར་བ་རྣམ་པ་གཉིས་ཏེ། ཚྭ་བ་དང་ཁ་བར་སྦྱོར། ཚ་བ་དང་བསྐ་བར་སྦྱོར། འདི་ནི་སྦྱོར་བ་སྣ་གཉིས་སོ། །ཁ་ལས་སྦྱོར་བ་ནི་སྣ་ཅིག་སྟེ། ཁ་བ་དང་བསྐ་བར ་སྦྱོར་རོ། །དེ་ལྟར་ན་མངར་གྱི་སྣ་ལྔ་དང། སྐྱུར་ལས་སྣ་བཞི། ལན་ཚྭ་སྣ་གསུམ། ཚྭ་བའི་སྣ་གཉིས། ཁ་པའི་སྣ་ཅིག་དང་འདི་རྣམས་ཕྱིར་བསྡོམས་ན། རོ་སྣ་བཅོ་ལྔ་ཡོང་ངོ། །ཡང་གསུམ་པའི་སྦྱོར་བ་ཞེས་བྱ་བ་ནི། མངར་བས ་སྦྱོར་བ་སྣ་གསུམ་པ། སྣ་བཞིར་བྱ་བ་ནི་མངར་དང་སྐྱུར་དང་ལན་ཆཝར་སྦྱོར། མངར་དང་སྐྱུར་དང་ཚ་བར་སྦྱོར། མངར་དང་སྒྱུར་དང་ཁ་བར་སྦྱོར། མངར་དང་སྐྱུར་བར་རོ་སྐ་བར་སྦྱར་ཏེ། དེ་ལྟར་རྣམ་གསུམ་པ་སྣ་བཞིའོ། །ཡང་མངར་གྱི་རྣམ་གསུམ་པ་སྣ ་གསུམ་ཌི། མངར་དང་ལན་ཚྭ་དང་ཚ་བར་སྦྱོར་།མངར་དང་ལན་ཚྭ་དང་ཁ་བར་སྦྱོར། མངར་དང་ལན་ཚྭ་དང་བསྐ་བར་སྦྱོར་ཏེ། འདི་ནི་མངར་རྣམ་གསུམ་པའི་སྣ་གསུམ་མོ། །ཡང་མངར་རྣམ་གསུམ་པའི་སྣ་གཉིས་ནི། མངར་དང་ཚྭ་བ་དང ་ཁ་བར་སྦྱོར། མངར་དང་ཚ་བ་དང་སྐ་བར་སྦྱོར་ཏེ། འདི་ནི་མངར་རྣམ་གསུམ་པའི་སྣ་གཉིས་སོ། །ཡང་མངར་རྣམ་གསུམ་པའི་སྣ་ཅིག་ནི། མངར་དང་ཁ་བ་བསྐ་བར་སྦྱོར་བ་སྣ་ཅིག་པའོ། །དེ་ལྟར་མངར་རྣམ་གསུམ་པའི་སྣ་བཞི ་དང། སྣ་གསུམ་པ་དང། སྣ་གཉིས་པ་དང། སྣ་གཅིག་པ་ཏེ་བསྡོམས་ན་སྣ་བཅུ་ཡོད་དོ། །སྐྱུར་ལས་སྦྱར་བ་རྣམ་དྲུག་ནི། སྐྱུར་བ་དང་ལན་ཚྭ་དང་ཁ་བར་སྦྱོར། རོ་སྐྱུར་བ་དང། ལན་ཚྭ་དང་བསྐ་བར་སྦྱོར་ཏེ། འདི་ན་སྐྱུར་རྣམ་གསུམ་པའི ་སྣ་གསུམ་མོ། །སྐྱུར་རྣམ་གསུམ་གྱི་སྣ་གཉིས་ནི། སྐྱུར་བ་དང་ཚ་བ་དང་ཁ་བར་སྦྱོར། །སྐྱུར་དང་ཚ་བ་དང་སྐ་བར་སྦྱོར་བ་འདི་ནི། །སྐྱུར་གྱི་སྣ་གཉིས་པ་ཞེས་བྱའོ། །ཡང་སྐྱུར་བ་དང་ཁ་བ་དང་སྐ་བར་སྦྱོར་བ་འདི་ནི་སྐྱུར་གྱི་སྣ་ཅིག་པའོ། །དེ ་ལྟར་ན་སྐྱུར་བ་ལས་སྦྱར་བ་སྣ་གསུམ་དང། སྣ་གཉིས་པ་དང། སྣ་གཅིག་པ་སྟེ་བསྡོམས་ན་སྣ་དྲུག་ཡོད་དེ། །ལན་ཚྭ་དང་སྦྱོར་པ་རྣམ་གསུམ་པ་ཞེས་བྱ་བ་ནི། ལན་ཚྭ་དང་རོ་ཚ་བ་དང་ཁ་བར་སྦྱོར། ལན་ཚྭ་དང་རོ་ཚྭ་བ་དང ་བསྐབ་སྦྱར་ཏེ། འདི་ནི་ལན་ཚའི་སྦྱོར་བ་སྣ་གཉིས་སོ། །ཡང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱོར་བ་ན་ལན་ཚྭའི་སྦྱོར་བ་སྣ་གཅིག་པ་ཞེས་བྱ་སྟེ། དེ་ལྟར་སྣ་གཉིས་པ་དང། སྣ་གཅིག་པོ་བསྡོམས་ན་ལན་ཚྭའི་སྣ་གསུམ ་པ་ཞེས་བྱའོ། །ཡང་རོ་ཁ་བའི་རྣམ་གསུམ་སྣ་གཅིག་པ་ནི། རོ་ཁ་བ་དང་ཚ་བ་དང་བསྐ་བ་ན་སྟེ་།འདི་ནི་རོ་ཁ་བའི་སྣ་གཅིག་པ་ཞེས་བྱའོ། །དེ་ལྟར་ན་རོ་མངར་བའི་རྣམ་གསུམ་པ་ནས་རོ་ཁ་བའི་རྣམ་གསུམ ་བའི་བར་དུ་སྦྱིར་བསྡོམས་ན་རྣམ་གསུམ་པའི་སྣ་གྲངས་ཉི་ཤུ་ཡོད་དོ། །ཡང་མངར་རྣམ་བཞི་བར་སྦྱར་བ་སྣ་བཅུ་པ་ཞེས་བྱ་བ་ནི། མངར་དང་སྐྱུར་དར་ལན་ཚྭ་དང་ཚེ་བར་སྦྱོར་།མངར་དང་སྐྱུར་དང་ལན་ཚྭ་དང་ཁ་བར་སྦྱོར། མངར་དང་སྐྱུར ་དང་ལན་ཚྭ་དང་སྐ་བར་སྦྱོར། མངར་དང་སྐྱུར་དང་ཚབ་དང་ཁ་བར་སྦྱོར། མངར་དང་སྐྱུར་དང་ཚ་བར་སྦྱོར། མངར་དང་སྐྱུར་དང་ཁ་བ་དང་སྐ་བར་སྦྱོར། མངར་དང་ལན་ཚྭ་དང་ཚ་བ་དང་ཁ་བར་སྦྱོར། མངར་དང་ལན་ཚྭ་དང་ཚ་བ་དང་བསྐ་པར ་སྦྱོར། མངར་བ་དང་ལན་ཚྭ་དང་ཁ་བ་དང་སྐ་བར་སྦྱོར། མངར་དང་ཁ་བ་དང། ཚ་བ་དང་བསྐ་བར་སྦྱོར། འདི་ནི་མངར་རྣམ་བཞི་པ་སྣ་བཅུ་ཞེས་བྱའོ། །དེ་ལ་སྒྱུར་གྱི་སྦྱོར་བ་རྣམ་བཞི་པ་ནི། སྐྱུར་དང། ལན་ཚྭ་དང་ཚ་བ་དང་ཁ་བར་སྦྱོར། ་སྐྱུར་དང་ལན་ཚྭ་དང་བསྐ་བར་སྦྱོར། སྐྱུར་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱོར་ཏེ། འདི་ནི་སྐྱུར་རྣམ་བཞི་བའི་སྣ་བཞི་ཞེས་བྱའོ། །དེ་ལ་ལན་ཚྭའི་སྣ་ཅིག་པ་ཞེས་བྱ་བ་ནི། ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བར་སྦྱོར་ཏེ། འདི་ནི་ལན་ཚྭའི ་སྣ་ཅིག་པའོ། །དེ་ལྟར་རྣམ་བཞི་བའི་སྦྱོར་བ་ནི་སྣ་བཅོ་ལྔ་ཡོད་དོ། །ཡང་མངར་རྣམ་ལྔ་ལས་སྣ་ལྔ་པར་སྦྱོར་པ་ནི?་མངར་དང་སྐྱུར་དང་ལན་ཚྭ་དང་ཚ་བར་དང་ཁ་བར་སྦྱོར། མངར་དང་སྐྱུར་དང་ལན་ཚྭ་དང་ཚ་བ་དང་བསྐ་བ་སྦྱོར་ཏེ། ་མངར་དང་སྐྱུར་དང་ལན་ཚྭ་དང། ཁ་བ་དང་ཚ་བསྐ་བར་སྦྱོར། མངར་དང་སྐྱུར་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱོར་ཏེ། འདི་ནི་མངར་ལས་སླངས་ཏེ་རྣམ་ལྔར་སྦྱར་བ་ལྔ་པ་ཞེས་བྱའོ། །སྐྱུར་ལས་གཞི་སླངས་པ་རྣམ་ལྔའི ་སྣ་ཅིག་པ་ནི། སྐྱུར་དང་ལན་ཚྭ་དང་ཁ་པ་དང་བསྐ་བར་སྦྱོར་ཏེ་།འདི་ནི་སྐྱུར་གྱི་སྣ་ཅིག་པའོ། །ཡང་མངར་ལས་གཞི་བླངས་ལ། སྐྱུར་དང་ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བ་དང་ལྔ་དང་སྦྱར་བ་འདི་ནི་ལྔ་དང་སྦྱར་བའི་སྣ་ཅིག་བ་ཞེས་བྱའོ། །རོ ་རྣམ་དྲུག་པོ་མངར་བ་དང་སྐྱུར་བ་དང། ལན་ཚྭ་བྲོ་བ་དང། ཚ་བ་དང། ཁ་བ་དང། བསྐ་བ་དང། འདི་རྣམས་དྲུག་པོ་སོ་སོ་མ་བསྲེད་པ་ནི་རོ་རྣམ་དྲུག་པ་ཞེས་བྱ་སྟེ། དེ་ལྟར་རོ་རྣམ་ལྔ་བའི་སྣ་ལྔ་དང། སྐྱུར་རྣམ་ལྔ་བའི་སྣ་ཅིག་སྟེ་དྲུག་པོ ་འདི་ནི་?་ལྔ་པ་དྲུག་ཅེས་བྱའོ། །རོ་རྣམ་དྲུག་སོ་སོར་མ་འདྲེས་པ་ནི་རོ་སྣ་དྲུག་གོ་།མངར་གྱི་རྣམ་གཉིས་པ་སྣ་བཅོ་ལྔ་དང། མངར་རྣམ་བཞི་པ་སྦྱིར་བཅོ་ལྔ་དང། རྣམ་གསུམ་པ་སྣ་ཉི་ཤུ་དད་རོ་རྣམ་དྲུག་ཅིག་ཏུ་བསྲེས་ཏེ་སྦྱར་བ་སྣ་ཅིག་པ་འདི ་རྣམས་སྦྱིར?་ཅིག་ཏུ་བསྡོམས་ན་རོ་དྲུག་ཅུ་རྩ་གསུམ་ཡོད་དོ། །ཡོད་ནི་རོ་རྣམ་དྲུག་པོ་དེ་དག་ལ་སོ་སོར་དབྱེ་ཞིང་བགྲང་ན། རྩིས་ཀྱང་མི་ལང་སྟེ་ནད་དམིགས་དང་སྨན་གཉིས་སུ་སྦྱར་ཞིང་།རོ་རྣམ་དྲུག་པོ་རེ་རེ་ལ་ཡང་རོའི་རྗེས་གཞན་དུ་བྲོ་བ་དེ་ལྟ་བུ་ལས། ་རོ་ཆེན་པོ་དང་འབྲིང་དང་།ཆུང་ངུ་རྣམ་གསུམ་དུ་དབྱེ་ཞིང་བརྟག་པར་བྱའོ། །རོ་རྣམ་དྲུག་གི་ཕན་གནོད་བཤད་པ་དང། རོ་ནབྲོ་བའི་སྣ་གྲངས་བཤད་པའི་ལེའུ་བཅུ་པ་རྫོགས་སོ།། །།དེ་ནས་ཡང་རླུང་དང་བད་ཀན་དང་ཁྲིས་པ ་ལ་སོགས་པའི་ནད་ཀྱི་ཚུལ་ཤེས་པར་བྱ་བ་བསྟན་པའི་ལེའུ་བཅུ་གཅིག་པ་བཤད་པར་བྱའོ། །ནང་རླུང་དང་བད་ཀན་དང་མཁྲིས་པ་དང་གསུམ། དངས་མ་དང། ཁྲག་དང། ཤ་དང་ཚིལ་དང་།རུས་པ་དང། རྐང་དང། ་ཁུ་ཆུ་སོགས?་པ་སྲོག་ཟུངས་བདུན་དང། དྲི་མ་གཤང་གཅི་དང། རྡུལ་དང་རྣམ་པ་འདི་བཅུ་ནི་རྟག་པར་ལུས་ལ་གཞི་རྟེན་བྱེད་པ་ཡིན་ནོ། །དེ་ལ་ཡང་ཇི་ལྟར་ཞེ་ན། མིའི་ལུས་ཀྱི་བསྐྱོད་པ་དང། ལྡང་བ་དང། འདུག་པ་ ་དང། དབུགས་ཕྱི་ནང་དུ་རྡུབ་བ་དང། ལུས་ཀྱི་ལས་སུ་བྱེད་པ་དང། ཤུགས་མཁྱོགས?་པར་འགྲོ་བ་དང་།ཁྲག་དང་ཤ་ལ་སོགས་པ་ཁམས་བདུན་པོ་རྣམས་ལེགས་པར་རྒྱུ་ཞིང་འགྲོ་བ་དང། མིག་ལ་སོགས་པའི ་དབང་པོ་རྣམས་བསལ་བར་གནས་པ་འདི་རྣམས་ཐམས་ཅད་ལ་ཕན་ཞིང་གནོད་པར་མ་གྱུར་པ་དེ་ནི། ལུས་ཀྱི་གཞི་རླུང་ལ་བརྟེན་པ་ཞེས་བྱའོ། །ཡང་ཁ་ཟས་ཟོས་པའི་འཇུ་བ་དང། ལུས་ཀྱི་དྲོད་དང། མཐོང་བར་བྱེད་པ་དང། བཀྲེས་པ་དང། ་སྐོམ་པ་དང། འོང་བར་བྱེད་བ་དང། བཞིན་མདོག་གསལ་འོད་ཡོད་པར་སྣང་བ་དང། ཡིད་གཞུངས་པ་དང། དཔའ་སྙིང་རྗེ་ཆེ་བ་དང། ལུས་ཤ་འཇམ་པ་འདི་ལྟ་བུ་ཀུན་ནི་མཁྲིས་པ་མ་གྱུར་བའི་གཞིས་ལུས་ལ་ཕན་བར་བྱུང? ་པ་ཡིན་ནོ། །མིའི་ལུས་སྲ་ཞིང་བརྟན་པ་དང། ལུས་སྣུམ་པ་དང། རུས་པའི་རིམས་ཀྱི་ཅོག་རེ་འབྲེལ་བར་བྱེད་པ་དང། སྒྲོ་རིང་བ་ལ་སོགས་པ་ནི་བད་ཀན་གྱི་རང་བཞིན་གྱི་གཞིས་ལུས་བརྟན་པ་ཡིན་ནོ། །དེ་ལ་སྲོག་ཟུངས་བདུན་པོས ་ལུས་བརྟེན་པའི་ལས་ཀྱི་ཚུལ་ནི། དང་པོར་ཁ་ཟས་ཟོས་ན་ཚིགས་མའི་སྙིགས་བྱེད་ནས་བཅུད་དངས་མར་གྱུར་པ་དེས་མིག་ལ་སོགས་པའི་དབང་པོ་རྣམས་ཚིམ་པར་བྱེད་དོ། །ལུས་ཀྱི་ཤས་ནི་ལུས་ལ་གཡོག་པར་བྱེད་དོ། །ཚིལ་གྱིས ་ནི་ལུས་སྣུམ་པར་བྱེད་དོ། །རུས་བ་རྣམས་ནི་ལུས་མཁྲང་པོར་རྟན་པར་བྱེད་དེ། རྐང་གིས་ནི་རུས་པའི་སྦུ་གུ་ཐམས་ཅད་འགེངས་པར་བྱེད་དོ། །ཁུ་ཆུས་ནི་མངལ་དུ་བུ་སྐྱེད་པར་བྱེད་དོ། །དེ་ལྟར་སོག་ཟུངས་བདུན་པོ་དེ་རྣམས་ནི་ལས་ཀྱི ་རིམ་པ་བསྟན་པ་ཡིན་ནོ། །ལུས་ཀྱི་དྲི་མ་རྣམ་གསུམ་ལ། བཤང?་ས་ཁོང་ན་ཡོད་པ་ནི་ལུས་བརྟེན་པའི་ལས་བྱེད་དོ། །གཅིན་ཁོད་ན་ཡོད་པས་ནི་ཟས་ཁོང་དུ་རུལ་པའི་སྙིགས་མ་རྣམས་ཕྱིར་འབྱིན་པར་བྱེད་དོ། །ལུས་ཀྱི་དངུལ་གྱིས ་ནི་ལུས་ཉིད་ཀྱི་ལུས་རུལ་པ་དྲིང་བ་རྣམས་འབྱིན་པའི་ལས་བྱེད་དོ། །དེ་ལྟར་རླུང་དང་མཁྲིས་པ་ལ་སོགས་པ་དང། །སྲོག་ཟུངས་བདུན་དང། དྲི་མ་རྣམས་མཉམས་ཤིང་རང་རང་གི་གནས་ནས་མ་གྱུར་པར་ཐ་མལ་བར་འདུག་པའི་ཚེ་ན་ནི། ལུས་ལ ་ཕན་ཏེ། ལུས་ཀྱི་ལས་དེ་ལྟར་བལྟའོ། །དེ་ལ་རླུང་དང་བད་ཀན་དང། མཁྲིས་པ་ལ་སོགས་བ་ནད་དམིགས་གསུམ་རང་གིང་གནས་ནས་གཡོས་ཤིང་གྱུར་ན། མིའི་ལུས་ལ་གནོད་པའི་ནད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། རླུང་སྐྱེས་ན་ལུས་སྦེམ་པོར ་འབྱུང། ལུས་ཤ་གནག་།ཁ་ཟས་དྲོ་བག་ལ་དགའ་། ལུས་འདར། ལྟོ་བ་སྦོ། །བཤད་བ་ཐུར་དུ་སྲི་ཞིད་འབྱུང་།སྟོབས་འབྲི་།མིག་བརྟལ། རྣ་བ་མིག་གསང། གཉིད་འབྲི་།ཆོ་ག་དང་སྨྲ་བ་མང་བར་འགྱུར་རོ། །མགོ་འཁོར། ལུས ་དམང?་ཞིང་བུམ་བག་ཏུ་འགྱུར་བ་འདི་ལྟ་བུ་ནི། རླུང་ནད་གཡོས་པའི་ནང་དམིགས་སུ་ལྟའོ། །དེ་ལ་མཁྲིས་པ་གཡོ་བའི་ནད་དམིགས་ནི། མིག་དང་པགས་པའི་ཤ་མདོག་དང། གཤང་གཅི་རྣམས་སེར་པོར་འགྱུར། སྐོམ་དད་ཆེ། ལུས ་ཚ། གཉིད་ཆུད་བ་འདི་ལྟ་བུ་ནི་མཁྲིས་པའི་ནང་ཡིན་ནོ། །དེ་ལ་བད་ཀན་གྱི་ནད་ནི་ཁོད་པོའི་དྲོད་ཉམས། བད་ཀན་དང་འཆི་བ་མ་མང། ཁོད་སྙོམས། ལུས་ལྕི། ལུས་ཀྱི་ཤ་མདོག་དཀར་པོར་འགྱུར། ལུས་ལྕི་ལ་ལུས་ཤ་སླ་ཞིང་ཁོང ་ལྟོད?། དབུགས?་མི་བདེ། ལུད་པ་ལུ་།གཉིད་རབ་ཏུ་ཆེ་བ་འདི་ལྟ་བུ་ནི་བད་ཀན་ལས་ནང་དུ་གྱུར་པར་ལྟའོ། །དེ་ལ་སྲོག་ཟུངས་བདུན་པོ་ལ་ཁ་ཟས་ཟོས་པའི་བཅུད་དངས་མ་ཁོང་ན་ཤས་ཆེ་བ་ལས་ནང་དུ་གྱུར་པའི་དམིགས་ནི། བད ་ཀན་ལས་ནད་དུ་གྱུར་བ་བཤད་བ་དང་འདྲ་བར་ལྟའོ། །དེ་ལ་ཁྲག་ལུད་པ་ལས་ནད་དུ་ལྟ་བ་ནི་འབྲུམ་ཆེན་དང། མཆེར་བའི་ནད་དང། འབྲས་ནད་དང། མཛེ་ནད་དང། རླུང་དང། ཁྲག་ལས་གྱུར་པའི་དྲག་དང། མཁྲིས་པ་དང། ་སྐར་དང། མིག་སེར་དང། ལུས་ཀྱི་ཡན་ལག་འདེགས་མི་ནུས་ཤིང་ལྟུང་སྟེ་ལས་བྱེད་བའི་ཚེ་སྐྱོད་མི་ནུས་བ་དང། ཁོང་པའི་མེ་དྲོད་ཉམས་པ་དང། སྙིང་མི་དྲན་པར་མྱོང་མྱོང་པོར་བྱེད་པ་དང། མིག་ཁྲག་གིས་རྒྱས ་ཏེ་དམར་།གཅིན་ཡང་དམར་པོ་ཁྲག་འདྲ་བ་འབྱུང་བ་འདི་ལྟ་བུ་ནི་ཁྲག་ལས་ནད་དུ་གྱུར་པའོ། །དེ་ལ་ལུས་ཀྱི་ཤ་ལས་ནད་དུ་གྱུར་པ་ནི་ལུས་ཤ་ལྷག་པར་ཆེ་བ་དང། ལུས་ལ་དབའ་བ་དང། རྨེན་བུ་འབྱུང། ཤའི་མདུད་བ་རྨ་དང། བཙན་འདྲ་བར ་འགྱུར། ཁུར་ཚོས་ལྟག་པར་ཆེ། བརླ་དང་ལྟོ?་ཤ་ཆེ། མགུལ་པ་ལ་སོགས་པའི་ཤ་ཡང་ལྷག་པར་ཆེ་སྟེ། མཇིང?་བ་སྦོམ་པོ་འདི་ལྟ་བུ་ནི་ཤ་ལྷག་པར་ཆེས་པ་ལས་ནད་དུ་གྱུར་པར་བལྟའོ། །དེ་ལ་ཚིལ་ཧ་ཅང་ཆེས་པ་ལས་ནད་དུ་གྱུར་པའི ་དམིགས་ནི། ཤས་ཆེས་བའི་ནད་དང་འདྲ་སྟེ། དེ་ལ་ལྷག་པར་ཅུང་ཟད་ཕན་ཚུན་སྐྱོད་ན་ཡང། དབུགས་ཀྱི་སྔམ་པ་དྲག་ཏུ་འབྱུང། རྐུ་བརྩོས་དང་ནུ་མ་དད་གསུས་པ་རྣམས་འཕྱང་པར་གྱུར་པ་འདི་ལྟ་བུ་ནི་ཚིལ་ཆེས་པའི་ནད་ལས་གྱུར ་པར་བལྟའོ། །རུས་པ་རགས་པའི་མི་ནི་ལུས་དང་ལྷག་པར་སྦོམ་ཞིང་རགས་ཏེ་ལྷག་པར་ཆེ་བ་ཡིན་ནོ། །ལུས་ལ་རྐད་ཆེ་བ་ནི་མིག་ཕན་ཚུན་བལྟ་བ་ལ་མིག་རྩ་གཡུད་ཞིང་ལྕི། ལུས་དང་རྐང་ལག་ལྕི། རུས་བའི་ཚིགས་ཀྱི་མགོ?་རྣམས ་སྦོམ?། རུས་པའི་ཚིགས་སུ་ཐོར་བུ་ཆེན་པོ་གསོ་དཀའ་བ་འབྱུང་བ་འདི་ལྟ་བུ་ནི་རྐང་ཆེ་བའི་ནད་ཡིན་ནོ། །ཁུ་ཆུ་མང་བའི་མི་ནི་བུད་མེད་ལ་རབ་ཏུ་གདུ?་།ཁུ་ཆུ་ཉིད་ལ་རྡེའུ་ཆགས་པའི་ནད་དུ་འགྱུར་རོ། །བཤད་པ་ལྷག ་པར་ན་ཞིང་ཚ་བའི་ནད་ནི་ཁོང་སྦོ། །ལྟོ་བའི་ནང་རྒྱུ་འཁྲུལ་ལུས་ལྕི། ལྟ་བའི་ནང་ན་བ་འདི་ལྟ་བུ་ཡིན་ནོ། །གཅན་མང་བའི་མི་ནི་ཆུ་སོར་ཟུག་ཅིང་ན། གཅིན་ཅིས་ཀྱང་མ་བཅིས་བལྟར་གཅིན་སྙོམས་པར་བྱེད་དོ། །རྡུལ་ལྷགས་པར ་ཆེ་བའི་མི་ནི། ལུས་ཀྱི་རྡུལ་རྟག་པར་འབྱུང། ལུས་ཀྱི་དྲི་མ་ཞིམ་ལུས་ལ་གཡན་པ་འབྱུང་བ་དེ་ལྟ་བུའི་ནང་དུ་བལྟའོ། །གཞན་ཡང་ཕལ་ཆེར་ལུས་ཀྱི་དྲི་མ་ལས་མིག་གི་རྡུལ་མ་ལ་སོགས་པ་ཆགས་ན་མིག་གཡས་གཡོན་ལྕི་ཞིང་མི་བདེ་བར ་འགྱུར་རོ། །ནད་གཞི་རླུང་བད་ཀན་དང་མཁྲིས་པ་ལ་སོགས་པ་སྐྱེས་པ་ལས་ནད་དུ་གྱུར་པའི་དམིགས་ནི་དེ་ལྟར་བཤད་པ་ཡིན་ནོ། །འོ་ན་ཡང་རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པ་ཟད་ན་དམིགས་ཅི་དང་ཅིར་འགྱུར་ཞེ་ན། རླུང་ཅུང་ཟད་ནི་ལུས་ཀྱི ་ཡན་ལག་མི་བདེ། ཚག?་བཅོམ་ཆུང་པར་སྨྲ་བ་དང། སེམས་རྨོང་བག་ཅན་དུ་གྱུར་པ་དེའི་ཚེ་བད་ཀན་ཡང་ཆེར་སྐྱེས་ཏེ། ཞིབ་ཏུ་ནི་གོང་དུ་རླུང་ལས་ནང་དུ་གྱུར་པ་དེ་ལས་བཟློག་ནས་བལྟ་བར་བྱའོ། །ཡད་མཁྲིས་པ་ཆུང་དུ་བྲིསྟེ?་ཟད་ང?་ཁོད ་ནང་གི་དྲོད་བྲི?་ཞི་ཉམས། བཞིན་གྱི་མདོག་དང་མདངས་ཀྱང་ཉམ་ཏེ་བཞིན་མདོག་མི་སྡུག་པར་འགྱུར་རོ། །ཡང་བད་ཀན་བྲི་སྟེ་ཉམས་པ་ལས་ནད་དུ་གྱུར་པའི་དམིགས་ནི། མགོ་འཁོར། ནུ་འཇིང་ཡན་ཆད་ཀླད་བ་མན་ཆད་ཀྱི་བར་དེ ་དག་བད་ཀན་གྱི་གནས་ཡིན་ཏེ། བད་ཀན་འཇམ་ཞིང་སྨམ?་ཟད་པས་བད་ཀན་གྱི་སྟོངས་པར་འགྱུར་ཏེ། ཁོང་རྩུབ། སྙིང་ན་ལུས་ཀྱི་ཚིགས་དང་ཡན་ལག་གི་ཚིགས་རྣམས་ལྷོད་དེ་འཁྲུལ་ཞིང་འགྱུར་རོ། །ཁོང་ན་ཟས་ཀྱི་བཅུད་དངས་མ་ཟད་ན ་ལུས་ཁོང་རྩུབ། ལས་དང་དྲག་ཤུལ་ཆེན་པོ་བྱས་ན་ལུས་ཁོང་བ་ནང་གི་གློ་སྙིང་ལ་སོགས་པ་ཀུན་སྐམ་ལུས་སྤྱིར་ན་ཞིང?་མི་བདེ། སྐད་ཆེ་ཞིང་དྲག་པར་སྨྲ་མི་ནུས། སྐད་དྲག་པོ་སྨྲ་མི་བཟོད། ཁྲག་ཟད་པའི་ནད་དམིགས་ནི་ཟས་སྐྱུར? ་བག་དང། བསིལ་ལ་སྲེད། རྩ་ཀུན་ལྟོད། ལུས་ཀྱི་ཁོང་རྩུབ་པོ། །ལུས་ཀྱི་ཤ་ཟད་པའི་ནད་དམིགས་ནི། འཁུར་ཚོས་བྲི། མིག་ཕུགས་སུ་བྲེས། རྐང་ལག་གི་ལྷུ་ཚིགས་ཀུན་ནའོ། །ཚིལ་ཟད་པའི་དམིགས་ནི་གཉིས་ཚ། དབྱི? ་དང་སྐྱེད་བའི་རུས་པ་སྦོམ་པར་སྣང། མཆེར་པ་ཆེ་བར་འགྱུར་ལུས། ཤེ་སྐེམ་པོར་འགྱུར་རོ། །སོ་དང་སྐྲ་དང་སེན་མོ་ལ་སོགས་བ་འབྱུང་ཞིང་འབྱི། རྐད་འབྲི་ཞིང་ཟད་པའི་ནད་དམིགས་ནི་རྐང་ཟད ་པས་རྐང་གི་སྡུ་གུའི?་ནང་སྟོང། མག་འཁོར། མིག་རབ་རིབ་ཟའོ། །ཁུ?་ཆུ་ཟད་པ་ནི་བུད་མེད་དང་ཉལ་བ་ན། ཁུ་བ་ཡུན་རིང་དུ་ལོན་ན་འབྱུང་བ་འམ། ཡང་ན་ཁུ་བ་ཁྲག་ཉིད་དུ་འབྱུང། རླིག་པའི་འབྲས་བུ་ཉིད་རབ་ཏུ་ཟུག་ཅིང་ན། ཕོ?་མཚན ་ཚིག་པ་སྙམ་དུ་ཚ་ཞིང་མི་བདེའོ། །བཤད?་བ་བྲི་ཞི་ཟད་པ་ནི། །རྒྱུ་མའི་ནང་ཀུན་ཏུ་རླུང་སྒྲ་ཅན་དུ་འཁྲུལ་ཅིང་རྒྱུ་བ་ནི། རྒྱུ་མའི་ནང་དུ་འཁྱིལ་ཞིར་འཁོར་བ་སྙམ་བྱེད་དོ། །ལྟོ་བའི་ནང་ན་ཕན་ཚུན་རླུང་རྒྱུལ?་།རླུང་དེ་གྱེན་དུ་སོང་ན་འགྲོ། སྙིང་ག ་དང་རྩིབ་ལོགས་སུ་རབ་ཏུ་ན་ཞིང་གཟུག་གོ་།གཅིན་བྲི་ཞིང་ཟད་པའི་ནད་ཐབས་ན་གཅིན་འབྱུང་བ་དཀའ་། གཅིན་གྱི་མདོག་འགྱུར་ཏེ་སྐྱ་བའམ་རྩ་དམར་བའམ། ཁྲག་ཅན་ཉིད་དུ་འབྱུང་བའམ། ཁྲག་དང་འདྲེན་མར་འབྱུང ་བ་ཡིན་ནོ། །རྡུལ་ཟད་པའི་ནད་དམིགས་ནི་སྤུ་འབྱི། སྤུ་ཀུན་ལངས་ཤིང་འབྲེང་པར་འགྱུར། པགས་པགས། བཤད་གཅི་དང། རྡུལ་དང། དྲི་མ་འདི་གསུམ་ནི་ཕྲ་བས་ན་བརྟག་དཀའ་སྟེ། ནད་གློ་གཙང་ལྟ་བུ་? ་བྱེད་སྐམས?་པའི་ནད་ཀྱིས་བཏབ་པོའི་ཚེ་གདོང་བཤང་གཅི་དང། རྡུལ་ཟད་པར་གྱུར་?། དྲི་མ་བཤང?་གཅི་རྡུལ་ལ་སོགས་པ་རང་རང་གིས་ན་ཟས་དེ་སྐམས་པ་དང། ཟུག་ཅིང་ན་ལ་རང་གི་གནས་ན་དྲི་མ་མེད་ཅིང་སྟོང ་པས་ཡང?་པར་འདུག་པ་འདི་ལྟ་བུའི་ཆེ་ན། གློ་གཅོད་ལ་སོགས་པའི་ནད་ཀྱི་རང་བཞིན་ཡིན་པར་ཤེས་བར་བྱའོ། །རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པ་སོ་སོར་རང་རང་གི་ནད་དམིགས་སྐྱེས་པ་དང། ནད ་དེ་བྱང་ཏེ་ཟད་བར་གྱུར་པ་སྨན་པས་ཤེས་པར་གྱིས་ཤིག་།དེ་ཡང་མའི་ལུས་ལ་རླུང་ནད་ལྟ་བུ་གྲང་ཞིང་རྩུབ་པ་མེད་དེ་བདེ་བའི་ཡོན་ཏན་དང་ལྡན་པ་འདུག་པ་ལས། རླུང་ནད་དུ་གྱུར་ཏེ་ཁོང་དྲང་ཞིང་རྩུབ་བས་ན་བ་མེད་པའི་ཡོན་ཏན་དེ་ཉམས་ཤིང ་ཟད་པའི་ཚེ་ན་རླུང་ནད་སྐྱེས་པ་ཡིན་ནོ། །རླུང་ནད་ཁོང་དྲང་ཤིང་རྩུབ་པའི་རྣམ་པ་བྱ་སྟེ། ཁོང་པ་དྲོང?་འབབས་ལ། ལུས་ཀྱི་ཁོང་འཇམ་ཞིང་སྣམ་པར་གྱུར་བེ་ན་བདེ་བའི་ཡོན་ཏན་སྐྱེས་པ་ཞེས་བྱ་བ་སྟེ། འདི་གཉིས་ཀྱི་ཚུལ་ཕན་ཚུན་དུ ་བཟློག་སྟེ་བལྟའོ། །ཡང་ལུས་ཀྱི་ཐིམ?་འཐུར་དུ་འབྱུང་བ་བཤང་གཅི་གཉིས་རན་པར་འོང་པ་ནི་ལུས་ལ་ཕན་ནོ། །བཤང་གཅི་གཉིས་ཧ་ཅང་བཙོལ་པ་དྲགས་ཏེ་དཔེར་ན་སྨན་གྱིས་དཀྲུས་སམ། ཚད་པ་དྲག་ཏུ་འཁྲུ་སྟེ་ནང་གི་དྲི་མ་ཟད་ཅིང ་སྟེང་པར་གྱུར་ན། ལུས་གྱི་ཉམས་མཐུ་ཟད་དེ་གནོད། །ལུས་འདི་ནི་དྲི་མ་བཤང་གཅིས་ཁོང?་བརྟན་ཏེ་འདུག་པ་ཡིན་ན། ལུས་དེའི་ཁོང་པ་ནད་དྲི་མ་རྣམས་གཉིས་ཀྱིས་བསྟན་ཏེ་འདུག་པ་དེ་ལ། དྲི་མ་ཀུན་ཕྱིར་བྱུང་སྟེ་སྟོང་བར་ཟད ་བར་བྱས་ན་གནོད་དོ། །དེའི་ཕྱིར་དྲི་མས་བོང?་བརྟན་ཞིང་འདུག་པ་དེ་བས་ནི་སྟོང་པར་འདུག་པ་གནོད་ཅེས་བྱའོ། །ཡང་རུས་པ་ལས་རླུང་གནས་ཤིང་ཞེ་པ་ལྟ་བུ་ལས་ལན་པའི་སྨན་བྱས་ན། རུས་པ་ལ་ཡང་ཕན་ལ་རླུང་ནད་ཀྱང་ཞི་བར་འགྱུར་རོ། ། ་རུས་པ་ལ་གནོད་པའི་སྨན་ཟོས་ན་ཡང་རླུང་ཡང་དེ་བཞིན་སྐྱེའོ། །ཡང་མཁྲིས་པ་དང་བད་ཀན་དང་རྡུལ་གསུམ་ཚུལ་ཅིག་ཏེ། མཁྲིས་པ་ཞི་བའམ། མཁྲིས་པ་སྐྱེ་བའི་སྨན་བྱས་ན་ཁྲག་ནད་ཞི་བའམ། ཁྲག་ནད་སྐྱེ་བའམ། རྡུལ་བྱུང་བའམ། ་རྡུལ་ཞི?་?་འགྱུར་རོ། །དེ་བཞིན་དུ་བད་ཀན་བྱང་བཱི་སྨན་བཏང་ན། བཅུད་དངས་མ་དང། ཚིལ་དང་ཤ་དང། རྐང་དང། ཁུ་བ་རྣམས་ཀྱང་སྟོངས་ཏེ་ཟད་པར་བྱེད་།བད་ཀན་ཀྱེ་པར་འགྱུར་བའི་སྨན་དང་ཁ་ཟས་ཟོས་ན་ཁམས་འདི་ལྔ ་ཡང་སྐྱེ་ཞིང་བལྟའོ། །དེ་བསད་རུས་པ་དང། རླུང་མཁྲིས?་པ་དང་ཁྲག་དང་བད་ཀན་དང་བཅུད་ཤ་ཚིལ་འདི་རྣམས་ཀུན་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་ཡན?་ནོ། །དེ་ལྟ་བས་འདི་གསུམ་གང་ལན་རུང་ཅིག་པ་ཕན་པའི ་ཟས་དང། སྨན་བཏང་ན་དེ་ལ་བརྟེན་ན་གཞན་ལ་ཡང་ཕན་པ་ཡིན་ནོ། །གཅིག་ཅི་གནོད་པའི་ཟས་དང་སྨན་བཏང་ན། དེ་ལ་བརྟེན་པ་རྣམས་ལ་ཡང་གནོད་པར་འགྱུར་བ་ཡིན། ཡང་དེ་ལ་རླུང?་དུས་པ་ལ་གནས་ཤིང་བརྟེན་ང་ལྟ་བུར? ་གྱུར་ཏེ། དེ་?་དཔྱད་རླུང་སྐྱ་བར་འགྱུར་བའི་རྩི་སྨན་བཏང་ན། རུས་པ་ལ་གནོད་ཀྱིས་དེ་ལྟ་བུ་ནེ་མི་རུང་ངོ། །ལུས་ལ་ཕན་པའི་བད་ཀན་དང་འཕྲོད་པ་ཁ་ཟས་སྣུམ་ཞིང་བསོད་པའི་སྨན་བྱིན་ན། དེ་ལྟ་བུ་ནི་ཕལ་ཆེར་ལུས་བརྟ་སྟེ་ལུས་ལ ་ཕན་ནོ། །དེ་ལས་ཡང་ཟས་ཀྱི་ཆོ་ག་བཟློག་ཏེ་རླུང་སྐྱེ་བར་འགྱུར་བའི་ཁ?་ཟས་གྲང་ཞིང་རྩུབ་ད་ལྟ་བུ་ཟོས་ན། རླུང་སྐྱེས་ལ་ཁོང་འཇམ་ཞིང་སྣུམ་བག་ཟས་པས་ལུས་ལ་གནོད་ཅིང་ཉམས་བར་བྱེད་དེ། དེ་བས་ན་གཅིག་ལ་གནོད་ལ་ཕན ་པར་འགྱུར་བའི་དཔྱད་དེ་ལྟ་བུ་ནི་མི་རུང་སྟེ། ནད་གཉིས་ཀར་མི་འགྱུར་བའི་སྨན་དཔྱད་བྱའོ། །དེ་ལ་ལུས་ཧ་ཅང་རྟས་ཤིང་བདེ་བ་ལས་དྲགས་ཏེ། བད་ཀན་ནམ་མ་ཞུ་བ་ལ་སོགས་པར་གྱུར་པ་ལྟ་བུ་ལ་ཟས་འབྲི་ཞིང་མཇུ་སྨན་གྱིས་ནས ་གསལ་དུ་རུང་བར་སྨིན་པར་བྱ་བ་དང། ལུས་ལ་ནད་ཀྱིས་ཉམས་སྨད་དེ་ཉམས་མཆག་ཟད?་ལ་ལྟ་བུ་ལ་བལྟ་བར་བྱ་སྟེ། ནད་རྣམ་པ་འདི་གཉིས་ལྟ་བུར་གྱུར་པ་ལ། ཐབས་འདི་འདྲ་བའི་དཔྱད་མྱུར་དུ་བྱའོ། །དེ་ལ་རླུང་ནད་ཀྱི་བག་ཡོད་པ་ལྟ་བུ ་ལ་ནི་ཟས་མྱུང་ཞིང་དབྲི་བའམ། མྱུང་བར་བྱ་བ་འདི་མི་རུང་ཏེ་མ་གཏོགས་སོ། །འདི་ལྟ་བུའི་བག་མ་ཡིན་པ་གཞན་མ་བྲིས་པ་དང། བད་ཀན་དང་རླུང་ལས་གྱུར་པའི་ནད་ཀྱི་ཚུལ་ཅི་འདྲ་བ་ལས། དེའི་དབྱད?་བསྒྱུར་ཞིང་བཟློག་ཐབས ་ཀྱིས་བྱ་བར་སྦྱོར་ཞིག་།ཡང་དམིགས་དམིགས་ཀྱིས་ཕན་པར་བྱ་བའི་དཔྱད་ནི། ཁྲག་རྒྱས་པ་ནད་དུ་གྱུར་པ་ལ་ནི། གཏར་ག་བཏབ་སྟེ་ཁྲ་གང?་བྱུང་བ་དང་བཀྲུ་སྨན་བཏང་ན་ཕན་ནོ། །ཤ་ཧ་ཅང་ཆེར་སྐྱེས་པ་ལས་ནད་དུ་གྱུར་བ་ནི་གཏར་ག་དང་ཐལ་སྨན་རྣོན་པོ་དང ་མེ་བཙའ་བཏང་ན་ཕན་ནོ། །ཚིལ་ཧ་ཅང་ཆེས་ཏེ་ཚོན་པོར་གྱུར་པ་ལྟ་བུ་ལ། མི་སྦོམ་པོ་ལས་སྐམ་པོར་བྱ་བའི་དཔྱད་དང། རུས་པ་ཟད་ནས་རུས་པ་ཕྲ་མོར་གྱུར་པ་ནི་འོ་མ་བཏང་བ་དང་སྨན་ཁའོ་དང་སྦྱར་བའི་ཞུན་མར་དང་།ཉམ་རྟ་བའི་སྨན ་མས་བཏང་བར་བྱའོ། །ལྟོ་ན་བཤད་པའི་དྲི་མ་ཆེར་ཡོད་པའི་གྱུར་པའི་ནད་ལ་ནི་བར་ཏུ་འཁྲུ་བར་བྱ་བའི་དཔྱད་དོ། །ཁོང་ན་བཤད་བཟད་དེ་མེད་པའི་ནང་ལ་ནི། རའམ་ལུག་གི་ཤའི་ནད་གྲོལ་ལ་གཡོས་སུང?་བྱ་བོ་དང། མོན་སྲན་གེའུ་དང། ཏིལ་དང ་སྦྱར་བའི་ཐུག་པ་དང། རྩད་བྱེ་དང། ནས་དང་སྲན་བྲེའུ་ལས་གཡོས་སུ་བྱས་པ་འདི་ལྟ་བུ་བྱིན་ན་ཁོང་བ་ནང་གི་བཤང་བ་སྐྱེ་ཞིང་མང་དུ་འགྱུར་ཏེ་ཕན་ནོ། །གཅིན་མང་གཅེས་ན་ནི་གཅིན་འབྲི་ཞིང་སྲ་བའི་ཆོ་ག་བྱའོ། །གཅིན་ཟང་ཅིང་ནད ་ན་ནི་གཅིན་སྙི་ཞིང་མང་བའི་དཔྱད་བྱའོ། །རྡུལ་མི་འབྱུང་ཞིང་ཟད་པའི་ནད་ལ་ནི་ལུས་གིས་གཅིང་བསྐྱོད་དེ་རྡུལ་དབྱུང་བར་བྱ་བ་དང། ལུས་ལ་མར་གྱིས་བསྐུ་བའི་དད། ལུས་བྱིབ་ཅིང་དུགས་བྱ་བ་དང་ཆང་བཏུང་བར་བྱའོ། །ཡང་ལུས ་གྱི་སྲོག་ཟུངས་བདུན་པོ་ཀུན་ལ་ལུས་ཀྱི་མེའི་དྲོད་རང་རང་གི་གནས་ཀྱི་མེའི་དྲོད་རང་རང་གི་གནས་ན་རན་པར་འདུག་བ་དེ་ལྟ་བུ་མེའི་དྲོད་སྙོམ་པ་ནི། ལུས་ཀྱི་སྲོང་ཟུངས་ལ་བདེ་ཞིང་བརྟ་སྟེ་ཕན་པ་ཡིན་ནོ། །དེ་ལས་ལུས་ཀྱི་མེའི་དྲོད་ཧ་ཅང་འབར ་ཆེས་ཏེ་ཆེ་བར་འགྱུར་ན། ལུས་ཀྱི་སྲོག་ཟུངས་ཐམས་ཅད་ཚིག་ཅིང་ཟད་པར་བྱེད་དེ་གནོད་དོ། །དེ་ལ་དང་པོར་ཟས་ཀྱི་བཅུད་དངས་མ་རྒྱས་ཤིང་རྟག་ན། དེ་བཞིན་སྲོ་གཟུངས་བདུན་པོ་ཅིག་ནས་གཅིག་ཏུ་ལེགས་བར་རྟས་ཏེ་བདེ་བ་ཡིན? ་ནོ། །དེ་བཞིན་དུ་དང་པོར་ཟས་ཀྱི་བཅུད་དང་ས་མཉམས་ཏེ་གནོད་པར་གྱུར་ན་སྲོག་ཟུངས་བདུན་པོ་གཅིག་ཏུ་གནོད་ཅིང་ཟད་པར་བྱེད་དོ། །དེ་ལྟ་བས་ན་ཟས་ཀྱི་བཅུད་དངས་མ་གྱུར་ཏེ་ཉམས་པ་དེས་ནི། རླུང ་ལས་མཁྲིས་པ་དང་བད་ཀན་གྱི་ནད་གང་ཡང་སྟེ་སློང་བར་བྱེད་དོ། །རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གཡོས་པས་སྲོག་ཟུངས་བདུན་པོ་རྣམ་ལ་གནོད་པར་འགྱུར་རོ། །སྲོག་ཟུངས་བདུན་པོ་མི་བདེ་བ་ལས་བཤང་གཅི་དྲི་མ་རྣམས ་གཉིས་པ་སོགས་པ་ལ་གནོད་པའི་ནད་དུ་འགྱུར་རོ། །ལུས་ཀྱི་དྲི་མའི་གནོད་པའི་ནད་དུ་འགྱུར་རོ། །ལུས་ཀྱི་དྲི་མའི་ནད་ཀྱང་ཐུར་དུ་འབྱུང་བའི་དྲི་མ་རྣམ་གཉིས་ཀྱང་མགོ་ལ་རྣ་བ་དང་སྣ་དང་མིག་དང་མགོ་ནས་འབྱུང་བའི་དྲི་མ་གཏོགས་པར ་བདུན་ཏེ་འདི་དགུ་དང་ལུས་ལས་རྡུལ་འབྱུང་བའི་རྣམ་དྲི་མ་སོ་སོར་རང་རང་གི་གནས་ནས་འབྱུང་བ་དེ་དག་ལ་ནང་དུ་འགྱུར་རོ། །དེ་ལ་སྲོག་ཟུངས་བདུན་པོ་ཁུ་ཆུ་ལ་སོགས་པ་ཡན་ཆད་ཀྱི་ནང་ནི་ཟས་ཟོས་པ་ལས་ནང་ན་བཅུད་དངས་པར་གྱུར་པ ་དེ་ནི་དེ་ལ་སྲོག་ཟུངས་བདུན་པོ་བཅུད་དངས་མར་གྱུར་པ་དེ་ནི། སྲོག་ཟུངས་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །མདངས་ཞེས་བྱ་བ་ནི་སྙིང་གི་ནང་ན་ཆུའི་ཐིགས་པ་ལྟར་དངས་ཤིང་གསལ་བར་འདུག་མོད་ཀྱི་ལུས་ལ་ཁྱབ་པ་དང། ་ལུས་ལ་བརྟན་པར་གནས་བ་ནི་དེ་ཡིན་ནོ། །ཇི་ལྟར་ཞེ་ན། མདངས་ཞེས་བྱ་བ་སྙིང་གི་ནང་ན་ཡོད་པའི་ཐིག་པ་དེ་ཞིག་སྟེ་མ་རྡུལ་སྟེ་ངེས་པར་འཆིའོ། །མདངས་དེ་སྙིང་གི་ནང་ན་གནས་ནས་ནི་མི་ཡང་མི་འཆི་སྟེ། མདངས་ཀྱི ་སྲོག་ཟུངས་བརྟན་ན་སེམས་ཅན་རྣམས་སྣ་ཚོགས་ཀྱི་ལུས་ཀྱང་གནས་པར་འགྲུབ་པོ། །མདངས་དེ་ཟད་ཅིང་མེད་པར་འགྱུར་བ་ནི་སེམས་བཀྲེས་པ་དང་སེམས་ལ་མྱ་ངན་དང། དུབ་ཅིང་ངལ་བར་འགྱུར་བའི་ལས་བྱས་པ་ལ ་མདངས་དེ་ཟད་ཅིང་མེད་པར་རོ། །དེ་ལྟ་བུའི་མདངས་དེ་ཁོང་ན་མེད་དེ་ཟད་པར་མངོན་པའི་རྟགས་ནི་སྔོན་པས་སྙིང་ཆུང་སྟེ། ཅིས་ཀྱང་འཇིགས་ཤིག་དང། ལུས་རིང་སེམས་ཟགས་ཏེ་ཡང་དང་ཡང་སེམས་པར་བྱེད། མིག་དང་རྣ་བ་ལ་སོགས་པའི ་དབང་པོ་ཉམས། བཞིན་མདོག་ཉམས་ཏེ་བསེང་བསེང་པོ་འོད་འོད་པོར་བདུག་།ལུས་ཀྱི་ཁོང་རྩུབ་ཅིང་ཁོད་སྙོམ། མྱལ་བག་ཏུ་འདུག་ལ། སྙིང་མི་དགའ་ན་མདངས་ཟད་དེ་མེད་པ་ཡིན་ནོ། །འདི་ལྟ་བུར་གྱུར་པ་ལས་སོ་པའི་ཐབས་ནི། སྨན་དང ་ཁ་ཟས་འོ་མ་དང་བཅུད་ལ་སོགས་པ་བཏང་ངོ། །ཡང་ནད་པ་ནད་དམིགས་དང་སྦྱར་ཏེ་ཟས་འབྱིན་པ་ལས། ཕན་པའི་ཟས་དེ་མི་འདོད་ཅིང་བ་ཟས་མི་འཕྲོད་པ་གཞན་འདོད་ཅིང་སློང་ན། སྨན་པས་དེ་ལ་ནད་དང་ཟས་སུ་མི་འཕྲོད་པ་ནི་མ་སྦྱིན་ཅིག་། ་ནད་ལ་ཟས་ཕན་ཞིང་མི་འཕྲོད་པ་མེད་ན་ནི་ཅི་འདོད་པ་བྱིན་ཅིག་།ཡོད་ནི་ནད་པའོ་ཅོག་ནད་དང་མི་འཕྲོད་པའི་ཟས་ལྟ་བུ་ཡི་གར་འོང་ཞིང་ཕྱིན་ཅི་ལོག་ཏུ་བྱེད་པ་ཡོད་མོད། ལ་ལ་ནི་ནད་ལ་ཕན་པའི་ཟས་འདོད་ཅིང། ཡི་གར་འོང་པ་མཐུན་པ ་ཡང་ཡོད་དེ། དེ་ལྟ་བུ་ནད་དང་ཁ་ཟས་འཕྲོད་དམ་མི་འཕྲོད། ནད་ཀྱི་ཚུལ་དང་འཕྲོད་དམ་མི་འཕྲོད་བརྟགས་ལ་ཁ་ཟས་སྦྱིན་ནོ། །ཡོང་ནི་མི་ཁས་མི་ཤེས་པ་ཀུན། ལུས་ལ་ཕན་ཞིང་བརྟ་བར་འགྱུར་བ་དང། ནད་པས་ལུས་ལ་གནོད་ཅིང ་ཟད་པར་བྱེད་པའི་དམིགས་མི་རྟོག་མི་སེམས་ཏེ། རླུང་དང་ཁྲིས་པ་དང་བད་ཀན་ལྟ་བུ་སོ་སོའི་ནང་དཀྱིལ་སྐྱེས་ནས། ནད་ཀྱི་མཐུར་གྱུར་ན་ལུས་ལ་ནད་ཀྱིས་རྒྱས་ནས་ལུས་བདེ་བའི་ཉམས་ཚགས་ནི་བྲི་ཞིང་ཟད། ནད་ཀྱི་དཀྱེལ་ན ་ཞུགས་པ་ཡིན་ནོ། །ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནང་དུ་གྱུར་པ་ཡང་མེད་ལ། འདི་གསུམ་ནང་འཕྲོར་སྙོམས་པར་གྱུར་ན་།གསུམ་པོ་རང་རང་གི་ལས་ཉི་ཚེ་བྱེད་པར་ཟད་དེ། དེ་བས་ན་རླུང་དང་མཁྲིས་པ་དང་ ་བད་ཀན་གསུམ་འཕྲོད་ཅིང་སྙོམས་པ་ནི་ནད་མེད་ཅིང་ལུས་ལ་ཕན་ཏེ་བདེ་བ་དང། ལུས་ཀྱི་ཉམས་མཆག་བརྟས་པར་བྱེད་བ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་མ་འཕྲོད་ཅིང་མ་སྙོམས་པའི་ནང་དམིགས ་ཏེ་གསོད་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ལུས་ལ་ཕན་པར་བྱ་བའི་ཕྱིར། ལུས་ལ་ནད་ཀྱི་གནོད་པས་མི་འགྱུར་བ་དང་ཕན་ཞིང་བདེ་བ་ལུས་རྟས་བར་འགྱུར་བའི་ཆོག་རིམ་གོང་བྱ་ཞིང་ལུས་བསྲུང་བར་བྱའོ། །རླུང་དང་མཁྲིས ་པ་དང་བད་ཀན་ནང་མི་འཕྲོས་པ་ལ་ལུས་ལ་གནོད་ཅིང་ཟད་པར་འགྱུར་བའི་ནད་དང། རླུང་དང་མཁྲིས་པ་དང་བད་ཀན་ནང་འཕྲོད་སྙོམས་ན་ལུས་ལ་བདེ་ཞིང་ཕན་ཏེ། ནད་མེད་པར་འགྱུར་བའི་ཚུལ་བརྟན་པའི་ལེའུ ་བཅུ་གཅིག་བ་རྫོགས་སོ།། །།ལུས་ལ་བད་ཀན་དང་མཁྲིས་པ་དང་རླུང་གང་དང་གང་ན་གནས་པ་དང། རླུང་དང་བད་ཀན་དང་མཁྲིས་པ་ལས་སའི་ནང་དམིགས་ཅིར་འགྱུར་བའི་ལེའུ་བཅུ་གཉིས་པ ་བཤད་བར་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལུས་ལ་ཇི་ལྟར་གནས་ཤེ་ན། ཁ་ཟས་ཞུ་བའི་གནས་ལོང་ག་དང། རྒྱུ་མ་དང་རྐེད་པ་དང་སྤྱི་དང་བརླ་དང་རྣ་བ་དང་ལུས་ཀྱི་རུས་བའོ་ཅོག་དང། ལུས ་ཀྱི་དབང་པོ་རིག་བ་ཞེས་བྱ་བ་འདི་དག་ནི་རླུང་གི་གནས་ཡིན་ཏེ། དེ་རྣམས་ཀྱི་ནང་ན་ཡང་དམིགས་ཀྱིས་རླུང་གི་གནས་ནི་ཞུ་བའི་ས་སྟེ། རྒྱུ་ཞབས་ན་རླུང་ཆེར་གནས་སོ། །མཁྲིས་བ་ནི་ཟས་ཞུ་བའི་གནས་ཞེས་བྱ ་བ་ལྟེ་བའི་ཐད་ཀན་ཡོད་པ་ཕོ་བ་དང་རྡུལ་དང་མཐང་གི་ཆུ་སེར་དང། ཁྲག་དང་ཟས་ཀྱི་བཅུད་ད་ངས་མ་དང། །མིག་དང་ལུས་ཀྱི་དབང་པོ་རེག་པ་དང། འདི་རྣམས་ཀུན་ལ་མཁྲིས་བ་གནས་སོ། །དེ་རྣམས ་ཀྱི་ནང་ན་ཡང་དམིགས་ཀྱིས་ལྷག་པར་མཁྲིས་བ་ནི་ལྟེ་བའི་ཐད་ཀའི་ནང་ན་གནས་སོ། །བད་ཀན་ནི་བྲང་དང་མགུལ་བ་དང་།མགོ་བོ་དང། གློ་བ་དང་།རུས་བའི་ཚིགས་ཀུན་དང་།མ་ཞུ་བའི་གནས་ཕོ་བའི་ནང་དང་།ཟས་ཀྱི་བཅུད་དངས ་མ་དང་།ཚིལ་དང་།སྣབས་དང་།ལྕེ་དང་འདི་རྣམས་ལ་བད་ཀན་གནས་སོ། །འདི་རྣམས་ཀྱི་ནང་ན་ཡང་བད་ཀན་ནི་ལྷག་པར་བྲང་དང་ནམ་ཚོད་ན་རྟག་བར་གནས་སོ། །ཡང་དེ་ལ་རླུང་གི་རང་བཞིན་རྣམ་པ་ལྔ་སྟེ། དེ་ལ་སྲོག་ཅེས་བྱ ་བའི་རླུང་དང། སྟོད་དུ་རྒྱུ་བའི་རླུང་དང། མེ་དང་མཉམ་དུ་གནས་བའི་རླུང་དང་།ཐུར་དུ་སེལ་བའི་རླུང་ལྔའོ། །རླུང་འདི་ལྔ་ལ་ཡང་གནས་དང་།ཡུལ་དང། ལས་དང། རྣམ་པ་གསུམ་གསུམ་དུ་ཤེས་བར་བྱ་སྟེ། དེ་ལ་སྲོག་ཅེས ་བྱ་བའི་རླུང་གི་གནས་ནི་སྤྱི་བོ་ན་འདུག་གོ་།རླུང་དེའི་ཡུལ་ནི་བྲང་དང་ན་མཚོད་དང་གྲེབ་ཡན་མན་རྒྱུ་ཞིང་འགྲོའོ། །ལས་ནི་གློ་དང་སྙིང་དང། དབང་པོ་དང། སེམས་རྣམས་བརྟེན་པ་དང། འཆིལ་མ་འདོར་བ་དང། སྤྲིད་པར་འབྱུང་བ ་དང། །སྒྲེགས་པར་གཏོང་བ་དང། །བཟས་མིང་པའི་ལས་བྱའོ། །དེ་ལ་སྟོང་དུ་རྒྱུ་བའི་རླུང་ཞེས་བྱ་བའི་གནས་ནི། བྲང་དང་ན་མཚོད་ན་འདུག་གོ་།དེའི་ཡུལ་ནི་སྣ་དང་ལྟེ་བ་དང་གྲོ་བ་ཡན་མ་འདུ?་རྒྱུའོ། །དེའི་ལས་ནི་ཁ་ཟས་ཀྱི་ཚིག་ཏུ་སྨྲ ་བ་འབྱུང་བར་བྱེད་བ་དང། འབད་ཅིང་སྒྲིམ་པར་བྱེད་པ་དང་།མདངས་བཟང་པ་དང། སྟོབས་ཡོད་པ་དང་།བཞིན་མདོག་དང་ལྡན་པ་དང། དྲན་བར་བྱ་བའི་ལས་བྱེད་དོ། །དེ་ལ་རླུང་ཁྱབ་བྱེད་ཅེས་བྱ་བའི་གནས་ནི་སྙིང་ལ་བརྟེན་? ་འདུག་གོ་།དེའི་ཡུལ་ནི་ལུས་ཟད་པར་ལ་ཁྱབ་པར་བྱེད་ཅིང་འཇུག་གོ་།དེའི་ལས་ནི་གང་རབ་ཏུ་འགྱོགས་པ་དང་།ཕན་ཚུན་འགྲོ་བར་བྱེད་པ་དང་།ལེན་ཅིང་འདེག་པ་དང། འཇོག་ཅིང་འདོར་བ་དང་།མིག་བྱེད་བ་དང། འཛུམས་པ་ལ ་སོགས་བའི་ལས་བྱེད་དོ། །ཡོང་ནི་ལུས་ཀྱི་ལས་སུ་བྱ་བ་ཐམས་ཅད་ནི་རླུང་འདི་ལ་ཕན་ཆེར་རག་ལུས་སོ། །དེ་ལ་མེ་དང་མཉམ་དུ་གནས་པའི་རླུང་གི་གནས་ནི་ཕོ་བའི་མེའི་དྲོད་དང་ལྷན་ཅིག་གནས་སོ། །དེའི ་ཡུལ་ནི་ཁོང་བའི་ནང་གྲོལ་ཐམས་ཅད་ཀྱི་ནང་ན་འགྲོ་ཞིང་རྒྱུའོ། །ལས་ནི་ཁ་ཟས་ནང་དུ་ལེན་ཅིང་ཞུ་བར་བྱེད་དངས་སྙིགས་ཕྱེ་སྟེ་འདོར་བར་བྱེད་དོ། །དེ་ལ་ཐུར་དུ་སེལ་བའི་རླུང་གི་གནས་ནི་གཞང་གི་ནང་ན་འདུག་གོ་།དེའི་ཡུལ་ནི་མདོང་མེའི་ནང་ན ་ལྒང་བ་དང། ཕོ་མཚན་དང་བརླའི་ནང་ཕན་ཚུན་རྒྱུ་ཞིང་འགྲོའོ། །ལས་ནི་ཁུ་ཆུ་དང་།ཟླ་མཚན་འབྱུང་པ་དང། མངལ་ནས་བྱིས་པ་འབྱུང་བར་བྱེད་པ་དང། བཤད་གཅི་ཐུར་དུ་སེལ་བའི་ལས་བྱེད་དོ། །ཡང་ཁྲིས་པའི་རང་བཞིན་ཡང ་རྣམ་པ་ལྔ་སྟེ། འཇུ་བྱེད་དང་།དམར་སྒྱུར་དང་།སྒྲུབ་བྱེད་དང་།མཐོང་བྱེད་དང། མདོག་གསལ་དང་འདི་ལྔའོ། །འདི་ལ་མཁྲིས་པ་འཇུ་བྱེད་ཅེས་བྱ་བ་ནི་གནས་དང། གཞན་གྱི་གྲོགས་བྱེད་ཅིང་ཡུལ་རྒྱུ་བ་དང། ལས ་བྱེད་བ་དང་རྣམ་བ་གསུམ་དུ་ལྟའོ། །དེ་ལ་ཡང་ཇི་ལྟར་ཞེ་ན་མཁྲིས་པ་ཡང་འབྱུང་བ་ཆེན་བོ་ལྔའི་རང་བཞིན་ཡིན་མོད་ཀྱི་།འོན་ཀྱང་དེ་ནི་མེའི་ཡོན་ཏན་དང་ལྷག་པར་ལྡན་ལ། གཤེར་ཞིང་སླ་བ་ལྟ་བུའི་རང་བཞིན་མ་ཡིན་ཏེ། ཟས་ཚོས ་ཤིང་ཞུ་བ་བྱེད་བའི་ལས་བྱེད་བ་ན། མཁྲིས་པ་དེ་ནི་མེ་ཡིན་པར་བཤད་དོ། །མཁྲིས་པ་དེའི་གནས་ནི་ཟས་ཞུ་བ་དང་མ་ཞུ་བ་གཉིས་ཀྱི་བར་ན་འདུག་གོ་།དེའི་ལས་ནི་ཁ་ཟས་ཚོས་ཤིང་ཞུ་བར་བྱེད་ཏེ་ཉམས་མཐུ་དང་ལྡན་པར་བྱེད་། ་ཟས་ཀྱི་སྙིང་ཁུའི་བཅུད་དང་།ཚིག་མ་བཤད་གཅི་ལ་སོགས་པ་དེ་དག་སོ་སོར་འབྱེད་དོ། །མཁྲིས་པ་དེ་ཞུ་མ་ཞུའི་བར་ན་འདུག་ནས་མཁྲིས་པ་ལྷག་མ་གཞན་དག་གི་གྲོགས་བྱེད་ཅིང་སྟོང་ལ། ཕན་འདོག་པ་དེ་ནི་ཡུལ་རྒྱུ་ཞིང ་ཕན་འདོག་པ་ཡིན་ནོ། །དམར་སྒྱུར་ཞེས་བྱ་བའི་གནས་དང། ལས་རྣམས་གཉིས་སུ་བལྟ་སྟེ། གནས་ནི་མ་ཞུ་བའི་ས་ན་འདུག་གོ་།ལས་ནི་ཟས་ཀྱི་བཅུད་དངས་མ་ཕོ་བར་འོང་པ་དེ་མཚོན་དམར་པོར་སྒྱུར་བ་བཞིན་དམར་པོར ་འགྱུར་བ་བྱེད་དོ། །མཁྲིས་པ་སྒྲུབ་བྱེད་ཅེས་བྱ་བའི་གནས་ནི་སྙིང་ལ་བརྟེན་ཅིང་གནས་སོ། །དེའི་ལས་ནི་སེམས་པའི་བློ་དང་ཡིད་གཞུངས་བ་དང་།སྙེམས་པའི་ང་རྒྱལ་དུ་སེམས་པ་ལ་སོགས་བས་སྙིང་ལ་བསམས་པའི་དོན་ཁྲིས་བ་དེ་ཡོད་དམ ་སྒྲུབ་བའི་གྲོགས་དོན་སྒྲུབ་ཅེས་པའོ། །མཁྲིས་པ་མཐོང་བྱེད་ཅེས་བྱ་བའི་གནས་ནི་མིག་ལ་བརྟེན་ནོ། །དེའི་ལས་ནི་གཟུགས་རྣམས་མཐོང་བར་བྱེད་པ་ཡིན་ནོ། །མཁྲིས་པ་མདོག་གསལ་བྱེད་ཅེས་བྱ་བའི་གནས་ནི་མིའི་ལྤགས་པ་ལ་བརྟེན་ཏེ་གནས་སོ། །ལས ་ནི་པགས་པའི་མདོག་གསལ་བར་བྱེད་དོ། །བད་ཀན་དང་རྣམ་པ་ལྔ་སྟེ། བད་ཀན་རྟེན་བྱེད་དང། མྱགས་བྱེད་དང་མྱོང་བྱེད་དང་།རྟས་བྱེད་དང། འབྱོར་བྱེད་དང་ལྔའོ། །དེ་ལ་བད་ཀན་རྟེན་བྱེད་ཀྱི་གནས་ནི་བྲང་ལ་བརྟེན་ཏོ། །བད་ཀན་དེའི་ཕན ་འདོགས་པའི་ཡུལ་ནི། བད་ཀན་དའི་སྟོབས་ཀྱིས་སྐེད་པ་ལ་ཕན་པར་བྱེད་དོ། །བད་ཀན་དེའི་ལས་ནི་ཁ་ཟས་ཟོས་པའི་ཐུ་དང་།བད་ཀན་སྙིང་ལ་བརྟེན་པ་ཆུའི་རང་བཞིན་བསིལ་བ་དེས་སྙིང་ལ་སང་ཞེས་བྱེད་བ་དེ་ཕན་བར་བྱེད་དོ། །བད་ཀན་དེ ་ལ་བད་ཀན་ཕལ་ཀུན་ཀྱང་བརྟེན་ཅིང་གནས་པས་ན་།དེའི་ཕྱིར་བད་ཀན་དེའི་རྟེན་ཅེས་བྱའོ། །བད་ཀན་མྱགས་བྱེད་ཀྱི་གནས་ནི་ཟས་མ་ཞུ་བའི་ཕོ་བའི་ཕོ་བ་ལ་བརྟེན་ཏོ། །དེ་ལས་ནི་ཟས་མང་པོ་ཟོས་པ་ཀུན་བད་ཀན་དེས་བཞུ་ནས་འདག་འདག ་པོར་མྱགས་བར་བྱེད་དོ། །བད་ཀན་མྱོང་བྱེད་ཅེས་བྱ་བ་ནི་ལྕེ་ལ་གནས་ཏེ་བད་ཀན་དེ་ལྕེ་ལ་བདུག་པས་ཟས་ཀྱི་རོ་ཅི་དྲོ་བ་དེས་མྱོང་བར་བྱེད་དོ། །བད་ཀན་རྟས་བྱེད་ཅེས་བྱ་བ་ནི་མིག་མགོ་བོ་ལ་གནས་ཏེ། བད་ཀན་དེ་ཡོད་པས་མིག་དང་རྣ ་བ་དང་སྣ་དང་ལྕེ་ལ་སོགས་པའི་དབང་བོ་རྣམས་བད་ཀན་དེས་རྟས་ཏེ། དབང་པོ་ཚིམ་ཞིང་མཐུ་དང་ལྡན་བར་བྱེད་དོ། །བད་ཀན་འབྱོར་ཅེས་བྱ་བ་ནི་རུས་པའི་ཚིགས་ཚིགས་ན་གནས་སོ། །དེའི་ལས་ནི་རུས་བའི་ཚིགས་བོག་རེ་རྣམས ་འབྲེལ་ཅིང་འབྱོར་བར་བྱེད་བས་ན་འབྱོར་བྱེད་ཅེས་བྱའོ། །དེ་ལྟར་རླུང་དང་མཁྲིས་པ་དང་བད་ཀན་རྣམས་ཀྱིས་ལུས་ཁྱབ་པར་གནས་མོད་ཀྱི། འོན་ཀྱང་འདི་གསུམ་སོ་སོའི་གནས་ན་འདུག་ཅིང་།དེ་གསུམ་ནད་ཅན་དུ་མ་གྱུར་ན་།སོ་སོའི ་ལས་རྣམས་བྱེད་ཅིང་ཕན་འདོགས་པར་བལྟའོ། །དེ་ལ་ནད་དམིགས་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གང་ལས་འདི་གསུམ་གྱི་ནད་སྐྱེལ་དུ་སོགས་བ་དང། ཁ་ཟས་གང་དང་མ་འཕྲོ་དང་ནད་དཀྱིལ་དུ་ཞུགས་བ་སློང་ཞིང་ལྡང་བ་དང། ་ཟས་དང་སྨན་གྱི་ཆོ་ག་ཇི་ལྟ་བུས་དེ་གསུམ་གྱི་ནང་གསོ་ཞིང་ཞི་བར་བྱ་བའི་རིམ་བ་བསྟན་པ། དེ་ལ་ཁ་ཟས་ཁོང་རྩུབ་ཞིང་སྣུམ་བ་བག་མེད་པ་ལ་སོགས་པ་དྲོན་པོ་ཚན་བོ་དང་ལྷན་ཅིག་ཏུ་ཟ་བའི་རླུང་ནད་དུ་འགྱུར་བའི་དཀྱིལ་དུ་སོག་བ ་ཡིན་ནོ། །རླུང་ནད་ཀྱི་དཀྱིལ་དུ་ཞུགས་བར་བཙགས་པ་དེ་ལ་ཁ་ཟས་བསིལ་བ་གྲང་མོ་དང་མ་འཕྲོད་ནང་རླུང་ནད་ལངས་ཏེ་ན་བར་བྱེད་དོ། །རླུང་ནང་དེ་ལྟ་བུར་གྱུར་པ་ལ་ཁ་ཟས་སྣུམ་བག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དྲོ་ཚ་བར ་བྱས་བ་ནི་རླུང་ནད་ཞི་བར་འགྱུར་རོ། །ཁ་ཟས་རོ་ཚ་བར་ལ་སོགས་པ་བསིལ་བག་དང་ལྷན་ཅིག་ཟོས་པ་ནི་མཁྲིས་པའི་ནད་སྐྱེལ་དུ་སོགས་སོ། །ཁ་ཟས་དྲོན་བོ་ཚན་པོ་དང་།རོ་ཚ་བའི་བག་ཟོས་བས་ནི་མཁྲིས་བའི་ནད་དཀྱིལ་དུ ་ཞུགས་ཏེ་སོགས་ཤིང་འདུག་བ་དེ་།ཟས་དང་མ་འཕྲོད་ནས་མཁྲིས་པའི་ནད་དེ་ལྡང་ཞིང་ན་བར་བྱེད་དོ། །དེ་ལ་རོ་ལེགས་པར་བྲོ་བ་མ་ཡིན་པ་དང་།མངར་བག་དང་།ཁ་བ་དང་།ཟས་བསིལ་བག་ཏུ་སྦྱར་བས་ནི་ཁྲིས ་པའི་ནད་དེ་ཞི་བར་འགྱུར་རོ། །ཁ་ཟས་སྣུམ་བག་ལ་སོགས་པ་གྲང་མོ་བསིལ་བག་ཏུ་ཟོས་པས་ནི་།བད་ཀན་དཀྱེལ་དུ་སོགས་བར་འགྱུར་རོ། །བད་ཀན་གྱི་ནང་དཀྱིལ་དུ་ཞུགས་པ་དེ་ལྟ་བུ་ལ་ཁ་ཟས་དྲོན་བོའི་བག་ཟོས་ན་བད་ཀན་གྱི་ནད་ལངས ་ནས་ན་བར་བྱེད་དོ། །བད་ཀན་གྱི་ནད་དེ་ལྟ་བུ་ལ་ཁ་ཟས་སྣུམ་མེད་པ་ལ་སོགས་བས་ནང་ཞི་བར་འགྱུར་རོ། །རླུང་དང་མཁྲིས་བ་དང་བད་ཀན་གསུམ་གྱི་ནད་དཀྱིལ་སོགས་པ་དང་།དེ་གསུམ་གྱི་ནད་དཀྱིལ་བས་གས་པ་ལས་ནད་ལངས་པ ་གཉིས་ཀྱི་ཁྱད་བར་ཅི་འདྲ་ཞེ་ན། རླུང་དང་བད་ཀན་དང་མཁྲིས་པ་གསུམ་སོ་སོར་རང་གི་གནས་ན་དཀྱིལ་དུ་སོགས་ལ། དཔེར་རླུང་ནད་ལ་སོགས་བར་འགྱུར་བའི་རྒྱུ་ཁ་ཟས་རྩུབ་པ་དྲོན་པོ་ལྟ་བུ་མི་འདོད་པ་དང་།ཟས་སྣུམ་ཡོད ་པའི་བག་རླུང་དང་མི་མཐུན་བ་དེ་ལྟ་བུ་ལ་ཕྱིན་ཕྱོགས་སུ་འདོད་བར་བྱེད་པ་དེ་ལྟ་བུ་ནི་ནད་རང་རང་གི་གནས་ན་འདུག་ཅིང་དཀྱིལ་དུ་བསགས་ཞེས་བྱའོ། །ནད་ལངས་པ་ཞེས་བྱ་བ་ནི་ནང་དཀྱིལ་དུ་ཞུགས་བ་འདི་གསུམ་གང་ཡང་རུང་བའི ་ནད་དཀྱིལ་ནི་ནད་ལངས་ན་རང་གི་གནས་ནས་ལོག་པར་སོང་བ་དེ་ནི་སོ་སོར་རང་གི་ནད་ཀྱིས་ཐེབས་ཏེ། ནད་ཀྱིས་བཏང་བའི་བརྟགས་ཡིན་ཞེས་བྱའོ། །དེ་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་ནད་དུས་གང་གི་ཚེ་ན་ནད་དགྱེལ ་སོགས་ནམ་ནང་ལྡང་།ཇི་ཙམ་ན་ནང་ཞི་ཞེ་ན་།བཤད་པ་སོས་དཀའ་དབྱར་ཟླ་ར་བ་དང་།དབྱར་ཟླ་འབྲིང་པོའི་ངོ་ལ་རླུང་ནང་དཀྱིལ་དུ་སོགས་སོ། །དབྱར་དོ་དབྱར་ཟླ་ཐ་ཆུང་དང་།སྟོན་ཟླ་ར་བའི་ཚེ་ནི་རླུང་ནང་ལངས་ཏེ་ནའོ། ། ་སྟོན་ངོ་སྟོན་ཟླ་འབྲིང་པོ་དང། སྟོན་ཟླ་ཐ་ཆུང་གི་ཚེ་ནི་རླུང་ནད་ཞི་བར་འགྱུར་རོ། །དབྱར་ཟླ་ཐ་ཆུང་དང་སྟོན་ཟླ་ར་བའི་ངོ་ལ་ཁྲིས་བའི་ནད་དཀྱིལ་དུ་སོགས་སོ། །སྟོན་ཟླ་འབྲིང་པོ་དང་ཐ་ཆུང་གི་ངོ?་ལ་མཁྲིས་པའི་ནང་ལངས་ཏེ་ན་བར་འགྱུར ་རོ། །དགུན་ཟླ་ར་བ་དང་དགུན་ཟླ་འབྲིང་པོའི་ངོ་ལ་མཁྲིས་པའི་?་ཞི་བར་འགྱུར་རོ། །དགུན་ཟླ་རབ་དང་དཔྱིད་ཟླ་ར་བ་དང་བཞིའི་བར་དུ་དགུན་སྟོང་དང་སྨད་འདྲ་སྟེ། བད་ཀན་སོགས་སོ། །དཔྱིད་ཟླ་འབྲིང་པོ་དང་དཔྱིད ་ཟླ་བ་ཆུང་ལ་བད་ཀན་གྱི་ནད་ལྡང་ངོ། །དབྱར་ཟླ་ར་བ་དང་དབྱར་ཟླ་འབྲིང་པོ་ལ་བད་ཀན་གྱི་ནང་ཞི་བར་འགྱུར་རོ། །དེ་ལ་ཟས་ཡང་ཞིང་རྩུབ་པ་དང་།སྨན་ཀྱང་ཡང་ཞིང་རྩུབ་པ་ལྟ་བུས་རླུང་སོགས་སོ། །དེ་ལ་ལུས་ཀྱང་ཁོང་རྩུབ་ཅིང་དྲོ། ཁ་ཟས་ཀྱང ་རྩུབ་དྲོན་བོག་ཏུ་ཟོས་ཀྱང་དབྱར་ཟླ་ར་བ་དང་དབྱར་ཟླ་འབྲིང་པོའི་ཚེ། དྲོ་ཞིང་ཚ་བི་འདུས་ཡིན་པས་རླུང་མི་ལྡང་ངོ། །དབྱར་ཟླ་ཐ་ཆུང་དང་སྟོན་ཟླ་ར་བའི་ངོ་ལྟ་བུ་ལ་ཆར་ཆུ་རྒྱས་ལ་ཟས་སྐྱུར་བག་ཟོས་ལ་ཟས་སྐྱུར་བག་དང་ཞུ་བའི་རྗེས་ཀྱང ་སྐྱུར་བར་གྱུར། སྨན་སྐྱུར་བག་ཟོས་ཀྱང་རུང་ཏེ་དེའི་ཚེ་མཁྲིས་པར་སོགས་ཏེ། རྒྱས་སུ་ཟས་ཀྱི་།དབྱར་གྲང་ཞིང་བསིལ་བའི་དུས་ལ་བབ་བས་མཁྲིས་པའི་ནད་ལྡང་བར་མི་འགྱུར་རོ། །དགུན་སྟོང་དགུན་སྨད་ཀྱི་ཟས་སྣུམ་བག་བསལ ་བ་དང། ཆུ་དང་སྨན་བསིལ་བ་གཟོས་པ་ནི་བད་ཀན་དགུན་ཐོག་ཐག་ཏུ་སོགས་ཏེ། དེའི་ཚེ་དགུན་གྱི་དུས་དྲང་བ་དང་། ཁ་ཟས་སྣུམ་པོ་དྲང་བག་ཟོས་ཀྱང་རུང་།དེ་ན་ལུས་ཀྱང་གྲང་ལ་ཕྱགས་སུ་འཁྲེགས་པའི་དུས་ལ ་བབ་པས་བད་ཀན་སོགས་པར་ཟད་ཀྱི་བད་ཀན་གྱི་ནད་ལྡང་ཞིང་ན་བར་མི་འགྱུར་རོ། །དེ་ལྟར་དུས་ཚིགས་དྲུག་གིས་རང་བཞིན་ལས་རླུང་ནད་དང་བད་ཀན་དང་མཁྲིས་པ་གསུམ་གྱི་ནད་སོགས་པ་དང་ལྡང་བ་རིམ་པར་ཕྱ་སྟེ ་བརྟན་པ་ཡིན་ནོ། །རླུང་ལ་སོགས་པའི་ནད་བསགས་པ་དེ་ཡང་ཁ་ཟས་ཀྱི་གནོད་པ་མི་འཕྲོད་བའི་བག་ཟོས་ན་ནང་སྡང་བའི་དུས་ལམ་བབ་ཀྱང་རུང་སྟེ་འཕྲལ་གྱི་ནད་གྱིས་འདེབས་པར་འགྱུར་རོ། །རླུང་ལ་སོགས་པ་དཀྱིལ་དུ་གྱུར་པ ་ཡང་བསགས་ལ། ནད་ལྡང་བའི་དུས་ལ་བབ་ཏུ་ཟིན་ཀྱང་ནང་དུ་མི་འགྱུར་བའི་ཟས་ཟོས་ན་ནད་མི་ལྡང་ངོ། །གོང་མ་ལྟ་བུར་རླུང་ལ་སོགས་པ་ནད་དཀྱིལ་དུ་བསགས་པ་དེ་ལས་ནད་ལྡངས་ཏེ་ནད་ཀྱིས་བཏབ་པ་ནི། ཅིག་ཅར་ལུས་ཀྱི་མོག་རྐང་ཀུན་ཏུ་ཁྱབ ་བར་ནད་ཀྱིས་འདེབས་བྱེད་དོ། །ནང་དེ་ལྟ་བུ་ལ་ཐིགས་ཏེ་བསོད་པར་འགྱུར་བ་ནི། ཆུ་འབྲུག་པ་ལས་ཁད་ཀྱིས་བྲིས་ཏེ་སྐབས་པ་དང་འདྲའོ། །དེ་བསན་ནད་ཀྱི་ཚུལ་རྣམ་པ་སྣ་ཚོགས་གྲངས་མེད་པས་།ལུས་འདི་ཀློངས་དཀྲུགས་ནས་སྐམས་པ་འདི་ལ ་ནད་ཀྱི་ཚུལ་?་འདྲ་བ་དང། ནད་ཕྱིན་པའི་རྒྱ་རྩི་རྨན་དང་།གསོ་བའི་ཐབས་སུ་སྦྱར་ཞང་བྱའོ། །དེ་ཡང་ནང་ཚུལ་དུ་མ་རེ་རེ་ནས་བསྟན་མི་ནུས་ཏེ་དེ་ནི་མདོར་ན་ཙག་ཐབས་ཀྱི་ནད་དམིགས་ནི་རླུང་དང་མཁྲིས་པ་དང་བད་ཀན་དུ་འདུས་སོ། །དཔེར ་ན་ཉིན་?་ཐག་ཏུ་བྱ་ནམ་མཁའ་ལ་འཕུར་ཏེ་འགྲོ་སྟེ། རང་གི་ལུས་ཀྱི་དྲིབ་མ་དང་འབྲལ་དུ་མི་རུང་བ་བཞིན་ནོ། །སེམས་ཅན་ནོ་ཅོག་ནད་རྣམ་པ་གསུམ་པོ་ཆག་པ་དང་རྡུལ་དང་།མུན་པ་དང་གསུམ་དུ་ལྡན་པ་ལས་གྱུར་པའི་ནད་རྣམ ་པ་?་ཚོགས་དང་མི་འབྲལ་བ་དེ་ལྟར་རང་གི་སྲོག་ཟུངས་བདུན་ནང་མ་སྙོམས་ཏེ་ནད་དུ་འགྱུར་བའི་རྒྱུ་ཡང་ཆགས་པ་དང་རྡུལ་དང་མུན་པ་དང་གསུམ་གྱིས་གྱུར་པས། རླུང་དང་བད་ཀན་དང་མཁྲིས་པ་དང་གསུམ་ནང་མ་འབྲོད་པ་དེས་སྲོག ་ཟུངས་བདུན་བོ་མ་སྙོམས་ཏེ་།འཁྲུགས་ན་ནང་དུ་འགྱུར་རོ། །ནད་དུ་འགྱུར་རོ། །ནང་དུ་འགྱུར་བ་དེ་དག་གི་རྒྱུ་ཡང་མདོར་རྣམ་པ་གསུམ་སྟེ། ཡུལ་དང་དུས་དང་ལས་ངན་པར་བྱེད་པ་དང་གསུམ་མོ། །འདི་གསུམ་པོ་རེ་རེ་ལ་ཡང་ཆུར ་དུ་བརྟེན་པ་དང། རབ་ཏུ་བརྟེན་པ་དང། འོག་པར་བརྟེན་པ་དང་གསུམ་དུ་དབྱེའོ། །འདི་གསུམ་པོ་རེ་རེ་ལ་ཡང་ཆུང་དུ་དང། འབྲིང་པོ་དང་ཆེན་པོ་གསུམ་དུ་ཕྱེ་ནས་དགུ་དགུར་རོ། །དེ་ཇི་ལྟར་ཞེ་ན། མིག་གི་དབང་པོའི་ཡུལ་ནི་གཟུགས་སྣང ་བ་ཡིན་ཏེ། ཡུལ་དེ་ལ་གང་ལྟ་ཡང་རུང་སྟེ། རང་གི་ཡུལ་ལ་མི་བལྟ་བའམ་།ཡང་ན་ཞིབ་ཏུ་ལེགས་པར་མི་བལྟ་བར་ཅུང་ཟད་ཙམ་མ་མ་།འོལ་ཅི་ཙམ་ཞིག་བལྟ་བ་དེ་ལྟ་བུ་ནི། གཟུགས་མིག་གིས་བལྟ་བ་ཆུང ་བར་སྦྱོར་བ་ཞེས་བྱའོ། །གཟུགས་ལ་མིག་གིས་ཧ་ཅང་ཡུན་རིང་དུ་བལྟ་ན། དེ་ནི་རབ་ཏུ་སྦྱོར་བ་ཞེས་བྱ་སྟེ་།དེ་ལྟ་བུ་ཡང་ནང་དུ་འགྱུར་ཏེ་མི་རུང་ངོ། །ཡང་གཟུགས་ཆུང་ཆེས་བ་ལ་བལྟ་འམ་།ཉི་མ་ལྟ་བུའི་ལྷང་ལྷང་པོའི་ཆར་ཆེས ་པ་ལོ་མིག་སུ་བལྟ་བ་འམ་།གཟུགས་འཇིགས་པ་ལ་བལྟ་འམ། མིག་གི་དྲུང་ཉིད་དུག་གཟུགས་བཞག་པ་ལ་བལྟ་འམ་།ཡང་ན་གཟུགས་ཧ་ཅང་ཐག་རིང་ཆེས་པ་ལ་རྒྱང་མར་མིག་ཚུགས་སུ་བལྟ་བ་འམ། གཟུགས་ཡིད་དུ་འོང་བ་ལ ་བལྟ་འམ་།གཟུགས་མི་སྡུག་པ་ལ་མིག་གིས་བལྟ་བ་དེ་ལྟ་བུ་།ལོག་པར་བལྟ་བའི་རྟེན་པ་ཞེས་བྱ་སྟེ་།དེ་ལྟ་བུ་ཡང་ནང་དུ་འགྱུར་ཏེ་མི་རུང་ངོ། །དེ་བཞིན་དུ་རྣ་བ་ལ་སོགས་བ་ལ་ཡང་རྣམ་པ་གསུམ་གསུམ་དུ་བལྟ་སྟེ་།རྣ་བའི་ཡུལ་སྒྲ་ཆེན་པོ ་བྲག་པོ་ལ་ཉན་པ་འམ་།རུལ་པ་རྣམ་པོ་ལ་སྣུམ་པ་ལ་སོག་པ་ལྟ་བུ་ཡང་མི་རུང་སྟེ། སོ་སོའི་དབང་པོ་ཡུལ་གྱི་ཚུལ་ཚུལ་དུ་སྦྱར་ལ། ཆུང་ངུ་དང་ཆེན་པོ་དང་ལོག་པ་དང་རྣམ་གསུམ་དུ་བརྟེན་ཅིང་སྦྱོར་བ་ལས་གདོན་པའི་ནང ་དུ་འགྱུར་བའི་ཚུལ་གོང་མ་དང་འདྲ་བར་སྦྱར་རོ། །ལོ་གཅིག་ལ་དུས་ཀྱང་གསུམ་དུ་དབྱེ་སྟེ། དགུན་ཟླ་བཞི་དཔྱིད་ཟླ་བཞི། །དབྱར་ཟླ་བཞི་སྟེ་གསུམ་མོ། །དེ་ལ་དུས་འདི་གསུམ་ཚུལ་གྱིས་ཡང་ཆུང་ངུ་དང་ཆེན་པོ་དང་ལོག་པ་རྣམ་གསུམ་ལས་།མི་དང ་སྲོག་ཆགས་དང་།ཕྱི་རོལ་གྱི་འབྲུ་འབྲས་དང། རྩི་ཤིང་ལ་སོགས་པ་ལ་གནོད་པར་འགྱུར་བ་བལྟ་སྟེ། དགུན་གྲང་བའི་ཚེ། ལྷགས་པ་ཧ་ཅང་ཆུང་ཆེས་ན། ཡང་དུས་ཀྱི་སྦྱོར་བ་ཆུང་ཞེས་བྱ་སྟེ་དེ་ཡང་མི་བཟང་ངོ། །ཡང་ན་ལྷགས་པ་ཧེ ་ཅང་ཆེས་ན་ཡང་གནོད་དོ་མི་རུང་ངོ། །དགུན་གྱི་ཚུལ་ལ་མི་འདྲ་བར་གྱུར་པ་ནི། དུས་ལོག་པ་ཞེས་བྱ་སྟེ་།འདི་ལྟ་བུ་ཡང་ནང་དང་གནོད་པར་འགྱུར་བ་ཞེས་བྱའོ། །ལུས་དང་ངག་དང་སེམས་ཀྱི་ལས་ལ་ཡང་ཆུང་དུ་དང་ཆེན་པོ་དང་ལོག་པར་སྦྱོར་བ ་གསུམ་གསུམ་དུ་བལྟའོ། །དེ་ལ་ལུས་ཀྱི་ལས་ཆུང་དུ་བྱེད་པ་ནི་ཅི་བྱེད་ཀྱང་ཅུང་ཟད་ཙམ་ཞིག་བྱེད་པ་ནི་ཆུང་དུས་སྦྱོར་བའོ། །ཧ་ཅང་བརྟུན་ངེས་པ་ནི་ཆེར་སྦྱོར་བའོ། །བཤད་གཅི་ལ་སོགས་པ་ཧ་ཅང་སྙོམ་ན་ལུས་ཀྱིས་སྒྲིམས་ཏེ་མནགས་བའམ། མི ་དོ་བཞིན་དུ་བཙིར་བའམ་།ཉམས་ཀྱིས་མི་ནུས་བཞིན་དུ་ལུས་ཀྱི་ལས་དྲག་ཤུལ་བྱེད་པ་དང་།ལུས་དང་རྐང་ལག་ཧ་ཅང་གནུ་བ་དང་།རྡེག་འཆའ་བ་དང་།གོམས་པ་ཐུར་བཞིན་འབུབ་པ་འདི་ནི་ལོག་པའི་སྦྱོར་བ་ཞེས་བྱ་སྟེ་ལུས་ལ་གནོད་དོ། །ངག ་གི་སྨྲ་བ་ཡང་ཚུལ་དེ་དང་འདྲ་སྟེ། ཁ་ནས་ཟས་ལྷད་བཞིན་དུ་འབུག་པོར་སྨྲ་བ་ནི་སྨྲ་ངན་པ་སྟེ་འདི་ཡང་གནོད་དེ་མི་རུང་ངོ། །ཡིད་ཀྱི་ཡང་འདོད་ཆགས་དང་ཞེ་སྡང་འཇིགས་པ་ལ་སོགས་པ་སེམས་པ་ནི་ལོག་པར་སྦྱོར་བའོ། །མི་དགེ་བའི ་ལས་སྨན་པའི་དངོས་པོ་སྲོག་གཅོད་པ་ལ་སོགས་པ་བཅུ་པོ་དེ་དག་ཀྱང་ལོག་པའི་སྦྱོར་བ་ཡིན་ཏེ་ལོག་པའི་སྦྱོར་བ་དེ་ལྟ་བུ་ཐམས་ཅད་སྔོན་གྱི་ཚེ་ལ་བྱས་སམ། ཚེ་འདི་འབྱས་ཀྱང་རུང་སྟེ། དེ་དག་གིས་ནི་ནད་དུ་འགྱུར་བའི་རླུང་དང་མཁྲིས་པ ་དང་བད་ཀན་རྣམས་མ་སྙོམས་ཏེ། འཁྲུགས་ན་ལུས་ཀྱི་ཡན་ལག་དང་།ནང་གྲོལ་དང་།ལྷུ་ཚིགས་ཀྱི་མཚམས་ཀུན་ཏུ་ནད་རྣམ་པ་སྣ་ཚོགས་ཀྱིས་འདེབས་པར་བྱེད་དོ། །དེ་ལ་ཡན་ལག་གི་ཁྲག་དང། ཤ་དང་།པགས་པ་འདི་དག་ལས་ཕྱི་རོལ་གྱི་ནང ་རྣམས་འབྱུང་སྟེ་། པ་རྩི་ཞེས་བྱ་བ་དང་།ལ་ག་པ་འམ་།རྐང་པ་ལྷུང་བ་བཞིན་འགུལ་མི་ཤེས་པའི་ནད་དང། ལྦ་བ་དང། རྒྱབ་བམ་བྲང་དུ་འབྲུམ་བུ་སྔོན་པོ་འབྱུང་བའི་ནད་དང་།རྨེན་བུ་ལ་སོགས་པ་དང་།ཕྱི་རོལ་གྱི་སྐྲ་ན་དང་།གཞང་ཀའི་གཞན ་འབྲུམ་དང། སྣ་འམ་རྣ་བར་ཐུག་ཆེན་བྱུང་བ་ལས། ཁྲག་ཏུ་ཟད་པ་དང། ཤ་དང་པགས་པའི་བར་གྱི་སྐྲན་དང། ལུས་སྐྲངས་བའི་འོང་ནང་ལ་སོགས་པ་འདི་དག་ནི་ཕྱི་རོལ་གྱི་ཡན་ལག་གི་ནད་ཅེས་བྱའོ། །ཁོང ་བའི་ནང་གྲོལ་གྱི་ནད་ནི་རྩའི་རྒྱུན་ཆེན་པོ་བཅུ་དང་།མ་ཞུ་བའི་གནས་ཕོ་བ་དང་།ཞུ་བའི་ས་འདི་དག་ལ་ནང་གྲོལ་རྣམས་བརྟེན་ཏེ། ནང་གྲོལ་གྱི་ནང་དུ་སྐྱུག་པ་འབྱུང་བ་ཚད་པར་འཁྲུ་བ། ལུང་པར་ལུ་བ། དབུགས་མི་བདེ་བ། ་དམུ་རྫིད་དང་།རིམས་ལ་སོགས་པ་དང་།ལུས་སྐྲངས་བའི་འོར་དང་།ནང་ནི་གཞང་འབྲུམ་དང། ཁྲག་ཚད་དང་།སྐྲན་དང་།འབྲུམ་བུ་ཅིག་པའི་ནད་དང་།འབྲུམ་ཆེན་དང། འདི་རྣམས་ནི་ནང་གི་ནད་དུ་གཏོགས་སོ། །མགོ་བོ་དང། ་སྙིང་དང་།ཆུ་སོ་དང། གནད་རྣམས་དང་།རུས་བ་རྣམས་ཀྱི་ནད་ནི་ཚིགས་ཀྱི་ནད་ཅེས་བྱའོ། །ཚིགས་དེ་རྣམས་འབྲེལ་པའི་རྩ་བ་དང་།ཆུབ་དང་།ཆུབ་ཆེན་པོ་ལ་སོགས་པ་འདི་དག་ནི་བར་གྱི་ནད་ཀྱི་ལམ་སྲང་ཞེས་བྱའོ། །བར་གྱི ་ནད་ཀྱི་ལམ་སྲད་དེ་ལ་ནད་ནི་ཅོང་གསོ་དཀའ་བ་དང་།གཞོག་ཕྱེད་ན་བ་དང་།མཇིང་པ་དང། ཁ་ཡོན་པོར་གྱུར་པའི་ནད་དང་།ཀླད་པ་ན་བ་དང་།རྣ་བ་ན་བ་དང། སྣ་ལ་སོགས་པ་ན་བ་དང་།ཚིགས་ཐམས་ཅད་ན་བ་དང་།རུས་བ་ན་བ་དང། དབྱིན་བ ་དང་།གདོན་ནད་ལ་སོགས་པ་འདི་རྣམས་ནི་བར་ན་གནས་པའི་ནད་ཅེས་བྱའོ། །ལུས་ལ་གནས་པའི་རླུང་གི་ལས་སྣ་ཚོགས་བསྟན་པ། རླུང་གི་ལས་ནི་བཤང་གཅིའི་དྲི་མ་ཐུར་དུ་འབྱིན་པར་བྱེད་།རླུང་གིས་ནི་ལུས་ལ་ཁྱབ་པར་བྱེད། ་སྣང་བ་སྙམ་དུ་ལྷངས་ལྷངས་བྱེད་པ་དང་།རེས་འགའ་རླུང་ཁོང་དུ་ཞི་ན་གཉིས་ལོག་པ་བཞིན་དུབ་པར་བྱེད། །ལུས་ཀྱི་དྲོད་ཆུང། ཡན་ལག་ཟུག་པ་བཞིན་དུ་ན་བ་དང་།སོ་སོར་བྱེ་བ་སྙམ་དུ་བྱེད་པའི་ན་བ་དང་།ལུས་དང་ཡན་ལག་འབྱོར་བ་སྙམ ་དུ་བྱུད་ཅིང་ན་བ་དང། ཤ་རུས་ཅག་པ་སྙམ་དུ་བྱེད་པ་དང་།རྐང་ལག་འཁུམས་པ་དང་།འདུག་ལངས་ཀྱི་བསྐྱོད་པ་དང་།སོ་དང་ཤ་རྩེ་བ་དང་།ལུས་རྟས་པར་བྱེད་པ་དང། ལུས་དང་རྐང་ལག་འདར་བ་དང། ལུས་རྩུབ་པ་དང་།ལུས་ཀྱི་སྤུ ་གུ་དོང་བ་དང་།ཤ་སྐེམ་བར་བྱེད་པ་དང་།ལུས་ཀྱི་ཤ་མགུལ་བ་དང་།ལུས་བྱ་སྨྱངས་བྱེད་བ་དང་།རླུང་ནད་ཀྱིས་བཏབ་ཏེ་ལུས་རེངས་པ་དང་།རླུང་ནད་དུ་ན་ན་ཁའི་ནང་རོ་བ་སྐ་བར་བྲོའོ་།རླུང་ཆེ་བའི་བཞིན་མདོག་ནི་རྩ་གནག་གམ་།ཐབས ་འདི་རྣམས་ལྟ་བུར་གྱུར་པ་ནི་རླུང་ལས་གྱུར་བར་བལྟའོ། །མིའི་ལུས་ལ་མཁྲིས་པའི་ལས་ཀྱི་འགྱུར་བ་བསྟན་པ། ལུས་ལ་མཁྲིས་པ་རྒྱས་ན་ལུས་ཚ་།མདོག་དམར་པོར་འགྱུར་།ལུས་ཀྱི་དྲོད་དང་ཟས་འཇུ་བར་བྱེད། ལུས་རྡུལ། ལུས་ཕྱི ་ནད་དུལ་བག་ཏུ་མན་མ་།ཐོར་བུ་འབྱུང་ཞིང་རྣག་ཁྲག་ཏུ་འཛག་རྨ་རེད་ཅིང་འཁྲུལ་།བརྒྱལ་ཞིང་མྱོས། ཁའི་ནང་རོ་པ་བ་དང། སྐྱུར་བར་བྲོ། །བཞིན་མདོག་ནི་སེར་སྐྱང་འདུག་ལ་རྩ་དམར་བ་མ་ཡིན་ནོ། །བད་ཀན་གྱི་ལས་ཀྱི་ལུས་འགྱུར་བ་བསྟན ་པ། ལུས་ལ་བད་ཀན་ཆེ་བ་ནི་ལུས་ཀྱི་ཤ་མདོག་བསྣུམ་།ཤ་མཁྲང་།ལུས་གཡའ་ཁོང་དྲང་།ལུས་ལྕི། ལུས་ཚིགས་ཐམས་ཅད་མི་འཁྲུལ་བར་དམ་པོར་འབྲེལ་བར་བྱ། ལུས་ཐམས་ཅད་ཤ་རྒྱས་པར་བྱེད། བད་ཀན་ཆེན་སེམས་ནི ་རྨོངས་བག་ཏུ་བྱེད། ལུས་སྐྲངས་།ཟས་མི་འཇུ་།གཉིད་རབ་ཏུ་ཆེ་།ལུས་དང་བཞིན་གྱི་མདོག་ནི་དཀར་རོ། །རོ་ཁ་ནི་མངར་དང་ལན་ཚྭ་བྲོའོ། །ལས་ཅི་བྱེད་དོ་ཅོག་ལ་འདམ་རིང་ངོ། །དེ་ལྟར་ནད་དོ་ཅོག་ཐམས་ཅད་ནི་རླུང་དང་མཁྲིས་པ ་དང་བད་ཀན་གྱི་རང་བཞིན་ལས་གྱུར་ཅིང་དེས་ནད་ལ་ཁྱབ་པར་བལྟའོ། །ནད་བའི་ནད་རྟགས་པའི་ཐབས་བཤད་པ་།ཅི་ན་བ་བརྟག་པ་ནི། བཞིན་མདོག་དང་།མིག་དང་།ལྕེ་དང། སེན་མོ་དང་།བལྟ་བ་དང་།རྩལ་ལག་པས་མྱངས་ཏེ་བལྟ ་བ་དང་།ནད་བའི་ཐབས་དྲི་བ་དང་།ཇི་ལྟར་ན་བ་དང་།ཇི་ཙམ་ན་ནད་ལྡང་བ་དང། མིན་བའི་སྔ་རོལ་དུ་ཁ་ཟས་ཅི་ཟོས། ལས་ཅི་དག་བྱས་པ་ཞིབ་ཏུ་ལེགས་པར་བརྟགས་ཏེ་ཤེས་བར་བྱས་ལ། རྩིང་པོ་ཡལ་བར་མི་བྱའོ། དེ་ལྟ ་བས་ན་སྨན་པའི་ནད་ཀྱི་བྱེ་བྲག་དང་།ནད་ཚབས་ཆེ་ཞིང་དམལ་བབ་བར་ཤེས་ཤིང་མཐོང་ནས་།ཕྱི་བཤོར་མ་བྱེད་ཅིག་།ཡོད་ནི་སྨན་སྦྱར་བའི་ཐབས་དང། བཏང་བ་དང་།གསོ་བའི་ཐབས་འདི་རྣམས་ཀྱི་ལས་མཐོང་སྟེ་ལོབས་པར་བྱ་བ་དང། ལག ་གསོད་པར་བྱ་བ་དང་།སྨན་པ་ལ་གཏམ་སྙན་བར་གྲགས་པར་བྱ་བ་འདི་རྣམས་ཀུན་ཀྱང་ལན་མང་དུ་གོམས། གདོང་འགྲུབ་པར་འགྱུར་རོ། །དཔེར་ན་ནོར་བུ་རིན་པོ་ཆེ་འཆིང་བུ་མི་ལྟ་བུ་བཟང་ངན་ལྟ་བ་དབྱད་ཀྱི་ཡི་གེས་ཤེས་པར་མི་འགྱུར་གྱི། མཐོང་བ ་མང་བོ་ལ་ལོབས་ཏེ་ཤེས་པ་དང་འདྲའོ། །མིའི་ནད་ཀྱང་མི་ཚུགས་ཏེ་།ལ་ལ་ནི་ཚེ་འདི་ཉིད་ཀྱི་ཁ་ཟས་མི་འཕྲོད་པ་ལས་ནད་དུ་གྱུར་བཞིན་དུ་ནད་ལྡང་བར་འགྱུར་རོ། །སྟོན་གྱི་ཉེས་སྡིག་ལས་ནང་དུ་གྱུར་པ་ནི། ནད་ལྡང་བའི་ཁ་ཟས་མི་འབྲོད་པ་ལྟ་བུ ་མ་ཟོས་བཞིན་དུ་ནད་ལྡང་ངོ། །ནད་ལྡང་བའི་རྒྱུ་དང་སྔོན་གྱི་ཉེས་སྡིག་གཉིས་ཀ་མ་དྲེས་པ་ལས་ནད་དུ་འགྱུར་བའི་ཆུང་ངུ་ལས་ནད་ཚབས་དཀྱིལ་ཆེན་འགྱུར་བའོ། །དེ་ལ་ད་ལྟར་གྱི་ཚེ་འདིའི་ཟས་མི་འཕྲོད་བ་ལ་སོགས་པ་ལ་ནང་དུ་གྱུར་པ ་ལ་སོགས་པའི་ཐབས་ནི་།ནད་དང་མི་མཐུན་པ་ལ་བརྟེན་ན་ཕན་ཏེ། དཔེར་ན་སྣུམ་ནད་ལ་ཁ་ཟས་སྣུམ་བག་དང། དྲོད་བག་ཕན་པ་ལྟ་བུ། མཁྲིས་པའི་ནད་ལ་བསིལ་བ་དང་།མངར་བག་ཕན་བ་ལྟ་བུ་།བད་ཀན་ལ་ཁ་ཟས་རྩུབ ་པ་དང། དྲོད་བག་བསྟེན་ན་ནད་ཞི་བར་འགྱུར་རོ། །ཚེ་སྔ་མའི་ཉེས་སྡིག་གི་ལས་ལས་བྱུང་བའི་ནད་ནི། བསོད་ནམས་དང། །དགེ་བ་ཚར་བྱས་ཏེ་།ལས་བྱས་ན་ནང་འཚོའོ། །རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གཞི་དང། སྔོན་གྱི ་ལས་གཉིས་ཀ་ལས་བྱུང་བའི་ནད་ནི། རླུང་དང་མཁྲིས་པ་ལ་སོགས་པའི་ནད་གཞི་དེ་ཉིད་དང་།སྡིག་བའི་ལས་དེ་བྱང་ཞིང་ཟད་ན་འཚོའོ། །ནད་དོ་ཅོག་ལ་རྣམ་པ་གཉིས་ཏེ། རླུང་ནད་དང་མཁྲིས་པའི་ནད་ལྟ་བུ་རང་གི་གནས་ཉིད་ན་ནང་དུ་གྱུར་པ་དེ་ནི་རང ་གི་གནས་ཀྱི་ནད་རང་དབང་ཅན་ཞེས་བྱའོ། །རླུང་ནད་དང་མཁྲིས་པའི་ནང་ལྟ་བུ་རང་རང་གིས་མ་ཡིན་པ། ཕ་རོལ་པ་མཁྲིས་བ་འམ། བད་ཀན་གྱི་གནས་སུ་རླུང་ནང་ཞུགས་པར་གྱུར་ན་།དེ་ནི་གཞན་གྱི་གནས་སུ་ནང་ཞུགས་ཏེ་གཞན་ལ་རག་ལུས ་པའི་ནད་ཅེས་བྱའོ། །རང་གི་གནས་དང་གཞན་གྱི་གནས་དེ་གཉིས་ལ་ཡང། ནད་རྣམ་པ་གཉིས་གཉིས་སུ་ཤེས་པར་བྱའོ། །དེ་ཇི་ལྟར་ཞེ་ན་།ནང་གང་ཡང་རུང་བ་ཞིག་གིས་བཏབ་པ་ལས། སྔར་ནད་གང་གི་ཚུལ་ཡིན་པར་ཤེས་པ ་དང། ནང་དེ་ལས་དཀྱིལ་སྐྱེས་ཏེ། བན་བོན་གྱི་གནོད་པའི་ནད་ཅི་ཡིན་པར་ཤེས་པར་བྱ་བ་དང་རྣམ་པ་གཉིས་སོ། །ནང་འདི་གཉིས་ནི་རང་གི་གནས་རང་དབང་ཅན་དང་།གཞན་གྱི་གནས་རང་དབང་མེད་པ་གཉིས་ལ། དེ་ལྟར་ནད ་ཀྱི་ཚུལ་གཉིས་སུ་ཤེས་པར་བྱའོ། །དེ་ལ་རླུང་ནད་དང་མཁྲིས་པ་ལྟ་བུ་རང་གི་གནས་ཉིད་ནས་རང་གི་གནས་ཉིད་དུ་ནད་ལངས་པ་རང་དབང་ཞེས་བྱ་བ་དེ་ནི། །ནད་ཀྱི་ཚུལ་མངོན་ཏེ་ཤེས་པར་སླ་བ་ཡིན་ནོ། །མཁྲིས་པའམ་བད་ཀན་ལྟ་བུའི་སར ་རླུང་ནད་ཞུགས་ཏེ་ལངས་པ་དེ་ནི་།གཞན་གྱི་སར་ནང་ཞུགས་པ་གཞན་དབང་ཞེས་བྱ་སྟེ། དེ་ནི་མཁྲིས་པ་འམ་བད་ཀན་གང་གིས་སར་ནང་ཞུགས་ཀྱང་རུང་སྟེ། དེ་ལ་ནི་མཁྲིས་པ་འམ་བད་ཀན་ལྟར་གསོ་བའི་ཆོ་ག་བྱས་ན་རླུང་ནད་དེ ་གསོས་བར་འགྱུར་རོ། །དྲི་མ་བཤད་གཅི་དང་རྡུལ་བ་ལ་ཡང་ནད་རང་གིས་དང་།གཞན་གྱི་གནས་རྣམས་པ་གཉིས་ཤེས་པར་རླུང་ནད་དམ་མཁྲིས་བའི་ནད་གང་ཡང་རུང་རྒྱུན་དུ་ན་བ་ལས། ཁ་ཟས་མི་འཕྲོད་པ་ཟོས་སམ། ཟེས་མ་ཞཱུམ། ་སྲོག་ཟུངས་བདུན་བོ་ཉམས་ཏེ་ནང་དུ་འགྱུར་བ་ནི་ནང་གླངས་ཐབས་ཞེས་བྱའོ། །འདི་ལྟ་བུར་ནང་གླང་ཐབས་སུ་གྱུར་པ་ལ་སྨན་པ་མིག་མི་གཡེངས་བར་ནན་ཏན་ཆེར་གྱིས་ཤིག་།དེ་ལ་དང་པོ་ནད་ཀྱིས་བཏབ་ནས་ནད ་ཀྱི་ཚུལ་ཅི་ཡིན་པར་ཤེས་པར་།དང་པོར་དེ་ཉིད་བསོས་ན་།ནང་དེ་ལས་གྱུར་བའི་ལན་བོན་གྱི་ནང་གྱུར་བའི་ནད་དང་།གཉི་ག་འཚོ་བར་འགྱུར་རོ། །གལ་ཏེ་ན་ད་དབྱད་དེ་དེ་ལྟར་བྱས་ཏེ་མ་བཏུབ་ན་ལན་བོན་གྱི་ནད་གྱུར་པའི་ནད་ཚབས་ཆེ་སྟེ། ་ལུས་ལ་གནོད་པའི་ནད་ངན་བ་དེ་བྱེ་སོས་ལ། ཐག་གི་ནས་སྔ་མ་ནི་ཕྱིས་སོས་ཤིག་།ལན་གྱི་ལན་བོ?་དང་གླང་ཐབས་སུ་ན་བ་དེ་ལྟ་བུའི་ནང་ཀྱི་མིང་དེས་པ་མེད་དེ། ནད་དེ་ལྟ་བུའི་མིང་སྨན་པས་མི་ཤེས་ཞེས་ངོ་ཚ་ནམ་ཡང་མ ་བྱེད་པར་ནད་ཀྱི་ཚུལ་དང་སྦྱོར་ཏེ་དཔྱད་གྱིས་ཤིག་།རླུང་ནང་མཁྲིས་པ་དང་བད་ཀན་གྱི་ནང་གང་ཡང་རུང་བ་ནང་ལངས་བའི་ནད་ཚབས་ཀྱི་དམིགས་དང་།ནད་དེ་རླུང་དམ་མཁྲིས་པའི་གནས་གཞན་ལྟ་བུར་འཕོས་པ་ལས། ནད་དེ ་སྔར་དང་མི་འདྲ་བར་མང་པོར་འགྱུར་རོ། །དེ་ལྔ་བས་ན་ནད་བླ་གཉན་དུ་གྱུར་པ་དེ་ལ་ནད་ཉིད་རླུང་དམ་མཁྲིས་པ་འམ་བད་ཀན་གྱི་རང་བཞིན་གང་བ་དང་ཡང་སྦྱར། ནང་དེ་ཡང་ནད་རང་གི་གནས་ན་འདུག་གམ་། ནད་དེ་གནས་གཞན་དུ ་འཕོས་སམ། །ནང་དེ་གཞི་ཅི་ལས་ནང་དུ་གྱུར་པའི་བྱེ་བྲག་སྨན་པས་ཤེས་པར་གྱིས་ལ་།སྨན་དཔྱད་མྱུར་དུ་གྱིས་ཤིག་ནད་གསོ་བ་དེ་ཡང་སྲོག་ཟུངས་བདུན་པོ་ཅི་འདྲ་པ་དང། ནད་པའི་ཉམས་སྟོབས་དང་།དབྱར་དགུན ་ཅི་འདྲ་བའི་དུས་དང་སྦྱར་བ་དང་།ནད་པའི་ཁོང་པ་མེའི་དྲོད་ཚ་ཆུང་དང་།ནད་བ་གླུང་དམ་མཁྲིས་པའི་རང་བཞིན་ཅི་ཡིན་པ་དང་།ནད་བའི་ན་ཚོད་དང་།ནད་པའི་སྙིང་སྟོབས་ཆེ་ཆུང་དང། ནད་བའི་ལུས་ཐོགས་ཁ་ཟས་གང ་གིས་བསྐྱེད་བསྐྱེད་པ་དང། དེ་ལྟར་ཁ་ཟས་གང་ཅི་དང་ཅི་འཕྲོད་པ་དང་།ཚབས་ཆེ་ཆུང་དང། ཚུལ་འདི་ལྟ་བུའི་བྱེ་བྲག་ཐ་དད་པ་ཕྲ་མོ་ཆུང་ངུ་ཡན་ཆད་ཞིབ་ཏུ་བརྟགས་ལ་།ནད་དང་སྨན་གྱི་ཚུལ་དུ་སྦྱར་ཞིང་ནང་པ་གསོ་བར་བྱེད་པ་དེ་ལྟ་བུ་ནི། ་སྨན་བཅང?་རྣམས་ཀྱང་འཁྲུལ་པ་མེད་པ་ཞེས་བྱའོ། །ནད་པའི་ནད་དཀྱིལ་ཆེ་འམ་།ཚབས་ཆུང་རམ། སྐྲན་དང་འབྲུམ་ཁུ་ལ་སོགས་བ་ལྟ་བུ་ནད་ཀྱི་དབྱིབས་སྣ་ཚོགས་ཀྱི་ཚུལ་ཅི་འདྲ་བ་དང་།ནད་པའི་ཕོག་སྙ་ཆེ་ཆུང་དང་།ལུས་ཆེ་དང ་ནད་པའི་ཉམས་ཆེ་ཆུང་གི་ཚུལ་ཡང་ཤེས་པར་བྱས་ལ་།ནད་ཀྱང་རྣམ་པ་གཞན་དང་གཞན་དུ་གྱུར་པར་སྣང་ཡང་།དེའི་ཚེ་སྨན་པ་མ་ཡོངས་བར་ལེགས་བར་རྟོགས་ཤིག་།སྨན་པས་ནད་པ་ལྕི་ཡང་གི་དྲོད་ཚན་ཟིན་ནས་གསོ ་བའི་དཔྱད་སྨོས་ཤིག་།གལ་ཏེ་ཡང་ནད་དམིགས་ཆུང་སྙམ་དུ་བསམས་ཏེ། ཁ་ཟས་མི་འཕྲོད་པ་ཟར་བཅུག་གམ། ཁ་ཟས་ཀྱི་ཆོ་ག་ཚོད་མ་ཟིར་ན། ནད་ཚབས་ཆེར་འགྱུར་རོ། །ནད་དཀྱིལ་ཆེ་བཞིག་ལ། བཀྲུ་སྨན་ཉུངས་སམ། ་བཀྲུ་སྨན་གྱི་སྟོབས་ཆུང་ན། དེ་ནི་སྨན་ཐུན་ཆུང་ངུར་སྦྱོང་བ་ཞེས་བྱ་སྟེ། དེས་ནང་སློངས་ལ་མཁྱིལ་ཏེ་ནད་མི་ཕྱིན་མི་འབྱུང་ངོ། །བཀྲུས་སྨན་གྱི་ཐུན་ཡང་ཆེ་།སྨན་རྣོ་སྟེ་མཐུ་དང་ཡང་དག་ལྡན་པར་བཏང་ན་།དེ་ནི་སྨན་ཐུན་ཆེར ་སྦྱོར་བ་ཞེས་བྱ་སྟེ་།ངེས་ནི་ནད་ཕྱིན་ཅིང་འཁྲུ་བར་བྱེད་དོ། །ཡང་བཀྲ་སྨན་ཧ་ཅང་རྣོ་བ་ལ་དྲག་བོ་ཐུན་ཚ་ཆེས་བར་བཏང་ན། །དོན?་ལོག་པར་སྦྱོར་བ་ཞེས་བྱ་སྟེ། བཤད་གི་?་དྲི་མཐུར་དུ་འཁྲུས་པར་མ་ཟབ་ཀྱི། ལུས་ཡང་མ་རུང་བར་འགྱུར ་རོ། །དེའི་ཕྱིར་སྨན་པས་ནད་གསོ་བ་ནི་རྟག་ཏུ་བརྩོན་འགྲུས་བསྐྱེད་དེ། ནད་པའི་ནད་དང་།ནད་པའི་ཉམ་དྲོད་ཀྱི་ཚུལ་ཅི་འདྲ་བ་ལེགས་བར་རབ་ཏུ་བརྟགས་ཏེ་ཤེས་བར་བྱས་ལ། ནད་འབྱད་ཞིང་འཚོ་བའི་ཚུལ་དུ་འཚོ ་བའི་དཔྱད་རྟག་ཏུ་གྱིས་ཤིག་།ལུས་ལ་བད་ཀན་དང་།མཁྲིས་བ་དང། རླུང་གང་དང། གང་ན་གནས་པ་དང། རླུང་དང་བད་ཀན་དང། མཁྲིས་པ་ལས་སོ་སོའི་ནད་དམིགས་ཅིར་གྱུར་པ་བསྟན་པའི་ལེའུ་བཅུ ་གཉིས་པ་རྫོགས་སོ།། །།རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནང་གསོ་ཐབས་བསྟན་བའི་ལེའུ་བཅུ་གསུམ་བ་བཤད་པར་བྱའོ། །དེ་ལ་རླུང་ནད་དུ་གྱུར་པ་ལ་གསོ་བའི་ཐབས་ནི། མར་དང། ་རྐང་དང་།ཚིལ་དང། རྟིལ་མར་དང་།བཞི་པོ་འདི་དག་ནི་སྣུམ་ཞེས་བྱའོ། །འདི་དག་དང་ཡང་རླུང་འབྱིན་པ་ལུམས་དང། དུགས་དང། གཏང་བའི་དུགས་དང། བཀྲུ་སྨན་འཇམ་པོས་བཀྲུ་བ་དང་།ལུས་མཉེ ་བ་དང། ལགས་བ་རྐང་ལག་དང་ལུས་ལ་གན་ཞིང་སྐོར་བ་དང། ཟས་མངར་བག་དང། སྐྱུར་བག་དང། ལན་ཚྭ་དང། དྲོད་བག་གི་ཁ་ཟས་དེ་ལྟ་བུར་སྦྱར་ཏེ་སྦྱིན་པ་དང། ཐབས་གཞན་ཡང་དངས་པར་བྱ ་བ་དང། སྨན་ཨེ་རཎྜ་དང། ཉེའུ་ཤིང་དང། གཟེ་མ་ལ་སོགས་པ་བསྐོལ་བའི་ཆུས་ལུས་བཀྲུ་ཞིང་ཆུ་དྲོན་གྱི་ནང་དུ་གཞུག་པ་དང། ཁ་ཟས་སྣུམ་བག་བསོད་པ་ཟོས་བའི་ཚལ་ནན་ནི་འབྲས་ཆང་དང། ་བུ་དམ་ཆང་དང། གྲོ་ཆང་བཟང་ངོ། །རླུང་ནད་ལ་ཕན་པའི་སྨན་མས་བཏང་པ་སྣུམ་བག་དྲོན་པར་སྦྱར་ལ་བདེ་ཞིང་ཕན་བའི་ཕྱིར་རྟག་ཏུ་བཏང་ངོ། །ཁ་སྲས་ཀྱི་ཚོག་ནི་ཤ་ཚོན་པོ་དང། དྲོད་ཆེ་ཞིང་འཇུ ་བའི་སྤོང་སྨན་དང། སྣུམ་བག་སྣང་དུ་མར་སྦྱར་ཏེ་ཆོས་བར་བདུས་བའི་ཁུ་བའི་བཅུད་དེ་ལྟ་བུ་བཟའོ། །རླུང་ནང་ལ་ནི་ཏིལ་མར་དང་སྦྱར་ཏེ་སྨན་བཅོས་བ་མས་བཏང་ན་མཆོག་ཏུ་ཕན་ནོ། །མཁྲིས་བའི་ནང་ལ་ནི ་བཀྲུ་སྨན་མངར་ཞིང་བསིལ་བར་བཀྲུའོ། ཁ་ཟས་ནི་མངར་ཞིང་ཁ་བ་དང། བསྐ་བའི་ཁ་ཟས་སྨན་དེ་ལྟ་བུ་བཟའོ། །སྐོམ་ནི་འོ་མ་དང་མར་དུ་སྦྱར་བ་དང། ཁ་རའི་ཆུ་སྐོམ་དུ་བཟང་ངོ། །ག་པུར་དང། ཙན་དན་དང། ལི་ཤི་? ་སོགས་པ་ལ་བསིལ་ཞིང་དྲི་ཞིམ་པོས་བཟང་པོ་དང། མེ་ཏོག་དེ་ལྟ་བུ་བསྣམ་ཞིང་ལུས་ལ་བྱུག་བ་དང། གདགས་པར་བྱའོ། །མགུལ་པ་ངོ་ཤལ་དང། སེན་མོ་ངོ་དང། ནོར་བུ་རྣམས་མགུལ་དང་བྲང་ལ་བཅད་ཞིང་གདགས ་སོ། པ་ལ་བསིལ་ཞིང་པོས་བཟང་པོ་དང། མེ་ཏོག་དེ་ལྟ་བུ་བསྣམ་ཞིང་ལུས་འཁྱུག་པ་དང། གདགས་པར་བྱའོ། །མགུལ་པ་ངོ་ཤལ་དང། སེན་མོ་ངོ་དང། ནོར་བུ་རྣམས་མགུལ་དང་བྲང་ལ་བཅད་ཞིང་གདགས ་སོ། ཉིན་པར་ནི་རྟག་ཏུ་ག་བུར་དང། ཙན་དན་དང་།སླན་ཨུ་ཤིར་དང། འདི་རྣམས་ཞིབ་ཏུ་བརྟགས་པའི་འདི་གུས་སྐད་ཅིག་ཅིང་ལུས་ལ་རྒྱུན་དུ་བསྐུའོ། །མཚན་མོ་ནི་སྔ་གང་ཞལ་ཞལ་དཀར་པོར་བྱས་ལ། བསིལ་བའི་ནང ་དུ་ཟླ་ཉི་མོ་ལ་འདུལ། དྲུང་དུ་གླུ་སྙན་བ་ཡོད་དུ་འོང་བ་ལེན་དུ་བཅུག་ལ་།བསེར་བུ་བསིལ་བའི་དང་ལྡང་བ་ལུས་ལ་བབ་པར་བྱ་ཞིང། གྲོགས་པོ་བདེ་བ་བག་ཕེབས་པ་དང། ཉམས་རིགས་སུ་འདུག་ཅིང་བུ་ལ་ཞིང་སྐད ་ཀྱིས་ཚིགས་ཉམས་རངས་སུ་སྨྲའོ། །བདག་གི་ཆུང་མ་ཡང་ཡིད་དུ་འོང་ཞིང་ཡོན་ཏན་གྱིས་བརྒྱན་པ། ཁྱིའི་ཡིད་བཞིན་དུ་བྱེད་པ་དེ་ལྟ་བུ་ལ་རིམ་གྲོ་བྱ་ཞིང་།ཉིན་པར་ཚ་བའི་ཚེ་ཁང་པ་བསིལ་བ་ཁང་པ་ཉིས་རིམ་གྱི་ནང ་ན་འདུག་ཅིང། ཆུ་གྲང་མོ་བསིལ་བ་རྒྱུན་འབབ་དུ་བླུགས་པ་དང་།བསྐྱེད་མོས་ཚལ་གྱི་ནང་ནི་རྫང་བུ་བཟང་བོས་རྒྱ་ཆེ་བ། ཆུ་བསིལ་བསྟེགས་ལེགས་པར་བཅས་པ་དང། བྱེ་མའི་བསིལ་བ་ཡོད་པའི་དྲུང་དུ་འདུག་ཅིང་། ་ཆུ་འགྲམ་ན་པདམོ་བཟང་པོ་འཁྲུངས་བའི་དྲུང་ན་།རྒྱ་སབ་ཀྱི་བསིལ་ཁང་ཕུབ་པ། མེ་ཏོག་དང་འབྲས་བུ་ཡོད་པའི་ཤིང་གི་ཡལ་ག་མང་པོ་ཐིབ་པེར་ཆགས་བའི་གནས་བསིལ་བ་དེ་ལྟ་བུ་ན་འདུག་ཅིང་།ཁ་ཟས་བསིལ་འོ་མ ་དང། མར་དག་བཟའོ། །ཡོང་ནི་ཚ་བའི་ནད་ལ་མཆོག་ཏུ་བཀྲུ་སྨན་བསིལ་བས་བཀྲུས་པ་ཟའོ། །བད་ཀན་རྒྱས་པའི་ནད་ལ་ནི་སྐྱུ་སྨན་དང་བཀྲུ་སྨན་རྣོན་བོས་སྐྱུག་ཅིང་བཀྲུའོ། །ཁ་ཟས་ནི་རྩུབ་བ་ཆུང་བ། རྣོ་པ་དྲོང་ཆེར། ་ཚ་བ་དང། ཁ་བསྐ་བ་དེ་ལྟ་བུའི་ཟས་དང་སྨན་སྦྱིན་ནོ། །འཚལ་ནན་ནི་ཡུན་རིང་པོར་གཞག་གཞག་པ་བཏུང། མཚན་མོ་གཉིད་ཀྱིས་མི་ལོག་པ་དང་།བུད་མེད་དང་ཉལ་བར་བྱ། ལུས་བཅག་ཅིང་སྦྱང་བ་དང། བསིལ་བ་རྣམ ་པ་སྣ་ཚོགས་བྱ། ལུས་ལ་རྩུབ་པོས་མཉེ། སེམས་ལས་བསྐྱེད་།བད་ཀན་རྒྱས་པ་ལ་ནི་མཆོག་ཏུ་སྐྱུག་སྨན་ཕན་ནོ། །ཆུ་ཚན་བསྐོལ་བ་ཚན་པོ་འཐུངས་ན་བད་ཀན་འབྲི། སྤྲང་རྩི་དང་སྨན་རྩུབ་པོར་སྦྱར་ཏེ་ཟོས་ན། བད་ཀན་དང ་ཚིལ་ཟད་བར་འགྱུར་རོ། །ཟས་?་པར་བྱ་བ་དང། དུད་པས་བདུག་པ་དང་།སྨན་བཙོས་པའི་ཁུ་བ་བཞག་ཅིང་དབོ་བ་དང་།ཐབས་འདི་ལྟ་བུར་བྱས་ན་བད་ཀན་གྱི་ནང་ཕྱིན་ཏེ་བདེ་བར་འགྱུར། རླུང་ནད་དང། མཁྲིས་པའི་ནང ་དང། བད་ཀན་གྱི་ནད་བསལ་ཞིང་གསོ་བའི་ཐབས་ནི་དེ་ལྟར་བསྟན་པ་ཡིན་ནོ། །ཡང་རླུང་ནང་དང། བད་ཀན་གྱི་ནང་དུ་འདོམ་མམ། མཁྲིས་པ་དང་རླུང་ནང་དུ་འདོམ་མམ། རླུང་ནད་བད་ཀན་དུ་འདོམ་ཡང་རུང། ནང ་འདི་སྣ་གཉིས་སུ་འདྲེན་པ་འདི་ལྟ་བུ་དང་།རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱི་ནད་འདྲེས་པར་གྱུར་པ་དེ་ལྟ་བུ་ལ་འདྲེས་པའི་ནད་དང་།འདུས་པའི་ནད་སོ་སོའི་ཚུལ་བཞིན་དུ་བརྟག་ཅིང་དཔྱད་དོ། །དཔྱིད་དང ་སོས་ཀ་དང་སྟོན་གྱི་ཚེ་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་ལངས་ན། གསོ་བའི་དཔྱད་བྱ་བ་དཔྱིད་ཀྱི་དུས་ན་བད་ཀན་གྱི་ནང་ལངས་པའི་ཚེ། བད་ཀན་གྱི་ནད་ཟླ་ལ་རླུང་ནད་ཀྱང་གཡོས་ཏེ། དེ་གཉིས་ལྷན་ཅིག་ཏུ ་འབྱུང་བ་ཡིན་མོད་ཀྱི། དཔྱིད་བད་ཀན་གྱི་ནད་གསོས་ན་རླུང་ནད་ཀྱང་དེའི་ཟླ་ལ་ཞི་བར་འགྱུར་རོ། །སོས་ཀའི་ཚེ་ཚོ་ཆེས་ཏེ་ཕལ་ཆེར་མཁྲིས་པའི་ནང་མང་དུ་ལྡང་སྟེ། དེའི་ཟླ་ལ་རླུང་ནད་ཀྱང་འབྱུང་མོད་ཀྱི་མཁྲིས་པའི་ནད་གསོས ་ན་རླུང་ནད་ཀྱང་ཞི་བའི་འགྱུར་རོ། །སྟོན་ཀ་མཁྲིས་པའི་ནད་ལྡང་བའི་དུས་ལ་བབ་སྟེ་།དེའི་ཟླ་རླུང་ནད་ཀྱང་ལངས་ཏེ་།གཉིས་ཀ་ལྷན་ཅིག་ཏུ་འདོམས་མོད་ཀྱི་།མཁྲིས་པའི་ནད་གསོས་ན། རླུང་ནད་ཀྱང་ཞར་ལ་ཞི་བར་འགྱུར ་རོ། །ཡོང་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་ནད་དང་པོ་ནད་དཀྱིལ་དུ་སོགས་པ་ཉིད་ཀྱི་ཚེ་ན། བཙལ་ཏེ་ནད་ཞི་བར་བྱས་ན་བཟད་ངོ། །གལ་ཏེ་སྔར་དེ་ལྟར་ནད་སེལ་མ་ནུས་ཡང། རླུང་དང་བད་ཀན་དང་མཁྲིས་པའི་ནད ་ཡང་རུང་ལངས་ཤིང་གཡོས་པའི་ཚེ། །ནད་ནང་མ་འདོམས་ན་སོ་སོའི་ཐབས་བཞིན་དུ་གསོས་ཤིག་།གལ་ཏེ་རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་ཐམས་ཅད་ཅིག་ཅར་འདོམས་ཤིང་ན་ཏེ་མི་བདེན། རླུང་ནད་དང ་མཁྲིས་པའི་ནད་གང་ཚབས་ཆེ་བ་དེ་སྔར་གསོ་ཞིང། ནད་ཚ་བས་མི་ཆེ་བ་ལྷག་མ་གཞན་ལ་ཡང་མི་གནོད་དེ?་མི་ལྡང་བ་དེ་ལྟ་བུའི་ཐབས་སུ་གསོའོ། །ནད་བསལ་ཞིང་གསོ་བའི་ཐབས་ནི་ནད་དམིགས་གང་མི་བདེ་བ་ཡང་གསོས་ཤིང ་ཞི་བར་བྱེད་ལ། ནད་གཞན་ཡང་མི་ལྡང་བར་བྱའོ། །ཡང་ལ་ལ་ནང་ལངས་པ་ནི་དུབ་ཅིང་གསོས་པར་མི་ནུས་ལ་ནད་གསར་གླང་ཐབས་སུ་སློང་བར་བྱེད་པ་དེ་ལྟ་བུ་ནི་དཔྱད་ངན་པ་མི་མཁས་པ་ཞེས་བྱའོ། །དཔྱད་མཁས་པ ་རི་ནད་གང་མི་བདེ་བ་དེ་ཡང་སོས་པར་བྱེད་ལ། །ནད་གཞན་ལྡང་བའི་ཉེན་དུ་མི་འགྱུར་བར་ནུས་པ་དེ་ནི་མཁས་པ་ཞེས་བྱའོ། །རླུང་ནད་ལ་སོགས་བར་འགྱུར་བའི་ཚུལ་ནི་ལས་དྲག་ཤུལ་ལྟ་བུ་བྱས་བ་དང། ཟས་དྲོད་ཆེ་བལྟ ་བུའི་བག་ཟོས་པ་དང། ཚ་བའི་བག་ཟོས་པ་དང། གནོད་པར་འགྱུར་བ་རྣམས་བྱས་པ་ནད་ལུས་ཀྱི་ཁོང་ན་ཡོད་པའི་རྣམས་དཀྱེལ་སྐྱེས་ནས། ལུས་ཀྱི་ཡན་ལག་དང་།རུས་པ་དང། གནས་ལ་སོགས་པ་ཀུན་གྱི་ནང་དུ་རླུང ་ནད་ལ་སོགས་པ་འགྲོ་ཞིང། འཇུགས་པར་འགྱུར་རོ། །དེ་ལྟ་བུའི་རླུང་ནད་ལ་སོགས་ཞུགས་པར་གྱུར་ནས་།ནད་དཀྱེལ་སྐྱེས་པ་ཡང་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པས་རྩ་སྒོ་ཐམས་ཅད་ནས་ནད་བཀྲུ་སྟེ། བསལ་ན་ནད་དཀྱིལ་སྐྱེས་པ་དེ ་བཀྲུས་ཤིང་བཟགས་པ་དང། སྦྱངས་ཤིང་བསལ?་དུ་རུང་པར་སྨིན་པར་བྱས་པ་དང། འདི་རྣམས་ཀྱི་ནད་རྩེ་གཞིལ་ཞིང་ནད་ཁོང་དུ་བསྡུ་བར་བྱའོ། །རླུང་རྩེ་བཅིལ་ཏེ་ཁོང་ན་གནས་པ་དེ་ཡང་ནད་ཏན་ནས་མི་ཕྱིན་ཅིང་འདུག་ན། ནད་དེ་ལྡང ་པར་འདུག་པའི་རྒྱུ་ཁ་ཟས་མི་འཕྲོད་པ་དང། ནམ་མ་འཕྲད་ཀྱི་བར་དུ་ཁོང་ན་སྡོད་ཅིང་ཐོགས་ཏེ། རླུང་ནད་ལ་སོགས་པ་སློང་བའི་གཞི་ཁ་ཟས་མི་འཕྲོད་པ་དང། དཔྱིད་དང། དབྱར་སྟོན་དང། དགུན་ནད་ལ་སོགས་པ་ནད་སོ་སོའི་ལྡང་བའི ་དུས་ཀྱི་སྟོབས་དང་ལྡན་པར་གྱུར་ན་ཡང་ནད་ལྡང་ངོ། །ཡང་ན་སོ་སོའི་ནད་ལྡང་བའི་དུས་སུ་ཟས་མི་འཕྲོད་པ་ཚོར་ཟོས་སམ། དེ་བསྟེན་པའི་རྐྱེན་གྱིས་དུས་ཀྱི་ནད་མ་ཡིན་ལ་མཁྲིས་པ་དང་བད་ཀན་གཞན་ལ་སོགས་པ་ཡང་ལྡང་ངོ། །གཞན ་ཡང་ནད་ལྡང་བའི་ནི་རླུང་དམ་མཁྲིས་པ་ལྟ་བུའི་བོན་གྱིས་བད་ཀན་གྱི་ནང་ལྟ་བུ་ཡང་གཅིག་ལ་གཅིག་བསྟེན་ནས་ལྡང་ངོ། །དེ་ལ་ཡང་བད་ཀན་གྱིས་སར་རླུང་ནད་ཞུགས་སམ། མཁྲིས་པའི་སར་རླུང་ནད་ཞུགས་སམ། རླུང་གི་སར ་མཁྲིས་པ་འམ། བད་ཀན་ཞུགས་ཀྱང་རུང་སྟེ། ནད་གླང་ཐབས་ཞུགས་པ་ནི་མཐུ་ཆེ་སྔ་ན་གནས་པའི་སྙིང་ནི་སྟོབས་ཆུང་ཞིང་ཞན་པར་འགྱུར་ཏེ། མི་བདེན། དེ་ལ་གསོ་བའི་དཔྱད་ནི་སྔ་ན་གནས་པ་གང་ཡང་རུང་བ་དེ་མགུ་བསྐྱེད? ་ཅིང་གསོས་ན། གླང་ཐབས་སུ་ཞུགས་པ་ཞར་ལ་ཕྱིན་ཅིང་འབྱད་དོ། །ཡང་ནང་གཞན་གྱི་སར་ནད་གླད་ཐབས་སུ་ཞུགས་པ་དེ་ཉིད་སྨན་དཔྱད་ཀྱི་ཆོ་གའི་སྟོབས་ཀྱིས་ནད་བསལ་ཏེ་ཞི་བར་བྱས་ན། བད་ཀན་ནམ་མཁྲིས་པ་རང་གིས་ན་གནས་པ ་དེ་ནི་གསོ་མི་དགོས་པར་རང་འཚོའི། །རྩིབ་ལོགས་སམ། གློ་གཡས་གཡོན་ནམ་རྐང་ལག་གཡས་གཡོན་དུ་ནད་ཞུགས་པར་གྱུར་ན་དཀྱེལ་ཆེ་སྟེ། ནད་བ་ཡུན་རིངས་སུ་ཉོན་མོངས་པར་འགྱུར་རོ། །དེ་གསོ་བའི་ཆོག་ཡང་འཕྲལ་དུ་རིངས ་ཐབས་སུ་བྱས་ན། ལུས་དང། ཁོངས་པ་ནང་གི་མིའི་དྲོད་དང་ཉམས་མཐུ་ལ་གནོད་བར་འགྱུར་གྱི། །རིངས་ཐབས་སུ་ནི་མི་བྱའི། །དེ་ནི་སྨན་དང་དཔྱད་ཀྱི་རྩིབ་ལོགས་གཡས་གཡོན་དང། ཡན་ལག་གཡས་ཀྱི་ནད་དེ་ལུས ་ཀྱི་ཁོང་དུ་བསྡུ་ཞིང་བརླན་ཏེ་བདེ་བར་ཞི་བར་བྱ་ཞིང་གསོའོ། །དེ་ལྟར་ན་ནད་ཀུན་ཁོང་དུ་འདུས་པ་ཤེས་ནས། ནད་གང་དུ་ཉེ་བར་འོངས་པ་བཞིན་དུ་གྱེན་དུ་སློན་པ་དང། ཐུར་དུ་བཀྲུ་བ་དང། སྨན་མས་བཏད་བས་ནད་བསལ ་པ་དེ་ལྟ་བུས་ནད་དབྱུང་ངོ། །ནད་པ་གཞི་ན་ནི། རླུང་དམ་མཁྲིས་པའམ། བད་ཀན་གྱི་ནད་གང་ཡང་རུང་སྟེ། ནད་རྩེ་མ་གཞིལ་ན། ནད་ཚབས་ཆེ་སྟེ། ནད་མ་སྨིན་པའི་རྟགས་ནི། བུ་ག་དགུ་ནས་འབྱུང་བ་རྣམས་འགག། ་ཉམས་སྟོབས་ཆུང་ཞིང་ཉམས། ལུས་ལྕི། ལྟོ་བའི་ནང་ན་རླུང་འཁྲུལ་ཞིང་འུ་རུ་རུ་ཟེར། ཁོང་སྙོམས། ཁ་ཟས་མི་འཇུ། བད་ཀན་དང་འཆིལ་མ་མང། བཤང་ལྕི་སྲིད་ཞིང་འགག་།ཁ་ཟས་ཡི་གར་མི་འོང། ཁོང ་རྨྱ་ལ་ཏེ་འདི་ནི་ནད་དོ་ཅོག་གང་གིས་བཏབ་ཡང་རུང་སྟེ། རྩེ་མ་བཞི་ལ་ན་མ་ཐུབ་པའི་རྟགས་ཡིན་ནོ། །ནད་ཐབས་འདི་ལྟ་བུ་ལས་བཟློག་ན་ནད་རྩེ་ཞིལ་ཏེ་སྨིན་པ་ཡིན་ནོ། །དེ་ཡང་ཇི་ལྟ་ཞེ་ན་།ཁོང་པའི་དྲོད་ཆུང། ཉམས་སྟོབས ་ཆུད་།ཁམས་བདུན་པོ་ལ་དང་པོའི་ཁམས་བཅུད་ཅེས་བྱ་བ་ཁོང་དུ་མི་འཇུ། ནད་ཁོང་དུ་དྲོད་ཀྱིས་ཕོ་བའི་ནང་དུ་ཞུགས་ཏེ། དེ་ནི་བཅུད་དངས་མ་ཡང་མ་ཞུ་བར་འདུག་བས་ན། དེའི་ཚེ་དེ་ལྟ་བུ་ནི་ནད་རྩེ་ཞིལ་ཏེ་སྨིན ་པའི་རྟགས་ཡིན་ནོ། །ནད་ཚབས་པོ་ཆེ་ཞིང་གིས་བཏབ་པའི་སྟེང་དུ་།ནད་གླང་ཐབས་གཞན་ཞིག་ཀྱང་བཏབ་ཏེ། རྣམ་པ་གཉིས་སུ་འདོམ་སྟེ་ན་བ་ནི་དཔེར་ཀོ་ཏྲ་པ་ཞེས་བྱ་བ་ཅི་ཚེ་ལས་དུག་ཏུ་གྱུར་པ་དང་འདྲ་སྟེ། ནད་ཚབས་ཆེན ་པོར་གྱུར་པ་ཞེས་བྱའོ། །དེ་ལྟ་བུར་ནད་ཚབས་ཆེན་པོ་དང་དྲེས་ཤིང་འདོམས་པའི་ནད་ཀྱིས་བཏབ་སྟེ། རླུང་དང་བད་ཀན་དང་མཁྲིས་པ་འདྲེས་པར་གྱུར་ན། ཁམས་བདུན་ལ་ཡང་གནོད་པའི་ནང་དུ་འགྱུར་ཏེ། དེ་ལྟ་བུ་ནི་ནང་སྨིན་པ་བསྔོ་ཞིང ་ཚབས་ཆེ་ཞེས་བྱའོ། །དེ་ལྟ་བུའི་ནད་ལS་ནད་གཞན་ཡང་གསར་དུ་འབྱུང་སྟེ། ལུས་ཐོག་ཐག་ཏུ་ནད་ཞུགས་ཏེ་ན་ན། རྩེ་མ་ཞིལ་གྱི་བར་དུ་བཀྲུ་སྨན་དང། སྐྱུག་སྨན་ལྟ་བུ་མི་བཏང་ངོ། །ཇི་ལྟ་ཞེ་ན། ནད་ནང་དུ་ཞུགས་ཏེ ་ཕྱིར་མ་ཕྱུང་པ་ནི། དཔེ་ཤིང་ཏོག་མ་སྨིན་པ་ལས་ཁུ་བ་མི་འབྱུང་བ་དང་འདྲ་སྟེ། དེ་ལྟ་བུ་ལ་སྨན་བཏང་ན་ལུས་མ་རུང་པར་འགྱུར་ལ། །ནད་ཀྱང་མི་ཕྱིན་ནོ། །དེ་ལྟ་བས་ན་ནད་བསལ་དུ་རུང་བར་སྨིན་ཏེ། རྩེ་ཞིམ་བར་བྱ ་བ་དང། དྲོད་ཆེ་བའི་ཟས་ཀྱིས་དྲོད་བསྐྱེད་པ་དང། རླུང་ནད་ལ་སྣུམ་བག་གིས་བརྟ་བ་དང། དུགས་དང་ལུགས་ལ་སོགས་པས་རྩི་བཅིལ་ཏེ་ནད་བསལ་དུ་རུང་བར་བྱའོ། །ནད་བསལ་དུ་རུང་བར་གྱུར་ནས་ནང་དམིགས་དང་སྦྱར་ལ ་ནད་གང་དུ་ཉེ་བར་གྱུར་པ་ལས། གྱེན་དུ་བསློན་པ་དང། ཐུར་དུ་བཀྲུ་བ་ནད་པའི་ཉམས་སྟོབས་དང་སྦྱར་ལ། བཀྲུ་ཞིང་སློན་པར་འགྱུར་ན། ནད་འབྱང་བ་ལ་རང་གིས་འབྱུང་དུ་མི་སྣང་བར་རང་གིས་མ་བཀག་ཤིག་།མནག་སྟེ་མ་སློན་མ་འཁྲུས་པར་བྱས་ན ་དེ་ཉིད་ལ་ནང་དུ་འགྱུར་རོ། །དེ་ལྟར་སྟོང་སྨད་དུ་ནད་འཁྲུས་ཤིང་བྱུང་ནས། ནད་ཕྱིན་ཕྱིན་གྱི་བར་དུ་ནི། ཅི་ནས་ཀྱང་འཁྲུ་ཞིང་སློན་ལ་།ནད་ཕྱིན་ཕྱིན་གྱི་བར་དུ་བསྡད་དོ། །ནད་ཕྱིན་པར་གྱུར་ནས་གདོན་ཕན་པའི་ཁ་ཟས་བཟའོ། །ཡང་སྐྱུག་སྨན་དང ་བཀྲུ་སྨན་བཏང་བ་ལས། སྨན་འཁྱིལ་ཏི་མི་སློན་མི་འཁྲུ་བར་གྱུར་ན། ནད་འབྱུང་བར་འགྱུར་བ་རྩེ་གཞིལ་ཞིང་སྨིན་པར་བྱེད་པའི་སྨན་གྱིས་བསལ་དུ་རུང་བར་བྱས་ལ། སློན་པའམ་བཀྲུ་བས་སྦྱང་ངོ། །སྐྱག་སྨན་དང་བཀྲུ་སྨན་གྱིས་སྦྱང་ཞིང། བསལ་བའི ་དུས་ནི་དབྱར་ཟླ་ཐ་ཆུང་གི་ངོ་ལ་རླུང་ནད་བསལ་བའི་དུས་སོ། །སྟོན་ཟླ་ཐ་ཆུང་གི་ངོ་ལ། མཁྲིས་པའི་ནང་བསལ་བའི་དུས་ཡིན་ནོ། །དཔྱིད་ཟླ་འབྲིང་པོ་ལ་བད་ཀན་གྱི་ནད་བསལ་བའི་དུས་ཡིན་ཏེ། ནད་སྦྱར་ཞིང་བསལ་བའི་རིམ་པ་ནི་དེ་ལྟ་བུའོ། །དེ་ལ ་ནད་དཀྱེལ་དུ་སོགས་པའི་རིམ་པ་ནི་སོས་ཀའི་དུས་དབྱར་ཟླ་བ་དང། དབྱར་ཟླ་འབྲིང་པོ་ལ་ཚ་བའི་ནང་མཁྲིས་པ་ནི་ལངས་སོ། །རླུང་ནད་ནི་ཁོང་དུ་སོགས་སོ། །དབྱར་གྱི་དུས་ན་དབྱར་ཟླ་ཐ་ཆུང་དང། སྟོན་ཟླ་ར་བའི་ངོ་ལ་རླུང་ནད་ནི་ལངས་སོ། །མཁྲིས་པའི ་ནད་ནི་སོགས་སོ། །སྟོན་ཟླ་འབྲིང་པོ་དང་སྟོན་ཟླ་ཐ་ཆུང་ལ་ཚ་བའི་མཁྲིས་པའི་ནད་ནི་ལངས། གྲང་བའི་རླུང་ནད་ནི་སོགས་སོ། །དགུན་སྟོང་དང་དགུན་སྨད་ནི་ལངས། བད་ཀན་གྱི་ནད་ནི་སོགས་སོ། །དཔྱིད་ཟླ་ནི་བད་ཀན་གྱི་ནད་ལྡང་ངོ། །དེ་ལྟར ་དུས་རེ་རེ་ལ་ནད་སོགས་པ་དང། ལྡང་བའི་དམིགས་དང་སྦྱར་ཏེ། དེ་ལ་བད་ཀན་གྱི་ནང་ནི་སྟོད་དུ་སྐྱུག་ཅིང་དྲང་ངོ། །མཁྲིས་པའི་ནད་ནི་ཐུར་དུ་བཀྲུའོ། །རླུང་ནད་ནི་སང་སྨན་མས་བཏང་ཞིང་བསལ་ལོ། །དེ་ལྟ་བས་ན་སོས་ཀ་རབ་ཏུ ་ཚ་བའི་དུས་དང། དབྱར་ཟླ་རླུང་ནད་ལངས་པའི་དུས་དང། དགུན་གྲང་བའི་ཚེ། སོ་སོའི་ནད་ལངས་ཤིང་སྡོད་པའི་དུས་སུ་སྨན་གྱིས་བཀྲུ་ཞིང་སྐྱུག་ཅིང་གྲང་ངོ། །དེ་བས་ན་དགུན་དང་དཔྱིད་ཀྱི་མཚམས་དཔྱིད་དང་སོགས་ཀའི་མཚམS ་སོས་ཀ་དང་དབྱར་གྱི་མཚམས། དབྱར་སྟོན་དང་དགུན་གྱི་མཚམས་འདི་ལྟ་བུ་སོ་སོའི་ནད་མ་ལངས། མ་བྱུང་བའི་སྐབས་སུ་བཀྲུ་སྨན་དང་སྐྱུག་སྨན་གྱིས་ནང་སྦྱང་ཞིང་བསལ་ན་རྟག་ཏུ་ནད་ཞི་ཞིང། བདེ་བ་ཐ་མལ་བར ་གནས་པར་འགྱུར་རོ། །རྟག་པར་མི་ན་བ་འདོད་ན་སྤང་ཐབས་འདི་ལྟར་གྱིས་ཤིག་།ནད་ཀྱི་དབང་དུ་གྱུར་ཏེ་མི་བདེ་བ་ཞིག་ན། ཡང་ཐབས་འདི་ལྟ་བུར་བྱའོ། །སས་ཀ་དང་དབྱར་དང་དགུན་གྱི་སོ་སོའི་དབྱད་དང། ཆོ་ག་ཚུལ་བཞིན་དུ་ནད་ཀྱི་དམིགས ་རིམ་པ་དང་སྦྱོར་ལ་གྱིས་ཤིག་།སོ་སོའི་ཐབས་སྐབས་སུ་སྐྱུག་སྨན་བཀྲུ་སྨན་ལ་སོགས་པ་བཏང་པ་ཆོ་ག་བྱ་བའི་དུས་སུམ་ཤེལ་མ་ཡོལ་བར་གྱིས་ཤིག་།སྨན་བཏང་ཞིང་བཟའ་བའ་ཨི་བྱེ་བྲག་བཤད་པ་རྣམ་པ་བཅུ་ལ། ཁ་ཟས་མ་ཟོས་བར་ཁྱེའུ ་སུས་ལ་སྨན་བཏང་བ་དང། གྲོ་ཁར་སྨན་བཏང་བའི་རྗེས་ལ་ཟན་བཟའ་བ་དང། ཟན་ཕྱེད་ཟོས་ན་སྨན་བཟའ་བ་དང། ཟན་ཟོས་སྐོམ་འཐུངས་ཟིན་པའི་རྗེས་ལ་སྨན་གྱིས་མནན་པ་དང། ནང་པར་གྱི་མཁྱེའུ་སུས་དང། ཕྱི་འཕྲེད་ཀྱི་ཟས་ཀྱི་བར ་ཉི་མ་གུང་ལ་སྨན་བཏང་བ་དང་ཟན་དང་སྨན་པ་གཅིང་བཟའ་བ་དང་།ཡང་དང་མང་ཚེག་བུར་བཟའ་བ་དང། འབྲས་ཆན་ནམ་ཟན་དང་སྨན་ལྷན་ཅིག་བཙོས་ཏེ་བཟའ་བའ་ཨམ། ཡང་ན་སོ་སོར་བཙོས་པ་ལས་སྲེག་ཏེ་བཟའ་བ་དང། སྔར་སྨན ་བཏང་ལ་དེའི་རྗེས་ལ་ཁ་ཟས་སྤང་པ་ཅུང་ཟད་ཟོས་ནས་སྨན་བཏང་བ་དང། མཚན་མོ་ཉལ་གར་སྨན་བཏང་བ་དང། རྣམ་པ་དེ་བཅུའོ། །ཡོད་སྨན་བཏང་ངོ་ཅོག་ཀྱང་ནད་པའི་ནད་དམིཌ?་དང་སྦྱར་ལ། སྨན་བཏང་བའི་དུས་ལས་མ་གྱུར་པར་བཏང་ངོ། །དེ ་ལ་ནང་པར་ཁྱེའུ་སུས་ལག་ཟས་མ་ཟོས་པར་སྨན་བཟའ་བ་ནི། །ནད་པ་པོ་བའི་དྲོད་ཆེ་ལ་བེའུ་སྣབས་ཀྱང་མེད་པོ་བའི་རྩ་སྒོ་རྣམས་ཀྱང་མ་འགགས་ལ། ནད་པའི་ཉམས་སྟོབས་དང་ལྡན། བད་ཀན་ཤས་ཀྱིས་ཆེ་བའི་མི་དེ་ལྟ་བུ་ལ། སྨན་ཁྱེའུ ་སོས་ལ་བཏང་ན་སྨན་མཐུ་རབ་ཏུ་ཆེ་བར་འགྱུར་རོ། །དེ་ལ་དྲོ་ཁར་སྨན་བཏང་བའི་རྗེས་ལ་ཟན་བཟའ་བ་ནི། རླུང་ནད་ཨ་པ་ན་ཐུར་དུ་སེལ་བ་ཞེས་བྱ་བའི་ནད་ཀྱི་བཏབ་པ་བསལ་བ་དང། ལུས་ཀྱི་ཉམས་སྟོབས་བསྐྱེད་པ་དང། ཤ་སྐེམ་ཞིང་གྲིམས་པར ་བྱ་བའི་ཕྱིར། གྲོ་ཁ་སྨན་འཐུངས་པའི་རྗེས་ལ་ཟན་བཟའ་བར་བྱའོ། །ཟིན་ཕྱེད་ཟོས་ན་སྨན་བཟའ་བ་ནི་རླུང་ནད་ས་མ་ན་མེའི་དྲོད་དང་མཉམ་དུ་གནས་པ་ཞེས་བྱ་བ་ལས་ནད་དུ་གྱུར་པ་དེ་ལྟ་བུ་ལ། ཟན་ཕྱེད་ཟོས་ན་སྨན་བཏང་ལ་འཇུག་ཀྱང་ཟན་དང་སྐོམ ་གྱིས་མནན་ཏོ། །ཐབས་འདི་ལྟར་བཏང་ན་རླུང་ནད་དེ་ལྟ་བུའི་ནད་དང་ཁོང་པའི་ནང་ག་ནད་རྣམས་དང། མཁྲིས་པ་རྒྱས་པའི་ནད་ལ་ཕན་ནོ། །ཟས་ཟོས་སྐོམ་འཐུངས་པའི་རྗེས་ལ་སྨན་གྱིས་གནན་ཅེས་བྱ་བ་ནི། རླུང་ཁྱབ་བྱེད་ཅེས་བྱ་བ་ལས་ནང་དུ་གྱུར ་ཏེ་མི་བདེ་བ་དང། རླུང་ནད་ཨ་པ་ན་ཞེས་ཐུར་དུ་སེལ་བར་བྱེད་པའི་ནད་ཁྱེའུ་སུས་ལ་སྨན་བཏང་བས་མ་ཕན་པ་དང། མཚན་མོ་ནི་བདེ་བའི་ནད་མ་ཞི་བ་ལ་ཕན་པར་བྱ་བ་དང། རོ་སྟོད་ཡན་ཆད་ལ་བདེ་ཞིང་སྟོབས་མཐུ་བསྐྱེད་བ་དང་བད་ཀན ་ལས་ནང་དུ་གྱུར་པ་ལ་ཞི་བར་བྱ་བ་དང། ཤ་མཆོག་སྐྱེ་ཞིང་སྦོམ་པོར་བྱ་བ་འདི་ལྟ་བུ་ལ། ཁ་ཟས་ཀྱི་འཇུག་ལ་སྨན་གྱིས་མནན་ཅིང་བཟའ་སྟེ། གྲོ་ཁའི་ཟན་གྱི་འཇུག་ལ་སྨན་བཟའ་ཞིང་གནན་ཏོ། །ནད་པར་གྱི་ཁྱེའུ་སུས་དང། ཕྱི་འཕྲེད་ཀྱི་ཟས ་ཀྱི་བར་ཉི་མ་གུང་ལ་སྨན་བཏང་བ་ཞེས་བྱ་བ་ནི་དྲོད་ཆེས་པ་ལས་ཁྱབ་བྱེད་ཅེས་བྱའི་རླུང་ནད་དུ་གྱུར་ན། ཁྱེའུ་སུས་ཟོས་ཏེ་ཞུ་བ་དང། གྲོ་ཁར་སྨན་ཟོས་ལ། སྨན་དེ་ཞུ་ན་ཕྱི་འཕྲེད་ནུས་པར་ཟན་བཟའ་བ་ནི། མཚན་མོའི་ཆོ་ག་ཡང་འདི་ལས་ལྷག་པར་བྱ་བ ་མེད་དེ་།འདིར་འདུས་སོ། །ཟིན་ཁམ་རེ་དང། སྨན་ཐུན་རེ་སྦེལ་ཞིང་བཟའ་བ་ཞེས་བྱ་བ་ནི། སྲོག་ཅེས་བྱ་བའི་རླུང་ལས་ནད་དུ་གྱུར་བ་དང། ཕོ་བའི་དྲོད་སྐྱེད་པ་དང། བུད་མེད་ལ་ཉལ་ཕོད་བར་བྱ་བ་དང། སྙིང་ན་བ་དང། སྐྱུག་པ་བཤད་པ ་འདི་ལྟ་བུ་ལ་ཟན་ལ་ཁམ་རེ་ཟོས་ཤིང་སྨན་བཅུར་ནིས་ཕྱེ་བའམ། སྨན་བདེ་གཱུམ་།སྨན་རིལ་བུ་ཐུན་རེ་དང་སྦེལ་ཞིང་བཟའོ། །ཡང་དང་ཡང་ཚེག་བུར་བཟའ་བ་ནི་ཟན་ཟོས་ཀྱང་རུང། དབུགས་མི་བདེ་བ་དང་ལུང ་བ་ལུ་བ་དང། སྐྱིགས་བུས་བཏབ་པ་དང། སྐོམ་གྱིས་གདུངས་པ་དང། དུག་གིས་ཕོག་པ་དང། སྐྱུག་བྲོ་བ་འདི་ལྟ་བུ་ལ་སོགས་པ་སྨན་ཅག་པུར་ཡང་དང་ཡང་བཟའོ། །འབྲས་ཆན་ནམ་ཟན་དང་སྨན་ལྷན་ཅིག་བཙོས་ཏེ། བཟའ ་པའམ། ཡང་ན་སོ་སོར་བཙོས་པ་ལ་བསྲེགS་ཏེ་བཟའ་བ་ནི། བྱིས་པ་ཆུང་དུ་སྨན་འཐུང་མི་ནུས་པ་དང། སྨན་སྟོབས་ཆུང་དུས་སྨན་འཐུངས་པ་ལ་ཞན་པ་དང། སྨན་དང་ཁ་ཟས་ཡི་གར་མི་འོང་བ་འདི་ལྟ་བུ་དང། ལུས་དང་ཡན ་ལག་ཐམས་ཅད་ན་བ་ལ་ཁ་ཟས་ཡིད་དུ་འོང་བ་སྣ་ཚོགས་དང། སྨན་དུ་སྦྱར་ལ་ལྷན་ཅིག་བཙོས་སམ། སོ་སོ་ན་བཙོས་པ་ལ་སྦྱར་ཏེ་བཟའོ། །སྔར་སྨན་བཏང་ལ་དེའི་རྗེས་ལ་ཁ་ཟས་ཡང་བ་ཅུང་ཟད་ཟོས་ན། ཡང་སྨན་བཟའ་བ་ནི། ་སྐྱིགས་བུ་དང་ལུས་འདར་བ་དང་རྐང་ལག་འདར་བ་དང། ལུས་སྟོད་སྨོད་མི་བདེ་བདེ་ལྟ་བུའི་ནད་ལ། སྨན་སྔར་འཐུངས་ལ་ཟས་ཡང་བ་དེའི་འོག་ཏུ་ཟོས་ཏོ། །དེའི་རྗེས་ལ་སྨན་འཐུངས་ན་ཕན་ནོ། །མཚན་མོ་ཉལ་ཁར་སྨན་བཏང ་བ་ནི་།མགུལ་པ་ཡན་ཆད་སྟོད་ཀྱི་ནད་ལ་མཚན་མོ་ཉལ་ཁར་སྨན་བཏང་ན་ཕན་ཏེ། དེ་ལ་སྐོམ་པ་འམ། ཡང་ན་ཆུ་འཐུངས་པར་མ་གྱུར་ཏམ། ཟས་མ་ཞུ་འམ། ཡང་ན་བཀྲེས་སམ། ལུས་རྨྱ་ན། མཚན་མོ་ཉལ། ཁང་སྨན་བར?་དུ ་མི་རུང་ངོ། །རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་གྱི་ཐིབས་བཤད་པའི་ལེའུ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་ཡང་ནད་པའི་ཉམས་བརྟ་ཞིང་གསོ་བའི་ཐབས་དང། ནང་ཡང་བར་བྱ་བའི་ཕྱིར་ཟོས་དབྱི་བ ་དང། སྨྱུང་བར་བྱ་བ་དང་རྣམ་པ་གཉིས་ཀྱི་ལེའུ་བཅུ་བཞི་པ་བཤད་པར་བྱའོ། །དཔྱད་རྣམ་པ་གཉིས་སུ་བཤད་པ་དེ་ལ་ཅིག་གིས་ལུས་ཀྱི་ཉམ་མཚག་བ་རྟས་པར་བྱའོ། །རྣམ་པ་གཉིས་པོ་ནི་ལུས་མཉམ་མཚག་སྨད་ཅིང་ཤ་དབྲི་བར ་པར་བྱའོ། །དེ་ལ་ཉམ་མཚག་བརྟས་པར་བྱ་བ་ནི་ཤ་མཚག་རྒྱས་པ་ཚོན་པར་བྱའོ། །ཉམ་མཚག་སྨད་དེ་སྐེམ་པོར་བྱ་བ་ནི་ཟས་དབྲི་ཞིང་བསྡམ་པ་སྨྱུང་བ་ལྟ་བུར་བྱས་པས། ལུས་ཤ་དབྲི་སྟེ་ཁོང་ཡང་བར་བྱ་བ་ཡིན་ནོ་དེ། ་ཡང་ཡོང་ནི་ཕལ་ཆེར་ལུས་ཀྱི་རང་བཞིན་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་རང་བཞིན་ཡིན་ཏེ་འདི་རྣམས་པར་བསྐྱེད་པ་དང་དབྲི་བའོ། །ཆེན་པོ་ལྔ་པོ་འདི་རྣམས་ལ་དཔྱད་དུ་བྱ་བ། ཁོང་སྣུམ་བ་དང། ལུས་ཀྱི་ཁོང་རྩུབ་པར་བྱ ་བའོ། །ལུས་དེ་ལ་ཡང་དུགས་དང་ལུམས་བྱ་བའི་ཆོ་ག་ནད་གྱི་གནད་ཀྱི་ཚེ་གཞིལ་བར་བྱ་བའི་དཔྱད་ཀྱང་བྱའོ། །ཆེན་པོ་ལྔའི་ལས་ལ་དཔྱད་དུ་བྱ་བ་ཡང་རྣམ་པ་གཉིས་ཏེ། ལུས་ཀྱི་ནད་བཀྲུ་ཞིང་སྦྱང་བ་དང། ཞི་བར་བྱའོ། །བཀྲུ་ཞིང་སྦྱང་བནི་ནང་གི ་ནད་ཕྱིར་སེལ་བ་སྟེ། དེ་ཡང་རྣམ་པ་ལྔའོ། །ལྔ་གང་ཞེ་ན། སྨན་མས་བཏང་ཏེ་ནད་བསལ་པ་དང། སྐྱུག་སྨན་བཏང་བ་དང། ཁོང་པའི་ལུས་ནད་བཀྲུ་བ་དང་།མགོ་བོའི་ནད་རྣམས་སྨན་སྣ་ནས་གཏང་ཞིང་བསལ་བ་དང། གཏར་ག་གདབ་ཅིང་ཁྲག་དབྱུང་བ ་དང་ལྔའོ། །ནད་ཞི་བར་བྱེད་པ་ནི་ནད་སེལ་ཅིང་འཁྲུ་བར་བྱེད་པ་ཡང་མ་ཡིན་ཏེ། འཕྲོད་ཅིང་སྙོམས་ཏེ་བདེ་བ་ལས་གནོད་པར་ཡང་མི་བྱེད། རླུང་དང་བད་ཀན་དང་མཁྲིས་པ་རྣམས་མ་སྙོམས་ཏེ་ནང་དུ་གྱུར་པའི་རྣམས་དུབ་ཅིང་ཞི་ནས་ནང་འཕྲོད་སྙོམ ་པར་བྱེད་པ་དེ་ལ་ནད་ཞི་བར་བྱེད་པ་ཞེས་བྱ་སྟེ། དེ་ཡང་རྣམ་པ་བདུན་དུ་བལྟའོ། །དེ་གང་ཞེ་ན། དྲོད་ཆེ་བའི་འཇུ་སྨན་གྱིས་ནད་བསལ་དུ་རུང་བ་འཇུ་བར་བྱ་བ་དང། ཕོ་བའི་མེ་དྲོད་བསྐྱེད་པ་དང། བྲུ་བ་ཆ་བར་བྱ་བ་དང། སྐོམ་པར་བྱ་བ་དང། ལུས་བསིག་ཅིང ་བཅག་པ་དང། ཉི་མ་ཚ་བ་ལ་བདེ་བ་དང། ཚ་བའི་ནད་ལ་བསེར་བུ་བསིལ་བ་དང་སྦྱར་བ་འདི་དག་ནི་འཕྲལ་དུ་ནད་དུབ་ཅིང་ཞི་བར་བྱ་བ་ཡིན། རླུང་ནད་དང་མཁྲིས་པའི་ནད་གཉིས་ལ་ནི་བརྟ་བའི་ཆོ་ག་དང། དུབ་ཅིང་ཞི་བར་བྱ་བའི ་དཔྱད་བྱའོ། །ཟས་དང་སྨན་གྱི་ལུས་བརྟ་བར་བྱ་བ་ནི་ཆང་ནད་ཀྱི་བཏབ་ཏེ་ཉམ་ཆུང་བ་དང། བུད་མེད་ཀྱིས་དུབ་བ་དང། མྱ་ངན་གྱིས་ཤ་ཟད་པ་དང། ལུས་ཁུར་གྱིས་སྐེ་བ་དང། ལམ་རིངས་གྱི་རྒྱུན་གྱིས་ཆད་པ་དང་།གློ་བརྡོལ་བ་དང། ལུས་སྐེམས ་ཤིང་རིང?་བ་དང། ཁོང་ན་སྣུམ་མེད་དེ་ལུས་རྩུབ་པ་དང། ཉམ་ཆུང་བ་དང་།རླུང་གི་ཤས་ཆེ་བ་དང། ལྟོ་ན་བུ་ཡོད་དེ་ཉམས་ཆུང་བ་དང། བུ་བཙས་པ་དང། བྱིས་བ་ཆུང་དུ་དང། མི་རྒན་པོ་སྦབས་ཆུང་དུ་འདི་ལྟ་བུ་དང། སོས་ཀ་ཚ་བའི་དུས ་འདི་ལྟ་བུ་ལུས་བརྟ་བའི་ཆོ་ག་བྱའོ། །དེ་ལ་ལུས་བརྟ་བ་ནི་ཤ་དང་འོ་མ་དང། མར་དང། མངར་བག་དང། སྣུམ་བག་དང། ལི་ཁར་དཀར་པོ་དང། སྨན་མས་བཏང་པ་འདི་དག་གིས་ཁོང་བརྟ་ཞིང་ཉམས་མཚག་བསྐྱེད་ལ། ཡང ་ལུས་ལ་ཕན་པ་མཚན་མོ་མལ་ན་གཉིད་བདེ་བའི་ལོག་པར་བྱ། ལུས་ལ་མར་གྱིས་བྱུགས་ཤིང་མཉེས་ཏེ། ཆུ་དྲོན་པོས་ཁྲུས་བྱ་བ་དང། ཉམ་བག་ཏུ་བདེ་བར་འདུག་པ་དང། ཉམས་དགའ་བར་བྱ་བ་འདི་ལྟ་བུས་ལུས་བལྟའོ།། ་ཡང་ལུས་ཀྱི་ཤ་མཚག་ཉམ་སྨད་ཅིང་འབྲི་བར་བྱ་བ་ནི། གཅིན་སྙི་བའི་ནད་དང། ཕོབ་ན་བེའུ་སྣབས་ཡོད་དེ་མཆིན་པ་ན་པ་དང། ཟས་སྣུམ་བག་ཧ་ཅང་ཟོས་སམ། ལུས་ཀྱི་ཁོང་སྣུམ་ཆེས་སམ། རིམས་ཀྱིས་བཏབ་བམ་།བརླ་ར་ངེས ་པའི་ནད་ཡོད་དམ། མཛེས་བཏབ་བམ། ཤུ་ཆེན་མཆེད་པ་འམ། ཁོང་འབྲས་དང། མཆེར་བ་ན་བ་དང་།ཀླང་པ་ན་བ་དང། ལྐོག་མ་ན་བ་དང། མིག་ན་བ་དང། ལུས་ཤ་བསྐྱེད་དེ་སྦོམ་པོར་འགྱུར་བ་དང། འདི་ལྟ་བུ་དང། དགུན་བསྟོད་ཀྱི་ཚེ ་ལྟ་བུ་རྟག་ཏུ་ཟས་བསྡམ་ཤིང་ཁ་ཟས་དབྲིབ་དང། སྨྱུང་པར་བྱའོ། །དེ་ལ་སྨན་གྱིས་རྟག་ཏུ་བཀྲུ་ཞིང་སྦྱང་བནི་ལུས་ཧ་ཅང་ཤ་ཆེ་ཞིང་སྦོམ་པ་དང། ཉམ་སྟོབས་ཆེ་བའི་མི་དང། ཚ་བའི་མཁྲིས་པ་རྒྱས་པའི་ནད་དང། བད་ཀན་རྒྱས་པའི་ཏེ་ཆེ་བ་དང། ཕོ་བའི ་ནང་ན་བེའུ་སྣ་བས་ཡོད་པས་ཟས་མི་འཇུ་སྟེ་མཆིན་པ་ནི་བ་དང། རིམས་ན་བ་དང། རྟོག་ཏུ་སྨོན་ཞིང་སྐྱུག་བྲོ་བ་དང་?་ཚད་བ་རབ་ཏུ་འཁྲུ་བའི་ནད་དང། སྙིང་ན་བ་དང། བཤང་གཅི་འགགས་པ་སྟེ་འོང་དུ་མི་རུང་བ་དང། ལུས་དང་ཁོང་ལྕེ་བ་དང། སྒྲག་པ ་རྟག་ཏུ་འོང་བ་དང། ཡིག?་འཆུས་ཤིང་དང་ཁ་མི་བདེ་བ་ལ་སོགས་པ་དང་།བཀྲུ་སྨན་དང་སྐྱུག་སྨན་དྲག་ཏུ་ཆེར་བཏང་ངོ། །སྨན་གྱིས་རན་པར་བཀྲུ་ཞིང་སྦྱང་བ་འབྲིང་ཙམ་དུ་བཏང་བའི་དམིགས་ནི། ཤ་ཆེ་ཆུང་རན་ཙམ་གྱི་མི་ལ་སྔར་ནད་བཞུ་བའི་སྨན ་བཏང་།དྲོད་སྐྱོད་ལ། དེའི་རྗེས་ལ་ནད་ཀྱི་དམིགས་གོང་མ་ལྟར་མི་བདེ་ཞིང་ན་བ་གང་ཡང་རུང་སྟེ། དེ་ལྟ་བུའི་མི་དང། ཡང་ལ་ལ་ཤ་ཆུང་ཞིང་སྐེམ་ལ་ནད་དམིགས་གོང་མ་ལྟར་ན་བ་དེ་རྣམས་ལ། བཀྲུ་ཞིང་སྦྱད་བའི་སྨན་དྲག་ངལ་རན་པ་འབྲིང་ཙམ་དུ ་བཏང་བ་དང། ཉམས་ཆུང་ཞིང་སྐེམ་པ་ལ་ཐུན་ཆུང་ཞིང་འཇམ་པོར་བཏང་ལ། དེའི་ཚེ་ན་ཁ་ཟས་བསྔ་མ་ཞིང་སྐོམ་ཐུར་པར་བྱའོ། །ཡོང་ནི་ནད་བའི་ཉམས་སྟོབས་འབྲིང་ཙམ་ཅིག་ལ་མི་བདེ་ན། དེ་ལ་དཔྱད་བཀྲུ་སྨན་གྱིས་བཀྲུ་ཞིང་སྦྱད་མི་དགོས ་ཏེ། དེ་ལྟ་བུ་ནི་ལུས་བསིག?་ཅིང་བཅག་པ་དང། ནད་དམིགས་དང་སྦྱར་ཏེ། རླུང་དང་བསེར་བུ་ལས་གསང་བ་གར་ལེགས་པར་བྱའོ། །ཉམས་མཚེག་འབྲིང་ལ་ཡང་བརྐུ་སྨན་ལ་སོགས་པ་མི་བཏང་ན། ནད་པ་ཉ་མ་ཆུང་བ་ལ་བཀྲུ་སྨན ་འཇམ་པོ་ཡང་བཏང་དུ་མི་རུང་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །ཅད་པ་ལུས་ཀྱི་ཉམ་མཚག་སྨད་ཅིང་བྲི་བ་ལྟ་བུ་ལ་ནི་ཉམ་མཚག་གསོ་ཞིང་བལྟ་བར་བྱ་བའི་མི་ལ་ནི། ཟས་བསྡམས་པ་དང། སྦྱང་བ་ལ་སོགས་པ་ཅུང་ཟད་ཙམ་བྱ་རུང་ངོ། །སྦྱིན ་གོས་ཤིང་ཉམས་མཆོག་བརྟ་བའི་དཔྱད་བྱ་བ་དང་སྐྱུག་སྨན་དང་བཀྲུ་སྨན་དང་སྨྱུང་བར་བྱས་ཏེ། ཉམས་མཚག་སྨད་པར་བྱ་བ་ཡང་ཡུལ་གྱི་སྣམས་དང། དུས་དང། མིའི་ན་ཚོད་དང། ཉམས་མ་ཚག་དང ་སྦྱར་ཏེ། ཧ་ཅང་ཉམས་འབྲི་བ་དང། ཧ་ཅང་ཉམས་བརྟ་བ་ཡང་མི་བྱའོ། །དེ་ལ་ལུས་ཀྱི་ཉམ་མཆི་ག་བརྟ་པའི་དཔྱད་བྱ་སྟེ། ཉམས་མཐུ་བརྟས་པར་འགྱུར་བར་མངོན་ཞིང་ཉམ་ཚག་བརྟས་།ཤ་སྐྱེས་སྟོབས་དང་ལྡན་པ་གྱུར་ན། ་མིག་དང་རྣ་བ་ལ་སོགས་པ་དབང་པོ་རྣམས་གསལ། བཤང་ལྕིའི་དྲི་མ་མི་སྲི་བར་འབྱུང་།ལུས་ཁོང་ཡང་བཤོར། བ་ཟས་ཡི་གར་འོང་ན་དེ་ལྟ་བུ་ནད་མེད་པར་གསོ་ཞིང་ཆོ་གར་བྱར་རུང་ངོ། །ཡང་ཁ་ཟས་བསྡམ་ཞྔ་དབྲི་བ་དང། སྨྱུང ་པར་བྱ་བས་ཕན་པར་མངོན་པའི་རྟགས་ནི་ཁ་ཟས་ཕྲ་ཞིང་བསྡམས་སམ། སྦྱུང་བར་བྱས་པ་ལས་ཟས་ཞུ་སྟེ་བཀྲེས་ཤིང་སྐོམ་པར་འགྱུར་བ་དང། ཁོང་གསུད་པའི་སྒེགས་པ་མན་མ་བོ་མི་ཞིམ་པ་མེད་པ་ཐ་མ་ལ་བར་འགྱུར་བ་ལ། སེམས ་ཀྱང་གསལ་དང་ག་དང་།གྲེ་བ་ཡང་སང་སང་པོར་གྱུར་ལ་།ན་བ་དང་མི་བདེ་བ་ཡང་རྩེའི་ཞལ་ལ། ཁོང་ཡང་ཞིང་ཅི་བྱའོ་ཅོག་ལ་སེམས་སྤྲོ་བ་ཡོད། མྱོ་མྱོང་པོ་སྙོམ་པའི་བག་མེད་པ་དེ་ལྟ་བུ་ནི། ཁ་ཟས་སྨྱུང?་བ་བྱས་པས་ཕན་བར་མངོན་པ་ཡིན་ནོ། ། ་ཉམ་མཚག་བརྟ་སྟེ་ཤ་བསྐྱེད་པའི་ཆོ་ག་ཆོད་མ་ཟིན་ཏེ་ཧ་ཅང་དྲགས་པས་ཤ་ཧ་ཅང་ཆེར་སྐྱེས་སམ་ཁ་ཟས་བྲི་ཞིང་སྨད་བ་དང། སྨྱུང་བར་བྱས་བ་དྲགས་པ་ཧ་ཅང་?་པོར་གྱུར་པ་འདི་གཉིས་ལྟ་བུ་ལ་སྨན་དཔྱད་ཀྱི་ཆོ་གར་བྱ་བ་ནི། ཤ་ཆེར་སྐྱེས་པ་དང། ཁ་ཟས་སྨྱུང་པར་བྱས ་བ་ལས་ནད་ཅིང་གྱུར་པའི་ཚུལ་མངོན་ཏེ། ལུས་ཤ་ཧ་ཅང་ཆེ་ཞིང་ཚོ་བའི་ནི་ནད་འབྲུམ་བུ་དང། ?་སྙི་བའི་ནད་དང། རིམས་ནད་དང། དམུ་རྫིང་ལྟ་བུ་གསུས་པ་ཆེར་སྐྱེས་པའི་ནང་དང་།བཤང་གཅི་འབྱུང་བའི་མཚམས་སུ་མཚན་མར་བརྡོལ་བའི་ནང་དང། ལུང་བ་ལུ་བ་དང ་རིམ་རྨོངས་བུས་འདེབས་པ་དང་།གཅིན་སྲི་བ་དང་ཕོ་བར་བེའུ་སྣབས་ཆགས་ཏེ་ཟས་མི་འཇུ་བ་དང། མཛེ་ལ་སོགས་པའི་ནད་མི་བཟད་པ་རྣམས་འབྱུང་ངོ། །དེ་ལ་ཤ་ཆེ་ཞིང་ཆེན་པོ་ནི་ཚིལ་ཟད་པར་བྱ་བ་དང། རླུང་དང་བད་ཀན་བསལ་བར་བྱ་བ་ལྟ་བུའི་དཔྱད་ཐམས་ཅད་བཟང ་དོ། །དེ་ལ་མི་ཚོན་བོ་སྐེམ་པོ་གྲིམས་པར་བྱ་བའི་ཁ་ཟས་ནི། རྒྱ་སྲན་ཀུ་ལ་ཏ་དང། ཇུ?་རྣ་དང། ཤ་མ་རྐར་ཁྲེ་རྒོད་དང། མས་དང། སྲན་ཆུད་མན་སྲན་རྡེའུ་དང། འདི་རྣམས་གཡོས་སུ་བྱས་པ་བཟང་ཞིང། སྐོམ་དུ་ནི་སྦྲང་རྩི་ཆུ་དང་སྦྱང་བ་དང། ཟོ་ག་ཆུ་དང། ་དགག་དང། འདི་རྣམས་བཏུང་ངོ། །ཡང་སྨན་ཨ་རི་ཏའི་ཁུ་བ་སྐོམ་དུ་བསྣན་པ་བཏུང་ངོ། །སེམས་ལ་བསྐྱེད་པ་དང། སྐྱུག་སྨན་དང་བཀྲུ་སྨན་བཏང་བ་དང། ལུས་གསིག་ཅིང་བཅག་པ་དང་མཚན་མོ་འདོད་འདོད་མ་ཉལ་བར་བྱའོ། །སྨན་ནི་ཨ ་རུ་ར་དང་།བ་རུ་ར་དང། སྐྱུ་རུ་རའི་འབྲས་བུ་གསུམ་ཞིབ་ཏུ་བཏགས་ལ། སྦྲང་རྩི་ལྡེ་གུས་སྦྲུས་ཏེ་བཟའོ། །ཡང་སྨན་གུ་རུ་རྩེ་སླ་ཏྲེས་དང་། རུ་ར་དང། གླ་སྒང་ཆེན་པོ་འདི་གསུམ་བཏགས་ཏེ་སྒྲ་རྩི་ལས་སྦྲུས་པ་བཟའོ། །ཡང་སྨན་ར་ཙཉྫ?་ན་ཞེས ་བྱ་བསྐྱེད་ཁཎྜ་དང། རྩ་བ་ཆེན་པོ་ལྔ་ཞེས་བྱ་བ་ས་ལ་པར་ནི་དང། པི་ན་པརྣ་དང། བྲ་ཧ་ཏི་དང། ཀནད་ཀཱ་རི་དང། གཟེ་མ་དང་འདི་ལྔ་བཏང་ངོ། །ཡང་གུ་གུལ་བཏང་བའི་དཔྱད་དང། སྨན་བྲག་ཞུན་བཏང་བའི་དབྱང་བྱའོ། །སྨན་ཨགནི་སྨན་ཏི་ཁུ་བ་ཡང ་ར?། དེ་བཏང་ན་ཡང་ཤ་འབྲིའོ། །ཡང་སྨན་བ་ཏིངྒ་དང། སྒྲ་དང། ཡ་བཀྵ?་ར་ནས་ཚིག་འཁྲུས་པའི་ཚ་དང། ལྕགས་ཀྱི་ཚ་ཚ་ཕྱེ་མ་ནག་པོ་དང། ནས་དང་སྐྱུ་རུ་ར་དང། འདི་རྣམས་ཕྱེ་མར་བྱས་ལ། སྦང་རྩི་དང་སྦྱར་ཏེ་བཏང་ན། ཤ་ཅེ་ཞིང་ཚ་བའི ་ནད་སེལ་ཞིང་ཤ་གྲིམས་པར་འོང་ངོ། །ཡང་ཚ་པ་རྣམ་པ་གསུམ་པོ་?་སྒ་དང། པི་པི་ལིང་དང། ན་ལེ་ཤམ་དང། ཀ་ཏི་ཏི་དང། བ་རུ་ར་དང། སྐྱུ་རུ་ར་དང་གསུམ་དང། ཤི་བྲུ་དང། བྱི་ཊཾ་ཀ་དང། བོད་པ་དང། ཐི་ར་དང། ཤིང ་ཀུན་དང། ལན་ཚྭ་ནག་པོ་དང། གོ་སྙོད་དང། ལ་ལ་ཕུད་དང། འུ་སུ་དང། ཀྲུ་ཏྲུག་ཏྲེས་དང། སྐྱེར་པ་དང། ཆུ་རྩི་མོ་དང། བྲི་ཧ་ཏཱི་རྣམ་གཉིས་དང། སྦ་མའི་འབྲས་བུ་དང། པ་ཐ་དད། པི་པི་ལིང ་གི་རྩ་བ་དང། ཆུ་ལས་སྐྱེས་པ་ཀེའུ་ཀ་དང། འདི་རྣམས་ཞིབ་ཏུ་བརྟགས་པའི་ཕྱེ་མ་ཆ་སྙམ་པ་དང། སྦྲང་རྩི་དང། མར་དང། ཏིལ་མར་གསུམ་མཉམ་པར་བྱས་ཏེ། སྨན་འདི་རྣམས་ལས་ནས་ཕྱེ་ཆ་བཅུ་དྲུག་གིས་བསྐྱེད་དེ་སྦྱར་བ་འདི ་མཐུངས་ན། ལུས་ཤ་རབ་ཏུ་ཆེ་ཞིང་སྦོམ་པོ་དང། ལུས་ཤ་ཆེན་པོ་ལས་བྱུང་བའི་ནད་ཐམས་ཅད་དང། ནད་གཞན་ཡང་འབྱང་ལ་ཤ་ཡང་གྲིམས་ཤིང་ཕྲ་བར་འོང། གཞན་ཡང་སྙིང་ན་བ་དང། མིག་སེར་དང། ཤ་ཀྲ་དང། ་དབུགས་མི་བདེ་བ་དང། ལུད་པ་ལུ་བ་དང། ལྐོག་མ་ན་བ་དང། འདི་རྣམས་སེལ་ཏེ་ཕན་།ཡིད་རྣོ། །ཡིད་གཞུངས་སེམས་དྲན་པ་ལ་ཕན། ཁོང་པའི་དྲོད་སྐྱེ། ཟས་འཇུ་བ་ལ་ཕན་ནོ། །ཧ་ཅང་ཁ་ཟས་བསྡམས་ཤིང་སྤྱད་པ ་བྱ་བ་དྲགས་པ་ན། ལུས་ཤ་རང་ཏུ་སྐམ། མགོ་འཁོར། ལུད་པ་སྐམས་པོར་འོང། །སྐོམ་དང་ཆེ། ཁ་ཟས་ཡི་གར་མི་འོང་བ་དང། ལུས་ཀྱི་ཁོང་ན་ཆིལ་དང་སྣུམ་བག་ཟད་པ་དང། ཁོང་པའི་ནད་ཀྱི་དོད་ཉམས་ཏེ་ཟད།། ་།གཉིད་མོར། མིག་རྟུལ། རྣ་བ་མི་གསང། ཁ་ཆུ་ཟད་།གཟི་དང་མདངས་ཉམས་ཏེ། ཟས་ཡི་གར་འོང་བ་མི་སྐྲེས། སྐད་འགག་།ཆུ་སོར་ཟུག་སྙིང་ན་།ཀླད་པ་ན་།བྱིན་པ་དང་བརླན། སླུ་དོ་དང་རྩིབ་ལོགས་ན། རླུང ་ནད་ལས་གྱུར་པའི་རིམས་ནད་ཀྱིས་འདེབས། སྨྲ་བའི་ཚིགས་མ། ལུས་ཀྱི་བསྟོད་དུ་རླུང་ནད་འཛུག། སྐྱུག་བྲོ། །རུས་པའི་ཚིགས་ཀུན་བཙག་པ་སྙམ་བྱེད་ཅིང་ན། བཤད་གཅི་དྲི་མ་སྲི་པ་ལ་སོགས་པ་འདི་ལྟ་བུ་ནི་ཁ་ཟས་བསྡམས་པ་དང། སྨྱུང་ལ ་དང། སྨན་གྱིས་བཀྲུ་ཞིང་སྦྱངས་ཏེ། སྐེམ་པོར་གྱུར་པ་ལང་ནད་དེ་འདྲ་བར་འགྱུར་རོ། །ཡོད་ནི་ལུས་ཤ་བརྟ་ཞིང་ཚོན་པོ་བྱ་བའམ། སྐེམ་པོར་བྱ་བ་ཡང་རུང་སྟེ། སྐེམ་པོར་ནི་ནད་དཀོན་ལ།། སྨན་དཔྱད་སླ་སྟེ་རུང་ངོ། །ཚོན་པོ་ནབ་ནི་སྨན ་དཔྱད་བྱར་མེད་དེ་མི་རུང?་དུ། ཧ་ཅང་ཚོ་ཆེས་པ་ནི་ཚིལ་ཆེས་པས་ཁོང་པའི་མེའི་དྲོད་ཀྱང་འབྲི། རླུང་ནད་ཀྱང་སེལ་ཏེ། ཟས་མངར་བག་བཟའ་ཞིང་བསོད་བས་ཚིམ་པར་བྱེད་པ་དང། བདེ་བ་ཉམས་ཕག་ཏུ་བྱེད་པས་ནི་ཤ་སྐེམ ་པ་ལས་ཚོན་པོར་འགྱུར་རོ། །དེ་བསན་ན་རྒན་པ་དང། ཁ་ཟས་མི་འཕྲོད་མི་མཐུན་པ་བཟའ་བས། ལུས་སྐེམ་ཞིང་རིང་པར་གྱུར་པ་འདི་ལྟ་བུ་ལ་ལུས་ཤ་སྐྱེས་ཤིང་རྟས་པར་འགྱུར་བའི་ཁ་ཟས་སྐོམ་ཐམས་ཅད་དང། སྨན ་བཏང་ཞིང་སེམས་ལས་མེད་པ་ལ་རྟག་ཏུ་སྙིང་དགའ་བར་འདུག་པ་དང། རྟག་ཏུ་སྐོམ་འཐུངས་ཤིང་ཉིན་པར་ཉལ་བ་ནི་ཕག་བཞིན་དུ་ཚོན་པོར་འགྱུར་རོ། །ལུས་བརྟན་ཞིང་ཚོན་པོར་བྱ་བ་ནི། ཤ་ལས་ལྷག་པ་ནི ་གང་ཡང་མེད་དོ། །དེ་བས་མི་ཚོན་པོ་ཤ་པལ་གྱིས་སྙིང་མི་ཆིམ་པ་དང། ཤ་མཆག་བརྟ་ཞིང་ཚོན་པོར་བལྟ་བ་དང། གཅན་གཟན་དང། ཁྲ་ལྟ་བུས་ལུས་གསོས་ཤིང་བསྐྱེད་པའི་ཤ་ལྷག་པར་བཟང་ངོ། །སྐེམ་པོར ་བྱ་བ་ལ་ཤ་ཡང་བ་ཕན་ནོ། །ནས་དང་གྲོ་ནི་ཚོན་བོ་དང། སྐེམ་པོ་གཉིད་ཀའི་ཟས་སུ་བཟང་ངོ། །ཡོད་ནི་ནད་ཀྱི་རྣམ་གྲངས་མངས་པས་བཀྲུ་སྨན་བཏང་བ་ལ་སོགས་པ་དང། འཁྲུ་པ་གཅད་པ་ལ་སོགས་པ ་དཔྱད་མང་པོ་དུ་མ་ཡོད་ཀྱིས་ཀྱང་མདོར་ན་ནད་པ་གསོ་ཞིང་བརྟས་པར་བྱ་བ་དང། ཁ་ཟས་བསྡམ་ཞིང་ཤ་དབྲི་བར་བྱ་བ་དང། སྨན་གྱིས་བཀྲུ་ཞིང་གསལ་བ་དང། ཞི་བར་བྱས་པ་གང་ཡང་རུང ་དཔྱད་ཀྱི་མདོ་རྣམ་གཉིས་སུ་འདུས་ཏེ། དཔེར་ན་ནད་ཀྱི་རྣམ་གྲངས་བརྒྱ་ཉི་ཤུ་ཡོད་ཀྱིས་ཀྱང། ནད་ཐམས་ཅད་ཀྱི་གཞི་ནི་རླུང་དང་བད་ཀན་དང ་མཁྲིས་པ་གསུམ་དུ་འདུས་པ་དང་འདྲའོ། །ནད་པ་བལྟ་ཞིང་གསོ་བའི་ཐབས་དང། ནད་ཡང་བར་བྱ་བའི་ཕྱིར་ཟས་དབྲི་བའམ་སྨྱུད་པར་བྱ་བ་དང། གསོ་བའི་ཐབས་རྣམ་པ ་གཉིས་བཤད་པའི་ལེའུ་བཅུ་བཞི་པ་རྫོགས་སོ།། མངྒ་ལཾ།། ་