CLOSE WINDOW

N4589: yan lag brgyad pa'i snying po bsdus pa zhes bya ba
Wyliee-texts based on the ACIP/ALL Input

སྨན་ཨ་བའི་ཆོག་རྫོགས་སོ།། །།*།། ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་བ་སློབ་དཔོན་ཕ་གོལ་གྱིས་མཛད་བཞུགས་སོ།། །།རྒྱ་གར་སྐད་དུ། ཨཥཌཱཾ་ག་ཧྲི་ད་ཡ་སཾ་ཧིཏྟ་ནཱ་མ། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཕྱག་འཚལ་ལོ། །འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནང། །རྒྱུན་ཏུ་འབྲེལ་བས་ལུས་ཀུན་མ་ལུས་ཁྱབ། །འདོད་དང་གཏི་?་?་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག ་འཚལ་ལོ།། །།ད་ནས་ཚེ་རིང་བར་འདོད་པའི་ལེའུ་བཤད་པར་བྱའོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དོ། །ཚེ་ནི་རིང་གང་འདོད་པ་ཡིས། །ཆོས་དང་ནོར་གདང་བདེ་བ་སྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད ་པ། །རབ་ཏུ་གུས་པར་བྱ་བར་གྱིས། །ཚངས་པས་ཚེ་ཡི་རིག་བྱེད་དྲན། །སྐྱེ་དགུའི་བདག་ལ་བཤད་པ་ཡིན། །དེ་ཡིས་ཐ་སྐར་དེས་བརྒྱ་བྱིན། །དེ་ཡིས་རྒྱུན་ཤེས་དྲང་སྲོང་ལའོ། །དེ་ཡིས་མེ་བཞིན་འཇུག་ལ་སོགས། །དེ་རྣམས་ཀྱིས་རྒྱུད་སོ་སོར ་བྱས། །ཤིན་ཏུ་འཐོར་བ་དེ་རྣམས་ལས། །རབ་གཅེས་ཕལ་ཆེར་བཏུས་པ་ནི། །ཤིན་ཏུ་བསྡུས་མིན་རྒྱས་མིན་པར། །ཡན་ལག་བརྒྱད་པའི་སྙིང་པོ་བྱས། །ལུས་དང་བྱིས་པ་གདོན་ལུས་སྟོང། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད ་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །རླུང་དང་མཁྲིས་པ་བད་ཀན་ཡང། །ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན། །དེ་ནི་རྣམ་འགྱུར་མ་གྱུར་པས། །ལུས་ནི་འཇོམས་དང་གནས་པ་ཡིན། །དེས་ཁྱབ་གྱུར་ཀྱང་སྙིང་ག་དང། ་ལྟེ་བའི་འོག་བར་སྟེང་ན་གནས། །ན་ཚོད་ཉིན་ཞག་ཟས་ཟོས་ལ། །དེ་ནི་མཛའ་དབུས་སོགས་རྟོགས་རིམ། །དེས་ནི་འཇུ་བ་མི་སྙོམས་རྣོ། །ཆུ་དང་མཉམ་པས་མཉམ་པར་འགྱུར། །དེ་ནི་ལྟོ་བ་སྲ་སྙི་རན། །མཉམ་པས་ཀྱང་ནི་བར་མར་འགྱུར།། ་སྐྱེ་བའི་དབང་པོ་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུ་གེ་དང་མཚུངས། །དེ་ནི་རང་བཞིན་རྣམ་གསུམ་སྟེ། །ཆུད་འབྲིང་ཆེན་པོ་སོ་སོར་བལྟ། །མ་ལུས་པ་ལ་ཁམས་མཉམ་པ། །མཆོག་ཡིན་མཉེས་པ་གཉིས་འབྱུང་སྨད། །དེ ་ལ་རླུང་ནི་རྩུབ་ཅིང་ཡང། །གྲང་ཞིང་སྲ་ལ་འཕྲ་ཞིག་གཡོ། །མཁྲིས་པ་སྣུམ་བཅས་རྣོ་ཞིང་དྲོ། །ཡང་ཞིང་དྲི་མ་ནམ་འཁྲུ་ཞིང་གཤེར། །བད་ཀན་སྣུམ་བསིལ་ལྕི་བ་དང། །རྟུལ་ཞིང་འཇམ་བརྟན་འབྱར་བ་གཅན། །དེ་གཉིས་གསུམ་ཟད་ལ ་འཁྲུགས་པ་ལས། །ལྡན་པ་དང་ནི་འདུས་པ་ཡིན། །ལུས་ཟུངས་དངས་མ་ཁྲིག་དང་ཤ། ཚིལ་དང་རུས་རྐང་ཁུ་ཆུ་སྟེ། །གནོད་བྱ་བདུན་ཡིན་དྲི་མ་གཅིན། །བཤད་བརྡུལ་ལ་སོགས་པ་ཡིན། །ཐམས་ཅད་མཉམ་པས་འཕེལ་འགྱུར་ཞིང། ་དེ་ལས་བཟློག་པས་གནོད་པར་འགྱུར། །རོ་ནི་མངར་སྐྱུར་ལན་ཚྭ་དང། །ཚ་དང་ཁ་དང་བསྐལ་བ་སྟེ། །རྫས་དྲུག་ལ་གནས་དེ་རྣམས་ཀྱང། །གོ་རིམ་བཞིན་དུ་སྟོབས་ཆེན་ཡིན། །དེ་ལ་དང་པོའི་གསུམ་པོ་ནི། །རླུང་འཇོམས་ཚ་སོགས ་བད་ཀན་སེལ། །བསྐ་དང་ཁ་དང་མངར་བ་ནི། །མི་ཁྲས་སེལ་གཞན་དག་བྱེད་པ་ཡིན། །དེ་ལྟར་རྫས་ནི་རྣམས་པ་གསུམ། །ཞི་འཁྲུགས་ཐ་མལ་གནས་ལ་ཕན། །དེ་ལ་ཚབ་སིལ་ཕུལ་བྱུང་བས། །ནུས་པ་རྣམ་པ་གཉིས་སུ་བཤད།། ་རྫས་ཀྱི་ཞུ་བ་རྣམ་གསུམ་སྟེ། །མངར་སྐྱུར་ཚེ་བའི་བདག་ཉིད་ཅན། །ཡོན་ཏན་ལྕི་རྟུལ་བསྐུལ་དང་སྣུམ། །འཇམ་དང་བསྐལ་བ་མཉམ་དང་བརྟན། །ཕྲ་དང་བས་ཤིང་སྐམ་བག་ཅན། །དེ་བཟློག་པ་དང་ཉི་ཤུ་ཡིན། །དུས་དོན་ལས་ཀྱི་སྦྱོད ་པ་རྣམས་?་དམན་དང་ལོག་པ་ལྷག་པ་དང། །ཡང་དག་སྦྱོར་བས་ནད་དང་ནི། །ནད་མེད་རྒྱུ་གཅིག་ཡིན་ཞེས་བྱ། །ནང་ནི་ཉེས་པ་མ་སྙོམས་ཡིན། །ཉེས་པ་སྙོམ་པ་ནད་མེད་ཡིན། །དེ་ལ་ནད་ནི་རང་བཞིན་གནས། །གློ་བུར་ཆ་ཡིས་གཉིས ་སུ་བཤད། །དེ་རྣམས་ལུས་སེམས་དབྱེ་བ་ཡིས། །གནས་ཁྱེད་རྣམ་པ་གཉིས་ཡིན་ནོ། །འདོད་ཆགས་གཏི་མུག་ཀྱང་ཡིད་ཀྱི། །ཉེས་པ་གཉིས་སུ་བསྟན་པ་ཡིན། །ནད་པ་བལྟ་དང་རེག་པ་དང། །དྲི་བ་ཡིས་ནི་ཡོངས་སུ་རྟག་།ནད་ཀྱི་གཞི་ཡི་དང་པོའི་ཚུལ།། ་མཚན་ཉིད་ཉེ་བར་བསྟེན་འཐོབ་པ་ཡིན། །ས་དང་ལུས་ཀྱི་བྱེ་བྲག་གིས། །འདི་ལ་ཡུལ་ས་རྣམ་གཉིས་བཤད། །སྐམས་ས་ཕལ་ཆེར་རླུང་བསྐྱེད་ཅིང། །རླན་ཅན་བག་ཀན་འཕེལ་བ་ཡིན། །ཆ་མཉམ་ཉེས་པ་མཉམ་པ་སྟེ། །ས་ཡི་ཕྱོགས་ནི ་གསུམ་དུ་བཤད། །སྐད་ཅིག་ལ་སོགས་ནད་ཀྱི་སྐབས། །དུས་སུ་སྨན་ནི་སྦྱོར་བར་བྱེད། །མདོར་ན་སྨན་ནི་རྣམ་གཉིས་ཏེ། །སྦྱང་བྱ་དང་ནི་ཞི་བའོ། །ལུས་ལས་བྱུང་བའི་ནད་རྣམས་ཀྱི། །རིམ་གྱིས་སྨན་གྱི་དམ་པ་ནི། །མས་བཏང་བཀྲུ་སྨན་སློན ་སྨན་དང། །དེ་བཞིན་རིལ་མར་མར་སྦྲང་རྩི། །བློ་དང་བརྟན་བདག་སོགས་ཤེས་པ། །སེམས་ཀྱི་ཉེས་པའི་སྨན་མཆོག་ཡིན། །གསོ་བ་དག་ཏུ་བསྟན་པ་ནི། །སྨན་པ་སྨན་དང་ནད་གཡོག་དང། །ནད་པ་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམས་པ་བཞི ་བཞི་ཡིན། །སྨན་པ་མཁས་རྟོགས་གཞུང་དོན་ཤེས། །ལས་རྣམས་མཐོང་ཞིང་གཙང་བ་ཡིན། །སྨན་ནི་ཆོ་ག་མང་པོ་དང། །ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད། །ནད་གཡོག་རྗེས་རྩེ་གཙང་སྒྲ་ཅན། །སྒྲིན་ཞིང་བློ་དང་ལྡན་པ་ཡིན། །ནད ་པ་ཕྱུག་ཅིང་བསྒོ་བ་ཉན། །ཤེས་པར་ནུས་ཤིང་སྙིང་སྟོབས་ལྡན། །སྨན་ཀུན་བཟོད་པར་ནུས་པའི་ལུས། །སྐྱེས་བུ་གཞོན་ཞིང་བདག་ཉིད་ཐུལ། །གནད་དུ་མ་སེང་རྒྱུ་སྔར་ཚུལ། །མཚན་ཉིད་ཆུད་དང་གནོད་པ་མེད། །གནོད་བྱ་ཡུལ་དུས ་རང་བཞིན་རྣམས། །མཚུངས་མིན་ཡན་ལག་ཕུན་སུམ་ཚོགས། །གཟའ་ནི་རྗེས་སུ་མཐུན་པ་ལ། །ཉེས་པ་ལམ་གཅིག་གསར་གསོ་སླ། །གནད་ནི་མཚོན་སོགས་ཀྱིས་གདབ་ཅིང། །གསོ་བ་དཀའ་ཞིང་དེ་ལས་འདས། །ཚེ་ཡི་ལྷག་མ་ལུས་ཕྱིར ་འཚོ། །གོ་བཟློག་པ་ལས་གོམས་ཕན་ཉིད། །བཅོས་པའི་ཐབས་མེད་ཉིད་དུ་འབྱུང། །བཅོས་པའི་ཐབས་མེད་ཉིད་དུ་འབྱུང། །ཤིན་ཏུ་ཕྱིན་ཅི་ལོག་པར་གནས། །འདོད་དང་རྨོནོགས་དང་ཁྲོ་བར་བྱེད། །འཆི་ལྟས་སྣང་ཞིང་དབང་པོ་ཉམས། །སྨན་པ་རྒྱལ་པོ ་ལ་སྔར་དང། །དེ་དང་མི་མཛའ་སྡད་པ་དང། །ཡོ་བྱད་མི་འབྱོར་བྲེལ་པ་དང། །ཉན་དུ་མི་གཏབ་ཚེ་ཟད་དང། །གཏུམ་ཞིང་མྱ་ངན་ལ་མནན་འཇིག་།བྱས་པ་མི་བཟོ་སྨན་བརྙས་སྤང། །དེ་ནས་གཞན་ཡང་རྒྱུ་འདི་ཡི། །ལེའུ་བསྡུས་པ་བཤད ་བྱ་སྟེ། །ཚེ་རིང་ཉིན་རེ་དུས་སྤྱོད་དང། །ནད་མེད་བྱ་དང་བཏུད་པ་དང། །ཟས་ཤེས་བྱ་དང་ཟས་སྔ་མ་དང། །ཟས་ཚོད་སྨན་དང་རོལ་གནས། །ནད་ཤེས་བྱ་དང་དེ་དབྱེ་བ། །དེ་གསོ་བ་དང་གསོ་ཐབས་གཉིས། །སྤྱད་སོགས་སྣུམ་ཆོས ་ཁྲུས་བཏང་བྱ། །སྨན་དུད་ཁར་དོར་མིག་བཀྲུ་དང། །གསོ་དང་དབྱུང་ཐབས་ཟུག་རྔུ་མཚོན། །གཏང་དཔྱད་ཟུག་རྔུ་དབྱུང་བའི་དཔྱད། །མཚོན་དང་ཐལ་སྨན་མི་བཅའ་ལས། །མདོ་གནས་ལེའུ་སུམ་ཅུ་ནི། །འདི་ཡི་ལུས་ཀྱི་བརྗོད་བྱ ་སྟེ། །མངལ་དུ་འཇུག་དང་དེ་ཡི་ནད། །ཡན་ལག་གནད་ཀྱི་བྱེ་བྲག་དང། །རྣམ་འགྱུར་བང་ཆེན་ལས་བྱུང་དྲུག་།ནད་ཀུན་འབྱུང་བའི་ནད་གཞི་དང། །རིམས་ཁྲག་དབུགས་མི་བདེ་གཅོད་སོགས། །ཚད་དང་གཞང་འབྲུམ་ཚད་པའི་ནད།། ་ཚུ་འགགས་གཅིན་ནི་སྙི་བ་དང། །ཁོང་འབྲས་དབུ་རྫིང་དག་དང་ནི། །སྐྱ་རྦབ་མཛེ་ནད་རླུང་གིས་གཟིར། །དྲེག་ནང་དག་དང་བཅུ་དྲུག་ཡིན། །རིམས་ནད་གསོ་དང་ཁྲག་དང་ནི། །ལུད་པ་དབུགས་མི་བདེ་དང་གཅོད། །སོན་དང་ཚད་ནད ་གཞང་འབྲུམ་དང། །ཚད་ནད་ཕོ་བ་གཅིན་ནད་གཉིས། །ཁོང་འབྲས་སྐྲན་དང་དམུ་རྫིང་དང། །སྐྱ་རྦབ་འོད་ནད་མེ་དཔལ་དང། །མཛད་དང་ཤ་བཀྲ་རླུང་ན་དང། དྲེག་ནས་གཡོ་བའི་དཔྱད་རྣམས་ཏེ། །ལེའུ་ཉི་ཤུ་གཉིས་འདི་ཡིན།། །། ་དེ་ལས་གཞན་པ་ཆོ་ག་གྲུག་།སྐྱུག་སྨན་བཀྲུ་སྨན་ཆོ་ག་དང། །དེ་གྲུབ་མས་བཏང་ཆོ་ག་དང། །མས་བཏང་ཉེས་གྲུབ་དྲུག་པ་ནི། །སྨན་ཡིན་དེ་ནས་ཕྱི་མ་ནི། །བྱས་པ་ཉེས་སྤྱོད་དེའི་ནད་དང། །དེ་གདོན་འབྱུང་པོར་རྟོགས་པ་གཉིས། །སྒྱོ་དང་བརྗོད ་བྱེད་སོགས་གཉིས་གཉིས། །མིག་མཆུ་རྫི་མའི་གྲཝ་མཚམས་དང། །མིག་འབྲས་རབ་རིབ་མཐོང་ཉམས་གསུམ། །གཉིས་གཉིས་ཀུན་ལ་འགྲོ་བ་ཡིན། །རྣ་དང་སྣ་དང་ཁ་དང་མགོའི། །རྨ་དང་ཆག་དྲུགས་མཚན་པར་བརྡོལ། །འབྲས ་སོགས་ཕྲ་མོའི་ནད་རྣམས་དང། །གསང་བའི་ནད་ནི་ཐ་དང་གཉིས། །དུག་དང་སྤྲུལ་དང་སྲིན་བུ་གདུག། བྱི་བ་དད་ནི་བཅུད་ཀྱིས་ལེན། །བུ་མེད་ས་བོན་གསོ་བ་སྟེ། །ལེའུ་བཞི་བཅུ་ཉིད་ཡིན་ནོ། །དེ་ལྟར་ལེའུ་རྒྱ་ཉི་ཤུ། །གནས་ནི་དྲུག་ཏུ ་བཤད་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་སྡུས་པ་ལས་མདོའི་གནས་ཀྱི་ལེའུ་སྟེ་དང་པོའོ།། །དེ་ནས་ཉིན་རེ་ཞིང་སྤྱད་པའི་ལེའུ་བཤད་པར་བྱའོ། །བདེ་གནས་ཚེ་ནི་བསྲུང་བའི་ཕྱིར། །ཡུད་ཙམ་ཚངས་ཕྱིར་གནས་ཏེ ་ལངས། །ལུས་ཀྱི་བྱ་བ་རྫོགས་བྱས་ནས། །དེ་ནས་གཙང་སྦྲའི་ཆོ་ག་བྱ། །རྒ་ནྱ་གོ་དྷ་སེང་ལྡེང། །ཀ་རཉྫ་ཀ་ཀུ་ལ་སོགས། །བསྐ་དང་ཚ་དང་ཁ་བ་དག་།རྩ་འཇམ་ནད་པར་ཟས་སྤྱད་ནས། །སེ་དང་རྙིལ་ལ་མ་གནོད་པར།། ་སོ་ཡི་དག་བྱེད་བཅའ་བར་བྱ། །མ་ཞུ་སློན་བྲོ་དབུགས་མི་བདེ། །ལུད་པའི་ལུ་རིམས་ཁ་ཡོན་ཅན། །སྐྱོན་ཞིང་ཁ་བསྐམ་སྙིང་མིག་རྣ། །མགོ་བོ་ན་བས་འདི་མི་བཅའ་། །རྟག་ཏུ་མིག་སྤྱན་སྐྱེད་ཁཎྜ། །མིག་ལ་ཕན་པས་དེ་ཕྱིར་བསྟེན།། ་།དེ་ནི་མེ་ཡི་རང་བཞིན?་ཏེ། །ལྷག་པར་བད་ཀན་ལ་འཇིགས་པས། །མཆི་མ་འཛག་ཕྱིར་སྐྱེད་ཁཎྜ། །ཞག་བདུན་ཞིང་ནི་བླུགས་པར་བྱ། །དེ་ནས་སྣ་སྨན་འཁུར་བཀང་དར། །བདུད་པ་སོ་རྩི་བསྟེན་པར་བྱ། །སོ་རྩི་བློ ་འགྲམས་མཁྲིས་པ་ཁྲག་།རྩུབ་པས་མིག་ནི་ན་བ་དང། །དུག་གིས་བརྒྱལ་ཞིང་ཆད་ནད་གཟིར། །ལུས་སྐྱེ་མ་གྱུར་ལ་གནོད་པ་ཡིན། །རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་ན། །དེ་ནི་རྒྱས་དལ་རླུང་འཇོམས་ཡིན། །མིག་གསལ་ལུས་རྒྱས ་ཚེ་འཕེལ་ཞིང། །གཉིད་འོད་པགས་འཇམ་རྟས་བྱེད་ཡིན། །དེ་ནི་མགོ་དང་རྣ་བ་དང། །རྐང་པ་ཁྱད་པར་རྟག་ཏུ་བསྟེན། །བད་ཀན་སྐྱེས་དང་མ་ཞུ་དང། །བཀྲུ་སྨན་སོགས་བཏང་བསྐུ་བྱུག་སྤང། །ཡང་ཞིང་ལས་ནི་ནུས་པ་དང། །མེ་ཡི་དྲོད་བསྐྱེད་ཚོལ་འབྲི ་ལ། །ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཉིད། །རྩོལ་བ་ལས་ནི་འབྱུང་བར་འགྱུར། །རླུང་མཁྲིས་ནད་ཅན་བྱིས་པ་དང། །རྒས་ཤིང་འཁོགས་པས་དེ་སྤང་བྱ། །སྟོབས་ལྡན་སྣུམ་པ་གཟབ་དང། །གྲང་བའི་དུས་དང་དཔྱིད་དུས་དང། །ནུས་ལྡན་དག ་གི་དེ་བསྟེན་བྱ། །དེ་ལས་གཞན་ཚ་དལ་བ་ཉིད། །དེ་བྱས་ཅི་བདེར་ལུས་དག་ནི། །ཀུན་ནས་ཡོངས་སུ་མཉེ་བར་བྱ། །རྩོལ་བ་དེ་བྱས་ཟིན་ནས་ནི། །བདེ་བར་ལུས་ཀུན་གནས་པར་བྱ། །ཤིན་ཏུ་རྩལ་བས་ལུང་པ་དང། །སྐོམ་དང་གཅོད་ཅན་མི་དྲན ་མུན་དད?་ཁྲོག་དང་མཁྲིས་རྒྱས་ངལ་དང་དུག་།རིམས་དང་སློན་པ་འབྱུང་བར་འགྱུར། །རྩོལ་བ་མི་ཉལ་ལམ་བུད་མེད། །རྒད་དང་སྨྲ་སོགས་ཤུགས་འབྱིན་དང། །སེང་གས་བླང་པོ་དྲངས་པ་བཞིན། །ཤིན་ཏུ་གྲགས་པར་མ་རུངས་འགྱུར ་དྲིལ་ཕྱིས་བད་ཀན་སེལ་བ་དང། །ཚིལ་ནི་རབ་ཏུ་ཞུ་བྱེད་ཅིང། །ཡན་ལག་བརྟན་པར་བྱེད་བ་དང། །པགས་པ་གསལ་བར་བྱེད་པའི་མཆོག་།ཁྲུས་ནི་དྲོད་སྐྱེད་རོ་ཙ་དང། །ཚེ་དང་མདངས་དང་སྟོབས་རབ་བསྐྱེད། །གཡའ་དང་དྲི་མངལ་དང་ལྡན ་རྡུལ། །སྙོམས་སྐོམ་ལུས་ཚ་མི་ཤེས་སལ། །ཆུ་དྲོན་གྱིས་ནི་ལུས་ཀྱི་སྨད། །བླུགས་ཤིང་བཀྲུས་པ་སྟོབས་བསྐྱེད་ཡིན། །དེ་ཉིད་མགོར་བླུགས་ཁྲུས་བྱས་ན། །སྐྲ་རང་མིག་གི་སྟོབས་འཕྲོག་ཡིན། །ཁྲུས་ནི་འགྲམ་འཆགས་མི་གནད ་དང། །རྣ་བའི་ནད་དང་ཚད་པས་འཁྲུ། །ལྟོ་སྤོས་ཚམ་པ་མ་ཞུ་དང། །ཟས་མ་ཐག་ཏུ་རྣམས་ལ་སྨད། །ཞུ་ནས་ཕན་ཞིང་རན་པར་ཟ། །གཤད་སོགས་ནན་གྱིས་བ་རྣགས་མི་བྱ། །ཤུགས་མ་ཕྱུང་བར་གཞན་མི་བྱ། །གནོད་ལས་མི་བདེ་བར་མ་ཡིན། །སེམས ་ཅན་ཐམས་ཅད་བདེ་འདོད་ཕྱིར། །རྩོན་པ་ཀུན་ལ་འཇུག་པར་འདོད། །བདེ་བ་ཆོས་མེད་པར་མ་ཡིན། །དེ་བས་ཆོས་ལ་བརྩོན་པར་བྱའོ། །མོས་བས་དགེ་བའི་བཤེས་གཉེན་བསྟེན། །ཅིག་ཤེས་རིང་དུ་སྤང་བར་བྱ། །འཚེ་དང་བརྐུ་དང་འདོད་ལོག་སྤྱོད། །ཕྲ ་མ་དག་རྩུབ་བརྫུན་ཚིག་དང། །མི་འབྲེལ་སྨྲ་དང་གནོད་སེམས་དང། །བརྣབ་སེམས་ལྟ་བ་ཕྱིན་ཅི་ལོག་།དེ་ལྟར་སྡིག་པའི་ལས་རྣམས་བཅུ། །ལུས་དག་ཡིད་ཀྱིས་སྤང་བར་བྱ། །ཕོངས་པ་ནད་པ་མྱ་ངན་གཟིར། །ཅི་ནུས་པར་ནི་ཕན་གང་ལས ་བྱ། །འབུ་སྲིན་གྲོག་སྤུར་དག་ལ་ཡང། །རང་དང་འདྲ་བར་རྟག་ཏུ་བལྟ། །ལྟ་དང་དགེ་སློང་བྲམ་ཟེ་དང། །སྨན་པ་རྒན་རྒྱལ་མགྲོན་པོས་མཆོད། །སློང་ལ་རྒྱབ་ཀྱིས་ཕྱོགས་ཀྱི?་གྱི། །བརྙས་པར་མི་བྱ་ཚར་མི་བཅད། །གནོད་པ་བྱེད་བརྩོན་དགྲ ་གཞན་ལའང། །ཕན་གདགས་པ་ནི་གཙོ་ཚེར་བྱ། །འབྱོར་དང་རྒུད་ལའང་ཡིད་གཅིག་བྱ། །རྒྱུ་ལ་ཕྲག་དོག་འབྲས་བུ་མིན། །དུས་སུ་ཕན་དང་ངན་པ་སྨྲ། །སླུ་བ་མེད་ཅིང་ངེས་པར་བྱ། །བཞིན་འཛུམ་གསོད་པོར་སྨྲ་བ་དང། །སྤྱོད་པ ་བཟང་ཞིབ་སྙིང་རྗེས་ཇམ། །གཅིག་བུ་བདེ་མིན་ཐམས་ཅད་ལ། །ཡིན་མི་བརྟན་ཅིང་དོགས་མི་བྱ། །སུ་ཡང་བདག་གི་དགྲ་ཡིན་དང། །བདག་ནི་སུ་ཡི་དགར་གྱུར་དང། །བརྙས་དང་བདག་ལ་གཙོ་བོ་ནི། །མི་བྱམས་ཞེས་ནི་སྨྲ་མི་བྱ། །འགྲོ ་བའི་བསམ་པ་ཤེས་ནས་ནི། །གང་ཞིག་ཇི་ལྟར་ཡོངས་མགུ་བ། །དེ་ལ་དེ་བཞིན་རྗེས་འཇུག་ཅིང། །གཞན་དག་དགའ་བྱེད་མཛངས་པ་ཡིན། །དབང་པོ་གཟིར་བར་མི་བྱ་ཞིང། །འདི་རབ་ཉམས་བདེར་བྱ་བའང་མིན། །ཚོམས་གསུམ་མེད་པ་ལ ་བཙོམ་པ་ལ། །མི་བསྟེན་དེ་དང་འགལ་མི་བྱ། །ཆོས་རྣམས་ཀུན་གྱི་ལམ་ལ་ནི། །དབུ་མའི་འ་མ་གྱིས་རྗེས་འཇུག་བྱ། །སྐྲ་སེན་ཁ་སྤུ་རིང་མི་བཞག་།སྒོ་དགུ་རྐང་པ་དྲི་མེད་པ། །ཁྲུས་པ་དགའ་ཞིང་དྲི་ཞིམ་པ་སྒོས། །ཆོས ་ལུགས་བཟང་ཞིང་མི་འཕྱར་སྤང། །རིན་ཆེན་གྲུབ་པའི་གསང་སྔགས་དང། །སྨན་ཆེན་རྟག་ཏུ་བཅའ་བར་བྱ། །གདུགས་དཀར་ལྷམ་དང་ལྡན་པ་ནི། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ། །མཚན་མངོན་ཆེན་དག་ལ་ནི། །དབྱུག་ཐོགས་འོག་དཀྲི ་གྲོགས་ལྡན་བྱ། །མཆོད་རྟེན་མཆོད་བྱ་རྒྱལ་མཚན་དང། །མི་ཤིས་གྲིབ་མ་ཐལ་ཕུབ་དང། །མི་གཙང་ག་སྲེག་བོད་གཏོར་མ་དང། །ཁྲུས་བྱས་ས་ནི་བསྒོམ་མི་བྱ། །ཆུ་བོད་རྒྱལ་ཏེ་འགྲོ་མི་བྱ། །མ་ཆེན་ཕུང་པོར་འགྲོ་མི་བྱ། །ཐེ་ཚོམ་བཅས ་བའི་གྲུ་ཤིང་ལས། །གཞོན་པ་མི་བསྲུན་བཞིན་མི་གཟིག་།སྤྲིད་པ་གད་མོ་གླལ་པ་ལ། །ཁ་ནི་གདངས་པར་མི་བྱའོ། །སྣ་ནི་བྲུ་བར་མི་བྱ་ཞིང། །དོན་མེད་ས་རིས་མི་བྱའོ། །ལུས་ཀྱི་ཡན་ལག་ནི། །བཅུ་ཞིང། རྩོག་རྩོག་པོར་ཡང་འདུག་མི་བྱ། །ལུས་ངག་ཡིད་ཀྱི་སྤོང ་པ་ནི། །སྔ་ནས་ལ་ལས་བཟློག་པར་བྱ། །པུས་འགྲེད་ཡུན་རིང་གནས་མི་བྱ། །མཚན་མ་ཤིང་དྲུང་བསྟེན་མི་བྱ། །སུམ་མདོ་མཆོད་རྟེན་དྲུང་བཞི་མདོ། །ལྷ་ཡི་ཁད་པའང་དེ་བཞིན་ནོ། །གསོད་ས་འབྲོག་སྟོད་ལང་སྟོང་དང། །དུར་ཁྲོད་དུ་ནི ་ཉིན་མོ་འང་མིན། །རྣམ་ཀུན་ཉི་མ་ལ་མི་བལྟ། །མགོ་ཡིས་ཁུར་ནི་བསྐུར་མི་བྱ། །ཤིན་ཏུ་ཕྲ་དད་འཚོར་བ་དང། །མི་གཙང་མི་སྡུག་རྒྱུན་མི་བལྟ། །ཆད་འཚོང་བ་དང་སྦྱོར་བ་དག་།སྦྱིན་དང་ལེན་ལ་སྤྱད་མི་བྱ། །མདུན་གྱི་བསེར་བུ་ཉི ་ཚན་རྡུལ། །བ་མོ་དང་ནི་དྲུད་ཚུབ་དང། །སྦྲིད་བ་སྒྲེགས་པ་ལུང་བ་ཟས། །གཉིད་ལོག་ཉལ་པོ་གཅུས་མི་བྱ། །གང་ཁའི་གྲིབ་མ་རྒྱལ་པོ་སྔར། །སྤྲུལ་གདུག་གཅན་ཟན་རྭ་ཅན་དང། །དུས་མཚམས་དག་ཏུ་ཟས་བཞའ་དང། །བུད་མེད ་ཉལ་ལོག་སེམས་ལས་དང། །དགྲ་བོའི་ནང་མར་ཟན་ཚོགས་འདུས། །སྨད་འཚོང་ཚོད་པའི་ཟས་དག་དང། །ལུས་དང་མཆུ་དང་སེན་སྒྲ་འབྱིན། །ལག་པ་སྒྲ་ནི་སྦུག་པ་དང། །ཆུ་མེ་མཆོང་བྱའི་བར་དུ་འགྲོ། །རོ་བསྲེགས་ལ་བསྟེན་དུད་པ་དང། །ཆབ་སོགས ་ཆགས་དང་བུད་མེད་ལ། །ཡིད་རྟོན་དང་དབང་གྱུར་པས་སྤང། །བློ་ལྡན་སྤྱོད་པ་ཐམས་ཅད་ལ། །འཇིག་རྟེན་ཉིད་ནི་སློབ་དཔོན་ཡིན། །དེ་བས་འཇིག་རྟེན་པ་ཡི་དོན། །རྟོགས་པར་བྱེད་པས་དེ་ཉིད་བྱ། །སྙིང་རྗེས་བསླན་ཞིང་སྟོང་དང་ལྡན། །ལུས་དང་ངག་ཡིད ་དུལ་བ་དང། །གཞན་གྱི་དོན་ལ་རང་དོན་སེམས། །དེ་དག་དམ་པའི་སྤྱོད་མཐར་ཐུག། །དེ་ལྟར་བདག་ནི་ཉིན་མཚན་དུ། །ཇི་ལྟ་བུར་ནི་གནས་འགྲོ་ཞེས། །རྟག་ཏུ་དྲན་པ་ཉེར་འཇོག་པ། །སྡུག་བསྔལ་སྣོད་དུ་མི་འགྱུར་རོ། །དེ་ལྟར་སྤྱོད་པ་མདོར་བསྡུས་བས།། ་གང་ཞིག་ཀུན་ཏུ་སྤྱོད་བྱེད་པ། །ཚེ་དང་ནད་མེད་དབང་ཕྱུག་དང། །གྲགས་པ་འཇིག་རྟེན་རྟག་འཐོབ་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་མདོའི་གནས་ཀྱི་ལེའུ་གཉིས་པའོ།། །།དེ་ནས་དུས་སུ་སྦྱར་པའི་ལེའི་བཤད་པར་བྱའོ།། ་དགུན་ཟླ་རབ་བ་སོགས་གཉིས་གཉིས། །རིམ་བཞིན་དུས་ནི་དྲུག་ཏུ་བཤད། །དེ་ལས་དགུན་ཟླ་ཐ་ཆུང་སོགས། །གསུམ་ནི་བྱེད་དུ་འགྲོ་ཞེས་བྱ། །དེ་ཚེ་མི་རྣམས་གཉིད་རེ་ཞིང། །མཐུ་འཕྲོག་པ་ཞེས་བྱ་བ་ཡིན། །དེ་ཚེ་ཤིང་ཏུ་ནི་ཞིང་ཚ། །རྩུབ་པའི་ལམ ་གྱི་ངོ་བོ་ཉིད། །ཉེ་མ་རླུང་གི་ཟླ་བ་ཡི། །ས་ཡི་ཡོན་ཏན་ཟད་པར་བྱེད། །འདིར་ནི་ཆ་བསྒྲ་ཁ་བ་ཡི། །རོ་རྣམས་སྟོབས་ནི་ཚ་བ་ཡིན། །དེ་བས་མེ་ནི་མཐུ་སྟོབས་འཕྲོག། །ལྷོ་ཕྱོགས་སུ་ནི་འགྲོ་བའི་དུས། །དབྱར་ལ་སོགས་པར་སླར་སྟོབས་བསྐྱེད།། ་འདི་སྟོབས་སར་ནི་བསྐྱེད་བས་ན། །འདིར་ནི་བསིལ་བས་ཟླ་བ་ནི། །སྟོབས་དང་ལྡན་པས་ཉི་མ་འབྲི། །ཆར་འབབ་པ་དང་རླུང་བསིལ་བས། །ས་སྟེང་ཚ་བ་ཞི་བ་ན། །འདིར་ནི་སྣུམ་དང་སྐྱུར་ལན་ཚ། །མངར་བའི་རོ་རྣམས་མཐུ་བསྐྱེད་དོ། །དགུན་ཆེ ་ཆད་དང་ཚ་དུས་སུ། །སྟོབས་ཆུད་ལྟག་མ་དག་ལ་འབྲིང། །སྟོབས་ལྡན་གྲང་བས་བཀག་པ་ན། །དགུན་གྱི་དུས་སུ་མེ་སྟོབས་ལྡན། །དེ་ནི་རླུང་གིས་སྤང་བས་ན། །ཟས་ཉུང་གྱུར་ན་ལུས་ཟུངས་སྐེམས། །དེ་བས་དགུན་ནི་མངར་སྐྱུར ་དང། །ལན་ཚའི་རོ་ནི་བསྟེན་པར་བྱ། །དེ་ཚ་མཚོན་མི་རིང་བས་ན། །ནང་པར་ཉིད་ནི་བཀྲེས་པར་འགྱུར། །ངེས་པར་བྱ་བ་བྱས་ནས་ནི། །ཇི་སྐད་བཤད་རྫོགས་དེ་རྗེས་ལ། །རླུང་འཇོམས་ཏིལ་མར་གྱིས་བྱུག་ཅིང། །སྤྱི་བོ་ཏིལ་མར་གྱིས་བྱུག ་མཉེ། །བག་ཡོད་པ་དང་སྟོབS་འགྱད་ཅིང། །རྐང་པས་རན་པར་མཉེ་བར་བྱ། །དེ་ནས་བསྐབས་སྣུམ་བསལ་ལ། །ཆོག་བཞིན་དུ་ཁྲུས་དག་བྱ། །གུར་གུམ་གླ་རྩི་དང་བཅས་པ། །ལུས་བསྐུ་ཨ་ཀ་རུ་ཡིས་གདུག། །ཤ་ཚོན་ཁུ་བ ་སྣུམ་པ་དང། །བུ་རམ་ཆད་དང་ཆང་དངས་ཆད། །གྲོ་དང་འབྲས་ཁུར་མ་ཤ་དང། །འོ་མ་བུ་རམ་ཤིང་བྱས་བཟའ་། །ཁ་ཟས་གསང་དང་ཞག་ཏིལ་མར། །དྲོ་འཇམ་ཆུ་ཡིས་གཙང་སྦྲ་བྱ། །བེའུ་བསླག་པ་དང་སོག་པའོ། །དྲེའུ ་རྡོག་རེའུ་བལ་ལ་གདིང། །རང་བཞིན་དྲོ་ཞིང་ཡང་པ་ཡི། །གོས་བགོ་མལ་ལ་བརྟེན་པར་བྱ། །ཉི་མའི་འོད་ལ་རན་པར་བདེ། །དུགས་བྱ་ལྷམ་ནི་རྟག་ཏུ་བགོ། །ཆུད་མ་གཞོན་ཞིང་ཡིད་འོད་རྒྱགས། །ནུ་མ་བརླ་དང་རོ་སྨད་རྒྱས། །གུར ་གུམ་གྱིས་བྱུགས་སྤོས་ཀྱིས་གདུགས། །ལུས་ཀྱི་དྲོད་ཀྱིས་གྲང་སེལ་བའོ། །ས་ཁང་ཁང་པ་ཉིས་རིན་བྱས། །མདག་མའི་དྲོད་ཀྱིས་བསྲོས་པ་ནི། །གྲང་དང་རྩུབ་པ་ལས་བྱུང་བའི། །ཉེས་པ་ནམ་ཡང་མི་འབྱུང་ངོ། །དགུན་སྨད ་དུས་དུ་ལྷག་པར་ཡང། །ཆོག་འདི་ཉིད་བྱ་བ་ཡིན། །དེ་ཚེ་ལྷག་པར་གྲང་བ་དང། །སྟོབས་འཕྲོག་ལས་བྱུང་རྩུབ་བ་ཡིན། །དགུན་ནི་བད་ཀན་ཁོ་ན་སོགས། །དབྱིད་དུས་ཉི་མའི་འོད་དྲོས་པ། །མེ་ཡི་དྲོད་ཉམས་ནད་བསྐྱེད་དེ།། ་དེ་བས་དེ་ནི་མྱུར་དུ་བསལ། །རྣོ་དང་སྐྱག་སྨན་སྣ་སྨན་སོགས། །ཡང་དང་རྩུབ་པའི་ཁ་ཟས་དང། །བཅག་དང་ལུས་ཀྱི་མཉེ་བ་ཡིས། །བད་ཀན་འོད་བའི་ནད་གསལ་བྱ། །ཁྲུས་བྱས་ག་བུར་ཙནདན་དང། །གུར་གུམ་སོགས་པས་བསྐུ་བར་བྱ། །ནས་དང་གྲོ་ནི ་རྙིང་པ་དང། །སྦྲང་ཅི་སྐམ་སའི་བསྲེག་ཤ་བཟའ་། ། མྲའི་ཁུ་བ་དང་སྦྱར་བའི། །ཁུ་བ་སྐོམ་དུ་སྦྱར་བ་བཏུད། །ཆུང་མ་དྲི་ཞིམ་ཨུཏཔལ་གྱིས། །མིག་དང་ལྡན་དང་ལྷན་ཅིག་པ་ཅིང། །ཡིད་ནི་དགའ་ཞིང་བདེར་བྱས་པས། །གྲོགས་དང་ལྷན་ཅིག ་གཏུད་པར་བྱ། །སྐྱོན་མེད་ཆང་དྲོ་འཇམ་དང། །བུ་རམ་རྒུན་ཆད་སྦྲང་ཆད་དང། །སྒ་ཆུ་བསྐོལ་དང་སེའུའི་ཆུ། །སྒྲང་ཆུ་འམ་བླ་སྒང་ཆུ་བཏུང་བྱ། །ལྷོ་ཕྱོགས་བསེར་བུས་བསིལ་བ་དང། །མཛའ་མ་ཀུན་ཏུ་ཆུ་འབབ་ལ། །ཉི་མའི་འོད ་ནི་མི་སྣང་དང། །ནོར་བུ་བཅག་འདྲའི་མདངས་ལྡན་པ། །ཁུ་བྱུག་སྙན་པ་སྒྲ་སྒྲོག་ཅིང། །འདོད་པའི་ལོངས་སྤྱོད་ལྡན་པའི་ས། །སྣ་ཚོགས་མེ་ཏོག་ལྡན་པའི་ཤིང། །དྲི་ཞིམ་སྐྱེད་མོས་ཚལ་དུ་ནི། །དགའ་འདུན་གཏན་ནི་སྣ་སོགས་པས། །ཕྱེད ་དུས་འདེབས་བདེ་བར་བྱ། །ལྕི་བསིལ་ཉིན་མོ་ཉལ་བ་དང། །སྣུམ་བག་མངར་སྐྱར་སྤང་བར་བྱ། །ཉི་མའི་འོད་ཟེར་རབ་ཚ་བས། །སོ་ག་འཕྲོག་པ་འདྲ་བ་ཡིན། །དེ་བས་དེ་ཚ་ལན་ཚྭ་ཚྭ། །སྐྱུར་སོལ་ཉི་མའི་འོད་ཟེར་སྤང། །ཟས་ནི་མངར་དང་ ་ཡང་བ་དང། །སྣུམ་བསིལ་སླ་བ་ཉིད་བསྟེན་བྱ། །རབ་བསིལ་ཆུ་ཡིས་ལུས་ཁྲུས་ཞིང། །ཕྱེ་ཟན་ཁར་བཅས་པ་བཟའ་། །ཆར་མི་བཏུད་སྟེ་འཐུད་ན་ཡང། །ཉུང་བ་འམ་ཆུ་མད་བསྲེས་ལ་བཏུང། །གཞན་དུ་དེ་ནི་ཁ་བསྐམས་སྟོང།། ་ཚ་དང་རྨོངས་པར་བྱེད་པ་ཡིན། །འབྲས་ཆེན་ཀུན་དེ་ལྟར་དཀར་དང། །སྐམ་སའི་སྲོག་ཆགས་ཤ་དག་བཟའ་། །ཁུ་བ་མི་བསྐ་ཞོད་ད་ནི། །བུ་རམ་སྦྱར་སོགས་གཡོས་བྱས་བཏུང། །ཕལ་ཆེར་སྐྱུར་བ་བཏུང་བར་བྱའོ། །སྙིང་པོ་ལྔ་ཡི ་བཏུང་པ་ནི། །ཁམ་ཕོར་སར་བ་ལ་གནས་པ། །ཆུ་ཤིང་རྒྱས་ལྟ་དུམ་བུ་བསྲེས། །སྐྱུད་བཅས་ཁམ་ཕོད་སྣོད་ཀྱིས་བཏུད། །ཆུ་ནི་བཏ?་ལས་བསྒོངས་ཤིང། །ག་པུར་བཅས་ཤིང་ཤིན་ཏུ་བསིལ། །ཟླ་ཟེར་ལྟ་བུའི ་བཟའ་བ་ནི། །མཚན་མོ་དུས་སུ་བཟའ་བ་དང། །ཟླ་བ་སྐར་མ་ལྟར་དཀར་བའི། མ་ཧེའི་འོ་མ་བསིལ་མོ་བཏུད། །སཱ་ལ་ཏཱ་ལ་ཆེན་པོ་ནི། །སྤྲིན་རེག་ཚ་བའི་འོད་ཟེར་སྒྲིག་།རྒུན་འབྲའི་སྙམ་གཡུང་ཐ་ཤིང། །འཁྲི་ཤིང་དང་ལྡན་ནགས་ཚལ ་བཟང། །དྲི་བཟང་ཁ་བའི་ཆུ་ཡིས་ནི། །གསལ་ཁང་ལུས་དང་འཚམ་བྱས་པ། །ལྡུམ་བུ་འབྲས་བུ་འཕྱང་བ་དང། །ཆུ་ཤིང་འདབ་དང་ཀ་ལྟར། །བར་རྩ་པདྨ་ཨུཏཔལ། །མེ་ཏོག་རྒྱས་པ་དང་ལྡན་པར། །འཇམ་པའི་གནས་མ་ལ་བཅའ་ནས ་ནི། །ཕྱེད་དུས་ཉི་མས་གདུད་བས་ན། །ཉལ་བའམ་ཆུ་ཡི་ཁང་བ་ནི། །བུད་མེད་བཅོས་གཟུགས་ནུ་མ་ལག་།ཁ་ལས་ཨུ་ཤིང་ཆུ་འབབ་བྱ། །མཚན་མ་ཡང་ཐོག་རྡོ་ཐལ་བྱུགས། །ཟླ་བ་ལའང་ཀྱིས་བསིལ་བར་ཉལ། །མལ་སྟན་བདེ ་བར་སེམས་བདེ་ཞིང། །ཙན་དན་ལྡེ་གུ་འཕྲེང་བ་ཐོགས། །རབ་ཏུ་ཕྲ་བའི་གོས་བགོས་ཤིང། །འདོད་པའི་རྒྱུན་ལས་ལྡོག་པར་བྱ། །ཏཱ་ལའི་བསིལ་ཡབ་སྤོས་ཆུ་བཏབ?། །པདྨའི་སངས་རྒྱས་རླུངས་ཡབ་དད། །དལ་གྱིས་ལེགས་པར ་གཡོ་པ་དང། །རྫི་ཆར་བསེར་བུ་དང་ལྡན་བྱ། །ག་ཕུར་མལླི་ཀ་འཕྲེང་བ། །མུ་ཏིག་དོ་ཤལ་ཙན་དན་དཀར། །ནེ་ཙོ་ཤ་རིག?་ལ་སོགས། །སྒྲ་སྙན་ཡིད་འོང་སྒྲགས་པ་དང། །ཆུང་མ་གུང་བུ་བང་རྩ་འདྲ། །པདྨ་རྒྱས་པ་ལྟ་བུར ་མཛེས། །པདྨ་ཅན་ནི་འགྲོ་འདྲ་བ། །སྒོམ་པར་སེལ་བར་བྱེད་པ་ཡིན། །མཐུ་འཕྲོག་པས་དོན་པའི་ལུས། །དམན་པར་ལས་ཀྱང་དམན་གྱུར་ཏེ། །དབྱར་གྱི་གནོད་པས་གནོད་འགྱུར་ཏེ། །མཁའ་ལ་སྤྲིན་འདུས་ཆུ་ཡིས ་བརླན། །ཆུ་ཐིགས་བཅས་པའི་རླུང་དང་ནི། །གླང་བ་དྲག་པོ་ལྡང་བ་དང། །ས་ཡི་རླངས་པ་སྐྱུར་སྨིན་དང། །ཆུ་ནི་རྙོག་པ་ཅན་དག་གིས། །མེ་དྲོད་ཆུང་བ་གནོད་པ་ཕྱེད། །ཕན་ཚུན་གནོད་པ་དེ་ལ་ནི། །དྲོ་ཞིང་མེ་ཡི་སྟོབས་བསྐྱེད་པ། །བུད་མོངས་གང ་ཡིན་བསྟེན་པར་བྱ། །སྤྱད་བས་ལུས་ནི་དག་བྱས་པ། །ཟས་ནི་ཡང་བག་ཁུ་བ་བཟའ་། །སྐམ་སའི་སྲོག་ཆགས་ཤ་ཁུ་དང། །སྦྲང་རྩི་ཆང་ནི་རྙེད་པ་བཏུང། །དར་བ་ཁ་རུ་ཚར་སྦྱར་བ། ཚ་བ་ལྔའི་ཕྱེ་མ་ཅན། །ཁྲོན་པའི་ཆུ་ནི་བསྐོལ་བའང་རུང། །ཆར་ཆེའི ་དུས་སུ་ཁ་ཟས་ནི། །རང་གྱུར་ལན་ཚྭ་སྣུམ་དང་བཅས། །སྐམ་ཞིང་སྦྲང་རྩིར་ལྡན་པ་ཡང། །རྐང་གིས་མི་འགྲོ་དྲི་ཞིམ་ཕྱུག་།རྟག་ཏུ་གོས་ནི་སོགས་ཀྱིས་གདུགས། །ཁྲོད་བཟང་སྟེང་དུ་བ་མོ་བསིལ། །ཆར་གྱི་ཟེར་སྤངས་གནས་པར་བྱ། །ཀླུ་ཆུ་དང་སྦྱར ་སྐྱོ་མ་དང། །ཉིན་ཉིད་རྩོལ་དང་ཉིན་ཚན་སྤངས། །དབྱར་དུས་བསིལ་བར་གྱུར་བ་ལ། །འཕྲལ་དུ་ཉི་ཟེར་གྱིས་གདུངས་བས། །ཆར་འབབ་ཆེན་བསགས་པ་ཡི། །མཁྲིས་པ་སྟོན་ནི་ལྡང་བར་འགྱུར། །དེ་བསལ་ཕྱི་ནི་སྨན་མར་བ?། །བཀྲུ་སྨན་བཏང ་དང་གཏེར་ག་བྱ། །ཁ་དང་མངར་དང་སྐབ་དང། །བཀྲེས་ཚེ་ཟས་ནི་ཡིན་པ་བཟའ་། །འབྲས་ཆན་མུངྒ་རུ་ར། །སྦྲང་རྩི་སྐམ་སའི་བ་ཏོ་ལ། །ཉི་མའི་ཟེར་གྱིས་གདུངས་པ་དང། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །དེའི་ཤར་བས་དུག་མེད་པ ་ཉིན་མཚན་གཉིད་གར་སྦྱངས་ཆུ་བཏུང། །དང་བའི་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་འགྱུར་བ། །མི་འབྲུག་རྩུབ་བ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཙན་དན་ཨུ་ཤིང་ག་བུར?་དང། །མུ་ཏིག་ཆུ་ནི་འཕྱར ་འབྲེང་གོས་མཛེས། །ཁང་བཟང་རྡོ་ཐལ་གྱིས་དཀར་ཞིང། །ཟླ་ཟེར་ཅན་དུ་མཚན་གནས་ཀྱང། །ཟིལ་པ་ཐལ་སྨན་ཏེ་ཅང་འདྲངས། །ཞོ་དང་ཏིལ་མར་ཞག་ཉི་ཚན། །མི་བཟང་ཚད་དང་ཉིན་པར་ཉལ། །མདུན་ཀྱི་བསེར་བུ་ཡོངས་སུ་སྤང་ཀ་བདུན? ་དང་དབྱར་ནི་དང་པོ་གསུམ། །དཔྱིད་ནི་ཐ་མའི་རོ་གསུམ་སྟེ། །སོ་ག་མངར་སྟེ་སྟོན་ཀ་ནི། །མངར་དང་ཁ་དང་བསྐ་བ་བསྟེན། །མདོར་པ་ཟས་དང་སྐོམ་དག་ནི། །སྟོན་དང་དཔྱིད་ནི་རྩུབ?་བ་སྟེ། །སོག་སྦྱར་མཛའ་བསིལ་བར ་བྱེད་ད་གཞན་དག་དུ་ནི་དེ་ལས་བཟློག་རྟག་ཏུ་རོ་ཀུན་བསྟེན་པ་ལས། །རང་རང་དུས་སུ་ལྷག་པར་བསྟེན། །དུས་གཉིས་ཐོག་མཛའ་ཞིག་བདུན་ནི། །དུས་མཚམས་ཡིན་པར་ཤེས་པར་བྱ། །དེར་ནི་སྔ་མོའི་ཆོ་ག་སྤང། །འོག་མ་རིམ་བཞིན་བསྟེན ་པར་བྱ། །མ་སྤངས་ནན་ནད་འགྱུར་ཏེ། །འཕྲལ་དུ་ནད་ནི་འོང་བར་འགྱུར། །མདོའི་གནས་ལེའུ་གསུམ་པའོ།། །།དེ་ནས་ནད་མི་འབྱུང་བར་བྱ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱའོ།། །།ཕྱི་དབུགས་བཤད་ཅི་སྤྲིད ་པ་དང། །བཀྲེས་སྐོམ་གཉིད་དང་ལུང་ངལ་དབུགས། །གླལ་དང་མཆི་མ་སྐྱུག་པ་དང། །ཁུ་བའི་ཤུགས་ནི་དགག་མི་བྱ། །ཕྱོན་ནི་བཀག་པར་གྱུར་པ་ཡིས། །སྐྲན་དང་རྟུག་སྐམ་གཟེར་སྙོམ་ལྕི། །ཕྱེན་དང་བཤད་གཅི་ཁོང་དུ་འགགས།། ་མིག་རྡུལ་དྲོད་ཆུང་སྙིང་ནད་འགྱུར། །བཤད་འགགས་བྱིན་པའི་ཉ་འགྱུར་ཞིང། །ཆམ་པས་འདེབས་ཤིང་ཀླད་པ་ན། །ཁར་ནི་མི་གཙང་འབྱུང་བ་དང། །སྔར་བཤད་ནད་དཱུང་འགྱུར་བ་ཡིན། །གཅིན་བསྒགས་པ་ཡིས་ཡན ་ལག་ན། །རྡེའི་ཆུ་སོ་ཕོ་མཚན་དང། །དཀུ་ཡི་ནང་ན་སྔར་གྱི་ནད། །ཕལ་ཆེར་འབྱུང་པོ་དེ་ཡི་སྨན། །རེང་བུ་བསྐུ་བྱུག་ལུས་སྤྱིར་དང། །དུགས་དང་སྨན་རིམ་མས་བཏང་བའོ། །ཟས་སྒོམ་བཤད་བ་འགགས་པ་དང། །བཤད་འགག ་ལས་བྱུང་གློ་གཙང་མཚུངས། །ཆུ་འགག་པ་ལ་མར་སར་ནི། །ཆེ་ཚད་ཙམ་ནི་རབ་ཏུ་སྦྱར། །སྒྲེགས་པ་བཀག་ནི་ཡི་གེ་འཆུས། །ལུས་འདར་སྙིང་དང་བྲབ་འགགས་ན། །སྤོ་ཞིང་ལུང་བ་སྐྱིགས་བུས་འདེབས། །དེ་སྨན་སྐྱིགས་བུ་དག ་དང་འདྲ། །སྦྲིད་བཀག་མགོན་དབང་མི་རྣོ། །གཉེའུ་རེངས་ཁ་ཡོ་འགྲམ་ཆིག་འགྱུར། །བུད་རྣོན་གྱིས་དབུག་མིག་སྨན་དང། སྣ་སྨན་ཉི་མ་ལྟ་བ་ཡིས། །སྦྲིང་པ་འགགས་པ་བསལ་བྱ་ཞིང། །སྣུམ་དང་དུགས་ཀྱང་བསྟེན་པར་བྱ། །སྐོམ་པ་བསྒགས ་པས་ཁ་སྐམས་ཤིང། །ཡན་ལག་མི་བདེ་རྣམ་མི་གསང། །མགོ་འཁོར་མྱོས་ཤིང་སྙིང་ནད་འབྱུང། །དེར་བསིལ་ཆོ་ག་ཐམས་ཅད་ཕན། །བཀྲས་པས་ལུས་ཞིག་ཡིག་འཆུས། །ལུས་སྙོམས་ཉམ་ཆུང་གཟེར་མགོ་འཁོར་དེ་ལ་ཟས་ཡབ་སྣུམ? ་?་དག་།ཆུང་བ་དག་ནི་སྦྱར་བར་བྱ། །གཉིད་བཀག་ཁོང་མྱོས་སྤྱི་བོ་མིག། །ལྕི་ཞིང་སྙོམ་ལ་གླལ་འོང་ཞིང། །ལུས་ཞིག་སྙམ་སེམས་དེ་ལ་ནི། །གཉིད་ལོག་ལུས་མཉེས་ཕན་པ་ཡིན། །ལུད་པ་བཀག་པས་དེ་འཕེལ་ཞིང། །དབུགས་མི་བདེ ་ཞིང་ཡིག་འཆུས། །སྙིང་ནད་སྐེམ་བྱེད་སྐྱིགས་བུས་འདེབས། །དེར་ནི་ལུང་བསལ་ཆོ་ག་བྱ། །དལ་དུ་བ་དབུགས་ནི་བཀག་པ་ལས། །སྐྱན་དང་སྙིང་ནད་མྱོས་པར་འགྱུར། །དེ་ལ་ངེས་གསོ་བྱ་བ་དང། །རླུང་སེལ་བ་ཡི་ཆོ་ག་ཕན། །གླལ་བཀག ་པ་ནི་སྦྲིད་བཀག་མཚུངས། །།ཆོ་ག་ཐམས་ཅད་རླུང་འཇོམས་བྱ། །མཆིམ་བཀག་པས་མགོ་སྙིང་ན། །གཉའ་རེངས་ཡི་གེ་འཆུས་མགོ་འཁོར། །སྐྱན་བཅས་སྣ་ཚུ་འཛག་འགྱུར་དེར། །གཉིད་དོམས་ཆད་བཏུང་གཏམ་སྙན་ཕན། །སྐྱུག ་བྲོ་མངས?་བས་མེ་དཔལ་མཛེ། །འབྲས་དང་མིག་ནད་གཡན་པ་རིམས་། །སྐྱ་རྦབ་ཡུད་པ་དབུགས་མི་བདེ། །དང་གར་རོ་སྟོང་མི་བདེ་སྐྲངས། །ཁ་བཀར་དོབ་དུར་སྨྱུང་བར་གནས། །རྩུབ་ཟས་དེ་ཉིད་སྐྱུག་པ་དང། །རྩོལ་དང་མྱུར་བར་གཏར་ག་གང་བ།། ་བཀྲུ་སྨན་བཏང་བའང་བསྔགས་པ་ཡིན། །ཁུ་བ་བཀག་པས་དེ་འཛག་དང། །ཕོ་མཚན་ན་དང་འོང་ནད་རིམས། །སྙིང་ནང་ཆུས་འགགས་ལུས་ཞིགས་དང། །རྡེའུ་འཕེལ་དང་མ་ནིང་འགྱུར། །དེ་ལ་ཁྱིམ་བྱའི་ཤ་དང་ཆད། །འབྲས་ཆན་མས ་བཏང་ལུས་སྤྱིད་དང། །ཆུ་སོའི་ནད་བསལ་ཏིལ་མར་བཙོས། །འོ་མ་བུད་མེད་གཞོན་བསྟེན་ཕན། །ཤུགས་ནི་བཀག་དང་བཙིར་བ་ཡིས། །རྒད་ནི་ཀུན་ཀྱང་འབྱུང་བར་འགྱུར། །ཤིན་ཏུ་མང་པོ་དེ་ཡི་ཕྱིར། །གསོ ་དཔྱད་མང་པོ་འདིར་བཤད་དོ། །དེ་ལས་ཕལ་ཆེར་རླུང་དུ་མ། །གང་ཕྱིར་འཁྲུགས་པར་གྱུར་པས་ན། །དེ་ཕྱིར་དེ་ཡི་ཟས་སྐོམ་སྨན། །མཉམ་པར་འགྱུར་བ་སྦྱར་བ་བྱ། །འདི་དང་གཞན་དུ་ཕན་འདོད་པས། །འདོད་ཆེན་ཕྲག་དགེ་ཞེ་སྡང ་དང། །སེར་སྣ་འདོད་ཆགས་ལ་སོགས་ཤུགས། །རྟག་དགག་པོ་ཐུལ་བར་བྱ། །དྲི་མ་རྣམས་ནི་སྦྱར་བའི་ཕྱིར། །ཇི་བཞིན་དུས་སུ་ནན་ཏན་བྱ། །དེ་ནི་ཤིན་ཏུ་གསོགས་གྱུར་ན། །ཤས་ཆེར་འཁྲུག་པས་སྲོག་རྒྱུན་གཅོད། །གནོད་པ ་སྨྱུང་དང་བཞུ་བྱས་བས། །བསལ་ཀྱང་སླར་ནི་ལྡང་སྲིད་ཀྱི། །གང་ཞིག་ལོགས་པར་སྦྱང་བ་དག་།དེ་ནི་སླར་ཡང་འབྱུང་མི་འགྱུར། །དུས་ཤེས་པ་ཡིས་དེ་ཕན་ཆད། །རིམ་པ་བཞིན་དུ་ཅི་རིགས་པ་དང། །བཅུད་ཀྱིས་ལེན་རྣམས ་གྲུབ་བ་དང། །རོ་ཙའི་སྦྱོར་བ་སྦྱར་བར་བྱ། །སྨན་རྣམས་ཀྱིས་ནི་ལུས་སྦྱངས་ཕན། །ས་ལུ་དྲུག་ཅུ་པ་དད་འགྲོ། །མུངྒ་ཤ་དང་མར་ལ་སོགས། །ཕན་པའི་ཟད་ཀྱིས་རིམ་ལུས་རྟ། །ཡིད་འོང་དྲོད་སྐྱེད་སྨན་སྦྱར་བ། །ཡི་ག་འབྱེ་ཞིང་བ་ཇུ ་བྱེད་དང། །བསྐུ་ཞིང་དྲིལ་ཕྱིས་ཁྲུས་བཅས་དང། །དྲག་པོ་འཇམ་རྩི་མས་བཏང་བརྟས། །དེས་ནི་མི་ཀུན་སྟོབས་ལྡན་ཞིང། །བློ་མདོག་དབང་པོ་དྲི་མ་མེད། །དེ་བཞིན་ཚེ་རིང་རོ་ཙ་དང། །དཔལ་དང་གཟི་མདངས་ཐོབ་པར་འགྱུར།། ་འབྱུང་པོ་དུག་དང་རླུང་དང་མེ། །མཚན་རྨས་ཆགས་བྲུགས་སོགས་འབྱུང་དང། །འདོད་ཆགས་ཞེ་སྡང་འཇིགས་སོགས་གང། །དེ་ནི་བློ་བུར་ནད་ཅེས་བྱ། །ཤེས་རབ་ཉེས་པ་སྤང་པ་དང། །དབང་པོ་ཉེར་ཞིང་དྲན་པ་དང། །ཡུལ ་དུས་བདག་ཉིད་ཤེས་པ་དང། །དམ་པའི་སྤྱོད་པའི་རྣམ་འཇུག་པ། །ལྷན་ཅིག་སྐྱེས་དང་གློ་བུར་ནང། །མདོར་ནམ་སྐྱེས་པ་ཡི་ཕྱིར། །སྐྱེས་པ་ཞི་བར་བྱ་བའི་ཕྱིར། །ཆོ་ག་འདི་ནི་བསྟན་པ་ཡིན། །གྲང་བ་ལས་བྱུང་ཉེས་ཚིགས་དཔྱིད་ཀྱི་ཚེ། །རྣམ་བསལ ་སོག་ལས་བྱུང་དབྱར་དུས་ན། །དབྱར་བསགས་སྤྲིན་བྲལ་དུས་སུ་ལགས་སྦྱངས་ནས། །དུས་བྱུང་ནང་ནི་ནམ་ཡང་འབྱུང་མི་འགྱུར། །རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་བསྟེན། །བརྟགས་ཏེ་བྱེད་ཅིང་ཡུལ་རྣམས་ལ་མི་ཆགས། །གཏོང་ལྡན ་སེམས་སྙོམས་བདེན་བརྩོན་བཟོད་དང་ལྡན། །ཉམས་ལྡན་སྟེན་པར་བྱེད་ན་ནད་མེད་འགྱུར། །མདོའི་གནས་ལེའུ་བཞི་པའོ།། །།དེ་ནས་ཆུ་སྣ་ཚོགས་ལ་སོགས་པའི་བྱེ་བྲག་ཤེས་བར་བྱ་བའི་ལའུ་བཤད་པར་བྱའོ།། །། ་མཁའ་ལས་འབབ་པའི་གངྒཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོད། །ཚིམ་ཞིང་སེམས་ནི་གསལ་བྱེད་པ། །སླར་ཞིང་རི་མོ་གསལ་ལ་ཞིམ། །བསིལ་ཞིང་ཡང་པ་བདུད་རྩི་མཚུངས། །ཉི་ཟླ་རུང་གིས་རེག་གྱུར་པ། །དེ་ནི་ཡུལ་དུས་ལ་བལྟོས ་ནས། །ཕལ་ཆེར་ཕན་དང་གནོད་པ་ཡིན། །གང་ཞིག་ཆར་འབབ་དྲི་མ་མེད། །འབྲས་ཆན་དངུལ་ཕོར་ནང་གནས་པ། །མ་རུང་མདོག་ཀྱང་མ་གྱུར་པ། །གངྒཱའི་ཆུ་སྟེ་བཏུང་བར་བྱ། །གཞན་དུ་མཚོ་ཆུ་སྟོན་ཟླ་ནི། །འབྲིང་པོ་མིན་པར་བཏུགས་མི་བྱ།། ་ཆར་པའི་ཆུ་ནི་སྣོད་བཟང་བཞག། །འགྱུར་བ་མེད་པ་རྟག་ཏུ་བཏུང། །དེ་མིང་ན་ནི་ཐང་ལ་གནས། །བར་སྣང་བ་དང་རྗེས་མཐུན་ཡིན། །ས་ཕྱོགས་དཀར་ནག་གཙོར་ཞིང་ཡངས། །ཉི་འོད་རླུང་གིས་ཕོག་པ་བསྔགས། །སྟེང་ཀ་འདམ་རྫབ་ཉི་ལྕིབས? ་དང། །རྩཝ་དང་ལ་མ་རྙོགས་མ་ཅན། །ཉི་ཟླ་རླུང་གིས་མ་ཕོག་པ། །མངོན་དུ་འབབ་དང་ཆུ་གང་ལྕེ། །སྤུ་བ་སྲོག་ཆགས་ཅན་དང་དྲོ། །གྲང་ཆས་སོ་ཡིས་མི་བཟོད་པ། །ཆར་གང་དུས་སུམ་བབ་དང། །དུས་ཀྱི་དང་པོར་འབབ་པ་གང། །སྲོག་ཆགས ་གདུག་དད་པ་སོགས་འདྲེས། །བཤད་གཅི་དུག་འདྲེས་གནོད་མི་བཏུང། །ནུབ་ཕྱོགས་ནས་ནི་རྒྱ་མཚོར་འབབ་།གང་ཡང་མྱུར་འབབ་རྡུལ་མེད་ཆུ། །དེ་དག་མདོར་ན་དགེ་བ་ཡིན། །དེ་ལས་བཟློག་པ་བཟང་མ་ཡིན། །རྡོ ་ལ་ཤུགས་དྲག་རྡེབས་པ་ཡིས། །རྒྱུན་ཆད་གཡེངས་པ་ཆུ་དག་དང། །གང་ཅན་མ་ལ་ཡ་ལས་བྱུང། །དགེའོ་དེ་ཉིད་བརྟན་གཡུང་ན། །སྲིན་བུ་རྐང་འབམ་རྙིང་དང་ནི། །ལྐོག་མ་ཀླད་པའི་ནང་སྐྱེད་འགྱུར། །ཤང་དང་ནུབ་ཀྱི་མཛའ་ལས་བྱུང།། ་གཞང་འབྲུམ་སྐྱེད་དོ་དབང་ཆེ་ན་འབབ། །དམུ་རྫིང་རྐང་འབམ་ནད་སྐྱེད་འགྱུར། །སངས་རྒྱས་བིནདའི་རི་ལས་འབབ། །མཛེ་དང་སྐྱ་རྦབ་ཀླད་ནས་འགྱུར། །པ་རི་ཡ་རིའི་ནང་ཀུན་སེལ། །ཁྲོན་པ་རྫིང་ལ་སོགས་པའི་ཆུ། །སྐམ་ས་རླན་ཅན་སྲོག? ་ལ་ཤེས། །དྲོད་ཆུང་སྐྲན་ཡོད་སྐྱ་རྦབ་དང། །དམུ་རྫིངས་ཚད་འཁྲུ་གཞང་འབྲུམ་མམ། །ཕ་བའི་བྲོད་ཆུང་འོར་ནད་ཅན། །མི་བཏུང་བྲང་དཀའ་ཉུང་ཟད་བཏུང། །སྟོན་ཀ་སོ་ག་མ་གཏོགས་པར། །ནད་མེད་མིས་ཀྱང་ཅུང་ཟད་བཏུང།། ་ཟན་ཟོས་བར་མཛའ་ཐོག་མར་ནི། །ཆུ་འཐུངས་ངན་དང་སྦོམ་སྐམས་འགྱུར། །ཆུ་བསིལ་ཆང་ནད་བརྒྱལ་བ་དག། །སྐྱུར་དང་དལ་དང་མགོ་འཁོར་དག། །སྐོམ་དང་ལུས་ཚམ་ཁྲིས་པ་དང། །ཁྲག་བརྒྱས་དུག་ནི་སེལ་བྱེད་ཡིན ་ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང། །མགུལ་བ་དེ་ལུས་ཡང་གཅིན་ནང་སེལ། །སྐྱིགས་བུ་ལྟོ་སྤོས་རླུང་བད་ཀན། །རིམས་སར་འཕྲལ་དུ་ཟློག་བྱེད་ཅིང། །ལུད་པ་ཆ་མ་སར་དབུགས་མི་བདེ?། །རྩིབ་ལོགས་?་ལ་ཆུ་ཚན་བསྔགས།། ་ཆུ་ནི་བསྐོལ་ལ་བསྒྲངས་བདག། །བད་ཀན་མི་སྐྱེད་ལུས་ཡང་ཞིང། །མཁྲིས་པ་ཅན་ལ་ཕན་པ་ཡིན། །དེ་ནི་ཞག་ལོན་ཉེས་གསུམ་བསྐྱེད། །རྒྱ་ལྷར་ཆུ་ནི་སྣུམ་པ་དང། །རི་མངར་རོ་མི་བསལ་ཞིང་ཡང། །སྐོམ་དང་མཁྲིས་པ ་རླུང་ནང་སེལ། །དྲོད་སྐྱེས་ལྒང་བའི་ནད་སྦྱོང་བྱེད། །དབྱར་གྱི་ཆར་ཆུ་ཆུ་བོའི་ཆུ། །མཆོག་ཏུ་བཟང་དང་ངན་པར་བཤད། །ཆུའི་སྡེ་ཚན་ནོ། །འོ་མ་ཕལ་ཆེར་རོ་ཞུ་མངར། །སྣུམ་ཞིང་མདངས་བསྐྱེད་ལུས་ཟུངས་འཕེལ། །རླུང་དང་མཁྲིས ་སོལ་རོ་ཙ་བྱེད། །བད་ཀན་སྐྱེར་ལྕི་བསིལ་བ་ཡིན། །བ་ཡི་འོ་མ་འཆོ་བྱེད་ཅིང། །བཅུད་ཀྱིས་ལན་ཡིན་གློ་རྡོལ་དང། །གློ་གཅོད་ལ་ཕན་ཡིད་གཞུངས་བྱེད། །སྟོབས་སྐྱེད་ནུ་ཞོ་སྐྱེད་དང་འཁྲུལ། ངལ་དང་མགོ་འཁོར་མྱོས་དཔལ་ཉམས།། ་ལུད་པ་དབུགས་མི་བདེ་བཀྲིས་སྐམ་། །རིམས་སྙིང་གཅིན་ནི་སྲི་བ་དང། །ཁྲག་དང་མཁྲིས་པ་སེལ་བ་ཡིན། །མ་ཧེ་འོ་མ་འཇུ་དྲགས་དང། །གཉིད་མེད་ལ་ཕན་རག་ཅལི་བསིལ། །རིན་ཆུ་ཉུང་འཐུང་བས་རྒོད། །།ཁ་ཞིང་ཚ་བཟ་ཟ་བས ་ཡང། །སྐེམ་དང་རིམས་དང་དབུགས་མི་བདེ། །ཁྲག་དང་མཁྲིས་པ་ཚད་ནད་སེལ། །རྔ་མོའི་འོ་མ་ཅུང་རྩུབ་དྲོ། །ལན་ཚ་བྲོ་ཞིང་དྲོད་ཆེ་ཡང། །རླུང་དང་བད་ཀན་ལྟོས་སྤོས་སྲིན། །འོ་ར་ན་དེ་དམུ་རྫིངས་གཞན་ནག་སེལ། །བུད་མེད་ནུ་ཞོ་རླུང ་མཁྲིས་ཁྲག། །སྣང་པའི་མི་ནད་སེལ་བྱེད་དེ། །ཆིམ་བྱེད་མིག་དང་སྣར་བླུགས་ཕན། །ལུག་གི་འོ་མ་སྙིང་གནོད་ཚ། །རླུང་འཇོམས་སྐྱིགས་དུ་དབུགས་མི་བདེ། །མཁྲིས་པ་བད་ཀན་སྐྱེད་པ་ཡིན། །བན་གླང་མོ་ཡིས་རབ་བརྟེན་བྱེད།། ་མིག་པ་གཅིག་པའི་འོ་མ་ཚ། །ཡན་ལག་རླུང་སེལ་སྐྱུར་བཅས་ཤིང། །ལན་ཆ?་བྲོ་ཞིང་རྨོངས་པར་བྱེད། །འོ་རློན་བད་ཀན་སྐྱེད་ཅིང་ལྕི། །རིགས་པས་བསྒོལ་བ་དེ་ལས་གཞན། །ཤིན་ཏུ་བསྐོ་ན་འཇུ་དགའ་ལྕི། །བཞོས་མ་ཐག་དྲོ ་བདུད་རྩི་མཚུངས། །ཞོ་ནི་རོ་དང་ཞུ་རྗེས་སྐྱུར། །རྟུག་སྐྱེམS་ལྕི་ལ་རླུང་ནད་སེལ། །ཚིལ་དང་ཁུ་ཚུ་སྟོབས་བད་ཀན། །ཁྲག་མཁྲིས་དྲོད་སྐྱེད་འོར་ནད་སྐྱེད། །ཡི་ག་འབྱེད་ཅིང་ཁ་ཟས་ལེན། །གྲང་བའི་རིམས་དང་མི་སྙོམས་རིམས། ། ་ཆམ་པ་གཅིན་འགགས་གྱུར་པ་དང། །འཁྲུ་བའི་ནད་ལ་རྩུབ་མོ་ཕན། །ཞོ་དྲོན་དཔྱིད་དང་སོ་ག་དང། །སྟོན་དུས་མཚན་མོ་གཏུད་མི་བྱ། །དེ་ནི་མུངྒ་སྲན་ཚོད་དང། །སྦྲང་རྩི་མར་དང་ཀར་ཤ། །སྐྱུ་རུ་ནི་མེད་མི ་འཐུང། །རྟག་ཏུ་མ་ཡིན་མ་ལངས་མིན། །གཞན་དུ་རིམས་ཁྲག་མ་དཔལ་དང། །མཛེ་དང་སྐྱ་རྦབ་མགོ་འཁོར་སྐྱེད། །དར་སར་ཡང་ལ་བསྐལ་ཞིང་སྐྱུ་རོ། །དྲོད་རྐྱེད་བད་ཀན་རླུང་དག་སེལ། །སྐྲན་ནད་དམུ་རྫིངས་གཞང་འབྲུམ་དང།། ་ཕོ་ནད་ཆུ་སྲི་ཡི་གེ་འཆུས། །མཆེར་བ་སྐྲན་དང་མར་མ་ཞུ། །སྦྱར་དུག་སྐྱ་རྦབ་ནད་རྣམས་སེལ། །དེ་འདྲ་ཁོ་ཁ་ཆུ་འཁྲུ་ཡང། །རྩ་སྤུབས་སྦྱོང་ལ་རྟུག་སྐམ་སེལ། །འཕྲལ་གྱིས་མར་སར་རོ་ཅི་ཞིང། །བསལ་ཞིང་མདོག ་སྟོབས་དྲོད་སྐྱེད་བྱེད། །འཁྲུ་གཅོད་རླུང་མཁྲིས་ཁྲག་གཞང་འབྲུམ། །གློ་གཅོད་ཁ་ཡོན་ལུང་གསེལ། །ཞུན་མར་བློ་རྣོ་དྲན་གསལ་ཞིང། །ཡིད་གཞུངས་དྲོད་སྐྱེད་སྟོབས་ཚེ་འཕེལ། །མིག་དེར་བྱིས་རྒན་བུ་འདོད་དང། །མདངས ་བཟང་རབ་གཞོན་སྐད་སྙན་ཕན། །གློ་རྡོལ་སྐེམས་དང་གཅོད་དང་འབྲས། །མཚོན་སྨས་མེས་ཚིག་མྱ་ལའང་བསྔགས། །རླུང་དང་མཁྲིས་པ་དུག་དང་སྨྱོ། །ལུས་སྐེམས་མདངས་ཉམས་རིམས་རྣམས་སེལ། །སྨན་གྱི་ནང་ན ་སྣུཾ?་མཆོག་སྟེ། །བསིལ་ཞིང་ན་ཚོད་འཇོག་པའི་མཆོག། ཞུན་མར་སྟོབས་ནི་སྟོང་དང་ལྡན། །སྦྱོར་བ་ལས་ནི་སྟོང་བྱེད་འབྱུང། །མར་རྙིང་སྨྱོ་དང་བརྗོད་བྱེད་བརྒྱལ། །ཀླད་ནད་རྣ་མིག་མངལ་ནད་དང། །རྨ་རྣམས་སྦྱོར་ཞིང ་འཚོ་བ་བྱེད་བས། །ནད་ལས་རྒྱལ་བྱེད་དམ་པ་ཡིན། །ཕྲུམ་སར་སྤྲ་དང་རྒྱ་ཕྲུམ་དང། །ཆུང་བ་ལ་སོགས་སྟོབས་སྐྱེད་ཅིང། །ཁུ་བ་གཉིད་དང་བད་ཀན་འཕེལ། །རྟུག་སྐམ་བྱེད་ལྕེ་ཉེས་དང་ལྡན། །བ་མར་འོ་མ་མཆོག་ཡིན་ནོ།། ་ལུག་ལས་བྱུང་བ་སྨད་པ་ཡིན། །འོ་མའི་སྡེ་ཚན་ནོ།། །།བུ་རམ་ཤིང་ཁུ་འཁྲུ་ལྕི་སྣུམ། །ཤར་སྐྱེ་རོ་ཙ་བད་གཅིན་འཕེལ། །བསིལ་ཞིང་ཁྲག་མཁྲིས་སེལ་བ་དང། །རོ་དང་ཞུ་རྗེས་མངར་བ་ཡིན། །དེ་ཚེ་ལན་ཚྭ་བོ་ཞིང་སོས།། ་བཅས་ན་ཁར་དག་དང་འདྲ། །རྩ་བ་རྩེ་མོ་དབུས་ཟོས་སོགས། །བཙིར་དང་དྲི་མ་པགས་པ་དང། །དུས་ནི་ཅུང་ཟད་ལོན་པ་ལས། །འཁྲུལ་འཁོར་ཅན་ནི་རྣམ་འགྱུར་ཏེ། །ཚ་ཞིང་ལྕི་ལ་མཁྲེགས་པར་འགྱུར། །དེ་ལ་ཁར་དཀར་པོའི་ཤིང། ། ་བསིལ་དང་མངར་བས་མཆོག་ཡིན་ལ། །དེ་ཡི་འོག་མ་སྤུབས་ཅན་ཡིན། །ཚིགས་བརྒྱ་པ་དང་ཀ་ཏ་ར། །བལ་ཡུལ་སྐྱེས་སོགས་དེ་ལས་རིམ། །ཅུང་ཟད་ཚ་བྲོ་བསྐ་བ་དང། །དྲོད་བཅས་ཅུང་ཟད་ཆི་བ་བསྐྱེད། །ལྦུ་བ་ཅན་ལྕི་བད་ཀན ་བསྐྱེད། །སོགས་བྱེད་གཅིན་ནི་སྦྱོར་བྱེད་ཡིན། །དཀར་པོ་བད་ཀན་ཆེར་མི་བསྐྱེད། །བཤད་དང་གཅི་བ་བདེ་བར་འབྱིན། །དམར་ནག་ཕལ་ཆེར་སྲིན་བུ་ཁྲག། རྐང་ཚལ་ཤ་དང་འདྲ་ཀན་པ་སྐྱེད། །རྙིང་པ་ཡིད་འོང་ཕན་པ་ཡིན། །སར་པ་དྲོད ་འབྲི་བད་ཀན་བསྐྱེད། །ཧྭགས་དང་ཁཎྜ་ཀ་ར་དཀར། །རིམ་གྱིས་ཡོན་ཏན་ཆེ་བ་སྟེ། །རི་ཙ་བློ་གཅོད་བློ་རྡོལ་དང། །ཁྲག་དང་མཁྲིས་པ་རླུང་སེལ་ཡིན། །དམ་པ་ཁ་ར་ཚ་ཞིང་མངར། །བསྐལ་སྟེ་ཡོན་ཏན་དེ་དང་འདྲ། །ཁ་ར་ཀར་ཀ ་ཚ་དང་སྐོམ། །སྐྱུ་དྲོ་བརྒྱལ་དང་ཁྲག་མཁྲིས་སེལ། །བུ་རམ་ཤིང་བསྡུས་ཁ་ར་དང། །དབུབ་ཅན་མཆོག་ཐ་མ་ཡིན། །སྦྲང་རྩ་མིག་ཕྲན་གཅོད་སྒོམ་དང། །བད་ཀན་སྐྱིགས་བུ་ཁྲག་མཁྲིས་འཇོམས། །ཚལ་ཚ་མཛེ་ནད་གཅིན་ནད་སྐྱུག་།ལུད་པ་དབུགས ་མི་བདེ་ཚད་སེལ། རྨ་སྦྱོང་རྨ་འཚོ་ཆག་དྲུག་སྦྱོར། །རླུང་ནི་སྐྱེད་པར་བྱེད་བ་ཡིན། །རྩུབ་ཅིང་བསྐ་ལ་མངར་བ་སྟེ། །སྦྲང་ལརྩི་ཁཎྜ་དེ་དང་འདྲ། །ཚ་ཞིང་ཚས་གདུངས་ཚ་དང་ལྡན། །ཚ་བ་དེ་ནི་གསོད་པར་འགྱུར། །སྐྱུགས་སྨན་སྨན་མར་མེས་བཏང་ལ། །སྦྲང ་རྩི་དྲོ་བའམ་བཀག་པ་མེད། བུ་རམ་ཤིང་གི་སྡེ་ཚན་ནོ།། །།འབྲུ་མར་རང་གནས་ལྟ་བུ་ཡིན། །དེ་ལ་ཏིལ་མར་ཏིལ་མར་ཏིལ་དང་མཚུངས། །གཙོ་བོ་རྣོ་ཞིང་ཁྱབ་པ་ཡིན། །པགས་པའི་ཉེས་སེལ་མིག་ལ་གནོད། །ཚ་ཞིང ་རོན་ལ་བད་ཀན་བསྐྱེད། །སྐེམ་པོ་དག་ནི་ཤ་བསྐྱེད་ཅིང། །སྦོམ་པོའི་ཤ་འབྲི་མཁྲེགས་པར་འོང། །རྟུག་འགགས་སྲིན་བུ་འཛོམས་པ་དང། །སྦྱར་བས་ནད་རྣམས་ཐམས་ཅད་སེལ། །ེ་རཎྜ་དཀར་ཚ་ཞིང་ཁ། །ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན། །བརླིག ་རླུགས་སྐྲན་རླུང་བད་ཀན་དང། །ལྟོ་ནད་ལྡང་དུབ་རིམས་ནད་སེལ། །འོར་ནད་རྐེང་པ་གསང་བའི་ནད། །ལྟོ་བ་རོ་རྒྱབ་ནད་ལ་ཕན། །ེ་རཎྜ་ནི་དམར་པོའི་མར། །རྣོ་ཚ་དྲིང་རབ་འབྱིལ་འདྲེད། །ཡུངས་མར་ཚ་དྲོ་རྣོ་བ་དང། །བད་ཀན་རླུང་སེལ་ཁུ་པ ་འབྲི། །ཡང་ཞིང་ཁྲག་མཁྲིས་སྐྱེད་བྱེད་ལ། །ཤ་བཀྲ་མཛེ་འབྲུམ་རྨ་བུ་སེལ། །བ་རུ་རའི་མར་མངར་བསིལ་ལྕི། །སྐྲ་སྐྱེད་རླུང་དང་མཁྲིས་པ་སེལ། །ནི་མ་དམར་རབ་ཏུ་ཚ་མིན་ཁ། །ལྟ་སྲིན་མཁྲིས་པ་བད་ཀན་སེལ། །ཟར་མ་ལེ་བརྒན་རྩི་ཡི་མར།། ་དྲོ་ཞིང་དཔགས་ནད་བད་མཁྲིས་བསྐྱེད། །ཞག་དང་རྐང་ནི་རླུང་འཇོམས་ཤིང། །སྟོབས་དང་ཁུ་ཆུ་བད་ཀན་བསྐྱེད། །ཤ་ནི་རང་དངོས་རྗེས་མཐུན་ལ། །ཚིལ་ཡང་དེ་དང་འདྲར་ཤེས་བྱ། །ཏིལ་མར་ལ་སོགས་པའི་སྡེ་ཚན་ནོ།། །།ཆང ་ནི་དྲོད་འབར་ཡི་གེ་འབྱེད། །རྣོ་ཞིང་དྲོད་བསྐྱེད་ཁོང་རྟ་དགའ་། །མངར་བཅས་ཁ་ཞིང་ཚ་བ་དང། །ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ། །བསྐ་བཅས་གདངས་སྙན་ནད་མེད་དང། །སྦོབས་བསྐྱེད་མདོག་འགྱུར་ཁོང་ཡང་ཞིང། །གཉིད་མེད་པ་དང ་གཉིད་ཆེ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་བསྐྱེད། །རིགས་འཐུངས་སྐེམ་དང་སྦོམ་ཕན་ཞིང། །རྩུབ་སྣ་ལུས་སྒོ་ཁྱབ་ཅིང་སྦྱོང། །རླུང་དང་བད་ཀན་སེལ་བ་ཡིན། །གཞན་དུ་བརྟེན་ན་དུག་དང་མཚུངས་སོ། །ཆང་གསར་ལྕི་ཞིང་ཉེས་བསྐྱེད ་ཡིན་?་ཆང་སྙིང་དེ་ལས་གཞན་དུ་བྱེད། །ཆ་བའི་སྤྱོད་པས་ལྡན་མི་བཏུང། །སུན་ཅིང་བསྐྲེས་ཉེན་ནང་པས་མིན། །ཤིན་ཏུ་རྣོ་མིན་སར་པ་དང། །ལེགས་པར་མ་བསླངས་རྙོག་ཅན་མིན། །འབྲུ་ཆང་སྐྲན་དང་དམུ་རྫིངས་དང། །རྟུག་སྐེམ་བློ་གཅོད་སེལ་བ་དང།། ་རླུང་འཇོམས་ཚིལ་དང་ཁྲག་བསྐྱེད་ཅིང། །གཅིན་བདེར་འབྱིན་ཅིང་བད་ཀན་བསྐྱེད། །ཆང་དངས་ཡོན་ཏན་དེ་འབྲལ་ས། །ཡིད་འོང་ཡང་ཞིང་རྣོ་བ་དང། །གཟེར་དང་ལུད་པ་དབུགས་མི་བདེ། །སྐྱུག་བྲ་བཤད་འགགས་སྤོས་ཆམ་འཇོམས། །བཏུར་ཆད་ཡང་ཞིང་ཕན།། ་ཤིན་ཏུ་ར་རོར་མི་འགྱུར་ཞིང། །རྨ་དང་སྐྱ་རྦབ་མཛེནང་ལ། །ཧ་ཅང་གནོད་པར་མི་འགྱུར་ཞིང། །རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང། །ཆང་གི་ཡོན་ཏན་ཀུན་ལས་ལྟག། །ཕོ་ནད་སྐྱ་རྦབ་མཛེ་གཞང་འབྲུམ། །ལུས་སྐེམ་སྐྲང་འོར་སྨུ་རྫིང་རིམས། ། ་སྐྲན་དང་སྲིན་བུ་མཆེར་ནད་སེལ། །རོནི་བསྐ་ཞིང་ཚ་རླུང་བསྐྱེད། །རྒུན་ཆད་ནད་སྦྱོང་སྙིང་ལ་ཕན། །ཤིན་ཏུ་དྲོ་མིན་མདར་ཞིང་འཁྲུ། །མཁྲིས་རླུང་ཅུང་ཟད་བསྐྱེས་སྐྱ་རྦབ། །གཅིན་ནང་གཞན་འབྲུམ་སྲིན་ནང་སེལ། །བུ་རམ་ཆང་ནི་གཅིག་རྟུག ་འགགས། །འབྱིན་ཞིང་དོམས་ལ་དྲོད་བསྐྱེད་ཡིན། །བུ་རམ་ཤིང་ཆད་རླུང་མཁྲིས་བསྐྱེད། །སྣུམ་དང་བར་ཀན་ལས་བྱུང་འཇོམས། །ཚིལ་འོར་དམུ་རྫིང་གཞང་འབྲུམ་སེལ། །དེ་བས་ཁུ་བ་བསྐོལ་མཆོག་ཡིན། །སྦྲང་ཆར་འགྲིབ་བྱེད་རྣོ་བ་ཡིན། ། ་གཅིན་ནད་ཆམ་བ་ལུང་པ་སེལ། །ཚ་ནི་ཁྲག་མཁྲིས་བད་ཀན་དག། འཇུ་ཞིང་རླུང་ནི་སྙོམས་བྱེད་ལ། །རབ་ཏུ་ཚ་ཞིང་རྣོ་རྩ་བསྐྱུར། །ཡི་འོད་ཡིག་འབྱེ་ཞིང་འཁྲུ། །ཀདྲོད་བསྐྱེད་རེག་ན་བསིལ་བ་དང། །སྐྱ་རྦབ་སྲིན་སེལ་མིག་ལ་གནོད། །བུ ་རམ་བུ་ཤིང་རྒུན་ཆང་དང། །ཚ་ནི་ཕྱི་མ་ཕྱི་མ་ཡང། །སྡོང་བུ་རྩ་བ་འབྲས་སོགས་ལས། །མནན་བྱས་དེ་དང་འདྲར་ཤེས་བྱ། །རྡོ་གུ་ལ་སོགས་བཤུར་བ་གཞན། །དུས་ཀྱི་སྐྱུར་པོ་ཡང་ཟས་ལེན། །འབྲས་བུའི་རང་སྐྱུར་འཁྲུ་རྣོ་ཚ། །མཁྲིས ་པ་བསྐྱེད་བྱེད་བསྐུས་ན་བསིལ། །ངལ་དང་?་སེལ་ཡི་ག་འབྱེ། །དྲོང་བ་སྐྱེད་ཆུ་སོའི་ནད་སེལ་ཡིན། །མས་བཏང་ལ་ཕན་ཡིན་དུ་འོང། །ཡང་ཞིང་རླུང་དང་བད་ཀན་འཇོམས། །བ་གཅིན་ར་ལུག་མ་ཧེ་དང། །གླང་པོ་རྟ་བོང་རྡ ་མོའི་གཅིན། །མཁྲིས་བསྐྱེད་རྩུབ་ཅིང་རྣོལ་ཚ། །འཐུངས་རྗེས་ཚ་དྲོ་རོ་ཚ་སྟེ། །སྲིན་ནད་འོར་ནང་དམུ་རྫིང་སྤོས། །གཟེར་དང་སྐྱ་རྦབ་བད་ཀན་རླུང། །དུག་སྐྲན་ཤ་སྐྲ་ཡི་ག་འཆུས། །མཛེ་དང་གཞང་འབྲུམ་མྱུར་དུ་འཇོམས། །དེ་ལྟར ་ཆུ་བོ་བུ་རམ་ཤིང། །ཏིལ་མར་ཆང་གི་སྡེ་ཚོམས་རིམ། །གཤེར་བའི་རྫས་ཕྱོགས་གཅིག་པ་འདི། །རགས་རིམ་ཇི་བཞིན་བསྟན་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ལྔ་པའོ།། །། ་དེ་ནས་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །རྩ་སྣར་འབྲས་ཆེན་ཀ་མ་ལ། །དྲུག་ཅུ་པ་དང་བྱ་ཡིས་བླང། །སྒྲོན་བུའི་མཆུ་དང་ཅེ་རྣོན་དང། །རོ་འདྲའི་འབྲས་འདྲ་དྲི་བཟང་དང། །བ་དང་ཀ་དང་སེར་མདོག་ཅན། ། ་གང་གཞན་འབྲས་ནི་བཟང་པོ་རྣམས། །རོ་མངར་ཞུ་རྗེས་མངར་ཞིང་སྣུམ། །རོ་ཅ་བཤད་བཅི་བསྐ་ཞིང་ཆུང། །རོ་རྗེས་བར་སྐ་ཞིང་ཕན་པ་དང། །ཡང་ཞིང་གཅིན་མང་བསིལ་བ་ཡིན། །དེ་ལ་རྩེ་རྣོའི་ནང་རྩ་སྣར། །མཆོག་ཡིན་སྐོམ ་དང་ཉེས་གསུམ་སེལ། །དེ་ཡི་འོག་ཏུ་འབྲས་ཆེན་སྨན། །དེའི་འོག་ཀ་ལ་མ་དེའི་འོག་།ནས་འདྲ་ཧ་ཡ་ན་ཅེར་མ། །དེ་ཤ་ད་ཀ་ལ་སོགས་ནི། །རོ་མང་ན་དྲི་ཞིམ་ལྕི་ལ་སྣུམ། །ཞུ་བའི་རྗེས་སྐྱུར་བད་མཁྲིས་བསྐྱེད། །བཤང་དང ་གཅིབ་ཐུར་དུ་འབྱིན། །སྔ་མ་སྔ་མ་སྨད་པ་ཡིན། །འབྲས་ནད་དྲུག་ཅུ་པ་མཆོག་སྟེ། །རྩ་སེར་ཤུན་པ་གནག་པ་དག་།སྣུམ་ཞིང་འཇུ་སླ་བསྟན་ཞིང་མངར། །ཉེས་པ་གསུམ་སེལ་བསིལ་རྟུག་འདྲིལ། །དེ་ལ་རིམ་བཞིན་ཐུབ ་ཆེན་དང། །ཤུན་ནག་རྒྱ་སྐྱེགས་ཚིགས་མ་འདྲ། །ཁྱིམ་བྱའི་སྒོང་འདྲ་འུར་པའི་མིག་།ཕུག་རོན་འབྲས་དང་སུ་ཁར། །བར་ཁ་དང་ཨུཏཔལ་དམར། །ཅི་ན་སྟོན་སྐྱེས་དྷ་དྷུ་ར། །གནདྷ་ན་དང་ཀུ་རུ་བིན། །ཡོན་ཏན་རིམ་བཞིན་ཆུང་ཞེས་བྱ། ། ་འབྲས་གཞན་མངར་ཞིང་ཞུ་རྗེས་སྐྱུར། །མཁྲིས་པ་བསྐྱེད་ཅིང་ལྕི་བ་དང། །གཅིན་རྟུག་མང་ཞིང་ཚ་བ་ཡིན། །པ་ཏ་ལ་ཉིད་ཉེས་གསུམ་བསྐྱེད། །ཙི་ཙེ་ཁྲེ་དང་ནི་པ་ར། །ཁྲ་རྒོད་སྣེ་འབྲས་སོགས་བསིལ་ཡང། །རྩའི་འབྲུ་དེ་དག་རླུང་བསྐྱེད ་ཅིང། །ཁོང་རྩུབ་བད་ཀན་མཁྲིས་པ་སེལ། །དེ་ལ་ཁྲོ་ནི་རྟས་བྱེད་ཅིང། །ལུས་ཀྱི་ཆག་གྲུགས་འབྱོར་བར་བྱེད། །ཁྲེ་རྒོད་མཆོག་ཏུ་འཁྲུ་གཅོད་ཅིང། །རེག་ན་བསིལ་ལ་དུག་སེལ་ཡིན། །ནང་ནི་རྩུབ་བསིལ་ལྕི་ལ་མངར། །ཅུང་ཟད ་ཁོང་འཁྲུ་བོ་ཤང་རླུང་འཕེལ། །རོ་ཙ་ཏན་བྱེད་གཅིན་དང་ནི། །ཚིལ་དང་མཁྲིས་པ་བད་ཀན་སེལ། །ཆམ་པ་ལུང་པ་དབུགས་མི་བདེ། །ད་རྒན་ལྐོག་ནང་པགས་ནང་སེལ། །ནང་རྒོད་ཅུང་ཟད་སྨན་པ་ཡིན་ནོ། །མིག་སྐྱེས་འབྲས་ནས་རྩུབ་ཅིང་ཚ།། ་གྲོ་ནི་རོ་ཙ་སྣུམ་བས་ལི་ལྕི། །འཚོ་བྱེད་རླུང་དང་མཁྲིས་པ་སེལ། །ཆག་གྲུགས་འབྱོར་བྱེད་མངར་བ་དང། །ཤ་མཁྲེགས་བྱེད་ཅིང་ཅུང་ཟད་འཁྲུ། །ནན་ཏི་མུ་ག་རོ་བསྐ་ཞིང། །བསིལ་ཞིང་མངར་ཡང་ཕན་པ་ཡིན། །གྲ་མ་ཅན་གྱི་འབྲུ་སྣ་ཚོཌ ་ཀྱི་སྡེ་ཚན་ནོ།། །།མོན་སྲོན་སྡེ་དཀར་སྲན་ཆུང་སོགས། །གང་བུ་ཅན་འབྲུ་རྩ་སྒོ་བཀག་།རོ་བསྐ་མངར་ཞིང་འཁྲུ་བ་གཅོད། །ཞུ་རྗེས་ཚ་ལ་བསིལ་ཞིང་ཡང། །ཚིལ་དང་ཁྲག་དང་མཁྲིས་པ་ལ། །བསྐུས་ཤིང་སྡུགས་ན་ཕན་པ ་ཡིན། །འདི་ལས་མུངྒ་མཆོག་རླུང་ཆུང། །སྲན་མ་ཤིན་ཏུ་རླུང་བསྐྱེད་ཡིན། །མོན་སྲན་དཀར་པོ་རླུང་པོ་སྐྱེད་ཅིང། །རྩུབ་ཅིང་ལྕི་ལ་བཤད་བ་འཕེལ། །རྒྱ་སྲན་ནག་ཚ་ཞུ་རྗེས་བསྐྱུར། །ཁུ་ཆུའི་རྗེའུ་ཆམ་ལུང་པ། །དབུགས་མི་བདེ ་རླུང་བད་གཞང་འབྲུམ། །འཇོམས་ཤིང་ཁྲག་མཁྲིས་མཆོག་ཏུ་བསྐྱེད། །ནི་ཥབ?་བ་ནི་རླུང་ཁྲག་མཁྲིས། །ནུ་ཞོ་གཅིན་འཕེལ་ལྕི་ཞིང་འཁྲུ། །ཚ་བྱེད་མིག་གནོད་ཁུ་བ་འབྲི། །བད་ཀན་འོར་ནད་དུག་རྣམས་སེལ། །མ་ཤ ་སྣུམ་སྟོབས་བད་ཀན་བསྐྱེད། །བཤད་གཅི་མཁྲིས་བ་འཕེལ་བྱེད་འཁྲུ། །ལྕི་ཞིང་ཚལ་རླུང་འཇོམས་དང། །ཁུ་བ་འཕེལ་ཞིང་འབྱིན་པར་བྱེད། །ཀ་ཀན་དུ་ལ་ཕྲ་སྲལ་ཕྲེའུ། །ཡོན་ཏན་མོན་སྲན་དྲེའུ་དད་འདྲ། །ཏིལ་འབྲུ་དྲོ་ཞིང ་པགས་པ་འཇམ། །བསིལ་ཞིང་སྐྲ་དང་སྟོབས་བསྐྱེད་ལ། །ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚེ། །ཡི་གཏུངས?་དྲོད་བསྐྱེད་པད་མཁྲིས་བསྐྱེད། །ཟང་མ་སྣུམ་མངར་ཁ་ཞིང་དྲོ། །ལྕི་ཞིང་བད་ཀན་མཁྲིས་པ་བསྐྱེད། །མི་གནོད་ཁུ་སྐེམས ་ཞུ་རེས་ལ་ཚ། །ལེ་བརྒན་རྩི་འབྲས་དེ་དང་འདྲ། །གྲམ་ཅན་ལས་ནས་རྒོད་དང། །མ་ཤི་གད་བུ་ཅན་ཐ་ཆད། །འབྲུ་ཡི་གསར་ཐོག་བང་ཀན་བསྐྱེད། །ལོར་ཡོན་འབྲུ་ནི་ཡང་བ་ཡིན། །མྱུར་བསྐྱེད་དེ་བཞིན་སྲན་མ་ནི། །སྣུན་མེད་ལེགས་བརྡོས ་ཚོད་མ་ཡང། །གང་བུ་ཆགས་པའི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་ནོ།། །།འབྲས་ཐུག་སླ་བསྐ་གར་བ་དང། །འབྲས་ཆན་རྣམས་ནི་སྔ་མ་བཞིན། །ཡང་དོ་དེ་ལས་སླ་བ་ནི། །དགེ་ཞིང་རླུང་ནི་ལུགས་མཐུན་བྱེད། །སྐོམ་བསྙ ་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ལུས་གཟུངས་མཉམ་པར་བྱེད། །རྩ་སྦུབས་མཉེན་བྱེད་རྡུལ་བ་དང། །མེ་ཡི་དྲོད་ནི་སྐྱེད་པར་བྱེད། །ཐུགས་བསྐ་བསྐྲེས་སྐོམ་ཉམས་ཆུང་བསྙ། །ལྟོ་ནད་རིམས་ནད་སེལ་པ་ཡིན། ། ་དྲི་མ་འགག་ལ་ཕན་པ་དང། །དྲོད་བསྐྱེད་ནད་ནི་འཇུ་བར་བྱེད། །ཐུགས་གར་འཁྲུ་གཅོད་ཡི་གར་འོང། །སྐོམ་སེལ་དྲོད་བསྐྱེད་རྨ་དང་མིག་།བཀྲུ་སྨན་རྗེས་དང་ཉམས་ཆུང་དང། །སྣུམ་འཐུངས་རྗེས་ལ་ཡན་པ་ཡིན། །འབྲས ་ཆན་ལེགས་བཀྲུས་ཁུ་བརྩགས་ཆོས། །རླངས་པ་དང་ནི་བྲལ་བ་དང། །གང་ཡང་ཚ་བའི་སྨན་རྣམས་ཀྱིས། །བསྐོལ་བའི་འབྲས་ཚོས་ཡང་བ་ཡིན། །དེ་ལས་བཟློག་པ་གང་ཞིག་ནི། །ཤ་ཁུ་འོ་མ་བསྐོལ་སོགས་ལྕི། །དེ་ལྟར་རྫས་དེང་བྱ་སྦྱོར་དང། ། ་ཚད་ལ་སོགས་པ་ཀུན་ཤེས་བྱ། །ཁུ་པ་ཉམས་རྟས་ཚིམ་བྱེད་ཅིང། །རོ་ཙ་མིག་ཕན་རྨ་ལ་གནོད། །མོན་སྲན་རྡེའུ་སྦྱངས་དང་རྣ། །ལྐོག་མ་མིག་ནད་དག་ལ་ཕན། །ཀུ་ལཏྠ་ཁུ་རླུང་དང་སྐྲན། །རོ་སྨད་སྨར་གཟེར་གནོད་པ་སེལ། །ཏིལ་ཚིགས ་གཡོས་སུ་སྦྱར་བྱས་ནས། །ཚད་མ་སྐམ་དང་མྱུ་གུ་དང། །སྒྱུར་པོར་ཆར་བུ་བཅུག་པ་ནི། །མིག་གནོད་ཉེས་བསྐྱེད་རྨ་བྱེད་ལྕི། །དྲི་འཛིན་ལུས་རྟ་རོ་ཙ་ཞིང། །སྣུམ་ཞིང་སྟོབས་བསྐྱེད་ཡི་ག་འབྱེད། །རྒུན་ཆུའི་བཏུང་བ་དལ་དུབ་དང། །བཀྲེས ་སེལ་ཚིམ་པར་བྱེད་ཅིང་ལྕི། །རྟུག་སྐམ་གཅིན་མང་ཡི་གར་འོང། །དེ་ཡི་ཡོན་ཏན་སྨན་བཞིན་བལྟ། །འབྲས་ཡོས་སྐོམ་དང་སྐྱུག་ཚད་འཁྲུ། །གཅིན་མང་ཚིལ་དད་བད་ཀན་སེལ། །ལུད་པ་མཁྲིས་པ་ཉེར་ཞི་བྱེད། །དྲོད་བསྐྱེད་ཡང་ཞིང ་བསིལ་པ་ཡིན། །སྲུན་ལེན་ལྕི་ཞིང་སྟོབས་བསྐྱེད་ལ། །བད་ཀན་བཤད་བ་སྲ་བྱེད་ཅིང། །ནས་ཡོས་རྟུག་མཁྲེགས་རྩུབ་པ་དང། །སྐོམ་ཞིང་ཁོང་འཁྲུག་ལྕི་བ་ཡིན། །ནས་ཕྱེ་ཁོང་ཡང་བཀྲེས་སྐོམ་དང། །དལ་དུབ་མིག་ནད་རྨ་ལ་བན། །སྐྱོ་མར་བྱས ་པ་འཐུངས་པ་ཡིས། །འཕྲལ་དུ་སྟོབས་ནི་སྐྱེད་བྱེད་ཡིན། །ཆུ་དང་ཕྱེ་སྤེལ་མི་བཟའ་ཞིང། །དུས་གཉིས་མཚན་མོ་འདྲ་འཕྲད་མེད་མིན། །འདྲངས་རྗེས་མི་བཟའ་སོས་བཅད་མིན། །ཧ་ཅང་འདྲངས་ཆེས་བཟའ་མི་བྱ། །འབའ་ཆ་ཉམ་འབྲི ་རྩུབ་པ་དང། །བཤད་མཁྲེག་མིག་ལ་གནང་བ་ཡིན། །ཤ་ག.ོས་སྤོས་སྦྱར་སྣུམ་ཞིང་ལྕི། །སྟོབས་བསྐྱེད་ཤ་འཕེལ་རྟས་བྱེད་ཡིན། །མུངྒ་གཡོས་སྦྱར་ལྕི་བ་དང། །སྨན་གྱི་ཆ་དང་ཡོན་ཏན་འདྲ། །ཁུར་བ་མདག་བཙོས་དོག་ལེ་དང ་ས་བླང?་?་ནུར་རྒྱ་སོལ་བསྲེགས། །ཁྱུར?་བ་འདི་རྣམས་རིགས་གཅིག་ཀྱང། །ཕྱི་མ་ཕྱི་མ་ཡང་བ་ཡིན། །གཡོས་སུ་བྱས་པའི་ཟས་ཀྱི་སྡེ་ཚོན་ནོ།། །།ཤ་བ་དགོ་བ་ཀུ་རུངྒ། །རྐྱང་དང་རི་ཤ ་རི་དགས་མ། །རི་བོང་དང་སྒོ་ཙ་རུ་ཀ་།ལྡང་སྒོ་ལ་སོགས་རི་དགས་ཡིན། །ལ་ཙ་བརྟི་བརྟི་ཀ་།གོ་ཆ་དམར་དང་གོད་མོ་དང། །སྲེག་པ་ཨུ་བ་ཙ་ཏྲ་དང། །ཀ་བཉྫི་ཀུ་རུ་པ། །པ་རྟ་ཀ་དང་བརྟི་ཀ་།གོང་མོ་སྲེག་དང་རྨ་བྱ་དང། །ཁྱིམ་བྱ ་དང་ནི་བ་དང། །གོ་ནན་དང་ནི་རི་ལ་གནས། །ཤ་ར་བྷ་དང་ཨིནྡྲ་བ། །རི་བྱ་འདི་དག་ཟས་ཁྲོན་རྐོ། །ཤང་ཤད་ཏེའུ་ད་དུ་ཧ། །བུང་འདྲ་ནེ་ཙོ་ཤ་རི་ཀ་།ལ་ཏ་ཁུ་བྱུག་ཧེ་རེ་ཀ་།བྱེའུ་ལ་སོགས་མཆུ་རྐོ་ཡིན། །སྦལ་བ་སྤྲུལ་དང་སྐྱིན ་འཁོར་དང། །བེ་དུར་ལ་སོགས་ཁུང་ན་གནས། །བ་ལང་རྟ་བོང་དྲེའུ་དང། །སྟག་གཟིགས་སེང་གེ་དོམ་སྦྲེའི། །བྱི་ལ་བྱི་བ་སྦྱད་ཀི་དང། །སྲེ་མོ་དང་ནི་དྲེད་དག་དང། །ཝ་དང་འཕར་བ་ཁྲ་དང་ནི། །ཆུན་ལག་ཁྲ་སྦྱད་བྱ་རོག་གི་། ་བྱ་རིགས་ཁྲ་སྔོན་བྱ་ཀུ་ར། །བྱ་རྒོལ་འཇུག་པ་ཀ་ལིངྒ། །དུད་ཙན་མ་དུ་ཧ་ལ་སོགས། །གཅན་གཟན་བྱ་དང་རྩལ་མཐུས་བྲ། །ཕག་རྒོད་རུ་རུ་མ་ཧེ་སྐྱིན། །རོ་ཧི་ཏ་དང་གླང་པོ་ཆེ། །མཛོ་རྒོད་གཡག་རྒོད་བསེ་དང་ནི། །སྨྱུར་གླང ་ཞེས་གྲགས་རི་དགས་ཆེ། །ཆུང་གནས་དང་པས་རས། །ཆུ་སྐྱར་ཀ་རན་དང་བྱ་གླ་།རྒྱ་དང་ཁྲུང་ཁྲུང་ངུར་པ་དང། །སོ་བྱ་ཀ་ཏམཔ་སོགས་ཡིན། །ཉ་རོ་ཧི་ཏ་བ་ཏི་ན། །ཉ་ཕྱིས་རུལ་སྦལ་ཀུམཔི་ར། །ཀརྟ་དུར་སྲམ་ཤཾ་བུ་ཀ་།ཉེ ་ལྡང་བར་མི་ཙནྟི་ཀ་།བུ་ལུ་ཆུ་སྲིན་ནག་ཁྲ་དང། །ཉ་བོ་ཆེ་ནི་བྱིས་པ་གསོད། །ཛ་རི་ཙོ་རི་ཙི་མ་སོགས་།དེ་ལྟར་ཆ་ནི་བརྒྱད་དུ་བཤད། །ར་ལུག་གཟས་ཀྱི་སྤྱོད་ཡུལ་ནི། །འདྲེས་པས་རིགས་གཅིག་ངེས་མ་ཡིན། །ཐོགས ་ཐ་མ་སྐམ་གཤེར་གནས། །བར་མ་གཉིས་པོ་ཐུན་མོང་བཤད། །དེ་ལས་སྐམ་སའི་ཤ་རྟུག་འགགས། །བསལ་བ་དང་ནི་ཡང་བ་ཡིན། །འདུས་པ་མཁྲིས་པ་ཤས་ཆེ་ཞིང། །རླུང་འབྲིང་བད་ཀན་ཆུང་ལ་ཕན། །རི་བོང་ཤ་ནི་དྲོད་བསྐྱེད ་རྩུབ། །ཞུ་རྗེས་ཚ་ཞིང་འཁྲུ་གཅོད་གསིལ། །བརྟ་ཀ་ལ་སོགས་པའི་ཤ་།ཅུང་ཟད་སྣུམ་གྲོ་ལྕི་རྟས་བྱེད། །དེ་རྣམས་ལས་ཀྱང་རྒྱ་བྱའི་ཤ་།ཡིད་གཞུངས་དྲོད་སྟོབས་ཁུ་བ་འཕེལ། །བཤད་སྐེམས་མདོག་བཟང་རླུང་ཤས་ཆེ། །འདུས་པ་སེལ ་བའི་དམ་པ་ཡིན། །རྨ་བྱའི་ཤ་ནི་བཟང་མིན་ཡང། །རྣ་མིག་སྐད་འགགས་རྒས་སར་ཕན། །ཁྱིམ་བྱ་དེ་འདྲའི་ངོ་རྩ་ལ། །གྲོང་གནས་ལྕི་ཞིང་བད་ཀན་བསྐྱེད། །གོང་མོ་ཨུ་པ་ཙ་ཀྲར་བཅས། །ཡིད་གཞུངས་དྲོད་བསྐྱེད་ཡི་གར་འོང། །ཐི་བ་ཞར ་བའི་ཤ་ལྕི་ཞིང། །ཚ་བྲོ་ཉེས་པ་ཐམས་ཅད་བསྐྱེད། །བྱེའུ་བད་ཀན་བསྐྱེད་ཅིང་སྣུམ། །རླུང་འཇོམས་ཁུ་བ་རབ་ཏུ་འཕེལ། །སྡེ་ཚན་དེ་ལས་ཕྱི་མ་རྣམས། །རིམ་བཞིན་ལྕི་དྲོ་སྣུམ་ཞིང་མངར། །གཅིག་མང་རོ་ཙ་སྟོབས་བསྐྱེད་ཅིང། །རླུང་འཇོམས ་བད་ཀན་འཁྲིསྤ་བསྐྱེད། །དེ་ལས་རི་དགས་ཆེན་པོ་བསིལ། །རྩ་ལ་མཐུས་ཤ་རློན་ཟ་བའི་ཡང། །རོ་རྗེས་ལན་ཚྭ་བྲོ་ཞུ་རྗེས། །ཚ་ཞིང་ཤ་ནི་འཕེལ་བར་བྱེད། །གཞང་འབྲུམ་སྙིང་པ་ཕོ་བ་གྲང། །རྐེམ་ནད་ཉེན་ལ་མཆོག་ཏུ་ཕན། །ར་ཤ ་ཤིན་ཏུ་བསིལ་མིན་ཞིང། །ལྕི་སྣུམ་མ་ཡིན་ཉེས་མེད་ཡིན། །ལུས་དང་ཁམས་ནི་མཉམ་པས་ན། །བད་ཀན་མི་བསྐྱེད་ལུས་རྟས་བྱེད། །ལུག་ཤ་དེ་ལས་བཟློག་པ་སྟེ། །ལུས་རྟས་ཡིན་པར་ཤེས་པར་བྱ། །བ་ལང་ཤ་ནི་ཡུང་སྐམ ་དང། །དལ་དང་ཚས་ཆེས་མ་སྙོམས་རིམས། །ཆམ་པ་དང་ནི་སྐེམ་པ་དང། །རླུང་ནང་གཅིག་ཕུན་བ་སེལ། །མ་ཧེ་ཤིན་ལྕི་ཞིང་ཚ། །གཉིད་ཆེ་རྟན་བྱེད་ཤས་ཆེར་བསྐྱེད། །ཕག་རྒོད་ཤ་ནི་དེ་འདྲ་ཞིང། །ངལ་སེལ་ཟས་ལེན་ཁུ་སྟོབས ་སྐྱེས། །ཉ་ནི་མཆོག་ཏུ་བད་ཀན་བསྐྱེད། །རྩི་ལི་ཙི་མ་ཉེས་གསུམ་བསྐྱེད། །ལ་བཾ་རོ་ཧི་ཏ་སྐྱིན་འཁོར། །ཤ་བ་དང་རང་སྡེ་ཚན་མཆོག། ཤ་ནི་འཕྲལ་བསད་དག་པ་དང། །དར་ལ་བབ་བ་བསྟེན་པར་བྱ། །རང་ཤི་རིང་དང་ཤིན་ཏུ་ཚོ།། ་ནད་ཆུ་དུག་གི་ཤི་བ་སྤང། །ཕོ་དང་མོ་ཡི་སྟོད་སྨད་ཕྱེད། །ལྕི་སྟེ་སྦྲུམ་མ་ཐམས་ཅད་ལྕི། །རྐང་བཞི་མོ་ཡི་ཡད་བ་ཡིན། །བྱ་རྣམས་ཀྱི་ནི་ཕོ་ཡི་ཡང། །མགོ་བོ་རོ་སྟོད་བྲང་དང་རྒྱབ། །རྐེད་པ་དཔྱི་ཡི་ལྕི་བ་ཡིན། །དེ་བཞིན་ཕོ་བ་རྒྱུ་མ་སོགས། །གོ ་རིམ་བཞིན་དུ་ལྕི་བ་ཡིན། །ཁྲག་ལ་སོགས་པའི་ལུས་ཟུངས་རྣམས། །ཕྱི་མ་ཕྱི་མའི་ལྕི་བ་ཡིན། །ཤ་ལས་རླིག་པ་ཕོ་མཚན་དང། །མཁལ་མ་མཆེར་བ་གཞང་དག་ལྕི། །ཤའི་སྡེ་ཚན་ནོ།། །།ཚོད་མ་པ་ཏ་ཤ་ཏི་དང། །སུ་ཤེ་སུ་ནི་ཤ ་ན་དང། །ས་ཏ་ན་ཙ་རྒྱ་སྣེའི་སོགས། །ཉེས་པ་གསུམ་འཇོམས་རྟུག་སྲི་ཡང། །དེ་ལས་སུ་ནི་ཤ་ནི་ཀྲོ་དའི་ཙ་ར་ཛ་ཀྵ་ཕ་ཏི། །ཕོ་བ་གཞད་འབྲུམ་ནད་སེལ་མཆོག་།རྒྱ་སྣེའུ་རྟུག?་སྐམ་འཇོམས་པ་ཡིན། །མོན་སྡེའི་དམེ་རུ་ཉེས་གསུམ ་འཇོམས། །མཛེ་སེལ་རོ་ཙ་བཅུད་ལེན་དྲོ། །ཁྲུ་ཞིང་མགུལ་བསྙན་བར་བྱེད། །རྩད་གི་རི་སྐྱུར་མི་དྲོད་བསྐྱེད། །ཕོ་བ་གཞད་འབྲུམ་བད་ཀན་རླུང། །དྲོད་ཆེ་འཁྲུ་གཅོད་ཡང་བ་ཡིན། །པ་ཏོ་ལ་དད་སཔཏ་ལ། །ནི་སྭ་ཤརྒ?་ཤཐ་སླེ་ཏྲེས། ། པ་ལཛ ་གུ་སྤའི་མྱུ་གུ། །བྲི་ཧ་ཏཱ་དང་བ་ཤ་དང། །ཏིལ་བ་རྣི་ཀུ་ཏ་ལ། །མ་དུ་ཀ་འདབ་ཀརྟོ་ཏ། །ཀ་ར་བེ་ལ་པ་རྟ་དང། །ཎ་ཏི་དང་ནི་ཀ་ཏ་ཡ། །གོ་ཛི་ཏ་དད་བརྟ་ཀ་།བ་ན་ཏིཀྐ་ཀ་རི་རཾ?། །ཀུ་ཡི་ཀ་དང་མནྟི་དང། །ཀུ་ཅེ་ལ་ཤག་ཀུ་ནད་ནི། །ཀ་ཏི་ལམ་དང་ཀེའུ་བུ ་ཀཾ། ཀོ་ཏི་ཀོ?་ཤ་ཏ་ཀ་དང། །ཀརཤ་འཇམ་བསིལ་ཁ་ཞིང་ཚ། །བཤད་སྲི་རླུང་བསྐྱེད་པད་མཁྲིས་སེལ། །པ་ཏོ་ལ་ཞིམ་སྲིིན་ནད་སེལ། །ཞུ་རྗེས་མངར་ཞིང་ཡིག་འབྱེད། །བྲི་ཏ་ཏཱི་གཉིས་མཁྲིས་བསྐྱེད་འཁྲུ། །དྲོད་བསྐྱེད་རླུང་ནི་འཇོམས་པ་ཡིན ་བྲི་ཤ་རློན་དང་ལུང་པ་འཇོམས། །ཁྲག་མཁྲིས་སེལ་བའི་དམ་པ་ཡིན། །ཀ་ར་བེ་ལཾ་ཁ་བ་དང། །དྲོད་བསྐྱེད་བད་ཀན་སེལ་མཆོག་ཡིན། །བརྟ་ཀ་རོ་ཁ་ཞིང་ཚ། །མངར་གྲོ་བད་ཀན་རླུང་དག་སེལ། །ལན་ཚྭར་བཅས་པ་མ་དྲོད་བསྐྱེད། །ཡིད་འོད་ཟས་ལེན ་མཁྲིས་མི་བསྐྱེད་དོ། །ཀ་རི་རཾ་ནི་སྦོས་བྱེད་ཅིང། །རོ་སྐ་མངར་ཞིང་ཁ་བ་ཡིན། །ཀོ་ཤ་ཏ་ཏྲ་བལ་གུ་ཛ། །ཁྲུ་ཞིང་དྲོད་ནི་སྐྱེད་བྱེད་ཡིན། །ཏནདུ་ཡི་བསིལ་རྩུབ་པ་དང། །རོ་མངར་ཞུ་རྗེས་མངར་ཞིང་ཡང། །ཆང་ནད་མཁྲིས་ནད་དུག་ཁྲག་སེལ། །མུ་ཉྩ་ལས ་བྱུང་རླུང་མཁྲིས་སེལ། །སྣུམ་སེལ་ལྕི་ཞིང་མངར་བ་དང། །ལུས་རྟས་ཁུ་བ་འཕེལ་བའི་མཆོག་།པ་ལ་ཀྵ་ལྕི་འཁྲུ་བར་བྱེད། །ུཏཔོ་ད་ཀ་ཆད་ནད་འཇོམས། །ཙུ་ཙུ་བ་ལཀྵ་འདྲ་ལས། །དེ་ནི་འཁྲུ་གཅོད་བདག་ཉིད་ཅན། །བ་དི་རི་ནི་རླུང་མཁྲིས་སེལ།། ་གཅིན་མང་མངར་ཞིང་བསིལ་བ་ཡིན། །འཚོ་བར་བྱེད་ཅིང་ལྐོག་ནད་སེལ། །ལུང་རྟ་རོ་ཙ་ལྕི་བཅུད་ལེན། །ཛི་བིནྟ་མངར་བསིལ་བ་དང། །མིག་ལ་ཕན་ཞིང་ཉེས་གསུམ་སེལ། །ཀུ་སྨན་ཏ་བུཾ་ཤ་ཀ་ལིང། །ཀརྐ་དད་ནི་ཨེརྦ་རུ། །ད་ན་དིས་ཞེས་བྱ ་བ་དང། །ད་ན་དིས་དང་ག་གོན་དང། །ཙིནྟ་ཀ་དང་ཙི་ར་བི་ཏ། ཁང་རླུང་བསྐྱེད་ཅིང་འཁྲུ་གཅིན་མང། །བཤད་སྲི་ལྕི་ཞིང་ཞུ་རྗེས་མངར། །འཁྲི་ཤིང་འབྲས་བུ་ནང་ན་མཆོག་།ཀུ་སྨན་ད་སྟེ་རླུང་མཁྲིས་སེལ། །གཅིན་ནད་སེལ་ཞིང་རོ་ཙར་བྱེད། །ག་གོན་ཤིན ་ཏུ་གཅིན་མང་ཡིན། །ཀུ་བ་ཤིན་ཏུ་རྩུབ་པ་ཡིན། །ཀ་ལིངྒ་དང་ཨེརྦ་དུ། །ཙི་རྦི་མཁྲེག་ཞོན་མཁྲིས་སེལ་བསིལ། །སྨིན་པ་དེ་ལས་གཞན་དུ་བྱེད། །འབྲས་བུའི་ལུས་རྙིངས་ལན་ཚར་བཅས། །མཁྲིས་བསྐྱེད་བད་ཀན་རླུང་ནད་སེལ། །ཡི་ག་འབྱེ ་ཞིང་དྲོ་ཡིད་འོང། །ཧེན་ལངས་ཞིང་ཡང། །བད་རྩ་རྩ་བ་ཨུབ་ལ། །ཀུ་མུ་ཨུཏཔལ་ཆུ་བ་དང། །ཆུས་པ་ཀ་ལུ་ཀ་ཏ་དང། །སིངྒ་དང་ཀ་ཤ་རུ་ཀ་།ཀྲོན་ཙ་ད་ན་ཀ་ལོ་རྒྱ། །རྩུབ་ཅིང་བཤད་སྲི་བསིལ་ཞིང་ལྕི། །ཀ་ལམ་པ་དང ་ན་ལི་ཀ། མར་ཤེ་ཞེས་ནི་བྱ་བ་དང། །ཀུ་ཏིནྫ་ར་སྐུ་བ་ཁ། །སེང་ཕྲོམ་ཡུངས་མ་ཁོ་ནི་ཀ་།ཀ་རུ་དཀག་པེ་དུ། །འཚོ་བྱེད་དང་ནི་ཛུ་?་དང། །ེ་དག་ཛ་དག་དང་ནི། །ཡ་བ་ཤ་ཀ་ལྕམ་པ་དང། ། ལུ་ཀ་སོགས ་ཐམས་ཅད་དང། །སྲམ་ལོ་ཤིང་མངར་ལོ་མ་དག་།མ་དར་ཞིང་རྩུབ་ལ་ལན་ཚྭ་བྲོ། །བད་ཀན་རླུང་བསྐྱེད་ལྕི་བ་དང། །བསིལ་ཞིང་བཤད་ལྕི་འབྱུང་སླ་བྱེད། །ཕལ་ཆེར་ཞུ་ནས་གཤང་གཅི་མཁྲེགས། །ཚོས་ཤིང་ཁུ་བ་ལེགས ་བཙིར་ལ། །མར་ཆེར་བཏབ་པ་ཉེས་མི་བསྐྱེད། །སེང་ཕྲོམ་འདབ་མ་ཞེས་བྱ་གང། །དེ་ནི་རྒྱ་སྣེའུ་དང་འདྲར་འདོད། །ཏ་རྐ་རི་པ་ར་ན་མངར། །ཁ་བཅས་རླུང་དང་བད་ཀན་སེལ། །བུར་རྣ་རྣམ་གཉིས་ཀ་ལ་ཤ་།ཅུང་ཟད་ཚ་བྲོ་ཁ་ཞིང ་ཚ། །དྲོད་བསྐྱེད་ཁོང་འཁྲུ་སྦྱར་དུག་དང། །འོར་ནད་བད་ཀན་རླུང་ནད་འཇོམས། །ཙི་རི་བི་རིའི་མྱུ་གུ་ནི། །དྲོད་བསྐྱེད་རླུང་དང་བད་སེལ་ཁྲུ། །ཉེ་ཤིང་མྱུ་གྱུ་ཁབ་སྟེ། །རོ་ཙ་ཉེས་པ་གསུམ་སེལ་ཡིན། །སྨྱུག་མའི་མྱུ་གུ་རྩུ་བ་པ ་དང། །ཁོང་ཚ་རླུང་དང་མཁྲིས་པ་བསྐྱེད། །པ་ཏུ་ད་ནི་དྲོད་བསྐྱེད་ཁ། །མཆེར་པ་གཞང་འབྲུམ་བད་རླུང་སེལ། །ཀ་ས་མརྡཏ་སིན་ལུང་པ་།བད་ཀན་སེལ་ཞིང་ཞུ་བྱེད་འཁྲུ། །ལེ་བརྒན་རྩི་ཚོད་རྩུབ་སྐྱུར་ཚ། །?་ལྕི་ཞིང་མཁྲིས་བ ་བསྐྱེད་ལ་འཁྲུ། །ཡུངས་ཀར་ཚོད་མ་ལྕི་ཞིང་ཚ། །བཤད་དང་ལྕི་འགགས་ཉེས་ཀུན་བསྐྱེད། །ལ་ཕུག་གཞོན་ནུ་རོ་མི་གསལ། །ཅུང་ཟད་ཚ་བྲོ་ཁ་དང་བཅས། །གང་ཡིན་དེ་ནི་ཉེས་ཀུན་སེལ། །ཡང་ཞིང་ཅུང་ཟད་ཚ་བ་དང།། ་སྐྲན་དང་ལུང་གཅོད་དབུགས་མི་བདེ། །རྨ་དང་མིག་ནད་ལྐོག་ནད་སེལ། །སྐད་འགགས་དྲོད་ཚུད་རྟུག་སྐམ་དང། །ཆམ་པའི་ནང་ནི་འཇོམས་བ་ཡིན། །ནར་སོན་རོ་དང་ཞུ་རྗེས་ཚ། །དྲོད་སྐྱེད་བྱེད་ཅིང་ཉེས་གསུམ་བསྐྱེད། ། ་བད་ཀན་བསྐྱེད་ལྕི་བཙོས་པ་ནི། །སྣུམ་ཞིང་དེ་ཡང་རླུང་སེལ་ཡིན། །སྐམ་པོ་རླུང་དང་བད་ཀན་སེལ། །རྗེན་པ་ཐམས་ཅད་ཉེས་བསྐྱེད་ཡིན། །ཉུང་མ་ཚ་ཞིང་དྲོ་བ་དང། །བད་ཀན་རླུང་སེལ་མཁྲིས་པ་བསྐྱེད། །ཤནྟ་མཱུ་ལ་མཁྲིས་སེལ་ཞིང། །བསིལ ་ཞིང་ཞུ་རྗེས་མངར་བ་དང། །རོ་མངར་ཁ་ཞིང་བསྐ་བ་སྟེ། །བད་ཀན་དུག་ཀྱང་སེལ་བར་བྱེད། །སྐུ་ཐེ་ར་བྱེའུ་རུག་ཤི་ཁྲུ། །སུ་མུ་ཁ་དང་སྐེ་ཚེ་དང། །བུ་སྲིན་དང་ཕ་ནི་ཇི། །ཛིན་ཐིག་ལེ་དང་ཛི་བི་ར། །དེ་ལ་སོགས་པའི་ལྡུམ་རྣམས་ནི། །གཤང ་གཅི་སྲ་ཞིང་མེ་དྲོད་བསྐྱེད། །ཁོང་པ་ཚ་བྱེད་ཁ་རྩུབ་ཚ། །ཡིད་འོང་ལུང་དྲོ་ཡི་ག་འབྱེད། །མིག་གནོད་ཁུ་བ་སྲིན་འཇོམས་རྣ། །སྐྲད་པར་བྱེད་དད་ཡང་བ་ཡིན། །བྱེ་རུག་སྐྱིགས་ལུགས་དབུགས་མི་བདེ། །རྩིབ་ལོགས་ཟུག་དུག་ཁ ་གནམ་སེལ། །སུ་མུ་ཁ་ནི་རབ་ཚ་མིན། །སྦྱར་དུག་འོར་ནད་སེལ་བ་ཡིན། །འུ་སུའི་ལོ་མ་ཁ་ཞིང་མངར། །གཅིན་མང་མཁྲིས་པ་བསྐྱེད་མ་ཡིན། །སྒོག་སྐྱ་རབ་ཏུ་ཚ་ཞིང་རྣོ། །ཞུ་རྗེས་ཚ་ཞིང་འཁྲུ་བ་དང། །ཞིམ་ཞིང་སྐྲ་བསྐྱེད ་ལྕི་རོ་ཙ། །སྣུམ་ཞིང་དྲོད་བསྐྱེད་ཡི་ག་འབྱེད། །ཤ་བཀྲ་མཇོ་སྐྲན་གཞང་འབྲུམ་དང། །གཅིན་ནང་སྲིན་དང་བད་ཀན་རླུང། །སྐྱིགས་བུ་ཚ་བ་དབུགས་མི་བདེ། །ལུང་བ་སེལ་ཉེ་ཁྲག་མཁྲིས་བསྐྱེད། །ཀུན་དོང་དེ་ལས་ཡོན་ཏན་དམན།། ་བད་ཀན་བསྐྱེད་མཁྲིས་རབ་མི་བསྐྱེད། །ཀེའུ་བཙོས་དུག་སྦྱར་ཟས་པ་ཡིས། །བད་ཀན་རླུང་དང་གཞང་འབྲུམ་སེལ། །རྣོ་ཞིང་རྟུགས་པ་སྲི་བ་དང། །དེ་ནི་མཁྲིས་ཅན་ལ་ཕན་ཡིན། །སུ་ར་དྲོད་བསྐྱེད་ཁ་ཟས་ལེན། །བད་སེལ་དྲི་མ ་སྦྱོར་ཞིང་ཡང། །མཆོག་ཏུ་གཞང་འབྲུམ་དག་འགན?། །སྤང་ཕྲུམ་ཤིན་ཏུ་ཉེས་བསྐྱེད་ཡིན། །མེ་ཏོག་འདབ་མ་འབྲས་ཡལ་ག་།སྡོང་བུ་རིམ་བཞིན་ལྕི་བ་ཡིན། །ཚོད་མའི་རབ་མཆོག་འཚོ་བྱེད་ཡིན། །ཡུངས་ཀར་ཚོད་མ་ཐ་ཆད? ་ཆད་ཡིན། །ཚོད་རྡན་རྣམས་ཀྱི་སྡེ་ཚན་ནོ།། །།རྒུན་འབྲུམ་འབྲས་བུའི་མཆོག་ཡིན་ཏེ། །རོ་ཙ་མིག་སྨན་བཤད་གཅི་སླ། །མངར་ཞིང་ཞུ་རྗེས་སྣུམ་པ་དང། །ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི། །རླུང་དང་ཁྲག ་མཁྲིས་སེལ་བྱེད་ཅིང། །ཁ་ནང་ཁ་བྲོ་ཆང་ནད་དང། །སྐོམ་ཡུད་ཚད་རིམས་དབུགས་མི་བདེ། །སྐད་མཛེར་གློ་བརྡོལ་བློ་གཅོད་སེལ། །བལ་བོ་སེའུ་སྔར་མཁྲིས་རྒྱས་དང། །ཉེས་པ་གསུམ་པོ་སེལ་བ་ཡིན། །སྐྱུང་པ་མཁྲིས་བསྐྱེད་མིན་ཅུང ་དྲོ། །རླུང་དང་བད་ཀན་འཇོམས་པར་བྱེད། །སེའུ་ཀུན་ཀྱང་ཡིད་འོང་སྣུམ། །ཡང་ཞིང་བཤད་སྲ་དྲོད་ཟས་ལེན། །མོ་ཚ་འབྲ་གོ་བ་ན་ས། །རྒྱ་སྟར་བ་རུ་ཤ་ཀ་དང། ། མྲ་ཏ་ལ་ཀ་སྨྲ་འབྲས། །ར་ཛ་ད་ན་མ་དུའི་འབྲས། །རྒྱ་ཤུགས་སོ ་བི་ར་ཨངཀོལ། །ཕ་ལྒུ་སླེ་མ་ཏའི་འབྲས་བུ། །ཏ་མ་ཝི་ཤུ་སྟར་གའི་འབྲས། །མྱུ་གུ་ལ་དང་རྒྱ་ཁམ་དང། ། རུ་མ་ན་བི་ཡལ་འབྲས། །རྟས་བྱེད་ལྕི་ཞིང་བསིལ་བ་ཡིན། །ལུས་ཚ་གློ་བརྡོལ་གློ་གཅོད་སེལ། །ཁྲག་དང་མཁྲིས་པ་སྙོམས ་པར་བྱེད། །ཞུ་རྗེས་མངར་ཞིང་སྣུམ་པ་དང། །བཤད་ལྕི་བད་ཀན་ཁུ་བ་འཕེལ། །ཏ་ལའི་འབྲས་བུ་མཁྲིས་བསྐྱེད་འཁྲུ། །ཀརྨ་རི་འབྲས་སྲིལ་བ་དང། །བཤད་ཅི་འགགས་པ་སེལ་བྱེད་ཅིང། །སྐྲ་བསྐྱེད་ཡིད་གཞུངས་བཅུང་ལེན ་འགྱུར། །པ་ཏ་མ་སོགས་དྲོ་བ་དང། །བད་ཀན་མཁྲིས་པ་བསྐྱེད་ཅིང་འཁྲུ། །སྣུམ་ཞིང་མཆོག་ཏུ་རླུང་སྐྱེད་བྱེད། །བི་ལཱ་ཡའི་འབྲས་ཚ་བ་མིན། །པི་ལཱ་ཡ་ཡི་ཚིག་གུ་མངར། །རོ?་ཙ་མཁྲིས་བ་རླུང་ནད་སེལ། །རྒྱ་ཤུགས་ཚི་གུའི་ཡོན ་ཏན་ནི། །དེ་འདྲ་སྐམ་རློན་ལུད་པ་སེལ། །བི་ལ་འབྲས་སྨིན་པ་འཛུ་དཀའ་ཞིང། །ཉེས་བསྐྱེད་ཕྱེན་ནི་དྲི་དན་བྱེད། །མ་སྨིན་དྲོད་བསྐྱེད་བར་རླུང་སེལ། །དེ་དག་གཉི་ག་འཁྲུ་བ་གཅོད། །མ་སྨིན་ཀ་བདེ་མགུལ་ནད་དང། །ཉེས་བ་ཀུན ་བསྐྱེད་སྨིན་པ་ནི། །ཉེས་འཇོམས་སྐིགས་བུ་སློན་བྲོ་སེལ། །ཀུན་ཀྱང་འཁྲུ་གཅོད་དུག་འཇོམས་ཡིན། །འཛམ་བུའི་ཤིང་ཏོག་བཤད་སྲི་ལྕི། །བསིལ་ཤིང་ཤིན་ཏུ་རླུང་བསྐྱེད་ཡིན། །བཤད་དང་ལྕི་བ་གཅོད་བྱེད་ཅིང། །ལྐོག་མ་ལ་གནོད་བད ་མཁྲིས་སལ། ། མྲའི་འབྲས་བུ་མ་སྨིན་རླུང། །ཁྲག་མཁྲིག་སྐྱེད་བྱེད་རུས་ཆག་བ། །བད་ཀན་མཁྲིས་བསྐྱེད་སྨིན་རླུང་བསྐྱེད། །ལྕི་མངར་བད་ཀན་ཁུ་བ་འཕེལ། །བྲིཀྵ་ཨཾ་ལ་རྩུབ་བཤད་སྲི། །ལྕི་ཚ་བད་ཀན་རླུང་དག་འཇོམས།། ་ཤ་མྱ་ཚ་ལྕི་སྐྲ་གནོད་རྩུབ། །བི་ལུའི་འབྲས་བུ་མཁྲིས་པ་བསྐྱེད། །བད་ཀན་རླུང་ནད་སེལ་ཞིང་འཁྲུ། །མཆེར་པ་གཞང་འབྲུམ་སྐྲན་སྲིན་སེལ། །པི་ལུ་མདར་ཞིང་ཁ་བ་གང། །ཤིན་ཏུ་ཚ་མིན་ཉེས་གསུམ་འཇོམས། །བ་ལུ་ཤུན་ཁ་ཚ ་ཞིང་སྣུམ། །རླུང་ནད་སེལ་བར་བྱེད་པ་ཡིན། །བ་ལུང་འབྲས་ཤ་རྟས་བྱེད་མངར། །རླུང་དང་མཁྲིས་བ་སེལ་ཞིང་ལྕི། །དེ་ཡི་རྐང་ཡང་སྐྱིགས་ལུང་པ། །དབུགས་མི་བདེ་དང་ཆང་ནད་སེལ། །ཁ་སྐམ་རླུང་དང་བད་ཀན་དང། །རྟུག་སྲ ་སྐྱུག་བྲོ་ཡི་ག་འཆུས། །སྐྲ་དང་གཞང་འབྲུམ་གཟེར་ནད་དང། །མེ་དྲོད་ཚུད་བ་ཉིད་སེལ་ཏོ། །ན་རམ་ག་འབྲས་མདར་ཅུང་སྐྱུར། །ཡི་གང་འོད་ཞིང་ཁ་ཟས་ལེན། །ལྕི་ཞིང་རླུང་ནི་རབ་བསྐྱེད་པའི། ། ་ཡོན་ཏན་ལྡན་པར་ཤེས་བར་བྱ། །བསེ་ཤིང་འབྲས་བུའི་ཤུན་པ་ཤ་།ཁོང་རྟས་བྱེད་ཅིང་མདར་ལ་བསིལ། །དེ་རུས་མེ་མཉམ་ཡིད་གཞུངས་བྱེད། །བད་ཀན་རླུང་ནི་སེལ་བའི་མཆོག་།ཀུ་ཤུ་རྣམ་གཉིས་ལྕི་བ་སྟེ། །མངར་སྐྱུར ་བསལ་དང་ཚེ་བ་ཡིན། །ཡི་ག་འབྱེ་ཞིང་མེ་རབ་འབྲི། །ཁཾ་ཤ་ཡིག་འབྱེད་ཅིང་མངར། །སྨན་པ་མྱུར་དུ་འཇུ་བར་འགྱུར། །ཤིན་ཏུ་ཚ་མིན་ལྕི་ཉེས་བསྐྱེད། །རྒུན་འབྲུམ་བ་རུ་ཤ་ཀ་དང། །ཀ་ར་མར་དང་བཅས་རློན་སྒྱུར། ། ་མཁྲིས་པ་བད་ཀན་བསྐྱེད་ཅིང་འཁྲུ། །ལྕི་ཞིང་ནུས་ཚ་རླུང་འཇོམས་སོ། །རྒྱ་ཤུག་སྐྱུར་ཐུང་ལི་གུ་ཚེ། ། མྲ་ཀ་ཏ་དེ་བཞིན་ནོ། །ེར་བ་ཏི་སུར་དང། །མྲི་ཀ་ལིནད་ཛཾ་བིར་བཅས། །སྨིན་དང་ཀ་ར་མར་ད་སྐམ། །མཁྲིས ་པ་ཤིན་ཏུ་སྐྱེད་བྱེད་མིན། །མལི་ཀ་དང་རྒྱ་ཤུག་སྐྱུར། །སྐམ་པོ་དྲོད་བསྐྱེད་འཁྲུ་བ་དང། །སྐོམ་དང་ངལ་དང་རྨྱ་བ་སེལ། །ཡང་ཞིང་རླུང་དད་བད་ཀན་འཇོམས། །དེ་ལས་འབྲས་བུ་ཀུན་ཐ་ཆད། །ལི་ཀུ་རྩི་སྟེ་ནང་ཀུན་སློང། །ཁ་བ་མེ་དང་རླུང ་གནོད་ཉེན། །སྦྲུལ་གྱི་ཁ་ཆུ་སོགས་པས་ཕོག། སྲིན་པུས་ཟོས་དང་ཆུ་ནང་ལྟུང། །ས་ངན་དུས་མིན་སྐྱེད་པ་དང། །འབྲུ་གཞན་འདྲེས་ཤིང་མཐུ་ཉམས་དང། །ཤིན་ཏུ་རྙིངས་གྱུར་འབྲུ་སྤང་བྱ། །ཚོད་མའང་དེ་བཞིན་རྩུབ་པར་ནི། །གཡོས ་བ་དག་དང་མི་སྙིང་དང། །རོ་ནི་སྨིན་པར་མ་གྱུར་དང། །ལ་ཕུག་མ་རྟོགས་སྐམ་པོ་དང། །འབྲས་བཱུང་ཕལ་ཆེར་དེ་བཞིན་ཏེ། །བིལྦ་མ་རྟོགས་རློན་པ་སྤང། །འབྲས་བུའི་སྡེ་ཚན་ནོ།། །།ལན་ཚྭ་ཀུན་ཀྱང་བད་ཀན ་བསྐྱེད། །འཕྲ་ཞིང་བཤད་གཅི་འབྱིན་ལ་འཇམ། །རླུང་འཇོམས་འཇུ་བྱེད་ཚ་ཞིང་རྣོ། །ཡི་ག་འབྱེ་ཞིང་བད་མཁྲིས་བསྐྱེད། །དེ་ལ་ལྕེ་མྱང་ཚ་མངར་བཅས། །རོ་ཙ་ཡིད་འོང་ཉེས་གསུམ་སེལ། །ཡང་ཞིང་ཚ་ལ་མིག་ལ་ཕན། ། ་ཚ་བ་མི་སྐྱེ་མེ་དྲོད་བསྐྱེད། །རྩ་བས་རུ་ཚྭ་ཡང་ཡིད་འོང་ཞིང། །སྒྲེག་པ་སྦྱོང་ཞིང་དྲི་ཞིམ་ལ། །ཞུ་རྗེས་ཚ་ཞིང་བཤད་སྲ་སེལ། །དྲོད་སྐྱེ་ཡིག་འབྱེད་བྱེད་ཡིན། །ཁ་རུ་ཚ་ནི་སྟོད་བད་ཀན། །སྨད་ཀྱི་དྲུང་འབྱིན་དྲོད་བསྐྱེད་ལ། །བཤད ་འགག་ལྟོ་སྤོས་རྟུག་སྐམ་དང། །གཟེར་ཟུག་ལུས་ལྕི་སིལ་བ་ཡིན། །རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར། །ལྕི་ཞིང་བད་ཀན་རྣམ་འཕེལ་བྱེད། །བཀོད་མའི་ལན་ཚ་ཅུང་ཟད་ཁ། །ཚྭ་དང་བ་ཚ་རྣོ་བྱེད་གཤེར། །ཁ་རུ་ཚ་ནག་ཡོན་ཏན ་དྲི། །མ་གཏོགས་ཡོན་ཏན་པ་ཏིར་མཚུངས། །མཚོ་ཚ་ཡང་སྟེ་ས་སྐམ་ཚ། །བད་ཀན་བསྐྱེད་ཅིང་འཇུ་དཀའ་ལྕི། །ལན་ཚྭ་རྣམས་ཀྱི་སྦྱོར་བ་ལ། །རྒྱམ་ཚྭ་ལ་སོགས་རབ་ཏུ་སྦྱར། །ནས་ཚིག་འཁུས་པའི་ལན་ཚྭ་ནི། །སྐྲན་དང་སྙིང་ནང ་སྐྱ་རྦབ་དང། །ཕོ་བ་མཆེར་པ་ལྐོག་ནང་དང། །ལུང་པ་གཞང་འབྲུམ་དབུགས་མི་བདེ། །ལྟོ་སྤོས་བད་ཀན་སེལ་བ་ཡིན། །ས་རྫི་ཀ་སོགས་ཐལ་ཚྭ་ཀུན། །རབ་རྣོ་ཚ་ཞིང་སྲིན་སེལ་ཡང། །ཀྲག་མཁྲིས་སྐྱེད་བྱེད་སྨིན་བྱེད་ལ། །གཅོད་ཅིང་མི ་ཞིམ་རྣམ་པར་བྱེད། །ནས་ཚིག་འཁུས་ཚ་ཁ་བས་ན། །མདོག་མདངས་ཁུ་བ་སྐྲ་མིག་གནོད། །ཤིང་ཀུན་རླུང་དང་བད་ཀན་སེལ། །གཟེར་འཇོམས་མཁྲིས་པ་སྐྱེད་བྱེད་དེ། །ཞུ་རྗེས་རོ་ཙ་ཡི་ག་འབྱེད། །དྲོད་བསྐྱེད་ཟས་འཇུ་ཡང་བ་ཡིན།། ་ཨ་རུར་བསྐ་ཞུ་རྗེས་མངར། །རྩུབ་ཅིང་ལན་ཚྭའི་རོ་མེད་ཡང། །དྲོད་ཆེ་ཟས་འཇུ་ཡིད་གཞུངས་བྱད། །ན་ཚོང་ལ་འཇོག་དམ་པ་ཡིན། །དྲོ་ཞིང་འཁྲུལ་ཚེ་ལ་ཕན། །བློ་དང་དབང་གསལ་སྟོབས་རབ་བསྐྱེད། །མཛེ་དང་བཞིན་ལུས ་མདོག་མི་སྡུག་།སྐད་འགགས་རིམས་རྙིང་མི་བཟང་རིམས། །ཀླད་པ་མིག་ནད་སྐྱ་རྦབ་དང། །མིག་སེར་ཕོ་བའི་ནད་རྣམས་དང། །སྐེམ་བཅས་འོར་དང་གཅིན་ནད་སེལ། །ཚད་འཁྲུ་རྨོངས་བག་མྱོས་རློན་སྲིན། །མཆིལ་མ་ལུང་བ ་དབུགས་མི་བདེ། །གཞང་འབྲུམ་མཆེར་པ་ལྟོ་སྤོས་དུག་།གསུས་འཕེལ་རྒྱུན་འགགས་སྐྲན་དང་ནི། །ད་རྒན་ན་དང་ཡིག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །དེ་དང་དེ་ནི་སིལ་བྱེད་ཡིན། །སྐྱ་རུ་ར་ཡང་དེ་འདྲ་བསིལ། །རོ ་སྐྱུར་བད་མཁྲིས་སེལ་ཏེ་ལས། །ཡོན་ཏན་ཅུང་དམན་པ་རུ་ར། །ཞུ་རྗེས་ཚ་མངར་སྐྲ་མིག་ཕན། །འབྲས་བུ་གསུམ་པོ་འདི་དག་ནི། །བཅུད་ཀྱིས་ལེན་མཆོག་མིག་ནད་སེལ། །རྨ་འཚོ་པགས་ནང་རྨ་རེད་དང། །ཚིལ་ཆེས་ལྕི་སྙི་བདེ ་ཁྲག་སེལ། །ཤིང་ཚ་སུག་སྨེལ་པ་ཏྲ་གསུམ། །གེ་སར་བཅས་པ་དྲི་བཟང་བཞི། །ན་ལེ་ཤམ་ནི་མཁྲིས་བསྐྱེད་རྣོ། །རྩུབ་ཅིང་དྲོད་བསྐྱེད་ཡིག་འབྱེད། །རོ་དང་ཞུ་རྗེས་དག་ཀྱང་ཚ། །བད་ཀན་འཇོམས་ཤིང་ཡང་བ་ཡིན།། ་པི་པི་ལིང་རྣོན་པད་བསྐྱེད་མངར། །བསིལ་ཞིང་ལྕི་ལ་སྣུམ་པ་ཡིན། །སྐམ་པོ་དེ་ལ་ས?་བཟློག་པ་ཡིན། །སྣུམ་ཞིང་ངོ་ཙ་རོ་ཚ་ལ། །ཞུ་རྗེས་མངར་ཞིང་བང་རླུང་དང། །ལུད་པ་དབུགས་མི་བདེ་སེལ་འཁྲུ། །དེ་གཉིས་བཅུད་ལེན་མ་གཏོགས ་པ། །གཞན་ལས་ཤས་ཆེར་སྦྱར་མི་བྱ། །དོང་བྲ་དྲོད་བསྐྱེད་རོ་ཙ་དང། །འཁྲུ་གཙང་ཡིད་འོང་འབྲེགས་པ་སེལ། །ཡི་ག་འབྱེ་ཡང་ཞུ་རྗེས་མདང། །ཁོང་སྣུམ་དྲོད་ཆེ་བད་རླུང་སེལ། །སྦེའུ་གཤེར་དེ་འདྲ་དེ་དག་ནི། །ཚ་བ་གསུམ་སྟེ ་ཤ་སྡོམ་དང། །མེ་དྲོང་ཉམས་དང་དབུགས་མི་བདེ། །ལུང་པ་རྐང་འབམ?་ཆམ་པ་འཇོམས། །དབྱི་མོད་པི་པི་ལིང་རྩ་པ། །ནལ་ཤམ་ཡོན་ཏན་ཅུང་ཟད་ཆུང། །ཙི་ཏྲ་ཀ་སྟོབས་མེ་དང་མཉམ། །འོར་ནད་གཞང་འབྲུ་མ་སྲིན ་མཛོ་སེལ། །འདི་རྣམས་ལས་ནིན་ལ་ཤམ། །མ་གཏོགས་ཆ་བ་ལྔ་ཞེས་བཤད། །སྐྲ་ཆེར་དམུ་རྫིང་ལྟོ་སྦོས་དང། །གཟེར་འཇོམས་དྲོང་?་བསྐྱེད་པའི་མཆོག་།བི་ལྦ་ཀ་ཤ་ཏ་རྐ?་རི། །པ་ཏ་ལ་དད་ཏུནདུ་ཀ་།རྩ་ཚན་ལྔ་པོ་བསྐ ་ཁ་དྲོ། །རླུང་དང་བད་ཀན་སེལ་བྱེད་ཡིན། །ཾ་ཤུ་མ་ཏི་བྲི་ཏ་ཏཱི། །གཉིས་གཉིས་གཟེ་རྩ་ཆུ་ལྔར་བཤད། །ཞུ་རྗེས་རོ་མངའ་ཧ་ཅང་ནི། །བསིམ་དང་ཆ་མིན་ཉེས་ཀུན་སེལ། །བ་ལ་སུ་རྣ་ཨེ་རཎྜ། །སུ་བྱ་པད་ནི་སྣ་གཉིས་རྩ།། ་འབྲིང་ཡིན་བད་ཀན་རླུང་འཇོམས་ཡིན། །ཤིན་ཏུ་མཁྲིས་པ་མི་བསྐྱེད་འཁྲུ། །ཉེའུ་ཤིང་ཀ་ཀོ་ལི་འཚོ་བྱེད། །ཛཱི་བ་ཀ་དང་རི་ཤར་བཤད། །འཚོ་བྱེད་ཅེས་བྱ་མིག་ལ་ཕན། །རོ་ཙ་རླུང་དད་མཁྲིས་པ་སེལ། །འཇག་མ་ཀུ་ཤ ་འབྲས་གུར་ཤིང། །འདམ་རྩ་རྩར་བཤད་ལྔ་མཁིས་སེལ། །གྲ་མགར་བུ་གཡོས་སྦྱར་ཟས། །ཤ་དང་ཆོ་ར་མ་ཤིང་རྟོག་སྨན། །ཟས་ཆ་ཅུང་ཟད་ཚན་བསྡུས་འདི། །རྟག་ཏུ་དགོས་པ་ཡོད་པར་སྨྲ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལS། ་མདའ་གནས་ཀྱི་ལེའུ་དྲུག་པའོ།། །།དེ་ནས་ཁ་ཟས་པ་སྲུང་པའི་ལེའུ་བཤད་པར་བྱའོ། །རྒྱལ་པོས་ཕོ་བྲང་ཉེ་འཁོར་དུ། །སྲོག་འཚོ་སློབ་དཔོན་བཞག་པར་བྱ། །དེ་ལྟར་བྱས་པས་ཐམས་ཅད་དུ། །ཐམས་ཅད་ལས་ནི་བསྲུང ་པར་འགྱུར། །ཁྱད་པར་དུ་ནིས་བདག་གི་།ཟས་སྐོམ་དུག་ལས་བསྲུང་བར་བྱ། །ཆོསླ་སོགས་དང་གང་འབྲིལ་པའི། །འབྱོར་པ་དེ་ལ་རག་ལས་སོ། །འབྲས་ཆན་དུག་པ་ནས་བཤེར་བག་ཀྱང། །སྐམ་བག་ཅན་ནི་འབྲ་པར་འགྱུར། ། ་ཡུན་རིང་ཆོས་པར་གྱུར་པ་དང། །ཆོས་པའང་ཞག་ལོན་ལྟ་བུར་འགྱུར། །རླངས་བ་རྨ་བྱའི་མགྲིན་འདྲ་ཞིང། །ཁོང་མྱོས་བརྒྱ་ལ་དབ་ལུས་རྡུལ་བསྐྱེད། །དྲི་དང་མདོག་སོགས་ཉམས་པར་འགྱུར། །རུལ་ཞིང་རྨ་བྱའི་སྒྲོ་ལྟར་མཚེད ་ཚོང་མ་མྱུར་དུ་བསྐམས་པ་དང། །བསྐོལ་བའི་མདོག་ནི་རྣག་འགྱུར་ཞིང། །དེར་གཟུགས་ཆུང་བ་འམ་ཆེབ་འམ། །མི་སྡུག་པའམ་མི་སྣང་འགྱུར། །དབུ་བ་སྟེང་བྱུང་རི་མོ་འཚན།། །ཁ་ཆུ་འདྲ་དང་ཆུ་བུར་འབྱུང། །བཏུད་པ་མངར་སྐུར། ་ཀྪོང་མདང། །ཤ་དག་མཚམས་བྱེ་རོ་དད་བྲལ། །ཤ་ཁུ་རི་མོ་སྔོར་སྣང་ཞིང། །འོ་མ་ཟངས་མདོག་ཞི་དྲི་མ། །དང་བ་ལ་ནི་སེར་དང་གནག་།མར་ཁུ་ཆུ་དང་འདྲ་བར་སང། །ཆང་དང་ཆུ་རྣག་སྦྲང་རྩི་ལ། །ལྗང་སྣང་ཏིལ་མར་དག་ལ ་དམར། །ཤིང་ཏོག་མ་སྨིན་པར་ནི་སྣང། །སྨིན་པ་དག་ནི་ཡོངས་སུ་འདྲུལ། །ཁ་ཟས་རློན་དང་སྐོམ་པ་དག་།རྙིངས་ཤིང་མདོག་ནི་ཉམས་པར་འགྱུར། །སྟི་བ་དང་ནི་སྲ་བ་དག་།རེག་པས་གོ་ནི་བཟློག་བར་འགྱུར། །མེ་ཏོག་ཕྲེང་རྩེ་ལོ ་མ་འགས། །རྙིང་ཅིང་དྲི་ནི་མི་ཞིམ་འགྱུར། །གོས་ལ་ནག་པོ་ཏལ་ཏིལ་དང། །སྦུ་རྣམས་འཐུལ་ཟིང་ཁ་ཚར་འཆད། །གསེར་དངུལ་མུ་ཏིག་ཤིང་དང་རྡོ། །རིན་ཆེན་སོགས་ལ་དྲི་མ་ཆགས་།གཟི་མདངས་རེག་པ་འོད་ནམས ་འགུར། །ས་ཡི་འོད་ནི་མདོག་བཅས་བྱེད། །དུག་སྟེར་ཁ་ནི་སྔོ་བསྐམས་ལ། །གནོང་བག་གིས་ནི་ཕྱོགས་སུ་བལྟ། །རྡུལ་ཟིང་འདར་ལ་སྐྲག་པ་དང། །འཇིགས་ཤིང་འགྲོས་འཁོར་གླལ་བར་འགྱུར། །དུག་ལྡན་ཟས་ནི་མེས་བསྲེགས་ན། །མེ ་ལྕེ་གཅིག་འཁྱིལ་མེ་རྟག་བརྒ་ལ། །དུ་བ་རྨ་བྱའི་མགྲིན་འདྲར་འགྱུར། །མེ་ལྕེ་མི་འབར་འབར་ཡང་མནན། །སྦྲང་མིས་ཟོས་ན་འཆི་བར་འགྱུར། །བྱ་རོག་གིས་ཟོས་སྐད་ཞན་འགྱུར། །འདི་ནི་ནེ་ཙོད་རུ་ཧ། །རི་སྐེགས་ཀྱིས་མཐོང་ཅ་ཅོ ་འབྱིན། །དང་བས་ཟོས་ན་རྡེག་འཆོས་ལ། །ཤང་ཤང་ཏེའུ་ན་བར་འགྱུར། །སྲེག་པ་མིག་ནི་མི་ཆགས་བྱེད། །ཁྲུང་ཁྲུང་དག་ནི་འཛུར་བར་འགྱུར། །པུ་རོན་ཁུ་བྱུག་བྱ་གག་དང། །དུར་པས་ཟོས་ན་འཆི་བར་འགྱུར། །བྱི་ལ་སྐྱོ་ཞིང ་འདོར་བར་འགྱུར། །སྤྲེའུ་མི་གཙང་འདོར་པར་བྱེད་།རྨ་བྱས་དེ་མཐོང་དགའ་བར་བྱེད། །དུག་གི་དཔལ་ན་ཉམས་པར་འགྱུར། །དེ་ལྟར་ཟས་ནི་དུག་ལྡན་པར། །ཤེས་ཤིང་ཅི་ནས་དེ་ཡིན། །སྲོག་ཆགས་ཕྲ་མོ་ཡན་ཆད་ལ། །གནོད ་མི་འགྱུར་བར་འབང་དེ་དོར། །རེག་ན་ཚ་ཞིང་གཡའ་ལ་ན། །རིམས་འདེབས་འབྲུམ་འབྱུང་ཚོར་བ་ཆུ། །སེན་མོ་སྦུ་འབྱུང་ལུས་སྐྲང་སྟེ། །དེ་ལ་དུག་ནི་རྣམ་འཇིག་པའི། །ཙན་དན་ཤུག་པ་སྤུ་ཤེས་ཙོ། །སོ་མའི་ཤུན ་བཅས་པ་ལ་བུའི་འདད། །རུ་རྟ་སླེ་ཏྲེས་ཨ་ཀ་རུའི། །ཆུས་བཀྲུས་བླུགས་ཤིང་བསྐུ་བར་བྱ། །ཁར་ཆུང་ན་ནིམཆིལ་བསྣམས་མང། །ལྕི་མཆུ་སྦྲིང་ཅིང་?་པོར་བྱེད། །ལུས་ཚ་ན་ཞིང་སོ་གཙོ་ལ། །རི་མོ་ཚར་ཞིང་འབྲམས་སོ ་ཐམས། །དེ་ལ་དུག་ཀུན་འཇོས་སྨན་དང། །ུ་ཤིར་སོགས་ཁུས་འཁུར་བཀང་དཔོ། །མ་ཞུའི་གནས་བབས་རྡུལ་བ་དང། །བརྒྱལ་ཞིང་ལྟོ་སྤོས་མྱོས་མགོ་འཁོར། །བ་སྤུ་ལྡང་ཞིང་སྐྱུག་ལུས་ཆ། །མིག་མི་གསལ་ཞིང་སྙིང་མི་དྲན། །ཡན་ལག ་ཐིག་ལེས་ཁྱབ་པར་འགྱུར། །ཞུ་བའི་གནས་སུ་ཕྱིན་ན་ཡང། །ཁ་དོག་སྣ་ཚོགས་སྐྱུག་པ་དང། །གཅིན་མང་རབ་ཏུ་འཁྲུ་བར་འགྱུར། །?་སྐོམ་སྐོམ་ཞིང་མདོག་སྐྱ་ལ། །གསུས་པ་ཞེ་ཞིང་ནམས་སྟོབས་ཟད། །དེ་གཉིས་སློན་དང་ཁྲུས་བྱས ་ནས། །སེར་གཉིས་བུར་མ་གིར་ཀར་ནི། །སི་དུ་བ་རིན་སྦི་པ། །བ་ཤི་ཀ་དང་ཚིགས་བརྒྱ་པ། །ཏནདུ་ལི་ཡའི་རྩ་བ་དང། །བྱེ་བྲག་སྒོ་ང་ལ་ཨ་བ་ལྒུ། །སྣང་བཏང་མོག་སྨན་སླུང་བྱ་བ། །དུག་ཞིའི་ཕྱིར་ནི་སྦྱར་བར་བྱ། །དུག་འཐུང་པ་དག་སྟེང་དང་ནི།། ་དེ་བཞིན་འོག་ནི་སྦྱངས་གྱུར་ནས། །དུས་སུ་ཟངས་བཟང་བདར་ཕྱེ་མ། །སྦྲང་རྩིར་བཅས་པ་སྙིང་སྦྱོང་སྦྱིན། །སྙིང་ནད་སྦྱངས་ནས་གསེར་བྱེ་ནི། །ཞིབ་མོ་ཞོ་ཕྱེད་སྦྱིན་བྱས་ན། །པདྨའི་འདབ་མར་ཆུ་བཞིན་དུ། །གསེར་གྱི་ཡན་ལག་ལ་མི ་ཆགས། །ཚོ་ཡང་རིང་དུ་འཕེལ་བར་འགྱུར། །སྦྱར་དུག་ལ་ཡང་ཆོ་ག་འདིའོ། །ཁ་ཟས་དག་ཀྱང་མི་མཐུན་ཟོས། །སྦྱར་དུག་འདྲ་བར་ཤེས་པར་བྱ། །རླུན་ཅན་ཤ་དང་མོན་སྲན་དྲེའུ། །སྦྲང་རྩི་འོ་མ་མྱུ་གུ་ཅན། །པདྨའི་རྩ་བ་ལ་ཕུག་གམ། ། ་བུར་མ་དང་བཅས་མི་འཕྲོད་ཡིན། །ཁྱད་པར་དུ་ནི་འོ་མ་ཉ། །ཉ་རྣམས་ལས་ཀྱང་ཅི་ལི་ཅི། །འོ་མ་ལྷན་ཅིག་སྐྱུར་ཀུན་ན། །མི་འཕྲོད་ཤིང་ཏག་དེ་བཞིན་ནོ། །དེ་བཞིན་རྒྱ་སྲན་ཁྲེ་དག་དང། །བ་ལ་ཀུ་ལཏྠ་མི་འཕྲོད། །ལ་ཕུག་ལ་སོགས་རྡོ ་རྡད་ནི། །ཟོས་ནས་འོ་མ་སྦང་བར་བྱ། །ཕག་རྒོད་བྱི་དུར་ཤ་མི་བཟའ་། །ཁྱིམ་བྱ་བྲི་ཤ་ཏ་ཞོར་མིན། །ཤ་རློན་མཁྲིས་པ་དག་ཡྡང་ནི། །ལ་ཕུག་མཱ་ཥའི་ཚོད་མར་མིན། །ལེ་བརྒན་རྩི་ཆོད་ལུག་ཤ་མིན། །མྱུ་གུའི་ཚོད་མ་པདྨར་མིན།། ་མཱ་ཥའི་སྲན་ཚོད་བུ་རམ་ཞོ། །མར་འོ་ལ་གུ་རྩེའི་འབྲས་མིན། །ཆུ་ཞིང་འབྲས་བུ་དར་བར་མིན། །ཏཱ་ལའི་འབྲས་བུ་ཞོར་མི་འཕྲོད། །ཚ་བ་གཉིས་པོ་བུ་མར་དང། །སྦྲང་རྩི་ཀ་ཀ་མ་རྩིར་མིན། །དེ་ནི་ཉ་བཅོས་པའི་སྣོད ་དང། །དོར་གྲ་བཙོས་པར་གཡོས་པ་མིན། །ཀ་མ་ཏ་ནི་སྣོད་གཞན་དུ། །བཅོས་ནས་ཉིན་མཚན་ལོན་མི་བྲ། །ཉ་རྡོད་པ་ཡི་སྣུམ་ལས་ནི། །པི་པི་ལིང་བརྡོས་སྤང་བར་བྱ། །མར་སར་འཁར་སྣོད་ཞག་བཅུ་ལོན། །གོ་བྱེའི་འབྲས་བུ་གྲོར་མི་ཟ་། ་བས་སྲེགས་ཤར་མི་འཕྲོད་ཅིང། །དར་བར་ཀཾ་བི་ལ་བཙོས་མིན། །འོ་ཐུག་དད་ནི་ཀྲི་སར། །ཆད་དང་ལྷན་ཅིག་མི་འཕྲོད་སྤང། །སྦྲང་རྩི་མར་སར་ཞག་ཏིལ་མར། །ཆུ་རྣམས་གཉིས་གཉིས་གསུམ་གསུམ་མམ། །ཆ་མཉམ་ལྷན ་ཅིག་ཟེས་པ་དག་།ཕན་ཚུན་དག་ནི་མི་མཐུན་ནོ། །མར་སྦྲང་ཆ་ནི་མི་མཉམ་ཡང། །ཆར་བའི་ཆུ་ནི་འཐུངས་ན་གནོད། །སྦྲང་རྩི་པདྨའི་ས་བོན་དང། །སྦྲང་རྩི་འབྲུ་ཆད་ཁ་རར་མིན། །འོ་ཐུག་རྗེས་ལ་སྐྱོ་མར་མིན། །ཤ་མོ་ཡུངས ་ཀར་བརྡོས་མི་འཕྲོད། །ུ་པོ་ཏ་ཀ་ཏིལ་ཚིགས་ལ། །བཙོས་བ་འཁྲུ་བར་བྱེད་པ་ཡིན། །བྱ་གག་ཤིན་ཆད་དངོས་དང། །ཀུལ་མ་ཤ་ཡི་ཐུག་མི་འཕྲོད། །དེ་ཉིད་ཕག་རྒོད་ཚིལ་ལ་བརྡོས། །སྲོག་ནི་འཕྲལ་དུ་འཇོམས་པར་བྱེད། །དེ ་བཞིན་སྲེག་པ་རྨ་བྱ་དང། །ལབ་ཀ་པཉྫི་ལ་པྲཾ?། །ེ་རན་ཡི་མེ་ལ་མི། ཨེ་རཎྜའི་མར་བརྡོས་མི་འཕྲོད། །ཧ་རི་ཏྲ་ཤ་སྐྱེར་པ་ཨི། །ཐུར་མ་དག་ལ་སྐྱོན་ནས་ནི། །སྐྱེར་པའི་མེ་ལ་བསྲེགས་གྱུར་པ། །འཕྲལ་དུ་སྲོག་ནི་འཇོམས་པར་བྱེད། །དེ་ཉིད་ཐལ ་བ་རྡུལ་གྱིས་གོས། །སྦྲང་རྩིར་བཅས་པ་འཕྲོད་མ་ཡིན། །གང་ལ་ཉེས་པ་མ་སྦྱངས་བ། །མདོར་ན་དེ་ནི་མི་འཕྲོད་ཡིན། །ཉེས་འདིར་སྦྱངས་བར་འདོད་པའམ། །ཡང་ན་དེ་དང་མི་མཐུན་པའི། །རྫས་དེ་ཉིད་ཀྱིས་དང་པོ་ནི། །ལུས་ནི ་མངོན་པར་སྦྱང་བར་བྱ། །རྩོལ་ཅན་སྣུམ་བསྟེན་དྲོང་ཆེ་དང། །དར་ལ་བབ་ཅིང་ཉམས་སྟོབས་ལྡན། །གོམས་པར་ཟོས་དང་ཅུང་ཟད་ཟོས། །མི་འཁྲོད་ཟོས་ཀྱང་གནོད་མི་འགྱུར། །མི་འཕྲོད་ཆ་ཡིས་གོམས་བྱས་པ་འམ། །ཆ་ཡིས་ཆ་ཡིས་ཡོངས་སུ ་སྤང། །ཕན?་པའང་དེ་བཞིན་བསྟེན་བྱས་ཏེ། །གཅིག་གཉིས་གསུམ་གྱིས་ཆོད་པར་བྱ། །སྐྱོན་ནི་རིམ་གྱིས་འགྲིབ་པ་དང། །ཡོན་ཏན་རིམ་གྱིས་འཕེལ་འགྱུར་ན། །སླར་སྐྱེ་བར་ནི་མི་འགྱུར་ཞིང། །གཡོ་བ་མེད་པ་དག་ཏུ་འགྱུར། །མི་འཕྲོད་པ་ཡང་སྤངས་གྱུར་ཞིང། ། ་འཕྲོད་པ་གོམས་པར་གྱུར་པ་ཉིད། །འཕྲལ་དུ་སྤངས་དང་མ་བསྟེན་ལས། །ཉེས་པ་རྣམས་ནི་འབྱུང་བར་འགྱུར། །གནོད་པ་གནོད་བྱའི་བདག་ཉིད་ཅན། །ཤིན་ཏུ་ཉེ་བར་གྱུར་བ་ལ། །ཕན་མེད་གནོད་པར་བྱེད་པ་ནི། །མཁས་པས་ཕྱིར་ཞིང་བྱ་མི ་རིགས། །ཟས་དང་མལ་སྟན་འདོད་ལ་སྤྱོད། །རན་ཞིང་རིགས་པར་སྤྱད་པ་ཡིས། །ཁང་ཁྱིམ་འཆོས་པ་ལྟ་བུར་ནི། །རྟག་ཏུ་ལུས་ནི་གཟུང་བར་བྱ། །དེ་ལ་ཟས་ནི་བཤད་ཟིན་ཞིང། །དེ་དང་དེར་ནི་བཤད་པར་བྱ། །བདེ་སྡུག་སྦོམ་དང་སྟོབས་ཆེ་ཆུང ་བུད་མེད་ལ་ཕོད་མི་འཕོད་དང། །ཤེས་དང་མི་ཤེས་འཚོ་དང་འཆི། །གཉིད་ལ་རག་ནི་ལུས་པ་ཡིན། །དུས་མིན་ཧ་ཅང་ཐལ་ཆོས་དང། །གཉིད་ནི་ཀུན་ཏུ་བགེགས་པ་དག་།བདེ་དང་ཚེ་ནི་ཉམས་བྱེད་དེ། །དུས་མཚམས་གཉིས་པ་ལྟ་བུ་ཡིན། །མཚན་མོ་གཉིད་ནི་མ ་ལོག་རྩུབ། །ཉིན་མོ་གཉིད་ལོག་སྣུམ་ལྕིར་འགྱུར། །ཙོག་བུར་འདུག་སྟེ་ཡུར་བ་དག། མིག་རྩུབ་བད་ཀན་མེད་པར་འགྱུར། །སོ་ཀ་རླུང་འཕེལ་སྟོབས་འཕྲོག་དུས། །རྩུབ་ཅིང་མཚན་མོ་ཐུང་བས་ན། །ཉིན་པར་གཉིད་ཕན་གཞན་དག་ཏུ། །དེ་ནི་བད་ཀན་མཁྲིས ་པ་བསྐྱེད། །སྨྲ་མང་གཞོན་དང་ལམ་གྱི་དབུ?། །ར་རོ་བུད་མེད་བསྟེན་ཁུར་ལས། །མཁྲིས་དང་མྱ་ངན་འཇིག་པས་དུབ། །སྐྱིགས་བུ་དབུགས་མི་བདེ་ཚད་འཁྲུ། །རྒན་དང་བྱིས་པ་ཉམས་སྟོབས་ཟད། །གློ་བརྡོལ་སྐེམ་དད་གཟེར་གྱིས་གནོད། །ཟས་མ་ཞུ? ་དང་བཅོམ་དང་སྨོས། ཉིན་པར་གཉིད་ལོག་རིགས་མ་གཏོགས། །འདི་དག་དེ་བཞིན་ལུས་ཟུངས་སྙོམས། །བད་ཀན་སྐྱེས་ཤིང་ལུས་རྟས་འགྱུར། །ཆིལ་ཚ་བད་ཀན་མང་དང་སྣུམ། །རྟག་ཟ་ཉིན་པར་གཉིད་མ་ལོག། དུག་གི་ཕོག་དང་ལྐོག་ནད་ཅན། ། ་མཚན་མོ་ན་མ་ཡང་གཉིད་མ་ལོག་།དུས་མིན་གཉིད་ལོག་རྨོངས་བག་དང། །རིམས་བསྐྱེད་རྨུགས་ཤིང་ཆམ་བས་འདེབས། །མགོན་སྐྲངས་ཤིང་སློན་སྒྱིད་སྐྱུར། །རྩ་ཡི་རྒྱུན་འགེག་མེ་དོད་ཉམས། །དེ་ལ་བསྙུངས་དང་སློན་སྨན་དང། །རྡུལ་དབྱུང་སྣ་སྨན ་བཏང་བ་དག་།གཉིད་ཆེས་གྱུར་ལ་སྐྱུག་སྨན་ནོ། །མིག་སྨན་རྣོ་དང་སྣ་སྨན་དང། །བསྙུང་བ་སེལ་ལ་བུད་མེད་བསྟེན། །མྱ་ངན་འཇིགས་དང་ཁྲོ་བ་སྦྱར། །འདི་དག་ཉིད་ཀྱིས་གཉིས་གྲགས་པར། །འཇིག་ཅིང་བད་ཀན་རབ་ཟད་བྱེད། །གཉིས་ཡར་བ་ཡིས ་ཡན་ལག་སྙོམས། །ཀླད་པ་ལྕི་ཞིང་ཀླད་འོང་ལ། །མི་གསལ་ན་ཞིང་མགོ་འཁོར་ལ། །ཟས་མི་འཇུ་རྨྱ་རླུང་སྐྱེས་ནད། །དེ་བས་མཚན་མོ་དུས་བཞིན་དུ། །ཅི་བདེར་གཉིས་ནི་ལོག་པར་བྱ། །མ་གོམས་གཉིད་ཀྱིས་མ་ལོག་ན། །ནང་པར་མ་ཟོས ་ཕྱེད་གཉིད་ལོག་།གཉིད་ཡར་གྱུར་ན་འོ་མ་དང། །ཆང་དང་ཤ་ཁུ་ཞོ་རྣམས་བཏུང། །ལུས་བསྐུ་དྲིལ་དང་ཁྲུས་བྱ་ཞིང། །མགོ་བསྐུ་རྣ་བ་མིག་?་གང་བྱ། །ན་ཆུང་ལག་ངར་གྱིས་འཁྱུད་དང། །སེམས་བདེ་བྱ་བ་ཟིན་བ་དང། །ཡིད་དང་རྗེས་མཐུན ་ཡུལ་ལྡན་པ། །ཅི་འདོད་གཉིད་འང་བདེ་བར་བསྐྱེད། །ཉལ་པོའི་བདེ་ལ་སེམས་མ་ཆགས། །ཚངས་པར་སྤྱོད་པ་ལ་དགའ་ག་།ཆོག་ཤེས་པ་ཡིས་མགུ་བའི་གཉིད། །རང་གི་དུས་ལས་འདའ་མི་བྱེད། །ཉལ་པོའི་ཆོས་ནི་སྤང་བྱ་བ། །བ་ཀན?་མིན་ཟླ? ་མཚན་ལྡན་པ་དང། །ཡིད་དུ་མི་འོང་མི་སྡུག་སྤྱོད། །མངལ་ནི་སྐྱོན་གྱིས་ཁྱབ་པ་དང། །རབ་སྦོམ་སྐེམ་དང་བཙས་པ་དང། །སྦྲུམ་མ་གཞན་གྱིས་བུད་མེད་དང། །རིགས་གཞན་སྐྱེ་གནས་?་མཐུན་དང། །བླ་མ་ལྷ་དང་རྒྱལ་པོའི་གནས།། ་མཆོད་རྟེན་དུར་ཁྲོད་གསོད་གནས་དང། །བསྟེས་ལམ་གྱི་བཞི་མདོ་ཆུང། །དུས་ཚིགས་ཉིན་མོ་ཡན་ལག་མིན། །སྙིང་ག་མགོ་བོར་བརྡེག་བྱ་སྤང། །འགྲངས་ཆེས་ལྟེགས་དང་བརྟན་བྲལ་དང། །ཡན་ལག་མི་བདེར་གནས་དང་སྐོམ། །བྱིས་བ་རྒན་དང་ཤུགས ་གཞན་ཉོན། །ནད་པ་ཡིས་ཀྱང་འཁྲིགས་པ་སྤང། །དགུན་དུས་རོ་ཙ་བྱས་གྲགས་ཚེ། །འདོད་པས་འདོད་པ་བསྟེན་པར་བྱ། །དཔྱིད་སྟོན་ཞག་ནི་གཉིས་གཉིས་ནས། །སོག་དབྱར་ཚེ་ཟླ་ཕྱེད་ཅིང། །གཞན་དུ་བུད་མེད་ལ་ཞུགས་ནས། །མགོ་འཁོར་ངལ་དང་བླ་མཐུ་ཉམས།། ་སྟོབས་དང་ལུས་གཟུངས་དབང་པོ་ཉམས། །དུས་མིན་འཆི་བར་བྱེད་བ་ཡིན། །བུད་མེད་དག་ལ་ལེགས་བསྡམས་ན། །དྲན་དང་ཡིད་གཞུངས་ནད་མེད་ཚེ། །དབང་པོ་རྟས་ཤིང་གྲག་སྟོབས་རྣམས། །ལྷག་པར་འཕེལ་ཞིང་རྒས་སྲར་འགྱུར། །ཁྲུས་དང་བྱུག་པ་རླུང ་བསིལ་ཁ་ར་ལ་སོགས་བཟའ་། །ཆུ་བསིལ་འོ་མ་ཤ་ཁུ་སྲན་ཚོད་ཆད་དངས་འཐུང། །ཉེལ་པོ་དགའ་བྱས་འདོད་དང་བྲལ་གྱུར་རྗེས་ལ་བརྟེན། །དེ་འདྲས་དེ་ཡི་ལུས་མདངས་སྟོབས་སླར་སྐྱེ་བར་འགྱུར། །སྨན་པ་ཐོས་སྦྱོང་ཕུན་ཚོགས་ལྡན་ཞིང ་ལས་མཁས་སྙིང་རྗེ་ཅན། །བགེས་དང་གནོད་མེད་ལུས་སྲུང་བྱེད་པ་ཉེ་བར་བཞག་བྱས་ནས། །རྒྱལ་པོའི་རང་གི་དགེ་བའི་འབྲས་བུའི་ལོངས་སྤྱོད་པ་དེར་སྤྱོད་ཅིང། །ནད་མེད་མཐུ་དང་གཟི་བརྗིད་གྲགས་པ་ཡུན་རིང་འཕེལ་བར་འགྱུར། །ཡན་ལག་བརྒྱད ་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་བདུན་པའོ།། །།དེ་ནས་ཁ་ཟས་ཀྱི་ཚོད་ཟར་ན་པར་བཟང་བཱི་ལེའུ་བཤད་པར་བྱའོ། །དུས་ཀུན་ཏུ་ནི་ཚོད་ཟིན་བཟའ་། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །རྫས་ནི་ལྕི་བའམ་ཡང་པའང་? ་ཚད་ལ་བལྟོས་པར་བྱ་བ་ཡིན། །ལྕི་བ་ལས་ནི་ཕྱེད་འགྲངས་བྱ། །ཡང་པ་ལས་ནི་རབ་འགྲངས་མིན། །བདེ་བླག་འཇུབ་དེ་ཙམ་ལ། །ཚོད་ཟིན་ཞེས་ནི་བཤད་པ་ཡིན། །ཟད་ཚད་མ་ཟིན་ཆུངས་འགྱུར་ན། །སྟོབས་དང་གཟི་མདངས་འཕེལ་མི་འགྱུར ་རླུང་གི་ནང་ནི་ཐམས་ཅད་ཀྱིས། །རྒྱུ་ཉིད་དུ་ནི་འགྱུར་བ་ཡིན། །ཚད་ལས་ཤིན་ཏུ་ཆེས་པ་ཡང། །ཉེས་པ་ཐམས་ཅད་མྱུར་དུ་བསྐྱེད། །མ་ཞུའི་ཟས་ནི་མི་བཟད་པ། །དེ་ཡིས་རླུང་སོགས་གཟིར་གྱུར་པས། །ཅིག་ཅར་རྣམ ་པར་འཁྲུག་འགྱུར་ཞིང། །དེ་ཉིད་དུ་ནི་ཞུགས་འགྱུར་ནས། །རྩ་སྒོ་འགགས་ཤིང་བ་སྣབས་བསྐྱེད། །སྟེང་དང་འོག་གི་ལམ་དག་ཏུ། །བསྐྱོད་བས་གསུང་ཅིང་ཟུག་བྱེད་པ། །བརྐམ་ཆགས་ཅན་ལ་འཕྲལ་སྐྱེད་བྱེད། །དེ་ལ་རླུང་ལས་གཟེར་མགོ ་འཁོར། །ཁོང་སྦོས་འདར་ཞིང་རེངས་སོགས་འགྱུར། །མཁྲིས་པ་ལས་ནི་འཁྲུ་རིམས་འདེབས། །ཁོང་ཚ་སྐོམ་ཞིང་ཁ་སོགས་འགྱུར། །བད་ཀན་རློན་ཞིང་ཡན་ལག་ལྕི། །ཚིགས་ཐོགས་མཆིལ་མ་མང་བར་འགྱུར། །ཁྱད་པར་དུ་ནི་ཉམས ་ཆུང་ཞིང། །མེ་དྲོད་ཞན་དང་ཤུགས་འགགས་པའི། །ཟས་ནི་རླུང་གིས་བཀག་པ་དང། །བད་ཀན་གྱིས་ནི་རབ་བཀག་པའི། །ཉེས་པ་བེ་སྣབས་འཁྲུགས་པས་ན། །ཟུག་རྡུ་ཟུག་པ་ལྟ་བུར་གནས། །འཁྲུ་དང་སློན་པ་མི་བྱད་པས། །གཟེར་ལ་སོགས ་པ་མི་བཟད་པ། །བེའུ་སྣབས་དེ་ཡིན་ཉེས་རབ་རྟུག་།བེ་སྣམས་མི་བཟད་ཀྱིས་སྦུབས་བཀག་།རྩིབ་ལོགས་ཀུན་ཏུ་དྲང་པོར་འགྲོ། ཤིང་བཞིན་རེངས་པར་གྱུར་ན་ནི། །མ་ཞུ་ཤིང་འདྲ་ཞེས་བྱ་སྟེ། །མྱུར་དུ་གསོད་བྱེད་དེ་སྤང་བྱ། །མི་འཕྲོད ་ལྷག་ཟམ་ཞུ་བར། །ཟ་བྱེད་མ་ཞུ་དུག་གི་ནི། །མཚན་ཉིད་ཅན་དེ་མི་བཟད་པ། །དུག་གི་མིང་ཅན་གང་ཡིན་ཏེ། །དུག་གི་ཚུལ་ཅན་མྱུར་གསོད་བྱེད། །གསོ་དཔྱད་བྱ་བར་དཀའ་བས་སྤང། །དེ་ནས་མ་ཞུའི་པ་སྣབས་གྱུར། །གསོར ་རུང་ཤུ་དག་རྒྱ་མཚ་དང། །པོ་སོན་ཆ་བཅུག་ཆུ་དྲོན་ནི། །འཐུངས་པ་སྐྱུག་བཅུག་དེ་ནས་ནི། །དུགས་དང་མས་བཏང་རེང་བུ་དག་།དྲི་མ་རླུང་དག་ལེགས་རྒྱུ་སྦྱར། །ཡན་ལག་འཁུམས་པར་གྱུར་པ་ལ། །ཤིན་ཏུ་དུགས་བྱ་བཀྲི་བར་བྱ། །གསུང ་ནད་ཤིན་ཏུ་འཕེལ་བ་ལ། །ཏིང་པར་མ་བཙའ་གདབ་པ་བསྡགས། །དེ་ནི་དེའི་ཉིན་བསྙུང་བར་བཞག་།ཁྲུས་བཏང་ལྟ་བུར་ཉེ་བར་སྦྱར། །མ་ཞུ་མི་བཟད་ཉན་འགྱུར་ཡང། །གཟེར་འཇོམས་སྨན་ནི་བཏང་བར་བྱ། །བེའི་སྣབས་མ་ཞུ་མེ་དྲོད་ཉམས། །ནད་ཀྱིས་སྨན ་ནི་?་མི་ནུས། །དེ་ཡིས་ནད་པ་འཕྲལ་དུ་ནི། །ཐུང་ཞིང་འཆི་བདག་ཏུ་འང་འགྱུར། །ཁ་ཟས་ཞུ་ནས་ལྟོ་བ་ནི། །རྩུབ་སྲར་གྱུར་ལ་སྨན་དག་ཀྱང། །ཉེས་པའི་ལྷག་མ་སྦྱང་ཕྱིར་དང། །ཕོ་བའི་མེ་ནི་བསྐྱེད་ཕྱིར་བཏང། །མ་ཞུའི་འགྱུར་བ་ཞི་བ་དག། ་ཉམས་སྨད་བར་ནི་བྱས་ལས་གྱུར། །དེ་གསུམ་ཉེས་པ་རྣམ་གསུམ་ནི། །བཏགས་ན་རབ་ཏུ་སྦྱར་བར་བྱ། །དེ་ལ་ཆུད་ལ་སྙུང་བ་ཕན། །འབྲིང་ལ་སྙུང་དན་ཞུ་བྱ་བ། །ཆེན་པོ་ལ་ནི་སྦྱན་པ་སྟེ། །དེ་ཡིས་དྲི་མ་རྩ་ནས་འབྱིན། །དེ་བཞིན་ནང་ནི་གཞན་དག ་ལའང། །རང་ནང་བཞི་ལས་གོ་བཟློག་པས། །གསོ་བོ་དེ་དང་རྗེས་འབྲེལ་ཡང། །རྒྱུ་ལས་གོ་བཟློག་རྣམ་སྤང་པ། །སྨན་པས་ཇི་ལྟ་ཇི་ལྟ་བར། །ནད་པས་གོ་བཟློག་སྦྱར་བའམ། །དེའི་དོན་བྱེད་པ་སྦྱོར་བར་བྱ། །ཉེས་སྨིན་མེ་དྲོད་སྐྱེད་གྱུར་ན། ། ་ཉམས་རྟ་སྣུམ་གྱིས་བྱུག་པ་དང། །བཏུང་དང་འཇམ་རྩི་སོགས་རིགས་སྦྱར། །བད་ཀན་མ་ཞུའི་བེ་སྣབས་ཏེ། །དེ་ནི་མིག་དང་ཁུར་བ་སྐྲངས། །སྒྲེགས་པ་ཟོས་མ་ཐག་འདྲ་འབྱུང། །མཆིལ་མ་མང་ཞིང་ཉེས་གཡོ་ལྕི། །རླུང་ལས་རེངས ་བག་གཟེར་བ་དང། །གཤང་གཅིག་འགགས་ཤིང་སྦོས་དྲོད་ཉམས། །མཁྲིས་ལས་ཁོང་ཚ་སྐོམ་མགོ་འཁོར། །རྨོངས་བག་སྒྲེགས་པ་སྐྱུར་ཞིང་ཚ། །མ་ཞུ་བ་སྣམས་སྙུང་བར་བྱ། །རེངས་བག་ལས་ནི་དུགས་རབ་བྱ། །ཚ་བའི་མ་ཞུ ་སྐྱུག་སྨན་དག་།བཏང་བའམ་གནས་སྐབས་གང་ཕན་བྱ། །མ་ཞུ་བེ་སྣབས་ཅི་བ་ན། །རྩ་སྦུབས་ཐིམ་ལས་ཡུན་རིང་ཅན། །བད་ཀན་རླུང་ནི་འདྲེས་མཚན་མ། །དེ་དང་མཉམ་པར་བསྒྲུབ་པར་བྱ། །དངས་མ་ལུས་ལས་ཟས་དང་ཆུང། །སྙིང ་ན་སྒྲེགས་པ་མནམ་པར་འགྱུར། །འདི་ལ་ཅུང་ཟད་གཉིད་ལོག་བྱ། །མ་ཞུ་ཀུན་གྱིས་ཉིན་པར་ནི། ཟས་མ་ཟོས་པར་གཉིད་ལོག་ལ། །བཀྲེས་གྱུར་ཡང་ལས་རན་པར་བཟའ་། །མ་ཞུ་སྤྱི་ཡི་མཚན་མ་ནི། །རྣམ་པར་འགགས་སམ་ཤེས་ཆེར ་འབྱུང། །ན་ཞིང་རླུང་ནི་མི་གསལ་རྒྱུ། །མཁྲེག་ཅིང་ལུས་ལྕི་མགོ་བོ་འཁོར། །ཟས་ཚོད་ལྷག་པར་གྱུར་པ་ཉིད། །གཅིག་དུ་མ་ཞུ་མ་ཟད་ཀྱི། །མི་འདོད་འགག་བྱེད་ཚིག་མ་ཚེས། །ལྕི་དང་རྩུབ་དང་མི་གཙང་དྲན། །ཁོང་ཚ་སྐམ་དང་ཆུ་མང་དང། ་བསྲས་པའི་ཟས་ནི་འདུ?་མི་འགྱུར། །མྱ་ངན་ཁྲོ་དང་བཀྲེས་པ་ཡིས། །ཉེས་པར་རྡུངས་ཤིང་ཟས་མི་འཇུག། །ཕན་དང་མི་ཕན་བསྲེས་པ་དག། ཐོས་པ་མཉམ་ཟ་ཡིན་པར་འདོད། །འགྲངས་རྗེས་སླར་ཡང་ཟ་འགྱུར་བ། །ལྷག་བར་ཟ་བ ་ཡིན་ཞེས་བྱ། །དུས་མིན་ཆེ་བ་འམ་ཆུང་ཟོད་པ། །མི་མཉམ་པར་ནི་ཟ་བ་ཡིན། །གསུམ་པོ་འདིས་ཀྱང་གསོད་པའམ། །མི་ཟད་ནད་ཀྱིས་འདེབས་པར་བྱེད། །དུས་སུ་གོམས་ཤིང་གཙང་ལ་ཕན། །སྣུམ་གྲོ་ཡང་དང་མ་ཡེངས་དང། ། ་རོ་དྲུག་ལྡན་ཞིང་མངར་བག་ཆེ། །ཤིན་ཏུ་མྱུར་མིན་ངལ་བར་མིན། །ཁྲུས་བྱས་བཀྲས་ཤིང་དབེན་པར་གནས། །ཁ་གདོང་ལག་པ་རྐང་པ་བཀྲུས། །ལྷ་དང་ཡི་དགས་བརྗོད་ཅིང་སྦྱོན། །བླ་མ་བྱིས་པ་མགྲིན་མཆོད་བྱས། །དུད་འགྲོ་རྣམས ་ཀྱང་རབ་བརྟགས་ཤིང། །བདག་ཉིད་ལེགས་པར་བརྟགས་ནས་ནི། །མ་སྨས་སྨྲའམ་ཡིད་འོང་སྨྲ་སྐྱེ་བོ་མ་ཅིང་ཞིང་གུས་པས་སྟབས། །ཡིད་འོང་གཉེན་དང་ལྷན་ཅིག་བཟའ་། །ཟས་ནི་རྩ་དང་སྐྲ་སྤུ་སོགས། །འདྲེས་ཤིང་ཁོང་དུ་སླེང ་སྲོས་དང། །ཚོད་མ་ཟས་ངན་མང་བ་དང། །ཚ་ཆེས་ལན་ཚྭ་མང་བ་སྤང། །ཕྲུམ་དང་ཞོ་དང་ཕྲུམ་སྐམ་དང། །བ་ཚ་ཚ་དང་ལ་ཕུག་རྗེན?། །ཕག་རྒོད་ལུག་དང་བ་ལང་ཉ། །མ་ཧེ་ཤ་དང་རིང་དང་སྐམ། །མཱཥ?་ཆུ་ལྡུམ་ནི་སཱ་བ། །བད་རྩ ་འབྲས་འཁྲུར་མྱུ་གུར་གྱུར། །ཚོད་མ་སྐམ་དང་ནས་འདྲ་དང། ཁུ་རམ་ཕྲ་མོ་བཟའ་མི་བྱ། །སཱ་ལུའི་འབྲས་དང་གྲོ་དང་ནས། །དྲུག་ཅུ་བ་དང་སྐམ་སའི་ཤ། ། རུ་སྐྱུ་རུ་རྒུན་འབྲུམ་དང། །མུངྒ་ཁར་བ་ཏོ་ལ། །ཞུན་མར་ཆར་ཆུའོ ་མ་དང། །སྦྲང་རྩི་སེའུ་བྲུ་རྒྱ་?་བཟའ་།མིག་དང་སྟོབས་ཕྱིར་མཚན་མོ་ནི།།འབྲས་གསུམ་སྦྲང་རྩི་མར་སར་བཟའ་། །མི་ནར་འཇོག་པར་བྱེད་གང་དང། །ནད་སོལ་བྱེད་པ་གང་ཡིན་བསྟེན། །པད་རྩ་བུར་ཤིང་ཙོ་ཙ་དང། །མོ་ཅ ་ཨ་མྲའི་འབྲས་བུ་དང། །ལ་དུ་ཁུར་བ་བུར་མ་ཅན། །ཟས་ནི་ལྕི་ཞིམ་སྣུམ་པ་དང། །མངར་ཞིང་འཇུ་དཀའ་བསྟན་པ་རྣམས། །དང་པོ་ཉིད་དུ་བཟའ་བར་བྱ། །དེ་ལས་བཟློག་པ་ཐ་མར་བཟའ་། །བར་དུ་སྐྱར་ཚ་ལན་ཚྭ་ཅན་།ལྟོ་ཡི་ཆ ་གཉིས་ཟས་ཀྱིས་སྟེ། །ཆ་གཅིག་སྐོམ་གྱིས་དགང་པར་བྱ། །རླུང་ལ་སོགས་པའི་གནས་སུ་ནི། །ཆ་བཞི་པ་ནི་ལྷག་མར་བཞག་།ཟོས་རྗེས་སྐོམ་ནི་བསིལ་བའི་ཆུ། །ནས་དང་བག་ཆེའི་གཡོས་བྱས་ཟོས། །ཞོ་ཆང་དུག་འགགས ་སྦྲང་རྩི་ལ། །ཆུ་བསིལ་རྗེས་སུ་འཐུངས་ན་ཕན། །མི་འཇུ་འགགས་ལ་ཆུ་དྲོན་བཏང། །ཚོད་མ་མུ་སྒིར?་གནོད་པ་ལ། །ཞོག་ཆུ་དང་དར་བ་དང། །རང་སྐྱུར་རྩབས་མི་བཏུང་བར་བྱ། །སྐེམ་པོ་རྒྱས་ཕྱིར་ཆད་བཏུང་ཏེ། །སྦོམ་པོས ་སྦྲང་རྩིའི་ཆུ་བཏུང་ངོ། །གཅོད་ཆེན་ནད་ལ་ཤ་ཁུ་བཏུང། །དྲོད་ཆུང་ཤ་ཟོས་ཆང་བཏུང་བྱ། །ནད་དང་སྨན་སོགས་སྦྲུམ་བུད་མེད། །?་བཅད་དགའ་ཐུབ་ལས་རྣམས་ཀྱིས། སྐེམ་དང་བྱིས་པ་རྒན་པོ་ལ། །འོ་མ་བདུད་རྩི་ལྟ་བུར ་ཕན། །མདོར་ན་སྐོམ་རྗེས་བཏུང་བ་ནི། །གང་ཞིག་ཐས་དང་ཡོན་ཏན་གྱི། །མི་མཐུན་མི་འཕྲོད་མེད་གྱུར་པ། །དེ་ནི་རྣམ་པ་ཀུན་ཏུ་བསྔགས། །ཟོས་རྗེས་སྐོམ་འཐུངས་ངོམས་དང་ཁྱབ། །སྟོབས་འཕེལ་ལུས་ནི་བརྟན་བྱེད་ལ། ། ་ཟས་སྡུད་སྙི་བར་འགྱུར་བ་དང། །འདྲུལ་ཞིང་རྣམ་པར་འཇུ་བར་འགྱུར། །དེ་ནི་ནམ་ཚོད་ཡན་ཆད་ནད། །དབུགས་ལུད་གློ་བརྡོལ་ཆམ་པ་དང། །གླུ་ལེན་སྨྲ་མང་ལ་ཆགས་དང། །སྐང་འགགས་པ་ལ་གནོད་པ་ཡིན།། ་ལུས་ལ་རྣམ་འཛག་གཅིན་ནང་མིག། ལྐོག་ནད་རྨ་ཡི་ནད་ཀྱིས་ཉེན། །སྐོམ་སྤང་ཀུན་གྱིས་སྐོམ་འཐུངས་ནས། །མང་སྨྲ་ལམ་ཞུགས་ཉལ་བ་སྤང། ཟན?་གནས་ནི་ཉེ་ཚན་མ། །རྟ་ཞོན་རྐྱལ་དང་འདེགས་པ་སྤང། །གཤད་དང་གཅི ་གསལ་སྙིལ་དྲི་མེད། །ཉས་པ་ལམ་མིན་པར་མི་འགྲོ། སྒྲེགས་པ་དག་ཅིང་བྲུ་བ་ཚ། །འགྱུར་ཐུར་གྱི་རླུང་ཐ་མ་ལ་རྒྱུ། །དེ་བཞིན་མི་ཡི་དྲོད་བདོ?་དབང་པོ་གསལ་ཞིང་ལུས་ཀྱང་རབ་ཏུ་ཡང། །ཟས་ཀྱི་ཚོད་རན་ཚེ་གར་སྦྱོར ་བཞན་ཟ་བ་དེ་ནི་དུས་སུ་འདོད། །ཡན་ལག་རྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བརྒྱད་པའོ།། །།དེ་ནས་སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤས་པར་བྱ་བའི་ལེའུང?་ཤད་པར་བྱའོ། ། ་སྨན་རྣམས་ཉིད་ཀྱི་རོལ་སོགས། །དེ་ནི་དེ་ལ་བརྟེན་པས་མཆོག་།དེ་ཡང་འབྱུང་ལྔའི་བདག་ཉིད་ཅན། །ས་ལ་བརྟེན་ཏེ་སྐྱེ་བ་ཡིན། །ཆུ་ནི་སྐྱེ་འགག་མེ་དང་རླུང། །ནམ་མཁའ་རྣམས་ནི་ཚོགས་པ་ལས། །དེ་སྐྱེས་གྱུར་དང་ཁྱད་པར་བྱུང། ། ་མིང་ནི་ཤས་ཚེ་ལས་གྱུར་ཡིན། །དེ་བས་འབྱུར་བ་འདུས་པ་ལས། །འབྱུང་བས་སྨན་ནི་རོ་གཅིག་མིན། །དེ་ཕྱིར་ནད་ཀྱང་ཉེས་རིག་མིན། །དེ་ལ་གསལ་བ་རོ་ཞེས་བྱ། །མི་གསལ་རོ་རྗེས་མཛའ་?་ཅུང་ཟད་གསལ་བ་དག་ཏུ་འདི ་འདོད། །སྨན་གྱི་ཡོན་ཏན་ལྕི་སོགས་དང། །?་ནི་ས་ལ་སོགས་བསྟེན་པས། །མཚུངས་པར་སྤྱོད་པ་ཉེད་གནབས་པས?། །རོ་ལས་མིང་དུ་བཏགས་པ་ཡིན། །དེ་ལས་སྨན་ལྕི་དང་སྦོམ། །སྲ་ཞིང་དྲི་བ་ཤེས་རབ་ཆེ། །ལྕི་ཞིང་བརྟན་དང ་འདུས་པ་དང། །ཧ་བར་འཕེལ་བར་བྱེད་པ་ཡིན། །ཆུ་ཨི་གཤེར་དང་ལྕི་བསིལ་བསྣུམ། །རྟུལ་ཞིང་བསྐལ་ཏོ་ཤས་ཆེ། །འཇམ་ཞིང་བད་ཀན་འདྲ་བ་ལ། །བདུལ་ཞིང་ཆིམ་བྱེད་སྡུད་པར་བྱེད་མེ་ཡི་རྩུབ་རྣོ་ཚ་ཞིང་སྐམ། །འཕྲ་ཞིང་གཟུགས་ཀྱི་ཡོན་ཏན་ཆེ། །ཚ ་ཞིང་འབར་ལ་མདོག་བསྐྱེད་ཅིང། །གསལ་ཞིང་སྨིན་བའི་བདག་ཉིད་ཅན། །རླུང་གི་རྩུབ་ཅིང་ཁྱབ་ལ་ཡང། །རེག་པའི་ཡོན་ཏན་ཤས་ཆེ་ཡིན། །རྩུབ་ཅིང་ཡང་ལ་དྲི་མ་སེལ། །རྣམ་དཔྱོད་ན་བར་བྱེད་པ་ཡིན། །ནམ་མཁའ་ཕྲ་ཞིང་དང་ལ་ཡང། །སྒྲ་ཡི ་ཡོན་ཏན་ཤས་ཆེ་སྟེ། །ཁོང་སྟོད་ཡང་བར་བྱེད་པ་ཡིན། །དེ་ལྟར་འགྲོ་ན་དོན་དང་ནི། །སྦྱོར་བ་སྣ་ཚོགས་དབང་གིས་ན། །སྨན་མིན་ཅི་ཡང་ཡོད་མ་ཡིན། །དེ་ལ་སྨན་ནི་གྱེན་དུ་འགྲོ། །ཕལ་ཆེར་མ་དད་རླུང་ཤས་ཆེ། །ཐུར་དུ་འགྲོ་བ་འཕལ་ཆེར་མི ་ས་ཆུའི་ཡོན་ཏན་ཤས་ཆེ་ཡིན། །དེ་ལྟར་སྨན་ནོ་རོའི་བྱེ་བྲག། འདི་ཡི་འོག་ནས་སྟོན་པ་ཡིན། །སྨན་མཐུ་ལ་ལས་བཤད་པ་ནི། །ལྕི་སྣུམ་བསིལ་དང་འཇམ་པ་དང། །ཡང་རྩུབ་ཚ་དང་རྣོ་བ་སྟེ། །དེ་ལྟར་རྣམ་པ་བརྒྱད་དུ་འདོད། །སྨན ་མཐུ་ཙ་ར་ཀས་བཤད་པ། །གང་གིས་བྱ་བ་གང་བྱུང་བ། །མཐུ་མིན་ཙིར་ཡང་མི་བྱེད་ཀྱི། །དེ་དག་ཐམས་ཅད་མཐུ་ཡིས་བྱེད། །དེས་ན་ལྕི་ལ་སོགས་པ་ཉིད། ནུས་པའི་ཁྱད་པར་ལྡན་པ་དང། །ཡོན་ཏན་མ་ལུས་སྙིང་ཨོར་ནི། །གྱུར ་བས་མཐུ་ཞེས་བཤད་པ་དག། ངན་དང་མཐུན་པར་བཏགས་པ་ཡིན། །གཅེས་པ་མང་དུ་ཡོད་ན་ཡང། །ཐ་སྙད་གཙོ་བོ་ཉིད་ཀྱིས་ཡིན། །དེ་བས་གོ་ནི་བཟློག་བའི་ཕྱིར། །དེ་ནི་རོ་ལ་སོགས་པ་ལ། །སྲིད་དུ་ཟིན་ཀྱང་མ་བཤད་དེ། །དེ་བས་ལྕི ་བ་ལ་སོགས་ཡིན། །གཞན་དག་ཚ་དད་བསིལ་ཉིད་གཉིས། །སྟོབས་ཡིན་ཞེས་ཀྱང་སྟོན་པར་བྱེད། །སྨན་ནི་སྣ་ཚོགས་བདག་ཉིད་ཅན། །ཉི་མ་ཟླ་བའི་སྟོབས་ཅན་ཡིན། །འགྲོ་འདི་གསལ་དང་མི་གསལ་ལས། །ནམ་ཡང་འདབ་བར་མི་འགྱུར་རོ། ་དེ་ལ་ཚ་བ་མགོ་འཁོར་སྐོམ། །བས?་རྡུལ་ཆེ་ཞིང་མྱུར་འཇུ་བྱེད། །རླུང་དང་བད་གན་ཞི་བར་བྱེད། །བསིལ་བདག་ནི་ཚིམ་བྱེད་ཅིང། །འཚོ་དང་རེངས་པར་བྱེད་པ་དང། །ཁྲག་དང་མཁྲིས་པ་རབ་དང་བྱེད། །ཕོ་བའི་མེ་དང་འཕྲད ་བ་ལས། །གང་ཞིག་རོ་གཞན་བྱུང་གྱུར་བའི། །རོ་རྣམས་ཀྱི་ནི་མཐར་ཞུ་བ། །དེ་ནི་ཞུ་བ་ཞེས་བཤད་དོ། །མངར་དང་ལན་ཚ་ཞུ་རྗེས་མངར། །སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན། །ཁ་དང་བསྐ་དང་ཚ་བ་རྣམས། །ཞུ་རྗེས་ཕལ་ཆེར་ཁ་བ་ཡིན། །རོ་དང ་ཞུ་རྗེས་འབྲས་བུ་མཉམ། །དེ་ལ་སྨན་ནི་བཟང་དང་ངན། །ལ་ལ་རོ་ཡིས་ལས་བྱེད་ལ། །གཞན་དག་འཇུ་བར་བྱེད་པ་ཡིན། །ཡོན་ཏན་གཞན་དང་ནུས་པ་དང། །མཐུ་ཡིས་ལ་ལ་བྱེད་པ་ཡིན། །སྨན་གྱི་རོ་སེགས་གང་དང་གང། །སྟོབས་ལྡན་ཉིད ་ཀྱིས་གནས་བྱེད་དེ། །ཤིན་ཏུ་ཟིལ་མནན་དེ་དང་དེ། །སྒྲུབ་བྱེད་རྒྱུ་ནི་ཉིད་དུ་གནས། །ཡོན་ཏན་མི་འཕྲོད་སྦྱར་བ་ནི། །མང་པོས་ཉུང་དུ་ཟིལ་གྱིས་གནོན། །རོ་དང་འཇུ་བའི་མཐུ་དག་ནི། །དེ་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན། །རོ་སོགས་དེ་ལྟར ་སྟོབས་ནི་མཉམ། །མ་བཅོས་པ་ཡི་སྟོབས་དང་ལྡན། །རོ་སོགས་མཉམ་པའི་ལས་གང་ནི། །ཁྱད་འཕགས་དེ་ནི་མཐུ་ལས་སྐྱེས། །དནྟི་དང་ནི་ཅི་ཏྲ་ཀ་།རོ་སོགས་མཆུངས་ཀྱང་དནྟི་འཁྲུ། །ཤིང་མངར་རྒུན་འབྲུམ་འདྲ་ཡང་འཁྲུ། །འོ་མ ་མར་འདྲ་མར་དྲོད་བསྐྱེད། །དེ་ལྟར་སྨན་ལ་སོགས་པ་ཡི། །ཕྱི་ཡི་ལས་ཏེ་དེ་ཡང་ནི། །སྣ་ཚོགས་རྐྱེན་གྱི་དབྱེ་བ་ཡིས། །སྨན་དབྱེ་ཐ་དད་གྱུར་བ་ཡིན་ནོ། །གྲོ་དང་ནས་ནི་མངར་བ་དང། །ལྕི་ལས་རླུང་འཇོམས་བསྐྱེད་པ་ཡིན། །ཉ་དྲོ?་འོ་མ ་བསིལ་བ་དང། །སེངྒེ་ཁ་ཡི་ཕག་མ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་དགུ་པའོ།། །།དེ་ནས་རོ་ཐ་དད་པ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །མངར་བ་ལ་སོགས་རོ་སྐྱེ་བ ་ས་ཆུ་མེ་ས་ཆུ་དང་མེ། །མཁའ་རླུང་མེ་རླུང་ས་དང་རླུང། །གཉིས་གཉིས་ཤས་ཆེར་ལས་རིམ་འབྱུང། །དེ་ལས་རོ་ནི་མངར་བདག་།གང་ཞིག་མྱང་བའི་ཚེ་ན་ནི། །ཁ་ལ་ཆགས་ཤིང་ལུས་དང་ནི། །ཚིམ་བྱེད་དབང་པོ་རབ་དང་བྱེད། །གྲོག་མ་ལ ་སོགས་དགའ་བ་ཡིན། །སྐྱུར་བ་ཁ་ནས་ཆུ་འཇིག་ཅིང། །སོ་གཙོ་སྤུ་ནི་ལྡང་བ་དང། །མིག་དང་སྨིན་མ་འཛུམ་པར་བྱེད། །ལན་ཚ་ཁར་ནི་མཆིལ་མ་འདུ། །འཁུར་བགྲེ་བ་ཚ་བར་བྱེད། །ཁ་བ་ཁ་ཡི་དྲི་མ་སྦྱོར། །ལྕེ་ནི་འཇོམས་པར་བྱེད་པ ་ཡིན། །ཚ་བ་ལྕེ་རྩེ་སྐྱོ་བྱེད་ཅིང། །ཅིག་ཅིག་བྱེད་པར་འགྱུར་བ་དང། །ཁ་མིག་སྣ་ལས་འཛག་བྱེད་ཅིང། །འཁུར་བ་སྲེག་པར་བྱེད་པ་ཡིན། །བསྐབས་ལྕེ་ནི་བེམ་པོར་བྱེད། །གྲེ་བ་རྩ་སྦུབས་འགག་པར་བྱེད། །རོ་ཡི་ཚུལ་ནི་དེ་དག་སྟེ། ། ་ལས་ནི་རོ་མངར་བ་དག་གི་།སྐྱེས་ནས་འཕྲོད་པར་བྱེད་པ་དང། །ལུས་ཟུངས་མཐུ་སྟོབས་རབ་བསྐྱེད་ཅིང། །བྱིས་པ་རྒན་པོ་གློ་བརྡོལ?་སྐེམ། །མདོག་མདངས་སྐྲ་དང་དབང་པོ་བཟང། །ལུས་རྟས་སྐད་འགགས་ཕན་ཞིང་ལྕི། །ནུ་ཞོ་བསྐྱེད་ཅིང་རྨ ་འབྱོར་བྱེད། །ཚེ་རིང་འཚོ་བྱེད་སྡུམ་པ་དང། །རླུང་དང་མཁྲིས་པ་དུག་རྣམས་སེལ། །ཧ་ཅང་དྭགས་ན་ཚིག་བཅས་དང། །བད་ཀན་ལས་བྱུང་ནས་བསྐྱེད་ཅིང། །ལུས་སྦོམ་དྲོད་བྲི་ཆང་ནང་དང། །གཅིན་ནད་ལྕི་བ་སྨེན་སོགས་བསྐྱེད། །སྐྱུར ་བ་མེ་དྲོད་སྐྱེད་བྱེད་སྣུམ། །ཞི་མི་ཞིང་འཇུ་བྱེད་ཡི་གེ་འབྱེ། །དྲོ་བའི་ནུས་བསྐྱེད་རེག་པ་བསིལ། །ཆིམ་བྱེད་འདྲུལ་བྱེད་ཡང་པ་སྟེ། །བད་ཀན་ཁྲག་མཁྲིས་རྒྱས་པར་བྱེད། །རླུང་འགགས་རྒྱུ་བར་བྱེད་བ་ཡིན། །དེ་ནི་ཤིན་ཏུ་བསྟེན་དྲགས་ན།། ་ལུས་ལྷོད་རབ་རིབ་མགོ་འཁོར་དང། །གཡན་པ་སྐྱ་ཐབ་མེ་དཔལ་དང། །འོར་ནང་ཐོར་བུ་སྐོམ་རིམས་བསྐྱེད། །ལན་ཚྭ་དང་ཁྱིམ་ལ་དང། །འགགས་པ་འབྱིན་ཅིང་དྲོད་སྐྱེད་བྱེད། །སྣུམ་དང་དུགས་ཀྱིས་རྡུལ་ཞིང་རྡོ?། །ཡི་ག་འབྱེད་ཅིང ་གཅོད་འབྱེད་བྱེད། །དེ་ནི་དྲགས་པས་རླུང་ཁྲག་དང། །སྐྲ་འབྱི་སྐྲ་དཀར་གཉེན་མ་དང། །སྐོམ་མཛེ་དུག་དང་མེད་བ་ལ་རྣམས། །བསྐྱེད་ཅིང་སྟོབས་ནི་བྲི་བར་བྱེད། །ཁ་བ་རང་ཉིད་ཞིམ་མིན་ཞིང། །ཡི་ག་འཆུས་དང་སྲིན་སྐོམ ་དུག་།མཛེ་དང་བརྒྱལ་དང་རིམས་རློན་བྲོ། །ཚ་དང་མཁྲིས་པ་བད་ཀན་འཇོམས། །འདྲུལ་དང་ཚིལ་དང་ཞག་དང་རྐང། །བཤད་དང་གཅི་བ?་སྐེམས་པ་དང། །ཡང་ཞིང་ཡིད་གཞུངས་བསིལ་ཞིང་རྩུབ། །ནུ་མའི་སྐད་དང་སྐད་འགགས་སེལ། །དེ ་ནི་ཤིན་ཏུ་དྲགས་གྱུར་ན། །ལུས་ཟུངས་ཟད་ཅིང་རླུང་ནད་བསྐྱེད། །ཚ་བས་ལྐོག་ནད་འགགས་པ་དང། །མཛེ་དང་མ་ཞུ་འོ་ར་ནད་སེལ། །རྨ་འཇིག་བྱེད་ཅིང་སྣུམ་པ་དང། །ཚིལ་དང་འདྲུལ་བག་སྐེམས་པར་བྱེད། །དྲོད་བསྐྱེད་འཇུ་བྱེད ་ཡིག་འབྱེད། །སྦྱོར་ཞིང་ཟས་ནི་འཇིག་པར་བྱེད། །འཆིང་བ་གཅོད་ཅིང་རྩ་སྦུབས་དག། རྣམ་པར་འབྱེད་ཅིང་བད་ཀན་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་པས། །བསྐོམ་བསྐྱེད་ཁུ་བ་སྟོབས་ཟད་ཅིང། །བརྒྱལ་ཞིང་ལུས་འཁུམས་འདར ་བ་དང། །རྐེད་པ་རྒྱབ་སོགས་ན་བར་བྱེད། །བསྐ་བ་མཁྲིས་པ་བད་ཀན་སེལ། །ལྕི་ཞིང་ཁྲག་ནང་རྣམ་པར་སྦྱོང། །སྐོམ་ཞིང་རྨ་འཚོ་བསིལ་བ་དང་།འདྲུལ་དང་ཚིལ་ནི་རྣམ་པར་སྐེམས། །བེའུ་སྣབས་འཁྱིལ་ཞིང་སྲི་བར་བྱེད། ། ་རྩུབ་ཅིང་པགས་མདོག་རབ་དང་བྱེད། །དེ་ནི་ཤིན་ཏུ་བསྟེན་དྲགས་ན། །བཤད་འགགས་ལྟོ་སྤོས་སྙིང་ནད་དང། །སྐོམ་དང་སྐེམ་ཞིང་སྐེམ་མཐུ་ཉམས། །རྩ་སྒོ་འགགས་ཤིང་དྲི་མ་སྲི།།ཞུན་མར་བུ་རམ་སྟར་ཀ་གསེར། །མོ་ཙ་ཚོ་ཙ ་བ་རུ་ཤ་།ཉེའུ་ཤིང་རམ་ཉེ་པ་ནས། །རཱ་ཛ་དན་པ་ལ་གསུམ། །མེ་ད་གཉིས་དང་པརྞི་བཞི། །འཚོ་བྱེད་འཛིན་པ་རི་ཤ་པ། །ཤིང་མདར་མ་དུ་ཀི་བིམྦི། །ཤྲ་པ་ནི་གཉིས་བི་ད་རི། །ཅུ་གང་ཀྵིར་ཤུ་ཀུ་ལ། །ས་ཧ་དོ་ཅན་ཀཥྨ་རི། །འོ་མ་བུ་རམ ་ཤིང་གཟེམ། །རྒུན་འབྲུམ་སྦྲང་སོགས་མདར་བའི་སྡེ། །སྐྱུར་བ་སྐྱུར་རུ་ཨཾ་མལི་ཀ། བ་ལུང་དང་ནི་སྟར་བུ་དང། །སེའུ་འབྲུ་རྡུལ་དང་དར་བ་དང། །ཚྭ་དང་ཀུ་ཤུ་ཨ་མྲ་དང། །མལ་ཏ་ཀ་བྷ་བྱ་དང། །ཀ་ར་མརྡ་ཀ་པིད་ཏའོ། །ཚ་མཆོག་རྩ་བ་རུ་ཁ་རུ་ཚ།། ་བིད་རྒྱ་མཚོ་བཀོད་མའི་ཚ་།མཚོ་ཚ་སྐམ་ཚ་རོ་ཉེ་དང། །ཀྵར་ལན་ཚྭའི་སྡེ་ཚན་ཡིན། །ཁ་བ་ཀྱི་ལྕེ་པ་ཏོ་ལ། །ཙན་དན་ཨུ་ཤིར་བ་ལ་ཀ། ཅི་སྒྲེགས་ནིམཔ་པུ་ཙོ་ཤལ། །རྒྱ་སྤོས་ཨ་ཀར་བ་ཚ་ཁ། །ནཀྟ་མ་ལ་སེར་པོ་གཉིས། །གླ ་སྤང་མུརྦ་བ་ཤ་ཀ། ཨ་བ་མརྒ་བོ་སོན་ཆ། །མཁར་ལྕགས་སླེ་ཏྲེས་བྱི་ཚེར་བ་དང། རྩ་བ་ཆེ་ལྔ་བྱཱ་གྷི་གཉིས། །བོད་ང་ཤུ་དག་བི་ཤ་ལ། །ཚ་བ་ཤིང་ཀུན་ན་ལེ་ཤཾ་།བི་ཊཾ་ག་དང་ཚ་བ་ལྔ། །ཀུ་བེར་སོགས་ལྡུཾ་དང་སྔོ། །མཁྲིས་པ་གཅིན་དང ་གོ་བྱེ་ཡིན། །སྐ་ཆན་ཨ་རུ་བ་རུ་ར། །སྦྲང་རྩི་སེང་ལྡེང་ཤྲཱི་ཤ་།ཀ་དཾ་ཨུ་དུམྦ་ར་དང། །མུ་ཏིག་བྱུ་རུ་ཨཉྫ་ཙག། ཀི?་རར་གཞོན་ཁརྫུ་ར། །པད་ཙ་པདྨ་ཨུཏཔ་ལའོ། །འབྲས་རྙིང་ནས་དང་གྲོ་རྙིང་དང། །མུངྒ་སྤང་ཅི་ཤ་ཀ་ར། །སྐམ་སའི་ཤ ་རྣམས་མ་གཏོགས་པའི། །མངར་བ་ཕལ་ཆེར་བད་ཀན་བསྐྱེད། །སྐྱུ་རུ་སེ་འབྲུམ་གཏོགས་པའི། །སྐྱུར་བ་ཕལ་ཆེར་མཁྲིས་པ་བསྐྱེད། །རྒྱམ་ཚ་ལྕེ་མྱང་ཚ་མ་གཏོགས། །ལན་ཚྭ་ཕལ་ཆེར་མིག་ལ་གནོད། །སླེ་ཏྲེས་པ་ཏོ་ལ་བཅའ་ ་སྒ། །སྒོག་སྐྱ་པི་པི་ལིང་མ་གཏོགས། །ཁ་དང་ཚ་བ་ཕལ་ཆེར་ནི། །རོ་ཙ་འབྲི་ཞིང་རླུང་བསྐྱེད་ཡིན། །དཀའ་ལ་ཨ་རུ་ར་མ་གཏགས་པ། །ཕལ་ཆེར་བསིལ་ཞིང་སྲི་བར་བྱེད། །རོ་ཙ་སྐྱུར་དང་ལན་ཚ་རྣམས། །གོ་རིམ་བཞིན་དུ ་དྲོ་ནུས་ལྡན། །ཁ་དང་བསྐ་དང་མངར་བ་རྣམས། །དེ་བཞིན་དུ་ནི་བསིལ་བ་ཉིད། །ཁ་དང་ཚ་དང་བསྐ་བ་རྣམས། །དེ་བཞིན་རྩུབ་ཅིང་དྲི་བ་སྲིལ། །ལན་ཚྭ་སྐྱུར་མངར་སྣུམ་པ་དང། །གཤད་གཅི་ཐུར་གྱི་དབུགས་འབྱིན་བྱེད། །ལན ་ཚྭ་ལས་བསྐ་དེ་བས་ཀྱང། །མངར་བ་མཆོག་ཏུ་ལྕི་བ་ཡིན། །སྒྱུར་ལས་ཚེ་དང་དེ་བས་ཀྱང། །ཁ་བདག་ནི་ཡང་པ་ཡིན། །རོ་རྣམས་ཀྱི་ནི་དབྱེ་བ་ལས། །སྦྱོར་བ་ལྔ་བཅུ་རྩ་བདུན་དང། །བརྟག་པ་དྲུག་ཅུ་རྩ་གསུམ་དུ། །རགས ་རིམས་ཇི་བཞིན་ཕྱེ་བ་ཡིན། །དེ་ལྔ་རེ་རེ་ཕྲི་བ་ལས། །ལྡར་གྱུར་པ་ནི་རོ་གཉིས་པ། །གསུམ་པ་མངར་བཅུ་སྐྱུར་དྲུག་སྟེ། །ལན་ཚྭ་གསུམ་སྟེ་ཁ་ཅིག། བཞི་བ་ལ་ནི་མངར་པོ་བཅུ། །སྐྱུར་བ་བཞི་པོ་ལན་ཚྭ་གཅིག། ལྔ་པ་ལ་ནི་སྐྱུར་གཅིག་བུ། ། ་མངར་བ་ལྔ་ལ་བརྟན་པ་ཡིན། །སྨན་ནི་རོ་དྲུག་གཅིག་བུ་ཡིན། །མ་འདྲེས་པ་ནི་རོ་དྲུག་འགྱུར། །ལྔ་པོ་དྲུག་དང་རོ་ནི་ཐ་དད་དྲུག་།བཞི་པ་གཉིས་པ་ལྔ་པ་བཅོ་ལྔ་ཡིན། །དབྱེ་བ་གསུམ་པ་ཉི་ཤུ་གཅིག་ཉིད་དེ། །སྨན་ནི་དོ་དྲུག་དེ ་ལྟར་དྲུག་ཅུ་གསུམ། །དེ་རྣམS་རོ་དང་རྡོ་རྗེས་རོའི་དབྱེ་བ། །རབ་དང་རབ་མཆོག་དག་ཏུ་བརྟགས་པ་ལས། །རྩིས་ལས་འདས་པར་བྱུང་བར་གྱུར་པ་ནི། །ནད་དང་སྨན་གྱི་དབང་ལས་ཉེ་བར་སྦྱར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས ་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ནད་དང་ལུས་གཟུངས་དྲི་མ་རྣམས། །རྟག་ཏུ་ལུས་ཀྱི་རྩ་བ་ཡིན། །དེ་རླུང ་དབུགས་འབྱུང་དབུགས་རྡུབ་དང། །བསྐྱོད་དང་ལས་སྦྱོང་ཤུགས་འབྱིན་དང། །ལུས་ཟུངས་ལེགས་པར་རྒྱུ་བ་དང། །དབང་པོ་རྣམས་ནི་གསལ་བདག་།མི་གནོད་པ་ནི་རྗེས་འཛིན་ཡིན། །མཁྲིས་པ་?་དྲོད་མཐོང་བྱེད་དང? ་བཀྲེས་སྐོམ་ཟས་ཡིན་མདངས་ཡིད་གཞུངས། བློ་ལྡན་བགེས་སྙིང་དུས་འཇམ་པས། །བད་ཀན་བརྟན་ཞིང་སྣུམ་ཉིད་དང། །ཚིག་འབེལ་བཟོད་ལ་སོགས་པས་སོ། །ལུས་ཟུངས་ལས་།ཙོ་གོ་རིམ་བཞིན་ནོ། །ཆི་མ་བྱད་ཀ་ཚེ ་བྱེད་གཡོག་པ་དང། །སྣམ་དང་སྟོན་དང་འགེངས་པ་དང། །མདལ་ནི་སྐྱེད་བྱེད་ཡིན་པར་བཤད། །སྟོན་པར་བྱེད་པ་བཤད་པ་ཡིན། །འདྲུལ་དང་འབྱིན་པ་གཅིན་གྱི་ཡིན། །བ་སྤུ་བརྟན་པ་རྡུལ་གྱི་ཡན། །རླུང་ནི་འཕེལ་བར་འགྱུར་པ་ཡིས། །སྐེམ ་དང་མདོག་གནག་དྲོར་བག་དགའ་། །འདར་དང་ལྟེ་སྤོས་བཤད་བ་སྲི། །སྟོབས་ངང་གཉིད་དང་དབང་པོ་ཉམས། །སྨྲ་མང་མགོ་འཁོར་ཞུམ་པར་བྱེད། །མཁྲིས་པ་བཤད་གཅི་པགས་མིག་སེར། །བཀྲེས་སྐོམ་ལུས་ཚ་གཉིད་ཆུང་བྱེད། །བད ་ཀན་དྲོད་ཉམས་མཆི་ལ་མ་མང། །ཁོང་སྙོམ་ལྕི་དང་ཤ་མདོག་དཀར། །ལུས་དྲང་ཡན་ལག་ལྷོད་པ་དང། །ལུང་པ་དབུགས་མི་བདེ་གཉིད་ཆ། །དངས་མའང་བད་ཀན་དང་འདྲ་ལ། །ཁྲག་འཕེལ་མེ་དཔལ་ཁང་པ་མཆེར། །མཛེ་དང་རླུང ་ཁྲག་མཁྲིས་པ་ཁྲག། སྐྲན་དང་རྙིལ་ནང་མིག་སེར་དང། །བསྐྱོད་དཀའ་དྲོད་ཉམས་རྨོངས་བག་ཅན། །མིག་དང་གཅིན་?་དམར་བར་འགྱུར། །ཤ་འཕེལ་ཝ་བ་མེན?་བུ་མདུད། །མཁུར་ཚོས་གྲང་ལྷོ་བླ་སྦོམ་ཞིང། །མགུལ་སོགས་ལྷག་པར ་ཤ་ཡང་ཆེ། །ཚལ་འཕེལ་དེ་འདྲ་དེ་བཞིན་ངལ། །ཅུང་ཟད་བསྐྱོད་ཀྱང་དབུགས་རྒོད་ཅིང། །རྐུབ་ཆོས་ནུམ་གསུམ་འཕྱང་འགྱུར། །རུས་འཕེལ་རུས་ལྷག་སོ་ལྷག་འགྱུར། །རྐང་འཕེལ་ལུས་ལྕི་མིག་རྩ་གཡུང། ་།ཚིགས་ཀྱི་མགོ་བོ་སྦོམ་པ་དང། །ཚིགས་ལ་ཐོང་བུ་གསོས་ཀ་འབྱུང། །ཁུ་འཕེལ་བུད་མེད་ལ་རབ་གང་དུ། །ཁུ་བའི་རྡེའུ་དག་ཏཱུང་འགྱུར། །བཤད་འཕེལ་ལྟོ་སྤོས་རྒྱུ་འཁྲུག་ཅིང། །ལུས་ལྕི་ལྟོ་བ་ན་བར་བྱེད། །གཅིན་འཕེལ ་ཆུ་སོར་ཟུག་ཅིང་ན། །ལྕིས་ཀྱང་མ་ལྕིས་སྙམས་སེམས་འབྱུང། །རྡུལ་འཕེལ་རྡུལ་ཚེ་དྲི་མི་ཞིམ། །གཡན་པ་ཉིད་ཀྱང་བསྐྱེད་ཅེས་བྱ། །མིག་རྡུལ་ལ་སོགས་དྲི་མ་རྣམས། །མོད་ལས་ལྕི་ལ་སོགས་པར་བྱེད། །རླུང་ཟད་མཚན ་མ་ལུས་མི་བདེ། །?་ཉུང་རྩོལ་བ་ཆུང་བར་འགྱུར། །དྲན་པ་མི་བསལ་བད་ཀན་འཕེལ། །སྔར་བཤད་པ་ཡི་ནད་རྣམས་འབྱུང། །མཁྲིས་ཟད་དྲོད་ཉམས་གྲང་པ་དང། མདོག་ཉམས་བྱེད་དེ་བད་ཀན་ཟད། །མགོ་འཁོར་བད་ཀན་གནས ་སྟོངས་ཤིང། །སྙིང་འདར་ཚིགས་ནི་ལྷོད་པར་འགྱུར། །ཅུང་ཟད་རྩུབ་ངལ་སྐམ་པ་དང། །ན་ཞིང་སྒྲ་ཆེར་མི་བཟོད་འགྱུར། །ཁྲག་ཟད་སྐྱུར་དང་བསིལ་ལ་དགའ་། །རྩ་ལྷོད་པགས་པ་རྩུབ་པར་འགྱུར། །ཤ་ཟད་དབང་ཉམས་མིག་ཁུར་བའི། །? ་སྐམས་ལྷུ་ཚིགས་ན་པར་འགྱུར། །ཚིལ་ཟད་གཉིད་ཆེ་དབྱིད་རྐེ་མངོན། །མཆེར་བ་ཆེ་དང་ལུས་སྐམས་འགྱུར། །རུས་ཟད་རུས་ཟུག་སོ་དང་ནི། །སེན་མོ་སྐྲ་ལ་སོཌ་པ་འབྱུང། །རྐང་ཟད་རྐང་སྦྲབས་སྟོང་བ་དང། །མགོ་འཁོར་རབ་རིབ་ཅན་དུ ་འགྱུར། །ཁུ་བ་ཟད་པས་རིང་ནད་འབྱུང། །ཡང་ན་ཁུ་བ་ཁྲག་ཉིད་འབྱུང། །རླིག་པ་ཤིན་ཏུན་བ་དང། །ཕོ་མཚན་ཚིག་པ་སྙམ་དུ་སེམས། །བཤད་ཟད་རླུང་ནི་རྒྱུ་མའི་ནང། །སྒྲ་བཅས་འཁྱལ་བ་ལྟ་བུར་བྱེད། །ལྟོ་བར་རྒྱུ་ཞིང་གྱེན་དུ་འགྲོ། ་སྙིང་ག་རྩིབ་ལོགས་མི་བཟང་ན། །གཅིན་ཟད་གཅིན་ཉུང་སྲི་བ་དང། །མདོག་འགྱུར་བའམ་ཁྲག་བཅས་ཉིད། །རྡུལ་ཟད་སྤུ་བྱི་སྤུ་འགྲེད་ལ། །པགས་པ་རྣམས་ནི་འགས་བར་འགྱུར། །དྲི་མ་ཤིན་ཏུ་ཕྲ་བ་རྣམས། །ཟད་པ་རྟག་དཀའ་དྲི ་མ་ཡི། །རང་གནས་བསྟན་དང་ན་བ་དང། །སྟོད་དང་ཡང་བ་ལས་ཤེས་བྱ། །ནད་སོགས་རང་ཉིད་ཇི་ལྟ་བའི། །ཡོན་ཏན་འདི་ནི་བཟློག་པ་དག་།ཟད་པ་དང་ནི་འཕེལ་འགྱུར་ལས། །འཕེལ་འབྲི་སྨན་པས་ཤེས་པར་བྱ། །དྲི་མ་ཐོགས ་ལས་འཕེལ་བ་སྟེ། །ཤིན་ཏུ་འབྱུང་ལས་ཟས་ཤེས་བྱ། །ལུས་ནི་དྲི་མས་བརྟན་པས་ན། །འཕེལ་བས་ཟད་པ་གནོད་པ་ཡིན། །དེ་ལ་རླུང་ནི་རུས་པར་གནས། །མཁྲིས་པ་རྡུལ་དང་ཁྲག་ལ་གནས། །བད་ཀན་ལྷག་མ་གནས་དེས་འདི ་ཕན་ཚུན་རྟེན་དང་བརྟེན་པ་ཡིན། །འཕེལ་དང་ཟད་པར་བྱེད་པའི་སྨན། །གཅིག་གི་གང་ཡིན་གཞན་གྱིའང་དེ། །རུས་པ་རླུང་གཉིས་ལ་འདི་མིན། །ཕལ་ཆེར་རྟས་པས་འཕེལ་བར་འགྱུར། །བད་ཀན་རྗེས་མཐུན་དེ་ཡི་ཕྱིར། །དེ་ལས་བཟློག་པས ་ཟད་པ་ཡིན། རླུང་དང་རྗེས་མཐུན་དེ་ལྟར་ན། །འཕེལ་དང་ཟད་པ་འབྱུང་འགྱུར་བའི། །བསྙུང་དང་བལྟ་བར་བྱ་བ་ཡིས། །ནད་ནི་རིམ་གྱིས་གསོ་བར་བྱ། །རླུང་མ་རྟོགས་ཏེ་དེ་སྐྱེས་ལ། །དེ་ཉིད་བཟློག་ཐབས་སྦྱར་བར་བྱ། །ཁྱད་པར་དུ་ནི་ཁྲ་སྐྱེས ་ན། །གཏར་ག་དཀྲུ་སྨན་དག་གི་གསོ། །ཤ་ཆེར་སྐྱེས་ལས་བྱུང་བའི་གནས། །གཏར་ག་མེ་བཅའ་ཐལ་སྨན་སྦྱར། །ཚིལ་སྐྱེས་སྦོམ་སྐེམ་གསོ་བར་བྱ། །རུས་པ་ཟད་པ་ལས་བྱུང་ལ། །མར་དང་འོ་མ་ཁ་བར་སྦྱར། །དེ་བཞིན་འཇམ་རྩི ་བཏང་བས་སོ། །བཤད་པ་འཕེལ་ལ་འཕྲུ་བས་གསོ། །གཤད་བཟང་ལས་བྱུང་བའི་ནད། །ར་ལུག་ནང་གྲོལ་ཟན་དྲོན་དང། །སྦྱར་དུག་མ་ཤ་གཉིས་སོགས་སྦྱིན། །གཅིན་འཕེལ་གྱུར་ལ་གཅིན་འབྲི་བ། །གཅིན་ཟད་ལས་བྱུང་གཅིན ་གཉིས་གསོ། །རྡུལ་མི་འབྱུང་ལ་རྩོལ་དང་བསྐུ། །རྡུལ་འབྱུང་ཆང་གིས་གསོ་བར་བྱ། །ལུས་ཀྱི་མི་དྲོད་རང་གནས་འདུག་།ཆ་ཤས་ལུས་ཟུངས་རྣམས་ལ་བརྟེན། དེ་རྣམས་འབྲི་ཞིང་རབ་འབར་བ། །ལུས་ཟུངས་འཕེལ་དང་ཟད ་པར་འགྱུར། །ལུས་ཟུངས་དང་པོའི་ཕྱི་མ་ནི། །རྒྱས་བྱེད་ཟད་པའང་དེ་བཞིན་ནོ། །ཉེས་འཁྲུགས་པས་ནི་ལུས་ཟུངས་ཉེན། །གཉི་གས་དྲི་མ་ལ་གནོད་བྱེད། །འོག་ནས་གཉིས་ཏེ་མགོ་བོར་བདུན། །བུ་ག་དང་ནི་རྡུལ་འབྱུང་བའི། །དྲི་མའི ་གནས་ནི་བྲིམ་སྟེ། །རང་རང་གནས་སུ་ནད་བསྐྱེད་འགྱུར། །ལུས་ཟུངས་ཁུ་བའི་མཐར་ཐུག་པའི། །ནང་ནས་གཟི་ཅན་མདངས་མཆོག་ཡིན། །སྙིང་ལ་གནས་ཀྱང་ཁྱབ་པ་དང། །ལུས་ནི་བརྟན་པར་གནས་པ་ཡིན། །གང་ཞིག་འཇིག ་ན་དེས་འཇིག་ལ། །གང་ཞིག་གནས་ན་གནས་གྱུར་པ། །གང་ལས་དངོས་རྣམས་སྣ་ཚོགས་པ། །ལུས་ལ་བརྟེན་པ་འབྱུང་བ་ཡིན། །མདངས་ནི་སེམས་འཁྲུགས་བཀྲེས་སེམས་ལས། །མྱ་ངན་ངལ་ལ་ལ་སོགས ་པས་ཟད། །དེ་ཟད་སྤང་ཞིང་ལུས་རིང་ལ། །ཡང་ཡང་སེམས་ཤིང་དབང་པོ་ཉམས། །གཟི་ཉམས་རྩུབ་དང་ཡིད་མི་དགའ་། །ཉམས་ཆུང་བར་ནི་འབྱུང་བ་ཡིན། །འཚོ་བྱེད་སྨན་དང་འོ་མ་དང། །ཤ་ཁུ་ལ་སོགས་དེའི་སྨན་ཡིན། །ཟས ་རྣམས་མི་འདོད་གང་ཞིག་སློང། །དེ་ལ་མི་འཕྲོད་འཕྲོད་པ་ནི། །སྤང་དང་སྦྱིན་པར་བྱ་བ་དག། དེ་དང་དས་འཕེལ་ཟད་པར་འགྱུར། །ཉེས་པ་ཕྱིན་ཅི་ལོག་པ་དང། །མཐུན་པས་སྲེད་པ་སྐྱེད་བྱེད་དེ། །ཕལ་ཆེར་འཕེལ་དང་ཟད་པ་དག་། ་མི་མཁས་པ་ཡིས་མི་ཤེས་སོ། །ཇི་བཞིན་སྟོབས་དང་རང་ཇི་བཞིན། །འཕེལ་ན་ཉེས་པ་རྒྱས་པར་འགྱུར། །ཟད་པས་རང་བཞིན་འདོར་བར་འགྱུར། །མཉམ་ན་རང་གི་ལ་རྣམས་བྱེད། །གང་ཞིག་མཉམ་པས་ལུས་ནི་འཕེལ་བར ་བྱེད། །ཉེས་པ་དེ་ཉིད་མི་མཉམ་གསོད་པར་བྱེད། །དེ་བྱས་ཟས་པའང་འཕེལ་བ་ལྟ་བུ་ནི། །ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་གཅིག་པའོ།། །། ་དེ་ནས་ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཞུ་བའི་གནས་དང་རྐེད་བ་སྟེ། །རྣ་བ་རུས་པ་རེག་དབང་པོ། །རླུང་གནས་ཡིན་ཏེ་ལས་ཀྱང། །ཞུ་བའི་གནས་སུ་ཁྱད་པར་གནས། །མཁྲིས་གནས་ལྟེ་བ་?་བསྡུལ?། །ཆུ་སེར ་?་མ་ཁྲག་དང་ནི། །མིག་དང་པགས་པ་དག་ཡིན་ཏེ། །དེ་ལས་ལྟེ་བ་ཁྱད་པར་གནས། །བདག་ན་བྲང་དང་མགུལ་བ་མགོ་།གློ་བ་རུས་ཚིགས་མ་ཞུའི་གནས། །དངས་མཆལ་དང་སྣ་རྩེར་གནས། །བྲང་ནི་ཁྱད་པར་དག་གི་གནས། ་རླུང་ནི་སྲོག་སོགས་དབྱེ་བ་ཡིས། །ལྔ་ཡི་བདག་ཉིད་འདིར་སྲོག་ནི། །ཕྱིར་གནས་བྲང་དང་གྲེ་བར་རྒྱུ། །བློ་དང་དབང་པོ་སེམས་འཛིན་བྱེད། །མཆིལ་མདོར་སྦྲིད་འབྱུང་སྒྲེགས་པ་འདོན། །དབུགས་རྡུབ་ཟས་ནི་མེད་པར་བྱེད། །གྱེན་རྒྱུའི་གནས ་ནི་བྲང་ཡིན་ཏེ། །སྣ་དང་ལྟེ་བ་ལྐོག་མར་རྒྱུ། །ཚིག་འབྱིན་འབད་རྩོལ་མདངས་དང་ནི། །སྟོབས་དང་ཁ་དོག་དྲན་ལས་བྱེད། །ཁྱབ་བྱེད་སྙིང་གནས་ལུས་ཀུན་ལ། །མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས། །འགྲོ་དང་ལྡེག་དང་འཇོགས་པ ་དང། །མིག་འབྱེད་འཇུབས་པ་ལ་སོགས་པ། །ལུས་ཅན་བྱ་བ་ཕལ་ཆེར་ནི། །དེ་ལ་རག་ནི་ལུས་པ་ཡིན། །མཉམ་གནས་མེ་དྲོད་ཉེ་བར་གནས། །ནང་གྲོལ་ཀུན་ཏུ་རྒྱུ་བ་ཡིན། །བྱ་བ་ཟས་ལེན་འཇུ་བ་དང། །དངས་སྙིགས་འབྱེད ་ཅིང་འདོར་བར་བྱེད། །ཐུར་སེལ་གཞང་གནས་འདོད་མོ་དང། །ལྒང་བ་ཕོ་མཚན་བརླན་གནས། །བྱ་བ་ཁུ་བ་ཟླ་མཚན་དང། །བཤད་གཅི་མངལ་གནས་འབྱིན་པར་བྱེད། །མཁྲིས་པའི་རང་བཞིན་ལྔ་དེ་ལ། །ཞུ་དང་མ་ཞུའི་གནས ་བར་གནས། །འབྱུང་ལྔའི་བདག་ཉིད་ཅན་གྱིས་ནི། །གང་མེའི་ཡོན་ཏན་ཤས་ཆེ་བས། །གཤེར་ཉིད་སྐོམ་བྱེད་འཇུ་ལ་སོགས། །ལས་ཀྱི་མེ་ཡི་སྒྲར་བཤད་དོ། །ཟས་ནི་འཇུ་དང་དེ་བཞིན་དུ། །དང་ས་མ་ཆིགས་མ་འབྱེད་པར ་བྱེད། །དེས་གནས་བཞིན་དུ་མཁྲིས་པ་ནི། །ལྷག་མ་རྣམས་ཀྱི་གྲོགས་བྱེད་པས། །སྟོབས་བྱ་སྐྱེད་པ་ཡིས་བྱེད་འགྱུར་བ། །དེ་ནི་འཇུ་བྱེད་ཅེས་བཤད་དོ། །མཁྲིས་པ་མ་ཞུའི་གནས་ལ་བརྟེན། །དང་ས་མདོག་བསྒྱུར ་བས་དམར་བསྒྱུར་ཡིན། །མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས། །བློ་དང་ཡིད་གཞུངས་ང་རྒྱལ་སོགས། །མངོན་འདོད་དོན་ནི་སྒྲུབ་བྱེད་པས། །མིག་ལ་གནས་ཏེ་གཟུགས་མཐོང་བྱེད། །མཐོང་བྱེད་ཅེས་བཤད་མདོག་གསལ་ནི།། ་པགས་མདོག་གསལ་བྱེད་པགས་པར་གནས། །བད་ཀན་རྣམས་ལྔ་བྲང་གནས་པ། །རང་གི་སྟོགས་ཀྱི་སུམ་མདོད་?། །སྙིང་དང་ཟས་ཀྱི་མཐུ་དང་ནི། །དེ་ཉིད་ལ་གནས་ཆུ་ལས་བྱེད། །བད་ཀན་ལྷག་མའི་གནས་གྱུར་བའི།། ་རྟེན་ནི་གང་ཕྱིར་བྱེད་གྱུར་པར། །དེ་ཕྱིར་རྟེན་བྱེད་ཅེས་བཤད་དོ། །གང་ཞིག་མ་ཞུའི་གནས་ལ་གནས། །དེ་ནི་ཟས་སོགས་འདྲུལ་བྱེད་པས། །མྱགས་བྱེད་ཅེས་མི་བྱ་བ་ཡིན། །མྱོང་བྱེད་ལྕེར་གནས་རོ་ཚོར་བྱེད། །རྟས་བྱེད་མགོ་གནས ་དབང་པོ་ནི། །ཚམ་པར་བྱེད་དོ་འབྱོར་བྱེད་ནི། །ཚིགས་གསལ་གནས་ནས་འབྱོར་པར་བྱེད། །དེ་ལྟར་ནང་ནི་ཕལ་མོ་ཆེ། །མི་འགྱུར་བདག་ཉིད་ཅན་ཁྱབ་ཀྱང། །གནས་ཡིན་པར་ནི་ཤེས་བྱ་སྟེ། །ལས་རྣམས་ཀྱང་ནི་ཐ་དད་ཡིན། །རྩུབ ་སོགས་དྲོ་བར་ལྡན་པས་ནི། །རླུང་ནི་སོགས་པར་འགྱུར་བ་ཡིན། །གྲང་པས་ལྡང་བྱེད་རླུང་ལ་སོགས། །ཡོན་ཏན་དྲོད་ལྡན་ཞི་བྱེད་འགྱུར། །རྣོ་སོགས་བསིལ་བར་དང་ལྡན་པས། །མཁྲིས་པ་སོགས་པར་བྱེད་འགྱུར་ལ། །དྲོ་བས ་ལྡང་ཞིང་རོ་རྟུལ་སོགས། །བསིལ་བར་ལྡན་པས་ཞི་བར་འགྱུར། །སྣུམ་སོགས་གྲང་དང་ལྡན་པ་ཡིས། །བད་ཀན་སོགས་པར་བྱེད་འགྱུར་ལ། །གྲོ་བས་ལྡང་འགྱུར་དེ་ཉིད་ནི། །རྩུབ་སོགས་ཡོན་ཏན་གྱིས་ཞིར་འགྱུར།། ་རང་གནས་ཉིད་དུ་འཕེལ་སོགས་ཡིན། །སྐྱེལ་འགྱུར་རྒྱུ་ལས་འཁྲུག་པ་དང། །མི་མཐུན་པ་ཡི་ཡོད་ཏན་འདོད། །ལྡང་པ་ལོག་པའི་ལམ་ཞུགས་ཉིད། །རང་གི་རྟགས་ནི་སྟོན་པ་དང། །བདེ་མེད་ནང་ནི་འབྱུང་འགྱུར་བའོ།། ་རང་གནས་གནས་པ་མཉམ་ཉིད་དང། །ནད་རྣམས་མ་བྱུང་ཞིབ་ཡིན། །སོགས་དང་ལྡང་དང་རབ་ཞི?། །རླུང་ནི་སོག་སོགས་གསུམ་ཚེ། །མཁྲིས་པ་དབྱར་ལ་སོགས་པར་ཏེ། །བད་ཀན་དགུན་སྨད་སོགས་པར་རོ། །ཡང ་དང་རྩུབ་པ་ལ་སོགས་པའི། །སྨན་དང་ལུས་ཀྱང་དེ་མཚུངས་པས། །སོག་རླུང་ནི་སོགས་གྱུར་གྱི། །དྲ་བའི་དུས་ཀྱིས་ལང་མི་འགྱུར། །ཆུ་རྣམས་འཇུག་བ་སྒྱུར་བ་དང། སྨན་ཡང་དེ་དང་འདྲ་བ་ཡིས། །མཁྲིས་པ་སོགས་ཀྱི་དུས་ཀྱི་ནི།། ་གྲང་བ་ཉིད་ཀྱིས་ལྡང་མི་འགྱུར། །ཆུ་དང་སྨན་ནི་བསིལ་བ་དང། །སྣུམ་པས་དུས་ནི་མཚུངས་འགྱུར་ཡང། །དགུན་སྨད་བད་ཀན་སོགས་འགྱུར་གྱི། །བསྒོངས་པས་ལྡང་བར་མི་འགྱུར་གྱི། །དེ་ལྟར་དུས་ཀྱི་རང་བཞིན་འདི། །ཟས་ལ ་སོགས་པའི་དབང་གིས་ན། །དུས་ལ་བབ་པར་མ་གྱུར་ཀྱང། །འཕྲལ་དུ་སོགས་པ་ལ་སོགས་འགྱུར། །ནད་ནི་ལྡང་གྱུར་འཕྲལ་དུ་ལུས། །མགོ་ནས་རྐང་གི་བར་དུ་ཁྱབ། །ལྡོག་འགྱུར་ཆུ་ཡི་རྒྱུན་བཞིན་དུ། །ཅུང་ཟད་ཅུང་ཞིག་དག་གིས་ཞི།། ་ནད་འཁྲུགས་སྣ་ཚེགས་ཚུལ་ཅན་ནི། །གྲངས་མེད་པར་ནི་གྱུར་པས་ལུས། །ཐམས་ཅད་ཉེ་བར་གཟིར་གྱུར་པ། །དེ་རྒྱུ་ཚུལ་དང་སྒྲུབ་པ་དག་།རེ་རེ་ནས་ནི་བསྟན་མི་ནུས། །དེ་བས་སྤྱི་ཡི་བརྗོད་པ་ཡིན། །ནང་རྣམས་དག་ནི་ཐམས་ཅད་ཀྱི། །ཉེས ་པའི་རྒྱུ་ནི་གཅིག་བུ་ཉིད། །དཔེར་ན་བྱ་ནི་ལྡིངས་གྱུར་བ། །ཉིན་རངས་ཀུན་ཏུ་སོང་གྱུར་ཀྱང། །རང་གི་གྲིབ་མ་དང་མི་འབྲལ། །འགྲོ་ཀུན་འདི་དང་འདྲ་བ་ཡིན། ཡང་ན་ཇི་ལྟར་མ་ལུས་པའི། །འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན ་ཏན་གསུམ་དང་མི་འབྲལ་ལོ། །དེ་བཞིན་རང་ཁམས་མ་སྙོམས་པའི། །རྒྱུ་ཡང་གནས་སྐབས་ཐམས་ཅད་དུ། །ནང་རིགས་ཉེས་པ་གསུམ་མི་འབྲལ། །དེ་རྣམས་ཀྱི་ནི་ལྡད་པའི་རྒྱུ། །དབང་དོན་མི་འཚལ་ཕྲད་པ་དང།། ་དུས་དང་ཉེས་པའི་ལས་རྣམས་སོ། །དེ་ཡང་སྨན་ལྷག་?་སྦྱོར་བས། །དབྱེ་བ་རྣམ་པ་གསུམ་དུ་འགྱུར། །དབང་དོན་རང་ཡུལ་ཆུང་དུ་འམ། །མི་སྦྱོར་བ་ནི་སྨན་པ་སྟེ། །ཤེས་ཆེར་སྟད་པ་ལྷག་སྦྱོར་བ། །རབ་འཕྲའི་འོད ་དང་འཇིགས་པ་དང། །ཤིན་ཏུ་ཉེ་དང་ཤིན་ཏུ་རིང། །ཡིད་དུ་མི་འོང་མི་སྡུག་པའི། །གཟུགས་ལ་མིག་ནི་ལྟ་བྱེད་པ། །ལོག་སྦྱོར་དེ་ནི་མི་བཟང་ཡིན། །དེ་བཞིན་རབ་གྲགས་རུལ་ལ་སོགས། །དབང་དོན་ཇི་བཞིན ་ཤེས་པར་བྱ། །དུས་ཀྱང་གྲང་དང་ཚ་བ་དང། །ཆར་དུས་དབྱེ་བ་གསུམ་དུ་འདོད། །དེ་དམན་གྲང་སོགས་ཆུང་བ་དང། །ལྟག་སྦྱོར་ཤིན་ཏུ་ཆེ་མཚན་ཉིད། །རང་གི་མཚན་ཉིད་ཕྱིན་ཅི་ལོག་།ལོག་པའི་སྦྱོར་བ་ཡིན་པར་བཤད། །ལུས ་ངག་ཡིད་ཀྱི་དབྱེ་བ་ཡིས། །ལས་ཀྱི་རྣམ་པ་གསུམ་དུ་བཤད། །ལུས་ལ་སོགས་པའི་ལས་དམན་ལ། །འཇུག་པ་དམན་པའི་མིན་ཅན་ཡིན། །བརྟུན་དས་འཇུག་པ་ལྷག་སྦྱོར་བའོ། །ཤུགས་བཀག་པ་དང་བཙིར་བ་དང། །མའི ་བཟང་ལུས་ཀྱི་ལས་རྣམས་དང། །བཅུས་དང་?་འཆོས་གོམ་འཁོར་སོགས། །ལྡང་བཞིན་སྦྱར་བར་བྱེད་པ་དང། །འདོད་ཆགས་ཞེ་སྡང་འཇིག་སོགས་དང། །སྲོག་གཅོད་ལ་སོགས་ལས་རྣམས་དང། །རྣམ་བཅུད?་ཡང་སྨད ་པ་ཡིན། །འདི་དང་གཞན་དུ་བྱས་པ་རྣམས། །དེ་དག་མ་ལུས་ལོག་སྦྱོར་ཡིན། །འདི་དག་ནད་ཀྱི་རྒྱུ་ཡིན་ནོ། །ལྡང་འགྱུར་དེ་ནི་མཛའ་ཡས་ཏེ། །སྣ་ཚོགས་ནད་ནི་བྱེད་པར་འགྱུར། །ཡན་ལག་ནང་གྲོལ་ལྷུ་ཚིགས་བརྟེན ་ཡན་ལག་ཁྲག་སོགས་པགས་པ་ཡིན། །དེ་ནི་ཕྱི་རོལ་ནད་གནས་ཏེ། །དེ་བརྟེན་མ་ཞུ་ཡན་ལག་ན། །ལྔ་བའི་བ་སྣབས་འབྲུམ་པ་སོགས། །གཞང་འབྲུམ་སྐྲན་དང་འོར་ནད་སོགས། །དེ་དག་ཕྱི་རོལ་ནང་ཅེས་བྱ། །ནང་ནང ་ཙ་སྦུབས?་ཆེན་པོ་དང། །མ་ཞུ་ཞུ་བའི་གནས་ལ་བརྟེན། །གནས་དེ་ལས་ནི་སྐྱུག་ཚད་འཁྲུ། །དམུ་རྫིང་ལུང་པ་དབུགས་མི་བདེ། །ནང་གི་ཆ་ཡི་གཞད་འབྲུམ་སྐྲངས། །སྐྲན་དང་མེ་དཔལ་ཁོར་འབྲུམ་པ། །མགོ་བོ་སྙིང་དང་ཆུ ་སོ་སོགས། །རུས་པའི་ཚིགས་ནང་གནད་ཡིན་ནོ། །དེ་འབྲེལ་རྩ་དང་ཆུ་བ་དང། །ཆུ་བ་ཆེན་སོགས་པར་མ་ཡིན། །དེ་ལ་ནད་ལམ་དེར་གནས་པ། །གཅོད་ཆེན་གཞོགས་བྱེད་འཇིང་ཁ་ཡོ། །གླད་ནང་སོགས་དང་ཚིགས་རུས་དང། །སྤྱི་ཡི ་གཟེར་དང་གདོན་ནད་སོགས། །འབྱིན་ཁྱབ་ཁྱབ་ཟུག་དང་སྙོམ་པ་དང། །ལུས་ཚ་ནད་གཟེར་བྱ་བ་དང། །འཇར་ཞིང་ཆགས་བསྐམས་ཡན་ལག་འཁུམས། །བསྒོངས་དང་རྩེ་དང། །འདར་དང་རྩུབ་དང་ཁོང་སྟོང་དང། །སྐེམ ་དང་མགུལ་དང་དཀྲིས་སྙམ་དང། །རེངས་དང་རོ་དཀའ་བྲོ་བའོ། །མདོག་ནི་གནག་གམ་དམར་བ་དག་།རླུང་གི་ལས་ཡིན་མཁྲིས་པའི་ལས། །ལུས་ཚ་མདོག་དམར་གྲོ་སྨིན་བྱེད། །རྡུལ་དང་གནགས་དང་འཇགས་མ་རེད། །འདྲུལ ་དང་རྒྱལ་ཞིང་མྱོས་པ་དང། །ཁའི་རོ་ཁ་དང་སྐྱུར་བ་དང། །མདོག་སྐྱ་དམར་རྩ་མ་ཡིན་པའོ། །བད་ཀན་ལས་ནི་འཁྲང་ཞིང་སྣུམ། །གཡའ་ཞིང་ཁོང་དྲང་ལྕི་བ་དང། །ཚིགས་དམ་ཤ་རྒྱས་རྨོངས་བག་དང། །སྐྲད་ཞིང་གཉིད་ཆེ ་ཟས་མི་འཇུ། །མདོག་དཀར་ཁ་རོ་ལན་ཚྭ་མངར། །ལས་ཀྱི་མཛའ་ལས་འདམ་རིང་ངོ། །དེ་ལྟར་ཇི་སྐད་བཤད་པ་ཡི། །མཚན་ཉིད་ཀྱིས་ནི་ནང་ཀུན་ཁྱབ། །དེ་ནི་མ་ཡེངས་ལྟ་སོགས་པས། །ཡང་དག་པར་ནི་ཤེས་པར་བྱ།། ་ནད་ཀྱི་གནས་སྐབས་དབྱེ་ཤེས་པས། །ནད་པ་སྐད་ཅིག་རེ་རེར་བལྟ། །གོམས་པས་ངེས་པར་ཐོབ་འགྱུར་ཏེ། །ལས་རྣམས་གྲུབ་པ་གསལ་བྱེད་ཡིན། །རིན་ཆེན་ལ་སོགས་བཟང་ནན་ཤེས། །བསྟན་བཅོས་འབའ་ཞིག་ལས ་མི་འབྱུང། །ནང་ནི་འདི་ལྟར་རྣམ་གསུམ་སྟེ། །ལ་ལ་ཚེ་འདིའི་ཉེས་ལས་བྱུང། །ལ་ལ་སྔོན་གྱི་ཉེས་ལས་རྐྱུང། །གཞན་དག་ད?་གཉིས་འདྲེས་ལས་བྱུང། །ཉེས་འབྱུང་ནང་གཞི་ཇི་བཞིན་པར། །ལས་སྐྱེས་རྒྱུན་མེད་པ་ཡིན ་རྒྱུ་ཆུང་པ་ལས་དཀྱེལ་ཆེའི་ནང། །ཉེས་དང་ལས་ལས་བྱུང་བ་ཡིན། །དང་པོ་མི་མཐུན་བཟའ་བ་ཡིན། །ལས་སྐྱེས་ལས་ནི་ཟད་པ་སྟེ། །གཉི་ག་ལས་བྱུང་ཉེད་དང་ལས། །ཟད་པས་ཟད་པར་འགྱུར ་པ་ཡིན། །ནད་ནི་རང་རྒྱུད་གཞན་རྒྱུད་ལས། །གཉིས་འགྱུར་མཛའ་མའང་གཉིས་ཡིན་ཏེ། །སྔ་སྐྱེས་སྔ་མའི་ཚུལ་དུ་བཤད། །ཕྱི་སྐྱེས་པ་ནི་བླ་གཉན་ཡིན། །རང་གནས་ཇི་བཞིན་གནས་པ་ནི། །རང་རྒྱུད་ཅན་ཏེ་མཚན་ཉིད ་གསལ། །གཞན་དག་དེ་ལས་གོ་བཟློག་པ། །དྲི་མའང་དེ་བཞིན་ཤེས་པར་གྱིས། །དེ་ནི་ནད་དེ་ལྡང་བ་ན། །མ་ཡེངས་པས་ནི་ཤེས་བྱ་སྟེ། །དེ་རྣམས་གཙོ་བོ་ཞི་བྱས་པས། །ཞི་འགྱུར་ཞི་བར་མ་གྱུར་ན། །དེ་བཞིན་ཕྱི ་ནས་གསོ་བར་བྱ། །འོན་ཏེ་བླ་གཉན་སྟོབས་ཆེན། །མྱུར་གསོ་དེ་ནད་ཀྱིས་གཟིར་བ། །ལུས་ལ་ཤས་ཆེར་གནོད་བྱེད་ཡིན། །ནད་ལ་རྣམ་པར་མི་མཁས་ཞེས། །ངོ་མཚ་ནམ་ཡང་མ་བྱེད་ཅིག། ནད་ཀྱི་འགྱུར་བ་ཐམས་ཅད་ཀྱི། །མིང་གི་ངེས་བསྟན ་ཡོད་པ་མིན། །ཉེས་པ་དེ་ཉིད་འཁྲུགས་ནས་ནི། །ཁྱད་པར་དུ་ནི་ལྡང་གྱུར་ནས། །གནས་གཞན་དག་ཏུ་སོང་ནས་ནི། །ནད་ནི་མང་པོར་བྱེད་པར་འགྱུར། །དེ་བས་ནད་ཀྱི་རང་བཞིན་ནི། །རང་གནས་གཞན་དུ་འཕོས་པ་དང། །རྒྱུ་ཡི་ཁྱད་པར ་ཤེས་བྱས་ལ། སྨན་དཔྱད་ཀྱིས་གསོ་མྱུར་དུ་བྱ། །གནོད་བྱ་ཡུལ་དང་ཉམས་སྟོབས་དུས། །མ་དྲོད་རང་བཞིན་ན་ཚོང་དང། །སྙིང་སྟོབས་གོམས་དང་ཟས་རྣམས་ཀྱི། །གནས་སྐབས་རྣམ་པ་ཐ་དད་པ། །འདི་དག་འཕྲ་མོ་ཡན་ཚད་བརྟག། ་ནད་དང་སྨན་གྱི་ཚུལ་བརྟགས་པས། །གང་ཞིག་གསོ་བ་ལ་འཇུག་པ། །དེ་ནི་ནམ་ཡང་འཁྲུལ་མི་འགྱུར། །ནད་དཀྱིལ་ཆེ་བའམ་ཆུང་བདག་།ཕོག་རྨྱ་ལུས་ཉམས་ཆེ་ཆུང་ལས། །གནོད་པར་བྱེད་པས་སྣང་འགྱུར་བས། །དེ་ལའང ་མ་ཡངས་ཉིད་དུ་གྱིས། །སྨན་པ་ངན་པ་ནད་རྣམས་ནི། །ལྕི་བ་ཡང་བར་ཡོངས་རྟོག་ཅིང། །ནད་ཉུང་དག་ཏུ་བརྟགས་པ་ཡིས། །གསོ་བ་ལོག་པ་དག་ཏུ་འགྱུར། །དེ་བས་ཆུང་བའམ་སྟོབས་ཆུང་བ། །སྐྱེལ་ཆེན་ནད་ལ་རབ་ཏུ་སྦྱོར། །སྤྱངས་པས་ཆུང་དུར ་སྦྱར་བ་ཡིས། །ནད་ནི་ཤིན་ཏུ་སྤོངས་པ་ཡིན། །སྦྱོར་བ་ལྷག་པར་སྦྱོར་བ་དང། །ལོག་པར་སྦྱོར་བས་ཕྱིན་ཅི་ལོག་།དྲི་མ་འབྱུང་བར་མ་ཟད་ཀྱི། །ལུས་ཀྱང་ཤིན་ཏུ་མ་རུང་འགྱུར། །དེ་བས་རྟག་ཏུ་བརྩོན་པ་དང། །ཐམས་ཅད་ཀུན་ཏུ་ལེགས་བརྟགས་ནས།། ་ཅི་ནས་ནད་མེད་བརྟན་གྱུར་པ། །དེ་ལྟར་སྨན་དཔྱད་སྦྱར་བར་གྱིས། །དེ་ནས་གཞན་ཡང་ནད་རྣམས་ནི། །འཕེལ་ཟད་དབྱེ་བས་བཤད་བྱ་སྟེ། །ཐ་དང་པ་ལས་གསུམ་ཤེས་བྱ། །ལྡན་གསུམ་དེ་ཡང་དེ་དགུ་ཡིན། །མ་ཉམས་པར་འཕེལ་བར་གསུམ ་ཉིད་དེ། །གཅིག་རབ་ལྷག་པ་དྲུག་ཏུ་འགྱུར། །མ་ལུས་པ་ལས་བཅུ་གསུམ་ཡིན། །གཉིས་གཅིག་ལྷག་པ་ལས་དྲུག་སྟེ། །མཚུངས་ལས་གཅིག་ཡིན་རབ་དང་ནི། །རབ་མཆོག་རྟག་པ་ལས་དྲུག་ཡིན། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །ཕེལ་བའོ། ་ཟད་ལའང་དེ་སྙེད་ཡིན། །དེ་དག་རེ་རེ་འཕེལ་སྙམ་ཟད། །དྲུག་སྟེ་སླར་ཡང་དེ་དག་ནི། །གཅིག་ཟད་གཉིས་གཉིས་འཕེལ་བ་ནི། །གོ་ལྡོག་བཅས་པས་ཇུག་ཏུ་འགྱུར། །དབྱེ་པ་དྲུག་ཅུ་གཉིས་སུ་བསྟན། །དྲུག་ཅུ་གསུམ་པ་བདེ་གནས་རྒྱ།། ་དེ་བཞིན་འདི་དག་དང་མ་?་ཁྲག་སོགས་འདྲེས་པ་ལས། །ནང་ནི་ཟད་དང་མཉམ་དང་འཕེལ་བའི་དབྱེ་བ་ཡིས། །རབ་དང་རབ་མཆོག་དག་ལས་མཛའ་ཡས་ཉིད་འགྱུར་བར། །རང་བཞིན་ཅི་འདྲ་མ་ཡེངས་ཡིད་ཀྱི་ཤེས་པར་གྱིས། །ཡན་ལག ་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་གཉིས་པའོ། །དེ་ནས་ནད་གསོ་བའི་ཐབས་ཀྱི་ལེའུ་བཤད་པར་བྱའོ། །རླུང་ནད་གསོ་བ་ལྡུམ་དང་ནི། །དུགས་དང་སྦྱང་བ་འཇམ་པ་དང། །མངར་སྐྱུར་ལན་ཚྭ་བྲོ་བ་ཡི། །ཟས ་དང་བསྐུ་ཞིང་མཉེ་བ་དང། །དཀྲི་སྣམ་སྨན་ཆུ་བླུགས་པ་དང། །གྲི་ཆང་འབྲས་ཆང་བུ་རམ་ཚང། །སྨུ་མ་གྲོ་འཇམ་རྩི་བཏང་བ་ནི། །འཇམ་རྩི་དེས་པ་དེ་དག་དང། །སྐྱེ་གནས་དུ་མའི་སྣམ་དག་ནི། །དྲོངས་ཆེ་འཇུ་བར་བྱ ་གཡོས་སྦྱར། །ཁྱད་པར་དུ་ནི་ཤ་ཚོན་དང། །ཏིལ་མོར་དང་སྦྱར་འཇམ་རྩི་བྱ། །མཁྲིས་པ་མང་སར་སླུད་པ་དང། །མངར་ཞིང་བསིལ་བའི་བཀྲུ་སྨན་དང། །མངར་དང་ཁ་དང་བསྐ་བ་ཡི། །ཟས་དང་སྨན་ནི་སྦྱིན་པ་དང། །དྲི་བཟང་བསིལ ་ཞིང་ཡིད་འོད་པའི། །དྲི་ནི་ཉེ་བར་རྟེན་པ་དང། །མགུལ་དུ་ངོ་ཤལ་སེན་མོད་དོ། །ནོར་བུ་བྲང་བུ་གདགས་པར་བྱ། །ག་བུར་ཙན་དན་ཟུ་ཤི་རིའི། །བྱུག་པས་སྐད་ཅིག་རེ་རེ་བསྐུ། །སོང་ལ་རྡོ་ཐལ་ཅན་ཟླ་གཟར། །ཡིད་འོང་གླུ་དང་བསེར ་བསིལ་བརྟེན། །བག་ཕེབས་མཛའ་བོ་བདེ་བ་དང། །བུ་ལ་གཞོན་སྐད་ཉམས་རངས་སྨྲ། །ཆུང་མ་ཡིད་མཐུན་ལས་བྱེད་ཅིང། །སྡུག་ཅིང་ཡོན་ཏན་རྣམས་ཀྱིས་བརྒྱན། །ཁང་པ་ཉིས་རིམ་ཆུ་བསིལ་བླུགས། །སྐྱེད་མོས་ཆལ་བརྫིང་བཟང་པོ ་ནི། །རྒྱ་ཆེ་སང་ནི་སྟེགས་བཅས་པ། །ཆུས་བརླན་བྱེ་མ་བསིལ་བ་དང། །སྤྱིལ་བུ་ལུས་ཚང་ཤིང་ཁེབས་དང། །ཆུ་འགྲམ་པདྨར་བཅས་པར་ནི། །བདེར་གནས་ཁྱད་པར་འོ་མ་དང། །མིང་སར་བཟའ་དང་བཀྲུ་སྨན་བྱ། །བད་ཀན་ཆོ་གར་ལྡན ་པར་ནི། །སྐྱག་སྨན་ཀྲུ་སྨན་རྣོན་པོ་བཏང། །ཟས་ནི་རྩུབ་ཆུད་རྣ་ཞིང་དྲོ། །ཚ་ཞིང་ཁ་དང་བསྐལ་བ་བཟའ་། །ཆང་ནི་ཡུན་རིངས་ལོན་པར་ཏུང། །རྩེ་དགའ་དང་ནི་གཉིད་མི་ལོག་།རྩོལ་བའི་ཆུལ་ནི་སྣ་ཚོགས་དང། །སེམས་ལས་རྩུབ་པས་ཉེ ་བ་དང། །ཁྱད་པར་སྨར་ཞུ་སྐྱུག་སྨན་བཏང། །སྦྲང་རྩི་ཆིལ་འཇོམས་སྨན་བསྟེན་བྱ། །བསྙུང་བ་བདུད་བདུག་འཁུར་ཀང་དཔོ། །བདེ་བ་མེད་ཉིད་བདེ་ཕྱིར་བྱ། །ནང་རྣམས་སོ་སོར་གསོ་བ་དག་།ནད་ལས་དཔགས་ཏེ་བཤད་པ་ཡིན། །ལྡན ་པ་དང་ནི་འདུས་པ་དག། དེ་ནི་སོ་སོའི་ཚུལ་བཞིན་བརྟག། རླུང་ནི་ཟུང་དུ་འཇུག་པས་ན། །རླུང་མཁྲིས་ཕལ་ཆེར་སོ་གའི་བྱ། །བད་ཀན་རླུང་ལ་དཔྱིད་ཀྱི་བྱ། །བད་ཀན་མཁྲིས་པ་སྟོན་གྱི་བྱ། །ནད་ནི་སྐྱེ་ལ་སོགས་དུས་སུ་གསལ། །ལྡང་ན་གཞན་དོན་མེད་པར་གསོ།། ་ཐམས་ཅད་ལྡང་དན་ཚབ་ཆེ་བ། །ནད་གཞན་གནོད་པ་མེད་པར་གསོ། །ནད་ནི་སྦྱོར་བས་ཞི་བྱ་བ། །གང་གཞན་ལྡང་བར་བྱེད་པ་དག། དེ་ནི་དག་མིན་གཞན་དག་ནི། །ལྡད་པར་མི་འགྱུར་རྣམ་དག་ཡིན། །རྩོལ་དྲག་ཚ་བོ་རྣོ་བ་དང། །གནོད་པར་འགྱུར ་བ་སྤྱོད་པས་ཀྱང། །ཁོང་བ་ཡན་ལག་རུས་པ་དང། །གནད་དུ་རླུང་ནི་འཇུག་པར་འགྱུར། །དེ་བཞིན་དེ་ལ་རྩ་སྒོ་ནི། །རྣམ་པར་སྦྱངས་པས་འབྱུང་བར་འགྱུར། །སྨིན་བྱས་རླུང་ནི་ཚར་བཅད་པས། །ཁོང་པའི་ནང་དུ་འབྱུང་བར ་འགྱུར། །དེར་གནས་ནས་ཀྱང་རྒྱུ་དག་ལ། །སྡོད་ཅིང་རིང་དུ་ཐོགས་པ་ཡིན། །དེ་ནི་དུས་སོགས་སྟོབས་ཐོབ་ནས། །གཞན་ལ་བརྟེན་ཡང་ལྡང་བར་བྱེད། །དེ་ལ་གནས་གཞན་གནས་པ་ནི། །དེ་ཉིད་སྟོབས་ནི་མེད་ཉིད་ལ། །གསོ་བར་བྱ་བ་རང་གི་ནི།། ་སྟོབས་ཀྱིས་གཞན་ཟིལ་གནོན་བྱེད་ནའོ། །བླ་གཉན་ནད་ནི་ཞི་བྱས་ན། །རང་གནས་གནས་པ་གསོ་མི་དགོས། །ཕལ་ཆེར་རྩིབས་ལོགས་འགྲོ་བའི་ནང། །ནད་པ་ཡུན་རིང་ཉོན་མོངས་བྱེད། །ལུང་མེའི་སྟོབས་ནི་ཤེས་པ་ཡིས། །དེ་ལ་རིངས ་ཐབས་དག་མི་བྱ། །དེ་ནི་སྦྱོར་བས་ཞི་བྱ་འམ། །ཁོང་དུ་བདེ་བར་བསྡུ་བར་བྱ། །ཁོང་དུ་འདུས་པར་ཤེས་ནས་ནི། །ཇི་ལྟར་ཉེ་བ་བཞིན་དུ་གསལ། །བུ་ག་འབྱུང་འགགས་སྟོབས་ཉམས་ཞིང། །ལྕི་ཞིང་རླུང་ནི་ཁོང་དུ་འཁྲུལ། །ཁོང་སྙོམས ་མི་འཇུག་མཆིལ་མ་མང། །གཤད་གཅི་སྲིད་དུབ་ཟས་མི་ལེན། །ནད་རྩ་མ་ཞིལ་སྤྱི་ཡི་རྟགས། །རྩེ་ཞལ་དེ་ལས་བཟློག་པ་ཡིན། །ཁོང་པའི་དྲོད་སྟོབས་ཆུང་ཉིད་ཀྱིས། །ལུས་གཟུངས་དང་པོ་མི་འཇུ་བ། །ནད་ནི་ཕོ་བར་ཞུགས་པ ་དག། དངས་མ་མ་ཞུ་ཡིན་པར་བཤད། །གཞན་གནད་ཉིད་རབ་འཁྲུགས་པ། །རབ་རྟུག་ཕན་ཚུན་འདོམ་ལས་བྱུང། །ཀོ་ཏྭ་པ་ཡི་དུག་བཞིན་དུ། །ནད་ཚབས་ཆེན་པོ་འབྱུང་བར་བཤད། །ནད་ཚབས་དེ་དང་འདྲེས་པར ་དང། །གནོད་པ་གནོད་བྱ་གནོད་འགྱུར་དང། །ནད་གཞན་གང་དག་དེ་དག་བྱུང། །མ་ཞུ་བ་དང་བཅས་པར་བཤད། །དེ་ནི་ལུས་ཀུན་ཞུགས་གྱུར་བ། །ནད་ནང་ཞུགས་ཏེ་རྩེ་མ་བཅིལ། །མ་སྨིན་དབྱུང་བར་མི་བྱ་སྟེ། །མ་སྨིན་ཤིང་ཏོག་ཁུར ་བར་མཚུངས། །དེ་ནི་དབྱུང་བར་དཀའ་བས་ན། །རྟེན་ནི་འཇིགས་པར་བྱེད་བར་འགྱུར། །དེ་ནི་སྨིན་དང་དྲོད་བསྐྱེས་སྣམ། །དུགས་བྱ་རྩེ་བཅིལ་དེ་བསལ་བ། །ཇི་ལྟར་ཉེ་དང་སྟོབས་ཇི་བཞིན། །སྦྱངས་པའི་དུས་སུ་གསལ་བར་བྱ། ཁ་ནས་རིགས ་པར་སྨན་བཏང་བས། །མ་ཞུའི་གནས་ལས་ནད་མྱུར་བསལ། །ནམ་ཚོད་ཡན་ཆད་ཡན་ཆད་སྣ་སྨན་གྱིས། །ཞུ་བའི་གནས་ཡོད་མས་བཏང་བསལ། །སྟེང་དམ་འོག་ཏུ་འབྱུང་བར་རྩོམ། །ནད་ནི་རང་ཉིད་བྱུང་བས་ན། །སྨན་གྱིས་ནད་ནི་མི་དགག ་སྟེ། །བཀག་ན་དེ་ཉིད་ནད་བསྐྱེད་འགྱུར། །དེ་བས་དང་པོར་ནད་འབྱུང་ལ། །བསྡད་དེ་ཕན་པར་བཟའ་བར་བྱ། །འཁྱིལ་བ་སྨིན་པ་དེ་དང་དེས། །སྨིན་བྱས་དེ་བཞིན་བསལ་བར་བྱ། །དཔྱད་སྟོན་ཐ་ཆུང་དབྱིད་ལ་འདྲིལ། །ཐུན་མོངས་དུས་སུ་རིམ ་བཞིན་དུ། །སྲོག་དབྱར་དད་དགུན་བསགས་པའི། །རླུང་སོགས་ནད་ནི་མྱུར་དུ་བསལ། །ས་ག་དབྱར་དད་དགུན་གྱི་ཆེ། །རབ་ཆ་ཆར་དང་གྲང་བའི་དུས། །དེ་རྣམས་དུས་མཚམས་ཐུན་མོངས་སྟེ། །དེ་ཚེ་ནད་ནི་མི་བཟང་བསལ། །ཐ་མལ ་བདེ་གནས་དབང་སྦྱར་ཀྱི། །ནད་ལ་ནད་ཀྱི་དབང་དུ་ནི། །གྲང་ཚ་ཆར་གྱི་དུས་དག་གི། །གཉེན་པོ་ཇི་བཞིན་བྱས་ནས་ནི། །སྦྱོར་བའི་དུས་པ?་བབ་པ་ན། །བྱ་བ་དུས་ལ་མི་བསྡད་དོ། །སྨན་ནི་མ་ཟས་ཟས་སྔོན་དང། །དབུས་དང་མཛའ་དང་ཁམ ་གྱི་བར། །ཟས་བར་ཚེག་བུ་ཟས་བཅོས་དང། །ཟས་མནན་མཚན་མོ་བཏུང་བའོ། །བད་ཀན་རྡོ་འདས་ནས་པ་ནི། །ཉམས་སྟོབས་ལྡན་ལ་མ་ཟོས་གཉན། །ཐུར་སེར་རླུང་ལ་ཟས་ལྔར་བཏང། །མཉམ་གནས་ལྡང་ལ་བར་དུ་ཡིན། །ཁྱབ་བྱེད་ནད་བར་ཟས ་?་མཐར། །གྱེན་རྒྱུའི་རླུང་ལ་དགོངས་ཀའི་འོ། །སྲོག་ཅེས་བྱ་བའི་རླུང་ལྡང་ལ། །ཁམ་གྱི་བར་དད་ཟས་བར་?། །དུག་དང་སྐྱུག་ལུད་དབུགས་མི་བདེ། །སྐོམ་དད་སྐྱེ་ལ་ཚེག་བུའོ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །སྨན་དང་ཟས ་བཅོས་སྦྱར་བར་བྱ། །སྐྱིགས་བུ་ལུས་འདར་ལག་འདར་དང། །ཟས་ཉུང་ཟ་ལ་མནན་པ་བཏང། །ནམ་འཚོང་ཡན་ཆད་ནད་ལ་ནི། །མཚན་མོའི་དུས་སུ་བཏང་བ་བསྔགས། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས ་གྱི་ལེའུ་བཅུ་གསུམ་པའོ།། །།དེ་ནས་གསོ་བའི་ཐབས་རྣམས་པ་གཉིས་བསྟན་པའི་ལེའུ་བཤད་པར་བྱེའོ། །གསོ་བ་རྣམ་པ་གཉིས་ཡིན་ཕྱིར། །གསོ་ཐབས་རྣམ་པ་གཉིས་སུ་འདོད། །དེ་གཅིག་བལྟ་བར་བྱ་ཨོབ་ཡིན།། ་གཉིས་པ་ཉམས་ནི་སྨད་པའོ། །དེ་དག་རྒྱས་བྱས་སྨྱུང་བ་ཞེས། །རྣམ་ཕྲངས་དག་ཏུ་བཤད་པ་ཡིན། །ལུས་ཤ་རྒྱས་ཕྱིར་རྒྱས་བྱ་སྟེ། །དེ་ནི་ཕལ་ཆེར་ས་ཆུ་དང། །ཅིག་ཤེས་ལས་ནི་འགྱུར་བ་ཡིན། །ལུས་གང་སྣུམ་དང་དགག ་པ་དང། དུགས་དང་ཁོང་རྩུབ་བྱ་བ་སྟེ། །འབྱུང་བའི་དེ་ཡང་གཉིས་ཡིན་ཕྱིར། །གཉིས་ལས་འདའ་བར་མི་བྱེད་དོ། །དེ་ལ་འང་སྤྱད་དང་ཞི་བྱ་བ། །རྣམ་པ་གཉིས་པོ་བསྙུང་བ་ཡིན། །གང་ཞིག་ནད་ནི་ཕྱིར་འབྱིན་པ། །སྦྱང་ཡིན་དེ་ནི་རྣམ ་ལྔ་སྟེ། །མས་བཏང་སྐྱུག་སྨན་ལུས་ནད་?། །མགོ་ཡི་ནད་བཀྲུ་གཏར་གས་དབྱུང། །གང་ཞིག་ནང་ནི་མི་སྦྱོང་དང། །སྙོམ་གནས་གློང་པ་མ་ཡིན་དང། །མ་སྙོམས་སྙོམས་པར་བྱེད་པ་དག། ཞི་བ་ཡིན་ཏེ་དེ་རྣམས་བདུན། །སྨིན་ ་དང་དྲོད་བསྐྱེད་བཀྲེས་སྐོམ་དང། །རྩོལ་བཅག་ཉི་ཚན་བསེར་བུ་བསིལ། །རླུང་བཅས་མཁྲིས་པ་ཞི་བྱེད་ཡིན། །རྟ་བྱ་ནད་དང་སྨན་དང་ཆང། །བུད་མེད་མྱ་ངན་གྱིས་ཉམས་ཆུང། །ཁུར་དང་ལམ་དང ་གློ་བརྡོལ་དང། །ལུས་རྩུབ་ཉམས་མདའ་རླུང་ཤས་ཆེ། །སྦྲུམ་མ་བུ་བཙས་བྱིས་པ་རྒན། །སོ་གའི་དུས་དང་གཞན་ཡང་རྟ། །ཤ་དང་འོ་མ་ཀ་ར་དཀར། །མར་སར་མངར་བག་མས་བཏང། །གཉིད་ལོག་ངལ་བདེ་བསྐུ་བྱུག་དང། །ཁྲུས ་དང་བདེ་གནས་ཉམས་དགའ་རྟ། །གཅིན་སྙི་མ་ཞུ་སྣུམ་རབ་ཟོས། །རིམས་བཏབ་བརླ་རེངས་མཛེ་ནད་ཅན། །ཤུ་བ་ཁོང་འབྲས་མཆེར་པ་ན། །ཀླད་ནད་ལྐོག་ནད་མིག་ནད་དང། །སྦོམ་པོ་དགུན་དང་གཞན་དག་ཀྱང། །རྟག་ཏུ་སྨྱུང ་བར་བྱ་བ་ཡིན། །དེ་ལ་སྦྱང་བྱ་ཤས་ཆེ་སྦོམ། །སྟོབས་ལྡན་མཁྲིས་པ་བད་ཀན་རྒྱས། །མ་ཞུའི་ནད་དང་རིམས་དང་སྐྱུགས། །ཚད་པར་འཁྲུ་དང་སྙིང་ན་ཅན། །ལུས་ལྕི་སྒྲེགས་མད་གཤད་གཅི་འགགས། །ཡི་ག་འཆུས་སོགས ་ཀྱིས་ན་བ། །འབྲིང་ཙམ་སྤོམ་སོགས་ཕལ་ཆེར་ནི། །དང་པོར་སྨིན་དང་དྲོད་བསྐྱེད་བྱ། །ནད་ནི་འདི་དག་གིས་ཉམས་ཐག། །སྦོམ་དང་སྟོབས་སོགས་ཆུད་བ་ལ། །བཀྲེས་དང་སྐོམ་པས་ཚར་བཅད་དོ། །ནད་ཀྱིས་ཉམ་ཐག་སྟོབས ་འབྲིང་བརྟན། །བསེར་བུ་ཚ་རྩོལ་གྱིས་སྨད་ན། །ཉམ་ཆུང་མི་ལྟ་སྨོས་ཅི་དགོས། །ཉམས་སྨད་བྱ་བ་རྩ་མི་བྱ། །རྟ་བྱ་ཉམས་སྨད་འཇམ་པོས་བྱ། །ཡང་ན་ཡུལ་དང་སྟོབས་སོགས་ལས། །རིགས་པས་དེ་ནི་ཉེ་བར་སྦྱད།། ་རྟ་བས་སྟོབས་ནི་འཕེལ་བ་དང། །དེ་ཡིས་བསྒྲུབ་བྱའི་ནད་ཟད་འགྱུར། །བསྙུད་པ་དབང་གསལ་དྲི་མ་རྣམས། །མི་སྲིད་ཁོང་ཡང་ཡིག་འབྱེད། །བཀྲེས་དང་སྐོམ་པ་ལྷན་ཅིག་འབྱུང། །དང་ག་སྙིང་དང་སྒྲེགས་པ་དག། ནད་ཀྱི་རྩེ ་ཞིལ་སྤྲོ་བ་ཆེ། །སྙོམ་བག་མེད་པ་དག་ཏུ་འགྱུར། །དེ་དག་ཚད་ལ་སོགས་པ་དང། །མི་ལྡན་རྟེན་པར་བྱེད་པ་དག་།རབ་སྦོམ་རབ་ཏུ་སྐེམ་སོགས་འགྱུར། །དེ་ཡང་སྨན་བཅས་བཤད་པ་ཡིན། །ཚུལ་ནི་ཤིན་ཏུ་རྟ་བ་དང། །ཉམས་སྨད་དེ་ཉིད་ལས་ཤེས་བྱ། །ཤིན ་ཏུ་ཚོ་ཆེས་འབྱུང་གཅིན་སྙི། །རིམས་དང་དམུའི་རྫིང་མཚན་པར་རྡོལ། །ལུས་རྨོངས་གཅིན་སྲི་བེ་སྣབས་ཆགས། །མཛེ་ལ་སོགས་པ་མིང་ཟད་འབྱུང། །དེ་ལ་ཚིལ་དང་རླུང་བད་ཀན། །སེལ་བར་བྱེད་པ་ཐམས་ཅད་ཕན། །རྫུན་ཁྲེ་རྒོད་ཀུ་ལང་ཐ། །ནས་དང་སྲན་ཆུང ་མོན་སྲན་དྲིའུ། །དར་བ་དར་རྙིང་ཞོ་ག་ཆུ། །སེམས་ལས་བྱ་དང་མི་ཉལ་བྱ། །སྦྲང་རྩི་འབྲས་བུ་གསུམ་བཅས་པའམ། །སླེ་ཏྲེས་བླ་སྒང་ཨ་རུ་ར། །སྐྱེར་ཁཎྜ་དང་རྩ་བནི། །ཆེན་པོ་ལྔ་དང་གུ་གུལ་དང། །བྲག་ཞུན་གྱི་ནི་སྦྱོར་བ་དང། །གནི་མནདཱི ་ཁུ་བཅས་ཕན། །ནས་ཚིག་འཁུས་ཐལ་བི་ཊཱཾ་ཀ། བཅའ་སྒྲ་ལྕགས་ཕྱེ་སྦྲང་རྩི་དང། །ནས་དང་སྐྱུ་རུའི་ཕྱེ་མ་ཡི། །སྦྱོར་བས་ཤིན་ཏུ་ཚོ་ནད་སེལ། །ཚ་གསུམ་འབྲས་གསུམ་པུ་རྩེ་ཤེལ། །ཤི་ཀྲུ་བི་དང་བོང་སྠ་རི། །ཤིན་ཀུན་གོ་སྙོད་ཁ་རུ་ཚན།། ་ལ་ལ་ཕུད་དང་འུ་སུ་དང། །ཀྲུ་ཏྲུག་བཀྲེས་དང་སེར་པོ་གཉིས། །བྲི་ཧ་གཉིས་དང་ཆུ་རྩི་མོ། །ཧ་པུ་ཤ་དང་པ་ཏ་དང། །ཀེ་པུ་ཀ་ཡི་རྩ་པ་སྟེ། །འདི་རྣམས་ཕྱེ་མ་མར་སྦྲང་རྩི། །ཏིལ་མར་དག་ནི་ཆ་མཉམས་པ། །ནད་ཕྱེའི་ཆ་ནི་བཅུ་དྲུག་བསྐྱེད ་སྦྱར་བ་འཐུངས་ན་དེ་འཇོམས་སོ། །ཤིན་ཏུ་ཤས་ཆེ་བདག་ཉིད་ཀུན། །གཞན་ཡང་དེ་འདྲའི་ནད་རྣམས་དང། །སྙིང་ནད་མིག་སེར་ཤ་བཀྲ་དང། །ལུས་དཔུགས་མི་བདེ་ལྐོག་ནད་སེལ། །བློ་དང་ཡིད་གཞུངས་སེམས་དྲན་བྱེད། །ཟས་འཇུ ་ཕོ་བའི་དྲོད་ཀྱང་བསྐྱེད། །སྨྱུང་གྲགས་རབ་སྐེམ་མགོ་འཁོར་ལུད། །སྐོམ་དང་ཆེ་ཞིང་ཡིག་འཆུས། །སྣུམ་དྲོད་གཉིད་མིག་རྣ་བ་ཉམས། །ཁུ་བ་གཟིམ་དངས་སྐེམ་མདངས་ཟད། །ཆུ་སོ་སྙིང་ཀླན་བྱིན་པ་བརླ། །སྦུ་ད་རྩིབ་ལོགས་ན་རི་མྱས་འདེབས།། ་ཚིག་མང་སྟོད་དུ་རླུང་ནད་འཇུག་།གཉའ་ཤིང་སྐྱུག་བྲོ་རུལ་ཚིགས་ན། །བཤད་གཅི་སྲི་བ་ལ་སོགས་པ། །སྨྱུང་བ་དྲགས་པ་འབྱུང་བར་འགྱུར། །བར་དུ་ཚོ་བས་སྐེམ་གཉིད་མཆོག་།ཤིན་ཏུ་ཚོ་དྲག་པ་ཡི་སྨན། །རྟ་བར་བྱེད ་པ་ཐམས་ཅད་སྦྱོར། །སེམས་ལས་མེད་དང་དགའ་བ་དང། །ངེས་པར་བརྟ་བར་བྱ་བ་དང། །གཉིད་ཆེར་ལོག་པས་སྐེམ་པ་ཡང། །ཕག་དང་འདྲ་བར་ལུས་རྒྱས་འགྱུར། །ལུས་ནི་རྟས་ཤིང་འཚོ་བྱེད་པ། །ཤ་དང་འདྲ་བ་གང་ཡང་མེད། །ཤ་མི་ཟ་བ་ཤ ་ཟའི་ཤས། །ལུས་ནི་ཤིན་ཏུ་རྟས་བྱེད་ཡིན། །སྦོམ་ལ་ཉམས་སྨན་ལྕི་བས་བྱ། །དེ་ལས་བཟློག་པ་སྐེམ་ལ་ཕན། །ནས་དང་བྲོ་ནི་གཉིས་ཀ་ལ། །དེ་ལས་འོས་པར་བྱེད་པས་བརྟག། ནད་ཀྱི་དབྱེ་བ་ཐ་དད་ཀྱི། །གཅོད་འཁྲུ་ལ་སོགས་དབྱེ་བ ་ཡིས། །ནད་ལྟར་ཐ་དད་གྱུར་ཀྱང་ནི། །གསོ་བ་གཉིས་ལས་ཡོད་མ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་བཞི་པའོ།། །།དེ་ནས་སྦྱངས་པ་ལ་སོགས་པ་སྨན་གྱི་སྡེ་ཚན་འདུས ་པའི་ལེའུ་བཤད་པར་བྱའོ། །པོ་སོན་ཆ་དང་ཤིང་མངར་དང། །ཀུ་བ་ཁ་བོ་ནི་མཱ་དང། །བིམྦ་ག་གོན་བི་ཤ་ལ། །དུག་མོ་ནུང་དང་མུརྦ་དང། །དེ་བ་ད་ལི་བྱི་དང་ཀ། ལྕང་མ་ཙི་ཏྲ་ཀྲུ་ཏྲུག་ཏྲེས། །ཀོ་ཤ་པ་ཏི་ཀ་རཉྫ། །པི་པི་ལིང་དང་རྒྱམ་ཚ་དང། །ཤུ ་དག་སུག་སྨེལ་ཡུངས་ཀར་ཏེ། །འདི་དག་སྐྱུག་པའི་སྨན་གྱི་སྡེ། །དནྟི་དང་ནིཏྲི་བིཐཏི?། །འབྲས་བུ་གསུམ་དང་བི་ཤ་ལ། །ཤམ་ཀི་ནི་དང་སྣུ་ཧ་དང། །སེང་ཕྲོམ་དོང་ག་ནི་ལི་ནི། །ཁྲོན་བུ་དང་ནི་ཀཾ་པི་ལྱ། །འོ་མ་བ་གཅིན་འཁྲུ་བར་བྱེད། །བོ་སོན ་འཆའ་དང་དུག་མོ་ཉུང། །རུ་རྟ་དེ་བ་དེ་ལི་དང། །ཤིང་མངར་ཤུ་དག་རྩ་བ་བཅུ། །ཐང་ཤིང་ར་སྣ་ལ་ལ་ཕུད། །ཤ་ཏ་པུཥཔ་བ་ཏ་ལ། །རྒྱ་སྲན་ནག་པོ་སྦྲང་རྩི་དང། །རྒྱམ་ཚ་ལྕེ་ཚ་ཤིང་ཉེ་རོ། །འདི་དག་མས་བཀྲུ་སྨན་གྱི་སྡེ། ། བ་མ ་བྷ་བྱི་ཏང་ཀ་།ཚ་བ་གསུམ་དང་སྐྱེར་པའི་རྩ། །སུར་ལ་དང་ཤི་རི་ཤ། འབྲི་ཧི་ཤིང་བཀྲུའི་ས་བོན་དང། །སེང་ལྡེང་མ་དུ་ཀའི་སྙིང་པོའི་རྒྱམ་ཚ་དངུལ་རྡོག་བོང་དྲེག། སུག་སྨེལ་གཉིས་དང་གོ་སྙོད་སྦོམ་།མགོ་བོ་ནང་སྦྱོང་བྱེད་པ་ཡིན། །ཐང་ཤིང་རྒྱ་སྤོས་རུ་རྟ་དང།། ་རྩ་བ་བཅུ་དང་བ་ལ་གཉིས། །བི་ར་ཏ་རའི་སྨན་སྡེར་གཏོགས། །བི་ད་རི་སོགས་རླུང་ནད་སེལ། །དུ་རྦ་དང་ནི་བྱི་ཚེར་མ། །ནམྦི་བ་ཤ་ཀའི་ལོ་མ། །ཁ་སྲལ་ཕྲེའུ་འོལ་མ་སེ། །ཉེའུ་ཤིང་པ་ཞེས་བྱ་དང། །ཤི་ཏ་པ་ཀི་སྤྲི་ཡངཀུ། །ནྱ་གྲོ་དྷ་སོགས་ཤུག་པ ་སོགས། །སྠིར་རྣམ་གཉིས་པདྨའི་ཟེར། །བི་ནྱ་ཐལ་ཏྲེས་སོགས་མཁྲིས་སེལ། །དོ་དག་སོགས་དང་ཨརྒ་སོགས། །མུ་ཀ་ག་སོགས་ཨོ་སོན་སོགས། །བྱེའུ་རུག་བ་སོགས་གླ་སྦྲང་སོགས། །དུག་མོ་ཉུང་སོགས་བད་ཀན་སེལ། །ཛཱི་བནྟི་དང་རམ་ཉེ ་བ། །མེད་མ་ཧཱ་མེ་ད་དང། །མུངྒ་མཱ་ཥ་པ་རྞི་དང། །ལྡུམ་བུ་ཟངས་རྩིབ་དང་ནི། །ཛཱི་པ་ཀ་དང་ཤིང་མངར་ཏེ། །སྡེ་འདི་འཚོ་བྱེད་ཅེས་བྱ་ཡིན། །བི་ད་རི་དང་ཨེ་རན་དང། །ཕྲི་ཤི་ཁ་ལི་པུ་རྣ་རྣ། །དེ་བ་ཧ་ས་དེ་བ་དང། །པརྞི་གཉིས་དང་ཁ་སྲལ ་དང། །འཚོ་བྱེད་ལྔ་དང་ཅོ་ཚུང་དང། །ཐལ་ཏྲེས་དང་ནི་ལྕུམ་པ་དང། །ཧ་ནས་པ་ཏི་ཞེས་བྱ་རྣམས། །བི་ད་ར་སོགས་འདི་སྙིང་ཕན། །ཉམ་ཆུང་རླུང་དང་མཁྲིས་པ་སེལ། །ལུས་སྐེམ་སྐྲན་ཚིགས་ཡན་ལག་ན། །དབུགས་མི་བདེ་དང་ལུང ་པ་ལུ། །སེལ་བར་བྱེད་པའི་སྡེ་ཚན་ཡིན། །ཐལ་ཏྲེས་དང་ནི་བུ་ཤེས་རྩེ། །ཏང་པ་ལ་དང་ནི་མ་དུ་ཀ་།ཙན་དན་དཀར་དང་དམར་བ་དང། །ཤིང་མངར་པ་རུ་ཤག་རྣམས། །ཚད་པ་མཁྲིས་པ་ཁྲག་རྒྱས་དང་།སྐོམ་དང་རིམས་ཀྱིས་བཏབ་པ་སེལ། །ཤུག ་པ་པུཎྜ་རི་ཀ་དང། །བྷིདྡྷི་རིདྷི་ཅུ་གང་དང། །སྲིང་གིསླེ་ཏྲེས་འཚོ་བྱེད་བཅུ། །ནུ་ཞོ་སྐྱེད་བྱེད་རླུང་ཁྲིས་སེལ། །ཉམ་ཆུང་ཚིམ་བྱེད་རྟས་བྱེད་ལ། །འཚོ་བྱེད་རོ་ཅ་ཉིད་དུ་བྱེད། །བ་རུ་ཤ་དང་འབྲས་བུ་གསུམ། །རྒུན་འབྲུམ་དང་ནི་ཀཏཔ་ལ། །ཏ་ཀ ་ཀའི་འབྲས་ར་ཛ་དན། །སེའུ་འབྲུ་བར་ད་རུ་རྣམས། །སྐོམ་དང་ཆེ་དང་གཅིན་སྲི་དང། །རླུང་གི་ནད་རྣམས་སེལ་བྱེད་ཡིན། །ཉྫ་ན་དང་ཕ་ལི་ནི། །སྤང་སྤོས་པདྨ་ཨུཏཔལ། །སྐྱེར་ཁཎྜ་དང་སུག་སྨེལ་དང། །ཤིང་མངར་ནཱ ་ག་གེ་སར་བཅས། །དུག་དང་ནང་གི་ཚ་བ་དང། །མཁྲིས་པ་རྒྱས་པ་སེལ་བར་བྱེད། །པ་ཏོ་ལ་དང་པུ་རྩེ་ཤེལ། །ཙན་དན་དཀར་པོ་མུརྦ་དང། །སླེ་ཏྲེས་སྲོལ་རོལ་བཅས་པ་དག། བད་ཀན་མཁྲིས་པ་མཛེ་དང་རིམས། །དུག་དང་སྐྱུག་བྲོ་ཡི་ག་འཆུས ་མིག་སེར་གྱི་ནི་ནད་རྣམས་འཇོམ། །སླེ་ཏྲེས་དང་ནི་ཤུག་པ་དང། ནིམྦ་འུ་སུའི་འབྲས་བུ་དང། །ཙན་དན་དམར་པོ་ཞེས་བྱ་རྣམས། །མཁྲིས་པ་དང་ནི་བད་ཀན་དང། །རིམས་དང་སྐྱུག་བྲོ་ལུས་ཚ་དང། །སྐོམ་དད་ཆེར་འཕེལ་མེ་དྲོད་བསྐྱེད།། ་དོང་ཀ་དང་ནི་དུག་མོ་ཉུང། །ཀ་ཀ་ཏིགཏ་པ་ཏ་ལི། །ནིཾ་པ་སླེ་ཏྲེས་དུ་རྦ་དང། །མུརྦ་བེ་དང་ཀ་ཏང་དང། །པ་ཐ་ཅི་སྐྲིགས་ཤེ་རྱ་ཀ། །ཀརྙྫ་གཉིས་པ་ཏོ་ལ། །ལོ་མ་བདུན་པ་ཀྲུ་ཀྲུ་ག་ཏྲེ་ས། །སུ་ཤ་བི་དང་པོ་སོན་འཆའ།།ས་ཧ་ར་ཙ་ཞེས་བྱ ་དང་དད་རྒྱ་ཤུག་གི་ནི་འབྲས་བུ་རྣམས། །དེ་ནི་སློན་བྲོ་མཛེ་ནད་དང། །དུག་དང་རིམས་དང་བད་ཀན་དང། །གཡན་པ་དང་ནི་གཅིག་སྙི་དང། །སྨ་རེད་པ་རྣམས་སྦྱོད་བར་བྱེད། ། ས་ན་དང་ཏ་ནི་ཤ་།སྟག་པ་ཤེ་ད་བ་ཏ་དང་།ཀ་ཏ་ར་དང་སེད་ལྡང ་དང། །བཏྟ་དང་ནི་ཤིཾ་ཤ་བ། ། ཙ་སིངྒི་ཙ་ནད་ན་གསུམ། །ཏ་ལ་ཨ་ཀ་ར་བླཀྵ། །ས་ལཱ་ཁཱ་ར་པ་ཏྲ་དང། །དྷ་བ་བ་ཏི་ཀ་པྲ་ཏོག་།ཚ་ག་ཀརྣ་བད་ཚ་ཀ་།ཐ་རམས་ཞེས་ནི་བྱ་བ་སྟེ། ། སན་སོགས་དེ་རྣམས་ཀྱི། །ཤ་བཀྲ་འཛེ་ནད ་བད་ཀན་དང། །སྨིན་ནད་སྐྱ་རྦབ་གཅིན་སྙི་དང། །ཚོ་ཆོས་ནད་ནི་སེལ་པར་བྱེད། །བ་ར་ཤ་ཤ་རྱ་ཀ་གཉིས། །ཉེར་ཤིང་ཙིཏྲ་མོར་ཊ། །བིལྤ་ཨ་ཛ་སྲིད་གི་དང། །འབྲི་ཧ་ཏི་ནི་རྣམ་གཉིས་དང། །ཀ་རཉྫ་གཉིས་ཛ་ཡ་གཉིས། །ཤིང་ཀྲུ་ཀྲུ ་ཤ་རུ་རྟའོ། །བར་ན་སོགས་བད་ཀན་ཚིལ། །མེ་དྲོད་ཆུང་དང་རླུང་ནད་འཁྱིམས། །ཀླད་པ་ན་བའི་ནད་སེལ་ཞིང། །སྐྲན་དང་ཁོང་འབྲས་འཇོམས་པ་ཡིན། །ཤིང་ཀུན་སྤང་ས་མ་རུ་ཤ་ཀ། རྒྱམ་ཚ་བྲག་གཞུང་ནག་ཚུར་གཉིས། །གཅིན་སྲི་རྡེའུ་འགགS ་པ་དང། །སྐྲན་དང་ཚིལ་ཆེས་བད་ཀན་སེལ། །བེ་ལནྟར་ཨ་ར་ནི། །སྦྲ་རྟོག་བྲི་ཤསྲུ་སྲུའི་རྩ། ། ཀ་ཏ་དང་གཟེ་མ་དང། །ས་ཧ་ཙ་ར་བ་ན་དང། །ཀ་ཤ་བྲིཀྵཱ་ད་ནི་དང། །འདམ་བུ་ཀུ་ཤ་རྣམས་གཉིས་དང། །ཀུ་ཐ་དང་ནི་ཁ་སྲལ་དང། །བ་ལུ ་ཀ་དང་མོར་ཏ། །ཀུ་རུ་ཏ་དང་ཀ་དཾ་པ། །ལྕམ་པ་ཞེས་བྱའི་སྨན་སྡེ་འདི། །བེ་ལནྟ་ར་ལ་སོགས་པ། །རླུང་ལས་གྱུར་པའི་ནད་འཇོམས་ཤིང་།རྗེའུ་རྗེའུ་ཕྲེ་ཡོད་དང། །གཅིན་སྲི་བ་ཡི་ནད་རྣམས་སེལ། །གསེར་ཕྲོ་མ་ཤ་བར་རོ་ཏྲ། །པ་ལཀྵ ་དང་ཛཧིཉྫི་ནི། །ཐང་ཤིང་ཀད་པ་ལ་ར་སྣ། །ཀ་ཏམྦ་དང་ཆུ་ཤིང་དང། ཨེལ་བ་ལུ་ཨ་ཤོ་ཀ། པ་རི་བོ་ལ་མོ་ཙ་ཀ། འདི་ནི་སེང་ཕྲོ་མ་སོགས་ཤེས་བྱ། །།ཚིལ་ཆེས་བད་ཀན་སེལ་བའི་སྡེ། །མངལ་ནད་འཇོམས་ཤིང་འཁྲུ་བ་གཅོད། །མདོག་དན་དུག་ནད་སེལ།། ་བྱེད་ཡིན། །རྒ་དང་ནི་ཨ་ལརྒ། །ནཱ་ག་དནྟི་བྱི་ཤ་ལྱ། །ག་བྲ་ར་སྣ་བྲི་ཤཙ་ཀ་ལ། ། པ་མརྒ་ཀ་རཉྫ། །ཀ་ཀ་ད་ནི་ཀ་རཉྩ། །གི་ཏི་གར་གཉིས་ཨིཾ་གུ་དང། །རྒ་ལ་སོགས་སྡེ་ཚན་འདི། །བད་ཀན་ཚིལ་ཆེས་དུག་རྣམས་སེལ།། ་སྲིན་ནད་དང་ནི་མཛེ་ནང་འཇོམས། །ཁྱེད་པར་དུ་ནི་རྨ་ལ་ཕན། །བྱེའུ་རུག་རྣམ་གཉིས་ཀུ་ཐེར། །ཀ་ལ་མ་ལ་པི་ཊཱཾ་ཀ་།ཁ་ར་པ་ཏྲ་ཀ་ཏཔ་ལ། །བྲི་ཤ་ཀརྞི་ཀ་ཤུནྟི། །སྐེ་ཚེ་ཀ་བིདཐའི་ལོ་མ། །ག་བྲ་མོན་སྣེའུ་ཀ་མུ་ཀ། རྒད་མར་བི་ཤ་མུཥཐི་དང།། ་བུ་སྲིན་།དང་བྷ་བོའོ། །བྱེ་རུག་པ་ལ་སོགས་ཀྱི་སྡེ། །བད་ཀན་ཚིལ་ཆེས་སྲིན་ནད་སེལ། །ཆམ་པ་ཡིག་འཆུས་ལུད་པ། །དབུགས་མཾ་བདེ་འཇོམས་རྨ་རང་སྦྱོང། །མུསྒ་དང་ནི་སྣུ་ཧ་དང། །འབྲས་བུ་གསུམ་དང་ཙི་ཏྲ་ཀ། །པ་ལ་ཤ་དང་རྡ་བ ་དང། །ཤི་ཤ་པ་ཞེས་བྱ་བ་རྣམས། །སྐྲན་དང་གཅིན་ནད་རྡེའུ་ཆགས། །སྐྱ་རྦབ་དང་ནི་ཚིལ་ཆེས་ནད། །བད་ཀན་རྒྱས་དང་ཁུ་བ་ཡིས། །ནང་རྣམས་སེལ་བར་བྱེད་པ་ཡིན། །དུག་མོ་ཉུང་དང་མུརྦ་དང། །པར་གྱི་དང་ནི་པུ་རྩེ་ཤེལ། །ན ་ལེ་ཤཾ་དང་བོ་ད་དཀར། །ཆུ་སྒོ་སུག་སེམལ་པ་ཏ་དང། །ཡུངས་ཀར་ཟིར་ཨུ་ར་ལུ། ། ཟ་མོ་དང་པོ་སོན་འཆའ།ཤུ་དག་ཟིར་ནག་པོ་དང། །ཤིན་ཀུན་དང་ནི་བི་ཏངྒ། །པ་ཤུ་གནདྷ་ཚ་བ་ལྔ། །རླུང་དང་བད་ཀན་ཚིལ་ཆེས་དང། །ཆམ་པ་སྐྲན་དང ་རིམས་དང་གཟེར། །གཞང་འབྲུམ་གྱི་ནི་ནད་རྣམས་སེལ། །ཤུ་དག་བླ་སྒང་ཐང་ཤིང་དང། །དོང་གྲ་བོ་ད་ཨ་རུ་ར། །སེར་པོ་གཉིས་དང་ཤིང་མངར་དང། །པྲི་སྣ་པརྞི་དུ་མོ་ཉུང། །ཤུ་དག་ཡུང་བ་ལ་སོགས་སྡེ། །བེའུ་སྣབས་ཚད་མར་འཁྲུ ་སྨིན་གཅོད། །ཚིལ་ཆེས་བད་ཀན་རྒྱས་རླུང་ཕེལ། །ནུ་མའི་ནད་རྣམས་སེལ་བར་བྱེད། །པྲི་ཡཾ་ཀུ་དང་ར་གན་དུ་ད། །ལིག་པུ་མིག་དང་བཏང་ཟིལ་དང། །ལྕུམ་རྩ་པདྨ་གེ་སར་དང། །གཙོད་དང་ཡབ་ཤ་ཀ་དང། །ཤལམ་ལི་དང་དེའི་ཁུ་བ་དང།། ་ས་མངྒ་དང་ཕུ་ན་མ། །ཙན་དན་ད་ཏ་ཀའི་མེ་ཏོག། །ཾ་པ་ཤ་དང་ཤིང་མངར་དང། །ན་མ་ཀ་ར་ཏུ་ནི་ཤིང། །རྒྱ་སྐྱེགས་ཤིང་དང་ཁ་རུ་ཚ། །སེང་ཕྲོམ་བིལ་རྐང་དད་ཀི། པདྨའི་གེ་སར་ཀ་ཏཾ་ཀ། སྲི་ཡཾ་ཨཾ་པ་ཤ་སྡེ་གཉིས། །ཞུ་བའི་ཚད་པར་འཁྲུ་བ ་སེལ། །འབྱོར་བྱེད་མཁྲིས་པ་དག་ལ་ཕན། །རྨ་ཡང་འཚོ་བ་པར་བྱེད་པ་ཡིན། །གླ་སྒང་ཤུ་དག་ཀྲུ་དྲུག་ཏྲེ་ས། །སེར་པོ་གཉིས་དང་ཁ་བ་གཉིས། །གོ་བྱེ་པ་ཏ་བྲས་བུ་གསུམ། །པོད་ད་དཀར་ནག་རུ་རྟ་དང། །སུག་སྨེལ་དང་ནི་ཤུ་དག་རྣམས། ། ་ནུ་ཞོ་མངལ་ནད་དྲི་མ་སེལ། །ནྱ་གྲོ་དྷ་དང་ཨ་ཤྭདཐ། །ུ་དུམྦ་ར་སེང་ཕྲོམ་གཉིས། །འཛམ་བུ་གཉིས་དང་ཨརྫུ་ན། །ཀ་པིཏྟ་དང་ཀཏཔ་ལ། །སླཀཤ་ཨ་མྲ་ལྕང་མ་དང། །པི་ཡ་ལ་དང་བ་ལ་ཤ། ནནྟི་རྒྱ་ཤུག་?་གདམས?་པ། །བིར་ཤིང་མང་མ་དུ་ཀ། ནྱ་གྲོ་དྷ ་སོགས་སྡེ་ཚན་འདི། །ས་འཚོ་འཁྲུ་གཅོད་ཆགས་གྲུབས་སྦྱོར། །ཚིལ་ཆེ་ཁྲག་མཁྲིས་སྐོམ་དང་ཆེ། །མངལ་གི་ནད་རྣམས་སེལ་བར་བྱེད། །ེ་ལ་གཉིས་དང་དུ་རུ་ཀ། །རུ་རྟ་གན་དྷ་པྲི་ཡཾ་ཀུ། །སྤང་པོས་བ་ལ་བྱ་མ་ཀ། སྣརི་ཀ་ཙོ་ར་ཙོ་ཚ་དང། །ཤིང་ཚ ་གན་དྷ་པྲ་ཏྲ་དང། །རྒྱ་བོས་བོ་ལ་ཐེ་ནེ་ཡ། །རྒྱ་མཚོའི་ལྡུ་པ་ཆུ་སྲིན་སེན། །ཐང་ཤིང་དང་ནི་ཨ་ཀ་རུ། །གུར་གུམ་ཤིརི་བ་ས་ཀ། ཙན་དན་གུ་གུལ་རྩེ་པོག་དཀར། །བུ་ན་མ་དང་ཀུན་ཏུ་རུ། །ནཱ་ག་གེ་སར་ཞེས་བྱའོ། །ེ་ལ་སོགས་ཏེ་རླུང་བད་ཀན། །དུག ་རྣམས་སེལ་ཞིང་མདོག་གསལ་བྱེད། །གཡན་པ་ཐོར་བུའི་ནད་རྣམས་དང། །ཤ་ཀྲ་བས་ལྡགས་སེལ་བར་བྱེད། །ཤ་མ་དནདི་ཀྲི་བནྟི། །ཀུ་ཐ་ར་ན་གྲ་མུ་ག། ཤིངྒི་ན་དང་ས་ད་ལ། །ཁྲོན་བུ་དང་ནིག་བཀྵི། །སུ་དག་ཤི་ར་ཀཾ་པི་ལ། །སླེ་ཏྲེས་དོང་ག ་ཀ་རཉྫ། །བཤ་ཨནྟྲ་ཤིང་གྲུ་དང། ཨ་བྲ་ཤིང་རོ་ཚའི་འབྲས་བུ། །དུར་བྱིད་ལ་སོགས་སྡེ་ཚན་འདི། །སྐྲན་དང་དུག་དང་ཡིག་འཆུས། །བད་ཀན་དང་ནི། སྙིང་ནད་དང། །གཅིན་སྲི་བ་ཡི་ནད་རྣམས་འཇོམས། །དེ་ལྟར་སུམ་ཅུ་རྩ་གསུམ་བཤད། ། ་སྡེ་ཆན་དེ་ལས་མ་རྙེད་ན། །དེ་དང་མཚུངས་པ་གཞན་དང་སྦྱར། །མི་འདྲའི་སྦྱོར་བ་སྤང་བར་བྱ། །སྡེ་ཚན་དེ་དག་གནོད་དང་གནོད་བྱ་ཚོགས་ལྟོས་བ། །ཆོ་ག་བསྐོལ་དང་སྣུམ་དང་ལྷག་པ་ལ་སོགས་ལྡན། །བཏུད་དང་སྣང་སྟོང་མས་སྟོང་ཡང་ན་ཕྱི ་རོལ་ཏུ། །བསྐུ་ཞིང་བྱུགས་པས་ཤིན་ཏུ་གསོ་དཀའ་ཨི་ནད་ཀུན་འཇོམས། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅོ་ལྔ་པའོ།། །།དེ་ནས་སྣུམ་གྱི་ཆོ་གར་བྱ་བའི་ལེའུ་བཤད་པར་བྱའོ། །སྣུམ་བྱེད ་སྨན་རྣམས་ཕལ་ཆེར་ནི། །ལྕི་ཞིང་བསིལ་བ་ཁོང་འཁྲུ་སྣུམ། །རྟུལ་དང་བྲལ་ལ་མཉན་ཞིབ་བརླན། །དེ་ལས་བཟློག་པ་རྩུབ་བྱེད་ཡིན། །ཞུན་མར་རྒད་དང་ཚིལ་ཏིལ་མར། །སྣུམ་རྣམས་ཀྱི་མི་མཆོག་རབ་འདོད། །དེ་དག་ལས་ཀྱང་ཞུན་མར་? ་སྦྱོར་བྱེད་འཇུག་པས་མཆོག་ཡིན་ནོ། །དེ་དག་སྔོན་བཞིན་མཁྲིས་པ་སེལ། །ཕྱི་མ་བཞིན་དུ་ཅིག་ཤོས་སེལ། །མར་བས་ཏིལ་མར་ལྕི་དེ་བས། །ཚིལ་ཏེ་ཚིལ་ལས་རྐང་ལྕིའོ། །དེ་ལས་གཉིས་དང་གསུམ་དང་བཞི། ། ་ཟུང་དང་གསུམ་པ་ཆེ་ཞེས་བྱ། །དུགས་བྱ་སྦྱར་བྱ་ཆང་བུད་མེད། །རྩོལ་ཆགས་སེམས་ལས་ཆེ་བ་དང། །རྒན་པོ་བྱིས་པ་སྟོབས་ཆུང་སྦེག། རྩུབ་དང་ཁྲག་དང་ཁུས་བ་ཟད། །རླུང་ནང་ཀྱིས་ཉེན་རབ་རིབ་དང། །ཤིན་ཏུ་དབྱེ་དཀའ་ལ ་སྣུམ་བྱ། །ཤིན་ཏུ་དྲོད་ཆུང་རབ་དྲོད་ཆེ། །ཤིན་ཏུ་སྦོམ་དང་རིང་བ་དང། །བརླ་རེངས་ཆད་འཁྲུམ་ཞུ་དང། །ལྐོག་ནད་དབྱིག་དུག་ད་མུ་རྫིང་དང། །བརྒྱལ་སྐྱུག་བད་ཀན་ཡིག་འཆུས། །སྐོམ་དང་ཆ་ད་ནད་ཀྱིས་ཉེན་དང། །དུས་མིན་བུ་སྐྱེས་སྣ་སྨན་དང། །མས ་བཏང་བཀྲུ་སྨན་བྱས་ལ་མིན། །དེ་ལ་བློ་ལྡན་ཡིད་གཞུངས་སོགས། །འདོད་བ་རྣམས་ལ་ཞུན་མར་བསྔགས། །རྨེན་བུ་གང་ཀན་སྲིན་བུ་དང། །ཚིལ་ཆེས་རླུང་ནད་ཡོད་པ་དང། །ལུས་ཡང་འཁྲང་འདོད་ལྟོ་སྲ་བའི། །ལུས་ཅན་རྣམས་ལ་ཏིལ ་མར་ཕན། །རླུང་དང་ཉི་ཚན་ལམ་བུད་མིང། །ཁུར་དང་རྩོལ་བས་ལུས་ཟུངས་ཟད། །རྩུབ་ཉོན་མོངས་བཟོད་མ་དྲོང་སོ། །རྩ་སྒོ་རླུང་འགགས་ལྷག་མ་ཕན། །ཚིལ་དང་རུས་པ་གནད་རྣམས་དང། །ལྟོན་མེས་ཚིག་རྨ་བྱུང་ལྷུང། །མངལ་དང ་ན་བ་ཀླན་ནང་དང། །ཚིལ་ཡང་མཆོག་ཏུ་ཕན་པ་ཡིན། །ཏིལ་མར་དབྱར་ཕན་ཞུན་མར་ནི། །དབྱར་ཐེལ་དེ་བཞིན་དཔྱིད་ཀྱང་བསྔགས། །ཐུན་མེད་དུས་ལ་སྣུམ་རྣམས་ནི། །ཉིན་མོ་ཉི་མ་གསལ་ཚེ་བསྔགས། །རིམས་ལ་དགུན་ཡང ་ཏིལ་མར་བཏང། །ཚོ་བའི་དུས་སཱུང་མར་མཚན་བཏང། །མཁྲིས་པ་རླུང་དང་མཁྲིས་པར་བཅས། །ལྡན་པ་བླ་ཡང་མཚོན་མོ་ཉིད། །མཚན་མོ་ལས་གཞན་རླུང་བད་ཀན། །ཉིན་བར་སྦྱར་བས་མཁྲིས་ནད་འགྱུར། །ཟ་སོགས་ཟས་དང ་མས་བཏང་དང། །སྣ་ནས་བཏང་བསྐུ་ཁུར་བཀང་དབྱོ། །མགོ་བསྐུས་སྣ་མིག་དག་པ་ཡིས། །སྣུམ་ནི་རིགས་པར་སྤྱད་པར་བྱ། །རོ་ཡི་དབྱེ་བོ་རོ་རེ་ཡིས། །དྲུག་ཅུ་རྩ་བཞིར་རྣམ་པར་བརྟག། སྣུམ་ནི་གཞན་གྱིས་ཟིལ་གནོན་ཞིང། །ཆུང་དུ་དོགས་པས་རིམ་པར ་བཤད། །ཇི་སྐད་བཤད་པའི་རྒྱུ་མེད་པས། །དངས་མ་བཏང་ལ་སྤྱད་མི་དགོས། །སྣུམ་གྱིས་ལས་ནི་མྱུར་བསྒྲུབ་པས། །སྣུ་མ་དེའི་ཚེ་ག་མཆོག་ཡིན་ན། །གང་ཞིག་ཐུན་ནི་གཉིས་དང་བཞི། །བརྒྱད་ཀྱིས་རིམ་བཞིན་འཇུག་འགྱུར་བ། །ཚང་ཆུང་འབྲིང་དང ་ཆེ་བ་སྟེ། །དེ་ལས་ཆུང་དུ་བཟའ་བ་མཆོག་།ནད་ལ་སོགས་ལ་བརྟགས་ནས་ནི། །ཐོག་མར་ཤིན་ཏུ་ཆུང་དུ་བཟའ་། །སྟ་བའི་ཟས་ནི་ཞུ་ཉིད་ན། །སྦྱང་ཕྱིར་དངས་མ་མང་དུ་བཏུང། །ཞི་བྱ་ལྟོགས་བཅས་ཟས་མེད་པར། །འབྲིང་ཚད་ཙམ་ནི་བསྔགས ་པ་ཡིན། །བལྟ་བ་ཤ་དང་ཤ་ཁུ་སོགས། །དེ་ཡང་འབྲས་ཅན་ཉུང་བཅས་པ། །བྱིས་པ་རྒན་པོ་སྐོམ་གྱིས་བརྡུགས། །སྣུམ་འབྲས་ཆང་དང་ཆེ་བ་དང། །བུད་མེད་སྣུམ་མི་བརྟག་བསྟན་དང། །དྲོད་ཆུང་བདེ་དང་དཀའ་མི་བཟོད། །ལྟོ་སྙི་ནད་སྐྱེལ ་ཚུང་ཚ་དུས། །ཉམ་ཆུང་པ་ལ་བསྔགས་པ་ཡིན། །དང་པོ་བར་རང་ཟས་རྗེས་ཟོས། །ལུས་ཀྱི་སྨད་བར་སྟོད་ལས་འབྱུང། །ནད་རྣམས་སེལ་ཞིང་ལུས་ཀྱི་སྟོབས། །བསྐྱེད་པའི་རིམ་བཞིན་བྱེད་པ་ཡིན། །དེ་ན་ལེགས་པར་སྨིན་ཕྱིར་དང། །ཁར ་ཆགས་པ་ནི་ཕྱི་བའི་ཕྱིར། །སྣུམ་དང་འཐུང་རྗེས་ཆུ་ཚན་བཏུང། །ེ་རཎད་བ་ལ་ཏ་ཀར་མིན། །ཞུ་འམ་མ་ཞུའི་དོགས་སྐྱེས་ན། །སླར་ཡང་ཆུ་ཚན་བཏུང་བར་བྱ། །དེས་ནི་སྒྲེགས་པ་དག་འགྱུར་ཞིང། །དེ་ལས་ཁོང་ཡང་ཡི་གེར་འོང། །ནང ་པར་འཐུང་དམ་འཐུངས་པ་དང། །འཐུངས་པར་གྱུར་ཆེ་ཁ་ཟས་རན། །གཤར་དོ་བད་ཀན་མི་བསྐྱེད་དང། །ཤིན་ཏུ་སྣུམ་མིན་འདྲས་མིན་ཟ། །ཁ་ལག་ཆུ་དོན་གྱིས་བཀྲུ་ཞིང། །བུད་མེད་མི་བསྟེན་མཚན་མོ་ཉལ། །ཤུགས་དགག་དྲག་ ་ཤུལ་ལས་རྣམས་དང། །ཁྲོ་དང་མྱ་ངན་ཉིན་ཚན་གྲང། །བསེར་བུའི་ཁར་འདུག་རྟ་ཞོན་འགྲོ་།མང་སྨྲ་རབ་མཐོའི་སྟན་ལ་འདུག་།རྔས་ནི་རབ་མཐོར་བ་དམའ་དང། །ཉིན་ཉལ་དུང་རྡུལ་གནས་པ་སྤང། །གང་གི་ཉིན་མོ་འཐུངས ་གྱུར་པ། །དེ་ལྟར་གཞན་ལའང་སྤང་བར་བྱ། །རིམ་འདི་ལས་རྣམས་ཐམས་ཅད་དང། །ནད་ཟད་པ་ལས་སྤྱད་པར་བྱ། །ཞི་བའི་སྣུམ་གྱི་ཉེར་སྤྱད་ནི། །བཀྲུ་སྨན་བཏང་བ་ལྟ་བུར་བྱ། །ལྟོ་སྙི་ཞུན་མར་ཞག་གསུམ་བཏུང། །ལྟོ་སྲ་བ་ཡིས་ཞག ་བདུན་བཏུང། །ཡང་ན་ཇི་སྲིད་སྣུམ་པར་བཏུང། །དེ་ཕན་ཆད་ནི་གོམས་པར་འགྱུར། །རླུང་ནི་བདེ་གྱུར་མེ་དྲོད་འབར། །བཤད་པ་སྣུམ་ཞིང་མི་སྲི་ལ། །སྣུམ་མི་འདོད་ཅིང་སྙོམས་འགྱུར་བ། །སྣུམ་ལེགས་ཡིན་ཏེ་རྩུབ་གོ་བཟློག་།སྣུམ་གྲགས ་པ་ཡིས་སྐྱ་བ་དང། །སྣ་དང་ཁ་རྐུབ་ལས་འཇིག་འགྱུར། །ཚད་དང་མི་ལྡན་དུས་མིན་གནོད། །ཟས་དང་སྤྱོད་ལམ་ལོག་པ་ཡིས། །སྣུམ་ཆོས་བྱེད་སྐྲད་གཞད་འབྲུམ་དང། །ཁོང་རྨ་རེངས་ཤིང་སེམས་མྱོས་དང། །གཡན་པ་མཛེ་དང་རིམས ་སྐྱུག་གཟེར། །ལྟོ་ལྦོས་མགོ་འཁོར་ལ་སོགས་འགྱུར། །དེ་ལ་བཀྲེས་སྐོམ་སྐྱུག་སྨན་དུག་།ཟས་སྐོམ་སྨན་ནི་རྩུབ་པ་དང། །དར་བ་ཆད་སྙིང་ཚད་མ་དང། །འབྲུ་རྒོད་ཅིང་ཙེ་ཁྲེ་རྒོད་དང། །སྦྲང་རྩི་འབྲས་གསུམ་པི་པི་ལིང། །བ་གཅིན ་གུ་གུལ་ཨ་རུ་ར། །ནད་དམིགས་སོ་སོ་ཇི་བཞིན་དུ། །སྣུམ་ལས་ནད་གྱུར་བཅོས་ཐབས་ཡིན། །རྩུབ་པ་དག་ནི་སྨྱུང?་བྱས་དང། །ཤིན་ཏུ་བྱས་དང་འདྲ་བ་ཡིན། །རློན་དྲོ་སྐམས་ལས་བྱུང་སྣུམ། །ཤ་ཁུ་བཏུང་ཤིང་དུགས་སྤྱད་བྱ། །ཁྲུས་བྱེད ་པའམ་སྐྱུག་སྨན་གཏོང། །སྣུམ་བྱས་ཞག་གསུམ་གནས་པར་བྱ། །ཉིན་ཞག་ཞན་པ་གཅིག་ཅིག་ནི། །དེ་བསྐྱེད་པ་ཡིས་བད་ཀན་བསྐྱེད། །ཤ་ཆེ་ཚིལ་ཆ་བད་ཀན་མང། །མེ་ཡི་འཇུ་དྲོད་མི་སྙོམས་དང། །སྣུམ་ལ་གོམས་པའི་སྣུམ་བྱ་རྣམས།། ་དེ་ནི་སྔོན་དུ་རྩུབ་ཆོས་བྱ། །དེ་ནས་སྣུམ་བྱས་སྦྱངས་འགྱུར་ན། །དེ་ལ་སྣུམ་ནད་མི་འབྱུང་ངོ། །སྣུམ་ལ་གོམས་པར་འགྱུར་བས་ནི། །དྲི་མ་མཐོན་པར་ནུས་པ་ཡིན། །བྱིས་པ་རྒན་པ་ལ་སགས་པ། །སྣུམ་པའོ་བར་ནི་མི་ནུས་ལ། །སྐྱོ་བར་མི་བྱེད་སྦྱོར་བ ་འདིས། །འཕྲལ་དུ་སྣུམ་ནི་སྦྱར་བར་བྱ། །དེ་ལ་མར་བརྔོས་ཤ་ཁུ་དང། །མ་དད་བརྔོས་པའི་ཐུགས་པའམ། །ཏིལ་ཆེ་སྣུམ་བཅས་བུ་རམ་ཆུང། །བཅས་དང་དཀྲི་སར་དང་ནི། །འོ་ཐུག་མར་མང་དྲོ་བའམ། །བུར་མ་ཞོ་དང་བཅས་པ་འམ། །ཐུག་པ་སྣུམ ་ནི་བཞི་པ་ལ། །ལྔ་པ་འབྲས་དང་ལྡན་པར་བྱ། །བདུན་པ་དེ་དག་འབྲལ་སྣུམ་བྱ། །སྣུམ་རྣམས་ལན་ཚ་ཆེར་བཏབ་པ། །དེ་ནི་བད་ཀན་བསྐྱེད་རྩུབ་མིན། །འཕྲ་ཞིང་རྡོ་ལ་ལུས་ཁྱབ་བྱེད། །མཇ་དང་སྐྲ་ནད་གཅིན་སི་ལ། །བུ་རམ་བཅས་ཟས་འོ་མ་ཤ། །ཏིལ་དང ་མ་ཤ་ཆང་དང་ཞོ། །སྣུམ་བྱའི་དོན་དུ་མི་བྱའོ། །འབྲས་གསུམ་པི་པི་ལིང་གུ་གུལ། ། རུར་ལ་སོགས་བསྐོལ་བས། །དེ་དག་སྣུམ་ལ་ཇི་བཞིན་དུ། །གནོད་པ་མེད་པར་སྦྱར་བར་བྱ། །ནད་ཀྱིས་ཉམས་ཆུང་གྱུར་པ་ལ། །ལུས་དྲོང་སྟོབས ་བསྐྱེད་ནུས་པ་བཏང། །སྐྱེས་བུ་སྣུམ་ལ་བརྟན་པར་བྱེད་པ་རྣམས། །ནང་གི་དྲོད་འབར་ཁོད་པ་དག་པ་དང། །ལུས་ཟུངས་འཕྲལ་རྟ་སྟོབས་དང་མདོག་བཟང་ལྡན། །དབང་བརྟན་རྒས་སྲ་ལོ་བརྒྱ་ཐུབ་པར་བཤང། །ཡན་ལག་བརྒྱད་པའི་སྙིང ་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་དྲུག་པའོ།། །།དེ་ནས་དུགས་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །དུགས་སྲོ་བཅིང་དང་ཐ་མལ་པ། །ཆུ་དུགས་དབྱེ་བས་རྣམ་པ་བཞི། །སྲོ་བ་གོས་དང་ལྕགས་དང་ནི་ལག་མཐིལ་ལ ་སོགས་མེར་སྲོར་བསྲོ། །བཅིང་བ་ཤུ་དག་སྤང་མ་དང། །ཐང་ཤིང་ཤ་ཐ་བུཥཔ་དང། །འབྲུ་ཀུན་དྲི་རྣམས་ར་སྣ་དང། །ེ་ར་ཎྜ་ཙ་ཤ་དག་དང། །སྣུམ་བག་ཚ་དང་དར་བ་དང། །ལོ་མས་སྦྲུས་ཤིང་ཚྭ་ཆེར་བཏབ། །རླུང་ལས་བྱུང་བ ་འབའ་ཞིག་སེལ། །བད་ཀན་འདྲེས་པ་ལ་བེའུ་རུག་སོགས། །མཁྲིས་པ་འདྲེས་ལ་ཤུགས་སོགས་ཀྱིས། །བརླན་པ་ཞེས་བྱ་ཡང་ཡང་བྱ། །བཀྲི་བ་སྣུམ་ཞིབ་ནུས་པ་དྲོ། །སྤུ་འཇམ་པགས་རུལ་མུན་པས་དཀྲི་མ་རྙེད་རླུང་འཇོམས ་ལོ་མ་དང། །དར་དང་སྣམ་བུ་རས་ཀྱིས་དཀྲི། མཚན་མོ་དཀྲིས་པ་ཉིན་པར་ཀྲོལ། །ཉིན་པར་བྱས་པ་མཚན་མོ་དཀྲོལ། །ཐ་མལ་པ་ཡི་ཁུ་བ་དང། །བོང་བ་གྱོ་མོ་རྔོ་ས་ཕྱེ། །གས་མའི་ལོ་མ་འབྲུ་རྣམས་དང། །ལྕི་རིལ་བྱ་མ་ཕུབ་མ་རྣམས། །ཐབས་རྣམས ་དུ་མས་ལེགས་བསྲོས་པ། །ཡུལ་དང་དུས་ལས་དཔགས་ཏེ་སྦྱར། །ཆུ་དུགས་ཤིང་བཀྲུ་བ་རན། །ེ་རཎྜ་དང་ཀ་རཉྫ། །བིའུ་རུག་པ་དང་ཨརྫ་ཀ། ཤི་རི་ཤ་དང་བ་ཤ་ཀ་།འོད་མ་ཨརྒ་མ་ལ་ཏི། ། བ་ཤ་ཀའི་ལོ་མ་ཀྲུམ། །ཤུ་དག་ལ་སོགས ་སྨན་རྣམས་དང། །གཤེར་ས་ཆུང་གནས་ཤ་རྣམས་དང། །རྩ་བཅུ་ནང་དམིགས་ཇི་བཞིན་དུ། །སོ་སོའམ་ལྷན་ཅིག་སྦྱར་ནས་ནི། །སྣུམ་ལྡན་ཆང་དང་ཚ་དང་ནི། །འོ་མཆུ་སོགས་ཀྱི་བཙོས་ལ། །བུམ་པ་འམ་སྦུ་གུ་རིང་པོ་ནི། །བཀང་ལ་ནད ་ཀྱིས་ཉམ་ཐག་པའི། །ལུས་ནི་གོས་ཀྱིས་དཀྲིས་ནས་སུ། །ཅི་བདེ་བར་ནི་སྣུམ་ཆུ་བླུགས། །ལུས་ལ་རླུང་ནད་ཞུགས་གྱུར་པ། །དེ་ཉིད་ཀྱིས་འདིར་བཀང་སྣོད་དུ། །ནད་པ་ཞུགས་ཏེ་གནས་ན་ནི། །གཅིན་སྲི་གཞང་འབྲུ་མ་སོགས་ནད་སེལ།། ་རླུང་མེད་ཕྱི་ནང་རླུང་བཅས་ཤིང། །ཟས་འཇུའི་དུས་སུ་དུགས་དཔྱད་བྱ། །ནད་དང་ནད་པ་ཡུལ་དུས་ཀྱི། །དབང་ལས་ཆུང་འབྲིང་ཆེན་བོ་བྱ། བདག་ན་གྱིས་ཉེན་ལ་རྩུབ་བྱ། བད་ཀན་རླུང་ལས་རྩུ་བསྣུམ་བྱ། །རླུང་ནི་མ་ཞུའི་གནས་ཞུགས་དང། །བད་ཀན་ཞུ་བའི ་གནས་བསྟེན་ལ། །གནས་ཀྱི་དབང་གིས་རྩུབ་དུགས་དང། །དེ་བཞིན་སྣུམ་ལྔར་འགྲོ་དུགས་བྱ། །སྟ་ཟུར་དག་དང་མིག་དང་སྙིང། །རླིག་པ་ཉུང་དཱུམ་བྱ་བ་མིན། །དུགས་ཀྱིས་དྲང་དང་ཟུག་གཟེར་བ་ལ། །ཡན་ལག་མཉན་པར་གྱུར་པ་དང།། ་དལ་གྱིས་མཉེས་ལ་ཁྲུས་བྱས་ནས། །དེ་ནས་སྣུམ་གྱི་ཆོ་ག་སྟེན། །དུགས་གྲགས་པ་ཡིས་ཁྲག་མཁྲིས་འཁྲུགས། །སྐོམ་བརྒྱལ་སྐད་འགགས་ཡན་ལག་འཇུམ། །མགོ་འཁོར་ཚིགས་ནི་རིམས་འདེབས་ཤིང། །ཚིག་གུ་མང་པོ་ཏལ་ཏིལ་སྣང།། ་ལུམས་ཀྱི་སྒྱུར་བྲོ་བར་འགྱུར་ཏེ། །དེར་ནི་ཞི་བྱའི་སྨན་གྱིས་གསོ། །དུགས་དང་ཐལ་སྨན་མེ་བཙའ་དང། །ཚད་འཁྲུ་སྐྱུག་བྲོ་བརྒྱལ་ནད་གསོ། །དུགས་ནི་ཕལ་ཆེར་ལྕི་དྲོ་རྣོ། །དེ་ལས་གཞན་པ་ཞི་བྱེད་ཡིན། །གཤེར་ཞིང་བརྟན་འཁྲུ་སྣུམ་པ་དང།། ་རྩུབ་ཅིང་སྦ་བ་དུགས་སྨན་ཡིན། །འཇམ་དང་རྩུབ་དང་ཞི་འཇར་བག་།གཤེར་བག་དེ་ནི་སེལ་བྱེད་ཡིན། །མདོར་ན་ཕལ་ཆེར་ཁ་བ་དང། །བསྐ་དང་མངར་བ་དེ་སྨན་ཡིན། །ཞི་ཞིང་རྩེ་བཅིལ་སྟོབས་ཐོབ་འགྱུར། །ཇི་སྐད་བཤད་པའི་ནད་རྣམས ་ཟད། །བཅིལ་དྲགས་པགས་པ་ཤ་འཁྲུམས་ཤིང། །འདར་སྙིང་ཁ་འགྲམ་ནད་དུ་འགྱུར། །ཁ་ཆུ་ལག་པ་པགས་ནག་འགྱུར། །བཅིལ་དྲགས་པ་ཡིན་ནད་དུ་བཤད། །ཤིན་ཏུ་སྤོམ་དང་རྩུབ་པ་དང། །ཉམ་ཆུང་བརྒྱལ་བར་གྱུར་པ་དང།། ་དུགས་དྲགས་བཅོས་དགོས་བློ་བརྡོལ་དང། །སྐེམ་དང་ཆད་ནད་ཀྱིས་བཏབ་དང། །རབ་རིབ་དམུ་རྫིང་ཤུ་བ་མཆོད། །མཛེ་ནད་འོར་ནད་རླུང་མཁྲིས་དང། །འོ་མ་ཞོ་དང་མར་སྦྲང་རྩི། །འཐུངས་དང་བཀྲུ་སྨན་བཏང་བ་དང། །ལུས་གནད་ཚིག ་དང་གཞང་ནད་ཡོད། །ཁྲོ་དང་མྱ་ངན་འཇིགས་པས་ཉེན། །བཀྲིས་སྐོམ་མིག་སེར་སྐྱ་རྦབ་དང། །གཅིན་ནད་མཁྲིས་ནང་ཟླ་མཚན་འཛག། །སྦྲུམ་དང་བུ་སྐྱེས་དུགས་མི་བྱ། །ནད་ཚབས་ཆེན་འཇམ་པར་བྱ། །ཆམ་པ་? ་མི་བདེ། །སྐྱེགས་བུ་ལྟོ་སྦོས་གཤད་འགགས་དང། །སྐད་འགགས་རླུང་ནི་ནད་རྣམས་དང། །བད་ཀན་བེ་སྣབས་འཁྱིལ་ཞིང་ལྕི། །ལུས་རེངས་སྐེད་པའི་རྩིབ་ལོགས་དང། །སྒུར་དར་ལྟོ་ནད་འགྲམ་ནད་དང། །རླིག་པ་སྐྲངས་དང ་ད་རྒན་ནད། །རྩོལ་དང་རླུང་ནད་ཀྱི་ཟུག་དང། །གཅིན་འགགས་ཐོར་བུ་སྨེན་བུ་དང། །ཁུ་བ་བཀག་དང་རླུང་འཁྱིལ་ལ། །དེ་ཡི་སྨན་གྱི་དབྱེ་བ་ཡིས། །དུགས་ནི་སོ་སོ་ཇི་བཞིན་བྱ། །དུགས་ཕན་མེ་ཡི་སྲོ་མིན་བ། །རླུང་ནད་ཚིལ་དང ་བད་ཀན་ཅན། །རླུང་མེད་ཁང་པར་རྩོལ་བ་དང། །གོས་ལྕི་བ་དང་འཇིགས་པ་དང། །དཀྲི་དང་སྟོབས་འགྱེད་དྲོ་བ་དང། །ཆད་མེད་བཀྲེས་དང་ཉི་ཚན་བཞག་།ནད་གང་ནང་གྲོལ་གནས་པའི་ལུས་གཟུངས་གནས། །རྩར་སོར་རྐང་ལག་རུས ་པའི་ནང་སོང་པའི། །ནད་དེ་དུགས་ཀྱིས་བསྲུལ་བར་བྱས་ནས་ནི། །ཁོང་དུ་བསྡུས་ལ་སྦྱང་པ་སྤྱིས་དབྱུང་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་བདུན་པའོ།། །།དེ་ནས་སྐུན ་སྨན་དང་བཀྲུ་སྨན་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །བད་ཀན་ནད་དམ་འདྲེས་པ་ཡི། །བད་ཀན་རྒྱས་ལ་སྐྱུག་སྨན་བཏང། །དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ། །རིམས་སར་ཚད་འཁྲུལ་ཐུར་དུ་ནི། །མཁྲིས་པ་ཁྲག་འཁྲུ་གློ ་གཅོད་དང། །མཛེ་དང་གཅིན་ནད་འབྲུམ་ཐོར་བུ། །རྐང་འབམ་མི་དྲན་ལུད་པ་ཅན། །དབུགས་མི་བདེ་སྙིང་འཕར་འབྲས་མཆེད། །ནུ་མའི་ནད་དང་རོ་སྟོད་ནང། །ཁྱད་པར་ནི་ནི་སྐྱུག་སྨན་བྱ། །སྐྱུག་སྨན་མི་བཏང་སྦྲུམ་ཁོང་རྩུག། ་བཀྲེས་དང་རྟག་ཏུ་སྡུག་བསྔལ་བ། །བྱིས་བ་རྒན་སྐེམ་སྦོམ་སྙིང་ན། །བློ་སྐམ་སྨས་དང་ཉམས་ཆུང་དང། །རྟག་ཏུ་སློན་དང་མཆེར་པ་ན། །རབ་རིབ་ལྟོན་སྲིན་བུ་ཡོད། །རླུང་ཁྲག་འདྲེན་མར་གྱེན་དུ་འབྱུང། །སོ་ནམས་བཏང་སྐད ་མཛེད་དང། །གཅིན་སྲིད་མུ་རྫེད་སྐྲན་ཅན་དང། །སློན་རྐ་དྲོད་ཆེ་གཞང་འབྲུམ་ཅན། །རྟུག་སྐམ་མགོ་འཁོར་རྩིབ་ལོགས་སྲས། །རྩིབ་ལོགས་ཟུག་དང་རླུང་ཅན་ནོ། །དེ་དག་དུག་མཐུངས་མ་ཞུ་དང། །མི་འཕྲོས་ཟས་ཟོས་མ ་གཏོགས་སོ། །རྟག་ཏུ་སློན་པ་ཡན་ཆད་དང། །ཕལ་ཆེར་མ་ཞུའི་རིམས་དག་དང། །མ་ཞུ་བ་ནི་ཐམས་ཅད་ལའང། །དུད་པས་བདུག་པར་ལས་ཀུན་ཡང། །བཀྲུ་སྨན་གྱིས་གསོ་སྐྲན་གཞང་འབྲུམ། །འབྲུམ་བུ་མིག་སེར་ག་ནོགས་ཕྱེད་ལྕི། །རིམས ་རྙིང་གཞུ་རྫིས་དབྱིག་དུག་དང། །སྐྱུག་དང་མཆེར་ནད་སྐྱ་རྦབ་དང། །ལོང་ནང་རབ་རིབ་སྔོན་པོར་གྱུར། །མཆི་འཛག་ཞུ་བའི་གནས་ན་ཟུག་།མངལ་དང་ཁུ་བའི་གནས་ཀྱི་ནད། །ཁོང་ནང་རྟོགས་དང་སྲིན་ནང་རྨ། །དྲེག་ནང་ནམ་འཆོད་ཡན ་ཆད་ནད། །གཅིན་བསྲི་བཤད་བ་འགགས་པ་དང། །སློན་བྱ་མཇེ་གཅིན་ནད་སོགས་ཡིན། །ཁྲུས་མི་བྱ་བ་རིམས་གསར་དང། །དྲང་ཆུང་ཁྲག་མཁྲིས་ཐུར་དུ་བྱུང། །རྨས་དང་གཞར་ནད་ཚད་པ་འཁྲུ། །ཁོང་དུ་བརྩོན་ལུས་ལྟོ་སྲ་དང། །སྣུམ་ཆེས་པ་དང ་སྐེན་ཆེས་པའོ། །དེ་ནས་ཐུན་མོང་དུས་སུ་ནི། །ཆོག་བཞིན་དུ་སྣུམ་གྱིས་ཞེ་ན། །ཉ་དང་མ་ཤ་ཏིལ་སོགས་ཀྱིས། །ནད་པར་སློན་བྱའི་བད་ཀན་བསྐྱེད། །མཚན་མོ་གཉིད་ལོག་ཟས་ལེགས་ཞུ་།སྔ་དྲོའི་དུས་སུ་ཟས་ཤིས་བྱས། །ཟས་མ་ཟོས་པའི་མ་ཅུང་ཟད་སྣུམ།། ་ཐུག་པར་ཞུན་མར་ལྡན་པ་བཏང། །བྱིས་པ་རྒན་པ་ཉམས་སྟོབས་ཆུང། །སྨན་སྟོབས་ཆུང་བ་ནད་དབང་ལས། །ཆང་འོ་བུར་མ་ཤིང་ཤ་ཁུ། །ནད་དམིགས་ཇི་སྐད་བཤད་པ་བཞིན། །སྦྲང་རྩི་རྒྱ་མཚོ་དང་ལྡན་པ། །སྨན་ཆད་ལྟོ་བ་ལས་དཔགས་ཏེ། །སྨན་ལ་སྔགས ་ནི་སྔོན་འདས་ལ། །ལྐོག་མར་ཕྱིན་མའི་བར་དུ་བླུད། །ཚངས་པས་སྐྱེ་དགུའི་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང། །དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང། །འབྱུང་པོའི་ཚིགས་ཀྱིས་ཁྱེད་ནི་སྲུང་བར་ཤོག་།དྲང་སྲོང་རྣམས་ཀྱི་བཅུད ་ཀྱིས་ལེན་པ་དང། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང། །ཀླུ་མཆོག་རྣམས་ཀྱི་བདུད་རྩི་ལྟ་བུར་ནི། །ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག། ?་གང་ཏེ། བྷེ་ལ་ཛཡེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛ་ཡ། །ཏ་ཐཱ་ག་ཏ་ཡ། ཨ་རྡྷ་ཏེ། སརྦྷཡ་ཀསཾ་བུདྡྷཱ་ཡ ་ཏདྱ་ཐཱ་།ོཾ་བྷཻ་ཥ་?་ཛཡེ་མ་ཧཱ་བྷི་ཥ་ཛཡེ། ས་མུདྒ་ཏེ་སྭཱཧཱ། ཤར་དུ་ཁ་བསྟན་འཐུང་དུ་བཞུག་།འཐུངས་ནས་དེ་ལ་སེམས་དམིགས་ཏེ་།ཡུད་ཙམ་བསྡད་ལ་དང་ཁར་འཁྱིལ། །མཆིལ་མ་དེ་ནས་སློན་དུ་གཞུག་།མ་གནོད་པར ་ནི་སོང་མོས་སམ། །ཡང་ན་ཆུབ་འཇམ་པོ་ཡིས། །ལྐོག་མ་ལྕེའུ་ཆུང་མ་གནང་བ། །སྐྱུག་ནི་བྲེ་བར་མི་དྲང་ངོ། །འབྱུང་བ་བཟློག་པ་རློན་པར་བྱ། །པུས་མོ་དང་མཉམ་སྟན་ལ་གནས། །དེ་ནི་སློན་ཚེ་བློ་གཉིས་དང། །འཕྲལ་བ་དག་ནས་བསྟེན ་པར་བྱ། །དེ་བཞིན་ལྟེ་བ་བཙིར་བ་དང། །རྒྱབ་ནས་གྱེན་དུ་མཉེ་བར་བྱ། །དེ་ལྟར་བད་ཀན་རྣོ་དྲོ་ཁ། །མཁྲིས་པ་མངར་དང་བསིལ་བ་སློན། །རླུང་འདྲེས་བད་ཀན་སྣུམ་པ་དང། །སྐྱུར་དང་ལན་ཚྭ་དག་གིས་སློན། །ཇི་སྲིད་བད་ཀན་རྒྱུན་ཆད་པའམ།། ་མཁྲིས་པ་ནང་གི་བར་དུ་སྐྱུག་།ཤུགས་དལ་པི་ལིང་སྐྱུ་རུ་ར། །ཡུངས་ཀར་རྒྱ་མཚོ་ཆུ་དག་གིས། །ཡང་དང་ཡང་ནི་བློན་དུ་གཞུག་།དེ་ནི་སློན་པར་མ་གྱུར་བའམ། །སྡོད་པ་དང་བཅས་སློན་པའམ། །སྨན་ནི་འབའ་ཞིག་བྱུང་གྱུར་ན། །སྦྱོར་ཉེས ་དེ་ནི་མཆིལ་མ་མང། །གཡན་པ་ཐོར་བུ་རིམས་སོགས་འབྱུང། །བདེ་སྐྱུག་བད་ཀན་མཁྲིས་པ་དང། །རླུང་ནི་རིམས་ཀྱིས་འབྱུང་བར་འགྱུར། །སྦྱོར་བ་ལེགས་ཡིན་སྦྱོར་དྲགས་པས། །ལྦུ་བ་ཚོན་ཅན་ཁྲག་འདྲར་སྣང། །སློན་ནས ་ཁོང་སྨྱ་ལུས་ཚ་དང། །ལྐོག་སྐམས་མགོ་འཁོར་མིག་མི་མཐོང། །རླུང་ནད་མི་བཟད་ལྡད་འགྱུར་ཞིང། །སྲོག་གི་ཁྲག་འབྱུང་འཆི་བར་འགྱུར། །སྦྱོར་བ་ལེགས་པས་སློན་ན་ནི། །ཡུད་ཙམ་དལ་གསོ་དུད་པ་གསུམ། །གང་ཡང ་རུལ་པས་བདུག་པ་དང། །དེ་འོག་སྣུམ་གྱིས་སྤྱོད་པ་བསྟན། །དེ་ནས་དགོངས་ཀ་ནང་པར་ནི། །བཀྲིས་ཚེ་ཆུ་དྲོན་གྱིས་བཀྲུས་ལ། །ས་ལུ་རྩ་སྣར་འབྲས་ཀྱིས་ནི། །ཐུག་པ་ལ་སོགས་རིམ་བཞིན་བསྟེན། །ཐུག་པ་གང་པོ་གཡོས་བྱས་མ ་བྱས་པའི། །ཁུ་བ་ཤ་ཁུ་གསུམ་དང་གཉིས་དང་གཅིག་།མཆོག་དང་པར་མཛའ་མའི་སྦྱངས་པ་སྦྱངས། །མི་ཡིས་ཟས་ཀྱི་དུས་སུ་རིམ་བཞིན་སྤྱད། །དཔེར་ན་མི་ཆུ་རྩ་དད་ལྕི་སོགས་ཀྱིས། །རྣམ་པར་སྔར་ན་རིམས་ཀྱིས་མཆེད་པ་ན། །ཚེ་ཞིང་བརྟན་རྣམས ་ཐམས་ཅད་མཆད་པར་ནུས། །སྦྱངས་པའི་ནད་མེ་ཐུག་སོགས་ཀྱིས་དེ་བཞིན། །སློན་ཚད་ཆུང་དང་འབྲིང་དང་ཚན་པོ་ནི། །བཞི་དང་དྲུག་དང་ལམ་བརྒྱད་བློན་པར་འདོད། །དེ་ཉིད་བཅུ་དང་ཉིས་ལྡབ་སུམ་ལྡབ་འཁྲུ། །བྲེ་གང་དེ་བཞིན་ཉིད་ལྡབ་བཞི་ལྡབ ་འགྱུར། །སྐྱུག་སྨན་མཐར་མཁྲིས་བཀྲུ་སྨན་ལས་བྱེད་དང། །བད་ཀན་མཐར་དབྱུང་འཁྲུ་བ་མཆོག་ཏུ་བཤད། །འཁྲུབ་གཉིས་གསུམ་བཤད་དང་བཅས་མི་རྟོགས། །འཁྲུ་བ་གཞལ་ཏེ་སློན་ལ་འཐུངས་མ་རྟགས། །དེ་ནས་བློན་པ་དེ་ལ་ནི། །སླར་ཡང་སྣུམ ་དང་དུགས་བྱ་སྟེ། །བད་ཀན་དུས་འདས་ལྟོ་ཤེས་ནས། །ལེགས་པར་བཀྲུ་སྨན་བཏང་བར་བྱ། །མཁྲིས་བ་མང་ཞིང་ལྟོ་སྙིལ། །ལོ་མས་ཀྱང་ནི་བཀྲུ་བར་བྱེད། །རླུང་ཤས་ཆེ་ཞིང་ལྟོ་སྲ་ན། །དུར་བྱིད་སོགས་ཀྱིས་ཀྱང་བཀྲུ་དཀའ་། །བཀྲུ་སྨན་མཁྲིས་ལ་མངར་དང ་བསྐ།?་།བད་ཀན་ལ་ནི་ཁ་བས་བྱ། །རླུང་ལ་སྣུམ་དྲོ་ལན་ཚྭ་ཅན། །མི་འཁྲུན་ནི་ཆུ་ཚན་བླད། །ལག་པ་སྲེས་པས་དེ་ཡིན། །ལྟོ་བ་ལགས་པར་དུགས་བྱའོ། །མ་འཁྲུས་དེ་བཞག་ལྡང་ཟས་ཟོས། །ཉི་མ་གཉིས་པར་སླར་ཡང་བཏུང། །ལྟོ་བ་རབ་སྲ ་སྣམ་དག་ནི། །ཞག་བཅུའི་བར་དུ་ཡང་བཏུང་བས། །སླར་ཡང་སྣུམ་པ་དུགས་ཀྱིས་ནོ། །ལུས་སྦྱངས་ནས་ནི་བཀྲུ་སྨན་གྱིས། །སྦྱོར་བ་ལེགས་པར་བརྟགས་པ་དང། །སྔར་གྱི་ཉེས་པ་དྲན་པར་བྱ། །སྙིང་དང་ལྟེ་ན་ཡི་ག་འཆུས། །བད་ཀན ་མཁྲིས་པ་སློངས་པ་དང། །གཡན་པ་ལུས་ཚ་ཐོར་བུ་དང། །ཆམ་པས་འདེབས་ཤིང་བཤར་རླུང་འགག་།སྦྱོར་བ་ཉེས་པའི་མཚན་ཉིད་ཡིན། །སྦྱོར་ལེགས་ཇི་སྐད་བཤད་གོ་བཟློག་།བཤད་བས་མཁྲིས་པ་བད་ཀན་རླུང། །རིམས་ཀྱིས་འཁྲུ ་ཤིང་འབྱུང་བར་ན། །བད་ཀན་མཁྲིས་པ་མེ་ཆུ་འཁྲུ། །སྐྱ་ཞིང་རྣག་དང་ཁྲག་བཅས་པ། །ཡང་ན་ཤ་བཀྲུས་ལྟ་བུ་འམ། །ཚིལ་གྱི་དུམ་བུ་འདྲ་ཉིད་དམ། །གཞང་འབྱུང་སྐོམ་དང་ཆེ་བ་དང། །མགོ་འཁོར་མིག་ནི་ཕུགས ་སུ་བྲོས། །བཀྲུ་སྨན་གྲགས་ལས་འབྱུང་བ་ཡིན། །དེ་བཞིན་སྐྱུག་སྨན་གྲགས་ནང་འབྱུང། །ལེགས་པར་འཁྲུས་པ་དེ་ལ་ནི། །དུད་བས་བདུག་པ་མ་རྟོགས་པའི། །ཆོ་ག་སྐྱུག་སྨན་དང་མཚུངས་པས། །དེ་ནས་སློན་དང་འདྲ་བར་བྱ། །ཟས་ལ ་རིམས་ཀྱིས་སྤྱད་ནས་ནི་།དེ་འོག་ནར་མའི་ཁ་ཟས་བསྟན། །སྨན་འཐུངས་མེ་དྲོད་ཆུད་པ་དང། །མེ་དག་ནད་ཀྱིས་ཉ་པ་དང། །ཞུ་པའི་མཚན་མ་མ་མཐོང་ན། །དེ་ནི་ཉིན་པར་བསྙུང་བྱས་ལ། །སྣུམ་དང་དུག་དང་སྨན་རྣམས་ཀྱིས། །སློངས་པའི ་ནད་ཀྱིས་ཉེན་མ་གྱུར། །སྦྱངས་དང་ཁྲག་ནི་འབྱུང་བ་དང། །སྣུམ་ཆོག་ལ་སྦྱར་བསྙུང་བ་ཡིས། །མེ་དྲོད་ཞན་པ་ཉིད་འགྱུར་ཏེ། །དེ་བས་ཐུགས་སོགས་རིམས་གྱིས་སྤྱད། །བད་ཀན་མཁྲིས་པ་བྲི་ཞིང་ཆུང། །ཆང་འཐུངས་རླུང་དང་མཁྲིས་པ ་ཆེ། །དེ་ལ་ཐུག་པ་མི་བླུང་གྱི། །རྟ་བ་ལ་སོགས་རིམ་པ་ཕན། །སྐྱུག་སྨན་མ་ཞུ་བར་ནད་འབྱིན། །བཀྲུ་སྨན་ཞུ་ནས་འབྱིན་པ་ཡིན། །དེ་ཡི་ཕྱིར་ན་སྐྱུག་སྨན་དག། ཞུ་བ་ལ་ནི་བསྡད་མི་དགོས། །སྟེང་དང་འོག་ཏུ་འབྱུང་རིགས་པས། །གང་ཚེ་ཕྱིན་ཅི ་ལག་གྱུར་ན། །དེ་ཚེ་སྐུག་ལ་རྐང་བར་ནི། །ཆུ་དྲོན་དག་ནི་བླུགས་པར་བྱ། །ལུས་ཀྱི་སྟོབས་ནི་ཆུ་དྲང་བླུགས། །འཁྲུ་བ་ལ་ནི་དེ་ལས་བཟློག་།གང་ཞིག་ཉམས་ཆུང་ནང་མེད་དང། །ནད་སྨིན་པ་ཡིས་རང་ཉིད་ནི། །འཁྲུ་བར་བྱེད་ཅིང་འབྲུལ་ཡི། །ཁ་ཟས ་འབྱིན་ལ་དེར་འཁྲུར་གཞུག་།སྔར་སྦྱངས་པས་ནི་ཉམས་ཆུད་དང། །ནད་ཀྱི་དཀྱིལ་ཆུང་ལུས་ཟད་མའི?་།ལྟོ་ནི་སྲ་སྟི་མི་ཤེས་ལ། །སྨན་ནི་འཇམ་ཞིང་ཆུང་དུ་བླུད། །དེ་མ་འཐུངས་པ་མཆོག་ཡིན་གྱི། །གཞན་དུ་དོགས་པ་བཅས་མི་རུང།། ་ཉམས་ཆུང་པ་ཡིན་དམང་པོས། །གཡོས་གྱུར་ཅུང་ཟད་ཅུང་ཟད་ཅིག། སྨན་ནི་འཇམ་པོས་ལན་མང་ཞིག་།དེ་ནི་ཉུང་འགྱུར་ཞི་བར་བྱ། །མ་བཙལ་དེ་ནི་ཡུན་རིང་དུ། །ཉོན་མོངས་པའམ་གསོད་པར་འགྱུར། །མེ་དྲོད་ཆུང་དང་ལྟོ་སྲ་ལ། །ཐལ་སྨན་རྒྱ་ཚ་མར་བཅས ་པས། །མེ་ཡི་དྲོད་ནི་བསྐྱེད་ནས་སུ། །རླུང་དང་བད་ཀན་བསལ་བར་བྱ། །རྩུབ་ཅིང་རླུང་མང་ལྟོ་སྲེ་ལ། །རྟག་ཏུ་རྩོལ་བའི་ཚུལ་ཅན་དང། །མེ་དྲོད་རབ་ཏུ་ཆེལ་སྨད། །མི་འཁྲུ་བར་ནི་ཞུ་བར་འགྱུར། །དེ་ལ་སྔར་ནི་འཇམ་རྩེ་བཏང། །དེ་ནས་སྣུམ་པའི་བཀྲུ་སྨན་བྱ།། ་སྨན་ནི་རྣོན་པོའི་རང་བུ་ཡིས། །བཤད་བ་ཅུང་ཟད་དབྱུང་བར་བྱ། །དྲི་མ་ལེགས་པར་འཁྲུས་ནས་ནི། །སྣུམ་ཁྲུ་བདེ་བར་འབྱུང་བར་འགྱུར། །དུག་གིས་འཕོག་དང་ཐོར་བུ་བྱུང། །མཛེ་དང་འོར་ནང་མེ་དཔལ་དང། །མིག་སེར་སྐྱ་རྦབ་ཟ་ཁུས་ཉེན། །ཧ་ཅང་སྣུམ ་ཚེས་སྦྱར་མི་བྱས་ཀུན་ལ་བཀྲུ་སྨན་སྣུམ་ཕག་བཏང། །སྣུམ་གྱིས་ཞེན་པ་ལ་རྩུབ་པ། །སྐྱུག་སྨན་ལ་སོགས་ལས་རྣམས་ལ། །སླར་ཡང་བར་སྐབས་སུ། །སྣུམ་དང་དུགས་ཀྱི་ཆོ་ག་བྱ། །སྣུམ་རྗེས་ལ་ནི་སྟོབས་བསྐྱེད་བྱ། །ལུས་ལས་ནང ་རྣམས་བསལ་བ་ནི། །གོས་ཀྱི་དྲི་མ་འཁྲུ་དང་མཚུངས། །སྣུམ་དང་དུགས་དག་མ་བྱས་པར། །གང་ཞིག་སྦྱར་བའི་ལས་བྱེད་པ། །ཤིང་སྐམ་འགུགས་པར་བྱེད་པ་ལྟར། །དེ་ཡི་ལུས་ན་མི་རུངས་འགྱུར་རོ། །སྦྱར་པ་ལེགས་པར་བསྟན་པས་ནི། །བློ་གྲོས ་གསལ་ཞིང་དབང་པོ་སྟོབས་དང་ལྡན། །ལུས་ཟུངས་བརྟན་ཞིང་ཁོང་བའི་མི་དྲོབ་འབར། །ན་ཚོང་དག་ཀྱང་རིང་དུ་འཇོག་པར་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་མས་བཏང ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །རླུང་ཤས་ཆེ་བའི་ནད་རྣམས་སམ། །རླུང་ལ་མས་བཏང་བསྔགས་པ་སྟེ། །དེ་ནི་གསོ་བ་ཐམས་ཅད་ཀྱི། །མཆོག་སྟེ་དེ་ཡང་རྣམ་པ་གསུམ། །བཀྲུས་དྲགས་འཇམ་རྩི་མས་བཏང་གོང། །དེ་ཡི་གསོ་བྱ་སྐྲན་དང་ནི། ་ལྟོ་སྤོས་དྲེག་ནད་མཆེར་པ་དང། །འཁུ་བ་འབའ་ཞིག་གཟེར་ནད་དང། །རིམས་རྙིང་བྱིང་དང་ཆམ་པ་དང། །ཁྲུ་བ་རླུང་དང་དྲི་མ་འགགས། །རླིག་རླུག་རྡེའུ་ནད་ཟླ་མཚན་འཇིག་།རླུང་གི་ནད་ནི་མི་བཟང་གསོ། །བཀྲུས་དྲགས་མི་བྱ་སྣུམ་གྲགས་དང། །བློ ་བརྡོལ་ཤིན་ཏུ་སྡེམ་བ་དང། །བེ་སྣབས་འཁྲུ་དང་སློན་བྲོ་དང། །སྦྱང་བྱས་སྣ་སྨན་བཏང་བ་དང། །དབུགས་མིག་བདེ་ལུང་ཆམ་གཞང་འབྲུམ། །སྐྱིགས་བུ་ལྟོ་སྤོས་མེ་དྲོད་ཆུང། །གཞན་སྐྲན་ཁ་ཟས་བྲས་ཟིན་དང། །ལྟོ་འགགས་བུ་ཆུ་ཡོད་པ་དང།། ་མཛེ་ཅན་གཅིན་ནད་སྦྲང་མདོག་དང། །སྦྲུམ་མ་ཟླ་བདུན་ཡན་ཆད་དོ། །བཀྲུས་དྲགས་བྱ་ཉིད་འཇམ་རྩི་བྱ། །ཁྱད་པར་དུ་ནི་མེ་དྲོད་ཆེ། །རྩུབ་དང་རླུང་ནང་གཅིག་བུས་ཉེན། །འཇམ་རྩིམ་བྱའང་དེ་ཉིད་དོ། །དེ་བཞིན་སྐྱ་རྦབ?་མིག་སེར་དང། །ཚིལ་ཆེས ་ཆམ་བཏབ་ཟས་མི་ཟོས། །བཤང་བ་འཁྲུ་བར་བྱེད་པ་དང། །ལྟོ་ཅི་སྟོན་བད་ཀན་ཅན། །མཆིལ་མ་མང་དང་ཤིན་ཏུ་སྦོམ། །ལྟོ་ན་སྲིན་ཡོད་རླུང་འཁྱིམས་དང། །དུག་དག་འཐུངས་དང་འབྲུམ་བུས་བཏག་།རྐང་འབམ་ལྐོག་མའི་སྔ་བཅས།། ་དེ་གཉིས་སྦུ་གུ་སེར་སོགས་དང། །ཤིང་རུས་འོད་མལ་བྱས་པ། །བ་ལང་འཇུག་འདྲ་བུག་རྡོལ་མེད། །འཇམ་ཞིང་དྲང་ལ་ཁ་ཟླུམ་པའོ། །ལོ་གཅིག་མ་ལོན་ལ་སོར་ལྔ། །ལོ་ཚད་ལོ་བདུན་པ་ཡི་པར། །ཚང་ནི་སོར་དྲུག་ཡིན་པར་བཤད། ་ལོ་བདུན་པ་ཡི་བདུན་ཉིད་དེ། །བཅུ་གཉིས་པ་ལ་སོར་བརྒྱད་བྱ། །བཅུ་དྲུག་ཡན་ཆད་སོར་དགུ་སྟེ། །ཉི་ཤུ་ཕན་ཆད་སོར་བཅུ་གཉིས། །ལོ་གཞ་དག་ལ་ན་ཚོད་དང། །སྟོབས་དང་ལུས་ཚད་བརྟགས་ནས་ནི། །ཚད་ནི་མངོན་པར ་བསྐྱེད་པར་བྱ། །རྩ་བ་རང་གི་འཐེ་བོར་མཉམ། །རྩེ་མོ་མཐེའུ་ཆུང་ཚད་དུ་བྱ། །ལོ་གཅིག་ལོན་སེར་ནས་གཟུང་སྟེ། །དེ་ཡི་ཕྱེད་ཕྱེད་ཀྱིས་བསྐྱེད་བྱ། །གང་ཞིག་རྩ་བའི་བུ་གའི་ཚད། །སོར་མོ་གསུམ་རྩེ་ཤོང་པ་མཆོག་།མུཏཀ?་མ ་ཤ་སྲན་མ་?་ཚོམ། །རྒྱ་ཤུག་འབྲས་ཤོས་རིམ་བཞིན་བྱ། །རྩེ་བའི་བུ་གའི་ཚད་ཀྱིས་ནི། །མཐར་ནི་གག་པ་གདགས་པར་བྱ། །ལྕེ་རྩ་རང་གི་སོར་གཉིས་ཀྱིས། །ཆོད་པར་གག་པ་གཉིས་པ་བྱ། །དེ་ནི་སྐྱལ་བུ་གདགས་པར་བྱ། །ར་ལུག་མ་ཧེ་ལ་སོགས་པའི།། ་?་པ་ལེགས་མཉེས་སྲ་བ་དང། །མར་བཙོས་མུ་ག་ཐོག་ཐུག་མེད། །དྲིང་རྩ་རིས་མེད་སྲབ་པར། །སྨན་ནི་ལེགས་པར་བླུགས་པས་ལ། །སྲད་པུས་དམ་པར་བཅིང་བར་བྱ། །ལྒང་མེད་རྒྱལ་པའི་དཔུང་བའམ། །བྱིན་པའི་པགས་པ་འམ་རས་སྟུག་བཟང། །ནི་རུ་ཧ་ཚད ་དང་པོ་མི་།ལོ་གཅིག་པ་ལ་སྲང་གཅིག་མཆོག་།ཇི་སྲིད་སྲང་ནི་བཅུ་གཉིས་པར། །ལོར་སྲང་རེས་བསྐྱེད་པོར་བྱ། །བཅུ་གཉིས་པ་ནས་བཅོ་བརྒྱད་པར། །དེ་ཡང་བདུན་ཅུའི་བར་ཚད་ནི། །དེ་ཕན་ཆད་སྲང་ཉི་ཤུ་ཉིད། །བཀྲུ་སྨན་དྲག་ཚང་ཇི་ལྟ་བ།། ་དེ་ཡི་བཞི་ཆ་འཇམ་རྩི་ཚད། །བཀྲུ་སྨན་དྲག་བྱ་སྣུམ་དུགས་བྱ། །འཇམ་བྱས་ནས་ཀྱང་སྟོབས་ཐོབ་པ། །འཇམ་རྩི་བཏང་བར་འོས་ཤེས་ནས། །ཐོག་མ་ཉིད་དུ་འཇམ་རྩི་བཏང། །དགུན་དཔྱིད་ཉིན་བར་བཏང་དེ་ལས། །གཞན་དུ་མཚར་བཏང་ལ ་ལ་འདོད། །བསྐུ་བྱུག་ཁྲུས་བྱ་སྔོན་ཐང་ལས། །བཞི་གསུམ་ཕན་ཞིང་ཡང་བ་དང། །སྣུམ་དང་རྩུབ་ཆེས་མ་ཡིན་བཟའ་། །ཁུ་བ་ལ་སོགས་ཟོས་རྗེས་བཏུང། །བཅགས་ལ་བཤད་གཅི་བསལ་ནས་ནི། །མལ་དུ་བདེ་བར་གནས་བྱས་ལ།། ་མཐོན་སྨན་མེད་པར་མགོ་སྨད་དེ། །གློ་གཡོན་གྱིས་ནི་ཕབ་ནས་སུ། །རྐང་པ་གཡས་པ་བསྐུམ་ནས་ནི། །རྐང་པ་གཡོན་པ་བརྐྱང་བར་བྱ། །དེ་ནས་དེ་ལ་གཅེའུ་ཁ་དང། །གཞང་སྒོ་སྣུམ་གྱིས་བསྐུས་ནས་ནི། །གཅེའུ་ལངྒ་པའི་དབུགས ་བཏོན་ལ། །ཁ་བཅིངས་ལག་པ་མི་འདར་བར། །རྒྱབ་ཀྱི་ལོགས་སུ་འདུག་ནས་ནི། །ཤིན་ཏུ་མྱུར་དང་བུལ་མིན་དང། །ཧ་ཅང་ཤུགས་དྲག་དལ་མིན་པར། །རན་པར་ལན་ཅིག་ཁོ་ན་བཙིར། །རླུང་ནི་ལྷག་མར་གནས་པས་ན། །ལྷག་མ་ཅུང ་ཟད་ལུས་པར་བྱ། །བཏང་ནས་ལུས་ནི་གན་རྐྱལ་བཞག་།རྐུ་བཙོས་ལག་པས་གདབ་པར་བྱ། །རྟིང་པས་མཇུག་ཙོས་བརྡུང་བྱ་ཞིང། །རྟིང་པ་བཏེག་ལ་ལན་གསུམ་བསྲིག་།དེ་ནས་ལུས་ནི་བརྐྱང་ནས་སུ། །རྔས་དང་བཅས་པའི ་རྟིང་བར་ནི། །ཁུ་ཚུར་གྱིས་བརྡུང་ལུས་ཀྱང་ནི། །སྣུམ་གྱིས་བསྐུས་ལ་མཉེ་བར་བྱ། །ཚོར་བས་ཉེན་པར་སྣུམ་དག་ནི། །མྱུར་དུ་ཕྱིར་འབྱུང་མི་བྱེད་དོ། །གལ་ཏེ་མྱུར་དུ་ཕྱིར་བྱུང་ན། །ཕན་མི་བྱེད་པས་གཞན་དག་བཏང། །མེ་དྲོད་ཆེ་ཞིང་སྣུམ་བྱུང ་ན། །དགོད་ཀ་ཁ་ཟས་ཡང་པ་སྦྱིན། །འབྱུང་བའི་དུས་ཀྱི་དམ་པ་ནི། །ཐུན་གསུམ་ཡིན་ཏེ་དེ་ཕན་ཆད། །ཉིད་ཚན་གཅིག་ནི་བསྡད་ནས་སུ། །དེ་ཡི་འོག་ཏུ་རེང་བུ་ཡིན། །སྣུམ་དབྱུང་ཕྱིར་ནི་འབད་བྱ་བ་འམ། །མས་བཏང་བ་ནི་རྣོན་པོ་བྱ། །ཤིན ་ཏུ་རྩུབ་པས་མ་བྱུང་ཞིང། །སྙོམས་བག་ལ་སོགས་ནད་མེད་ན། །བཏང་སྙོམས་སུ་ནི་བཞག་པར་བྱ། །དེ་ནས་མཚན་འདས་ནང་པར་ནི། །བཅའ་སྒ་འུས་སུ་བསྐོལ་ཆུ་ལམ། །ཡང་ན་ཆུ་མཆན་འབའ་ཞིག་བཏུང། །འཇམ་རྩི་བཏང ་ནས་ཉིན་གསུམ་མམ། །ཉིན་ལྔ་ལོན་ནས་སླར་བཏང་བ་འམ། །ཇི་སྲིད་སྣུམ་ནི་འཇུ་གྱུར་པའམ། །ཡང་ན་རླུང་ནི་ཤས་ཆེ་དང། །རྟག་ཏུ་རྩོལ་བྱེད་མེ་དྲོད་ཆེ། །ཁོང་རྩུབ་པ་ལ་ཉིན་རེ་བཏང། །དེ་ལྟར་སྣུམ་ནི་གསུམ་མམ ་བཞིས། །སྣམ?་གྱུར་རྩ་སྒོ་སྦྱང་བའི་ཕྱིར། །མས་བཏང་ཁྲུས་ཀྱིས་སྦྱང་བ་དང། །སྣུམ་མེད་ལུས་ནི་སྣུམ་གྱུར་བཏང། །ཉི་མ་གསུམ་མམ་ཉིན་ལྔ་ན། །ཆོས་གྲངས་བཟང་ཞིང་དགེ་བ་ལྔ། །ཉིན་ཕྱེད་ཅུང་ཟད་ཡོལ་བའི་ཚེ།། ་གཏོར་མ་བཀྲ་ཤིས། །ཆོག་བྱས། །སྣུམ་བསྐུས་དུག་པ་བྱ་བཤང་གཅི་ནི། །བསལ་ཞིང་ཤིན་ཏུ་བཀྲིས་མིན་ལ། །སྐྱེས་བུའི་ནང་དམིགས་སྨན་ལ་སོགས། །འབད་དེ་ཤེས་པར་བྱས་ནས་ནི། །སྨན་པས་དེ་ལ་མཁས་པས་ནི།། ་མང་དང་ལྷན་ཅིག་མས་བཏང་སྦྱར། །སྨན་གྱི་སྲང་ནི་ཉི་ཤུ་དང། །པོ་སོན་ཆ་བརྒྱད་ལྷན་ཅིག་བསྐོལ། །བསྐོལ་མ་དེ་ཡོ་བཞི་ཆ་ཡི། །སྨན་མར་རླུང་ལ་རྗེས་སུ་སྦྱར། །མཁྲིས་པ་བདེ་བར་གནས་དྲུག་ཆ། །བདག་ན་ཤས་ཆེས་བརྒྱད་ཆ ་གཅིག་།ཡང་ན་ཀུན་ལ་སྨན་གྱི་ནི། །བརྒྱད་ཆ་གཅིག་གམ་ཅི་ནས་ཀྱང། །མས་བཏང་བསྐ་སླར་མི་འགྱུར་བྱ། །བུ་རམ་དག་ནི་སྲང་གཅིག་ཙམ། །རིགས་པས་སྤྲང་རྩི་རྒྱ་མཚོ་སོགས། །ལྷག་མ་དེ་ཀུན་སྣོད་ཅིག་བླུགས། །བུམ་པར ་ཆུ་བསྐོལ་བླངས་པ་ཡིས། །སྲོ་ཞིང་གཟར་བུས་དཀྲུག་ནས་ནི། །རྒྱལ་པའི་ནང་བླུགས་མཇུག་མར་ནི། །གཏོང་ཚེ་ཤིན་ཏུ་ཚེ་གྲང་མིན། །ཤིན་ཏུ་སྣུམ་མིན་རྩུབ་པ་འང་མིན། །ཤིན་ཏུ་རྣོ་མིན་འཇམ་པའང་མིན། །ཤིན་ཏུ་བསྐ་མིན་སླ་བའང་མིན། །ཤིན་ཏུ་མང་ཉུང་ཚ་མེད ་པའམ། །ཆ་ཆ་སྐྱུར་བ་འང་དེ་དང་འདྲ། །དེ་ལ་མཁས་པ་གཞན་སྨྲ་བ། །སྣུམ་དང་སྦྲང་རྩི་གཉིས་སོ་སོར། །སྲད་ནི་གསུམ་གསུམ་བྱས་ནས་སུ། །རྒྱ་མཚོ་དག་ནི་ཞོ་གཉིས་དང། །ནད་མེད་ལ་བཏང་སྨན་སྲད་གཉིས། །ཁུ་བའི་སྨན་ནི་ལྷག་མ་ཀུན། །སྲང ་བཅུ་ཡོངས་སུ་སྦྱར་བར་བྱ། །སྦྲང་རྩི་རྒྱམ་ཚ་སྣུམ་རྣམས་དང། །སྨན་ཕྱ་ཁུ་བའི་རིམ་པ་ནི། །མས་བཏང་རྒྱལ་བར་བཅུག་བྱས་ཏེ། །འདི་ནི་སྦྱོར་བའི་ཚེ་གར་བཤད། །གན་རྐྱལ་བཞག་ནས་བཏང་མ་ཐག་།རྔས་ཀྱིས་བརྟེན་ཏེ་མས་བཏང་ལ། །ཡིད་ནི ་གཞན་དུ་མ་ཡོངས་པས། །འཁྲུ་བ་ཙོག་པུས་བཏང་བར་བྱ། །འོང་དུས་དམ་པ་ཡུད་ཙམ་སྟེ། །དེ་ལས་གཞན་དུ་འཆི་བྱེད་ཡིན། །དེ་ལ་བཅོས་པའི་ཐབས་གྱུར་སྣུམ། །ཐལ་སྨན་པ་གཅིན་ཁུ་སྐྱུར་སྦྱར། །མྱུར་བས་སྣུམ་ལ་རྣོ་དྲོ་བའི།། ་མས་བཏང་གཞན་དག་བཏང་བར་བྱ། །ཡང་ན་སྨན་གྱི་རིང་བུ་དང། །བསྡང་ཞིང་དུགས་ལ་སོགས་པ་བྱ། །རང་ཉིད་འོང་བར་གྱུར་ན་ནི། །མས་བཏང་གཉིས་པ་བཏང་བའམ། །ལན་གསུམ་ལན་བཞིའི་བར་དུ་སྟེ། །ཇི་སྲིད་ལེགས ་པར་གྱུར་བར་བཏང། །དེ་ཡི་སྦྱོར་སོགས་བཀྲུ་སྨན་དང། །འདྲ་བར་ཤེས་བྱ་སྦྱོར་ལེགས་ན། །ཆུ་དྲོན་འཇམ་པོས་བཀྲུས་ནས་ནི། །ཤ་ཁུ་འབྲས་ཆན་ཉུང་ཟས་སྦྱིན། །མས་བཏང་དྲག་བོའི་ལས་རྣམས་ཀྱིས། །དྲི་མ་བསྐྱེད་པས་བྱུང་གྱུར་པ། །དེ་ནི་ཆུ ་དྲོན་གྱིས་བཀྲུ་དང། །ཁ་ཟས་ཚུལ་བཞིན་ཟོས་པས་འབྱང། །གལ་ཏེ་རླུང་གིས་ཉམས་ཐག་ན། །སླར་ཡང་འཕྲལ་དུ་འཇམ་རྩི་བཏོང། །དེ་ནི་ལེགས་དང་མ་ལེགས་དང། །གྲགས་པས་སྣུམ་འཐུངས་འདྲར་ཤེས་བྱ། །གང་ཞིག་དུས་ནི་ཅུང་ཟད་གནས། །བཤད་དང་བཅས ་པར་འབྱུང་འགྱུར་ཞིང། །ཐུར་དུ་དབུགས་དང་སྣུམ་ལྷན་ཅིག་།འབྱུང་འགྱུར་འཇམ་རྩི་ལེགས་པ་ཡིན། །བད་ཀན་ལ་ནི་མས་བཏང་བའི། །འཇམ་རྩི་གཅིག་གམ་གསུམ་བཏང་བྱ། །མཁྲིས་པ་ལ་ནི་ལྔ་འམ་བདུན། །རླུང་ལ་དགུ་འམ་བཅུ་གཅིག ་བཏང། །སླར་ཡང་དེ་ལ་ཟུང་མིན་པ་།མས་བཏང་རྗེས་ལ་བྱ་བ་ཡིན། །བདེ་མཁྲིས་རླུང་ལ་རིམ་བཞིན་ཟས། །ཡུ་ཤ་འོ་མ་ཤ་ཁུ་བཏང། །རླུང་འཇོམས་སྨན་ནི་ལེགས་བསྐོལ་བ། །དུར་བྱིད་རྒྱམ་ཚར་བཅས་པར་བྱ། །སྣུམ་མདར་སྐྱུར་ཤ་ཁུ ་དྲོན་སྦྱར། །མས་བཏང་གཅིག་ནི་རླུང་ལ་ཕན། །ནྱ་གྲོ་བྷ་སོགས་སྡེ་མཚན་བསྐོལ། །ཤུག་སོགས་ཀ་ར་ཀ་ར་དང་བཅས། །མངར་བསིལ་བུ་རམ་ཤིང་ཁུ་མར། །འོ་མ་སྦྲང་རྩིར་བཅས་མཁྲིས་སེལ། །དོང་ཀ་ལ་སོགས་སྐོལ་བ་དང། །དུ་མོ་ཉུང ་སོགས་བཅས་པ་གསུམ་།རྩུབ་དང་སྦྲང་རྩི་བ་གཅིན་བཅས། །རྣོ་ཞིང་དྲོ་ཁ་བད་ཀན་སེལ། །གསུམ་བོ་འདུས་པའི་ནད་ལ་ལང། །གང་ཕྱིར་རིམ་བཞིན་སེལ་བ་ཡིན། །གསུམ་པོ་དེ་ལས་གཞན་པ་ཡི། །མས་བཏང་གསོ་ཞེས་བཞན ་མི་འདོད། །གང་ཕྱིར་སླར་ཡང་སྤྱི་མ་བྱ་བའི། །ཉེས་པ་བཞི་པོ་ཡོད་མ་ཡིན། །ནད་སྐྱོན་དག་པར་བྱེད་པ་དང། །ཞི་བར་བྱ་བའི་རིམ་པ་ཡིས། །མས་བཏང་གསུམ་པོ་ཉིད་བརྟག་ཅས། །དེ་སྐད་གཞན་དག་སྨྲ་བ་ཡིན། །ནད་དང་སྨན་སོགས ་སྟོབས་ལས་ནི། །འདི་དག་ཐམས་ཅད་ཚད་མར་གཞལ། །བཀྲུ་སྨན་དྲག་བཏང་ལེགས་མཚན་མ། །མ་མཐོང་བར་དུ་འཕྲོ་མ་བཅས། །དང་པོར་སྣུམ་གཅིག་ཐ་མར་ལྔ། །བཀྲུ་སྨན་དྲག་པོ་བཅུ་གཉིས་ཏེ། །འཇམ་རྩིར་བྱས་པ་མས་བཏང་བའི། །ལས་ནི་སུམ ་ཅུར་བཤད་པ་ཡིན། །ལུས་ནི་བཅོ་ལྔ་འདིར་གཅིག་ནི། །ཐོག་མའི་སྣུམ་དེ་ཐ་མར་གསུམ། །དྲུག་དང་མས་བཏང་ལྔ་བར་བཅས། །མས་བཏང་བ་སྦྱོར་འདིར་བརྒྱད་ཡིན་ཏེ། །ནི་རུ་ཧ་དང་སྣུམ་གསུམ་དང། །ཐོག་མ་ཐ་མ་གཉིས་ཀའོ། །འཇམ་རྩི་འམ ་བཀྲུ་སྨན་བས་བཏང་དྲག་།གཅིག་བུ་ལྷག་པར་བསྟེན་མི་བྱ། །འཇམ་རྩིས་ནང་སློང་མེ་དྲོད་འཇོམས། །ནི་རུ་ཧ་ས་རླུང་བསྐྱེད་འཇིགས་ཡོད། །དེ་བས་སྣུམ་རྗེས་བཀྲུས་དྲག་བཏང། །ཁྲུས་དྲག་བཏང་ནས་འཇམ་རྩི་བྱ། །དེ་ལྟར་རིམ་པས་སྣུམ་སྦྱར་བྱ། །མས་བཏང ་ལས་ནི་ཉིས་གསུམ་སེལ། །སྣུམ་གྱི་ཚད་ནི་ཆུང་ངུ་ཡིས། །ཚད་དང་དེ་ནི་མཉམ་བྱས་པའི། །སྣུམ་ཚད་འཇམ་རྩིའི་ཚད་དུ་བྱ། །དེ་ནི་བྱིས་རྒན་ལམ་དང་ཁུར། །བུད་མེད་རྩོལ་ཞེན་པས་དུག་དང། །རླུང་ནད་ཀྱིས་གཞོམ་མེ་དྲོད་ཆུང། །རྒྱལ་བོ་ཕྱུག་པོ་ལ་བདེ ་བ། །ཡིན་པས་རྟག་ཏུ་བསྟེན་པར་བྱ། །ནད་འཇོམས་སྤང་བ་མེད་བ་དང། །སྟོབས་བསྐྱེད་བཤང་བ་བདེ་བར་འབྱུང། །མས་བཏང་བུད་མེད་རོ་སྨད་ཀྱི། །མངལ་དང་མོ་མཚན་ནད་རྣམས་ལ། །བཀྲུས་གྲགས་གཉིས་གསུམ་གྱིས་དག་པར། །མས ་བཏང་གོང་མས་བཏང་བར་བྱ། །དེ་ཡི་གཅེའུ་ནད་པ་ཡི། །སོར་ཚད་བཅུ་གཉིས་ཚད་དུ་བྱ། །ཟླུམ་ཞིང་བ་ལང་འཇུག་མ་འདྲ། །རྩ་བ་དབུགས་སུ་གག་པ་གདགས། །རྩེ་མོ་ཡུངས་ཀར་ཤོད་པ་ཙམ། །འཇམ་པ་གསེར་ལ་སོགས་ལ་བྱས། །ཀུན་?་སྲི ་ཤིང་སོ་མན། །མེ་ཏོག་རྩེ་མོ་ལྟར་ཟླུམ་ཕྲ། །དེ་ཡི་རྒྱལ་བུ་འཇམ་ཞིང་ཡང། །ཚང་སྲང་ཕྱེད་དམ་གར་རིགས་བྱ། །དེ་ནས་ཁྲུས་བྱས་ཟས་ཟོས་ལ། །འཇམ་རྩི་བཏང་བའི་ཆོག་བྱ། །ཁྲི་སྟེགས་སྤུས་མཉམ་འཇམ་པ་ལ། །དྲང་ཞིང་བདེ་བར་འདུག ་ནས་ནི། །ཕོ་མཚན་རྡེག་ཅིང་དྲང་བར་བྱ། །སྤུབས་སྦྱང་ཕྱིར་ནི་ཐུར་མ་ནི། །འཇམ་བ་རིམས་ཀྱིས་གཞུག་པར་བྱ། །དེ་དག་ཕོ་མཚན་དང་འཚམ་པ། །འབྲས་བུའི་མཐར་ཐུག་པར་བཏང་བ། །མི་འདར་འཇམ་རྩི་རྡོ་ལྟར་བྱ། །བཙིར་དེ་བཏང ་ལ་སྣུམ་རྗེས་བྱ། །འཇམ་རྩིའི་རིམ་བ་བཞིན་དུ་བྱ། །མས་བཏང་ཆོ་ག་འདི་ཡིས་ནི། །གསུམ་མམ་བཞི་ཡི་བར་དུ་བཏང། །ལྷག་མ་འཇམ་རྩི་ཇི་ལྟ་བར། །འདི་ལ་ཐམས་ཅད་སྦྱར་བར་བྱ། །བུད་མེད་ཟླ་མཚན་དུས་སུ་ནི། །མངལ་བྱ་བས ་ན་ཆགས་པར་འགྱུར། །དེ་ཕྱིར་དེ་ཆེ་བཏང་བར་བྱ། །རབ་ན་དུས་མིན་པར་ཡང་བཏང། །མོ་མཚན་ཉམས་དང་གཟེར་བ་དང། །མདལ་ཁྲག་རྟག་ཏུ་འབྱུང་བཏང་བ། །གཅེའུ་སོར་བཅུ་རྩེ་མོ་ཡིས། །ཁུ་ག་མུངྒ་ཤོང་སོར་བཞི། །མངལ་གྱི་གནས་སུ ་བཏང་བར་བྱ། །སོར་གཉིས་གཅིན་འབབ་ལམ་དུ་བཏང། །གཅིན་འགགས་པ་ཡི་ནད་རྣམས་ལ། །བུ་མོ་རྣམས་ལ་སོར་གཅིག་བཏང། །འབྲིང་ཆད་སྲང་ནི་གཅིག་པ་སྟེ། །བུ་མོ་རྣམས་ལ་སྲད་ཕྱེད་ཉིད། །མལ་དུ་གན་ཀྱལ་འདུག་ནས་ནི།། ་བརླ་ནི་ལེགས་པར་བསྐུམ་ས་ནས་སུ། །པུས་མོ་བསྟོད་དེ་ཉིད་ཞག་ནི། །གཅིག་ལ་ལན་གསུམ་ལན་བཞི་བཏང། །དེ་ལྟར་མས་བཏང་ཞག་གསུམ་ལ། །སྣུམ་གྱི་ཚད་ནི་བསྐྱེད་པར་བྱ། །དེ་ནས་ཞག་གསུམ་མངལ་གསོ་ནས། །སླར་ཡང་ཞག ་གསུམ་བཏང་བར་བྱ། །སྐྱུག་སྨན་བྱས་ལ་ཕྱེད་བཀྲུ་སྨན། །དེ་ནས་ཟླ་ཕྱེད་ནས་བཀྲུ་དྲགས། །བཀྲུས་དྲགས་འཕྲལ་ལ་འཇམ་རྩི་བཏང། །ཁྲུས་བཏང་ཞག་བདུན་ནས་འཇམ་རྩི། །དཔེར་ན་ལེ་བརྒན་ལེ་སོགས་བསྲེས་བ་ཡི། །གོས་ནི ་ཆུ་ལས་ཚོན་ལེན་ལྟར། །དེ་བཞིན་བངས?་བར་བྱས་ལུ་བ་ལས། མS་བཏང་བ་ནི་?་འབྱིན། །ལུས་ཀྱི་ཡན་ལག་ནད་གྲོལ་དགུ་ཏུ་སོང་ནད་དང། གནད་དང་ལུས་སྟོང་ཡན་ལག་ཀུན་ཁྱབ་ནང། །གང་ཞིག་ཡོད་པ་དེ་ལས་སྐྱེ་བའི་རྒྱུ། །རླུང་མ་རྟོགས་པ་གཞན་དག་ཡོད་མ་ཡིན།། ་བཤད་དང་བད་ཀན་མཁྲིས་སོགས་ནང་སོགས་པ། །གང་ཕྱིར་འཐོར་ཞིང་སྡུས་པར་བྱེད་པ་ཡིན། །དེ་ནི་རབ་འཕེལ་འགྱུར་ལ་ཞི་བའི་ཕྱིར། །འཇམ་རྩི་མ་གཏོགས་སྨན་གཞན་གང་ཡང་མེད། །དེ་བས་གསོ་བ་མ་ལུས་ལ་མས་བཏང། །གསོ་བའི་ཕྱེད ་ཡིན་ཞེས་ནི་ལ་ལ་འདོད། །དེ་བཞིན་ནད་རྙིང་གློ་བུར་སྐྱེད་བྱེད་ལ། །གཏར་གང་བྲག་དབྱུང་སྨན་ཉིད་འགྱུར་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་དགུ་པའོ།། །།དེ་ནས་སྨན་སྣ་ནས་བཏང་བའི་ཆོ་གའི་ལེའུ ་བཤད་པར་བྱའོ། །ནམ་ཚོང་ཡན་ཆད་ནད་རྣམས་ལ། །ལྷག་པར་སྣ་ནས་བཏང་བ་ཕེན། །སྣ་ནི་ཀླང་པའི་སྦོ་ཡིན་ཏེ། །དེས་ན་དེ་ནས་ནད་དེ་འཇོམས། །བཀྲུ་སྨན་ཀླང་པའི་ནང་རྣམས་ལ། །བློང་བག་ལྐོག་ནང་མཆི་མ་འཛག་།སྐན་དང་ཐོར་བུ་སྲིན་རྨེན་བུ། །མཛེ ་སྙོམས་ཚམ་བས་བཏབ་ལ་བཏང། །བལྟ་བ་རླུང་ལས་བྱུང་གཟེར་དང། །ཀླད་པ་ཕྱེད་ན་སྐད་འགགས་དང། །སྣ་དང་ཁ་བསྐམས་ཚིག་མི་ཐོན། །མིག་དབྱེ་དཀའ་དཔུང་བསྐྱོད་དཀའ་བཏང། །ཞིབ་མིག་སྔོན་སྡོང་པགས་ནད། །སྐྲ་ཡི་སྐྱོན་མིག་དམར་ལ་བཏང། ་དང་པོ་རང་སྦྱོར་ཇི་ལྟའི་སྣུམ། །སྨན་གྱི་ལྡེ་གུ་སོགས་བསྐོལ་དང། །ཤིང་མདར་རྒྱམ་ཚ་ཆང་རྙིང་སོགས། །ཅི་རིགས་པར་ནི་བསྐོལ་བ་བཏང། །བལྟ་བ་འུ་སུའི་ཁུ་བ་དང། །ཤ་ཁུ་ཁྲག་དང་ཆུ་འང་སྦྱར། །ཞི་བ་སྔ་མའོ་མ་དང། །ཆུ་དང་བཅས་པར་སྦྱར་བར ་བྱ་ཆེན?་ཅན་དང་ནི་ཚང་བྲན་ཏེ། །འདི་ཡི་སྣུམ་ཆད་རྣམ་པ་གཉིས། །ལྡེ་གུ་ལ་སོགས་བཙིར་བ་ཡིས། །རྣོ་དེ་སྤྱི་བོའི་བཀྲུ་སྨན་ཡིན། །ཕྱེད་མ་བུད་པའི་བཀྲུ་སྨན་ཏེ། །སྦུ་ཀུ་སོར་དྲུག་ཁ་གཉིས་པ། །ནང་ན་སྨན་དང་བཅས་པ་དག། ཁ་ཡི ་དབུགས་ཀྱིས་བུས་ཏེ་བཏང། །ངེས་ནི་མགོ་ནད་མང་པོ་ཡང། །ཕྱེ་མ་ཡིན་བས་འབྱིན་པར་བྱེད། །འཛུབ་མོའི་ཚིགས་ནི་གཉིས་པའི་བར། །བསྙུགས་པའི་ཕྱིར་ཕྱུང་གྱུར་པ་ལས། །ཐགས་པ་བཅུ་འམ་བརྐྱང་དམ་དྲུག། ཇི་སྲིད་འཛག་བར་གྱུར་བདག། ་སྣ་ནས་མཆོད་ཚད་ཆེ་འབྲིང་ཆུང། །རིམ་བ་དེ་ཉིད་ཀྱིས་ཤེས་བྱ། །ལྡེ་གུ་ལ་སོགས་ཐིག་བ་ནི། །གཉིས་ཀྱིས་ཕྲི་སྟེ་བཏང་བར་བྱ། །ཆུ་དང་ཆང་དང་སྦྱར་དུག་མར། །འཐུངས་བའམ་འཐུང་བར་འདོད་པ་དག་།ཁ་ཟས ་ཟོས་དང་མགོ་བཀྲུས་དང། །འཁྲུ་བར་འདོད་དང་གཏར་ག་བྱས། །ཆམ་སར་ཤུག་འོང་གིས་གཟེར་དང། །བུ་བཙས་ལུང་པ་དབུགས་མི་བདེ། །སྦྱང་བྱས་མས་བཏང་ཆོག་བྱས། །དེ་བཞིན་དུས་མིན་ཡུལ་དམུས་ལ། །སྣ་སྨན་བཏང་བར་མི་བྱ་སྟེ། ་ཚབ་ས་ཆེན་ནད་སོགས་མ་གཏོགས་སོ། །དེ་ནས་སྣ་ནས་སྨན་བཏང་བ། །བད་ཀན་དབང་མཁྲིས་ཉིན་ཕྱེད། །རླུང་ཅན་ཕྱི་འབྲིང་མཚན་མོ་བཏང། །ནད་མེད་བ་ལ་སྟོན་ཀ་དང། །དཔྱིད་ཀྱི་ཚེ་ན་སྔ་དྲོ་གཏང། །དགུན་ནི་ཕྱེད་དུས་སོ་ཀའི་ཚེ།། ་ཕྱེད་འབྲད་དབྱར་ནི་ཉི་དྲོན་བཅས། །ཀླད་པ་རླུང་ནད་ཀྱིས་ཐེབས་དང། །སྐྱིགས་བུ་བཏབ་དང་མགོ་འདར་དང། །གཉེ་འུ་རེངས་སྐད་ནི་འགགས་པ་ལ། །ཉིན་རེ་ནང་པར་དགོངས་ཀ་བཏང། །གཞན་ལ་ཉིན་རེར་བར་བཅས་ལ། །ཉི་མ་བདུན་དུ ་དེ་སྤྱད་བྱ། །རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོ་མགོ་སྣུམ་བསྐུ་དུགས་བྱ། །རླུང་མེད་མལ་དུ་གནས་ནས་ནི། །ནམ་ཚོད་ཡན་ཆད་དུགས་ཀྱང་བྱ། །དེ་ནས་གན་རྐྱལ་ལུས་དྲང་རྐྱང། །རྐང་པ་ལག་པ་ལེགས་བརྐྱང་ལ། །རྐང་པ ་ཅུང་ཟད་བསྟོད་ནས་སུ། །མགོ་གོ་ཡིད་ཙམ་དམང་པར་བྱ། །སྣ་ཁུང་གཅིག་ནི་རབ་བཀག་ལ་།རིམ་གྱིས་ཡོངས་སུ་བླུགས་བྱ་བ། སྨན་ནི་ཆུ་དོན་གྱིས་སྲོས་ལ། །སྦུ་གུ་འམ་རས་བལ་གྱིས་བླུགས་བྱ། །བླུགས་ནས་རྐང་མཐིལ ་ཕྲག་པ་དང། །ལག་པ་རྣ་བ་ལ་སོགས་མཉེ། །རིམ་གྱིས་རླུགས་ལ་གློ་གཉིས་སུ། །མཆིལ་མདོར?་ལ་དེ་ནས་ནི། །སྨན་ནི་ཟད་པར་འགྱུར་གྱི་བར། །ལན་གཉིས་ལན་གསུམ་སྣང་བཏང་སྤྱད། །གལ་ཏེ་བརྒྱལ་གྱུར་བསིལ་བའི་? ་མགོ་མ་གཏོགས་པར་གཏོང་བར་བྱ། །བཀྲུ་སྨན་འོག་ཏུ་སྣམ་དག་ནི། །ནད་སོགས་ཚུལ་དཔགས་དེ་བཏང། །སྣ་སྨན་བཏང་མཐར་གན་རྐྱལ་དུ། །གྲངས་བརྒྱར་དེ་ལས་བསྡད་པར་བྱ། །དུད་པ་རྡུབས་ལ་ཆུ་དྲོན་འཇམ། །གྲེ་བ་མཚུལ་པ་དག་ཕྱིར་བྱ། །སྣུམ ་བཏང་ལགས་རྒྱུར་དབུགས་བདེར་རྒྱུ། །གཉིད་ལོག་སད་བདེ་དབང་པོ་གསལ། །ཉེས་པས་མིག་འགྱུར་མིག་བཙུམ་སྐམ། །སྣ་དང་ཁ་སྐམས་ཀླང་སྟོང་སྙམ། །སྣུམ་དྲགས་གཡའ་དང་ལྕི་བ་ཉིད། །མཆིལ་མང་ཆམ་འདེབས་ཡིག་འཆུས། །ལེགས ་བཀྲུས་མིག་གསལ་ཡང་བ་དང། །ཁ་དང་སྐད་ནི་དག་པར་འགྱུར། །བཀྲུས་ཉེན་ནད་ནི་འཕེལ་བར་འགྱུར། །བཀྲུས་དྲགས་ཁོང་ནི་རྨྱ་བར་ཚང?་ཕྲན་གློ་རྡོལ་རིང་པ་དང། །བྱིས་པ་རྒན་པོ་སྐྱིད་པར་གནས། །དུས་མིན་ཆར་འབབ་པར་ཡང་བཏང།། ་དེ་ནི་ཆམ་པ་དྲག་བཏབ་དང། །ཆང་འཐུངས་རྣ་བ་འོན་པ་དང། །ཀླང་རྒྱས་སྲིན་བུ་ཞུཌ་བས་?་ནང་བསྡུས་ཕྱིར་ན་མི་ཕྱུང། །ཆད་ཕྲ་བ་ནི་གཏང་མི་བྱ། །ཉིན་མཚན་ཟས་ཟོས་རློན་ཉིད་ཉལ། །མཛའ་དང་བུད་མེད་ལམ་ངལ་དུབ། །མགོ་བསྐུས་འཁུར་བསྐང ་དབོ་བའི་རྗེས། །བཤང་གཅི་མིག་སྨན་བཏང་རྗེས་དང། །སོ་ཤིང་གི་རྗེས་དགོས་པ་ཡི། །རྗེས་ལ་ཐིགས་པ་གཉིས་བ་བཏང། །ལྔ་ཡིས་དང་པོའི་བུ་ག་དག་།གསུམ་གྱིས་རིམ་བཞིན་དལ་བ་སེལ། །ལྔ་པོས་མིག་ནི་གསལ་བར་བྱེད། །སོ ་བརྟན་རླུང་ནང་ཞི་བར་འགྱུར། །སྣ་སྨན་ལ་བདུན་མ་ལོན་དང། །བརྒྱད་ཅུ་འདས་ལ་བཏང་མི་བྱ། །བཅོ་བརྒྱད་མ་ལོན་དུད་མི་བདུག་།འཁུར་བསྐང་ལྔ་མ་ལོན་ལ་མིན། །ལོ་བཅུ་མ་ལོན་སྦྱང་མི་བྱ། །བདུན་ཅུ་འདས་ལའང་མི་བྱའོ། །སྐྱེས ་ནས་རྒས་པའི་བར་དུ་ནི། །ཚོང་ཆུང་མས་བཏང་ལྟ་བུར་བསྔགས། །དེ་ནི་རྟག་ཏུ་བརྟེན་གྱུར་ན། །ཚང་ཆེ་བལྟར་ཡོན་ཏན་བསྐྱེད། །འདི་ལ་བསྡམས་པ་གང་ཡང་མེད། །གནོད་ལས་ཆད་ཆེན་ལྟར་འཇིགས་མེད། །སྣ་སྨན་དོན་དུ་ཏིལ་མར་ཉིད།། ་རྟག་ཏུ་བསྟེན་པ་བསྔགས་པ་ཡིན། །མགོ་ནི་བད་ཀན་གནས་ཡིན་ཕྱིར། །སྣུམ་གཞན་བདེ་གནས་ལ་མི་བསྔགས། །མྱུར་བྱེད་རིང་ཞིག་བྱེད་བ་དང། །ཡོན་ཏན་ཚེ་?་ཆུན་བྱེད་བའི། །ཁྱད་པར་ཚད་ཆེན་ཚད་ཆུང་ལ། །གལ་ཏེ ་མེད་པར་གྱུར་ན་ནི། །གྲང་ཞིག་སྤང་བྱས་གནོད་བྱས་བའི། །ཚད་ཆེན་དག་ནི་སུ་ཞིག་སྟོན། །སྣུམ་དངས་བཏུང་བ་རྟག་བཤད་དུ། །སྤྱིལ་བུ་རླུང་དང་ཚད་བར་གནས། །འཇམ་ལྕི་ཚད་ཆེན་མས་བཏང་ཚང། །དེ་དང་འདྲ་བར་རྣམ་པར་བརྟན་།ཛ་ལ ་སྒྲོན་ཤིང་ཛི་བིཾ་ཏི། །སླ་སྒང་ཤིང་ཚ་པུ་ཤེལ་ཙེ། །གོ་བི་ཙན་དན་སྐྱེར་པའི་རྩ། །ཤིང་མངར་གླ་བ་ཨ་ཀ་རུ། །ཉེའུ་ཤིང་བིལྦ་པུཎྜ་རི། །ུདྤལ་མུརྦ་པརྞི་གཉིས། །འབྲི་ཧ་ཏི་གཉིས་བི་ཏདྒ། །གན་དྷ་པ་ཏྲ་སུཀནེལ་དང། །ཧ་རེ་ནུ་ག་པདྨ་ཡི། །གེ ་སར་དང་ནི་བ་ལ་སྟེ། །སྨན་ནི་འདི་རྣམས་ཆ་མཉམས་ལ། །ཚར་བའི་ཆུས་ནི་བསྐོལ་བར་བྱ། །ཏིལ་མར་ལས་ནི་སྨན་གྱི་ཁུ། །བཅུ་གྱུར་ལྷག་བཅའ་དེ་ལ་ནི། །ཏིལ་མར་ཆུ་དང་བསྐོལ་བྱ་བ་།ལན་བཅུ་ཉིད་ནི་བསྐོལ་ནས་ནི། །ཆོས་པ་ཡི ་ནི་བཅུ་ཆ་ལ། །དེ་མཉམ་ར་ཡི་འོ་མ་བླུགས། །སྣར་བཏང་ཏིལ་མར་ཡོན་ཏན་ཆེ། །ཐིགས་བྲན་ཞེས་བྱ་འདི་བསྟེན་བྱ། །སྣ་ནས་བཏང་བའི་སྨན་བསྟན་པས། །ཕྲག་པ་མགྲིན་པ་དཔུང་མགོ་ནི། །མཁྲེགས་ཤིང་མཐོ་ལ་པགས ་མདོག་གསལ། །དབང་བསྟན་སྐྲ་དཀར་མེད་པར་འགྱུར། །ཡན་ལག་བརྒྱད་བའི་སྙིང་པོ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་བའོ།། །།དེ་ནས་སྨན་གྱི་དུད་བ་བཏང་བའི་ཆོ་གའི་ལེའུ་བཤད་བར་བྱའོ། །ནམ ་ཚོད་ཡན་ཆད་བད་རླུང་ལས། །བྱུང་བའི་ནད་རྣམས་མི་སྐྱེ་དང། །སྐྱེས་བ་རྣམས་ནི་བསལ་བའི་ཕྱིར། །མཁས་པ་རྟག་ཏུ་དུད་པ་རྡུབ། །དེ་ནི་འཇམ་དང་བར་མེ་རྣོ། །རླུང་དང་བད་རླུང་བད་ཀན་ལ། །བཏང་ངོ་མཁྲིས་ཁྲག་གིས་ཉེན་དང།། ་བཀྲུས་དང་དམུ་རྫིང་ཟ་ཁུ་ནང། རབ་རིབ་སྦོས་དང་སྟོང་རླུང་ནང། ལྐོག་ནད་མས་བཏང་བྱས་པ་དང། །ཉ་དང་ཆང་དང་འོ་མ་ཞོ། །སྦྲང་རྩི་མར་དང་དུག་འཐུངས་སོགས། །མགོ་ནད་སྐྱ་རྦབ་ནང་ཅན་ནི། །མཚན་ཉིད་མ་ལོག་ལ་མི་བཏང། །གལ་ཏེ ་དུད་པ་ཆེར་རྡུབས་ན། །ཁྲག་དང་མཁྲིས་འཕལ་འོན་དང་ལོད། །སྐོམ་དང་བརྒྱལ་དང་རྨོངས་བར་བྱེད། །དེ་ནི་བསིལ་བའི་ཆོ་ག་ཕན། །བཀྲེས་སྦྲིད་གླལ་དང་བཤད་གཅི་གསལ། །བུད་མེད་བསྟེན་དང་གཏར་ག་བཏག། རྐོད་དང་སོ་ཤིང་བཅས་པ ་ཡི། །མཐར་ནི་དུད་པ་འཇམ་པོ་བཏང། །དུས་འདི་དག་དང་མཚན་ཟས་ཟོས། །སྣ་སྨན་རྗེས་ལ་བར་མ་རྡུག་།གཉིད་ལོག་སྣ་སྨན་མིག་སྨན་ཁྲུས། །སློན་བའི་རྗེས་ལ་རྣོན་པོས་བཀྲ། །མས་བཏང་གཅེའུ་འདྲར་བྱས་བའི། །དུད་གཅེའུ་སྦུབས་གསུམ ་དྲང་པོར་བྱ། །རྩ་བ་འཐོབ་ཤོད་རྩེ་མོ་ནི། །རྒྱ་ཤུག་ཤོད་བའི་ཚད་དུ་བྱ། །དེ་ཡི་ཚད་ནི་རྡུབ་བྱེད་བའི། །སོར་ནི་ཉི་ཤུ་སུམ་ཅུ་གཉིས། །བཞི་བཅུ་སྣ་དང་བར་མ་དང། །འཇམ་པོ་ལ་ནི་རིམ་བཞིན་བྱ། །དྲང་པོར་འདུག་ཅིང་དེ་ལས་སེམས། །ཁ་གང་དས ་ནས་ནི་ལན་གསུམ་རྡུག་།སྣ་ཁུང་རེ་རེ་བཀག་ནས་ནི། སྣར་ནི་དུད་པ་རྡུབ་པར་བྱ། །མགོ་དང་སྣར་གཏོགས་ནང་སྐྱོབ་པ། །དང་པོར་སྣ་ནས་རྡུབ་པར་བྱ། །བསྐྱོད་བའི་དོན་དུ་ཁ་ནས་རྡུབ། །གྲེ་བར་གཏོགས་པ་དེ་ལས་བཟློག། དུབ་ཁ་ཉིད་ནང་བློན་གྱི། །སྣར་བློན་མིག ་ལ་གནོད་པར་བྱེད། །དུ་བ་རྡུབ་དང་འབྱིན་པ་ཡིས། །ལན་ནི་གསུམ་གསུམ་རྡུབ་པར་བྱ། །འཇམ་པོ་ཉིན་གཅིག་ལན་གཅིག་བཏང། །བར་མ་ལན་གཉིས་སྦྱོར་བ་ནི། །ལན་གསུམ་ལན་བཞི་བཏང་བར་བྱ། །དེར་སྨན་གུ་གུལ་ཨ་ཀ་རུ། །གླ་སྒང་རྡོ་དྲེག ་སྠེ་ལེ་ཡ། །སྤང་སྤོས་ཨུ་ཤིར་བ་ལ་ཀ། ཤིང་ཆ་གོ་ནྟིར་ཤིང་མངར་དང། །བི་ལ་རྐང་ཨེ་ལ་བ་ལུ་ཀ་།?་དཀར་ཤྲི་བེ་ཏ་ཀ་།བླ་བ་སྦྲང་ཚིལ་བྱ་མ་ཀ་།བོག་ནག་གུར་གུམ་མ་ཤ་དང། །ཀུན་ཏུ་རུང་དང་ནས་དང་ཏིལ། །སྣུམ་བཅས་འབྲས་བུ་སྙིང ་པོ་དང། །ཚིལ་དང་རྐང་དང་ཞག་དང་མར། །ཞིབ་པོག་གནག་རྒྱ་སྐྱེགས་དང། །རྒུན་འབྲུམ་པདྨ་ཨུདྤ་ལ། །ནྱ་གྲོ་དྷ་དང་ཨ་ཤྭདྷ། །ུ་དུཾ་བ་ར་བླ་ཀ་ཤ་དང། །སེང་ཕྲོམ་ཤུན་པ་ཁར་དང། །ཤིང་མངར་ཀླུ་ཤིང་ཤུག་པ་རྩོད། །དྲི་ལས ་རྒྱ་སྤོས་རུ་རྟ་བསྐོལ། །རྣོན་པོ་ཛོ་ཏེ་སྨ་ཏི་དང། །སྐྱེར་པ་དང་ནེ་ཙ་བ་བཅུ། །ལྡོང་རོས་བ་བླ་རྒྱ་སྐྱེགས་དང། །གི་རི་ཀར་ཀར་འབྲས་བུ་གསུམ། །དྲེ་ཡི་སྨན་ལ་དོས་རྣོ་བའི། །མགོ་བའི་བཀྲུ་སྨན་སྡེ་ཚེན་ནོ། །དེ་དག་ཞག་གཅིག་ཆུ་སྤངས་ལ། །དུས་བའི་སྨན ་རྣམས་བརྟཌ་ནས་ནི། །ཐུར་མ་སོར་ནི་བཅུ་གཉིས་ལ། །ལན་ལྔའི་བར་དུ་བྱུག་པར་བྱ། །བདར་བུ་མཐེ་བོ་ཙམ་སྦོམ་ལ། །ནས་ཀྱི་དབྱིབས་དང་འདྲ་བར་བྱ། །གྲིབ་མས་སྒམ་ཞིང་ཁོང་སྟོང་མེད། །སྣུམ་གྱིས་ཇི་བཞིན་བསྐུས་བྱས་ལ། །རྡུབ་ཕྱིར་མེ་ཡིས་བསྲེགས་ནས་ནི། །དད་བའི ་གཅེའུ་དང་སྦྱར་བར་བྱ། །ཁམ་ཕོར་ཁ་སྦྱར་བུ་གར་ནི། །གཅེའུ་སོར་བཅུ་འམ་སོར་བརྒྱད་པ། །བཅུག་པ་ཁ་ནས་དུད་པ་ནི། །ལུང་པ་ཅན་གྱིས་རྡུབ་པར་བྱ། །དུད་པ་རྡུབས་ལ་ལུད་པ་དབུགས་མི་བདེ། །སྐད་འགགས་གནག་དང་དྲི་མི་ཞིམ ་གདོང་སྐྱ། །སྐྲ་སྐྱོན་རྣ་མི་འཛག་གཡའ་རྨོང་བག་དང། །སྐོམས་དང་སྐྱིགས་བུ་ཆམ་པའི་ནད་མི་འབྱུང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལའུ་ཉི་ཤུ་རྩ་གཅིག་བའོ།། །།དེ་ནས་སྨན་གྱི་ཁུ ་བས་འཁུར་བ་སྒང་པ་ལ་སོགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །འཁུར་བཀད་རྣམ་པ་བཞི་ཡིན་ཏེ། །སྣུམ་དང་ཞི་བྱེད་སྦྱོང་རྨ་འཚོག་།དེ་ལས་གསུམ་ནི་རླུང་ལ་སོགས། །གསུམ་བཏང་ཐ་མ་རྨ་ལ་ཕན། འདིར་སྣུམ་མངར་སྐྱར་ལན་ཚེ? ་དང་?་ཚ་ནི་སྣུམ་ནི་བསྐོམ་བ་ཡིན། །ཞི་བྱེད་ལྷ་བསྐ་མངར་སྨན་བསྐོལ། །སྦྱོང་བ་ཁ་དང་ཚ་དང་སྐྱུར། །རྨ་འཚོབ་བྱེད་པ་ཁ་བ་དང། །བསྐ་བའི་སྨན་ནི་བསྐོལ་བར་བྱ། །དེ་ལ་སྣུམ་དང་འོ་མ་དང། །སྦྲང་རྩི་ཆུ་དང་ཚ་དང་ཆད། །བ་གཅིན་འབྲུ་ཡི ་ཁུ་བ་རྣམས། །སྨན་ནི་ཇི་ལྟ་ཇི་ལྟར་དང། །ལྡེ་གུར་བཅས་པ་བསྐོལ་བ་ནི། །ཇི་ཙམ་བཟོད་བ་རྣམ་པར་སྤྱད། །སོ་རྩེ་སོ་ནི་འབུལ་བ་དང། །རླུང་ལས་གྱུར་བའི་ཁ་ནད་ལ། །དྲོ་འཇམ་ཙམ་མ་མ་བསིལ་བ་ཡི། །ཏིལ་ཆུས་ཁུར་བ་བཀད་བ་ཕན། །རྟག་ཏུ་འཁུར་བ ་?་སྟེ་བཞག། ཏིལ་མར་དག་གམ་ཤ་ཁུ་བསྔགས། །ཁ་དྲོར་ཆེ་ཚ་ཆོས་པ་དང། །འཕྲལ་དུ་རྨ་ནི་བྱུང་བ་དང། །དུག་དང་ཐལ་སྨན་མེས་ཚིག་ལ། །ཞུན་མར་དག་དང་འོ་མས་དགང། །སྒྲང་རྩིས་ཁུར་བཀང་བྱས་པས་ནི། །ཁ་ཡི་དྲི་མ་སྤྱོད་བྱེད་ཅིང། །ཁ་ཡི ་རྣ་ཞི་ཚོབ་བྱེད་ཡིན། །ཁ་ཚ་སྐོམ་དང་རབ་ཞི་བྱེད། །རོ་མི་ཚོར་དང་དྲི་ཆེ་བ། །ཁ་མན་མ་འབྲས་རྩབས་བཀང་པས་སེལ། །དེ་ཉིད་ཅུང་ཟད་ཚ་བཅས་བསིལ། །ཁ་སྐམ་སེལ་བིལ་དད་མ་པ་ཡིས། །ཐལ་སྨན་རྣོན་འཁྲུས་ལ་བུར་བཀང?་དག་།བད་ཀན་སོགས ་པ་མྱུར་དུ་སེལ། །ཆུ་ཚན་དྲོ་འཇམ་འཁུར་བཀང་བས། །ཁ་ནི་ཡང་ཞིང་བདེ་བར་བྱེད། །རླུང་མེད་ཉི་ཚན་བཅས་པར་ནི། །ཕྲག་པ་འཇིང་པ་དུགས་བྱ་མཉེ། །ཁུར་བ་བཀང་ནས་གདོང་པ་ནི། །ཅུང་ཟད་བརྟེག་སྟེ་ཇི་སྲིད་ན། །བད་ཀན་གྱིས་ནི་ཁ་གང་བའམ། །སྣ ་མིག་འཛག་པའི་བར་དྲུ་བཞག། །བ་བཀད་མི་སྦོ་བཞག་འཁུར་བཀང། །གཞན་དུ་ཁར་རྡུབས་པར་འགྱུར་རོ། །ཁར་རྡུབ་པ་ཡིས་ཁྱད་པར་གསོ་བ་ནི། །གཉེའུ་རེངས་མགོ་མིག་རྣད་ནད་ཁ་ནད་དང། མཚིལ་མ་དྲེ་ནད་སྙིག་ག་སྲ་བ་དང། །སྙིང་འཕར་སྙོམ་དང་ཆམ་པ ་ཡིག་འཆུས། །འཁུང་བཀང་བཤད་བའི་སྨན་རྣམས་ཀྱིས། །ལྡེ་གུ་སྨན་ཁུ་ཕྱེ་མ་སྟེ། །ཁ་མུར་བྱ་བ་རྣམ་གསུམ་ཡིན། །དེ་ནི་བད་ཀན་ནང་ལ་བཏང། །གདོར་བསྐྲུས་གསུམ་སྟེ་ནད་སེལ་དང། །དྲག་སེལ་ཁ་དོག་བཟང་བྱེད་བའོ། །དེ་དྲོ་བད་ཀན་རླུང་ལ ་བསྔགས། །ལྟག་མ་ལ་ནི་རབ་བསིལ་བ། །དེ་ནི་ཚད་སྤངས་སོར་བཞི་ཆ། །སུམ་ཆ་ཕྱེད་དེ་རྣམ་པ་གསུམ། །མ་བསྐམས་བར་དུ་དེ་བཞག་ནི། །བསྐམས་ནི་པགས་པ་ལ་གནོད་འགྱུར། །དེ་ནས་སྤངས་ནས་བཀྲུ་བར་བྱ། །དེ་ཡི་རྗེས་ལ་བསྐུ་བྱུག ་བྱ། །ཉིན་བར་ཉིད་ལོག་མང་སྨྲ་ཁྲོ། །མཚོན་ཉིན་ཚན་མྱ་ངན་བང། །དེ་ནི་ཆམ་པ་སྣ་སྨན་བཏང། །མ་ཞུ་འབྲམ་འཐམས་ཡི་ག་འཆུས། །མཚན་ཉིད་མ་ལོག་ལ་མི་བལྟ། །དེ་ནི་ལེགས་པར་སྦྱར་བ་ཡིས། །དུས་མིན་སྐྲ་དཀར་ངོ ་ཁམས་དང། །གཉེར་མ་རབ་རིབ་མིག་སྡོ་སེལ། །རྒྱ་ཤུག་སྙིང་གོ་བ་ཤ་ཀའི་རྩ། །སྲེད་ཕྲོམ་ཡུངས་ཀར་དཀར་པོ་རྣམས། །སེ་ཧའི་རྩ་བ་ཏིལ་ནག་དང། །སྐྱེར་བའི་ཤུན་པ་རྨེ་བུ་རྣམས། །འཇག་རྩ་ཙན་དན་ཨུ་ཤི་ར། །ཤིརཤ་ཤ་ཏ་བུཥཔ་འབྲས། །ཀུ ་མུད་ཨུཏཔལ་ཀ་ལ་ཧ་ར། །?་ཤིང་མངར་ཙན་དན་རྣམས། །ཀ་ལི་ཡ་ཀ་ཨུ་ཤིར་ཏིལ། །སྤངས་སྤོས་རྒྱ་སྦོས་ཤུག་པ་རྣམས། །ད་ཡིས?་ཀུན་ད་སྟག་ཚོར་བ། །ཤིང་མདར་རྒྱ་སྤོས་ཨ་རུ་ར། །དེ་?་ཚིག་བཅད་ཕྱེད་ཀྱིས་བཤད། །རྒུ་བ ་དགུན་སྟོང་སོགས་དྲུག་སྦྱར། །གདོང་བསྐུ་བ་ལ་གོམས་པ་རྣམས། །མཐོང་བ་སྟན་པར་འགྱུར་བ་དང། །གདོང་ནི་ཡོངས་སུ་མ་རྙིང་ལ། །འཇམ་ཞིང་པདྨ་འདྲ་བར་འགྱུར། །བསྐུ་དང་བླུགས་དང་རས་བལ་དང། །པགས་པས་གཡོགས ་དང་རྣམ་པ་བཞི། །དེ་ནི་སྤྱི་བོའི་ཏིལ་མར་ཏེ། །ཕྱི་བཞིན་དུ་ནི་ཡོན་ཏན་ཆེ། །དེལ?་བསྐུ་བ་ཙུབ་པ་དང་།གཡའ་དང་དྲི་མ་ཅན་ལ་སྦྱར། །བླུགས་པ་གློག་པ་གླད་གཟེར་དང། །ཚ་དང་རྨ་སྨིན་གནག་ལ་བཏང། །རས་བལ་སྣུམ་ཅན་སྐྲ་འབྱེ་དང། །གཟའ ་ཞུགས་མིག་ནི་རེངས་ལ་བཏང། །བགས་པ་བཅིངས་མགོ་བོ་ཚོར་བ་མེད། །ཁ་ཡོ་གཉིད་ནི་ཡར་བ་དང། །ཁ་དང་སྣ་སྐམ་རབ་རིབ་དང། །མ་བཟང་མགོ་ནད་དག་ལ་སྦྱར། །དེ་ཡི་ཆོག་ཁྲེའུ་ནི། །བུས་མཉམ་འཇམ་པ་ལ་འདུག་སྟེ། །ལུས ་བཀྲུས་བསྐུ་ཞི?་འདུགས་བྱས་ལ། །དགོངས་ཀ་བའམ་མ་ཉེ་ཡི། །པགས་པ་མགོ་བོ་དང་མཉམ་ལ། །རྒྱར་ནི་སོར་ནི་བཅུ་གཉིས་པ། །རྣ་བའི་མཐར་ཐུགས་པར་བཅིང་པ། །འཕྲལ་བ་གོས་ཀྱིས་དཀྲིས་པ་ནི། །གོས་སམ་ལན་པུས་བཅིང་བྱས ་ལ། །མ་ཤའི་ལྡེ་གུས་བསྐུ་བར་བྱ། དེ་ནས་ནང་དམིགས་ཅི་འདྲ་ལ། །སྣུམ་བསྐོལ་བ་ནི་དྲོད་འཇམ་ཙམ། །དེ་ནི་སྤྱི་བོ་མན་ཆད་ནས། །?་དྲུངས་སོར་གཅིག་ནུབ་ཙམ་བླུགས། །ཁ་དང་སྣ་མཆུལ་ཕྱིན་པར་བཞག་།དེ་ནི་རླུང་སོགས་ནང་རྣམས་ལ། །སྟོང ་ཕྲག་བཅུ་དང་བརྒྱ་དྲུག་བཞག་།ནང་མེད་པ་ལ་སྟོང་ཕྲག་གཅིག། མར་སར་ཕྲག་པ་ལ་སོགས་མཉེ། །དེ་ལྟར་ཞག་བདུན་བླུགས་པར་བྱ། །རྣ་བ་གང་པར་བླུགས་ཏེ་བཞག། རྣ་བའི་རྩ་བ་མཉེ་བར་བྱ། །ནང་རྩེ་ཞིང་ཀྱི་བར་བྱ་ཞིང། །རྣ་བ་སེ་གོལ་བརྒྱ་བར་བཞག། ་བུམ་མོས་གཡས་བའི་ལྷ་?་ནི། །ལག་རྩེས་བསྐོར་བའི་བར་དད་ནི། །མིག་འབྱེད་འཛུམས་ནི་མཉམ་པ་ཡི། །ཡུན་ནི་གྲངས་ཀྱི་ཆད་དུ་བཤད། །སྦྱ་བོར་ཏིལ་མར་སྦྱར་བ་བསྐུས་ནས་ནི། །སྐྲང། །ར་དམར་སེར་སྐྲ་འབྱིན་གཟའ་ཞུགས་དང། །མགོ ་བའི་རླང་ནད་སེལ་ཞིང་དབང་པོ་གསལ། །སྐད་གདངས་འགྲམ་པ་མགོ་ཡི་སྟོབས་སྐྱེད་བྱེད། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།དེ་ན་སྨན་ཀྱི་ཐིགས་པ་མིག་ཏུ་བླུག་པ་དང། །?་གྱིས་མིག་བསྐུ་བའི་ཆོ་གའི་ལེའུ ་བཤད་པར་བྱའོ། །མིག་ནད་དག་མི་ཐམས་ཅད་ལ། །དང་པོར་སྨན་ཐིགས་བླུགས་བས་ནི། །ཟུག་ནག་ཡ་དྲུད་མཆི་མ་འཛག། མིག་ཚ་མིག་དམར་རྣམ་ལ་ཕན། །རླུང་ལ་དྲེན་པོ་བད་དྲོད་འཇམ། །ཁྲག་མཁྲིས་ལ་ནི་དེ་བསིལ་བསྔགས། །རླུང་མེད ་གནས་སུ་འདུག་ནས་ནི། །ལག་པ་གཡོན་པ་མིག་ཕྱང་ལ། །ཉ་ཕྱིས་ནང་སྦྱར་རས་བལ་ནི། །སྙད་བ་ལི་ཐིགས་པ་བླུགས་བྱ་བ། །སོར་གཉིས་ཙམ་སྤངས་ལས་མིག་གྲཝག་ཐིག་པ་བཅུ་འམ་བཅུ་གཉིས་བླུག། །དེ་ནས་གོས་འཇམ་དག་གིས་ཕྱི། །རླུང་དང་བད ་ཀན་ཅན་དག་ལ། །གོས་འཇམ་གཞན་ནི་ཆུ་དྲོན་ལ། །སྤངས་བས་དུག་ནི་འཇམ་བོ་བྱ། །མིག་བླུགས་བས་རབ་ཚ་སྣོས། །ན་ཞིང་མིག་དམར་རྟུལ་བར་འགྱུར། །ཤིན་ཏུ་དྲང་བས་ཟུག་པ་དང། །འཛུམ་མི་ཤེས་དང་ན་བར་འགྱུར། །གྲགས་པས ་མིག་མཆུ་དམར་དང་དྲུང། །སྦུབས་ཅིང་མིག་ནི་འབྱེད་དཀར་འགྱུར། །ཤིན་ཏུ་ཆུད་པས་ནད་སྐྱེལ་བསྐྱེད། །མགོ་བས་ནི་ཐུ་བར་བྱེད། །བསྐུ་ལེགས་གནང་རྩ་སྣ་སུལ་དང། །ཁ་ཡི་སྦུབས་སུ་སྨན་གྱིས་ཁྱབ། །སྤྱི་བོར་གཏོགས་པའི་ནད་ཀྱིས་ནི། ། ་དྲི་མ་ཅིས་ནི་འབྱིན་པར་བྱེད། །དེ་ནས་ལུས་སྦྱངས་མིག་སྨན་བསྐུ། །མིག་ཙམ་ལ་ནི་གནས་གྱུར་པ། །ཅུང་ཟད་སྐྲངས་དང་ཤིན་ཏུ་གཡའ། །རྡུམ་ཆགས་པས་སྨིན་ཤེས་ཤིང། །ཅུང་ཟད་དྲུང་དམར་མཆིམས་ཛག། མིག་རྡུ་སྟུག་ལ་བཏང་བར་བྱ། །བད་ཀན་དང་ནི ་ཁྲག་མཁྲིས་དང། །མཆོག་ཏུ་རླུང་གིས་གཟིར་ལྐབས། །མིག་སྨན་ཕྱི་དང་རྨ་གསོ་དང། །གསལ་བར་མཐོང་སྟེ་རྣམ་པ་གསུམ། །དེ་ལ་ཕྱི་བའི་མིག་སྨན་ནི། །བསྐ་དང་སྐྱུར་དང་ཚ་དང་ཁ། རྨ་གསོ་སྨན་ནི་ཁ་བ་སྟེ། །གསལ་སྨན་མདར་དང་བསིལ་བ་ཡིན། །ཐུར་མ་སོར ་བཅུ་དབུས་འཕྲལ། །རྩེ་མོ་སྲི་ཞི་ཁ་འབུས་འདྲ། །ཕྱི་བའི་ཐུར་མ་ཟངས་ཀྱིས་བསྐགས། །རྨ་གསོ་ལྕགས་ནག་བྱས་སོར་ཙམ། །བཟང་པོ་གསལ་བར་བྱེད་པ་ནི། །གསེར་དང་དངུལ་ལས་བྱས་པ་བསྡགས། །བདར་བུ་ཁུ་བ་ཕྱེ་མ་སྟེ། །མིག་སྨན་རྣམ་གསུམ་ཉིད ་དུ་བརྟགས། །དེ་ནི་མིག་ནང་ལྕི་འབྲིང་དང། །ཡང་བ་ལ་ནི་རིམ་བཞིན་སྦྱར། །མཚན་མོ་ཉལ་དང་ཉི་མའི་གུང། །ཟོས་འཐུངས་ཉི་མ་ཚ་བ་ཡིས། །མིག་གི་ནད་ནི་འཕེལ་བ་དང། །སྐྱེལ་ནི་སྐྱེ་དང་འཁྲུག་པར་འགྱུར། །དེ་བས་དེ་ཞི་ཕྱིར་ན་དགོངས། །ཉི་མ་སྤྲིན ་བྲལ་དུས་སུ་བསྐུ། །གཞན་དག་སྨྲ་བ་ཉིན་པར་ནི། །མིག་སྨན་རྣོན་པོ་བཏང་མི་བྱ། །བཀྲུས་པས་ཉམས་ཆུང་གྱུར་པའི་མིག་།ཉི་མ་བལྟས་ན་གནོད་པར་འགྱུར། །མཚན་མོ་གཉིད་ནི་ལོག་པ་དང། །ཟླ་དུས་ཡིན་པས་ལྟས་འགྱུར་ཏེ། །མིག་ནི་མ་ཡི ་རང་བཞིན་པས། །བསིལ་བས་གནོད་མེད་བསྟན་པར་འགྱུར། །མི་གནད་བད་ཀན་ཤེས་ཆེ་བ་འམ། །ཕྱི་ཞིང་གསལ་བར་བྱ་?། །རབ་ཚ་མིན་པའི་ཉིན་པར་ཡང། །མིག་སྨན་རྣོན་པོ་བླུགས་པར་འདོད། །ལྕགས་ནི་རྡོ་ལས་འབྱུང་བ་ཡིན། །རྣོབ ་དེ་ཉིད་ལས་བྱུང་ཡན། །དེ་ཉིད་ཀྱིས་ནི་གནོད་བྱེད་ནུས། །མིག་གི་རང་བཞིན་དེ་དང་འདྲ། །དགུན་ཚ་མ་ཆེན་མོ་མིག་སྨན་ནི། །རྣོན་པོ་ཕན་པ་མ་ཡིན་ཏེ། འཛག་མི་འགྱུར་བས་མིག་རེངས་དང། །གཡའ་དང་མིག་གསལ་ལ་སོགས་བསྐྱེད། །མིག་སྨན་མི་བཏང་འཇིགས ་དང་སླན། །ཁྲུས་བཏང་ཟན་ཟོས་ཤུགས་ཀྱིས་ཉན། །ཁྲོས་དང་རིམས་བཏབ་མིག་ཕྱིར་ཕྱུང། །གླད་ནད་མྱ་ངན་གཉིད་མ་ལོག། ཉི་མ་མཐོང་མགོ་བཀྲུས་དང། །ཆན་འཐུངས་དུད་པ་?་པ་དང། །ཁ་ཟས་མ་ཞུ་ཉི་ཚན་གདུངས།།ཉིན་ཉལ་སྐོམ་པ་ལ་མི་གཏང། །མིག ་སྨན་རབ་?་འཇམ་དང་ཉུང། །མང་སླ་བསྐ་དང་རྩུབ་པ་དང། །ཤིན་ཏུ་བསིལ་དང་ཚ་བ་ཡི། །མིག་སྨན་བསྐུ་བར་མི་བྱའོ། །དེས་ནས་མིག་ནི་མ་ཕྱེ་བར། །དལ་གྱིས་ནད་པུ་ཁྱབ་པར་བྱ། །མིག་སྨན་བསྐུས་ནས་མིག་ཆུ་ནི། །ཅུང་ཟད་བསྐྱོད་ལ་མིག་སྨན་ནི། །རྣོན་པོ ་མྱུར་དུ་ཁྱབ་པར་འགྱུར། །དབྱེ་དང་མཚུངས་པར་མི་བྱའོ། །མིག་མཆུ་གཉིས་ནི་བསྡམ་པར་བྱ། །བཀྲུ་བ་དག་ནི་མི་བྱ་བའོ། །གང་ཚེ་མིག་སྨན་གྱིས་བསྐུས་པའི། །སྨན་གྱི་རྩོམ་བཞི་འགྱུར་ན། །ནད་ཀྱི་དམིགས་དང་མཐུན་པ་ཡི། །ཆུ་ཡིས་དེ་ཚེ་བ་ཀྲུ་བར་བྱས ་དེ་ནས་གོས་འཇམ་བཅས་པ་ཡི། །མཐེ་བོང་དང་ནི་འཛུབ་མོ་ཡིས། །མིག་ནི་ཅི་རན་ཕྱེ་སྟེ་ཕྱེ། །གཡོན་པས་གཡས་པ་ཕྱི་བར་བྱ། །གཞན་དུ་མིག་སྨན་བླུག་པ་ཡི། །མིག་ཆུ་ཁྱབ་པས་ནད་བསྐྱེད་འགྱུར། །སྨན་གྱི་གཡེ་འབའ་མ་རྟུལ་གྱུར་ན། །རྣོན? ་པོའི་དུད་པ་རྡུར་བར་བྱ། །མིག་སྨན་རྣོན་པོས་ཆ་གྱུར་ན། །སླར་འཆོས་མིག་སྨན་བསིལ་བྱེད་གཞུག་།ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་གསུམ་པའོ།། །།དེ་ནས་མིག་བལྟ་བའི་ཆོག་དང། །མིག་སྨན ་གྱི་ཕུར་མ་བསྲེས་ཤིང་བཙོས་པའི་ཁུ་བ་མིག་དུ་བླུགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །མིག་འཛུམས་མི་ཤེས་རེངས་བག་དང། །སྐམ་དང་རྩུབ་དང་སྣང་བ་དང། །རླུང་མཁྲིས་ནང་གྱུར་ཞུ་མ་བག་དང། །རྫི་མ་བྱི་ཞིང་གཡོགས་པར་མཐོང།། ་དབྱེ་དཀའ་རྩ་ནི་བརྩེ་བ་དང། །མིག་གི་རྩ་འགྱུར་མི་མཐོང་དང། །དམར་ཞིང་མཆི་འཛག་གླང་ཕྱེད་ན། །རླུང་ན་ཀུན་འགྲོ་ལིང་གཏོག་ཅན། །མིག་ནད་རྩེ་ཞིལ་མཆི་མ་འཛད། །ན་ཞིང་དམར་ལ་རྡུལ་མ་ཆགས། །ཐུན་མོངས་དུས་སུ་ནང ་དེར?་མ། །དགོངས་ཀ་གན་རྐྱལ་ཉལ་ནས་ནི། །ལུས་དང་མགོ་སྤྱད་རླུང་མེད་པའི། །གནས་སུ་བལྟ་བའི་སྨན་བཏང་ངོ། །ནས་སམ་མ་ཤའི་རྗེན་ཟན་གྱིས། །མིག་སྦུབས་མཛའ་བསྐོར་མཉམ་པ་ནི། །དབངས་སུ་སོང་གཉིས་བསྟན་བྱས་ལ། །ནད་དམིགས ་ཇི་བཞིན་སྨན་བསྐོལ་ལ། །ཞུན་མར་ཆུ་ཚན་ལ་སྲོས་ཏེ། །མིག་ནི་བཙུམས་པར་བླུག་བར་བྱ། །མཚན་མོ་མི་མཐོང་རླུང་རབ་རིབ། །དབྱེ་དཀའ་སོཌ་ལ་ཚིལ་ཞུན་བླུགས། །རྫི་མིའི་རྩ་ནུབ་པར་བཀད་ལ། །དེ་ནས་བསྐྱོད་ཅིང་དབྱེ་བ་ནི། །དེ་ནི་དལ་གྱིས་བྱེད་དུ ་གཞུག། ཚར་དག་བགྲང་བྱ་དེ་ལ་ནི། །མིག་ཆུ་མིག་འགྲམ་དཀར་ནག་ནད། །གྲངས་བརྒྱ་སུམ་བརྒྱ་ལྔ་བརྒྱ་དང། །བརྒྱ་ཕྲག་བདུན་དང་བརྒྱད་རིམ་བཞིན། །དཀྲུག་དང་རླུང་ལ་གྲངས་སྟོང་སྟེ། །མཁྲིས་པ་ནད་མེད་ལ་དྲུག་བརྒྱ། །བད་ཀན་ལ་ནི་ལྔ་བརྒྱ ་བཞག། དེ་ནས་མིག་འགྲམ་འཛག་སྒོ་བྱ། །སྨན་མར་སྣོད་དུ་གཟགས་བྱས་ལ། །དུད་བརྡུབས་ནས་ནམ་མཁའ་དང། །གཟུགས་འཚོར་བ་ནི་བལྟ་མི་བྱ། །དེ་ལྟར་རླུང་ལ་ཉན་དབྱེ། །མཁྲིས་པ་ཉིན་རེས་པར་དུ་བཅད། །བད་ཀན་བདེར་གནས་གཉིས ་བར་བཅད། །ཚིམ་པར་གྱུར་གྱི་བར་དུ་བཏང། །ཆིམ་པས་གསལ་བར་མཐོང་ནུས་ཤིང། །བདེ་ཞིང་མིག་ཡང་དྲི་མ་མེད། །མཆིམ་པ་ལས་གོ་བཟློག་ཡིན། །ཚིམ་གྲགས་བད་ཀན་ནད་བསྐྱེད་འགྱར། །དེ་ནི་ལུས་ཀྱི་སྣུམ་འཐུང་ལྟར།། མི ་གསལ་མཐོང་བ་ཉམས་ཆུང་འགྱུར། །དེ་བས་ལྟ་བའི་རྗེས་ལ་ནི། །མཐོང་བའི་སྟོབས་ནི་སྐྱེད་བྱེད་པ། །སྔར་བཤད་པ་ཡི་མིག་ལ། །ཕུར་མ་བཅོས་པ་སྦྱར་བར་བྱ། །དེ་ནི་རླུང་ལས་སྣམ་ཅན་ཏེ། །བད་ཀན་བཅས་ཏེ་ཕྱི་བ་ཕན། །མཐོང་ཉམས ་རླུང་དང་མཁྲིས་བཅས་དང། །ཁྲག་མཁྲིས་པ་དེ་གནས་ལ་གསལ་བྱེད། །ཁུང་ནས་མཐུས་ཚོལ་སླན་ཅན་གྱི། །ཚིལ་དད་རྐང་དང་ཞག་བརློན། །འོ་མ་དག་དང་བཏགས་པ་དང། །འཚོ་བྱེད་དག་དང་སྐྱར་བའི་སྣུམ། །རིམ་རགས་བྱ་ཡི་མཆར་བཤད་? ་ཏིག་ལྕགས་ཟངས་རྒྱ་མཚོ་དུད། །རྒྱ་མཚོའི་ཝུ་བ་ལིག་བུ་མིག། །བ་བླ་ཞིག་ཆུ་སྦྱར་ཕྱིར། །རི་དགས་བྱ་ཡི་མཚར་བ་རྐང། །ལྟོ་ཚིལ་རྒྱུ་མ་སྙེད་དད་ཤ། །མངར་བག་མར་བཅས་ནུ་ཞོས་སྦྱར། །བཏགས་པ་གསལ་བར་བྱེད་པ་ཡིན། །ཤ་དང་སྨན་གྱི་ལྡེ ་གུ་ནི། །གོང་བུ་སྲད་བ་ཅིག་སོ་སོར་བྱས། །ེ་ར་ཎ་ནྱ་གྲོ་པདྨ་ཡི། །འོ་མ་སྣུམ་པོས་རིམ་བཞིན་དུ། །དཀྲིས་ལ་འཇིམ་པས་བྱུགས་ལ་ནི། །?་དགོན་བའི་ལྕི་བའི་མེ། །འབར་བར་ཡི་དམ་སུ་བསག་པར་བྱ། །ཆོས་ནས་དེ་ཡི་ཁུ་བ་བཅིང?། །མིག ་ཏུ་བལྟ་བའི་སྨན་ལྟར་བླུགས། །ཕྱི་དང་སྣུམ་དད་གསལ་བ་ལས། །བརྒྱ་ཕྲག་གཅིག་གཉིས་གསུམ་པར་བཞག་།དད་པར་དྲོ་འཇམ་ཕྱི་ལྒསིལ་བླུགས། །དེ་གཉིས་རྗེས་ལ་དུད་པས་རྡུབ། །དེ་ནི་སྦྱོར་བ་བལྟ་དང་མཆུངས། །བལྟ་དང་ཕུར་བཙོས་ཐིགས་པ ་བླུག། སྣ་སྨན་མི་བྱ་ལ་མི་བཏང། །ཇི་སྲིད་དུས་ནི་སྨན་གཏོང་བ། །དེ་ཡི་ཉིས་འགྱུར་ཕྲོད་པ་བཟང། །མེ་ཏོག་ཛཱ་ཏི་མ་?་ཀས། །མིག་གཅིངས་མཚན་མོ་གནས་པ་རབ། །སྣ་སྨན་མིག་སྨན་བལྟ་བ་ལ་སོགས་པས། །མིག་མཐུར་བསྐྱེད་ཕྱིར་ཀུན་ཏུ་འབད ་པར་བྱ། །མཐོང་བ་ཉམས་ན་འགྲོ་བ་སྣ་ཚོགས་བ་དང། །མུན་བའི་རང་བཞིན་ཚུལ་ཅིག་ཉིད་དུ་འགྱུར། །ཡན་ལགས་རྒྱད་བའི་སྙིད་པོར་སྡུས་པ་ལས། །མདའ་གནས་ཀྱི་ལེའུ་ཉི་ཤུ་རྩ་བཞི་བའོ།། །།དེ་ནས་ཆ་དབྱད་ཀྱི་ཆོ་གའི་ལེའུ་བཤད་པར ་བྱའི། །ཟུག་རྡུ་རྣམ་པ་སྣ་ཚོགས་དང། །ལུས་ནི་སྣ་ཚོགས་གནོད་བྱེད་པ། །འབྱིན་བའི་ཐབས་སུ་གང་འགྱུར་བ་ཡི། །དབྱད་ཡིན་དེ་བཞིན་གཞང་འབྲུམ་དང། །མཚན་བར་རྡོལ་སོགས་ལྔ་བ་དང། །བ་ཙག་བུ་ཐལ་སྨན་མ་བཏབ་བའི་?་ཡན་ལག ་ལྷག་མ་བསྲུང་ཕྱིར་དང། །མས་བཏང་ལ་སོགས་དཔྱད་མ་རྟོགས། །བུམ་པ་ཀུ་བ་ར་དང་ནི། །འཛམ་བུའི་ཚུལ་སོགས་དཔྱད་ཡིན། །གང་ཕྱིར་ཆ་དཔྱད་ཆོག་བཞིན། །སྣ་ཚོགས་ཚུལ་དུ་གདང་བྱ་བ། །བློ་ཡིས་རྣམ་དཔྱད་བྱ་བ་ནི། ་རགས་རིམས་ཙམ་ཞིག་བསྟན་པ་ཡིན། །སེང་ག་ཀང་ཀ་དོམ་བྱ་རོག། རི་དགས་བྱ་སོགས་ཁ་འདྲ་བའི། །མཆུ་ཅན་ཆ་དཔྱད་བྱས་ནས་ནི། །དེ་ཡི་མིང་ཡང་གདགས་པར་བྱ། །ཕལ་ཆེར་ལྕགས་ཀྱི་རྒྱུ་ལས་ནི། །སྲིད་དུ་སོར་ནི་བཅོ་བརྒྱད་པ། །སྐམ་པ ་འབྲེལ་པའི་མཚམས་སུ་ནི། །སྲན་ཆུང་ལྟ་བུའི་གཟེར་བཏབ་པ། །རྩ་བ་ལྕགས་ཀྱུ་ལྟར་གུག་པའི། །ཆ་དཔྱད་བདེ་ལེགས་ཡིན་ཞེས་བྱ། །རྩེ་མོ་གཡུང་དྲུང་ལྟ་བུའོ། །དེ་ནི་བརྟན་པར་དུས་ཟུག་པའི། །ཟུག་རྡུ་འབྱིན་ལ་སྦྱར་བར་བྱ། །གཟེར་བཏབ་རྩེ་མོ ་གྱིས་བ་དག། སྐམ་པ་ཡིན་ཏེ་སོར་བཅུ་དྲུག་།དེར་ནི་པགས་པ་རྩ་རྒྱུས་ཤར། །ཞེན་པའི་ཟུག་རྡུ་འབྱིན་ལ་སྦྱར། །སྐམ་པ་སོར་དྲུག་ཟུག་རྡུ་ཕྲ། །རྫི་མ་མ་རུངས་འབྱིན་ལ་སྦྱར། །སོ་འཕྲ་དྲང་ཞང་རྩ་བ་ནི། །གདུ་བུས་བརྒྱན་པ་མུ་རྩུ་ཏི། །དེས་རྨ་གཏིང་དུ་ཟག ་པ་དང། །མིག་ག་ཛེར?་གཏིང་དུ་ལུས་ལ་སྦྱར། །ཉ་མགོ་འདྲ་བ་སོར་བཅུ་གཉིས། །ཆ་དཔྱད་གཉིས་པ་གཅིག་པ་བྱ། །ཉ་མགོ་ལྟ་བུ་ཞེས་བཤད་དེ། །རྣ་ཁུ་ཟུག་རྡུ་འབྱིན་ལ་སྦྱར། །ཆ་དཔྱད་སྦུ་གུ་ཙན་ཁོང་སྟོང། །རྩེ་མོ་གཅིག་རྐམ་མང་པོ་བྱ། །དེས་ནི་བུ ་གའི་ཟུག་རྡུ་དང། །ནང་ཡོད་བལྟ་དང་དབྱུང་བ་དང། །བྱ་བ་སླ་བར་བྱ་ཕྱིར་དང། དགང་བར་བྱ་བའི་དོན་དུ་བྱ། །དེ་ཡི་ཞིང་དང་སྦོམ་སྲིད་ཚང། །བུ་གའི་ཚད་ལས་དཔག་པར་བྱ། །སྲིད་དུ་སོར་བཅུ་སྦོམས་སོར་ལྔ། །གྱི?་བའི་ཟུག་རྡུ་རྟོག་བྱེད་ཡིན། །རྩེ་མོ་ལྔ་པ ་བུ་གཅན། །རྩེ་མོ་བཞི་པ་སྤྱི་འདུད་བྱ། །ཆ་དཔྱད་ཐུར་མ་གཉིས་པ་ནི། །མུག་གསུམ་པ་དེ་ཡི་ཚད། །ཆ་དཔྱད་བྱ་བ་རང་དབྱིབས་དང། །སྡོམ་དང་ཆུང་ཡི་ཚད་?་མཉམ་པའི། །སྤུ?་གུ་དེ་འདྲ་གཞན་དག་ཀྱང། །ཚ་དཔྱད་ཤེས་བ་བྱེད་དུ་གཞུག་རྩེ་མོ ་པདྨའི་སྙིང་པོ་འདྲ། །སྲིད་དུ་སོར་ནི་བཅུ་གཉིས་པ། །བཞི་ཆ་ཁོང་སྟོང་བྱས་སྤུ་གུ། ཟུག་རྡུ་འབྱིན་པ་ཡིན་པར་བཤད། །གཞང་འབྲུམ་ཆ་སྤྱད་པ་ཡི་ནི། །ནུ་སོང་འདྲ་བ་སོར་བཞི་པ། །སྐྱེས་པའི་སོར་ལྔས?་འཁྱུད་པ་སྟེ། །བུད་མེད་སོར་དྲུག་གིས་འཁྱུད་བྱ། །ནད་བལྟར་ལ ་སྡུག?་གཉིས། །ལས་ལ་?་གཅིག་པ་བྱ། །དབུས་ཀྱི་བུག་སོར་གསུམ་པ། །མཐེ་བོང་ཤོད་པ་ཙམ་དུ་བྱས། །དེ་སྟེང་རྩེ་མོ་ཟླུམ་པོ་ནི། །དཔངས་སུ་སོར་ནི་ཕྱེད་པ་བྱ། །ཁར་དཀྲོལ་དེ་འདྲ་བུག་མེད། །ཆ་དཔྱད་གཞང་འབྲུམ་བརྩིར་ལ་སྦྱར། །མཚན་མར་རྡོལ་ལ་རྣམ་ཀུན་ཏུ།། ་བུ་གཡན་ཆད་བསལ་བར་བྱ། །སྣ་ཡི་ཤུ་བའི་འབྲུམ་པ་ལས། །བུག་གཅིག་པ་སོར་གཉིས་བྱ། །ཞེངས་དུ་འཛུབ་མོའི་ཚད་ཙམ་ལ། །མཚན་མར་རྡོ་གྱི་དཔྱད་འདྲར་བྱ། །སོར་མོ་བསྲུང་ཕྱིར་བ་སོ་འམ། །ཤིང་གི་ཤུབས་ནི་སེར་བཞི་བྱ། །?་ཡི་ནུམ་དྲ་བུག་གཉིས། ། ་དེ་ཡི་ཁ་ནི་དབྱེ་བར་བྱ། །མོ་མཆན་རྨ་བཏག་དབུས་སུ་ནི། །ཁོང་སྟོང་སོར་ནི་བཅུ་དྲུག་པ། །ཕྱོགས་བཞིར་གདུ་བུས་བཅིང་བར་བྱ། །རྩེ་མོ་པདྨ་ཁ་ཟླུམ་འདྲ། །ཐུར་མ་བཞི་ནི་མནན་པ་ཡི། །རྩ་བ་བསྡམས་?་དབྱེ་བྱ། །ཆ་དཔྱད་འཛམ་རྩི་སྦུབས་འདྲ་ལ། །རྩུབ་འཐེབ ་ཤོད་ཅེ་སྲན་ཤོད། །རྩེ་མོ་འགག་པ་མེད་པ་ལ། །རྩ་བར་དཔགས་འཇམ་རྒྱལ་བུ་བཅིང། །རྣ་ཡི་ཕུག་ནི་འཆས་པ་དང། །སྨན་བཀྲུ་བ་ལ་སྦྱར་བར་བྱ། །འོད་མའི་སྤུ་གཱུམ་སྒྲོ་རྩ་ནི། །འདྲ་བ་ཁ་གཉིས་མུ་རྫིང་དཔྱད། །དུད་པས་མས་བཏང་ལ་སོགས་སྤྱད།། ་རང་རང་གི་ནི་སྐབས་སུ་སྨྲས། །རྔབ?་སར་ཁ་ཞེང་སོར་གསུམ་པ། །སྤངས་སུ་སོར་བརྒྱན་པ་ལམ་བཅུ། །རྩེ་མོའི་བུ་གཡུངས་ཀར་ཤོད། །ལགས་བཀག་ནུ་སོར་དབྱིབས་འདྲ་བྱ། །བསྐུ་བ་སྲིད་དུ་སོར་བཅུ་གཉིས། ། ཁྱུད་བསྐོར་སོར་ནི་བཅོ་བརྒྱད་པ། །ཁ་ཟླུམ་སོར་ནི ་གསུམ་མམ་བཞི། །ནང་པར་བད་ཀན་ཁྲག་འདྲེན་བྱེད། །དེ་བཞིན་བུམ་པ་དེ་འདྲ་བ། །གླན་པས་སྐྲན་ཡང་འཇུ་བར་བྱེད། །ཐུར་མ་ཞེས་བྱའི་ཆ་བྱེད་ནི། །ལས་དང་དབྱིབས་ནི་སྣ་ཚོགས་པ། །ཅི་རིགས་པ་ཡི་ཚད་ལྡན་བྱ། །དེ་ལ་རྨ་ཚོལ་ལས་ལ་གཉིས། །སྲིན ་བུ་རྟ་སླ་?་དབྱིབས། །བུ་གའི་ནད་གི་ཟུག་རྔུ་འབྱིན། །ཁ་ནི་སྲན་ཆུར་བྱེད་འདྲ་གཉིས། །སོར་བརྒྱད་པ་དད་དབུ་པའི་ཚད། །ཐུར་མ་དྲུག་སྟེ་དེ་ལ་གཉིས། །སར་ནི་བཅུ་གཉིས་བཅུ་དྲུག་པ། །ཐལ་སྨན་བཏང་བསྦྲུལ་ཁ་འདྲ། །གཉིས་པོ་སོར་? ་གཉིས་བཅུ་པ། །བསྐུལ་དཔྱད་ཁ་ནི?་མདའ་སྟོང་འདྲ། །འབྱིན་པའི་ཆ་དཔྱད་ལྕགས་ཀྱུའི་དབྱིབས། །ཕུར་པ་རྩམ་གུག་པ་ནི། །མངལ་གྱི་ཕུར་བ་ཞེས་བྱ་སྟེ། །སྲིད་དུ་སོར་བརྒྱད་བྱས་པ་དེས། །བུད་མེད་མངལ་དུ་བུ་ཤི་དབྱུང། །རྡེའུ་འབྱིན་ཆ་དཔྱད་སྤྲུལ་མགོ་?།། ་གདེངས་ཀ་འདྲ་ལ་རྩེ་གུག་པའོ། །མདའ་སྟོང་འདྲ་ལ་སོར་བཞི་པ། །སོ་དབྱུང་བ་ལ་?་བར་བྱ། །རྩེ་མོ་རས་བལ་གྱིས་དཀྲིས་བའི། །ཕྱི་གསལ་ཐུར་མ་དྲུག་བྱའོ། །གཞད་གི་ཉེ་རང་ནད་ལ་གཉིས། །སོར་བཅུ་པ་དང་བཅུ་གཉིས་པ། །སྣ་ཡི་སོར་དྲུག ་བདུན་པ་གཉིས། །རྣ་བའི་སོར་བརྒྱད་དགུ་པ་གཉིས། །རྣ་བ་བསལ་ལ་ཨ་ཤདཐའི། །རྩེའམ་བླུགས?་པར་ཁ་འདྲ་བྱ། །ཐུར་མ་འཛམ་བུའི་ཐོར་ཏོ་འདྲ། །ཐལ་སྨན་མེ་བཙལ་སོ་སོར་གསུམ། །འཕྲ་སྦོམ་རིམ་བཞིན་སྦྱར་བར་བྱ། །རྒྱུ་མའི་ལས་ལ་ཐུར ་མ་ནི། །ཁར་བ་འདྲ་ཞིང་དབུས་ཟླུམ་ལ། །རྩ་བཟླ་བ་ཕྱེད་འདྲ་བྱ། །རྒྱ་ཤུག་ཚིག་གུ་?་འདྲ་བ། །སྣ་ཡི་ཐར་ཏོ་འབྲུམ་སྲེགས་བྱེད། །སོར་བརྒྱད་པ་ལ་རྩེ་མོ་ལྕོང། །གསུམ་པ་ཐལ་སྨན་སྨན་རིམ་ལ། །མཐེའུ་ཆུང་གུང?་མོ་སྲིན་ལག་གི་།སེན ་མོ་ལྟ་བུའི་སོ་བྱས་པའོ། །ཕོ?་མཚན་སྤྱད་དང་མིག་སྨན་སོགས། །ཆ་དཔྱད་རང་རང་ལེའུར་བཤད། །ཉེ་བའི་ཆ་དཔྱད་?་ལོད་དང། །ཐག་པ་རས་དང་ཐོ་བ་དང། །འབྲེང་བུ་རྒྱུད་མ་ལྕེ་རྟ་ལྔ། །ཡལ་གསེན་མོ་ཁ་སོ་དང། །དུས་དང་སྨིན་དང་ལག ་རྐང་པ། །འཇིགས་དང་དཀའ་བ་དེའི་བྱ་བའི། །བྱེ་བྲག་ཐབས་ནི་ཤེས་པའོ་མཁས་པས་བློ་ལིས་དཔྱད་པར་བྱ། །ཆ་དཔྱད་གདུད་སྐུ?་བདག་དང་དགུན་སྲད་དག་བྱ་དང། །ཐལ་སྨན་གང་?་མཚོན་དབྱུང་བཅིར་འདབ་ཅིར་བ་དང། །གཞི་ལ་དང་སྨད་དང་བསྟོད ་དང་བསྐྱོད་དང་བཅག་པ་དང། །བཟློག་དང་དྲང་པོར་བྱ་བ་ཆ་དཔྱད་ལས་རྣམས་ཡིན། །ལེགས་པར་ཟུག་ཅིག་འབྱིན་པ་བྱེད་པ་དང་གཟུང་བྱ་བླངས་ནས་འབྱིན་པར་བྱེད་ཕྱིར་དང། །ཡན་ལག་ཀུན་ལ་གནོད་པ་མེད་པ་ནས། །ཆ་དཔྱད་ཀུན་གྱི་མཆོག་ནི་ཀངཀའི ་མཆུ། །ཡན་ལག་བརྒྱད་པའི་སྙིང་པོ་ལ་སྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་གཏར་དཔྱད་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །མགར་བ་མཁས་པས་ཆོ་ག་བཞིན། །བརྡུངས་པའི་གཏར་དཔྱད་ཉི་ཤུ་དྲུབ། །སྤུ་ནི་ཆོད ་པར་ནུས་པ་དག་།ཕལ་ཆེར་སོར་ནི་དྲུག་པར་བྱ། །གཟུགས་ལེགས་སོ་ནི་ལེགས་པ་དང། །བཟུང་བར་བདེ་ཁ་ཉིད་དུ་བྱ། །ཡ་ཡོ་མེད་ཅིང་ཐར་ལེགས་པའི། །ཤིན་ཏུ་རྣོ་བའི་ལྕགས་ལ་བྱས། །རྩེ་མོ་ཤིན་ཏུ་ལགས་བརྡུངས་པ། །ུཏཔལ་སྔན་པའི ་མདོག་འདྲ་བའི། །རང་སྨིན་རྗེས་མཐུན་གཟུགས་ཅན་ནི། །རྟག་ཏུ་ཉེ་བར་བཞག་པར་བྱ། །རྩེ་མོ་རེ་རེ་དག་ལ་ཡང། །རང་ཚོད་སོར་ཕྱེད་གཉིས་དང་བཞི། །ཕལ་ཆར་གཉིས་དང་གསུམ་དུ་བྱ། །དེ་ནས་ཁྱད་པར་དག་ལ་སྦྱར། །དེ་ལས་དཀྱིལ ་འཁོར་འདྲ་བའི་རྩེ། །མཛུབ་སེན་ནད་གི་དབྱིབས་འདྲར་བྱ། །དེ་ནི་རྙིལ་སྐྱེས་ལྐོག་མ་ཡི། །ཤ་ལྷག་ལ་སོགས་གཞར་དཔྱད་སྦྱར། །འཕེལ་བཙགས་སྤུ་གྲིའི་དཔྱད་པར་ལྟ་བུ། །གཅོད་དང་དྲལ་དང་འབྱིན་པ་སྦྱར། །རྩེ་དྲང་སྐྲངས་ནད་མཐོ་བ་དང ་ཟབ་པ་ལས་སྦྱར་དེ་ལས་གཞན། །ལྷག་པ་རིང་ཞིང་རྩ་གུག་པ། །སོ་ཐུང་ན་ཚུལ་ཇི་བཞིན་སྐྱར། །ུཏཔ་ལ་དང་སོར་ཕྱེད་ཀྱིས། །བྲལ་དང་དེ་བཞིན་དཔྱད་པར་བྱ། །སྤྲུལ་ཁ་རྩེ་སོར་ཕྱད་རྣ་བ། །སྣ་ཡི་ཐོར་བུ་དཔྱད་ལ་སྦྱར། །རྨ་ཚོལ་འཇམ ་པོ་བལྟ་སླ་བའི། །མགོ་བོ་འདྲས་ཞལ་བརྟག་པར་བྱ། །དེ་ལས་གཞན་པ་ཁ་བརྩེ་འདྲ། །རྩེ་སྦུག་ཅན་ནི་དབུགས་དང་སྦྱར། །ལྕང་མའི་ལོ་འདྲ། འབིགས་པ་ལ། །ཤ་རིའི་ཆུ་འདྲ་མདའ་བུ་གི། ཁ་འདྲ་རྩེ་གསུམ་ཁྲག་གཟགས?་ལ། །འཇག་རྩེ་ཨ ་ཏིའི་མཆུ་འདྲ་བ། །འབྲས་བུ་སེར་གཉིས་ཁྲག་འབྱིན་ལ། །དེ་འདྲའི་སོ་ནི་ནང་དུ་བལྟ། །བཅག་འབྲས་ཟླ་བ་ཁམ་པ་འདྲ། །སོར་ནི་ཕྱེད་དང་གཉིས་ཡོད་བྱ། །རྩེ་མོ་འབྲས་དང་?་ལ། །སོར་ནི་ཕྱེད་དང་གཉིས་ཡོད ་གང། །དེ་ནི་རྩ་ལྟོའི་ནང་ལ་སྦྱར། །སྟ་རེ་སྤངས་འདྲ་བ་ལང་སོ། །འདྲ་བའི་བཙག་བྲས་རྒྱར་ནི་སོར་ཕྱེད་བ། །དེ་ཡི་ཡུ་བྱེད་བསྟན་པ། །རུས་པའི་སྟེད་གནས་རྩ་ལ་གདབ། །ཟངས་མའི་ཐུར་མ་རྩེ་གཉིས་པ། །རྩེ་མོ་མེ་ཏོག་ཁ་འབུས་འདྲ། །དེ ་ཡིས་མཐོང་ཉམས་མིག་སྤྲིན་དབུགས། །རྒྱ་འདྲའི་བཙག་བུ་བྱ་བ་ནི། །སོར་གདུབ་འདྲ་ལས་ཁ་བྱུང་བ། །བཅག་བྲས་རྒྱར་ནི་སོར་ཕྱེད་པ། །རིགས་པས་འཕེལ་བཅིག་ལྟ་བཱུམ། །དཀྱིལ་འཁོར་ལྟ་བུའི་རྩེ་འདྲ་བྱ། །དེ་ནི་འཛུམ་མོའི་ཐོར་ཏོ ་ལ། །གདགས་སུ་རུང་བའི་སྐྱ་འདྲ་བྱ། །སྲས་བུས་བསྟོད་ལ་གྲོ་བའི་ནང། །ནད་རྣམས་བཅད་དང་གྲལ་ལ་སྦྱར། །གྲེ་བའི་ཤ་ལྷག་ཐོར་ཚུགས་འཛིན། །ལྕགས་ཀྱུ་རྩེ་མོ་ལེགས་གུག་བྱ། །རུས་པ་གཅོད་པའི་སོག་ལེ་ནི། །སྲིད་དུ་སོར་བཅུ ་ཞེང་སོར་གཉིས། །སོ་རྣམས་འཕྲ་ཞིང་རབ་ཏུ་རྣོ། །ཡུ་བ་ཆང་བཟུངས་ལེགས་པར་བྱ། །རྨ་ཡི་ཆུ་རྒྱས་སྐྲ་བཅད་པའི། །ཆན་པ་ཆན་པ་འདྲ་བར་བྱ། །སོ་ཡི་སོ་དྲང་ཁ་གཉིས་པའི། །སེན་མོའི་འདྲག་བཅད་སོར་དགུ་ལ། །ཟུག་རྡུ་འཕྲ ་འབྱུང་བཅད་བ་དང། །དྲལ་དང་དབུགས་དང་ཕྱི་བར་བྱ། །ཟུར་བ་ཞི་པ་ལ་སོར་གཅིག་པ། །དབྱིབས་ནི་ཀུན་ཏུ་གཅིག་འདྲ་གསོ་བྱི་བ་ཡི་བཙགས་དཔྱེད་སྟེ། །སོ་ཡི་དྲེག་པ་ཕྱི་བར་བྱ། །ཁབ་ནི་མགོ་ཟླུམ་མི་ཟབས་ཆེ། །མཁྲད་པ་གསུམ་བྱེད ་ལས་ནི། །ཤ་ཆེ་བ་ཡི་ཕྱོགས་སུ་ནི། །ཟུར་གསུམ་སྲིད་དུ་སོར་གསུམ་པས། །ཤ་ཆུང་པ་དང་རུས་ཚིགས་ན། །རྣ་ཡོད་པ་ལ་སྲིད་སོར་གཉིས་།ཞུ་དད་མ་ཞུའི་གནས་གནད་རྨའི། །ཁབ་རྩ་འབྲས་དབྱིབས་གཞུ་ལྟར་དགུ། །སྲིད་དུ་སོར་ནི་བྱེད་དང་གསུཾ། ་ཁབ་ནི་བདུན་དང་བརྒྱད་ཀུན་ཡང། །ཟླུམ་པོ་སོར་ནི་ལེགས་སྦམ་པ། །ཁྲི་གཅིག་ལ་གཙུགས་པར་འདྲ་བ་།བཙན་སྡོ་གདོང་ནད་ཐིག་ལེ་གནག་།སྐྲ་འབྱི་བ་ལ་བཙག་པར་བྱ། །ཁ་བརྒྱར་ཟླུམ་པ་སོང་བྱེད་པ། །གཅིག་ཏུ་སྦམས་ལ་གཟར་བུ་འདྲ། །ལག་པ་གཉིས་ཀྱིས། །བཙུགས་ནས ་ནི། །དེ་ཡིས་སྣ་ཡི་ཁྲག་དབྱུང་ངོ། །རྩ་ཤལ་དབུགས་པའི་སྙུད?་བུ་ནི། །ཡུ་ཏི་ཀ་ཡི་ཁ་འབུས་འབྲ། །སྙུང་བུ་སོར་ནི་ཕྱེད་པར་བྱ། །དེ་ཡི་ཚད་དབུགས་དེ་ཡན་ཆད། །ཟུར་བཞི་བར་བྱས་དེ་ཡི་ནི། །སྐྲངས་སྨིན་མ་སྨིན་དོགས་ལ་དབུགས། །རྣ་དྲུང་ཤ་ནི་སྟུག་པོ་དབུགས། །སྙུང ་བུ་ཁ་ནི་སྦོམ་པོ་ལ། །སུམ་ཆ་སྦུ་གུ་ཡོད་བྱས་པ། །སོར་གསུམ་པ་ཡིས་རྣ་བ་དབུག། པདྨའི་ཐལ་སྨན་མེ་བཙའ་དང། །འཆིད་བུ་རྡོ་དུམ་སེན་མོ་སོགས། །ལྕགས་མིན་གཏར་དཔྱད་ཕྲ་མོ་སྟེ། །དེ་ཡང་དེ་བཞིན་སྦྱར་བར་བྱ། །ཆ་དཔྱད་འཁྲུལ་འཁོར་སོགས་བས་གྱེད།། ་མཁོ་བ་ནད་ཀྱི་དབྱིབས་དང་སྦྱར། །འདྲེན་དང་འབྱིན་དང་དྲལ་དང་འདྲུབ། །དམིགས་ཚོལ་ཆི་བསལ་ཞལ་ཞལ་གདབ། །བཙག་དབྱེད་གཤེག་དབུག་རྩུབ་པ་དང། །བཟུང་སྲེག་དེ་ཡི་བྱ་བ་ཡིན། །བཅད་དང་དྲལ་དང་ཕྱི་བའི་ཕྱིར། །དཔྱད་ཀྱི་བཙག་འབྲས་རྩ་བའི་བར། །མཛུབ ་མོ་གུད་མོ་མཐེ་བ་མོ་ཡིས། །མ་ཡོངས་པ་དང་ལེགས་པར་གཟུང། །གཏར་ག་གདབ་ཕྱིར་རྩེ་མོའི་དྲུང། །མཛུབ་མོ་དང་ནི་མཐོ་བོས་བཟུང། །འབྲས་འདྲ་བ་ཡི་ཡུ་བ་ནི། །ཆད་བར་བཅུག་སྟེ་རྩེ་མོ་གདབ། །དབྱུང་དོན་ཡུ་བ་ནས་བཟུང་བྱ། །གཞན་དག་བྱ་བ་གང་བདེར་བྱ། །ལྟ ་དཔྱད་སྣ་ཚོགས་དག་གི་སྣོད། །གསོ་རས་བལ་སྣམ་མེན་དྲི་འམ། །པགས་འཇམ་དུ་ཀཱུ་ལ་?་བྱེད། །རབ་ཏུ་སྟུག་བཞེང་སོར་དགུ་།སྲིད་དུ་སོར་ནི་བཅུ་གཉིས་པ། །བལ་གྱིས་བར་བཅད་དབྱེད་བཅུག་ལ། །ལེགས་པར་བཞག་སྟེ་གྲུབ་བ་དང། །ཐུར་མས་ཁ་ནི་རྒྱུ་བར ་བྱ། །སྲིན་བུ་པདྨ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྤྱད་པར་བྱ། །ཆུ་ནང་ཉ་དང་སྦལ་སོགས་དང། །མི་རོའི་དྲི་མ་རྣག་ལས་བྱུང། །དམར་དང་དཀར་དང་ཤིན་ཏུ་གནག། མི་སྲུན་སྦོམ་དང་འཕྱིལ་བ་དང། །འཇའ་ཚོན་དང་?་སྟོག་?་ཡོད་དེ་རྣམས་དྲུག་ཅན་ཡིད།། ་སྤང་བྱ་དེས་ནི་ཁྲག་བཞིབས་ན། །གཡའ་ནག་འཛག་རིམས་མགོ་འཁོར་བསྐྱེད། །དེ་ལ་དུགས་ཁྲག་མཁྲིས་གསོ་བྱ། །ཆུ་མདོག་རྣམས་པར་གསོལ་བ་དང། །དུག་མེད་ཉ་ལྕིབས་མེད་ལས་བྱུང། །རྩ་སྣར་རོ་སྟོང་སྡོ་བཀྲ་ཟླུམ། །རྒྱབ་ཏུ་དུར་མིག་འདྲ་ལུས ་?་ལྟོ་ནི་ཅུང་ཟད་ཟེར་བ་བཟང། །དེ་ཡང་ལེགས་པར་མ་སྐྱུགས་དང། །རྟག་ཏུ་འཐུང་དུ་བཅུག་པ་དག། ཆུ་ནང་ཞུགས་ཏེ་ནུབ་པ་ནི། །ཁྲག་གིས་མྱོས་པ་ཡིན་བས་སྤང། །དེ་ནས་ཅིག་ཤོས་སྐྱེར་པ་བཏགས། །ཆུ་སྦྱར་བ་ཡི་ནང་དུ་གཞུག་།གཉྫི་འམ་དེར་བའི་ནང་དུ ་གཞུག་།སླར་ཡང་ཆུར་ནི་དབུགས་ཕྱུང་ནས། །མར་རམས་ཞག་ནུ་ཞོ་འམ། །ཁྲག་གི་ཐིགས་པ་བསྐུས་འཐུང་གཞུག། འཐུངས་ཚོ་རོ་བསྟོད་མཐེང་གྱུར་ན། །རས་སམ་སྲབ་མོས་གཡོག་པར་བྱ། །ཁྲག་ནི་བཟང་ངན་འདྲེས་པ་ལས། །པདྨ་དང་པོར་ནང་ཁྲག་ནི། །འཐུངས ་ཏེ་དང་བའི་འོ་མ་དང། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །སོ་ཡིས་འདེབས་པའམ་གཡའ་གྱུར་ན། །དེ་ནི་སླར་བྱུང་སྐྱུག་ཏུ་གཞུག་།རྒྱམ་ཚ་ཏིལ་མར་གྱིས་ཁ་བསྐུ་།ཕྱེ་མ་འཇམ་པོ་རྒྱབ་ཏུ་གཏོར། །སླར་ཡང་ཞག་བདུན་བར་དུ་ནི། །ཁྲག་མྱོས་བསྲུང་ལ་འཐུང ་མི་གཞུག་།སྲིན་བུ་པདྨ་ལེགས་སྐྱུགས་ན། །སྔོན་བཞིན་ཁོང་དྲི་མས་བརྟན་པར་འགྱུར?། །དྲགས་ནད་ལ་ཞིང་སྙོམས་ལྕི་འགྱུར། །སྐྱུགས་མ་ལེགས་ན་རེངས་བྱོས་འགྱུར། །བུམ་པ་ཆུ་དང་ས་བླུག་པ། །གཞན་དང་གཞན་དུ་གཞག་པར་བྱ། །ཁ་ཆུ་རུལ་བག་སྦྱང ་ཕྱིར་བྱ། །གཞན་དུ་དུག་དང་བཅས་བར་འགྱུར། །མ་དག་པའམ་ཁྲག་མ་ཕྱུང། །སྐྱེར་པ་བུར་མ་སྦྲང་རྩིས་བསྐུས། །ལན་བརྒྱར་བཀྲུས་མར་རས་བལ་ཕྱིས། །ཡིའུས?་བྱུག་ལ་སྨན་བསིལ་བསྐུ། །ནད་ཀྱི་ཁྲག་དང་བྲལ་འགྱུར་ན། །འཕྲལ་དུ་རྩ་དམར་ནད་མེད་འགྱུར། ་མདག་གནས་ནས་བསྐྱོད་གྱུར་པ། །རྨ་ཡི་གནས་སུ་འདུག་པའི་ཁྲག་ཞག་ལོན་ན་ནི་གནགས་པར་འགྱུར། །དེ་བས་དེ་ནི་སྤར་དབྱུང་ངོ། །མཁྲིས་རྒྱས་ཁྲག་གི་ནང་ལ་ནི། །ཀུ་བ་བུམ་པ་སྦྱར་མི་བྱ། །དེ་གཉིས་མེ་དང་བཅས་པ་ཡིན། །རླུང་དང་བད་ཀན་ལ་སྦྱར་བྱ། །བད ་ཀན་ལས་གྱུར་ནད་ཁྲག་ནི། །བསྐབས་རྔབས་རུ་བཞི་པ་མི་བྱ། །རླུང་དང་མཁྲིས་པ་ལས་གྱུར་ཁྲག་?་རུས་བཞིབས་ཏེ་དབུང་བར་བྱ། །ལུས་ཀྱི་གོང་དུ་སྤང་བུ་འམ། །རས་ཀྱིས་དམ་དུ་བཅིངས་ནས་ནི། །ཆུབ་ཚོགས་རུས་གནས་རྣམས་ནི། །དོར་དེ་ཞལ་ཞལ་གདབ་པར་བྱ། །གྱེན ་དུ་དབྱུང་བའི་ཐབས་ཀྱིས་ནི། །ཐུར་དུ་བབ་མ་གདབ་པར་བྱ། །ཟས་དང་ཉེ་དང་འཕྲད་མི་གདབ། །བཏབ་བའི་གནས་འང?་གདབ་མི་བྱ། །ཞལ་ཞལ་བྱ་བ་ཕྱོགས་གཅིག་འདུས། །རྩ་མདུད་སྲིན་བུས་ཁྲག་དབྱུང་ཞིང། །བེམ་བེམ་པོར་གྱུར་ར་སོགས་གདག། ནད་ཁྲད་ལུས་ཁྱབ ་གཏར་ག་གདག་།ཁྲག་ནང་འདུས་ལ་ཞལ་ཞལ་བྱ། །གཏིང་ན་ཡོད་པ་པདྨས་དབྱུང། །དཔཌ་གནས་ཀུ་བུམ་རྡ་བས་རུས་དབྱུང། །ལུས་ཁྱབ་ཁྲག་ལ་གཏང་གཉིད། །རླུང་སོགས་གནས་ལ་རྡབས་རུང་དང། །པདྨས་སྐུ་བས་རིམ་བཞིན་དབྱུང། །ཁྲག་བྱུང་བསིལ་བསྐུས་ལ་སོགས ་བས་དང་རླུང་ནི་རྣམ་པར་འཁྲུགས་གྱུར་ཏེ། །རྨ་ནང་གཡར་ཞིང་སྐྲངས་གྱུར་ནའང། །དེ་མ་ཞུན་མར་དྲོན་པོས་བསྐུ། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་གཏར?་ག་གདབ་བའི་ཆོ་གའི་ལེའུ་བཤད ་པར་བྱའོ། །ཅུང་ཟད་མདར་ཞིང་ཚྭ?་ལ། །གྲང་དང་ཚ་མིན་བསྒྲུབ?་མིན། །པདྨ་ལམ་?་ཆུ་སེར་དང། །རྩོས་དད་རི་བོང་ཁྲག་ལྟར་དམར། །དག་ཅིང་དམར་པར་འབྱུང་བ་ནི། །དེ་ཉིད་ཀྱིས་ནི་ལུས་གནས་བྱེད། །དེ་ནི་ཕལ་ཆེར་བད་མཁྲིས་ཀྱིས། །ནང་ཀྱིས་འཁྲུག་པས་གནོད་བསྐྱེད ་པས། །མེ་དཔལ་འབྲས་དང་མཆེར་ནད་དང། །སྒྲུན་དང་མོ་?་བྲིས་དང་རིམས། །ཁ་དང་མིག་དང་མགོན་ནད་དང། །མྱོས་དང་སྐོམ་དང་ཚ་བོ་དང། །མཛེ་དན་དྲེག་ནང་མཁྲིས་ཁྲག་དང། །སྒྲེགས་པ་སྐྱུར་ཞིང་མགོ་འཁོར་བྱེད། །བསིལ་དྲོ་སྣུམ་དང་རྩུབ་སོགས་ཀྱིས། ། ་ནད་གང་གསས་པར་གྱུར་པ་ན། །ལེགས་པར་འཆོས་པར་མ་གྱུར་པ། །དེ་ནི་ཁྲག་འཁྲུགས་ལས་གྱུར་ཡིན། །ཁྲག་བདོ་གྱུར་བ?་ནི། །གཏར་ག?་གདབ་པས་དབྱུང་བར་བྱ། །དོ་ཡང་བཅུ་དྲུག་མ་ལེན་དང། བཅུ་བདུན་འདས་ལ་ཁྲག་?་དབྱུང། །ནམས་ཆུར་དུགས? ་དྲགས་དུགས་མ་བྱས། །རླུང་གི་ནད་ཀྱིས་ཉེན་པ་དང། །སྦྲུམ་མ་བུ་བཙས་ཟད་མ་ཞུ། །ཁྲག་མཁྲིས་ལུད་པ་དབུགས་མི་བདེ། །ཚད་འཁྲུ་རིམས་དང་སྐྱུག་པ་དང། །སྐྱེ་?་ཡན་ལག་ཀུན་སྐྲངས་དང། །སྣམ་འཐུངས་པ་ལ་སྦྱོར་བ་དང། །དེ ་བཞིན་ལས་ལྔ་བྱས་ལ་མིན། །མ་བསྡམས་གཏར་མི་གདབ་ཅིང། ཡོད་པོའམ་མི་སྣང་ལ་མི་གདག། ཚབས་ཆེན་ནད་ནི་མ་གཏོགས་པ། །གྲང་པ་ཆ་ཚར་རླུང་དུས་མིན། །མགོ་དང་མིག་གི་ནད་རྣམས་ལ། །དཔྲལ་བའི་རྩ་ལས་གཏར་བའམ། །མིག་འགྲམ་སྣ ་དྲུང་རྩ་ལ་གདབ། །རྣ་བའི་ནང་ལ་རྣ་བའི་རྩ། །སྣ་ཡི་ནད་ལ་སྣ་རྩེར་རོ། །ཆམ་བ་སྣ་བ་དང་དབྲལ་རྩ་གདབ། །ཁ་ནང་རྣམས་ལ་ལྕེ་དང་ནི། །མཆུ་དང་རྐན་གྱི་རྩ་གདབ་པོ། །ནམ་ཚོང་ཡན་ཆད་རྩ་བདུད་མགུལ། །རྣ་བ་མུ་འགྲམ་སྤྱིར་གནས་གདབ། །སྨྱོ་བྱེད་མིག ་འགྲམ་བྲད་དཔྲལ་རྩ། །བརྗེད་བྱེད་འགྲམ་པའི་མཚམས་སུ་གདབ། །ཡང་ན་ཀུན་ཡང་སྨིན་མཚམས་གདབ། །འབྲས་དང་རྩིབ་ལོགས་ཟུག་པ་ལ། །རྩིབ་ལོགས་ནུ་མའི་བར་རྩ་གདབ། །ཉིན་གསུམ་པ་ལ་ཕྲག་མཚམས་གདབ། །ཉིན་བཞི་པ་ལ་ལྟག ་པའི་མགོ། །འཁྲུ་བ་གཟེར་དང་ལྡན་པ་ལ། །མཇུག་ཏོའི་གོང་མ་སོར་གཉིས་པར། །ཁུ་བའི་མཚན་ནད་ཕོ་མཚན་རྩ། །ལྐོག་མའི་སྦ་བར་བརླ་རྩ་གདབ། །གཟུགས་འཁུམས་པུས་མཐིལ་འོག་གམ་ནི། །གོང་གི་སོར་བཞི་པ་ལ་གདབ། །འབྲས་ཀྱི ་འཕྲད་བར་བྱིན་པའི་ཉཝ། །འོག་ཏུ་སོར་གཉིས་པར་གདབ་བོ། །རྐུབ་ཆོས་བུས་མོའི་ལྷ་དའི་སྟེང། །ནད་ལ་གླད་མོའི་ལྟག་སོར་བཞིར། །རྐང་ཚ་འཐད་དང་སྤྲིད་པ་དང། །གཏིང་རྟོལ་རླུང་ནད་མཆེར་པ་དང། །རྐང་སོར་སྣོ། །སུ་ཆད་པ་ལ། །རྒྱ་ཆིགས་ལས ་གོང་སོར་གཉིས་གདབ། འཁུམས་ལ་རྐང་འཁུམས་ལྟ་བུར་གདབ། །ཇི་སྐད་བཤད་པ་མ་མངོན་ན། །གནད་མ་རྟོགས་པ་གར་ཉེ་བའི། །ཕྱོགས་བཞན་དག་ཏུ་གཏར་ག་གདབ། །དེ་ནས་ལུས་སྣུམ་གཏང་ག་ཡི། །ཡོ་བྱད་ཀུན་བསགས་སྟོབས་དང་ལྡན། ། ་གྲ་ཤིས་བྱས་ཤིང་ཁ་ཟས་ནི། །སྣམ་ཟོས་ཁུ་བ་འཐུངས་པ་དང། །མི་དང་ཉི་ཚན་གྱིས་གདུངས་བྱ། །བུས་མཉམ་མཐོ་བའི་སྟན་ལ་འདུག། སྐྲ་རྩ་རས་ནི་འཇམ་པོས་བཅིང། །བུས་མོའི་ལྷ་དར་གྲུ་མོ་གཙུགས། །ཁུ་ཚུར་ནད་དུ་ཀློང་བཅུག་པས། ། ་མགུལ་པ་དམ་དུ་བཙིར་བར་བྱ། །སོ་བསྡམ་ལུད་པ་ལུ་བ་དང། །འཁུར་བ་གཉིས་ནི་བུད་པར་བྱ། །དེ་ལས་རྒྱབ་ནས་བཅིར་བ་དང། །གོས་ཀྱིས་དཀྲི་ཞིང་མཇུབ་མོ་ནི། །གཡིན་པ་ལྐོག་མར་བཙུགས་ནས་སུ། །ནང་དུ་ལེགས་པར་བཞུག་པར་བྱ། །འདི་ཡི་ནད ་དུ་ཁ་བལྟས་རྩ། །མ་རྟགས་བསྡམ་པའི་ཆོ་ག་ཡིན། །དེ་འོག་དམན་པའི་རྩེ་མོ་ལས། །གུད་མོ་གཏང་བར་གྱུར་པ་ཡིས། །རྩ་བྱུང་མངོན་ལ་གདབ་བྱས་ནས། །ལེགས་པའམ་མཐོབ་མོས་མནན་བྱས་ལ། །ལག་པ་གཡོན་བས་བཟུང་བ་ཡེ། །བརྩགས ་བུ་སྟ་རེས་དབུས་སུ་གདག་།བརྩགས་བུའི་ཁ་ཕྱོགས་མི་གཡོ་གཏད། །དེ་བཞིན་གདབ་པའམ་བརྩིར་བ་ཡིས། །བེམ་རྡོལ་གདབ་ལས་ཁྲག་དབྱུང་ངོ། །ན་དྲུང་གི་ནི་རྩ་གདབ་པ། །རྩེ་མོ་མཐེའོ་ས་བཏེགས་ནས་ནི། །བཅགས་ཏེ་འབྲས་འདྲ ་གདབ་པར་བྱ། །ལྕེ་བཏེག་བཟློག་སྟེ་སོས་མནན་ལ། །ལྕེ་འོག་རྩ་ནི་གདབ་པར་བྱ། །ནུ་མ་ཡན་ཆད་བསྡམས་ནས་ནི། །མགུལ་བར་གནས་པའི་རྩ་གདབ་བོ། །ལག་པ་གཉིས་སུ་རྡོ་བཅངས་ཏེ། །ལག་པ་པུས་མོ་བརྟེན་ཏེ་བརྒྱད། །མཚན ་ཁུང་མན་ཆད་མཉེས་ནས་ནི། །གོང་དུ་བཅིངས་ལ་མདོ་རྩ་གདག་།ལག་དར་རྩ་ནི་བདེར་འདུག་སྟེ། །གདབ་པའི་སོར་བཞི་གོང་གི་ནི། །ཕྱོགས་སུ་རས་ཀྱིས་དམ་བཅིངས་ལ། །མཐེ་བོ་ཆང་པར་བཅུག་ནས་ནི། །ལག་དང་བརྐྱང་ལ ་གདབ་པར་བྱ། །རྩིབ་ལོགས་རྩ་ནི་དཔུང་བ་གཉིས། །ཐུང་དུ་བཅངས་ཏེ་གདབ་པར་བྱ། །ཕོ་མཚན་རྩ་ནི་བཏེགས་སྟེ་གདབ། །བྱིན་རྩ་?་མོ་མ་བཀུག་བར། །རྐང་པ་ལགས་བཞག་ལུས་མོ་ལ། །འོག་ཏུ་ལག་པ་གཉིས་ཀྱིས་ནི། །ལོད་མོའི ་བར་དུ་དམ་བརྩིར་ལ། །རྐང་པ་དེ་ཡི་སྟེང་གཉིས་པའི། །ཅུང་ཟད་བཀུག་སྟེ་བཞག་པ་ཡིས། །མནན་ལ་དེ་ལས་ལག་པ་ལྟར། །རྩ་གདབ་དེ་ལྟར་མ་སྨོས་པའི། །གཞན་དག་ལ་ཡང་གདབ་བྱས་ལ། །ཐབས་ཤེས་བཙགས ་དཔྱེད་དེ་དང་དེས། །ཕྱོགས་ནི་དེ་དང་དེ་དུ་གདབ། །ཤ་ཚ་བ་ཡི་ཕྱོགས་སུ་འདེབས། །འབྲས་འདྲ་འབྲས་ཀྱི་སྲིད་ཙམ་གདབ། །དུས་པའི་སྟེང་རྩ་སྟ་རེ་འབྲས། །ནས་ཀྱི་ཕྱེད་ཙམ་གདབ་པར་བྱ། །ལེགས་པར་བཏབ་ནས་ཁྲག་གཟགས་ཏེ། །ཆིངས་མེ་བཀྲོལ་ནས ་གཟག་མི་བྱ། །གདབ་མ་ལེགས་པ་དུས་ཅུང་ཟད། །ཉུང་ཟད་འབྱུང་ལ་ཏིལ་ཕྱེ་གདབ་།གདབ་དྲགས་སྒྲ་དང་བཅས་པར་ནི། །འབྱུང་ཞིང་སྤྱད་ཀྱང་དཀའ་བར་འགྱུར། །སྡངས་དང་འགོག་པར་འགྱུར་བ་དང། །ཆིངས་ལྷོད་མཚོན་རྟུལ ་དྲངས་དྲགས་དང། །ཉམ་ཆུང་ཤུགས་ཉེན་དུཌ་མ་བྱས། །ཁྲག་མི་འབྱུང་བའི་རྒྱུ་ཡིན་ནོ། །ཁྲག་ནི་ལེཌ་པར་མ་བྱུང་ན། །པི་དང་ཚ་གསུམ་སྐྱེད་པ་དང། །རྒྱ་སྤོས་རྒྱ་མཚོ་ཁྱིམ་དུད་བཅས། །ཏིལ་མར་བཏགས་ལ་རྨ་ལ་བསྐུ། །ཁྲག་ནི་ལེགས་བྱུང་ཏིལ་མར་དང། །རྒྱ་མ་ཚང ་ཅས་པ་དོ་འཇམ་བསྐུ། །ལེ་བརྒན་རྩེ་ལས་མཚོན་སེར་ལྟར། །དང་པོ་ཁྲག་ནད་འབྱུང་བར་འགྱུར། །ལེཌ་བར་བྱུང་ན་རང་ཉིད་འཆད། །ཁྲག་བཟང་བྱུང་ནའང་དབྱུང་པར?་བྱ། །བརྒྱལ་འགྱུར་ན་ནི་ཆིངས་མ་དགྲོལ། །རླུང་བ་ཡབ་ཀྱིས་བ་ཡབ་སླར་ཁྲུག་དབྱུང། །སླར་འབོག་གྱུར ་ན་ཉི་མ་ནི། །གཉིས་པའམ་གསུམ་པ་དག་ལ་གདབ། །རླུང་ཁྲག་གནག་ཅིང་དམར་ལ་རྩུག་།ཤུགས་དྲགས་གསལ་ཞིང་ལྦུ་བ་ཅན། །མཁྲིས་ཁྲག་སེར་ལ་རྩག་ནག་མནམ། །གཅིན་བག་དྲོ་ཞིང་ཚོན་ཅན་ཡིན། །བད་ཀན་ཁྲག་ནི་འཇམ ་ལ་སྐྱ། །རྒྱུན་ཅན་འཇར་ཞིང་བསྐ་བ་ཡིན། །འདྲེས་པའི་མཚན་མ་འདྲེས་མ་ཡིན། །ཉེས་གསུམ་དྲི་མ་རྙོག་མ་ཅན། །ཁྲག་དན་པ་ནི་ཉམ་ཆེ་ལའང། །ཚད་ལས་ལྷག་པར་དབྱུང་མི་བྱ། །ཁྲག་དབྱུངས་དྲངས་ནའང་འཆིབ་འམ། ། ་རླུང་ནང་མི་བཟང་འབྱུང་བར་འགྱུར། །དེ་ལ་བསྐུ?་བྱུག་འོ་མ་ཁུ། །ཁྲག་བཅུང་བླུང་པ་སྨན་ཡིན་ནོ། །ཁྲག་ཕྱུང་ནས་ནི་ཆིངས་མ་དག་།དལ་གྱིས་བཀྲོལ་ལ་ཆུ་བསིལ་གྱིས། །བཀྲུས་ལ་ཏིལ་མར་གྱིས་བྱུགས་པའི། །གོས་འཇམ་གྱིས་ནི་རྨ་ཁ་དཀྲི། ནང་ཁྲག ་ཡོད་ན་ཕྱེད་འཕྲེད་དམ། །ཕྱི་དེ་ཉིན་བར་སླར་ཡང་དབྱུང། །ཤིན་ཏུ་གནོད་པའི་ཁྲག་ཟླ་ཕྱེད། །བསྣུམ་གྱིས་རྟས་པའི་ལུས་ལས་དབྱུང། །ཁྲག་ནད་ཅུང་ཟད་ལུང་ཀྱང་ནི། །ནང་ནི་ལྷག་པར་མི་བསྐྱེད་པས། །དེ་ཕྱིར་ལྷག་མ་ཡོད་གྱུར་ཀྱང། །བཞག ་གི་ཤས་ཆེར་མི་དབྱུང་ངོ། །ལྷག་རྡབས་རུ་སོགས་གདབ་བ་འམ། །ཡང་ན་དཔྱོད་བསིལ་ཁྲག་མཁྲིས་གསལ། །སྦྱངས་དང་སྐམ་པའི་བྱེ་བྲག་ནི། །གསོ་བས་དེ་ནི་དད་བར་བྱ། །ནང་ཁྲག་རབ་རྒྱས་མ་གྱུར་བའང། །དེ་འདྲ་ཐབས་ཀྱིས་གསོ་པར་བྱ། ། ་ཁྲག་གི་རྒྱུན་ནི་མཆོད་ན། །བཅས་པའི་སྦྱོར་བ་མྱུར་དུ་བྱ། །སྲེད་ཕྲོམ་རྨ་ཤེད་པྲི་ཡང་ཀུ། །མ་ཤ་ཤིང་མངར་ཡུག་སྣམ་བཅག་།གྱ་དུམ་ཟེར་མ་གནག་ཚད་པ། །འོ་མ་ཅན་ཤིང་ཤུན་ལོ་མ། །བཏབས་བའི་ཕྱེ་མ་རྨ་ཁར་གདབ། །ཤུགས་? ་ཆུ་དྲང་སྦྱར་བླུག་།ཡང་ན་རྩ་བཏབ་དེ་གོང་གི་།རྩེ་དེ་ཉིད་ལས་གཏར?་ག་གདབ། །ཡང་ན་ཐུར་མ་བསྲེགས་བ་ཡིས། །རྨ་ཁ་མྱུར་དུ་བསྲེག་པར་བྱ། །ཅིང་བ་ཉེས་པས་ལམ་ལོག་ལ་གནས་ཏེ། །ནང་གི་རྒྱས་པས་ཁྲག་ནི་འབྱུང་གྱུར་པ།། ་རང་གི་གནས་སུ་སླར་ཕྱིན་མ་གྱུར་པ། །དེ་སྲིད་ཟད་དང་སྤྱོད་ལམ་ཕན་པ་བསྟེན། །ཤིན་ཏུ་ཚ་གྲད་མ་ཡིན་ཡང་དྲོད་བསྐྱེད། །ཁྲག་སེལ་བྱེད་པའི་བཟའ་དང་བཏུད་བ་ཕན། །དེ་ཚེ་ལུས་དང་ཁྲག་བདེར་མི་གནས་པས། །ཁྱད་བར་དུ་ནི ་མ་ལས་བསྲུང་བར་བྱ། །མདོག་དང་དབང་པོ་གསལ་ཞིང་དབང་པོ་ཡུལ། །འདོད་ཅིང་ཟས་འཇུ་ཤུགས་ཀྱང་བདེ་བར་འབྱུང། །བདེ་དང་ལྡན་ཞིང་སྟོབས་རྒྱས་ཕུན་སུམ་ཚོགས། །མི་ཡི་ནང་ཁྲག་དག་པ་ཡིན་པར་བཤད། །ཡན ་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་བདུན་པའོ།། །།དེ་ནས་ཟུག་རྔུ་དབྱུང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཟུག་རྔུའི་བགྲོད་བ་རྣམ་ལྔ་སྟེ། །ཡོ་དྲང་ཐང་ཀ་སྟེང་དང་འོག ་རྣག་དང་སྐྲངས་དང་ནད་དང་བཅས། །ཡང་དང་ཡང་དུ་ཁྲག་འཛག་ལ། །རྨོ་ཡི་ཉེ་འཁོར་མཐོ་ཞིང་བློ། །ཆུ་བུར་ལྟ་བུའི་ཐོར་བུ་འབྱུང། །ཤ་ནི་འཇམ་འགྱུར་ལུས་མདོར་ན། །ཁོང་དུ་ཟུག་རྔུ་ཡོད་ཅེས་བྱ། །ཁྱད་པར་དུ་ནི་པགས་པའི་ནད། །མཚོན ་ལུས་མདོག་ཉམས་སྲ་བ་དང། །སྐྲངས་པར་འགྱུར་རོ་ཤ་གནས་པ། །ནད་དང་སྐྲངས་པ་ལྷག་པར་ཕེལ། །བཙིར་བར་མི་བཟོད་སྨིན་པ་དང། །སྨ་ཡི་སྒོ་ནི་འགྲུབ་མི་ཤེས། །ཉ་ནད་ཟུག་པའི་ཤར་ཟུག་དང། །འདྲ་ལས་སྐྲངས་པ་མེད་པ ་ཡིན། །ཆུ་བའི་དྲ་བའི་ནད་ལུས་པའི། །ཆུ་བ་ལས་ནི་འབྱུང་དཀའ་ཞིང། །བསྒུལ་དཀའ་བསྐྱོད་ཚེ་རེངས་ཤིང་ན། །རྩ་ལ་བརྟེན་པ་རྩ་སྐྲངས་འགྱུར། །བུ་གའི་སྦུབས་གནས་སྦུབས་ཀྱིས་ནི། །རང་གི་ལས་དང་ཡོན་ཏན་ཉམས། །རྩ་ཆེན ་གནས་པའམ་དབུགས་དང་ཁྲག་།ལྡུ་བ་ཅན་དུ་འབྱུང་འགྱུར་ཞིང། སྒྲ་དང་བཅས་པར་འབྱུང་བ་དང། །སྙིང་དང་ཡན་ལག་ན་བཅས་འགྱུར། །རུས་ཚིགས་པོག་རེངས་མཚོན་ལུས་པ། །རུས་རྩ་ཚབས་ཆེར་ན་བར་འགྱུར། །རུས་ནད ་ནང་མང་སྐྲངས་པར་བྱེད། །ཚིགས་ལ་གནས་པ་དེ་དང་འདྲ། །བསྐྱོད་པར་དཀའ་བདག་ཏུ་འང་འགྱུར། །ནང་གྲོལ་ནང་ཡོད་འཁྲུག་པ་དང། །སྤོ་ཞིང་ཁ་ཟས་ངན་སྐྱུགས་གཅིན། །རྨ་ཡི་ཁར་ནི་འབྱུང་བར་འགྱུར། །གནད་ཀྱི་ནད་དུ ་མཚོན་ལུས་པ། །གནད་ཟུག་མཚན་ཉིད་ལས་ཤེས་བྱ། །ཕགས་པ་ལ་སོགས་རང་རང་ནི། །ཇི་ལྟར་འཛག་ལས་ཤེས་པར་བྱ། །སྐྱོན་མེད་ལུས་ཀྱི་རྨ་འཚོ་བ་སྟེ། །དེ་ནི་གནོད་པ་མེད་པར་གནས། །ནད་འཁྲུགས་སྣང་པ་ལ ་སོགས་ཀྱིས། །སློངས་ནས་སླར་ཡང་གནོད་པ་བསྐྱེད། །གང་ཡང་རུང་བར་པགས་པ་ཉམས། །བསྐུ་དང་མཉེ་དང་དུག་བྱས་ནས། །མདོག་དམར་ན་ཞིང་ཚ་ལ་འཁྲུ། །ཡང་ན་གང་དུ་མར་བཞག་འཇུ། །ལྡེ་གུས་བྱུགས་པ་མྱུར་དུ་བསྐམS། ་གནས་ཏེ་ཟུག་རྔུ་བཅས་ཤེས་བྱ། །ཤར་ལུས་སྦྱར་པར་བྱ་བ་ཡིས། །སྐེམ་བྱས་ལྷོད་འགྱུར་སྒུལ་བ་དང། །བཙན་དམར་སོགས་ཀྱིས་ཤེས་པར་བྱ། །ཉ་དང་རུས་ཚིགས་ནང་གྲོལ་གྱི། །ཟུག་རྡཱུང་དེ་བཞིན་ཤེས་པར་བྱ། །རུས་པ་ཟུག་རྔུས་མ ་རུངས་འགྱུར། །རུས་པ་བསྐུ་དང་དུགས་བྱ་བཅིང། །མཉེ་དང་བཙིར་ལས་ཤེས་པར་བྱ། །རུས་ཚིགས་གནས་བ་རུས་འདྲ་དང། །བརྐྱང་དང་བསྐུམ་ལས་ཤེས་བར་བྱ། །ཆུ་བ་རྩ་དང་རྩ་ཆེན་ནུབ། །ཟུག་རྔུ་མ་ཉམས་ལམ་འགྲོ་དང། །ཤིང་རྟ་ཐག ་བརྟ་དང་ནི། །ལྡན་པར་ནད་པས་བསྐྱོད་ནས་སུ། །མྱུར་དུ་དྲངས་ནས་དེ་ནས་ནི། །བསྐྱོད་པ་ཟུག་རྔུ་ཤེས་པར་བྱ། །གནད་ཟུག་སོགས་ཤིག་མ་བཤད་དེ། །དེ་རྣམས་ཤ་སོགས་ལ་གནས་ཡིན། །ཕྱིར་ནི་ཟུག་རྔུ་བཅས་བསྐྱོད་པའི། །བྱ་བས་ནད ་བཅས་ལས་ཤེས་བྱ། །མདོར་ན་ཟླུམ་དང་གྱེས་པ་དང། །ཟུར་བཞི་པ་དང་ཟུར་གསུམ་པའི། །རྨ་ཡི་དབྱིབས་ལས་ཟུག་རྔུ་ནི། །མི་མངོན་རྣམ་པར་ཤེས་པར་བྱ། །དེ་རྣམས་དབྱུང་བའི་ཐབས་གྱུར་གཉིས། །ཕྱི་དྲར་བ་དང་མདུན་ནས ་དྲང། །རྩེ་ནས་དྲང་དེར་རྩ་ནས་དྲང། །དེ་ལས་བཟློག་པར་དབྱུང་བར་བྱ། །དབྱུང་སླ་གང་ན་ཡོད་དྲལ་ཏེ། །དེ་ནས་ཐད་ཀར་དྲང་བར་བྱ། །མཚོན་ནི་བྲང་དང་མཚོན་ཁུང། །བརླ་དྲུང་རྩིབ་ལོགས་ཟུག་པ་དང། །མདུན་དྲང ་རྩེ་མི་མངོན་སྤྱད་བྱ། །ཁ་ཞིང་ཆེ་དྲང་མི་བྱ་གང། །ཟུག་རྔུ་མ་གྱུར་མདེའུ་དང། །མི་མངོན་གནོད་མེད་པ་མི་འབྱུང། །དེ་ནས་ལག་པ་ཟིན་འགྱུར་ན། །ལག་པ་གཉིས་ཀྱིས་དྲང་བར་བྱ། །སྣང་གཞན་སེང་གེ་ཆུ་སྲིན་དང། །བར ་གྱི་ཀརྟ་ཏིའི་མཆུས་དྲང། །མི་མངོན་རྨ་ཡི་དབྱིབས་ལས་ནི། །གལ་ཏེ་ནུས་པར་དབྱུང་གྱུར་བ། །ཀཾ་ཀ་བྷིདྒ?་ཁྲུང་ཁྲུང་དང་བྱ་རོག་ཤར་མཛེའི་མཆུས་དྲང། །པགས་སོགས་ལ་གནས་སྐབས་པས་དྲང། །ཁོང་སྟོད་ནང ་ནས་ཉ་མགོས་དབྱུང། །སྦུ་གུར་གནས་པ་འདམ་བུ་འདྲས། །ལྟག་མ་གཞན་གྱིས་ཅི་རིགས་དྲང། །ཡང་ན་དང་པོ་མཚོན་གྱིས་དྲལ། །དེ་ནས་རྨ་ཡི་ཁྲག་བསལ་བ། །བྱས་ལ་མར་གྱི་དུགས་བྱ་ཞིང། །བཅིངས་ཏེ་སྤྱོད་པ་བསྟན་པར་བྱ། ། ་རྩ་དང་ཆུ་བར་མཚོན་ལུས་པ། །ཐུར་མས་བསྐྱོད་དེ་དབྱུང་བར་བྱ། །སྙིང་གར་གནས་པའི་ཟུག་རྔུ་ནི། །ཆུ་དྲང་གཏོར་བས་སྔགས་བྱས་ལ། །གནས་གཞན་ཕྱིན་ཅི་འཕགས་འགྱུར་ན། །ཅི་རིགས་པར་ནི་དབྱུང་བར་བྱ། །རྨ་ཡི་སྒོ ་ནས་དབྱུང་དཀའ་བ། །གཞན་དག་ལ་ཡང་དེ་བཞིན་སྦྱར། །རུས་པར་ཟུག་པ་རྐང་པར་ནི། །གཉིས་ཀྱིས་མནན་ལ་དྲང་བར་བྱ། །དེ་ལྟར་མ་ནུས་སྟོབས་ཆེ་བའི། གཡོག་གིས་དམ་དུ་བཟུང་སྟེ་དབྱུང། །འོན་ཀྱང་མ་ནུས་མདེའུའི་རྩ།། ་བཀུག་ལ་བཞུ་རྒྱུད་དམ་བཏགས་ལ། །རྟ་སྲབ་ཀྱིས་ནི་ཁ་ལྕགས་མཐར། །མ་ཡེངས་པ་ཡིས་དམ་བཏགས་ཏེ། །ཡན་ལག་ལྔ?་པོ་ལེགས་བསྡམས་ནས། །རྟ་ནི་ལྕག་གིས་གཞུ་ནས་སུ། །རྡེག་ཅིང་མགོ་བོ་བཏེཌ་བ་ནས་ནི། ་ཤུགས་ཀྱིས་ཇི་བཞིན་བསྟོད་པ་ནས་ནི། །དེ་ལྟར་ཟུག་རྔུ་དབྱུང་པའམ། །ཡང་ན་ཤིང་གི་ཡལ་གང་གདགས། །མདེའུ་རྩ་ཕྲ་བ་སྲད་བུ་དག་།བཏགས་ཏེ་ཟུག་རྔུ་དབྱུང་བར་བྱ། །རྨ་སྒྲངས་མདེའུ་རྩ་མི་སྣང། །སྐྲངས་བ ་ལེགས་པར་བཙར་ནས་དབྱུང། །དོང་བུ་ཐོབས་བརྡུངས་པོ་ཡིས། །མཐོ་ཞིང་སྣང་བར་གྱུར་ན་དབྱུང། །ལམ་མ་ཡིན་པར་འབྱུང་བ་གང། །དེ་ཉིད་ཀྱིས་ནི་དམར་ཕྱུང་བྱ། །མདེའུ་ཟུར་བཅུ་མ་སྟེ་དབྱུང་བ་འམ། །དོང་བུའི ་ཁ་ཡིས་དབྱུང་བར་བྱ། །རྣ་བ་མེད་ཅིང་རྨ་ཁ་དབྱེ། །དྲང་འདུག་ཁབ་ལོང་བསྟན་པས་དབྱུང། །ཞུ་བའི་གནས་སོ་ཟུག་རྡུ་ནི། །བཀྲུ་སྨན་ཉིད་ཀྱིས་དབྱུང་པར་བྱ། །ཀླུང་གནོད་དུག?་ཞེ་དང། །ཁྲག་དང་ཆུས་གནོད་བཞིབས་པས་བསལ།། ་གྲེ་བའི་ནང་ཞུགས་ཟུག་རྡུལ། །སྐུད་པ་གྲེ་བར་གཞུག་བྱ་སྟེ། །པདྨའི་རྩ་བར་སྐུད་པས་གདགས། །པད་རྩ་རྡུག་རྔུ་ལྷན་ཅིག་དྲང། །ལྕཌ་བསྲེག་པ་མིག་ཚུར་བཅུག་པ་ཡིས། །ལྕགས་ཐུར་བརྟན་པོར་བྱས་ནས་ནི། །རྒྱ་སྐྱེགས་ཅན་ནམ་རྒྱ་སྐྱེཌ་མེད ་རྒྱ་སྐྱེགས་ཀྱིས་བརྐོས་ཟུག་རྔུ་བསྙུང། །སྐྲ་ཤད་འཛིངས་པ་འཐུངས་པ་དང། །གཤེར་བས་ཆེར་མ་ཟུག་པ་གདོན། །འཕྲལ་དུ་སྲད་བུ་ཐོཌ་པ་ཡིས། །སློན་པར་བྱའོ་དེས་ཅིག་ཤོས། །ཁ་སྣར་དྲང་པར་མ་ནུས་ན། །གཞན་དུ་ཐུར་དུ ་མིང་པར་བྱའོ། །ཟས་ཀྱིས་མནངས་པའི་ཟུག་རྡུ་ནི། །ཆུ་བཏུངས་ཕྲག་པར་རྡེག་པས་གཞུག་།མིག་གི་རྨ་ཡི་ཟུག་རྡུ་ཕྲ། །དར་རམ་བལ་ལམ་ཆུ་ཡིས་བསལ། །མིག་ནི་ཆུས་གང་ཁ་བུབ་སྟེ། །སྤྲུག་པའམ་བརྐྱང་ལ་བཙིར་སློན ་པའམ། །ཐལ་ཁུང་བསྐོས་ཏེ་མི་ཡིན་ནི། །སྐེ་བའི་བར་དུ་ནུབ་ཏུ་གཞུག། རྣ་བ་ཆུས་གང་ལག་པ་ཡིས། །མཉེས་ལ་ཏིལ་མར་རྒྱུན་བླུག་ལ། །རྣ་བ་ཐུར་དུ་བསྟན་ནས་ནི། །གདབ་པའམ་ཡང་ན་རྡུབ་པར་བྱ། །རྣ་བའི་ནང་དུ་འབུ་ཞུགས ་ན། །རྣ་བ་ཚྭ་ཆུས་རྐང་བའམ། །ཚྭ་ཆུ་དྲོ་འཇམ་ཉིད་ཀྱིས་དགང། །ཤིན་འབུ་རོ་དབྱུང་ཐབས་བྱ། །རྒྱ་སྐྱེགས་ཅན་དང་གསེར་དངུལ་སོགས། །འབྱུང་ཁུངས་ལས་བྱུང་ཡུན་རིང་གནས། །མཚོན་ནི་ཕལ་ཆེར་ལུས་ཀྱི་ནི། །དྲོང ་ཀྱིས་འཇུ་བར་བྱེད་པ་ཡིན། །ས་དང་འོད་མ་ཤིང་ར་རུས། །སོ་དང་སྐྲ་དང་རྡོ་བའང?་འཇུ། །དང་འོང་ཚལ་ལྕགས་ཏ་ལ། །ཤིང་ང་ཚལ་ཟུག་རྔུ་རིང་བོས་ཀྱང། །ཕལ་ཆེར་དེ་དག་ཚོལ་འགྱུར་ལ། །ཁྲག་དང་ཤ་ཡིས་ཆོས ་པར་བྱེད། །ཟུག་རྔུ་ཤ་ཡིས་ཏིང་དུ་ཟུག་།ཕྱོགས་དེ་ཚ་བའམ་མེད་གྱུར་ན། །དེ་ནས་དེ་ནི་སྣང་བྱའི་ཕྱིར། །གཉེ་དུགས་སྤྱང་དང་ཤ་དབྲི་བལྟ། །སྨན་རྣོན་བཅིང་དང་ཟངས་སྐོམ་སྦྱིན། །མཚོན་གྱིས་བཏབ ་ཅིང་བཙགས་པ་ཡིས། །སྨིན་པར་བྱས་ནས་རྨ་དབྲལ་དང། །བཙལ་དང་བྱེ་བས་ཟུག་རྔུ་དབྱུང། །ཟུག་རྔུ་གནས་དང་ཆ་བྱེད་ཀྱི། །ཚུལ་ནི་མང་པོ་ལེགས་བརྟགས་ཏེ། །བློ་ལྡན་ཐབས་ནི་དེ་དང་དེ། །ཤེས་པར་བྱས་ལ་ཟུག་རྔུར་བྱུང། ། ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་བརྒྱད་པའོ།། །།དེ་ནས་གཏར་ག་གདབ་པའི་ལས་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །རྨ་ནི་ཕལ་ཆེར་དང་པོར་ནི། །སྐྲངས ་དང་སྨིན་ལས་འབྱུང་བར་འགྱུར། །དེ་བས་དེ་ཉིད་གསོ་བྱ་སྟེ། །དེ་བསིལ་བྱུག་བླུགས་ཁྲག་དབྱུང་དང། །ལེགས་པར་སྦྱངས་པ་ལ་སོགས་པས། །སྨིན་པར་གྱུར་ལས་འབད་དེ་བསྲུང། །ཐོར་བུ་མ་སྨིན་སྐྲངས་དྲོད་ཆུང། །མདོག ་འདྲ་སྲ་ཞིང་བརྟན་པར་གནས། །སྨིན་ཚེ་མདོག་ནི་འགྱུར་བ་དང། །དམར་ཞིང་རྐྱལ་བུའི་དབྱིབས་ལྟར་འདུག་།གས་བ་ལྟ་བུའི་ནད་བཅས་དང། །ཡན་ལག་སྙོམས་ཞིང་གླལ་བཅས་དང། །ལུས་གྲུགས་འཁྲུགས་ཚ་ཡིག་འཆུས། ་རིམས་འདེབས་སྐོམ་དད་གཉིད་མེད་དང། །མར་འཁྱགས་བཞག་ན་འཇུ་བ་དང། །རྨ་གཏར་རེག་ན་མི་བཟོད་དོ། །སྨིན་འགྱུར་ན་བའི་ཤུགས་ཆུང་ཞིང། །རྙིང་ཅིང་སྐྱ་ལ་གཉེར་མ་འདུ། །མཛའ་མ་འཇུམ་ཞིང ་དབུས་སུ་མཐོ། །གཡའ་དང་སྐྲངས་བ་ལ་སོགས་ཆུང། །རྒྱལ་པ་ཡི་ནི་ཆུ་ལྟ་བུར། །རེག་ན་རྣག་ནི་ཕན་ཚུན་རྒྱུ། །རླུང་མིན་མི་ན་མཁྲིས་མིན་ཆེ། །མེད་དེ་བད་ཀན་མེད་མིན་སྤངས། །ཁྲག་མེད་དམར་བར་མི ་འགྱུར་ཏེ། །དེ་བས་ནང་ཁྲག་དང་བཅས་སྨིན། །སྨིན་བ་ཐལ་དྲགས་ཁོང་སྟོང་དང། །ནད་གྱིས་ཟོས་པས་པགས་བ་སྲག། །གཉེར་མ་འཇུམ་ཞིང་མདོག་གནག་ལ། །བ་སྦུ་རྣམས་ནི་འབྱི་བར་འགྱུར། །བད་ཀན་ཤས་ཆེའི་སྐྲངས་པ་ནི། །སྨིན ་པ་གཏིང་རིང་ཁྲག་གིས་གང། །དེ་བས་སྨིན་བརྟགས་གསལ་མ་ཡིན། །སྐྲངས་པ་གང་དུ་བསིལ་འགྱུར་ཞིང། །པགས་མདོག་མི་འགྱུར་ན་ཚབས་ཆུང། །རྡོ་ལྟར་རིག་ན་སྲ་བ་ནི། །མཁས་པས་ཐེ་ཚོམ་མེད་པར་དེ། །ཁྲག་གིས ་སྨིན་བཞེས་བཤད་བྱ། སྙིང་སྟོབས་ཉམ་ཆུང་བྱིས་པ་དང། །ཐོར་བུ་སྨིན་པ་ཆིབས་ཆེ་བ་སམ། །གནད་དང་རུས་ཚིགས་ལ་སོགས་པར། །འབྱུང་བ་མ་གཏོགས་གཞན་དག་འདྲ་ལ། །མ་སྨིན་བརྟོལ་ན་རྩ་རྒྱུས་ལས། །གནོད་ཅིང་ཁྲག་ནི ་མང་དུ་འབྱུང། །ནད་ཚབས་རབ་འཕེལ་རྨ་གྱེས་པའམ། །རྨ་འབྱུང་ཐོར་བུ་འབྱུང་བར་འགྱུར། །རྣག་ནི་ནང་ནས་གནས་གྱུར་པ། །འཕེལ་བས་རྩ་རྒྱུས་ཤ་དང་ནི། །ཁྲག་རྣམས་མྱུར་དུ་སྲེག་བྱེད་དེ། །རྩ་བསྐམས་ལ་ནི་མེ་དང ་འཚུངས། །གང་ཞིག་མ་སྨིན་བརྟོལ་བ་དང། །གང་ཞིག་སྨིན་ཀྱང་བཏང་སྙོམས་འཇོག་།ཁྱད་པར་མི་ཤེས་དེ་དག་ནི། །སྨེ་ཤ་ཅན་འདྲར་ཤེས་པར་བྱ། །མ་བརྟོལ་བ་ཡི་དང་པོར་ནི། །ཁ་ཟས་ཕན་པ་སྦྱིན་པར་བྱ། །ཚོར་བ་མི ་བཟད་བཟོད་འགྱུར་བས། །ཚང་འཐུང་པ་ལ་ཆང་བླུད་བྱ། །ཟས་ཟོས་པ་ཡིས་མི་བརྒྱལ་ཞིང། །ནང་དུ་མཚོན་བཏབ་ཚོར་མི་འགྱུར། །རུམ་བུ་བུ་ཤི་རྡེའུ་ཆགས་དང། །ཁ་ནང་དམུ་རྫིང་ཅན་མ་གཏོགས། །དེ་ནས་ཡོ་བྱད་ཀུན ་བསགས་ཏེ། །ནང་པ་ཤར་དུ་ཁ་བསྟན་ལ། །སྨན་པ་སྔོན་ཕྱོགས་བསྡམས་ནས་ནི། །གནད་སོགས་མ་གཏོགས་བཙགས་བུས་གདབ། །ཤ་ཞུགས་རྗེས་མཐུན་ཤིན་ཏུ་རྣ། །བཙག་བུ་རྣག་ཕྱིར་བར་དུ་བཏང། །དེ་ནི་ཅིག་ཅར ་གདབ་པར་བྱ། །སྨིན་པ་ཆེན་པོ་ཡོད་ཀྱང་ནི། །རྨ་ཞེངས་སོར་གཉིས་དྲལ་བྱའམ། །སོར་གཉིས་པ་ཡིས་ཟབས་སོར་གསུམ། །མཛུབ་མོ་ཆུ་བ་པུ་དག་གིས། །གནས་ཕྱོགས་ཇི་བཞིན་བརྟག་པའམ། །རྨོ་ཚལ་གྱིས་ནི ་ལེགས་བཙལ་ཞིང། །ཀུན་ཏུ་ལེགས་པར་བརྟགས་པར་བྱ། །གང་ནས་གང་དུ་འགྲོ་འགྱུར་པའམ། །གང་དུ་མཐོང་བ་ཤེས་བྱས་ལ། །དེ་དང་དེར་ནི་རྨ་གཏོད་དེ། །ལེགས་ཕྱེ་ཕུག་ནི་མེད་པར་བྱ། །མཆུ་དང་ཞེང་དུ་ཅི་ནས་ཀྱང། །ནད་ནི་གནད ་པར་མི་འགྱུར་བྱ། །སྨན་པ་དཔའ་བརྟན་ལS་ལ་མྱུར། །མཚོན་རྣོ་མི་རྡུལ་མི་འདར་བ། །ཀུན་ཏུ་རྨོངས་པར་མ་གྱུར་པ། །བཙག་བུ་འདེབས་པའི་ལས་ལ་བསྡགས། །གྱེན་དུ་བཅད་རྩ་དཔྲལ་སྨིན་རྩ། །རྙིལ་དང་སྐྱེ་རྩ་ལྟོ་སྤོས་དང། །མཆན ་ཁུང་དང་ནི་མིག་སྦུབས་མཆུ། །མཁུར་ཚོས་བརླ་དྲུང་ཆུ་སོ་རྩའོ། །གཞན་དག་གྱེན་དུ་བཅད་ན་ནི། །རྩ་དང་ཆུ་བའང་མ་རུངས་འགྱུར། །བཙག་བུས་བཏབ་ནས་ནད་པ་ནི། །ཚིག་སྙན་ཆུ་ནི་བསིལ་བ་ཡིས། །དབུགས་ཕྱུང་ནས་ནི་དེ་འོག ་རྨ། །སོར་མོས་ཀུན་ནས་བཙིར་བ་དང། །བསྐ་བའི་ཆུ་ཡིས་ལེགས་བཀུ་ཞིང། །སྨན་ཆུར་བཅུག་པའི་གོས་ཀྱིས་ཕྱི། །གུ་གུལ་ཡུངས་ཀར་ཨ་རུ་ར། །ཤིང་ཀུན་ཀ་ར་རྒྱ་མ་ཚ་དང། །ཤ་དག་ནིམ་པའི་ལོ་མ་ནི། །མར་དང་སྦྱར་བས ་གདུག་པར་བྱ། །ཏིལ་གྱི་ལྡེ་གུ་མར་སྤང་རྩི། །རང་གི་སྨན་ནི་ཇི་ལྟ་བས། །བྱུགས་ཤིང་དེ་ནས་རྨ་ཚངས་གཞུག་།དེ་ཉིད་ཀྱིས་ནི་དེ་གཡོགས་ལ། །མར་དང་ཕྱེ་སྤྲུས་བསྐུ་བ་དང། །དེ་འོག་བཀོག་ཙེ་སྟུག་པོ་ནི། །གཞག་སྟེ་ཤིན་ཏུ་མ ་ཡེངས་བས། །གོས་ཀྱིས་ལེགས་པར་བཅིང་བྱ་སྟེ། །བློ་དང་གཡས་དང་གཡོན་དག་གམ། །སྟེང་དང་འོག་ཏུ་མ་སོང་བྱ། །རྨ་ཚས་བཀོག་ཚེ་དཀྲིས་མང་བཅས། །ཕྲ་ཞིང་སྲ་ལ་གཙང་བ་ལ། །སྤོས་ཀྱིས་བདུགས་ཏེ་འཇམ་ལ་གཉེན། ་ཁམ་ཁུམ་མེད་ཅིང་རྨལ་ཕན། །བཅིངས་ནས་དེ་གནོད་པ་བཟློག་ཕྱིར་བསྲུང་བར་བྱ། །དེ་རྣམས་ལ་ནི་གཏོར་མ་སྤྱན། །ལཀྵྨ་གུ?་གུ་ཨ་ཏི་གུ་ཧ། །སྤང་སྤོས་པྲ་མ་ཙ་རི་ནི། །ཚ་ཏྲ་ཨ་ཏི་ཚ་ཏྲ་དང། །དུརྦ་ཤུ་དག་ཡུངས་ཀར་དང། །རྟག་ཏུ་དེ་ཡི་སྤྱི ་པོར་བཏགས། །དེ་ནས་སྣུམ་གྱི་ཚེ་གར་བཤད། །ཉིན་རེའི་ཀུན་སྤྱོད་བཤད་པར་བསྟན། །ཉིན་པར་ཉིད་ལོག་རྨ་གཡའ་ཞིང། །ཁ་དམར་ནང་སྐྲངས་རྣག་འཁྱིམས་འགྱུར། །བུད་མེད་དྲན་ནམ་མ་རེག་པའམ། །མཐོང་བས་ཁུ་བ་བྱུང་གྱུར་ན།། ་མ་ཕྲད་ནའང་འཁྲིགས་པ་ལས། །བྱུང་བའི་སྐྱོན་ནི་ཐོབ་བར་འགྱུར། །ཁ་ཟས་དག་ནི་གང་གེམས་ལས། །ནས་དང་གྲོ་དང་དྲུག་ཅུ་པ། །སྲན་ཆུང་མུངྒ་ཏ་བི་ར། །ནི་ཤོ་ནཱ་ག་ཛཱི་པནྟི། །ལ་ཕུག་གཞོན་ནུ་བརྟ་ཀ་།རྒྱུ་སྣེའུ་ཏནྟུ་ལི་ཡ་ཀ་།ཀ་རེ་བ ་ལ་ཀ་རྐོཏ། །ཀ་དུ་ཀ་པ་ལཔ་ཏོ་ལ། །རྒྱམ་ཚ་སེ་འབྲུ་སྐྱུ་རུ་ར། །ཆུ་བསྐོལ་པ་ནི་བགྲངས་པ་དང། །འབྲས་རྙིང་ཆང་དང་སྣུམ་ཉུང་ཟད། །ཟོས་རྗེས་ཆུ་ཚན་བཏུང་བ་དང། །སྐམས་སའི་ཤ་ནི་ཟས་གྱུར་ན། །རྨ་ནི་མྱུར་དུ་འཚོ་བར་འགྱུར། །དུས་སུ ་རན་པར་བཟའ་བ་དང། །ཕན་པ་ཟོས་ན་བདེ་འཇུ་འགྱུར། །མ་ཞུ་བ་ཡི་རླུང་ལ་སོགས། །ལྡང་ཞིང་ནད་ནི་སྟོབས་ཅན་འགྱུར། །དེ་ལས་སྐྲངས་དང་རྣག་པ་དང། །ཚ་དང་སྤོས་པར་འགྱུར་བ་ཡིན། །འཁྲུག?་སར་བརྟ་ང་ཏི་ལ་དང་མ་ཤ་དང། ་ཆང་དང་བརླན་ཅན་ལས་བྱུང་ཤ་།འོ་མ་བུ་རམ་ཤིང་ལས་གྱུར། །སྐྱུར་དང་ལན་ཚྭ་ཚ་བ་དང། །གཞན་གང་འཁྲུ་བ་གཅོད་བྱེད་པ་དང། །ཚ་དང་བསིལ་དང་ལྕི་ཁ་སྤང། །འབྲུ་སར་ལ་སོགས་སྡེ་ཆེན་འདི། །རྨ་དང་ལྡན་པའི་ནད་ཀུན་བསྐྱེད ་ཆད་ནི་རྣོ་བ་ཚ་རྩུབ་འགྱུར། །རྨ་ལ་མྱུར་དུ་གནས་པར་བྱེད། །བ་ལ་ཨུ་ཤི་རས་བ་ཡབ་ཅིང། །འདི་ནི་བསྐྱེད་པར་མི་བྱ་ལ། །དྲག་ཤུལ་མི་གཟུགས་ཕྲུག་མི་བྱ། །བསྐྱོད་པའི་ཚེ་ན་བག་བྱའོ། །མཛའ་དང་བྲམ་ཟེ་རྒན་སོགས་ཀྱིས། ། ་གཏམ་ནི་ཡིད་ལ་དགའ་བ་མཉན། །ནང་ལས་ཐར་བའི་རེ་བཅས་པས། །རྨ་ནི་མྱུར་དུ་འཚོབ་བར་འགྱུར། །ཉིན་གསུམ་ལོན་ཚེ་རྨ་ཡི་ལས། །སླར་ཡང་བཀྲུས་སོགས་ལས་རྣམས་ནི། །སྔ་མ་བཞིན་བྱ་དེ་བཞིན་དུ། །ཉིན་ཞག ་གཉིས་པར་མི་བྱའོ། །ཚབས་ཚོར་ན་ཞིང་མི་འབྱར་ལ། །རྨ་ནི་ཡུན་རིང་ཞིག་ན་འཚོ་བ། །རྨ་ཚངས་སམ་ནི་ལྡེ་གུས་སྲན། །སྣུམ་ཆེས་རྩུབ་ཆེས་དམ་པ་དང། །ལྷོད་གྲགས་བཞག་ཉེས་མི་བྱ་སྟེ། །སྣུམ་ཆེས་རྨ་ནི་རེད་བར་འགྱུར། །རྩུབ་ཆེས་ཤ ་འཆང་ཤིན་ཏུ་ན། །གས་ཤིང་ཁྲག་ནི་འབྱུང་བར་འགྱུར། །དམ་དང་ལྷོད་གྲགས་བཞག་ཉེས་པས། །རྨ་ཡི་ཁ་ནི་འདྲུད་པར་འགྱུར། །རྨ་ནི་རྣག་བཅས་སྐྲངས་ཤིང་མཐོ། །རྒྱུ་བཅས་རྣ་ཕུག་བཅས་པ་འདི། །རྨ་ཆས་འཇམ་པོ་ནང་གནས ་པས། །རྨ་ཡི་སྐྱོན་ནི་དག་པར་བྱེད། །སྐྲངས་པ་ཧ་ཅང་མ་སྨིན་བརྩོལ། །སྨིན་ཞིང་གནགས་པར་འགྱུར་བ་སྤྱད། །ཕན་པའི་སྨན་དང་ཟས་དང་དཀྲི། ཤིན་ཏུ་དམར་མི་གནོད་པས་གསོ། །སྣང་པའི་རྨ་ནི་གསར་དུ་བྱུང། །རལ་ཞིང་ཁ་བྱེ ་འཕྲལ་དུ་བཙོམ། །སྨིན་པ་ཆེན་པོ་བཀས་པ་དང། །རྣ་བཤལ་བུ་ག་ཆང་པའང་བཅོམ། །མགོ་དང་མི་ཕུགས་སྣ་དང་མཆུ། །མཁུར་ཚོད་རྣ་བ་དཔུང་པ་སླ། །མགུལ ་པ་ཕྲག་པ་རླིག་པ་དབྱི། །ཕོ་མཚན་བཞད་དང་ལྟོ་བ་སོགས། །ཕུགས་རིང་པ་ཡི་གནས་རྣམས་དང། །ཤ་ཆེ་མི་འགུལ་མ་ཡིན་དང། །ཆུ་སོ་མཆན་ཁུང་ལ་སོགས་དང། །ཤ་ཆུང་མགུལ་པའི་རྨ་དག་དང། །དབུགས་དབྱུང་ཟུག ་རྡུ་ཡོད་པ་དང། །ཐལ་སྨན་དུག་མས་ཚིག་མི་བཅོམ། །བཅོམ་པ་རུས་དུམ་ཁྲག་སྐམ་དང། །རྩ་དང་སྤུ་རྣམས་བསལ་ནས་ནི། །ཤ་ཆད་དུམ་བུ་འཕྱར་བ་དང། །རང་གི་གནས་སུ་བརླེན་པ་ཡང། །རུས་ཚིགས་བཅུ་གཅིང་ཁྲག ་གཟགས?་ལ། །སྐུད་པ་ཤིང་ཤུན་རྒྱུས་པས་བཙེམ། །བསྦུབས་ནི་ཉེ་བའམ་རིམ་མི་བྱ། །བླང་བ་ཆེ་བ་མ་ཆུང་མི་བྱ། །དེ་ནས་སྤྲོ་སྲིང་བྱས་ནས་མཐར། །རྨ་ནི་སྦྲང་རྩི་མར་སྦྱར་དང། །ཁྱེད་བཟང་མའི་དུད་པ་དང། །འབྲས་བུ་གསུམ་དང་ས་ལ་ཀི།། ་སེར་ཕྲོམ་མདོར་བ་སྣུམ་བཅས་པས། །བསྐུས་བཅིང་ལ་སོགས་སྔོན་བཞིན་བྱ། །རྨ་ཁ་ཁྲག་ནི་མིང་འགྱུར་གང། །?་ཅུང་ཟད་བླུང་བྱ་སྟེ། །རྨ་འབྱོར་བྱེད་པ་ཁྲག་ཡིན་པས། །ཕྱུང་སྟེ་ལེགས་པར་གྲུབ་པར་བྱ། །དེ་ལས་བཅིངས་པ་ཡུལ་ལ་སོགས། །བརྟགས ་ན་ངེས་པར་སྦྱར་བར་བྱ། །བ་ལ་གོས་བགས་པ་དང་གསུམ་དྲོ། །ཟར་མ་འདིས་ནི་བས་?་ནི། །གྲོ་གྲང་ངན་པ་ཤིང་བ་ལ་རྔལ། །རས་བལ་རྒྱུས་པ་ཤིང་ཤུན་ཡིན། །ཟངས་ལྕགས་ཞ་ཉེར་རོ་ཉེ་ཡིས། །བད་ཀན་ཚིལ་ཆེས་རྨལ་གླན། །ཆགས་ཐུར་ཤི ་བྱས་རབས?་པ་དང། །ཤིང་ཤུན་དམིགས་རྩལ་སོགས་པས་བཅིང། །དབྱིབས་ནི་རང་མིན་རྗེས་མཐུན་ཡིན། །ཅིང་བ་བཅོ་ལྔ་རྣམ་བྱ་སྟེ། །ཤུགས་དང་བཀྲ་ཤིས་ལྷོད་པར་བཅིང། །མཐར་ཆགས་བཅིང་དང་ཟླུམ་པོར་བཅིང། ། མདའ་ལྕགས་ཁྲི ་དང་དམ་བཅིང་དང། །སྒེའུ་བླ་རེས་ཨོག་ཤལ་དང། །ལུང་མཐིལ་ཟུངས་གླན་ཟླུམ་པ་དང། །ཡན་ལག་ལྔ་པ་ཞེས་བྱ་སྦྱར། །དེ་ལས་གང་ཞིག་གང་ལེགས་སྦྱོར། །དེ་ནི་དེ་རུ་ལེགས་པར་སྤྱད། །བརླ་དང་མཇུག་ཅོས་མཆན ་ཁུང་དང། །ཆུ་སོ་སྤྱི་བོར་དམ་དུ་བཅིང། །ལག་དག་གདོང་དང་རྣ་བ་དང། །རྒྱབ་དང་རྩིབ་ལོགས་མགུལ་པ་ལྟོ། །ཕོ་མཚན་རླིག་པ་རན་པར་བཅིང། །མིག་དང་ཚིགས་སུ་ལྷོར་པར་བཅིང། །ལྷད་ཅིང་?་ནི་བད་ཀན་དང། །རླུང་ཤས ་ཚེ་ལ་རན་པར་བཅིང། །རན་ཞིང་གནས་སུ་དམ་དུ་བཅིང། །དམ་བཅིང་ཤིན་ཏུ་དམ་དུ་བཅིང། །དགུན་དང་དེ་བཞིན་དཔྱིད་ཀྱི་ཚེ། །ཞག་ནི་གསུམ་གསུམ་དག་ནས་བགྲོལ། །ཁྲག་མཁྲིས་ཤས་ཆེའི་རྨ་དག་ནི། །དམ་བཅིང་གནས ་སུ་རན་པར་བཅིང། །ངན་བཅིང་གནས་སུ་ལྷོད་པར་བཅིང། །ལྷོད་ཅིང་གནས་སུ་བཅིང་མི་བྱ། །དེ་གཉིས་སོག་སྟོན་གྱི་ཚེ། །སྔ་དྲོ་ཕྱི་དོང་གྲོལ་བར་བྱ། །མ་བཅིངས་ཤ་སྦྲང་སྦྲང་བུ་དང། །ལྷག་པ་བསེར་བུ ་སོགས་པས་གནོད། །རྨ་རེར་གྱུར་ཞིང་དེར་སྣུམ་དང། །སྨན་ནི་ཡུན་རིང་གནས་མི་འགྱུར། །སྦྱར་པ་འམ་འཚོ་བར་དཀའ་བ་དང། །འཚོ་བས་ཀྱང་མདོག་ནི་མི་སྡུག་འགྱུར། །བཅིངས་ན་ཆགས་ཅིང་ཕྱེ་མར་གྱུར། །?་སམ་འབུར་འགྱུར ་དྲལ?་འགྱུར་ཏམ། །རྩ་དང་རྒྱུས་པ་ཆད་པར་གྲུབ?་ཀྱང། །རྨན་བདེ་བར་མྱུར་དུ་འཚོ། །ལྡང་དང་ཉལ་བ་ལ་སོགས་པའི། །སྤྱོད་ལམ་ཀུན་ལ་གནོད་པ་མེད། །རྨ་ཁ་སྐྱེས་མཐོ་མི་མཉན་དང། །སྲ་ཞིང་རབ་ན་འཚོ་བ་དགའ་། །འཇམ་ཞིང་མཉམ ་ལ་ནབ་མེད། །རྨ་ནི་མྱུར་དུ་དག་ཅིང་འཚོག་རྨ་ནི་ཡུན་རིང་ཤ་ཆུང་དག་རྩུབ་པར་འབྱོར་བར་མ་གྱུར་ནན?་གཞི?་དུས་ཚིགས་ཇི་བཞིན་དུ། །སྨན་དང་ལོ་མས་དགག་པར་བྱ། །མ་རྙིངས་གཞོན་ཞིང་བུ་ག་མེད། །ཀུན་ལས་ལེགས་པར་ཁེབ་པ་དང། །ཕྱིས་ཤིང ་མི་རྩུབ་ལོ་མ་ནི། །འོ་མ་ཅན་ཤིང་རྟག་པ་དང། །རྫུན་དང་ཀཏཾ་པའི། །ལོ?་མ་ཡིས་ནི་གཡོག་པར་བྱ། །མཛེ་དང་མེ་ཡིས་ཚིག་པ་དང། །འབྲས་ཟོས་གཅིན་ནད་སྦྲང་རྩི་འདྲ། །བྱི་བ་སྤྲུལ་གྱི་དུག་དང་ནི། །ཐམ་སྨན ་རྣོ་དང་དུག་གིས་ཕོག་།རྨ་ནི་བཅིང་བར་མི་བྱ་ཞིང། །ཤ་འདྲུལ་གཞང་ཁང་མི་བཟང་རྣམས། །འདྲུལ་ཞིང་ཚ་དང་ན་བཅས་པར། །སྐྲངས་སྐབས་མེད་བལ་མི་བཅིང་ངོ། །རྨ་གང་ལེགས་པར་མ་བསྲུངས་བར།། ་སྦྲང་མ་སྲིན་པུ་འཇུག་བྱེད་དེ། །དེ་ཡིས་ཟས་པས་ན་བ་དང། །སྐྲངས་དང་ནག་ཁྲག་འཇིགས་པ་བྱེད། །དེར་ནི་བཀྲུ་དང་དག་པར་ནི། །བའུ་རུག་ལ་སོགས་སྡེ་ཚན་སྦྱར། །སཔཏ་བརྣ་ཀརྙྫ། །རྒ་དང་ནི་ནི་པ་དང། ། ་?་དང་མི་ཤིང་ཚ་རྣམས། །བ་གཅིན་དང་ནི་བཏགས་པ་ཡི། །ལྡེ་གུ་དེ་ལ་བསྐུ་བ་དང། །ཐལ་སྨན་ཆུ་ནི་བླུག་པ་ཕན། །ཡང་ན་ཤ་རློན་གྱིས་གཡོགས་ལ། །དེ་ནི་མྱུར་དུ་དབྱུང་བར་བྱ། །འདི་ནི་ནང་ན་སྐྱོན་བཅས་པས། །མྱུར་དུ་འཚོབ་པར ་མི་བྱ་སྟེ། །དེ་ནི་གནོད་པའང་ཚུང་དུས་ཀྱང། །སླར་ཞིང་འགྲམས་པར་འགྱུར་བ་ཡིན། །འཚོབ་པར་གྱུར་ཀྱང་མ་ཞུ་དང། །དྲག་ཤུལ་བུད་མེད་བསྟེན་སོགས་སྤང། །ཟླ་བ་དྲུག་གམ་བདུན་གྱི་བར། །ཚེག་འབད་པར་བསྲུང་བར་བྱ། ། ་གནས་སྐབས་དེ་དང་དེར་ནི་བྱུང་གྱུར་ཚེ། །ནད་གཞི་བ་ལ་སོགས་སྟོབས་ཀྱི་རྗེས་འབྲངས་ཏེ། །ཕྱི་མ་ནས་བཤད་བརྒྱ་ཆེར་ལེགས་བརྟགས་ལ། །ཐབས་ནི་དེ་དང་དེ་ཡིས་འབད་དེ་གསོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ། ་མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ཐལ་སྨན་རྣོན་པོ་དང་མེ་བཙའ་གདབ་པའི་ཆོ་གའི་ཡེའུ་བཤད་པར་བྱའོ། །བཙགས་དཔྱད་གཅིགས་དཔྱད་རྗེས་འདྲ་བ། །མང་པོ་ཀུན་ལས་ཐལ་སྨན་མཆོག་།དཀའ་ ་བ་རྣམས་སཱུང་བཅས་པའམ། །དབུག་པ་ལ་སོགས་བྱེད་པར་འགྱུར། །བཙགས་བུས་གདབ་པར་དཀའ་བ་ལའང། །དེ་ཡིས་སྒྲུབ་པར་རུང་བ་དང། །ཤིན་ཏུ་གསོ་དཀའ་ཨི་ནད་རྣམས་ལ། །གང་ཞིག་ཏཱུང་རུང་བ་ཡིན། །དེ་ནི ་གཞད་འབྲུམ་མེ་དྲོད་ཉམས། །རྡེའུ་འགགས་སྦྱར་དུག་སྐྲན་སོགས་བཏང། །རྨེ་བ་ཤ་བཀྲ་སྣ་འཐོར་དང། །ཕྱི་རོལ་གཞང་འབྲུམ་ཚེར་མེད་མཛེ། །ཐོར་བུ་འབྲུམ་ཕན་མཚན་མར་རྡོལ། །རྨ་ལོག་སོགས་ལ ་བྱུག་པར་བྱ། །ཁྲག་མཁྲིས་རླུང་ཅན་ནད་སྟོབས་ཆུང། །རིམས་དང་ཚད་འཁུ་སྙིང་ཀླད་ནད། །སྐྱ་རྦབ་ཡིག་འཆུས་པ་དང། །རབ་རིབ་ཅན་དང་སླེན་ཁྲུས་བཏང། །ལུས་ཀུན་ཁྱབ་པའི་འོར་ནང་དང། །འཇིགས་དང་སྦྲུམ ་མ་ཟླ་མཚན་ཅན། །ཕོ་མཚན་མོ་མཚན་སྐྲངས་པ་དང། །བྱིས་པ་རྒན་པོ་ཟས་མ་ཞུ། །རྩ་བོ་ཆེ་དང་རུས་ཚིགས་གནང། །རུས་པ་གཞོན་ནུ་ཆུ་བརྩ། །ལྟོ་བསྲུབས་མགུལ་བལྟེ་བ་དང། །ཤ ་སྲབ་ཕྱོགས་དང་རླིག་པ་དང། །ཕོ་མཚན་བུ་ག་སན་མོ་ཕྲག་།མིག་མཆུ་མ་གཏོགས་མིག་ནང་རྣམས། །ཚ་གྲང་ཆར་དང་ཡུལ་དམུས་ཚ། །གཉི་ག་ཡང་བཏང་བར་མི་བྱའོ། །མུ་ག་ཀ་ནག་ཤ་མྱ་ཀ། ཆུ་ཤིང་པ་རི་བ་ཏྲ་ཀ་། ་ཤ་ཀན་འཇ་མུའི་ཤིང། །བ་ལ་ཤ་དང་ཨ་པོ་ཏ། །ིངར?་པྲིཀྵ་ཨརྒ་ག་དང། །ནཀྟ་མ་ལ་མུཀྟིཀ་།སྲི་ཤིང་ཨ་པ་མརྒ་དང། །ཀ་ཀ་ཛ་ཀ་ཙི་ཏྲ་ཀ་།གནི་མནད་ཏིལླཱ་ཀ་།རློན་ཤིང་རྩ་བ་ལ་སོགས་བཅས། །དུམ་བུར ་ཡོངས་སུ་བཏུགས་པ་དང། །ཀོ་ཤ་ཏ་ཀ་རྣམ་བཞི་དང། །ནས་ཀྱི་སོག་མགྲ་མ་རྣམས། །རླུང་མེད་གནས་སུ་བསགས་ནས་དེ། །རྡོ་ལེབ་སྟེང་དུ་སོ་སོ་བཞག་།མུཥྐཀ་ཡི་ཕུང་པོ་དང། །རྡོ་ཐལ་ཇོ་གང་བཅུག་པར་བྱ། །དེ་ནས ་ཏིལ་བྱི་སྡོང་བུས་སྲེག་།ཚིག་ནས་མེ་ནི་ཤི་བོ་དང། །རྡོ་ཐལ་ཐལ་བ་ལོགས་ཤིག་དབྱེ། །ཐལ་བ་གཞན་དག་?་གང་སྟེ། །མུཀྐའི་ཐལ་ལྷག་བླངས་ནས་ནི། །སོ་སོར་ཕྱེ་སྟེ་ཆུ་དང་གཅིན། །སྲང་སྟོང་དག་དང་བསྲེས་ནས་བཞུ། ་ཚགས་ནི་བཟང་པས་དེ་བཙགས་པ། །ཇི་སྲིད་འབྱར་བག་དམར་ཞིང་དང། །རྣ་བར་གྱུར་བའི་བར་དུ་ནི། །ཐལ་བའི་དངས་མ་དེ་བླངས་ལ། །ལྕགས་སྣོད་བཟང་པོར་བསྐོལ་ཞིང་བཅུག་།དེ་ནས་འཚོད་པར་བྱེད་བ་དེར། །རྡོ་ཐལ ་བསྲེགས་རྡོའི་དུམ་བུ་དང། །ཉ་ཕྱིས་ཀྵི་ར་པག་དང། །དུད་གི་ལྟེ་བ་ལྕགས་སྣོད་གཞུག་མ་མདོག་ཅན་དུ་ལན་མང་བྱ། །ཐལ་སྨན་ཆ་ནི་ཕུལ་གང་དང། །མེ་བསད་དེ་ཉིད་དང་བཏགས་ལ། །ལྡེ་གུ་དེར་ནི་གཞུག་པར་བྱ། །ཁྱིམ་བྱ ་རྨ་བྱ་བྱ་རྒོད་དང། །ཀ་ཀ་ཕུག་རོན་རྟུག་པ་དང། །བྱ་དང་རྐང་བཞིའི་མཁྲིས་པ་དང། །བ་བླ་ལྡོད་རོས་ལན་ཆཝ་རྣམས། །ཞིབ་བཏགས་བཅུག་བྱ་དེ་ནས་ནི། །གཟང་བུས་དེ་ཡང་ཀུན་ཏུ་དཀྲུབ། གང་ཚེ་ལྦུ་པར་བཅས་པར་ཁོལ། །ཆུ་བུལ་སྦོམ ་བསྐ་ལྡེ?་གུ་འདྲ། །དེ་ཚེ་ཕབ་ལ་གྲངས་པ་དང། །ལྕགས་སྣོད་བཅུག་སྟེ་ནང་ནས་གཞུག། འདི་ནི་ཐལ་སྨན་འབྲིང་པོ་ཡིན། །འཇམ་པ་མ་བཏགས་པར་བཅུགས་ལ། །བསུར་ལ་སླར་ནི་གདོན་པར་བྱ། །རྣོན་པོར་སྔ་མ་བཞིན་བཅུག་ལ། ། ་ལངཀ?་ལིངྐ་དནྟི་དང། །ཤུ་དག་པོར་ཙི་ཏྲ་ཀ་།སརྫི་ཀ་དང་ཁྲོན་བུ་དང། །ཤིང་ཀུན་ཀརྙྫའི་ལོ་མ། །ཏ་ལའི་ལོ་མ་ཁ་རུ་ཚའི། །ཕྱེ་བཅུ་གཞག་བདུན་དེ་བཞག་བྱ། །རྣོན་པོ་ད་ནི་རླུང་བད་ཀན། །ཚིལ་སྐྱེས་ཐོར་བུ་སོགས་ལ་བཏང། །འདི ་ཉིད་ནང་ཚེབས་འབྲིད་ལ་འབྲིང། །འཇམ་པོ་ཁྲག་མཁྲིས་གཞང་འབྲུམ་ལ་ས་པའོ། །མཐུ་བསྐྱེད་ཕྱིར་ནི་འོ་མཆུ། །ཐལ་སྨན་ཆུ་ནི་སླར་ཡང་གཞུག་།ཤིན་ཏུ་རྣོ་མིན་འཇམ་དང་མཉེན། །འབྱར་བག་སྣ་རྣོ་དཀར་བ་དང། །རྩེ་ཅན་དེ ་བར་འཇིལ་བ་དང། །མི་འཛག་བྱུགས་ན་ཅང་མི་ཆེ། །ཐལ་སྨན་ཡོན་ཏན་བཅུ་དང་ལྡན། །བཙག་བུ་མེ་བཙའི་ལས་ཀྱང་བྱེད། །དཀྲུགས་པས་བཞིབ་པ་ལྟ་བུ་དང། །ལུས་ནི་བཙིར་པ་ལྟ་བུ་དང། །ནང་ཀྱི་རྗེས་འགྲོ་སྙགས་པས་ན།། ་རྩ་བ་ནས་ནི་འབྱིན་པར་བྱེད། །རྩ་བ་ནས་ནི་འབྱིན་པར་བྱིན་པར་བྱེད། །ལས་བྱས་ནང་དང་བྲལ་ནས་ཀྱང། །རང་ཉིད་ཉེ་བར་ཞི་བར་འགྱུར། །ཐལ་སྨན་གྱིས་ནི་གསོ་བའི་ནད། །མཚོན་རྩད་བླུད་པའམ་?་དག་བྱས། །ཐལ་སྨན་ཐུང་མ ་གོས་ཀྱིས་ནི། །དཀྲིས་པ་བགོས་ཏེ་གླན་ནས་སུ། །གྲངས་བརྒྱའི་བར་བར་དུ་བསྡད་ནས་ཕྱི། །དེ་ལ་གཞང་འབྲུམ་བསྐུས་གོས་ཀྱིས། །གཡོགས་ཏེ་ལག་པས་དགབ?་པར་བྱ། །མིག་མཆུའི་ནད་ལ་མིག་མཆུ་བཟློག། མིག་འབྲས་ནག་པོ ་རས་བལ་གྱིས། །བཀབ་སྟེ་ལེགས་བར་བྱུག་པར་བྱ། །ཐལ་སྨན་པར་ལོ་ཙམ་སྲབ་བསྐུ། །སྣ་ཡི་བུ་གའི་ཐོར་བུ་ནི། །ཉི་མ་ལ་བལྟས་འདུག་བ་ལ། །སྣ་རྩེ་ལེགས་པར་བཏགས་ནས་ནི། །གྲངས་ནི་ལྔ་བཅུའི་བར་དུ་བཞག་།རྣ ་བའི་ཐོར་བུ་ལ་ད་བཞིན། །ཐལ་སྨན་བསྐུས་པའི་འོག་ཏུ་ནི། །ཕྱིས་ལ་ལེགས་ཉེས་རྟོགས་བྱ་སྟེ། །ལེགས་ཚིག་མར་དང་སྤྲང་རྩི་བསྐུ། །འོ་མ་རང་སྐྱུར་ཞོ་ག་ཆུས། །དཔལ་བསད་དེ་ནས་མར་བཅས་པའི། །མངར་དང་བསིལ་བས ་བྱུག་པར་བྱ། །བཟའ་བཏུང་བད་ཀན་བསྐྱེད་པ་དང། །བསྲུལ་བའི་ཕྱིར་ནི་སྦྱིན་པར་བྱ། །གལ་ཏེ་རྩ་བ་བརྟེན་གྱུར་པས། །ཐལ་སྨན་གྱིས་བསགས་མི་འདྲུལ་ན། །འུ་སུ་སྐྱུར་སྙིགས་ཤིང་མངར་དང། །ཏིལ་གྱི་ལྡེ་གུས་དེ་ཚེ་བསྐུ།། ་ཏིལ་གྱི་ལྡེ་གུ་ཤིང་མངར་བཅས། །མར་གྱིས་བསྐུས་ན་རྨ་འཚོ་བ་བྱེད། །སྨིན་པ་འཛམ་བུ་ལྟར་ཀུན་གནག་།ལེགས་ཚོས་དེ་ལས་གོ་བཟློག་པ། །དམར་ཞིང་ན་ལ་གཡའ་སོགས་བྱེད། །བསྲགས་ཉེས་ཡིན་ཏེ་དེ་སླར་བསྲེགས། ། ་བསྲེགས་དྲགས་ཁྲག་ནི་འཛག་པ་དང། །བརྒྱལ་ཞིང་ཚ་དང་རིམས་སོགས་འགྱུར། །གཞང་ཁར་བསྲེགས་དྲགས་ཁྱད་པར་དུ། །འགགས་པའམ་ཤས་ཆེར་འབྱུང་བར་འགྱུར། །བུ་བཟད་པར་འགྱུར་བའམ། ། ་གཞང་ཁ་འབྱུང་བས་འཆི་བར་འགྱུར། སྣར་དྲགས་སྣ་ཡི་མཚུལ་བར་ནི། །ཉམས་པའམ་ཡང་ན་ཡོ་བའམ། །ཡུལ་ནི་འཛིན་མི་ནུས་པར་འགྱུར། །རྣ་བ་སོགས་པའང་དེ་དང་འདྲ། །འདི་ནི་མཆོག་ཏུ་སྐྱུར ་བླུག་།ཤིང་མངར་མར་དང་ཏིལ་བཏགས་བྱུགས། །རླུང་དང་མཁྲིས་པ་སེལ་བ་དང། །བསིལ་བའི་སྤྱོད་པ་ཐམས་ཅད་ཕན། །སྐྱུར་བའི་རེག་པ་བསིལ་བས་ན། །ཐལ་སྨན་དེ་དང་འདྲེས་གྱུར་ན། །དེ་ཡིས ་གྱུར་དུ་མདར་གྱུར་པས། །མྱུར་བས་ཆབ་ཤིན་ཏུ་འཇིལ། །མེ་བཙའ་ཐལ་སྨན་ལས་མཆོག་སྟེ། །དེ་བསྲེགས་པ་ཡིས་སླར་མི་འབྱུང། །སྨན་དང་ཐལ་སྨན་མཚོན་དབྱད་ཀྱིས། །མ་གྲུབ་པ་ཡང་གུབ་བྱེད་ཡིན། །པགས ་བཤ་དང་རྩ་རྒྱུས་དང། །ཚིགས་དང་རུས་སོགས་དེ་ལ་གདབ། །རྨེ་བ་མཛེར་ནད་ཀླད་ནད་དང། །མགོ་བོའི་གཞོགས་ཕྱེད་ན་སོགས་ལ། །པགས་བསྲེས་བལ་བ་ལང་སོ། །མེ་ཤེལ་མངའ་སྨྱུག་སོགས་མེ་གདབ།། ་གཞང་འབྲུམ་སྨེན་བུ་མཚན་བར་བརྡོལ། །བུག་རྨ་ལོང་ལ་སོགས་ལ། །ཤ་བསྲེགས་པྲ་ཚིལ་མར་བསྲེགས་དང། །བུ་རམ་འཛམྦུའི་ཆུ་ཡིས་བསྲགས། །པགས་པ་འབྱར་དང་ཁྲག་མཆོད། །ཐིག་ལེ་གནག་སོགས ་པགས་ནད་ན། །དེ་དག་ཉིད་ཀྱི་རྩ་སྲེག་གོ་།བསྲེག་མིན་ཐལ་སྨན་བཀག་པ་དང། །ནད་ན་མཚོན་ལུས་རྨ་ཆེན་འབྱུང། །ཁྲག་ཟག་པ་དང་ལྟོ་རལ་པའོ། །ལགས་བསྲེས་མར་དང་སྦྲང་རྩི་བསྐུ། །སྣུམ་དང་བསྲིལ་བས་བྱུག ་པར་བྱ། །ལེགས་པའི་མཚན་མ་ཁྲག་མི་འབྱུང། །སྒྲ་གཅན་ཆུ་བུར་ཕྲིའུ་འབྱུང། །ཏ་ལའི་འབྲས་སྨིན་ཐི་བ་འདྲ། །ན་བ་ཆུང་ཞིང་འཚོབ་པར་སླ། །བག་མེད་པས་བསྲགས་ཐམས་ཅད་དང། །བསྲགས་ཉེས་བསྲེགས་ནི ་དྲགས་པ་དང། །མཚོས་མཚན་ཉིད་དང་བཅས་བཞི། །མ་ཚོས་པགས་མདོག་མི་སྡུག་ཚི། །ཆུ་བུར་འབྱུང་བར་མི་འགྱུར་རོ། །བསྲགས་ཉེས་ཆུ་བུར་ཆེ་རབ་ཚ། །བསྲེགས་དྲགས་པས་ནི་ཤ་འཕྱད་དང། །པགས་པ ་འཁུམ་ཞིང་རབ་ཏུ་ཚ། །དུད་པ་འཁྱིམས་པ་ལྟ་བུ་དང། །རྩ་སོགས་འཁུམས་ཤིང་སྐམ་དང་བརྒྱལ། །རྨ་ཡི་གཏིང་ཟབ་འཆི་བར་འགྱུར། །མ་ཚོས་པས། ནི་མེ་བསྲང་ཅིང། །ཚ་བའི་སྨན་ནི་བཏང་བར་བྱ། །ཁྲག་བསྐ་ཤིང་ཏུན? ་བར་འགྱུར། །ཟགས་པར་གྱུར་ན་ནད་ཚབས་ཆུང། །བསྲེགས་ཉེས་བསིལ་དང་དྲོ་བའི་སྨན། །དང་བོར་བཏང་ན་དེ་འོག་བསིལ། །བསྲེགས་ལེགས་ན་ནི་བཅུ་ཧང་དང། །བུཀྵ་ཙན་དན་བཙག་ཡུག་སྣམས། །སླེ ་ཏྲེས་བརྟགས་པ་མར་བཅས་བསྐུ། །དེ་འོག་མཁྲིས་མེ་དབལ་ལྟར་སྤྱད། །བསྲེགས་དྲགས་མཁྲིས་བ་མེ་དབལ་གྱི། །ཆོ་ག་ཐམས་ཅད་མྱུར་དུ་སྦྱད། །སྣུམ་གྱིས་ཤིན་ཏུ་བསྲེགས་དྲགས་པས། །དེར་ནི་རྩུབ་པའི་ཆོ་ག་འདི་བྱ། །སྙིང ་པོ་གསང་བ་ལྟ་བུ་ནི། །གནས་འདིར་རྫོགས་པར་བྱས་པ་ཡིན། །འདིར་དོན་ཕྲ་བ་མདོར་བཤད་ཀྱི། །རྒྱ་ཆེར་ཀུན་ཏུ་བསྟན་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་སུམ་ཅུ་ཐམ་པའོ།། །། ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཏེ་གནས་དང་པོ་རྫོགས་སོ།། །།དེ་ནས་ལུས་ཀྱི་རུམ་དུ་ཞུགས་པའི་གནས་དང་པོ་བཤད་པར་བྱའོ། །དེ་ཡང་དྲང་སྲོང་ཆ་ནོ་རྒྱན་ཤེས་ཀྱི་བུ་ལ ་སོགས་པས་འདི་སྐད་བཤད་དོ། །ཁུ་ཁྲག་སྐྱོན་མེད་པར་སེམས་ཅན། །རང་ལ་ཉོན་མོངས་ཀྱིས་བསྐུལ་ནས། །ཚོགས་པ་མངལ་དུ་འཆགས་འགྱུར་ཏེ། །གཙུབ་ཤིང་ལས་ནི་མེ་བྱུང་མཚུངས། །ས་བོན་བདག་ཉིད་འབྱུང་བ་ཆེ།། ་འཕྲ་མོ་སེམས་ཀྱི་རྗེས་འགྲོ་དང། །མ་ཡི་ཁ་ཟས་དངས་མ་ལས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ། །ཇི་ལྟར་ཉི་མའི་གཟེར་གྱི་མེ། །མེ་ཤེལ་དང་ནི་ཕྲད་གྱུར་པའི། །ཤིང་ལ་འགྲོ་བར་མི་སྣང་སྟེ། །སེམས་ཅན་མངལ་གནས་དེ་དང ་འདྲ། །རྒྱུ་ཡི་རྗེས་སུ་འགྲོ་བས་ན། །འབྲས་བུ་དེ་དང་སྐལ་མཉམ་ཉིད། །སེམས་ཅན་སྐྱེ་གནས་སྣ་ཚོགས་འཛིན། །ཟངས་མ་ལ་སོགས་བཞུས་དང་མཚུངས། །དེ་བས་ཁུ་བ་མར?་བ་ལས། །ཕལ་ཆེར་སྐྱེས་ནས་སྐྱེས་གྱུར་ལ། །ཟླ་མཚན་མང་པས ་བུད་མེད་དེ། །དེ་གཉིད་མཉམ་ལས་མ་ནིང་འགྱུར། །ཁུ་ཁྲག་རླུང་གིས་མང་དུ་ཕྱེ། །ཇི་ལྟ་བས་ལས་མཚེ་མར་འགྱུར། །སྐྱེ་གནས་མི་མཐུན་གཟུགས་མི་སྡུག་།གནོད་པའི་དྲི་མས་སྐྱེ་བར་འགྱུར། །བུད་མེད་ཟླ་བ་རེ་རེ་ཁྲག། དངས་མ་ལས་བྱུང་ཞག་གསུམ ་འཛག་།ལོ་ནི་བཅུ་གཉིས་ཡན་ཆད་ནས། །ལྔ་བཅུའི་བར་འཛག་དེ་ནས་ཟད། །བུད་མེད་ལོ་ནི་བཅུ་དྲུག་ལོན། །སྐྱེས་པ་ཉི་ཤུ་ཡོན་དང་འདུས། །མངལ་གནས་ལམ་དང་ཁུ་བ་ཁྲག་།རླུང་དང་སེམས་ནི་དག་གྱུར་པའི། །བུ་ནི་སྟོབས་དང་ལྡན་པ་སྐྱེ། །དེ་ལས་ལོ་ནི ་མ་ཚང་བའི། །ནད་ཅན་ཚེ་ཐུང་སྐལ་ངན་པའི་ཁུ་?་ཆཌ་མི་འགྱུར། །རླུང་སོགས་དུལ་དང་མདུང་པ་ཅན། །དྲི་མ་སྐྱོན་དང་ལྡན་བཤད་པའི། །ཁུ་ཁྲག་ས་བོན་བྱེད་མི་ནུས། །རང་གི་མཚན་མས་སྐྱོན་བྱུང་བཤད། །ཁྲག་གི་རུལ་ཞིང་བད་ཀན་དང། །རླུང་གིས ་མདུད་པ་ཅན་འདྲར་འགྱུར། །ཁྲག་དང་མཁྲིས་པ་རྣག་འདྲ་ལ། །རླུང་དང་མཁྲིས་པ་ཟད་པར་འགྱུར། །འདི་དག་གསོ་དཀའ་ཉེས་གསུམ་ལྡན། །བཤང་གཅི་འདྲ་བར་གསོར་མི་རུང། །རླུང་ལ་སོགས་པ་གནོད་འགྱུར་བ། །རང་གི་སྨན་གྱིས་གསོ་བར་བྱ། །རུས ་པའམ་དད་ཀའི་མེ་ཏོག། །སེང་ལྡེང་སེའུ་འབྲུ་ཨརྫུ་ན། །མར་དང་བསྐལ་བ་བླུད་པའམ། ། ས་ན་སོགས་བསྐོལ་བས་བླུན། །ཁུ་ཁྲག་མདུད་འདྲ་བ་ལ་ཤའི། །ཐལ་བ་སྲུ་སྲུའི་རྩ་བ་ཕན། །རྣག་འདྲ་པ་རུ་ཤ་ཀ་དང། །ནྱ་གྲོདྷ་སོགས་བསྐོལ་པ་བླད། །ཁུ་བ་ཟད ་ལ་རོ་རྩའི་དཔྱད། །བཤད་འདྲ་སློན་ཁྲུས་ཤིང་གུན་དང། །བུ་ཤེལ་ཙིཏྲཀ་བསྐོལ་བླུད། །ཟླ་མཚན་མདུད་འདྲ་བ་ཐ་དད། །ཚ་གསུམ་དུག་མོ་ཉུང་བསྐོལ་བླུང། །ཟླ་མཚན་རུལ་དང་རྣག་འདྲ་ལ། །ཙན་དན་བླུད་བྱ་ཕྱིས་བཤད་པའི། །གསད་བའི་གནོད་སོར ་བཤད་ཀུན་དང། །འཇམ་བཙིར་བྱས་པ་གང་ཡིན་བྱ། །ཁུ་བ་དཀར་ཞིང་ལྕི་བ་དང། །མར་དང་བསྐད?་མང་བ་དང། །མར་དང་སྦྲང་རྩི་ཏིལ་མར་འདྲ། །མངལ་དུ་ལེགས་ཆགས་ཟླ་མཚན་ཡང། །རྒྱ་སྐྱེགས་ཁུ་བའི་བོང་ཁྲག་།འདྲ་ཞིང་བཀྲུས་ན་དག་འགྱུར་བཟང། །ཁུ་ཁྲག་ ་སྐྱོན་མེད་ནད་མེད་ཅིང། །ཕན་མཚུན་བུ་ནི་ཆགས་པ་དང། །རོ་ཅིའི་སྣུམ་གྱིས་རྟག་པ་དང། །སྦྱད་པ་བྱས་ཤིང་འཇམ་རྩི་བཏང། །མཆོག་ཏུ་སྐྱེས་པའོ་མེ་མར། །མངར་པའི་སྨན་གྱིས་རྟ་བར་བྱ། །བུད་མེད་ཏིལ་མར་ཤ་དག་ནི། །མཁྲིས ་པ་བསྐྱེད་པ་ཉེ་བར་སྤྱད། །བུད་མེད་ཉམ་ཆུང་བཞིན་རས་དང། །ནུ་མ་རྐེད་པ་མགུལ་བ་དང། །མིག་དང་དཀུ་གཡོ་སྐྱེས་པ་འདོད། །ཟླ་མཚན་ལྡན་ཕར་ཤེས་པར་བྱ། །དཔེར་ན་ཉི་མ་ནུབ་པ་ན། །པདྨའི་ཁ་ནི་ཟླུམ་པར་འགྱུར། །དེ་བཞིན་ཟླ་མཚན་དུས ་འདས་བ་ནི། །དཔལ་ནི་ཁུ་པ་ལེན་མི་འགྱུར། །ཟླ་བ་གཅིག་ཏུ་བསགས་པའི་ཁྲག་།རྩ་ཆེན་གཉིས་ལས་དུས་སུ་ནི། །ཅུང་ཟད་གནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱིས་སྒོ་རུ་འབྱིན། །དེ་ནས་ཟླ་མཚན་མཐོང་ཉིད་ནས། །ཞག་གསུམ་པར ་དུ་སེམས་དགེ་བསམ། །རྒྱན་དང་ཁྲུས་ནི་སྤང་པ་དང། །ཀུ་ཤའི་སྟན་ལ་ཉལ་བར་བྱ། །ནས་ཐུགས་འོ་མས་བཙོས་ཉུང་ཟད། །བླུད་ཅིང་ལྟོ་སྦྱང་ཉམས་དམང་བྱ། །ལོ་མ་འམ་རྫས་སྐྱོགས་ལག་པར་ནི། །བཟའ་ཞིང་འཁྲིག་པ་སྤང་པར་བྱ།། ་དེ་ནས་ཞག་ན་བཞི་པ་ལ། །ཁྲུས་བྱས་གོས་འཕྲེང་དཀར་ཞིང་གཙང། །ཕ་དང་འདྲ་བའི་བུ་འདོད་ཅིང། །མདུན་དུ་ཁྱོ་ནི་བལྟ་བར་བྱ། །ཟླ་མཚན་ཞག་ནི་བཅུ་གཉིས་དུས། །དེ་ལས་དད་པོའི་ཞག་གསུམ་དང། །བཅུ་གཅིག་བ་སྨད་ཚེས་གཟུངས ་ལ། །བུར་འགྱུར་གཞན་དུ་བུ་མོར་འགྱུར། །དེ་ནས་བུ་ཕྱིར་སློབ་དཔོན་གྱིས། །ཆོ་ག་ཆོ་ག་བཞིན་བྱས་ལ། དབང་ས་རིགས་ཕྱག་ཚལ་ལ་སོགས་ལས། །སྔགས་ཀྱིས་བྱེ་བ་མེད་པར་བྱ། །དེ་ལྟར་འདོད་སྤྱོད་དོན་ལྡན་ཞིང། །ཡིད་ལ ་འདོད་པའི་བུ་སྐྱེ་འགྱུར། །བུ་འདོད་བཟའ་བྲན་དབེན་པར་ནི། །འདོད་སྤྱད་ཞེས་བྱ་དམ་པ་སྨྲ། །གཞན་དུ་རིག་བཟངས་ལས་ཀྱང་ད། །བུ་དན་རིགས་བསྲེགས་མེ་འདྲར་འགྱུར། །ཇི་ལྟ་བ་ཡི་བུ་འདོད་པ། །དེ་ཡི་ཚུལ་དུ་དེ་ཡིས་སྤྱད།། ་ཡུལ་དེའི་སྐྱེ་བ་སྐྱོད་པ་དང། །དེ་ཡི་ཡོ་བྱད་ལ་བསམ་བྱ། །ལས་མཐར་སྐྱེས་ལས་ཞུན་མར་དང། །འོ་མ་འབྲས་ཆེན་བཅས་པ་བཟའ་། །སྐར་མཁན་ལུང་གིས་མལ་ཁྲིར་ནི། །སྐྱེས་པ་དང་པོ་རྐང་པ་གཡས་ཀྱིས། །འཛེག་བྱ་བུད་མེད་གཡོན་གྱིས ་འཛེག་།དེ་ཡི་གཡས་ལོགས་དང་དུ་ཉལ། །ཏིལ་མར་མོན་སྲན་དྲེའུ་བཟའ་། །དེ་ནི་སྔགས་ཀྱི་ཚིག་བརྗོད་བྱ། ། དྷི་རི་སི། ཨཱ་ཡུ(མདོ་འགྲེལ་ཕུར་བུ་ཁྱབ་འཇུག་དང། །ཉི་ཟླ་ཐ་སྐར་བུ་གཉིས་དང། །ལེགས་ལྡན་མཛའ་བོ་ཆུ་ལྷ་རྣམས། །བདག་ལ་དཔའ་བའ་ཨི་བུ་སྩོལ་ཅིག། དེ་ནས་ཕན་ཚུན་སྤྲོ་བསྐྱེད་དེ།། །དགའ་དང་བཅས་པས་གནས་པར་བྱ། །བུད་མེད་དེར་སེམས་གན་རྒྱལ ་གནས། །ཡན་ལགས་ལེགས་པར་གནས་འདུག་བྱ། །དེ་ལྟར་ཉེས་བར་རང་གནས་འདུག་།ས་བོན་ལེགས་པར་འཛིན་པར་འགྱུར། །འཕྲལ་དུ་མངལ་ཆགས་མཚན་མ་ནི། །མངལ་དུ་མཚན་མ་འཛིན་པ་དང། །འདོད་ངོམས ་ཅི་དང་གཡོ་བ་དང། །ཁྲག་དང་ཁུ་བ་རྗེས་འདྲེས་དང། །སྙིང་འཕར་བ་དང་སྙོམས་པ་དང། །སྐོམ་དང་རྨྱ་དང་བ་སྤུ་ལྡང། །ཟླ་བ་དང་པོ་མི་གསལ་ཞག། །བདུན་ནས་ནུར་ནུར་པོ་རུ་འགྱུར། །འདི་ནི་མངལ་གྱི་བུ་བསྐྱེད་པ། །གསལ། ་བར་མ་གྱུར་གོང་དུ་བྱ། །སྐྱེས་བུ་བྱེད་པ་འདི་སྟོབས་ལྡན། །ལས་ཀྱང་ཟིལ་གྱིས་གནོན་བར་ནུས། །སྐར་མ་རྒྱལ་སྐྱེས་བུ་ཡི་གཟུགས། །གསེར་རམ་དངུལ་ལམ་ལྕགས་ལས་བྱས། །མེ་ཏོག་གྱུར་བསྲེགས་འོ་མར་བཅུག། དེ་ནི་སྙིམ ་གང་བླུད་པར་བྱ། །ཡང་ན་གོ་ར་དནྟ་དང། ། པ་མག་ཇི་བ་ཀ། ཟངས་རྩི་བ་དང་ཤེ་དྱ་ག། གཅིག་གམ་གཉིས་སམ་གསུམ་ཞིག་གམ། །ཐམས་ཅད་ཆུ་ལ་བཏགས་ལ་ནི། །སྐར་མ་རྒྱལ་ལ་བག་ཆེ་བླུད། །བྲི་ཧ་ཏྭི་ནི་དཀར་པོའི་རྩ། ་འོ་མར་བཏབ་པ་རང་ཉིད་ཀྱིས། །བུ་འདོད་སྣ་ཁུང་གཡས་པར་བླུག་།བུ་མོ་འདོད་ན་གཡོན་པར་བླུ་བ་།ལག་རྨའི་ན་རྩ་འོ་མར་སྦྱར། །བུ་བསྐྱེད་གནས་པར་བ་སྟེར་བྱེད། །དེ་བཞིན་ནྱ་གྲོའི་མྱུ་གུ་བརྒྱད། །སྦྱར་པ་སྣ ་འམ་ཁ་ནས་བཏུད། །འཚོ་བྱེད་ཀྱིས་ནི་སྨན་སྡེ་རྣམས། །ཕྱི་དང་ནང་ནས་ཉེ་བར་སྦྱར། །མངལ་འཛིན་ཡིད་འོང་ཕན་པ་ཡི། །ཁྱོད་དང་འཁོར་གྱི་བསྙེན་བཀུར་བྱ། །མར་སར་ཞུན་མར་འོ་མ་རྣམས། །རྟག་ཏུ་དེ་ལ་བླུད་པར་བྱ། །ལ་པོ་དྲི་མེད་པ ་རྩོལ་དྲགས་དང། །ཁུང་དང་གོས་ནི་ལྕེ་བ་དང། །ཉིན་ཉེལ་ནུབ་མོ་གཉིད་མ་ལོག། སྟན་སྲ་ག་བུར་འདུག་པ་དང། །མྱ་ངན་ཁྲོ་དང་འཇིགས་དང་སྐྱོ། །ཤུགས་དང་སྲེད་པ་དགག་པ་དང། །རྒྱུད་ལ་ལམ་འགྲོ་རྣོ་དང་ཆ། །ལྕི་དང་བཤད ་འགགས་ཟན་ཟ་དང། །གོས་དམར་གྱོན་དང་གཡངས་དང། །ཁྲོན་ལྟ་ཤ་ཟ་ཆང་འཐུངས་དང། །གན་རྐྱལ་ཉལ་དང་བུད་མེད་དང། །མི་འདོད་གང་ཡིན་དེ་ཀུན་སྤང། །དེ་བཞིན་གཏང་ག་གདབ་སློན་ཁྲུས། །མས་བཏང་ཟླ་བརྒྱད་པར་མི ་བྱ། །འདི་དག་གིས་ནི་མངལ་འཇིག་པའམ། །དགུ་བསྐམས་པའང་འཆི་བར་འགྱུར་རླུང་ནི་བསྐྱེད་པར་བྱང་པས་མང། །སྦུར་པོ་འོན་ལོང་མི་ཐུང་འགྱུར། །མཁྲིས་པ་ཅན་གྱིས་སྤྱི་ཆེར་སེར། །བད་ཀན་ཤ་བཀྲ་སྐྱ་རྦབ་འགྱུར།། ་ནད་གཞན་འཇམ་ཞིང་བདེ་བ་དང། །རྣོན་པོ་མ་ཡིན་སྨན་གྱིས་གསོ། །ནུར་ནུར་པོ་ལས་ཟླ་གཉིས་པར། །གོར་གོར་མེར་མེར་ནར་ནར་པོ། །དེ་ལ་བོ་མོ་མ་ནིང་རིམ། །དེ་ནས་གསལ་འགྱུར་མཚན་མ་ནི། །རིང་ཅིང ་དགུ་ནི་ལྕི་བ་དང། །བརྒྱལ་སྐྱུགས་ཡི་འཆུས་པ་དང། །གླལ་དང་མཆིལ་མང་སྙོམ་བག་དང། །སྤུ་ཡི་ཕྲད་པ་གསལ་བ་དང། །སྐྱུར་ལ་དགའ་ཞིང་ནུ་མ་རྒྱས། །ནུ་ཞོར་བཅས་ཞིང་རྩེ་མོ་གནག། རྐང་བ་སྐྲད་ཞིང་ཁ་ཟས་ཚ། ་སྲེད་པ་སྣ་ཚོགས་ཉིད་དུ་འགྱུར། །འདི་ཡིད་སྙིང་ནི་མ་ལས་སྐྱེས། །མ་ཡི་སྙིང་ཡང་དེ་དང་ནི། །འབྲེལ་པས་དེ་ཕྱིར་སྦྲུམ་མ་ནི། །སྲེད་པ་དགག་པར་མི་བྱའོ། །དེ་ལ་སྣོད་པར་གྱུར་པའང། །ཕན་དང་བསྲེས་ཏེ་ཅུང་ཟད་སྦྱིན། །སྲེད་པོ་བཀག་ན ་མངལ་གྱི་བི་?་མི་སྡུག་པ་འམ་འཇིག་པར་འགྱུར། ཟླ་བ་གསུམ་བར་ད་ཡི་ལུས་མགོ་བོ་དཔྱི་གཉིས་དཔུང་པ་གཉིས། །ཡན་ལག་ལྔ་ནི་གསལ་དོད་འགྱུར། །ཡན་ལག་འཕྲ་མོ་རྣམས་ཀྱང་འབྱུང། །མགོ་བོ་སོགས་དང་ཆ་མཉམ་དུ། །བདེ་དང་སྡུག ་བསྔལ་ཤེས་བ་འབྱུང། །མངལ་གནས་ལྟ་བ་མ་ཡིན་ནི། །སྙིང་གི་རྩ་དང་འབྲེལ་བའི་ཕྱིར། །དེ་ཡིས་དེ་ནི་འཕེལ་འགྱུར་ཏེ། །ཞིང་གི་ཡུང་བ་དག་དང་མཚུངས། །བཞི་པར་ཡན་ལག་གསལ་དོད་འགྱུར། །ལྔ་པར་སེམས ་ནི་གསལ་བར་འགྱུར། །དྲུག་པར་ཆུ་བ་རྩ་དང་སྦུ། །སེན་མོ་པགས་པ་མདོག་སྟོབས་འགྱུར། །བདུན་པ་དངོས་པོ་ཐམས་ཅད་ཀྱིས། །ཡན་ལག་ཀུན་ནི་རྫོགས་པར་འགྱུར། །མངལ་གནས་ནད་ཀྱིས་ཉེན་གཟིར་ན། །དེ་ཆེ་སྙིང་དད ་འབྲེལ་བའི་ཕྱིར། །གཡའ་དང་ཚ་བར་བྱེད་པ་དང། །པགས་གས་རྨ་བྲན་འབྱུང་བར་འགྱུར། །དེར་ནི་མར་སར་རྒྱ་ཤུག་ཆུ། །མངར་བའི་སྨན་སྡེ་བསྐོལ་བ་ཕན། །ལན་ཚ་ཉུང་ཞིང་སྣུམ་བག་ཅན། །ཡང་ཞིང་མངར་བའི ་ཁ་ཟས་བཟའ་། །ཙན་དན་པུ་ཤེལ་ཙིའི་ལྡེ་གུས། །བྲང་དང་ནུ་མ་ལྟོ་ལ་བསྐུ། །འབྲས་བུ་གསུམ་པའམ་ཨེ་ནེ་ཡ། །ཤ་བཀྲ་རི་བོང་ཁྲག་སྐྱེར་བསྐུ། །ཀ་ར་བི་རའི་ལོ་མ་དང། །ཏིལ་མར་བསྐོལ་བས་བསྐུས་ཏེ ་མ་ཉེ་?་པ་ཏོ་ལ་དང་ནིམ་པ་བཙོད། །བེའུ་རུག་གིས་ཀྱང་བསྐུ་བར་བྱ། །སྐྱེར་པ་ཤིང་མངར་ཆུ་ཡིས་ནི། །བཀྲུ་དང་བསྐུ་བ་བསྟེན་པར་བྱ། །ཟླ་བ་བརྒྱད་བར་མ་དང་བུ། །ཐངས་དེ་རིམ་གྱིས་གཟི་མདངས་འཕོ།། ་དེ་ཡིས་དེ་གཉིས་ཞུམ་དགར་འགྱུར། །བྱིས་མདངས་མ་ལ་མི་གནས་པས། །དེ་ཚེ་བཙས་ན་མི་འཚོ་ལ། །བུད་མེད་ཐེ་ཚོམ་བཅས་སྐབས་འགྱུར། །འདིར་ནི་འོ་མ་ཅན་བླུད་ཅིང། །མངར་བའི་སྨན་དང ་བསྐོལ་བ་ཡིས། །མར་གྱི་འཇམ་རྩི་བཏང་བྱ་ཞིང། །ཕྱི་ས་སྙིང་པ་དག་བྱའི་ཕྱིར། །ལ་ཕུག་སྐམ་དང་རྒྱ་ཤུག་སྐྱུར། །བསྐལ་བ་དག་དང་བསྐོལ་བ་བསྔགས། །ཤཏ་པུཥཔའི་ལྡེ་གུ་ནི། །རྒྱ་མཚ་ཏིལ་མར་འཇམ་རྩི་བཏང། །དེ་ཚེ ་ཞག་གཅིག་འདས་པ་ན་ཡང། །དུས་སུ་བཙས་ཡིན་དེ་ཕན་ཆད། །རླུང་གིས་དཀུར་ན་བཀག་གྱུར་ན། །ལོ་ཡི་བར་དུ་གནོད་པ་བསྐྱེད། །ཟླ་དགུ་ལོན་ན་སྣུམ་བཅས་པའི། །འབྲས་ཆན་ཤ་ཁུ་བླུད་པ་བསྔགས། །སྣུམ་མང ་ནས་ཐུགས་སྦྱིན་པའམ། །སྔར་བཤད་པ་ཡི་འཇམ་རྩི་བཏང། །དེ་ཉིད་ལ་བཅུག་རས་བལ་ནི། །མཚན་བལྟར?་བརྟུགས་གཞུག་པར་བྱ། །རླུང་འཇོམས་ལོ་མ་བསྐོལ་བའི་ཆུ། །བགྲངས་པས་ཉིན་རེ་བཀྲུས་པ་ཕན།། ་ཟླ་དགུ་ཕན་ཆད་ལུས་ལ་ནི། །སྣུམ་མེད་པར་ནི་མི་བཞག་གོ་།ནུ་ཞོ་གཡས་པ་སྔར་ཕྱུང་ཞིང། །གཡས་ལོགས་ནས་ནི་བརྟེན་པ་དང། །འདྲི་ཚིག་སྐྱེས་པའི་མི་ཅན་སྨྲ། །དགའ་ཞིང་རྨི་ལམ་སྐྱེས་པ་མཐོང།། ? ་ནི་གཡས་པར་ཐོ་བ་དང། མངལ་ཡང་ཀུན་ནས་ཟླུམ་པ་དག་།བུ་སྐྱེ་གཞན་དུ་བུ་མོར་འགྱུར། །གང་ཡང་སྐྱེས་བ་ཕྲད་འདོད་དང། །གླུ་གར་རོལ་མོ་ལ་དགའ་དང། །དྲི་དང་ཕྲེང་ཆགས་བུ་མོ་སྐྱེ། །དེ་འདྲས་པས ་ནི་མ་ཉིད་འགྱུར། །སྐུ་ཡིས་དབུས་ནི་མཐོ་བ་ཡིན། །མཚ་མ་ལོགས་གཉིས་མཐོ་བས་ནི། །ལྟེ་བ་དམ་བར་འདུག་པ་ཡིན། །དགུ་པའི་དད་པོ་ནས་བརྩམས་ཏེ། །ས་ཕྱོགས་ཤིས་ཤིང་ཡོ་བྱད་ནི། །ཕུན་ཚོགས་ལྡན་པས ་དགེ་བའི་ཞག་།དེ་ནི་བཙས་ཁྱིམ་ཞུགས་པར་བྱའོ། །དེར་ནི་བུད་མེད་བཙས་མྱོང་པས། །བསྐོར་ཏེ་བཙའ་བའ་ཨི་དུས་པར་བསྡད། །དེང་དམ་སང་ནི་བུ་བཙའ་རྟགས། །སྙོམ་ཞིང་དཀུ་དང་མིག་ལྷོད་དུབ། །སྨད་དུ་ལྕི་ཞིང་ཡིག་འཆུས། །མཆི་ལམ ་མེད་ཞིང་གཅིན་མང་འགྱུར། །བརླ་དང་རྐེད་པ་བལྟོ་བ་དང་རྒྱབ། །སྙིང་དང་ཆུ་སོ་བརླ་རྩ་ན། །མཚན་མཛེ་ན་ཞིང་ཟུག་པ་དང། །འགུལ་ཞིང་འཛག་པར་འགྱུར་བ་ཡིན། །རང་དབང་མེད་གྱུར་རྗེས་སུ་ནི། །དེ་འོག་མདལ་གྱི་ཚུ་འཛག་འགྱུར། །དེ ་ནས་མངལ་ནང་ནས་བྱུང་རྩོམ། །བཀྲ་ཤིས་བསྲུངས་པའི་ཆོ་ག་བྱས། །ལག་པར་འབྲས་བུ་སྐྱེས་མི་བཞག་།ལེས་བསྐུས་ཆུ་ནི་དྲོན་པོར་བླུག་།མར་དང་བཅས་པའི་ཐུག་པ་བླུད། །དེ་འོག་སལ་མལ་བཅས་འདུག། བརླ་གཉིས་བཀུག་སྟེ་གནས ་རྐྱལ་གནས། །ཡན་ལག་ཡང་ནས་ཡང་དུ་བསྐུ། །ལྟེ་བ་མན་ཆད་མཉེ་བྱ་ཞིང། །གླལ?་དང་འཆག་པ་བྱེད་དུ་ཞུག་།དེ་ལྟས་མངལ་གནས་ཐུར་དུ་འབྱུང། །དེ་རྟགས་སྙིང་ག་ལ་འཕོས་ནས། །མངལ་གནས་ལྟོ་བར་ཞུགས་ནས་ནི། །ཆུ་སོའི ་སྟེང་ན་གནས་པར་འགྱུར། །དེ་ནས་དབང་མེད་ནད་ལྡན་དེ། །མྱུར་དུ་ཁྲི་ལ་བཞག་བར་བྱ། །དེ་འོག་མངལ་ནས་ལེགས་བཙིར་ནས། །དེ་ཡི་མཚན་ནི་དབྱེ་བར་བྱ། །དང་པོར་དལ་གྱིས་བཅིར་བྱ་ཞིང། །བཙལ་ཁར་དྲག་ཏུ་བཙིར་བར་བྱ། །དེ ་ནས་བུ་སྐྱེའི་སྒྲ་དང་ནི། །ཆུ་དང་རླུང་གིས་དགའ་བ་བསྐྱེ། །བཅས་པའི་ནང་ཀྱིས་གཟིར་བ་ཡི། །སྲོག་བྲལ་འབྲལ་བ་སླར་གསོ་བ། །མངལ་དུ་ཐོགས་ན་སྦྲུལ་ནག་པའི། །བགས་པས་མོ་མཚན་བདུག་པར་བྱ། །བྱར་?་མེ་ཏོག ་རྩ་བའམ། །ལྕམ་པའམ་ཡང་ན་པི་ཤ་ལ། །རྐང་པའམ་ལག་པར་གདགས་པར་བྱ། །ཤ་མ་དབྱུང་བའི་ཕྱིར་ཡང་ནི། །དེ་དག་ཉིད་བྱ་དེ་ནས་བརྡེག་།དཔུང་པ་གཉིས་ནས་བཟུང་སྟེ་སྦྲུག་།རྟིང་པས་མཇུག་རྡོ་རྗེ་གྭ་པ་དད། །རྐུབ་ཅོས ་དམ་དུ་བཙིར་བར་བྱ། །སྐྲ་ཡིས་ལྐོག་མ་རྐན་རེག་བྱ། །སྣུ?་ཧའི་ལོ་མ་སྤྱི་བོར་བློག་།ལྟག་བ་ཀུ་བ་ལངཀ་ལི། །སྤྲུལ་ལྤགས་རུ་རྟ་ཡུངས་ཀར་རྣམས། །རེ་རེ་འམ་གཉིས་སམ་མ་ལུས་པ། །མོ་མཚན ་བྱུག་པ་འམ་གདུག་པར་བྱ། །རུ་རྟ་འམ་བལ་བུའི་ལྡེ་གུ་ནི། །ཆང་དང་ནི་རླུང་པར་བྱ། །ཀུ་ལངཐའམ་བལ་བ་ཟ། །ཆང་རྙིང་དག་ལ་བཏབ་སྟེ་བླུང། །ཤུ་ཏི་ཡུངས་ཀར་ཟི་ར་དང། །ཤི་ཀྲུ་ཏི་ཀྵ་ཀུ་ཀྲུག་ཏྲེས། །ཤིང་ཀུན་རུ་ཏ་པོ་སོན་ཆ།། ་འོ་མ་བ་གཅིན་ཡུངས་མར་དང། །བསྐོལ་བ་བཤད་བའི་སྒོ་འམ་ནི། །མོ་མཚན་ནས་ནི་འཇམ་རྩི་བཏང། །ཤུ་ཏི་ཤུ་དག་རུ་རྟ་དང། །ཡུངས་ཀར་པི་པི་ལིང་ལྡེ་གུ། སྣུམ་དང་ལན་ཚྭར་བཅས་པ་ཡི། །མས་བཏད་ཤ་མ་མྱུར་དུ་འབྱིན།། ་དེར་ཐོག་རྒྱུ་ནི་རླུང་ཡིན་ཏེ། །དེ་བཅོམ་ཤ་མ་མྱུར་དུ་འབྱུང། །ཡང་ན་ལག་བཀྲུས་སོར་མོ་བྲེགས། །མཁས་པ་ཡིས་ནི་དྲངས་ཏེ་དབྱུང། །ཤ་མ་བྱུང་ན་མོ་མཚན་དང། །ཡན་ལག་ཏིལ་མར་གྱིས་བྱུགས་མཉེ། །མངལ་ནད་གཟེར་ནི་ཆུ་སོ ་མགོ་།ལྟོ་བ་གཟེར་ལ་ཐལ་སྨན་ནི། །རྣོན་པོ་ཞིབ་ཏུ་བཏགས་པ་དག། མར་རམ་ཆུ་མཚམ་སྦྱར་བ་བླུད། །འུ་སུ་བསྐོལ་ཆུ་བུ་རམ་དང། །ཚ་གསུམ་དྲི་བཟེད་གསུམ་བཏབ་བླུད། །དེ་ནས་བྱིས་པའི་ཉེར་སྤྱོད་ཀྱི་ཁྱིས་པ་མ་མ་སྐྱོང་དུ་གསུང?་།བུ་བཙས་བཀྲེས་ཡོད་ཏིལ་མར་རམ། །མར་ལས ་ཚད་ཆེན་བླུང་བྱ་བ། །ཚ་བ་ལྔ་ཕྱེ་རན་བཏབ་སྦྱིན། །དེ་འོག་བུ་རམ་ཆུ་དྲོ་ན་ནམ། །རླུང་འཇོམས་སྨན་བསྐོལ་ཆུ་བླུད་དེ། །དེས་ནི་རླུང་ནད་ལྡང་མི་འགྱུར། །ཁྲག་དན་དག་ཀྱང་དག་པར་བྱེད། །རིམ་འདི་ཞག་ནི་གཉིས ་གསུམ་བྱ། །སྣུམ་མི་འཕྲོད་ལ་?་ག་འདི། །སྣུམ་མེད་པར་ནི་བསྟེན་པར་བྱ། །འཐུངས་ནས་ལྟོ་བ་ཏིལ་མར་དང། །མར་བསྐུས་ནས་ནི་གོས་ཀྱིས་དཀྲི། །ཞུ་ནས་ཁྲུས་བྱས་ཐུག་པ་ནི། །སྔར་བཤད་སྨན་དང་བསྐོལ ་བརླུང?། །ཞག་གསུམ་ཕན་ཆད་བི་ད་རི། །ལ་སོགས་སྨན་སྡེའི་ཁུ་བར་བསྐོལ། །ནད་ཐུག་ཕན་ཞིང་སྣུམ་མད་པའམ། །གོམས་པའི་དབང་ལས་འོ་ཐུག་བླུད། །ཞག་བདུན་ཕན་ཆད་དེ་ལ་ནི། །རིམས་ཀྱིས་བཏབ་པའི་ཆོ་ག་ཕན།། ་ཞག་ནི་བཅུ་གཉིས་མ་ལོན་པར། །ཤ་ནི་སྦྱིན་པར་མི་བྱའོ།། །མངལ་དུ་འཕེལ་དང་བཅོས་པའི་ནད། །གཤེར་དང་ཁྲག་འཛག་བཙིར་བ་ཡིས། །ནད་དེ་གསོ་དཀའ་ཡིན་པའི་ཕྱིར། །བཙས་ཚེ་འབད་དེ་རིམ་གྲོ་བྱ། །དེ་ལྟར ་ཟླ་བ་ཕྱེད་དང་གཉིས། །ཁ་ཟས་གདམས་སོགས་དང་བྲལ་ནས། །བཙས་པའི་མིང་དང་བྲལ་བའམ། །ཟླ་མཚན་བྱུང་བར་གྱུར་བར་དུའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ལུས་ཀྱི་གནས་ཀྱི ་ལེའུ་སྟེ་དང་པོའོ།། །།དེ་ནས་ལུས་ཀྱི་རུམ་དུ་ཞུགས་པའི་ནང་ཀྱི་བྱེ་བྲག་བཤད་པར་བྱའོ། །སྒྲུན་མས་སྤངས་པར་བྱ་བ་དག་།བསྟེན་པའམ་ནད་ཀྱི་དབང་ལས་ནི། །ཟླ་མཚན་བྱུང་བའམ་གཟེར ་ཞིང་ནི། །ཕྱི་ནང་སྣུམ་དང་བསིལ་ཐབས་བྱ། །ུ་ཤིར་པདྨ་ཙན་དན་དང། །འོ་མ་ཅན་ཤིང་ཤུག་པ་ཡི། །ལྡེ་གུ་མར་ནི་བསྐུ་བ་དང། །རས་བལ་སྤངས་བ་བཤད་སྒོ་དང། །མོ་མཚན་གཉིས་སུ་ཐམ་བུར་གཞུག། ་ལན་བརྒྱར་བཀྲུས་པའི་མར་གྱིས་ནི། །བསྐུ་བ་འམ་བུད་མེད་དེ་ཡི་ལུ། །ུ་ཤིར་ལ་སོགས་ཆུ་ནང་གཞུག་།ཁང་སྦྲང་རྩི་ཀུ་མུ་ད། །པདྨ་ཨུཏཔལ་གེ་སར་ནི། །འོ་མའི་མར་སྦྱར་ཀ་ཤེ་རུ། །ཤྲིངཀ?་ཏ་ཀ་སྦྱིན ་པར་བྱ། །གསྟ?་པྲི་ཡ་མ་ཀུ་བཏང་ནི། །ཆུ་སྐྱེས་རྣམས་ཀྱི་རྩ་བ་དང། །ུ་རུཾ་བ་ར་གཞོན་ནུ་དང། །ལྡན་པའི་འོ་མ་སྐེམ་རུ་བླུང། །ས་ལུ་རྩ་བ་ཀ་ཀོ་ལ། །བཱ་ལ་གཉིས་དང་ཤིང་མདང་དང། བུ་རམ་ཤིང་དང་བསྐོལ་བ་ཡི།། ་འོ་མ་ས་ལུ་རྩ་སྣར་ཅན། །སྦྲང་རྩི་ཁ་རར་བཅས་པའམ། །སྐམ་སའི་ཤ་ཁུ་ལྡན་པར་བཀའ་། །བཀྲུ་སྨན་མ་གཏོགས་ཁྲག་མཁྲིས་ཀྱི། །གསོ་དཔྱོད་བཤད་པ་ཐམས་ཅད་བྱ། །ཟླ་གསུམ ་མ་མཚང་བར་དུ་ནི། །ཁྲག་བསྐགས་ཕྱིར་ནི་འབད་པར་བྱ། །བེའུ་སྣ་བས་ལྡན་པའམ་དགག་བྱ་བ། །དེར་ནི་བསིལ་ཕན་རྩུབ་པ་དང། །སྙུང་བ་གླ་སྒང་ཨུ་ཤིང། །སླེ་ཏེས་འུ་སུ་ཨ་ར་ལ། །བི་ཚེར་དང་ནི་སར་བ་ཏ།། ་ཙན་དན་པ་ལ་བོ་ད་དཀར། །བསྐོལ་བའི་ཆུ་ནི་བླུང་པར་བྱ། །རྩ་འབྲུ་ལས་གཡོ་ཟས་སྦྱིན་དང། །མུངྒ་ལ་སོགས་ཁུས་བེའུ་སྣབས་ནི། །བསལ་ལ་སྣུམ་སོགས་སྔོན་བཞེན་ནི་བཏང། །མངལ་ནི་རྣམ་པར་འཇིག་འགྱུར ་ན། །མངལ་ནང་དག་པ་བྱ་ཕྱིར་དང། །ནད་ཀྱིས་གཟིར་བ་མི་དྲ་ནེ་ཕྱིར། །ཆད་རྣོ་ཅི་ནུས་བཏུད་བར་བྱ། །དེ་ནས་རྩ་བ་ལྔ་བོ་ནི། །ཆུད་དུའི་ཐུག་པ་རྩུབ་སྟེ་བླུད། །ཆད་མི་འཐུང་ལ་ཐུག་པ་ནི། །ཚ་བ་ལྔ་དང ་བསྐོལ་པ་དང། །བིལ་བ་ལ་སོགས་ལྔ་དང་བསྐོལ། །ཏིལ་དང་རྩ་འབྲུ་ཅན་བྱིན་བྱ། །ཟླ་པ་དང་མཉམ་ཉིན་ཞག་རིམ། །མངལ་འཇིག་པ་ལ་ཐུག་སོགས་སྦྱིན། །ཡང་ཞིང་སྣུམ་དང་ལན་ཆཝ་མེད། །དྲོད་བསྐྱེད ་ལྡན་ལ་ཕན་པ་ཡིན། །ནད་དང་ལུས་ཟུངས་ལྗན་ལྗིན་ནི། །སྐམ་ཕྱིར་ཆོ་ག་འདི་བྱའོ། །དེ་ཕན་ཆད་ཟད་སྣུམ་འཐམ་རྩི། །སྟོབས་དྲོང་བསྐྱད་འཚོ་བྱེད་སྦྱིན། །སྙིང་པོར་ལྡན་པས་ཆེར་སྐྱེས་ལ།། ་མ་མཚན་ནས་ནི་ཁྲག་འཛག་པས། །མངལ་དུ་སྐྱེ་བར་མ་ནུས་ལ། །ལྟོ་ན་འགུལ་དང་བཅས་པར་གནས། །དེ་ནི་སོ་ན་གནས་ཤེས་བྱ། །དེས་ནི་ལྟོ་བརྒྱས་མི་འགྱུར། །མྱ་ངན་སྒྱུ་དེ་དང་རྩུབ་སོགས་སོག? ་ཡང་ན་མངལ་ན་ཁྲག་འཇག་པས། །མངལ་དུ་སྐྱ་བར་མ་ནུས་ལ། །རླུང་ཁག་སྐེམས་ཤིང་བསྐམས་གྱུར་པའི། །མངལ་དེ་ཀླུ་ཡི་ལྟོ་ཞེས་བྱ། །འདིར་ནི་ལྟོ་བ་རྒྱས་གྱུར་ཀྱང། །འགྲིབ་ཅིང་ཡུན་རང་ལོན་ན་འཕར། །དེ་གཉིས ་རྟ་དང་རླུང་འཇོམས་སྨན། །མངར་བ་དག་དང་བསྐིལ་བ་ཡི། །མར་དང་འོ་མ་ཚིམ་སྦྱིན་ཞིང། །སྐྱེས་མ་ཐག་པའི་ཤ་སྦྱིན་བྱ།། །དེ་ཉིད་ཀྱི་ནི་ཚིམ་བྱའི་ཕྱིར། །ཁྱོགས་དང་གཞོན་པར་བསྐྱོན་ཏེ་བསྒུལ་བ། །སྔོན་པོ་ཞེས་བྱ་མི ་མ་གུལ་ལ། །ཁྲ་དང་བ་ལང་ན་ཤ་དང། །སྒྲ་སྒྲོགས་བྱ་དང་རྨ་བྱ་ཡིས། །ཤ་ཁུ་མར་ནི་མང་པོ་དང། །མོན་སྲེན་དྲེའུ་དག་དང་ནི། །ལ་ཕུག་དང་ནི་ཁུ་བ་བླུད། །བིལྦ་གཞོན་ནུ་མཱ་ཥ་ཏིལ། །ཕྱེ་དང་འོ་མ་སྦྱར་བ་བླུད། །ཚིལ་བཅས ་ཤ་དང་སྦྲད་ཆར་སྦྱིན། །རྐེད་པ་བསྒྲུབ་བསྟེན་པར་བྱ། །དེ་ནི་རྟག་ཏུ་དགའ་བ་བསྐྱེད། །དེ་འདྲས་མདལ་ནི་འཕེལ་བར་འགྱུར། །རྒྱས་པ་གཞན་དུ་ལོ་ཚད་ནས། །དཀའ་བས་བཅས་པའམ་སྐྱེ་མི་འགྱུར། །སྦྲུམ་མ་རྟུག་པ་འགགས ་གྱུར་ན། །སྣུམ་མམ་མཐུན་པའི་འཇམ་རྩི་ཡིས། །མྱུར་བ་ཁོ་ན་གསོ་བར་བྱ། །གཞན་དུ་སྦྲུམ་མ་བུ་བཅས་འཆི། །མངལ་དུ་ནད་རབ་བསགས་པས་སམ། །མི་མཐུན་པའམ་གནོད་གཞན་གྱིས། །ནང་དུ་ཤིན་ལྟོ ་དྲང་ཞིང། རེངས་དང་སྦོ་དང་ནད་ཚ་བས་ཆེ། །མངལ་མི་མགུལ་དང་མགོ་འཁོར་སྐོམ། །དབུགས་འབྱིན་དཀའ་ཞིང་དུབ་པ་དང། །དགའ་བ་མེད་ཅིང་མིག་གྱུར་དང། །དབང་མེད་ནད་ནི་མེད་པོ་འབྱུང། །དེ་ལ་ཆུ་དྲོན་བླུགས ་པ་དང། །བུ་རམ་སྦྲད་མ་ལན་ཆཝར་བཅས། །བཏགས་པས་མོ་མཚན་བསྐུ་བ་དང། །ཤལམ་ལི་དང་ཟར་མ་ཡི། །ཁུ་བ་མར་དང་ལྡེ་གུར་བྱས། །ནང་དུ་ཡང་དང་ཡང་དུ་།ཞུག། སྔགས་དང་ཤ་མ་འབྱིན་སྦྱོར་བྱ། །གལ་ཏེ་བུ ་ཤི་མ་བྱུང་ན། །དེ་ནས་སྨན་པ་རྒྱལ་པོ་ལ། །ཞུས་བདེ་བར་མྱུར་དུ་དབྱུང། །ཤ་ལམ་ལི་ཡི་ཐད་ཆུ་མར། །བཅས་པས་ལག་པ་མོ་མཚན་བསླུ། །ལག་པས་དབྱུང་ནུས་དེ་ཉིད་ཀྱི། །ལུས་ནི་ལེགས་པར་མི ་གནས་ན། །བཅུས་ཤིང་བསྐྱུར་དང་བཟློག་པ་དང། །གཙིར་དང་འདེག་གཞན་ལ་སོགས་ཀྱིས། །ལུགས་དང་མཐུན་པར་དྲངས་ནས་ནི། །མངལ་གྱི་སྒོར་ནི་དྲང་པོར་དྲང། །གང་ཞིག་རྐང་ལག་མགོ་བ་ནི། །ཡོན་པོར ་མངལ་དུ་གནས་གྱུར་དང། །རྐང་པ་གཅིག་ནི་མཚན་དུ་བྱུང། །གཉིས་པ་བཤད་སྒྲོར་ཚུད་ཡོན་པོ། །དེ་ནི་འགགས་པ་ཞེས་བྱ་སྟེ། །ཚོན་གྱིས་བཅད་པར་འོས་པ་ཡིན། །ལས་ངེས་དཀྱིལ་འཁོར་སོར་བདུན ་བ་ཅན། །བཅག་བུ་གཉིས་ནི་བསྔགས་པ་ཡིན། །འཕེལ་བཙག་རྩེ་མོ་རྣོ་བས་ན། །མངལ་དུ་བཏང་བར་མི་བྱའོ། །དང་པོར་མགོ་བོའི་ཐོད་པ་ནི། །ཕྱེ་མ་རྣམ་པར་དབྱུང་བར་བྱ། །དེ་ནས་མཆན་ཁུང་བྲད?་ཀོས་ཀོ། ་རྐན་གྱི་ཕྱོགས་ནི་གང་རུང་བར། །གཏད་དེ་མངལ་གྱི་ལྕགས་ཀྱུ་ནི། །བརྟན་པོ་དག་དང་མཁས་པས་བྱ། །མགོ་བོ་མ་ཕྱེ་མིག་སྦུབས་དང། །མཁུར་ཆོས་ནས་ཀྱང་དྲང་བྱེ་ཞིང། །ཕྲག་པ་ཐོགས་ནས་དཔུང་པར་བཅད།། ་ལྟོ་བ་རླུང་གིས་སྤོས་གྱུར་པ། །ནང་གྲོལ་བཀྲལ་ཏམ་རྒྱུ་མ་ནི། །ཕྱི་རོལ་ཏུ་ནི་བཏོན་ཏེ་དབྱུང། །རྐེད་བར་ཐོགས་ན་དེ་བཞིན་དུ། །དེ་ཡི་རུས་ཚིགས་དབྱེ་བར་བྱ། །རླུང་གི་དབང་གི་ཡན་ལག་གང། །མངལ་དུ་ཐོགས ་པ་དེ་དང་དེ། །དུམ་བུར་བཏུབས་ལ་ལེགས་ཕྱུང་སྟེ། །འབད་དེ་བུད་མེད་བསྲུང་བར་བྱ། །རླུང་ནི་རྣམ་པར་འཁྲུགས་གྱུར་པ། །མངལ་གྱི་གནས་སྐབས་སྣ་ཚོགས་བྱེད། །དེ་ཕྱིར་དེ་ནི་མཁས་པ་ཡིས། །གནས་སྐབས ་དག་ནི་བལྟས་ཏེ་སྤྱད། །མ་དང་ལྷན་ཅིག་འཆི་འགྱུར་བས། །གསོན་པོ་མེད་ལ་དུ་སྤྱད་མི་བྱ། །འཆི་བར་གྱུར་པ་དག་ལ་ནི། །ཡུད་ཙམ་བཏང་སྙོམས་བཞག་མི་བྱ། །མོ་མཚན་འགགས་དང་ཉམས་པ་དང། །གཟེར་ནད་དབུགས ་ཀྱི་ཉམས་ཐག་དང། །སྒྲེགས་པ་མནམ་དང་ལུས་གྲངས་པའི། །མངལ་དུ་བུ་ཤི་བུད་མེད་སྤང། །དེ་ནས་ཤ་མ་མ་ཐོན་ན། །སྨན་པས་མངོན་བཞིན་དབྱུང་བར་བྱ། །དེ་ལྟར་ཟུག་རྡུ་ཕྱུང་ནས་ནི། །ཆུ་དྲོན་གྱིས་ནི་བཀྲུ་བར་བྱ། །ལུས་ལ ་སྣུམ་གྱིས་བྱུག་པ་དང། །མཚན་དུ་རས་བལ་སྣུམ་ཅན་གཞུག་།དེས་ནི་མོ་མཚན་འཇམ་འགྱུར་ཞིང། །དེ་ཡིས་གཟིར་བ་ཞི་བར་འགྱུར། །ལ་ལ་ཕུང་དང་བོར་ད་དཀར། །རསྣ་ཤིང་ཀུན་སུག་མེལ་དང། །ཚ་བ་ལྔ ་ཡི་ཕྱེ་མ་སྣུམ། །སྦྱར་བའམ་ལྡེ་གུ་ཆུ་བསྐོལ་བླུད། །དེ་བཞིན་ནད་རྣམས་འཛག་པ་དང། །ཚོར་བཞི་ཕྱིར་ཞག་གསུམ་ནི། །བུ་ཙ་ཤེལ་དང་པོ་ད་དཀར། །བ་ཤ་བ་ཡི་ཤུན་པ་དང། །ཤིང་ཀུན་ཏེ་ཛོ་བ་ཏི་རྣམས། །བཏགས ་པའི་ཕྱ་མ་འམ་བསྐོལ་བ་བླུད། །དེ་ནས་ཞག་བདུན་བར་དུ་ནི། །སྣུམ་ཉིད་ཉེ་བར་བཏུད་བར་བྱ། །དགོངས་ཀ་ཆད་ནི་རྙིང་པ་དང། །དེ་བཞིན་ལེགས་སྦྱར་ཆད་བཏུང་བྱ། །ཤིརཤ་ཀ་ཀུ་བར་བསྐོལ་སྤངས། །རས་བལ་མོ་མཚན ་ནང་དུ་གཞུག་།བརླ་གཉན་གཞན་དག་གང་བྱུང་པ། །དེ་ལ་རང་གི་གསོ་བ་གསོ། །རླུང་འཇོམས་སྨན་ནི་འོ་མར་བསྐོལ། །ཞག་བཅུའི་བར་དུ་བཟའ་བ་ཕན། །ཞོག་བཅུའི་བར་དུ་བཟའ་བ་ཕན། །ཞག་བཅུའི་བར་དུ་ཤ་ཁུ་བཏུང། །དེ་ཕན་ཆད་ནི་ཡང་ཤིང་བཏུང་།ཉུང་དུ་བཟའ་ཞིང་སྣུམ་བསྐུ ་དུགས། །བཱ་ལའི་ཏིལ་མར་ལ་སོགས་བསྟེན། །ཟླ་བ་བཞི་ལོན་ཕན་ཆད་དེ། །དེ་ནི་རིམ་གྱིས་ཅི་བདེར་སྤྱད། །བཱ་ལའི་རྩ་བའི་ཁུ་བ་ནི?། །ཆུ་དྲུག་འོ་མ་དེ་མཉམ་དང། །ནས་དང་རྒྱ་ཤུགས་ཀུ་ལརྠ?། །རྩ་བ་བཅུ་བའི་ཆ་གཅིག་དང། །བསྐོལ ་བའི་ཚ་ནི་ཆར་བྱས་པའི། །ཏིལ་མར་ཆ་ནི་བཅུ་བཞི་དང། །མེ་ཐ་གཉིས་དང་ཐར་ཤིང་རྩོད། །དམ་ཉེ་བ་གཉིས་ཙན་དན་དང། །ཐལ་ཏྲེས་རུ་རྟ་ཙི་པ་ཀ། རྒྱས་སྤོས་རྒྱམ་ཚ་ཟངས་རྩི་བ། །གླ་སྒང་རྡོ ་དྲེགས་ཤུ་དག་དང། །པུ་ན་རྣབ་ཨ་ཀ་རུ། ། ཤོ་གནདྷ་ཉེར་ཤིང་དང། །ཀྵི་ར་ཀུ་ཤུ་ཤིང་མདར་དང། །བ་ལ་ར་ས་ཤུ་ཏི་དང། །བར་ནི་གཉིས་དང་སུག་སྨེལ་དང། །ཤིང་ཚ་གནད་པ་ཏྲ་རྣམས། །ཞིབ་ཏུ་བཏགས་པའི་ལྡེ་གུ ་དང། །ཏིལ་མར་མེ་ཆུང་ལ་བསྐོལ་བ། །རླུང་ནད་ཐམས་ཅད་སེལ་བའི་མཆོག། བུད་ཅེས་བྱིས་པ་རུས་པ་གནང། །གནང་དང་སྐེམ་ལ་བསྡགས་པ་ཡིན། །རིམས་སྐྲན་གདོན་དང་སྨྱོ་བྱེད་དང། །གཅིན་ནད་རྒྱུ་མ ་སྐྱེས་པ་སེལ། །ཐད་ལ་འབར་གྱིས་སྔར་གྱིས་ནི། །ནད་རྣམས་སེལ་བའི་མཆོག་ཏུ་བཤད། །མ་ནི་ཤི་ཆེ་ཆུ་སོར་ནི། །མངལ་ནས་གལ་ཏེ་ཀུན་འཕར་ན། །དེ་ཡི་སྐྱེ་པའི་དུས་ཡིན་པས། །དྲལ་ཏེ་བྱིས་པ་མྱུར་དུ་དབྱུང།། ་ཤིང་མངར་ཀ་ཀོ་ལ་ས་བོན་དང། །པ་ལ་སྱ་རང་ཐང་ཤིང་བཞི། །ཏིལ་ནག་སྲུ་སྲུའི་རྩ་བ་དང། །བཙོང་དང་ཉེའུ་ཤིང་ཞེས་བྱ་བཞི། །བྲིཀྵ་དང་ནི་པ་ཡ་སྨྱ?། །ུཏཔལ་ཐལ་ཏྲེས་པྲི་ཡཾ་ཀུ་།བི་ཚེར་ཐལ་ཏྲེས་ར་སྣ་དང། །པདྨ་ཛ་རི ་ཤིང་མངར་དང། །བྲིང་?་གཉིས་གཏང་པ་ལ་དང། །འོ་ཤིང་མྱུ་གུ་ཤུན་པ་དམར། །པྲི་སྣ་པ་རྞ་བཱ་ལ་དང། །ཤྲི་ཏྲུག་གཟེ་མ་སླེ་ཏྲེས་དང། །ཤི་ཏ་ཏག་དགུན་པད་རྩ། །ཤིང་མངར་ཁ་ར་ཀ་ཤེ་རུ། །ཚིགས་བཅད་ཕྱེད་ཀྱིས་རྫོགས་པ་ཡི།། ་བདུན་པོ་འདི་དག་འོ་མར་སྦྱར། །ཟླ་བ་བདུན་ལ་རིམ་བཞིན་དུ། །མངལ་འཛེག་པ་ལ་བཏང་བར་བྱ། །ཀ་བཏྟི་དང་བིལྤ་དང། །བྲི་ཧ་ཏཱི་དང་བུ་རམ་དང། །ཀཱཎྜ་ཀཱ་རི་པ་ཏོ་ལའི། །རྩ་བ་བསྐོལ་བར་བྱས་པ་དང། །དེ་བཞིན་འོ་མ་ཤ་རྣམས་ནི།། ་ཟླ་བ་བརྒྱད་པའི་ཚེ་ན་བཏང། །དགུ་པ་ཐལ་ཏྲེས་ཨེ་རཎྜ། །པ་ཡ་སྱེ་དང་ཤིད་མངར་དང། །ཟླ་བ་བཅུ་པར་པ་ཡཚ། །འོ་མ་དང་ནི་བསྐོལ་བ་བླུང་དང། །ཡང་ན་ཤིང་དང་དོང་གྲ་དང། །ཐང་ཤིང་འོ་མར་སྦྱར་བ་སྦྱིན། །བུད་མེད་དང་ལ་དུ་རླུང་གིས་ཁྲ་ཀ ་བསྒོངས་ཏེ། །གནས་པ་དེ་ནི་མངལ་ཆགས་ཆ་འདྲ་བས། །བུ་ཆགས་ཡིན་ཞེས་མི་མཁས་པ་དག་སྨྲ། །སྨན་ཁ་རྣོན་དྲོས་ཁྲག་ནི་འབའ་ཞིག་ཟགས། །བླུན་པོ་མངལ་གནས་འབྱུང་པོས་ཟོས་ཞེས་ཟེར། །མདངས་འཕྲོག་ཡིན་ཕྱིར་དེ་ལུས ་མངོན་སུམ་དུ། །འཕྲོག་པར་མི་སྣང་བ་འམ་འབྱུང་པོ་ནི། །གཞུང་འདོད་མ་ནི་བཏང་སྙོམས་འཇོམ་མི་བདེ། །ལུས་ཀྱིས་གནས་ལས་ལེའུ་གཉིས་པའོ།། །།དེ་ནས་ལུས་ཀྱི་ཡན་ལག་གི་བྱེ་བྲག་བསྟན་པ་བཤད་པར་བྱའོ།། ་མདོར་ན་ཡན་ལག་རྣམ་དྲུག་སྟེ། །མགོ་དང་ཁོག་པ་དཔུང་པ་གཉིས། །བརླ་གཉིས་ཡིན་ཏེ་དེ་ཉིད་ལག། མིག་སྙིང་ལག་པ་རྐང་པ་སོགས། །སྒྲ་དང་རེག་བྱ་གཟུགས་རོ་དྲཱི། །གོ་རིམ་བཞིན་དུ་ནམ་མཁའ་རླུང། །མེ་ཆུ་ས་ཡི་ཡོན་ཏན་ཡིན།། ་ཡོན་ཏན་རེ་རེས་ཕྱི་མ་སྐྱེད། །དེ་ལ་མཁའ་ལ་ལུས་བུ་ག། རྣ་བ་སྒྲ་དང་ཁོང་སྟོང་ཉིད་།རླུང་ལ་རེག་པ་པགས་དབུགས་འབྱིན། །མེ་ལས་མིག་དང་གཟུགས་འཇུ་ཉིད། །ཆུ་ལས་ལྕེ་དང་རོ་དང་གཤེར། །ས་ལས་སྣ་དྲི་དུས་པ་ཡིན། །འདིར་ནི ་མ་ལས་སྐྱེས་འཇམ་ཁྲག། ཤ་དང་རྐད་དང་གཞང་ཁ་སོགས། །ཕ་སྐྱེས་བརྟན་དང་ཁུ་ཆུ་དང། །རྩ་བོ་ཆེ་སོགས་སྐྲ་རུས་ཡིན། །སེམས་ལས་སེམས་བྱུང་དབང་པོ་རྣམས། །སྐྱེས་གནས་སྣ་ཚོགས་རྣམས་ཀྱང་འབྱུང། །གོམས ་པ་ལས་བྱུང་ནད་མེད་ཚོ། །ལེ་ལོ་མེད་སྟོབས་གཟིའ་མདངས་ཡིན། །མདངས་མ་ལས་བྱུང་ལུས་སྐྱེ་དང། །གནས་དང་འཕེལ་དང་མི་བརྐམ་ཉིད། །སྙིང་སྟོབས་ཅན་གཙང་ཡོད་པར་ལྟ། །ཆོས་དཀར་ལ་དགའ་བློ་གྲོས ་ལྡན། །རྡུལ་ཅན་མང་དུ་སྨྲ་བ་དང། །ང་རྒྱལ་ཚུལ་འཆོས་ཁྲོས་ཕྲག་དོག། མུན་པ་འཇིགས་དང་མི་ཤེས་དང། །གཉིས་དང་ལེ་ལོ་སྐྱེ་བའོ། །དེ་ལྟར་འབྱུང་བའི་རང་བཞིན་ལུས། །དེ་ལ་ཁྲག་སྐྱེས་པགས་རིམ་བདུན།། ་འོ་མ་ལས་ནི་སྤྲིས་མ་བཞིན། །སྨན་པའི་ཚེ་ནི་འབྱུང་བར་འགྱུར། །ལུས་ཟུངས་གནས་ནི་ནང་གཤེར་གྱི། །རང་གི་དྲོད་གྱིས་སྨན་པ་ན། །བད་ཀན་རྒྱུས་པ་ཤམས་གཡོགས། །ཆར་བཤད་ཤིང་གི་སྙིང་པོ་འདྲ། །བདུན་པོ་དེ་དག ་གནས་བདུན་སྟེ། །དང་པོ་ཁྲག་ཡིན་གཞན་རིམ་བཞིན། །བད་ཀན་མ་ཞུ་མཁྲིས་ཞུག་།རླུང་དང་གཅིན་གྱི་གནས་སུ་བཤད། །བུད་མེད་མངལ་།གནས་བརྒྱད་པ་སྟེ། །མཁྲིས་པ་ཞུ་བའི་གནས་པར་གནས། །འདི་ལ་ནང ་གྲོལ་ཡན་ལག་གནས། །སྙིང་གློ་མཆིན་མཁྲིས་མཆེར་མཁལ་མ། །ཕོ་པ་དྲོད་པ་རྒྱུ་མ་དང། །གཉེར་མ་ལོང་ག་ལྒང་པའོ། །སྲོག་གི་གནས་ནི་རྣམ་བཅུ་སྟེ། །མགོ་དང་ལྕེ་ཡི་རྩ་བ་དང། །ལྐོག་མ་ཁྲག་དང་སྙིང་ལྟེ་བ། །ཆུ་སོ ་ཁུ་ཆུ་དང་དང་ས་བཞད?། ལུས་ལ་རྩ་དྲ་ཆུ་བ་སྟེ། །རེ་རེ་བཅུ་དྲུག་ཡོད་པར་བཤད། །?་དྲ་དྲུག་དང་སྲུབ་འདྲ་བདུན། །པོ་མཚན་ལྕེ་དང་མགོ་ལ་བརྟེན། །དེ་དང་བཙག་བུ་གདབ་མི་རུང། །ཤ་ཡི་ཐག་པ་རྣམ་པ་བཞི། །རུས་པའི་ཚོགས ་འདུས་བཅུ་བཞི་ཡི། །མཚམས་ནི་དགུ་ཕྲག་གཉིས་ཡོད་པ། །སོ་དང་སེན་མོར་བཅས་པ་ཡི། །རུས་པ་སུམ་བརྒྱ་དྲུག་ཅུ་ཡིན། །ཐད་ལ་འབར་རུས་སུམ་བརྒྱར་འདོད། །ཚིགས་ནི་ཉེས་བརྒྱ་རྩ་བཅུར ་འདོད། །རྒྱུན་ཤེས་བུ་ནི་ཚིགས་ཀྱི་གྲངས། །ཉིས་སྟོང་དག་ནི་ཡོད་པར་འདོད། །རྒྱུས་པ་དགུ་བརྒྱ་སྐྱེས་པ་ལ། །ཤ་ནི་སྤང་ཚད་ལྔ་བརྒྱ་ཡོད། །བུད་མེད་ཀྱི་ནི་ནུ་མ་དང། །མོ་མཚན་ལ་གནས་ཉི་ཤུ་ལྷག། ་རྩ་ཚེ་ན་རྩ་བ་སྙིང་ལ་གནས། །དེ་དག་ཀུན་གྱིས་ལུས་ཀུན་ཁྱབ། །དངས་མའི་བདག་ཉིད་དངས་སུ་འགྱུར། །དེ་ནི་འབྱལ་བ་ཀུན་དང་འབྲེལ། །རྩ་བ་སྦོམ་ཞིང་རྩེ་རབ་ཕྲ། །ལོ་མའི་རྩ་ལྟར་བྱེས་པ་ཡིན། །གྱེས་པ་དེ་ལས་རྩ་བྲན ་ནི་བདུན་བརྒྱད་དག་ཏུ་གྱུར་བ་ཡིན། །དེ་ལ་ཡན་ལག་རེ་རེ་ཞིང། །བརྒྱ་བརྒྱ་དེར་ནི་གནས་པ་ཡིན། །དེ་ལས་དབུགས་པར་མི་བྱ་བ། །རྩ་ཡི་དྲ་བ་འཛིན་ཅེས་བྱ། །ནང་ན་གནས་པའི་གསུམ་པོ་ཡིན། །རྐེད་པར།། ་བཅུ་དྲུག་ཕྲ་གཉིས་ཏེ།། །དེ་ལས་བརླ་ཡི་རྩ་གཉིས་དང། །རྐད་པའི་གནས་རྣམས་གཉིས་གཉིས་ཏེ། །དེ་བརྒྱད་བཅོག་བུས་གདབ་མི་བྱ་།རྩི་བ་ལོགས་གཉིས་ལ་རྩ་བཅུ་དྲུག་།དེ་ལས་གྱེན་འགྲོ་ཞེས་བྱ་སྤང།། ་རྒྱབ་ཏུ་རྩ་ནི་ཉི་ཤུ་བཞི། །སྒལ་ཚིགས་གྱི་ནི་ངོས་གཉིས་ན། །དེ་ལས་གཉིས་གཉིས་གྱེན་འགྲོ་བ། །མཚོན་གྱིས་གདབ་པར་མི་བྱའོ། །རྒྱབ་བཞིན་ལྟོ་བ་གནས་རྩ་དང། །ཕོ་མཚན་སྟེང་ན་གནས ་པ་དང། །སྤུ་ཡི་འཕྲེང་པ་ངོས་གཉིས་རྩ། །གཉིས་གཉིས་མཚོན་གྱིས་མིག་དབ་པོ། །བྲང་ལ་གནས་པ་བཞི་བཅུ་ལས། །བཅུ་བཞི་དབུག་པར་མི་བྱ་སྟེ། །ནུ་མཇིད་དེ་ཡི་རྩ་བ་དང། །སྙིང ་ག་དག་ནི་སོ་སོར་གཉིས། །གནོད་བྲལ་གནང་ནི་གཉིད་པོ་དང། །མི་གསལ་ཞེས་བྱ་གཉིས་ཀྱི་གཉིས། །མགྲིན་པ་ལྟག་པ་འདྲ་བ་ལས། །སྔོན་པོ་མཇིད་པ་ལྟག་པ་དང། །འགལ་བ་དང་ནི་མ་མོ་བརྒྱད།། ་བཅུ་དྲུག་ཡོངས་སུ་སྤང་བར་བྱ། །འགྲམ་པ་བཅུ་དྲུག་དེ་ལ་གནས། །མཚམས་ནི་འབྲེལ་པར་བྱེད་པ་སྤང། །ལྕེ་ཡང་འགྲམ་པ་དང་འདྲའོ། །འོག་གི་རོ་ཚོར་བྱེད་གཉིས་དང། །ཀྪིག་འབྱིན་བྱེད་པ་གཉིས་པོ་སྤང། །སྣ་ཡི་རྩ་ནི་ཉི་ཤུ་བཞི། །དེ་ལ་དྲི་ཚོར་བྱེད་གཉིས་དང། །རྐ་ན ་དུ་འགྲོ་བའི་རྩ་གཉིས་སྤངས། །མིག་གཉིས་ཀྱི་ནི་ལྔ་བཅུ་དྲུག་།འབྱེད་དང་འཛུམ་པའི་ལས་བྱེད་པ། །གཉིས་གཉིས་དང་ནི་མིག་འགྲམ་གཉིས། །དུག་པོ་དེ་དག་སྤང་བར་བྱ། །མིག་དང་སྣར་གནས་དཔྲལ་བ་ལ་།བརྟེན་པའི་རྩ་ནི་དྲུག་ཅུ ་ལས། །བཞག་པ་གཅིག་དང་གཙུག་གི་གཉིས། །སྐྲ་མཚམས་གནས་པའི་རྩ་བཞི་སྟེ། །བདུན་པོ་དེ་དག་མཚོན་གདབ་སྤང། །རྣ་བར་བཅུ་དྲུག་དེ་ལས་འདིར། །སྒྲ་ཐོས་བྱེད་པའི་རྩ་གཉིས་སྤང། །དེ་ཉིད་ལས་ནི་མུར་འགྲམ་གྱི། །མཚམས་སུ་འགྲོ་བ་གཉིས ་པོ་སྤང། །སྤྱི་བོར་བཅུ་གཉིས་དེ་ལས་ནི། །གྱེན་འགྲོ་སྐྲ་མཚམས་བདག་པོ་ལས་།སོ་སོ་རེ་རེ་སྤང་བར་བྱ། །དེ་ལྟར་ཡན་ལག་རེ་རེའི་རྩ། །དབྱེ་བ་དབུག་མིན་ཤེས་ཕྱིར་བཤད། །དེ་ལ་ལུས་ལ་དབུག་མི་རུང། །མ་ལུས་དགུ་བཅུ་རྩ་བརྒྱད་ཡོད། །དོག་དང་རྩ ་མདུད་ཤིན་ཏུ་ཕྲ། །ཡོ་དང་ཚིགས་ལ་གནས་མི་དབུག་།རྩ་ནི་བདུན་བརྒྱ་དེ་རྣམས་ལས། །བཞི་ཆར་ཁྲག་ནི་སོ་སོར་རྒྱུ། །རླུང་དང་མཁྲིས་པ་བད་ཀན་ཁྲག་།ནད་མེད་ཁྲག་ནི་དེ་ལྟར་ནས། །དེ་ནི་ལུས་ལ་ཕན་འདོགས་ཏེ། །གཞན་དུ་གནོད་བསྐྱེད་པར་འགྱུར ་དེ་ལ་གནག་དང་དམར་དང་ཕྲ། །སྐད་ཅིག་རེ་རེ་གང་ཞིང་སྟོངས། །མགུལ་པ་རླུང་ནི་ཁྲག་རྩ་ཡིན། །རེག་ན་ཚ་ཞིང་མྱུར་དུ་རྒྱུ། །མདོག་སྔོ་སེར་བར་འདུག་པནི། །མཁྲིས་པ་ཁྲག་རྩའི་མཚན་ཉིད་ཡིན། །དཀར་སྣུམ་བརྟན་གང་བད་ཀན་རྩ། །འདྲེས་པའི་མཚན ་ཉིད་འདྲེན་མ་ཡིན། །མི་མངོན་མཉམ་གནས་སྣུམ་པ་དང། །མདོག་དམར་ཁྲག་རྩ་ནད་མེད་ཡིན། །རྩ་བོ་ཆེ་ནི་ཉི་ཤུ་བཞི། །ལྟེ་བ་ལ་ནི་བརྟེན་པ་ཡིན། །དེ་རྣམས་ཀྱིས་བསྐོར་ལྟེ་བ་ཡིན། །འཁོར་ལོའི་ལྟེ་བ་རྩིབས་བསྒོམ་མཚུངས། །དས་ནི་སྟེང་འོག་ཐད ་ས་རུ། །ལུས་འདི་རྗེས་སུ་འཛིན་པ་ཡིན། །ཕུག་སྣ་དང་རྣ་བ་གཉིས། །མིག་གཉིས་རྐུབ་ཆོས་པོ་མཚན་གྱིའོ། །བུད་མེད་ནུ་མ་གཉིས་ཁྲག་སྒོ། །གསུམ་གྱིས་ལྷག་བར་གྱུར་པ་ཡིན། །ནང་གི་སྒྲོག་གི་གནས་གྱུར་པའི། །བུ་ག་བཅུ་གསུམ་ཡོད་པར ་བཤད། །སྲོག་དང་ལུས་ཟུངས་དྲི་མ་ཆུ། །ཟས་རྒྱ་མི་མཐུན་བསྟེན་པ་ཡིས། །དེ་ལས་གནོད་པས་ནད་སྐྱེད་ལ། །སྐྱོན་མེད་དག་བས་བདེ་བར་བྱེད། །རང་གི་ལུས་ཟུངས་མདོག་མཉམ་ཤིང། །ཟླུམ་དང་སྦོམ་དང་ཕྲ་བ་ཡིན། །པུ་གའི་དབྱིབས་ནི་རིང་པོ་སྟེ། །ལོ་མའི་རྩ ་འཕྲོས་ལྟ་བུ་ཡིན། །ཟས་དང་སྤྱོད་ལམ་དག་གིས་གང། །ནད་ཀྱི་མཐུ་དང་མཉམ་གྱུར་དང། །གང་ཡང་ལུས་ཟུངས་མ་མཉམ་སྟེ། །བུ་གའི་རྒྱུན་ལ་གནོད་བྱེད་ཡིན། །མང་དུ་འབྱུང་བ་འམ་པ་འགགས་པའམ། །རྩ་ནི་མདུང་པ་ཆགས་པའམ། །ལམ་གཞན་དག་ཏུ ་འགྲོ་བ་ནི། །བུ་གའི་རྒྱུན་འཁྲུགས་མཚན་ཉིད་ཡིན། །པར་མའི་རྩ་བ་ཕྲ་མོ་ལས། །རིང་དུ་རྒྱུ་བ་བྱེད་པ་ལྟ་བ་།རང་གི་དངས་མཉེར་འཕེལ་བའི། །ལུས་ཀྱི་སྒྲོ་ནི་བུག་ཡིན། །བུག་རྣམས་ནི་བརྡོལ་འགྱུར་ན། །འདར་མྱོས་ལྟོ་སྦོས་སྐྱུག་དང་རིམས། །དཔལ་དང་ག་? ་དང་བཤང་གཅི་འགགས། །ཡང་ན་འཆི་བཉིད་དུ་འགྱུར། །དེ་བས་སྨན་པས་བུ་ག་བརྟོལ། །རེ་ཐག་བཅད་ཏེ་གོས་པར་བྱ། །འཕྲུལ་དུ་རྨ་བྱུང་ཆོ་ག་ཡིས། །འབར་དེ་ཟུག་རྡུ་དབྱུང་བར་བྱ། །ཟས་འཇུ་བྱེད་པ་མཁྲིས་པ་ནི། །འཇུ་བྱེད་ཡིན་ཞེས་སྔར་བཤད་དོ། །ནད་དང ་ལུས་ཟུངས་དྲི་མ་ཡི། །དྲོད་ཡིན་ཞེས་ནི་རྒྱུན་ཤེས་ཟེར། །དེ་ནི་ཟས་ཀྱི་གནས་ཡིན་ཞིང། །འཛིན་པས་འཛིན་བྱེད་ཅེས་བཤད་དོ། །དེ་ཉིད་ཐང་ལ་འཕང་གཞུང་གིས། །མཁྲིས་བས་འཛིན་པའི་ཆ་དུ་བཤད། །ཚེ་དང་ནད་མེད་?་གཟི་མདངས། །ལུས་ཟུངས་མེ ་དྲོང་སྟོབས་འཕེལ་བྱེད། །ཞུ་བའི་གནས་ཀྱི་སྒོར་ཞུགས་པ། །ཟས་ཀྱི་ལམ་གྱི་སྒོ་གཏན་ཡིན། །དེ་ནི་སྟོབས་ལྡན་ཟོས་པ་རྣམས། །ཞུ་ནས་ཐུར་དུ་འདྲེན་པར་བྱེད། །སྟོབས་ཞན་ཕྱིར་ནི་ཁ་ཟས་ནི། །མ་སྨིན་ཉིད་དུ་འབྱུང་བར་བྱེད། །འཛིན་བྱེད་སྟོབས་ནི་མེ་དྲོད་དེ།། ་དེ་ཡང་འཛིན་བྱེད་སྟོབས་ཅན་ཡིན། །དེ་བས་མེ་དྲོང་ཉམས་གྱུར་ན། །འཛིན་བྱེད་ནད་ནི་སྐྱེད་པར་བྱེད། །?་གང་ལུས་ཀྱི་ལུས་ཟུངས་མདངས། །སྟོབས་དཔག་བདོག་སོགས་རྒྱས་བྱེད། །དེ་རྒྱུ་བ་ཟས་མེ་དྲེད་ནི། །མི་འདུ་དངས་མ་སོགས་ཅི་འགྱུར།།? ་དུས་སུ་ཟོས་འགྱུར་ལ་།ལྟོ་བར་སྲོག་ནི་རླུང་གིས་དྲངས། །ཀོམ་གྱིས་གོང་པོ་རྣམ་པར་ཕྱེ། །སྣུམ་གྱིས་མཉེན་པར་བྱས་པ་ཡིན། །མི་མཉམ་གནས་ཀྱིས་བུས་ནས་ནི། །མ་ཞུའི་གནས་ན་གནས་སྨིན་བྱེད། །ཕྱི་ཡི་སྣོད་གནས་འབྲས་ཆུ་ལྟར། །ལྟོ ་པའི་མ་ཡིས་འཇུ་བར་བྱེད། །དང་པོ་རོ་དྲུག་ཟས་ཀྱང་ནི། །མངར་བ་ཉིད་དུ་གྱུར་ནས་སུ། །ལྦུ་བ་ཅན་འགྱུར་བད་ཀན་འགྱུར། །ཞུ་བའི་གནས་ན་ཕོ་བ་ན། །རྣམ་པར་འཚེ་བས་སྐྱུར་ཉིད་གྱུར། །མཁྲིས་འགྱུར་འཕོས་པའི་རྗེས་ལ་ནི། །མ་དྲོད་ཀྱིས་སྐམས་ཞུ་བ་དང།། ་ཁ་ཞིང་གོང་བུར་གྱུར་རླུང་སྐྱེད། །ས་དང་ཆུ་དང་མེ་དང་རླུང། །ནམ་མཁའ་བཅས་པའི་དྲེང་ལྔ་བོ། །རང་དང་ཡོན་ཏན་ཟས་ལྔ་པའོ། །ས་སོགས་ཀྱིས་སྨིན་དེ་འོག་ཏུ། །དེ་དག་རང་རང་ཇི་བཞིན་རྒྱས། །སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། །ས་དུ་གཏོགས་བས་ས ་ཉིད་དང། །ལྷག་མས་ལུས་བཏོགས་ལྷག་མ་རྒྱས། །ཟས་དེ་ཞུ་བའི་ཚིགས་མ་དང། །དངས་མ་ཞེས་བྱ་གཉིས་སུ་འགྱུར། །དེ་ལ་ཟས་ཀྱི་ཚིགས་མ་བླ། །གཅེན་འགྱུར་བསྐབ་པ་བཤད་པར་འགྱུར། །དངས་མ་ལས་ཁྲག་དེ་ལས་ཤ་།ཤ་ལས་ཚིལ་ཏེ་དེ་ལས ་དུས། །དུས་རྐང་དེ་ལས་ཁུ་བ་ཡིན། །ཁུ་བ་ལས་ནི་མངལ་གནས་འགྱུར། །ལུས་ཟུངས་ཚིགས་མ་རིམ་བཞིན་དུ། །བད་མཁིས་བུ་གའི་དྲི་མ་དང། །རྡུལ་དང་བ་སྤུ་སེན་མོ་དང། །མིག་བགས་བཤད་རྣམས་མདངས་ཡིན་ནོ། །དེ་ལྟར་ལུས་ཟུངས་སྨིན་པ་ལས།། ་དངས་མ་ཚིགས་མ་གཉིས་སུ་འགྱུར། །ལུས་ཟུངས་སྣུམ་ནི་གཅིག་ལ་གཅིག་།ཕན་ཚུན་ཉེ་བར་བརྟེན་པ་ཡིན། །ཟས?་འཇུད་བས་མ་སོགས་རིམ་གྱིས། །བུ་ཆུར་འགྱུར་བདེ་ལ་ནི་།ཉིན་ཞག་ཅིག་འདོད་བཞན་དག་ནི། །ཞག་དྲུག་ཁ་ཅིག་ཟླ་གཅིག་འདོད།།? ་ཟུངས་ཀྱིས་རྫས་ཀྱི་རྒྱུན། །འཁོར་ལོལྟ་བུར་ཡོངས་སུ་འཁོར། །རོ་ཅོ་ལ་སོགས་མཐུ་ཡིས་ནི། །འཕྲལ་དུ་ཁུ་བ་ལ་སོགས་ཀྱེད། །ཕལ་ཆེར་སྨན་གཞན་ཉིད་ཞག་ནི། །གཅིག་གིས་ལས་རྣམས་བྱེད་བ་ཡིན། །ཁྱབ་བྱེད་གྱིས་དང?་?་ཟུངས་རྣམས། །འཐོར་བར ་བྱེད་པའི་ལས་ཀྱིས་ནི། །ཅིག་ཅར་རྒྱུན་མ་འཆད་ཀུན་ཏུ། །ལུས་ལ་རྟག་ཏུ་རྣམ་པར་འཐོར། །གཏོར་ཚེ་བུ་གའི་སྐྱོན་གྱིས་ནི། །དངས་མ་གང་དུ་ཆགས་གྱུར་ཏེ། །དེར་ནི་གནོད་པ་སྐྱེད་བྱེད་པ་།མཁའ་ལ་སྦྲིན་ཆགས་ཆར་འབབ་མཚུངས། །ནང་ཀྱང་མ་སྙོམས་གྱུར་པ་ལས།། ་ཕྱོགས་གཅིག་འདུས་ན་ལྡང་བར་འགྱུར། །དེ་ལྟར་འབྱུང་བ་ལུས་ཟུངས་མེའི། །ལས་ནི་ཡོངས་སུ་བཤད་པ་ཡིན། །ས་དང་ཆུ་དང་མེ་དང་རླུང། །དངས་མ་ལུས་ཟུངས་རང་རང་གི་།སྨིན་བྱེད་ཀུན་ལ་ཟས་འཇུའི་མེ། །དེ་ནི་ལྷག་པ་ཡིན་པར་འདོད། །དེ་ནི་རྩ་བར་འཕེལ་འཕེལ། །ཟད་གྱུར ་གག་པའི་བདག་ཉིད་འགྱུར། །དེ་བས་རིགས་པས་ཆོ་ག་བཞིན། །ཟས་སྐོམ་རིགས་ཤིང་ཕན་པ་ཡིས། །དེ་འབད་པས་བསྲུང?་གནས་གྱུར་ན། །ཚེ་དང་སྟོབས་ནི་གནས་པར་འགྱུར། །མཉམ་གནས་རང་གནས་འདུག་ན་གནས། །མཉམ་ལས་གཞན་འགྲོ་དྲོང་མི་སྙོམས། །མཁྲིས ་པ་ཤས་ཆེ་རྣོ་བར་འགྱུར། །བད་ཀན་གྱིས་གནོད་མེ་དྲོད་ཆུང། །མེ་དོད་མཉམ་དང་མི་མཉམ་རྣོ། །ཆུང་དང་དེ་ལྟར་རྣམ་བཞི་ཡིན། །གང་ཞིག་ཟས་ནི་ལེགས་ཟོས་པ། །ལེགས་པར་འཇུ་ཉིད་མཉམ་པ་ཡིན། །ལེགས་པར་མ་ཟོས་མྱུར་འཇུ་འམ། །ལེགས་ཟས་རིང་ཞིག ་འཇུ་མི་མཉམ། །ཟླས་ནི་ལེགས་པར་མ་ཟོས་ཀྱང། །མྱུར་འཇུ་མེ་དྲོང་རྣོ་བ་ཡིན། །ཟས་ནི་ལེགས་པར་ཟོས་གྱུར་ཀྱང། །རིང་ནས་འཇུ་ཞིང་ཁ་བསྐམས་དང། །སྤྲོ་དང་རྒྱུ་མ་འཁྲུག་པ་དང། །ལྕི་བ་མ་དྲོང་ཆུང་བ་ཡིན། །མེ་དྲོང་ཉམས་ན་འཆི་འགྱུར་ཅིང། །སྐྱོན་མེད་ན་ནི་ཡུན ་རིང་འཚོ། །མ་སྙོམས་ནང་ནི་སྐྱེ་འགྱུར་བས། །དེ་ཕྱིར་མེ་དྲོད་གཙོ་བོ་ཡིན། །ལུས་སྟོབས་ལྷན་ཅིག་སྐྱེས་པ་དང། །དུས་སྐྱེས་རིགས་པ་ལས་གྱུར་གསུམ། །དེ་ལ་ལུས་སེམས་ལས་བྱུང་བ། །རང་བཞིན་ལྷན་ཅིག་སྐྱེས་པའི་སྟོབས། །ན་ཆོད་དུས་ཆིག་བ་ལས་བྱུང་བ། །དུས ་སྐྱེས་ཡིན་དེ་རིག་བ་ལས། །བྱུང་བ་སྤྱོད་ལམ་ཟས་ཀྱིས་བསྐྱེད། །དེ་བཞིན་སྐྱེད་སྦྱོར་པས་བྱུང་བ། །ཡུལ་ཕྱོགས་ཤིང་ཆུ་ཉུང་མ། །སྐམས་ནད་ཉུང་སྐྱེད་བྱེད་ཡིན། །རླན་ཅན་དེ་ལས་བཟློག་པ་ཡིན། །ཆ་མཉམ་ཐུན་མོང་ཡིན་?་བཤད། །རྐང་ལ་ཆལ་དང་ཞག་དང ་གཅིན། །མཁྲིས་པ་བད་ཀན་ཕྱིས་ཁྲག་།དངོས་མཆུ་རྣམས་ལུས་གནས་ཡིན། །སྙིམ་པ་རེ་རེས་བསྐྱེད་པར་བྱ། །དངས་དང་ཀླད་རྒྱས་ཁུ་ཆུ་ནི། །རེ་རེའང་རང་གི་ཁྱོར་གང་ཡིན། །བུད་མེད་ནུ་ཞོ་སྙིམ་དོ་དང། །ཟླ་མཚན་སྙིམ་པ་བཞི་ཡོད་དོ། །ལུས་ཟུངས ་མཉམ་གནས་ཚད་འདི་ཡིན། །དེ་ལས་འཕེལ་དང་ཟད་ཤེས་བྱ། །ཁུ་ཆུ་ཁྲག་དང་སྦྲུམ་མའི་ཟས་།སྤྱོད་ལམ་མངལ་གནས་དུས་ཚིགས་ལས། །གང་ཞིག་ཉེས་པ་ལྷག་འགྱུར་དེས། །རང་བཞིན་རྣམ་པ་བདུན་དུ་བཤད། །ཁྱབ་དང་མྱུར་བར་བྱེད་ཕྱིར་དང། །སྟོབས་ལྡན་པ ་དང་གཞན་ལྡང་བྱེད། །རང་དབང་ཅན་དང་ནད་མང་ཕྱིར། །ནང་རྣམས་ཕལ་ཆེར་རླུང་སྟོབས་ཅན། །དེ་ཉིད་ཀྱིས་ནི་རླུང་གིས་བསྐྱོད་པའི་མི་རྣམས་ནི། །ནད་ཀྱི་བདག་ཉིད་རྡུལ་ཅན་སྐྲ་གཤོར་པགས་པ་གས། །གྲང་ལྷགས་མི་བཟད་བརྟན་བྲན་བློ་གྲོས་སྤྱོད་མཛའ་སྲེད། །བལྟ་དང ་འགྲོ་བ་གཡོ་ཞིང་སྨྲ་བ་ཤིན་ཏུ་མང། །བད་ཀན་ནོར་ཉུང་ཚེ་ཐུང་གཉིད་སྲབ་དང། །གཅོམ་ཆུང་ཚིགས་ཐོགས་གཡོ་ཞིང་སྐང་འཛེར་དང། །ཆད་ལྟ་མང་དུ་ཟ་ཞིང་སྒྲེག་དང་བཅས། །གླུ་དང་རྒོད་དང་རྔོན་ལས་འཐབ་ལ་དགའ་། །མངར་སྒྱུར་ཁ་དང་ཚེ་བོའི་རོ་གོམས་སྲེད། །ལུས ་སྐྱེམ་དབྱིབས་རིང་འགྲོ་ཆེ་སྒྲ་དང་བཅས། །མི་བརྟན་དབང་པོ་མི་ཐུལ་དམ་པ་མིན། །བུད་མེད་མི་ཆགས་བུ་མང་སྐྱེད་མི་འགྱུར། །དེ་ཡི་མིག་ནི་རྩུབ་ཅིང་རྡུལ་གྱིས་གང། །ཟླུམ་ཞིང་མི་མཛེས་འཆིང་བལྟ་བུ་དང། །ཕྱེ་ནའང་གཉེད་ལོག་ལྟ་བུར་སྣང་བ་ཡིན། །དེ་ནི་ཤིང་?་འཛེག་མཁར ་འབུ་རིམ། །སྐལ་ངན་སེར་སྣ་ཆེ་ཞིང་ཁེངས་པ་དང། །རྐུ་ཞིང་བྱིན་སྙིང་རྩ་རིང་བཅས་པ་དང། །ཁྱི་དང་ལྦ་དང་རྔ་མོ་བྱ་རྒོད་ཁྲ། །བྱི་བའི་མཚན་ཉིད་ལྡན་པའི་རླུང་ཅན་ཡིན། །མཁྲིས་པ་མེ་འདྲ་མེ་ལས་བྱུང་བའི་ཕྱིར། །མཁྲིས་པ་རྒྱས་པ་སྐོམ་དང་བཀྲེས་ཤས་ཆེ། །མདོག ་སེར་ལུས་ཚ་རྐང་ལག་གདོང་ཡང་དམར། །སྐྲ་སེར་སྤུ་ཉུང་དབའ་ཞིང་ང་རྒྱལ་ཆེ། །ཕྲེང་བ་བྱུག་པ་རྒྱན་ལ་ལྷག་པར་དག་ལ། །སྤྱོད་བཟང་གཙང་སྦྲ་ཆེ་ཞིང་མཉེས་གཤིན་པ། །འབྱོར་ལྡན་རྟུལ་ཕོད་བློ་གྲོས་སྟོབས་དང་ལྡན། །འཇིགས་ཉེན་དགྲ་ཡང་སྐྱབས་འོངས་སྐྱོབ ་པར་བྱེད། །ཡིད་གཞུངས་ཚིགས་འཚམས་ཤིན་རབ་ཏུ་ལྷོད། །བུད་མེད་མི་དགའ་ཁུ་བ་དང་ནི་འདོད་པ་ཆུང། །གཉེར་མའི་ཚོགས་དང་སྐྲ་དཀར་མིག་སྔོ་ནང་གྱུར་ལ། །ཟས་ནི་མངར་དང་ཁ་དང་སྐ་བསིལ་ཟ་བར་དགའ་། །ཐན་པ་མི་བཟོད་རྡུལ་ཞིང་དྲིང་ལ། །བཤད ་གཅི་བཟའ་གཏུང་ཁྲོ་དང་ཕྲག་དོག་མང། །རྨི་ལམ་དོད་ཁ་བ་ལ་ཤའི་མེ་ཏོག་།གློག་འགྱུ་ཕྱོགས་ཚིག་སྐར་མངའ་ཉི་མ་མཐོང། །འདི་ཡི་ལུས་ཕྲ་མིག་སེར་གཡོ་བ་དང། །རྫི་མ་སྲབ་ཅིང་ཉུང་བ་གྲང་ལ་དགའ་། །ཁྲོ་དང་ཆང་དང་ཉི་མའི་འོད་ཟེར་གྱིས། །མིག་ནི་མྱུར་བར་དམར ་བར་འགྱུར་བ་ཡིན། །ཚེ་ནི་རན་ཅིང་སྟོབས་ནི་འབྲིང་བ་དང། །མཁས་ཤིང་སྡུག་བསྔལ་དག་ལས་སྲན་ཆུང་འགྱུར། །སྟག་དང་དྲེད་དང་སྤྲེའུ་བྱི་ལ་དང། །གནོད་སྦྱིན་རང་བཞིན་ལྡན་པ་མཁྲིས་ཅན་ཡིན། །བད་ཀན་བསིལ་བས་བད་ཀན་ཅན་བསིལ་ཅིང། །རུས་ཚིགས་མི་མངོན་སྣུམ་ཞིང ་ཤ་རུས་འབྲེལ། །བཀྲས་སྐོམ་ཉོན་མོངས་སྡུག་བསྔལ་ཐན་པ་བཟོད། །བློ་ལྡན་སྙིང་སྟོབས་ཆ་ཞིང་དམ་བཅས་བརྟན། །པྲི་ཡཾ་ཀུ་དང་དུར་བཱ་འདམ་བུའི་མདོག་།ཚོན་དང་འགི་ཝང་པདྨ་གསེར་མདོག་ཅན། །ལག་དར་རིང་ཞིང་བྲང་ནི་ཡངས་ལ་རྒྱས། །དཔྲལ་བའི་དབྱེས་ཆེ་སྐྲ་ནི་འཐུག་ཅིང ་གནག་ལུས་འཇམ་སྙོམས་ཤིང་ཡན་ལག་མཛེས་པ་དང། །མདངས་ཆེ་ཁུ་བཅུང་བུ་ཚ་གཡོག་འཁོར་མར། །ཆོས་ལྡན་ཚིག་རྩུབ་ནམ་ཡང་སྨྲ་མི་བྱེད། །དགྲ་ལ་ཞེ་སྡང་འདམ་རིང་ཁོན་འཛིན་བྱེད། །གླང་པོའི་མཆོག་ནི་དྲེགས་བཅས་ལྟ་བུར་འགྲོ། །རྒྱ་མཚོ་འབྲུག་དང་རྫི་རྔ་སེང་གེ་ཡི།། ་སྒྲ་ལྡན་དྲན་དང་བརྩོན་འགྲུས་དུལ་བར་ལྡན། །བྱིས་པའི་ཚེ་ནའང་དུ་དང་བརྐམ་ཤས་ཆུང། །ཟས་ནི་ཁ་བསྐ་ཆེ་དང་དྲོ་ཞིང་རྩུག་།ཉུང་དུ་ཟོས་ཀྱང་དེ་ནི་སྟོབས་དང་ལྡན། །མིག་གི་མཛའ་དམར་སྣུམ་ཞིང་དཀྱུས་རིང་ཡངས། །དཀར་གནག་རབ་གསལ་རྫི་མ་སྙོམས་དང་ལྡན། །སྨྲ་དང་ཁྲ་དང ་བཟའ་བཏུང་སྤྱོད་པ་ཉུང། །ཚེ་རིང་ནོར་མང་རིང་བལྟ་ཚིག་འཇམ་སྨྲ། །དད་ཅིང་བློ་ཟབ་ལྟ་ཆེ་བཟོད་དང་ལྡན། །རང་བཞིན་བཟང་ཞིང་གཉིད་ཆེ་ལས་མཛའ་རིང། །བྱས་བཟོ་དྲང་མཁས་སྐལ་བཟང་ངོ་མཚར་ལྡན། །བླ་མ་ལ་གུས་མཛའ་བཤེས་དག་ལ་བརྟེན། །རྨི་ལམ་པདྨ་བྱ་ཡི་འཕྲེང ་བར་བཅས། །ཆུའི་གནས་དང་སྤྲིན་ཀྱང་མཐོང་བའོ། །ཚངས་བ་དྲག་པོ་དབང་པོ་ཆུ་ལྷ་དང། །ནམ་མཁའ་ལྡིང་དང་དད་པ་གླང་པོ་མཆོག་།དེ་བཞིན་སེངྒེ་དང་ནི་ཁྱུ་མཆོག་དང། །བད་ཀན་ཅན་ནི་རང་བཞིན་འདྲར་ཤེས་བྱ། །རང་བཞིན་གཉིས་དང་ཀུན་ལས་བྱུང ་གཉིས་གཉིས་ཀུན་གྱི་ཡོན་ཏན་བསྐྱེད། །གཙང་སྤྲ་ཡོད་པར་སྨྲ་ཚོགས་ཀྱི། །ཡོན་ཏན་གྱིས་ནི་དེ་ལྡན་བཤད། །ན་ཚོང་བཅུ་དྲུག་བར་བྱིས་པ། །དེ་ལས་ལུས་ཟུངས་དབང་པོ་གཟི། །འཕེལ་འགྱུར་བདུན་ཅུའི་བར་བར་ན། །ཟད་པ་ཕན་ཆད་རྒན་པོ་ཡིན། །རང་རང་ཁྲུ་ནི་ཕྱེད་དང་བཞི། ་ལུས་ནི་ཚེ་རིང་བདེ་བའི་སྣོད། །སྦུ་མེད་གནག་དང་ཤིན་ཏུ་སྦོམ། །རིང་པོ་ཉིད་ནི་མི་མཐུན་བཅས། །སྨད་པ་བརྒྱད་དང་རང་ཉིད་ལྡན། །གང་ཡིན་དེ་ནི་དེ་སྣོད་ཡིན། །སྐྲ་ནི་རབ་སྣུམ་འཇམ་པ་དང། །ཕྲ་ཞིང་རྩ་བ་མ་འདྲེས་བརྟན། །དབྲལ་བ་མཐོ་ཞིང་མུར་འགྲམ་འཕྱད། །ཟླ་བ་ཁམ་བ་འདྲ་བ ་བཟང། །རྣ་བརྒྱབ་ཕྱོགས་རྒྱ་ཆེ་མཛེས། །རྣ་ཤལ་ཆེ་ཞིང་ཤ་ཡིས་རྒྱས། །མིག་ནི་དཀར་ནག་འབྱེས་པ་དང། །རྫི་མ་འཐུག་ཅིང་སྙོམས་པ་བཟང། །སྣ་ཡི་རྩེ་མོ་དབུགས་ཆེར་འབྱུང། །ཤ་རྒྱས་དྲང་ཞིང་སྙོམས་པ་བཟང། །མཚུན་དམར་ཞིང་མ་འཕྱངས་པ། །འགྲམ་པ་ཡངས་ཤིང་མི ་འབུར་བཟང། །ཁ་ཚེ་སོ་ཡི་ཐགས་དམ་ལ། །སྣུམ་ཞིང་དཀར་ལ་འཇམ་ཞིང་སྙོམས། །ལྕེ་ནི་དམར་ཞིང་ཡངས་ལ་སྲབ། །ཀོས་ཀོ་ཆེ་ཞིང་ཤ་ཡིས་རྒྱས། །མགྲིན་པ་ཟླུམ་ཞིང་ཤ་རྒྱས་ཟླུམ། །པགས་པ་མཐོ་ཞིང་ཤ་ཡིས་རྒྱས། །ལྟེ་བ་ཟླུམ་ཞིང་གཡས་སུ་འཁྱིལ། །རྐང་ལག་ལེགས ་སེམས་འཇམ་ལ་དམར། །སྣུམ་ཞིང་ཀུན་དམར་ཤ་རྒྱས་བ། །སོར་མོ་རིང་ཟླུམ་བུ་ག་མེད། །རྒྱབ་ཞེང་ཆེ་ཞིང་སྒལ་ཚིགས་ནུབ། །ཚིག་འཚམས་མི་མངོན་དམ་པ་དང། །ཚིག་གསང་མཛའ་ཨོ་ཞིང་བརྟན་པ་དང། །མདོག་སྣུམ་ཁ་དོག་བརྟན་ལར་གནས། །རང་བཞིན་གྱིས ་འབྱུང་སྙིང་སྟོབས་བརྟན། །ཕོངས་པའི་ཚེ་ཡང་ཞུམ་པ་མེད། །མངལ་གནས་བརྩམས་སྟེ་ནད་མེད་པ། །གོང་ནས་གོང་དུ་ཞིང་བཟང་བ། །ཤེས་དང་ཡེ་ཤེས་རྒྱ་ཆེར་ནི། །འཕེལ་ཞིང་རིམ་གྱིས་དགེ་བར་འགྱུར། །དེ་ལྟར་ཡོན་ཏན་ཀུན་ལྡན་བའི། །ལུས་ནི་སྟོན་བརྒྱའི་བར་དག ་དུ་།ཚེ་དང་དབང་ཕྱུག་འདོད་པ་ཡི། །དངོས་པོ་ཐམས་ཅད་རབ་ཏུ་གནས། །པགས་པ་ཁྲག་སོགས་སྙིང་སྟོབས་བར། །བརྒྱད་པོའི་ཕྱི་མ་བཞིན་དུ་མཆོག་།སྟོབས་དང་ཚད་དང་ཤེས་པའི་ཕྱིར། །ལུས་ཅན་རྣམས་ཀྱི་སྙིང་པོར་བཤད། །སྙིང་པོ་ཀུན་དང་ལྡན་པ ་ནི། །མཆོག་ཏུ་བཀུར་བར་བྱ་བར་འགྱུར། །རྩོམ་པ་ཀུན་ལ་འདར་བཅས་དང། །བཟོད་ལྡན་བློ་བཟང་བརྟན་པར་འགྱུར། །དྲེགས་དང་ཞུམ་པ་མེད་པར་ནི། །བདེ་དང་སྡུག་བསྔལ་བསྟེན་གྱུར་པ། །སྙིང་སྟོབས་ཅན་ཡིན་རྡུལ་ཅན་ཁེངས། །མུན་པ་ཅན་ནི་དེ་ལྟ་མིན།། ་སྦྱིན་དང་ཚུལ་ཁྲིམས་སྙིང་བརྩེ་བདེན། །ཚངས་པར་སྤྱོད་དང་བྱས་པ་བཟོ། །བྱམས་ལྡན་བཅུད་ཀྱིས་ལེན་རྟེན་ག་།ཚེ་དང་བསོད་ནམས་འཕེལ་པའི་སྡེའོ། །ལུས་ཀྱི་གནས་ལས་ལེའུ་གསུམ་པའོ།། །། ་དེ་ནས་ལུས་ཀྱི་གནད་ཀྱི་བྱེ་བྲག་བསྟན་པ་བཤད་པར་བྱའོ། །གནད་ནི་བརྒྱ་ལས་བདུན་ལྷག་པ། །དེ་ལས་བཅུ་གཅིག་བརླ་དང་ནི། །དེ་བཞིན་ལག་དང་གཉིས་སོ་སོར། །ལྟོ་བ་ལ་གསུམ་བྲད་ལ་དགུ་།རྒྱབ་ལ་བཅུ་བཞི་ན་མཆོད་ནི། །ཡན་ཆད་སུམ ་ཅུ་རྩ་བདུན་ཡོད། །རྐང་བའི་མཐིལ་ན་གུང་མོ་ཡི། །ཐད་ཀཱ་ན་ནི་མཐིལ་འཕྲོག་བ། །གནད་ཡོད་ཅེས་ནི་རྣམ་བཤད་དེ། །དེ་ཕུག་ནད་ཀྱིས་འཆི་བར་འགྱུར། །མཐེབ་སོར་དབུས་ན་རྒྱ་ཚིགས་ཏེ། །དེ་ཕུག་བསྐྱོད་བའི་ནད་ཀྱིས་འཆི། །དེ་གོང་སོར་གཉིས ་པར་ཤེས་བྱ། །རྐང་པ་འཁོར་ཞིང་འདར་བར་བྱེད། །ལོང་མོའི་ཚིགས་འོག་པིར་མགོ་སྟེ། །དེ་བཅད་སྐད?་དང་ནང་སྐྱེད་བྱེད། །བྱིན་པའི་རྐང་པ་གཉིས་ཀྱི་བར། །ལོང་མོ་གནད་རོངས་བེམས་པོར་བྱེད། །བྱིན་པའི་ནད་ན་ཉ་ཞེས། །ཁྲག་ཟད་པ ་ཡིས་འཆི་བར་བྱེད། བྱིན་པ་བརླ་མཚམས་བུས་མོ་སྟེ། །དེ་ཕུག་གསོན་ཡང་འཐེང་པོར་འགྱུར། །ཕུས་གོང་སར་གསུམ་པར་གཉན་གོང། །དེ་ཕུག་བརླ་རེངས་སྐྲང་བར་བྱེད། །བརླའི་ནད་བླར་དབང་ཞེས་བྱ་བ། །དེ་ཕུག་ཁྲག་ཟེད་བརླ་སྐམས་འགྱུར།། ་བརླ་རྩ་མིག་དམར་ཞེས་བྱ་བ། །ཁྲག་ཟད་པས་ནི་གཞོགས་ཕྱེད་འཇོམས། །བརླ་རྩར་རླིག་པའི་བར་གྱི་གནད། །ལྗོན་ཤིང་ཞེས་བྱ་མ་ནིང་བྱེད། །དེ་དག་བརླ་ཡི་དཔུང་དེ་བཞིན། །མཁྲིག་མ་འདིར་ནི་ལོང་མོང་མཚུངས། །གྲུ་མོ ་བྱིན་འདྲ་དེ་གཉིས་ཕུག་།ཞ་བོ་ལྗོན་ཤིང་འདྲ་བ་ནི། །མཆན་ཁུང་ནང་ན་མཚོན་ཁུང་འཛིན། །དེ་?་ཞ་བ་ཉིད་དུ་འགྱུར། །ལོང་ཀའི་གནད་ནི་གཞན་ཞེས་བྱ། །དེ་ཕུག་གཞར་རླུང་གིས་འཕྲལ་གསོད། །ལྒང་པ་གཞུ་ལྟར་ཡོ་བ་ཡི། །ཆོ?་སའི་གནད་ནི་ཤ ་ཁྲག་ཉུང། །དབུས་ན་ཁ་ཅིག་ཐུང་དུ་ལྟས། །རྐེད་པའི་དབུས་གནས་སྲོག་འཕྲལ་འཇོམས། །རྡེའུ་འབྱིན་རྨ་བུག་གནས་མ་གཏོགས། །དེར་ཡང་ངོས་གཉིས་དེ་ཕུག་འདྲ། །གཅིན་འཛག་གནས་དང་གཅིག་དེ་ཕུག་།རྨ་ནི་འཚོ་བ་ཤིན་ཏུ་དཀའ་། །ལུས ་ཀྱི་ཞུ་དང་མཞུའི་གནས། །དབུས་ན་ལྟེ་བ་རྩེ་ཀུན་གྱི། །རྟེན་ཡིན་དེའང་འཕྲལ་གསེད་བྱེད། །མ་ཞུ་བ་ཡི་གནས་སྒོར་གྱུར། །འདོད་ཆགས་སོགས་གནས་སྙིང་ཞེས་བྱ། །བྲང་དང་ནུ་མ་ལྟོ་དབུས་གནས། །ནུ་མཇིད་ནུ་མའི་རྩ་ཞེས་བྱ། །སྟེང་འོག་སོར ་གཉིས་ནུ་མའི་གནད། །དེ་ཕུག་བད་ཀན་ཁྲག་གིས་ནི། །རིམ་བཞིན་ལྟོའི་གྱིངས་འཇིག་པར་བྱེད། །དངས་བྲལ་བྲང་གི་ངེས་གཉི་ན། །རྩ་སྦུབས་གཉིས་བོར་རླུང་རྒྱུ་བ། །དེ་ཕུག་ཁོང་བ་ཁྲག་གིས་གང། །ལུང་པ་དབུགས་མི་བདེ་བས་འཆི། །རྒྱབ་ཀྱི ་སྒལ་ཚིགས་བྲང་གི་བར། །དེ་གཉིས་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་ལོགས་ན་ནི། །མི་གསལ་ཞེས་བྱའི་གནད་གཉིས་ཡོད། །དེ་གཉིས་ཕུག་པོས་ཁོང་པ་ནི། །ཁྲག་ཁེངས་བརྣག་སྟེ་འཆི་བར་བྱེད། །སྒལ་ཚིགས་ཀྱི་ནི་ངོས་གཉིས ་ན། །རྐེད་པ་ཆ་གཉིས་ལ་གནས་དང། །རྐུ་བཙོས་ལྷག་གནས་སྐལ་ཚིགས་རྟེན། །རྐེད་པ་ཅན་དང་གཞོན་ནུར་བཤད། །དེ་སྣང་ཁྲག་ཟད་སྐྱ་རྦབ་དང། །གཟུགས་ཉམས་པས་ནི་འཆི་བར་འགྱུར། །རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ཀྱི།། ་རྐང་པའི་མཆམས་ནི་གང་ཡིན་པ། །རོ་སྨད་ཀྱི་ནི་རྒྱབ་ཕྱོགས་ན། །ཁུང་བུ་ཞེས་བྱའི་གནད་གཉིས་ཡོད། །དེ་སྣང་བསྐྱོད་པ་ཉམས་པ་དང། །རོ་སྨད་ཚོར་བ་མེད་པར་འགྱུར། །གང་ཞིག་རྩི་བ་ལོགས་གཉིས་དང་འབྲེལ། །སྟ་ཟུར་རྩེ་མོ་གཉིས་སྟེང་གི་།གནས་ནི ་གཡོགས་པར་གྱུར་པ་དག་།རོ་རྨད་གཞོན་ནུའི་རུས་པར་གནས། །དེ་སྣ་དོར་སྨད་སྐྲངས་བར་བྱེད། །ཉམ་ཆུང་འཆི་བ་ཉིད་དུ་འགྱུར། །རྩི་བ་ལོགས་གཉིས་ཀྱི་ནང་དང་འབྲེལ། །རྐེད་བའི་ངོས་གཉིས་དབུས་ན་གནས། །ཐད་ཀ་ནད་ནི་གྱེན་གནས་པ། །རྩི་བ ་ལོགས་མཚམས་སུ་དེ་ཕུག་ན་།ཁོད་པ་ཁྲག་གིས་གང་བ་དང། །ལུས་དང་བྲལ་བ་ཉིད་དུ་འགྱུར། །ནུམ་གཉིས་ཀྱི་ཐད་ཀྱི་ཆེ། །རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་པ། །རྩ་ཆེན་ཞེས་བྱད་དེ་ཕུག་ན། །ཁྲག་ཟད་ནས་ནི་འཆི་བར་བྱེད། །དབུང་མགོ་གཉིས ་དང་འབྲེལ་བ་དང། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་སོགས་པ་སྟེ། །དེ་སྣང་སྐམས་ཤིང་ཚོར་བྲལ་འགྱུར། །མགྲིན་པ་གཉིས་ཀྱི་ངོས་གཉིས་ཀྱི། །དཔུང་མགོ་དང་ནི་མགྲིན་པའི་བར། །ཕྲག་པར་ཕྲག་པ་ལ་བརྟན་གནང། །དེ་ཕུག ་ལག་པ་བྱ་བ་ཉམས། །སྲོལ་གོང་གི་ནི་ངོས་གཉིས་ན། །འགྲམ་པ་ལ་ནི་བརྟེན་པའི་རྩ། །བཞི་སྟེ་དེ་ལ་སྔོན་པོ་གཉིས། །གཉིས་པོ་མཇིང་བའི་གནང་དུ་བཤད། །དེ་ཕུག་སྐད་འགགས་མི་སྡུག་འགྱུར། །ལྕེ་ཡིས་རོ་ནི་ཚོར་བ་མེད། །ལྐོག་མའི་སྦུབས་ཀྱི ་ངོས་གཉིས་ན། །ལྕེར་དང་སྣར་ནི་འགྲོ་བའི་རྩ། །སོ་སོར་བཞི་གཞི་ཡོད་མ་མོ། །དེ་བཅད་འཕྲལ་དུ་སྲོག་འཇོམས་སོ། །མགོ་བོ་རྐེ་མཚམས་ལྟག་པ་སྟེ། །དེ་ཕུག་མགོ་བོ་ལྡེམ་པོར་འགྱུར། །རྣ་བ་གཉིས་འོག་ལྕོ་པ་ན། །རྣ་རྩ་ཞེས་བྱ་འོན་པར་འགྱུར། །སྣ ་ཡི་བུག་གཉིས་དང་ནི། །རྣ་བའི་ལམ་འགྲོ་མགྲིན་ནད་གནས། །སྦྲུལ་མགོ་ཞེས་བྱ་དེ་བཅད་ན། །དྲི་མི་ཚེར་བར་བྱེད་པར་འགྱུར། །མིག་གཉིས་ཀྱི་ཕྱི་རོལ་མཚམས། །སྨིན་མ་སྐྱེས་པ་ཡི་མཛའ་འོ། །མིག་ཟུང་སྨིན་སྟེ་དང་དམའ་བར་གནས།། ་འཁྱིལ་པ་ཕུག་པས་ཡོད་པར་འགྱུར། །རྣ་མཚན་དབྲལ་བའི་ནང་ན་ནི། །མུར་འགྲམ་ཅེས་བྱ་འཕྲལ་འཆི་བྱེད། །མུར་འགྲམ་གཉིས་ཏེ་སྐྲ་མཚམས་ན། །འདེག་པ་ཞེས་བྱ་གཞག་པའང། །སྨིན་མཚམས་པར་གནས་གསུམ་ཆར་ལ ་འང། །ཟུག་རྡུ་དག་ནི་མ་ཕྱུང་ཞིང། །སྨན་ནས་རང་ཉིད་བྱུང་ནས་འཚོ། །ཕྱུང་ན་འཕྲལ་དུ་འཆི་བར་འགྱུར། །ལྕེ་མིག་སྣ་དང་རྣ་པ་ཡི། །བུ་གའི་བཞིན་འདུས་པ་དག་།རྐན་དང་སྒོར་རུ་ཁ་བཞིན་སྟེ། །བུ་གའི་གནད་ནི་དེ་རྣམས་ཀྱི། །གནད་ནི་སུམ་མདོ ་རིས་ཞེས་བྱ། །དེ་བཅད་སྲོག་ནི་འཕྲལ་དུ་འདོར། །ཐོད་པའི་ནི་མཆམས་ལྔ་པའོ། །ཐད་ཀ་གྱེན་འགྲོ་མཚམས་ཀྱི་མཛའ་། །དེ་སྙད་པས་ནི་མགོ་འཁོར་དང། །སྨོ་ཞིང་དྲན་པ་ཉམས་སྟེ་འཆི། །སྤྱི་བོའི་སྟེང་དུ་གཙུག་འཁྱིལ་པའི། །རྩ་དང་ལྡན ་སྤྲུལ་འདུས་པ་ན། །སྤུ་འཁྱིལ་བདག་པོ་ཞེས་བྱ་བའི། །གནད་ཀྱིས་སྲོག་ནི་འཇིག་བར་བྱེད། །གང་དུ་མནན་ན་ཤིན་ཏུ་འགུལ། །རབ་ན་དེ་གནང་ཡིན་ཞེས་བྱ། །ཤ་རྒྱུས་རུས་པ་རྩ་ཆེན་དང། །རྩ་དང་ཚིགས་ནི་འདུས་བ་རུ། །གནད་ཅེས་བྱ ་སྟེངས་ན་ད་རེ། །སྲོག་ནི་ལྷག་པར་གནས་པ་ཡིན། །མང་དུ་རྣམ་པར་བསྟན་མོད་ཀྱི། །གནད་ནི་རྣམ་པ་དྲུག་ཏུ་བརྟག་།སྲོག་གི་གནས་སུ་ཐུན་མོང་པས། །གནད་ནི་གཅིག་ཏཱུང་གནས་པ་ཡིན། །ཤ་གཏོགས་བཅུ་སྟེ་བྱིན་ལག་ཉ། །མཐིལ་འཕྲོག? ་ནུ་རྩ་ནུ་མཇིང་དོ། །རུས་པའི་གནད་བརྒྱད་མུར་འགྲམ་དང། །རྐྱེད་པ་ཅན་དང་གཞོན་ནུ་དང། །རོ་སྨད་དང་ནི་སོགས་པའོ། །རྒྱུས་བའི་གནང་ནི་ཉི་ཤུ་གསུམ། །གཉན་གོང་ཞེས་བྱ་པིར་དང་ནི། །པེར?་མགོ་མིག་ཟུར་རྒྱ་ཚིགས་དང། །ཕྲག་པ་གཞག ་དང་ཆུ་སོའོ། །རྩ་ཆེན་གནང་ནི་རྣམ་དགུ་སྟེ། །གཞང་དང་རེངས་བྲལ་རྣ་རྩ་དང། །སུམ་མདོའི་རེས་ཞེས་བཤད་པའོ། །རྩལ་གནས་གནད་སུམ་ཅུ་བདུན་།རྩ་ཆེན་གཉིས་དང་མ་མོ་སྔོ། །འགྲམ་པ་མཚན་ཁུང་འཛིན་སྤྲུལ་མགོ་།ལྗོན་ཤིང་སྙིང་དང་ལྟ་བ་དང།། ་རྩི་བ་ལོགས་མཚམས་དང་ནུ་མའི་འོག་།མིག་གསལ་གཞག་དང་བརླ་དབང་དང། །དམར་བོ་ཞེས་བྱ་བཞི་པོའོ། །ཚིགས་ལ་ཉི་ཤུ་འཁྱིལ་བདག་།ཁྲིག་མ་གཉིས་དང་ཁུང་བུ་དང། །མཚམས་མཛའ་གྲུ་མོ་ལོང་མོ་དང། །ལྟག་བ་བུས་མོ་བདག་པོའོ། །གཞན་དག ་གཞར་ཤའི་གནད་ཅེས་ཟེར། །མཆན་ཁུང་གཉིས་དང་ལྗོན་ཤིང་ནི། །རྒྱས་པ་ལ་བརྟེན་རྣ་རྩ་དང། །སུམ་མདོའི་རིས་དང་རེངས་བྲལ་དང། །མིག་འགྲམ་རྩ་ནི་གནད་ཡིན་གྱིས་།རྩ་ཆེན་གནས་པར་དེ་མ་བཤད། །ཤ་ཡི་གནད་བཅད་ཁྲག་རྒྱུན་འཛག་།ཤ་བཀྲུས ་འདྲར་གྱུར་སླ་བ་དང། །སྐྱ་ཞིང་དབང་བོ་ཉམས་པ་དང། །མྱུར་དུ་འཆི་བ་ཉིད་དུ་འགྱུར། །དུས་གནས་གནད་བཅད་རྐང་བཅས་ནི། །སླ་དང་བར་བར་ཆད་ཅིང་འཛག་།རྒྱུས་པའི་གནད་བཅད་ན་ཞིང་འཁྲུག་།བརྐྱང་བསྐུམ་མི་ཤེས་གནོད་བར་འགྱུར། །འགྲོ ་དང་རྟེན་གནས་ནུས་པ་ཆུང། །དབང་པོ་ཉམས་པ་འམ་འཆི་བར་འགྱུར། །རྩེ་ཆེན་གནད་བཅད་ལྦུ་བ་དང། །སྒྲ་བཅས་འབྱུར་ཞིང་དྲན་ཉམས་འགྱུར། །རྩའི་གནད་བཅད་ཁྲག་སྐ་ཞིང། །རྒྱུན་མི་འཆད་པར་མང་དུ་འབྱུང། །དེ་ཟད་མགོ་འཁོར་དབུགས་མི་བདེ། །སྒོམ ་རྨོང་སྐྱིགས་བུས་འདེབས་པས་འཆི། །ལུས་ནི་གྲམ་ལྟ་བུས་ཁྱག་།འཚོ་བས་ཀྱང་སྒུར་པོའམ་ཐེད་པོར་འགྱུར། །ཚིགས་གནང་སྟོབས་དང་སྤྱོད་པ་ཉམས། །ལུས་སྐམ་ཚིགས་ནི་སྐྲངས་བར?་འགྱུར། །ལྟེ་བ་མུར་འགྲམ་བདག་པོ་གཞང། །སྙིང་དང་ཆུ་སོ་སུམ་མདོའི་རིས།། ་མ་མོ་བརྒྱད་དེ་བཅུ་དགུ་གོ། །འཕྲལ་དུ་སྲོག་ནི་གསོད་པར་བྱེད། །དེ་རྣམས་འཕྲལ་དུ་མི་འཆིའང། །ཞག་བདུན་གྱིས་ནི་ངེས་པར་འཆི། །རེངས་བྲལ་མཐིལ་འཕྲོག་རྩི་བ་ལོགས་མཚམས། །རྐེད་པ་ཅན་གཞན་མཚམས་ཀྱི་མཛའ་། །ནུ་རྩ་དབང་?་ཡི་གནང། །རྒྱ་ཚིགས ་མི་གསལ་རྩ་ཆེན་གྱི། །རོ་སྨད་ནུ་འཇིར་སུམ་ཅུ་གསུམ། །ཟླ་བའམ་ཟླ་ཕྱེད་གསོན་ནས་ནི། །དུས་གཞན་དུ་ནི་འཆི་བར་བྱེད། །བདེ་ག་དང་བཞག་པ་ཞེས་བྱ་གསུམ། །དེར་ནི་ཟུག་རྔུ་ཕྱུང་གྱུར་ན། །རླུང་གིས་ཤ་དང་ཚིལ་དབ་རྐང། །ཀླད་རྒྱས་རྣམས་ནི་སྐྱེམས་པར ་བྱེད། །མཚོན་བྱུང་ལུད་པ་དབུགས་མི་བདེ། །འབྱུང་ཞིང་སྲོག་ནི་འཇོམས་པར་འགྱུར། །སྦྲུལ་མགོ་མིག་ཟུང་རྣ་རྩ་དང། །སྔོན་པོ་འགྲམ་གནས་ལྷག་པའི་གནད། །ཕྲག་པའམ་ཕྲག་སོགས་འཁྱིལ་བ་དང། །ལྗོན་ཤིང་བླ་དབང་ཁུང ་བུ་དང། །མིག་དམར་བུས་མོའི་གནད་དང་བཅས། །མཚན་འཛིན་བར་འདྲ་གྲེ་མོའི་གནད། །དེ་ལྟར་གནད་ནི་བཞི་བཅུ་བཞི། །རྐང་ལག་འཇའ་བྱེད་གྱུར་བའམ། །གལ་ཏེ་ཚབས་ཆེར་སྣད་འགྱུར་ན། །དེས་ནི་སྲོག་ཀྱང་འཇོམས་པར་བྱེད། །པར་མགོ ་འདྲ་དང་ལོང་མོ་དང། །མཁྲིག་མིའི་གནད་བརྒྱད་ནད་ཚབས་ཚེ། །དེ་ལས་ཇོན་ཤིང་མཚན་ཁུར་འཛིན། །བརླ་དང་པིར་འགོ་ལྟ་བུ་སྟེ། །བཅུ་གཉིས་སོ་ཅིག་ཚད་ཡིན་ནོ། །མཁྲིག་མ་དང་ནི་ལོ་ངོ་མ་དང། །ནུ་མའི་རྩ་བསོར་གཉིས་ཚད། །པུས་མོ་གྲུ་མོ ་སོར་གསུམ་ཚད། །གཞང་དང་ཆུ་སོ་ལྟེ་བ་སྙིང། །སྡོང་པོ་མཚམས་མཛའ་མ་མོ་དང། །པིར་འདྲ་སུམ་མདོའི་རིས་འགྲེམ་པ། །གདད་ནི་ཉི་ཤུ་རྩ་དགུའི་ཚད། །རང་གི་ལག་མཐིལ་ཚད་ཡིན་ནོ། །ལྷག་མ་གནད་ནི་ལྔ་བཅུ་དྲུག་།སོར་ཕྱེད་ཀྱི་ནི་ཚད་དུ་འདོད།། ་གཞན་དག་གནད་དེ་ཏིལ་འབྲུ་སྟེ། །འབྲས་ཙམ་གྱི་ནི་ཚད་དཱུང་འདོད། །རྩ་བཞི་བཤད་པ་གང་ཡིན་པ། །ལུས་ཀུན་རྟས་པ་བྱེད་པ་གང། །དེ་ནི་གནད་ལ་གནས་པ་ཡིན། །དེས་ན་དེ་ཕུག་ཁྲག་དྲག་བྱུང། །ལུས་ཟུངས་རྣམས་ནི་ཟད་པའི་ཕྱིར། །རླུང་ལས ་ནང་ནི་མི་བཟད་འདེབས། །རླུང་གིས་མཁྲིས་བ་རྒྱས་པར་བྱེད། །མཁྲིས་བ་རྒྱས་པར་གྱུར་པས་ན། །སྐོམ་དང་མགོ་འཁོར་ཁ་སྐམས་མྱོས། །ལུས་རྡུལ་རིགས་འབྱེ་ལུས་ལྷོད་དང། །དེ་ནི་གཤིན་རྗེའི་དབང་དུ་འགྲོ་།གནད་ཆོད་ན་ནི་མྱུར་བ་རུ། །ཚོགས ་ནི་ཕྱོགས་སུ་བཅད་པས་ན། །རྩ་ནི་འཁུམས་པར་བྱེད་པ་ཡིན། །དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག་།ཁྲག་གནས་ན་ནི་གནས་པ་ཡིན། །དེ་བས་གནད་མིན་ལོག་ཕོག་ན། །ངེས་པར་འཆི་བར་མི་འགྱུར་རོ། །འགའ་ཞིག་སྨན་པའི ་ཡོན་ཏན་དང། །ཕྱོགས་གཅིག་ཏུ་ནི་ཕོག་པ་ཡིས། །འཆོ་ཀྱང་དབང་པོ་མ་ཚར་འགྱུར། །དེ་བས་འབད་དེ་གནང་དུ་ནི། །ཐལ་སྨན་མེ་བཙའ་ལ་སོགས་སྤང། །གནད་དུ་ཕོག་པ་ཆུ་ངུས་ཀྱང། །ཕལ་ཆེར་ཤིན་ཏུ་གནོད་པ་ཡིན། །དེ་བཞིན་གནང ་ལ་བརྟེན་པའི་གནད། །རབ་ཏུ་འབད་པས་གསོ་བར་བྱ། །ལུས་ཀྱི་གནད་ལས་ལེའུ་བཞི་པའོ།། །།དེ་ནས་ལུས་ཀྱི་ལུས་འགྱུར་བའི་བྱེ་བྲག་ཤེས་པར་བྱ ་བ་ལེའུ་བཤད་པར་བྱའོ།། །།ཇི་ལྟར་འབྲས་བུའི་མེ་ཏོག་དང། །མེ་ཡི་དུ་བ་ཆར་དང་སྦྱིན། །ཕྱིས་བྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །འཆི་ལྟས་མེད་ན་མིང་ཆི ་ལ། །འཆི་ལྟས་སྣང་ན་འཚོ་མི་འགྱུར། །འཆི་ལྟས་འཆི་ལྟས་མི་ཤེས་པ། །མི་མཁས་འཆི་ལྟས་མེད་མི་ཤེས། །ལ་ལ་རྟེན་དང་བརྟེན་པ་པོའོ་།ཁྱད་པར་གྱིས་དེ་གཉིས་སུ་འདོད། །ནད་ཀྱི་ཚུལ་ནི་མང་པོ་ལས། །འཆི་ལྟས་ཚུལ ་དུ་འབྱུང་འགྱུར་ལ། །ནད་ཞི་ན་ནི་ཞི་འགྱུར་ལ། །བརྟན་པར་གནས་ན་འཆི་བར་འགྱུར། །གཟུགས་དང་དབང་པོ་སྐད་དང་མདོག་།གཟུགས་བརྙན་བྱ་བ་ལ་སོགས་དང། །དངོས་པོ་དག་ནི་གཞན་ལ་ཡང། །ཐ་མལ་པ་ལས་རྒྱུ་མེད ་བར། །གཞན་དུ་གྱུར་གང་མདོར་ན་ནི། །འཆི་ལྟས་ཡིན་པར་དེ་ཤེས་བྱ། །སྐྲ་དང་བ་སྤུ་མ་བསྐུས་པར། །སྣུམ་གྱིས་བསྐུས་ལྟར་གང་སྣང་དང། །གང་ཞིག་མིག་ནི་རབ་ཡོ་དང། །མི་འགྱུར་ཕྱིར་བྱུང་ཁུང་པུར་ཞུགས། །ཡོ་དང་དགྲང ་དང་འཇུམ་པ་དང། །བཙུམ་ཞིང་སྨིན་མ་སྨད་བ་དང། །འཁྲུལ་དང་མཐོང་བ་ཉམས་པ་དང། །སྲེ་མོའི་མིག་ལྟར་བལྟ་བ་དང། །ཐབ་འདྲ་དང་མགལ་མ་འདྲ། །མཆི་མ་འཇག་ཅིང་རྫི་མ་འཁྲུབས། །སྣ་ནི་ཤིན་ཏུ་གདངས་པ་དང། །ཞོམ་དང་འབུམ་ ་ཕྲན་གྱིས་ཁྱབ་དང། །སྐྲངས་དངགས?་དང་རྙིད་པ་དང། །གང་གི་མ་མཆུ་འཕྱད་པ་དང། །ཡ་མཆུ་གྱན་ལ་བརྫེས་པ་དང། །གཉི་ག་འཛམ་བུ་སྨིན་འདྲར་སྣང། །སོ་གནག་གསེག་མར་བཅས་པ་དང། །དམར་ཞིང་སོ་ཞོན་གནོག ་ཅན། །གློ་བུར་དུ་ནི་འབྱུང་བ་དང། །ལྕེ་ནི་ཡོ་དང་རྟག་ཏུ་འབྱིན། །སྐྲངས་དང་བསྐམས་དང་ལྕེ་དང་གནག་།གོས་དང་རྩུབ་དང་ཚང་བ་མེད། །མཇིང་པས་མགོ་ནི་མི་ཐག་དང། །རང་གི་ལྟག་པ་ཁུར་ལྟར་ལྕི། །འགྲམ་བ་ཁ་ན་གནས་པ་ཡི། །ཁ་ཟས་ལྡད་པར ་མི་ནུས་པ། །གང་ཞིག་རྒྱུ་མེད་པར་ཡན་ལག་།ཤིན་ཏུ་ལྕི་དང་ཤིན་ཏུ་ཡང། །དུག་དང་གནད་པ་མེད་པར་ནི། །ཕུག་རྣམས་ལས་ཁྲག་འབྱུང་དང། །གང་ཞིག་ཕོ་མཚན་ནུབ་པ་དང། །རླིག་པ་རབ་ཏུ་འཕྱང་བའམ། །དེ་ལས་གོ་བཟློག་གྱུར་བ་རྣམས།། ་ཐམས་ཅད་འཆི་བདག་དབང་གྱུར་ཡིན། །གང་གི་རྩ་རིས་སྔོན་མེད་པ། །ཟླ་བ་ཚེས་པ་ལྟ་བུ་ནི། །དཔྲལ་བའམ་ཆུ་སོའི་སྟེང་ན་སྣང། །དེ་ནི་ཟླ་དྲུག་ལས་མི་འཚོ། །ལུས་ཅན་གང་གི་ལུས་ལ་ཆུ། །པདྨའི་འདབ་མ་ལྟ་བུར་ནི། །རྒྱལ་ཚེ་ཆུ་ནི་མ་ཚིགས་པ། །དེ་ནི་ཟླ ་བ་དྲུག་ན་འཆི། །སྤྱི་བོར་དུ་བའམ་སྣུམ་བཅས་སྣང། །དེ་ནི་ཟླ་བ་གཅིག་ན་འཆི། །སྤྱི་བོ་འམ་སྨིན་མཚམས་གསར་དུ་ནི། །མཆམས་བྱ་བའམ་རྩུབ་འཁྱིལ་སྣང། །ནད་མེད་ཞྭག་ནི་དྲུག་གིས་འཆི། །ནད་པ་ཞག་གསུམ་ན་འཆི་འགྱུར། །ལྕེ་གནག ་ཁ་ནི་མནམ་པ་དང། །མིག་གཡས་ཕུགས་སུ་བྲོས་པའམ། །བྱིན་མགོ་ལ་བབས་པ་དག་།གང་ཡིན་ད་ནི་ཡོངས་སུ་སྤང། །གང་ཞིག་ཁྲུལ་བྱས་བྱུགས་པ་དང། །ལུས་ཀུན་གཤེར་བར་གནས་བཞིན་དུ། །སྙིང་ཁ་ཤིན་ཏུ་མྱུར་བར་བསྐམས། །དེ་ནི ་ཟླ་ཕྱེད་ལས་མི་འཚོ། །གློ་བུར་དུ་ནི་ལུས་ཀྱི་མདོག་།ཅིག་ཅར་ཐ་མལ་པ་ལས་ཉམས། །དེ་བཞིན་ནད་ནི་སོགས་པ་དང། །རྩུབ་དང་སྣུམ་འགྱུར་འཆི་བ་ཡིན། །གང་གིས་སོར་མོ་དྲངས་པ་དང། །སྒྲ་མི་འབྱུང་བ་དེ་མི་འཆི། །དེ་བཞིན་ལུད་པ ་སྦྲིང་སོགས་ལ། །གང་ཞིག་སྔོན་མེད་སྒྲ་བྱུང་བའམ། །དབུགས་འབྱིན་ཐུང་བ་འམ་རིང་བའམ། །དྲི་གནམ་པའམ་དྲི་ཞིམ་འགྱུར། །ལུས་ནི་ཁྲུས་བྱས་མ་བྱས་རུང། །མི་མ་ཡན་པ་དྲི་འབྱུང་བའམ། །གས་རྨ་དྲི་མར་བྱུང་བ་ནའང། །དེ་ནི་ལོ་གཅིག་ནས་འཆི ་འགྱུར། །གང་ཞིག་ཤིག་དང་སྦྲང་མ་སོགས། །དྲི་ཞིམ་པས་ནི་འདུ་བའམ། །དྲིང་བས་ནི་སྤོང་འགྱུར་ན། །དོན?་ལོ་གཅིག་ལས་མི་འཚེ། །གང་ཞིག་རྟག་ཏུ་ལུས་ཆལ། །གྲང་བ་ཉིད་དུ་སྣང་བ་དང། །བསིལ་བ་ཤིན་ཏུ་ཚ་བར་སྣང། །རྒྱུ་མེད་བར ་ནི་རྡུལ་དང་རེངས། །གང་ཞིག་གྲང་བའི་ཆུ་བུར་འབྱུང། །ལུས་གྲང་བ་ལས་ཚ་བ་སྐྱེས། །གང་གདུངས་ཐན་པ་ལ་མི་དགའ་། །དེ་ནི་གཤིན་རྗེའི་དབང་གྱུར་ཡིན། །གང་ཞིག་སྙིང་ག་དྲོ་གྱུར་ལ། །ལྟོ་བ་ཤིན་ཏུ་གྲང་གྱུར་ཞིང། །གཤང་བ་འཁྲུ་ཞིང་སྐོམ་དང་ཆེ།། ་དེ་ནི་རོ་དང་འདྲ་བ་ཡིན། །བཤང་དང་གཅི་བ་མཆིལ་སྣབས་སམ། །ཁུ་ཆུ་ནང་ནུབ་གྱུར་པའམ། །མཆིལ་མ་ཁ་དོག་སྣ་ཚོགས་པ། །གང་ཡིན་དེ་ལ་གཅིག་ནས་འཆི། །ས་ནི་ནམ་མཁར་མཐོང་བ་དང། །ནམ་མཁའ་སར་ནི་མཐོང་གྱུར་དང།། ་གཟུགས་མེད་གཟུགས་ཅན་ལྟ་བུ་དང། །གཟུགས་ཅན་གཟུགས་མེད་ལྟར་གནས་མཐོང། །དེ་བཞིན་འོད་ཅན་འོད་མེད་མཐོང། །དཀར་པོ་གནག་དང་ཡོད་པ་དང། །མིག་ནན་མེད་པར་ཟླ་བ་ནི། །གཟུགས་མངར?་རི་མེད་མཐོང་ངོ། །གཉིད་མ ་ལོག་པར་དྲི་ཟ་སྲན། །ཡི་དགས་གཞན་ཡང་དེ་འདྲ་བའི། །གཟུགས་མི་སྡུམ་པ་མཐང་འགྱུར་བ། །གང་ཡིན་དེ་ནི་འཆི་བར་འགྱུར། །སྨེ་བདུན་དང་ནི་ཉེར་གནས་པའི། །སྐར་མ་སྒྲིབ་མང་མ་མཐོང་དང། །དགུ་ཚིགས་གུང་ཙུག་མ་མཐོང ་བ། །དེ་ནི་ལ་གཅིག་མི་འཚོའོ། །འབྲུག་སྒྲ་ཆུ་བོའི་སྒྲ་དང་ནི། །གླིང་བུ་པི་ཝཾ་རྔ་ཡི་སྒྲ། །སྒྲ་གཞན་མེད་ཀྱང་ཐོས་པ་འམ། །ཡོད་བ་ཐོས་པར་མ་གྱུར་དང། །རྣ་བའི་བུ་ག་བཀབ་བ་ན། །འུར་འུར་པོ་ཡི་སྒྲ་མཐོས། །དེ་བཞིན་དྲི་དང ་རོ་དང་རེག་།གང་ཞིག་ལོག་པར་ཤེས་པ་དང། །ཡང་ད་ཡོད་ཡེ་མི་ཚོར་དང། །མེ་མར་ཤི་བའི་དྲི་མི་ཚོར། །ཆོ་ག་བཞིན་བྱས་ནད་མེད་སྐྱེས། །ཆོ་ག་ལོག་པས་བདེ་གནས་དང། ག?་གང་གི་ལུས་ནི་རྡུལ་གཡོགས ་འདྲ། །ལུས་ལ་སྣང་བ་མཚར་དང། །དཀའ་?་ཐུབ་དྲག་དང་ཚོག་ནི། །སྔོན་འགྲོའི་རྣལ་འབྱོར་མེད་པ་རུ། །དབང་པོ་ལས་འདས་ཤེས་པ་སྐྱེས། །དེ་རྣམས་འཆི་བར་ཤེས་པར་བྱ། །སྐད་འགགས་དམན་ཞིང་མི་གསལ་དང། །གང ་ཞིག་སྐད་ནི་འཛེར་གྱུར་དང། །སྨྲ་འདོད་བ་ན་འཕྲལ་དུ་ནི། །བརྗེད་འགྱུར་དེ་ནི་མི་འཚོའོ། །སྐད་གསང་ཤིན་ཏུ་ཉམ་ཆུང་གྱུར། །མདོག་དང་སྟོབས་ནི་ཉམས་པ་དང། །རྒྱུ་མེད་པར་ནི་ནད་འཕེལ་བར། །སྣང་བ་དག་ཀྱང་འཆི ་བར་བཤད། །སྐད་གསད་ཉམས་པར་གྱུར་པ་དང། །བདག་ཉིད་འཆི་བར་སྨྲ་བ་དང། །དེ་འདྲའི་སྒྲ་ནི་ཐོས་པ་དག་།རིང་དུ་ཡོངས་སུ་སྤང་བར་བྱ། །ལུས་དབྱིབས་དང་ན་ཚད་དང་ནི། །མདོག་གམ་གཟི་མདངས་གང་དག ་གིས། །གཟུགས་བརྙན་འགྱུར་བ་རྨི་ལམ་དུ། །མཐོང་ནའང་དེ་ནི་འཆི་བར་འགྱུར། །ཉི་མ་མེ་ལོང་ཆུ་སོགས་ལ། །གང་ཞིག་དབྱིབས་དང་ཚད་དང་ནི། །ལུས་ཀྱི་རྣམ་པ་སྣང་གྱུར་བ། །གཟུགས་བརྙན་ཞེས་ནི་དེ་ལ་བཤད།། ་མདོག་དང་གཟི་མདངས་ལ་བརྟེན་གང། །ལུས་རྟོགས་གཟུགས་བརྙན་ལྟ་བུ་ཡིན། །གང་གི་གཟུགས་བརྙན་བཅད་པ་དང། །གྱེས་དང་ལྷག་དང་འཁྲུག་པ་དང། །མགོ་མེད་མགོ་གཉིས་ཡོན་པོ་དང། །མི་སྡུག་གཞན་དུ་གྱུར་པ ་དང། །མཚན་ཉིད་ལས་གྱུར་མ་ཡིན་ན། །དེ་ནི་ཚེ་ཟད་ཡིན་ཞེས་བྱ། །གང་གི་མིག་གི་རྒྱལ་མོར་ནི། །གཟུགས་བརྙན་སྣང་བར་མ་གྱུར་དང། །ནམ་མཁའ་ལ་སོགས་ལྔ་པོ་ཡི། །གཟུགས་བརྙན་རྣམ་པ་སྣ་ཚོགས་ལྔ། །ནམ ་མཁའ་དང་ཞིང་སྔོ་བ་དང། །སྣམ་བཅས་མདོག་དང་བཅས་པ་ཡིན། །རླུང་ལས་རྡུལ་ཅན་དམར་དང་གནག་།ཐལ་མདོག་རྩུབ་ཅིང་མདོག་ཉམས་ཡིན། །མེ་ཡི་དམར་ཞིང་དང་བར་སྣང། །མདངས་ལྡན་བལྟ་ན་སྡུག་པ་ཡིན། །ཆུ་སྐྱེས་བཻཌཱུརྱ་འདྲར ་སྣང། །དག་ཅིང་རབ་སྣུམ་བ་དེ་བ་ཡིན། །ས་ཡི་སྟན་སྣུམ་དག་པ་དང། །འཐུག་ཅིང་དཀར་དང་སྔོ་བསངས་ཡིན། །རླུང་ནི་ནད་འཆི་སྡུག་བསྔལ་བསྐྱེད། །གཞན་དག་བདེ་བ་བསྐྱེད་པ་ཡིན། །མེ་ཡི་ཐམས་ཅད་མདོག་ཅན ་ཏེ། །དེ་ནི་རྣམ་པ་བདུན་དུ་བཤད། །དམར་དང་སེར་དང་དཀར་ནག་པོ། །ལྗང་དང་སྐྱ་དང་ནག་པོའོ། །དེ་རྣམས་ལ་ནི་གང་གསལ་གྱུར། །སྣུམ་དང་དྲི་མ་མེད་དེ་དགེ་།དྲི་མ་ཅན་དང་རྩུབ་པ་དང། །ཞུམ་པ་སྡུག་བསྔལ་བསྐྱེད་པ་ཡིན།། ་མདངས་ཀྱིས་མདོག་ནི་ཟིལ་གྱིས་གནོན། །འོད་ནི་ཁ་དོག་གསལ་བྱེད་ཡིན། །མདངས་ཀྱིས་ཉེ་བར་སྣང་བ་ཡིན། །འོད་ནི་རིང་ནས་སྣང་བ་ཡིན། །འགའ་ཞིག་མདངས་དང་ཁ་དོག་གི་།མཚོན་མའི་ཁྱད་པར་མེད་མིན་ཏེ། །མི་རྣམས ་མཚན་མ་བཟང་ངན་བྱུང། །དུས་སུ་མདངས་ལ་བརྟེན་པ་ཡིན། །གང་ཞིག་རྐང་པ་འདྲུད་པ་དང། །ཕྲག་པ་ཡོ་བས་འགྲོ་བ་དང། །གང་ཞིག་ཕན་ཟས་མང་ཐོས་ཀྱང། །རྟོག་ཏུ་སྟོབས་ནི་ཉམས་གྱུར་ན། །གང་ཞིག་ཉུང་ཟོས་བཤད་གཅི ་མང། མང་ཟོས་བཤང་གཅི་ཉུང་བ་དང། །ཉུང་ཟོས་བད་ཀན་གྱིས་ཉེན་ཞིང། །དབུགས་རིང་འབྱིན་ཞིང་ས་ལ་འགྲོ། །གང་ཞིག་དབུགས་རིང་བྱུང་ནས་ནི། །ཐུང་ངུ་རྡུབས་ཏེ་ཤུགས་འབྱིན་དང། །ཐུང་ངུ་དབུགས་བྱིན་བསྣུམ་པ་དང། །ཤིན ་ཏུ་འདར་བར་བྱེད་པ་ཡང། །གང་ཞིག་ལག་དར་བསྐུམས་ནས་ནི། །མགོ་བོ་ལག་པས་འདེགས་པ་དང། །གང་ཞིག་དབྲལ་བ་ལས་རྡུལ་འཛག་།ཚིགས་མཚམས་ལྷོད་པར་གྱུར་པ་དང། །ཉམ་ཆེ་བའམ་ཉམ་ཆུང་གྱུར་པ་གང། །ལྡང་བའི ་ཚེ་ན་མི་དྲན་འགྱུར། །གང་ཞིག་གན་རྒྱལ་ཉལ་ནས་ནི། །རྐང་པ་རྣམ་བར་བསྐྱོད་པ་དང། །རྩིག་པ་མལ་སྟན་ལ་སོགས་པ། །གང་ཞིག་རྟག་ཏུ་ཉེས་པ་དང། །རྒྱུ་མེད་པར་དགོད་སྨྱོས་ཚུལ་གྱིས། །མཆུ་ལ་ལྡང། ་པར་བྱེད་པ་དང། །ཡ་མཆུ་ལྡག་པར་བྱེད་པ་དང། །སྒྲ་བཅས་པར་ཡང་གང་བྱེད་དང། །ལུས་མདོག་ནག་པོ་སེར་པོ་དང། །དམར་པོའི་གཟུགས་བརྙན་སྣང་བ་དང། །སྨན་པ་སྨན་དང་ཁ་ཟས་དང། །བླ་མ་མཛའ་བཤེས་ལ ་གང་བརྟན། །འདི་དག་ཐམས་ཅད་གཤིན་རྗེ་ཡི། །དབང་གྱུར་ཡིན་པར་ཤེས་པར་བྱ། །གང་ཞིག་དྲོད་ཆུང་སེམས་གཡེངས་དང། །རྟག་ཏུ་མདངས་ངན་ཡིད་མི་བདེ། །གང་ཞིག་གཏོར་མ་བྱ་རོག་ལ། །བྱིན་ཡང་ཟ་བར་མི་བྱེད་དང།། ་གང་ཞིག་རྒྱུ་མེད་ཡིད་གཞུངས་དང། །མཛེས་ཤིང་ལུས་རྒྱས་དཔལ་ཐོབ་པའམ། །དེ་ལས་ཉམས་པར་གྱུར་བ་དག་།དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག་།ཐ་མལ་བར་རམ་ནད་པ་ཡི། །གང་ཞིག་ཡོན་ཏན་སྐྱོན་རང་བཞིན། །སྔ་ལས ་གཞན་དུ་འགྱུར་བར་སྣང། །དེ་ནི་ཟླ་དྲུག་ལས་མི་འཚོ། །དང་དང་ཚུལ་ཁྲིམས་དྲན་དང་སྦྱིན། །བློ་གྲོས་སྟོབས་ནི་རྒྱུ་མེད་པར། །འདི་དྲུག་ལས་ནི་ལྡོག་གྱུར་པ། །ཟླ་བ་དྲུག་ལས་འཆི་བར་འགྱུར། །འགྲོ་དང་ཚིག་ནི་སྨྱོ་བ་འདྲ།། ་འདར་རྨོངས་ཟླ་བ་གཅིག་ན་འཆི། །སྐྲ་ཕྱི་བ་ན་ཚོར་བ་མེད། །ཞག་དྲུག་ནས་ནི་འཆི་བར་འགྱུར། །གང་ཞིག་ལྐོག་ནད་མེད་པ་རུ། །མིང་པར་ཁ་ཟས་མི་ཆུད་དང། །བྲན་གཡོག་ལོག་པར་བྱེད་གྱུར་བ། །དེ་ནི་འཆི་བ་དང་འདྲར་བཤད།། ་གང་ཞིག་རྟག་ཏུ་གཉིད་ལོག་པ་འམ། །གཉིད་མེད་དེ་ཡང་མི་འཚོའོ། །མཆིམས་གདོང་ནི་ཁེབས་པ་དང། །རྐང་པ་ཤིན་ཏུ་རྡུལ་བ་དང། །མིག་ནི་མི་སྡུག་པར་སྣང་བ། །གཤིན་རྗེའི་གནས་སུ་འགྲོ་བར་གྱུར། །སྔོན་ཆད་དགའ་བའི ་དངོས་པོ་གང། །དགའ་མི་འགྱུར་བ་དེ་མི་འཚོ། །གང་ཞིག་འཕྲལ་དུ་འགྱུར་བ་ཡི། །མཚན་ཉིད་ཐམས་ཅད་སྣང་བ་དང། །འཕྲལ་དུ་ལྡོག་པར་འགྱུར་བ་དང། །དེ་ནི་མོད་ལ་འཆི་བར་འགྱུར། །རིམས་ནི་སྟོབས་དང་ལྡན་པ་དང། །གཏིང་དུ ་ཞེན་ཞིང་ཡུན་རིང་དང། །བླ་བཅས་མགོ་འཁོར་དབུགས་མི་བདེ། །རིང་ཅིང་སྐྲངས་དང་མེ་དྲོད་ཉམས། །ཚིག་མི་གསལ་ཞིང་ཐོགས་པ་དང། །མིག་དམར་སྙིང་ནི་གཟེར་བ་དང། །སྔ་དྲོ་ལུད་པ་སྐམ་པོ་འབྱུང། །ཕྱི་དྲོ་དེ་ལས་གཞན་དུ་འགྱུར།། ་བད་ཀན་ལུད་པར་བཅས་པ་དང། །སྟོབས་དང་ཤ་ནི་ཟད་ན་འཆི། །ཁྲག་དང་མཁྲིས་པ་ཤིན་ཏུ་དམར། །ཡང་ན་གནག་པའམ་ཚོན་ཅན་ནམ། །དམར་དང་སེར་དང་ལྗང་མདོག་ཏུ། །ཁྲག་གི་གཟུགས་ནི་རབ་ཏུ་སྣང། །བ་སྦུའི་བུ་གནས་འཛག་དང། །ལྐོག ་མ་སྙིང་གར་གོས་པ་དང། །གོས་ལ་མ་ཆགས་དྲི་ང་ལ། །ཤུགས་བྱུང་ཤིན་ཏུ་མང་བ་འབྱུང། །རྒན་བོ་སྐྱ་རྦབ་རིམས་ཐབས་སྐྱག་།ལུང་པ་སྐྲ་དང་ཚད་འཁྲུ་གསོད། །ལུད་པ་དབུགས་མི་བདེ་རིམས་སྐྱུག་།སྐོམ་དང་ཚེ་འཁྲུ་འོར་ནད་དང། །གཅོད ་ཅན་སྲོག་དང་རྩིབ་ལོགས་གཟེར། །ཁྲག་སྐྱུག་ཕྲག་པ་ཚན་འཆི། །སྐྱུག་པ་ཤུགས་དང་ལྡན་པ་དང། །བཤད་གཅི་དྲི་ཡོད་ཚོན་ཅན་དང། །ལུང་པ་བཤད་ནག་ཁྲག་དང་བཅས། །དབུགས་མི་བདེ་ཡུན་རིང་ན་མཆི། །སྐོམ་དང་ནད་གཞན ་གྱིས་ཉམས་སྣང། །ལྕེ་འབྱུང་དྲན་བ་སྟོར་ན་འཆི། །ཆང་ནད་ཤིན་ཏུ་གྲང་པས་ཉེན། །ཤ་ཟད་ཏིལ་མར་གདོད་བསྐུས་འདྲ། །གཞན་འབྲུམ་རྐང་ལག་ལྟེ་བ་དང། །བཤད་སྒོ་རླིག་པ་ཁ་སྐྲངས་དང། །སྙིང་ག་རྩི་བ་ལོགས་ཡན་ལག་ན། །སློན་བྲོ ་གཞང་རྣམས་རིམ་གྱིས་ཉེན། །ཚད་འཁྲུ་མཆེར་བའི་དུམ་བུ་དང། །ཤ་བཀྲུས་པའམ་སྣུམ་ནག་དང། །ཏིལ་མར་འོ་མ་མར་འདྲ་ཡང། །ཞོ་དང་རྐང་ཞག་ཆང་རྙིང་དང། །ཀླད་པ་གནག་ཆ་འདྲ་བ་དང། །ཤ་བརྡུངས་ཆུ་དང་སྦྲང་རྩི་འདྲ།། ་རབ་དམར་ཀ་ནག་དང་སྣུམ་པ་དང། །སྣག་འདྲ་སླ་བསྐ་རྣག་དང་བཅས། །ལུས་ཟུངས་སྣ་ཚོགས་འབྱུང་བ་དང། །བཤང་བ་མེད་པའམ་མཆེ་བའམ། །འབྱར་བག་སྦྲང་མ་ལྟ་བུ་དང། །རི་མོ་ཅན་དང་ཚོན་ཅན་དང།། ་གཞང་ག་གཉེར་མ་ཕྱིར་བྱུང་དང། །སྒྲ་གཅན་རུས་ཚིགས་གཟེར་བ་དང། །བཤང་སྒོ་བྱེ་ཞིང་སྟོབས་ཟད་དང། །ཟས་ནི་མ་ཉམས་འབྱུང་བ་དང། །སྐོམ་བཅས་རིམས་དང་སྐྱུག་པ་དང། །ལུས་ཚ་ལྟོ་སྦོ་རྒྱུན་འཁྲུག་འཆི།། ་རྡེའུ་འགགས་རླིག་བ་སྐྲངས་པ་དང། །གཅིན་འགགས་ནད་ཀྱིས་ཉམས་ཐག་གསོད། །གཅིན་སྙི་སྐོམ་དད་ཚ་འབྲུམ་བཅས། །ཤ་རུལ་ཚད་པས་འཁྲུ་བ་འཆི། །ཐོར་ནང་དང་ནི་སྙིང་ག་རྒྱབ། །ནུ་མ་ཕྲག་པ་སྤྱི་བོར་བྱུང། །ཚིགས ་དང་རྐང་པ་ལག་པར་གནས། །གཅིན་སྲི་ནང་ཅན་སྟོབས་ཆུང་དང། །ཤ་རྣམས་ཐམས་ཅད་འདྲུལ་པ་དང། །སྐོམ་དང་ཚ་མྱོས་རིམས་བཏབ་འཆི། །མེ་དཔལ་ནད་ནི་འགགས་པ་དང། །སྐྱིགས་བུ་མགོ་འཁོར་དབུགས་མ་བདེ། །སྐྲན་ནི་རྒྱ་ཆེན ་ཀུན་ནས་ཟླུམ། །སྲ་ཞིང་རུས་སྦལ་ལྟར་མཐོང་དང། །རྩ་མངོན་རིམས་ཐབས་སྐྱུག་པ་དང། །སྐྱིགས་བུ་ལྟོ་སྦོས་ཟུག་གཟེར་བཅས། །ལུད་པ་ཆམ་ཕ་སྙིང་འཕར་དང། །ཚད་འཁྲུ་སྐྲ་དང་དབུགས་མི་བདེ། །དམུ་རྫིངས་གཤང་གཅི་འགགས ་པ་དང། །དབུགས་མི་བདེ་སྐྲངས་སྐྱིགས་བུ་དང། །རིམས་དང་མགོ་འཁོར་བརྒྱལ་སློན་འཁྲུ། །ཉམ་ཆུང་མི་ནི་གསོད་འགྱུར་ཞིང། །མིག་སྐྲངས་པ་དང་མཚན་གུག་དང། །པགས་བ་རུལ་ཞིང་སྲ་བ་དང། །བཀྲུ་སྨན་གྱིས་བཀྲུས་ལྟོ་སྤོ་ཞིང། །ཡང་དང ་ཡང་དུ་འཕེལ་བ་འཆི། །སྐྱ་རྦབ་སྐྲངས་དང་བཅས་པ་དང། །མིག་དང་སེན་མོ་སེར་པོར་སྣང། །སྙོམ་ཚ་ཡིག་འཆུས་དང་སློན། །བརྒྱལ་དང་ལྟོ་བློས་ཚོད་འཁྲུ་འཆི། །སྐྲངས་ནང་བླ་གཉན་སྣ་ཚིགས་ལྡན། །སྐྱེས་པ་རྐང་གཉིས་དང་པོར་སྐྲངས།། ་བུད་མེད་མགོ་ནས་སྐྲངས་ནས་འཆི། །གཉི་གའང་མཚན་དང་མཚན་ཁུང་བསྐྲང། །རི་མེར་བཅས་འཛག་སྐྱུག་པ་དང། །རིམས་དང་ཚད་འཁྲུ་དབུགས་མི་བདེ། །སྐྲངས་པའི་ཐ་མར་རིམས་ཚད་འཁྲུགས། །དེ་གཉིས་ཟད་མཐར་སྐྲངས་པ་དང། །ལུས་ཅན ་ཉམ་ཆུང་གྱུར་བ་དག་།སྐྲངས་པར་གྱུར་ན་འཆི་བར་འགྱུར། །གང་ཞིག་སྐྲངས་པ་རྐང་བར་གནས། །བྱིན་པའི་ཉར་ནི་ཕྱིན་པ་དང། །དབྱི་ཡི་བར་དུ་གནོད་གྱུར་པ། །དེ་ནི་སྨན་པས་སྤང་བར་བྱ། །གང་གི་གདོང་ལག་རྐང་པར་ནི། །ལྷག་བར་སྐམ ་པར་གྱུར་བའམ། །ལུས་མ་རྟོགས་འདི་ཤས་ཆེར་སྐྲངས། །དེ་ནི་ཟླ་བ་གཅིག་ན་འཆི། །མེ་དཔལ་ལུད་པ་ཁ་དོག་ཉམས། །རིམས་བརྒྱལ་ཡན་ལག་བཅག་སྙམ་སེམས། །མགོ་འཁོར་ཁ་བསྐམ་སྙིང་ག་ན། །ལུས་སྙམ་ཚད་བས་འཁྲུ་ལྡན་སྤང། མཇེ ་ནི་ཡན་ལག་འདྲུལ་བ་དང། །མིག་དམར་སྐད་ནི་འགགས་པ་དང། །དྲང་ཉམས་སྲིན་བུ་རྣམས་ཀྱིས་གཙེས། །སྐོམ་དང་ཆེད་པས་འཁྲུ་ལྡན་འཆི། །རླུང་ནད་བགས་པས་ཚོར་མེད་བྱེད། །ལུས་འདར་སྐད་དང་ནད་ཀྱིས་གཟེར། །དྲག་ནང་རྨོངས་ཤིང་བརྒྱལ་བ་དང།། ་མྱོས་དང་གཉིད་ཆེ་རིམས་མགོ་རིངས། །ཡིག་འཆུས་དང་དབུགས་མི་བདེ། །འཁུམས་ཤིང་ཆུ་བུར་རུལ་བ་འདྲ། །མགོ་ནད་ཡིག་འཆུས་དབུགས་མི་བདེ། །རྨོངས་བག་འཁྲུ་ཞིང་སྐོམ་མགོ་འཁོར། །སྐད་འགགས་ལུས་ཟུངས་མེ་དྲོད་ཟད། །ལུས་ཉམས་ཆུང་ནད ་ཀུན་གསོད་བྱེད། །རླུང་གི་ནད་དང་བརྡེད་བྱེད་དང། །མཛེ་ནད་ཁྲག་དང་དམུ་རྫིང་གཅོད། །སྐྲན་ཅན་གཅིན་ནག་ལྡན་བ་ཡི། །ཤ་ཟད་ནད་ཚངས་ཆུང་ཡང་སྤང། །ཤ་དང་སྟོབས་ནི་ཤིན་ཏུ་ཟད། །ནད་འཕེལ་ཡི་ག་འཆུས་བ་དག་།ནད་པ་གང་ལ་སྣང་འགྱུར ་ཏེ། །ཟླ་བ་ཕྱེད་དང་གཉིས་ན་འཆི། །རླུང་ནང་རྟུལ་འདྲ་འཕེལ་འགྱུར་ཞིང། །མི་བཟོད་སྙིང་གང་གནས་པ་དང། །སྐོམ་དང་ཀྱིས་ནི་ཡོངས་གདུངས་པ། །འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། །རླུང་ནད་ཉ་ནི་ལྷོད་བྱེད་ཅིག་།སྣ་ནི་ཡོན་བོར་འཆུས་བྱེད་པ།། ་གང་གི་འགྲམ་བ་ཟད་པར་སྣང། །འཕྲལ་དུ་སྲོག་ནི་འཕྲོག་པ་ཡིན། །རླུང་ན་ད་ལྟེ་བ་གཞང་བར་སོང། །ཡང་ན་བརླུང་བྲག་གཉིས་ན་གནས། །སྟོབས་ལྡན་རླུང་ནི་ཉམས་ཆུང་པའི། །གཞང་དང་སྙིང་ག་ཉམས་བྱེད་པ་འམ།། ་དྲིམ?་ཆུ་སོའི་ལྡག་ལྔ་བ། །བཀག་སྟེ་ནད་ནི་བསྐྱེད་པ་དང། །ཆུ་སོར?་གཟར་བར་བྱེད་འགྱུར་ལ། །སྐོམ་དང་འཁྲུ་བར་བྱེད་པ་དང། །ཆུས་བཤང་སྒོར་གནས་ནས་ནི། །རླུང་ནི་དབུགས་མི་བདེ་བསྐྱེད་དང། །རྩིབ་མའི་རྩ་མོ་འདགས་བྱེད་ཅིང།། ་སྙིང་གར་རླུང་ནི་བརྟེན་པ་ཡང། །མིག་དགྲད་འགྱུར་བ་མེད་བྱེད་པ། །འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། །འཕྲལ་དུ་རིམས་དང་ཚབས་བཏབ། །སྐོམ་དང་བརྒྱ་བ་དང་སྟོབས་ཟད་དང། །ཚིགས་མཚམས་བྲལ་བར་གྱུར་བ་རྣམ། །ཉེ་བར་འཆི ་པར་གྱུར་བ་ཡིན། །ནང་པར་གང་གི་གདོང་ལས་ནི། །རླུལ་ནི་ཤས་ཆེར་འཛག་འགྱུར་ཞིང། །ཁར་ཆགས་རིམས་ཀྱིས་གདུང་པ་རྣམས། །ད་ཡང་འཚོ་བར་དཀའ་བ་ཡིན། །གང་གི་ལུས་ལས་འབྲུམ་ཕྲན་ནི། །བྱུ་རུའི་མདོག་འདྲར་སྣང་གྱུར ་དང། །བྱུང་ནས་མྱུར་དུ་མི་སྣང་འགྱུར། །དེ་ནི་རིང་པོར་མི་ཐོགས་འཆི། །འབྲུམ་པ་སྲན་ཆུང་བཤུས་འདྲ་བཞིན། །དེ་བཞིན་བྱུ་རུའི་མདོག་འདྲ་བ། །ནང་དུ་ཁ་བལྟ་ཚད་འབྲུམ་འདྲ། །འབྲུམ་བུ་ལུས་ནི་འཇིག་བྱེད་ཡིན། །མིག་སེར་གདོང་སེར ་རྒྱས་པ་དང། །མུར་འགྲམ་གཉིས་ཀྱི་ཤ་ཟད་པ། །སྐྲག་ཅིང་ལུས་ནི་ཚེ་བདག་།གང་ཡིན་དེ་ནི་སྤང་བར་བྱ། །རྒྱུ་མེད་ཕུགས་པ་དག་ལས་རྨ། །འཕེལ་ཞིང་མཆེད་པར་བྱེད་པ་དང། །རླུང་སྐྱེས་གང་ཡིན་ན་བ་མང། །མཁྲིས་པ་ལས་གྱུར ་ཚ་བ་མེད། །བད་ཀན་ལས་གྱུར་རྣག་མེད་དང། །གང་ཞིག་རྣག་སྐྱེས་ཟུག་གཟེར་མེད། །ཕྱེ་མས་ཁྱབ་དང་རྙད་པར་སྣང། །གང་དུ་གློ་བུར་དག་ཏུ་ནི། །རྒྱལ་མཚན་མདུང་ལ་སོགས་གཟུགས་སྣང། །རྨ་དེ་ཐམས་ཅད་སྤང་བར་བྱ། །མཚན་པར? ་རྡལ་ནི་གཤང་གཅི་རླུང། །འབྱུང་ཞིང་སྲིན་བུས་གཅེས་པ་དང། །དུས་མོ་ཕན་ཚུན་མཛེར་བ་དང། །རྐང་བ་བཏེགས་ནས་བཏུང་འགྱུར་དང། །ཡང་དང་ཡང་དུ་ཁ་བསྒྱུར་བའི། །ནད་པ་དེ་ནི་འཚེ་མི་འགྱུར། །སོ་ཡིས་སེན་མོའི་རྩེ་གཅོད་ཅིང། །སེན ་མོས་སྐྲ་འམ་རྩཝ་གཅོད་དང། །ས་ལ་ཤིང་བུས་འདྲི་བ་དང། །བོད་བས་བོད་བ་བརྡེག་པ་དང། །སྤུ་ལྡང་གཅིན་ནི་བསྐ་བ་དང། །ལུད་པ་བསྐམས་ཤིང་རིམས་ཀྱིས་འདེབས། །སྐད་ཅིག་དགོད་ཅིང་སྤྱགས་གླུ་ལན། །མལ་ལ་རྐང་བས་བརྡེག་པ་དང། །སྐད ་ཅིག་རེ་རེ་བུ་གསོལ། །ནད་བ་གང་ཡིན་དེ་མི་འཚོ། །གདོང་ལ་?་ཕོ་བབ་དང། །འཛར་སྐྱས་སོ་སན་ཐིག་ལ་ཆགས། །ལྟོ་ལ་སྣ་ཚོགས་རྩ་སྣང་བ། །གླུ་བུར་བྱུང་བ་དེ་མི་འཚོ། །གྱེན་དུར་བུག་ས་རྩེག་དྲོད་ཡལ་ཞིང། །བརླ་དབྲག་གཉིས་སུ་གཟེར ་གྱིས་ཉེན། །དཔལ་དང་རྣམ་པར་བྲལ་གྱུར་པ། །བློ་དང་ལྡན་པས་ཡོངས་སུ་སྤང། །གང་གི་ནད་ནི་འཕེལ་འགྱུར་དང། །རང་བཞིན་ཡོངས་སུ་ཉམས་པ་ནི། །གང་ལ་འཕྲལ་དུ་འབྱུང་འགྱུར་བ། །དེ་ནི་མོད་ལ་འཆི་བར་འགྱུར། །སླན་པས་ནད་པ་གང་ཞིག ་ལ། །སྨན་གྱི་བྱ་བ་བྱས་གྱུར་བ། །འབད་ཀྱང་སོས་པར་མ་གྱུར་ན། །དེ་ཡི་སྲོག་ནི་རྙད་པ་དཀའ་། །མཁས་ཤིང་མང་དུ་གྲུབ་པ་དང། །ཚེག?་བཞིན་དུ་བྱིན་གྱུར་ཡང། །སྨན་གྱི་བྱ་བ་མ་གྲུབ་གང། །ད་ལ་གསོ་བའི་ཐབས་མེད་དོ། །གང་གི་སྨན་ནི་སྦྱོར ་བའི་ཚེ། །རྒྱུ་མེད་པར་ནི་ཕྱིན་ཅི་ལོག་།མདོག་དང་རོ་སོགས་ཡོངས་གྱུར་ན། །ནད་མེད་ཡིན་དེ་མི་འཚོ། །གང་གི་གནས་སུ་ཤིང་བཅས་མ། །རླུང་མེད་ཀྱང་ནི་ཤི་གྱུར་དང། །ནད་པ་གང་ཤི་ཁྱིམ་དུ་ནི། །སྣོད་ནི་ཤིན་ཏུ་མང་པོ་དག་།ཆག་གམ་ལྟུང ་བར་གྱུར་པ་དག་།དེ་ཡི་སྲོག་ནི་རྙེད་པ་དཀའ་། །མི་གང་ཉམས་ཆུང་གྱུར་པ་ཡང། །གློ་བུར་གསོས་པར་སྣང་གྱུར་པ། །དེ་ཡི་སྲོག་ཀྱང་མ་ངེས་པ། །ཡིན་པར་རྒྱུན་ཤེས་བུས་བཤད་དོ།། །།ཉེད་དུ་ ་མཛའ་བོ་རྣམས་ཀྱིས་ནི། །དྲིས་ཀྱང་ཉན་པར་མི་བྱ་བ། །སྨན་པས་སྨྲ་བར་མི་བྱ་ཞིང། །དེ་ཡི་གསོ་བའང་ཁས་མི་བླང། །གཤིན་རྗེའི་ཕོ་ཉ་ཤ་ཟ་སོགས། །གཞན་གྱིས་ཉེ་བར་བསྟན་པ་གང། །སྨ་གྱི་?་བས་ནི་འཇོམས ་པས་ན། །དེ་ཕྱིར་དེ་ཡིས་ཡོངས་སུ་སྤང། །ཚེ་ཡི་རིག་བྱེད་འབྲས་བུ་ཀུན། །ཚེ་ཤེས་པ་ལ་གནས་པ་ཡིན། །ཕེབས་འཆི་ལྟས་གནས་པ་ཀུན། །སྨན་བས་འབད་དེ་ཤེས་པར་བྱ། །ཚེ་དང་སྟོབས་རྣམས་གཉི་གཟད?། །དེ་གཉིད་?་པར་མ་གྱུར་ཡང ་ཡང་བཞིན?་ནི་མ་སྤོངས་པས། །སྲག་ཆགས་རྣམས་ནི་འཆི་པར་བཤད།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལུས་ཀྱི་གནས་ལས་ལེའུ་ལྔ་བའོ།། །།དེ་ནས་ལུས ་ཀྱི་གནས་ཀྱི་ཕོ་ཉ་ལ་སོགས་པ་བཤད་པར་བྱའོ། །ཡ་མཚན་ཅན་དང་དགེ་སྦྱོང་དང། །རིགས་མཐུན་ལས་ནི་འགྲུབ་པར་བཤད། །དེ་ལས་གོ་བཟློག་ཕོ་ཉ་ནི། །ལས་ནི་འགྲུབ་མི་རྟགས་སུ་བཤད། །དམན་དང་འཇིགས་རིང་ས་དང་ས ་པ་དང། །རྩུབ་དང་བཀྲ་མི་ཤིས་སྨྲ་དང། །མཚོན་ཆ་དབྱུག་ཐོགས་མགོ་རེག་དང། །མ་ནི་སྨ་ར་ཟླ་བ་ཅན། །བཀྲ་མི་ཤིས་པའི་མིང་དང་ལྡན། །སྡུག་ལས་བུད་མེད་དྲི་མ་ཅན། །མང་པོ་ནད་པ་མི་སྡུག་དང། །ཕྲེང་བ་བྱུག་པ་དམར་པོས ་བརྒྱན། །ཏིལ་མར་འདམ་བསྡུས་གས་རྙིང་དང། །མདོག་ངན་རླན་ཅན་གོས་གཅིག་?། །བོང་བུ་རྡ་མེ?་ཧེ་ཞོན། །ཤིང་དང་བད་བ་ཉེད་བ་དང། །རིང་ནས་འབོད་པའི་ཕོ་ཉ་འོངས། །སྨན་པས་ཡོངས་སུ་སྤང་བར་བྱ། །བཀྲ་མི་ཤིས ་པ་སེམས་དང་སྨྲ། །གཅེར་བུ་གཅོད་དང་འཇིགས་པ་དང། །མཚུན་གཏོར་མེ་ལ་སྲེག་པ་དང། །འཆི་བ་རྣམས་ལ་སྟེར་བ་དང། །སར་ཉལ་སྐྲ་བཤིག་སྐུད་པ་དང། །དུ་དང་མ་བསྡམས་གནས་སྐབས་སུ། །སྨན་བ་གནས ་ཆེ་ཕོ་ཉ་འོངས། །མི་ནི་འཆི་བར་སྟོན་པ་ཡིན། །ནད་དང་མཚན་ཉིད་མཚུངས་པ་ཡི། །ཡུལ་ལམ་དུས་སུ་སྨན་པ་གནས། །བད་ཆེན་འབོད་དུ་འོངས་མཐོངན། །ནད་བ་དེ་ནི་གསོ་མི་བྱ། །ལྟེ་བ་ཁ་དང་སྣ་རེག་དང། སྐྲེ?་དང་སྤུ་དང་སེན་མོ་སོ། །མཆའ ་རྒྱབ་ནུབ་མགྲིན་པ་དང། །ལྟོ་དང་སྲིན་ལག་དག་དང་ནི། །རས་བལ་ཕུབ་མ་ཞ་ཉེ་རྩ། །རྡུས་གཏུན་བརྡུངས་དང་ཕྱག་མ་རྡོ། །ཞིབ་མགོས་ཀྱི་མཛའ་མ་དང། །ཐལ་བ་སོལ་བ་ཁ་ཚར་སོག་།ཐག་པ་གཏུན་དང་ཞགས་པ་སྤང། །གཞན་ཡང་ཐོག་གིས་ཆག ་པ་ཐོགས། །?་ཉ་དེ་འདྲ་སྔོན་དུ་མཐོང། །འཆི་བ་དག་ཅུ་སྟོན་པ་ཡིན། །དེ་བཞིན་མཚན་ཕྱེད་ཉི་མའི་གུང། །ཐུན་མཚམས་དང་ནི་དུས་ཚིགས་དང། །ཚེས་དུས་ཆོས་བཞི་ཚེ་དགུ་དང། །སྒྲ་གཅན་འཇུག་རིངས་འཆར་དུས་སོགས། །བ་ཉེ་སྨིན་དྲུག་སྒག་ཆུ་སྟོང། །གྲེ ་དང་ཁྲུམས་སྟོང་སྣུབ་དང་ནི། །གང་དུ་ཕོ་ཉ་ནད་པ་ཡི། །མཚན་ཉིད་ལ་ནི་བརྟེན་པའི་ཚིག་།མི་དགེ་སྨྲ་དང་མི་ཤེས་མཐོང། །དེ་ནི་སྨན་པ་འགྲོ་མི་བྱ། །དབང་པོ་མཆོད་མི་རོ་འམ། །མི་རུས་ཀྱིས་ནི་བརྒྱན་ཕ་འམ། །ཆང་དང་ཚིག་དང་ཉམས་ཆག་དང། །དེ་ཡི་ཚིག་ཏུ ་སྨྲ་བ་འམ། །རོ་ནི་ཆ་དང་དྲག་བའམ། །དྲི་ནི་ཤས་ཆེར་རོལ་པ་དང། །རེག་ཀྱང་རྒྱ་ཆར་མི་བཟང་དང། །གང་ཡང་དེ་འདྲ་གཞན་དག་ནི། །དེ་ཀུན་མདུན་དུ་སྨྲ་བ་འམ། །ཡང་ན་དེ་སྐད་སྨྲ་བའི་ཚེ། །ཕོ་ཉ་འོངས་བར་མཐོང་ན་ནི། །ནང་པ་དེ་ནི་གོས་མི་བྱ། །ཀྱི ་ཧུད?་ཀྱི་?་ཆོ་དེས་འདེབས། །འོ་འདོད་དམོད་མ་འགྲེལ་སྦྲིང་སྒྲ། །གོས་དང་གདུགས་དང་ལྷམ་འཇིགས་དང། །སྡུག་བསྔལ་བ་དག་མཐོང་བ་དང། །ཤིང་ཆེན་རྒྱལ་མཚན་གང་བའི་སྣོད། །ཆུ་ནང་ནུབ་པར་མཐོང་ཀ ་དང། །བསད་སོགས་ཡིད་དུ་མི་འོང་སྨྲ། །ཐལ་བ་ཕྱག་དར་གྱིས་གཏོར་དང། །བྱི་ལ་བྲམ་དང་སྦྲུལ་དང་ནི། །སྦྲེའུས་ལམ་ནི་བཅད་པ་དང། །འབར་བའི་ཕྱོགས་སུ་ནི་དགས་བྱ། །གདུགས?་བ་དག་ནི་སྒྲོག་པ་དང། །འབྲུན་པ་བུམ? ་དར་བ་དང། །ལན་ཚྭ་དང་རྙིང་པགས་པ་དང། །ཡུངས་ཀར་ཞག་དང་འབྲུ་མར་དང། །རྩཝ་དང་འདམ་བུ་བུད་ཤིང་དང། །མ་ནིང་མི་སྲུན་སྨེ་ཤ་ཅན། །རྒྱ་དག་དང་ནི་སྙིང་རྣམས་དང། །སློན་དང་བཤད་བ་གཏོང ་བ་དང། །རྣག་དང་མཚན་མ་ངན་པ་མཐོང། །སྙིང་པོ་མེད་དང་འཁྲིག་པ་སྤྱོད། །རས་བལ་སོགས་དང་དགྲ་བོ་མཐོང། །མལ་སྟན་དང་ནི་ཁྱོགས་ལ་སོགས། །ཁ་བུབ་ཏུ་ནི་གནས་པར་མཐོང། །ནད་པ་དག་དང་གཞན་དག་དང། །སྣོད ་སོགས་ངན་མཐོང་མི་ཤེས་སོ། །སྐྱེས་པའི་མིང་ཅན་བྱ་གཡོན་ནས། །བུད་མེད་མིང་ཅན་གཡས་འདུག་བཟང། །བྱ་དང་རི་དགས་གཡས་འདུག་བཟང། །ཁྱི་དང་ཝ་ནི་དེ་ལྟར་མིན། །རི་དགས་རྣམས་ནི་ཟུང་མི་ཤེས། །ཅི་ཤ ་བྱ་རྒོད་ཁཉྫ་?། །ནེའུ་ལེར་དང་རྨ་བྱ་རྣམས། །མཐོང་བ་རྟག་ཏུ་ཤིས་པ་ཡིན། །འུག་པ་བྱི་ལ་སྦྲུལ་མཐོང་བ། །རྣམ་བ་ཀུན་ཏུ་ཤིས་མ་ཡིན། །གོ་ང་དང་ནི་རི་བོང་སྦྲུལ། །ཛེ་ཧ་ཀ་ནི་མིང་ཐོས་དགེ་།མཐོང་དང་སྒྲ་སྒྲོགས ་དེ་ལྟར་མིན། །དྲེད་དང་སྤེའུ་དེ་ལས་བཟློག་།དཔྲལ་བའི་ཕྱོགས་སུ་འཇའ་ཚོན་མཐོང། །མི་ཤེས་རྒྱབ་ཏུ་མཐོང་ན་ཤིས། །མེ་ཡིས་གང་བའི་སྣོད་དག་ནི། །ཆག་དང་ཁོང་སྟོང་གནས་པ་དང། །ནད་པ་འཆི་འགྱུར་ཁྱིམ་དུ་ནི། །སྨན་པ ་འཇུག་པར་བྱེད་པའི་ཚེ། །ཞེ་སོགས་བཀྲ་ཤིས་འོག་ནས་བཤད། །གང་བའི་སྣོད་ཕྱིར་བྱུང་མཐོང་དང། །ཕོ་ཉ་ལ་སོགས་མི་ཤས་མཐོང། །ད་ལྟའི་ནད་པ་སྤང་བར་བྱ། །དེ་ལས་གཞན་པར་སྙིང་རྗེ་རྒྱུད། །དག་པས་འབད་དེ་གསོ ་པར་བྱ། །ཞོ་འབྲུ་བུ་རམ་ཤིང་དང་ཁྲེ། །སྦྲང་རྩི་ཞུན་མར་བྲི་ཡཾ་ཀུ། །ནང་ཐུག་དངུལ་རྡོ་བུམ་པ་དང། །དྲིལ་བུ་མར་མེ་ཆུ་སྐྱེས་དང། །དུརྦ་ཏ་དང་ཤ་རླན་དང། །འབྲས་ཡོས་འབྲས་བུ་ཁ་ཟས་དང། །བུམ་པ་རིན་པོ་ཆེ་ཡིས་གང། ། ་བུ་མོ་གཞོན་རང་ཤིང་རྟ་དང། །མི་ནི་མག་འཕང་མཐོས་པ་དང། །ལྷ་རྣམས་དང་ནི་རྒྱལ་བོ་དང། །གོས་དཀར་གྱོན་དང་མེ་ཏོག་དཀར། །ཁྱིམ་དང་རྡ་ཡབ་རྟ་དཀར་མཐོང། །དམ་པ་བྲམ་ཟེ་གཙུག་ཏོར་དང། །རྟ་བབས་དང་ནི་གཡུ་དྲུང་དང། །ས་ནི ་བསྐོས་བས་གྱུར་བ་དང། །མེ་ནི་རབ་ཏུ་འབར་བ་དང། །བཟའ་བཏུང་ཡིད་དུ་འོང་བ་དང། །མེ་ཡིས་ཤིང་རྟ་ལེགས་གང་དང། །བ་ནི་བའུ་དང་བཅས་པ་དང། །ཤང་ཤང་ཏིའུ་ཤ་བཀྲ་དང། །དད་པ་ཁུ་བྱུག་རྨ་བྱ་དང། །ས་ར་ས་ནི ་སྒྲ་སྙན་སྒྲོག་།དེ་བཞིན་ཕྱུགས་གཅིག་བཏགས་པ་དང། །གདུ་བུ་མེ་ལོང་ཡུངས་ཀར་དང། །གི་ཝཾ་རྣམས་ནི་མཐོང་བ་དང། །བྱུག་བའི་དྲི་ཞིམ་གྱིས་བྱུག་དང། །ཁུ་བ་དཀར་ཞིང་མངར་བ་དང། །ཁྱུ་མཆོག་དེ་བཞིན་པ་ལང་རྣམས། །རྗེས ་སུ་མཐུན་པའི་སྒྲ་སྒྲོགས་དང། །རི་དགས་བྱ་དང་མི་རྣམས་ནི། །ཡིད་འོང་སྐྲ་སྙན་སྨྲ་བ་དང། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང། །མངོན་པར་བསྟོང་པ་བྱེད་པ་དང། །རྫ་རྡ་དུད་དང་རྔ་པོ་ཆེ། །སྒྲ་དང་བཀྲ་ཤིས་སྒྲ་སྒྲོགས་པ། ། ་བྲམ་ཟེ་རིག་བྱེད་འདོན་པ་དང། །བདེ་བའི་རླུང་ནི་རྗེས་མཐུན་རྒྱུ། །ལམ་དང་ཁྱིམ་དུ་འཇུག་ཆེ་ཡོད། །ནད་སས་མཚན་ཉིད་ཡིན་ཤེས་བྱ། །དེ་ལྟར་ཕོ་ཉ་དགེ་བཤད་ནས། །དེ་འོག་རྨི་ལམ་བཤད་བྱ་སྟེ། །རྨི་ལམ་ཤི་བའི་མེ? ་རྣམས་དང། །ལྷན་ཅིག་ཆད་འཐུང་ཁྱིམ་དྲངས་གང། །མི་དེ་རིམས་ཀྱི་གཟུགས་ཅན་གྱི། །འཆི་བདག་གིས་ནི་མྱུར་འཁྱེར་འགྱུར། །ལུས་དང་གོས་དང་ཕྲེང་བ་དམར། །བུད་མེད་རྒོད་པ་དྲངས་མི་གང། །དེ་ནི་ཁྲག་མཁྲིས་དག ་གིས་འཆི། །མ་ཧེ་རྟ་ཕག་བོད་བུ་དང། །རྔ་མོ་ཞོན་ཏ་ལྷོ་ཕྱགས་འགྲོ་།དེ་ནི་གཅོད་ཆེན་ནད་ཀྱིས་འཆི། །ལྕུག་མཆར་ཅན་འོད་མ་འམ། །ཏ་ལ་སྙིང་ག་སྐྱེས་པ་རྨི། །གང་ཡིན་དེ་ནི་སྐྲན་གྱིས་འཆི། །གང་ཞིག་མེ་ནི་མི ་འབར་ལ། །སྦྱིན་སྲེག་བྱེད་ཅིང་མར་གྱིས་བསྐུས། །གཅེར་བུར་འདུག་དང་པདྨ་ནི། །སྙིང་གར་བྱུང་ནི་?་ཡིས་འཆི། །གང་ཞིག་རྨོ་ཤ་ཅན་ལྷན་ཅིག། སྣུམ་མངས་འཐུངས་བ་རྨི་བ་དེ། །གཅིན་ནད་ཀྱིས་ནི་འཆི་བར་འགྱུར། །སྲིན ་པ་ལྷན་ཅིག་གར་བྱེད་ཅིང། །ཆུ་ལ་བྱང་རྨི་སྦྱོང་བྱེད་འཛིན། །ར་?་གར་བྱེད་ཤི་བ་ཡི། །མིས་ཁྱེར་རྨི་བརྗོད་བྱེད་འཛིན། །བོད་བུ་རྔ་མོ་བྱ་ལ་སྤྲེའུ། །སེངྒེ་སྟག་དང་ཁྭ་དག་དང། །ཝ་འམ་མི་རོལ་ཞོན་རྨིས། །དེ་ནི་འཆི་བདག་ཁར་སེད་? ་སྣམ་ཁུར་ཤ་ཁུ་ལ་ཟོས་རྨིས། །སང་ནས་དེ་འདྲ་སློན་གྱུར་བ། །གང་ཡིན་དེ་ནི་འཚོ་མི་འགྱུར། །ཉི་ཟླ་གཟས་ཟིན་རྨིས་མིག་ན། །ཉི་མ་ཟླ་བ་ལྟུང་བ་ཡི། །རྨི་ལམ་མཐོང་ན་ལོང་བར་འགྱུར། །སྤྱི་བོར་འོད་མའི་ལྕུག་སོགས་སྐྱེས། །དེ་བཞིན ་བྱ་རོག་ཆན་འཆའ་དང། །མགོ་བོ་ཆང་པར་རྨིས་པ་དང། །ཁྲ་དང་བྱ་རྒོད་ཚགས་ཀྱིས་བསྐོར། །དེ་བཞིན་ཡི་དགས་ཤ་?་མོ། །བྱད་མ་རྨེ་ཤ་ཅན་གྱིས་བསྐོར། །འོད་མའི་ཚལ་དང་ཚོར་མ་དང། །རྩཝ་ཡི་ཚད་ཆིང་ནང་དུ་ཆུང། །གཡང ་སར་ལྷུང་དང་དུར་ཁྲོད་ཉལ། །ཕྱག་དར་ཐལ་བའི་ནང་དུ་?། །ཆུ་དང་འདམ་ལ་སོགས་བར་ནུབ། །ཆུ་རྒྱུན་གྱིས་ནི་མྱུར་དུ་ཁྱེར། །གླུ་གར་དང་ནི་རོལ་མེ་བྱེད། །གོས་དང་ཕྲེང་བ་དམར་པོ་འཆང། །ལུས་འཕེལ་ན་ཚོད་རྒྱས་པ་?། ། ་བག་མ་ལེན་ཞིང་ཁ་སྦུ་འདྲེག་།ཟས་བཙོས་སྣུམ་ཟ་ཆན་འཐུང་དང། །སྐྱུག་དང་འཁྲུ་?་བ་དང། །ལྕགས་དང་གསེར་དག་རྙེད་པ་དང། །བཙོངས་དང་བརྩོད་ལས་ཕན་པ་དང། །མཆིས་ལྷ་གཉིས་ནི་སྟོར་བ་དང། །རྐང་? ་ལྷུང་བ་རྨི་བ་དང། །ཤིན་ཏུ་དགའ་དང་རབ་ཁྲོས་པའི། །ཤི་བའི་གཉེན་གྱིས་སྦྱོས་པ་དང། །མར་མ་གཟའ་དང་སྐར་མ་དང། །སོ་མིག་ལྟ་ཡི་གཟུགས་རྣམས་ནི། །ལྷུད་བ་འམ་འཇིག་པ་རྨིས་པ་འམ། །རི་བོ་རལ་བར་གྱུར ་པ་དང། །ནག་ཚལ་དམར་བའི་ནད་དང་ནི། །སྡིག་ཅན་ཁྱིམ་དུ་འཇུག་པ་དང། །རོ་བསྲེགས་ས་དང་མུན་པར་ཞུགས། །མ་ཡི་མངལ་དུ་ཞུགས་པ་དང། །བྲག་དང་ཁང་པ་ས་ལྷུང་དང། །དེ་བཞིན་ཉ་ཡིས་མིང་བ་དང། །ཆོས་གོས་གྱོན་པའི ་མི་སྲུན་དང། །གཅེར་བུ་བ་དང་དབྱིག་ཐོགས་དང། །མིག་དམར་ཁ་དོག་ནག་པ་ནི། །མཐོང་བ་ནམ་ཡང་ཤེས་མ་ཡིན། །བུད་མེད་སྡིག་ཅན་གདོད་གནག་དང། །སྐྲ་དང་སེན་མོ་ནུ་མ་རིང། །གོས་དང་ཕྲེང་བ་དམར་པོ་ཐོགས། །རྨིས་པ་དུས ་མཚན་ཡིན་པར་འདོད། །ནད་ནི་སྟོབས་དང་ལྡན་པ་ཡིས། །ཡིད་འཇུག་བུག་འགའ་པའི་ཕྱིར། །མི་བཟད་རྨི་ལམ་མཐོང་གྱུར་ཏེ། །ནད་པ་འཆི་བར་འགྱུར་བ་ཡིན། །ནད་མེད་ཐེ་ཚོམ་བཅས་གྱུར་ཞིང། །འགའ་ཞིག་ཐར་པར་འགྱུར་བ་ཡིན།། ་མཐོང་དང་ཐོས་དང་ཉམས་མྱོང་དང། །གསོལ་བ་བཏབ་དང་བརྟགས་པ་དང། །འབྱུང་བར་གྱུར་དང་ནད་ལས་འབྱུང། །རྨི་ལམ་རྣམ་པ་བདུན་དུ་བཤད། །དེ་ལས་དང་པོའི་ལྔ་པོ་དང། །རང་གི་རང་བཞིན་ཉིད་མོ་བརྗེད། །ཤིན་ཏུ་རིང་ཐུང་འབྲས ་བུ་མེད། །ཆ་འདྲེས་པ་ཡི་རང་བཞིན་ལ། །ཆ་འདྲེས་པ་ཡི་རང་བཞིན་ཅན། །མཚན་སྟོད་རྨི་ལམ་འབྲས་བུ་རིང། །མཐོང་བ་ཆུང་དུ་བྱེད་པ་ཡིན། །ནད་པར་མཐོང་དང་གཉིད་མ་ལོག། མི་མཐུན་གཏམ་གྱིས་བར་མ་ཆོད། །དེ་ཡི་ཉིན་པར་འབྲས ་ཆེན་འགྱུར། །སྦྱིན་དང་སྦྱིན་སྲེག་ལ་སོགས་ཀྱིས། །རྨི་ལམ་འབྲས་བུ་ཆུང་བར་འགྱུར། །གང་ཞིག་རྨི་ལམ་ངན་མཐོང་ནས། །སླར་ཡང་གནས་སྐབས་དེ་ཉིད་དུ། །རྨི་ལམ་བཟང་པོ་མཐོང་གྱུར་ན། །འབྲས་བུ་བཟང་པོ་ཉིད་ཐོབ་འགྱུར།། ་ལྷ་དང་བྲམ་ཟེ་ཁྱུ་མཆོག་དང། །བ་ལང་རྒྱལ་པོ་མཛའ་ཤེས་གསོན། །སྐྱེས་བུ་དམ་པ་གྲགས་ལྡན་དང། །མེ་འབར་བ་དང་དང་བའི་མཚོ། །བུ་མོ་ཁྱེའུ་སེར་བ་དང། །གོས་དཀར་གྱོན་ཞིང་མདངས་དང་ལྡན། །སྐྱེས་བུ་ཟབ་ལུས་འབང?་དང། ་ཁྲག་གིས་ལུས་ཀུན་བྱུགས་པ་དག་།གང་གིས་མཐོང་པར་གྱུར་བ་དང། །གཟུགས་དང་ཤ་རློན་མེ་ལོང་དུག། སྣལ་མ་དཀར་པོ་གོས་དང་ནི། །མི་གཙང་གིས་བྱུགས་འབྲས་བུ་རྙེད། །རི་བོ་ཁང་བཟང་འབྲས ་བཅས་ཤིང། །འཛེག་དང་སེངྒེ་གླང་ཆེན་མ། །རྟ་དང་བ་ལང་དག་ལ་ཞོ་ན། །ཆུ་བོ་མཆོད་ན་རྒྱ་མཚོ་བརྒལ། །ཤར་དང་བྱང་དུ་འགྲོ་བ་དང། །འགྲོད་མིན་འགྲོ་དང་ཤི་བ་དང། །ཉམ་པ་ལས་ཐང་ལྷ་རྣམས་དང། །ཕ་མས་མངོན་བར ་བསྟོད་པ་དང། །དུ་དང་ལྷུང་ལས་ལྡང་བ་དང། །དགྲ་བོ་འཕམ་བར་བྱས་བ་དག་།གང་རྨིས་ཚེ་རིང་ནད་མེད་དང། །ནོར་མང་པོ་ནི་རྙེད་པར་འགྱུར། །དེ་བཞིན་ནང་བའི་གཡོག་འཁོར་ནི། །བཀྲ་ཤིས་ཆོ་ག་ཕུན་སུམ་ཚོགས་།དད ་ལྡན་རྗེས་སུ་མཐུན་པ་དང། །ནོར་མང་བསྡུས་པར་གྱུར་བ་དང། །སྙིང་སྟོབས་མཚན་ཉིད་དང་ལྡན་ཞིང། །སྨན་པ་བྲམ་ཟེ་སོགས་ལ་གུས། །གསོ་དབྱད་རྣམས་ལ་སྐྱོ་བ་མེད། །དེ་ནི་ནད་མེད་གྱུར་མཚན་ཉིད། །རྟག་ཏུ་ཤིས་པ ་བལྡས་པ་དང། །བཀྲ་མི་ཤིས་པ་རྣམ་པར་ཡོད། །འདི་དག་འདི་ཉིད་མཐོང་བ་ཡི། །དྲང་སྲོང་རྣམས་ཀྱིས་ཤེས་པར་བཤད། །དེ་ལྟར་འདི་ནི་སྐྱེ་དང་འཚེ། །མཚན་ཉིད་གང་ཕྱིར་བཤད་བས་ན། །དེ་ཕྱིར་ལུས་ཀྱི་གནས་ཡིན་པས།། ་འདི་ནི་ལུས་ཀྱི་གནས་སུ་བཤད། །།ཡན་ལག་བརྒྱད་བའི་སྙིང་བོ་བསྡུས་པ་ལས། །ལུས་ཀྱི་གནས་ཀྱི་ལེའུ་དྲུག་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལུས་ཀྱི་གནས་ཏེ་གནས ་གཉིས་པ་རྫོགས་སོ།། །།དེ་ནས་ནད་ཐམས་ཅད་ཀྱི་ནད་གཞི་བཤད་པར་བྱའོ། །དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་རྣམས་ཀྱིས། །འདི་སྐད་ཅེས་བཤད་དོ། །ནད་དང་སྡིག་པ་རིམས་གནོད་བྱེད། །འགྱུར་བྱེད་སྡུག ་བསྔལ་མ་ཞུའི་སྐྱོན། །ཟད་བྱེད་འཚོ་དཀའ་འཁུན་གནད་བསྐྱེད། །མིང་གི་རྣམ་གྲངས་སྒྲ་བཤད་དོ། །ནད་གཞི་སྔར་འབྱུང་ཚུལ་དང་ནི། །དེ་བཞིན་ཚུལ་ཕྱེད་གོམས་བྱེད་དང། །དཀྱེལ་འགྱུར་ཤེས་པར་བྱ་བ་སྟེ། །ནད་ནི་རྣམ་པ་ལྡར་ཤེས་བྱ།། ་གཞི་དང་རྒྱ་དེར་སྐྱེ་མཆེད་དང། །རྐྱེན་དང་སློང་བར་བྱེད་པའི་རྒྱུ། །རྣམ་གྲངས་ཀྱིས་ན་ནིད་གཞི་བཤད། །གང་གིས་སྔར་བྱུང་ཚུལ་ཤེས་པས། །ནད་ནི་འབྱུང་བར་འདོད་གྱུར་ལ། །བྱེ་བྲག་ཕྱེད་པར་མ་གྱུར་བ། །ནད་ཀྱི་ཚུལ་ནི་ཇི་བཞིན་པར ་ཆུད་ཕྱིར་མཚན་ཉིད་མི་གསལ་བའོ། །དེ་ཉིད་གསལ་བ་ཉིད་གྱུར་བ། །ཚུལ་ཕྱེད་པ་ཞེས་བྱ་བར་བཤད། །དབྱིབས་དང་གསལ་མངོན་རྟགས་དང་ནི། །མཚན་ཉིད་མཚན་མ་རྣམས་ཡིན་ནོ། །རྒྱུ་དང་ནད་ནི་མི་མཐུན་ཞིང། །མི་མཐུན་པ་ཡི ་དོན་བྱེད་བའི། །སྨན་དང་ཟས་དང་སྤྱོད་ལཾ་རྣམས། །ཉེ་བར་བསྒྱུར་བས་བདེ་འགྱུར་བམ་།ཉམ་རྟས་བྱེད་པར་ཤེས་བྱ་སྟེ། །དེ་ནི་གོམས་པ་ཞེས་བྱར་བཤད། །དེ་ལས་བཟློག་པའི་མ་གོམས་ནད། །མི་འཕྲོད་ནད་ཅེས་བྱ་བའོ། །གང་གི ་ནད་ནི་དཀྱིལ་གྱུར་པས། །ཇི་བཞིན་རྗེས་སུ་འཕེལ་འགྱུར་ཞིང། །ནད་རྣམས་རྫོགས་ཤིང་མངོན་གྱུར་བ། །སྐྱེས་ཤིང་འོང་བ་དཀྱིལ་གྱུར་ཡིན། །དེ་ནི་གྲང་བརྟག་གཙོ་བོ་དང། །སྟོབས་དང་དུས་ཀྱིས་ཕྱེ་བ་ཡིན།། ་གྲངས་ནི་ཇི་ལྟར་འདི་ཉིད་ལས། །རིམ་ནི་བརྒྱད་དུ་བཤད་པ་ཡིན། །ནད་རྣམས་སྤྱིར་ནི་བསྡུས་པ་ཡིན། །ཆ་ཤས་དབྱེ་བ་བརྟག་པ་ཡིན། །རང་དབང་གཞན་དབང་གཉིས་ལས་ནི། །ནད་རྣམས་གཙོ་བོར་བཤད་པ་ཡིན། །རྒྱ་སོགས་མ་ལུས ་ཕྱོགས་གཅིག་ལས། །སྟོབས་ནི་ཆེ་ཆུང་ཤེས་པར་བྱ། །ནིན་མཚན་དུས་དང་ཟས་ཟོས་ཆས། །ཉེས་པ་ཇི་བཞིན་ནད་ཀྱི་དུས། །དེ་ལྟར་ནད་གཞིའི་དོན་བཤད་ནས། །དེ་ནི་རྒྱས་པར་བཤད་བར་བྱ། །ནད་རྣམས་ཀུན་གྱི་ནད་གཞི་ནི། །ནད་ནི ་འཁྲུགས་པར་གྱུར་པ་ཡིན། །དེ་ནི་གནོད་འགྱུར་སྣ་ཚོགས་པ། །བརྟེན་པས་ལྡང་བར་འགྱུར་བར་བཤད། །གསུམ་པའི་སྦྱོར་བ་རྣམ་པ་གསུམ། །གནོད་འགྱུར་སྔར་ནི་བཤད་པ་ཡིན། །ཁ་དང་ཚ་དང་བསྐ་ཅུང་ཟད ་ཙུབ་དང་བཅུད་མེད་སྲ་བ་དང། །བཀག་དང་ནན་གྱིས་བཅིང་བ་དང། །མཚན་མོ་མི་ཉལ་སྐད་ཆེ་ར་སྨྲ། །བྱ་བའི་སྦྱོར་དྲགས་མྱ་ངན་འཇིགས། །ཕེམས་ལས་དྲག་ཤུལ་བུད་མེད་དྲགས། །སོ་གཉིན་མཚན་ཟས་ཞུའི་རྗེས། །རླུང་གི་ནད་ནི ་ལྡང་བར་འགྱུར། །མཁྲིས་པ་ཚ་དང་སྐྱུར་དང་རྣོ། །ལན་ཚ་ཁྲོ་དང་ལུས་ཚ་དང། །སྟོན་ཀ་ཉི་ཕྱེད་མཚོན་ཕྱེད་དང། །ཚ་བའི་དུས་སུ་ལྡད་བར་འགྱུར། །མདར་སྐྱུར་ལན་ཚྭ་སྣུམ་པ་དང། །ལྕི་དང་བད་ཀན་སྐྱེས་བསིལ་དང། །འདུག་དང་བདེ་དང ་གཉིད་མ་ཞུ། །ཉིན་པར་གཉིད་ལོག་བརྟས་གྲགས་དང། །སློན་སོགས་སྦྱོར་བ་ཉེས་བ་དང། །ཟོས་མ་ཐག་དང་དཔྱིད་ཀྱི་དུས། །སྔ་དྲོ་མཚན་སྟོད་བད་ཀན་སྡང། །འདྲེས་བ་ལས་ནི་ལྡན་པ་ཡིན། །ཐམས་ཅད་བསྟེན་པས་འདུས་པར ་འགྱུར། །དེ་བཞིན་གཞན་ཡང་འདྲེན་མར་ཟོས། །མ་ཞུ་མ་སྙོམས་མི་འཕྲོད་དང། །ལྷག་པར་ཟོས་པ་ལ་སོགས་དང། །ཆང་དན་བཏུང་བ་ཉེད་པ་དང། །ཚོད་མ་སྐམ་དང་ལ་ཕུག་རྗེན?། །ཏིལ་ཚིགས་ས་ཞགས་སོ་བའི་ཆད།། ་ཤ་རུལ་ཤ་སྐམ་ཤ་རིང་རྣམས། །དེ་དང་དེ་ཡིས་ཉེས་གསུམ་བསྐྱེད། །དེ་བཞིན་ཁ་ཟས་སྦོས་པ་དང། །དུས་ཚིགས་ལོག་བ་བདུན་གྱི་རླུང། །གདོན་ཞུགས་དུག་དང་དབྱིག་དུག་ཟོས། །བེའུ་སྣབས་ནད་འཁྲུགས་རི་རྩར་གནས།། ་བཅས་སྐར་ལ་ནི་གཟའ་ཞུགས་དང། །ལོག་པར་སྦྱོར་བ་སྣ་ཚོགས་དང། །སྡིག་པའི་ལས་ལ་སྦྱོར་བ་དང། །བུད་མེད་བུ་བཙས་ལོག་པར་བྱུང། །གསོ་བ་ལོག་པར་བྱས་ལས་ལྡང། །དེ་ལྟར་སོ་སོའི་ནད་ལྡང་བས། །ནད་ཀྱི ་གནས་སུ་འགྲོ་བྱེད་པ། །རྩ་སྲུགས་རྣམས་སུ་ཕྱིན་པ་དང། །ནད་རྣམས་ལུས་ལ་མྱུར་དུ་བསྐྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནང་གཞིའི་གནས་ཀྱི་ལེའུ་དང་པོའོ།། །།དེ་ནས་རིམས་ཀྱི་ནད་གཞི་བཤད་པར་བྱ་འོ། ་རིམས་ནི་ནད་བདག་སྡིག་ཅན་དང། །འཆི་བདག་མདངས་ཟི་འཆི་བྱེད་ཡིན། །ཁྲོས་པས་མྱུར་བའི་མཆོད་སྦིན་རླག། དྲག་པོ་དཔྲལ་བའི་མིག་ལས་བྱུང། །སྐྱེ་དང་འཆི་ཚེ་རྨོངས་བྱེད་བ། །མི་འཕྲོད་སྣ་ཚོགས་བརྟན་ལས་བྱུང། །མི་བཟང་མིང་ནི ་སྣ་ཚོགས་པས། །སྐྱེ་གནས་བུམ་རྣམས་ལ་གནས། །དེ་ནི་ནད་རྣམས་སོ་སོར་འདྲེས། །འདུས་དང་གློ་བུར་ལས་བརྒྱད་གྱུར། །དེ་ལ་ནད་རྣམས་རང་རང་གི། །རྒྱུ་ལས་འཁྲུགས་ཏེ་ལྡང་པ་ཡིས། །མ་ཞུའི་གནས་སུ་ཞུགས་གྱུར་བ། །ལྷན་ཅིག་གནས་ནས ་སྒོ་བཀག། ཞུ་བའི་གནས་ནས་མེ་དྲོད་ནི། །ཕྱི་རོལ་ཏུ་ནི་འབྱིན་པར་བྱེད། །དེ་དང་ལྷན་ཅིག་མངོན་ཁྱབ་ནས། །ལུས་ཀུན་ཚ་བར་བྱེད་པ་ཡིན། །ཡན་ལག་ཤིན་ཏུ་ཆ་བྱེད་པས། །རིམས་ནི་དེ་ཡིས་སྒྱེད་པར་བྱེད། །རྩ་སྒོ་བཀག་པས་དེ་འོག་ཏུ། །རྡུལ ་ནི་མང་དུ་མི་འབྱུང་ངོ། །དེ་ཡིས་སྔོན་ཚུལ་སྐྱིད་ཞན་དང། །ཉམས་མི་དགའ་ཞིང་ལུས་ལྕི་ལ། །རི་མོ་ཚོར་ཞིང་ཡིག་འཆུས། །གླལ་བྱུང་མིག་འཁྲུག་མཆི་མར་བཅས། །ཡན་ལག་ན་ཞིང་འཇུ་སྟོབས་ཆུང། །ཉམས་ཆུང་གཉིད་ནི་ཆེ་བ་དང། །? ་ལྡང་བྱ་སྙངས་བྱེད་འདོད་དང། །བྱིན་བའི་ཉན་ལུས་སྙོམ་དང། །ཕན་པར་བསྟན་པ་མི་བཟོད་ཁྲོ། །སྐུར་དང་ཚ་དང་དྲོད་ལ་ཕྲེང། །ཁ་ཟས་མངར་པོ་ལ་མི་དགའ་། །བྱིས་བ་ལ་སྡང་སྐོམ་དང་ཆེ། །སྒྲ་མེ་གྲང་ལྷགས་རླུང་དང་ཆུ། །གྲིབ་མ་ཉི་མཚན་རྒྱུ་མེད ་པར། །དགའ་དང་མི་དགའ་དག་ཏུ་བྱེད། །དེ་རྗེས་རིམས་ནི་གསལ་བར་འགྱུར། །རིམས་ཐེབས་འཇང་ཉེའི་ཚེ་ནང་ཐབས། །ཆུང་ཞིང་ཚ་བ་མི་སྙོམས་ལ། །ཡན་ལག་དེ་དང་དེར་འཕོ་ཞིང། །ན་བ་དེ་དང་དེ་གསོར་འགྱུར། །རྐང་པ་?་པོ་?་པ ་དང། །བྱིན་སྙིང་ན་ཞིང་ངལ་བ་དང། །ཚིགས་རྣམས་བྱེ་བ་ལྟ་བུར་ཤེས། །བརླ་དང་རྐེད་བ་ན་བ་དང། །རྒྱབ་ནི་བརྡུངས་པ་ལྟར་སེམས་དང། །ལྟོ་བ་བཙིར་བ་སྙམ་སེམས་དང། །རུས་པ་བཅག་པ་སྙམ་པ་དང། །རྩིབ་མ་ལྷག་པར་ནད་དང། ་སྙིང་ནི་བཙིར་སྙམ་སེམས་ཤིང་ཟུག། བྲང་དུ་བཙུགས་པ་ལྟ་བུར་གཟེར། །ཕྲག་པ་བརྡུངས་སྙམ་དཔུང་བ་ནི། །བཅོམ་སྙམ་སེམས་ཤིང་སྒྲོག་ཏུས་ན། །འགྲམ་པས་ཁ་ཟས་ལྡད་མི་ནུས། །གླ་ལ་འབྱུང་རྣ་བ་སྒྲ་དང་བཅས། །མུར་འགྲམ་འགྲམ་ཟུག་ཅིང་མགོ་བོ་ན། ། ་ལྕེ་ཡིས་དོ་ནི་མཚོར་བའམ། །ཡང་ན་ཁ་བསྐ་བྲོ་བར་འགྱུར། །དྲི་མ་རྣམ་ནི་སྲིད་པ་དང། །པགས་མིག་ཁ་དང་སེན་མོ་དང། །བཤད་སྒོ་རྩུ་ཅིང་དམར་བ་དང། །མཆིལ་མ་ཡིག་འཆུས་སྲིད་ཆུང། །ཟས་མི་འཇུ་ཞིང་རྡུལ་མི་འབྱུང། །གཉིད་ཡར་མཆུ ་དང་གྲེ་བ་སྐམ། །སྐོམ་དང་ཆེ་ཞིང་ལུད་པ་བསྐམས། །ལུད་པ་ལུ་ཞིང་སྐྱུགས་པ་བསྒམ། །སེམས་ཞུམ་ལུས་ཀྱི་བ་སྤུ་ལྡང། །པགས་པ་སོ་དག་རྩེ་བ་དང། །རྐ་ལག་འདར་ཞིང་སྦྲིད་པ་ཐོགས། །མགོ་འཁོར་ཚིག་ནི་བརླ་བ་དང། །དྲོད་བག་ལ་དཀའ་བྱ ་སྙང་བྱེད། །རླུང་གི་རིམས་སུ་ཤེས་པར་བྱ། །ལུས་ཀུན་ཅི་གཟར་ཁྱབ་པ་དང། །གླལ་ཞིང་ཁའི་རོ་ཁ་བ་དང། །བསིལ་འདོད་ཁ་སྣར་ཐོར་བུ་འབྱུང། །མགོ་འཁོར་བརྒྱལ་མྱོས་སྙིང་མི་དགའ་། །བཤད་སླ་མཁྲིས་པ་རློན་པ་དང། །མཆིལ་མ་ཁྲག་བཅས་སྒྲེས ་པ་སྐྱུག་།ཐོར་བུ་དམར་པོ་འབྱུང་བ་དང། །པགས་པ་ལ་སོགས་པར་རྩ་སྔོ། །རྡུལ་འབྱུང་དབུགས་ནི་མ་ནམ་པ་དང། །སྐོམ་དད་རབ་ཆེ་མཁྲིས་པའི་རིམས། །ལྷག་པར་ཡིག་འཆུས་ཤིང་རྨོངས། །བུག་འགག་ཅིང་རིམས་ཤུགས་དལ། །མཆིལ་མ ་ཁ་ན་དམར་བ་བོ། །དང་ཁ་ལྕིག་ཅིང་དབུགས་མི་བདེ། །ཆམ་བཏབ་སྙིང་ན་སྐྱུག་པ་འབྱུང། །ལུད་པ་ལུས་རེངས་པགས་སོ་སྐྱ། །ཡན་ལག་ཐོར་བུ་གྲང་མོ་འབྱུང། །སྙོམ་ཞིང་ལུས་འདར་བད་ཀན་རིམས། །རང་གི་དུས་སུ་ཐམས་ཅད་ནི། །འབྱུང་ཞིང ་འཕེལ་བ་ཉི་འགྱུར་བ། །ནད་གཞིར་བཤད་བའི་མི་མཐུན་བསྟེན། །བསྒྱུར་བས་བདེ་བར་བྱེད་པ་ཡིན། །རང་རང་མཚན་མ་འདྲེས་པ་ནི། །ལྡན་པའི་རིམས་ཡིན་གཞན་ཡང་ནི། །མགོན་བརྒྱལ་སློན་ལུས་ཚ་རྨོངས་བག་འགྱུར། །གྲེ་བ་ཁ་བསྐམས་མི་དགའ་རུས ་ཚིགས་ན། །གཉིད་མེད་མགོ་འཁོར་སྤུ་ལྡང་སྐོམ་དང་ཆེ། །ཁ་ཀླལ་ཚིག་མ་རླུང་མཁྲིས་འདྲེས་བའི་རིམས། །ཚ་མིག་ཡིན་འཆུས་ཤིང་གླད་ཆིགས་ན། །ཆམ་པ་ལུང་པ་ལུང་པ་དབུགས་མི་བདེ་བཤད་སྲི། །ཁོང་བསིལ་རློངས་བག་རབ་རིབ་མགོ་འཁོར་?། །བད་ཀན ་རླུང་འདྲེས་རིམས་ཀྱི་མཚན་མ་ཡིན། །བུས་རྡུལ་རེངས་དང་ཚ་བསིལ་སོར་མི་གནས། །སྐོམ་དང་ལུད་པ་བད་ཀན་མཁྲིས་བབ་འབྱུང། །རྨོངས་བག་སྨྱོ་དང་ཁ་བྲོ་ཁ་དྲི་ཆགས་ཁད་ཀན་མཁྲིས་པ་འདྲེས་བའི་རིམས་ཀྱི་རྟགས། །ཀུན་ནས་འབྱུང་བ་རྟགས ་ཀུན་ལྡན། འདིར་ཡང་ཐང་རེ་ཚ་བསྡང?། །ད་བཞིན་དྲང་དང་ཉིན་མོ་ནི། །གཉིད་ཆེ་མཚན་མོ་གཉིད་ཆུང་བའམ། །རྟག་པར་གཉིད་འོད་བ་འམ་ཡར། །རྡའ?་ཆེར་འབྱུང་བའང་རྡུལ་མི་འབྱུང། །གླ་དང་གར་དང་རྒོད་སོགས་པ། །སྤྱོད་པ་ངན་པ་ལ་འཇུག་ཅིང། ་མིག་དམར་མཆིམ་འཇག་དང་བཅས། །ཞུམ་ཞིང་མཆི་མ་འཁྲུགས་པར་སྣང། །བྱིན་སྙིང་རྩིག་ལོ་བས་ནཾ་བ་དང། །མགོ་བོ་རུས་ཚིགས་ན་མགོ་འཁོར། །རྣ་བ་སྒྲ་དང་མེད་དང་བཅས། །མགུལ་པ་གྲམས་གང་སྙམ་སེམས། །ལྕེ་རྩུབ་ཀུན་ནས ་བསེགས་ལྟར་སྣང། །ལུས་ལྕི་ཚིགས་ནི་འབྱེ་སྙམ་སེམས། །མཆིལ་མར་ཁྲག་མཁྲིས་བད་ཀན་འབྱུང། །མགོ་བོ་ཡོ་ཞིང་སྐོམ་དད་ཆེ། །ཐོར་བུ་འབྲུམ་ཕྲན་མཛའ་འཁོར་བ། །དམར་ཞིང་གནག་པ་འབྱུང་བར་འགྱུར། །སྙིང་ན་བཤད་གཅི་སྲི ་བ་འམ། །ཡང་ན་ཉུད་བའམ་རབ་མང་འབྱུང། །ཁ་ནང་སྣུམ་ཞིང་ཉམས་སྟོབས་ཆུང། །བཅོམ་ཆུང་འགྱུར་ཞིང་སླབ་དང། །ནས་སྨིན་དཀའ་ཞིང་རྨུགས་པ་དང། རྒྱུན་དུ་གྲེ་བ་འཇོར་བ་ནི། །འདུས་བའི་རིམས་ཏེ་མངོན་?་བྱེད། །དེ་ནི་མདངས་འཕོག ་ཅེས་ཀྱང་བཤད། །ནད་ཀྱིས་བཀག་ཅིང་མེ་དྲོད་ཉམས། །མཚན་མ་ཐམས་ཅད་རྫོགས་འགྱུར་བ། གསོར་མི་རུང་སྟེ་དེ་ལས་གཞན། །གསོ་དཀའ་འམ་དབང་པོ་མཆར་འགྱུར། །གཞན་ཡང་འདུས་པ་ལས་བྱུང་བ། །གང་དུ་མཁྲིས ་བ་ལོགས་ཤིག་གནས། །པགས་པའམ་ནང་གྲོལ་ཚབ་དག། འདེབས་པའམ་ཚེ་བ་སྔ་ཕྱིར་འབྱུང། །དེ་བཞིན་བད་ཀན་?་གྲང་བ། །དེ་གཉིས་ཚ་ལྔ་གསོ་དགའ་ཡིན། །དྲང་ལྔ་དེ་ནི་མཁྲིས་པ་ཡིས། །བད་ཀན་གཤེར་བ་བསྐམས་པ་དང། །གྲང་བ་ཞི ་བྱས་ཁ་སྒྱུར་བརྒྱལ། །མྱོས་དང་སྐོམ་དང་ཆེ་བར་འགྱུར། །ཚ་བ་སྔ་ན་དེ་རྗེས་ལ། །རྨུགས་རློན་མཆིལ་མ་ཁོན་སྙོམ་འགྱུར། །གློ་བུར་དྲག་ཤུལ་ལས་བྱུང་དང། །མངོན་ཟིན་བྱད་བྱས་དམོད་འབྱུང་བཞི། །དེ་ལ་སྨད་དཔྱད་མེད་ཚིག་སོཌ།། ་དལ་བ་དྲག་ཤུལ་ལས་བྱུང་ཡིན། །དེ་ནི་ཕལ་ཆེར་རླུང་ནད་ཀྱིས། །ཁྲག་ནི་གནོད་ཅིང་འཁྲུགས་བྱས་པས། །ན་བཅས་མདོག་ཉམས་སྐྲངས་དང་བཙེས། །ཟུག་གཟེར་བཅས་པའི་རིམས་བསྐྱེད་འགྱུར། གདོན་ཞུགས་སྨན་གྱི་དྲི་དང་དུག ་ཁྲོས་འཇིགས་མྱ་ངན་འདོད་ལས་བྱུང། །མངོན་པར་ཟིན་ལས་བྱུང་རིམས་ཡིན། །འདིར་རྟོན་རྒྱ་མེད་རྒོད་ཅིང་དུ། །སྨན་གྱི་དྲི་སྐྱེས་བརྒྱལ་བ་དང། །སྦྲིད་པ་ཀླད་ནད་སྐངས་པར་འགྱུར། །དུག་ལས་བརྒྱལ་དང་ཚད་པས་འཁྲུ། ། ་མདོག་གནག་ལུས་ཚེ་སྙིང་ནད་འགྱུར། །ཁྲོས་ལས་ལུས་འདར་ཀླད་ནད་འགྱུར། །མྱ་ངན་འཇིགས་ལས་གླ་བར་འགྱུར། །འདོད་ལས་མགོ་འཁོར་ཡིད་འཆུས་ཚ། །དོ་ཚ་གཉིད་བློ་བརྟན་ཉམས་འགྱུར། །གདོན་ལ་སོགས་པའི ་འདུས་པའི་རིམས། །འཇིགས་སོགས་གསུམ་གྱི་རླུང་གི་རིམས། །ཁྲོ་ལས་མཁྲིས་བ་ལྡང་བར་འགྱུར། །དམོད་པ་བྱེད་བྱས་ལས་བྱུང་གང། །འདུས་བའི་རིམས་ནི་མི་བཟད་པ། །དེ་ནི་ཤིན་ཏུ་བཟོད་དཀར་བཤད། །དེ་ལ་བྱད་བྱས ་སྡགས་ཀྱིས་ནི། །སྦྱིན་སྲེག་བྱས་པ་བཞིན་དུ་ཚ། །ཐོག་མར་སེམས་འབབ་དེ་འོག་ལུས། །དེ་ནས་ཐོར་བུ་མགོ་འཁོར་སྐོམ། །ཆ་བཅས་རྒྱལ་བས་ཟིན་འགྱུར་བའི། །རིམས་ནི་ཉིན་རེ་བཞིན་དུ་འཕེལ། །དེ་ལྟར་རིམས་ནི་བརྒྱད་དུ ་བཤད། །དེ་དག་མདོར་ན་རྣམས་གཉིས་ཏེ། །ལུས་དང་སེམས་ཀྱི་རིམས་དང་ནི། །གྲང་དང་ཚབ་ཕྱི་ནང་གནས། །རང་བཞིན་དང་ནི་གྱུར་བ་དང། །གསོར་རུང་གསོར་མི་རུང་བ་དངན་།སྨིན་དང་མ་སྨིན་ཞེས་བྱའོ། །ལུས་རིམས་ཐོག་མར་ལུས་ཚེ ་བྱེད། །སེམས་ཀྱི་དང་པོ་སྙིང་ཚ་འགྱུར། །རླུང་དང་བད་ཀན་ཅིག་ཅར་ནི། །འབྱུང་ཚེ་གྲང་བའི་རིམས་སུ་འགྱུར། །མཁྲིས་པ་དང་ལྡན་ཚ་བ་སྟེ། །འདྲེས་ལས་འདྲེས་པའོ་ནང་གནས་པ། །རིམས་ནད་དཀྱིལ་ན་བསྐྱེད་འགྱུར་ནས། །ནད་ན་ཆ་ཞིང ་བཤད་གཅི་སྲི?། །ཕྱི་རོལ་རིམས་ནི་ཚ་བ་དང། །ཕྱི་རོལ་གནས་པ་གསོ་བར་སླ། །དབྱར་དང་སྟོན་དང་དཔྱིད་དུས་སུ། །རླུང་སོགས་རིམས་འབྱུང་རང་བཞིན་རིམས། །གཞན་དུ་གྱུར་པ་དེ་གསོ་དཀའ་། །ཕལ་ཆེར་རླུང་ནི་རང་བཞིན་རིམས། །ཡིན ་ཡང་གསོ་བར་དཀའ་བ་ཡིན། །དབྱར་དུས་རླུང་ནད་ལྡང་འགྱུར་ན། །མཁྲིས་པ་བད་ཀན་ལྡན་རིམས་འགྱུར། །སྟོན་ག་མཁྲིས་པ་ནད་སློང་སྟེ། །བད་ཀན་དེ་ཡི་གྲོགས་བྱེད་འགྱུར། །དེར་ནི་བསྙུང་བ་བྱས་གྱུར་ཡང། །གནོད་པར་འགྱུར་བ་མ ་ཡིན་ནོ། །བད་ཀན་དཔྱིད་ལྡང་དེ་ཡང་ནི། །དེ་རྗེས་རླུང་དང་མཁྲིས་པ་འབྱུང། །ཉམས་སྟོབས་ཆེ་ཞིང་ནང་སྟོབས་ཆུང། །བརླ་གཉེན་མེད་རིམས་གསོ་བར་སླ། །རྣམས་ཀུན་འགྱུར་བ་ཤེས་བྱ་བར། །གསོར་མི་རུང་བ་སྔར་བཤད་དོ། །རིམས་ཀྱིས ་ནང་?་ཆེ་ཞིང་ཚ། །ཁོང་རྨྱ་མ་ཡིན་གཙང་མར་དང། །བཤད་གཅི་ཁ་ཟས་མི་འདུ་ལ། །བཀྲེས་ཆུང་མ་སྨིན་རིམས་མཚན་ཉིད། །རིམས་ཤུགས་སྟོབས་སྐོམ་དང་ཆེ། །བླ་ཞིབ་མགོ་འཁོར་དབུགས་མི་བདེ། །བཤད་གཅི་བདེར ་འབྱུང་ནད་བསྐྱོད་པ། །སྨིན་པར་འགྱུར་བའི་མཚན་མ་ཡིན། །མ་སྨིན་གོ་བཟློག་མཚན་ཉིད་དང། །ཞག་བདུན་བསྙུང་བྱས་ལ་སྨིན་བཤད། །རིམས་ནི་ནད་ཀྱི་དུས་དང་ནི། །སྟོབས་ཆུང་ཆེ་ལས་རྣམས་ལྡར་བཤད།། ་ཕལ་ཆེར་འདུས་བར་གྱུར་བ་ཡི། །རིམས་སུ་མང་དུ་འགྱུར་བར་བཤད། །རྒྱུན་དང་རྟག་པ་ཉིན་གཅིག་པ། །ཉིན་གསུམ་པ་དང་ཉིན་བཞི་བའོ། །ལུས་ཟུངས་བཤད་གཅི་རྒྱུ་བ་ཡི། །བུ་ག་ནད་ཀྱིས་ཁྱབ་བྱས་བའི། །ལུས་ཀུན་ཚ་བར་གྱུར ་ནས་ནི། །གནོད་བྱས་སོགས་དང་མཉམ་པར་འཕེལ། །སྟོབས་ཆེ་ལུས་ལྕི་རྐང་ལག་རེངས། །ཁྱད་པར་དུ་ནི་དངས་མར་གནས། །གཉེན་པོས་བཅོས་དཀའ་བཟོད་བར་དཀའ་། །རྒྱུན་གྱི་རིམས་སུ་འགྱུར་བ་ཡིན། །དེ་ཡི་དྲོད་ཀྱི་དྲི་མ་དང། །ལུས ་ཟུངས་མྱར་དུ་ཟད་པར་བྱེད། །དེ་འོག་རྣམ་ཀུན་ལུས་གཟུངས་སོགས། །དག་པའམ་མ་དག་རིམས་ཀྱིས་ནི། །རླུང་དང་མཁྲིས་པ་བད་ཀན་ཞག་བདུན་ནམ་བཅུ་འམ་བཅུ་གཉིས་གནས། །ཕལ་ཆེར་མཚམས་ལས་མི་འདའ་བར། །འཆོ ་བའམ་འཆི་བ་དག་ཏུ་བྱེད། །དེ་སྐད་?་བཞིན་འཇུག་གིས་བཤད། །ལྗང་སྔོན་གྱིས་ནི་བཤད་པའི་གཞུང། །བདུན་པ་ཉིས་ལྔ་བ་གྱུར་བ་ཡིན། །དེ་བཞིན་དགུ་དང་བཅུ་གཅིག་ལྡབ། །འདི་ནི་ནད་གཞི་གསུམ་གྱི་ཚིགས། །འཚོ་དང་འཆི ་བར་བྱེད་པ་ཡིན། །རིམས་དུས་དག་དང་མ་དག་ལས། །ཡུན་རིངས་དུས་སུ་འང་གནས་པ་ཡིན། །ནད་རྩེ་ཞིལ་བ་ཉམ་ཆུང་དང། །ཁ་ཟས་མི་འཕྲོད་སོགས་བསྟེན་པས། །ནད་དཀྱིལ་ཆུད་ཡང་གནོད་བྱས་སོགས། །བརྟེན་ཏེ་སྟོབས་ཆེ ་ཉིད་གྱུར་ལས། །གཉེན་པོར་བཅས་ཤིང་འཕེལ་འབྲིར་གནས། །མི་བཟང་བ་ནི་ཉིད་དུ་འགྱུར། །དེ་རྣམས་ཀྱི་ནི་ནད་ཀྱི་སྟོབས། །རང་གི་དུས་སུ་རིམས་སྟོབས་སྐྱེ། །སླར་ཡང་དེ་དག་བཅོས་ཐབས་ཀྱིས། སྟོབས་ཆ་ཆུང་ལས་ལྡོག་པར ་བྱེད། །ནད་ཟད་རིམས་ནི་ཕར་གྱུར་བ། །བཅུད་ལ་སོགས་པ་ཉིད་ལ་ཐིམ། །ཐིམ་བས་ལུས་རིང་ཤ་མདོག་དན། །རྨོངས་པ་གལ་བསོགས་དེ་མིས་བསྐྱེད། ཉེ་ཞིང་ཁ་ནི་བྱེ་བའི་ཕྱིར། །དང་སམ་རྒྱུ་བའི་རྩ་སྒོ་ལས། །ལས་ཀུན་མྱུར་དུ་ཁྱབ་པ་ནི། །ནད ་ཀྱིས་སྐྱེ་བར་བྱེད་བ་ཡིན། །དེས་ན་རྒྱུན་ཏུ་རྟག་རིམས་འབྱུང། །དེ་ལས་བཟླག་པ་ཚུལ་མི་འདྲ། །མི་སྙོམས་རྩོལ་བ་མི་མཉམ་ལ། །བྱ་བའི་དུས་མི་མཉམ་ཡུན་རིང། །ཕལ་ཆེར་ནད་ནི་ཁྲག་ལ་བརྟེན། །རྟག་བའི་རིམས་ནི་བྱེད་པར ་འགྱུར། །དེ་ཡང་ཉིན་མཚན་ལན་གཉིས་ལྡང། །ཉིན་གཅིག་ཉིན་རེ་ལན་རེ་ལྡང། །དེ་ནི་ཤ་ཡི་རྩ་ལ་བརྟེན། །གསུམ་པ་ཚིལ་གྱི་རྩལ་གནས། །མཁྲིས་བ་རླུང་གཉིས་སྦྱི་ནས་འཛིན། །བད་ཀན་མཁྲིས་འགྱུར་སུམ་མངོན། །རླུང་དང ་བད་ཀན་རྒྱབ་ནས་འཛིན། །དེ་ནི་ཞག་གཅིག་གིས་ཆོད་ཡིན། །ཉིན་བཞི་བ་རིམས་ནད་ཆིལ་དང། །རྐང་དང་རུས་པའི་ནང་ན་གནས། །གཞན་དག་ཆིལ་ཉིད་ལ་གནས་ཟེར། དེ་ཡི་ནུས་པ་བསྟན་པ་ནི། །བད་ཀན་གྱིས་ནི་བྱིན་གཉིས་ན། ་རླུང་གིས་ཀླད་པ་ན་བར་བྱེད། །རུས་རྐང་གཉིས་ཀར་ཞུགས་པ་ཡི། །ཉིན་བཞི་པ་ནི་གོ་བཟློག་པའོ། །ཉིན་གསུམ་པས་ནི་ཉིན་གཉིས་ན། །ཉིན་གཅིག་ན་བར་མི་བྱེད་དོ། །ནད་རྣམས་ཀྱི་ནི་སྟོབས་ཆེ་ཆུང། །ཟས་དང་སྤྱོད་པ་ལས་བྱུང་ཞིང། །དེ ་བཞིན་རིམས་རྣམས་འབྱུང་བ་ནི། །ཡིད་དང་ལས་ལས་སྐྱེ་བར་འགྱུར། །ནད་ཀྱིས་ལུས་ཟུངས་དཀྲུགས་གྱུར་པ། །ནད་སོས་ཉེ་ཆེ་ཞུ་བར་འགྱུར། །དེ་ཚེ་ནད་པ་དབུགས་དྲག་རྡུལ། །འཁུན་ཞིང་སློན་བྱེད་འདྲེ་བ་དང། །ལུས་འདར་ཆག་མང་ཚེ་བ་དང། ་?་དྲང་བཞིན་མདོག་ཉམས་པ་དང། །དྲན་སྟོང་རིམས་ཀྱིས་ཤུགས་ཀྱིས་གཟིར། །ཁྲོས་པའི་ཚུལ་གྱིས་ལྟ་བ་དང། །བཤད་བ་ནད་དང་བསྲང་བཅས་པ། །སླ་བ་ཤུགས་དྲག་འབྱུང་བ་ཡིན། །ལུས་ནི་ཡང་ཞིང་རྨྱ་དང་རྨོངས་?་ཚ་བ་? ་ན་ཐོར་བུ་འབྱུང་དང་དབང་པོ་རྟས་ཤིང་བདེ། །ཡིད་ནི་སོར་གནས་རྡུལ་སྦྲིང་བདེར་འབྱུང་ཡི་ག་འབྱེད། །མགོ་བོ་གཡའ་བ་རིམས་ནད་འབྱང་བའི་མཚན་མ་ཡིན།། །།ཡན་ལག་བརྒྱད་བའི་སྙིང་པོ་བསྡུས ་བ་ལས། །ནད་གཞིའི་གནས་ཀྱི་ལེའུ་གཉིས་བའོ།། །།དེ་ནས་ཁྲག་དང་མཁྲིས་དང་ལུད་བའི་ནད་གཞི་བཤད་པར་བྱའོ། །རབ་དྲོ་རབ་རྣོ་ཚ་དང་སྐྱུར། །ལན་ཚུལ་སོགས་ཚ་བ་དང། ཁྲེ་རྒོད་ཡུ་ཏ་ལ་ཡི་ཟས། །དེ་བཅས་ཤིན་ཏུ ་བསྟོན་དྲགས་དང། །མཁྲིས་པ་ཅན་གྱིས་མཁྲིས་ནད་ནི། །གཤེར་དང་ཁྲག་རྒྱས་ནད་དུ་འགྱུར། །དེ་ནི་ཕན་ཚུན་འདྲེས་གྱུར་པས། །ལུས་ཀུན་ཁྱབ་པར་བྱེད་པར་འགྱུར། །མཁྲིས་པ་ཁྲག་ལས་གྱུར་བ་དང། །འདྲོས་དང་གནོད་བྱ་ལས་དང་གཅིག ་མདོག་དང་དྲི་ནི་རྗེས་མཐུན་པས། །ཁྲག་གི་མིང་དུ་བསྟན་པ་ཡིན། །དེ་ནི་ཁྲག་གནས་མཆིན་བ་དང། །མཆེར་བ་ལས་ནི་འབྱུང་བར་འགྱུར། །མགོ་བོ་ལྕི་ཞིང་ཡིག་འཆུས། །བསིལ་འདོད་སྒེག་བ་དུད་ཅན་སྐྱུར། །སྐྱུག་ཅིང་སྐྱུག་མདོག་གཙོག ་བར་སྣང། །ལུད་བ་དབུགས་མི་བདེ་མགོ་འཁོར། །ཁོང་སྙོམས་ཁྲག་དམར་ཉ་དྲི་དྲོ། །ཁ་དྲི་མི་ཞིམ་སྐད་འགགས་ལ། །མིག་ལ་སོགས་པའི་ཁ་དོག་ནི། །དམར་དང་ལྗང་དང་སེར་པོར་སྣང། །རྨི་ལམ་དུ་ཡང་ཁ་དོག་དེ། །འདིར་ནི་མཐོང་བར ་འགྱུར་བ་ཡིན། །བསྟོད་དུ་སྣ་མིག་རྣང་ཁ། །སྨད་དུ་བཤེས་སྒོ་ཕོ་མོའི་མཚན། །བ་སྤུའི་བུ་ག་ཀུན་ལས་ཀྱང། །ཁྲག་རབ་རྒྱས་པ་འབྱུང་བར་འགྱུར། །སྟོང་ཀྱི་བད་ཀན་ཡིན་གསོ་སླ། །དེ་ནི་བཀྲུ་སྨན་བཏང་བས་གསོ། །སྨན་མང་ཡོད་ཅིང ་མཁྲིས་པ་ཡི། །སྨན་གྱི་མཆོག་ནི་བཀྲུ་སྨན་ཡིན། །ཟླ་ལ་ཡོད་པའི་བད་ཀན་ཡང། །དེར་ནི་དེ་ཡིས་སྦྱངས་བྱས་འགྱུར། །དེ་ལ་སྨིན་མདར་དང་བསྐོ། །བད་ཀན་དག་ལ་ཕན་པ་ལ། །གང་ལྡོག་དང་གིས་བད་ཀན་སེལ། །ཁ་དང་བསྐ་བ? ་སྨོས་ཅི་དགོས། །ཐུང་དུ་འབྱུང་བའི་རླུང་ཡིན་ཕྱིར། །དེ་ནི་སྐྱུག་སྨན་བཏང་བས་གསོ། །མཁྲིས་པའི་སྨན་ནི་ཉུང་པ་ཡིན། །སྐྱུག་སྨན་མཁྲིས་པའི་སྨན་མཆག་ཡིན། །རྩལ་ཡོད་པའི་རླུང་ནད་ཀྱང། །དེ་ནི་དེ་ཡིས་ཞི་མི་འགྱུར། །དེ་ལ་རོ་ནི་མདར་བསྐབ།། ་འབའ་ཞིག་ཕན་པར་འགྱུར་བ་ཡིན། །བད་ཀན་རླུང་ནི་འདྲེས་བའི་ནད། །གཉི་གར་འབྱུང་བ་གསོ་དཀའ་སྟེ། །བཟློག་བའི་ཐབས་ནི་མེད་ཕྱིར་དང། །སྨན་ཡང་ཡོད་པ་མ་ཡིན་ནོ། །འདི་ལས་བཟློག་བར་བྱ་བའི་ཐབས། །སྦྱངས་བ་འམ་ཡོད་བ་མ་ཡིན་ཏེ།། ་སྦྱངས་བས་བཟློག་པར་བྱ་བ་དག། སྨན་པས་ཁྲག་མཁྲིས་གསོ་བ་ཡིན། །དེ་བཞིན་ཉེ་བར་ཞི་བ་ཡང། །འདི་ལ་ཡོད་ཡེ་ཡོད་མ་ཡིན། །འདྲེས་པར་གྱུར་བའི་ནང་ལ་ནི། །ཐམས་ཅད་སེལ་བྱའི་ཞི་བྱ་ཕན། །དེ་ལ་ནད་དང་རྗེས་མཐུན་བའི། །གཏང་ག་བཏབ་སྟེ ་བརྟག་པར་བྱ། །རླུང་ཁྲག་གནག་?་དམར་དང་རྩུག་།མཁྲིས་ཁྲག་སེར་ལ་རྩ་གནག་མ་ནམ། །བད་གན་ཁྲག་ནི་འཇམ་ལ་སྐྱ། །ཉེས་གསུམ་དྲེ་མ་རྙོག་པ་ཅན། །བླ་གཉན་འབྱུང་བར་གྱུར་པ་དག་།འགྱུར་བར་ཤེས་ལས་རྟོགས་པར་བྱ། །ཁྲག་དང་མཁྲིས ་པ་ཤིན་ཏུ་དམར། །ཡང་ན་གནག་བའམ་འཆོ་བཙམ། །དེ་ལ་ལུད་པ་མྱང་གནོད་བྱེད?། །དེ་ཕྱིར་དེ་ཉིད་བཤད་པར་བྱ། །ལུད་པ་རླུང་མཁྲིས་བད་ཀན་དང། །བློ་བརྡོལ་གློ་གཅོ་ལ་སྡུད་བཤད་ཐམས་ཅད་མ་གསོས་ཟད་བྱེད་འགྱུར། །ཕྱི་མ་བཞིན་དུ ་སྟོབས་ཆེན་ཡིན། །དེ་རྣམས་འབྱུང་བར་འགྱུར་བའི་རྟགས། །གྲེ་བ་གཡའ་ཞིང་ཡི་གོ་འཆུས། །གྲེ་ནང་གྲ་མས་གང་སྙམ་སེམས། །དེ་ལ་ཐུང། །སྟོང་དུ་སོང་སྟེ་བྲང་དུ་ཕྱིན། །དེ་ཚེ་མགུལ་པའི་ནང་དུ་ཞེ་ན། །མགོ་བོའི་རྩ་རྣམས ་བཀང་ནས་ནི། །དེ་ནས་ཡན་ལག་འདེགས་བལྟར། གཡེངས་བྱེད་མིག་བརྟོལ་ཙམ་དུ་ན། །རྒྱབ་བྲང་རྩིབ་ལོགས་ན་ཞིང་ཟུག་།ཁ་རུ་འབྱུང་ཞིང་རྒྱུ་བ་ནི། །ལུགས་པ་སྣོད་ཆགས་འདྲ་སྒྲ་འབྱུང། །ནད་གཞི་དབྱེ་བས་ནད་ཀྱང་ནི། །ཐ་དང་ཤུགས་དང་བཅས་པ ་ཡིན། །ནད་གང་སྒྲ་ནི་མ་སྙོམ་པའི། །དེ་ལས་ལུད་པ་འབྱུང་བ་ཡིན། །རླུང་ནད་སྐྱེས་པ་རླུང་འཁྲུགས་པ། །བྲང་དང་གྲེ་བ་ཁ་བསྐམས་ཤིང། །སྙིང་བྲང་རྩིབ་ལོགས་ཀླད་པ་གཟེར། །རྨོང་བག་ཁོང་འཁྲུགས་སྐད་འགགས་ཤིང། ། ་ལུད་པ་སྐམས་པོ་འབྱུང་བྱེད་ཅིང། །ན་བའི་ཤུགས་པ་དྲག་སྒྲ་ཆེར་འབྱུང། །ལུས་ཀུན་བརྩེ་བྱས་བད་ཀན་སྐམ། །མཐོན་པར་དཀའ་ཞིང་ཉུང་དུ་འབྱུང། །མཁྲིས་པས་མིག་དང་བད་ཀན་སེར། །ཁ་ནད་ཁ་ཞིང་རིམས་མགོ་འཁོར། །ཁྲག་མཁྲིས་སློན་ཞིང་སྐོམ ་དད་ཆེ། །སྐད་འགགས་དུད་འདུད་འདྲ་སྐྱུར་བ་དང། །ཁུད་པའི་ཤུགས་ཀྱི་རྒྱུན་འབྱུང་བ། །སྐར་མདའའཕྲོ་བ་ལྟ་བུར་སྣང། །བད་ཀན་ལས་བྲང་ན་ཚབས་ཆུང། །མགོ་ལྕི་སྙིང་ག་གང་སྙམ་སེམས། །གྲེ་བར་བསྐུས་འདྲ་སྙོམས་པར་བྱེད། །ཆམ་འདེབས་ཟས ་སྐྱུག་ཡིག་འཆུས། །སྤུ་རྩེ་ཁུད་པ་བསྐ་བ་དང། །སྣུམ་ཞིང་དཀར་བ་འབྱུང་པར་འགྱུར། །སྟོབས་འགྱེད་ལ་སོགས་དྲག་ཤུལ་རྣམས། །མི་ནུས་བཞིན་བྱས་དེ་དང་དེས། །རླུང་གིས་བྲང་ན་གློ་དྲལ་ལ། །མཁྲིས་པ་རྗེས་འབྲངས་དཀྱེལ་གྱུར་པ།། ་འཁྲུགས་ཏེ་ལུད་པ་ལུ་བར་བྱེད། །དེས་ནི་བད་ཀན་ཁྲིག་བཅས་དང། །སེར་ཞིང་གནག་ལ་སྐམས་པ་དང། །རིལ་རིལ་པོ་མནམ་མང་དུ་འབྱུང། །འབྱུང་ཚེ་གྲེ་བ་ན་བ་དང། །བྲང་ནི་དབྲལ་སྙམ་དུ་སེམས། །ཁབ་ནི་རྣོན་པོས་ཕུག་སྙམ་སེམས།། ་གཟེར་གྱིས་འདེབས་པར་བྱེད་པ་དང། །ཚིགས་འབྱེ?་རིམས་དང་དབུགས་མི་བདེ། །སྐད་འགགས་ལུས་འདར་སྐོམ་དད་ཚེ། །ཕུག་རོན་ལྟ་བུར་འཁུང་འབྱིན་ཏེ། །རྩིབ་ལོགས་གསེར་འགྱུར་དེ་ནས་ནི། །རིམས་གྱིས་སྟོབས་དང་མེ་དྲོད་དང་།ནུས་མ ་ཉམས་ནི་འབྲི་བར་འགྱུར། །ཟ་བྱེད་ཀྱིས་གཅིན་ཁྲག་དང་བཅས། །རྒྱབ་དང་རྐེད་བ་ངན་པར་འགྱུར། །གཙོ་བོར་རླུང་ནི་འཁྲུགས་པ་ཡིས། །ལུས་ཟུངས་ཟེད་བྱེད་ནད་རྒྱལ་ལོ། །གློ་གཅོར་གིས་ནི་གནས་བྱེད་ཅིང། །ལུད་པ་ལུ་ཞིང་བད་ཀན་འབྱུང།། ་རྣག་ཁྲག་མནམ་ཞིང་སེར་བ་དང། །དྲུལ་ཞིང་རྩ་སྡོ་དམར་བ་དང། །རྩིབ་ལོགས་བཏོན་པ་ལྟར་སེམས་ཤིང། །སྙིང་ནི་ལྟུང་བ་སྙམ་དུ་བྱེད། །རྒྱུ་མེད་?་དང་གྲང་བ་འདོད། །ཟས་མང་ཟ་ཞིང་ཉམས་སྟོབས་ཟད། །བཞིན་ནི་སྣུམ་ཞིང་དང་བར་སྣང། །མིག་ནི ་མདངས་ལྡན་ལྟ་སྡུག་འགྱུར། །དེ་ནས་དེ་ལ་ཟད་བྱེད་འབྱུང། །ཐམས་ཅད་འབྱུང་བར་འགྱུར་བ་ཡིན། །དེ་ལྟར་གློ་བརྡོལ་ལས་བྱུང་ལུད། །ཉམ་ཆུད་ལུས་ནི་འཇིགས་བྱེད་དེ། །སྟོབས་ལྡན་གསོ་བཙམ་དུ་རུང། །གློ་གཅོད་ལས་བྱུང་དེ་དང་འདྲི། །དེ་གཉིས ་གསར་འབྱུང་མགོན་ལྡན་འགྲུབ། །ནད་གཞི་ཐ་དད་གསུམ་གསོར་རུང། །གཉིས་འདྲེས་ཀུན་ཀྱང་རྒན་པོ་ནི། །ན་ཚོད་ཅད་བཏབ་འཚེ་བ་ཙམ། །ལུས་པ་ཡལ་བར་བོར་བ་ལས། །དབུགས་མི་བདེ་དང་ཟད་བྱེད་སློན། །སྐད་འགགས་ལ་སོགས་ནད་འབྱུང ་འགྱུར། །དེ་ཕྱིར་དེ་ནི་མྱུར་དུ་གསོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་གསུམ་པའོ།། །།དེ་ནས་དབུགས་མི་བདེ་བ་དང་སྐྱིགས་བུས་བཏབ་པའི་ནད་གཞི་བཤད་བར་བྱའོ། །ལུད ་པ་འཕེལ་བའམ་སྔར་ནད་གཞི། །འཁྲུགས་པས་དབུགས་མི་བདེ་འབྱུང་འགྱུར། །མཞུ་ཚད་འཁྲུ་སློན་དུག་འཐུངས། །སྐྱ་རྦབ་རིམས་བཏབ་ལས་ཀྱང་འབྱུང། །ཕྲན་ཚེགས་མུན་ཅན་ཆད་པ་དང། །ཆེན་པོ་གྱེན་འབྱུང་རྣམ་པ་ལྔ། །བད་ཀན་གྱིས ་ནི་རྒྱུ་ལམ་བཀག། རླུང་ནི་སྣ་ཚོགས་ཁྱབ་པར་གནས། །སྲོག་དང་ཟས་སྐོམ་རྒྱུ་བའི་ལམ། །སླུ་གུ་ནད་ཀྱིས་བཀག་པས་ན། །མ་ཞུའི་གནས་ནས་འབྱུང་བའི་དབུགས། །བྲང་གནས་དབུགས་མི་བདེ་བར་བྱེད། །དེ་ཡི་རྡུན་ཚུལ་སྙིང་རྩིབ་ལོགས། ་གཟེར་ཞིང་སྲོག་རླུང་མི་མཐུན་རྒྱུ། །སྤོས་དང་མུར་འགྲམ་ན་བ་ཨོཡིན། །དེས་ནི་དྲག་ཤུལ་འདྲངས་དྲགས་པས། །བསྐྱོད་བའི་རྔམ་པ་ཕྲན་ཚོགས་འགྱུར། །དེ་ནི་རང་ཉིད་ཞི་བར་འགྱུར། །རླུང་གིས་རྩ་སྤུབས་ལོགས་རྒྱུ་བྱེད། །བད་ཀན ་སློངས་བར་གྱུར་ནས་ནི། །ཀླད་པའི་མགུལ་པའི་ནང་སོང་སྟེ། །བྲང་དང་རྩི་བ་ལོགས་ན་བར་བྱེད། །ལུང་བའི་ངར་སྒྲ་འཛེར་མི་དྲན། །ཆམ་པ་མི་བཟང་ཡིག་འཆུས། །མི་བཟང་ཤུགས་ནི་སྐྱེད་བྱེད་ཅིང། །དབུགས ་མི་བདེ་བ་དེ་ཤུགས་ཀྱིས། །སྲོག་ལ་གནོད་འགྱུར་ལུང་པའི་མཐར། །སྐད་ཅིག་བདེ་བ་བྱེད་པ་ཡིན། །ཉལ་ཆ་ཤིན་ཏུ་མི་བདེ་ལ། །འདུག་ན་ཅུང་ཟད་བདེ་བར་འགྱུར། །མིག་གདངས་དཔྲལ་བའི་ཕྱོགས་ནས་ནི། །རྡུལ་འཛག་ཤིན ་ཏུ་ནབས་ཉན། །ཁ་བསྐམས་དབུགས་ནི་སྟུད་མར་འབྱུང། །དྲོ་བ་འདོད་ཅིང་འདང་དང་བཅས། །ཆར་འདབ་གྲང་དང་སེར་བུས་ཕོག། བད་ཀན་བསྐྱེད་པས་རྣམ་པར་འཕེལ། །མུན་ཅན་དེ་ནི་འཚོ་བྱ་འ་མ། །ཉམས་ལྡན་གསར་དུ་བཏབ་གསོ་སླ།། ་རིམས་དང་བརྒྱལ་ལས་བྱུང་གྲང་བའི། །སྨན་གྱིས་ཞི་དེ་རབ་མུན་ཅན། །དབུགས་འཆད་དབུགས་འབྱིན་རྒྱུན་ཆད་ཅིང། །ནང་གཅོང་ནད་ཀྱིས་གཟེར་བར་བྱེད། །རྡུལ་བཅས་བརྒྱལ་དང་སྤོས་དང་བཅས། །ལྒང་པ་ཚ་ཞིང་གཅིན ་འགག་བྱེད། །མིག་མི་སྡུག་ཅིང་ཐུར་དུ་བལྟ། མིག་གཅིག་དམར་བཞིང་དྲན་པ་སྟོང། །ཁ་བསྐམས་སྨྲེ་ཞིང་སྐད་ཀ་སངས་དམའ། །གཟི་མདངས་ཉམས་ཤིང་སེམས་བྲལ་བའོ།། །ཆེན་པོ་བ་རོ་ཆེར་འབྱུང་ཞིང། །སྒྲ་ཆ་སྡུར་པ་དྲག་པ་དང།། ་བསྐྱོད་པ་བཞིན་དུ་འབྱུང་འགྱུར་ཞིང། །ཁྱུ་མཆོག་རྒྱགས་བའི་ད་རོ་འདྲ། །ཤེས་དང་རྣམས་ཤེས་རབ་ཉམས་ཤིང། །མིག་འཁྲུག་བཞིན་ནི་འགྱུར་བ་དང། །རོ་སྟོང་ཞུམ་པར་འགྱུར་བ་དང། །བཤད་གཅི་འགགས་ཤིང་སྐད་གསང ་ཉམས། །མགུལ་བསྒམས་ཡང་དང་ཡང་མི་དྲན། །རྣ་བ་མུར་འགྲམ་ཀླད་རབ་ན། །གྱེན་འབྱུང་དབུགས་ནི་རིང་དུ་འབྱིན། །སླར་ནི་ཐུར་དུ་རྡུབ་མི་ནུས། །བད་ཀན་གྱིས་ཁ་རྩ་སྒོ་འགག། རླུང་ནི་འཁྲུགས་པས་གཟིར་གྱུར་པ། །གྱེན་དུ་བལྟ་ཞིང ་འཁྲུལ་བྱེད་བས། །མིག་ནི་ཀུན་ཏུ་ལྟ་བྱེད་ལ། །གནོད་རྣམས་འཆད་པར་བྱེད་བཞིན་དུ། །སྐད་འགགས་སྨྲེ་སྔགས་འདོན་པར་བྱེད། །འདི་དག་མ་ཚང་གསོར་རུང་ལ། །ཚང་ན་ངེས་པར་སྲོགས་འཕྲོག་བྱེད། །དབུགས་མི་བདེ་རྒྱུ་སྔོན་ཚུལ་དང། །གྲངས ་དང་རང་བཞིན་རྟེན་ཅིག་ཡིན། །སྐྱིགས་བུ་ལས་འབྱུང་བྲན་ཚེགས་དང། །ཟུང་དང་ཆེན་པོར་འབྱུང་བ་དང། །ཟབ་པ་དག་དང་རྣམ་པ་ལྔ། །དེ་ལ་རླུང་གིས་རིགས་ཟོས་དང། །རྩུབ་ཚ་སྲ་དང་མ་གོམས་བའི། །ཟས་དང་སྐོམ་གྱིས་བཙིར་གྱུར་པའི།། ་རླུང་གི་སྐྱིགས་བུ་ནང་མེད་པ། །སྒྲ་མི་དྲག་ཅིང་སྦྲིང་འབྱུང་སྟེ། །གང་ཞིག་གོམས་པའི་ཟས་སྐོམ་གྱིས། །ཞི་འགྱུར་སྐྱིགས་བུ་བཟང་འབྱུང་ཡིན། །དྲག་ཤུལ་གྱིས་རླུང་ཅུང་ཟད་བསྐྱོད། །སྐྱིགས་བུ་ཕྲ་མོ་འབྱུང་བར་འགྱུར། །ནམ ་ཆོད་རྩ་བ་ནས་འབྱུང་བྱེད། །དེ་ནི་ཤུགས་ངལ་འཇམ་པ་ཡིན། །རྩོལ་བ་དྲག་པོས་འཕེལ་འགྱུར་ལ། །ཟས་ཟོས་ཙམ་གྱིས་ངལ་བར་འགྱུར། །ཟུང་འཇུག་ཚིགས་ནི་རི་རབ་ལ། །གང་ཞིག་ཟས་ལས་འབྱུང་གྱུར་པ། །འཇུ་བར་ཉེ་བར་ཚེ་ན་འདེབས།། ་ཟས་ཞུ་ཟིན་ནས་འཕེལ་འགྱུར་པའི། །མགོ་དང་མགུལ་བ་འདར་བྱེད་ཅིང། །སྤོ་ཞིང་ཤིན་ཏུ་སྐོམ་དད་བསྐྱེད། །གླ་དང་སློན་དང་ཚད་པར་འཁྲུ། །མིག་གདངས་གླལ་ནི་འབྱུང་བར་འགྱུར། །སྐྱིགས་བུ་ཟུད་འབྱུང་ཤུགས་དྲག་ལ། །ཞུ་དང ་བཅས་པར་དེ་ཤེས་བྱ། །སྐྱིགས་བུ་ཆེན་པོ་འབྱུང་བའི་ཚུལ། །སྨིན་མ་མུར་འགྲམ་གཉེས་རེངས་ཤིང། །མིག་ནད་མཆི་འཛག?་ཧར་པོར་བལྟ། །ལུས་རེངས་ཚིག་ནི་ཐོགས་བྱེད་ཅིང། །དྲན་དང་འདུ་ཤེས་འཁྲུལ་བར་བྱེད། །མིག་བའི ་སྤུབས་ནི་འགགས་བྱེད་ཅིང། །གནང་ཀྱི་ཚོགས་ནི། སྐྱོད་པར་བྱེད། །རྒྱབ་དགུ་ལུས་ནི་ཁོར་སྐེམ་བྱེད། རྩ་བ་ཆེན་ཞིང་སྒྲ་ཆེལ?། །ནང་ཚབས་ཞིང་སྟོབས་ཆེར་འགྱུར། །ཞུ་བའི་གནས་སམ་ལྟེ་འོག་ནས། །སྔ་མ་འདྲ་བར་གང་ཞིག་འབྱུང། །དེ་འདྲའི་ཚུལ་ནི ་བསྡུད་མར་འབྱུང། །གླལ་དང་རྐང་ལག་བྱ་སྙངས་བྱེད། །བྲག་ཅ་ཟབ་འབྱུང་ཟབ་མོ་ཡིན། །དེ་རྣམས་ལས་ནི་དང་པོ་ཡི། །གཉིས་པོ་གསོ་བར་བྱ་བ་ཡིན། །ཐ་མའི་གཉིས་དང་ཟུང་འབྱུང་བ། །མཚན་ཉིད ་ཀུན་རྫོགས་ཤུགས་དྲག་སྤང། །འདི་དག་ཐམས་ཅད་ཡུན་རིམ་བསགས། །རྒན་པོ་བུད་མེད་ཀྱིས་དུབ་དང། །ནང་ཀྱིས་ཉམ་ཆུང་ཟས་བཅད་པ། །གློ་བརྡོལ་ནང་ཅན་སྤང་བར་བྱ། །ནང་ཀུན་གྱིས་འཆི་བྱེད་མོད་ཀྱི། །སྐྱིགས་བུ ་དབུགས་མི་བདེ་བ་ལྟར། །ནད་གཞན་མྱུར་དུ་གསོད་མི་བྱེད། །འདི་དག་འཆི་ཚེ་ངེས་འབྱུང་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞི་གནས་ཀྱི་ལེའུ་བཞི་པའོ།། །།དེ་ནས་གློ་གཅོང་ཆེན ་པོ་ཟོད་བྱེད་ཀྱི་ལེའུ་བཤད་པར་བྱའོ། །ནང་ནི་དུ་མ་རྗེས་འབྲང་ཞིང། །ནང་མར་སྔོན་དུ་འགྲོ་འགྱུར་ལ། །རྒྱལ་པོ་ཟ་བྱེད་སྐེམས་བྱེད་དང། །ནང་ཀྱི་རྒྱལ་པོ་ཞེས་ཀྱང་བཤད། །རྒྱུ་སྐར་རྣམས་དང་བྲམ་ཟེ་ཡི། །རྒྱལ་པོའི་གཅོང་དུ ་སྔོན་གྱུར་ཞིང། །གང་ཡང་ནང་ཀྱི་རྒྱལ་བོར་འགྱུར། །དེ་ཕྱིར་གནོད་པའི་རྒྱལ་པོར་བཤད། །ལུས་དང་སྨན་ནི་ཟད་བྱེད་ཅིང། །ཟད་ལས་བྱུང་བས་ཟད་བྱེད་ཡིན། །མདངས་སོགས་སྐམས་བས་སྐེམ་བྱེད་ཡིན། །དེ་རྣམས་ལས་དེ ་གསལ་བས་རྒྱལ། །དྲག་ཤུལ་བརྟེན་དང་ཤུགས་བཀག་དང། །ཁུ་ཆུ་དངས་མ་སྣམ་ཟད་དང། །ཟས་སྐོམ་ཚ་གྲ་དང་བྲལ་བསྟེན། །བཞི་པོ་འདི་དག་དེ་ཡི་རྒུ། །དེ་ཡིས་རླུང་དང་མཁྲིས་པ་དང། །བད་ཀན་བསླངས་ནས་ཐམས་ཅད་དུ།། ་ལུས་ཀྱི་ཚིགས་ཀུན་ལ་ཞུགས་ཏེ། །དེ་ཡིས་རྩ་སྒོ་ལ་གནོད་ཅིང། །བུ་གའི་སྒོ་ནི་བཀག་བའོ། །ཡང་ན་ཤིན་ཏུ་ཁ་བྱ་འགྱུར། །སྟོད་སྨང་ཐད་ཀར་གནས་ངེས་ནི། །རང་གི་ནད་མེ་ཇི་བཞིན་བསྐྱེད། །དེ་འབྱུང་འགྱུར་བའི་སྔོན་ཚུལ ་ནི། །ཆམ་འདེབས་སྦྲིད་པ་ཤིན་ཏུ་མང། །མཆིལ་མ་ཁ་ནང་རོ་མངར་བྲོ། །ལུས་དང་མེ་དྲོད་ཉམ་ཆུང་བྱེད།། །གཞོང་སྣོད་ཟས་སྐོམ་ལ་སོགས་ནི། །གཙང་ཡང་མི་གཙང་ཉིད་དུ་མཐོང། །ཕལ་ཆེར་ཟས་སྐོམ་ལ་སོགས་དང། །སྦྲང་མ་རྩ་དང་སྐྲ ་སོགས་འབབ། །སྙིང་འཕར་སློན་བྲོ་ཡི་གས་ཆུས། །ཁ་ཟས་ཟོས་ཀྱང་ཉམས་སྟོབས་ཟད། །ལག་བར་བལྟ་ཞིང་ཁ་གདོང་སྐྲང། །མིག་ནི་ཤིན་ཏུ་དཀར་པོར་སྣང། །ལག་པར་དག་ནི་འཇལ་བར་འདོད། །ལུས་ལ་འཇིགས་སུ་རུང་བར་མཐོང།། ་བུད་མེད་ཆད་དང་ཤ་ལ་དགའ་། །སྨོད་དང་གླང་པོ་འགེམས་བར་བྱེད། །སྐྲ་དང་སེན་མོ་ཤིན་ཏུ་?། །རྨི་ལེ་དུ་ནི་ཕྱེ་མ་ལེབ། །རྩད་པ་སྡིག་སྦྲུལ་གཅན་ཟན་སྤྲེའུ། །བྱ་རྣམས་ཀྱིས་ནི་གཅེས་པར་མཐོང། །སྐྲ་རུས་ཕུབ་མ་ཐལ་སོགས་ཀྱི།། ་ཕུང་པོ་ལ་ནི་འཛེག་པ་དང། །ཡུལ་དང་གྲོང་ནི་སྟོངས་པ་དང། ཆུ་ཀླུང་བསྐམས་པར་རྨི་ལམ་མཐོང། །སྐར་མདའ་རི་བོ་ལྟུང་པ་དང། །ལྗོན་ཤིང་རྣམས་ནི་འབར་བ་རྨི། །སྟོད་དུ་གནས་ན་ཆ་མཁས་འདེབས། །ལུད་པ་ལུ་ཞིང་དབུགས་མི་བདེ།། ་ཕྲག་བ་སྤྱི་བོ་ན་བ་དང། །སྐད་འགགས་ཡི་ག་འཆུས་བར་འགྱུར། །སྨད་གནས་བཤད་སྨ་རྟུག་སྐམ་བྱེད། །ནད་གྲོལ་ནང་ནས་སྨོན་པར་བྱེད། །ཐད་ཀར་གནས་པས་རྩི་བ་ལོགས་ཟུག། ཚིགས་ལ་གནས་ན་རིམས་སུ་འགྱུར་རོ། །དེ་ལྟར་ནད་ཚུལ་བཅུ ་གཅིག་ནི། །གཅོད་ཆེན་ལྡན་ལས་འབྱུང་བར་འགྱུར། །དེ་རྣམས་ཀྱི་ནོ་བླ་གཉན་དག། སྐད་འགགས་བྲང་ཕུན་བ་དང། །ཁ་གླལ་ལུས་གྲུགས་མཆིས་སྣབས་མང། །དྲོད་ཉམས་ཁ་མནམ་ཡིན་ཤེས་བྱ། །དེ་ལ་རླུང་འགྱུར་གླད་བ་དང། །རྩི་བ ་ལོགས་ཟུག་ཤ་ཡན་ལག་ན། །སྐད་འགགས་མགུལ་པ་སུབས་པར་འགྱུར། །མཁྲིས་རྒྱས་རྐ་ལག་ཕྲགས་?། །ཚད་འཁྲུ་ཁྲག་ཏུ་སློབ་པ་དང། །ཁ་མནམ་རིམས་འདེབས་མྱོས་པར་འགྱུར། །བད་ཀན་ལས་གྱུར་ཡི་གེ་འཆུས། །སློན་ལུད་ལུས ་དང་ཡན་ལག་ལྕི། །མཆིལ་སྣབས་མང་ཞིང་ཆམ་པ་འདེབས། །དབུགས་མི་བདེ་སྐད་འགགས་དྲོད་ཉམས། །ནང་ཀྱིས་མེ་དྲོང་ཉམ་ཆུང་བས། །འབྱར་བཅས་པད་ཀན་རྒྱས་གྱུར་ནས། །རྩ་སྡུབས་སྒོ་ནི་འགགས་པ་དང། །ལུས ་ཟུངས་དྲོད་ནེ་ཆུང་འགྱུར་བས། །དངས་མ་རང་གི་གནས་སུ་ནི། །མ་ཞུ་བས་གཉན་ད་དང་དེ། །བསྐྱེད་ཅིང་ཤ་སོགས་མི་འགྱུར་ལ། །ཁྲག་ནི་གཡེན་དུ་འབྱུང་བར་བྱེད། །ཁར་བ་ཉིད་དུ་ཟས་འཇུ་བས། །དངས་མར་འགྱུར་བར་མི་བྱེད་ཕྱིར། །ཕལ་ཆེར་དྲི ་མ་ཉིད་འགྱུར་གྱི། །ལུས་ཟུངས་འཕེལ་བར་མི་བྱེད་དོ། །དངས་མ་ཁྲག་ཏུ་མེ་འགྱུར་ལ། །ཤར་འགྱུར་བ་ལྟ་སྨོས་ཅི་དགོས། །ཟ་བྱེད་ཅན་ནི་བཤང་འཕེལ་བ་།འབའ་ཞིག་གིས་ནི་གནས་པར་བྱེད། །མཚན་མ་ཆུང་ཡང་ཉམ་ཆུང་ཞིང། །ནད་ཀྱི ་སྨན་གྱི་སྟོབས་མི་བཟོད། །སྦར་བྱ་དེ་ལས་གཞན་བ་ནི། །ཐམས་ཅད་ལྡན་ཡང་གས་བར་བྱ། །ནང་ནི་སྣ་རེས་འདུས་བ་དང། །ཟ་བྱེད་ཚིལ་ལས་གྱུར་བ་དྲུག། སྐད་འགགས་ཀྱི་ནི་བྱེ་བ་ཡིན། །དེ་ལ་རླུང་གཡོ་ཉམ་ཆུང་རྩུབ་།གྲེ་བ་གྲ་མས་གང་སྙམ ་བྱད། །ད་ལ་སྣུམ་དྲོ་འོ་མ་བན། །མཁྲིས་པ་ལས་གྱུར་རྐན་ལྐོག་ཆོ། །སྐམ་ཞིང་སྨྲེ་བ་རིམ་ནུས་འགྱུར། །བད་ཀན་མགུལ་པ་བྱུངས་སྙམ་བྱེད། །སྐད་ཀྱི་གསང་དམའ་ངར་ངར་འཇེར། །ཐོགས་བཅེས་འགྱུར་རོ་ཐམས་ཅད་ཀྱི། །མཚན་མ་ཐམས་ཅད ་ལྡན་པ་ཡིན། །ཟ་བྱེད་ལས་ནེ་དྲུང་སྙམ་བྱེད། །དུ་བས་བདུགས་ལྟར་ཤིན་ཏུ་ན། །ཚིལ་འགྱུར་བད་ཀན་བདག་ཉིད་ཅན། ཚེགས་མི་བརྡ་སྤྲོད་མི་ནུས་འགྱུར། །འདིར་ན་འདུས་དང་ཐ་མ་སྤང། །ཡི་གེ་འཆུས་པའི་ནང་རྣམས་ནི། །ལྕེ་སྙིང་གནས་པ་སོ་སོ ་དང། །འདུས་པ་དང་ནི་ཡིད་ཀྱི་ནི། །གདུང་བ་ལས་གྱུར་ལྔ་བ་ཡིན། །ཁ་ནི་བསྐད་དང་ཁ་མངར་བྲོ། །རླུང?་སོགས་གསུམ་དང་རིམས་བཞིན་སྦྱར། །ཀུན་ལས་གྱུར་པ་རོ་བྲོ་མེད། །མྱ་ངན་ཁྲོ་སོགས་ནད་ཇི་བཞིན། །སློན་བྲོ་ནད་གཞི་རྣམ་རེ་ཀུན། །མི་སྡུག ་ཡུལ་ལས་འབྱུང་ལྔ་བ། །འདི་དག་སྟོད་དུ་རྒྱུ་བའི་རླུང། །འཁྲུགས་པས་ནས་ནི་ཐམས་ཅད་ཕུལ། །དེ་རྣམས་གྲོངས་དང་ཁ་ཚ་གོ?། མཆིལ་མ་ཡིག་འཆུས་སྔོན་འབྱུང། །རླུང་འགྱུར་ལྟེ་བ་རྒྱབ་ཏུ་ཟུག། རྩི་བ་ལོགས་ན་ཞིང་ཟས་སློན་ནས། །ཅུང་ཟད་འབྱུང ་ཞིང་ཅད་བ་དང། །རོ་བསྐ་ལྦུ་བ་ཅན་དུ་སྐྱུག་།སྒྲེགས་པའི་སྒྲ་བཅས་མདོག་གནག་ལ། །སླ་ཞིང་འབྱུང་དཀའ་སྒྲ་དང་བཅས། །ལུད་པ་ཁ་བསྐམས་ཀླང་སྙིང་ན། །སྐོད་འགགས་པ་དང་ཁོང་སྙོམས་བཅས། །མཁྲིས་འགྱུར་ཐལ་ཆུ་འདྲ་བ་ལོ། །དུད་ཁ་? ་སྔོན་མདོག་སེར་སྐྱུག། ཁྲིག་བཅས་རོ་སྐྱར་སྐྱར་ཆ་ཞིང་དྲོ། །སྐོམ་དད་བརྒྱ་ལ་ཚ་གདུང་བཅས་ཡིན། །བད་ཀན་ལས་བྱུང་སྣུམ་ཁ་བསིལ། །ནལ་ནལ་པོར་འདུག་འདྲ་བའི་རིས། །རོ་མངར་ལན་ཆ་བྲོ་ཚ་བས་?། །ཆགས་ཤིང་པ་སྦུ་རྩེ་བར་བྱེད། །གདོང་སྐྲངས་ཁན་པ? ་མངར་བར་བྲོ། །སྣེམ་ཞིང?་སྙིང་ན་ལུང་པ་ཅན། །གསུམ་ཆར་ལས་བྱུང་རྟགས་ཀུན་ལྡན། །འཆི་ལྟས་ལས་བཤད་?་ཡང། །ཀྲུལ་དང་མི་གཙང་བཙོག་བ་དང། །སྐྱུག་བྲོ་མཐོང་དང་ཐོས་སོགས་ཀྱིས། །ཡིད་གདུངས་སྙིང་ལ་ཕོག་འགྱུར་སློན། །མི་སྡུག ་ཡུལ་ལས་བྱུང་བ་ཡིན། །ཡིད་མི་བདེ་སྐོམ་སྲིན་བེའུ་སྣབས། །རླུང་སོགས་ཉིད་ལ་གནས་པར་བརྟག་།གཟེར་དང་འཕར་དང་སྙིང་ན་བ། །བྱེ་བྲག་ཏུ་ནི་སྲིན་བུའི་ན་ད། །སྲིན་བུ་སྙིང་ནད་མཚན་མ་ལས། །དེ་ནི་ཤེས་པར་བྱ་བ་ཡིན། །སྙིང་ནང་ན་རེ ་རེ་འདུས། །སྲེན་པུ་ལས་གྱུར་རྣམ་ལྔར་བཤད། །རླུང་གིས་ཤིན་ཏུ་ཟུག་ཅིང་ན། །གས་དང་བཤགས་པ་སྙམ་དུ་སེམས། །བཅོམ་སྙམ་སེམས་ཤིང་སྐམ་ལ་རེངས། །སྙིང་གིས་སྟོང་སྙམ་ཟག་པར་བྱེད། །རྒྱུ་མེད་ཞུམ་ཞིང་མི་དཀའ་ལ། །འཛགས ་ཤིང་དགྲ་ནི་མི་བཟོད་ལ། །འཕར་ཞིང་འདྲེ་ལ་བཙུས་སྙམ་བྱེད། །རྨོངས་བག་དབུགས་ཟུང་གཉིད་ཚུང་འགྱུར། །མཁྲིས་འགྱུར་སྐོམ་དད་མགོ་འཁོར་བརྒྱལ། །ཆ་རྡུལ་སྙིང་བ་སྐྱུར་ལུས་སྙོམ། །མཁྲིས་བ་སྐྱུར་བ་སློན་པར་བྱེད། །དུད་པ་ཁ? ་འོང་སེར་རིམས་འདེབས། །བད་ཀན་ལས་གྱུར་སྙིང་ག་རེངས། །ཁོང་ན་རྡོ་བཅུག་ལྟ་བུར་ལྕི། །དྲོད་ཉམས་མཆིལ་མང་ལུད་པ་ལུ། །གཉིད་ཆོ་སྙོམས་རིམས་ཨི་ག་འཆུས། །ཉིས་གསུམ་མཚན་ཉིད་ཐམས་ཅད་ལྡན།། ་སྲིན་བུས་མིག་ནི་གནག་བ་དང། །མུན་པར་ཞུགས་སྙམ་བྱེད་སྙིང་འཕར། །ལུས་བསྐམས་གཡའ་ཞང་བད་ཀན་འཛག། འདི་ནི་རྟག་ཏུ་སོག་ལེ་ཡིས། །སྙེད་ལ་འདྲུང་པ་ལྟ་བུར་སེམས། །མི་བཟད་ནད་དེས་མྱུར་གསད་པས། །དེ་ནི་རིངས། ་བར་གསོ་བར་བྱ། །སྐོམ་དང་རླུང་མཁྲིས་བད་ཀན་དང། །འདུས་པ་དངས་མ་ཟད་པ་དང། །ནད་འདྲེས་པ་ལས་དྲུག་ཏུ་འགྱུར། །དེ་ལྟར་གྱུར་པ་ཐམས་ཅད་ལ། །རླུང་མཁྲིས་གཉིས་ནི་རྒྱ་ཡིན་ཏེ། །དེ་འཁྲུགས་ལུས་ཟུངས་བསིལ་བ་ནི།། ་བསྐམས་ནས་ལྡང་བར་འགྱུར་བ་ཡིན། །ལུས་ཀུན་འདར་ཞིང་མགོ་འཁོར་ཚ། །སྐོམ་དང་ཁོང་ཚ་རྨོངས་པར་བྱེད། །ལྕི་དྲུང་མགུལ་པ་གློ་བ་དང། །སྐམ་དང་སྐོམ་འཐུང་རྒྱུ་བའི་རྩ། །བསྐམས་པས་སྐོམ་དང་སྐྱེ་བར་འགྱུར། །དེ ་རྣམས་ཀྱི་ནི་སྤྱིའི་མཚན་ཉིད། །ཁ་བསྐམས་སྐོམ་གྱིས་མི་ངོམས་དང། །ཟས་ལ་མི་དགའ་སྐད་འགགས་དང། །གྲེ་བ་ལྕེ་མཆུ་རྩུབ་མོར་འགྱུར། །ལྕེ་འབྱིན་བྱེད་ཅིང་ཁོང་སྙོམས་ལ། །གླ་ཞིང་སེམས་ནི་མོས་པ་དང། །དེ་བཞིན ་སྐོམ་གདུངས་ནད་དུ་འགྱུར། །ལུས་བསྐམས་རྨྱ་ཞིང་འོན་པ་དང། །རྨོངས་བག?་མགོ་འཁོར་སྙིང་ནད་སྟེ། །འདི་ལྟ་བུ་ཡི་ནང་རྣམས་ནི། །སྐོམ་བས་གདུངས་ལས་སྐྱེ་བར་འགྱུར། །རླུང་འགྱུར་ཁོང་རྨ་ནམ་ཆུང་ལ། །མུར་འགྲམ ་ཞུག་ཅིང་ཀླད་བ་འཁོར། །སྣ་ལེས་དྲི་དང་རོ་མི་ཚོར། །འོ་ན་ཞིང་གཉིད་མེད་ཉམས་སྟོབས་ཟད། །ཆུ་གྲང་འཐུངས་ན་སྐོམ་འཕེལ་འགྱུར། །མཁྲིས་བ་ཁ་ནང་རོ་ཁ་བརྒྱལ། །དམར་པོར་མ་ཐོབ་ཞིང་རྟག་པར་ནི། །ཁ་སྐམ་ཁོང་ཚ་དགུ ་མནམ་པའོ། །བད་ཀན་ལྡན་པས་སྐོམ་ལྡན་པས་སྐོམ་རྒྱའི་རྩ། །བཀག་པས་རླུང་ནི་འཁྲུགས་གྱུར་ནས། །དེ་ཚེ་དེ་ཡིས་བད་ཀན་ནི། །འཇམ་བཞིན་དེ་ཡིས་སྐོམ་པར་བྱེད། །མགུལ་པ་གྲ་མས་གང་སྙམ་སེམས། །གཉིད་ཆེ་ཁ་ནང་མངར་བ་བྲོ། །ལྟོ་བ་མགོ་བོ་ཚོར་བ་ཆུང།། ་རྨོངས་བག་སློན་གྱུར་ཡིག་འཆུས། །ལུས་སྙོམས་ཁ་ཟས་མི་འཛུ་བའོ། །ཀུན་ལས་གྱུར་བ་རྟགས་ཀུན་ལྡན། །བེ་སྣུབས་ལས་གྱུར་ཁ་ཟས་ནི། །མིང་དཀའ་རླུང་མཁྲིས་ལས་གྱུར་ཡི། །ཚ་བས་ངལ་བས་འཕྲལ་དུ་ན། །ཆུ་གྲང་བསྟེན་གྱུར་སྐོམ་དང་ཆེ ་ཁོང་བར་ཚ་བ་བསྡུས་པ་ཡིས། །གང་སྐོམ་དེ་ནི་མཁྲིས་སྐྱེས་ཡིན། །གང་ཡང་ཆང་དྲགས་མེ་དྲོད་རྣོ། །སྣུམ་ཟོས་སྐྱེས་པ་འམ་མཁྲིས་འབྱུང་ཡིན། །སྣུམ་ཞིང་སྐྱུར་དང་ལན་ཆའི་བག་།ཟོས་པས་བད་ཀན་ལས་སྐྱེས་འགྱུར། །?་བྱེད་ལས་ནི་སྐོམ ་དང་འགྱུར། །དངས་མ་ཟད་དང་མཚན་ཉིད་འདྲ། །ཁོང་བསྐམས་གཅིན་ནད་རིམས་ནད་སོགས། །ཡུན་རིངས་ནད་ནི་རིམས་སྐོམ་ནང། །གང་ཞིག་སྐོམ་དད་མི་བཟང་སྐྱེས། །དེ་ནི་འདྲེས་ལས་འབྱུང་བར་བཤད།། །།ཡན་ལག་བརྒྱུད ་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་ལྔའོ།། །།དེ་ནས་ཆར་ནད་ཀྱི་ནད་གཞི་བཤད་པར་བྱ། །རྣོ་དང་དྲོད་ཆེ་རྩུབ་ཕྲ་སྐྱུར། །ཉལ་པོ་འདོད་མྱུར་བྱེད་དང་ཡང། །གསལ་དང་དང་བར་བྱེད་པར་བཤད། །མདངས་ནི་འདི ་ལས་གོ་བཟློག་ཡིན། །དུག་ཀྱང་རྣོ་སོགས་ཡིན་མོད་ཀྱི། །སེམས་ལ་གནོད་པར་བྱེད་པ་ཡི། །ནུས་པས་འཆི་བར་བྱེད་པ་ན། །དུག་ནི་ལྷག་པར་མཐུ་བོ་ཆེའོ། །ཆང་ནི་རྣོ་སོགས་ཡོན་ཏན་གྱིས། །མདངས་ཀྱི་ཡོན་ཏན་བརྟུལ་ལ་སོགས། །བཅུ ་བོ་བཅུ་ཡིས་འཁྲུགས་བྱས་ནས། །སེམས་ནི་སྐྱུར་བར་བྱེད་པ་ཡིན། །ར་རོ་དང་པོ་གཉིས་པ་ཡིས། །བག་མེད་པ་ཡི་གནས་ལ་གནས། །རྣམ་རྟོག་དན་བཅོམ་རྨོངས་པ་རྣམས། །བདེ་བ་ཡིན་སྙམ་སེམས་པར་འགྱུར། །འབྲེང་དང་ཆེན་པོ་བར་གྱི་ཚེ།། ་རྡུལ་དང་མུན་པ་ཞི་རང་བཞིན་ཅན། །གླང་ཆེན་ལྕགས་ཀྱུ་མེད་པ་ལྟར། །རྨོངས་པས་མི་བྱ་ཅི་ཡང་མེད། །འདི་ནི་ཁ་ན་མ་ཐོའི་གནས། །འདི་ནི་ཚུལ་ཁྲིམས་འཆལ་བའི་གཞི། །འདི་གཅིག་ངན་འགྲོར་འགྲོ་བའི་ལམ།། ་མང་པོ་སྟོན་པར་བྱེད་པ་ཡིན། །ར་རོ་གསུམ་པའི་ཚེ་ན་ནི། །སེམས་མེད་པར་ནི་རོ་ལྟར་ཉལ། །ཉེས་པའི་བདག་ཉིད་ཤི་བ་ལས། །ཤིན་ཏུ་མ་རུངས་གནས་སྐབས་འཐོབ། །ཆོས་དང་ཆོས་མིན་བདེ་དང་སྡུག། དོན་དང་དོན་མིན་ཕན་དང་གནོད།། ་གང་ལ་ཆགས་པས་མི་ཤེས་པ། །དེ་ལྟར་མཁས་པས་ཇི་ལྟར་བསྟེན། །ཆང་ལས་མྱོས་འཇིགས་མྱ་ངན་དང། །ཁྲོ་དང་སྲོག་དང་བྲལ་བ་གནས། །སྨྱ་བྱེད་མྱོས་དང་བརྒྱལ་བར་བྱས། །བརྗེད་བྱེད་དང་བཅས་ཀུན་སོང་ནད། །གང་དུ་དྲན་པ་འམ ་ཅིག་ཡོད། །དེར་ནི་མི་དགེ་ཐམས་ཅད་འབྱུང། །མི་འཕྲོད་ཟས་ནི་ཟོས་པས་ཀྱང། །ནད་དམ་ཡང་ན་འཆི་བར་འགྱུར། །ཆད་ནི་སྡེ་ཚན་གསུམ་བློ་བརྟན། །ངོ་ཚ་སྲོགས་ཀྱང་འཇིགས་པར་བྱེད། །ཉམས་སྟོབས་ལྡན་དང་ཟས་ཟོས་དང། །ཟས་ཆེར ་ཟ་དང་སྣུམ་བག་ཟ། །སྙིང་སྟོབས་ལང་ཚོ་ལྡན་པ་ཡང། །རྟག་ཏུ་ཆང་འཐུང་དེའི་རིགས་སྐྱེས། །ཚིལ་དང་བད་ཀན་ཤས་ཆེ་ལ། །རླུང་དང་མཁྲིས་པའི་ཤས་ཆུང་དང། །མེ་དྲོད་ཆེ་ཞིང་བསྟན་པ་རྣམས། །ཤས་ཆེར་ར་རོར་མི་འགྱུར་རོ། །དེ་ལས ་བཟློག་པ་ཆང་དང་ཅན། །ཁྲོས་དང་ཆང་རྩུབ་སྐྱུར་ཤས་ཆེ། །མ་ཞུར་བཅས་དང་མ་འཐུངས་པ། །གང་ཡིན་ཤས་ཆེར་ར་རོར་འགྱུར། །རླུང་མཁྲིས་བད་ཀན་ཀུན་ལས་འབྱུང། །ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཀུན་ཀྱང་ཀུན་ལས་སྐྱེས་མོད་ཀྱི།། ་ཤས་ཆེ་བ་ལས་མིང་དུ་བཏགས། །དེ་རྣམས་ཀྱི་ནི་སྤྱི་མཚན་ཉིད། །རྨོངས་དང་སྙིང་ནི་ན་བ་དང། །འཁྲུ་ཞིང་རྟག་ཏུ་སྐོམ་དད་ཆེ། །ཚ་གང་རིམས་འདེབས་ཡིག་འཆུས། །མགོ་པོ་རྩི་བ་རུས་ན་དང་འདར། །གནད་འཇིག་ལྷག་པ་ན་བ་དང། །བརླ?། ་རེངས་རབ་རིབ་ཁྱེར་བ་དང། །ལུང་པ་དབུགས་མི་བདེ་གཉིད་མེད། །རྡུལ་ཆེར་འབྱུང་ཞིང་བཤད་བ་འགགས། །སྒྲངས་ཤིང་སེམས་ནི་འཁྲུལ་པ་དང། །གླ་ཞིང་སློན་པར་བྱེད་པ་དང། །མགོ་འཁོར་རྨི་ལམ་ངན་པ་མཐོང་བའོ། །རླུང ་གྱུར་ཁྱད་པར་གཉིད་མི་འོང། དབུགས་མི་བདེ་ཞིང་ཀླད་ན་འདར། །རྨི་ལམ་དུ་ནི་འཕྱན?་ཞིང་འཕུར། །གཤིན་པོ་རྣམས་དང་གཏན་སྨྲ་རྨི། །མཁྲིས་ལས་ལུས་ཆ་སྐད་འགགས་དང། །རྨོངས་བག་ཚེ་འཁྲུ་སྐོམ་མགོ་འཁོར་།ལུས ་མདོག་ལྗང་དང་སེར་བ་དང། །མིག་དང་མཁུར་ཚོས་དམར་བར་འགྱུར། །བད་ཀན་གྱིས་སློན་སྙིང་ན་དང། །གཉིད་ཆེ་གྲང་འདར་ཡན་ལག་ལྕི། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ཆད་སྤངས་པ་ལས་འཕྲལ་དུ་ནི། །མང་དུ་འཐུང་དམ ་མ་གོམས་འཐུང། །དེ་ལས་འཇོམས་དང་ལུས་སྐམ་ནང། །རླུང་ལས་སྡུག་བསྔལ་ལྡན་པ་འབྱུང། །ཉམས་ཆུང་བ་ལས་མཆོག་ཏུ་འབྱུང། །འཇོམས་པས་བད་ཀན་མཆིལ་མ་མང། །ལྐོག་མ་བསྐམས་ཤིང་གཉིད་རབ་ཆེ། །སྒ་དྲ་ག་མི ་བཟོད་གློང་བག་འགྱུར། །ལུས་བསྐམས་ཡན་ལག་མགོ་རབ་ན། །སྙིང་དང་མགུལ་ནང་རྨོངས་ཕག་དང། །ལུད་པ་སྐོམ་དང་སློན་རིམས་འདེབས། །གང་ཞིག་ཆང་རྣམས་སྤངས་པས་ནི། །དབང་པོ་ཐུལ་ཞིང་བརྟགས་ཏེ་བྱེད། །ནམ་ཡང ་དེ་ལ་ལུས་སེམས་ཀྱི། །སྐྱོན་རྣམས་འབྱུང་བར་མི་འགྱུར་རོ།། །རྡུལ་དང་མུན་པ་མི་འཕྲོད་ཟས། །མཆོག་ཏུ་བསྟན་ནས་ནང་གསུམ་འབྱུང། །དངས་མ་ཁྲག་དང་སེམས་རྒྱུ་པའི། །རྩ་སྦུབས་བཀག་པ་ལས་བྱུང་བ་།མྱོས་དང་བརྒལ ་དང་ཀུན་སོང་ནས། ཕྱི་མ་བཞིན་དུ་སྟོབས་རབ་ཆེ། །འདིར་མྱོས་ནད་སྣ་རེ་རེ་ཀུན། །ཁྲག་ཆང་དུག་རྣམས་ལས་ཀྱང་འབྱུང། །རླུང་ལས་གཏམ་ལས་ཆགས་པ་དང། །མང་སྨྲ་ཉུང་སྨྲ་སྤྱོད་པ་འཁྲུལ། །ལུས་ནི་རྩུབ་གནག་དམར་ ་བ་ཡི། །མྱོས་པ་རླུང?་ལས་སྐྱེས་པ་ཡིན། །མཁྲིས་པ་ལས་ཁྲོ་དམར་བ་དང། །སེར་པོར་སྣང་ཞིང་རྩོད་ལ་དགའ་། །བད་ཀན་ཚིག་ཉུང་འབྲེལ་སྨྲ་སྐྱ། །སེམས་ལས་ཆེ་ཞིང་ལེ་ལོ་ཆེ། །འདུས་པ་མཚན ་ཉིད་ཀུན་དང་ལྡན་།ཁྲག་ལས་མིག་དང་ཡན་ལག་རེངས། །མཁྲིས་པའི་མཚན་ཉིད་ལྡན་པར་འགྱུར། །ཆང་གིས་ཡན་ལག་སྐད་སྤྱོད་འགྱུར།། །དུག་གིས་འདར་ཞིང་གཉིད་ར་བ་ཆེ། །དེ་ནི་ཀུན་ལས་མྱོས་ཚབས ་ཆེ། །ཁྲག་སོགས་པ་ཡིས་རླུང་སོགས་པའི། །མཚན་ཉིད་ལྷག་པར་ཤེས་པར་བྱ། །བརྒྱལ་བ་རླུང་གི་བདག་ཉིད་ཅན། །ནམ་མཁའ་དམར་སྔོ་གནག་པར་ནི། །མཐོང་ཞིང་མུན་པར་ཞུགས་སྙམ་སེམས། །མྱུར་དུ ་སངས་པར་བྱེད་པ་དང། །སྙིང་ན་འདར་ཞིང་མགོ་འཁར་ལ། །སྐམ་ཞིང་བཞིན་མདོག་དམར་ནག་འགྱུར། །མཁྲིས་པས་དམར་བའམ་སེར་པོར་ནི། །ནམ་མཁའ་མཐོང་ཞིང་མུན་འཐིབས་བྱེད། །སངས་ནས་རྡུལ་དང་བཅས ་པ་དང། །ཆ་བསྐོམ་གདུངས་པས་ཉོན?་པ་དང། །འཁྲུ་ཞིང་ཁ་དོག་སེར་དང་དམར། །མིག་དམར་སེར་བར་སྣང་བར་འགྱུར། །བད་ཀན་གྱིས་ནི་སྤྲིན་ལྟ་བུར། །ནམ་མཁའ་མཐོང་ཞིང་མུན་འཐིབས་བྱེད། །རིང་ནས་སངས་བས་འགྱུར་བ ་དང། །སྙིང་ན་བཅས་པར་མཆིལ་མ་མང། །པགས་པ་རློན་པས་གཡོགས་པ་བཞིན། །ཡན་ལག་ལྕི་ཞིང་ཚོང་བ་ཆུང། །ཉེས་པ་གསུམ་གྱིས་མཚན་ཀུན་ལྡན། །བརྗེད་བྱེད་གཉིས་པ་ལྟ་བུ་སྟེ། །མྱུར་དུ་འགྱེལ་ཞིང་བརྒྱལ་འགྱུར ་ཏེ། །འཇིགས་རུང་སྤྱོད་པ་མེད་པ་ཡིན། །ལུས་ཅན་མྱོས་དང་བརྒྱས་པའི་ནང། །ལ་ཤུགས་ཡོད་པར་གྱུར་ཀྱང་ནི། །རང་ཉིད་ཞི་བར་འགྱུར་བ་ཡིན། །ཀུན་ཞུགས་སྨན་མེད་པར་མི་ཞི། །ནད་ནི་ཤིན་ཏུ་སྟོབས་ཆེ་ལ། །འདུས་པ་ལས་གྱུར ་ཀུན་ཞུགས་པ། །སྲོག་གི་ནས་ལ་བརྟེན་པ་ཡིས། །ལུས་ངང་དག་གིས་སྤྱོད་པ་འཕྲོག། །དེ་ཡིས་སྐྱེས་བུ་རོ་དང་ནི། །ཤིང་དང་རྩིག་པར་འདྲ་བར་བྱེད། །རིངས་པར་གསོ་བར་མ་བྱས་ན། །མྱུར་དུ་འཆི་བར་བྱེད་པ་ཡིན། །མཚོ་ཟབ་ཆུ་སྲིན་མང་པོ་ཅན ་ཆུ་?་འཇུག་ངོགས་མེད་པར་ནི། །ཀུན་ཞུགས་པ་ཡིས་ནུབ་བྱེད་པ། །མི་ནི་མྱུར་དུ་གནོད་པར་བྱ། །རིགས་པས་བརྟེན་དང་བྲལ་བའི་ཆང་འཐུངས་པས། །མྱོས་དྲགས་ཁྲོ་དང་བྲལ་བའི་རང་བཞིན་ཅན། །རང་གི་དགྲ་བོས་ཡོངས་སུ་འཁྲུང་གྱུར་ཞིང། །རིགས ་དང་མི་རིགས་མཉམ་པར་བྱེད་པར་འགྱུར། །སྟོབས་དང་དུས་དང་ཡུལ་དང་གོམས་པ་དང། །རང་བཞིན་གྲོགས་དང་ན་ཚོང་ནང་རྣམས་པ། །ལེགས་བརྟགས་ད་དང་རྗེས་མཐུན་གང་ཞིག་འཐུང། །དེ་ནི་དུང་རྩི་འཐུང་དང་མཚུངས་པ་ཡིན།། །། ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནང་གཞིའི་གནས་ཀྱི་ལེའུ་དྲུག་པའོ།། །།དེ་ནས་གཞང་འབྲུམ་གྱི་ནང་གཞི་བཤད་པར་བྱའོ། །དགྲ་ལྟར་སྲོག་ཆགས་རྣམས་ཀྱི་ཚེ་།གཞང་འབྲུམ་འབྱུང་བས་གསོད་བྱེད་པས། །དེ ་ཕྱིར་བཤད་པའི་ལམ་འགེགས་པ། །གཞང་འབྲུམ་ཞེས་ནི་བཤད་པ་ཡིན། །ནད་ཀྱིས་པགས་ཚིགས་ཤ་རྣམས་ནི། །གནོད་བྱེད་དབྱིབས་ནི་སྣ་ཚོགས་པའི། །ཤ་ཡི་མྱུ་གུ་གཞང་སོགས་སུ། །སྐྱེས་ཏེ་གཞང་འབྲུམ་ཡིན་པར་བཤད། །ལྷན་ཅིག ་སྐྱེས་དང་ཕྱིས་འབྱུང་དང། །སྐམ་དང་ཁྲག་ཏུ་འཛག་པ་ཡི། །དབྱེ་བས་མདོར་ན་རྣམ་གཉིས་ཡིན། །གཞང་ན་རྒྱུ་མ་སྦོམ་པོར་བརྟེན། །སོར་ནི་ཕྱེད་དང་ལྔ་ཡོད་དེ། །གཉེར་གསུམ་སོར་ནི་བྱེད་དེང་གཉིས། །རིམ་པ་དེ་ཡི་ནང་མ་ནི། །ཕྱིར ་འཕུལ་བར་མ་སོལ་བ་ཡིན། །དེ་ཡི་ཕྱི་རོལ་འཇུམས་པ་ཡིན། །དེ་ཡི་ཕྱི་རོལ་སོར་ཅིག་ཁ། །ནས་ནི་ཕྱེ་དང་གཉིས་ཀྱི་ཚད། །དེ་ཕན་ཆད་ནི་སྤུ་སྐྱེ་འགྱུར། །དེ་ལ་ལྷན་ཅིག་སྐྱེས་པའི་རྒྱུ། །གཉེར་མའི་ས་བོན་གནོད་འགྱུར་ཉིད།། །གཞང ་འབྲུམ་ས་བོན་གནོད་པ་ཡང། །ཕ་མས་མི་བཟོད་ཟོས་པ་དང། །སྔོན་ལས་དེ་གཉིས་དང་འདུས་པ། །འཁྲུགས་པ་ལས་གྱུར་དེ་དག་ནི། །གསོར་མི་རུང་བ་ཉིད་དུ་བཤད། །རིགས་འབྱུང་ནད་ཀུན་དེ་དང་འདྲ། །ལྷན་ཅིག་སྐྱེས་པ་ཁྱད་པར་དུ།། ་རྩུབ་ཅིང་ལྟ་བ་དཀའ་བ་དང། །ནང་དུ་ཁ་བལྟས་དཀར་བ་དང། །བླ་གཉན་མི་བཟོད་ཅན་གསོ་དཀའ་། །ཅིག་ཤོས་དྲུག་སྟ་ནང་ཐ་དང། །འདྲེས་དང་འདུས་པ་ཁྲག་ལས་བྱུང། །རླུང་དང་བད་ཀན་གཉིས་ལས་སྐམ། །ཁྲག་དང་མཁྲིས་པ་ལས་རླན་ཅན། །ནང་རྣམས་ལྡང ་རྒྱུ་ལྔར་བཤད་པ། །འཁྲུགས་པས་དེ་ཡིས་ཁོང་པ་ཡི། །མ་དྲོད་ཉམས་ཤིང་བཤད་པ་འཕེལ། །གཞན་ཡང་ཉལ་པོ་རབ་དྲགས་དང། །གཞོན་པས་ཁོང་དཀྲུགས་སྟན་དག་ནི། །མ་སྙོམས་སྲ་དང་ཙོག་པུར་འདུག། འཇམ་རྩིའི་གཅེའུ་ས་དང་ནི། །སྔོ་དང་གོས་ཀྱིས ་དྲུད་པ་དང། །ཤིན་ཏུ་གྲང་བའི་ཆུས་བཀྲུས་དང། །རྟག་ཏུ་འཁྲུ་བར་བྱེད་པ་དང། །བཤད་དང་གཅི་དང་ཕྱིན་གྱི་ཤུགས། །བཀག་དང་ནན་གྱིས་བཙིར་བ་དང། །རིམས་དང་སྐྲན་དང་ཚད་བར་འཁྲུ། །འོར་ནད་སྐྱ་རྦབ་བེ་སྣབས་ཀྱིས། །སྐེམ་བས་གནོད་པར ་འགྱུར་བ་ཡི། །སྤྱོད་པ་བསྟེན་ལས་གནོད་པར་འགྱུར། །བུད་མེད་ཟླ་གྲངས་མ་ཚང་འཕྱིལ། །ཟླ་བ་རྫོགས་པས་གཟིར་ལས་བྱུང། །དེ་འདྲ་བ་དང་གཞན་ཡང་རླུང། །ཐུར་སེར་འཁྲུགས་པས་དྲི་མ་ནི། །གཞང་གི་གཏེར་མར་དེ་བཞག་པས། །དེ་ནི ་མི་མངོན་གྱུར་པར་གནས། །གཞན་འདྲུ་མ་འབྱུང་བར་འགྱུར་བ་ཡིན། །དེ་ཡི་སྔོན་ཚུལ་མེ་དྲོད་ཉམས། །བརླ་ནི་རེངས་ཤིང་ན་བ་དང། །བྱིན་པའི་ཉཝ་ན་མགོ་འཁོར་ཞིང། །ཡན་ལག་ན་ཞི་དམིག་གཉིས་སྐྲང། །བཤད་བ་འཁྲུ་བའམ ་ཡང་ན་སྲི། །རླུང་ཆེན་ནང་ན་འཁྱིལ་བ་དང། །ཕལ་ཆེར་ལྟེ་བའི་འོག་ན་རྒྱུ། །ནད་བཅས་བཅད་པ་ལྟ་བུར་སེམས། །རང་བར་འབྱུང་ཞིང་སྒྲ་གཅན་འབྱུང། །རྒྱུ་མ་ཀྲུ་ལ་ཀྲུལ་ཟེར་ཞིང་སྦོ། །སྐེམ་ཞིང་སྒྲེགས་པ་མང་དུ་འབྱུང། །གཅིན་མར ་?་ཉུང་ཡིག་འཆུས། །སྒྲེགས་པ་དུད་འདྲར་སྐྱུར་བ་འབྱུང། །མགོ་དང་བྲང་དང་རྒྱབ་ཏུ་གཟེར། །སྙོམ་ཞིང་ཁ་དོག་ཉམས་པ་དང། །བློད་བག་དབང་པོ་ཉམ་ཆུང་བ། །ཁྲོ་ཞིང་བསྙེན་བཀུར་དཀྲའ་བ་དང། །མ་ཞུ་སྐེམ་ནད་སྐྱ་རྦབ་དང། །དམུ་? ་རྣམས་ལ་སོ་མི་སྐྱེ། །གཞང་འབྲུམ་སྐྱེས་པར་གྱུར་པ་ལ། །འདི་དག་ཉིད་ནི་འཕེལ་བར་འགྱུར། །དེ་ཡིས་འོག་གི་ལ་བཀག་པས། །ཐུར་དུ་སེལ་བའི་རླུང་ལག་སྟེ། །ལུས་དང་དབང་པོ་ལུན་གནས་པའི། །རླུང་གཞན་ཐམས་ཅད་འཁྲུགས་པར་བྱེད། །དེ ་བཞིན་བཤད་གཅི་མཁྲིས་པ་དང། །བད་ཀན་ལུས་ཟུངས་བརྟེན་བཅས་པ། །འཁྲུག་ཅིང་མེ་དྲོད་ཉམས་པར་བྱེད། །དེ་ནས་གཞང་འབྲུམ་ནད་ཅན་ལ། །ཕལ་ཆེར་ཐམས་ཅད་ཉེར་འབྱུང་པ། །སྐམ་ཞིང་མཆོག་ཏུ་བསྐྱོད་མི་ནུས། །སྟོབས་ཟད་ཁོང ་རྨྱ་བཞིན་མདངས་ཉམས། །ལུང་ལྟོད་སྙིང་པོ་མེད་འགྱུར་ཞིང། །འབུས་ཟོས་པ་ཡི་ཤིང་འདྲ་ལ། །བླ་གཉན་མ་ལུས་དག་གིས་འདེབས། །ཇི་སྐད་བཤད་པའི་ནད་གཟེར་ཞིང། །ལུད་པ་སྐོམ་དང་སྐད་འགགས་དང། །ཁ་རོ་མི་ཚོར་ཆམ་འདབས ་སྦོ། །སྐྱིད་སྐྱུར་རྐང་ལག་ན་ཞིང་སློན། །སྦྲིང་པ་སྐྲངས་དང་རིམས་ནད་དང། །ཁུ་བ་ཟད་ཅིང་རབ་རིབ་སློན། །རྡེའུ་ཆགས་ནད་ཀྱིས་གཟེར་བ་དང། །སྐད་འགགས་ཞུམ་ལ་སེམས་ཁོང་ཆུད། །མཆིལ་མ་མང་འདོར་ཡིག་འཆུས། །རུས་ཚིགས་ཀུན ་དང་སྙིང་ལྟེ་བ། །གཞང་དང་སྣ་རྩ་གཟེར་དང་བཅས། །གཞང་ནད་འབྲུ་ནི་མ་སྨིན་བཙོས། །ཁུ་བ་ལྟ་བུའི་སྦྱིན་བག་འཛག། ?་སྐམ་གཅི་པ་འམ་སླ་བར་འཁྲུ། །སྨིན་དང་མ་སྨིན་པར་བར་འཁྲུ། །སྐྱ་ཞིང་སེར་དང་སྔོན་པོ་ཡི། །ཁྲ་ནི་སྦྱིན་བག་འཁོར ་བར་འགྱུར། །གཞང་འབྲུམ་རླུང་ཤས་ཆེ་ལས་གྱུར། །སྐམ་ཞིང་ཙོག་ཙོག་ཚ་བ་དང། །རྙིང་ཅིང་དམར་ནག་རེངས་པ་དང། །མི་སྙོམས་རྩུབ་ཅིང་སྲ་བ་དང། །ཕན་ཚུན་མི་འདྲ་ཡོ་བ་དང། །རྩེ་མོ་རྣོ་ཞིང་གས་པ་དང། །བིམྦ་རྒྱ་ཤུག་ཁ་རྫུར།། ་?་ཁ་ལ་ས་བོན་དང་འདྲ་ཞེང། །ལ་ལ་ཀ་ཏཾ་མེ་ཏོག་འདྲ། །ལ་ལ་ཡུངས་ཀར་ལྟ་བུར་སྐྱེ། །མགོ་དང་ཕྲག་པ་རྩི་བ་ལོགས་བརླ། །ཆུ་སོ་དག་ཏུ་ལྷག་པར་ན། །སྦྲིད་པ་སྒྲེག་བ་བཤད་པ་སྲི། །སྙིང་འཕར་ཡི་ག་འཆུས་པར ་བསྐྱེད། །ཁུད་དབུགས་མི་བདེ་མེ་དྲོད་ཉམས། །རྣ་བ་སྒྲ་བཅས་མགོ་འཁོར་བྱེད། །དེས་ཉེས་རྟུག་སྐམ་ཉུང་དུ་ནི། །སྒྲ་བཅས་?་སླ་འདྲེན་མ་དང། །ན་ཞིང་དབུ་བ་འབྱར་བག་ཅན། །རྟུག་སྐམ་ཚུལ་གྱིས་འབྱུང་བར་འགྱུར། །པགས་པ ་སེམས་མོ་བཤད་གཅི་དང་?་མིག་དང་གདང་ནི་གནག་པར་འགྱུར། །སྐྲན་དང་མཆེར་བ་དམུ་རྫིང་དང། །རྟུན་འདྲ་དེ་ཉིད་ལས་བྱུང་འགྱུར། །མཁྲིས་ཤས་ཆེ་ལས་རྩེ་མོ་ནི། །སྔོ་ཞིང་དམར་སེར་དཀར་བར་སྣང། །འཕྲ་ཞིང་དྲི ་མནམ་ཁྲག་སླ་འཛག། སྲབ་ཅིང་འཇམ་ལ་ལྷོད་པ་ཡིན། །མཆར་པའི་དུམ་བུ་ནི་ཙོ་ལྕེ། །སྲིན་པུ་པདྨའི་མཆུ་འདྲར་སྣང། །ཚ་ཞིང་གནགས་ལ་རིམས་དང་རྡུལ། །སྐམ་དང་ཡིག་འཆུས་རྨོངས་བསྐྱེད། །བཤད་དྲོ་སླ་ཞིང་སྦོ་ལ ་ཚ། །སེར་ཞིང་དམར་བར་འཁྲུ་བར་འགྱུར། །ནས་རུལ་ནང་འདྲ་པགས་པ་དང། །སེན་སོགས་སྔོ་སེར་ལྗང་བར་འགྱུར། །བད་ཀན་ཤས་ཆེ་རྩ་བ་སྦོམ། །མཐུག་ཅིང་ནད་ཀྱི་ཤུགས་དལ་དཀར། །སྐྲང་ཞིང་རྒྱས་བསྣུམ་?། །བགྲེང་ཞིང་སྣུམ་ལ་ལྕི ་ཞིང་བརྟན། །འབྱར་བག་ཚོར་བ་ཆུང་ཞིང་འཇམ། །གཡའ་ཞིང་རེག་ན་དགའ་བར་བྱེད། །ཀ་རི་ར་པ་ན་ས་ཡི། །རུས་པ་པ་ཡི་ནུ་སོར་འདྲ། །ཆུ་སོར་ཟུག་ཅིང་སྦོམ་གཞང་ན། །ལྟེ་བ་ལང་པ་བཅང་སྣམ་སེམས། །ལུང་པ་དབུགས་མི ་བདེ་སྙིང་ན། །མཆིལ་མ་ཆམ་འདེབས་ཡི་ག་འཆུས། །གཅིག་སྲི་འགོ་བོ་ཚོར་བ་མེད། །གྲང་བའི་རིམས་ནི་སྐྱེད་པར་བྱེད། །ཁུ་ཆུ་འཛག་ཅིང་མེ་དྲོད་ཉམས། །སླན་ཞིང་མ་ཞུའི་ནང་ཀུན་བསྐྱེད། །བཤང་བ་ཚིལ་འདྲ་བད་ཀན་མང།། ་འཁྲུ་དང་བཅས་པར་འབྱུང་བར་འགྱུར། །འཛག་པར་མི་བྱེད་རྡོ་ལ་མི་བྱེད། །བགས་པ་ལ་སོགས་སྣུམ་ཞིང་དཀར། །འདྲེས་ལས་མཚན་ཉིད་འདྲེན་མ་ཡིན། །འདུས་པ་མཚན་ཉིད་ཀུན་དང་ལྡན། །ཁྲག་ཤས་ཆེ་ལས་གཞང་འབྲུམ་ནི། །མཁྲིས ་པའི་མཚན་ཉིད་འདྲ་བ་ལ། །ནྱ་གྲོ་ད་ཡི་མྱུ་གུ་འདྲས་བྱུ་རུ་འོ་ལ་མ་སེ་མདོག་འདྲ། །ཤིན་ཏུ་ཆ་བྲོ་ན་བ་དང། །བཤད་བ་ཤུགས་ཀྱིས་རབ་བཙིར་ལས། །འབྲལ་དུ་ཁྲག་ནི་འབྱུང་བ་དང། །དེ་ཉིད་ཤིན་ཏུ་འཛག་པར་འགྱུར། །སྦལ་པ་འདྲ་ཞིང ་ཁྲག་ཟད་ལས། །བྱུང་བའི་སྡུག་བསྔལ་གྱིས་ཉེན་གྱུར། །མདོག་སྟོབས་སྤྲོ་བ་ཉམས་པ་དང། །མདངས་འཕྲོག་དབང་པོ་ཞན་པར་འགྱུར། །མུངཀ་ཀོ་དྲི་བའི་ཕྱེ་མ། །ཙུ་ན་ཀ་རི་ར་སོགས་པ། །རྩུབ་དང་བཤད་པ་སྲི་བས་རླུང། །རང་གནས ་འཁྲུགས་པ་སྟོབས་ལྡན་པས། །ཐུར་དུ་རྒྱུ་བའི་བུ་ག་ནི། །བཀག་སྟེ་སྨད་དུ་རབ་བསྐམས་ནས། །བཤད་པ་གཅི་བ་འཕྱེན་རྣམས་ནི། །འགགས་པས་ནང་ནི་མི་བཟང་བསྐྱེད། །དེ་ཡིས་ཁོང་བ་རྒྱབ་རྩིབ་ལོགས། །སྙིང་གར་ནད་ནི་ཤིན་ཏུ ་བསྐྱེད། །ལྟོ་སྤོས་གསུས་པ་ན་བ་དང། །སྙིང་ཅུ་རྒྱུ་མ་བཅད་སྙམ་སེམས། །ཆུ་སོར་ཤིན་ཏུ་ཟུག་པ་དང། །འཁུར་པ་སྐྲངས་པར་འབྱུང་བར་འགྱུར། །རླུང་ནི་གྱེན་ལ་སོང་གྱུར་ན། །ད་ལས་སློན་རིམས་ཡི་ག་འཆུས། །སྙིང་ནང་བའུ་སྣབས་མ་ཞུ་དང།། ་གཅིན་སྲི་བཤད་བ་འཁྲུ་བ་དང། །འོར་དང་རབ་རིབ་དབུགས་མི་བདེ། །མགོན་ལུང་པ་ཆམས་པ་འདེབས། །ཡིད་ཀྱིས་འགྱུར་བ་སྐམ་དང་ཁྲག་།ཁྲིས་པ་སྐན་དང་རྨ་རྫིང་སོགས། །རླུང་གི་ནང་རྟགས་དེ་དང་དེ། །ཤིན་ཏུ་མི་བཟང་འབྱུང་བར ་འགྱུར། །གཞང་འབྲུམ་གྱེན་དུ་འཁྱིལ་གྱུར་པ། །འདི་ནི་མཆོག་ཏུ་གནོད་བྱེད་ཡིན། །རླུང་ཤས་ཆེ་བའི་ཁོང་པར་ནི། །དེ་མེད་པར་ཡང་འབྱུང་བར་འགྱུར། །ལྷན་ཅིག་སྐྱེས་དང་ནང་གསུམ་ལྡན། །ཕུགས་མའི་གཉེར་མར་གང་གནས་པ། །ད་དག་གསར ་མི་རུང་བ་ཡིན། །མེ་དྲོང་སྟོབས་ཆེ་སོགས་ཀྱིས་འཚོ། །འདྲེས་ལས་གྱུར་དང་གཉེར་མ་ནི། །བར་མེར་གནས་པ་གང་ཡིན་བ། །ལོ་གཅིག་ཡིན་ཆེད་ལོན་གྱུར་པས། །དེ་དག་གསོ་དཀའ་ཡིན་པར་བཤད། །ཕྱི་རོལ ་གཉེར་མར་བྱུང་བ་དང། །ནང་གཅིག་ཤས་ཆེ་ལས་བྱུང་ངང། །སྐྱེས་ནས་རིང་པོ་མ་ལོན་གང། །གཞང་འབྲུམ་དེ་ནི་གསོ་བ་སླ། །ཕོ་མཚན་སོགས་ཀྱི་འོག་ནས་ནི། །རང་རང་བསྐབས་བཤད་ལྟེ་བར་སྐྱེས། །རྟ་བླ་བ་ཡི་ཁ་འདྲ་ཞིང།། ་འབྱར་བག་ཅན་ལ་འཇམ་པ་ཡིན། །པགས་པའི་མནེར?་པ་སེམས་པ་ནི། །ཁྱབ་བྱེད་ཀྱིས་ནི་བད་ཀན་བསྡུས། །ཕགས་པའི་ཕྱིར་ལ་ཐོར་བུར་བྱེད། །འཛེར་པ་འདྲ་ཞིང་རྩུབ་པར་གནས། །པགས་པའི་འཇེར་པ་ཡིན་པར་ཤེས། །རླུང་གིས ་ཟུག་ཅིང་རྩུབ་བར་འགྱུར། །མཁྲིས་པས་གནག་ལ་དམར་རྩར་འགྱུར། །བད་ཀན་གྱིས་དེ་སྣུམ་ཉིད་དང། །རྨེན་བུ་མདོག་དང་འདྲ་བར་འགྱུར། །བློ་དང་ལྡན་པས་མྱུར་བར་ནི། །འབར་དེ་གཞང་འབྲུམ་གསོ་བར་བྱེད། །དེ་ཡིས ་གཞང་ནི་མྱུར་འགགས་ནས། །དམུ་རྫིང?་ན་པ་ནི་སྐྱེ་བར་འགྱུར། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནང་གཞིའི་གནས་ཀྱི་ལེའུ་བདུན་པའོ།། །།དེ་ནས་ཚད་པར་འཁྲུ་བ་དང་ཕོ་བའི་ནང་གཞི་བཤད་པར ་བྱའོ། །ནང་གཞི་སྣ་རེ་ཀུན་དང་ནི། །འཇིགས་དང་མྱ་ངན་ལས་གྱུར་པའི། །ཚད་བར་འཁྲུ་བ་རྣམ་དྲུག་ཡིན། །དེ་ནི་ཆུ་འཐངས་དྲགས་པ་དང། །ཤི་རིང་ཤ་སྐམ་མ་གོམས་པའི། །ཏིལ་གྱི་ཁུ་བ་མ་སྨིན་?། །ཆང་རྩུབ་ཁ་ཟས་ཚེད་མ ་ཟིན། །གཞང་འབྲུམ་སྣུམ་བག་དྲགས་པ་དང། །འབྲུ་དང་ཤུགས་ནི་བཀག་ལས་བྱུང། །དེ་འདྲས་ཆུང་ནི་འཁྲུགས་པ་ཡིས། །ཆུ་ཁམས་ཐུར་དུ་བསྐྱོད་གྱུར་ལ། །དེ་ཉིད་ཀྱིས་ནི་མེ་དྲོང་ཉམས། །དེ་རོག་ཁོང་བ་ཁྱབ་ནས་ནི། །བཤད་བ་སླ ་བ་ཉེར་དུ་བྱེད། །དེ་ལྟར་ཚད་འཁྲུ་འབྱུང་བར་བཤད། །དེ་ཡི་འབྱུང་འགྱུར་མཚན་མ་ནི། །བཤད་ལམ་སྙིང་ག་ལྟེ་བར་ཟུག། །ལུས་སྙོམ་བཤད་བསྲི་བ་དང། །སྦོ་ཞིང་ཁ་ཟས་མ་འཇུ་པའོ། །དེ་ལས་རླུང་འགྱུར་བཤད་ཆུང་བཅས། །ཉུང་? ་འབྱུང་ཞིང་གཟེར་སྒྲ་བཅས། །འགེགས་ཅིང་འབྱུང་བར་འགྱུར་བ་དང། །རྩུབ་པ་དབུ་བར་བཅས་པའམ། །གོང་བུ་ཡང་དང་ཡང་དུ་འབྱུང། །དེ་བཞིན་བུ་ར་མ་ཚིག་བ་དང། །སྦྱིན་བག་བཅས་ཤིང་བཅད་སྙམ་སེམས། །ཁ་མཉམས་གཞང་ནི། ་སྣང་པ་དང། །སྤུ་ལངས་པ་དང་འཁྲུ་བ་ཡིན། །མཁྲིས་པས་སེར་ཞིང་གནག་པ་དང། །སྔོ་ཞིང་དུར་བའི་མདོག་འདྲ་ལ། །ཁྲག་བཅས་ཤིན་ཏུ་དྲི་མན་མ་པ། །སྐོམ་དང་བརྒྱལ་ཚ་རྡུལ་དང་བཅས།། ་གཟེར་བྱས་གཞང་ཁ་ཚ་དང་བཅས། །གཞན་བར་ཐོར་བུ་འབྱུང་བ་ཡིན། །བད་ཀན་ལས་གྱུར་བསྐབ་དང། །འབྱར་པ་གང་དཀར་ཞིང་ནལ་ནལ་བོ། །སྣུམ་ཞིང་བེའུ་སྣབས་བད་ཀན་བཅས། །རྒྱུན་ཏུ་འཁྲུ་ཞིང་ལྕི་ལ་མནམ། །བསྐ་ཞིང་ནང་རྗེས ་འབྲང་བ་དང། །གཉིད་ཆེ་ཁོང་སྙོམ་ཡི་ག་འཆུས། །ཉུང་ཟད་ཉེར་ཟད་འཁྲུ་དང་བཅས། །བ་སྤུ་རྩེ་ཞེན་ཀློང་བཅས་དང། །ཆུ་སོ་ལྟོ་བ་གཞང་ཁ་ལྕི། །བཤད་ས་ཀྱང་བཤད་བ་མ་བཏང་སྙམ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །འཇིགས་པས ་སེམས་ནི་འཁྲུགས་གྱུར་པས། །རླུང་གིས་མཁྲིས་བཅས་བཤད་པ་ནི། །སླ་བྱེད་ནས་འཁྲུ་བ་ནི། །ཚ་ཞིང་སླ་ལ་འཕྱོ་བ་དང། །མཚན་མ་རླུང་མཁྲིས་ལས་བྱུང་འང། །མྱ་ངན་ལས་བྱུང་ད་དང་འང། །མདོར་ན་ཚང་འཁྲུ་རྣམ་གཉིས་ཏེ། །མ་ཞུད? ་བཅས་ངང་མ་ཞུ་མེད། །ཁྲག་བཅོས་ཁྲག་མེད་དེ་དང་ནི། །དང་པོ་བཤད་གཅི་ཆུར་འབྱིང་འགྱུར?། །དྲི་མ་ནམ་ལྟོ་ནི་སྦོ་བ་དང། །བཁྲེག་ཅིང་མཆི་ལ་སྣབས་ཤིན་ཏུ་མྱང། །སྨིན་པ་དེ་ལས་བཟློག་པ་ཡིན། །བད་ཀན་སྨིན་པའང་ཆུ་ནང་འབྱིན། །གང ་ཞིག་ཚད་འཁྲུ་འབད་བ་ནི། །མེད་དེས་ཕོ་བའི་ནང་དུ་འགྱུར། །མི་དྲོང་ཉམས་པར་བྱེད་པ་ཡི། །ཞེས་བརྟེན་པ་ཡིས་མེ་དྲོད་ཉམས། །གང་ཞིག་ཞུ་ནས་བཤད་བ་ནི། །བེ་སྣབས་གནས་དང་བེ་སྣབས་མེད། །འཁྲུ་བ་དེ་ནི ་ཚད་འཁྲུ་སྟེ། །རང་བཞིན་གྱིས་ནི་མྱུར་གསོད་བྱེད། །མ་ཞུ་ཁམས་མ་ཞུ་དང། ཞུ་བ་སྨིན་བའང་མི་འཁྲ་འགྱུར། །རྒྱུ་མེད་ཡང་དང་ཡང་སྲི་བ་འང། །རྒྱུ་མེད་ཡང་ཡང་སླ་བར་འབྱུང། །ཕོ་བར་མ་ཞུ་སོགས་ཤིང་འཁྲུ། །ཡུན་རྔ་ན་བར ་བྱེད་པ་ཡིན། །དེ་ནི་ནད་སྣ་རེ་རེ་འདུས། །ལས་བྱུང་རྣམ་པ་བཞི་ཡིན་ནོ། །དེ་ཡི་སྔོན་ཚུལ་སྡོམ?་བ་དང། །རིང་ནས་འཛུ་ཞིང་སྐྱུར་བག་འབྱུང། །མཆིལ་མ་ཁ་ཡིས་རོ་མི་ཚོར། །རྨྱ་སྙམ་སྐོམ་ཞིང་ཡིག་འཆུས། །ལྟོ་?་སློན་ནི་བྲོ་བ་དང། །རྣ་བ་རྒུ་མ་སྒྲ ་དང་བཅས། །སྤྱི་ཡི་མཚན་ཉིད་སྐེམ་པ་དང། །དུ་བ་མུན་དང་རིམས་ཀྱིས་འདེབས། །བརྒྱལ་ཞིང་མགོན་བཤད་བ་འགག་རྐང་པ་ལག་པ་སྐྲངས་པར་འགྱུར། །དེ་ལ་རླུང་ལ་རྐན་བསྐམས་ཤིང། །རབ་རིབ་རྣ་བར་སྒྲ་འབྱུང་དང། །རྩིབ་ལོགས་བརླ ་དང་ཆུ་སོར་ན། །ཡང་ཡང་སྒོ་ཞིང་གསུང་པ་དང། །རོ་རྣམས་ཀུན་ལ་སྐམ་པ་དང། །བསྲེས་སྐོམ་རྒྱུ་མ་བཅད་སྙམ་སེམས། །བྲས་ཞུ་ནས་ནི་སྦ་བ་དང། །ཟས་ཟོས་ནས་ནི་བདེ་བར་འགྱུར། །རླུང་གི་སྙིང་ནང་སྐྲན་གཞན་འབྲུམ། །མཆེར་པ་སྐྱ་རྦབ་འབྱུང ་པར་དོགས། །བཤད་བ་འབྱུང་དཀའ་བསྐ་སླར་འབྱུང། །དེ་ཡང་བེ་སྣམས་སྒྲ་ཅན་འབྱུང། །བཤད་བ་ཡང་དང་ཡང་དུ་འབྱུང། གཞད་ན་ལུང་བ་དབུགས་མི་བདེ། །མཁྲིས་པ་སྔོ་ཞིང་སེར་བ་དང། །སེར་པོ་སླ་བག་འཁྲུ་བར་འགྱུར། །མན་མ ་ཞིང་སྒྲེག་སྐྱུར་སྙིང་ལྐོག་ཚེ། །ཡི་ག་འཆུས་ཤིང་སྐོམ་དང་ཆེ། །བད་ཀན་ལས་གྱུར་?་དཀའ་ཞིང། །ཟས་ཀློན་ཡི་ག་འཆུས་བ་དང། །ཁར་ཆགས་མཆིལ་མ་མང་བ་དང། །ལུང་བ་སྙིང་ནས་ཆམ་པས་འདེབས། །སྙིང་ག་མེར་མེར་པོར་སེམས ་གིར?་ལྟོ་བ་ཚོར་བ་ཆུད་ཞིང་ལྕེ། །སྒྲེགས་པ་དྲི་མ་ནམ་མངར་འབྱུང་སྙོམ། །བུད་མེད་ལ་དགའ་མེ་དྲོད་ཆུང། །བེ་སྣབས་བད་ཀན་འདྲེས་པར་འཁྲུ། །བཤད་པ་གཅི་བ་འབྱུང་བར་འགྱུར། །རིང་པ་མིན་ཡང་ཉམས་སྟོབས་ཆུང། །ཀུན་སྐྱེས་མཚན་ཉིད་འདྲེན ་མར་ལྡན། །མ་སྙམས་ལ་སོགས་མེ་དྲོང་གསུམ། །ཡན་ལག་ཆར་ཆ་གང་བཤད་བ། །དེ་ཡོང་ཕོ་བའི་ནད་དུ་འགྱུར། །སྙོམས་པ་བདེ་གནས་རྒྱུ་ཡིན་ན། །རླུང་ནང་རྡེའུ་དང་མཛེ་ནད་དང། །གཅིན་སྙིང་མུ་ཛིང་མཚན་པར་རྡོལ། །གཞང་འབྲུམ་ཕོ་ནང ་ཅེས་བྱ་བརྒྱད། །ནང་ཆེན་གསོ་བར་དཀའ་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་བརྒྱད་པའོ། །བདེ་ནས་གཅིན་འགགས་པའི་ནང་གཞི་བཤད་པར་བྱའོ། །ལྒང་བ་ལྒང་པའི་མགོ་པོ་མཚན།། ་རྐེད་པ་རླིག་པ་གཞག་ནི། །གཞང་ཁའི་རུས་པར་བརྟན་གྱུར་ཞིང། །གཅིག་ཏུ་འབྲེལ་བ་ཡིན་བར་བཤད། །ལྒང་བ་ཁ་ནི་ཐུར་བལྟས་ཀྱང། །གཅིན་འཛག་པ་ཡི་རྩ་སྒ་ནས། །རྒྱུན་མི་འཆད་བར་འཛག་པ་ཡིས། །ངོས་གཉིས་ལས་ནི་ཕྲེ་འུས་འགེངས།། ་ཞུགས་པ་གང་ཡིན་དེ་ཡིས་ནི། །གཅིག་འགགས་པ་དང་གཅིན་སྙི་བའི། །གསོ་དཀའ་གནས་ལ་བརྟེན་པའི་ནང། །ཉི་ཤུ་སྐྱེད་པར་བྱེད་པ་ཡིན། །ལྦང?་པ་ཆུ་སོ་ཕོ་མཚན་ན། །ཅུང་ཟད་ཡང་དང་ཡང་དུ་འབྱུང། །སྲི་པ་རླུང་ལས་གྱུར་པ་ཡིན། །མཁྲིས་པ ་ལས་གྱུར་སེར་རྩེ་ན། །མདོག་དམར་བད་ཀན་ལས་གྱུར་པ། །ལྒང་པ་ཕོ་མཚོན་ལྕི་ཞིང་སྐྲངས། །འབྱེར་བ་ག་ངལ་གྱིས་འབྱུང་ཞིང་ཐོགས། །ནད་ཀུན་ལས་བྱུང་མཚན་ཀུན་ལྡན། །གང་ཆེ་རླུང་གིས་ལྒང་པའི་ཁ། །བཀག་པ་དེ་ཚེ་གཅིན་མཁྲིས་པ། །བང ་ཀན་ཁུ་ཚུར་བཅས་པ་ནི། །རིམ་གྱིས་བསྐམས་པར་བྱས་པ་ལས། །མི་བཟང་རྡེའུ་ཆགས་འགྱུར་ཏེ། །བ་ལང་མཁྲིས་བར་གི་ཁྲི་ལྟར། །ཐམས་ཅད་བད་ཀན་ལ་བརྟན་འབྱུང། །འདི་ཡི་སྔོན་ཚུལ་མཚན་ཉིད་ནི། །ལྒང་པ་སྤོ་ཞིང་དེ་ཡིན་ནི། །ཉེ་འཁོར་ ་ཀུན་ཏུ་རབ་ཏུ་ན། །གཅིན་ཡང་ལྷག་བར་དབྱེ་བྲོ་ཞིང། །གཅིན་འགགས་རིམས་འདེབས་ཡིག་འཆུས། །སྤྱི་ཡི་མཚན་ཉིད་ལྟེ་བ་དང། །ལྒང་མགོ་ལྒང་བའི་སྲུབས་ན་ཞིང། །དེ་ཡིས་གཅིན་འབྱུང་སྒོ་བཀག་པས། །གཅིན་གྱི་སྒོ་ནི ་འཆད་ཅིང་འབྱུང། །དེ་བྱུང་ཟིན་ནས་བདེ་བར་བྱེད། །སླ་ཞིང་བ་ལང་ཚིལ་འདྲ་ལ། །དེ་བསྐྱོད་པ་ཡིས་ཁྲག་ཏུ་འགྱུར། །དྲག་ཤུལ་སྤྱོད་བས་རབ་ཏུ་ན། །དེ་ལ་རླུང་འགྱུར་ཤིན་ཏུ་ན། །སོ་འཐམས་སྡོམས་ཤིང་ལུས་འདར་ལ། །ཕོ་མཚོན་ཉིད་ཅིང་ལྟེ་བ ་འཚིར། །རྒྱན་ཏུ་ན་ཞིང་འཁུན་པར་བྱེད། །བཤད་བ་འཕྱེན་དང་བཅས་པར་འབྱུང། །གཅིན་གྱི་ཐིགས་པ་ཡང་ཡང་ཡོད། །རྡེའུ་གན་གཅིང་རྩུབ་པ་དང། །ཆུ་སོར་ཚེར་མས་གང་སྙམ་བྱེད། །མཁྲིས་པ་ལྒང་བ་ཚ་བ་དང། །བཙོས་པ་སྙམ་བྱེད་རབ་ཏུ་དྲོ།། ་གོ་བྱེའི་འབྲས་བུའི་དབྱིབས་འདྲ་ལ། །རྡེའུ་མདོག་དམར་སེར་ལ་གནག། བད་ཀན་གྱིས་བསིལ་ལྕི་བ་དང། །ལྒང་བའི་ནང་དུ་ཟུག་ཅིང་ན། །རྗེའུ་ཆེ་ཞིང་འཇམ་པ་ལ། །སྦྲང་རྩིའི་མདོག་གམ་ཡང་ན་དཀར། །འདི་དག་བྱིས་པ་རྣམས་ལ་ནི། །ཕལ་ཆེར་འབྱུང ་བར་འགྱུར་བ་ཡིན། །གནས་དང་ཤ་ནི་ཆུང་བའི་ཕྱིར། །གཟུང་དང་འབྱུང་བ་བདེ་བ་ཡིན། །མི་ཆེན་ཁུ་བ་ལས་བྱུང་རྡེའུ། །ཁུ་བ་བཀག་ལས་འབྱུང་བར་འགྱུར། །གནས་ལས་འཕོས་པ་ཕྱིར་མ་བྱུང། །རླིག་པར་གནས་བ་རླུང་གིས་ནི། །བསྐམས་ནས ་ཉེ་བར་བསྡུས་གྱུར་པ། །དེ་ནི་ཁུ་བ་རྡེའུ་ཆགས་ཡིན། །ལྒང་པར་གཅིན་ནི་སྲི་བྱེད་ཅིང། །ཆེ་ཞིང་སྐྲངས་པར་བྱེད་བ་ཡིན། །དེ་ནི་སྐྱེས་མ་ཐག་ཏུ་ནི། །ཁུ་བ་ཞུ་སྟེ་སླ་བར་འགྱུར། །ཕྱོགས་དོར་མནན་ན་ཞུ་བར་བྱེད། །རྡེའུ་གསེག་མ་ལྟ་བུར་གནས། །རླུང ་གིས་ཕྱེ་མེར་བཤིག་གྱུར་པ། །དེ་འདིར་ཚུལ་བཞིན་འབྱུང་ཞེས་བྱ། །གཅིན་དང་ལྷན་ཅིག་ཕྱིར་འབྱུང་འགྱུར། །ལུགས་བཞིན་མི་འབྱུང་རྡེའུ་ཆགས། །གཅིན་ནི་བཀག་པར་བྱས་གྱུར་བས། །རླུང་གིས་སྒང་པའི་ཁ་བཀག་ནས། །གཅིན་འགགས ་ན་ཞང་གཡའ་བར་འགྱུར། །ལན་འགའ་རང་གནས་ལས་སྤགས་ནས། །ལྒང་པ་རྒྱས་ཏེ་ཁ་བྱེ་ཞིང། །མངལ་འདྲ་སྦོམ་ཞིང་ལོག་པར་འདུག། དེར་ནི་ན་ཞིང་ཚ་བར་བྱེད། །འཕར་ཞིང་བཅུས་བ་སྙམ་དུ་སེམས། །ཐིགས་པ་ཙམ་དུ་འཛག་པ་དང། །ལྒང་བཅིང ་རྒྱུན་ནི་འབྱུང་བར་འགྱུར། །རྣམ་པ་གཉིས་པོ་འདི་དག་ནི། །རླུང་གིས་ལྒང་བའི་ནད་ཅེས་བྱ། །གས་དཀའ་གཉིས་པ་རླུང་གི་ཡིན། །མཐུ་ཆེན་ཤིན་ཏུ་གསོ་དཀའ་ཡིན། །བཤད་ལམ་དང་ནི་ལྒང་པ་ཡི། །བར་ན་རླུང་ནི་བརྟེན་གྱུར་པ། །གཏུན་འདྲ་སྲ?་ཞིང ་མཐོ་བ་དང། །མི་འགྱུར་གནས་བྱེད་མདུང་པ་ཅན། །རླུང་ནད་གཏུན་འདྲ་དེ་སྤོས་བཅས། །བཤད་གཅི་འཕྱན་ནི་འགགས་བྱེད་ཡིན། །ལོག་རྒྱུ་འཁྱིལ་པར་གྱུར་པ་ཡི། །རླུང་གིས་ཆུ་སོར་མི་བཟད་གཟིར། །གཅིན་ལས་ཞུགས་ཏེ་འཁྱིལ་བྱེད ་ཅིང་?་རེངས་བྱེད་ལྕི་ཞིང་གཅུས་སྙམ་བྱེད། །གཅིན་ནི་ཉུང་ཤས་ཉུང་ཤས་འབྱུང། །ཡང་ན་བཤད་གཙོ་གཏོང་ཚེ་འབྱུང། །འདི་ནི་རླུང་ནས་འཁྱིལ་བ་ཡིན། །གཅིན་ནི་ཡུན་རིངས་བཀག་གྱུར་པ། །སྲི་ཞིང་འབྱུང་བར་མ་འགྱུར་ལ། །གཅིན་ཐོན ་ནས་ནི་ནད་ཚབས་འབྲི། །གཅིན་བཀག་པ་ཡིས་གནོད་གྱུར་པ། །གང་ཆེ་རླུང་གིས་བཟློག་གྱུར་བ། །ལྟེ་བའི་འག?་ནས་ལྟེ་བའི་བར། །གཅིན་གྱིས་གང་འགྱུར་དེ་ཡི་ཚེ། །རབ་ཏུ་ནི་ཞིང?་སྤོ་བ་དང། །ཟས་མི་འཇུ་ཞིང་དྲི་མ་འགགས། །དེ་ནི་ལྟོར་གཅིན ་འགགས་ཤེས་བྱ། །གཅིན་བྱུང་བུ་ག་འཆུས་བ་འམ། །རླུང་གིས་འགགས་ནས་གཅིར་ཉུང?་འབྱུང། །ལྒང་པ་མཚན་སྦུབས་ནོར་བུ་ནི། །གནས་ནས་དེ་འོག་རིམ་གྱིས་འཛག། ནས་བཅས་པ་འམ་ནད་མེད་པ། །གཅིན་ནི་ཆད་དང་བཅས་བར་འབྱུང ་ལྷག་མ་ལུས་ཏེ་མཚན་ལྕི་ཡིན། །ཕོ་མཚན་ན་ཞིང་ཁོང་ལྕེ་བའོ། །ལྒང་པའི་ཁ་ན་ཟླུམ་ཞིང་སྲ། །ཅུང་ཞག་འབྲལ་དུ་འབྱུང་འགྱུར་ན། །གཅིན་སོགས་རྡེའུ་ལྟ་བུར་ན། །གཅིན་གྱི་མདུད་པར་དེ་བཤད་དོ། །གཅིན་སྙོམས་པ་ལས་ཉལ་? ་བྱས། །རླུང་གིS་ཁུང་བསྐྱོད་གྱུར་བ། །གནས་ལས་བསྐྱོད་བ་གཅིན་གཏོང་ཚེ། །སྔོན་ནམ་ཕྱི་ནང་ཐ་ཟླ་ཆུ་དང། །མདོག་འདྲ་འབྱུང་བར་འགྱུར་བ་ཡིན། །ཁུ་བ་འདྲེས་པར་དེ་བཤད་ངོ། །རྩུབ་ཅིབག་སྐེམས་ལ་རླུང་གིས་ནི། ་གང་ཚེ་རྟུག་སྐམ་ནང་གྱུར་བ། གཅིན་འབྱུང་བུ་?་སོང་ནས་ནི། །བཤད་བ་དང་འདྲེས་དེ་ཡི་ཚོ། །བཅིན་ནི་བཤད་པའི་དྲི་ཅན་འབྱུང། །བཤད་བ་འགགས་པས་དེར་བཤད་དོ། །མཁྲིས་པ་དྲག་ཤུལ་ཁ་ཟས་ནི། །རྡོ་ཚ་ཉི་ཚན་ལ་སོགས་ཀྱིས།། ་འཕེལ་ཞིང་རླུ་བ་ནི་ཞུགས་གྱུར་བ། །ལྒང་བའི་ཉེ་འཁོར་ཚ་ཞིང་ན། །གཅིན་ནི་སེར་པོར་འབྱུང་འགྱུར་བ་འམ། །ཡང་ན་ཁུག་བཅས་ཁྲག་ཉིད་འབྱུང། །ཚ་ཞིང་སྲི་ལ་ཡང་ཡང་འབྱུང། །དེ་ནི་ཚ་རླུང་ཞེས་བྱར་བཤད། །རྩུབ་ཅིང་ལུས ་ནི་རྨྱ་བ་ཡི། །ལྒང་བར་གནས་པའི་མཁྲིས་པ་རླུང། །གཅིན་ཟད་ཚ་དང་ན་བར་བཅས། །བསྐྱེད་བ་དེ་ཡང་དེ་སྐད་བཤད། །བད་ཀན་མཁྲིས་པ་གཉིག་ལ། །རླུང་གིས་བསྐྱོད་པར་གྱུར་ན་ནི། །དེ་ཚེ་གཅིན་སྲི་སེར་བ་དང། །དམར་ཞིང་དམར་ལ་བསྐ ་པ་འབྱུང། །དེ་ནི་ཚ་བཅས་གི་ཝང་དམ། །དུང་གི་ཕྱེ་མའི་མདོག་འདྲ་བ་འམ། །ཡང་ན་སྐམ་ཞིང་མདོག་ཀུན་ལྡན། །དེ་ནི་གཅིན་ཉམས་ནང་དུ་བཤད། །དེ་ལྟར་གཅིན་འགགས་བ་ལས་བྱུང་བ་ཡི། །མཚན་ཉིད་རྒྱ་ཆེར་བཤད་ནས་ནི།། ་དེ་འོག?་གཅིན་སྙི་ལས་བྱུང་བའི། །ནད་གཞིའི་མཚན་ཉིད་བཤད་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་བ་ལས། །ནང་གཞིའི་གནས་ཀྱི་ལེའུ་དགུ་བའོ།། །།དེ་ནས་གཅིན་སྙི་བ་ཟ་གུའི་ནང་དམིགས་བཤད་པར ་བྱའོ། །གཅིན་སྙིའི་ནད་ནི་ཉི་ཤུ་སྟེ། །དེ་ལ་བད་ཀན་ལས་གྱུར་བཅུ། མཁྲིས་པ་ལ་དྲུག་རླུང་གྱུར་བཞི། །དེ་རྣམས་ཆལ་གཅིན་བད་ཀན་བསྐྱེད། །ཟས་དང་སྒོམ་གྱི་ཚུལ་ལས་ནི། །ཕལ་ཆེར་དེ་དག་འབྱུང་བར་བྱེད། །མདང་དང་སྐྱུར་དང ་ལན་ན་དང། །ལྕི་ཞིང་འཁྱིལ་བ་བསིལ་བ་དང། །འབྲུ་མར་ཆད་དང་གཤེར་བའི་ཤ། །དངར་བ་བུ་རམ་བུ་རམ་ཤིང། །གནས་གཅིག་སྟན་གཅིག་ལ་རྟག་གནས། །མལ་སྟན་ཆོག་གར་མི་ལྡན་ལ། །བརྟེན་ནས་གཅིན་སྙེའི་ནད་སྐྱེད་བྱེད། །བད ་ཀན་འཁྲུགས་ལས་ལྒང་བའི་གཅིན། །སྙི་འགྱུར་ལུས་གཤེར་རྡུལ་ཆིལ་དང། །ཤ་ཀློང་ལྒང་བར་བརྟེན་གཅིན་སྙི། །མཁྲིས་པས་ཁྲག་ཀྱང་ཟད་བྱས་ནས། །བད་ཀན་སོགས་ཟར་གཅིན་གནས་བསྐྱེད། །རླུང་འཁྲུགས་པ་རང་དེ་ཟད་ལས།། ་ལུས་ཟུངས་ལྒང་བར་འཁྲུས་དེ་བསྐྱེད། །དེ་བྱུང་བསོ་བྱ་འཚོ་ཙམ་དང། །སྤང་བྱ་གཅན་ནང་རྣམ་གསུམ་འགྱུར། །མདོར་ན་མི་མཐུན་བྱ་བ་དང། །ནང་དམིགས་ཆེན་པོ་ཉིད་ཀྱིས་འབྱུང། །དེ་རྣམས་ཀྱི་ནི་སྤྱིའི་མཚན་ཉིད་དང། །གཅིན་རྙོག་ཅན ་མང་དུ་འབྱུང། །གནང་དང་གནོད་བྱ་ཁྱད་མེད་ཀྱང། །དེ་འདུས་ཁྱད་པར་ཉིད་དང་ནི། །གཅིན་གྱིས་མདོག་སོགས་དབྱེ་བ་ཡིས་།གཅིན་སྙིའི་དབྱེ་བ་བརྟག་བར་བྱ། །དང་ཞིང་མང་ལ་དཀར་ཞིང་བསིལ། །དྲིད་མེད་ཅིང་ཆུ་འདྲ་ལ། །གཅན་སྙི ་ཆུ་ཡི་ཟ་ཁུ་ཡིན། །ཅུང་ཟད་སྙོག་ཅན་སྤྱི་བག་ཅན། །བུ་རམ་ཤིང་ཁུ་ལྟ་བུར་མངར། །ཟ་ཁུ་བུ་རམ་ཤིང་ཁུ་ཡིན། །ཞག་ལོན་ན་ནི་བསྐ་བར་འགྱུར། །ཟ་ཁུ་གར་པོ་ཞེས་བྱའོ། །སྟེང་ནས་དངས་མ་འོག་ནས་བསྐ། །ཆང་འདྲ་ཆང་གི་ཟ་ཁུ ་ཡིན། །བླ་བུ་ལྡང་ཞང་འབྲས་རྟགས་འདྲ། །དཀར་ཞིང་མང་འབྱུང་འབྲས་བྱེ་དང། །ཁུ་ཆུ་འདྲ་པའ་མཁུ་བ་འདྲེས། །ཁུ་བ་འདྲ་བའི་ཟ་ཁུ་ཡིན། །གཅིན་ནི་བྱེ་བརྩིགས་དེ་མ་ཅན། །བྱ་མའི་?་ཞེས་བྱའོ། །གཅིན་སྙི་མང་དུ ་འབྱུང་ཞིང་བསིལ། །མངར་བ་དེ་བསིལ་ཟ་ཁུ་ཡིན། །ངལ་གྱིས་ཉུང་ཟད་ཉུང་ཟད་འབྱུང། །བགས་ཀྱིས་འབྱུང་བའི་ཟ་ཁུ་ཡིན། །ཁུ་ཆུ་འདྲ་བའི་ནལ་ནལ་བོ། །འབྱིལ་བག་ཁ་ཆུའི་ཟ་ཁུ་ཡིན། །དྲི་རོ་ཁ་དོག་རིག་བྱ་ནི། །ནས ་ཚིག་འཁྲུས་འདྲ་ནས་ཚིག་ཅན། །ཟ་ཁུ་སྔོན་པོ་ཁ་དོག་སྔོན། །ཟ་ཁུ་ནག་པོ་གནག་ཚ་འདྲ། །གཅིན་སྙི་ཚ་ཞིང་མདོག་སེར་བ། །དེ་ནི་སྐྱེར་པ་འདྲ་བ་ཡིན། །མནམ་ཞིང་བཙོང་ཀྱི་ཁུ་བ་འདྲ། །བཅོད་ཀྱི་ཟ་ཅེས ་བྱའོ། །དྲི་ང་ཚ་ཞིང་ལན་ཚྭར་བཅས། །ཁྲག་འདྲ་ཁྲག་གི་ཟ་ཁུ་ཡིན། །ཞག་གཟི་ཁུ་ཞག་དང་འདྲས། །ཞག་ཉིད་གཅིན་དུ་འབྱུང་བ་ཡིན། །རྐང་འདྲེས་པའི་རྐང་ཉིད་ནི། །ཡང་དང་ཡང་འབྱུང་རྐང་ཟ་ཁུ། །གླང་ཆེན་མྱོས་ལྟར་གྱུན་ཏུ ་ནི། །གཅིན་ཤུཌ་དལ་བར་འབྱུང་འགྱུར་ལ། །ཆུ་སེར་བཅས་ཤིང་རྙོག་བཅས་འབྱུང། །གླང་ཆེ་ཟ་བུ་ཞེས་བྱའོ། །སྦྲན་རྩིའི་ཟ་ཁུ་སྦྲང་རྩི་འདྲ། །དེ་ནི་རྣམ་པ་གཉིས་སུ་འགྱུར། །ལུས་ཟུངས་ཟད་བས་རླུང་འཁྲུགས་པའམ། །ནད་ཀྱིས་རྩ་སྦུབས་བཀག་སྟེ ་འབྱུང། །ཟད་ཀྱིས་བཀག་པའི་མཚན་མ་དག་དེ་ནི་རྒྱུ་མེད་པར་འབྱུང་ཞིང། །སྐད་ཅིག་ཟད་སྟོངས་གང་འགྱུར་བ། །གསོ་བར་དཀའ་བ་ཉིད་དུ་འགྱུར། །ཐམས་ཅད་ཀྱི་དུས་སུམ་མ་བཅས་ན། །སྦྲང་རྩི་འདྲ་བའི་ཟ་ཁུར་འགྱུར། །གང ་ཞིག་ཐམས་ཅད་མངར་གྱུར་པས། །ཕལ་ཆེར་སྦྲང་རྩིའི་ཟ་ཁུ་ཡིན། །སྦྲང་རྩིའི་ཟ་ཁུ་ཞེས་བྱ་ཀུན། །མངར་བ་ལས་ནི་བཤད་པ་ཡིན། །ཟས་མི་འཇུ་ཞིང་ཡིག་འཆུས། །སླེན་ལུང་གཉིད་ཆེ་ཆམ་པས་འདེབས། །བད་ཀན་ལས་བྱུང་ཟ ་ཁུ་ལ། །བླ་གཉན་དེ་དག་འབྱུང་བར་འགྱུར། །ཕོ་མཚན་ལྒང་བར་ཟུག་པ་དང། །རླིག་འབྲས་བྱེ་ཞིང་རིམས་ཀྱིས་འདེབས། །ཚ་སྐྱུར་སྐོམ་དང་བརྒྱལ་དང་འཁྲུ། །མཁྲིས་པ་ལས་གྱུར་བླ་གཉན་ཡིན། །རླུང་ལས་སྐྱེས་པའི་རླུང་འཕར་ཞིང ་ལུས་འདར་སྙིང་ན་ཟས་ལ་བརྐན། །གཟེར་ཞིང་གཉིད་མེད་སྐམ་པ་དང། །ལུང་པ་དབུགས་མི་བདེ་བ་འབྱུང། །ཁམ་ཕོར་རུས་སྦལ་འདྲ་བ་ཅན། །དགུའོ་མེ་དཔལ་ཕྲ་མོ་དང། །བྲན་ཆུང་འདྲ་དང་ཡུངས་དཀར་འདྲ། །བུ་བཅས་འབྱུང ་དང་བི་ཙ་རི། །ཁོང་འབྲས་ཞེས་བྱའི་འབྲས་འབྲུམ་བཅུ། །གཅེན་ནད་མ་བཅོས་པ་ལས་འབྱུང། །ཚིགས་དང་གནད་དང་ངག་ཆེ་བའི། །སོག་གི་གནས་སུ་འབྱུང་བར་འགྱུར། །མཛའ་མ་མགོ་ཞིང་དབུས་དམའ་བ། །གནག་ཅིང་རྡག་དང་ནད་བཅས་ལ། །དབྱིབ་པ་དང་ཚད་ནི ་ཁམ་ཁོར་འདྲ། །ཐོར་བུ་ཁམ་ཕོར་ཞེས་བྱའོ། །ནང་དུ་ཟུག་ཅིང་ན་བྱེད་ལ། །ཉེ་འཁོར་དག་ཏུ་ཆེར་མཆད་ལ། །འཇམ་ཞིང་རུས་སྦལ་རྒྱབ་འདྲ་བའི། །འབྲས་ནང་རུས་བྱལ་ཅན་ཞེས་བྱ། །སྲ་ཞིང་རྩ་ཡི་དྲ་བ་ཅན། །སྣུམ་ཞིང་འཇཇག་ལ་ཁྱོན་ཆེ་པ། །ན་ཞིང་མང་ཟུབ ་བུ་ག་ནི། །ཕྲ་མོར་ལྡན་པ་དྲ་བ་ཅན། །ནང་དུ་ཟུག་ཅིང་ན་ལ་མནགས། །རྒྱབ་བཾ་ལྟོ་བ་དག་ཏུ་ནི། །ཐོར་བུ་ཆེན་པོ་ཁ་དོག་གནག། དགུ་བོར་འདུག་པས་དགུ་བོར་བཤད། །སྐྱེས་མ་ཐག་ཏུ་བགས་པ་ཆ། །ཤིན་ཏུ་ན་བྱེད་མེ་དཔལ་ཏེ། །དམར་ཞིང་གནག་ལ་གས་པ ་དང། །ཆ་ཞིང་རླམུགས་བྱེད་མེད་པ་ལ་འདྲ། །སྲན་ཆུང་འདྲ་བའི་ཚང་དང་དབྱིབས། །མཉམ་པས་སྲན་ཆུང་ཅན་ཡིན་ནོ། །ཆར་དང་འབྱིབས་ནི་ཡུངས་ཀར་འདྲ། །མྱུར་དུ་སྨིན་ཞིང་ནང་ཆབས་ཆེ། །ཡུངས་ཀར་འདྲ་བའི་འབྲུམ་ཕྲན་གྱིས། །ཡོངས་སུ་བསྐོར་བས་ཤུར་བུ ་ཅན། །བུ་བཅས་ཆ་ཞིང་མང་བ་ལ། །རབ་ཕྲའི་འབྲུམ་བུས་ཁྱབ་འགྱུར་བའོ། །ལྡུམ?་བུ་བི་ད་རི་ལྟར་ལྡུམ། །སྲ་བ་བི་ད་རི་ཞེས་བྱ། །ཁོང་འབྲས་གཞན་དུ་བཤད་པ་ཡིན། །དེ་ལ་དང་པོའི་འབྲས་ནད་གསུམ། །བུ་བཅས་དང་ནི་བི་ད་རི། །ཆིལ་ཆེན་ལས ་བྱུང་མནགས་དཀའ་ཡིན། །གཞན་དག་མཁྲིས་པ་ཤས་ཆེ་ཞིང། །ཚིལ་ཆུ་ལས་བྱུང་མ་ནགས་ནུས་འགྱུར། །དེ་རྣམས་ནད་ཤེས་ཇི་ལྟར་ཚིལ། །གཅིན་སྙི་བ་ཡི་དབང་ལ་འབྱུང། །འདི་དག་ཟ་ཁུ་མོང་པར་ནི། །གནོད་འགྱུར་ཚིལ་ལས་འབྱུང་འགྱུར ་ཏེ། །ཇི་སྲིད་དངོས་བོར་མི་སྣང་ག། དེ་སྲིད་ཤེས་པར་མི་འགྱུར་རོ། །ཁ་དོག་ལྗང་བ་འམ་དམར་བའི་གཅིན། །ཟ་ཁུའི་སྔོན་ཆུལ་མེད་པ་ཡི། །གཅིན་འབྱུང་གང་དེ་ཟ་ཁུ་མིན། །དེ་ནི་ཁྲག་མཁྲིས་ཨིཡན་ཞེས་བྱ། །ལུས་རྡུལ་ཡན་ལག་མནམ་ཞིང ་སྟོང་པ་དང། །སྟན་དང་མལ་དང་གཉིད་ཀྱི་བདེ་ལ་ཆགས། །སྙིང་མིག་རྣ་བ་ཁ་ལྕེ་བྱུགས་སྙམ་བྱེད། །ལུས་སྦོམ་སྐྲ་དང་སེན་མེ་རིང་བ་དང། །བསིལ་བག་ལ་དགའ་གྲེ་བ་རྐན་བསྐམས་ཤིང། །ཁ་ནང་རོ་མང་རྐང་ཐིལ་ལག ་མཐིལ་ཆ། །གང་དུ་བཙས་པར་གྲོག་མང་འདུ་འགྱུར་བ། །གཅིན་ཟད་ཟ་ཁུའི་ཚོགས་ནི་ཕྱིས་འབྱུང་ཆུལ། །ཟ་ཁུ་སྦྲང་རྩི་མདག་འདྲ་འབྱིལ་བ་དང། །སྦྲང་རྩིར་འདྲ་བ་ལ་གཉིས་སུ་རྟོག་།ལུས་བརྟས་བད་ཀན་ཅན་གྱི?་ཁུ་འམ། །ཉེས་པ་ཟད་པས་རླུང ་གི་བདག་ཅན་ཡིན། །སྔོན་ཚུལ་བཅས་བའི་བད་མཁྲིས་ཟག་ཁུ་དང། །གང་ཡང་རིམས་ཀྱིས་རླུང་ནང་ཟ་ཁུར་འགྱུར། །མཁྲིས་པ་ལས་གྱུར་གང་ཡིན་གསོ་བ་དགའ་། །གལ་ཏེ་ཚིལ་ནད་ཤས་ཆུང་འགྱུར་གསོ་སླ། །ཡན་ལག་བརྒྱད་པའི་སྙིང ་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་ཁོང་འབྲས་དང་རྒྱུ་རླུགས་དང་སྒྲན་གྱི་ནད་གཞི་བཤད་བར་བྱའོ། །ཁ་ཟས་ཁོང་དུ་རབ་ཚ་དང། །རྩུབ་དང་སྐམ་དང་ཆ་འགྱུར་ཐོས། །ཉལ་བའི་སྤྱོད་པ་མི ་བདེ་བ། །ཁྲག་ནད་སྐྱེ་འགྱུར་དེ་དང་ངེས། །པགས་པ་ཤ་ཚིལ་རུས་བ་དང། །ཁྲག་དང་ཆུ་བ་ཆུ་བ་ཆེ། །ཕྱི་དང་ནང་དུ་སྐྲངས་འགྱུར་བ། །རྩ་བ་ཆི་ཞིང་ནད་ཆབས་ཆེ། །ཟླུམ་པའམ་འཇོད་བར་གནས་པ་གང། །ཁོང་འབྲས་དེ་ནི་རྣམ་པ་དྲུག ་ནད་དམིགས་རྣ་རེ་འདུས་པ་དང། །ཁྲག་དང་རྨས་པ་ལས་བྱུང་བའོ། །འདིར་ཕྱིའི་ཡན་ལག་དེ་དང་དེར། །རབ་ན་མདུད་པ་འདྲ་ལ་མཐོ། །ནང་གི་ཤིན་ཏུ་མི་ཟད་ཅིང། །རྟིང་རིབ་སྐྲ་ལྟར་སྲ་བ་ཡིན། །ཁྲག་མཁར་ལྟ་བུར་མཐོ་བ་དང་ཤ། མེ་དང་མ་སྣ ་ལྟར་མྱུར་གསོད་བྱེད། །ལྟེ་བ་ཆུ་སོ་མཆེར་མཆིན་པ། གློ་དང་སྙིང་ལྟོ་བརླ་རྩ་དང། །མཁལ་མ་གཉིས་སམ་གཞད་དཱུང་འབྱུང། །དེ་ལས་རླུང་གྱུར་ནང་ཆ་བས་དྲག། དམར་ནག་རིང་ཞིག་ལེན་ནས་ནི། །འབྱུང་ཞིང་སྨིན་པ་དབྱིབས་མི་སྙོམས།། ་རང་ཞིང་མགོ་འཁོར་སྦ་བ་དང། །གཡོ་ཞིང་འཕོ་ལ་སྒྲ་དང་བཅས། །མཁྲིས་འགྱུར་ཟངས་ལྟར་དམར་རྩ་གནག། སྒོམ་དང་ཚ་རིམ་རྨོངས་བག་བསྐྱེད། །ལྡང་ཞིང་སྨིན་པ་མྱུར་བ་ཡིན། །བད་ཀན་ལས་སྐྱ་གཡའ་དང་བཅས། །སློན་ཞིང་བསིལ་ལ་སུ་བ་དང། །གླལ ་ཞིང་ལྕི་ལ་ཡི་ག་འཆུས། །འབྱུང་ཞིང་སྨིན་པ་ཡུན་རིང་ཐོགས། །འདུས་པ་ལས་གྱུར་འདྲེན་མ་ཡིན། །འདིར་ནི་ཕྱི་ནང་གཉིས་མཆན་ཉིད། །དོན་གྱི་དབང་ལས་ཤེས་པར་བྱ། །འབྲུམ་དུ་ན། །བོས?་ཁབས་ཤིང་གནག། རབ་ཚ་ན་ཞིང་རིམས་ཀྱས་འདེབས།། ་མཁྲིས་པའི་རྟགས་ལྡན་ཕྱི་མ་ནང། །ཁྲག་འགྱུར་བུད་མེད་ཉིད་ལ་འབྱུང། །མཚོན་ལ་སོགས་པས་རྨས་པ་ཡིས། །རྨ་འབྱུང་མི་འཕྲོད་བསྟེན་པ་ལས། །རྨ་ཁ་ཚ་བ་རླུང་གིས་ཕུལ། །ཁྲག་བཅས་ན་ཁྲིས་པ་འབྱུང་བར་བྱེད། །ཁོར་འབྲས་བླ་གཉན་ནད་མར་ཞིང ་ཁྲག་མཁྲིས་མཆན་ཉིད་ཅན་དག་བྱེད། །བླ་གཉན་དེ་ཡི་དབྱེ་བ་ཡང། །གནས་ཀྱི་དབྱེ་བ་ལས་བཤད་དོ། །ལྟོ་བར་བྱུང་ན་སྐྱིགས་བུ་སྟེ། །ཆུ་སོར་གཅིན་འགགས་རྣག་ཏུ་འགྱུར། །མཆེར་བ་དབུགས་མི་བདེ་མཆིན་པར། །དབུགས་འབྱུང་འགག་སྐོམ་མགོ་འཁོར ་འགྱུར། །གློ་བ་བྱུང་ན་ལྐོག་ནད་འགྱུར། །སྙིང་འབྱུང་ཡན་ལག་ཀུན་གཟིར་སྙམ། །རམ་རྨོངས་མུན?་?་སྙམ་དུ་བྱེད། །སྙང་འཕར་ན་བར་གྱུར་པ་ཡིན། །ལྟོ་བ་རྩིབ་ལོགས་ཕྲག་པའི་བར། །ན་ཞིང་ལྟོ་སྦོས་འབྱུང་བར་འགྱུར། །ཆུ་སོ་འདོམས་པར་བྱུང ་བརླན། །མཁལ་མར་བྱུང་ན་རྐང་པ་རྒྱབ། །རྩིབ་ལོགས་སུ་ནི་ན་བར་འགྱུར། །གཞང་དུ་རླུང་ནི་ཐུར་འབྱུང་འགག། ཞུ་དང་མ་ཞུ་ཕྱར་ཞུ་ཉིད། །དེ་དག་?་ནད་ལྟ་བུར་བཤད། །ལརེ་བ་ཡན་ཆད་སྙིང་གར་འཇིག། ལྟེ་བ་མན་ཆིང?་གཞད་དུ་འཇུག། ལྟེ་བ་? ་གནས་པ་གཉིས་གར་འཇིག། ཁོང་འབྲས་ཀྱི་ནི་ནད་དམིགས་རྣམས། །འཇོག་ལས་རྨ་ལྟར་ཤས་པར་བྱ། །དེ་ལས་འདུས་པ་ལས་གྱུར་བ་དང། །སྙིང་དང་ལྟ་བ་ཆུ་སར་ནང། །ཕྱེ་འམ་ནད་?་བྱེད་པའམ། །སྨིན་ཏེ་ཁ་ནས་འཇག་པ་ནི། །ཉམ་ཆུང ་བླ་གཉན་ལྡེན་པ་སྦང། །དེ་བཞིན་བུད་མེད་བུ་བཙས་བའམ། །སྦྲུམ་མ་འམ་ནུ་ཞོ་ཡོད་པ་དང། །ནུ་ཞོ་མེད་པའི་ནུ་མ་ཡི། །རྩ་སྒོ་ཁ་ཆེར་ཕྱིན་གྱུར་ནས། །ཕྱི་ཡི་ཁེང་འབྲས་མཚན་ཉིད་ཅན། །སྐྲངས་ཤིང་སྲབ་འབྱུང ་པར་འགྱུར། ཕུ?་མོ་རྣམས་ཀྱི་ནུ་རྩའི་སྔོ། །ཕྲ་བས་འབྱུང་བར་མི་འགྱུར་རོ། །རླུང་ནི་རྒྱུ་ལམ་འགཌ་བས་འཁྲུགས། །སྐྲངས་དང་གཟེར་ནི་བསྐྱེད་ཅིང་རྒྱུ། །ཆུ་བོ་རླིག་བར་ཕྱིན་བ་དང། །རླིག་པར་རྒྱུ་བའི་རྩ་དག་ནི། །བཙིར་ནས་རླིག་པ་པགས་པ་དག། འཕེལ་ཞིང ་རླིག་རླུགས་ཉིད་དུ་བྱེད། །ནང་ཁྲབ་གཅིན་ཚིལ་རྒྱུ་མ་ལས། །རླིག་རླུགས་དེ་ནི་རྣམ་བདུན་འགྱུར། །རྒྱུ་མ་གཅིན་སྐྱེས་བ་འང་རླུང། །རྒྱུ་མའི་དབྱེ་བ་འབའ་ཞིག་གཞན། །རླུང་འགྱུར་རྐྱལ་བ་གང་འདྲ་ཞིང། །རག་ན་རྩུབ་ཅིང་རྒྱུ་མེད་ན། །མཁྲིས ་འགྱུར་ཨུ་དུམ་པ་ར་ཡི། །འབྲས་བུ་སྨིན་འདྲ་ཆ་དྲོ་འདྲུལ། །བད་ཀན་ལས་བསིལ་ལྕི་ཞིང་སྣུམ། །གཡའ་ཞིང་སྲལ་ནང་ཆབས་ཆུང། །ཁྲག་གྱུར་གནག་ཅིང་འབྲུམ་བུས་ཁྱབ། །མཁྲིས་བའི་རླིག་རླུགས་མཚན་ཉིད་ལྡན། །ཚིལ་འགྱུར་རླིག་རླུགS ་བད་ཀན་འདྲ། །འཇམ་ཞིང་ཏ་ལའི་འབྲས་བུར་མཚུངས། །གཅིག་མ་ནགས་པ་ལ་བརྟན་པའི་རྣམས། །གཅིན་ལས་འབྱུང་བར་དེ་འགྱུར་ཏེ། །རྒྱལ་བ་ཆུང་ཡིས་གང་བ་ལྟར། །གཡ་འགྱུར་ན་དང་བཅས་ཤིང་འཇམ། །གཅིན་འགགས་པ་དང་རླིག་པ་ཡི།། ་ལོག་ཏུ་སྐྲངས་བར་བྱེད་བར་འགྱུར། །རླུང་འཁྲུགས་བ་ཡིས་ཟས་དང་ནི། །ཆུ་གྲང་ལས་ནི་རྒྱལ་བ་དང། །ཤུགས་བཀག་བཅིར་དང་ཁུ་དང་ལམ། །ཡན་ལག་ཁྲོག་བར་འཆུས་པ་དང། །རླུང་འཁྲུགས་པ་ནི་གཞན་གྱིས་ཀྱང། །གང་ཚེ་རྒྱུམ་ཕྲ་མའི ་ཆ། །རླུང་གིས་ལག་པར་ཕུལ་གྱུར་ཏེ། །རླུང་གིས་ལགས་ནས་ཐུར་དུ་བསྐྱོད། །ཆུ་?་ཚིགས་སུ་ཕྱིན་པ་དང། །དེ་ཚོ་མདུད་པ་ལྟར་ཧབ་ཀྱིས་།ཡལ་བར་གོར་ན་རླིག་པ་ཆེར་སྐྱ་ཞིང། །སྦོ་ཞིང་ན་ལ་རངས་པར་རླུང་གིས་བྱེད། །རབ་ཏུ་གཟིར ་ཞིང་ནང་ན་སྒྲ་དང་བཅས། །གང་བར་བྱེད་ཅིང་བཅུག་ཀྱང་སླར་འབྱུང་སྟེ། །རྒྱུ་རླུགས་འདི་ནི་གསོ་དཀའ་སྟེ། །རླུང་གི་རླིག་རླུགས་འདྲ་བ་ཡིན། །རྩུབ་ཅིང་གནག་ལ་དམར་བའི་རྩས། །ཕྲ་མོ་དྲ་བས་ཁེབས་པ་ཡིན། །སྐན་བརྒྱད་ནད་ནི་སོ་སོར ་དང། །འདྲེས་དང་འདུས་བ་ལས་གྱུར་དང། །ཟླ་མཚན་གྱི་ནི་ཉེས་པ་ཡིས། །བརྒྱར་པ་བུད་མེད་རྣམས་ལ་འབྱུང། །རིམས་དང་སློན་དང་ཚད་འཁྲུ་སོགས། །?་སྨན་སོགས་དང་ལས་རྣམས་ཀྱིས། །སྐེམ་གྱུར་རླུང་སྐྱེས་ཟས་ཟ་དང། །བཀྲེས ་ཏེ་ཆུ་གྲོང་འཐུངས་གྱུར་པའམ། །སྐོམ་འཐུངས་རྗས་ལ་གང་ཞིག་ནི། །རྐྱལ་དང་མཆོད་པ་ལ་སོགས་པ། །བརྟེན་པས་ལུས་ནི་དཀྲུགས་བྱས་དྲང། །སློན་མི་བྲོ་ཡང་སྐྱུགས་པ་དང། །རླུང་ལ་སོགས་པ་འབྱུང་བ་ཡི། །ཤུགས་བཀག་པ་འམ་བཙིར ་བ་དང། སྣུམ་རང་དུགས་ནི་མ་བསྟེན་པར། །སྦྱང་བའི་ལས་ནི་བྱེད་པ་འམ། །སྦྱངས་བཞིན་མྱུར་དུ་ཆ་བ་དང། །བད་ཀན་བསྐྱེད་པའི། །བ་སྒོམ་སྤྱོད། །རླུང་རྒྱས་པ་ཡི་ནད་རྣམས་ནི། །སོ་སོ་འམ་འདྲེས་པ་འམ་འཁྲུགས་གྱུར་པའམ། །ཀུན་ནས ་ཁྲག་དང་བཅས་བགྱུར་པས། །སྦུབས་ཅན་ལ་ནི་བརྟེན་གྱུར་ནས། །སྟེང་འོག་ལམ་ནི་བཀག་ནས་སུ། །གཟེར་སྔོན་འགྲོ་ཞིང་རེག་ཏུ་རུང། །ཤིན་ཏུ་མཐོ་ཞིང་མདུད་པའི་གཟུགས། །སྐྲནྣི་བསྐྱེད་བར་འགྱུར་བ་ཡིན། །སྐེམ་པས་བད་ཀན ་མཁྲིས་བཤད་བའི། །རྒྱུན་སྲང་འགགས་བར་འགྱུར་བ་ཡིས། །རླུང་ནི་ཁང་བར་གནས་བཅས་ལ། །རྩུབ་པས་སྲ་བར་གྱུར་པ་ཡིན། །རང་གནས་ལྡང་འགྱུར་རང་དབང་ཅན། །གཞན་གནས་ལ་བརྟེན་གཞན་དབང་ཅན། །གོད?་པར་གྱུར ་པས་གཟུགས་མེད་ཀྱང། །གཟུགས་ཅན་ལྟན་གནས་སྐྲན་ཞེས་བྱ། །ཆུ་སོ་ལྟེ་བ་སྙིང་ག་དང། །རྩིག་ལེགས་ལ་ནི་གནས་པ་ཡིན། །རླུང་ལས་མཚན་པ་ཀླད་པར་གཟེར། །རིམས་འདེབས་མཆེར་ན་རྒྱུ་མ་འཁྲུག་བཤད་?་ཁབ་ཀྱིས ་བཙགས་སྙམ་ན། །དབུགས་འབྱིན་ཡང་དང་ཡང་མི་ཕྱིན། །ལུས་རེངས་ཁ་ནི་བསྐམས་པ་དང། །སྐེམ་ཞིང་མེ་དྲོད་མི་སྙོམས་ལ། །པགས་སོགས་གན་གཅིང་རྩུབ་པ་དང། །རླུང་སྐྲན་གཡོ་བའི་ཡིན་བའི ་ཕྱིན། །དབྱིངས་ནི་རྟག་པར་མི་མངོན་ཞིང། །གནས་འཕེལ་འབྲི་དང་ན་བ་དང། །གྲོག་མས་ཁྱབ་པ་ལྟ་བུར་ནི། །སྐྲན་ནི་འགུལ་ཞིང་ཟུག་པ་ཡིན། །མཁྲིས་ལས་ཚ་ཞིང་སྒྲེགས་སྒྱུར་བརྒྱལ། །འཁྲུ་ཞིང་ལུས་རྡུལ་སྐོམས་རིམས་འདེབས།། ་པགས་པ་ལ་སོགས་སེར་པོར་སྣང། །སྐྲན་ནི་རེག་པར་མི་བཟོད་དང། །ཚ་ཞིང་འཕར་ལ་དྲོ་བ་དང། །རང་གི་གནས་ནི་སྲེག་སྙམ་བྱེད། །བད་ཀན་སློང་བག་མིག་འཆུས། །མེ་དྲོད་ཉམས་ཤིང་གྲང་རིམས་འདེབས། །ཆེམ་པ་ཁོང་སྙམ་དང་ག་ལྕི། །ལུད ་པ་ལུ་ཞིང་པགས་སོགས་དཀར། །སྐྲན་ཕུགས་རིང་ཞིང་སྲ་བ་དང། །ལྕི་ཞིང་རང་གནས་བརྟན་ནང་ཆུང། །ཕལ་ཆེར་རང་གནས་འདུག་པ་དང། །རང་གི་དུས་སུ་ནད་སྐྱེད་བྱེད། །གཉིས་ལས་བྱུང་བའི་སྐྲན་གསུམ་པོ། །མཚན་ཉིད་འདྲེན་པར་ལྡན ་པ་ཡིན། །ཀུན་སྐྱེས་མི་བཟང་ན་ཞིང་ཚ། །རྒྱུར་མིན་སྲ་མཐོ་དེ་གསོ་དཀའ་། །ཁྲག་གི་སྐྲན་ནི་གང་ཡིན་པ། །དེ་ནི་བུད་མེད་ཉིད་ལས་འབྱུང། །ཟླ་མཆན་དུས་སམ་བུ་གསར་བཙས། །ཡང་ན་མངལ་གྱི་ནང་ཅན་གྱི། །བུད་མེད་རླུང་བསྐྱེད་བརྟེན ་གྱུར་བས། །རླུང་ནི་འཁྲུགས་པར་གྱུར་བ་ལས། །ཟླ་རེ་འབྱུང་བར་བྱེད་པ་ཡི། །ཟླ་མཚན་མངལ་དུ་བཀག་པ་ནི། །དེ་ནི་མངལ་ཆགས་འདྲར་སྣང་ཞིང། །མཚན་མ་གསལ་བར་སྟོན་བྱེད་དེ། །སྙིང་འཕར་ནུ་འཛག་ཡིད་མི་བདེ། །སྐེམས་པ་ལ་སོཌ ་ཚུལ་དུ་སྣང། །དེ་ནི་རིམས་ཀྱིས་རླུང་འདྲེས་འང། །མཁྲིས་པ་ནད་ནི་རྒྱུ་ཡིས་ན། །རླུང་དང་མཁྲིས་པ་ལས་བྱུང་བའི། །སྐྲན་ནི་ཁྲག་དེ་སྐྱེད་བྱེད་ཡིན། །ན་ཞིང་སྭ་ལ་ཆ་ཞིང་འཁྲུ་སྐམ་དང་?་སོཌ་བར་ཟླ་གཉན་འབྱུང། །ནང་ཀྱི་ཁྲག་ལ་བརྟན་པས།། ་མེད་ལ་གནས་དག་?་ལྷག་པར་གཟེར། མངལ་ནས་དྲིག?་འཛད་པ་དང། །ན་ཞིང་འཕར་ལ་ཟུག་པར་བྱེད། །མངལ་ཆགས་འདྲ་ཡང་ཡན་ལག་མེད། །འོ་ན་ཀྱང་སྐྲན་ནི་འགུལ་གཟེར་ལྡན། །དེ་ཉིད་དེར་ནི་གོང་བོར་གནས། །ལན་འགའ་འགྱུར་བར་བྱེད་པ་ཡིན། །འདི་ནི་ལྟོར་འཕེལ ་མི་བྱེད་ཀྱི། །སྐྲན་ནི་འཕེལ་བར་བྱེད་པ་ཡིན། །རང་གི་ནང་གཞི་ལ་བརྟེན་པས། །དེས་དེར་སྐྲན་ནང་ཐམས་ཅད་བསྐྱེད། །ཡུན་རིང་ནས་ནི་སྨིན་འགྱུར་བ་འམ། །ཡང་ན་མ་སྨིན་ཁོང་འབྲས་ཀྱང། །ནང་ཁྲག་ལ་ནི་བརྟེན་པའི་ཕྱིར། །ཤིན་ཏུ་མྱུར་བར་སྨིན་པར་བྱེད ་དེ་ཕྱིར་མྱུར་དུ་ཚ་འགྱུར་བས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །ནང་ནས་སྐྲན་ནི་ཆུ་སོ་དང། །ལྟོ་བ་མཚན་པ་སྙིང་ན་ཞིང། །མེ་དྲོད་མདོག་ཉམས་ཉམས་སྟོབས་འབྲི། །ཤུགས་ནི་འགགས་པར་འགྱུར་བ་ཡིན། །ཕྱི་རོལ་དེ་ལས་བཟློག་པ་སྟེ། །ཁོང་པའི་ཡན ་ལག་ན་ཚབས་ཆུང། །ཕྱོགས་དེ་མདོག་ནི་ཉམས་པ་དང། །ཕྱི་རོལ་ཏུ་ནི་མཐོ་ཞིང་འཕགས། །ལྟོ་སྤོ་ལྟག་པར་མི་བཟང་ན། །རྒྱུ་མ་སྒྲ་བཅས་མི་བཟད་ན། །ལྟོ་སྦོས་ལྟོ་བ་ན་བ་དང། །རླུང་གི་ནང་ཀྱིས་སྟེང་འོག་བཀག། དེ་ནི་ཉེན་གྱི་ཞེས་བྱར་བཤད། །སྲ་ཞིང ་གཏུན་འདྲ་མདུད་པ་ཅན། །གཏུན་འདྲ་གྱེན་དུ་མཐོ་བར་གནས། །ཧན་གྱི་མཚན་ལྡན་གཏུན་པུ་ནི། །འཕྲེང་གནས་དེ་དང་ཆུ་ལ་འདྲ་ཡིན། །ཞུ་བའི་གནས་ནས་གཞང་པོ་མཚན། །རླུང་ནི་མི་བཟད་ན་ཞིང་རྒྱུ། །ཐུར་དུ་ཟུག་པ་ཡིན་པར་བཤད། །དེ་ལས་བཟློག་པ་གྱེན་དུ ་ཟུག་པའོ། །སྒྲེགས་པ་མང་ཞིང་བཤད་བ་འགགས་པ་དང། །འདྲངས་ཟ་མི་ནུས་རྒྱུ་མ་སྒྲ་དང་བཅས། །སྦོ་ཞིང་ཉེ་ན་ལངས་ཁ་ཟས་འཇུ་མི་ནུས། །སྐྲན་ནི་ཉེར་འབྱུང་མཚན་མ་ཡིན་པར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི ་གནས་ཀྱི་ལེའུ་བཅུ་གཅིག་པའོ།། །།དེ་ནས་དམུ་རྫིང་གི་ནད་གཞི་བཤད་པར་བྱའོ། །ནད་ཀུན་མེ་དྲོད་ཉམས་ལས་སྐྱེ། །ལྷག་པར་དམུ་རྫིང་ནང་སྐྱེ་ཞིང། །མ་ཞུ་དྲི་མ་ཅན་གྱི་ཟས། །དྲི་མ་སོགས་སྐྱེ་བར་འགྱུར། །ནད་ཀྱིས་ཆུ་ནི་རྒྱུ་བའི་རྩ ་སྟེང་དང་འོག་ཏུ་བཀག་ནས་ནི། །སྲོག་དང་ཐུང་སེར་ལ་གནོད་དེ། །པགས་བའི་ཤ་ཡི་བར་གནས་ནས། །ལྟོ་བ་བཀར་སྟེ་དམུ་རྫིང་བསྐྱེད། །དེ་ཡང་རྣམས་པ་བརྒྱད་འགྱུར་ཏེ། །ནང་གཞི་ཐ་དང་འདུས་མཆིན་པ། །དྲི་མ ་འགགས་དང་རྒྱུ་རྟོལ་བ། །དེས་གཟིར་རྐན་དང་མཆུ་བསྐམས་ཤིང། །རྐང་བ་ལག་པ་གསུམ་བ་སྐྲད། །སྤྱོད་བ་ཁ་ཟས་ཉམས་བསྟོབས་འབྲི། །སྐེམས་ཞིང་གསུས་པ་ཆེར་སྐྱེས་ལ། །མི་ནི་ཡི་དགས་གཟུགས་ཅན་འགྱུར། །དེ་ནི་འབྱུང་འགྱུར ་མཚན་མ་དག། བཀྲེས་བ་མེད་ཅིང་ཟས་ཀུན་ནི། །རིང་ནས་ཚ་ཞིང་སྒྱུར་བཅས་འཇུ། །འཇུ་དང་མའི་འཇུ་མི་ཤེས་ལ། །འདྲངས་པར་ཟ་ཡང་མི་ནུས་ཤིང། །སྟོབས་ནི་རྟག་ཏུ་ཟད་བར་འགྱུར། །ཅུང་ཟད་བསྐྱོད་ཀྱང་དབུགས་མི་བདེ། །བཤད ་པ་འཕེལ་ཞིང་འགག་པར་བྱེད། །རྐང་པ་གཉིས་སུ་ཅུང་ཟད་སྐྲང། །ཆུ་སོར་ན་ཞིང་ཟས་ཡང་པ། །ཅུང་ཟད་ཟོས་ཀྱང་གསུས་བ་རྒྱས། །རྩ་རྒྱས་ལྟོ་བའི་གཉེར་མ་འཇིག། དམུ་རྗིད་ནད་ནི་ཐམས་ཅད་ལ། །སྙོམ་ཞིང་ཉམས་ཆུང་འགྱུར་བ་དང། ་དྲི་མ་སྲི་ཞིང་མ་དྲོད་ཆུང། །ཚ་ཞིང་སྐྲངས་ལ་གསུས་པ་སྦོ། །མཇུག་ཏུ་ཆུ་ནི་འབྱུང་བར་འགྱུར། །ཐམས་ཅད་ཆུ་མེད་པར་དུ་སྨུག་།སྐྲངས་མེད་ཡུར?་ལྟར་ལྕི་བ་ཡིན། །རྩ་འདྲའི་སྐར་ཁུར་རིས་ཀྱིས་ཁེབས། །རྟག་ཏུ་སྒྲ་ནི་འུར་འུར་ཟེར། རླུང ་གི་ལྟེ་བ་རྒྱུ་མར་ཟུག། ཤུགས་སྐྱེས་ན་ནི་འཇིག་པར་འགྱུར། །སྙིང་ག་ལྟེ་བ་རྐང་པ་དང། །གཞད་དང་ཚུ་སོར་ན་བར་བྱེད། །རླུང་ནི་སྒྲ་དང་བཅས་པར་རྒྱུ། །གཤད་བ་འགག་ཅིང་གཅི་བ་ཉུང། །མ་དྲོད་ཆུ་མིན་སྐམ་པ་མིན། །ཁར་ནི་རོ་བྲ་མེད་པ ་ཡིན། །དེ་ལ་རླུང་གི་དམུ་རྫིང་ནི། །རྐང་ལག་རླིག་པ་ལརོ་བ་སྐྲད། །ལྟོ་བ་རྩིབ་ལོགས་རྐེང་རྒྱབ་ན། །ཚིགས་རྣམས་དབྱེ་བ་སྙམ་དུ་སེམས། །ལུད་པ་བསྐམས་ཤིང་ཡན་ལག་སྙོམས། །རོ་སྨྲང་ལྕི་ཞིང་བཤད་གཅི་འགག། པགས་པ ་ལ་སོས་གནག་ལ་སྨུག། གློ་བུར་ཏུ་ནི་འཕེལ་ཞིང་འབྲི། །གསུས་པ་ཟུག་ཞིང་ན་བ་དང། །རྩ་བྲན་ནག་པོས་ཁྱབ་ཅིང་རྒྱས། །བརྡབས་ན་རྒྱལ་བ་དབུགས་ཀྱིས་ནི། །གང་བ་ལྟ་བུའི་སྒྲ་དང་ནི། །འདིར་རླུང་ནད་དང་སྒར་བཅས་པར། །ཐམས་ཅད་དུ ་ནི་རྒྱུ་བར་བྱེད། །མཁྲིས་པའི་དམུ་རྫིང་རིམས་འདེབས་བརྒྱལ། །ལུས་ཚ་སྐོམ་དང་ཁ་རོ་ཁ། །མགོ་འཁོར་ཚད་འཁྲུ་པགས་པ་སོགས། །སར་ཞིང་གསུས་བའི་མདོག་རྩ་སྔོ། །རྩ་ན་དམར་སེར་དག་གིས་ཁྱབ། །རྡུལ་དང་ཚ་བར་བསྲེག་པས་བསྲེག། ་དང་འབྱུང་རག་ན་འཇམ་པ་དང། །མྱུར་དུ་སྨིན་ཞིང་ཉེར་གདུང་འགྱུར། །བད་ཀན་དམུ་རྫིང་ལྟོ་ཚིགས་ན། །ཚོར་བ་མེད་ཅིང་སྐྲངས་ལ་ལྕི། །གཉིད་ཆེ་སློན་ཞིང་ཡིག་འཆུ་སེ། །ལུང་པ་དབུགས་མི་བདེ་པགས་སོགས། །སྐྱེ་ཞིང་ལྟོ་བ་མཁྲང་ལ ་སྣུམ། །རྩ་ཡི་རི་མོས་ཁྱབ་ཅིང་ཆེ། །རིང་ནས་འཕེལ་ཞིང་སྲ་བ་དང། །རིག་ན་གྲང་ཞིང་གསུས་པ་ལྕི། །ནད་གསུམ་འཁྲུགས་བ་དེ་དང་དེ། །བུད་མེད་ཀྱིས་བྱིན་དྲི་མ་རྡུལ། །དབྱི་བ་དུག་དུག་སོགས་ཀྱིས་གནོད་འགྱུར། །ཁྲག་བཅས་གྲི་མ་གསགས ་པ་ནི། །ལྟོར་སོང་གནོད་པ་སྐྱེད་བྱེད་ཏེ། །ཁ་སྐམ་མགོ་འཁོར་བ་རྒྱལ་བཅས་པའི། །རྟགས་གསུམ་ལྡན་པའི་དམུ་རྫིང་བསྐྱེད། །མྱུར་དུ་སྨིན་ཞིང་མི་བཟད་ན། །དེ་ནི་གྲང་དང་རླུང་དང་ཆར། །ཕྲད་པས་ཤིན་ཏུ་གནོད་པར་འགྱུར། །མང་དུ་གྲོས་བས་བསྒྱོད ་པ་དང། །བཞོན་པ་དག་ཏུ་འགྲོ་བ་དང། །ལས་ལམ་ཉལ་བོ་དྲོགས་པས་དུབ། །ས?གས་དྲགས་དང་ནད་ཀྱིས་སྐེམ། །གཡོན་ལེགས་དག་ཏུ་གནས་པའི་མཆེར་བ་ནི། །གནས་ལས་འཕོས་ཏེ་འཕེལ་བ་དང། །ཡང་ན་དང་སམ་སོགས་བས་ཁྲག? ་རྒྱས་བྱས་དེ་ནི་འཕེལ་བར་འགྱུར། །དེ་ནི་གཏུན་སུ་བཞིན་རབས། །དེ་ནས་རུས་སྦལ་རྒྱབ་འདྲ་བར། །རིམས་ཀྱིས་འཕེལ་བར་འགྱུར་ན་ཡིན། །ལྟོ་བར་དམུ་རྫིང་ཚོགས་པར་བྱེད། །ལུད་པ་དབུགས་མི་བདེ་སྐོམ་དང། །ཁ་ཡིས་རོ་ནི་མི་ཚེར ་ཞིང། །སྦ་ཞིང་ངན་ལ་རིམས་ཀྱིས་འདེབས། །ཤ་མདོག་སྐྱ་ཞིང་མི་སྙུག་ལ། །བརྒྱལ་ཞིང་སློན་བར་བྱེད་བ་དང། །ཚ་ཞིང་མྱོས་དང་ལྡན་བར་འགྱུར། །རྩ་མདོག་དམར་བའམ་མི་སྡུག་བའམ། །སྔོ་ཞིང་སེར་ལ་རི་མོར་བཅS།། ་དེ་ལ་རིམས་ཀྱིས་ནང་རྣམས་ནི། །བཤད་འགགས་བ་དང་ལྟོ་སྦོས་དང། །རྨོངས་བག་སྐོམ་ཚ་རིམས་ཀྱིས་འདེབས། །ལུས་ལྕི་སྲ་ཞིང་ཡིག་འཆུས། །མཆེར་བ་ལྟ་བུར་མཆིན་གཡས་ལོགས། །གནས་འཕོས་དམུ་རྫིང་བསྐྱེད་ཅེས་བྱ། །བྱ་སྒྲོ་སུ ་དང་བཅས་བའི་ཟས། །ཟོས་བས་བཤད་ལམ་གནས་འགགས་ཏེ། །གཞད་འབྲུམ་དང་ནི་རྟུག་སྐམ་དང། །རྒྱུ་མར་ཆགས་པའི་ཟས་ཀྱིས་ཀྱང། །ཐུར་དུ་སེལ་བའི་རླུང་འབྲུགས་ཏེ། །བཤད་བ་བད་མཁྲིས་བཀག་ནས་ནི། །ལྟོ་བར་དམུ་རྫིང་ཆགས་པར ་བྱེད། །དེས་ནི་ཚ་སྐོམ་རིམས་སྦྲིང་འབྱུང། །ལུང་པ་དབུགས་མི་བདེ་བླ་ན། །གླད་སྙིང་ལྟེ་བ་གཞད་ཁ་ན། །དྲི་མ་འགགས་སློན་ཡི་ག་འཆུས། །ལྟོ་བར་རླུང་ནི་འཁྱིམས་བར་བྱེད། །བརྟན་ཞིང་རྩ་ནི་སྔོ་ལ་སྨུག། རྩ་རིས་སྣང་བའམ་མི་སྣང་འགྱུར།། ་ཕལ་ཆེར་ལྟེ་བའི་འོག་ཏུ་ནི། །བ་ལང་མཇུག་འདྲ་འབྱུང་བར་འགྱུར། །རུས་སོགས་ཟུག་རྡུར་བཅས་བའི་ཟས། །ཟོས་སམ་ཤིན་ཏུ་དྲན་ཟོས་བ། །རྒྱུ་མ་རྡོལ་ལམ་གས་འགྱུར་ནས། །བུ་ག་དེ་ནས་མ་ཞུ་བར། །ཕྱིར་འཛག་བཤད་ལམ ་ལས་བྱུང་ཞིངན་།བཤད་བཅས་ཉུང་ཤས་ཉུང་ཤས་ནི། །ཤ་རུལ་ལྟ་བུར་མ་ནམ་པ་ནི། །སྤྱིན་པག་དམར་སེར་འབྱུང་བར་འགྱུར། །ལྟག་མ་ཡིས་ནི་ལྟོ་བ་འགེངས?། །དམུ་རྫིང་མི་བཟད་སྐྱེ་བར་འགྱུར། །ད་ནི་ལྟེ་བ་མན་ཆད་རྒྱས ་ཆུས་གང་ལྟ་བུར་མྱུར་དུ་འགྱུར། །ནང་ཀྱི་ཚུལ་ནི་ཤས་ཆེར་ལྡན། །དབུགས་མི་བདེ་སྐོམ་མགོ་འཁོར་ཁྱབ། །རྒྱུ་རྡོ་ལ་དམུ་རྫིང་ཞེས་བཤད་དེ། །གཞན་དག་རྒྱུ་མ་འཛག་ཅེས་ཟེར། །སྣུམ་འཐུངས་ལ་སོགས་བྱས་ནས་ནི། ། ་འཕྲལ་དུ་ཆུ་གྲང་འཐུངས་པ་འམ། །མེ་དྲོད་བྲི་བའམ། ཧ་ཅང་ནི། །སྐེམ་བས་ཆུ་འཐུངས་དྲགས་པ་ལས། །རླུང་དང་བད་ཀན་འཁྲུགས་ཆུར་འདྲེས། །ཆུ་ཡི་ལམ་ནི་བཀག་གྱུར་པས། །དེ་ཉིད་གནས་དེར་འཕེལ་བར་འགྱུར། །དེ་འོག་དམུ་རྫིང ་གྱུར་བ་ཡིན། །དེ་ནས་དམུ་རྫིང་དེ་ལས་ནི། །སྐོམ་དང་རྐུབ་ཏུ་ཆུ་འཛག་བཅས། །དབུགས་མི་བདེ་ལུང་ཡི་ག་འཆུས། །སྣ་ཚོགས་མདོག་ལྡན་རྩ་ཡིས་ཁྱབ། །རྐྱལ་པ་ཆུས་གང་རེག་པ་འདྲ། །བསྐྱོད་ན་སྒྲ་དག་ལུས་འདར་ལ། །དམུ་རྫིད་ཆེན་པོ ་ཆེ་ཞིང་སྣུམ། །བསྟན་ཞིང་དེ་ནི་ལྟེ་བ་ཟླུམ། །ཐམས་ཅད་ཡལ་བར་བོར་ནས་ནི། །ནད་ནི་རང་གནས་ལས་འཕོས་ཏེ། །སྨིན་པས་སླ་ཞིང་ཟགས་འགྱུར་བ། །ཚིགས་དང་རྩ་སྒོ་ལས་ཀྱང་འཛག། ཕྱི་ཡི་རྩ་སྒོ་ནས་རྡུལ་འབྱུང། །འགགས་ན་ཐད་ཀར ་འཁྱིལ་ཞིང་གནས། །ཆུ་དེ་བྱིད་ནི་འཕེལ་འགྱུར་ཞིང། །སྤྱི་བག་གྱུར་ན་དེ་ཚེ་ནི། །ལྟོ་བ་ལྕི་ཞིང་སྲ་ལ་ཟླུམ། །བརྟབས་ན་སྒྲ་ནི་མི་འབྱུང་ཞིང། །མདོག་འཇམ་རྩ་རིས་མི་སྣང་ལ། །ལྟ་བ་དང་ནི་རྒྱབ་ཏུ་འགྲོ། །དེ་རྗེས་ཆུ་ཡི་དམུ་རྫིང་སྐྱེས ་ལྟོ་བ་འཕེལ་ཞིང་དེ་ལས་ལྷག། །རྩ་ནུབ་གྱུར་པའི་དམུ་ཆུ་ནི། །དམུ་རྫིང་བཤད་པའི་མཚན་ཉིད་ལྡན། །རླུང་དང་མཁྲིས་པ་བད་ཀན་མཆར། །འདུས་པའི་ཆུ་ཡི་དམུ་རྫིང་རྣམས། །ཕྱི་མ་བཞིན་དུ་གསོ་བ་དཀའ་། །གཞན་དག ་ཕལ་ཆེར་ཟླ་ཕྱེད་གསོད། །ཐམས་ཅད་ཆུར་གྱུར་འཆི་ལྟས་ལེའུ། ལས་བཤད་བརླ་གཉན་ལྡན་པའང་གསོད། །སྐྱེས་ནས་དམུ་རྫིང་གྱུར་བ་དག། ཕལ་ཆེར་གསོ་བར་དཀའ་བར་བཤད། །སྟོབས་ལྡན་ཚུར་ནི་མ་གྱུར ་ཞིང་?་གསར་དུ་འབྱུང་བ་འབད་པས་གོས། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནང་གཞིའི་གནས་ཀྱི་ལེའུ་བཅུ་གཉིས་པའོ། །དེ་ནས་སྐྱ་རྦ་བ་དང་འོད་ནད་དང་མེ་དཔལ་གྱི་ནད་གཞི་བཤད་པར་བྱའོ།། ་ཇི་སྐད་བཤད་པའི་ནད་འཁྲུགས་པ། །མཁྲིས་པ་ལྷག་པར་ལྡད་འགྱུར་ལ། །དེ་ལ་རླུང་ནི་སྟོབས་ཆེ་བས། །སྙིང་ལ་གནས་བའི་མཁྲིས་པ་ནི། །གཏོར་ཆེ་རྩ་ཆེན་བདུའི་ནང་བསམ། །ལུས་ཀུན་ལ་ནི་ཁྱབ་བྱར ་བས། །བད་ཀན་པགས་པ་ཤ་ཁྲག་ལ། །གནོད་བྱས་པར་དུག་ནས་ནི། །ཤ་དང་པགས་པ་དེ་དག་ལས། །པགས་མདོག་ཐ་དང་དཀར་བ་དང། །སེར་ཞིང་ལྗང་སྔོན་བྱེད་པར་འགྱུར། །དེ་ལས་སྐྱ་བའི་ཤས་ཆེ་ནས། །དེ་ཕྱིར་སྐྱ་རྦབ་ནང ་ཅེས་བཤད། །ནད་དེ་ལུས་ནི་ལྕི་བ་དང། །ལུས་ཟུངས་རྣམས་ནི་ལྷོད་པ་དང། །མདངས་ཀྱི་ཡོན་ཏན་ཟད་བྱེད་ཅིང། །དེ་ལས་ཁྲག་དང་ཆིལ་ཆུང་སྟེ། །སྙིང་པོ་མེད་ཅིང་དབང་པོ་ལྷོད། །ཡན་ལག་བརྡུངས་བ་སྙམ་བྱེད་ཅིང། །སྙིང་ནི་ཟགས ་པ་སྙམ་དུ་སེམས། །མིག་ཕུགས་སྐྲད་ཞིང་ཉམས་ལ་ནི། །མཆིལ་མང་སྐད་གསན་དམའ་བ་དང། །ཟད་མི་འདོད་ཅིང་གྲང་མི་བཟོད། །སྤུ་འབྱི་མེ་དྲོད་ཉམས་བ་དང་།རོ་སྨད་བྱིང་ཞིང་རིམས་ཀྱིས་འདེབས། །དབུགས་མི་བདེ་ཞིང་རྣ་སྐྲ ་འབོད། །མགོ་འཁོར་ལ་བར་བྱེད་པ་ཡིན། །དེ་ནི་ནང་གཞི་ཐ་དད་འདུས། །ས་ཞག་ཟོས་ལས་རྣམས་ལྔར་འགྱུར། །འདི་ཡི་སྔོན་ཚུལ་སྙིང་འཕར་ཞིང། །པགས་པ་རྩུབ་པར་གྱུར་པ་དང། །ཡིག་འཆུས་ཤིང་གཅིན་མདོག་སེར། ། ་རྡུལ་མེད་ཁོང་བའི་མེ་དྲོད་ཆུང། །ལུས་རྨྱ་ངལ་བར་བྱེད་པ་ཡིན། །ད་ལ་རླུང་གྱུར་ལུས་ན་ཟུག། རྩ་སེན་མིག་དང་བཤད་གཅི་རྣམས། །མདོག་གནག་རྩུབ་ལ་འདར་བ་དང། །སྐྲང་སྦོ་ཁ་ཡིས་རོ་མི་ཚོར། །རྟུག་སྐམ་རྩིབ་ལོགས་ཀླད་པ་ན།། ་མཁྲིས་པ་ལས་རྩ་སེན་མོ་སོགས། །ལྗང་སྔོན་རིམས་འདེབས་མུན་འཐིབས་བྱེད། །སྐོམ་དང་རྡུལ་བརྐྱལ་བསིལ་བ་འདོད། །ལུས་མནམ་ཁ་ནང་ཁ་བ་དང། །འཁྲུ་ཞིང་སྒྲེགས་བ་སྐྱུར་ལ་ཚ། །བད་ཀན་རྩ་སོགས་དཀར?་པ་དང། ཀློང་ཞིང ་ཁ་ནད་ལན་ཚ་བྲོ། །བ་?་ལྡང་ཞིང་སྐད་འགགས་ལ། །ལུས་པ་ལུ་ཞིང་སློང་བྱེད། །འདུས་འགྱུར་མཚན་མ་འདྲེས་མ་ནགས་དཀའ་། །ས་ཞག་དཀའ་བས་རླུང་བསྐྱེད་ལ། །ཚ་བྲོ་མཁྲིས་པ་དང་ར་བད་ཀན། །དངས་མ་ལ་སོགས་གནོད ་འགྱུར་ཞིང། །རྩུབ་པས་ཟས་ཟོས་རྩབ་གྱུར་ནས། །ཞུ་བས་རྩ་སྦུབས་འགགས་བྱས་ཏེ། །སྔ་མ་བཞིན་དུ་སྐྱ་རྦབ་བསྐྱེད། །དེ་ནས་ལྟེ་བ་རྐང་བ་དང། །ཁ་དང་ཕོ་མཚན་སྐྲངས་བར་བྱེད། །བཤད་པ་ཝུ་དང་བཅས་པ་འཁྲུ། །བད་ཀན་ཁྲག་དང་བཅས་ཏ་པར་འབྱུང། །གང་ཞིག་སྐྱ་རྦབ་ནད་ཀྱིས་བཏབ། །དེ་ཡིས་མཁྲིས་བསྐྱེད་ཟས་ཟོས་བས། །ཁོང་བ་ཡན་ལག་གནས་མཁྲིས་གནས། །བཤད་ཁྲག་བསྲེགས་ཏེ་མིག་སེར་བསྐྱེད། །དེས་ནི་མིག་དང་པགས་པ་གདོང། །བཤད་གཅི་སེན་མོ་ཁ ་དོག་སེར། །ལུས་ཆ་སྐོམ་དང་ཟས་མི་འཇུ། །སྦལ་འདྲ་དབང་པོ་ཉམ་ཆུང་འགྱུར། །དེ་ནི་མཁྲིས་བའི་ཤས་ཆེན། །སྐྱ་རྦབ་ནད་མེད་པར་དེ་འབྱུང། །ཡལ་བར་བོར་ན་ཆེར་སྐྲངས་ཏེ། །གོས་དཀའ་མིག་སེར་འོར་ཐབས་ཡིན། །ཧ་ལུང་ས ་ནི་ལྟར་ནག་སེར། །རླུང་མཁྲིས་མགོ་འཁོར་སྐོམ་དང་ཆེ། །བུད་མེད་ལ་དགའ་རིམས་ཆུང་འདེབས། །ཁོང་རྨྱ་མེ་དྲོད་ཉམས་སྟོབས་འབྲི། །ཧ་ལིཾ་ས་ཀ་ཁྲག་ངན་གྱུར། །ཆུ་སེར་ཅན་ཞེས་བྱ་བ་ཡིན། །དེ་རྣམས་ཀྱི་ནི་བླ་གཉན་སྔར། །འོར་ནད ་གཙོ་བོ་ཡིན་པར་བཤད། །དེ་ཕྱིར་དེ་ཉིད་བཤད་པར་བྱའོ། །རླུང་འཁྲུགས་གྱུར་པས་བད་ཀན་དང། །ཁྲག་དང་མཁྲིས་པ་ཕྱི་རོལ་རྩར། །འཕྲོས་བྱས་དེ་ཡང་རྒྱུན་སྲང་འགགས། །པགས་པ་ཤ་ལ་གནས་འགྱུར་ཏེ། །འོད་ནད་མཐོང་ཞིང ་མཁྲད་བར་བྱད། །དེ་བས་ཐམས་ཅད་འདུས་གྱུར་བཤད། །རྒྱུ་རྣམས་ཀྱི་ནི་བྱེ་བྲག་ལས། །གཟུགས་དབྱེ་དགུ་ཡི་བདག་ཉིད་ཅན། །ནད་གཞི་ཐ་དད་གཉིས་བད་ཀུན། །སྣང་དང་དུག་གིས་ཕོག་ལས་འབྱུང། །ཡང་ན་རང་དང་གློ་བུར་གཉིས། ཡན ་ལག་ཀུན་སྐྲངས་ཕྱོགས་གཅིག་གཉིས། །ཁྱབ་དང་མཐོ་དང་མདུད་པ་ཡི། །དབྱིབས་ཀྱི་དབྱེ་བས་གསུམ་དུ་འདོད། །འོད་ནད་ཀྱི་ཀྱི་ནི་སྤྱི་ཡི་རྒྱུ། །ནད་ལས་སྐྱེས་པ་ཁྱད་པར་ཉིད། །ནད་ལསླ་སྨྱུར་སོགས་ཀྱིས་ཉམས་ཆུང། །མྱུར་དུ་ལྷག ་པར་ཟས་ལས་འབྱུང། །དེ་ནས་གཞན་ཡང་ལྕི་བ་དང། །སྐྱུར་དང་སྣུམ་བདིལ་ལན་ཚྭ་དང། །ཐལ་སྨན་རྣོན་པོ་ཚ་བ་དང། །མྱ་ངན་ཆུ་གཉིད་དྲགས་དང་ཡར། །ས་ཟོས་ཤ་ཅི་ཤ་སྐམ་དང། །མ་ཞུང་ལ་དང་བུད་མེད་དྲགས། །རྐང་མཐིལ་ལམ ་དུ་འགྲོ་བ་འམ། །བཞོན་བས་དྲག་ཏུ་བསྐྱོང་འགྱུར་ཡིན། །ལུང་པ་དབུགས་མི་བདེ་ཆང་འཁྲུ། །གཞད་འབྲུམ་ལྟོ་བའི་ནད་དང་ནི། །མངལ་ནས་ཁྲག་ཟགས་རིམས་ཀྱིས་བཏབ། གསུང་དང་ཆུ་སེར་སློན་ཉེས་དང། །སྦྲུམ་མ་དང་ནི་མེད་པལ་གྱི། །ནད ་དང་སྐྱ་རྦ་བ་དག་གིས་བཏབ། །གཞིད་ཡང་ལོག་པར་གསོས་གྱུར་བའི། །ནད་དེ་བྲད་དུ་གནས་ན་ནི། །སྟོད་སྐྲངས་ཆུ་སོར་གནས་སྨད་སྐྲངས། །དབུག་ན་གནས་པ་རབ་ཏུ་སྐད། །ཡན་ལག་ཀུན་ཁྱབ་ཐམས་ཅད་སྐྲད། །ཉིད་ལག་ལ་བརྟེན་དེ་སྐྲངས ་བྱེད། །དེ་ཡི་སྔོན་ཚུལ་རྩ་རྣམས་ཚ། །ཡན་ལག་སྙོམས་བར་བྱེད་པ་ཡིན། །རླུང་ལས་སྐྲངས་པ་འཕོ་ཞིང་རྩུབ། །རྩ་སྦུབས་སྨུག་ཅིང་གང་བ་དང། །པགས་འཁུམས་འདར་བ་རྩེ་རེག་ན། །ན་ཞིང་བཟུག་ལ་བེམས་བེམས་པོ། །མྱུར་བར ་ལྡང་ཞིང་མྱུར་དུ་ཞིང། །སྐྲངས་པ་མནན་ན་དམའ་བར་འགྱུར། །སྣུམ་དང་དྲོ་བས་ཉེས་ན་ཞི། །མཚན་མ་ཆུང་ཞིང་ཉིན་མོ་ཆེ། །པགས་པ་ཡུངས་ཀར་ལྡེ་གུ་ཡིས། །བསྐུས་ལྟར་ཚ་བ་ཙག་ཙག་བྱེད། །མཁྲིས་པ་རྩ་སེར་དམར་ལ་གནག། ་སྤུ་ནི་དམར་སེར་གྱུར་བ་དང། །མྱུར་དུ་ལྡང་དང་ཞི་མི་འགྱུར། །དང་པོར་དབུས་སུ་བྱུང་དང་སྲག་།སྐོམ་བཅས་ཚ་ཞིང་རིམས་འདེབས་རྡུལ། །མནམ་ཞིང་འདྲུལ་ལ་སྐོམ་མགོ་འཁོར། །བསིལ་པག་འདོད་ཅིང་ཐུང་དུ་འཁྲུ། །དྲི་མ་ནམ་རེག་ན་མི ་བཟོད་འཇམ། །བད་ཀན་གཡའ་སྤུ་པགས་པ་དཀར། །མཁྲད་ཞིང་བསིལ་ལ་ལྕི་བ་དང། །སྣུམ་ཞིང་འཇམ་ལ་བརྟན་ཞིང་འཐས། །གཉིད་ཆེ་སློན་ཞིང་མེ་དྲོད་ཉམས། མནན་ན་མི་འབྱིན་ལྡང་དཀའ་ཞིང། །ཞི་དགའ་མཚན་མོ་སྐྲད་ཚབས་ཆེ།། ་འོད་མ་བཙགས་བུ་སོགས་རལ་ཡང། །ཁྲག་མི་འབྱུང་བར་སྤྱིན་བག་འཛག། དྲོ་དང་རེག་པ་ལ་མངོན་དགའ་། །གཉིས་འབྱུང་གསུམ་པོ་རང་ཇི་བཞིན། །རྒྱུ་དང་མཚན་མ་འདྲན་མ་ཡིན། །འདུས་པ་ཀུན་གྱི་བདག་ཉིད་ཅན། །མཚོན་ལ་སོགས་པས ་སྣང་གྱུར་ཞིང། །བཅད་དམ་བསྒྲལ་ལམ་རྨས་ལ་སོགས། །ཁ་བ་མ་དང་རྒྱ་མཚོའི་རླུང། །བསེ་རྩི་ཀ་པིའི་ཁ་ཆུ་ཡི། །ཁུ་བ་གྲམ་སོགས་རེག་པས། །སྐྲངས་པ་མཆེད་པ་འགྱུར་པ་ཡིན། །ཤིན་ཏུ་ཚ་ཞིང་དམར་བར་སྣང། །ཕལ་ཆེར་མཁྲིས ་པའི་མཚ་ཉིད་ཅན། །དུག་སྐྱེས་སྲོག་ཆགས་དུག་ཅན་ནི། །ལུས་ལ་སོང་དང་གཅིན་གྱིས་བོག། སྲོག་ཆགས་དུག་མེད་པ་ཡི་ཡང། །སོ་དང་མཆེ་བ་སེན་མོས་ཟུག། གཅིན་རྟུག་ཁུ་བས་སྨེས་བ་དང། །དྲི་མ་ཅན་གྱིས་གོས་ཀྱིས་རེག། །དུག་ཤིང ་རླུང་ལ་རེག་པ་དང། །དབྱིག་དུག་ཕྱེ་མས་རེག་ལས་བྱུང། །མཉེས་ཞིང་གཡོལ་འཕྱང་བ་དང། །མྱུར་གསོད་ཚ་ཞི་ངན་བར་བྱེད། །འོར་ནད་གསར་འབྱུང་བརླ་གཉན་མེད། །གསོ་སླ་སོ་དཀའ་སྔར་བཤད་ཟིན། །མེ་དཔལ་ནད་དང་སྣད་བའི་བར། ། ་གནོད་བ་འོར་ནད་མཚུངས་པ་ཡིན། །དེ་ནི་ཕྱི་ནང་གཉིག་སྟེ། །གསུམ་ན་གནས་པ་ཡིན་པར་བཤད། །ཕྱི་མ་བཞིན་དུ་གསོ་བར་དཀའ་། །དེ་ལ་ནད་ནི་ཇི་བཞིན་དུ། །འཁྲུགས་པའི་རྒྱུ་ཡིས་ལྡར་གྱུར་ལ། །ཁྱད་པར་དུ་ནི་ཚ་བ་ཡིས། །ལུས་ལ་མྱུར ་དུ་མཆེད་པར་བྱེད། །དེ་ཡང་ནད་གནས་ནད་དུ་མཆེད། །ཕྱི་རོལ་ཕྱིར་མཆེད་གཉི་གར་གནས། །གཉི་གར་མཆེད་པར་བྱེད་པ་ཡིན། །དེ་ལ་ནད་ན་གནས་པ་ནི། །གནད་རྣམས་ཚ་གདུང་མྱོས་པར་བྱེད། །བུ་ག་རྣམས་ལ་གནོད་པ་དང། །སྐོམ་དང ་རབ་ཆེ་གཅིན་ནད་སོགས། །མི་སྙོམས་པར་ནི་འབྱུང་བ་དང། །མེ་དྲོད་སྟོབས་ཉམས་ལས་ཤེས་བྱ། །ཕྱི་རོལ་དེ་ལས་བཟློག་པ་ཡིན། །དེ་ལ་རླུང་གྱུར་མེ་དཔལ་ནི། །རླང་གི་རིམས་དེར་ནད་ཐབས་འདྲ། །སྐྲང་ཞིང་མགུལ ་བ་ཟུག་བ་དང། །ཡན་ལག་སྙོམ་ཞིང་བ་སྦུ་རྩེ། །མཁྲིས་འགྱུར་མྱུར་དུ་མཆེད་ཅིང་འགྲོ། །མཁྲིས་རིམས་རྟགས་ལྡན་ཤིན་ཏུ་དམར། །བད་ཀན་ལས་གཡའ་དག་ན་འཇམ། །བད་ཀན་ལས་བྱུང་རིམས་འདུར་མ། །མེ་དཔལ་སོགས་ཀུན་ཡལ ་བར་བོད། །རང་གི་ནང་ཚུལ་བསགས་གྱུར་ན། །ད་ནི་སྨིན་རྡོལ་རང་རང་གི། མེ་དཔལ་རྨ་ཡི་མཚན་ཉིད་འཛིན། །རླུང་མཁྲིས་ལ་ནི་རིམས་འདེབས་བློན། །བརྒྱལ་ཞིང་ཆང་འཁྲུ་སྐོམ་མགོ་འཁོར། །རུས་ཚགས་ཆག་སྙམ་མེ་དྲོད་ཉམས། ་མུན་ཞུགས་སྙམ་སེམས་ཡིག་འཆུས། །ཡན་ལག་ཐམས་ཅད་མེ་མདག་ནི། །འབར་བས་ཁྱབ་པ་ལྟ་བུར་ཚ། །ཕྱོགས་ནི་གང་དང་གང་དུ་མཆེད། །ཁྱབ་པའི་ཡན་ལག་དེ་དང་དེ། །མེ་མདག་ཞི་བ་ལྟར་གནག་པ་འམ། །སྔོ་བའམ་དམར་བS ་ཁྱབ་ཕྱིར་ལ། །མེ་བསྲེགས་ལྟ་བུར་ཆུ་བུར་འབྱུང། །མྱུར་དུ་མཆེད་ཅིང་ཁྱབ་པར་བྱེད། །གནང་ཀྱི་རྗེས་འཇུག་མེ་དཔལ་ན། །དེ་ནས་སྟོབས་རབ་སྐྱེས་པའི་རླུང། །ཡན་ལག་ན་ཞིང་དྲན་བ་སྟོར། །གཉེར་ཡང་དབུགས་ཀྱི་རྡམ་པ་དྲག། སྐྱིགས ་བུས་འདེབས་ཤིང་འདི་ལྟ་བུའོ། །གནས་སྐབས་དེས་ནི་ཐོབ་པར་འགྱུར། །ས་དང་མལ་ཁྲི་སྟན་སོགས་པ། །གང་དཱུང?་བར་བ་མི་འཐོབ་ཅིང། །འགྲེ་ཞིང་སྡུག་བསྔལ་མྱོང་བ་དང། །ལུས་སེམས་དལ་ལས། བྱུང་བ་ཡི། །གཉིད་ཀྱི་རྨོ་དང། ་བག་སང་དཀའ་བ། །དེ་ནི་མེ་འདྲའི་མེ་དཔལ་ཡིན། །བད་ཀན་གྱིས་ནི་བཀག་པའི་རླུང། །བད་ཀན་དེ་བརྡོལ་མང་དུ་ཕྱེ། །ཁྲག་འཕེལ་བ་ཡི་ཁྲག་བརྡོལ་ཏེ། །བགས་པ་ཆུ་བ་ཤ་ལ་གནས། །གནོད་བཅས་ཐར་བུ་ཕྲ་ཞིང་རིང། །ཟླུམ་ཞིང ་སྤྲོམ་ལ་སྲ་བ་ཡི། །འཛེར་པའི་གྲེང་བ་ཆགས་བྱེད་ཅིང། །མདོག་དམར་རབ་ན་རིམས་ཀྱིས་འདེབས། །ལུང་པ་དབུགས་མི་བདེ་ཚད་འཁྲུ། །ཁ་བསྐམས་སྐྱིགས་བུ་སློན་མགོ་འཁོར། །རྨོངས་པག་མདོག་ཉམས་བརྒྱལ་དང་ལུས། །ཡན་ལག་ན་ཞིང ་མ་དྲང་ཉམས། །དེ་ལྟར་འཛེར་པའི་མེ་དཔལ་འདི། །བད་ཀན་རླུང་འཁྲུགས་ལས་གྱུར་ཡིན། །བད་ཀན་མཁྲིས་པས་རིམས་འདེབས་རེངས། །གཉིད་ཆེ་སློན་བག་ཀླད་པ་ན། །ཡན་ལག་ན་ཞིང་བྱ་བསྙད་འདོད། །གླ་ཞིང་མགོ་འཁོར་ཡི་ག་འཆུས། །རྩུབ ་ཅིང་དྲོད་ཉམས་དུས་ཆག་སྙམ། །སྐོམ་ཞིང་དབང་པོ་མི་གསལ་ལྕི། །ཁེ་སྣབས་འཁྲུ་ཞིང་དང་ཁ་འཁྱིལ། །དེ་ནི་རྩ་སྦུབས་རྣམས་སུ་འགྲོ། ཕལ་ཆེར་མ་ཞུའི་གནས་ན་ཞུགས། །ཕྱོགས་གཅིག་ཏུ་ནི་རབ་མིན། །ཐོར་བུ་སེར་པོ་དམར་པོ་དང། །དཀར་པོས་ཕྱོགས ་ཀུན་གང་བར་བྱང། །ནོར་བུ་ལྟར་སྣད་གནག་ཅིང་སྣུམ། །དྲི་མ་ཅན་ལ་སླངས་ཤིང་ལྕི། །མནགས་པའི་ཟབས་ཆེར་རབ་ཏུ་ཚ། །རེག་ན་འཇིག་ཅིང་མནགས་པ་དང། །འདབ་ལྟར་ཤིན་ཞིགས་གྱུར་ཞིང། །རྩ་རྒྱུས་གསལ་བར་སྣང་བ་ཡིན། །མི་ཡི་རོ་ལྟར ་མནས་མེད་པ་ལ། །དེ་ནི་འདམ་འདྲ་ཤེས་བྱར་བཤད། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ལུང་ཟུངས་ཀུན་ལ་ཐབ་ཁྱབ་བྱེད། །ཕྱི་ཡི་རྒྱུ་ཡི་རྨས་ལས་འཁྲུགས། །ཁྲག་བཅས་མཁྲིས་པ་སྐྱེས་བྱད་དེ་མེད་པ་ལ་དུ་ནི་རླུང་གིས་བྱེད། །རྒྱུ་སྲན་ཀུ་ལ་ཐ་འདྲ ་བའི། །འབྲུམ་བུས་ཁྱབ་སྐབས་རིམས་འདེབས་ནི། །ཤིན་ཏུ་ཚལ་དམར་ཞིང་སྔོ། །ནད་དམིགས་ཐ་དང་ལས་གྱུར་གསུམ། །གཉིས་གྱུར་བརླ་གཉན་མེད་གསོ་སླ། །རྨ་དང་འདུས་པ་ལས་བྱུང་དང། །ཐམས་ཅད་གནང་ནི་ཁྱབ་པ་དང། ་རྩ་དང་ཆུ་བ་ཤ་རུལ་དང། །མི་རོའི་དྲི་འདྲ་རུལ་གསོ་དཀའ་། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནང་གཞིའི་གནས་ཀྱི་ལེའུ་བཅུ་གསུམ་པའོ།། །།དེ་ནས་མཛེ་ནང་དང་ཤ་བཀྲ་དང་གཟིག་དང་སྲིན་བུའི་ནད ་གཞི་བཤད་པར་བྱའོ། །ཁ་ཟས་སྤྱོད་ལམ་ལོག་པ་དང། །ཁྱད་པར་དུ་ནི་མི་འབྲོད་བསྟེན། །དམ་པ་སྨོད་དང་སྲོག་གཅོད་དང། །གཞན་གྱི་ནོར་འཕྲོག་སོགས་བརྟེན་དང། །སྡིག་པའི་ལས་ནི་འཕྲལ་བྱས་དང།། ་སྔོན་ཆད་བྱས་པས་ནད་བསླང་ནས། །རྩ་ལ་ཐད་ཀར་གྲམ་ནས་ནི། །ཤ་དང་པགས་བ་ཆུ་སེར་ཁྲག། གནོད་བྱས་སླ་བར་གྱུར་ནས་ནི། །དེ་ནས་ཕྱིར་ནི་འབྱུང་འགྱུར་ཏེ། །པགས་པའི་མདོག་ནི་མི་སྡུག་བྱེད། །མི་བཟང་དེ་ནི་མཛེ་རུ་བཤད།། ་གང་ཕྱིར་དུས་ལས་ཡལ་བར་བོར། །དེ་ནི་ལུས་ཀུན་མ་རུངས་འགྱུར། །ལུས་ཐུངས་ལ་ཞུགས་ནང་དུ་ཁྱབ། །ཐམས་ཅད་འདྲུལ་བར་བྱེད་པར་འགྱུར། །རུལ་བཅས་རུལ་ཞིང་མནགས་པ་དང། །སྲིན་བུ་ཕྲ་མོ་མི་བཟད་བསྐྱེད། །སྤུ ་ཕགས་ཆུ་བ་རྩ་ཆེན་དང། །རུས་པ་སྙིང་པ་རིམས་བཞིན་ཟ། །དེ་བས་ཤ་བཀྲ་ཕྱི་རོལ་ཏེ། །མཛེ་ལས་གཞན་ནི་ཡིན་པར་བཤད། །ནང་གཞི་ཐ་དད་འདྲེས་པ་དང། །འདུས་གྱུར་མཛེ་ནད་རྣམ་པ་འདུན། །ཀུན་ཀྱང་ཉེས་གསུཾ ་ལས་བྱུང་ཡང། །དེ་ལས་ལག་པ་ལས་མིང་འདགས། །རླུང་གི་མཛེ་ནི་ཐོད་པ་འདྲ། །མཁྲིས་འགྱུར་ཨུ་དུམ་བ་ར་སྟེ། །པད་ཀན་ལས་གྱུར་ཟླུམ་གླད་ཤུ། །རླུང་མཁྲིས་ལ་སྐྱེས་རི་ཤྱ་ལྕེ། །འང?་རླུང་ལས་བྱུང་པགས་པ་ཅིག། འབྲུམ ་བྲན་དང་ནི་ཤ་བཀྲ་དྲང། །འབྲས་བྱེད་ཆུ་སེར་ཞིགས་པའོ། །བད་ཀན་མཁྲིས་པ་ལས་བྱུང་བ། །ཤུ་བ་རྨ་ཁ་རྒྱས་པོ་དང། །པདྨ་དཀར་པ་འབྲུམ་བུར་བཅས། །གཡན་པ་པགས་པ་མྱགས་པའོ། །འདུས་པ་ལས་གྱུར་འོ་ལམ་སེ། །དང་པོའི ་གསུམ་དང་ཤུ་བ་དང། །འོལ་མ་སེ་དང་པདྨ་དཀད། །རི་ཤྱའི་ལྕེ་དད་བཅས་པ་སྟེ། །འདི་བདུན་མཛེ་ནང་ཆེན་པོ་ཡིན། །མཛ་ནད་སྔར་མཚན་མ་ནི། །ཤིན་ཏུ་འཇམ་པའམ་རེག་ན་རྩུབ། །རྡུལ་འབྱུང་མི་འབྱུང་མདོག་མི་སྡུག། ལུས་ཚགས ་ཞིང་པགས་ཚོར་མེད། །ཐོར་བུ་ཕྲེའུ་མཐོ་བ་དང། །རྨ་ནི་ལྷག་པར་གཟེར་བ་དང། །མྱུར་དུ་འབྱུང་ཞིང་རིང་དུ་གནས། །འཚོར་བ་དག་ཀྱང་རྩུབ་པོར་གནས། །རྒྱུ་ཆུང་གིས་ཀྱང་ནང་ཆེར་ལྡད། །བ་སྦུ་རྩེ་ཞིང་ཁྲག་མདོག་གནག། ཐོད་པ་ལྟ་བུ་གནག་ཅིང ་སྨུག། རྩུབ་སྲ་ཚོར་བ་ཆུང་ལ་སྲབ། །ཁྱབ་ཅིང་མཛའ་མ་མི་མཉམ་ལ། །བ་སྤུ་ལངས་པས་ཁྱབ་པར་བྱེད། །ཤིན་ཏུ་ཟུག་ཅིང་གཡའ་བ་ཆུང། །མྱུར་དུ་ཁྱབ་བྱེད་ཐོད་པ་འདྲ། །ུ་དུམྦ་ར་སྨིན་པ་ལྟར། །པགས་སྤུ་སྨུག་རྩ་དཀར་བས་ཁྱབ་བཤས? ་ཚེར་འཐུག་དང་ཤས་ཆེར་འདྲུལ། །ཚ་བའི་ནང་དང་ཁྲག་ཤས་ཆེ། །མྱུར་དུ་སྨིན་ཞིང་འདྲུལ་བར་བྱེད། །འབུ་ཅན་ཨུ་དུ་ཝར་ཡིན། །བརྟན་ཞིང་འབྲས་ལ་ལྕི་ཞིང་འཇམ། །དཀར་དམར་མྱུར་དུ་མི་མཆེད་ལ། །ཕན་ཚུན་འདའ་འབྲེལ་ཤུ་བ་རློ། །གཡའ ་ཞིང་རྣག་ཆེ་འབུས་གང་ལ། །མཛའ་མ་འཇམ་ཞིང་སེར་པོ་རུ། །ཀོར་ཀོར་བར་གནས་ཟླུམ་པོ་ཡིན། །གཡའ་ཞིང་འཕྲ་ཙག་གནག་པ་དང། །ཆུ་སེར་མང་བ་གླང་ཤུ་ཡིན། །རྩུབ་ཅིང་སྲབ་ལ་མཛའ་མ་དམར། །ནང་ན་གནག་ཅིང་མཐོ་བ་དང། །ཟུག ་ཅིང་ཚལ་ན་ཞིང་མནགས། །འབྲུམ་བུ་རྩུབ་པོས་ཁྱབ་པ་དང། །རི་ཤྱའི་ལྕེ་ནི་དབྱིབས་འདྲ་བ། །འབུ་མང་རི་ཤྱའི་ལྕེ་འདྲར་བཤད། །གླང་བའི་པགས་པ་རེག་རྩུབ་པ་དང། །གཅིག་པུར་བཤད་ལ་གཞི་ཆ་ལ། །རྡུལ་མི་འབྱུང་ཞིང་ཉལ་པགས་འདྲ།། ་འབྲུམ་བུ་ཕྲ་མོ་ཐུག་ཐུག་པོ། །རེག་ན་རྩུབ་དང་ལྡན་པ་དང། །གཡའ་ཞིང་སྲ་ལ་རྣག་པ་ཡིན། །ཤ་བཀྲ་ནང་རྩུབ་ཕྱི་རོལ་འཇམ། །ཕུགས་ན་ཀློག་པ་འབྱུང་བ་དང། །རེག་ན་འཇམ་ཞིང་སྲ་བ་ལ། །ཀུ་བའི་མེ་ཏོག་ལྟར་དཀར་དམར། །ཕལ་ཆེར་རོ་སྡོད ་དག་ཏུ་འབྱུང། །རྨེན་བུ་དམར་པོ་གཡང་དང་ལྡན། །ཁྱབ་པ་འབྱེར་པའི་འབྲས་ཤེས་བྱ། །རྐང་པ་ལག་པར་གས་པ་དང། །མི་བཟང་ན་ཞིང་གཡོ་ཚབས་ཆུང། །རྐང་ལག་ཞིག་པ་ཞེས་བྱའོ། །ཐོར་བུ་དམར་པོས་ཁྱབ་པ་དང། །རིང་དུ་མཆེད་ཅིང་དུར ་འདྲ། །བགས་པ་ཟར་མའི་མེ་ཏོག་འདྲ། །གཡའ་ཞིང་བརྟན་པར་གནས་པ་དང། །ཟླུམ་བོར་བྱུང་བའི་ཤུ་བ་ཡིན། །རྩ་བ་སྦོམ་ཞིང་ཚ་བཅས་ན། །དམང་ཞིང་སྨུག་ལ་རྨ་?་མང། །མནགས་ཤིང་འབུ་མེད་ཁ་བརྐྱབ?། །ཕལ་ཆེར་ཀུན ་ཏུ་སྐྱེ་བ་ཡིན། །མཛའ་མ་དམར་ཞིང་དབུས་ན་དཀར། །གཡའ་ཚན་དང་བཅས་པ་དང། །མཐོ་ཞིང་རི་མོ་བརྟན་པས་ཁྱབ། །པདྨའི་འདབ་མ་ལྟར་རྒྱས་ཤིང། །སྟུ་གཅིང་ཆུ་སེར་ཁྲག་མང་ལ། །ཕལ་ཆེར་མྱུར་བརྡོལ་བ་དང་ཀར་ཡིན། །པགས ་བ་སྲབ་པའི་འབྲུམ་བུ་དཀར། །དམར་བས་གང་བ་འབྲུམ་བུ་ཡིན། །གཡན་པའི་ནད་ནི་གཡའ་བ་དང། །འདྲུལ་ཞིང་ལྷག་པ་ངན་པ་དང། །འབྲུམ་འཕྲ་ནག་མང་པོ་ནི། །ཕལ་ཆེར་རྐུ་བ་ལག་གྲུ་མོར་འབྱུང། །ཐོར་བུ་བཅས་ཤིང་རག་མི་དབྲོད ་གཡའ་ཞིང་དྲོ་ཚན་དང་བཅས། །དམར་ལ་པགས་པ་མྱགས་པ་ཡིན། །འོལ་མ་སེ་ནི་རབ་ཚན། །སྟོད་ནི་དམར་ཞིང་གནག་པ་སྟེ། །འོལ་མ་ས་ཡི་འབྲས་བུ་འདྲ། །མཛེ་ཡི་མཚན་མ་ཀུན་དང་ལྡན། །དེ་བས་ཁ་དོག་དུ་མར་འགྱུར། མཇེ་ནང ་ནད་གཞི་ཤེས་ཆེ་བ། །ནད་དབྱེ་ཤེས་གསོ་དཀའ་། །རླུང་དང་བད་ཀན་ལས་གྱུར་དང། །པགས་གནས་ནད་གཅིག་གྱུར་གོས་སླ། །དེ་ལ་བགས་པར་གནས་པའི་མཛེ། །ཟུག་ཅིང་རྩུབ་ལ་མདོག་མི་སྡུག། །ཁྲག་གནོས་རྡུལ་འབྱུང་གཉིད་ཆེ ་སྐྲངས། །ཤ་ལ་གནས་པ་རྐང་པ་དང། །ལག་པར་འབྲུམ་བུ་འབྱུང་བ་དང། །ཚིགས་གནས་ལྷག་པར་ཚིགས་འདྲུལ་སྐེམ། །རྐང་པ་འཇའའགྱུར་ཚིལ་གནས་པ། །ཡན་ལག་ཞིགས་པར་བྱེད་པར་འགྱུར། །རུས་བརྐང་གནས་སྣ་སྦོམ ་ཞིང། །མིག་དམར་སྐད་ནི་འགག་བ་དང། །རྨ་ལ་འབུ་ཞུགས་ཁྲུ་བར་གནས། །བུ་དང་ཆུང་མར་བཅས་ལ་བྱུང། ཁྲ་སོགས་ལ་ནི་རིམས་བཞིན་དུ། །མཚན་མ་ཐམས་ཅད་འབྱུང་བར་འགྱུར། །གཟི་གུ་མཛེ་དང་གཅིན་ལས་འབྱུང། །དེ་ནི་ཤ་བཀྲ ་ཆུ་དང་མི། །ཡོངས་སུ་འཛག་པ་ཞེས་བྱར་བཤད། །ནང་གཞི་གསུམ་ལ་བརྟེན་པར་འབྱུང། །རླུང་ལས་རྩུབ་ཅིང་སྨུག་པ་ཡིན། །མཁྲིས་འགྱུར་པདྨའི་འདབ་ལྟར་དམར། །ཚ་ཞིང་བ་སྤུ་འབྱིན་བར་བྱེད། །བད་ཀན་ལས་སྐྱ་སྟུག་ཅིང་ལྕི། །གཡའ་བཅས་རིམས ་བཞིན་ཁྲག་དང་ནི། །ཤ་དང་ཚིལ་ལ་བརྟེན་པར་བཤད། །འདི་དག་མདོག་ནི་གཉི་ག་ཡིན། །དེ་ནི་ཕྱི་མ་བཞིན་གསོ་དཀའ་། །སྤུ་དཀར་མ་ཡིན་སྲབ་བ་དང། །ཕན་ཚུན་མ་འདྲེས་གསར་དུ་འབྱུང། །མེས་མ་བསྲེགས་པ་གསོ་བར་སླ། །དེ་ལས་གཞན་པ་གསོ ་དགའ་ཡིན། །འདོམས་དང་ལག་མཐིལ་ཆུར་འབྱུང་བ། །གསར་དུ་འབྱུང་ཡང་གསོ་བར་དཀའ་། །ནང་རྣམས་ཕལ་ཆེར་ཟས་དང་ནི། །མལ་གཅིག་རེག་སོགས་ལ་བརྟེན་པས། །ཐམས་ཅད་མགོ་སྟེ་མིག་ནང་དང། །མཛེ་ནང་ལྷག་པར་འགྲོ་བ་ཡིན། །ཤད ་བཀྲ་གཟི་གུའི་ནད་བཤད་ནས། །ད་ནི་སྲིན་བུའི་ནང་བཤད་པར་བྱ་སྟེ། །ཕྱི་དང་ནང་གི་དབྱེ་བ་ཡིས། །སྲིན་བུ་རྣམ་པ་གཉིས་སུ་བཤད་།ཕྱི་ཡི་དྲི་མ་བད་གན་ལག། བཤང་སྐྱེས་དབྱེ་པས་རྣམ་བཞི་ཡིན། །མིང་ལས་རྣམ་པ་ཉི་ཤུར་འགྱུར། །དེ་ལས་ཕྱི་མི་ཁྲག ་ལས་བྱུང། །ཚད་དབྱིབས་མདོག་ནི་ཏིལ་འབྲུ་འདྲ། །སྐྲ་དང་གོས་ལ་བརྟན་པ་ཡིན། །ཕྲ་ཞིང་རྐད་པ་མང་ལ་མིང། །ཤིག་དང་སྲོམ་ཞེས་བྱའོ། །གཉི་གས་ཐོར་བུ་འབྲམ་བུ་དང། །གཡན་པ་དག་ནི་བསྐྱེད་པར་འགྱུར། །ནང་གི་ཚེ་དང་རྒྱ་གཅིག་སྟེ། །དེ་ལས ་བད་ཀན་ལས་མང་སྐྱེ། །ཟས་མངར་བུ་དམ་པོ་མ་དང། །ཚྭ་དང་འབྲས་སར་ཆན་ལ་དགའ་། །མི་བཙང་བྱུང་བ་བཤད་མང་ནས། །ལོ་མ་འདབ་མ་ལ་སོགས་རྐད། །བད་ཀན་མ་ཞུའི་གནས་སུ་བྱུང། །སྐྱེས་ནས་ཀུན་ཏུ་འགྲོ་བ་ཡིན། །ལ་ལ་འབྲེད་པ་འདྲ ་བ་ཡིན། །ལ་ལ་སྲིན་བུ་ཁྲོལ་མ་འདྲ། །ཁ་ཅིག་མྱུར་གུ་འབུས་པ་འདྲ། །ཕྲ་ཞིང་རིང་ལ་ཆུང་པ་དང། །དཀར་ཞིང་དམར་པར་སྣང་བ་ཡིན། །དེ་ཡི་མིང་ནི་རྣམ་བདུན་ཏེ། །རྒྱུ་མ་ཟད་དང་ལྟོ་ནང་འཁྱིལ། །སྙིང་ཟ་ཡ་མཚན་ཆེན་པོ་དང།། ་མི་མངོན་རྒྱུ་དང་འཇག་མ་འདྲ། །དྲི་ཞིམ་ཞེས་བྱ་དེ་རྣམས་ནི། །སྙིང་འབར་ཁ་ཆུ་འཛག་པ་དང། །ཟས་མི་འཇུ་ཞིང་ཡི་ག་འཆུས། །བརྒྱལ་ཞིང་མི་དྲན་རིམས་འདེབས་སྨོན། །སྙོམ་ཞིང་སྦྲིད་པ་ཆམ་པས་འདེབས། །ཁྲག་རྒྱུ་བ་ཡི་རྩ་ནང་ནས། །ཁྲག ་ལས་བྱུང་བའི་སྲིན་བུ་ཕྲག། །ཟླུམ་ཞིང་རྐང་མེད་ཟངས་ལྟར་དམར། །ཕྲ་ཞིང་ལ་ལར་ལྟར་མི་སྣང། །སྐྲ་རྩ་ཟ་ཞིང་སྤུ་འབྱེ་བྱེད། །སྤུ་གླིང་ཨུ་དུཾ་བར་འདྲ། །ཞགས་པ་བཅས་དང་ཐོད་ག་སྟེ། །དྲུག་པོ་དེ་དག་མཛེ་ལས་གཅིག་།ཞུ་བའི་གནས་སུ ་མི་གཙང་སྐྱེས། །འཕོལ་ནས་ཐུར་དུ་རྒྱུ་བར་བྱེད། །དེ་ནི་ཕལ་ཆེར་རྒྱུ་ནང་ན། །གང་ཚེ་མ་ཞུའི་གནས་སུ་ཞུགས། །དེ་ཚེ་སྒྲེག་པ་དབུགས་འབྱུང་བ། །ཕྱི་ས་ལྟ་བུར་མནམ་པར་འགྱུར། །ཟླུམ་ཞིང་ལུས་ཕྲ་སྦོམ་པོ་དང། །སྨུག་དང་སེར་དང་དཀར ་དང་གནག། །སྲིན་བུ་དེ་མིང་རྣམ་ལྔ་སྟེ། །ཁམ་གྱི་ཟས་དང་དལ་གྱིས་འགྲོ། །མྱང་བར་བྱེད་དང་བརྐམ་པ་དང། །ལུས་ལ་གནོད་སྐྱེད་ཅེས་བྱའོ། །ངེས་འཁྲུ་གཟེར་དང་རྟུག་སྐམ་བྱེད། །སྐེམ་ཞིང་མདོག་ནི་སྐྱ་བ་དང། ཁ་སྤུ་འགྲེང་ཞིང་མེ་དྲོང་ཉམS།། ་ལྕི་གཡའ་གཞང་ནི་ཕྱིར་འབྱུང་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ནང་གཞིའི་གནས་ལS་ལེའུ་བཅུ་བཞི་པའོ།། །།དེ་ནས་རླུང་ནང་ཀྱི་ནང་གཞི་བཤད་པར་བྱའོ། །རླུང་ནི་ཕན་དང་གནོད་བྱེད་ལ། །འདི་ནི་སྣ་ཚོགས ་རྒྱུ་གཅིག་པུ། །ཁྱད་པར་དུ་ནི་ལུས་ཀྱི་ནི། །ནད་དང་ནད་མེད་རྒྱུ་གཅིག་པུ་།དེ་ནི་ཀུན་བྱེད་ཀུན་བདག་ཉིད། །སྣ་ཚོགས་གཟུགས་ཅན་སྐྱེ་དགུའི་བདག། འབྱིན་བྱེད་འཛིན་བྱེད་ཁྱབ་འཇུག་གཙོ། །སྡུང་བྱེད་འཆི་བདག་གཤིན་རྗེར་འགྱུར།། ་དེ་བས་དེ་ལྡང་མ་འགྱུར་བར། །རྟག་ཏུ་འབད་པ་ཉིད་དུ་གྱིས། །དེ་ཡི་ཐ་མལ་གཞན་གྱུར་ལས། །ནང་ཀྱི་བྱེ་བྲག་ཤེས་པར་བཤད། །བསྡུས་དང་རྒྱས་པ་དེ་མིང་གནས། །རྒྱུ་བའི་ལམ་ནི་རེ་རེ་ལྔ། །ནད་ཚུལ་ཤེས་པར་བཤད་པ་ཡིན། །འདིར་ནི ་ནད་ནི་རྣམ་གྱུར་པ། །དེ་ཡི་དབྱེ་བ་ནད་གཞི་དང། །མཚན་ཉིད་བཅས་པ་ཉིད་དུ་བཤད། །གྲངས་མེད་ཀྱང་ནི་བརྒྱད་ཅུ་ཡི། །གྲངས་སུ་ལྡར་ནི་བཤད་པ་ཡིན། །ལུས་ཟུངས་ཟས་བྱེད་བསྟེན་དྲགས་པས། །རླུང་ནི་འཁྲུགས་པར་བྱེད་འགྱུར་ཏེ། །སྦུ་གུ ་སྟོད་པར་རྒྱུ་གྱུར་པ། །དེ་ཉེ་ཤིན་ཏུ་འགེངས་པར་བྱེད། །ནད་གཞན་གྱིས་ནི་གང་བ་དེར། །ཁེབས་པས་མཐུན་ཅན་ཉིད་དུ་འགྱུར། །དེ་ལ་ཞུ་བའི་གནས་སུ་ཞུགས། །གཟེར་དང་རྒྱུ་མ་སྒྲ་བཅས་སྦོ། །བཤད་འགགས་རྗེའུ་ནང་གཞང་འབྲུམ་སྟེ། །རྒྱབ ་དང་རྐེད་པ་མཇུག་ཏོར་ན། །རོ་སྨད་ཀྱི་ནི་ཕྱོགས་དེ་རུ། །མི་བཟད་གནོད་པ་དེ་དེ་བསྐྱེད། །མ་ཞུའི་གནས་ཞུགས་སྐོམ་དང་སློན། །ལུང་པ་དབུགས་མི་བདེ་གསུང་ནད། །ལྐོག་མ་འགགས་ཤིང་སྒྲེག་མང་ན། །ལྟེ་བ་ཡན་ཆད་སྐྱེད་པར་བྱེད། །རྣ་བ ་སོགས་ཞུགས་དབང་པོར་གནོད། །བགས་ཞུགས་གས་ཤིང་རྩུབ་པར་བྱེད། །ཁྲག་ཞུགས་གཉིད་སྟུག་མི་བཟད་ན། །ཚ་ཞིང་དམར་ལ་མདོག་མི་སྡུག་།ཐོར་འབྱུང་ཁ་ཟས་སྲ་བར་གནས། །ཡིག་འཆུས་སྐེམ་མགོ་འཁོར་ལ། །ཤ ་ཚིལ་ལ་གནས་རྨེན་བུ་དང། །རབ་ཏུ་ཟུག་ཅིང་ལུས་རྩུབ་ལ། །ལུས་ལྕི་རབ་ན་རེངས་པ་དང། །ཁུ་ཚུར་དབྱུག་པས་ཕོག་སྙམ་བྱེད། །རུས་གནས་བརླ་དང་རུས་ཆིགས་ན། །མི་བཟང་གཟེར་ཞིང་ཉམས་སྟོབས་ཟད། །རྐང་གནས་དུས་ཕ་ཁོང་སྟེར་ཞིང།། ་གཉིད་མེད་རྟག་ཏུ་ན་པ་ཡིན། །ཁུ་བར་གནས་པ་མྱུར་འབྱུང་བའམ། །འགགས་པ་འམ་མདོག་འགྱུར་ཉིད་དུ་འགྱུར། །མངལ་གྱི་ཁུ་བར་གནས་དེ་བཞིན། །རྩ་རྣམས་སྟོངས་ཤིང་སྦོ་བར་འགྱུར། །ཆུ་བར་གནས་པ་གཟུགས་འཇོས་དང།། ་རྒུར་དང་ད་རྒན་ནད་དུ་འགྱུར། །ཚིགས་ལ་གནས་པའི་རླུང་སྐྲངས་པ། །རྐྱལ་བ་རླུང་གིས་གང་རེག་འདྲ། །བརྐྱང་དང་བསྐུམ་པར་བྱེད་པ་ཡི། །བསྐྱོང་པ་ནང་དང་བཅས་པར་འགྱུར། །ཡན་ལག་ཀུན་ལ་བརྟེན་པ་ནི། །གཟུཌ ་འཆག་སྙམ་སེམས་མགུལ་པ་དང། །རེངས་དང་ཚོར་བ་མེད་པ་དང། །ཚིགས་འཁུམས་འདར་བར་བྱེད་པར་འགྱུར། །གང་ཚེ་རྩ་ཆེན་ཀུན་ལ་གནས། །ཡང་དང་ཡང་དུ་འཁྲུགས་གྱུར་པ། །དེ་ཚེ་ཡན་ལག་ལ་འཇུས་པS། །ནང་ནི་ལུས་ལ ་འཇུག་ཅེས་བྱ། །རོ་སྨད་དུ་ནི་འགགས་པའི་རླུང། །གྱེན་དུ་སོང་སྟེ་སྙིང་གར་གནས། །སྙིང་གའི་སྦུ་གུར་ཞུགས་ནས་ནི། །མགོ་བོའི་ཡན་ལག་བཅས་བར་ཟུག། ལུས་ནི་ཀུན་ཏུ་ཞུགས་གྱུར་ནས། །དེ་ནི་གཞུ་ལྟར་དགུ་བོར་བྱེད། །དབུགས་འབྱིན ་དཀའ་ཞིང་མིག་རེངས་ཧེར། །ལྷོང་ཅིང་འཛུམས་པར་བྱེད་འགྱུར་ལ། །དེ་ནས་ཕུག་རོན་ལྟ་བུར་འཁུན། །དྲན་པ་མེད་དེ་གཞན་དབང་ཅན། །དེ་ཉིད་ཨ་པ་ཏ་ནར་བཤད། །རླུང་གིས་སྙིང་ནི་བཏང་འགྱུར་ན། །སྐད་ཅིག་ཙམ་དུ་བདེ་ལ་རེག། ་སླར་ཞུགས་ན་ནི་ན་བར་བྱེད། །དེ་ནི་མངལ་འཇིག་ལས་འབྱུང་དང། །ཁྲག་ནི་ལྷག་པར་འཛག་གྱུར་དང། །སྣང་པ་དག་ལས་བྱུང་གུར་པ། །ཤིན་ཏུ་གསོ་བར་དཀའ་པར་འགྱུར། །མཇིང་པ་རེངས་པའི་རླུང་ཞུགས་ཤིང། །གང་ཚེ་རྩ་ཆེན ་ལ་གནས་པ། །ལུས་ཀུན་ཁྱབ་པར་གྱུར་པ་ན། །དེ་ཚེ་ནམ་ཚོང་འགུགས་པར་བྱེད། །ལུས་ནི་གཞུ་ལྟར་ནང་དུ་གུག། མིག་རེངས་ཤུགས་ནི་འབྱིན་པར་བྱེད། །གླལ་འབྱུང་སོ་ནི་འཆའ་བ་དང། །བད་ཀན་སྐྱུག་པར་བྱེད་པར་འགྱུར། ་རྩིབ་ལོགས་ཟུག་ཅིང་ཚིག་མི་ཐོན། །འགྲམ་པ་རྒྱབ་དང་མགོ་བོ་ན། །འདི་ནི་ནང་དུ་གུག་?་བྱ། །ཕྱི་ཡི་དེ་དང་འདྲ་བ་ལ། །ལུས་ནི་ཕྱིར་དགྱེ་བྱེད་པ་དང། །མགོ་བོ་རྒྱབ་ཏུ་འདྲེན་བྱེད་ཅིང། །དེ་ལ་བྲང་ནི་ཤིན་ཏུ་འབུར།། ་གཉའ་བ་བཅོམ་པ་ལྟར་ན་ཞིང། །སོ་དྲང་ཁ་ནི་མདོག་མི་སྡུག། །རྡུལ་ཞིང་ལུས་ནི་ལྷོད་པར་བྱེད། །ཕྱིར་གྱེད་གཞུ་རེངས་ཤེས་བྱ་ཞིང། །དེ་ལ་ཤུགས་དྲག་ཅེས་ཀྱང་བཤད། །གནང་ལ་གནས་པའི་རྨར་ཞུགས་ཏེ། །རླུང་གིས་བསྐྱོད ་པར་གྱུར་པ་དང། །རྐང་པ་ནས་ནི་མགོ་བོའི་བར། །ལུས་ལ་ནང་ཀྱིས་ཁྱབ་བྱེད་པ། །སྐོམ་ཞིང་ལུས་ནི་སྐྱ་གྱུར་པ། །རྨ་ཡི་ད་རྒན་དེ་སྤང་བྱ། །ལུས་ལ་འཇུག་བྱའི་རླུང་ཀུན་ནི། །ཤུགས་དང་བྲལ་ན་བདེ་བར་འགྱུར། །ལྕེ་ནི་དྲུང ་དྲགས་སྐམ་ཟོས་གནོད། །འགྲམ་པའི་རྩ་བར་གནས་རླུང་འཁྲུགས། །འགྲམ་པ་གཉིས་ནི་བསྐྱོད་བྱས་ནས། །ཁ་ནི་གདངས་པར་བྱེད་པའམ། །ཡང་ན་འཛུམས་པར་བྱེད་པར་འགྱུར། །འགྲམ་པ་ཉམས་པར་བྱེད་པ་དེས། །ཟ ་དང་སྨྲ་བ་དགའ་བར་འགྱུར། །སྨྲ་བར་བྱེད་པའི་རྩ་གནས་རླུང། །ལྕེ་ནི་ལྡིབས་པར་བྱེད་འགྱུར་ཞིང། །ལྕེ་ལྡིབས་དེས་ནི་བཟའ་བཏུང་དང། སྨྲ་བ་ལ་སོགས་མི་ནུས་འགྱུར། །མགོ་བོས་ཁུརྣ་ནི་ཁྱེར་བ་དང། །རྒོད་དྲགས་མང་དུ ་སྨྲ་བ་དང། །སྡངས་དེང་?་ཏེ་སྤྲིད་པ་གཏོང། གཞུ་སྲ་འདྲེན་པར་བྱེད་པ་དང། །རྔས་ནི་མི་མཉམས་ལ་ཉལ་དང། །སྲ་བ་འཆའ་བར་བྱེད་པ་དང། །རླུང་འཕེལ་རོ་སྟོད་ལ་ཞུགས་ནས། །གདོང་གིས་གཞོགས་ཕྱེད་ཡོན ་པར་བྱེད། །སྨྲ་པ་དགོད་དང་ལྟ་བ་འདང་ཡོ། །དེ་ནས་དེ་ཡོ་མགོ་འགུལ་ཞིང། །ཚིག་མི་ཕྱིན་ལ་མིག་རེངས་ཤིང། །སོ་འགུལ་སྐད་ནི་འགགས་པ་ཨང། །སྒྲ་མི་ཐོས་ཤིང་སྦྲིང་པ་ཐོགས། །དྲི་མི་ཚོར་ཞིང་དྲན་ཉམས་རྨོངས།། ་གཉིད་ལོག་པ་ན་དང་བར་འགྱུར། །མཆིལ་མ་གཡོན་དུ་འཐོར་བ་དང། །མིག་གཅིག་འཛུམས་པར་འགྱུར་བ་དང། །ནམ་ཆོང་ཡན་ཆད་མི་བཟང་ན། །གཞོགས་ཕྱེད་དག་གམ་རོ་སྨད་ན། །ལ་ལ་དེ་གཞོགས་ཕྱེད་ནས་བཤད། །གཞན་དག་ཕྱོགས ་གཅིག་གུས་ཅེས་ཟེར། །རླུང་ནི་ཁྲག་ལ་བརྟེན་གྱུར་ཏེ། །སྤྱི་བོ་འཛིན་བའི་རྩར་ཞུགས་པ། །རྩུབ་ཅིང་ནད་བཅས་མདོག་གནག་བྱེད། །རྩ་འཛིན་དེ་ནི་གསོར་མི་རུང། །རླུང་གིས་དེ་ལ་གཞོགས་ཕྱེད་བཟུང། །རྩ་དང ་རྒྱུས་པ་བསྐམ་བྱས་ནས། །གཞོགས་ཕྱེད་གང་ཡང་རུང་ལ་གནོད། ཚོགས་ཀྱི་སེལ་མཚམས་ལྷོད་པར་བྱེད། །དེ་ཡི་ལུས་ཕྱེད་ཐམས་ཅད་མི་ལས་སྦྱོར་མི་ནུས་ཚོར་བ་མེད། །དེ་ནི་ཕྱོགས་གཅིག་ནད་ཅེས་ཟེར། །གཞན་དག་ཕྱོགས ་གཅིག་བསྐམས་སར་འཆད། །ལུས་ཀུན་རླུང་ནད་དེ་དང་འདྲ། །ཡན་ལག་ཀུན་ལ་བརྟེན་པ་ཡིན། །རླུང་ནད་ཉི་ཚེས་གཞོགས་ཕྱེད་བསྐམས། །ཤིན་ཏུ་གསོ་དཀའ་ཡིན་པར་བཤད། །གཞན་དང་འདྲེས་པ་འང་གསོ་དཀའ་ཡིན། །ཟ་བྱེད ་རྒྱུན་ཅན་སྤང་པར་བྱེད། །མ་ཞུ་བད་ཀན་ལྡན་པ་ཡིས། །རྒྱུན་སྲད་བཀག་སྟེ་ལུས་རེངས་པས། །བརྐྱང་བསྐུམ་ཀུན་ལས་ཉམས་འགྱུར་པ། །ཤིང་འདྲ་ཤིང་ལྟར་རེངས་པ་ཡིན། །ཕྲག་པའི་རྩ་བར་ཞུགས་པའི་རླུང། །དེ་གནས་རྩ་ནི ་འབུམས་བྱས་ཏེ། །དཔུང་བ་བསྐྱོད་པར་མི་ནུས་བྱེད། །དབུང་བ་འཇས་བའི་རླུང་ནད་ཡིན། །གང་ཞིག་ལག་མཐིལ་སོར་མོར་འབྲེལ། །ཆུ་བརྒྱབ་ཏུ་འཁུམས་བྱེད་ཅིང། །ལག་དར་བྱ་བ་ཉམས་བྱེད་པ། །རླུང་དེ་བ་ཤི་རྩ་རུ་བཤད། །གང ་ཚེ་རླུང་ནི་རྐེང་པར་གནས། །བརླ་ཡི་ཆུ་བའི་ནང་དུ་ཞུགས། །དེ་ཚེ་མི་དེ་ཐེད་པོར་འགྱུར། །བརླ་གཉིས་ལ་ཞུགས་འཕྱེ་བོར་འགྱུར། །གང་ཞིག་འགྲོ་བར་རྩོམས་པ་ན། །ལུས་འདར་ཐེང་བོ་ལྷར་འགྲོ་བ། །ཚིགས་ཀྱི་སྦྲེལ་མཚམས་ལྷོར་གྱུར ་པ། །དེ་ནི་སྲན་མའི་ཐེད་པོར་བཤད། །ཁ་ཟས་དྲོ་གྲང་སྐམ་རློན་འདྲེས། །ལྕི་དང་སྣུམ་ཆེས་བརྟེན་བ་དང། །ཞུ་དད་མ་ཞུ་མི་བདེས་བསྐྱོད། །ཉིན་ཉལ་མཚན་གཉིད་མ་ལོག་པས། །མ་ཞུ་ཤིན་ཏུ་སོགས་འགྱུར་ཧ། །གལ་ཏེ་བརླ་ནང་ཞུཌ? ་འགྱུར་ན། །བད་ཀན་ཚིལ་དང་རླུང་བཅས་པ། །ནད་གཞན་ཟིལ་གྱིས་མནན་ནས་ནི། །བར་རུས་ནང་དུ་གང་བྱས་ཏེ། །བད་ཀན་གྱིས་ཏེ་དེངས་གྱུར་ལ། །དེ་ཚེ་དེ་ཡིས་བརླ་རེངས་བྱེད། །འདི་གས་མི་ནུས་དྲང་ཚོར་བ་མེད། །གཞན་གྱིས་ཡིན ་སྙམ་སེམས་ཤིང་ལྕི། །མི་བཟོད་པར་ནི་འགྲོ་བ་ཉམས། །སེམས་ཁོངས་ཚུད་ཅིང་ཡན་ལག་ན། །སྙོམས་སློན་རིམས་འདེབས་ཡིག་འཆུས། །རྐང་བ་སྒྱིད་ཞེ་ན་འདེགས་པ་དཀའ་། །བེམ་བེམ་པོར་འདུག་ལྡན་པ་ཡིན། །དེ་ནི་བསླ་རེངས་ནད་ཅེས ་བཤད། །གཞན་དག་ཕྱུག་པོའི་རླུང་ཞེས་ཟེར། །བརླུང་དག་ཁྲག་ལས་སྐྱེས་པ་སྐྲད། །པུས་མོའི་སྟེང་བྱུང་ནད་ཚ་བས་ཆེ། །ཅི་སྦྱད་མགོ་ལྷར་སྦོམ་གྱུར་བ། །ཅོ་སྦྱད་མགོ་འདྲ་ཡིན་ཞེས་བྱ། །རྐང་པ་ན་ཞིང་མི་མཉམ་འདོར། །ངལ་བ་ལ་ནི་གང་ཚེ ་རླུང། །ལོང་མོར་གནས་ཏེ་ནད་བསྐྱེད་པ། །དེ་ནི་རླུང་ནད་ཚེར་མར་བཤད། །རྟིང་པ་སོར་མོར་འབྲེལ་པ་ཡི། །ཆུ་བར་རླུང་གིས་གནོད་འགྱུར་གང། །བརླ་གནས་འཇུག་པར་བྱེད་པ་དེ། །གཟུགས་འཁུམས་ཞེས་ནི་བྱ་བར་བཤད། །བི་ཤ་ཙི་དང་གཟུཌ ་འཁུམས་བཤད། །མི་བཟང་ན་པ་ཁ་ལིར་བཤད། །གང་གི་རྐང་པ་རྩེ་གྱུར་ཞིང། །བེམ་བེམ་པོར་ནི་གྱུར་པ་དག། བད་ཀན་རླུང་འཁྲུགས་ལས་གྱུར་པ། །རྐང་བརྩེ་བར་དེ་བཤད་དོ། །མཁྲིས་པ་ཁྲག་དང་བཅས་པའི་རླུང། །རྐང་པ་གཉིས་སུ་ཆ?་བྱེད ་ཅིང། །ཁྱད་པར་དུ་ནི་འགྲོ་ཚོ་ཚ། །དེ་ནི་རྐང་ཚ་ཞེས་བྱར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་བཅོ་ལྔ་པའོ།། །།དེ་ནས་དྲེག་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཁྲག་ནི་འཁྲུགས ་པར་བྱེད་བའི་ཟས། །ཚ་བ་དང་ནི་མི་འཕྲོད་པས། །བསྟན་དང་སྦྱོར་བ་ལོག་པ་དང། །ཉིན་ཉལ་མཚན་གཉིད་མ་ལོག་དང། །ཉལ་པོ་དྲགས་དང་སྐྱིད་པར་གནས། །འཆག?་པའི་སྤྱོད་པ་མ་བརྟེན་དང། །སྣང་དང་སྤྱད་པ་མ་བྱས་པས། །མི་ཡི ་ཁྲག་ནི་འཁྲུཌ་འགྱུར་ཞིང། །རླུང་བསྐྱེད་ཟོས་པས་རླུང་ནད་ནི། །འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས། །དེ་བཞིན་ཁྲག་ཀྱང་ལམ་འགགས་ལ། །དང་པོར་གནོད་པར་འགྱུར་བ་ཡིན། །དེ་ནི་ཕྱུག་པོའི་རླུང་ནད་དང། །མཐེང་ནད་སྟོབས ་འཇིག་རླུང་ཁྲག་འདྲེས། །མིང་དུ་དེ་ནི་རྣམ་པར་བཤད། །དེ་ཡང་དང་པོར་རྐང་པར་རྒྱུ། །མཆོག་ཏུ་གཞོན་སོགས་འཕྱང་ལས་འབྱུང། །དེ་ཡི་འབྱུང་འགྱུར་མཚན་ཉིད་ནི། །མཛེ་ནི་འབྱུང་འགྱུར་མཚན་མར་མཚུངས། །དེ་བཞིན་ལུས ་ཉམས་ཡན་ལག་ལྷོད། །པུས་མོ་བྱིན་པ་བརླ་རྐེད་པ། །ལག་པ་རྐང་པ་ཚིགས་རྣམས་སུ། །གཡའ་ཞིང་འགུལ་དང་ན་བ་དང། །ཆག་ཉམས་སེམས་ཞིང་ཚོར་མེད་ལྕི། ཡང་དང་ཡང་དུ་ལྡང་བ་དང། །སླར་ཡང་ཞི་བར་འགྱུར་བ་ཡིན། །རྐང་པ ་གཉིས་ཀྱི་རྩ་བར་གནས། །ལན་འགའ་ལག་པ་དག་ཏཱུང་གནས། །བྱི་བའི་དུག་ནི་ལྡང་བ་ལྟར། །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །ཐོག་མར་པགས་པ་ཁྲག་ལ་གནས། །བྱུང་བ་རྟོགས་པར་བླ་ཞེས་བྱ། །དེ་ནས་རིམས་ཀྱི་ལུས་ཟུངས་ཀུན། ་ཁྱབ་སྟེ་རྟོགས་པར་དཀའ་ཞེས་བྱ། །རྟོགས་སླ་པགས་གཡའ་ལ་སོགས་ལྡན། །ཟངས་ལྟར་དམར་རང་སྔོ་བ་དང། །བྱ་རྙིང་བཅས་ཤིང་རབ་གྲོ་ཆ། །རྟགས་དཀའ་སྡ་བས་ལྷག་པར་ན། །སྐྲངས་ཞིང་མཁང་ལ་ཚོས་པར་བྱེད། །གཞན་དང་ཚིགS ་དང་རུས་པ་རྐང། །བཅད་སྙམ་སེམས་ཤིང་ནང་དུ་རྒྱུ། །ཤུགས་དང་ལྡན་ཚེ་སྦུར?་པོ་དང། །ཞའོ་འཐེང་པོར་བྱེད་འགྱུར་ལ། །ལུས་ནི་ཀུན་ཏུ་རྒྱུ་བ་ཡིན། །དེ་ལ་རླུང་ཤས་ཆེ་འགྱུར་ལོ། །གཟེར་འགུལ་ཟུག་པའི་ཤས་ཚ་ཞིང། །སྐྲངས་? ་ཅིང་གནག་པ་དང། །སྔོ་ཞིང་འཕེལ་ཞིང་འབྲི་བར་འགྱུར། །རྩ་ཆེན་སོར་མོའི་ཚིགས་རྣམས་ནི། །འཁུམས་ཤིང་ལུས་བཅུམ་བཞིན་དུ་ན། །གྲང་ལ་མི་དགའ་རེག་ན་བདེ། །རེངས་ཤིང་འདར་ལ་ཚོར་བ་མེད། །ཁྲག་ཤས་ཆེ་སྐྲད་ཇིབ་ཏུ་ཆུག? ་དམར་ཞིང་ཚ་བ་ཙག་ཙག་བྱེད། །སྣུམ་དང་རྩུབ་པས་ཞི་མི་འགྱུར། །གཡའ་དང་འབྲུལ་བར་ལྡན་པ་ཡིན། །མཁྲིས་འགྱུར་ཚ་ཞིང་རྨོངས་བག་དང། །རྡུལ་ཞིང་བརྒྱལ་མྱོས་སྐོམ་དང་ཆེ། །རེག་མི་བཟོད་ཅིང་ན་ལ་དམར། །སྐྲང་ཞིང་སྨིན་ལ ་ཤིན་ཏུ་དྲོ། །བད་ཀན་གྱིས་འགུལ་མི་ཤེས་ལྕི། །ཚོར་མེད་སྣུམ་ཞིང་དྲང་བ་དང། །གཡའ་ཞིང་ཅུང་ཟད་ན་བ་ཡིན། །འདྲེས་པ་མཚན་ཉིད་འདྲེན་པ་ཡིན། །ནང་གཅིག་ལས་བྱུང་གསར་གསོ་སླ། །ནང་གཉིས་ལས་བྱུང་འཚོ་བ་ཙམ། །འདུས ་པ་ལས་བྱུང་ཆུ་སེར་འཛག། རེངས་དང་ཐོར་བུ་འབྱང་པ་ཡང། །རླུང་ནི་ཡན་ལག་ཚིགས་གནས་པ། །ཁྲག་གི་ལམ་ལ་མྱུར་གནོད་བྱེད། །དེ་གཉིས་ཕན་ཚུན་འདྲེས་གྱུར་པའི། །ནད་ཀྱིས་སྲོག་ནི་འཕྲོག་པར་བྱེད། །ལྔ་ཡི་བདག་ཉིད་ཅན ་རླུང་ལས། །སྲོག་རྩུབ་དྲག་ཤུལ་སྨྱུང་བ་དང། །འདྲངས་དྲགས་སྣོད་དང་ལམ་གྱིས་དུབ། །ཤུགས་བཀག་ནན་གྱིས་བཙིར་བ་ཡིས། །འཁྲུགས་ན་མིག་ལ་སོགས་པ་ལ། །ཉེ་བར་གནོད་པ་སྐྱེད་བྱེད་ཅིང། །ཆམ་པ་ཉམ་ཐག་སྐོམ་ལུད་པ།། ་དབུགས་མི་བདེ་སོགས་ནང་མང་བསྐྱེད། །སྟོང་རྒྱུ་སྦྲིང་པ་སྒྲེག་པ་དང། །སྐྱུག་པ་གཉིད་ནི་བཀག་པ་དང། །ཁུར་ལྕི་འདེགས་དང་དྲག་ཏུ་དུ། །རྒོད་དྲགས་སོགས་ཀྱིས་ནད་འཁྲུགས་ཏེ། །མགུལ་པ་འགགས་ཤིང་སེམས་ཉམས་ལ། ཆམ ་འདེབས་སློན་ཞིང་ཡི་ག་འཆུས། །མགུལ་པར་ལྦ་བ་སོགས་བསྐྱེད་ཅིང། །ནམ་ཚོང་ཡན་ལག་བརྟེན་ནད་བསྐྱེད། །ཁྱབ་བྱེད་འགྲོ་དང་འདུག་དྲགས་དང། །རྩེད་མོ་དྲགས་དང་མི་བཟང་སྤྱོད། །ཁ་ཟས་མི་མཐུན་རྩུབ་འཇིགས་དགང།། ་ཡི་མུག་སོགས་ཀྱིས་འཁྲུག་པར་འགྱུར། །ཁུ་བ་སྟོབས་དང་སྤྲོ་བ་ཉམས། །སྐྲངས་དང་སེམས་གཡེངས་རིམས་ཀྱིས་འདེབས། །ཡན་ལག་ཀུན་ན་ཟུག་པ་དང། །སྤུ་རྩེ་ཡན་ལག་ཆེར་བ་མེད། །མཛེ་དང་མེ་དཔོལ?་གཞན་ཡང་ནི། ་ལུས་ཀུན་ཁྱབ་བའི་ནད་བསྐྱེད་འགྱུར། །མཉམ་གནས་འཇུབ་མ་སྙོམས་དང། །གྲང་དང་འདྲེན་མའི་ཟས་ཟོས་དང། །དུས་མིན་གཉིད་ལོག་མཚན་མོ་ནི། །གཉིད་མ་ལོག་ལ་སོགས་ཀྱིས་འཁྲུགས། གཟེར་དང་སྐྲན་དང ་ཕོ་ནད་སོགས། །ཞུ་དང་མ་ཞུར་གནས་ནང་བསྐྱེད། །ཐུར་སེལ་ཟས་ནི་རྩུབ་ལ་ལྕི། །ཤུགས་བཀག་པ་དང་མི་སྲུན་བཞོན། །ཁྱོགས་དང་གཞོན་དང་སྟན་གནས་དང། །འགྲོ་བ་བརྟེན་ནི་དྲགས་པ་ཡིས། །འཁྲུགས་ན་གཡོ་བ་རྒ་བའི་ནད། །ཞུ་བའི ་གནས་ལ་བརྟེན་པ་བསྐྱེད། །གཅིན་དང་ཁུ་ཆུའི་ནད་གཞང་འབྲུམ། །གཞང་འབྲུམ་ལ་སོགས་མང་པོ་བསྐྱེད། །རླུང་ཀུན་མ་ཞུར་ལྡན་པ་ནི། །སྙོམ་དང་འགུལ་མི་ཤེས་ཁོང་ལྕི། །སྣུམ་དང་སྦྱིད་ཞན་ཡིག་འཆུས། །གྲང་སྐྲན་མེ་དྲོད་ཉམས ་བྱེད་ཅིང། །ཚ་དང་རྩུབ་པ་མངོན་འདོད་ཅིང། །དེ་ཟོས་བདེ་འགྱུར་ལས་ཤེས་བྱ། །མ་ཞུ་བ་དང་མི་ལྡན་པ། །སྙོམ་སོགས་གོན་བཟློག་པ་ཡིན། །དེ་ནས་རླུང་གི་འདྲེས་པ་ནི། །དབྱེ་བ་མང་པོར་བཤད་པར་བྱ། །མཁྲིས་ལས་འདྲེས་རྟགས ་ཚ་བ་དང། །སྐོམ་གཟེར་མགོ་འཁོར་མུན་འཐིབས་བྱེད། །ཚ་བྲོ་སྐྱུར་དང་ལན་ཚྭ་བྲོ། །ཚ་ཞིང་གྲང་བ་འདོད་པ་ཡིན། །བསིལ་ཞིང་ཁོང་ལྕི་གཟེར་བ་དང། །ཚ་སོགས་ཟོས་དང་སྨྱུང་བ་དང། །རྩོལ་དང་རྩུབ་པས་ལྷག་པར་བདེ། །དྲོ ་འདོད་བད་ཀན་ལྡན་པ་ཡིན། །ཁྲག་བཅས་ཚ་ཞིང་ན་དང་བཅས། །པགས་པའི་ཤ་ནང་ཤིན་ཏུ་ཟུག། སྐྲང་པ་མདོག་དམར་འགྱུར་བ་དང། །ཐིག་ལེ་དམར་པོ་འབྱུང་བ་ཡིན། །ཤ་དང་འདྲེས་པ་མཁྲད་པ་དང། །མདོག་འགྱུར ་འབྲུམ་བུ་ཕྲ་མོ་འབྱུང། །སྤུ་རྩེ་ལུས་ལ་གྲོག་མ་ནི། །རྒྱུབ་སྙམ་དུ་སེམས་པར་འགྱུར། །ཆིལ་དང་འདྲེས་པ་གསོ་དཀའ་གང། །གཡོ་ཞིང་སྣུམ་ལ་འཇམ་དྲང་བར། །ལུས་ལ་སྐྲང་ཞིང་ཡི་ག་འཆུས། །དེ་ནི་ཕྱུག་པོའི་རླུང་ནད ་ཡིན། །རུས་པ་དང་ལྡན་རེག་མཚ?་བཙིར་ན་མངོན་པར་དགའ་བ་དང། །ཁབ་ཀྱིས་རབ་ཏུ་བཙགས་སྙམ་བྱེད། །ཡན་ལག་ན་ཞིང་ཟུག་པ་ཡིན། །རྐང་དང་ལྡན་པའི་ལུས་དགུ་ཞིང། །གླལ་མང་དཀྲིས་པ་སྙམ་དུ་སེམས། །རབ་ཏུ་ན་ལ་ལག་གཉིས་ཀྱིས། བཙིར ་ན་བདེ་བར་འགྱུར་བ་ཡིན། །ཁུ་བ་དང་འདྲེས་དྲག་ཏུ་འབྱུང། །ཡང་ན་མི་འབྱུང་འབྲས་བུ་མེད། །ཟས་འདྲེས་ཁོང་པར་མ་ཞུ་ན། །ཞུ་ནས་ནད་དེ་བདེ་བར་འགྱུར། །གཅིན་དང་རླུང་འདྲེས་ལྒང་པ་སྦོ། །གཅིན་ནི་འགགས་པར་བྱེད་པར་འགྱུར། བཤད་འདྲེས་ཐུར ་དུ་འབྱུང་བར་འགག། རང་གི་གནས་སུ་ཡོངས་སུ་གཅོད། །སྣུམ་ཟོས་མྱུར་དུ་འཇུ་བར་འགྱུར། །ཟས་ཟོས་ལྟོ་ནི་སྦོས་པ་དང། །ཟས་ཀྱིས་བཤད་བ་ཕུལ་ནས་ནི། །ན་ཞིང་སྐམ་པོ་རྙོག་ཅན་འབྱུང། །རླུང་ནི་ལུས་ཟུགས་ཀུན་དང་འདྲེས། །བརླ་དང་ཆུ་སོ་རྒྱབ ་ཏུ་ན། །རླུང་ནི་ལོགས་སོང་མི་བདེ་ཞིང། །སྙིང་ནི་རབ་ཏུ་ན་བར་བྱེད། །སྲོག་དང་མཁྲིས་པ་འདྲེས་གྱུར་འཁྲུགས། །མགོ་འཁོར་བརྒྱལ་དང་ལུས་ཚ་འགྱུར། །ལེགས་པར་མ་ཞུ་སློན་པར་བྱེད། །སྟོང་རྒྱུ་མགོ་འཁོར་སོགས་པ་དང། །ནང་དུ་ཚ་ཞིང ་སྟོབས་ཟད་འགྱུར། །ཁྱབ་བྱེད་རྨོངས་བག་ལུས་ཀུན་ནི། །ཚ་ཞིང་ད་ལ་ལུས་སྤྱོད་འགགས། །ལུས་ཚ་ནད་དང་བཅས་ལ་ཡིན། །མཉམ་གནས་དྲོད་ཀྱིས་སྣོད་རྡུལ་ཆེ། །མི་དགའ་སྐམ་དད་ཚ་བཅས་འགྱུར། །ཐུར་དུ་སེལ་བས་དྲི་མ་ནི། །ཁ་དོག་སེར ་པོར་འབྱུང་བ་དང། །ཟླ་མཚན་ཆེར་འཕེལ་མོ་མཚན་དང། །ཕོ་མཚན་རྐུབ་ཏུ་ཚ་བར་འགྱུར། །སྲོག་ནི་བད་ཀན་འདྲེས་གྱུར་བ། །ལུས་ལྷོད་སྐོམ་དང་ཡི་གེ་འཆུས། །མཆིལ་མང་སྐྲེག་པ་སྦྲིད་མང་སློན། །དབུགས་འབྱུང་དབུགས་རྡུབ་ཐོགས་པ ་ཡིན། །སྟོད་རྒྱུ་ལུས་ནི་ལྕི་བ་དང། །ཆིག་ཐོགས་སྐད་འགགས་ཡི་ག་འཆུས། །སྟོབས་དང་ཁ་དོག་ཉམས་པར་བྱེད། །ཁྱབ་བྱེད་ལུས་ཚིག་རེངས་བ་དང། ཡན་ལག་ཐམས་ཅད་ལྕི་བ་དང། །འགྲོས་ནི་ཤིན་ཏུ་འཁྱོར་བ་ཡིན། །མཉམ་གནས་ཡན ་ལག་དྲང་བྱེད་ཅིང། །རྡུལ་མི་འབྱུང་ཞིང་དྲོང་ཆུང་འགྱུར། །ཐུར་སེལ་བཤད་དང་ལྕི་བ་ནི། །བད་ཀན་བཅས་པ་འབྱུང་བར་འགྱུར། །དེ་ལྟར་རླུང་ནི་གཞན་འབྲེལ་བ། །ཉི་ཤུ་རྩ་གཉིས་ཡིན་ཞེས་བྱ། །དེ་བཞིན་སྲོག་ལ་སོགས ་བའི་རླུང། །ཕན་ཚུན་རིམས་བཞིན་འདྲེས་གྱུར་པ། །ཀུན་ཀྱང་འཁྲུགས་པར་གྱུར་པ་དེ། །ཉི་ཤུར་འགྱུར་བ་ཡིན་ཞེས་བྱ། །སྲོག་དང་སྟོང་རྒྱུ་ལྷན་ཅིག་འཁྲུགས། །དབུགས་འབྱུང་དབུགས་རྡུབ་དཀའ་བ་དང། །ཆམ་འདེབས་མགོ་བོ་ན ་བར་བྱེད། །སྙིང་ན་ཁ་ནི་བསྐམས་པར་འགྱུར། །སྟོང་རྒྱུའི་རླུང་ནི་སྲོག་དང་འདྲེས། །མདོག་དང་གཟི་མདངས་སྟོབས་ཟད་བྱེད། །ཕྱོགS་འདི་འདྲེས་པ་ལྷག་མ་རྣམས། །སྨན་པས་ཉེ་བར་སྦྱར་བར་བྱ། །རླུང་ནི་གནས་དང་འཕེལ་དང་འབྲི།། ་ལུས་རྣམས་ལེགས་པར་བརྟགས་པར་བྱའོ། །སྲོག་ལ་སོགས་པ་ལྔ་པོ་ཡི། །འཁྲུགས་པ་ཕན་ཚུན་འདྲེས་པ་ཡིན། །མཁྲིས་པ་ལ་སོགས་བཅུ་གཉིས་དང། །འདྲེས་པར་གྱུར་ཏེ་འདྲེན་མ་ཡིན། །མཁྲིས་པ་སོགས་པས་འདྲེས་དེ་བཞིན།། ་འདྲེན་པ་རྣམ་པ་དུ་མ་ཡིན། །རབ་དང་རབ་མཆོག་རྟག་པ་ཡིན། །འདྲེས་པ་གྲངས་མེད་འགྱུར་བ་ཡིན། །དེ་ནི་རང་གི་མཚན་ཉིད་དང། །རིམ་གྱིས་བདེ་བར་འགྱུར་བ་ལས། །རྟོགས་དཀའ་ཡིན་ཏེ་ཡང་ཡང་བརྟག། མ་ཡེངས་པས་ནི ་ཤེས་པར་བྱ། །ཁྱད་པར་སྲོག་ནི་འཚོ་བ་ཡིན། །སྟོད་དུ་རྒྱུ་བ་སྟོབས་ཞེས་བརྗོད། །དེ་གཉིས་གནོད་པར་འགྱུར་ལས་ཉམས། །ཚེ་དང་སྟོབས་ནི་ཟད་པར་འགྱུར། །རླུང་ནི་འདྲེས་པ་མ་ཤེས་པའམ། །ཤེས་ཀྱང་ལོ་གཅིག་ལོན ་པ་ནི། །འབད་ཀྱང་གསོ་དཀའ་ཡིན་པའམ། །གསོ་བའི་ཐབས་ནི་མེད་པ་ཡིན། །འདྲེས་ནད་ཡལ་བར་བོང་ན་ནི། །ཁོང་འབྲས་མཆེར་པ་སྙིང་ནད་དང། །སྐྲན་དང་མེ་དྲོད་ཉམས་ལ་སོགས། །བརླ་གཉན་དེ་ལས་འབྱུང་བར ་འགྱུར། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །ནང་གཞིའི་གནས་ཀྱི་ལེའུ་བཅུ་དྲུག་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནང་གཞིའི་གནས་ཏེ་གནས་གསུམ་པ་རྫོགས་སོ།། །།དེ་ནས་རིམས ་ནད་གསོ་བཤད་བར་བྱའོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །གང་ཕྱིར་མ་ཞུ་གནས་མ་ཞུ། །རྒྱུན་སྲང་བཀག་སྟེ་མོ་དྲོད་ཉམས། །རིམ་གྱིས་ཉེས་པ་སྐྱེད་བྱེད་བས། །སྔོན་དུ་འབྱུང་དང་རིམས་སོཌ ་ལའང། །དེ་ཕྱིར་སྨྱུང་བ་བྱས་དགོས་ལ། །སྟོབས་ནི་འབད་པས་བསྲུང་བར་བྱ། །སྟོབས་ནི་ནང་མེད་པ་ཡི་གནས། །བྱ་བའི་རིམས་ནི་ནང་མེད་དོན། །སྨྱུང་བས་ནང་ནི་ཉམས་སྨད་ཅིང། །མེ་དྲོད་བསྐྱེད་དང་ཁོང་ཡང་འགྱུར། །བདེ་ཞིང་བགྲེས་སྐོས ་ཡི་ག་འབྱེ། །ཟས་འཇུ་སྟོབས་དང་མདངས་བསྐྱེད་འགྱུར། །དེ་ལ་ཕལ་ཆེར་བད་ཀན་ནད། །ཀློངས་དང་གཡོས་པས་གྱུར་པ་དང། །དང་ཁར་འཁྱིལ་བཅས་མཆིལ་མ་མང། །ཟས་ལ་མི་དགའ་ལུང་པ་གསུང། །ཟོས་མ་ཐག་ཏུ་རིམས་འདེགས? ་པ། །ཁྱད་པར་དུ་ནི་མ་ཞུར་འགྱུར། །སྐྱུག་སྨན་བཏང་འོས་སྐྱུག་སྨན་བསྔགས། །དེ་བས་གཞན་དུ་བྱས་ན་ནི། །དབུགས་མི་བདེ་དང་ཚད་འཁྲུ་རྨོངས། །སྙིང་ནད་མི་བཟད་རིམས་ཀྱིས་འདེབས། །པོ་སོན་པི་པི་ལིང་བཅས་པ། །དུག་མོ ་ཉུང་དམ་ཤིང་མདར་ནི། །ཆུ་དྲོན་སྦྲང་རྩིར་བཅས་པ་འམ། །ཡང་ན་རྒྱམ་ཚེ་ལྡན་པར་བླུང། །ཀ་ཀ་ཏའམ་པ་ཏོ་ལ། །ནམཔི་སྤ་ཡི་ལོ་མའི་ཆུ་འམ། །འབྲས་ཡོས་ཀྱི་ནི་སྐྱོ་མ་འམ། །བུ་རམ་ཤིང་ཁུ་འམ་ཚང་སྦྱར་བཏུང། །ཉམས་སྟོབS ་ལུས་ཀྱི་དབྱེ་ཤེས་པས། །ཚ་གའི་གནས་ལས་བཤད་པ་ཡི། །སྐྱུག་སྨན་དག་ནི་རབ་ཏུ་བཏང། །སྐྱུག་སྨན་གྱི་ནི་སྦྱོར་བ་དག། བྱས་པར་གྱུར་ཏམ་མ་བྱས་ཀྱང། །རིམས་ནང་ཅན་ལ་རྣམ་སྦྱང་བྱ། །ནང་ནི་བསྐྱོད་པར་གྱུར་པ་དག། སྨིན ་དང་ཞི་བར་བྱ་ཕྱིར་བྱ། །ཐལ་བས་གཡོགས་པའི་མེ་བཞིན་དུ། །མ་ཞུས་ཁེབས་ཟས་འཇུ་མི་འགྱུར། །དེ་བས་ཉེས་པ་སྨིན་བྱའི་ཕྱིར། །རིམས་དང་ལྡན་པ་སྨྱུང་བ་བྱ། །རླུང་དང་བད་ཀན་རིམས་སྐོམ་དང། །ཆུ་ཚན་ཉུང་ཤས་ཉུང་ཤད ་བཏུང། །དེས་ནི་བད་ཀན་ཞུ་གུར་ནས། །སྐོམ་དང་མྱུར་དུ་སེལ་བར་བྱེད། མེ་དྲོད་བསྐྱེད་ཅིང་བུ་གའི་རྒྱུན། །འཇམ་པར་བྱས་ནས་སྦྱོད་པར་བྱེད། ཞེན་པའི་རླུང་མཁྲིས་རྡུལ་དང་ནི། །བཤད་གཅི་བདེ་བར་འབྱིན་པར་བྱེད། །གཉིད་རྨོངས་ཡི་ག ་འཆུས་པ་སེལ། །སྲོག་ནི་འཛིན་པར་བྱེད་པ་ཡིན། །ཆུ་གྲང་དེ་ལས་བཟློག་པ་སྟེ། །ནད་ཀྱི་ཚོགས་ནི་འཕེལ་བྱེད་ཡིན། །ཆུ་ཚན་ཡོན་ཏན་དེ་འདྲ་ཡང། །གཅིག་ཏུ་མཁྲིས་པར་ལྡན་རིམས་དང། མཁྲིས་ཤས་ཆེ་དང་ཕྱོགས་གཅིག་ཚ། །ཀུན ་ཚ་རྨོངས་བག་ཚད་པར་འཁྲུ། །ཚང་དུག་ལས་བྱུང་སོག་དང། གཅོད་སྐེམ་ཁྲག་མཁྲིས་ཅན་མི་བླུང། །དེ་ལ་གླ་སྒང་ཚན་དན་དང། །བཅའ་སྒ་པར་པ་ཏ་དང་ནི། །པུ་ཤེལ་རྩི་དང་བ་ལ་ཀ། བསྐོལ་ཆུ་བསྐྲངས་བླུད་རིམས་སྐོམ་སེལ། །མཁྲིས ་པ་མེད་པར་ཚ་མི་འབྱུང། །ཚ་བ་མེད་པར་རིམས་ཡོད་མིན། །དེ་བས་མཁྲིས་པ་ལ་གནོད་ཡང། །མཁྲིས་ཤས་ཆེ་བས་ལྷག་པར་སྤང། །ཁྲུས་དང་བསྐུ་དང་བྱུག་བ་དང། །སྨྱུང་བ་ལྷག་མའང་སྤང་བར་བྱ། །མ་ཞུར་གཟེར་འཇོམས་སྨན་ལྟ ་བུར། །མ་ཞུར་རིམས་ནི་མི་བཟང་ལ། །སྨན་བཏུང་མི་བྱ་དེ་ཡིས་ནི། །ལྷག་པར་མ་ཞུ་འཕེལ་བར་འགྱུར། །ལྟོ་བ་མ་ཞུས་ཁྱབ་པ་ལ། །འོ་མ་སྦྲུལ་ལ་བླུང་དང་མཚུངས། །རླུང་ལ་བད་ཀན་བདག་ཉིད་དེར། །ལྐོག་ནང་ཆམ་པ་དབུགས་མི་བདེ། །བྱིན ་བ་ཚིགས་རུས་གཟིར་གྱུར་ལ། །རྡུལ་འབྱུང་བ་ནི་རབ་བསྡགས་ཏེ། །རྡུལ་དང་བཤད་གཅི་འཕྱེན་བདེར་འབྱུང་ངོ། །མེ་དྲོད་བསྐྱེད་ཅིང་ཟས་འཇུ་བྱེད། །སྣུམ་འཐུངས་ཚོ་གར་བཤད་པ་ནི། །རྣམ་པ་ཀུན་ཏུ་སྤྱོད་པར་བྱ། །?་དང་དུགས་བྱ་དུས་དང་ནི།། ་ནས་ཐུག་ཏིག་ཏའི་ཁུ་བ་རྣམས། །དྲི་མ་རྣམས་ནི་སྨིན་བྱེད་པ། །རིམ་དང་གནས་སྐབས་ཇི་བཞིན་དུ། །རླུང་ནད་ཉི་ཚེ་ཟད་བྱེད་དང། །གློ་བུར་བ་དང་རིམས་རྙིད་ལ། །སྨྱུང་བ་མི་བྱ་དེ་ལ་ནི། །ཉམས་མི་སྨད་བའི་ཞི་བྱ་ཕན། །དེ་ལ་མ་ཞུའི་རིམས་ལྡན་ཚུལ། ་ཉམས་སྨད་མི་བྱར་ཤེས་པར་བྱ། །གསོ་བའི་ཐབས་ནི་གཉིས་ཤེས་ལས། །བཏགས་ཏེ་སྨྱུང་བ་བྱ་བ་ཡིན། །སྨྱུང་བྱས་མཚན་མར་ལྡན་པ་ནི། །དེ་ལ་ཐུག་བླ་ལ་སོགས་བླུང། །རང་གི་སྨན་དང་ཇི་བཞིན་བསྒོལ། །དང་པོར་ཐུག་སླ་ལ་སོགས་སྦྱིན།། ་ཞག་དྲུག་པར་དུ་འང་གང་ཚེ་རིམས། །རྩེ་ཞིལ་གྱུར་པའི་བར་དུ་སྦྱིན། །དེ་ཡིས་ཤིང་གི་མེ་བཞིན་དུ། དེ་ཡིས་མེ་དྲོད་འཕེལ་བར་བྱེད། །དང་པོར་འབྲས་ཡོས་ཐུག་འཇུ་སླ། བཅའ་སྒ་པི་པི་ལིང་དང་བཅས། །འུ་སུ་རྒྱམ་ཚར་བཅས་པ་སྦྱིན། ་སྐྱུར་འདོད་སེའུ་བཅས་པ་བཏུང། །འཁྲུ་བ་འམ་མཁྲིས་པ་མང་པོ་ལ། །སྦྲང་རྩི་བཅའ་སྒ་བཏབ་བསྒྲངས་བླུད། །ཆུ་སོ་རྩིབ་ལོགས་ཀླད་པ་གཟེར། །གཟེ་མ་བྱ་ཀྲི་བསྐོལ་བ་བླུད། །རིམས་འཁྲུར་པྲི་སྣ་བརྣ་དང། །པ་ལ་བིལྦ་བཅའ་སྒ་དང། །ུཏཔལ་དུ? ་སུ་བསྐོལ་རིམས་འཁྲུར། །ཐུག་སྐྱུར་སྨིན་དང་དྲོད་བསྐྱེད་ཡིན། །སྐྱིགས་བུ་ལུང་པ་དབུགས་མི་བདེ། །གཟེར་ཅན་རྩ་བ་ཆུང་དུ་ལྔ། །བད་ཀན་གྱིས་ཉེན་ནས་ཐུག་ནི། །རྩ་བ་ཆེན་པོ་ལྔ་པོ་སྦྱིན། །རྟུག་པ་འགགས་ལ་ནད་བཅས་པ། །པི་པི ་ལིང་དང་སྐྱ་རུ་ར། །བཏབ་བའི་ནས་ཐུག་མར་དང་བརྔོས། །དྲི་མ་ནད་ནི་བདེ་འབྱུང་བྱེད། །ལྟོ་བར་རྟུག་འགགས་ནད་བཅས་ལ། །དབྱི་མོང་པི་པི་ལིང་རྩ་བ། །རྒུན་འབྲུ་དོང་ག་སྐྱུ་རུ་ར། །ཁོང་པ་བཅས་པ་སྙམ་བྱེད་ལ། །རྒྱ་ཤུག་ད་ཏྲིགས ་ལ་པར་ནི་པྲེ་སྣ་བརྞི་བིཝ་བླུད། །རྡུལ་མེད་གཉིད་མེད་སྐོམ་པས་ཉེན། །ཁ་ར་དོང་ཀྲ་སྐྱུ་རུ་རའོ། །རྒྱ་ཤུག་ཁ་ར་རྒུན་འབྲུམ་དང། །ཐལ་ཏྲེས་གླ་སྒང་ཙན་དན་ནི། །སྐོམ་དང་སློན་དང་བཅས་བ་བླུད། །སྦྲང་རྩིར་བཅས་པ་རིམས་འཇོམས་ཡིན། །དེ་དག་ ་ཐུག་པའི་སྨན་ཡིན་ཏེ། ཤ་ཁུ་ཡུ་ཤ་སོགས་པ་འང་སྦྱར། །ཆང་ལས་བྱུང་དང་ཆང་རྒྱུན་བསྟེན། །བད་ཀན་མཁྲིས་པའི་གནས་ཞུགས་དང། །དེ་གཉིས་ཤས་ཆེ་འམ་སོ་གའམ། །སྐོམ་དང་སློན་དང་ཚད་བས་ཉེན། །ཁྲག ་ནི་སྟོད་དུ་འབྱུང་བ་སྟེ། །དེ་ལ་ཐུག་པ་མི་བླུང་ཀྱི། །འབྲས་ཕྱེའི་སྐྱོ་མ་རིམས་འཇོམས་པའོ། །འབྲས་བུའི་ཁུ་བ་སྦྲང་རྩི་དང། །ཁ་ར་དཀར་བཅས་བླུད་པར་བྱ། །དེ་ནས་སྐྱོན་མ་ཞུ་ནས་ནི། །བཀྲེས་ན་ནས་ཐུག་འབྲས་བརྔོས་པའི། །འབྲས ་ཆན་དག་ནི་བཟའ་བྱ་ཞིང། །ཤ་ཁུ་སླ་བའི་ཁུ་བའོ། །མུངྒ་འུར་བའི་ཁུ་བཅས་བཟའ་། །ཤ་ཆུད་སོགས་ཀྱི་ཁུ་བ་ལ། །ཤ་ཉུང་སླ་བ་ཡིན་པར་བཤད། །དེ་ལྟར་ཞག་དྲུག་འདི་བཟླས་ཏེ། །ཉམས་སྟོབས་ནད་ནི་བསྲུང་བར་བྱ། །དེ ་ནས་སྨྱུང་བ་ལ་སོགས་པས། །སྨིན་པའི་ནད་ནི་ལྷག་མ་རྣམས། །སྨིན་པ་འམ་ཡང་ན་ཞི་བྱའི་ཕྱིར། །སྨན་ཁུ་སྦྱོར་བའི་བྱ་བ་བསྔགས། །མཁྲིས་ལ་མཆོག་ཏུ་ཁ་བ་སྟེ། །བད་ཀན་ལ་ནི་ཚི་བ་བླུད། །བད་ཀན་མཁྲིས་པ་སེལ་བྱེད་ཀྱང། །བསྐ་བ ་བསྔགས་པ་མ་ཡིན་ཏེ། །རིམས་གསར་དྲི་མ་འགགས་བྱེད་པས། །བསྐ་བས་མི་བཟང་རིམས་བསྐྱེད་ཅིང། །དང་བ་འཁྱིལ་དང་ཡིག་འཆུས། །སྐྱིགས་བུ་དབུགས་མི་བདེ་ཡང་བསྐྱེད། །ལ་ལ་ཞག་བདུན་ནས་སྨན་གཏོང། །གཞན་དག་ཞག་ནི ་བཅུ་ལོན་ནས། །ཁ་ཅིག་ཟས་ཡང་ཟོས་ནས་གཏོང། །མ་ཞུ་ཤས་ཆེ་ལ་མི་བཏང། །གང་ཕྱིར་མི་བཟད་རིམས་ཉེན་ཁ། །ནད་ཀྱི་ཤུགས་ནི་འབྱུང་འགྱུར་ལ། །མ་སྨིན་པ་ལ་སྨན་གྱི་ནི། །རིམས་ནི་སླར་འཕེལ་བྱེད་པའམ། །ནད་ནི་ཤིན་ཏུ་སོགས ་པ་ཡི། །སྙོམ་དང་རྨོངས་བག་སྐྱེད་པར་བྱེད། །གང་ཚེ་རིམས་རྩེ་ཞིལ་ལུས་ཡང། །དྲི་མ་ལ་སོགས་གཡོས་གྱུར་བ། །རིམས་བཏབ་ཡུན་རིང་མ་ལོན་ཡང། །དེ་ཚེ་སྨན་ནི་སྦྱིན་པར་བྱ། །གླ་སྒང་པར་བཏང་བཅས་པ་འམ། །བཅའ་སྒ་འམ་ཡང་ན ་གི?་ཚེར་བ། །བསྐོལ་བ་སྐྲངས་པའི་ཁུ་བ་བླུད། །པ་ཏ་པུ་ཤེལ་པ་ལ་ཀ། བླུད་པ་འམ་དེ་བཞིན་དུ་ནིམྦ། །སླེ་ཏྲེས་གླ་སྒང་དོང་ཀྲ་རྣམས། །འདི་ནི་ཅི་རིགས་པར་བླུད་བྱ། །ནང་སྨིན་བྱེད་པའི་སྨན་ཁུ་བ། །རིམས་དང་སྐོམ་དང་ཡིག་འཆུས། །ཁས་རི་མོ་ཚོར་མ་ཞུ ་འཇོམས། །དུག་མོ་ཉུང་དང་པ་ཏོ་ལའི། །ལོ་མ་དང་ནི་པུ་རྩེ་ཤེལ། །བ་ཐོལ་གླང་སྒང་ཐལ་ཏྲེས་དང། །པ་ཏ་དང་ནི་པུ་རྩེ་ཤེལ། །པ་ཏོལ་ནིམྦ་འབྲས་བུ་གསུམ། །རྒུན་འབྲུམ་གླ་སྒང་དུག་མོ་ཉུང། །ཀི་ར་ཏིག་ཏ་སླེ་ཏྲེས་དང། །བཅའ་སྒ་དང་ནི་ཙན་དན ་དཀར། །སླེ་ཏྲེས་གླ་སྒང་སྐྱུ་རུ་སྠང?། །ཚིགས་བཅད་ཕྱེད་ཀྱིས་རྫོགས་བྱས་པ། །ལྔ་པོ་འདི་དག་རྟག་རིམས་སོགས། །ལྔ་པོ་ཞི་བར་བྱེད་པར་འདོད། །རླུང་གི་རིམས་ལ་བི་ཚར་བ། །བཅའ་སྒ་སླེ་ཏྲེས་གླ་སྒང་ཕན། །ཡང་ན་པི་པི་ལིང་རྩ་བ། །སླེ་ཏྲེས་དང་ནི ་བཅའ་སྒ་འམ། །རྩེ་བ་ལྔ་པ་ཆུང་ངུ་ཕན། །མཁྲིས་རིམས་གླ་སྒང་དུ་མོ་ཉུང། །པུ་རྩེ་ཤེལ་ནི་སྦྲང་རྩིར་བཅས། །དེ་བཞིན་གླ་སྒང་པར་པ་ཏ། །བི་ཙེར་རྩ་མཁྲིས་བཅས་པ་ཕན། །བད་ཀན་དུག་མོ་ཉུང་སོགས་སྟེ། །ཡང་ན་བཤ?་ཀ་གླ་སྒང། །བཅའ་སྒ་བི་ཚར ་བསྐོལ་བ་ཕན། །པི་པི་ལིང་རྩ་ཨ་རུ་ར། །དོང་ག་གླ་སྒང་པུ་རྩེ་ཤེལ། །བད་ཀན་རླུང་འདྲེས་བཤད་འགགས་པས། །ན་བ་སྨིན་ཞིང་དྲོད་སྐྱེད་བྱད། །རླུང་མཁྲིས་ལས་གྱུར་རིམས་ལ་ནི། །རྒུན་འབྲུམ་ཤིང་མངར་མ་དུ་ཀ། སེང་ཕྲོམ་ཏང་བ་ལ་ཐལ་ཏྲེས ་དང། །གླ་སྒང་སྐྱུ་རུ་ར་བ་ལ་ཀ། པདྨ་གེ་སར་ཤུག་པ་དང། །པད་རྩ་ཙན་དན་ཨུ་ཤི་ར། །པ་རུ་ཤ་ཀ་ཨུཏཔལ་སྔོ། །རྒུན་སོགས་སྐྱེ་མ་འམ་བསྐོལ་བསྒྲངས་པ། །མེ་ཏོག་ཛཱ་ཏིའི་དྲི་སི་བསྒོས་ཏེ། །ཁ་ར་འབྲས་ཡོས་སྒྲང་རྩིར་སྦྱར། །རླུང་མཁྲིས ་རིམས་ནི་འཇོམས་བྱེད་ཅིང། །ཆང་ནད་སློན་བརྒྱལ་ཚ་མགོ་འཁོར། །ངལ་དང་སྟོད་ཀྱི་ཁྲག་མཁྲིས་ནད། །སྐོམ་དད་མིག་སེར་དག་བྱང་སེལ། །པུ་རྩེ་ཤལ་བཏགས་སྣོད་སར་པ། །གཙང་མ་དག་ཏུ་བསྐོལ་ནས་ནི། །བཙིར་བའི་ཁུ་བ་མར་དང ་སྦྱར། །ཁུ་བ་དེ་ན་རིམས་ཚ་སེལ། །བད་ཀན་རླུང་འདྲེས་ཤུ་དག་དང། །པུ་རྩ་ཤེལ་དང་པ་ཏ་དང། །དང་ཀ་དུག་མོ་ཉུང་བསྐོལ་ཕན། །ཡང་ན་གླེ་ཏྲེས་བསྐོལ་བ་ཡི། །ཁུ་བར་པི་པི་ལིང་གི་ནི། །ཕྱེ་མ་བཏབ་སྟེ་འཐུངས ་ན་ཕན། །བྱ་ཀྲི་བཅའ་སྒ་སླེ་ཏྲེས་བསྐོལ། །པི་པི་ལིང་གི་ཕྱེ་མར་བཅས།། བད་ཀན་རླུང་རིམས་དབུགས་མི་བདེ། །ལུང་པ་ཆམ་པ་གཟེར་འཇོམས་བྱེད། །གླ་སྒང་འུ་སུ་ཨ་རུ་ར། །བཅའ་སྒ་ཏྲ་ལོ་པུ་ཏི་ཀ། །ཤུ་དགག་པྲ་ཀ་བ་ལ། །ཐང་ཤིང ་ཤིང་ཀུན་སྦྲང་རྩིར་བཅས། །རླུང་དང་བར་རིམས་མཆིལ་མ་མང། །ལྟོ་དང་སྙིང་ག་རྩིབས་ལོགས་ན། །ལྐོག་ནང་ཁ་ནི་སྐྲངས་པ་དང། །ལུང་པ་དབུགས་མི་བདེ་རྣམས་སེལ། །དོང་གསོགས་ཏེ་སྦྲང་རྩིར་བཅས། །བད་ཀན་མཁྲིས ་འགྱུར་རིམས་འཇོམས་སོ། །དེ་བཞིན་པུ་རྩེ་ཤེལ་དང་ནི། །བ་ཤ་ཀ་དང་པུ་ཤེལ་རྩི། །ཁྱི་ལྕེ་བ་དང་འབྲས་བུ་གསུམ། །སླེ་ཏྲེས་དང་ནི་པ་ཏོ་ལ། །བོད་པ་དཀར་པོ་ནི་མཔ་དང། །མུརྦ་བྱི་ཆེར་བ་ཡང་ཕན། །འདུས་པའི་རིམས་ལ་བྱ་ཀྲི་དང། ་ཐང་ཤིང་སྐྱེར་པ་གླ་སྒང་དང། །པ་ཏོ་ལོ་མ་ནི་མ་པའི་ཤུན། །འབྲས་གསུམ་བུ་རྩེ་ཤེལ་ཡང་ཕན། །རླུང་དང་བད་ཀན་ཤས་ཆེའི་རིམས། །ལུང་དབུགས་མི་བདེ་རྩིབ་ལོགས་ཟུག་།དོར་གྲ་པུཥྐར་མཱུ་ལ་དང། །སླེ་ཏྲེས་ཀཱཎྜ་ཀཱ་ར ་ཕན། །རྒུན་འབྲུམ་མ་དུ་ཀའི་མེ་ཏོག་པ་རུ་ཀ་ཀ་ཁྱི་ལྕེ་བ། །བུ་ཤེལ་ཙེ་དང་བུ་ཤེལ་ལ། འབྲས་བུ་གསུམ་དང་ཏང་བལ་བཅས། །བསྐོལ་ཏེ་བསྒྲེངས་བར་གྱུར་པ་ཡི། །ཁུ་བ་དེ་ནི་དེས་འཐུངས་ན། །རིམས་ནི་ཐམས་ཅད་སེལ ་བར་བྱེད། །ཛཱ་ཏི་གླ་སྒང་སྐྱུ་རུ་ར། །བྱི་ཆེར་བ་བསྐོལ་དེ་འདྲར་ཕན། །བཤད་འགགས་རྒུན་འབྲུམ་བུ་རྩེ་ཤེལ། །ཁྱི་ལྕེ་བུ་རམ་འབྲས་བུ་གསུམ། །སྨན་ཞུ་ནས་ནི་ཐུག་པ་སོགས། །སྦྱང་བྱ་བར་ཀན་ཅན་གྱིས་མིན། །བད་ཀན་གྱིS ་བརླན་ལུས་ལ་མི་རྡུལ་ཆགས་བ་ནི་འཕོལ་བ་ལྟར། །ཐུག་པ་ཡིས་ནི་བད་ཀན་བསྐྱེད། །དེ་ཕྱིར་ཐོག་མ་ཉིད་དུ་ཡང། །ཡུ་ཤ་རྒྱ་སྲན་ཚན་ཀ། །སྲན་མ་སོགས་བྱས་ཡང་བ་དང། །རྩུབ་ཅིང་རོ་ཁ་ལྡན་ཡིད་འོང། །ཡིག ་འབྱེད་བྱེད་གཡོས་ལེགས་སྦྱིན། །ས་ལུ་ཙ་སྣར་སོགས་འབྲུ་རྙིང། །དྲུག་ཅུ་པ་ཡང་རིམས་ལ་ཕན། །བད་ཀན་ཤས་ཆེར་དེ་བཞིན་ནས། །ཕུབ་མ་མེད་བྱས་ཆག་བྱའི་ཆན། །ནས་དང་ལུས་ཟུངས་སོགས་སྟོབས་ལས། །རིམས་སེལ་སྨན ་ཁུར་བཙོས་འབྲས་ཆན། །ལན་གཉིས་ལན་གསུམ་བཙགས་ནས་ནི། །ཅི་རིགས་པར་ནི་སྦྱིན་པར་བྱ། །མུངྒ་སོགས་དང་ཀུ་ལ་ཏྲའཔའི?། །ཡུ་ཤ་ཡང་བ་རིམས་ནད་འཛོམས། །ཚོད་མ་ཀ་ར་བ་ལ་དང། །ཀརྐོ་ཏ་དང་ལ་ཕུག་གཞོན། །པ་ཐ་ཏ་དང་བ ་ཏ་ཀ། ནིམདའི་མེ་ཏོག་བ་ཏོ་ལའི། །འབྲས་བུ་དང་ནི་ལོ་མ་ལས། །ལེགས་པར་གཡོས་པའི་ཚོད་མ་བསྔགས། །ཤིན་ཏུ་ཡང་བའི་ཤ་དང་ནི། །སྐམ་སའི་སྲོག་ཆགས་ཤ་ཁུ་ནི། །ཀཎྜ་ཀཱ་རི་བ་རུ་ཤ། ཨགནི་མནད་རྒུན་འབྲུ་དང། །སྐྱུ་རུ་ར་དང་སེ ་འབྲུ་དང། །པི་པི་ལིང་དང?་བཅའ་སྒ་དང། །འུ་སུ་ཟིར་རྒྱམ་ཚར་བཅས། །ཕལ་ཆེར་ཁར་སྦྲང་རྩི་ཚེར། །ལྡན་པ་གཡོས་བྱས་མ་བྱས་པ། །མི་སྐྱུར་དང་བ་བསྐོལ་བ་དང། །ཡི་གར་འོང་ཞིང་སླ་བ་དང། །ལེགས་པར་བསྐོལ་བའི་ཚོད་མ ་ཕན། །དེ་ནི་བཏུང་བའི་ཕྱིར་ཡང་སྦྱིན། །ཆུ་བསྐོལ་བསྒྲངས་པར་གྱུར་པ་དང། །གོམས་པར་གྱུར་བའི་དབང་ལས་ནི། །ཆང་ཡང་བླུད་བར་བྱ་བ་ཡིན། །རིམས་དང་བཅས་པའམ་རིམས་བྲལ་ལ། །རྒོངས་ཀ་ཁ་ཟས་ཡང་བ་སྦྱིན། །དེ་ཚེ་བད་ཀན ་མ་དྲོང་འཕེལ། །ཁོང་པའི་མེ་དྲོད་སྟོབས་དང་ལྡན། །ཡང་ན་ཡུལ་གོམས་དབང་ལས་ནི། །ཅི་རིགས་སུ་ཡང་སྦྱིན་པར་བྱ། །མེ་དྲོང་ཆུང་ལས་སྔར་ཟོས་ན། །ཟས་མ་ཞུ་བར་གཟིར་བར་འགྱུར། །སྨན་བསྐོལ་ཁུ་བ་ཕན་ཟས་ཀྱིས། །ཞག་བཅུའི ་བར་དུ་སྨྱུང་བ་བྱ། །བད་ཀན་བྲི་ནས་རླུང་མཁྲིས་ནི། །ཤས་ཆེའི་རིམས་ལ་ཞུན་མར་སྦྱིན། །ཅད?་སྨིན་པ་ལ་བདུད་རྩི་ཡིན། །གཞན་དུ་དེ་ནི་དུག་དང་མཚུངས། །ཞག་བཅུ་འདས་བར་གྱུར་ཀྱང་ནི། །རིམས་ཀྱི་བླ་གཉན་འཕེལ་བར་བྱེད། ་དེ་ལ་སྨྱུང་བ་ལ་སོགས་རིམ། །བད་ཀན་ཟད་ཀྱི་བར་དུ་བྱ། །ལུས་དང་ལུས་ཟུང་སྟོབས་ཞན་པས། །རིམས་རྙིང་དུ་ཡང་འགྱུར་བ་ཡིན། །མེ་དྲོད་རྩུབ་བས་རིམས་བསྐྱེད་བྱེད། །མེ་དྲོད་རྩུབ་པར་གྱུར་པ་ལས། །སྐྱུགས་སྨན་དུགས་དང་དུས་དང་ཆུ། །བསྐོལ་དང ་ཁ་ཟས?་སྤངས་པ་ཡིས། །རླུང་གི་ཁམས་ནི་གྲོགས་གྱུར་པས། །གང་ཞིག་སྟོབས་ཆེན་གྱུར་པ་ལ། །དེ་ཡི་ཞི་བྱེད་ཞུན་མར་ཏེ། །ཁང་པ་འབད་ལ་ཆུ་བླུགས་མཚུངས། །རླུང་མཁྲིས་སེལ་བའི་མཆོག་ཏུ་ནི། །སྦྱོར་བའི་དབང་ལས་གྱུར་པ་ན། །དེ་ཕྱིར་རང་གི ་སྨན་དང་ནི། །ཇི་བཞིན་བསྐོལ་བ་དེ་ལ་སྦྱིན། །རིམས་འགྲོ་མི་མཐུན་པས་སེལ་ལ། །བསིལ་བས་མཁྲིས་བ་འདས་པར་བྱེད། །སྣུམ་པས་སེལ་བ་བད་ཀན་མར། །མཚུངས་དང་སྦྱོར་དང་གཡོས་པས་སེལ། །སྔར་གྱི་སྨན་ཁུ་མར་བཅས་པ། །ཐམས་ཅད ་ནད་དམིགས་ཇི་བཞིན་བཏང། །འབྲས་བུ་གསུམ་དང་ནིམཔ་ཤུན། །ཤིང་མངར་འབྲི་ཧ་ཏི་གཉིས་དང། །སྲན་ཆུང་འོ་མང་བཅས་བསྐོལ་ལ། །མང་ལྡན་རིམས་དང་ལུད་པ་འཇོམས། །པི་པི་ལིང་དང་ཏིག་དུག་མོ་ཉུངས། །ཀཎྜ་ཀཱ་རི་བུ་ཙེ་ཤེལ་ཐལ་ཏེརེས ་ཏ་མ་ལ་ཀ་སྐྱུ་རུ་ར་བིལྤ། །གླ་སྒང་ཅན་དན་ཁྱི་ལྕེ་བུ་ཤེལ་ཙེ། །རྦུན་འབྲུམ་བོང་ངེས་ལ་བརྞི་དང། །ཁ་སྐོལ་པའི་མར་གྱིས་རིམས་ཀྱི་ནང་དང་ནི། །མེ་དྲོད་མི་སྙོམས་ཧ་ལི་ས་ཀ་དང། །ཡི་ག་འཆུས་དང་མི་བཟང་ཚེ་བ་དང། །སྙོམས་པའི་ནད་དང་རྩིབ ་ལོགས་ན་བ་དང། །མགོ་ནད་སློན་ནི་མྱུར་དུ་འཇོམས་པར་བྱེད། །དུར་བྱེད་མ་གཏོགས་སོང་ཕྲོ་མ་སོགས་བསྐོལ་མར། །རླུང་ལས་གྱུར་བའི་རིམས་ལ་བསྔགས་པ་ཡིན། །མཁྲིས་པའི་རིམས་ལ་བུ་རྩེ་ཤེལ་དུག་མར། །ཁྱི་ལྕེ་བར་བསྐོལ་སྨན ་མེད?་གང་ཡིན་ཕན། །པི་ཏང་ཀ་དང་དབྱི་མོང་ཁ་རུ་ཚ། །པ་ཏ་ཚ་བ་གསུམ་དང་ཙི་ཏྲ་ཀ། ལྕེ་མྱང་ཆ་དང་ནས་ཚིག་འཁྲུས་ཐལ་བ། །འདི་རྣམས་ཆ་ནི་སྲང་རེ་བྱས་བ་དང། །མར་དང་འོ་མ་ཆ་ནི་མཉམ་བྱས་པ། །བྲེ་གང་བསྐོལ་བ་བད་ཀན་རིམས་རྙིང ་འཇོམས། །སླེ་ཏྲེས་ཁུ་བ་ལྡེ་གུ་དང། །བ་ཤ་ཀ་དང་འབྲས་བུ་གསུམ། །རྒུན་འབྲུམ་དང་ནི་བ་ལ་དང། །བསྐོལ་བའི་སྨན་མར་རིམས་ནད་འཇོམས། །མར་ཞུ་ནས་ནི་ཤ་འཇམ་ཁུ། །ཁ་ཟས་བཅས་པ་བཟའ་བར་བྱ། །དེ་ནི་སྟོབས་རབ་སྐྱེད་བྱང་དང། །ནད ་ནི་ཤིན་ཏུ་ཟད་བྱེད་ཡིན། །ཀ་ར་པེ་ལ་སོགས་ཁུ་དང། །མུངྒ་བད་ཀན་མཁྲིས་འཇོམས་པས། །ཕལ་ཆེར་རླུང་ཤས་ཆེ་རིམས་ལས། །གཟེར་དང་བཤང་བ་འགགས་པ་ནི། །བསྐྱེད་ཅིང་རིམས་ནི་འཕེལ་བར་བྱེད། །ད་ཕྱིར་དེ་ནི་བསྔགས་མ་ཡིན། །གལ་ཏེ། ་དེ་ལྟར་བྱས་ཀྱང་ནི། །རིམས་ནི་ཞི་བར་མ་གྱུར་ན། །སྤྱད་འོས་ལ་ནི་སྦྱང་བར་བྱ། དེ་ལ་སྐྱུགས་སྨན་སྔ་བཤད་པ། །མ་ཞུ་བར་ནི་གནས་ནད་ལ། །སྟོབས་ཅན་སྟོབས་ནི་བསྲུང་ཏེ་བཏང། །སྨིན་ཞིང་ནད་ནི་ལྷོད་གྱུར་པའམ། །ཆང་དང་དུག་ལས་བྱུང ་རིམས་ལ། །ཤ་མ་དུར་བྱིད་འབྲས་བུ་གསུམ། །བི་པི་ལིང་དང་གེ་སར་དང། །ཡང་ན་ཚེ་བ་གསུམ་སོགས་སྨན། །ཁ་ར་སྦྲང་རྩི་བཅས་པ་སྦྱིན། །དེ་བཞིན་རྒུན་འབྲུམ་སྐྱུ་རུའི་ཁུ་བའམ། ། རུ་ར་ཅི་རྒུན་ཆུར་བཅས། །དོང་ཀ་འོ་མར་བཅས་བའམ། ་རྒུན་ཆུ་དང་ནི་བཅས་པ་བླུང། །འབྲས་བུ་གསུམ་མམ་ཁྱི་ལྕེ་བ། །འོ་མ་རིམས་དང་ལྡན་བས་བཏུང། །སྨན་བཀྲུ་བཏང་བའི་སྐབས་སུ་ཡང། །ཐུག་སླ་ལ་སོགས་རིམ་བཞིན་བླུད། །རིམ་གྱིས་དྲི་མ་ཀློང་གཡོས་ཚེ། །དེ་ལ་རྟག་ཏུ་དགག་མི་བྱ།། ་ནང་ནི་ཁོང་པར་གནས་རྙེད་ནས། །སྨིན་ཀྱང་གནོད་པ་བསྐྱེད་པར་འགྱུར། །ཤིན་ཏུ་ཚབས་ཆེར་བྱུང་གྱུར་ན། །སྨིན་ནས་བཅས་པར་བྱ་བ་ཡིན། །མ་སྨིན་བཀག་པའི་ཉེས་པ་ནི། ནད་བཅོས་ཐབས་སུ་བཤད་བ་ཡིན། །གང་ཞིག་རྨོངས་པས་མ་སྨིན ་ན། །རིམས་ལ་སྨན་གཏོང་ནད?་འབྱིན་པ། །དེ་ནི་སྤྲུལ་ནག་གཉིད་ལོག་ལ། །ལག་བའི་རྩེ་མོར་རེག་དང་མཚུངས། །རིམས་ཟད་བ་ལ་སློན་སྨན་དང། །བཀྲུ་སྨན་ཕན་པ་མ་ཡིན་ཏེ། །དེ་ལ་འོ་མ་དག་གི་ནི། །མས་བཏང་བས ་ནི་ནང་བསལ་བྱའོ། །འོ་མ་ལ་གོམས་བད་ཀན་ཟད། །ལུས་ཚ་སྐོམ་དང་གཉིས་ཡོད་ལ། །རླུང་དང་མཁྲིས་བས་ཉེན་པའི། །ཚད་པར?་འཁྲུ་ཡང་འོ་མ་ཕན། །དེ་ལུས་སྨྱུང་བས་གདུངས་པ་དག། མེས་ཚིག་པ་ཡི་ནགས་ལ་ནི། །ཆང་ཆུ་འབབ་པས ་བསྐྱེད་པ་ལྟར། །རིམས་ནི་མྱུར་དུ་སེལ་བར་བྱེད། །དེ་བས་འོ་མ་སྦྱར་ཏེ་བསྐོལ། །དྲོ་བའམ་བསྒྲངས་པ་བཞེས་མ་ཐག། །དུས་ཀྱི་དབྱེ་བ་ཤེས་ཏེ་སྦྱིན། །དེ་ལས་གཞན་དུ་རིམས་ཅན་གསོད། །འོ་མ་བཅའ་སྒྲ་འབྲ་གོང་བཅས། །རྒུན་འབྲུམ་ཁ ་དམར་ལྡན་པར། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་བཏབ། །སྐོམ་དང་ལུས་ཚ་རིམས་འཇོམས་བྱེད། །དེ་བཞིན་པ་ལ་རྒུན་ཤིང་མངར། །ཙན་དན་ཐལ་ཏྲེས་པི་བི་ལིང། །འོ་མའི་བཞི་འགྱུར་ཆུ་བསྐོལ་བའམ། །པི་པི་ལིང་དང་བསྐོལ་པ་ནི། །རིམ ་གྱིས་བཏབ་པས་འཐུངས་ནས་ནི། །སླད་གཟེར་ལུང་པ་དབུགས་མི་བདེ། །རྩིབ་ལོགས་གཟེར་རིམས་སྙིང་ལས་ཐར། །རྩ་བ་ལྔ་བསྐོལ་དེ་དང་འདྲ། །ེ་རཎ་རྩ་བ་སྐོལ་བའམ། །བིལྤ་གཞོན་ནུ་བསྐོལ་བའམ། །བཞོས་མ་ཐག་གི་འོ་མ་འཐུངས ་རླུང་གི་རིམས་ཀྱིས་ཕྱིས་འགགས། །ཁྲག་བཅས་སྦྱིན་བག་ཚ་འཁྲུ་དང། །སྐོམ་དང་གཟེར་བཅས་འཁྲུ་ལས་ཐར། །བཅའ་སྒ་བ་ལ་བྱ་དྲི་དང?། །གཟེམ་བུ་རམ་འོ་མར་བཙོས། །བསྐོལ་འཐུངས་སྐྲན་བཤད་གཅིན་དང་ཕྱེན། །འགགས་དང ་རིམས་དང་ལུང་པ་འཇོམས། །བྲི་ཤི་ས་དང་བི་ཝ་དང། །བ་ཤ་བུར་དང་བསྐོལ་བ་ཡིས། །རིམས་ཀྱིས་སྐྲན་ནང་སེལ་བ་ཡིན། །ཤིང་ཤ་བ་ཡི་སྙིང་བོ་དང། །འོ་མ་དག་ཏུ་བསྐོལ་བ་ནི། །རིམས་ཀྱི་མྱུར་དུ་འཇོམས་བྱེད་ཡིན། །ནད་སྨིན་ཞུ་བའི་གནS ་སོང་ལ། །མས་བཏང་དྲག་པོས་མེ་བ་སྟབས་བསྐྱེད། །རིམས་བྲལ་སེམས་དགའ་ཡིག་འབྱེད། །མྱུར་དུ་སྐྱེད་པར་བྱེད་པ་ཡིན། །བཀྲུ་སྨན་མཁྲིས་པའང་བད་མཁྲིས་འདྲེས། །མཁྲིས་པའི་གནས་ཞུགས་པ་སེལ། །འཇམ་རྩིས་ནང་ནི་གསུམ་ཆར་དག། ཞུ་བའི ་གནས་ལ་བརྟེན་པ་སེལ། །འོ་མས་བད་ཀན་མཁྲིས་པ་དག། མཇུག་ཏོ་རྒྱབ་དང་རྐེད་པ་ན། །མེ་དྲོད་ཆེ་ལ་རྟུག་འགགས་ལ། །འཇམ་རྩི་མས་བཏང་སྦྱར་བར་བྱ། །ནིམཔ་པ་ཏོ་ལའི་ལོ་མ། །པུ་རྩེ་ཤེལ་དང་དོང་ཀ་དང། །ཏིར་བ་ལ་པོ་སོན་ཆ། །གཟེ་མ་པུ ་ཤེལ་བ་ལ་ཀ། འོ་མ་ཆུང་ནི་བསྐོལ་བ་དང། །འོ་མ་ལྷག་མ་ལུས་པ་ལ། །གླ་སྒང་ཤིང་མངར་པོ་སོན་ཆ།། པི་པི་ལིང་དང་དུག་མོ་ཉུང། །མར་དང་སྦྲང་རྩིར་བསྲེས་པ་ཡི། །འཇམ་རྩི་བཏང་ན་རིམས་འཇོམས་སོ། །པརྣི་བཞི་དང་ཤིང་མངར་དང། །པོ་སོན ་ཆ་དང་བུ་ཤེས་ཙི། །དོང་ཀ་རྣམས་ནི་བསྐོལ་བ་རུ། །ཤིང་མདར་པ་ཏ་པུཤཔ་དང། །ཕྲ་ཡཾ་ཀུ་དང་ལོ་སོན་ཆ། །གླ་སྒང་ལྡེ་གུར་བྱས་པ་ལ། །བུ་རམ་མར་དང་སྦྲང་རྩིར་བཅས། །འཇམ་རྩི་རིམས་ནི་སེལ་བྱེད་ཡིན། །འཇི་བནྟི་དང་པོ་སོན་འཆལ། །མང ་ཤིང་མངར་པི་པི་ལིང། །ཤུ་དག་རི་དྷི་ད་སྣ་དང། །བ་ལ་དང་ནི་བིལྦ་དང། །ཤུ་ཏི་དང་ནི་ཉེར་ཤིང་དང། །མར་དང་ཏིལ་མང་འོ་མ་དང། །ཆུ་དང་བཏགས་ཏེ་ལྷན་ཅིག་བསྐོལ། །སྣུམ་ནི་ནད་དང་རྗེས་མཐུན་པའི། །འཇམ་རྩིས་རིམས་ལ་བཏང་བར་བྱ། །གང ་ལང་ཆོ་ག་གྲུབ་པ་ལས། །རིམས་སེལ་བར་ནི་བཤད་པ་ཡི། །འཇམ་རྩི་དག་ཀྱང་བཏང་བར་བྱ། །སྣ་ཡི་བཀྲུ་སྨན་རིམས་སྙིང་ལ། །བཏང་ན་ཡི་གེ་འབྱེད་བྱེད་ཅིང། །མགོན་ལྷ་ཞིང་བད་ཀན་ཆེ། །སེལ་ཞིང་དབང་བོ་གསལ་བྱེད་ལ། །སྣུམ་གྱི་སྣ ་སྨན་མགོ་སྟོང་སྙམ། །ལུས་ཚ་མཁྲིས་པ་སིལ་བྱེད་ཡིན། །དུད་རྡུབ་མཁུར་བཀང་མཁུར་བ་སྒོ། །ནད་དམིགས་ཇི་བཞིན་སྦྱར་བར་བྱ། །ཆམ་པ་ཁས་རོ་མི་ཚོར་དང། །མགོ་ནད་ལྐོག་ནད་སེལ་བྱེད་ཡིན། །ཡིག་འཆུས་ལ་ཁ་ལུང་གི། །གེ་སར ་མར་དང་རྒྱམ་ཚ་དང། །ཡང་ན་རྒུན་འབྲུམ་སྐྱུ་རུ་ར། །བ་རའི་ལྡེ་བུ་མཁུར་བར་བཅད། །རིམས་རྙིང་པགས་པ་ལ་བརྟེན་ལ། །རེག་ན་ཇི་ལྟར་བདེ་འགྱུར་བའི། །སྨན་བསིལ་དྲོ་བ་ལ་སྦྱར་བའི། །བསྐུ་བྱུག་ཆུས་བྱུ་གསལ་སོགས་བྱ ་མིག་སྨན་དུད་པའི་སྦྱོར་བའང་བྱ། །བློ་བུར་བྱུང་བ་དེ་དེ་བཞིན། །ཚ་ལ་ལན་སྟོང་བཀྲུས་པ་ཡི། །མར་གྱིས་བསྐུ་བ་སྤྱོད་བར་བྱ། །མེད་གནས་བཤད་སྨན་གྱི་སྡེ། །མདར་དང་སྐྱུར་དང་བསྐབ?་དང། །དུ་རྦ་ལ་སོགས་རླུང་མཁྲིས་འཇོམས། །སྐྱུག་སྨན ་ལ་སོགས་སྡེ་ཚན་བཤད། །ནུས་བ་བསིལ་ཞིང་རེག་ན་གྲང། །བསྐོལ་དང་ལྡེ་གུར་བྱས་པ་དང། །ཏིལ་མར་འོ་མར་བྱས་བསྐོལ་བ། །བསྐུས་ན་འཕྲལ་དུ་ཚ་རིམས་སེལ། །མེ་གོ་དང་ལུས་ཀྱང་དེ་ཉིད་ནི། །ཅུང་ཟད་རྩིང་བར་བཏགས་བས་བསྐུ། །དེ ་བསྐོལ་ཆུ་ནི་བླུག་པ་དང། །ལུས་བྱིད་ལ་ཡང་སྦྱར་བར་བྱ། །སྐྱུར་རྩ་བས་ཆུ་དང་འོ་མ་ཆ། །མར་ལ་སོགས་པའང་དེ་བཞིན་སྦྱར། །བིལྦའི་རྐང་པ་ལུང་ཨ་མྲ་དང། །སེའུ་འབྲུ་སེར་ཕྲོ་མ་བིད་རི། །རྒྱ་ཤུག་ལོ་མ་ལས་བྱུང་བའང། །ལུང་ཐང་གིས། ་ནི་དབུ་བ་ཡིས། །ལུས་བསྐུས་ཚན་རྨོངས་བག་དང། །སློན་དེར་སྐོམ་དང་ཞི་བར་བྱེད། །གང་ཞིག་ནང་གསོའི་ཐབས་སུ་བཤད། །མཁྲིས་པ་སེལ་བའི་རིམ་པ་སྟེ། །བསྟེན་བར་བྱས་ན་མྱུར་དུ་ནི། །ཚ་དང་བཅས་པའི་རིམས་སེལ་འགྱུར། །ནུས ་བ་དྲོ་ཞིང་རེག་ན་དྲོ། །རྒྱ་སྤོས་གུར་ཀུ་མ་ཨ་ཀ་རུ། །རུ་རྟ་རྡོ་དྲག་སྟོ་ནེ་ཡ། །ས་ར་ལ་དང་ཐང་ཤིང་དང། །ཆུ་སྲིན་སེན་མོར་སྣ་དང། །གུ་གུལ་ཤུ་དག་བཅའ་བ་དང། །སུག་སྨེལ་གཉིས་དང་ཚ་རོང་དང། །ཙན་དན་སིབ་དང་བྱེ་རུག་པ། །ཤིང ་ཀུ་སྤང་སྤོས་བྱ་མ་ཀ། །ཡུངས་ཀར་རྩབ་བཅུ་བ་དང། །གླེ་ཏྲེས་ཨེ་རཎ?་གཉིས་དང། །པུ་ཏུ་ར?་དང་རོ་ཧི་ཤ། །ཏ་མ་ལ་ཡི་ལོ་མ་དང། །བྷ་ཏི་ཀ་དང་ས་ལ་ཀི། འུ་སུ་ཨ་ཟ་མོ་ཏ་དང། །ཤུ་ཏི་མ་ཤ་ཀུ་ལཏྟ་།ཙི་ཏྲ་ཀ་དང་བྲ་ཀཱི་རྱ། དགུ ་ལ་ནི་རྣམ་གཉིས་དང། །གཞན་ཡང་དེ་འདྲའི་བསིལ་བའི་སྨན། །བསྐོལ་དང་ལྡེ་གུར་བྱས་ནས་ནི། །ཆང་དང་སྐྱུར་རྩབས་ལ་སོགས་སྦྱར། །ཏིལ་མར་བསྐལ་བ་གྲངས་རིམས་སྦྱར། །དེ་དྲོ་འཇམ་གྱིས་བསྐུ་བ་དང། ཞིབ་ཏུ་བཏགས་པ་བྱུག་པར ་བྱ། བཅུང་ཟད་དྲོ་བས་བླུག་པ་དང། །ལུས་བཅིང་བར་ཡང་བྱ་བ་ཡིན། །ཚ་དང་བ་གཅིན་ཞོ་ཁ་ཆུ། །འབའ་ཞིག་གིས་ཀྱང་དེ་བཞིན་བྱ། །དོར་ཀ་ལ་སོགས་སྡེ་ཡིས་ཀྱང། །བཏུང་དང་བསྐུ་དང་བྱུག་པར་བྱ། །བདུག་བ་ཨ་ཀ་རུ་ལས་བྱུང། །འོག ་ནས་བཤད་པའི་རིམས་ལ་སྦྱར། །དུགས་ནི་མེས་བྱས་མེས་མ་བྱས། །དུགས་ཀྱི་སླན་དང་ཁ་ཟས་བསྟེན། །ཧང་སྤྲུམས་ས་ཕྲག་ཏུ་ཉལ་ཞིང། །ལ་བ་དྲེའ་རྡོག་རེའུ་སྣམ་བགོ། །དུ་བ་མེད་པའི་མདག་མས་གང། །ཞུགས་ལིང་དང་ནི་བརྟེན ་པ་དང། །ཆང་ནི་ཚ་བ་གསུམ་བཅས་དང། །དར་བརྒྱ་སྲན་ཀུ་ལནྟ། །འབྲུ་དང་ཀོ་ཏ་བདག་ཀྱང། །འདང?་བའི་རིམས་ཅན་དེ་ལ་སྦྱིན། །གྲང་བའི་རིམས་ནང་ཅན་དེ་ལ། །ཆུང་མ་ནུ་མ་རྒྱས་པ་དང། །རྒྱན་གྱིས་བརྒྱན་ཏེ་བཞག་པ་དང། །ལང ་ཆེས་རྒྱགས་ཤིང་ཆང་གིས་མྱོས། །བུད་མེད་ཀྱིས་དེ་འཁྲུད་པར་བྱ། །གྲང་དང་བྲལ་བར་ཤེས་ནས་ནི། །དེ་ནས་དེ་སླར་བསལ་བར་བྱ། །ནད་ཅིག་འཕེལ་བར་གྱུར་པ་དང། །འགྲིབ་པ་འམ་ལྡད་པར་གྱུར་བའམ། །མཉམ་གནས་ནད་ནི་བད ་ཀན་གྱི། །གནས་ཀྱི་རིམས་པས་བསལ་བར་བྱ། །འདུས་པའི་རིམས་ཀྱི་མཛའ་མར་ནི། །གང་གི་རྣ་བའི་རྩ་བ་རུ། །མི་བཟད་སྐྲངས་པ་བྱུང་གྱུར་ན། །འགའ་ཞིག་ཐར?་འགྱུར་བ་ཡིན། །ད་ནི་གཏར་ག་དབྱུང་པ་དང། །ཞུན་མར་བླུད་པས་མྱུར ་བསལ་ཏེ། །པད་མཁྲིས་སེལ་བའི་སྨན་བསྐུ་དང། །སྣ་སྨན་མཁུར་བ་བཀང་བས་གསོ། །གང་གི་རིམས་ནི་བསིལ་དྲོད་དང། །སྣུམ་རྩུབ་སོགས་ཀྱིས་ཞི་མི་འགྱུར། །ཡན་ལག་ཞེན་པ་དེ་རིམ་བཞིན། །ལག་ངར་ལས་ཁྲག་མྱུར་དུ་དབྱུང། །ཆོ་ག་འདི་ ་ནི་བཟད་པ་ཡི། །རིམས་ལའང་ནད་དམིགས་ཇི་བཞིན་བྱ། །རླུང་སོགས་རིམས་ཀྱིས་ཆ་ཕྱེ་ལ། །ཕྱིས་བཤད་གང་ཡིན་དག་ཀྱང་བྱ། །པ་ཧོ་ལ་དང་པུ་ཙེ་ཤེལ། །གླ་སྦྲང་ཤིང་མངར་ཨ་རུ་ར། །གཉིས་སམ་གསུམ་མ་མ་ལྔ ་བསྐོལ་བ། །མི་བཟད་རིམས་ནི་འཇོམས་བྱེད་ཡིན། །འབྲས་བུ་གསུམ་དང་ཨ་རུ་ར། །སླེ་ཏྲེས་པི་པི་ལིང་སོ་སོར། །ཆོ་ག་དེ་དང་སྦྱར་བའམ། །གོ་བྱ་བུ་རམ་བཅས་པ་སྦྱིན། །རིམས་ཀྱིས་ཐེབས་པའི་ཉིན་ཞག་ལ། །ཉམས་སྨད ་པའམ་ཉམས་རྟ་བྱ། །ནད་པར་ཏིལ་མར་སྒོག་སྐྱར་བཅས། །བཟའ་འམ་ཡང་ན་མར་རྙིང་དམ། །དེ་བཞིན་ཞོ་དང་འོ་མ་སྦྱིན། །ཞུན་མར་སྲང་དྲུག་པ་དང་ནི། །དགེ་བ་ཆེན་པོ་འམ་བའི་ལྔ་འམ། །ཏིཀྟའམ?་དུག་དང་བསྐོལ་ཏེ་སྦྱིན། །འབྲས ་བུ་གསུམ་དང་རྒྱ་ཤུག་དང། །གནི་མནྟ་བསྐོལ་བ་རུ། །ཞོ་དང་བསྐོལ་བའི་མར་དག་ཏུ། །སྲེད་ཕྲོམ་ཤུན་པགས་ལྡེ་གུ་བཏབ། །མི་བཟད་རིམས་ནི་འཇོམས་པའི་མཆོག་?་ཆད་དང་ནི་ཆང་རྙིང་རྨོ། །རྨ་བྱ་གོང་མོ་སྲོག་ཁྱིམ་བྱ། །རླན་ཅན་ཤ་ནི ་དྲོད་བསྐྱེད་པ། །ཟས་བཅས་དག་ནི་ཅི་འདོད་པར། །བསྟེན་ལ་དེ་བཞིན་གཉིད་ལོག་པའི་ཡང་ན་སླར་ནི་སྐྱུག་ཏུ་གཞུག་?་ཞུ་མར་ཚད་ཆེན་ངོ། །བླུད་དེ་སླར་ཡང་སྐྱུར་དུ་གཞུག། །?་ནི་ལི་ནི། །དུར་བྱེད་དང་ནི་བུ་རྩེ་ཤེལ། །རིམས་ཀྱིS་འདེབས་ཚེ་སྣུམ་དང ་དུགས། །ལགས་པར་བྱ་སྟེ་བླུང་བར་བྱ། །ལྡོང་རོས་རྒྱ་མཚོ་པི་པི་ལིང། །ཏིལ་མར་དང་སྦྱར་མིག་སྨན་གཞུག། ཤིང་ཀུན་སྟག་ཚིལ་ཆ་མཉམ་བྱས། །རྒྱ་མཚར་བཅས་པའི་སྣ་སྨན་བྱ། །དེ་བཞིན་མར་སྟིང་སེངྒེའི་ཚིལ?། །རྒྱམ་ཚ་དག་དང ་སྦྱར་ཏེ་བཏང། ཁ་ལ་ག་ས་ནི་པའི་ལོ།། ཤུ་དག་རུ་རྟ་ཨ་རུ་ར། །ཡུངས་ཀར་ནས་བཅས་མར་སྦྱར་བའི། །བདུག་པའམ་བྱི་ལའི་རྟུག་པས་བདུག་།གུ་གུལ་ཤུ་དག་བྱ་མ་ཀ་།ས་རྫ་?་ནི་བ་དང། །རྒ་དང་ནི་ཨ་རུ་ར། །ཐང?་ཤིང་བཅས ་པའི་སྤོས་སྦྱར་བ། །འདི་ནི་གཞན་གྱིས་མི་ཐུབ་པའི། །བདུག་པ་ཡིན་ཏེ་རིམས་ཀུན་སེལ། །སྲོས་བདུག་སྣ་སྨན་བཏང་བྱ་བ། །སེམས་ཀྱིས་བསྐུར་བར་གང་བཤད་དང། །འཕགས་པ་ལ་བརྟེན་སྨན་གྱིས་ནི། །རིམས་ནད་ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་ཕལ ་ཆེར་མི་བཟད་རིམས། །དེ་ནི་གློ་བུར་འོད་རྗེས་འབྲེལ། །མི་བཟད་རིམས་ཞིར་མ་གྱུར་ན། །རང་གི་གཏེར་ག་ཇི་བཞིན་གདབ། །དངས་མ་ལ་གནས་ཐམས་ཅད་ལ། །སྐྱུག་སྨན་བཏང་དང་སྨྱུང་བ་བྱ། ཁྲག་ལ་གནས་པ་སྨན་ཆུ་བླུགས། །བསྐུ་དང་བྱུག་དང་གཏར་ག ་བྱ། །ཤར་གནས་བཀྲུ་སྨན་རྣོན་པོ་བྱ། །ཚིལ་གནས་ཚིལ་ནི་དབྲི་བར་བྱ། །རུས་པར་གནས་པ་རླུང་ཞི་བའི། །བསྐུ་དང་དུགས་དང་མཉེ་བ་བྱ། །རིམས་དེར་རླུང་ནད་ཞི་བྱ་དང། །ཁྱད་པར་དུ་ནི་འཇམ་རྩི་བྱ། །མ་འདྲེས་རླུང་དང་མེ་ངལ་དང། །འབྲུམ་བུས་གནོད ་འགྱུར་རིམས་ལ་ནི། །ཞུན་མར་བླུད་ཙན་ཙན་དན་བླུགས། །སྨན་ཆུ་བླུགས་ཤིང་ཤ་ཁུ་སྦྱིན། །རང་གི་དཔྱད་ནི་ཇི་སྐད་བཤད། །གཏར་གལ་སོགས་དག་གིས་གསོ། །གདོན་བྱུང་འབྱུང་པོའི་རིག་བར་བཤད། །གཏོར་མ་སྔགས་ལ་སོགས་པས་གསོ། སྨན་དྲི ་ལས་བྱུང་མཁྲིས་པ་ནི། །ཞི་བྱ་དུག་སྐྱེས་དུག་གིས་གསོ། །འདོད་དོན་ཇི་ལྟར་ཡིད་འཐད་དང། །ནད་ནི་ཇི་ལྟར་ཞི་འགྱུར་བ། །ཕན་དང་མི་ཕན་ལ་མཁས་པས། །ཁྲོས་སོགས་ལས་བྱུང་རིམས་བསལ་བྱ། །ཁྲོས་བྱུང་འདོད་པས་ཞི་བར་འགྱུར། །མྱ་ངན་འཇིགས ་འབྱུང་དེ་གཉིས་ཀྱིས། །འདོད་དང་མྱ་ངན་བྱུང་ཅིག་ཤོས། །དམོད་པ་མངོན་སྤྱོད་སྔགས་ལས་བྱུང། །འཕགས་པའི་དོན་ལ་བརྟེན་པས་ཞི། །རིམས་དེ་ཐོག་མ་མ་འདྲེས་ལ། །དེ་འོག་དྲི་མས་ཁྱབ་པར་བྱེད། །དེ་བས་ནང་དང་རྗེས་མཐུན་པར། །དེ་ལ་ཁ ་ཟས་ལ་སོགས་སྦྱར། །རླུང་སོགས་རྒྱུ་ལ་མ་བརྟེན་པར། །རིམས་ནི་རྗེས་འབྲེལ་གནས་མི་བྱེད། །རིམས་ཀྱི་དུས་དྲན་བྱུང་དེ་ལ། །?་འཕྲོག་ཡུལ་གྱིས་བརྗོད་པར་བྱ། །སྙིང་རྗེས་བརླན་ཞིང་སེམས་དག་ལ། །རིམས་ཀུན་འཇོམས་པར་བྱེད་པ་ཡིན། ། ་ཉམས་སྟོབས་རྫོགས་པར་འགྱུར་གྱི་བར། །རྩོལ་དང་ཁྲུས་དང་ཉལ་པོ་དང། །ཟས་ལྕི་མ་གོ་མ་གོམས་ཚ་བྱེད་དང། །གང་གཞན་རིམས་སྐྱེད་བྱེད་པ་སྤང། །རིམས་བྲེལ་གྱུར་ཀྱང་འཕྲལ་དུ་ནི། །ཟས་ཀུན་བརྟེན་པར་མི་བྱ་སྟེ། །རིམS ་ནི་མྱུར་དུ་ལྡོག་བྱེད་ནས། །ཉམ་ཆུང་མི་ནི་མྱུར་གསོད་བྱེད། །གང་ཕྱིར་མྱུར་དུ་གསོད་འགྱུར་བས། །དེ་ཕྱིར་དེ་ནི་ཁྱད་པར་དུ། །གནས་སྐབས་དེ་དང་དེ་དག་ཏུ། །སྨན་དཔྱད་དེ་དང་དེ་དག་བྱ། །སྨན་དང་ནོར་བུ་སྔགས་དང་བཅས་པ་དང། །དམ ་པ་བླ་མ་བྲམ་ཟ་དཀོན་མཆོག་མཆོད། །ཡིད་ནི་དགའ་བར་བྱེད་པའི་ཡུལ་བསྟེན་པས། །ཁྱབ་འཇུག་གིས་བྱས་མ་རུང་རིམས་ཀྱང་འཇོམས། །ཡན་ལག་བརྒྱད་པའི་སྙིང་པ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་དང་པོའོ།། །།དེ་ནས་ཁྲག ་མཁྲིས་གསོ་བའི་ལེའུ་བཤད་པར་བྱའོ། །ཁྲག་མཁྲིས་བདེ་བའི་དུས་སུ་འབྱུང། །སྟོབས་ལྡན་སྟོང་བྱུང་ཤུགས་ངལ་ལ། །ཉེས་གཅིག་ལས་བྱུང་གསང་དུ་བཏབ། །བརླག་ཉན་མེད་པ་གསོ་བར་བྱ། །ཁྲག་གང་ནད་གཞི་གཉིས་ལས་སྐྱེ། །ཞི་ཞིང ་ཞི་ཞིང་སླ་ལྡང་དང། །ལམ་ནས་ལམ་གཞན་འགྲོ་བ་གང། །ཐུང་དུ་འབྱུང་བ་གསོ་བ་ཙམ། ཤས་ཚར་འབྱུང་ཞིང་མེ་དྲོད་ཉམས། །ཉེས་གསུམ་ལས་གཉིས་ལས་བྱུང་ཡང། །ནད་གཞི་དང་ནི་གནས་དང་ནི། ནད་ཀྱི་གྲོགས་དང་སྟོབS་དག་དང། ་ཡུལ་དང་དུས་ཀྱི་གནས་སྐབས་སོགས། །ཤེས་བྱ་དང་བོར་སྨྱུང་བའམ་རྟ། །དེ་བཞིན་སྦྱར་དང་ཞི་བྱ་བས། །ཁྲག་དང་མཁྲིས་པ་གསོ་བར་བྱ། །རྟ་བ་ལས་བྱུང་སྟོབས་ལྡན་པ། །ནད་གཞི་མང་ཕོ་ལས་བྱུང་བ། གྱེན་འབྱུར་བཀྲུ་སྨན་བཏང་བས་གསོལ? ་ཐུར་འབྱུང་སྐྱུག་སྨན་གྱིས་གསོ་བར་བྱ། །སྨྱུང་བ་རྟ་བྱ་ལ་བལྟོས་བྱ། །སྟོང་དུ་འབྱུང་བ་ཁ་བ་དང། །བསྐ་བའི་སྨན་ཁུང་སྨྱུང་བ་དང། །ཡན་ལག་དྲུག་སྨན་བཅའ་སྒ་མེད། །འཐུངས་ན་ཞི་བར་འགྱུར་བ་ཡིན། །ཐུང་དུ་འབྱུང་བའི་ཁྲག་མཁིས་ལ ་སྨན་ཁུ་མངར་བས་རྟ་བར་བྱ། །སྟོད་འབྱུང་དང་བོ་སྐྱོ་མར་བླུད། །སྨད་འབྱུང་དང་པོར་ཐུག་པར་བླུང། །སྟོབས་ལྡན་?་ནུས་མ་དག་ཁྲག་བྱུང་ཡང་མི་དགག་དེ་ནད་བསྐྱེད། དེ་ནི་གཞན་དུ་མི་ལྟ་བུར་གསོད་བྱེད་བས་བཅད་པར་བྱ། །དུར་བྱིད་པྲི་ཡཾ་ཆུ་བསྐོལ་དང ་ལྡེ་གུ་ཁ་རར་བཅས་པ་དག་།ཆོ་ག་བཞིན་དུ་དེ་ལ་ནི། །ཞོ་གཉིས་ཙམ་ནི་ལྡང་པར་བྱ། །དུར་བྱེད་པྲི་ཡཾ་འབྲས་བུ་གསུམ། །ཁར་སྦང་རྩི་པི་པི་ལིང། །སྦྲུས་པ་འདུས་བྱུང་སྟོང་དུ་བྱུང། །ཁྲག་རིམས་འོར་ནད་སེལ་བྱེད་ཡིན། །དེ་བཞིན་དུར་བྱེད་ཁར་པ་མཉམ། །པི ་པི་ལིང་ནི་བཞི་ཆར་བཅས། །སྒྱུག་སྨན་ཕྱིར་ནི་པོ་སོན་ཆ། །ཁ་ར་སྦྲང་རྩིར་བཅས་སྐྱོ་མའམ། །ཁ་ར་སྦྲང་རྩ་བོ་སོན་ཆ། །ཆུར་བཅས་པའམ་ཤིང་མངར་ཆུ། འོ་མ་བུ་རམ་ཤིང་ཁུ་བླུང། །སྦྱང་བའི་རྗེས་ལ་ཆོ་ག་ནི། །ཐུགས་སླ་ལ་སོགས་ཇི་བཞིན་དུ། །བླུད ་ཅིང་སྟབས་ནི་བསྲུང་བར་བྱ། །སྐྱོ་མ་རིམས་སྐབས་བཤད་རྒུན་སོགས། །ཡང་ན་མཁྲིས་འཛེམས་འབྲས་བུར་སྦྱར། །སྦྲང་རྩི་འགོ་གོ་རྒུན་འབྲུ་དང། །བ་རུ་ཤ་ཀ་ཀ་རའི་ཆུ། །སྙིང་པོ་ལྔ་ཡི་སྐྱོ་མ་ནི། །འབྲས་ཡོས་ཕྱེ་ནི་མར་བཅས་སྦྱིན། །མེ་དྲོད་ཆུང་ཞིང ་སྐྱུར་ལ་དགའ་། །སེ་འབྲུ་སྐྱུ་རུ་ར་སྐྱུར་པ། །པདྨ་ཨུཏཔལ་གེ་སར་དང། །ཀྲི་སྣར་པརྞི་པྲི་ཡཾ་ཀུ། །པུ་ཤེལ་ཙི་དང་སེར་ཕྲོམ་དཀར། བཅའ་སྒ་དང་ནི་ཙན་དན་མར། །བྱི་ཚེར་ད་ཏ་ཀ་མེ་ཏོག་།བ་ལ་ཀ་དང་བི་ལྦའི་རྐང། །ཚིག་བཤད་ཕྱེད་བཤད་ཐུགས་བླུད། །རྩ ་མཁྲིས་བླ་སྒང་དུ་ཤེལ་ཙི། །སྲན་ཆུང་ཀི་སྣ་པརྞི་སྦྱར། །མུངྒ་གནད་བ་ད་རི། །ཧེ་རེ་ནུ་ཀ་བ་ལ་མར། །ཚིགས་རྐང་གཅིག་གིས་བཤད་པ་བླུད། །ནུབ་པ་བསིལ་བ་དེ་རྣམས་ནི། །སྐམ་པའི་སྲོག་ཆགས་ཤ་དག་དང། །ཆུར་ནི་སོ་སོར་བསྐོལ་བ་ཡི། །བུ ་?་གནས་ཐུག་སྦྱོར་བ་བསྒྲངས། །ཁར་སྦྲང་རྩི་སྦྱར་བ་བླུད། །དེ་བཞིན་དུ་ནི་ཤ་ཁུ་དང། །ཅུང་ཟད་སྐྱུར་དང་སྐྱུར་མིན་པ། །མང་བརྡོས་ཁ་ར་བཅས་པ་སྦྱིན། །?་ཀྱིས་ཚུལ་ནི་ཤེས་པ་དུ། །ཡང་དང་བསིལ་བར་གོང་བཤད་བའི། །གྲ་མ་གང་བུ ་ཅན་འབྲུ་དང། །ཚོད་མ་ཁྲག་ལ་བསྔགས་པ་ཡིན། །སྔར་བཤད་པ་ཡི་ཆུ་དག་གམ། །རྩ་བ་ཆུང་ངུ་ལྔ་བསྐོལ་ཏེ། །བསྒྲངས་པའམ་སྦྲང་རྩིའི་ཆུ་འམ་ནི། འབྲས་བུ་མཉེས་པའི་ཆུ་བླད་བྱ། །བཤང་འགགས་རྒྱ་སྣེ་རེ་བོང་ཤ་།རླུང ་ཤས་ཆེ་ལ་སྲེག་པའི་ཤ། ཨུ་དུམྦ་རའི་ཁུ་བ་ནི། བསྐོལ་པ་བླུད་ན་བསྔགས་པ་ཡིན། །དེ་བཞིན་བླཀྵ་རྨ་བྱའི་ཤ། ནྱ་གྲོ་ད་དང་ཁྱིམ་བྱའི་ཤ། །ཁྲག་མཁྲིས་ཀྱི་ནི་ནང་གཞི་ནི། །གང་ཅི་ཡང་རུང་བ་དེ་སྤང་བྱ། །བ་ཤ་ཀ་ཁུ་པྲ་ཡཾ་ཀུ། ས་ན་གདོང ་ནི་སྐྱེར་ཁཎྜ། །སེང་ཕྲོམ་དང་ནི་སྦྲང་རྩིར་སྦྱར། འཐུངས་ན་ཁྲག་དང་མཁྲིས་པ་འཇོམས། །ཡང་ན་བ་ཤ་ཀ་ཡེ་ནི། །ཁུ་བ་ཁ་ར་སྦྲང་རྩི་དང། བཅས་པར་འཐུངས་བ་དེ་བཞིན་ཏེ། བ་ཤ་ཀ་ནི་འབའ་ཞིག་དང། །བསྐོལ་བས་ཁྲག་ནི་མྱུར་བསལ་ཏེ། །དེ་ནི ་འདི་ཡི་སྨན་མཆོག་ཡིན། །པ་ཏོ་ལ་དང་མ་ལ་ཏི། །ནམྦི་ཤུག་པ་ཅོན་དན་གཉིས། །སེར་ཕྲོམ་བ་ཤ་དན་དུ་ནི། །ཉེར་ཤིང་དང་ནི་ཐལ་ཏྲེས་དང། །རམ་ཉེ་བ་གཉིས་ཤིང་མངར་རྣམས། །བསྐོལ་བ་གསུམ་པོ་ཁར་དང། །སྦྲང་རྩིར་བཅས་པ་ཁྲག ་མཁྲིས་འཇོམས། རྒྱ་སྐྱེགས་ཤིང་ཤུན་བསྐོལ་བ་ནི། ལེགས་བསྒྲངས་ཁ་ར་བཏབ་པ་ཕན། །ཡང་ན་སྦྲང་རྩི་མར་བཅས་པའམ། །ལྕི་བ་རྟ་སྤངས་བཙིར་ཁུ་འཐུང། །ཁྲག་ནང་མདུང་པ་ཙན་འདྲར་འགྱུར། །ཕུག་རོན་རྟུག་པ་སྦྲང་རྩི་ཕན། །ཁྲུག་ནི ་ཤས་ཚེར་བྱུང་གྱུར་ན། །སྐམ་སའི་སྲོག་ཆགས་ཁྲག་དང་ནི། །སྦྲང་རྩིར་བཅས་པའམ་ར་ཡི་ནི། །མཚོན་པ་མཁྲིས་བཅས་རློན་པ་བཟའ་། །ཙན་དན་གླ་སྒང་བུ་ཤེལ་ཙེ། འབྲས་ཡོས་མུསྒ་བི་ལི་ལིང། །ནས་ནི་བ་ལའི་ཆུར་སྤངས་པ། །ཁུ་བ་ཁྲག ་མཁྲིས་སེལ་བྱེད་ཡིན། །ཙན་དན་པདྨ་བུ་ཤེལ་ཅི། །ཁུ་བར་བོང་བ་བསྲགས་བཅུ་པ། །རབ་བསྒྲེངས་ཁ་ན་སྦྲང་རྩིར་བྱས། །ཁྲག་ནི་ཤེས་ཆེར་འབྱུང་བ་སེལ། ཁུ་རམ་ཤིང་ནི་ཆུ་མང་སྦངས། །རྫ་བུམ་གསར་པར་དེ་བཞག་ནག། མཚན་མོ་ཕྱི་རོལ་དབེན ་བར་བཞག། ནང་པར་ཆུ་ནི་བཙགས་ནས་སུ། །སྦྲང་རྩི་བཏབ་ནས་པདྨ་ནི། ཁ་བྱེའི་ཕྲིང་བརྒྱན་ཆུ་དེ་འདྲ། །གང་ཡང་མཁྲིས་པའི་རིམས་སྐབས་བཤད་།སྨན་ཁུ་དེ་ཡང་བླུད་པར་བྱ། །སྨན་ཁུ་སྣ་ཚོགས་འདི་ཡིས་ནི། མེ་དྲོད་སྐྱེས་པས་བད་ཀན་ཟད། །གལ་ཏེ ་ཁྲག་མཁྲིས་མི་ཞ་ན། །དེ་ལ་རླུང་ཤས་ཆེར་ཕན་པའི། །ད་ཡི་འོ་མ་བསྐོལ་བ་བླུད། །དེ་བཞིན་བ་ཡི་འོ་མ་ནི། །ལྔ་འགྱུར་ཆུ་བསྐོལ་བསྡུས་པ་བླུང། །རྩ་བ་ལྔ་པ་ཆུང་ངུ་དང། །སྦྲང་རྩི་ཁར་བསྐོལ་བའང་རུང། །རྒུན་འབྲུམ་བཅའ་སྒྲ་ཛཱི་པཀ། བལ་གཟེ་མ ་བྲངས་རྩི་བདེ་རེ་རེ་འོ་མ་བསྐོལ་བའམ། །འོ་མ་ཁ་ར་མར་བསྐོལ་ཕན། །གཟེ་མ་ཉེའུ་ཤིང་བསྐོལ་བ་འམ། །དེ་བཞིན་འདབ་བཞི་འོ་མར་བསྐོལ། །ཁྲག་ནི་ནད་བཅས་མྱུར་སེལ་ཏེ། །མཆོག་ཏུ་མཚན་ནས་འབྱུང་ལ་ཕན། །རྐུབ་ལས་བྱུང་ལ་ཁྱད ་པར་དུ། །མོ་ཙ་རས་བླུང་ན་ཕན། །ནྱ་གྲོ་དྷ་ཡི་མྱུ་གུ་འམ། །འདབ་མ་གཞོན་པའམ་བཅའ་སྒ་དང། །ུ་ཤི་ར་དང་ཨུཏཔལ་ཕན། །ཁྲག་གི་ཚད་འཁྲུ་གཞང་འབྲུམ་གྱི། །གསོ་བ་དག་ཀྱང་འདིར་སྦྱར་བྱ། །སྨན་ཁུ་འོ་མ་འཐུངས་ནས་ནི། བཟའ་བ་འམ ་འོ་མ་ཉིད་དང་བཟའ་། །སྨན་ཁུའི་སྦྱོར་བ་འདི་དག་ནི། །བསྐོལ་བའི་མར་ནི་བླུད་པར་བྱ། །བ་ཤ་ཀ་རྩ་རྩེར་བཅས་བརྡུངས། །ཆུ་ནི་བརྒྱད་འགྱུར་ནང་དུ་ནི། །བསྐོལ་ཏེ་བརྒྱད་ཆ་ལུས་གྱུར་པ། །དེ་ནས་མར་ནི་བཙོ་བར་བྱ། །དེ་ཡི་མེ་ཏོག་ནད ་བཅུག་བསྒྲེངས། །སྦྲང་རྩིར་བཅས་པ་ཁྲག་མཁྲིས་དང། །མཁྲིས་སྐྲན་རིམས་དང་དབུགས་མི་བདེ། །ལུང་པ་སྙིང་ནད་མིག་སེར་དང། །རབ་རིབ་མགོ་འཁོར་མེ་དཔལ་དང། །སྐད་འགགས་པ་ནི་འཇོམས་པར་བྱེད། །པ་ལཀྵ་ཡི་མྱུ་གུའི་ཁུ། །དེ ་བཅུག་མར་ནི་བསྐོལ་བ་དག་།སྦྲང་རྩིར་བཅས་པ་ཁྲག་ནད་སེལ། །ཁྱི་ལྕེ་བ་ཡང་དེ་བཞིན་ནོ། །ཁྲག་ནི་སྦྱིན་བག་བད་ཀན་བཅས། །མདུད་བར་ཆགས་ནི་མགུལ་བར་བྱུང། །ུཏཔལ་སྡོང་བུར་བསྲེགས་ཐལ་བ། །ཞུན་མར་སྦྲང་རྩིར་བཅས་པ་ལྷག ་པདྨ་ཨུཏཔལ་གེ་སར་དང། །པྲི་ཡི་ཀུ་དང་མ་དུ་ཀ་།དེ་དེའི་སྦྱོར་བ་དེ་བཞིན་བྱ། །ཁྲག་ནི་བཤད་བའི་ལམ་ལས་ནི། །འགྱུར་བར་བྱེད་ལས་ཁྱད་པར་དུ། །འཇམ་རྩི་བཏང་བ་བསྔགས་པ་ཡིན། །སྣ་ནས་ནད་ཅན་ཁྲག་བྱུང ་ན། །སྣ་སྨན་བཏང་ཞིང་བླུབ་ཁར་བྱ། །སྔར་བཤད་སྨན་ཁུའི་སྦྱོར་བ་དང། །འོ་མ་བུ་རམ་ཤིང་ཁུ་བླུགས། །འོ་མ་སོགས་ཆུ་ཁ་རར་བཅས། །ཡང་ན་ཆུ་ནི་འབའ་ཞིག་ཕན། །སེ་འཁྲུའི་མེ་ཏོག་ཁུ་བའམ། ། མྲའི་རུས་པ་དུརྦ་ཕན། ་བསིལ་སྨན་སྡེ་ཚན་གཏོགས་པ་དག་།བསྐུ་དང་བྱུག་ལ་སོགས་ལས་སྦྱར། །མཁྲིས་པའི་རིམས་བེལ་བཤད་པ་གང། །ཕྱི་ནང་ལས་བཏང་སྨན་དེ་དང། །གློ་བརྡོལ་བར་ནི་གང་ཕན་པ། །དེ་ཡང་ཁྲག་དང་མཁྲིས་པར་ཕན།། །། ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་གཉིས་པའོ།། །།དེ་ནས་ལུད་བ་གསོ་བའི་ལེའུ་བཤད་པར་བྱའོ། །ལུང་པ་མ་འདྲེས་རླུང་ལས་བྱུང། །དང་པོར་སྣུམ་གྱིས་གསོ་བྱ་ཞིང། ་ཤ་ཁུ་ཐུག་བ་ཡུ་ཤ་སོགས། །རླུང་འཇོམས་སྨན་བསྐོལ་སྣུམ་པ་དང། །དུད་རྡུ་བ་ལྡེ་གུ་བསྐུ་དང་དུགས། །ཆུ་བླུགས་ལུས་བཅིང་དག་གིས་གསོ?། །ཁ་ཤར་རླུང་འགགས་ལ་འཇམ་རྩིས་གསོ། །མཁྲིས་བཅས་ཞུན་མར་འོ་མ་ནི། །ཟས ་ཀྱིས་སྔོན་བཏང་བད་ཀན་བཅས། །སྣམ་བཅས་བཀྲུ་སྨན་བཏང་པS་གསོ། །སླེ་ཏྲེས་ཀཎྜ་ཀཱ་རི་གཉིས། །རེ་རེ་སྲང་སུམ་ཅུའི་ཁུ་བར། །མར་སྲང་སུམ་ཅུ་རྩ་གཉིས་བསྐོལ། །རླུང་གི་ལུང་སེལ་མེ་དྲོད་བསྐྱེད། །ཀྵ་ར་ར་སྣ་ཤུ་དག་དང། །ཤིང ་ཀུན་པ་ཏ་ཤིང་མངར་དང། །འུ་སུ་ཞི་གཉིས་མར་བྲེ་གང། །ཚ་བ་ལྔ་དང་བཅས་པ་དང། །རྩ་བ་བཅུ་པའི་ཁུ་བར་བསྐོལ། །འཐུངས་རྗེས་ཐུག་པ་བླུད་གྱུར་ན། ལུང་པ་དབུགས་མི་བདེ་བཅས་སྙིང། །རྩིབས་ལེགས་པ་བསྐྲན་ནད་སེལ། །དེ ་སྣ་ཉེའུ་ཤིང་རྩ་བ་བཅུ། །སྲང་ནི་བཅུ་གཉིས་ཚད་དུ་བྱ། །རྒྱ་སྲན་རྒྱ་ཤུག་ནས་དག་ནི། །ང་ཤ་སྲང་ནི་ལྔ་བཅུ་དང། །ཆུ་སྲང་ལྔ་བརྒྱ་བཅུ་གཉིས་བསྐོལ། །དེ་དང་མར་ནི་བྱེ་བཞི་བསྐོལ། །འོ་མ་མང་མཉམ་ཛཱི་བནྟི། །ལ་སོགས་སྲང་ཆར་བྱས་ཏེ ་བརྟག། རླུང་གི་ནང་ལ་བླུད་པ་དང། །སྣར་བཏང་འཇམ་རྩིས་མས་བཏང་སྦྱར། །ལུད་བ་རྣཾ་ལྔ་མགོ་འདར་དང། །མོ་མཚན་ཆུ་སོར་ན་བ་དང། །ལུང་ཀུན་ལུས་ནི་ཕྱོགས་གཅིག་ནད། །མཆིན་བཅས་སྟོང་ཀྱི་རླུང་ནད་སེལ། བིད་རི་སོགས་སྡེ་མཚན་བསྐོལ། །ལྡེ་གུ་མར ་བསྐོལ་ལུད་པ་འཇོམས། །ཤིང་མངར་ཨ་ཤོ་ཀའི་ས་བོན། །བི་ཏང་ཀ་དང་སྐྱེས་ཁཎྚ། །ཤུགས་པ་ཁ་རུ་ཆ་མར་བསྐོལ། །ཡང་ན་ད་ཕྱེ་མར་དང་སྦྱར། །ལྡེ་གུ་བྱིན་ལ་ར་ཡི་ནི། །འོ་མ་བླུད་ན་ལུད་པ་སེལ། །དོང་ཀྲ་ར་སྣ་བ་ཏིང་ཀ། ཤིང་ཀུན་རྒྱ་མཚ་པི་པི་ལིང། །བར་གྱི་གཤག? ་དེའི་ཕྱེ་མའམ། མར་དང་རན་ཙམ་བླུད་གྱུར་ན། །རླུང་གྱུར་བད་ཀན་བཅས་ལུད་པ། །དབུགས་མི་བདེ་དང་སྐྱེགས་བུ་དང། །མེ་དྲོད་ཆུང་བ་སེལ་བར་བྱེད། །བྱི་ཚར་བ་དང་བཅའ་སྒ་དང། །ཟུ་ར་རྒུན་འབྲུམ་ཁ་ར་ཀ་ར། །ཀརཧ་ཏ་ཡི་སྲིང་གི་ནི། །ཏིལ་མདང?་ནི་ལྡི་གུར ་སྤྱད། །རླུད་ལས་གྱུར་པའི་ལུད་པ་སེལ། །བྱི་ཚེར་གླ་སྒང་པི་པི་ལིང། །བར་གྱི་ཟུར་བཀན་ཏི། །བུ་རམ་སྙིང་དང་ཏིལ་མར་དང། །ལྡེ་གུར་བྱས་པ་ལྡག་པར་བྱ། །བཅའ་སྒ་པི་པི་ལིང་དེ་བཞིན། །ཀརྐ་ཏ་སྲིང་དེ་བཞིན་ནོ། །ཆུ་དྲོན་དག་དང་པི་པི་ལིང། །ལྕེ་མྱང་ཚེ་དང ་བཅས་པའང་བླུད། །བཅའ་སྒ་ཀ་ར་ཞོ་ཁ་ཆུ་འམ། །པི་པི་ལིང་ཕྱེ་ཞོར་བཏབ་བླུད། །རྒྱ་ཤུག་ཚིག་གུ་ཆང་མ་ཞོ། །ཞོག་ཆུ་དང་སྦྱར་བ་བླུད། །ཡང་ན་པི་པི་ལིང་ལྡེ་གུ། །མང་བརྔོས་རྒྱམ་ཚར་བཅས་པའང་ཕན། །ལུད་པ་ཆམ་བཅས་དུད་པ་ནི། །སྣུམ་བཅས་ཚོགས ་རྡུབ་བ་དང། །སྐྱིགས་བུ་དབུགས་མི་བདེ་དུད་རྡུབ། །འོ་མ་ཤ་ཁུ་བཅས་པ་བཟའ་། །གྲོང་ཆུ་སླན་ཅན་སྲོག་ཆགས་ཤ། །ས་ལུ་ནས་བྲོ་དྲུག་ཅུ་པའམ། ། ཤ་ཨཏྨ་ཀུཔཏ་ཡི། །ཡུ་ཤ་དག་དང་བྲོས་ན་ཕན། །ལ་ལ་ཕུད་དང་པི་པི་ལིང། །བིལ་ནང་དང་ཀྲ་ཙི་ཏྲ་ཀ་།ར་སྣ ་ཟིར་པ་ལ་ཤ། པྲི་ན་བརྞི་ཟུར་པ་དང། །མ་ནུ་བསྐོལ་བ་སྣུམ་སྐྱུར་དང། ལན་ཚྭར་བཅས་ཐུག་རླུང་འགྱུར་བླུད། །རྐེད་པ་ལྷོ་སྙིང་རྩིབ་ལོགས་ན། དབུགས་མི་བདེ་དང་སྐྱེགས་བུ་སེལ། །རྩ་བ་བཅུ་པའི་ཁུ་བར་ནི། །ཚ་བ་ལྔ་དང་བུ་རམ ་བཅས། །ཏིལ་དང་བཅས་པའི་ཐུག་པ་བླུད། །ཡང་ནའོ་ཐུག་རྒྱ་མཚར་བཅས། །ཉ?་དཔ?་ཁྱིམ་བྱ་ཕག་རྒོད་ཤ། མར་དང་རྒྱ་མཚར་བཅས་བ་ཕན། །ཚོད་མ་རྒྱ་སྣེའུ་པ་ཡ་སྨྱའི། །ནི་ཤནྣ་ག་ལུད་བ་འཇོམས།། ཀཎྜ་ཀཱ་རིའི་ལོ་འབྲས་དང། །ལ་ཕུག་གཞོན་ནུ་སྐམ ་པོ་འང་ཕན། །ཏིལ་མར་སོགས་སྣུམ་འོ་མ་དང། །བུ་རམ་བུ་རམ་ཤིང་ཁུའི་ཟས། །ཞོ་ག་ཆུ་ཞོ་རང་སྐྱུར་ཆང། །འབྲས་བུ་སྐྱུར་ཆུ་བླུད་པ་ཕན། །མཁྲིས་པའི་ཁུད་པ་བད་ཀན་བཅས། །ཞུན་མར་གྱིས་ནི་སྐྱུག་སྨན་ཕན། །དེ་བཞིན་པོ་སོན་ཆ་ཐང་དབལ། །མ་དུ་ཀ ་ནི་བསྐོལ་ཆུས་སམ།། ཤིང་མངར་པོ་སོན་ཆའི་ལྡེ་གུ། །བི་དབུ་རམ་ཤིང་ཁུར་སྦྱར། །མཁྲིས་ལུད་བད་ཀན་ཤས་ཆུང་ལ། །དུར་བྱིད་མངར་བའི་སྨན་སྦྱར་བཏང། །བད་ཀན་ཤས་ཆེ་?་ཁ་བའི་སྨན། །སྐྱུག་སྨན་ཕྱིར་ནི་བཏང་བར་བྱ། །ནད་སྦྱངས་ནས ་ནི་ཐུག་པ་སོགས། །བསིལ་དང་མངར་དང་སྣམ་པ་སྦྱང། །བད་ཀན་ཤས་ཆེར་ཁ་བ་དང། །རྩུབ་པ་དང་སྦྱར་གྲང་ཐུག་བླུད། །མཁྲིས་གྱུར་ཁ་ར་སྐྱུ་རུ་ར། །རྒུན་འབྲུམ་ཨུཏཔལ་ཙན་དན་དཀར། །སྦྲང་རྩིར་སྦྱོར་བའི་ལྡེ་གུ་སྦྱིན། །བད་ཀན་བཅས་ལ་ན་ལི་ཤི ་གླ་སྒང?་དང་ནི་བཅས་པ་སྦྱིན། །རླུང་ནད་ལ་ནི་མིར་བཅས་ཕན། །རྒུན་འབྲུམ་ལྔ་བཅུའི་པི་པི་ལིང། །སུམ་ཅུ་ཁར་སྲང་གཅིག་སྦྱར། །སྦྲང་རྩི་འམ་བ་ཡི་ལྕེ་བའམ། །བེའུ་གཞོན་ལྕི་ལུར་ལྡེ་གུར་སྦྱར། ཤིང་ཚ་སུག་སེལ་ཚ་བ་གསུམ། །རྒུན་འབྲུཾ ་པི་པི་ལིང་རྩ་ག། མ་ནུ་འབྲས་ཡོས་གླ་?་པ་དང། །ཟུར་བ་ཀ་རར་ས་དང། །སྐྱུ་རུ་ར་དབང་བ་རུ་ར། །ཁ་ར་སྦྲང་རྩི་ཞུན་མར་སྦྱར། །ལྡེ་གུ་སྙིང་ནད་ལུད་བ་སལ། །མངར་བའི་སྨན་དང་སྲོག་ཆགས་ནི། །སྐམ་སའི་ཤ་དང་ནས་དང་ནི། །ཁྲེ་དང་ཁྲེ་རྒོད་མུངྒ ་སོགས། །ཡུ་ཤ་དང་ནི་ཚོང་མ་དང། །ཁ་བ་ཚེད་ལྡན་སྦྱོར་ལེ་གུ། །ཁ་བ་དང་ནི་སྦྲང་རྩིར་བཅས། །བད་ཀན་ཤས་ཆོ?་ནད་ལ་ཕན། །བད་ཀན་ཤེས་ཆུང་ས་ལུ་དང། །དྲུག་ཅུ་པའི་ཆན་ཤ་ཁུ་ཕན། །བཏུང་བར་ཁར་འམ་མ་རྒུན་ཆཱུམ། །བུ་རམ་ཤིང? ་བླུག། །མཁྲིས་པའི་ལུད་པར་རམ་ཉེ་བ། །བྲི་ཧ་ཏཱི་གཉིས་མེད་གཉིས། ཁ་ཤ་ཀ་དང་ལི་དོང་གྲ། །ཤ་ཁུ་དང་ནི་འོ་མའམ། །ཐུག་པའི་ཡུ་ཀར་སྦྱར་ཏེ་བླུད། །རྒུན་འབྲུམ་དང་ནི་པི་པི་ལིང། །རྩཝ་ཡི་རྩ་བ་ལྔར་བཤད་དང། །ཆུན་བསྐོལ་བ་ཡི་ཁུ་བ་དང། །དེ་དང་འོ ་ས་བསྐོལ་ཏེ་བསྒྲངས། །སྦྲང་རྩི་ཁ་རར་བཅས་པ་བླུད། །ཡང་ན་དེ་ཡིས་ཐུག་པ་བསྐོལ། །ལེགས་བསྐོལ་སྦྲང་རྩིར་བཅས་པ་སྦྱིན། །ཟུར་བ་དང་ནི་བ་ལ་ཀ། ཁ་ར་བཅའ་སྒྲ་བྲི་ཧ་ཏཱི། བཏགས་པའི་ཁུ་བ་རས་ཀྱིས་བཙགས། །མར་དང་བསྲེས་ཏེ་བླུད ་པར་བྱ། །ཁེ་ར་དང་ནི་ཛི་བ་ཀ། མངྒ་མཱ་ཥ་པརྞི་དང། །བྱི་ཚེལ་ནི་ལྡེ་གུར་བྱས། །མར་དང་ལོ་མ་བརྒྱད་འགྱུར་བསྐོལ། །དེ་བཏུང་བཟའ་དང་ལྷག་པ་དང། །སྦྱར་བས་མཁྲིས་པའི་ལུད་པ་སེལ། །འདི་དག་ཕྱེ་མའི་ལྡེ་གུར་འམ། །བསྐོལ་བའི་ཁུ་བ་བླུད་བ་བྱ།། ་བད་ཀན་ལུང་ཅན་གྱིས་དང་བོར། །ཐང་ཤིང་བསྲེགས་ནས་གཟགས་པའི་སྣུམ། །བར་ཤ་ཀ་དང་ནས་ཚིག་ཁུས། །ཐལ་བའི་ཕྱེ་མ་བཏབ་པ་བཏང། །སྣུམ་ཅན་བཀྲུ་སྨན་གྱི་སྟེང་དང། །འོག་དང་སྤྱི་བོར་ཅི་རིགས་པར། །ཉམས་སྟོབས་ལྡན་བཀྲུ་སྨན་རྣོ ་བཏང། །ཐུག་པ་སོགས་ཀྱང་འདི་ལ་བླུད། །ནས་དང་མུངྒ་རྒྱ་སྲན་ཟས། །རྩུབ་དྲོ་ན་ལེ་ཤམ་གྱིས་ཆ། །ཀ་ས་མརྡ་བརྡ་ཀ། བྱ་ཀྲི་ཡ་བཀྵ་ར་དང། །པི་པི་ལིང་དང་བཅས་པ་སྦྱིན། །སྐམས་ཁུང་གནས་ཤ་ཁུ་སྣམ། །ཏིལ་དང་ཡུངས་ཀར་པིལྦའི་སྣུམ། ་སྦྱར་བའི་ཐུག་པ་སྦྱིན་པར་བྱ། །སྐོམ་ན་རྩ་བ་བཅུ་བསྐོལ་ཆུ། །ཆུ་ཆན་ཆང་མ་སྦྲང་རྩི་བླུད། །དོང་ག་མ་ནུའི་རྩ་བ་དང། །པ་ཏོ་ལ་ཡི་རྩ་བར་བཅས། །ནུབ་གཅིག་ཆུར་སྤངས་སྦྲང་རྩི་བཏབ། །ཟས་དུས་གསུམ་མམ་ནང་པར་བླུད། །པི་པི་ལིང་དང་དེ་རྩ་བ་ ་བཅའ་སྒ་དང་ནི་བ་རུ་ར། །རྨ་བྱ་ཁྱིམ་བྱའི་མཇུག་སྒྲོ་ནི། གནག་ཚར་བྱས་དང་ནམ་ཚིག་ཐལ། བི་ཤ་གླ་སྒང་པི་པི་ལིང། །དུར་བྱེད་སྦྲང་རྩིར་སྦྱར་བ་སྟེ། །ཚིགས་བཅད་ཕྱེད་ཀྱིས་རྫོགས་ལྡེ་གུ། །གསུམ་པ་བད ་ཀན་ལུང་བ་སེལ། །སྦྲང་རྩི་ན་ལེ་ཤམ་སྦྱར་ལྷག། ། ཀ་རུ་སྦྲང་རྩི་ཉིད་ཀྱིས། ཀཎྜ་ཀ་རི་པརྟ་ཀ། །བྲིདྒ་ར་ཛིའི་ཁུ་བ་དང། །ཀ་ས་མརྔ་ར་སྤངས་བཙིར། །ཁུ་བ་བྱ་དྲུག་ནག་པོའི་ཁུ། །སྦྲང་རྩི་སོ་སོར་སྦྱར་བ་ལྷག། །ཐང་ཤིང་ཟུར་བར་སྣ་དང། །བྱི ་ཚོར་ཀཏ་ཏ་སྲིང་གི། གླ་སྒང་བཅའ་སྒ་པི་པི་ལིང། །ཁ་ར་ཨ་རུ་སྐྱུ་རུ་ར། །འབྲས་ཡོས་ཁ་ར་དཀར་པོ་དང། །སྐྱ་རུ་ར་ཡི་ལྤགས་བ་རྣམས། །སྦྲང་རྩི་ཏིལ་མར་སྦྱར་ལྡེ་གུ། །གསུམ་པོ་རླུང་འདྲེས་བད་ཀན་སེལ། །སེའུ་འབྲུ་སྲང་གཉིས་བུ་རམ ་ནི། །སྲང་བརྒྱད་ཚ་བ་གསུམ་སྲང་རེས། །སྐད་སྙན་དྲོད་བསྐྱེད་ཡི་ག་འབྱེད། །ལུད་པ་དབུགས་མི་བདེ་ཆམ་སེལ། །བུ་རམ་ཡ་བཀྵ་ར་དང། །ན་ལེ་ཤམ་དང་པི་པི་ལིང། །སེ་འབྲུ་རིམ་གྱིས་སྲང་གཉིས་དང། །ཞོ་རེ་སྲང་ཕྱེད་ཆད་དུ་སྦྱར།། ་ལུད་པ་དབུགས་མི་བདེ་བ་སེལ། རིམས་ཀྱིས་སྐབས་བཤད་ཨ་རུ་ར། །སོགས་དང་ཀརྐ་ཏ་སྲིང་གི། བསྐོམ་བའི་ཁུ་བ་བླུད་བར་བྱ། །ཡང་ན་དུར་བྱིད་ལ་ལ་ཕུད། །གླ་སྒང་མ་ནུབ་ཤེ་ལ། །པི་པི་ལིང་བཅས་པ་གཅིན་ནམ། །ཆུར་བསྐོལ ་བ་གཅིན་ལུད་པ་སེལ། །པི་པི་ལིང་ནི་ཏིལ་མར་བརྡོས། །ལྡེ་གུ་ཞོ་གཉིས་ཁ་རར་བཅས། །རྒྱ་སྲན་བསྐོལ་བའི་ཁུ་བར་སྦྱར། །ལུང་ན་བད་ཀན་ལུང་པ་འཇོམས། །རྩ་བ་བཅུ་ཁུ་བྲེ་བཞི་དང། །མར་བྲེ་གང་དང་མ་ནུ་དང། །ཟུར་བ་བིལ ་བ་བྱེའུ་?་པ། །ཤིང་ཀུན་ཚ་གསུམ་ཞོ་གཉིས་བསྐོལ། །བླུད་པའི་རྗེས་ལ་ཐུག་པ་བཏུང། །དེ་ཀུན་བད་ཀན་རླུང་ནད་འཇོམས། །ནིརྐུ?་ལོ་བསྐོལ་བའི་ཥུ། །མར་བསྐོལ་ལུང་པ་འཇོམས་བྱེད་ཡིན། །བི་ཊཾ་ཀ་ཡི་ཁུ་བའི་ནང། །ཚ ་བ་གསུམ་བཅུག་མར་བསྐོལ་ཕན། །བ་སྤུ་བ་གཉིས་བྱི་རུག་པ། །ཀ་ས་མར་དང་སླེ་ཏྲེས་དང། །པ་ཏོ་ལ་དང་བྲི་ཧ་ཏཱི། །ཕ་ནིད་ཛ་གཱི་ཁུ་བ་ནི། །འོ་མ་མར་དང་བཅས་པ་ལ། །ཚ་བ་གསུམ་དང་ལེགས་བསྐོལ་འཐུངས། །ལུད་བའི་རིམས་དྲག་ཟད་བྱེད་དང། །གཞང? ་འབྲུམ་ནད་ཀྱི་འཇིགས་པ་མེད། །ཀཎྜ་ཀཱ་རིའི་རྩི་བ་དང། །འབྲས་བུ་ལོ་མར་བཅས་པ་ཡི། །ཁུ་པ་བྲེ་བཞིའི་ཚད་ལ་ནི། །མར་བྲེ་གང་བ་ལ་གང་དང། །ཚ་བ་གསུམ་དང་བི་ཊཱཾ་ཀ། ཤུ་དག་དང་ནི་ལེའུ་འབྲུ་དང། །ཁ་རུ་ཚ་དང་ནས་ཚིག་ཐལ། །པི་པི་ལིང་གི་རྩ་བ་དང ་སྐྱེ་རུ་ར་དང་མ་ནུ་དང། །བི་ཤི་བ་དང་བྲི་ཧ་ཏཱི། ། རུ་ར་དང་ཡ་བ་ནི། །?་བཏྲེས་དང་རྒུན་འབྲུམ་དང། །དབྱི་མོང་བི་ཚེར་བརཥབྷ། །སྟར་བུ་ཀརྐ་ཏ་ཤྲི་གི། ཏ་མ་ལ་གི་ག་པྲའི་རྩ། །ང་སྔ་གཟེ་མའི་ལྡེ་གུ་དང། །བསྐོལ་བའི་མར་དེས་ལུད་ཀུན་དང། །སྐྱིགས་བུ་དབུབས ་མི་བདེ་ལའང་ཕན། །ཀཎྜ་ཀཱ་རིའི་སྨན་མར་འདི། །བད་ཀན་ནང་ནི་སེལ་བྱེད་ཡིན། །བྱ་གྲི་སྲང་བརྒྱ་བརྡུངས་ཆུ་སྲང། །ཉིས་སྟོང་བཞི་བཅུ་བརྒྱད་ནང་བསྐོལ། །བཙགས་བར་ཚ་བ་གསུམ་རསྣ། །སླེ་ཏྲེས་ཀྲ་ཏྲུག་ཕྱེ་མ་དང། །ཀནྟ་ཏ་སིཾ་ག་བྲའི་རྩ། །གླ་སྒྲུབ་པི ་པི་ལིང་རྩ་བ། །བྱི་ཚེར་བ་རྣམས་སྲང་ཕྱེད་ཕྱེད། །ཞུན་མར་སྲང་ནི་བཅུ་དྲུག་དང། །ཁར?་དཀར་པོ་སྲང་བཞི་བཅུ། །སླར་ཡང་དེ་ནི་བསྐོལ་བྱ་བ། །གཟར་བུ་ལ་ཆགས་བསྒྲངས་ནས་ནི། །པི་པི་ལིང་དང་མིག་རྐང་དང། །སྦྲང་རྩི་རྙིང་པ་དག་ལས་ནི། །སྲང ་ནི་བརྒྱད་བརྒྱད་གཞུག་པར་བྱ། །ལྡེ་གུ་འདིས་ནི་སྙིང་ནད་སྐྲན། །གཞང་འབྲུམ་ལུང་དབུགས་མི་བདེ་སེལ། །བགག་ནི་ཞི་བ་དུང་པ་རྡུབ། །ཤས་ཆེར་སྦྱར་བའི་དུད་པས་རྡུབ། །ལྡོང་རོས་བ་བླ་ཤིང་མངར་དང། །སྤང་སྤོས་གླ་སྒང་ཨི་གུ་དའི།། ཤན་? ་དུ་བ་ལུང་འཇོམས་པའི། །ཆོ་གས་དུང་བ་བརྡུབས་ནས་ནི། །མཆིལ་མང་མཐར་ནི་བུ་རམ་བཅས་ན་།འོ་མ་འཐུངས་པའི་དུང་རྡུབ་དེས། རླུང་དང་བད་ཀན་ཤས་ཆེ་བའི། །ལུད་པ་རྙིང་པའམ་མྱུར་དུ་སེལ། །བད་ཀན་ལུད་པ་མུན་ཞུགས་སྙིམ། །གལ ་ཏེ་མཁྲིས་པ་རྗེས་འབྲེལ་ལ། །དེར་ནི་གནས་སྐབས་ཇི་བཞིན་དུ། །མཁྲིས་པའི་ལུང་གསོའི་སྦྱོར་བ་བྱ། །རླུང་ནི་བད་ཀན་འབྲེལ་བ་ལ། །བད་ཀན་བསལ་བའི་བྱ་བ་བྱ། །མཁྲིས་པ་དང་འདྲེས་རླུང་བད་ཀན། །ལུད་པར ་མཁྲིས་པ་བསལ་བར་བྱ། །རླུང་དང་བད་ཀན་བདག་ཉིད་སྐམ། གཤེར་ལས་སྣུམ་དང་རྩུབ་ཆོས་བྱ། །ལུད་པ་བད་ཀན་ལས་གྱུར་པ། །མཁྲིས་པར་བཅས་པ་ཁ་བས་གསོ། །གློ་ནང་འགྲམས་ལ་འཕྲལ་དུ་ནི། །རྒྱ་སྐྱེགས་སྦྲང་རྩིའི་འོ ་མ་བླུད། །ཞུ་ནས་ས་ལུའི་འབྲས་ཆན་ནི། །འོ་མ་ཁ་རར་བཅས་པ་བཟའ་། །རྩིབ་ལོགས་ཆུ་སོན་བཅས་ཏེ། །མཁྲིས་དོད་ཤེས་ཆུང་ཆང་སྦྱར་བཏུང། །བཤད་པ་ཁྲུ་གླ་སྒང་བོ་ང་དཀར། །པ་ཏ་དུག་མོ་ཉུང་བཅས་བཏུང། །རྒྱ ་སྐྱེགས་ཞུན་མར་པྲ་ཚིལ་དང། འཚོ་བྱེད་སྡེ་ཚན་ཀ་ར་དཀར། །སྨྱིག་རྐང་ཁ་ར་མཉམ་འོ་མར། །བསྐོལ་བ་མེ་དྲོད་ཆེ་ལ་བླུད། བུ་རམ་ཤིང་དང་པདྨའི་ཚིགས། །པདྨ་གེ་སར་ཙན་དན་དཀར། ལོ་མར་བསྐོལ་བ་སྦྲང་རྩིར ་བཅས། །གློ་འགྲམས་འབྱོར་བར་བྱ་ཕྱིར་བླུད། །ནས་རྗེན་ཕྱེ་ནི་འོ་མ་རུ། བཙོས་ཏེ་མར་དང་སྦྱར་བའམ། །ཁ་ར་སྦྲང་རྩིའི་མའི་ཕྱེ། །སྐྱོ་མ་རིམས་ཚད་ལྡན་ལ་བླུང། །ལུད་པ་ཅན་ལ་སྨན་མངར་དང། །བསྐོལ་བའི ་ཞུན་མར་བླུང་པར་བྱ། །ཡང་ན་བུ་རམ་ཆུ་བསྐོལ་བསྒྲངས། །སྦྲང་རྩི་ན་ལེ་ཤམ་བཏབ་བླུད། །ཡང་ན་སྐྱུ་རུ་རའི་ཕྱེ་མ། །འོ་མར་བསྐོལ་བ་མར་བཏབ་བླུད། །ཡང་ན་བཅུད་ཀྱི་ལན་ཚིགས། །པི་པི་ལིང་ཡང་སྦྱིན་པར་བྱ། །ལུང་ཅན་དུས་ཚིགས ་གཟེར་བ་ལ། །རྒུན་འབྲུ་ཤིང་མངར་མ་དུ་ཀ། སྨྱིག་རྐང་པ་ལ་པི་པི་ལིང། །ཞུན་མར་སྦྲས་རྩིར་བཅས་པ་སྦྱིན། །དྲི་སྣ་གསུམ་ནི་ཞོ་རེ་དང། །པི་པི་ལིང་སྲང་ཕྱེད་ཁ་?།རྒུན་འབྲུམ་འབྲ་གོ་མ་དུ་ཀ་།སྲང་རེ་ཞིབ་ཏུ་བཏགས་ནས་ནི། །སྤང ་རྩིས་རིལ་ཤུར་སྦྱར་བ་ཡིས། །རོ་ཙ་བྱེད་ཅིང་ཁྲག་མཁྲིས་དང། །ལུད་པ་དབུགས་མི་བདེ་སློན་བྱོ། །བརྒྱལ་མྱོས་སྐྱིགས་བུ་མགོ་འཁོར་དང། །བློ་བརྡོལ་སྐད་ནི་འགགས་པ་དང། །མཚན་པ་ལུས་སྐེམ་རླུང་འཁྱིལ་དང། །མཆིལ་མར་ཁྲག་འབྱུང་རྩིབ་ལོག ་ན། སྙིང་ནད་སྐོམ་དང་རིམས་ཀྱང་འཇོམས། །བརཤ་བུ་དང་ཁ་ར་དཀར། །ས་ལུ་རྩ་སྣར་བཏགས་པའི་ཕྱེ། །རྒུན་ཆུ་འོ་མ་མར་དུ་བསྐོལ། །མཆི་ལ་མེ་ཁྲག་ཏུ་འབྱང་ལ་བླུང། །ཤིང་མངར་དང་ནི་ས་དུ་ཀ། ཏེནདུ?་ལི་ཡ་འོར་བཅོས་ཕན། །ཁྲག་ནི་གང་ཚ་དྲག་ཏུ ་འབྱུང། དེ་བཅོས་པ་ཡི་སྨན་བསྟེན་བྱ། །རླུང་འཁྱིལ་བ་ལ་མཆིལ་ནི། །ཆང་བརྡེས་རྒྱ་མཚོར་བཅས་པ་སྦྱིན། །སྐེམ་ཞིང་ཉམས་ཆུང་གློ་འགྲམས་དང། གཉིད་ཆུང་མེ་དྲོད་ཚ་བ་ལ། །འོ་མ་བསྐོལ་བའི་སྤྲིས?་མར་ཆགས། །ཁར་སྦྲང་རྩི་མར་བཅས་སྦྱིན།། ་ཀར་དཀར་དང་ནས་དང་གྲོ། །འཚོ་བྱེད་གྲངས་རྩི་སྦྲང་རྩིར་བཅས། །ཡང་ན་འོ་མར་བསྐོལ་ཏེ་བླུད། །གློ་འགྲམས་ཉམས་ཆུང་རིང་ལ་སྦྱིན། །ཤ་ཟའི་ཤ་ཡི་ཁུ་བ་ནི། །མར་དང་བརྡོས་པའི་པི་པི་ལིང། །སྦྲང་རྩིར་བཅས་པ་དེ་ལ་བླུད། ཤ་དང་ཁྲག་ནི་འཕེལ་བྱེད ་ཡིན། །ུ་དུམྦ་ར་ནྱ་གྲོ་དྷ། ། ཤདཐ་དང་བླ་ལཀྵ་དང། །སཱ་ལའི་ཤིང་དང་བྲི་ཡཾ་ཀུ། །ཏ་ལའི་རྩེ་མོ་འཇམ་བུའི་ཤུན། །པི་ཡ་ལི་དང་ཤུག་པར་བཅས། ། ཤྭ་ཀར་ནོར་བཅས་པ་ནི། །འོ་མར་བསྐོལ་བ་ལས་བྱུང་བའི། །མར་དང་འབྲས་ཆན་བཟའ་བ་ནི། །བློ་འགྲམས ་ཁུ་བ་ཉམས་སྟོབས་དང། དབང་པོའི་ནུས་པ་ཟད་ལ་སྦྱིན། །རླུང་མཁྲིས་ཀྱིས་ཉེན་ཡན་ལག་ཞིགས། །ན་ལ་མར་དེས་བསྐུས་པ་བསྔགས། །རླུང་ནད་ཀྱིས་ན་ཉིན་པ་ལ། །རླུང་འཇོམས་སྨན་བསྐོལ་ཏིལ་མར་བསྐུ། །མཚོ་བྱེད་སྡེ་ཚན་ཞུན་མར་ནི། །སྙིང་དང་རྩིབ ་ལོགས་ན་ལ་བླུད། །ཡང་ན་བླུང་ནད་འཇོམས་པ་དང། །ཁྲག་མཁྲིས་སེལ་བ་གང་ཡིན་བྱ། །ཤིང་མངར་ན་ག་བ་ལ་གཉིས། །འོ་མ་དང་མཉམས་མར་བསྐོལ་བར། །པ་ཡ་ས་དང་པི་པི་ལིང། །སྨྱིག་རྐང་ལྡེ་གུ་བསྐོལ་བ་ནི། །གློ་འགྲམས་པ་ཡི་ནང་ལ་ཕན། །འཚོ ་བྱེད་སྡེ་ཚན་བཅའ་སྒ་དང། །ཉེའུ་ཤིང་པ་དང་རམ་ཉེ་བ། །བ་སྤུ་བ་གཉིས་བཱ་ལ་དང། །ག་བྲའི་རྩ་བ་ཁ་སྲལ་ཁྲེའུ། །རི་དི་ཟུར་བ་ཀམ་ལ། །སྟི?་གར་ཀམ་ཡ་སྱ། །རྩ་བ་ལྔ་ནི་ཆུང་ངུ་དང། །རྒུན་འབྲུམ་སྟར་གའི་འབྲས་བུ་སོགས། །མདང ་ཞིང་སྣུམ་ལ་སྟོབས་བསྐྱེད་བའི། །ཞོ་ནི་གཉིས་གཉིས་བཏགས་ལྡེ་གུ། །དེ་དང་ཞུན་མར་བྲེ་གང་བསྐོལ། །འོ་མ་ཤ་ར་སྐྱུ་རུ་ར། །བི་དུ་རི་དང་བུ་རམ་ཤིང། །ཁུ་བར་ཤི?་འཁུ་བར་བཅས། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་ནི། ཁྲེ་ཕྱེད་ཁ་ར་སྲང་ལྔ་བཅུ། ་ན་ལེ་ཤམ་དང་སུ་སྨེལ་དང། །ཤིང་ཆ་གནད?་པ་ཏྲ་དང། །ནཱ་ག་གེ་སར་སྲང་ཕྱེད་ཕྱེད། །ཕྱེ་མར་བཏགས་ཏེ་བཅུག་ནས་ནི། །འཇུ་སྟོབས་རྗེས་མཐུན་ཚད་དུ་བྱུངས?། འདི་ནི་བདུད་རྩིའི་སྨན་མར་ཏེ། །མི་རྣལ་བྱིན་?་ཡིན། །དུད་རྩི་འདི་ནི་ཟོས་ནས་སུ། །འོ་མ་ཤ་ཁུ་ལྡན ་ཟོས་ན། །ཁུ་ཆུ་ཉམས་དང་གློ་འགྲམས་དང། །ཉམས་སྟོབས་ཟད་པའི་གསོ་བ་ཡིན། །བུད་མེད་ལ་གཱ་ལུས་སྐེམ་དང། །མདོག་སྐད་ཉམས་ལ་བཏང་བར་བྱ། །ལུད་པ་དང་ནི་སྐྱིགས་བུ་རིམས། །དབུགས་མི་བདེ་དང་ལུང་ཚ་དང། །སྐོམ་དང་ཁྲག་མཁྲིས་སེལ ་བྱེད་ཅིང། །བུ་བསྐྱེད་བྱེད་ཅིང་གློ་དང་བརྒྱལ། །མངལ་ནད་གཅིང་ནད་འཇོམས་བྱེད་ཡིན། །གཟེམ་བཙོང་དང་པུ་ཤེལ་རྩི། །བ་ལ་ཏདཔལ?་བུ་ཏི་ཀ། པྲི་སྣ་པརྞི་དུ?་ཙི། །ཐལ་ཏྲེས་སྙིང་པོ་ལཀྵ། །དེ་རྣམས་སྲང་རེ་བསྐྲོལ་བ་ཡི། །འོ་མ་སྨ་ནེ་ཁུའི་བཞི་འགྱུར་ལ། ། ་ཁ་སྲལ་ཕྲེའུ་ཛཱི་བནྟི། །མེད་གཉིས་དང་ཟངས་རྩིབ། །ཛཱི་བ་ཀ་དང་ཉེར་ཤིང་པ། །རི་དི་རྒུན་འཁྲུཾ་ཤ་ཀ་ར། །སྲ་བ་དང་ནི་པདྨའི་རྩ། །མར་ནི་བྲེ་གང་བསྐོལ་བ་ཡིས། །རླུང་མཁྲིས་སྙིང་འཛག་གཟེར་ནད་སེལ། །གཅིན་སྲི་བ་དང་གཅིན་སྙི་དང། གཞང་འབྲུམ་ལུང་པ ་ལུས་སྐོམ་དང། །ཟེར་བྱེད་རིམས་ནི། སེལ་བྱེད་ཅིང། །གཞུ་འདྲེན་བུད་མེད་ཆང་དང་ལམ། །ཁུར་དུབ་སྟོབས་དང་ཤ་ཟད་བསྐྱེད། །ཤིང་མངར་སྲད་བརྒྱད་རྐུན་འབྲུམ་ནི། །བྲེ་གང་བསྐོལ་བར་མར་བཙོས། །པི་པི་ལིང་སྲང་བརྒྱད་ལྡེ་གུ། །བྲེ་གང་བསྐོལ ་བར་བསྒྲངས་ནས་ནི། །ཁར་སྦྲང་རྩི་རེ་རེ་ཞིང། །སྲང་བརྒྱུད་དང་ནི་བསྲེས་པ་ལ། །ནད་ཕྱེ་མཉམ་སྦྱར་ཟོས་པ་ཡིས། དེ་ནི་གྲོ་འགྲམས་ཟད་བྱེད་དང། །ཁྲག་གི་སྐྲན་ལ་ཕན་བ་ཡིན། །སྒྱུ་རུ་དང་བིད་རི། །བུ་རམ་ཤིང་ཁུ་འཚོ་བྱེད་ཅིང། །སྡེ་ཚན་བསྐོལ ་བའི་ཁུབ་མར། །བ་དང་ར་ཡ་འོ་མ་ལས། །བྲེ་ནི་རེ་རེ་བཙོ་བར་བྱ། །བསྐོལ་བཙགས་ཁ་ར་སྦྲང་ཙི་ནི། །བྲེ་རེ་དོར་ནི་གཞུག་པར་བྱ། དེ་ནི་ཟད་བྱེད་བརྗེད་བྱེད་དང། །ཁྲག་དང་མཁྲིས་པ་ལུང་པ་དང། །ལུས་སྐེམ་པ་ནི་སེལ་བྱེད་ཅིང། །རྒས་སྲ་ཚེ་ནི་རིང ་བ་དང། །ཤ་དང་ཁུ་ཆུ་སྟོབས་སྐྱེད་བྱེད། །མཁྲིས་པ་ཤས་ཆེ་མར་ལྷག་བྱ། །རླུང་ཤས་ཆེ་བས་བཏུང་བར་བྱ། །བལྡག་པས་མཁྲིས་པ་ཞི་བྱེད་ཀྱི། །ཉུང་པས་རླུང་ནི་འཇོམས་མི་ནུས། །འཐུངས་ན་རླུང་ནི་གནོན་བྱེད་ཅིང། །མེ་དྲོད་ནང་དུ་སྡུད་པར་བྱེད་པ ་སྐེམ་ཞིང་ལུས་ཀྱི་ཤ་ཟད་པས། །སྨོན་མར་བཤད་པ་འདི་དག་ཉིད། །མིག་རྐང་འབྲས་ཡོས་པི་པི་ལིང། །ཕྱེ་མ་ལྡེ་གུར་བྱས་ལ་སྦྱིན། །ཞུན་མར་བུ་རམ་སྦྲང་རྩིའི་ཆ། །བཅུག་སྟེ་བྱིན་ལ་འོ་མ་བླུད། །རོ་ཙ་བརྩོན་དང་ལུས་རྒྱས་སྟོབས། །འདི་ཡི་མྱུར་དུ ་བསྐྱེད་པར་འགྱུར། །བུམ་ཤ་ཤུན་པགས་ས་བོན་བསལ། །སྲང་བརྒྱ་རླངས་པར་བཙོས་ནས་ནི། །ཞུན་མར་བྲེ་གང་ནང་གཞུག་བཀྲུག། སྦྲང་རྩིའི་མ་དོག་འདྲར་གྱུར་བ་དང། །དྭགས?་ནི་སྲང་བརྒྱ་པི་པི་ལིང། །བཅའ་སྐ་ཟེར་སྲང་གཉིས་དང། །དྲི་སྣ་གསུམ ་དང་འུ་སུ་དང། །ན་ལེ་ཤམ་ནི་རེ་རེ་ཞིང། །སྲང་ནི་ཕྱེད་ཕྱེད་ཚད་བཅུག་པ། །ཕབ་སྟེ་བསྒྲངས་པར་གྱུར་པ་དང། །སྦྲང་རྩི་མར་གྱི་ཕྱེད་བཅུག་ལ། །གཟར་བུར་དཀྲུགས་ཏེ་བཞག་གྱུར་པ། །ལུང་པ་སྐྱིགས་བུ་ཡིག་འཆུས། །དབུགས་མི་བདེ་དང་ཁྲག་མ་བྲིས་དག ་བློ་འགྲམས་ཟ་བྱེད་འཇོཾས་པར་བྱེད། །གློ་འགོམས་པ་ནི་འབྱོར་བྱེད་ཅིང། །བློ་དང་དྲན་པ་སྟོབས་རབ་བསྐྱེད། །ཀུན་སྨན་ཏ་ཡི་?་དྲུད?་ཀྱིས་ལེན། །ཡིད་དུ་འོང་བ་དམ་པ་འདི། །ཐུ་སྒར་བུ་གཉིས་ཀྱིས་བཤད་ཡིན། །མིག?་བ་ལའི་རྩ་བ་ནི། །ཞོ་གཅིག་སོགས་ཀྱིས ་བསྐྱེད་སྲང་གཅིག། འོ་མར་བཅས་པ་ཟླ་གཅིག་བཏུར། །འོ་མ་བཅད་ཅིང་ཟས་མི་བཟའ་། །སྦྱོར་འདི་ཚེ་ནི་འཕེལ་བྱེད་ཅིང། །སྟོབས་བསྐྱེད་ཁ་དོག་བཟང་བྱེད་མཆོག། མནདུ་ཀ་པར་ནི་ཤིང་མངར། །བཅའ་སྒའི་སྦྱོར་བའང་འདི་ཡིན་ནོ།། ་ནཱ་ག་པ་ལ་སྲང་བརྒྱ་ནི། །ཆུ་སྲང་ལྔ་བཅུ་རྩ་བཅུ་གཉིས། །ནང་དུ་བསྐོལ་ཏེ་བཞི་ཆ་ལུས། །སྨན་ཁུ་དེ་དང་ཆ་མཉམ་པའི། །འོ་མ་མར་དང་བསྐོལ་བར་བྱ། །བཱ་ལ་ཨ་ཏི་བཱ་ལ་དང། །ཤིང་མངར་པུ་རྣ་རྣོ་བ་དང། །སྟག་ཚེ་བ་དང་ཏང་པལ་དང། །པི་ལ་ཡ?་དགག ་སྲལ་ཕྲེའུ། ། ཤྭ་གནད་ཁ་ར་དཀར། །ཉེར་ཤིང་མེད་རྣམ་གཉིས་དང། །གཟེ་མར་མ་ཉེ་པ་གཉིས་དང། །པ་ཡསྨྱ?་དང་ཟི་ར་གཉིས། །པདྨའི་རྩི་བ་སཕོང་བུ་དང། །བྲག་སྭི་ག་ཏ་ཀ་དང། ཀ་ཤ་རུ་ཀ་སྲང་པྱེད་ཕྱེད། །ནག་པ་ལའི་སྣན་མར་འདི། །ཁྲག ་མཁྲིས་གློ་བརྡོལ་ཟད་བྱེད་དང། །སྐོམ་དང་མགོ་འཁོར་སེལ་བྱེད་ཅིང། །སྟོབས་ནི་སྐྱེད་པར་བྱེད་པའི་མཆོག། མདོག་སྡུག་མདངས་བཟང་ཚེ་འཕེལ་ཞིང། །སྐྲ་དཀར་གཉེར་མ་འཇིག་པར་བྱེད། །ཟླ་བ་དྲུག་གི་བར་བརྟེན་ན། །རྒན་པོ་འང་གཞོན ་ནུ་ཉིད་དུ་འགྱུར། །ཆོ་ག་འདིས་ནི་དྲོད་བསྐྱེད་ཅིང། །མེ་དྲོད་གི་བ་བསྐྱེད་འཇུ་བྱེད། །གཅོད་ཆེན་བཤད་པའང་གློ་བརྡོལ་བསྔགས། །འཁྲུ་ནད་གཅོད་པར་བྱེད་པ་ཕན། །རྩ་བ་བཅུ་པ་ཁ་སྲལ་ཕྲེའུ། །ཤངྒ་པུཥཔ་ཟུར་བ་དང། །བ་ལ་ཧ་ཧི་པི་པི་ལིང།། ་ཨ་པ་མརྐ་ཀྲུ་ཀྲུག་ཏྲེས། །ག་བྲ་པི་པི་ལིང་རྩ་བ། །མ་ནུ་སྲང་ནི་གཉིས་གཉིས་དང། །ནས་སྲང་དྲུག་ཅུ་རྩ་བཞི་དག། ། རུ་ར་ནི་སྲང་བརྒྱ་དག། །ཆུ་སྲང་དྲུག་བརྒྱ་བཞི་བཅུས་བསྐོལ། །ནས་ཆོས་པ་དང་སྨན་ཁུ་དེ། །བཙགས་ལ་ཨ་རུ་ར་བརྒྱ་དེར། །བུ་རམ ་སྲང་བརྒྱ་བཅུག་ལ་བསྐོལ། །མར་དང་ཏིལ་མར་པི་པི་ལིང། །ཕྱེ་མ་སྲང་ནི་བརྒྱད་པ་དང། །བསྐོལ་ཏེ་བསྒྲངS་ནས་སྦྲང་རྩིར་གཞུག་།རྟག་ཏུ་ཨ་རུ་ར་གཉིས་བཅས། །ལྡེ་གུ་བཅུད་ལེན་འདི་ཟོས་ན། །འདི་ནི་སྐྲ་དཀར་གཉེར་མ་མེད། །ཚེ་རིང་མདོག ་སྟོབས་འཕེལ་བར་བྱེད། །ལུང་ལྔ་ཟ་བྱེད་དབུགས་མི་བདེ། །སྐྱིགས་བུར་བཅས་པའི་མི་བཟད་རིམས། །གཅིན་སྙིབ་ལི་ནང་དང་ནི། །གཞང་འབྲུམ་སྐྲན་དང་སྙིང་ནད་དང། །ཆམ་པ་ཡི་ག་འཆུས་པ་སེལ། །བཅུད་ཀྱི་ལེན་མཆོག་ལ?་ཡོན་ཅན། །འདི་ནི་དྲང་སྲོང་རི་འིས? ་བཤད་རྩ་བཅུ་པ་པ་ལ་དང། །མུརྦ་སིར་པོ་རྣམས་ཉིས་དང། །པི་པི་ལིང་ནི་རྣམ་གཉིས་དང། །བ་ཐ་ཨ་ཤྭ་གནདྷ་དང། ། པ་?་ཁ་སྲལ་ཕྲེའུ། །སླེ་ཏྲེས་དནྟི་བོང་ང་དཀར། བིཝ?་གཞོན་ནུ་དུར་བྱིད་དང། །ཙི་ཏྲ་ཀ་རྩ་ལོ་མར་བཅས། །ལ་ཡསྙ?་དང་དུག་མོ་ཉུང། ་སྤང་སྤོས་བ་ཛ་ཀུའི་སྙིང་པོ། །མེ་ཏོག་བཅས་དང་རྐང་མར་དང། །གོ་བྱེ་བི་ཊཱཾ་ཀ་ཏ་དང། །ཉེའུ་ཤིང་པུ་ཏི་ཀ་རཉྫ། །དང་ག་སོ་མར་ཛ་དང། །ས་ཧ་ཙ་ར་ཤིང་ཀྲུ་དང། །ནིམ་པའི་ཤུན་ལྤགས་བུ་རམ་ཤིང། །ཕྲ་མོའི་ཁུབ་སྲང་རེ་དང། ། རུ་ར་སྟོང་ཚིག་བརྒྱ་དང། ། ་ནས་སྲང་ཉིས་བརྒྱ་ལྔ་བཅུ་དྲུག། ཆུ་ནི་བརྒྱད་འགྱུར་ནང་དུ་བསྐོལ། །ནས་ཚོས་པ་དང་ཕོག་ནས་ནི། བཙགས་ནས་ཨ་རུ་ར་བཅས་དེར། །བུ་རམ་རྙིང་པ་སྲང་བརྒྱ་གཞུག་།ཏིལ་མར་ཞུན་མར་སྐྱུ་རུའི?་གུ། །བྲེ་རེ་བཅུག་ནས་དེ་རྗེས་ཡང། །མེ་ཆུང་ལ་ནི་བཙོས་ནས ་སུ། །གཟིར་བུས་ཆགས་ནས་ཐབ་ལས་དབབ། །བསྒྲངས་ནས་སྦྲང་རྩི་བྲེ་དོ་དང། པི་པི་ལིང་ནི་ཕུལ་གང་གཞུག་།དྲཝི་སྣ་གསུམ་ནི་ཕྱིར་བཏགས་པ། །སྲང་གསུམ་བཅུག་ནས་དེ་འོག་ཏུ། །རྫ་སྣོད་རྙིང་བཅུག་འབྲུ་ནང་དུ། །བཅུག་སྟེ་ཟླ་བ་གཅིག་བཞག་བྱ། །དེ་ནས་སྔ ་མ་བཞིན་དུ་བཟའ་། །གནས་འཇོག་གིས་བཤད་བཅུད་ལེན་ནི། །སྔོན་པས་ཡོན་ཏན་ལྷག་པར་ཆེ། །ནད་མེད་ཀྱིས་བཟའ་དགག་པ་མེད། །དུས་ཀུན་ཏུ་ཡང་བསྔགས་པ་ཡིན། །རྒྱུ་མ་ཚ་བཅའ་སྒ་སྲང་རེ་དང། །ཁ་རུ་ཚ་ནི་སྲང་གཉིས་དང། །ད་ཏིག་སེའུ་འབྲུ་ཨརྫ ་། །?དེ་དག་སྲོང་ནི་བཞི་བཞི་དང། །ན་ལེ་ཤམ་གཅིག་གི་སྙོད་གཉིས། །འུ་སུའི་འབྲས་བུ་སྲང་བཞི་དང། །ཚད་འདི་ལས་ནི་ཕྱེ་མར་བྱས། །ཟས་དང་སྒོམ་ལ་བཏབ་སྟེ་སྦྱིན། །དེ་ནི་ཡིག་འབྱེད?་པ་དང། །མེ་དྲོད་བསྐྱེད་ཅིང་ཉམས་སྟོབས་བསྐྱེད། །རྩིབ་ལོགས་ན་དང་དབུཌ ་མི་བདེ། །ལུང་པ་ལུ་བའི་ནད་སེལ་བྱེད། །འུ་སུ་ཞོ་གཉིས་གོ་སྙོད་དང། །ལ་ལ་ཕུད་ལས་ཞོ་བཞི་བཞི། །སེའུ་འབྲུ་དང་ནི་ད་ཏྲིག་དང། །དེ་ཡི་ཉིས་འགྱུར་ཉིས་འགྱུར་བྱ། །ཁ་རུ་ཚ་ནི་སྲང་གཅིག་དང། །བཅའ་སྒ་ཞོ་གཉིས་བིལྤའི་རྐང ་སྲང་ལྔ་དང་ནི་སྦྱར་བ་ལ། །ཁར་སྲང་ནི་བཅུ་དྲུག་གཞུག། །རོ་དྲུག་པ་པ་འདི་བཟའ་བ་དང། །བཏུང་བ་སྔ་མ་བཞིན་དུ་སྦྱིན། །གཅོད་ཆེན་ལ་བཤད་ཆོ་ག་གང། །གནས་སྐབས་ཇི་བཞིན་གློ་བརྡོལ་ཕན། །གློ་བརྡོལ་ནད་ནི་བྱང་གྱུར་ནས། །བད་ཀན ་སྐྱེས་ནས་མགོ་བོ་བྲང། །ན་བའི་ལུད་པ་ཅན་གང་ཡིན། །དེ་ལ་དུད་པ་འདི་རྡུབ་བྱ། །མེད་གཉིས་དང་བ་ལ་གཉིས། །ཤིང་མངར་གསོ་མའི་ཤུན་ལྤགས་ནི། །ལྡེ་གུར་བྱས་ལ་རེང་བུར་ནི། །བྱས་ཏེ་དུད་བ་རྡུབ་པར་བྱ། །དེ་རྗེས་འཚོ་བྱེད ་སྨན་མར་བཏུང། །ལྡོང་རོས་དང་ནི་བ་ལ་ཤ། ཨ་ཟ་གནདྷ་ཅུ་ཝཾ་དང། །དོང་གྲ་ལས་ཀྱང་དེ་བཞིན་བྱ། །དེ་རྗེས་ཁར་བུ་རམ་དང། །བུ་རམ་ཤིང་ཁུ་བཏུང་བར་བླུད། །ལྡོང་རོས་དང་ནི་ནྱ་གྲོ་དྷའི། །མྱུ་གུ་རློན་པ་ཆ་མཉམ་བཏགས། །ཞུན་མར་དང ་སྦྱར་དུད་བ་རྡུབ། །དེ་འོག་སྲེག་པའི་ཤ་ཁུ་བཏུང། །གློ་བ་རྡོལ་ལས་བྱུང་ལུད་པ་ལ། །ཐོག་མར་སྟོབས་དང་མེ་དྲོད་བསྐྱེད། །ནད་གཞི་མང་ལ་སྣུམ་བཅས་པའི། །བཀྲུ་སྨན་འཇམ་པོ་བཏང་བར་བྱ། །དོང་ག་དང་ནི་དུར་བྱིད་གཉིས། །རྒུན་འབྲུམ་ཆུ ་དང་སྦྱར་བ་དང། །སེང་ཕྲོ་མ་བསྐོལ་བའི་ཁུ་བ་དང། །བི་ད་ར་ཡི་ཁུ་བར་སྦྱར། །ཞུན་མར་ལ་བཙོས་ཙ་རིགས་སྦྱིན། །ལུས་ཟད་པ་ལ་སྦྱར་བར་བྱ། །མཁྲིས་པ་བད་ཀན་ལུས་ཟུངས་རྣམས། །ཟད་པའི་ཟད་བྱེད་ལུད་བ་ཅན། །མར་དང་ཀརྐ་ཏ་སྲིད་གི ་འོ་མ་བ་ལ་གཉིས་བསྐོལ་བླུད། །བི་ད་རི་འམ་ཀ་ཏ་མ། །ཏ་ལའི་འབྲས་བུ་བསྐོལ་བ་ཡི། །མར་དང་འོ་མ་གཅིན་ནད་ནི། །མདོག་འགྱུར་སྲི་བར་བྱེད་ལ་བླུད། །ཕོ་མཚན་རྐུ་བ་དང་ཆུ་སོ་དང། །བརླང་བྲག་མཇུག་ཏོ་སྐྲངས་ཤིང་ན། །མར་གྱི་ཉིད་ཁུ ་ཡང་བའམ། །ཏི་ལ་མར་བསྲེས་པའི་འཇམ་རྩི་བཏང། །སྐམ་སའི་སྲོག་ཆགས་ཤ་དང་ནི། །བེའུ་སོགས་དང་ནི་ཁུང་ན་གནས། །དེ་བཞིན་མཐུ་རྩལ་གྱིས་ཟས་ཚོལ། །ཤ་ཟའི་ཤ་ཡང་རིམས་བཞིན་སྦྱིན། །དྲོ་བས་བད་ཀན་འཇིག་བྱེད་ལ། །རྩ་སྦུབས་རྣམས ་ནི་དག་བྱེད་ཅིང། །དངས་མ་ལེགས་བར་རྒྱུ་བྱེད་པས། །ལུས་ནི་རྒྱས་པར་བྱེད་པར་འགྱུར། །དབྱི་མོད་པར་གྱི་འབྲས་བུ་གསུམ། །རྩ་བ་བཅུ་དང་ཙི་ཏྲ་ཀ། རྒྱ་སྲན་པི་པི་ལིང་རྩ་བ། །པ་ཏ་རྒྱ་ཤུག་ནས་ཚུར་བསྐོལ། །ལི་དོང་གྲ་དང་པི་རྩེར་པ། །ཟུར ་བ་མ་ནུ་པི་པི་ལིང། །ཀརྐ་ཏ་ཡི་སྲིང་གི་བཏགས། །མཉམ་པའི་ཞུན་མར་དག་དང་བསྐོལ། །བསྐོལ་བ་འདིར་ནི་ཤར་གཉིས། །ལན་ཚན་ལྔ་ནི་བཏགས་ཏེ་གཞུག་།དེ་ལས་རན་པར་འཐུངས་ནས་ནི། །ཟད་བྱེད་ལུད་པས་ཉེན་པ་སེལ། །ཀ་ས་མར་དང ་ཨ་རུ་ར། །གླ་སྒང་པ་ཏ་ཀ་པ་ལ། །དོང་གྲ་པི་པི་ལིང་ཏང་པ་ལ། །པུ་ཙེ་ཤེལ་ཚད་ཞོ་གཉིས་གཉིས། །མར་ནི་བྲེ་གང་འོ་མ་དང། །རྒུན་ཆུ་བྲེ་བཞིའི་ནང་དུ་བསྐོལ། །ཟད་བྱེད་རིམས་དང་མཆིན་པའི་ནད། །ལུད་པ་ཀུན་སེལ་དགེ་བ་ཡིན། །ཀཎྜ་ཀཱ་རི་བ་ཤ་ཀ། ་སླེ་ཏྲེས་རྩ་བ་འབྲས་བུ་དང། །མྱུ་གུ་ལོ་མར་བཅས་པ་རྣམས། །བསྐོལ་བའི་ཁུ་བ་མང་དུ་བཙོས། །ལུད་པའི་རིམས་ཀྱིས་བཏབ་པ་དང། །ཡི་ག་འཆུས་པའི་ནང་རྣམས་སེལ། །སེ་འབྲུའི་ཁུ་བ་ཉིས་འགྱུར་རིམ། །ཚེ་?་ལྡན་བར་བསྐོལ་བའང་ཕན། །ཡ ་བཀྵ་མར་དང་སྦྱར། །ཟས་ཟོས་པ་ཡི་འོག་ཏུ་བླུད། །པི་པི་ལིང་དང་བྲུ་རམ་བསྐོག་ཡིའོ་མར་བཅས་ཕན། །འདི་ནི་མེ་དྲོད་སྦྱར་ཕྱིར་དེ། །ཟད་བྱེད་ལུད་ཙན་གྱིས་མར་བཏུང། །ནད་ཀྱིས་འགགས་པའི་མིད་པ་བརྔ། །རྩ་སྤུབས་རྣམས་ན་དག་བར་བྱེད།། ་ནས་ནི་བྲེ་གང་བཅོས་པ་རུ། །རྣམ་པར་རྒྱལ་བ་ཉི་ཤུ་བཙོས། །ཆོས་ནས་དེ་བྱུང་མཉེས་ནས་དེར། །བུ་རམ་རྙིང་པ་སྲང་དྲུག་དང། །པི་པི་ལིང་ནི་སྲང་གཉིས་དང། །ལྡོང་རོས་ཞོ་ནི་སྐྱེར་ཁན་དང། །ཞོ་གཅིག་ཚད་ནི་བཅུག་ནས་ནི། །སླར་ཡང་བསྐོལ་བའི་ལྡེ ་གུ་དེ། །ལུང་པ་དབུགས་མི་བདེ་སེལ་བྱེད། །རེག་འཇམ་སྒྲོ་རྩ་བསྲེགས་ནས་ནི། །མར་དང་སྦྲང་རྩི་ཁ་རར་སྦྱར། །ཡང་ན་རྨ་བྱའི་རྐང་པ་བསྲེགས། །མར་དང་སྦྲང་རྩིར་སྦྱར་བ་ཡི། །ལྡེ་གུ་ཟོས་ན་ལུད་པ་དང། །དབུགས་མི་བདེ་བསེལ ་བར་བྱེད། །ེ་རཎྜའི་ལོ་ཐལ་བ་ནི། །ཏིལ་མར་ཚ་གསུམ་བུ་རམ་བཅས། །ལྡེ་གུ་འམ་བེའུ་རུག་ཨེ་རཎྜའི། །ལོ་མའི་ཐལ་བ་དེ་བཞིན་བྱ། །ཚ་བ་གསུམ་གྱི་ཕྱེ་མ་ནི། །བུ་རམ་རྙིང་པ་མར་སྦྱར་ཕན། ཤུག་པ་ཚ་གསུམ་འབྲས་བུ་གསུམ། །བི་ཊཱི་ཀ་དང?་ཐང ་ཤིང་དང། །བ་ལ་ར་སྣ་ཕྱེ་མ་ཀུན། །དེ་དང་མཉམ་པའི་ཁ་རར་སྦྱར། །ཡང་ན་སྦྲང་རྩི་མར་དང་སྦྱར། །ལྡེ་གུ་ལུད་པ་སེལ་བྱེད་མཆོག་།དེ་བཞིན་ན་ལེ་ཤམ་གྱི་ཕྱེ། །མར་དང་སྦྲང་རྩི་ཁ་རར་བཅས། ། རུར་དང་བཅའ་སྒ་ནི། །བུ་རམ་དང་ནི་བཅས་པ་ཡི། །རིལ་བུ ་ཁར་ནི་བཞག་གྱུར་ནི། །ལུད་པ་དབུགས་མི་བདེ་ཀུན་སེལ། །ཡང་ན་པ་རུ་བ་འབའ་ཞིག་།ལུད་པ་སེལ་བར་བྱེད་པ་ཡིན། །སེང་ཕྲོ་མ་ཨ་མྲེ་ཁ་ར་དང། །བཅས་པའི་ལྡེ་གུ་མར་དང་བརྡས། །ཐུག་པ་ཟན་དྲོན་ནང་དུ་གདག། །སློན་བྲོ་སྐོམ་དང་ལུད་པ་དང། །མ་ཞུ་ཚད ་འཁྲུ་སེལ་བར་བྱེད། །ཀཎྜ་རི་ཁུ་བར་བསྐོལ། །མུཏཀའི་ཁུ་བར་ལེགས་གཡོས་པའི། །སྐྱུ་རུ་ར་སེལ་སེ་འབྲུར་བཅས། །ལུང་པ་ཀུན་གྱི་སྨན་གྱུར་ཡིན། །རླུང་འཇོམས་སྨན་བསྐོལ་འོ་མ་འམ། །མཆུ་ཡིས་ཟས་ཚོལ་ཁྲོན་རྐོ་དང། །ཁུད་ན་གནས་པའི ་ཤ་ཁུ་ནི། །ཟད་བྱེད་ལུང་པ་ཅན་ལ་སྦྱིན། །གློ་བརྡོལ་གྱིས་དུད་རྡུབ་ལ་གང། །བཏུང་བར་བཅས་པ་བསྟན་པ་ཡང། །ཟད་བྱེད་ལུང་པར་དེ་བཏང་བྱ། གང་ཡང་གཙོང་ཆེན་སྐབས་སུ་བཤད། །སྟོབས་བསྐྱེད་མེ་དྲོད་བསྐྱེད་པ་དང། །རྩ་རྒྱུན་སྤྱོད་བར་བྱེད་པའི་སྨན།། ་རྣམ་གྲངས་ཟད་བྱེད་ལུང་ཅན་ལ། །སྟོབས་བསྐྱེད་ཐམས་ཅད་བསྔགས་པ་ཡིན། །གང་ཕྱིར་འདུས་པ་ལས་བྱུང་བའི། །ཟང་བྱིད་ལུད་བ་མི་བཟད་བས། །དེ་ཕྱིར་ནང་སྟོབས་ཇི་བཞིན་དུ། །འདུས་པའི་ནད་ལ་ཕན་པས་གསོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ་གསོ་བའི་གནས་ཀྱི་ལེའུ་གསུམ་པའོ།། །།དེ་ནས་སྐྱིགས་བུ་དང་དབུགས་མི་བདེ?་བ་གསོ་བའི་ལེའུ་བཤད་པར་བྱའོ། །གང་ཕྱིར་སྐྱིགས་བུ་དབུགས་མི་བདེ། །རྒྱུ་མཚུངས་སོགས་པས་དེ་ཡི་ཕྱིར། །གསོ་བའང་གཅིག་སྟེ་དེས་ཉེས་ལ། །ཐོག་མར་དུགས་ཀྱིས་ཉེར་དཔྱད་བྱ།། ་སྣམ་དང་ལན་?་མར་བྱུག། དེ་ཡིས་བད་ཀན་བུ་གང་འགགས། །ཤིན་ཏུ་ཞེན་པ་ཞུ་ནས་ནི། །ཁོང་པར་གནས་པ་ལེགས་པར་འབྱིན། །བུ་གའི་རྒྱུན་སྲང་མཉེན་གྱུར་ཅིང། །རླུང་ནི་ལུགས་དང་མཐུན་པར་རྒྱུ། །འཇམ་ཞིང་རླན་གྱུར་ཟས་སྣུམ་དང། །རླན་ཅན་ཤར་བཅས ་སྦྱིན་པའམ། །ཡང་ན་ཞོ་ཡི་སྤྲིས་མ་སྤྱིར། །དེ་ནས་དེ་ལ་སློན་འཇམ་བཏང། །མཆོག་ཏུ་ལུད་པ་སྙིང་ནད་དང། །སྐད་འགགས་པ་ལ་སྐྱུག་སྨན་སྦྱིན། །རྒྱ་མཚ་སྦྲང་རྩི་པི་པི་ལིང། །སྦྱར་བ་འམ་རླུང་ལ་ཕན་པ་བཏང། བད་ཀན་གྱི་ནི་གནད་བཅས་པ། །བསལ་ན་བདེ ་བ་ཐོབ་འགྱུར་ལ། །བུ་ག་རྣམ་པར་དག་འགྱུར་ནས། །རླུང་ནི་གནོད་པ་མེད་པར་རྒྱུ། །ལྟོ་སྤོས་རྟུག་འགགས་མུན་འཐིབས་བྱེད། །མདུ་ལུངྒ་སྟར་བུ་དང། །ཤིང་ཀུན་པི་ལུ་ཁ་རུ་ཚ། །ལྡན་ཟས་བྱིན་ན་བདེ་བར་འབྱུང། །རྒྱ་མཚར་བཅས་པའི་འབྲས་བུ་སྒྱུར?། །ཅུང ་ཟད་དྲོ་བའི་བཀྲུ་སྨན་བཏང། །འདི་དག་བད་ཀན་གྱིས་ལམ་བཀག། །སྲོག་གི་རླུང་ནི་འཁྲུགས་ལས་བྱུང། །དེ་བས་དེ་ལཾ་བསལ་བྱའི་ཕྱིར། །སྟེང་དང་འོག་ཏུ་སྦྱར་བྱས་ཕན། །ཇི་ལྟར་འབབ་པར་གྱུར་པའི་ཆུ། །ཤིན་ཏུ་འཁྱིལ་ཞིང་འཕེལ་བ་ལྟར། །དེ་བཞིན་རླུང ་ནི་འཁྱིལ་གྱུར་པའི། །དེ་ལམ་ལེགས་པར་སྦྱང་བར་བྱ། །སྦྱང་བ་བྱས་ཀྱང་མ་དག་པའི། །ཞེན་པའི་དྲི་མ་དུ་བས་བསལ། །ཡུང་བའི་ལོ་མ་ཨེ་རཎྜའི། །རྩ་བརྒྱ་སྐྱེགས་ལྡོང་རོས་དང། །ཐང་ཤིང་བ་ལ་སྤང་སྤོས་བཅས། །བཏགས་ཏེ་རེང་དུ་ཉིད་དུ་བྱ། །དེ་ནི་མོར ་བསྐུས་དུད་པ་རྡུབ། །ཡང་ན་མར་སྦྲུས་ནས་བསྲེག་རྡུབས། །སྦྲ་ཚིལ་སྲ་ཅི་པོག་དག་གམ། ། ཀ་རུ་བཟང་མར་སྦྱར་རྡུབས། །དེ་བཞིན་ཙན་དན་གླ་ར་འམ། །སྦུ་འམ་རྒྱུས་པའི་དུད་པ་རྡུབ། །བཙོས་དང་གོ་ད་ཀུ་རང་ག། དགོ་བ་ལྤགས་མིག་ར་ཡི་འམ། །ཡང་ན་གུ་གུལ ་བསྐུས་དུད་པ་རྡུབ། །ཡང་ན་མར་སྦྲུས་ནས་བསྲེག་རྡུབས། །སྤྲ་ཆིལ་སྲ་ཅི་པོག་དག་གམ། ། ཀ་རུ་བཟང་མར་སྦྱར་རྡུབས། །དེ་བཞིན་ཙན་དན་གླ་ར་འམ། །སྤཱུམ་རྒྱུས་པའི་དུད་པ་རྡུབ། །བཙོས་དང་གོ་དགུ?་རང་ག། དགོ་བ་ལྤགས་མིག་ར་ཡི་འམ། །ཡང་ན་གུ་གུལ ་ལྡོང་རོས་སམ། །ཡང་ནས་ལའི་?་ཆུ་ཉིད། །མོ་རྩ་གུ་གུལ་ཨ་ཀ་རུ། ཤུག་པ་མར་དང་བཅས་དུད་རྡུག། དུགས་བྱར་མི་རུང་བཏང་སྙོམས་གཞག། །བྲང་དང་མིང་པ་ཞོམ་པ་ལ། །བཤོལ་དུ་མེད་ན་འཇམ་དུགས་བྱ། །ཁར?་དཀར་པོའི་འོ་མས ་སམ། །དྲོ་འཇམ་ཙམ་གྱིས་དུགས་བྱ་ཞིང། དཀྲི་དང་ལྡན་པར་བྱ་བའི་དུགས། །དུགས་ཀྱི་ལེའུར་བཤད་དུགས་བྱ། མ་ཞུར་དེ་གསོའི་ཆོ་ག་དཔྱད། །སྦྱོར་དྲགས་རླུང་ཤས་ཆེ་གྱུར་ན། །རླུང་ནད་བསལ་བའི་སྦྱོར་བ་བྱ། །ཤ་ཁུ་སྣུམ་སོགས་བ་ཚ་མིན། །བསྐུ་བ ་དག་གིས་ཞི་བར་བྱ། །བད་ཀན་མ་སློངས་དུགས་མ་བྱས། །ཉམས་ཆུང་བ་ལ་སྦྱང་བྱས་བས། །རླུང་གི་གནས་རྙེད་གནད་རྣམས་ནི། །སྐམ་པར་བྱས་ནས་སྲོག་འཕྲོག་བྱེད། །དེ་བས་སྨན་ཁུ་སྣམ་དང་ནི། །ལྡེ་གུ་སོགས་ཀྱིས་དེ་ཞི་བྱ། །སྐེམ་ཞིང་གོལ་བརྡོལ་ཚད ་འཁྲུ་འཁྲུ་དང། །ཁྲག་མཁྲིས་ཚ་བ་ལས་བྱུང་བའི། །སྐྱིགས་བུ་དབུགས་མི་བདེ་བ་ལ། མངར་སྣུམ་བསིལ་སོགས་དག་གིས་གསོ། །ཀུ་ལངཐ་དང་རྩ་བ་བཅུ། །བསྐོལ་བའི་སྐམས་སའི་ཤ་ཁུ་ཕན། །ཤིང་ཀྲུ་བརྟ་ཀ་དང་ནི། །ཀ་ས་མར་དང་བ་ཤ་ཀ་ལ་ཕུག་ལོ་པའི ་ཁུ་བ་དང། །ནིམཔའི་མྱུ་གུ་ལས་བྱུང་དང། ཁ་ལུང་བྲི་ཧ་ཏཱི་ཀུ་ཕན། །ཀཎྜ་ཀཱ་རི་བྱི་ཚེར་བ། བིལྤའི་རྐང་དང་གཟེ་མ་དང། །སླེ་ཏྲེས་ཀརྐ་ཏ་སྲིང་གི་ཙི་ཏྲ་ཀར་བཅས་བླུད། ཙིཏྲ ་གོ་སྙོད་ཁ་རུ་ཚ། ཀརྟ་ཀ་སི་ཐུག་པ་ཕན། ཡང་ན་རྩ་བ་བཅུ་སྦྱར་བའི། །ཐུག་པ་བླུད་ན་ལུང་པ་དང། །སྐྱིགས་བུ་དབུགས་མི་བདེ་ནད་སེལ། །རྩ་བ་བཅུ་པར་སྣ་དང། །ཟུར་པ་ག་བྲའི་རྩ་བ་དང། །བིལྦ་གཉིས་དང་མ་ནུ་དང། ཀརྐ་ཏ་སྲེད་པི་པི་ལིང། །བཅའ་ ་བ་སླེ་ཏྲེས་བཅའ་སྒ་ནི། །བསྐོལ་བའི་ཁུ་བ་བླུད་ཞུ་ནས། །དེ་ཉིད་དང་བཅོས་ཐུག་པ་བླུད། །ས་ལུ་དྲུག་ཅུ་པ་དང་གྲོ། །ནས་དང་མུངྒ་རྒྱ་སྲན་ཟོས། །ལུད་པ་སྙིང་ནང་རྩིབ་ལོགས་ཟུག། སྐྱིགས་བུ་དབུགས་མི་བདེ་བ་སེལ། ཡང་ན་ཨརྒའི་མྱུ་གུ་ཡི། འོ་མ ་དང་སྒྲས་ནས་ཀྱི་ཟན། །སྦྲང་རྩི་དང་བཅས་རྩ་བཅུ་སོགས། །བསྐོལ་བའི་ཁུ་བར་སྦྱར་བ་བླུད། །ཟས་ནི་ཀྵ་ར་ཤིང་ཀུན་མར། །ཁ་རུ་ཚ་དང་སེའུ་སྦྱར་བཟའ་། །མ་ནུ་ཟུར་པ་ཚ་བ་གསུམ། །སྟེར་བུ་ཁ་ལུང་སྦྱར་བ་སྦྱིན། །སྐྱིགས་བུ་དབུགས་མི་བདེ་སྐོམ་དང། །རྩ་བ ་བཅུ་བསྣོལ?་ཁུ་བའམ། །ཡང་ན་ཐང་ཤིང་བསྐྲོལ་ཁུ་བ། །ཆད་གདེངས?་མ་བླུད་པར་བྱ། །པི་པི་ལིང་དང་དེ་རྩ་བ། ། རུ་ར་དང་བི་ཏདཀ?། །ཙི་ཏྲ་ཀ་རྣམས་ལྡེ་གུར་སྦྱར། །མར་སྣོད་བསྐུས་ཏེ་བསྐམས་པ་རུ། །སྣོད་དུ་དར་བ་ཟླ་གཅིག་བཞག་།དེ་འཐུངས་མེ་ཡི་དྲོང ་བསྐྱེད་ཅིང། །ལུང་པ་དབུགས་མི་བདེ་བ་སེལ། །པ་ཏ་མུརྦ་ཐང་ཤིང་དང། །ས་ར་ལ་དང་ཆད་དངས་མ། །ནུབ་གཅིག་གཞག་སྟེ་ལན་ཆ་བཏག། །དེ་ལས་ཁྱོར་གང་བླུད་བར་བྱ། །ག་པྲའི་རྩེ་བ་བཅའ་སྒའི་ཕྱེའམ། །ཡ་བ་ཀྵ་ར་ན་ལ་ཤམ། །བཅས་ཕྱི་ཆུ་ཚན་བླུག་པ ་ཕན། །བ་པྲི་ཀ་ནི་བསྐོལ་བའི་ཆུ། །བཏགས་བ་ལྡེ་གུར་བྱས་བསྲེས་བླུད། །སཔཏ་བརྞའི་ཁུ་བའམ། །ཤྲི་ཤ་ཡི་ནི་མེ་ཏོག་ནི། །པི་པི་ལྡིང་སྦྲང་རྩིར་སྦྱར། བད་ཀན་མཁྲིས་པ་འདྲེས་གྱུར་པའི། །སྐྱིགས་བུ་དབུགས་མི་དེ་བ་སེལ། །ཅུ་གང་པི་པི་ལིང་དང་ནི། །འབྲས ་དང་བཅལ་སྒམ་ར་དག་ལས། །ཁུ་བ་མཁྲིས་པ་ལས་གྱུར་སེལ། །རླུང་དང་ལྡན་ལ་རེག་འཇམ་ཤ་།རི་བོང་ཤ་དང་པི་པི་ལིང། །མར་དང་ཤ་བྱ་ཀ་ཡི་ཁྲག་།ལྕམ་པའི་ཁུ་བ་ཚ་བ་གསུམ། །མར་དང་འོ་མར་སྦྱར་བ་དང། འབྲས་ཆན་ཟོས་ལ་འོ་མ་བླུད། །རླུང་མཁྲིས ་འདྲེས་པ་ལས་གྱུར་སེལ། །ར་ཡི་འོ་མ་བཞི་འགྱུར་གྱི། །ཆུ་བསྐོལ་བུ་རམ་དོང་ཀྲ་བཏབ། །པི་པི་ལིང་རྩ་ཤིང་མདར་དང། །བུ་རམ་ལྕི་བ་རྟ་སྦྱངས་ཁུ།། སྦྲང་རྩི་མར་སྦྱར་ཟོས་གྱུར་ན། །སྐྱིགས་བུ་དབུགས་མི་བདེ་བ་སེལ། །རྟ་དང་གླང་པོ་བ་གླང་ཕག། །རྗེ?་མོ་བོང ་བུ་ལུག་དང། །གང་ཡང་རུང་བའི་རྟུག་བཙིར་བུ། །སྦྲང་རྩིར་སྦྱར་བ་བལྡགས་ན་ཕན། །བད་ཀན་ཤས་ཆེར་བཏུང་བ་བླུད། །རྐང་པ་བཞི་པའི་པགས་རུས་སྤུ། །རྨིག་པ་བསྲེགས་པ་གནག་ཆེར་བྱས། ། ཤྭ་གནདྷའི་ལྡེ་གུ་ནི། །སྦྲང་རྩིར་སྦྱར་བས་བད ་ཀན་ཤས། །ཆེ་བའི་དབུགས་མི་བདེ་བ་སེལ། །ཟུར་བ་མ་ནུ་སྐྱུ་རུ་རའམ། །མ་ནུ་པི་པི་ལིང་བཅས་ཕན། །ཡུག་སྣམ་པི་པི་ལིང་བཅས་པའམ། །ཀ་པིཏྟ་ཡི་ཁུ་བའམ། །བིཝ?་རྐང་ཁུ་སྐྱུ་རུ་ར། །པི་པི་ལིང་དང་རྒྱམ་ཚང་སྦྱར། །མར ་དང་སྦྲང་རྩི་ཨ་རུ་རའམ། །ཚ་བ་གཉིས་དང་ཁུ་བ་ཚ། །རྒྱ་ཤུག་འབྲས་ཡོས་སྦྲང་རྩི་དང། །རྒུན་འབྲུམ་པི་པི་ལིང་དོང་གྲ། །བུ་རམ་རྒུན་འབྲུ་ཡུངས་ར་སྣ། །པི་པི་ལིང་དང་ན་ལེ་ཤམ། །ཏིལ་མར་དང་ནི་སྦྱར་བ་ཕན། །ལྡེ་གུར་སྨན་གྱི་ཕྱེ་མ་ཡང། །ཤ་ཁུ་ཆུ ་དྲོན་ཚ་སོགས་བཏུང། །ཛཱི་པནྟི་དང་གླ་སྒང་དང། །བྱེ་རུག་པ་དང་ཤིང་ཚ་དང། །སུག་སྨེལ་གཉིས་དང་མ་ནུ་དང། །བཅའ་བ་ཏ་མ་ལི་ག་དང། ། རུ་ར་དང་ག་བྲའི་རྩ། །དོང་གྲ་དང་ནི་པ་ལ་ག་།ཟུར་པ་ཀརྟ་སྲིད་གི། །ནཱ་ག་གེ་སར་པི་པི་ལིང། །ཙ་དོད་ཅི་རིགས ་སྦྱར་ནས་ནི། །ཕྱེ་མ་ཉིས་འགྱུར་ཁ་རར་བཅས། །རྩིབ་ལོགས་ན་རིམས་ལུད་པ་སེལ། །སྐྱིགས་བུ་དབུགས་མི་བདེ་འཇོམས་མཆོག། །དོང་གྲ་བུ་རམ་ཆ་མཉམ་པ། །བཟའ་བའམ་སྣ་ནས་བཏང་སྨན་བྱ། །ཡང་ན་སྒོག་སྐྱ་འམ་ཀུན་དོང་དམ། །གྲོ་ཛ་ན ་ཡི་རྩ་བས་བྱ། །ཙན་དན་གྱི་ནི་ཁུ་བ་དང། །བུད་མེད་ནུ་ཞོ་སྣར་བླུགས་བྱ། །སྦྲང་མའི་རྟུག་པ་ནུ་ཞོར་སྦྱར། །རྒྱ་སྐྱེགས་ཁུ་བ་དང་སྦྱར་བླུག། རྒྱམ་ཚ་ཞུ་མར་དང་བཅས་བ། །ནུ་ཞོ་མར་དང་བསྐོལ་བའམ། །མངར་བའི་སྨན་དང་ལྡེ་གུར་བྱས། །དེ་བཏུང་བའམ ་སྣ་ནས་བཏང། །ཁར་སྦྲང་རྩིར་བཅས་པ་ནི། །གྲང་དྲོ་བས་ཀྱིས་བླུག་པའམ། །དེ་བཞིན་འོ་མ་བསྐོལ་བ་ནི། །སྨན་གྱི་ཕྱེད་ཀྱི་མར་སྦྱར་བླུགས། །པི་པི་ལིང་དང་ཁ་རུ་ཚ། །ཡ་བ་ཀྵ་ར་སླེ་ཏྲེས་དང། །ཤིང་ཀུན་ཙོར་བྱིའུ་རུག་པ་།མར་དང་ཞོ་ཁ་ཆུར་སྦྱར ་ཞིང། །རྩ་བཅུའི་ཁུ་བར་བསྐོལ་བ་བླུད། །ཡང་ན་འཚོ་བྱེད་བསྐོལ་བའི་ཁུ། །སྦྲང་རྩིར་བཅས་པར་བླུད་པར་བྱ། །ཧེ་ཛོ་བ་ཏི་ཨ་རུ་ར། །པི་པི་ལིང་དང་པུ་ཙེ་ཤེལ། །རུ་ཏ་མ་མུ་བུ་ཧི་ཀ་།ཙི་ཏྲ་ཀ་དང་པལཀྵ། །ཟུར་པ་ལན་ཚྭ་རྣམས་གཉིས ་དང། །ཛཱི?་བནྟི?་དང་བིལྦའི་རྐང། །ཤུ་དག་ཏལ་བུའི་ལོ་མ་རྣམས། །དེ་དག་ཞེ་ནི་གཉིས་གཉིས་བསྐོལ། ཤིང་ཀུན་ཞོ་ཕྱེད་མར་བྲེ་གང། །བསྐོལ་བ་དེ་ནི་འཐུངས་གྱུར་ན། །རྐང་ལག་ལ་ནི་ཞེན་པའི་རླུང། །གཞང་འབྲུམ་དང་ནི་ཕོ་བའི་ནད། །སྐྱིགས་བུ་སྙིང་ནད ་རྩི་བ་ལོགས་ཟུག་།མྱུར་དུ་སེལ་བར་བྱེད་པ་ཡིན། །ཞུན་མར་ཆ་ཕྱེད་བཅས་པ་ཡི། །ཡ་བཀྵ་ར་རྒྱམ་ཚ་སྦྱིན། །ཐང་ལ་འབར་གྱི་འམ་དུག་གི་མར། །ཞོ་ཅན་ཧ་པུ་ཤའི་མར་བླུད། །ཆུ་གྲང་བུར་བླུག་པ་དང། །སྤངས་དང་སྤུགས་དང་འཇིགས་པ་དང། །དགའ་ ་དང་ཕྲག་དོག་དབུགས་བསྡམས་དང། །གནོད་པའི་འབུ་ཡིས་སོས་བཏབ་དང། །གང་ཡང་བད་ཀན་རླུང་འཇོམས་སྨུན། །དྲོ་ཞིང་རླུང་ནི་བདེ་རྒྱུ་བརྟེན། །གང་ཡངཕེལ་ཆེར་རླུང་གི་ནད། །ལྷག་པར་འཇོམས་པར་བྱེད་པས་སྤྱད། །ཐམས་ཅད་ལ་ནི་བརྡ་བྱས་པས།། ་ཚབས་ཆུང་གསོ་བར་སླ་བ་ཡིན། །ལྷག་པར་ཉམས་སྨད་པ་ཡིས་ནི། །ཞི་བའི་ཐབས་སུ་འགྱུར་མ་ཡིན། །དེ་བས་ཞི་བརྟ་བའི་ཐབས། །དང་པོ་དེ་ལ་སྤྱད་པར་བྱ། །ལུང་པ་དབུགས་མི་བདེ་གཅོད་སློན། །སྐྱིགས་བུའི་སྨན་ནི་ཕན་ཚུན་འདྲི། །ཡན་ལག་བརྒྱད ་པའི་སྙིང་པོ་བསྡུས་པ་ལས། གསོ་བའི་གནས་ཀྱི་ལེའུ་བཞི་པའོ།། །།དེ་ནས་གཅོད་ཆེན་པོ་གསོ་བའི་ཐབས་ཀྱི་ལེའུ་བཤད་པར་བྱའོ། །སྟོབས་ལྡན་ནང་ནི་མང་གྱུར་ལ། །སྣུམ་ཆོས་དུགས་བྱས་སྤང་པ་ནི། །སྣུམ་མེད་མ་ཡིན་ཉམS ་སྨོད་མིན། །སྟེང?་འོག་གི་ནི་སྦྱང་བར་བྱ། །འོ་མ་པོ་སོན་ཆར་བཅས་པའམ།། ཤ་ཁུ་མངར་དང་ལྡན་པ་ཡིས། །ཞུན་མར་བཏབ་པའི་ཞེས་ཐུག་ནི། །སྐྱུག་སྨན་བསྐོལ་བས་སྔོན་དུ་གཞུག། ཤ་མ་?་བྱེད་དོར་གང་བཅས། །ཁ་ར་སྦྲང་རྩི་མར ་དང་ནི། །བཅས་པའི་འོ་མའི་མ་སྐྱོ་མའམ། །རྒུན་འབུམ?་ཏ་བལ་བི་ད་རི། །ཡང་ན་ཤ་ཁུར་ལྡན་པ་ཡིས། །བཀྲུ་སྨིན་འཇམ་པོ་བཏང་བར་བྱའོ། །ལྟོ་སྦྱངས?་པ་ལ་རྟ་བ་དང།། དྲོད་?་ཆེ་བརྒྱད་པ་དོ་བྱ། །ཟས་སྐོམ་ཡིག་?་བ་དང།། ་རླུང་འཇོམས་བྱེད་ཅིང་ཡང་བ་སྦྱིན། །ས་ལུ་དྲུག་ཅུ་པ་དང་གྲོ། ནས་དང་མུངྒ་ལོ་གཅིག་ལོན། །?་མ་མར་དང་ཤ། ཤ་ཟའི་ཤིན་ཟ་བྱེད་འཛོམས། །བྱ་རོག་དུག་པ་སྦྱང་གི་གཟིག་།ཁ་ལང་རྟ་དང་ནེ་ལེ་སྦྲུལ།། བྱ ་རྒོད་རྔ་མོ་བོར་བུ་ཁྲའི། །ཤ་ནི་རྒྱུ་ཡིས་བྱིན་ན་ཕན།། ཤེས་ན་དེ་ལས་སྨོད་པས་ན། །སྨོན་ཞིང་མདངས་དང་སྟོབས་མི་འགྱུར། །བད་མཁྲིས་རི་དགས་ལ་སོགས་ཤ། རླུང་ལ་མཐུ་རྩལ་གཟན་ཚོལ་ཤ། ཚོགས་གུར་སྦྱར་ཞིང་ཕན་པ་དང།། ་ཤ་པུ་སོགས་ལའང་སྦྱར་བར་བྱ། །ཡུངས་མར་དག་དང་བསྔོས་པའམ། །ཡང་ན་ཅི་རིགས་མར་དང་རྫོ། །ཁུ་བར་ལྡན་ཞིང་མཉེན་ལ་སྣམ། །སྤོང་ལ་སོགས་དང་ལེགས་གཡོས་སྦྱིན། །དེ་བཞིན་ལ་ཕུག་རྒྱ་སྲན་ལས། །གཡོས་པའི་ཡུ་ཤར ་སྦྱར་བར་བྱ། །པི་པི་ལིང་བཅS་ནས་དང་བཅས་རྒྱ?་བཅས་ཤིང་དོང་གྲང་བཅས། །སེའུ་འབྲུ་སྐྱུ་རུ་ར་དང་བཅས། །རྔ་ཤའི་ཁུ་བ་སྣུམ་ཅན་བླུད། །དེས་ནི་ཆམ་པ་ལ་སོགས་པ། །གནོད་བ་དྲུག་ནི་སེལ་བར་འགྱུར། །མཁྲིས་པ་སོགས་ལས་ཁྱད་པར་དུ།། ་ཆང་རྙིང་རྩ་སྤུབས་སྦྱོར་བྱེད་པ། །ངོམས་པ་ཉིད་དུ་བླུད་པར་བྱ། །རྒུན་ཆང་ཆང་རྙིང་ཆང་དང་ས་བླུད། །རྩ་བ་ཆུང་ངུ་ལྔར་བསྐོལ་བའམ། །ཏ་མ་ལཀ་ཆུར་བསྐོལ་བའམ། །པར་ན་བཞི་དང་བསྐོལ་བའམ། །ལུ་སུ་བཅལ་སྒར་བསྐོལ་བ་བླུད། ། ་དེ་ལ་ཁ་ཟས་གཙང་པ་དག། འབད་པས་བཙོས་པས་རྗེས་མཐུན་ཡིན། །རྩ་བ་བཅུ་དང་འོ་མ་འམ། །ཤ་ཁུའི་ནང་དུ་བཅོས་པར་བྱ། །བ་ལ་བཏབ་པའི་མར་སྦྱར་བའམ། ཤ་ཟའི་ཤ་ཁུར་བཙོས་པ་སྦྱིན། །འོ་མ་བཅུ་འགྱུར་དག་དང་ནི། །མར་? ་སྦྲང་རྩིར་བཅས་པའང་ཕན། །ཛཱི་བནྟི་དང་ཤིང་མངར་དང། །རྒུན་འབྲུམ་དུག་མོ་ཉུང་འབྲས་བུ། །མ་ཆུ་ཟར་པ་པི་ལིང། །བྱ་གྲ་?་བ་ལ་དང། །?་ཨུཔཏལ་སྔོ། །ཁྱི་ལྕི་བ་དང་བྱི་ཚེར་བ། །ལྡེ་གུར་བྱས་དང་མར་བསྐོལ་བ། །གཙོང ་ཆེན་སེལ་བའི་དམ་པ་ཡིན། །བྲ་གོ་རྒུན་འབྲུམ་མ་དུ་ཀ། །པ་རུ་ཤ་དང་པི་པི་ལིང། །མར་དང་བསྐོལ་བས་སྐད་འགགས་དང།། ལུད་པ་དབུགས་མི་བདེ་རིམས་འཛོམས། །རྩ་བཅུ་འོ་མར་བསྐོར?་བ་ལས། །བྱུང་བའི་མར་སར་གང་ཡིན་དེ། །པི་པི་ལིང་དང་སྦྲང་རྩིར་བཅས། ་སྐད་འགགས་སེལ་བའི་དམ་པ་ཡིན། །མགོ་བྲང་རྩི་བ་ལོགས་གཟེར་འཇོམས་ཤིང། །ལུད་པ་དབུགས་མི་བདེ་རིམས་སེལ་།རྩ་བ་ལྔ་པ་ལྔར་བསྐོལ་བའི། །འོ་མ་ལས་བྱུང་མར་གང་ཡིན། །རྩ་བ་ལྔ་པ་ལྔ་ཡིན་ནི། །ཁུ་བ་འོ་མའི་བཞི་འགྱུར་ལ། །བསྐོལ་བའི་ནི ་མར་འདི་ཡིས། །ཟས་བྱེད་ཀྱི་སྟོབས་བདུན་འཇོམས། །ཡ་བཀྵ་ར་ཚ་བ་ལྔ། །སྲང་དྲུག་དང་ནི་བཙོས་པའི་མར། །བྲེ་གང་འོ་མ་ཆ་མཉམ་བྱས། །དེ་ཡིས་བུ་ག་དག་བྱེད་ཅིང། །སྐྲན་དང་དམུ་རྫིང་མཆེར་བ་དང། །ཕོ་ནད་སྐྱ་རྦབ་ཆམ་པ་དང། །ལུང་པ་དབུགས་མི་བདེ་དྲོད ་ཉམས། །སྐྲངས་དང་སྟོད་ཀྱི་རླུང་ནད་འཇོམས། །ར་སྣ་བ་ལ་གཟེ་མ་དང། །སྟིར་བརཤ་བུ་ཡི་ཆུང། །ཛཱི་བནྟི་དང་པི་པི་ལིང། །འོ་བཅས་གཅོད་ཆེན་འཇོམས་པའི་མཆོག་། ཤྭ་གནདྷ་ལོ་མར་བསྐོལ། །ལས་བྱུང་མར་འཁོར་?་བཅས། །སྤྱི་ཡི་ཤ་ནི་སྲང་བརྒྱ་དག་།ཆུ་བྲེ་སུཾ ་ཅུ་གཉིས་ནང་བསྐོལ། །དེ་ཡི་བརྒྱད་ཆ་ལུས་བ་རུ། །འཚོ་བྱེད་བཅུ་ནི་སྲང་རེ་གཞུག་ཞུན་མར་བྲེ་གང་བཅས་བསྐོལ་བ། །ཤ་ཡི་སྨན་མར་འདི་བླུད་པ་འམ། །ཤ་ཁུ་དང་སྦྱར་ཅི་རིགས་སྦྱིན། །རླུང་དང་མཁྲིས་པ་ལས་གྱུར་ནད། །ལུད་པ་དབུགས་མི་བདེ་སྐད་འགགས ་སྐོམ་སྙིང་རྩིབ་ལེགས་ཟུག་པ་འཇོམས། །སུག་སྨེལ་ཏི་མུ་ས་འབྲས་གསུམ། །ས་ནག་ས་བ་གསུམ་ཙི་ཏྲ། །ས་ར་ནིམྦ་སེང་ལྡེད་དང་ཤེས་ལའི་འབྲས་བུ་ལས་བྱུང་དང། །གོ་བྱེད་ནི་བིཾ་ཊཱཀ། སྲང་ནི་བརྒྱུད་བརྒྱད་ཆད་དུ་བྱས། །ཆུ་ནི་བཅུ་དྲུག་འགྱུར་བྱས་པས་བཅུ་དྲུག་? ་གནས་བར་དུ་བསྐོལ། །སླར་ཡང་དེ་དང་མར་བྲེ་གང། །བསྐོལ་བ་འདིར་ནི་ཅུ་གང་ནི། །སྲང་དྲུག་ཁར་སྲང་གསུམ་བཅུག། །སྦྲང་རྩི་སྲང་ནི་དྲུག་ཅུ་གཞུག་།དྲི་སྣ་གསུམ་ནི་སྲང་རེ་གཞུག་?་བུས་དཀྲུགས་ཏེ་ལྡེ་གུར་བྱས། །སྔ་དྲོ་ཟོས་ལ་འོ་མ་བཏུར། །བཅུད་ལན་གདམS ་པ་མེད་པ་ཡིན། །ཡིད་གཞུངས་མིག་རྣོ་ཚེ་རིང་ལ། །དྭོད?་བསྐྱེར་སྐྲན་དང་གཅོད་ཆེན་ནང། །སྐྱ་རྦབ་དང་ནི་མཚན་མར་བརྡོལ། །མྱུར་དུ་འཇོམས་པར་བྱེད་པ་ཡིན། །གང་ཡང་ཞུན་མར་བུ་རམ་བཅས། །གློ་བརྡོལ་ལ་བཤད་ཟད་བྱེད་སྦྱར།། ཤིང ་ཚ་སུག་སྨེལ་པི་པི་ལིང། །ཅུ་གང་ཁ་ར་རིམས་གཉིས་འགྱུར། །ཕྱེ་མར་བྱས་བཟའ་འམ་སྦྲང་རྩི་དང། །མར་དང་སྦྱར་ཏེ་ལྡེ་གུར་ཐོས། །སྐད་འགགས་ལུད་པ་དབུགས་མི་བདེ། །ཟད་བྱེད་རྩིབ་ལོགས་བད་ཀན་འཇོམས། །འདི་ཡི་སྐད་འགགས་ལ་ཁྱད་པར། །སྣ་སྨན ་དུད་པ་རྡུབ་སོགས་བྱ། །དེའང་རླུང་ལས་གྱུར་པ་ལ། །ཀ་ས་མར་དང་བརྟ་ཀ། བྲི་གཾ་ར་ཛའི་ཁུ་བ་མར། །བསྐོལ་བའམ་ཨརྔ་ག་ལ་བསྐོལ། །དྲོ་འམ་ཟོས་རྗེས་ལ་བླུད་ན། །ལུད་པ་ལུ་དང་སྐད་འགགས་སེལ། །རྒྱ་ཤུག་ལོ་མའི་ལྡེ་གུ་ནི། །མར་བརྔོས་རྒྱམ་ཚར ་བཅས་པའམ། །ཤིང་མངར་དང་ནི་པི་པི་ལིང། །བེ་ཊཱཾ་ཀ་དང་རྒུན་འབྲུ་དང། །ཧ་ན་ས་བརྞི་རྩ་བ་རྣམས། །ཏིལ་མར་བསྐོལ་བ་སྣར་བླུགས་བྱ། །འབྲས་ཚན་མར་དང་བུ་རམ་བཅས། །ཟས་ལ་དེ་རྗེས་ཆུ་ཚན་བཏུང། །འོ་ཐུག་སྣུམ་ཅན་བླུད་པ་དང། །སྣུམ་གྱི་དུགS ་ཀྱི་ཆོ་ག་སྦྱད། །མཁྲིས་པ་ལས་གྱུར་འོ་མའི་ཤིང། །ལྡེ་གུ་བསྐོལ་བའི་ཞུན་མར་ནི། །སྦྲང་རྩིར་བཅས་ཏེ་དེ་རྗེས་ནི། །འོ་མ་བསྐོལ་ཏེ་བསྒྲངས་པ་བླུད། །ཤིང་མངར་མ་དུ་ཀ་ཡི་ཐུག་།ཞུན་མར་བཅས་བ་བླུད་པའམ། །བ་ལ་དྲི་བཟང་བིད?་རི།། ཤིང་མངར་ཀྵ ་ཏི་བི་དང། །རྒྱམ་ཚར་བཅས་པ་བསྐོལ་བའི་མར། །སྐད་འགགས་སྣ་སྨན་བླ་མེད་ཡིན། །བྲ་བུཎྜ་རཱི་ཀ་ཤིང་མངར། །པི་པི་ལིང་དང་བྲི་ཧ་ཏི། །བ་ལ་འོ་མ་མར་བསྐོལ་ཏེ། །སྐར་འགགས་པ་ཡི་སྣ་སྨན་མཆོག། །མངར་བའི་སྡེ་ཚན་ཕྱེ་མ་ནི། །སྦྲང་རྩི་མར་སྦྱར་ལྡེ ་གུ་སྦྱིན། །བད་ཀན་ལས་གྱུར་ཚ་བ་དང། །ཟས་རྩུབ་བ་གཅིན་བླུད་བར་བྱ། །ཀཏབ་ལ་དང་སྐྱུ་རུ་ར། །ཆ་གསུམ་ཏིལ་མར་སྦྲང་རྩིར་སྦྱར། །ཡ་བཀྵར་ཚ་བ་གསུམ། །ཀུ་ཀྲུག་ཏྲེས་དང་དབྱི་མོ་དང། ། རུ་ར་དང་སྦྲང་རྩིར་སྦྱར། །ནས་ཐུག་ཏིལ་མར་ཞུན་མར་དང། ་པི་པི་ལིང་དང་སྐྱུ་རུར་སྦྱར། །བཅའ་སྒ་དང་ནི་པི་པི་ལིང། །བཟའ་བའམ་སྐྱུག་སྨན་རྣོན་པོ་བསྟེན། །ཤ་ཁར་དང་སྦྲང་རྩིར་བསྲེས། །མངར་བའི་སྨན་དང་ལྷན་ཅིག་བསྐོལ། །འོ་མ་འཐུངས་བས་སྐད་གསང་ནི། །ཆེན་བོ་སྨྲ་བས་འགགས་ནད་སེལ། །ཡི་ག་འཆུས ་ལ་སྣ་ཚོགས་ཟས། །ཕན་པའི་སྨན་དང་སྦྱར་བ་སྦྱིན། །ཕྱི་དང་ནི་སྦྱར་བ་དང། །སེམས་དགའ་ཡིད་དང་མཐུན་སྨན་སྦྱིན། །དུས་གཉིས་སུ་ནི་སོ་ཤིང་དག་།བཅའ་ཞིང་ཁ་ནི་སྦྱང་བྱ་ཞིང། །བསྐབས་ཁ་ནི་བཀྲུ་བ་དང། །རྗེས་སུ་མཐུན་པའི་དུང་པ་རྡུབ། །ད་ཡིས་ཀྱི་ནི ་རིལ་བུ་དང། །ཁར་ག་པུར་བཅས་པ་སྦྱིན། །འབྲས་བུ་ཟླ་བའི་ཟེར་ལྟར་དཀར། །བཟའ་བ་ཡིག་འབྱེད་པའི་མཆོག། དེ་ལས་རླུང་འགྱུར་ཡིག་འཆུས། །ཧ་རེ་ནུ་དང་པི་པི་ལིང། །བ་ཊཱཾ་བ་དངར?་སྣ་དང། །རྒྱ་མཚ་དང་ནི་དོང་གྲ་དང། །སུག་སྨེལ་ག་བྲའི་རྩ་བ་དང། །ནས ་ཚིགས་འཁུས་པའི་ཐལ་བ་ནི། །ཤིང་ཀུན་བཅས་པ་མར་རམ་ནི། །ཆང་གི་དངས་མར་སྦྱར་ཏེ་བཏུང། །ཤུ་དག་ཆུས་ནི་སློན་དུ་གཞུག། མཁྲིས་གྱུར་བུ་རམ་ཆུས་སློན་གཞུག་ཁར་དང་ནི་ཞུན་མར་རམ། །རྒྱམ་ཚ་སྦྲང་རྩིར་བཅས་པ་སྦྱིན། །བད་ཀན་ནིམྦའི ་ཆུས་སློན་གཞུག་།ལ་ལ་ཕུད་དང་དོང་ཀིའི་ཆུ། །སྦྲང་རྩིའམ་ཆང་རྙིང་རྣོ་སྦྱར་བ། །བུ་རམ་སྦྲང་རྩིའི་ཆང་བཅས་བླུད། །ཧ་ར་ནུ་སོགས་ཕྱེ་མ་ནི། །སྔར་བཤད་ཆུ་ཚན་སྦྱར་བ་བླུད། །སུག་སྨེལ་དང་ནི་ཤིང་ཚ་དང། །ནག་དུཥཔ་ན་ལེ་ཤམ། །པི་པི་ལིང་དང་བཅའ་ ་སྒ་རྣམས། །རིམས་བཞིན་ཆ་རེས་བསྐྱེད་ཕྱེ་མ། །ཁ་ར་དག་དང་མཉམ་སྦྱར་བས། །མཆིལ་མ་ཡིག་འཆུས་པ་དང། །སྙིང་དང་རྩིབ་ལོགས་ན་ལུང་པ། །དཔུགས་མི་བདེ་དང་མགུལ་ནད་འཇོམས། །ལ་ལ་ཕུད་དང་ད་ཏྲིག་དང། །སྟུར?་བུ་བཅའ་སྒ་སེའུ་འབྲུ་དང། །རྒྱུ ་ཤུག་ཞོ་ནི་གཉིས་གཉིས་བྱས། །ཁར་སྲང་བཞི་འུ་སུ་དང། །གོ་སྙོད་ཤིང་ཆ་ཁ་རུ་ཚ། །ཞོ་རེ་པི་པི་ལིང་འབྲུ་བརྒྱ། །ན་ལ་ཤམ་ནི་ཉི་བརྒྱ་དག། ཕྱེར་བཏགས་ཡིག་འབྱེད་པའི་མཆོག་།ཡིད་འོང་ཕྱི་ས་འགགས་པ་དང། །ལུད་པ་སྙིང་ག་རྩིབ་ལེགས་ན། །མཚར་པ ་གཞང་འབྲུམ་ཕོ་ནད་སེལ། །བལ་བུའི་ལོ་མ་ན་ལེ་ཤམ། །དོང་ཀྲ་དང་ནི་པི་ལིང། །གོ་རིམ་བཞིན་དུ་ཆ་རེས་བསྐྱེད། །ཤིང་ཚ་སུག་སྨེལ་དང་པོའི་ཕྱེད། །པི་པི་ལིང་གི་བརྒྱད་འགྱུར་གྱི། །ཁ་དང་སྦྱར་བའི་ཕྱེ་མ་དེ། །དྲོང་བསྐྱེད་ཡིག ་འབྱེད་པ་དང། །ལུད་བ་ལུ་དང་དབུགས་མི་བདེ། །ཡིག་འཆུས་དང་སློན་བྲོ་དང། །མཆེར་པ་སྙིང་ནད་རྩིབ་ལོགས་ཟུག། སྐྱ་རྦབ་ཚད་འཁྲུ་རིམས་ནད་འཇོམས། །རླུང་འཁྱེལ་བ་ནི་བདེ་རྒྱུ་བྱེད། །སུག་སྨེལ་ཤིང་ཚ་བུ་ཤེལ་ཙོ། །ཞོ་ནི་གཉིས་གཉིས་བྱས་པ ་དང། །ནཱ་ག་གེ་སར་སྲང་ཕྱེ་དང། །བནདྷ་པ་ཏྲ་སྲང་ཕྱེད་གཞུག། ཕྱེ་བཏགས་བུ་རམ་རྙིང་བ་ནི། །སྲང་ནི་ཉི་ཤུ་ལྔ་ནི་བསྐོལ། །སྤྲུས་ཏེ་ཞོ་གཉིས་ཚད་རིལ་བུ། །བྱས་བའི་ཡོན་ཏན་དེ་དང་མཉམ། །རྒ་སླེ་ཏྲེས་རཀྵ་ཆུར། །ནས་དང་ནུབ་གཅིག་སྤངས ་ནས་ནི། །ཆུ་དང་ཟན་ནི་སྦྲུས་ནས་སུ། །བྱིན་ཏེ་ཉམས་སྟོབས་ལྡན་སློན་གཞུག། དེ་བཞིན་སྐམ་སའི་སྲོག་ཆགས་ཤ། །བསྲེགས་པ་ཚ་དང་ཁར་སྦྱར་སྦྱིན། །ཟས་ནི་སྐམ་ཞིང་རབ་ཡང་དང། ཙ་ན་ཀ་སོགས་ཁུ་བ་བླུད། །བད་ཀན་གྱི་བར་མཆིལ ་མ་མང། །རླུང་གིས་མཆིལ་མ་སྐྱོང་པར་བྱེད། །དེ་ནི་བད་ཀན་མཆིལ་མར་བཤད། །སྣམ་དང་བྲོ་བས་དེ་བསལ་བྱ། །རིམས་འདི་ཆམ་པ་དག་དང་ནི། །སློན་བའི་ནད་ལའང་སྦྱར་བར་བྱ། །མཆོག་ཏུ་ཆམ་པར་བསྐུ་བ་དང། །སྣམ་པ་?་ཀྱི ་ཆོག་བསྟེན། །མགོ་དང་ལྐག་མ་རྩི་ལོགས་སུ། །འབྲས་ཁུར་སྣམ་བཅས་དུགས་བྱ་ཞིང། །ལན་ཚྭ་སྒྱུར་དང་ཁ་དང་ཚ། །ཤ་ཁུ་སྣུམ་དང་བཅས་པ་སྦྱིན། །མགོ་བོ་སྙིང་ག་རྩིབ་ལོགས་གཟེར། །ནད་གཞི་ཇི་བཞིན་གསེར་བ་དཔྱད། །ཆུ་དང ་རླན་ཅན་གནས་པའི་ཤ། ལེགས་སྦྱར་དཀྲི་བའི་དུགས་བྱ་ཞིང། །དེ་ནི་སྣུམ་བཞའི་སྦྱོར་བ་བསྡགས། །ནད་གཞིའི་འབྲས་བར་གྱུར་བ་ལ། །རྒྱ་སྦོས་ཤིང་མདར་ཤིང་ཏ་དང། །ཙན་དན་མར་གྱི་ལྡེ་གུས་བྱུག། བ་ལང་སྩ་?་ལ་མར་དང། །ཤིང ་མདར་ཨུཏཔལ་མར་དེ་བཞིན། །བ་སྤུ་བ་དང་ཤིང་ཏྲུ་དང། །བ་ལ་རམ་ཉེ་བི་ད་རི། །སྣ་སྨན་དུད་བ་རྡུབ་པ་དང། །ཟས་ཟོས་འོག་ཏུ་སྣམ་བསྟེན་ཅིང། །ཏིལ་མར་གྱིས་ནི་བསྐུ་བ་དང། །དེ་བཞིན་འཇམ་རྩིའི་ལས་རབ་བསྔགས། །ཡང་ན་རྡབས་རྭ་ལ་སོགས་པས། །ནད ་དམིགས་ཇི་བཞིན་ནས་ཁྲག་དབྱུང། །ཤུག་བ་ཙན་དན་པུ་ཤེལ་ཙེ། །མར་བཅས་ལྔ་གུ་བསྐུ་བའམ། །དུ་རྭ་ཤིང་མངར་བཙོད་དང་ནི། །ནཱ་ག་གེ་སར་མར་སྦྱར་བ་སྐུ། །ནྱ་གྲོ་དྷ་སོགས་བསྐོལ་ཏིལ་མར། །ལན་བརྒྱ་བསྐུས་པའི་མར་གྱིས་ནི། །བསྐུ་བའམ་འོད ་མ་ཤིང་མདར་ཆུས། །བྱུགས་མར་གྱུར་པའམ་བསྔགས་པ་ཡིན། །ཕལ་ཆེར་མེ་དྲོད་ཉམས་པའི་ཕྱིར། །མ་ཞུ་བེ་སྣབས་བཅས་འཁྲུ་ན། །དེ་ལ་ཕོ་བའི་ཚད་འཁྲུ་བའི། །སྐབས་སུ་བཤད་བའི་སྨན་བསྟེན་ཕན། །ཟད་བྱེད་ལྡན་པའི་བཤད་པ་ནི། །རྣམ་པ ་ཀུན་ཏུ་བསྲུང་བྱ་སྟེ། །དེ་ཡི་ལུས་ཟུངས་ཀུན་ཟད་པས། །དེ་སྟོབས་བཤད་བའི་སྟོབས་ཀྱིས་གནས། །རིགས་པས་ཤ་རྣམས་ཁོ་ན་སྦྱིན། །སྐོམ་དུ་རྒུན་ཆང་བླུད་པར་བྱ། །ཤུགས་ནི་བཀག་པར་གྱུར་པ་ཡིས། །གཅོད་ཆེན་གྱིས་ནི་གླགས་མི་ཐོད། །ཆང་དང ་ཆང་དངས་རྒུན་ཆད་དང། །ཆད་རྙིང་བུ་རམ་སྦྲང་ཆང་དང། །ཅི་རིགས་པར་ནི་བླུད་པ་དང། །ཤ་ནི་སྦྱིན་པ་ཉིད་དུ་བྱ། །བུ་གའི་རྒྱུན་འགགས་དག་ཕྱིར་དང། །སྟོབས་དང་མདངས་ནི་རྒྱས་བྱའི་ཕྱིར། །སྣུམ་དང་འོ་མ་ཆུས་གང་བའི། །སྣོད་དུ་ལུས་ནི་བཅིང ་བར་བྱ། །ཕྱུང་ནས་བསྲེས་པས་སྣུམ་གྱིས་ནི། །བསྐུ་ཞིང་ལག་པས་བདེ་བར་མཉེ། །བདེ་བར་འཇུག་པར་གྱུར་བ་ལ། །དལ་གྱིས་དེ་གུ་དྲིལ་བར་བྱ་།ཇི་པནྟི་ཏི་དང་དུ་རྦ་དང། །བཙོད་དང་ཨ་ཤྭ་གནདྷ་དང། ། བ་མ་དགའ་བ་སྤྲུ་བ། ། གྲིནཾ ་ཏིའི་ཤིང་མངར་དང། །བ་ལ་ཡུངས་ཀར་བི་ད་ནི། །རུ་རྟ་འབྲས་དང་ཟར་མ་དང། །མོན་སན་དྲེའུ་ཏིལ་དང་ཕབས། །ཐམས་ཅད་གཅིག་ཏུ་བཏགས་ནས་ནོ། །ནས་ཀྱི་ཕྱི་ནི་སུམ་འགྱུར་དང། །ཞོ་དང་སྦྲང་རྩི་ལྷན་ཅིག་སྦྱར། །འདི་དག་ཡི ་ནི་བྲིལ་ཕྱིས་བྱ། །ཤ་རྒྱས་མདོག་བཟང་སྟོབས་སྐྱེད་བྱེད། །ཡུང་དཀར་སེར་པོའི་ལྡེ་གུ་དང། །འཚེ་བྱེད་སྡེ་ཚན་དང་སྦྱར་བ། །ཁྲུས་ཀྱི་སྨན་གྱིས་ཁྲུས་བྱ་ཞིང། །དུས་ཚིགས་བདེ་བའི་ཆུས་ཁྲུས་བྱ། །དྲི་དང་ཕྲེང་བ ་སོགས་པས་བརྒྱན། །བཀྲ་མི་ཤིས་པ་འཇིག་པ་བརྟེན། །མཛའ་བཤེས་ལྡང་ཞིང་གླུ་དང་ནི། །རོལ་མོ་མཉན་ཞིང་དགའ་སྟོན་བྱ།། འཇམ་རྩི་འོ་མ་ཞུན་མར་དང། །ཤ་དང་ཆང་བསྟེན་ཚུལ་ལ་གནས། །ལྷ་ལ་བརྟེན་པའི་ཆོ་ག་དང།། ་མཆོད་པའི་ལས་ལ་བརྩོན་པར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གསོ་བའི་གནས་ཀྱི་ལེའུ་ལྔ་པའོ།། །།དེ་ནས་སློན་པའི་ནད་དང་སྐོམ་དང་གསོ་བའི་ལེའུ་བཤད་པར་བྱའོ། །སློན་ནང་ཕལ་ཆེར་མ་ཞུ ་བའི། །གནས་འཁྲུགས་ལས་བྱུང་དེ་ཡི་ཕྱིར། །རླུང་མ་གཏོགས་ལ་དང་པོ་ནི། །སྙུང་བྱས་སྐྱུག་སྨན་བཏང་བ་ཕན། །སྟོབས་ལྡན་རྒྱུན་དུ་སྨོན་གྱུར་ཅིང། །ནང་མང་གྱུར་ལ་བཏང་བར་བྱ། །དེ་འོག་རིམ་གྱིས་བཀྲུ་སྨན་ནི།། ་ཡིད་འོད་ཆང་རྒུན་ཆུ་སོགས་སམ། །འོ་མས་བཏང་གྱུར་དེ་མོད་ལས་།གྱེན་འབྱུང་ནད་ནི་ཐུག་དུ་འབྱུང། །ཞི་བའི་སྨན་ནི་རྩུབ་པ་སྟེ། །ཉམས་ཆུང་བའང་དེ་ཉིད་བྱ། །ཟས་ནི་སྐམ་ཞིང་ཡི་གར་འོང། །གོམས་ཤིང་ཡང་བ་བསྔགས ་པ་ཡིན། །དེ་བཞིན་སྨྱུང་བ་ཡུ་ཤ་དང་།ཤ་ཁུ་འབའ་ཆ་སྐམ་པ་ལ། །ཚོད་མ་ལྡེ་གུ་བཟའ་བ་དང། །བཏུང་བའི་དྲི་བཟང་པ་ན་ཀ། །རོ་དྲུག་ཟས་སྐོམ་སྣ་ཚོགས་དང། །འབྲས་བུ་ཁྲུས་དང་མཉེ་བ་དང། །དྲི་ཞིམ་འབྲས་བུ་མེ་ཏོག ་སྐྱེས། །ཟས་དང་བསྐོམ་ལ་སྦྱོང་བ་དང། །ཟོས་མ་ཐག་ཏུ་འཕྲལ་དུ་ནི། །ཆུ་གྲང་གིས་ནི་གདོད་བཀྲུ་བྱ། །རླུང་ལས་གྱུར་པའི་སློན་པའི་ནད། །རྒྱམ་ཚ་མར་བཅས་དྲོ་བའམ། །ཚ་གསུམ་ལན་ཚྭ་གསུམ་སྦྱར་བས། །ལུད་པ་དང་ནི་སྙིང ་འཛག་དང། །བཅས་པ་སེལ་བར་བྱེད་པ་ཡིན། །སེ་འབྲུའི་ཁུ་བ་བཅའ་སྒ་དན། །ལུས་སུ་ཞོ་དང་མར་བསྐོལ་བའམ། །ཆུ་དང་འོ་མ་ཆ་མཉམ་པ། །ཁྲོན་གྱི་ཟག་ཚུལ་ཤ་ཁུ་ནི། །འབྲས་སྒྱུར་རྒྱམ་ཚ་མར་ཤས་ཆེ། །ཁ་ཟས་སྣམ་པོ་བཅའ་སྐ་དང?་གོ ་དང་སེའུ་འབྲུར་སྦྱར་བའམ། །རྒྱམ་ཚར་བཅས་པ་དྲ?་འཇམ་ཕན། །འདིར་ནི་བཀྲུ་སྨན་ལས་ཚྭ་དང། །སྣུམ་དང་དྲོ་བར་བཅས་པ་ཕན། །མཁྲིས་པ་ལས་གྱུར་བཀྲུ་སྨན་ཕྱིར། །རྒུན་ཆུ་བྱ་རམ་ཤིང་ཀུན་དང། །དུར་བྱིད་སྦྱར་བའི་བཀྲུ་སྨན་བཏང། །ཞུན ་མར་སེང་ཕོམ་སྦྱར་བ་བཏང། །འཕེལ་ཏེ་བད་ཀན་ཁྱབ་ཡི། །མཁྲིས་པ་མངར་དང་ཁ་བ་ཡིས་། །གྱེན་དུ་དྲངས་ལ་དག་གྱུར་ནས། །འབྲས་ཡོས་ཁར་བཅས་པ་ལས། །སྐྱེ་མོ་འམ་ནས་ཐུགས་བླུད་པར་བྱ། །སོ་ལུ་དྲུག་ཅུ་པ་ཡི་ཆན། །སྐམ ་སའི་ཤ་ཁུ་མུངྒའི་ཁུ། །ས་ཕག་བསྲེགས་ཏེ་ཆུ་ནང་གསུང། །ཤིན་ཏུ་བསྒྲངས་པའི་ཆུ་བླུད་པའམ། །མུངྒ་འུ་སུ་བུ་ཤེལ་ཙེ། །པི་པི་ལིང་དང་ནུབ་གཅིག་སྤངས། །ཡང་ན་རྒུན་ཆུ་བུ་རམ་ཤིང། །སླེ་ཏྲེས་ཆུ་མང་འོ་མ་བླུད། །འཛམ་བུ་ཨ་མྲའི་ལོ ་མ་དང་།ུ་ཤེར་ནྱ་གྲོ་དྷའི་མྱུ་གུ། བསྐོལ་ཏེ་བསྒྲངས་པའི་སྒྲང་རྩི་ནི། །བཏབ་སྟེ་བླུད་ན་སློན་པ་དང། །རིམས་དང་ཚད་འཁྲུ་བརྒྱལ་བ་དང། །སྐོམ་དང་ཆེ་བ་མི་བཟང་སེལ། །སྐུ་རུ་རའི་ཁུ་ཙམ་དན་བཅས། །མུངྒ་བ་ལའི་ཆུ་བླང་ཕན། །རྒྱ ་ཤུག་ཚིག་གུ་ཁ་ར་དང། །འབྲས་ཡོས་ཕ་ཚིལ་པི་པི་ལིང། །དངུལ་རྡོ་འ་སྦྲང་རྩི་འམ་ཨ་རུ་ར། །རྒུན་འབྲུམ་མམ་རྒྱ་ཤུག་དང་སྦྱར་ཕན་།བད་ཀན་ལས་གྱུར་ནིམ་པ་དང། པི་པི་ལིང་དང་པོ་སོན་ཆ། །ཡུངས་ཀར་ཆུ་དྲོན་གྱིས་སློན ་བྱ། །ཉམས་ཆུང་བ་ལ་སྨྱུང་བ་བྱ། །དང་ག་ལ་སོགས་ཁུ་བ་བསྐོལ། །བསྒྲངས་པ་སྦྲང་རྩིར་བཅས་པ་བླུད། །ནས་ཀྱི་སྐྱེ་མ་སློན་འཇོམས་པའི། །སྨན་མང་དང་ནི་སྦྱར་བ་བླུད། །བད་ཀན་འཇོམས་ཟས་ཡི་གར་འོང། །བཏུང་བ་ཟིན ་ཐིག་པུ་སྲིན། །ལྡོད་རོས་དང་ནི་པི་པི་ལིང། །ན་ལེ་ཤམ་ནི་སྐྱུར་རྩི་ཆེ། །ཀ་བི་ད་ཊ་ཡི་ཁུ་བ་དང། །སྦྲང་རྩིར་བཅས་པ་སློན་ནད་སེལ། །ཀ་པིཏྟ་དང་ཚ་བ་གསུམ། །བྱི་ཚེར་སྦྲང་རྩིར་སྦྱར་བ་སྦྱིན། །མཐུན་པའི་སྤྱོད་པ་བྱས་པ་ཡིས། །མི་སྡུག ་ཡུལ་མཐོང་ལས་བྱུང་སེལ། །སྲིན་བུ་ལས་བྱུང་སྲིན་བུ་ཡི། །སྨན་དུ་བཤད་པ་རྣམས་ཀྱི་གསོ། །ལྷག་མ་ནད་དམིགས་ཇི་བཞིན་དུ། །དེ་ཞི་གྱུར་བའི་ནད་ཀྱི་གསོ། །སློན་པའི་སྐབས་སུ་རླུང་གི་ནད་རྣམས་ནི། །ལུད་ཟུངས་ཟད་པ་ངེས་པར་ལྡང་འགྱུར་ཏ།། ་དེ་བས་འདིར་ནི་སྐྱུག་སྨན་སྦྱོར་དྲགས་པའི། །སྐབས་བཤད་བཅད་དང་རྟ་བའི་ཆོག་བྱ། །བུ་རམ་ཞུན་མར་ཤ་ཁུ་དགེ་བ་ཆ། །ཚ་བ་གསུམ་དང་འཚོ་བྱེད་སྨན་མར་དང། །འོ་ཐུག་དང་ནི་ཕན་པའི་ལྡེ་གུ་ཡིས། །རྒྱུན་ཏུ་སློན་པ་ཞི་བ་ཉིད་དུ་བྱ།། ་སྙིང་ནད་རླུང་འགྱུར་ཏོལ་མར་ནི། །སྐྱུར་རྩབས་དར་བ་ཞོ་ཁ་ཆུ། །ལྡན་པ་ཚ་ཅན་དྲོ་འཇམ་བླུད། །དེ་ནི་ལྟོ་སྤོས་སྐྲན་ཀྱང་འཇོམས། །ཏིལ་མར་ལན་ཚྭད་བཅས་དང་སྒྱུར་བ་གཅིན། །བསྐོལ་བ་འང་དེ་དང་མཚུངས། །པི་ཝ་ར་སྣ་རྒྱ་ཤུག་ནས། །ཐད་ཤིང ་དང་ནི་བ་སྤྲུ་བ། །རྒྱ་སྲན་རྩ་བ་ལྔ་པ་རྣམས། །བསྐོལ་བའི་ཆུ་དང་ཏིལ་མར་ནི། །བསྐོལ་བ་དེ་ནི་སྣར་བཏང་དང། །བཏུང་དང་འཇམ་རྩིར་བཏང་བར་བྱ། །བཅའ་སྒ་རྒྱ་མཚོ་བྱེའུ་རུག་པ། །སླེ་ཏྲེས་ཤིང་ཀུན་མ་ནུ་དང། ། རུ་ར་དང་མར་བསྐོལ་བ། །སྙིང་ནད ་རྩི་བ་ལོགས་གཟེར་སྐྲན་འཛོམས། །ཁ་རུ་ཚ་ནི་སྲང་གཉིས་དང། །ཞུན་མར་བྲེ་གང་བསྐོལ་རྩི་བ་ལོགས། །སྙིང་ནད་སྐྲན་དབུགས་མི་བདེ་སེལ། །སེ་འབྲུ་བཅའ་སྒྲ་ཁ་རུ་ཚ། །ཤིང་ཀུན་སྟར་བ་བྱེ་མར་སྦྱར། །རླུང་ནད་གཞན་དབང ་ཅན་སྙིང་ནད། །དབུག་མི་བདེ་བསལ་མཆོག་ཡིན། །མ་ནུ་ཟུར་བ་བཅའ་སླ་དང། །སྒྱུར་རྩི་ཆེ་རྩ་ཨ་རུ་རཱི། །ལྡེ་གུ་ལ་བཀྵར་དང། །མངར་སྒྱུར་ལན་ཚྭ་ལྡན་པ་འཐུངས། །བཅད་སྙམ་བསམས་པའི་གསེར་འཇོམས་བྱེད། །རྒྱ་མཚ་ལ་ལ་ཕུད་ཤར། ་ཤུ་དག་གོ་སྙོང?་བཅའ་སྒ་དང། །ཐང་ཤིང་སྐྱུར་རྩི་ཆེན་པོ་དང། །ཟུང་བ་མ་ནུབ་ལཀྵ། བསྐོལ་ཁུ་འཇམ་འཐུངས་ཡོན་ཏན་མཚུངས། །ཚ་ལྔ་ཟུར་བ་ཨ་རུ་ར། །བུ་རམ་མ་ནུ་སྐྱུར་རྩི་ཆེ། །ཆང་བཏགས་ལྡེ་གུ་མར་ཏིལ་མར། །བརྡོས་ཏེ་རྒྱམ་ཚར་ལྡན་འཐུངས་ན། །སྙིང ་ནད་རྩི་བ་ལོགས་མོ་མཚན་ཟུག། སྐྲན་དང་དམུ་རྫིང་ནད་རྣམས་སེལ། །འདི་ལ་སྣུམ་གྱིས་དུགས་ཕར་ཞིང། །སྨན་མར་གྱི་ནི་སྦྱར་བ་ཕན། །སྐོལ་བ་རྩ་བ་ཆུད་དུ་ལྔ་འམ། །བཅའ་སྒ་དང་ནི་བསྐོལ་བའི་ཆཱམ། །ཆད་གི་དངས་མ་ཞོ་ཁ་ཆུ། །འབྲས་ཁུའི་རང་སྒྱུར ་བླུད་པར་བྱ། །བྱ་རྨྱང་རེངས་གསེར་མ་ཞུང་བཅས། །སྙིང་ལ་རླུང་གིས་གནོད་འགྱུར་ལ། །བྱ་བ་འདི་བྱ་སྙིང་འཛག་ཅིང། །འཕར་དང་གཅིན་སྙིང་བཅས་པ་ལ། །སྲག་པ་ཁྲུད་ཁྲུད་རྨ་བྱ་དང། །ཅོ་ག་ཁྱིམ་བྱ་སཅུམ་མ་ཕན། །སྙིང་ནད་བཅས་པ་ལའི་མར། །ཡང་ན་སྐྱིད ་པའི་མར་བླུད། །ཤིང་མངར་ལན་བརྒྱ་བཅས་པའམ། །དེ་བཞིན་སྣུམ་ཆེན་མཆོག་ཏུ་ཕན། །ར་སྣ་འཆེ་བྱད་ཛཱི་བཾ་ཏི། །བ་ལ་བྱ་ཀྲི་བ་སྤྲུ་བ། །ག་བྲའི་རྩ་བ་སྟི་ར་དང། །ཤུ་དག་ཚ་བ་གསུམ་དང་ནི། །སྣ་མཚན་ཞེས་བྱ་བསྐོལ་བར་བྱ། །ཞོ་ནི་བཞི་ཆ་དེ་བཞིན་སྒྱུར། །ཇི ་སྙེད་པ་ལས་སྦྱར་བ་བསྟེན། །ཚིམ་བྱེད་རྟས་བྱེས་སྟོབས་བསྐྱེད་ཅིང། །རླུང་གི་སྙིང་ནད་འཇོམས་པ་ཡིན། །སྙིང་ན་དྲོད་ཆེ་འཕར་བ་དང། །རླུང་ལས་གྱུར་པའི་སྙིང་ནད་ལ། །འོ་མ་ཆོ་དང་བུ་རམ་མར། །ཆུ་དང་རླན་ཅན་ཤ་དག་ཕན། །འདི་མ་གཏོགས་པའི་སྙིང ་གནད། །བཞི་པ་དག་ལ་སྤང་བར་བྱ། །རླུང་ཅན་རེངས་དང་བེ་སྣབས་ཅན། །ཚོར་མེད་ལྷག་མ་རྣམས་ལའང་སྤང། །བད་ཀན་འདྲེས་གྱུར་དེ་ལ་ནི། །རྩུབ་དྲོད་བཤད་པའི་བྱ་བ་བྱ། །མཁྱིས?་གྱུར་རྒུན་ཆུ་བུ་རམ་ཆུ། །ཁར་སྦྲང་རྩི་བ་རུ་ཤ། ལྡན་པའི་བཀྲུ་སྨན་ཡིད་འོང ་བས། །སྦྱངས་ལ་མཁྲིས་སེལ་རིམ་པ་བྱ། །གློ་བརྡལ་རིམས་ཀྱིས་མཁྲིས་སྐབས་བཤད། །ཕྱི་ནད་གི་ནི་སྤྱད་པ་བྱ། །པུ་ཙེ་ཤེལ་དང་ཤིང་མངར་བཏགས། །ཁ་དང་བཅས་པའི་ཆུ་བླུག་བྱ། །ར་སྣ་ཁར་རྒུན་འབྲུ་དང། །འཚེ་བྱེད་ཨུཏཔལ་བྲངས་རྩིག། ཁ་ལ ་བྲ་གྲོར་མཉེ་བ། །མེད་གཉིས་དང་མ་ཧེའི་མར། །འོ་མར་བཅས་པ་བསྐོལ་བ་ནི། །མཁྲིས་གྱུར་སྙིང་ནད་སེལ་བྱེད་ཡིན།། ཤིང་མདར་པྲ་པུཎྜ་རི་ཀ། །པདྨའི་རྩ་བ་ཀ་ཤེ་རུ། །བཅའ་སྒ་བ་ལར་བཅས་དེ་དང། །འོ་མར་བཅས ་དང་བཟའ་སྒ་བསྐོལ། །བསྒྲངས་བར་སྦྲང་རྩི་བཏབ་པ་དང། །མངར་བའི་སྡེ་ཚན་བསྡུས་པའང་བསྔགས། །ཏིལ་མར་ཤིང་མངར་བཅས་བསྐོལ་ཞིང། །སྦྲང་རྩི་བཏབ་པའི་འཇམ་ཙིའང་ཕན། །བད་ཀན་ལས་གྱུར་དུགས་བྱས་ལ། །ནིམཔ་ཤུ་དག་ཆུ ་ཡིས་སློན། །རྒྱ་སན་ཁུ་བ་རྒྱམ་ཚའི་ཆུ། །ཆན་རྣོ་བླུད་ཅིང་ནས་ཟན་སྦྱིན། །ཤུ་དག་ཤིང་ཀུན་ལན་ཚྭ་གཉིས། །དོང་གྲ་སུག་སྨེལ་ལ་ལ་ཕུད། །ནས་ཚིག་འཁུས་ཐལ་པི་པི་ལིང། །ཕྱེ་བ་དྲོ་འཇམ་ཆུ་བླུག་པའམ། །འབྲས་བུའི་ཆུ་འམ་རང ་སྒྱུར་རམ། །རྒྱ་སྲན་པ་གཅིན་ཆང་རྙིང་བླུད། །མ་ནུ་བཅའ་སྒ་ཨ་རུ་ར། །ཟུར་བར་སྣ་པི་པི་ལིང། །ཤུ་དག་བསྐོལ་ཏེ་བླུད་པ་འམ། །དེ་བཞིན་བཅའ་སྒ་ཨ་རུ་ར། །བོ་ད་དཀར་པོ་ཡུད་བ་དང། །ཀ་ཏཱ་ལ་ཡི་བསོལ་བའམ། །རོ་ཧི་ཏ་ཨ་ཤྭདཐ། །སེང་ལྡེང ་སུ་དུམ་བར་དང། །རྫུ་ན་དང་བ་ལཀྵ། །ནྱ་གྲོ་དྷ་བསྐོལ་ཚ་བ་གསུམ། །དུར་བྱིང་ཕྱེ་མར་བཅས་ལྡེ་གུ། །ཟོས་ཏེ་ཆུ་ཚན་རྗེས་འཐུངས་ན། །བད་ཀན་སྙིང་ནད་སེལ་བྱེད་ཡིན། །བད་ཀན་སྐྲན་སྐབས་བཤད་མར་དང། །ཀྵ་ར་སྣ་ཚོགས་བླུད་བར་བྱ། ་ཡང་ན་བྲག?་ཞུན་བཅུད་ལེན་དང། །ཚངས་པའི་བཅུད?་ལེན་སྒྱུ་རུ་པའི། །ལྡེ་གུ་འམ་རི་ཥིས་བཤད་པའམ། །བདུད་རྩིའི་མར་ནི་འདི་སྦྱར་བྱ། །གང་ཞིག་བན་ཟོས་གསེར་གྱིས་འདེབས། །ཟས་ཞུ་གྱུར་ནས་ཞི་གྱུར་བ། །དེ་ལ་རུརྟ་བི་ཊཱཾ་ཀ། །ལན་ཚ་གཉིས ་དང་སེང་ཕྲོམ་དང། །ཐང་ཤིང་བོད་པ་དཀར་པོར་བཅས། །ཕྱི་མ་ཆུ་བསྒོལ་དྲོ་སྦྱར་བླུད། །གང་ཞིག་ཞུ་ནས་ཆེར་གཟེར་བ། །དེ་ལ་སྣུམ་གྱིས་བཀྲུ་སྨན་ནི། །འབྲས་བུ་དང་ནི་དེ་བཞིན་དུ། །རྩ་བའི་བཀྲུ་སྨར་སྦྱིན་པར་བྱ། །ཕལ་ཆེར་རླུང་ནི་ལམ ་འགེགས་པ། །མ་ཞུའི་གནས་སུ་འཁྲུགས་པར་གྱུར། །དེ་ལ་སྨྱུང་དང་སྨིན་པ་དང། །སྤྱད་པས་བདེ་བར་རྒྱུ་བར་བྱ། །འབུ་འཇོམས་པ་ཡི་སྨན་ཀུན་གྱིས། །འབུ་ཡི་སྙིང་ནང་གསོ་བར་བྱ། །སྐོམ་དད་ལ་རླུང་མཁྲིས་བ་འཇོམས། །ཆོག་ཕལ་ཆེར་བསྔགས་པ ་ཡིན། །ཀུན་ལ་ཕྱི་ནད་བསིལ་པ་དང། །དེ་བཞིན་ཞི་དང་སྦྱང་བར་བྱ། །ཆར་ཆུ་གྲང་མོ་སྦྲང་རྩིར་བཅས། །སའི་ཆུའི་ཡོན་ཏན་དེ་ལྡན་བསྡགས། །བོང་བ་རྫ་སྐྱོགས་བྱེ་མའམ། །གཤག་མ་བསྲེགས་བཅུག་དངས་མར་བྱས། །བསྐོལ་ཏེ་ཁ་རར་བཅས་པ ་འམ། །དུརྦ་ལ་སོགས་རྩ་བ་ལྔ། །བསྐོལ་ཏེ་ཁར་བཏབ་པའམ། །འབྲས་ཡོས་ཕྱིར་སྦྱར་སྐྱོ་མའང་བསྔགས། །ནས་རྗེན་ཚག་ཚེ་སྦྲང་རྩི་དང། །ཁར་བཏབ་པ་གྲང་མོའང་ཕན། །དེ་བཞིན་ནས་ཐུགས་ལུ་དང། །ཀོ་ཏྲ་པ་ནི་རྙིང་པ་དང། །འོ་མ་བསེལ་ཞིང ་ནུས་བསིལ་བའི། །སྨན་དང་བསྐོལ་བའི་ཁ་ཟས་ནི། །ནད་པ་ཆུ་གྲང་གིས་བཀྲུས་ནས། །ཁར་བསྲང་རྩི་སྦྱིན་པ་སྔགས། །སྐམ་སའི་ཤ་དང་ལན་ཚྭ་སྐྱུར། །མེད་ཅིང་མར་དང་བརྡོས་བའམ། །དེ་བཞིན་མུངཀ་སོགས་ཁུ་བ། །འཚོ་བྱེད་སྡེ་ཚན་ཁུ་བར་བཅས། །སྣ་སྨན ་འོམ་མར་བསིལ་སྨན། །བསྐོལ་བའམ་བུ་རམ་ཤིང་ཁུ་ཕན། །སྐོམ་སེལ་མཁུར་བ་བཀང་བ་ནི། །མདོ་གནས་ལས་བཤད་བྱས་པའང་ཕན། །ཚར་མས་བཤད་པའི་ལྡེ་གུ་སོགས། །རྩོལ་བ་ཆུང་ཞིང་སེམས་དགའ་དང། །ཆུ་བོ་མཚོ་ནི་ཆེན་པོ་སོགས ་དྲན་པ་དང་ནི་མཐོང་བ་ཕན། །སྐོམ་དང་རླུང་ལས་གྱུར་པ་ལ། །ཞོ་ནི་བུ་རམ་བཅས་པ་བསྡགས། །ཤ་ཁུས་ཉམས་རྟས་བ་དི་རི། །སོགས་ཏ་བསྐོལ་ནས་བསྒྲངས་པ་ཕན། །མཁྲིས་འགྱུར་ཨུ་དུམ་བར་སྨིན། །ཁུ་བར་ཁར་བཏབ་པ་ལན། །ཡང་ན་དེ ་བསྐོལ་བསྒྲངས་པ་འམ། །ཤི་རབ་སོགས་སྡེ་ཚན་ཆུ། །སྡེ་ཚན་དེ་འདྲ་བསྐོལ་ཁུག། བསྒྲངས་པ་ཁ་ར་སྦྲང་རྩིར་བཅས། །མངར་བའི་སྨན་གྱི་སྡེ་ཚན་དང། །འོ་མ་ཅན་ཤིང་བསྐོལ་དེ་བཞིན། །བ་ཛ་བཱུ་ར་རྒུན་འབྲུམ་དང། །ལྕང་མ་རྒྱ་གྲོ་དྷའི་ལོས? ་ཀུ་ཤ་འཇག་མའི་རྩ་བ་དང། །ཤིང་མངར་ཆུ་ནི་བསྐོལ་བའང་ཕན། །རིམས་ལ་ཕན་སྨན་རྒུན་འབྲུམ་སོགས་། །སྙིང་པོ་ལྔ་ཡི་ཆུ་བླུད་ཕན། །བདག་ན་ལས་བྱུང་རིམ་པ་ནི། །ཆུ་མཆོག་བསྐོལ་བས་སློན་དུ་གཞུག་།བིལྦ? ་འུ་སུ་ཚ་བ་ལྔ། །འཇག་མ་ཀྲུ་ཀྲུག་ཏྲེས་བསྐོལ་བླུད། །ཡང་ན་སྐྱེར་པ་ཆུར་བསྐོལ་ལ། །ཁར་སྦྲང་རྩི་བཏབ་པ་བླུད། །མུངྒའི་ཁུ་བ་བ་ཏོལ། །ནིམཔའི་ལོ་མ་ཚ་གསུམ་བཅས། །ནས་ཟན་འཁུར་ཏད་རྣོན་པོ་དང། །སྣ་སྨན་ལྡེ་གུ་རྣོན་པོ་འང་བརྟེན། །ཉེས་ཀུན་མ་ཞུ ་དེ་འཇོམས་པས། །དེ་བཞིན་སློན་གྱི་བྱ་བ་འང་བསྔགས། །གོ་བྱ་ཤུ་དག་ཚ་བ་གསུམ། །འབྲས་བུ་སྐྱུར་བའང་ཆུ་ཚན་ན་མི། །ཞོ་ཁ་ཆུ་དང་བཏུང་བ་བསྔགས་།ཟས་ཀྱི་ཉེས་འབྱུང་དུས་ཤེས་པས། །ཐུག་སླ་འམ་སྐྱོ་མ་བསིལ་བ་བླུད།། ་དལ་བས་སྐོམ་ལ་ཤ་ཁུ་འམ། །སྐྱོ་མ་ཁ་རར་བཅས་པ་བླུད། །ཚ་བས་སྐོམ་ལ་ཁ་རར་བཅས། །ནས་དང་རྒྱ་ཤུག་ཕྱེ་སྐྱོ་བླུད། །ལུས་ཀུན་ཏིལ་གྱི་ལྡེ་གུ་དང། །རང་སྒྱུར་བཅས་པས་བསྐུ་བར་བྱ། །ཆུ་བསིལ་ཁྲུས་ལས་སྐོལ་གྱུར་ཆད། །ཆུར ་བསྲེས་པའམ་བུར་ཆུ་བླུད། །ལན་ཚྭ་སྐྱུར་དང་བཅས་ཁྲུས་བྱ། །སྣུམ་བཅས་མ་དྲོད་རབ་རྣོལ། །རང་བཞིན་བསིལ་བའི་ཆུ་བླུད་བྱ། །སྣུམ་མ་ཞུ་ལ་ཆུ་ཚན་བླུད། །ཞུ་ལས་བསྐོལ་ལ་ཐུག་པ་བླུད། །ཟས་སྣུམ་ཟོས་པས་སྐོམ་དང་འགྱུར། །ཁ ་བ་དང་མཉམ་བུ་རམ་ཆུ། །བུ་རམ་སོགས་ཟས་ཟོས་ལ་སྐོམ། །ཆུ་དྲོན་བླུད་ལ་དེ་སློན་བྱ། །གདོད་ཆེན་ལས་བྱུང་གཙང་ལ་ཕན། །ཐམས་ཅད་ནང་གི་རྟག་པ་ཕན། །སྐོམ་ཞིང་ཉམས་ཆུང་ཁོང་རྩུབ་ལ། །ཤ་ཁུ་འམ་ར་ཡི་འོ་མ་བླུད།། ་སྟོང་རྒྱུའི་རླུང་ལ་འོ་མ་དང། །ཟད་བྱེད་ལུད་པའི་སྨན་བསྐོལ་བླུག། །ནད་རྐྱན་ལས་གྱུར་ལུས་སུ་ནི། །འབྲས་བསྐོལ་ཁ་ར་སྦྲང་རྩིར་བཅས། །ནད་དམིགས་ལས་ནི་བལྟས་ནས་ནི། །བཏུད་པའི་བྱ་བ་ཀུན་ཀྱང་བསྔགས། །སྐུམ་ཞིང་སྔར་གྱི་ནད ་ཀྱི་གཟེར། །ཆུ་ཆུ་དང་ཕྲད་པར་མ་གྱུར་ན། །འཆི་བའམ་ཡུན་རིང་བ་ཡི་ནད། །རྙེད་པར་འགྱུར་པས་དེ་ཡི་ཕྱིར། །གོམས་པའི་ཟས་སྐོམ་སྨན་གྱིས་ནི། །དེ་ཡི་སྐོམ་དང་མྱུར་བསལ་བྱ། །དེ་བསལ་ནད་ནི་གཞན་དག་ཀྱང། །གསོ་བ་ཉིད་དུ་ནུས་པ ་ཡིན། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་དྲུག་པའོ།། །།དེ་ནས་ཆད་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཉེས་པ་གང་ཞིག་ཤས་ཆེར་མཐོང། །དེ་ནི་དང་པོར་གསོ་བར་བྱ། །ཡང་ན་ཆང་ནད ་ནད་གཞི་མཚུངས། །བད་ཀན་གནས་ཀྱི་རིམ་པས་གསོ། །མཁྲིས་པ་རླུང་གི་མཐར་ཐུག་པར། །ཆང་ནད་ཕལ་ཆེར་འབྱུང་བ་ཡིན། །དམན་དང་ལོག་པ་དྲག་འཐུངས་ལས། །ནད་ནི་གང་ཞིག་སྐྱེས་གྱུར་པ། །དེ་ཉིད་ཆ་མཉམ་འཐུངས་བ་ཡིས།། ་ཆང་ཉིད་ཀྱིས་ན་ཞི་བར་འགྱུར། །ཆང་དང་དུག་ནི་མཚུངས་པ་ལས། །དུག་ནི་རྣོ་སོགས་ཡོན་ཏན་གྱི། །ནུས་པ་ཤིན་ཏུ་ཆེ་བས་ན། །དུག་གཞན་ལ་ནི་བལྟོས་པ་ཡིན། །རྣོ་ཚེ་ལྷག་པར་འཐུངས་པ་དང། །ཚ་ཞིང་སྒྱུར་པ་དག་གིས་ནི། །ཆང ་གིས་ཟས་ཀྱིས་རོ་བསྲུལ་ཞིང། །འདུ་ཉེར་བ་ཚ་བྲོ་གང་ཡིན། །མྱོས་དང་སྐོམ་རྨོངས་ནད་དུ་ཚ། །རིམས་དང་མགོ་འཁོར་སྐྱེད་པར་བྱེད། །ཆད་གིས་སློངས་པའི་ནད་ཀྱིས་ནི། །རླུང་རྒྱུའི་བུ་ག་བཀག་གྱུར་པས། །མགོ་དང་རུས་པ་ཚིགས ་རྣམས་སུ། །མི་བཟད་པ་ནི་སྐྱེད་པར་བྱེད། །སྦྱོར་བ་རྗེས་མཐུན་གྱུར་བ་ཡི། །ཆན་ཉིད་ཀྱིས་ནི་དེ་སེལ་འགྱུར། །ཆད་ནད་མ་ཞུ་ཞུ་གྱུར་ན། །ཟས་འདོད་ལུས་ནི་ཡང་བར་འགྱུར། །བ་ཚར་ནི་སྒྱུར་དང་ཕྲད། །མངར་བ་ཉིད་དུ་མྱུར་དུ་འགྲོ། ་ནད་ནི་འཇུག་པར་བྱེད་ནུས་པས། །སྒྱུར་བ་ཀུན་ལས་ཆང་མཆོག་ཡིན། །སྔར་བཤད་རྣོ་དན་དྲོ་སོགས་དང། །དེ་བཞིན་དྲོད་བསྐྱེད་སོགས་ཡོན་ཏན། །དེ་ཉིད་གོམས་པའི་དབང་གིས་ནི། །འདི་ཡི་ལུས་ཟུངས་མཉམ་བྱེད་མཆོག ་ཞག་བདུན་ནམ་ཞིག་བཞག་བརྒྱད་པར། །ཆང་ནང་སྨན་གྱི་སྦྱར་བ་བྱ། །དུས་འདི་ཙམ་གྱིས་ལམ་ལོག་པར། །གནས་པའི་ཆང་ནང་ཞི་བར་འགྱུར། །སྨན་ནི་བྱས་གྱུར་ནས་ཆང་ནད། །དེ་ཕན་ཆད་ནི ་རྗེས་འབྲེལ་པའི། །ནད་གང་ཡིན་པ་དེ་ལ་སྨན། །ནང་དམིགས་ཇི་བཞིན་སྐྱེད་པར་བྱ། །དེ་ལ་རླུང་ཤས་ཆེ་བ་ལ། །སྐྱུར་རྩི་ཆེན་པོ་ད་ཏྲིག་དང། །རྒྱ་ཤུག་སེ་འབྲུག་གོ་སྙོད་དང། །ལ་ལ་ཕུད་དང་ཧ་བུ་ཤ། ཟི་ར་ཚ་གསུམ་ལན་ཚྭ་གསུཾ།། ་སྒེའུ་གཤེར་ཕྱེ་ཆང་སྦྱར་བ་བླུད། །སྲེག་ཤ་ལྡུམ་རྔད་བཅས་པ་དང། །སྣུམ་དང་ལྡན་བའི་ཟས་སྦྱིན་ནོ། །སྣུམ་ཞིང་དྲོ་སྐྱུར་ལན་ཚྭར་བཅས། །ཤ་ཚོན་ཁུ་བ་བླུད་པའམ། ། མྲ་ཨ་ཏ་མྲ་ཏ་ཀ་གཏུབས། །གཡོས་སྦྱར་བ་ཡི་དྲུག་བའམ ་གྲོ་དང་མཱ་ཥ་ལས་བྱས་པ། །རྙིང་ཞིང་ཡི་གར་འོང་བ་དང། །སྒེག་གཤེར་བྱས་པའི་ཁུ་བ་ནི། །ཚ་དད་ཤ་སོགས་ནང་བཅུ་ག་པའམ། །ཆང་ནི་དྲི་ཞིམ་བསིལ་བ་དང། །ལེགས་ལངས་དངས་ཤིང་ཚར་བཅད་ཕན། །སེའུ་འབྲུ་འམ་རྩ ་བ་ཆུད་ལྔ་བསྐོལ། །བཅའ་སྒ་འུ་སུ་བསྐོལ་བ་འམ། །ཞོ་ཁ་ཆུ་འམ་ཚེ་ཆུ་འམ། །རང་སྐྱུར་དངས་མ་བླུད་པར་བྱ། །ལུས་བསྐུ་དྲིལ་དང་བཀུར་བ་དང། །གོས་ནི་དྲོ་ཞིང་མཐུག་པ་དང། ། ག་རུ་ཡི་དུད་པས་འདུག། གུར་ཀུམ་ཨ་ཀ་རུ་ཡིས ་བྱུག། ཆུད་མ་ནུ་མ་རོ་སྨད་མཛེས། །ལང་ཚོ་ལྡན་ཅིང་ཡན་ལག་དྲ། །དགའ་བས་འཁྱུད་པར་བྱེད་པ་དང། །བསྙེན་བཀུར་བྱས་པར་ཾགྱུར་བའང་ཕན། །མཁྲིས་པ་ཤས་ཆེ་ཆུ་མང་བའི། །སྒྲང་རྩི་ཁ་ར་དང་ལྡན་བའི། །སེའུ་འབྲུ་བྲ་གོའི་ཁུ་བ ་དང། །བྷཡ་བྱ་རྒུན་འབྲུ་བ་རུ་ཤིའོ། །ཁུ་བསྒྲངས་ཕྱེ་དང་ཁ་རར་བཅས། །བཏུང་བ་འང་དེ་འདྲར་བླུད་པར་བྱ། །ཡང་ན་མངར་བའི་སྒོ་ཆེན་བསྐོལ། །ཁུ་བ་ཆང་བསྲེས་སྦྲང་རྩི་བཏབ། །ས་ལུ་དྲུག་ཅུ་བ་ཆེན་དང། །རི་བོང་གོང་སྲེག་བཙེད ་ཀྱི་ཤ་།ཙ་ན་མུངྒ་སྐྱུ་རུ་ར། །སེའུ་འབྲུ་པ་ཏོ་ལ་གཡོས་སྦྱིན། །བད་ཀན་མཁྲིས་འདྲེས་ལས་གྱུར་པ། །ཚ་དང་སྐོམ་དང་ལྡན་པ་ནི། །ཆད་དམ་ཆུ་གྲང་བུ་རམ་ཤིང། །ཁུ་བ་འམ་རྐུན་ཆུ་མ་གླུད་ལ། སློན་གཞུག་འདྲེས་པའི་ནད་ཀྱི་ནི། །སྐྱོ་མལ་སོགས ་རིམ་པས་ཕ། །དེའི་མེ་དྲོད་པར་གྱུར་པས། །ཟས་དང་ཉེས་ལྷག་སྨིན་པར་བྱེད། །ལུང་པ་མཆིལ་མ་ཁྲག་བཅས་འབྱུང། །རྩི་བ་ལོགས་ནུ་མར་གཟེར་བ་དང། །ཆ་དང་བཅས་བའི་སྐོམ་དང་དང། །སྙིང་དང་བྲང་ནི་ན་བ་ལ། །སླེ་ཏེ་ས་ག་དུར་བསྐལ ་བ་འམ། །ཡང་ན་པ་ཏོ་ལ་བསྐོལ་ཁུ། །བཅའ་སྒར་བཅས་པ་བླུད་བྱ་ཞིང། །གོང་མོ་སྲེབ་གི་ཤ་སྦྱིན་བྱ། །མཁྲིས་པ་རླུང་ནི་རྒྱས་གྱུར་པས། །ཤིན་ཏུ་ཤས་ཆེར་སྐོམ་གྱུར་ན། །རླུང་ནི་བདེ་བར་རྒྱུ་བྱེད་པ། །རྒུན་ཆུ་བསྒྲངས་པ་བླུད་པ་བྱ། །ཞུ་ནས་རི་ཤ་ཁུ་བ་ནི། །མངར ་དང་སྐྱུར་པའི་སྨན་སྦྱར་སྦྱིན། །སྐོམ་ན་ཚུ་མང་བསྲེས་པ་ཡི། །ཆད་བླུད་ར་རེར་མི་འགྱུར་བསྲུང། །གླ་སྒང་སེའུ་འབྲུ་འབྲེས་ཡས་ཆུ་འམ། །ཡང་ན་འདབ་མ་བཞི་བསྐལ་པའམ། །ུཏཔལ་བ་ཏ་ལ་སོགས་སམ། །རང་བཞིན་གྱིས་ནི་བསིལ་བ་བླུད། །ཆད་མང ་འཐུངས་པས་ཆུ་ཡི་ཁམས། །འབྲི་ཞིང་མེ་ཤས་རྒྱས་པར་འགྱུར། །གྲེ་བ་རྐན་མཆུ་སྐམ་འགྱུར་ཞིང། །ལྕེ་ནི་འབྱིན་ཅིང་གཅོད་བྱེད་ལ། །མཚན་མོ་རླུང་གིས་བསིལ་བྱས་བའི། །ཆུ་ནི་ཡོག་ཚད་བླུད་པར་བྱ། །རྒྱ་ཤུག་སེའུ་འབྲུང་ཏྲིག་དང། །ཙུག་ཏྲ་ལ ་ཆུ་གའི་ཁུ་བ། །སྐྱུར་བ་ལྔ་ཡིས་ཁར་བསྐུང་ན། །འབྲལ་དུ་སྐོམ་བ་སེལ་བར་བྱེད། །ཆད་འཐུངས་དྲོད་ནི་ཁྲད་མཁྲིས་དང། །འདྲེས་པས་པགས་པ་ཁྱབ་གྱུར་པས། །མི་བཟང་ཚ་བ་སྐྱེད་བྱེད་དེ། །དེར་ནི་ར་བ་བསིལ་ཚོ་ག་བྱ། །མ་ཞུ་ཁུ་པས་ཚིམ་བྱས་ལ། །རོ ་ཧེ་ནི་ལས་གཏར་ག་གདབ། །སློན་དང་སྨྱུང་བ་དག་གིS་ཀྱང། བད་ཀན་ཤས་ཆེར་སྐྱུག་སྨན་བཏང། །མྱུང་བ་བཅའ་སྐ་སྟི་ར་དང། །ཀཎྜ་ཀཱ་རི་བ་ལ་ཀ། གང་ཡང་རུང་བའི་ཆུ་བླུག་བསལ། །མ་ཞུ་མེད་ཅིང་བཀྲེས་དུས་སུ། །སྦྲང་རྩི་མེད་པོ་བླུད་པར་བྱ། །ཤ་ཁར ་དང་སྦྲང་རྩི་དང། །ཆར་རྙིང་དག་གམ་རྒུན་ཚད་དམ། །རྩུབ་པོའི་སྐྱོ་མར་སྦྱར་བ་ནི། །དོང་གྲལ་ལ་བུར་བཅས་བླུད། །ནས་དང་གྲོ་ཟན་ཉུང་ཤེས་ལ། །རྒྱ་སྲན་ཡུ་ཤ་ཉུང་ཟད་བཅས། །ཆུ་ཚན་ཁ་དང་ཆ་བར་བཅས། །མར་ནི་ཉུང་ཟད ་བཅས་པ་སྦྱིན། །ལ་ཕུག་སྐམ་པོར་ཤའི་ཁུ། །རྐམ་བའི་སྲོག་ཆགས་ཤ་ཁུ་ནི། །སྟར་བུ་ད་ཏྲིག་པ་ཏོ་ལ། །ཚ་བ་གསུམ་དང་སེའུ་འབྲུང་།བཅའ་སྒན་ལེ་ཤམ་མང་བཏག། རྗེན་རྡད་གཏུབས་པ་དང་ལྡན་ཞིང། །སྐྱུར་རྩི་ཆེན་པོའི་ཁུ་པས་སྐྱུར།། ་བརྗོས་ཤིང་ཁུ་བ་མེད་པ་དང། །ཀར་མར་དང་ཀར་རི། །ལ་སོགས་ཡིག་འབྱེད་པ་དང། །ལན་ཚྭ་བརྒྱད་པོ་ལེགས་བྲོ་དང། །གཏུབས་ཤིང་བེ་རེག་ལྟར་བཙོས་པ། །སོ་དྲོད་ཚོད་ལས་ཤ་སྦྱིན་ཞིང། །སྦྲང་ཆང་ནང་མེད་གྱུར་པ་བླུད། །བར་དང་ནི་ཁ་རུ ་ཚན་དགོ་སྙོང་ད་ཏྲིག་སྟར་བུ་ངང། །ཤིང་ཚ་སུག་སྨེལ་ན་ལེ་ཤམ། །ཆ་ཕྱེད་ཡན་ལག་བརྒྱད་པར་བཤད། །ཕལ་ཆེན་བད་ཀན་ཆར་ནད་སེལ། །བུ་གའི་རྒྱུན་སྦྱོང་དྲོད་སྐྱེད་བྱེད། །རྩུབ་དང་དྲོ་བས་མཉེ་ཞིང་དྲིལ། །ཁྲུས་དང་ཁ་ཟས་སྨྱུང་བྱས ་དང། །འདོད་བཅས་བུད་མེད་ལྷན་ཅིག་གནས། །མཚན་ཉིད་མ་ལོག་རིགས་པས་བསྟེན། །ཕལ་ཆེར་བད་ཀན་ལས་བྱུང་བའི། །ཆད་ནད་མྱུར་དུ་ཞི་བར་བྱེད། །ནད་གཞི་སོ་སོའི་ཤེས་ཆེ་ལས། །ལས་རྣམས་གང་དག་བསྟན་པ་འདི། །དེ་ནི་འདུས ་པ་ལས་གྱུར་པ། །ལྷག་མ་བཅུ་ལའང་སྦྱར་བར་བྱ། །ཤིང་ཚ་ན་ག་པུཥཐ་དང། །པི་པི་ལིང་དང་ན་ལེ་ཤམ། །གོ་སྙོད་བ་རུ་ཤ་ཀ་དང། །འུ་སུ་སུག་སྨེལ་མ་དུག། ཐང་ཤིང་ཁ་ར་དཀར་དང་བཅས། །ཀ་གཏི་ཡི་ཁུམ་བཏབ། །ག་པུར་དྲི་ཡིས་བསྒོས ་གྱུར་པ། །བཏུང་བ་ཤིན་ཏུ་ཡིད་འོང་བར། །ཆད་ནང་ཀུན་ལ་བླུ་དེ་གྱུར་ན། །ཡི་ག་འབྱེད་ཅིང་མེ་དྲོད་བསྐྱེད། །ཆང་གིས་ཡིད་ནི་མ་དཀྲུགས་ཤིང། །ལུས་ལ་གནོད་པ་མི་བྱེད་པར། །ཚང་ནང་མི་བསྐྱོད་དེ་ཡི་ཕྱིར། །སེམས་དཀར་གྱུར་པའི ་ཆོ་ག་བྱ། །ཆང་ནང་ལ་ནི་སྦྱང་བ་དང། །ཞི་བའི་ལས་ནི་བྱས་གྱུར་ཀྱང། །གལ་ཏེ་མ་ཞི་བད་ཀན་ཟད། །ཉམས་ཆུང་བ་ཡང་ཉིད་གྱུར་ན། །རླུང་དང་མཁྲིས་པ་ཤས་ཆེ་ཞིང། །ཆང་ནད་ཀྱིས་ཟང་འོ་མ་བླུད། །སོ་ཀའི་ཆ་བས་གདུངས་པ་ཡི། །ཤིང་ལས་ཆར་བ ་བབ་དང་མཆུངས། །ཆང་གིས་ཟད་པར་བྱས་བའི་མདངས། །འོ་མས་མྱུར་དུ་རྟས་བྱེད་དེ། །མདངས་དང་ཡོན་ཏན་ཀུན་མཚུངས་ལ། །ཆད་ལས་གོ་ནི་བཟློག་པ་ཡིན། །འོ་མས་ནད་ནི་བཅོམ་གྱུར་ཅིང། །སྟོབས་བསྐྱེད་ནས་ནི་འོ་མ་ཡི། །ཆོ་ག་ཆང་ཡང་བཟློག ་བྱ་སྟེ། །རིམ་གྱིས་ཉུང་ཟད་ཉུང་ཟད་སྤྱད། །ཅི་ནས་འཇོམས་དང་སྐམས་གྱུར་བའི། །བླ་གཉན་འབྱུང་བར་མི་འགྱུར་བྱ། །དེ་གཉིས་ལས་ནི་འོ་མ་མར། །འཇམ་རྩི་བཏང་བས་རྟ་བ་བསྔགས། །བསྐུ་དང་དྲིལ་གྱིས་ཁྲུས་དང་ནི། །བཟའ་བཏུང་རླུང་ནི་སེལ་བ ་ཕན། །རིགས་པར་ཆང་འཐུངས་ཆང་གིས་ནོ། །ནང་ནི་འབྱུང་བར་འགྱུར་མ་ཡིན། །དེ་ལ་རླུང་ནད་ལ་ཕན་ཆད། །ཕལ་ཆེར་ཟན་ཆད་བུ་རམ་ཆང། །མཁྲིས་པ་རྒུན་ཆང་ཆུ་དང་བཅས། །བད་ཀན་ཆད་རྙིང་སྒྲང་རྒུན་ཆད། །བད་ཀན་ཅན་གྱིས་དང་བོར ་བཏུང། །མཁྲིས་པ་ཅན་གྱིས་ཟས་རྗེས་བཏུང་?་རླུང་ཅན་གྱིས་ནི་བར་དུ་བཏུང། །ནད་གཞི་མཉམ་པས་ཅི་དགར་བཏུང། །མྱོས་དང་བརྒྱལ་ལ་ཕེལ་ཆེར་ནི། །རླུང་དང་མཁྲིས་པ་སེལ་ལས་བསྔགས། །ཐམས་ཅད་ལ་ཡང་ཁྱད་པར་དུ། །མཁྲིས ་པ་ཤེས་ཆེར་ཤེས་པར་བྱ། །བསྐུ་བྱུག་བསིལ་དང་ནོར་བུ་དང། །ཆུས་གཏོར་རླུང་ཡབ་ཀྱིས་གཡབ་བྱེད། །ཁར་རྒུན་འབྲུམ་བུ་རམ་ཤིང། །འབྲ་གོ་ཐང་བལ་ཁུ་བ་དང། །མངར་བའི་སྡེ་བསྐོལ་འོ་མ་ཁུ། །ཡུ་ཤ་སེའུ་འབྲུར་བཙས་པ་བླུང། །ས་ལུ ་རྩ་ནད་དྲུག་ཅུ་པ། །ནས་དང་འཚོ་བྱེད་སྨན་མར་དང། །ད་ཤེ་བ་ཆེན་པོ་ཏགཏི་ཆེ། །སྲང་དྲུག་འོ་མ་ཙི་ཏྲར་བྱས། །པི་པི་ལིང་དང་ཕྲག་ཞུན་ན། །བཅུད་ཀྱི་ལེན་གྱི་ཆོ་ག་སྦྱིན། །ཡང་ན་འབྲས་བུ་གསུམ་མར་དང། །སྦྲང་རྩི་ཁ་རང་བཅས་པ་སྦྱིན། །ཤུགས་དྲག ་ལ་ལ་ཁ་དང་སྣ། །བཀག་པར་གྱུར་པ་ཕན་པ་ཡིན། །ཡང་ན་བུད་མེད་མུ་ཞོ་ནི། །བླུད་པ་འམ་སྣ་ནས་བཏང་བར་བྱ། །པདྨའི་རྩ་སྡོང་པི་པི་ལིང། ། རུ་ར་འམ་གླ་སྒང་ངམ། །བྱི་ཚེར་སྦྲང་རྩི་སྦྱར་བ་སྦྱིན། །རྒྱ་ཤུག ་ཚིག་གུན་ལེ་ཤམ། །ནཱ་ག་གེ་སར་པུ་ཤེལ་རྩེ། །ཆུ་གྲང་དང་ནི་སྦྱར་བ་བླུད། སྐྱུ་རུ་ར་ཡི་ཁུ་བ་འམ། ། རུ་ར་མར་བསྐོར་བའང་ཕན། །ཇི་སྐད་བཤད་བའི་བྱ་བ་དག། ནད་གཞི་ཤས་ནི་ཇི་བཞིན་སྦྱར། །ལས་ནི་རྣམ་ལྔ་བྱ་བ་དང།། ་གཏང?་གས་ཁྲག་ནི་དབྱུང་བ་དང། །སྙིང་སྟོབས་ཆེ་ཞིང་ཤེས་རབ་ལྡན། །ཡུལ་ལ་ཆགས་པ་མེད་པ་ཕན། མྱོས་པ་ཤིན་ཏུ་འཕེལ་འགྱུར་དང། །བརྒྱལ་བར་གྱུར་པ་དག་ལ་ནི། །ཀུན་ཏུ་ཞུགས་པའི་སྨན་རྣོན་དང། །དུག་ལས་བྱུང་བ་དུག ་སྨན་བཏང། །ཀུན་ཏུ་ཞུགས་ལ་རབ་རྣ་བའི། །སྣ་སྨན་དང་ནི་མིག་སྨན་དང། །དུད་པ་བུང་དང་ཁབ་ཀྱི་ནི། །སེན་མོའི་བར་དུ་གཟུགས་པར་བྱང། །སྒྲ་བལ་བསྲེགས་ངང་སོས་བཏབ་དང། །སྡིག་པ་ཤ་སྦྲང་གཅེས་པ་དང། །མཁྲུ་བར་ཚ་དང་སྐྱུར་བ ་གཞུག། ཁྲ་སྲལ་ཕྲེའུ་བདག་བར་བྱ། །འདུ་ཤེས་རྙེད་ཅིང་ལྡན་གྱུར་ནས། །སྒོག་སྐྱའི་ཁུ་བ་བླུད་པར་བྱ། །ཚ་བ་གསུམ་ནི་ལན་ཚར་བཅས། །བི་ཇ་པུ་རའི་གེ་སར་སྦྱིན། །བུ་གའི་རྒྱུན་སྲང་དག་བྱའི་ཕྱིར། །ཟས་ཡང་ཚ་དྲོ་རྣོ་བ་སྦྱིན། །བརྗོད་པ ་དྲན་ཕྱིར་དེ་མཚར་དང། །ཡིད་འོང་ལྟ་དང་ཐོས་པ་དང། །གླུ་དང་རོལ་མོ་སྙན་པ་ཡི། །སྒྲ་བརྙན་རྩོལ་བ་བྱེད་དུ་གཞུག། །སློན་སྨན་བཀྲུ་སྨན་བཏིང་དུད་རྡུག་།ཁྲག་ནི་དབྱུང་བར་བྱ་བ་དག། རྒྱུན་མི་འཆད་པར་སྤྱད་པར་བྱ། །ས་སཾ ་སྟོར་བ་ཡི་རྒྱུ་ལས་ནི། །སླར་ལྡང་འབྲེལ་བའི་འཇིགས་པ་ཡིས། །དེ་ནི་ལེགས་པར་བསྲུང་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བདུན་པ་རྫོགས་སོ།། །།དེ་ནས་གཞང ་འབྲུམ་གསེ་བའི་ལེའུ་བཤད་བར་བྱའོ། །ཐུན་མང་དུས་སུ་སྲིན་མེད་པར། །གཞང་འབྲུམ་ཅན་རབ་ཉམས་ཆུང་མིན། །ལྟོ་སྦྱངས་ཁ་ཟས་ཡང་ལ་ཉུང། །རྗེས་སུ་མཐུན་པ་ཟས་པ་ལ། །གཙང་བྱས་བདེ་ལེགས་འགྱུར་བ་བྱས། །བཤད་དང་གཅི་བསལ ་གནོད་པ་མེད། །ཁྲིའམ་སྤང་ལ་བེམ་གཞན་གྱི། །ཁང་པོར་ལགས་བསྟེན་གནས་ནས་ནི། །གན་རྒྱལ་འདུག་ཅིང་ར་སྟོད་སྨད། །དྲང་འདུག་ཉི་མར་རྐུབ་བསྟན་ལ། །རྐེད་བའི་ཕྱོགས་ནི་བསྟོད་པར་བྱ། །དེ་ནས་བླ་དང་གཉའ་བར་ནི། །བཅིང་བའི་གེས་ཀྱིས ་བསྔམས་ནས་སུ། །བཟུང་སྟེ་དྲང་པར་འདུག་པ་ལ། །ནད་གཡག་གིས་ནི་བཟུང་ནས་སུ། །རྐུབ་ནི་ཞུན་མར་དག་གི་བསྐུ། །དེ་ནས་མར་གྱིས་བསྐུས་པ་ཡི། །ཆ་དཔྱད་དྲང་བོར་དེ་གཞུག་བྱ། །རྐུབ་ནས་ཕྱོགས་པར་རིམ་གྱིས་གཞུག། དེ་ནས་འབྱུང་འགྱུར་མཐོང་བ ་དང། །ཆར་བྱད་ཚུད་པར་ཤེས་གྱུར་ནས། །གཞང་འབྲུམ་ཐུར་མ་གོས་གཤེར་བས། །སྨན་པས་ལེགས་པར་བཙིར་ནས་ནི། །ཇི་སྐད་བཤད་པའི་ཆོ་ག་ཡིས། །རླན་ཅན་ཐལ་སྨན་བསྲེག་ཅིག་ཤོས། །ཐལ་སྣན?་རྣོན་པོའི་མེ་ཡིས་བསྲེག། སྟོབས་ལྡན་མཆེ་བ ་བཅད་དེ་བསྲེག། དེ་ནས་ཆ་དཔྱད་ཕྱུང་ནས་ནི། །ནད་བའི་རྐུབ་བ་དང་རོ་སྨར་བསྐུ། །སྣུམ་གྱི་ནང་དུ་བཅིང་བར་བྱ། །དེ་ལྟར་ཞག་ནི་བདུན་བདུན་ཞིང། །རེ་རེ་ཉེ་བར་བཅོས་པར་བྱ། །དེ་ནས་རླུང་མེད་ཁད་པར་ནི། །བཞག་ལ་སྤྱོད་པ་བསྟན་པར་བྱ། །གཞང་འབྲུམ ་མང་ལ་དང་པོར་གཡས། །དེ་ནས་གཡོན་གསལ་དེ་འོག་རྒྱག། །གཞང་འབྲུམ་མང་པོ་བསྲེག་ལེགས་ན། །རླུང་ནི་བདེ་བར་རྒྱུ་བྱེད་ཅིང། །ཁ་ཟས་འདོད་ཅིང་མེ་དྲོད་སྐྱེ། །བདེར་གནས་སྟེངས་དང་ཁ་དོག་སྐྱེ། །ཆུ་སོག་ཟེར་གྱིས་བཏབ་པ་ལ། །བ་སྦྲུ་བ་དང་རུ་རྟ ་དང། །གནདྷ་མུ་ཁ་ཨ་ཀ་རུ། །ཤ་ད་བུཥཔ་ཐང་ཤིང་རྣམས་སོ། །ཞིབ་ཏུ་བཏགས་ལ་ལྡེ་གུ་ཡིས། །ལྟེ་བ་མན་ཆད་བསྐུ་བར་བྱ། །བཤད་དང་གཅི་འགགས་གྱུར་པ་ལས་ཨ་ལོ་བུ་ས་བ་ར་ན། །བ་སྤྲུ་གཟེམ་ཨེ་རཎྜ། ། ཟ་གནདྷ་མུར་རྣམས། །བསྐོལ་པ་དྲོ་འཇམ ་བྱས་པ་ཡིས། །བླུགས་དང་བཅིང་པའི་སྦྱོར་བ་བྱ། །ཡང་ནའོ་མ་སྣུམ་བཅས་པ། །རླུང་སེལ་སྨན་བསྐོལ་ཏིལ་མར་སྦྱར། །པས་ནི་བཤད་བ་སླ་བྱེད་ཅིང། །སྣུམ་ལ་རླུང་འཇོམས་དྲོད་སྐྱེས་སྦྱིན། །དེ་ནས་བ་སྲེག་པ་མི་བྱ་ཞིང། །བད་ཀན ་རླུང་སྐྱེས་ཕྱིར་གྱུར་པ། །འགགས་ཤིང་གཡང་ལན་ཞིང་སྐྲང། །བཞང་འབྲུམ་བསྐུབ་བྱས་ནས་ནི། །བིལ་བའི?་རྩ་བ་རྩི་ཏྲ་ཀ། ཐལ་སྨན་རུ་རྟ་བསྐོལ་བ་ཡི། །ཏིལ་མར་བླུག་པ་འམ་སྦྲུལ་བྱི་ལ། །རྔ་མོ་བག་རྒོད་ཞག་གིས་བྱུགས། །དེ་རྗེས་རླན་དུགས ་ཀྱིས་དུགས་བྱ། །ཡང་ན་གཤེར་དུགས་སྤྱད་པར་བྱ། །ཡང་ན་ཟན་ནི་ཏིལ་མར་རང། །ཞུན་མར་སྣུམ་ཅན་གྱིས་དུགས་བྱ། །ར་སྣ་ཧ་བུ་ཤ་དག་དང། །ཤི་ཀྲུའི་ལོ་མའི་གོང་པོས་བྱ། །རྒའི་རྩ་བ་ཤལམ་ལིའི། །ལོ་མ་མི་སྐྲ་སྤྲུལ་ལྦགས ་དང། །ཕྱི་ལའི་པགས་པ་མར་སྦྱར་བའི། །དུད་བདུགས་གཞུང་འབྲུམ་དག་ལ་ཕན། ། ཤྭ་གནདྷ་པྲི་ཧ་ཏཱིའི། །ཕྱེའུ་རུག་པི་པི་ལིང་མར་སྦྱར། །ཀུ་བ་ཁ་བོའི་ས་བོན་དང། །ཡལ་ག་འཇམ་པོར་རང་སྐྱུར་སྨན། །ལྡེ་གུ་གྲིབ་མར་བསྐམས ་པ་ཡི། །རེང་བུ་དཀུབ་བཅུག་གཞང་འབྲུམ་འཇིག། ཀུ་བ་ཁ་པོའི་ཡལ་ག་རྩ། །ཐལ་སྨན་བཅས་པའི་ལྡེ་གུ་ནི། །འོལ་མ་སེ་དང་སུ་ར་ན། །བུ་?་ཡེ་ནི་ས་བོན་ལས། །རེང་བུར་བྱས་པ་དེ་དང་འདྲ། །སུ་དག་ཤི་ར་ཡུང་ལྡེ་གུ། །ཁྱིམ ་བྱའི་རྟུག་པ་པི་པི་ལིང། །ཡུང་དང་འོལ་མ་སེ་དག་ནི། །ཁ་གཅིན་བཏགས་པ་དེ་དང་འདྲ། །ནུ་ཧིའ་འོ་མར་བཏགས་ཤུ་དག། ཏ་མ་ལ་རུས་པྲི་ཡཾ་ཀུ། །རྣམ་རྒྱལ་ཀརྐ་ཏ་སྲིང་གི། རུ་རྟ་སྤངས་མ་གོ་བྱེད་དང?། །ཤི་ཀྲུ་ལ་ཕུག་ས་བོན་དང། ་ནིམྦ་ཀ་ར་བི་རའི་ལོ། །པི་པི་ལིང་གི་རྩ་བ་དང། །བིལ་རྩ་ཤིང་ཀུན་བཅས་པའམ། །རུ་རྟ་ཤྲི་ཤའི་ས་བོན་དང། །རྒྱམ་ཚ་བུ་རམ་པི་པི་ལིང། །རྒ་སྣུ་ཏའི་ལ་རྒུ་དང། །འབྲས་བུ་གསུམ་གྱིས་ལྡེ་གུས་བསྐུ། །རྒའོ་མ་སྣུ་ཧའི་སྡོད།། ་ཀུབ་ཁ་བེའི་འདབ་མ་དང། །ཀ་རཉྫ་དར་ར་ཐུག་གཅིན། །ལྡེ་གུ་གཞད་འབྲུམ་སེལ་མཆོག་ཡིན། །འཇམ་རྩི་སྨན་ནི་པི་པི་ལིང། །ལ་སོགས་ལྡེ་གུ་འར་བསྔགས་པ་ཡིན། །སྨན་འདི་ཉིད་ཀྱིས་ཏིལ་མར་ནི། །བསྐུ་བའི་དོན་དུ་བསྐོལ་བར་བྱ།། ་དུད་པས་བདུག་དང་ལྡི་གུ་ནི། །བསྐུས་ལས་གཞང་འབྲུམ་དག་གི་ཁྲག། སོགས་པ་འཛག་པར་བྱེད་འགྱུར་ཏེ། །དེ་ནས་བདེ་བ་ཉིད་དུ་འགྱུར། །སྐྲངས་ཤིང་འཛག་པར་མ་གྱུར་དང། །སྲབ་ལས་ནི་ཁྲག་འབྱུང་སྟེ། །པདྨ་བཙགས་བུ་ཁབ་ཀྱི་ནི།། ་བར་གྱིས་ཡང་དང་ཡང་ཁྲག་དབྱུང། །བསིལ་དྲོད་སྣུམ་དང་རྩུབ་བ་ཡིས། །ནང་ནི་ཞི་བར་མ་གྱུར་ན། །དེ་ཕྱིར་སྨན་པས་དང་ཁྲག་ཉིད། །དབྱུང་བ་ལ་ནི་འབད་པར་བྱ། །འོ་མ་ཅི་ཏྲ་ཀ་རྩ་ཕྱེ། །བཏབ་པ་ལས་བྱུང་དར་བ་གང་བླུང་ཅིང་དེ་ཉིད་ཀྱི་ཟས ་ནི། །བྱིན་ན་གཞད་འབྲུམ་སེལ་བར་འགྱུར། །ཀ་བི་ད་རིའི་རྩ་བའི་ཕྱེ། །ངར་བ་སར་པར་བཏབ་པ་བླུད། །ཞུ་ནས་ཕན་བའི་ཟས་སྦྱིན་ན། །གཞང་འབྲུམ་ནང་ལས་ཐར་བར་འགྱུར། །གཞང་སྐྲངས་གཟེར་བཅས་མེ་དྲོད་འབྲི། །སྐྲན་ནད་ལ་ནི་ཕན ་པའི་སྨན། །ཤིང་ཀུན་ལ་སོགས་བླུད་པའམ། །བུ་རམ་ཨ་རུ་ར་སྦྱར་ནབ། །བྱིན་ལ་དེ་རྗེས་ངར་བ་བླུད། །ཡང་ན་ཨ་རུ་བི་ཏངཀ། །དུ་ག་མོ་ཉུང་ཤུ་ནོ་ཙི་ཏྲ་ཀ། དང་བ་དང་སྦྱར་བླུད་པ་འམ། །དུག་མོ་ཉུང་དང་བི་བི་ལིང། །ཙི་ཏྲ་ཀ་དང་སུར་ན། ་ཆ་རེ་བསྐྱེད་པ་ཆུ་དྲོན་བླུད། །ཡང་ན་ཚ་གསུམ་ལན་ཆ་གསུམ། །ཤིང་ཀུན་སྟར་བུ་བཅས་ཆུ་བླུང། །བིལྦ་ཀ་པིདཐར?་ཀ་པིདཐར?་བཅས་བའམ། །བཅའ་སྒ་ཁ་རུ་ཚར་བཅས་པའམ། །གོ་བྱེ་ལ་ལ་ཕུད་བཅས་པའི། །སྐྱོ་མ་དེ་ལ་ཕུད་པར་བྱ། །ཡང་ན་ཤིང ་ཀུན་སྤང་མའི་འབྲས། །ཙི་ཏྲ་ཀ་དང་དར་བར་སྦྱར། །པི་ལུའི་འབྲས་བུ་དང་བ་བཅས། །ཟླ་བ་གཅིག་གི་བར་དུ་སྦྱིན། །ཟས་ཀྱི་སྔོན་ཉིད་རེ་རེ་ཞིང། །ཅི་འདོད་པར་ནི་བླུད་པར་བྱ། །ཤིན་ཏུ་མེ་དྲོང་ཆུང་བ་ལ་གདར་བ་ཁོ་ན་བླུག་པར་བྱ། །ཉམས་སྟོབས ་དུས་དང་ནད་ཤེས་བའི། སྨན་བ་ཡིས་ནི་དར་བ་དག། ཞག་བདུན་ནམ་ནི་ཞག་བཅུ་འམ། །ཟླ་བ་ཟླ་གཅིག་བར་དུ་བླུད། །ཡང་ན་ཕྱི་དྲོ་འབྲས་ཡོས་ཀྱིས། །བྱེད་དང་དར་བའི་ལྡེ་གུ་སྦྱིན། །དར་བ་ཞུ་ནས་དོར་བ་ཡི། །ཐུག་བ་རྒྱ་མཚར་བཅས་པ ་བླུད། །དེ་རྗེས་དར་བར་གཡོས་པའི་ཟས། །སྣུམ་ཅན་བྱིན་ལ་དར་བ་བླུད། །ཡུ་ཤ་འམ་ཤ་ཁུ་དར་བ་ཅན། ། ལུའི་འབྲས་ཆན་རན་བར་བཟའ་། །རྩུབ་དང་མར་བེད་ཕྱུང་བ་དང། །གང་ལ་མར་ནི་མ་བྱུང་བ། །དར་བ་ནང་དང་མེ་དྲོད་ཀྱི། །སྟོབས་ལས་དེ་ནི ་རྣམ་གསུམ་སྦྱར། །དང་བས་ལེགས་བཅོམ་གྱུར་པ་ཡི། །གཞང་འབྲུམ་སླར་ནི་འབྱུང་མི་འགྱུར། །དེ་བླུགས་གྱུར་ན་རྩ་ཡི་ནི། །ཚོགས་ཀྱང་སྐྱེ་བར་མི་འགྱུར་རོ། །རྩ་སྦུབས་དར་བས་དག་བྱས་པ། །ལུས་ཟུངས་དངས་མར་གྱུར་པ་གང། །དེས་ནི་ཉམས ་དགའ་མདོག་དང་སྟོབས། །མཆོག་ཏུ་རྒྱས་པར་བྱེད་པར་གྱུར། །རླུང་དང་བད་ཀན་དག་གི་ནད། །རྒྱ་ཕྲག་དར་བརྙིང་པས་འཇོམས། །གཞང་འབྲུམ་གཞིག་པར་འདོད་པ་ཡིས། །ཀཎྜ་ཀཱ་རིའི་ལྡེ་གུས་པ་སྐུས། །སྣོད་དུ་དར་བ་སར་པ་ནི། །སྣུམ་གཅིག་བཞག ་སྟེ་སྡུད་པར་བྱ། །འུ་སུ་ཟིར་གོ་སྙོད་དང། །པི་པི་ལིང་གཉིས་ཏ་བུ་ཤ། ཤུ་ཏི་བི་པི་ལྔ་རྩ་བ་?་ཨ་ལ་ཕུད་དང་ཙི་ཏྲ་ཀ། ཡ་པ་ན་གིའི་ཕྱེ་མར་དང། །དར་བ་སྦྱར་བས་མར་གྱི་སྣོད། །བཞག་པར་གྱུར་པ་དེ་ལས་སྐྱུར། །ཁ་བ་དང་ནི་རབ་སྦྱར?་མིན། །སྐྱུར ་དགར་བ་བྲོ་བ་ནི། །ལྡང་བའི་དར་སྙིང་ཅི་འདོད་བླུད། །དྲོང་བསྐྱེད་ན་དོག་བཟང་ཡིག་འབྱེད། །རླུང་དང་བད་ཀན་སེལ་བྱེད་ཅིང། །གཞད་སྐྲངས་ན་བས་ཉམས་ཐག་པ། །འཇོམས་ཤིང་སྟོབས་ནི་འཕལ་བྱེད་ཡིན། །ཀྲུ་ཀྲུག་ཏྲེས་ཀྱི་རྩ་བའི?་ཤུན། ་བཏགས་པའི་ལྡེ་གུས་བུམ་པ་བསྐུ། །དེར་ནི་ཞོ་འམ་དར་བ་གཞག། །སྨིན་པའི་གཞད་འབྲུམ་སེལ་བྱེད་བླུང། །ག་བྲའི་རྩ་བ་ཨ་རུ་ར། །སླེ་ཏྲེས་ཚ་བ་ལྔ་དག་ལའང། །ཆོ་ག་འདི་ཉིད་སྦྱོར་བར་བྱ། །པོ་ཏ་ཏ་ཏིལ་པ་ལི། །ཤུ་ཉི་ཚ་བི་ལྔ་གཡེར་མ་གཟིར་བུ་སུ ་བི་ལྔའི་རྐང། །ཕྱེ་མར་བཏགས་ཏེ་སྦྱར་བར་བྱ། །འབྲས་བུ་སྐྱུར་བ་མང་ཏིལ་མར། །ཡུ་ཤ་ཤ་ཁུ་ཐུགས་སོགས་བྱ། །སྨན་འདི་ཉིད་དང་ཆུ་དང་མར། །བསྐོལ་བའང་དྲོད་སྐྱེད་བྱེད་པ་ཡིན། །རིམས་འདི་བཤད་བ་སླ་བ་ཡིན། །རྟུག་པ་འགགས་བ་བཤད་བྱ་སྟེ། །སྣུམ་སོགས ་ཟན་དང་ལྡན་པ་ཡི། །ཆང་དང་ལན་ཕྲོ་བཏབ་པ་བླུད། ཡང་ན་དར་བ་བུ་རམ་ཆང། །ཆད་སྐྱུར་ཆར་དངས་ལན་ཚར་སྦྱར་།ཟས་མངར་མར་དང་ཏིལ་མར་གྱིས། །བརྡོས་པའི་ཀར་ཉཛའི་ལོ་མ། །སྟེང་དུ་ཕྱེ་བཏབ་བྱིན་གྱུར་ན། །རླུང་གི་རྟུག་པ་འགགས་པ་སེལ། །བཅའ་ ་སྒ་བུ་དམ་བཅས་པ་འམ། །པ་ཏ་བུ་རམ་མར་ལན་ཚྭ། །བ་གཅིན་ལ་སྤངས་ཨ་རུ་ར། །བུ་རམ་གས?་པ་བྱེད་པའང་རུང། ། རུ་ར་ནི་ཉིས་བརྒྱ་གཅིན། །བྲེ་བཅུ་དྲུག་ཏུ་གཅིན་དུའི་བར། །བསྐོལ་བའི་སྦྲང་རྩི་བཅས་པ་དག། གཉིས་གཉིས་ཟས་ནས་བད་ཀན་གྱི ་གཞང་འབྲུམ་མཛོ་དང་འོར་ནད་དང། །སྐྲན་དང་དམུ་རྫིང་གཅན་སྙི་འབུ། །རྨེན་བུ་ཤུ་བས་ཁྱབ་ཚོ་ཅེས། །སྐྱ་རྦབ་རླུང?་འཁྱིལ་འཇོམས་པར་བྱེད། ། ཟ་སྲིང་གི་རྩ་བ་ཡི། །ལྡེ་གུ་ར་གཅིན་སྦྱར་འཐུང་ཞིང། །བུ་རམ་བཏག་ཟོས་ན། །གཞད་འབྲུ་མ་མྱུར་དུ་འཇིག ་པར་འགྱུར། །དུར་བྱིང་འབྲས་བུ་གསུམ་ཁུར་སྦྱར། །ཡང་ན་ངར་གས་རུ་ར། །པི་པི་ལིང་བཅས་ཨ་རུ་ར། །མར་དང་བརྔོས་པའི་བུ་རམ་བཅས། །ཡང་ན་དུར་བྱིད་དན་དར་བཅས། །ཟོས་ན་བདེ་བར་འབུང་བར་བྱད། །གཞང་ན་གནས་པའི་ནད་བསལ་ན། གཞང ་འབྲུམ་ཟད་པར་བྱེད་པར་འགྱུར། །ས་འཟུའི་ཁུ་བཟིར་དང། །བཅའ་སྒ་བུ་རམ་ལ་ལ་ཕུད། །པ་ཏ་དང་སྦྱར་དར་བ་ནི། །རླུང་གི་རྟུག་འགགས་སལ་བྱེད་ཡིན། །རྒུན་ཆད་ཡང་ན་བུ་རམ་ཆད། །བཅའ་སྒ་ཀྲུག་ཏྲེས་དང་བཅས། །ཡང་ན་ཆབ་ནི་པ་ཏ་དང།། ་སྤ་འབྲས་ཁ་རུ་ཚ་བཅས་བླུད། །པི་པི་ལིང་ནི་བཅུ་བཅུས་བསྐྱེད། །ཏིལ་ནི་སྲང་ཕྱེད་བཏགས་གྱུར་བ། །འོ་མ་བཅས་འཐུངས་ལུ་སོ་སྟོབས་དང། །མེ་དྲོང་སྐྱེ་བརྦྱེད་པ་ཡིན། །ཕྱི་ཚེར་བ་དང་བེལྦ་དང། །ལ་ལ་ཕུད་དང་དོང་ཀྲ་རྣམས། །རེ་རེ་དང་སྦྱར ་ཐམས་ཅད་ཀྱང། །གཞང་འབྲུམ་ནད་ནི་སེལ་བར་བྱེད། །ཆུ་བྲི་དྲུག་ཅུ་རྩ་བཞིའི་ནང། ། རུ་ར་ཤུན་བྲེ་བྱེད་དང། །སྐྱུ་རུ་ར་ནི་བྲེ་གང་དང། །ག་པིངྒི?་ནི་སྲང་བཙུ་དང་ཁི་ཤ་ལ་ནི་སྲང་ལྔ་དང། །སེང་ཕྲོམ་ཤིང་ཚེ ་ན་ལ་ཤན་ཀ་བི་བི་ལིང་དང་བི་ཏངཀ། །སྲང་ནི་གཉིས་གཉིས་ཚད་བྱས་བསྐོལ། །བཞི་ཆ་ལུས་བཙགས་བུ་རམ་ཤིང། །སྲང་ནི་ཉིས་བརྒྱ་བཅུག་ནས་ནི། །ད་ད་ཀ་ནི་བྲེ་གང་གཞུག་མར་གྱི་སྣོད་དུ་བཅུ་གནས་ནི། ཟླ་ཕྱེད་ནས་ནི་ཆང་རྙིང་འཐུངས། །མེ ་དྲོད་བསྐྱེད་ཅིང་གཞང་འབྲུམ་དང། །གནད་སྦྱར་བ་བ?་མཛད་དམུ་རྗེད། །དབྱི་དུག་རིམས་སྐྲན་མཆིན་ནང་དང། །སྙིང་ནང་སྐྲན་དང་གཅོང་ཆེན་དང། །སློན་དང་སྲིན་བུའི་ནང་རྣམས་འཇོམས། །ཆུ་བྲེ་བཅུ་དྲུག་ནང་དནྟི།?་རྩ་བཅུ་འབྲས་གསུམ་ཙིཏྲ་ཀ་།སྲང ་དེ་བསྐོལ་བ་བཞི་ཆ་ལུས། །བུ་རམ་སྲང་བརྒྱད་གཞུག་པར་བྱ། །ཐམས་ཅད་སྔ་མ་དང་འདྲ་ལས། །རྗེས་མཐུན་ཅིག་ཤིས་སེལ་བར་བྱེད། །ཆུ་བྲེ་བཅུ་དྲག་ནང་དག་ཏུ། །བྱི་ཚེར་བ་ནི་བྲེ་གང་དང། །དེSནྟ?་པ་ཏ་ཙི་ཏྲ་ཀ། །རྣམ་རྒྱལ་དོང་གྲ་བ་ཤ་ཀ། །སྐྱུ་རུ་ར ་ནི་ཁྱར་རེ་བསྐོལ། །བཞི་ཆ་ལུས་པ་དེའི་ནང་དུ། །ཀར་དཀར་པོ་སྲང་བརྒྱ་གཞུག། གཞན་དག་སྔ་མ་བཞིན་དུ་སྦྱར། །རྫ་མའི་སྣོད་ཀྱང་བྲི་ཡ་ཀུ། །པི་པི་ལིང་དང་དབྱི་མོ་དང། །མར་དང་སྦྲང་རྩིའི་ལྡེ་གུ་བསྐུ། །བདེ་བར་འབྱུང་ཕྱིར་ཟས་ཀྱི་སྔར ་འབྲས་བུ་སྐྱུར་བཅས་མར་བླུད་པ་འམ། །དབྱི་མོང་ཀྲུ་ཏྲུག་བཀྲེས་བསྐོལ་མར། །ནས་ཚིག་འཁྲུས་ཐལ་བུ་རིམ་བཅས། །པི་པི་ལིང་གི་རྩ་བར་བསྐོལ། །བུ་རམ་དོང་ཀྲ་ནས་ཚིག་འཁུས། །པི་པི་ལིང་རྩ་པི་པི་ལིང། །སེའུ་འབྲའུ?་སུ་དག་དང ་མར། །བཞི་འགྱུར་ཞོ་དང་བསྐོལ་བས་ནི། །ཕྱེན་དང་བཤད་གཅི་འགགས་པ་སེལ། །པ་ལཀྵ་ཡི་ཐལ་བའི་ཆུ། །སུམ་འགྱུར་དང་ནི་མར་དུ་བསྐོལ། །དུག་མོ་ཉུང་སོགས་ཕྱེ་མ་བཏབ། །རླང་བསྐྱེད་གཞང་འབྲུམ་འཇོམས་པའི་མཆོག་ཚ ་བ་ལྔ་དང་ཨ་རུ་ར། །ཡ་བཀཤ་ར་ལ་ལ་ཕུང། །ལྕེ་མྱང་ཆ་དང་ཁ་རུ་ཚ། །བ་ཏ་འུ་སུ་ན་ལེ་ཤམ། །བིལྦ?་ཞོ་དང་བཅས་པའི་མར། །བསྐོལ་བས་དེ་ནི་ཆུ་སོ་གཞང། །འཁྲུ་ཞིང་གཞང་ནི་ཉམས་པ་དང། །གཅིན་སྲི་འཛག་པ་སེལ་བར་བྱེད། །བ་ཏའུ་སུ་ལ་ལ་ཕུང། ་ཚ་བ་ལྔ་དང་གཟེ་མ་དང། །པིལྦ་ཞོ་དང་ཙང་གི་རི། །ཁུ་བ་མར་གྱི་བཞི་འགྱུར་བསྐོལ། །ལྟོ་སྤོས་གཅིན་ནི་སྲི་བ་དང། །རྟག་ཏུ་འཁྲུ་དང་གཞང་འབྱུང་དང། །གཞང་འབྲུམ་ཕོ་བའི་ནད་རྣམས་དང། །བད་ཀན་རླུང་ནི་འཇོམས་པར་བྱེད། །རྨ་བྱ་སྲེག་?་རབ ་ཡི། །ཤ་ཁུ་སྐྱུར་པོ་ལེགས་སྦྱར་བས། །ཁྱིམ་བྱ་འམ་བེའུའི་ཤ་ཁུ་ནི། །ཕྱེད་དང་གྱིས་འགགས་ལ་བླུང། །རྒྱ་སྣེའུ་དུར་བྱིང་ཙིཏྲ་ཀ་དནྟི་པ་ཏི་ཨམལི་ཀ། ལ་སོགས་ལོ་མ་གཞན་ཡང་ནི་ཁང་ཀན་རླུང་འཇོམ་མཚོང་མ་ནི། །ཡང་ཞིང་བཤད་པ་སླ་བར ་བྱེད། །ཤིང་ཀུན་མར་དང་ཏིལ་མར་བརྔོས། །ཞོ་ལི་སྤྲིས་མས་བསྐོལ་བ་དང། །འུ་སུ་དང་ནི་ཚ་བ་ལྔ། །བཏགས་པའི་ཕྱེ་དང་?་འབྲུའི་བཅུད། །འུ་སུའི་འདབ་མ་གཞོན་ནུ་དང། །སྐེའུ་གཤེར་བཤགས་པར་གྱུར་པ་དང། །སྤོང་ཞི་ལེག་གཏུབས་དྲི ་ཞིམ་བཅས། །ཟི་ར་ན་ལེ་ཤམ་དང་བཅས་ཁ་རུ་ཚ་ནི་ཤས་ཆེར་བྲོ། །རླུང་ཤས་ཆེ་རྩུབ་དྲོད་ཆུང་ལ། །ས་ལུ་རྩ་སྣར་འབྲས་ཆན་ནི། །བ་ཡང་གོ་ཏ་རྔ་མོ་རའི། །ཤ་ཁུ་ཚོང་ལྟར་གཡོས་པ་དང། །མཆོག་ཏུ་ཤ་ཟ་རྣམས་ཀྱི་ཤ། རྟུག་སྐམ་ཅན་ལ ་སྦྱིན་པར་བྱ། །ཆད་དང་བུར་ཆང་ཀ་རིའི་ཆུ། །རྒུན་ཆང་དར་བ་རྩ་བ་མོ་དང། །ཆར་གཉིས་དང་ནི་ཞོ་ཁ་ཆུ། །ཡང་ན་ཆུ་ཉུང་བསྐོལ་བ་འམ། །འུ་སུ་བཅའ་སྒྲ་བསྐོལ་བ་འམ། །ཀཎྜ་ཀཱ་རི་བསྐོལ་བ་བླུད། །ཟས་ཀྱི་ཐོག་མ་འམ་བར་དག་ཏུ། །རླུང་གི ་རྟུག་སྐམ་སེལ་བ་སྦྱིན། །རླུང་མཁྲིས་བད་ཀན་རྟུག་སྐམ་རྣམས། །བདེ་བར་འབྱུང་ཞིང་དྲི་མ་སྦྱངས། །གཞང་ཁར་གཞང་འབྲུམ་ཞི་འགྱུར་ཞིང། །མེ་དྲོད་སྐྱེད་པར་བྱེད་པ་ཡིན། །རྟུག་སྐམ་གྱིས་ནི་གཟིར་བ་དང། གང་ཡང་ཤིན་ཏུ་?་དང ་རླུང་འཁྱིལ་གཟེར་གྱིས་ཉེན་པ་གང། །དེ་ལ་འཇམ་རྩི་བྱ་བ་བསྔགས། །པི་པི་ལིང་དང་པོ་སོན་ཆ། །བིལྦ་ཤུ་ཏི་ཤིང་མངར་དང། །བཅུ?་དག་རུ་རྟ་ཀྲུ་ཏྲུག་ཏྲེས། །ཟུར་པ་མ་ནུ་ཐང་ཤིང་རྣམས། །བཏགས་ཏེ་ཏིལ་མར ་ལ་བཅོ་ཞིང། །འོ་མ་ཏིལ་མར་ཉིས་འགྱུར་གཞུག། གཞང་འབྲུམ་རླུང་གིས་འཁྱིལ་བ་ལ། །འཇམ་རྩི་དེ་ནི་མཆོག་ཏུ་བསྔགས། །གཞང་འབྱུང་བ་དང་གཟེར་བ་དང། །གཅིན་སྲི་མཁྲག་ཅིང་འཁྲུ་བ་དང། །བརླ་རྐེད་རྒྱབ་ན་ཉམས་ཆུང ་དང། །ལྟོ་སྦོས་ཆུ་སོར་བསྟེན་པ་དང། །བསྣབས་འཁྲུ་དང་གཞང་སྐྲངས་དང། །རླུང་གི་རྟུག་པ་འགགས་པ་དང། །གང་ཞིག་མང་དུ་འབྱུང་འདོད་པ། །དེ་དག་འཇམ་རྩིས་སེལ་བར་འགྱུར། །ཡང་ནམས་བཏང་བཀྲུ་སྨན་དྲག། །རྩ་བ་ལྔ་བ ་འོ་མར་བཅས། །བ་གཅིན་ཏིལ་མར་ལན་ཚྭ་དང། །པོ་སོན་ཆ་སོགས་ལྡེ་གུ་བཏང། །དེ་ནས་གཞང་འབྲུང་ཁྲག་འཛག་པ། །རླུང་ངན། བད་ཀན་དང་འབྲེལ་པ། །བཏགས་ནས་དེ་ལ་སྣུམ་བ་དང། །རྩུབ་དང་བསིལ་དང་སྦྱར་བར་བྱ། །དེ་ལ་རླུང་དང ་རྗེས་འབྲེལ་བ། །བཤང་བ་འགགས་ཤིང་སྲ་ལ་རྩུབ། །རླུང་ནི་ཐུར་དུ་འབྱུང་མི་བྱེད། །རྐེད་པ་བརླ་དང་གཞང་ཁ་གཟེར། །རྩུབ་པའི་རྒྱུར?་ནི་གྱུར་པ་ཡིན། །བད་ཀན་རྗེས་འབྲེལ་བ་ཤེ་རབ་སླ། །སྐྱ་ཞིང་སེར་དང་ལྕི་ཞིང་སྣུམ། །སྦྱིན་བག་གཞང ་ཁ་ཚོར་བ་ཆུང། །རྒྱུ་ནི་སྣམ་ལྕི་ཡིན་ཞེས་བྱ། །རང་ཁྲག་མཚན་ཉིད་ལས་ཀྱང་བརྟག། ནད་ཁྲག་བསལ་བར་བྱ་བ་དང། །ཉམས་སྟོབས་ཇི་བཞིན་སྨྱུང་བ་བྱ། །ཇི་སྲིད་ནད་ཁྲག་ནག་པ་བྱུང། །དེ་སྲིད་ཁྲག་འཇག་བཅད་མི་བྱ། །ནད་ནི་སྨིན ་པར་བྱ་ཕྱིར་དག། །མི་དྲོད་བསྐྱེད་པར་བྱ་ཕྱིར་དང། །ཁྲག་ནི་བཅད་པར་བྱ་བའི་ཕྱིར། །དེ་ཕན་ཆད་ནི་ཁ་བ་བླུད། །གང་ཞིག་ནད་ཀྱིས་ཟད་པ་དང། །ཁྲག་ནི་རླུང་གིས་ཤེས་ཆེ་ལ། །བཏུང་དང་བསླུ་དང་འཇམ་རྩི་རུ། །རིག་པས་སྣུམ་ནི་སྦྱར་བར་བྱ།། ་གང་ཞིག་མཁྲིས་པ་རྒྱས་པའི་ཁྲག། ཚ་བའི་དུས་སུ་འབྱུང་གྱུར་པ། །དེ་ནི་གཅིག་ཏུ་བཅད་བྱ་ཡི། །རླུང་དང་བད་ཀན་ལས་གྱུར་མིན། །བད་ཀན་བཅས་ཁྲག་བཅའ་སྒ་དང། །དུག་མོ་ཉུང་ཤུན་བསྐོལ་བ་བླུད། །ཡང་ན་རྩ་མཁྲིས་བཅའ་སྒ་དང། །བྱི ་ཚོ་ཙན་དན་དམར་པོས་མ། །སྐྱེར་པའི་ཤུན་པ་པུ་ཤེལ་ཙེ། །ནིམྦ་འམ་སེ་འབྲུའི་ཤུན་བསྐོལ་བླུད། །དུག་མོ་ཉུང་ཤུན་འབྲས་བུ་དང། །བོང་ང་སྦྲང་རྩིར་སྐྱེར་ཁན་ནམ། །ཡང་ན་ཨ་པ་མརྒ་ཡི། །ལྡེ་གུས་འབྲས་ཀྱི་ཆུ་སྦྱར་བླུད། །དུག་མོ་ཉུང་གི་ཤུན ་ག་རློན། །སྲང་བརྒྱད་ཆར་ཆུ་ནང་དུ་བསྐོལ། །ཤུན་པགས་ཁུ་བ་བཙགས་པ་རུ། །བཙོང་དང་མོ་ཙི་པྲི་ཡཾ་ཀུའི། །ཁུ་བ་སྲང་རེ་དག་དང་ནི། །དུག་མོ་ཉུང་གི་ཕྱེ་མ་བཅུག། །དེ་ནས་གཟར་བུས་ཆགS་པ་ཡི། །ལྡེ་གུ་བསྐོལ་བ་སྦྱིན་བྱ་ཞིང། །ཐུག་པ ་ཐུག་སླའི་འོ་ཐུག་གམ། །ར་འམ་བ་ཡི་འོ་མ་འམ། །མེ་སྟོབས་ཇི་བཞིན་བླུད་པར་བྱ། །ལྡེ་གུ་འདིས་ནི་ཁྲག་གི་ནི། །ཚད་འཁྲུགས་གཞང་འབྲུམ་སེལ་བྱེད་ཅིང། །ཁྲག་མཁྲིས་ནད་ནི་སྟོབས་ལྡན་པ། །སྟེང་དམ་འོག་ནས་འབྱུང་བ་སེལ།། ་དྲུག་མོ་ཉུང་ཤུན་སྲང་བརྒྱད་ཅུ། །བྲེ་བཅུ་དྲུག་བསྐོལ་བརྒྱད་ཆ་ལུས། །དེར་ནི་ཚ་གསུམ་སྐྱེར་ཁཎྜ། །སེང་ཕྲོམ་གཉིས་དང་མོན་ཆ་ར། །སེའུ་གཞོན་ནུའི་ཤུན་པགས་དང། །བིལྦ་བཞོན་ནུ་གླ་སྒང་དང། །གཅོད་དང་?་གི་འབྲས་བུ།། ་སྲང་ནི་རེ་རེ་བཏགས་པ་ཡི། །ལྡེ་གུར་བཅས་པ་གཞུག་པར་བྱ། །དུག་མོ་ཉུང་ཤུ་ན་སྲང་བཅུ་དང། །ཞུན་མར་སྲང་ནི་ཉི་ཤུ་དང་ཁུ་རམ་སྲང་ནི་སུམ་ཅུ་གཞུག། བསྐོལ་བ་བཟང་བུང་ཆགས་པ་དང། །འབྲུ་ནད་ཟླ་ཕྱེད་བཅུ་སྟེ ་ལྔག་།གཞང་འབྲུམ་ཀུན་དང་ཕ་བའི་ནང། །ལུང་པ་དབུགས་མི་བདེ་བ་སེལ། །སེང་ཕྲོམ་མོ་ཙ་ར་ས་ཏིལ། །བཙོད་དང་ཙན་དན་ཨུཏཔ་ལ། །ར་ཡི་འོ་མ་སྦྱར་བ་བླུད། །དེ་ཉིད་དང་ནི་འབྲས་ཆན་སྦྱིན། །ཤིང་མངར་ཤུན་པ་བྱི ་ཚེར་བ། །འོ་མ་དུརྦ་བ་ཡ་ཏས། །ཁ་ར་སྦྲང་རྩི་བཅས་ཆུ་འམ། །ར་ཡི་འོ་མ་སྦྱར་བ་བཏུང། །སེང་ཕྲོམ་བཙོད་དང་བུ་རྩེ་ཤེལ། །ཤ་མ་ལི་ཤུན་དུ་མོ་ཉུང། །ཙན་དན་ཤིང་མངར་པུ་ཤེལ་རྩེ། །ནག་གེ ་སར་འབྲས་ཆུར་བླུང། །ལ་ལ་ཕུད་དང་དུག་མོ་ཉུང། །བ་ཏ་བཅའ་སྒ་སྐྱེར་ཁཎྜ། །ཕྱེ་མ་གཟེར་དང་བཅས་པ་ཕན་།ཁྲག་ནི་དྲག་ཏུ་འབྱུང་པ་ལ། །ཀཎྜ་ཀ་རི་བ་ཡཏS?། །གཉིས་དང་བསྐོལ་བའི་ཞུན་མར་བསྔགས། །ཡང་ན་སེར ་ཕྲོམ་དད་ཀི། དུག་མོ་ཉུང་ཤུན་འབྲས་བུ་དང། །ུཏཔལ་པདྨ་གེ་སར་མར། །ཡ་བཀྵ་ར་སེ་འབྲུའི་བཅུང། །ཁར་པདྨ་གེ་སར་དང། །མར་སར་སྦྱར་བ་ཏིལ་སྦྱར་བའམ། །མར་སར་སྦྱར་བ་ཁྲག་ལས་ནི། །གྱུར་བའི་གཞང་འབྲུམ ་སེལ་བར་བྱེད། །ར་ཡི་མར་སར་འོ་མ་དང། །སྐམ་སའི་སྲོག་ཆགས་ཤ་ཁྲག་དང། །རྒྱ་སྣའི་ཁུ་བ་བཅས་ཤ་ཁུ། །ཅུང་ཟད་སྐྱུར་དང་སྐྱུར་མེད་པ། །ས་ལུའི་རྩ་སྣར་ཞོ་ཡི་སྤྲི། །དྲུག་ཅུ་པ་དང་ཆར་སར་དང། །ཆང་གི་དངས་མ་སར ་བ་ནི། །ཁྲག་ལས་གྱུར་པའི་སྨན་མཆོག་ཡིན། །ཐུག་པ་ཡུ་ཤ་ཤ་ཁུ་སོགས། །ཡང་ན་ཀུན་དང་འབའ་ཞིག་གིས། །ཁྲག་རྒྱས་གྱུར་བ་སེལ་བྱེད་ཡིན། །རླུང་ལས་གྱུར་པའང། སྦྱར་བར་བྱ། །བལ་ཆེར་རླུང་ཤས་ཆེ་བ་གཞང ་འབྲུམ། །ཁྲག་འཛག་དྲག་ལས་འབྱུང་འགྱུར་བས། །དེ་བས་ལྷག་པར་དེ་ལ་ནི། །དེ་བསལ་བ་ལ་འབྱུང?་པར་བྱ། །ཁྲག་མཁྲིས་ཤས་ཆེ་བད་ཀན་དང། །རླུང་ཤས་ཆེ་བས་མཐོང་འགྱུར་ན། །དེ་ཞིང་ཕྱིར་རྣམ་ཀུན་ཏུ། །བསིལ་བའི ་ཆོ་ག་སྤྱད་པར་བྱ། །གལ་ཏེ་དེས་ཀྱང་མ་ཞི་ན། །དེ་ཚེ་སྣུམ་དང་དྲོ་བས་རྟ། །ཤ་ཁུ་དྲོ་འཇམ་ཞུན་མར་ནི། །ཐོག་མ་ཉིད་དུ་སྦྱར་བར་བྱ། དེ་ལ་ཏིལ་མར་མར་དང་ནི། །འོ་མ་དྲོ་འཇམ་བླུང་པའང་བསྔགས། །ཚེར་ཀུ་ཤ་འཇག་མའི ་?་།ཤལམ་ལི་མེ་ཏེ་ཏོག་དང། །ུ་དུམྦ་ར་ནྱ་གྲོ་དྷ། ། ཤདཐ་ཡི་མྱུ་གུ་སྲང་གཉིས་གཉིས་ཆུ་བྲེ་གསུམ་དང་ནི། །འོ་མ་བྲེ་གང་ནང་དུ་བསྐོལ་ལམ་ལུས་ནས་ཚིགས་མ་བཅགས། །ཁུ་བ་དེ་ནི་མོན་ཆར། །བཙོང་དང་ཙན་དན་ཨུཏཔལ་?་གསར་དང། །དུག་མོ་ཉུང་གི ་ས་བོན་དེ། །འདི་རྣམས་བཏགས་པའི་ལྡེ་གུ་བསྲོག་།འདི་ནི་སྦྱིན་བག་འཇམ་རྩི་དྲགས། །མར་དང་སྦྲང་རྩི་ཁ་རར་བཅས། །མཁྲེགས་དང་གཞང་ནི་འབྱུང་བ་དང། །ཁྲག་འཛག་རིམས་ནི་འཇོམས་པར་བྱེད། །ཤིང་མངར་པྲ་པུཎྜ་དཱ་?་བཞིན་མོན་ཛ་ར་ལ་སོགས། །ཉིས ་འགྱུར་གྱིས་ནི་འོ་མ་བསྐོལ། །སྣུམ་གྱི་འཇམ་རྩི་བཏང་བར་བྱ། །ཤིང་མངར་ཨུཏཔལ་སེང་ཕྲོམ་བཅད། །བིལྦ་ཙན་དན་ལ་ལི་ཀ། །དབྱི་མོང་གླ་སྤང་བོང་དེ་དཀར། །པཏ་ཡ་པཀྵ་རའི་མཆོག། སྐྱེར་བཤད་ཚ་ཙི་ཏྲཀ། དོང་ཀྲ་སྤང་སྤོས་ཐང་ཤིང་དང། །ཙང+?་རི་ཡི་ཁུ་བ་མར ་བསྐོལ་བས་དེ་ནི་ཉེས་གསུམ་འཇོམས། །གཞང་འབྲུམ་ཚད་འཁྲུ་ཕོ་བའི་ནད། །སྐྱ་རྦབ་ན་དང་ཡིག་འཆུས། །གཅིན་སྲི་གཞང་ནི་ཉམས་བ་དང། །ཆུ་སོ་སྤོ་དང་མཁྲིག་པ་དང། །བེ་སྣབས་འཁྲུ་དང་གཞང་འབྲུམ་གཟེར། །དེ་བླུད་སྐན་གྱི་དམ་པ་ཡིན། །རིམས་ཀྱིས ་མངལ་ཞིང་སྐུར་བ་དང། །གྲང་དྲོ་ལ་སོགས་རྟག་ཏུ་ནི། །མེ་དྲོད་སྟོབས་ལས་བལྟོས་ཏེ་བཏང། །གཞང་འབྲུམ་ནང་ལས་རྒྱལ་བར་བྱེད། །རྟུག་སྐམ་གྱིས་ཉེན་ཏིལ་མར་ནི། །གྲང་པའི་རིམས་ལ་ཕན་བ་བསྐུ། །རླན་དུགས་སྣམ་ཅན་གྱིས་དུགས་བྱ། །དེ་ནས་? ་གཞུག་བྱ་སྟེ། །ཤ་མ་དུར་བྱེད་དནད?་དང། །ནི་ལི་ནི་འབྲས་པི་པི་ལིང། །པོ་སོན་ཆ་ལན་ཚྭ་ཉིས་འགྱུར། །ཁྱེར་བཏགས་བུ་རམ་བ་གཅིན་སྦྱར། །མར་བསྐུས་རིང་བུ་མཐེ་བོང་ཙམ། །བཅུག་ན་རྟུག་སྐུམ་བདེ་འབྱུང་བྱེད། །པི་པི་ལིང་དང་པོ་སོན་ཆ། །ཁྱིམ་གྱི་རུང?་པ ་ཡུངས་ཀར་བཅས། །འདི་དག་ཉིད་ཀྱི་ཕྱེ་མ་ནི། རྐུབ་ནས་གཅེའུ་བུད་པར་བྱ། །དེ་དོན་མེད་ན་རབ་སྣོ་སྣུམ། །མས་བཏང་བས་ནི་བཙིར་ཏེ་བཏང། །དེས་དེའི་གཞང་རྩ་དྲང་པོར་བྱེད། །བཤད་གཅི་ཕྱིན་ནི་བྱེད་པར་འབྱུང། །སླར་ཡང་འགགས་ན་རླུང་འཇོམས་པའི། །བཀྲུ ་སྨན་སྣུམ་ཅན་བཏང་བྱ་ཞིང། །འཇམ་རྩི་དག་ནི་བཏང་བར་བྱ། །རྩུབ་པས་རླུང་ནི་རྟུག་སྐམ་འགྱུར། །ལན་ཚྭ་གསུམ་དང་ཚ་བ་གསུམ། །འབྲས་བུ་གསུམ་དང་དནྟི་དང། །བསྲེ་ཞིང་འབྲས་བུ་ཙི་ཏྲ་ཀ་།ཕྱེ་མ་མར་དང་སྠང ་རྩི་སྡུས?། །རྫ་སྐྱོགས་ཁ་སྦྱར་འཇིམ་པར་བྱུག། །དུབ་ནད་འཁྱིམས་བསྲེག་པར་བྱ། །ཐལ་བ་དགེ་བ་ཅན་ཞེས་བྱ། །མར་དང་ལྷན་ཅིག་བླུད་པར་བྱའམ། །འབྲས་ཆན་སྣུམ་དང་སྦྱར་དང་ཟོས། །རྟུག་སྐམ་འགགས་དང་གཞང་འབྲུམ་སྐྲན། ་སྐྱ་རྒ་བ་གླ་སྒང་བདེ་བཅིན་སྲི། །སྙིང་ནང་འོར་ནང་ཕོ་བའི་ནང། །གཅིན་རྙི་མཆིན་པ་གཟེར་དང་སྤོ། །ལུང་པ་དབུགས་མི་བདེ་བ་འཇོམས། །གཞང་འབྲུམ་ལ་ནི་གང་ཞིག་བཤད། །དེ་བཞིན་རྟུག་སྐམ་དག་ལའང་སྦྱར། །ཀ་རཉྫ་ཤུན་སྲ ་ནི་ཉིས་བརྒྱ་བཅུ། །བྲེ་བཅུ་དྲུག་བསྐོལ་བཞི་ཆ་ལུ་པ་དེར། །བུ་རམ་སྲང་ནི་བརྒྱད་བཅུ་ཚ་བ་གསུམ། །སྲང་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མ་གཞུག་།འདི་དག་ཟླ་གཅིག་བཞག་སྟེ་ལངས་གྱུར་ནས། །ཚ་བྱས་མཆོག་ཏུ་དྲོད་བསྐྱེད་ཟས་འཇུ ་བའི། །ནུས་བསྐྱེད་རླུང་བདེར་རྒྱུ་བྱས་གཞང་འབྲུམ་དང། །མཆར་ནད་སྐྲན་དང་དམུ་རྫིང་སེལ་བར་བྱེད། །བུ་ཏི་ཀ་རཉྫ་ནི་སྲང་བརྒྱད་དང། །ཙི་ཏྲ་ཀཎྜ་ཀ་རི་སྲང་ཉིས་བརྒྱ། །ཆུ་བྲེ་བཞི་བཅུ་བརྒྱད་བསྐོལ་བཞི་ཆ་ལུས། །བཙགས་ཏེ་བསྒྲངས་པར ་བུ་རམ་སྲང་བརྒྱད་བཞུག་།དྲི་སྣ་གསུམ་དང་ཚ་གསུམ་སེ་འབྲུ་དང། །པི་པི་ལིང་རྩ་བ་སྲུ་སྲུའི་རྩ་བ། །གུ་གུལ་མ་ནུའུ་སུ་དབྱི་མོང་དང། །ཐ་མའི་འབྲས་བུ་སྒེ་གཤེར་སྟར་བུ་ནི། །སྲང་རེ་ཞིག་ཏུ་བཏགས་པའི་ཕྱེ་མ་བསྐོལ། །བསྒྲངས་ནས་སྦྲང ་རྩི་སྲང་ནི་ཉི་ཤུ་གཞུག་།སྒེ་གཤེར་སྐྱུར་རྩི་ཆེན་པོ་རྒུན་འབྲུམ་རློན། །བུ་རམ་ཤིང་གི་ཁུ་བ་བཙིར་བས་བྱས། །མར་གྱི་སྣོད་བཅུད་ཟླ་གཅིག་བཞག་སྟེ་ལངས། །རྒྱུར་གྱུར་འདི་ནི་གཞང་འབྲུམ་སྲོག་སེ་སྟེ། །མེ་དྲོད་སྐྱེད་པར་བྱེད་པའི་མཆོག ་ཡིན་ལ། །སྐྱ་རྦབ་དབྱིག་དུག་དམུ་རྫིང་སྐྲན་མཆེར་པ། །ལྟོ་སྤོས་རྡེའུ་ཆགས་གཅིན་སྲི་འཇོམས་པར་བྱེད། །བི་ལུའི་ཁུ་བར་ས་བཙགས་བྲེ་བཅུ་དྲུག་།མར་གྱི་སྣོད་ཀྱི་ནང་དུ་བཅུག་ནས་ནི། །ད་ད་ཀི་དང་རྒུན་འབྲུམ་བྲ་གོ་དང། །སྐྱུ་རུ་ར་ཡི་འབྲས་བུ་སྲང་གཉིས་གཉིས། ་པ་ཏ་བོ་དང་དཀར་པོ་བྱ་ཚོར་བ། །སྟར་བུ་ཚབ་གསུམ་དང་ཤིང་ཚ་དང། །སུག་སྨེ་ལ་འུ་སུ་སྦྲི་ཀ་ཀ་ཀོ་ལ། །ལི་ཤི་པི་པི་ལིང་རྩ་བ་ཊཱཾ་ཀ། ཀྲུ་ཏྲུ་ག་ཏྲེས་སྲང་རེ་རེ་བུ་རམ་ནི། །སྲང་བརྒྱད་རླུང་མེད་གནས་སུ་ཟླ་ཕྱེད་བཞག་།དེས་ནི་གཞང་འབྲུམ་སྒྲ་བཅས་ཞི་བྱེད་ཅིང།། ་མེ་ཡི་སྟོབས་ནི་མྱུར་དུ་སྐྱེད་པར་བྱེད། །ཡང་ན་རྩ་བ་བཅུ་པ་དུར་བྱེད་དང། །པ་ཏ་ཀརྐ་གཉིས་དང་བོང་ད་དཀར། །ཀཏཔ་ལ་རྣམས་རེ་རེ་སྲང་བཅུ་བཅུ། །སྔ་མ་བཞིན་དུ་བསྲེགས་པའི་ཐལ་བ་ནི། །ཆུ་དྲེ་བཅུ་དྲུག་ནང་དུ་བསྐོལ་ནས་ནི། །བཞི་ཆ་ལུས་པར་བུ་རམ་སྲང་བརྒྱད ་དང། །ཚ་བ་གསུམ་དང་དབྱི་མོང་ཨ་རུ་ར། སྲང་ལྔ་ཙི་ཏྲ་ཀ་ནི་སྲང་གཉིས་དང། །ཡ་བཀྵ་ར་སྲང་གཉིས་བཅུག་སྟེ་བསྐོལ། །གཟར་བུར་ཆགས་པའི་བུ་རམ་ལྡེ་གུ་ཡིས། །སྐྲན་དང་མཆེར་ནད་གཞན་འབྲུམ་མཛེ་ནད་དང། །གཅིན་དང་མེ་དྲོད་ཉམས་པ་འཇོམS ་པར་བྱེད། །ཙི་ཏྲ་ཀ་ཡི་རྩ་བ་སྲང་ལྔ་བཅུ། །ཆུ་སྲང་དྲུག་བསྐོལ་བ་ཡི་བརྒྱད་ཆ་ལུས། །དེ་ནི་བུ་རམ་རྙིང་པ་སྲང་བརྒྱད་གཞུག། སླར་བསྐོར་སྐ་བར་གྱུར་པ་དེ་ནང་དུ། །ཚ་བ་གསུམ་དང་ཤུ་ཏི་ཨ་རུ་ར། །རུ་རྟ་གླ་སྒང་ཤིང་ཚ་བི་ཊཱཾ་ཀ། ཙི་ཏྲ ་ཀ་དང་སུག་སྨེ་ལ་ཕྱིར་བཏགས་བསྲེས། །དེ་ནི་གཞང་འབྲུམ་མཛེ་དང་སྐྲན་དང་ནི། །མཆེར་པ་དམུ་རྫིང་ནང་ནི་འཇོམས་བྱེད་ཅིང། །རྟག་ཏུ་བསྟེན་ན་མེ་དྲོད་སྐྱེ་བར་བྱེད། །ཚ་བ་གསུམ་ཏིལ་འབྲས་བུ་གསུམ། །བིཊའདཀ?་དང་གོ་བྱེད་ཙིཏྲ་ཀ་བུ་རམ་རིལ ་ར་བུ་བྱས་ཏེ་གཞང་འབྲུམ་དང། །པགས་པའི་ནང་ནི་སེལ་བར་བྱེད་པ་ཡིན། །སོར་ན་ཡི་རྩ་བ་ཁུ་སྦྱར་བཅུག་།འཇིམ་པས་བསྐུས་ཏེ་ཆོ་ག་བཞིན་བསྲེགས་པས། །ལན་ཚ་ཏིལ་མར་བཅས་པ་ཟོས་གྱུར་ན། །གཞང་འབྲུམ་སེལ་བར་བྱེད་པ་དམ་པ་ཡིན། །ན་ལེ ་ཤམ་དང་པི་པི་ལིང་དོང་ཀྲ་ཀྲུ་ཀྲུག་ཏྲེས་ནི་ཆ་རེ་བསྐྱང་པ་དང། །ཙི་ཏྲའི་བཞི་འགྱུར་སུ་རན་དང་སྦྱར། །བུ་རམ་རིལ་བུས་གཞང་འབྲུམ་གཅོད་པར་བྱེད། །སོར་ན་ཡི་བཅུ་དྲུག་ཆ་བཏགས་ཤིང། །ཙིཏྲ་ཀ་ནི་དེ་ཡི་ཆ་བྱེད་བྱ། །བཅའ་སྒྲ? ་ཆ་གཉིས་ན་ལེ་ཤམ་ཆ་གཅིག། བུ་རམ་རིལ་བུ་བཅས་པས་གཞང་འབྲུམ་སེལ། ། རུ་ར?་དང་དོང་གྲ་བི་པི་ལིང། །ཀ་རཉྫ་དང་བི་ཏྲ་བི་ཊཱཾ་ཀ། ཀ་ར་མཉམ་ཕྱེ་རྒོད་མའི་ཁ་ལྟ་བུར། །ཟས་ཅི་མང་དུ་ཟས་ཀྱང་འཇུ་བར་བྱེད། །དུག་མེ་ཉུང་ལཾ་ག་ལི་? ་ལིང། །ཙི་ཏྭ་ཀ་དང་ཨ་བ་མརྒ?་ཡི། །ས་བོན་རྩ་མཁྲིས་རྒྱ་མཚ་རྣམས། །རིལ་བུ་བཅས་པ་གཞང་འབྲུམ་སེལ་བར་བྱེད། །གལ་ཏེ་གཞང་འབྲུམ་གཞིག་པར་འདོད་ན་ནི། །རྒྱམ་ཚ་ཙི་ཏྲ་ཀ་དང་དུག་མོ་ཉུངས། །ཙི་རི་བི་ལྦ་ནིམྦ་བཅས་པ་དག། ་བཏགས་པའི་ཕྱི་མ་དར་བར་བཅས་པ་བཏུང། །གཞང་འབྲུམ་སྐམ་ལ་བ་ལ་ཏེ་ཀ་སྟེ། །གཤེར་ལ་དུག་མོ་ཉུང་ཤུན་སྨན་མཆོག་ཡིན། །ཀུན་ལ་དུས་ཀུན་ཏུ་ནི་དར་རྙིང་མཆོག། སྟོབས་སྐྱེད་བྱེད་ཅིང་ནང་རྣམས་འཇོམས་པ་ཡིན།། ་རྟུག་པ་འགགས་པ་བསལ་བར་བྱ་བའི་ཕྱིར། །རླུང་སེལ་མི་དྲོད་སྐྱེད་པར་བྱེད་བ་ལ། །བཟའ་དང་བཏུང་བ་གང་ཡིན་དེ་བསྟན་བྱ། །དེ་ལས་གོ་བཟློག་བ་ནི་སྤང་བར་བྱ། །གཞང་འབྲུམ་ཚང་འཁྲུ་ཕོ་བའི་ནད་རྣམས་ནི། །ཕལ་ཆེར་ཕན་ཚུན་རྒྱུར་གྱུར ་ཡིན་བས་ན། །མེ་དྲོད་ཆུང་ན་སྐྱེ་བའི་ཚེ་ན་མིན། །དེ་བས་དེ་ལ་མཆོག་ཏུ་མེ་དྲོད་བསྲུང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་བ་ལས། །གསོ་བའི་གནས་ཀྱི་ལེའུ་བརྒྱད་པའོ།། །།དེ་ནས་འཁྲུ་བ་གསོ་བའི་ལེའུ་བཤད་པར་བྱའོ། །འཁྲུ་བ ་ཕལ་ཆེར་མ་ཞུ་བའི། །གནས་བརྟེན་མེ་དྲོད་ཉམས་པ་ལས། །འབྱུང་པ་དེ་བཞིན་རླུང་འགྱུར་དང། །དང་པ་སྨྱུང་བ་བྱས་པ་ཕན། །གཟེར་དབེ་བད་ཀན་གྱིས་ཉམས་ཐག། འཁྲུ་བ་ཅན་ནི་སློན་དུ་གཞུག་།ནད་ནི་གང་ཞིག་སོགས་པ་དག། །མ་སྨིན་ཟས ་ཟས་དང་འདྲེས་གྱུར་ན། །འཁྲུ་བ་དག་ནི་འབྱུང་འགྱུར་ཏེ། །ཤིན་ཏུ་སློངས་ཏེ་འབྱུང་འགྱུར་དང། །རང་ཉིད་འཁྲུ་བྱེད་དེ་ལ་ནི། །བཏང་སྙོམས་བཞག་པ་དེ་ཉིད་ཕན། །མ་ཞུ་འཁྲུལ་དང་པོར་ནི། །གཅོད་པའི་སྨན་ནི་བཏང་མི་བྱ། །གལ་ཏེ་འགགས་བྱེད་ལྟོ ་སྤོས་ལྕི། །གཟེར་དང་ཚོར་བ་ཆུང་འགྱུར་ལ། ། རུ་ར་བཏང་ནད་འཁྱིལ་བ། །འབྱིན་བས་སྲོག་ནི་སྟེར་བྱེད་ཡིན། །ནད་ཚ་བས་འབྲིང་ལ་ཁྱད་པར་དུ། །བུ་ཏི་ཁ་ཏིབ་པ་ལིང། །བཅས་སྒ་ཤུ་དག་ཨ་རུ་ར། །འུ་སུ་ལེགས་པར་བསྐོལ་བ་བླུད། །ཡང་ན་བིལ་བ ་འུ་སུ་དང། །གླ་སྒང་དོན་ག་བ་ལི་ཀ་།བ་ཐ་ཤུ་ཐག་ཁ་ནུ་ཆ། །དོང་ཀ་བི་ཏང་ཨ་རུ་ར། །བཅའ་སྒྲ་གླ་སྒང་བོང་ད་དཀར་ཁི་ལྦ་ཤིང་ཀུན་དུག་མོ་ཉུང། །ནད་གཞི་ཆུང་བའི་ཆག་འཁྲུལ། །སྨྱུང་བ་བྱས་བ་བསྔགས་བ་ཡིན། །ཡང་ན་ཤུ་དག་བོར་བ་དཀར ་གླ་སྒང་པར་བཏ་བསྐོལ་བའམ། །བ་ལི་ཀ་དང་དང་དོང་གྲ་ནི། །བསྐོལ་བའི་ཆུ་དག་བླུད་པ་བྱ། །བསྲས་ཤིང་ཉམས་ཆུང་ཟས་དུས་སུ། །བ་ཟས་ཡང་བ་རིགས་བས་སྦྱིན། །དེས་དའི་ཁ་ཟས་ཡི་གར་འང། །མེ་དྲོད་ལུས་སྟོབས་སྐྱེད་པར་བྱེད། །དར་བའམ ་རང་སྐྱུར་དག་གམ་ནི། །ནས་ཐུག་དག་གི་སྐྱོ་མ་འམ། །ཆ་དང་མ་རྒུན་ཆང་དག་གིས་ནི། །བཏུང་བ་གང་འོས་ཉེར་སྤྱད་བྱ། །ཁ་ཟས་བྱིན་པའི་འོག་ཏུ་ནི། །ཁིལྦ་གཞོན་ནུ་ཟུར་བ་དཀར་།འུ་སུ་ཤིང་ཀུན་བཏིག་སེའུ། །ཟི་ར་སྤ་འབྲས་པ་ལ་ཤ་།ལ་ལ ་པུང་དང་ཁ་རུ་ཚ། །རྒྱམ་ཚ་རྩ་བ་ཆུང་ངུ་ལྔ། །ཚ་བ་ལྔ་དང་པ་ཐ་སྟེ། །སྨིན་གཅོད་དྲེད་ནི་སྐྱེད་པར་བྱེད། །བད་ཀན་མཁྲིས་པའི་ཤས་ཆེ་ལ། །ས་ལ་བརྣ་བི་དང། །བིལྤ་བྲིསྣ་བྲྞི་དང། །སེ་འབྲུ་བསྐོལ་བའི་ཐུག་པ་ཕན། །བི་བི་ལིང་རྩ་ཨ་རུ ་ར། །ཐུག་བས་རླུང་ནི་བདེ་རྒྱུ་བྱེད། །ནད་གཞི་མངལ་འགགས་པ་དང། །མེ་དྲོད་ཆེ་བར་གང་ཞིག་འཁྲུ། །པི་པི་ལིང་དང་འབྲས་བུ་གསུམ། །བི་ཊཱཾ་ཀ་བསྐོལ་བཀྲུ་སྨན་བཏང། །སྦྱང་བྱས་ནས་ནི་བ་དྲག། །རླུང་འཇོམས་མེད་ན་བསྐྱེད་ ་པ་བླུད། །གང་ཞིག་མ་ཞུ་སྨིན་གྱུར་དང། །མེ་དྲོད་སྐྱེས་ནས་འཁྲུ་གྱུར་ཞིང། །འབྱར་བག་ལྦུ་ཅན་ནད་བཅས་པ། །སྲི་ཞིང་ཡང་དང་ཡང་དུ་ནི། །ཡང་ཡང་འཁྲུ་ཞིང་བཤད་ཆུང་བ་འམ། །བཤད་བས་མ ་འདྲེས་མཁྲེག་བཅས་ལ། །ཞོ་དང་འོ་མ་མར་ཏིལ་མར། །བཅའ་སྒ་བུ་རམ་བཅས་པ་བླུད། །ཡང་ན་རྒྱུ་ཤུག་འབྲས་བུ་སྤངས། །བུ་རམ་ཏིལ་མར་ལྡན་པ་སྦྱིན། །བཤད་བ་སྲི་ལ་ཕན་ཚོད་མ། །སྣུམ་མང་དེ་བཞིན་ཤ ་ཁུ་དང། །ཞོ་དང་སེ་འབྲུ་གཡོས་པ་དང། །ས་ལུའི་འབྲས་ཆན་མ་ཤ་ཏིལ། །མུངྒ་ལེགས་པར་གཡོས་པའི་ཟས། །དེ་ནི་བཀྲེས་བར་གྱུར་ཚ་སྦྱིན། །ཟུར་བའི་རྩ་བ་ཀ་པི་ཏ། །པ་ཧ་ས་སྟི་ཀའི་ཚོད་མ། །ཤུ་ཤ་ལ་ལ་ཕུང་དང་ནི། །ཀརྐ ་རུ་དང་སྲིང་གི་ནི། །ཡང་ན་ཚིར་བྱི་ཏ་ཡང་རུང། །ུ་པོ་ཏ་ཀ་ཛཱི་བཾ་ཏི། བ་གུ་རྩེ་དང་རྒྱ་སྣེའུ་དང། །ལྕམ་པ་འམ་ཡང་ན་ཨེ་རཎྜ། ལོ་ན་ཀ་ཡི་ཁུ་བ་དང། །རུས་སྦལ་བྱེའུ་ལོ་བ་ཀ། རྨ་བྱ་སྲེག་པ་ཁྱིམ་བྱ་ཡི། །ཤ་ཁུ་དང་ཡང་སྦྱིན་པར ་བྱ། །བིལྦ་བ་གླ་སྒང་བ་རུ་ར། །བཅའ་སྒང་དཀའ་ཨི་མེ་ཏོག། །དར་བ་བསྐོལ་བ་ནས་ཐུག་གམ། །ཞོ་དང་སྦྱར་བར་འཁྲུ་བ་སེལ། །ཀ་བིཏྟ་དང་ཀ་ཙུ་ར། །ག་བྲའི་རྩ་བ་ཡུ་ཏི་དང། །ནྱ་གྲོ་དྷ་དང་རྡོ་དྲེག་དང། །སེ་འབྲུ་གསོ་མ་རས་བལ་དང། ་ཤལམ་ལི་ཡི་ལོ་མ་ཕན། །བིལྦ་གཞོན་ནུའི་ལྡེ་གུ་དང། །ཏིལ་བཏགས་ལྡེ་གུ་ཡང་དེ་དང་མཉམ། །ཞོ་ཡི་སྤྲི་སྐྱུར་སྣུམ་བཅས་དང། །སྦྱར་དུག་མཁྲེག་པ་འཇོམས་པར་བྱེད། །འུ་སུ་ཟིར་ན་ལེ་ཤམ། །ད་ཏྲིག་ཟུར་བ་ཁ་རུ་ཚ། །སེའུ་འབྲུ ་པ་ཏ་དད་ཀི། །འབྲས་གསུམ་ཚ་ལྔ་ཀ་པི་ཏ། །ནས་ཚིག་འཁུས་ཐལ་ལ་ལ་ཕུད། ། མྲ་འཛམ་བུའི་འབྲས་བུའི་རྐང། །བིལྦ་དྲུག་འགྱུར་ལྡེ་གུར་བཏགས། །ཞོ་དང་བུ་རམ་མུངྒའི་ཁུ། །ཏིལ་མར་མེར་དང་གཡོས་པ་དག། གཞན་གྱིས་མི ་ཐུབ་སྦྱར་དུག་འདི། །དྲོད་བསྐྱེད་སྨིན་བྱེད་འཁྲུ་བ་གཅོད། །ཡིག་འབྱེད་ཅིང་མཁྲེག་པ་སེལ། །རྒྱ་ཤུག་བིལྦ་གཞོན་ནུ་དང། །ལྡེ་གུ་འབྲས་དང་ནས་དང་ནི། །མུངྒ་མ་ཤ་ཏིལ་རྣམས་དང། །འབྲུ་ཡི་ཡུ་ཤར་རྣམ་པར་བརྟག། །བཤད་བ་ཟད་ཅིང་ཁ་བསྐམས་ལ།། ་ཞོ་དང་སེ་འབྲུའི་ཁུ་བ་དང། །མང?་དང་ཏིལ་མར་ལྷན་ཅིག་བརྔོས། །འབྲས་ཆན་དེ་དང་སྦྱར་བ་ནི། །བཤང་ཟད་ཁ་ནི་བསྐམས་ལ་སྦྱིན། །ཡང་ན་ཞོ་སྤྲིས་སྣུམ་གཉིས་བརྡོས། །བུ་རམ་བཅའ་སྒ་བཅས་པ་སྦྱིན། །ཡང་ན་ཆད་ནི་སྣུམ་གཉིས་བརྡོས། །ཚོད ་མའི་དོང་དུ་སྦྱིན་བའམ། །འབྲས་བུ་སྐྱུར་པོ་སྣུམ་གཉིས་བརྡོས། །སྒོག་པ་ལ་བྱས་ཡུ་ཤ་འམ། །སྣུམ་གཉིས་དང་བརྔོས་ཕྱེ་ཟན་ནི། །ཚ་བ་གསུམ་གྱི་ཕྱི་བཏབ་སྦྱིན། །དེ་བཞིན་མ་ཤ་ལེགས་བཙོས་པ། །མར་གྱི་སྙིང་པོ་བླུགས་པའམ། །དེ?་ཐུག ་ལུག་ཐུག་དག་གི་ཤ། བཅོས་ཏེ་བཙིགས་པའི་ཁུ?་བ་དང། སེའུ་འབྲུའི་ཁུ་བའི་ཆུ་དང་ནི། །འུ་སུ་དང་ཀྲ་སྣུམ་བཅས་བསྐོལ། །ས་ལུ་རྩ་སྣར་བཅས་པ་ནི། །ཟ་ཞིང་དེ་ཉིད་འཐུངས་པ་ཡིས། །རྟུག་པ་ཟད་པ་ལས་བྱུང་བའི། །ནད་ལས་མྱུར་དུ་ཐར་བར་འགྱུར ་བུར་མི་ཏིལ་མང་བིལྦ་གཞོན། །པི་པི་ལིང་དང་བཅའ་སྒ་ཡི། །ལྡེ་གུས་རླུང་གིས་གནོད་གྱུར་པའི། །གཟེར་ཐབས་མཁྲེག་དང་བཅས་པ་སེལ། །སང་ཕྲོམ་ཤུན་ལྤགས་?་དཀའ་ཨི་།མེ་ཏོག་རྒྱུ་ཤུག་འདབ་མ་རྣམས། །ཞོ་སྤྲིས་སྦྲང་རྩི་ཀ་པི་ཏའི། །ཁུ་བར ་སྦྱར་བ་བླུད་ན་ཕན། །རླུང་གིས་རྟུག་འགགས་ཤེས་ཆེར་ནི། །ན་ཞིང་མཁྲིགས་པར་བྱེད་པ་དང། །བ་སྣབས་ཁྲག་བཅས་སྐོམ་གདུངས་ལ། །འོ་མཚིམ་པར་བླུད་ན་ཕན། །ཏིལ་མར་མར་གྱི་སྟེང་དུ་ནི། །གཞོས་མ་ཐག་པའི་འོ་མ་བླུང། །ཡང་ན་ཨེ་རཎྜའི ་རྩའམ། །བིལྦ་གཞོན་ནུ་བསྐོལ་བ་བླུད། །གླ་བསང་ཉི་ཤུ་འོ་མ་ཡི། །སུམ་འགྱུར་གྱི་ནི་ཆུ་བསྐོལ་བ། །འཁྲུ་བ་གཟེར་བཅས་སེལ་བར་བྱེད། །པི་པི་ལིང་དམན་ལེ་ཤམ། །ཞིབ་ཏུ་བགས་པའི་ཕྱི་དང་བྱིན། །དེ་ནི་ཡུན་རིངས་གནས་པ་ཡི། །མཁྲེག་པ་སེལ? ་བར་བྱེད་པར་འགྱུར། །མ་ཞུ་མེད་ཅིང་གཟེར་གྱིས་ཉེན། །སྨྱུང་བ་ལ་སོགས་པས་ཉམས་སྨད། །ཁོང་རྩུབ་མེ་དྲོད་བརྟགས་ནས་ནི། །མར་ནི་ཐལ་སྨན་རྣོ་བཅས་སྦྱིན། །ཡང་ན་རྩ་བ་ཆུ་བསྐོལ་ཆུ། །ཞོ་དང་ཆང་གི་དངས་མར་བསྐོལ། །ལྕེ་མྱང ་ཚ་དང་ཚ་བ་ལྔ། །ཏིལ་མར་འཕྲལ་དུ་ནང་འཇོམས་བྱེད། །བཅའ་སྒྲ་སྲང་དྲུག་པི་པི་ལིང། །མུ་ལ་ཀྲུ་ཏྲུག་ཏེས་རྒྱམ་ཚ། །སྲང་གཉིས་ཏིལ་མར་བྲེ་གང་དང། །ཞོ་དང་བསྐོལ་བའི་ཏིལ་མར་ནི། །འཁྲུ་བའི་ནད་ནི་སེལ་བྱེད་ཡིན། །ཤ་དང་འོ་མར་ཕྱོགས་གཅིག། ་བཏུང་དང་འཇམ་རྩི་བསྐུ་བ་རུ། །ཏིལ་མར་འབའ་ཞིག་ཕྱོགས་གཅིག་སྦྱར། །བཤད་མཁྲེགས་གཟེར་ནི་འཇོམས་བྱེད་ཡིན། །དེ་ནི་རླུང་སེལ་མཆོག་ཡིན་ལ། །རླུང་མཁྲུགས་མ་གཏོགས་གཟེར་མི་འབྱུང། །ཁམས་གཞན་འཇོམས་པས་འབར་གྱུར ་པ། །རླུང་ནི་རང་གནས་བརྟེན་ཁྱབ་སྟེ། །མེ་དྲོད་ཆུང་ལ་ཏིལ་མར་ནི། །སྦྱར་བས་བདེ་བར་བྱེད་པའི་མཆོག་།ཏིལ་མར་བཅས་པ་རླུང་གནས་སུ། །མཁྲེགས་པ་གནས་པར་མི་འགྱུར་རོ། །དྲི་མ་ཟང་ཅིང་ནང་གཞན་རང་གི་ནི། །གནས་ལས་འཕོས་པས ་རླུང་ནི་སྟོབས་ཆེ་བ། ཁོང་པ་གཟེར་ཞིང་མཁྲེག་པར་བྱེད་པ་ལ། །ཕྱི་ནང་ཏིལ་མར་མས་བཏང་སུ་ཞིག་འཚོ། །གཞང་ནི་འབྱུང་བར་གྱུར་བ་ལ། །འོ་མར་བསྐོལ་བའི་མར་རྒྱ་ཤུག། སྐྱུར་བའི་ཙིངྒ་རིའི་ཁུ་གཞོ་དང་དོང་ཀྲར་བཏགས་པ་བླུང། །སྐྱུར ་བ་དེ་ཉིད་བཅུག་པ་དང། །འུ་སུ་ན་ལེ་ཤམ་ཟིར། །ཁ་རུ་ཚ་དང་ཚ་བ་ལྔ། །སེའུ་འབྲུ་དག་དག་སྦྱར་བ་ནི། །ཞིག་ཏུ་བཏགས་པའི་ལྡེ་གུ་ཕན། །རྩ་བ་བཅུ་པ་བསྐོལ་བ་ཡི། །ཟུར་བ་ཤུ?་ཏིའུ?་རྟ་འམ། །ཤུ་དག་ཙི་ཏྲ་ཀ་སྦྱར་བའི་སྣུམ་གྱི་འཇམ་རྩི་བཏང ་བར་བྱ། །མཁྲེག་དང་གཞང་ནི་འབྱུང་བ་དང། །གཅིན་སྲི་རྐེད་བ་ན་བ་ལ། །མངར་དང་སྐྱུར་བར་བསྐོལ་བ་ཡི། །མར་རམ་ཏིལ་མར་འཇམ་རྩི་བཏང། །གཞང་འབྲུམ་གཞུག་པ་དགའ་བ་ལ། །བསྐུ་ཞིང་དུགས་ནི་འཇམ་བྱ་ས་གཞུག། །དབུས་སུ ་ཕུག་པའི་པགས་པ་ནི། །འུར་ཐིལ་འཆིང་བ་དག་ཀྱང་བྱ། །རྩ་བ་ལྔ་ཡི་ཆེན་པོ་ཡི། །ཁུ་བ་དང་ནི་འོ་མར་བསྐོལ། །བྱ་བ་རྒྱུ་མ་བཏོན་པས་ཀྱང། །རླུང་འཇོམས་ལྡེ་གུ་ལྟ་བུ་བྱ། །ཏིལ་མར་བསྐོལ་གཞང་འབྱུང་བ་ལ། །བཏུང་དང་བསྐུབས་དེ་གསོ ་བྱག?་མཁྲིས་པ་མ་ཞུ་རྣོ་དང་དྲོ། །སྤངས་ལ་སྔོན་བཞིན་སྨྱུང་བ་བྱ། །སྐོམ་བྱས་ཡན་ལག་དྲུག་པའི་ཆུ། །རྩ་མཁྲིས་ཐལ་ཏྲེས་བཅས་པ་བླུད། །བཀྲེས་ན་ཁ་ཟས་ཐུག་པ་སོགས། །གྲི་ཧི་སོགས་ཉའུ་ཤིང། །ཁ་ལ་རྣམས་གཉིས་བརྞི་གཉིས།། ་བསྐོལ་བ་དྲོང་སྐྱེད་བྱེད་པ་ཕན། །བླུང་ཀྱང་རྗེས་སུ་འབྲེལ་གྱུར་ན། །དུག་མོ་ཉུང་ཤུན་འབྲས་བུ་དང། །བོང་ད་དཀར་པོ་བཅས་བཏགས་ཕྱེ། །སྦྲང་རྩི་བསྲེས་པ་འབྲས་ཆུ་བླུད། །པ་ཏ་དུག་མོ་ཉུང་ཤུན་འབྲས། །སྐྱེར་པ་པི་པི་ལིང་རྩའམ། །བོང་ང་བིལྦ་དུག ་མོ་ཉུང། །གླ་སྒང་བ་ལི་ཀ་བསྐོལ་བ་འམ། །ཡང་ན་བོང་ང་བཀར་མུར་བ། །སྐྱེར་པ་དངུལ་རྡོ་དུག་མོ་ཉུང། །བོང་ང་བཅའ་སྒ་དུག་མོ་ཉུང། །གླ་སྒང་ཀཏཔལ་སྦྲང་རྩིར་བཅས། །དུག་མོ་ཉུང་གི་ས་བོན་ནི། །སྲང་གཅིག་བསྐོལ་བའི་ཁུ་བ་བླུད། །གང་ཞིག་ཤ ་ཁུ་བཅས་སྦྱར་ཟ། །མཁྲིས་བཅས་ལྟོ་བའི་ནང་སེལ་འགྱུར། །དེ་བཞིན་གླ་སྒང་བསྐོལ་བའི་ཁུ། །སྦྲང་རྩིར་སྦྱར་བ་བླུད་པས་ཕན?། །ཤལམ་ལི་ཡི་འདབ་མའི་རྩ། །བསྐོལ་བའི་ཁུ་བ་བསྒྲངས་བའམ། །རྩ་མཁྲིས་གླ་སྒང་དུག་མོ་ཉུང། །སྐྱེར་ཁཎྜ་དང་བཅས་པ་འམ ་ཡང་ན་སྐྱེར་པ་བ་ལི་ཀ། །བིལྦའི་རྐང་དང་བྱི་ཚེར་བ། །ཏིལ་དང་སེར་ཕྲོམ་མཉྫ་ར། །བཙོང་དང་པདྨ་ཨུདྤ?་ལ། །དོང་ཀྲ་ད་དཀའ་ཨི་མེ་ཏོག། །སེའུ་འབྲུའི་ཤུན་པ་ཨུཏཔལ་བཅས། །ཚིགས་བཅད་ཕྱེད་ཀྱིས་བཤད་སྦྱོར་བ། །སྦྲང་རྩིར་བཅས་པ་འབྲས་ཆུང་བླུད ་སྐྱེར་བ་སང་ཕྲོམ་དུག་མོ་ཉུང། །སུག་སྨེལ་?་སྨིན་འཁྲུ་སེལ། །སེར་ཕྲོམ་དང་ནི་ཨ་པརྟ། །པྲ་ཡི་ཀུ་སོགས་སྡེ་ཚན་དང། །བསྐོལ་བ་སོ་སོ་བླུད་དེ་བཞིན། །པུ་རྩེ་ཤེལ་དང་ཤིང་མངར་དང། །སེའུ་འབྲུའི་མྱུ་གུ་སྤྲ་ཡི་ཀུ། །ཞོ་དང་འུ་སུའི་འབྲས ་བུར་བཅས། །ཐུག་བ་ལྡེ?་གུ་སྦྱར་ཐུག་བྱ། །དེ་བཞིན་བིལྦ་ཀ་བི་ཐ། ། མྲ་འདམ་བུའི་རྐང་ལས་སྦྱར། །སྨིན་པའི་ཁུ་བར་རའི་འོ་མ། །མཆོག་ཏུ་ཕན་ཏེ་དེས་ཀྱང་ནི། །སྟོབས་ལྡན་ནད་གཞི་ཆེ་བའི་ཕྱིར། །མ་ཞི་ན་ནི་བཀྲུ་སྨན་བཏང། །རིམས ་ཀྱིས་བཤང་བ་ཁྲག་དག་ཏུ། །གང་ཞིག་འཁྲུ་བར་གྱུར་བ་ལའང། །པ་ལ་ཤ་ཡི་འབྲས་བུ་ཡི། །ཁུ་པ་དང་སྦྱར་འོ་མ་བླུད། །དེ་ནས་འོ་མ་དྲོ་འཇམ་ཙམ། །ཉམས་སྟོབས་ཇི་བཞིན་བླུང་བར་བྱ། །དེ་ནི་དྲི་མ་བསལ་བས་ན། །ལྟོ་ཡི་ནང་ནི་ཞི་བར་འགྱུར། །ཁྱི་ལྕེ་བ ་ཡི་སྦྱང་བ་ཡང། །བ་ལ་ཤ་ལྟར་སྦྱོར་བ་བྱ། །ཐུག་སོགས་རིམ་པ་བྱས་ཀྱང་ནི། །གལ་ཏེ་གཟེར་ནི་མ་ཞི་ན། །ཉེས་བསལ་དེ་ལ་མེ་དྲོད་སྟོབས། །ལས་དབགས་འཇམ་རྩ་མྱུར་དུ་བཏང། །ཤ་ཏ་བུཥཔ་ཉེ་ཤིང་དང། །བིལ་དང་ནི་ཤིང་མངར་དག ་མར་འོ་ཏིལ་མར་བཞི་ཆར་བཅོས། །བསྐོལ་བ་འཇམ་རྩིའི་སྨན་མར་ཡིན། །དེས་ནི་ཚ་འཁྲུ་མ་ཞི་ན། །སྦྱིན་བག་འཇམ་རྩི་མཆོག་ཏུ་ཕན། །ཤལམ་ལི་ཡི་ལོ་མ་རློན། །ཀུ་ཤ་རློན་པས་དཀྲིས་ནས་ནི། །ས་ནག་ལྡེ་གུ་བསྐུས་ནས་སུ་།ལྕི་བ ་སྐམ་བོའི་མནར་སྲེག། འཇིམ་པ་ལུས་པ་དེ་བཀོག་སྟེ། །གོང་བོ་དེ་ལས་སྲང་གཅིག་ཙམ། །འོ་མ་བྲེ་གང་ནང་དུ་མཉེ། །བཙགས་བ་དང་མར་རྒྱ་སྤོས་དང། །ཤིང་མངར་ལྔ་གུ་སྦྲང་རྩི་མར། །ཏིལ་མར་ལྡན་པས་འཇམ་རྩི་བྱ། །ཁྲུས་བྱས ་མ་འབྲས་ཆན་སྦྱིན། །ཡང་ན་སྐམ་སའི་ཤར་བུ་སྦྱིན། །མཁྲིས་པའི་ཚ་འཁྲུ་རིམས་དང་འོར་ནད་སྐྲན། །རླུང་ནད་ཁྲག་དང་བཅོ་བའི་ནད་སེལ་ཞིང། །འདི་ནི་བཀྲུ་སྨན་མས་བཏང་དྲག་པོ་ཡི། །སྦྱོར་བྱས་དྲག་ཏུ་འབྱུང་བ་འདུ་མྱུར་ཞི་བྱེད།། ་དུག་མོ་ཉུང་ན་བུ་རམ་ཕྲན། །ལྟར་བསྐོལ་དུག་མ་ཉུང་སོགས་སྡེ། །ཾ་བརྟ་སོགས་སྦྲང་རྩིར་བཅས། །ལྡེ་གུས་འཁྲུ་བ་ཐམས་ཅད་སེལ། །སྨིན་ཞིང་ནད་མེད་མི་དྲོད་ཆ། །ཁྲག་དང་བཅས་པར་རིང་ནས་འཁྲུ། །སྣ་ཚོགས་མདོག་ཏུ་འཁྲུ ་འགྱུར་བ། སྨན་འབུམ་བཅོས་པ་སྦྱར་བར་བྱ། །ཀཏཔ་ལ་ཡི་ཤུན་ལྡེ་གུ་།བིལྦའི་ལྭོ?་མས་དཀྱིས་ནས་ནི། །འཇིམ་པས་བསྐུས་དེ་མེ་ནང་བསྲེག། །ཁུ་བ་བཙིར་ལས་བསྒྲངས་བ་ནི། །སྦྲང་རྩི་འམ་ཁ་ར་བཅས་བ་རུ་།འཁྲུ་བ་ཅན་ལ་ཅི་རིགས་བླུད། །དེ་བཞིན ་འོ་མ་ཅན་ཤིང་ཤུན། །དེ་ཡི་མྱུ་གུ་ལས་ཀྱང་བྱ། །ཁྲ་ཤིང་མུན་པ་མར་དང་བཅས། །བསྐོལ་བའི་རླངས་བས་བཅོས་པ་ནི?། །སྦྲང་རྩི་བཅས་པ་ཚེ་འཁྲུ་བ། །སྟོབས་ཅན་དྲག་ཏུ་འབྱུང་བའང་སེལ། །མཁྲིས་པའི་འཁྲུ་བ་ཅན་གྱིས་ནི། །མཁྲིས་པ་སྐྱེད ་བྱེད་གང་སྟེན་པས། །དེ་ཡི་མཁྲིས་པ་འཁྲུགས་གྱུར་ནས། །ཁྲུག་གི་ཚད་འཁྲུ་སྐོམ་དང་རིམས། །འདེབས་ཤིང་གཞང་ཁ་མི་བཟད་འདྲུལ། །པདྨ་ཨུཏཔལ་ས་མང་གང་།མཉྫ?་ར་ས་བསྐོལ་བ་ཡི། །ར་ཡི་འོ་མ་དེ་ལ་ཕན། །ཐལ་ཏྲེས་ཤིང ་མངར་སང་འཕྲོམ་བ་འམ། །ནྱ་?་དྷ་སོགས་མྱུ་གུ་དང། །སྦྲང་རྩི་ཁ་ར་བཅས་བ་ནི། །བཏུང་བ་འམ་གཞག་པར་བླུགས་པ་ཕན། །དོ་བཞིན་ཤ་ཁུ་སོགས་སྐྱུར་མེད། །མར་བཅས་བསྒྲངས་བ་ཟས་སྐོམ་ཕན། །ཏདཔལ?་འབྲས་བུའི་ཁུ་བ་ནི། །ཅུང ་ཟད་སྐྱུར་ཞིང་ཀ་རར་བཅས། །ར་ཡི་འོ་མ་ཆུ་ཕྱེད་དང། །པཏཔ?་ལ་དོང་ཀྲ་བ་ལི་ཀ། པྲི་སྣ་པརྞི་ཁུ་བར་བཅས། །ཐུག་པ་ཁྲག་གི་ཚད་འཁྲུ་སེལ། །ཟས་ཀྱི་སྔོན་དུ་མར་སར་ནི། །སྦྲང་རྩི་ཁར་རར་སྦྱར་བ་བལྔག་།ཁྲག་འཁྲུ་ཚབས་ཆེ་ལ་?།། ་རི་དགས་ཁྲག་གི་མང་བརྔོས་སྦྱིན། །འོ་མ་དང་བཟའ་འོ་མ་བཏུང། །འོ་མ་སྲུབ་མར་ཞག་གསུམ་བསྟེན། །ཡང་ན་གོང་མ་སྲོག་གི་ནི། །ཤ་ཁུ་དང་ཟས་ནང་མེད་འགྱུར། །ཉེ་ཤིང་བཏགས་བ་འོ་མ་དང། །ལྷན་ཅིག་བླུད་ཅིང་འོ་མར་བཟའ་།། ་ཡང་ན་དེ་དང་བསྐོལ་བ་ཡི། །མར་གྱིས་ཚད་འཁྲུ་མྱུར་དུ་སེལ། །རྒྱ་སྐྱེགས་བཅའ་སྒ་བི་པི་ལིང། །སྐྱེར་བའི་ཤུན་བ་པུ་ཙེ་ཤེལ། །དུག་མོ་ཉུང་དང་བཅས་བསྐོལ་མར། །ཐུགས་སླ་ཐུག་པ་དང་སྦྱོར་བས། །ནད་གཞི་གསུམ་ལས ་བྱུང་བ་ཡི། །མི་བཟད་འཁྲུ་བའང་མྱུར་དུ་སེལ། །ས་ནག་དུང་དང་ཤིང་མངར་དང། །སྦྲང་རྩིར་ཁྲག་འབྲས་ཆུར་བླུད། །ཁྲག་ནི་འཁྲུ་བ་སེལ་བར་བྱེད། །པྲི་ཡ་ཀུ་དང་སྦྲང་རྩི་འང་ཕན། །ཏིལ་ནག་བཏགས ་པའི་ལྔ་གུ་དང། །ཤ་ཁ་ར་ནི་ཆ་ལྔ་ནི། །ར་ཡི་འོ་མར་སྦྱར་བ་བླུད། །འཕྲལ་དུ་ཁྲག་ཏུ་འཁྲུ་བ་སེལ། །ཁ་ར་སྦྲང་རྩི་ཙན་དན་བཅས། །འབྲས་ཀྱི་ཆུ་དང་བླུད་ན་ནི། །ཁོང་ཆ་སྐོམ་དང་གཅིན་ནང་དང། །ཁྲག་ཏུ་འཁྲུ་ལས་ཐར ་བར་འགྱུར། །གཞང་ཁ་ཚ་ཞིང་འདྲུལ་བ་ལ། །བསིལ་བའི་སྨན་གྱིས་བླུགས་ཤིང་བསྐུ། །གང་ཚེ་ཡང་དང་ཡང་དུ་འཁྲུ། །ཁྲག་ཉུང་གཟེར་དང་བཅས་པར་འཁྲུ། །རླུང་གིས་གགས་ནི་བྱས་གྱུར་པས། །སྐབས་འབྱུང་བ་མི་འབྱུང ་བྱེད། །དེ་ཚེ་དེ་ལ་སྦྱིན་བག་ནི། །འཇམ་རྩི་སྔར་བཤད་བཏང་བར་བྱ། །ཀརྡུ་ད་ར་ཤིང་ཤ་བ། །ལ་སོ་འོ་མ་ཆམ་ཆོམ་བརྡུངས། །ནས་དང་བསྐོལ་བའི་ཁུ་བ་དང། །མར་དང་འོ་མ་བཅས་པར་བསྐོལ། །སྦྱིན་བག་འཇམ་རྩི ་བཏང་ནས་ནི། །བེ་སྣ་པས་འཁྲུ་དང་གཞང་འབྱུང་དང། །མཁྲེག་ཨའི་ནད་རྣམས་སེལ་བྱེད་ཅིང། །སྐེམ་པོ་སྟོབས་ནི་སྐྱེད་པར་བྱེད།། སྟག་ཚེར་བ་དང་བསྐོལ་བ་ལི། །མར་གྱི་འཇམ་རྩི་བཏང་བར་བྱ། །དང་པོར་བཤད་པ་ཁྲག ་འདྲེས་འབྱུང། །ཡང་ན་ཕྱིས་ནི་འཁྲུ་གྱུར་པ། །དེ་ལ་ཉེམ་ཤིང་བསྐོལ་བའི་མར། །ལྟེ་གུའི་དོན་དུ་སྦྱར་བར་བྱ། །ཁ་ར་ཆ་ཕྱེད་དང་སྦྱར་ལ། །སྦྲང་རྩི་བཞི་ཆ་བཅུག་པ་ཡི། །མར་སར་ཕན་པའི་ཟས་ཟོས་ན། །ནང་མེད་མྱུར་དུ ་སེལ་བར་འགྱུར། །ུ་དུཾ་བ་ར་ནྱ་གྲོ་དྷ། ། ཤདཐ་ཡི་མྱུ་གུ་ནི། །བརྡུངས་ཏེ་ཞག་གཅིག་ཆུ་ནང་སྤངས། །མཉེས་ཏེ་བཙགས་པར་མར་བསྐོལ་ལ། །ཁ་ར་དེ་ཡི་ཕྱེ་བཏབ་ཅིང། །སྦྲང་རྩི་བཞི་ཆ་བཏབ་སྟེ་བླུད། །གང་ཞིག་ཁྲག་ནི ་ཐུར?་དུ་འམ། །གྱེན་དུ་འབྱུང་བར་བྱེད་ལ་སྦྱིན། །བད་ཀན་འཁྲུ་བ་རླུང་བཤད་པའི། །མ་ཞུ་སྨིན་བྱ་མཆོག་ཏུ་བྱ། །རྗེས་སུ་འབྲེལ་པ་དེ་ལ་ནི། །བིལྦ་གཞོན་ནུ་གླ་སྒང་དང། ། རུ་ར་དང་བཅའ་སྒ་བསྐོལ། །སྦྱིན་ཅིང་མི་དྲོད་བསྐྱེད་པ་ཟླུད། །ཤུ་ང་གདོང ་?་ཊཱཾ་ཀ། པུ་དི་ཀ་དང་ཐང་ཤིང་དམ་།པི་པི་ལིང་གཉིས་ཀྲུ་ཏྲུག་ཏྲེས། །པི་པི་ལིང་གི་རྩ་བ་འམ། །པ་ཏྲ་ཙི་ཏྲ་དུག་མོ་ཉུང། །ཤུ་དག་བི་པི་ལིང་རྩ་བ། །བུ་ཙ་ཤེལ་དང་ཨ་རུ་ར། །བསྐོལ་བ་འམ་ཡང་ན་བཏགས་པ་སྦྱིན། །བད་ཀན་ཚད་པར་འཁྲུ ་སྨད་བླུད། །ཁ་རུ་ཚ་དང་ཚ་བ་གསུམ། །ཤུ་དག་ཤིང་ཀུན་བོང་དེ་དཀར། ། རུ་ར་ཡི་ཆུ་ཚན་བཅས། །བད་ཀན་འཁྲུ་བས་ཉེན་ལ་བླུད། །ཀ་པིཏྟ་ཡི་རྐང་དང་ནི། །ཚ་གསུམ་སྦྲང་རྩི་ཤ་ཁ་ར་འམ། །ཀཏཔ་ལ་དང་སྦྲང་རྩིར་བཅས། །སྟོ་ཡི་ནང་ནི་སེལ་བྱེད་ཡིན། །པི ་པི་ལིང་དང་སྦྲང་རྩིར་བཅས། །ཙི་ཏྲ་ཀ་དང་དར་བར་བཅས། །བིལྦ་གཞོན་ནུ་བྱིན་ན་ཡང། །འཁྲུ་བའི་ནང་ནི་སེལ་བར་བྱེད། །པ་ཏ་གླ་སྒང་མོན་ཛ་ར། །བིལྦ་དོང་ཀྲ་དད་ཀ་འམ། །བུ་རམ་ད་རར་བཅས་པ་ཡིས། །འཁྲུ་བ་ཤིན་ཏུ་གསོ་དཀའ་ཨང་སེལ། །བི་པི་ལིང་རྩ ་ལ་ལ་ཕུད། །དྲི་བཟང་བཞི་དང་དོང་གྲ་དང། །ན་ལེ་ཤམ་དང་ཀྲུ་ཏྲུག་ཏྲེས། །འུ་སུ་ཟི་རབ་ལི་ཀ། །ཁ་རུ་ཚ་རྣམས་ཆ་མཉམས་དང། །ད་ཏྲིག་དང་ནི་དད་ཀི། །བིལྦ་དང་ནི་པི་པི་ལིང། །སེའུ་འབྲུ་དང་ནི་ལ་ལ་ཕུད། །སུམ་འགྱུར་ཀ་ར་དྲུག་འགྱུར་དང། །ཀ་བིཏྟ་ནི ་བརྒྱད་འགྱུར་བྱས། །ཕྱེ་མས་ཚད་འཁྲུ་ཕོ་བའི་ནད། །ཟད་བྱེད་སྐྲན་དང་ལྐོག་མའི་ནད། །ལུད་པ་དབུགས་མི་བདེ་དྲོད་ཉམས། །གཞང་འབྲུམ་ཆམ་པ་ཡི་ག་འཆུས་སེལ། །མིག་རྐང་དང་ནི་དྲི་སྣ་བཞི། །ཞོ་ནི་གཉིས་གཉིས་ལ་ལ་ཕུད། །འུ་སུ་ཟིར་ཞོ ་བཞི་བཞི། །པི་པི་ལིང་རྩ་ཚ་བ་གསུམ། །སྲང་ནི་རེ་རེ་སེའུ་འབྲུ་དང། །ཁ་ར་སྲང་བརྒྱད་ཅག་སྦྱར་འདི། །ཕྱེ་མ་སེའུ་འབྲུ་བརྒྱད་བ་ཡིན། །ཡོན་ཏན་གོང་མ་དག་དང་འདྲ། །ཁ་ཟས་རླུང་གིས་འཁྲུ་བར་བཤད། །སྦྱར་ཐུག་ལ་སོགས་ཅི་རིགས་སྦྱིན། །ན་ལེ ་ཤམ་དང་བི་ཊཱཾ་ཀ་།ཀ་བི་ཏ་དང་དོང་གྲར་བཅས། །ཙང་གི་རི་དང་རྒྱ་ཤུག་སྐྱུར། །སྦྱར་དུག་བད་ཀན་འཁྲུ་བ་སེལ། །བད་ཀན་ཟང་ལ་སྔར་བཤད་པའི། །རྒྱ་སྐྱེགས་ལ་སོགས་སྲང་དྲུག་པ། །ནས་ཐུག་དང་ནི་བསྲེས་པ་ཡི། །མར་ནི ་རྙིང་པ་སྦྱིན་པར་བྱ། །རླུང་དང་བད་ཀན་གྱིས་བཀག་པ། །བད་ཀན་ཤས་ཆེར་འཁྲུ་བའམ། །གཟེར་ཞིང་མཁྲེག་པར་བྱེད་བ་ལ། །སྦྱིན་བག་འཇམ་རྩི་བསྔགས་པ་ཡིན། །ཤུ་དག་བིལྦ་པི་པི་ལིང། །རུ་རྟ་ཤུ་ཏི་རྒྱ་མཚར་བཅས། །བིལྦའི་མར་རམ ་ཏིལ་མར་ནི། །ཤུ་དག་སོགས་དང་བསྐོལ་བ་བཏང། །བད་ཀན་རླུང་གིས་ཤས་ཆེར་གཟིར་།ཅུང་ཟད་དྲོ་བའི་འཇམ་རྩི་བཏང། །བད་ཀན་ཟད་ཅིང་ཡུན་རིང་དུ། །འཁྲུ་ཞིང་ཉམས་ཆུང་གྱུར་པ་ན། །རླུང་ནི་ངེས་པར་སྟོབས་ཆེ་བས།། ་རང་གི་གནས་ན་བརྟེན་ཏེ་སྐྱེ། །དེ་སྟོབས་ཆེ་བས་འཕྲལ་གསོད་བྱེད། །དེ་ཕྱིར་དེ་ནི་མྱུར་དུ་གསོ། །རླུང་གི་རྗེས་ལ་མཁྲིས་པ་སྟེ། །མཁྲིས་པའི་རྗེས་ལ་བད་ཀན་ནི། །གསོ་བ་འམ་གསུམ་ལས་དང་པོར་ནི། །གང་ཞིག་ཤས་ཆེར་གྱུར་པ ་གསོ། །འཇིགས་དང་མྱ་ངན་དག་ལས་ཀྱང། །མྱུར་དུ་འཁྲུབས་པས་དེ་ཕྱིར་དང། །རླུང་བསལ་བ་ཡི་གསོ་བ་དང། །དབུགས་དབྱུང་བ་དང་དགའ་བར་བྱ། །གང་ཞིག་གཅིན་མེད་ཕྱི་ས་དང། །ཕྱིན་ནི་འབྱུང་བར་འགྱུར་བ་དང། །མེ་དྲོད ་ཆེ་ཞིང་ལྟོ་བ་ཡང། །དེ་ཡི་ཁོང་ནད་ཞི་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ལས་ལེའུ་དགུ་པའོ།། །།དེ་ནས་པོ་བའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཕོ་བ་ལ་ནི་བརྟེན་པའི་ནད། །མ་ཞུ་བ ་ལྟར་གསོ་བར་བྱ། །འཁྲུ་བར་བཤད་པའི་ཆོ་ག་ཡིས། །དེ་ཡི་མ་ཞུ་སྨིན་པར་བྱ། །ཟས་ཀྱི་དུས་སུ་ནས་ཐུག་སོགས། །ཚ་བ་ལྔ་སོགས་ལྡན་པ་དང། །ཚ་བྲོ་ཡང་པའི་ཁ་ཟས་དང། །གཞན་ཡང་དྲོད་སྐྱེད་སྦྱོར་བ་སྦྱིན། །མ་ཞུར་ཐུག་བ་པོ་དང?་དཀར ་བཅའ་སྒ་སྐྱུར་དང་བཅས་པ་སྦྱིན། །བཏུང་བར་འཁྲུ་བ་ལས་བཤད་པའི། །ཆུ་དང་དར་བ་ཆང་སོགས་བླུད། །ཕོ་བའི་ནད་ལ་དར་བ་ནི། །དྲོད་བསྐྱེད་འཁྲུ་གཅོད་ཡང་བས་ན། །ཕན་ཏེ་ཞུ་རྗེས་མངར་བའི་ཕྱིར། །མཁྲིས་པ་རྐྱེད་པར་མི་བྱེད་དོ། །བསྐ་ཞིང་དྲོལ ་སྦྱོང་བྱེད་དང། །རྩུབ་ཕྱིར་བད་ཀན་ལ་ཡང་ཕན། །མངར་སྐྱུར་ཁ་བས་རླུང་ལ་ཕན། །བསྲུབས་མ་ཐག་ཏུ་ཚ་མི་བསྐྱེད། །སྐྱུར་བ་བཞི་པོ་བྲེ་གང་དང། །ཚ་བ་གསུམ་ནི་སྲང་གསུམ་དང། །རྒྱ་ཚ་སྲང་བཞི་ཁར་ནི། །སྲང་བརྒྱད་ཕྱེ་མར་བྱས་བ་དེ།། ་ཚོང་མ་སྲན་ཚོད་བཏུང་བ་སོགས། །བཏུང་ངོ་དྲུག་སོགས་ལ་ཡང་གདབ། །མ་ཞུ་ལུང་པ་དབུགས་མི་བདེ། །ཡི་ག་འཆུས་དང་སྐྲན་མཆིན་པ། །ཕོ་བའི་སྙིང་ནང་སྐྱ་རྦབ་འཇོམས། །དོང་གྲ་གླ་སྒང་བོ་དང་དཀར། །བསྐལ་བ་མ་ཞུ་སེལ་བྱེད་བླུད ་དེ་ཡི་ལྡེ་གུ་ཆུ་ཚན་ནམ། །བཅའ་སྒ་འམ་ཨ་རུ་ར་བཅས་བླུད།། ཤུ་དག་ལ་སོགས་རྒྱམ་ཚར་བཅས། །ཡང་ན་ཆང་དང་སྦྱར་བ་བླུད། །བཤང་བ་མ་སྨིན་འཁྲུ་བཅས་ལ། །སེའུ་འབྲུའི་ཆུ་དང་བཅས་པ་ཡི། །བིལྦ་དོང་ཀྲཙི་ཏྲ་ཀ། །ཁུ་རུ་ཚ་ན ་བཏགས་བ་སྦྱིན། །བད་ཀན་རླུང་གྱུར་བ་སྣབས་ཅན། །ཁོང་བ་གཟེར་ལ་དུག་མོ་ཉུང། །ཤིན་ཏུ་བོང་ང་ཁ་རུ་ཚ། །ཤུ་དག་ཨ་རུ་ར་ཆུ་དྲོན། །སྐྱུག་པའི་རྗེས་ལ་གཟེར་ཞིང་སྒོང། ། རུ་ར་དང་ཁ་རུ་ཚ། །ཟིར་ན་ལེ་ཤམ་བཅས་ཕྱེ། །ཆུ ་དྲོན་དང་ནི་བཅས་པར་བླུད་།དོ་དགྲ་པ་ཏ་པི་པི་ལིང། །ཐལ་ཏྲེས་འབྲི་ཧ་ཏི་གཉིས་དང། །དུག་མོ་ཉུང་དང་ཙི་ཏྲ་ཀ། ཚ་བ་རྣམ་ལྔ་ཐལ་སྨན་གཉིས། །ཕྱིར་བཏགས་ཆང་ཞོ་དེའི་དངས་མ། །ཆུ་དྲོན་རང་སྐྱུར་དག་ལས་བླུད། །དེས་ནི་མེ་དྲོད་འཕེལ ་བྱེད་ཅིང། །ཁོང་པའི་རླུང་ནི་སེལ་མཆོག་ཡིན། །ལན་ཚྭ་ལྔ་དང་ཐལ་སྨན་གཉིས། །ཚ་བ་ལྔ་དང་ན་ལེ་ཤམ། །ལ་ལ་ཕུད་དང་ཤིང་ཀུན་ལས། །སྐྱུར་རྩི་ཆེན་པོའི་མ་སེ་འབྲུ་འམ། །རྒྱ་ཤུག་ཁུ་བས་རིལ་བུར་བྱས། །སྨིན་དང་དྲོད་སྐྱེད་བྱེད་ ་མཆོག་ཡིན། །བལ་བུའི་ལོ་མ་དབྱི་མོ་དང་།པི་པི་ལིང་ནི་སྲང་རེ་དང་།པི་པི་ལིང་དང་དེ་རྩ་སྲང། །གཉིས་གཉིས་བཅའ་སྒ་སྲང་གསུམ་དང་།དྲི་སྣ་བཞི་དང་པུ་ཤེལ་ཙེ། །ཞོ་ནི་གཉིས་གཉིས་ཕྱིར་ཞིབ་བཏགས། ་པུ་རཾ་སུཾ་འགྱུར་དག་གིས་ནི། །རིལ་བུ་བྱས་པ་རྟག་ཏུ་བཟའ་། །དེ་རྗེས་ཡུ་ཤ་ཤ། །དུ་ཆང། །ཆང་རྙིང་པོ་མ་ཞོ་ཁ་ཆུ། །ཐུག་བ་བླུད་ན་རླུང་དང་ནི། །བད་ཀན་ལས་གྱུར་སློན་བྲོ་དང། །ཕོ་བའི་རྩི་བི་ལོགས་སྙིང་ག་ན། །རིམས་དང་འོར་ནད་སྐྱ ་རྦབ་དང། །སྐྲན་དང་ཆན་ནད་གཞང་འབྲུམ་དང། །ཆམ་པ་མཆིལ་མ་དབུགས་མི་བདེ། །ལུང་བ་རྣམས་ནི་འཇོམས་བར་བྱེད། །བཤད་པ་འགགས་ལ་དེ་ཉིད་ནི། །བཅའ་སྒ་གོ་རུ་ཨ་རུ་ར། །བཅུག་སྟེ་དེ་ལ་སྦྱིན་པར་བྱ། །མཁྲིས ་གྱུར་སློན་བྲོ་ལ་སོགས་ལ། །ཁ་ར་བཞི་འགྱུར་བཅས་པར་ནི། །བསྐོལ་བ་ལས་ནི་རིལ་བུ་བྱ། །ཡང་ན་བུ་རམ་ཁ་རས་བྱ། །མེ་དང་ཕྲད་པར་གྱུར་བ་ལས། །དེ་ནི་མཆོག་ཏུ་ཡངས་བར་འགྱུར། །དེ་བས་འདི་ནི་མ་ཞུ་སྨིན། །རླུང ་ལས་གྱུར་བའི་ཕོ་ནང་ལ། །དྲོད་བསྐྱེད་སྨན་དང་བཅས་པ་དང། །མར་ནི་ཉུང་ཟད་ཉུང་ཟད་བླུད། །མེ་དྲོད་ཆུང་ཞིང་སྐྱེས་གྱུར་ནས། །བཤད་གཅི་རླུང་ནི་འགགས་གྱུར་ན། །ཞག་ནི་གཉིས་གསུམ་སྣུམ་བཏང་དུགས། །བསྐུ་བྱས ་མས་བཏང་དྲག་པོ་བྱ། །དེ་ནས་ཨོ་རཎདའི་མ་རཾ། །སེང་ཕྲོ་མ་གྱི་ནི་མར་དང་ནི། །ཐལ་སྨན་དག་གིས་རླུང་ཞི་ནས། །གཡོས་བའི་ནད་ལ་བཀྲུ་སྨན་བཏང། །སྦྱངས་ནས་ཁོང་པ་?་བ་འགྱུར་ཏེ། །བཤད་པ་འགགས་ལ་འཇམ་རྩི ་ནི། །དྲོད་བསྐྱེད་སྐྱུར་ཞིང་རླུང་འཇོམས་པའི། །སྨན་བཙོས་ཏིལ་མར་དེ་ལ་བཏང། །དེ་ལྟར་བཀྲུ་སྨན་དྲག་བཀྲུ་སྨན། །འཇམ་རྩི་ཆོག་བཞིན་བྱས་ནས། །ཁ་ཟས་ཡང་བ་དང་ལྡན་པའི། །ཞུན་མར་སླར་ཡང་བསྟེན་བར་བྱ། །རྩ་བ ་ལྔ་དང་ཚ་བ་གསུམ། ། རུ་ར་དང་ལྡེ་མྱང་ཆ། །ར་སྣ་པི་པི་ལིང་རྩ་བ། །ཐལ་སྨིན་རྣམ་གཉིས་གཟིར་དང། །པི་ཊཱཾ་ད་དང་ཟུར་བ་མར། །ཚ་དང་སྐྱུར་རྩི་ཆེན་པོ་ཡི། །ཁུ་བ་དང་ནི་སྒེའུ་གཤེར་དང། །ལ་ཕུག་སྒམ་པོ་རྒྱ་ཤུག་སྐྱུར། །སེ་འབྲུ་ཙུག ་?་གའི་ཁུ་བ། །དར་བ་ཞོ་དང་ཆང་དངས་དང། །རྩ་བ་མོ་དངས་མ་རྩ་བ་མོ་དང། །སྐྱུར་བཙགས་དང་ནི་དེ་བསྐོལ་བ། །མེ་དྲོད་བསྐྱེད་བའི་དམ་པ་ཡིན། །གཟེར་དང་སྐྲན་དང་དམུ་རྫིང་དང། །ལུང་བ་དབུགས་མི་བདེ་བ་དང། །རླུང་དང་བད་ཀན་འཇོམས ་པར་བྱེད། །ཡང་ན་སྐྱུར་རྩི་ཆེན་པོ་ཡི།། ཁུ་བ་བསྐོལ་བའི་མར་བླུད་བྱ། །འདི་ཡིས་ཏིལ་མར་བསྐོལ་བ་ཡིས། །བསྐུ་བྱུག་བྱས་ན་རླུང་སེལ་ཏོ། །རླུང་དང་བད་ཀན་འདྲེས་མ་ཞཱུམ། །བད་ཀན་རླུང་ཤས་ཆེ་བའམ། །སྨན་ནི་འདི་དག་ཉིད་ཀྱི་ཕྱེ།། ་ཆུ་དྲོན་སྦྱར་བ་བླུད་པར་བྱ། །མཁྲིས་པས་མེ་དྲོད་ཉམས་གྱུར་བ། །བཀྲུ་སྨན་དག་གམ་སློན་སྨན་བཏང། །ཡང་དང་ཡང་དུ་འཁྲུ་གཅོད་དང། །ཚ་མི་བསྐྱེད་པས་དྲོད་བསྐྱེད་བྱ། །ཕྱེ་མ་སྣུམ་དང་ཁ་བ་ཡི། །མེ་དྲོད་ཉེ་བར་བསྐྱེད་པར་བྱ། །བ ་?་ལ་དང་ཀྱི་ལྕེ་བ། །ནིམཔ་བུ་ཙེ་ཤེལ་རྩ་མཁྲིས། །བརྦ་ཏ་དང་དུག་མོ་ཉུང། །ཤུན་བགས་འབྲས་བུ་མུར་བ་དང། །ཤིང་ཀུན་ར་བོའི་འབྲས་བུ་དང། །ཤུ་དག་སྐྱེར་བའི་ཤུན་ཝགས་བ། །ཤུག་པ་དང་ནི་པུ་ཤེལ་ཙེ། །ཙན་དན་གླ་སྒང་ལ་ལ ་ཕུང། །ས་ནག་བོད་ང་ཚི་བ་གསུམ།། ཤིང་ཚ་སུག་སྨེལ་ཐང་ཤིང་དང། །གནདྷ་བ་ཏྲ་བྱེ་མ་ནི། །སྦྲང་རྩིའི་ལྡེ་གུར་བྱས་བཟའ་བའམ། །ཆང་དམ་ཆུ་དང་སྦྱར་འཐུངས་ན། །སྙིང་ནད་སྐྱ་རྦབ་ཕོ་བའི་ནད། །སྐྲན་གཟེར་རིམས་དང་ཡི་ག་འཆུས། །མིག ་སེར་འདུས་པའི་ནད་དང་ནི། །ཁ་བའི་ནད་རྣམས་འཇོམས་པར་བྱེད། །རྩ་མཁྲིས་གླ་སྒང་པུ་ཙེ་ཤེལ། །ཚ་བ་གསུམ་དང་དུག་མོ་ཉུ་བ། །ཙི་ཏྲ་ཀ་ནི་ཆག་ཉིས་དང། །དུག་མོ་ཉུང་གི་ཤུན་པགས་ནི། །བཅུ་དྲུག་ཆ་སྦྱར་ཞིབ་ཏུ་བཏགས། །དེ་ནི ་བུ་རམ་ཆུ་གྲང་བླུད། །ཕོ་བའི་ནད་དང་སྐྲན་སེལ་ཞིང། །མིག་སེར་སྐྱ་རྦབ་རིམས་ཀྱི་ནང། །ཡི་ག་འཆུས་དང་འཁྲུ་བ་འཇོམས། །དོང་ཀྲ་བོང་ང་གླ་སྒང་དང། །པ་ཏ་བལ་བ་སྐྱར་ཁན་དང། །དུག་མོ་ཉུང་གི་ས ་བོན་དང་།ཏིཀྐ་ད་ད་ཀའི་མེ་ཏོག། ཕྱེ་མར་བཏགས་པ་སྦྲང་རྩིར་སྦྱར། །འབྲས་གྲུས་ཆུ་དང་བླུད་ན་ནི། །མཁྲིས་བ་ལས་གྱུར་ཕོ་བའི་ནད། །མཁྲེག་འཁྲུག་གཞང་འབྲུམ་གཞང་ཁ་ན། །ཁྲག་ཏུ་འཁྲུ་བ་དག་ལ་འང་ཕན།། ་ཙན་དན་ཤུག་པ་པུ་ཤེལ་ཙེ། །པ་ཏ་མུར་བེ་གླ་བ་དང། །ཤུ་དག་ཐལ་ཏྲེས་དབྱི་མོ་དང། །ལོ་མ་བདུན་པ་བ་ཤ་ཀ། །པ་ཏོ་ལ་དང་ནྱ་གྲོ་དྷ། །ུ་དུམྦ་ར་ཨ་ཤདཐ། །བླུག་ཤ་ཀ་བི་ཐ་ན་དང། །བུ་ཙེ་ཤེལ་དང་ལི་ག་དུར།། ་ནིམཔ་སྲང་ནི་གཉིས་གཉིས་ལ། །ཆུ་བྲེ་བཅུ་དྲུག་བསྐོལ་བ་དེར། །ཀི་ར་ཏིཀྟ་དུག་མོ་ཉུང། །རམ་ཉེ་ཏིཀྟ་པི་པི་ལིང། །བསྐོལ་བ་དེ་འཐུངས་མཁྲིས་པ་ཡི། །ཕོ་བའི་ནད་ལ་བླུད་བར་བྱ། །མཛེར་བཤད་ཏིཀྟའི་མར་ཡང་བླུད།། ་བད་ཀན་ལས་གྱུར་ཕོ་བའི་ནད། །སློན་སྨན་རྣོམ་བོས་སློན་བྱས་ནས། །ཚ་སྐྱུར་ལན་ཚྭ་ཐལ་སྨན་གྱིས། །རིམ་གྱིས་མེ་དྲོད་པ་སྐྱེད་བར་བྱ། །ཚ་བ་ལྔ་དང་ཨ་རུ་ར། །ལུ་སུ་པ་ཏ་བ་ལ་ཤ། །སྐྱུར་རྩི་ཆེན་པོའི་མྱུ་གུ ་དང། །བསྐོལ་བའི་ཐུག་པ་ལ་སོགས་བླུད། །མ་དུ་ཀ་ཡི་མེ་ཏོག་བྲེ། །བཅུ་དྲུག་པི་ཊདཀ་དེའི་ཕྱེད། །ཙི་ཏྲ་ཀ་ནི་དེ་ཕྱེད་དང། །བསེ་ཤིང་འབྲས་བུ་བྲེ་བཞི་དང། །བཙོད་སྲང་བརྒྱད་ཏེ་འདི་དག་ནི། །ཆུ་དྲེ་སུམ་ཅུ་རྩ ་གཉིས་བསྐོལ། །ཆུ་བྲ་བཅུ་དྲུག་ལུས་བསྒྲངས་བར། །སྦྲང་རྩི་བྲེ་དོ་གཞུག་པ་དང། །སུག་སྨལ་པདྨའི་རྩ་བ་དང། ། ཀར་ཙན་དན་ལྡེ་གུར་བྱུགས། །ཐུག་པ་སླ་བ་གཅིག་གཞག་སྟེ། །ལངས་ནས་མནན་བྱ་བླུད་གྱུར་རོ་ནི། །འདི ་ཡིས་ཕོ་བའི་དྲོད་བསྐྱེད་ཅིང། །ཉམས་རྟས་ཁྲག་མཁྲིས་སེལ་བར་བྱེད། །སྐེམ་དང་མཛེ་དང་ཤ་བཀྲ་དང། །གཅིན་སྙི་བ་ཡིན་?་རྣམས་འཇོམས། །མ་དུ་ཀ་ཡི་མེ་ཏོག་ནི། །ཁུ་བ་བསྐོལ་བ་ཕྱེ་དུ་བ། །བསྒྲངས་བས་སྦྲང་རྩི་བཞི་ཆ་བཏབ། །སྔ ་མ་བཞིན་དུ་བྱས་པའི་ཆང། །ཕན་པའི་ཟས་དང་བཅས་བསྟེན་ན། །ཕོ་བའི་ནད་ནི་ཐམས་ཅད་སེལ། །དེ་བཞིན་རྒུན་འབྲུམ་བུ་རམ་ཤིང། །འབྲ་གོའི་ཁུ་བ་བསྣན་པ་བླུད། །ཤིང་ཀུན་ཤུ་དག་པུ་ཙེ་ཤེལ། །བོ་ང་པ་ཏ་དུག་མོ་ཉུང། །གཟེ་མ་ཚ་བ་ལྔ ་པོ་ཞོ། །གཉིས་གཉིས་ལན་ཚྭ་ལྔ་སྲང་རེ། །མར་དང་ཏིལ་མར་ཕུལ་དོ་དོ། །ཞོ་བྲེ་གཉིས་དང་བསྲེས་ནས་ནི། །མེ་ནི་ཆུང་དུ་ལ་བཙས་ཏེ། །རྙིང་ཞིང་ཁུ་བ་ཐིམ་པ་དང། །དེ་ནས་དུ་འཁྱིམ་བར་སྲེག། བཏགས་ཏེ་མར་དང་བསྲེས་པ་དག། དེ་ལས་ཞོ ་གཉིས་འཐུངས་ནས་ནི། །ཞུ་བས། བཟས་མངར་ཟོས་ན། །དེས་ནི་བད་ཀན་རླུང་ནང་ནི། །ཀུན་དང་དུག་དང་དབྱིག་དུག་འཇོམས། །རྩ་མཁྲིས་དང་ནི་པུ་ཙེ་ཤེལ། །བ་ཏོལ་ནིམཔ་པརྭ་ཏ། །བསྲེགས་ལ་མ་ཧེའི་གཅིན་དང་ནི། །འཐུངས་ན་མེ་དྲོད་སྐྱེ་བྱེད ་ཡིན། །ཤུ་དག་རུ་རྟ་སེར་པོ་གཉིས། །ཙི་ཏྲ་ཀ་དང་པུ་ཙེ་ཤེལ། །གླ་སྒང་ར་ཡི་གཅིན་དང་ནི། །བསྐོལ་བ་མེ་དྲོད་སྐྱེ་བྱེད་ཡིན། །སུ་ཏའི་སྡོང་བུ་སྲང་བཞི་དང། །ལན་ཚ་གསུམ་ལས་སྲུང་རེ་དང། །བརྟ་ཀ་ནི་ཕུལ་གང་དང། ། ཀ་སྲང་བརྒྱད་ཙི་ཏྲ་ཀ།། ་སྲང་གཉིས་བསྟེགས་ལ་བརྟ་ཀའི། །བུ་བས་རིལ་བུ་བྱས་ནས་ནི། །ཟས་རྗེས་ཟོས་ན་ཟོས་བའི་ཟས། །མྱུར་དུ་ལུད་པ་དབུགས་མི་བདེ། །གཞང་འབྲུམ་གསུང་དང་ཆམ་པ་དང། །རྙིང་ནད་དེས་ནི་ཞི་བར་བྱེད། །ཁ་ལུང་ཟུར་བ་ར་སྣ་དང། །ཚ་བ ་གསུམ་དང་ཨ་རུ་ར། །ནས་ཚིག་འཁྲུས་ཐལ་ས་རྫི་ཀའི། །ཐལ་སྨན་ལན་ཚེ་ལྔ་པོ་རྣམས། །ཕྱེར་བཏགས་དྲོ་འཇམ་ཆུ་དང་བླུད། །མདོག་སྟོབས་མེ་དྲོད་འཕེལ་བྱེད་ཡིན། །བད་ཀན་ཅན་གྱི་ཕོ་བའི་ནད། །རླུང་བཅས་དེ་ལ་མར་དང་བསྐོལ།། ་ཐང་ལ་བར་དང་སྲང་དྲུག་པ། །དེ་བཞིན་གོ་བྱེའི་སྨན་མར་བླུད། །ཁ་རུ་ཚ་ནག་དང། །བུལ་ཏོག་དང་ནི་སྭ་ཙི་ཀ། ནས་ཚིག་འཁུས་བའི་ཐལ་བ་དང། །ཀཎྜ་ཀ་རིའི་སབྷ་ལ། །ཙི་ཏྲ་ཀ་ནི་གཅིག་ཏུ ་བསྲེགས་།ལན་བདུན་པར་དུ་བསགས་པ་ཡི། །ཐལ་ཁུ་བྲེ་ངོ་བར་བྲེ་བཞི། །བསྐོལ་ལ་མེ་དྲོད་བསྐྱེད་ཕྱིར་བླུད།། འདུས་པ་ལས་ནི་ལྔ་བོ་དང། །འདི་དག་ཉམ་སོ་བས་ཇི་བཞིན་བྱ། །བད་ཀན་མཆིལ་མང་དྲོད་ཆུང་?། ་ཁ་རྩུབ་མེ་དྲོད་བསྐྱེད་བར་སྦྱར། །བད་ཀན་ལས་བྱུང་སྐེམ་པ་ལ། །སྣུམ་དང་རྩུབ་བ་རེས་ཀྱིས་བསྟེན། །ཉམ་ཆུང་རིང་བའི་ལུས་ལ་ནི། །མེ་དྲོད་བསྐྱེད་ལ་སྣུམ་ལྡན་སྦྱིན། །མཁྲིས་པ་ཤས་ཆེའི་དྲོད་ཉམས་ལ། །ཁ་དང ་མངར་བར་ལྡན་པ་སྦྱིན། རླུང་ཤས་ཆེ་ལ་སྣུམ་སྐྱུར་དང། །ལན་ཚ་ལྡན་པ་བསྔགས་པ་ཡིན། །རིང་བ་མེ་དྲོད་བསྐྱེད་བ་ལ། །སྣུམ་ཉིད་མཆོག་ཏུ་ཤེས་པར་བྱ། །སྣུམ་ཤས་ཆེ་བར་གྱུར་བ་ལ། །རབ་ལྕིའི་ཟས ་ཀྱང་སྦྱིན་མི་བྱ། །གང་ཞིག་དྲོད་ཆུང་བད་ཀན་ཟད། །བཤད་བ་མ་སྨིན་ཀྱང་སླ་བ་ལ། །དེ་ལ་སྨན་རྣོར་བཅས་པ་ཡི། །མར་ནི་ཉུང་ཟད་བླུད་བར་བྱ། །དེ་ཡིས་མེ་དང་མཉམ་གནས་རླུང། །རང་གནས་བཀུག་སྟེ་རང་གི ་ནི། །ལས་ལ་སྦྱོར་གྱིན་དྲོད་སྐྱེད་བྱེད། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །གང་ཞིག་བཤད་བ་སྲ་བ་ཡིས། །བསྐ་བ་འབྱིན་པར་བྱེད་པ་དག། དེ་ལ་ལན་ཚྭ་བཅས་པའི་མར། །ཟས་ནི་སླ་བར་བྱེད་པ་སྦྱིན། །རྩུབ་པས ་མེ་དྲོད་ཆུང་ལ་མར། །ཡང་ན་ཏིལ་མར་དྲོད་སྐྱེད་བླུད། །སྣུམ་མང་འཐུངས་བས་དྲོད་ཉམས་ལ། །ཐལ་སྨན་བྱེ་མ་ཆང་རྙིང་སྦྱར། །རྟུག་འགགས་བ་ལ་མས་བཏང་བའི། །དྲག་པོ་དང་ནི་འཇམ་རྩི་བྱ། །ནད་ཚབས ་ཆེ་བས་མེ་དྲོད་ཉམས། །སྦྱང་བྱས་ཟས་ཀྱི་ཆོ་ག་སྤྱད། །ནད་བྱད་མེ་དྲོད་ཆུང་བ་ལ། །ཞུན་མར་འབའ་ཞིག་སྐྱེད་བྱེད་པ། །ལམ་དང་སྨྱུང་བས་ཉམས་ཆུང་ལ། །ནས་ཐུག་མར་དང་སྦྱར་བ་འམ། །ཟས་བཅས་བླུད་ན་སྟོབས་བསྐྱེར ་ཅིང། །དྲོད་བསྐྱེད་རྟ་བར་བྱེད་པ་ཡིན། །ཡུན་རིང་ཉལ་པོ་སྤྱད་པ་དང། །མི་ནི་ཉམས་ཆུང་སྐེམ་གྱུར་ལ། །མཐུ་རྩལ་གྱིས་ནི་ཟས་ཚོལ་བ། །ཤ་ཟའི་ཤ་ཁུ་སྐྱུར་སྦྱར་སྦྱིན། །ཡང་ཞིང་དྲོ་ཚ་སྦྱོང་བྱེད་པ། །དེ་ཡིས་མེ་དྲོད་མྱུར ་དུ་བསྐྱེར། །ཤ་ཡིས་བསྐྱེད་བའི་ཤ་ཡིན་ཕྱིར། །སྟོབས་ནི་མཆོག་ཏུ་བསྐྱེད་བར་བྱེད། །སྣུམ་དང་མནན་ཆང་ཆང་རྙིང་དང། །སྨན་ཁུ་ཕྱེ་མ་འཕྲོད་བ་ཟོས། །ལུས་ལ་ལེགས་པར་སྦྱར་བ་ཡིས། །སྟོབས་དང་མེ་དྲོད་འཕེལ ་པར་བྱེད། །དཔེར་ན་མེ་ནི་ཤིང་སྲ་བས། །སྦར་བ་ཡུན་རིང་གནས་བར་བྱེད། །དེ་བཞིན་ཁོང་བར་གནས་བའི་མེ། །སྣམ་དང་བཅས་པས་བརྟན་བར་གནས། །ཇི་ལྟར་མེ་ནི་ཤིང་མེ་འམ། །མེ་ཆུང་ཤིང་ནི་དྲགས་པ་ལྟར།། ་ལུས་མེ་ཟས་ནི་མ་ཟོས་བ། །ཟས་དྲགས་གྱུར་བས་འབར་མི་བྱེད། །གང་ཚེ་བད་ཀན་ཟད་མཁྲིས་པ། །རང་གི་གནས་སུ་རླུང་ཞུགས་ན། །མེ་དྲོད་འཕེལ་ཞིང་རབ་རྒྱས་འགྱུར། །དེ་ཚེ་མེ་ནི་རླུང་བཅས་པས། །ཟས་སྨིན་བྱས་ནས ་ལུས་ཟུངས་ཀྱང། །ཟད་ཅིན་མདངས་འཐོར་བྱེད་བས་གསོད། །ཟས་ཟོས་ནས་ནི་བདེ་འགྱུར་ལ། །ཞུ་ནས་མུན་ཞུགས་ཉམ་སེམས་འགྱུར། །སྐོམ་དད་ཚ་བརྒྱལ་དབུགས་མི་བདེ། །ལ་སོགས་མེ་དྲོད་དྲགས་ལས་འབྱུང།། ་ཟས་ལྕི་སྣུམ་ལ་རྟུལ་བ་དང། །གྲང་དང་འཇུ་དཀའ་མེ་དྲང་འབྲི། །འབར་བའི་མེ་ལ་ཆུ་བླུགས་ལྟར། །མེ་དྲོད་ཤེས་ཆེ་དེ་ཞི་བྱ། །དེ་ནི་ཁ་ཟས་མ་ཞུ་ལའང། །ཡང་དང་ཡང་དུ་ཟས་སྦྱིན་བྱ། །བུད་ཤིང་མེད་བའི་སྐབས་རྙེད་ལྟར ་ཇི་ནས་འདིར་གནོད་མི་འགྱུར་བྱ། །ཀྲི་ས་ར་དང་འོ་ཐུག་སྣུམ། །སྣུམ་ཁུར་བུ་རམ་གཡོས་པ་དང། །རླན་ཅན་ཆུ་ཡི་སྲོག་ཆགས་ནི། །ཚོ་བ་ཡི་ནི་ཤ་སྦྱིན་ནོ། །མཆོག་ཏུ་ཉ་ནི་འཇམ ་པོ་དང། །མི་འགལ་ཆུ་ལ་གནས་པ་སྦྱིན། །ལུག་ཤ་ཚོན་པོ་དག་ཀྱང་ནི། །ཟོས་ན་མ་དྲོད་དྲགས་པ་སེལ། །འོ་མ་སྦྲང་རྩི་བཅས་པ་འམ། །མར་དང་སྦྱར་བས་སྐོམ་ཚེ་བླུད། །གྲོ་ཡི་ཕྱེ་ནི་འོ་མ་དང། །མར་ནི་མང ་པོར་བཅས་པ་བླུད། །རླན་ཅན་སྲོག་ཆགས་ཤ་ཁུ་དང། །ཏིལ་མར་མ་གཏོགས་སྣུམ་ཅན་བླུད། །ཤ་མ་དུར་བྱིང་དང་བསྐོལ་བའི། །འོ་མའི་བཀྲུ་སྨན་བླུད་པར་བྱ། །མཁྲིས་པ་སེལ་བའི་ཁ་ཟས་དང། །འོ ་ཐུག་ལན་མང་སྦྱིན་བར་བྱ། །གང་ཞིག་ལྕི་ཞིང་ཆིལ་བསྐྱེད་དང། །བད་ཀན་བསྐྱེད་བའི་ཁ་ཟས་རྣམས། །ཐམས་ཅད་མེ་དྲོད་དྲག་ལ་ཕན། །ཟོས་ནས་ཉིན་པར་ཉལ་བར་བྱེད། །ཟས་ནི་མེ་དྲོད་ཀྱིས་འཇུ་བྱེད།། ་ཟས་མེད་ནས་ནི་ནང་ཟད་བྱེད། །ལུས་ཟུངས་ཟད་པར་བྱེད་པར་འགྱུར། །ལུས་ཟུངས་ཟད་ནས་འཆི་བར་འགྱུར། །ཟས་འདི་དག་ནི་རང་བཞིན་གྱིས་མ་མཐུན། །འདི་ནི་སྦྱོར་དང་གཡོས་ཀྱིས་མི་འཕྲོད་བ། །དེ་ལ ་སོགས་པ་མི་ཤེས་ཅི་དགའ་བར། །སྦྱོང་དེ་མེ་དྲོད་སྟོབས་ལས་གྱུར་པ་འམ། །དེ་བས་འབད་པས་ཀུན་ག་ཡིས་མེ་དྲོད་སྲུངས། །དེ་ཉམས་ན་ནི་མེ་ཡི་སྲོག་ཉེས་ཉམས། །ཉེས་པས་ཁྱབ་ན་ནང་ཀྱིས་ཚོགས་ཀྱིས་འདེབས།། ་མེ་དྲོད་མཉམ་ན་ནད་མེད་ཚེ་རིང་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་བའོ།། །།དེ་ནས་གཅིན་འགགས་པའི་ལེའུ་བཤད་པར ་བྱའོ། །རླུང་ལས་གྱུར་པའི་གཅིན་སྲིན། །རླུང་འཇོམས་ཏིལ་མར་གྱིས་ལུས་བསྐུ། །ལྟེ་བ་མན་ཆད་དུགས་བྱ་ཞིང། །རླན་དུགས་ལུས་ནི་བཅིངས་བ་འང་བྱ། །རྩ་བ་བཅུ་པ་ཨེ་རཎྜ། །བ་ལ་ནས་དང་ཉི་ཤིང ་པ། །བ་སྒྲུ་བ་དང་ཀུ་ལངཐ། །རྒྱ་ཤུག་དང་ནི་བ་དུར། །སྲུ་སྲུའི་རྩ་བ་བྲི་ཤི་བ། །ཏིལ་མར་ཞུན་མར་ཕག་དང་དྲད། །ཞག་བསྐོལ་ལན་ཚྭ་བཅས་པ་ནི། །འཐུངས་ནས་གཟེར་འཇོམས་མཆོག་ཡིན་ནོ། །སྨན་འདི་དག་ནི ་སྣུམ་པ་ཡིན། །འབྲས་བུར་བཅས་ཤིང་སྐྱུར་བ་དང་།སྣུམ་དང་ལྡན་པར་ཟས་སྐོམ་དང། །གོང་པོ་དཀྲི་བའི་དུགས་དཔྱད་བྱ། །ཁ་རུ་ཚ་མང་བཏབ་པའི་ཆང། །འཐུང་ན་གཅིན་གྱི་ནད་སེལ་བྱེད། །མཁྲིས ་འགྱུར་བསྐུ་དང་བླུགས་པ་དང། །ལུས་བཅིངས་པ་ནི་བསལ་བས་བྱ། །ཉེ་ཞིང་གཟེམ་བི་ད་རི། །རྒུན་འབྲུམ་རྩ་ཡི་རྩ་བ་ལྔ། །བསྐོལ་བའི་ནང་དུ་སྦྲང་རྩི་དང། །ཁ་ར་བཏབ་པ་བླུད་པར་བྱ།། ་།བ་ཤ་ཀ་དང་ག་གོན་དང། །རྒྱལ་མོ་ག་གོན་ལེ་བརྒན་རྩིའི། །ས་བོན་གུར་གུམ་རྒུན་ཆུ་དང། །འཐུངས་ན་གཅིན་འགགས་ནང་སེལ་བྱེད། །ཤིང་མངར་ཨེ་རྦ་རུའི་ས་བོན། །སྐྱེར་པ་འབྲས་ཀྱི་ཆུ ་དང་སྦྱར། །རྒུན་འབྲུམ་ལྡེ་གུ་ཆུ་སྦྱར་བའམ། །རྒུན་འབྲུམ་ཆུར་ནི་སྤངས་པ་བླུད། །བད་ཀན་ལས་གྱུར་དུགས་བྱས་ལ། །སྐྱུག་སྨན་བཟའ་བ་རྣོ་དྲོ་སྦྱིན། །ནས་ཡོས་ཐལ་སྨན་རྣོ་བ་དང། །དར་བ་བཅས་པ་སྦྱིན་པར ་བྱ། །སུག་སྨིལ་ཆང་དང་སྦྱར་བའམ། །སྐྱུ་རུ་ར་ཡི་ཁུ་བ་དང། །གཞང་རུས་གཟེ་མ་སུག་སྨེལ་དང། །ཚ་གསུམ་སྦྲང་རྩི་ཆུ་བར་བཅས་བླུད། །ཡང་ན་ཀཎྜ་ཀཱ་རིའི་ཁུ། །སྦྲང་རྩི་སྦྱར་བ་བླུད་བར་བྱ། །ཤི་ཏི་བ་རིའི་ས་བོན་ནི། ་ཞིབ་བཏགས་དར་བར་སྦྱར་བ་བླུད། །དྷ་བ་སདཏ་བརྞི་དང། །སླེ་ཏྲེས་དོང་ཀ་དུག་མོ་ཉུང། །ཀེའུ་ཀ་དང་སུག་སྨྲེལ་དང། །ཀ་རཉྫ་བསྐོལ་སྦྲང་རྩིར་བཅས། །དེ་སྦྱར་ཐུག་པ་འམ་བྱུ་རུ་ཡི། །ཕྱེ་མ་འབྲས ་ཀྱི་ཆུ་དང་བླུད། །ཏ་བ་ལ་ཡི་འབྲས་བུའི་ཆུ། །ལན་བདུན་བཙགས་?་ཏིལ་མར་བཅས། །ནས་ཚིག་འཁུས་ཐལ་བ་ཏ་ལི། །བ་རི་པ་ཏ་ཏིལ་ཐལ་ཆུ། །ཤིང་ཚ་སུག་སྨེ་ན་ལེ་ཤམ། །ཆ?་དང་སྦྱར་བ ་བླུད་པར་བྱ། །འདི་དག་རེ་རེ་ལྡེ་གུར་སྦྱིན། །བུ་རམ་སོ་ཡིས་བཅད་ཅིང་བཟའ་། །འདུས་པའི་བདག་ཉིད་ཅན་ཀུན་ལ། །འདི་དག་གནས་སྐབས་ཇི་བཞིན་ཕན། །རྡེའུ་ཆགས་རིང་པོ་མ་ལོན་དང། །རླུང་གིས་ཀླད ་ནད་སོགས་ལའང་སྦྱར། །རྡེའུ་ཆགས་ནད་ནི་མི་བཟད་ཏེ། །འཆི་བདག་དང་ནི་འདྲ་བར་འདོད། །གཞོན་བའི་ཚེ་ན་སྙན་གྱིས་གསོ། །འཕེལ་ནས་འདྲལ་བར་འོས་མ་ཡིན། །དེ་ཡི་སྔོན་བྱུང་ཚུལ་ལ་ནི། །སྣུམ་ཆོས ་ལ་སོགས་རིམ་པས་བསྔགས། །སྲུ་སྲུའི་རྩ་བ་པྲ་ཏོག་དང། ། སྨན་ད་ཀ་པ་སི་རི། །ཉ་ཤིང་ལྕམ་པ་པུ་ཤེལ་ཚེ། ། ཏི་བ་ལ་བ་ལུ་ཀ། །སྤང་མ་འབྲི་ཤ་ད་ནི་དང། །ཤ་ཀའི་འབྲས་བུ་བྱ་གྲི་གཉིས། །གུངཐ ་གཟེ་མེ་ཀུ་ལངཐ། །ནས་དང་རྒྱ་ཤུག་བ་ར་ན། །ཀ་ཏ་ཀ་ཡི་འབྲས་བུ་དང། །ུ་ཤ་ཀ་སོགས་ཕྱེ་མ་བཏབ། །འདི་དག་ཁུ་བ་མར་བསྐོལ་བླུད། །རླུང་འགྱུར་རྡེའུ་འཇིག་བར་བྱེད། །བྲ་དོག་མི་ཤ་ར་མ་ལོ།། ་ཨེ་རཎྜ་དང་བྲ་ཧི་ཏཱི། །ཀཎྜ་ཀཱ་རི་གཟེ་མ་དང། །བུ་རམ་ཤིང་ཕྲན་རྩ་བ་ཡི། །ལྡེ་གུ་ཞོ་དང་སྦྱར་ཏེ་བླུད། །རྡེའུ་ཆགས་བསིལ་བྱེད་ཡིན། །ཀུ་ཤ་འཇག་མོ་འདམ་བུ་དང། །ཀུ་ཏ་ཉེའུ་ཤིང་ཨིགྒ་ཐ།། ་སྲུ་སྲུའི་རྩ་བ་འཇག་ཟླུམ་དང། །བི་ད་རི་དང་བ་ས་ཧི། །འབྲས་ཀྱི་རྩ་བ་གཟེ་མ་དང། །བ་ལུ་ག་དང་པ་ཏ་ལི། །པ་ཏུར་དང་གླ་བར་བཅས། །བ་སྤྲུ་བ་དང་སྲི་ཤ་དང། །དེ་རྣམས་བསྐོལ་ཁུ་མར་དུ་བསྐོལ། །ག ་གོན་ས་བོན་ལ་སོགས་དང། །ུཏབ་ལ་ཡི་ས་བོན་དང། །ཤིང་མངར་ནི་བྲག་ཤུན་ཕྱེ། །དེ་དག་མཁྲིས་གྱུར་རྡེ་ཆགས་སེལ། །བར་ར་ན་སོགས་རླུང་འཇོམས་ཏེ། །སུག་སྨེལ་ཧ་རི་ནུ་ཀའི་སྡེ། །གུ་གུལ་རུ ་རྟ་ན་ལེ་ཤམ། །ཙི་ཏྲ་ཀ་དང་བྱེའུ་རུག་བ། །དེ་དག་ལྡེ་གུར་བྱས་པ་གཞུག་།ུ་ཤ་ཀ་ཡི་སྡེ་ཚན་བཅུག། མར་བསྐོལ་བ་ཡིས་བད་ཀན་ལས། །གྱུར་བའི་རྡེའུ་མྱུར་དུ་འཇོམས། །རང་རང་སྨན་ནི་འདི་ཉིད་ཀྱིས། །ཐལ་སྨན ་འོ་མ་ཐུག་སོགས་སྦྱར། །ཙི་ཏྲ་ཀ་དང་ཨ་ཀོ་ལ། །ཀ་ཏ་ཀ་ད་ཤ་ཀ་དང། །ུཏཔ་ལ་ཡི་འབྲས་བུ་རྣམས། །བུ་རམ་བཅས་པ་ཆུ་དྲོན་བླུད། །རྡེ་ཕན་འཇིག་བར་བྱེད་བའི་མཆོག། ཁྲུང་ཁྲུང་མ་བོད་བུའི་རུས། །གཟེ་མ་ཏ་ལ་བ ་ཏྲི་ཀ?་ཨ་ཟ་མོ་དང་ཀོ་དམཔའི། །རྩ་བ་དང་ནི་བཅའ་སྒྲ་ནའི། །ཆང་དམ་ཆུ་དྲོན་བཅས་པ་བླུད། །རྡེའུ་ཕྲན་ཆགས་པ་འཇིག་པར་བྱེད། །མ་རི་ཙ་ཀའི་ས་བོན་གྱི། །ཕྱེ་མ་སྦྲང་རྩི་སྦྱར་བ་དང། །ལུག་གི་འོ་མ་ཞག་བདུན་ནི།། ་བླུད་ན་རྡེའུ་འཇིག་པར་བྱེད། །ཤི་གྲུའི་རྩ་བ་བསྐོལ་བ་ཡི། །དྲོ་འཇམ་འཐུངས་པས་རྡེ་ནད་འཇོམས། །ཏིལ་དང་ཨ་བ་མརྒ་དང་།ཆུ་ཤིང་དང་ནི་པ་ལ་ཤ་།ནས་ཚིག་འཁུས་ཐལ་ལུག་གཅིན་བླུད། །ཕྱེ་མ་རྡེའུ ་ཆག་པ་སེལ། །ཡང་ན་ལྕམ་བའི་རྩ་བ་ནི། །གཅིན་ཏུ་ཆན་ལ་སོགས་པ་བུད། །ཡང་ན་དེ་ལ་འོ་མ་བྱུད། །ནད་ཀྱིས་ཉེན་པ་སེལ་བར་བྱེད། ། རུ་ར་ཡི་རུས་པ་བཙོས་བླུད། །ཡང་ན་ ་འོ་མ་ཅན་ཟས་བཟའ་། །ཡང་ན་བརྟི?་ཤི་ཀ་ཡི། །རྩ་བ་འབྲས་བུར་བཅས་པ་བླུད། །གཅིན་འགགས་ལྷག་མ་རྣམས་ལ་ནི། །འདི་ཡི་གསོ་བ་ལྷག་མའང་སྦྱར། །པྲི་ཧ་ཏཱི་སོགས་སྡེ ་ཚན་བསྐོལ། །གཟེ་མ་ཉིས་འགྱུར་གཞུག་པར་བྱ། །ཆུ་འམ་འོ་མ་ཞུན་མར་དང། །བླུད་ན་གཅིན་གྱི་ནད་ཀུན་སེལ། །ཐང་ཤིང་གླ་སྒང་མུར་བ་དང། །ཤིང་མངར་དང་ནི་ཨ་རུ་ར། །ཆང་དམ་འོ་མ་ཆུ་སྦྱར་བ། །གཅིན་གྱི ་ནད་ནི་ཀུན་ལ་བླུད། །བྱི་ཚོར་བ་བསྐོལ་ཁུ་བ་འམ། །རྫུ་ན་བསྐོལ་ཁུ་བ་ནི། །རྒྱམ་ཚ་འབྲས་བུ་?་བཏགས་ལ། །ཆུ་ཚན་དྲོ་འཇམ་སྦྱར་བ་བླུད། །ཀཎྜ་ཀཱ་རི་གཟེ་མ་བསྐོལ། །ཡང་ན་ནས་ཐུག་བུར་ཕྲན་བཅས། །བི་དར ་སོགས་བསྐོལ་བའམ། །ཁྱིམ་བྱའི་ཤ་ཡི་ཁུ་བ་བླུད། །བི་ད་ར་ཛ་ལ་སོགས་དང། །བསྐོལ་བའི་བྲག་ཞུན་སྦྱིན་པའམ། །ཡང་ན་ཆང་ནི་ནད་མེད་བླུད། །རྟ་འམ་ཤིང་རྟར་བསྐྱོན་ནས་ནི། །མགྱོགས་པར་འགྲོ་བསྐྱོད་འགྱུར་ན། །རྡེའུ ་དེ་ནི་གཡོ་བར་འགྱུར། །བི་ད་ར་ལ་སོགས་པ་ཡི། །སྡེ་ཚན་རྣམ་པ་ཀུན་ཏུ་སྦྱར། །བཀྲུས་སྨན་དོན་དུ་སེང་ཕྲོམ་མར། །འཇམ་རྩིའི་ལས་ཀྱང་བསྟེན་པར་བྱ། །མཆོག་ཏུ་འཇམ་རྩི་གོང་མ་བྱ། །ཁུ་ཆུའི་རྡེའུ་ཆགས ་དེ་ཡི་ནི། །གཅིན་ལམ་སྦྱངས་ལ་སྟོབས་ཆེ་བའི། །ཁུ་ཆུའི་གནས་ནི་སྦྱང་བའི་ཕྱིར། །སྐྱེས་པ་ཁུ་བ་འཕེལ་བྱེད་པའི། །ཤ་དང་ཁྱིམ་བྱའི་ཤ་ཡིས་འདྲངས། །འདོད་པ་བདོ་བས་བུད་མེད་ནི། །དགའ་ ་བ་བསྐྱེད་ལ་ཉལ་པོ་བྱ། །གསོ་བ་འདི་ཡིས་བཅོས་ཀྱང་ནི། །མ་ཞི་ན་ནི་སྨན་པ་ཡིས། །མཚན་ནི་ལེགས་པར་བཏགས་བྱ་སྟེ། །གསོ་བ་མ་བགྱིས་ངེས་པར་འཆི། །བགྱིས་ནའང་དོགས་པར་བཅས་པ ་ལགས། །དེ་ལྟར་རྒྱལ་པོ་ལ་ཞུས་ནས། །ལས་ལ་བྱང་བའི་སྨན་པ་ནི། །མང་པོ་དང་ནི་སྤྱོད་པར་བྱ། །དེ་ནས་ནད་པ་སྣུམ་བསྐུས་ཤིང། །སྦྱངས་ཤིང་ཅུང་ཟད་ཉམས་སྨད་པའི། །ལུས་ནི་སྣུམ་བསྐུ་དུགས་བྱ་ཞིང།། ་ཟན་མ་ཟོས་ཤིང་བཀྲ་ཤིས་བྱས། །པུས་མོ་སླེབ་པའི་བང་ལེབ་ལ། །འདུག་པའི་མི་ཡི་བདེ་བར་བརྟེན། །རོ་སྟོད་གན་རྒྱལ་བཞག་ནས་ནི། །གོས་ནི་དཀྲིས་པའི་སྟེང་དུ་གཞག། དེ་ནས་དེ་ཡི་སྐྱིད་ཁུང་དག་།བཀུག་ནས་རས་ཀྱིས ་དམ་པ་རུ། །བརྟེན་གྱི་མི་དང་བཅས་བར་ནི། །བཅིངས་ཏེ་དབུགས་ནི་ཕྱུང་ནས་སུ། །ལྡེ་བ་མན་ཆད་བསྐུམས་ནས་ནི། །དེ་ཡི་གཡོན་རོལ་ཕྱོགས་སུ་ནི། །མཉེས་ལ་ཁུ་ཚུར་གྱིས་མནན་ཅིང། །འོག་ཏུ་ཕྱིན ་པའི་བར་དུ་བཙིར། །དེ་ནས་གཡོན་པའི་འཛུབ་མོ་དང། །གུང་མོའི་སེན་མོ་བྲེགས་ནས་ནི། །ཏིལ་མར་བསྐུས་ཏེ་རྐུབ་ཏུ་ནི། །སྲུབས་མཚམས་བར་དུ་གཞུག་པར་བྱ། །རྡེའུ་ལྟེ་བའི་གཉེར་མ་ནས། །ཕོ ་མཚན་གཞང་བར་ཕྱིན་པར་བྱ། །དེ་ནས་ཆུ་སོའི་གནས་སུ་ནི། །གཉེར་མ་མེད་ཅིང་དབྱུང་སླ་བ། །སོར་མོ་གཉིས་ཀྱིས་བཙིར་ནས་ནི། །མདུད་བ་ལྟ་བུར་མཐོ་བར་བྱ། །སྲུབས་མཚམས་ནས་གང་མ་གཏོགས་པར། ། ་བཙགས་བུས་ལེགས་པར་ཧྲལ་ནས་ནི། །རྡེའུའི་ཆང་དུ་དཔྲལ་བྱས་ལ། །ཅི་ནས་ཆ་གྲུགས་མེད་པར་ནི། །ཆ་བྱས་རྩ་མ་གུག་པ་ཡིས། །མ་ལུས་པར་ནི་དབྱུང་བར་བྱ། །བུད་མེད་ཆུ་སོ་ངོ་སུ་གནས། །དེ་ནི་མངལ་གནས་པ་ལ་བརྟེན།། ་མཐོ་བར་གྱུར་ནས་ཆ་དཔྱད་ཀྱིས། །ལེགས་པ་ཁོ་ནར་དབྲལ་བར་བྱ། །གཞན་དུ་བྱས་ན་དེ་ཡི་ནི། །རྨ་ནས་གཅིན་ནི་འཛག་པར་འགྱུར། །སྐྱེས་པའི་རྨ་ནི་དབྲལ་ཉེས་ན། །གཅིན་འཛག་པ་དང་གཅིག་ཏུ་འགྱུར། །ཆུ་སོ་དབྲལ་པའི་རྡེའུ་རྒྱུ། །གཅིག་ལས་གྲུབ་ཀྱི་གཉིས ་ལས་མིན། །ཟུག་རྡུ་བྱུང་ནས་ཆུ་དྲོན་གྱི། །ནང་དུ་དེ་ནི་བཅིས་པར་བྱ། །དེ་ལྟར་ཁྲག་གིས་གང་མི་འགྱུར། །གང་ལ་མཚན་མས་འོ་མ་ཅན། །ཤིང་གི་ཁུ་བ་བཙིར་བར་བྱ། །དེ་ནས་གཅིན་ནི་དག་བྱའི་ཕྱིར། །བུ་མར་འདྲངས་པ་སྦྱིན་པ་དང། །རྨལ་མར ་དང་སྦྲང་རྩི་བསྐུ། །དུས་གཉིས་ནས་ཐུག་མར་བཅས་པའི། །དྲོ་འཛམ?་གཅིན་བསྐྱེད་ཞག་གསུམ་བླུད། །བུ་དམ་མང་པོའོ་མ་དང། །འབྲས་ཆན་ཉུང་བཞག་བཅུ་སྦྱིན། །དེ་ནས་འབྲས་བུ་སྐྱུར་བ་དང། །སྐམ་སའི་སྲོག་ཆགས་ཤ་ཁུ་སྦྱིན། །འོ་མ་ཙན་ཤིང་ཤ་ཁུ་ཡིས།། ་སྨིན་བཀྲུས་ནས་བཅོད་དང་ནི། །ཤིང་མངར་པྲ་པུཎྜ་རཱི་ཀ། །སེང་ཁྲོམ་དཀར་པོས་བསྐུས་བར་བྱ། །རྨ་བསྐུས་སྨན་ནི་འདི་དག་ཉིད། །སྐྱེར་བཅས་ཏིལ་མར་བསྐོལ་ཏེ་བསྐུ། །འདི་ཡིས་རྨ་ཞག་བཅུ་དུགས་བྱ། །གཅིན་གྱི་ལམ་ནི་ཞག་བདུན་ན། །རང་གིས་ལམ་ནས་མ་བྱུང་ན། རྡེའུའི ་སྤུབས་མཚན་སྲུབས་གཞང་རྩ་ནི། །ཕོ་མཚན་མོ་མཚན་རྩེ་མོ་སྟེ། །བརྒྱད་པོར་མཚོན་ནི་གདབ་མི་བྱ། །ཡན་ལག་བརྒྱ་?་བསྡུས་པ་ལས་།གསོ་བའི་གནས་ཀྱི་ལེའུ་བཅུ་གཅིག་པའོ།། །།དེ་ནས་གཅིག་སྙི་བ་ཟ་ཁུའི་ལེའུ་བཤད་པར་བྱའོ། །ཟ་ཁུ་ཅན་ནི་སྟོབས ་ལྡན་ལ། །དང་པོ་སྐྱུག་སྨན་བཀྲུ་སྨན་ནི། །སྣུམ་ཅན་ཡུངས་ཀར་ཨ་རི་སྟེ། །བ་དུ་ར་དང་ཀ་རཉྩའི། །སྣུམ་དང་གཟེམ་ཏིལ་མར་བསྐོལ། །རང་སྨན་ཇི་བཞིན་བསྐོལ་བ་ཡི། །སྣུམ་བཅས་སྐྱུག་སྨན་བཀྲུ་སྨན་བཏང། །གླ་སྒང་ཐང་ཤིང་དོང་ཀྲ་བཅུག། བྱེའུ་རུག་པ ་སོགས་ཁུ་བ་ཡི། །འཇམ་རྩི་དེ་ནས་བཏང་བར་བྱ། །མཁྲིས་བ་ནྱ་གྲོ་དྷ་སོགས་པས། །སྦྱངས་ནས་ཤ་ཁུས་རྟས་པར་བྱ། །གཅིན་ནང་དང་ནི་སྐྲན་དང་ནི། །སྐེམ་ཞིང་ཉམས་ནི་སྨད་པ་འབྱུང། །དེ་བས་རྗེས་འབྲེལ་བསྲུང་པའི་ཕྱིར། ཞི་བར་བྱ་བ་བཏང་བར་བྱ ་སྦྱར་པ་མ་བྱས་ལ་དེ་ཉིད། །གཅིན་ནང་ཅན་ནི་ཀུན་ལ་བླུད་།སྐྱེར་བ་སྐྱུ་རུ་ར་བསྐོལ་ཁུ། །སྦྲང་རྩི་བཅས་པ་ནང་པར་བླུད། །སྐྱེར་པ་ཐང་ཤིང་འབྲས་བུ་གསུམ། །གླ་སྒང་ཆུ་སྐོལ་བླུད་པའང་ཕན། །ཙི་ཏྲ་སྐྱེར་པ་འབྲས་བུ་གསུམ། དུག་མོ་ཉུང་ནི་སྦྲང ་རྩ་རི་བཅར། །ཡང་ན་སླེ་ཏྲེས་སྐྱུ་རུ་ར། །སྦྲང་རྩིར་བཅས་པའི་ཁུ་བ་འང་ཕན། །སེང་ཕྲོམ་གླ་སྒང་ཀཏཔ་ལ་དང་ཨ་རུ་ར། །པ་ཐ་ཕྱི་ཚེར་བི་ཊཱཾ་ཀ་དང་ཨརྫུ་ན། །སེང་ལྡེང་སྐྱེར་པ་བིཊཱཾ་ཀ་དང་ད་བ་སྐོལ། །ཁུབ་གསུམ་པོ་སྦྲང་རྩིར་བཅས་པ་བད་ཀན ་སེལ། །མཁྲིས་གྱུར་བུ་ཤེས་སེང་ཕྲོམ་ཅན་ཅན་ཨརྫུ་ན། །ནིམྦ་པ་ཏོལ་དང་སླེ་ཏྲེས་སྐྱུ་རུ་ར། །སེང་ཕྲོམ་བ་ལི་ཀ་དང་སྐྱེར་པ་ད་ཏ་ཀའི། །གསུམ་པོ་དེ་དག་བསྐོལ་བ་སྦྲང་རྩིར་བཅས་པ་བླུད། །འདི་དག་ཇི་བཞིན་ཟས་སྐོམ་དང། །ནས་དང་གྲོ་དང་སྦྱར་བ ་དང། །རླུང་ཤས་ཆེ་བའི་གཅིན་སྙི་ལ། །སྣུམ་དང་སྦྱར་ཏེ་སྦྱིན་པར་བྱ། ལྕི་བ་རྟ་རྟུག་ལས་བྱུང་བའམ། །འོད་མ་ལས་ནི་སྐྱེས་པ་དག་།ཁུར་བ་ཟན་དྲོན་ཆག་རྩེ་སོགས། །ནས་ལས་བྱས་པའི་ཟས་ཀྱང་ཕན། །རྩ་འབྲུ་མུངྒལ་སོགས་དང། །འབྲས ་རིང་དྲུག་ཅུ་པ་རྙིང་ཕན། །ཡུངས་ཀར་ཏིལ་ཚིགས་ལས་བྱུང་པ་འམ། །སྦྱར་དུག་སྐྱུར་དང་བཅས་པ་འམ། །ཀ་པིངཐ་དང་ཏིནྟུ་ཀ་།འཛམ་བུ་དེ་སྦྱར་བཏུང་བ་དང། །ཚོད་མ་ཁ་བོ་སྦྲང་རྩི་དང། །འབྲས་བུ་གསུམ་ཟན་བཟའ་བ་སྐམ། །སྐམ་སའི་ཤ ་ནི་བསྲེགས་པ་དང། །སྐམ་པ་འམ་ལྕགས་དང་གཡོས་བ་དང། །རྒུན་ཆང་ཆང་རྙིང་མནན་ཆང་རྙིང། །རྒུན་ཆུ་བསྐོལ་བ་ལས་བྱུང་བླུང། ། ས་ན་སོགས་བསྐོལ་བའི་ཆུ། །འཇག་མ་བསྐོལ་ཆུ་སྦྲང་རྩིའི་ཆུ། །འབྲས་བུ་གསུམ་ལ་མཚན་མོ་སྤངས ་ཉིད་པར་བསྐམས་ལ་དེ་ནས་ནི། །ལེགས་པར་བཏགས་པའི་ཕྱེ་དག་དང། ཁུར་ཆང་སྦྲང་རྩིར་བཅས་པ་བླུད། །ས་ལ་ལོ་མ་བདུན་པ་དང། །ཀ་པིལ་ལྱ་དང་བ་རུ་ར། །འབྲི་ཤ་ཀ་དང་ཀ་བདཐི?། །རོ་ཧི་ནི་ཡི་མེ་ཏོག་ནི། །ཕྱིར་བཏགས་སྦྲང་ཙིར་བཅས་སྦྱིན་ནམ ་སྐྱུ་རུ་ར་ཡི་ཁུ་བར་བླུད། །བད་ཀན་མཁྲིས་པའི་གཅིན་ནད་སེལ། །གཟེ་མ་སྐྱེར་བ་སེང་འཕྲོམ་དང། །ཤུ་དག་ཀཏཔ་ལ་ཨ་རྫུ་ན། །ཤུག་པ་ལུང་ཐང་ཨ་སྨན་དང། །ཙན་དན་དང་ནི་ཨ་ཀ་རུ། །ལ་ལ་ཕུད་དང་པ་ཏོ་ལ། ?་དུར ་བོང་པ་གོ་བྱེ་བཙོད། །བད་ཀན་རླུང་ལ་ཏིལ་མར་བཅས། །མཁྲིས་པ་མར་དེ་འདྲེན་མར་བཙོས། །རྩ་བ་བཅུ་བ་ཟུར་བ་དཀར།། །དན་ཏི་ཐང་ཤིང་བ་སྤྲུ་གཉིས། །སྣུ་ཧ་ཨརྒའི་རྩ་བ་དང། །བུ་ག་དམ་པ་ཨ་རུ་ར། །ལ་ལ་བུད་དང་བ་ཏོ་ལ། །གོ་བྱེ་ཀ་རཉྫའི་རྩ་བ ་བར་ནི་ཡ་རྩ་བ་དང། །པི་པི་ལིང་རྩ་མ་ནུའི་རྩ། །རེ་རེ་སྲང་ནི་བཅུ་བཅུ་དང། །ནས་དང་རྒྱ་ཤུག་རྒྱ་སྲན་ལས།། །བྲེ་གསུམ་ཆུ་ནི་བརྒྱད་འགྱུར་དང། །བསྐོལ་ལ་བཞི་ཆ་ལུས་པ་དང། །དེ་དང་པི་པི་ལིང་གཉིས་དང། །དཔྱིད་མོ་ལྕང་མ་རོ་ཧི་ཏ། །དུར་བྱིང ་བི་ཊཱཾ་ཀཾ་བི་ལྱ། །ག་བྲའི་རྩ་བ་བཅའ་སྒ་དང། །ཆར་བྲེ་གང་དང་བསྐོལ་བ་ཡིས། །གཅིན་སྙིལ་ནང་ནི་དེ་ཉིད་དང། །འབྲུམ་ཕྲན་དུག་དང་སྐྱ་རྒ་བ་དང། །ཁོང་འབྲས་སྐན་དང་གཞང་འབྲུམ་དང། །འོར་ནད་སྐམ་དང་དབྱིག་དུག་དང། །དམུ་རྫིང་ལུང་པ་དབུགས ་མི་བདེ། །སློན་དང་ཚིལ་ཆེན་འབྱེད་པའི་ནང། །དྲེག་མཛོ་སོ་བྱེད་རྗེར་བྱེད་འཇོམས། །མར་འདི་ཐང་ལ་འབར་གྱི་ཡིན། །སེར་ཕྲོམ་མུ་རྦ་བི་ཊཱཾ་ཀ་།ཟུར་བ་རྒྱ་སྤོས་ག་བྲའི་རྩ། །ཆུ་སྲིན་སེན་མོ་དུག་མོ་ཉུང། །གླ་བ་རུ་རྟ་བྲི་ཡཾ་ཀུ། སླ་གོར་ཞོ་ཤ་ཙི་ཏྲ ་ཀ། བོང་ར་བི་ཤ་ལ་གཉིས་དང། །དྲི་བཟང་བཞི་དང་རྩ་མཁྲིས་དང། །པུ་ཙོ་ཤེལ་དང་ལ་ལ་ཕུད། །པ་ཏ་བུཥྐ་མུ་ལ་དང། །པི་པི་ལིང་གི་རྩ་བ་དང། །དབྱི་མོ་དང་ནི་འབྲས་བུ་གསུམ། །ཞོ་ནི་གཉིས་གཉིས་ཆུ་བྲེ་ནི། །བཅུ་དྲུག་ལ་བསྐལ་བཞི་ཆ་ལུས།། ་བཙགས་ཏེ། བསྒྲངས་པའི་ནང་དུ་ནི། །སྦྲང་རྩི་བྲེ་དོ་བཅུག་ནས་ནི། །ཟླ་ཕྱེད་ལེགས་པར་བཞག་པ་ཡི་།སེང་ཕྲོམ་མནན་ཆང་གཅིན་སྙི་དང། །གཞང་འབྲུམ་མཛེད་ད་ཡིག་འཆུས། །སྲིན་བུ་སྐྱ་རྦབ་པོ་བའི་ནང། །ཚིལ་ཆེས་པ་ཡི་ནང་སེལ་བྱེད། ། ་ས་ན་ལ་སོགས་པའི་སྡེ། །སྣ་རེ་སྲང་ནི་ཉི་ཤུ་དག། ཆུ་པྲེ་ཉིས་བརྒྱ་ལྔ་བཅུ་དྲུག། བསྐོལ་བ་བཞི་ཆ་ལུས་པ་དང། །བུ་རམ་སྲང་ནི་ཉིས་བརྒྱ་དང། །སྦྲང་རྩི་བྲེ་དོ་གཞུག་པ་དང། །དུག་མོ་ཉུང་སོགས་ལྡེ་གུ་ནི། །སྲང་དེ་ཚད་ནི་བཅུག་པ་སྟེ། །སྦྲང་རྩི་པི་པི་ལིང ་གི་ཕྱེ། །མར་གྱིས་བསྐུས་པའི་སྣོད་དག་ནི། །རྒྱ་སྐྱེགས་བསྐུས་པ་བཅུག་ནས་ནི?། །ནས་ཀྱི་ནང་དུ་བཅུག་ནས་སུ། །ལྕགས་ནི་རྣོ་ལ་སྲབ་དག། སེང་ལྡེང་གི་ནི་མེ་མདག་བསྲེགས། ཇི་སྲིད་ལྕགས་ནི་ཟད་པའི་བར། །མང་དུ་དེ་ནི་གཞུག་པར་བྱ། །ལྕགས་ལས་བྱས ་པའི་ཆད་མནན་བླུང། །སྔོན་པོས་ཡོན་ཏན་ལྷག་པ་ཡིན། །རྩུབ་པ་དྲིལ་ཕྱིས་དམ་དུ་བསྡམས། །དྲག་ཤུལ་ནུབ་མོ་ཉིད་མི་ལོག་།ཚིལ་དང་བད་ཀན་འཇོམས་བྱེད་གང། །དེ་ནི་ཕྱི་ནང་ལས་བཏང་ཕན། །བྲག་ཤུན་སྲང་བརྒྱད་སྙིང་པོ་ཆུ། །སྤངས ་པའི་སྙིང་པོ་ཆུ་དང་ནི། །ལེགས་པར་བླུད་ཅིང་ས་ལུ་དང། །སྐམ་སའི་ཤ་ཁུ་བཅས་པ་བཟའ་། །བླ་གཉན་ཤིན་ཏུ་མང་པ་ཡི། །གཅིན་སྙིའི་ནད་ནི་ཀུན་ཀྱང་འཇོམས། །འབྲས་ཕྲད་ཐོར་བུ་རྨེན་བུ་དང། །ཚིལ་ཆེན་མཛེ་དང་མཚན་མར་བརྡོལ། །སོ་ནི་ནད ་གང་བམ་འོར་ནད་སེལ། །འདི་ནི་བཅུད་ཀྱི་ལེན་མཆོག་ཡིན། །ལམ་དུ་གདུངས་དང་ལྷམ་དག་ནི། །མེད་པར་དྲང་སྲོང་ཚུལ་དུ་ནི། །དཔག་ཚད་བརྒྱ་ཡ་བིར་དུ་འགྲོ། ཆ་ཡི་གནས་ཤིང་བསྐོལ་བྱ་འམ། །བ་གཅིན་ལྕི་བ་བསྟེན་པ་འམ། །བ་ལང་དག་གི ་ལྷམ་གཅིག་འཁྱམ། །སྐེམ་པའི་གཅིན་ནད་ཅན་དག་གི། ཟས་དང་སྨན་ཚིལ་མི་བསྐྱེད་བས། །ཁམ་མོར་ཁ་སོགས་འབྲས་ནད་ནི། །མ་སྨིན་སྐྲང་པའི་ནད་ལྟར་གསེ། །སྨིན་པ་ལ་ནི་རྨ་ལྟར་གསོ། །དེ་ཡི་སྔོན་འབྱུང་ཚུལ་ཉིད་ལ། །འོ་མ་ཅན་ཤིང ་བསྐོལ་ཆུ་དང། །ར་ཐུག་གཅིན་ནི་བླུན་པ་བསྔགས། །གཅིན་སྙིའི་ནང་ཅན་ལྟོ་སྲ་པས། །ཕལ་ཆེར་བཀྲུ་སྨན་རྣོན་པོ་བཏང། །སུག་སྨེལ་སོགས་ཀྱིས་ཏིལ་སྦྱར། །རྨ་འཚོབ་པ་ཡི་ཚོག་བྱ། །དོང་ཀལ་སོགས་སྡེ་མཚན་ནི། །བཏགས་པའི་ལྡེ་གུ་དྲི་ལ་བར་བྱ ་ཨ་སན་སོགས་བསྐེལ་ཆུ་བླུད། །དུག་མོ་ཉུང་སོགས་ཟས་སྐོམ་སྦྱར། །པ་ཏྲ་ཐལ་ཏྲེས་ཐལ་ཏྲེས་ཙི་ཏྲ་ཀ། ཤ་རངྒ་སྲ་ཀཱཎྜ་རི། །སབཏ་པརྞི་དུག་མོ་ཉུང། །ཀཏཔ་ལ་དང་དོད་གའི་ཕྱེ། །སྦྲང་རྩིས་ལྡེ་གུར་བྱས་པ་འམ། །ལྕགས ་དགུ་བ་ཡང་དེ་བཞིན་སྦྱིན། །ཡན་ལག་བརྒྱད་པའི་སྙེད་པ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་གཉིས་པའོ།། །།དེ་ནས་ཁོང་འབྲས་རྒྱུ་ལུགས་ཀྱི་ལེའུ་བཤད་པར་བྱའོ། །ཁོང་འབྲས་མ་སྨིན་ཐམས་ཅད་ལ། །འོར་ནད་ལྟ་བུར ་གསོ་བ་དང། །རྒྱུན་ཏུ་ཁྲག་ནི་དབྱུང་བར་བྱ། །སྨིན་པ་ལ་ནི་རྨ་ལྟར་གསོ། །རླུང་ཤས་ཆེ་ལ་རྩ་བ་ལྔ། །བསྐོལ་བས་རྨ་ནི་བཀྲུ་བ་དང། །ཐང་ཤིང་སོགས་ཏེ་ཤིང་མངར་དང། །ཏིལ་མར་རྒྱ་མཚས་རྨ་བསྐུ་བྱ། །བཀྲུ་སྨན་དང་ནི་ལྡན་པ་ཡི། ? ་དུར་བྱེད་ཀྱིས་ནི་རྣམ་སྤྱད་ཞིང། །བི་དད་ཡི་སྡེ་བསྐོལ་བའི། །དུད་བྱིང་ཀྱིས་རྨ་འབྱོ་བྱ། །མཁྲིས་གྱུར་འོ་མ་ཅན་ཆུས་བཀྲུ། སླེ་ཏྲེས་ཤིང་མངར་ཏིལ་གྱིས་བསྐུ། །བཙོས་དང་ཤུགས་བ་བུ་ཤལ་རྩེ། །པ་ཡ་ས་དང་སེར་པོ་གཉིས།། ་འབྲས་བུ་གསུམ་དང་ཤྲིང་མངར་དང། །འོ་མར་བཅས་པས་རྨ་འབྱོར་བྱ། །ཡང་ན་ནྱ་གྲོ་དྷ་སོགས་པའི། །མྱུ་གུ་ཤུན་པས་འབྲས་བུ་བསྐུ། །བད་ཀན་ལས་གྱུར་དོང་གྲའི་ཆུ། །བཀྲུ་ཞིང་ཕྱེ་དང་སེར་པོ་གཉིས། །དུར་བྱིད་དང་ནི་ཏིལ་གྱིས་བསྐུ།། ་ཡང་ན་རྒྱ་སྲན་དནྟི་ཡི། །ཤ་མ་དུར་བྱིད་ཙི་ཏྲ་ཀ། སེང་ཕྲོ་རྒྱམ་ཚ་བ་གཅིན་བཅས། །ཏིལ་མར་གྱིས་ནི་རྨ་འཚོ་བ་བྱ། །ཁྲག་དང་གློ་བུར་ལས་གྱུར་ལ། །མཁྲིས་པའི་ཁོང་འབྲས་ལྟ་བུར་གསོ། །མ་སྨིན་ནང་དུ་བྱུང་བ་ལ། །བ་ར་ན་སོགས་སྡེ ་བསྐོལ་བར། །ུ་ཤ་ཀ་ཡི་སྡེ་ཚན་བཏང། །སྔ་དྲོ་ཁོང་བ་འབྲས་ཅན་ལ་བླུད། །བཀྲུ་སྨན་བཅས་བར་བསྐོལ་བའི་མར། །དེ་གཉིས་དང་ནི་ལྡན་པར་བླུད། །ནི་རུ་ཧ་དང་སྣུམ་འམ་རྩི། །དེ་དག་ཉིད་ལས་སྦྱར་བར་བྱ། །བཟའ་དང ་བཏུང་དང་བསྐུ་བ་ལ། །སྦྲང་རྩི་ན་ལེ་ཤམ་ཀ་སྦྱར། །ནད་དམིགས་ཇི་བཞིན་བླུད་ན་ནི། །ཁོང་འབྲས་མ་སྨིན་འཛོམས་བར་བྱེད། །ཀྱི་ལྕེ་ནི་མ་པ་འབྲས་བུ་གསུམ། །ཤིང་མངར་བུ་ཙེ་ཤེལ་ཆ་མཉམ། །དུར་བྱིད་པ་ཏོ་ལའི་རྩ་བ། །རེ་རེ་ཆ་ནི་བཞི ་བར་བྱ། །སྲན་ཆུང་སྣུན་པ་མེད་ལས་བརྒྱད། །དེ་བསྐོལ་མར་དང་བཅས་པ་བླུད། །ཁོང་འབྲས་བསྐྲན་དང་མེ་དཔལ་དང། །ལུས་ཚ་རྨོངས་བག་མྱོས་རིམས་འདེབས། །སྐོམ་དད་བརྒྱལ་སློན་སྙིང་ནད་དང། །ཁྲག་མཁྲིས་མིག་སེར་མཛེ་ནད་འཇོམས། །ཀྱི་ལྕེ ་བ་ནི་ཕུལ་གང་དང། །བརྒྱད་འགྱུར་ཆུ་དང་བསྐོལ་ནས་ནི། །དེ་ཡི་ཁུ་བ་ཕུལ་གང་བཏང། །སྐྱུ་རུ་ར་ཡིས་ཁུ་བ་དང། །འོ་མ་མར་ནི་ཕུལ་རེ་དང། །ཏིཀྟ་བི་ཚེར་ཀྲ་ཡནྟི། །གླ་སྒ་དང་མ་ཉེ་ཏ་མ་ལ། །ཙན་དན་ཨུཏཔལ་ཛཱི་བཾ་ཏི། །གཅིག་ཏུ་བསྡུས་ཏེ ་བསྐོལ་བ་ཡི། །མར་དེ་ཡོན་ཏན་སྔ་མར་མཚུངས། །རྒུན་འབྲུམ་འབྲ་གོ་མ་དུ་ཀ། བྱིད་རི་དང་ཉེ་ཤིང་བཅས། །བ་རུ་ཤ་ཀ་འབྲས་བུ་གསུམ། །དེ་བཅོས་ཁུ་བར་མར་བསྐོལ་ལ། །འོ་མ་བུ་རཾ་ཤིང་ཁུ་དང། །སྐྱུ་རུ་ར་ཡིས་ཁུ་བ་དང། ཨ་རུ་ར་ཡི་ལྡེ ་གུར་བཅས། །བསྐོལ་ཏེ་བསྒྲངས་བ་དེ་ནང་དུ། །ཁ་ར་སྦྲང་རྩི་བཞི་ཆར་བཏབ། །ཡོན་ཏན་སྔ་མ་འདྲར་ཤེས་བྱ། །ནད་དམིགས་ཇི་བཞིན་རྔ་བས་ར་སོགས། །ཡང་ན་གཏར་ག་ཁྲག་དབྱུང་བྱ། །ཁོང་འབྲས་སྨིན་པར་འགྱུར་བ་ལ། །ཁོང་བར་གནས་པ ་ཕྱིར་འབུར་བར། །ཤེས་ནས་དེ་ནི་བཅིང་བར་བྱ། །གཟེར་བ་དེ་གནས་གོང་བུར་འདུག། དེ་ངོས་བཙིར་བས་ཚོར་བ་ཆུད། །མཚལ་སོགས་ཆུང་འགྱུར་ན། །སྨིན་པ་ཡིན་པས་ཁོང་འབྲས་ནི། །བརྟོལ་ཏེ་རྨ་ལྟར་གསོ་བར་བྱ། །ནང་གི་ཆར་གནས་ཁོང ་འབྲས་ནི་།སྨིན་པའི་མཚན་མ་འང་དེ་ཉིད་ཡིན། །སྨིན་ནས་བུ་ག་རྣམས་གྱུར་ཏེ། །དེ་ནི་སྟེང་མ་འོང་དུ་འབྱུང། །རར་ཉིད་རྡོལ་པའི་ནད་དེ་ནི། །ཟས་ཕན་བྱིས་ཞིང་བཏང་སྙོམ་པ་བཞག། ཞག་བཅུ་འམ་བཅུ་གཉིས་བར་དུ་ནི། །སྨན་པ་བརླ་གཉ་ལ་བསྲུང་བྱས ་རྣག་ནི་ལོགས་པར་མི་མཛག་ན། །བ་ར་ན་སོགས་ཆུ་དྲོན་ནམ། །ཤི་ཀུ་སྦྲང་རྩི་བླུད་པ་འམ། །དེ་དང་སྦྱར་བའི་ནས་ཐུག་བླུད། །རྒྱ་ཤུག་རྒྱ་སྲན་ནས་ཀྱི་ནི། །ཡུ་ཤ་དང་ནི་བཟའ་བ་བསྔགས། ཞག་བཅུ་ཡན་ཆད་ཀྱི་ལྕེ་བ།། ་མར་བཏབ་སེང་ཕྲོམ་དག་གིས་ནི། །ཉམས་སྟོབས་ཇི་བཞིན་སྦྱང་བར་བྱ། །སྦྱངས་ནས་ཏིཀྐ་སྦྲང་རྩི་བླུད། །འདི་ལ་ཀུན་ཀྱང་སྐྲན་ལྟ་བུར། །ནད་ཐབས་ཇི་བཞིན་གསོ་བར་བྱ། །ཁོང་འབྲས་ཀུན་དང་གནས་སྐབས་དང། །ཐམས་ཅད་དུ་ནི་གུ་གུ་ལ་བཏང ་དེ་བཞིན་བྲག་ཞུན་རང་རང་གི། །སྤྱོད་པ་བཅས་ཏེ་ཁུ་བར་བླུང། །འབད་དེ་སྨིན་པ་ལས་བསྲུང་བྱ། །སྨིན་ནས་ཤིན་ཏུ་གསོ་དཀའ་ཡིན། །གཞན་ཡང་མྱུར་དུ་ཚ་བྱེད་པས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །གལ་ཏེ་གཅིན་སྙི་ལས་གྱུར་ན། །གཅིན ་སྣི་བ་ཡི་གསོ་བར་བྱ། །ནུ་མར་བྱུང་ལ་འདི་ལྟར་ནི། །མི་བཅིང་ཐམས་ཅད་རྨ་ལྟར་གསོ། །དབྲལ་ཏེ་ནུ་ཞོ་འཟག་པ་དང། །ནུ་སོར་ནག་པོ་མི་གནོད་བསྲུང། །མ་རྨིན་གནས་སྐབས་ཐམས་ཅད་དུ། །དེ་ཡི་ནུ་ཞོ་བཙིར་ཞིང་བཞོ། །རྒྱུ་རླུགས་རླུང་ཤས ་ཆོ་བ་ལ། །དུར་བྱིང་སྣུམ་ཅན་གིས་སྦྱང་ཞིང། ། མྲའི་འབྲས་བུ་སེར་ཕྲོམ་མར། །ེ་རཎྜ་དང་སྐྱི་རེ་པའི། །མར་དང་སྨན་མར་འདྲེན་མར་སྦྱིན། །དེ་ནས་རླུང་འཇོམས་སྨན་ཁུ་སྣམ། །ལྡེ་དགུ་མས་བཏང་དྲག་པོར་བྱ། །ཤ་ཁུ་བཅས་པའི་ཟས་སྦྱིན ་ཞིང། །ཤིང་མངར་སྣུམ་བཀོལ་འཇམ་རྩི་བཏང། །རླུང་འཛོམས་དུ་གག་སྐུ་མཉེ་བྱ། །སྨིན་ནས་དྲལ་ལ་རྨ་ལྟར་གསོ། །རྒྱུ་རླུགས་ཁྲག་མཁྲིས་ལས་གྱུར་ལས། །སྨིན་ནས་མ་སྨིན་ཇི་བཞིན་དུ། །རྨ་དང་སྐྲངས་པའི་གསོ་བ་བྱ། །རྒྱུན་ཏུ་ཁྲགས་ཀྱང་དབྱུང ་བར་བྱ། །བད་ཀན་ལས་གུར་སྐྱེར་བ་ཡིས། །ཕྱེ་མ་བ་གཅིན་སྦྱར་བ་བླུད། །འདི་ལ་གཉིད་བྱ་མ་གཏོགས་བར། །བད་ཀན་རྨོན་བུའི་གསོ་བ་བྱ། །སྨིན་ནས་དབྲལ་ཏེ་ཛནཱ?་ཏི་ཡིས། །མེ་ཏོག་གོ་བྱེ་ཨམ་གོ་ལ། །ལོ་མ་བདུན་པ་པ་ཏོ་ལ། །ནི་བ་ཡུང་པའི་ཏ་ཀ། དུག་མོང་ཉུང ་དང་ཏིལ་མར་བསྐོལ། །རྨ་སྦྱང་ཕྱིར་ནི་བླུད་པ་བསྔགས། །ཚིལ་ལས་གྱུར་པ་བྱེའུ་རུག་སོགས། །བ་གཅིན་སྦྱར་ཏེ་བཏགས་པ་མགོ་བའི་བཀྲུ་སྨན་དག་གིས་བྱ། །རླིག་པའི་སྲུབས་ནི་མ་གཏོགས་པར། །འཕེལ་བཙགས་ཀྱིས་ནི་དཔྲལ་ནས་ནི།། ་ཚིལ་ནི་ལེགས་པར་དབྱུང་བར་བྱ། །རྨ་ནི་སྦྲང་རྩི་ནག་ཚུར་དང། །རྒྱམ་ཚ་ངེས་པར་བསྐུས་ནས་བཅོམ། །དེ་ལ་ཚིལ་ནི་སྦྱང་བའི་ཕྱིར། །ལྡོང་རོས་སུག་སྨེལ་སུམ་ན། །གོ་བྱེ་པི་པི་ལིང་མཱུ་ལ། །ཏིལ་མར་དག་ནི་བསྐུ་བར་བྱ། །རྨ་ནི་འབྱོར་པར་གྱུར་གྱི་བར ་སྣམ་དང་དུགས་ཀྱང་བསྟན་པར་བྱ། །གཅིན་བྱུང་སྣུམ་གྱི་དུགས་བྱ་ཞིང། །རས་མ་ཕྲ་མོ་དཀྲི་བར་བྱ། །སྲུབས་མཚམས་འོག་ཏུ་དམུ་རྫིང་བཞིན། །ལེགས་པར་དབྲལ་ཏེ་གཟགས་པར་བྱ། །རྨ་བཀག་བཅིང་དང་འབྱོར་པར་བྱ། །རྒྱུ་མ་བྱུང་བར ་གྱུར་པ་དག། རླིག་པར་ཕྱིན་པར་མ་གྱུར་ལ། །རླུང་གི་རྒྱུ་རླུགས་བཞིན་དུ་གསོ། །བ་སྦྲུ་བ་ནི་སྲད་བརྒྱད་དང། །རྩ་བ་བཅུ་པ་ཨེ་རཎྜ། ། ཤྭ་གནདྷ་ཉེར་ཤིང་དང། །པ་ཡས་ས?་དང་དུ་རྦ་གཉིས། །འདམ་བུ་ཀུ་ཤ་བུ་རམ་ཤིང། ། ཧ་ག་ལར་བཅས་པ་ནི། ་རེ་རེ་སྲང་ནི་བཅུ་གཅུར་བྱས། །ཆུ་བྲེ་བརྒྱ་རྩ་ཉི་ཤུར་བརྒྱད། །བསྐོལ་བ་བརྒྱད་ཆ་ལུས་བ་རུ། །དེར་ནི་བུ་རམ་སྲང་སུམ་ཅུ། །ེ་རཎྜི་ཡི་མིར་བྲེ་དོ། །འོ་མ་མར་ནི་བྲེ་དོ་དོ། །པི་པི་ལིང་དད་དེ་རྩ་བ། །སིང་མངར་རྒུན་འབྲུམ་སླེ་མྱང་ཚ། །ལ་ལ་བུད་དང་དོང་ཀྲང? ་བཞུག། །དེ་བཙོས་སྐྱིད་བ་ཞེས་བྱ། །གཞོན་ཤ་ཅན་གྱི་བཅུད་ལེན་ཡིན། །རླུང་དང་ཐན་པ་ལམ་དུ་འགྲོ། གཞོན་སོགས་བསྲུང་བ་བསྡམ་མི་དགོས། །སྐྱིད་དེ་བ་དང་ཕྱུག་པོ་དང། །བདེ་ལ་བརྟན་དང་བུད་མེད་དང། །བུད་མེད་རྒན་མོའི་ཁྱོ་དང་ནི། །དཔལ་བསྐྱེད? ་རྩོད་པ་བཟློག་བྱེད་ཅིབ། །དུས་ཀུན་ཏུ་ནི་བསྟེན་གྱུར་ན། །མདོག་མདངས་ཤ་ནི་རྒྱས་བྱེད་ཅིང། །རྒྱུ་རླུགས་ཁོང་འབྲས་སྐྲན་གཞང་འབྲུམ། །ཕོ་མཚན་མོ་མཚན་རླུང་གིས་ཉིད?་འོར་ནད་དམུ་རྫིང་མཆིན་པ་དང། །རྟུག་སྐམ་ནད་ནི་སེལ་བྱེད་མཆོག། སྣུམ་གྱི་བཀྲུ་མན་འཇམ་རྩི་ཡིས། །གོལ། ་ཏེ་རྒྱུ་རླུགས་མ་ཞི་ན། །དང་པོ་འཇམ་རྩི་བརྟད་ནས་ནི། །དེ་ནས་ཆུ་སོར་གནས་པ་ནི། །ཟླ་བ་སྐམ་པའི་ཁ་འདྲ་བས། །རླུང་ལམ་དགག་ཕྱིར་བསྲེག་པར་བྱ། །མཐེ་བོང་སྟེང་གི་རྒྱུས་པ་ནི། །སེར་ཞིང་སྣལ་མ་འདྲ་བ་གང། །ཁབ་ཀྱིས་བཏེག་སྟེ་ཐད་ཀ ་རུ། །གང་ན་ནད་ཡོད་བཅད་དེ་བསྲེག་།གཞན་དག་དེ་ལས་ལོགས་གཞན་ནམ། །སྲིན་ལག་སོར་མོ་བསྲེག་ཅེས་ཟེར། །ཁ་ཅིག་འདི་ནི་བད་ཀན་རླུང། །ལས་གྱུར་སྐྲན་མཚེར་ལ་བྱ་ཟེར། །བི་ཤ་ཙེར་ནད་གདན་ཡོད། །མཐེའུ་ཆུང་སྲིན་ལག་དག་ལ་བྱ།། ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ལས་ལེའུ་བཅུ་གསུམ་པའོ།། །།དེ་ནས་སྐྲན་གསོ་བའི་ལེའུ་བཤད་པར་བྱའོ། །རླུང་གྱུར་སྐྲན་ནི་མི་བཟད་ན། །ཕྱིས་ཕྱེན་ནི་འགགས་གྱུར་ན། །རྩུབ་དང་གྲང་བྱུང་རླུང ་ནད་ལ། །ཕན་པའི་ཏིལ་མར་དག་གིས་གསོ། །ཟས་སྐོམ་འཇམ་རྩི་སྦྱང་བ་དང། །བསྐུ་བྱུག་སྣུམ་ཚོས་དུགས་དཔྱད་བྱ། །སྤོ་དང་ཟུག་དང་རངས་པ་དང། །འགགས་པ་ལ་ནི་མཆོག་ཏུ་བྱ། །སྣུམ་ཚོས་དུགས་ནི་བྱས་པ་ཡིས། །བུ་གའི་རྒྱུན་སྲང་གཉེན ་ཕྱེད་ལ། །རླུང་ཤས་ཆེ་བ་གཞོམ་བྱ་ཞིང། །ཕྱི་ས་སྲི་བ་སེལ་སྐྲན་འཇོམས། །ལྟེ་བ་ཡན་ཆད་སྐྱེས་པ་ཡི། །སྐྲན་ལ་མཆོག་ཏུ་སྣུམ་ཀླུད་ཕན། །ཞུ་བའི་གནས་བརྟེན་འཇམ་རྩི་བྱ། །ལྟོ་བར་གནས་ལ་གཉི་ག་བྱ། །རླུང་ཅན་སྐྲན་ནི་དྲོང་ཆེ་ལ།། ་ཕྱིས་རླུང་ནི་འགགས་གྱུར་ལ། །བཟའ་བཏུང་ཉམ་རྟས་བྱེད་པ་དང། །སྣུམ་དང་དྲོ་བ་སྦྱིན་པར་བྱ། །རླུང་གྱུར་སྐན་ལ་བད་ཀན་དང། །མཁྲིས་པ་བསྲུང་ཞིང་ནི་རུ་ཧ། །འཇམ་རྩི་བཅས་པའི་སྦྱོར་བ་ནི། །ཡང་དང་ཡང་དུ་བྱ་བ་ཡིན། །འཇམ་རྩི ་མཆོག་ཏུ་སྐྲན་འཇོམས་པར། །ཤེས་བྱ་དེས་ནི་ནང་གི་ནད། །དང་པོ་རང་གི་གནས་སུ་བཅོམ། །འཕྲལ་དུ་སྐྲན་ནི་སེལ་བར་བྱེད། །དེ་བས་སྐྲན་ལ་རྒྱུན་ཏུ་ནི། །མས་བཏང་དྲག་པོ་འཇམ་རྩི་བཅས། །བཏང་བར་གྱུར་བས་རླུང་བད་ཀན།། ་མཁྲིས་པའི་བདག་ཉིད་ཅན་རྣམས་སེལ། །ཤིང་ཀུན་དང་ནི་ཚ་བ་གསུམ། །རྩ་བ་རུ་ཚ་དང་ཁ་རུ་ཚ། །སེའུ་འབྲུ་མ་ནུ་གོ་སྙོད་དང། །ཟི་ར་འུ་སུ་ལ་ལ་ཕུད། །སྟར་བུ་ཡ་བཀྵ་ར་དང། །ཟུར་པ་ཤུ་དག་ཙི་ཏྲ་ཀ་། ཟ་གནདྷ་སུག་སྨེལ་དང། །བྱི་རུག་པ་ནི་ཞོ་དང ་བཅས་པ་མར་བསྐོལ་རླུང་གི་སྐྲན་སེལ་ཞིང། །གཟེར་དང་ལྟོ་སྤོས་འཇོམས་པར་བྱེད། །སྤ་མའི་འབྲས་བུ་ཚ་བ་གསུམ། །ཟི་ར་གོ་རྙོད་ཚ་བ་ལྔ། ། ཟ་མོ་དང་ལྕེ་མྱང་ཚ། །ཞོ་དང་འོ་མ་མར་དང་ནི། །སེའུ་འབྲུ་ལ་ཕུག་རྒྱ་ཤུག་གི་།ཁུ་བ་བསྐོལ་བས་རླུང ་གི་ནི། །སྐྲན་དང་དམུ་རྫིང་ལྟོ་སྤོས་དང། །རྩི་བ་ལོགས་སྙིང་དང་ལྟེ་བ་གཟེར། །མངལ་ནད་གཞང་འབྲུམ་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་དང། །རིམས་ནད་ཡིག་འཆུས་པ་འཇོམས། །རྩ་བ་བཅུ་པ་སུ་ཤ་བི། །པ་ལ་ཀ་ཤ་མ་ནུ་དང། །བྲ ་སྒྲུབ?་གཉིས་ཨེ་རན་དང། །ར་སྣ་ཨ་ཤྭ་གནདྷ་དང། །ག་པྲའི་རྩ་བ་ཟུར་པ་ཀར། །སླེ་ཏྲེས་གནདྷ་པ་ལ་ཤ། སྲང་ནི་གཉི་གཉིས་ཚད་བྱས་དང། །ཉི་ཤུ་རྩ་བརྒྱད་ནང་དུ་བསྐོལ། །ནད་དང་རྒྱ་ཤུག་རྒྱ་སྲན་དང། །མ་ཤ་བྲེ་རྙེ་ལྷན་ཅིག་ཏུ། །ཆུ་བྲེ ་བཅུ་དྲུག་ནང་དུ་བསྐོལ། །ཁུ་བ་དེར་ཞོ་བྲེ་བཞི་དང། །མར་བྲེ་གང་དང་སླར་བསྐོལ་ལ། །སེ་འབྲུ་ཨ་མྲ་ཏ་ཀ་དང། །ཁ་ལུང་ཁུ་བ་བྲེ་རེར་བཅས། །དེ་བཞིན་རྩབ་མོ་སྐྱུར་ཚ་བ་ཚ། །གཡེར་མ་ཤུ་དག་ག་བྲིའི་རྩ། །ར་སྣ་པི་པི་ལིང་རྩ་བ། །ཙི་ཏྲ།། ་ཀ། དང་འུ་སུ་དང། །ཡ་བ་ན་ག་ལ་ལ་ཕུད། །སྟར་བུ་ཟི་ར་ནག་པོ་དང། །གོ་སྙོད་ཟི་ར་སྤ་མིའི་འབྲས། །ཀ་ར་བི་ར་ཟངས་རྩི་བ། །ུ་ཤ་ཀ་དང་དུར་བྱེད་དང། །དནྟ་མུརྦ་བི་ཏངྒ?། །སེ་འབྲུ་ཏ་སྟི་པི་པི་ལིང། །གཟེ་མ་སྤང་སྤོས་སྲུའི་རུའི ་རྩ། །ག་གོན་རྒྱལ་མོག་གོན་གྱི། ས་བོན་ཤུ་ཏི་ཐལ་སྨན་གཉིས། །བྱེའུ་རུག་པ་ཐལ་ཏྲེས་དང། །ནི་ལི་ནི་ཡི་འབྲས་བུ་དང། །ལན་ཚ་གསུམ་དང་ཚ་བ་གསུམ། །བཅས་པའི་ཞེ་ནི་སྨན་མང་ངེས། །སྔར་བཤད་ནད་ནི་གསོ་དཀའ་བ་དང། །རྗེད་བྱེད་དོ་སྨྱོ་བྱེད་གཅིན ་སྲི་དང། །རླུང་ནང་གཞང་འབྲུམ་མྱུར་དུ་འཇོམས། །ཚ་བ་གསུམ་དང་འབྲས་བུ་གསུམ། །འུ་སུ་དབྱི་མོང་བི་ཊཱངཀ། །ཙི་ཏྲ་ཀ་ནི་ལྡེ་གུར་བྱས། །འོ་མ་མར་བསྐོལ་རླུང་སྐྲན་འཇོམས། །སྒོག་སྐྱའི་རྩ་བ་སྲང་བརྒྱད་དང། །རྩ་བ་ཆེན་པོ་ལྔ་སྲང་ལྡང། །ཆུ་སྲང ་སྟོང་དང་དེ་བསྐོལ་ལ། །གཞི་ཚ་ལུས་བས་འབྲུ་ཡི། །བུ་བ་ཆད་དང་འབྲས་ཁུ་སྐྱུར། །ཞོ་རྣམས་དེ་ཡི་ཕྱེད་ཕྱེད་དང། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་དབྱི་མོད་ལ་ལ་ཕུད། །དབྱི་མོད་ལྟར་བུ་ལྕེ་མྱང་ཚ། །ཐང་ཤིང་སྲང་ནི་ཕྱེད་ཕྱེད་དང ་མར་ནི་བྲེ་གང་བཅས་པར་བསྐོལ། །རླུང་ལས་གྱུར་པའི་སྐྲན་ཀུན་འཇོམས། །གཅོད་ཆེན་སྐབས་སུ་བཤད་པ་ཡི། །སྲང་དྲུག་པ་ཡི་མར་ཡང་བླུད། །འོ་མའི་སྐྱིན་པ་ཆད་དངས་སམ། །སེ་འབྲུ་ཞོ་སྤྲིས་སྦྱར་བའི་མར། །རླུང་ལས་གྱུར་པའི་སྲན་མེལ་ཏོ། །རླུང ་ལས་གྱུར་བའི་སྲན་སེལ་ཏོ། །རླུང་གི་སྐྲན་ལ་བད་ཀན་འཕེལ། །དྲོད་ཉམས་ཡི་ག་འཆུས་པ་དང། །སྙིང་བརྒལ་ཁོང་ལྕི་སྙོམ་གྱུར་པ། །དེ་ལ་སྐྱུག་སྨན་བཏང་བར་བྱ། །གཟེར་མ་ལྷོ་སྤོ་བཤད་སྐྲི་ལ། །གནས་ཤེས་བྱས་ནས་སྣུམ་བཅས་པའི། །སྨན་མར་སྨན་གྱི ་ཕྱེ་མ་དང། །ཁུ་བའི་རིལ་བུར་བྱས་པ་ཡི། །རྒྱ་ཤུག་སེ་འབྲུ་ཆུ་དོན་དང། །དར་བ་ཆང་དང་སྐྱུར་རྩབས་དང། །ཆང་དངས་བཅས་པར་མང་བར་བླུང། །ཡང་ན་ཕྱེ་མ་ལ་སོགས་པ། །ཐུབ་པ་སློ་བོར་བྱས་པ་ནི། །ནད་པར་ཡང་ན་ཟས་སྔོན་བླུང། །ཕྱེ་མ་ཁ་ལང་ཁུ་བ་དང། །ལན ་མང་སྤྲུས་པར་གྱུར་བ་ཡི། །ལས་ནི་བྱེད་པར་ནུས་གྱུར་པས། །རིལ་བུས་རླུང་དང་བད་ཀན་འཇོམས། །ཤིང་ཀུན་ཤུ་ཐག་ཨ་རུ་ར། ། ཇི་གནདྷ་སེ་འབྲུ་དང། །འུ་སུ་པ་ཏ་ཏི་མུས། །མ་ནུ་ཟུར་པ་དཀར་པོ་དང། །སྦ་མའི་འབྲས་བུ་ཙི་ཏྲཀ། །ཐལ་སྨན་གཉིས་དང་ལན་ཚབ ་གཉིས། །ཚ་བ་གསུམ་དང་ཟིར་དང། །དབྱི་མོ་དེ་ཏྲིག་སྟར་བུའི་ཕྱེས། །རླུང་དང་བད་ཀན་ལས་གྱུར་པའི། །སྙིང་གིའི་རྩི་བ་ལོགS་ཆུ་སོ་དང། །མཇུག་ཏོ་མངལ་དང་ཆུ་སོར་གཟེར། །བད་ཀན་རླུང་ཤས་གྱུར་བའི་ནས། །གསོ་དཀའ་སྐྲན་དང་ཕྱེན་དང་ནི། །གཅིན་དང་ཕྱིས ་འགགས་པ་དང། །ལྐོག་མར་འགགས་ཤིང་སྙིང་ནད་དང། །རྐྱ་རྦབ་ཡིག་འཆུས་པ་དང། །མཆེར་པ་གཞང་འབྲུམ་སྐྱིགས་བུ་དང། །རྒྱུ་རླུགས་ལྟོ་སྦོས་མེ་དྲོད་ཉམས། །ལུད་པ་དབུགས་མི་བདེ་བ་འཇོམས། །རྒྱམ་ཚ་དང་ནི་ལ་ལ་ཕུད། ། ཟ་མོ་དང་པི་པི་ལིང། །དྲོང་གྲ་རིམ ་བཞིན་ཆ་རེས་བསྐྱེད། །ཐམས་ཅད་དང་ནི་ཆ་མཉམ་པའི། ། རུར་བསྲེས་ཕྱེ་མ་འདི། །མེ་ནི་མངོན་སུམ་ཉིད་ཡིན་ནོ། །ཚ་བ་གསུམ་དང་ཏི་མུས། །རྒྱམ་ཚ་དང་ནི་ཟི་ར་གཉིས། །ཆ་མཉམ་ཤིང་ཀུན་བརྒྱད་ཆའི་ཕྱེད། །མར་བསྲེས་ཁམ་གྱི་དང་པོ་ཟོས། །མེ་དྲོད་དྲག་པོ་སྐྱེད་བྱེད ་ཅིང། །རླུང་གི་སྐྲན་ནི་འཇོམས་པར་བྱེད། །ཤིང་ཀུན་ཤུ་དག་ཁ་རུ་ཚ། །དྲེང་གྲ་དང་ནི་ལ་ལ་ཕུད། །རྣམ་རྒྱལ་མ་ནུ་རུ་རྟ་དང། །དུར་བྱེད་དནྟའི་རྩ་བར་བཅས། །ཆ་རེ་བསྐྱེད་པའི་ཕྱེ་མ་འདི། །ཆུ་དྲོན་སྦྱར་འཐུངས་ལྟོ་བའི་ནད། །སྐྲ་ན་དང་དམུ་རྫིང་ལ་སོགས་པ། །སེངྒེ་རེ་དགས ་ཚོགས་རྣམས་ནི། །མཐུ་རྩལ་གྱིས་ནི་ཟིལ་ནོན་ལྟར། །ནད་རྣམས་འཇོམས་པར་བྱེད་པ་ཡིན། །ལྕེ་མྱང་ཚ་དང་པི་པི་ལིང། ། ཟ་མོ་དང་ཨ་རུ་བའི། །ཕྱེ་མ་ཆུ་དྲོན་སྦྱར་བླུད་ན། །སྐྲན་ཅན་བད་རླུང་ལས་གྱུར་ཚོགས། །ལྕགས་མདངས་ལུས་ཕུག་བཞིན་དུ་འཇོམས། །ཀ་རཉྫ ་ཡི་ལོ་མ་དང། །ིནྡྲ་བ་རུ་ན་དབྱི་མོད། །ཀྲུ་ཀྲུག་ཏྲེས་དང་བཅས་སྒྲ་དང། །པི་པི་ལིང་དང་ན་ལེ་ཤ། མ་ལུས་རིམ་བཞིན་རྒྱམ་ཆས་བཀབ། །བསྲེཌ་ལ་པ་ཏ་ཊ་ཏེ་ཞོ་དང་ནི། །ཞོ་ཁ་ཆུ་སྦྱར་བླུད་པ་དག་།སྐྲན་དང་དམུ་རྫིང་འོར་ནད་དང། །སྐྱ་རྦབ་གཞང་འབྲུམ་ནད་རྣམ ་སེལ། །ཤིང་ཀུན་སུམ་འགྱུར་རྒྱ་མཚ་དང། །དེ་ལས་ཨེ་རཎྚ་ཡི་མར། །སུམ་འགྱུར་དེ་ལས་སྒོག་སྐྱུ་ཡི། །ཁུ་བ་སུམ་འགྱུར་སྦྱར་བ་དག་།བླུད་ན་སྐྲན་དང་དམུ་རྩིང་དང། །རྒྱུ་རླུགས་གཟེར་གི་ནད་འཇོམས་འགྱུར། །བ་ལུང་ཁུ་བ་ཤིང་ཀུན་དང། །སེ་འབྲུ ་རྒྱམ་ཚ་ཁ་རུ་ཚ། །ཆུང་གི་དངས་མ་སྦྱར་བླུད་ན། །རླུང་ལས་གྱུར་པའི་སྐྲན་ནད་སེལ། །བཅའ་སྒ་ཞོ་གཉིས་བུ་རམ་ཞོ། །གཞི་དང་ཏིལ་ནག་བཀྲུས་སྲང་གཅིག་།གཅིག་ཏུ་ཕྱེ་མར་བཏགས་བྱིན་ཅིང། །འོ་མ་དྲོ?་འཇམ་རྗེས་བླུད་ན། །རླུང་གི་སྙིང་ནད་སྐྲན་གཞིའི ་འབྲུམ། །མངལ་སེལ་རྟུག་པ་འགགས་པ་སེལ། །རླུང་གྱུར་སྐྲན་ལ་ཨེ་རཎྱའི། །མར་ནི་ཆང་དང་སྦྱར་བ་བླུད། །བད་རླུང་འདྲེ་བ་ལ་འང་དེ་ཉིད་བླུང། །མཁྲིས་པ་འབྲེས་པ་འོ་མ་བཅས། །གལ་ཏེ་མཁྲིས་པ་འཕེས་གྱུར་ཏེ། །ཚ་འགྱུར་རླུང་གི་སྐྲན་ཅན་ལ། །བདུན ་པར་རྗེས་སུ་འབྱིན་བྱེད་པ། །སྣུམ་བཅས་བཀྲུ་སྨན་བཏང་བར་བྱ། །ངེས་ཀྱང་ཚ་བ་མ་བྲི་ན། །དེ་ལ་བཏང་ག་གདབ་པར་བྱ། །སྒོག་སྐྱ་བཤུས་པ་སྐམ་པོ་ནི། །སྲང་བཞི་ཆུ་དང་འོ་མ་ནི། །བརྒྱད་འགྱུར་གྱི་ནི་ནང་དུ་བསྐོལ། །འོ་མ་འདྲེས་པ་བླུད་གྱུར་ན། །རླུང་འགྱུར ་སྒྲན་དང་རྟུག་འགགས་དང། །རླུང་ནད་གཟུགས་འཁུམས་མི་ཟད་རིམས། །སྙིང་ནད་ཁོང་འབྲས་ཟད་བྱེད་རྣམས། །འོ་མ་དེ་ཡིས་མྱུར་དུ་འཇོམས། །ཏིལ་མར་ཆང་དང་བ་གཅིན་དང། །རང་སྐྱུར་ཡ་བཀྵ་རར་བཅས། །རླུང་ན་སྐྲན་དང་དམུ་རྫིང་དང། །ལྟོ ་སྒོས་ཅིག་ཅར་འཇོམས་པར་བྱེད། །ཅི་ཏྲ་པི་པི་ལིང་མཱུ་ལ། །བཅའ་སྒ་ཤིང་ཀུན་ཨེ་རཎྜ། །རྒྱམ་ཚ་ཁ་རུ་ཚ་བཅས་པ། །བསྐོལ་བ་རླུང་ན་གཟེར་བ་དང། །ལྟོ་སྤོས་རྟུག་འགགས་སེབ་མཆོག་དང། །མ་ནུ་ཨེ་རཏནའི་རྩ་བ། །ནས་དང་བྱ་ཚེར་བ་ཤ་ཀ། །ཆུ་དང ་བསྐོལ་ཏེ་བླུང་ན་ནི། །ལྟོ་ནད་སྤོས་དང་གཟེར་འཇོམ་བྱེད། །མ་ནུ་ཨེ་རཎྜ་འཇག་མཱི། །རྩ་བ་ཐང་ཤིང་བཅའ་སྒ་རྣམས། །ཆུ་དང་བསྐོལ་བའི་ཁུ་བ་བླུད། །ཁོང་པ་ཕྲག་པ་རྒྱབ་གཟེར་འཇོམས། །བྲག་ཞུན་དང་ནི་བ་ཡས?། །རྩ་བ་ཆེན་པོ་ལྔ་བསྐོལ་བ། །རླུང ་འགྱུར་སྐྲན་ནད་ཅན་ལ་བླུད། །རྟུག་སྐམ་ནད་ལ་ནས་ཀྱི་ནི། །ཆག་ཚེ་སྣུམ་དང་ལྡན་པ་སྦྱིན། །པི་པི་ལིང་དང་ལ་ཕུག་གི་ཁུ་བདག་ནི་སྦྱར་བ་སྦྱིན། །ནས་ཀྱི་ཟན་དོན་འོ་མར་བཅས། །རླུང་གི་རྟག་འགགས་ནས་ལ་སྦྱིན། །ཡང་ན་མོན་སྲན་དྲེའུ་ཡི། །སྣུམ་མང་ལན ་ཚྭ་ལྡན་པར་སྦྱིན། །དུ་རི་བྱད་དནྟི་ནི་ལི་ནི། ། རུ་ར་དང་ཀམྦི་ལྱ། །ནས་ཚིག་ལ་བུས་ཐལ་ཁ་རུ་ཚ། །དོང་ཀྲ་མར་དང་བཅས་པར་ནི། །དྲི་མར་བཅས་པར་ཀྲུ་སྨན་བཏང། །ནི་ལི་ནི་དང་འབྲས་བུ་གསུམ། །ར་སྣ་བ་ལ་བུ་ཙེ་ཤེ་ལ། །ཀཎྜ་ཀཱ་རི་བི་ཊཱངྒ ་སྲང་རེ་ཆུ་བྲེ་བཞི་ནང་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་རུ། །མར་བྲེ་གང་དང་ཞོ་བྲེ་གང། །ཤུ་དག་ཀྲི་སྣ་སྲང་གཅིག་བསྐོལ། །དེ་ལས་མར་སྲང་རེ་རེ་ནི། །ནས་ཐུག་ཐུག་ལ་སྦྱར་ཏེ་བླུད། །ཞུ་ཞིང་ལེགས་པར་འཁུས་ནས་ནི། །ཤ་ཁུ་བཟའ་བ་སྦྱིན་པར་བྱ། །ནི་ལི་ནི་ཡི ་སྨན་མར་འདིས། །སྐྲན་མཛོ་དམུ་ཛི་ད་ཁོ་ཁམས་དང། །འོར་ནས་སྐྱ་རྦབ་རིམས་ནད་དང། །ཤ་ཀྲི་མཛེར་བ་སྨྱོ་བྱེད་འཇོམས། །ཁྱིམ་བྱ་རྨ་བྱ་གོང་མ་སྲེག་།ཁྲུང་ཁྲུང་བྱེས་སུ་ཤ་ཁུ་དང། །ས་ལུའི་འབྲས་ཆན་ཆད་དང་མར། །རླུང་གི་སྐྲན་རྡེ་སེལ་བ་ཡིན། །ཉུང་ཞིང་སྣུམ ་ལ་སླ་ཞིང་དྲོ། །ཁ་ཟས་རླུང་སྐྲན་ཅན་གྱིས་བཟའ་། །བཏུང་བར་ཆད་གི་དངས་མ་འམ། །འུ་སུ་བསྐོལ་བའི་ཆུ་ཚན་བླུད། །མཁྲིས་གྱུར་སྐྲན་ནི་སྣུམ་དྲེ་ལས། །འབྱུང་བ་དེ་ལ་རྒུན་འབྲུམ་དང། ། རུ་ར་བསྐོལ་བུ་རམ་བཅས། །ཀི་པི་ལ་དང་སྤྲང་རྩིའམ། །ཆོ་ག་འམ་ཁྲག ་མཁྲེས་གསོར་བཤད་པའི། །བཀྲུ་སྨན་བླུད་དེ་འཁྲུས་པ་ཕན། །རྩུབ་དྲོ་ལས་བྱུང་སྐྲན་ལ་ནི། །ཏིག་ཏ་འམ་མ་ཤ་ཀ་བསྐོལ་བའི། །མར་ནི་བླུད་པར་བྱས་པ་འམ། །རྩཝ་ཡི་རྩ་བ་ལྔ་པ་འམ། །འཚོ་བྱེད་སྡེ་ཚན་བཤད་པ་འམ། །མར་བསྐོལ་བླུད་ན་མཆོག་ཏུ་ཕན། ་ནྱ་གྲོ་དྷ་སོགས་སྡེ་ཚན་ནམ། །འཚོ་བྱེད་སྡེ་མཚན་འོ་མ་ཕན། །དེ་ཡང་བཤལ་དུ་མེད་གྱུར་པར། །སྨན་པས་བཀྲུ་སྨན་དང་བསྐོལ་བའི། །མར་རམ་འོ་མ་དག་གིས་ནི། །བཀྲུ་སྨན་ཉེ་བར་བཏང་བར་བྱ། །སྐྱེ་རུ་ར་དང་བུར་ཤིང་གི་།ཁུ་བ་མར་ནི་བྲེ་གང་དང།། ་ཨ་རུ་ནི་བཞི་ཆ་བཅུག་།བསྐོལ་བའི་མར་བླུད་མཁྲིས་སྐྲ་ནས་ལ། །ཡང་ན་མཁྲིས་པའི་ཁོང་འཕྲིས་གསོར། །བཤད་པའི་སེང་ཕྲོམ་སྨན་རམ་བླུད། །རྒུན་འབྲམ་ཤིང་མངར་པ་ཡས་སྱ། །ཤུག་པ་ཙན་དན་སྦྲང་རྩི་རྣམས། །འབྲས་བཀྲུས་ཆུ་དང་བླུད ་ན་ནི། །མཁྲིས་པའི་སྐྲན་ནི་སེལ་བར་འགྱུར། །ཀྱི་ལྕེ་བ་ནི་སྲང་གཉིས་དང། །ཆུ་རེ་དོ་ནི་བསྐོལ་ནས་སུ། །བརྒྱད་ཆ་ལུས་པ་བཙེགས་པ་ནི། །དེ་འཇམ་འོ་མ་ཆ་མཉམ་བླུད། །ཡང་ན་དེ་སེང་འཚན་ནི། །མེ་དྲོད་ཇི་བཞིན་བླུད་པར་བྱ། །དེ་ཡིས་མིང་ནི ་བསལ་བས་ན། །མཁྲིས་པ་ཅན་གྱི་སྐྲན་ཞིང་འགྱུར། །ཆ་ལ་མར་གྲང་བསྐུ་བ་འམ། །བསིལ་བའི་སྨན་མར་བཅས་པ་བསྐུ། །ཆུ་སྐྱེས་ལོ་མས་རེག་བྱ་ཞིང། །སྣོད་ཆུས་གང་བ་རེག་པ་ཕན། །གཟེར་དང་མེ་དྲོད་བྲི་འགྱུར་ཞིང། །ཚ ་བའི་དང་པོ་ཚུལ་ཅན་གྱིས། །མཁྲིས་པའི་སྐྲན་ལ་ཁྱད་པར་དུ། །ཁྲག་ནི་ལན་མང་བྱུང་བ་ཕན། །རྩ་བ་ཆད་སྐྲན་མི་ཚ་ཞིང། །ཉེ་བར་ཟད་པར་འགྱུར་བ་དང། །ཁྲག་ནི་སྐྱུར་བར་མི་འགྱུར་ལ། །ཁྲག་ལས་གྱུར་བའི་ནད་ཀྱང་མེད། །གཉིད་ཅིང་ནད ་ནི་སེལ་བ་ལ། །སྐམ་སར་སྐྱེས་པའི་ཤ་ཁུ་བརྟས། །རྟས་ན་ཉེས་བ་ལྷག་ལུས་ལ། །སླར་ཡང་མར་ནི་བསྟེན་པར་བྱ། །ཁྲག་དང་མཁྲིས་པ་འཕེལ་འགྱུར་པས། །སྐྲན་ནི་སྨིན་པར་ཕྱོགས་པ་ལ། །གསོ་བའི་བྱ་བ་མ་རྙེད་ཅིང། །མཁྲིས་པའི ་འཁོར་འབྲས་ལྟར་གསོ་བྱ། །ས་ལུ་བ་དང་རའི་འོ་མ། །པ་ཏོ་ལ་སྐམ་སའི་ཤ་མར། །བ་རུ་ཤ་ཀ་སྐྱུར་རུ་ར། །རྒུན་འབྲུམ་འབྲོ་གོ་སེ་འབྲུ་དང། །ཁ་རར་བཅོས་པའི་ཁ་ཟས་བཟའ་། །བཏུང་བ་བ་ལ་འབྲི་ཧ་ཏི། །ལ་སོགས་བསྐོལ་བ་བླུད་པར་བྱ། །བད་ཀན ་ལས་གྱུར་དང་པོ་ནི། །སློན་བྱ་དེ་མི་བཟོད་སྨྱུང་བྱ། །ཁ་དྲོ་ཚ་བའི་ཐུག་སོགས་ཀྱིས། །རིམ་པར་དེ་འོག་མེ་དྲོད་བསྐྱེད། །ཤིང་ཀུན་ལ་སོགས་དང་ཐལ་སྨན། །ཤིང་ཀུན་སྟང་བུ་ཉིས་འགྱུར་བཏད། །གལ་ཏེ་འབུར་རམ་ཏིང་རིང་འགྱུར། །ཚོར་བ་ཆུང ་ཞིང་སྲ་ལ་བརྟན། །ལྟོ་སྤོས་ལ་སོགས་ལྡན་པའི་སྐྲན། །དུགས་བྱས་ནས་ནི་སྙི་བར་བྱ། །བད་ཀན་ལས་གྱུར་སྐྲན་ཅན་གྱིས། །མར་ཚ་ཐལ་སྨན་བཅས་ཆ་བླུད། །ནས་ཚིག་འཁུས་ཐལ་ཚ་བ་གསུམ། །རྒྱ་མཚ་ཤིང་ཀུན་ཁ་རུ་ཚ། །སེ་འབྲུའི་རྩ་བ་བཅུ ་བསྐོལ་མར། །བད་ཀན་ལས་གྱུར་སྐྲན་མྱུར་འཇོམས། །བསེ་ཤིང་འབྲས་བུ་སྲང་གཉིས་དང། །རྩ་བ་ཆུང་དུ་ལྔ་སྲང་རེ། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་པ་དེ་དང་ནི། །མཧཡམ་པའི་འོ་མ་མཉམ་པའི་མར། །བི་ཊཱངྒ་དང་ཤིང ་ཀུན་དང། །ནས་ཚིག་འཁུས་ཐལ་ལྕེ་མྱང་ཚ། །ཀཎྜ་ཀ་རི་རྩ་བ་རུ་ཚ། །ཟུར་བར་སྣ་ཤིང་མངར་དང། །པི་པི་ལིང་དང་དོང་ཀྲ་རྣམས། །ཞོ་ནི་གཉིས་གཉིས་བཅས་པར་བསྐོལ། །གོ་ཕྱེ་ཡི་ནི་སྨན་མར་འདི། །བད་ཀན་སྐྲན་ནི་སེལ་བའི་མཆོག་།མཆིས ་པ་མཚེར་བའི་ནད་དང་ནི། །སྐྱ་རྦབ་དང་ནི་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་འཇོམས། །དེ་ནས་སྐྲན་ཅན་དེ་ཡི་ལུས། །མ་ལུས་པར་ནི་དུགས་བྱས་ལ། །སྐྲན་ཀུན་ལ་ནི་ཐོག་མ་ཉིད། །སྣུམ་འཆོས་དུགས་ནི་བྱས་གྱུར་ན། །གསོ་བ་གང་ཞིག ་བྱ་བ་དེ། །གྲུབ་པའི་རྩུབ་ཆོས་ཀྱིས་མི་འགྲུབ། །སྣུམ་ཞིང་དུགས་ཀྱིས་བརླན་ལུས་ཀྱི། །སྐྲན་ནི་རྙིང་པར་གྱུར་པ་དང། །ཇི་སྐད་བཤད་པའི་བུམ་པ་ནི། །བཞག་པས་བསྐོངས་ནས་དེ་གསལ་བྱ། །དེ་ནས་རས་ནད་ཆུང་བྱས ་ཏེ། །ཚད་ཤེས་པ་ཡིས་སྐྲན་དབྲལ་བྱ། །ཤིང་སྦྱང་རས་མིག་མེ་ལོང་རྣམས། །ཇི་སྙེད་པ་ཡིས་ལེགས་པར་བཅིང། །དེ་སྐྲན་གཅིག་པུ་དབྱེ་བྱ་ཡི། །སྙིང་དང་རྒྱུ་མར་རེག་མ་བྱ། །ཏིལ་དང་ཟར་མའི་ས་བོན་དང། །ཡུངས་ཀར་ཨ ་རཎྜ་ཡིས་བྱུག་།བད་ཀན་སྐྲན་ནི་ལྕགས་ཀྱི་སྣོད། །དྲོ་འཇམ་ཙམ་གྱིས་དུགས་བྱའོ། །དེ་ལྟར་གནས་ལས་བསྐྱོད་ནས་ནི། །བད་ཀན་སྐྲན་ལ་སྣུམ་བཅས་པའི། །བཀྲུ་སྨན་དང་ནི་འཇུམ་རྩི་དང། །རྩ་བ་བཅུ་པ་ལྡན་པར ་སྦྱང། །པི་པི་ལིང་དང་སྐྱུ་རུ་ར། །རྒུན་འབྲུམ་ཤ་མ་དུར་བྱིད་སོགས། །སྲང་རེ་དང་ནི་བསྐོལ་བ་ལས། །ེ་རཎྜ་ཡི་ཞུན་མར་ནི། །རེ་རེ་འོ་མ་དྲུག་འགྱུར་དང། །ལྷན་ཅིག་བསྐོལ་བར་གྱུར་པ་འདི། །འདྲེས་པའི་སྨན ་མར་ཞེས་བྱ་སྟེ། །སྐྲན་ཅན་འཁྲུ་བར་བྱེད་པའི་མཆོག་།རྒྱུ་རླུགས་ཁོང་འབྲས་གཟེར་བ་ནི། །རླུང་གི་ནད་ལ་བདུད་རྩི་ཡིན། །ཡང་ན་ནི་ལི་ནི་སྨན་མར། །སྲང་གཉིས་ཚད་དུ་བླུད་པ་འམ། །དེ་བཞིན་སྐྱིད་དེ་བའི་སྨོན?་པར། །དམུ་རྫིང་སྐབས་བཤད ་མར་ཡང་ཕན། །དནད་ཙི་ཏྲ་ཨ་རུ་ར། །སྲང་ནི་ཉི་ཤུ་རྩ་ལྔ་ལྔ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བརྒྱད་ཆ་ལུས་བཙགས་ཨ་རུ་ར། །བཅས་པ་བུ་རམ་དནདར་མཉམ། །བཅུག་ལ་ཏིལ་མར་དུར་བྱིད་ཕྱེ། །སྲང་བཞི་བཅའ་སྒ་པི ་པི་ལིང། །ཞོ་གཉིས་བསྐོལ་གྲངས་ལྡེ་གུ་དེ། །སྒྲང་ཙི་ཏིལ་མར་ཆ་མཉམ་པ། །དྲི་སྣ་བཞི་བཞིས་སྲང་རེ་གཞུག་།དེ་ལས་ཨ་རུ་ར་གཅིག་དང། །ལྡེ་གུ་སྲང་གཅིག་བཅས་ཟོས་ན། །བདེ་བར་ནད་ནི་བྲེ་གང་འཁྲུ། །སྐྲན་དང་སྙིང་ནད་གཞང་འབྲུམ་ན། །གློ་ནད་ད་ལྟོ་སྤོས ་སྦྱར་བའི་ནད། །མཛེ་དང་དམུ་རྫིང་ནད་སློང་དང། །ཡི་ག་མཆུས་དང་མཆེར་པའི་ནད། །སྐྱ་རྦབ་མིག་སེར་འཇོམས་པར་བྱེད། །འདི་ནི་དནྟི་ཅི་ཏྲ་ཀ། ། རུ་ར་ཡི་ལྡེ་གུ་ཡིན། །སུ་ཏ་ཀྵི་རའི་རླན་དང་ནི། །བུར་བྱིད་དང་ནི་ལེགས་བསྲེགས་ཏེ། །མར་དང་སྦྲང་རྩི་ཞི་གཉིས ་བཅས། །ལྔ་གུ་ལེགས་པར་འཁྲུ་བར་འགྱུར། །རུ་རྟ་དུར་བྱིང་ཨ་རུ་ར། །དནྟ་གུ་གུལ་ནས་ཚིག་འཁུས། །བ་གཅིན་བཅས་བླུད་ཡང་ན་ནི། །གུ་གུལ་ཉི་ཚེ་བ་གཅིན་བླུད། །ཆོ་ག་གྲུབ་པ་ལས་བཤད་པའི། །བཀྲུ་སྨན་དྲག་པོ་སྐྲན་འཇོམས་བཏང་བ་རྩ་བ་ཐུག་ཅིང་ལྷུན ་ཆེ་ལ། །སྲ་ཞིང་ལྕི་ལ་ཚོར་བ་མེད། །གཏིང་རིང་མ་སྨིན་པ་ཡི་སྐྲན། །ཐལ་སྨན་དང་ནི་ཆད་རྙིང་དང། །མེ་ཡི་ལས་ཀྱིས་བསམ་པར་བྱ། །བད་ཀན་ཤས་ཆེ་ཐལ་སྨན་ནི། །གཞང་འབྲུམ་རྡེའུ་ཕོ་བའི་ནད། །གསོ་བའི་སྐབས་བཤད་བཏང་བྱ་ཞིང། །ཞག་གཅིག ་ཞག་གཉིས་ཀྱིས་ཆོད་པ། །ཡང་ན་ཞག་གསུམ་ངལ་སོས་ལ། །ལུས་ཀྱི་ཉམས་སྟོབས་ནད་དག་ནི། །འཕེལ་འབྲིའི་ལས་ལ་བརྩོན་པར་བྱ། །ཐང་ཤིང་དུར་བྱེད་དནད་དང། །པུ་རྩེ་ཤེལ་དང་ཆ་བ་ལྔ། །བརྫི་ཀ་ཐལ་ནས་ཚིག་ཁུས། །པ་ཏ་དང་ནི་འབྲས ་བུ་གསུམ། །རུ་རྟ་བ་སེར་སུ་གནདྷ། །ཟི་ར་ནག་པོ་སྲང་ཕྱེད་ཕྱེད། །ལན་ཚྭ་ལྔ་ནི་སྲང་རེ་དག་།བརྟགས་པའི་ཕྱེ་མ་ཏིལ་མར་དང། །ཞག་དང་ཞ་དང་མར་དང་སྤྲུས། །རྫ་མར་དུ་བ་མ་ཤེར་བསྲེག། །རྫ་མ་མི་ཡི་མདོག་འགྱུར་དེའི། །ཐལ་བ་བླང་པ་འོ་མ ་མར། །དར་བ་ཆད་སོགས་སྦྱར་ཏེ་བླུད། །སྐྲན་དང་རྟུག་འགགས་རྒྱུ་རླུགས་དང། །གཞང་འབྲུམ་དམུ་རྫིང་ཕོ་བའི་ནད། །སྲིན་ནད་རྗེད་བྱེད་སྨྱོ་བྱེད་གདོན། །མངལ་ནང་ཁུ་ཆུ་ལས་གྱུར་རྡེའུ། །བྱི་བ་སྦྲུལ་གྱི་དུག་རྣམས་ཀྱང། །ཐལ་བའི་སྨན་འདིས་སེལ་བར་བྱེད། །བང ་ཀན་ལས་གྱུར་སྒྲན་ལ་སྣུམ། །ཤ་ཁུ་འོ་མ་མར་བསྟེན་ལ། །ཐལ་སྨན་བཏང་ན་སྐྲན་དག་ནི། །གནས་ནས་དུམ་བུ་དུམ་བུ་རུ། །བཅད་ནས་ཐུར་དུ་འབྱིན་པར་བྱེད། །མེ་དྲོད་ཆུང་ཞིང་ཡི་ག་འཆུས། །ཆད་གོམས་སྣུམ་ཅན་ཟ་བ་ལ། །རྒྱུན་སྲང་ངེས?་ཕྱིར་མནན་སྲང་དང། །ཆད་རྙིང ་སྐྱོན་མེད་བླུད་པར་བྱ། །ས་ལུ་དྲུག་ཅུ་པ་རྙིང་པ། །རྒྱ་སྲན་སྐམ་སའི་སྲོག་ཆགས་ཤ། །ཙི་ཏྲ་སུ་ཏི་ཀ་རསཛ། །གནི་མནདལ་ལ་ཕུད། །བ་ར་ནི་ཡི་མྱུ་གུ་དང། །ཤི་ཀྲུ་པིལྦ་གཞོན་ནུ་དང། །ལ་ཕུག་གཞོན་ནུ་སྐམ་པོ་དང། །ཁ་ལུད་ཤིང་ཀུན་སྟར་བུ་དང། །འབྲུ་ནས་ཚིག་འཁྲུས་ཐལ་བ།། ་ཆ་བ་གསུམ་དང་ངར་བ་དང། །མར་དང་ཏིལ་མར་ཁ་ཟས་སྦྱིན། །བཏུང་བར་ཆད་གི་དངས་མ་དང། །སྐྱུར་རྩ་བས་དར་བ་ཞོ་ག་ཆུ། །བི་ཏ་ལ་ལ་ཕུད་ཕྱེ་མ། །རྩ་བ་ལྔ་བསྐོལ་ཁུ་བ་འམ། །རྒུན་ཆད་སྙིང་པ་བླུད་པར་བྱ། །པི་པི་ལིང་དང་དེ་རྩལ། །གོ་སྟོང་རྒྱམ་ཚ་ཀྲུ་ཏྲུག་ཏྲེ།། ་ཆང་གི་སྙིགས་མར་བསྲེས་བ་ཡིས། །སྐྲན་ནི་མྱུར་དུ་སེལ་བར་བྱེད། །སློན་དང་སྨྱུང་བ་དུགས་དང་ནི། །སྨན་མར་བླུང་དང་ཀྲུ་སྨན་དང། །འཇམ་རྩི་ཐལ་སྨན་མན་ན་ཆད་དང། །ཆད་རྙིང་རིལ་བུ་ཕན་ཟས་ཀྱིས། །བད་ཀན་སྐྲན་ཅན་གཏིང་ཟུག་པས། །གལ་ཏེ་ཞི་བར་མ་གྱུར་ན། །དེ་ལ་ཁྲག་དབྱུང་ཐ་མར་ནི ་མདའུ་ལྕགས་སོགས་ཀྱིས་བསྲེག་པར་བྱ། །དེ་ནས་སྐྲན་ནི་མཐར་ཐུ་པར། །སྨན་པས་གོས་ཀྱིས་དཀྲིས་ནས་ནི། །ལྟེ་བ་ཆུ་སོ་རྒྱུ་མ་སྙིང། །སྤུ་ཡི་ཕྲེང་ནི་མ་གཏོགས་པར། །ཤིན་ཏུ་གཏིང་ཐུང་མ་ཡིན་པར། །མདེའུ་བསྲེགས་པའམ་ཡང་ན་ནི། །གཟོད ་བུའི་ལགས་ནི་བསྲེགས་པ་ངམ། །ཏིནྟུ་ཀ་ཡི་ཤིང་གིས་བསྲེག་།དེ་ནས་བསིལ་བས་མེ་དཔལ་ནི། །ཞི་ནས་རྨ་ལྟར་གསོ་བར་བྱ། །མ་ཞུ་རྗེས་འབྲེལ་སྨྱུང་བྱས་ན། །ཐུག་པ་སོགས་ཀྱིས་མེ་དྲོད་བསྐྱེད། །རང་རང་རིམ་དང་འདྲེས་པ་ལས། །འདྲེན་མའི་གསོགས་ ་གསོ་བར་བྱ། །བཙས་པའི་དུས་ནི་འདས་གྱུར་པའི། །བུད་མེད་ལ་སྐྲན་ཁྲག་སྐྱེས་འབྱུང། །དེ་ལ་ལུས་སྣམ་དུགས་བྱས་པར། །སྣམ་གྱི་བཀྲུ་སྨན་བཏང་བར་བྱ། །ཏིལ་བསྐོལ་མར་དང་བུ་རམ་དང། །ཚ་གསུམ་ག་བྲའི་རྩ་བ་ཕྱེ། ། ་ཁྲག་ལས་གྱུར་པའི་སྐྲན་དང་ནི། །བུད་མེད་ཟླ་མཚན་མེད་ལ་བླུད། །ག་བྲའི་རྩ་བ་པི་པི་ལིང། །ཐང་ཤིང་ཀ་རཉྫའི་ཤུན་པ། །པི་པི་ལིང་གི་རྩ་བ་ཡི། །ཕྱི་ནི་ཏིལ་བསྐལ་ཆུར་སྦྱར་བ། །བླུད་ན་ཁྲག་སྐྲན་ནད་སེལ་བྱེད། །པ་ལ་ཤ་ཡི་ཐལ་བ་ནི། །བྲེ་བརྒྱད་ཏིལ ་མར་མར་བྲེ་བརྒྱད། །བསྐོལ་ཏེ་ཚད་བཞིན་བླུད་ན་ནི། །སྒྲན་ནི་སྙི་བར་བྱེད་པ་ཡིན། །གལ་ཏེ་སྙི་བར་མ་གྱུར་ན། །མངལ་གྱི་བཀྲུ་སྨན་བཏང་བར་བྱ། །ཏིལ་གྱི་ལྡེ་གུ་ཐལ་སྨན་བཅས། །ཡང་ན་སུ་དག་ཀྵི་རར་སྦྱར། །ཡང་ན་དེ་ཉིད་དང་བསྲེས་པའི། །ཉ་ནི་ཁ་བོ་བཏང་བར ་བྱ། །ཕ་རྒོད་ཉ་ཡི་མཁྲིས་པ་ཡིས། །བསྒོས་པའི་རས་མ་གཞུག་པར་བྱ། །ཡང་ན་བུ་རམ་ཐལ་སྨན་གཉིས། །ཕབ་སྦྱར་མདལ་ནི་སྦྱང་ཕྱིར་བཏང། །ཁྲག་མཁྲིས་སེལ་བར་ཐལ་སྨན་ནི། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །སྒོག་སྐྱའི་ཆད་ནི་རྣོན་པོ་དང། །ཉ་ཡང་དེ ་ལ་སྦྱིན་པར་བྱ། །རྩ་བ་བཅུ་པ་ཐལ་སྨན་དང། །འོ་མ་བ་གཅིན་མས་གཏང་བྱ། །དེས་ཀྱང་ཁྲག་འཇིག་མ་གྱུར་ན། །སྐྲན་འཇིག་པ་ཡི་སྦྱོར་བ་ཕན། །བྱུང་ནས་མར་དང་ཏིལ་མར་བསྐུ། །བཅད་པ་དག་ནི་མི་བྱ་ཞིང། །ཤ་ཁུ་འབྲས་ཆན་བཟའ་བ་དང། །བཏུད་བ་ཆད་ནི ་སར་པ་བླུད། །ཁྲབ?་ནི་ཤས་ཆེར་བྱུང་གྱུར་ན། །ཁྲག་མཁྲིས་སེལ་བའི་སྦྱོར་བ་བྱ། །རླུང་གི་ནད་ཀྱིས་ཉེན་གྱུར་ན། །རླུང་གི་གསོ་བ་ཀུན་ཀྱང་བྱ། །ལྟོ་སྤོས་སོགས་པ་རྟུག་སྐམ་ལ། །རླུང་བསལ་གསོ་བ་ཇི་བཞིན་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས ་པས། །གསོ་བའི་གནས་ལས་ལེའུ་བཅུ་བཞི་པའོ།། །།དེ་ནས་དམུ་རྫིང་གསོ་བའི་ལེའུ་བཤད་པར་བྱའོ། །ནད་ནི་ཤས་ཆེར་སོགས་པ་དང། །བུ་གའི་རྒྱུན་སྲང་འགགས་པ་ལ། །དམུ་རྫིང་འབྱུང་བ་དེ་ཡི་ཕྱིར། །རྟག་ཏུ་བཀྲུ་སྨན་བཏང ་པར་བྱ། །ཡང་ན་ཟླ་བ་གཅིག་གམ་གཉིས། །ེ་རཎྜ་ཡི་མང་གཅིན་བཅས། །འོ་མར་བཅས་པ་འམ་པ་གཅིན་ནམ། །མ་ཧེའི་གཅིན་ནི་བླུད་བྱ་ཞིང། །བ་ཡི་འོ་མ་བླུད་པར་བྱ། །ལྟོས་སྤོས་ཚ་བས་ཉམས་ཐག་གཅིང། །སྐོམ་དད་བརྒྱལ་བས་ནོན་པ་ལ། །རྔ་མོའི་མ་བླུད་པར་བྱ།། ་རྩུབ་ཅིང་རླུང་ཤེས་ཆེ་བ་ཡི། །ནད་ནི་སྦྱང་བར་འདོད་པ་ཡིས། །སྣུམ་འཆོས་དང་ནི་སྨན་མར་དག་།དམུ་རྫིང་འཇོམས་པ་སྦྱར་བར་བྱ། །སྤང་དྲུག་རྩ་བ་བཅུ་བའི་ཆུ། །ཞོ་ག་ཆུ་ནི་བྲེ་བརྒྱད་བསྐོལ། །དོང་གྲ་སྲང་གསུམ་མར་དང་ནི། །ཏིལ་མར་པྲེ་ནི་རེ་རེ་དང།། ་ཞོ་ཁ་ཆུ་ནི་བྲེ་བཞི་དང། །བསྐོལ་བ་འདི་ནི་བླུད་གྱུར་ན། །དམུ་རྫིང་ཐམས་ཅད་འཇོམས་པར་བྱེད། །རླུང་དང་བད་ཀན་ལས་བྱུང་བའི། །སྐྲན་ལའང་མཆོག་ཏུ་ཕན་པ་ཡིན། །བཞི་འགྱུར་ཆུ་དང་ཉིས་འགྱུར་གཅེན། །ཀྲུ་ཏྲུག་ཏྲེས་སྲང་གཅིག་ལྡེ་གུ། །བྲེ་གང་མར་བསྐོལ ་ཐལ་སྨན་བཅས། །དམུ་རྫིང་ཅན་ལ་བླུད་པར་བྱ། །ནས་དང་རྒྱ་ཤུག་རྒྱ་སྲན་དང། །རྩ་བ་ལྔ་ནི་བསྐོལ་བའི་ཆུ། །ཆད་དང་རང་སྐྱུར་བཅས་པ་དང། །མར་བསྐོལ་བ་ཡང་བླུད་པར་བྱ། །སྣུམ་འདི་སྣུམ་བཅས་ཉམས་སྟོབས་ནི། །སྐྱེས་ཤིང་རླུང་ནད་ཞི་གྱུར ་ནས། །ནད་ནི་གནས་ནས་བསྐྱོད་པ་དང། །ཆོ་ག་གྲུབ་བཤད་བཀྲུ་སྨན་བཏང། །པ་ཏོ་ལ་རྩ་འབྲས་བུ་གསུམ། །སྐྱེར་པ་བི་ཊཱབཀ་ཞོ་རེ། །ཀམྦི་ལྱེ་དང་ནི་ལི་ནི། །ཙིཀྟར་ཀ་ཞོ་གཉིས་གསུམ་བཞི། །ཕྱིར་བཏག་པ་གཅིན་སྦྱར་བ་བླུད། །འཁྲུས་ནས་ཐུག་སླ་ཤ་ཁུ་ནི། །སྙམ ་སར་གནས་པའི་ཤ་ཁུ་སྦྱིན། །དེ་ནས་ཞག་དྲུག་འོ་མ་དང། །ཚ་བ་གསུམ་དང་བསྐོལ་བ་ནི། །ཡང་དང་ཡང་དུ་བླུད་བྱས་ན། །འདི་ཡིས་དམུ་རྫིང་ཐམས་ཅད་ནི། །དམུ་ཆུར་གྱུར་ཀྱང་འཇོམས་པར་བྱེད། །པི་ཤ་ལ་དང་ཤཾ་གི་ནི། །དནད་སེར་ཕྲོམ་ཤུན་ཤུ་དག། རྒྱ་ཤུག་བྲེའོ ་རྒུན་འབྲུམ་དང། །རྒྱ་ཤུག་སྤོམ་ཆུ་ཕུར་མ་ཆད། །བ་གཅིན་དང་ཅི་སྦྱར་ཏེ་བླུད། །ལ་ལ་ཕུད་དང་སྤ་མའི་འབྲས། །འུ་སུ་ཤུ་ཏེ་ཟི་ར་གནག་།པི་པི་ལིང་རྩ་ཀ་ར་གི། ། ཟ་གནདྷ་ཟུ་ར་ཀར། །ཤུ་དག་ཟུར་བ་ཙི་ཏྲ་ཀ་།ཆ་བ་གསུམ་དང་ཁྲོན་བུ་དང། །འབྲས་བུ་གསུམ་དང་ཐལ་སྨན ་གཉིས། །མ་ནུ་རུ་རྟ་ལན་ཚྭ་ལྔ། །བཊཱིདཀ་རྣམས་ཆ་མཉམ་དང། །དནད་ཆ་གསུམ་དེ་བཞིན་དུ། །དུར་བྱིད་བི་ཤ་ལ་ཉིས་འགྱུར། །ས་ཏ་ལ་ནི་བཞི་འགྱུར་ཏེ། །ཕྱེ་མ་འདི་ནི་སྲེད་མེད་བུ། །ཞེས་བྱ་ནད་ཀྱི་ཚོགས་འཇོམས་བྱེད། །འདི་བསྟེན ་ནད་ཀྱི་གནས་མིན་ཏེ། །ཁྱབ་འཇུག་གིས་བཅོམ་ལྷ་མིན་མཚུངས། །དམུ་རྫིང་ཅན་ལ་དར་བ་བླུད། །སྒྲན་ཅན་རྒྱ་ཤུག་ཆུ་སྦྱར་བླུད། །རླུང་གི་ལྟོ་སྤོས་ཆང་སྦྱར་བཏང། །རླུང་ནད་ཉིད་ལ་ཆད་དང་སྦྱར། །ཕྱིས་འགགས་ལ་ཞོ་ཁ་ཆུ། །གཞང་འབྲུམ་ཅན་ལའང་ཞེ་ག་ཆུས།། ་བཅད་སྙམ་སེམས་ལ་ད་ཏྲིག་ཆུས། །མ་ཞུ་བ་ལ་ཆུ་དྲོན་ལས། །མཚན་བར་རྡོལ་དང་སྐྱ་རྦབ་དང། །ཞུན་པ་དབུགས་མི་བདེ་སྐད་འགགས། །སྙིང་ན་ཕོ་བའི་ནད་དང་ནི། །མཛེ་དང་མེ་དྲོད་ཉམས་དང་རིམས། །མཆེ་བའི་དུག་དང་རྩ་བའི་དུག། །དབྱིགས་དུག་སྦྱར་བའི་དུག་བཅས ་ལ། །ཅི་རིགས་པར་ནི་ཕྱེ་མ་འདི། །ཁོང་པ་སྣུམ་དང་ལྡན་པ་ལ། །བླུད་ནས་འཁྲུ་རུ་གཞུག་པར་བྱ། །སྤ་མའི་འབྲས་བུ་བྱ་སྣ་དང། །འབྲས་བུ་གསུམ་དང་ནི་ལི་ནི། །པུ་རྩེ་ཤལ་དང་ཁྱི་ལྕེ་བ། །དུར་བྱིད་ཤུ་དག་པ་ཏ་ལ། །རྒྱམ་ཚ་དང་ནི་ཁ་རུ་ཚ། །པི་པི་ལིང་ནི་ཕྱེ་མར་གཏགས། །སེ ་འབྲུའི་ཁུ་བའམ་འབྲས་བུ་ནི། །གསུམ་གྱི་ཁུ་བ་འམ་ཤ་ཁུ་ཡི། །བ་གཅིན་དྲོ་འཇམ་ཆུ་ལས་བླུད། །འདིས་ནི་སྐྲན་ནས་ཐམས་ཅད་དང། །མཆེར་པ་དམུ་རྫིང་ཐམས་ཅད་དང། །ཤ་བཀྲ་མཛེ་ནད་མ་ཞུ་དང། །དྲོད་ཉམས་མེ་དྲོད་མ་སྙོམས་དང། །གཞད་འབྲུམ་སྐྱ་རྦབ་མིག ་སེར་དང། །རྒད་ལག་ཞ་བའི་ནད་དང་ནི། །རླུང་དང་མཁྲིས་པ་བད་ཀན་རྣམས། །བཀྲུ་སྨན་བཏང་བས་མྱུར་དུ་སེལ། །ནི་ལི་ནི་དང་ཚ་བ་གསུམ། །ལྕང་མ་ཡ་བཀྵ་ར་དང། །ལན་ཚྭ་ལྔ་དང་ཀྲུ་ཀྲུག་ཏྲེས། །ཕྱེ་མ་མར་སྦྱར་བླུད་ན་ནི། །དམུ་རྫིང་སྐྲན་གྱི་ནད་རྣམས་སེལ། །སྦྱང་བྱས་ཉམས ་ཆུང་བར་བར་དུ། །རྔ་མོ་བའམ་ར་ཡིན་ནོ། །འོ་མ་སྔོན་བཞིན་བླུད་པར་བྱ། །བཤོལ་དུ་མེད་པའི་ནད་ལ་ནི། །བཀྲུ་སྨན་ཕྱིར་ནི་སྣུམ་བཅུས་བཏང། །མཆོག་ཏུ་ཉམས་ཆུང་གྱུར་ལ་སྦྱིན། ། རུ་ར་ཡི་ཕྱེ་མ་ནི། །བྲེ་གང་མར་ནི་བྲེ་བཞི་དང། །མེ་ལ་བཞུ་ནས་གཟར་བུ་ཡིས། །དཀྲུགས་ནS ་ནས?་ཀྱི་སྣུན་པའི་ནང། །ཟླ་གཅིག་བཞག་ནས་དེ་རྗེས་ལ། །ཕྱུང་སྟེ་ལེགས་པར་བཞུས་ནས་ནི། ། རུ་ར་བསྐོལ་ཁུ་བ་དང། །ཞོ་ནི་སྐྱུར་པོ་བཅས་པ་བསྐོལ། །དེ་འཐུངས་དམུ་རྫིང་སྐྲན་ལྟོ་སྤོས། །གཏུན་འདྲའི་རླུང་ནད་ཁོང་འབྲས་དང། །མཛེ་དང་སྨྱོ་བྱེད་རྗེད་བྱེད་རྣམས ་ཉེ་བར་འཇོམས་པར་བྱེད་པ་ཡིན། །ཤི་རི་ཁཎྜ་བའི་འོ་མ། །བསྒོལ་ཏེ་བསྒྲངས་ནས་གཟར་བུས་དཀྲུས་ལས་བྱུང་མར་ནི་སཞུ?་ཧ་ཡི། །འོ་མར་བཅས་བསྐོལ་སྔ་མར་མཚུངས། །འོ་མ་བྲེ་ནི་བཅུ་དྲུག་དང། །མུ་དག་ཀྵི་ར་བྲེ་བྱེད་བཅས། །ཞོ་གྱུར་བསྲུབས་པ་ལས་བྱུང་མར། །དུར ་བྱིང་བསྐོལ་བའང་ཡོན་ཏན་དེའོ། །མར་ནི་བྲེ་གང་དག་དང་ནི། །འོ་མ་བརྒྱད་འགྱུར་ནང་དུ་ནི། །སཱ?་ཧའི་འོ་མ་སྲང་གཅིག་དང། །དུར་བྱིང་སྲང་དྲུག་བསྐོལ་དེ་བཞིན། །འདི་བླུད་འོག་ཏུ་ཐུག་པ་དང། །ཤ་ཁུ་མངར་པོ་འམ་འོ་མ་བླུད། །མ་ཞུ་འཁྲུས་པར་གྱུར་པ་དང། །བཅའ་སྒ ་བསྐོལ་བའི་ཆུ་དྲོན་བླུད། །དེ་ནས་ཐུག་པ་དེ་འོག་ནི། །ཀུ་ལངཐ་ཡི་ཡུ་ཤ་བླུད། །དེ་ལྟར་ཁོང་རྩུབ་ཞག་གསུམ་བླུད། །སླར་ཡང་ཐུག་སོགས་རིམ་པར་བླུད། །རིམ་པ་འདི་དག་ཉིད་ཀྱིས་ནི། །ཞུན་མང་ཡང་དང་ཡང་དུ་བླུད། །མར་ནི་བསྐོལ་བར་གྱུར་པ་འདི། །སྨན་པ་ལས་ལ་བྱེད ་པ་ཡིས། །སྐྲན་རྣམས་དང་ནི་དབྱིག་དུག་དང། །དམུ་རྫིང་བསལ་ཕྱིར་བླུད་པར་བྱ། །ཡང་ན་པི་ལུའི་ལྡེ་གུར་བསྐོལ། །ལྟོ་སྤོས་སེལ་བ་བླུད་པར་བྱ། །སེང་ཕྲོམ་ནི་ལིའི་ནི་མར་རམ། །འདྲེས་པའི་སྨན་མར་བུད་པར་བྱ། །ནད་བསལ་ནས་ནི་རིམ་གྱིས་ཟས། །ས་ལུའི་འབྲས་ཆན་ལྔ ་ཞིང་ཉུང། །བྱིན་ལ་དམུ་རྫིང་ཅན་གྱིས་ནི། །ནང་ཀྱི་ལྷག་མ་དག་བྱའི་ཕྱིར། ། རུ་ར་ནི་རྡོག་མ་སྟོང། །བ་གཅིན་དང་སྦྱར་འོ་མ་བླུད། །ཡང་ན་པི་པི་ལིང་རྡོག་སྟོང། །སུ་ཏ་ཀྵིར་ར་ལེགས་བསེས་པ། །པི་པི་ལིང་ནི་བསྐྱེད་སྦྱིན་པ་འམ། །འོ་མ་འཐུང་ཤིན་བྲག་གཞུན་བཟའ་། །དེ ་བཞིན་གུ་གུལ་འོ་མ་དང། །ཆ་མཉམ་སྒེ་གཤེར་ཁུ་བ་སྦྱིན། །ཡང་ན་ཐང་ཤིང་ཙི་ཏྲ་ཀའི། །ལྡེ་གུ་འོ་མར་སྦྱར་བ་བླུད། །ཟླ་གཅིག་ཧ་ཧི་པི་པི་ལིང། །བཅའ་སྒ་འོ་མར་བཅས་པ་བླུད། །དནད་ཙི་ཏྲ་པཊཐི་དཤ། །དབྱི་མོད་ཆེ་བ་གསུམ་ལྡེ་གུ། །ཞོ་གཉིས་འོ་མ་སྦྱར་བླུད་ན། །དམུ་ཛིང ་འཕེལ་བ་སེལ་བར་བྱེད། །ཡང་ན་སུ་ཏ་ཀྵི་ར་མར། །བཅས་པའི་ཁ་ཟས་ཟླ་གཅིག་ཏུ་སྦྱིན། །སུ་ཏཀྵི་རར་བཅས་སྤངས་པའི། །པི་པི་ལིང་དང་ཁུ་བར་སྦྱིན། །གལ་ཏེ་རྩིབ་ལོགས་གཟེར་ཞིང་རེངས། །སྙིང་བརྒལ་རླུང་གི་ནད་ལྡང་ན། །དེ་ལ ་ཏིལ་མར་བིལྦ་དང། །ཐལ་སྨན་དང་ནི་ལྡན་པར་སྦྱིན། །དུནདུ་ཀ་དང་བ་ལ་དང། །པ་ལ་ཤ་འམ་ཏིལ་སྤོང་དད། ། པ་མརྒ་ཀ་ཏ་ལི། །གནི་མནྟ་ཐལ་བ་རྣམས། །སོ་སོར་གཟགས་པ་བསྐོལ་བ་བླུད། །བད་ཀན་རླུང་དམ་མཁྲིས་པའི། །དེ་གཉིས་རླུང་དང་འདྲེས་གྱུར་པ།། ་སྟོབས་ལྡན་རང་གི་སྨན་བཅས་པའི། །ེ་རཎྜ་ཡི་ཏིལ་མར་ཕན། །ཐང་ཤིང་ཨརྒ་པ་ལ་ཤ། །ཧ་ཏི་པི་པི་ལིང་སྲི་གྲུ། ། ཤ་ཀ་རྣ་བ་གཅིན་བཅས། །ལྡེ་གུ་ལྟོ་བའི་ཕྱི་རིམ་བླུག། བྲ་ཤཙི་ཀ་ལི་ཤུ་དག་དང། །བཅའ་སྒ་རྩ་བ་ལྔ་པ་དང། །འུ་སུ་རུ་རྟ་བ་སྤྲུ་གཉིས།། ་བསྐོལ་བ་གཅིན་བཅས་པ་བླུགས། །འཁྲུས་ཤིང་ལྟ་བ་ཞུམ་འགྱུར་བའི། །སརྦ་ན་ལ་སོགས་དུགས་བྱ། །གོས་གྱིས་ལེགས་པར་དཀྲི་བར་བྱ། །དེ་ལྟར་རླུང་གི་སྤོས་མི་འགྱུར། །གང་ཞིག་ལེགས་པར་འཁྲུས་གྱུར་པ། །སླར་ཡང་སྤོས་འགྱུར་དེ་ལ་ནི། །སྣུམ ་བཅས་སྐྱུར་དང་ལན་ཚྭ་ཡིས། །བཀྲུ་སྨན་མས་བཏང་དྲག་པོར་བྱ། །རླུང་གི་རངས་དང་བཅས་གྱུར་པས། །གང་ཞིག་ལྟོ་སྤོས་གྱུར་པའི་མི། །དེ་ལ་ཐལ་སྨན་རྣོན་པོ་ནི། །བ་གཅིན་བཅས་པས་མས་བཏང་བྱ། །དེ་ལྟར་དམུ་རྫིང་སྤྱི་ཡི་ནི། །གསོ་བ་དྲགས་པས་བཤད་པ ་ཡིན། །དེ་ནས་རླུང་གྱུར་དམུ་རྫིང་ཅན། །བི་ད་ར་སོགས་མར་བསྐྱོལ་བླུད། །དེ་ནས་སྣུམ་གྱིས་ཞེན་བྱས་ཤིང། །ཡན་ལག་དུགས་བྱ་བཀྲུས་སྨན་བཏང། །འདི་ལ་སེང་ཕྲོམ་མར་རཾ་ནི། །འདྲེས་པའི་སྨན་མར་ལན་མང་བླུང། །ཐུག་སོགས་རིམ་བ་བྱས་ནས་ནི། །སྟོབས ་བསྐྱེད་ཕྱིར་ནི་འོ་མ་བླུད། །ཉམས་སྟོབས་རྙེད་ནས་རིམ་གྱིས་ནི། །འོ་མ་དེ་ནི་སྤང་བར་བྱ། །ཡུ་ཤ་ཤ་ཁུ་སྐྱུར་དང་ནི། །ལན་ཚྭར་བཅས་པ་མ་དྲོད་བསྐྱེད། །རྟུལ་འགགས་གྱུར་ནས་སླར་སྣུམ་པ་དང། །དུག་བྱ་དེ་འོག་།མས་བཏང་བ། །རྩུབ་ཅིང་མས་བཏད་སྨན ་བཅས་པའི། །རྩ་བ་བཅུ་པའི་མས་བཏང་སྦྱར། །གཡོ་ཞིང་ཚིགས་རུས་ལ་འཇུག་པ། །རྩུབ་ཅིང་ཕྱེན་དང་ཕྱེ་ས་འགགས། །མེ་དྲོང་ཆེལ་ཏིལ་མར་དང། ། རཎྜ་ཡི་མར་རླུང་འཇོམས། །སྨན་དང་བསྐོལ་བའི་འཇམ་རྩི་བཏང། །ཁྲུས་མི་བྱ་ལ་འོ་མ་མར། །ཤ་ཁུལ ་སོགས་ཞི་བྱེད་བཏང། །མཁྲིས་པ་ལས་གྱུར་སྟོབས་ཆེ་ལ། །མངར་དང་སྦྱར་བའི་སྣུམ་འཆོས་བྱ། །ཤམ་དུར་བྱིང་འབྲས་བུ་གསུམ། །བསྐོལ་བའི་ཁུ་བའི་བཀྲུ་སྨན་བཏང། །དེ་འོག་ནྱ་གྲ་དྷ་སོགས་བསྐྲོལ། །ཁུ་བ་ཁ་ར་སྦྲང་རྩི་མར། །ལྡན་པ་ནི་རུ་ཧ་ཡད?་ཕན། །དེ་བསྐོལ ་སྣུམ་གྱི་འཇམ་རྩི་བཏང། །ཉམས་ཆུང་དང་པོ་འཇམ་རྩི་བཏང། །འོ་མ་མས་བཏང་གིས་སྦྱང་བྱ། མེ་སྟོབས་བསྐྱེད་ཅིང་སྣུམ་འཆོས་བྱས། །འོ་མ་དུར་བྱིད་ལྡེ་གུ་འམ། ། རཎྜ་དང་བསྐོལ་བ་ཨམ། །ས་ཏ་ལ་དང་ཀྱི་ལྕེ་བ་འམ། །དང་ཀ་བསྐོལ་བ་དག་གིས་བྱ། །བད་ཀན་བཅས་ལ ་བ་གཅིན་བཅས་རླུང་ཅན་ཏིག་ཏ་མར་བཅས་པས། །ཡང་དང་ཡང་དུ་བཀྲུ་སྨན་བཏང། །འདི་དག་འོ་མར་བཅས་བཟའ་བ་འམ། །བི་དང་སོགས་སྡེ་བསྐོལ་བླུད། །དམུ་རྫིང་ཅན་ལ་འོ་ཐུག་ནི། །སྦྱིན་ཞིང་ཉེ་བར་བསྐུ་བར་བྱ། །སླར་ཡང་འོ་མ་འཇམ་རྩི་དང། །བཀྲུ་སྨན་ཡང་དང་ཡང་དུ ་བཏོད། །རིམ་པ་ངེས་པར་གནས་བཅས་ཏེ། །མ་ཡེངས་མཁྲིས་གྱུར་དམུ་རྫིང་བསལ། །བད་ཀན་ལས་གྱུར་སྣུམ་འཆོས་བྱ། །དུག་མོ་ཉུང་སོགས་མར་བསྐོལ་བཏང། །ཉམས་སྟོབས་ལྡན་པས་དུགས་བྱས་ཏེ། །སུ་ཏྟཀཱི་རའི་བཀྲུ་སྨན་བཏང། །ཐུག་སོགས་རིམ་དང་ཐལ་སྨན་ཚ། །ལྡན་པས་ཟད ་ཀ་ནས་འམ་སྦྱིན། །ཁ་གཅིན་ཚིག་སུམ་ཏིལ་མར་བཅས། །མས་བཏང་དྲག་པོ་བྱ་བའང་ཕན། །མུཥྒ་སོགས་ལྡེ་གུ་དང། །སྣུམ་གྱི་འདྲ་མ་རྩི་དེ་ནས་བཏང། །ཁ་ཟས་འོ་མ་ཆ་བ་གསུམ། །ཡང་ན་རྒྱ་སྲན་ཁུ་བ་སྦྱིན། །བད་ཀན་འཐས་ཤིང་ལྟོབ་བ་སྐྲན། །རྨོང་བག་སྟེང་འཕར་ཡིག་འཆུས། །མེ ་དྲོད་ཆུང་བ་ཆང་གོམས་ན། །ཆང་རྙེད་ནས་ཚིག་འཁུས་ཐལ་བླུད། །ཤིང་ཀུན་དང་ནི་པི་པི་ལིང། །འབྲས་བུ་གསུམ་དང་ཐང་ཤིང་དང། །སེར་པོ་རྣམ་གཉིས་གོ་བྱེ་དང། །ན་ལེ་ཤམ་དཀར་བུ་རྩེ་ཤེལ། །སྲང་ཕྲོམ་ཤུ་ཐག་བཅའ་སྒྲ་དང། །བོ་དང་གླ་སྒང་ཆུ་རྟ་དང། །ས་རན་དང་ལན་ཚྭ་ལྔ། །བཏགས ་པ་ཞོ་དང་སྣུམ་བཞི་སྦྱར། །དུ་བ་མ་ཤོར་བར་བསྲེགས་ལ། །ཐལ་བ་དེ་ལས་ཞོ་གཉིས་དང། །ཆད་དང་ཆུ་དྲོན་ཞོ་ག་ཆུ། །ཆད་རྙིང་མནན་ཆད་སྦྱར་བ་བླུད། །སྐྲན་དང་དམུ་རྫིང་གཏུན་འདྲའི་ནད། །རྩིག་པ་འདྲ་དང ་གསུང་དང་སྐྲད། །སྙིང་ནད་མཆེར་བ་གཞང་འབྲུམ་དང། །རྟུག་འགགས་ནད་རྣམས་འཇོམས་པར་བྱེད། །བད་ཀན་དམུ་རྫིང་ཉམས་ཆུང་ལ། །ཆང་རྙིང་དང་ནི་བ་གཅིན་དང། །ལྕགས་ཕྱེ་དང་སྦྱར་བཏུང་པ་དང། །ཐལ་སྨན་ཏིལ་མར་བཅས་པ ་བླུད། །ཡུངས་ཀར་ཕབས་དང་ལ་ཕུག་གི། ས་བོན་བཏགས་པའི་ལྡེ་གུ་ཡིས། །བསྐུ་ཞིང་དམུ་རྫིང་དུགས་བྱ་བ། །འདི་ལ་རྒྱུན་དུ་སྦྱར་བར་བྱ། །འདུས་པ་ལས་གྱུར་དམུ་རྫིང་ནི། །མེ་དྲོད་ཉམས་སྟོབས་མ་ཟད་ལ། །ནད་ཤས་ཚེ་ལྟར་དེ་ཐག་ཆད།། ་གསོ་བའི་སྦྱོར་བ་འདི་བྱའོ། །དནད་ཏྲ་བིནྟི་འབྲས་བུ། །བཙིར་བའི་མང་ནི་བླུད་པ་བསྔགས། །དམུ་རྫིང་གསོས་དང་མ་འཚོས་དང། །མཆོག་ཏུ་དེས་གསུམ་ལས་གྱུར་པ། །དེ་ཡི་ཉེ་དུ་དྲིས་ནས་ནི། །ཀ་ཀ་ཏ་དང་འོལ་མ་སེལ། །ཀ་ར་བི་རའི་རྩ་བ་དག། ་བཏགས་པའི་ལྡེ་གུ་ཆང་སྦྱར་བླུད། །ཡང་ན་བཟའ་བཏུང་ནང་དུ་ནི། །དུག་ཀྱང་རིག་པས་སྦྱིན་པར་བྱ། །གང་དུ་སྦྲུལ་ནི་ཁྲོས་གྱུར་ན། །ཤིང་ཏོག་ལ་ནི་དུག་བརྐོས་ལ། །དེ་ཡིས་འདི་ཡི་ནད་ཚོགས་ནི། །བརྟན་ཞིང་ཞེན་པ་ལམ་ལོག་ཞུགས། །བཤིག ་སྟ་ཕྱིར་ནི་འབྱིན་པར་བྱེད། །དུག་གིས་མྱུར་དུ་འཇིག་པར་བྱེད། །དེ་བཞིན་ནད་མེད་འགྱུར་བ་འམ། །འཆི་བ་ཉིད་དུ་འགྱུར་བ་ཡིན། །ནད་བསལ་ནད་དེ་ཆུ་གྲང་གི། ཁྲུས་བྱས་འོ་མ་འམ་ཐུག་བ་བླུད། །དུར་བྱིད་ཀྱི་ནི་ཚོད་མའམ། །རྱ་སྣེའུ ་མནྟི་ཀ་པ་རྣི། །ཀ་ལ་ཤ་ཀ་སྣེའུ་ཡི། །ཁུ་བ་དང་ནི་བསྐོལ་བ་ལ། །སྐྱུར་དང་ལན་ཚྭ་སྣུམ་མེད་ཅིང། །ཤིན་ཏུ་ཚོས་པའམ་མ་ཆོས་མིན། །ཟས་མེད་ཟླ་བ་གཅིག་སྦྱིན་ལ། །དེ་ནས་བསྐོལ་ན་ཁུ་བ་བླུད། །དེ་ལྟར་ཟླ་བ་གཅིག་གི་བར།། ་ཚོད་མ་ནད་ནི་བསལ་གྱུར་ནས། །ཉམས་ཆུང་བ་ལ་རྟས་བྱེད་པ། །རྔ་མོའི་འོ་མ་བླུད་པར་བྱ། །མཆེར་བའི་དམུ་རྫིང་ནད་གཞི་ནི། །ཇི་བཞིན་ཆོས་སྣུམ་དུག་བྱ་སྟེ། །ཞོ་དང་འབྲས་ཆན་བཅས་བྱིན་ལ། །ལག་པ་གཡོན་ནས་གཏང་ག་གདབ། །ཉམས་སྟོབས་བསྐྱེད་ནས་སླར ་ཡང་ནི། །སྣུམ་བླུང་ནས་ནི་སྦྱང་བར་བྱ། །རྒྱ་མཚོའི་ཉི་ཕྱིས་ཐལ་སྨན་དང། །འོ་མ་སྦྱར་བ་བླུད་པར་བྱ། །མུ་ཏ་ཀ་རཉྫའི་ཐལ་བ། །སྐྱུར་ཁུ་ཁ་རུ་ཚ་དང་ནི། །པི་པི་ལིང་གི་ཕྱེ་བཏབ་བླུང། །ཤིང་ཀྲུ་བསྐོལ་བའི་པི་པི་ལིང། །རྒྱམ་ཚ་ཅི་ཏྲ་ཀ་བཏབ་བླུད། །ཤིན ་ཀུན་སོགས་ཕྱེ་ཐལ་སྨན་དང། །མར་སྦྱར་མེ་དྲོད་ཇི་བཞིན་སྦྱིན། །དོང་གྲ་དནྟ་པི་པི་ལིང། །ཆ་མཉམ་ཨ་རུ་ར་གཉིས་འགྱུར། །བ་རུ་ཚ་ནི་ཆ་ཕྱེད་བཅས། །ཕྱེ་མ་ཆུ་དྲོན་སྦྱར་བ་བླུད། །བི་ཊཱི་ཀ་དང་ཀྲུ་ཏྲུག་ཏྲེས། །ཕྱེ་དང་རྒྱ་མཚོ་ཤུ་དག་རྣམས། །ཁམས་སྐྱོགས ་ནང་སྲེས་འོ་མར་བཅས། །བླུད་ན་སྐྲན་དང་མཆེར་ནད་འཇོམས། །རྒྱ་ཤུག་ལོ་མ་ཏིལ་མར་བསྲེས་པ་དང། །ལེགས་པར་མཉེས་ཤིང་བསྲེགས་ཏེ་དེ་འོག་ཏུ། །གཏུན་བུས་བཙིར་ལ་དེ་འོག་འོ་མ་བླུད། །མཆེར་བའི་དམུ་རྫིང་ཚོགས་ན་འཇིག་པར་འགྱུར།། ་རོ་ཧི་ཏ་ཡི་མཇུག་མ་གཏུབས། །དུམ་བུ་ཨ་རུ་ར་བཅས་ཆུ་འམ། །གཅིན་གྱི་ནང་དུ་ཞག་བདུན་ནི། །སྤངས་ལ་དེ་ནི་བླུང་གྱུར་ན། །མིག་སར་མཆེར་བ་སྐྲན་གཞང་འབྲུམ། །སྲིན་ནད་གཅིན་སྙི་དམུ་རྫིང་འཇོམས། །རོ་ཧི་ཏ་ཀའི་དགུན་ལྤགས་ནི། །སྲང ་ནི་ཉི་ཤུ་རྩ་ལྔའི་ཆད། །རྒྱ་ཤུགས་བྲེ་དེ་བཅས་པ་ནི། །བསྐོལ་བའི་ཁུ་བ་བྱས་ནས་ནི། །ཚ་བ་ལྔ་ནི་སྲང་རེ་དང། །དེ་དག་ཀུན་དང་མཉམ་པ་ཡི། །རེ་ཧི་ཏ་ཡི་ཤུན་ལྤགས་ཕྱེ། །མར་བྲེ་གང་དང་བཙོས་ནས་ནི། །འདི་བླུད་པ་ཡིས་མྱུར་དུ་ནི། །མཆེར་པ ་རབ་ཏུ་འཕེལ་བ་སེལ། །ཆུ་ཤིང་ཏིལ་གྱི་སྡོང་པོའམ། །བུ་རམ་ཤིང་སྲང་ཐལ་བ་ནི། །ཏིལ་མར་བསྐོལ་བ་བླུད་གྱུར་ན། །བད་རླུང་ལས་གྱུར་མཆེར་ནད་འཇོམས། །མ་ཞི་སྐྲན་གྱི་ཆོ་ག་ལྟར། །རླུང་ནད་བད་ཀན་ཤེས་ཆ་བ། །མཆེར ་ནང་སྦྱིན་བག་མ་གྱུར་ལ། །མེ་ཡི་ལས་ནི་སྤྱད་པར་བྱ། །མཁྲིས་འགྱུར་འཚོ་བྱེད་སྣ་བཅུ་དང། །མར་དང་འོ་མའི་འཇམ་རྩི་བཏང། །ཁྲག་དབྱུང་སྦྱང་བ་བྱ་བ་དང། །འོ་མ་བླུད་པར་གྱུར་པ་བསྔགས། །མཆིན་པ་མཆེར་བ་ལས ་ལྟུང་གསོ། །གཏང་ག་ལག་པ་གཡས་ནས་བྱ། །རྒྱུ་མ་འགགས་གྱུར་དུགས་བྱས་ལ། །བ་གཅིན་སྨན་ནི་རྣོ་བཅས་པའི། །ཏིལ་མར་ལན་ཚྭ་བཅས་པ་ཡི། །ནི་རུ་ཧ་ནི་འཇམ་རྩིར་བྱས། །ཕྱིས་སླ་འགྱུར་ཁ་ཟས་དང། །བཀྲུ་སྨན་རྣོན ་པ་འདི་ལ་བཏང། །རྟུག་འགགས་བསལ་བའི་གསོ་བ་ནི། །རླུང་འཇོམས་བྱེད་པ་གང་ཡིན་བྱ། །རྒྱུ་མ་བརྟོལ་བའི་དམུ་རྫིང་ལ། །དུགས་མ་གཏོགས་པའི་གསོ་བ་ཀུན། །བད་ཀན་དམུ་རྫིང་ལྟ་བུར་བྱ། །སོགས་པ་བཞིན་དུ་ཆུ་ཟུགས ་ཤིང། །སྨན་པས་དེ་བཙགས་འཚོ་ཙམ་བྱ། །དམུ་ཆུ་ལ་ནི་ཆུ་ཡི་ནི། །ཉེས་སེལ་སྨན་??ནི་དང་པོ་བཏང། །སྨན་རྣོ་བ་གཅིན་ལྡན་པ་དང། །སྣ་ཚོགས་ཐལ་སྨན་ལྡན་པར་སྦྱིན། །དྲོད་བསྐྱེད་བད་ཀན་འཇོམས་པ་ཡི། །ཟས་ཀྱི་དེ་ནི་གསོ་བར ་བྱ་?་ར་ཡི་རིལ་མའི་ཐལ་བའི་ཆུ། །བ་གཅིན་བཅས་གཟིགས་མེ་བསྐོལ་བ། །སྐ་བར་གྱུར་པ་དེ་ནང་དུ། །པི་པི་ལིང་དང་དེའི་རྩ་བ། །བཅའ་སྒ་དུང་བྱིང་ལན་ཚྭ་ལྔ། །དནད་ཁྲོན་བུ་འབྲས་བུ་གསུམ། །ཤུ་དག་ཀ་རྐ་ཏ་སྲི་གི། ཡ ་?་རས་ཏལ?། །པཱ་རྩི་ཀྵ་ར་ཞེས་བྱ་བ། །ཞོ་ནི་གཉིས་གཉིས་བཏགས་ཕྱེ་གཞུག། རྒྱ་ཤུག་ཙམ་གྱི་རིལ་བུ་བྱ། །དེ་ནས་སྐྱུར་རྩབས་དང་སྦྱར་བ། །བླུད་ན་མ་ཞུ་འང་ནད་དང། །དམུ་ཆུའི་ནད་ནི་འཕྲེལ་བསལ། །དེ་ལྟར་སྨན་གྱི་མ ་ཐུབ་ན། །རྒྱུ་འགགས་ལ་སོགས་མུ་རྫིང་གསུམ། །གཉེན་གྱི་རྒྱལ་པོ་ལ་ཞུས་ཏེ། །མཚན་གྱི་ལན་ནི་སྤྱད་པར་བྱ། །རྒྱུ་འགགས་རྡོལ་བའི་དམུ་རྫིང་ལ། །སྣུམ་ཞན་དུགས་བྱས་ལྟེ་བའི་འོག། །གཡོན་ལོགས་སུ་ནི་སོར ་བཞི་ཡི། །ལྟོ་བའི་ཕྱོགས་ནི་བཞག་ནས་སུ། །སོར་བཞི་ཙམ་གྱི་ཆོད་དབྲལ་ལ། །དེ་ནས་རྒྱུ་མ་ཕྱུང་ནས་ནི། །བཏགས་ཏེ་སྤུ་དང་དྲི་མ་དང། །འབྱར་བག་རྡོ་བ་ལ་སོགས་བསལ། །བརྟོ་པ་ཟུག་རྡུ་ཕྱུང་ནས་ནི། །རྣམ་པར་གསལ་ལ་གཟགས་པར་བྱ།། ་བུག་དཔྲལ་ལ་འཆར་གཞུག་ཅིང། །ཟིན་ནས་དེ་ཡི་ལུས་ཀྱི་ནི། མགོ་པོ་རྣམ་པར་བཅད་པར་བྱ། །དེ་རྗེས་མར་དང་སྒྲང་ཙི་ཡིས། །བསྐུས་ནས་རྒྱུ་མ་ལེགས་པར་གཞུག། །དེ་འོག་ཕྱི་རོལ་ལས་རྨ་བཅོམ། །དེ་ནས་ས་ནག་ཤིང་མདོར ་གྱི་དང?་ལྡེ་གུ་ལེགས་པར་བསྐུ་བར་བྱ། །དེ་འོག་རླུང་མེད་གནས་སུ་ནི། །བཞག་ལ་འོ་མས་གསོས་པ་དང། །སྣུམ་གྱི་སྣོད་དུ་གནས་པར་བྱ། །ཆུ་བཅས་དམུ་རྫིང་ཏིལ་མར་ནི། །རླུང་འཇོམས་བསྐོལ་བས་བསྐུས་ནས་ནི། །ཆུ་དྲོན་བླུགS ་པས་དུགས་བྱ་ཞིང། །ལྟོ་བར་རས་ཀྱི་དཀྲིས་ནས་ནི། །རྒྱུ་འགགས་བརྡོལ་བར་བཤད་གནས་སུ། །སོར་གཅིག་ཙམ་ནི་དབུགས་པར་བྱ། །དེར་ནི་གཅེའུ་བཅུག་ནས་སུ། །དེ་ལ་ཆུ་ཕྱེད་གཟགས་པར་བྱ། །དེ་ནས་གཅེའུ་ཕྱུང་ནས་ནི།། ་ཏིལ་དང་རྒྱམ་ཚའི་ལྡེ་གུ་ཡིས། །རྨ་བསྐུས་ནས་ནི་བཀག་ནས་སུ། །རས་ཀྱི་ལྟེ་བ་དཀྲི་བར་བྱེ། །ཞག་གསུམ་ཡང་ན་ཞག་བཞི་ཞིང། །ཞག་ནི་བཅུ་དྲུག་པར་གྱི་བྱ། །དེ་ནི་བར་བར་དུབ་བསྟི་ཞིང། །ཆུ་ནི་ཉུང་ཟད་ཉུང་ཟད་དབྱུང།། ་ལྟོ་ནི་ལྷོད་པར་གྱུར་པ་ན། །ཤིན་ཏུ་དམ་དུ་དཀྲི་བར་བྱ། །ཆུ་ནི་ཟགས་ལ་སྨྱུང་བྱས་ལ། །ཐུག་པ་ལན་ཚྭ་སྣུམ་མེད་བླུད། །ཟླ་དྲུག་པར་དུ་འོ་མས་གསོ། །ཟླ་གསུམ་ཐུག་པ་འོ་ཐུག་བླུད། །ཟླ་གསུམ་བར་དུ་འོ་ཐུག་གམ།། ་འབྲས་བུ་སྐྱུར་བཅས་ཤ་ཁུ་ན། །ཁ་ན་ཚྭ་སྣུམ་ནི་ཉུང་བླུད། །ཁྲེ་དང་ཅི་ཙ་རྙིང་པ་སྦྱིན། །དེ་ལྟར་ལོ་གཅིག་འབད་པ་ཡི། །ཆ་ཡི་དམུ་རྫིང་ལེགས་པར་གསོ། །སྤང་བ་རྣམས་ནི་སྔམ་པ་དང། །བརྟན་པར་བྱ་ཞིང་སྐམ་མེད་བྱ།། ་གང་ཕྱིར་དམུ་རྫིང་ཐམས་ཅད་ནི། །ནད་སོགས་པ་ལས་འབྱུང་བས་ན། །དེ་ཕྱིར་རླུང་སོགས་བསལ་བ་ཡི། །གསོ་བ་ཀུན་ལ་བསྡགས་པ་ཡིན། །ནད་ཀྱིས་ལྟོ་བ་གང་འགྱུར་བས། །མེ་དྲོད་འབྲི་བར་གྱུར་བ་ཡིན། ། ་དེ་བས་ཡང་བ་དོད་བསྐྱེད་པའི། །རྩ་བ་ལྔ་བདས་ཉུང་བ་དང། །ལན་ཚྭ་སྣུམ་དང་ཁ་བ་ཉུང། །འཇུ་སླའི་ཁ་ཟས་སྦྱིན་བར་བྱ། །བ་གཅིན་དང་ནི་སྤངས་པ་ཡི། །དྲུག་ཅུ་བ་ཡི་འབྲས་དག་ལས། །ཐུག་པའི་ཐུག་བཙོས་ནས་ནི། ། ་ཅི་འདོད་པར་ནི་སྦྱིན་པར་བྱ། །དམུ་རྫིང་སྐྱོན་ནི་སྦྱད་བའི་ཕྱིར། །དེ་རྗེས་བུ་རམ་ཤིང་ཁུ་བླུད། །དེས་ནི་རླུང་མཁྲིས་བད་ཀན་རྣམས། །རང་རང་གནས་སུ་འགྲོ་བར་འགྱུར། །ཤིན་ཏུ་ཚ་བའི་ཆུ་ལན་ཚྭ། །རྩུབ་ཅིང་བཤད་སྲི ་གང་ཞིང་ལྕི། །བུ་རམ་ཏིལ་གཡོས་ཚོད་མ་དང། །ཆུ་འཐུངས་ལུས་ནི་འཁྲུ་བ་དང། །རྩོལ་དྲག་ལམ་དུབ་ཉིན་མོ་གཉིད། །བཞན་པས་འགྲོ་བ་སྤང་བ་བྱ། །ཤིན་ཏུ་སྐ་སླ་མ་ནི་ཞིང་མངར། །དར་བསྐོམ་དུ་བླུད་པ་བསྡགས། །རླུང་ལ ་རྒྱམ་ཚ་པི་པི་ལིང། །མཁྲིས་པར་ཀ་ར་ཚ་བ་གསུམ། །བད་ཀན་ལས་གྱུར་ལ་ལ་ཕུད། །རྒྱམ་ཚ་ཟིར་སྦྲང་རྩི་དང། །ཚ་བ་གསུམ་དང་ལྡན་པ་སྦྱིན། །འདུས་པ་ལས་གྱུར་སྦྲང་རྩི་དང། །ཤུ་དག་ཏིལ་མར་བཅའ་སྒ་དང། །ཤུ ་ཏི་རུ་རྟ་ལྕེ་མྱང་ཚ། །མཆེར་པ་རྒྱུ་འགགས་དམུ་རྫིང་ལ། །ཚ་བ་གསུམ་དང་ལ་ལ་ཕུད། །རྒྱམ་ཚ་གོ་སྙོད་སྤང་འབྲས་བཅས། །རྒྱུ་རྡོལ་སྒྲང་རྩི་པི་པི་ལིང། །ཚ་བ་གསུམ་དང་ལྡན་པ་བླུད། །ཆུ་ཡི་དམ་རྫིང་ཅན་ལ་ནི། །ཚ་བ ་གསུམ་བཅས་བླུད་ན་ཕན། །རླུང་དང་བད་ཀན་གྱིས་གཟེར་ཞིང། །ལུས་ལྕི་ལྟོ་སྤོས་ཡིག་འཆུས། །ནད་འཁྲུ་མེ་དྲོད་ཉམས་པ། །དར་བ་བདུད་རྩི་ལྟ་བུ་ཡིན། །སྦྱོར་པ་ཀུན་གྱི་རྗེས་ལ་ནི། །འོ་མ་ཉེ་བར་སྦྱར་བྱ་སྟེ། ། ་ལུས་ཟུངས་ཐམས་ཅད་བརྟན་བྱེད་ཅིང། །སྟོབས་བསྐྱེད་ནད་ནི་ལྟག་ལུས་སེལ། །སྨན་གྱི་ཉམས་སྨད་གྱུར་ལུས་ལ། །འོ་མ་བདུད་རྩི་ལྟ་བུ་ཡིན། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་བ་ལས། །གསོ་བའི་གནས་ཀྱི་ལེའུ་བཅོ་ལྔ་པའོ།། །། ་དེ་ནས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །སྐ་རྦབ་ནད་ལ་དང་པོར་ནི། །དགེ་བ་ཆེན་པོའི་སྨན་མར་རམ། །བ་ཡི་ལྔ་དང་ཏིག་ཏ་ཆེ་འམ། །དོང་ཀ་སོགས་བསྐལ་སྨོན་མར་བླུད། །སེའུ་འབྲུ་ཕུལ་གང་འུ་སུ་ཕྱེད། །ཅི་ཏྲ་ཀ་དང ་བཅའ་སྒ་ལས། །སྲང་རེ་པི་པི་ལིང་སྲང་ཕྱེད། །ལྡེ་གུར་བྱས་པ་མར་སྲང་ནི། །ཉི་ཤུ་ཆུ་བྲེ་བཞི་ནང་བསྐོལ། །སྐྱ་རྦ་བ་སྙིང་ནད་གཞན་འབྲུམ་སྐྲན། །མཆེར་རླུང་བད་ཀན་གྱིས་ཉེན་སེལ། །དྲོད་བསྐྱེད་ལུད་པ་དབུགས་མི་བདེ། །སེལ ་ཞིང་དབུགས་འཁྱིལ་བདེར་འབྱུང་བྱེད། །བུ་བཙས་དཀའ་དང་མོ་ཤམ་ལ། །འདི་ནི་མཆོག་ཏུ་བསྔགས་པ་ཡིན། །སྣུམ་བྱས་སྐྱུན་སྨན་རྣོན་པོ་བཏང། །སླར་ཡང་སྣུམ་བྱས་བཀྲུ་སྨན་ནི། །འོ་མ་གཅིན་སྦྱར་བཏང་བ་འམ། །མཁུར ་བཀང་ལན་མང་བྱས་བས་སྤྱད། །དནདའི་འབྲས་བུའི་ཁུ་བ་དྲོ།། ཏང་བལ་ཡང་ན་རྒུན་འབྲུམ་ནི། །སྲང་བརྒྱད་ལ་སྤངས་མཉེས་བྱས་པ། །ད་འཐུངས་སྐྱ་རྦབ་ནད་སེལ་ཏོ། ། རུ་ར་བཏགས་པ་གཅིན་སྦྱར། །ཡང་ན་དེ ་བསྐེལ་འབྲས་བུ་གསུམ། །ཁྲོན་བུ་མེ་ཤ་དར་བྱིད་དང། །ཐང་ཤིང་བཅའ་སྒའི་ལྡེ་གུ་ནི། །བ་གཅིན་སྲང་བརྒྱད་སྦྱར་བ་འམ། །ད?་གཅིན་ལྷན་ཅིག་བསྐོལ་བ་བླུད། །དེ་དག་ཉིད་ནི་མར་བསྐོལ་བ། །བླུད་ནའང་ནད་ནི་སེལ་བར ་བྱེད། །ཡང་ན་ལྕགས་ཕྱེ་བ་གཅིན་ནམ། །འོ་མར་ཞག་བདུན་བཞག་པ་བླུད། །ཞུ་ནས་ཁ་ཟས་འོ་མ་འམ། །ཤ་ཁུ་མང་པོ་བཅས་པ་སྦྱིན། །སྟོང་སྨད་སྦྱངས་ནས་ཨ་རུ་ར། །སྦྲང་རྩི་མར་སྦྱར་ལྡེ་གུ་སྦྱིན། །བི་ཤ་ལ་དང་བུ་ཙེ་ཤེལ། ། ་གླ་སྒང་རུ་རྟ་ཐང་ཤིང་དང། །དུག་མོ་ཉུང་ནི་ཞོ་གཉིས་གཉིས། །མུར་པ་སྲང་ཕྱེད་བོད་ནི། །ཞོ་གཅིག་དེ་ཡི་ཕྱེད་བཏགས་ཆུ། །དོ་འཇམ་སྦྱར་བླུད་སྦྲང་རྩི་སྦྱིན། །སྐྱ་རྦབ་རིམས་དང་ཁོང་ཚ་དང་།ལུང་པ་དབུགས་མི་བདེ ་སྐྲན་སྤོས། །ཡིག་འཆུས་དང་མ་ཞུ་རླུང། །ཁྲག་མཁྲིས་དེ་ནི་སེལ་བར་བྱེད། །སླེ་ཏྲེས་དང་ནི་བ་ཤ་ཀ། འབྲས་བུ་གསུམ་དང་སྤུ་རྩེ་ཤེལ། །ཏིག་ཏ་ནི་མ་བ་རྩ་མཁྲིས་རྣམས། །བསྐོལ་ཏེ་བསྒྲངས་པ་སྦྲང་རྩིར་ནི།། བཏབ་པ་བླུད་ན་སྐྱ་རྦབ་དང།། ་མིག་སེར་ཁྲག་མཁྲིས་འཇོམས་པར་བྱེད། །ཚ་བ་གསུམ་དང་ཙི་ཏྲ་ཀ། འབྲས་བུ་གསུམ་དང་བི་ཊཱཾ་ཀ། ག་དུར་དང་མཉམ་ལྕགས་ཀྱི་ཕྱེ། །མར་དང་སྦྲང་རྩི་དར་བའམ། །ཆུ་དྲོ་ནོ་མར་སྦྱར་བླུད་ན། །མིག་སེར་སྐྱ་རྦབ་རིང་ནད་དང། །མཛེ ་དང་གཞང་འབྲུམ་ནད་རྣམས་སེར། །དོང་ཀྲ་ལྕགས་ཕྱེ་ཏིལ་དང་ནི། །བུ་རམ་ཆ་མཉམ་པ་ཡི་ཚད། །པི་པི་ལིང་ནི་ཉིས་འགྱུར་གཞུག། རིལ་བུ་སྐྱ་རྦབ་ཅན་ལ་སྦྱིན། །ཏ་སྱ་སྐྱེར་པའི་ཤུན་པ་དང། །དབྱི་མོད་པི་པི་ལིང་རྩ་བ། །ཐང ་ཤིང་རྩ་བ་གསུམ་སོགས་དགུ། །ཕྱེ་མར་བཏགས་པ་ཉིས་འགྱུར་གྱི། །མན་དུ་རའི་ཕྱེ་དངུལ་རྡོ་འདྲ། །དེ་དག་གི་ནི་བརྒྱད་འགྱུར་གྱི། །བ་གཅིན་ནང་དུ་སོ་སོར་བསྐོལ། །རིལ་བུ་བྱ་བར་བཟོད་པ་དང། །གཅིག་ཏུ་བསྲེས་ཏེ་རིལ་བུ་བྱ།། ་འདི་ནི་མ་དུ་རའི་རིལ་བུ། །དེ་ཐོས་དང་བ་འཐུངས་ན་ནི། །སྐྱབ?་ཅན་ལ་སྲོག་སྟེར་རོ། །མཛེ་དང་མ་ཞུ་འདི་ནད་དང། །བརླ་རེངས་ཡིག་འཆུས་པ་དང། །ཞང་འབྲུམ་མི་སེར་གཅིན་སྙི་དང། །མཆེར་པའི་ནད་རྣམས་ཞི་བར་བྱེད། །ཏ་སྱ་བྲག ་ཞུན་?་ལྕགས་ཀྱི། །དྲི་མ་སྣ་བདེ་སྲང་ལྔ་ལྔ། །ཙི་ཏྲ་ཀ་དང་འབྲས་བུ་གསུམ། །ཚ་བ་གསུམ་དང་པ་ཊཱིཾ་ཀ། སྲང་རེ་ཁ་ར་སྲང་བརྒྱད་སྦྱར། །ཕྱེ་མ་སྦྲང་རྩི་སྦྲུས་པ་ཡིས། །སྐྱ་རྦབ་དུག་དང་ལུད་པ་ལུ། །གཅོད་ཆེན་མི་བཟད་རིམས་དང་ནི། ། ་མཛེ་དང་མ་ཞུ་གཅིན་སྲི་དང། །སྐྲན་དབུགས་མི་བདེ་ཡིག་འཆུས། །ཁྱད་པར་དུ་ནི་རྗེད་བྱེད་དང། །མིག་སེར་གཞང་འབྲུམ་ནད་རྣམས་འཇོམས། །དུག་མོ་ཉུང་དང་འབྲས་བུ་གསུམ། །མི་མཱ་ག?་སྒང་པ་ཏོ་ལ། །དོང་ཀྲ་བསྐོལ་བའི་ཁུ་བར་ནི། ། ་བྲག་ཞུན་སྲང་བརྒྱད་ཞག་བཅུ་འམ། །ཉི་ཤཱུམ་སུམ་ཅུ་བར་དུ་སྦྲངས། །ཀ་ར་དཀར་པོ་དེ་མཉམ་དང། །མིག་རྐང་དང་ནི་པི་པི་ལིང། །ཀ་ར་ཀ་ད་སྲིད་སྐྱུ་རུ་ར།། སྲད་རེའི་ཚད་དུ་བྱས་བ་དང།། ཀཎྜ་ཀཱ་རིའི་རྩ་འབྲས་བུ། །སྲང་གཅིག ་ཚད་དུ་བྱས་པ་དང། །དྲི་སྣ་གསུམ་ནི་ཞོ་གཉིས་གཉིས། །སྦྲང་རྩི་སྲད་གསུམ་བཅས་པར་ནི། །རིལ་བུ་ཞོ་གཉིས་ཚད་བྱས་ཟོས། །སེ་འབྲུའི་ཁུ་བ་འམ་དང། །བྱ་ཡི་ཤ་ཁུ་ཆུ་དྲོན་དང། ཨ་ས་པ་དང་ཆད་རྙིང་དང། །དེ་ནི་ཟོས་རྗེས ་བླུད་པ་འམ། །ཟས་སྔོན་ཟས་ཀྱི་རྗེས་བླུད་ན། །སྐྱ་རྦབ་མཛ་དང་རིམས་མཆེར་བ། །མགོ་འཁོར་གཞང་འབྲུམ་མཚན་པར་རྡོལ། །གནགས་དང་སྙིང་ནང་ཁུ་བའི་ནད། །གཅིན་ནད་དྲོད་ཉམས་སེལ་བྱེད་ཅིང། །སྐེམ་དང་སྦྱར་དུག་དམུ ་རྫིང་དང། །ལུས་པ་ཁྲག་མཁྲིས་འགགས་པ་དང། །འོར་ནས་སྐྲན་དང་ལྐོག་མའི་ནད། །རྒྱ་རླུགས་མགོ་འཁོར་བཅས་པ་ཡི། །ནད་ཀུན་སེལ་ཞིང་དགེ་བ་ཡིན། །རྒུན་འབྲུམ་པི་པི་ལིང་བྲེ་ར། །ཁ་ར་སྲང་ནི་ལྔ་བཅུ་དང། །ཤིང་མདར ་བཅའ་སྒ་མིག་རྐང་དག། སྲང་ནི་གཉིས་གཉིས་ཕྱེ་མར་བྱས། །སྐྱུར་རུའི་ཁུ་བ་བྲེ་བཅུ་དྲུག། ནང་གཞུག་ལྡེ་གུ་བཞིན་དུ་བསྐོལ། །བསྒྲངས་པར་སྦྲང་རྩི་བྲ་གང་གཞུག། དེ་ལ་ཞོ་གཉིས་ཚད་ཟོས་ན།། གཟུགས་འཁུམས་སྐྱ་རྦབ་ནད་དང ་ནི།། མོག་སེར་གྱི་ནི་ནད་འཇིམས་སོ། །རྩ་བ་ལྔ་བ་ཆུང་དུའི་ཆུ་དགུན་འབྲུམ་སྐྱུ་རུ་རའི་ཁུ་བ།། བཟའ་དང་བཏུང་བར་སྦྱར་བ་ནི། །སྐྱ་རྦབ་མིག་སེར་ནད་སེལ་ཏོ། །དེ་ལྟར་སྐྱ་རྦབ་ནད་ལ་ནི། །སྤྱི་ཡི་སྨན་ནི་བཏང་བ་ཡིན། །མཁས་པས་ནང ་དམིགས་སོ་སོ་ཡི། །སྟོབས་དབང་ལས་ཀྱང་སྦྱང་བར་བྱ། །རླུང་གྱུར་ཕལ་ཆེར་སྣུམ་པས་བྱ། །མཁྲིས་པ་ཁ་དང་བསིལ་བ་བཏབ། །བད་ཀན་ལས་གྱུར་རྩུབ་ཚ་དྲོ། །འདུས་བའི་འདྲེན་མར་སྦྱར་བར་བྱ། །ཟས་ཟོས་ལས ་གྱུར་སྦྱར་བ་ནི། །རྣོན་བོས་ལུས་ལ་བསལ་བར་བྱ། །དེ་འོག་ལྟོ་སྦྱངས་སྟོབས་བསྐྱེད་ཕྱིར། །དེ་ལ་ཞུན་མར་སྦྱིན་པར་བྱ། །ཚ་བ་གསུམ་དང་བིལྦ་དང། །སེར་པོ་གཉིས་དང་འབྲས་བུ་གསུམ། །བ་སྤྲུ་བ་གཉིས་གླ་སྒང་དང། །ལྕགས་ཕྱེ་བ་ཏ་བི་ཏངཀ ་ཐང་ཤིང་བྲིཥཙི་ཀ་ལི་དང། །ག་བྲའི་རྩ་བའོ་མ་མར། །བསྐོལ་བ་འཐུངས་ནས་ས་ཞག་ཟོས། །ལས་གྱུར་ནད་ནི་ཐམས་ཅད་སེལ། །དེ་བཞིན་ནཱ་ག་གེ་སར་དང། །ཤིང་མངར་ཀུ་ཤ་པི་པི་ལིང། །འོ་མ་བསྐོལ་བ་བླུད་ན་ཕན།། དེ་ལ་སྲེད་བར ་གྱུར་ན་ནི། །བི་ཊཱཾ་ཀ་དང་བཱ་ཏ་དང།། ནི་མཱ་བསྐོལ་བའི་ཁུ་བ་འམ། །མུར་བ་དང་ནི་བསྲེས་པ་དག། སྲེད་པ་དགག་ཕྱིར་སྦྱིན་པར་བྱ། །ས་ཞག་བྱེ་བྲག་ཐ་དང་ནད། །རྗེས་སུ་མཐུན་བའི་སྨན་སྦྱིན་བྱ། །མིག་སེར་ལ་ནི་མཁྲིས་འཇོམས་སྨན། །སྐྱ ་རྦབ་གནོད་པ་མེད་པ་སྦྱིན། ། རུ་ར་ནི་བརྒྱའི་ཁུ་བར། ། རུ་ར་རྡོག་ལྔ་བཅུའི་ཕྱེ། །མར་ནི་བྲེ་གང་ནང་གུ་བསྐོལ།། སྐྲན་དང་མིག་སེར་སྐྱ་རྦབ་འཇོམས། །དོད་ག་པུར་ཤིང་ཁུ་བ་འམ། །བི་ད་རི་དང་སྐྱུ་རུ་རའི། །ཁུ་བ་ཚ་བ་གསུམ ་བཅས་ལ། །སྲང་གཅིག་བླུད་ན་མིག་སེར་འཇོམས། །དནད་བུ་རམ་ཉིས་འགྱུར་གྱི། །ལྡེ་གུ་ཆུ་གྲང་སྦྱར་བ་བླུད། །དུར་བྱིད་ཕྱེ་མ་སྦྲང་རྩིར་བྱས། །འབྲས་བུ་གསུམ་གྱི་ཁུ་བ་བླུང། །འབྲས་བུ་གསུམ་མམ་སླེ་ཏྲེས་སམ། །སྐྱེར་བའམ ་ནི་མྦའི་ཁུ་བ་དག། སྦྲང་རྩིར་སྦྱར་བ་ནང་རེ་ནི། །མིག་སེར་གྱིས་ནི་ཉེན་ལ་བླུད། །སྐྱེར་བ་ཡུག་སྣམ་སྐྱུ་རུ་ར། །མིག་སེར་སེལ་བའི་མིག་སྨན་ཡིན། །མིག་སེར་ཅན་གང་དྲི་མ་ནི། །ཏིལ་བཏགས་ལྟ་བུར་བྱུང་གྱུར་ན། །བད་ཀན་ལམ ་འགགས་དེ་ལ་ནི།། བད་ཀན་མཁྲིས་པ་སེལ་བ་གསོ། །རྩུབ་གྲང་ལྕི་དང་མངར་བ་དང། །དྲག་ཤུལ་རླུང་ནི་འགགས་པ་ཡིས། །རླུང་དང་བད་ཀན་གཅིག་གྱུར་པ། །མཁྲིས་པ་ཕྱིར་འབྱིན་དེ་ཡི་ཚེ། །མིག་དང་པགས་པ་སེར་བ་དང། །ཕྱིས་སྐྱ་བར་གྱུར་བ ་དང།། བཤད་འགགས་རྒྱུ་མ་འཁྲུག་པ་དང། །སྙིང་ག་ལྕི་བ་ཉེས་འགྱུར་ལ། །མཁྲིས་པའི་ཡན་ལག་ལ་བརྟེན་ན། །རིང་ཅིང་དོད་ཆུང་རྩིབ་ལོགས་གཟེར། །སྐྱིགས་བུ་ལུད་པ་ཡིག་འཆུས། །རིམས་འདེབས་རིམས་ཀྱིས་འབྱུང་བར ་འགྱུར། །དེ་ལ་རྨ་བྱ་ཁྱིམ་བྱ་དང། །སྲེག་པའི་ཤ་ཁུ་འམ་ལ་ཕྲག་ནི།། སྐམ་པོའི་ཁུ་བ་འམ་རྒྱ་སྲན་བུ། །རྩུབ་ཁ་སྐྱུར་བར་སྦྱོར་བ་སྦྱིན། །རབ་ཚ་སྐྱུར་དང་རྣོ་བོ་དང། །ལན་ཚྭ་ཤིང་ཏུ་དྲོ་བའང་བསྔགས། །ཁ་ལུང་ཁུ་བ་ཚ་བ་གསུམ། །སྦྱར་བའི ་ལྡེ་ཀཱུང་སྦྱིན་པར་བྱ། །དེས་ནི་མཁྲིས་པ་རང་གནས་སུ། །འཇུག་ཅིང་བཤད་མདོག་ཐ་མལ་འགྱུར། །རྒྱུ་མ་འཁྲུགས་སོགས་བརླ་གཉན་བཅས། །རླུང་ཡང་རབ་ཏུ་ཞི་བར་འགྱུར། །འདི་ཡི་བརླ་གཉན་ཞི་ནས་ནི། །མིག་སེར་གསོ་བའི་ཆོག་བྱ།། ་མིག་སེར་ཁོང་དུ་ཞེན་པ་ན། །བྲག་ཞུན་པ་གཅིན་དང་སྦྱར་བ། །གསེར་གྱི་དྲི་མ་འམ་རྟ་བྱ་ནི། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཧ་ལི་ས་ཀ་སླེ་ཏྲེས་ཁུ། །འོ་མ་མ་ཧེའི་མར་བསྐོལ་བའི། །སྐྱུ་ཆུར་ཡི་ཁུ་བ་དང། །དུར་བྱིད་སྦྱར་བའི་བཀྲུ ་སྨན་བླུད།། འཁྲུས་ནས་ཁ་ཟས་མངར་བག་ནི།། རླུང་འཇོམས་མཁྲིས་པ་འཇོམས་པ་སྦྱིན། །སྔར་བཤད་རྒུན་འབྲུམ་ལྡེ་གུ་དང། །མངར་བའི་སྨན་མར་ཞུན་མར་སྦྱི། །འོ་མའི་མས་བཏང་སྨན་དང་ནི། །འཇམ་རྩི་བཅས་པ་བསྟེན་པར་བྱ། ། ་མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར། །རྒུན་ཆད་ཆད་རྙིང་སྤྱིན་བྱ་ཞིང། །ལུད་པའི་སྐབས་བཤད་ཨ་རུ་རའི།། ཤིང་མངར་དར་བ་པི་པི་ལིང། །འོ་མར་སྦྱར་བས་ནད་དམིགས་དང། །མེ་དྲོད་ཇི་བཞིན་སྦྱིན་པར་བྱ། །མཁས་པས་འོར་ནད་སྐབས་བཤད་པའི།། ་གསོ་བའི་སྐྱ་རྦབ་ལ་ཡང་སྦྱར། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་དྲུག་པའོ།། །།དེ་ནས་འོར་ནད་གསོ་བ་བཤད་པར་བྱའོ། །འོར་ནད་ཡན་ལག་ཀུན་ཞུགས་ཤིང། །ནད་སྐྱེས ་མ་སྨིན་བླ་དང་བོར། །སྨྱུང་བྱས་ཁ་ཟས་ཡང་བ་ཟ། །བོང་ང་ཐང་ཤིང་བི་ཊཱངཀ། །དུག་མོ་ཉུང་དང་ན་ལེ་ཤམ། །བསྐོལ་བའི་ཆུ་དྲོན་བླུད་པར་བྱ། །ཡང་ན་ཨ་རུ་ར་བཅའ་སྒ། །ཐང་ཤིང་བ་སྦྲུ་བསྐོལ་བ་འམ། །ལྕགས་ཕྱེ་དགུ་བར་བཅས་པ་བླུད། ། ་འོར་ནད་ཤས་ཆེར་ཨ་རུར། །བ་གཅིན་བཅས་པ་སྦྱད་ཕྱིར་བླུད། །འབྲས་བུ་གསུམ་བསྐོལ་བུ་ཙེ་ཤེལ། །དུར་བྱེད་ལྕགས་ཕྱེ་ཚ་གསུམ་བཅས། །ཡང་ནི་དེ་བཞིན་གུ་གུལ་ལམ། །བྲག་ཞུན་དང་ནི་སྦྱར་བ་བླུད། །མེ་དྲོད་ཆུང་ཞིང་མ ་སྨིན་ལ། །ལྕི་ཞིང་རྟག་འགགས་ཡང་ན་འཁྲུ། །ཚ་བ་གསུམ་དང་རྩབས་རུ་ཆ། །སྦྲང་རྩི་དར་བར་སྦྱར་བ་འམ། །ཟ་རུ་ར་དང་བུ་རམ་བཅས། །བུ་རམ་བཅའ་སྒ་སྦྱར་བ་འམ། །ཟོས་རྗེས་དར་བ་བླུད་པར་བྱ།། སྒེའུ་གཤེར་བུ་རམ་ཆ ་མཉམ་པ། །སྲང་ཕྱེད་ཚད་ཀྱིས་བསྐྱེད་ནས་ནི། །ཆེ་ཚད་སྲང་ལྔའི་བར་དུ་ནི། །ཟླ་གཅིག་ཟ་ཞིང་ཡུ་ཤ་དང། །འོ་མ་ཤ་ཁུ་ཟོས་ན། །འོར་ནད་དམུ་རྫིང་སྐྲན་གཞང་འབྲུམ། །གཅིད་དང་དབུགས་མི་བདེ་ཆམ་པ། །སྒྱིད་སྙོམ་མ་ཞུ ་མིག་སེར་དང། །ལུས་སྐེམ་གདོན་གྱི་ནང་རྣམས་དང། །ལུད་པ་བད་ཀན་སྦྱོར་འདིས་སེལ། །སྒྲཱུ་གཤེར་དོང་ཀྲ་ལྡེ་གུའི་ཁུ་བ་དང། །འོ་མ་དག་དང་མར་ནི་བསྐོལ་བླུད་ན། །འོར་ནད་སྦྲིད་པ་དམུ་རྫིང་མེ་དྲོད་ཉམས། །ནད་ཀྱིས་ཟིལ་ནན?་ན ་ཡང་ནད་མེད་འགྱུར། །མ་ཞུ་མེད་ཅིང་བྱིས་འགགས། །འོར་ནད་ཀྱིས་གཟིར་ཚ་བ་གསུམ། །དུར་བྱིད་དནད་ཀྲུ་ཏྲུག་ཏྲེས།། བསྐོལ་བའི་འོ་མ་བླུད་པར་བྱ། །མ་ཧེ་འམ་ཡང་ན་བ་གཅིན་ནམ།། འོ་མ་བཏུང་ཞིང་དེ་དང་བཟའ་། །ཞག་བདུན ་ཡང་ཟླ་གཅིག་པར། །རྔ་མོའི་འོ་མ་བླུད་པས་གསོ། །ཏི་ལུ་ས་དང་ནས་ཚིག་ཐལ། །ལ་ལ་ཕུད་དང་ཚ་བ་ལྔ། །ན་ལེ་ཤམ་དང་སེ་འབྲུ་དང། །བ་ཏ་འུ་སུ་སྟར་བུ་དང་།བིལྦ་གཞོན་ནུ་ཞོ་གཉིས་གཉིས། །ཆུ་བྲེ་བཞི་བསྐོལ་མར་བྲེ་གང།། བསྐོལ་བ་བླུད་ན ་འོན་ནད་དང། །གཞང་འབྲུམ་སྐྲན་དང་ཟ་ཁུ་འཇོམས། །ཞོ་དང་རྩི་ཏྲ་ཀ་བསྲེས་ལས། །བྱུང་བའི་མར་ནི་དར་བར་བཅས། །ཙི་ཏྲ་ཀ་བཏབ་བསྐོལ་བ་ནི། །ཡོན་ཏན་གོང་མ་མཚུངས་པ་ཡིན། །ཐང་ལ་འབར་དན་ཏིག་ཏ་ཆེ།། དགེ་བ་འམ་ཨ ་རུ་རའི་སྨན་མར། །དུས་ཤེས་པ་ཡིས་སྦྱིན་པར་བྱ། །རྩ་བ་བཅུ་པའི་ཁུ་བ་ནི། །བྲེ་བཞིར་ཨ་རུ་ར་བརྒྱ་བསྐོལ། །དེར་ནི་བུ་རམ་སྲང་བརྒྱ་གཞུག། ཚ་བ་དྲི་སྣ་གསུམ་དང་ནི། །ནས་ཚིག་ཁུས་ཐལ་ཅུང་ཟད་བཏག། །བསྒྲངས་ནས ་བྲངས་རྩི་བྲེ་ཕྱེད་གཞུག། དེ་བྱིན་ནས་ནི་འོར་ནད་དང། །རིམས་སྐྲན་གཅིན་ནད་ལུས་སྐེམ་པ། །མ་ཞུ་ཁྲག་མཁྲིས་རླུང་དང་ནི། །སྒྲེགས་སྐྱུར་ཁ་དོག་མི་སྡུག་དང། །གཅིན་ནད་རླུང་གི་ཁུ་ཆུའི་ནད། །དབུགས་མི་བདེ་དང་ཡིག་འཆུས།། ་མཆེར་པའི་ནད་དང་སྦྱར་བའི་དུག། དམུ་རྫིང་གི་ནི་ནད་རྣམས་སེལ། །ནས་དང་ས་ལུ་འབྲས་རྙིང་ཟས། །རྩ་བ་བཅུ་པའི་ཆུ་དང་བསྐོ་ལ། །ལན་ཚ་ཉུང་ཞིང་སྣུམ་ཤས་ཆུང། །བྱིན་ན་འོར་ནད་སེལ་བར་བྱེད། །རྒྱ་སྲན་མུངྒའི་ཁུ་བ་ནི ་ཐལ་སྨན་རྩ་བ་གསུམ་དང་ལྡན་།དེ་བཞིན་སྐམ་སའི་ཤ་རུ་སྦལ། །སྐྱིན་འཁོར་བྱི་དུར་ཤ་ཁུ་སྦྱིན།། བཏུང་བར་དར་བ་སར་བ་དང། །ཆད་ནི་སྨན་དང་བཅས་པ་བླུད། །ིལ་བ་ཟུར་པ་ཇི་བཾ?་ཏི། །མ་ནུ་ཙི་ཏྲ་ཀ་ར་བི། །ཡ་བཀྵ་ར་བིལྦཱི་རྐང།། ་ད་ཏྲིག་ཞོ་རའི་ཚད་དུ་བྱས། །མར་དང་ཏིལ་མར་ནང་དུ་བརྡོས། །བྱིན་ན་འོར་ནད་སྐྲན་གཞང་འབྲུམ།། མེ་དྲོད་ཆུང་དང་གཅིན་ནད་སེལ། །ཚ་བ་ལྔ་དང་སྦྱར་བ་ཡི། །ཐུག་པ་འམ་ཡོན་ཏན་དེ་དང་འདྲ།། རྡེ་དྲེག་རུ་རྟ་སྟོན་ཡང། །ཧ་རེ་ནུ་ཀ ་ཨ་ཀ་རུ། །ཤྲི་བཻ་ཨ་ཀ་ཤུག་པ་དང།། ཆུ་སྲིན་སྡེར་མོ་པྲི་ཡཾ་ཀུ། །པྲི་ཀ་ཐང་ཤིང་སྤང་སྤོས་དང། །པི་པི་ལིང་དང་དབྱི་མོད་དང། །ཀུནད་ན་ཏཾ་བྱ་མ་ཀ། མ་ལི་ཀ་དང་དྲི་སྨ་བཞི། །བལ་བུའི་ལོ་མ་གླ་སྒང་དན། །གནད ་བླ་ཤ་ལས་ནི། །བསྐུ་བའི་ཏིལ་མར་དག་དང་ནི།།ཁྲུས་ཀྱི་ཆུ་དང་ལྡེ་གུ་དང། །ནིམ་བ་ཨརྒ་བ་སྤུ་བ།། ནགཏ་མ་ལའི་ཆུས་ཁྲུས་བྱ། །ཡང་ན་ཕྱོགས་གཅིག་སྐྲངས་པ་ལས། །ལ་ར་བི་ར་བ་སྤྲུ་བ། །ཀི་ཤུ་ཀ་དང་བི་ལ་ཤ། འབྲས་བུ་གསུམ ་དང་སེང་ཕྲོ་མ་དང། །ན་ལ་ཀ་དང་ཐང་ཤིང་དང། །སྤང་སྤོས་གོ་ཤ་ཏ་ཀི་དང། །བོད་ང་ཏ་ལའི་ལོ་མ་དང། །ཛ་ཡནྟི་དང་འོལ་མ་སེ།། ཀ་ཀ་ད་ནི་ས་ལི་ཤིང། །བི་ཤ་ཀིརྣ་དབྱི་མོད་དང། །རི་ཏིབྲི་ཏི་གླང་བོའི་སྣ། །ལྡེ་གུ་དྲོ་འཇམ ་བསྐུས་པ་ཕན། །དེ་ནས་རླུངས་གྱུར་འོར་ནད་ལ། །ཟླ་ཕྱེད་བར་དུ་དུར་བྱིད་དམ། །ཡང་ན་ཨེ་རཎྜ་མར་བླུད། །རླུང་གི་རྟུག་འགགས་ལ་དེ་ཉིད། །ཟས་ཀྱི་སྔོན་དུ་འོ་མ་འམ།། ཤ་ཁུ་བླུད་ཅིང་རླུད་འཇོམས་པའི། །སྨན་གྱི་དུགས་དང་བསྐུ ་?་བྱ།། ཕྱོགས་གཅིག་བསྒྲངས་ལ་ཁ་ལུང་དང། །གནི་མནྟ་སྤུང་སྤོས་དང། །བཅས་སྒ་ཐང་ཤིང་ལྡེ་གུ་བསྐུ། །མཁྲིས་གྱུར་ཏིར་ཏ་ཥི་སྨན་མར་དང། །ནྱ་གྲོ་དྷ་སོགས་བསྐོལ་བ་བླུད། །སྐོམ་དང་ཆེ་དང་རྨོང་བག་ཆེ། །འོ་མ་བསྐུ་བྱུག ་བསིལ་བ་སྦྱར། །པ་ཏོ་ལ་རྩ་ཀྱི་ལྕེ་བ།། ཤིང་མངར་ཐང་ཤིང་པུ་ཙེ་ཤེལ།། སྐྱེར་བ་ཙན་དན་ཨ་རུ་ར། །དེ་ན་ལྕང་མ་བི་ལ་ཤ། པི་པི་ལིང་དང་མར་བསྐོལ་བླུད། །ཁོང་ཚ་མགོ་འཁོར་སྐོམ་དང་ཆེ། །འདུས་པའིནད་དང་མེ་དཔལ་སྐྲད། །ལུས་ཚ ་རིམས་དང་བཅས་པ་སེལ།། བད་ཀན་ལས་གྱུར་དོང་ཀྲ་སོགས། ཏིལ་མར་དང་ནི་བསྐོལ་བ་བླུད། །རྒྱུན་སྲང་འགགས་ཅིང་མེ་དྲོད་ཉམས། །མོད་བག་ཡིག་འཆུས་པ་ལ། །ཐལ་སྨན་ཆད་རྙིང་མནན་ཆད་དང། །བ་གཅིང་དར་བར ་བཅས་པ་བླུད། །པི་པི་ལིང་དང་འབའ་ཆ་རྙིང། ཤི་ཀྲུའི་ཤུན་པ་ཟར་མ་དང། །བ་གཅིན་ལྡེ་གུ་དྲོ་འཇམ་སྤྱིར། །རུ་རྟ་ཨག་མི་མཱནྟ་དང།། རྒྱ་སྲན་དོང་ཀ་ཙི་ཏྲ་ཀ། བ་གཅིན་ཆུས་བསྐོལ་བས་ཁྲུས་བྱ། །ཙ་རོ་ཨ་ཀ་རུ་ཡིས་བྱུག། ན་ག་བ་ལ་སར་ལ། ། ? ་སྲིན་གི་ཨཾ་བ་ཏ། ། ཛ་གནདྷ་ཞེས་བྱ་བ་དང།། ཨ་ཤྭ་གནདྷའི་ལྡེ་གུ་ནི།། ཡན་ལག་ཕྱོགས་ཏཅིག་སྐྲང་པ་ཕན།། ནད་གཞི་ཇི་བཞིན་ཡན་ལག་ནི། །ཉེ་བའི་ཕྱོགས་ནས་གཏེར་ད་བྱ། །འདྲེས་པའི་ནད་ལ་ནད་གཞི་ནི།། ཤས་ཆེའི་དབང་དུ ་གསོ་བ་བྱ།། གོ་སྙོད་པ་ཏ་གླ་སྒང་དང། །ཀཎྜ་ཀཱ་རི་ཚ་བ་ལྔ།། སྐྱེར་པ་དྷུ་དྲོན་སྦྱར་བླུད་པ། །རྩ་མཁྲིས་བཅའ་སྒ་ཆུ་དྲོན་བླུད། །ནད་གཞི་གསུམ་གྱི་འོར་ནད་ནི།། ཡུན་རིང་ལོན་ཞིང་ཚབས་ཆེན་སེལ།། སླེ་ཏྲེས་དང་ནི་ཨ་རུ་ར། །ཐང་ཤིང ་གུ་གུལ་བ་སྦྲུབ།། བ་གཅིན་སྦྱར་བླུད་དམུ་རྫིང་དང། །མཛེ་དང་སྐྱ་རྦབ་སྲིན་བུའི་ནད།། གཅིན་ནད་བད་ཀན་ཟ་ཁུ་དང། །རླུང་ནི་སྟོང་དུ་འཇོམས་པ་སེལ། །དེ་ལྟར་རང་རང་ནད་ཀྱིས་དབང་བྱས་བཤད།། སྣང་བ་ལས་བྱུང་བ་ལ་ཁྲག ་དབྱུང་ཞིང། །བསིལ་སྨན་མར་བསྐུ་བྱུགས་ཤིང་བླུགས་པར་བྱ། །དུག་སྐྱེས་སླངས་ལ་དུག་སེལ་སྦྱོར་བ་བྱ། །གྲོང་དན་བརླ་ཅན་ཆུར་གནས་ཤ་རིང་སློན། །ཚོད་སྐམ་ཏིལ་གྱི་ཟས་དང་བུ་རམ་ཤིང། །ཕྱེར་བཏགས་ཟས་དང་ཞོ ་དང་ལན་ཚྭ་དང། །ཁ་ཟས་རུལ་བག་ཆང་སྐྱུར་ཡོས་ཤ་སྐམ། །འདྲས་པའི་ཟས་དང་ལྕི་དང་མ་གོམས་ཟ། །ཚ་བ་བསྐྱེད་དང་ཉིན་པར་གཉིད་ལོག་དང། །མཚན་མོ་གཉིད་མ་ལོག་དང་ཉལ་པོ་རྣམས། །འོར་ནད་ཅན་གྱིས་དེ་དག ་ཐམས་ཅད་སྤང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ལས་ལེའུ་བཅུ་བདུན་པའོ།། །།དེ་ནས་མེ་དཔལ་གསོ་བ་བཤད་བར་བྱའོ། །མེ་དཔལ་ནད་ལ་ཐོག་མ་ཉིད། །སྨྱུང་བ་དང་ནི་རྩུབ ་ཆོས་དང། །ཁྲག་དབྱུང་སྐྱུག་སྨན་བཀྲུ་སྨན་བཏང། །སྣུམ་འཆོས་སྤྱད་པར་བྱའོ། །པོ་སོན་ཆ་ནི་དུག་མོ་ཉུང། །ཤིང་མངར་བཅས་པ་འམ་པ་ཏོ་ལ། །ནིམྦའི་ལོ་མ་པི་པི་ལིང། །སྐྱུག་སྨན་བཏང་ན་དེ་དཔལ ་འཇོམས། །ཀྱི་ལྕེ་བ་ཡི་ཁུ་བ་འམ། །རྒུན་འབྲུམ་འབྲས་བུ་གསུམ་ཡང་རུང། །དུར་བྱིད་ཕྱེ་མ། བཏབ་པ་འམ། །འོ་མ་མར་སྦྱར་བཀྲུ་སྨན་ནི། །ཁོང་ན་ཞེན་པའི་ནད་ལ་ནི། །ཁྱད་པར་དུ་ནི་སྤྱད་པ་བཏང། །སྤྱད་མིན་ནད་ཚབས་ཆུང ་བ་ལ། །ཞི་སྨན་ཅན་དན་ཨུཏཔལ་བཏང། །གླ་སྒང་ནི་མཱ་བ་ཏོ་ལ། །བ་ཏོ་ལ་སོགས་ཉིད་དག་གམ། །ཐལ་ཏྲེས་ག?་སྒང་སྐྱུ་རུ་ར། །པུ་ཤེལ་ཙེ་ནི་ཆུ་བསྐོལ་བླུད། །མེ་དཔལ་སྐོམ་དད་ཅན་ལ་ནི། །བི་ཚེར་བ་དང་བར་བ་ཏེ། །སླེ་ཏྲེས་བཅའ་སྒ ་བསྐོལ་བ་ནི། །ཁུ་བ་བསྒྲངས་བ་བླུད་བར་བྱ། །སྐྱེར་བ་སྲན་ཆུང་པུ་ཙེ་ཤེལ། །ནི་མ་ཤིང་མངར་ཀྱི་ལྡེ་བ། །བསྐོལ་བ་མར་དང་བཅས་པ་གླུད། །ཡན་ལག་ནད་ཞུགས་ནད་ཁྲག་ཉིད། །ཐོག་མ་ཉིད་དུ་ཁྲག་དབྱུང་བྱ། །ཕགས་པ་ཤ་དང་རྒྱུས ་པ་འགྲུལ། །ཁྲག་རུལ་བ་ལས་བྱུང་བ་ཡིན། །སྨིན་ཞིང་བད་ཀན་ཟད་པ་དང། །རླུང་དང་མཁྲིས་པ་ཤས་ཆ་ལ། །ཏིག་ཏ་ཏིག་ཏ་ཆེན་པོའི་མར། །ཀྱི་ལྡེ་བ་བསྐོལ་མར་ཕན། །ཁྲག་དབྱུང་ཁོང་བ་དག་གྱུར་ནས། །ནད་ནི་ཤ་ཕགས་ལ་གནས་ལ། །ཕྱི་རོལ་ནས་ནི ་བྱུག་སོགས་ཀྱི། །འཕྲལ་དུ་མེ་དཔལ་ཞི་བར་འགྱུར། །རླུང་གྱུར་ཤུ་ཏི་གླ་སྒང་དང། །འོ་མ་ཨུ་སུ་པར་ཧི། ། ཏ་ཀ་ལ་པི་པི་ལིང། ཐང་ཤིང་ཤིང་ཀྲུ་རུ་རྩ་ནི། །ལྡེ་གུས་བྱུག་པ་བྱས་ན་ཕན། །མཁྲིས་པ་ནྱ་གྲོ་དྷ་སོགས་སྡེ། །དེ་བཞིན་པདྨ་ཨུཏཔ་ལ་སོཌ།། ་ནྱ་གྲོ་དྷ་རྩ་གཞོན་ནུ་དང། །ཆུ་ཤིང་ནང་གི་ལོ་མར་བཅས། །པདྨའི་རྩ་བ་ལྡེ་གུ་དང། །ལན་བརྒྱར་བཀྲུས་བའི་མར་གྱིས་བྱུག། པདྨ་ཅན་གྱི་འདམ་བསིལ་བ་འམ། །མུ་ཏིག་བཏགས་པར་གྱུར་བ་ལ། །དུད་དམ་བྱུང་རུ་ཉ་ཕྱིས་སམ། །ཡུག་སྣམ ་མར་དང་བཅས་པ་བྱུག། བད་ཀན་ལས་གྱུར་འབྲས་བུ་གསུམ།། ཤུག་པ་བཅོད་དང་པུ་ཙེ་ཤེལ། །ཀ་ར་བི་ར་འདམ་བུའི་རྩ། ། ནན་ད་ཡི་ལྡེ་གུས་བསྒུ། །ད་བ་ལོ་མ་བདུན་པ་དང། །སེང་ལྡེང་ཐང་ཤིང་བསྐུ་སྨན་དང། །གླ་སྒང་དོང་ཀར་བཅས་བ་འམ།། ་བ་ར་ན་སོགས་ལྡེ་གུ་བསྐུ། །དོང་ལ་ཡི་ནི་ལོ་མ་དང། །ཤལ་སྨན་ཏ་ཀའི་ཤུན་ལྤགས་དང། །ིན་དྲ་བ་རུ་ནའི་ལོ་མ། །ཤྲི་ཤ་འོལ་མ་སའི་མེ་ཏོག། ཆུ་བླུགས་རྨ་བསྐུ་སྨན་མར་དང། །ལྡེ་གུའི་ཕྱེ་མ་ཇི་བཞིན་དུ། །སྨན་ནི་འདི་དག་ཉིད་ཀྱིས་བྱ། །རླུང ་རྒྱས་མར་ནི་ཤས་ཆེར་བྱ། །བད་ཀན་གནས་ཤེས་མ་སྨིན་ལ། །དྲོ་དང་རྩུབ་པ་ཤས་ཆེར་སྦྱར། །དེ་བཞིན་མཁྲིས་བའི་གནས་ཞུགས་ལ། །ཁྲག་མཁྲིས་ལ་ནི་མར་ལྡན་བྱ། །ཤིན་ཏུ་བསིལ་ཞིང་སྲབ་པ་དང། །གོས་སྲབ་ནང་དུ་བཞག་པ་ནི། །ནུས་པ་ཆུང ་བ་ཡང་ཡང་དང། །གཞན་དང་གཞན་ནི་སྦྱར་བར་བྱ། །འདྲེས་པའི་ནད་ལ་ལས་འདི་ནི། །འདྲེན་མར་བྱ་བ་བསྔགས་པ་ཡིན། །མེ་ལྟར་ཚལ་ལན་བརྒྱ་ནི། །བཀྲུས་པའི་མར་སར་འབའ་ཞིག་ཕན། །མར་གྱི་ཉིང་ཁུ་བླུགས་པ་འམ། །ཤིང་མངར་བསྐོལ་བའི་ཆུ ་གྲང་དམ། །ུད་པལ་པདྨ་ཁ་རའི་ཆུ། །འོ་མ་བུ་རམ་ཤིང་ཁུ་བླུག། བཏུང་བ་བསྐུ་དང་བླུགས་པ་དང། །ཏིག་ཏ་ཆེན་པོའི་སྨན་མར་ཕན། །རྨེའུ་ཁྲག་མཁྲིས་སེལ་བ་ཡི། །གསོ་བ་ཅི་རིགས་ལེགས་བྱས་ལ། །རླུང་དང་བད་ཀན་འཇོམས་པར་བྱེད། །གླན་དང ་དཀྲི་བ་ལ་སོགས་ཕན། །རྨེན་བུ་མེ་དཔལ་གཟེར་བཅས་ལ། །ཏིལ་མར་རྩ་བ་བཅུ་དང་བསྐོལ། །བ་གཅིན་དྲོན་མོ་ཆུ་བྲན་བླུགས། །ཡང་ན་ཤི་ཀྲུའི་ལྡེ་གུ་འམ། །ནག་ཏ་མ་ལའི་ཤུན་པ་འམ། །ལ་ཕུག་སྐམ་པོ་བ?་རུ་རའི། །ལྡེ་གུ་དྲོ་འཇོམས་བསྐུ་པ ་ཕན། །དན་ཏ་ཤིང་ཚ་ཅི་ཏྲ་ཀ། ཨརྐ་སྣ་ཧའི་འོ་མ་དང། །བུ་རམ་གོ་བྱེ་རུས་ནག་མཚུར། །ལྡེ་གུས་རྡོ་ཡང་འདིགས་བྱེད་ན། །བད་ཀན་ལས་གྱུར་རྨེན་བུའི་ནད། །ཕྱི་རོལ་གནས་པ་སྨོས་ཅི་དགོས། །ཡུན་རིང་གནས་པའི་རྨོན་བུ་ལ། །ལ་ཕུག་རྒྱ ་སྲན་ཀུ་ལངཐའི། །ཁུ་བ་ཐལ་སྨན་སེ་འབྲུར་བཅས། །གྲོ་ཡི་ཟན་དང་ནས་ཀྱི་ཟན། །རྒུན་ཆང་སྦྲང་རྩི་བུ་རམ་ཆད། །ཁ་ར་ཆང་གི་དངས་མར་བཅས། །ཁ་ལུང་ཁུ་བར་བཅས་པ་དང། །འབྲས་བུ་གསུམ་གྱི་སྦྱོར་ལྡེ་གུ། །པི་པི་ལིང་དང ་སྦྲང་རྩིར་བྱས། །ཐང་ཤིང་དང་ནི་སླེ་ཏྲེས་དང། །བྲག་ཞུན་གྱི་ནི་སྦྱོར་བ་དང། །གླ་སྒྲང་གོ་ཁྱེའི་སྦྱོར་བ་དང། །སྦྲང་རྩི་ཡི་ནི་སྦྱོར་བ་དང། །མགོ་བཀྲུ་སྨན་དུད་རྡུབ་བ་དང། །སྔར་བཤད་སྐྲན་ནི་བཤིག་བ་དང། །ལྕགས་གསེར་ལན་ཚྭ་བསྲེགས་པ་དང།། ་རྡབས་བཙིར་བར་བྱ་བ་ཡིན། །སྨན་འདི་ཡིས་ནི་འཇིག་པར་བྱེད། །སྦྱོར་བ་སྣ་ཚོགས་དེ་དག་ནི། །བྱས་ཀྱང་ཞི་བར་མ་གྱུར་ཅིང། །ཤིང་ཏུ་སྲ་བར་གནས་གྱུར་ལ། །ནང་སྟོབས་ཆེ་བར་གྱུར་བ་ནི།། དེ་འོག་འདི་ལ་ཐལ་སྨན་ནམ། །ལྡེ་གུ་འམ་གསེར ་གྱིས་བསྲེགས་པ་ཕན། །སྨིན་པར་བྱེད་པས་མ་ནགས་བྱས་ལ། །དཔྲལ་ནས་དེ་ནས་དབྱུང་བར་བྱ། །འདི་ལ་ཁྲག་ནི་མ་ནགས་འདོད་ལ། །ཡང་དང་ཡང་དུ་གནོད་པར་བྱ། །ཁྲག་བསལ་འོག་ཏུ་སླར་ཡང་ནི། །རླུང་དང་བད་ཀན་སལ་སྨན་བཏང། ་ཚ་ཞིང་སྨིན་བས་མནགས་གྱུར་ལ། །ཕྱི་ནང་རྨ་ལྟར་གསོ་བར་བྱ། །སྐྱེར་པ་སྲིན་སྨན་ཀམྦི་ལྱ། །བསྐོལ་བའི་ཏིལ་མར་རྨལ་ཕན། །བད་ཀན་མཁྲིས་བ་ཤས་ཆེ་ལ། །དུ་རྦའི་ཁུ་བ་མར་བསྐོལ་ཕན། །གསོ་བའི་ལས་ཀུན་ཕྱོགས་དང་སྟེང། །ཁྲག་བྱུང ་བ་ནི་ཕྱོགས་གཅིག་ཡིན། །མེ་དཔལ་དེ་ནི་ཁྲག་མཁྲིས་དས། །མ་འདྲེས་པ་ལས་བྱུང་མི་འགྱུར། །འདི་ཡི་རྟེན་ནི་ཁྲག་ཉིད་ཡིན། །དེ་བས་ཁྲག་ནི་མང་དུ་དབྲི། །ནད་བཞི་མར་པོ་མེ་དཔལ་ལ། །བཀྲུ་སྨན་མ་གྱུར་མར་མི་སྦྱིན། །དེ་ཡིས་ནད་ནི་སྲ ་འགྱུར་བས། །པགས་པ་ཁྲག་དང་ཤ་མཛོར་བྱེད།། །།ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་བ་ལས། །གསོ་བའི་གནས་ལས་ལེའུ་བཅོ་བརྒྱད་བའོ།། །།དེ་ནས་མཛེ་ནད་གསོ་བའི་ལེའུ་བཤད་པར་བྱའོ། །མཛེ་ཅན་ཀུན ་ལ་ཐོག་མ་ཉིད། །སྣུམ་བླུད་པས་ནི་གསོ་བར་བྱ། །དེ་ལ་རླུང་ཤས་ཆེ་བ་ལ། །རྩ་བ་བཅུ་པ་སླེ་ཏྲེས་དང། །ཤ་རངྒ་དང་ཨེ་རཎྜ། །མེ་ཤ་སྲིང་གི་མར་རམ་ནི། །ཏིལ་མར་བསྐོལ་ཏེ་བླུད་པ་ཕན། །ནིམཔ་པ་ཏ་པུ་ཙེ་ཤེལ། །སྐྱེར་བ་བ་ཏ་བྱི་ཚེར་ག། པརྦ་ཏ་དང་ཀྱི་ལྕེ་བ།། ་སྲང་?་ཆུ་བྲེ་བརྒྱད་ཀྱི་ནི། །ནང་བསྐོལ་བརྒྱད་ཆ་ལུས་བ་རུ། །གླ་སྐད་རྩ་མཁྲིས་ཀྱི་ལྕེ་བ། །དུག་མོ་ཉུང་དང་པི་པི་ལིང། །ཙན་དན་ཞོ་ནི་གཉིས་གཉིས་དང། །ཞུ་མར་སྲང་ནི་བཅུ་གཉིས་བསྐོལ། །ཏིག་ཏའི་སྨན་མར་དེ་འཐུངས་ན། །མཁྲིས་པ་མཛེ་དང་མེ ་དཔལ་དང། །འབྲུམ་ཕྲན་ལུས་ཚ་སྐོམ་དང་ཆེ། །མགོ་འཁོར་གཡན་པ་སྐྱ་རྦབ་འབྲས། །རྨ་འགྲམས་འབྲས་ཀྱི་ཕྲེང་བ་དང། །ཐོར་བུ་ཁོང་འབྲས་སྐྲན་དང་ནི། །ཟད་བྱེད་སྨྱོ་བྱེད་སྨྱོས་པ་དང། །སྙིང་ནད་རབ་རིབ་དེ་ཁབས་དང། །ཤ་བཀྲ་མིག་སེར་ཕོ་བའི་ནད།། ་མཚན་པར་བརྡོལ་དང་རྗེད་བྱེད་དང། །དམུ་རྫིང་ཟླ་མཚན་མི་ཚོད་དང། །སྦྱར་དུག་གཞང་འབྲུམ་ཁྲག་མཁྲིས་སེལ། །གཞན་ཡང་མཁྲིས་པ་ལས་གྱུར་ནད། །ཤིན་ཏུ་གོས་དཀའ་རྣམས་ལ་ཕན། །ལོ་མ་བདུན་པ་པརྦ་ཏ། །དོད་ཀ་ཤུ་དག་པུ་ཙེ་ཤེལ། །ཤུག ་པ་པ་ཏ་འབྲས་བུ་གསུམ། །སེར་པོ་གཉིས་དང་ཐལ་ཏྲེས་གཉིས། །ནིམྦ་ཙན་དན་པི་པི་ལིང། །ཤིང་མངར་སླེ་ཏྲེས་བི་ཤ་ལ། །དུག་མོ་ཉུང་དང་པུ་ཤེལ་ཙེ། །རྩ་མཁྲིས་མུར་པ་བ་ཤ་ཀ། ཉེའུ་ཤིང་པུ་ཤ་པ་ཏོ་ལ། །གླ་སྒང་བྱི་ཚེར་གྱི་ལྕེ་བ། །སྐྱུ་རུ་ར་ཁུ་ཉིས་འགྱུར ་ཏེ། དེ་རྣམས་མར་གྱི་བརྒྱད་འགྱུར་ཆུ། །བསྐོལ་བ་ཏིག་ཏ་ཆེན་པོ་སྟེ། །ཡོན་ཏན་ཡང་ནི་སྔར་བས་ལྷག། །བད་ཀན་ལས་གྱུར་ནིམ་བ་དང། །ལོ་མ་བདུན་པ་ཙི་ཏྲ་ཀ། རུ་རྟ་དོང་ཀྲ་ཚ་བ་གསུམ། །ས་ལ་པི་ལ་ཡའི་མར་བླུད། །ཀུན་ལ་གོ་བྱེའི་མར་རམ་ནི། ། ་ཡུངས་ཀར་ཏུ་བ་རའི་མར་བླུད། །བི་ཏངཀ་དང་ཨ་རུ་ར། །གོ་བྱའི་ལྔ་གུ་མར་བསྐོལ་བླུད། །དོད་ཀའི་རྩ་བ་དག་དང་མར། །ལན་བརྒྱའི་བར་བསྐོལ་མར་ཡང་བླུད། །སེང་ལྡེང་བསྐོལ་བའི་ཆུ་བསྟེན་ན། །མཛེ་ནད་མྱུར་དུ་སེལ་བར་བྱེད། །འདི་དག ་ཉིད་ཀྱིས་ཅི་རིགས་པར། །སྣུམ་འཆོས་བསྐུ་བ་བྱས་པ་འང་ཕན། །སྣུམ་གྱིས་ཞེན་ལ་མེ་དཔལ་ནི། །སྐབས་སུ་བཤད་པའི་སྨན་སྦྱར་བཏང། །དབྲལ་བ་ལག་པ་རྐང་བ་ལས། །འདི་གཏར་ག་འང་གདབ་བར་བྱ། །མཛེ་ནང ་ཚ་ཆུང་ཞལ་ཞལ་གདག། ར་སོགས་ཀྱིས་ཀྱང་ཁྲག་དབྱུང་བྱ། །མཛེ་ནད་འཇོམས་པའི་སྣུམ་གྱིས་ནི། །འདི་ལ་བར་བར་རྟས་པར་བྱ། །ཁྲག་ཕྱུང་བཀྲུ་སྨན་གྱིས་སྦྱང་བྱས། །ལྟོ་སྟོང་གྱུར་བ་མཇེ?་ཅན་ལ། །ཅི་ནས་རླུང་གིས་འདི ་ཡིས་ནི། །ལུས་མི་འཇིག་པ་དེ་ལྟར་བྱ། །ནིམྦ་ས?་ཏྲེས་བ་ཤ་ཀ། འབྲས་བུ་གསུམ་དང་བ་ཏོ་ལ། །ཀུཎྜ་ཀཱ་རི་ཀ་རཉྫ། །ལྡེ་གུ་ཆུ་དང་མར་བསྐོལ་བ། །སྨན་མར་རྡོ་རྗེ་ཅན་ཞེས་བྱ། །དེས་ན་མེ་དཔལ་མིག་སེར་རིམས། །ཁྲག་ནད་ལུད་བ ་མཛེ་ནང་འཇོམས། །འབྲས་བུ་གསུམ་དང་ཚ་བ་གསུམ། །དུར་བྱིང་ཀཎྜ་ཀཱ་རི་གཉིས། །དནད་དོད་གྲ་པུ་ཙེ་ཤེལ། །ཤུ་ངག་བོད་ཀ་ཙི་ཏྲ་ཀ། པ་ཏར་བཅས་པ་ཞོ་གཉིས་གཉིས། །སྣུ་ཧའི་འོ་མ་སྲང་གཅིག་དང། །བྲེ་གང་མར་བསྐོལ་ལྟོས་སྲ་བའི། ་སྣུམ་འཆོས་བཀྲུ་སྨན་དག་ཏུ་སྦྱར། །མཛེ་དང་ཤ་བཀྲ་འཛེར་པ་དང། །རྒྱུ་རླུབས་རྡེའུ་འགགས་སྐྲན་འཇོམས་བྱེད། །འདི་ནི་རྡོ་རྗེ་ཆེན་པོར་བཤད། །དནད་བྲེ་བཞི་ཆུ་བྲེ་ནི། །བཅུ་དྲུག་བསྐོལ་ཏེ་དམར་བསྐོལ། །ཀོ་ཤ་ཊ་ཀི་སྲང་གཅིག་གདབ།། ་དེ་བླུད་སྟེང་འོག་སྦྱོང་བྱེད་ཡིན། ། བརྡ་ཀ་སྲང་བརྒྱ་བཅུ། །བྲེ་བཅུ་དྲུག་བསྐོལ་བརྒྱད་ཆ་?། །ཁུ་བ་དེ་ནི་དེའི་རྩ་བ།། མར་མི་བྲ་གད་བསྐོལ་བར་བྱ། །བླུད་ན་དེ་བཞིན་ཞག་གཅིག་གིས། །བར་དུ་ཆོད་དེ་ལེགས་ཞུ་ཞེས། །ཁྲེ་རྒོད་དང་མར་བསྐོལ ་བ་བླུད། །མཛོ་ནད་ཤ་བཀྲ་འབྲས་ཀྱི་ཕྲེང། །སེལ་ཞིང་བུ་མང་དྲན་འཛིན་འགྱུར། །ནི་ལི་ཏ་ཀའི་ཚིལ་སྦྲང་རྩི། །ཛཱ་ཏིའི་ཁུ་བ་མར་བཅས་པ་འམ། །སེང་ལྡེད་ཨ་ས་ནི་ཆུར་བཅས། །དབང་པོ་བསྡམས་བརྟན་མཛེ་ནང་འཇོམས། །ས་ལུ་ནས་དང་གྲོ ་དང་ནི། །ཅི་ཙེ་ཁྲེ་དང་མུངྒ་དང། །སྲན་ཆུང་དང་ནི་ཏུ་ཀ་རི་ཡི། །ཚོད་མ་ཁ་བོ་སྐམ་སའི་ཤ། འབྲས་བུ་གསུམ་དང་པ་ཏོ་ལ། །སེང་ལྡེང་ནིམྦ་གེ་དབྱེ་སྦྱར། །ཆན་ནི་སྨན་དང་སྦྱར་བ་འམ། །དར་བ་སོ་མར་ཙར་བཅས། །བཟའ་དང་བཏུང་བ་མཛེ་ལ་ཕན། །སྐྱུར་ཚ ་ལན་ཚྭ་ཅན་རྣམས་གནོད། །ཞོ་དང་འོ་མ་རླན་ཅན་ཤ། བུ་རམ་མ་ཤ་ཏིལ་མར་སྤང། །པ་ཏོ་ལའི་རྩ་འབྲས་བུ་གསུམ། །བི་ཤ་ལ་ནི་རེ་རེ་ནི། །ཆ་གསུམ་གྱིས་དབྲི་ཞོ་ཕྱེད་གསུམ། །ཀྱི་ལྕེ་བ་དང་བུ་ཙེ་ཤེལ། །ཞོ་ཕྱེད་དོང་ཀྲ་བཞི་པར་བཅས། །དེ་ལྟར་སྲང ་གཅིག་བརྡུངས་པ་དག། བསྐོལ་བའི་ཆུ་ནི་འཐུངས་གྱུར་ན། །ནད་ཀྱི་ཚོགས་ནི་སྦྱོང་བར་བྱེད། །སྨན་དེ་ཞུ་ནས་སྐམ་ས་ཡི། །རི་དགས་བྱ་ཡི་ཤ་ཁུ་དང། །འབྲས་རྙིང་ཅན་དང་སྦྱར་བ་བཟའ། །སྦྱར་འདི་ཞག་དྲུག་བསྟེན་ན་ནི། །མཛེ་ནང་ཀུན་དང་སྐྲད་པའི ་ནད། །ཕོ་བའི་ནད་དང་གཅིན་སྲི་དང། །གཟུགས་འཁུམས་གསོ་དཀའ་ཨི་ནད་རྣམས་དང། སྙིང་ནད་ཆུ་སོར་གཟེར་རིམས་སེལ། །བི་ཊཱཾ་ག་ཡི་སྙིང་པོ་དང། ། རུ་ར་དང་སྐྱུ་རུ་ར། །སྲད་རེ་དནད་སྲང་གསུམ་དང། །བུ་རམ་སྲང་ནི་བཅུ་གཉིས་དག། རིལ ་བུ་བྱས་འདི་བྱིན་གྱུར་ན། །མཛེ་དང་ཤ་ཀྲ་དབུགས་མི་བདེ། །ལུད་པ་དམུ་རྫིད་གཞང་འབྲུམ་དང། །གཅིན་ནད་མཆེར་བ་རྨེན་བུའི་ནད། །བྲོར་བུ་སྲིན་ནད་སྐྲན་རྣམས་འཇོམས། །གྲུབ་པའི་སྦྱོར་འདི་གནོད་སྦྱིན་ནི། །ནོར་བུ་བཟང་པོས་དགེ་སློང་ནི།། ་སྲོག་འདོར་ཉིད་ལ་བཤད་དེས་གྲགས། །ཏིག་ཏ་ནིམྦ་འབྲས་བུ་གསུམ།། ཤུག་པ་?་པི་པི་ལིང། །མུར་པ་དང་ནི་པ་ཏོལ། །སེར་པོ་རྣམ་གཉིས་བུ་ཙེ་ཤལ། །ཤུ་ཐག་ཨིནཱ་བ་རུ་ནི། །དུག་མ་ཉུངས་བཅས་ཆ་མཉམ་པ། །དནད་དུར་བྱིང་བྷྲཾ་ཤི་ནི།། ་ཕྱིར་མ་བཞིན་དུ་ཉིས་འགྱུར་བཅས། །ཕྱི་མ་སྦྲང་རྩི་མར་སྦྱར་ཟོས། །མཇོ་དང་ཤ་བུ་ཚོར་བ་ཆུང། །སལ་བའི་སྨན་གྱི་མཆོག་ཡིན་ནོ། །འབྲས་བུ་གསུམ་དང་པི་པི་ལིང། ཁི་ཊཱདགཾ་དང་སྦྲང་རྩི་ནི། །ཏིལ་མར་མར་སྦྱར་ལྡེ་གུ་འམ། །ཀ་ཀ་ཨུ་དུམྦ་ར ་དང། ནིམྦ་གླ་སྒང་བི་ཊཱཾ་ཀ། ཚ་བ་གསུམ་གྱི་ལྡེ་གུ་ནི། །དུག་མོ་ཉུང་གི་ཁུ་བར་བཅས། །བླུད་ན་པགས་ནད་ཐམས་ཅད་འཇོམས། །དུག་མོ་ཉུངས་དང་ཙི་ཏ་ཀ། ནིམྦ་ཐང་ཤིང་སེད་ལྡེད་དང། །ལོ་མ་བདུན་བ་ཨ་ས་ན། ། ་ཁུ་བསྐོལ་མར་དང་ཨ་རུ་ར། །སྦྲང་རྩི་ལྡན་ཟོས་མཛེ་ནད་འཇོམས། །སེང་ལྡེད་ནིམྦ་སླེ་ཏྲེས་དང། །བ་ཏོ་ལ་དང་བྱི་ཚོར་བསྐོལ། །སེང་ལྡེད་ལ་སོགས་ལྔ་པ་སྟེ། །ཁྱབ་འཇུག་གི་ནི་ལྷ་མིན་བཞིན། །མཛེ་ནད་འཕྲལ་དུ་འཇོམས་བར ་བྱེད། །སྐྱེར་བ་ནིམྦ་སང་ལྡེང་བི། །ཤུན་པགས་བསྐོལ་བས་མཛེ་ནད་སེལ། །སྐྱེར་བ་ནིམྦ་འབྲས་བུ་གསུམ། །པ་ཏོ་ལ་རྩ་པུ་ཙ་ཤེལ། །ཤུ་དག་བཙོད་ནི་བསྐོལ་བ་ཡིས། དམ་ཆོས་ལ་བརྟེན་འཁོར་བ་ལྟར། །ཁྲག་མཁྲིས་ལ ་སོགས་མཛེ་ནད་གཅོད། །སྨན་འདི་ཉིད་དང་བ་ཡི་མར། །བསྐོལ་བས་རླུང་གྱུར་མཛེ་ནད་རྣམས། །མཆོག་ཏུ་སེལ་བར་བྱེད་པ་ཡིན། །སེང་ལྡེད་ནིམྦ་སྐྱེར་བ་དང། །སླ་ཏྲེས་ཐང་ཤིང་སྣ་ཏེ་བསྐོལ། །བ་ཏྲ་སྐྱེར་བ་ཙི་ཏྲ་ཀ། དནད་དུག་ཉུང་པུ་ཙེ་ཤེལ།། ་བ་གཅིན་ཡང་ན་ཆུ་དྲོན་བཅས། །ཟླ་བ་གཅིག་བླུད་མཛེ་ནད་དང། །གཞང་འབྲུམ་ཟ་ཁུ་སྐྲངས་ནད་དང། །སྐྱ་རྦབ་མ་ཞུ་སྲིན་ནད་འཇོམས། །རྒྱ་སྐྱེགས་དམ་ཏི་འབྲས་བུ་གསུམ། །མུར་བ་བ་ཏྲ་ཙི་ཏྲ་ཀ། ཨ་བ་མརྒ་པི་ནཱངཀ། །ལོ་མ་བདུན ་པ་ཚ་བ་གསུམ། །གཅོད་དང་སྐྱེར་པ་མ་ཤ་ཀ། །ནམྦི་ཐད་ཤིང་རྩ་བ་ལྔ། །གཉིས་པོའི་ཕྱེ་མ་བབ་ཅིན་སྦྱར། །ཟླ་བ་གཅིག་འཐུངས་ཕན་ཟས་ཟ། །མཛེ་ཡི་ནད་ཀུན་འཇོམས་པར་བྱེད། །སྐྱེར་པ་པི་པི་ལིང་དོང་ཀྲ། །པི་ཏངཀ་དང་ཏོ ་བ་རི། །ཅི་ཏྲ?་དང་ཏ་?་རྣམས། །གོ་རིམ་བཞིན་དུ་ཆ་རེས་བསྐྱེད། །བ་གཅིན་སྦྱར་བ་འམ་རིལ་བུ་ནི། །བྱིན་ནི་མི་བཟད་མཛེ་ཡང་འཇོམས། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཏིལ་དང་གོ་བྱེའི་ཕྱེ་མ་ནི། །མར་དང་སྦྲང་རྩི ་ཁ་ར་ར་སྦྱར། །རིལ་བུ་བྱས་པ་ཆ་བདུན་པས། །མཛེ་ཡི་ནད་རྣམས་འཇོམས་བྱེད་ཅིང། །བཅུད་ཀྱི་ལེན་དང་རོ་རྩར་འགྱུར། །སོ་མ་ར་ཙ་ཙི་ཏྲ་ཀ། སྐྱེར་བ་དུ་བ་རའི་རུས་པ། །གོ་བྱེ་སྲིན་སྨན་འབྲས་བུ་གསུམ། །བསྟེན་ན་མཛེ་ནད་མ་ལུས་འཇོམས།། ་སོ་མ་ར་ཙ་བི་ཊཱངཀ། །གོ་བྱེ་ཙི་ཏྲ་བ་ར་ཧི། ། རུ་ར་དང་ལམ་ཀ་ལིང། །ཏིལ་ནག་པོ་དང་པི་པི་ལིང། །བུ་རམ་དང་ནི་རིལ་བུར་བྱས། །མཛེ་ཡི་ནད་རྣམས་འཇོམས་པར་བྱེད། །སོ་མ་ར་ཙ་པི་པི་ལིང། །དེ་ཡི་རྩ་བ་བི་ཊངཀའི། །སྙིང་པོ ་ལྕགས་སྐྱུ་སྐྱུ་རུ་ར། །ཏིལ་མར་ལྡེ་གུ་མཛེ་ནད་འཇོམས། ། རུ་ར་དང་གོ་བྱེ་ཏིལ། །བུ་རམ་རིལ་བུ་མཛེ་ནད་འཇོམས། །སོ་མ་ར་ཙ་བི་ཊཱངཀ། །བུ་རམ་རིལ་བུ་བྱས་པའང་ཕན། །སེད་ལྡེད་བྲག་ཤུན་བི་ཊཱཾ་ཀ། སྦྲང་རྩི་མར་དང ་ལྡན་ཟ་ཞིང། །ཕན་དང་རན་པར་ཟོས་ན་ནི། །འབྲུམ་ཕྲན་ཤ་བཀྲ་ཤུ་བ་འཇོམས་། །ཁ་ར་ལྕགས་ཕྱེ་བི་ཏཱངཀ། །ཅི་ཏྲ་ཀ་དང་སྐྱུ་རུ་ར། །པི་པི་ལིང་གི་ལྡེ་གུ་ཡིས། །མཛེ་ནང་ཤིན་ཏུ་གསོ་དཀའ་འཇོམས། །གླ་སྒང་ཚ་གསུམ་འབྲས ་བུ་གསུམ། །རྩ་བ་ལྔ་གཉིས་ཐད་ཤིང་བཅོད། །ནིམྦ་ཤིང་ཚ་ལོ་མ་བདུན། །ཤིང་ཙ་ཙི་ཏྲ་ཀ་དང་ནི། །མུར་བ་བི་ཤ་ལའི་ཕྱེ་མ། །གནས་ཕྱེ་རྒུན་ཆང་སྦྲང་རྩི་ནི། །ཆ་གཅིག་སྦྱར་བ་འདི་རྟག་ཏུ། །འཐུངས་ན་མཛེ་ནད་འཇོམས ་བྱེད་ཅིང། །འོར་ནད་སྐྱ་རྦབ་ཤ་བཀྲ་བཅས། །ཕོ་ནད་གཞང་འབྲུམ་རྒྱུ་རླུགས་དང། །མཚན་པར་བརྡོལ་དང་འབྲུམ་ཕྲན་དང། །གཡན་པ་ཞུ་བའི་ནད་རྣམས་འཇོམས། །ཏུ་པ་ར་ཡི་རུས་པ་འམ། །གོ་བྱེ་སོ་མར་ཛ་དང།། ་ཙ་ཏྲ་ཀའི་རྩ་བྲག་ཞུན་རྣམས། །བཅུད་ལེན་ཆོ་ག་ལྟར་བསྟན་ན་ཕན། །དེ་ལྟར་ནང་གསལ་ནང་གི་ནི། །ནད་སྦྱངས་ནས་ནི་ཕྱི་རོལ་གྱི། །པགས་པར་གནས་ན་སྨན་བླུགས་པ་ན། །ནད་ཀྱི་དྲི་མ་མ་དག་ལ། །སྨན ་རྣོན་བྱུགས་ན་མཛོ་ནད་ནི། །སློངས་པས་སླར་ནི་འཕེལ་པར་འགྱུར། །རྟིང་ཟུག་སྲ་ཞིད་ཀོར་ཀོར་པོའི། །མཇོ་ལ་དུགས་བྱ་སྙི་བ་དང། །འབུར་བར་གྱུར་ནས་མཚོན་གྱིས་ནི། །ཞལ་ཞལ་བཏབ་ཅིང་བྱུགས་བར་བྱ།། ་གང་ཞིག་པགས་པ་ཀུན་ཉམས་ཤིང། །མཚན་གྱིས་བཏབ་ཏུ་མི་རུང་བ། །དེ་ལ་ཁྲག་ནི་ཕྱུང་ནས་སུ། །ཐལ་སྨན་རྣོན་པོས་བསྐུ་བར་བྱ། །མཛེ་ནད་རབ་སྲ་རྩུབ་པ་དང། །ཚོལ་བ་མེད་ཅིང་ཡུན་རིང་ལོན། །སྔཌ་བཅས་དུགས་བ་སྐུ་བླུད་པར་བྱས་?་བཞིན་རྫེས ་སུ་སྦྱར། །མཛོ་ནད་རེངས་ཤིང་ཚོར་བ་མེད། །རྡུལ་མི་འབྱུང་ཞིང་གཡའ་བ་ལ། །ལྕི་སྐམ་རྒྱ་མཚོའི་ཝུ་བའ?། །མཚོན་གྱིས་བདར་ལ་ལྡེ་གུས་བྱུག། གླ་སྒང་དོད་ཀྲ་འབྲས་བུ་གསུམ། །པོ་སོན་ཆ་དང་ཀ་རཉྫ། །ལོ་མ་བདུན་པ་དུག་མོ་ཉུང ་རུ་རྟ་སྐྱེར་པ་པྲི་ཡམ་ཀུ། །ཡུངས་ཀར་སྦྱོར་བས་ལུས་བཀྲུ་ཞིང། །ལྡེ་གུས་སློན་སྨན་བཀྲུ་སྨན་དང། །བཞར་ཞིང་ལུས་ནི་བསྐུས་གྱུར་ན། །པགས་པའི་ནད་དང་མཛེ་ནད་དང། །སྐྲད་དང་སྐྱ་རྦབ་མཛོ་ནད་འཇོམས། །ཀ་ར་བ་ར་ནིམྦ་དང།། ་དུག?་མོ་ཉུང་དང་དོད་ཀ་དང། །ཙི་ཏྲ་ཀའི་རྩ་བ་གཅིན་བསྐོལ། །བསྐུས་ན་མཛེ་ནད་འཇོམས་པར་བྱེད། །ཀ་ར་པི་ར་ཀར?་རྩ་བ། །དུག་མོ་ཉུང་དང་ཀ་རཉྫའི། །འབྲས་པ་སྐྱེར་བའི་ཤུན་ཝགས་ནི། །སོ་མ་ན་ཡི་མྱུ་གུ་བཅས། །བསྐུས ་ན་མཇོ་འཇོམས་གྲུབ་པ་ཡིན། །ཤྲི་ཤའི་ཤུན་ཝགས་རས་བལ་གྱི། །མེ་ཏོག་དང་གའི་ལོ་མ་དང། །མོན་སྣེའུ་མེ་རུ་བཞི་པོ་ནི། །བཏགས་པའི་ལྡེ་གུས་མཇོ?་ནས་འཇོམ?། །ནམྦ་སེར་པོ་རྣམ་གཉིས་དང། །བྱེའུ་རུག་པ་དང ་བ་ཏོ་ལ། །རུས་རྟ་ཨ་ཤ་གནདྷ་དང། །ཐང་ཤིང་ཤི་ཀྲུ་ཡུངས་ཀར་དང། །གཡེར་མའུ་སུ་གླ་བ་དང། །ཙ་རོད་ཆ་མཉམ་ཕྱེ་མར་བྱས། །དར་བར་སྦྱར་བའི་ཏའི་དམར་གྱིས། །བསྐུས་བའི་ལུས་བྱུགས་དྲིལ་གྱུར་ན། །མཛོ་ནད ་གཡན་བ་ཟླུམ་པོར་བཅས། །འབྲུམ་ཕྲན་སྐངས་བའི་ནད་རྣམས་སེལ། །གླ་སྒང་དངུལ་རྡོ་དང་ནི་སྐྱེར་བ་དང། །ནག་ཚུ་ར་ཀམྦི་ལ་དང་རུ་རྟ་དང། །སེང་ཕྲོམ་མུ་ཟི་བོད་དཀར་བི་ཊཱངཀ། །ལྡོང་རོས་བ་ཀླ་ཀ་ར་བི་ར་ཤུན། །ཕྱེ་མར་བྱས་བའི་ཏིལ་མར་གྱིས་བསྐུས་བའི།། ་སྟེང་དུ་ཕྱེ་མའི་དོན་དུ་བླུག་ན། །ཤུ་བ་གཡན་བ་འབྲུམ་བུ་ཕྲ་མོ་དང། །རྐང་ཤུ་ལ་སོགས་འབྱུང་བར་མི་འགྱུར་རོ། །ཡུངས་ཀར་སྣུ་ཧའི་ཤིང་དུམ་བཏགས། །ལྡེག་གུ་མེ་མར་མུར་བཅོས་ཏེ། །འདོད་ཆགས་པ་ཤུགས་ཀྱིས་ངོ་ཚ་བཞིན། །བསྐུས་ན་གླང ་ཤུ་འཇིགས་པར་བྱེད། །ལྡོང་རོས་བབ་ལ་ན་ལེ་ཤམ་མམ་ཏིལ་མར་དང། །རྒའི་ལོ་མའི་ལྡེ་གུས་མཛོ་འཇོམས་བྱེད། །དེ་བཞིན་ཙ་ཏྲ་མ་རྡ?་ཀ་རཉྫ། །རུ་རྟ་བྱས་པ་གཅིག་བཏགས་པའང་ཕན། །གུ་གུལ་ཡུངས་ཀར་ན་ལ་ཤམ། །ནག ་ཚུར་དང་ནི་བི་ཊཱངཀ།། ཤྲི་བེ་ཤ་ཀ་སྲ་ཙི་བོག་བ་བླ་ལྡོང་རོས་མུ་ཟི་དང། །རུ་རྟ་དང་ནི་ཀཾ་བཾ་ལྱ། །སེར་པོ་གཉིས་དང་བཅས་པ་ནི། །འཁོར་ལོས་བཙིར་པའི་ཏིལ་མར་བསྲེས།། འདི་ནི་མཚོན་གྱིས་བཞར་ཏེ་བསྐུས། །ཉི་མར་བསྲེགས་ན་མཇོ་ནང ་སེལ?། །ཏ་མ་ལ་ལོ་ན་ལེ་ཤམ། །རུ་རྟ་ལྡོང་རོས་ནག་ཚུར་བཅས། །ཟངས་ཀྱི་སྣོད་དུ་ཏིལ་མར་དང། །ཞག་བདུན་ལེགས་པར་སྤངས་པ་དེས། །ཞག་བདུན་བསྐུ་ཞིང་ཉི་མར་འཕྲད?། །ཤ་ཀྲ་འཇོམས་པར་བྱེད་པ་ཡིན།། ཤ་ཀྲ་སར་བ་ཟླ་བ་གཅིན ་བསྟེན་ཞིང་སྤྱད་བ་བྱས་ན་སེལ། ། བ་མརྒའི་ཐལ་བའི་ཆུ། །ལན་བདུན་ལེགས་པར་གཟགས་པ་རུ། །པྲི་ཡཾ་ཀུའི་མར་བསྐོལ་བ་ཡིས། །བསྐུས་ན་ཤ་ཀྲ་སེལ་བར་བྱེད། །ཀ་ཀ་དང་གི་རྩ་བ་དང། རས་བལ་ས་བོན་འདབ་མ་དང། །ལ་ཕུག་ས་བོན ་དར་བར་སྦྱར། །མིག་དམར་བཟའ་ལ་བསྐུས་ན་ནི། །ཤ་ཀྲ་སེལ་བ་གྲུབ་པ་ཡིན། །ཛི་བཾ་ཏི་དང་སྐྱེར་པ་བཅོད། །ཀཾ་བི་ལ་དང་སྤངས་པ་ནི། །འོ་མ་མར་དང་ཏིལ་མར་བསྐོལ། །ས་རྩི་ཕོག་དང་བྲ་ཚུལ་ནི། །བཏབ་བ་བསྐས་ན་དེ་ཡི་ནི། །རྐང་ལ ་ཞིགས་པ་སེལ་བར་བྱེད། །པགས་པ་གཅིག་པའི་མཛེ་དང་ནི། །འབྲུམ་ཕྲན་འབྲས་ནི་བེར་བ་ཡི། །མཛེ་ནང་འཇིག་པར་བྱེད་པ་ཡིན། །ལོ་མ་འདུན་པ་རྩ་བ་དང། །ཤྲི་ཤའི་ནི་ཤུན་ལྤགས་དང། །ཀ་ར་བི་ར་ཨརྐ་དང། །སུ ་མེ་ན་དང་ཙི་ཏྲ་ཀ། །ཐལ་ཏྲེས་ནི་མཔའི་ཤུན་པ་དག། །ཀ་རཉྫ་དང་ཡུངས་ཀར་དང། །ཙི་ཏྲ་མར་དང་འབྲས་བུ་གསུམ། །བིཊཱངྒ་དང་ཚ་བ་གསུམ། །སེར་པོ་རྣམ་གཉིས་ཏིལ་མར་དང། །བ་གཅིན་བཅས་པར་བསྐོལ་བས་ནི། །པགས་པའི ་ནད་དང་རྨ་འགྲམས་དང། །རླུང་དང་བད་ཀན་ལས་གྱུར་པའི། །མཛེ་ཡི་ནད་ནི་སེལ་བྱེད་དོ། །འདི་ནི་རྡོ་རྗེ་དང་འདྲ་བས། །རྡོ་རྗེ་ཅན་ཞེས་བྱ་བ་ཡིན། །ེ་རཎྜ་དང་དངུལ་རྡོ་དང། །གླ་སྒང་ནིམཔ་ཀ་དང་ནི། །ག་པྲའི་རྩ་བ་ཀ་པི་ལྱ། །བི་ཊཱངྒ? ་དང་ནིར་ཀུནྠི། །གོ་བྱེ་ཨིནྡྲ་པ་རུ་ནི། །ཐང་ཤིང་ཁྲོན་བུ་གུ་གུ་ལ་དང། །ལྡོད་རོས་ཤིར་པི་སྟི་དང། །ལན་ཚྭ་ཏད་པ་ལ་བཅའ་སྒ་རྣམས། །ཆ་མཉམ་སྣུ་ཧའི་འོ་མ་དང། །རྒའི་ཏིལ་མར་ལན་ཅིག་བསྐོལ། །ལྡེ་གུ་རྡོ་རྗེ་ཆེན་པོ་སྟེ། །རྡོ་རྗེ ་ཅན་བས་ཡོན་ཏན་ལྟག། ཤ་ཀྲ་དང་ནི་གཞང་འབྲུམ་དང། །འབྲས་ཀྱི་ཕྲེང་པ་འཇོམས་པར་བྱེད། །རུ་རྟ་ཀ་ར་བི་ར་དང། །བྲིངྒ་ར་ཛ་ཨརྒ་དང། །ཤུ་དག་ཤིང་མངར་རྒྱན་ཚྭ་གཅིན། །ཏིལ་མར་བསྐོལ་བ་དུག་བཅུག་པ། །བསྐུས་པས་མཛེ ་ནང་སེལ་བའི་མཆོག། པྲ་ཚིལ་ལི་ཁྲི་གུ་གུལ་དང། །སྤངས་མ་དངུལ་རྡོ་ཡུངས་མར་བསྐོལ། །གཡན་པ་གླང་ཤུ་མྱུར་དུ་སེལ། །རྒྱ་སྐྱིགས་ཙི་ཏྲ་མརྔ་དང། །ཤྲི་བི་སྟ་དང་ཚ་བ་གསུམ། །རུ་རྟ་ཡུངས་ཀར་ལ་ཕུག་གི། ས་བོན་སེར་པོ ་རྣམ་གཉིས་ཀྱི། །ལྡེ་གུ་དར་བར་སྦྱར་བསྐུས་ན། །ཤུ་བ་ཐམས་ཅད་སེལ་བར་བྱེད། །ཙི་ཏྲ་ཀ་དང་ཤི་ཀྲུ་འམ། །སླེ་ཏྲེས་ཐང་ཤིང་ཨ་པ་མར། །སེར་ལྡེང་ན་བའི་ལྡེ་གུ་འམ། །དུར་པྱིད་དནྟི་པྲ་བནྟི། །རྒྱ་སྐྱིགས་དངུལ་རྡོ་སུག་སྨེལ་ལམ།། ་པུརྣ?་རྣ་བའི་ལྡེ་གུ་སྟེ། །ཚིག་རྐང་དྲུག་བཤད་ལྡེ་གུ་དྲུག། ཞོ་ཁ་ཆུ་དང་སྦྱར་བ་ཡིས། །བསྐུས་ན་བད་ཀན་རླུང་ལས་ནི། །གྱུར་པའི་མཛོ་ནད་སེལ་བར་བྱེད། །བ་ལུ་ཀ་དང་མ་ནུ་དང། ། གུར་ནཱ་ག་གེ་སར་དང། །གནདྷ་པ་ཏྲ་གླ་བ་དང། །ཙན་དན་དང་ནི་པུ་ཤེལ་ཙི? ་ཆ་རེས་བསྐྱེད་པའི་ལྡེ་གུ་ཡིས། །བད་མཁྲིས་མཛེ་ནད་སེལ་བར་འགྱུར། །ཏིག་ཏའི་སྨན་མར་བརྒྱ་བཀྲུས་མར། །བསྐུས་ན་མཛེ་ཡི་ཚ་བ་སེལ། །ཏིལ་མར་ཙན་དན་ཤིང་མངར་དང། །སྟག་ཚོར་བ་དང་ཨུཏཔལ། །བཅས་པར་བསྐུས་ནའང་ཕན་པ་ཡིན།། ་མནགས་ཤིང་ཡན་ལག་འབྲུལ་བ་དང། །ལུས་ཚ་འབྲུམ་བུ་ཕྲ་མོ་འབྱུང། །པགས་པ་མྱགས་དང་བཅས་པ་ལ། །བསིལ་བའི་སྨན་ཆུས་བྱུགས་ཤིང་བྱུག། གཏར་ག་བཀྲུ་སྨན་བཏང་པ་དང། །ཏིག་ཏའི་སྨན་མར་བྱིན་ན་ཕན། །སེར་ལྡེང་ནི་པ་བ་ཤ་ཀ། དུག ་མོ་ཉུང་དང་འབྲས་བུ་གསུམ། །བི་ཏི་ཀ་དང་སླེ་ཏྲེས་དང། །པ་ཏོ་ལ་དང་བ་གཅིན་སྦྱར། །ཕྱི་དང་ནད་ནས་བཏང་གྱུར་ན། །སྲིན་བུ་ལས་གྱུར་མཛེ་ནད་འཇོམས། །རླུང་ཤས་ཆེ་ལ་ཐོག་མར་ནི། །མར་བཏང་བད་ཀན་ཤས་ཆེ་ལ། །སྐྱུག་སྨན་མཁྲིས་པ་ལས ་གྱུར་ན། །གཏར་ག་གདབ་ཅིང་བཀྲུ་སྨན་བཏང། །ནད་སྦྱངས་ཁྲག་ནི་བྱུང་བ་དང། །གནས་ནི་དག་པར་གྱུར་པ་ལ། །བསྐུ་བ་གང་ཞིག་བྱས་གྱུར་པ། །དེ་ནི་མདོ་ལ་མེད་པར་འགྱུར། །ནད་གཞི་བསལ་ཞིང་ཁྲག་ནི་བྱུང་བ་དང། །ཕྱི་དང་ནང་ནས་ཞི ་བའི་གསོ་བ་བྱས། །སྨན་མར་ཡང་ནི་དུས་སུ་བྱིན་གྱུར་ན། །མཛེ་ཡི་ནད་ནི་གསོ་སླ་ཉིད་དུ་འགྱུར། །མཛེ་ཅན་ནད་ནི་ལན་མང་སྦྱངས་གྱུར་པ། །དེ་ཡི་སྲོག་བསྲུང་ལན་མང་འབར་བྱས་ཏེ། །ནད་ནི་ལྷག་པར་བྱུང་བས་ཉམས་བྱུང་ལ། །རླུང་ལྡང ་མྱུར་དུ་གསོང་པར་བྱེད་པར་འགྱུར། །ཟླ་བ་ཕྱེད་ཅིང་སྐྱུག་སྨན་བཏང་པ་དང། །ཟླ་བ་རེ་རེ་ནས་ནི་བཀྲུ་སྨན་བཏང། །མགོ་བོ་སྦྱང་བ་ཞག་ནི་གསུམ་གསུམ་ནས། །ཟླ་བ་དྲུག་དྲུག་ནས་ནི་གཏར་ག་བྱ། །གང་ཞིག་སློན་དང་འཁྲུ་བ་དཀའ་ ་འགྱུར་ཞིང། །མཛེ་ཅན་ནད་ཤས་ཆེ་བས་ཁྱབ་གྱུར་བ། །དེ་ནི་ངེས་པར་གསོ་བཀའ་ཉིད་གྱུར་པས། །དེ་བས་ད་ཡི་ནད་ནི་མ་ལུས་དབྱུང་བར་བྱ།། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ལས་ལེའུ་བཅུ ་དགུ་བའོ།། །།དེ་ནས་ཤ་ཀ་སྲིན་བུའི་ནད་གསོ་བ་བཤད་པར་བྱའོ། །གང་ཞིག་མཛེ་ནད་པས་ཀྱང་འཇིགས་འགྱུར་ཞིང། །མྱུར་དུ་གསོ་དཀའ་ཉིད་དུ་འགྱུར་བས་ན། །ཁང་པ་འབར་བར་གྱུར་པ་ལྟ་བུ་ནི། །ཤ་བཀྲའི་ནང་ཞི་བ་ལ་འབད ་པར་བྱ། །ཁྱད་པར་དུ་ནི་དང་པོའི་ལུས་ལ་ནི། །སྦྱར་བར་བྱ་བ་ཉེ་བར་སྤྱད་པར་བྱ། །ཤ་བཀྲ་ལ་ནི་གསོམ་ར་ཙའི་བུ། །ཁུ་རམ་ཆད་དམ་ཤ་ཁུ་བཀྲུ་སྨན་ནི། །སྣུ་ཏའི་འོ་མར་སྦྱར་བ་བླུད་པར་བྱ། །དེ་འཐུངས་ནས་ནི་ལུས་བསྐུས་ཉམས་སྟོབས ་དག། ཅི་ཡོད་པ་ལས་ཉིན་མཚན་བསྟེན་པར་བྱ། །སྐོམ་དང་སྐྱེས་ནས་ཞག་གསུམ་ཐུག་པ་བླུད། །ཤ་བཀྲའི་ལུས་ལ་ཆུ་བུར་བྱུང་གྱུར་ན། །དེ་ནི་ཚེར་མ་དག་གིས་བརྟོལ་བར་བྱ། །ཆུ་བུར་གཟིགས་པར་བྱས་ནས་ནང་རེ་བཞིན། །སོ་མ་ར ་ཅེ་དང་ནི་ཨ་ས་ན། །པྲི་ཡམ་ཀུ་དང་ཤུ་ཏི་ཆུ་བསྐོལ་བླུད། །རྒྱ་སྐྱིགས་ཤིང་ཐལ་བུ་རམ་ཕྲན་སྦྱར་བའི། །ཆུ་ནི་ཉམས་སྟོབས་ཅི་ཡོད་པ་ལ་བླུང། །ཕལ་ཀུ་སྐྱ་རུ་ར་ཤིང་དུག་ཉུང་ཤུན། །ཁུ་བ་སོ་མ་ར་ཛར་བཅས་པ་བླུད། །དྲོ་བར་བརྡུངས ་ནས་ཆུ་བུར་བྱུང་བ་ལ། །ལན་ཚྭ་མེད་ཟས་དར་བར་བཅས་པ་སྦྱིན། །བ་གཅིན་ཅི་ཏྲ་ཀ་དང་ཚ་བ་གསུམ། སྦྲང་རྩིར་སྦྱར་བ་མར་གྱི་སྣོད་དུ་བཞག། ཟླ་ཕྱེད་ལོན་ནས་ཤ་བཀྲ་ཅན་ལ་བླུད། །འདི་ལ་མཛེ་ནད་གསོ་བའི་ཆོ་ག་བྱ། །ཡང་ན ་བྲིམ་ཀ་ར་ཛ་ལྕགས་སྣོད་བཅུག། །ཏིལ་མར་ནང་དུ་བརྡོས?་པ་སྦྱིན་བྱ་ཞིང། ། ས་ན་ཡི་ས་བོན་འོ་མར་བསྐོལ། །དེ་རྗེས་བླུད་ན་ཤ་བཀྲ་འཇོམས་པར་བྱེད། །དོང་ཁ་ཨརྒ་པུ་ཏི་ཀ་ར་ཉྫ། །སྣུ་ཧ་ཛ་ཏིའི་ལོ་མ་བ་གཅིན་ལྷན་ཅིག ་བཏགས། །ལྡེ་གུས་བསྐུས་ན་ཤ་བཀྲ་གཞང་འབྲུམ་དང། །ཤུ་བ་གཡན་པ་རྨ་འགྲམས་སེལ་བར་བྱེད། །གླང་ཆེན་གཟིག་གི་ལྤགས་བསྲེགས་ཏིལ་མར་དང། །སྦྱར་བ་བསྐུས་ན་ཤ་བཀྲ་སེལ་མཆོག་ཡིན། །སྤུར་པ་དྲི་དན་དོང་གའི་འོ་མ་དང། །སྦྱར་ཏེ་བསྐུས་པ ་གཅིག་པུས་ཤ་བཀྲ་སེལ། །ཆུ་བུར་བསྐྱེད་ཕྱིར་གོ་བྱེ་ཆོམ་ཆོམ་བརྡུངས། །ནུབ་མོ་བ་གཅིན་ལ་སྤངས་ཉིན་གྲིབ་བསྒྲངས། །དེ་ལྟར་ལན་གསུམ་བྱས་ཏེ་ཞིབ་ཏུ་བཏགས།། །སྣ་ཧའི་འོ་མར་སྦྱར་བསྐུས་ཤ་བཀྲ་འཇོམས། །སྦྲུལ་ནག་བསྲེགས་པ ་ལས་བྱུང་གནག་ཚ་ནི། །བ་རུར་ཡི་མར་དང་སྦྱར་ཏེ་བསྐུ། །དེ་བཞིན་རྨ་བྱའི་མཁྲིས་པ་བསྲེགས་པ་ཡི། །བ་ལི་ཀ་བསྲེགས་རྨ་བྱའི་མཁྲིས་བསྲེགས་ཕན། །སོ་མ་ར་ཛའི་ས་བོན་ཕུལ་གང་དང། །བ་ལ་བཞི་ཆ་དག་ནི་བསྲེས་ནས་སུ། །བ ་ཡི་གཅིན་དང་སྦྱར་ཏེ་བཏགས་བསྐུས་ན། །ཤ་བཀྲ་པགས་མདོག་འདྲ་བར་བྱེད་པའི་མཆོག། གླང་ཆེན་རྟུག་པ་ལེགས་བསྲེགས་ཐལ་བ་ནི། །གླང་ཆེན་གཅིན་དང་བསྲེས་ཏེ་གཟགས་གྱུར་པ། །བྲེ་བཅུ་དྲུག་གི་ཚད་ལ་སོམ་ར་ཙའི། །ས་བོན་བཅུ ་ཆས་བཏབ་བསྐོལ་སྦྱིན་བག་འགྱུར། །མར་དུ་བདར་བ་དེ་ཡིས་བསྐུས་ན་ནི། །ཤ་བཀྲའི་ནད་ནི་རྣམ་པར་འཛོམས་འགྱུར་ཞིང། །མཛེ་ཡི་ནད་དམ་སྨེ་བ་ནག་པོ་འམ། །ཤ་ལྷག་སྐྱེས་པའི་རྨ་ནི་སྤྱོད་པར་བྱེད། །གོ་བྱེ་ཅི་ཏྲ་ཀ་དང་སྨུ་ཧ་དང། །རྐའི ་རྩབ་དང་ནི་འོལ་མ་སོ། །དེ་བཞིན་ཚ་བ་གསུམ་དང་དང་དང་ནི། །སྤངས་མ་རུ་རྟར་བཅས་དང་ལན་ཚྭ་ལྔ། །ཐལ་བ་གཉིས་དང་ལངཀ་ལིང་བཏགས་ཕྱེ། །སྣུ་ཧ་ཨ་རྐའི་འོ་མར་བསྐོལ་བས་ནི། །སྐ་བར་གྱུར་པ་ལྕགས་སྣང་ནང་དུ་བཞག་།ད་ནི་ཐུར་མས ་བསྐུས་ན་མཛེ་ནད་དང། །ཤ་ཀྲ་རྨེ་བ་ནག་པོར་གྱུར་པ་དང། །མཛེར་པ་གཞང་འབྲུམ་པགས་པའི་སྨིན་བུ་སེལ། །སྦྱར་བྱས་གཏང་ག་བཏབ་པ་དང། །རྩུབ་ཆོས་ཕྱེ་ཟན་ཟས་གྱུར་པའི། །སྡིག་པ་ཟད་པར་གྱུར་པ་ཡི། །འགའ་ཞིག་གིས་ནི་ཤ ་ཀྲ་འབྱང?། །ཁོང་པའི་སྲིན་ཡོད་སྣུམ་དུགས་བྱ། །བུ་རམ་འོ་མ་ཉ་སོགས་ཀྱིས། །བད་ཀན་སྲིན་བུ་སློངས་ནས་ནི། །ནུབ་མོ་དེ་ནི་བདེ་བར་གནས། །བྱེའུ་རུག་སོགས་སྡེ་བ་གཅིན་དང། །ཆུ་ཕྱེད་བཅས་པ་བསྐོལ་ནས་ནི། །ཁུ་བ་དེའི ་ནང་པི་པི་ལིང། །པོ་སོན་ཆ་དང་བི་ཏཱཾ་ཀ། ཏིལ་མར་སྦྲང་རྩི་ཁ་རར་བཅས། །མས་ཏད་པས་ནི་བཏང་བར་བྱ། །དེ་ཉིད་དེ་ལ་དེ་ཉིད་དམ། །དུར་བྱིང་ལྡེ་གུ་པོ་སོན་ཆ། །པི་པི་ལིང་ནི་ཁུ་བར་བསྲེས། །བཀྲུ་སྨན་དེ་ལ་བླུད་པར་བྱ། །དེ་ལྟར་སྟེང་འོག་སྦྱར ་བྱས་ནས། །ཚ་བ་ལྔ་ལྡན་ཐུག་སོགས་བླུད། །ཚ་དང་ཁ་དང་བསྐ་བ་ཡི། །སྨན་ནི་བསྐོལ་ཆུས་བླུགས་པར་བྱ། །དུས་སུ་བི་ཊཱཾ་གའི་ཏིལ་མར། །འཇམ་རྩི་དེ་ལ་བཏང་བར་བྱ། །མགོ་བོའི་སྲིན་བུ་མགོ་ནད་ནི། །གསོ་བར་བཤད་པའི་རིམ་པར་བྱ།། ་ཚ་དང་ཁ་བ་ཤས་ཆེ་ཞིང། །སྣུམ་ཡུངས་ཁ་ཟས་སྦྱིན་པར་བྱ། །པི་ཊཱདཀ་དང་པི་པི་ལིང། །པི་པི་ལིང་རྩ་ན་ལེ་ཤམ། །ན་ལེ་ཤམ་ནི་དཀར་པོ་དང། །སྲ་ཙི་ཀ་ནི་ཐལ་བར་བཅས། །ནས་ཐུག་དར་བར་བཙོས་པ་བླུད། །གོ་རི་གར་ནི་ཤྲི་ཤ ་ཀ། པ་རི་པ་ཏྲ་ཀེ་བུ་ཀ། པ་ལ་ཤ་འབྲས་མ་ཏུ་ར། །པུ་ཏི་ཀ་ནི་སོ་སོར་བསྐོལ། །ཁུ་བ་སྦྲང་རྩིར་བཅས་པའམ། །བྱི་རུག་པ་སོགས་སྦྲང་རྩིར་སྦྱར། །རྟ་སྤངས་ཕྱེ་མ་བིཊཱངཀ། །བསྐོལ་བའི་ནང་སྤངས་མང་དུ་བཟའ། །སྦྲང་རྩིར ་བཅས་པའི་ལྡེ་གུ་འམ། །འབྲས་བུ་གསུམ་ཁུར་སྤངས་པ་སྦྱིན། །མགོ་བོའི་སྲིན་བུའི་ནད་ལ་ནི། །དེ་ཡི་ཕྱེ་མ་བུད་པར་བྱ། །མུ་ཤ་ཀརྒིའི་འདབ་མ་ནི། །ཞིབ་ཏུ་བཏགས་པ་འབྲས་ཕྱིར་བཅས། །བཙོས་པའི་ཁུ་བ་སྦྱིན་པར་བྱ། །དེ་ཡི་རྗེས་ལ ་རང་སྐྱུར་རམ། །དར་བ་སླ་བ་ཚ་བ་ལྔ། །ལན་ཚར་བཅས་པ་བླུད་པར་བྱ། །ནིམ་པ་ཨ་པ་མརྒ་དང། །ནི་རྐུནདྷ་ལོའང་དེ་བཞིན་བྱ། །བི་ཊཱངཀ་ཡི་ཕྱེ་མ་དང། །བསྲེས་པའི་འབྲས་ཕྱེའི་ཁུ་བ་སྦྱིན། །གོ་བྱེའི་མར་ནི་རྙིང་པ་ལ། །བ་ཊཱིངཀ་ནི་ཤུན་པ་བསལ། ་ཆ་ཕྱེད་བཅུག་སྟེ་ཉི་མར་བཞག། བཏུང་པ་འཇམ་རྩི་སྦྱར་བར་བ། །ཐང་ཤིང་ཤྲི་བེSཤཊ་ཡི་སྣུམ། །སོ་སོར་དེ་བཞིན་སྦྱར་བར་བྱ། །བཤད་པ་སྐྱེས་ལ་ལྷག་པར་ཡང། །བཀྲུ་སྨན་དང་ནི་འཇམ་རྩི་བཏང། །བད་ཀན་ལས་གྱུར་མགོ་བོ་ཡི། །བཀྲུ་སྨན་སློན་དང་ཞི་སྨན ་བཏང། ཁྲག་ལས་གྱུར་པའི་སྲིན་བུ་ལ། །གསོ་པ་མཛེ་ཡི་ཚུལ་དུ་བྱ། །སྤུ་འབྱི་བྱེད་ལ་གསོ་བ་ནི། །འཁོར་ལིང་སྐྲ་འབྱིའི་ཆོ་ག་བྱ། །འོ་མ་ཤ་དང་མར་དང་བུ་རམ་དང། །ཞོ་དང་འདབ་མ་ཅན་གྱི་ཚོད་མ་དང། །མདོར་ན་མངར་དང་སྐྱུར་པའི་ཁུ་བ ་རྣམས། །སྲིན་བུ་གཞོམ་པར་འདོད་པས་ཡོངས་སུ་སྤང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ལས་ལེའུ་ཉི་ཤུ་པའོ།། །།དེ་ནས་རླུང་ནད་གསོ་བ་བཤད་པར་བྱའོ། །མ་འདྲེས་རླུང་ལ་དང་པོར་ནི། །མར་དང་རྐང ་དང་ཚིལ་དང་ནི། །ཏིལ་མར་བླུད་ཅིང་སྣུམ་གྱིས་ནི། །སྦྱོར་བས་ལེགས་པར་གསོ་བར་བྱ། །དེ་ནས་སྣུམ་ཞེན་ལ་གསོ་སྟེ། །འོ་མ་སླར་ཡང་སྣུམ་ཆོས་བྱ། །རླང་ཅན་གྲོ་དང་ཆུ་ལ་གནས། །ཤ་ཁུ་སྣམ་དང་ལྡན་པ་བཏང། །འོ་ཐུག་དྲི་སར ་སྣུམ་དང་བཅས། །ལན་ཚར་ལྡན་བླུད་འཇམ་ཙིར་བཏང། །སྣ་སྨན་སྐྱོ་མ་ཁ་ཟས་ནི། །སྣུམ་བྱས་སྦྱིན་ཅིང་དུགས་བྱས་ལ། །ལེགས་བསྐུས་སྣུམ་དང་ལྡན་པ་ལ། །གཤག་མ་ལ་སོགས་དུགས་བྱའོ། །སྣུམ་གྱིས་ཞེན་ཞིང་གདུགས་བྱས ་པས། །གཡོ་ཞིང་རེངས་དང་གཟར་བཅས་པ། །ཇི་ལྟར་འདོད་བཞིན་འགུགས་པ་ནི། །བདེ་བླག་ཉིད་དུ་ནུས་པར་འགྱུར། །ཇི་ལྟར་ཤིང་སྐམ་དག་ཀྱང་ནི། །སྣུམ་བསྐུས་སྲོས་པར་གྱུར་ན་ནི། །ལས་སུ་བྱ་བར་རུང་འགྱུར་ན། །སྲོག ་ཆགས་ལུས་ནི་སྨོས་ཅི་དགོས། །སྦུ་རྩེག་ཟེར་ན་སྙོམ་པ་དང། །ལུས་སྐེམ་རེངས་པའི་ནང་ལ་སོགས། །དུགས་བྱས་མྱུར་དུ་ཞི་འགྱུར་ཞིང། །མཉེན་པ་ཉིད་དཱུང་འགྱུར་པ་ཡིན། །སྣུམ་བཏང་པས་ནི་ལུས་ཟུངས་རྣམས། །བསྐམས ་པས་མྱུར་དུ་རྒྱས་པར་བྱེད། །ཉམས་སྟོབས་མེ་དྲོད་མེ་འགྱུར་ཞིང། །དེ་ཡི་སྲོག་ཀྱང་རིང་གནས་བྱེད། །ལན་མང་སྣུམ་དང་དུགས་ཀྱི་ནི། །ཆོ་ག་ལེགས་པར་སྦྱར་བར་བྱ། །དེ་ལྟར་སྣུམ་གྱིས་མཉེན་བྱས་ལྷོར།། ་རླུང་གི་ནད་ནི་གནས་མི་འགྱུར། །གལ་ཏེ་ནད་གཞན་བཅས་པའི་ཕྱིར། །ལས་འདི་ཞི་བར་མ་གྱུར་ན། །འཇམ་ཞིང་སྣུམ་དང་ལྡན་པ་ཡི། །སྣུམ་གྱིས་དེ་ནི་སྦྱང་བར་བྱ། །ཞུན་མར་སེང་ཕྲོ་མ་བཙོས་པ་དང། །བ་ལེ་ཏ་དང ་བསྐོལ་བ་འམ། །ལོ་མ་ཨེ་རཎྜ་ཡི་མར། །བསྐོལ་བ་ནད་སེལ་དགེ་བ་བླུད། །སྣུམ་སྐྱུར་དྲོ་དང་ལན་ཚྭ་སོགས། །ཟས་ཀྱི་དྲི་མ་ཚོགས་གྱུར་ནས། །བུ་ག་འགགས་ཏེ་རླུང་བཀག་པས། །དེ་ཕྱིར་དེར་ནི་བདེ་རྒྱུ་བྱ། །ཉམས་ཚུད ་བཀྲུ་སྨན་བྱར་འོས་པ། །དེ་ལ་དྲོད་བསྐྱེད་སྣུམ་བྱེད་པའི། །ཁ་ཟས་སྦྱིན་པ་འམ་དེ་བཅས་པའི། །མས་བཏང་བཀྲུ་སྨན་སྦྱར་བར་བྱ། །སྦྱངས་ཤིང་མེ་དྲོད་སྐྱེས་གྱུར་ནས། །སླར་ཡང་སྣུམ་དང་དུགས་བྱས་ཕན། །མ་ཞུའི་གནས ་ཞུགས་པའི་རླུང། །སྲོན་བྱས་ཟས་རིམ་བྱིན་ནས་ནི། པ་ར་ན་སོགས་དྲུག་པ་འམ། །ཤུ་དག་སོགས་ཆུ་དྲོ་སྦྱར་བླུད། །མེ་དྲོད་སྐྱེས་ནས་དེའི་འོག་ཏུ། །རླུང་ཅན་གཅིག་བུའི་གསོ་བ་བྱ། །ལྟེ་བའི་ཕྱོགས་ཞུགས་པིལྦི ་ནི། །གཞོན་དང་ཉ་ཤ་གཡོས་བྱས་སྦྱིན། །ལྟེ་བའི་འོག་ཞུགས་འཇམ་རྩི་དང། །ཟས་ཀྱི་སྔོན་དུ་སྣམ་བཏང་ཕན། །ཁོང་པར་ཞུགས་ལ་ཐལ་སྨན་སོགས། །ཕྱེ་མ་དྲོད་བསྐྱེད་སྨིན་བྱེད་ཕན། །སྙིང་གནས་ས་ལ་པ་རྞི་དག། འོ ་མ་དག་ནི་བསྐོལ་བ་ཕན། །མགོ་བོར་གནས་ལ་མགོ་སྣུམ་བསྐུ། །སྣ་སྨན་དུང་རྡུབ་སྣུམ་ཅན་དང། །རྣ་བ་སོགས་ལ་བརྟ་བྱ་ཕན། །བགས་པར་གནས་ལ་བསྐུ་བྱུག་དུགས། །རླུང་མེད་གནས་སུ་གནས་པ་དང། །ཁམས་? ་ཡིག་འབྱེད་པ་ཕན། །ཁྲག་གནས་བསིལ་སྨན་བསྐུ་བ་དང། །བཀྲུ་སྨན་ཁྲག་ནི་དབྱུང་བ་ཕན། །ཤ་ཚིལ་བརྟེན་པ་བཀྲུ་སྨན་དང། །མས་བཏང་དྲག་དང་ཞི་བྱའི་སྨན། །རུས་བ་རྐང་ལག་གནས་པ་ལ། །ཕྱི་དང་ནང་ནས་སྣུམ་གྱིས་གསོ། །ཁུ་ཆུར ་གནས་ལ་སེམས་དགའ་དང། །ཁ་ཟས་སྟོབས་བསྐྱེད་རོ་ཙ་ཕན། །ཁུ་བ་རྒྱུ་བ་འགགས་གྱུར་ན། །བཀྲུ་སྨན་བཏང་པས་གསོ་བར་བྱ། །འཁྲུས་ཤིང་ཟས་རིམ་བསྟེན་གྱུར་ནས། །སྔར་བཤད་པ་ཡི་གསོ་བ་བྱ། །རླུང་ལས་མངལ་ཆགས ་བསྐམས་གྱུར་དང། །བྱིས་པ་སྐམ་པོར་གྱུར་པ་ལ། །ཀ་ར་ཏཾ་པ་ལ་ཤིང་མངར་རྣམས། །འོ་མ་སྤྱད་བསྐོལ་བླུད་པ་ཕན། །རྒྱུས་པ་ཚིགས་དང་རྩར་ཞུགས་ལ། །སྣུམ་ཚ་དཀྲི་བའི་དུགས་པས་ཕན། །ཡན་ལག་འཁུམས་ལ་མ་ཤ་དང།། ་རྒྱམ་ཚ་ཏིལ་མར་བསྐོལ་བས་བསྐུ། །ཁྲག་གཟགས་དྲགས་ལ་ཡན་ལག་ནི། །ཚོར་བ་མེད་ལ་ཁྱིམ་དུད་པ། །རྒྱམ་ཚ་ཏིལ་མར་སྦྱར་བས་བསྐུ། །དཀྲི་བའི་གདུགས་ནི་སྦྱར་བར་བྱ། །གཞན་དབང་ཅན་གྱིས་ཟིན་གྱུར་ཅིང། །མིག་འགྱུར ་མི་ཤས་འདར་བ་མེད། །ཕོ་མཚན་མི་ལྔད་རྡུལ་མི་འབྱུང། །ཕྱི་རོལ་རྩོལ་བ་མེད་གྱུར་པ། །ཁྲི་ཡི་བཅིང་པ་མ་ནོན་པ། །དེ་ལ་མྱུར་དུ་གསོ་དཔྱད་བྱ། །དེར་ནི་ཐོག་མར་སྣུམ་ཞེན་བྱ། །དུས་བྱས་སྣ་སྨན་རྣོན་པོ་དག། བུ་ག་སྦྱང་ཕྱིར་བཏང་བ་དང། །བི་ད་ར ་ཡི་སྡེ་བསྐོལ་དང། ཞོ་དང་འོ་མ་ཤ་ཁུ་དང། །མར་བསྐོལ་བ་ཡི་དངས་མ་བྱུང། །དེས་ན་རླུང་ནད་ཚབས་ཆེ་ལ། །འཕྲལ་དུ་ཁྱབ་པར་མི་འགྱུར་རོ། །རྒྱ་སྲན་ནས་དང་རྒྱ་ཤུག་སོགས། །ཐང་ཤིང་ལ་སོགས་སྡེ་ཚན་ནི། །རླན་ཅན་ཤ་ནི་བསྐོལ་བ་དང། །སྐྱུར ་དང་འོ་མ་དག་དང་ནི། །མངར་བའི་སྡེ་ཆེན་བཏབ་པ་ཡི། །སྣུམ་ཆེན་དག་ནི་བསྐོལ་པ་ཡིས། །བླུད་དང་བསྐུ་དང་ལུས་ལྕི་དང། །བཏུང་རང་སྣ་སྨན་འཇམ་རྩིར་བྱ། །སྣུམ་དང་དུགས་ནི་ལེགས་སྦྱར་བ། །དེ་དང་དེས་ནི་རླུང་ནད་འཇོམས། །ནད་ཤུགས ་བར་མ་དག་ལ་ནི། །བད་ཀན་སེལ་ཞིང་རྣོ་བ་ཡི། །སྤྱི་བོའི་བཀྲུ་སྨན་ལན་མང་བཏང། །བུད་ཤིང་བཏང་བར་བྱ་བ་ཡིས། །དབྱུགས་རྒྱུའི་གནས་ནི་དག་གྱུར་ནས། །དེས་ནི་དྲན་པ་རྙེད་པར་འགྱུར། །ཁ་རུ་ཚྭ་དང་ཨ་རུ་ར། །ཚ་བ ་གསུམ་བསྐོལ་རླུང་ཆེན་སེལ། །སེང་ཕྲོ་མ་སྲང་བརྒྱད་འབྲས་བུ་གསུམ། །བྲེ་གད་རྩ་བ་ཆེན་པོ་ལྔ། །ེ་རཎྜ་དང་འབྲི་ཧ་ཏི། །དུར་ཕྱིར་སྲང་རེ་ཆུ་བྲེ་ནི། །བཅུ་དྲུག་ནང་དུ་བསྐོལ་ནས་སུ། །བཞི་ཆ་ལུས་པ་དེ་དང་ནི། །མར་བྲེ་གང་དང་ཞོ་བྲེ་བཞི། །ནས ་ཚིགས་འཁུས་ཐལ་སྲང་གསུམ་བསྐོལ། །དེ་བསྟེན་རླུང་ནད་མ་རུངས་པ། །ཡན་ལག་ཕྱོགས་གཅིག་ཀུན་ལ་བཞུགས། །མངར་གྱི་ནད་དང་རྒྱུ་རླུགས་དང། །སྐྲན་དང་དམུ་རྫིང་འཇོམས་པར་བྱེད། །རམ་ཉ་ཀ་དང་ཨ་ཤོ་ཀའང། །ཆོ་ག་སེང་ཕྲོ་མ་ལྟ ་བུར་བྱ། །གསོ་བ་འདི་ནི་གཞན་དབང་ཅན། །རླུང་ནད་མ་འདྲེས་པ་ལ་བྱ། །ནད་གཞི་འདྲེན་མར་འདྲེན་མས་བྱ། །བད་ཀན་བཅས་པའི་གཞན་དབང་ཅན། །སྙིང་གའི་རྩི་ལོགས་ན་བ་ལ། །དབྱེར་མ་ཤིང་ཀུན་ཨ་རུ་ར། །མ་ནུ་དང་ནི་ལན་ཚྭ་གསུམ།། ་ནས་བསྐོལ་ཁུ་བ་སྦྱར་བ་བླུད། །ཤིང་ཀུན་བཅའ་སྣ་རྩབས་རུ་ཚ། །སེའུ་འབྲུ་སྟར་བུ་བཅས་པ་བླུད། །བད་ཀན་རླུང་ནི་འདྲེས་པ་ལ། །སྙིང་ནད་གསོ་བའི་སྐབས་བཤད་ཕན། །ད་རྒན་ཕྱེ་དགྱེ་ནང་བཀུག་གཉིས། །གླད་པ་གཞོགས་ཕྱེད་ན ་ལྟར་གསོ། །ཏིལ་མར་གྱིས་བཀང་སྣོད་དུ་བསྙལ། །འདིར་ནི་ནང་བཀུག་རབ་གསོ་རྐང། །སོ་དང་བཞིན་གྱི་མདོག་ཉམས་ཤིང། །ཡན་ལག་ལྷོར་ཅིང་དྲན་པ་ཉམས། །རབ་ཏུ་རྡུལ་བའི་གཞུང་རེངས་ཡིན། །དེ་ནི་ཞག་བཅུ་ལས་མི་འཚོ། །དེ ་ལས་གཞན་ཤུགས་སྨན་གྱུར་འཚོ། །ལུས་རྒུ་བ་དང་འོན་གླེན་དང། །འཐེད་དང་ཞ་བོ་གཞོགས་བྱེད་ཉམས། །ཕྱེ་བོ་འམ་དབང་པོ་མ་ཚང་འགྱུར། །འགྲམ་པ་ཉམས་པར་འགྲམ་པ་སྣུམ། །དུགས་བྱས་ནས་ནི་རང་གནས་གཞུག། ཁ ་གདངས་པ་ཀོས་ཀོ་ནི། །བཏེག་སྟེ་མཁས་པས་གཞུག་པར་བྱ། །འཐམས་པར་གྱུར་པ་ལྷག་མ་ལ། །ཕྱོགས་གཅིག་བཀུག་པ་ལྟ་བུར་གསོ། །ལྕི་ལྡིབ་གནས་སྐབས་ཇི་བཞིན། །རླུང་ནད་ཀྱིས་ནི་གསོ་བར་བྱ། །གླད་པ་གཞོགས་ཕྱེད་ན་བ་ལ། །སྣ་སྨན་སྤྱི ་བོའི་ཏིལ་མར་དང། །མིག་དང་སྣ་བ་རྐང་བར་བྱ། །སྐྲངས་པ་སྐྱུག་སྨན་བཏང་བར་བ། །ཚ་ཞིང་དམར་བཅས་གཏར་ག་གདབ། །གཞོགས་ཕྱེད་བསྐམས་ལ་སྣུམ་ཆོས་དང། སྣུམ་དང་ལྡན་པའི་བཀྲུ་སྨན་བཏང། །དབུང་འཇས?་ལ་སྣ་སྨན་དང། །ཟས་ཀྱི་རྗེས་ལ་སྣུམ་སྦྱིན ་བྱ་བ་བརླ་རེངས་པ་ལ་སྣུམ་ཆོས་དང། །སྦྱང་བྱས་ཕན་པ་མ་ཡིན་ཏེ། །བད་ཀན་མ་ཞུ་ཆིལ་བར་གནས། །དེ་ཕྱིར་དེ་ལ་རྩུབ་ཆོས་ཀྱིས། །ཟད་པར་བྱ་བས་གསོ་བར་བྱ། །ནས་དང་ཁྲེ་དང་ཁྲེ་རྒོད་སྦྱིན། །ཚོང་མ་ལན་ཚྭ་མེད་པ་ནི། །ཏིལ་མར་ཅུང་ཟད ་ཚུར་བསྐོལ་བ་འམ། །སྐམ་སའི་ཤ་ནི་མར་མེད་དང། །སྦྲང་རྩི་ཆུ་དང་ཆད་རྙིང་སྦྱིན། །ཕྱུག་པོའི་རླུང་ལ་དུག་མོ་ཉུང། །ཡུང་བའི་སྡེ་ཚན་ཤུ་དག་སོགས། །བསྐོལ་བ་རྒྱམ་ཚར་བཅས་པ་འམ། །བ་ར་ན་སོགས་ཕྱེད་སྦྱར་བླུད། །ཡང་ན་དབྱི ་མོང་འབྲས་བུ་གསུམ། །པུ་རྩེ་ཤེལ་དང་པི་པི་ལིང། །སྤྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན། །ཡང་ན་དབྱི་མོད་ཨ་རུ་ར། །ཙི་ཏྲ་ཀ་དང་ཐད་ཤིང་དང། །སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན། །གུ་གུལ་བྲག་ཞུན་ཨ་རུ་ར། །བ་གཅིན་དང་ནི་སྦྱར་བ་བླུད། །གླ་སྐད ་ཅི་ཁྭ་ཚ་བ་གསུམ། །འབྲས་བུ་གསུམ་དང་པི་ཊཱཾ་ཀ། གུ་གུལ་ཆ་མཉམ་ཕྱེ་མ་སྦྱིན། །ཆིལ་དང་པད་ཀན་མ་ཞུ་ལས། །གྱུར་པའི་ནད་ནི་ཐམས་ཅད་སེལ། །དེ་ལྟར་བད་ཀན་ཤས་ཆེ་ཞིང། །ཚིལ་བཅས་རླུང་ནི་ནད་སེལ་བྱེད། །ཐལ་སྨན་པ ་གཅིན་སྦྱར་དུགས་དང?། །བླུགས་དང་ལུས་ལ་དྲིལ་བའང་བྱས། །ཉུངས་ཀར་ཀ་རཉྫའའབྲས་བུ། །བ་གཅིན་སྦྱར་ལ་བསྐུ་བར་བྱ། །རྒ་ཨགནི་མནྠ་དང། །ནམ་པིའི་རྩ་བ་ཐད་ཤིང་དང། །བོད་པ་དང་ནི་གྲོག་མཁར་ས། །ཡུངས་ཀར་སྦྲང་རྩི། ་བཅས་པ་བསྐུ། །བད་ཀན་གྲང་ཕྱིར་དྲག་ཤུལ་ནི། །བཟོད་ན་དེ་ལ་བརྟེན་པར་བྱ། །ཐང་ལ་འཆོད་དང་ཅི་ནུས་ཀྱིས། །ཉལ་པོ་དག་ཀྱང་ཡོངས་སུ་བསྟེན། །ཆུ་མིག་གཡོ་དང་ལྟེང་ཀ་དང། །ཆུ་རྒྱུན་བཟློག་པས་ཆུ་བོ་བགལ། །འདིར་ནི་ཚིལ་དང ་བད་ཀན་དག། ཟད་ནས་སྣུམ་ལ་སོགས་པ་བཏང། །གནས་དང་ལུས་ཟུངས་སོགས་བཏགས་ལ། །ལྷག་མ་རྣམས་ཀྱང་གསོ་བར་བྱ། །ས་ཧ་ར་ཙ་ཐང་ཤིང་དང། །དོང་ཀྲ་བསྐོལ་བ་ཏིལ་མར་སྦྱར། །རླུང་གིས་ལུས་གཟིར་ལ་བླུགས་ན། །ཅི་འདོད ་ཐོགས་བ་མེད་འགྲོ་ནུས། །རོ་སྣ་དོང་ཀྲ་ཙི་ཏྲ་ཀ། ཟུར་བ་མ་ནུ་པི་པི་ལིང། །བཏགས་པའི་ཕྱེ་མ་མར་བསྐོལ་བ། །རླུང་ནད་སེལ་བར་བྱེད་པའི་མཆོག། །ནིམཔ་སླེ་ཏྲེས་བ་ཤ་ཀ། ཀཎྜ་ཀཱ་རི་པ་ཏོ་ལ། །སྲང་ནི་བཅུ་བཅུ་ཆད་བྱས་ལ། །ཆུ་བྲེ་བཅུ་དྲུག་ནང ་དུ་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་དེར། །མར་ནི་བྲེ་གང་བླུགས་ཏེ་བསྐོལ། །པ་ཏ་ཐང་ཤིང་བི་ཊཱངཀ། །དོང་ཀྲ་ཧི་ཏི་པི་པི་ལིང། །སྐྱེར་པ་ཤུ་ཏི་དབྱི་མོང་དང། །ཏེ་ཅོ་བ་ཏི་ན་ལེ་ཤམ། །རུ་རྟ་དང་ནི་དུག་མོ་ཉུང། །ཐལ་སྨན་རྣམ་པ་གཉིས་པོ་དང། །ཏི ་མུ་ས་དང་ཏྲུ་ཀྲུག་ཏྲེས། །བས་ཤིང་འབྲས་བུ་པུ་ཙེ་ཤེལ། །ཤུག་པི་པི་ལིང་རྩ་བ། །གཅོད་དང་བོང་དེ་ལ་ལ་ཕུད། །ཞོ་ནི་གཉིས་གཉིས་ཆད་བྱས་པ། །གུ་གུལ་སྦྱར་བ་སྲང་ལྔ་དང། །ལྡེ་གུ་བཏབ་སྟེ་བསྐོལ་བའི་མར། བླུད་ན་རླུང་ནད་ཚབས་ཆེ་བ།། ་རུས་ཚིགས་རྐང་ལ་ཞེན་པའང་འཇོམས། །མཛེ་ནད་དེ་འདྲའང་སེལ་བར་བྱེད། །བུ་གའི་རྨ་དང་ལྦ་བ་དང། །མཚན་པར་བརྡོལ་དང་འབྲས་ཀྱི་འབྲེང། །ནམ་འཚོད་ཡན་ཆད་ནད་ཀུན་དང། །སྐྲན་དང་གཞང་འབྲུམ་ཟ་ཁུ་དང། །གཅོད་ཆེན ་དབུགས་མི་བདེ་བ་དང། །ཡི་གེ་འཆུས་དང་ཆམ་པ་དང། །ལུད་པ་འོར་ནད་སྙིང་ནད་དང། །སྐྱ་རྦབ་མྱོས་དང་ཁོང་འབྲས་དང། །རླུང་དང་ཁྲག་གི་ནད་རྣམས་འཇོམས། །བིལྦ་གཞོན་ནུའི་འོ་མ་དང། །མར་གྱི་ཉིད་ཁུ་བསྐོལ་ནས་ནི། །དེ་ལས ་སྲང?་ན་གཅིག་གམ་ཕྱེད། །སྣ་སྨན་བྱས་མགོའི་རླུང་ནད་སེལ། །དེ་བཞིན་ཆུ་སྲིན་ནག་ཁྲ་དང། །ཉ་དང་རུས་སྦལ་འུག་པའི་ཚིལ། །བསྐོལ་བ་མ་འདྲེས་རླུང་ལ་ནི། །ཁྱད་པར་དུ་ནི་བཏང་བར་བྱ། །ཏིལ་གྱི་ཚིག་མ་རྙིང་པ་དང། །རྩ་བ་ལྔ་ལ་སོ་སོར་བསྐོལ། གཅིག་ཏུ ་བསྲེས་པ་ཏིལ་མར་ནི། །འོ་མ་བརྒྱད་ཆའི་ནང་དུ་བསྐོལ། །བླུད་ན་རླུང་དང་བད་ཀན་དག། འདྲས་པའི་ནད་ནི་ཐམས་ཅད་འཇོམས། །བྲ་ས་ར་ནི་སྲང་བརྒྱད་བསྐོལ། །ཏིལ་མར་འོ་མ་བྲེ་རེ་དང། །མེ་དག་གཉིས་དང་ཤ་པུས་པ། །བཙོད་དང་རུ་རྟ་ར་སྣ་དང། ། ་ཙན་དན་དམར་པོ་ཇི་པ་ཀ། ཟངས་རྩི་རམ་ཉེ་བ་གཉིས་དང། །ཐང་ཤིང་བཏགས་པའི་ལྡེ་གུ་དང། །བསྐོལ་བླུད་རླུང་ནད་ཐམས་ཅད་སེལ། །ས་ཧ་ར་ཙའི་རྩ་བ་ཡལ་གར་བཅས། །སྲང་བརྒྱད་རྩ་བ་བཅུ་ནི་དེ་དང་མཉམ། །ཉེའུ་ཤིང་སྲང་ནི་ལྔ་བཅུ་ཆུ་བྲེ ་དྲུག་ཅུ་ནི། །རྩ་བཞིའི་ནང་བསྐོལ་བཞི་ཆ་ལུས་པ་དེར། །ཆུ་སྲིན་སྡེར་མོ་རུ་རྟ་པུ་རྩ་ཤེལ། །ཙན་དན་སུག་སྨེལ་བྲ་ཀ་པྲི་ཡཾ་ཀུ། །ན་ལི་ཀ་དང་རྡོ་དྲེག་པ་ལི་ཀ། སྤང་སྤོས་ཐང་ཤིང་བཅོད་དང་ཨ་ཀ་རུ། །ཙ་རོང་ཤུ་ཏི་རྒྱ་སྤོས་དུ་རུ་ཀ། སྲ་?་ཆ ་མཉམ་འོ་མར་བཅས་པ་ནི། །ཏིལ་མར་བྲེ་བཞི་ལྷན་ཅིག་བསྐོལ་བ་བླུད། །རླུང་ནད་གསོ་དཀའ་དག་ཀྱང་འཇོམས་པར་བྱེད། །ལུས་འདར་རླུང་ལ་རླུང་འཇུག་ལུས་རེངས་དང། །ལུས་བསྐམས་པ་ཡིས་ཤིན་ཏུ་གཟིར་ལ་སོགས། །སྐྲན་དང་སྨྱོ་བྱེད ་ཆམ་པ་མངལ་ནད་འཇོམས། །ས་ཧ་ར་ཇི་སྲང་བརྒྱ་ཡིས། །ཁུ་བར་ཏིལ་མར་བྲེ་བཞི་བསྐོལ། །དེ་རྩ་ལྡེ་གུ་སྲང་བཅུ་དང། །འོ་མ་བཞི་འགྱུར་བཅུག་སྟེ་བསྐོལ། །ཡང་ན་རྒྱ་སྤོས་ཤུ་དང་དང། །སྟི་ར་རུ་རྟ་ཐང་ཤིང་དང། །སུག་སྨེལ་རྡོ་དྲེག ་སྤང་སྤོས་དང། །ཤུ་ཏི་ཙན་དན་དམར་པོ་གཞུག། །བསྐོལ་བ་དེ་ནི་ཁ་རའི་ཕྱེ། །སྲང་ནི་བཅོ་བརྒྱད་གཞུག་པར་བྱ། །ཏིལ་མར་གྱི་སྨན་ཡིན་པར་བཤད། །དེS་ནི་རླུང་ནད་མ་ལུས་དང། །རླུང་ནད་འཁྱིལ་དབ་སྨྱོ་བྱེད་དང། །སྐྲན་དང་རླིག་རླུགས ་ལ་སོགས་སེལ། །བ་ལ་སྲང་བརྒྱ་སླེ་ཏྲེས་ནི། །བཞི་ཆར་སྣ་བརྒྱད་ཆ་ནི། །ཆུ་བྲེ་བཞི་བརྒྱའི་ནང་དུ་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་དང། །ཞོ་དང་ཞོ་ཁ་ཆུ་བུར་རམ། །ཤིང་ཁུ་ཚ་དང་ཏིལ་མར་རྣམས། །བྲེ་ནི་བཞི་བཞི་བསྐོལ་ནས་ནི། ་ར་ཡིའོ་མ་ཆ་ཕྱེད་དང། །ཟུར་བ་སྐྱེར་བས་ར་ལ། །སུག་སྨེལ་བཅོད་དང་ཨ་ཀ་རུ། །ཙན་དན་ཨ་ཏི་པ་ལ་དང། །ཤུག་པ་གླ་སྒང་མུངྒའི་ལོ། །ཧ་རེ་ནུ་ཀའི་ཤིང་མངར་དང། །བྱ་གྲིན་ག་བྱེའུ་རུག་པ། །ཟངས་རྩིབ་དང་ཇི་བ་ཀ། གླ་ཙི་ལྕེ་པོགས་པ ་ལ་ཤ། ཛཱ་ཏི་ཤོ་ཀ་ནི་ལི་ཀ། གུར་གུམ་རྡོ་དྲེག་བྲི་ཀ་དང། །ཛཱ་ཏི་པ་ལ་ཀཏཔ་ལ། །བ་ལི་ཀ་དང་ཤིང་ཚ་དང། །ཀུནྟུ་རུ་དང་ག་བུར་དང། །ཤྲི་པས་དང་དུ་ར་ཀ། །ལི་ཤི་ཆུ་སྲིན་སེན་མོ་དང། །རུ་རྟ་སྤང་སྤོས་ཀ་ཀོ་ལ། །པྲི་ཡང་ཀུ་དང་སྟོ་ནེ་ཡ། །རྒྱ་སྤོས ་ཤུ་དག་བྱ་མ་ཀ། མ་དུ་ནག་བླ་བ་དང། །ནཱ་ག་གེ་སར་སྲང་རེ་དང། །བསྐོལ་ཏེ་བཙགས་པར་གྱུར་པ་རུ། །གནདྷ་བ་ཏྲའི་ལྡེ་གུ་ནི། །ཆོ་ག་བཞིན་དུ་བཅུག་པ་དེས། །ལུད་པ་དབུགས་མི་བདེ་དང་རིམས། །བརྒྱལ་དང་སློན་སྐྲན་ཟད་བྱེད་དང། ། ་གློ་འགྲམས་མཆེར་པ་ནང་སྐམས་དང། །རྗེད་བྱེད་བཀྲ་མི་ཤེས་པ་སེལ།། བ་ལའི་ཏིལ་མར་བཟང་པོ་འདི། །རླུང་གི་ནད་ནི་འཇོམ་བྱེད་ཡིན། །བཏུང་བ་སྣ་སྨན་བསྐུ་དང་འཇམ་རྩི་ཡི། །སྣུམ་གྱི་སྦྱོར་བ་དུས་སུ་ལེགས་བསྟན་ན། །དེས་ནི ་མ་རུངས་རུང་རླུང་ནད་མྱུར་ཞི་བྱེད། །བུད་མེད་མོ་གཤམ་བུ་ཡི་སྣོད་བྱེད་འགྱུར། །གང་ཚེ་བད་ཀན་མཁྲིས་པ་ནི། །ཞི་བའི་གནས་འདུག་སྣུམ་དུགས་ཀྱིས། །ཞུ་ནས་མཁྲིས་པ་སྣང་ཀྱུར་པ། །དེ་ལ་འཇམ་རྩིས་བསལ་བར་བྱ། །ཡན་ལག ་བརྒྱད་པའི་སྙིང་པོ་བསྡུས་པ་ལས།།གསོ་བའི་གནས་ལས་ལེའུ་ཉི་ཤུ་གཅིག་པའོ།། །།དེ་ནས་དྲེག་ནད་གསོ་བ་བཤད་པར་བྱའོ། །དྲེག་ནད་ཅན་ནི་སྣུམ་འཆོས་བྱ། །རླུང་བསྲུང་ནད་བཞི་ཉམས་སྟོབས་ལས། །དཔགས ་ཏེ་ཁྲག་ནི་ཅུང་ཟད་ཙམ། །ལན་མང་དུ་ནི་དབྱུང་བར་བྱ། །དམར་གཟེར་ན་ཞིང་ཚ་བ་ལ། །སྲིན་བུ་པད་མས་ཁྲག་དབྱུང་ངོ། །གཡའ་ཡིན་ན་ལ་ཙག་ཙག་ཚ། །ཤས་ཆེར་ཚ་ལ་རྡབས་རུས་དབྱུང། །གནས་ནས་གནས་སུ་འཕེབ་ལ། །གཏར་ག་འམ ་ཞལ་ཞལ་གྱིས་ཁྲག་དབྱུང། །ལུས་ཞུམ་པ་དང་ཁོང་རྩུབ་ཅིང། །རླུང་ཤས་ཆེ་ལ་ཁྲག་མི་འབྱུང། །ཁྲག་ཟད་པ་ལ་རླུང་གིས་ནི། །སྐྲངས་པ་གཏིང་ཟབ་རེངས་པ་དང། །འདར་ཞིང་རྩ་རྒྱུས་ན་དང་ཞུམ། །རླུང་ནད་གཞན་ཡང་སྐྱེད་པར ་བྱེད། །སྣུམ་འཆོས་བྱ་རྗེས་བཀྲུ་སྨན་ནི། །སྣུམ་དང་ལྡན་པས་འཁྲུ་རུ་གཞུག། རླུང་ཤས་ཆེ་བའི་དྲེག་ནད་ལ། །མར་ནི་རྙིང་པ་བླུད་པར་བྱ། །རམ་ཉེ་བ་དང་སྲ་བ་ནི། །པ་ཡས་ས་དང་ཛཱི་པ་ཀ། ཟངས་རྩི་བ་རྣམས་ཆ་བསྙམས ་ཏེ།། འོ་མ་མར་བསྐོལ་དྲག་ནད་འཇོམས། །རྒུན་འབྲུམ་མ་དུ་ཀ་བསྐོལ་བའི། །ཁུ་བ་ཁ་ར་མར་བཅས་པ་འམ། །དེ་བཞིན་སླེ་ཏྲེས་ཁུ་བར་ནི། །འོ་མ་བསྐོལ་བ་བླུད་པར་བྱ། །ཏིལ་མར་འོ་མ་ཁར་ར་བཅས། །ལེགས་པར ་བསྲེས་པ་བླུད་པར་བྱ། །བ་ལ་ཉེ་ཤིང་དར་སྣ་དང། །པི་ལུ་རྩ་བ་བཅུ་པར་བཅས། །དུར་བྱིད་སྟི་ར་ཨེ་རཎྜ། །བསྐོལ་བའི་འོ་མས་རླུང་དྲེག་སེལ། །བ་གཅིན་འོ་མ་བཞེས་མ་ཐག། བཅས་པའང་ནད་ནི་བདེ་འབྱུང་བྱེད། །མཁྲིས ་པ་ཉེར་ཤིང་པུ་ཙེ་ཤལ། །པ་ཏོ་ལ་རྩའི་འབྲས་བུ་གསུམ། །སླེ་ཏྲེས་སམ་ནི་སྨན་མངར་ཁ། །འོ་མའང་མར་དང་བསྐོལ་བ་བླུད། །ནད་གཞི་ཤས་ཆེའི་བཀྲུ་སྨན་ཕྱིར། །ེ་རཎྜའི་མར་འོ་མར་སྦྱར། །སྦྱོར་བ་ཇི་བཞིན་བླུད ་བར་བྱ། །ཞུ་ནས་འོ་མ་འབྲས་ཆན་སྦྱིན། ། རུ་རནི་མར་བརྡོས་པ། །ཁུ་བ་བླུད་པར་བྱ་བ་འམ། །དུར་བྱིད་ཁུ་བ་རྒུན་ཆུ་འམ། །འོ་མར་སྦྱར་བ་བླུད་པར་བྱ། །ཡང་ན་དེ་ཡི་ནད་གཞི་ནི། །འཇམ་རྩི་འོ་མ་མར་བཅས་སྦྱང། །རླུང ་དང་ཁྲག་ནད་གསོ་བ་ལ། །འཇམ་རྩི་ལས་ལྷག་གང་ཡང་མེད། །མཆོག་ཏུ་གཞང་དང་རྩིབ་ལོགས་བརླ།།ཚིགས་ན་དམུ་རྫིང་ཉམས་ཐག་སེལ། །བད་ཀན་ཤས་ཆེ་གླ་སྒང་དང། །རྒུན་འབྲུམ་སྐྱེར་པ་བསྐོལ ་བ་འམ། །འབྲས་བུ་གསུམ་བསྐོལ་སྦྲང་རྩིར་བཅས། །ཡང་ན་སླེ་ཏྲེས་ཅི་རིགས་བླུད། །ཇི་ལྟར་འཚམ་པར་སྣུམ་བླུད་དེ། །སློན་བྱས་ནས་ནི་རྩུབ་ཆོས་བྱ། །འབྲས་བུ་གསུམ་དང་ཚ་བ་གསུམ། །གནདྷ་པ་ཏྲ་ཤིང་ཚ་དང། །ཅུ་ཝང་ཤུ་དག ་ཙི་ཏྲ་ཀ། །པི་པི་ལིང་རྩ་བི་ཏཾ་ཀ། སྤང་སྤོས་བ་ཤ་ཀའི་ཤུན་པགས། །རི་སྟི་དབྱི་མོང་ལཾ་ཀ་ལིང། །ཆ་མཉམ་ལྡེ་གུར་བཅས་པ་ལ། །ནད་པར་ལྕགས་སྣོད་བསྐུས་ཏེ་བཞག། ཉི་མ་ཕྱེད་དུས་དེ་ཟོས་ན། །ནད་གཞི་ཀུན་འགྱུར ་དྲེག་ནད་ནི། །གཟེར་དང་ལྡན་ལའང་མཆོག་ཏུ་ཕན། །ཀོ་ཀི་ལ་ཤ་བསྐོལ་བའི་ཁུ། །བླུད་ཅིང་དེ་ཡི་ཚོད་མ་ཟོས། །སྙིང་རྗེ་གོམས་པའི་ཁྲོ་བ་ལྟར། །དྲེག་ནད་སེལ་བར་བྱེད་པ་ཡིན། །རྩ་བ་ལྔ་འམ་སྐྱུ་རུ་རའི། །ཁུ་བ་ལི་ལི་ཏ་ཀའི ་ཞག། འཁྲིག་པ་སྤོང་ཞིང་འཐུངས་ནས་ནི། །དྲེག་འཐེད་ཤིན་ཏུ་གཏིང་ཟུག་སེལ། །དེ་ལྟར་ནང་གི་བསྟན་ནས་ནི། །དེ་འོག་ཕྱི་རོལ་གསོ་བ་བཤད། །རང་སྐྱུར་བྲེ་བཞི་ཏིལ་མར་ནི། །སྲ་རྩི་པོག་ནི་བཞི་ཆར་བསྐོལ། །ཆུ་ནང ་གཟར་བུས་མང་དུ་དཀྲུགས། །རིམས་ཚེ་ནད་གཟིར་སེལ་མཆོག་ཡིན། །ཏིལ་མར་བཅོད་དང་པྲ་ཚིལ་དང། །སྦྲ་རྩི་པོག་དད་ཐལ་རེས་བཅས། །ཏིལ་མར་སྐོ་བས་ལུས་བསྐུས་ན། །དྲེག་ནས་སེལ་བའི་དམ་པ་ཡིན།། ་རྩ་བ་བཅུ་དང་འོ་མར་བསྐོལ། །ཡང་ན་ལྡེ་གུ་ཆུ་དྲོན་སྦྱར། །སླུད་ན་རླུང་ཤས་ཆེ་བ་ཡི། །གཟེར་ནད་འཕྲལ་དུ་སེལ་བྱེད་ཡིན། །ལུས་འཇུག་རེངས་དང་གཟེར་གྱིས་ཉེན། །སྣུམ་བཞི་པོ་ནི་མངར་བའི་སྨན། །དྲོ་འཇམ་སྦྱར ་བ་བླུག་བར་བྱ། །ཚ་བར་གྱུར་ལ་གྲང་མོ་བླུག། དེ་བཞིན་ར་ལུག་པ་ཡིན་ནི། །འོ་མ་ཏིལ་མར་སྦྱར་བ་འམ། །འཚོ་བྱེད་སྡེ་ཚན་བསྐོལ་བ་འམ། །རྩ་བ་ཆུང་དུ་ལྔ་བསྐོལ་བླུགས། །རྒུན་ཆུ་བུ་རམ་ཤིང་ཁུ་ཆང། །རང་སྐྱུར་ཞོ་དང་ཞོ་ཁ་ཆུ ་འབྲས་བཀྲུས་ཆུ་དང་སྦྲང་རྩི་ཆུ། །ཀ་རའི་ཆུ་ནི་བླུག་པའང་ཕན། །བུད་མེད་གཟུགས་སྡུ་བ། སྙམ་པར་སྨ། །ལག་པ་ནུ་མ་ཙན་དན་བསྐུས། །རེག་ན་བསིལ་ཞིང་བདེ་བ་ཡིས། །ཚ་ན་རྨྱ་སེལ་བྱིང་བའང་སེལ། །མདོག་དམར་ཚ ་བདན་བཅས་ལ། །ཁྲག་ཕྱུང་ནས་ནི་ལྡེ་གུས་བསྐུ།། སྟག་ཚོར་བ་དང་ཤིང་མངར་བཙོད། །སྐྱེར་པ་ཙན་དན་ཀ་ར་ཀ་ར། །ེར་ཎྜ་ཡི་ས་བོན་ཕྱེ། །སྲན་ཆུད་ཤུགཔ་པུ་ཤེལ་ཙེ། །ལྡེ་གུས་ཚ་ན་ཤུ་བ་མཆེད། །ན་ཞིང་མདོག ་དམར་སྐྲངས་པ་སེལ།། ཀྲི་ས་རནི་རླུང་འཇོམས་སྨན། །སྣུམ་བཅས་བསྐོལ་བ་འམ་མུངྒ་དང། །འོ་ཐུག་ཡུངས་ཀར་ཏིལ་ཚིགས་མ། །གླན་ཞིང་དཀྲིས་པས་གཟེར་འཇོམས་བྱེད། །ཚུར་གནས་རླན་ཅན་མཐུ་རྩལ་གྱིས། ་གཟས་ཚོལ་ཤ་བཏགས་གཡོས་ལེགས་པ། །འཚོ་བྱེད་སྨན་དང་སྣུམ་བཅས་པས། །གླན་ཞིང་སྲ་བ་བྱས་གྱུར་ན། །སྲ་ཞིང་གཟེར་ལ་ན་བ་དང། །སྐྲངས་དང་ཡན་ལག་ནབ་འཇོམས། །འཚོ་བྱེད་སྨན་དང་བསྐོལ་བ་ཡི། །འོ་མ ་ཞག་གིས་བསྐུས་ནའང་ཕན། །ས་ཧ་ར་ཅའི་རྩ་བ་དང། །ཛཱི་བ་ཏི་མར་རའི་འོ་མ། །ལྡེ་གུ་བསྐུས་པ་འམ་དེ་བཞིན་དུ། །ཏིལ་བསྔགས་བརྡོས་པ་འོ་མར་སྦྱར། །ཟར་མའི་འོ་མར་སྦྱར་བ་འམ། །ེ་རཎ་ཡི་འབྲས་བུ་ནི། ། ་འོ་མ་དག་དང་སྦྱར་བ་འམ། །ཤུ་ཏི་ལོ་མར་སྦྱར་བ་ཡིས། །རླུང་ཤས་ཆེ་བའི་གཟེར་འཇོམས་བྱེད། །བ་གཅིན་ཐལ་སྨན་ཆད་དང་བསྐོལ། །མར་གྱིས་བསྐུས་ནའང་དེ་ལ་ཕན། །བད་ཀན་ཤས་ཆེ་རྒུན་ཚ་དང། །བསྐོལ་བའི་མར ་བསྐུ་བླུགས་པ་ཕན། །ཤུ་དག་རུ་རྟ་ཁྱིམ་དུད་པ། །ཤུ་ཏི་སེར་པོ་རྣམ་གཉིས་ཀྱི། །ལྡེ་གུས་བསྐུས་ན་དྲེག་ནད་ནི། །རླུང་ནད་བད་ཀན་ཤས་ཆེར་སེལ། །དེ་བཞིན་ཤི་ཀྲུའི་ས་བོན་ནི། །འབྲས་ཁུ་རང་སྐྱུར་བཏགས་པ་ནི། །ཡུད ་ཙམ་བརྟགས་ནས་སྐྱུར་གྱུར་པ། །བླུག་ན་བད་རླུང་ཤས་ཆེ་སེལ།། རྟོགས་པར་སླ་ལ་བྱུག་དང་བསྐུ། །བླུགས་དང་ལུས་ནི་བཅིང་བསགས་སོ། །རྟོགས་དཀའ་མས་བཏབ་དྲག་པ་དང། །བཀྲུ་སྨན་སྣམ་ནི་བླུད་པས་གསོ། །བད་རླུང་ཤས ་ཆེར་རྗོད་འཇཾ་སྦྱར་སྦྱར། །དེ་ལ་བྱུག་སོགས་གྲང་མོ་ཡིས། །ལུས་ཚན་ཞིང་གཡའ་ཞིང་སྐྲད། །སྲབ་རྣམ་པར་འཕེལ་བར་འགྱུར། །ཁྲག་མཁྲིས་ཤས་ཆེ་དྲེག་ནད་ལ། །བྱུག་པ་ལ་སོགས་བསིལ་བས་བྱ། །དྲོ་བ་ཆོ་ཞིང་ན་ལ་དམ་པ། རྡུལ་འབྱུང་གསབ་འབྱུང་པར་འགྱུར། །ཤིང་མངར་སྲང་བརྒྱ་བསྐོལ་བ་ཡི། །ཁུ་བ་བཞི་ཆ་ལུས་པ་རུ། །ཏིལ་མར་བྲེ་བཞི་འོ་མ་མཉམ། །སྟིལ་རུ་མུ་རྦ་ཏ་མ་ལ། །ཉེའུ་ཤིང་ཨ་གུར་པ་ཡ་སྱ། །ཙན་དན་ཧ་ས་པ་ཏི་དང། །སྤང་སྤོས་སླེ་ཏྲེས་མེད་གཉིས། །དམ་ཉེ་བ ་གཉིས་ཤུ་ཏི་དང། །ཤུག་པ་རྣམ་གཉིས་ཛི་བ་ཏཾ། །ཇི་པ་ཀ་དང་རི་ཤ་བ། །ཤིང་ཚ་གནྟྟ?་བ་ཏྲ་དང། །ཆུ་སྲིན་སེན་མོ་བ་ལི་ཀ། བཅོད་དང་པྲ་བུཎྜ་རཱི་ཀ། རི་ཤ་པ་དང་བི་ལ་ཤ། ཀུན་ན་དང་སྲང་དེ་ཡི། །ལྡེ་གུར་བཅས་པ་བསྐོལ་བར་བྱ། །སྦྱོར་བ་བཞི ་པོས་དྲེག་ནང་ཀྱི། །མཁྲིས་པའི་རྩ་བ་རིམས་ནད་སེལ། །བ་ལའི་ཁུ་བ་ལྡེ་གུ་དང། །ཏིལ་མངའ་ཨི?་མཆེ་མཉམ་བསྐོལ། །ལན་བརྒྱའི་བར་དུ་བསྐོལ་བ་དེ། །དྲེག་ནང་རླུང་ཅན་སེལ་བར་བྱེད། །བཅུད་ཀྱིས་ལེན་གྱི་དམ་པ་སྟེ། །དབང་པོ ་གསལ་བར་བྱེད་པ་ཡིན། །ཚེ་རིང་ལུས་འཕེལ་སྐད་སྙན་དང། །ཁུ་ཆུ་ཁྲག་གི་ནད་སེལ་བྱེད། །རྒྱུ་བའི་ལམ་འགགས་འཁྲུགས་བྱུང་བ། །ཚིལ་ལམ་བད་ཀན་ཤིན་ཏུ་ནི། །འཕེལ་བར་གྱུར་པའི་རླུང་ནད་ལ། །སྣུམ་རྟས་དང་ལོར ་ཕན་པ་ཡིན། །དེར་ནི་ཕྱུག་པཱི་རླུང་ནད་ཀྱི། །གསོ་བྱ་དྲེག་ནད་ག་?་བར་བྱ། །ཁྲག་ནི་དངས་པར་བྱེད་པ་ཡི། །སྣུམ་དང་སྨན་གྱི་སྦྱོར་བ་བྱ། །སྲོག་སོགས་རླུང་ནི་ཅིག་ཅར་འཁྲུགས། །ཇི་སྐད་བསྟན་དང་ནང་གཞི་བཞིན། །ཇི་ལྟར་ཉེ་བར་སྙན་རྣམས་ནི། །ནད ་ཚུལ་ཇི་བཞིན་སྦྱིན་པར་བྱ། །མཞུ་བཅས་ལ་དུགས་དང་སྨྱུང། །སྨིན་དང་རྩུབ་སྨན་བྱུག་པ་དང། །རླུགས་སོགས་ཀྱིས་ནི་མ་ཞུགས་ལ། །བྱས་ལ་མ་འདྲེས་རླུང་གསོ་བྱ། །སྐེམ་དང་བྱ་སྙད་ཡན་ལག་འཁུམས། །རེངས་དང་འད་?་བུ་ཚོར་བ་མེད།། ་འགམ་ཉམས་ཁ་ཡེ་འཐེད་པོ་དང། །ཞའོ་དྲེག་ནད་ཀྱིས་འཐེང་དང། །ཚིགས་འཁྲུལ་གཞོགས་ཕྱེད་ན་བ་དང། །ཚིགས་དང་རྐང་རུས་ལ་ཞུགས་ནད། །འདི་དག་གནས་ནི་གཏིང་རང་བས། །དེ་བས་འདི་དག་གསར་བཏབ་དང། །བླ་གཉན་མེད ་ཅི་དེ་ཉམས་སྟོབས་ལྡན། །འབད་ནས་འཚོ་ཡི་གཞན་དུ་མིན། །མཁྲིས་གྱུར་འདྲེས་ལ་གྲང་དྲོ་ཡི། །གསོ་བའི་རིམ་གྱིས་མང་དུ་བྱ། །འཚོ་བྱེད་སྡེ་དང་བསྐོལ་བ་ཡི། །སྨན་མར་དག་ཀྱང་བླུད་པར་བྱ། །སྐམ་སའི་ཤ་དང་ས་ལུ་ནས། །བཀྲུ་སྨན ་འོ་མར་བཅས་འཇམ་བཏང། །རྩ་བ་ལྔ་དང་བ་ལར་བསྐོལ། །འོ་མ་མས་བཏང་སྦྱོར་བ་བྱ། །སྨན་མར་བསྐོལ་བའི་ཏིལ་མར་གྱིས། །འཇམ་རྩིའི་དུས་སུ་བཏང་བར་བྱ། །ཤིང་མངར་བལ་ཏིལ་མར་དང། མར་དང་འོ་མ་བསྐོལ་བ་བླུང། །རྩ་བ ་ལྔ་ཡི་ཁུ་བ་འམ། །ཆུ་ནི་གྲང་མོ་ཉིད་བླུགས་བྱ། །བད་ཀན་བཅས་ལ་ནས་ཀྱི་ཟན། །སྐམ་སའི་རི་དགས་བྱ་ཡི་ཤ། དུགས་དང་མས་བཏང་བཀྲ་སྨན་ནོ། །སླེན་སྨན་བཀྲུ་སྨན་བཅས་པ་བཏང། །མར་རྙིང་ཏིལ་མར་ཡུངས་ཀར་ལས། །བྱུང་བའི་མང ་ནི་ཟླུད་པ་ཕན། །བད་ཀན་མཁྲིས་པ་འདྲེས་བ་ལས། །དང་པོ་མཁྲིས་པ་གསོ་བར་བྱ། །ཁྲག་དང་འདྲེས་པ་དྲེག་ནང་ཀྱི། །གོས་བ་ཇི་སྐད་བཤད་པར་བྱ། །དུགས་བསྐུ་ཤ་ཁུ་འོ་མ་དང། །སྣུམ་དང་བཅས་པས་ཤ་བཀྲ་སེལ། །ཕྱུག་པའི་རླུང་ལ ་གཅིན་སྙིང་དང། །ཆིལ་དང་རླུང་འཇོམས་སྨན་གྱིས་གསོ། །རུས་པ་རྐང་གནས་སྣམ་ཆེན་གྱིས། །ཁུ་ཆུར་གནས་ལ་སྔར་བཤད་པས། །ཟས་དང་འདྲེས་ལ་འཇུ་བྱེད་པས། །དྲོད་བསྐྱེད་སྐྱག་སྨན་ཡང་པ་བཏང། །གཅིན ་འདྲེས་གཅིན་ནི་སེལ་བ་དང། །དུགས་དང་འཇམ་རྩི་གོང་མས་གསོ། །བཤད་འདྲེས་ཨེ་རཎྜའི་མེད་དང། །འཇམ་རྩི་སྨན་ནི་འཁྲུ་བྱེད་ཕན། །ལུས་ཟུངས་ཀུན་ཞུགས་རླུང་ནང་ལ། །བད་ཀན་མཁྲིས་པར་མི་གནོད་དང། །གང་ཡང་རླུང་ནི ་བདར་རྒྱུ་བའི། །སྨན་དེ་རླུང་ནད་དེ་ལ་བཏང། །འཁྲུ་བར་མི་བྱེད་སྣུམ་པ་དང། །རྩ་རྒྱུན་མྱོང་བར་བྱེད་པ་དང། །མས་བཏང་བས་ནི་མངར་བ་དང། །སྣུམ་གྱིས་འཇམ་རྩིས་གསོ་བར་བྱ། །ཉམས་སྟོབས་ཅི་ཡོད་བརྟགས་ནས་ནི། །བཀྲུ་སྨན ་འཇམ་པོ་བཏང་བར་བྱ། །བཅུད་ཀྱིས་ལེན་ནི་ཐམས་ཅད་ཀྱི། །སྦྱོར་བ་དག་ཀྱང་བསྔགས་པ་ཡིན། །མཆོག་ཏུ་བྲག་ཞུན་སྦྱོར་བ་དང། །དེ་བཞིན་གུ་གུལ་ཉི་ཚེའམ། །བར་སྲང་སྟོང་ཚིག་བརྒྱ་བཅས། །པ་ལ་སངས་བཤད་ལྡེ་གཱུང་ཕན ་ཐུར་སེལ་འདྲེས་ལ་དྲོད་བསྐྱེད་དང། །འཁྲུ་གཅོད་རླུང་ནི་བདེ་རྒྱུ་བྱེད། །གཅིན་གྱི་གནས་ནི་སྦྱོང་བྱེད་པའི། །སྨན་རྣམས་དེ་ལ་བཏང་བར་བྱས་དེ་ལྟར་སྲོག་ལ་སོགས་པ་ཡི། །འདྲེས་པའི་གསོ་པ་མདོར་བཤད་ཡིན། །སྨན་པས་དེ་གསོ ་རྒྱས་པར་ནི། །བློ་ཡིས་བརྟགས་ཏེ་ནི་རིགས་བྱ། །སྟོད་དུ་རྒྱུ་བ་སྤྱི་བོར་བསྡུ། །ཐུར་སེལ་དེ་ལས་བཟློག་པར་བྱ། །མེ་དང་མཉམ་གནས་མཉམ་པར་བྱ། །ཁྱབ་བྱེད་གསུམ་དུ་སྦྱར་བར་བྱ། །བཞི་པོ་བས་ཀྱང་སྲེག་བསྲུངས་ཏེ། །དེར ་གནས་ནས་ནི་ལུས་གནས་འགྱུར། །དེ་ལྟར་རླུང་ནི་ལམ་གཞན་ཞུགས། །རང་རང་གི་ནི་གནས་སུ་བཞག། ཁྲག་མཁྲིས་འདྲེས་པ་མ་བཏོགས་པ། །འདྲེས་པའི་ནད་ནི་ཐམས་ཅད་ལ། །བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན། །སྒོག་སྐྱ་བསྟེན་ན ་སེལ་བར་བྱེད། །མཁྲིས་བར་འདྲེས་ལ་མཁྲིས་སེལ་བས། །རླུང་ནི་བདེ་བར་རྒྱུ་བར་བྱ། །ཁྲག་དང་འདྲེས་ལ་དེ་ཉིད་དང། །ཐེར་པོའི་ནད་བཤད་སྨན་བྱའོ། །ཁྲག་མཁྲིས་རླུང་ནི་སེལ་བ་ཡི། །བཅུད་ཀྱིས་ལེན་ནི་སྣ་ཚོགས་སྦྱར། །ནད་གཞི་ཇི་ལྟར་བསྟན་པ་བཞིན།། ་གསོ་བ་དེ་ལྟར་ཡང་དག་བཤད། །ཉམ་ཐག་འཕྲལ་དུ་སེལ་བ་འདི། །ཆེ་ཡི་རིག་བྱེད་གནས་འབྲས་བུ། །གསོ་བ་ཕན་པ་གནོད་སེལ་དང། །སྦྱོར་བ་སྨན་དང་རྩི་དང་མི། །ཞི་བར་བྱེད་དང་སྔགས་བྱ་སྟེ། །དེ་དག་སྨན་མིང་རྣམ་གྲངས་ཡིན། །ཡན་ལག་བརྒྱད་པའི ་སྙིང་པོ་བསྡུས་པ་ལས། །ལེའུ་ཉི་ཤུ་རྩ་གཉིས་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་གསོ་བའི་གནས་ཏེ་གནས་བཞི་པ་རྫོགས་སོ།། །།དེ་ནས་སྐྱུག་སྨན་གྱི་ཆོག་བཤད་པར་བྱའོ། །དེ་ཡང་རྒྱུན་ཤེས་ཀྱི་བུལ་སོགས་པ ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ། །སྐྱུག་སྨན་མཆོག་ནི་པོ་སོན་ཆ?་དུར་བྱེད་རྩ་བ་བཀྲུ་སྨན་མཆོག། གཞན་དག་ནད་ཀྱི་དབང་ལས་ནི། །ཁྱད་པར་དུ་ནི་གྱུར་པ་ཡིན། །པོ་སོན་ཆ་དེ་མདོག་སྐྱ་ཞིང། །ཤིན་ཏུ་སྒོ?་བའང་མ་ཡིན་པ། །ཉིན་ཞག ་ཆོས་གྲངས་ཤིས་པ་ལ་།སོས་ཀ་དབྱིད་ཀྱི་མཚམས་སུ་བཏུ། །ཕྱི་ནང་འཇག་མའི་སྣོད་དུ་ནི། །བཅུག་སྟེ་བཅིངས་ལ་བ་ལང་གི། །ལྕི་བས་སྣོད་རེ་བྱུགས་ནས་ནི། །འབྲུ་ཡི་ནང་དུ་བཞག་པར་བྱ། །འཇག་མས་དཀྲིས་པས་འཇམ་པ་དང། །སྦྲང་རྩི་ལྟ་བུ་དྲི་ཞིམ ་ལ། །ཞག་བརྒྱད་འདས་པར་གྱུར་བ་དང། །ཕྱུང་སྟེ་དེ་ནི་ཉི་མར་སྐམ། །དེ་འོག་ལེགས་བར་བསྐམས་པ་དང། །ནང་གི་འབྲས་བུ་ཕྱུང་ནས་ནི། །ཞོ་དང་ཞོ་ཁ་ཆུ་མར་གྱི། །ལྡེ་གུ་མཉེས་ལ་སླར་ཡང་སྐམ། །དེ་ནས་ལེགས་པ་?་སྦས་ཏེ་བཞག ་དགོས་པའི་དུས་སུ་སྦྱར་བར་བྱ། །དེ་ནས་དེ་ལ་ཚད་ཙམ་དུ། །བླངས་ནས་ཆམ་ཆོམ་བརྡུངས་ནས་ནི། །ཤིང་མདར་དོ། བྱེ་བྱི་ད་ར?་འམ། །བི་?་ལྕར་མ་ཤལ་སྨན་?། བུ་ཏི་ཨ་པ་མརྒ་དང། །རྒ་གད་ཡང་རུང་བ་ནི། །བསྐོལ་བའི་ཆུ་ཡི་ནང་དུ་ནི། ། ་ནུབ་གཅིག་ལེགས་པར་སྤང་བར་བྱའོ། །དེ་ནས་སྨན་གྱི་ཁུ་བ་དེ། །མཉེས་ཤིང་བཙོགས་ལ་ནང་པར་ནི། །མདོ་ནས་བསྟན་པའི་ཆོ་ག་བཞིན། །ལེགས་པར་བླུང་ནས་སྐྱུག་ཏུ་གཞུག། བད་ཀན་ལས་གྱུར་རིམས་ཆམ་པ། །སྐྲན་དང་ཁོར ་འབྲས་རྣམས་ལ་ནི། །ཇི་སྲིད་མཁྲིས་པ་སྣང་གི་བར། །ཁྱད་པར་དུ་ཡང་སྐྱུག་ཏུ་གཞུག། པོ་སོན་ཆ་ཡི་འབྲས་བུ་ནི། །ཕྱེ་མ་བསྐོལ་བའི་ཁུ་བར་ནི། །འབྲས་བུ་གསུམ་ཕྱེ་ཆ་གསུམ་དང། །ཀོ་?་ཏེ་ར་སོགས་ཁུར་བཅས། །བླུང་ན་རིམས་དང་དམུ་རྫིད་དང། ། ་རྨན་བུ་འབྲས་དང་འབྲུམ་ཆེན་དང། །རྟུན་འདྲའི་རླུང་ནད་སེལ་བར་བྱེད་?་མཁྲིས་པ་བད་ཀན་གནས་ཞུགས་ལ། །ཛི་མུ་ད་སོགས་ཁུ་བ་བླུད། །སྙིང་ཚ་ཁྲག་མཁྲིས་དག་ལ་ནི། །དེ་འབྲས་འོ་མར་བསྐོལ་བ་ཡི། །འོ་ཐུག་བཅས་བླུད་བད་ཀན་སློན། །ཆམ ་པ་མུན་འཐིབས་བྱེད་པ་ལ། དེ་བསྐོལ་འོ་མ་ལས་བྱུང་པའི། །ཞོ་ཡི་སྦྲིས་མ་འམ་ཞོ་བླུད་བྱ། །པོ་སོན་ཆ་སོགས་ལྔ་གུ་དང། །བསྐོལ་བའི་འོ་མ་ལས་བྱུང་བའི། །མར་སར་བད་ཀན་གྱིས་དྲོས་ཉམས། །ལུས་བསྐམས་པ་ལས་སྐྱུག་སྨན་བྱ། །མོ ་སོན་ཆ་ཡི་ཁུ་བ་ནི། །བསེ་ཤིང་ཚོགས་བཙགས་ནས་ནི། །གཟང་བུ་ཆགས་པའི་བར་དུ་བསྐོལ། །བྱིན་པ་བདེ་བས་སྐྱུག་ཏུ་གཞུག། ལྡེ་གུ་དེ་འམ་དེའི་ཁུ་བ། །གཟའ་དང་བཏུང་བར་སྦྱར་ཏེ་བཏང། །པེ་སོན་ཆ་ཡི་འབྲས་བུའི་ཁུ། །དུག་མོ ་ཉུངས་སོགས་སྡེ་ཚན་བཏབ། །ནིམྦ་ཨརྒ་གང་ཡང་རུང། །བསྐོལ་བའི་ཁུ་བ་བཅས་པ་ནི། །བླུད་ན་ཉམས་རྟས་ལས་བྱུང་དང། །གཏིང་ཟུག་ཀུན་ཀྱང་སེལ་བར་བྱེད། །པོ་སོན་ཆ་ཡི་མེ་ཏོག་ནི། །ཞིབ་བཏགས་ཕྲེང་བསྒོས་བསྣམས་ནས་ནི ་ཐུག་བ་ཤ་ཁུ་སོགས་དོམས་བླུད། །སྐྱིད་དེ་བ་ནི་བདེ་སློན་འཇུག། པོ་སོན་ཆ་ཡི་མེ་ཏོག་དང། །འབྲས་བུ་གཞོན་ནུ་དེ་བཞིན་སྦྱར། །ཛི་ཏ་མུ་སོགས་དེ་དང་འདྲ། །ཛི་ཏ་མུ་ནི་ཁྱད་པར་དུ། །རིམས་དང་ལུད་པ་དབུགས་མི་བདེ། ། ་སྐྱིགས?་བུ་ལ་སོགས་ནད་ལ་བཏང། འདི་ཡི་མེ་ཏོག་འོ་མར་བཅོས། །འབྲས་བུ་སྨིན་པ་འོ་ཐུག་བཅས། །སྦུ་བཅས་འོ་མའི་སྤྲིས་མར་སྦྱར། །སྒྱ་འམ་སྔོ་གྱུར་འོ་མང་བཅུག། ཞོ་ནི་སྐྱུར་པོར་གྱུར་པ་འམ། །མནན་པའི་ཆང་གི་དངས་མར་ནི། །མཉེས་ཏེ་ཞུ་བར ་གྱུར་བ་བླུད། །བད་ཀན་ལུད་པ་ཡི་ག་འཆུས། །སྐྱ་རྦབ་གཅོད་ཆེན་ནད་ལ་བཏང། །ཀུ་བ་ཀོ་ཤཏ་ཀི་ཡང། །སྦྱོར་བའི་ཆོ་ག་འདི་ཉིད་བྱ། །སྨིན་ཞིང་བསྐམས་པར་གྱུར་པ་ཡི། །ཛི་མུ་ཏ་ཡི་འབྲས་བུ་དག། ཕྱེ་མ་སྲང་ཕྱེད་འོ་མར་བསྲེས། །རླུང་མཁྲིས ་ནད་ཀྱིས་ཉེན་ལ་བླུབ?། ཛི་མུ་ཏ་འབས་བ་ཉིས་སམ་གསུམ། །བརྡུངས་པ་དེ་ཡི་ཁུ་བ་ནི། །དོང་ཀ་ལ་སོགས་དགུ་པ་ནི། །གང་ཡང་རུང་བ་ལ་སྤངས་ཏེ། །མཉེས་པ་བཙགས་པར་གྱུར་པ་དག། །བད་ཀན་མཁྲིས་རིམས་ཅན་ལ་བླུད། །ཇི་མུ་ཏ་ཡི་ཕྱེ་མའི ་ལྡེ་གུ། །ཆུ་གྲང་དང་ནི་སྦྱར་བ་དག། མཁྲིས་རིམས་ཅན་བླུད་བད་ཀན་དང། །རླུང་འདྲེས་རིམས་ལ་ཆུ་དྲོན་སྦྱར། །ལུང་པ་དབུགས་མི་བདེ་དང་སྡུག། སློན་རིམས་བད་ཀན་གྱིས་ཉེན་དང། །མུན་འཐིབས་བྱེད་པའི་ནང་ལྡང་བ། །སྐུ་བབ?་ཁ་པོའི་སྐྱུག་སྨན ་བསྔགས། །དེ་ནི་མ་ཏོག་འབྲས་བུ་མེད། །མྱུ་གུ་གཞོན་ནུ་འོ་མར་བཙོས། །བད་ཀན་མཁྲིས་པ་ལས་གྱུར་རིམས། །མཁྲིས་པ་ཤས་ཆེར་གྱུར་ལ་བླུང། །འབྲས་བུ་སྨིན་པའི་ནང་གི་ནི། །འབྲས་བུ་ཕྱུང་སྟེ་འོ་མར་བཅུག་།ཞོར་གྱུར་ལུད་པར་བུགས ་མི་བདེ། བླུད་དེ་སློན་དུ་གཞུག་བར་བྱ། །འབྲས་བུའི་ནང་ན་ཞོ་ག་ཆུ། །མཛོ་དུག་སྐྱ་རྦབ་ཉིད་ལ་བླུད། །དེ་དང་དར་བབ?་བསྐོལ་བ་ནི། །རྒྱམ་ཚ་སྤྲང་རྩིར་བཅས་པ་བླུད། །ཡང་ན་དེ་ཡི་ས་ལོན་ནི། །ར་ཡི་འོ་མར་བཅས་པ་དག། དུག་སྐྲན་དམུ་རྫིར ་ཆེན་བུ་དང། །འབྲས་དང་རྐང་འབམ་ནད་ལ་བླུག་།བད་ཀན་ལས་གྱུར་ལུད་པ་རིམས། །ལྐོག་མའི་ནད་དང་མ་ཞུ་ལ། །གུ་བ་ཁ་བའི་ཁུ་བ་ནི། །ཕྱེ་དང་སྦྱར་བའི་སྐྱོ་མ་བླུད། །སྐྲན་དང་རིམས་རྙིང་བྱིང་པ་ལ། །ང ་གུ་ཤ་ཁུར་སྦྱར་བླུད་ན། །ལེགས་པ་ཁོ་ནར་སློན་གྱུར་ཞིང། །ཉམས་ཆུང་བར་ཡང་འགྱུར་མ་ཡིན། །ཀུ་བ་ཁ་བོའི་མེ་ཏོག་དང། །འབྲས་བུ་ཕྱེ་མ་བསྐོལ་བ་ཡི། །མེ་ཏོག་ཕྲེང་བ་མནམ་པ་ནི། །སྐྱིད་དེ་བ་ཡི་སྐྱུགས་སྨན ་ཡིན། །སྐྲན་ལུད་དམུ་རྫིང་ལྐོག་མའི་ནད། །བད་ཀན་གནས་ལ་བརྟེན་པའི་རླུང། །བད་ཀན་ཁ་དང་མགྲིན་པར་གནས། །བད་ཀན་འཕེལ་བར་གྱུར་པ་དག། བརྟན་ཞིང་དཀྱེལ་ནི་སྐྱེས་པ་ལ། །ཀོ་ཤ་ཏ་ཀའི་སྐྱུག་སྨན་བསྔགས། །འཚོ་བྱེད་ཉེའུ ་ཤིང་ཟངས་རྩི་བ། །ཁ་སྲལ་ཕྲེའུ་རམ་ཉེ་གཉིས། །ཤྲི་བ་དང་ནི་མེ་ད་དང། །མ་ཧཱ་མེ་ད་མ་དུ་ལི། །འདི་དག་རེ་རེའི་ཕྱེ་མ་དང། །ཀོ་ཤ་ཏ་ཀའི་ཕྱེ་མར་བཅས། །སྦྲང་རྩི་ཁ་རར་སྦྱར་བ་ནི། །ལུང་པ་སྙིང་ནི་ཚ་ལ་བསྔགས། །དེ་རྗེས་ཆུ་དྲོན ་བླུང་པ་ནི། །བད་ཀན་མཁྲིས་ཚ་ལྡན་ལ་བསྔགས། །འུ་སུ་གཡེར་མའི་ཁུ་བ་དང། །དེ་ཡི་ཁུ་བས་དུག་འཇོམས་སོ། །བམཔི་ཀ་ས་མ་རྔ་འམ། །བ་སྤྲུ་བ་ཡི་ཁུ་བར་ནི། །ར་ཙ་ཀོ་ཤ་ཏ་ཀ་ཡི། །རྡོག་མ་གཅིག་གམ་གཉིས་མཉེས་པའི།། ་དངོས་མ་སྙིང་གི་ནད་ལ་བླུད། །དེ་བསྐོལ་འོ་མ་ལས་བྱུང་མར། །པོ་སོན་འཆའ་སོགས་བསྐོལ་བ་བླུད། །ཀོ་ཤ་ཏ་སོགས་ཁ་དང་ཚ། །མཛེ་དང་སྐྱ་རྦབ་མཆེར་པའི་ནད། །འོར་ནང་སྐྲན་ནད་སྦྱར་དུག་སོགས། །གཏིང་ཟུག་པ་ལ ་བསྔགས་པ་ཡིན། །པོ་སོན་ཆ་སོགས་དྲུག་སོ་སོར། །བསྐོལ་བ་དང་ནི་རླན་ཅན་ཤ། ཀོ་ཤ་ཏ་ཀ་ཆ་མཉམ་བསྐོལ། །ཁུ་བ་རྒྱམ་ཚར་བཅས་པ་བླུད། །པོ་སོན་ཆ་སོགས་པི་པི་ལིང། །ཆ་མཉམ་ཀོ་ཤ་ཏ་ཀར་སྦྱར། །ཡང་ན ་ཀོ་ཤ་ཏ་ཀ་ཡི། །ཁུ་བ་བུ་རམ་ཤིང་ཁུ་བླུད། །དུག་མོ་ཉུང་ནི་སྐྱིད་དེ་བ། །བད་ཀན་མཁྲིས་པ་ཁྲག་བཅས་དང། །རིམས་དང་ཤུ་བ་སྙིང་ནད་དང། །དྲེག་ནད་ཀྱིས་འཐེད་མཛེ་ལ་བསྔགས། །དུག་མོ་ཉུང་གིས་བོན་དེ། །ཡུངས་ཀར ་རམ་ནི་མ་དུ་ཀི། བསྐོལ་བའི་ཁུ་པ་འམ་རྒྱམ་ཚའི་ཆུ། །ཡང་ན་ཀྲི་ས་ར་ལྡན་བླུད། །དེ་ཡི་ས་བོན་ཨརྒ་ཡི། །འོ་མར་ཞག་བདུན་སྤངས་པ་ནི། །པོ་སོན་ཆ་དང་ཛཱི་པཾ་ཏ། །ཀུ་བ་ཁ་པོའི་ཛཱི་བཾ་ཏི། །ཛཱི་བཾ་ཀ་ནི་བསྐོལ་བ་ནི། །ཁུ་པ་གང་ཡང་རུང་བ་བླུང། །སྐྱུག ་སྨན་གྱི་ནི་གཙོ་བོ་ཡི། །ཆོ་ག་ཕྱོགས་ཙམ་བཤད་པ་ཡིན། །བློ་དང་ལྡན་པས་ཚུལ་འདི་ཡིས། །གཞན་ཡང་ཅི་རིགས་སྦྱར་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས ་བཀྲུ་སྨན་བྱ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །དུར་བྱིད་བསྐ་ཞིང་མངར་ལ་རྩུབ། །ཞུ་རྗེས་ཚ་བར་གྱུར་པ་ཡིན། །བད་ཀན་མཁྲིས་པ་ཞི་བྱེད་དེ། །རྩུབ་པས་རླུང་ནི་འཁྲུག་པར་བྱེད། །དེ་འདིར་སྨན་གྱི་སྦྱོར་བ་ཡིས། །རླུང་དང་མཁྲིས་པ་བད ་ཀན་སེལ། །ཆོ་གའི་ཁྱད་པར་ལ་བརྟེན་ནས། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །དུར་བྱིང་རྣམ་པ་གཉིས་སུ་བཤད། །དེ་རྩ་དམར་ནག་དཀར་བ་ཡིས། །རྣམ་པ་གཉིས་སུ་བཤད་པ་ཡིན། །དེ་ལ་ཏྲི་བྱིད་མཆོག་ཏུ་བཤད། །ཉེས་པ་མེད་ཅིང་བདེ་བར ་འཁྲུ། །བརྒྱལ་རྨོངས་བྱེད་ཅིང་ལྐོག་མ་ནི། །རྩུབ་ཅིང་གནོད་པ་བྱེད་པ་དང། །རྣོ་ཞིང་མྱུར་དུ་འཁྲུ་བྱེད་པ། །ལྟོ་སྲ་ནད་གཞི་ཤས་ཆེ་དང། །སྡུག་བསྔལ་གྱིས་ཉེན་ནད་པ་ལ། །མ་ཤ་དུར་བྱིད་བསྔགས་པ་ཡིན། །དེ་ནི་ཟ་བསུ་ཟུག་ཅིང་འཇམ།། ་ཐད་ཀར་འཕྲོས་པ་མ་ཡིན་པ། །བཏུས་ལ་སྙིང་པོ་བོར་ནས་ནི། །ཤུན་པ་བསྐམས་ཏེ་སྦ་བར་བྱ། །དེ་ནས་དེ་ཡི་འོག་ཕྱེ་མ། །རྒྱམ་ཚ་དོང་ཀ་ཅུང་ཟད་བཏབ། །རླུང་ནད་ལ་ན་སྐྱུར་ལས་བླུང། །མཁྲིས་པ་སྦྲང་རྩི་ཁ་ར་མར། །འོ་མ་རྒུན་འབྲུམ་བུ ་རམ་ཤིང། །ཁུ་བ་བཏང་བལ་མངར་བ་ཡི། །སྨན་དེ་འབྲས་བུ་གསུམ་གྱིས་ནི། །ཁུ་བར་བཅས་པ་བླུད་པར་བྱ། །བད་ཀན་ནང་ལ་པི་ལུ་ཡི། །ཁུ་བ་བ་གཅིན་ཆང་སྐྱུར་རྩ་བས། །ཚ་བ་ལྔ་སོགས་ཕྱེ་མ་ནི། །བད་ཀན་འཇོམས?་དང་ཅི་རིག་བ ་སྦྱར། །དུར་བྱིད་ལྡེ་གུ་ཁུ་བ་དང། །བསྐོལ་བའི་ཁུ་བ་བསྒྲངས་ཁ་ར། །སྦྲང་རྩི་དྲི་བཟང་གསུམ་དང་བཅས། །ལྡེ་གུ་ཡིད་འོངས་ཀྲུ་སྨན་ཡིན། །རྫ་གནདྷ་མིག་རྐང་དང། །ཀ་ར་དུར་བྱིད་བྱི་ད་རི། །ཕྱེར་བཏགས་སྦྲང་རྩི ་མར་དང་ནི། །ལྡེ་གུ་བྱིན་ན་འདུས་པ་དང། །རིམས་དང་ལུས་རེངས་ཚ་བ་དང། །སྐོམ་དད་ཀྱིས་གཟེར་ལེགས་པར་འཁྲུ། །བུ་རམ་ཤིང་ནི་ཚལ་པར་བཀས། །ནང་ངོས་དུར་བྱིང་ལྡེ་གུས་བསྐུ། །གཅིག་ཏུ་སྦྱར་ཏེ་ཕུར་མ་ཡི། །བཙོ ་བའི་ཚུལ་བྱས་དེ་བཟའ་བྱ། །ཤིང་ཚ་སུག་སྨེལ་མཉམ་ནི་ལིང། །དེ་མཉམ་དུར་བྱིང་ཤ་ཀ་ར། །ཕྱེ་མ་སྦྲང་རྩི་རྒུན་ཆུ་དང། །ཕྱེ་མ་སྐྱོ་མར་སྦྱར་ཏེ་བླུད། །རླུང་མཁྲིས་བད་ཀན་ལས་གྱུར་དང། །མེ་དྲོད་ཆུང་བའི་ནང་དང་ནི། །སྐྱིད ་དེ་བ་ཡི་མི་རྣམས་ལ། །གནོད་པ་མེད་པའི་བཀྲུ་སྨན་ཡིན། །བི་ཊཱངྒ་ཡི་སྙིང་པོ་དང། །འབྲས་བུ་གསུམ་ཤེས་བྱ་བ་དང། །ཡ་བཀྵ་ར་པི་པི་ལིང། །དུར་བྱིང་ཀུན་གྱི་ཆ་ཕྱེད་བྱས། །སྦྲང་རྩི་མར་རམ་བུ་མར་མི་གྱིས། །ལྔ་གྱུར་བྱས ་པ་བྱིན་ན་ནི། །སྐྲན་དང་མཆེར་པ་དམུ་རྫིང་དང། །གཟུགས་འཁུམས་ལུང་པ་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནང། །མང་པོ་གཞན་དག་སྦྱོར་བར་བྱེད། །པི་པི་ལིང་རྒྱ་བྱི་ཊཱངཀ། །འབྲས་བུ་གསུམ་དང་འུ་སུ་དང། ། ་ཙི་ཏྲ་ཀ་དང་ན་ལ་ཤམ། །པི་པི་ལིང་དང་དུག་མོ་ཉུང། །ཟ་རི་ཧ་སྟི་པི་པི་ལིང། །ཏི་མ་མུ་ས་དང་ལན་ཚྭ་ལྔ། །ཞོ་ནི་གཉིས་གཉིས་ཕྱེ་མར་བྱས། །དུར་བྱིད་དང་ནི་ཏིལ་མར་གཉིས། །སྲིད་ན་བརྒྱ་བརྒྱ་ཆར་བསྲེས་དང། །སྐྱུ་རུ་ར་ཡི ་ཁུ་བྲེ་གསུམ། །བུ་རམ་སྲད་ནི་ལྔ་བཅུ་མེ། །ཆུ་བསྐོལ་དེ་ལས་རན་ཙམ་ནི། །ཟོས་ན་མཛེ་དང་གཞུང་འབྲུམ་དང། །མིག་སེར་ཟ་ཁུ་སྐྲན་དང་ནི། །དམུ་རྫིད་མཚན་མར་བརྡོལ་བ་དང། །ཕོ་བའི་ནད་དང་སྐྱ་རྦབ་རྣམས། །འཇོམS ་ཤིང་ཆོག་བསྲུང་མི་དགོས། །བུ་སྐྱེད་བར་ཡང་དེ་ཡི་བྱེད། །བུ་རམ་དགེ་བ་ཅན་ཞེས་བྱ། །དུས་ཀུན་ཏུ་ནི་འཕྲོད་པ་ཡིན། །ཚ་བ་གསུམ་དང་དྲི་སྣ་གསུམ། །གླ་སྒང་དང་ནི་བི་ཊུཾ་ཀ། སྐྱུ་རུ་ར་ནི་ཐམས་ཅད་ནི། །མཉམ་པའི་དུར་བྱིད་ཁར་དང། ། ་སྦྲང་རྩིའི་རིལ་བུ་བྱས་ཟོས་ན། །གཅིན་སྲི་རིམས་དང་བློན་བྲོ་དང། །ལུད་པ་ཤ་སྐེམ་མགོ་འཁོར་དང། །ཟ་བྱེད་ལུས་ཚ་སྐྱ་བབ་དང། །མེ་དྲོད་ཆུང་དང་དུད་ནད་སྦྱོང། །དུར་བྱིད་དུག་མོ་ཉུང་མS་བོན། །པི་པི་ལིང་དང་བཅའ་སྒ་རྣམས། །སྦྲང ་རྩི་རྒུན་འབྲུམ་ཆུས་སྦྱར་བ། །དབྱར་གྱི་དུས་ཀྱི་བཀྲུ་སྨན་ཡིན། །དུར་བྱིད་གླ་སྒང་བྱི་ཚེར་དང། །ཁ་ར་ཙ་ན་དན་བ་ལི་ཀ། ཤིང་མངར་ས་ཏ་ལའི་ཕྱེ་མ། །རྒུན་ཆུ་དང་སྦྱར་སྟོན་གྱི་ཡིན། །དུར་བྱིད་པ་ཏ་ཀྲུ་ཀྲུག་ཏྲེས། །ཟི་ར་ཤུ་ཐག་ས་ར ་ལ། །ཁྲོན་བུའི་ཕྱེ་མ་ཆུ་དྲོན་སྦྱར། །དགུན་གྱི་དུས་སུ་བླུད་པར་བྱ། །དུར་བྱིད་ཁ་ར་ཆ་མཉམ་པ། །སོ་ཀའི་དུས་ཀྱི་བཀྲུ་སྨན་ཡིན། །དུར་བྱིང་སྦ་འབྲས་ཀྱི་ལྕེ་བ། །ས་ཏ་ལ་དད་པུ་ཙེ་ཤེལ། །ཁྲོན་བུ་ལེགས་པར་བཏགས་ནས་ནི། །བ ་གཅིན་ནད་དུ་ཞག་གསུམ་སྤངས། །འདི་ནི་དུས་ཀུན་སྦྱོར་བ་སྟེ། །སྣུམ་ཞེན་དྲི་མ་ནད་རྣམས་འབྱིན། །ཤ་མ་དུར་བྱིང་བྱི་ཚོར་བ། །གླ་སྒང་ཧ་སྟི་པི་པི་ལིང། །དུག་མོ་ཉུང་དང་ནི་ལི་ནི། །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །ཕྱེ་མ་ཤ་ཁུ ་མར་དང་ནི། །ཆུ་དྲོན་དང་སྦྱར་ཐམས་ཅད་དུ། །ཁོང་རྩུབ་ལ་ཡང་སྦྱར་བར་བྱ། རིམས་དང་སྙིང་ནང་དྲེག་ནད་དང། །རྟུག་སྐམ་ལ་སོགས་ནད་རྣམས་ལ། །དོར་ཀའི་བཀྲུ་སྨན་ལྷག་པར་ནི། །འཇམ་མངར་བསིལ་པ་ཕན་པ་ཡིན། །བྱིས་པ ་རྒན་པོ་བློ་བརྡོལ་དང། །སྐྱིད་དེ་བ་ཡི་མི་རྣམས་ལ། །འཇམ་ཞིང་སྐྱོན་ནི་མེད་པའི་ཕྱིར། །མཆོག་ཏུ་དོད་ཀའི་བཀྲུ་སྨན་བཏང། །འབྲས་བུའི་དུས་སུ་ལེགས་སྨིན་པའི། །དེ་ཡི་འབྲས་བུ་བཏུང་ནས་ནི། །དེ་ནི་ཡོན་ཏན་ལྡན་གྱུར་པ། །ཁུར ་གཅིག་བྱེ་མའི་ནང་དུ་གཞུག། ཞག་བདུན་ལོན་ནས་ཕྱུང་ནས་ནི། །ཉི་མ་ལ་ནི་བསྐམ་པར་བྱ། །དེ་ནས་རྐང་ནི་ཕྱུང་ནས་སུ། །སྣོད་ནི་གཙང་མར་བཞག་པར་བྱ། །བྱིས་པ་ལོ་བཞི་ལོན་པ་ནས། །ལོ་ནི་བཅུ་གཉིས་ལོན་པའི་བར། ། ་ལུས་ཚ་རྟུག་འགགས་ཀྱིས་གཟིར་ལ། །རྒུན་ཆུར་སྦྱར་ཏེ་བླུད་པར་བྱ། །དོད་ཀའི་རྐང་ནི་མཉེས་པ་དང། །བསྐོལ་བའི་ཆུ་ནི་གྲང་མོ་བླུད། །ཡང་ན་ཆང་དངས་ཞོ་ཁ་ཆུ། །སྐྱུ་རུ་ར་ཡི་ཁུ་བ་འམ། །རང་སྐྱུར་དག་དང་བཅས་པ་འམ། །དུར་བྱིད་ལྡེ་གུར ་སྦྱར་བ་སྦྱིན། །དནདའི་ཁུ་བར་དེ་ཡི་རྐང། །བུ་རམ་རྙིང་པར་བཅུག་ནས་ནི། །ཟླ་བ་གཅིག་གམ་ཟླ་ཕྱེད་བར། །མནན་པའི་ཆད་ནི་བླུད་པར་བྱ། །སེང་ཕྲོམ་རྩ་པའི་ཤུན་པ་ནི། །ནང་གི་ཤུན་ལྤགས་བོར་ནས་ནི། །བསྐམས་ཏེ་ཕྱེ་མར་བྱས་ནས་ནི། ། ་དེ་ལ་ཆ་གཉིས་བསྐོལ་ཏེ་གཟགས། །སེར་ཕྲོམ་ཆ་ནི་གསུམ་བ་སྤངས། །རྩ་བ་བཅུ་པའི་ཁུ་བ་དང། །ཆ་དེ་སླར་ཡང་སྤང་བར་བྱ། །སླར་ཡང་བསྐམས་ཏེ་ཕྱེ་མར་བྱས། །དེ་ལ་ཞོ་གཉིས་བ་གཅིན་ནམ། །ཆང་གི་དངས་མའམ་ཞོ་ཁ་ཆུ། །རྒྱ ་ཤུག་སྐྱུ་རུ་རའི་ཁུ་བ། །གང་ཡང་རུང་དང་སྦྱར་ཏེ་བླུང། །སེང་ཕྲོམ་བསྐོལ་བའི་ཁུ་བ་དང། །ལྡེ་གུར་བྱས་དང་ཁ་ར་དང། །མར་དང་བསྐོལ་བའི་ལྡེ་གུ་དེ། །བཀྲུ་སྨན་གྱི་ནི་དམ་པ་ཡིན། །ཤྲི་ཁཎྜས་ནད་ཀྱི་ཚོགས། །ཤས་ཆེར་སོགS ་པའང་འཇིག་པར་བྱེད། །མྱུར་དུ་འཁྲུ་ཞིང་དྲེགས་པས་ན། །ལྟོ་སྙི་ཉམས་ཆུང་བྱིས་བ་དང། །རྒན་པོ་ནད་པ་ཡུན་རིང་ལ། །དེ་ནི་བཏང་བར་མི་བྱའོ། །སྐྲན་དང་དམུ་རྫིང་སྦྱར་བའི་དྲུག། པགས་ནད་གཅིན་ནད་སྤྲད་རྩི་འདྲ། །སྐྱ་རྦབ་བསྐྲངS ་དད་དུག་གིས་ཕོག། ནད་ཀྱི་སེམས་འཁྲུགས་གྱུར་ལ་བཏང། །དེ་ནི་ཚོར་མ་རྣོན་པོ་ཡིས།། མང་པོས་ཁྱབ་པར་གྱུར་པ་མཆོག། ལོ་གཉིས་པ་འམ་ལོ་གསུམ་པ། །ཁྱད་པར་དུ་ནི་དགུན་གྱི་མཐར། །དེ་ནི་མཚོན་གྱིས་རྣམ་བཅད་ལ།། ་དེ་ལས་འོ་མ་བླང་བར་བྱ། །བིལྦ་ལ་སོགས་རྩ་བ་ལྔ། །འབྲི་ཧ་ཏི་ནི་རྣམ་གཉིས་དང། །བསྐོལ་བའི་ཁུ་བ་དང་མཉམ་པའི། །སུ་ཏའི་འོ་མ་དང་བསྲེས་ལ། །དེ་འོག་མེ་ཡི་མདག་མར་སྐམ། །རིལ་བུ་བྱས་པ་ཞོ་ཁ་ཆུ་འམ། །ཆད་དམ་པ་གཅིན་ལ་སོགས་བླུང། །དུར ་ཕྱིར་སོགས་དགུ་འབྲས་པུ་གསུམ། །ཁྲོན་བུ་ས་ཏལ་དང་བཅས། །སུ་ཏའི་འོ་མར་ཞག་བདུན་སྤངས། །ཤ་ཁཱུམ་མར་དང་སྦྱར་ཏེ་བླུད། །ཆ་བ་གསུམ་དང་འབྲས་བུ་གསུམ། །དུར་བྱིད་དནད་ཙ་ཏྲི་ཀ། དེ་བཞིན་བུ་རམ་ཆུས་སྦྱར་བླུད། །ཤི་གི་ནི་ཡི་འབྲས ་བུ་ནི། །ཕུབ་མ་མེད་ཅིང་མ་བསྐམས་བཏུ། །དེ་བཞིན་སཔཏ་ལའི་རྩ་བ། །དེ་དག་རྣོན་པོར་ཁྲུ་བྱེད་ཡིན། །བད་ཀན་དམུ་རྫིད་སྦྱར་བའི་དུག། སྐྲད་སོགས་ནད་ལ་བཏང་བར་བྱ། །དེ་གཉིས་རིལ་བུ་ཞོ་གཉིས་ཙམ། །ཆད་དང་རྒྱམ་ཚར་སྦྱར་བ་ནི། །བད་རླུང ་ལས་གྱུར་སྙིང་ནད་དང། །དེ་བཞིན་སྐྲན་གྱི་ནད་ལ་བཏང། །དནད་དྲ་བནྟྲའི་རྩ་བ། །གླང་པོའི་སོ་ལྟར་བརྟན་ཞིང་སྦོམ། །དམར་ཞིང་གནག་ལ་རྣོ་ཞིང་དྲོ། །མྱུར་དུ་འཁྲུ་བར་བྱེད་པ་ཡིན། །ལྕི་ཞིང་རླུང་ནད་འཁྲུ་བྱེད་ཅིང། །མཁྲིས་པ་བད་ཀན་འཇུ ་བར་བྱེད། །དེ་ནི་སྦྲང་རྩི་པི་པི་ལིང། །ལྡེ་གུས་བསྐུས་ལ་འཇག་མ་དང། །འཇིམ་པས་བསྐུས་ཏེ་མེར་བསྲེག་ཅིང། །ཉི་མ་ཅུང་ཟད་དྲོ་བསྐམས་པས། །འདི་ཡི་རྣོ་བ་བསལ་བར་བྱ། །དེ་ནི་ཆད་དང་ཞོ་ཁ་ཆུ། །དར་བ་མནན་ཆད་པི་ལུ་ཡི། །ཁུ་བ་གང་ཡང ་རུང་སྦྱར་བླུད། །ཉམས་ཆུང་སྐྲན་དང་གཅིན་སྙི་དང། །དམུ་རྫིང་སྦྱར་བའི་དུག་རྣམས་སྦྱོར། །བ་ལང་རི་དགས་ཤར་ཡི། །ཁུ་བར་སྦྱར་བས་སྐྱུ་རྦབ་དང། །ལྟོ་སྲིན་མཚན་བར་བརྡོལ་ནད་སེལ། །དེ་བསྐོལ་ཁུ་བ་ལྡེ་བུ་དག། རྩ་བ་བཅུ་ཡི་ཁུ་བར་བསྐོལ།། ་མར་གྱི་མི་དཔལ་ཁོང་འབྲས་དང། །འབྲུམ་ཕྲན་མཆན་ཁུང་ཚ་བ་སེལ། །ཏིལ་མར་བཅས་པས་སྐྲན་ཟ་ཁུ། །གཞང་འབྲུམ་རྟུག་འགགས་པར་རླུང་སེལ། །སྣུམ་ཆེན་སྦྱར་བས་ཁུ་ཆུ་བཤད། །ཕྱེན་འགགས་རླུང་གི་ནང་རྣམས་སྦྱོང། །དུར་བྱིད་ལ ་སོགས་དགུ་པོ་ནི། །བཀྲུ་སྨན་གྱི་ནི་རབ་མཆོག་ཡིན། ། རུ་ར་ཡང་དུར་བྱིད་ཀྱི། །ཆོ་ག་བཞིན་དུ་སྦྱར་བར་བྱ། །བུ་རམ་སྲང་བརྒྱད་ཨ་རུ་ར། །ཉི་ཤུ་དནད་ཙིཏྲ་ཀ། སྲད་རེ་པི་པི་ལིང་དུར་བྱིད། །ཞོ་ནི་གཉིས་གཉིས་ལྷན་ཅིག་སྦྱར།། ་རིལ་བུ་བཅུར་བྱས་ཞག་བཅུ་པར། །རིལ་བུ་རེ་རེ་ཟོས་རྗེས་ལ། །ཆུ་དྲོན་བླུད་ཅིང་ཆོ་ག་འདིས། །དེ་དག་ཐམས་ཅད་ཟོས་གྱུར་ན། །ཀུན་ཟོས་བསྲུང་བ་མི་དགོས་པར། །འདིས་ནི་ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་སྐྱ་རྦབ་ཕོ་བའི་ནང། །པགས་ནད ་ཟླུམ་པོ་གཞང་འབྲུམ་དང། །གཡན་པའི་ནད་རྣམས་སེལ་བ་ཡིན། །ཆུང་དུ་འམ་དོན་ནི་ཆེན་པོ་འམ། །ཆེན་པོ་ལའང་ལས་ནི་ཉུང་ཟད་དག། འདྲེ་དང་དབྱེ་བ་བྱས་པ་དང། །དུས་དང་སྦྱོར་བ་ལྡན་པར་བྱེད། །ཤིང་ཆ་ནཱ་ག་གེ་སར་དང། ། མྲ་ཏ ་ཀ་སེའུ་འབྲུ་དང། །སུག་སྨེལ་ཁ་ར་སྦྲང་རྩི་དང། །ཁ་ལུ་ཆང་སོགས་དེ་དང་དེ། །ཡི་རང་རྗེས་སུ་མཐུན་པ་ཡི། །རིག་པས་བཀྲུ་སྨན་བཏང་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་སྟེ་གཉིས་པའོ།། །། ་དེ་ནས་སྐྱུག་སྨན་དང་བཀྲུ་སྨན་གྱི་ཉེས་པ་གྲུབ་པར་བྱ་བའི་ཆོ་ག་བཤད་པར་བྱའོ། །སྐྱུག་སྨན་ལྟོ་ནི་སྙི་བ་འམ། །ལྟོགས་པ་འམ་བད་ཀན་ཤས་ཆུང་བ་འམ། །ཤིན་ཏུ་རྣོ་བ་འམ་གྲང་བའང་ཆུང། །མ་ཞུ་བ་འམ་ཉམས་ཆུང་བ།། ་བླུད་ན་ནད་འབྱུང་རེ་བ་ཉམས། །དེ་ཚེ་ཐུར་བྱུང་ནད་སློང་འགྱུར། །དེ་ལ་སླར་ཡང་སྣུམ་འཆོས་བྱ། །སྔར་གྱི་སྐྱོན་དྲན་སྐྱུག་སྨན་བཏང། །བཀྲུ་སྨན་མ་ཞུ་བད་ཀན་དང། །ལྡན་པའམ་ཤིན་ཏུ་རྣོ་ཆེས་ལ། །དྲོ་བ་འམ་ཤིན་ཏུ ་ཤས་ཆེས་པ། །ཡི་གར་མི་འོང་མངས་པ་ཡིས། །གྱེན་དུ་བརྒལ་བར་གྱུར་པ་དག། སྔར་བཤད་དེས་པ་དེ་ལ་ནི། །གྲུབ་པའི་སྦྱོར་བདེ་བཞིན་བྱ། །དེ་ཡང་སྣོད་དུ་མ་ཆགས་ན། །གསུམ་པོ་དེ་ལ་བླུད་མི་བྱ། །གཞན་དུ ་གོམས་པའང་ཞིམ་པ་ཡི། །སྨན་ནི་གནོད་པ་མེད་པ་བཏང། །སྣུམ་འཆོས་དུགས་ནི་མ་བྱས་ལ། །སྨན་ནི་སྙི་ཞིང་རྩུབ་པ་ཡིས། །ནད་སློངས་བྱེད་བར་མ་ནུས་པས། །མགོ་འཁོར་སྐྲང་དང་སྐྱིགས་བུ་དང། །མུན་པར་མཐོང་དང་སྐོམ་དང་ཆེ།། ་བྱིན་སྙིང་ན་ཞིང་ལུས་གཡའ་དང། །བླ་དང་ཁ་དོག་མི་སྡུག་པའི། །ནད་ནི་སྐྱེད་པར་བྱེད་པ་ཡིན། །སྣུམ་ཆོས་དུགས་བྱས་སྨན་ཉུང་ཞིང། །མེ་དྲོད་ཆེ་བས་ཞུ་གྱུར་པ་འམ། །གྲང་བས་རེངས་པ་འམ་མ་ཞུ་བས། །ནད་སློངས་ནས་ནི་མ ་ཕྱིན་པས། །ནད་ནི་དེ་དག་ཉིད་བསྐྱེད་ཅིང། །དེ་ཉིད་སྦྱོར་ཉེས་ཐམས་ཅད་ཡིན། །དེ་ལ་ཏིལ་མར་རྒྱམ་ཚ་བསྐུ། །གཤག་མ་རྡོ་ཡིས་དུགས་བྱ་ཞིང། །མས་བཏང་དྲག་བྱས་སྐམ་སའི་ཤ། ཁ་ཟས་བྱིན་ལ་འཇམ་རྩི་ནི། །པོ་སོན་ཆ་དང ་པི་པི་ལིང། །ཐང་ཤིང་ཏིལ་མར་བསྐོལ་བ་བཏང། །རླུང་འཇོམས་རླུང་གི་སྣུམ་འཆོས་བྱ། །སླར་ཡང་བཀྲུ་སྨན་རྣོན་པོས་སྦྱང། །ནད་གཞི་ཆེ་ཞིང་ཁོང་རྩུབ་ལ། །མེ་དྲོད་ཆུང་དང་སྨན་ཆུང་བ། །རྟུག་སྐམ་བཅས་པས་སློངས་པ་དང། །ནད ་ཀྱིས་ལམ་ནི་འགགས་པར་འགྱུར། །མི་བཟང་སྦོ་དང་ལྟེ་བ་དང། །རྒྱབ་དང་རྩིབ་ལོག་མགོ་པོ་ན། །ཕྱི་ས་གཅིན་འགགས་དབུགས་མི་བདེ། །མི་བཟང་པ་ནི་སྐྱེད་པར་བྱེད། །བསྐུ་དང་དུགས་དང་རེངས་བུ་སོགས། །མས་བཏང་དྲག་པོ ་འཇམ་རྩི་བྱ། །རྟུག་སྐམ་གསོ་བའི་གསོ་དཔྱད་ལབ། །ཐམས་ཅད་སྦོ་བདག་ལ་ཕན། །རྩ་བ་ལྔ་པ་ནས་ཚིག་འཁུས། །ཤུ་དག་པུ་ཏི་ཀ་རཉྫ། །རྒྱམ་ཚ་ནས་ཐུག་ལེགས་སྦྱར་བས། །གཟེར་ནད་རྟུག་སྐམ་ལྟོ་སྦོས་འཇོམས། །ཐལ ་སྨན་སེ་འབྲུ་པི་པི་ལིང། །ཤིང་ཀུན་བཅའ་སྒ་སྟར་བུ་དང། །རྒྱམ་ཚ་བཅས་པའི་ཆང་དམ་ནི། །མར་རམ་ཆུ་དྲོན་བཅས་པ་བླུད། །མཁྲེགས་ཅིང་ཡོངས་སུ་འཛག་པ་དང། །ན་ཞིང་བཅད་སྙམ་སེམས་བ་སེལ། །སྨན་འཐུངས་གྱུར་པའི་ཤུགས་ ་བཀག་ན། །རླུང་ལ་སོགས་བའི་ནད་རྣམས་ནི། །འཁྲུགས་ཏེ་སྙིང་གི་ཕྱོགས་སྟོད་ནས། །སྙིང་ནས་མི་བཟང་སྐྱེད་པར་བྱེད། །སྐྱིགས་བུ་ལུད་པ་རྩིབ་ལོགས་ན། །རྨྱ་ཞིང་མིག་འགུལ་ཁ་ཆུ་འཛག་།དྲན་པ་ཉམས་ཤིང་ལྕེ་འཆའ ་ལ། །སོ་ནི་ཀྲིག་ཀྲིག་འཆའ་བར་བྱེད་?་དེ་ལ་སྨན་པས་མ་རྨོངས་བས། །མཁྲིས་པས་ཉེན་ལ་མངར་བ་དང། །བད་ཀན་གྱིས་ཉེན་ཁ་བ་ཡི། །སྐྱུག་སྨན་དག་ནི་མྱུར་དུ་བཏང། །དེ་ནས་དེ་ལ་སྨིན་བྱེད་པའི། །ནད་ཀྱི་ལྟག་མ་སྨིན་པར་བྱ། ། ་དེ་ཡི་མེ་དྲོད་ལུས་ཀྱི་སྟོབས། །རིམ་གྱིས་མངོན་པར་འཕེལ་པར་བྱེད། །ཤས་ཆེར་སློན་གྱུར་རླུང་གིས་ནི། །ནང་གི་སྙིང་ནི་གཟེར་གྱུར་པ། །དེ་ལ་སྣུམ་གྱུར་ལན་ཚྭ་སྦྱིན། །མཁྲིས་པ་བད་ཀན་དེ་ལས་གཞན། །སྨན་ནི་འཐུངས་པར་གྱུར ་ནས་ཤུགས། །བཀག་པར་གྱུར་བའང་བད་ཀན་གྱིས། འགགས་པའམ་ཤིན་ཏུ་སྦྱངས་གྱུར་པའི། །ལུས་ལ་རླུང་ནི་འཇུག་འགྱུར་བས། །རེངས་དང་འདར་དང་ཟུག་པ་དད། །ལུས་སྙོམས་དཀྲིས་སྙམ་སེམས་ཤིང་ཟུག། དེ་ལ་རླུང་ནི་འཇོམས ་པ་ཡིས། །སྣུམ་ཆོས་དུགས་སོགས་ཐམས་ཅད་བསྔགས། །སྨན་ཐུན་ཆེ་ལ་རྣོ་བ་ནི། །བཀྲེས་ཉེན་ལྟོ་སྙིལ་བླུད་ན། །བད་ཀན་མཁྲིས་པ་བཤད་པ་ནི། །བསལ་ནས་ལུས་ཟུངས་འཛག་པར་བྱེད། །དེ་ལ་སྦྱོར་དྲགས་མངར་བ་ཡི། །སྨན ་གྱི་ལྷག་མ་སློན་དུ་གཞུག། སྐྱུག་སྨན་དྲགས་ལ་བཀྲུ་སྨན་བཏང། །འཁྲུས་དྲགས་སྐྱུག་སྨན་འཇམ་པོ་བཏང། །དེ་ལ་ཆུ་རང་ཀླུགས་པ་བཏང། །རོ་སྨན་བཅིང་བས་བཅད་པར་བྱ། །ཏང་ཟིལ་ཙན་དན་པུ་ཤེ་ཙོ། །ར་ཁྲག་ཁ་རའི་ཆུ ་དང་ནི། །འབྲས་ཡོས་ཕྱེ་མའི་སྐྱོམ་ནི། །སྦྱོར་དྲགས་སེལ་བའི་དམ་པ་ཡིན། །སློན་སྨན་སྦྱོར་བ་དྲགས་པ་ལ། །ཆུ་བྲང?་དག་ནི་བླུགས་པར་བྱ། །རྒུན་འབྲུམ་ལ་སོགས་ཁུ་བ་མར་ལ་སྦྲང་རྩི་ཁ་རའི་སྐྱོ་མ་བླུད། །སྒྲགས་པ ་རྣམ་པར་ཤིན་ཏུ་སྐྱུག། མུར་པ་འུ་སུ་སླ་སྒང་དང། །སྟང་ཟིལ་མ་དུ་ཀ་བྱེ་མ། །སྦྲང་རྩིར་བཅས་པའི་ལྡེ་གུ་སྦྱིན། །སློན་མཐར་ལྕེ་ནི་འཁུམས་པ་ལ། །སྣུམ་དང་སྐྱུར་དང་ལན་ཚྭ་དང། །ལྡན་པའི་མཁུར་པ་བཀང་བ་དང། །ཡིད་འོང་ལུག་ཤ་ཤ་ཁུ་ཕན། ། ་དེ་ཡི་མདུན་དུ་མི་གཞན་ནི། །འབྲས་བུ་སྐྱར་བ་ཟ་རུ་གཞུག། ལྕེ་ཕྱིར་བྱུང་ལ་ཏིལ་དང་ནི། །རྒུན་འབྲུམ་ལྡེ་གུ་བསྐུས་ནས་གཞུག། ཚིག་བཀུག་རླུང་གི་ནད་ལ་ནི། །མར་དང་ཤ་དང་གཡོས་པ་ཡི། །ནས་ཐུགས་སླ་བ་སྦྱིན་བྱ་ཞིང། །སྣུམ་དང་དུགS ་ཀྱི་སྦྱོར་བ་བྱ། །སྨན་གྱི་སྦྱོར་བ་དྲགས་པ་ཡི། །སྲོག་ཅེས་བྱ་པའི་ཁྲག་ཕྱུང་ན། །གང་ཕྱིར་དེ་ནི་སྲོག་འཕྲོག་པས། སྲོག་ལེན་པ་ནི་ཡིན་པར་བཤད། །ཁྲག་དེ་དང་ནི་ཟས་བཅས་པ། །ཁྱི་འམ་བྱ་རོག་ལ་བྱིན་ལ། །ཟོས་ན་སྲོག་ཅེས་བརྗོད ་བར་བྱ། །མ་ཟོས་མཁྲིས་པ་ཡིན་པར་བཤད། །ཡང་ན་རས་དཀར་ལ་བསྒོས་ཏེ། །བསྐམས་ལ་ཆུ་དྲོན་གྱིས་བཀྲུས་ལ། །བཀྲུས་ཀྱང་དག་བར་མ་གྱུར་ན། །མཁྲིས་པའོ་དག་ན་ཁྲིག་ཡིན་ནོ། །སྐོམ་དང་བརྒྱལ་དང་མྱོས་ལས་ཉེན། །དེ ་ལ་སྲོག་ནི་མྱུར་བསྲུང་ཕྱིར། །ཁྲག་དང་མཁྲིས་བ་སེལ་བ་ཡི། །གསོ་བ་འཚོ་བའི་བར་དུ་བྱ། །རི་དགས་བ་ལང་མ་ཧེ་ར། །གསོན་པའི་ཁྲག་ནི་ཕྱུང་མ་ཐེག། སྲོག་ནི་འབྱོར་བར་བྱེད་པ་བླུད། །དེ་ནི་མྱུར་དུ་སྲོག་ཏུ་འགྱུར། །དེ་ཉིད་འཇག་མ ་དང་མཉེས་པའི། །བྲག་ནི་འཇམ་རྩིར་བཏང་བར་བྱ། །དུར་བྱིད་ཏང་བལ་ཤིང་མངར་དང། །དུརྦ་བུ་ཤེལ་ཙོ་འོ་མ། །བསྐོལ་བ་མར་གྱི་སྙིང་པོ་དང། །སྟང་ཟིལ་དང་ནི་བཅས་པ་ཡི། །འཇམ་རྩི་གྲད་མོ་བཏང་བར་བྱ། །སྤྱི་བག་འཇམ་རྩི ་རབ་གྲང་བ་འམ། །མར་གྱི་སྙིང་པོ་འཇམ་རྩི་བཏང། །གཞང་ཕྱིར་ཕྱུང་ལ་སྨན་ཁུ་ཡིS། །འཁྲུ་བ་བཅད་ལ་གཞག་པར་བྱ། །དྲན་པ་སྟོར་ལ་རིག་བྱེད་ཚིག། གླིང་བུ་གླུ་སྙན་ཉན་དུ་གཞུག། །།ཡན་ལག་བརྒྱད་པའི་སྙིང ་པོ་བསྡུས་བ་ལས། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་གསུམ་པའོ།། །།དེ་ནས་སྨན་མས་བཏང་བའི་ཆོ་ག་བཤད་པར་བྱའོ། །བ་ལ་སླེ་ཏྲེས་ར་སྣ་འབྲས་བུ་གསུམ། །རྩ་བ་ལྔ་པ་རྣམ་གཉིས་སྲང་རེའི ་ཚད་?་པོ་སོན་ཆ་བརྒྱད་པ་ཤ་སྲང་ལྔ་བཅུ་ཆུ་ནང་བསྐོལ་ཏེ་བཞི་ཆ་ལུས་གྱུར་པ། །བཙགས་ཕལ་ལ་ཕུད་དང་པོ་སོན་ཆ། །བིལྦ་རུ་རྟ་ཤ་ད་པུཥཔ་དང། །ཤུ་དག་གླ་སྒང་པི་པི་ལིང་རྣམས་ཀྱི། །ལྡེ་གུ་བུ་རམ་སྦྲང་རྩི་མར་དང་ནི།། ་ཏིལ་མར་རྒྱམ་ཚ་དག་དང་ལྡན་གྱུར་པ། །དྲོ་འཇམ་ཆོ་ག་བཞིན་དུ་བཏང་གྱུར་པ། །མ་པ་བཏང་མཆོག་སྟེ་ནད་ཀུན་འཇོམས་པ་ཡིན། །ནད་མེད་ལ་ཕན་ཚེ་རིང་ཉམས་རྟས་བྱེད། །འཇམ་རྩི་གང་དུ་ལྡེ་གུ་མ་སྨོས་པ། །དེར་ནི་ཀུན ་ལ་འདི་ཉིད་གཞུག་པར་བྱ། །རྩ་བ་བཅུ་པའི་ཁུ་བ་སྐྱུར་དང་ནི། །ར་ཤ་བཅས་པ་སྔ་མ་བཏགས་པ་དང། །སཱུཾ?་ཆེན་གསུམ་ལྡན་མས་བཏང་མཆོག་ཡིན་ཏེ། རླུང་གི་ནད་ཀུན་འཇོམས་པར་རབ་ཏུ་བཤད། །པ་ལ་པ་ཏོ་ལ་རྩི ་བ་ཆུང་དུ་ལྔ། །ཀྱེ་ལྕེ་བ་དང་ཨེ་རཎྜ་དང་ནས། །བསྐོལ་བའི་ཁུ་བ་བྲེ་གང་ར་ཤའི་ཁུ། །དེའི་ཕྱེད་བཅུག་ལ་བསྐོལ་ཏེ་བྲེ་གང་ལུས། །བྲི་ཡམ་ཀུ་དང་གླ་སྒང་པི་པི་ལིང། །ལྡེ་གུར་བཅས་ཤིང་ཏིལ་མར་ཞུན་མར་དང། །སྦྲང་ན? ་རྒྱམ་ཚ་དང་ནི་ལྡན་གྱུར་པའི། །འཇམ་རྩི་བཏང་ན་མེ་དྲོད་འཕེལ་བ་དང། །ཉམས་སྟོབས་བསྐྱེད་ཅིང་ཤ་ནི་རྒྱས་པ་དང། །མིག་གི་གསལ་སྟོབས་འཕྲལ་དུ་བསྐྱེད་པར་བྱེད། །ེ་རན་དའི་རྩེ་སྲང་གསུམ་པ་ལ་ཤ་།། ་སྲང་གསུམ་རྩ་བ་ལྔ་པ་ཆུང་དུ་དང། །ར་སྣ་པ་ལ་སླེ་ཏྲེས་བ་སྤྲུ་བ། ། ཤ་གན་ད་དོང་ཀ་ཐང་ཤིང་རྣམས། །པོ་སོན་ཆ་བརྒྱད་ཆུ་སྲེ་བརྒྱད་དུ་བསྐོལ། །བརྒྱད་ཆེ་ལུས་པར་གྱུར་པ་དེ་ནང་དུ། །ཤུ་དག་ཤུ་ཏི་སྦ་མའི ་འབྲས་བུ་དང། །པྲི་ཡང་ཀུ་དང་ཤིང་མངར་པི་པི་ལིང། །དུག་མོ་ཉུངས་ཀྱི་ས་བོན་གླ་སྒང་དང། །སྐྱེར་པའི་ཁན་དང་བཅས་པ་ཞིབ་བཏགས་པ། །ཞོ་གཉིས་ཚད་ཀྱི་རྒྱམ་ཚར་བཅས་པ་དང། །སྦྲང་རྩི་ཏིལ་མར་བ་གཅིན་དང་སྦྱིར་བའི།། ་མས་བཏང་སྐྱུག་བྱེད་མེ་དྲོད་བསྐྱེད་པ་དང། །རྐང་པ་བྱིན་པ་བརླ་དང་མཇུག་ཏོ་དང། །ལྟོ་བ་སྙིང་དང་ཕོ་མཚན་ན་བ་དང། །ལུས་ལྕི་རླུང་དང་བཤང་གཅི་འགགས་དང་སྐྲན། །སྡེ་ཆགས་རྒྱུ་ལུགས་གཞང་འབྲུམ་ཕོ་བའི་ནང། །བད་ཀན ་བླུང་ནད་དེ་ད་དེ་དག་འཇོམས། །ཤིང་མངར་སེང་ཕྲོམ་ཙན་དན་ཨ་རུ་ར། །ཙན་དན་ཨུཏཔལ་བ་ཡི་འོ་མར་བསྐོལ། །འཚོ་བྱེད་ཁ་ར་མར་དང་བཅས་པ་ཡི། །འཇམ་རྩི་མཁྲིས་པའི་ནང་རྣམས་སེལ་བར་བྱེད། །ར་སྣ་བ་ཤ ་ཀ་བཙོས་བྱི་ཚེར་བ། །བ་བླ་རྩ་བ་ཆུང་ལྔ་རྩ་བའི་ལྔ། །ཐལ་ཏྲེས་ཙན་དན་ཤུག་པ་རྣམ་གཉིས་དང། །ཤིང་མངར་སེང་ཕྲོམ་སྲང་ནི་ཕྱེད་ཕྱེད་དང། །ཆུ་དང་བསྐོལ་བའི་ཁུ་བ་དེ་དང་ནི། །འོ་མ་བྲེ་བཞི་བསྐོལ་ཏེ་ཆུང་དུའི ་བར། །ཛཱི་བནྟི་དང་མེད་རྣམ་གཉིས་དང། །ཉེར་ཤིང་ར་མ་ཉེ་བ་གཉིས་བི་ད་རི། །ཀ་ཤེ་རུ་དང་ཁ་ར་དཀར་པོ་དང། །ཛི་བ་ཀ་དང་པདྨ་གེ་སར་དང། །སྟག་ཚེར་ཨུཏཔལ་དང་པདྨ་ཀར། །སེང་ཕྲོམ་ཁ་སྲལ་ཕྲེའུ་ཤྲིང་མངར ་དང། །ནཱ་ག་གེ་སར་མུཉྫ་ཏེ་ཀ་དང། །ཙན་དན་རྣམ་གཉིས་བཏགས་པ་མར་དང་ནི། །སྒྲང་རྩི་རྒྱམ་ཚ་དང་ནི་ལྡན་བྱས་པ། །བསྐྲངས་བའི་ནི་རུ་ཧ་ནི་བཏང་བར་བྱ། །སླར་ཕྱུང་སྐམ་སའི་ཤ་ཁུ་འམ་འོ་མ་དང། །འབྲས་ཆན་བྱིན་ལ་ལུས ་ལ་ཆུ་བླུགས་བྱ། །ལུས་ཚ་ཚད་འཁྲུ་མངལ་ནད་ཁྲག་མཁྲིས་དང། །སྙིང་ནད་སྐྱ་རྦབ་མི་བཟང་རིམས་དང་ནི། །སྐྲན་བཅས་གཅིན་འགེགས་མིག་སེར་ལ་སོགས་པ། །མཁྲིས་པ་ལས་གྱུར་ནད་ནི་ཐམས་ཅད་འཇོམས། །ཀེ་ཤ ་ཏེ་ཀི་དོང་ཀ་ཐང་ཤིང་དང། །མུར་བ་གཟེ་མ་ཨརྐ་དུག་མོ་ཉུང། །བ་ཏ་རྒྱ་སྲན་འབྲི་ཧ་ཏི་ཆུ་བསྐོལ། །ཁུ་བ་སྲང་ནི་ཉི་ཤུ་ལུས་པ་དང། །དེར་ནི་ཡུངས་ཀར་སུག་སྨེལ་པོ་སོན་ཆ། །རུ་རྟ་ཞོ་ནི་གཉིས་གཉིས་ཚད་དང་ནི། །སྦྲང ་རྩི་པོ་སོན་ཆ་ཡི་མར་དང་ནི། །ཐལ་སྨན་ཡུངས་མར་སྲད་ནི་གཉིས་གཉིས་བཅས། །མས་བཏང་མེ་དྲོད་ཆུད་དང་ཡི་ག་འཆུས། །བད་ཀན་ལས་གྱུར་ནད་ནི་ཀུན་ལ་ཕན། །དེ་ནས་ནི་རུ་ཧ་འདི་ནི། །སྣུམ་འཇམ་སྐྱིད་དེ་བ་དང་ནི།། ལས་ཀྱིས ་ལུས་སྙོམ་གྱུར་པའི་སྨན། །སྲང་ནི་གཉིས་གཉིས་སོ་སོར་བཤད། །འོ་མ་ལས་ནི་སྲང་བཞིར་བྱ། །སྲང་རྩི་ཏིལ་མར་མར་ཁྱོར་རེ། །གཟར་བུས་བཀྲུགས་པ་མས་བཏད་བས། །རླུང་འཇོམས་སྟོབས་དང་ཁ་དོག་བསྐྱེད། །ཏིལ་མར་ཆང ་དང་སྦྲང་རྩི་མར། །ཁྱོར་ནིར་རེའི་ཚད་དུ་བྱས། །བྱིས་པ་ལ་སོགས་རྩ་བ་ནི། །ཁྱོར་གཉིས་རྒྱ་སྲན་ཁུ་བ་ནི། །ཁྱོར་དེ་བཅས་པ་རླུང་ནད་སེལ། །བཏོལ་དང་ནིམྦ་དང་པོ་མ་བདུན་པ་པུ་ཏི་ཀ། ར་སྣའི་ཁུ་བ་སྲང་གཉིས་གཉིས། །མར་སྲད་གཉིས་དང ་ཡུངས་ཀར་གྱི། །ལྡེ་གུ་བཅས་པ་ཁ་པ་ལྔ། །བད་ཀན་མར་དང་སྲིན་ནང་དང། །མཛེ་དང་ཟ་ཁུའི་ནད་རྣམས་འཇོམས། །ཏིལ་མར་བྷ་བཞིན་ཞོ་ཁ་ཆུ། །སྐྱུར་རྩ་བས་ཁྱེར་ནི་རེ་རེ་དག། ཡུངས་ཀར་བཏགས་པའི་ལྡེ་གུར་སྦྱར། །རྟུག་འགགས་ལྟོ་སྤོས ་སེལ་བྱེད་ཡིན། །པ་ལས་ས་དང་བུ་རམ་ཤིང། །ས་ལ་པརྞི་བི་ད་རི། །ར་སྣ་ཁྱོད་རེ་པི་པི་ལིང། །ལྡེ་གུ་སྦྲང་རྩི་མར་སྦྱར་བའི། །མས་བཏང་ཁུ་བ་འཕེལ་བར་བྱེད། །དེ་ནས་གྲུབ་པའི་འཇམ་རྩི་ནི། །ཉེས་པ་མེད་ཅིང་འབྲས་བུ་ཆེ། །སྟོབས་བསྐྱེད་ལུས ་འཕེལ་བདེ་བར་བྱེད། །ཀུན་ཏུ་སྦྱར་བྱ་བཤད་པར་བྱ། །སྤྲང་རྩི་ཏིལ་མར་ཆ་མཉམ་པ། །རྒྱམ་ཚ་ཞོ་གཉིས་ཤུ་ཏི་བཞི། །ེ་རཎྜ་ཡི་རྩ་བ་བསྐོལ། །མས་བཏང་སྦྲང་རྩི་ཏིལ་མར་དང། །བཅུད་ཀྱིས་ལེན་ཏེ་གཅིན་སྙི་དང། །གཞང ་འབྲུམ་སྲིན་བུ་སྐྲན་ནད་དང། །རྒྱུ་མ་རླུགས་པའི་ནད་རྣམས་སེལ། །འདི་ནི་ཤིང་མངར་ཕྱེ་མར་བཅས། །མིག་ལ་ཕན་ཞིང་ཁྲག་མཁྲིས་སེལ། །གླ་སྒང་ལྡེ་གུ་སྤང་རྩི་དང། །ཏིལ་མར་ཤ་ཁུ་མར་བཅས་པ། །འཆོ་བར་བྱེད་པ་ཞེས་བྱ་སྟེ། །གཞང་གི ་ནད་དང་བརླ་ནད་དང། །ཆུ་སོ་དང་ནི་རླིག་པ་དང། །ཕོ་མཚན་ཟུག་པའི་ནད་རྣམས་སེལ། །སྦྲང་རྩི་མར་དང་ཞག་དང་ནི། །ཏིལ་མར་ཁྱོར་ནི་རེ་རེའི་ཚད། །རྒྱམ་ཚ་ཞོ་གཅིག་སྤ་མ་ཡི། །འབྲས་བུ་སྲད་ཕྱེད་བཅས་པ་དག། དེ་ཡང་འཆེ་བ་ཡིན་པར་བཤད། ་ཨེ་རཎྜ་རྩ་བསྐོལ་པ་ཡི། །ཁུ་པ་ཤུ་དག་པི་པི་ལིང། །པོ་སོན་ཆ་ཡི་ཕྱེ་མར་བཅས། །སྦྲང་རྩི་ཏིལ་མར་རྒྱམ་ཚར་བཅས། །འདི་ནི་ཤིང་རྟ་ཅན་ཞེས་བྱ། །དེ་བསྐོལ་ཤུ་དག་ཤུ་ཏི་དང། །ཤིང་ཀུན་རྒྱམ་ཚ་ཐད་ཤིང་དང། །ར་སྣ་སྦྲང་རྩིར་སྦྱར་བ་ཡི།། ་འཇམ་རྩི་ནད་སེལ་ཞེས་བྱ་དགེ། རྩ་བ་ལྔ་ཡི་ཁུ་བ་དང། །པི་པི་ལིང་དང་རྒྱམ་ཚ་དང། །ཤིང་མངར་སྦྲང་རྩིར་བཅས་པ་ཡི། །ཏིལ་མར་གྲུབ་པའི་འཇམ་རྩིར་བཤད། །རྩ་པ་བཅུ་པ་འབྲས་བུ་གསུམ། །པོ་སོན་ཆ་ནི་བིལྦར་བསྐོལ། །བ་གཅིན་དང་ནི ་དེ་བཏགས་ཤིང། །བ་ཏ་གླ་སྒར་དུག་མོ་ཉུང། །ལན་ཚྭ་པ་སོན་ཆ་ཏིལ་མར་ཐལ་སྨན་ལན་ཚྭར་བཅས་པ་ནི། །རིགས་པའི་འཇམ་རྩི་བད་ཀན་ནད། །སྐྱ་རྦབ་གསུང་པའི་ནད་རྣམས་དང། །ཁུ་པ་རླུང་ནི་འགགས་པ་དང། །རླུང་འཁྲུགས་པ ་ལ་བསྔགས་པ་ཡིན། །གླ་སྒང་པ་ཏ་ཨེ་རཎྜ། །སླེ་ཏྲེས་པ་ལ་བ་སྦུ་བ། །ར་སྣ་བཙོད་དང་དོང་ཀ་དང། །པུ་ཤེལ་ཙོ་དང་ཀྱི་ལྕེ་བ། །བ་རུ་ར་དང་པུ་ཙོ་ཤེལ། །རྩ་བ་ལྔ་པ་ཆུང་དུ་རྣམས། །སྲད་རེ་པོ་སོན་ཆ་རྟོག་བརྒྱད། །དེ་ནི་ཆུ་བྲི་བཞི ་ནང་བསྐོལ། །བཞི་ཆ་ལུས་པ་བཙགས་ནས་ནི། །འོ་མ་བྲེ་དོ་དང་བསྲེལ་ལ། །འོ་མ་ལུས་པ་སླར་ཡང་བསྐོལ། །སྐམ་སའི་ཤ་ཁུ་བཞི་ཆ་དང། །སྦྲང་རྩི་རྒྱམ་ཚ་ཤིང་མངར་དང། །ཤུ་ཏྲི་དུར་བྱིད་པི་པི་ལིང། །དུག་མོ་ཉུང་དང་སྐྱེས ་ཁཎྜ། །བཏགས་པ་དང་ནི་བསྲེས་པ་ཡི། །འཇམ་རྩི་དྲོ་འཇམ་བཏང་ནས་ནི། །ཤ་དང་མེ་དྲོད་ལུས་ཀྱི་སྟོབས། །ཁུ་བ་འཕལ་བར་བྱེད་པ་ཡིན། །དྲེག་ནང་རྨོངས་བག་གཅིན་སྙི་དང། །གཞང་འབྲུམ་སྐྲན་དང་བཤང་གཅི་འགགS།། ་མི་བཟད་རིམས་དང་མེ་དཔལ་དང། །རྒྱུ་རླུགས་ལྟོ་སྦོ་འཁྲུག་ཅིང་འཁྲུ། །ཆུ་སོ་རྐེང་པ་བརླ་དཀུ་ན། །གཉེའུ་རེངས་རྣ་བ་འགོ་བའི་ནད། །ཟླ་མཚན་ནད་དང་སྨྱོ་བྱེད་དང། །འོར་ནད་ལུད་པ་རྡེའུ་ཆགས་དང། །གཅིན་འཁྱིལ་པ་ཡི་ནད་རྣམས ་འཇོམས། །དབང་པོ་ཉམས་ཤིང་ཞུམ་པ་དང། །མིག་ལ་ཕན་ཞིང་བུ་སྐྱེད་བྱེད། །འཚོ་བྱེད་རྒྱལ་པོ་བཅུད་ལེན་ཡིན། །རི་དགས་ཕྲོ་མོ་མགོ་ཆུང་བ། །རྩ་བ་བཅུ་པ་བསྐོལ་བའི་ཆུ། །སྦ་མའི་འབྲས་བུ་ཤུ་ཏི་དང། །གླ་སྐད་ལྡེ་གུ་སྣུམ་ཆེན ་བཅས། །མས་བཏང་རླུང་ནི་སེལ་བའི་མཆོག། ཤིན་ཏུ་རོ་ཙར་བྱེད་པ་ཡིན། །རྨ་བྱའི་གཤོག་པ་མཁྲིས་པ་དང། །རྒྱུ་མ་རྐང་པ་མཆུ་རྟུག་པ། །བོར་བའི་ཤིན་འབའ་ཤིག་དང། །རྩ་བ་ལྔ་པ་ཆུང་དུ་ནི། །སྲང་རེ་དང་ནི་ལྡན་གྱུར་པ། །ཆུ་དང ་འོ་མར་བསྐོལ་ནས་ནི། །འོ་མ་ལུས་པར་སྦྲང་རྩི་མར། །བཅས་དང་དེ་བཞིན་བི་ད་རི། །ཤིང་མངར་ཤུ་ཏི་པི་པི་ལིང། །པོ་སོན་ཆ་ཡི་ལྡེ་གུར་བསྲེས། །རྒྱམ་ཚ་ཆུང་ཟད་བཏབ་པ་ཡི། །འཇམ་རྩི་སྟོབས་འཕེལ་ར་རྩའི་མཆོག། གོང་མ་བསྲེགས ་ལ་སོགས་པ་ལའང། །ཆོ་ག་འདི་ནི་སོ་སོར་བྱ། །ཁྲོན་གྱིས་གཟས་ཚོལ་ཐམས་ཅད་དང། །མཐུ་རྩལ་མཆུ་ཡིས་གཟས་ཚོལ་བ། །ཆུ་ལ་གནས་པའང་དེ་བཞིན་ཏེ། །ཉ་ལ་འོ་མ་སྤང་བར་བྱ། །སྲམ་དང་ནེའུ་ལེ་བྱི་ལ་དང། །རེག་འཇམ ་བྱི་བ་རྣམས་ཀྱི་ཤ། རེ་རེ་སྲང་བཅུ་རྩ་བ་ལྔ། །འོ་མའི་ནང་དུ་བསྐོལ་ནས་ནི། །འོ་མ་དེར་ནི་པོ་སོན་ཆ། །པི་པི་ལིང་དང་ལན་ཚྭ་གཉིས། །ཁ་ར་ཏིལ་མར་སྦྲང་རྩི་མར། །འཇམ་རྩི་བཏང་ན་བཅུད་ལེན་ཡིན། །རྩོལ་བས་དཀྲུགས་གློ ་འགྲམས་པ་དང། །དབང་པོ་ཉམས་དང་གཟི་མདངས་སྟོབས། །ཁུ་ཆུ་བཤང་གཅི་འགགས་པ་དང། །དྲེག་ནད་ཀྱིས་འཐེང་ནད་རྣམས་དང། །རྟ་དང་གླང་པོ་ཤིང་རྟས་གཡེངས། །རྐང་ལག་ཆག་གྲུགས་གྱུར་པ་ལ། །སླར་ནི་བདེ་བར་འཚོ་བྱེད་ཅིང། །རོ་རྩ་བྱེད ་པའི་མཆོག་ཡིན་ནོ། །ཁ་སྲལ་བུ་རམ་ཤིང་ཕྲན་ལས། །གཡོས་སུ་བྱས་པའི་འོ་ཐུག་བླུད། །སྣུམ་ཞིང་བསྡམ་པ་མི་དགོས་པའི། །གྲུབ་པའི་སྨན་ནི་སྦྱར་བར་བྱ། །ནད་འཇོམས་བསྲུང་དང་བཅས་པ་ཡི། །སྣུམ་གྱི་འཇམ་རྩི་བཤད་བྱ་སྟེ། །རྩ་བ་བཅུ་པ་པ་ལ ་དང། །ར་སྣ་ཨ་ཤ་གནདྷ་དང། །བ་སྦྲུ་བ་དང་ཨེ་རཎ་དང། །སླེ་ཏྲེས་ག་པྲའི་རྩ་བ་དང། །བ་ཤ་ཀ་དང་བུ་ཏི་ཀ། ས་ཧ་ར་ཙ་ཉེར་ཤིང་པ། །ཀ་ཀ་ན་སེ་སྲང་རེ་དང། །ནས་དང་མ་ཤ་ཟར་མ་དང། །རྒྱ་ཤུག་རྒྱ་སྲན་ཁྱོར་རེའི་ཚད། །ཆུ་བྲེ་དྲུག་ཅུ་རྩ་བཞི་བསྐོལ།། ་དེ་ལས་བྲེ་ནི་བཅུ་དྲུག་ལུས། །འཚོ་བྱེད་སྡེ་ནི་སྲང་རེ་བཅུག། ཏིལ་མར་བྲེ་ནི་བཞི་དང་བསྐོལ། །འདི་ནི་འཇམ་རྩིར་བཏང་གྱུར་ན། །རླུང་ནད་ཐམས་ཅད་སེལ་བར་བྱེད། །དེ་བཞིན་སྐམ་སའི་སྲོག་ཆགས་ཞག། འཚོ་བྱེད་སྡེ་དང་བཅས་པར་བསྐོལ། །ཤུ་ཏི་ནས་དང་བིལྦ ་སྒྱུར། །ཏིལ་མར་བསྐོལ་བས་རླུང་ནས་སེལ། རྒྱམ་ཚ་མདོག་དམར་གྱུར་གྱི་བར། །མེར་བསྲེགས་མར་གསུར་ནད་རླུང་འཇོམས། །ཛཱི་བནྟི་དང་པོ་སོན་ཆ། །མེད་རྣམ་གཉིས་སྲ་བ་ནི། །ཤིང་མངར་བ་ལ་ཤུ་ཏི་དང། །ཟངས་རྩི་བ་དང་པི་པི་ལིང། །ཀ་ཀ་ན ་སི་ཉེར་ཤིང་བ། །ཁ་སྲལ་ཤྲ་རི་ཀ་ཀ་རི། །ཟུར་བ་ཀརྐ་ཏ་སྲིང་གི། ཤུ་དག་བཏགས་པའི་ལྡེ་གུ་དང། །ཏིལ་མར་མར་དང་འོ་མ་ནི། །བཞི་འགྱུར་གྱི་ནི་ནང་དུ་བསྐོལ། །འཇམ་རྩི་ཉམས་རྟས་རླུང་མཁྲིས་འཇོམས། །སྟོབས་དང་ཁུ་བ་མེ་དྲོད ་འཕེལ། །ཁྲག་དང་ཁུ་བའི་ནད་སེལ་བྱེད། །བུ་སྐྱེད་པར་ཡང་བྱེད་པ་ཡིན། །རྒྱམ་ཆེ་རུ་རྟ་བོ་སོན་ཆ། །ཤུ་ཏི་ལྕང་མ་ཤུ་དག་དང། །བ་ལ་ཀ་དང་ཤིང་དང་ར་དང། །ག་བྲའི་རྩ་བ་ཀདཔ་ལ། །ཐད་ཤིང་དོང་ཀྲ་མ་ནུ་དང། །མེ་ད་དབྱི་མོང་ཙི་ཏྲ་ཀ། ཟུར ་བ་བོང་ད་བི་ཊཱངཀ། །ཤཱ?་མ་དུར་བྱིད་ཏ་རེ་ནུ། །སྟི་ར་བིལྦ་ནི་ཡི་ནི། །ཏིང་མུ་ས་དང་པི་པི་ལིང། །དནད་ར་སྣ་ཆ་མཉམ་པ། ། རཎྜ་ཡི་མར་རམ་ནི། །ཏིལ་མར་བསྐོལ་བའི་འཇམ་རྩི་ཡིས། །བད་ཀན་ནད་འཇོམས་རྒྱུ་རླུངས་དང། ་རྟུག་སྐམ་སྐན་དང་གཞང་འབྲུམ་དང། །མཆེར་པའི་ནང་དང་གཅིན་སྙི་དང། །རུང་འཁྱིལ་བ་དང་ལྟོ་སྤོས་དང། །རྡེ་ཆགས་ནང་ནི་མྱུར་དུ་སེལ། །ཡང་ན་བིལྦ་ལ་སོགས་པའི། །རྩ་བ་ལྔ་དང་ཏིལ་མར་བསྐོལ། །ཡང་ན་བད་ཀན་སེལ་སྨན་སྦྱང ་ཏིལ་མར་དང་བཏང་བད་ཀན་འཇོམས། །ཡང་ན་པོ་སོན་ཆ་བརྒྱད་འགྱུར། །སྐྱུར་བསྐོལ་འཇམ་རྩི་བད་ཀན་སེལ། །འཇམ་རྩི་འཇམ་པ་རྨོངས་འགྱུར་ལ། །རྣོན་པོས་ཉེ་བར་སྦྱང་པར་བྱ། །རྣོ་བས་གནོད་པ་སྣུམ་པ་དང། །མངར་ཞིང་བསིལ ་པ་འཇམ་པ་བཏང། །རྣོན་པོ་བ་གཅིན་པི་ལུ་དང། །ཙི་ཏྲ་ཀ་དང་ལན་ཚྭ?་དང། །ཐལ་སྨན་དང་ནི་ཡུངས་ཀར་རྣམས། །དུས་ལ་བབ་པར་བཏང་?་བྱ། འོ་མ་མར་སོགས་འཇམ་པོ་ཡིན། །ནད་སྟོབས་དུས་དང་ནད་གཞི་རང་བཞིན་དག། རྣམ ་བར་ཕྱེ་སྟེ་འཇམ་རྩི་བཏང་བར་བྱ། །རང་རང་གི་ནི་སྨན་གྱི་སྡེ་ཚན་གྱིས། །དང་རང་གི་ནི་ནད་རྣམས་བསལ་བར་བྱ། །ཚ་བས་ཉམ་ཐག་ལ་བསིལ་བ། །བསིལ་བས་ཉེན་ལ་དྲོ་འཇམ་སྦྱར། །དེ་དང་འཚམ་པའི་སྨན་ལྡན་པར། །འཇམ ་རྩི་བཏགས་ཏེ་བཏང་བར་བྱ། །སྦྱང་བར་བྱ་བའི་ནང་རྣམས་ལ། །རྟས་བྱེད་འཇམ་རྩི་མི་བཏང་ཞིང། །མི་གང་མཛེ་གཅིན་ནང་ཀྱིས་ཉེན། །ཆིལ་རྒྱས་ནད་ལ་བཏང་མི་བྱ། ཉམས་ཆུང་གློ་འགྲམས་པ་དང་བརྒྱལ་བ་དང། །ལུས་སྐམ་རིང ་དང་སྦྱངས་པའི་ལུས་ཅན་དང། །གང་ཡང་དྲི་མས་ཚེ་ནི་བཟུང་འགྱུར་ལ། །སྤྱོད་པར་བྱེད་པའི་མས་གཏད་བཏང་མི་བྱ། །ཡན་ལག་བརྒྱད་བཱི་སྙིང་པོ་བསྡུས་བ་ལS། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་སྟེ་བཞི་པའོ། །། ་དེ་ནས་སྨན་མས་བཏང་བའི་ཆོགས་ནད་ཕྱིན་ཏེ་སོས་པར་བྱ་བའི་ལེའུ་བཤད་པར་བྱའོ། །སྣུམ་འཆོས་དུགས་ནི་མ་བྱས་དང། །ལྟོ་ལྕིབ་ལ་སྨན་གྲང་སྣུམ། །ཚ་ཉུང་སྨན་ཚད་ཚུངས་པ་འམ། །སྨན་ནི་བསྐ་བ་བཏང་འགྱུར་ན། །དེ་ཡི་ནང་ནི་སློངས་གྱུར་དང། ། ་སྟོབས་ཆུང་བ་ཡི་ནད་མ་ཕྱིན། །སྦྱོར་བ་ཉེས་པ་སྐྱེ་པར་འགྱུར་ཞིང། །ཕྱེན་དང་ཕྱི་ས་གཅིན་སྲི་དང། །ལྟེ་བ་ཆུ་སོན་ཞིང་ཚ། །དང་ཀར་ཆགས་ཤིང་གཞང་སྐྲངས་དང། །གཡན་པའི་ཐོར་བུ་མདོག་མི་སྡུག། མི་དགའ་མེ་དྲོད་ཆུད་པར་འགྱུར། །ཚད་འཁྲུའི ་ཉེས་པ་བར་མ་ལ། །སྔར་བཤད་སྨན་གྱི་ཁུ་པ་གཉིས། །དེ་ལས་གཅིག་ནི་དྲོ་བ་ཡི། །བཏུང་བ་བླུགས་པར་བསྔགས་པ་ཡིན། །པོ་སོན་ཆ་ཡི་རེང་བུ་དུགས། །དུས་ཤེས་པ་ཡིས་བཀྲུ་སྨན་བཏང། །བིལྤའི་རྩ་བ་དུར་བྱིང་དང། །ཐར་ཤིང་ནས་དང ་རྒྱ་ཤུགས་པ། །རྒྱ་སྲན་ཆང་དང་བ་གཅིན་བཅས། །མས་གཏང་འགགས་པ་སེལ་བར་བྱེད། །ནད་གཞི་ཤས་ཆེ་ལུས་རྩུབ་དང། །ལྟོ་སྲ་ནུས་པ་ཆུང་བཏང་ན། །མས་བཏང་ནད་གཞི་སློངས་ནས་ནི། །རླུང་གི་ལམ་ནི་འགགས་པར་བྱེད། །རླུང་ནི ་ལམ་ལོག་ཞུགས་པ་ངེས། །ལྟོ་སྦོས་ནད་རྣམས་གཟིར་བར་བྱེད། །གཞན་དང་ལྟོ་བ་ཚ་བ་དང། །རླིག་པ་ཆུ་སོན་བྱེད་ཅིང། །སྙིང་གར་འགགས་པས་གཟེར་བ་དང། །ཕན་ཚུན་དུ་ནི་འགྲོ་བར་བྱེད། །དེ་ལ་ལུས་བསྐུ་དུགས་བྱས་པའི། ། ་ལུས་ལ་རེང་བུ་གཞུག་པར་བྱ། །བིལྦ་བ་སོགས་སམ་པི་ལུ་དང། །ཡུངས་ཀར་བ་གཅིན་བཅས་མས་བཏང། །ཙི་ཏྭ་ཐང་ཤིང་ཏིལ་མར་ནི། །བསྐོལ་བའི་འཇམ་བརྩི་བཏང་བར་བྱ། །ཤུགས་ནི་བཀག་པར་གྱུར་པ་འམ། །བཙིར་དྲགས ་པར་ནི་བྱས་པ་འམ། །ལན་ཚ་སྣུམ་ཤས་ཆུང་ལ་ཚ། །སྨན་ཆུང་བ་ཡིས་མས་བཏང་བ། །འཇམ་རྩིས་རླུང་གི་གྱེན?་དུ་ལ?་ཕུལ། ལ།ཁ་དང་སྣ་ནས་འབྱུང་བར་འགྱུར། །དེ་ཡིས་བརྒྱལ་དང་སྙིང་ནད་དང། །སྐོམ་དང་ཚ་བ་ལ་སོགས་འབྱུང། ་བརྒྱལ་བའི་ནད་ནི་མཐོང་འགྱུར་ན། །དེ་ཡི་རྡོལ་ཆུ་གྲང་གཏོར། །ངལ་སོས་བར་དུ་གཡབ་པ་དང། །དབུགས་རྡུབ་འབྱུང་བ་བྱེད་དུ་གཞུག། ཁ་སྦུབ་བཞག་སྟེ་རྒྱབ་རྩིབ་ལོགས། །ལྟོ་བ་ལག་པ་དྲོན་པོས་མཉེ། །སྐྲ ་ན་བཏེགས་ཏེ་སྤྲུག་པ་དང། །སྦྲུལ་དང་མཆེ་བཅན་འཇིགས་བསྟན། །མཚོན་དང་ཐོག་པབ་རྒྱལ་པོའི་མིས། །སྐྲག་བཅས་མས་བཏང་ཐུར་དུ་འཐུངས། །ལག་པ་གོས་ཀྱིས་མགུལ་བར་བསྡུམ། །ཅི་ནས་འཆི་བར་མི་འགྱུར་བྱ།། ་སྲོག་དང་གྱེན་དུ་རླུང་བཀག་པས། །ཐུང་སེལ་ཤིང་དུ་བདེ་འགྱུར་བ། །གྲུབ་པ་ཡིན་ན་མས་བཏང་བ། །མྱུར་དུ་འདྲེན་པར་བྱེད་པ་ཡིན། །རུ་རྟ་གླ་གོར་ཞོ་ཤ་ཡི། །ལྡེ་གུ་སྐྱུར་རྩབས་སྦྱར་ཏེ་བླུད། །དྲོ་དང་རྣོ་དང་འཁྲུ་བ་ཡིས། །མས ་བཏང་ལུགས་བཞིན་འབྱུང་བར་བྱེད། །དུར་བྱིང་ཨ་རུ་ར་པ་གཅིན། །སྦྱར་བླུད་ལུགས་བཞིན་འབྱུང་བར་བྱེད། །ཞུ་བའི་གནས་འདུག་དུགས་བྱས་ལ། །རྩ་བ་བཅུ་པ་རྒྱ་ཤུགས་ནས། །རྒྱ་སྲན་པ་གཅིན་བསྐོལ་བ་ཡི། ། ་མས་བཏང་དྲང་པོར་གྱུར་བར་བྱ། །སླེ་ཏྲེས་སྨྱུག་མའི་ལོ་མ་དང། །བུ་ཏི་ཀ་རཉྫའི་ཤུན་པ། །ལོ་མ་ཟུང་བ་ཐང་ཤིང་དང། །པུ་ཏི་ཀ་ནི་བ་བཅིན་བསྐོལ། །ཏིལ་མར་བུ་རམ་རྒྱམ་ཚར་བཅས། །བཀྲུ་སྨན་ལྡེ་གུར་བཅས་བ ་བཏང། །མས་བཏང་བྲང་ན་གནས་པ་ལ། །བིལྦ་ལ་སོགས་ལྔ་བསྐོལ་བཏང། །མགོར་གནས་སྣང་བླུགས་དུད་པ་རྡུབས། །ཡུངས་ཀར་ལྡེ་གུས་མགོ་བོ་བསྐུ། །མས་བཏང་དྲོད་ཆེས་རྣོ་སྐྱུར་དྲགས། །བསྐ་ཆེས ་དུགས་ནི་དྲགས་བ་དང། །ནད་གཞི་ཆུད་ཞིང་ལྟོ་སྙི་ལ། །ཡང་དང་ཡང་དུ་བཏང་བ་ཡིས། །སྦྱོར་བ་དྲགས་པ་ཉིད་འགྱུར་པས། །ལྟོ་བའི་ནད་ནི་སྐྱེད་པར་བྱེད། །དེ་ལ་བཀྲུ་སྨན་སྦྱར་དྲགས་དང། །གསོ་བ་མཚུངས་པ ་ཉིད་དུ་བྱ། །མས་བཏང་ཐལ་སྨན་སྐྱུ་རྣོ་དྲོ། །ལན་ཚྭ་ཅན་ནམ་མཁྲིས་ཅན་ལ། །གཞན་ཚ་འབྲུང་ཅིང་གནོད་པ་དང། །ཡོངས་སུ་འཛག་པར་བྱེད་པར་འགྱུར། །ཁྲག་ནི་བཙོས་པ་ལྟ་བུར་འབྱུང། །མཁྲིས་པའང་མདོག་མང་འབྱུང་བར་བྱེད། ། ་ལན་མད་ཤུགས་དྲག་འབྱུང་བ་དང། །ཡང་དང་ཡང་དུ་བརྒྱལ་བར་འགྱུར། །དེ་ལ་ཁྲག་མཁྲིས་འཁྲུ་བ་སེལ། །གསོ་བར་རབ་ཏུ་བསྔགས་པ་ཡིན། །ཚ་བ་སོགས་ལ་དུར་བྱིད་ཀྱི། །ལྡེ་གུ་རྒུན་ཆུར་སྦྱར་བ་བླུད། །དེ་ཡིས་བཤད་རླུང ་མཁྲིས་པ་ནི། །བསལ་ནས་ཚ་བ་ལ་སོགས་འཇོམས། །དག་གྱུར་ནས་ཐུག་གྲང་མོ་ནི། །ཁ་ར་དད་ནི་བཅས་བར་བླུང། །འཁྲུ་བ་དྲགས་པར་གྱུར་པ་ཡིས། །བཤད་བ་ཟད་ལ་ཁ་ཟས་ནི། །མ་ཤའི་ཁུ་བ་ཟན་དྲོན་སྦྱིན། །ཞོ་དང་ཆད ་ནི་བླུད་པར་བྱ། །དེ་ལྟར་གྲུབ་པའི་མས་བཏང་ཉེས། །བཤད་ནས་སྣུམ་ཀྱི་མས་བཏང་གཤད། །རླུང་ཅན་གྲང་ཞིང་ཆུང་བ་དང། །མཁྲིས་པ་རབ་ཚ་བད་ཀན་འཇམ། །འདྲས་ཆེས་བ་ལ་ལྕི་བ་དང། །བཤད་བ་སོགས་ལ་སྟོབས་ཆུད་བཏད། ་དེ་ནི་སྣུམ་རླུང་འདྲེ་གྱུར་ཞིང། །ཟིལ་གྱིས་མནན་པས་འབྱུང་མི་འགྱུར། །རེངས་དང་བརླ་ན་སྦོས་པ་དང། །རིམས་དང་གཟེར་དང་ཡན་ལག་ན། །རྩིབ་ལོགས་ན་དང་འདར་བ་ནི། །སྣུམ་རླུང་འདྲེས་ལས་འབྱུང་ཞེས་བྱ། །དེ་སྣུམ་ལན་ཚ་དྲོ་དང ་སྐྱུར། །སྣ་པི་ཏྲ་ཏྲོ་ཡི་མར། །དང་སྐྱུར་ཆད་དང་རྒྱ་ཤུག་དང། །རྒྱ་སྲན་ནས་དང་བསྐོལ་བའམ། །རྩ་བ་ལྔ་པ་བ་གཅིན་བཅས། །མས་བཏང་དྲག་པོས་ལེགས་བསལ་བྱ། །དེ་དག་ཉིད་ཀྱིས་ཏིལ་མར་དང། །རྒོངས་ཀར་ན་ཟོས་འཇམ་རྩི ་བཏང། །སྐོམ་དང་ལུས་ཚ་རྨོངས་བག་དམར། །མདོག་ཉམས་རིམས་འདེབས་མུན་པར་མཐོང། །མཁྲིས་པ་དང་འདྲེས་ཡིན་ཞེས་བྱ། །ཁ་མངར་མས་བཏང་བྱས་ཏེ་སྦྱང། །ལུས་སྙོམ་སྒྱིད་ཞན་རིམ་དྲག་འདེབས། །ཆམ་པ ་ལུས་ལྕི་ཡི་ག་འཆུས། །བརྒྱལ་བྱས་ན་བས་བད་ཀན་དང། །འཇམ་རྩིའི་སྣུམ་ནི་འདྲེས་ཞེས་བྱ། །དེ་ལ་བསྐ་དང་ཁ་དང་ཚ། །ཆང་དང་པ་གཅིན་ལ་བསྐོལ་བྱ། །པོ་སོན་ཆ་དང་ཏིལ་མར་དང། །སྐྱུར་བཅས་མས ་བཏང་བ་ཡིས་བསལ།། སློན་དང་རྒྱལ་དང་ཡི་ག་འཆུས། །སྙོམ་གཟེར་གཉིད་ཆེ་ཡན་ལག་ནི། །མ་ཞུའི་མཚན་མར་ལུས་ཚར་བཅས། །དེ་ནས་འདྲངས་ཆེས་འདྲེས་ཞེས་བྱ། །དེ་ལ་ཚ་དང་ལན་ཚར་ཕྱེ། །བསྐོལ་པའི ་སྨིན་བྱེད་སྨན་དང་ནི། བཀྲུ་སྨན་འཇམ་པོ་བཏང་པ་དང། །མ་ཞུལ་ཕན་ཐམས་ཅད་ཕན། །གཅིན་རྟུག་ཕྱེན་ནི་འགགས་པས་ཉེན། །ལུས་ལྕི་སྦོས་སྙིང་ག་ན། །སྣུམ་དང་བཤད་འདྲེས་ཡིན་ཞེས་བྱ། །དེ་ལ་སྣུམ ་དུགས་རེང་བུ་བཅས། །དུར་པྱིད་པིལྦ་སོགས་བསྐོལ་བ། །མས་བཏང་དྲགས་དང་འཇམ་རྩི་བཏང། །རྟུག་པ་འགགས་པ་སེལ་བས་ཀྱང། །ཆོ་ག་བཞིན་དུ་ལེགས་པར་བསལ། །ལྟོགས་པ་འམ་གཞད་ནི་སྐྲངས ་པ་འམ། །ཐུག་པ་ལེགས་པར་འཐུངས་པ་ཡིས། །རྒྱབ་ཏུ་སྣུམ་ནི་བཏང་འགྱུར་ན། །སྡོད་པ་མེད་པར་ཤུགས་ཀྱི་རྒྱུ། །དེ་ནས་རོ་སྡོད་མགྲིན་པ་དང། །སྟོད་ཀྱི་བུ་གདག་ཏུ་འབྱུང། །དེ་ལ་དུར་བྱིད་རྒྱ་ཤུག་ནས། །རྒྱ་སྲན ་པ་གཅིན་བསྐོལ་བ་དང། །དེ་དང་བསྐོལ་བའི་ཏིལ་མར་ནི། །མས་བཏང་འཇམ་རྩིར་བཅས་པ་བཏང། །ལྐོག་མར་བྱུང་བ་དགག་པ་དང། །ལྐོག་མར་བསྡམས་ཤིང་སྐྱུག་སྨན་བཏང། །སློན་བྲོ་སེལ་བའི་གསོ ་པས་བྱ། །བཟློག་པ་དག་ནི་དེ་ལ་བྱ། །སྣུས་ཆོས་མ་གྱུར་མི་བཏང་སྟེ། །དེས་ནི་གཞང་ཁ་ཆགས་འགྱུར་ཞིང། །དེ་ལ་ནད་བཅས་རྨོངས་བག་དང། །གཡའ་དང་སྐྲད་བ་སྐྱེད་པར་བྱེད། །དེ་ལ་མས་བཏང་རྣོན་པོ་དང།། ་ཨརྐའི་ལོང་བསྐོལ་ཏིལ་མར་བཏང། །དབུགས་མ་ཕྱུང་བར་བཅིངས་པའམ། །མ་ལུས་པར་ནི་བཏང་བ་ཡིས། །རླུང་ཞུགས་ནས་ནི་འཁྲུག་བྱེད་ཅིང། །གཟེར་དད་ན་བ་སྐྱེད་པར་བྱེད། །དེ་ལ་གཞང་ཁ་བསྐུ་དུགས་བྱ། །རླུང་འཛམས་པ་ཡི་ཁ་ཟས་བཏང། །མྱུར་དུ ་བཅུག་ཅིང་ཕྱུང་བའམ། །གློ་བུར་དུ་ནི་བཏེགས་པ་ཡིས། །རྐེང་པ་གཞང་དང་བརླ་བྱིན་ལ། །ཆུ་སོ་རེངས་ཤིང་ན་བར་འགྱུར། །དེ་ལ་རླུང་འཇོམས་ཁ་ཟས་དང། །དུགས་བསྐུ་འཇམ་རྩིར་བཅས་པ་ཕན། །བཙིར་བའི་ཆེན་བར་དུ་གྲོལ། །རླུང་གིས་གཞད་ལ ་གནོད་གྱུར་ནས། །བྲང་དད་མགོ་བོ་གཟེར་ཞིང་ན། །བརླ་ཡི་ནད་གཞང་དང་བརླ་བྱིན་ལ། །ཆུ་སོ་རེངས་ཤིང་ན་བར་འགྱུར། དུར་བྱིང་སོགས། །བ་གཅིན་དང་ནི་སྦྱར་པ་བཏང། །བཅིར་དྲགས་པ་ཡིས་ཁོང་པར་ནི། །མི་འདུག་ལྐོག་མར་འབྱུང་པར་འགྱུར། །དེ་ལ་མས ་བཏང་བཀྲུ་སྨན་དང། །མགུལ་པ་བསྡམས་སོགས་ལས་རྣམས་བྱ། །བཀྲུ་སྨན་སོགས་པས་དག་བྱས་ནས། །ལུས་དང་ཉམས་སྟོབས་མེ་དྲོད་ཆུང། །སྒོ་ད་གཞོན་ནུ་འམ་ཏིལ་མར་ནི། །སྣོད་ནི་གང་བ་ཇི་བཞིན་དུ། །གནོད་པར་གྱུར་པ་ཐམས་ཅད ་ལས། །སྨན་པས་འབད་དེ་བསྲུང་བར་བྱ། །ཁ་ཟས་མངར་དང་ཡིད་འོང་སྤྱིན། །དེ་འོག་སྐྱུར་དང་ལན་ཚར་བཅས། །དེ་ནས་མངར་དང་ཁ་བ་སྦྱིན། །དེ་འོག་བསྐ་དང་ཚ་བ་སྦྱིན། །རོ་ནི་སྣུམ་དང་རྩུབ་པ་ལྟར། །ཕན་ཚུན་གཉེན་པོར་གྱུར་པ་ཡིན།། ་རིམ་པ་ཉེ་བར་སྦྱར་བ་ཡིས། །རིམ་པ་དེ་ནི་རྣལ་དུ་དབབ། །ཀུན་ཟོས་ཉམས་སྟོབས་བརྟན་པ་ནི། །རྣལ་མར་གྱུར་པ་ཡིན་ཞེས་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་སྟེ་ལྔ་པའོ།། །། ་དེ་ནས་སྨན་གྱི་ཆ་གོ་བཤད་པར་བྱའོ། །ས་ཕྱོགས་སྐམ་ཞིང་ཆ་མཉམ་པའི། །གཞི་མཉམ་གཅོད་ཞིང་ས་གཞི་བཟང། །དུར་ཁྲོད་ཤིང་ཆེན་ལྟར་གནས་དང། །གཡང་ས་གྲོག་མ་ཅན་མ་གཏོགས། །འཇམ་ཞིང་ཆུ་ནི་གཡས་ན་འབབ། །འཇག ་མང་དུ་རྦ་དང་ལྡན་པ། །ཐོང་ལྕགས་ཀྱི་ནི་མ་སྨད་པ། །ལྗོན་ཤིང་གྲིབ་མས་མ་ཕོག་པ། །ཁ་དོག་བཅུད་ལ་སོགས་པ་ལྡན། །སྨན་སྐྱེས་པ་ནི་བསྔགས་པ་ཡིན། །འབུས་མ་ཟོས་ཤིང་མེས་མཆིག། འབྱུང་བ་སོགས་ཀྱིས་གནོད་མ་གྱུར།། ་ཉམ་གྲིབ་ཆུལ་སོགས་མ་ཉེན། །ཇི་བཞིན་དུས་སུ་བསྟེན་གྱུར་བ། །རྩ་བ་ཆེ་ཞིང་གཏིང་དུ་ཟུག། བྱང་གི་ཕྱོགས་སུ་བསྟེན་པ་བཟང། །དེ་ནས་དགེ་བ་ལ་སྤྱོད་ཅིང། །དད་ལྡན་གཙང་སྦྲ་སྨྱུང་བ་བྱས། །སྨན་ནི་ལེགས་པར་གནས་པ་བཏུ། །འོ་མར་བཅས ་བ་དུས་སུ་སྦྱར། །བུ་དམ་མར་དང་སྤྲང་རྩི་དང། །པི་པི་ལིང་དང་པིཊཱངྒ། །འབྲུ་རྣམས་མ་གཏོགས་འོ་མེ་མེད། །ལོ་གཅིག་འདས་པར་མ་གྱུར་སྦྱར། །གཅིན་དང་ལྕི་བ་སྐྱོན་མེད་ཡིན། །འོ་མ་བ་ནི་ཡར་མ་ཡི། །ན་ཚོད་སྟོབས་ལྡན་ལུས ་ཟུངས་དང། །རྭ་མཇུག་རྨིག་པ་ལ་སོགས་བཟང། །ལན་ཚྭ་མ་གཏོགས་རོ་ལྔ་པོ། །སྨན་ཁུ་ཡེ་ནི་སྐྱེ་གནས་ཡིན། །སྨན་ཁུ་ལྡེ་གུ་བསྐོལ་དང་གྲངས། །ཕན་དང་ཞེས་ནི་བྱ་བ་སྟེ། །སྨན་ནི་རྣམ་པ་ལྔ་རུ་བརྟག། སྔ་མ་བཞིན་དུ་མཐུ ་སྟོབས་ཆེ། །འཕྲལ་དུ་བཏུས་ཏེ་བརྡུངས་ནས་ནི། །ཚགས་ལས་བཙིར་ཏེ་གཙགས་པ་གང། །དེ་ནི་ཁུ་བ་ཞེས་བཤད་དོ། །ལྡེ་གུ་གཤེད་གྱིས་སྦྲུས་བཏགས་པའོ། །དེ་བསྐོལ་བ་ནི་བསྐོལ་པ་ཡིན། །བསྒྲངས་པ་མཚན་མོ་བཞག་པ་ཡིན།། ་ཕན་རྟ་འཕྲལ་དུ་སྦྱད་བཙགས་པ། །དེ་དག་གི་ནི་ཚད་བརྟག་པ། །ནད་སོགས་སྟོབས་ལས་སྦྱར་བར་བྱ། །དེ་ཡང་དྲང་སྲོང་གིས་བཤད་པ། །ཚད་ཀྱི་ངེས་པ་ཡོད་མིན་ཏེ། །ནད་དང་ལྟོ་ཆད་ཉམས་དང་ནི། །དུས་དང་ཡུལ་ནི་རྣམས་བརྟགས་སོ། ། ་དེ་ལྟར་སྨན་ནི་བཏང་པར་བྱ། །སྨན་གྱི་ཁུ་བ་སྲང་བཞི་ནི། །འབྲིང་ཚང་ཙམ་དུ་བཤད་པ་ཡིན། །ལྡེ་གུ་ཞོ་གཉིས་དག་དང་བསྲེས། །དེ་ནི་ཆུ་སྲང་གཉིས་ཀྱི་ཚད། །བསྐོལ་བའི་སྨན་ནི་སྲད་གཅིག་བྱ། །བྱི་བྱང་ཆུ་བསྐོལ་བཞི་ཆ་ལུས། །བསྒྲངས ་པ་སྲང་གཅིག་སྲང་དྲུག་ནི། །དེ་ལས་གཞན་བས་སྲང་བཞི་ཡིན། །སྨན་མར་བསྐོལ་ཚང་མ་སྨོས་པར། །ལྡེ་གུ་སྣུམ་དང་གཤེར་རྫས་ནི། །བཞི་འགྱུར་དུ་ནི་བསྐྱེད་དེ་སྦྱར། །ཤོ་ན་ཀ་ཡིས་བཤད་པ་ནི། །སྣུམ་བསྐོལ་ཆུ་ནི་འབའ་ཞིག་དང། །ཁུ་པ་བསྐོལ་བའི ་རིམ་བཞིན་དུ། །ལྡེ་གུ་ཆ་ནི་བཞི་དང་དྲུག། བརྒྱད་ནི་རིམས་བཞིན་སྦྱར་བར་བྱ། །ལྡེ་གུ་སོ་མར་མ་སྦྱར་དང། །སྣུམ་ནི་མེར་བཅུག་སྒྲ་མེད་དང། །གང་ཚེ་ཁ་དོག་སོགས་ཕུན་ཚོགས། །དེ་ཚེ་དེར་ནི་མྱུར་དུ་དཔག་།མར་ནི་ཁུ་བ་དངས་མ་དང། །ཏིལ ་མར་ལྦུ་བ་བྱུང་བ་དང། །ལྡེ་གུ་ནལ་ནལ་པོར་འགྱུར་ཞིང། །ཆུ་ནང་འབྱུང་ཞིང་གྱེས་མི་འགྱུར། །ཚོས་པའི་ནད་ནི་རྣམ་གསུམ་སྟ། །འཇམ་ཚོས་འབྱར་བག་འབྱར་ལ་རྩུག་།འཇམ་ཆོས་ཚིགས་མ་ལྡེ་གུ་འདྲ། །འབྱར་བག་སྦྲང་རྩི་ལྟ་བུ་ཡིན། །ཅུང ་ཟད་ཚིག་ཅིང་མདོག་གནག་པར་སྣང་འགྱུར་དེ་ནི་ཐ་མ་ཡིན། །དེ་ལས་འདས་པར་དོན་མི་བྱེད། །མ་ཚོས་མེ་དྲོད་ཉམས་པར་བྱེད། །འཇམ་ཚོས་སྣང་བཏང་རྩབ་པས་བསྐུ། །བཏུང་དང་འཇམ་རྩི་འབྱར་བག་བྱ། །ཤ་ན་ཀརཤ་ལག་མཐིལ་དང། །སྤར ་གང་ཕུལ་བྲེ་ཨརྟ་ཏ། །གྲོ་ན་བ་ཧ་རིམ་བཞིན་དུ། །བཞི་འགྱུར་ཡིན་པར་ཤེས་པར་བྱ། །རློན་པ་གཉིས་འགྱུར་སྦྱང་བྱ་ཞིང། །གཤེར་བ་ཕུལ་གང་སོགས་དེ་བཞིན། །བཏགས་ཏེ་སྤྲུས་ནས་གཤེར་བ་ཡིས། །སྣུམ་བསྐོལ་བ་ལ་ཆུ ་ཞུག་བྱ། །གང་དུ་ཚད་ནི་མ་བཤད་པ། །དེར་ནི་ཆ་མཉམ་སྦྱར་བར་བྱ། །ཤ་ན་གཉིས་ལ་བ་ན་ཀ། དེ་གཉིས་ཀརཤ་གོ་ལ་དང། །བ་རུ་ར་དང་དྲང་ཁུ་མང། ། ཤ་བི་ཙུ་སུ་བ་ན། །ལག་མཐིལ་ཁམ་ཚད་བྱི་ལའི་སྡེར། །ཏིལ་དུ་ཀ་དང ་ལག་པའི་ཚད། །སྒྲ་གཞན་དོན་ནི་གཅིག་པ་ཡིན། །ཤུཀྟི་བརྒྱད་པ་བི་ཙུ་ཡིན། །སྲང་གཅིག་བིལྤ་ཕྲ་ཀུཉྫ། །སྤར་ག་ཨ་མྲ་བཞི་པོ་ཡིན། །གཅིག་གི་མིང་གི་རྣམ་གྲངས་ཡིན། །སྲང་གཉིས་ཁྱོར་གང་དེ་གཉིས་ལ། །སྙིམ་གང་དེ་གཉིས ་མ་ནི་ཀ། ཨ་ཏ་ཀམ་དང་སྣོད་གནས། །གྲོ་ན་ཀུམྦ་བུམ་ཆེན་ཡིན། །ཏུ་ལ་སྲང་ནི་བརྒྱ་ཡིན་ཏེ། །དེ་ཉི་ཤུ་ལ་ཁུར་དུ་བཤད། །གངས་ཅན་འབིགས་བྱེད་རི་ཡིས་ནི། །ས་གཞི་ཕལ་ཆེར་ཁྱབ་པ་ཡིན། །དེ་ལས་དང་པོར ་བསིལ་ཞིང་ཕན། །འབིགས་བྱེད་སྨན་ནི་མེའི་རང་བཞིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་དྲུག་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི ་གནས་ཏེ་གནས་ལྔ་བ་ལུ་སོགས་པའི་ཡན་ལག་རྫོགས་སོ།། །།དེ་ནས་བྱིས་པ་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །དེའང་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ། །བྱིས་པ ་བཙས་མ་ཐག་ཁྲུ་བ། །བསལ་ཏེ་རྒྱ་ཚ་མར་བསྐུས་སྦྱང། །དེ་འོག་བཙས་པས་སྡུག་བསྔལ་ལ། །བ་ལའི་ཏིལ་མར་བླུགས་པར་བྱ། །དེ་ཡི་རྣ་བའི་དྲུག་ཏུ་ནི། །རྡོ་གཉིས་བརྡུངས་པ་བཅད་པར་བྱ། །དེ་ནས་དེ་ཡི་རྣ་བ་ནི། །གཡས་པར ་སྔགས་འདི་བརྗོད་པར་བྱ། །ཡན་ལག་ཡན་ལག་ལས་བྱུང་ཁྱོད། །སྙིང་ལས་མངོན་པར་སྐྱེས་པ་ཡིན། །བདག་ཉིད་བུ་ཞེས་བྱ་བ་ཁྱོད། །ལོ་བརྒྱར་ཡང་དག་འཚོ་གྱུར་ཅིག། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་འཚོ། །ཚེ་རིང་པོ་ནི་ཐོབ་གྱུར་ཅིག། ་རྒྱུ་སྐར་ཕྱོགས་དང་མཚན་མོ་དང། །ཉིན་མོས་ཁྱོད་ནི་སྲུང་བར་ཤོག། བདེ་བར་གྱུར་ན་ལྟེ་བ་ནི། །སོང་བཞིའི་འོག་ཏུ་སྲད་བུས་བཅིང། །དེ་ཡི་འོག་ཏུ་བཅད་ནས་ནི། །ལྟེ་བ་ལ་ནི་བསྟོད་དེ་བཞག། དེ་འོག་ལྟེ་བ་རུ་རྟ་ཡི། །ཏིལ་མར་གྱིས ་ནི་བསྐུ་བར་བྱ། །འོ་མ་ཅན་ཤིང་བསྒོལ་ཆུ་འམ། །དྲི་ཞིམ་བཅུད་ལྡན་ཆུ་དག་ནི། །གསེར་རམ་དངུལ་ནི་བསྲེགས་པ་ཡིས། །བསྲོས་པའི་དྲོ་འཇམ་ཆུ་ཡིས་བཀྲུ། །དེ་ནས་འཛུབ་མོ་གཡས་པ་ནི། །དཀྲིས་པས་རྐན་ནི་བཏེགས་ནས་ཀྱང ་མགོ་བོ་རས་བལ་སྣུམ་ཅན་གཡོག། བློ་དང་ཚེ་དང་སྟོབས་བསྐྱེད་ཕྱིར། །ཤུ་དག་ཕྲ་མང?་པི་ཤ་ཨི། །ཤངྒ་ཕུཥཝའི་ལྡེ་གུ་ནི། །མར་དང་སྒྲང་རྩིར་བཅས་པ་དག་སྔགས་བཏབ་ཏ་རེ་ནུ་ཙམ་སྦྱིན། །གསེར་དང་ཤུ་དག་མུ་མེན་དང། །མ་ནུ་ཨ ་རུ་རའི་ཕྱེ་མ། །གསེར་དང་སྐྱུ་རུ་རའི་ཕྱེ་མོ། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །དེ་ནས་མངལ་ཆུ་རྒྱམ་ཚ་ནི། །མར་དང་བཅས་པ་སྐྱུག་ཏུ་གཞུཌ?། །སྐྱེ་དགུའི་བདག་པོའི་ཆོ་ག་ཡིན། །བཅས་པའི་ཆོ་ག་བྱེད་དུ་གཞུག། སྙིང་ལ་གནS ་པའི་རྩ་རྣམས་ནི། །བཙས་ནས་ཁ་ནི་བྱེ་བའི་ཕྱིར། །ཉི་མ་གསུམ་མ་མ་བཞི་པ་ལ། །བུད་མེད་ཀྱི་ནི་ནུ་ཞོ་འབྱུང། །དེ་བས་ཉིན་ཞག་དང་པོ་ལ། །དུས་གསུམ་དུ་ནི་སྦྲང་རྩི་མར། །ཕྱི་ཆེར་བ་དང་སྦྱར་བ་ལ།། སྔགས་ཀྱིས་བཏབ་སྟེ ་སྦྱིན་བ་བྱིན། །གཉིས་པ་དང་ནི་གསུམ་པ་ལ། །ལཀྵི་མ་དང་བསྐོལ་མར་བླུད་བྱ། །དེ་ནས་དང་བོའི་ནུ་ཞོ་ནི། །བཀག་པ་དེ་ལ་མར་སར་ནི། །ཞོ་གཉིས་ཙམ་གྱི་ཚད་སྦྱིན་ཞིང། །ནུ་ཞོ་དུས་གཉིས་བླུད་པར་བྱ། །མ་ཉིད་ཀྱི་ནི་ནུ་ཞོ་བླུད། །དེ་ནི ་ལུས་ནི་འཕེལ་བྱེད་ཡིན། །དེ་མེད་མ་མ་ཤིན་ཏུ་བྱམས། །སྐྱོན་མེད་འཁྲིག་པ་སྤངས་པ་དང། །རིགས་དང་རང་བཞིན་དེ་དང་མཉམ། །ནད་མེད་ན་ཚོད་དར་ལ་བབ། སྦུ་མ་ཤིས་ཤིང་སྙམ་ཆགས་མེད། །གཉིས་ཀྱི་འོ་མ་བླུད་པར་བྱ། །དེ་གཉིས ་ཟས་དང་སྦྱོང་ལམ་ནི། །ཕན་པས་འབད་དེ་གསོ་བར་བྱ། །མྱ་ངན་ཁྲོ་དང་སྨྱུང་བ་དང། །ལུས་དུབ་ནུ་ཞ་ཉམས་པའི་རྒྱུ། །བུ་རམ་ཆད་མ་གཏོགས་ཆང་དང། །རླན་ཅན་ཤ་ཁུ་འོ་མ་དང། །འོ་མ་ཅན་སྨན་མྱ་ངན་སོགས། །གོ་བཟློག་ནུ་ཞོའི ་རྒྱུ་ཡིན་ནོ། །མི་མཐུན་ཟས་ནི་ཟོས་པ་དང། །ལྟོགས་དང་སེམས་ནི་ཉམས་པ་དང། །ལུས་ཟུངས་གནོད་བྱས་སྦྲུམ་མ་ཡི། །འོ་མ་བྱིས་སྦྲུམ་མ་ཡི། །འོ་མ་བྱིས་པའི་ནད་སྐྱེད་བྱེད། །ནུ་ཞོ་མེད་ན་ད་འམ་པའི། །འོ་མ་འབྲི་ཧ་ཏ་སོགས་རྩ་འམ། །སྟི་ར ་གཉིས་བསྐོལ་ཁ་རར་བཅས། །ཡོན་ཏན་དེ་ལྡན་བླུད་པར་བྱ། །དྲུག་པའི་མཚན་མོ་ཁྱད་པར་དུ། །བསྲུང་དང་གཏོར་མའི་བྱ་བ་བྱ། །དེ་ཡི་གཉེན་གྱིས་མེལ་ཚེ་བྱ། །ཤིན་ཏུ་དགའ་བ་ཉིད་ཀྱང་བྱ། །ཞག་བཅུ་རྫོགས ་པར་གྱུར་པ་དང། །རང་རིག་འཚམ་པའི་ཆོ་ག་ནི། །བྱེད་དུ་བཞུག་ཅིང་བཙས་མ་བླང། །ལུས་ལ་ལྡོང་རོས་བ་བླ་དང། །གི་ཧང་ཙན་དན་ཨ་ཀར་བཏགས། །རྒྱུ་སྐར་ལྷའམ་ཉེ་དུས་ལ། །གྲས་པའི་ཡི་གེ་མཉམ་པ་ཡི། །མིང་ནི ་བྱིས་པ་ལ་བཏགས་བྱ། །དེ་ནས་རང་བཞིན་དབྱེ་ལས་བཤད། །གཟུགས་ཀྱི་ཚེ་ནི་ཡོངས་སུ་བཏག། མཁས་པས་བྱིས་པའི་མལ་སྟན་ནི། །བྱང་དམ་ཤར་དུ་མགོ་བསྟན་ལ། སྔས་དང་གོས་ནི་གཙང་ཞིང་བཀྲུས། །འཇམ་ཞིང་གཉེར་མ་མེད་པ ་ཡི། །གོས་ལ་གདོན་ནི་འཇོམས་བྱེད་པའི། །སྨན་གྱི་བདུག་པས་འདུག་པ་བྱ། །བྱ་རོག་བསད་པ་སྣུམ་གསུམ་དང། །བཅས་པའི་བདུག་པས་བདུག་པ་སྔགས། །བསེ་རུ་ལ་སོགས་གསོན་པ་ཡི། །རང་བཏགས་ནོར་བུ་བཟང་པོ་སྤུ། །བྲ་མི་འཚོ་བྱེད་ཨིནྟྲི་སོགས།། ་སྨན་ནི་བཟང་པོ་གདགས་པར་བྱ། །མཆོག་ཏུ་རྟག་པར་ཤུ་དག་ནི། །ལག་གཉིས་མགུལ་དང་སྤྱི་པོར་གདགས། །དེས་ནི་ཚེ་དང་ཡིད་གཞུངས་དྲན། །བདེ་བསྐྱེད་བྱེད་གདོན་ལS་བསྲུང། །ཟླབ་བདུན་ནམ་བརྒྱད་པ་ན། །ནད་མེད་ཉིན་ཞག་ཤིས་པ་ལ། །མ་མའི་བང་དུ ་སྤྲོ་བསྲིངས་ལ། །དགུན་གྱི་དུས་སུ་རྣ་བ་དབུག། ཁྱེའུའི་དང་པོ་གཡས་པ་དབུག། བུ་མོའི་གཡོན་བར་དབུག་པར་བྱ། །སྨན་པས་ཁབ་ནི་གཡས་པས་བཟུང། །གཡོན་པས་རྣ་ཤལ་བཟུང་ནས་ནི། །རྣ་བའི་ཁྱོན་གྱི་དབུས་ལས་ནི། །མཁུར་ཆོས ་ཀྱི་ནི་ཕྱོགས་དག་ཏུ། །པགས་པ་དག་ནི་ཕུག་ནས་སུ། །ཉི་མའི་འོད་ཟེར་སྣང་བ་དང། །མི་འགྱུར་བརྟན་པོར་བཟུང་ནས་ནི། །རྒྱ་སྐྱེགས་ཀྱི་ནི་ཁུ་བས་བསྐུ། །དབུས་སུ་རང་བཞིན་གྱིས་གྲུབ་པའི། །བུག་དྲང་པོ་ཅིག་ཆར་དབུག་།དེ་ནས་རྩ་ནི་གནས་པའི་ཕྱིར།། ་སྟེང་འོག་པོས་གཉིས་བཏང་མི་བྱ། །ནག་པོ་གནང་སྒྲ་དམར་པོ་སྟེ། །རྩ་དེ་ཕུག་ན་དམར་ཞིང་ན། །སྐྲད་ཞིང་ཚལ་སྲ་བ་དང། །གཉེའུ་རིང་གཞན་དབང་ཅན་ནད་བསྐྱེད། །དེ་རྣམས་ནད་གཞི་ཇི་བཞིན་དུ། །གསོ་བ་དག་ནི་བསྙུར་ཏེ་བྱ། །གནང་དུ་ཕུག་ན་ཁྲག་མེད ་ཅིང། །ན་དང་རྨ་སོགས་འབྱུང་མི་འགྱུར། །ཁབ་རྗེས་སྐུད་པ་སྣུམ་ཅན་ནི། །རྗེས་སུ་གཞུག་པ་ཉིད་དུ་བྱ། །ཏིལ་མར་རློན་པར་བསྐུ་བ་དང། །རྒྱ་ཆེར་དེར་ནི་བསྐྱེད་པར་བྱ། །རྣ་ཤལ་ཕུག་ནས་ཕན་ཟས་སྦྱིན། །དེ་འོག་སྡོང་བུ་སྦོམ་པོ་གཞུག། ཞག་གསུམ་བཞག་ནས ་རྨ་འཚོབས་ནས། །རིམ་གྱིས་དེ་ནི་བསྐྱེད་པར་བྱ། །དེ་ནས་དེ་ཡི་སོ་སྐྱེས་ནས། །ནུ་ཞོ་འཐུངས་ལས་རིམ་གྱིས་བཟློག་།སྔར་བཤད་འོ་མ་སྦྱིན་བྱ་ཞིང། །ཁ་ཟས་ཡང་དང་རྟས་བྱེད་སྦྱིན། །ནུ་ཞོ་སྤངས་ནས་པི་ཡ་ལའི། །རྐང་དང་ཤིང་མངར་འབྲས་ཡོས་དང།། ་པིལྦ་གཞོན་ནུ་སུག་སྨེལ་དང། །ཁ་ར་འབྲས་ཡོས་དྲོད་བསྐྱེད་སྦྱིན། །འཁྲུ་གཅོད་དད་ཀའི་མེ་ཏོག། ཁ་ར་འབྲས་ཡོས་སྐྱོ་མ་སྦྱིན། །གནོད་པ་སྐྱེད་པར་མི་བྱེད་པའི། །སྨན་གྱི་དེ་ནི་ནད་བསལ་བྱ། །ཤིན་ཏུ་དྲག་ནང་མ་གཏོགས་གཞན། །རྣ་སྨན་བཀྲུ ་སྨན་ཀུན་ཏུ་སྤོང། །ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །གོས་ཀྱི་རླུང་དང་གཞན་རེག་དང། །འགོམ་པ་ལ་ནི་དེ་བསྲུང་བྱ། །བྲ་མི་ཡུངས་ཀར་ཤུ་དག་དང། །རྒྱམ་ཚ་རུ་རྟ་ཤ་རི་བ། །པི་པི་ལིང་བཅས་བསྐོལ་པ་ཡི། །སྨན་མར ་དྲན་དང་ཡིད་གཞུང་བསྐྱེད། །ཚེ་འཕེལ་གདོན་ནི་མི་བཟད་འཇོམས།། འབྱུང་པོ་སྨྱོ་བྱེད་ཟློག་པར་བྱེད། །སོ་མ་ར་ཙ་ཤུ་དག་དང། །སྦལ་པ་ཉེ་ཤིང་སླེ་ཏྲེས་དང། །ཤམ་ཀ་པུཥཔ་པྲ་མི་དང། །གྲ་མ་སོ་མ་སྲང་རེ་ནི། །ལྡེ་གུ་བརྒྱད་ཆ་མར་བྲེ་གང།། ་འོ་མ་བཞི་འགྱུར་ནང་དུ་ནི། །བསྐོལ་པ་དེ་བླུད་དཔལ་ཡན་དང། །ཚེ་བློ་ཡིད་གཞུངས་དྲན་པ་བསྐྱེད། །ར་ཡི་འོ་མ་ཨ་རུ་ར། །ཚ་བ་གསུམ་དང་པ་ཏ་དང། །ཤི་ཏྲུ་ཤུ་དག་ལྕེ་མྱང་ཚ། །བསྐོལ་པའི་སྨན་མར་དབྱངས་ཅན་དེ། །ཚིག་དང་བློ་གྲོས ་དྲན་པ་དང། །དག་གསལ་མེ་དྲོད་སྐྱེད་པར་བྱེད། །ཤུ་དག་སླེ་ཏྲེས་ཨ་རུ་ར། ཉེར་ཤིང་པ་དང་ཤངྒི་ནི། ། པ་མརྒར་བསྐོལ་བ་ཡི། །སྨན་མར་ཡོན་ཏན་སྔ་མར་མཚུངས། །ཤུ་དག་དཀར་པོ་རུ་རྟ་གསེར། །རྐའི་པུཥཔ་གསེར ་དང་བཅས། །ལྕགས་སྐྱག་དང་ནི་དུང་དང་གསེར། །ཀ་རིཉྫ་དང་ཤུ་དག་གསེར། །རྐང་པ་རེ་རེར་བཤད་པ་བཞིན། །སྦྲར་རྩི་མར་དང་བཅས་ལྡེ་གུ། །ལོ་གཅིག་བྱིན་ན་ལུས་བློ། །ཁ་དོག་ཉམས་སྟོབས་སྐྱེད་པར་བྱེད། །ཤུ་དག་ཤིང་མངར་ལྕེ་མྱང་ཚེ། །དོང ་གྲ་ཤུ་ཏི་ཨ་རུ་ར། །རུ་རྟ་ཟུར་བ་པི་པི་ལིང། །མར་བཅས་ལྡེ་གུ་དག་དག་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གནས་ཕྱི་མའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱིས་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །འོ་མ་ཟས་དང ་གཉི་གས་འཚོ། ཁྱིས་རྣམ་པ་གསུམ་དུ་བཤད། །དེ་དག་གནོད་མེད་ལས་བདེར་འགྱུར། །གནོད་པ་ལས་ནི་ནད་རྣམས་འབྱུང། །གང་ཞིག་ཆུ་དང་གཅིན་དུ་འདྲེས། །ཉེས་པ་ཡོད་པ་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །རླུང་གིས་གནོད་འགྱུར་ཆུ་སྟེང ་འཕྱོ། །སྐ་ཞིང་རྩུ་པ་ལ་ལྦུ་བ་ཅན། །དེ་ཡིས་བཤད་གཅི་སྲི་བར་བྱེད། །མཁྲིས་ལས་གནོད་འགྱུར་དྲོ་སྐྱུར་ཚ། །རི་མོ་སེར་སྣ་དེས་ཚ་བསྐྱེད། །པད་ཀན་གྱིས་སྐ་ལན་ཚྭར་བཅས། །སྦྱིན་འབག་ཅན་ལ་ཆུ་ནང་འབྱིན། །ལྡན་པའི་མཚན་མ་འདྲེན་མ་སྟེ། ་འདུས་པའི་མཚན་མ་གསུམ་དང་ལྡན། །རང་གི་མཚན་མ་ཅི་འདྲ་ལས། །དེ་འཐུངས་པ་ལ་ནད་སྐྱིད་འགྱུར། །བྱིས་བ་རྟག་ཏུ་མི་བཟད་པར། །དུ་བ་ལ་ནི་ནད་ཤེས་བྱ། །དེ་ནི་ཕྱོགས་གང་ཤས་ཆེར་འཛིན། །གང་དུ་རེག་པར་མི་བཟོད་པར། །དེ་ན་ནད ་ཡོད་ཤེས་པར་བྱ། །མགོ་ནད་མིག་འཕྱེད་ལས་ཤེས་བྱ། །སྙིང་ནད་ལྕེ་མཆུ་སོས་གནོན་དང། །དབུགས་དང་ཁུ་ཚུར་སྡེམས་ཤེས་བྱ། །ཁོང་ནད་བཤད་གཅི་སྲི་དང་སློན། །ནུ་མ་སོས་འདེབས་རྒྱུ་མ་འཁྲོག། ལྟོ་སྦོས་རྒྱབ་ནི་དབུགས ་དགྱེ་དང། །ལྟོ་འགུགས་བས་ཀྱང་ཤེས་པར་བྱ། །ཆུ་སོ་མཆེན་ནད་བཤང་གཅི་སྲི། །སྐྲག་ཅིང་ཕྱོགས་ལྟ་ལས་ཤེས་བྱ། །དེ་ནས་མ་མ་ནད་གཞི་དང། །སྐྱོན་ནི་ཇི་བཞིན་གསོ་བར་བྱ། །དེ་ལ་ནུ་ཞོ་རླུང་ཅན་ལ། །རྩ་བ་ཆུ་བསྐོལ་ཞག་གསུམ་བླུད། །ཡང་ན་རུ་རྟག ་ཙི་ཏྲཀ། པ་ཏ་ཤུ་དག་པུ་ཙེ་ཤེལ། །ག་བྲའི་རྩ་བ་ལ་ལ་ཕུང། །ཐང་ཤིང་དང་ནི་ས་ར་ལ། །བྲིཤཙི་ཀ་ནི་པི་པི་ལིང། །ན་ལེ་ཤམ་ནི་བསྐོལ་བ་བླུད། །དེ་ནས་རླུང་ནད་འཇོམས་པ་ཡི། །སྨན་མར་གང་ཡང་རུང་བ་བླུད། །དེ་རྗེས་ཆང་གི་དངས་མ་བླུད། །སྣུམ ་འགྱུར་བཀྲུ་སྨན་འཇམ་པ་བཏང། །དེ་འོག་འཇམ་རྩིའི་ལས་བྱ་ཞིང། །དུགས་སོགས་རླུང་ནད་འཇོམས་པར་བྱ། །བིལྦ་རསྣ་ཏི་མུ་ས། །ཐང་ཤིང་སར་ལ་བཅས་ཕྱེ། །མར་དང་སྦྱར་བའི་ལྡེ་གུ་འམ། །དེ་བསྐོལ་ཁ་ར་དཀར་བཏབ་སྦྱིན། །མཁྲིས ་པས་གནོད་ལ་སླེ་ཏྲེས་དང། །ཉེ་ཤིང་ནིམཔ་པ་ཏོ་ལ། །ཙན་དན་ཤ་རི་བ་བསྐོལ་བ། །མ་མ་དང་ནི་བྱིས་པ་བླུད། །ཡང་ན་གླ་སྒང་འབྲས་བུ་གསུམ། །རྩ་མཁྲིས་བུ་ཙོ་ཤལ་བླུད་བྱ། །ཐལ་ཏྲེས་ལ་སོགས་ཤུག་པ་སོགས། །པ་ཏོ་ལ་སོགས་སྡེ ་བསྐོལ་བླུད། །སྨན་ནི་འདི་བསྐོལ་མར་དང་ནི། །མཁྲིས་པ་སེལ་བའི་བཀྲུ་སྨན་དང། །བསིལ་སྨན་གྱིས་བསྐུ་བྱུག་སོགས་བྱ། །བད་ཀན་ཅན་གྱི་བདག་ཉིད་ལ། །ཤིང་མངར་རྒྱམ་ཚ་བཅས་པ་འམ། །རྒྱམ་ཚ་ཤིང་མངར་པི་པི་ལིང། །མར ་སྦྱར་བྱིས་པ་ལ་བླུད་བྱ། །དེ་ནས་པོ་སོན་ཆའི་མེ་ཏོག། གཏགས་པ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་ནུ་མ་བྱིས་པའི་མཆུ། །བསྐུས་པ་བྱིས་པ་དེ་སློན་གཞུག། མ་མ་རྣོན་པོས་སློན་དུ་གཞུག་དེ་ནས་ཐུག་སོར་རིམ་པར་སྤྱད། །གླ་སྒང་ལ་སོགས་བསྐོལ་བ་བླུད།། ་དེ་བཞིན་གོ་སྙོད་རྒྱ་སྤོས་དང། །ཐང་ཤཾ་ད་དུག་མོ་ཉུང་བསྐོལ་བླུད། །ཡང་ན་གླ་སྒང་བོང་ད་དཀར། །ཤུ་དག་ཚ་བ་ལྔ་བསྐོལ་བླུད། །ནུ་ཞོ་ཉེས་གསུམ་དྲི་མ་ཅན། །དྲི་མནམ་འཁྲུ་ཞིང་ཆུ་དང་འདྲ། །མཁྲེག་ཅིང་སླ་ན་རྒྱུན་བར་ཆད། །ལྦུ་བ་ཅན་དུ་འཁྲུ ་བར་འགྱུར། །བཤད་བ་ཁ་དོག་སྣ་ཚོགས་འབྱུང། །ན་ཞིང་གཅིན་སེར་དཀར་ཞིང་བསྐ། །རིམས་ནད་སྐོམ་དང་ཡིག་འཆུས། །བསྒྲེག་པ་སྐམ་པོ་འབྱུང་ཞིང་གླལ། །ལུས་ན་ཡན་ལག་སྐྱོང་བ་དང། །འཁུན་ཞིང་འདར་ལ་མགོ་འཁོར་དང། ་ན་མིག་ཁ་ནི་ཤུ་བ་སོགས། །ནང་ནི་གཞན་དག་དེ་ལས་འབྱུང། །འོ་མའི་བེ་སྣབས་ཞེས་བཤད་དེ། །གནོད་པའི་ནད་ནི་མི་བཟད་ཡིན། །དེ་ལ་མ་མ་བྱིས་པ་ལ། །སློན་སྨན་བཏང་པས་མྱུར་དུ་གསོ། །ཐུག་སོགས་རིམ་པར་བཤད་པ་ནི། །ཤུ་དག ་ལ་སོགས་སྡེ་མཚན་ནམ། །སྐྱེར་པ་སོགས་པའང་བོང་ད་དཀར། །པ་ཏ་དང་ནི་པི་པི་ལིང། །གླ་སྒང་པུ་ཙེ་ཤེ་ལ་བསྐོལ་བླུད། །པ་ཐ་བཅའ་སྒ་པུ་ཙ་ཤེལ། །སླེ་ཏྲེས་རྩ་མཁྲིས་ཤི་རི་བ། །ཐང་ཤིང་གླ་སྒང་མུ་རྦ་དང། །དུག་མོ་ཉུངས་བཅས་བསྐོལ ་བ་བླུད། །ནུ་ཞོའི་ཉེས་པ་སེལ་བའི་མཆོག། རྗེས་འབྲེལ་ནད་ལ་ཇི་བཞིན་དུ། །དུས་ཤེས་པ་ཡིས་གསོལ་བར་བྱ། །སོ་བྱུང་བ་དག་ནད་རྣམས་ནི། །ཐམས་ཅད་ཀྱི་ཡང་རྒྱུ་ཡིན་ནོ། །མཆོག་ཏུ་རིམས་དང་འཁྲུ་བ་དང། །ལུད་པ་སློན་དང་མགོ་ནད་དང ་བད་མིག་འཛག་བའི་ནད་དང་ནི། །ཤུ་བ་རྣམས་ནི་སྐྱེད་པར་བྱེད། །བྱིས་པའི་སྒལ་ཚིགས་བྱ་བ་དང། །རྨ་བྱའི་གཙུག་ནི་བྱུང་བ་དང། །བྱིས་པའི་སོ་ནི་སྐྱེ་བ་ན། །མ་ནི་བ་ནི་ཅུང་ཟད་མེད། །དེ་ལ་ནད་ནི་ཇི་བཞིན་དང། །ནད་སྟོབས་ཇི་བཞིན ་འཇིགས་ཇི་བཞིན། །ཡུལ་དང་དུས་སོགས་རྣམ་ཕྱེ་སྟེ། །སྨན་གྱི་སྦྱོར་བས་གསོ་པར་བྱ། །གནོད་དང་གནོད་བྱ་དེ་ཉིད་དང། །རིམས་སོགས་ནད་ཀྱང་དེ་ཉིད་འབྱུང། །དེ་བས་སྨན་ནི་དེ་ཉིད་དེ། །གཞོན་ཤ་ཅན་དང་ལུས་ཆུང་ཕྱིར། །ཟས་ཀུན ་བསྟེན་པར་མི་བྱེད་པས། །འདི་ཡིས་ཚད་ནི་ཆུང་དུ་སྦྱིན། །མར་དང་འོ་མ་ལ་སྟེན་པས། །བྱིས་པ་རྟག་པར་ཁོང་སྣུམ་ཡིན། །དེ་བས་འཕྲལ་དུ་སྐྱུག་སྨན་ནི། །འཇམ་པོ་བློ་དང་ལྡན་པ་བླུད། །འོ་མ་འོ་མ་ཟས་བསྟེན་ལ། །ནུ་ཞོ་ངོམས་པར་བྱས ་པ་སློན། །ཟས་ཟ་བ་ལ་མར་བཅས་པའི། །ཐུག་པ་སླ་བ་བླུད་པར་བྱ། །བཀྲུ་སྨན་གྱིས་གསོ་མས་བཏང་དང། །ཚད་ཆུང་ཚད་ཕྲན་དག་གིས་བྱ། །བཀྲུ་སྨན་ལ་སོགས་ཇི་སྐད་བཤད། །མ་མ་ཉིད་ལ་བཏང་བར་བྱ། །མུར་བ་རྒྱ་ཤུག་ཆེ་བ་གསུམ། །འབྲས་བུ་གསུམ ་དང་འཇམ་བུའི་ཤུན། །ཐང་ཤིང་པ་ཏ་ཡུངས་ཀར་བཅས། །སྦྲང་རྩི་བཅས་པའི་ལྡེ་གུ་སྦྱིན། །ནུ་ཞོའི་ཉེས་བ་སེལ་མཆོག་ཡིན། །པི་པི་ལིང་དམ་སྐྱུ་རུ་ར། །ད་ད་ཀ་ཡི་མེ་ཏོག་གི། ཕྱེ་མ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་རྙིལ་ནི་བྱུག་པར་བྱ། །འུར་བྱ ་སྲེག་པའི་ཤ་སྐམ་ཀྱི། །ཕྱེ་མ་སྦྲང་རྩི་སྦྲུས་པ་ཡི། །ཕྱིས་པའི་སོ་ཡི་མྱུ་གུ་ནི། །མྱུར་དུ་སྐྱེད་པར་བྱེད་པར་ཡིན། །ཤུ་དག་འབྲི་ཧ་ཏི་གཉིས་དང། །པ་ཏ་གླ་སྒང་པུ་ཙེ་ཤེལ། །བོང་ད་མངར་བའི་སྨན་སྡེ་དག། །བསྐོལ་བའི་མར་གྱི་སོ་བསྐྱེད་གྲུག། སྐྱེར་པ་ཐད ་ཤིང་སར་ལ། །འབྲི་ཧ་ཧི་གཉིས་ཉར་ཤིང་བ། །ཀྲི་ན་པརྣི་ཤྲི་ཡ་སེ། །སྦྲང་རྩི་མར་སྦྱར་ལྡེ་གུ་ནི། །ཕོ་བའི་མེ་དྲོད་བསྐྱེད་པའི་མཆོག། རླུང་ནི་བདེ་བར་རྒྱུ་བར་བྱེད། །འཁྲུ་བའི་རིམས་དང་དབུགས་མི་བདེ། །མིག་སེར་སྐྱ་རྦབ་ལུད་པ་འཇོམས། །བྱིས་པའི ་ནད་ནི་ཐམས་ཅད་ལ། །ཕན་ཞིང་མདོག་དང་ཉམས་སྟོབས་བསྐྱེད། །བཅོད་དང་སེར་ཕྲོམ་ད་ད་ཀི། ཀུ་ཏནཱ?་ཌ་བིརྣ་གཉིས། །ཧ་ས་ཆེ་ཆུང་གཉིས་དང་ནི། །མུངྒ་བིལྦ་གཞོན་ནུ་རྣམས། །རས་བལ་ས་བོན་བཅས་པ་དག། ཆུ་བསྐོལ་པ་དང་མར་དང་ནི། །ཐལ ་སྨན་ཞོག་ཆུར་བསྐོལ་བས། །སོ་སྐྱེས་ལས་བྱུང་སྣ་ཚོགས་ནད། །འདི་ཡིས་མྱུར་དུ་འཇོམས་བྱེད་དེ། །འོད་སྲུངས་རྒན་པོས་བཤད་པ་ཡིན། །བྱིས་པའི་སོ་སྐྱེས་ནད་ལ་ནི། །སྔགས་ཀྱིས་མངོན་པར་བཏབ་མི་བྱ། །སོ་སྐྱེས་པ་ཡི་ནད་གང་ཡིན། །གསོ ་པས་རང་ཉིད་ཉེར་ཞིར་འགྱུར། །ཉིན་པར་གཉིད་དྲག་ཆུ་གྲང་དང། །ནུ་ཞོ་བད་ཀན་ཅན་བསྟེན་པས། །བྱིས་པའི་དངས་མ་རྒྱུ་མ་ཡི། །རྩ་རྒྱུན་བད་ཀན་གྱིས་བཀག་པའི། །ཡི་ག་འཆུས་དང་ཆམ་པ་དང། །རིམས་དང་ལུད་པ་འབྱུང་བར ་འགྱུར། །དེ་ནས་བྱིས་པ་ལུས་བསྐམས་ཤིང། །གདོད་སྣུམ་མིག་ནི་དཀར་བར་འགྱུར། །རྒྱམ་ཚ་ཚ་གསུམ་ཤ་རམ་བ། །པ་ཏ་ཀོ་རི་ཀ་ཏམ?་པ། །མར་དང་སྦྲང་རྩི་སྦྱར་བསྐམས་དང། །ཡི་ག་འཆུས་པ་སོགས་ལ་བཏང། །པུ་ཙེ་ཤེལ ་དང་ཨ་ཤོ་ཀ། ཆ་བ་ལྔ་བཅས་ཕྱེ་མ་ཕན། །དད་ཀི་དང་སྐྱུ་རུ་ར། །རྒྱ་ཤུག་ཕྱེ་མ་མར་བཅས་ཕན། །ས་ལ་པརྞི་ཤུ་དག་དང། །འབྲི་ཧ་ཏི་གཉིས་རམ་ཉེ་བ། །པི་པི་ལིང་དང་རྒྱ་སྤོས་དང། །ལྕང་མ་ཨུཏཔལ་བ་སྤྲུ་བ། །ག་བྲའི་རྩ་བ་བླ་སྒང་རྣམས། །སྲང་རེ ་ཡི་ནི་ཚད་བྱས་པ། །མར་ནི་བྲེ་གང་བཅས་བསྐོལ་བ། །རྩ་རྒྱུན་སྦྱོང་བའི་དམ་པ་ཡིན། ། ཤོ་གནདྷ་བྱེའུ་རུག་པ། །འབྲི་ཧ་ཏི་དང་པི་པི་ལིང། །བསྐོལ་བའང་ཡོན་ཏན་དེ་དང་འདྲ། །ཤིང་མངར་སེང་ཕྲོམ་པི་པི་ལིང། །ཤུག་པ་ཙན་དན ་ཨུཏཔ་ལ། །བལ་བུའི་ལོ་མ་ཤ་རི་པ། །བསྐོལ་བའི་མར་གྱིས་སྐེམ་པ་ཡི། །ནད་ནི་འཇོམས་པར་བྱེད་པ་ཡིན། །ཤྲིང་གི་མ་དུ་ལུངྒ་དང། །ག་བྲའི་རྩ་བ་པི་པི་ལིང། །ཐད་ཤིང་ཨ་ཤོ་གནདྷ་དང། །རམ་ཉེ་བ་གཉིས་ར་སྣ་དང། །ཟངས་རྩི་བ ་དང་ཛི་བ་ཀ། མ་ཤ་མུ་ཏཀ་པ་རྣི་དང། །བི་ཏངྒ་ནི་ལྡེ་གུར་བྱས། །རི་བོང་མགོ་བསྐོལ་ཁུ་བ་དང། །བསྐོལ་བའི་མར་ནི་བླུད་གྱུར་ན། །ལུས་སྐེམ་རྒྱས་པར་བྱེད་པའི་མཆོག། ཤུ་དག་སླེ་ཏྲེས་ཀ་ཡ་ཐ། །རྒྱ་སྤོས་ཚ་རོ་ར་ཐུག་གཅིན། །ཆད ་བསྐོལ་ཏིལ་མར་བསྐུས་པ་ཕན། །རྒྱ་སྐྱེགས་ཁུ་བ་ཆ་མཉམ་དང། །ཏིལ་མར་བྲེ་གང་ཞོ་ཁ་ཆུ། །བཞི་འགྱུར་ཨ་ཤོ་གནདྷ་དང། །སྐྱེར་པ་ཐང་ཤིང་རུ་རྟ་དང། །ཧ་རེ་ནུ་ཀ་བ་ལི་ཀ། ཙན་དན་མུརྦ་པུ་ཙེ་ཤེལ། །ར་སྣ་ཉེར་ཤིང་ཤིང་མངར ་མཉམ། །བསྐོལ་བའི་ཏིལ་མར་རྒྱ་སྐྱེགས་སོགས། །ཞེས་བྱ་བསྐུས་ན་ཕན་པར་འགྱུར། །སྟོབས་བསྐྱེད་རིམས་དང་ཟད་བྱེད་དང། །སྨྱོ་བྱེད་རྗེད་བྱེད་དབུགས་མི་བདེ། །རླུང་གི་ནད་རྣམས་སེལ་བར་བྱེད། །གནོད་སྦྱིན་སྲིན ་པོ་འབྱུང་པོ་འཇོམས། །སྦྲུམ་མ་ལ་ཡང་བསྔགས་པ་ཡིན། །ཁོང་ད་དཀར་ཀ་ཏ་སྲིང་གི། པི་པི་ལིང་དང་སྦྲང་རྩིར་སྦྱར། །ལྡེ་གུ་བྱིས་པ་ལ་བྱིན་པ། །བོད་ད་དཀར་པོ་གཅིག་པུ་ཡི། །ལྡེ་གུས་ལུད་པ་རིམས་སློན་བྲོ། །བརླ་གཉན་གྱི་ནི་ནད་སེལ་བྱེད།། ་ནུ་ཞོ་འཐུངས་ཞིང་སློན་པ་ལ། །དེ་ལ་ཞུན་མར་སྦྲང་རྩི་དང། །ཀཎྜ་ཀཱ་རི་བྲི་ཧ་ཏཱི། །འབྲས་བུའི་ཁུ་བ་ཚ་བ་ལྔ། །སྦྱར་བའི་ལྡེ་གུ་སྦྱིན་པར་བྱ། །པི་པི་ལིང་དང་ལན་ཚྭ་ལྔ། །པ་རི་བ་ར་བི་ཏ་ཀ། དེ་བཞིན་ལྡེ་གུ་སྦྱར་བ་སྦྱིན། །དེ་བཞིན་ཚ་བ་གསུམ་རེག ་འཇམ། །ཤ་རི་དད་རྨ་བྱ་སྲམ། །ཇི་སྙེད་པགས་པ་སྦུ་སྲེགས་པ། །གནག་ཚ་སྦྲང་རྩི་མར་སྦྱར་ཕན། །སེང་ལྡེང་བལ་བུ་ཨརྫུ་ན། །རུ་རྟ་བནྟ་ནའི་ཁུ་ག། འོ་མ་མར་དང་བཅས་བསྐོལ་བས། །སློན་པྲོ་ཉེ་བར་སེལ་བར་བྱེད། །གང་ཞིག་ས་དང་བཅས ་སྐྱེས་དང། །གང་གི་དང་པོ་ཡ་སོ་སྐྱེས། །བཀྲ་མི་ཤིས་པ་དེ་ལ་ནི། །ཞི་བ་བྱ་ཞིང་བྲམ་ཟེ་ལ། །ཡོན་ཏན་བཅས་པ་སྦྱིན་པར་བྱ། །དེ་བཞིན་སྐྱེ་མཆེད་མཆོད་པར་བྱ། །བད་ཀན་འཁྲུགས་པས་རྐན་གྱི་ཤར། །རྐན་གྱི་འཛེར་པ་ཞེས་བྱ་སྟེ། ད་ནས ་རྐན་གྱི་ཕྱོགས་ཀྱི་ནི། །ཕྱི་བོ་དམའ་བ་འབྱུང་བར་འགྱུར། །རྐན་ལྷུང་ནུ་ཞོ་འདྲས་པ་དང། །བསྐ་བས་འཐུང་ཞིང་བཤད་བ་སླ། །སྐོམ་དད་ཁ་གཡའ་མིག་ན་ཞིང། །གཉའ་པ་འདེགས་དཀའ་སློན་པར་འགྱུར། །དེ་ལ་རྐན་བཏེག་ནས ་ཚིག་ཁུས། །ཐལ་བ་སྦྲང་རྩི་སྦྱར་བ་བསྐུ། །ཡང་ན་བཅའ་སྒ་པི་པི་ལིང། །བ་ལང་ལྕི་ཁུ་རྒྱམ་ཚ་ཡི། །དོང་གྲ་སྐྱེར་པ་ཤིང་ཚ་ཡི། །ལྡེ་གུ་ནྱ་གྲོ་དྷའི་ལོ་མར། །གཏུམས་ལ་བ་ལང་ལྕི་བས་བྱུག། དེ་རྗེས་མེ་མར་མུར་དུ་བསྲེག། ཁུ་བས ་རྐན་དང་ཁ་བསྐུ་ཞིང། །མིག་ཏུ་ཡང་ནི་བླུད་པར་བྱ། །རུ་རྟ་ཤུ་དག་ཨ་རུ་ར། །སྦྲང་རྩིར་བཅས་པའི་ལྡེ་གུ་ནི། །ནུ་ཞོར་བཅས་པ་བྱིས་པར་བླུད། །རྐན་གྱི་འཛེར་པ་ལས་ཐར་འགྱུར། །དྲི་མས་གོས་སམ་རྡུལ་བ་ལས། །གཞང་ཁར ་བད་ཀན་ཁྲག་ལས་འབྱུང། །རྨ་ནི་ནད་རྨར་གཡའ་བ་དང། །བརླ་གཉན་མང་པོ་འབྱུང་བར་འགྱུར། །ལ་ལས་མ་མེའི་ཉེས་པ་བཤད། །གཞན་དག་ལུས་སྲུལ་པོས་བྱས་ཟེར། །རྒྱབ་ཀྱི་ཐོར་བུ་གཞད་འདེབས་ཟེར། ། ་ལ་ལས་དེར་མིང་མེད་ཅེས་བཤད། །དེ་ལ་མ་མ་བད་མཁྲིས་དག། སེལ་བའི་སྨན་གྱིས་ནུ་ཞོ་སྦྱར། །ཙན་དན་སྐར་ཆུ་བསིལ་བ་དང། །ལྡན་པའི་སྐོམ་ནི་ནང་ནས་བླུད། །དེ་དང་སྐྱེར་པའི་ཁཎྜ་ནི། སྦྲང་རྩིར་བཅས་པས་རྨ་བསྐུ་བྱ། །རྒྱ་ཤུག ་འབྲས་བུ་གསུམ་བླཀཤ། །ཤུན་པ་བསྐོལ་བའི་ཆུ་བླུགས་བྱ། །ནག་ཚུར་འགིའུ་ཝང་སྤངས་མ་དང། །དངུལ་རྡོ་བ་ལ་ལྡོང་རོས་ནི། །སྐྱུར་དང་བཏགས་པས་བསྐུ་བྱ་ཞིང། །ཡང་ན་ཤིང་མངར་སྐྱེར་ཁཎ་དང། །དུང་ནི་ཞིབ་ཏུ་བཏགས་པ་འམ། །དུང་གི་ལྟེ ་བ་ཤ་རི་པ་འམ། ། ས་ན་ཡི་ཤུན་པ་ནི། །ཕྱེ་མ་བཏགས་པ་གདབ་པར་བྱ། །དམར་ཞིང་གཡའ་བའ་ཨི་ཤས་ཆེ་ལ། །སྲིན་བུ་པདྨས་ཁྲག་དབྱུང་བྱ། །གཞང་བསྡེབས་ནད་ལ་མཁྲིས་པ་ཡི། །རྨ་ལ་ཕན་པ་ཐམས་ཅད་བསྔགས། །པ་ཐ་གླ་སྒང་སེར ་པོ་གཉིས། །ག་བྲའི་རྩ་བ་བིཊཱངཀ། །བུརྣ་རྣ་བ་བིལྦ་ར་བཅས། །པྲི་ཤི་ཀ་ལི་ཚ་བ་གསུམ་ཀ་མར་བཅས་བསྐོལ་བ་ཚད་ཙམ་ལྔགས། །ཟས་ཟོས་ནད་ལས་ཐར་བར་འགྱུར། །ནད་ནི་གང་གི་སྨན་གང་ཡིན། །དེ་ཡིས་ནུ་མ་བསྐུས་ནས་ནི། །ཡུད ་ཙམ་འདུག་ལ་དེ་རྗེས་བཀྲུ། །བླུད་ན་ནད་ནི་དེ་དེ་སེལ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གནས་ཕྱི་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱིས་པའི་གདོན་གསོ་བའི་ལེའུ་བཤད་པར་བྱའོ། །སྔོན་ནི་སྐྱེ་མཆེད ་བསྲུང་པའི་ཕྱིར། །གདོན་ནི་སྐྱེས་པའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་ཅན་བདུན། །ལྷ་ཆེན་པོ་ཡི་སྦྲུལ་པ་ཡིན། །སྐེམ་བྱེད་ས་ག་ལུག་ཐུག་གདོང། །ཁྱི་གདོན་ཡི་དགས་ཞེས་བྱ་དང། །བྱ་གདོན་སྲུལ་མོ་གྲང་བ་ཡི། །སྲུལ་མོ ་ལོང་མ་ལུས་སྲུལ་མོ། །དེ་བཞིན་བཞིན་གྱི་རྒྱན་ཅན་མ། །ནམ་གྲུབ་མ་གྲུ་སྐེམ་མའོ། །དེ་རྣམས་ཀྱིས་ནི་བཟུང་བའི་ཚུལ་སྟེག་ཏུ་དུ་དང་རིམས་ཀྱིས་འདེབས། །སྦྱི་ཚུལ་སྐྲམ་དང་གླལ་བ་དང། །སྨིན་མ་འདེགས་ཤིང་རྨྱ་བ་དང། །ལྦུ་བ་སློན་ཞིང་གྱེན་དུ་བལྟ། །མ ་མཆུ་སོས་འདེབས་གཉིད་ཡར་དང། །དུ་ཞིང་འཁུན་ལ་ནུ་ཞོ་ལ། །མི་དགའ་སྐད་ནི་འགྱུར་བ་དང། །གློ་བུར་དུ་ནི་སེན་མོ་ཡིས། །རང་གི་མ་མའི་ཡན་ལག་འབྲད། །དེ་ལ་སྐེམ་བྱེད་ཀྱིས་ནི་ཟིན་པའི་རྟགས། །མིག་གཅིག་མཆི་མ་ཟག་པ་དང། །ཡང་དང་ཡང་དུ ་མགོ་བོ་བརྡེ་བ། །ཕྱོགས་ཅིག་ཉམས་ཤིང་ལུས་རེངས་ལ། །རྡུལ་བཅས་སྐྱེ་བ་རེངས་པ་དང། །སོ་ཆ་ནུ་ཞོ་ལ་མི་དགའ་། །སྡངས་ཤིང་དུ་ལ་སྐད་གསང་ཉམས། །ཁ་ཡོ་ཁ་ཆུ་སྐྱུག་པ་དང། །མི་ཟད་པར་ནི་གྱེན་དུ་བལྟ། །ཚིལ་ཁྲག་དྲི་པྲོ་ཡིད་མི་དགའ་། །བཤད ་བ་ཁུ་ཚུར་ལ་བཅངས་ཤིང། །མཁུར་ཚོས་མིག་དང་སྨིན་མ་གཅིག། གཡོ་ཞིང་མིག་ནི་གཉི་ག་དམར། །དེས་ནི་ཡན་ལག་ཉེས་ཉམས་པ་འམ། །འཆི་བ་ཁོ་ནར་བྱེད་པར་འགྱུར། །སྐེམ་བྱེད་རྗེད་བྱེད་མཚན་མ་ནི། །དྲན་པ་ཉམས་ཤིང་ཡང་དང་ཡང། །སྐྲ ་འབལ་སྐྱེ་བ་འགུགས་པ་དང། །རྣམ་པར་འདུད་ཅིང་གླལ་བཞིན་དུ། །བཤང་དང་གཅི་བས་འབྱིན་པར་བྱེད། །ལྦུ་བར་སྐྱུག་ཅིང་གྱེན་དུ་བལྟ། །རྐང་ལག་སྨིན་མས་གར་ཡང་བྱེད། །ནུ་མ་རང་ལྕེ་སོ་ཡིས་འདེབས། །ཀུན་ཏུ་གཡོ་ཞིང་གཉིད་ཡར་རིམས།། ་ཁྲག་ནི་རྣག་གི་དྲི་བློ་བའོ། །ལུག་ཐུག་གདོང་གི་རྟགས་ཀྱི་ནད། །སྦོ་ཞིང་རྐང་པ་ལག་པ་དག། འདར་ཞིང་ལྦུ་བ་སྐྱུག་པ་དང། །སྐོམ་དད་ཆེ་འཁྲུ་ཆང་ཁ་སྡེམས། །སྐད་གསང་དམའ་ཞིང་མདོག་མི་སྡུག། འཁུན་ཞིང་སློན་པར་བྱེད་པ་དང། །ལུད་པ ་སྐྱིགས་བུས་འདེབས་གཉིད་ཡང། །སོ་ཡིས་མཆུ་གནན་ཡན་ལག་སྡུད། །རེངས་ཤིང་ལུག་ཐུག་དྲི་བྲོ་ལ། །གྱེན་དུ་ལྟ་ཞིང་རྒོད་པ་དང། །བར་དུ་འགུགས་ཤིང་རིམས་ཀྱིས་བདེ་བས། །བརྒྱལ་ཞིང་མིག་གཅིག་སྦྲང?་བ་ཡིན། །ཁྱི་ཡི་གདོན་གྱི་རྟག ་གྱུར་བ། །འདར་ཞིང་བ་སྦུ་ལྡང་བ་དང། །རྡུལ་ཞིང་མིག་ནི་འཛུམ་པ་དང། །རྒྱབ་ཏུ་འགག་ཅིང་ལྕེ་དང་སོ། མཆུ་དང་རྐན་སྒྲ་འབྱིན་ཞིང་སྐྱུག་ཁ་ཤང་བའི་དྲི་འབྱུང་ཁྱི་སྐད་འབྱིན། །ཡི་དགས་ཀྱི་ནི་གདོན་གྱི་རྟགས། །བ་སྦུ་ལྡང་ཞིང་ཡང་ཡང་དངས ་བློ་བུར་ལ་དུ་རིམས་ཀྱིས་འདེབས། །འཁྲུ་ཞིང་སློན་བྱེད་ལུད་པ་ལུ། །གླལ་སྐོམ་མི་རོའི་དྲི་དང་ལྡན། །ལུས་ནི་སྐྱོད་ཅིང་གཡོ་བ་དང། །སྐེམ་ཞིང་དེངས་ལ་མདོག་མི་སྡུག། ཁུ་ཚུལ་སྡེམས་ཤིང་མཆིམ་འཛག། བྱ་གདོན་ལུས་སྟོད་འཁྲུ་བར་བྱེད། ། ་ལྕེ་རྐན་ལྐོག་མར་རྨ་འབྱུང་ཞིང། །ཐོད་བུར་ན་ཞིང་ཚ་ལ་གནག། ཚིགས་དག་ཏུ་ནི་ཡང་ཡང་འབྱུང། །མཚན་མོ་སྐྱེ་ལ་ཉིན་མོ་འབྲི། །ཁ་འམ་བཤད་སྒོ་མ་ནགས་པ་དང། །འཇིགས་ཤིང་བྱ་ཡི་དྲི་དང་ལྡན། །རིམས་ཀྱིས་འདེབས་པར་བྱེད་པ་ཡིན ་ཕྲུལ་མོའི་སློན་ཞིང་འདང་བ་དང། །ལུས་སྙོམས་མཚན་མོ་གཉིད་ཡང་དང། །སྐྱིགས་བུ་ལྟོ་སྦོས་འཁྲུ་བ་དང། །སྐོམ་ཞིང་གཅིན་ནི་སྲི་བ་དང། །ལུས་ལྷོད་བ་སྦུ་གཤོར་བ་དང། །ཁ་ལྟར་དྲི་ནི་མནམ་པ་ཡིན། །གྲང་བའི་སྲུལ་མོ་འདར་བ ་དང། །དུ་ཞིང་ཟུར་གིས་བལྟ་བ་དང། །སྐོམ་ཞིང་འཁྲུལ་རྒྱུ་མ་འཁྲུག། ཞག་ལྟར་དྲི་ནི་མནམ་པ་དང། །ཡན་ལག་ལོག་གཅིག་གྲང་པ་དང། །ཅིག་ཤོས་དྲོ་བ་ཉིད་ཡིན་ནོ། །སྲུལ?་མོ་ལོང་མའི་སློན་མ་དང། །རིམས་དང་ལུད་པ་གཉིད ་ཆུང་དང། །ཤང་བ་སླ་ཞིང་མདོག་མི་སྡུག། དྲིང་བསྐུས་བས་མྱུར་དུ་བསྐམས། །མཐོང་བ་ཉམས་ཤིང་མིག་ན་གཡའ། །མིག་སྐྲད་གློ་བར་གྱུར་པ་དང། །སྐྱིགས་བུ་མི་རྒོད་ནུ་ཞོ་འདྲང། །མདོག་མི་སྡུག་ཅིང་དང་རོ་རྩུབ། །མདོག ་ཉམས་ཉ་ཡི་དྲི་དང་ལྡན། །ཡང་ན་དྲི་ནི་སྐྱར་བཅས་ཡིན། །བཞིན་རྒྱན་ཅན་གྱི་རྐང་པ་དང། །ལག་པ་རྡོ་ནི་མཛེས་པ་དང། །རྩ་ནི་ནག་པོར་སྣང་བ་ཡིས། །ལྟོ་བ་ཁྱབ་ཅིང་རིམས་ཀྱིས་འདེབས། །ཡི་ག་འཆུས་ཤིང་ཡན་ལག་ན། །བ ་གཅིན་ལྟ་བུའི་དྲི་འབྱུང་འགྱུར། །རྣམ་གྲུ་གནག་ཅིང་སྡོ་བ་དང། །མིག་དང་རྣ་བ་སྣང་བྱེད་འགྲུབ། །མིག་འགུལ་སྐྱིགས་བུ་ལུང་པ་ལུ། །ཁ་ནི་ཡོ་ཞིང་མར་པ་དང། །ལུག་ཐུག་དྲི་ལྡན་རིམས་འདེབས་སྐྱེམ། །བཤད་བ་སྔོ་ཞིང་སླ་བ་ཡིན། །ནམ་གྲུ་སྐེམ ་པའི་ལུས་ཀུན་ནི། །རིམས་ཀྱིས་འདེབས་པར་འགྱུར་བ་དང། །སྐྲ་འབྱི་ཟས་ལ་མི་དགའ་དང། །སྐད་གསད་ཞུམ་ཞིང་མདོག་མི་སྡུག། བཤད་བ་ཁ་དོག་སྣ་ཚོགས་དང། །ལྟོ་བར་རྩ་ཡི་མདུད་པ་ཆགས། །དུ་ཞིང་བྱ་རྒོད་དྲི་ལྡན་ལ། །ཡུན་རིང་ན་པར་བྱེད ་པ་ཡིན། །ལྟོ་བ་རྨེན་བུ་ཟླུམ་པོ་འབྱུང། །བཤད་བ་ཁ་དོག་སྣ་ཚོགས་འབྱུང། །ལྕེ་ཡི་དབུས་ནི་དམའ་བ་དང། །རྐན་ནི་གནག་འགྱུ་དེ་སྤང་བྱ། །ཁ་ཟས་མང་དུ་ཟོས་ཀྱང་ནི། །བྱིས་པ་གང་ཞིག་ལུས་སྐེམ་བྱེད། །སྐོམ་པས་ཉེན་ཞིང་མིག་ཉམས་བ། །དེ་ནི་ནམ་གྲུ་སྐེམ་མོས ་གསོད། །འཚོ་བ་?་དགའ་མཆོད་བར་འདོད། །གདོན་རྣམས་འཛིན་པའི་རྒྱུ་ཡིན་ནོ། །དེ་ལ་འཚེ་བའི་བདག་ཉིད་ཅན། །བྱིན་ཚོ་སྣ་ནས་འཛག་པ་དང། །ལྕེ་ཉམས་མིག་ནི་གཏིང་དུ་འབྲོས། །འདེགས་བྱེད་མིག་ནི་འཆི་མར་བཅས། །ཉམས་ཆུང་ཆིག་ནི་དམན་པ་དང།། ་དྲིང་བ་ཡི་འབྱུང་བར་འགྱུར། །སྐེམ་ཞིང་རང་གི་བཤད་དང་གཅི། །ལག་པས་ཉེད་ཅིང་སྨོས་མི་བྱེད། །ལག་པས་བཏེགས་སྟེ་འབད་པ་ཡིས། །བདག་དང་དེ་བཞིན་གཞན་ལ་བརྡག། མཚོན་དང་ཤིང་སོགས་ཀྱིས་བརྡེག་ཅིང། །འབར་བའི་མི་ལ་འཇུག ་བར་བྱེད། །ཆུ་ནང་སྦྱིད་ཞིང་ཁྲོན་པར་ལྟུང། །གཞན་ཡང་དེ་འདྲར་བྱེད་པར་འགྱུར། །སྐོམ་དང་ཚེ་ཞིང་ཚ་བས་རྣག། སློན་བར་བྱེད་བར་འགྱུར་བ་དང། །བུ་ག་ཀུན་ནས་ཁྲག་འཇོག་ཅིང། །མཆི་ལྟས་བྱུང་བ་དེ་སྤང་བྱ། །དགའ་བ་འདོད་པས་གཟིར་འགྱུར ་བ། དབེན་པར་བུད་མེད་འདོད་སྨྲ་དགའ་། །དྲི་དང་མེ་ཏོག་ཕྲེང་རྒྱན་དགའ་། །མགུ་ཞིང་ཞི་བ་གསོ་བ་དགའ་། །ལྕེ་ནི་ཁ་ལ་ཉུག་བ་དང། །མཆུ་རྐན་ཕྲེ་བ་བསྐམས་པ་དང། དོགས་བས་ད་ལྟ་ཞིང་དུ་བ་དང། །སེམས་ཁོང་ཆུང་ཅིང་ཞུམ་པ་དང། ་ཟས་འདོད་ལྟོགས་པར་གྱུར་ཀྱང་ནི། །བྱིན་ན་ཟ་བར་མི་འདོད་ལ། །གཏོར་མ་འདོད་པས་ཟིན་པ་སྟེ། །དེ་ནི་གསོ་སླ་ཡིན་པར་བཤད། །སྲོག་འདོད་པ་ལ་གྲུབ་པ་ཡི། །སྔགས་བཟླས་སྦྱིན་སྲེག་བྱས་པས་གཞོན། །ཅིག་ཤོས་ལ་ནི་ཅི ་འདོད་པར། །དགའ་དང་གཏོར་མ་སོགས་སྦྱིན་པས། །དེ་ནས་གསོར་རུང་གདོན་ལ་ནི། །བྱིས་པ་ཁང་པ་དབེན་པར་བཞག། ཞག་གསུམ་ཆག་ཆག་ཕྱག་དང་བྱས། །རྟག་ཏུ་མེ་ནི་བཞག་པ་ཡི། །བུ་ཏིའི་མེ་ཏོག་བསིལ་མ་དང། །འདབ་མ་ས་བོན ་ཡུངས་ཀར་གཏོར། །གདོན་འཇོམས་ཏིལ་མར་སྦྱར་བ་ཡི། །མར་མེས་གདོན་ནི་འཇོམས་པར་བྱེད། །ནད་གཡོག་ཉལ་པོ་ཆད་དད་ཤ། ཡོངས་སུ་སྤངས་པར་གྱུར་བ་ཡི། །མར་ནི་རྙིང་པས་བསྐུས་ནས་ནི། །བལ་ནི་མྦ་སྟར་ག་ནི། །དོད་གྲ་ཐད ་ཤིང་ཀོཏྲ་ཀ། འཛམ་བུ་དང་ནི་ཤྲ་མ་ལ། །ཀ་ཏྲི་ན་དང་ལྕམ་པ་དང། ། པ་མརྒ་མ་ཏ་ལི། །མུ་ཏུ་ཤྲི་ཏྲུ་ཞེས་བྱ་དང། །ཀ་ཀ་ཛ་ཀ་ཤྭ་ཏ་ཆེ། །བིལ་རྐད་འོ་མ་ཅན་གྱི་ཤིང། །ཀ་དམྦ་བཅས་ཀརྙྫ། །ཆུ་ནི་དྲོ་འཇམ་དག་གིས་བཀྲུ། །སྟག་དང་གཟིགས ་དང་སེང་གེ་སྦྲུལ། །དོམ་གྱི་ལྦགས་བ་མར་དང་བཅས། །བདུག་པས་ཁྲུས་བྱས་འོག་ཏུ་འདུག། །བུ་ཏི་ཡུངས་ཀར་ཤ་རཾ་ཀ། ཤུ་དག་གོ་བྱེ་ལ་ལྤ་ཕུད། །རུ་རྟ་མར་བཅས་གདུགས་བས་ནི། །གདོན་ཀུན་ལས་ནི་ཐར་བྱེད་ཡིན། །ཡུངས་ཀར་ནིམཔའི? ་ལོ་མ་དང། །ཤུ་དག་ཀར་བི་རའི་རྩ། །དྲོ་བ་མར་སྦྱར་བདུགས་པས་ནི། །གདོན་ནི་ཐམས་ཅད་སེལ་བར་བྱེད། །བ་ལང་ར་དད་རུས་པ་སྤུ། །ལྤགས་བྱི་ལའི་རྟུག་པ་དང། །ནི་མའི་ལོ་མ་སྤ?་ཅེ་ཤེལ། །མར་དང་འབྲི་ཏ་?་གཉིས་དང། །ངས་པ་ལ? ་ས་བོན་པོ་སོན་ཆ། །ནས་དད་ར་སྤུ་ཐད་ཤིང་དང། །ཡུངས་ཀར་རྨ་བྱའི་སྒྲོ་དང་པོ་ག?། སྐྲ་དང་ཕུབ་མ་ཕ་བམ་དང། །རྫ་མར་ར་ཐུག་གཅིན་དག་སྤངས། །ཞིབ་བཏགས་པ་ཡི་བདུག་པས་ནི། །འབྱུང་བོའི་གདོན་ནི་ཐམས་ཅད་?། ་མི་བཟང་རིམས་ནད་འཇོམས་པར་བྱེད། །བྱི་ཚོར་ཨ་མྲའི་ཚིག་གུ་དང། །རྒྱ་སྤོས་མངར་སྡེ་ན་མེ་ཤན། །པྲི་སྣ་པརྞི་གླ་སྒང་རྣམས། །ལྡེ་གུ་བྱས་པ་མར་དང་ནི། །འོ་མ་རྩ་བ་བཅུ་བསྐོལ་ཁུར། །བཅས་བསྐོལ་དེ་ནི་གདོན་འཇོམས་མཆོག། ར་སྣ་ཨི་ཤུ་མ ་ཏི་གཉིས། །བ་ལ་རྩ་བ་ཆེན་པོ་ལྔ། །གླ་སྒད་བཏགས་ཏེ་མར་དང་བསྐོལ། །ཆ་བ་གསུམ་དང་ཙི་ཏྲ་ཀ། ཐལ་ཏྲེས་པ་ཏྲ་བི་ཊཱ་ཀ། ཤིང་མདང་ཤིང་ཀུན་པ་ཡ་སྱ། །ཐད་ཤིང་པི་པི་ལིང་རྩ་བ། །དུག་མོ་ཉུང་དང་བཅས་པ་ཡི། །ལྡེ་གུ་མེད་དང་བསྐོལ་བ་ནི། །རྟག་ཏུ ་བྱིས་པ་ལ་ཕན་ཞིང། །ནད་དང་གནོད་པ་ཐམས་ཅད་འཇོམས། །མེ་དྲོད་སྟོབས་དང་ཁ་དོག་བསྐྱེད། །ཤ་རི་པ་དང་མུ་ར་དང། །པྲ་ཏི་ཤུ་དག་ཤམ་གི་ནི། །ཉུང་དཀར་ཨ་ཤྭ་གནདྷ་དང། །བྱེའུ་རུག་པར་བཅས་མར་དང་བསྐོལ། །དེ་ནི་བཏུད་དང་བསྐུ ་པ་ཡིས། །གདོན་རྣམས་ཐམས་ཅད་འཇོམས་པར་བྱེད། །མར་གང་འབྱུང་པོའི་རིག་པ་རུ། །འོག་ནས་བ་བཤད་བ་དག་དང་ནི། །དེ་བཞིན་གཏོར་མ་སྦྱིན་སྲེག་དང། །ཁྲུས་ནི་སྔགས་རྒྱུད་ཤེས་པར་བྱ། །པུ་ཏི་ཀ་རཉྫའི་ཤུན་པ། །བར་བར་ཡི་རྩ་བ ་དང། །སྐུ་བ་ཁ་བོ་བི་ཤ་ལ། །ཀ་ཏྲ་ཀ་དང་བིལྦ་དང། །ཀ་པི་ཏ་བསྐོལ་དེས་མཚན་མོ། །བྱིས་བ་བཀྲུས་ན་ཤེས་པ་ཡིན། །གདོན་དང་བྲལ་ཡང་བརླ་གཉན་ནད། །རྗེས་སུ་འབྲེལ་པ་ཐམས་ཅད་ལ། །བྱིས་པའི་ནད་གསོལ་བཤད་པ་ཡི། །སྨན ་གྱིས་ཇི་བཞིན་གསོ་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གནས་ཕྱི་མའི་ལེའུ་སྟེ་གསུམ་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །བྱིས་པ་གསོ་བའི་ཡན་ལག་རྫོགས་སོ།། །། ་དེ་ནས་འབྱུང་པོའི་གདོན་གྱི་ནད་དམིགས་ཤེས་པ་བཤད་པར་བྱའོ། །ཤེས་དང་རྣམ་ཤེས་ཚིག་དང་ནི། །སྤྱོད་དང་སྙིང་སྟོབ་པ་རང་བཞིན་དག། གང་གི་རང་བཞིན་འགྱུར་བ་སྣང། །དེ་ལ་འབྱུང་པོའི་གདོན་ཡོད་བཤད། །འབྱུང ་པོའི་གཟུགས་དང་རང་བཞིན་དང། །སྨྲ་དང་འགྲོ་སོགས་སྤྱོད་པ་དང། །གང་ཞིག་འདྲ་བར་བྱེད་པ་རྣམས། །དེ་ལ་དེ་ནི་ཞུགས་པར་བཤད། །དེ་ནི་ལྷ་དང་ལྷ་མིན་སོགས། །དབྱེ་བས་རྣམ་པ་བཅོ་བརྒྱད་བཤད། །དེ་འཛིན་རྒྱུ་ནི ་འཕྲལ་གཏམ་ནི། །སྔོན་ཆད་ཤེས་རབ་འཆལ་པ་ཡིས། །བློ་ཡིས་ཉེས་པ་བྱས་གྱུར་ནས། །དེ་ཡིས་ཆགས་པ་སོགས་བསྐྱེད་ནས། །བརྟུལ་ཞུགས་སྤྱོད་དང་ཆོས་ལུགས་ཉམས། །མཆོད་འོས་རྣམས་ནི་བརྙས་པ་དང། །གཞུང་ལུགས་ཉམས ་པ་དེ་དག་ནི། །སྡིག་དང་བདག་ནི་གསོད་བྱེད་ནི། །གདོན་ནི་གླགས་སྐབས་ཚོལ་བྱེད་པས། །ལྷ་ལ་སོགས་པའང་རྗེས་གནོད་བྱེད། །གླགས་ནི་སྡིག་ལ་སོགས་པ་དང། །མི་དགེའི་ལས་ནི་སྨིན་པ་དང། །གཅིག་བུ་ཁང་སྟོང་གནས ་པའམ། །དུར་ཁྲོད་སོགས་པར་མཚན་མོ་གནས། །གཅེར་བུར་རྒྱ་པའམ་བླ་མ་སྨོད། །འཁྲིག་པ་ཚུལ་མིན་སྤྱོད་པ་དང། །གཙང་སྦྲ་མེད་པར་ལྷ་མཆོད་དང། །མི་གཙང་གཞན་དང་འདྲེས་པ་དང། །སྦྱིན་སྲེག་སྔགས་གཏོར་མཆོད་སྦྱིན ་རྣམས། །ཕྱིན་ཅི་ལོག་ཏུ་བྱེད་པ་དང། །མདོར་ན་ཉིན་རེ་སོགས་སྤྱོད་པར། །སྤྱོད་པ་བསྟན་པ་ལས་འདས་པའོ། །ལྷ་ཡི་གདོན་གྱི་ཡང་ངོ་ཡི། །ཆོས་གཅིག་བཅུ་གསུམ་དག་ལ་འཛིན། །ལྷ་མིན་གདོན་ནི་ཡང་ངོ་ཡི། །བཅུ་གསུམ་མར་དོ ་བཅུ་གཉིས་ལ། །དྲི་ཟའི་གདོན་ནི་བཅུ་བཞི་དང། །བཅུ་གཉིས་དག་ལའང་འཛིན་པར་བྱེད། །ཀླུ་གདོན་ཚེས་ལྔ་ལ་འཛིན་བྱེད། །གནོད་སྦྱིན་གདོན་ནི་ཡང་ངོ་ཡི། །ཚེས་བདུན་བཅུ་གཅིག་དག་ལ་འཛིན། །ཚངས་པའི་སྲིན་པོའི་ཡར་དོ་ཡི།། ་ཆོས་བརྒྱད?་བཅོ་ལྔ་དག་ལ་འཛིན། །སྲིན་པོ་ཤ་ཟ་སོགས་མར་དོའི། །ཚེས་གཅིག་ཆོས་དགུ་བཅུ་གཅིག་ལ། མཚུན་ལྷ་གནམ་སྟོང་ཆོས་བཅུ་དང། །བརྒྱད་དང་དགུ་པ་དག་ལ་འཛིན། །རྒན་པོ་ལ་སོགས་གཞན་དག་ནི། །ཕལ་ཆེར་དུས་དེའི་ཐུན ་མཚམས་པའོ། །ལྷ་ཡི་གདོན་གྱིས་དབང་བྱས་པ། །གདོན་ནི་པདྨ་ཁ་བྱེ་འདྲ། །ལྟ་སྟངས་ཞི་ཞིང་ཁྲོ་བ་མེད། །ཚིག་ཉུང་རྡུལ་དང་བཤད་གཅི་ཉུང། ཁ་ཟས་ལ་ནི་འདོད་པ་མེད། །ལྷ་དང་བྲམ་ཟེ་བྱུང་བ་དགའ་། །གཙང་ཞིང་སམ་སྐྲི་ཏའི་སྐད་སྨྲ། །ཡུན་རིང་ནས་ནི་མིག ་འཛུམས་ཤིང། །ལུས་དྲི་ཞིམ་ཞིང་མཆོག་སྟེར་བྱེད། །གོས་ཕྲེང་དཀར་པོ་ཆུ་བོ་དང། །རི་མཐོ་ཁ་བ་མཐོ་ལ་དགའ་?། །གཉིས་མེད་ཚུགས་པ་མེད་པ་ཡིན། །ལྷ་མིག་གདོན་གྱིས་ཟིན་པ་ནི། །ཡོན་པོར་བལྟ་ཞིང་རང་བཞིན་དན། །ལྷ་དང་བླ་མ་བྲམ་ཟེ་དང། །འཇིཌ ་མེད་ཁེངས་ཤིང་དཔའ་བ་དང། །ཁྲོ་ཞིང་རྩོལ་བ་ཆེ་པ་དང། །ད་ནི་དྲག་པོ་ཁྱབ་འཇུག་དང། །སྐྱེ་མེད་བརྒྱ་བྱིན་ཡིན་ཞེས་བཤད། །ཤ་དང་ཆད་ལ་དགའ་ཞེས་བྱ། །དྲི་ཐའི་གདོན་གྱིས་ཟིན་པའི་རྟགས། །རང་སྤྱོད་ལ་དགའ་ལུས་དྲི་ཞིམ། །སྙིང་དགའ་གླུ་དང ་གར་ཡང་བྱེད། །ཁྲུས་དང་སྐྱེད་མོས་ཚལ་ལ་དགའ་། །གོས་ཕྲེང་བྱུག་པ་དམར་ལ་སྲེད། །སྒེག་དང་རྩེད་མོ་ལ་དགའ་འོ། །ཀླུ་ཡི་གདོན་གྱིས་ཟིན་པའི་རྟགས། །མིག་དམར་ཁྲོ་ཞིང་མི་འགྱུར་ལྟ། །ཡོན་འོད་འགྲོ་ཞིང་བལྟ་བ་དང། །ཉིན་མཚན་དབུགས ་རྒོད་ལྕེ་ལས་ནི། །ཁ་ཆུ་འཛག་ཅིང་ཁ་འགྲམ་ལྡག། བུ་རམ་འོ་མ་ཁྲུས་ལ་དགའ་། །ཁ་སྦུབ་ཏུ་ནི་ཉལ་བར་བྱེད། །གདུགས་མཐོང་ན་ནི་འཇིགས་པ་ཡིན། །གནོད་སྦྱིན་གདོན་གྱིས་ཟིན་པའི་རྟགས། །མིག་དམར་དགྲང་ཅིང་སྐྲག་ལ་འབུལ ་ལུས་ནི་དྲི་ཞིམ་གཟི་མདངས་ལྡང། །གཏམ་དང་གླུ་དང་ཁྲུས་ནས་ནི། ཕྲེང་བ་བྱུག་པ་ལ་དགའ་ཞིང། །ཉ་ཡི་ཤ་སྲེད་དགའ་བ་དང། །དགའ་མགུ་སྟོབས་ཆེ་ནད་མེད་ལ། །ལག་རྩ་བསྐྱོད་ཅིང་སུ་ཞིག་ལ། །ཅི་ཞིག་སྦྱིན་ཞེས་སྨྲ་བར་བྱེད། །གསང ་ཚིག་སྨྲ་ཞིང་དམན་པ་དང། །བྲམ་ཟེ་ལ་ནི་བརྙས་པ་བྱེད། །ཁྲོ་བ་ཆུང་ཞིང་མགྱོགས་འགྲོ་བའོ། །ཚངས་པ་སྲིན་པོས་ཟིན་པའི་རྟགས། །རྒོད་ཅིང་གར་ལ་དགའ་བ་དང། །སྤྱོད་པ་གཏུམ་ཞིང་གླགས་སྐབས་ཚོལ། །གཤེ་ཞིང་མྱུར་དུ་འགྲོ་བ་དང།། ་སྨན་པ་བྲམ་ཟེ་ལྷ་ལ་སྡང། །རང་ལ་ཤིང་དང་མཚོན་སོགས་བརྡེག། ཀྱེ་ཞེས་བྱ་བའི་སྒྲ་སྒྲོག་ཅིང། །བསྟན་བཅོས་རིག་བྱེད་འདོན་པ་ཡིན། །སྲིན་པོའི་གདོན་གྱིས་ཟིན་པའི་རྟགས། །ཁྲོ་གཉེར་བཅས་ཤིང་ཁྲོ་བར་བལྟ། །རྟབས་བག་ཏུ ་ནི་བྱེད་བ་དང། །བརྡེག་ཅིང་རབ་ཏུ་རྒྱུག་པ་དང། །དུ་ཞིང་གདོད་ནི་འཇིགས་རུང་སྟོན། །ཟས་མ་ཟོས་དང་སྟོབས་དང་ལྡན། །གཉིད་མེད་མཚན་མོ་རྒྱུ་བ་དང། །ངོ་ཚ་གཙང་སྦྲ་མེད་ཅིང་དཔའ་། །གདུག་ཅིང་ཚིག་རྩུབ་སྨྲ་བ་དང། །ཁྲོ་ཞིང་ཕྲེང་བ་དམར ་པོ་དང། །བུད་མེད་ཤ་ཆད་ཁྲག་ལ་དགའ་། །ཤ་འམ་ཁྲག་ནི་མཐོང་བ་ན། །མཆུ་ནི་བལྡག་པར་བྱེད་པ་དང། །ཟས་ཟའི་ཚེ་ན་རྒོད་པ་ཡིན། །ཤ་ཟའི་གདོན་གྱིས་ཟིན་པའི་རྟགས། །སེམས་ནི་བདེ་བར་མི་གནས་ཤིང། །ཡོངས་སུ་རྒྱུག་པར ་བྱེད་པ་དང། །མི་གཙང་ལ་དགའ་གླུ་གང་དང། །རྒོད་དང་ཆད་དང་ཤ་རློན་དགའ་། །སྤྱོས་ན་གདོང་ནི་ཞུམ་པ་དང། །རྒྱུ་མེད་པར་ནི་དུ་བ་དང། །བདག་ཉིད་སེན་མོས་འབྲུད་པ་དང། །ཁོང་རྩུབ་ལུས་ཉམས་སྐད་གསང་དམའ།། ་སྡུག་བསྔལ་བ་ནི་བརྡ་སྤྲོད་ཅིང། །འབྲེལ་དང་མི་འབྲེལ་ཚིག་མད་སྨྲ། །དྲན་པ་ཉམས་ཤིང་གནས་སྟོད་དགའ་། །མི་རྟན་གཅེར་བུ་དྲི་མ་ཅན། །སྲང་བར་འཁྱམ་ཞིང་གོས་གྱོན་ཞིང། །རྩཝ་ཡི་ཕྲེང་བ་རྒྱུན་ཏུ་ཐོགས། །ཤིང་འཛེག་རྟ་ལ ་ཞོན་པར་བྱེད། །དེ་བཞིན་ཕྱག་དར་ཕུང་པོར་འཛེག། །མང་དུ་ཟ་བར་བྱེད་པ་ཡིན། །ཡི་དགས་གདོན་གྱིས་ཟིན་པའི་རྟགས། །སྤྱོད་ཚུལ་དྲི་ནི་ཡི་དགས་འདྲ། །སྔར་ཞིང་ཟས་ལ་མི་དགའ་དང། །རྩ་གཅོད་བྱེད་པ་ཞེས་ཀྱང་བྱ།། ་གྲུལ་བུམ་གདོན་གྱིས་ཟིན་པའི་རྟགས། །ཚིག་མར་སྨྲ་ཞིང་ཁ་གདོད་གནག། །དལ་གྱིས་འགྲོ་བར་བྱེད་པ་དང། །རླིག་པ་སྐྲངས་ཤིང་འཕྱང་བ་ཡིན། །མི་ན་བྱད་སྟེམས་ཟིན་པའི་རྟགས། །ཤིང་རྡོ་བོད་བ་སོགས་ཐོགས་ཤིང། ་ཚལ་བ་གྱོན་ཏེ་འགྲོ་བ་དྲག། །གཅེར་བུར་རྒྱུག་ཅིང་འཇིགས་བག་ཏུ། །ལྟ་ལ་རྩ་ཡིས་བརྒྱན་དུ་བྱེད། །དུད་ཁྲོད་གནས་ནི་སྟོད་པ་དང། །སྲང་བར་ཤིང་གཅིག་བརྡེན་པ་དང། །ཏིལ་ཟས་ཆད་དང་ཤ་ལ་ནི། །རྟག་ཏུ་མིག་ནི་ཆགས་པ་དང། །ཚིག་རྩུབ ་དེ་ནི་སྨྲ་བ་ཡིན། །གཡངས་བྱེད་ཀྱིས་ནི་ཟིན་པའི་རྟགས། །ཆུ་འདོད་ཟས་ནི་མི་སློང་དང། །སྔགས་ཤིང་མིག་ནི་དམར་བ་དང། །ཚིག་རྩུབ་སྨྲ་བར་ཤེས་པར་བྱ། །རོ་ལངས་གདོན་གྱིས་ཟིན་པའི་རྟགས། །དྲི་དང་ཕྲེང་བ་ལ་དགའ་ཞིང། །ཚིག་བདེན ་སྨྲ་ལ་ཡོངས་སུ་འདར། །གཉིད་ཆེ་བར་ནི་ཤེས་པར་བྱ། །ཡི་དགས་ཚུན་ལྷའི་གདོན་གྱི་རྟགས། །མིག་མི་གསལ་ཞིང་བཞིན་རས་ཞུན། །རྐན་ནི་སྐམ་པར་བྱེད་པ་དང། །མིག་དང་རྫི་མ་བསྐྱོད་པ་དང། །གཉིད་ཆེ་མེ་དྲོད་ཆུང་པ་དང།། ་གཡོན་ཕྱོགས་ནས་ནི་གོས་གྱོན་ཞིང། །ཤ་དང་བུ་རམ་ཏིལ་ལ་དགའ་། །ཚིག་འཁྲུལ་བ་ནི་ཡིན་ཞེས་བྱ། །བླ་མ་དྲང་སྲོང་རྒན་དང་གྲུབ། །དམོད་པའི་སེམས་ཀྱིས་རྗེས་མཐུན་པ། །སྤྱོད་ལམ་ཁ་ཟས་རང་བཞིན་ལས། །ཅི་འདྲ་གདོན་ནི ་དེ་ཡིན་བཤད། །ཞོ་ནུའི་ཚོགས་ཀྱི་རྗེས་འབྲང་ཞིང། །གཅར་བུ་སྐྲ་ནི་གྱེན་དུ་བརྫེས། །ཡིད་མི་བདེ་ཞིང་དུས་ཚིགས་ནི། །ཡུན་རིང་གྱུར་པའི་གདོན་དེ་སྤང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་བཞི་པའོ།། ་དེ་ནས་གདོན་ནད་ཐམས་ཅད་གསོ་བ་བཤད་པར་བྱའོ། །འབྱུང་པོ་འཚ་པ་མི་འདོད་དང། །བཟླས་དང་སྦྱིན་སྲེག་གཏོར་མ་དང། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་འཇོག་དང། །སྦྱིན་ཤེས་བཙོལ་སོགས་པས་བསལ། །ཤིང་ཀུན་བ་བླ་ཚ་བ་གསུམ།། ་གླ་རྩི་སྒོག་སྐྱ་ཨརྐའི་རྩ། །སྤང་སྤོས་ཨ་ཙ་ལོ་མ་དང། །ཟླ་བ་འབམ་པོ་ཀུ་ཀུ་ཏི། ཤུ་དག་གནདྷ་པྲི་ཡམ་ཀུ། །སརྦ་གནདྷ་ཏིལ་དང་ནི། །ཀ་ཀ་ཨནདྷ་ར་མ་ཉེ་བ། །?་ཏ་ཀ་ཀ་ཏ་སྲི་མ་གི། སླ་ཏྲི་ས་མཧཱ་ན་པ་ལོ། །ཡུངས་ཀར་དང་ནི་ལིག་བུ ་མིག། གདོན་འཇོམས་སྨན་ནི་གཞན་དག་དང། །བོང་བུ་རྟ་དང་ཁྱི་ལུག་དང། །རྔ་མོ་གོ་ད་དྲེད་དང་ནི། །སྲེ་མོ་རེ་འཇམ་བྱི་ལ་གུང། །བ་ལང་སེང་གེ་སྟ་ཀ་དང་ནི། །རྒྱ་མཚོ་ཡི་ནི་སྲོག་ཆགས་ཀྱི། །པགས་པ་མཁྲིས་པ་སེན་མོ་སོ།། ་སྡེ་ཚན་འདི་དང་མར་རྙིང་དང། །ཏིལ་མར་དང་ནི་བསྐོལ་བ་དག། བཏུང་དང་སྣར་ནི་བླུག་པ་དང། །བསྐུ་བའི་དོན་དུ་སྦྱར་བྱ་ཞིང། །འདི་དག་ཕྱེ་མས་བདུག་པར་བྱ། །འདི་ཡི་རིལ་བུ་བྱས་ནས་ནི། །མིག་སྨན་སྣ་སྨན་བྱ་བ་དང། །འདི་ཡི་ལྡེ་གུས་བྱུག་པ་དང།། ་བསྐོལ་བའི་ཁུ་བ་བླུག་པར་བྱ། །སྦྱོར་བ་འདི་ཡིས་སྨྱོ་བྱེད་དང། །རྗེད་བྱེད་བཅས་པའི་གདོན་ཞི་བྱེད། །ཡུངས་ཀར་ཧ་ཏི་པི་པི་ལིང། །པི་པི་ལིང་རྩ་ཚ་བ་གསུམ། །སྐྱུ་རུ་ར་དང་གོ་ད་དང། །སྲེ་མོ་བྱི་ལ་རྩ་ཤ་ཡི། །མཁྲིས་པ་དང་བཏགས་སྣ་སྨན་དང།། ་བསྐུར་བྱུག་བླུག་སོགས་བྱས་གདོན་འཇོམས། །ཉུང་ཀར་ཤུ་དག་ཤིང་ཀུན་དང། །པྲི་ཡམ་ཀུ་དང་སེར་པོ་གཉིས། ཀི་རི་ཀརྞི་དཀར་ནག་གཉིས། །འབྲས་བུ་གསུམ་དང་ཤེལ་ཏ་དང། །ནིམ་པའི་ལོ་མ་ཀ་རཉྫར། ཤྲི་ཤ་གཉིས་དང་ས་བོན་དང།། ་ཐང་ཤིང་དང་ནི་ཚ་བ་གསུམ། །མར་དང་བ་གཅིན་དེ་བཞི་འགྱུར། །བསྐོལ་བ་དོན་གྲུབ་ཅེས་བྱ་སྟེ། །བཏུང་དང་སྣར་བླུགས་ལས་སྦྱར་ན། གདོན་ནི་ཐམས་ཅད་མྱུར་འཇོམས་བྱེད། །མཆོག་ཏུ་ལྷ་མིན་གདོན་སེལ་བྱེད། །རྗེད་བྱེད་དུག་དང་བཀྲ་མི ་ཤིས། །སྨྱོ་བྱེད་རྗེད་བྱེད་རིམས་རྣམས་འཇོམས། སྨན་དེ་ཉིད་ནི་ར་ཐུག་གི། གཅིན་དང་སྦྱར་ཏེ་བླུད་པ་དང། །སྣར་བླུགས་སྨིན་སྨན་བྱུག་པ་དང། །ཁྲུས་དང་དྲིལ་བ་ལ་སྦྱར་བ། །སྔར་བཤད་ཡོན་ཏན་དེ་འདྲ་ཞིང། །རྒྱལ་པོའི་སྒོར་ཡང ་དོན་འགྲུབ་བྱང། །ཡུངས་ཀར་ཤུ་དག་ཚ་བ་གསུམ། ། ཤྭ་གནདྷ་སེར་པོ་གཉིས། །ཤིང་ཀུན་ཀུན་དང་རྩ་བ་དང། །ཀ་རཉྫུ་ཡི་ས་བོན་དང། ཤྲི་ཤ་ཡི་ནི་མེ་ཏོག་དང། །ཀ་བི་ཏ་ཡི་འབྲས་བུ་དང། །རྒྱམ་ཚ་རུ་རྟ་རྒྱ་སྤོས་དང། །ཀྱི་རི་ཀརྣི་དཀར་པོ་དང། ་སོན་ཀ་ཡི་རྩ་བར་བཅས། །བ་གཅིན་དག་དང་ལེགས་བསྒོས་ཤིང། །བ་ལང་མཁྲིས་པ་བུ་རམ་དང། །རིལ་བུ་བྱས་པའི་སྦྱོར་བ་དེ། །མིག་བསྐུས་སྣར་བླུག་བསྡུ?་བྱས་ན། སྨྱོ་བྱེད་རྨ་ནི་རེད་བ་དང། །མཚན་མོ་མི་མཐོང་མུན་འཐིབ་བྱེད། །བགེགས་དང་ལུས་ཆུར ་ནུབ་པ་བརྒྱལ། །དུག་བསྐུས་མདའ་ཡིས་ཕོག་པ་དང། །གདུག་བ་སྦྲུལ་གྱིས་ཟིན་པ་སེལ། །ངས་བལ་ས་བོན་རྨ་བྱའི་སྒྲོ། །མེ་ཏོག་སྨན་མ་བྲི་ཧ་ཏི། །ཤིང་ཚ་སྤང་སྤོས་པོ་སོན་ཆ། །བྱི་ལའི་རྟུག་པ་ཕུབ་མ་དང། །ཤུ་ངག་མི་སྐྲ་སྦྲུལ་ལྦགས་དང། །གླང ་པོའི་སོ་དང་གླང་གི་རྭ། །ཤིང་ཀུན་དང་ནི་ན་ལེ་ཤམ། །ཆ་ཉམས་བདུག་པར་བྱས་པ་ཡི། །སྐེམ་བྱེད་སྨྱོ་བྱེད་ཤ་ཟའི་རིགས། །སྲིན་པོ་ལྷ་ཡི་གདོན་འཇོམས་མཆོག། གནདྷ་པ་ཏྲ་ཚ་བ་གསུམ། །གུར་གུམ་པི་པི་ལིང་རྩ་བ། །ཀན་ཏ་ཀ་རི་སྐྱེར་བ་དང། ་ཐང་ཤིང་དང་ནི་ཡུངས་ཀར?་གཉིས། །བ་ལི་ཀ་དང་དུག་མོ་ཉུང། །ཙན་དན་དཀར་པོ་རྒྱམ་ཚ་དང། །འབྲས་བུ་གསུམ་དང་བུ་ཤེལ་ཙེ། །ཤུ་ཐག་སྤངས་མ་བུ་རྩེ་ཤེལ། །ཙན་དན་དཀར་པོ་བ་ལ་དང། །ཤིང་མངར་སུག་སྨེལ་ལྡོང་རོས་དང། །ཤུག་པ ་རྒྱ་པོས་ཤྲི་བ་ས། །མ་དུ་ཀ་ཡི་སྙིང་པོ་དང། །བོ་ད་གཉིས་པོ་པྲི་ཡམ་ཀུ། །དབྱི་མོ་རུ་རྟ་སྐྱེར་ཁཎྜ་ད། །ཆ་མཉམ་ཞིབས་བཏགས་ལྡེ་གུ་དང། །མར་རྙིང་གཅིན་ཀུན་ཆ་མཉམ་བསྐོལ། །གདོན་ཁུས་འདེབས་ཞེས་བྱ་བར་བརྗོད། །དེ་བླུད་གདོན་འཇོམས ་མཆོག་ཡིན་ནོ། །རྒྱ་སྦོས་ཤིང་མངར་ཀ་རཉྫ། །རྒྱ་སྐྱེགས་ད་ད་པ་ཏོ་ལ། །ཤུ་དག་ཤིང་ཀུན་པ་ཏོ་ལ། །ཡུངས་ཀར་ཀཎ?་ཀ་རི་དང། །སེར་པོ་གཉིས་དང་པུ་ཙེ་ཤེལ། །རྒྱ་ཤུག་ཀརྟ་པྲི་ཡམ་ཀུ། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཐང་ཤིང་སླེ ་ཏྲེས་བི་ཧྲཱདཀ། །ཀོ་ཤ་ཏ་ཀི་ཀ་ཀཎྜ། །ཤི་དྲུ་ནི་མ་བ་དུག་མོ་ཉུང། །ཤྲི་ཤའི་མེ་ཏོག་ས་བོན་དང། །གླ་སྒང་རུ་རྟ་དནད་དང། །གི་རི་ཀརྣི་ཙི་ཏྲ་ཀ། །བིལྦ་ཆ་མཉམ་ལྡེ་གུར་བྱས། །མར་རྙིང་ཅན་གྱི་སྡེ་ཚན་བཅས། བསྐོལ་ཏེ་ཡུན་རིང་བཞག་པ་དེ། །ཁུས ་འདེབས་ཆེན་པོ་ཞེས་བཤད་དོ། །རིམ་པ་ཀུན་གྱི་སྦྱར་ན་ནི། །གདོན་རྣམས་ཀུན་དང་སྨྱོ་བྱེད་དང། །མཛེ་དང་རིམས་ནི་མྱུར་དུ་འཇོམས། །གདོན་ནི་ཉི་མ་གང་གང་ལ། །འཛིན་པའི་ཉི་མ་དེ་དང་དེར། །མཆོག་ཏུ་སྦྱིན་སྲེག་གཏོར་མ་སོགས།། ་སྨན་པས་རབ་ཏུ་འབང་དེ་བྱ། །ཁྲུས་དང་གོས་དང་ཤ་དང་ཚིལ། །ཚང་དང་མར་དང་བུ་རམ་སོགས། །གང་ཞིང་གང་ལ་སྲེད་གྱུར་པ། །དེ་ཚ་དེ་ནི་དེ་ལ་སྦྱིན། །རིན་ཆེན་དྲི་དང་ཕྲེང་བ་དང། །ས་བོན་མར་དང་སྦང་རྩི་དང། །ཟས་ཀུན་ཀུན་ལ་སྦྱིན་བྱ་སྟེ།། ་འདི་ནི་སྦྱི་ཡི་ཆོ་གའོ། །ལྷ་དང་བླ་མ་དྲང་སྲོང་རྒན། །གྲུབ་ལ་ལྷ་ཡི་གནས་སུ་སྦྱིན། །དེ་ཡང་ལྷ་ཡི་གདོན་ལ་ནི། །བྱང་གི་ཕྱོགས་སུ་གཏོར་མ་སྦྱིན། །ལྷ་མིན་གདོན་ལ་ཅི་འདོད་པར། །མཚམས་ཀྱི་གནས་སུ་ནུབ་ཏུ་སྦྱིན། །དྲི་ཟའི་གདོན་ལ་བ་ལང་ངམ།། ་གོས་དང་རྒྱན་བཅས་གཏོར་མ་སྦྱིན། །མཚུན་ལྷ་ཀླུ་ཡི་གདོན་འབབ་ཆུ། །ཀླུ་ལ་ཤར་ལྷོ་མཚམས་སུ་སྦྱིན། །གནོད་སྦྱིན་རང་གི་གནས་སམ་ནི། །ནུ་གཉིས་འདུས་པའི་གནས་སུ་སྦྱིན། །སྲིན་པོའི་ལམ་གྱིས་བཞི་མདོ་འམ། །ཚང་ཆིང་འཇིགས་སུ་རུང ་བར་སྦྱིན། །སྲིན་པོའི་ལྷོ་ཡི་ཕྱོགས་སུ་སྦྱིན། །ཚངས་པ་སྲིན་པོའི་ཤར་དུ་སྦྱིན། །ཤ་ཟ་ལ་ནི་ཁང་སྟོང་དུ། །ནུབ་ཕྱོགས་བསུ་ནི་གནས་ཏེ་སྦྱིན། །ཕྲེང་བ་གཙང་ཞིང་དཀར་པོ་དང་།དྲི་དང་འོ་ཐུག་འབྲས་ཆན་དང། །ཞོ་དང་གདུགས་ནི་དཀར་པོ་དང། །ལྷ ་རྣམས་ཀྱི་ནི་གཏོར་མར་འདོད། །ཤིང་ཀུན་ཡུངས་ཀར་ཤུ་དག་དང། །ཚ་པ་གསུམ་ནི་སྲང་ཕྱེ་ཕྱེ། །མར་བྲེ་གང་དང་བ་ཡི་གཅིན། །བཞི་འགྱུར་དང་ནི་ལྷན་ཅིག་བསྐོལ། །དེ་བཏུང་སྣར་བླུགས་བཀྲུས་པ་ཡིས། །ལྷ་ཡི་གདོན་ལས་ཐར་བར་བྱེད།། ་ཤུ་དག་ཤིང་ཀུན་སྒོག་སྐྱ་རྣམས། །ར་གཅིན་སྦྱར་བ་སྣར་བླུག་དང། །མིག་བསྐུས་ལྷ་ཡི་གདོན་ལས་ཐར། །ལྷ་མིན?་གཏོར་མ་འབྲས་བུ་ནི། །མང་པོ་དག་དང་བུ་ཤེལ་ཙོ། །ཀླུ་ཡི་གདོན་ལ་ཛཱ་ཏི་དང། །འབྲས་ཡོས་བུ་རམ་སྣུམ་ཁར་དང།། ་འབྲས་ཆན་བུ་རམ་བཅས་པ་དང། །ཟས་མཆོག་འོ་མ་སྦྲང་རྩི་དང། །ས་ནག་ནཱ་ག་གེ་སར་དང། །ཤུ་དག་པདྨ་བུ་ཤེལ་ཙེ། །ུཏཔལ་པདྨ་དམར་པོ་ཡི། །འདབ་མར་བཅས་པའི་གཏོར་མ་སྦྱིན། །སེར་ཕྲོམ་ལོ་མ་དཀར་པོ་དང། །རྒྱ་སྦོས་ནཱ་ག་ག ་སར་དང། །ཡུངས་ཀར་ཆུ་གྲང་ལ་བཏབ་པའི། །སྣར་བླུགས་མིག་ཏུ་བསྐུས་པའང་ཕན། །གནོད་སྦྱིན་གདོན་ལ་འོ་མ་ཞོ། །མར་དང་འབྲས་ཆན་བསྲེས་པ་དང། །གུ་གུལ་པདྨ་ཐང་ཤིང་དང། །པུ་ཤེལ་ཙེ་དང་གོས་དང་གསེར། །དབྱིག་ནི་གཏོར་མར་སྦྱིན ་པར་བྱ། །མར་དང་འོ་མ་བ་གཅིན་ནི། །ཆ་མཉམ་བསྐོལ་དང་བཏུང་བ་དང། །སྣར་བླུགས་ལུས་ལ་བསྐུས་ན་ཕན། ། རུ་ར་དང་སེར་པོ་གཉིས། །སྒོག་སྐྱ་ཤུ་དག་ན་ལེ་ཤམ། །ནམ་པའི་ལོ་མ་ར་གཅིན་བཏགས། །ལྡེ་གུས་སྣ་སྨན་མིག་སྨན་བྱ། །ཚངས་པ་སྲིན་པོའི ་གཏོར་མ་ནི། །ནས་བྲེ་བཞི་ནི་བཙོས་པ་ཡི། །ཆུ་བྲེ་བཅུ་དྲུག་ཏིལ་བཏགས་བསྲེས། །གདུགས་དང་གོས་དང་བྱུག་པ་སྦྱིན། །སེང་ལྡེང་སྲང་ནི་ཉི་ཤུ་དང། །ཚ་བ་གསུམ་དང་འབྲས་བུ་གསུམ། ཤིང་ཀུན་ཤུ་དག་ཤུ་ཏི་དང། །ཡུངས་ཀར་ནིམ་པའི་ལ་མར ་བཅས། །སྒོག་སྐྱ་སྲང་ནི་ཕྱེད་ཕྱེད་དང། །ཞུན་མར་ཕུལ་ནི་བདུན་དག་དང། །བག་ཅིན་སུམ་ཅུ་བསྐེལ་བ་དྲ། །བཏུང་དང་སྣར་བླུགས་བསྐུས་ན་ཕན། །སྲིན་པོའི་གདོན་ལ་ཏིལ་ཕྱེ་དང། །མེ་ཏོག་དཀར་པོ་འབྲས་ཆན་འདྲེས། །ཤ་བཙོས་རྗན་པ་ནིཥཔ ་པ། །ཁྲག་དང་བཅས་པའི་གཏོར་མ་སྦྱིན། །ནག་ཏ་མ་ལ་ཤྲི་ཤ་ནི། །ཤུན་བགས་མེ་ཏོག་འབྲས་བུ་དང། །དེ་བཞིན་པ་ཏ་ལ་ནག་པོ། །བལྦིའི?་རྩ་བ་ཚ་བ་གསུམ། །ཤིང་ཀུན་ཡུངས་ཀར་དུག་མོ་ཉུང། །སྒོག་སྐྱ་སྐྱུ་རུ་རའི་འབྲས་བུ། །ར་གཅིན་དང་ནི་སྦྱར་བའི་སྨན།། ་སྣར་བླུག་མིག་ཏུ་བླུགས་ནའང་ཕན། །འདི་དག་ཉིད་དང་མར་གྱི་ནི། །བཞི་འགྱུར་བ་གཅིན་བསྐོལ་བ་ནི། །བཏུང་དང་སྣར་བླུགས་བསྐུས་པ་ཡིས། །སྲིན་པོའི་དོན་ནི་ཟློག་པར་བྱེད། ཤ་ཟ་ལ་ནི་བུ་རམ་ཆང། །ཏིལ་ཚིགས་ཏིལ་གྱི་ཕྱེ་མ་ཞོ། །ལ་ཕུག་ལན་ཚྭ་ ་ཕྱེ་ཟན་མར། །འབྱུང་པོའི་འབྲས་ཆན་གཏོར་མ་སྦྱིན། །སེར་པོ་རྣམ་གཉིས་རྒྱམ་ཚ་བཅོད། །ཤུ་ཏི་དོང་གྲ་བྲི་ཡམ་ཀུ། །ཤིང་ཀུན་སྒོག་སྐྱ་ཚ་བ་གསུམ། །འབྲས་བུ་གསུམ་དང་པ་ཏ་ལོ། །ཤུ་དག་གི་རི་ཀརྣི་ཀར། །ཤ་རི་ཤ་ཡི་མེ་ཏོག ་མར། བ་གཅིན་བཞི་ཆ་བཅས་པར་བསྐོལ། །བཏུང་དང་བསྐུ་བ་བྱས་ན་ཕན། །ཡང་ན་དེ་ཉིད་རང་གཅིན་བཏགས། །མིག་བསྐུས་སྨར་ནི་བླུགས་ན་ཕན། །ལྷ་དང་དྲང་སྲོང་མཚན་ལྷ་དང། །དྲི་ཟའི་གདོན་ལ་སྣ་སྨན་སོགས། །རྣོན་པོ་བཏང་བར་མི་བྱ་ཞིང། །འདི་ལ་ཞུན ་མར་བཏུང་ལ་སོགས། །སྨན་ནི་འཇམ་པོ་སྤྱད་པར་བྱ། །ཤ་ཟ་མ་གཏོགས་ཐམས་ཅད་ལ། །མ་མཐུན་སྦྱིན་པར་མི་བྱ་སྟེ། །མཐུ་སྟོབས་ཚ་བ་དེ་ཁྲོས་ནས། །ནད་པ་སྨན་པ་བཅས་གསོད་བྱེད། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། མགོན ་པོ་ཕྱག་ནི་བཅུ་གཉིས་པ། །ནད་ཀུན་གསོ་པར་མཛད་པ་ཡི། །སྔགས་བཟླས་ནས་ནི་ནད་ཀུན་སེལ། །དེ་བཞིན་སྨྱོ་བྱེད་བརྗོད་བྱེད་དང། །གཞན་ཡང་སེམས་འཁྲུལ་བྱེད་པ་འཇོམས། །རིག་སྔགས་རྒྱལ་མོ་རྨ་བྱ་ཆེ། །གཙང་བྱས་དེ་ལ་རྟག་ཏུ ་སྐྲག། འབྱུང་པོ་བདག་མོ་ལྷ་ཆེན་དང། །དེ་ཡི་འཁོར་གྱི་ཚོགས་མཆོད་ཅིང། །དེ་ཡི་སྔགས་གྲུབ་བཟླས་ན་ཡང། །གདོན་ནི་ཐམས་ཅད་སེལ་བར་བྱེད། །གང་ཡང་འོག་ནས་བཤད་པ་ཡི། །ལེའུ་གཉིས་ལས་སྨོས་པ་དང། །གང་འདི་བཤད་པ་དེ་དག ་ཀུན། །ཕན་ཚུན་སྦྱོར་བ་བྱས་ན་ཕན།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ལྔ་པའོ།། །།དེ་ནས་སྨྱོ་བྱེད་གསོ་བའི་ལེའུ་བཤད་པར་བྱའོ། །སྨོ་བྱེད་ནད་གཞི་རེ་རེ་དང། །འདུས ་སོགས་དུག་ལས་གྱུར་པ་དྲུག། སྨྱོ་བྱེད་ཅེས་བྱ་ལུས་དང་ནི། །སེམས་ཀྱི་ནད་ལ་ལོག་པ་རུ། །ཞུགས་པས་མྱོས་པར་གྱུར་པ་ཡིན། །བཟའ་བཏུང་གནོད་བ་དག་དང་ནི། །སྙིང་དང་མ་གོམས་དྲི་མར་བཅས། །མང་ཉུང་མ་སྙོམས་བསྟེན་པ ་དང། །ཡིད་ཞུམ་སྙིང་སྟོབས་ཆུང་བ་དང། །ནད་ཀྱི་ཤུགས་ནི་དཀྲུགས་པ་དང། །རིད་ཅིང་སྦྱོད་པ་མ་སྙོམས་དང། །མཆོད་འོས་མཆོད་པར་མི་བྱེད་དང། །སེམས་ལས་ཀྱིས་ནི་སེམས་ཉམས་དང། །དུག་དང་ཉེ་བའི་དུག་ལས་གྱུར། །འདི་ཡིས་སྙིང་སྟོབས་ཞན ་པ་ཡི། །སྙིང་གི་ནད་ལ་གནོད་བྱས་ཏེ། །བློ་ནི་དྲི་མ་ཅན་བྱས་ཏེ། །ཡིད་རྒྱུ་བ་ཡི་ལམ་བཀག་ནས། །སྨྱོ་བྱེད་དང་ནི་སྐྱེད་པར་བྱེད། །དེ་ཡི་བློ་དང་རྣམ་ཤེས་དང། །དྲན་པ་འཁྲུལ་ཞིང་ལུས་ཀྱི་ནི། །བདེ་དང་སྡུག་བསྔལ་ལས་ཉམས་ཏེ། །ཤིང་རྟ་ཁ་ལོ་བསྒྱུར་བ ་ནི། །མེད་པ་ལྟ་བུར་རྩོམ་པ་ནི། །ཀུན་ཀྱང་བསམ་པ་མེད་པར་སྤྱོད། །དེ་ལ་རླུང་གྱུར་ལུས་སྦེག་ཅིང། །རྒྱུ་མེད་དུ་ཞིང་ཚིག་རྩུབ་སྨྲ། །རྒོད་དང་འཛུམ་དང་གར་བྱེད་དང། །གླུ་ལེན་རོལ་མོ་བྱེད་པ་དང། །ལུས་བསྐྱོད་ཕེག་ནི་རྡོབ་པ་དང། །གླིང་བུ་པི་ཝང ་ལ་སོགས་ཀྱི། །སྒྲ་ཡི་ལང་མོ་ཡང་ཡང་ཟློས། །རྒྱུན་དུ་ཁ་ནས་ལྦུ་བ་འཛག། ཕན་ཚུན་རྒྱུག་ཅིང་མང་དུ་སྨ། །རྒྱན་མིན་པས་ནི་རྒྱུན་དུ་བྱེད། །བཞོན་པ་མིན་པས་འགྲོ་བ་རྩོམ། །ཁ་ཟས་ལ་ནི་གང་དུ་བར་བྱེད། །དེ་སྙེད་ན་ནི་མི་འདོད་བྱེད། །མིག་ཟླུམ ་མིག་ནི་དམར་བ་དང། །ཁ་ཟས་ཞུ་ནས་ནང་ལྡང་འགྱུར། །མཁྲིས་ལས་སྦྱོ་ཞིང་ཁྲོ་བ་དང། །ཁུ་ཚུར་བོར་བ་བརྡེག་ཅིང་རྒྱུག། གྲིབ་མ་ཆུ་ནི་གྲང་མོ་འདོད། །གཅེར་བུར་འདུག་ཅིང་ལུས་མདོག་སེར། །མེད་པར་མེན་འབར་བ་དང། །སྐར་མ་མར་མེ ་མཐོང་བའོ། །བད་ཀན་སློན་ཞིང་ཡི་ག་འཆུས། །ཁ་ཟས་རྩོལ་དང་སྨྲ་བ་ཉུང། །བུད་མེད་འདོད་ཅིང་དབེན་ལ་དགའ་། །ཁ་ཆུ་སྣ་བས་ནི་འཛག་པ་དང། །འཇིགས་རུང་གཅང?་སྦྲ་ལ་མི་དགའ་། །གཉིད་ཆེ་གདོང་ནི་སྐྲང་བ་དང། །ནུབ་མོ་ཤས་ཆེར་སྨྱོ ་བ་དང། །ཐོས་མ་ཐག་ཏུ་ལྡང་བ་ཡིན། །འདུས་པའི་རྒྱུ་དང་མཚན་མ་ནི། །ཀུན་ལྡན་དེ་ཡི་བདག་ཉིད་ཅན། །སྨྱོ་བྱེད་མི་ཟད་པར་ཤེས་བྱ། །དེ་ནི་སྨན་བས་ཡོངས་སུ་སྤང། །ནོར་དང་ཆུང་མ་ལ་སོགས་བྲལ། །མནག་བསྐ་བ་ལས་སེམས་གདུངས་པས།། ་སྨྱོ་ཞིང་ཞུམ་ལ་ཡང་ཡང་བརྒྱལ། །ཀྱི་ཧུད་ཀྱི་ཧུད་སྨྲེ་སྔགས་འདོན། །གློ་བུར་དུ་ནི་དུ་ཞིང་བརྒྱལ། །དེ་ཡི་ཡོན་ཏན་མང་དུ་སེམས། །མྱ་ངན་གྱིས་གདུང་སེམས་ཁོང་ཆུད། །གཉིད་ཡིར་རྣམ་པར་འཁྱམས་པ་ཡིན། །དུག་གིས ་གདོང་ནི་སྔོ་བ་དང། །གཟི་ཉམས་དབང་པོ་སྟོབས་ཆུང་པ། །ཤུགས་ཀྱི་བར་དཱུང་འཁྲུལ་པར་བྱེད། །མིག་དམར་དེ་ནི་སྤང་བར་བྱ། །དེ་ནས་རླུང་འགྱུར་སྨྱོ་བྱེད་ལ། །དབང་པོ་སྣུམ་གྱི་བཏུང་བ་བླུད། །ལམ་འགགས་རྒྱུ་ལ་ངང་བོར་ནི། །སྣུམ་བཅས ་སྤྱད་པ་འཇམ་པོ་བྱ། །བད་ཀན་མཁྲིས་གྱུར་དང་པོ་ནི། །སྣུམ་དང་དུགས་བྱ་སྐྱུག་སྨན་དང། །བཀྲུ་སྨན་མས་བཏང་བྱས་པ་དང། །མགོ་བོའི་བཀྲུ་སྨན་དག་ཀྱང་བྱ། །དེ་ལྟར་ལུས་ནི་དག་བྱས་ནས། །ཡིད་ནི་དྲན་བ་རྙེད་པར་འགྱུར། །དེ་ལྟར་ན་ཡང་རྗེས ་འབྲང་ན། །སྣ་སྨན་མིག་སྨན་རྣོན?་པོ་བཏང། །སེམས་དང་དབུགས་འབྱུང་སྐྲག་པ་དང། །འཇིགས་དང་བརྡེག་དང་སྡིག་མོ་དང། །ལུས་དྲིས་བྱུག་དང་བསྐུ་བ་དང། །དུད་རྡུབ་སྨན་མར་བླུང་བདག། །སྦྱར་ཏེ་དེ་ནི་དགའ་འགྱུར་ན། །ཡིད་ནི་ཐ་མལ་འང ་ལ་སྦྱར། །ཤིང་ཀུན་དང་ནི་རྩ་བས་རུ་ཚ། །ཚ་བ་གསུམ་ནི་སྲང་གཉིས་གཉིས། མར་བྲེ་བཞི་ནི་བ་གཅིན་བཅས། །བསྐོལ་བས་སྨྱོ་བྱེད་འབྱུང་པོ་དང། །རྗེད་བྱེད་གདོན་ནི་སེལ་མཆོག་ཡིན། །བྷྲཾ་སྟའི་བསྐོལ་ཁུ་བྲེ་དོ་དང། །མར་བྲེ་གང་དང་ཚ་བ་གསུམ ་ཤ་མདུར་བྱིད་བིམཔ་དང། །ཤངཀ་པུཥཔ་དོད་ཀ་དང། །སཔཏ་ལ་དང་པི་ཌཱངཀ། །ཞོ་ནི་གཉིས་གཉིས་ལྡེ་གུ་བསྐོལ། །བྷྲ་མཧའི་སྨན་མར་ཞེས་བཤད་དེ། །མར་ནི་སྲང་རེས་བསྐྱེད་དེ་བཏང། །ཆེ་ཚད་སྲང་བཞིའི་མར་ཟོས་ན། །སྨྱོ་བྱེད་རྗེད་བྱེད ་མཛེ་ཡི་ནད། །སེལ་ཞིང་མོ་གཤམ་བུ་སྐྱེད་བྱེད། །སྐད་སྙན་ཚིག་གསལ་དྲན་པ་དང། །ཡིད་གཞུངས་པ་ལ་ནི་སྐྱེད་པར་བྱེད། །འབྲས་བུ་གསུམ་དང་བི་ཊཱངཀ། །པ་ཏྲ་ཨེ་ལ་ཐང་ཤིང་དང། །ེ་ལ་བ་ལུ་ཀ་དང་ནི། །ཐལ་ཏེས་རྣམ་གཉིས ་སེར་བོ་གཉིས། །སྠི་ར་རྣམ་གཉིས་?་ཡང་ཀུ། །རྒྱ་སྤོས་རུ་རྟ་བྲི་ཧ་ཏི། །ནཱ་ག་གེ་སར་དོད་ཀ་བཙོད། །སེ་འབྲུ་བལ་བུའི་ལོ་མ་དང། །ཛཱོ་ཏི་ཁ་འབུས་བི་ཊཱངཀ། །དནད་ཤུ་དག་ཨུཏ་བ་ལ། །ཙན་དན་དཀར་པོ་ཞོ་གཉིས་གཉིས། །ཞུན་མར་བྲེ་གང་བཅས ་བསྐོལ་ག། དགེ་བའི་སྨན་མར་ཞེས་བཤད་འདིས། །འབྱུང་པོའི་གདོན་དང་སྨྱོ་བྱེད་དང། །རྗེད་བྱེད་ལུང་བ་སྡིག་ཅན་འཇོམས། །སྐྱ་རྦ་བབ་གཡན་པ་སྐེམ་དང་དུག། རྨོངས་བག་གཅིན་སྙི་དབྱིག་དུག་རིམས། །ཁུ་བ་མེད་པ་འམ་བུ་མེད་བ་འམ།། ་དྲན་པ་གདོན་གྱིས་བརླམས་པ་དང། །ཡིད་གཞུངས་མེད་ཅིང་ཚིགས་ཁྲུས་དང། །དྲན་ཉམས་མེ་དྲོང་ཆུང་ལ་ཕན། །སྟོབས་བསྐྱེད་བཀྲ་ཤིས་ཚེ་རིང་ཞིང། །མདངས་བསྐྱེད་སྐལ་ལྡན་ལུས་རྒྱས་བྱེད། །བུ་སྐྱེད་བྱེད་པའི་མཆོག་ཡིན་ནོ། །འདི་ལ ་ཐལ་ཏྲེས་རྣམ་གཉིས་སོགས། །ཉི་ཤུ་རྩ་གཅིག་ཆུ་ནང་བསྐོལ། །དེ་ཡི་ཁུ་པ་མར་དང་བ། །ལན་ཅིག་སྐྱེ་བོ་བཞི་འགྱུར་དང། །མེད་རྣམ་གཉིས་རམ་ཉེ་བ། །བུར་ཚ་བརྡ་དོང་ཁ་སྲལ་བྲེའུ། །བུ་རམ་ཤིང་དང་བརྞི་གཉིས། །བསྐོལ་བ་ཡི་ནི་སྨན་མར་འདི། ་དགེ་བ་ཆེན་པོ་ཞེས་བྱ་སྟེ། །རྟས་བྱེད་འདུས་པའི་ནད་འཇོམས་ཤིང། །སྔ་མ་བས་ཀྱང་ཡོན་ཏན་ལྷག། སྤང་སྦོས་བུ་ཏ་ཀེ་ཤི་དང། །ཆུ་རྩ་ཤུ་དག་ཁ་སྲལ་བྲེའུ། །ཀྱི་ལྕེ་བ་དང་རམ་ཉེ་བ། །ཙ་རོང་ཛ་ཡ་པུ་ཙོ་ཤེལ། །སླེ་ཏྲེས་ཅེ་ཏྲ་པ་ར་ཧ། ། ཏི ་ཅ་ཏ་ཡ་ཏ་ལ། །མ་ཧ་བུ་རུ་ཤ་དན་དང། །ན་གུ་ལི་གཉིས་སྐྱུ་རུ་ར། །བྲིཥཙི་ཀ་ལ་ཀ་དམྦ། །ས་ལ་པརྞི་བཅས་བསྐོལ་མར། །ཤ་ཟ་ཆེན་པོའི་མར་ཞེས་བྱ། །དེས་ནི་ཉིན་བཞི་བའི་རིམས་དང། །སྨྱོ་བྱེད་རྗེད་བྱེད་གདོན་འཇོམས་ཤིང། །བློ་དང་ཡིད ་གཞུངས་དྲན་པ་བསྐྱེད། །བྱིས་པ་རྣམས་ཀྱི་ལུས་འཕེལ་བྱེད། །བདུད་རྩི་དང་ནི་འདྲ་བ་ཡིན། །བྷྲམཏི་ཨིནྡྲ་བི་ཌཱངཀ། །ཤིང་ཀུན་སྤང་སྤོས་མུརྦ་དང། །ར་སྣ་སྒོག་སྐྱ་བོ་ད་དཀར། །ཤུ་དག་བྱེའུ་རུག་བ་ཤ་ལ། །ནཱ་ག་དནྟི་བྱི་ཚེར་ག། ཛོ་ཏི་སྨྲ་ཏི ་ཚ་བ་གསུམ། ། རུ་ར་དང་ས་ནག་རྣམས། །གླང་པོའི་གཅིན་བཏགས་རིལ་བུར་བྱས། །གྲིབ་བསྐམས་སྣར་བླུགས་མིག་བསྐུ་ཞིང། །ལུས་བསྐུས་སྤོས་བདུགས་སྨྱོ་བྱེད་སེལ། །ཡུངས་ཀར་དང་ནི་སྦྱར་བ་ཡིས། །སྣ ་སྨན་རྣམ་པ་སྣ་ཚོགས་ཕན། །ཡུངས་མར་གྱིས་ནི་ལུས་བསྐུ་དང། །ཡུངས་ཀར་ཕྱེ་མ་སྣར་བླུད་བྱ། །མདོག་ནས་བསྟན་པའི་ཆོ་ག་བ་ཞིན། །དུད་རྣོན་ཤིང་ཀུན་བཅས་པ་ཕན། །ཝ་དང་རེ་འཇམ་འུག་པ་དང། །བྱི་བ་ར་ཐུག་ཛཱ་ཏི་ཀའི།། ་གཅིན་དང་རྟུག་པ་སྦུ་དང་ནི། །ཕགས་པ་མཁྲིས་པ་སེན་མོ་དང། །སྤོས་བདག་མིག་སྨན་ལུས་བསྐུ་དང། །བྱུག་དང་བླུག་པ་བཅད་པར་བྱ། །བད་ཀན་རླུང་འགྱུར་ལ་ཕན་ཆེར། །ཁྱི་དང་བ་ལང་ཉ་ཤ་ནི། །རུལ་པའི་གདུག་པས་བདུག ་པར་བྱ། །མཁྲིས་གྱུར་ལ་ནི་ཏིཀྟའི་མར། །འཚོ་བྱེད་སྣུམ་ནི་གཉིས་ཀྱི་མར། །བཟའ་དང་བཏུད་པ་བསིལ་བ་དང། །མངར་བ་དང་ནི་ཡང་བ་བསྔགས། །ཇི་སྐད་བཤད་པའི་གཏོར་མ་གདབ། །ཡང་ན་ཤ་ཚོན་གྱིས་འདྲངས་བྱ། །དེ ་འོག་རླུང་མེད་གནས་བསྙལ་ནས། །སེམས་མྱོས་པ་ལས་ཐར་བར་འགྱུར། །ཁྲོམ་པའི་ཆུ་ནི་ཉུང་བར་གཞུག། ལྟོགས་པ་ཉིད་དུ་བྱས་ཏེ་སྐམ། །དེ་ལ་ཆོས་དང་ནོར་ལྡན་པའི། །གཏམ་སྙན་མཛའ་བོས་སེམས་དགའ་བྱ། །ཡང་ན ་སྡུག་པ་དང་བྲལ་པ་འམ། །རྨད་དུ་བྱུང་བས་བསྟན་པ་འམ། །བཅིངས་ལ་ཡུངས་མར་གྱིས་བསྐུས་ཏེ། །ཉིན་མཚན་ལ་ནི་གན་རྐྱལ་བཞག། ཁ་སྲལ་ཕྲེའུ་འམ་ལྕགས་ཚ་འམ། །ཏིལ་མར་ཆུ་ཚན་གྱིས་རེག་བྱ། །ཡང་ན་ལྕགས ་ཀྱིས་བ་ཞུས་ནས་ནི། །བཅིངས་ཏེ་གཡང?་སར་སྐྱུར་བར་བྱ། །ཡང་ན་རྡོ་དང་མཚོན་མེད་པའི། །མུན་ཁང་མི་ནི་མེད་པར་གཞུག། མཆེ་བ་སྟོན་པའི་སྦྲུལ་དང་ནི། །གླང་དང་སེང་གེ་གླང་པོ་ཆེས། །དེ་ནི་སྐྲག་ཏུ་གཞུག་པའི།། ་ཡང་ན་རྒྱལ་པོའི་སྐྱེས་བུ་ཡིས། །དམ་དུ་བཅིངས་ཏེ་ཕྱིར་བྱུང་ནས། །རྒྱལ་པོའི་བཀའ་ཡིས་བསྡིགས་པ་དང། །འདི་བསང་བྱ་ཞེས་སྐྲག་ཏུ་གཞུག། ལུས་ཀྱི་སྡུག་བསྔལ་འཇིགས་བས། སྲོག་ནི་འཇིགས་བ་རབ་འཇིགས་པས། །དེ་ཕྱིར ་ཀུན་ཏུ་འཁྲུལ་པའི་ཡིད། །ཉེ་བར་ཞི་བ་ཉིད་དུ་འགྱུར། །གྲུབ་པའི་སྦྱོར་བ་འདི་དག་ནི། །ནད་དམིགས་དུས་སོགས་བལྟོས་ཏེ་བྱ། །སྡུག་དང་ནོར་དང་བྲལ་བ་ལས། །གང་གི་ཡིད་ལ་གནོད་འགྱུར་བ། །དེ་ལ་དེ་འདྲ་གནོད་འགྱུར་པའི། །སྦྲོ ་སྲིད་དབུགས་དབྱུང་བ་ཡིས་གསོ། །འདོད་དང་མྱ་ངན་འཇིགས་པ་དང། །ཁྲོ་དང་འཇིམས་པ་ཆང་ལས་གྱུར། །གཉིས་དག་གིས་ནི་གཅིག་ལ་གཅིག། དེ་དག་གཉིས་ཀྱིས་ཞི་བར་བྱ། །བཤད་པའི་མཚན་མ་ལས་ལྷག་པ། །གདོན་དང ་རྗེས་འབྲེལ་ཡིན་ཞེས་བྱ། །གལ་ཏེ་སྨྱོ་བྱེད་གདོན་ལས་གྱུར། །གདོན་གསོར་བཤད་པའི་སྨན་སྦྱར་བྱ། །ཏིལ་བཏགས་ཕྱེ་མ་ནས་དང་ཟན། །སྣུམ་ཞིང་མངར་བའི་ཁ་ཟས་དང། །འབྲས་ནི་ཁྲག་ཏུ་སྦྲུས་པ་དང། །ཤ་ནི་བཅོས་པ་རྗེ་ན ་པ་དང། །འབྲུ་ཆད་སྦྱར་ཆང་མནན་པའི་ཆང། ། ཏི་མུཀྟའི་མེ་ཏོག་དང། །ཛཱ་ཏི་ས་ཧ་ར་ཛ་ཡི། །མེ་ཏོག་བཅས་པའི་གཏོར་མ་ནི། །ལམ་གྱི་བཞི་མདོ་བ་ལང་ལྟས། །ཆུ་བོ་འདུས་པ་དག་ཏུ་སྦྱིན། །གང་ཞིག་ཤ་དང་ཆད་སྤངས་ཤིང། །ཕན ་ལ་བརྩོན་ཞིང་གཅད་སྦྲ་ཚ། །སྙིང་སྟོབས་ཅན་ལ་ལྷན་ཅིག་སྐྱེས། །གློ་བུར་སྨྱོ་བྱེད་འབྱུང་མི་འགྱུར། །དབང་པོའི་དོན་ནི་གསལ་བ་དང། །དེ་བཞིན་བློ་དང་ཡིད་གསལ་པ། །ལུས་ཟུངས་ཐ་མལ་བར་གནས་པ། །སྨྱོ་བྱེད་དང་བྲལ་མཆན་མ ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །བྱི་མའི་གནས་ཀྱི་ལེའུ་དྲུག་པའོ།། །།དེ་ནས་རྗེད་བྱེད་གསོ་བ་བཤད་པར་བྱའོ། །རྗེར་བྱེད་དྲན་པ་ཉམས་པ་སྟེ། །དེ་ནི་སྙིང་སྟོབས་བློ་འཁྲུལ་དང། །སེམས་ལས་མྱ ་ངན་འཇིག་སོགས་ཀྱི། །གནོད་འགྱུར་སེམས་ལས་བྱུང་བ་ཡིན། །ལུས་སེམས་རྟོག་པའི་ནད་ཀྱིས་ནི། སྨྱོ་བྱེད་བཞིན་དུ་འཁྲུགས་གྱུར་པས། །སྙིང་སྟོབས་ཉམས་ཤིང་སྙིང་དང་ནི། །འདུ་ཤེས་རྒྱུ་པའི་རྩ་སྦུབས་ཁྱབ། །མུན་པ ་ཞུགས་ཤིང་སྙིང་སེམས་རྨོངས། །འཇིགས་སུ་རུང་བའི་བྱ་བ་བྱེད། །སོ་འཆའ་ལྦུ་བ་སྐྱུག་པ་དང། །ལག་པ་རྐང་པ་གཡོབ་པ་དང། །གཟུགས་མེད་པར་ཡང་མཐོང་བ་དང། །འཁྲུ་ཞིང་སལ་འགྱེལ་བ་དང། །སྨིན་མ་མིག་གཡོ་ནད་ཤུགས ་དང། །བྲལ་ནས་སད་པར་གྱུར་པ་དང། །དེ་ནི་དུས་གཞན་དག་ཏུ་ཡང། །དེ་བཞིན་དུ་ནི་སྤྱོད་པ་ཡིན། །རླུང་ལ་སོགས་དང་འདུས་པ་ཡི། །དབྱེ་བས་རྗེད་བྱེད་རྣམ་བ་བཞི། དེ་ནི་སྐྱེ་བར་འགྱུར་བའི་ཚུལ། །སྙིང་འདར་ཁོང་སྟོང་མགོ ་འཁོར་ལ། །མུན་པར་མཐོང་ཞིང་སེམས་ཁོང་ཆུད། །སྨིན་མ་མི་སྡུག་མི་འགྱུར་དང། །སྒྲ་མི་ཐོས་ཤིང་རྡུལ་འབྱུང་ལ། །བ་ཆུ་སྣབས་ནི་འཛག་པ་དང། །མི་འཇུ་ཡི་ག་འཆུས་ཤིང་བརྒྱལ། །ལྟོ་སྤོས་ཉམས་སྟོབས་ཟད་པ་དང། ་གཉིད་མེད་སྐོམ་ཞིང་ཡན་ལག་ན། །རྨི་ལམ་གླུ་ལེན་གར་བྱེད་དང། །ཏིལ་མར་ཆང་ནི་འཐུངས་པ་དང། །དེ་གཉིས་གཅིན་དུ་འབྱུང་པ་རྨི། །དེ་ལ་རླུང་འགྱུར་བརླ་འགུལ་ཞིང། །ཡང་དང་ཡང་དུ་འགྱེལ་བ་དང། །ཡང་དང་ཡང་དུ་དྲན་བསྟོད། ་འདུ་ཤེས་རྙེད་ནས་མི་གསལ་དུ། །མིག་འབུར་ཡང་ཡང་དབུགས་འབྱིན་ཞིང། །ལྦུ་པར་སྐྱུག་ཅིང་འདར་བ་དང། །སོ་འཆའ་མགོ་ནི་བརྡེབ་པ་དང། །རླུང་གི་གྲེ་པ་རྒྱས་པར་བྱེད། །ཡན་ལག་ཀུན་ཏུ་བརྡེབ་པ་དང། །སོར་མོ་མི་སྙོམས་འགུགས ་བ་དང། །མིག་དང་པགས་པ་སེན་མོ་ནི། །གནག་ཅིང་རྩུབ་མོར་སྣང་བ་དང། །གཟུགས་ནི་མི་བརྟན་རྩུབ་པ་དང། །མི་སྡུག་བཞིན་རས་ངན་བ་ཡིན། །མཁྲིས་པ་ལས་གྱུར་རྗེད་བྱེད་ནི། །དྲན་པ་ཡང་ཡང་ཉམས་པ་དང། །མིག་གདོང་པགས ་བ་ལྦུ་བ་སེར། །སྲ་ལ་བརྡེག་པར་བྱེད་བ་དང། །འཇིགས་རུང་འབར་ཞིང་ཁྲོ་བ་ཡི། །གཟུགས་མཐོང་སྐོམ་དང་ཆེ་བ་ཡིན། །བད་ཀན་ལས་གྱུར་རིང་ནས་འཛིན། །ཡུན་རིང་ཉིད་ནས་སད་པར་བྱེད། །གཡོ་འགུལ་ཉུང་ཞིང་ཁ་ཆུ་མང། །ཁ་མིག་པགས ་པ་སེན་མོ་དཀར། །གཟུགས་རྣམས་དཀར་པོ་མཐོང་བ་ཡིན། །མཚན་ཉིད་ཀུན་དང་ལྡན་པ་སྤངས། །དེ་ནས་བློ་སེམས་དྲན་བ་དང། །སྙིང་གའི་སྦུབས་ནི་སང་བྱེད་པའི། །སློན་སྨན་ལ་སོགས་ལས་རྣམས་ནི། །རྣོན་པོ་ཡི་ནི་སྤྱད་པར་བྱ། །རླུང་འགྱུར ་འཇམ་རྩི་མང་དུ་བྱ། །མཁྲིས་གྱུར་ཕལ་ཆེར་བཀྲུ་སྨན་བཏང། །བད་ཀན་ཕན་ཆེར་སྐྱུག་སྨན་ནི། །བཏང་བས་རྗེད་བྱེད་གསོ་པར་བྱ། །རྣམ་ཀུན་ཏུ་ལེགས་དག་ཅིང། །ལེགས་པར་སྒྲོ་ནི་བསྲིངས་པ་ལ། །རྗེད་བྱེད་ལས་ན་ཐར་བྱའི་ཕྱིར། །ཞི་བར ་བྱ་བའི་སྦྱོར་བ་ཉོན། །བ་ལྕིའི་ཁུ་བ་འོ་མ་དང། །ཞོ་དང་གཅིན་དང་མར་བསྐོལ་བ། །རྗེད་བྱེད་རིམས་དང་སྨྱོ་བྱེད་དང། །མིག་སེར་སེལ་བར་བྱེད་པ་བླུད། །རྩ་བ་བཅུ་དང་འབྲས་བུ་གསུམ། །དུག་མོ་ཉུང་ཤུན་སེར་པོ་གཉིས། ། པ་མརྒ་ལོ་མ་བདུན།། ་ནི་ལི་ནི་དང་པུ་ཙེཅོ་ཤེལ། །དོང་ཀ་བུཥྐར་མུ་ལ་དང། །ཕལ་གུལ་རྩ་བ་བྱི་ཚེར་སྲང། །གཉིས་གཉིས་ཆུ་བྲེ་བཅུ་དྲུག་ནང། །བསྐོལ་བ་ལ་ནི་བཞི་ཆ་ལུས། །ག་བྲའི་རྩ་པོ་དུ་པ་རི། །པ་ཏ་དནད་དུར་བྱིད་དང། །ཚ་བ་གསུམ་དང་རོ་ཧི་ཤ། མུ་རྦ་རྩ་མཁྲིས་བུ་དེ་ཁ ་ཧ་ཏི་པི་པི་ལིང་དང་ནི། །མ་དུ་ཡན་ཏེ་ཐལ་ཏྲེས་གཉིས། །ལྕང་མ་དང་ནི་ཙི་ཏྲ་ཀ། །ཞོ་ནི་གཉིས་གཉིས་མར་བྲི་གང་ཀ?་དེ་བཞིན་སྔ་མའི་གཤེར་རྫས་བསྐོལ། །འདི་ནི་པ་ཡི་རྣམ་ལྔ་ཆེ། །རྗེད་བྱེད་རིམས་དང་དམུ་རྫིང་དང། །མཚན་མར་རྡོལ་བ་སེལ ་མཆོག་ཡིན། །འོར་ནད་གཞང་འབྲུམ་མིག་སེར་དང། །སྦྱ་རྦབ་སྐྲན་དང་ལུད་པ་དང། །གདོན་རྣམས་འཇོམས་པར་བྱེད་པ་ཡིན། །བྷྲེ་སྟའི་ཤུ་དག་རུ་ཇ་དང། །ཤངཀ་པུཤབ་པར་རྙིང་བཅས་།བསྐོལ་བའི་མར་ནི་ཡང་ཞུངས་བྱེད། །སྐྱོ་བྱེད་བཀྲ་མི་ཤིས་པ ་དང། །རྗེར་བྱེད་སྡིག་པ་འཇོམས་པར་བྱེད། །འཚོ་བྱེད་སྡེ་ཚན་སྲང་རེ་དང། །ཏིལ་མར་ཞུན་མར་བྲེ་རེ་བསྲེས། །འོ་མ་བྲེ་ནི་བཅུ་དྲུག་བསྐོལ། །འཐུངས་ན་རྗེད་བྱེད་ལས་ཐར་བྱེད། །འོ་མ་བུ་རམ་ཤིང་ཁུ་དང། །བྲེ་བ་ནི་དང་ནི་ཏང་བལ་གྱི།། ་ཁུ་བ་བརྒྱད་འགྱུར་དག་དང་ནི། །འཚོ་བྱེད་སྡེ་ཚན་ཞོ་གཉིས་གཉིས། །ཞུན་མར་བྲེག་བཅས་བསྐོལ་བླུད། །དེས་ནི་རླུང་མཁྲིས་ལས་གྱུར་བའི། །རྗེད་བྱེད་མྱུར་དུ་སེལ་བར་བྱེད། །དེ་བཞིན་འཇག་མ་པི་ད་རི། །ཀུ་ཤ་བུ་རམ་ཤིང་འོ་མ། །བསྐོལ་བ་འཐུངས ་པའང་དེ་དང་འདྲ། །ཀུ་སྨན་ན་ཡི་ཁུ་བ་མར། །བཅོ་བརྒྱད་འགྱུར་དང་ཤིང་མངར་གྱི། །ལྡེ་གུ་བཅེས་བ་བསྐོལ་བས་ནི། །རྗེད་བྱེད་སེལ་བར་བྱེད་པ་དང། །བྲོ་དང་ཚིག་བསལ་སྐད་སྙད་བྱེད། །བ་ནི་སེར་སྐྱའི་མཁྲིས་པ་ཡི། །སྣ་སྨན་བཏང་ཡང་མཆོག་ཏུ་ཕན།། ་ཁྱི་དང་ཝ་དང་བྱི་ལ་དང། །སེང་གེ་སོགས་ཀྱི་མཁྲིས་པ་བསྔགས། །གོ་ཏ་སྲེ་མོ་གླང་པོ་ཆེ། །བ་ལང་དྲེང་དང་བྲི་ཤ་ཏའི། །མཁྲིས་པ་ཏིལ་མར་བསྐོལ་བ་དག། ལུས་བསྐུ་སྣར་ནི་བླུད་ནའང་ཕན། །འབྲས་བུ་གསུམ་དང་ཚ་བ་གསུམ། །ནས་ཚིག་འཁུས་ཐལ་ཀོ ་ཉོན་ཚེ། །ཕ་ནིད་ཛ་ཀ་སྲ་རྩི་བོག། ཨ་བ་མརྒ་ཀ་རཉྫའི། །ས་བོན་ཏིལ་མར་ར་གཅིན་དང། །བཅས་པ་བསྐོལ་བ་སྣར་བླུག་པ་འམ། །ཕྱེ་མ་སྣ་ནས་བུས་བའང་ཕན། །སྲེ་མ་འུག་པ་སྦྲེའུ་དང། །བྱ་རྒོད་ཁྱི་རྟ་བྱ་རོག་སྦྲུལ། །མཆུ་དང་སྒྲོ་དང་རྟུག་པ་ཡི། །དུད ་པས་འདི་ལ་འདུག་པར་བྱ། །ཏིལ་མར་སྒོག་སྐྱ་བཅས་བ་འམ། །འོ་མ་ཉེའུ་ཤིང་བསྟེན་ནའང་ཕན། །བྷྲཾ་མཧིའི་མ་རུ་རྟའི་ཁུ་བ་འམ། །ཤུ་དག་སྦྲང་རྩིར་ལྡན་པའང་ཕན། །ནད་བཞི་མཉམ་དུ་འཁྲུགས་པ་ལས། །ལུས་དང་སེམས་ལ་བརྟེན་འགྱུར ་ནད། །སྐྱེས་པར་གྱུར་བ་གང་ཡིན་དེ། །རྗེད་བྱེད་གནད་ནི་ཆེན་པོར་གནས། །དེ་བས་གསོ་བཀའ་འདི་ལ་ནི། །བཅུད་ཀྱི་ལེན་གྱི་གསོ་བར་བྱ། །དེས་ཉེན་མེ་དང་ཆུ་ལ་སོགས། །ཡང་བ་ལས་རྟག་ཏུ་སྲུངས། །ཐར་པ་ན་ནི་ཡིད་འཁྲུལ་བས། །ཁྱེད ་ཀྱིས་འདི་ལྟར་བྱས་སོ་ཞེས། །མི་བརྗོད་ཡུལ་ནི་ཡིད་འོང་བས། །མཉམ་པའི་སེམས་ནི་བརྟན་པར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་བདུན་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གདོན་གསོ་བའི ་ཡན་ལག་རྫོགས་སོ།། །།དེ་ནས་མིག་མཆུའི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །ནང་གཞི་ནད་ཀུན་ལས་བཤད་པའི། །གནོད་པར་ནད་ནི་འཁྲུགས་པ་དང། །མཆོག་ཏུ་མིག་ལ་གནོད་པ་དང། །ཕལ་ཆེར་མཁྲིས་པ་སྐྱེས་པ་ཡིས། །རྩ་ལས་གྱེན་དུ ་བརྒྱུད་ནས་ནི། །མིག་གི་ཡན་ལག་མིག་མཆུ་གྲ། །དཀར་ནག་མཐེང་བྱེད་རྒྱལ་མོ་འམ། །མིག་ཀུན་ལ་གནས་ནད་སྐྱེད་བྱེད། །དེ་ལ་རླུང་ནི་མིག་མཆུ་ཡི། །རྩ་ལ་ཞུགས་པར་གྱུར་པ་དག། ཉལ་ནས་ལྡང་ཆོ་མིག་མཆུ་ནི། །ཧར་བ་གནང་དང་བཅས་པར་བྱེད། ་མིག་ནི་རྡུལ་གྱིས་གང་སྙམ་སེམས། །བཙུམ་པར་དཀའ་ཞིང་མཆི་མ་འཛག། མཉེས་ན་བདེ་བ་ཉམས་སུ་བྱེད། །དེ་ནི་འཛུམ་དཀའ་ཡིན་ཞེས་བཤད། །རླུང་གིས་མིག་མཆུ་བསྐྱོད་ནས་ནི། །ཡང་དང་ཡང་དུ་འབྱེད་ཅིང་འཛུམས། །དེ་ནི་འཛུམ་པ་ཞེས ་བཤད་དོ། །གྲ་མཚམས་ལྷོད་ཅིང་ཚོར་བ་མེད། །རྟག་ཏུ་འཛུམས་ཤིང་མིག་ཉམས་བ། །གང་ཡིན་དེ་ནི་རླུང་གནོད་ཡིན། །མཁྲིས་པས་མིག་མཆུའི་མཛའ་མར་ནི། །འབྲུམ་བུ་ཀུ་མུ་ད་ཡི་ནི། །ས་བོན་འདྲ་སླར་གང་གྱུར་པ། །འབྲུམ་ཕྲན་ཀུ ་མུ་ངོ་ཞེས་བྱ། །ཚ་ནིང་འདྲུལ་ལ་ནད་དང་བཅས། །དམར་ཞིང་རེག་ན་མི་བཟོད་ལ། །མཁྲེས་པ་མིག་མཆུར་སྐྱེས་པ་དེ། །མཁྲིས་པ་པསྐྱེས་པ་ཡིན་ཞེས་བཤད། །མཁྲིས་རྫི་མའི་ནང་གནས་ཤིང། །གཡའ་ཞིང་ཚ་བར་བྱེད་པ་དང། །དེ་རྗེས་རྫིམ ་འབྱི་བ་དེ། །རྫི་མ་འབྱི་བ་ཞེས་བཤད་དོ། །བད་ཀན་ལས་གྱུར་མིག་མཆུའི་ནང། །འབྲུམ་ཕྲན་དཀར་པོ་ཡུངས་ཀར་འདྲ། །མཐུག་སྐྲངས་གཡའ་ན་མིག་རྡུལ་ཁེབས། །སྦྱིན་བག་ཅན་འཛག་པོ་དག་ཀྱང། །ཧར་བག་འདྲུལ་ལ་རྡུ་མས་ཁེབས།། ་བད་ཀན་གྱིས་བསླད་མིག་མཆུའི་ནང། །བད་ཀན་ལས་གྱུར་རྨེན་བུ་དཀར། །ན་ཞིང་སྨིན་མ་མེད་གཡའ་སྲ། །རྒྱ་ཤུག་ཙམ་མ་མ་དེ་ལས་ནི། །ཅུང་ཟད་ཆུང་བ་ཆགས་པ་ཡིན། །ཁྲག་ལས་འབྲུམ་ཕྲན་དམར་བ་དང། །དེ་མཚུངས ་འབྲུམ་ཕྲན་གྱིས་ཁྱབ་པ། །བརྩེགས་པ་ཞེས་བྱ་དེས་བསྐྱེད་དམར། །རེག་མི་བཟོད་པ་མིག་མཆུ་སློངས། །མིག་མཆུའི་ནད་དུ་ཤ་ལྷག་ནི། །སྲ་ཞིང་སྣུམ་ལ་ཚ་ཞིང་ན། །མདོག་སེར་དེ་ནི་ཁྲག་འཛག་ཅིང། །བཅད་ཅིང་འཕེལ་བྱེད་མིག ་འབྲུམ་ཡིན། །མིག་མཆུའི་མཛའ་མ་དབུས་སུ་ནི། །གཡའ་ཞིང་ཚ་ལན་བཅས་བརྟན། །མུངྒ་ཙམ་གྱི་ཁྲག་འབྲུམ་དམར། །འབྲུམ་ཕྲན་མིག་ནད་ཅེས་བྱའོ། ནད་ཀྱིས་མིན་མཆུའི་ཕྱི་རོལ་སྐྲངས། །ནང་དུ་བུ་ག་ཕྲ་མོས་ཁྱབ། །འཛག་བཅས་ནད་དུ ་ཆུ་ཡོད་དེ། །པདྨའི་རྩ་འདྲ་བད་རྩ་ཡིན། །ནད་གཞི་གསུམ་དང་ཁྲག་འཁྲུགས་པས། །མིག་མཆུའི་ནད་ནི་ལྡང་བ་དང། རྒྱུ་མེད་པར་ནི་བསྐྱེད་འགྱུར་བ། །དེ་ནི་མིག་མཆུ་འཁྲུགས་ཞེས་བྱ། །ནད་ཀྱི་མག་མཆུ་དྲི་མ་ཁྲག། སྐྲངས་རྣགས་ནད ་བཅས་མིག་མཆུ་སྔོ། །གཡའ་ཞིང་སྐྲངས་ལ་དམར་བ་དང། །མིག་མཆུ་འབྱར་བ་འབྱར་ཞེས་བྱ། །མོག་མཆུའི་ནང་ནི་སྲ་ཞིང་རྩུབ། །འབྲུམ་ཕྲན་བྱེ་མ་འདྲ་ཞེས་བྱ། །གནག་ཅིང་འདམ་འདྲ་འདམ་བུའོ། །མདོག་འདྲ་ཤ་ནི་མང་བོས ་རྒྱས། །ན་ཤས་ཆེ་བ་ཞེས་བྱའོ། །བྱིས་པ་སོ་སྐྱེས་ཚེན་འབྱུང། །དེས་ནི་བྱིས་པའི་མིག་སྐྲངས་ཞིང། །མིག་དམར་ལྟ་པར་མི་ནུས་ལ། །མིག་མཆུ་གསེར་ཞིང་སྦྱིན?་བག་འཛག། རྣ་བ་སྣ་དང་མིག་ཉེད་བྱེད། །གང་ཡིན་དེ་ནི་སྒྲ་ངན་ཡིན།། ་རྫི་འགགས་རྫི་མ་འདུས་ཤིང་ཞུམ། །མིག་མཆུ་ཡང་དེ་འདྲར་གྱུར་བ། །རྩུབ་ཅིང་ནང་དུ་ཁ་བལྟས་ལ། །སྤུ་གཞན་ཡང་ནི་ཚེར་མ་ལྟར། །རྩེ་མ་རྣོན་པོ་སྐྱེ་འགྱུར་ཞིང། །དེས་བདར་མིག་ནི་སྒྲངས་པ་དང། །ཚ་ཞིང་རླུང་ལ་སོགས་མི ་བཟོད། །བཏོན་ན་ཅུང་ཟད་བདེ་བར་བྱེད། །མིག་བུགས་སྐྲ་མཚམས་ཕྱི་རོལ་ཏུ། །ཐོར་བུ་སྐྲད་ཞིང་མཐོ་བ་དང། །དམར་ཞིང་མཆི་མ་རྣག་ཁྲག་འཛག་ཡང་ཡང་རྒྱས་པ་རློན་པ་ཡིན། །ནང་གཞི་གསུམ་དང་ཁྲག་ལས་ནི། །མིག་མཆུའི་ནང་ན་ཤའི ་དུམ་བུ། །རྨན་བུ་སྲ་ལ་ནད་མེད་པ། །ཕྱི་རོལ་མི་མཉམ་གཡོ་འཛེར་པ། །དེ་ལྟར་ཉི་ཤུ་རྩ་བཞི་བོ། །མིག་མཆུ་ལ་གནས་ནད་ཡིན་ནོ། །དེ་ལ་དང་པོ་སྨན་གྱིས་གསོ། །དེ་འོག་གཉིས་དང་འབྲུམ་བུ་སྤང། །རྫི་མ་འགགས་པ་གསོར་རུང་ཙམ། ། ་ལྷག་མ་མཚོན་གྱིས་གསོ་བར་བྱ། །དེ་དག་བས་ཀྱང་འཇིམ?་འབྱི། །བཙག་པར་བྱ་ལ་མིག་མཛེར་བཅད། །ཆགས་དང་བད་རྩ་ཀུ་མུང། །བརྩེགས་དང་འབྲུམ་ཕྲན་རློན་པ་འདྲལ། །མིག་མཆུའི་ཤ་སྔོ་བྱེ་མ་འདྲ། །འབྱར་དང་བསྐྱེད་བྱ་ཞེས་བྱ་བཞིན་དམ་བཅས ་ཤས་ཆེར་བྱས་པ་དང། །སྐྲ་ངན་བཅས་པ་མཚོན་གྱིས་བཞར། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་བརྒྱད་བའོ།། །།དེ་ནས་མིག་མཆུའི་ནད་གསོ་བ་བཤད་པར་བྱའོ། །འཇུམ་པ་ལ ་དགའ་མར་རྙིང་ནི། །རྒུན་འབྲུམ་ལྡེ་གུའི་ཆུ་བསྐོལ་བར། །ཁ་ར་བཏབ་དང་སྣ་སྨན་དང། །དུད་པ་མིག་སྨན་སྣུམ་ཅན་བཏང། །ཀུ་མུ་ང་ལ་ཞལ་ཞལ་གདབ། །དེ་སྟེང་རྒྱམ་ཚ་གདབ་པར་བྱ། །ཤིང་མདར་དང་ནི་སྒྱུ་རུ་ར། །བ་ཏོ་ལ་བསྐོལ་ཆུ་གླུགས ་བྱ། །རླུང་མེད་གནས་ལ་གཡོ་མཁས་ཀྱིས། །སྦྱང་བྱས་གན་རྒྱལ་ཉལ་བ་ལ། །མིག་མཆུ་བཟློག་སྟེ་དྲི་འཇམ་ཆུར། །བསྲོས་པའི་གོས་ཀྱི་གདུགས་བྱས་ལ། །གོས་ཀྱིས་ལེགས་པར་དཀྲིས་ནས་ནི། །གཡོན་པའི་འཐབ་འཛུབ་ཀྱིས་བཟུང་ཞིང། །འགུལ ་ཞིང་འགྱུར་བ་མེད་པར་ནི། །དེ་ནས་མིག་མཆུ་ཀུན་ཏུ་ནི། །དཀྱིལ་འཁོར་ལྟ་བུའི་མཚོན་གྱིས་ནི། །འཕྲེད་དུ་གདབ་ཅིང་མཚན་མ་བྱས། །དེ་ཉིད་ཀྱིས་སམ་ལོ་རྩུབ་འམ། །ཤེས་པ་ལི་ཡི་ལོ་མ་འམ། །ཡང་ན་བརྒྱ་མཚོའི་ཝུ་བ་བླུད། །ཁྲག ་ནི་རས་བལ་ཡེ་འུས་ཕྱི། །ཁྲག་བཅད་ལེགས་པར་དྲུང་ཤེས་ནས། །རང་རང་སྨན་ནི་སྦྲང་རྩི་དང། །བཅས་པ་དེ་ལ་བསྐུ་བར་བྱ། །དེ་འོག་ཆུ་དྲོན་གྱིས་བཀྲུས་ལ། །མར་གྱིས་བླུག་པར་བྱ་བ་དང། །རྣ་བའི་སྟེང་དང་འོག་གི ་བར། །ནས་ཀྱི་ཟན་དང་སྦྲང་རྩི་དང། །མར་དང་བཅས་པས་དཀྲིས་པར་བྱ། །ཞག་ནི་གཉིས་པ་ལ་བཀྲོལ་ཏེ། །ཇི་ལྟ་བར་ནི་སྨན་བླུགས་ཤིང། །བཞི་པར་སྣ་སྨན་ལ་སོགས་བྱ། །ཞག་ནི་ལྔ་པ་དག་ལ་དགྲོལ། །མཉམ་ཞིང་སེན་མོ་ལྟར ་དམར་ལ། །སྐྲངས་གཡའ་དྲུང་སོགས་ནད་མེད་པ། །མིག་མཆུ་གཞར་ལེགས་ཡིན་ཞེས་བྱ། །དེ་ལས་བཟློག་པ་སླར་བཞར་བྱ། །བཞར་དྲགས་པ་ནི་ན་བ་དང། །རྫི་མ་འབྱི་ཞིང་མིག་མཆུ་འགྱུར། །དེ་ལ་སྣུམ་དང་དུགས་ལ་སོགས།། ་རླུང་ལ་ཕན་བའི་སྦྱོར་བ་སྔགས། །མར་སར་གྱིས་ནི་བསྐུ་བྱ་ཞིང། །སེང་ཕྲོམ་དཀར་པོ་མར་སར་གྱིས། །ལེགས་པར་བསྐུ་བ་བྱས་ནས་ནི། །ེ་རཎྜ་ཡི་རྩ་བ་ཡི། །ལྡེ་གུས་བསྐུས་ཏེ་ཕུར་མ་བཙོ། ཚོས་བ་བཀྲུས་ཏེ་བསྐམས ་ནས་ནི། །བཏགས་པ་ཐུམ་པོ་བྱས་ནས་ནི། །ར་འམ་བུད་མེད་འོ་མར་ནི། །མཉེས་པ་མིག་ཏུ་བླུག་བར་བྱ། །དེ་ཉིད་ས་ལུ་ཐུག་པོ་ཆེའི། །ལྡེ་གུ་བསྐུས་ཏེ་དེ་ལྟར་བྱས། །ཞོ་དང་ཞེ་ཁ་ཆུ་སྤངས་པ། །མིག་ནི་བཞར་དྲགས་འགྱུར་ལ་བླུག། ཡང ་ན་ཞོ་ཁ་ཆུ་ཉི་ཚེ། །བླུགས་ཤིང་སྐམ་སའི་ཤ་ཁུ་སྦྱིན། །འབྲུམ་ཕྲན་སྲ་ཞིང་མཐོ་བ་ནི། །འབྲས་ཀྱི་རྩེ་མོས་བརྟོལ་བར་བྱ། །དེ་རྗེས་བཙིར་ཏེ་ཆོག་ནི། །ལྷག་མ་སྔ་མ་བཞིན་དུ་བྱ། །ཞལ་ཞལ་གདབ་དང་འདྲ་བ་ལ། །རིམ་འདིའི ་མིག་མཆུའི་ནད་ཀུན་སྦྱར། །ཁྲག་མཁྲིས་ལས་གྱུར་མངར་བ་ཡི། །སྡེ་ཚན་དང་བསྐོལ་མར་གྱི་གསོ།། སྣུམ་གྱུར་ནས་ནི་གཏར་ག་གདབ། །དུར་བྱིད་བཀྲུ་སྨན་བཏང་བ་མཆོག། བཞར་ཞིང་ཁྲག་ནི་ཕྱུང་ནས་ཀྱང། །ཤིང་མངར ་བསྐོལ་བའི་ཆུས་བཀྲུ་ཞིང། །ཙན་དན་དཀར་པོའི་འོ་མ་བསྐོལ། །མིག་མཆུ་ལ་ནི་བླུགས་པ་ཕན། །རྫི་མ་འབྱིལ་ཁབ་ཀྱིས་ནི། །བ་སྤུའི་བུག་བཙགས་པ་འམ། །སྲིན་བུ་པདྨས་ཁྲག་དབྱུང་ངོ། །ཡང་ན་འོ་མ་འམ་བུ་རམ་ཤིང། །ཁུ ་བས་སློན་བྱ་མངར་བསིལ་སྨན། །བསྐོལ་བའི་མར་ནི་བཏང་བར་བྱ། །ནག་ཚུར་དཀར་བོའི་ཕྱེ་མ་ནི། །བྱེའུ་རུག་བའི་ཁུ་བར་བསྲས། །ཟངས་ཀྱི་སྣོད་དུ་བཅུག་པ་སྟེ། །རྫི་མ་འབྱི་བའི་མིག་སྨན་མཆོག། མིག་མཆུའི་ཤ་དྲུད ་བཅའ་སྒ་དང། །རྒྱམ་ཚའི་ཕྱེ་མ་གདབ་པར་བྱ། །ཆུ་དྲོན་གྱིས་བཀྲུས་སེང་ལྡེང་དང། །ན་ལེ་ཤམ་དཀར་ཏུ་བ་རི། །ཆུ་བསྐོལ་པ་འམ་སེར་པོ་གཉིས། །ཤིང་མངར་དང་ནི་འབྲས་བུ་གསུམ། །ཁུ་བ་སྦྲང་རྩིར་བཅས་པ་བླུག་ཁང ་གན་ལས་གྱུར་ཞལ་ཞལ་བྱ། །ནག་ཚུར་རྒྱམ་ཚ་པི་པི་ལིང། །ལྡོང་རོས་སྟང་ཟིལ་ཞིབ་བཏགས་ལ། །སྦྲང་རྩི་བཅས་པ་བསྐུ་བར་བྱ། །སྐྱུག་སྨན་མིག་སྨན་སྣ་སྨན་ནི། །བད་ཀན་སེལ་བ་ཐམས་ཅད་ཕན། །ཆགས་པ་ལའང་འདི་དག ་བྱ། །མ་ཞི་མ་བཙའ་གདབ་པར་བྱ། །སྒྲ་ངན་པ་ནི་སེང་ལྡེང་དང་?་མཱའི་ལམ་འབྲས་བུ་གསུམ། །མར་དང་སྦྱར་བ་འམ་པི་པི་ལིང། །ཤིང་མངར་རྒྱམ་ཚ་བསྐལ་བ་ནི། །མ་མ་བླུད་དེ་སློན་དུ་གཞུག། རྒུན་འབྲུམ་དང་ནི་ཨ་རུ་ར། །པི ་པི་ལིང་བསྐོལ་བརྐུ་སྨན་སྦྱིན། །སེར་པོ་རྣམ་གཉིས་པི་པི་ལིང། །གླང་སྒང་ལྡེ་གུས་ནུ་མ་བསྐུ། །ཡུངས་ཀར་མར་བཅས་དུད་པས་བདག། སྦྱང་བར་བྱས་ནས་བཏལ?། །གླ་སྒང་དངནི་རྒུན་འབྲུམ་དང། །སླེ་ཏྲེས་འབྲས་བུ་གསུམ་བསྐོལ ་བླུད། །བྱིས་བའི་མིག་མཆུ་བླུད་བ་འམ།། སྲིན་བུ་པདྨས་ཁྲག་དབྱུང་བྱ། ། སྨནྟ་ཀ་སྒྱུ་རུ་ར། །ཛམྦུའི་ལོ་མ་བསྐོལ་བ་བླུག། བྱིས་པའོ་མ་མར་བསྟེན་པས། །ཕལ་ཆེར་བད་ཀན་ནད་བྱུང་བས། །དེ་བས་དང་པོ་སྐྱུག་སྨན་ཉིད། །ནད ་ཀུན་ལ་བསྔགས་བ་ཡིན། །ལྕེ་མྱང་ཚ་དང་པི་པི་ལིང། ། བ་མརྒའི་འབྲས་བུ་མར། །འོ་མ་ཤུ་དག་སྦྲང་རྩིར་བཅས། །པོ་སོན་ཆ་ནི་ཤིང་མདར་བཅས། །འོ་མ་ཁ་ཟས་འོ་མ་དང། །ཟས་ལ་བརྟེན་པའི་བྱིས་བ ་ལ། །རིམ་བཞིན་བླུད་པས་ནད་ཀུན་ནི། །སྦྱང་བ་བྱ་ཕྱིར་སློན་སྨན་བཏང། །མཆོག་ཏུ་སྒྲ་ངན་ནད་ལ་ཕན། །སབཏ་ལ་ཡི་ཁུ་བ་མར། །བསྐོལ་བ་གཉིས་ཀ་སྦྱོང་བྱེད་སྦྱིན།། སེང་ཕྲོམ་ཤིང་མངར་སེར་པོ་གཉིས། །ནིམཔའི་ལོ་མ་བུ་ཙེ་ཤེལ།། ་ཟངས་ཀྱི་ཁུ་བར་བཅས་རེང་བུ། །སྒྲ་ངན་གྱི་ནི་ནད་ལ་ཕན། །ཡང་ན་ལྕགས་ཀྱི་ཕྱེ་མ་བསྲེས། །འོ་མ་སྦྲང་རྩི་མར་བཅས་ཕན། །སུག་སྨེལ་སྒོག་སྐྱ་ཀ་ཏ་ཀ། ཕ་ནིངཙ་ཀ་ན་ལེ་ཤམ། །དུང་བཅས་ཆུ་དང་བདར་བ་དང། །ཀཏཔ་བཅས ་རིལ་བུ་ཡང་ཕན། །རྫི་མའི་འགགས་ནད་སེལ་བ་ལ། །སྦྱང་བ་བྱས་བར་གྱུར་པ་ཡིན། །སྨིན་མའི་འོག་གི་ཆ་གཉིས་དང། །རྫི་མའི་འོག་གི་ཆ་གཉིས་དང། །རྫི་མའི་ཆ་གཅིག་པར་བར་ནི།། ནས་ཀྱི་ཚད་ཙམ་ནས་ཀྱི་དབྱིབས།། ་འཕྲེང་དུ་བྲལ་ལ་རས་རློན་པས། །དེ་ཡི་ཁྲག་ནི་བསལ་ནས་ནི། །ཁྲག་ནི་ཆད་པར་གྱུར་བ་དང། །པར་མཚམས་མུངྒ་ཙམ་བཞག་ལ། །ཁབ་ནི་ཡོན་པོས་འཚེམ་པར་བྱ། །དཔྲལ་བར་རས་ཀྱིས་བཅིངས་ནས་ནི། །དེ་བཞིན་སྐུད ་བས་འཚོམ་པར་བྱ། །ཤིན་ཏུ་དམ་དང་ལྷོད་པར་མིན། །དེས་ནི་ལེགས་པར་འཚེམ་པར་བྱ། །དེ་ནས་སྦྲང་རྩི་མར་གྱིས་བྱུག། འདི་ལ་བཅིང་བར་མི་བྱའོ། །ན་ན་ནྱ་གྲོ་དྷ་སོགས་པའི། །ཁུ་བ་འོ་མར་བཅས་པ་བླུག། ཞག་ལྔ་བ་ལ ་སྐུད་པ་ནི། བསལ་ཏ་ཡུག་རྣམ་ཕྱེ་མ་ནི། རྨ་ལ་ལེགས་པར་གདབ་པར་བྱ།། སྣ་སྨན་མིག་སྨན་རྣོན་པོ་བཏང། །ཞག་བཅུའི་མཐར་ཡང་མ་སོས་ན།། མིག་མཚུར་བརྟེན་གཉེར་བཟློག་སྟ་བསྲེག། རྫི་མའི་ལྷག་མ་ཚེར་བཟུང་གིས། ཕྱུང་ལ་དེ ་ཡི་གནས་དག་ནི། །མེ་ཡི་མདོག་འདྲའི་ཁབ་རྩེས་བསག། ཕྱི་རོལ་རློན་པ་བསྲེག་པ་དང། །ཐོར་བུ་བཅད་པར་གྱུར་བ་ལ། །མེ་འམ་ཐལ་སྨན་རྣོན་བོས་བསྲེག། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ ་དགུ་པའོ།། །།དེ་ནས་མིག་ཟུར་དང་མིག་གི་འབྲས་བུ་དཀར་ནག་གི་ནད་ཀྱི་དམིགས་བརྟག་པ་བཤད་པར་བྱའོ། །རླུང་འཁྲུགས་པས་ནི་ཆ་རྒྱུ་བའི། །རྩར་སོང་ནས་ནི་ཆུ་འདྲ་བའི། །མཆི་མ་མིག་མཆུ་མིག་ཕུགས་ཀྱི། །མཚམས ་ནི་མཚིམ་འཛག་པར་འགྱུར། །དེས་ནི་ནད་མེད་རྩད་མར་ལ། །སྐྲངས་འགྱུར་དེ་ནི་ཆུ་འཛག་ཡིན། །བད་ཀན་ལས་གྱུར་གཅིན་བག་མང། །དཀར་བ་བད་ཀན་འཛག་པ་ཡིན། །བད་ཀན་གྱིས་སྐྲངས་རྩེ་མོ་རྣོ། །ལན་ཚའི་ཆུ་བུར་འདྲ་བ་འབྱུང། །རྩ་བ་ཆེ ་ཞིང་གཡོ་ལ་སྣུམ། །མདོག་དཀར་འཇམ་ཞིང་སྨིན་བག་ཅན། །ཆེ་ཞིང་སྨིན་དཀའ་གཡའ་དང་བཅས། །གཟེར་མེད་བཅིང་བ་ལྟ་བུ་ཡིན། །ཁྲག་ལ་མཆིམ་ཁྲག་འཛག་དམར། །ཤས་ཆེར་དྲོ་བ་ཁྲག་འཛག་ཡིན། །མིག་མཆུ་གྲ་མཚམས ་དཀར་པོ་རུ། །འབྲུམ་ཕྲན་ཟ་ཞིང་གཟེར་དང་བཅས། །དམར་ཞིང་མུཏ་འདྲ་ལ་གས། །ཁྲག་འཛག་དེ་ནི་ཚིགས་ཅན་ཡིན། །རྣག་འཛག་དྲི་མ་ཁྲག་དང་བཅས། །མིག་ཕུག་ཀྱི་ནི་གྲ་མཚམས་ན། །ཡང་དང་ཡང་དུ་རྣག་འཛག་ཅིང། །ཤ་བགས ་འདྲུལ་པས་མཆི་མར་བཅས། །རྣག་སླ་འཛག་པ་རྨ་འཕྲ་ཞིང། །སྐྲེད་ཞིང་གཡོས་བ་ཆེ་བ་དང། །མིག་ཕུགས་མཚམས་སྐྲངས་རྣག་འཛག་ཅིང། །ནད་བཅས་རྣག་གི་ཆུ་སེར་འཛག། མིག་ཕུགས་ཀྱི་ནི་མཚམས་ནང་ན། །སྐྲངས་ཐུག་ཚ ་བཅས་ཆུ་སེར་ཅན། །མིག་ཟུར་རམ་ནི་མིག་ཕུགས་སུ། །གཡའ་ཞིང་རྫི་མའི་བུ་གནས། །རྣག་འཛག་སྲིན་དང་རྨེན་བུ་འབྱུང། །ན་བཅས་སྲིན་གྱི་རྨེན་བུ་ཅན། །བཅིངས་པ་ལྟ་བུ་སྲིན་རྨན་བུ། །རྣག་གི་ཆུ་སེར་ཚིགས་ཅན་དག། མཚོན་གྱིས་གསོ ་བྱ་ལྷག་མ་ལྔ། །འཛག་པ་ཆུ་སེར་བཅས་པ་སྤང། །མཁྲིས་པ་དཀར་པོའི་ཐིག་ལེ་ནི། །རྣག་པ་འམ་སྔོ་བ་འམ་སེར་པོ་བསྐྱེད། །གུར་གུམ་མེ་ལོང་དྲི་མས་གོས། །ལྟར་སྣང་ན་དང་ཚ་བ་མེད། །འཁྲུ་ཞིང་སྐོམ་དང་རིམས་དང་བཅས། །ནད ་གཞི་ཉ་ཕྱིས་ཅན་ཞེས་བྱའོ། །བད་ཀན་ལས་དཀར་ཤ་ལྷག་དཀར། །རིང་ནས་འཕེལ་བ་མིག་འཛེར་དཀར། །ནད་མེད་པ་ལ་སྐྲངས་བ་དང། །མདོག་དཀར་ལྷུན་ཆེ་འཇམ་པ་དང། །ལྕི་སྣུ་མཆུ་ཡི་ཐིག་པ་འདྲ།། པད་ཀན་མདུད་པ་ཞེས་བྱར་བཤད། ། ་ཐིག་ལ་འབྲས་ཕྱེ་ལྟར་དཀར་བ། །མཐོ་བ་འབྲས་ཕྱེ་འདྲ་ཞེས་བཤད། །དཀར་པོའི་རི་མོ་དམར་པོས་ཁྱབ། །ཚ་ཞིང་ན་དང་བཅས་པ་དང། །སྐྲང་ཞིང་མཚམས་གོས་པ་མེད།། ཁྲག་གྱུར་རྩ་ཡི་ངེས་པར་བཤད། །རྩའི་ཉེས་?་ཕ་བར་བོར་ནས་ནི། ། ་དམར་རིས་དེ་ཉིད་འཕེལ་བར་འགྱུར། །ཁྲག་བཅས་རྩ་ནི་རྩེ་བར་བྱེད། །དེ་ཡིས་མི་གཉིས་བལྟ་མི་ནུས། །རྩ་ཡི་དྲ་བས་གཡོགས་ཤིང་སྟུག། མཐ་བ་རྩ་ཡི་དྲ་བ་ཡིན། །ཁྲག་གི་མིག་མཛེར་འཇམ་ཞིང་མཉམ། །པདྨ་འདྲ་བ་ཤ་ལྷག་ཡིན། །ནད ་མེད་རི་བོ་ཁྲག་ལྟར་དམར། །ཐིག་ལེ་ལིང་ཏོག་དམར་པོ་ཡིན། །འཇམ་ཞིང་ནད་མེད་མྱུར་དུ་འཕེལ། །དཀར་པོ་ཁྱབ་བྱེད་དམར་ནག་གི། ཁྱབ་བའི་མཛེར་བ་ཞེས་བྱའོ། །དྲི་མ་ཁྲག་བཅས་རྩའི་མཛེར་པ། །རྩ་རྒྱུས་དང་འདྲ་རྩ་མཛེར་ཡིན། །ཁྲག་སྐམ ་གོང་པོ་ལྟར་གནག་ཅིང། །ཤིན་ཆེ་ཞིང་རྒྱས་པ་གང། །དེ་ནི་ཤ་ལྷག་མཛེར་བ་ཡིན། །?་ཞིང་རེག་ན་རྩུབ་པ་དང་པོ?། །རྩས་གཡོགས་མིག་འབྲས་རྣག་དང་ཉེ། འབྲུམ་ཕྲན་ཡུངས་ཀར་ལྟ་བུས་རྩ། །ཉ་ཕྱིས་རྩ་རྩེ་རྩའི་ཉེས་པ། །འབྲས་ཕྱེ་མདུད་པའི་ལིང་ཏོག་དམར། །དྲུག་པོ ་སྨན་གྱིས་གསོ་བར་བྱ། །ལྷག་མ་བདུན་པ་མཚོན་ཀྱིས་གསོ། །དེ་ཡང་སར་བ་སྨན་གྱིས་གསོ། །མཛེར་པ་བཤད་པ་ལྔ་པོ་གང། །རྒྱུས་བ་དང་ནི་བརྩགས་གཡོགས་པ། །ནག་པོར་ཕྱིན་ཞིང་པགས་གས་འདྲ། །མཐོན་པོ་བཅད་པར་བྱ་བ ་ཡིན། །མཐོང་བྱེད་སྟེང་དུ་ཕྱིན་པ་སྤང། །ནག་པོ་འམ་མཐོང་བྱེད་ལ་མཁྲིས་པས། །བགས་པ་བརྟོལ་ཏེ་ལིང་ཏོག་ནི། །ཟུག་དམར་མཆི་མར་བཅས་པ་བསྐྱེད། །དེ་ཡིས་མིག་འབྲས་དཀྱིལ་འཁོར་རྣག། འཛམ་བུ་སྨིན་པ་འདྲར་སྣང་ཞིང། །དམའ་བ་རྨ་ཡི་ལིང་ཏོག ་སྟེ། །དེ་ནི་གསོ་དཀའ་རིམ་གཉིས་དག། བརྟོལ་བ་གསོ་བཙམ་ཡིན་ནོ། །དེར་ནི་ཟུག་པ་ལ་སོགས་མང། །ནག་པོ་ཁབ་ཀྱིས་ཕུག་སྙམ་བྱེད།། རིམ་པ་གསུམ་ནི་བརྟོལ་པ་དང། །རྨ་ཡིས་ཁྱབ་པར་གསོར་མི་རུང། །བད་ཀན་ལས་གྱུར་དུད་ལྟར་དཀར།། ཤས ་ཚེར་མིག་ན་གསོ་སླ་དཀར། །དམར་ཞིང་མཆིམ་སྦྱིན་པ་ག་འཛག། འབྲུམ་ཕྲན་དམར་ཞིང་ཤིན་ཏུ་ན། །ར་ཡི་རིལ་མ་འདྲ་ཞིང་འབུར། །ཁྲག་སྐྱེས་ར་རིལ་འདྲ་བ་སྤང། །ནད་ཁྲག་བཙས་པས་རྩའི་ལིང་ཏོག། དེ་ཡིས་མིག་འབྲས་ནག་པོ་ཁེབས། །ན་ཞིང ་ཚལ་དམར་པ་ཡི། །རྩ་ཡིས་ཀུན་ཏུ་རྒྱས་འགྱུར་ལ། །རྒྱུ་མེད་མཆིམ་གྲང་དྲོ་དང། །བསྐལ་འཛག་པ་དེ་སྤང་བྱ། །ནད་གཞི་ཁྲག་ལས་མཐོང་བཅས་རྣག། འབྲས་བུ་དཀར་པོ་སྒྱུར་བྱེད་དེ། །སྤྲིན་དཀར་གྱིས་ནི་གཡོགས་འདྲ་ཞིང། །ནིཥཔ་པ་ནི་བཀས ་པ་འདྲ།། ཤིན་ཏུ་མི་བཟད་ན་ཞིང་དམར། ཚ་ཞིང་སྐྲངས་པས་གཟིར་བ་དག། སྨིན་བས་ཉེན་པའི་ལིང་ཏོག་སྟེ། །མི་བ་ཟད་ན་བསྤང?་བར་བྱ། །གང་གིས་མཚན་མ་ཉམས་པ་འམ། །ནང་སྔོ་བ་འམ་དམར་བཅས་པས།། ཤིན་ཏུ་འབུར་བ་འམ་གཏིང ་རིང་བ་འམ། །མཆི་མར་བཅས་ཤིང་རྩ་རྨས་ཁྱབ། །རྙིང་པ་འམ་མཐོ་དམན་ཅན་དག་གམ། །དབུས་འཆད་ལིང་ཏོག་སྤང་བར་བྱ། །ནག་པོའི་ནང་ནི་གསོར་རུང་བ་དང། །མི་རུང་དབྱེ་བས་རྣམ་ལྔ་ཡིན། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་བ་ལས།། ་ཕྱི་མའི་གནས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་མིག་ཟུར་དང་མིག་གིས་འབྲས་བུ་དཀར་པོ་དང་ནག་པོའི་ནད་གསོ་བ་བཤད་པར་བྱའོ། །མིག་ནང་བཅིངས་པ་སྨན་པ་ཡིས། །དུགས་བྱས་རྩེ་མོ་འབྲས་འདྲས་དབུག། རྩེ་མོ་དཀྱིལ་འཁོར ་འདྲ་བས་བཞར། །དེ་འོག་རྒྱམ་ཚ་པི་པི་ལིང། །སྦྲང་རྩི་སྦྱར་བས་བསྐུ་བར་བྱ། །དེ་ནས་སྔ་མ་བཞིན་དུ་བཅིང། །བ་ཏོ་ལའི་ལོ་སྐྱུ་རུ་ར། །བསྐོལ་བའི་སྨན་ཁུ་ཐིགས་བས་བླུག། ཚིགས་ཅན་ལྕགས་ཀྱུའི་ཆ་བྱད་ཀྱིས། །ཕྱི་ཡི ་མཚམས་ཀྱི་ཆ་གསུམ་བཟུང། །འཕེན་བཙགས་ཀྱིས་ནི་ཕྱེད་བཅད་བྱ། །གཞན་དུ་མཆི་མ་རྒྱུ་ལ་གནོད། །སྦྲང་རྩི་རྒྱམ་ཚས་བསྐུས་ནས་ནི། །མིག་མཛེར་ལྟ་བུར་གསོ་བར་བྱ། །ཆུ་སེར་རྣག་འཛག་གཏར་ག་གདབ། །དེ་ནས་དེ་ནི་བཅིང་བར་བྱ།། ་མི་མནགས་ཆོ་གར་བཤད་པ་ཡི། །ལས་ཀུན་ཆོག་ཇི་བཞིན་བྱ། །རྒྱམ་ཚ་སྒྲ་གཤེར་ནག་ཚུར་དང། །ལྕགས་དང་ཟངས་ནི་ཞིབ་བཏགས་པའི། །ཕྱེ་མའི་མིག་སྨན་བཏང་བ་འམ། །སྦྲང་རྩིར་བཅས་པའི་ཁུ་བ་བླུག། སྲིན་བུའི་རྨེན་བུ་ལྕི་བ ་ཡིས། །དུགས་བྱས་བརྟོལ་ཏེ་ཕྱི་བར་བྱ། །ནག་ཚུར་རྒྱམ་ཚ་འབྲས་བུ་གསུམ། །སྦྲང་རྩི་སྦྱར་བས་བསྐུ་བར་བྱ། །ཉ་ཕྱིས་མཁྲིས་མཆི་འཛག་ལྟར་གསོ། །བད་ཀན་འདུས་པ་འབྲས་ཕྱེ་གཉིས། །གཏར་ག་མ་གཏོགས་བད་ཀན་གྱི། །མཆི་མ ་འཛག་པ་བཞིན་དུ་གསོ། །ཚ་བ་གསུམ་དང་ཀཏཔ་ལ། །བ་ལུང་ཁུ་བའི་མིག་སྨན་བཏང། རྒྱམ་ཚ་ཛཱ་ཏི་ཁ་འབུས་བ། །ཐང་ཤིང་བཅའ་སྒ་བཏགས་པའི་ཕྱེ། །ཆང་གི་དངས་མས་རིལ་བུར་བྱས། །མིག་སྨན་སྐྲངས་དང་གཡའ་བ་སེལ། །རྩ ་མཉེས?་བྱ་རྩེ་ལིང་ཏོག་དམར། །རྩ་?་ཁྲག་འཛག་ལྟ་བུར་གསོ། །རྩ་ཡི་ཉེས་ལ་ཁྱད་པར་དུ། །མར་དང་སྦྲང་རྩིའི་མིག་སྨན་བསྐུ། །རྩ་བརྩེ་བ་ལ་སྦྲང་རྩི་དང། །སྐྱེར་བ་ཁཎྜ་ཞིབ་པར་བསྐུ། །ལིང་ཏོག་དམར་པོ་ཞོ་ཁ་ཆུ། །སྦྲང་རྩི་ཁ ་རའི་ཐིགས་བ་བླུགས། །ཤེལ་དང་གུར་གུམ་ཤིང་མངར་དུང། །སྦྲང་རྩི་སྦྱར་བའི་མིག་སྨན་བཏང། །ཡང་ན་སྦྲང་རྩི་དུང་སྦྱར་བ་འམ། །ཁ་ར་རྒྱ་མཚོའི་ཝུ་བ་པན། །མཛེར་པ་བཤད་པ་རྣམ་ལྔ་ལས། །དུད་པ་ལྟ་བུའི་རྙོག་ཅན་དང། །གང ་ཡང་དམར་ཞིང་ཞོ་འདྲ་བ། །དེ་སྨན་ལིང་ཏོག་བཞིན་དུ་བྱ། །ཅིག་ཤོས་གན་རྒྱལ་བཞག་དུགས་བྱས། ཁ་ལུང་དང་ནི་རྒྱམ་ཚ?་དག་སྦྱར་པའི་མིག་སྨན་བསྐུས་ནས་ནི། །མིག་བཅུམས་ནས་ནི་མཉེ་བར་བྱ། །དེ་ལྟར་མིག་ནི་འཁྲུགས་བཅས་པས། །ཤ་ལྷག ་སྐྱེས་པ་བསྐྱོད་ནས་ནི། །མགོ་བོ་མི་འགྱུར་དམ་དུ་བཟུང། །མིག་མཆུ་མཆོག་ཏུ་མི་འགུལ་བྱ། །མིག་ཟུར་དུ་ནི་བལྟ་བཞིན་དུ། མིགས་ཕུགས་མཚམས་ནས་མཛེར་པ་མཐོ། །གང་དུ་གཉེར་མ་འདུས་གྱུར་བ། །དེར་ནི་ལྕགས་ཀྱུས་དམ་བཟུང་?།། ་ཧ་ཅང་མི་ཆེ་མུ་ཅི་ཏྲའམ། །ཁབ་བམ་སྐུད་པས་བླངས་ནས་ནི། །ཀུན་ནས་དཀྱིལ་འཁོར་འདྲ་བས་དྲལ། །དེ་ནས་བཏོན་ཏེ་དྲལ་ནས་ཀྱང། །མིག་ཕུགས་མཚམས་སུ་བསྙེན་ནས་ནི། །ཆ་བཞི་ལུས་པར་བཅད་བྱ་སྟེ། །མིག་ཕུགས་རྩ་དང་མཆི་མ་ནི། ། ་འཛག་པའི་རྩ་ལ་མི་གནོད་བསྲུང། །མིག་ཕུགས་ཟུར་བཅད་མཆིམ་འཛག། མིག་གི་རྩ་སྦུབས་རྨ་ཅན་འགྱུར། །མིག་འགྲམ་མཛེར་པ་ཆེར་སྐྱེས་ལ། །མིག་ཕུགས་ཟུར་དུ་བལྟས་ཏེ་བྱ། །ལེགས་པར་བཅད་དེ་ཚ་བ་གསུམ། །རྒྱམ་ཚ་སྦྲང་རྩིར? ་བཅས་པ་བསྐུ། །ཞུན་མར་དྲོན་པོ་བླུག་པ་དང། །སྦྲང་རྩི་མར་སྦྱར་བསྐུས་ཏེ་བཅིང། །དེ་ནས་ཞག་གསུམ་ལ་སོགས་ནས། །བཀྲོལ་ནས་ཀ་རཉྫའི་ས་བོན།། འོ་མ་བསྐོལ་བ་དེ་བཞིན་བླུག། སེར་པོ་རྣམ་གཉིས་པ་ཏོལ། །ཤིང་མངར་དང་ནི་རྐྱ་སྐྱེགས ་ཤིང། །ཀང་ཎཱ་ཡི་མེ་ཏོག་ནི། །ཁ་འབུས་སྦྲན་རྩིར་བཙས་པ་བླུག། ཞག་བདུན་ནས་ནི་དེ་དགྲོལ་བྱ། །ལེགས་པར་བཅད་ན་ནད་མེད་འགྱུར། །བཅད་དྲགས་མཆོད་ལས་ནད་འགྱུར། །སྨན་ཁུ་བླུགས་དང་མིག་སྨན་སོགས། །ཕྱི་བ་དང་ནི་རྟས་པས་གསོ།། ་ཁ་ར་ལྡོད་རོས་ཨི་ལི་ཡ། །རྒྱམ་ཚ་བཅའ་སྒ་ཞོ་རེ་དང། །སྐྱེར་པ་ཁཎྜ་སྲེད་བྱེད་དང། །སྦྲང་རྩི་སྦྱར་བའི་མིག་སྨན་གྱིས། །བད་ཀན་ལས་གྱུར་རབ་རིབ་དང། །ཆུ་སེར་གྱིས་གང་ལིང་ཏོག་དང། །མིག་མཛར་བཅད་བའི་ལྷག་མ་སེལ། །འབྲས ་བུ་གསུམ་ནི་གང་རུང་བའི། །ཞུན་པ་ཆུས་བཏགས་ལྡེ་གུར་བཅས། །ཁམ་ཕོར་སྦྱར་བའི་ནང་དུ་བསྲེག་དེ་ནས་ཚིག་ནས་ཕྱེ་མར་བཏགས། །སྨན་ནི་ལྷག་མའི་ཁུ་བ་ཡིས། །སོ་སོ་ལེགས་པར་བགོས་ནས་ནི། །གནག་ཚ་དེར་བསྐམས ་སླར་ཡང་བཏགས། །རྒྱམ་ཚ་ཉིས་འགྱུར་བཅས་པ་ཡི། །མིག་སྨན་གསུམ་པོ་དེ་དག་ནི། །ཕྱི་བའི་མཆོག་ཏུ་མུ་ཁྱུད་འཆད། །རྩ་ཡི་དྲས་གཡོགས་རྩ་གང་ཞིག། སྲ་བས་ཕྱི་བའི་སྨན་དག་གིས། །མ་ཞི་འབྲུམ་ཕྲན་དེ་ལ་ནི། མིག་མཛེར་ཚེ ་ག་བཞིན་དུ་གསོ། །ལིང་ཏོག་ནང་གཞིའི་དབང་ལས་ནི། །སྣུམ་རྩུབ་འབྲས་བུ་གསུམ་སྦྱིན་ཞིང། །ཏིཀྟ་ཆེན་པའི་སྨིན་མར་སྦྱིན། །གཏར་ག་བཀྲུ་སྨན་ཁུ་བ་ཡི། །ཐིགས་པ་བླུགས་པ་ལ་སོགས་བྱ། །སྣང་པའི་ལིང་ཏོག་དུར་བྱིད་ཆུ། །ལན ་གསུམ་བསྐོལ་བའི་མར་བླུད་བྱ། །དེ་འོག་གཏར་ག་འམ་པདྨ་ཡི། །མིག་ལས་ཁྲག་ནི་དབྱུང་བར་བྱ། །ུཏཔལ་རྒུན་འབྲུམ་རམ་ཉེ་བ། །ཤིང་མངར་བིད་རི་བསྐོལ་བ། །ཁ་ར་ར་ཡི་འོ་མ་འམ། །ཆུ་བསྐོལ་ཐིགས་པ་བླུགས་པར་བྱ། ། ་མིག་དམར་མཆིམ་ནད་ཞི་ནས། །དེ་རྗེས་ཕྱི་བའི་མིག་སྨན་ཕན། །ཛཱ་ཏི་ཁ་འབུས་རྒྱ་སྐྱེགས་དང། །ཡུག་སྣམ་ཙ་ནི་རལ་བུར་བྱས། །ཁྲག་དང་མཁྲིས་པ་དང་བྱེད་ཅིང། །སྣང་བ་ལས་གྱུར་ལིང་ཏོག་སེལ།། ཕག་དང་རྔ་མོ་གླང་པོ་ཆེ། ། ་བ་ལང་ར་རྟ་བོང་བུའི་སོ། །རྒྱ་མཚོའི་ཝུ་བ་མེ་ཏོག་དང། །ན་ལེ་ཤམ་ནི་བཞི་ཆར་སྦྱར། །སོ་ཡི་རལ་བུ་སྣད་པ་ཡི། །ལིང་ཏོག་གིས་ཁྱབ་སེལ་བར་བྱེད། །ཏ་མའི་ལོ་མ་བ་ལང་སོ། །རྒྱ་མཚོའི་ཝུ་བ་བོད་བུའི་རུས། །ཟངས་མ་དུད ་གཅིན་རིལ་བུར་བྱས། །ལིང་ཏོག་ཐམས་ཅད་སེལ་བར་བྱེད། །རིན་ཆེན་སོ་དང་རོ་དང་ནི། །ཁམས་དང་སུག་སྨེལ་ཚ་བ་གསུམ། །སྒོག་སྐྱ་ག་རཉྫའི་ས་བོན།། རྨལ་ཕན་པའི་སྨན་རྣམས་ནི།། རྨ་བཅས་རྨ་མེད་གཏིང་ཟུག ་དང། །བགས་གནས་ལིང་ཏོག་འཇོམས་སྨན་ཡིན། །སྣ་སྨན་སྣུམ་བླུད་ཤ་ཁུ་ནི། །བླུད་བས་དམའ་བ་བསྟོད་པར་བྱ། །ནད་མེད་ལིང་ཏོག་དམའ་བ་ནི། །ཕུར་མ་བཅོས་དང་རྟས་པས་བསྟོད། །ལིང་ཏོག་དཀར་པོ་སྐྱེར་བ་དང། །ཤིང་མངར་ཐལ་ཏྲེས ་སེང་ཕྲོམ་ཆུ། །བླུག་བའམ་སེང་ཕྲོམ་གཏུམས་པ་ནི། །ཆུ་དྲན་ལ་སྤངས་ཐིགས་པ་བླུགས། །ཤིང་མདར་འབྲི་ཧ་ཏིའི་རྩ་བ། །རྒྱམ་ཚ་དོང་གྲ་ཟངས་མ་ནི། །སྒྱུ་རུའི་འབྲས་བུ་ཆུ་དང་བཏགས། །ལྡེ་གུ་ཟངས་མའི་སྣོད་ལ་བསྐུས། །ནས་མར་སྐྱུ་རུ ་རའི་འོ་མ། །དུད་བས་དེ་འོག་མང་དུ་བདུགས། །དེ་ལས་རིལ་བུར་བྱ་བ་ནི། །དེ་ནི་ཆུ་དང་སྦྲང་རྩིར་བཏགས། །མཐོན་ཀ་ཆེན་པོ་ཞེས་བྱ་སྟེ། །ལིང་ཏོག་དཀར་པོ་སེལ་མཆོག་ཡིན། །ལིང་ཏོག་བརྟན་ཞིང་མཐུག་པ་ལ། །ཁྲག་ནི་ལན་མང་དབྱུང་བར་བྱ།། ་མགོ་དང་ལུས་ཀྱི་བཀྲུ་སྨན་དང། །ཕུར་མ་བཙོས་པའི་པ་ལན་མང་བཏང། །པི་པི་ལིང་དང་ན་ལེ་ཤམ། །རྒྱམ་ཚ་ཤིང་ཤའི་འབྲས་བུ་འམ། །འབྲས་བུ་གསུམ་བསྐོལ་རྒྱམ་ཚ་བཅས། །བླུད་པས་གནས་ལས་བསྐྱོད་པར་བྱ། །དུད་དང་རྒྱ་ཤུག ་ཀ་ཏ་ཀ། རྒུན་འབྲུམ་ཤིང་མདར་སྦྲང་རྩི་དང། །མུ་ར་སོ་ཡི་དྲི་མ་ནི། །ཤྲི་ཤ་ཡི་ནི་མེ་ཏོག་བཅས། །ཚིགས་བཅད་ཕྱེད་ཀྱིས་བཤད་པ་འདི། །མིག་སྨན་སྦྱོར་བ་བཏང་བར་བྱ།། སྒྱུ་རུ་ར་བ་ནི་ཛ་ཁུ། །ལམ་ཀ་ལི་ཡི་ཐལ་བ་ནི། །ནུབ་གཅིག ་སྤངས་ཏེ་བསྐམས་སའི་ཕྱེ། །ལིང་ཏོག་བསྐྱོད་པའི་མིག་སྨན་ཡིན། །མུངྒཱ་སྦུན་པ་མེད་བཏགས་པ། །དུད་དང་སྦྲང་རྩིར་བཅས་པའང་ཕན། །སྦྲང་རྩི་མ་དུ་ཀའི་སྙིང་པོ། །བ་རུ་རའི་རྐང་སྦྲང་རྩིར་བཅས། །བ་ལང་རྟ་བོད་རྔ་མོའི་སོ།། ་དུང་དང་རྒྱ་མཚོའི་ཝུ་བ་དང། ། རྫུ་ནའི་ཆུས་རིལ་བུར་བྱས། །བསྐྱོད་པའི་ལིང་ཏོག་འཇིགས་པར་བྱེད། །བསྟོད་པ་འམ་ཟུག་རྡུར་བཅས་པ་ཡི། །ལིང་ཏོག་སྦུ་ལ་སོགས་པ་ཕྱི། །རྩ་ཡི་ལིང་ཏོག་མཐོང་གནོད་མེད། །སྣད་པའི་ལིང ་ཏོག་ལྟ་བུར་གསོ། །ཤིང་མདར་སྟག་ཚེར་རམ་ཉེ་བ། །འབྲི་ཧ་ཏི་དང་ཨ་ཀ་རུ། །སྐྱེར་པའི་མིག་སྨན་རའི་འོ་མ། །བཏགས་པའི་ལྡེ་གུ་ནས་དང་མར། །བཅས་པའི་དུད་པས་བདུག་པར་བྱ། །སྐྱུ་རུ་ར་ཡི་ལོ་མ་དང། །རིལ་བུར་བྱས་པའི་མིག་སྨན ་མཆོག། མ་སོ་སར་ཡི་རིལ་མ་འདྲ། །མཛེར་པ་ལྟ་བུར་མཚོན་གྱིས་གསོ། །རའི་རིལ་གསོར་ནི་མི་རུང་དང། །ལིང་ཏོག་དེ་འདྲ་དེ་བཞིན་གཞན། །ནད་མ་ཞི་ན་སྣམ་བླུད་ཅིང། །གཏར་ག་གདབ་པ་ལ་སོགས་བྱ། །སྨད་བྱས་དེ་ནི་བསལ་བྱས་ཤིང། །དཀར ་ཞིང་མཐོ་བ་གསོ་བར་བྱ། །རྒྱ་སྟར་གོ་བྱེ་ལུང་ཐད་དང། །ཏ་ལ་སྨིག་མ་ཀ་རི་ར། །བསྲེས་པའི་ཐལ་ཆུ་བཙགས་པ་དང། །རྔ་མོའི་རུས་པའི་ཕྱེ་མ་བསྲེ། །མིག་སྨན་ལིང་ཏོག་གསོ་དཀའ་དང། །མདོག་མི་སྡུག་པ་འཇོམས་པར་བྱེད། །གསོ ་སླ་ལ་ཡང་འདི་ཉིད་ནི།། བསྟེན་པས་སེལ་བར་ནུས་པ་ཡིན། །ར་ཡི་རིལ་མ་ངོས་གཉིས་ནས། །ཁབ་གྱིས་ཕུག་སྟེ་ཆུ་གཟགས་ནས། །མཐེ་བོས་མཉམ་དུ་བཙིར་ནས་ནི། །རྨ་ཡི་ནད་ནི་ཤ་ཕྱེ་དང། །ཚིལ་ནི་རློན་པས་བཀང་ནས་ནི། །དཀྲི ་ཞིང་དཀྲི་ཞིང་དགང་བར་བྱ། །ཞག་བདུན་ནས་ནི་རྨ་འབྱོར་ནས། །མིག་འབྲས་ནག་པོ་མཉམ་བརྟན་ལ། །མིག་སྨན་སྣུམ་ཅན་བཏང་བྱ་ཞིང། །མར་དང་འ་མའི་སྣ་སྨན་བླུག། དེ་ལྟ་ན་ཡང་རྒྱས་འགྱུར་ན། །དབུག་དང་བཅད་སོགས་བྱ ་བ་དག། བཅད་དྲགས་པ་ཡིས་མིག་ནང་དུ། །ཞུགས་པར་མི་འགྱུར་ཅི་རིགས་བྱ། །ལིང་ཏོག་ལ་ནི་རྟག་པར་རང་གི་སྨན། །བསྐོལ་བའི་མར་བླུད་སྣ་སྨན་བསྟན་པ་དང། །ཅི་ནས་མཐོང་བ་ཉམས་པར་མི་འགྱུར་བར། །མིག་སྨན་རྣོན ་པོ་རྟག་ཏུ་བསྟེན་པར་བྱ། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སྟེ་བཅུ་གཅིག་བའོ།། །།དེ་ནས་མཐོང་བར་བྱེད་བའི་མིག་ནད་ཀྱི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ།། ་ནང་ནི་རྩ་ཡི་ནང་ཞུགས་པ། །རིམ་པ་དང་པོ་གནས་ནས་ནི། །གཟུགས་ནི་མི་གསལ་མཐོང་འགྱུར་ཅིང། །རྒྱུ་མེད་པར་ཡང་གསལ་བར་མཐོང། །རིམ་པ་གཉིས་པར་ཕྱིན་པ་ན། །མེད་པ་དག་ཀྱང་མཐོང་འགྱུར་ཞིང། །ཡོད་ཅིང་ཉེ་བ་བསྒྲིབས་ནས ་མཐོང། །རིང་ན་ཕྲ་བ་མཐོང་མི་འགྱུར། །ཉེ་དང་རིང་བར་གནས་པའི་གཟུགས། །ཕྱིན་ཅི་ལོག་ཏུ་ཤེས་པར་འགྱུར། །ནད་ཀྱིས་ཟླུམ་བོའི་དབྱིབས་འདྲ་བར། །ཟླུམ་པོ་ཉིད་དུ་མཐོང་བར་འགྱུར། །མཐོང་བྱེད་དབུགས་གནས་གཅིག ་གཉིས་མཐོང། །མང་དུ་གནས་ན་དུ་མ་མཐོང། །མཐོང་བྱེད་ནང་དུ་ཞུགས་པ་ནི། །ཆེ་ཆུ་གོ་ནི་བཟློག་པར་མཐོང། །འོག་ཏུ་གནས་པས་ཉེ་མི་མཐོང། །སྟེང་དུ་གནས་པས་རིང་བ་མིན། །ངོས་ལ་གནས་པས་གཡས་གཡོན་མིན། །ནད་ནི ་རབ་རིབ་ཅེས་བྱར་བཤད། །ནད་ནི་རིམ་པ་གསུམ་པར་བརྟེན། །སྔོན་པོ་ཉིད་དུ་འགྱུར་བ་ཡིན། །དེ་ཡིས་སྟེང་མཐོང་འོག་མི་མཐོང། །གོས་སྲབ་ཀྱིས་གཡོགས་ལྟར་མཐོང་ཞིང། །ཁ་དོག་ཇི་བཞིན་འགྱུར་བ་དང། །རིམ་གྱིས་མཐོང ་བ་ཉམས་པར་འགྱུར། །ད་ལྟར་ན་ཡང་ཡལ་བར་དོར། །རིམ་པ་བཞི་བར་ཕྱིན་ནས་ནི། །མཐོང་བྱེད་མཚན་མོ་ཉམས་བྱེད་ཅིང། །མིག་གི་རྒྱལ་མོ་ཁེབས་པར་བྱེད། །དེ་ལ་རླུང་འགྱུར་རབ་རིབ་ནི། །ལོང་ལོང་པོར་ནི་མཐོང་བ་དང། །གཡོ་ཞིང ་རྙོག་ཅན་རྩོ་དམར་སྣང། །ཆེད་དགའ་གསལ་བར་མཐོང་བ་དང། །དྲ་བ་སྒ་ཤད་སྤྲང་བུ་དང། །འོད་མཐོང་དེ་ནི་ཡལ་བར་བོར། །སྔོན་བོར་གྱུར་ལ་མིག་དམར་ལ། །བཞིན་ལ་སྣ་ནི་མེད་པར་མཐོང། །ཟླ་བ་མེད་སོགས་བུ་མར་མཐོང། །ཡོན་པ ་འོང?་དྲང་པོར་མཐོང་བར་འགྱུར། །སྔོན་པོ་འཕེལ་ན་མཐོང་བྱེད་ནི། །རྡུལ་གྱིས་ཁེབས་པ་ལྟ་བུར་མཐོང། །གསལ་ཞིང་དམར་བ་འམ་རྒྱ་ཆེ་བ་འམ། །ཕྲ་བ་འམ་མཐོང་བ་ཉམས་པར་འགྱུར། །དེ་ནི་མཐོང་བ་ཉམས་པ་ཡིན།། ་རླུང་གིས་མིག་གིས་རྩ་འཁུམས་འགྱུར། །མཐོང་བྱེད་གཏིང་དུ་ཞུགས་པ་དག། ཏིང་རིང་ཞེས་བྱར་བཤད། །མཁྲིས་འགྱུར་རབ་རིབ་གློ་གང་ནི། །སྲིན་བུ་མེ་ཁྱེར་མེ་སྒྲོན་འོད། །རྨ་བྱ་སྲེག་པའི་སྒྲོ་དང་འདྲ།། ་ཕལ་ཆེར་དངོས་པོར་མཐོང་བར་འགྱུར། །མཐོང་བྱེད་མིག་ནི་ཁར་གཡའའདྲ། །དེ་ལྟ་བུ་ནི་མཐོང་བ་དང་།ཉི་ཟླ་ཁྱིམ་དང་མ་དང་ནི། །སྨིག་རྒྱུ་འཇའའཚོན་མཐོང་བར་འགྱུར། །བུང་བ་ལྟར་སྡོ་མཐོང་བ་མེད། །འབྲས་བུ་སྣུམ་པ ་མཐོང་ཉམས་ཡིན། །མཁྲིས་པས་མིག་ནི་ཆུང་ཞེས་བཤད། །ཆུང་མཐོང་དེ་ནི་ཐུང་དུ་ཡིན། །སེར་ཞིང་དངོས་པོ་སེར་པོར་མཐོང། །མཁྲིས་པས་ཚིག་པར་གྱུར་ཞེས་བྱ། །བད་ཀན་རབ་རིབ་ཕལ་ཆེར་ནི། །སྣུམ་ཞིང ་དཀར་བར་མཐོང་བ་དང། །དུས་དང་ཟླ་བ་ཀུན?་དང། །ཀུནདའི་མེ་ཏོག་ལྟ་བུས་ཁྱབ། །སྡོང་པོ་འོད་མེད་ཉི་ཟླ་དང། །སྒྲོན་མེས་ཁྱབ་པ་ལྟ་བུར་མཐོང། །མིག་འབྲས་དཀར་པོར་སྣང་བར་འགྱུར། །བད་ཀན་མཐོང་ཉམས ་དེས་སྔོན་ཁྱབ། །སྣུམ་ཞིང་མཐོང་བ་ཉམས་འགྱུར་ལ། །ཆུ་ཡི་ཐིགས་པ་པདྨ་ཡི། །འདབ་མའི་སྟེང་ན་གནས་ལྟར་གཡོ། །དྲོན་ཞུམ་བར་འགྱུར་བ་དང། །གྲང་པས་ཡོངས་སུ་ཁྱབ་པར་བྱེད། །ཟླ་བ་མེ་ཏོག་ཀུན་དུད། །ཤེལ་ལྟར ་སྣམ་ཞིང་དཀར་བ་ཡིན། །ཁྲག་གིས་རབ་རིབ་དམར་བ་དང། །མུན་པར་གྱུར་པ་མཐོང་བ་ཡིན། །སྔོན་པོ་དམར་བ་གནག་པར་ནི། །མིག་གིས་དེ་ལྟར་མཐོང་བ་ཡིན། །མཚན་མ་ཉམས་པའང་དེ་འདྲར་མཐོང། །འོད་མེད ་མཐོང་བ་ཉམས་བ་ཡིན། །ལྡན་པའམ་ནི་འདུས་པ་ཡི། །རབ་རིབ་ལ་སོགས་མཚན་མ་ནི། །འདྲེན་མ་ཡིན་པར་ཤེས་པར་བྱ། །བློ་བུར་དུ་ནི་རབ་རིབ་དག། གསལ་དང་མི་གསལ་འཁྲུགས་པར་བྱེད། །ལྷག་མ་དག་གི ་མཐོང་བྱེད་ནི། །དམར་ཞིང་སྣ་ཚོགས་དག་ཏུ་སྣང། །གང་གིས་མཐོང་བྱེད་ནད་ཀྱིས་ཁྱབ། །སྲེ་མོའི་མིག་འབྲས་སྣང་བར་འགྱུར། །དེ་ནི་ཉིན་མཐོང་མཚན་མོ་ཡིན། །ནེའུ་ལེ་ལོར་བཞེས་དེ་བཤད། །ཉི་མ་ནུབ་པར་གྱུར་བ་ན། །འོད་མི་སྣང་ཚེ་རིང ་འགྱུར་ཞིང། །མཐོང་བྱེད་ཉམས་པར་བྱེད་པ་ནི། །ནད་ཀྱིས་ལོང་བ་གཉིས་པ་ཡིན། །ཉི་མའི་ཟེར་གྱིས་ཕོག་པ་ན། །མཐོང་བའི་ལམ་ནས་དྲི་མ་ནི། །ཞུ་ཞིང་མེད་པར་གྱུར་ནས་ནི། །ཉིན་མོ་གསལ་བར་མཐོང་བར་བྱེད། །ཚ་བས་གདུངས་ཏེ ་མེད་ལ་ནི། ཆུ་གྲང་ནང་དུ་ཞུགས་གྱུར་ན། །ནད་གཞི་གསུམ་དང་ཁྲག་འཁྲུགས་ཏེ། །དྲོད་ནི་གྱེན་འགྲོ་དེ་ནས་མིག་ཚ་ཞིང་ན་ཀར་ཁྲིམ་ཅན། །ཉིན་མོ་ལོང་ལོང་པོར་མཐོང་ཞིང། །མཚན་མོ་ལོང་བར་གྱུར་བ་དག། དེ་ནི་དྲོ་བས་ཚིག་ཅེས་བྱ། ། ་ཤས་ཆེར་སྐྱ་ཟོས་ནད་དང་ནི།། ཁྲག་དང་བཅས་པས་མིག་ཁྱབ་གྱུར། །འདྲུལ་ཞིང་གཡོ་ལ་དྲི་མ་ཅན། །དེ་ནི་སྒྱུར་གྱིས་ཚིག་ཅེས་བྱ། །མྱ་ངན་རིམས་དང་འགོ་ནང་ཀྱིས། །རླུང་སོགས་གདུངས་པར་གྱུར་བ་ལ། །རླུང་སོགས་འཁྲུགས་ཤིང་དུད་འཐུལ ་མཐོང། །དེ་ནི་དུད་པ་ཅན་ཞེས་བྱ། །སྙིང་སྟོབས་ཆུང་བས་གློ་བུར་དུ། །ངོ་མཚར་ཅན་གྱི་གཟུགས་མཐོང་བ་འམ། །ཉི་མ་འོད་ཅན་སོགས་མཐོང་ནས། །མིག་ལ་བརྟེན་པའི་རླུང་ལ་སོགས། །གཟི་བྱིན་ཉམས་པས་མིག་གི་ནི། །མཐོང་བ་ཉམས ་པར་བྱེད་པར་འགྱུར། །བཻ་ཌཱུརྱའི་མདོག་མཁྲང་བ་ག?་དང། །རང་བཞིན་གནས་ལྟར་ནད་མེད་འགྱུར། །འདི་ནི་ཕྲད་པ་ལས་བྱུང་བའི། །མཚན་མ་ཉམས་པ་ཞེས་བྱར་བཤད། །འདི་ལས་བད་ཀན་མ་གཏོགས་མཚན། །ཉམས་དང་ཐུང་དུ་གཏིང ་ཞེ་ན་ཡང། །མིག་སྔོན་དྲུག་དང་ནེའུ་ལའི། །ལོང་བ་འཚོ་ཙམ་ལྷག་མ་ནི། །བཅུ་གཉིས་པོ་ནི་གསོ་བར་བྱ། །དེ་ལྟར་མིག་ནད་ཉི་ཤུ་ནི། །རྩ་བདུན་དག་ཏུ་བསྟན་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་བཅུ ་གཉིས་པའོ།། །།དེ་ནས་རབ་རིབ་གསོ་བ་བཤད་པར་བྱའོ། །རབ་རིབ་སྔོན་པ་ཉིད་འགྱུར་ཞིང། །སྔོན་པོ་མ་བཅོས་ལོང་པར་འགྱུར། །དེ་བས་མིག་ནད་ལ་རབ་རིབ། །མི་བཟད་མྱུར་དུ་གསོ་བར་བྱ། །འཚོ་བྱེད་སྲད ་བརྒྱ་ཆུ་བྲེ་ནི། །བཅུ་དྲུག་ནད་བསྐོལ་བཞི་ཆ་ལུས། །ཁུ་བ་འོ་མ་བྲེད་དང། །མངོན་བྲ?་དེ་ལྷན་ཅིག་བཙོ། །སྟག་ཚོར་བ་དང་རམ་ཉེ་བ། །སེང་གྲོ་མ་རྒྱ་མཚ་པི་པི་ལིང། །ཤུ་ཏི་ཤིང་མདར་རྒུན་འབྲུམ་དང། །ཐད་ཤིང་ཁར་འབྲས་བུ ་གསུམ། །ཞོ་ནི་གཉིས་གཉིས་བཏབ་བསྐོལ་ཏེ། །མཚན་འཐུངས་རབ་རིབ་སལ་མཆོག་ཡིན། །རྒུན་འབྲུམ་བཙད་དང་ཙན་དན་དཀར། །རམ་ཉེ་བ་གཉིས་ཛི་པ་ཀ། ཁར་?་ཤིང་མེད་དང། །ཤིང་མདང་ཨུཏཔལ་པུ་ཎྜ་རཱི། །ཞོ་ནི་གཉིས ་གཉིས་མར་རྙིང་ནི། །བྲེ་གང་འོ་མ་དེ་མཉམ་བསྐོལ། །དེ་ཡིས་མིག་སྔོན་རབ་རིབ་དང། །མར་གྱིས་མགོ་ནད་རབ་རིབ་འཇོམས། །ནམཔ?་སྐྱེར་པ་?་ཏོ་ལ། །བུ་ཙེ་ཤེལ་དང་བུ་ཤེལ་ཙེ། །འབྲས་བུ་གསུམ་དང་བ་ཤ་ཀ། བྱི་ཚོར་བ་དང ་ཀྱི་ལྕེ་བ། །བརྦ?་ཏ་ནི་སྲང་རེ་ཡིན།། སྒྱུ་རུ་ར་ནི་བྲེ་གང་དང། །ཆུ་བྲེ་བཅུ་དྲུག་ནད་དུ་བསྐོལ། །བྲེ་གཞི་ལུས་པར་གླ་སྒང་དང། །རྩ་མཁྲིས་ཤིང་མངར་དུག་མོ་ཉུང། །བ་ལུ་ཀ་དང་ཙན་དན་དང། །པི་པི་ལིང་ཝང?་བྱེད་བྱེད་དང། །མར་བྲེ ་གང་དང་བཅས་བསྐོལ་བ། །དེས་ནི་སྣ་མིག་སྣ་ནད་དང། །ཁོང་འབྲས་རིམས་དང་མཛར་མ་དང། །འབྲམ་?་ཤུ་?་མཇོ་ནད་སལ། །མཆོག་ཏུ་ལིང་ཏོག་རབ་རིབ་དང། །མཚན་ལོང་དྲོ་བས་ཚིག་པ་འཇོམས། །འབྲས་བུ ་གསུམ་ནི་སྲང་བརྒྱད་དག། ཆུ་བེ་བཞི་བསྐོལ་བཞི་ཆ་ལུས། །འོ་མ་དེ་དང་ཆ་མཉམ་དང། །འབྲས་བུ་གསུམ་གྱི་ལྔ་གུ་ནི།། སྲད་གཅིག་ཞུམ་མེར་བྲེ་ཕྱེད་བསྐོལ། །ཁ་རའམ་སྦྲང་རྩི་བཅས་པའམ། །འབྲས་བུ་གསུམ ་གྱི་ཁུ་བར་བཅས། །འཐུངས་ན་རབ་རིབ་ཐམས་ཅད་འཇོམས། །ཞིང་མདར་རམ་ཉེ་བ་གཉིས་དང། །ཀཎྜ་ཀཱ་རི་པི་པི་ལིང། ། རུ་ར་དང་ཨུཏཔལ། །ཁར་རྒུན་འབུམ་སྲང་རེར་བཅས། །ར་ཡི་འོ་མ་མར་ཐེ་རེ། །འབྲས་བུ་གསུམ་དང་བཤད་།བྲཱིདཀ ་རི་ཛཱི་ཁུ་བར་བསྐོལ། །འདི་ནི་འབྲས་བུ་གསུམ་ཆེན་པོའི། །མར་དེ་མིག་ནང་ཀུན་སེལ་མཆོག། འབྲས་བུ་གསུམ་མ་མ་མར་དམ་ནི། །འབྲས་བུ་གསུམ་དང་ཤིང་མངར་བཅས། །སྐད་རྩི་ཡིས་ནི་སྤྲུས་གྱུར་བ། །མཚན་མོ་ཟོས་པར་གྱུར་ན་ནི། ་ཟླ་གཅིག་ཕན་པའི་ཟས་བསྟེན་ཞིང། །སྐྱུ་རུ་ར་ཡི་ཆུ་འཐུངས་ན། །མཁའ་ལྡིང་ལྟ་བུའི་མིག་ཐོབ་ཅེས། །དྲང་སྲོང་མུ་ཁྱུད་ཅེས་བཤད་དོ། །ཏ་བྱའི་ཤིང་མདར་ལྕགས་དང་གསེར། །ཁར་སྦྲང་རྩི་མར་རྙིང་དང། །འབྲས་བུ་གསུམ་དང་རྩི་འདོད་?་བསྟེན ་བ་རབ་རིབ་འཇོམས་མཆོག་ཡིན། །ཡང་ན་འབྲས་བུ་གསུམ་བསྐོལ་མ། །རབ་རིབ་ཅན་གྱིས་བསྟེན་བྱས་པ། །སྣུམ་ཁུར་ཕྱིའམ་སྲན་ཚོད་ནི། །འབྲས་བུ་གསུམ་གྱི་ཕྱེ་བཅས་པ་འམ། །འོ་ཐུག་འབྲས་བུ་གསུམ་བཅས་པ། །བསྒྲངས་ཏེ་ཁར ་སྦྲང་རྩི་བཏབ། །ཟས་མ་ཟོས་པ་འམ་ནང་པར་ནི། །རྒུན་འབྲུམ་ཁར་སྦྲང་རྩི་དང། །ེ་རུ་ར་ནི་སོ་སོར་བཟའ། །རྟག་ཏུ་རབ་རིབ་ཅན་གྱིས་བསྟན། །ལེག་བུ་མིག་ཆ་དྲུག་ཅུ་བཞི། །ཟངས་དང་དངུལ་དང་གསེར་གྱི་ཆ། །རེ་རེ་གཅིག་ཏུ་སྒྱུར་བ་ནི། ་སྐད་བུ་ཁ་སྦྱར་ནང་དུ་གཞུག། འདྲེས་པར་གྱུར་གྱི་བར་དུ་བུད། །དེ་ནས་དེ་ཡི་ཏོ་དྲུག་གི། ཚོགས་ཀྱི་ཁུ་བ་ལན་བདུན་དང། །སོ་སོར་དེ་ལ་བླུག་པར་བྱ། །མུ་ཏིག་དུད་དང་བ་ཌཱུརྱཱ། །ཆབ་གསུམ་དང་དེ་ནས་བསྲ?། །ཕྱེ་མའི་མིག་སྨན་ད་བཏང་ན། །རབ་རིབ་ཐམས ་ཅད་སེལ་བྱེད་ཡིན། །རྒུན་འབྲུམ་པདྨའི་རྩ་བ་ཡི། །བུ་བའོ་མ་ཆད་དང་ཞག། ཆར་པ་དེ་བཞིན་ཁྱིག་བུ་མིག། བསྐོལ་ཞིང་བསྒྲུབ་བྱས་ནས་ནི། །ཕྱེ་མི་དེ་ནི་དང་དང་གཞུག། མཐང་བ་གསལ་བྱེད་མེད། སྨན་ཡིན། །མིག་ནང་ཐམས་ཅད་ལ ་བསྔགས་ཞེས། །ལུས་འཕགས་རྒྱལ་བོས་བཤད་པ་ཡིན། །སྤངས་མ་སྲད་གཉིས་ཤུ་དག་གི། སོལ་བར་བསྲེགས་ལར་ཡི་ནི། །འོ་མ་མར་དང་སྦྲང་རྩི་ཡི། །ནང་དུ་ལན་ནི་བདུན་བཅུག། ཧ་བྱ་དང་ནི་ན་ལེ་ཤམ། ལིག་བུ ་མིག་དང་བུ་ཙེ་ཤེལ། །སྤང་སྤོས་རྒྱམ་ཚ་ཨ་རུ་ར། །ེད་ཕྲོམ་ལྡོང་རོས་པི་པི་ལིང། །སུག་སྨེལ་རྒྱ་མཚོའི་ཝུ་བ་དང། །སྟང་ཟིལ་ཞི་ནི་གཉིས་གཉིས་དང། །ཤིང་མངར་སྲད་གཅིག་བཅས་པ་ནི། །སྐོང་བུ་ཁ་སྦྱར་ནང་བསྲེགས་བཏགས།། ་མིག་སྔོན་མཚན་མོ་ལོང་པར་བཅས། །དམར་རིས་དེ་བསྟེན་པ་ཡིས་འཇོམས། །ཕྱེ་མ་མཆོག་ཏུ་རབ་རིབ་ནད། །ཉི་མས་མུན་པ་ལྟ་བུར་སེལ། །སྤང་སྤོས་དྲི་བཟང་གསུམ་དང་ལྕགས། གུར་ཀུམ་ཨུཏ་པ་ལ་སྔོན་པོ་དང། །ཁར་སྤང་ནམ་ཨ ་རུར། །རྒྱ་མཚོའི་ཝུ་བ་མཆིང་བུ་དཀར། ན་ལེ་ཤམ་དང་པི་པི་ལིང། །སྟང་ཟིལ་ཤིང་མདར་དུད་དང་བཅས། །ཐ་སྐར་ཟླ་བའི་ཚེ་ན་ནི།། ཕྱེ་མ་མིག་གཉིས་ལ་བསྐུས་ལ། །མིག་མཛེར་རབ་རིབ་དམར་རིས་དང། །གཡའ་དང་མིག་སྔོན ་སོགས་ཞི་བྱེད། །ན་ལེ་ཤམ་དང་རྒྱམ་ཚ་ནི། །ཆ་རེ་པི་པི་ལིང་དང་ནི། །རྒྱ་མཚོའི་ཝུ་བ་ཆ་གཉིས་དང། །སྐྱེར་བ་ཁཎྜ་ཆ་དགུ་ནི། །ནག་པ་ལ་བབ་ཚེན་བཏགས། །མིག་བསྐུས་བད་ཀན་རབ་རིབ་འཇོམས། །སྤང་མ་བསྲེགས་ཏེ་ལན་མང་དུ།། ་བ་གཅིན་ར་རྟུག་ཁུ་བ་དང། །སྐྱུར་རྩབས་བུད་མེད་ནུ་ཞོ་དང། །བུག་གི་ཁུ་བ་སྦྲང་རྩི་མར། །བཅུག་བར་གྱུར་པ་གང་ཡིན་ག། ཕྱེ་མར་བྱས་ཏེ་མི་ཡི་མིག། མཁའ་ལྡིང་མིག་ལྟར་གསལ་བར་འགྱུར། །བྲིངྒར་ཙ་འབྲས་བུ་གསུམ། ་དུག་དང་ཤིང་མངར་ཁུ་བ་དང། །མར་དང་ར་ཡི་འོ་མར་ནི། །ཞ་ཉེ་ལན་ནི་བདུན་བདུན་དུ། །བསྲེགས་ཤིང་བསྲེགས་ཤིང་བཙོས་བ་ཡི།། མིག་སྨན་ཐུར་མས་བྱས་པ་དེ།། མིག་སྨན་བསྐོལ་བ་འམ་མ་བསྐོལ་བ་འམ། །བྱུག ་ན་རབ་རིབ་མིག་མཛེར་ནང། །ཆུ་སེར་འཇག་དང་འབྱར་བག་ཅན། །གཡའ་དང་ཚོར་བ་མེད་པ་དང། །རི་མོ་དམར་པོར་སྣང་བ་འཇོམས། །དངུལ་ཆུ་རོ་ཉེ་ཆ་མཉམ་བྱས། །དེ་གཉིས་སྟང་ཟིལ་མཉམ་བྱས་ལ། །ག་བུར་ཅུང་ཟད་བཏང་བ་ཡི། །མིག་སྨན ་རབ་རིབ་སེལ་མཆོག་ཡིན། །བྱ་རྒོད་དུས་སུ་ཤི་བའི་མགོ་བོ་ནི། །ཉི་མ་འཆར་ཀའི་མདོག་འདྲ་གང་ཡིན་དེ། །བ་ལང་ལྕི་བ་བསྲེས་ཐལ་ལིག་བུ་མིག། ཆ་མཉམ་བཏགས་པར་གྱུར་བའི་ཕྱེ་མ་ཡི། །སྦྱོར་འདིས་མིག་གི་གསལ་སྟོབས ་བྱ་རྒོད་ལྟ་བུར་བྱེད། །སྦྲུལ་ནག་མགོན་ལིག་བུ་མིག། མར་བཅས་དུད་པ་མ་ཤོར་བསྲེགས། །སྤང་སྤོས་གནདྷ་བ་ཏྲ་དང། །ལྷན་ཅིག་བཏགས་པས་མིག་འབྲས་ནི། །བརྡོལ་ཡང་མིག་ནི་སྲུང་བར་བྱེད། །སྤྲུལ་ནག་ཤི་བའི་རོ་དང་ནི།། སྡིག་བ་ཤི ་བའི་རོ་བཞིན། །འོ་མའི་བུམ་པར་ཞག་ཉི་ཤུ། །རྩ་གཅིག་བཅུག་སྟེ་བསྲུལ་ལ་སྲུག། དེ་ལས་མར་སར་གང་བྱུང་བས། །ཁྱིམ་བྱ་གསོས་ཏེ་དེ་ཡི་ནི། །རྟུག་པས་མིག་ནི་བསྐུས་གྱུར་ན། །ཡོད་བས་ཀྱང་ནི་ལེགས་པར་མཐོང། །སྤྲུལ་ནག་པོ་ཡི ་ཞག་དང་དུང། །སྟང་ཟིལ་ག་ཏ་གའི་འབྲས་བུ། །ཁུ་བར་བྱས་པའི་སྤྱོར་བ་ཡིས། །ལོང་བའང་མྱུར་དུ་མཐོང་བར་བྱེད། །ན་ལེ་ཤམ་ནི་རྡོག་མ་བཅུ། །དྲུབ་མར་ཆང་ནི་སྲང་ཕྱེད་དང། །སྤང་མ་སྲང་གཅིག་ཤིང་མངར་ནི། །ཞོ་གཉིས་འོ་མའི་ནང ་དུ་སྤངས། །དུ་བ་མ་ཤོར་བསྲེགས་མིག་སྨན། །ཁུ་བ་མཉམ་མེད་ཅེས་བྱ་སྟེ། །རབ་རིབ་འཇོམས་བའི་མཆོག་ཡིན་ནོ། །བ་རུ་ར་ཡི་ཚིག་ཁུ་ན་ལེ་ཤམ། །སྐྱུ་རུ་ར་དང་སྤང་མ་ཤིང་མངར་ནི། །ཆུ་ཐགས་བྱས་བའི་རིལ་བུ་གྲིབ་མར་སྐམ། །རབ ་རིབ་མྱུར་དུ་འཇོམས་པར་བྱེད་པ་ཡིན། །ན་ལ་ཤམ་དང་སྐྱུ་རུ་ར། །རྒྱ་མཚོའི་ཝུ་བ་སྤང་མ་དང། །དངུལ་རྡོ་དང་ནི་དྲུབ་མར་ཆད། །གོ་རིམ་བཞིན་དུ་ཆ་རེས་བསྐྱེད། །དྲུབ་མར་ཆད་ནི་དྲུག་པ་སྟེ། །སྦྱོར་འདིས་རབ་རིབ་ལིང་ཏོག་མཛེར། །མ་ནགS? ་དང་མིག་སྔོ་གཡའ་བ་སེལ། །རིན་ཆེན་དངུལ་དང་ཤེལ་དང་གསེར། །ལིག་བུ་མིག་དང་ཟངས་དང་ལྕགས། །ཙན་དན་དམར་པོ་ཡུག་སྣམ་དམར། །ཕྱེ་མའི་མིག་སྨན་ནང་ཀུན་སེལ། །ཏིལ་མར་བ་རུ་ར་ཡི་མར། །བྲིངྒ་ཛ ་ཨ་ས་ནའི། །ཁུ་བ་ལྕགས་ཀྱི་སྣོང་དུ་བསྐོལ། །སྣར་བླུག་མིག་ནི་གསལ་སྟབས་བསྐྱེད། །ནད་ཀྱི་ཚུལ་ལས་དེ་ལ་ལན་མང་དུ། །སྣུམ་བླུང་གཏང་ག་བཀྲུ་སྨན་སྣ་སྨན་དང། །མིག་སྨན་མགོ་པོའི་བཀྲུ་སྨིན་མས་བཏང་དང། །ཉམས་རྟོས ་བྱུག་དང་བླུག་བས་ཅི་རིགས་སོ། །འདི་ནི་སྦྱི་ཡི་གསོ་བ་ཡིན།། །།ད་ནི་རེ་རེ་མཉན་པར་གྱིས། །དེ་ལ་རླུང་གྱུར་རབ་རིབ་ལ། །རྩ་བ་བཅུ་བསྐོལ་ཁུ་བ་མར། །འོ་མ་བཞི་འགྱུར་འབྲས་བུ་གསུམ། །ལྡེ་གུ་བསྐོལ་བསླང་བར་བྱ།། ་དེ་འོག་འབྲས་བུ་གསུམ་དང་ནི། །རྩ་བ་ལྔའི་ཁུ་འོ་མ་དང། །ེ་རཎྜ་ཡི་ཏིལ་མར་བཅས། །བཀྲུ་སྨན་ཉེ་བར་བཏད་པར་བྱ། །ཛཝི་བས་ཏི་ཡི་ཡལ་གར་བཅས། །སྲང་བརྒྱད་ཆུ་བྲེ་བཅུ་དྲུག་བསྐོལ་?་བརྒྱད་ཆ་ལུས་པ་དེ་ནང་དུ། །ཏིལ་མང་འོ་མ་བྲེ ་རེ་དང། །བ་ལ་གསུམ་དང་ཛཱི་བམ་ཏི། །ཉེར་ཤིང་རྩ་བ་སྲང་རེ་དང། །ཤིང་མངར་སྲང་ནི་བཞི་དང་བཅས། །ལྕགས་ཀྱི་སྣོད་དུ་བསྐོལ་བར་བྱ། །ལྕགས་སྣོད་ཉིད་དུ་ཟླ་གཅིག་བཞག་།སྣ་སྨན་ནམ་ཚོང་ཡན་ཆད་ཀྱི། །རླུང་ནད་མཁྲིས ་པའི་ནད་འཇོམས་ཤིང། །མཆོག་ཏུ་མིག་ལ་གནས་པ་སེལ། །སྐྲ་གདོང་གཉའ་བ་ཕྲག་ནད་སེལ། །རྒྱས་བཞིན་གཟི་མདངས་མཛེར་བར་བྱེད། ། རཎྜ་ཀར་རྩེ་བ་དག། །ཐང་ཤིང་བྲ་ཧ་ཏི་བ་འབྲས་བུ། །ཤུ་དག་རྒྱ་སྤོས་ཙ་ཏྲ་དང། ་བིལྦའི་རྩ་བ་ཏིལ་མར་དང། །ལོ་མར་བཅས་བསྐོལ་མར་བླུག་ན། །ནམ་ཚོང་ཡན་ཆང་རླུང་དང་ནི། །བད་ཀན་གྱི་ནི་ནད་ཀུན་སེལ། །སྟག་དང་ཕག་དང་བྱ་རྒོད་དང། །སྦྲུལ་དང་ཁྱིམ་བྱའི་ཚིལ་དང་ནི། །ཤིང་མངར་སྲོ་ལོ་སྦྱར་ཏེ་བསྐལ། །མིག ་སྨན་བསྐུས་པ་བསྔགས་པ་ཡིན། །དེ་རྗེས་མིག་སྨན་ལིག་པུ་མིག། ཤ་ཁུ་འོ་མ་མར་རིམ་བཞིན། །སྔ་མ་བཞིན་དུ་བླུགས་ན་ནི། །རབ་རིབ་འཇོམས་བྱེད་མཆོག་ཡིན་ནོ། །དེ་ལྟར་བྱས་ཀྱང་མ་ཞི་ན། །དེ་འོག་རྟས་པའི་ཆོ་ག་སྦྱད། །ཤུ་ཏི་རུ་རྟ་སྤང་སྤོས ་དང། །ཤིང་མངར་རམ་ཉེ་བ་གཉིས་དང། །སྟག་ཚར་བ་དང་ས་ར་ལ། །པི་པི་ལིང་དང་ཐད་ཤིང་ནི། །མར་གྱི་བརྒྱད་འགྱུར་འོ་མ་བསྐོལ། །མིག་རྟས་པ་ཡི་མཆོག་ཡིན་ནོ། །རི་དགས་ཨེ་ཎེ་ཡ་ཚིལ་ནི། །འོ་མ་བསྐོལ་ཏེ་གཟང་བུས་བསྲུབས? ་དེ་ཡི་དངས་མ་ཤིང་མངར་དང། །ཙན་དན་པུ་ཤེལ་ཅོ་དེ་བཞིན། །ཤ་རིད་རེ་འཇམ་གོ་ད་དང། །ཁྱིམ་བྱ་སྲེག་པ་རྨ་བྱའི་ཚིལ། །རེ་རེ་ཞིང་ནི་ཆོ་ག་དག། འདི་དག་གིས་ནི་བརྟག་པར་བྱ། །གསལ་བར་བྱ་དང་སྣུམ་དང་ནི། །སྨན་བུར་བཙོས་པའི་ཐིགས ་པའང་བླུག། འདིར་ནི་རླུང་གྱུར་ཆམ་པ་བཞིན། །ནི་རུ་ཧ་དང་འཇམ་རྩ་བྱ། །མཁྲིས་པ་ལས་གྱུར་རབ་རིབ་ལ། །འཚོ་བྱེད་འབྲས་བུ་གསུམ་དང་ནི། །བསྐོལ་བའི་མར་ནི་བླུག་བ་ཞིང། །སྣུམ་གྱིས་ཞེན་པ་གཏར་ག་གདག། ཁ་ར་བུད་བིང་སུག ་སྨེལ་ཕྱེ། །སྦྲང་རྩིར་སྦྱར་བའི་བཀྲུ་སྨན་བཏང། །རབ་བསིལ་སྨན་ཁུ་བླུག་བྱུག་སོགས། གདོང་དང་མིག་དང་སྤྱི་བོར་བྱ། །ཐལ་ཏེས་ཤུག་པ་བུ་ཤེལ་ཙི། །མུ་ཏིག་སེང་ཕྲོམ་ཙན་དན་དཀར། །རིལ་བུའི་མིག་སྨན་བསྡུས་ན་ཕན། །དེ ་བཞིན་གནདྷ་བ་ཏྲ་དང། །ནཱ་ག་པུཥཔ་ཨུཏཔལ། །ག་པུར་ཤིང་མངར་ཡུག་སྣམ་ཕན། །སྐྱེད་ཁཎྜ་དང་སྒང་མ་དང། །ཀརྟ་ཀ་སྲིད་བི་དང་ནི། །སྐྱུ་རུ་ར་ཡི་འབྲས་བུ་ཤེལ། །ག་བུར་ཆ་ནི་ལྔ་ལྔ་དང། །ཆ་གསུམ་ཆ་རེ་སྦྱར་བ་ཡིན། །མིག་སྨན ་རབ་རིབ་འཇོམས་པར་བྱེད། །འཚོ་བྱེད་ཁར་ཨུཏཔ་ལ། །འོ་མ་མར་བསྐོལ་སྣ་སྨན་བཏང། །བད་ཀན་ལས་གྱུར་སླེ་ཏྲེས་དང། །འབྲས་བུ་གསུམ་དང་པི་པི་ལིང། །མར་བསྐོལ་སྣུམ་བླུད་གཏར་ག་གདབ། །དེ་རྗེས་དནད་དུར་བྱིད་བསྐོལ། །སླ ་གེར་ཞོ་ཤ་ཨ་རུ་ར། །བཅའ་སྒ་པི་པི་ལིང་ཕྱེ་གདག། བཀྲུ་སྨན་དག་ནི་བཏང་བར་བྱ། །རྩ་བ་བཅུ་པའི་ཁུ་བར་ནི། །བི་ལི་ཀ་དང་སེར་པོ་གཉིས། །ཐང་ཤིང་པི་པི་ལིང་འོ་མ། །ཏིལ་མར་བསྐོལ་བའི་སྣུ་སྨན་བཏང།། ་དུང་དང་བླ་རྩི་བྲི་ཡང་ཀུ། །རྩ་བ་གསུམ་དང་འབྲས་བུ་གསུམ། །དྲི་མེད་རིལ་བུས་མིག་གསལ་བྱེད། །ལྕགས་ནག་ཕྱེ་མ་ཚ་བ་གསུམ། རྒྱམ་ཚ་འབྲས་བུ་གསུམ་མིག་སྨན། །རིལ་བུ་ནག་པོས་མིག་གསལ་བྱེད། །རི་བོང་བོང་བུ ་སེང་གེ་གླང། །རྔ་མོའི་སོ་དང་དཔྲལ་བའི་རུས། །བ་ལང་དཀར་སྦུ་ན་ལེ་ཤམ། །རྒྱ་མཚོའི་ལྦུ་བཙན་དན་དུང?་ནུ་ཞོ་ར་ཡི་འོ་མར་བཏགས། །རིལ་བུས་རབ་རིབ་ལིང་ཏོག་སེལ། །ཁྲག་འགྱུར་མཁྲིས་པ་ལྟ་བུར་གསོ། །བསིལ ་ཆོས་བྱ་ཞིང་གཏང་ག་གདབ། །རྒུན་འབྲུམ་སྤང་སྤོས་སེང་ཕྲོམ་དང། །ཤིང་མངར་ཙན་དན་ས་མ་དུང། །པདྨ་ཤུག་པ་ཨུ་ཏབ་ལ། །ར་ཡི་འོ་མས་རིལ་བུར་བྱས། །ཁྲག་འགྱུར་རབ་རིབ་མྱུར་དུ་སེལ། །ལྡན་པ་འགྱང་བར་བྱུང ་གྱུར་པ། །ནད་གཞི་ཆ་ནི་ཇི་བཞིན་གསོ། །མ་དུ་ཀ་བང་བི་ཌཱི་ཀ་ན་ལེ་ཤམ་དང་སྒྲོན་ཤིང་དང། །འོ་མ་ཏིལ་མར་བསྐོལ་བར་མ། བཏགས་པའི་སྣ་སྨན་བཏང་བ་སྐུ་བྱ། །རྒྱ་སྤོས་ཨུཏཔལ་ཡི་ནམ་ཏ། །ཤིང་མངར་སུ་ནི་ཤ་ན ་བ?་ཏལ་མར་བསྐོལ་བའི་སྣ་སྨན་དང། །མིག་བསྐུ་འཇམ་རྩི་བྱ་བ་བསྔགས། །པུ་ཤེལ་ཙི་བསྐོལ་ཁུ་བའི་ནང། །རྒྱམ་ཚ་བི་བི་ལིད་ཕྱེ་གདབ། །དེ་བཙགས་སླར་ཡང་མར་བཅས་པར། །བསྐོལ་ལ་པ་སྐ་གྱུར་གངས་ནས་ནི།། ་སྦྲང་རྩི་བཅུག་པའི་མིག་སྨན་འདི། །འདུབ་པ་ལས་གྱུར་རབ་རིབ་སེལ། །ནུབ་མོ་རྒྱུ་བའི་སེམས་ཅན་གྱི། །རུས་པ་རྐང་གིས་གདབ་དད། །ལིག་བུ་མིག་དང་བཅས་བ་ནི། །འབབ་ཆུའི་ནང་དུ་ཟླ་གཅིག་གམ། །ཞག་ནི་ཉི་ཤུའི་བར ་དུ་བཞག། དེ་ནས་ཕྱུང་སྟེ་བསྐམས་ནས་ནི། །ལུག་རུ་ཡི་ནི་མེ་ཏོག་དང། །ཤིང་མངར་བཅས་པའི་ཕྱེ་མར་བཅས། །མིག་བསྐུས་འདུས་པ་ལས་གྱུར་པའི། །རབ་རིབ་སེལ་བར་བྱེད་མཆོག་ཡིན། །མིག་སྔོ་གསོ་བའང་འདི་ཉིད་ལས། །གཏར་ག ་གདབ་པར་མི་བྱ་སྟེ། །ནད་དེས་ལོང་བར་གུར་བ་ཡིན། །སྲིན་པོ་པདྨས་ཁྲག་དབུང་བ། །བུ་རམ་རྒྱ་མཚོའི་ལྦུ་བ་དང། །པི་པི་ལིང་དང་ན་ལ་ཤམ། །གུར་ཀུམ་སྦྲང་རྩི་ལིག་པུ་མིག། སྤྲིས་གཡོགས་འཚོ་བ་ཙམ་མིག་སྨན། །འདུས ་གྱུར་ནེའུ་ལེ་ལྟ་བུར་ལོང། །རབ་རིབ་སྐབས་བཤད་ཆོ་གར་སྦྱར། །མར་དང་སྦྲང་རྩི་བ་ལང་གི། ལྕི་བའི་ཁུ་བསྐྱེད་ཁཎྜ། །ཡུག་སྣམ་བལ་བུའི་ཕྱི་མར་སྦྱར། །མིག་སྨན་མཚན་མོ་ལོང་ལ་ཕན། །ན་ལེ་ཤམ་ནི་ཞོ་དང་བདར། །མཚན་མོ ་མི་མཐོང་མིག་སྨན་མཆོག་།ུཏཔལ་ཡུག་སྣམ་ཀ་རཉྫ། །པདྨ་གེ་སར་བ་ལང་གི། ལྕི་བའི་ཁུ་བ་དང་བཏགས་པའི། །རིལ་བུས་མཚན་མོ་ལོང་བ་སེལ། །ཧ་རུ་ནུ་ཀ་པི་པི་ལིང། །རྒྱམ་ཚ་དང་ནི་ལིག་པུ་མིག། ར་གཅིན་རིལ་བུ་བྱས ་པ་ཕན། །པྲི་ཡང་ཀུ་དང་ཚ་བ་གསུམ། །ལྡོང་རོས་བ་བླ་འབྲས་བུ་གསུམ། །རྒྱུ་མཚོའི་ལྦུ་བ་རའི་འོ་མ། །རིལ་བུ་བྱས་པའི་མིག་སྨན་གྱིས་པ་མཚན་མེ་ལོང་བའི་མིག་ནང་སེལ། །མཆེར་བའི་ནང་དུ་པི་པི་ལིང། །བཅུག་སྟེ་མ ་ཚོལ་པར་བཙོར་ལ། །དེ་བསྐམས་སྦྲང་རྩི་བཏགས་བ་ནི། །མཚན་མོ་མི་མཐོང་མིག་སྨན་མཆོག། མ་ཧེའི་མཆིན་པ་མཆེར་བ་དང། །ཏིལ་མར་མར་ནི་ལྷན་ཅིག་བཟའ། །འཚོ་བྱེད་སྨན་བཅུ་ལོ་མ་ནི། །མར་དང་ལྷན་ཅིག་བསྐོལ ་བ་བཟའ། ། ཧི་མུཀྟ་ཨེ་རཎྜ། །ཉེའུ་ཤིང་ལང་ཀ་ལིའི་ལོ་མ། །མར་དང་བརྡོས་བ་བཟའ་བར་བྱ། །དྲོ་ན་བུཤབ་མར་དང་བརྔོས། །བཟའ་དང་བཏུང་བ་སྦྱར་བའང་ཕན། །དུད་འཐུལ་མཁྲིས་པ་སྐྱུར་བྲོ་ནས། །ཚིག་ལ་མར་ནི་རིང་པ་དག། ་སྣུམ་གྱུར་བསིལ་བའི་བཀྲུ་སྨན་བཏང། །བསིལ་སྨན་གྱིས་ནི་ཀུན་ཏུ་བྱུག། བ་ལང་ལྕི་ཁུ་འོ་མ་མར། །བསྐོལ་བ་ཡིས་ནི་མི་སྨན་ནམ། །བལ་བུའི་ལོ་མ་ཡུག་སྣམ་བསྐོལ། །ཕྱེ་མ་བཏབ་པའི་མིག་སྨན་པ་ན།། ་མེད་པ་ཡང་ཕྲོམ་ཨ་ནམ་ཏ། །སྐྱེར་བ་བརྩོད?་དང་ཤིང་མངར་ནི། །མར་གྱི་བརྒྱད་འགྱུར་འོ་མ་བསྐོལ། །ཏིལ་མར་བསྐོལ་བའི་སྣ་སྨན་ཕན། །འོ་མ་མར་སར་གྱིས་རྟ་བྱ། །དེས་མ་ཞིན་གཏར་ག་དག། སེམས་ལ་ནད་དང་མྱང་ན། ་འཇིགས། །ཟས་རྩུབ་ཙོག་ཙོག་པོར་འདུག་པ་དང། །སྐྱུག་སྨན་བཀྲུ་སྨན་སྣ་སྨན་དང། །སྨན་ཐིགས་བླུག་སོགས་ཉེས་པ་དང། །ཁ་ཟས་ཕྱེད་ཞུ་སློན་པ་དང། །བཀྲེས་སྐོམ་ལ་སོགས་མནག་པ་དང། །མིག་ནད་མ་བཅོས ་ཡུན་རིངས་ལ། །རབ་རིབ་ནད་ལྡན་བལྟ་བར་བྱ། །དེ་ལ་ནད་བཞི་སོགས་བརྟགས་ཏེ། །རང་གི་སྨན་ནི་ཇི་བཞིན་སྦྱར། །ཉི་མ་གཟས་ཟིན་མེ་འོད་གློག་ལ་སོགས། །བལྟས་བས་མིག་ནི་ཉེམས་པར་གྱུར་པ་དག། དེ་ལ ་བསིལ་སྨན་སོགས་ཀྱི་རྟ་བྱ་ཞིང། །དེ་བཞིན་གསེར་བདར་མར་གྱིས་མིག་སྨན་བཏང། །མེ་ཡིས་ཇི་སྲིད་འཚོ་ཡི་བར་དུ་ནི། །རྟག་ཏུ་མིག་བསྲུང་བ་ལ་འབད་པར་བྱ། །ཉིན་དང་མཚན་མོ་འདྲ་བར་གུར་བ་ཡི།། ་མི་ལ་ནོར་ཡོད་གྱུར་ཀྱང་དོན་མེད་ཡིན། །འབྲས་བུ་གསུམ་བསྟེན་བཏར་ག་སྦྱར་བྱ་དང། །སེམས་དགའ་མིག་སྨན་སྣ་སྨན་བཅས་བསྟེན་ན། །བྱ་ཤ་ཟ་ཞིང་རྐང་པའི་རིམ་གྲོ་དང། །ཞུན་མར་བཏུང་བས་རྟག་ཏུ་མིག ་བསྲུང་བྱ། །ཁ་ཟས་མི་འཕྲོད་ཟ་བ་རྟག་ཏུ་སྤང། །རབ་འཕྲ་འཚེར་དང་གཡོ་བ་མི་བལྟ་ཞེས། །སྐྱེས་བུའི་མིག་ནི་མཆོག་ཏུ་བསྲུང་བའི་ཐབས། །དྲང་སྲོང་ཆེན་པོ་མུ་ཁྱུད་འཛིན་གྱིས་བཤད། །ཡན་ལག་བརྒྱད་བའི ་སྙིང་གོ་བསྡུས་བ་ལས། །ཕྱི་མའི་གནས་ཀྱི་ལེའུ་བཅུ་གསུམ་པའོ།། །།དེ་ནས་མཐོང་བ་ཉམས་པ་གསོ་བ་བཤད་པར་བྱའོ། །བད་ཀན་ལས་གྱུར་དཀྲིས་གཡོགས་པ། །སྤལ་ལྕོང་ལ་སོགས་བླ་གཉན་ནི། །དྲུག་པོ་མེད ་པར་གྱུར་བ་དང། །ལེགས་མ་ནི་མཐོང་བ་མེད་པ་དབྱེ། །དེ་མིན་མ་གྱུར་མི་སྙོམས་ལ། །ཞོ་ཁ་ཆུ་འདྲ་སྲབ་པ་ནི། །ཐུར་མ་ཡིས་ནི་དྲངས་གྱུར་ཀྱང། །སླར་ཡང་གྱེན་དུ་འབྱུང་བར་འགྱུར། །ནད་ནི་མི་ཟད་སྐྱེད་བྱེད་ཅིང། །མཐོང་བྱེད་སླར་ཡང ་འགེབས་པར་བྱེད། །དེ་ནི་བཟས་བཅས་བླ་གཉན་བཅས། །བད་ཀན་ཅན་གྱིས་མྱུར་དུ་བསྐྱེད། །བད་ཀན་གྱིས་ནི་མཐོང་ཉམས་བ། །བད་ཀན་དཀར་བས་དཀར་བ་ཡིན། །དེ་ནི་ནད་གཞན་ཟིལ་གྱིས་གནོན། །ཀུན་ཏུ་སྔོ་བ་ནད་དུ་འགྱུར།། ་དེ་ལ་རླུང་འགྱུར་མིག་གཡོ་ཞིང། །རྦ་ཀློང་གཡོ་ཞིང་དམར་སྐྱར་འདུག། གསེག་མ་ཨརྒའི་ལོ་མ་ནི། །ཐིགས་ཕྲན་ཁྱབ་འདྲ་མཐུག་པ་ཡིན། །གྲ་མ་ལྟ་བུའི་མིག་འབྲས་ནི། །འབྲས་ཀྱི་གྲ་མ་འབྲས་ཁྱབ་ཡིན། །གྲ་མ་བཅད་པ་? ་མ་ཚིག། བཅད་བ་ལྟ་བུར་སྣང་བ་ཡིན། །རྨ་སྒྲོ་རྨ་བྱའི་མཇུག་སྒྲོ་འདྲ། །ཁར་བའི་མདོག་ཏུ་སྣང་བ་ཡིན། །གདུགས་འདྲ་ཁ་དོག་སྣ་ཚོགས་བ། །སྦྲིས་གཡོགས་གདུགས་ཅན་ཞེས་བྱའོ། །གཏར་ག་མི་བྱ་ཆམ་པ་དང། །ལུད ་པ་ཅན་ནི་དབྱེ་མི་བྱ། །མ་ཞུ་སྔར་མ་སྐྱུག་པ་དང། །རྣ་མིག་མགོ་གཟེར་ཅན་མི་དབྱེ། །དེ་ནས་ཐུན་མོང་དུས་སུ་ནི། །སྦྱང་བྱས་ཟས་ཟས་པ་ལ་ནི། །ས་ཕྱོགས་གསལ་བར་སྔ་དྲོ་ནི། །སྨན་བ་པུས་མཉམ་ཁྲི་ལ་འདུག། ་ནད་པ་འདུག་ཅིང་བསྡམ་བྱས་ལ། །ཁ་ཡི་དབུགས་ཀྱིས་གདུགས་བྱ་ཞིང། །མཐེ་བོས་མིག་ནི་མ་ཉེས་བྱས་ནས། །ནང་ནི་གཡོས་པར་མཐོང་བ་དང། །མི་འགུལ་བར་ནི་མགོ་ནས་བཟུང་བ་རང་གི་སྣ་ལ་ལྟ་བཞིན་དུ།། ་ནག་པོའི་སོར་ཕྱེད་མ་གཏོགས་ཤིང་ཀ་མིག་འབྲས་བཞི་ཆ་བོར་བ་རུ། །འཛུབ་མོ་གུང་མོ་མཐེབ་མོ་ཡིས། །མིག་ཐུར་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་གནས་འཕྲེང་དུ། །གཟུགས་ཤིང་གྱེན་མཉེ་དྲང་པོར་བྱས།། ་མིག་གཡོན་ལག་བ་གཡས་པས་དབུགས། །ལགས་པར་ཕུག་ན་སྒྲ་འབྱུང་འགྱུར། །ནད་མེད་ཆུ་ནི་ཉུང་ཞིག་འབྱུང། །དེ་རྗེས་ནད་པ་སྦྲོ་སྲིངས་ལ། །མིག་ཏུ་ནུ་ཞོ་བླུགས་པར་བྱ། །དེ་ནས་ཐུར་མའི་རྩེ་མོ་ཡིས། །གནོད་པ་མེད་པར ་ངལ་གྱིས་ནི། །མིག་གི་འབྲས་བུ་དབྱི་བྱས་ལ། །སྣ་ནས་དལ་བུས་དབུལ་བར་བྱ། །མིག་ན་གནས་པའི་བད་ཀན་ནི། །སྣ་ནས་རྡུབ་པས་བསལ་བར་བྱ། །ནད་ནི་འགུལ་བ་འམ་མྱུར་བ་ཡི། །མིག་གི་ཕྱི་རོལ་ནས་དུགས་བྱ། དེ་ནས ་གཟུགས་ནི་མཐོང་འགྱུར་ནས། །ཐུར་མ་རིམ་གྱིས་དབྱུང་བར་བྱ། །མར་ལ་སྤངས་པའི་རས་བལ་གཞུག། མིག་དཀྲིས་ནས་ནི་དེ་འོག་ཏུ། །ཕྱེ་ལ་ལོགས་ཤིག་ཅིག་ཤོས་དབབ། །གཉིས་ཀ་ཕྱེ་ལ་གན་རྒྱལ་བཞག། རླུང་མེད་མལ་དུ ་མགོ་བོ་དང། །རྐང་བསྐུ་ཕན་པའི་ཟས་བསྟེན་བྱ། །སརྤིང་བ་ལུང་བ་སྐྱིགས་བུ་དང། །མཆིལ་མ་འདོར་དང་ཆུ་འཐུང་དང། །ཐུར་དུ་གཏོང་བ་ཁྲུས་བྱེད་དང། །སོ་ཤིང་འཆའ་བར་བྱེད་བ་དག། ཞག་བདུན་པར་དུ་སྤང་བྱ་ཞིང། །སྣུམ ་འཐུངས་ཆོ་ག་བཞིན་དུ་བསྡམས། །ཆུ་དྲོན་གྱིས་ནི་ཉེར་སྦྱོངས་བྱ། །ཅི་ནུས་སྨྱུད་བྱས་ན་གྱུར་ན། །མར་ཁུ་དྲོ་འཇམ་བླུགས་པར་བྱས་ནས་ཆན་སླ་བ་འམ་ཐུག་པ་སྐ། །ཚ་གསུམ་སྐྱུ་རུ་ར་མར་སྦྱིན། །ཞག་གསུམ་ནས་ནི་དགྲོལ་ལ། །རླུང ་འཇོམས་པ་ཡི་སྨན་གྱིས་ནི། །ཁུ་བ་མིག་ཏུ་བླུག་པར་བྱ། །ཞག་བདུན་ནས་ནི་མིག་དེ་ནི། །རྣམ་པ་ཀུན་ཏུ་བཀྲོལ་བར་བྱ། །ཇི་སྲིད་མིག་གསལ་བརྟན་འགྱུར་བ། །བསྡམས་པ་འབད་དེ་གནས་པར་བྱ། །གཟུགས་ནི་ཕྲ་དང་འཚོང་བ ་དག། མོད་ལ་བལྟ་བར་མི་བྱའོ། །དབུག་ཉེས་མི་མཐུན་ཟོས་པ་ལས། །སྐྲངས་དང་ན་དང་དམར་ལ་སོགས། །མིག་ན་གདུང་བ་འབྱུང་བར་འགྱུར། །ནད་ཚུལ་ཇི་བཞིན་དེ་གསོ་བྱ། །ནད་དང་དམར་བ་ཞི་བྱའི་ཕྱིར། །དུརྦ་ནས་དད་ཡུག་སྣམ་དང། །ཐལ་ཏྲས ་མར་དང་ལྡན་པ་ཡི། །ལྡེ་གུས་གདོང་ནི་བསྐུ་བར་བྱ། །དེ་བཞིན་ཏིལ་དང་ཡུངས་ཀར་དང། །བ་ལུང་ཁུ་བས་སྦྲས་བའང་ཕན། །ཐལ་ཏྲེས་ལོ་མ་པ་ཡ་སྱ། །བཅོད་དང་ཤིང་མངར་ར་ཡི་ནི། །འོ་མས་སྦྱར་བའི་ལྡེའུ་ནི། །དྲོ་འཇམ་བདེ་བར་བྱེད་མཆོག ་ཡིན། །སེར་བྲོ་མ་རྒྱམ་ཆ་རྐུན་འབྲུམ་དང། །ཤིང་མངར་ར་ཡི་འོ་མར་བསྐོལ། །ཐིགས་པ་མིག་ཏུ་བླུས་ནས་ནི། །ན་དང་དམང་བ་འཇོམས་པར་བྱེད། །ཤིང་མངར་རུ་རྟ་ཨུཏཔ་ལ། །རྒུན་འབྲུམ་རྒྱ་སྐྱེགས་ཁ་རར་བཅས། །རླུང་འཇོམས་སྨན་བསྐོལ་བོ་མ་ནི། ་མར་གྱི་བཞི་འགྱུར་བསྐོལ་བ་དང། །ཤུག་བ་ལ་སོགས་ལྡེ་གུ་བཏབ། །ལས་ཀུན་ལ་ནི་བསྡགས་པ་ཡིན། །དེས་མ་ཞིན་སྣུམ་འཆོས་དང་ཀ་དུགས་བྱ་གཏར་ག་གདབ་པར་བྱ། བརྡུར་བའི་གསོ་བ་དག་ཀྱང་བྱ། །དབུག་གྲུབ་མིག་སྨན་འཇམ་པོ་བསྐུ ་ཏུ་བ་རའི་རྩ་ན་ལེ་ཤམ། །བམ་ལ་སྐྱེར་བ་ཁཎྜ་བསྐུ། །མིག་བྱེ་བུ་རམ་རི་ལུ་ནི། །ཆར་པའི་ཆུ་དང་བདར་བ་བཏད། །ཛཱ་ཏི་ང་བ་སྲཧི་ཤ་དང་ཀཀ་རྐ་ཏ་སྲིང་གི་མེ་ཏོག་མུ་ཏིག་འབྲས་བུ་བིཌཱུརྱ། །ར་ཡི་འོ་མར་བཏགས་བ་ནི། །ཟངས་མའི་སྣོད་ལ་སླ ་བར་བསྐུ། །ཞིག་བདུན་ནས་བཀོག་སླར་ཡང་ནི། །འོ་མ་དང་བཏགས་ལྡེ་གུར་བྱས། །རིལ་བུ་གྲིབ་མ་ལ་བསྐམས་བ། །མིག་བསྐུས་བྱེ་མ་མཐོང་བ་ནི། གསལ་ཞིང་སྟོབས་ནི་བསྐྱེད་པར་བྱེད། །བྱུ་རུ་ལྡོད་རོས་ལིག་བུ་མིག། རྒྱ་མཚོའི་ལྦུ་བ་ན ་ལ་ཤམ། །སྣ་?་བཏང་བའི་སྨན་སྦྱར་མ། །བཤད་པའི་ཡོན་ཏན་མཚུངས་པར་བསྟན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་མིག་ནད་ཐམས་ཅད་ཀྱི་དམིགས ་བརྟག་པ་བཤད་པར་བྱའོ། །རླུང་གིས་མིག་ནད་མཆི་མ་འཛག། སྣ་རྒྱས་ཅུང་ཟད་སྐུངས་པ་དང། །མུ་འགྲམ་དཔྲལ་མིག་སྨིན་མ་ཁ། །ན་ཞིང་ཟུར་ལ་འཕྱར་བ་དང། །རྡུ་མ་སྐམ་ཞིང་མཆི་མ་གྲང། །སླ་ཉུང་ན་བ ་ལྡང་དུ་བ་ཅན། འབྱེད་དང་འཛུམ་པ་དཀའ་བ་དང། །བིན་བུ་འགྲོ་བ་སྙམ་དུ་སེམས། །མིག་ནི་བུས་བ་ལྟ་བུར་སྣང། །ཟུག་རྡུ་འཕྲ་མོ་ཁྱབ་སྙམ་བྱེད། །སྣུམ་དང་དྲོ་བས་ཉེར་ཞིར་འགྱུར། །མཆིམ་འཛག་པ་ཞེས་བྱའོ་།དེ་མ་བཅོས་ན་གདུང་བར་འགྱུར། །རྣ་བ་སྒྲ་འབྱུང་མགོ ་འཁོར་དང། །དཔྲལ་བ་མིག་དང་སྨིན་མ་སོགས། རྩུབ་ཤིང་གིས་ནི་རྩུབ་སྙམ་བྱེད། །དེ་ཡང་བག་མེད་ཡལ་བར་པོར། །གདུང་བས་བཅོམ་གྱུར་ནང་དེ་ཡིས། །སྣ་ཚོགས་ཚུལ་ནི་འབྱུང་འགྱུར་ཞིང། །མིག་མཐོང་ཉམས་བྱེད་རྨ་འབྱུང་འགྱུར། །མུ་འགྲམ ་ཁ་དང་འཇིང་བ་ལས། །རླུང་ནི་གཞན་དུ་འཇུག་འགྱུར་ཞིང། །མི་བཟང་ན་ལ་གནག་པ་དང། །དམར་ཞིང་སྐྲངས་ལ་མིག་མི་སྡུག། སྣུམ་ཞིང་ཀུན་ནས་མཆིམ་འཛག། དེ་ནི་རླུང་གིས་གཞན་གྱུར་ཡིན། །དེ་བཞིན་མིག་ནི་ཡོན་པོ་དང། །ཆུད་པ་རླུང ་གི་ཕྱིན་ཅི་ལོག། མཁྲིས་པའི་མཆི་འཇོག་མཚན་མ་ནི། །ཚ་སྐྲངས་དུ་བ་འབྱུང་སྙམ་སེམས། །མིག་མཆུའི་ཕྱི་རོལ་གནག་པ་དང། །ནང་ན་རྣག་འདྲུལ་མཆི་མ་ཚ། །སེར་ཞིང་མིག་སྨན་སེར་པོར་མཐོང། །རྨ་ལ་ལན་ཚྭ་བཏབ་སྙམ་སེམས། །མེ ་མ་དག་གཏོར་བ་འདྲ་བ་དང། །མཛར་པའི་གོང་བུ་ལྟ་བུར་སྣང། །མིག་ནང་གདུང་བར་གྱུར་བ་ཡིན། །པད་ཀན་ལས་གྱུར་མཆི་འཛག་ནི། །ཆེར་བ་མེད་སྐྲངས་རབ་ཏུ་གཡའ། །གཤེར་ཞིང་སྣུམ་ལ་ཤས་ཆེར་དཀར། །མིག་ཏུ་སྦྱིན་བག་འཛགས? ་པ་ཡིན། །གདུང་བ་དེས་ནི་ནག་པོ་དམའ། །འབྲས་བུ་དཀར་པོ་མཐོང་བ་དང། །ཆམ་བས་འདེབས་ཤིང་སྣ་རྒྱས་ལ། །མིག་ནི་རྡུལ་གྱིས་གང་སྙམ་སེམས། །ཁྲག་འགྱུར་དམར་རིས་མགོ་སྡོ་དམར། །མིག་འབྲས་དཀར་པོ་དམར་བ་དང། ? ་ཁྲག་འཛག་དམར་པོ་མཐོང་བ་དང། །ཁྲིས་པའི་མཆི་འཛག་མཚན་ཉིད་ཡིན། །གདུང་བས་མིག་ནི་མཛའ་དམར་ཞིང། །ཕྱུར་བ་དང་ནི་མཚུངས་པར་ན། །མེ་ཏོག་ཙན་དུ་ཀ་ལྟར་དམར། །ཤིན་ཏུ་ན་ཞིང་རེག་མི་བཟོད། །ལུང་ཐང་ཁྲག་ཏུ་ནུབ་བ་འདྲ།། ་འགན་གཅིག་མེ་ལྟར་སྣང་བ་ཡིན། །གདུང་བ་རང་གི་ཇི་བཞིན་དུ། །ཐམས་ཅད་འཛག་པ་ལས་ལྷག་ན། །མུར་འབྲས་སོ། དང་མཁྲུ་ཆོས་དང་མགོ་བོ་ལྷག་པར་ན་བར་བྱེད། །རླུང་མཁྲིས་ཤས་ཆེ་རེ་སྡུད་སྙམ་སེམས། །གྲུག་ཅིང་ངན་ལ་ཕུལ ་སྙམ་སེམས། ཤིན་ཏུ་རྩུབ་ཅིང་མིག་མཆུ་མིག། འཛུམ་དང་འབྱེད་པར་དཀའ་བ་དང། །ན་ཞིང་སྐམ་པར་གྱུར་པ་དང། གྲང་འདོད་སྨིན་ཞིང་སྐམ་དང་བཅས། །མིག་སྐམ་སྨིན་པ་ཞེས་བྱའོ། །ནད་གཞི་གསུམ་ནི་ཁྲག་བཅས་ལ། །སྒྲང ་འགྱུར་དེ་ནི་རབ་སྐྲང་ཞིང། །ན་དང་ཚ་དང་འཛག་དང་བཅས། །ུ་དུམ་བ་རའི་འབྲས་སྨིན་འདྲ། །མིག་འབྲས་དཀར་པོར་འབྱུང་བར་འགྱུར། །མཆི་མ་གྲང་ཞིང་དྲོ་བ་དང། །སྦྱིན་བག་སྐ་སླ་རེས་ཀྱིས་འབྱུང། །སྐྲངས་ཆུང་ཅུང་ཟད་སྐྲངས ་ཞེས་བྱ། དེ་བཞིན་མཚན་ཉིད་གཞན་གྱིས་སྨིན། །མིག་སྨོན་བས་ཉེན་སྐྲང་བ་ཡི། །རྩོམ་ཆེ་མཆིམ་རྙོག་ཅན་འཛག། །བད་ཀན་གྱིས་བསྒོས་མིག་འབྲས་ནི། །དཀར་པོ་དམར་ཞིང་འདུལ་བ་དང། །ཚ་ཞིང་མཐོང་བ་ཉམས་པ་དང།། ་ནང་ནི་མལ་ན་མི་གནས་མིན། །ཁྲག་མཁྲིས་ཤས་ཆེའི་ནད་ཀྱི་ནི། །ཟས་ཀྱི་དངས་མ་སྐྱུར་བོའི་འགྱུར། །མིག་གི་རྩར་ནི་སོད་ནས་ནི། །མིག་ནི་དམར་པོར་བྱེད་པར་འགྱུར། །སྐྲངས་རང་སྨིན་ཞིང་མཆི་མ་འཛག། ཤིན་ཏུ་ལོང་ལོང ་པོར་མཐོང་བ། །སྒྱུར་གྱིས་བསྐྱེད་པའི་ནད་ཅེས་བྱ། །དེ་ལྟར་ཀུན་རྟོག་ནད་བཅུ་དྲུག། དེ་ལ་གདུང་བས་བཅོམ་པ་ནི། །མིག་སྨིན་བཅས་པ་སྤང་པར་བྱ། །རླུང་འགྱུར་ཞག་ལྔས་མིག་ལ་གནོད་པར་བྱེད། །བད་ཀན་ལས་གྱུར་གདུང་པ་ ་ཞག་བདུན་གྱིས། །དེ་བཞིན་ཁྲག་གྱུར་ཞག་གསུམ་གྱིས་འཇོམས་བྱེད། །མཁྲིས་གྱུར་འཕྲལ་དུ་ལོག་སྤྱོད་ཀྱིས་གནོད་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །། ་དེ་ནས་མིག་ནད་ཐམས་ཅད་གསོ་བ་བཤད་པར་བྱའོ། །མཆི་མ་འཛག་སྔར་འབྱུང་ཚུལ་ཉིད་ལ། །འཁུར་བཀང་སྣ་སྨན་རྣོན་པོ་བཏང། །རླུང་འཁྲུགས་མ་གཏོགས་ནད་གཞན་ལ། །སྨྱུང་བ་དག་ཀྱང་བྱ་བ་ཡིན། །ཚད་དང་དམར་དང་གོས་པ ་དང། །སྐྲངས་སོགས་ཞི་ཕྱིར་ཀུན་ལ་ནི། །སུག་སྨེལ་གནདྷ་པ་ཏྲ་དང། །ན་ལེ་ཤམ་དང་བཙག་ཡུག་སྣམ། །ལྡེ་གུར་བཅས་པ་བསྐུ་བར་བྱ། །རླུང་གྱུར་རྒྱམ་ཚ་སྐྱེར་ཁཎྜ། །ཤིང་མདར་རྒྱ་སྤོས་ཙན་དན་ནམ། །རྒྱམ་ཚ་དོད་གྲ་སྐྱེར་ཁཎྜ། །མར་གྱི ་ཉིད་ཁུ་བདར་བ་འམ། །ཡང་ན་སེང་ཕྲོམ་སྦྱར་བ་བཏང། །ཁྲག་མཁྲིས་གྱུར་ལ་སྤང་སྤོས་དང། །ཤུག་པ་ཤིང་མངར་རམ་ཉེ་བ། །བད་ཀན་ལས་གྱུར་པྲི་ཡང་ཀུ། །ལྡོང་རོས་སྦྲང་རྩི་སྦྱར་བས་བསྐུ། །འདུས་པ་ལས་གྱུར་ཀུན་གྱིས་བསྐུ། །ན་ལེ ་ཤམ་ནི་དཀར་བོ་ཆ་གཅིག་དང། །ལྡོང་རོས་ཆ་བཞི་སེང་ཕྲོམ་ཆ་བཅུ་དྲུག། ཞིབ་ཏུ་བཏགས་ཏེ་རས་གཙང་ཕུར་མས་གཏུམས། །ནང་ལྡང་མེད་ལ་མིག་ཏུ་གདབ་པར་བྱ། །རྒྱ་སྲན་ནག་པོ་བ་ར་ལྕི་རིལ་ཁུ། །ལེགས་བཙོས་སེན་མོ་? ་ཤུན་པ་བཤུས་གྱུར་པ། །དེ་ཡི་མཚན་མོ་ལན་ཅིག་བསྐུས་པ་ཡིས། །མིག་ནད་འཁྲུགས་པ་མྱུར་དུ་ཞི་བར་བྱེད། །ཤུ་ཏི་ཤིང་མངར་སྤངས་མ་ཨ་རུ་ར། །ཞིབ་བཏགས་རས་ཀྱི་ཐུམ་པོ་ལྷོད་པར་བཅིངས། །ཟངས་ཀྱི་སྣོད་དུ་སྐྱུར་རྩ་བས་རང ་དུ་བཅུག། མིག་ཏུ་བཞག་ན་མིག་ནད་སྣ་ཚོགས་སེལ། །སྐྱེད་པ་སྲང་གཅིག་ཆ་བྲ་ཕྱེད་དུ་ཡང། །ཁུ་བ་བརྒྱད་ཆ་ལུས་པར་སྦྲང་རྩི་གདག། དེ་བཞིན་བསྐུས་པར་གྱུར་ན་ནི། །ནད་གཞི་ཐམས་ཅད་འཁྲུགས་པར་གྱུར་པའི་མིག ་ནད་སེལ། །ཤི་ཀྲུའི་ལོ་མའི་ཁུ་བ་སྦྲང་རྩིར་བཅས། །མིག་ཏུ་བླུགས་ན་རླུང་དང་མཁྲིས་པ་དང། །བད་ཀན་འདུས་པ་ལས་གྱུར་མིག་ནད་རྣམས། །མིག་ནད་མང་པོ་དག་ཀྱང་མྱུར་དུ་སེལ། །ེརྞྜ་ཡི་གཞོན་ནུའི་ལོ་མ་དང། །རྩ་བ་བརྡུངས་ཏེར ་ཡི་འོ་མར་བསྐོལ། །བླུགས་སམ་ཟན་དྲོན་མིག་ཏུ་བརླན་པ་ཡིས། །རླུང་གྱུར་མཆི་མཛག་ནང་ནི་མྱུར་དུ་འཇོམས། །རླུང་གྱུར་པ་ལ་བིལྦ་སོགས། །བསྐོལ་བའི་སྨན་ཐིགས་བླུག་པ་འམ། །ེ་རཎྜའི་རྩ་འབྲི་ཧ་ཏི། །མ་དུ་ཤིེ་ཀྲུ་དྲོ ་འཇམ་བླུག། ཤ་རམ་ག་ཤ་པ་ལའི་ཀ། རྒྱ་སྤོས་ཨ་དུམ་བ་རའི་ཤུན། །ཆུ་དང་འོ་མ་བཅས་བསྐོལ་བའི། །ཐིགས་བླུག་གཟེར་ནི་སལ་མཆོག་ཡིན། །བཙོད་དང་སྐྱེར་བ་རྒྱ་སྐྱེགས་དང། །རྒུན་འབྲུམ་ཨུཏཔལ་ཤིང་མདར ་གཉིས། །བསྐོལ་ཏེ་བསྒྲངས་པར་པ་ར་གདབ། །མིག་བླུགས་ཁྲག་མཁྲིས་མིག་ནད་སེལ། །ཤིང་མངར་ཀ་ཤེ་རུའི་ཕྱེ་མ། །རས་མ་འཇམ་པ་ལྷོད་པར་བཅིང། །ཆང་ཆུའི་ནང་དུ་སྤངས་པ་ནི། །ཁྲག་མཁྲིས་ལས་གྱུར་མཆི ་འཛག་སེལ། །ཤིང་མངར་སྐྱེར་པ་སྟག་ཚོར་བ། །ཐུམ་པོ་ནུ་ཞོ་ཁ་རར་བཅས། །ར་ཡི་འོ་མར་སྦངས་པ་བླུགས། །ཚན་མདོག་དམར་མཆི་འཛག་སེལ། །སེད་ཕྲོམ་དཀར་པོའི་ཤིང་མངར་བཅས། །མར་བརྡོས་ལེགས་པར་བཏགས་པ་ནི།། ་རས་ལ་གཏུམས་ཏེ་ནུ་ཞོར་མཉེ། །ཁྲག་མཁྲིས་སྣང་པའི་མིག་ནད་སེལ། དོད་གྲ་ནིམྦ་འབྲས་བུ་གསུམ། །སེད་ཕྲོམ་བ་ཤ་ཀ་ཁུ་བ། །དྲོ་འཇམ་བླུགས་པས་བད་ཀན་སེལ། །འདུས་པར་འདི་དག་བསྲེས་པ་ཕན། །རལྔ་ལ་མར་ནི ་རྙིང་པ་དང། །མཁྲིས་པ་ཀ་ར་བཅས་པ་དང། །བད་ཀན་ལ་ནི་ཆ་བ་གསུམ། །བསྐོལ་དང་ཐལ་སྨན་བཅས་པ་བླུད། །དེ་འོག་ཁྲག་ཀྱང་དབྱུང་བ་དང། །དེ་ནས་སྣུམ་གྱུར་བཀྲུ་སྨན་བཏང། །དྲོ་བས་ཚ་སྟེ་གཟེར?་བུ་བརྐ་སྐམ་སའི་སྲོག ་ཆགས་ཤ་བཏགས་པས། །མགོ་དང་གདོང་བསྐུ་ཚ་བ་ལ། །འོ་མ་མར་བཅས་གྲང་མོས་བསྐུ། །རབ་རིབ་གསོ་བའི་ཚ་ག་ཡང། །བཏགས་ཏེ་ཇི་བཞིན་གསོ་བར་བྱ། །ཆོ་ག་འདི་དག་ཐམས་ཅད་ནི། །གདུང་བ་ལ་སོགས ་རྣམས་ལ་ཕན། །གདུང་བ་ཡོད་ཡེ་མ་ཞི་ན། །སྨིན་མའི་སྟེང་དུ་མ་བཙའ་གདབ། །བ་ཞོ་སྣུམ་མེད་ཀྱི་རྡུལ་སྣོད། །བྱུགས་ཏེ་སྔོན་པོར་གྱུར་པ་དང། །བསྐམས་ན་ཞོ་ཁ་ཆུ་རིལ་བུར། །བྱས་པ་རླུང་གྱུར་མིག་ནད་འཇོམས། །ཇཱ་ཏིའི་མེ ་རྟོག་ཁ་འབུས་དང། །ཤིང་མངར་བ་བླ་འབྲས་བུ་གསུམ། །ཆར་ཆུ་དང་བཏགས་རིལ་བུར་བྱས། །ཁྲག་མཁྲིས་ལས་གྱུར་མིག་ནད་སེལ། །རྒྱམ་ཚ་འབྲས་བུ་ཚ་བ་གསུམ། །རྒྱ་མཚོ་ལྦུ་བ་དུང་སྙིང་པོ། །ེ་ལ་བ་ལུ་སྲ་རྩི ་པོག། རིལ་བུས་བད་ཀན་མིག་ནད་སེལ། །ཤིང་མདར་ཕྲ་པུཎྜ་རཱའི་ཀ། སྐྱེར་བ་སྲང་ཅན་ནི་བརྒྱད་བརྒྱད་དག། ཆུ་བྲེ་བཅུ་དྲུག་ནང་བསྐོལ་བཙགས། །སྐར་བསྐོལ་སྐ་བར་གྱུར་པ་ནི། །ར་གན་དུད་པ་སྲང་བཅུ་དང། །ན་ལ ་ཤམ་ཕྱེ་ཞོ་གཉིས་གཞུག། དེ་ལ་རིལ་བུ་འམ་ཕྱེ་མར་བཅས། བསྐུས་ན་མཆི་འཛག་ཐམས་ཅད་དང། །དམར་ན་དྲུང་པ་བྱེད་སྙམ་འཇོགས། །འཕྲལ་དུ་མིག་ནི་གསལ་བར་བྱེད། །སྦྱོར་འདི་ཕྱུག་བདག ་ཅེས་བྱ་སྟེ། །སྨན་པ་ནམས་ཀྱི་གསང་པ་མཆོག། མིག་སྨན་སྐམ་ལ་མར་བླུད་ཅིང། །འཚོ་བྱེད་ཀྱི་ནི་སྨན་མར་འདི། །བླུད་ཅིང་མིག་ནི་རྟས་བྱ་དང། །ཏིལ་མར་ཆུང་དུའི་སྣ་སྨན་བཏང། །འདི་ལ་འོ་མ་རྒྱམ ་ཚར་བཅས། །དྲོ་འཇམ་ཐིགས་པ་བླུག་པའང་ཕན། །བཅའ་སྒ་བུད་མེད་ནུ་ཞོར་བཏགས། །མར་སྦྱར་མིག་ཏུ་བསྐུས་ན་འཕན། །ཡང་ན་རླན་ཅན་ཤ་ཡི་ཞག། དོང་གྲ་རྒྱམ་ཆ་ཅུང་ཟད་བཏབ། །སྐྲ་ནི་མར ་བསྐུས་མེ་ལོང་གིས། མཉེས་ཏེ་ཁམ་པོར་ཁ་སྦྱོར་བཅུག་།བསྲེས་ཏེ་ལྕགས་ཕོར་མར་དང་བཏགས། །གནག་ན་དེ་ནི་མིག་སྨན་མཆོག། སྐྲང་བཅས་ཅུང་ཟད་སྐྲང་པ་ལ། །སྣུམ་ཆོས་བྱས་ཏེ་གཏར་ག་གདབ། །སྣུམ་བྱས་རྐུན་འབྲུམ་ཨ་རུ་ར། །དུར་ཕེད་མར་བཅས ་བཀྲུ་སྨན་བཏང། །སེང་ཕྲོམ་དཀར་པོ་མར་ལ་བརྔོས?། །ཕྱེ་མར་བྱས་ཏེ་རས་ལ་གཏུམས། །ཆུ་དྲོན་ལ་མཉས་ཐིགས་པ་བླུག། གཟེར་འཇོམས་པ་ཡི་མཆོག་ཡིན་ནོ། །སྐྱེར་པ་བྲ་བུཎྜ་རཱི་ཀ། བསྐོལ་པའི་ཐིགས་པ་བླུགཔ་ཕན ་མཆི་འཛིག་ན་ཞིང་དྲུག་སྙམ་བྱེད། །སྦྱར་སྨན་འདི་དག་བཏང་བར་བྱ། །ལྕགས་ཀྱི་སྣོད་དུ་ཟངས་མ་བ་གཅིན་བདར། །མར་བདུགས་མིག་བསྐུས་གཟེར་ནི་འཇམས་པར་བྱེད། །ཟངས་མའི་སྣོད་དུ་བ་ཞོའི་སྤྲིས་མ་བདར། །རྒྱམ ་ཚ་པི་པི་ལིང་དང་བཅས་བ་མཆོག། ཟངས་མའི་སྣོད་དུ་ནུ་ཞོ་དུང་བདར་ལ། །དོང་གའི་ལོ་མ་མར་བཅས་དུད་བས་བདུགས། །སྦྱར་སྨན་ཞེས་བྱ་མིག་ཏུ་བསྐུས་ན་ནི། །སྡུད་སྙམ་བྱེད་སོགས་མི་བཟང་ནད་མུར་སེལ། །ུ་དུམ ་བ་རའི་འབྲས་བུ་ནི། །ལྕགས་སྣོད་ནང་དུ་ནུ་ཞོ་བ་དང། །ཤ་མའི་ལོ་མ་མར་དུད་བདུགས། །མཆི་འཛག་གཟེར་མར་སྡུད་པ་འཇོམས། །ཤིཀྲུའི་ལོ་མའི་ཁུ་བ་ནི། །ཟངས་མོ་གཉིས་ཀྱི་བར་དུ་བདར། །མར་དུད་བདུག་པས་སྐྲངས ་པ་དང། །གཡའ་དང་མཆི་འཛག་ནད་རྣམས་འཛོམས། །ཏིལ་གྱི་ཆུ་དང་ཁར་བ་ནི། །ཕམ་ཕོར་བདར་ཏེ་ནིམྦ་ནི། །ལོ་མ་མར་བསྐོལ་དུད་པས་བདུག། གཟེར་དམར་མཆི་འཛག་དྲུད་སྙམ་སེལ། །སྦྱར་སྨན་གྱིས་ནིམིག་བསྐུས ་ཏེ། །སྨན་ཤུགས་ཟུག་ཟེར་དང་བྲལ་ནས། །བུད་མེད་ནུ་ཞོའི་ཐགས་པ་བླུག། ལན་གསུམ་ཕན་ཆད་དེ་མི་བསྐུ། །བལ་བུའི་ལོ་མ་པི་པི་ལིང། །རྒྱ་སྤོས་ལྕགས་ཕྱི་སྟང་ཟིལ་དང། །ཛཱི་ཏ་ཁ་འབུས་ནས་ཚུར་དང།། ་རྒྱམ་ཚ་བ་གཅིན་བཏགས་པ་ཡི། །ལྡེ་གུས་ཟངས་ཀྱི་སྣོད་བསྐུས་ལ། །ཞག་བདུན་བཞག་སྟེ་པ་གཅིན་དང། །བཏགས་ཏེ་རི་ལུ་བྱས་ནས་ནི། །དེ་འོག་གྲིབ་མ་ལ་བསྐམས་ཏེ། །བུད་མེད་ནུ་ཞོ་དང་བདར་བསྐུ།། ་དྲུང་སྙམ་བྱེད་དང་མཆི་མ་འཛག། སྐྲང་དེང་གཡའ་བ་སེལ་བར་བྱེད། །ཀཎྜ་ཀཱ་རིའི་ཤུན་པ་དང། །ཤིང་མངའ་ཟས་ཀྱི་ཕྱེ་མ་ནི། །ར་ཡི་འོ་མས་ལྡེ་གུར་བྱས། །ཤ་མི་སྐྱུ་རུ་རའི་ལོ་མ། །མར་གིས་བསྐུས་པའི་དུད་པས་བདུགས།། ་བསྐུས་ན་སྐྲན་དང་གཟེར་ནད་སེལ། །སྐྱུར་གྱིས་སྐྱེད་ལ་མཁྲིས་པ་ཡི། །མཚམ་འཛག་པའི་ཆོ་གས་གསོ། །བད་ཀན་ཁྲག་མཁྲིས་ཀྱིས་བསྐྱེད་དང། །འདུས་པས་བསྐྱེད་དང་སྒྲ་ངན་དང། །རྫི་མ་འགགས་དང་མིག་སྨིན་སྐམ། །གནག ་གི་ཆུ་སེར་པདྨའི་རྩ། །མིག་མཆུའི་ཤ་དང་སྐྱུར་བསྐྱེད་ཆུད། །མཆི་འཛག་རྡུང་བ་རླུང་མ་གཏོགས། །བཅོ་བརྒྱད་པོ་དག་ཆག་པར་བཤད། །ཡུན་རིང་དུ་ནི་ནབ་ཡིན། འདི་དག་གསོ་པ་སོ་སོ་ཡི། །ལེའུའི་ནད་དུ་བཤད་པ་ཡིན། །དེ་འོག ་མིག་གི་ཚག་སྤྱིའི་བཤད། །དེ་ནས་མིག་ཚག་ནང་པ་ནི། །སྣུམ་འཆོས་སློན་ནི་བྱས་ནས་ཀྱང། །གཏ་དག་གདབ་སྟེ་ཁྲག་དབྱུང་བྱ། །བཀྲུ་སྨན་བཏང་ཞིང་མིག་མཆུ་ནི། །དག་པར་གྱུར་གྱི་བར་དུ་བཞར། །སྤྲད་མ་སྲད་གཅིན་ན་ལེ་ཤམ ་དཀར་པོ་སྲང་ནི་ཉི་ཤུ་དང། །སྐྱུར་རྩབས་སྲད་ནི་སུམ་ཅུ་དང། །བཏགས་སྟེ་ཟངས་མའི་སྣོད་དུ་གཞུག། ལོ་མར་ལོན་པའི་མིག་ཚགས་འམ། །ཆུ་སེར་འཛག་སོགས་ཞི་བར་བྱེད། །གོས་དང་ཚ་དང་མཆ་མ་འཇོག། གཡའ་སྐྲངས ་དེ་བླུག་པ་ཡི་སེལ། །བྱེའུ་རུག་ཀ་རཉྫའི་ས་བོན། །ཛཱ་ཏིའི་མེ་ཏོག་ཁ་འབུས་པ། །བརྡུངས་ཏེ་བསྐོལ་ནས་བཙགས་ནས་ནི། །ཁུ་བར་བྱས་པ་དེ་དང་ནི། སྟད་ཟིལ་དང་སྦྱར་མིག་སྨན་ནི། །མིག་ཚག་གཡའ་དང་ཆུ་སེད་འཛག། གཡའ ་ཞིང་འཇུལ་བ་སེལ་མཆོག་ཡིན། །སྐྱེར་བ་།བཎྜ་སྲ་རྩི་པོག། ར་གན་དུད་བ་ལྡོང་རོས་དང། །རྒྱ་མཚོའི་ལྦུ་བརྒྱམ་ཆ་དང། །ན་ལེ་ཤམ་དང་བཙག་ཡུག་རྣམས། །སྦྲང་རྩི་བཏགས་པའི་མིག་སྨན་ནི། །མིག་ཚག་འདྲུལ་གཡའ་སེལ་བར་བྱེད། །རྒྱ ་སྤོས་ཨ་རུ་རའི་ཁུ་བར། །དངུལ་རྡོ་བཏགས་པས་མིག་ཚག་སེལ། །ཐད་ཤིང་སྣུམ་དང་བཅས་པ་ནི། །ར་གཅིན་ནང་དུ་སྤངས་པའང་ཕན། །རྒྱ་མ་ཚ་འབྲས་གསུམ་པི་པི་ལིང། །དུང་གི་སྙིང་པོ་བུ་ཅེ་ཤེལ། །ཟངས་མའི་ཕྱེ་མར་བཅས་རིལ་བུ། །མིག ་ཚག་ལིད་ཏོག་སེལ་བར་བྱེ། །ཡང་ན་ནག་ཚུར་ཕྱི་མ་ནི། །བྱེའུ་རུག་པའི་ཁུ་བར་སྤངས། །ཟངས་མའི་སྣོང་དུ་ཞག་བཅུ་བཞག། དེ་ཡི་མིག་ཆག་ཆུ་སེར་འཛག། རྫི་མ་འབྱི་བ་སེལ་བར་བྱེད། །ལྡོང་རེས་དང་ནི་སྐྱེར་བ་ཁཎྜ་དང། དེ་མཉམ་ཟངས་མའི་ཕྱེ་མ ་ཞིག་ཏུ་བཏགས། །ཕྱེ་མ་མིག་སྨན་ཐུར་མ་གཅིག་གིས་ཀྱང། །རྫི་མ་བསྐྱེད་ཅིང་མིག་ཚག་འདི་ཡིས་སེལ། །རྒྱ་སྐྱེགས་པ་ཡིད་སྐྱེར་པ་ནེར?་ཀུནབི། །ཁུ་བ་རས་ཀྱི་དུམ་བུ་ལན་བདུན་སྤངས། །སྡོད་བུའི་མར་མེ་དེ་བུས་ལས་བྱུང་བའི། །གནག་ཚ་མིག ་ཚིལ་སེལ་བར་བྱེད་མཆོག་ཡིན། མིག་མཆུ་མང་དུ་ཞལ་ཞལ་བྱ། །དེ་བཞིན་གཏར་ཀ་བྱ་བ་དད། །བཀྲུ་སྨན་ཡང་ཡང་བྱ་བ་ནི། །མིག་ཚག་ཅན་གྱིས་ནད་པས་བསྟན་རྣག་གི་ཆུ་འཇག་མ་ཞིའི་མཐར། ཐུར་མ་ཕྲ་མོས་བསྲེག་པར་བྱ། །དེ་ལྟར་མིག ་ནད་དགུ་བཅུ་བཞི། །ནད་གཞི་མཚན་ཉིད་གསོ་བདག། ཕན་ཚུན་འདྲེས་པ་མེད་པར་ནི། །མ་ལུས་པར་ནི་བཤད་པ་ཡིན། །སྐྱེས་བུ་ནད་མེད་བ་ལས་ཀྱང། །ནས་དང་གྲོར?་དེ་དྲག་ཅུ་པ། །ས་ལུ་ཁྲེ་རྒོད་རྙིང་པ་དད། །མུད་གསོགས་པད་མཁྲིས་འཇམས། །ཞུན ་མར་མང་དུ་བཏབ་པ་དང། །ཚད་མ་དེ་འདྲ་སྐམས་ཡི། །ཤ་དང་ས་འབྲུ་ཁར་དང་ཀར། །བསྟེན་ཞིང་ཆར་ཆུ་བཏུང་བ་དང། །གདུགས་བཅད་ལྷམ་ནི་བགོ་བ་དད། །ཆོ་ག་བཞིན་དུ་ནད་སྦྱངས་པ། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། །ཤུགས་བཀག་པ་དང་མ་ཞུད་ཟ།། ་ཕྱེད་ཞུ་ཟས་དང་རྟག་འགགས་ཟ། །ཚ་དང་བྱིས་འགགས་བྱེད་པའི། །ཟས་དང་སྤྱོད་ལམ་སྨན་ཀུན་སྤང། །རྐང་བ་གཉིས་ཀྱི་དབུས་ན་རྩ་སྦོམ་པ། །གཉིས་གནས་དེ་ཡིས་མིག་ནི་ནང་དུ་ཁྱབ། །དེ་བསྐུས་བྱུག་དང་དྲིལ་བ་ལ་སོགས ་བ། །རྐང་པར་བྱས་ན་མིག་ཏུ་འགྲོ་བར་འགྱུར། །དྲི་མ་ཚ་དང་སྣང་པ་ལ་སོགས་པ། །དེ་གནོད་གྱུར་ན་མིག་ལ་གནོད་པར་འགྱུར། །དེ་བས་མིག་ལ་ཕན་འདོད་ལྟ་མ་དང་ནི། །དེ་བསྐུས་དྲིལ་དང་བྱུག་ལ་སོགས་བསྟེན་བྱ། །ཡན་ལག་བརྒྱད་པའི་སྙིང་པོ། ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་བཅུ་དྲུག་པའོ།། །།དེ་ནས་རྣ་བའི་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །ཆམ་པས་བཏབ་དང་ཆུ་ལ་རྩེ། །རྣ་བ་བླུད་པས་རླུང་འཁྲུགས་ཤིང། །སྒྲ་ཡི་ལོག་པར་སྦྱོར་བ་དང། །ལྡང་བའི་རྒྱུ ་གཞན་གྱིས་འཁྲུགས་ནས། །རྣ་བའི་རྩར་ནི་རླུང་ཞུག་སྟེ། །རྣ་བའི་བུ་གར་ཤུགས་དྲག་གཟེར། །གཞོགས་ཕྱེད་ན་ཞིང་རེངས་པ་དང། །གྲང་བདག་ནི་མི་འཕོད་ཅིང། །རིང་ནས་མནགས་ཤིང་སྨིན་ནས་ཀྱང། །ཆུ་སེར་ཅུང་ཟད་འཛག་པར་བྱེད། །རྒྱུ ་མེད་རྣ་བ་སྟོང་སྙམ་སེམས། །ཞུམ་དང་རྒྱས་པ་སྙམ་དུ་བྱེད། །མཁྲིས་འགྱུར་ཚ་བཅས་ན་ཞིང་གཟེར། །གྲང་འདོད་སྐྲང་ཞིངས་རིམས་ཀྱིས་འདེབས། །མྱུར་དུ་སྨིན་ཞིང་སྨིན་ནས་ཀྱང། །ཆུ་སེར་པོ་འཛག་པར་བྱེད། །ཆུ་སེར་དེས་ནི་གང་གང་དུ། ་རེག་པ་དེ་དང་དེར་གནས་འགྱུར། །བད་ཀན་ལས་གྱུར་མགོ་འགྲམ་པ། །མགྲིན་པ་ལྕི་ཞིང་ནད་ཤུགས་དའོ། །གཡའ་ཞིང་གྲང་ལ་དྲོ་བ་འདོར། །སྨིན་ནས་གནག་དཀར་སྐ་པ་འཛག། སྣང་ལ་སོགས་པས་གནོད་འགྱུར་བ། །རྣ་བ་གཟེར ་བར་བྱེད་པར་འགྱུར། །ཁྲག་དང་མཁྲིས་པ་ལྟར་ནད་དང། །མཚན་ཉིད་ཅུང་ཟད་ལྷག་པ་ཡིན། །ནད་གཞི་འདུས་པས་གཟེར་བ་དང། །སྐྲང་བཅས་རིམས་འདེབས་མི་བཟང་ན། །རེས་ཀྱིས་གྲང་དང་བྲོ་པ་འདོད། །འོན་པ་ལྟ་བུ་ཉིད་དུ་འགྱུར།། ་སྨིན་ནས་རྣག་ནི་དཀར་དང་གནག། དམར་དང་སྐ་བ་འཛག་པར་འགྱུར། །སྒྲ་ཐོས་རྩར་ནི་རླུང་ཞུགས་པ། །རྒྱུ་མེད་པར་ནི་སྣ་ཚོགས་པའི། །སྒྲ་ནི་ཡང་དང་ཡང་དུ་ཐོས། །དེ་ནི་རྣ་བའི་སྒྲ་ཞེས་བཤད། །རླུང་ནི་བད་ཀན་དང་འདྲེས་པའི། །རྣ་སྒྲ་ཡལ ་བར་འོར་ན་ནི། །སྐད་གསང་མཐོན་པོར་སྨྲ་བ་ཐོས། །རིམས་གྱིས་འོན་བ་ཉིད་དུ་འགྱུར། །རླུང་གི་བད་ཀན་བསྐམས་གྱུར་པས། །དེ་ལ་རྣ་བ་གོས་གྱུར་ན། །ན་ཞིང་ལྕི་ལ་འགགས་གྱུར་པ། །དེ་ནི་རྣ་བ་འགགས་ཞེས་བཤད། །བད་ཀན་ལསྣི ་རྣ་བ་གཡའ། །སྐྲངས་པ་དེ་ཡི་མིང་གིས་བཤད། །མཁྲིས་པས་བད་ཀན་ཆིག་གྱུར་པ། །ནད་བཅས་པ་འམ་ནད་མད་ཀྱང། །གནག་སྐ་འཛག་ཅིང་མར་དུ་འདྲུལ། །རྣ་བ་རྣག་ཅན་བྱེད་པར་འགྱུར། །རླུང་སོགས་པ་ཡིས་རྣ་བའི་ཤ། ཁྲག་ལ་གནོད ་གྱུར་འདུལ་བར་ཟ། །སྲིན་བུས་བསྐྱོད་ཅིང་མི་བཟང་ན། །རྣ་ནད་སྲིན་བུ་ཅན་ཞེས་བྱ། །རྣ་བ་ཕྲུགས་པའི་རྨ་ལས་བྱུང། །རྨ་ནི་སྔ་མའི་མཚན་ཉིད་ཅན། །ཁོང་འབྲས་གྱུར་བ་འམ་གཞན་དཱུང་འགྱུར་།ཐེར་བུ་འབྲུམ་བུ་སྐྲངས་ལས་འབྱུང།། ་དེ་ལས་རྣ་བ་གནག་དང་ན། །འོན་པར་བྱེད་བས་གནོད་པར་འགྱུར། །མངལ་དུ་རླུང་གིས་རྣ་བའི་ཤ། ཞུམ་པར་འགྱུར་འཁུམས་བ་ཞེས་བྱའོ། །མངལ་དུ་ཤ་མཛེར་སྲན་མེད། །པི་པི་ལིང་འདྲ་མང་པོའང་གཅིག་།ནད་མེད་པི་པི་ལིང་ཞེས་བྱ། །འདུས ་པ་ལས་གྱུར་གསང་བ་ནི། །མདོག་འདྲ་ན་ཞིང་སྲ་བ་དང། །སྐང་འགྱུར་དེ་ནི་མ་གསོས་ན། །སྨིན་ནས་ཡུངས་མར་ལྟ་བུར་ནི། །འཛག་ཅིང་འཚོ་བ་དཀའ་བར་འགྱུར། །རྨ་འཚོབས་ནས་ཀྱང་ཉེས་པར་ནི། །རྣ་བའི་ཤ་ནི་ཞུམ་པར་འགྱུར། །རྩ་ལ་གནས ་པའི་རླུང་གིས་ནི། །རྣ་ཤལ་བསྐམས་པ་དེ་མིང་ཅན། །རྣ་ཤལ་པི་ཝམ་རྒྱུད་ལྟར་ཕྲ། །སྲ་བ་རྒྱུད་ཅན་ཞེས་བྱའོ། །གཞོན་ཤ་ཅན་ནི་ཡུན་རིང་དུ། །བཏང་སྙོམས་བོར་ནས་དབྲལ་དུ་བསྐྱེད། །རྣ་ཤལ་སྐྲད་ཞིང་ནད་བཅས་པ། །དམར་ཞིང་འབྱར་བར་གྱུར་བ ་ཡིན། །དེ་ནི་རླུང་གིས་འབྱར་ཞེས་བྱ། །གནོད་འགྱུར་རྒྱན་རྩི་ཁུར་སོགས་ཀྱིས་?་ཁྲག་དང་མཁྲིས་བ་འཁྲུགས་གྱུར་པས། །དམར་ཞིང་ཚ་ན་སྨིན་པ་དང། །སྐྲངས་དང་འབྲུམ་བུ་འབྲུམ་ཕྲན་དང། །དམར་ཞིང་ཚ་ལ་གནག་པ་ཡིན། །རླུང ་དང་བད་ཀན་གྱི་རྣ་བཤལ། །སྐྲངས་ཞིང་ནད་མེད་སྲ་བ་དང། །བརྟན་ཞིང་མདོག་འདྲ་གཡའ་བ་དང། །དེ་ནི་མཉེ་བ་ཞེས་བྱར་བཤད། །ཕུག་ཉེས་རྣ་བ་བརྒྱངས་པ་ལས། །གཡའ་བཅས་ཚ་གྲང་སྨིན་ཞིང་ན། །འདུས་པ་ལས་གྱུར་སྐྲངས་པ་དེ།། ་སྡུག་བསྔལ་ཕེལ་བྱེད་ཅེས་བྱའོ། །བད་ཀན་ཁྲག་གྱུར་སྲིན་བུ་ཕྲ། །གཡའ་ཞོང་གནག་ལ་རྣག་བཅས་པ། །སྲིན་བུ་ཕྲ་མོས་བསྡགས་ཞེས་བྱ། །དེ་མ་གསོས་ན་རྣ་བཤལ་ཟ། །དེ་ལས་འདུས་པར་གྱུར་པའི་པི་པི་ལིང། །གཟེར་ཅན་གས ་འཁུམས་གསོར་མི་རུང། །རྒྱུད་ཅན་གཅིག་བུ་འཚོ་བ་ཙམ། །ལྷག་མ་རྣམས་ནི་གསོ་བར་བྱ། །དེ་ལྟར་རྣ་བའི་ནད་ཀྱི་ནི། །དབྱེ་བ་ཉི་ཤུ་རྩ་ལྔར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་བ་ལས། །ཕྱི་མའི་གནས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། ་དེ་ནས་རྣ་བའི་ནད་གསོབ་བཤད་པར་བྱའོ། །རླུང་ལས་གྱུར་བའི་རྣ་ནད་ལ། །ཤ་ཁུ་བླུད་ཅིང་རླུང་འཇོམས་པའི། །སྨན་བསྐོལ་མར་ནི་མཚན་མ་གྲུང། །རྣ་བ་དུགས་བྱས་དེ་རྗེས་ལ། ། ཤདཐ་དང་ཨ་རཎྜ། །བིལྦ་ཨརྒའི་ལོ་མ་འམ། །ཏིལ་མར་རྒྱམ ་ཚ་བཅས་པ་དང། །ཕུར་མ་བཙོ་བ་བྱས་པ་ཡི། །ཁུ་བ་དྲོ་འཇམ་ཙམ་མམ་ནི། །ལ་ཕུག་གུ་གུལ་རྣ་བ་དག། རླུང་འཛོམས་སྡེ་ཚན་སྐྱུར་རྣམས་དང། །གཅིན་གྱི་ནང་དུ་སྣུམ་ཆེན་ནི། །བསྐོལ་བ་དེ་ནི་རྣ་བའི་ནད། །མི་བཟད་པའང་མྱུར་དུ་སེལ།། ་རྩ་བ་ཆེན་པོ་ལྔ་ཡི་ཤིང་ཀ་གང་ཡང་རུང་བས་གསོ་མས་དཀྲི། །ཏིལ་མར་གྱིས་བསྐུས་འབར་བའི་རྩེ། །སྣུམ་འཛག་འཕྲལ་དུ་ནད་སེལ་བྱེད། །དེ་བཞིན་ཐད་ཤད་དུ་རྟ་དང། །སྒྲོན་ཤིང་ལས་ཀྱང་དེ་བཞིན་བྱ། །རླུང་ནད་ཆམ་པ་ལ ་བཤད་པའི། །གསོ་བ་འདིར་ལང་ཕན་པ་ཡིན། །མགོ་བོ་བཀྲུ་དང་ཆུ་གྲང་བཏུང། །ཉིན་མོའང་ཡོངས་སུ་སྤང་པར་བྱ། །མཁྲིས་གྱུར་ཀ་ར་དཀར་པོར་བཅས། །མར་གྱིས་སྣམ་བྱས་བཀྲུ་སྨན་བཏང། །རྒུན་འབྲུམ་ཤིང་མངར་ནུ་ཞོ་བསྐོལ། །རྣ་བ་བཀང་པའང་བསྔགས ་པ་ཡིན། །སིང་མངར་ཙན་དན་དུ་རྦ་?་བུ་ཤེལ་ཅི་དང་རམ་ཉེ་བ། །སེར་ཕྲོམ་པདྨའི་རྩ་བ་དང། །པདྨའི་སྡོང་བུ་ཛི་བ་ཀ། བཙོང་དང་ཐལ་ཏྲེས་བསྐོལ་བ་དང། །ཤིང་མངར་ཁུ་བ་བྲེ་གང་དང། །འོ་མ་བྲེ་དོ་བཅས་པ་དང། །ཏིལ་མར་ཕུལ་གང ་བསྐོལ་བ་དང། །འདི་ཡིས་སྣར་བླུགས་རྣར་དགང་བསླུ། །ཡང་ན་སྦྲང་རྩི་ཉི་ཚེས་དགད། །གཟེར་དད་ཚ་དང་ན་བ་སེལ། །ཤིང་མངར་ལ་སོགས་མར་དང་བཅས། །རྣ་བ་ཀུན་ཏུ་ཕྱུགས་ནའང་ཕན། །བད་ཀན་ལས་གྱུར་པི་པི་ལིང། །མར་བསྐོལ་སྣུམ་གྱུར་སྐྱུག ་ཏུ་གཞུག། བད་ཀན་སེལ་བའི་སྣ་སྨན་དང། །མཁུར་བཀང་དུགས་དང་དུད་བས་བདུག། སྒོག་སྐྱ་སྒེ་གཤེར་ཤི་ཀྲུ་དང། །ལ་ཕུག་ཆུ་ཤིང་མུ་རམ་གི། བསྐོལ་བའི་ཁུ་བ་དོམ་པ་ནི། །དྲོ་འཇམ་རྣ་བར་བླུགས་ནའང་ཕན། །རྒའི་མྱུ་གུ་སྐྱར་ཁུང་བཏགས།། ་ཏིལ་མར་རྒྱམ་ཚར་བཅས་བ་གང། །སྣུ་ཧའི་ཤིང་བུ་བུས་པར་ནི། །བཅུག་ལ་ཨརྒའི་ལོ་མས་གཡོག། ཕུར་མ་བཙོ་བའི་ཚུལ་དུ་?། དེ་ཡི་ཁུ་བ་གཟེར་འཇོམས་མཆོག། མ་དུ་ལུངཀ་འམ་ཀ་པིཏཥིའི། །ཁུ་བས་བཀང་བ་བྱས་ནའང་ཕན། །ཡང་ན ་ཚད་བཀར་དེ་རྗེས་ལ། །རྒྱ་མཚོའི་ལྦུ་བའི་ཕྱེ་མས་གདག། ར་ལུག་གཅིན་དང་འོད་མའི་ཤུན། །ཏིལ་མར་བསྐོལ་པས་བཀང་ན་ཕན། །ཡང་ན་ཡུངས་མར་ཤིང་ཀུན་དང། །གཡེར་མ་དོང་གྲ་བསྐོལ་བ་བླུགས། །ཁྲག་གྱུར་མཁྲིས་པ་ལྟ་བུར་གསོ།། ་གཏར་ག་མྱུ་གུ་གདབ་པར་བྱ། །སྨིན་ཅིང་རྣ་བ་ཁྲག་འཛག་ལ། །དུད་བ་མཁུར་བཀང་སྣ་སྨན་སྦྱར། སྦུ་གུའི་ཆོ་ག་དག་དང་ནི། །རྨ་རེང་ཆོ་ག་གང་ཡིན་བྱ། །གོས་པར་ཡེའུས་དུས་གཉིས་སུ་?་རྣ་བ་ཕྱི་བཞིན་དག་པར་བྱ། །གུ་གུལ་དུད་པས་ ་གདུགས་ནས་ཀྱང། །སྦྲང་རྩི་ཡིས་ཀྱང་དག་པར་བྱ། །རས་བལ་ཡེའུ་རབ་ཕྲས་བྱུག། དེ་ཡི་ཕྱེ་མ་གདབ་བར་བྱ། །གཟེར་དང་གནགས་དང་ལྕི་བ་ལ། །ཆོ་ག་འདིས་ནི་བཟློག་བར་བྱ། །པྲི་ཡང་ཀུ་དང་ཨཾ་བཥྚ། །ཤིང་མངར་དང་ནི་དད་སི། ་ཨུཏཔ་ལ་ཡི་ལོ་མ་དང། །བཙོད་དང་སེང་ཕྲོམ་རྒྱ་སྐྱེགས་དང། །ཀ་བིངཐ་ཡི་ཁུ་བ་དང། །ཏིལ་མར་བསྐོལ་ཏེ་དེ་བླུག་ན། །རྣག་འཇིག་པ་ནི་མྱུར་འཆང་བྱེད། །སྒྲ་བཅས་འོན་པ་དག་ལ་ནི། །རླུང་གིས་གཟེར་འཇོམས་སྨན་བཏང་བྱ། །བད་ཀན་ལས་གྱུར ་བད་ཀན་ནི། །སློན་སྨན་སོགས་ཀྱིས་དང་པོར་བསལ། །ེ་རཎྜ་དང་ཤི་ཀྲུ་དང། །ལ་ཕུག་གཞོན་ནུའི་ལོ་མ་དང། །ཁུ་བཏིལ་མར་བཞི་འགྱུར་དང། །འོ་མ་བརྒྱད་འགྱུར་བཅས་པ་དང། །ཤིང་མངར་རམ་ཉེ་བའི་ལྡེ་གུ། །བཅས་པ་བསྐོལ་བ་སྣར་བླུག ་དང། །བཀུ་དང་རྣ་བ་བཀང་བ་ཡིས། །སྒྲ་བཅས་འོན་བ་གཟེར་བ་འཇོམས། །ཤིང་ཀུན་བོང་ང?་དཀར་པོ་དང། །ཤུ་ཏི་སྐྱེར་ཤུན་སརྫི་ཀ། ཏིལ་མར་ཚ་དང་བཅས་བསྐོལ་བས། །བཀང་ན་གཟེང་དང་ཆུ་སེར་འཇག?། སྒྲ་བཅས་འོན་པ་སེལ ་བར་བྱེད། །རྣ་བ་སྒྲ་དང་བཅས་པ་ལ། །ཡུངས་མར་གྱིས་ནི་བཀང་ན་ཕན། །ལ་ཕུག་སྐམ་བོའི་དུམ་བུ་ནི། །ཐལ་བ་ཤིང་ཀུན་བཅའ་སྒ་དང། །ཤུ་ཏི་རུ་རྟ་ཤུ་དག་དང། །ཐད་ཤིང་ཤི་ཀྲུ་སྐྱེར་ཁཎྜ། །ཡ་བ་ཀྵ་ར་རྩབས་རུ་ཚ། །རྒྱམ་ཚ་རྡུལ ་ཚ་སརྫི་ཀ། སྟག་བའི་འཛེར་པ་ཁ་རུ་ཚ། །སླ་སྒང་རྐུན་ཚ་བཞི་འགྱུར་དང། །ཁ་ལུང་ཁུ་བ་དེ་དང་འདྲ། །ཆུ་ཤིང་ཁུ་བ་མཉམ་བསྐོལ་བའི། །ཏིལ་མར་བཀང་བས་རྣ་བའི་ནང། །གཡའ་དང་སྒྲ་བཅས་འོན་པ་དང། །རྣག་འཛག་གཟེར་ཞིང ་སྲིན་དུ་ཅན། །ཤིན་ཏུ་གསོ་དཀའ་ཐལ་སྨན་གྱི། །ཏིལ་མར་གྱིས་ནི་མྱུར་དུ་འཇོམས། །ཁ་དང་སོ་ཡི་ནད་ལའང་ཕན། །དེ་ནས་ཚོར་བ་མེད་པ་ལ། །ཉེ་བ་ལས་ནི་གཏར་ག་གདག། སྐྲངས་ཤིང་རྣགས་ལ་ཐོས་པ་ནི། །མི་གསལ་གྱུར ་ལ་སྐྱུག?་སྨན་བཏང། །བྱིས་བ་རྒན་དང་ཡུན་རིང་དུ། ལོན་བའི་འོན་བ་སྤང་བར་བྱ། །སྒྲ་བཅས་རྣགས་བར་གྱུར་བ་ལ། །སྣུམ་དང་དུགས་བྱས་དག་བར་བྱས། །རྣ་བ་སྦྱངས་བའི་ཏིལ་མར་དག། ཁ་ལུང་ཁུ་བ་རྒྱམ་ཚ་དག། ཆ་དང་སྦྲང ་རྩིར་བཅས་པའང་བླུག། དག་བཅས་རྩུབ་བར་གྱུར་ན་ནི། །མར་གྱི་ཉིད་ཁུས་དགང་བར་བྱ། །རིམ་འདི་རྣ་སྤངས་གང་ལའང་བྱ། །གཡའ་དང་སྐྲངས་ལ་སྣ་སྨན་སོགས། །བད་ཀན་སེལ་བར་བྱེད་བ་དང། །སྐྲངས་ལ་ཚ་དང་དྲོ་བས་བྱུག། རྣ་བ་རྣག ་འཇག་འབུ་ཅན་ལ། །རྣ་བ་ཆུ་འཛག་གསོ་བར་བྱ། །མཆོག་ཏུ་རྣ་ནད་སྲིན་ཅན་ལ། །ཡུངས་མར་དྲོན་བོ་བླུག་བར་བྱ། །རྣ་བའི་འབྲས་ལ་ཁོང་འབྲས་ཀྱི། །གསོ་བ་དང་ནི་སྐྱུག་སྨན་བཏང། །སྣང་བའི་ཁོང་འབྲས་གསོ་བ་ནི། །མཁྲིས་གྱུར་ཟག་ཟེར་གསོ ་བར་བྱ། །འབུམ་པ་ཐོར་བུ་སྣ་ལྟར་བྱ། །རྣ་བ་གསོ་བ་མ་སྨིན་ལ། །རྣ་བའི་ཁོང་འབྲས་ལྟར་གསོ་ཞིང། །ནད་གཞི་ཇི་བཞིན་ལས་ཀྱང་བྱ། །རྣ་བཤལ་སྐམ་ལ་རླུང་གཟེར་ལྟར། །སྣ་སྨན་བསྐུ་བ་ལ་སོགས་བྱ། །དུགས་བྱས་སྙི་བར་གྱུར་བ་ལ། །རྣ ་བཤལ་ཏིལ་མར་བསྐུས་ཤིང་མཉ། །ཤིང་མངར་བི་ལ་ཡའི་ས་བོན། ། ཤོ་གནདྷ་ནས་བྱས་བ་བསྐུ། །དེ་ནས་རྒྱས་བྱེད་སྣུམ་གྱིས་ནི། །བསྐུ་བ་རྟག་ཏུ་བསྟེན་པར་བྱ། །ཉེ་ཤིང་ཨ་ཤ་གནདྷ་དང། །ེ་རཎྜ་དང་བ་ཡ་ས། །ཛི་བ་ཀ་དང་འོ་མར ་བཅས། །ཏིལ་མར་བསྐལ་བས་བསྐུ་བ་ནི། །སྣ་བཤལ་རྒྱས་བྱེད་མཆོག་ཡིན་ནོ། །འཆོ་བྱེད་སྡེ་ཆེན་ལྡེ་གུ་དང། །རླན་ཅན་ཤ་ནི་བསྐོལ་བ་དང། །རྣ་བཤལ་འཕེལ་ཞིང་རྒྱས་བྱེད་ཡིན། །རྣ་བཤལ་རབ་ཟད་བཅས་བས་ནི། །ལྷག་མ་སྦྱར་ལ་གསོ ་ཞིང་བསྐྱེད། །དེ་བཞིན་རྒྱུད་འདྲ་འཚེ་ཙམ་བྱ། །འབྱར་བ་ལ་ཡང་ཆོག་འདི། །གནོད་འགྱུར་བསིལ་སྨན་བསྐུ་བ་དང། །སྲིན་བུ་བད་མས་ཁྲག་དབྱུང་བྱ། །འཇག་བུ་ཨ་མྲའི་ལོ་མ་དང། །བ་ལ་ཤིང་མངར་སེད་ཕྲོམ་ཏིལ། །བཅོད་དང་ཨུཏཔལ་ཨཾ ་བ་ལ། །ཐལ་ཏྲེས་ཏིལ་མར་བཅས་པ་དང། །སྐྱུར་རྩབས་བཅས་པ་བསྐོལ་བ་འདི། །ཏིལ་མར་བསྐུ་བ་བྱ་བ་དང། །མེ་དཔལ་སྐབས་བཤད་མར་གྱིས་བསྐུ། །མཉེ་བ་གོ་ཏ་ཀརྐ?་ཏ། །ཞག་དང་བཅས་བའི་ཏིལ་མར་དག། ཏོ་? ་ལོ་མ་ཨརྒ་དང། །?་ཤྭ་གནདྷ་བྱེའུ་རུག་པ། །སོ་མ་ར་ཙ་འབྲས་བུ་དང། །རྒྱམ་ཚ་ལམ་ཀ་ལིར་བཅས་བསྐོལ། །ཏིལ་མར་བསྐོལ་བར་བྱ་བ་དང། །སྣ་སྨན་རྣོན་བོ་བཏང་བར་བྱ། །དབུག་ཉས་པ་ལ་ཨསྨ་ཏ། །འཛམ་བུ་ཨ་མྲའི་ལོ་མ་ན། ་བསྐོལ་བའི་ཁུ་བ་བླུག་བར་བྱ། །སྣ་བཤལ་ཏིལ་མར་གྱིས་བསྐུ་ཞིང། །ཤིང་མངར་བཅོད་དང་སྟག་ཚོར་བ། །ཡུད་བའི་ཕྱེ་མ་ཞིབ་མོ་གདབ། །རྒྱ་སྐྱེགས་བི་ཊཱཾ་ཀ་བསྐོལ་བའི། །ཏིལ་མར་གྱིས་ནི་བསྐུས་ན་ཕན། །སྲིན་བུས་ཟོས་ལ ་བ་ལྕི་བས། །ལན་མང་དུ་ནི་དུགས་བྱས་ལ། །བི་ཊཱངཀ་ཡི་སྙིང་པོ་ནི། །ལུག་གི་གཅིན་སྦྱར་ལྡེ་གུས་བསྐུ། །དུག་མོ་ཉུང་དད་ཨིངྒུ་དང། །ཀ་རཉྫ་ཡེ་ས་བོན་དང། །དོང་གའི་ཤུན་པ་ལྡེ་གུས་བསྐུ། །ཡང་ན་དེ་དང་ནིམཱ་ཡི། །ལོ་མ། ལེ་ཤམ ་དང་བཅས། །སྦྲང་རྩིའི་ལྡེ་གུས་རྨ་ལ་བསྐུ། །རྣ་བ་ཆད་ལ་སྦྱར་བྱས་ཏེ། །སྐྱོན་མེད་ཁྲག་དང་དེ་འཚམ་པའི། །བཅིང་བ་དག་གིས་སྦྱར་བར་བྱ། །སྦྱར་ནས་དཔྲལ་བཅད་སྦྱད་བར་བྱ། །དེ་ནས་སྐྲ་མཐར་མདུད་བྱས་ཏེ། །རྣ་བཤལ་བཅད ་དང་ཞལ་ཞལ་བྱས། །བཅད་བ་དང་ནི་བསྲུང་བར་བྱ། །མཚམས་ནི་མཉམ་བར་སྦྱར་བྱ་ཞིང། །མཐོན་དམན་བྱེད་བ་ཉིད་དུ་བྱ། །ཞུན་མར་དང་ནི་སྦྲང་རྩིས་བྱུང། །རས་བལ་གྱིས་ནི་གླན་པ་དང། །སྐུད་པ་དམ་ལྷོད་རན?་བར་བཅིང།། ་རྨ་ཡི་ཁྲག་ནི་བཅད་པ་ཡི། །སྨན་གྱི་ཕྱེ་མ་གདབ་བྱ་ཞིང། །སྤྱོད་པ་དེ་ལ་བརྟན་བར་བྱ། །ཞག་བདུན་ནས་ནི་མ་བཅོས་བའི། །ཏིལ་མར་བསྐུས་ལ་རས་བལ་དགྲོལ། །ལེགས་འབྱོར་སྤུ་ནི་སྐྱེས་བ་དང། །མཚམས་སྦྱོར་མཉམ་ཞིང ་བརྟན་པ་དང། །ཙད་ལྡན་ནད་ནི་མེད་པ་དང། །རིམ་གྱིས་རྣ་བ་བསྐྱེད་བར་བྱ། །ཉ་ལྕིབས་ཁ་སྲལ་ཕྱེའུ་དང། །འགྲི་ཧ་ཏི་འབྲས་མེར་པོ་གཉིས། །བ་ལ་ཧ་ཏི་པི་པི་ལིང། ། ཤྭ་གནདྷ་ཡུངས་ཀར་སེར། །ཀོ་ཤ་ཏ་ཀའི་རྩ་བ་དང། །ཀ་ར་བི་ར་རུ་ཤི་ཀ། ལོ ་མ་བདུན་པ་གི་?། །ས་ནག་སྦྲང་མའི་གནས་དང་ནི། །བྱེའུ་ཆུ་སྐྱེས་སྲིན་བུའི་ཤ། དེ་བཞིན་སེང་ཕྲོམ་སྡོང་བུ་རྣམས། །འདི་དག་ཏིལ་མར་ལྡེ་གུར་བཅས། །མ་ཧེའི་མར་དང་གླང་པོ་རྟའི། །གཅིན་དང་བཅས་པ་བསྐོལ་བ་ནི། །བསྐུས་ན ་རྣ་བ་འཕེལ་བྱེད་མཆོག། དེ་ནས་ན་ཆོད་ལྡན་པ་ཡི། །སྦྱར་བ་བྱས་ན་སྣ་ཆད་གསོ། །སྣ་དང་མཉམ་བའི་ཤ་བགས་ནི། །མཁུར་ཚོས་ལ་ནི་བཅད་ནས་ཀྱང། །སྣ་དང་ཉེ་བའི་ཤ་བགས་ནི། །སྲབ་མོ་ཉིད་དུ་བཞར་བར་བྱ། །དེ་ནས་རས་བལ ་བཅས་?། །ཁྱབ་ཀྱིས་མཁུར་བ་བཙོམ་བར་བྱ། །སྣ་བཅད་མཚོན་གྱིས་བཞར་ནས་ནི། །མཁུར་ཆོས་ལ་བཅད་བགས་བ་ཡི། །སྣ་ནི་ལེགས་བར་བཅོམ་བར་བྱ། །ཁ་ཡི་དབུགས་ནི་དབྱུང་བར་བྱ། །སྣར་ནི་ལྦུ་གུ་ཅན་གཞུག་བྱ། ། ་དེ་རྗེས་ཏིལ་མར་རློན་བས་བསྐུ། །རྨ་ཤིང་སྦྲང་རྩིར་སྦྱར་བས་བསྐུ། །ཁྲག་བཅད་བ་ཡི་སྨན་གཞན་ཡང། །ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ། །དེ་ནས་མར་དང་སྦྲང་རྩི་བསྐུ། །བཅིངས་ལ་སྤྱོད་པ་བརྟན་བར་བྱ། །དེ་ནས་གནས་སྐབས ་ཤེས་བྱས་ནས། །རྨ་གསེར་གསོ་བའི་ཆོ་ག་བྱ། །རྨ་འབྱོར་སྣ་ཡི་ཉེ་འཁོར་གྱི། །ཤ་ལྷག་ལེགས་པར་བཅད་བར་བྱ། །དེ་ནས་ཤིན་ཏུ་ཞིབ་ཏུ་བཅེམ། །དམའ་བ་དག་ཀྱང་བསྐྱེད་བར་བྱ། །བཅད་མ་ཐག་ལ་ཅི་རིགས་བར། །བཞག་སྟེ་ཆོག ་འདི་ཉིད་བྱ། མཆུ་བཅད་བ་ལ་སྤུ་གུ་དག། མ་གཏོགས་སྣ་སྦྱོར་བཞིན་དུ་བྱ། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་བ་ལས། །ཕྱི་མའི་གནས་ཀྱི་ལེའུ་སྟེ་བཅོ་བརྒྱད་བའོ།། །།དེ་ནས་ནང་བཞིའི་དམིགས་ཤེས་པར་བྱའོ། །བུ ་མོ་རླུང་དང་རྡུལ་དང་ནི། །སྨྲ་དྲགས་གཉིད་ལོག་གཉིད་ཡང་དྲགས། །སྔས་ནི་མཐོ་དྲགས་དམའ་དྲགས་དང། །ཆུ་གཞན་འཐུངས་པར་གྱུར་པ་དང། །ཆུ་མང་འཐུངས་དང་ཉལ་པོ་དང། །སྐྱུག་དང་མཆིལ་མ ་བཀག་པ་ཡིས། །རླུང་ཤས་ཆེ་བའི་ནད་འཁྲུགས་ནས། །སྣ་ནི་གྲང་བ་ཉིད་འགྱུར་ཞེན། །ཆམ་པ་བསྐྱེད་པར་བྱེད་པ་ཡིན། །འཕེལ་ན་ཟད་པ་སྐྱེད་པར་བྱེད། །དེ་ལ་རླུང་འགྱུར་ཆམ་པ་ནི། །ཁ་བསྐམ་སྦྲིང་བ་དྲག་ཏུ་འབྱུང། །སྣ་འགགས ་ཟུག་ཅིང་ན་བ་དང། །མུ་འགྲམ་སོ་དང་ཀླད་བ་དང། །སྨིན་མ་ནས་ནི་སྣ་རྩེའི་བར། །སྲིན་བུ་རྒྱུ་བ་སྙམ་དུ་སེམས། །སྐད་འགའ་རིང་ནས་སྨིན་པ་དང། །མཆིལ་སྣབས་གྲང་བར་འཛག་པ་ཡིན། །མཁྲིས་གྱུར་སྐོལ་དང་རིམས་ཀྱིས་འདེབས ་མགོ་མཁོར་སྣ་ནང་འབྲུམ་པ་འབྱུང། །སྣ་རྩེ་གནག་ཅིང་དྲོ་ལ་རྩུབ། །མཆིལ་སྣ་བས་དམར་སེར་འཛག་པ་ཡིན། །བད་ཀན་ལུང་པ་དབུགས་མི་བདེ། །སློན་ཞིང་ལུས་ལྕི་ཡི་ག་འཆུས། །ཁ་མངར་བྲོ་ཞིང་གཡའ་བ་དང། །མཆིལ་སྣབས ་སྣུམ་དཀར་སྐ་བ་འཛག། འདུས་གྱུར་མཚན་ཉིད་ཀུན་དང་ལྡན། །རྒྱུ་མེད་འཕེལ་དང་འགྲིབ་བར་བྱེད། །ནང་ཁྲག་སྣ་ཡི་རྩར་ཞུགས་ན། །ཆམ་པས་འདེབས་བར་བྱེད་འགྱུར་བ། །གྲང་ན་ཚོར་མེད་བམ་པ་དང། །མིག་དམར་དབུགས་ཀྱི་དྲི་མི ་ཞིམ། །མིག་དང་རྣ་བ་སྣ་གཡའ་ཞིང། །འདི་ནི་མཁྲིས་གྱུར་མཚན་ཉིད་ལྡན། །ཆམ་པ་ཐམས་ཅད་མ་གསོས་པ། །གནོད་པ་མི་བཟང་སྐྱེད་བྱེད་འགྱུར། །ཇི་སྐད་བཤད་བའི་བླ་གཉན་ནི། །འཕེལ་བས་དབང་པོ་ཀུན་གནོད་བྱེད། །མེ་དྲོད ་ཉམས་རིམས་དབུགས་མི་བདེ། །ལུད་པ་བྲང་དང་རྩིབ་ལེགས་ཟུག། གློ་བུར་དུ་ནི་ཤས་ཆེར་འཁྲུགས། །ཁ་དྲི་ང་ཞིང་སྐམ་པར་བྱེད། །སྣ་ནང་འདུལ་ཞིང་སམ་བ་དང། །ཡང་ཡང་སྣབས་འགགས་དག་པར་བྱེད། །སྣབས་ནི་རྣག་འདྲ་དཀར ་ཞིང་དམར། །མདུང་པ་ཅན་ནི་འཛེག་པར་འགྱུར། །འདི་ལ་སྲིན་བུ་སྣུམ་ཞིང་རིང། །དཀར་ཞིང་ཕྲ་བ་འབྱུང་བ་འགྱུར། །དེ་སྨིན་མཚན་མ་ལུས་ཡང་ཞིང། །སྦྲིད་པ་ཞི་བར་གྱུར་བ་དང། །སྣབས་ནི་སྦྱིན་ཞིང་སེར་བ་དང། །དྲིད་རོ་ནི་ཚོར་བ་ཡིན། །སྣར་ནི་རྣོན ་པོ་རྡུབས་པ་དང། །ཉེ་འོང་སྐུད་པ་རྩ་སོགས་དང། །རླུང་འཁྲུགས་བྱེད་པ་གཞན་གྱིས་ཀྱང། །སྣ་ཡི་མཚུལ་བར་ཞུགས་གྱུར་པས། །བསྐྱོང་དེ་རླུང་ནི་འཁྲུགས་གྱུར་བ། །སུམ་མདོར་ཞུགས་གྱུར་འང་གས་ནས་ནི། །ལོག་ནས་མི་བཟང་སྦྲིད་པ་ནི།། ་སྣབས་འཛག་བཅས་པ་སྐྱེད་པར་བྱེད། །སྣ་ཡི་བུ་ག་སྐེམ་བྱེད་ཅིང། །རླུང་གི་བད་ཀན་སྐྱེད་པར་བྱེད། སྣ་ནང་གྲམས་གང་སྙམ་སེམས། །དབུགས་འབྱུང་དཀའ་བར་ཀྱུར་པ་དེ། །སྣ་བསྐམས་པ་ཞེས་བྱ་བར་བཤད། །སྣ་རྒྱས་པ་ནི་འབྱུང་འགྱུར ་པ། །སྣ་ནི་བཀག་པ་འདྲར་སེམས་ཤིང། །རླུང་གིས་འགགས་པ་བྱེད་བར་འགྱུར། །དབུགས་འབྱུང་དབུགས་རྡུབ་འགགས་པ་ལས། །པུ་ག་གདངས་བ་ལྟ་བུ་ཡིན། །མཁྲིས་པ་སྣ་ཁུང་རྣགས་གྱུར་པ། །ཤ་པགས་ཆ་ཞིང་གཟེར་དང ་བཅས། །དེ་ནི་སྣ་ཡི་ཤུ་བར་བཤད། །བད་ཀན་ལས་གྱུར་ཆུ་སེར་ནི། །རྒྱུན་ཏུ་ཆུ་འདྲ་འཛག་པ་དང། །མཆོག་ཏུ་མཚན་འཛག་དེའི་མིང་ཅན། །བད་ཀན་འཕེལ་བས་སྣ་ཁུང་དུ། །བུ་ག་འགགས་ཤིང་ཆམ་བ་བསྐྱེད། །དབུགས་ནི ་དར་དར་བོ་འབྱིན་ཞིང། །ཆམ་བ་ལས་ཀྱང་ནད་ཚབས་ཆེ། །སྣ་ལས་ལུག་ལྟར་སྣག་འཛག་ཅིང། །རྒྱུན་ཏུ་སྦྱིན་བག་སེར་པོ་དང། །སྨིན་མའི་རྣག་ནི་འཛག་འགྱུར་ཞིང། །དེ་ཡི་སྣ་ནི་སྣབས་ཅན་ཡིན། །ཁྲག་གིས་སྣ་ནི་ཚིག་སྙམ ་སེམས། །ཕྱི་དང་ནད་དུ་རེག་མི་བཟོད། །དུ་བ་ལྟ་བུའི་དབུགས་འབྱིན་པ། །བསྲེག་འདྲི་དེ་ནི་འབར་བ་ཡིན། །རྐན་གྱི་ཕུགས་སུ་ནད་འཁྲུགས་པས། །རླུང་ནི་ཁ་དང་སྣ་ནས་འབྱུང། །མཆིལ་སྣབས་དྲི་ད?་འབྱུང་འགྱུར་བ། །དེ་ནི་སྣ་ནད་རུལ་བ་ཡིན།། ་འདུས་བའམ་སྣང་པ་ལས་གྱུར་བའི། །སྣག་དང་ཁྲག་ནི་མགོན་འཛག་མགོ་བོ་ཚ་ཞིང་ན་བྱེད་པ། །དེ་ནི་རྣག་ཁྲག་ཅན་ཞེས་བཤད། །རླུང་གིས་མཁྲིས་པ་བད་ཀན་དག། སྣ་ནི་བསྐམས་པར་གྱུར་བ་ལས། །བད་ཀན་བསྐམས་ཏེ ་གོང་པོར་འགྱུར། །དེ་ནི་བསྒོངས་པ་ཞེས་བྱའོ། །འབྲུམ་བུ་ཐོར་བུ་ནད་གཞི་ཡི། །མཚན་ཉིད་ཅི་འདྲ་དག་ལས་དབྱེ། །ཀུན་ལས་དབུགས་འབྱུང་དཀའ་བ་དང། །རྒྱུན་དུ་ཆུ་འཛག་སྒྲིད་པ་འབྱུང། །སྣ་འགགས་ལྟ་བུར་སྨྲ་བ་དང། །སྨ་ནས་རྣག ་འཛག་ཀླད་པ་ན། །དེ་ལྟར་རྣམ་པ་བཅོ་བརྒྱད་ལས། ཆམ་པ་མ་རུངས་འཚོ་བ་ཙམ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་བཅུ་དགུ་པའོ།། །། ་དེ་ནས་སྣ་ནང་གསོ་པ་བཤད་པར་བྱའོ། །སྣ་ནད་ཀུན་ལ་དང་པོར་ནི། །རླུང་མེད་ཁང་པར་འདུག་ནས་ནི། །སྣུམ་ཚེས་དུགས་དང་སྐྱུག་སྨན་དང། །དུད་པ་རྡུབ་དང་མཁུར་བཀང་བསྟན། །གོས་ནི་ལྕི་ཞིང་དྲོ་བ་བགོ། །མགོ་བོ་ཤིན་ཏུ་མཐུག་པས ་དཀྲི། །ཁ་ཟས་ཡང་སྐྱུར་ལན་ཚ་སྣུམ། །དྲོ་བ་དང་ནི་བསྐ་བ་བཟའ། །བུ་རམ་འོ་མ་སྐམ་སའི་ཤ། ལན་ཚྭ་ཚབ་གསུམ་ཤས་ཆེ། །ནས་དང་གྲོན་ནི་མང་པོ་ཡང། ཞོ་དང་སེའུ་འབྲུའི་ཁུ་བ་བསྟེན། །ལ་ཕུག་གཞོན་ནུའི་ཁུ་བ་དང། །ཀུ་ལང ་?་ཡི་ཁུ་པའང་བསྔགས། །རྩ་བ་བཅུའི་ཁུ་དྲོ་འཇམས་?མ། །ཆད་རྙིང་དངས་མ་བླུད་པར་བྱ། །གནི་མནྠ་ཙ་རོངྒ། །ཤུ་དག་ཟིར་གོ་སྙོད་མནམ། །བལ་བུའི་ལོ་མ་ཚ་བ་གསུམ། །དབྱི་མེད་འཇིག?་སྟར་བུ་དང། །ཟི་ར་ཅི་ཏྲ་སྲང་གཉིས་གཉིས།། ་ཤིང་ཚེ་གན་ཏ་པ་ཏྲ་དང། །སུག་སྨེལ་ཞོ་ནི་གཉིས་གཉིས་དང། །བུ་རམ་རྙིང་པ་སྲང་ལྔ་བཅུ། །བསྐོལ་ཏེ་རིལ་བུར་བྱས་པ་ནི། །ཞོས་ན་ཆམ་པ་དབུགས་མི་བདེ། །ལུད་པ་ལུ་བ་འཇོམ་བྱེད་ཡིན། །སྐད་སྙན་ཡིག་འབྱེད་མཆོག་ཡིན། ་ཤུ་རི་ཤུན་པ་བ་ལ་དང། །སོན་ཀ་དང་ཨེ་རཎྜ། །བི་ཝའི་རྩ་བ་དོང་ཀར་བཅས། །ཞག་མར་སྦྲ་ཚིལ་དུད་པ་རྡུག། ཡང་ན་ཕྱེ་དང་མར་དང་བཅས། །ཁམ་པོར་སྦྱར་བའི་ནང་དུ་བཅུག། བསྲེགས་པའི་དུད་པ་རྡུབ་པར་བྱེད། །ཁྲུས་དང་མྱ་ངན་ཁྲོ་བ་དང། །ཤས ་ཚེར་གཉིད་ལོག་ཆུ་གྲང་སྤང། །རླུང་འགྱུར་ཆམ་པ་རླུང་འཇོམས་པའི། །སྨན་ནི་བསྐོལ་བའི་ཁུ་བ་འམ། །ལན་ཚྭ་ལྔ་ནི་བསྐོལ་བ་འམ། །བི་ད་རི་སོགས་སྡེ་བསྐོལ་བླུད། །དུགས་དང་སྣ་སྨན་ལ་སོགས་བྱ། །གཞོགས་ཕྱེད་ནར་བཤད་གསོ་བའང ་བྱ། །ཁྲགས་ཁྲིས་ལས་གྱུར་ཐུག་པ་ནི། །མར་སར་མངར་བའི་སྨན་བསྐོལ་བླུད། །སྨན་ཆུ་བླུགས་ཤིང་བྱུག་པ་དང། །ནུས་བསིལ་གྲང་མོ་དག་གིས་བྱ། །ད་བའི་ཤུན་པ་འབྲས་བུ་གསུམ། །ཤི་དྲི་བར་ནི་བྲི་ཡན་ཀུ། །ཤིང་མངར་སེར ་ཕྲོམ་ཏིལ་མར་གྱི། །བཅུ་འགྱུར་སྐྱེར་པ་འོ་མར་བཅས། །བསྐོལ་བའི་སྣ་སྨན་བཏང་བར་བྱ། །བད་ཀན་ལས་གྱུར་སྨྱུང་བ་དང། །ཡུངས་ཀར་ལྡེ་གུས་མགོ་བསྐུ་འམ། །ཐལ་སྨན་བཅས་པའི་མར་བླུད་དེ། །སློན་གཞུག་རྒྱམ་ཚ་ཚ ་བ་གསུམ། །བི་ཊཱ་ངཀ་དང་དུ་ཀ་མོ་ཉུང། །ཟིར་ར་གཅིན་སྦྱར་བ་ཡི། །སྣ་སྨན་དག་ནི་བཏང་བར་བྱ། །འདུས་གྱུར་ཚ་དང་རྣོ་སྦྱར་བའི། །མར་གྱི་སྣ་སྨན་བྲག་པས་གསོ། །གཅོད་ཆེན་སྲིན་གསོ་རིམས་ཀྱིས་ནི། །ཆམ་བ་མ་རུངས་འཚོ ་ཙམ་བྱ། །ཚ་བ་གསུམ་དང་སེ་རཎྜ། །ཐང་ཤིང་རུ་རྟ་བི་ཏངཀ། །བོད་ང?་དཀར་པོ་ཨིངཀུ་དང། །དུར་བྱིད་པ་རྟ་ཀའི་ས་བོན། །ཡུངས་ཀར་ཉེའུ་ཕྲན་རུལ་བ་དང། །ག་ནི་མནདའི་མེ་ཏོག་དང། །པི་ལུ་ཤི་ཀྲུའི་ས་བོན་བར། །རྟ་སྤངས ་ཁུ་བ་གཅིན་དང་ནི། །གླང་པོའི་གཅིན་དང་གཅིན་ཏུ་སྦྱར། །ཟེར་མའི་སྐུད་དཀྲིས་?་བུ་ཡི། །དུད་པ་ཁ་དང་སྣ་ནས་རྡུབ། །སྨིན་དང་སྦྲིད་པ་བྱུང་ཞེས་བྱད། །སྣ་སྨན་རྣོན་པོ་བུད་པ་ཕན། །བཅའ་སྒ་རུ་རྟ་པི་པི་ལིང?། །རྒུན་འརརུམ ་བི་ཊཱངཀའི་ལྡེ་གུ། །མར་རམ་ཏིལ་མར་བཅས་བསྐོལ་བའི། །སྣ་སྨན་སྦྲིད་བ་རྣགས་པ་སེལ། །སྣ་བསྐམས་པ་ལ་བ་ལིའི་བར། །བཏུང་སོགས་ཤ་ཁུར་སྦྱར་བ་བཟའ། །སྣུམ་གྱི་དུད་བ་དུགས་ཀྱིས་གས། །སྣ་རྒྱས་ལ་ཡང་ཆོ་ག་འདིའོ།། ་སྣ་རྣགས་འབར་ལ་མཁྲིས་འཇོམས་སྨན། །ཆུ་འཛག་སྣ་སྨན་སོགས་རྣོས་བྱ། །རྣག་ཅན་ལ་ནི་བད་ཀན་གྱི། །གསོ་བ་དང་ནི་འདྲ་བར་བྱ། །རྒྱ་སྐྱེཌ་དང་ནི་ཀ་རཉྫ། །ན་ལེ་ཤམ་དང་བི་ཊཱངཀ། །ཤིང་ཀུན་བུ་རམ་པི་པི་ལིང། །ལུག་ཐུག་གཅིན ་སྦྱར་སྣ་སྨན་ནི། །སློན་བྱས་འོག་ཏུ་བཏང་བར་བྱ། །ཤ་ཀྲུ་དན་ད་བྲི་ཧ་ཏི། །ཚ་བ་གསུམ་དང་ལྕེ་མྱང་ཚ། །བྱི་རུག་པ་དང་བིཊཱངཀ། །ཏིལ་མར་བསྐོལ་བའི་སྣ་སྨན་ཡང། །བཏང་ན་མཆོག་ཏུ་ཕན་པ་ཡིན། །རྣག་དང་ཁྲག་ཅན་སར་པ་ནི། ། ་ཁྲག་གི་ཆམ་བ་ལྟ་བུར་གསོ། །ཤིན་ཏུ་འཕེལ་ལ་རྨ་འཁྱིམས་ལྟར། །འབྲུམ་བུ་རྨན་བུ་ཚ་བ་ལ། །དནྟི་དུར་བྱིད་ལྕེ་མྱང་ཚ། །ལྡོད་རོས་དང་ནི་པི་པི་ལིང། །ཙི་ཏྲ་ཀ་ཡི་ལྡེ་གུ་ནི། །མར་དང་སྦྲང་རྩི་སྦྱར་བ་ཡི། །རང་བུ་སྣར་ནི་གཞུག་བར་བྱ། ། ་ཤི་ཀྲུ?་ལ་སོགས་སྣ་སྨན་ཡང། །རྣག་ཅན་གསོ་བའི་སྐབས་སུ་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་བའོ།། །།དེ་ནས་ཁ་ནང་ཀྱི་དམིགས་ཤེས་བ ་བཤད་པར་བྱའོ། ། ཉ་དང་མ་ཧེ་ཕག་གི་ནི། །ཤ་དང་ལ་ཕུག་རྗེན་པ་དང། མ་ཤའི་སྲན་ཚེད་འོ་མ་ཞོ། །ཚ་དང་བུ་རམ་ཤིང་ཁུ་དང། །འབྲུམ་ཕྲ་ཁ་སྦུབ་ཉལ་བསྟེན་དང། །སོ་ཤིང་གིས་སྣང་གོམས་པ་སྦོས། །དུད་པ་མཁུར་བཀང་སྐྱུག ་པ་དང། །གཏར་ག་དབུགས་ན་ཉེས་ས་ཡིན། །བད་ཀན་ཤེས་ཚའི་ནད་འཁྲུགས་ནས། །ཁ་ཡི་ནང་གི་ནད་བསྐྱེད་འགྱུར། །དེ་ལ་རླུང་གིས་ཆུ་འགགས་འགྱུར། །མཆུ་རལ་བ་ཡི་ནད་ཅེས་བཤད། །རླུང་གིས་མཆུ་ལ་གནོད་འགྱུར་བ། ། ་མཆུ་སྲ་ནད་ཚབས་ཆེ་བ་ཡིན། །མན་འགགས་བརྒོལ?་བར་འགྱུར་བ་དང། །གནག་ཅིང་རྩུབ་བ་མཆུ་འཁྲུགས་ཡིན། །མཁྲིས་པ་ཚ་བ་མི་བཟོད་སེར། །འབྲུམ་ཕྲན་ལུངས་ཀར་འདྲ་བས་ཁྱག། མྱུར་སྨིན་མང་དུ་རྣགས་པ་ཡིན་ན། །བད་ཀན་ལས་གྱུར ་གྲང་བ་ནི། །མི་བཟོད་སྦོ་ཞིང་སྐྲངས་པ་དང། །འབྲུམ་ཕྲན་དཀར་པོས་ཁྱབ་པ་ཡིན། །འདུས་གྱུར་སྣ་ཚོགས་བར་སྣང་ཞིང། །དེ་?་སྦྱིན་བག་འཛག་པ་དང། །གློ་བུར་ཤས་ཆེ་སྐྲངས་ཤིང་ཞུམ། །ན་དང་མི་ན་རྣག་མི་སྙོམས། །ཁྲག་ལས་གྱུར་བ ་ཁྲག་འཛག་ཅིང། །ཁྲག་གི་མདོག་དང་འདྲ་པ་དང། །འདི་ལ་འབྲ?་གོ་ལྟ་བུ་ཡིན། །ཁྲག་ཟེར?་ཆུ་བུར་འབྱུང་བ་ཡིན། །ཤ་གྱུར་ཤ་ཡི་གོང་བོ་འདྲ། །རིམས་ཀྱིས་སྲིན་བུ་སྐྱེ་ཞིང་འགུལ། །ཚིལ་གྱུར་གཡའ་ཞིང་འགུལ་བ་དང། །སྐྲངས ་འཛམ་ཏིལ་མར་ལྟ་བུར་འཛག?། སྣང་བ་ལས་གྱུར་གས་པ་དང། །ཡང་དང་ཡང་དུ་འབྱེ་གྱུར་ལ། །སླར་ཡང་འགྲུབ་པར་གྱུར་བ་དང། །མཆུན་གཡའ་བར་བྱེད་པ་ཡིན། །རླུང་དང་བད་ཀན་འདྲེས་བ་ལས། །ཆུ་ཡི་ཆུ་བུར་ལྟ་བུར ་འབྱུང། །མཁུར་བའི་འབྲས་བྱེད་སྐྲངས་ཤིང་བརྟན། །མཁྲུ་བ་ཚ་ཞིང་རིམས་དང་བཅས། །རླུང་འགྱུར་སོ་ནད་དྲོ་ལ་སྲོང། །གྲང་བས་རེག་ན་ལྷག་པར་ན། །གཟེར་ཞིང་བཅགས་བ་སྙམ་དུ་སེམས། །གྲང་བས་ཞིག་པར་དེ་བཤད་དོ། །རླུང ་དང་ཆུ་ཡིས་སོ་རྩེ་བ། །གང་དང་སྒྱུར་བས་མི་བཟོད་པར། །སྒྱུར་བ་ཟོས་བ་ཉིད་ཀྱིས་འགྱུར། །ནང་བཅས་འགུལ་བར་བྱེད་པ་ཡིན། །སོགས་ས་ནི་ཟེགས་པ་དང། །ན་ཞིང་ཟུག་ལ་གཡོ་བ་ཡིན། །སོ་འགུལ་སོ་ནི་གཡོ་བ་དང། །ཟ་བའི་ཚེ ་ལྷག་པར་ན། །སོ་སྟེ་སོ་ནི་མི་སྡུག་བར། །སོ་རྣམས་སྐྱེ་བར་འགྱུར་བ་ཡིན། །སོ་ལྷག་ས་ན་སྐྱེས་བ་སྟེ། །དེ་ནི་འཕེལ་བ་ཞེས་ཀྱང་བཤད། །སྐྱེ་བར་གྱུར་བའི་ཚེ་ན་ནི། །ན་ཞིང་སྐྱེས་ན་དེ་ཞི་བྱེད། །མ་བཀྲུས་སོ་ཡི་དྲི་མ་འམ། །བད་ཀན་རླུང ་གིས་བསྐམས་པ་ལས། །དི་དྲ་བརྟན་འགྱུར་སོ་དྲེག་ཡིན། །དེ་ནི་ཡལ་བར་བོར་བ་ལས། །སོ་ནི་དུམ་བུར་ཟེགས་གྱུར་བ། །གྲུགས་ཤིང་སོ་ནི་གོགས་པ་ཡིན། །ཁྲག་དང་མཁྲིས་པ་རླུང་གིས་སོ། །སྔོན་པོར་གྱུར་པ་སོ་སྔོན་ཡིན།། ་ནད་ཀྱིས་རླུང་ན་ཤས་ཆེར་འགྱུར། །རྩ་བར་བཅས་པའི་སོ་ལ་བརྟེན། །སོ་དབུགས་བསྐམ་ཏེ་སྟོངས་པར་བྱས། །སོར་ནི་ཟས་ཀྱི་དྲི་མས་གང། །རུལ་པས་སྲིན་བུ་ཕྲ་མོ་ནི། །སྐྱེ་བར་གྱུར་ཏེ་དེ་འོག་ཏུ། །རྒྱུ་མེད་གནག་སྐ་ལྡང་དུབ་ཅན། །སྦོམ ་ཚེ་གནག་ལ་ཤས་ཆེར་ན། །བཅད་པ་འདྲར་སྣང་རྣག་ཁྲག་འཛག། དེ་ནི་སོ་སྲིན་ཅན་ཞེས་བྱ། །བད་ཀན་དང་ནི་ཁྲག་གིས་རྙིལ། །མན་གས་ཤིང་རུལ་པར་འགྱུར་བ་དང། །གཉེན་པ་ཟགས་ཤིང་གནས་པ་དེ། །གྲང་བས་ཉེན་པ་ཡིན་པར ་བཤད། །ཁྲག་མཁྲིས་རྣག་པ་ལས་བྱུང་བ། །རྙིལ་ནི་ཚ་བར་བྱེད་པ་དང། །ཁྲག་གིས་སྐྲངས་པ་མཐོང་བ་དང། །གཡའ་ཞིང་ཁྲག་ནི་འཛག་པ་དང། །ཁྲག་ཆད་ནས་ནི་རྒྱས་པར་འགྱུར། །སོ་ནི་འགུལ་ཞིང་ན་ཚབས་ཆུང། །ཁ་དྲི་མནམ ་འགྱུར་ཉེ་འདར་ཡིན། །སོ་ནི་གཉིས་སམ་གསུམ་ཐད་ཀར། །བད་ཀན་ལས་གྱུར་རྒྱ་ཤུག་ཙམ། །སྐྲངས་པ་སྲ་ཞིང་མི་བཟང་ན། །མྱུར་དུ་སྨིན་པ་སོ་འབུར་ཡིན། །རྙིལ་ནི་ནད་བཅས་ཁྲག་གིས་ནི། །ཕྱི་དང་ནང་དུ་སྐྲངས་ཤིང་ལྕི། །ན་ཞིང ་ཚ་ལ་གས་པ་ལས། །རྣག་ཁྲག་ས་ཡི་ཁོང་འབྲས་ཡིན། །སོ་རྩར་ཁྲག་མཁྲིས་ལས་གྱུར་ནས། སྐབས་ཤིང་ན་དང་བཅས་པ་དང། །ཁ་ཆུ་འཛག་ཅིང་རྙིལ་འདྲུལ་བ། །ཁོང་སྟོང་གི་ནི་ནད་ཅེས་བྱ། །འདུས་པ་ལས་གྱུར་རིམ་དང ་བཅས། །རྣག་དང་བཅས་བའི་ཁྲག་འཛག་ལ། །སོ་ཡི་སྦྲེལ་མཚམས་ཞིགས་པ་ནི། །ཁད་སྟོད་ཆེན་པོ་ཞེས་བཤད་དོ།། བད་ཀན་གྱིས་ནི་སོ་ཡི་མཐར། །ཤ་མཛེར་ལྟར་སྣང་འགྲམ་པ་དང། །རྣ་བ་ན་བྱེད་སྤྱོད་ལམ་ཉམས། །དེ ་ནི་ཤ?་ལྷག་ཅེས་བྱར་བཤད། །རྙིལ་ནི་བ་དར་བར་གྱུར་བ་ལས།། ནད་ཚབས་ཆེན་པོར་འབྱུང་གྱུར་ཞིང།། གང་ཞིག་སོ་ནི་འགུལ་གྱུར་པ། །དེ་ནི་ནད་པ་ལས་བྱུང་ཡིན། །རྙིལ་ལ་རྟེན་བར་བྱེད་པའི་ནད། །གསོ་རུང་ཡལ་བར་བོར་བ་གང། །ནང་དུ་དེ་ནི ་ན?་འཛགས་པས། །དེ་ནི་རྒྱུན་ལམ་ཕྲ་བ་བསྐྱེད། །དེ་ནི་ཡང་ཡང་རྣག་འཛག་ཅིང། །བགས་པ་ཤ་དང་རུས་པ་འབིགས། །དེ་ཡང་རང་རང་མཚན་ཉིད་ནི། །ཇི་སྐད་བཤད་པ་སྔར་ཤེས་བྱ། །ལྕེ་ནི་ཤ་ཁའི་ལོ་ལྟར་རྩུབ། །ཚོར་བ ་མེད་གས་རླུང་གནོད་ཡིན། །མཁྲིས་པས་ཚ་ཞིང་ནད་བཅས་འགྱུར། །མཛེར་བ་དམར་པོས་ཁྱབ་པ་ཡིན།། བད་ཀན་ལས་གྱུར་ཤལ་མ་ལིའི། །ཚེར་མས་ཁྱབ་འགྱུར་ལྕི་ཞིང་མཐུག། བད་ཀན་མཁྲིས་པ་འོག་ཏུ་སྐྲངས། ། ་མཐོང་ཞིང་གྱོད་བོར་བྱེད་པ་དང། །སྨིན་ནས་ཉ་ཡི་དྲི་འདྲ་ལ།། ཤ་འདྲུལ་ཆུ་སེར་ཅན་ཞེས་བྱ། །ལྕེ་རྩའི་འོག་དང་འབྲེལ་པ་ནི། །སྐྲང་ཞིང་ལྕེ་ཡི་རྩེ་མོ་འདྲ། །མཛེར་བ་འབྱུང་ཞིང་ཁ་ཆུ་འཛག། ལྕེ་ནི་རེངས་ཤིང་རྩུབ་པ་དང། །གཡའ་དང་ནང ་བཅས་ཚིག་མི་ཐོན། །ཟ་བར་མི་ནུས་ལྕ་ལྷག་ཡིན། །དེ་དང་འདྲ་བར་ལྕེ་སྟེང་ན། །གནས་བའི་ཉེ་བའི་ལྕེ་ཞེས་བྱ། །རླུང་འཁྲུགས་པ་ནི་རྐན་གྱི་ཤར། །འབྲུམ་ཕྲན་སྲ་ཞིང་ནད་བཅས་འགྱུར། །མང་ཞིང་མཐུག་ལ་འཛག་བར་བཅས། །རྐན་གྱི ་འབྲུམ་ཕྲན་ཞེས་དེ་བཤད། །བད་ཀན་ཁྲག་གིས་རྐན་ཕུགས་སུ། །ཉ་ཡི་ལྒང་བ་འདྲ་ཞིང་འཇམ། །འཕྱོང་ཞིང་སྐྲངས་ལ་སྦྱིན་བག་ཅན། །ཁ་ཟས་སྣ་ནས་འབྱུང་བར་བྱེད། །ལྐོག་འགགས་སྐོམ་དང་ལུད་པ་དང། །སློན་བྱེད་ལྐོག་མའི་ཤ་ལྷག ་ཡིན། རྐན་གྱི་ཕུགས་སུ་ནད་མེད་ཤ། འདུས་པ་རྐན་འདུས་ཞེས་བྱའོ།། རྐན་གྱི་དབུས་སུ་པདྨ་འདྲ།། ཁྲག་ལས་སྐྱེས་པ་ཆུ་བུར་ཡིན། །བད་ཀན་འཁྲུགས་པས་རིང་ནས་འཕེལ། །ནད་མེད་རུས་སྦལ་འདྲ་ཞེས་བྱ། །བད་ཀན ་ཚིལ་གྱིས་རྒྱ་སྲན་འདྲ་།ནང་མེད་བརྟན་པ་འབུར་བ་ཡིན། །མཁྲིས་བ་རྣགས་པ་སྨིན་ཞེས་བྱ། །རྣག་འཛག་ནང་དཀྱེལ་ཆེ་བ་ཡིན། །རླུང་མཁྲིས་ལས་གྱུར་ཚ་ཉོན་མོངས། །རྐན་བསྐམས་དེ་ཡི་མིང་ཅན་ཡིན། །ལྕེ ་དང་འབྲེལ་བ་ལྐོག་མའི་ནང། །ཤ་ཡི་མྱུ་གུ་མྱུར་འཕེལ་ཞིང། །མི་བཟང་ལམ་ནི་དག་བྱེད་ལ། །མྱུར་གསོད་བྱེད་པ་གག་པ་ཡིན། །དེ་ནི་རླུང་འགྱུར་ལྐོག་མ་ཁ། །སྐམ་བྱེད་འགྲམ་པ་སྣ་ནད་བསྐྱེད། །མཁྲིས་པས་རིམས་སྐོམ་རྨོངས་བག་ཅན། །ལྐོག ་འགགས་དུད་པས་བདུགས་སྙམ་སེམས། །མྱུར་སྨིན་མྱུར་དུ་འཕེལ་བ་དང། །དམར་ཞིང་རེ་ན་མི་བདེ་བྱེད། །བད་ཀན་གྱིས་དཀར་འབྱར་བག་ཅན། །ཁྲག་གྱུར་འབྲུམ་བུས་ཁྱབ་པ་དང། མེ་མདག་འདྲ་ཞིང་སྣ་ནང་བསྐྱེད། །མཁྲིས་པ་ལས་གྱུར་མཚན ་ཉིད་མཚུངས། །འདུས་གྱུར་སྣག་ཕུགས་གཏིང་རིང་ཞིང། །མཚན་མ་ཀུན་དང་ལྡན་པ་ཡིན། །བད་ཀན་ཤས་ཆེར་སྐྲངས་བ་ལ། །རྨེན་བུ་རྒྱ་ཤུག་འདྲ་ཞིང་མཐོ། །གྲ་མཚེར་མས་གང་སྙམ་བྱེད། །ལམ་འགགས་བྱེད་པ་རྩ ་པ་ཡིན། །ཟླུམ་ཞིང་མཐོ་ལ་ཚ་བ་དང། །ལྐོག་མའི་ངོས་ནས་འདུས་པ་ཡིན། །འགྲམ་པའི་མཚམས་ནས་མགུལ་བའི་ནང། །རས་བལ་ས་བོན་ལྟ་བུར་ཟླུམ། །སྦྱིན་བག་ནད་ཚབས་ཆུང་བར་སྐྲད། །སྲ་བ་མཆུ་རྩེ ་ཅན་ཞེས་བྱ། །ཕྱི་དང་ནང་དུ་མི་བཟང་སྐྲང། །ལྐོག་མའི་ལམ་གྱི་གཏན་པ་འཕྲ་།མགོ་ལྕི་སྣུམ་དང་ཁ་ཆུ་འཛག་།རིམས་བསྐྱེད་ལྐོག་མ་ཆུ་འབྱིངས་ཡིན། །སྐྲངས་བ་ཤས་ཆེར་མི་ན་ཞིང། །མཆུ་ཞེང་དེ་འདྲ་གདུ་བུ་ཡིན། ། ་ནད་ཀྱིས་ལྐོག་མ་ཤ་མཛེར་ནི། །གཅིག་གམ་མང་བསྐྱེད་ནད་ཚབས་ཆུང། །དབུགས་འབྱིན་དཀའ་ཞིང་ཟས་མིང་དཀའ་། །རྩ་བ་ཚ་བ་ལྐོག་མའི?་མཚོན། །ཤ་ཡི་མཛེར་བ་མང་པོས་ཁྱབ། །རབ་སྐོམ་ཚ་ལ་མགོ་བོ་ན། །མདུད་ལྟར་ཤིན ་ནང་སྐྱེད་བྱེད། །མཛེར་བས་ཁྱབ་པས་མདུང་འདྲ་ཡིན། །ལྐོག་མ་ཀུན་ནི་མྱུར་ཁྱབ་ཅིང། །མྱུར་སྐྱེ་སྨིན་འགྱུར་ཤས་ཆེར་ན། །རུལ་བའི་རྣག་འདྲ་འཛག་གྱུར་བ། །སྐྲངས་བ་ལྐོག་མའི་ཁོང་འབྲས་ཡིན། །ལྕེ་ཡི་མཛའ་མ་ལྐོག་མ་སོགས། །སྐྲངས་ཤིང་སྨིན་པ་མེད ་བའི་ནད། །བརྟན་བས་ཁྲག་གིས་བསྐྱེད་བྱེད་པས། །ནང་མེད་ལྐོག་མའི་རྨན་བུ་ཡིན། །རླུང་དང་བད་ཀན་ཚིལ་གྱིས་ནི། །ལྐོག་མའི་ཕྱི་རོལ་ལྦ་བ་སྐྱེད། །དེ་ནི་འཕེལ་བར་འགྱུར་བའི་ཚེ། །རླིག་པ་ལྟར་འབྱད་ན་བ་མེད། །དེ་ནི་རླུང་འགྱུར་དམར་བ་འམ་གནག། རབ་ཟུག་རྩ ་རིས་ནག་པོར་བཅས། །འཕེལ་བས་ལྐོག་མ་ཁ་བསྐམས་ཤིང། །ལྕེ་ཡིས་རོ་མི་ཚོར་བར་བྱེད། །བད་ཀན་ལས་ཅི་རེག་ན་གྲང། །བརྟན་ཞིང་སྐྱ་ལ་གཡའ་དང་བཅས། །འཕེལ་ན་རྐན་དང་ལྐོག་མར་ཆགས། །ཁ་ནི་མངར་བ་བྲོ་བར་བྱེད། །ཚིལ་འགྱུར་བད་ཀན་ལྟ་བུར་ནི།། ་དེ་ནི་འཕེལ་འབྲི་ལུས་འདར་འབྱེད?་།འཕེལ་པར་བྱེད་བའི་ཚེ་ན་ནི། ལྐོག་མར་སྒྲ་བཅས་སྐད་གསང་ཉམས། །བད་ཀན་གྱིས་ནི་རླུང་རྒྱུན་བཀག་།ལྐོག་གཉམས་སྐད་གསང་ཉམས་བ་དང། །དཀའ་བས་དབུགས་འཇིགས་མུན་ཞུགས་སྙམ། །རླུང་ལས་སྐད ་ཉམས་གང་ཡིན་འགྱུར། །རླུང་ནི་ཀུན་ཏུ་འགྲོ་བྱེད་པས། །?་སྨིན་འཕོ་བར་བྱེད་དམ་ཡང་རྩུབ་པ་བསྐྱེད་བྱེད་ཡིན། མཆུ་དམར་པགས་པ་ལྷོད་པ་དང། །ལྕེ་ཡིས་གྲང་བ་མི་བཟོད་ལྕི། །གས་ཤིང་ཚེར་མས་ཁྱབ་འདྲར་སྣང། །ཁ་བརྣགས་གདད་པར་དཀའ་བ་ནི། །ཁ་ཡི་ཤུ་བ་ཞེས ་བྱར་བཤད། །བད་ཀན་གཞང་འབྲུམ་སྐན་སོགས་ཀྱི། །འོག་ཏུ་གནོད་པར་བྱས་པའི་རླུང། །གྱེན་དུ་ཁ་ནི་དྲི་མི་ཞིམ། །དེ་ནི་སྟེང་གི་སྐུབ་ཅེས་བྱ། །མཁྲིས་གྱུར་ཁ་ཤུ་ཁ་བརྣགས་ཤིང། །ཚན་ཁ་ནི་ཁ་བྲོ་ལ། །རྨ་ལ་ལན་ཚྭས་བྱུགས་སྙམ་སེམས། །ཁྲག་ལས་གྱུར་བ ་འདི་དེ་དང་འདྲ། བད་ཀན་ལས་གྱུར་ཁ་མངར་བྲོ། །གཡའ་རྨ་ནི་འབྱིལ་བག་ཅན། །མཁུར་ཚོས་ནང་དུ་བསྟེན་ནས་ནི། །འབྲུམ་བུ་གནག་ཅིང་སྐྱུ་བ་འབྱུང། །དེ་ནི་མཉེ་ཞིང་བཅད་པ་དང། །བསྐྱོད་ན་འཕེལ་བར་བྱེད་པ་ཡིན། །ནད་ནི་ཁྲག་བཅས་གྱུར་ཁ་ཤུ། ཁ་ཤུ་ནད་ནི་ཁྲག། ་བཅས་འགྱུར། །འདུས་པ་མཚན་ཉིད་ཀུན་དང་ལྡན། །དེ་ཉིད་གསོ་ཤིང་ལ་སོགས་ལ། །མི་དགའ་ཁ་དྲི་མི་ཞིམ་འགྱུར། །མཆུ་དང་ཁ་དྲི་མི་ཞིམ་འགྱུར། མཆུ་དང་མཁུར་ཚོས་སོ་རྩ་དང། །ལྕེ་དང་རྐན་དད་མགུལ་བ་དང། །ཁ་དང་ཐམས་ཅད ་དག་གིས་ནི། །ནད་ནི་བདུན་ཅུ་རྩ་དགུ་ཡིན། །བཅུ་གཅིག་གཅིག་དང་བཅུ་དང་ནི། །བཅུ་གསུམ་དེ་དང་དྲུག་དང་བརྒྱད། །བཅོ་བརྒྱད་བཅུ་གཉིས་དག་དང་ནི། །དེ་དག་གོ་རིམས་བཞིན་དུ་སྦྱར། །སོ་སྟོ་ཤ་དང་ཁྲག་འགྱུར་མཆུ། །ཆུ་བུར་ཆུ་ནི་མེད་པ་དང། །རྐན་གྱི་རུས་སྦལ ་འབྲུམ་ཕྲན་དང། །རྙིལ་ཁོང་སྟོང་སྟོང་ཆེ་ཆུང་འཇིངས། །སྐད་ཉམས་སོ་སྔོན་སྟེང་གི་རྐུབ། །མདུད་འདྲ་གང་དུ་འུ་ཆུ་སེར་ཅན། །འདུས་གྱུར་མིང་པ་མཆུ་ནད་དང། །ཁྲག་དང་འདུས་གྱུར་གག་པ་དང། །ས་གོག་སོ་ནི་ཆག་པ་དང། །སྨིན་པའི་ཉེ་བའི་ལྕེ་དང་ནི། །ལྐོག་མའི་?་བ་སྐད་ཉམས ་དང། །བུགས་ཡི་ཐོན་པ་ལོ་གཅིག་ལོན། །སོ་བརྩེ་གསང་བ་འཚོ་བཙམ། །ལྷག་མ་མཚོན་དང་སྨན་གྱིས་གསོ། །ཡན་ཡག་བརྒྱད་པའི་སྙིང་པོ་བསྡས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཅིག་བའོ། །།དེ་ནས་ཁ་ནད་གསོ་བ་བཤད་པར་བྱའོ། །མཆུ་དལ་བ ་ཡི་མཛའ་བླུད་དེ། །བཙེམས་པ་རྨ་ལྟར་གསོ་བར་བྱ།། ཤིང་མངར་སེང་ཕྲོམ་ཀྲ་ཀྲུ་ནི། །ཐལ་ཏྲེས་ཨུཏཔལ་སྲ་པ་ལ་ནི། མོན་སྣེའུ་རྨི་རུ་པ་ཏོ་ལ། །ཏིལ་མར་བསྐོལ་བས་བསྐུ་བར་བྱ། །རླུང་འཇོམས་མངར་བའི་སྡེ་ཚན་དང། །བསྐོལ་བའི་ཏིལ་མར་སྣ་སྨན་བཏང།། ་རླུང་འགྱུར་མཆུ་དང་སྲ་རྩི་པོག་།པྲ་ཚིལ་གུ་གུལ་ཐད་ཤིང་ནི། །སྣམ་ཆེན་བསྐོལ་བའི་རས་བལ་དག། སྤངས་པའི་ཡེའུས་གླན་པར་བྱ། །ཤིང་མངར་ཕྱེ་མར་བཅས་པ་དང། །དེ་ཉིད་ཀྱིས་ནི་བསྐུ་བར་བྱ། །ེ་རཎྜ་ཡི་ལོ་མ་ནི། །འོ་མར་བཅས་པས་སྦུབས་དུགས་བྱའོ། །? ་རལ་སྐབས་བཤད་སྣ་སྨན་དང། །མགོ་བོ་རྟས་བདག་ཀྱང་བྱ། །མཁྲིས་པ་སྣང་པའི་མཆུ་ནང་ལ། །སྲིན་བུ་པདྨས་ཁྲག་དབྱུང་ངོ། །སེར་ཕྲོམ་སྦྲང་རྩི་སྲ་རྩི་བོག། ཤིང་མདར་བཅས་པའི་ཕྱེ་མས་གདག་སླ་ཏྲེས་ཤིང་མདར་རྨ་ཤིང་དང་བསྐོལ་བའི་མང་གྱེས་བསྐུས་ནའང་ཕན།། ་མཁྲིས་པའི་ཁོང་འབྲས་ལྟར་ཡང་གསོ། །ཁྲག་ལས་གྱུར་བ་སར་བ་ལ། །དེ་དག་ཉིད་ཀྱིས་གསོ་བར་བྱ། །བད་ཀན་ལས་གྱུར་མཆུ་ནང་ལ། །བ་ཏའི་ཐལ་བ་ཚ་བ་གསུམ། །སྦྲང་རྩི་དང་ནི་སྦྱང་བ་བསྐུ། །གཏར་ག་བྱས་ནས་?་གདབ། །བད་ཀན་འཇོམས་པར་བྱེད་བ་ཡི། །དུད་རྡུབ་སྣ་སྨན་མཁུར ་བཀང་བྱ། །ཚིལ་འགྱུར་དུགས་བྱས་དབྲལ་ནས་ནི། །མེ་ཡིས་ངེས་པར་བསྲེག་པར་བྱ། །པྲི་ཡང་ཀུ་དང་འབྲས་བུ་གསུམ། །སེང་ཕྲོམ་སྦྲང་རྩི་སྦྱར་བས་བསྐུ། ཆུ་ཡི་ཆུ་བུར་བརྟོལ་ནས་སྦྱར། །སྨན་སྣོད་སྦྲང་རྩིས་བསྐུ་བར་བྱ། །གཏིང་རིང་བ་འམ་རབ་འཕེལ་ལ། ཐལ་?་དག་གམ་མ་བཙས ་གསོ། །མཁར་བའི་ཆུ་སེར་སྨིན་སྐབས་སུ། །སྒངས་བའི་ནང་ལྟར་གསོ་བར་བྱ། །སོ་གྲང་བ་ལ་དུགས་བྱས་ལ། །སོ་རྩ་དྲུག་དེ་ཏིལ་མར་བསྲེག། གས་སྒང་རྒྱམ་ཚ་སྦྲང་རྩི་དང། །སེའུ་འབྲུའི་ཤུན་པ་འབྲས་བུ་གསུམ། །སྐྱེར་པ་ཁཎྜ་འདམ་བུའི་རྐང། །བཅའ་སྒ་སྦྱར་བས་བསྐུ་བར་བྱ། །འོ ་མཆན་བསྐོལ་མཁུར་བ་བཀང། །ེ་རཎྜའི་མར་སྣ་སྨན་བཏབ། །སོ་རྩོ་དེ་བཞིན་བྱེ་བ་ལ། །རླུང་འཇོམས་གིས་བ་ཐམས་ཅད་བྱ། །ཏིལ་དང་ཤིང་མངར་སྦྲང་རྩི་ནི། །འོ་མར་བསྐོལ་བའི་མཁུར་བཀང་བ་དང། །སོ་འགུལ་བ་ལ་རྩ་བ་བཅུ་ནི། །ཁུ་བ་མར་བསྐོལ?་མཁུར་བ ་བཀང། །སྤང་མ་སེང་བྲོམ་བི་བི་ལིང། །འབྲས་བུ་གསུམ་དང་རྨ་ཤིང་དང། །རྒྱམ་ཚ་ཡིས་ནི་བདར་པར་བྱ། །སྣུམ་སྨན་གྱི་ནི་སྣེ་སྨན་དང། །མཁུར་བཀང་སྣ་སྨན་ཇི་བཞིན་བསྟེན། །སོ་ལྷག་སྐྱེས་པ་ཐལ་སྨན་གྱིས། །བསྐུས་ཏེ་གོམས་པར་བ་གྱུར་བ་དང། །སྲིན་ཅན་?་ལྟར་གྱུར? ་ནས་ནི། །དེ་ཚེ་དེ་དང་འདྲ་བར་གསོ། །ཁྲག་ནི་ཆོད་པར་མ་གྱུར་ན། །བསྲེགས་ལ་རྨ་ལྟང་གསོ་བར་བྱ། །སོ་དྲེག་ཆགས་ལ་སོ་རྩལ། །གནོད་པ་མེད་པར་གསལ་བར་བྱ། །ཐལ་སྨན་སྦྲང་རྩའི་བཅས་པས་ནི། །དེ་ཡི་འོག་ཏུ་བསྐུ་བར་བྱ། ས་གོག་བའང་དེ་ཉིད་?་སོ་རྩར ་བཤད་བས་གསོ་བར་བྱ། །སྲིན་ཅན་སོ་ན་མི་འགུལ་ལ་དུགས་བྱས་ནས་ནི་ཁྲག་དབྱུང་བྱ། །སྣུམ་གྱིས་བསྐུ་ཞིང་མཁུད་བཀང་དང། །སྣ་སྨན་ཁ་?་རླུང་འཇོམས་སྦྱིན། །?་སྟོང་བུ་རམ་སྤྲ་ཚིལ་གྱིས། །གང་བའི་ཐུར་མས་བསྲེགས་པར་བྱ། ལོ་མ་བདུན་པ་?་ཡི། །འོ་མ ་བཀང་ན་སྲིན་གཟེར་འཇོམས། །ཤིང་ཀུན་ནག་ཚུར་ཀཏཔལ། །ས་རྩི་ཀ་དང་བི་ཊཱཾ་ཀ་རུ་རྟའི་ཕྱེ་མ་རས་བ་ལ་གཏུམས། །སོར་གླན་ཟུག་ཟེར་མྱུར་དུ་འཇོམས། །ཡང་ན་འདི་ཉིད་བསྐོལ་བ་ཡི། །ཏིལ་མར་འཁུར་བས་བཅད་བར་བྱ། །ཡང་ན་བྲི་ཧ་ཏཱི ་རྣམ་གཉིས། །བུག་དམ་པ་ཨེ་རཎྜ། །བསྐོལ་བའི་ཁུ་བ་མཁུར་བ་དགར། །དེ་ལྟར་གསོ་བ་མང་པ་ཡིས། །ནད་ནི་ཞི་བར་མ་གྱུར་ན། །སྐམ་པ་ཕྲ་མོ་དག་གིས་སན། །སོ་དབྱུང་བ་ཡི་ཆ་དཔྱད་ཀྱིས། །དང་པོ་རྩ་བ་ནས་བསླང་སྟེ། །གཏན་ནས་དེ་ནི་དབྱུང་བར་བྱ། །ཏིལ་མང་ཤིང ་མདར་ཕྱེར་བཅས་པའམ། །སྦྲང་རྩིས་དེ་འོག་མཁུར་བཀང་བྱ། །དེ་འོག་ཤིང་མངར་བི་ད་རི། །སྲིང་ཀ་དང་ཀ་ཤེ་རུ། །ཏིལ་མར་བཅུ་འགྱུར་འོ་མ་དང། །བསྐོལ་བའི་སྣ་སྨན་བཏང་བར་བྱ། །རིད་ཅིང་ཉམས་ཆུང་རྐང་པོ་དང། །རླུང་ནད་ཀྱིས་ཉེན་སོ་མི་དབྱུང། །ཡ་སོ་དབྱུང་བར་མི་བྱ་སྟེ། ་དེ་ནི་བླ་གཉན་མང་པོ་བསྐྱེད། །དེ་ཡང་འབྱིན་ན་སྣུམ་པ་དང། །མངར་དང་བསིལ་བའི་རིམ་བས་གསོ། །གྲང་བས་ཉེན་ལ་ཁྲག་དབྱུང་ཞིང། །སྦྲང་རྩིར་བཅས་པ་བསྐུ་བར་བྱ། །གླ་སྒང་ཨརྫུ་ནའི་ཤུན་པ། །བྲི་ཡང་ཀུ་དང་སྐྱེར་ཁཎྜ། །བཅའ་སྒ་སྦྲང་རྩི་སྦྱར་བས་བསྐུ། །དེ་བསྐོལ་བས ་ནི་མ་ཁུར་བ་བཀད། །མངར་སྨན་ཏིལ་མར་བསྐོལ་སྣང་བླུག་རྙིལ་ནི་ཉེ་བར་བདར་བ་ལ། །ཆུ་ཚན་མཁུར་བཀང་བས་དུགས་?་དཀྱིལ་འཁོར་འདྲ་བའམ་ཤག་ཡི། །ལོ་མས་མང་དུ་བླུད་པར་བྱ། །རྒྱ་སྐྱེགས་རྨ་ཤིང་པྲི་ཡམ་ཀུ་རྒྱ་རྒྱམ་ཚ་རུ་རྟ་བཙག་ཡུག་སྣམ། ན་ཡེ་ཤེས་དང་བཅས ་སྒ་དང། །ཤིང་མངར་སྐྱེར་བའི་ཁཎྜ་དང། །མར་གྱི་སྙིང་པོ་སྦྲང་རྩི་དང། །སྦྱར་བ་དེ་འོག་བསྐུ་བར་བྱ། མར་ཁུ་འམ་ཏིལ་མར་མཁུར་སྦོ་ག། དྲོ་འཇམ་དེ་ཡི་རྗེས་ལ་བྱ། །མངར་བའི་སྡེ་དང་བསྐོལ་བའི་མར། །མཁུར་བཀད་སྣ་སྨན་བྱས་ན་ཕན། །སོ་འབུར་བ་ལ་དུགས་བྱས་ལ ་བཅད་དད་དབུཌ་དང་བླུ་པར་བྱ།། ཤིང་མངར་བཅའ་སྒ་ས་རྫི་ཀ། རྒྱ་མཆའི?་ཕྱེ་མ་བསྐུ་བར་བྱ། །སོ་ཡི་ཁོང་འབྲས་ཚ་དྲོ་རྣོ། །རྩུབ་བའི་མཁུར་བཀང་བསྐུ་བར་བྱ། །?་ཅོ་ཤེལ་དང་བསྤྲུ་ག། དུ་རྟ?་ནས་ཚིག་འཁུར་ཕྱིར་བ་དར། །བསིལ་སྨན་གྱིས་ནི་སྨིན་མི་གཞུག། སྨིན་ན་དྲལ་ལ ་གཏིང་རིང་བསྲེག། ཁོང་སྟོང་བཅད་དེ་བླུད་ནས་ནི་?་སྒང་སེང་ཕྲོམ་འབྲས་བུ་གསུམ། །ཤུ་ཏི་རྨ་ཤིང་སྐྱེར་ཁཎྜ། །རྒྱ་སྐྱེགས་ཤིང་མངར་ཀཏཔ་ལ། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། །དེ་ཉིད་ཁུ་བས་མཁུར་བར་དགང། །ཤིང་མངར་སེང་ཕྲོམ་དུ་རྦ་དཀར། །ཐལ་ཏྲེས་ཅན ་དན་ཨ་ཀ་རུ། །ཀ་ར་དཀར་པོ་བཙག་ཡུག་སྣམ། །པདྨ་དཀར་པོ་སྟག་ཚེར་བ། །བསྐོལ་བའི་སྣ་སྨན་ཏིལ་མར་བཏད། ཤ་ལྷག་སྐྱེས་པ་བཅད་ནས་ནི།། ཤུ་དག་ཏེ་ཛ་བ་ཊི་དང། །བ་ཏ་ནས་ཚིག་འཁུས་ཐལ་བ། །སརྫི་ཀ་དང་སྦྲང་རྩི་བསྐུ། །འབྲས་བུ་གསུམ་དང ་པ་ཏོ་ལ། །ནིམྦ་བསྐོལ་བས་མཁུར་བ་དགང། །སྣང་བ་ལས་བྱུང་ནད་ལས་ནི། །སྐྱི་ན་གོར་རྩེ་མོས་དྲལ་ལ་སྦྱང། །དེ་ནས་ཐལ་སྨན་སྣ་སྨན་བཏང། །མཁུར་བཀང་ལ་སོགས་བསིལ་སྨན་བཏང། །ལུས་ཀྱི་གོང་འོག་ནས་སྦྱངས་བྱ། །དེ་འོག་མགོ་བོའི་བཀྲུ་སྨན་བྱ། །སོ ་ཡིས་རྩ་ནི་སོས་ནས་ཀྱང། །ཕྱུང་སྟེ་ནད་དང་ལྡན་པ་ཡི། །བུ་རམ་སྦྲ་ཚིལ་བཀད་པས་བསྲེག། ཛ་ཏེ་སེང་ལྡེང་སྦྲ་ཚིལ་དང། །གཟེ་མ་བསྐོལ་བའི་ཁུབས་བ་?། །འོ་མ་ཅན་ཤིང་ཆུས་མ་ཕུར་བཀང། །དེ་བསྐོལ་ཏིལ་མར་སྣ་སྨན་བཏང། །རླུང་འགྱུར་ལྕེ་ནི་རྩུབ་པ་ལ། །རླུང་གིས ་མཆུ་ནད་གོས་བར་བྱ། །མཁྲིས་པ་ལས་གྱུར་ལྕེ་ནད་ལ། །གཞར་ཏེ་ཁྲག་ནི་དབྱུང་བར་བྱ། །བསྐུ་དང་མཁུར་བ་དག་པ་དང། །སྣ་སྨན་མངར་བ་དག་ཀྱང་བྱ། །དེ་བཞིན་བད་ཀན་ལས་གྱུར་ལ། །ཡུངས་ཀར་ཚ་བ་གསུམ་ལ་སོགས། །སྨན་ནི་རྣོན་བོས་གོས་བར་བྱ། །ལྕེ་ལ་ཆུ་སེར ་འཛག་པ་གསར། །མཚོན་མི་རེག་པར་དེ་བཞིན་གསོ། །ལྕེ་ལྷག་སྐྱེས་པ་ལྕེ་བཏེག་སྟེ། །ལྕགས་ཀྱུས་ལྕེ་ལྷག་དྲངས་ནས་ནི། རྩེ་མོ་སྦྱིན་གོར་འདྲ་བས་བཅད། རྣོ་དང་དྲོ་བས་བ་དངོས?་བྱ། །ཉེ་བའི་ལྕེ་ལ་ཁྲག་?་ཏེ། ནས་ཚིག་འཁྲུས་པའི་ཐལ་བས་བདག། ཤ་ལྷག ་སྐྱེས་པ་བད་ཀན་འཇོམས། སྣ་སྨན་མ་ཁུར་བཀང་བ་དར་བར་བྱ། །ག་གོན་ས་བོན་ལྟ་བུར་ནི། །འཕེལ་ཞིང་རྩ་ནི་མི་མངོན་དང། །རྩེ་མོས་ལྕེ་ཡི་རྩ་བ་སླེབས། །ལྕགས་ཀྱུ་ཡིས་ནི་བཟུང་ནས་ཀྱང། །རྩེ་མོ་སྐྱིན་གོར་འདྲ་བ་ཡིས། །རྩེ་མོ་ཙ་བ་རན་བར་བཅད། །བཅས་དྲགས ་?་གཟགས་འཆི་བར་བྱེད། །བཅད་ཆུང་ནད་ནི་འཕེལ་བར་བྱེད། །བོད་ད་པ་ཏན་?་ཤམ། །ཤུ་དག་རུཎྜ་པ་རི་ལ། །རྒྱམ་ཚོ་སྦྲང་རྩི་བཅས་པ་ཡིས། །བཅས་བ་དག་ནི་བདར་བར་བྱ། །ས་རི་པེ་ལ་ཀུ་ཏནྟའོ། །པུ་ཅེ་ཤེལ་དང་པོ་དང? ་དཀར། །བ་ཏ་ནི་མྦ་ད་སྣ་དར། །ཤུ་དག་ཆུ་ཡིས་མཁུར་བཀང་བྱ། །འདུས་འདས་སོ་འབུར་རུས་སྦལ་འདྲ། །དེ་བཞིན་བཞར་ཏེ་གསོ་བར་བྱ། །རྐན་བརྣགས་མ་སྨིན་པ་ལ་ནི། །ནག་ཚུལ་སྦྲང་རྩི་སྐྱེར་ཁཎྜ། །བསྐུ་བར་བྱའོ་གསིལ་དང་མངར། །སྨན་བསྐོལ་ཁུ་བཱ་མཁུར་བ ་དགད། །སྨིན་ནས་ན་ཡའི་གཞི་ལྟར་དྲས། །རྣོ་དང་དྲོ་བས་བསྐུ་བར་བྱ། །བཱ་ཤ་ཀ་དང་བ་ཏོ་ལ། །ནིམཔ་ལ་སོགས་རྣོ་བ་ཡི། །སྨན་གྱི་ཁུ་བས་མཁུར་བ་འགད། །རྐན་བསྐམས་སྐོམ་དང་མེད་པོ་ལ། །ཟས་ཟོས་རྗེས་ལ་ཞུན་མར་ནི། །བཅའ་སྨ་པི་པི་ལིང་བསྐོལ་བླུབ? ་སྐྱུར་བས་མཁུར་བ་སྤོང་དགང་གཅེས། །སྐམ་སའི་ཤ་ཁུ་སྣུམ་བ་དང། །ཞུན་མར་འོ་མའི་སྣ་སྨན་བཏང། །ལྐོག་མའི་ནང་ལ་གཏར་ག་གདབ། །ས་སྨན་ལ་སོགས་རྣོན་ལོ་བྱ། །སྐྱེར་བའི་ཤུན་པ་སྐྱེར་ཁཎྜ། དུག་ནོ་ཉུང?་བསྐོལ་ཁུ་བ་བླུད། ། རུ་ར་ཡི་གུབ?་ནི།། ་སྦྲང་རྩིར་ལྡན་པ་སྦྱིན་བར་བྱ། །འབྲས་བུ་གསུམ་དང་ཚ་བ་གསུམ། །ནས་ཚིག་འཁྲུས་ཐལ་སྐྱེད་བ་དང། །ཙི་ཏྲ་ཀ་དང་སྐྱེར་ཁཎྜ། །པ་ཏ་ཏེ་པི་ཏི་དང། །ནིམཔ་ཚ་དང་གཅིན་བསྐོལ། །མཁར་བ་སྦོ་དང་རིལ་བུ་དང། །ཕྱེ་མ་གདབ་པ་དག་ཀྱང་བྱ། །ལྕང་མ་ཀྱི་རི་ཀ་རྣི་དང? ་གླ་སྒང་ཐང་ཤིང་བཅའ་སྒ་དང། །ཤུ་དག་དམ་དམུ་རྦ་ཡི། །ལྡེ་གུ་དྲོ་བསྐུས་སྐྲངས་ནང་སེལ། །དེ་ནས་ཕྱི་ནང་དུགས་བྱས་ཏེ། །སོ་རྡུབ?་ཆ་སྦྱད་དག་གིས་སམ། རྒྱ་མཚ་ལྡན་པའི་སེན་མོ་ཡིས། །རླུང་འགྱུར་གག་པ་བཞར་བར་བྱ། རྩ་བ་ལྔ་བསྐོལ་མཁུར་བཤད་དང། ་ཏིལ་མར་མཁུར་སྤོ་སྣ་སྨན་བར། །མཁྲིས་པ་ལས་གྱུར་གཏར་ག་གདབ། ཁ་ར་སྦྲང་རྩི་?་ཡང་ཀུ། །སེང་ཕྲོམ་རྨ་ཤིང་བཅས་པ་འདར། །དེ་བསྐོལ་ཁུ་བ་མཁུར་བར་བཅད། །རྐུན་འབྲུམ་བ་རུ་ཤ་ག་བསྐོལ། །མཁུར་བ་དགད་བའམ་ཕན་པ་ཡིན།། ་ཁྲས་ལས་གྱུར་བ་འང་དེ་བཞིན་དུ། །གཏར་ག་གདབ་སྟེ་གསོ་བར་བྱ། །བད་ཀན་ལས་གྱུར་ཁབ་ཡི། །དུད་པ་ཚ་བའི་སྨན་བཅས་གདབ། ། པ་མ་རྒའི་འབྲས་བུ་དང། །གི་རི་ཀརྣི་བྱི་ཏངྒ། རྒྱམ་ཚ་ཅན་དན་ཏིལ་མར་བསྐོལ། །སྣ་སྨན་མཁུར་བཀང་བྱ་བ་བསྔགས ་དེ་གཞིན་འདུས་དང་རྩ་བ་དང། །མཆུ་རྩེ་སྐོག་མའི་མཚོན་ལའང་བྱ། །ཁོང་འབྲས་ཁྲག་གཟགས་འབྲས་བུ་གསུམ། །གི་ཝང་ཡུག་སྣམ་སྐྱེར་ཁཎྜ། །སེང་ཕྲོམ་རྒྱམ་ཚ་རྨ་ཤིང་དང། །པི་པི་ལིང་བསྐུ་མཁུར་བཀང་བྱ། །རླུང་ལས་གྱུར་བའི་ཝ་བ་ལ། །དུགས་བྱས ་ནས་ནི་ཁྲག་དབྱུང་ཞིང། །ཏིལ་དང་ཟར་མ་ལེ་བརྒན་རྩི། །པི་ལ་ཡ་དང་སོ་འབྲས་ཀྱིས། །རྨ་འདྲུབས་ནས་བསྐུ་དཀྲེ་བར་བྱ། །ཤི་ཀྲུ་སེང་བྲོམ་གཏང་ག་རི། །ཏམ་བལ་ཧ་ཏི་པི་པི་ལིང། །བ་ས?་བ་དང་ཨ་རུ་ར། །རྒ་རྩབ་པོ་སོན་ཆ། །ེ་ཀི་ཤང་ཀར་བཅས་པར་ནི།། ་ཆན་དམ་དག་སྐྱར་བཏགས་པས་བསྐུ། །ལྡེ་གུ་ཡང་དང་ཡང་དུ་བསྐུ། །སླེ་ཏྲེས་ནིམྦ་གུག་མོ་ཉུང། །ཧམ་ས་བ་ཏི་བ་ལ་གཉིས། །ཐད་ཤིང་དང་ནི་པི་པི་ལིང། །བསྐོལ་བའི་ཏིལ་མར་བླུད་པར་བྱ། །བད་ཀན་ལ་ཡང་འདི་དག་ནི། །བྱ་ཞིང་ལྷག་པར་དུགས་བསྐུ་བྱ། ། ་ས་གནདྷ་བོ་ད?་དཀར། ། ས་ཤིང་ཀི་བ་ཤི་ལ། །སྐུ་བ་ཁ་བོ་འོལ་མ་སི། །ཤིར?་ཤ་དང་རྒྱ་སྐྱེགས་ཤིང། །ཐལ་ཆུའི་ལྡེ་གུས་བསྐུ་བར་བྱ། །ཐལ་བ་རྣོན་པོ་གཅིན་བསྐོལ་བཙགས། །ཁྲེ་རྒོད་བཟའ་ཞིང་བཏུང་པར་བྱ། །དུག་མོ་ཉུང་སོགས་ལན་ཚྭ་ལྔ། །ཏིལ་མར་ལྷན་ཅིག ་བསྐོལ་བ་བླུད། །བད་ཀན་འཇོམས་བའི་དུད་པ་དང། །སློན་སྨན་སྣ་སྨན་ལ་སོགས་བསྐོལ། །ཚིལ་གྱུར་བ་ལ་གཏར་ག་གདག་།བད་ཀན་འཇམས་བའི་ཆོག?་བསྟན། །འདི་ལ་ཨ་ས་ལ་སོགས་པའི། །ཁུ་བ་གཅིན་ནི་སྔ་དྲོ་བླུད། །དེ་མ་ཞེ་ན་ཐམས་ཅད་ནི། །སྨིན ་བྱས་རྨ་ལྟར་གསོ་བར་བྱ། །ཁ་ཤུ་ལ་ནི་འབྲས་བུ་གསུམ། །པ་ཏ་རྐུན་འབྲུམ་ཛ་ཏི་ཡི། །ལོ་མར་བསྐོལ་བའི་སྤྲང་རྩིར་བཅས། །ཁ་ནི་བསྲུ་ཞིང་བཅད་པར་བྱ། །ཡང་ན་ཞིམ་ཐིག་ལེ་སོགས་སྔོ། །བཟའ་ཞིང་བསྟེན་བ་ཉིད་དུ་བྱ། །རླུང་གི་ཁ་ཤུད་པི་པི་ལིང།། ་རྒྱམ་ཚ་སུག་སྨེལ་ཕྱེ་མ་གདབ། །ཡང་ན་རླུང་འཇོམས་སྨན་བསྐོལ་བའི། །ཏིལ་མར་སྣ་སྨན་མཁུར་བཀད་ཕན། །ཁྲག་མཁྲིས་གྱུར་ལ་ཁྲག་མཁྲིས་འཛོམས། །བད་ཀན་ལས་གྱུར་དེ་འཇོམས་བསྟེན། །འབྲུམ་ཕྲན་སྲ་ཞིང་བརྟན ་བ་ལ། །ཤ་ཁའི་ལོ་མ་སོགས་ཀྱིས་བཞད། །འདུས་པ་ལས་གྱུར་གོས་བ་ནི། །ནང་གཞི་ཇི་ལྟར་ཤས་ཚེར་བྱ། །ཆུ་པུར་གསར་ཞིང་མ་འཕེལ་བ། །བཅད་ལ་ས་རྫི་ཀའི་ཐལ་བ། །བཅའ་སྒ་སྦྲང་རྩིས་གདབ་བར་བྱ། །དེ་བསྐོལ་མཁུར་བ་བཀང་བར་བ། །སླེ ་ཏྲེས་ནི་མའི་ལྡེ་གུ་ནི། །སྦྲང་རྩི་ཏིལ་མར་བཅས་པའང་རུང། །ནས་ཟན་ཟ་ཞིང་ཏིལ་མར་རྣོས། །སྣ་སྨད་དང་ནི་སྐུ་བུག་བྱ། །ཁ་དྲིང་ལ་སློན་སྨན་དང། །དུད་ལ་སྣ་སྨན་རྣོན་པོ་བཏང། །བཙོང་དང་སེད་ཕྲོམ་ད་ད་ཀི། ཤུག་པ་བྲི་ཡང་ཀུ་ཡི་ཆུས། །ཁ་ཡི་ནད་ནི་ཀྲུ་བ་དང།། ་ཕྱེ་མས་ཁ་ནི་དགང་བར་བྱ། །གྲང་ཉེན་ཉེ་བར་བདར་བཤད་པའི། །སྣ་སྨན་ལ་སོགས་བསྟེན་པར་བྱ། །འབྲས་བུ་གསུམ་དང་རྩི་མཁྲིས་རྩི་ཏྲ་ཀ་ཤིང་མངར་ཡུངས་ཀར་གླ་སྒང་ཚ་བ་གསུམ། །ཡ་བཀྵ་ར་སེར་པོ་རྣམ་གཉིས་དང། །ད་ཏྲིག་ཙན་དན་ལྕད་མ་སྟར་བུ་དང། ། ་ཤྭདཐ་དད་འཛམ་བུའི་མྱ་གུ་དད། །ད་ནམ་ཛ་ཡ་ཀ་ར་བི་རའི་ཤུན། །སེད་ལྡེང་སྙིང་པོ་བསྐོལ་ཏེ་སྐ་བར་འགྱུར། །དེ་ཡི་ཕྱེ་མར་བཏབ་སྟེ་རིལ་བུ་བྱ། །དེ་ནི་ཁ་ནང་རྟག་ཏུ་བཞག་གྱུར་ན། །མཆུ་དང་རྐན་སོགས་ནད་ནི་མི་བཟང་འཇོམས། །མཆོག་ཏུ་ཁ་བསྐམས་པ་དང་གག་པ་དེད? ་རོ་མི་ཚོར་སེལ་ལུས་འཕགས་བདག་པས་བཤད། །སེང་ལྡེང་སྲང་བརྒྱ་ཆུ་བྲེ་བཅུ་དྲུག་བསྐོལ། །ཁུ་བ་དེ་དང་ཙན་དན་ཨ་ཀ་རུ། །གུར་ཀུམ་པ་ལ་པ་རི་པེ་ལ་དང། །ཐང་ཤིང་སེང་ཕྲོ་མ་རྒུན་འབྲུམ་བུ་ཤེལ་ཙེ། །བཙོད་དང་མོ་ཙ་ཤུག་པ་བི་ཏངྒ། །པྲི་ཀ་རྒྱ་སྤོས་ཀཏཔ་ལ་ཆུ་སྲིན ་སེན། །སུག་སྨེལ་བྱ་མ་ཀ་དང་རྨ་ཤིང་བཅས། ཞོ་ནི་གཉིས་གཉིས་ཏིལ་མར་བྲེ་གད་བསྐོལ། །དེ་ནི་བཏུང་དང་སྣ་སྨན་མཁུར་བཀང་བྱས། །བ་ཡིན་ད་ཀུན་འཇོམས་བྱེད་བྱ་རྒོད་ལྔར། །མིག་གསལ་རྣ་བ་ཕག་འདྲར་གསད་བར་བྱེད། །ཚ་ཀྲ་མང་དང་སྐྱེར་པ་སེང་བྲོམ་གྱི། །ལྔ་གུ ་གདོང་ལ་བྱུགས་པར་གྱུར་ན་ནི། །ངོ་ཁབ་དྲི་མ་སྨི་པ་ལ་སོགས་སེལ། །ཟླ་བ་ལྟ་བུའི་མདངས་དང་ལྡན་པར་འགྱུར། །ས་ཧ་ར་ཙ་སྲང་སྟོང་ཆུ་བྲེ་ནི། །བཅུ་དྲུག་ནང་བསྐོལ་བརྒྱད་ཆ་ལུས་པ་རུ། །སེང་ལྡེང་འཛམ་བུ་ཤིང་མངར་ཨ་ནནྟ། ། མྲ་ཨ་ཏི་ཤིང་མངར་ཨུདྤལ་སྔ། ཞིབ ་བཏགས་ཏིལ་མར་པྲེ་གང་ནང་དུ་བསྐོལ། །དེ་ནི་ཁ་ཡི་ནང་དུ་བཅངས་གྱུར་ན། །ཁ་ཡི་ནང་ཀུན་འཇོམས་ཤིང་ཁྱད་པར་དུ། །སོ་ཡི་ཕྲེང་བ་འགུལ་པ་བརྟན་པར་བྱེད། །སེང་ལྡང་སྙིང་པོ་སྲང་ནི་ཉིས་བརྒྱ་དང། ། རི་མེད་ས་ནི་སྲང་བརྒྱད་དག་།ཆུ་བྲེ་དྲུག་ཅུ་བཞི་བསྐོལ ་བཞི་ཚ་ལུས། །བཙགས་ཏེ་སླར་ཡང་སྐ་བའི་བར་དུ་བསྐྲོལ། །དེ་ནད་དབྱི་མོང་རྨ་ཤིང་བ་ལི་ཀ་།ཅན་ངན་རྣམ་གཉིས་སེད་ཁྲོམ་སྟག་ཚོར་བ། ཤིང་མངར་རྒྱ་སྐྱེགས་ཨཉྫ་རིན་རྣམ་གཉིས། །དད་གི་དང་ཀཏཔ་ལའི་འབྲས་བུ། །སེར་པོ་རྣམ་གཉིས་འབྲས་བུ་གསུམ་དང་ནི། །དྲི་སྣ ་བཞི་དང་གླ་སྒང་ཨ་རུ་ར། །བཙོད་དང་སྤང་སྤོས་ནྱགྲོ་དྷའི་མྱུ་དུ། །ཤུག་པ་བཙོད་དང་ཨེལ་བ་ལུ། །ཞོ་ནི་གཉིས་གཉིས་བཏབ་སྟེ་བསྒྲངས?་པ་རུ། །ཛཱ་ཏི་པ་ཏྲ་ཛ་ཏི་ཕ་ལ་དང། །ལི་ཤི་ཨ་ཀོ་ལ་དང་ཀ་ཀོ་ལ། །སྲང་རེག་པུར་སྲང་བཞི་གཞུག་པར་བྱ། །དེ་ལ་རིལ་བུ་བྱས་ལ ་རྟག་ཏུ་ནི། །བར་གཞག་ན་ནི་ཁ་ནད་ཐམས་ཅད་སེལ། །བསྐོལ་དང་རེད་བུའི་སྨན་ནི་གོ་བཟློག་པ། །བརྟག་པ་འདི་ནི་ཏིལ་མར་བསྐོལ་བར་བྱ། །ཁ་ན་དཀུན་སེལ་བར་ནི་དེ་བཤད་དོ། །སོ་བརྟན་བྱེད་པའི་མཆོག་ཀྱང་འདི་ཉིད་ཡིན། །རིལ་པུ་འདི་ཉིད་སྐྱེད་ལྡེང་སྦྱར་ཏིལ་མར ་ཨ་རི་མེད་ས་དང་བསྐོལ་བ་དག། །ཉིན་རེ་སྟེན་པར་བྱེད་ན་ནད་མེད་པའང། །སོ་ནི་ངེས་པར་བརྟན་པར་བྱེད་པ་ཡིན། །རྒུན་འབྲུམ་སླེ་ཏྲེས་ཛཱ་ཏི་མྱུ་གུ་དང། །སྐྱེད་པ་བྱི་ཚེར་འབྲས་བུ་གསུམ་བསྐོལ་བ། །སྦྲང་རྩིར་བཅས་པ་འདི་ཡི་མཁུར་བར་བཅངས། ཁ་ཡི་ནད་དུ་གཏོགས ་པ་ཐམས་ཅད་སེལ། །སྐྱེར་པ་པ་ཏ་རུ་རྟ་གླ་སྒད་བཙོད། །ཡུངས་དང་སེད་ཕྲོམ་ཏེ་ཙོ་བ་ཏི་དག། །པུ་ཙི་ཤེལ་གྱི་ཕྱེ་མ་སྤྲང་རྩིར་སྦྱར། བསྐུས་ན་གཉིད་ནང་ཉམ་ཐག་གཡའ་བ་དང། །རྣག་འཛག་པ་ཡི་ནད་རྣམས་འཇོམས་པར་བྱེད། །ཁྱིམ་གྱི་དུད་པ་བ་ཏ་སྐྱེར་ཁཎྜ། །ཚ་བ་གསུཾ ་དང་ནས་ཚིག་འཁུས་ཐལ་བ། །ཙིཏྲ་ཀ་རང་ལྕགས་ཕྱེ་འབྲས་བུ་གསུམ། །ཏེ་ཙོ་པ་ཏི་སྦྲང་རྩིར་སྦྱར་བ་ནི། །ནག་པོ་ཁང་བཅངས་སོ་དང་མགུལ་ནད་སེལ། །སྐྱེད་པའི་ཤུན་པ་ལྡོང་རོས་ལྕེ་མྱང་ཚ། །བ་བླ་ནས་ཚག་འཁུས་པའི་ཐལ་བའི་ཕྱེ། །སྦྲད ་རྩི་མར་སྦྱར་ཕྱེ་མ་སེར་པོ་ཅན་ཁང་བཞག་སོ་དང་མགུལ་བའི་ནང་རྣམས་སེལ། །བ་གཅིག་ཨ་རུ་ར་བསྐོལ་ཐིམ་གྱུར་པ། །ཤུ་ཏི་རུ་རྟ་བ་ལི་ཀིའི་ཕྱེ་ཟོས། །ནང་གི་ཁ་ནད་ཕྲ་མོ་ཡན་ཆད་ནི། །རྒྱལ་པོར་བསྟེན་ན་གནོད་པས་མི་ཚུགས་བཞིན། །ནང་དུ་བཞག་ན་ནར་རྣམS ་སེལ་བར་བྱེད། །ལོ་མ་བདུན་པ་བླ་སྤང་པུ་ཤེལ་ཅོ། ། རུ་ར་དང་ཏིག་ཏ་པ་ཏོ་ལ། །ཤིང་མངར་དོང་ཀ་ཙན་དན་བུ་ཙེ་ཤེལ། །བསྐོལ་བ་འཐུངས་ན་ཁ་ཡི་ཤུ་བ་འཇོམས། །པ་ཏོ་ལ་དང་བཅའ་སྒ་འབྲས་བུ་གསུམ། །བི་ཤ་ལ་དད་ཏིག་ཏ་ཁྱི་ལྕེ་བ། །སླེ་ཏྲེས་བསྐོལ་བ་སྤྲང་རྩིར ་བཅས་བླུད་པ་འམ། །ཁར་བཞག་ག་ཡི་ནང་ཀུན་མ་ལུས་འཇོམས། །སྐྱེར་བ་བསྐོལ་པའི་ཁུ་བ་ནི། །སྐ་འགྱུར་ཡུག་སྣམ་བཅག་དང་བཅས། །སྦྲང་རྩི་བཅས་པ་ཁ་ནད་བཞག་ཤུ་བ་རྨ་འཁྱིམས་སེལ་བར་བྱེད། ནིམཔ་ཤིང་མངར་པ་ཏོ་ལ། །བ་ཤ་ཀ་དང་ཛཱ་ཏི་དང། །སེང་ལྡེང་ཨ་རི་མེ ་ད་དང། །བྲས་བུ་གསུམ་པོ་རེ་རེ་ལའང། །དེ་བཞིན་དུ་ནི་བཏང་བར་བྱ། །སེང་ལྡང་ལྕགས་ཕྱེ་འབྲས་བུ་གསུམ། །མ་ཏ་ཡནྟ་ཨ་རྫུན། ། ཏི་ཤིང་མངར་བསྐོལ་བ་ནི། །མཁུར་བཅངས་ཁ་དང་སོ་ནད་སེལ། །ཁ་དང་སོ་རྩ་ཕལ་ཆེར་མགུལ་ནང་ནི། །བད་ཀན་ཁྲག་ལས་མང་ཏུ ་འབྱུང་བ་ཡིན་དེ་བས་ནད་དེ་གསལ་བར་བྱ་བའི་ཕྱིར། །ནད་ཁྲག་ལན་མང་དུ་ནི་དབྱུང་བར་བྱ། །མགོ་དང་ལུས་ཀྱི་སྐྱུག་སྨན་འཁྲུ་སྨན་དང། །ཁ་དང་ཚ་དང་མཁུར་གད་བཅངས་པར་བྱ། །དེ་བཞིན་བད་ཀན་ཁྲག་ནི་སེལ་བར་བྱེད། །གསོ་བའི་ནད་ནི་ཕལ་ཆེར་བསྔགས་པ་ཡིན།། ་ནས་དང་རྩ་འབྲུ་ཕུབ་མ་མེད་བྱས་པ། །ཐལ་སླན་ནང་དུ་སྤངས་ཤིང་སྣུམ་མེད་བཟའ། །ཁུ་བ་བསྟེན་པ་ལ་སོགས་གད་གཞན་ནི། །བད་ཀན་སེལ་བར་བྱེད་པ་ཕན་པ་ཡིན། །སྲོག་གི་རླུང་གི་ལམ་ལ་གནས་པ་ན། ཁག་མེད་པ་ཡིས་འགགས་པར་གྱུར་པ་ཡིན། །དེ་བས་ལྐོག ་མའི་ནད་ཀྱི་གསོ་བ་ནི། ཤིན་ཏུ་མྱུར་བ་ཁོ་ནར་བྱ་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་མགོ་བོའི་ནད་ཀྱི་དམིགས་ཤེས་པར་བྱ་པ་བཤད་པར་བྱའོ། །དུ་བ་ཉི་ཚན་ཁ་པ་དང་ཀ་ཆུང་བརྩེ་དང ་གཉིད་དྲགས་དང། །གཉིད་ཡང་རྡུལ་དང་མདུན་གྱི་རླུང། །མཆི་མ་བཀག་དང་དུས་དྲགས་དང། །ཆུ་འཐུངས་ཆད་འཐུངས་དྲགས་པ་དང། །སྲིན་བུས་ཤུགས་ནི་བཀག་པ་དང། །བརྔས་དང་བསྐུ་བྱུག་དྲིལ་ཕྱིས་ལ། མི་དགའ་རྒྱུན་དུ་ཕུར་དུ་བལྟ། །མ་གོམས་དྲི་དང་ཟས་གནོད་ཟོས།། ་མན་དུ་སྨྲས་པས་མགོ་བ་ཡི། །ནང་དུ་ནང་ནི་སྐྱེད་པར་བྱེད། །དེ་ལ་རླུང་ནི་འཁྲུགས་པ་ལས། །མུར་འགྲམ་གཉིད་སུ་ཤིན་ཏུ་ཐུག། །འགྲམ་སོ་ཕུག་པ་སྙམ་དུ་སེམས། །སྨིན་མའི་མཚམས་དང་དཔྲལ་བ་ནི། །ལྟུང་བ་སྙམ་སེམས་རབ་ཏུ་ན། །རྣ་བས་སྒྲ་ཡིས་གནོད་པར་བྱེད། མགྲིན?་ནི ་ཕྱུང་བསྙམ་དུ་སེམས། །མགོ་བོའི་ཁོང་བ་ལྟ་བུར་སེམས། ཚིགས་རྣམས་བྱེ་བ་སྙམ་དུ་སེམས། རྩ་ཡི་དྲ་བ་ཤིང་ཏུ་འཕར། མཛིང་བ་འགྲམ་བ་འབྱར་སྙམ་བྱེད། །གསལ་བར་མཐོང་པར་མི་བཟོད་ཅིང། །སྣ་ཆུ་འཇིག་ཅིང་གློ་བུར་དུ། །ན་བ་དང་ནི་ནང་གཞི་བྱེད་ན་ཉེ་ཞིང་སྣུམ?་བསྐུས་དུགས ་བྱས་དང། །བཅིངས་པས་བདེ་བར་འགྱུར་བ་ཡིན། །མགོ་བོའི་ཚད་པའི་ནད་ཅེས་བྱ། །གླད་པའི་གཞོགས་ཕྱེད་ན་བ་ནི། །གཞོགས་ཁྱེད་ན་བའི་ནད་ཅེས་བྱ། །ཟླ་གཅིག་ཟླ་ཕྱེད་ནས་ལྡང་སྟེ། །རང་ཉིད་ཞི་བར་འགྱུར་བ་ཡིན། །ཤེས་ཆེར་འཕེལ་ན་མིག་དང་ནི། །རྣ་བ་དག་ཀྱང་མ་རུངས་བྱེད ་མཁྲིས་གྱུར་མགོ་བོ་ཚ་བ་དང། །དུད་པས་བདུགས་སྙམ་སེམས་རིམས་འདེབས། །རྡུལ་ཞིང་མིག་ཆ་བརྒྱལ་བ་དང། །མཚན་མོ་གྲང་བས་རྩེ་འཇིལ་འགྱུར། །བད་ཀན་ལས་གྱུར་ཡིག་འཆུས། །མགོ་ལྕི་ཚོར་བ་མེད་ཅིང་གྲང། །རྩ་མི་འཕར་ཞིང་སྐྱིད་སྙོམས་ལ། །ཉིན་མོ་ནད་ཆུད ་མཚན་མོ་ལྡང། །རྨྱ་ཞིང་མིག་ནི་སྐྲངས་བ་རང། །རྣ་བ་གཡའ་ཞིང་སློན་པ་ཡིན། །ཁྲག་འགྱུར་མཁྲིས་པ་ལས་ཆེར་ན། །འདུས་གྱུར་མཚན་ཉིད་ཀུན་དང་ལྡན། །འདྲེན་མའི་ཟས་ཀྱིས་སྤྱི་བོ་ཡི། །ཁྲག་དང་ཤ་ནི་འདྲུལ་བྱས་པས། །འདུས་པའི་ནད་ནི་འཁྲུགས་འགྱུར་ཞིང།། ་མགོ་བོའི་སྲིན་བུ་སྐྱེ་བར་འགྱུར། །དེ་ནི་མགོ་བོའི་ཁྲག་འཐུང་ཞིང། །སེམས་ནི་འཁྲུལ་པར་བྱེད་པའོ། །མི་བཟང་ནད་ནི་སྐྱེད་པར་བྱེད། །ལུད་པ་རིམས་དང་ཉམས་སྟོབས་ཟད། །མགོ་གཙུག་སྐྲངས་དང་འབུགས་སྙམ་ན། ཚེ་ཞིང་མགོ ་འགུལ་བ་རྣགས་བ་ན། །ཐོད་པ་རྐན་དང་མགོ་བོ་ནི། །གཡའ་ཞིང་སྐེམ་ལ་ཚེད་བ་མེད། །སྣ་བས་ཀྱི་མདོག་ནི་དམར་བ་ལ། །རྣ་བ་སྒྲ་བཅས་སྲིན་སྐྱེད་ནང། །རླུང་ཤས་ཆེ་ལ་མགོ་བདར་ཞིང། །དེ་ཡི་མིང་ཅན་ནང་སྐྱེད་བྱེད། །མཁྲིས་ཤས་ཆེ་བ་རླུང་སོགས་ཀྱིས། །མུར ་འགྲམ?་སྐྲངས་ཤིང་ཁྲག་བཅས་ལ། །མི་བཟད་ཚ་ཞིང་ན་ལ་དམར། །གླལ་ཞིང་རིམས་འདེབས་སྐོམ་མགོ་འཕོར། །ཁ་ནང་ཁ་པྲོ་གདོང་སེར་ཞིང། །མྱུར་དུ་གསོད་བྱེད་མུར་འགྲམ་ཅན། །ཞག་གསུམ་ནས་ནི་?་འཛོམས་སོ་ཤིང་མྱུར་དུག་སོས?་ན་འཚེ་བ་ཡིན།། ་རླུང་མཁྲིས་རྗེས་འབྲེངས་མུར་འགྲམ་མིག་སྨིན་མ་དཔྲལ་པ་ན་བ་དང། །འཕར་བར་བྱེད་པ་སྐྱེད་བྱེད་ཅིང། །ཉི་མ་འཆར་བར་གྱུར་བ་ནས། །ཉི་མ་ཕྱེད་ཀྱི་བར་དུ་འཕེལ། །དེ་ཕན་ཆད་ནི་བདེ་བར་འགྱུར། །ལྟོགས་ན་དེ་ནི་ལྟག་པར་ན། །གྲང་དང་བྲོ་ལ་ཉེས་པ་མེད། །དེ་ནི་ཉི ་མ་འཁོར་ཞེས་བྱ། །དེ་ལྟར་མགོ་བོར་གཏོགས་པའི་ནང། །རྣམ་པ་བཅུར་ནི་བཤད་པ་ཡིན། གཞན་དག་ཐོད་པ་ལ་བརྟེན་ནད། །དགུ་པོ་མགོ་བོ་བཞིན་བཤད་བྱ། །གླད་པ་རླུང་གིས་འཁྲུགས་གྱུར་པ། །ནང་ན་གནས་པའང་ནང་སྐེད། མདོག་ནག་ནང་ཆུད་སངས་པ་ཡིན ་དེ་ནི་ཉེ་བའི་མགོ་ཞེས་བྱ། །འབྲུམ་ཕྲན་ཐོར་བུ་གོང་འབྲས་ནི། ནད་གཞི་ཇི་བཞིན་བརྗོད་པར་བྱ། །ཐོད་པར་ལྗན་ལྗིན་མད་པོ་དང། །ཁྲག་དང་མཁྲིས་པའི་འབུལ་ནི། །ཁྲི་དང་ཡུངས་ཀར་ལྟ་བུར་འབྱུང། །འབྲུམ་ཕྲན་སྲིན་གྱི་ནང་བསྐྱེད་འགྱུར། །རླུང་དང་མ་?་པས ་འཁྲུགས་པ་ལས། །དཔངས་བརྩུབ་ཅི་དགས་པ་དང། །གཡའ་ཞིང་སྐྲ་འབྱི་ཚོར་བ་མེད། །གྱུར་པ་མི་བཟང་ཡིན་ཞེས་བྱ། །མཁྲིས་པ་རླུང་དང་འདྲེས་པ་ནི། །བ་སྤུའི་ནང་དུ་ཞུགས་གྱུར་པ། །སྐྲ་ནི་འབྱི་བར་བྱེད་པ་ཡིན། །དེ་ནས་བད་ཀན་ཁྲག་བཅས་པས། །བ་སྤུའི་པུག་འགགས ་བྱེད་དེ། །དེ་ཡིས?་གཞན་དག་མི་འབྱུང་བ། །འཁོར་འདི་སྐ་འབྱི་ཞེས་བྱ་སྟེ། །གཞན་དག་སྐྲ་དབྱི་ཞེས་བྱར་འདོད། །སྤྱི་ཅེར་སྐྱེ་བའང་དེ་བཞིན་དུ། །སྐྲ་འབྱི་དེ་ལ་རིམ་གྱིས་འབྱུང། །དེ་ནི་རླུང་འགྱུར་མེས་ཚིག་འདྲ། །མཁྲིས་གྱུར་རླན་ཅན་རྩ་ཡིས་ཁྱབ། །བད་ཀན་པགས་པའི་མདོག ་དཀར་མ་ཐུག། པགས་པ་རང་གི་ཇི་བཞིན་སྣང། །འདུས་འགྱུར་མཚན་ཉིད་ཀུན་དད་ལྡན། །སེན་མོའི་མདོག་འདྲ་གསོར་མི་རུང། །མེས་བསྲེགས་ལྟ་བུར་སྤུ་མེད་གང། །ཆེ་བཅས་དེ་ཡང་གསོར་མི་རུང། །མྱ་ངན་ཕྲོ་དང་དལ་ལས་བྱུང། །ལུས་ཀྱི་བྲོང་ནི་མགོར་ཞུགས་པས་ནང ་དེས་སྐྲ་ནི་བཅས་ནས་ནི། །དེ་ལ་སྐྲང་གར་སྐྱེ་བར་འགྱུར། །དེ་ནི་རླུང་འགྱུར་འགོས་རྩ་གནག་།སྲ་ཞིང་རྩུབ་ལ་ཆུ་མདོག་ཅན། །མཁྲིས་པ་ཚ་ཞིང་མདོག་སེར་ཡིན། །བད་ཀན་ལས་གྱུར་སྣུམ་ཞིང་འཕེལ། །སྦོམ་ཞིང་མདོག་ནི་དཀར་བ་ཡིན་འདུས་གྱུར་མཚན་མ་འདྲེན་མ ་ཡིན། མགོ་བོའི་ནད་ལས་འབྱུང་བ་གཞན། །མདོག་དོན་དོག་ན་མི་བཟོད་ཡིན། །འདུས་པ་ལས་ནི་གྱུར་བ་ཡི། །སྤྱི་ཅེར་སྐྲ་དཀར་གསོར་མི་རུང། །ལུས་ཀྱི་འགྱུར་བ་ལས་བྱུང་བ། །བཅུད་ཀྱི་ཡི་གྱིས་གིས་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས ་ཀྱི་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་མགོ་བོའི་ནད་གསོ་པ་བཤད་པར་བྱའོ། །རླུང་ལས་གྱུར་བའི་མགོ་ནད་ལ། །རླུང་ནང་གསོ་བའི་ཆོ་ག་བཤད། །འདི་ནི་མཚན་མོ་ཞུན་མར་བླུད། །དེ་རྗེས་འོ་མ་དྲོན་པོ་བླུད། །མ་?་རྒྱས་ན་མངྒ?་འདི་དུད། །མོར་དང་ལྡན་པ ་དེ་བཞིན་སྦྱིན། །ཏིལ་མར་ཏིལ་གྱི་ལྡེ་བུ་ནི། །འོ་མ་དང་ནི་ལྷན་ཅིག་བླུད། །གླན་དང་བཅིངས་པའི་དུགས་དག་ནི། །ཤ་དང་འུ་སུ་ལS་བྱས་ཕན། །རླུང་འཇོམས་རྩ་བ་བཅུ་ལ་སོགས། །བསྐོལ་བའི་འོ་མ་སྣུམ་ཅན་བླུད། །སྣ་སྨན་དུད་རྡུབ་སྡུམ་ཅིང་དང། །མགོ་དང་རྣ་བ་རྟས་པར ་བྱ། །བར་ན་སོགས་སྡེ་ཚན་བརྡུངས། །འོ་མ་ཆུ་ཕེད་བསྐོལ་པ་ཡི། །འོ་མ་ལུས་བ་དེ་བསྒྲངས་ལ། །བསྲུབས་ཏེ་སྙིང་པོ་བླངས་ནས་ནི། །དེ་ནས་མངར་བའི་སྡེ་ཚན་བསྐོལ། །མར་གྱི་སྣ་སྨན་བླུག་པ་བསྔགས་།འདིར་ནི་འོ་མའི་སྡེ་མཚན ་བསྐོལ། །མར་དང་ཁ་ར་བཅས་པ་བླུད། །རས་བལ་ས་བོན་ཤིང་ཚ་དང། །གླ་སྒང་ཛཱ་ཏི་ཁ་འབུས་པ། །ཆུ་བྲོན་གཏིགས་པའི་སྣ་སྨན་ནི། །མགོ་པོའི་ནད་ཀུན་འཇོམས་བྱེད་ཡིན། །ཁྲག་དེང་མཁྲིས་པ་ལས་གྱུར་ལ། །ཁ་ར་གུང་གུ་གི ་མར་བསྐོལ་བཏང། །རུ་རྟ་རྒྱ་སྤོས་ཨུཏཔ་ལ། །ཙན་དན་མར་སྦྱར་མགོ་བསྐུས་ཕན། །རླུང་ཤས་ཆེ་ལ་འཇིགས་ཡོད་པས། །གཏར་ག་འདི་ལ་མི་བྱའོ། །དེས་མ་ཞི་ན་བད་རླུང་ལ། །མེ་བཙའ་ཇི་སྐད་བཤད་པར་བྱ། །གཞོགས་ཕྱེད་ན་ལའང་དེ་བཞིན ་དེ། །ནད་དང་འབྲེལ་བ་གསོ་བར་བྱ། །ཤི་རི་ཤ་ཡི་ས་བོན་དང། ། བ་མརྒའི་རྩ་བ་དང། །ཁ་རུ་ཚ་བཅས་སྣ་སྨན་པ་ཏར། །ཡང་ནས་ལ་བརྩི་བོ་འམ། །ཙཀྲ་མརྡ་གའང་རུང། །སྐྱུར་བ་དང་སྦྱར་ལྡེ་གུ་བསྐུ། །ཉི་མ་ལྟར་འཁོར་དེ་ཨི་ཚེ། །གཏར་གས ་ཁྲག་ནི་དབྱུང་བར་བྱ། །མཁྲིས་པ་ལས་གྱུར་མགོ་ནད་ལ། །སྣུམ་ཆོས་བྱས་ནས་གཏར་ག་གདག་མགོ་དད་གདོང་བྱུག་སྨན་ཆུ་བླུག། སྨོན་ཁྲུས་མས་བཏང་བསིལ་བར་བ། །འཚོ་བེད་དང་བསྐྲོལ་བོ་མེ་དང། །མར་ནི་སྣ་སྨན་བཏུང་བ་བླུད། །ཁྲག་ལས ་གྱུར་པའང་འདི་བཞིན་བྱ། །མུ་འགྲམ་ཅན་ལ་གཏར་ག་སྤང། །བད་ཀན་མགོ་ནད་མར་རྙིང་དང། །སྣུམ་འཚོས་བྱས་ལ་ཚ་བས་སློན། །དུགས་དང་བྱུག་པ་སྣ་སྨན་སོགས། །རྩུབ་དྲོ་རྣོ་བའི་སྨན་གིས་གསོ། །འདིར་ནི་མུང་བའང་བསྔགས་པ་ཡིན། ་འདུས་པ་ལས་ནི་འདྲེན་མར་གསོ། །སྲིན་གྱུར་སྣ་སྨན་ཁྲག་བླུགས་ཏེ། །དེ་ཡིས་འབུ་ནི་བརྒྱལ་བར་འགྱུར། །ཁྲག་གི་དྲི་ཡིས་ར་རོ་ནས། །ཁ་དང་སྣ་ནས་འབྱུང་བར་འགྱུར། །དེ་ནས་སྣ་སྨན་དུད་རྡུབ་རྨོས། །དེ་ནི་ནེ་བར་འབྱུང་བར་འགྱུར། ་ཡུངས་ཀར་ནིམཔ་ཨི་གུ་དང། པི་ལུའི་མར་དང་སྦྱར་བ་ཡི། །བི་ཊཱ་ག་དང་ས་རྫི་ཀ། དནད་ཤིང་ཀུན་བ་གཅིན་བསྐོལ་ག་སྣ་སྨན་སོ་སོར་བཏང་བར་བ། །པི་ཌཱ་གནི་ར་གཅིན་དང། །སྦྱར་བའི་སྣ་སྨན་འབུ་འཇོམས་མཆོག། ནེ་རུལ་བཅས ་པའི་སྣ་སྨན་དང། །དུད་པ་དག་ཀྱང་བརྡུབ་པར་བྱ། །སྲིན་བུས་ཁྲབ་ནི་འཐུངས་པའི་ཕྱིར། །འདི་ལ་ཁྲག་ནི་དབྱུང་མི་བྱ། །མདོ་འདར་རླུང་གི་མགོ་ནད་ཀྱི། །གསོ་བ་མེ་བཙའ་མ་བཏོགས་བྱ། །ཉེ་བའི་མགོ་ནད་སྐྱེས་པ་ཡི། །རྗེས་དང་སྐྱེས་མ་ཐག་ལ་ནི། །རླུང་ནད་ཀྱི་ནི་གསོ ་པ་བྱ། །སྨིན་ནས་ཁོར་འབྲས་གསོ་ལས་བྱ། །འབྲུམ་ཕྲན་འབྲུམ་བུ་ཁོང་འབྲས་ལ། །སྨིན་དང་མ་སྨིན་ཇི་བཞིན་བྱ། །སྲིན་ལས་སྲིན་བུ་པདྨ་ཡིས། །གཏང་ག་བྱས་ཏེ་ནི་མ་པའི་ཆུ། །བླུགས་ཤིང་རྟ་སྤངས་ཁུ་བ་ནི། །ཡ་ན་ཚྭ་ཤས་ཆེར་བཏབ་པས ་བསྐུ། །ནིམཔ་པ་ཏ་ལའི་ལོ་མ། །ཡུང་བར་བཅས་པ་ཞིབ་བཏགས་བསྐུ། །བ་གཅིན་འབའ་ཞ་རྙིང་བར་སྦྱར། །ཁྱིམ་བྱའི་རྟག་པ་དག་གིས་བསྐུ། །གྱོ་མོར་རུ་རྟ་བ་རྭོས་པ་དང། །ཏིལ་གྱི་ཕྱེ་མར་བཅས་པ་ཡིས། །སློག་པ་བསྐུས་ན་གཡའ་པ་འ། །ཆུ ་འཛག་གཡའ་བསལ་བར་བྱེད། །མ་ལ་ཛི་དང་ཙི་ཏྲ་ཀ། ཀ་ར་བི་ར་ཀ་རཉྫ། །ཏིལ་མར་སྤུ་གྲིས་བྲེགས་པ་ཡི། །རྗེས་བསྐུ་ཀོར་འང་འབྱི་བ་སེལ། །དེས་མ་ཞིན་མགོ་བོ་ཡི། །སྦྱང་བྱས་སློན་སྨས་སོགས་པ་བྱ། །མི་བཟད་པ་ལ་དར་པོར་ནི། །དཔྲལ་བའི ་རྩ་ལ་གཏང་ཀ་བྱ་།མགོ་བོའི་བཀྲུ་སྨན་བཏང། །ཤིང་མངར་བི་ལ་ཡའི་ས་བོན། །རུ་རྡ་ཡུངས་ཀར་མ་ཤ་བཅས། །སྦྲང་རྩིར་བཅས་པའི་ལྡེ་བུ་བསྐུ། །རྒྱ་སྐྱེགས་དོང་ཀའི་ལོ་མ་དང། །ཙ་གྲ་མར་དང་སྐྱུ་རུ་ར། །སྦྲང་རྩིར་བཅས་པ་བསྐུས་ན ་ཕན། ཁྲེ་རྒོད་ཆ་བསྲགས་ཐལ་བ་ནི། །ཆུ་དང་སྦྱར་བས་བསྐུས་ན་ཕན། །ཀོད་ལར་སྐྲ་འཕྱི་ཇི་ལྟར་ནི། །ཉེ་བར་གཏང་ག་གདབ་བ་དང། །ཞལ་ཞལ་བྱས་ཏེ་ན་ལེ་ཤམ། །ལྡོང་རིས་སྤང་མ་ནག་ཚུར་བསྐུ། །ཀྱང་ན་འབའ་ཆའི་ཐང་ཤིང ་དམ། འོལ་མ་སེ་ཡི་འབྲས་བུའི་རྩ། །ཡང་ན་ལངཀ་ལི་རྩ་འམ། །ཀ་ར་བི་རིལ་ཁུ་བའམ། །ཀཱཎྜ?་ཀཱ་དི་ཁུ་བ་ནི། །སྦྲང་རྩིར་སྦྱར་བ་བསྐུ་བར་བྱ། །དྷ་དྷུ་ར་ཡི་ལོ་མ་འམ། །བསེ་ཤིང་འབྲས་བུའི་ཁུ་བས་བསྐུ། །ཏིལ་གྱི་མེ་ཏོག་གཟེ་མ་དང། །མར་དང ་སྦྲང་རྩི་བཅས་པའམ། །གླང་པོའི་སོ་བསྲེགས་ཏིལ་མར་བསྲེས། །ཀོ་ལེར་འབྱི་བའི་སྨན་མཆོག་ཡིན། །སྐྲ་དཀར་སྐྱེ་ལ་ལུག་གི་རྭ། །སྣག་ཚས་དེ་བཞིན་བསྐུ་བར་བྱ། །ཇི་སྲིད་སྐྲ་ནི་སྐྱེ་ཀྱི་བར། ་ཆུ་བླུགས་བ་ནི་སྤངས་བར་བྱ་།སྤྱི་ཅེར་སྐྲ་དཀར་གཉེར་མ་དང། །སྐྲ་སེར་སྐྱེས་ལ་སྦྱང་བྱས་ལ། །སྣ་སྨན་གདོང་དང་མགོ་བཀྲུས་ལ། །བྱུག་པ་རྣམས་ཀྱི་གསོ་བར་བྱ། །འབྲི་ཧ་ཏི་སོགས་ཏ་ལི་མར་བསྐོལ། །འཚོ་བྱེད་བསྐོལ་པའི་སྣ་སྨན་བླུག། ནི་མ ་བའི་མས་ཀྱིས་ཟླ་བ་གཅིག། སྣ་སྨན་བཏང་སྟེ་འོ་མ་བླུད། ཤྭི་ཤ་ཨ་རཎྜ་དང་རྨས། །བྲིམ་ཀ་ར་ཇའི་ཁུ་བར་སྤངས། །སེ་ལུ་ཏིལ་དང་བ་རུ་ར། །པྲི་ཡང་ཀ་ཀ་ཏའི་ས་བོན། །ཆ་མཉམ་ལྕགས་ལས་བསྐོལ་ནས་ནི། །ཉི་མའི་འོད་ལ་བསྐམས ་ནས་ནི། །མར་འཛག་པ་ཡི་སྣ་སྨན་བཏང། འོ་མ་འཐུངས་པས་སྐྲ་དཀར་སེལ། །ས་ཧ་ར་ཛ་བྱེ་རུ་ཀ་པ། །འདྲི་ག་ར་ཛའི་ཁུ་བ་ནི། །བྲེ་གང་ཏིལ་མར་བུལ་གང་དང། །ཤིང་མངར་སྲང་གཅིག་བཏབ་སྟེ་བསྐོལ། ། ས་ནའི་མ་རྡོ་སྣོད་དམ།། ་ལུག་གི་རྭ་ཡི་ནང་དུ་གཞུག། ཀ་ར་བི་ར་བ་ཡ་སྱ། །འོ་མ་དང་ནི་ཞིབ་བཏགས་པ། །སྐྲ་དཀར་བྱུང་པའི་རྗེས་བསྐུ་ཞིང། །སྤངས་ན་སྐྲ་དཀར་སེལ་བར་བྱེད། །བི་ལ་ཡ་དང་ཤིང་མངར་དང། །འཚོ་བྱེད་སྡེ་ཚན་ཏིལ་ནག་དང། །ས་ནག་འོ་མའི་ལྡེ ་གུ་ཡིས། །གདོང་བསྐུས་གཉེར་མ་སྦུ་སེར་སེལ། །ཏིལ་ངང་པདྨ་གེ་སར་དང། །ཤིང་མངར་སྦྲང་རྩི་སྐྱུ་རུ་ར། །ལྡེ་གུས་ས་ནི་མགོ་བསྐུས་ན། །སྐྲ་འཕེལ་ནག་པོར་འགྱུར་བ་ཡིན། །སྤང་སྤོས་རུ་རྟ་ཏིལ་ནག་དང། །ཐལ་རེས་ཨུཏཔལ་སྟོན་པོ་དང ་འོ་མར་གཏགས་ཏེ་སྦྲང་རྩིར་སྦྱར། །སྐྲ་ནི་འཕེལ་བར་བྱེད་པའི་མཆོག་།ལྕགས་ཕྱེ་བྲི་མ་ག་ར་ཙ་དང། །འབྲས་བུ་གསུམ་དང་ས་ནག་པོ། །བུ་རམ་ཤིང་ཁུ་རོ་ཟླ་གཅིག་གཞུག། སྐྲ་དཀར་རྩད་ནས་སྐྱུར་བར་བྱེད། །མ་ཤ་ཁྲི་རྐོད་སྐྱུར ་རྩ་བས་དང། །ནད་ཐུག་ལྕགས་ཕྱེ་ཚ་མང་བཏབ། །ཞག་གསུམ་བཞག་སྟེ་བཏགས་པ་ཡིས། །བྱ་བར་ཡང་ནི་ནག་པོར་བྱེད། །ཤིང་མངར་ཙན་དན་སྟག་ཚེར་དང། །པི་པི་ལིང་དང་ཨུཏཔལ། །སྐྱུ་རུ་ར་ཁུ་ཏིལ་མར་བསྐོལ། །སྣ་སྨན་བསྐུ་བ་བྱས་གྱུར་ན། །སྐྲ་དཀར་དང་ནི ་གླང་བ་ཡི། །ནད་ཀུན་འཇོམས་པར་བྱད་པ་ཡིན། །ཉེར་ཤིང་ཛཱི་བམ་ཏིའི་ཁུ་བ། །འོ་མ་མར་དང་ཏིལ་མར་དང། །འཚོ་བྱེད་བསྐོལ་བའི་སྣ་སྨན་གྱིས། །ན་མཆོང་ཡན་ཆད་ནད་ཀུན་སེལ། །རྨ་བྱའི་སྒྲོ་མཁྲིས་རྒྱུ་མ་དང། །རྐང་པ་རྟུག?་པ་མཆུ་བོར་བའི། །ཤ་དང ་བ་གླ་རྩ་བ་བཅུ། །བསྣ་ཤིང་མངར་སྲང་གསུམ་གསུམ། །ཆུ་བསྐོལ་ཁུ་བ་མར་བྲེ་གང། །འོ་མ་བྲེ་གང་བཅས་བསྐོལ་བ། །མངར་བའི་ལྡེ་གུའི་སྨན་སྡེ་བཏབ། །དེ་བཏུང་མས་བཏང་བསྐུ་བ་དང། །སྣ་སྨན་དག་ཏུ་བསྟེན་པ་ཡི། །ནམ་ཚོང་ཡན་ཆད་ནད་ཀུན་སེལ། །སྨན ་འདི་དག་ནི་ལྡེ་གུ་དང། །ཛཱི་བམ་ཏི་དང་འབྲས་བུ་བ་མུ་མ། །མེ་ཏ་རྒུན་འབྲུམ་དབྱི་མོ་དང། །པ་རུ་ཤ་ཀ་ས་མང་ཀ། ག་པྲའི་རྩ་བཏང་བལ་དང། །ཀ་རྐ་ཏ་སྲིང་བ་སྲལ་ཕྲེའུ། ། ཧ་མེ་ཧ་ཏ་ལ་དང། །འབྲ་གོ་པདྨའི་རྩ་བ་དང། །པདྨའི་སྟོང་པོ་ཁ་རྫུན། །ཤིག་མངར ་ཉེ་འུ་ཤིང་ཛཱི་བ་ཀ། བྱི་ད་རི་དང་བུ་རམ་ཤིང། །ཐལ་ཏྲེས་རྣམ་གཉིས་བྲི་ཧ་ཏེ། །མུརྦ་གཟེ་མ་ཟངས་རྩི་བ། །སིང་ག་ཏ་དང་ཀ་ཤེ་རུ། །ར་སྣ་སྟིར་ལྕི་བ་དང། །སུབ་སྨེལ་ཟུར་བ་མན་དང། །བ་སྦུ་བ་དང་ཅུ་གང་དང། །རམ་ཉེ་བ་དང་བྱི་ཚེ་རབ་མ་དུ ་ཀ་དང་སྟར་ཀ་དང། ། བི་ཤུ་ཀ་མུཉྫ་ཀ། ཞོ་ནི་གཉིས་ཉིས་བྱིས་ཏགས་དང། །མར་བྲེ་གང་དད་འོ་མ་ནི། །བཞི་འགྱུར་དག་དང་བསྐོལ་བའི་མར། །འདི་ནི་རྨ་བྱ་ཆེན་མོ་སྟེ། །རྨ་བྱ་ལས་ནི་ཡོན ་ཏན་ལྟག། ལུས་བཟུངས་དབང་པོ་ཉམས་སྐད་འགགས། །ལུད་པ་དབུགས་མ་བདེ་ཉེན་འཇོམས། །ཟླ་མཚན་ཁུ་བའི་སྐྱོན་ལའང་ཕན། །མོལ་ཤམ་ལ་ཡང་བུ་སྐྱེད་བྱེད། །བྱི་བ་ཁྱིམ་བྱ་དང་པོ་དང། །རི་བོང་དང་ཡང་དེ་བཞིན་སྦྱར་།ནམ་ཚོང ་ཡན་ཆད་གཏོགས་པའི་ནད། །ཉེ་བརྒྱ་སུམ་ཅུ་རྩ་གཅིག་ཡིན། །དེ་དག་ཕན་ཚུན་མ་འདྲེས་པར། །རྒྱ་ཆེར་རབ་ཏུ་བཤད་པ་ཡིན། །དྲང་སྲོང་རྣམས་ཀྱི་སྐྱེས་བུའི་མགོ། རྩ་བ་འོག་མི་ཡལ་གར་བཤད། །དེ་ཕྱིར་རྩ་བ་ལ་གནོད་པའི ་ནང་མེ་མྱུར་དུ་གསོ་བར་བྱ། །གང་ལ་དབང་པོ་ཀུན་བསྟེན་ཞིང། །གང་ལ་སྲོག་ནི་གནས་བྱེད་པས། །དེས་ན་ཡན་ལག་དམ་པ་ཡིན། །བསྲུང་བ་ལ་ནི་འབད་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི ་ལེའུ་ཉི་ཤུ་རྩ་བཞི་བའོ།། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །སྟོད་ཀྱི་ནད་གསོ་བའི་ཡན་ལག་རྫོགས་སོ།། །།དེ་ནས་རྨ་གསོ་བ་བཤད་པར་བྱའོ། །རྨ་ནི་ལྷན་ཅིག་སྐྱེས་གློ་བུར། །རེང་དང་མ་རེང ་དབྱེ་བ་གཉིས། །ལུད་ཀྱི་ནད་གཞིས་བསྐྱེད་ལྷན་ཅིག། ཕྱི་ཡི་རྒྱུ་འབྱུང་གློ་བུར་བའོ། །དེ་མེད་པ་དག་རྨ་རེད་ཡིན། །རྨ་རེང་ཁ་རྒྱས་ཞུམ་པ་དང། །ཤིན་ཏུ་སྲ་འམ་ཤིན་ཏུ་སྙི། །ཤིན་ཏུ་མཐོ་འམ་ཤིང་ཏུ་དམའ། །ཤིན་ཏུ་གྲང་དམ ་ཤིན་ཏུ་ཚ། །དམར་ཞིང་སྐྱུ་འམ་གནག་པ་ཉིད། །རྣག་ནི་དྲི་མཉམ་ཡོངས་སུ་འཛག། ཤ་དང་རྩ་རྒྱུས་འདྲུལ་བ་དང། །གཡོགས་ཤིང་མཆེད་ལ་རབ་ཏུ་ན། །གཡོ་ཞིང་ཚ་ལ་སྐྲངས་པ་དང། །གཡའ་བ་ལ་སོགས་བླ་གཉན ་བཅས། །ཡུན་རིང་དུ་ནི་འཚོ་བ་དཀའ་། །རྨ་རྙེད་མཚན་མར་ཤེས་པར་བྱ། །དེ་ནི་ཁྲག་བཅས་ནང་བཅོ་ལྔ། །དེ་ལ་རླུང་ལས་གྱུར་པའི་རྨ། །གནག་ཅིང་རྨུག་དམར་ཐལ་མདོག་དང། །ཐིབ་ནུས་པ་ལྟ་བུར་སྣང། །ཞོ་ག་ཆུ་འམ་འབྲས་བཀྲུ ་ཆུ། ད་འདྲ་བའི་ཆུ་བླ་ཉུང་དུ་འཛག། ཤ་ཟད་ཤས་ཆེར་ན་ཞིང་ཟུག། རྩུབ་ཅིང་ཚོག་ཚེག་ཚ་བ་ཡིན། །མཁྲིས་འགྱུར་མྱུར་ནཱག་སེར་བ་དང། །སྔོ་ཞིང་སེར་སྐྱ་བམ་ཁམ་པར་འདུག། གཅིན་དང་ཐལ་ཆུ་རྒྱ་སྐྱེགས་ཆུ། །ཏིལ་མར ་འདྲ་ཆུ་མང་དུ་འཛག། རྨ་ལ་ཐལ་སྨན་བཏབ་ལྟར་ན། །དམར་ཞིང་ཚ་ལ་གནག་པ་ཡིན། །བད་ཀན་ལས་གྱུར་མདོག་སྐྱ་གཡའ། །ཆུ་ནི་སྐ་བ་མང་དུ་འཛག། རྨ་ཁ་སྦོམ་ཞིང་ན་བ་དང། །རྩ་རྒྱུད་ཀྱིས་ཁྱབ་ནད་ཚབས་ཆུང། །ཁྲག་གྱུར་བྱུ་རུའི་མདོག་ལྟར ་དམར། །ཁྲག་དང་བཅས་པའི་རྣག་།འཛག་ཅིང། །རྟ་བྲེས་ཀྱི་ནི་དྲི་ལྟར་བྲོ། །མཁྲིས་པའི་མཚན་མ་དང་ཡང་ལྡན། །གཉིས་སམ་གསུམ་མམ་ཐམས་ཅད་ལས། །གྱུར་པའི་མཚན་མ་འདྲེན་མ་ཡིན། །ལྕེ་ཡི་མདོག་འདྲ་འཇམ་ཞིང་མཉེན།། ་རྨ་ཁ་སྨུག་ཅིང་འབྲུམ་ཕྲན་ཁྱབ། །མཉམ་པ་འམ་དབུས་མ་ཅུང་ཟད་མཐོ། །བླ་གཉན་མེད་རྨ་དག་པ་ཡིན། །པགས་པ་ཤ་དང་རྩ་རྒྱུས་དང། །ཚིགས་དང་རུས་པ་ནང་གྲོལ་ནད། །བརྒྱད་པོ་དེར་ནི་རྨ་གནས་པ། །ཕྱི་མ་བཞིན་དུ་གསོ་བ་དཀའ་། ་གསོ་སླ་སྙིང་སྟོབས་མེ་དྲོད་ཤ། ན་ཚོད་ཉམས་སྟོབས་ལྡན་པའི་རྨ། །ཟླུམ་ཞིང་དཀྱུས་རིང་རིམ་གསུམ་པ། །ཟུར་བཞི་བ་ནི་གང་ཡིན་དང། །དེ་བཞིན་དཔྱི་རྒྱུ་བ་ཕོ་མཚན་མཆུ། །རྒྱབ་དང་མཁུར་ཚོས་ཁ་ནང་བྱུང། །གསོ་དཀའ་ཨི ་མིག་དང་སོ་དང་ནི། །སྣ་དང་མིག་ཟུར་ལྟེ་བ་དང། །སྲུབ་མཚམས་ལྟོ་བ་རྣ་བ་དང། །རྩིབ་ལོགས་མཆན་ཁུང་ནུ་མར་བྱུང། །དབུ་བ་རྣག་འཇོག་རླུང་འབྱུང་ཞིང། །གཟུགས་རྔུ་བཅས་ཤིང་སྟོང་ནས་འཛག། མཚན་མར་བརྡོལ་ཞིང ་ཁ་ནང་བལྟས། དེ་བཞིན་རྐེད་པའི་རུས་པར་གནས། །མཛེ་ཅན་དུག་གིས་ཕོག་པ་དང། །ལུས་སྐེམ་གཅིན་ནང་སྦྲང་རྩི་འདྲ། །རྨའི་སྟེང་རྨ་ནི་བྱུང་བ་གང། །རྨ་དེ་གསོ་བ་དཀའ་བ་ཡིན། །མེ་དཔལ་རིམས་དང་ཚད་པར་འཁྲུ། །ལུང ་པ་ལུ་དང་སྐོམ་དད་ཆེ། །གཉིད་མེད་བ་དང་དབུགས་མི་བདེ། མི་དྲོད་ཆུང་བར་གྱུར་པ་ཡི། །རྨ་ནི་འཚོ་བར་མི་འགྱུར་རོ། །མགོ་བའི་ཐོད་པ་ཆག་གྱུར་ཅིང། །ཀླང་རྒྱས་མཚན་མ་སྣང་དེ་བཞིན། །ཆུ་བ་རུལ་ཞིང་རྩ?་དེ་དང། །རྨ་ཕུག་རིང་དང་སྲིན ་བུས་ཟོས། །རུས་པ་ཆག་དང་ཟུག་རྡུ་བཅས། །དུག་བཅས་པ་དང་མ་གཏོགས་དང། །བཅིང་བ་ཉེས་དང་སྣུམ་ཆེས་དང། །རྩུབ་པས་སྤུ་སོགས་འདར་བ་དང། །སྐྱོད་དང་ཁོང་བ་མ་དག་དང། འདྲངས་དྲགས་ཉམས་སྨད་དྲགས ་པ་དང། །ཆང་འཐུང་ཉིན་བར་གཉིད་ལོག་དང། །ཉལ་པོ་ལ་བརྟེན་མཚན་གཉིད་ཡར། །རྨ་ནི་ལོག་པར་གསོས་བ་དག། གསོས་ཀྱང་འགྲུབ་པར་མི་འགྱུར་རོ། །གང་ཞིག་ནམ་མཁའ་ཐང་བའི་མདོག། འདྲ་ཞིང་རྣམ་བ་མེད་པ་དང། །བརྟེན ་ཞིང་འབྲུམ་བུ་གཉིད་བཅས་པ། །འཚོ་བར་འགྱུར་བར་དེ་བཤད་དོ། །དེ་ནས་འདིར་སྐྲངས་གནས་སྐབས་སུ། །གང་ལ་ཉེ་བ་དེ་ལས་སྦྱང། །སྦྱར་བ་སྐྲངས་བར་གྱུར་པ་དང། །རྨ་ནི་མྱུར་དུ་འཚོ་བར་འགྱུར། །སྐྲངས་པའི་སྐབས་སུ་རྒྱུན་དུ ་ནི། ཉེ་བར་སྤྱོད་པ་བསིལ་བས་གསོ། །དེ་ཡིས་ནད་མེད་ཆུ་ལྟ་བུར། །མོད་ལ་ཞི་བར་འགྱུར་བ་ཡིན། །རྨ་སྐྲངས་སྲ་བར་གྱུར་པ་དང། །ནད་བཅས་མདོག་ནི་མི་སྡུག་དང། །དུག་ཅན་ལས་ནི་ཁྱད་པར་དུ། །པདྨ་སོགས་པས་ཁྲག་དབྱུང་ངོ།། ་ནང་ཁྲག་བྲལ་ན་མོད་ལ་ནི། །སྐྲངས་དང་མདོག་དམར་ནང་ཞིང་འགྱུར། །ཁྲག་བྱུང་ནས་ནི་ཅུང་ཟད་ལུས། །རིག་ན་ནུས་པ་རབ་བསིལ་བ། །ཤིན་ཏུ་ཞིབ་པར་རེད་ཉིད་བཏགས། །བུ་རམ་ཤིང་བུ་འོ་མས་སྤྲུས། །ལན་བརྒྱར་བཀྲུས ་པའི་མར་དང་བཅས་།གཞན་མ་བསྐམས་པར་ཡང་དང་ཡང། །རྗེས་སུ་མཐུན་པར་བསྐུས་ན་ཕན། །བྱུག་དང་བླུགས་པ་དེ་ཡི་བྱས། །ུ་དུམྦ་ར་ནྱ་གྲོ་དྷ། །བླ་ཀྲ་ལྕང་མ་ཨ་ཤད་མཛའ་ཨི། །ཤུན་པ་མར་མང་བཅས་བསྐུས་ན། །སྐྲངས ་བ་སེལ་བའི་མཆོག་ཡིན་ནོ། །རུང་བས་ཆེ་ཞིང་མཁྲང་བ་དང། སྲ་ཞིང་ནད་ཆེ་བས་ཆེ་བ་དང། །ཁྲག་འཛག་པ་དང་རྨ་སྐྲངས་པའི། །འདི་ལྟ་བུ་ཡི་རྨ་ལ་ནི། །རླན་ཅན་ཤ་བཏགས་ལ་དུགས་བྱ། །ཟར་མ་ཏིལ་ནི་བརྡོས་པ་དང། །འོ་མས་དཔལ་ནི ་བསད་པ་དག། དེ་བཏགས་བསྐུས་ན་ཚ་ནད་སེལ། །རྨ་སྐྲངས་བརྟན་ཞིང་ནང་ཚབས་ཆུང། །བད་ཀན་རླུང་འཇོམས་སྣུམ་བསྐུ་ཞིང། །དེ་ཡི་རྗེས་ལ་འོང་མ་ཡི། །སྦུ་གུས་རིམ་གྱིས་དུགས་བྱའོ། །ཞུ་བར་བྱ་ཕྱིར་ལག་མཐིལ་ལམ། །མཐེ་བོ་ཡིས་ནིས་ཉེ ་བར་བྱ། །ནས་དང་གྲོ་དང་མོན་སྲན་སྡེའི། །བཙོས་ཏེ་བཏགས་པའི་ལྡེ་གུས་བསྐུ། གལ་ཏེ་དེ་ཡིས་མ་ཞུ་ན། །དེ་ནས་དེ་ནི་དཀྲི་བར་བྱ། །མ་སྨིན་པ་ནི་ཞི་འགྱུར་ལ། །སྨིན་ན་རྣགས་པ་ཉིད་དུ་འགྱུར། །རྒྱ་ཤུགས་ཏིལ་དང་ཟར་མ་དང། །རྒྱམ་ཚ་ཕབས ་དང་རུ་རྩའི་ཕྱེ། །ཞོ་སྐྱུར་ཟན་དྲོན་གྱིས་གླན་ཞིང། །དུགས་བྱས་ནས་ནི་དཀྲི་བར་བྱ། །ལེགས་སྨིན་སྐྲངས་བ་ཕྱོགས་གཅིག་འདུས། །བཙང་བར་ཉེ་བར་བཙིར་གྱུར་བ། །དྲལ་བར་འོས་ལ་དྲལ་བྱ་ཞིང། །ཤིན་ཏུ་འཇམ་པོར་གྱུར་པའང་དྲལ། ་གུ་གུལ་ཟར་མ་བ་ལང་སོ། །ཁྲོན་བུ་ཕུག་རོན་རྟུག་པ་དང། །ཐལ་སྨན་འཕྲོད་དང་ཐལ་སྨན་ཏེ། །སྨིན་པའི་སྨན་གྱིས་བརྟོལ་བར་བྱ། །ནང་ན་རྣག་འདུག་འབྱུང་སྒོ་འཕར། །མཐོ་བར་གྱུར་ཀྱང་གནང་ལ་གནས། །སྣུམ་མེད་བཙིར་བའི་སྨན་གྱིས་ནི ་ཀུན་ནས་རབ་ཏུ་བཙིར་བར་བྱ། །བསྐུ་བ་སྐམས་ནམ་བཙིར་བ་ཡི། །ལས་དང་བཏང་སྙོམས་ཉིད་དུ་བྱ། །དེ་ཡི་རྨ་སྒོར་མི་བསྐུ་ཞིང། །དེ་འདྲས་ནད་ནི་འབྱུང་མི་འགྱུར། །སྲན་མ་ནས་དང་གྲོ་དང་ནི། །མ་ཤ་མུངྒ་བྲ་བོ་དང། །སྨན་ནི་སྦྱིན་བག་ཅན་དག ་གིས། །པགས་པའི་རྩ་བ་རབ་ཏུ་བསྡམ། །གཅིང་རྙི་མཛེ་ཡི་རྨ་དང་ནི། །ཤས་ཆེར་རེང་བའི་རྨ་དག་ལ། །དོད་ཀ་བྱེ་རུག་པ་སོགས་ཀྱིས། །ལན་ནི་བདུན་བདུན་བཀྲུ་སོགས་བྱ། །མ་དག་ནིམཔ་པ་ཏོ་ལའི། །ལོ་མ་བསྐོལ་བས་བཀྲུ་བར ་བྱ། །མ་དག་པ་ལ་ནྱ་གྲོ་དྷ། །ལ་སོགས་ཤུན་ལྤགས་བསྐོལ་བས་བཀྲུ། །ཤིང་མངར་ཏིལ་དང་པ་ཏོ་ལ། །དུར་བྱིང་དནད་སེར་པོ་གཉིས། །ནིམ་པའི་ལོ་མ་རྒྱམ་ཚར་བཅས། །ལྡེ་གུས་བསྐུས་ན་རྨ་སྦྱོང་བྱེད། །རྨ་ནི་ཁ་ཕྲ་གནད་མཚམས་གན ་དནད་རྒྱམ་ཚ་ལམ་ཀ་ལིང། །དུར་བྱིད་སྦྲང་རྩིར་སྦྱར་བ་ཡི། །རེང་བུར་བཅས་པས་རྨ་སྤྱོད་བྱེད། །རླུང་གི་གནོད་ཅིང་ཁྲག་བཅས་ཤིང། །མི་བཟང་ན་ལ་ནས་དང་གྲོ། སྤྲ་ཚིལ་ཤྲི་བེ་ཤ་དྲ་དང། །ཐང་ཤིང་མར་བཅས་བདུག་པས་བདུག། ་ཁྲག་མཁྲིས་དུག་གི་ཤིས་ཆེ་བ། །ཤུན་ཏུ་བསིལ་བའི་སྨན་གྱིས་བསྐུ། །བསྐམས་ཤིང་ཤ་ཉུང་གཏིང་རིང་དམའ། །ཤ་བསྐྱེད་པ་ཡི་སྨན་བྱ་སྟེ། །ཤུག་པ་ནྱ་གྲོ་དྷ་སོགས་དང། །བལ་ཨ་ཤྭ་གནདྷ་ཏིལ། །བསྐུས་ཏེ་ཤ་ནི་བསྐྱོད་པར་བྱ། །ཤ ་ཟ་ཤི་ནི་ཆོ་ག་བཞིན། །གཡོས་སུ་བྱས་ཏེ་སྦྱིན་བར་བྱ། །སེམས་དགའ་བ་དང་ཤ་ཟ་ཡི། །ཤ་ཟོས་ནས་ནི་ཤ་འཕེལ་འགྱུར། །ཤ་རྙིང་འབུར་བར་གྱུར་བ་ལ། །ཛཱ་ཏིའི་མེ་ཏོག་ནག་ཚུར་དང། །ལྡོང་རོས་བ་བླ་གུ་གུལ་དང། །ཙི་ཏྲ་ཀ ་ཡི་ལྡེ་གུས་བསྐུ། །ཤ་འབུར་ཤིན་སྲ་བ་དང། །གཡའ་ཞིང་རིང་ནས་འཚོ་པ་དང། །རྨ་ནི་ན་ཞིང་སྦྱར་དཀའ་ལ། །ཐལ་སྨན་ལ་སོགས་སྦྱང་བར་བྱ། །རྡེའུ་ཆུང་རྨ་ནི་གཅིན་འཛག་དང། །གང་གཞན་ཁྲག་ནི་འབྱུང་བ་དང། །གང་ཞིག ་བཅད་ནས་སྦྱར་བ་དག། ཇི་སྐད་བཤད་པའི་ཆོ་ག་ཡིས། །གསོ་བར་བྱེད་བཞིན་མི་འགྲུབ་ན། །དེ་ནི་མེ་ཡི་ལས་ཀྱི་གསོ། །སྐྱོན་མེད་རྨལ་རྨ་འབྱོར་བའི། །སྨན་དང་ཤ་བསྐྱེད་གང་ཡིན་སྦྱར། ། ཤྭ་གནདྷ་སེང་ཕྲོམ་དང། །ཤིང ་མངར་བཙོད་དང་ཀཏཔ་ལ། །ད་དེ་ཀི་ཡི་མེ་ཏོག་གི། ཕྱེ་མ་རྨ་འཚོ་བ་བྱེད་པའི་མཆོག། རྣག་དང་ཤ་ནི་མེད་པ་དང། །ཤ་ཡི་གནས་སུ་མ་འདྲུབས་པ། །ཏིལ་དང་ཤིང་མངར་བཅས་པ་ཡིན་།ལྡེ་གུས་རྨ་ནི་འཚོ་བར་བྱ། །སྣུམ ་བྲོ་མངར་དང་ཁ་བ་དང། །སྐབས་ཐམས་ཅད་སེལ་བར་བྱེད། །ནིམ་པའི་ལོ་མ་སྦྲང་རྩིར་བཅས། །བསྐུས་པས་རྨ་སྤྱོད་མཆོག་ཡིན་ནོ། །སྔ་མ་གཉིས་དང་ཞུན་མར་སྦྱར། །མྱུར་དུ་རྨ་འཚོ་བ་བྱེད་པ་ཡིན། །ཏིལ་འདྲར་ནས་ཀྱི ་ལྡེ་གུ་ནི། །དེ་དང་འདྲ་བར་ལ་ལ་འདོད། །ཁྲག་མཁྲིས་དུག་དང་གློ་བུར་བ། །གཏིང་རིང་ཚ་དང་བཅས་པའི་རྨ། །འོ་མ་རྨ་འབྱར་སྨན་དང་ནི། །བསྐོལ་བའི་མར་གྱི་རྨ་འཚོ་བ་བྱ། །བན་ཀན་རླུང་འགྱུར་རྨ་འབྱོར་སྨན། །ཏིལ་མར་བཅས་པས་རྨ་འཚོ་བ ་འགྱུར། །ནག་ཚུར་སེད་ཕྲོམ་ཨ་རུ་ར། །པི་ཁྲི་དངུལ་རྡོ་སྲ་རྩི་པོག་སྤངས་མངོན་སོན་པའི་ཕྱེ་མ་།ཏིལ་མར་བཅས་པ་རྨ་འཚོ་བ་མཆོག། མཉམ་ཞིང་ཤ་ནི་བརྟན་པ་དང། །པགས་པར་གནས་ལ་ཕྱེ་མ་ཕན། །ུ་དུམ ་པར་ཨ་ཤྭདཐ། །འཛམ་བུ་སེང་ཕྲོམ་ཀཏཔ་ལ། །ཀུ་ཀུ་སེང་ཕྲོམ་ཕྱེ་མས་གདབ། །པགས་བ་མྱུར་དུ་སྐྱེད་པར་བྱེད། །རྒྱ་སྐྱེགས་ལྡོང་རོས་བཙོད་དང་ནི། །བ་ལ་དང་ནི་སེར་པོ་གཉིས།། །སྦྲང་རྩི་མར་སྦྱར་ལྡེ་གུ་ཡིས ་བསྐུལ་ན་པགས་པ་དག་བྱེད་མཆོག། སྐྱར་པ་ཨ་མྲའི་རུས་པ་དང། །ནཱ་ག་གེ་སརྤརི་ཡང་ཀུ། །ཙན་དམ་སེར་པོ་དངུལ་ཆུ་རྣམས། །ལྡེ་གུ་བ་ལང་ལྕི་ཁུ་དང། །སྦྱར་བ་བསྐུས་བར་གྱུར་ན་ནི། །པགས་པ་མདོག་འདྲ་བྱེད་མཆོག་ཡིན།། ་བ་སོ་དུད་པ་མ་ཤོར་བསྲེགས། །སྐྱེས་ཁཎྜ་དང་ཏིལ་མར་དང། །བསྐུས་ནི་སྦུ་ནི་སྐྱེ་བར་བྱེད། །དེ་བཞིན་རྐང་བཞིའི་སེམས་མོ་སྤུ། །རུས་པ་པགས་རྭ་རྨིག་པ་བསྲེགས། །སྣག་ཚ་ཏིལ་མར་དང་སྦྱར་བས། །བསྐུས་ན་སྤུ་ནི་འཚོ་བར་བྱེད།། ་སྨན་མ་ལ་ནི་ཆ་བྱད་ཀྱི། །ལས་བཤད་ཕན་དང་གནོད་པ་བསྟན། །རླུང་གྱུར་རྨ་ལ་རྩཝ་བ་ལྔ། གཉིས་དད་རླུང་འཇོམས་སྡེ་ཚན་པ་ན། །མཁྲིས་གྱུར་ཤུགས་པ་ནྱ་གྲོ་དྷ། །སྡེ་ཚ་ནི་གཉིས་དང་མཁྲིས་འཇོམས་བཏང། །བད་ཀན་ལས་གྱུར ་དོད་ཀའི་སྡེ། །བད་ཀན་འཇོམས་པར་བྱེད་པ་བཏང། །འདྲེན་མ་ལས་གྱུར་འདྲེན་མས་བྱས། །འདི་དག་གིས་བཀྲུ་བྱུག་པ་དང། །སྨན་མར་ཏིལ་མར་སྨན་ཁུ་དང། །ཕྱེ་མ་རེང་བུ་བདུན་པོ་ནི། །རྨ་ལ་ཅི་རིགས་སྦྱར་བར་བྱ། །ཛའ་ཏི ་ནིམ་བ་པ་ཏོ་ལའི་ལོ་མ། །སྐྱེར་པ་ཡུང་པ་ཐལ་ཏེས་པུ་ཙེ་ཤེལ། །སྤྲ་ཚིལ་སྤངས་མ་ཤིང་མངར་ཨ་རུ་ར། །ཀ་རཉྫ་ཡི་ས་བོན་བཙོད་དང་བཅས། །མར་བསྐོལ་འདིས་ནི་རྨ་ཁ་ཆུང་བ་དང། །ནད་ལ་བརྟེན་ཞིང་རྣག་ནི་འཛག ་འཛད་པ་དང། །རྨ་ཡི་ཕུགས་རིང་ནད་བཅས་ཕུགས་བཅས་པའི། །རྨ་ནི་དག་ཅིང་འཚོ་བ་པར་བྱེད་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ལས་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་འཕྲལ་དུ ་བྱུག་པའི་རྨ་གསོ་བ་བཤད་པར་བྱའོ། །རྨ་ནི་གནང་བས་འཕྲལ་དུ་ནི། །བྱུང་གྱུར་གློ་བུར་རྨ་ཞེས་བྱ། །དེ་ནི་མཛའ་ཡས་ཡིན་ཟིན་ཀྱང། །ཡལ་ག་རྣམ་པ་བརྒྱད་དུ་བཤད། །བཤུས་དང་བཅད་དང་རྣམ་བལ་བཅད། །རབ་ཏུ་འཆད་དང་ལྷུང་བ ་དང། །ཕུག་དང་བཤགས་དང་གྲུགས་པའོ། །དེ་ལ་བཤུས་པ་ཆུ་སེར་རམ། །ཁྲག་ནི་ཉུང་ཟད་འབྱུང་འགྱུར་ཞིང། །བགས་པ་ཚོད་པས་རྩ་འགྱུར་ཡིན། །དེ་ལས་ཚོད་འགྱུར་བཅད་པ་ཡིན། །དེ་ལ་ཚོད་པ་རྣམ་བཅད་ཡིན། །རབ་འཕྱང་རུས་བར ་ལྷག་མ་ལུས། །ལྷུངས་བ་ལུས་ལས་བོག་པ་ཡིན། །ཟུག་རྡུ་ཕྲ་མོ་འབིགས་པས་ཕུག། ཁྲོད་བ་མ་གཏོགས་སྣུམ་པ་ཡིན། །སྔ་མ་ལས་གཞན་བཤགས་པ་ཡིན། །ཁྲག་དང་རྐང་ནི་འདྲེས་གྱུར་པ། །མཚོན་གྱིས་དྲག་ཏུ་བསྡུམ?་པ་ཡིས། ་རུས་བཅད་རྒྱ་ཆེར་སྣང་ཀྲུགས་པ། །དེ་ལ་འཕྲལ་དུ་བྱུང་བའི་རྨ། །ཟུག་གཟེར་ཤིན་ཏུ་ཆེ་བ་ལ། །ཤིང་མངར་མར་དང་བསྐོལ་བ་འམ། །བ་བླའི་ཏིལ་མར་དྲོ་འཇམ་བླུག། །ནད་པའི་ཚ་བ་ཞི་བྱའི་ཕྱིར། །བསྐུ་པ་ལ་སོགས་སྣམ་བ་དན། །བསིལ ་མངར་བ་ཡི་སྨན་གྱིས་ནི། །དེ་ཡི་མོད་ལ་བླུག་པར། །འཕྲལ་གྱི་རྨ་ནི་རྒྱ་ཆེ་ལ། །སྦྱངས་པའི་ཕྱིར་ནི་སྦྲང་རྩི་དང། །མར་གྱིས་མཆོག་ཏུ་བསྐྲུ་བྱ་ཞིག། །མཁྲིས་འཇོམས་བསིལ་བའི་གསོ་བ་བྱ། །ནང་གྱིས་རྩོམ་བ་ཆེ་བ་ལ། །སྟེང་དང་འོག ་ནས་སྦྱང་བར་བྱ། །སྨྱུང་བ་བྱ་ཞིང་འབྲས་ཆན་བཞིན། །རྒྱུན་དུ་གཏར་ག་གདབ་པར་བྱ། །བཤུས་དང་གྲུགས་པ་འདི་ཉིད་ད། །ཆོ་ག་འདི་ཉིད་ལྷག་པར་སྦྱར། །དེ་གཉིས་ཁྲག་ནི་ཉུང་ཤས་འཛག། སྨིན་པའམ་མྱུར་བ་ཉིད་དུ་འགྱུར། །ཕལ་ཆེར་རྨ་ནི་ཤག་ཆེར ་འབྱུང། །གཞན་ལས་ཁྲག་ནི་འབྱུང་གྱུར་ལ། །དེ་ཡིས་ཁྲག་ནི་ཟད་གྱུར་བས། །རླུང་འཁྲུགས་ནང་ནི་བསྐྱེད་པ་ལ། །རླུང་འཇོམས་སྨན་དང་བསྐོལ་བ་ཡི། །སྣུམ་བླུགས་པ་དང་སྨན་ཆུ་བླུག། དུགས་དང་བསྐུ་དང་དཀྲི་བ་དང། །སྣུམ་གྱི་འཇམ ་རྩི་རྣམས་ཀྱང་བྱ། །དེ་ལྟར་ཞག་བདུན་པར་བཤད་པའོ། །འཕྲལ་གྱི་རྨ་བྱུང་ཆོ་ག་བཤད། །ཞག་བདུན་ནས་ནི་ཤུགས་ཟས་ནས། །སྔར་བཤད་ལ་ཡི་ཆོ་ག་སྤྱད། །འདིར་ནི་ཕལ་ཆེར་སྤྱི་ཆོ་ག། རེ་རེ་གསོ་བ་བཤད་བྱ་སྟེ། །བཤུས་ལ་ན་བ ་མྱུར་བསལ་ཕྱིར། །རྨལ་ཕན་པའི་ཕྱེ་མ་གདག་།བཅད་པ་རྨ་སེལ་ལྡེ་གུས་བསྐུ། །རྣམ་པར་བཅད་དང་རབ་འཕྱང་ལ། །ཆོ་ག་བཞིན་དུ་བཙེམ་པ་དང། །བཅིང་བ་དང་ནི་བཙིར་བ་བྱ། །མིག་བཅར་བ་ནི་གསོར་མི་རུང། །མ་ཞར་ཕྱིར་ནི་འཕྱང ་པ་ལ། །འང་གི་གནས་སུ་ལེགས་བཞག་ཅིང། །རྩ་མ་འཆོལ་བར་བྱས་ནས་ནི། །པདྨའི་འདབ་མས་གཡོགས་ནས་ནི། །ལག་པས་དལ་གྱི་མནན་པར་བྱ། །དེ་ནས་ཤིང་མངར་ཛཱི་བ་ཀ། ཟངས་རྩི་བ་དང་ཨུཏཔ་ལ། །མར་དང་འོ་མ་བཅས ་བསྐོལ་བའི། །སྨན་ཐིགས་བླུགས་དང་སྣ་སྨན་དང། །རྟ་བའི་ཆོ་ག་དག་ཀྱང་བྱ། །མིག་ནད་ཐམས་ཅད་སེལ་མཆོག་ཡིན། །མིག་ཕུགས་ཞུགས་ལ་མགུལ་བ་བསྡམ། །སློན་དང་ལུད་པ་སྤྲོད་པ་དབྱུང། །ཡང་ན་དབུགས་རྡུབ་དབུགས་དབྱུང ་བསྔམ། །རྨ་བྱུང་མིག་གི་གསོ་བ་བྱ། །རྣ་བ་པོ་ག་བ་ཙེམས་ནས་ནི། །བུ་ག་ཏིལ་མར་དག་གི་དགང། །ལྷག་པའི་སུམ་མདོ་ཆོད་གྱུར་ཏེ། །རླུང་གི་འབྱུང་བར་འགྱུར་བ་ལའང། །མཉམ་དུ་བཞག་སྟེ་བར་མཚམས་ན། །མེད་པར་བརྩེམས། ་ཏེ་བཅིང་བར་བྱ། །འདི་ལར་ཡི་མར་སར་གྱིས། །བླུགས་པ་དག་ནི་རབ་ཏུ་བསྔགས། །གན་རྐྱལ་བཞག་སྟེ་ཁ་ཟས་བྱིན། །ལེགས་པར་སྤྱོད་ལམ་བསྡོམས་ཏེ་ཉལ། །ཡན་ལག་ཐད་ཀར་གནས་པ་ཡི། རྨ་བྱུང་ཡན་ལ་ལེགས ་བཞག་སྟེ། །བཙེམས་ལ་བཀྲི་ཞིང་བཅིང་བྱ་ཞིང། །གོས་ནི་མཐུག་པོས་བཅིང་བར་བྱ། །པགས་པའི་འུར་མཐིལ་བཅིངས་པས་ནི། །འཕྲག་པའི་རྨ་ལ་བཅིང་བར་བྱ། །རླིག་པ་འཕྱང་ལ་སྒང་བ་ནི། །བྷུ་གུས་ཆུ་ནི་གཏོང་ནས་ཀྱང། །རླིག་པ ་བཅུག་སྟེ་རས་བ་ལ་དང། །བཅས་པའི་ཁབ་ཀྱིས་བཙེམ་པར་བྱ། །འུར་མཐིལ་བཅིང་བར་བྱས་པ་ལ། །རྐེད་བ་ནས་ནི་སྲད་བུས་གདགས། །དེ་ནི་རྨ་ནི་འདུལ་གྱུར་པས། །སྣུམ་དང་དུགས་ཀྱི་ལས་མི་བྱ། །བྲི་ཡང་ཀུ་དང་ཨ་ཀ་རུ། །སུག ་སྨེལ་ཛཱ་ཏི་པརྤ་ཏ། །ཙན་དམ་ལྡོངས་རོས་སྐྱེར་པ་དང། །སླེ་ཏྲེས་དང་ནི་སྤང་མ་དང། །ཏིལ་མར་བསྐོལ་བས་རྨ་འཚོ་བ་བྱེད། །ཡན་ལག་མ་ལུས་ཆད་པ་ལ། །ཏིལ་མར་བསྐོས་བས་བསྲེགས་ནས་ནི། །སྒྱེའུ་བཅིངས་པས་བཅིང་བར་བྱ།། ་དེ་ནས་རྨི་ལྟར་གསོ་བར་བྱ། །ཕུག་པ་ཟུག་རྡུ་ཕྱུང་བས་གསོ། །གྲུགས་དང་ཆག་གྲུགས་གསོ་བར་བྱ། །མགོ་བོའི་བྲུག་རྡུ་དབྱུང་བ་ལ། །སྐྲ་ཡི་ཡེའུ་གཞུག་པར་བྱ། །གཞན་དུ་གླང་རྒྱས་འཛག་པ་ཡིས། །རླུང་འཁྲུགས་དེ་ནི་གསོད་པར ་འགྱུར། །རྨ་འཚོ་བས་ནས་ནི་རིམས་ཀྱིས་ནི། །སྐྲ་ནི་དལ་གྱིས་འབྱུང་བར་བྱ། །ཀླད་རྒྱས་འཛག་ལ་སྲོག་ཆགས་ནི། །གཞན་གྱི་གླང་པ་བཅིངས་བར་བྱ། །གཞན་ལས་ཟུག་རྡུ་ཕྱུང་ནས་ནི། །རྨ་རེད་རེད་བུ་སྣུམ་ཅན་གཞུག། ཕུག་རེང་ཁ་ནི་ཆུང་བ ་དང། །རྨ་ཁར་རྣག་དང་ཁྲག་འཛག་ལ། འཁོར་ལོས་བཙིར་བའི་ཏིལ་མར་བླུགས། །དེ་ནི་སླུ?་གུ་ཆུང་དུས་བཏང། །ཁོད་པ་བརྟོལ་ཏེ་ཁྲག་གིས་གང། །བརྒྱལ་ཞིང་སྙིང་ག་རྩིབ་ལོགས་ན། །རིམས་འདེབས་ལུས་ཚ་ལྟོ་སྒོ་སྙོམ།། ་ཟས་ལ་མངོན་པར་མི་དགའ་ཞིང། །བཤད་པ་གཅིན་དང་ཕྱེན་འགགས་ལ། །མིག་དམར་རྡུལ་འབྱུང་དབུགས་མི་བདེ། །ཁ་ནང་ཁྲག་གི་དྲི་བྲོ་ཞིང། །ལུས་ཀྱང་དྲི་མི་ཞིམ་བར་འགྱུར། །མ་ཞུའི་གནས་ན་གནས་པའི་ཁྲག། ཁྲག་ཏུ་ཡང་ནི་སྐྱུག་པར་བྱེད།། ་ཤིན་ཏུ་ཤས་ཆེར་ལྟོ་སྤོ་ཞིང། །གཟེར་ནད་ཀྱིས་ཀྱང་གནོད་བར་བྱེད། །ཞུ་བའི་གནས་ན་གནས་པའི་ཁྲག། གཟེར་བཅས་ལུས་ནི་ལྕི་བར་བྱེད། །ལྟེ་བ་མན་ཆད་གྲང་བ་དང། །བུ་ག་ལས་ཀྱང་ཁྲག་འབྱུང་འགྱུར། །གནས་ནི་ཞིག་པར ་མ་གྱུར་ཀྱང། །ཁྲག་ནི་འཛག་པར་གྱུར་པ་ཡིས། །བུ་ག་ལུས་ནི་འགེངས་བྱེད་དེ། །ལྒང་པའི་ངོས་ནས་འགེངས་དང་འདྲ། །ཁྲག་ནད་ཡོད་པ་དེ་ལ་ནི། །རྐང་ལག་གྲང་ཞིང་དབུགས་གྲང་ཞིང། །མིག་དམར་མདོག་ནི་སྐྱ་བ་དང། །ལྟོ་བོ་བ་ནི ་སྤང་བར་བྱ། །མ་ཞུར་གནས་བསྐྱུག་སྨན་བཏང། །ཞུ་བའི་གནས་ལ་གནས་པ་ལ། །བཀྲུ་སྨན་དང་ནི་ནི་རུ་ཧ། །སྣུ་མེད་དྲོ་བས་སྦྱང་བར་བྱ། །ནས་དང་རྒྱ་ཤུག་རྒྱ་སྲན་གྱི། །ཁུབ་སྣུམ་ནི་མེད་པ་དང། །ནས་ཐུག་ཁ་ཟས་བཟའ་བ་དང། ་ལྕེ་མྱང་ཚ་དང་ལྡན་པ་སྦྱིན། །ཁྲག་ནི་མང་དུ་འཛག་པ་དང། །ཁོང་བ་སྣང་ལ་ཁྲག་བླུག་བྱ། །རྒྱུ་མ་འབྱར་དང་ཆད་བ་ཉེན། །ཁོང་བ་སྣང་བ་གཉིས་སུ་བཤད། །དང་པོར་བརྒྱལ་སོགས་ཆུད་བ་ཡིན། །ནས་ཐུག་ཁ་ཟས་བཟའ་བ་དང། ་པར་བྱེད། །རྒྱུ་མ་འབྱར་བ་ཐེ་ཚོམ་བཅས། །རྒྱ་མ་ཆད་པ་འཚོ་མི་འགྱུར། །གང་གི་བཤད་དང་གཅིན་དང་ཕྱེན། །རང་གི་ལམ་ལས་བྱུང་གྱུར་ལ། །བླ་གཉན་མེད་པར་བརྡོལ་གྱུར་ཀྱང། །འཚོ་བར་འགྱུར་བར་ཐེ་ཚོམ་མེད། །མ ་བརྟོལ་རྒྱུ་མ་བྱུང་བ་ནི། །གཞུག་པར་བྱ་ཞིང་གཞན་དུ་མིག། གྲོག་མོ་མགོ་བོ་བཅད་ན་ནི། །དེ་ཡང་གཞུག་ཅེས་ལ་ལ་སྨྲ། །རྡུལ་དང་ཁྲག་དང་རྩ་ཡིས་གསོ། །འོ་མས་ལེགས་པར་བསྲུས་ནས་ནི། །སེན་མོ་བྲེགས་ཏེ་མར་གྱིས་བསྐུ། ་རིམས་ཀྱིས་ལེགས་པར་གཞུག་པར་བྱ། །རྐམ་པོ་འོ་མས་སྤངས་ནས་ནི། །མར་སར་མང་པོ་བསྐུ་བར་བྱ། །སོར་མོས་མགུལ་བ་མཉེ་བར་དང། །ཆུ་ཡིས་ཀྱང་ནི་གཏོར་བར་བྱ། །དེ་ལྟར་རྒྱུ་མ་ནང་ཞུགས་ནས། །དེ་ཡི་ཚེན ་བཙིར་བར་བྱ། །རྨ་ཁ་ཆུང་དང་སྦོམ་པ་ཡིས། །རྒྱུ་མཁོང་བར་མ་ཆུད་ན། །དེ་ཡི་ཚད་ཙམ་ལྟོ་བར་ནི། །བཀྲལ་ཏེ་ནང་དུ་གཞུག་པར་བྱ། །ནང་དུ་ལེགས་པར་འདུག་གྱུར་ན། །དེ་རྗེས་རྒྱུ་མའི་རྨ་བཙེམ་བྱ། །གནས་སུ་ལེགས་པར་མ་བཞག་ན། །དེ ་ནི་འཁྲུགས་པར་འཆི་བར་འགྱུར། །དེ་རྗེས་རས་ཀྱིས་དཀྲིས་ནས་ནི། །མར་གྱིས་བསྐུ་ཞིང་བླུགས་པར་བྱ། །དེ་ནས་དནད་ཏིལ་མར་དང། །སྦྱར་བའི་འོ་མ་དྲོ་འཇམ་བླུད། །དེས་ནི་བཤད་བ་སྙེ་བ་དང། །རླུང་ནི་བདེ་བར་འབྱུང་བར ་འགྱུར། །ཇི་སྐད་བཤད་པའི་སྤྱོད་པ་བསྲུང། །ལོ་གཅིག་བར་དུ་འབད་པར་བྱ། །ལྟོ་ལས་ཚིལ་ནི་བྱུང་གྱུར་ན། །ཐལ་པ་འམ་ནི་ས་དག་གམ། རོ་བསྐ་བ་ཡི་རྩ་བ་དག། ཞིབ་ཏུ་བཏགས་པས་བཏབ་ནས་ནི། །དེ་ནས་སྲད ་བུ་དམ་དུ་བཅིང། །སྨན་པ་མཁས་པས་བསད་པར་བྱ། །མཚོན་རྣོན་མ་ལ་བསྲེགས་པ་ཡིས། །ལན་ཅིག་ཁོ་ན་གཅད་པར་བྱ། །གཞན་དུ་བྱས་ནས་གཅོད་པའི་ཚེ། །ན་ཞིང་སྤོ་བའམ་འཆི་བར་འགྱུར། །སྤྲང་རྩི་བཅས་པ་རྨ་བཅིངS ་ལ། ཁ་ཟས་ཞུ་ནས་འོ་མ་མར། །དནྟི་རྒྱ་སྐྱེགས་གཟེ་མ་དང། །ཤིང་མངར་ཁར་བསྐོལ་པ་བླུང། །ཤིང་མངར་བཅས་པ་སྔར་གྱི་ནི། །ཚོགས་ན་དང་ཚ་བ་སེལ། །ཚིལ་གྱི་རྨེན་བུ་བཤད་པ་ཡི། །ཏིལ་མར་བསྐུས ་ནའང་ཕན་པ་ཡིན། །བལ་པུའི་ལོ་མ་ཤུག་པ་དང། །སྤང་སྤོས་ཧ་རེ་ནུ་ཀ་དང། ། ཀ་རུ་དང་ཙནད་དང། །པདྨའི་ས་བོན་སེར་པོ་གཉིས། །ུ་ཤི་ར་དང་ཤིང་མངར་བཅས། །བསྐོལ་བ་འཕྲལ་གྱི་རྨལ་ནི། །འཚོ་པར་བྱེད་པའི ་དམ་པར་བཤད། །མཚོན་གྱིས་བསྣུན་པས་མི་མངོན་པ། །གཡང་ས་མཐོན་པོ་ནས་ལྷུང་བ། །རླུང་མཁྲིས་འཇོམས་སྨན་འདྲངས་བ་དང། །མཉེ་དང་བསྐུ་བ་སྦྱང་བ་བྱ། །ལུས་ཚིགས་བྱེད་དང་མཉེས་པ་དང། །སྣང་དུ་བསྣུན་པས་ཉེན་པ་ལས། །སྣོད་ཆེན ་ཏིལ་མར་གྱིས་གང་བར། །གཞུག་ཅིང་ཤ་ཁུ་སྦྱིན་པར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཆག་གྲུགས་གསོ་པ་བཤད་པར་བྱའོ། །ལྟུང་ངང་སྣང་སོགས་ཀྱིS ་རུས་ཚིགས། །ཚིགས་དང་ཚིགས་མེད་ཆགས་འགྱུར་གཉིས། །ཚིགས་བྱུང་གྱུར་ན་བརྐྱང་དང་བསྐུམ། །ནུས་པ་མེད་པ་ཉིད་དུ་འགྱུར། །གཞན་དག་ཤིན་ཏུ་སྐྲངས་པ་དང། །གནས་སྐབས་ཀུན་ཏུ་རབ་ཏུ་ན། །བསྐྱོད་པ་ཆུང་དུ་མི་ནུས ་ཤིང། །བཙིར་ན་སྐྲངས་དང་བཅས་པ་ཡིན། །དེ་ལྟར་ཆག་གྲུགས་མདོར་བསྡུས་པའི། མཚན་ཉིད་ཡིན་ཏེ་དེ་དབྱེ་བ། །ཆག་པའི་དབྱེ་བ་དུ་མར་འགྱུར། །དེ་དག་ཀུན་གྱི་གསོ་བ་ནི། །ཇི་ལྟར་འཚམ་བ་བཞིན་དུ་ནི་།དེ་བཞིན་དོན?་ཉེ་བར་བསྟན། ་མང་དུ་འཕྲ་མོ་ཆག་པ་དང། །རེག་ན་སྒྲ་ནི་འགྲོལ་བ་དང། །གང་དུ་རུས་པ་ཆག་པ་ཡི། །བར་དུ་རུས་པ་ཕྲམ་ཞུགས། །ཡང་ན་སྣང་བས་ཆག་བ་ལས། །ཅུང་ཟད་ལུས་པར་གྱུར་བ་དང། །གང་ཡང་བཏེགས་པའི་ཚེ་ན་ནི། །རྨ་ལྟར་རྐང་དུ ་ནུབ་པ་དང། །ནུས་གཞན་སྤེག་པར་གྱུར་པ་དང། །རླུང་ཅན་ཉུང་ཟད་སྤང་བར་བྱ། །དབྱི་ཡི་རུས་མིག་ཆག་པ་དང། །གང་ཡང་ཚིགས་བྱེ་ལྷུང་བ་དང། །རོ་སྨད་ཤིན་ཏུ་གྲུགས་པ་དང། །ཆག་པར་གྱུར་པ་ཡང?་ཡིན་དང། །ཐོང་བའི་མཚམས་ནི ་མ་འབྱོར་བ་འམ། །དེ་བཞིན་དཔྲལ་བ་ཕྱེ་མར་གྱུར། །གང་ཡང་མུར་འགྲམ་ཆག་པ་དང། །ལྟག་པ་ནུ་མའི་བར་ཆག་སྤང། །རུས་པ་ལེགས་པར་ཆག་གྱུར་ཀྱང། བཞག་ཉེས་བཅིང་བ་ཉེས་པ་དང། །གང་ཞིག་བསྐྱོད་པས་གནོད་འགྱུར་པ། །དེ་ཡང ་སྤངས་བར་བྱ་པ་ཡིན། །གདོད་ནས་རུས་པའི་ཚོགས་དག་ནི། །ཉེས་པར་སྐྱེ་འགྱུར་དེ་ཡང་སྤང། །རུས་པ་གཞོན་ནུ་གུག་པ་དང། །སྦུབས་ཅན་ཆག་པར་གྱུར་པ་དང། །ཐོད་པ་གས་པར་གྱུར་པ་དང། །གཞན་ཡང་མང ་དུ་གས་པ་རྣམས། །དེ་ནས་དམའ་བ་བསྟོད་པར་བྱ། །མཐོན་པོ་མནན་པར་བྱ་བ་ཡིན། །ནང་དུ་ནུབ་པ་དྲང་བར་བྱ། །འོག་ཏུ་སོང་བ་སྟེང་དུ་དྲང། །བརྡག་དང་མནན་དང་སྨད་པ་དང། །པགས་པ་བསྡུས་ཏེ་བཅིང་བ་དང། །དེ་ལྟར་བཞག ་པའི་ཐབས་ཀྱིས་ནི། །ལུས་སུ་གཏོགས་པའི་ཚིག་ཐམས་ཅད། །ཡོ་འམ་མི་ཡོ་གང་ཡང་རུང། །ལེགས་པར་བཞག་སྟེ་མི་འགྱུར་བྱ། །རས་མ་མར་ནི་མང་བས་དཀྲི། །ུ་དུམ་བར་ཀ་དམྦ?། ། རྫུ་ན་དང་ཨ་ཤདཐ། །ས་ར་ཛ ་ནི་པ་ལ་ཤ། འོ་མ་ལས་བྱུང་ཤུན་ཞེང་ཆེ། །འཇམ་པ་ལེགས་པར་འཇར་བ་དང། །རྟེན་དང་བཅས་ཤིང་མི་འགྱུར་བའི། །ཤུན་པའམ་དུམ་བུ་དག་དང་ནི། །འཇག་མས་ལེགས་པར་དཀྲི་བྱ་ཞིང། །རས་ཀྱི་སྟེང་དུ་གླན་པར ་བྱ། །བཅིང་བ་ལྷོད་པར་གྱུར་པ་ཡི། །མཚམས་སྦྱོར་བརྟན་པོར་མི་འགྱུར་རོ། །དང་པོར་ཤིན་ཏུ་ན་ཞིང་ཚེ། །གནག་དང་སྐྲངས་པ་འབྱུང་པར་འགྱུར། །སོས་ཀའི་དུས་སུ་ཞག་གསུམ་གསུམ། །དགུན་གྱི་དུས་སུ་བདུན ་ནས་དགྲོལ། །ཐུན་མོངས་དུས་སུ་ཞག་ལྔ་ནས། །ཡང་ན་ཆད་པའི་དབང་ལས་དགྲོལ། །དེ་ནས་ནྱ་གྲོ་དྷ་སོགས་པའི། །ཁུ་བ་བསིལ་བའི་ཆུ་བླུག་བྱ། །དེ་ནི་ནད་བཅས་རྩ་བ་ལྔ། །འོ་མ་བསྐོལ་བ་བླུག་པར་བྱ། །མཁས་པས ་ཏིལ་མར་འཁོར་ལོར་བཙིར། །རླུང་འཇོམས་སྨན་དང་བཅས་པ་ཡིན། །དྲོ་འཇམ་ཙམ་ནི་བསྐུ་བར་བྱ། །དུས་དང་ཡུལ་གྱི་དབྱེ་བས་བྱ། །ཁུ་བ་ཤིན་ཏུ་གྲང་མོས་ནི། །རྒྱུན་དུ་བླུགས་ཤིང་ལྡེ་གུས་བསྐུ། །བསར་འོ་མ ་མར་དང་བཅས། །མངར་བའི་སྨན་དང་བསྐོལ་བ་དག། རྒྱ་སྐྱེགས་ཁུ་བར་བཅས་པ་ནི། །ཆག་གྲུགས་ཅན་ལན་ད་རེ་བླུད། །ཆག་གྲུགས་རྨ་དང་བཅས་བ་ཡི། །རྣལ་ཤིང་མངར་པར་ཤས་ཆེ། །ལྡེ་གུ་བསྐུས་བའི་ཡང་ན་ནི། །ལྷག་མ་གྲུག་པ་ལྟ་བུར་གསོ། །རྨ་ཡི་ཤ་ནི ་འཕྱང་བ་ལ། །སྤྲང་རྩིམས་ཀྱིས་བསྐུས་ནས་ནི། །སྨན་པས་སྨན་ནི་ཁ་སྦྱར་ནས། །བཅིང་བ་དག་ཀྱང་ལེགས་པར་བྱ། །དེ་ནི་མཉམ་ཞིང་ལེགས་བཤག་ནས། །པྲི་ཡང་ཀུ་དང་ཀད་པ་ལ། །སེང་ཕྲོམ་བཙོད་དང་དད་ཀི། ཕྱེ་མ་ལེགས་པར ་གདབ་བྱ་འམ། །སེང་ཕྲོམ་ད་ད་ཀི་ཕྱེ་མ། །བཏབ་ན་མྱུར་དུ་འཆོ་བར་འགྱུར། །དེ་ལྟར་ཆག་གུགས་གསོ་བ་ཡིན། །ལུས་ཟུངས་བརྟན་ལ་དགུན་གྱི་ཚེ། །ཤ་ཆེན་ནད་གཞི་ཆུང་བའི་རྨ། །གསོ་སླ་གཞན་ནི་གསོ་བ་དཀའ་། །ན་ཚོང ་དང་པོ་བར་མ་མཛའ་། །ཟླ་གཅིག་གཉིས་དང་གསུམ་རིམ་གྱིས། །ཆོ་ག་ཇི་སྐད་བཤད་བསྟེན་ན། །རྨ་འབྱོར་བརྟན་པར་འགྱུར་བ་ཡིན། །རྐེད་པ་རྗེ་ངར་བརླ་ཆག་ན། །སྤང་ལེབ་ལ་ནི་ཉལ་བ་ཕན། །དེ་བཞིན་བསྡམ་ཕྱིར་ཕུར་བ་ལྔ། ་བྱས་ན་ཉེ་བར་བསྟོད་བྱས་ཏེ། །རྗེ་ངར་ངོས་གཉིས་ལ་གཉིས་གཉིས། །རྐང་མཐིལ་དྲང་པོ་གཅིག་བཞག་བསྟོད། །སྟ་ཟུར་རམ་ནི་སྒལ་ཚིགས་སམ། །གདོང་དང་དེ་བཞིན་ཕྲག་པ་རུ། །ཚིགས་བྱུང་ཆག་གྲུགས་བྱུང་གྱུར ་ན། །ཆོ་ག་འདི་བཞིན་སྦྱད་པར་བྱ། །ཚིགས་ནི་བྱུང་ནས་ཡུན་རིང་ལ། །སྣུམ་བསྐུ་དུགས་ཀྱིས་ཉེར་བྱས་ཏེ། །འདི་བཤད་ཐབས་དང་རང་གི་བློས། །རང་གི་གནས་སུ་ལེགས་པར་གཞུག། ཚིག་མིན་ཆག་སྟེ་གྲུགས ་པ་དང། །བཅིང་ཉེས་པ་ཡིས་གསོས་པ་ལ། །བརྡུངས་ཏེ་ཚག་གྲུགས་བསྲེང་པར་བྱ། །དེ་ནས་ཆག་གྲུགས་བཞིན་དུ་གསོ། །ཆག་ནས་ཅི་ནས་མ་བརྣགས་པ། །དེ་ལྟར་སྨན་པས་འབས་འབང་པར་བྱ། །ཤ་དང་རྩ་རྒྱུས་འདྲུལ་ན ་ནི། །ཚིགས་ནི་འདྲུབས་པར་མ་འགྱུར་རོ། །ཆག་གྲུགས་ཅན་ལ་རླུང་ནས་ཀྱི། །སྐབས་བཤད་སྡུམ་ནི་སྦྱར་བར་བྱ། །སྟོབས་བསྐྱེད་སྦྱོར་བ་བཞི་པོ་དང། །འཛམ་རྩིའི་ལས་ཀྱང་བསྟེན་པར་བྱ། །ས་ལུའི་ཆན་དང་ཤ་ཁུའི ་མར། །འོ་མ་རྒྱས་བྱེད་བསིལ་བ་བསྟེན། །ཆག་གྲུགས་ཅན་ལ་རུས་པའི་མཚམས། །ལ་ཕྱིར་བྱེད་ཚང་ཙམ་སྦྱིན་པར་བྱ། །དེ་མ་མཚམས་སྦྱོར་བྱེད་བས་ན། །རྨྱ་པར་བྱེད་པ་བསྔགས་པ་ཡིན། །ལན་ཚྭ་ཚད་དང་ཐལ་སྨན་དང། །སྣུམ་དང ་ཉལ་པོ་ཉི་ཚན་དང། །རྩོལ་བསྟེན་པར་མི་བྱ་ཞིང། །ཆག་གྲུགས་ཟས་རྩུབ་བསྟེན་མི་བྱ། །ཏིལ་ནག་ཕུབ་མ་མེད་པར་ས་ཡི་ནང་གཏུམས་ནས། །ཆུ་ཡི་ནང་དུ་ཞག་བདུན་ཉེ་བར་སྤངས་འགྱུར་ཞིང། །འདི་ནི་བཏགས་ཏེ་ཉིན་རེ་ལེགས ་གར་བསྐམས་ནས་ནི། །དེ་བཞིན་འོ་མ་ཆུ་དང་ཤིང་མངར་ནང་དུ་བསྐོལ། །སླར་ཡང་འོ་མ་སྔ་མ་བཞིན་དུ་སྤངས་ཏེ་བསྐམ། །ཕུབ་མ་མེད་ཅིང་རུལ་མེད་ཞིབ་ཏུ་བཏགས་ནས་ནི། །སྤང་སྤོས་བ་བླ་ཀ་དང་བཙོད་དང་ཆུ་སྲིན་སེན། །ཤུ ་ཏི་ཀུན་དནད་དང་རུ་རྟ་བ་བླ་གསུམ། །ཙན་དན་གུར་གུམ་དང་ན་ཐལ་ཏྲེས་ཨ་ཀ་རུ། །སྒྲོན་ཤིང་སྲ་ཅི་ཕོག་དང་ཐབ་ཤིང་ཤུག་པའི་སྡེ། །དེ་ཡི་ཕྱེ་མ་དྲི་ཞིམ་འོ་མ་ལྷན་ཅིག་བཏགས། །དྲི་ཡི་སྨན་ནི་མ་ལུས་འོ་མར་བསྐོལ་པ་བཙིར།། ་རྡོ་དྲེག་ར་སྣ་ཨ་ཤུ་མ་ཏི་དང། །ཀ་ཤེ་རུ་དང་གནདྷ་པྲི་ཡང་ཀུ། །རྒྱ་སྤོས་གནདྷ་པ་ཏྲ་སེང་ཕྲོམ་དང། །པ་ཡས་སྱ་དང་མུརྦའི་འོ་མར་བཅས། །སྤང་སྦོས་སོགས་དང་ཏིལ་མར་དེ་བསྐོལ་བ། །དྲི་ཡི་ཏིལ་མང་མཆོག་འདི་རུས་པ་དག། ་བརྟན་ཞིང་མྱུར་དུ་ཞི་བར་བྱེད་མཆོག་ཡིན། །རླུང་དང་མཁྲིས་པ་ལས་གྱུར་ནད་ཀྱིས་ཁྱབ?། །སྦྱོར་བ་སྣ་ཚོགས་བསྟན་བས་སེལ་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་? ་བདུན་པའོ།། །།དེ་ནས་མཚན་པར་བརྡོལ་གྱི་ལེའུ་བཤད་པར་བྱའོ། །གླང་པོ་རྟ་ལ་ཞོན་ཏེ་འགྲོ། །གནས་དང་མལ་སྲང་ཙོག་བུར་འདུག། གཞ?་འབྲུམ་ནད་ཀྱི་རྒྱུར་བཤང་དང། །གཞན་ལའང་བརྟེན་པར་གྱུར་བ་དང། །མི་དགེ་སྨིན་བར་གྱུར་བ་དང། །འཕྲལ ་དུ་དམ་པ་ལ་སྨད་པས། །ཕལ་ཆེར་འབྲུམ་ཕྲན་དང་པོར་འབྱུང། །རྐུབ་ཀྱི་ཕྱི་འམ་ནང་དུ་ནི། །རྨ་ནི་སོར་ནི་གཉིས་སམ་གཅིག། ཤ་ཁྲག་གནོད་པར་གྱུར་ལས་བྱུང། །ཆུ་སོར་གཅིན་གྱི་གནས་ཉེ་བར། །འབྱུང་བས་འཛག་པའི་རང་བཞིན་ཅན། །དེ་ནི་མཚན་བར ་བརྡོལ་ཞེས་བྱ། །ཀུན་ཀྱང་མ་གསོས་འདྲུལ་བྱེད་ཅིང། །མོ་མཚན་ཆུ་སོ་གཞག་གི་བར། །ཤས་ཆེར་འཇིག་པར་བྱེད་པ་དང། །བཤད་གཅི་ཕྱེན་དང་ཁུ་ཆུ་ནི། །བུ་གའི་ནང་ནས་རིམ་གྱིས་འབྱུང། །ནད་གཞི་རེ་རེ་ལྡན་བ་འདུས། །གློ་བུར་པ་དང་བརྒྱད་དུ་བཤད།། ་མ་སྨིན་འབྲུམ་བུ་ཞེས་བྱར་བཤད། །སྨིན་པ་མཚན་པར་བརྡོལ་ཡིན་ནོ། །རྩ་བ་མི་མངོན་ནང་ཆ་བས་ཆེ། །ཤས་ཆེར་གཡོས་ཤིང་རྨ་འཁྱིམས་འཁྲུག། མཚན་པར་བརྡོལ་འགྱུར་ཤེས་པར་བྱ། །དེ་ལས་གཞན་དུ་དེ་མི་བྱེད། །དེ་ལས་རླུང་གྱུར་འབྲུམ ་བུ་ནི། །དམར་ཞིང་གནག་ལན་བ་དང། །ཟུག་ཅིང་འཕར་བར་བྱེད་པ་ཡིན། །མཁྲིས་གྱུར་རྫ་མོའི་མགྲིན་ལྟར་རིང། །དམར་ཞིང་སྲབ་ལ་ཤས་ཆེར་ཆེ། །ཐལ་མདོག་དུད་པ་འཐུལ་བཅས་ཡིན། །བར་མར?་ལས་གྱུར་བརྟན་ཞིང་སྣུམ། །རྩ་བ་ཆེ་ཞིང ་མདོག་སྐྱ་གཡའ། །རླུང་མཁྲིས་ལས་གྱུར་མདོག་གནག་ཅིང། །དམར་ཞིང་ཚལ་མི་བཟོད་ན། །བང་རླུང་ལས་གྱུར་ཅུང་ཟད་གནག། །སྨིན་པར་དཀའ་བའི་མཚན་ཉིད་ཅན། །འདུས་འགྱུར་རྐང་བའི་?་བོད་འདྲ། །ནད་ནི་སྣ་ཚོགས་འབྱུང་འགྱུར ་ཞིང། གཟེར་དང་སྐོམ་དང་ཡིག་འཆུས། །རིམས་དང་སློན་སོགས་ཀྱིས་གནོད་བྱེད། །ཡལ་བར་བོར་ལས་སྨིན་པ་དང། །རྨ་ཉིད་དུ་ནི་འགྱུར་བ་ཡིན། །དེ་ལས་རླུང་གྱུར་འབྲུམ་བུ་ཡི། །།བ་?་ཁྱབ་བྱེད་དེ། །ཀོ་ཆགས་བཞིན ་དུ་ཁ་མང་ཞིང། །རིམས་འཕེལ་ཆུ་སེར་སླ་བ་དང། །ལྦུ་བ་ཅན་ནི་རྒྱུན་དུ་འཛག། ཀོ་ཚགས་ཁ་བརྒྱ་པ་ཞེས་བྱ། །མཁྲིས་པ་ལས་གྱུར་རྔ་མོའི་མགྲིན། །བད་ཀན་ལས་གྱུར་སྦྱིན་བག་ནི། །མར་འཛག་ཡོངས་སུ་འཛག་ཅེས་བྱ། །རླུང ་མཁྲིས་ལས་གྱུར་བཤད་སྒོར་ནི། །ཡོངས་སུ་མཆོད་པ་ཀུན་ཁྱབ་ཡིན། །དོར་ནི་རི་བོའི?་འོབས་ཀྱིས་ནི། །བསྐོང་བ་ལྟ་བུར་འབྱུང་བར་འགྱུར། །རླུང་དང་བད་ཀན་ལས་གྱུར་གླང། །གཞན་དུ་དྲང་པོར་སོད་གས་བྱེད། །བད་མཁྲིས་ལས་གྱུར་སྔར ་བཤད་པའི། །གཞད་འབྲུམ་ལ་བརྟེན་དེ་ལྡན་ཞིང། །དེ་ལས་གཞད་འབྲུམ་རྩ་བར་གཡའ། །སྐྲངས་དང་ཚ་བ་ལ་སོགས་བསྐྱེས། །དེ་ནི་མྱུར་སྨིན་བརྟོལ་གྱུར་ན། །གཞད་འབྲུམ་རྩ་བ་རྣག་?་ཡིན། །རྒྱུན་མི་འཆད་བར་འཛག་བྱེད་དེ།། ་གཞན་འབྲུམ་འདི་ནི་འཆན་མར་བརྗོད?། །འདུས་པ་ལས་གྱུར་དུང་འདྲ་བའི། །དུད་ནི་འཁྱིལ་བའི་དབྱིབས་དང་འདྲ། །འདི་ཡིས་གཞད་ནི་ཞིགས་བྱེད་ཅིང། །མི་བཟང་ལམ་ནི་ཞིག་པར་བྱེད། །གང་ཆ་ཤལ་བསྐམ་བ་ཡིས། །རུས་པའི ་དུམ་བུ་ཟོས་འགྱུར་པས། །ཐད་ཀར་སོང་བས་ལམ་ལོག་ཞུགས། །བརྡོལ་ཞིང་སྣད་པར་བྱེད་པ་ཡིན། །དེ་ཚེ་གསལ་བརྣགས་པ་དང། །ཤ་ནི་འདྲུལ་བར་བྱེད་པ་ཡིན། །དེར་ནི་སྲིན་བུ་སྐྱེ་འགྱུར་ཞིང། །གཞན་ནི་ཀུན་ཏུ་ཟད་བར་བྱེད། ། ་རིང་པོར་མི་ཐོགས་དེས་འཇིག་བྱེད་དེ་ནི་ལམ་ལོག་རྨ་སྐྱེས་ཡིན། །དེ་ལས་ན་ཚ་གཡའ་ལ་སོགས། །རྨ་གསོ་བ་ལས་ཤེས་པར་བྱ། །དེ་ལས་དྲུག་པོ་གསོ་དཀའ་ཡིན། །འདུས་འགྱུར་རྨ་སྐྱེས་སྤང་པར་བྱ། །སེལ་བའི་གཉེར་མས་ཕྱིན ་པ་དང། །སྲུབས་མཚམས་ལ་ནི་བརྟེན་པའང་སྤངས། །དེ་ནས་འབྲུམ་བུའི་ཚ་ཉིད་ནི། །འདི་ནི་དབང་དེ་གསོ་བར་བྱ། །སྦྲང?་དང་གཏར་ག་ཆུ་བླུགས་སོགས། །ཅི་ནས་སྨིན་པར་མི་འགྱུར་བར། །འདི་ནི་འབད་དེ་གསོ་པར་བྱ། །སྨིན་ནས ་སླར་ཡང་སྣུམ་འཆོས་དང། །དུགས་བྱས་ནས་ནི་ལུས་བཅིང་བྱ། །གཞང་འབྲུམ་ལྟ་བུར་བསྡམས་ནས་ནི། །གཏིང་རིང་ལེགས་པར་བརྟགས་བྱ་ཞིང། །རྩ་བ་འམ་ནི་རྩེ་མ་འམ། །ཕྱི་བལྟས་ན་དུ་བལྟས་པ་བརྟག། དེ་ལ་ནང་བལྟས་བཙལ་ནས་ནི།། ་བཙགས་བུས་ལེགས་པར་བཅད་བར་བྱ། །ཕྱིར་བལྟས་མ་ལུས་པར་བཅང་ལ། །ཐལ་སྨན་དག་གིས་གསོ་བར་བྱ། །དེ་ནས་ཐལ་སྨན་བཏབ་པ་འམ། །ཡང་ན་སྨན་པས་མི་བཙའ་བྱ། །རྔ་མོའི་མགྲིན་ལ་ཐལ་སྨན་བསྐུ། །ཀོ་ཚགས་ཁ་བརྒྱ་སྦུབས ་གཅིག་པ། །བཅུག་ནས་ལེགས་པར་བཅད་པར་བྱ། །ཏེ་བཏུབས་ནས་ནི་ལྷག་མ་འང་བཅད། །གཞན་དུ་གཞང་ནི་ཞིགས་ནས་འཆི། །འོ་མས་ལྟར་ཁྱབ་པ་འང་དེ་བཞིན་དུ། །ཐལ་སྨན་བ་གཅིན་སྦུ་གུས་གསོ། །གཞད་འབྲུམ་མཚན་པར་བརྡོལ ་བ་འང་སྔར། །གཞང་འབྲུམ་ལ་ནི་སྨན་ཕྱེ་གདབ། །རྨ་སྐྱེས་པ་ལ་རེ་ཐག་བ་ཅང། །ཟུག་རྡུ་ཆུང་བའི་ཆོ་ག་བཞིན། །ཟུག་རྔུ་ཆུད་སྟེ་སྲིན་འཇོམས་པའི། །བཟའ་རང་བྱུག་པ་སྦྱང་པར་བྱ། །བླན་དུགས་སྦུ་གུ་ཅན་ལ ་སོགས། །རླུང་ཆོས་ལེགས་སྦྱར་ནད་ལ་ཕན། །ཀོ་ཚགས་འདྲ་དང་ཐམས་ཅད་ལ། །བ་ལང་དོགས་དང་ཀུན་ཏུ་བཟང། །གཞོར་ཕྱེད་པ་དང་གཞོལ་གྱིས་བྱ། །བཏགས་ཏེ་ཉེ་བར་སྦྱར་བར་བྱ། །དངོས་སུ་འདེབས་པར་བྱེད་པའི་མཚོན། །བ་ལང ་དོགས། ཞེས་བྱ་བར་བཤད། །ཀུན་ཏུ་གཏོང་བ་ཀུན་ཏུ་བཟང། །ངོས་ལ་གཅོང་པ་གཞོལ་ཕྱེད་པ། །ངོས་གཉིས་སུ་ནི་གཞོལ་གྱིས་བྱ། །འཛག་པའི་ལམ་ནི་མ་ལུས་པར། །ཐམས་ཅད་མེ་ཡིས་བསྦེག?་པར་བྱ། །སླར་ཡང་འདི་ལྟའི་གནོད ་མི་བསྐྱེད། །སྨན་པས་དེ་ཡི་བར་བར་དུ། །དེ་ཡི་ལྟོ་སྦྱང་ལ་འབད་བྱ། བྱི་ལའི་རུས་པ་འབྲས་བུ་གསུམ། །ཁུ་བ་ལྡེ་གུར་བྱས་པ་བསྐུ། །ཛོ་ཏི་སྨ་ཏི་མ་ལ་སྦུ། །བླ་སྨན་དག་བི་ཤ་ལ། །དུར་བྱིད་པ་ཏི་པ་ཏྲ་ཀ། །ཀར་བི་ར་སྲ་རྩི་ཕོག། ཤུ ་དག་སུ་ར་ཤི་ར་དང། །རྒའི་ལོ་མ་ཏིལ་མར་བསྐོལ། །མཚན་བར་རྡོལ་ལ་བསྐུས་ནས་ནི། །འདི་ནི་ཕན་བྱེད་མཆོག་ཏུ་བཤད། །ཤིང་མངར་སེང་ཕྲོམ་པི་པི་ལིང། །སུག་སྨེལ་ཧ་རི་ནུ་ཀ་དང། །སེར་པོ་གཉིས་དང་པྲི་ཡི་ཀུ། ་རྒྱ་མཚ་ཐལ་ཏྲེ་བ་ཤུག་པ་དང། །པདྨའི་སྙིང་པོ་ད་ད་ཀི། །པྲ་ཚིལ་རུ་རྟ་སྲ་རྩི་བོ་?། །བ་ལུང་འོ་མར་བཅས་པ་དང། །ཏིལ་མེར་ལྷན་ཅིག་བསྐོལ་བ་ཡིས། །བསྐུས་ན་འབྲུམ་བུ་མཛེ་དང་རྨ། །གཅིན་ནང་སྦྲང་རྩི་འདྲ་བ་འཇོམས། །བི་ཏཱཾ་ཀའི ་སྙིང་འབྲས་བུ་གསུམ། །པི་པི་ལིང་རྩ་པི་པི་ལིང། །སྦྲང་རྩི་ཏིལ་མར་སྦྱར་བ་ཡི། །ལྡེ་གུ་ཟོས་ན་སྲིན་བུའི་ནང། །མཚན་མར་རྡོལ་དང་མཛེ་ཡི་ནད། །གཅིན་སྙི་བོ་དང་སྨན་པ་དང། །རྨ་འཁྱིམས་འཚོ་འབྱེད་པ་ཡིན། །སླེ་ཏྲེས་སུག་སྨེན ་བི་ཌཱི་ཀ། དུག་མོ་ཉུང་དང་བ་རུ་ར། །སྐྱུ་རུ་ར་དང་ཨ་རུ་ར། །གུ་གུལ?་རིམ་གྱིས་ཆ་རེ་བསྐྱེད། །སྦྲང་རྩིར་སྦྱར་བ་འདི་ཟོས་ན། །འབྲུམ་བུ་སྦོམ་དང་མཚན་མར་བརྡོལ། །ནད་ནི་སལ་བར་བྱེད་པ་ཡིན། །པི་པི་ལིང་དང་ཅི་ཏྲ་ཀ། །བྱ་ཌཱཾ་ཀ་དང་དུག་མོ་ཉུང ་ཆ་མཉམ་ཕྱེད་ཀྱི་འབྲས་བུ་གསུམ། །ཀུན་དང་ཆ་མཉམ་གུ་གུལ་དང། །སྦྲང་རྩིར་སྦྱར་བའི་ལྡེ་གུ་ཡིས། །ནད་ནི་ཐམས་ཅད་འཇོམས་པར་བྱ། །གུ་ཡུལ?་སྭང?་ལྔ་པི་པི་ལིང། །འབྲས་བུ་གསུམ་ནི་སྲད་རེ་དང། །ཤིང་ཚ་སུག་སྨེལ ་ཞོ་གཉིས་གཉིས། །སྦྲང་རྩིར་སྦྱར་བའི་ལྡེ་གུ་ནི། །ཟོས་ན་མཚན་བ་བརྡོལ་བ་དང། །མཛེ་དང་སྐྲན་ནད་འཇོམས་པར་བྱེད། །དེ་ཉིད་དང་ནི་བཅའ་སྒའི་ཕྱེ། །ལེགས་པར་བསྲེས་པར་གྱུར་པ་དང། །རྩ་བ་བཅུ་བའི་ཁུ་བ་བསྲེས། །མཆོག ་ཏུ་རླུང་གི་ནད་སེལ་བྱེད། །སེང་ལྡེང་སྙིང་པོ་འབྲས་བུ་གསུམ་གྱི་ཕྱེ། ། སན་བསྐོལ་ཁུ་བ་དང་བསྲེས་དང། །ཆ་མཉམ་གུ་གུལ་སྦྲང་རྩི་ལྡེ་གུ་བྱས། །མཛེ་འབྲུམ་གཅིན་སྙི་མཚན་པར་བརྡོལ་ནད་སེལ། །འདི་ནི་མཚན་བར་བརྡོལ ་གསོའི་བྱེ་བྲག་བཤད། །སྨན་གྱི་མཚན་ཉིད་ལྟག་མ་གང་ཡིན་པ། རྨ་ཡི་དབང་བྱས་ཡོངས་སུ་བསྟེན་པ་དང། །གསོ་ཐམས་དོགས་པ་ལེགས་པར་བརྟགས་ཏེ་སྦྱར། །རྟ་ཞོན་སྟོབས་འགྱེད་ཤུག་ནི་འགེགས་པ་དང། །ཆང་འཐུངས་ཉལ་པོ་མ་ཞུ ་མ་གོ་མས་དང། །དྲག་ཤུལ་ལས་ནི་སྣ་ཚོགས་རྨ་འདྲུབས་ན། །ལོ་གཅིག་བར་རམ་དེ་ལས་ལྷག་པ་སྤང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་རྨེན་བུ ་དང་ཐོར་བུ་དང་རྐང་བམ་དང་འབྲས་ཀྱི་ཕྲེང་བའི་ནད་དམིགས་བཤད་པར་བྱའོ། །ནད་ནི་བད་ཀན་ཤས་ཆེ་བ། །ཁྲག་དང་ཤ་དང་ཚིལ་ལ་བརྟེན། །ཟླུམ་ཞིང་མཐོ་བར་སྐྲངས་པ་དེ། །མདུད་པ་འདྲ་བས་རྨེན་བུར་བཤད། །དེ་ནི་ནད་གཞི་ཤ་ཁྲག ་ཚིལ། །རུས་རྩ་རྨ་ལས་གྱུར་པ་དགུ། །དེ་ལ་རླུང་འགྱུར་རྒྱ་ཆེ་ཞིང། །ཟུག་ཅིང་བྱེ་བ་སྙམ་སེམས་ན། །གནས་ནས་གནས་གཞན་དག་ཏུ་འཕོ། །རྒྱུ་མེད་པར་ནི་འཕེལ་ཞིང་འབྲི། །འཇམ་ཞིང་ལྒང་པ་ལྟ་བུར་རྒྱས། །བརྟུལ་ན་ཁྲག་ནི་སླ་བ ་འཛག། མཁྲིས་གྱུར་ཚ་ཞིང་མདོག་སེར་ལ། །དམར་ཞིང་མྱུར་དུ་སྨིན་པ་ཡིན། །བ་རྟོལ་ན་ཁྲག་ནི་དྲོན་མོ་འཛག། བད་ཀན་ལས་གྱུར་ནད་མེད་སྲ། །རག་ན་གྲང་ཞིང་དཀར་ལ་གཡའ། །སྨིན་ནི་རྣག་ནི་སྐ་བ་འཛག། ནད་འཁྲུགས ་ཁྲག་ལས་གྱུར་རྨེན་བུ། །སྲིན་བུ་དང་ནི་བཅས་པར་གྱུར། །ཤ་དང་རྩལ་གནས་པ་ཡི། །རྨེན་བུ་ཚོར་བ་ཆུང་བ་དང། །མཁྲིས་པའི་མཚན་ཉིད་འདྲ་བ་ཡིན། །ཤས་ཆེའི་གནོད་འགྱུར་ཤ་ལས་ནི། །ཤ་བསྐྱེད་ཟས་ལ་རྨེན་བུ་འབྱུང།། ་སྣུམ་ཞིང་ཆེ་ལ་སྲ་བ་དང། །རྩ་ཡིས་ཁྱབ་ཅིང་བད་ཀན་འདྲ། །ཚིལ་བསྐྱེད་པ་ཡིས་ཚོལ་འཕེལ་བ། །ཤ་པགས་བར་དུ་ཕྱིན་གྱུར་པ། །རླུང་གི་རྨེན་བུ་ཤིན་ཏུ་སྣུམ། །འཇམ་དང་བརྟན་པར་བྱེད་པ་ཡིན། །བད་ཀན་དང་ནི་མཚན་ཉིད་མཚུངས། ་ལུས་འཕོལ་འབྲི་བ་མཚུངས་པ་ཡིན། །དེ་བརྟོལ་ཚིལ་མཐུག་དམར་བ་དང། །དཀར་དང་གནག་པ་འཛག་པར་འགྱུར། །དུས་པ་ཆག་དང་སྣང་པ་ལ། །མཐོ་དང་དམའ་བར་འགྱུར་བ་དེ། །རུས་པའི་རྨེན་བུ་ཞེས་བྱའོ། །རྐང ་གིས་སོང་བ་འམ་དྲག་ཤུལ་གྱིས། །དུབ་པར་གྱུར་ན་ཆུ་བརྒལ་བས། །རླུང་གིས་རྩ་ཡི་ཁྲག་བཅས་པས། །རླུང་གིས་བཙིར་ཏེ་འཁུམས་ནས་ནི། །ཡོན་པོར་བྱས་ཏེ་བསྐམས་པ་དང། །མིག་འཕར་ནད་ཉུང་རྨེན་བུ་ཆགས། །དེ་ནི་རྩ ་ཡི་རྨེན་བུར་བཤད། །རྨིན་མ་འདྲུབས་འདྲུབས་མ་ཐག། རོ་ནི་ཐམས་ཅད་ཟོས་གྱུར་པ་འམ། །རློང་བ་སྤྲིས་མ་མེད་པའམ། །ཡང་ན་ལུས་ནི་སྣང་གྱུར་པ་འམ། །རླུང་ནི་ནད་ཁྲག་མ་ཕྱུང་བ། །མ་སྤྱད་རྨ་ནི་བསྲུབས་པ་ལས། །ཚ ་ཞིང་གཡའ་དང་བཅས་གྱུར་པ། །རྨ་ཡི་རྨེན་བུར་དེ་བཤད་དེ། །གསོར་རུང་ནད་གཞི་ཁྲག་ཚིལ་གྱུར། །སྲ་ཞིང་འགྱུར་དང་སྦོམ་པ་དང། །གནད་དང་མགུལ་བ་ལྟོར་གནས་ཡིན། །མདུད་པ་ཆེར་ཆགས་ཐོར་བུ་སྟེ། རྨེན་སུང?་ཡི ་མཚན་ཉིད་ཅན། །ནད་གཞི་ལ་སོགས་གྱུར་དྲུག་ཡིན། །ཕལ་ཆེར་བད་ཀན་ཚིལ་རྒྱས་ཡིན། །བརྟན་བས་སྨིན་པར་མི་འགྱུར་རོ། །རྩ་ལ་གནས་པའི་ཁྲག་ནད་ཀྱིས། །འཁུམས་པ་ཡི་ནི་གནོད་འགྱུར་ཞིང། །སྨིན་པ་དེ་ཚེ་རྒྱས ་པར་འགྱུར། །ཤེ་ཡི་མྱུར་ས་ཁྱབ་གྱུར་ཅིང། །སྐྱེས་པ་དེ་ལས་ནད་ཁྲག་ནི། །རྒྱུན་མ་འཆད་པར་མང་བུ་འཛག། དེ་ནི་ཁྲག་གི་ཐོར་བུ་ཡིན། །དེ་ལས་ཤ་ཁྲག་ལས་གྱུར་སྤང། །བཞི་པོ་གཞན་དག་གསོ་བར་བྱ། །དང་ཕོར་ཆུ་སོར ་གནས་པ་འམ། །རོ་སྨང་ལ་བརྟེན་བད་ཀན་རྒྱས། །ཤ་ཁྲག་ནད་ཀྱིས་རྐང་པར་ནི། །དུས་སུ་སྐྲངས་པར་བྱེད་འགྱུར་ཞིང། །རིམ་གྱིས་སྟུག་བ་ཉིད་དུ་འགྱུར། །ད་ནི་རྐང་བམ་ཞེས་བྱའོ། །རླུང་གྱུར་གས་ཤིང་གཅག?་པ་དང། །རྒྱུ་མེད་ན་ཞིང ་རྩུབ་ཅིང་ན། །མཁྲིས་པར་གྱུར་ལ་སེར་བ་དང། །ཚ་དང་རིམས་ཀྱིས་འདེབས་པ་དང། །བད་ཀན་སྣུམ་ལྕི་ན་ཚབས་ཆུང། ཤ་ཡི་མཛེར་བ་ཆེན་པོས་ཁྱབ། །དེ་ནི་མང་དུ་འཛག་པ་དང། །ལོ་གཅིག་འདས་པ་སྤང་བར་བྱ། །ཁ་ཅིག་ལག་བ་སྣ་དང་མཆུ།། ་རྣ་བ་རྐང་བ་ལྟར་འབྱུང་ཟེར། །རྐང་བམ་སྐྱེས་པར་གྱུར་པ་དེ། །རླན་ཅན་གནས་སུ་མི་བཟང་སྐྱེ། །ནད་ནི་ཚིལ་མགྲིན་མཛིང་བ་མིག། མཆན་ཁུང་ཆུ་སོ་གནས་པ་དག། མདོག་འདྲ་སྭ་ཞིང་སྣུམ་པ་དང། །བ་རྟ་སྐྱུ་རུ་བ་འདྲ་དང། །གཏིང ་ཟུག་འབྲས་ནི་ཆེར་འབྱུང་བ། །རིང་ཞིག་ལོན་ནས་སྨིན་པར་བྱེད། །དེ་ལས་ཁ་ཅིག་ནད་མེད་སྨིན། །ཁ་ཅིག་འཛག་དང་གཡབ?་བ་ཡིན། །ཁ་ཅིག་བསྐམས་ཤིང་ཁ་ཅིག་སྐྱེས། །ཡུན་རིང་བུ་ནི་གནས་བར་བྱེད། །དུ་?་བཞིན་དུ་འབྲི ་ཞིང་འཕེལ། །འབྲུམ་ཆེན་འབྲས་ཆེན་ཞེས་བྱའོ། །དེ་ན་རིང་བཅས་སྐྱུག་པ་དང། །ཆ་ནང་ཡུད་རྩི་ལོགས་ཟུག་པ་སྤང། །རྨ་ལ་མི་འཕྲོད་བསྟེན་པ་ཡིས། །སྐྲངས་དང་སྨན་པ་ཁྱད་པར་མེད། །ཤ་སོགས་ནང་དུ་རྣག?་ཞུགས་འགྱུར ་རིང་དུ་འགྲོ་བར་བྱེད་པ་ཡིན། །དེ་ནི་རིང་དུ་འགྲོ་པས་འགྲོ། སྤུབས་ལྟར་འཛག་པ་སྤུ་གུ་ཡེན། །དྲང་པོ་སྤུ་གུ་གཅིག་ཡིན་ཏེ། །དེ་ཉིད་སྣ་ཚོགས་འགྲོ་བས་འགྲོ། དེ་ནི་ནང་གཞི་རེ་རེ་འཇུས། །ཟུག་རྦུའི?་རྒྱུས་འབྱུང་ལྔར་འགྱུར་རོ། །རླུང ་འགྱུར་ནང་བཅས་རྨ་སྒོ་ཕྲ། །མདོག་མི་སྡུག་ཅིང་ལྦུ་བ་འཛག། ནུབ་མོ་ལྷག་པར་འཛག་པ་ཡིན། །མཁྲིས་གྱུར་སྐོམ་དང་རིམས་ཀྱིས་འདེབས། །སེར་དྲོ་རྣག་ནི་དྲི་མནམ་འཛག། །ཉིན་པར་ལྷག་པར་འཛག་པ ་ཡིན། །བད་ཀན་སྐ?་ཞི་སྦྱིན་བག་འཛག། གཡའ་ཞིང་སྲ་པར་གྱུར་བ་དང། །མཚན་མོ་ལྷག་པར་འཛག་པ་ཡིན། །འདུས་གྱུར་མཚན་མ་ཀུན་ལྡན་སྤང། །ནང་ན་གནས་པའི་ཟུག་རྡུག་མ་ཕྱུང་ཞིང། །སྦུ་གུ་སྐྱེས་པར་གྱུར ་པ་གང་ཡིན་དེ། །ལྦུ་བཅན་ལ་སླ་ཞིང་དྲོ་བ་དང། །ཁྲག་བཅས་རྣག་ནི་ཅད་བཅས་རྟག་ཏུ་འབྱུང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་རྨེན་བུ་ལ ་སོགས་པའི་ནང་གསོ་བ་བཤད་པར་བྱའོ། །རྨེན་བུ་མ་སྨིན་པ་ལ་ནི། །རང་རང་སྐྲངས་པའི་ནད་ལྟར་གསོ། །ཀཎྜ་ཀ་རི་བྲི་ཧ་ཏཱི། །ཙི་ཏྲ་ཀ་དང་པི་པི་ལིང། །བསྐོལ་བའི་མར་གྱིས་ལུས་སྦྱང་བར། །འདོད་པ་དག་ནི་སྣུམ་འཆོས་བྱ། །སྦྱང ་བྱས་སྨན་རྣ་ལྡེ་གུ་བསྐུ། །རྨེན་བུ་ལན་མང་དུགས་བྱས་ཏེ། །ཡང་དང་ཡང་དུ་མཉེ་བར་བྱ། །འདི་ནི་མཆོག་ཏུ་རླུང་ལ་བྱ། །ཁྲག་དང་མཁྲིས་པ་ལས་གྱུར་པའང། །གཏར་ག་བསིལ་བའི་སྦྱོར་ཀུན་བྱ། །བར་ཀན་ལས་གྱུར་རླུང ་ལྟར་གསོ། །འོན་ཀྱང་སྨིན་ན་དེ་བཅད་དེ། །ཁྲག་ཡོད་པ་ནི་མེས་བསྲེག་བྱ། །མ་ལུས་པར་བཅད་ལུས་གྱུར་ན། །སླར་ཡང་འཕེལ་བར་བྱེད་པར་འགྱུར། །ཤ་ཡི་རྨ་ལས་གྱུར་རྨན་བུ། །དེ་བཞིན་འཚོ་བ་ཙམ་དུ་བྱ། །ཆི་བ་ལས་གྱུར་བར་འདི ་ཉིད་དང། །ཏིལ་དང་འོ་མའི་ལྡེ་གུས་བསྐུ། །རས་ནི་ཉིས་རིམ་དག་གིས་དཀྲི། ཐོང་ལྕགས་ལ་སོགས་བསྲེགས་པས་གོས། །ཡང་ན་མཚོན་གྱིས་དྲལ་ནས་ནི། །ཚིལ་བྱུང་ནས་ནི་ལེགས་པར་བསྲག་།རྩ་ཡི་ཐོར་བུ་སར་པ་ལ།། ་ས་ཧ་ར་ཅིའི་ཏིལ་མར་བླུགས། །རླུང་འཛོམས་སྨན་གྱིས་དཀྲི་དུགས་བྱ། །འཇམ་རྩི་དང་ནི་གཏར་ག་གདབ། །ཐོར་བུ་རྨེན་བུ་ལྟ་བུར་ནི། །རང་གི་ཇི་བཞིན་བྱས་རབ་ཕན། །རྐང་པ་མ་རླུང་གྱུར་འཕེལ་པ་ལ། །སྣུམ་ཞིང་དུགས་བྱས་ལྕི ་བ་དང། །ལོང་མོའི་སོར་གཉིས་གོང་དུ་ནི། །གཏར་ག་གདབ་པར་བྱ་པ་དང། །ེ་རཎྜ་མར་འོ་མ་དང། །བ་གཅིན་སྦྱར་བ་བླ་གཅིག་བླུད། །ཞུ་ནས་འབྲུ་སྙིང་བཅའ་སྒ་དང། །འོ་མ་དང་སྦྱར་ཁ་ཟས་སྦྱིན། །དེ་བཞིན་དུར་བྱིད་འོ་མ ་བླུད། །དེས་མ་ཞི་ནམས་བསྲེག་བྱ། །མཁྲིས་གྱུར་ལོང་མོའི་འོག་ཏུ་ནི། །ཁྲག་དབྱུང་མཁྲིས་པ་སེལ་ཀུན་སྦྱར། །བད་ཀན་ལས་གྱུར་མཐེ་བོ་ལས། །ཁྲག་གཏར་ནས་ཀྱི་ཁ་ཟས་ནི། །སྦྲང་རྩི་བཅས་པའི་སྨན་ཁུ་བླུང། །འཕལ་བའི་ཚེ་ན་པི་པི་ལིང། ། ་རུ་ར་ནི་བསྟེན་པར་བྱ། །ཡུངས་ཀར་འབྲི་ཧ་ཏི་གཉིས་ཀྱི། །རྩ་པའི་ལྡེ་གུས་བྱུག་པར་བྱ། །ཡང་ན་འུ་སུའི་ལྡེ་གུས་བྱུག། འབྲས་ཀྱི་ཕྲེང་བ་སྟེང་འོ་གནས། །སྦྱང་ཞིང་དནད་དྲ་བཾ?་ཏི། །དུར་བྱིད་ཀོ་ཤ་ཏ་ཀི་དང། །དེ་བ་ཏ་ལིའི་མར་བསྐོལ་བླུད། །བད་ཀན་ཚའི་ནི ་འཛོམས་པ་ཡི། །དུརྦ་ས་མཁུང་བཀའ་སྣ་སྨན་བཏང། །གཏར་གས་ཁྲག་ངན་དབྱུང་བ་དང། །སྐྱེར་བ་ཁཎྜས་གཅིན་ཡང་བླུང། །རྨེན་བུམ་སྨིན་བ་ལ་ནི། །རྒྱམ་ཚ་བཅའ་སླན་གུ་ལི། །བསྐུ་ཞིང་སྲ་བརྒྱམ་ཚ་ཡི། །ཐུམ་བུས་དུགས་བྱ་མཉེ་བར་བྱ།། ་ཤ་མིལ་བུག་ཤྲི་ཀྲུ་ཡི། །ས་བོན་ནས་དང་ཡུངས་ཀར་བཅས། །དར་བར་སྐྱུར་པོ་བཏགས་བསྐུས་ན། །རྨེན་བུའི་མདུད་བ་ཞུ་བར་བྱེད། །སྨིན་བར་འཕྲིགས་ན་ཁྲག་དབྱུང་ཞིང། །བད་ཀན་མཁྲིས་པ་སེལ་པས་གསོ། །མ་སྨིན་པ་ནི་ཕྱུང་ནས་ཀྱང། །ཐལ ་སྨན་མེ་བཙས་གསོ་བར་བྱ། །ཛཱ་ཏི་ཤམ་ཏི་ལཾ་ཀ་ལའོ། །ཤུ་ཀ་ན་སའི་འབྲས་བུ་དང། །ཀ་ཀ་ཏིགཏ་ཀ་རྐོ་ཏི། །དེ་བ་ཏ་ལིའི་ས་བོན་དང། །པི་ཤ་ལ་དང་ནི་རྐུ་ནདི། །ཀོ་ཤ་ཏ་ཀའི་བ་ཏ་རྣམས། །སྲང་ནི་ཕྱེ་ངང་དུག་ཞོ་གཉིས། །ཀ་རཉྫ་ཡི་མར་བྲེ་གང།། ་ནི་ར་གུནྟི་ཡི་ཁུ་བ་ནི། །བྲི་བཞི་བསྐོལ་བར་གྱུར་པ་འདིའི། །བཏུང་དང་བསྐུ་བྱུག་སྣར་བཏང་ན། །འབྲས་ཀྱི་ཕྲེང་བ་གསོར་མི་རུང། །ཡུན་རིང་ལེན་ཞིང་རྣག་འཛག་སེལ། །ལི་ཀ་ལི་ཡི་སྡོང་བུ་ཡི། །ལྡེ་གུ་ཏིལ་མར་དེ་བཞི་འགྱུར། །ནིར་ཀུནྟི ་ཡི་ཁུ་བར་བསྐོལ་།སྣ་སྨན་སོགས་བཏང་འབྲས་ཕྲེང་སེལ། །ཙན་དན་ཐང་ཤིང་ན་ལེ་ཤམ། །དུར་བྱིང་གླ་སྒང་སེར་པོ་གཉིས། །སྲང་རེ་དུག་ནི་སྲང་ཕྱེད་དང། །བ་གཅིན་སྦྱར་ཏེ་ཞིབ་ཏུ་བཏགས། །བྷྲཾ་མཧིའི་ཁུ་བ་ཨརྒ་ཡི། །ལོ་མ་པ ་ལང་ལྕི་ཁུར་བཅས། །ཡུངས་མར་བྲེ་གང་བཅས་བསྐོལ་བ། །བཏུང་བ་ལ་སོགས་པར་བསྟེན་ན། །མཛེ་དང་རྨ་ནི་འཁྱིམས་པ་དང། །འབྲས་ཀྱི་ཕྲེང་བ་མྱུར་དུ་སེལ། །ཤུ་དག་རྒྱ་སྐྱེགས་ཨ་རུ་ར། །པུ་ཙེ་ཤེལ་དང་ཙན་དན་དང། །ཏིལ ་མར་བསྐོལ་བ་བླུད་ན་ནི། །འབྲས་ཕེང་རྩ་བ་བཅས་པ་སེལ། །ཤ་ར་བུངྒའི་རྩ་བ་ནི། །འབྲས་ཀྱི་ཆུ་དང་བཏགས་གྱུར་བ་།སྣ་སྨན་བསྐུ་བས་འབྲུམ་བུ་དང། །དུག་སྲིན་འབྲས་ཀྱི་ཕྲེང་བ་འཛོམས། །ུ་དུཾ་ཀ་རིའི་རྩ་བ་དང། །པི་ལུའི་ལོ ་མ་སེང་ཕྲོམ་དང། །ས་ཧ་ར་ཙའི་ཨ་རུ་ར། །ཤིང་མངར་ཤུ་ཏི་ཙི་ཏྲ་ཀ། ཐང་ཤིང་ཏིལ་མར་འོ་མ་མཉམ། །སྣ་སྨན་བསྐུ་བྱུག་བྱས་པའང་ཕན། །བ་ལད་ར་ལུག་རྟ་མིག་བསྲེགས། །ཡུངས་མར་སྦྱར་ཏེ་བསྐུ་བ་འམ། །སྤྲུ་ལ་ནག་པ་རོག ་རང་ཉིད་ཤི། ཨིངཀུ་ཏརྩི?་སྦྱར་བ་བསྐུ། །དེ་ལྟར་མ་ཞི་ནད་ཀྱི་ནི། །ལེགས་གཞན་བྱིན་པ་ལ་གནས་པ། །ཆུ་སོ་སྟེང་མ་འོག་ནས་ནི། །ཚིལ་ཕྱུང་ནས་ནི་མེས་བསྲེག་བྱ། །གྱེན་དུ་འགྲེ་བའི་ནང་བ་གཞལ། །དེ་ཡིས་ཚད་ཀྱི་རྟིང་པ་རུ། །དེ་ལ་རྨེན་བུ ་དབྱུང་བྱ་ཞེས། །དྲང་སྲེང་མུ་ཁྱུད་ཀྱིས་བཤད་དོ། །རྟིང་བ་ནས་བཟུང་སོར་ནི་བཅུ་གཉིས་ན། །དབང་པོའི་ཆུ་སོ་ཡོད་སྦང་ནད་ཀྱི་ནི། །གཡོན་དུ་དྲལ་ཏེ་ཉ་སྒོང་འདྲ་དབུས་ནས། །དྲ་?་དྲང་ཞེས་ལེགས་ཐོས་ཀྱིས་བཤད་དོ། །མི་ཡི་ལོང་མོ ་རྣ་བའི་བར་དུ་བཞག། དེ་ཡི་བརྒྱད་པ་བཏང་བའི་ཆ་བགོས་ཏེ། །བྱིན་སྙིང་བ་ནད་ཀྱི་དྲང་ཐད་མ་གཏོགས་དྲལ?། །ཚིལ་ནི་དབྱུང་བར་བྱ་ཞེས་གཞན་དག་འཆང། །རླུང་འགྱུར་སྦུ་གུ་དུག་བྱས་ལ། །དཔྲལ་ཏེ་ཨ་བ་མརྒ་ཡི། །སྦུ་གུས་ཏིལ་དང ་རྒྱམ་ཚར་བཅས། །བཏགས་པའི་ལྡེ་བུ་ལེགས་པར་བསྐུ། །མཁྲིས་པ་ལས་གྱུར་ཏིལ་དང་བཙོད། །ནཱ་ག་དནྟི་སེར་པོ་གཉིས། །བད་ཀན་ལས་གྱུར་རྒྱམ་ཆེ་ཏིལ། །དནྟ་ནམཔི་ལན་?་བསྐུས། །ཟུག་རྡུ་ལས་བྱུང་དྲལ་ཏེ་དབྱུང། །ཏིལ་དང་མར་? ་སྦྲང?་རྩིས་བསྐུས། །མཚན་དྲལ་མི་རུང་ཆུ་ཚོད་ཀྱིས། །ལེགས་པར་བཙལ་ཏེ་ནང་དུ་དབུག། ཐལ་སྨན་ལ་སྦངས་སྐུས་པའི། །རྨ་ཚོལ་ཁ་ནི་ཤས་ཆེར་དྲལ། །རྨ་རེད་ཁ་ནི་དོག་པ་དང། །ཕུག་རིང་ལ་ཡང་སྦྱར་བར་བྱ། །རེང་བུ་གང་དང་ཏིང་མར་གང།། ་བ་ནི་ཁྱིམས་པ་ལ་ཡང་བསྔགས། །ེ་རཎྜ་འབྲས་ལྡེ་གུས་བསྐུ། །སྦུ་གུའི་རྨ་སྦྱོད་བྱེད་མཆོག་ཡིན། །རྒྱ་ཤུག་འབྲས་བུའི་ཤུན་པ་དང། །ལན་ཚྭ་རྒྱ་སྐྱེགས་བཅས་པ་དང། །སླ་གོར་ཞོ་ཤའི་ལོ་མ་དང། །པྲི་ཡཾ་ཀུ་དང་ནུ་ཞོ་དང། །རྒ་སྣུ ་ཧའི་འོ་མར་སྦྱར། །རེང་བུས་རྨ་འཁྱིམས་མྱུར་འཚོ་བ་བྱེད། །རྒྱ་མཚོའི་ཚ་དང་རྩ་བས་རུ་ཚ། །ལྕེ་མྱང་ཚ་དི་ལེགས་པར་བསྲེགས། །སླ་གོར་ཞོ་ཤ་ཁྱིམ་དུ་?། ། མྲ་ཏ་ཀ་སེང་ལྡེང་གི། ལོ་མ་བཙིར་ནས་སྐྱེར་པ་གཉིས། །ལྡེ་གུས་བསྐུ ་བ་སོགས་བསྟེན་ན། །བག་མེད་མི་བརྟན་སྐྱེས་བུ་ཡི། །འབྱོར་བ་བཞིན་དུ་འགྲིབ་པར་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་པའོ།། །།དེ་ནས་ནང་ཕྲ་མོའི་དམིགས་ཤེས ་པར་བྱ་བ་བཤད་པར་བྱའོ། །བར་རླུང་ལས་གྱུར་འབྲུམ་ཕྲན་ནི། །སྣུམ་ཞིང་མདོག་འདྲ་མདུད་པ་ཅན། །ནད་མེད་མུངྒ་འདྲ་བ་ནི། །བྱིས་པ་ལས་སྐྱེས་རའི་འགྲམ་པ། །དེ་གཉིས་ལས་བྱུང་ཤར་གནས་ཟུག། ནས་འདྲ་ནས་ཤེལ་བྱ་བ་ཡིན།། ་འབྲས་བྱེར་ཟླུམ་པོ་རྩོ་མོ་མེ། །རྣག་ཉུང་སྟུག་མཐ་འབྲས་བྱེར་ཡིན། །རྨེན་བུ་ལྔ་འམ་དྲུག་འབྱུང་ཞིང། །རུས་སྤལ་ལྟ་?་ཐུ་རུས་སྦལ་ཡིན། །རྣ་བའི་སྟང་ན་ཀུན་ཏུ་ནི། །འབྲུམ་ཕྲན་སྲ་ཞིང་མི་བཟང་ན། །ུཏཔལ་རྩ་འདྲ་པ་ནས།། ་སྐྲངས་ཤིང་ཅུང་ཟད་ན་ལ་བརྟན། །འགྲམ་པའི་མཚམས་སུ་དེ་གཉིས་ལས། །འབྱུང་པ་རྡོ་ཡི་བུང་བུ་ཡིན། །ཤལམ་ལི་ཡི་ཚེར་ན་འདྲ། །འབྲུམ་ཕྲན་ནས་བཅས་མཐུག་མོ་ནི། །ནང་ན་ཚིལ་ཡོང་ལང་ཆ་ལ། །འབྱུང་བ་བཞིན་ནི་མ་རུངས ་བྱེད། །བད་ཀན་རླུང་གྱུར་པདྨ་ཡི། །ཚེར་མ་འདྲ་བས་ཁྱབ་འགྱུར་ཞིང། །དཀར་ཞིང་ནད་ནི་མེད་པ་དག། པདྨའི་ཚེར་མ་ཅན་ཞེས་བྱ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་ལུམ། །ུ་དུམྦ་རའི་འབྲས་སྨིན་འདྲ། །ཤས་ཆེར ་ཚ་ཞིང་རིམས་འདེབས་བྱེད། །གས་པ་ཁ་བྱེ་ཞེས་བྱའོ། །ལུས་ཀྱི་རྣམས་དང་གདོང་ལ་ནི། །ཚ་ཞིང་ནད་དང་རིམས་བསྐྱེད་ཅིང། །སྲན་ཆུང་ཙམ་ལ་དེའི་མདོག་ཅན། །འབྲུམ་ཕྲན་མཐུག་པོ་སྲན་ཆུང་ཡིན། །དེ་བས་འབྲུམ་བུ་ནད་ཚབS ་ཆེ། །སྡུག་བསྔལ་བྱེད་པ་འབྲུམ་བུ་ཡིན། །རླུང་མཁྲིས་ལས་གྱུར་འབྲུམ་བུའི་ནད། །པདྨའི་སྙིང་པོ་ལྟ་བུ་ཡི། །འབྲུམ་ཕྲན་གྱིས་ནི་ཕུག་པ་ཡིན། །དེ་དག་ཉིད་བསྐྱེད་བོང་བུ་ཡི། །ཟླུམ་ཞིང་རྒྱ་ཆེ་མཐོ་བ་དང། །མདོག་དམར ་འབྲུམ་ཕྲན་དག་གིས་ཁྱབ། །ཕལ་ཆེར་རླུང་ལས་མཆན་ཁུང་དུ། །ཉི་བར་སྐྱེས་པ་མཆན་འཁུང་འབྲུམ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་ནི། ཕྲ་ཞིང་མཐུག་པ་འབྲས་ཡོས་འདྲ། །དེ་འདྲའི་ཆེད་པོ་གཅིག་བྱུང་བ། །དྲི་ཅན ་ཞེས་ནི་གྲགས་པ་ཡིན། །ཚ་བའི་རྡུལ་གྱིས་ལུས་བརྡུངས་ལ། །འབྲུམ་ཕྲན་ནད་བཅས་སྡུག་མོ་ནི། །དབྱིབས་དང་ཆད་མདོག་སྐྱེ་ཆེ་འདྲ། །དེ་ནི་སྐྱེ་ཚེ་ཞེས་བྱའོ། །མཁྲིས་པ་ཤས་ཆེའི་ནད་ཀྱིས་ནི། །མེ་དཔལ་ལྟ་བུར་དལ་གྱིས་མཆེད། ་སྐྲངས་ཤིང་སྨིན་ལ་སྲབ་ཅིང་དམར། །རིམས་བསྐྱེད་དྲ་པའི་བོང་བུའི་ཡིན། །མཁྲིས་པ་ཤས་ཆེའི་འབྲུམ་བུ་ནི། །རིམས་བསྐྱེད་ཤལ་གནོད་བྱེད་པ། །མཆན་ཁུང་ཕྱོགས་སུ་མེའི་གདོག་ཅན། །འདྲེ་བ་དེ་ནི་མེ་བསྐྱེད་ཡིན། །ཞག ་ལྔ་འམ་ནི་ཞག་བདུན་ནི། །ཟླ་བ་ཕྱེད་དམ་སྲོག་འཕྲོག་བྱེད། །ནད་གཞི་གསུམ་སྐྱེས་འབྲུམ་བུ་ཟླུམ། །ནམ་ཚོང་ཡན་ཆད་སྐྱེས་ས་འཁོར། །མཆན་ཁུང་ཆུ་སོ་བི་ད་རི། །རྩ་བ་ལྟར་སྲ་བི་ཏ་རི། །ཚིལ་དང་བད་ཀན་ལས་གྱུར་བའི། །རྨེན ་བུ་རྩ་རྒྱུས་ཤ་ལ་གནས། །བརྟོལ་ན་མར་ཞག་སྦྲང་རྩི་འདྲ། །འཛག་གྱུར་དེ་ལ་རླུང་ཤས་ཆེ། །ཤ་སྐམ་རྨེན་བུར་བྱས་ནས་ནི། །གསེག་མ་ལྟ་བུར་སྐྱེད་པར་བྱེད། །ཁྲག་ནི་དྲི་མནམ་བརྣགས་པ་དང། །ཁ་དོག་སྣ་ཚོགས་འབྱུང་བ་ཡི། །ནད ་ཀྱི་དེ་ལ་ཁྲག་འཛག་པ། །དེ་ནི་འབྲུམ་བུ་གསེག་མ་དང། །ལག་པ་རྐང་མཐིལ་ཚིགས་དང་ནི། །ནམ་ཚོང་ཡན་ཆད་གྲོག་མ་ཡི། །མགོ་ལྟར་རིམ་གྱི་རྨེན་བུ་ནི། །ཕྲ་མོ་མང་པོས་ཁྱབ་བྱེད་པ། །ན་ཞིང་ཚ་ལ་གཡའ་ཞིང་འདྲུལ། །ཀུན་ཏུ་སྐྱེས་ཏེ ་གོག་མའི་མགོ། རྐང་མཐིལ་བཤག་མས་བུད་པ་འམ། །ཚེར་མ་སོགས་ཀྱིས་སྣང་པ་ཡི། །འབྲུམ་བུ་ཕུར་པ་ལྟར་མཏོ་བ། །སྐྱེས་ཏེ་འཛེར་པ་འདྲ་ཞེས་བྱ། །ཤུགས་བཀག་པ་ཡིས་རླུང་དག་ནི། །གཞང་དང་རྐང་པ་ལ་གནS་པ།། ་ཕྱི་དང་ནང་དུ་རྒྱུ་བྱེད་པ། །ལམ་རྒྱུ་དེ་ལ་བཤང་བ་ནི། །དཀའ་བས་འབྱུང་བར་བྱེད་པ་ཡིན། །གཞང་འགགས་པ་ཞེས་བྱ་བར་འདོད། །རླུང་མཁྲིས་ཀྱིས་ནི་སེན་མོ་ཡི། །ནང་གི་ཤ་སྨིན་ནང་བསྐྱེད་པ། །མ་སྣང་ནང་དང་ཚིམ་པ་དང ་ཉེ་བའི་སེན་མོ་ཞེས་བྱའོ། །སྣང་པས་བརྣགས་ཤིང་རྩུབ་པ་དང། །སྲ་བ་སེན་མོ་ངན་ཞེས་བྱ། །འདམ་ནི་གནོད་བྱེད་ལ་རེག་ནས། །ནང་ན་གཡའ་ཞིང་རྣག་བཅས་པ། །སོར་མོའི་འབྲས་བྱེར་ཞེས་བྱའོ། །པགས་པ་ཏིལ་འདྲ་གནག ་པ་ལ། །ནད་མེད་འབྱུང་འགྱུར་རྨེ་བ་སྟེ། །དེ་ཉིད་འབུར་བ་འཛེར་པ་ཡིན། །མཛེར་པ་ལས་ཀྱང་ཆེན་པོར་འགྱུར། །དཀར་ནག་པགས་པའི་མཛེར་པ་ཡིན། །དེ་འདྲའི་འབྲུམ་བུ་སྐྱེས་པ་ནི། །དམར་པོ་རྒྱ་སྐྱེགས་ནོར་བུ་ཡིན། །དཀར་བ་འམ་གནག་པར་ལྷན་ཅིག ་སྐྱེས། །ཟླུམ་པ་འམ་མཚན་མ་ཞེས་བྱའོ། །མྱ་ངན་ཁྲོ་དང་རླུང་མཁྲིས་སོགས། །འཁྲུགས་ཏེ་གདོང་ནི་སྲབ་འགྱུར་ཞིང། །ཐིག་ལེ་ནག་པོ་དོ་ཤིག་ཅན། །གདོང་ལ་གཞན་འབྱུང་ཁབས་ཞེས་བྱ། །རླུང་འགྱུར་ངོ་ཤིག་རྩུབ་བར? ་སྣང། །རེག་ན་རྩུབ་ཅིང་གནག་པ་ཡིན། །མཁྲིས་གྱུར་མཛའ་མ་ཅུང་ཟད་སྔོ། །བད་ཀན་ལས་མཛའ་དཀར་ལ་གཡའ། །ཁྲག་གྱུར་མཛའ་མ་ཟངས་མདོག་ཅན། །སྦམ?་ཞིང་ཚ་བ་ཙག་ཙག་བྱེད། །རླུང་གིས་བད ་ཀན་སློངས་གྱུར་པ། །པགས་པར་ཕྱིན་ཏེ་བསྐམས་གྱུར་པ། །དེ་ལས་པགས་བ་སྐྱ་འགྱུར་ཟིང། །རིམ་གྱིས་ཚོར་བ་མེད་འགྱུར་ལ། །གཡའ་བ་ཆུང་ཞིང་འདྲུལ་བ་མེད། །བེམ་པོ་དེ་ནི་ཚོར་མེད་ཡིན། །སྐྱུག་སྨན་ཉེས་དང་མ་ཞུ ་དང་ད། བད་མཁྲིས་ལུས་ལ་གནས་སློང་བས། །རབ་གཡའ་ཟླུམ་པོ་གོར་གོར་པོ། །དམར་པོ་མང་དུ་འབྱུང་འགྱུར་ཞིང། །རྗེས་འབྲེལ་ལྡན་པ་ཟླུམ་པོར་བཤད། །དེ་ལྟར་ནད་ནི་ཕྲ་མོ་ཡི། །དབྱེ་བ་སུམ་ཅུ་དྲུག་ཏུ་བསྟན། ། ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་གཅིག་པའོ།། །།དེ་ནས་ནད་ཕྲ་མོ་གཡོ་བ་བཤད་པར་བྱའོ། །ར་ཡི་འགྲས་བ་མ་སྨིན་པ། །སྲིན་བུ་པདྨས་ཁྲག་དབྱུང་ཞིང། །ནས ་འདྲ་དུགས་ནི་བྱས་ནས་སུ། །ཐང་ཤིང་རུ་རྟ་ལྡོང་རོས་དང། །བ་བླའི་ལྡེ་གུ་བསྐུས་ཏེ་བཞུ། །རྡོ་ཡི་བུང་བཱུང་དེ་ལྟར་གསོ། །སྨིན་བ་ར་འགྲམ་རྨ་ལྟར་གསོ། །བཞིན་གནོད་སེང་ཕྲོམ་འུ་སུ་དང། །ཤུ་དག་བཏགས་པའི ་ལྡེ་གུ་འམ། །ནྱ་གྲོ་དྷ་ཡི་ལོ་མ་འམ། །རྒྱ་སྟར་ལོ་མ་ཚ་སྦྱར་བསྐུ། །དེས་མ་ཞི་ན་སྐྱུག་སྨན་དང། །སྣ་སྨན་དབྲེལ་བར་གཏར་གག་དབ། །བད་མའི་ཚེར་མ་ནིམྦ་ཡི། །ཁུ་བ་འམ་ནི་བ་མར་བསྐོལ་བར། །སྦྲང་རྩི་དང་ནི ་བཅས་པ་བླུད། །ནི་པ་དོང་ག་སྦྱར་བ་བྱུག། ཁ་བྱེ་སོགས་ནས་རྡོ་བོད་བུར། །ས་བསྐོར་བཅས་པ་མཁྲིས་པ་ཡི། །མེ་དཔལ་ལྟ་བུར་གསོ་བར་བྱ། །མེ་བསྐྱེད་པ་ནི་སྤང་བར་བྱ། །དྲང་བའི་བོང་བུ་སྨྱུང་བ་དང། །གཏར་ག་གདང ་དང་རྩུབ་ཆོས་དང། །ལུས་ཀྱི་སྦྱང་བ་སྐྱུ་རུ་རའི། །སྦྱོར་བའི་བསིལ་སྨན་བྱུག་བས་གསོ། །བི་ད་ར་ལ་ཁྲག་གཏར་ཞིང། །བད་ཀན་རྨེན་བུ་ལྟ་བུར་གསོ། །གསེག་མ་ལྟ་བུའི་འབྲུམ་ཕྲན་ལ། །ཚིལ་གྱི་རྨེན་བུ་ལྟ་བུར་གསོ། །གྲོགS ་མའི་མགོ་འདྲ་བུ་ག་མང། །ཆེར་སྐྱེས་སྐྲངས་ཤིང་གནང་ལ་གནས། །རྐང་པ་ལག་པ་བྱུང་བ་སྤང། །ཅིག་ཤོས་ལ་ནི་ཁྲག་ཕྱུང་ལ། །རྒྱམ་ཚ་དོད་གའི་སླེ་ཏྲེས་དང། །ཅི་ཙེ་རྒྱ་སྲན་རྩ་བ་དང། །དནྟི་ཏིལ་བཏགས་ནས་ཕྱེ ་བསྐུ། །སྨིན་བ་ལ་ནི་ནད་ཅན་ཤ། ཐམས་ཅད་ལེགས་པར་སྦྱར་བར་བྱ། །མཚོན་གྱི་བཅད་ལ་དེ་རྗེས་ལ། །ཐལ་སྨན་ཡང་ན་མེ་ཡིས་བསྲེག། མཛེར་བ་འདྲ་ལ་བཙགས་བུ་ཡིས། །མ་ལུས་བཅད་ལ་སྣུམ་གྱིས་བསྲེག། གཞང་འགགS ་པ་ལ་ནོར་བུ་ནི། །འགགས་པ་ལྟ་བུར་གསོ་བར་བྱ། །ཉེ་བའི་སེན་མོ་སྦྱང་བ་ཡིས། །ཚ་བ་བསལ་ཏེ་མཚོན་གྱིས་གསོ། །སེན་མོ་ངན་ལའང་དེ་བཞིན་བྱ། །རྐང་པའི་ཆུ་སེར་དག་ལ་ཡང། །འབྲས་བུ་སྐྱུར་པོ་ནག་ཚུར་བཅས། །ཏིལ་དང་འགི་ཝང ་ནིམཔ་ཡི། །ལོ་མའི་ལྡེ་གུས་བསྐུ་བར་བྱ། །རྨེ་བ་མཛེར་བ་བཅས་པ་ནི། །མེ་ཤེལ་ཐལ་སྨན་དག་གེས་བསྲེག། ཡང་ན་མེ་བཙའ་གདབ་པར་བྱ། །དེ་བཞིན་པགས་མཛེར་རྒྱ་སྐྱེགས་ནོར། །མཚོན་གྱིས་བཅད་དེ་དེ་བཞིན་གསོ། །མཚན་མ་ཅན་སོགས ་གསུམ་པོ་ལ། །ཉེ་བའི་ཕྱོགས་ལ་གཏ?་རག་གདབ། །འོ་མ་ཅན་ཤིང་མྱུ་གུ་ཤུན། །འོ་མ་བཏགས་པས་བསྐུ་བར་བྱ། །དོ་ཤིག་ཨརྫུ་ནའི་ཤུན་པའམ། །བརྩོད་དང་སྦྲ་རྩིར་སྦྱར་བ་ཡི། །ལྡེ་གུ་འམ་གཏར་གར་དམིགས་པ་ནི། །བསྲེགས་པའི ་སྣག་ཚ་མར་སྦྱར་བ་སྐུ། །ཙན་དན་དམར་པོ་བཙོད་དང་ནི། །རུ་རྟ་སེང་ཕྲོམ་པྲི་ཡཾ་ཀུ། །སྲ་ཆུང་ནྱ་གྲོ་དྷ་མྱུ་གུ། །ལྡེ་གུས་དོ་ཤིག་སེལ་བྱེད་ཅིང། །བཞིན་མདངས་གསལ་བར་བྱེད་པ་ཡིན། །ཟིར་གཉིས་དང་ཏིལ་ནག་དང། །ཡུངས་ཀར་འོ ་མར་བཅས་པ་ནི། །བཏགས་པའི་ལྡེ་གུས་གདོད་བསྐུས་ན། ངོ་ཤིག་སེལ་ཞིང་ཟླ་འདྲར་བྱེད། །སྲན་ཆུང་ཕུབ་མ་མེད་བརྡོས་ལ། །འོ་མ་སྦྲང་རྩི་མར་བཏགས་བསྐུ། །ཚེར་མ་རྣོ་བའི་ཤལམ་ལི། །འོ་མར་བཏགས་ནས་བསྐུས ་ན་ཕན། །རྒྱ་ཤུག་ཚིག་གུ་བུ་རམ་བཅས། །སྦྲང་རྩི་རི་བོང་ཁྲག་སྦྱར་སྐུ། །རུ་རྟ་ཁ་ལུང་ཁུ་བ་ཡི། །ནང་སྤངས་སྦྲང་རྩིར་བཅས་བ་འམ། །རྐང་མར་རྩ་བར་རའི་འོ་མ། །སྦྲང་རྩིར་བཅས་བའི་ལྡེ་གཱུང་ཕན། །རྐང་མར་རྩ་བབ? ་ལང་རུས། །སྦང་རྩ་མར་དང་བཅས་བསྐུ། །འཇམ་བུ་ཨ་མྲའི་ལོ་མ་དང། །སར་བོ་རྣམ་གཉིས་ཞོ་ཁ་ཆུ། །བུ་རམ་སར་པ་སྦྱར་པའམ། །ཏིནྟུ་ཀ་ཡི་ལོ་མ་ཡི། །ཁུ་བར་བཏགས་པ་མདོག་གསལ་བྱེད། །ུཏཔལ་སྔོ་དང་རུ་རྟ་དང།། ་ཙན་དན་སེར་པོ་བྲེ་ཡཾ་ཀུ། །རྒྱ་ཤུག་ཚིག་གུའི་ལྡེ་གུ་ཡིས། །གདོད་ནི་བསྐུས་ཤིང་དྲིལ་གྱུར་ན། །པདྨའི་མདོག་དང་འདྲ་བར་བྱེད། །སྨན་ནི་འདི་དག་བཏགས་པ་དང། །ཤིང་མངར་དང་བཅས་བསྐོལ་སྣུམ་ནི། །ནང་གཞི་ཛི་བཞིན་མ ་མ་ལུས་ལ། །བཏུང་དང་བསྐུ་བ་ལ་སོགས་བྱ། །ནས་དང་སེང་ཕྲོམ་སྦྲང་རྩི་པོག། སྤྲ་ཚིལ་སྦྲང་རྩི་པུ་ཙེ་ཤེལ། །མར་དང་བུ་རམ་བ་གཅིན་ནི། །གཟར་བུར་ཆགས་ཀྱི་བར་དུ་བསྐོལ། །དེ་བསྐུས་པ་ཡི་སྨེ་བ་དང། །དོ་ཤིག་མཛེར? ་བ་མྱུར་སེལ་བྱེད། །གདོད་ནི་པདྨ་འདྲར་བྱེད་ཅིང། །རྐང་པ་བད་འདབ་འདྲར་བྱེད་ཅིང། གུར་གུམ་ཤིང་མངར་པུ་ཤེལ་ཙེ། །ཙན་དན་སེར་དང་རྒྱ་སྐྱེགས་དང། །ཙན་དན་དཀར་དང་ནྱ་གོ་དྷའི། །རྐང་པ་གཞོན་ནུ་ཤུག་པ་དང། ་དེ་བཞིན་པདྨ་གེ་སེར་དང། ཨུཏཔལ་སྔོན་པོ་བཅོད་དང་བཅས། །སྲང་རེ་ཆུ་བྲེ་བཞི་ནད་དུ། །བསྐོལ་ཏེ་བཞི་ཆ་ལུས་པ་རུ། །རྒྱ་སྐྱེགས་བཙོད་དང་ལེབ་བརྒན་ཅི། །ཤིང་མངར་གུར་གུམ་ཞོ་གཉིས་གཉིས། ཕྱེ་མ་ཏིལ་མར་སྲང ་བརྒྱད་དང། དེ་ཡི་ཉིས་འགྱུར་འོམ་བསྐོལ། །དེ་ནི་སྣ་སྨན་ཚུལ་བསྟེན་ན། །སྨེ་བ་དོ་ཤིག་སྐྲ་དཀར་དང། །གཉེར་མ་གདོང་གི་དྲི་མ་སེལ། །གདོང་གི་ཤ་རྒྱས་མདོག་སེར་བྱེད། །གཙེད་དང་སེར་ཕྲོམ་ཤར་རི། །རྒྱ་སྐྱེགས་ལྡོང་རོས་དུ་བ་རི། །གུར་གུམ་རུ་རྟ ་སེར་པོ་གཉིས། །འགི་ཝ?་ཙན་དན་རྣམ་གཉིས་དང། །ནྱ་གྲོ་དྷ་ཡི་ལོ་མ་དང། །དངུལ་ཆུ་རྨ་ཤིང་ཙན་དན་སེར། །དྷ་དྷུ་ར་ཡི་ཤུ་ནུ་པདྨའི། །ས་བོན་པདྨ་གེ་སར་དང། །པྲ་ཚ་ལི་སྦང་མ་ཤུག་པ་སོགས། །ཞག་དང་འོ་མ་རྐང་དང་མར། །ལོ་མ་ཅན་ཤིང་འོ་མ་ནི ་བསྐོལ་བའི་མར་ནི་བསྐུས་གྱུར་ན། །དོ་ཤིག་གཉེར་མ་སོགས་འཛོམས་ཤིང། །བཞིན་ནི་པདྨའི་མདངས་འདྲར་གྱུར། །བྲི་ག་ར་ཙའི་ཁུ་བར་ནི། །འོ་མ་ཆུ་བསྐོལ་སྣ་སྨན་བསྔགས། །བགས་པ་ཚོར་མེད་ལ་རླུང་གི། གསོ་བ་དང་ནི་མེ་བཙའ་བྱ། ། ་།།པགས་ནད་ཟླུམ་པོར་བད་མཁྲིས་བཤད། །མཛེ་ནད་སལ་བ་ཐམས་ཅད་ཕན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་གཉིས་པའོ། །དེ་ནས་གསང་པའི་ནད་ཀྱི་དམིགས ་ཤེས་པ་བཤད་པར་བྱའོ། །བུད་མེད་ཉལ་པོ་སྤངས་པ་ལས། །མོད་ལ་བསྟེན་བར་གྱུར་བ་འམ། །ནང་དང་བཅས་ཤིང་དོག་པ་ལ། །དྲི་མ་ཅན་ནམ་ཟླ་མཚན་ནམ། །སྐྱེ་གནས་གཞན་དང་མི་འདོད་དང། །བགྲོད་མིན་གསར་དུ་བཅས་པ་དང།། ་རྒ་བའི་མཐར་ནི་དུག་ཅན་སོགས། །ཆུས་རིག་པའམ་མ་བཀྲུས་དང། །བསྐྱེད་པའི་བསམ་པས་སྨན་རྣོན་པོ། །ལྡེ་གུ་ལ་སོགས་བསྐུས་པ་དང། །ཁུ་ཚུར་མོ་དང་སེན་མོ་དང། །བྲ་མ་དུག་ཅན་གྱིས་རེག་ན། །ཤུགས་དགག་པ་དང་ཡུན་རིང་དུ།། ་རེག་པ་རྩུབ་པས་བདར་བ་འམ། །ནད་གཞི་འཁྲུགས་པ་གསང་བར་ཞུགས། །སོས་འཛིན་ལྟ་བུ་ལ་སོགས་ནད། །ཉི་ཤུ་རྩ་གསུམ་འབྱུང་བར་འགྱུར། །སོས་འཛིན་ལྟ་བུ་འདིར་ལྔ་སྟེ། །ནད་གཞི་རེ་རེ་ཁྲག་ལས་གྱུར། །འདུས་པའི་ནང ་ལས་གྱུར་པའོ། །དེ་ལ་རླུང་གྱུར་ངོ་མཚན་སྐྱངས། །ནང་མང་རྟག་ལྡང་པགས་འགས་པའོ། མཁྲིས་པ་ལས་གྱུར་སངས་རིམས་འདེབས། །ུ་དུམཔ་རའི་འབྲས་སྨིན་འདྲ། །བད་ཀན་གྱིས་མཁྲད་སྣུམ་པ་དང། །གཡའ་ཞིང ་སྐྲངས་ལ་ལྕི་བ་ཡིན། །ཁྲག་འགྱུར་འབྲུམ་བུ་ནག་པོ་འབྱུང། །ཁྲག་འཛག་རིགས་ཀྱིས་འདེབས་པར་བྱེད། །འདས་གྱུར་མཚན་ཉིད་ཀུན་དང་ལྡན། །རླིག་འབྲས་གཉིས་ཀྱང་སྐྲངས་བར་བྱེད། །མི་ཟད་ན་ཞིང་ལྷུང་བ་དང། །གས་ཤིང་སྲིན་བུ་སྐྱེ་བ ་ཡིན། །དེ་ལས་ཁྲག་གྱུར་འཚོ་བ་ཙམ། །འདུས་པ་ལས་གྱུར་འཆི་བར་བྱེད། །ནང་འཁྲུགས་པ་ལས་ཕོ་མཚན་གནས། །ཤ་ཁྲག་ལས་ནི་ཕོ་མཚན་གྱི། །ཕྱི་འམ་ཡང་ན་ནང་དུ་ནི། །མཛེར་བ་གཡའ་བར་བྱེད་པ་འབྱུང། །ཁྲག་ནི་སྤྱིན ་པག་འཛག་པ་ཡིན། །མོ་མཚན་དེ་ལྟར་གདུགས་ལྟར་འདུག། དེ་ནི་འབྲུམ་ནས་མ་གསོས་ནི། །ཕོ་མོའི་ཁུ་ཁྲག་ཉམས་བྱེད་གསོད། །ཕོ་མཚན་གྱི་ནི་ཕྱི་འམ་ནང། །བད་ཀན་ཁྲག་གྱུར་འབྲུམ་ཕྲན་ནི། །ཚད་དང་དབྱིབས་ནི་ཡུངས་ཀར ་འདྲ། །སྟུང་པོའི་ཡུངས་ཀར་ཞེས་བྱར་བཤད། །བད་ཀན་ཁྲག་གྱུར་འབྲུམ་བུ་ནི། །རིང་ཞིང་མང་པོར་གྱུར་པ་ལ། །དབུས་ནས་གས་པ་གང་ཡིན་པ། །དེ་ནི་ངེས་པར་འཇོམས་ཞེས་བྱ། །ནང་གཞི་?་སྤུ་རྩེ་བར་བྱེད། །ཁྲག་མཁྲིས? ་ལས་གྱུར་འཛམ་བུ་ཡི། །རུས་པ་ལྟར་འདུག་ཁོང་སྟོང་ཅན། །འབྲས་བྱེར་གཅིན་སྙི་འདྲར་ཤེས་བྱ། །ཁྲག་མཁྲིས་ལས་གྱུར་འབྲུམ་ཕྲན་ནི། །མ་ཤ་མུངྒ་འདྲ་མཆོག་ཡིན། །པདྨའི་སྟེང་དུ་གེ་སར་བཞིན། །འབྲུམ་བུར་འབྲུམ ་ཕྲན་གྱིས་ཁྱབ་པ། །དེ་ནི་པདྨ་ཅན་ཞེས་བྱ། །ལག་པ་གཉིས་ཀྱིས་རབ་མཉེས་པ། །དེ་ནི་མཉེས་པའི་འབྲུམ་བུར་འགྱུར། །མཚན་ནི་མཉེས་བར་གྱུར་པ་ལས། །རླུང་འཁྲུགས་གྱུར་པ་མཉེས་པ་ཡིན་ནོ། །མི་མཉམ་ས་ཞིང་ཡིན་པ་ནི། །རླུང་? ་གྱུར་བ་རྟུན་ཤིང་ཡིན། །རླུང་གིས་མཉེས་པ་ལ་སོགས་པའི། །ནང་འཁྲུགས་མཚན་གྱི་པགས་པ་ནི། །ལྡོག་ཅིང་ཚ་ལ་ན་བཅས་ཤིང། །ལ་ལ་ཤུ་བ་དག་ཏུ་འགྱུར། །འདུས་ཤིང་མདུད་པ་ཆགས་པ་ནི། །དེ་ནི་ནོར་བུ་མཐུར་དུ་འཕྱར། །པགས་པ་ལྡོག་པའི་ནང་ཅས་བྱ ་བད་ཀན་བཅས་ལ་གཡང་ཞིང་སྲ། །རྨ་འཚོ་བ་རྐང་ཤིང་པགས་པགས། །གས་པའི་ནད་ཅེས་བྱ་བར་བཤད། །རླུང་གིས་པགས་ལ། གནོད་འགྱུར་ཞིང། །ནོར་བུ་འབྱར་ཞིང་གཅིན་དགགས་འགྱུར། ། ་དེ་ལས་རྒྱུན་ཕྲན་ནང་མེད་འབྱུང། །ནོར་བུའི་ཁ་ནི་རགས?་གྱུར་པས། །དེ་ནི་ནོར་བུའི་ནང་ཅེས་བྱ། །བད་ཀན་ལས་གྱུར་མཚན་གྱི་ནང། །གྲ་མས་གང་སྙམ་མདུད་བའི་ནང། །གྲ་མས་གནོད་པའི་ཁྲག་གི་ནང། །ཚོར་བ་ཉམས་པ་དེ་མིང་ཅན། །རླུང་དང་ཁྲག ་མཁྲིས་ལས་གྱུར་པ། །བུ་གའི་རྩེ་མོས་འཕྲ་བ་ཡིས། །མཚན་གྱི་ནར་ནི་ཀུན་ཏུ་ཁྱབ། །དེ་ནི་ཁ་བརྒྱ་བ་ཞེས་བྱ། །ཁྲག་མཁྲིས་ལས་གྱུར་པགས་པ་བརྣགས་ཚ་ཞིང་རིམས་བཅས་པགས་པ་སྨིན། །འདུས་པ་ལས་གྱུར་ཤ་གནག་ཅིང། །ཐམས ་ཅད་ན་བས་སྨིན་པ་ཡིན། །འབྲུམ་བུ་གནག་ཅིང་དམར་བ་ཡིས། །འབྲུམ་ནག་གིས་ནི་གནོད་འགྱུར་ཞིང། །ཕ་མཚན་ཤིན་ཏུ་ན་བ་གང། །དེ་ནི་ཁྲག་གི་འབྲུམ་བུ་ཡིན། །ཤ་ཡི་མཛེར་བ་ལྔར་བཤད་དོ། །ཁོང་འབྲས་ནང་གཞི་གསུམ་ལས་སྐྱེས།། ་འདུས་པས་མཚན་ཉིད་བརྣགས་འགྱུར་ཞིང། །ཤ་ནི་ནག་པོར་གྱུར་བ་དང། །ཀུན?་ནས་ཞིགས་པར་བྱེད་པ་གང། །དེ་ནི་ཏིལ་ནག་ཅེས་ལྡོད?་བཤད། ཤ་ལས་གྱུར་བའི་འབྲུ་བུ་བ་རྣམས། །?་འབྲས་ཏིལ་ནག་ཅོས་བྱ་བ། །བཞི་པོས? ་འདི་དག་སྤང་བར་བྱ། །ལྷག་མ་རྣམས་ནི་མྱུར་དུ་གསོ། །ཁ་ཟས་གནོད་པ་ཟོས་པ་དང། །མལ་སྟོན་མ་གདེར་གནས་པ་དང། །ཉལ་པོ་བསྟེན་ནི་དྲགས་པ་དང། །ནང་ནི་ནང་ཁྲག་སྨན་གནོད་དང། །ས་བོན་ཉེས་པ་རྣམ་སྨིན་ལས། །མངལ་གྱི ་ཉེས་བ་ཉཾ་ཤུར་འགྱུར། །རླུང་གི་མངལ་ལ་གནོད་འགྱུར་པས། །ན་ཟུག་ཡངས་ཤིང་ཚོར་བ་མེད། །གྲོག་མས་ཁྱབ་བ་སྙམ་དུ་སེམས། །སྲ་ཞིང་རྩུབ་པ་སྒྲ་དང་བཅས། །ཟླ་མཚན་སླ་ཞིང་ལྦུ་བ་ཅན། །ཉུང་ཞིང་གནག་པ་འཇིག ་པར་བྱེད། །ཆུ་སོ་རྩིབ་ལོགས་ལྷོད་པ་དང། །ན་ཞད?་རིམ་གྱིས་སྐྲན་བསྐྱེད་ལ། །གཞན་ཡང་ཉེས་པ་དེ་དང་དེ། །དེ་ནི་རླུང་ཅན་ཡིན་ཞེས་བཤད། །དེ་ཉིད་ཤས་ཆེར་སྤྱད་ན་སྐྲངས། །བཅས་པ་ཉལ་པོ་དྲགས་ཞེས་བྱ། །ཤིན་ཏུ་གཞོལ་ལ ་འཁྲིག་སྤྱད་པ། །རྒྱབ་དང་ཆུ་སོ་བྱིན་བར་ནི། །ན་ཞིང་མདུལ་ལ་གནོད་བྱེད་བ། །དེ་ནི་སྤྱད་སྔས་པ་ཞེས་བྱ། །ཤུགས་འཁྱིལ་བ་ཡི་མངལ་དུ་མ། །རླུང་གིས་གནོད་བར་འགྱུར་བ་ལ། །ཟླ་མཚན་ལྦུ་བ་ཅན་འབྱུང་བ། །འཁྱིལ་བ་ལྟ་བུར་སྣང ་གྱུར་པ། །ནད་འོད་འཁྱིལ་བ་ཅན་ཞེས་བཤད། །གང་ཚེ་རླུང་གི་རྩུབ་པོས་བུ། །སྐྱེ་ཞིང་སྐྱེ་ཞིང་གསོར་བྱེད་བ། །བསྐྲེད་ནས་གསོད་བ་ཞེས་བྱར་བཤད། །འདྲངས་དྲགས་མི་མཉམ་གནས་བར་ནི། །འདོད་ལ་སྤྱད་པས་རླུང་འཁྲུགས ་ཤིང། །གཞན་གྱིས་གནོད་པར་གྱུ་བ?་ལས། །མཚན་གྱི་ཕུག་ཤ་རུས་ལ། །གནོད་འགྱུར་མངལ་ནི་ཡོན་པར་འགྱུར། །ན་འགྱུར་ནང་དུ་ཁ་བལྟས་ཡིན། །ཁ་ཟས་རླུང་ཅན་བསྟེན་པ་ཡིས། །ཟླ་མཚན་རླུང་གིས་གནོད་བྱེད་ཅིང། །བུད ་མེད་མོ་མཚན་ཞུམ་གྱུར་པ་བྱེད་པ་དེ་ནི་ཁབ་མིག་ཡིན། །དུས་སུ་རླུང་འཀག་ཤུགས་འཕེལ་བས། །བཤད་དང་གཅི་བ་འགགས་བྱེད་ཅིང། །མོ་མཚན་བསྐམས་བར་བྱེད་པ་དང། །ཤས་ཆར་ན་བ་མངལ་བསྐམས་ཡིན། །ཞག་དྲུག ་གམ་ནི་ཞག་བདུན་ནས། །རླུང་གི་མངལ་གནས་ཁུ་བ་འབྱིན། །ནད་བཅས་པ་དང་ནད་མེད་པ། །དེ་ནི་ཁུ་བ་སྨོན་ཞེས་བྱ། །བུད་མེད་མངལ་དང་ས་བོན་གྱིས། །ཉེས་པ་རླུང་གི་?་འགྱུར་ཞིང། །འཁྲིག་པར་མི་དགའ་ནུ་མ་མེད། །མི་ནང་ཡིན་ཏེ ་གསོར་མི་བུས། །མངལ་གྱི་ནང་དུ་རླུང་གིས་ནི། །གནོད་འགྱུར་མོ་མཚན་ཁར་གནས་པས། །བྱེ་བ་འམ་ལྷོད་པར་གྱུར་བ་དང། །རླུང་ཅན་བཞིན་དུ་ན་གྱུར་བ། ཤིན་མཐོ་བར་གྱུར་བ་སྟེ། །མོ་མཚན་ཆེ་ནད་ཚབས་ཞེས་བྱ། །མཁྲིས་པ་མངལ་ན་གནས་པ་ནི། །ནང་གི་ནང ་གཞིས་གནོད་གྱུར་བ། །ཆེ་བའམ་གནག་པར་བྱེད་འགྱུར་ཞིང། །དྲི་མནམ་རིམས་གྱིས་འདེབས་པ་དང། །ཤིན་ཏུ་ཚ་ཞིང་རོ་ལྟར་མནམ། །ཟླ་མཚན་སྔོ་ནག་སེར་པོར་མཛག། ནད་དེ་མཁྲིས་པ་ཅན་ཞེས་བྱ། །ཟླ་མཚན་ཆར་འཇིག་ཁྲག ་འཛག་ཡིན། །བད་ཀན་སྐྱེད་བར་བྱེད་པ་ཡིས། །མོ་མཚན་གནོད་འགྱུར་ན་བ་མེད། །གྲང་ཞིང་དཀར་ལ་གཡའ་བ་དང། །སྦྱིན་བག་ཏུ་ནི་འཛག་པར་བྱེད། །ནད་དེ་བད་ཀན་ལས་བྱུང་ཡིན། །རླུང་མཁྲིས་འཁྲུགས་པས་ཟླ་མཚན་ཟད།། ་ཚ་ཞིང་ལུས་སྐེམ་མདོག་མི་སྡུག། དེ་ནི་ཁྲག་ཟད་པ་ཞེས་བྱ། །མཁྲིས་པ་ཤེས་ཆེ་ཉལ་པོ་བསྟེན། །སྦྲིང་བ་སྒྲེགས་བ་བཀག་པ་ལས། །མཁྲིས་བར་བཅས་པའི་རླུང་གིས་ནི། །མངལ་དུ་གནོད་པ་སྐྱེད་བར་འགྱུར། །སྐྲངས་ཤིང་ཉཾ ་ཐག་རེག་མི་བཟོད། །ཟླ་མཚན་སྔོ་དང་སེར་པོ་འབྱུང། །ཆུ་སོ་ལྟོ་ནི་ལྕི་བ་དང། །འཁྲུ་ཞིང་ཡིག་འཆུས་པར་བྱེད། །ཆུ་སོ་བརླ་ནི་ན་ཞིང་ཟུག། རིམས་བསྐྱེད་ཡོངས་རྒྱས་ནད་ཅེས་བྱ། །རླུང་དང་བད་ཀན་ནད་ཀྱིས་ཁྱབ། །མངལ་ནས ་སྐྱེ་ཞིང་སྦྱིན་བག་འཛག། ཉེ་བར་འཛག་པ་ཞེས་བྱའོ། །སྲིན་བུ་སྐྱེས་ཤིང་གཡའ་བས་འདོད་བ་ལ། །རབ་གདུང་དེ་ནི་རྣམ་པར་གཡེང་ཞེས་བྱ། །དུས་མིན་སྤྱོད་བར་གྱུར་བས་རླུང། །བད་ཀན་ཁྲག་དང་འདྲེས་གྱུར་ཏེ། ཟླ་མཚན་ལཾ་འགག ་བྱེད་དེ། །མངལ་དུ་ལྷག་པར་སྐྱེད་བར་བྱེད། །དེ་ནི་པདྨའི་སྙིང་པོ་ཡིན། །ནད་གཞི་གསུམ་ནི་མོ་མཚན་གྱི། །མངལ་གནས་རང་རང་གནོད་པ་བསྐྱེད། །འདུས་བ་ལས་གྱུར་ཉེས་པ་ཡིན། །དེ་ལྟར་བུད་མེད་མངལ་ནད་ཀྱིས། །ཁུ་བ་འཛིན་བར?་མི་བྱེད ་དེ་ནས་མངལ་དུ་བུ་མི་འཆགས། །མི་བཟང་ནད་ཀྱང་སྐྱེ་འགྱུར་ཞིང། །ཁྲག་འབྲུམ་གཞང་འབྲུམ་སྐན་ལ་སོགས། །རླུང་སོ། ནང་ནི་ཀུན་སྐྱེད་བྱེད། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །ཕྱ་མའི?་གནས་ཀྱ?་ལེའུ ་སུམ་ཅུ་གསུམ་པའོ།། །།དེ་ནས་གསང་བའི་གནས་ཀྱི་ནང་གསོ་བ་བཤད་པར་བྱའོ། །སོས་འཛིན་འདྲ་བ་གསར་བྱུང་ལ། །ཕོ?་མཚན་དབུས་ནས་གཏར་?་གང་བ། །བསིལ་བ?་ལགས་པས་སྤྱད་པར་བྱང?་ཁྱད་དང་དུ་ནི་བཀྲུ? ་སྨན་བཏང། །སྨིན་ན་ཏིལ་གྱི་ལྡེ་གུ་ནི། །སྦྲང་རྩི་མར་དང་བཅས་པ་བསྐུ། །འཛམ་བུ་ཨ་མྲ་ཀླུ་ཤིང་དང། །ནི་མ་དཀར་པོ་ཛྲའི་མྱུ་གུ། རྒྱ་ཤུག་བི་ལྡ་ས་ལ་ཀི། རྒྱ་སྐྱེགས་ཏིལ་ཏི་ནི་ཤའི་ཤུན། །འོ་མ་ཅན་གྱི་ཤིང་གི་ཤུན?། འབྲས་བུ ་གསུམ་ནི་ཆུར་བསྐོལ་བའི། །ཁུ་བ་དེས་ནི་བཀྲུ་བ་དང། །དེ་བསྐོལ་ཏིལ་མར་གྱིས་རྨ་འཚོ་བ། །སྤང་མ་སེད?་ཕྲོམ་བཙག་ཡུག་སྣམ། །སུག་སྨེལ་ལྡོད་རོས་བསླ་དང། །ནག་ཚུར་རྒྱམ་ཚ་སྐྱེར་ཁཎྜ། །རྒྱམ་ཚ་ཧ་?་ནུ་ཀ་ཡ ་སྦྲང་རྩི་སྦྱར་བས་བསྐུ་བར་བྱ། །སོས་འཛིན་ལྟ་བུའི་རྨ་འཚོ་བ་བྱེད། །ཁམ་ཕོར་སྦྱར་མས་འབྲས་བུ་གསུམ། །བསྲེགས་པ་མར་སྦྱར་མ་འཚོ་བ་བྱེད། །དེ་ནི་སྤྱི་ཡི་གསོ་བ་ཡིན། །རེ་རེའི་སྐྲངས་པ་ལྟ་བུར་གསོ། །སྨན་པས་སྤྱི་ནས ་ཞུ་ནགས་བ་ཡི། །མི་འགྱུར་དེ་ལྟར་འབད་པར་བྱ། །བརྣགས་ན་རྒྱུས་པ་ཤ་དང་རྩ། །ཞིགས་པས་ཕོ་མཚན་མ་རུངས་འགྱུར། །འབྲུམ་བ་བཅད་དང་བསེགས་བ་ཡིས། །གསོ་བ་སོས་འཛིན་ལྟ་བུས་གསོ། །བླུད་ན་ཡུངས་གར? ་ཕྱེ་ཞིབ་དང། །བསྐོལ་སྨན་ཕྱེ་མར་གདབ་བར་བྱ། །ཏིལ་མར་དེ་ཉིད་ཀྱིས་བསྐུ་ཞིང། །རྨ་འཚོ་བ་པ་ཡི་གསོ་བ་བྱ། །ཉེས་པ་གསོ་བ་འདི་ཉིད་བྱ། །དེ་ཉིད་གཉི་གར་ག་རྟང་ག་གདབ། །ཁོང་སྟོང་ལ་ནི་གཏང་ག་བྱ། །བརྣཌ ་ལམ་ནཾ་དག་བར་བྱ། །ཏིལ་ཏུ་ཀ་དང་འབྲས་བུ་གསུམ། །སེད་ཕྲོ་མ་ལྔ་གུ་ཏིལ་མར་བྱས། །འབྲས་བྱེད་ལ་ནི་གཏར་ག་གདབ། །གསོ་བའི་རིམ་པ་འདི་ཉིད་བྱ། །མཆོག་ཅེས་བྱ་བའི་འབྲུམ་བུ་ནི། །བརྟོལ་ཏེ་ལྕགས་ཀྱུས་བླུངས་ཏེ་བཅད། །ལྡེ་གུ་ཕྱེ་མར ་སྨན་ཁུ་ནི། །སྦྲང་རྩིར་བཅས་པས་གསོ་བོར་བྱ། །མཉེས་དང་པདྨ་ཅན་ལ་ནི། །མཁྲིས་པའི་མོ་དཔལ་གསོ་བར་བྱ། །པགས་སྨིན་ཚོར་བ་མེད་བ་ལའང། །ཕོ་མོའི་གསོ་བ་འདི་ཉིད་བྱ། །མཉེས་པ་དུགས་ནི་བྱ་བ་དང། །བ་བླའི་སྨན་མར་? ་འཇམ་བླུགས། །མངར་བའི་སྨན་སྦྱར་དཀྲི་དུགས་བྱ། །རྟུན་ཤིང་འབྲལ་གཏར་ག་གདབ། །བད་ཀན་རྨེན་བུ་ལྟ་བུར་གསོ། །པགས་པ་ལྡོག་ལ་མར་གྱིས་བསྐུ། །ེ་ཝ་ལ་སོགས་སྣུམ་འགྱུར་བས། །ཞག་གསུམ་འམ་ནི་ཞག་ལྔ་དུ། །དཀྲི ་བའི་དུགས་ནི་སྤྱད་བར་བྱ། །དུགས་བྱ་དེ་ཡི་འོག་ཏུ་ནི། །སྣུམ་གྱུར་པགས་པ་དྲང་པར་བྱ། །ནོར་བུ་རིམ་ཀྱིས་བཙིར་ནས་ནི། །ཆུད་ནས་ཉེ་བ་རང་ཀྲི་བར་བྱ། །ནོར་བུ་ཡང་ཡང་སྣུམ་འཆོས་བྱ། །ཁ་ཟས་སྣུམ་ཅན་སྦྱིན་བའང་ཕན། །གས ་པ་ལའང་ཆོ་ག་ཡི། །རིམ་པ་ཇི་བཞིན་བྱས་པ་ཕན། །འགགས་བས་སྤུ་གུ་ཁ་གཉིས་པ། །རྒྱ་སྐྱེགས་ཀྱི་ནི་དཀྲིས་པ་ལ། །སྣུམ་བསྐུ་བུ་གང་བཅུག་ནས་ནི། །རླུང་འཇོམས་སྣུམ་ནི་བླུགས་པར་བྱ། །སྦུ་གུ་ཞག་ནི་གསུམ་གསུམ་ནས། །ལེགས ་པར་བསྐེད་དེ་ཡངས་པར་བྱ། །སྤུ་གུའི་སྦྱོར་བས་མ་གྲུབ་ན། །མཁས་པས་འདོམས་ཀྱི་སྲུབས་ཅན་ནི། །བོར་ཏེ་མཚོན་གྱིས་བྲལ་ནས་ཀྱང། །དེ་འོག་རྨ་སེར་ཆོག་བྱས། །རྨོན་བུ་སྤུ་གུའི་དུགས་བྱས་ལ། །སྣུམ་ཞིང་དྲོ་བས་དཀྲོ་བར་བྱ།། ་ཁ་བ་རྒྱ་བ་ནི་བཞར་ནས་ཀྱང། །སྐ་བ་སྦྲད་རྩི་སྦྱར་བས་བསྐུ། །ཕྲག་གི་འབྲུམ་བུ་ཁྲག་གི་ནི། །ཁོང་འབྲས་བཞིན་དུ་གསོ་བར་བྱ། །ཀུན་ལ་རྨ་ཡི་གསོ་བ་ནི། །གནས་སྐབས་ཇི་བཞིན་སྦྱར་བར་བྱ། །མངལ་གྱི་ནད་ལ་མང་དུ་ནི། །སྣུམ ་འཆོས་དུགས་དང་མས་བཏང་སོགས། །རླུང་འཛོམས་པ་ཡི་གསོ་བ་བསྔགས། །རླུང་ལས་གྱུར་བ་མཆོག་ཏུ་སྦྱར། །བུད་མེད་ཀྱི་ནི་མངལ་གྱི་ནད། །རླུང་མ་གཏོགས་བར་འབྱུང་མི་འགྱུར། །དེ་བས་རླུང་ནི་བསལ་བྱས། །ནད་གཞན་གྱི ་ནི་གསོ་སྨན་བྱ། །བ་བླའི་ཏིལ་མར་བླུད་བྱ་ཞིང། །འདྲེན་མ་སྐྱེ་དེའི་འོ་མ་བླུད། །སྣུམ་འཆོས་དུགས་ནི་བྱས་ཏེ་མངལ། །ཉིས་པ་གནས་པ་མཉམ་དུ་བཞག། ཡོན་པོ་ལག་པས་དྲང་པོར་སྲད། །ཞུམ་པ་སླར་ནི་གཞུག་བྱ་ཞིང། །གྱེས་པ་ཡོངས་སུ ་བཟློག་བར་བྱ། །མངལ་ནི་གནས་ནས་གཡོས་གྱུར་བ། །བུད་མེད་ཟུག་རྡུར་གྱུར་པར་འདོད། །བུད་མེད་ལ་ནི་སློན་སྨན་སོགས། །འཇོམ་པོ་ཡོངས་སུ་སྦྱར་བར་བྱ། །རྣམ་པ་ཀུན་ཏུ་དག་གྱུར་ནས། །འཇམ་རྩི་བསྐུ་བྱུག་སྨན་ཁུ་བླུག། བྱུག་དང ་ཡེའུ་གཞུག་ལ་སོགས། །གསོ་བའི་ལས་ནི་ལྷག་མ་སྦྱར། །རྒུན་འབྲུམ་ཏང་པ་ལ་འབྲས་བུ་གསུམ། །ཀ་ས་མར་དང་སེར་པོ་གཉིས། །སླེ་ཏྲེས་ཉེ་ཤིང་ཤེརྱ་ཀ། ཤུ་ཀ་ན་ས་སྦུ་བ། །བ་རུ་ཤ་ཀ་ཞོ་གཉིས་གཉིས། །མར་ནི་བྲེ ་གང་བཅས་པར་བསྐོལ། །དེ་བླུད་མངལ་གྱི་རླུང་ནད་དང། །བུ་སྐྱེད་བྱེད་བའི་མཆོག་ཡིན་ནོ། །ཟི་ར་གོ་སྙོད་པི་པི་ལིང། །ཤུ་དག་རྒྱམ་ཚ་བ་ཤ་ཀ། ནས་ཚིག་ཁྲུས་ཐལ་ཏི་མུ་ས། །ཙི་ཏྲ་ཀ་དང་ཁ་རར་བཅས། །བཏགས་ཏེ་ཆང ་གི་དངས་མར་སྦྱར། །མར་བརྡས་དེ་ནི་བྱིན་གྱུར་ན། །མངལ་ནད་རྩིབ་ལོགས་སྙིང་ནད་དང། །སྐྲངས་དང་གཞད་འབྲུམ་སེལ་བར་བྱེད། །བ་ལུང་བ་ཤ་ཀའི་རྩ་བ། །ཟི་ར་ནག་པོ་གོ་སྙོད་དང། །སེན་རྩི་རྒྱམ་ཚའི་ཕྱེ་མ་ནི། ་ཆད་དང་སྦྱར་ཏེ་བླུད་པར་བྱ། །ར་སྣ་གཟེ་མ་བ་ཤ་ཀ། བསྐོལ་བ་གཟེར་འཇོམས་མཆོག་ཡིན་ནོ། །སླེ་ཏྲེས་དནད་འབྲས་བུ་གསུམ། །བསྐོལ་བའི་ཁུ་བའང་བླུག་པར་བྱ། །རྒྱ་སྤོས་སཎྜ་ཀཱ་རི་དང། །རུ་རྔ་རྒྱམ་ཚ ་ཐད་ཤིང་རྣམས། །བསྐོལ་བའི་ཁུ་བ་ཏིལ་མར་བསྐོལ། །སྤངས་བའི་ཡེའུས་མངལ་ནས་སོལ། །མངལ་ནད་མཁྲིས་པ་ལས་གྱུར་བ། །ཆུ་བླུག་བསྐུ་བྱུག་ཡེའུ་ཡིས། །གསོ་བ་བསིལ་ཞིང་མཁྲིས་འཇོམས་པ། །སྣུམ་འཆོས་དོན་དུ་མར་གྱིས་བྱ། །ཉེར ་ཤིང་རྩ་བ་སྲད་བཞི་བརྒྱ། །བརྡུངས་ཏེ་བཙིར་བའི་ཁུ་བ་དང། །འོ་མ་དེ་མཉམ་མར་དེ་ནི། །བཞི་ཡི་ནང་དུ་བསྐོལ་བར་བྱ། །འཚོ་བྱེད་སྡེ་ཚན་ཉེར་ཤིང་དང། །བ་རུ་ཤ་ཀ་རྐུན་འབྲུམ་དང། །བི་ལ་ཡ་དང་བ་བླ་གཉིས། །ཤིང་མངར་ཞོ་ནི ་གཉིས་གཉིས་ཕྱེ། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་དང། །པི་པི་ལིང་ནི་སྲད་བརྒྱད་བརྒྱད། །ཀ་ར་དཀར་པོ་སྲང་བཅུ་གཞུག། དེ་ལས་སྲད་ནི་ཕྱེད་ཕྱེད་སྦྱིན། །མངལ་ཁྲག་ཁུ་བའི་ནད་སེལ་ཞིང། །རོ་ཙ་བུ་སྐྱེད་བྱེད་མཆོག་ཡིན། །གློ ་རྡོལ་ཟད་བྱེད་ཁྲག་མཁྲིས་དང། །ལུད་པ་དབུགས་མི་བདེ་བ་དང། །མིག་སེར་རླུང་དང་ཁྲག་དང་ནི། །མེ་དཔལ་དང་ནི་སྙིང་ནད་དང། །རྗེད་བྱེད་ཀྱིས་ཉེན་ད་རྒན་དང། །མྱོས་དང་སྐེམ་བྱེད་འཇོམས་པར་བྱེད། །དེ་བཞིན་འོ་མ་ཞུན ་མར་དང། །འཚོ་བྱེད་སྡེ་ཚན་བསྐོལ་བ་ནི། །བུ་བསྐྱེད་མཁྲིས་པ་ལས་གྱུར་བའི། །མངལ་ནད་སེལ་བའི་དམ་པ་ཡིན། །བ་བླ་བྲེ་ནི་སུམ་ཅུ་གཉིས། །བསྐོལ་བ་ཏིལ་མར་མར་བྲེ་བཞི། །འོ་མ་བཞི་འགྱུར་པི་པི་ལིང། །ཀ་ཀ་ན་སི་ཀ་ར ་དཀར། །ཛི་བཾ་ཏཱི་དང་རམ་ཉེ་བ། །སྟི་ར་ཉེ་ཤིང་ཟི་ར་གཉིས། །མོན་སྲན་དྲིའུ་བ་ཡས་ས། །མཱ་ཥ་པརྩི་སྲ་བ་ནི། །བི་ལུའི་ལོ་མ་ལྷན་ཅིག་བསྐོལ། །བླུད་ན་རླུང་མཁྲིས་ལས་གྱུར་པའི། །མངལ་ནད་སེལ་ཞིར་བུ་སྐྱེད་བྱེད། །ཁྲག་གི ་མངལ་ནད་ཁྲག་མདོག་ལས། །རྗེས་སུ་འབྲེལ་པ་བརྟགས་ནས་ཀྱང། །ནད་བཞི་པ་སགས་པའི་ཚུལ་ལས་ནི། །ཁྲག་བཅས་པ་ཡི་སྨན་བཏང་བྱ། །ཤིང་མངར་སྦྲད་རྩི་ཆུ་ཤིང་རྩ། །ཏ་ལའི་ས་བོན་སསྐྱེར་བའི་རྩ། །པྲི་ཡཾ་ཀུ་དང ་འབྲས་བཀྲུས་ཆུ། །སྦྱར་བ་བླུད་ན་ཁྲག་འཛག་པ། །མདོག་སྐྱ་དམར་པོ་སེལ་བར་བྱེད། །བ་ཏ་འཛམ་བུ་ཨ་མྲི་ཏ། །ཚིག་ཁུ་དང་ནི་བྲག་ཞུན་དང། །སྐྱེར་བ་ཁཎྜ་ཨཾ་བཾ་ཤཏ། །བཙོད་དད་ཤལམ་མམ་ལིའི་ཐང་ཆུ། །དུག་མོ ་ཉུང་གི་ཤུན་པགས་དང། །གུར་གུམ་བི་ཝ་བོང་ང་དཀར། །སེང་ཕྲོམ་བླ་སྒང་བཙག་ཡུག་སྣམ། །ཤིང་མངར་ཙན་དན་དམར་པོ་དང། །ཀཏཔལ་དང་ཙ་མི་ཀ། ཀ་ཏོ་ག་དང་དུག་མོ་ཉུང། །བྱི་ཚེར་བ་དང་ད་ད་ཀི། མ་དུ་ཀ་དང་སྟང ་ཟིལ་ནི། །སྐར་མ་རྒྱལ་ལ་བབ་པ་ན། །བཏུས་ཤིང་བཏགས་པ་སྦྲང་རྩི་དང། །འབྲས་ཀྱི་ཆུ་སྦྱིར་བླུད་ན་ནི། །གཞང་འབྲུམ་ཚད་པར་འཁྲུབ་དང། །གང་ཡང་ཁྲག་ཏུ་འཁྲུ་བ་དང། །གང་ཡང་སྲིན་བུའི་ནང་རྣམས་དང། །བྱིས ་བའི་ནད་གང་ཡིན་པ་འཇོམས། །མངལ་ནི་ནད་དང་ཟླ་མཚན་ནད། །གནག་ཅིང་དཀར་དང་དམར་བ་སེལ། །ཕྱེ་མ་རྒྱལ་གྱི་རྗེས་འགྲོ་བ། །ཕན་ཞེས་རྒྱུན་ཤེས་བུ་ཡིས་བསྔགས། །བད་ཀན་ལས་གྱུར་མངལ་ནད་ལ། །རྩུབ་དང་དྲོ་བའི ་སྨན་ཀུན་སྦྱར། །སྐྱུ་རུ་རའི་ལོ་དང་ཀི། ཤིང་མངར་ཨུཏཔལ་ལིག་བུ་མིག། །འཛམ་བུ་ཨ་མྲ་ཚིག་གུ་དང། །སེང་ཕྲོམས་ནག་ཀཏཔ་ལ། །སེའུ་འབྲུ་ཤིང་ཚ་ཏིནྟུ་ཀ། །ུ་དུམྦ་ར་བི་ལྦ་གཞོན། །ཞོ་ནི་གཉིས་གཉིས་བཏགས་པའི ་ཕྱེ། །རེག་ཅིན་འོ་མ་ཉིས་འགྱུར་དང། །ཏིལ་མར་བྲེ་གང་བསྐོལ་བར་བྱ། །དེ་བསྐུས་པ་དང་འཇམ་རྩི་དང། །རས་བལ་ཡེའུས་གཞུག་བར་བྱ། །སྐྲངས་ཤིང་ཕྱིར་ལྡོག་མཐོ་ཞིང་སྲ། །དེ་བཞིན་སྦྱིན་བག་འཛག་པ་དང། ་ཕྱིར་འབུར་ནང་དུ་ཞུམ་པ་དང། །འབྲུམ་བུ་གཟེར་དང་བཅས་ལ་ཕན། །ནས་ཟན་ཨ་རུ་རའི་སྦྱར་ཆད། །བུ་རམ་ཆད་དང་ཏིལ་མར་བསྟེན། །པི་པི་ལིང་དང་ལྕགས་ཕྱེ་དང། ། རུ་ར་སྦྱོར་སྦྲང་རྩི་ཕན། །ནག་ཚུར་རྒྱམ་ཚ་འབྲས ་བུ་གསུམ། ། མྲ་འཛམ་བུའི་ཚིག་གུ་བཅས། །ད་ད་ཀི་ཕྱེ་སྦྲང་རྩིར་སྦྱར། །སྦྱིན་བག་འཛག་པ་དག་པར་བྱེད། །རྒྱ་སྐྱེགས་འཛམ་བུ་ད་ད་ཀི། སོ་མ་ར་ཛ་ལ་མང་གི། སྲ་རྩི་བོག་གི་ཕྱེ་མ་ཡིས། །དྲི་མི་ཞིམ་དང་སྦྱིན་བག་འཛག། བརྣགས ་ཤིང་སྲ་བ་སེལ་བར་བྱེད། །དོང་གལ་སོགས་སྡེ་ཚན་ནི། །བསྐོལ་བའི་ཁུ་བ་བླུག་བར་བྱ། །སྲ་ཞིང་རྩུབ་པར་གྱུར་བ་ལ། །མཉེན་བའི་ཆོ་ག་བྱ་བ་དང། །ཤ་བརྡུངས་པ་ཡི་གླན་པ་དང། །ཀྲི་ས་ར་དང་འོ་ཐུག་གཞུག། དྲི་ང་ཏིལ་མར་དྲི་ཞིམ ་པའམ། །ལྡེ་གུ་དྲི་ཞིམ་བསྐུ་བའམ། །དྲི་ཟངས་ཀུན་གྱི་ཕྱེ་མ་འམ། །རུལ་བའི་དྲི་ནི་སེལ་བྱེད་གཞུག། བད་ཀན་ཅན་ལ་ཕལ་ཆེར་སྨན། །ཚ་བ་བ་གཅིན་མས་བཏང་ཕན། །མཁྲིས་པ་ཤིང་མངར་འོ་མར་བཅས། །རླུང་འགྱུར་སྐྱུར་བཅས ་ཏིལ་མར་ཕན། །འདུས་པ་ལས་གྱུར་ནད་ལ་ནི། །ཐུན་མོང་གིས་ནི་གསོ་བ་ཕན། །དེ་ལྟར་མངལ་ནི་དག་གྱུར་ན། །ས་བོན་སྐྱོན་མེད་ཐ་མལ་བར། །རྣམ་པར་ཤེས་པ་འཇུག་པས་ན། །བུད་མེད་ལ་ནི་བུ་ཆགས་འགྱུར། །སྐྱེས་པ་ཡི་ནི ་དབང་པོ་ཡང། །ལས་རྣམས་ལྔ་ཡིས་དག་བྱ་ཞིང། །མདོག་ལས་ནད་གཞི་བརྟགས་ནས་ནི། །ནད་བཅས་དེ་འཇོམས་སྨན་གྱི་གསོ། །རུ་རྟ་རྒྱ་སྐྱེས་ཤིང་མངར་བཙོད། །འབྲས་བུ་གསུམ་དང་ཀ་ར་དཀར། །ཤིང་མངར་མེ་ད་སེར་པོ་གཉིས།། ་ལ་ལ་ཕུང་དང་བུ་ཙེ་ཤེལ། །ཤིང་ཀུན་རམ་ཉེ་བ་ཡ་སྱ། ། ཤྭ་གནདྷ་ཉེའུ་ཤིང་བ། །ཞོ་ནི་གཉིས་གཉིས་བཏགས་པའི་ཕྱེ། །མར་བྲེ་གང་དང་འོ་མ་ནི། །བཞི་འགྱུར་བཅས་པ་བསྐོལ་བར་བྱ། །བླུད་ན་མངལ་དང་ཁུ་བ་ཡི། །ཉེས་པ་ཐམས ་ཅད་སེལ་བྱེད་ཅིང། །ཚེ་རིང་ལུས་ནི་རྒྱས་བྱེད་ལ། །ཡིད་གཞུངས་པ་དང་བཀྲ་ཤིས་དང། བུ་སྐྱེད་པར་ནི་བྱེད་མཆོག་ཡིན། །འབྲས་བུའི་སྨན་མར་ཞེས་བྱར་བཤད། །ཟླ་མཚན་རྒྱུ་མེད་ཐུངས་གྱུར་ན། །བུ་ནི་འཆི་བར་བྱེད་པ་ཡང། །འཚོ་ཞིང ་?་མ་རྣམས་བསྔགས། །འདི་ནི་མཆོག་ཏུ་བྱིས་པ་ཡི། །ལུས་རྒྱས་གདོན་འཇོམས་བྱེད་པ་ཡིན། །ཡན་ལག་བརྒྱད་བའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་བཞི་པའོ།། །།ཡན་ལག་བརྒྱད་བའི ་སྙིང་པོ་བསྡུས་པ་ལས། །མཚོན་གསོ་བའི་ཡན་ལག་རྫོགས་སོ།། །།དེ་ནས་དུག་ནད་གསོ་བ་བཤད་པར་བྱའོ། །སྔོན་ནི་ལྷ་དང་ལྷ་མ་ཡིན། །བདུད་རྩི་འདོད་པ་བསྲུབས་པ་ན། །བདུད་རྩི་འབྱུང་བའི་སྔོན་རོལ་ཏུ། །སྐྱེས་བུ་ཤིན་ཏུ་འཇིཌ ་པའི་གཟུགས། །མཆེ་བ་བཞི་པ་གཟི་བརྗིད་འབར། །སྐྲ་སེར་མིག་ནི་མེ་འབར་བ། །དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར། །དེས་ནི་འདི་ནི་དུག་ཅེས་བྱ། །ཚངས་པ་ཧཱུཾ་ཞེས་བརྗོད་པ་དང། །བསླུ་པའི་བདག་ཉིད་ཅན་སྤངས་ཏེ།། ་གཟུགས་དེ་རྒྱུ་དང་མི་རྒྱུ་བའི། །གཟུགས་ལ་དེ་ནི་ཞུགས་བར་འགྱུར། །བརྟན་དུག་ནུས་པ་མི་བཟད་པར། །སྡོང་བུ་ལ་ནི་གནས་པ་གང། །ཀ་ལ་ཀུ་ཏ་དབང་པོའི་བུ། །བཙན་དུག་ཧ་ལ་ཧ་ལ་སོགས། །རྒྱུ་བའི་དུག་ནི་མི་བཟང་འགྱུར། ་སྤྲུལ་དང་ཕག་དང་མཚེ་བ་དང། །རྒྱུ་བ་དང་ནི་མི་རྒྱུ་བའི། །བཅོས་མ་མ་ཡིན་དུག་ཏུ་བཤད། །བཅོས་མ་སྣ་ཚོགས་སྨན་ལས་ནི། །སྦྱར་བ་སྦྱར་བའི་དུག་ཅེས་བྱ། །དེ་ནི་སྦྱོར་བའི་དབང་ལས་ནི། །ཤིན་ཏུ་རིང་ནས་གསོང་པ་འམ།། ་སྐྲངས་དང་སྐྱ་རྦབ་རྨུ་རྫིང་དང། །སྨྱོ་བྱེད་གཞང་འབྲུམ་ལ་སོགས་བསྐྱེད། །རྣོ་དྲོ་རྩུབ་ཅིང་དང་བ་དང། །ཁྱབ་ཅིང་མྱུར་གསོད་ཡང་བ་དང། །འདར་ཞིང་འཕྲལ་ལ་རོ་མི་གསལ། །འཇུ་བར་མི་བྱེད་པ་ཡི་ནི། །རྣོ་སོགས་ཡོན་ཏན་དང ་ལྡན་བས། །དེ་ནི་མདངས་ལས་གོ་བཟློག་ཡིན། །མིག་ནི་རླུང་མཁྲིས་ཤས་ཆེ་བ། །སྲོག་ནི་འཕྲལ་དུ་འཕྲོག་པར་བྱེད། །དུག་གིས་མི་ལུས་ཕྱིན་པ་དང། །དད་པོར་ཁྲག་ལ་གནོད་པར་བྱེད། །བད་ཀན་མཁྲིས་པ་རླུང་རྗེས་ལ། །ནང ་གཞི་གྲོགས་དང་ལྷན་ཅིག་འབྱུང། །དེ་ནས་སྙིང་ལ་གནས་ནས་ནི། །ལུས་ལ་གནོད་པར་བྱེད་པར་འགྱུར། །མི་རྒྱུའི་དུག་ནི་བཏང་གྱུར་ན། །ལྕེ་ནག་ལུས་ནི་རེངས་བ་དང། །བརྒྱལ་དང་སློན་དང་སྡངས་དང་དལ། །གནས་སྐབས་དང་པོ་འབྱུང་བར་འགྱུར། །གཉིས ་བར་འདར་ཞིང་རྡུལ་བ་དང། །ཆ་ཞིང་ལྐོག་མ་ན་བ་དང། །དུག་གིས་མ་ཞུ་གནས་ཕྱིན་ན། །སྙིང་ནི་ན་བར་བྱེད་པར་འགྱུར། །གསུམ་པ་རྐན་ནི་བསྐམས་པ་དང། །མ་ཞུའི་གནས་སུ་ཤིན་ཏུ་གཟིར། །དེ་མིག་ཉམས་ཆུད་སེར་བ་དང། །སྐྲངས ་བ་ཉིད་དུ་འགྱུར་བ་དང། །ཞུ་བའི་གནས་ཕྱིན་ཟུག་པ་དང། །སྐྱིགས་བུ་ལུད་པ་རྒྱུ་མ་འཁྲུགས། །དུག་གི་ཤུགས་ནི་བཞི་པ་ལ། །མགོ་བོ་ལྷག་པར་ལྕི་བར་འགྱུར། །ལྔ་བར་མཆིལ་སྣབས་འཛག་པ་དང། །ལྷུ་ཚིགས་ན་བར་འབྱུང ་འགྱུར་ལ། །མདོག་མི་སྡུག་ཅིང་ནང་ཀུན་འཁྲུགས། །ཞུ་བའི་གནས་ཀྱི་འོག་ཏུ་ན། །དྲུག་པར་འདུ་ཤེས་ཉམས་བ་དང། །ཤིན་ཏུ་འཁྲུ་བར་བྱེད་པར་འགྱུར། །བདུན་པ་ཕྲ་གོང་སྒལ་ཚིགས་དང། །དཔྱི་ཚིགས་ཕྱེ་ན་འཆི་འགྱུར ་ཡིན། །དུག་གི་ཤུགས་ནི་དང་པོ་ལ། །སློན་ཞིང་ཆུ་གྲང་དག་གིས་གཏོར། །མར་དང་སྦྲང་རྩིར་བཅས་པ་ཡི། །དུག་གི་སྨན་ནི་མྱུར་དུ་བླུད། །གཉིས་པ་སྐྱུགས་སྨན་བཀྲུ་སྨན་བཏང། །སྔ་མ་བཞིན་དུ་དུག་སྨན་བླུད། །གསུམ་བར ་དུག་གི་སྨན་བླུད་ཅིང། །དེ་བཞིན་མིག་སྨན་སྣ་སྨན་བཏང། །བཞི་པ་སྣུམ་དང་བཅས་པ་ཡི། །དུག་གི་སྨན་ནི་བཏང་ན་ཕན། །ལྔ་པ་ཤིང་མངར་ཁུ་བ་དང། །སྦྲང་རྩི་སྦྱར་བ་བླུད་ན་ཕན། །དྲུག་པ་འབྲུ་བ་ལྟ་བུར་གསོ། །བདུན་པ་སྣ ་སྨན་དུད་པ་དང། །སྤྱི་བོར་རྒྱ་གྲམ་བྱས་ནས་ནི། ཤ་འམ་ཁྲག་ནི་གཞུག་པར་བྱ། ཀོ་ཤ་ཏ་ཀི་ལཾ་ཀ་ལི། །པ་ཏ་ལྕམ་པ་ཨ་རུ་ར། །ས་ལུ་སླ་ཏྲེས་ཤི་རི་ཤ། །གི་རི་གར་ནི་ཡུང་བ་དང། ། ཧྭ་སྦྲང་རྩི་བ་སྤྲུ་བ། །བྲི་ཧ་ཏི་གཉིས་ཆ་བ ་གསུམ། །ཤ་རི་བ་དང་བ་བླ་སྡེ། །འདི་རྣམས་བསྐོལ་བའི་ཁུ་བ་དང། །བསྐོལ་བའི་ནས་ཐག་བསྒྲངས་པར་ནི། །སྦྲང་རྩི་མར་དང་བཅས་པ་གཞུག། གནས་སྐབས་གཞན་ལ་དུག་འཇོམས་བའི། །སྨན་དང་གསོ་བ་ཐམས ་ཅད་བྱ། །ཤིང་མངར་ཚན་དན་མ་དུ་ཀ། པདྨ་གེ་སར་དེ་བཞིན་བྱ། །དངུལ་རྡོ་རྒྱ་སྤོས་རུ་རྟ་དང། །བ་བླ་ལྡོང་རོས་པྲི་ཡཾ་ཀུ། །ཚ་བ་གསུམ་དང་འབུ་སུ་ཧཾ། །ནཱ་ག་པུཥཔ་གེ་སར་བཅས།། ཞིང་མདར་སྦད?་སྦོས་ཧ་རེ་ནུ། །འགི་ཝང་མོན་སྣེའུ ་རྨེ་རུ་དང། །ཤི་རི་བ་ཐ་སྲ་རྩི་པོག། ཤུ་ཏི་གུར་གུམ་བ་བླ་དང། །བལ་བུ་ཏ་མི་ལའི་ལོ་མ། །སྟག་བ་དང་ནི་པུ་ཤེལ་ཙི། །སེར་པོ་གཉིས་ནི་སྦྲང་རྩིར་སྦྱར། །བུ་མོ་ཁྲུས་དང་སྨྱུང་བ་བྱས་བགོས་དཀར་པ་གོས་བ་བྱས་ནས་ནི། །དགེ་སྦྱོང ་བྲམ་ཟེ་མཆོད་བྱས་ཏེ། །དུག་སྨན་མཆོག་ནི་སྦྱར་བར་བྱ། །དེ་ཚེ་སྨན་པས་སྔགས་འདི་ནི། །བདག་ཉིད་བསྡམས་ཏེ་བརྗོད་པར་བྱ། །སྐྱེས་བུ་སེང་གེ་ཕྱག་འཚལ་ལོ། །སྦེད་མེད་བུ་ལ་ཕྱག་འཚལ་ལོ། །ཇི་ལྟར་ཁྱབ་འཇུག ་གཡུལ་དོར་ནི། །གཞན་གྱིས་ཕྲམ་བར་མ་མཐོང་སྟེ། །བདེན་པའི་ཚིག་ནི་འདི་ཡིས་ཀྱང། །བདག་ལ་དུག་མེད་གྲུབ་བར་ཤོག། ན་མོ་བཻཌཱུ་རྱ་མ་དེ། །ཧུ་ཌཱུ་ར་ཧུ་ཌཱ་ར་ར་ཀྵ་མཱ་མ། །སརྦ་བི་ཤྲེ་བྷ། །གཽ་རི་གདཎྜ་རི། །ཙཎྜ་རི། །ཙཎྜ་ལི། མཱ་ཏ་ཀའི ་སྭཱཧཱ། །འཐག་པའི་སྔགས་གཉིས་པ་ནི། །ཧ་རེ་མཱ་ལེ་སྭཱཧཱ། །པ་ཧ་རི་མཱ་ཡེ་སྭཱཧཱ།། །།མ་ལུས་དུག་དང་རོ་ལངས་དང། །གདོན་དང་སྡིག་པའི་ལས་ཀུན་དང། །གསོད་བྱེད་ནད་དང་མུག་དང། །འཐོབ་པར་འདོད་དང ་འཇིགས་བ་ལ། །སྨན་བཏུང་སྣ་སྨན་མིག་སྨན་བསྐུ། །གང་དུ་བུ་ལ་སོགས་ལ་སྦྱར་ག་།འདི་ནི་ཟླ་ཤར་ཞེས་བྱ་སྟེ། །ཞི་དང་བདེ་ལེགས་བྱེད་མཆོག་ཡིན། །དུག་སྙིང་དུག་སེལ་སྨན་གི་ཟིལ་མནན་བ། །ནགས་མེ་རླུང་དང་ཉི་ཚན ་གྱིས་བསྐམས་པའམ། །རང་བཞིན་གྱིས་ནི་ཡོན་ཏན་མི་ལྡན་པས། །ཉམས་པའི་དུག་ཅེས་བྱ་བའི་དུག་ཏུ་འགྱུར། །འདི་ནི་ནུས་པ་ཆུང་བས་མི་རྟོགས་ཏེ། །བད་ཀན་དང་འདྲེས་ལོ་ནི་མང་པོར་གནས། །དེས་ཉེན་གྱུར་བ་མདོག་ངན་འཁྲུ་བར་བྱེད། །ནང་ཁྲག་སྒོམ་དང་ཡིག ་རྣུས?་བས་ཉེན། །རྒྱལ་ཞིང་སློན་ལ་རྣམ་རྨོངས་སྐད་འཛེར་དང། །དུག་གི་དམུ་རྫིང་མཚན་མས་གནོད་པར་འགྱུར། །མ་ཞུའི་གནས་བརྟེན་བད་ཀན་རླུང་ནང་བསྐྱེད། །ཞུ་བའི་གནས་དེ་མཁྲིས་དང་རླུང་དག་བསྐྱེད། །མི་ཡི་ཡན་ལག་ཞིགས་ཤིང་བསྒྲ ་འབྱིབས། །ཇི་ལྟར་བྱ་ནི་སླུ་བཏོགས་ལྟ་བུར་བསྐྱེད། །དངས་མའམ་ཁྲག་ལ་གནས་པར་བྱེད་ན་ནི། །ལུས་ཟུངས་ལས་བྱུང་ནང་ནི་སྣ་ཚོགས་བསྐྱེད། །མདུན་གྱི་རླུང་དང་མ་ཞུ་དྲང། །ཡུལ་དམུས་གནོད་ཟས་ཉིན་བར་ཉལ།། ལུས་ཟུངས་གནོད ་པར་བྱས་པ་ནི། །དེ་བས་གནོད་པའི་དུག་ཅེས་བཤད། །གནོད་པའི་དུག་ཉན་དུགས་བཅས་ལ། །སྟེང་དང་འོག་ནས་སྦྱར་པར་བྱ། །གནོད་པའི་དུག་ནི་སེལ་པའི་སྨན། །སྦྲང་རྩི་སྦྱར་ཏེ་ལྡེ་གུ་སྦྱིན། །པི་པི་ལིང་དང་བྱ་མ་ཀ། སྤང་སྤོས ་སེང་ཕྲོམ་སུག་སྨེལ་དང། །ཀུ་དནྣ་ཏ་ས་རྩི་ཀ། རུ་རྟ་ཤིང་མངར་ཙན་དན་དང། །ཡུག་སྣམ་ཙག་དང་སྦྱར་བའི་སྨན། །གནོད་བའི་དུག་སེལ་བྱ་བ་སྟེ། །གཞན་ཡང་ཟློག་པར་བྱེད་པ་ཡིན། །དུ་མངས་ཕོག་པར་གྱུར་བ་དག། ཡང་དང་ཡང ་དུ་མུན་འཐིབས་བྱེད། །མདོག་ནི་མི་སྡུག་གྱུར་བ་དང། །མྱུར་དུ་ཡིད་འབྱུང་སྡུག་བསྔལ་བ་འཐོབ། །འདིས་ནི་སྲིན་བུས་ཁྱབ་པ་ལྟར། །ལུས་ཚ་ཚག་ཚག་པོར་འགྱུར་རོ། །གདོང་མོ་རྒྱབ་དང་ཕྲག་པ་མགོ། ལྷུ་ཚིགས་རྣམས་སུན་བར ་བགྱི། །ཁྲིག་ནི་ནད་ཅན་གནག་པ་འཛག། སྐོམ་དང་བརྒྱལ་ཚ་རིམས་ཀྱིས་འདེབས། །མིག་ནི་གནག་ཅིང་སློན་པ་དང། །རྟུད་པར་ཁུད་བར་དབུགས་མི་བདེ། །རྨ་དམར་མཛའ་མ་སེར་བ་དང། །དབུས་ནི་གནག་ཅིང་ཤིན་ཏུ་ན། །འཕྲལ་དུ ་བསྐྲངས་ཤིང་བརྣགས་པ་དང། །ཤ་ཡང་ནག་པོར་གྱུར་ནས་ནི། །བརྣགས་ཤིང་ཤིན་དུ་འདྲུལ་བར་བྱེད། །སྦྱིན་བག་ཅན་དུ་འཛག་པར་བྱེད། །གནད་དུ་ཕོག་པར་མ་གྱུར་པ། །མྱུར་དུ་སྙིང་ལ་ཕན་བྱེད་བྱ། །ཟུག་རྡུ་ཕྱུང་ལ་ལྕགས་བསྲེགས ་པས། རྨ་ནི་ལེགས་པར་བསྲེག་པར་བྱའོ། །ཡང་ན་མུངྒ་ག་དང་ནི། །གི་རི་ཀརྣི་དཀར་བ་དང། །ཀཏཔ་ལ་ཡི་ཤུན་པ་དང། །བཙོད་དན་ཤིརཤ་བྱ་རྒོད་སེན། །བསྲེགས་བའི་ཐལ་བས་བསྐུ་བར་བྱ། །ཤུ་ཀ་ནས་བོ་ང་དཀར། །ཀཎྜ་ཀཱ་རཱི་རྩི་བས་བསྐུ། །དུག་འཐུངས ་སོས་བཏབ་གསོ་བདག། ཅི་རིགས་པར་ནི་དེ་ལ་བྱ། །རྨ་ཡི་ཤ་ནི་བརྣགས་པ་ལ། །མཁྲིས་བའི་མེ་དཔལ་ལྟ་བུར་གསོ། །བདེ་ཕྱིར་ཁྱོད་ལ་བུ་མེད་དང། །རྒྱལ་པོ་ལ་ནི་དགྲས་བསླབས་ཏེ། །ཟས་དང་སྦྱར་བའི་དུག་བསྲེས་བའི། །ཉེན་འཁོར་སྐྱེ་བོ་སྟེང། ་བར་འགྱུར། །སྣ་ཚོགས་ལུས་ཀྱི་དྲི་མར་བཅས། །མི་མཐུན་སྨན་དང་ཐལ་བ་དང། །ནུས་པ་ཆུང་བར་འགྱུར་བའི་དུག། སྦྱར་བའི་དུག་ནི་སྦྱར་མ་ཡིན། །དེས་ཉེན་མདོག་སྐྱ་རིང་བ་དང། །མེ་དྲོ་ཉམས་ཤིང་ལུང་པ་དང། །དབུགས་མི་བདེ་དང་རིམས་ཀྱི ་ཉེན། །རླུང་ནི་མི་མཐུན་རྒྱུ་བ་དང། །གཉིད་ཆེ་ཡིད་ནི་ཞུམ་པར་བྱེད། །གཅིན་སྙི་ལྟོ་བ་མཆིན་བ་དང། །མཚར་བ་ན་ཞིང་སྐད་གསང་དམའ། །ཉམས་ཆུང་སྒྱིད་ནི་ཞན་པ་དང། །སྐྲངས་ཤིང་རྟག་ཏུ་སྦོ་བ་དང། །རྐང་པ་ལག་པ་སྐམ་ཞིང་ཟད།། ་རྨི་ལམ་དུ་ནི་ཅེ་སྦྱང་དང། །བྱི་ལ་སྤྲུལ་དང་ནེའུ་ལེ་དང། །སྤྲེའུ་མཐོང་ཞིང་ཕལ་ཆེར་ནི། །ནགས་ཚལ་མཚོ་ནི་བསྐམས་པར་མཐོང། །བདག་ཉིད་ནག་པོར་མཐོང་འགྱུར་ཞིང། །སེར་པོ་ནག་བོར་མཐོང་བར་བྱེད ་མིག་སྣ་རྣ་བ་མེད་པ་དང། །དེ་ཡིས་དབང་པོ་ཉམས་པར་མཐོང། །འདི་དང་གཞན་ལ་གནོད་པ་ཡི། བླ་གཉན་མི་བཟད་མང་པོ་གཙེས། །འགའ་ཞིག་འཕྲལ་དུ་མ་གསོས་ན། །སྦྱར་དུག་གིས་ཉེན་འཆི་བར་འགྱུར། །དབྱིབ་ཆུས་སློན་བྱས་ཁ་ཟS ་ནིད་དེ་ལ་ཕན་པའི་བཟའ་བཏུང་སྦྱིན། །སྦྱངས་ནས་གསེར་ནི་བསྟེན་བྱ་ཞིང། །མདོ་གནས་བསྟན་པ་བཞིན་དུ་བྱ། །གསེར་དང་བཟངས་ཀྱི་ཕྱེ་མ་ནི། །སྦྲང་རྩི་ཁ་ར་དཀར་པོར་སྦྱར། །ལྡེ་གུས་དུག་ནི་མི་བཟོད་པ། །དབྱིག་དུག་ཐམས་ཅད་སེལ་བར་བྱེད།། ་མུ་རྦ་སླེ་ཏྲེས?་པི་པི་ལིང། །རྒྱ་སྤོས་དབྱི་མོང་པ་ཏོ་ལ། །གླ་སྒང་ཤུ་ཐག་ཙི་ཏྲ་ཀ། བི་ད་ཀ་ནི་དར་བ་དང། །ཆུ་དྲོན་ཞོ་ཁ་ཆུ་སྦྱར་བ། །སྐྱུར་ཁུ་དང་སྦྱར་བླུད་ན་ནི། །དབྱིག་དུག་གིས་བཅོམ་མེ་དྲོད་སྦྱོང། །ཟུར་བ་མ་ནུ་ཕུག་རོན་གྱི། །ཤ་བསྐོལ་ཁུ་བ ་བསྒྲངས་པ་ཡིས། །དབྱིག་དུག་སྐོམ་དང་ལུད་པ་ན། །སྐྱིགས་བུ་དབུགས་མི་བདེ་རིམས་སེལ། །དུས་ཀྱི་རང་བཞིན་དུས་དང་ཟས། །ནད་གཞི་ལུས་ཟུངས་ཚོགས་འདུས་པ། །དུག་གི་ཉམ་ད་ཞེས་བཤད་དེ། །བཀྲེས་སྐོམ་ཉམས་ནི་ཆུང་བ་དང ་ཁྲོ་དང་མྱ་ངན་འཇིགས་དང་ངལ། །མ་ཞུ་བ་དང་འཁྲུ་བ་དང། །མཁྲིས་པ་རླུང་ནི་འཕེལ་བ་དང། །ཏིལ་གྱི་མེ་ཏོག་འབྲས་བུ་སྣུམ། །ས་ཡི་རླངས་པ་འབྲུག་སྒྲ་དང། །གླིང་བུ་པི་ཝ་རོལ་མོ་ཡི། །སྒྲ་དང་མདུན་གྱི་སེར་བུ་དང། །ུཏཔལ ་དྲི་དང་མྱོས་པ་ཡིས། །དུག་གི་ཉམ་ང་འཕེལ་བར་བྱེད། །དབྱར་ནི་ཆར་གྱི་དུས་ཡིན་པས། །བུ་རམ་ལྟ་བུར་རླན་ཅན་འགྱུར། །ལུས་ལ་ཁྱབ་བྱེད་དབྱར་འདས་ནས། །རི་ཡི་འཆར་བས་དེ་མེད་བྱེད། །དེ་བས་སྤྲིན་བྲལ་དུས་སུ་ནི། །ནུས་པ ་ཆུང་བ་ཉིད་དུ་འགྱུར། །དེ་ལྟར་རང་བཞིན་གོམས་པ་དང། །གནས་དུས་ཤུགས་སྟོབས་ཆེ་ཆུང་བ། །བརྟགས་ཏེ་མཁས་པས་ཤེས་བྱས་ལ། །དེ་རྗེས་གསོ་བའི་ལས་སྤྱད་བྱ། །བད་ཀན་ཅན་གྱི་སློན་དང་དེ། །རྩུབ་དང་རྣོ་བའི ་སྨན་བསྐུ་ཞིང། །བསྐ་དང་?་ཚབ་ཡི། །ཟས་ཀྱི་དུག་ནི་བསལ་བར་བྱ། །མཁྲིས་ཅན་བཀུ་སྨན་སྨན་ཆུ་བླུགས། །ཤིན་ཏུ་བསིལ་བའི་སྨན་བསྐུ་ཞིང། །བསྐ་དང་ཁ་དང་མདར་བ་དང། །མར་བཅས་ཁ་ཟས་སྦྱིན་པས་གསོ། །རླུང་གི་བདག ་ཉིན་ཅན་མངར་དང། །སྐྱུར་དང་ལན་ཚྭ་མར་བཅས་བའི། །བཟའ་བ་མར་ཅན་བསྐུ་བྱུག་དང། །དེ་བཞིན་ཤ་ནི་བཟའ་བས་གསོ། །བཀྲུ་སྨན་བསྐུ་བྱུག་ཁ་ཟས་སྨན། །མར་མེ་བསྔགས་བ་མ་ཡིན་ནོ། །ཀུན་ཏུ་གནས་སྐབས ་ཐམས་ཅད་དུ། །དུག་འཇོམས་མར་དང་འདྲ་བ་ཡི། །སྨན་ནི་གཞན་དག་ཡོད་མིན་ཏེ། །མཆོག་ཏུ་རླུང་ཤས་ཆེ་ལ་ཕན། །བད་ཀན་གནས་ཞུགས་གསོ་བར་སླ། །མཁྲིས་བའི་གནས་བརྟེན་འབད་པས་གསོ། །རླུང་གི་གནས་སུ་ཞུགས་པའི་དུག།། ་ཤིན་ཏུ་གསོ་དགའ་གསོར་མི་རུང། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་སྤྲུལ་གྱིས་ཟིན་པ་བཤད་པར་བྱའོ། །མདོར་ནས་སྟེང་ན་ནི་སྦྲུལ། །གསུམ ་སྟེ་གདེངས་གཅན་ལུས་འཁྱིལ། །ཁྲོ་བོ་ཡིན་ཏེ་དེ་ཡི་ནི། །དབྱེ་བ་མཛའ་ཡས་མྱུར་བ་དག། སྐྱེ་གནས་དབྱེ་བ་རྒྱས་པར་ནི། །དགོས་བ་མེད་ཕྱིར་མ་བཤད་དོ། །མཆོག་ཏུ་རྩུབ་དང་ཚ་བ་དང། །སྐྱུར་དྲོ་མངར་བསིལ་དག་ལས་ནི། །གདངས་ཀ ་ཅན་ལ་སོགས་པའི་དུག། རིམ་གྱིས་རླུང་སོགས་འཁྲུགས་པར་བྱེད། །གཞོན་དང་རྒད་པོ་བར་མ་དང། །དབྱར་དང་དགུན་དང་སོས་ཀར་ནི། །འདི་དག་དུག་ནི་འཕེལ་འགྱུར་ཞིང། །གཞན་དག་དུས་ཚིགས་རྣམས་སུ་འགྱུར། །འཁོར་ལོ། ་གཞོལ་དང་གཡུང་དྲུང་གདུགས། །ལྕགས་ཀྱུའི་མཚན་མར་ལྡན་པ་ཡི། །གདེངས་ཀ་ཅན་ནི་མྱུར་འགྲོ་བ། །ཐམས་ཅད་གདེངས་ཀ་ཅན་ཞེས་བྱ། །ལུས་འཁྱིལ་སྣ་ཚོགས་པ་ཡི་ནི། །ཟླུམ་པོ་འདུག་པ་ལུས་འཁྱིལ་ཡིན། །རིང་ཞིང ་འགྲོས་ནི་བུལ་བ་ཡིན། །རི་མོ་སྣ་ཚོགས་ལྡན་པ་དང། །སྣུམ་ཞིང་ཁ་དོག་སྣ་ཚོགས་བས། །མཆུ་ཞེང་བྲིས་འགྱུར་ཁྲ་བོ་ཡིན། །གོ་ཏའི་བུ་ནི་གོ་ཏ་ཅན། །དུག་ནི་གདེངས་ཀ་ཅན་ཉམས་ལ། །ཆད་བཞི་ཡི་སྤྲུལ་གཞན་ནི། །འདི ་དག་ཉམས་ནི་འདྲེས་པ་ལས། །འདྲེན་མའི་མཚན་ཉིད་ཅན་ཏེ་དེས?། །འདུས་པའི་ནད་ནི་ལྡང་བར་བྱེད། །ཟས་ཀྱི་དོན་དང་འཇིགས་པ་དང། །རྐང་བས་རེག་པས་?་བ་འཁྲུག། རྐང་གིས་རྒྱུ་དང་འགྲས་པ་དང། །ལྷ་དང་དྲང་སྲོང་ཤིན་རྗེས་བསྐུལ། །སྤྲུལ་གྱིས ་ཟིན་བར་གང་བཤད་པ། །ཕྱི་མ་བཞིན་དུ་དུག་ཤས་ཆེ། །འཇུག་པའི་རྒྱུ་ནི་ཤེས་བྱས་ནས། །གསོ་བ་ཇི་བཞིན་བྱ་བ་ཡིན། །ཕལ་པ་སྡིག་ཅན་དང་ཚུལ་བས། །ལམ་བཀག་ནས་ནི་གནས་པ་ཡིན། །གང་དུ་ཁ་ཆུག་ཤེར་བ་ཙམ།། ་།ལུས་ལ་སྣང་བར་བྱེད་འགྱུར་གྱི། །མཆེ་བའི་རྨ་ནི་མི་མངོན་གང། །དེ་ནི་མཆུན་གནོན་བྱེད་ཅེས་བྱ། །མཆེ་བ་གཅིག་ལ་རྗེས་གཉིས་མངོན། །ཁྲག་མེད་གྱུར་བ་བལྔགས་ཤེས་བྱ། །མཆེ་བའི་རྗེས་ནི་ཁྲག་བཅས་གཉིས། །རྣམ་པར ་གཅད་པའོ་དེ་གསུམ་ནི། །ཤ་ཆད་ཤིན་དུ་བུག་པ་དང། །ཁྲག་འབྱུང་པོ་ཡིས་ཟིན་ཞེས་བྱ། །མཆེ་བའི་རྗེས་ནི་བཞི་སྣང་བ། །དེ་བཞིན་སོས་འཛིན་བཅིང་བར་བཤད་དེ་ལས་དུག་མེད་དང་པོ་གཉིས། །ཕྱི་མ་གཉིས་པོ་གསོར་མི་རུང། །སྤྲུལ་གྱི་དུག་ནི ་ཁྲག་དག་ལ། །མ་བརྟེན་ལུས་ལ་གནོད་མི་བྱེད། །ཁྲག་ནི་ཅུང་ཟད་ལ་བརྟེན་ཡང། །ཏིལ་མར་ཐིག་པ་བཞིན་དུ་མཆེད། །སྔར་མ་སྤྲུལ་གྱིས་རེག་པ་ལས། །འཇིགས་པར་རླུང་ནི་འཁྲུག་པར་བྱེད། །ལན་འགའ་སྙངས་བར་བྱེད་པ་དེས། །སྤྲུལ་གྱི་ལུས་ཀྱིས ་བཅོམ་ཞེས་བྱ། །བགྲོད་དཀར་མུན་བས་ཟུག་གྱུར་པས། །ལ་ལ་རྟོགས་པས་ཟིན་པ་དང། །དུག་གི་ཤུག་དང་སློན་དང་རིམས། །བརྒྱལ་བ་འམ་མཚ་བ་སྐྱེ་བ་འམ། །ན་ཞིང་རྨོངས་བག་འཁྲུ་བར་བྱེད། །དེ་ནི་རྟོག་པའི་དུག་ཅེས་བྱ། །དུག་བཅས་ནད་ཀྱིས་ཨི་ ་ཟུག་པ་དང། །སྐྲངས་དང་གཡའ་དང་རིམས་བཅས་པ། །ལ་ལ་ཚ་ཞིང་རྨེན་བུར་བཅས། །དེ་ལས་བཟློག་བ་དུག་མེད་ཡིན། །གདེངས་ཀ་ཅན་ཤུགས་དང་པོ་ལ། །ནད་ཁྲག་ནག་པོ་འཛག་པར་འགྱུར། །མིག་དང་གདོང་སོགས་གནག་པ་དང།། ་སྲིན་བུ་འགྲོ་བ་སྙམ་དུ་སེམས། །ཤུགས་གཉིས་པར་ནི་རྨེན་བུ་སྐྱེ། །གསུམ་པར་མགོ་ནི་ལྕི་བར་འགྱུར། །བཞི་པ་མིག་འབྱེད་དཀའ་བ་དང། །སོས་བཏབ་བརྣགས་ཤིང་མཆི་ལ་མ་སློན། །ལྔ་པ་ཚིགས་འབྱེད་སམ་སེམས་དང། །རྒྱུད་གཞན ་ཚིགས་ནི་འཇིག་པ་དང། ལུས་ཚ་སྐྱིགས་བུ་འབྱུང་བ་ཡིན། །སྡུག་པར་སྙིང་ན་ལུས་ལྕི་ཞིང། །བརྒྱལ་ཞིང་འཁྲུལ་ཟས་མི་འཇུ། །བདུན་བར་ཁུ་བའི་གནས་ཕྱིན་ནས། །ཕྲག་གོང་རྒྱ་བ་དང་རྒལ་ཚིགས་དང། །རྐེད་བ་ཞིག་པ་སྙམ་སེམས་ཤིང། ་སྤྱོད་ལམ་ཐམས་ཅད་ལས་ཉམས་འགྱུར། །དེ་ནས་ལུས་སྐྱིལ་པས་ཟིན་ན། །ནད་ཁྲག་སེར་པོར་འགྱུར་བ་དང། །དེ་ཡི་ལུས་སེར་ཚ་བ་བསྐྱེད། །གཉིས་པར་སྐྲངས་བར་འགྱུར་བ་ཡིན། །གསུམ་པས་སོས་བཏབ་མནགས་པ་དང།། ་རྡུལ་དང་སྐོམ་དང་སྐྱེ་བར་འགྱུར། །བཞི་པར་ཁོང་ཚས་རིམས་ཀྱིས་འདེབས། །ལྔ་པར་ལུས་ཀུན་ཁྱབ་པར་ཚལ། །སྤྲུལ་ནི་ཁྲ་བོས་ཟིན་གྱུར་ན། །བྲག་ནི་སྐྱ་བོར་འགྱུར་བ་དང། །དེས་ནི་ལུས་མདོག་སྐྱ་བོར་འགྱུར། །གཉེས་པ ་ལུས་ནི་ལྕི་བར་འགྱུར། །གསུམ་པས་སོས་བཏབ་བརྣགས་པ་དང། །མིག་དང་ཁ་སྣ་ལས་འཛག་འགྱུར། །བཞི་པ་མགོ་ལྕི་གཉེའུ་ངེས་འགྱུར། །ལྔ་པར་ལུས་ཚིགས་ན་བ་དང། །གྲད་པའི་རིམས་ཀྱིས་འདེབས་པར་བྱེད། །ལྷག་མ ་གཉིས་པོ་ལྔ་བར་མཚུངས། ཤུགས་ནི་ལྔ་པར་གསོ་བ་དག། བྱ་ཡི་དེ་ལས་ཕན་ཆད་མིན། །ཆུ་ཡས་ག་ཡེངས་དང་ཆགས་པས་ཟད། །སྐྲག་དང་དེ་ལེས་ཕམ་བ་དང། །གྲངས་ལྷགས་ཉི་ཚན་རླུང་དང་ནད། །བཀྲེས་སྐོམ་ངལ ་བས་གཟིར་བ་དང། །ཕྱོགས་གཞན་ནས་ནི་རིངས་པར་འོངས། །དུག་སྤངས་པགས་པ་བརྗེས་པ་དང། །འཛག་མ་སྨད་པ་དང་ཚེ་མ་ཅན། །ནགས་ཚལ་རྒྱུ་བ་གང་ཡིན་དང། །རིག་པ་ལ་སོགས་བསྟན་ཕྱོགས་གནས། །སྦྲུལ ་དེ་དུག་ནི་ཆུང་བར་འདོད། །དུར་ཁྲོད་བསྟི་གནས་ཤིང་གཅིག་སོགས། །ཆོས་ལྔ་དང་ནི་དུས་ཚིགས་དང། །ཚེས་བརྒྱད་ཚེས་དགུ་ཐུན་མཚམས་དང། །ནམ་ཕྱེད་དང་ནི་ཉི་མའི་གུང། །བྲ་ཉེ་སྨིན་དྲུག་མཆུ་དང་སྐག། ས་ག་ཆུ་སྟོང་ཁྲུམས་སྟོང་དང། །སྣུབས ་དང་བྲ་ཉེ་ཡུལ་ཙམ་ལ། །གནད་དུ་བཟུང་བ་སྤང་བར་བྱ། །ཟིན་པའི་མོད་ལ་བཞིན་སྐྱ་ཞིང། །སྐྲ་ནི་འབྱིན་པར་བྱེད་པ་དང། །ལྕེ་འཁྲུམས་ཡང་དང་ཡང་དུབ་རྒྱལ། །དབུགས་གྲང་གང་ཡིན་དེ་མི་འཚོ། །སྐྱིགས་བུ་དབུགས་མི་བདེ་ཞིང་བློན། །ལུས ་ཅན་ཟོན་པའི་མོད་ལ་ནི། །སྙིང་ནས་གཟེར་བར་འགྱུར་བ་དང། །ཅིག་ཅར་འབྱུང་བ་དེ་མི་འཚོ། །འདུ་ཤེས་སྟེང་ཞིང་ལྦུ་བས་སྐུབ།། རྐང་པ་ལག་པ་བཞིན་གནག་ཅིང། །སྔ་ཞོམ་ཡན་ལ་ཞིགས་པ་དད། །ཚིགས་ལྡོད་བཤད་བ་འཁྲུ་བ་ཡི།། ་དུག་འཐུངས་པར་སྦྲུལ་གྱིས་ཟིན། །དུག་ཅན་མདའ་ཡིས་ཕོག་གྱུར་ན། །ཚུལ་ནི་འདི་དག་སྣང་འགྱུར་བ། །སྲོག་ཟད་པར་ནི་འགྱུར་བ་ཡིན། །སྣ་སྨན་རྣོན་པོ་མི་ཚོར་ཞིང། །རྨ་ནས་ཁྲག་ནི་མི་འབྱུང་ལ། །དབྱུག་པས་བསྣུན་ན་རྗེས་མི ་མངོན། །གཤིན་རྗེའི་ཐད་དུ་འགྲོ་བ་ཡིན། །དེ་ལས་གཞན་དུ་སྨན་པ་ཡིས། །འབར་བའི་ཁྱིམ་ནས་འབྱུང་བ་བཞིན། །ལྐོག་མར་ཕྱིན་པའི་སྲོག་བསྲུང་ཞིང། །དུག་ནི་མྱུར་དུ་བསལ་བར་བྱ། །ལུས་ཅན་དུག་གཟི་ཟིན་གྱུར་ན། །གྲངས ་རྒྱའི་བར་དུ་གནས་ནས་ནི། །ལུས་ཟུངས་ཁྲག་སོགས་ལ་གནོད་ཅིང། །ལུས་ལ་ཁྱབ་པར་བྱེད་པ་ཡིན། །དུས་འདི་བང་དུ་འདུག་པ་ཡི། །མཆེ་བས་ཟིན་པ་བཅང་སོགས་ལས། །བྱ་ཞིང་ཅི་ནས་ལུས་ལ་ནི། ། ་།དུག་གི་ཡལ་ག་མ་འཕྲོས་བྱ། །ཟིན་པའི་མོད་ལས་མྱུར་དུ་ནི། །སྦྲུལ་ནི་དེ་ཉིད་ཟ་བ་འམ། །ས་འམ་བོད་བ་གཅོད་བྱེད་ན། །རིངས་པར་གྱུར་ན་སྨན་པ་ཡིས། །མཆིལ་མས་བྱུག་པར་བྱ ་བའམ། རྣབས་ཀྱིས་ནི་སོ་རྗེས་བསྐུ། །མཆེ་བས་བཏབ་པའི་གོང་དུ་ནི། །སོར་བཞི་རས་མ་ལས་བྱས་པ། །གསོ་མ་འམ་འོད་མ་ལ་སོགས་བ་ཅིང། །སྔགས་ཤེས་པ་ཡིས་གྲུབ་སྔགས་བཟླས། །ཆུ་ལོན་གྱིས་ནི་ཆུ ་ལྟ་བུར། །བཅིངས་པས་དུག་ནི་འཕྲོས་མི་འགྱུར། །དུག་གི་བཅིངས་སོགས་ཉེན་པ་ཡི། །རྩ་ལས་རྒྱུ་བར་མི་འགྱུར་རོ། །བཙིར་ནས་སོས་བཏབ་དབྱུང་བྱ་ཞིང། །ཚིགས་དང་གནད་དུ་མ་ཆུད་དེ། །ས་བོན་ཉམས་པའི་མྱུ་གུ་བཞིན།། ་དུག་ཤུགས་དེས་ནི་འབྱུང་མི་འགྱུར། །ལུས་འཁྱིལ་སོ་རྗེས་མཁྲིས་སྐྱེས་པས། །དེ་མ་གཏོགས་པས་གཞན་དག་ནི། །ལྕགས་དད་གསེར་ལ་སོགས་པས་སམ། །མགལ་མེ་ཡིས་ནི་མྱུར་དུ་བསྲེག། མེ་ཡིས་ཐལ་བར་བྱེད་འགྱུར་ན།། ་ཅི་བྱེད་དེ་ནི་འབྱུང་བར་འགྱུར། །ས་དང་ལྕི་བ་སྨན་སོགས་ཀྱིས། །ཁ་བཀང་ནས་ནི་གཞིབ་པར་བྱ། །ཆིངས་མའི་ནང་ན་ཤ་ཆའི་ཕྱོགས། །མཆོག་ཏུ་ཞལ་ཞལ་བྱ་བ་དང། ཡན་ལག་མཚེ་བས་ཟིན་བཅས་པ། དུག་སྨན་གྱིས ་ནི་ཡང་ཡང་བསྐུ། །ཙན་དན་པུ་ཤེལ་ཅེར་ལྡན་པ། །ཆུ་ཡིས་ཀྱང་ནི་བླུགས་པར་བྱ། །དུག་གིས་ཁྱབ་པར་གྱུར་པ་ལ། །གཏར་ག་གདབ་པ་གསོ་མཆོག་སྟེ། ཁྲག་ནི་ཕྱུང་བར་གྱུར་པ་དང། །མ་ལུས་དུག་ནི་འབྱུང་བར་འགྱུར། །དུག ་བཅས་ཁྲག་ནི་དྲི་མི་ཞིམ། །མེར་བསྲེགས་སྒྲ་ནི་ཙེག་ཙོག་ཟེར། །ནད་གཞི་ཇི་བཞིན་དག་འགྱུར་བ། །ཁྲག་ནི་སྔ་མ་བཞིན་ཤེས་བྱ། །རྩ་ནི་མང་མ་བཞིན་ཤེས་བྱ། །རྩ་ནི་སྣང་པར་མ་གྱུར་ན། །སྡགས་ར་སྲིན་བུ་པད་མས་སྦྱར། ཁྲག་ཕྱུང ་བ་ཡི་ལྷག་མ་ནི། །དུག་གི་དྲོད་ཀྱིས་ཞུ་གྱུར་བ། །ཤིན་ཏུ་བསིལ་བའི་སྨན་བསྐུ་དང། །བླུག་པ་ཡིན་བསལ་བར་བྱ། །དུག་གི་ཤུགས་ཀྱིས་མ་ཞུ་བས། །བརྒྱལ་དང་མྱོས་དང་སྙིང་འཛག་འབྱུང། །དེ་ནི་བ་སྨིལ་སྨན་བླུག་པ་དང། །རླུང ་ཡབ་སྤུ་ལྔར་བྱེད་པས་བསལ། །ཁྲག་ནི་སླ་བར་གྱུར་ན་དུག། འཕྲལ་དུ་ཤུགས་ནི་ཞི་བར་འགྱུར། །དུག་ནི་རྣོ་བས་སྙིང་འདར་བྱེད་དོ། །དེ་བསྲུང་ཕྱིར་ནི་ཞུན་མར་ངམ། །མར་དང་བཅས་པའི་སྦྲང་རྩི་འམ། །དུག་སྨན་མར་དང་སྤྲུས་པ་བླུད། །འདི་ཡིས་སྙིང་ནི ་འགགས་བྱེད་པས། །སྙིང་གར་པད་ཀན་སོགས་པར་བྱེ། །ལུས་ལྕི་ནད་ནི་སླངས་པ་དང། །སྙིང་འཕར་དེ་ནི་སློན་དུ་གཞུག། གཤེར་རྫས་སྐྱུར་རྩབས་རྒྱ་སྲན་དང། །ཏིལ་དད་ཆད་སོགས་མ་གཏོགས་པ། །དུག་སེལ་བ་ཡི་སློན་སྨན་བཏང། །དེས་ནི ་ལུས་ལ་ཁྱབ་མི་འགྱུར། །སྤྲུལ་དང་ཉེས་པ་རང་བཞིན་དང། །གནས་དང་ཤུགས་ཀྱི་ཁྱད་པར་ནི། །ཕྲ་མ་ཡན་ཆད་རབ་བ་རྟགས་ལ། །གོས་བ་ཁྱད་པར་ཅན་བྱའོ། །སྲིན་བུ་བི་རའི་རྩ་བ་དང། །གི་རི་ཀ་རྣི་དཀར་པོའི་ཆུ། །བཏུང་བ ་གདངས་ཀ་ཅན་བཞིན་སྦྱར། །སྣ་སྨན་རུ་རྟ་སྦྲང་རྩི་བཏང། །སྦྲུལ་ནག་གིས་ནི་ཟིན་པ་ལ། །ཁྲག་གཏར་ནས་ནི་བཙའ་བ་དང། །ན་གོ་ལི་ནི་སྦྱར་བ་བསྐུ། །ཡང་ན་རྩོད་ན་དུག་གིས་བསྐུ། །བཏུང་བ་བཙོད་དང་སྦྲང་རྩི་དང། །ཁ་ལའི་དུད་པ་ན? ་སྦྱར་བླུད། །གདེངས་ཀ་ཅན་དང་རི་མོ་ཅན། །མི་བཟང་དུག་གི་ཟིན་པ་ལ། །ཏི་དུ་ལི་ཡ་ཏི་བལ་དང། །ཀི་རི་ཀརྣི་རྣམ་གཉིས་དང། །ཁ་ལུང་ཁར་སེའུ་ནི། །བཏུང་དང་སྣ་སྨན་མིག་སྨན་བྱ། །ེ་ཤ་གནདྷ་རྒུན་འབྲུམ་དང། །ཀེ་རི་ཀརྣི་ས་བར ་ནག་དང། ཧ་ཏི་པི་པི་ལིང་དང་ནི། །བྱེ་རུག་པ་ཡི་ལོ་མ་དང། །བིལྦ་སེ་འབྲུ་ཀ་པི་ཏ། །ཆ་ནི་ཕྱེད་ཕྱེད་སྦྲང་རྩིར་སྦྱར། །དུག་སྨན་ཡིན་ཏེ་ཁྱད་པར་དུ། །ལུས་དཀྱིལ་སྦྲུལ་གྱི་དུག་ལ་ཕན། །ལོ་མ་ལྔ་དང་འབྲས་བུ་གསུམ། །ཤིང་མངར་ནཱ་ག་པུཤཔ ་དང། ཡེ་ལ་བི་དུ་ཛི་བ་ཀ། ཟངས་རྩི་བ་དང་བུ་ཤེལ་རྩེ། །ཁར་ཤུག་པ་ཨུཏཔལ། །སྦྲང་རྩི་དང་སྦྱར་ཁ་བ་ཅན། །ཞེས་བྱ་ལུས་འཁྱིལ་དུག་འཇོམས་སོ། །བསྐུས་ན་སྐྲངས་ས་དང་ཤུ་བ་མཆེད། །འབྲུམ་བུ་ལུས་དང་ལུས་ལྕེ་སེལ། །ཏཾ་བའི་ནྱ་གྲོ ་དྷའི་མྱུ་གུ། །ཇི་བ་ཀ་དང་ཟངས་རྩི་བ། །ཁར་དཀར་པོ་ཤིང་མ་དང་བཙོས། །ཁུ་བ་ལུས་དཀྱིལ་དུག་ལ་བླུད། །འོ་མའི་ཤུན་ལ་ས་བོན་དང། །བཅའ་སྒ་པ་ཏོ་ལའི་ས་བོན། །ཤིང་ཤའི་ས་བོན་པུ་ཙོ་ཤེལ། །འབྲས་ཀྱིས་རྩ་བ་བོང་བ་དཀར ་ཤུ་དག་པ་གཅིན་བཅས་པར་བཏགས། །ཡན་ལག་བརྒྱད་པ་ཞེས་བྱ་སྟེ། །གོ་སན་ཡི་དུག་འཇོམས་སོ། །རུ་རྟ་བོད་དཔུ་རྩེ་ཤེལ། །ཧར་ནུ་ཀ་ཁྱིམ་དུད་པ། །རྒྱ་སྤོས་སྦྲང་རྩི་ཆེ་བ་གསུམ། །སྦྱར་བས་རི་མོ་ཅན་དུག་སེལ། །འདམ་ཁུ་ཁྲ ་འོ་འདྲས་བྱིན་ནགས་རྐོས་འོག་ཏུ་ཐུན་གཉིས་གཞུག། ཕྱུང་སྟེ་བཞར་ལ་མར་སར་དང། །འབྲས་དང་ས་ཡི་ལྡེ་གུས་བྱུག། འབྲས་བུ་གསུམ་ཕྱེས་བཏབ་པ་ཡི། །མར་ནི་སྙིང་པ་བླུད་པར་བྱ། །ཞུ་ཞིང་བཀྲུས་ནས་ནས་ཟན་ནི། །སྲན་ཚོད་དང ་ནི་བཅས་པ་སྦྱིན། །ཀར་བིར་ཨརྒ་ཡི། །མེ་ཏོག་ལི་ཀེ་ལིའི་རྩ་པ། །པི་པི་ལིང་དང་ན་ལེ་ཤམ། །པ་ཏ་སྐྱུར་རྩ་བས་ལྡེ་གུར་བཅས་།འདི་ནི་སྦྲུལ་གཞན་གྱིས་ཟིན་པའི། །སྦྲུལ་གྱི་དུག་ཀུ་སེལ་བ་ཡིན། །ཤིང་ཤའི་མེ་ཏོག ་ཁུ་བ་དང། །ན་ལ་ཤམ་ཀར་ཞག་བདུན་སྤངས། །བཏུང་དང་སྣ་སྨན་བྱས་གྱུར་ན། །སྦྲུལ་གྱི་མཆི་བས་ཟིན་པ་སེལ། །རྒྱ་སྤོས་རུ་རྟ་སྲད་གཉིས་གཉིས། །མར་དང་སྤྲང་རྩི་སྲང་བཞི་བཞི། །འདྲི་བླུད་འཇོག་པོས་ཟིན་པ་སྤང ་བདེ་བ་སྐྱེད་པར་བྱེད་པ་ཡིན། །དེ་ནས་གདེངས་ཀ་ཅན་གྱི་ཤུགས། །དང་པོར་ཁྲུག་ནི་དབྱུང་བར་བྱ་།དུག་སྨན་སྦྲང་རྩི་ཞུག་མར་དང། །བཅས་བ་མྱུར་དུ་བླུད་པར་བྱ། །གཉིས་བསློད་སྨན་བཏང་ནས་ནི། །དེ་བཞིན་དུག་སྨན་བླུད་པར་བྱ། །གསུམ་པ་དུག་སྨན ་སྦྱར་བྱ་ཞིང། །མིག་སྨན་དང་ནི་སྣ་སྨན་བཏང། །བཞི་པར་སྐྱུག་སྨན་བཏང་ནས་ནི། །སྔར་བཤད་པ་ཡི་ནས་ཐུག་བླུང། །ལྔ་པ་དྲུག་པ་བསིལ་སྨན་གྱིས། །བསྐུ་ཞིང་སྨན་ཆུ་ཡང་ཡང་བླུགས། །སློན་སྨན་རྣོན་པོ་བཏང་བྱ་ཞིང།། ་དུག་སེལ་ནས་ཐུག་བླུག་པར་བྱ། །བུད་ན་བས་དུག་སྨན་རྣོན་པ་ཡིས། །མིག་སྨན་དང་ནི་སྣ་སྨན་བཏང། །དེ་ནས་སྤྱི་བོར་རྒྱ་གྲམ་དུ། །ཟབ་མོའི་མཚོན་གྱིས་འབྲལ་ནས་ནི། །དེར་ནི་ཤ་འམ་ཁྲག་གམ་ནི། པགས་པ་དག་ནི་གཞུག་པར་བྱ། །ལུས་དཀྱིལ་ཤུགས་ནི་གསུཾ ་?། །སློན་སྨན་བཏང་ལ་ནས་ཐུག་བླུད། །དྲུག་པར་སྨན་ནི་རྩུམ?་པོ་འམ། །ཤུག་པ་ལ་སོགས་སྡེ་ཚན་བླུད། །ཁྲག་པོའི་ཤུགས་ནི་དང་པོ་ལ། །ཞལ་ཞལ་ཟབ་ཏུ་གདབ་བྱ་ཞིང། །བཀྲུ་པས་ཁྲག་ནི་བཏོན་ནས་ནི། །སྔ་པ་བཞིན་དུ་དུག་སྨན་བླུད། །དྲུག ་པར་མིག་སྨན་རྣོན་པོ་དང། །སྣ་སྨན་ཕྱེ་མ་བུད་པ་བཏང། །མ་སྨོས་པ་ཡི་ཤུགས་ལས་ནི། །དེ་ངེས་ཀ་རྩན་སྐབས་བཤད་ལྟར་གསོ། སྦྲུ་མི་བྱིས་བ་རྒད་པོ་ལ། །གཏང་ག་མི་གདབ་འཇམ་པོས་གསོ། །ཤིང་ཚེ་ལྡོད་རོས་རྒྱ་སྤོས་ཡུང། །ཀུ་ཤའི་ཁུ་བ་ཆུ་སྲིན ་སེན། ཏ་མ་ལ་ཡི་གེ་སར་དང། །འབྲས་བུ་གྲུབ་མོ་སྦྱར་བ་བླུད། །འདི་ཡིས་དབང་པོའི་རྡོ་རྗེ་ནི། །ལྟ་མིན་ལྟེ་བུར་དུག་འཇོམས་བྱེད། །བི་ལྦའི་རྩ་བ་བྱེ་རུག་པའི་མེ་ཏོག། རྒྱ་སྤོས་ཐད་ཤིང་ཀར་ཎྜའི་འབྲས་བུ། །སེར་པོ་རྣམ་གཉིས་འབྲས་བུ་གསུམ་དང་ནི། ་ཚ་བ་གསུམ་པོར་གཅིན་ཞིག་ལ་ཏགས་ལ། །བཏུང་དང་སྣ་སྨན་མིག་མཚན་སྦྱར་བ་ཡིས། །སྤྲུལ་དང་ལུ་ཏ་བྱི་བ་སྡིག་པ་སོགས། །དུག་དད་དབྱིགས་ག་མ་ཞུག་གསུང་དད་རིམས། །མི་ནི་གདོན་གྱིས་ཟིན་བ་བདེ་བར་བྱེད། །སོས་བཏབ་བསྐུ་བ་ལ་སོགས ་ཀྱིས། །མ་ལུས་བཏོན་བར་གྱུར་ཀྱང་ནི། །ཉམས་པའི་དུག་ནི་ཇི་བཞིན་དང། །སླར་ཡང་ཤུགས་ན་སྐྱེ་བར་བྱེད། །དུག་དང་བྲལ་ནས་རླུང་འཁྲུགས་ནི། །སྣམ་ལ་སོགས་པས་གསོ་བྱ་ཞིང། །ཏིལ་མར་ཆང་དང་རྒྱ་སྲན་ཆུ། །མེ་ཏོགས་རླུང ་ནི་སེལ་བ་སྦྱིན། །མཁྲིས་པར་མཁྲོས་པའི་རིམས་སེལ་བའི། །སྨན་།བུ་སྨན་མར་འཇམ་རྩིས་གསོ། །བད་ཀན་སྦྲང་རྩི་བཅས་པ་ཡི། །དོ་དག་ལ་སོགས་སྡེ་ཡིས་གསོ། །སྦྲུལ་གྱི་རུས་པ་གནོད་འགྱུར་དང། །དེ་བཞིན་རྟོག་པའི་དུག་གིས་ཉེན ་ཁར་རྒུན་འབྲུམ་པ་ཡས་ས། །ཤིང་མངར་ཁར་སྦྲང་རྩིར་སྦྱར། །སྔགས་ཀྱིས་བཏབ་པའི་ཆུ་དང་བཅས། །ཏོར་ཞིང་སྤྲོ་སྲིང་དགའ་བར་བྱ། །ཀེ་ཀེ་རུ་དང་མུ་ཏིག་མརྒད་དང། །བཻ་ཌཱུརྱ་དང་རྡོ་རྗེ་མཐོན། ?་ཆེ། །རས་བལ་ས་བོན ་དུག་གིས་གནོད་བའམ། །ཁ་བ་ཅན་གྱི་རི་ལས་སྐྱེས་པ་ཡི། །སོ་མར་ཛ་དང་ནི་བ་སྦུ་བ། །དེ་བཞིན་གྲོ་ན་མ་ཧཱ་གྲོ་ན་དང། །སྦྲུལ་ལ་ཡོད་པའི་ནོར་བུ་མ་ན་སི། །ནུས་པ་དང་ནི་ལྡན་པར་གྱུར་བ་ཡི། །དུག་ནི་དུག་གཞོམ་བྱ་ཕྱིར་བཅང་བར་བྱ།། ་ནུབ་མོའི་དུས་སུ་རྒྱུ་ཚེ་ཁྱད་པར་དང། །གདུགས་དང་འཁར་གསིལ་སྒྲ་དང་བཅས་པ་བཅང། །དེ་ཡི་གྲིབ་མ་སྒྲ་ཡི་སྒང་བྱུང་ནས། །སྦྲུལ་གྱི་ཚོགས་ནི་འབྱེར་བར་བྱེད་པར་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི ་མའི་གནས་ཀྱི་ལེའུ་སུམ་ཅུ་དྲུག་པའོ།། །།དེ་ནས་སྲིན་བུའི་དུག་ནད་གསོ་བ་བཤད་པར་བྱའོ། །སྦྲུལ་ཉིད་ཀྱི་ནི་བཤད་གཅི་དང། །ཁུ་ཆུ་སྒོང་ལུས་འདྲུལ་སྐྱེས། །ནད་ནི་རེ་རེ་འདུས་པ་དང། །ལྡན་པའི་སྲིན་བུ་དུག་རྣམ་བཞི ་རླུང་གི་སྲིན་བུས་ཟིན་གྱུར་ན། །ཤས་ཆེར་ན་ཞིང་ཟུག་པར་བྱེད། །མེ་ཨི་སྲིན་པུ་འཛག་པ་ཆུང། །ཚ་ཞིང་དམར་ལ་ཤུབ་མཆེད། །བ་ལུའི་འབྲས་བུ་སྨིན་པའམ། །འབྲ་གོའི་འབྲས་བུ་སྨིན་པ་འདྲ། །བད་ཀན་ཤས་ཆེ་ན་ཚ་བས ་ཆུང། ཨུ་དུམྦ་ར་སྨིན་པ་འདྲ། །ཤས་ཆེར་འཛག་པའོ་འདུས་པ་ཡི། །མཚན་ཉིད་ཐམས་ཅད་ལྡན་པ་དང། །ཤུགས་ནི་སྦྲུལ་དང་འདྲ་བ་དང། །སྐྲངས་པ་འཕེལ་ཞིང་ཁྲག་དྲི་མ་ནམ། །མགོ་དང་མིག་ལྕི་བརྒྱལ་མགོ་འཁོར ་དབུས་སིམ་བདེན་སྤང་བར་བྱ། །ཀུན་ཀྱང་སྐྲངས་པ་ལྟེ་བ་ཅན། །ཆེ་བ་གཡོ་ཞིང་ཡིག་འཆུས། །སྡི་པའི་དུག་ནི་རྣོ་བ་སྟེ། །དང་པོ་མེ་ལྟར་སྲེག་པར་བྱེད། །སྟེང་དུ་མྱུར་དུ་ཆད་བྱེད་ཅིང། །མཆེ་བའི་འོག་ཏུ་གདུག་པ་ཡིན། །ཛིན་མ་ཐག་ནི ་རབ་ན་གནག། གས་པ་སྙམ་དུ་སེམས་ཤིང་ཐུག། དེ་ནི་བ་ལྕི་སོགས་རུལ་དང། །དུག་གིས་ཕོག་སོ་རུལ་བ་དང། །སྦྲུལ་རུས་པ་ལས་སྐྱེས་པ་ནི། །དུག་ཚ་བས་ཆུང་དང་འབྲིང་དང་ཆེ། །ཚབས་ཆུད་སེར་ཞིང་དཀར་དང་གནག། རྩུབ་དང་ཁྲ་ཞིང་གཟི་མདོག་ཅན་སྤུ་དང ་ཚིག་ནི་དམར་བ་དང། །དམར་ཞིང་ལྟོ་བ་དཀར་བ་ཡིན། །བད་མ་ལྷོད་དུ་ཚིགས་གསུམ་བ། །བསྐྱེད་པ་ཆེར་སྐྱ་དམར་བ་ཡིན། །དུག་ཆེ་སར་སྐྱ་ཁྲ་བ་དང། །རི་མོ་ཅན་ལ་ཁྲག་འདྲ་ཞིང། །མེ་འདྲ་ཚིགས་ནི་གཉིས་སམ་གཅིག། ལྟོ་བ་དཀར་ཞིང་དམར ་དམ་གནག། དེས་ནི་ལྕེ་ནི་སྐྲངས་བ་དང། །ལུས་རེངས་རིམས་ཀྱིས་ཉེན་པ་དང། །བུ་ག་ལས་ནི་ཁྲག་རྣག་རློན། །དབང་པོའི་དོན་ནི་མི་ཤེས་ཤིང། །རྡུལ་ཞིང་བརྒྱལ་ལ་ཁ་སྐམ་དང། །རྨོངས་ཤིང་ནད་ཀྱིས་ཉེན་པ་དང། །ཤ་ནི་ཞིགས་པར་བྱེད ་པ་སྟེ། །ཕལ་ཆེར་སྲོག་ནི་འདོར་བར་བྱེད། །མཆུ་སྦོམ་བ་ཡི་ཁ་ཡིས་ནི། །འདེབས་ཤིང་གསོར་རུང་སྡིག་པ་ལས། །ལྷག་པར་ན་བྱེད་ལུས་རེངས་ཤིང། མཚན་གི་སྤུ་ནི་ལྡང་བ་དང། །ལུས་ནི་རྡུལ་བར་བྱེད་འགྱུར་ཞིང། །སོས་འདེབས ་ཆུ་གྲང་སྙམ་དུ་སེམས། །དེ་ཉིད་རྨ་མོ་དུད་ཁ་དང། །མཚན་མོ་རྒྱུ་བས་མཚན་མོ་ཅན། །སྲིན་བུ་རླུང་མཁྲིས་ཤས་ཚ་ཞིང། །རྔ་མོ་བྱི་བ་བད་ཀན་ཅན། །རྔ་མོ་དུད་པ་ཞེས་བྱ་བ། །ཕལ་ཆེར་རླུང་ཤས་ཆེ་བ་ཡིན། །ནད་ནི་གད་དང་གང ་གི་ནི། །མཚན་མ་ཤས་ཆེ་བ་ལས་བརྟག། དེ་དད་དེ་ལས་གོས་པའི་སྨན། །ཡོན་ཏན་མི་མཐུན་པ་ཡིས་གསོ། །སྙིང་གཟེར་སྟོང་རླུང་གིས་རེངས་ཤིང། །རྩ་མི་སྣར་ཞིང་རུས་ཚིགས་ན། །མགོ་འཁོར་ལུས་བཅིང་སྙམ་དུས་པས? ་མདོག་གནང་རླུང་ལས་གྱུར་པའི་དུག། དྲན་ཉམས་དབུགས་ནི་ཚ་པར་བྱེད། །སྙིང་ཚ་ཁ་ནི་ཁྲ་བྲོ་ལ། །ཤ་འགགས་སྐྲངས་པར་བྱེད་པ་དང། །ཁྲག་སེར་བ་ནི་མཁྲིས་པ་ཅན། །སློན་ཞིང་སྙིང་ན་ཡིག་འཆུས། །ཁ་ཆུ་འཛག་ཅིང ་འཆམ་པས་འདེབས། །གྲང་བཅས་ཁ་ནི་མངར་བ་བྲོ། །བད་ཀན་ཤས་ཆེའི་དུ་གནད་ཡིན། །འབའ་ཆས་རྨ་ནི་བསྐུ་བ་དང། །རླུང་སེལ་ཏིལ་མར་གྱིས་བསྐུ་དང། །སྦུ་གུམ་སྨིན་འབྲུ་དུགས་དང། །རྟས་པར་བྱ་བའི་ཆོ་གའང་ཕན། ་མཁྲིས་པ་ཅན་ལ་སྨན་ཆུ་བླུགས། །ཤིན་ཏུ་གྲང་བའི་ལྡེ་གུས་བསྐུ། །བད་ཀན་ལ་ནི་བཞར་ཞིང་བཅད། །དུག་དང་སྐྱུགས་སྨན་བཏང་བས་གསོ། །སྲིན་བུ་རྣམ་པ་གསུམ་པོ་ལ།། །གསོ་བ་རྣམས་པ་གསུམ་པ་ཕན། །དུགས་དང་བསྐུ ་དད་སྨན་ཆུ་བླུག། ཕལ་ཆེར་དྲོ་འཇམ་བཏང་པར་བྱ། །གཞན་དུ་བརྒྱལ་དད་མཆེ་བ་ཡིས། །རྣག་དང་འདྲུལ་བར་བྱེད་མ་གཏོགས། །མ་སྐྲ་ཡུངས་ཀར་སེར་པོ་དང། །བུ་རམ་རྙིང་པའི་དུ་དབས་བདུག། དུག་དང་མཆེ་བའི་དུག་ཀུན་ལ ་མཆོག་ཏུ་ཕན་བར་འགྲོན་སྐྱོབ་འཆད། །དུག་སེལ་སྨན་ནི་ཐམས་ཅད་དང། །སྦྱར་བའི་ལས་ཀྱང་བྱ་བ་ཡིན། །སྲིན་བུ་སྡིག་པ་མི་བཟང་དུག། འབུས་ཟིན་སྦྲུལ་གྱིས་ཟིན་ལྟར་གསོ། །གཏན་དུ་ལི་ཡ་ཆ་མཉམ་པའི། །དུར ་བྱེད་དང་ནི་ཞུན་མར་བླུད། །བུ་ཡི་དུག་གིས་གདངས་ཅན་ལྟར། །བསྐྱེད་པར་ནུས་པ་མ་ཡིན་ནོ། འོ་མ་ཅན་ཤིང་ལྡེ་གུས་བསྐུ། །སྤྱད་བྱས་སྲིན་བུའི་དུག་སེལ་བྱེད། །མུ་ཏིག་ལྡེ་གུས་བསྐུས་པ་འང། །སྐྲངས་དང་དུག་དང་ཚ་བ ་སེལ། །ཤུ་དག་ཤིང་ཀུན་བི་ཏཾ་ཀ། རྒྱམ་ཚ་ཧ་ཧི་པི་པི་ཡོད?། །པ་ཏྲ་པོར་?་ཚ་བ་གསུམ། །འགྲོ་བ་སྐྱོང་གིས་ནི་བཤད་པ་ཡིན། །ཡན་ལག་བཅུ་པའི་དུག་སྨན་ནི། །འགྲོ་བ་སྐྱོད་གིས་ནི་བཤད་པ་དག། བླུད་ན་སྲིན་བུའི་དུག་ཀྱང ་སེལ། སྡིག་པ་འདུག་གིས་འཕྲིལ་ཟིན་ལ། །འཁོར་ལོས་བཙར་བའི་ཏིལ་མར་མ་སྐུ། །ས་ལ་པརྞི་བསྐོལ་བ་ཡི། །དྲོ་འཇམ་ཡང་ན་གཞན་དག་བླུག། རྒྱམ་ཚོ་དང་ནི་བཅས་པ་ཡི། །ཞུན་མར་ཡང་དང་ཡང་དུ་བློག། ཡང་ན་སྐྱུར་རྩབས ་དྲོ?་འཇམ་མམ། །རྒྱ་མཚོ་འོ་མ་བཅས་བ་བླུག། མར་དང་བརྡོས་པའི་གོ་སྙོད་དང། །རྒྱམ་ཚང་བཅས་ཏེ་དཀྲི་བར་བྱ། །མཆེ་བས་ཟིན་པ་དུགས་བྱས་ལ། །ཞལ་ཞལ་བཏབ་སྟེ་འབྲས་བུ་གསུམ། །སེར་པོ་གཉིད་དང་ཚ་བ་གསུམ། །ཤིང་ཤའི་མེ་ཏོག ་བསྐུ་བར་བྱ། །རྒྱམ་ཚ་ཁ་ལུང་བ་གཅིན་སྐྱུར། །བྱིའུ་རུག་པའི་རྩེ་མོ་བཏགས། །འབའ་ཆ་འམ་ལྕི་བ་དྲོ་འཇམ་ཙམ། །བསྐུས་ནའང་ཕན་བར་འགྱུར་བ་ཡིན། །བཏུང་བར་ཞུན་མར་སྦྲང་རྩིར་བཅས། །ཡང་ན་འོ་མར་ཁར་བཏག། ཕུག་རོན་རྟུག་པ་ཨ ་དུར། །རྒྱ་སྤོས་བཅའ་སྒ་ཁ་ལུང་གི། ཁུ་ཕང་བ་སྦྱར་བླུད་པ་ནི། །སྡིག་པས་ཟིན་པའི་སྨན་མཆོག་ཡིན། །རྔ་མོའི་སོ་ནི་ཆུ་བ་ལ་བཅས། །སྡིག་པའི་དུག་ནི་འཇོམས་པར་བྱེད། །ཤིན་ཀུན་བ་བླ་བ་ལུང་གི། ཁུ་བ་དང་སྦྱོར་ལྡེ་གུ་དང། མག་སྨན་རིལ ་བུ་བྱས་ནས་ནི། །སྡིག་པའི་དུག་ནི་སྲེལ་མཆོག་ཡིན། །བ་རནྫ་ད་ཨརྫུན། །གིརི་ཀར་ནས་ལུན། །ཤེར་ཤའི་མེ་ཏོག་དུག་མོ་ཉུང། །ཞོ་ཁ་ཆུ་དད་བཏགས་བསྐུས་ན། །སྡིག་།པའི་དུག་ནི་སེལ་བར་བྱེད། །གང་ཞིག་རྨུགས་ཤིང་རྔ་མ་བླ་ཐོན། །བླ་ཞིང ་མི་བཟང་ན་འགྱུར་བ། །དེ་ལ་ཡུང་དང་ཨ་རུ་ར། །བཅོད་དང་འདོད་པི་པི་ལིང། །བིལྦ་གཞོན་ནུ་ན་ལེ་ཤམ། །བརྟ་ཀ་?་ཁྲུ་བར་བཏགས། །ལྡེ་གུས་བྱུགས་ན་ཕན་པ་ཡིན། །སྦྲང་མ་གདུག་པའི་དུག་ཀུན་ལ། །ཞོ་དང་མར་ནི་བླུང་བྱ་ཞིང། །གཏར་ག ་གདབ་ཅིང་སྣ་སྨན་དང། །མིག་སྨན་གྱི་དྲི་ཆོག་བྱ། །དྲི་ཞིམ་སྣུབ་དང། །རླུང་འཇོམས་ཁ་ཟས་སྦྱིན་པར་བྱ། །དོད་གྲ་བྱི་བའི་རྟུག་པ་དང། །བ་ལུང་ཁུ་བ་བ་བླ་དང། །རྒྱམ་ཚ་པུ་ཤེལ་སྦྱར་བ་ཨི། །ལྡེ་གུས་སྦྲང་མའི་དུག་མྱུར་འཇོམས་? ་པས་ཟིན་པའི་ཐ་མར་ནི། །དུག་ནིཤས་ཆེར་ལངས་འགྱུར་བའི། །ཟིན་པའི་རྨལ་དུག་གིས་བསྐུ། །ུ་ཙི་ཏ་ཀའི་གསོ་བའང་འདི། །གླང་པོ་ཆེ་ཨི་རྟུག་པ་དེ། །རོ་ཏི་ཤ་ཅིག་ལེའུ་ཆུ། །ལྡེ་གུར་བྱས་བཏགས་བསྐུས་ནས་ནི། །འདི་ནི་སྦྱར་པའི?། ་དུག་འཇོམས་ཆོག། ཤིར་ཤའི་ས་བོན་ཨམྲ?་ཡི། །འོ་མས་ལན་གསུམ་བསྒོས་པས་ནི། །པི་པི་ལིང་གི་ཕྱེ་མར་བསྲེག། །དུག་སྨན་འདིས་ནི་སྲིན་བུའི་དུག། སྦྲུལ་དང་ལུ་ཏ་བྱི་བ་ཡི། །དུག་ནི་སེལ་བར་བྱེད་པ་ཡིན། །ཤིར་ཤའི ་ས་བོན་ཀ་རཉྫའི་ས་བོན། །གུར་གུམ་རུ་རྟ་ལྡོད་རོས་བཅས་པ་ཡི། །དུག་སྨན་འདིས་ནི་མཚན་རྒྱུ་སྡིག་པས་ཟིན། །སེལ་བར་བྱེད་པ་ཡིན་པར་རྒྱལ་བས་གསུངས། །སྲིན་བུ་ལས་ནི་རབ་གདུག་པ། །བ་ནི་བཅུ་དྲུག་ཡིན་པར་བཤད། །གཞན ་དག་ཉི་ཤུ་རྩ་བརྒྱད་འདོད།། །།ཁ་ཅིག་དེ་བས་མང་བར་འདོད། །ཉི་མའི་འོད་ཀྱི་རྗེས་འབྲང་བ། །སྟོང་ཕྲག་ཡོད་ཅེས་གཞན་དག་འཆད། །བླ་གཉན་གཟུགས་ནི་མང་འགྱུར་ན། །དུག་ཅན་བ་ནི་གཅིག་ཏུ ་འདོད། །དེ་ཡི་གཟུགས་དང་མིང་དག་ནི། །ཤིན་ཏུ་འདྲེས་པས་ཤེས་པར་དཀའ་། །གནས་ཀྱི་ངེས་པ་ཡོང་མིན་བས། །དེ་ཕྱིར་ནད་ལས་བཤད་པར་བྱ། །ནད་གཞི་སོ་སོའི་གསོལ་བ་དཀའ་། །འདུས་པ་ལས་གྱུར་གསོར་མི་རུང། །ངེས ་ཟིན་མཁྲིས་གྱུར་ཚ་བ་དང། །སྐོམ་དང་ཆུ་བུར་རིམས་ཀྱིས་འདེབས། །རྨོངས་བག་རབ་ཚ་དམར་སེར་མདོག། བརྣགས་ཤིང་རྒུན་འབྲུམ་འབྲས་བུ་འདྲ། །བད་ཀན་ལས་གྱུར་སྲ་ཞིང་སྐྱ། །བྲུ་ཤ་ཀའི་འབྲས་བུ་འདྲ། །གཉིད་ཆེ་གྲང་རིམས་ལུང ་བ་ལུ། །ཤིན་ཏུ་གཡའ་བར་བྱེད་པ་ཡིན། རླུང་འགྱུར་རྩུབ་ཅིང་གནག་པ་དང། །ཚིགས་ན་རིམས་ཀྱིས་འདེབས་པར་བྱེད། །དེ་ཡི་དབྱེ་བ་ནད་ཀྱི་ནི། །རང་གི་མཚན་ཉིད་ལས་ཤེས་བྱ། །གསོར་མི་རུང་བ་སྙིང་ཚ་ཞིང། །ལུས་པ་སྐྱིགས་བུ་མའོ། ་ནད་དང། །འབྲུམ་ཕྲན་དཀའ་དང་སེར་དང་གནག། དམར་དང་སྐྱ་བ་ལས་བྱུང་འགྱུར། །འདར་དང་སྐྱངས་ལ་ཚ་བ་དང། །སྐོམ་དད་ལོང་ཞིང་སྣ་འཆུས་ལ། །མཆུ་ནག་སོ་ནི་ཡོ་བ་དང། །རྒྱབ་དང་མེད་པ་བཅོམ་སྙམ་སེམས། །འཛམ་བུའི ་འབྲས་བུ་སྨིན་འདྲ་བའི། །ཁྲག་ནི་མཆུས་བ་ལྡགས་རྨ་ལས་འཛག། འདུས་འགྱུར་མཚན་ཉིད་ཀུན་ལྡན་ཞིང། མིང་ནི་མང་པོར་གྱུར་པ་ཡིན། །དེ་དུག་རྣོན་པོ་བར་མ་དང། །དམན་བའི་དབྱེ་བས་གསུམ་དུ་འགྱུར། །མ་བཅོས་ཞག་བདུན་ཞག་བཅུ་དང ་ཟླ་བ་བྱེད་ཀྱི་རིམས་ཀྱི་གསོད། །བ་དང་མཆུ་རང་ཐམས་ཅད་ཀྱང། །གླང་ཤུ་ཀོར་ཀོར་པོར་བྱེད་ཅིང། །དཀར་དང་གནག་དང་དམར་དང་སེར། །གནག་པ་འམ་འཇམ་ཞིང་མཐོ་བ་དང། །དབུས་སུ་གནག་པ་འམ་སྔོ་བ་ལས། །མཛའ་མ་དྲ་བ་ལྟ་བུས ་ཁེབས། །མཆེད་ཅིང་སྐྲངས་པར་བྱེད་པ་དང། །ཚ་ཞིང་ནང་དུ་ནབ་དང། །རིམས་འདེབས་མྱུར་དུ་བརྣགས་ཤིང་འདྲུལ། །རུལ་ཞིང་གས་པར་བྱེད་པ་དང། །རྣག་གིས་གང་དུ་རེག་འགྱུར་བའི། །ཕྱོགས་དེར་ཡང་ནི་རྨ་སྐྱེད་བྱེད། །དབུགས་དང ་མཆེ་བ་བཤད་གཅི་དང། །ཁུ་ཆུ་ཁ་ཆུ་སེམས་མོ་ཁྲག། བརྒྱད་པོ་གནོད་བྱེད་ཁྱད་པར་དུ། །དུག་ནི་ཁ་ལ་གནས་པ་ཡིན། །བ་ནི་ལྟོ་བ་ཡན་ཆད་འཛིན། །སྲིན་བུ་སྟོང་སྨད་ཀུན་ཏུ་གནོད། །དེས་གནོད་བྱས་པའི་གོས་ལ་སོགས། །ལུས་ལ ་རེག་ན་ནད་སྐྱེད་བྱེད། །བ་དང་སྲིན་བུ་ལས་གྱུར་དུག། ཉི་ཕྱེད་བར་དུ་ཚོར་མི་འགྱུར། །དེ་ནས་དང་པོ་ཉིན་ཞག་ལ། །ཁྱབ་ཀྱིས་བཙགས་པ་སྙམ་དུ་སེམས། །མདོག་མི་གསལ་ཞིང་གསོ་བ་དང། །ཅུང་ཟད་གཡའ་ཞིང་ནད་དང་ལྡན། །གཉིས ་བར་མཛའ་ཨི་མ་ཤིན་ཏུ་མཐོ། །འབྲུམ་བུ་ཕྲ་མོས་ཁྱབ་བ་འདྲ། །མདོག་གསལ་གྱུར་ན་དབུས་དམར་ཞིང། །གཡའ་ཞིང་རྨན་བུ་ལྟ་བུར་སྣང། །གསུམ་པ་རིམ་བཅས་སྤུ་ལྡང་ཞིང། །འཁོར་ལིང་དབང་པོ་སྙང་བ་དང། །ཁམ་ཕོར་གཟུགS ་འདྲ་འཕལ་ཆེར་ནི། །བ་སྦུའི་བུ་ག་འཛག་པར་འགྱུར། །ཉིན་ཞག་བཞི་པར་ཆེར་སྦྲང་ཞིང། །མགོ་འཁོར་ལུས་ཚ་དབུགས་མི་བདེ། །ལྔ་བར་དུག་ལྡང་ལས་གྱུར་པའི། །ནད་ནི་དེ་དང་དེ་དག་བསྐྱེད། །དྲུག་པ་གནད་དུ་ཁྱབ་པར་བྱེད། ། ་བདུན་བ་སྲོག་ནི་འཇོམས་པར་བྱེད། །དེ་ལྟར་དུག་ནི་རྣོན་པོ་དང། །བར་མ་དམན་པ་དབྱེ་བར་བྱ། །དེ་ནས་ཉིན་ཞག་ཉི་ཤུ་ནི། །གཅིག་ན་ཡོང་ཡེ་ཞི་བར་འགྱུར། །དེ་འོག་བ་ཡི་ཟིན་བ་ནི། །མཚོན་གྱིས་རྣ་ནི་གདོད་པར་བྱ། །འཛམ་བུའི་མཚུལ ་སོགས་པས་བསྲེག། མཁྲིས་པ་ལས་གྱུར་བསྲག་མི་བྱ། །རྩུབ་ཅིང་སྦུ་ནི་གྱེས་པ་དང། །གནང་དང་ཙིག་ལ་སོགས་ལ་གནས། །ཟིན་ནས་ཀུན་ཏུ་ཁྱབ་གྱུར་བར། །བཅད་བར་མི་བྱ་བ་སྲེག་མི་བྱ། །བསྲེག་པ་དུག་སྨན་རྒྱམ་ཚ་དང། །སྦྲང་རྩིར་སྦྱར ་བས་བསྐུ་བར་བྱ་།དེ་རྗེས་འོ་མ་ཅན་ཤིང་བསྐལ། །སྨན་ཁུ་ཤིན་ཏུ་བསིལ་མོ་བླུགས། །སྔབས་རྭ་སོགས་སམ་གཏར་ག་ཡིས། །ཐམས་ཅད་ལ་ནི་ཁྲག་དབྱུང་བྱ། །དེ་ནས་བསིལ་སྨན་བས་བླུགས་བྱ། །སླེ་སྨན་ཏ་ཀ་ཨ་ཤདཐ། །བ་རུ་ར་དང་བྲི་ཡི ་ཀུ། །ཤུག་པ་སར་གཉིས་སྦྲང་རྩིར་སྦྱར། །བ་དང་སྲིན་བུ་ལ་སོགས་པའོ། །དུག་འཇོམས་ལས་ནི་ཐམས་ཅད་བྱེད། །སེར་པོ་རྣམ་གཉིས་རྨ་ཤིང་བརྩོད། །པདྨ་གེ་སེར་རྒྱལ་པོས་ཀུན་།སྦྲང་རྩི་མར་སྦྱར་ཙམ་བ་ཀ། སྔ་མ་བས་ཀྱང་ཡོན ་ཏན་ལྷག། ལྕི་ཁུ་བཙིར་བྱ་མ་ཀ་ར་དཀར། ། པ་མརྒ་ལྡོང་རོས་དང། །བ་བླ་སྐྱེར་བ་བྱ་མ་ཀ། ཡུག་སྣམ་སྦྲང་རྩི་མར་དེ་བཞིན། །རྒྱ་སྤོས་ན་ལེ་ཤམ་སུག་སྨེལ། །རུ་རྟ་ཤིང་མངར་སྦྲང་རྩི་མར། །སྦྱར་བའི་སྨན་ནི་མནད་ར། །རྒྱ་སྤོས ་སེང་ཕྲོམ་བུ་ཚེ་ཤེལ། །ཤུ་དག་པ་ཐ་སུག་སྨེལ་དང། །གུར་གུམ་སྤོས་དང་ལྡན་དེ་བཞིན། །ནང་གཞི་མངལ་དུག་འཇོམས་པའི། །སྦྲང་བ་བྱས་པས་གསོ་པ་བྱ། །ཤིང་མངར་དང་ནི་པོ་སོན་ཆ། །ཀོ་ཤ་ཏ་ཀི་ཨཾ་གོ་ལ། །སེན་དུ་པ་ར ་འབྲས་ཆུར་སྦྱར། །འཐུངས་ན་བད་ཀན་ལས་གྱུར་དུག། མྱུར་དུ་སློན་པར་བྱེད་པ་ཡིན། །ཤིང་ཤའི་ལོ་མ་མེ་དག་དང། །རྩ་བའི་འབྲས་བུ་ཨམ་གོ་ལའི། །རྩ་བར་བཅས་པ་འང་དེ་བཞིན་ནོ། །འབྲས་བུ་གསུཾ་དང་ནི་ལི་ནི། །དུར ་བྱིད་ལ་སོགས་བཀྲུ་སྨན་བཏང། །སྐྲངས་ཚ་སོགས་ཞི་གྱུར་ནས། །རྨ་ཡི་ལྟེ་བ་དཔོག་པར་བྱ། །བ་བླ་ལེ་བརྒན་རྩིའི་མེ་ཏོག། ཁྲོན་བུ་བྱི་བའི་རྟུག་པ་དང། །དུར་བྱིད་རྒྱམ་ཚ་དནད་ར་སྦྱར། །ལྟེ་བ་འབྱིན་བར་བྱེད་པ་ཡིན། །དེ་བཞིན་ཨུ་ཏ་མ་ཀ་རིའི།། ་རྩ་བ་སྨིག་མ་ཤུན་བཅས་པ་འམ། །རྒྱམ་ཚ་རུ་རྟ་བུ་ཙ་ཤེལ། །དནད་པ་ཡས་ས་སྦྱར་བ་འམ། །རཛ་ཀོ་ཤ་ཏའི་རྩ་བ། །དར་བི་ཚིག་མ་སྦྱར་བས་བྱ། །ལྟེ་བ་བཅད་པའི་དུས་སུ་ནི། །དུག་སལ་བ་ཡིས་རྟས་པར་བྱ། །སྣུམ་འཆོས་མ་ལུས་བྱ་བ་ནི།། ་ཞུན་མར་ཉིད་ཀྱིས་བྱ་བ་ཡིན། །ཏིལ་མར་གྱིས་ནི་རྩ་སོགས་ལ། །མེ་མཆེད་ལྟ་བུར་དུག་འཕེལ་བྱེད། །བི་ཊཾ་ཀ་དང་བ་བླ་ཀ། ཐལ་ཏྲེས་གླ་སྒང་བྲི་ཀ་དང། །ཙན་དན་ཉ་ལྕིབས་སོན་ཀ། ཨུཏཔལ་རྒྱ་སྤོས་ཤིང་མངར་དང། །ཤིང་ཚ་ཤུག་པ ་ན་གུ་ལི། །པོ་སོན་ཆའི་རྐང་ལྷན་ཅིག་སྦྱར། །སྐྱེར་བ་གླ་སྒང་སརྦ་ཀྵི། །བཅའ་སྒྲ་པི་པི་ལིང་རྣ་བ། །པི་པི་ཡིང་དང་རྩི་ཏྲ་ཀ། བར་ན་དང་ཨ་ཀ་རུ། །བིཝ་ནི་མྦ་བ་ཏི་དག་།རུ་རྟ་ནཱ་ག་གེ་སར་དག་།སེའུ་ལྷན་ཅིག་སྦྱར་བདང། །བིལྤ་ཙན་དན་ཨུཏཔ་ལ། །རྒྱ་སྤོས ་བཅའ་སྒ་པི་པི་ལིང། །ལྕང་མ་ནིམྦ་རུ་རྟ་དང། །ཆུ་སྲིན་སྔར་མོ་ཛཱི་བཾ་ཏི། །ག་པྲའི་རྩབ་པ་ཏ་ལི། །ཛཱི་བཾ་ཏི་དང་པོ་སོན་ཆ། །ཤིང་ཚ་སྦྱར་བ་དེ་དག་ནི། །མིག་སྨན་སྣར་བླུག་བྱུག་པ་དང། །སྨན་ཆུ་བླུགས་པའི་སྦྱོར་བ་ཡིས། །མཁྲིས་པ་བད་ཀན ་ཆུང་གྱུར་པའི། །ལུ་ཏི་འདུག་ནི་ཇི་སྟེང་པ། །ཚུལ་ཁྲིམས་ལ་གནས་ངན་འགྲོ་བཞིན། །འདི་ཡིས་དུག་ནད་ཀུན་འཇོམས་བྱེད། །སེང་ཕྲོམ་ཤུག་པ་པདྨ་གེ་སར་དང། ཙན་དན་དམར་སེར་བི་ཡཾ་ཀུའི་མེ་ཏོག། འདམ་པུ་ཤེལ་ཙི་དང་པ་ཡས་སའི། །སྦྱོར་བ་ཀུན ་གྱིས་བ་ཡི་དུག་ཀུན་འཇོམས། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་བདུན་པའོ།། །།དེ་ནས་བྱི་བ་དང་ཨ་ལཾ་ཀའི་དུག་གསོབ་བཤད་པར་བྱའོ། །ཁ་ཆུ་ཅན་དང་མི་བརྟན་བུ། །རྒོད་དང་སྒྲ་ཅན ་པགས་པ་དང། །རྙིང་བའི་སོ་དང་ཁུ་བྱུག་དང། །སེར་སྐྱ་དང་ནི་ནག་པོ་དང། །དམར་སེར་ཁྲ་པོ་དཀར་པོ་དང། །ཐི་བ་སྐྲ་དཀར་བྱི་བ་དང། །བུས་བ་དང་ནི་བྲ་བྱི་ཏའི། །བྱི་བ་དབྱེ་བ་བཅོ་བརྒྱད་ཡིན། །གང་དུ་འདི་ཡི་ཁ་ཆུས ་ཕོག། ཁུ་བ་ཕོག་དང་རེག་པ་ནི། །ལུས་ཀྱིས་ལུས་ལ་རེག་པ་དེར། །ཁྲག་ལ་གནོད་ཅིང་མདོག་སྐྱལ། །ཐོར་བུ་རྨེན་བུ་དི་མཉམ་དང། །ཤུ་བ་འཁོར་ཡིད་ཡི་ཕ་འཆུས། །མགོ་འཁོར་གྲང་རིམས་རབ་ཏུ་ན། །ཉམས་ཆུང་འདར་ཞིང་ལྷུ ་ཚིགས་ན། །སྦུ་ལྡང་དྲན་ཉམས་ཁྲག་འཛག་དང། །ཡུན་རིང་དུ་ནི་གནས་པར་བྱེད། །བད་ཀན་ཅན་གྱིས་བྱི་བ་ཡི། །ཕྲུག་གུ་མང་རེག་སྐོམ་བློན་འགྱུར། །བྱི་བ་འབྲིག་སྦྱོང་དུག་གསོ་དཀའ་། །ཡང་དང་ཡང་དུ་ལྡང་བར་བྱེད། །ཡན་ལག ་ཀུན་སྐྲངས་མདོག་མི་སྡུག། བརྣགས་ཤིང་འོན་ལ་རིམ་ཀྱིས་འདེབས། །མགོ་ལྕི་ཁ་ཆུ་ཁྲག་འབྱུང་ཞིང། །སློན་བ་གསོ་དཀའ་ཨི་མཚོན་ཉིད་ཡིན། །ཕུས་པས་ཟིན་པ་དེ་དྲི་བྲོ། །ལྒངས?་པ་སྐྲངས་ཤིང་ཆུ་མདོག་ཉམས། །སྦྲང་རྩི་འདྲ ་བའི་རྨན་བུས་ཁྱབ་།ཁྱི་དུག་བད་ཀན་ཤས་ཆེར་འཁྲུག། འདུ་ཤེས་རྒྱུ་བ་རྩ་མ་དག་ནས།།གནང་གཅོད་འཁྲུགས་པར་བྱེད་པ་དང། །ལུས་ཟུངས་ལ་ནི་མི་བཟང་གནོད། །ཁ་ཆུ་འཇག་དང་ལོང་དང་འོན། །ཀུན་ཏུ་རྒྱུག་པར་བྱེད་པ་དང།། ་མཇུག་མ་འགྲམ་པ་ཕྲག་གོང་ལྷོད། །མགོན་གདོང་ནི་འདུང་པ་ཡིན། །དེ་ཡི་སོ་ཡི་ཟིན་ན་རྨ། །ཚོར་བ་ཆུང་ཞིང་ཁྲག་རྣག་འཛག། མགོ་སྙིང་ན་ཞིང་རིམ་འདེབས་རེངས། །དེ་རྗེས་སྐོམ་དང་བརྒྱལ་བར་འགྱུར། །འདི་ཡིས ་སྡུག་ཅིང་མཆེ་བ་ཅན། །ལྕེ་སྦྱང་དོམ་དང་དྲེད་དང་གུང། །སྟག་དང་སྦྱད་ཀི་ལ་སོགས་པ། །གཞན་དག་ཀྱང་ནི་ཤེས་པར་བྱ། །གཡའ་ཞིང་ཟུག་ལ་མདོག་མི་སྡུག། ཚོར་བ་མེད་གནས་རིམས་མགོ་འཁོར། །ཚ་ཞིང་དམར་ལན་ཞིང ་བརྣགས། །སྐྲངས་ཤིང་རྨེན་བུ་སྐྱེ་ཞུག་འཁུམས། །རྨ་ནི་འགག་ཅིང་འབྲུམ་བུ་འབྱུང། །ལྟེ་བ་ཅན་དུ་ཟླུམ་པོར་འགྱུར། །ཀུན་ཏུ་དུག་བཅས་མཚན་མ་འདི། །དུག་མེད་དེ་ལས་བཟློག་པ་ཡིན། །གང་གིས་བཟུང་བ་དེ་སྦྱོང་ཚུལ། །སྒྲ་སྒྲོགས་རྒྱུ་མེད་པར ་དེའི་གཟུགས། །ཆུ་དང་མེ་ལོང་སོགས་མཐོང་འཆི། །མ་བཟུང་བར་ཡང་སྒྲ་དང་ནི། །མཐོང་བས་དང་ངེས་པར་བྱེད་པ་ནི། །ཆུ་ཡིས་སྐྲག་ཅེས་བྱ་བ་སྟེ། །ཟིན་པས་དེ་ཡང་སྤང་བར་བྱ། །བྱི་བའི་དུག་གིས་ཟིན་མ་ཐག། རྨ་ནི་མདེའུ་བསྲེགས ་པས་བསྲེག། ཡང་ན་མེ་ལོང་དག་གིས་བྱ། །གཞན་དུ་བལྟ་བར་མི་བཟོད་ན། །བསྲེགས་ནས་རྨལ་ཁྲག་དབྱུང་ཞིང། །ཞལ་ཞལ་བྱས་ལ་ཤིར་ཤ་དང། །ཡུང་བ་རྒྱ་སྤོས་གུར་གུམ་དང། །སླེ་ཏྲེས་ཀྱིས་ནི་ལྡེ་གུས་བསྐུ། །ཁྱིམ་གྱི་དུད་བ་སྐྱར་བ་དང ་རྒྱ་ཚ་དང་ནི་བཙོད་དང་གི། ལྡེ་གུས་གྱི་བའི་དུག་སེལ་ཞིང། །ལྟེ་བ་འབྱུད་བའང་འཇོམས་པར་བྱེད། །དེ་ནས་སྐྱུར་བས་བཀྲུས་ནས། ནི། །གི་རི་ཀརྣི་བ་ལི་དང། །བལྦིའི་རྩ་བ་སླེ་ཏྲེས་དང། །ཆུ་དང་བཅས་པའི་ལྡེ་གུས་བསྐུ། དུག་དང་སྐྲངས་སེལ ་སྨན་གཞན་དང། །ཡང་ན་གཏར་བ་མྱུར་དུ་གདབ། །ནི་རི་ནི་བསྐོལ་ཤི་རི་ཀ། ཨ་གོ་ལ་ཡི་ཁུ་བས་བསྐོལ། །ཀོ་ཤད་ཀི་ཤིར་ཤ་དང། །ཛཱི་མུ་ཏ་ཀ་འབྲས་བུ་དང། །པོ་སོན་ཆ་ནི་ཕྱེ་མར་བཏགས། །ཞོར་སྦྱར་བླུད་ལ་དུག་སློན་གཞུག། ་ཤུ་དག་རུ་རྟ་བོ་སོན་ཆ་འམ། །ཛཱ་མུ་ཏི་ནི་པ་གཅིན་བཏགས། ཆོ་ག་སྔ་མ་བཞིན་དུ་བླུད་ན། །དུག་གི་ནད་ནི་ཐམས་ཅད་སེལ། །དུར་བྱིད་ནི་ལི་ནི་དང་ནི། །འབྲས་བུ་གསུམ་གྱི་བཀྲུ་སྨན་བསྔགས། །ཤི་ཤིར་ཤའི་སྙིང་པོ་འབྲས་བུ་ཡི།། ་མགོ་བའི་བཀྲུ་སྨན་ངག་ཀྱང་ཕན། །བ་ལྕིའི་ཁུ་ག་ཚ་བ་གསུམ། །ཕྱེ་མ་ཞིབ་བཏགས་ལྡེ་གུ་ཕན། །བ་ལང་ལྕི་བ་ཀ་བིཏྟའི། །ཕྱེ་མ་སྦྲང་རྩི་ལྡེ་གུ་བཟའ། །ཏན་དུ་ལི་ཡི་རྩ་བ་དང། །བསྐོལ་བའི་མར་ནི་བླུད་ནའང་ཕན། །ཀི་རི་ཀརྣི་སེར ་པོ་གཉིས། །ཤིང་མངར་བཅོད་དང་སེར་པོ་གཉིས། །ཤིང་མངར་བཙོད་དང་སླེ་ཏྲེས་ཕན། །ཐལ་ཏྲེས་རྩ་བ་མར་བསྐོལ་བ། །ཀ་པིཏྟའི་ཡི་རྣམ་ལྔའང་ཕན། །སིནདུ་བར་རྒྱ་སྦོས་དང། །ཤི་ཀྲུ་བི་ཝའི་རྩ་བ་དང། །ཤུ ་དག་གཟེམ་བ་སྦྲུ་བ། །ཛ་མུ་ཏ་དང་བཅས་པ་སྟེ། །དེ་རྣམས་ཁུ་བ་སྦྲང་རྩིར་བཅས། །བླུང་ལ་འབྲས་ཆན་ས་ལུ་ཞོ། །བྱིན་ན་བྱི་བའི་དུག་ནད་སེལ། །ཤ་ར་མུ་ཀའི་ཕྱེ་མ་ནི། །དར་བར་སྦྱར་བ་བླུད་པའམ། །ཾ་གོ་ལ་ཡི་རྩ་བནི། །ར་ཐུག ་གཅིན་སྦྱར་ལྡེ་གུས་ནི། །བཏུང་དང་བསྐུ་བ་ལ་སྦྱར་ན། བྱི་བའི་དུག་ཀུན་སེལ་བར་བྱེད། །ཀཔིཏྟ་ཡི་སྙིང་པོ་དང། །ཏི་ལ་ཀ་དང་ཏིལ་དང་ནི། ། ཀོ་ལ་ཡི་རྩ་བ་ནི། །བ་ཡི་འོ་མ་འམ་གཅིན་སྦྱར་བླུད། །ཏིལ་ཀ་སྡོང་ཡལ་ག་ཡི། ་བ་ཡི་འོ་མ་སྦྱར་བ་བླུད། །ཡང་ན་ཤེས་རྱ་ཀའི་རྩ་བ། །སྦྲང་རྩི་འབྲས་བུ་སྦྱར་བ་བླུད། །ཀུ་བ་ཁ་པོ་ཞག་གཅིག་ནི། །ཆུ་ལ་སྤངས་བའང་བླུད་བར་བྱ། །སིནདུ་བ་རུའི་རྩལ་དང། །བྱི་ལའི་རུས་པ་བོང?་དཀར། །རྒྱ་སྤོས་ཆུར་བཏཌ ་སྣ་སྨན་སོགས། །བྱས་བས་བྱི་བའི་དུག་སེལ་བྱེད། བྱི་བའི་དུག་ནི་ལྷག་ལུས་པ། །སྤྲིན་མཐོང་བས་ནི་ལྡང་བྱེད་པ་འམ། །ནང་ནི་འཕེལ་བར་བྱེད་པའི་རྒྱུ། །ཇི་ལྟ་བར་ནི་འཕེལ་བར་བྱེད། །དེ་ལ་གནས་སྐབས་ཐཾས་ཅད ་དུ། གསོ་བ་ཐམས་ཅད་སྦྱར་བྱ་ཞིང། །རང་གི་གསོ་བའང་གདབ་ཤད་དང། །དེ་བཞིན་ཉམས་པའི་དག་སེལ་སྦྱར། །ཾ་ལི་ཀ་ཡི་སོ་ཡིས་ཟིན། །མར་བསྐོལ་བ་ཡིས་བསྲེག་པར་བྱ། །དུག་སྨན་དེ་དག་དེ་བསྐུ ་ཞིང། མར་གྱི་སྙིང་པོ་བླུད་པར་བྱ། །འདི་ལ་ཨརྒའི་འོ་མར་བཅས། །བཀྲུ་སྨན་དག་ཀྱང་མྱུར་དུ་གཏང། །ཾ་གོ་ལིའོ?་རྩའི་བྱང་ཕྱོགས་སུ། །སྲང་གསུམ་མར་ནི་སྲང་གཅིག་བླུད། །དྡྷ?་དྷུད་ཡི་འབྲས་བུ་དང། །གི་རི་ཀི་རྣ་བ་སྦྲུ་བ ་བསྐོལ་བའི་ཁུ་བ་བླུང་བར་བྱ། །ཏིལ་བཏགས་ལྡེ་གུས་ཨརྒ་ལྕགས། །འོ་མ་བུ་རམ་བསྲེགས་བྱིན་ན། །སྦྲིན་སོགས་རླུང་གི་གཏོར་བ་བཞིན། ། ལཾ་ཀ་ཡི་དུག་འཇོམས་བྱེད། །སྔགས་བཅས་སྨན་དང་རིན་ཆེན་བཅས། །ཤི་བར་བྱེད་པ་དག ་ཀྱང་སྦྱར། །རྐང་བཞི་པ་དང་རྐང་གཉིས་པའི། །སོ་འམ་སེན་མོས་སྣང་གྱུར་པ། །སྐྲངས་ཤིང་བརྣགས་ལ་མདོག་དམར་ཞིང། །ཆེ་ན་ཆུ་སེར་འཛག་པ་ལ་། ཤ་ཀརྣ་ཀཏྭ་ལ། །ཧན་ས་པ་ཏེ་གོ་ཛི་ཏ། །ཡུག་སྣམ་སེར་པོ་གཉིས་ཀྱིས་སྐུ ་སོ་དང་སེམ་མོའི་དུག་འཇོམས་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་བརྒྱད་པའོ།། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མཆེ་བ་གསོ་བའི་ཡན་ལག་རྫོགས་སོ།། །། ་དེ་ནད་བཅུད་ཀྱི་ལེན་གྱི་ལེའུ་བཤད་པར་བྱའོ། །ཚེ་རིང་དྲན་དང་ཡིན་གཞུངས་དང། །ནད་མེད་གཞོན་དང་ལང་ཚ་དང། །གཟི་མདངས་སྟོབས་དང་སྐང་གསལ་དང། །ལུས་དང་དབང་པོ་སྟོབས་བསྐྱེད་ཅིང། །ཚག་གྲུབ་རོ་ཙ་མདངས ་ལྡན་པ། །བཅུད་ཀྱི་ལེན་གྱིས་ཐོབ་པར་འགྱུར། །དངས་མ་ལ་སོགས་ཡོན་ཏན་ཅན། །ཐོབ་ནས་ཡིན་ཕྱིར་བཅུད་ཀྱིས་ལེན། །ན་ཚོད་དང་པོ་འམ་བར་མའི་ཚ། །དབང་པོ་ཐུལ་བས་དེ་སྦྱར་ཏེ། །སྣུམ་འཚོས་བྱ་ཞིང་གཏར་ག་གདབ། །རྣམ་པ་ཀུན་ཏུ ་སྦྱངས་བྱས་བཏང། །མ་སྦྱངས་པ་ཡི་ལུས་ལ་ནི། །བཅུད་ཀྱིས་ལེན་དང་རོ་ཙ་བའི། །སྦྱོར་བ་དྲི་མ་ཅན་གྱིས་ནི། །གོས་ནི་ཚོན་ལྟར་དོན་མེད་འགྱུར། །བཅུད་ཀྱི་ལེན་གྱི་སྦྱོར་བ་ནི། །རྣམ་པ་གཉིས་སུ་དྲང་སྲོང་འདོད། །སྤྱི་བོར་འཇུག་པ་གཙོ་བོ་སྟེ། །རླུང ་དང་ཐན་པས་ཉེན་ཅིག་ཤོས། །ཁང་པ་རླུང་མེད་འཇིགས་པ་མེད། །ཆོས་ལྡན་ཡོ་བྱད་འབྱོར་བའི་གྲོང། །ས་ཕྱོགས་ཤིས་པའི་བྱང་ཕྱོགས་སུ། །ཁང་བ་སུམ་རིམ་སྐར་ཁུང་ཆུང། །དུང་པ་ཉི་ཚན་སྦྲུལ་དང་རྡུལ། །བུད་མེད་གླེན་མས ་མ་བགྲོད་པར། །ཡོ་བྱད་སྨན་པ་སྟ་གོན་བྱས། །ཁང་བ་ལེགས་པར་བྱི་དོར་བྱའོ། །དེ་ནས་ཆོས་གྲངས་བཟང་ཁྲུས་བྱས། །མཆོད་འོས་མཆོད་ལ་འཇུག་པར་བྱ། །དེར་ནི་སྦྱངས་བྱས་དག་གྱུར་ནས། །བདེ་ཞིང་སྟོབས་ནི་སྐྱེས ་པ་དང། །ཚངས་པར་སྤྱོད་དང་བརྟན་པར་ལྡན། །དད་པ་ལྡན་ཞིང་དབང་པོ་ཐུལ། །སྦྱིན་དང་ཚུལ་ཁྲིམས་བདེ་བ་དང། །བརྟུལ་ཞུགས་ཆོས་ལ་མཆོག་ཏུ་གཞོལ། །ལྷ་ནི་རྗེས་སུ་དྲན་པར་ལྡན། །རིག་པས་གཉིད་ལོག་གཉིད་མི་ལྡོག། ་སྨན་ལ་དགའ་ཞིང་ཚིག་འཇམ་བས། །བཅུད་ཀྱིས་ལེན་བ་བརྩམ་པར་བྱ། །མི་ཉིད་སྣམ་འཆོས་དུགས་བྱས་ནས། ། རུ་ར་དད་སྐྱུ་རུ་ར། །རྒྱམ་ཚ་བཅའ་སྒ་པི་པི་ལིང། །ཤུ་དག་ཡུད་བ་བི་ཏཾ་ཀ། །བུ་རམ་ཆུ་དྲོན་སྦྱར་བ་ནི། ་བླུད་ན་ལེགས་པར་འཁྲུ་བར་འགྱུར། །དེ་ནས་ལུས་ནི་དག་འགྱུར་ཞིང་།ཐུགས་སོགས་རིམ་པ་སྤྱད་ནས་ཀྱང། །ཞག་གསུམ་མ་མ་ནི་ཞག་ལྔ་འམ། །ཞག་བདུན་བར་དུ་ཞུན་མར་བཅས། །ནས་ཐུག་དག་པར་གྱུར་གི་བར།། ་སྦྱིན་ཞིང་བཤད་རྙིང་དག་པར་བྱ། །དེ་ལྟར་ལྟོ་ནི་སྦྱངས་བྱས་ནས། །གོམས་པས་ཤེས་པ་གང་ཞིག་ལ། །གང་ཞིག་འཚམ་པ་དེ་ཀུན་བརྟག། །བཅུད་ཀྱིས་ལེན་ནི་སྦྱིན་པར་བྱ། ། རུ་ར་སྟོད་དེའི་སུམ་འགྱུར། །སྐྱུ་རུ་ར་དང་བཅས་པ ་དང། །རྩ་བ་ལྔ་པོ་ལྔ་རྣམས་ནི། །སྲང་ནི་ཉིས་བརྒྱ་ལྔ་བཅུ་དག། ཆུ་ནི་བཅུ་འགྱུར་དག་ཏུ་བསྐོལ། །ཁུ་བ་བཅུ་ཆ་ལུས་པ་རུ། ། རུ་ར་རྒྱལ་སྐྱུ་རུ་ར། །བརྡུངས་པ་རུས་བ་བྱུང་ནས་ནི། །ཁུ་བ་དེ་ཡི་ནང་དུ་ནི། །ཤིང་ཏ་སུག ་སྨེལ་པི་པི་ལིང། །ག་དུར་སྐྱེས་པ་ཨ་རུ་པ་།ཙན་དན་མ་དུ་ཀ་བརྞི། །ཤད་ཀ་བུཥཔ་ཀ་ན་ཀ། །ཤུ་དག་གླ་བ་ཤིང་མངར་དང། །པི་ཏ་ངྒ་ནི་ཕུལ་དེའི་ཚ་བ། ཁ་རེ་དཀར་སྲད་སྟོང་ཚིག་བརྒྱ། །ཞུན་མར་བྲེ་ནི་བཅུ་གཉིས་དང ་ཏིལ་མར་བྲེ་ནི་བརྒྱད་བཅས་པ་།ལྡེ་གུར་གྱུར་གྱི་བར་དུ་བསྐོལ། །ཕོག་ལ་བསྒྲངས་བར་སྦྲང་རྩི་ནི།།སྲང་ནི་སུམ་བརྒྱ་ཉི་གུ་གཞུག། དེ་ནས་གཟར་བུས་དཀྲུགས་ནས་ནི། །མར་གྱི་སྣོད་དུ་གཞུག་བར་བྱ། །གང་ཞིག་ཟ་གཅིག་ལ་མི་གནོད། །དེ་ནི་འདི ་ཡི་ཚད་དུ་བཤད། །ཞུ་བའི་ཚེ་ན་དྲུག་ཅུ་བ། །འོ་མར་བཅས་པའི་ཁ་ཟས་སྦྱིན། །བཅུད་ཀྱི་ལེན་འདི་ཚངས་པས་བཤད། །དགེ་ཞིང་དཔལ་ཡོན་ཅན་ཡིན་ཞིང། །མཁའ་ལ་གནས་དང་བྱས་པ་རྩེ། །དེ་བཞིན་དཀའ་ཐུབ་པས་བསྟེན་བྱ། །ལུས་སྙོཾ ་དལ་དད་སྐྲ་དཀར་དང། །གཉེར་མའི་སྐྱོན་ནི་སྤངས་གྱུར་ཞིང། །ཡིད་གཞུངས་དྲན་དང་སྟོབས་ལྡན་ཞིང། །ཚེ་རིང་བར་ཡང་འགྱུར་བ་ཡིན། །སྐྱོན་མེད་ཨ་རུ་ར་དང་སྐྱུ་རུ་ར། །སྟོང་དང་པི་པི་ལིང་ནི་སྟོང་དང་བཅས། །རྒྱ་སྐྱེགས་ཤིང ་གཞོན་ཐལ་པའི་ཆུས་སྦྱར་བ། །སྣོད་དུ་བཞག་སྟེ་ལེགས་བར་སྦྱངས་ནས་ནི། །སླར་ཕྱུང་དྲི་མས་ཕྱེ་མར་བྱས། །ཀ་ར་དཀར་པོ་བཞི་ཆ་མར་དད་ནི། །སྦྲང་རྩི་བཞི་འགྱུར་བཅས་པ་མར་གྱི་ནི། །བུམ་བར་བཅུག་སྟེས་རྐོས་བར་བཞག་པ ་ཟླ་བ་དྲུག་ལོན་ནས་ནི་སླར་ཕྱུང་སྟེ། །སྔ་དྲོའི་དུས་སུ་མེ་དྲོད་ཇི་བཞིན་བཟའ། །རྟག་ཏུ་མཐུན་པའི་ཟས་ནི་?་བྱ། །དེ་ལྟར་མ་ལུས་ཟོས་ན་ལོ་བརྒྱ་འཚོ། །ནད་མེད་པ་དང་སྐྲ་དཀར་གཉེར་མ་མེད། །ལུས་ཀྱི་སྟོབས་འཕེལ་རྒྱས་པར་འགྱུར་པ་དང།། ་མཆོག་ཏུ་དྲན་གསལ་ཡིད་ནི་གཞུངས་པར་འགྱུར། །སྐྱོན་མེད་རྒྱ་སྐྱེགས་ཤིང་རློན་པ། །ཐོར་ཏོ་བཙད་ལ་བཞོགས་པ་ཡི། །སྡོང་བུ་ཁྲུ་གཉིས་བརྐོས་པའི་ནང། །སྒྱུ་རུ་ར་ནི་སར་བས་དགང། །ཙ་བའི་བར་དུ་འཇག་?་དཀྲི། པདྨ་སྐྱེས་པའི་འདམ་གྱིས་བསྐུ། །དེ་ནས་རླུང་མེ ་མེད་གནས་སུ་ནི། །ལྕི་བ་གཙང་མ་སར་བས་བཙ། །ཆོས་ཤིང་སྐྱུ་རུ་ར་སྤངས་ནས། །སྦྲང་རྩི་མར་བཅས་མི་ཡིས་བཟའ། །དེ་རྗེས་འོ་མ་མར་བཅས་པ། །ཅི་འདོད་པར་ནི་བཏུང་བར་བྱ། །དེ་ཉིད་ཀྱིས་ནི་ཟླ་གཅིག་བར། །བསྟེན་ཞིང་སྤང ་བར་བྱ་བ་རྣམས། །དེས་ནི་འབད་དེ་སྤང་བར་བྱ། །ཆུ་ནི་གྲང་མོ་ལག་པ་ཡིས། །རེག་པ་ཙམ་ཡང་མི་བྱའོ། །དེ་ལྟར་ཞག་ནི་བཅུ་གཅིག་འདས། །སྒྲ་སོ་སེན་མོ་ལྷག་པར་འགྱུར། །དེ་ནས་ཉིན་ཞག་ཅུང་ཟད་ནས། །གཟུགས་བཟང་བུད་མེད་ལ ་ཕོད་ཅིང། །སྟོབས་ནི་གླང་པོ་དང་འདྲར་འགྱུར། །མཆོག་ཏུ་ཡིད་གཞུངས་སྙིང་སྟོབས་དང། །བློ་ལྡན་ལོ་སྟོད་འཚོ་བར་འགྱུར། །རྩ་བ་བཅུ་པ་བ་བླ་དང། །གླང་སྒང་ཐལ་ཏྲེས་ཇི་བ་ཀ། ཨུཏཔལ་དད་བར་ནི་གཉིས། །ཀརྐ་ཏ་སྲིད་པི་པི་ལིང། །མ་ཏ ་སུག་སྨེལ་ཏ་མ་ལ། །འཚོ་བྱེད་རྒུན་འབྲུམ་ཨ་ཀ་རུ། །མ་ནུ་ཟུར་བ་བ་སྤྲུ་བ། །རམ་ཉེ་བ་གཉིས་སླེ་ཏྲེས་དང། །ཀ་ཀ་ནས་ཨ་རུ་ར། །བ་ཤ་ཀའི་རྩ་བི་ད་རི། །སྲང་རེ་གཅིག་ཏུ་བསྲེས་ནས་ནི། །སྐྱུ་རུ་ར་འབྲུམ་ལྔ་བརྒྱ་ནི། །ཆུ་བྲེ་བཅུ་དྲུག་ནང་དུ ་བསྒོལ། །དེ་ཡི་ཁུ་བ་བཞི་ཆ་ལུས། །སྐྱུ་རུ་ར་ཡི་རུས་པ་གསལ། །མར་དང་ཏིལ་མར་སྲང་བཅུ་གཉིས། །ནང་དུ་ལེགས་པར་བརྡོས་ནས་ནི། །ཀ་ར་དཀར་པོ་སྲད་ལྔ་བཅུ། །བཏགས་ཏེ་ལྡེ་གུའི་ཆད་དུ་བསྐོལ། །སྣུམ་ཕྱེད་ཀྱི་ནི ་སྦྲང་རྩི་གཞུག་།མིག་རྐང་སྲང་ནི་བཞི་དག་དང། །པི་པི་ལིང་ནི་སྲད་གཉིས་དང། །དྲི་བཟང་བཞི་ནི་སྲང་གཅིག་གཞུག་།དེ་ལ་ཚད་ཙམ་བཟའ་བྱ་ཞིང། །ཁང་པར་གནས་ཤིང་འཕྲོད་ཟས་བསྟེན། །འདི་ནི་དྲང་སྲོད་འཕོ་བས ་བསྟེན། །དང་སོང་འཕོ་བས་གང་བསྟེན་བ། །རྒས་པས་ཉེན་བར་གྱུར་བ་ཡང། །བུད་མེད་ཀྱི་ནི་མིག་ཏུ་སྡུག། ཆོག་བཞིན་དུ་བསྙེན?་གྱུར་ན། །ལུད་པ་དབུགས་མི་བདེ་རིམས་དང། །སྐམ་དང་སྙིང་ནད་དྲེག་ནད་དང། །གཅིན ་དང་ཁུ་ཚུལ་གནས་དང། །སྐེད་འགགས་པའང་སེལ་བར་བྱེད། །བྱིས་པ་རྒན་དང་གློ་འགྲམས་གཅོད། །རིང་པའི་ཉམས་སྟོབས་འཕེལ་བར་བྱེད། །ཡིད་གཞུངས་དྲན་དད་མདངས་ལྡན་དང། །ནད་མེད་ཉིད་དང་ཆོ་འཕེལ་དང། ། ་རླུང་ནི་བདེ་བར་རྒྱུ་བྱེད་ཅིང། །བུད་མེད་ལ་ཕོད་སྟོབས་དང་ལྡན། །དབང་པོ་བསལ་ཞིང་མེ་དྲོད་སྐྱེད། །ཤིང་མངར་མིག་རྐང་པི་པི་ལིང། །ལྕེ་མྱང་ཚ་དང་བཅས་པ་དང། །ལྕགས་ནི་སྣ་རེ་གསེར་དང་ནི། །ཤུ་དག་སྦྲང་རྩི་ཞུན་མར་རམ། །ཁ་ར་དབང་པོ་འབྲས ་བུ་གསུམ། །ལོ་གཅིག་བསྟེན་ན་བཅུད?་ལེན་འགྱུར། །ནང་ཀུན་འཇོམས་ཤིང་དྲན་པ་དང། །ཡིད་གཞུངས་བློ་ནི་སྐྱེད་པར་བྱེད། །མནདུ་ཀ་བརྣིའི་ཁུ་བ་འམ། །ཤིང་མངར་ཕྱེ་འམ་འོ་མར་བཅས་པ་ནི། །ལྷན་ཅིག་སྦྱར་བ་མ་དྲོད་ཇི་བཞིན་སྦྱིན། །སླེ་ཏྲེས་ཤཾ་ཀ ་བུཥཔའི་མེ་ཏོག་བཅས། །ལྡེ་གུ་བཅས་པ་མེ་དྲོད་ཇི་བཞིན་དུ། །བསྟན་ན་ཚེ་ནི་སྦྱིན་པར་བྱེད་པ་དང། །ནང་འཇིག་སྟོབས་བསྐྱེད་མདོག་ནི་གསལ་བྱེད་ཅིང། མེ་དྲོད་སྐད་གསལ་ཡིད་གཞུངས་སྐྱེད་པར་བྱེད། །བཅུད་ཀྱིས་ལེན་གྱི་སྦྱོར་བ་འདི་དག་ལས།། ་ཤ་ཀ་པུཥཔའི་སྦྱོར་འདི་ཡིད་གཞུངས་མཆོག། སྤང་མ་བུ་?་ཤེལ་དང་བ་ཡ་སྱ། །ཤིང་མངར་ཐལ་ཏྲེས་ཙན་དན་འབྲས་བུ་གསུམ། །ཤུ་དག་ཚ་བ་གསུམ་དང་སེར་པོ་གཉིས། །པ་ཏོ་?་རྩ་བ་རྒྱམ་ཚ་ཞིབ་ཏུ་བཏགས། །མར་དང་འོ་མ་བྲ་ནི ་བཅུ་དྲུག་དང། །ཤཾ་ཀ་པུཥཔ་ཁུ་བ་སུམ་འགྱུར་བསྐོལ། །བླུད་ན་གླེན་པའང་ཚིག་ལ་དབང་སྒྱུར་ཞིང། །ཐོས་འཛིན་སྤོབས་པ་ཆེ་ཞིང་ནད་མེད་འགྱུར། །པདྨའི་རྩ་བ་སྡོད་བུ་དང། གེ་སར་ནང་གི་ས་བོན་རྣམས། །གསེར་བཅས་མར་དང་འོ་མ་ནི།། ་བྲེ་ནི་བཅུ་དྲུག་ནང་དུ་བསྐོལ། །པདྨ་ལྔ་ཡི་ཐིག་ལེ་ཞེས། །ས་སྟེང་དྲག་ཏུ་གྲགས་པ་ཡིན། །ཚུལ་བཞིན་བསྟེན་ན་སྐྱེས་བུ་ནི། །ཉམས་སྟོབས་ཟད་ཀྱང་འཕེལ་བར་བྱེད། །གང་ཞིག་ཨུཏཔལ་སྡོད་ལོ་མ། །རྩ་བ་གེ་སར་ལྡན་བསྐོལ་བ། །ུཏཔལ ་བཞི་བར་གྲགས་པ་ཡིན། །གསེར་དང་བཅས་པའི་བཅུད་ལེན་གྱིས། །སྦྱོར་བ་བསྟེན་ན་བ་ལང་ཡང། །ཡིད་གཞུངས་འགྱུར་ན་མི་ཅི་སྨོས། །?་ཤུ་དག་ཤཾ་ཀ་པུཥཔ་དང། །རྒྱམ་ཚམ་ཙྪ་ཀྵ་ར་བཱི་ཤྭ་ལ། །བྷ་མི་སོ་པ་རྩལ་པ་པའི་དེ། །? ་གསུམ་གསུམ་ཙམ་གྱི་ཆོད། །གསེར་ནི་ནས་གཉིས་དུག་ནི་ཏིལ་འབྲུ་ཙམ། །ཞུན་མར་སྲང་གཅིག་འདི་དག་ཞིབ་ཏུ་སྦྱར། །ལེགས་པར་བཏང་སྟེ་ཞུ་བར་གྱུར་ནས་ནི། །མར་བཅས་ཁ་ཟས་ལོ་གཅིག་བར་དུ་བསྟེན།། ་དྲན་དང་ཡིད་གཞུངས་བློ་ནི་འཕེལ་འགྱུར་ཞིང། །ནད་དང་རྒས་པ་དག་ལས་འདས་པ་དང། །སྙོམ་དང་ངལ་དུབ་སེལ་བྱེད་ལོ་བརྒྱ་འཚོ། །དཔལ་དང་གཟི་བརྗོད་མདངས་ལྡན་པར་འགྱུར། །ཁྱད་པར་དུ་ནི་མཛེ་ནད་ཤ་བཀྲ་སྐྲན།། ་དུག་དང་དབྱིག་དུག་རིམས་དང་སྨྱོ་བྱེད་དང། །སྲིད་སྲུང་?་རིག་བྱེད་སྔགས་བྱས་གཤེད་བྱེད་དང། །རླུང་ནད་སྟོབས་ཆེན་འདིས་ནི་ཞི་བར་བྱེད། །ན་ག་བ་བླ་སྟོན་གྱི་ཚེ། །སྐར་མ་རྒྱལ་ལ་བབ་པར་བཏུང། །དེ་ཡི་རྩ་བ་ཞོ་གཉིས་ཙམ ་ཕྱིར་བཏགས་འོ་མ་སྦྱད་ཏེ་བཏུང། །ཡང་ན་མར་དང་སྦྲང་རྩིར་སྦྱར། །བལྡག?་ཅིང་ཟས་མེད་འོ་མས་འཚོ། །དེ་ལྟར་ལོ་གཅིག་ཟོས་གྱུར་ན། །ལོ་བརྒྱ་འཚོ་ཞིང་སྟོབས་ལྡན་འགྱུར། །གཟེ་མ་འབྲས་བུ་སྐྱེ་བར་རྩ་བར་བཅས། །གྲིབ ་མར་བསྐམས་ཏེ་ཞིབ་ཏུ་བཏགས་ནས་ནི། །རང་གི་ཁུ་བས་སྤངས་པ་དེ་ལ་ནི། །ཆེ་ཚད་ཁྱོད་གང་ཚད་དུ་བྱས་གྱུར་གང། །དེ་དད་འོ་མར་སྦྱར་ནས་བཟའ་བྱ་ཞིང། །ཞུ་ནས་འོ་མ་སྲད་ནི་ཉིས་བརྒྱ་ཟོས། །གཟུགས་བཟང་སྐལ ་ལྡན་ལོ་བརྒྱ་ཐུབ་པ་དང། །འདོད་སྦྱོད་ཁྱུ་མཆོག་པ་ལང་ཚོགས་གནས་འདྲ། །བར་ཧི་ཡི་སྡོད་བུ་རློན་པ་ནི། །འོ་མར་སྦྱར་བཟོས་ཤིང་འོ་མ་བཏུང། །ཟླ་གཅིག་བར་དུ་ཁ་ཟས་འོ་མས་འཚོ། །རྒས་བའི་ཚོགས་ལས་དེས ་བར་རྒྱལ་བར་འགྱུར། །ཡང་ན་དེ་ཡ་སྡོད་བུའི་ཕྱེ་ཞིབ་མོ། །རང་གི་ཁུ་བ་དང་ནི་ལེགས་སྦྱར་ལ། །མར་དང་སྦྲང་རྩའི་སྦྱར་བའི་ལྡེ་གུ་བཟའ། །ཡང་ན་དེ་བསྐོལ་མར་ནི་བཏུང་བར་བྱ། །དེ་བཞིན་ཨ་ཏི་པ་ལ་བི་ད་རི། །ཤིང་མདར? ་དང་ནི་སྣེའུ་མེ་རུ་ར། །ཛི་བི་ཏི་དང་རི་སྣ་ཨ་རུ་ར། །ས་ལ་བརྞི་སླེ་ཏྲེས་སྐྱུ་རུ་ར། །ཤྲི་ཀ་?ཥབ་མནྱུ་ག་?། ། ?་གནདྷ་དང་ནི་ཉེ་ཞིང་རྣམས། །སྦྱར་བ་བཏང་ན་ཡིད་གཞུངས་བློ་དང་ནི། །རྒས་སྲན་ཚོད་བརྟན་ཞིང་སྟོབས་སྐྱེས་བྱེད། ཙི་ཏྲ་ཀ་ཡི་མེ་ཏོག་ནི། །སེར་པོ? ་དཀར་ནག་ལམ་ཤེས་བྱ། །ཆོ་ག་བཞིན་དུ་བཅུད་ལེན་བྱ། །གོ་རིམ་བཞིན་དུ་ཡོན་ཏན་ཏེ། །དེ་ཡི་རྩ་བ་གྲིབ་མར་བསྐམས། །ཕྱེ་མར་བཏགས་པ་སྦྲང་རྩི་མར། །འོ་མ་ཆུ་དང་ཟླ་གཅིག་བར། །བརྟུལ་ཤུགས་ཅན་གྱིས་བསྟེན་བྱས་ལ། །ཕན་པའི་ཟས་ནི་ཟ་བྱེད ་ན། །ལོ་བརྒྱ་འཚོ་ཞིང་ནང་མེད་ལ། །ཡིད་གཞུངས་སྟོབས་དང་མདངས་ལྡན་ཞིང། །ལུས་རྒྱས་མེ་དྲོས་འབར་བར་འགྱུར། །ཏིལ་མར་ལྡེ་གུ་ཟླ་གཅིག་བར། །བསྟེན་ན་རླུང་ནད་གསོ་དཀའ་འཇོམས། །གཅིན་སྦྱར་ཤ་བཀྲ་མཛེ་ནད་འཇོམས། །དར་བར ་བཅས་པ་གཞང་འཐུམ་སེལ། །གོ་བྱེ་ལེགས་པར་སྨིན་པ་ནི། །འབྲས་ཀྱི་ཕུང་པོའི་ནང་དུ་བཞུག། །སོས་ཀའི་ཚེ་བཏུས་དགུན་ཚེ་དབྱུང། །མདར་ཞིང་སྣུམ་དང་བསིལ་པ་ཡི། །སྨན་སྦྱར་དེ་ཡི་?་མ་བརྒྱད། །བརྒྱད་འགྱུར་ཆུར་ནི་བསྐོལ་ནས་ནི། ་ཁུ་བདེ་ཡི་བརྒྱད་ཆ་ལུས། །འོ་མ་དང་སྦྱར་གྲང་མེ་བཏུད། །དེ་རྗེས་ཉི་མར་རེ་ཞིང། །གོ་བྱེ་རྡོག་མ་རེ་རེ་བསྐྱེད། །ཉི་ཤུ་རྩ་གཅིག་བར་དུ་ནི། །གསུམ་གསུམ་གྱིས་བསྐྱེད་དེ་ཕན་ཆད། །བཞི་བཅུའི་བར་དུ་བསྐྱེད་དེ་འོག་ནི། །བསྐྱེད་པ་བཞིན་དུ་བྲི ་བར་བྱ། །བདུ་ན་ཕྲག་བདུན་གྱི་བར་དུ་ནི། །སྟོང་གི་བར་དུ་བཏང་བར་བྱ། །བདག་ཉིད་བསྡམས་ཤིང་འོམ་མར། །ས་ལུ་དྲུག་ཅུའི་འབྲས་ཆན་བཟའ། །དེ་བཞིན་དུས་ནི་སུམ་འགྱུར་བྱ། །སྦྱོར་བའི་མཐར་ཡང་སྤྱད་པར་བྱ། །སྔོན་གྱི་ལེགས ་སྨོན་ཐོབ་གྱུར་ཞིང། །ཁྱད་པར་དུ་ནི་མེ་དྲོད་སྐྱེ། །གཅིན་སྙི་སྲིན་བུ་གཞང་འབྲུམ་མཛེ། །ཚིལ་ལས་གྱུར་བའི་གཞང་འབྲུམ་འཇོམས། །གོ་བྱའི་འབྲས་བུ་སྐྱོན་མེད་པ། །བརྡུངས་ཤིང་ཞིབ་ཏུ་བཏགས་པ་ནི། །བུམ་བར་བཅུག་སྟེ་ས་ནག་བསྐུས།། ་ས་རྐོས་པ་ཡི་ནང་དུ་གཞུག། ཀུན་ནས་བ་ཡི་ལྕི་བས་བསྐོར། །དེ་སྦྱར་མེད་བཅོས་ནས་ནི། །དེ་ལས་འཇག་མའི་ཁུ་བ་གང། །བླད་བ་ཉིན་ཞག་བཞག་ལ་ནི། །དེ་ཡི་བརྒྱད་འགྱུར་སྦྲང་རྩི་དང། །ཉིས་འགྱུར་མར་དང་བཅས་པ་ནི། ་ཆོ་ག་སྔ་མ་བཞིན་བསྡམས་ཏེ། །བསྟེན་ན་ཡོན་ཏན་དེ་ཉིད་ཐོབ། །གོ་བྱེའི་འབྲས་བུ་སྨིན་ཏེ་ལྷུང་གྱུར་བ། །བྲེ་བཞིའི་ཚད་ཙམ་དང་ནི་སོ་ཕག་དང། །བདར་བའི་ཕྱེ་མ་དག་ནི་ཆུ་དང་མཉེ། །བཀྲུས་ཏེ་རླུང་ལ་ལེགས་པར་བསྐམས་ནས་ནི། །བརྡུངས་ཏེ ་ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས་པ་བཙགས་པ་བསྒྲངས་པ་ཡི། ཁུ་བ་དེ་དང་འོ་མ་བྲེ་བཅུ་དྲུག། བསྐོལ་ཏེ་བཞི་ཆ་ལུས་བར་གྱུར་བ་དང། །དེ་དང་མཉམ་པའི་ཞུན་མར་བཅས་པར་བསྐོལ། །དེའི་ནང་ཁ་རའི་ཕྱེ་མ་ཙི་རན?་གཞུག། དེ་ནི ་གཟར་བུས་དཀྲུགས་བས་གཅིག་ཏུ་འགྱུར། །འབྲས་ཀྱི་ཕུང་པོར་ཞག་བདུན་ལེགས་པར་སྦ། །བདུད་རྩེ་འདྲ་བར་དེ་བསྟེན་སྐྱེས་བུ་གང། །ཆུ་དང་འོ་མ་ཤ་ཁུ་འཐུངས་གྱུར་ན། །དྲན་དང་ཡིད་གཞུངས་བློ་གྲོས་དང་སྟོབས་ལྡན། །སྙིང་སྟོབས ་ལྡན་པ་གསེར་གྱི་མདོག་དང་འདྲ། །ཚེ་རིང་བ་ཡང་དེས་ནི་ཐོབ་པར་འགྱུར། །ཆུ་བྲེ་བཅུ་དྲུག་ནང་དུ་གོ་བྱེད་ནི། །སུམ་བརྒྱ་བསྐོལ་ཏེ་བཞི་ཆ་ལུས་པ་རུ། །ཏིལ་མར་བྲ་བཞི་དེར་ནི་བཅུག་ནས་ཀྱང། །ཏིགཏ?་བོ་ང?་གཉིས་དང་འབྲས་བུ་གསུམ། ་བྲག་ཞུན་སྐྱེར་ཁནཌ་ཡི་ཕྱེ་མ་གདབ། །བསྐོལ་ན་མཛེ་ནད་མི་ལུས་འཇོམས་པར་བྱེད། །གོ་བྱེ་སྒྱུ་རུ་རའམ་ཚ་འམ་ནི། །ཞོ་ཡི་སྒྲིས་མ་ཏིལ་མར་འོ་མ་དང། །བུ་རམ་འོ་ཐུག་མར་རམ་སྦྲང་རྩིའམ། །ནས་ཟན་དག་གམ་ཏིལ་བཏགས་ལྡེ ་གུར་བྱས། །སྲན་ཆོད?་དག་?་དང་ལྷན་ཅིག་སྦྱར་བ་ནི། །ལུས་རྒྱས་ཡིད་གཞུངས་ཚེ་རིང་བྱེད་མཆོག་ཡིན། །གོ་བྱེའི་འབྲས་བུ་རྣོན་?་ནི། །སྨིན་པ་མེ་དང་འབྲ་གྱུར་བ། །ཆོག་བཞིན་དུ་སྦྱར་བ་ནི། །བདུད་རྩི་དང་ནི་འདྲ་བར་འགྱུར།། ་བསེ?་ཤིང་འབྲས་བུས་མ་བཅོམ་བའི། །བད་ཀན་ནད་དང་ནད་རྙིང་ནི། །འབྲེལ་བ་གང་ཡིན་དེ་མེད་ཅིང། །མེ་ཡི་དྲོད་ཀྱང་མྱུར་པར་བསྐྱེད། །རླུང་དང་ཚད་པར་འདུག་བ་ནི། །ཁྱད་བར་དུ་ནི་སྤང་བྱ་ཞིང། །རྒྱ་སྲན་ཞོ་དང་ཚ་དང་ནི། །ཏིལ་མར་བསྐུ་དང་མེ་བསྟེན། ་?་། དུ་བར་ཡི་ཤིང་ཞེས་བྱ། །ནུབ་ཕྱོགས་རྒྱ་མཚོའི་ངོས་ནས་སྐྱེ། །ཆུ་རླབས་གཡོ་བས་བསྐྱོད་པ་དང། །རླུང་གི་ལོ་མ་གཡེངས་པ་ཡིན། །དེ་ཡི་འབྲས་བུ་དབྱར་གྱི་ཆོ། །ལེགས་བར་སྨིན་པ་བཏུ་བར་བྱ། །འབྲས་བུ་དེ་ལ་རྐང་འབྱུང་སྟེ།། ། ་ལ་སྐམས་ཏེ་ཕྱེ་མར་བཏགས་ནས་ནི། །ཏིལ་བཞིན་བཅིར་བར་བྱ་བའམ། །ལེ་བརྒན་མེ་ཏོག་བཞིན་དུ་བསྐོལ། །དེ་ཡི་མར་བསགས་གྱུར་བ་ནི། །ཅུང་ཟད་པ་ཡི་བར་དུ་བསྐོལ། །ཕབ་སྟེ་བ་ཡི་ལྕེ་བ་ཡིན། །ནང་དུ་ཟླ་ཕྱེད་ཙམ་དུ་གཞུག་།དེ་འོག་དེ་ལས ་ཕྱུང་ནས་ནི། །སྣུམ་ཞིང་དུགས་བྱས་དྲི་མ་བསལ། །ཟས་ཀྱི་དུས་ནི་བཞིས་ཆོད་པར། །ནང་བར་ཞོ་གཉིས་ཙམ་གཅིག་བཏུང། །མར་ནི་ཉི་མ་ཤི་པ་ལ། །སྔགས་འདི་འདིས་ནི་དག་ཆར?་བྱ། །རྐང་དང་སྙིང་པོ་བརྩོན་པ་ཆེ། །ལུས་ཟུངས་ཐམས་ཅད ་སྦྱོང་བྱེད་པར། །འཁོར་ལོ་དབྱུག་བ་མདུད་ཐོགS་པར། །མི་འཕོ་བས་ནི་ཁྱོད་ལ་བསྒོ། །དེས་གང་འདིའི་ནང་སྟེང་དང་ནི། །འོག་གི་ནད་ནི་དུ་མའང་སེལ། །རྒོངས་ཀ་སྣུམ་དང་ལན་ཚར་བཅས། །ནས་ཐུག་གྲང་མོ་བཏུང་བར་བྱ། །མར་དེ་ཞིག་ལྔའི་བར ་དུ་བཏུང། །སྤང་བར་བྱ་བ་ཐམས་ཅད་སྤང། །ཟླ་ཕྱེད་མུངྒའི་ཁུ་བ་བཏུང། །མཛེ་ནང་ཀུན་ལས་ཐར་བར་འགྱུར། །དེ་ཉིད་སེང་ལྡེང་ཁུ་བ་ནི། །སུམ་འགྱུར་དག་ནི་ལེགས་པར་བསྐོལ། །སྔ་མ་བཞིན་དུ་ཟླ་ཕྱེད་བཞག། ལེགས་པར་བསྡམས ་ཏེ་ཟླ་གཅིག་བཏུང། །དེ་ཡིས་ལུས་ནི་བསྐུ་བ་དང། །ཇི་སྐད་བཤད་བའི་ཟས་ཟོས་བའི། །སྦྱོར་བ་འདི་ཡིས་མྱུར་དུ་ནི། །མཛེ་ཅན་མི་ནི་གསོ་བར་བྱ། །དེ་ཉིད་སེང་ལྡེང་མེད་བར་ནི། །ཞུན་མར་སྦྲང་རྩི་ལྡན་བར་བཏུད།། ཟླ་ཕྱེད་བར་དུ་ཤ་ཁུ? ་བཏུང། །ལོ་ནི་ཉི་བརྒྱར་འཚོ་བར་འགྱུར། །དེ་ཉིད་ཞག་ནི་ལྔ་བཅུའི་བར། །སྣ་སྨན་དུ་ནི་བཏང་འགྱུར་ན། །ལུས་རྒྱས་ཐོབ་པ་འཛིན་པ་དང། །ལོ་ནི་སུམ་བརྒྱར་འཚོ་བར་འགྱུར། །པི་པི་ལིང་ནི་པ་ལ་ཤའི། ཕལ་ཆུར་སྤངས ་ཤིང་མར་དང་བརྡོས། །རྡོག་མ་གསུམ་གསུམ་སྔ་དྲོ་དང། །ཟས་ཀྱི་སྔོན་དུ་བཟའ་བར་བྱ། །བཅུད་ལེན་ཡོན་ཏན་འདོད་པ་ཡི། །སྦྲ་རྩི་དང་ནི་སྦྱར་ཏེ་བཟའ། །པི་པི་ལིང་བཅུ་ཉན་རེ་ཞིང། །རིམ་གྱིས་སྐྱེ་བར་གྱུར་བ་དག། དེ་བཞིན་འོ་མར་སྦྱར་ཏེ ་?་བཟའ། །དེ་བཞིན་དུ་དབྲི་བར་བྱ། །སྨན་ཞུ་ནས་ནི་དྲུག་ཅུ་པའི། །འབྲས་བཅས་འོ་མ་མར་བཅས་བཟའ། །པི་པི་ལིང་ནི་སྟོང་གི་བར། །བཏང་ན་འདི་ནི་བཅུད་ལེན་འགྱུར། །སྟོབས་དང་ལྡན་ལ་དེ་བཏགས་སྦྱིན། །སྟོབས་བྲི་བ་ལ་བསྐོས ་ཏེ་བྲུང། །དེ་བཞིན་ར་ཡི་འོ་མ་དང། །ཉིས་སྟོང་གི་ནི་བར་དུ་བཏང་ང། །པི་པི་ལིང་གི་སྦྱོར་བ་འདིས། །ལུད་པ་དབུགས་མི་བདེ་མགུལ་ནད། །བཅོད་ཆེན་གཞང་འབྲུམ་པོ་བའི་ནད། །གཅིང་སྙི་སྐྱེ་རྦ་བ་མི་བཟད་རིམས། །འོར་ནད་སློན་དང ་སྐྱིགས་བུ་དང། །མཆེར་བ་དྲེག་ནད་འཇོམས་པར་བྱེད། །པི་པི་ལིང་ནི་སྲང་ཕྱེད་ལྡེ་གུར་བཅས། །ལྕགས་ཀྱི་སྣོད་བསྐུས་ནུབ་གཅིག་བཞག། དེ་དང་ཆུ་ནི་སྙིམ་གང་ནང་པར་བཏུང། །ལོ་གཅིག་བཟའ་བཏུང་སྦྱོད་པ་ཅི་འདོད་བསྟེན།། ་བཅའ་སྒ་སླེ?་ཏྲེས་ཤིང་མངར་བི་ཊཱངཀ། །བ་བླ་ཨ་ཏི་བ་བླ་འབྲས་བུ་གསུམ། །གླ་སྒང་ཐང་ཤིང་ཡུང་བ་ཨ་ག་རུ། །མུ་ཟ་པདྨ་ཨུཏཔལ་ཀྲུ་ཀྲུག་ཏྲེས། །ད་ཏ་ཨ་ཤ་ཀ་རྣ་ཨ་ས་ན། །བ་བླའི་ལོ་མ་འམ་སྙིང་པོ་དེ་བཞིན་དུ། །པི་པི་ལིང་བཞིན་ལྕགས ་སྣོད་བསྐུ་སོགས་བྱ། །ལོ་བརྒྱ་འཚོ་ཞིང་རྒས་ངང་ན་ལས་ཐར། །འོ་མ་སྙིམ་གང་གིས་ནི་བཅུད་ལེན་སྨན། །སྦྱར་བ་འདི་ཡིས་ལྕགས་སྣོད་བསྐུས་ནས་ནི། །སྔར་བཤད་ཡོན་ཏན་བས་ཀྱང་ལྷག་སྐྱེད་ཅིང། །ཚེ་ཡང་ལས་ཉིས་འགྱུར ་སྐྱེད་བར་བྱེད། ། ས་ན་དང་སེང་ལྡེང་གི། ཁུ་བ་སོ་མ་ར་ཛ་སྤངས། །སྦྲང་རྩི་རུ་རྟ་མར་དང་ནི། ། རུ་ར་དང་ལྕགས་ཕྱེ་བཅས། །ལྡེ་གུ་ལོ་གཅིག་བར་ཟོས་ན། །རྒས་དང་མི་འཕྲོད་ཟོས་པ་ལས། །ནད་ནི་ཡོངས་སུ་འདོར་བར་བྱེད། །མཛེ་ནད་མི་བཟང་བ་ཡིས་ནི། །ལུས ་ཉེན་གྱུར་བ་གང་ཡིན་པས། །སོ་མ་ར་ཛ་ཏིལ་ནག་གཉིས། །ལོ་གཅིག་བར་དུ་བསྟེན་ནས་ནི། །དེ་ནི་ཟླ་རྒྱས་ལྟ་བུར་གྱུར། །གང་ཞིག་སོ་མ་ར་ཛ་སྡུན་པ་མེད། །བཏགས་པ་འོ་མ་ལྷན་ཅིག་ཞོར་མནན་པའི། །སྙིང་པོ་ཕྱུང་ལ་སྦྲང་རྩི་ལྕེ་གུར་བལྡཌ? ་དེ་རྗེས་དེ་ཉིད་ཀྱི་ནི་དར་བ་བཏུངས། །མཛེ་ཡི་ནད་ཀྱིས་ཡན་ལག་ཉམས་པ་དང། །སྣ་ཆད་སོར་མོ་བྲུལ་བ་ལ་སོགས་པ། །ཤིང་བཅད་རྗེས་ལ་ལྕུག་མ་སྐྱེས་བ་ལྟར། །དེ་ནི་ངེས་པར་སྐྱེས་པར་འགྱུར་བ་ཡིན། །སྒྲ་གཅན་བདུད་རྩི་བསྐུས་པ་ན། ་སྐེ་བཅད་པ་ལ་འཛགས་གྱུར་པའི། །བདུད་རྩིའི་ཐིགས་པ་སར་ལྷུང་བ། །སྒོག་སྐྱ་ཉིད་དུ་གྱུར་པ་ཡིན། །ལྟ་མིན་ལུས་ལས་འབྱུང་བས་ན། དེ་ཕྱིར་བྲམ་ཟེ་དེ་མི་བཟའ། །མངོན་དུ་བདུད་རྩི་ལས་བྱུང་བས། །དེ་ནི་བཅུད་ཀྱི་ལེན་མཆོག་ཡིན། །གྲང་བའི་དུས་ནའང་སྒྲོག ་སྐྱ་བསྟེན། །དབྱིང་དུ་ས་བད་ཀན་ཤས་ཆེར་བཟའ། །སོས་ཀའི་དུ་སཱུང་སྦྱང་བྱ་ཞིང། །དབྱར་ནི་རླུང་གིས་གཟིར་ཚེ་བཟའ། །དགུན་ནི་སྣུམ་ཞིང་བསིལ་བ་དང་།མངར་བས་ཉེ་བར་བསྲེས་པ་དང། །དེ་ནི་ཕྲེང་བ་རྒྱན་དག་དང། །འཁོར་དང་ལྷན་ཅིག་བསྟན་བར་བྱ།། ་དེ་ཡི་ལྡེ་གུ་དཔྱིད་ཀྱི་ཚེ། །ཁ་བ་ཅན་གྱི་ཡུལ་སྐྱེས་པ། །ཤུན་པ་བཤུས་ནས་མཚན་མོ་ནི། །ཆང་སོགས་ལ་ནི་སྤང་བར་བྱ། །དེ་ཡི་ཁུ་བ་ནང་བར་ནི། །རས་ནི་གཏང་མས་བཙགས་ནས་ཀྱང། །ཆད་ནི་ལེགས་པར་ལངས་གྱུར་བ། །ཚ་བ་གསུམ་ན་སྦྱར་བ་ལཾ ་ཆད་གཞན་དག་གམ་ཏིལ་མར་རམ། །རང་སྐྱུར་རམ་ནི་ཞོ་ཁ་ཆུ། །ད་ཚེ་ཉིད་སྦྱར་ནང་བར་ནི། །ཚད་དང་ལྡན་པར་སྦྱིན་བྱ་ཞི་པ། །འོ་མ་ཞུན་མར་ཞག་དང་ནང། །སྐམ་སའི་ཤ་ཁུ་སོ་སོར་ནི། །བསྐོལ་བ་ནད་གཞི་ཇི་བཞིན་བླུད། །ཡང་ན་སྨན་ཁུ་འབའ་ ་ཞིག་བླུད། །དང་པོར་མཁུར་གང་ཙམ་འཐུངས་ནས། །མིང་བའི་སྦུབས་ནི་དག་པར་བྱེད། །རྒྱུན་དུ་བླུགས་པའི་དུགས་བྱས་ན། །ན་ཞིག་ཟུག་བ་དག་ལ་ཕན། །སྐྱུག་ཅིང་བརྒྱལ་བའི་ནད་ལ་ནི། །འཕྲལ་དུ་ཆུ་གྲང་དག་ཀྱང་བླུད།། ་ད་བླ་བ་མེད་ཅིང་ལུས་ཀྱི་ནི། །གཟི་མདངས་བརྟན་པས་ལྷག་མ་སྦྱིན། །ཚ་བ་བསལ་བར་བྱ་བའི་ཕྱིར། །ཤིན་ཏུ་བསིལ་བས་བསྐུ་བྱ་ཞིང། །མི་ཏིག་ག་པུར་ཕྲེང་བ་ཅན། །ཆུ་ཐིགས་འཕྲེའུ་བསྟེན་བར་བྱ། །འདི་ཡི་ཚད་ཚོན་ཕུལ་གང ་སྟེ། །ཉིད་ཚད་ལ་ནི་དེ་ཡི་ཕྱེད། །སྒོག་སྐྱ་སྲང་གཅིག་བཏགས་པ་ནི། །ཟས་དང་བཅས་པ་བསྟེན་པར་བྱ། །ཞུ་ནས་ས་ལུ་རྙིང་པའི་ཆན། །དུང་དང་ཀུན་ད་ལྟར་དཀར་བ། །ཡུ་ཤ་འོ་མ་སྐམ་ས་ཡི། །ཤ་ཁུ་དང་ནི་ལྷན་ཅིག་བཟའ། །སྐོམ་པར ་གྱུར་ན་ཆང་དང་ནི། །ཆུ་སྦྱར་བ་ནི་བླུད་པ་འམ། །ཆང་མི་འཐུང་ན་རང་སྐྱུར་རམ། །རྒུན་འབྲུམ་ཆུ་ནི་བླུད་པར་བྱ། །དེ་ཡི་ལྡེ་གུ་མར་དང་བཅས། །མར་གྱི་སྣོད་དུ་གཟར་བུམ་གདུ། །ཞག་བཅུ་བཞག་གམ་དེ་བཞིན་དུ། །ཞག་དང་མཉམ ་བཞག་སྤྱད་བར་བྱ། །སྒོག་སྐྱོ་ཤུན་པ་བཤུས་པའི་སྙིང་པོ་ནི། །བསྲེག་ཤ་དག་གམ་བཟའ་བ་སྣ་ཚོགས་སམ། །ཤར་གཏུབས་པ་འམ་མར་དང་ཚར་བཅས་བཟའ། །ཁ་ཟས་ཉུང་བ་ཅི་འདོད་སྤྱད་པར་བྱ། །ཁྲག་དང་མཁྲིས་བའི ་ནང་ནི་མ་གཏོགས་པ། །ནད་གཞི་མ་ལུས་ལྡན་པར་གྱུར་པ་འམ། །རླུང་ནད་ཞི་ཚོགས་དང་ནི་ལྡན་འགྱུར་བ། །སྒོག་པ་ལས་ལྷག་གཞན་སྨན་ཡོད་མ་ཡིན། །ཆུ་དང་བུ་རམ་འོ་མར་སྲེད། །ཤ་ཆང་སྐྱུར་ལ་མི་དགའ་ཞིང། །མ་ཞུ ་བ་ནི་སྤོང་མི་ནུས། །སྒོག་སྐྱ་ངེས་པར་གནོད་པ་བསྐྱེད། །མཁྲིས་པ་ལྡན་པའི་འཇིགས་པ་ཡིས། །མཛའ་མ་བཀྲུ་སྨན་འཇམ་པ་བཏང། །དེ་ལྟར་བཅུད་ལེན་ཡོན་ཏན་ནི། །ཡོངས་སུ་རྫོགས་པ་ཐོབ་བར་འགྱུར། །སོས་ཀའི ་ཆ་བའི་གདུངས་དྲགས་ལས། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང། །གསེར་སོགས་འབྱུང་བ་དྲུག་གི་བཅུད། །དེ་ནི་བླག་ཞུན་ཞེས་བྱར་བཤད། །དེ་ནི་ཀུན་ཀྱང་ཁ་ཞིང་ཚེ། །ཤས་ཆེར་མེ་དྲོད་ཞུ་རྗེས་ཚ། །གཅོད་པར་བྱེད་དེ་དེ་ལ་ནི། །ལྕགས་ལས་བྱུང་རབ ་ཏུ་བསྔགས། །བ་གཅིན་དྲི་བྲོག་གནག་པ་དང། །གུ་གུལ་འདྲ་ཞིང་གསེག་མ་མེད། །སྦྱིན་བག་སྣུམ་ཞིང་སྐྱུར་བ་དང། །སྐ་ཞིང་འཇམ་ལ་ལྕི་བ་ཡི། །བྲག་ཞུན་དེ་ནི་མཆོག་ཡིན་ནོ། །ནད་དང་ནད་པ་རྗེས་མཐུན་པར། །སྨན་དང་བྲག་ཞུན་ཆ ་མཉམ་བྱས། །ལྕགས་ཀྱི་སྣོད་དུ་སྦྱར་བར་བྱ། །དང་པོ་ཆུ་ནི་ཉི་ཚེས་བཀྲུ། །དེ་འོག་བསྐམས་ལ་བསྐལ་དང་ཞི། །བྲག་ཞུ་ན་སྨན་པར་མཉམ་བྱས་པ། །བརྒྱད་ཆའི་ནང་དུ་བསྐོལ་བསྣ་བྱ། །ཁུ་བ་བརྒྱད་ཆ་ལུས་བཅགས་ལ། །དྲོ་འཇམ་ནང ་དུ་བྲག་ཞུན་གཞུག། དེ་དང་འདྲེས་གྱུར་བསྐམས་ནས་ནོ། །སྨན་ཆུའི་ནང་དུ་སླར་ཡང་གཞུག། དེ་ལྟར་རང་རང་སྨན་འཕྲོད་ནི། །བསྐོལ་བའི་ཁུ་བར་ལན་བདུན་སྤངས། །དེ་ནས་ཏིག་ཏིལ་སྨན་མར་གྱིས། །སྣུམ་འཆོས་བྱས་ནས་སྦྱང་བྱས ་ཏེ། འབྲས་བུ་གསུམ་གྱི་ཁུ་དང། །ཤིང་མངར་བ་ཏོ་ལའི་ཁུ་བ། །བྲག་ཞུན་དག་ནི་རེ་རེ་ཡང། །ཞག་གསུམ་བར་དུ་བླུད་བར་བྱ། །དེ་ནས་དེ་ལ་སྦྱོར་བ་ནི། །དུས་དང་སྦྱར་ཏེ་བླུད་པར་བྱ། །དེ་ལྟར་བྲག་ཞུན་མི་རྣམས་ལ། །ཤིན་ཏུ་ཕན་པར་བྱེད་པ ་ཡིན། །ཡོན་ཏན་མ་ལུས་སྐྱེད་བྱེད་ཅིང། །འཕྲལ་དུ་གནོད་པར་མི་བྱེད་དོ། །ཞག་བདུན་ཕྲག་གཅིག་ཕྲག་གསུམ་དང། །ཕྲག་བདུན་ཞོ་གཉིས་སྲང་ཕྱེད་གཅིག། དམན་དང་བར་མཚོན་པོ་ཡི། །བྲག་ཞུན་གོ་རིམ་བཞིན་དུ་སྦྱར། །ལུས་ནི ་ཤིན་ཏུ་མ་སྦྱངས་ལ། །བྲག་ཞུན་སྦྱངས་པ་བཏང་བར་བྱ། ། ཟངས་དང་ལྕགས་དང་དངུལ་དང་གསེར། །ཀུན་དང་ཡང་ན་རེ་རེར་སྦྱར། །འོ་མ་དང་ནི་ལྷན་ཅིག་བཏང། །བཅུད་ལེན་འབྲས་བུ་མྱུར་དུ་འགྲུབ། །རྒྱ་སྲན་མོན་སྣེའུ་དམ་རུ་དང། །ཕུ་རོན་ཤ ་ནི་རྟག་ཏུ་སྤང། །གང་ཞིག་གྲག་ཞུན་གྱིས་ནི་མངོན་སུམ་དུ། །མ་བསལ་ནད་ནི་ས་སྟེང་ཡོད་མ་ཡིན། །དུས་སུ་ཆོ་ག་བཞིན་དུ་བསྟེན་གྱུར་ན། །ནད་མེད་ཉམས་སྟོབས་རྒྱ་ཆེན་སྐྱེད་པར་བྱེད། །ཁང་བར་གནས་པའི་ཁོམ་ལྡན ་ཅན། །ཕུན་སུམ་ཚོགས་དང་ལྡན་ལ་ཕན། །དེ་ལས་གཞན་དུ་དེ་རྣམས་ལ། །ཉི་མ་རླུང་གི་ཆོག་བསྟེན། །རླུང་དང་ཉི་ཚན་བཅས་སྦྱོར་བ། །བདེ་བའི་ལོངས་སྤྱོད་མེད་ན་ཡང། །གང་ཞིག་ལུས་ལ་མི་གནོད་པ། །མཆོག་ཏུ་དེ་ནི་བཤད་པར་བྱ།། ་ཆུ་གྲང་འོ་མ་སྦྲང་རྩི་དང། །མར་ནི་རེ་རེ་གཉིས་གཉིས་དང། །གསུམ་པའམ་ཡང་ན་ཐམས་ཅད་ནི། །ཟས་སྔར་འཐུངས་ན་རྒས་སྲ་བྱེད། །བུ་རམ་སྦྲང་རྩི་བཅའ་སྒ་དང། །པི་པི་ལིང་དམ་རྒྱམ་ཚ་དང། ། རུ་ར་ནི་གཉིས་གཉིས་དང། །རྟག་ཟས་བདེ ་ཞིང་ལོ་བརྒྱ་འཚོ། ། རུ་ར་ནི་མར་ནང་སྲོ། །བཟའ་ཞིང་མར་དེ་འཐུངས་ནས་ནི། །རྒས་སྲ་ལུས་ནི་ཡུན་རིར་གནས། །སྟོབས་ནི་འཕེལ་བར་བྱེད་འགྱུར་ཏེ། །ཇི་ལྟར་དམའ་བ་བྱས་གཟོ་བ། །ལན་ཅིག་ཕན་འདོགས་?་བཞིན་ནོ། །སྐྱ་རུ་རའི་ཁུ་བ ་སྦྲང་རྩི་དང། །ཁ་ར་མར་དང་ལྡེ་གུར་བཅས། །བསྟེན་ཞིང་འཕྲོད་བ་ཟ་བའི་ཡི། །རྒས་བའི་གནོད་པ་འཇིག་འགྱུར་ཏེ། །ཉེས་བསྲུབས་བསྟན་བཅོས་རྒྱ་ཆེན་མཚུངས། །སྐྱུ་རུ་ར་དང་བི་ཊཱངཀ། ། ས་ན་ཡི་སྙིང་པོ་ཕྱེ། །ལྕགས་ཕྱ་ཏིལ་མར་སྤྲང ་རྩི་ཡི། །མར་བཅས་ལྡེ་གུ་བསྟེན་ན་ནི། །ན་མོ་ཚད་མཛེས་པ་མ་ཉམས་འགྱུར། །ལྕགས་ཕྱེ་བི་ཊཱངཀ་ཡི་ཕྱེ་མ་དང། །མར་དང་སྦྲང་རྩི་བསྲེག་པ་ལོ་གཅིག་ཙམ། །ས་ན་ཡི་ཟ་མ་ཏོག་ནས་བཞག། བསྟན་ན་སྟོབས་ལྡན་ཚེ་རིང་སྒྲ་གནག་འགྱུར། ་བི་ཊཱངཀ་དང་གོ་བྱེ་བཅའ་སྒ་རྣམས། །མར་དང་སྦྲང་རྩིར་བཅས་པ་གང་གིས་ཟོས། །རྒས་བའི་ཆུ་བོ་ནད་ཀྱི་རྦ་རླབས་ཅན། །ན་ཆོད་ལྡན་བཱི་སྐྱི་བུ་དེ་བརྒལ་འགྱུར། །སེང་ལྡེང་ཨ་ས་ན་ཡི་ཁུ་བ་དང། །འབྲས་བུ་གསུམ་དང་སྦྲང་རྩི་མར་སྦྱར་བ ་ཆོག་བཞིན་དུ་བསྟེན་བའི་མི་རྣམས་ནི། །ཚེ་རིང་འགྱུར་བ་དེ་ལ་ངོ་ཚར་མེད། །ཛཱི་བ་ཀ་ཡི་ཁུ་བ་སོར་མོར་ཆགས། །ཁ་ར་སྦྲང་རྩི་མར་དང་འབྲས་བུ་གསུམ། །སྐྱེས་བུ་དམ་པས་བསྟེན་པར་གྱུར་ན་ནི། །རྒས་དང་ནད་ནི་ངེས་པར་ལྡོག་པར་འགྱུར། །བ་སྤྲུ་བ་ནི་སར་བ ་སྲང་ཕྱེད་དང། །འོ་མར་བཏགས་པ་ཟླ་ཕྱེད་ཟླ་བ་གཉིས། །ཟླ་དྲུག་ལོ་གཅིག་བར་དུ་འཐུངས་ན་ནི། །རྒས་ཤིང་རྙིང་པའང་སླར་ནི་གཞོན་བར་འགྱུར། །མཐུ་ཨ་ཤུ་མ་ཏི་བྲ་ཧ་ཏི། །བལ་པུ་ཤེལ་ཙི་དང་བ་ད་དང། ། སན་དང་ཐལ་ཏྲེས་ཨ་ཀ་རུ། བྲེ ་ཡཾ་ཀུ་དང་ཙན་དན་རེ་རེ་ཡི། །ཆོ་གའང་བ་སྤྲུ་བ་དང་མཚུངས་པ་ཡིན། །ཉེར་ཤིང་ལྡེ་གུ་ཁུ་བར་བསྐོལ་བ་དང། །ཞུན་མར་ཁར་བཅས་པ་ཟ་བྱེད་པ། །དེ་ནི་འཚོ་བའི་ལམ་དུ་ཞུགས་འགྱུར་འཚོ། །ནད་ཀྱི་རྐུན་པོ་འཇོམས་པར་མི་འགྱུར་རོ། ། ་ཤྭ་གནདྷ་ཇོ་མར་བཅས་པ་ནི། །མར་རམ་ཏིལ་མར་ཆུ་དྲེན་སྦྱར་བ་དང། །ཟླ་ཕྱེད་བསྟེན་ན་ཉམས་ཆུང་ལུས་རྒྱས་ཤིང། །ཇི་ལྟར་ལོ་ཏོག་གཞོན་ལ་ཆར་འབབ་མཚུངས། །ཉིན་རེ་ཏིལ་ནག་སྲང་ནི་རེ་རེ་དག། ཟོས་པའི་རྗེས་ལ་ཆུ་གྲངས་འཐུང ་གྱུར་ན། ལུས་ནི་ཤ་ཆེ་རྒྱས་པ་ཉིད་འགྱུར་ཞིང། །འཆི་བའི་བར་དུ་སོ་ནི་བརྟན་པར་འགྱུར། །གཟེ་མ་སླེ་ཏྲེས་སྐྱུ་རུ་རའི་ཕྱེ་མ། །མར་དང་སྦྲང་རྩི་ཆ་ཉམས་ལྡེ་གུ་ཟས། །རོ་ཙ་ལུས་བརྟན་ནད་ཀྱི་སྡུག་བསྔལ་ཞི། །ལོ་བརྒྱ་འཚོ་ཞིང་སྐྲ་ནི ་ནག་བོར་འགྱུར། །ཏིག་ཏ་ཨ་རུར་དང་སྐྱུ་རུ་ར། །བ་རུ་ར་དང་བཅས་པ་བསྡུངས་ནས་བརྟེན། །མི་དེ་རྨ་བྱ་བཞིན་དུ་མདངས་ལྡན་ཞིང། །ཡིད་དུ་འོངས་བའི་བདེ་བ་ཐོབ་བར་འགྱུར། །བྲག་ཞུན་མར་དང་སྦྲང་རྩི་བི་ཊཱངཀ། ། རུ་ར་དང་ལྕགས ་ཕྱེ་དངུལ་ཆུ་དང། །རྟ་བྱ་བསྟེན་ན་ལུས་ཟུངས་རྫོགས་འགྱུར་ཏེ། །ཡང་ངོ་ཟླ་ཕྱེད་རྫོགས་པའི་ཟླ་བ་འདྲ། །གང་ཞིག་བྲི་ཀར་ཛའི་ཁུ་བ་ཟླ་བ་གཅིག། ཉིན་རེ་རྒྱུན་ཏུ་བསྟེན་བར་བྱེད་པ་དང། །འོ་མ་འཐུངས་ཏེ་སྟོབས་དང་བརྩོན་འགྲུས་ལྡན། །ལོ་བརྒྱ་འཚོ ་བ་དག་དང་ཐོབ་བར་འགྱུར། །ཤུ་དག་ཀྱང་ནི་ཟླ་བ་གཅིག་བསྟན་ཞིང། །འོ་མ་འམ་མར་རམ་ཏིལ་མར་བཅས་པ་བསྟེན། །གདོན་གྱིས་མི་ཚུགས་པ་ཡི་ལུས་འགྱུར་ཞིང། །ཡིད་གཞུངས་ཚིགས་ནི་ཤིན་ཏུ་གསལ་བར་འགྱུར། མ ་རུ་ཀ་ཡི་བར་ནི་མར་དང་བརྡོས། །ཟླ་གཅིག་བར་དུ་ཟས་མ་ཟོས་པར་བསྟེན། །གཟུགས་ནི་རྒྱ་ཆེར་འཚོ་ཞིང་སྤོབས་པ་ཆེ། །གཞོན་ཞིང་མདངས་ལྡན་ཡོན་ཏན་ལྡན་པར་འགྱུར། །འབྲས་བུ་གསུམ་དང་ཙངྒ་རི་དང་ནི། །ལྕགས་ཕྱེ་སྲབ ་ནི་ལྔ་བཅུ་ལས་བྱས་ཤིང། །ཀོ་ཤ་ཏ་ཀའི་ཁུ་བའི་ནང་དུ་བཏགས། །རིལ་བུ་སུམ་བརྒྱ་བྱས་ནས་རིལ་བུ་དེའི། །གྲིབ་སྐམས་རིམ་གྱིས་མ་ལུས་བར་བསྟེན་ཅིང། །བཀྲུ་སྨན་བྱ་ཞིང་ཐུག་སླའི་རིམ་པ་དང། །ཐུག་སྐ་གར་བོ་ཤ་ཁུ ་འབྲས་ཆན་དང། །མར་ལ་བསྟེན་ཞིང་ཟླ་གཅིག་ལུས་བསྡམས་ལ། །ཟླ་གཅིག་བཟླས་ནས་རང་དགའ་ཉིད་དུ་སྤྱད། །འབད་པས་དུས་ཀུན་ཏུ་ནི་མ་ཞུ་སྤང། །ལ་གཅིག་བར་དུ་སྦྱོར་བ་འདི་བསྟེན་ན། །གང་ཞིག་གསོ་དཀའ་ཨི་ནད་ཀྱིས་ཉེན ་པའང། །ཤིན་ཏུ་སྟོབས་ལྡན་སྐྱེས་བུའི་བྱ་བ་རྫོགས། །ལུས་རྒྱས་འཇམ་ཞིང་མིག་དང་རྣ་བ་བསལ། །གཞོན་པ་ཉིད་ཀྱང་ལོ་ནི་ལྔ་བརྒྱ་འཚོ། །སེང་ལྡེང་ཤིར་ཤ་པ་ཏ་ཨ་ས་ན། །རྨ་བྱ་ཨ་རུ་ར་དང་སྐྱུ་རུ་ར། །གོ་བྱེ་བི་ཊཱངཀ ་བཏགས་ཆུར་འགྱུར་ནི། །བཅོ་བརྒྱད་ནང་བསྐོལ་ཝ?་ཀྱི་དུམ་བུ་གཞུག། ལྕགས་ཀྱི་སྣོད་དུ་ཞག་གསུམ་ཉི་མ་ཡི། །འོད་ཀྱིས་བསྲོས་ལ་དེ་རྗེས་མེ་ལ་ནི། །ལྕགས་ཀྱི་ཕྱེ་མ་བཞི་བར་བྱས་ཏེ་བསྐོལ། །དེ་བཙགས་ཁུ་བ་ཆ་གཅིག་འོ་ན་ནི ་ཆ་གཅིག་དེ་བཞིན་གསོ་མའི་ཁུ་བ་གཅིག། ཉེར་ཤིང་བསྐོལ་བའི་ཁུ་བ་ཆ་གསུམ་དང། །འདིར་ནི་མར་སར་ཆ་ནི་བཞི་དང་སྦྱར། །འདི་དག་གཅིག་ཏུ་ལྕགས་ནག་སྣོད་དུ་བསྐོལ། །ཁ་ར་རྡུལ་མེད་དེ་བཞིན་སྒྲང་རྩི་དང། །དེ་བཞིན་མར ་དང་བསྲེས་པར་གྱུར་བ་དང། །འཕྲོད་པའི་ཟོས་དང་སྐོམ་དང་སྤྱོད་ལམ་བཅས། །སྲང་རེ་རྟག་ཏུ་བསྟེན་པར་གྱུར་ན་ནི། །དཔལ་དང་ལྡན་ཞིང་ཉེས་པ་གསལ་བ་དང། །ནགས་ཀྱི་མ་ཧེ་ལྟ་བུའི་སྟོབས་ལྡན་ཞིང། །རྟ་ལྟར་མགྱོགས་ལ་ལུས་ནི ་བརྟན་པ་དང། སྐྲ་ནི་བུང་བའི་མདོག་ལྟར་གནག་པ་དང། །ཁ་ནི་དྲི་ཞིམ་བུད་མེད་མར་བསྟེན་ནུས། །ཚིགས་གསལ་ཡིད་གཞུངས་ཕུན་སུམ་ཚོགS་བ་དང། །ཟླ་གཅིག་བསྟེན་མེ་དྲོད་ཆེ་བ་ཡིན། །དེས་ནི་མི་ཡི་སེང་གེ་འམ་མེ་འམ་ནི། །བཙོ ་མ་གསེར་གྱི་མདོག་འདྲའི་ལུས་འཛིན་འགྱུར། །མི་ཡི་སེང་གེའི་སྦྱོར་བ་འདི། །ཟོས་ན་ནད་ཀྱི་མི་ཉེན་ཏེ། །འཁོར་ལོ་འབར་བའི་བག་བ་ཡིས། །ལྷ་མིན་ཚོགས་ནི་འཇིགས་དང་འདྲ། །བྲིངྒ་ར་ཙའི་མྱུ་གུའི་ཆོ་ག་འདིས། །བརྡོས་ཤིང་མར ་བཅས་ཟོས་པ་བསྡམས་དང་བཅས། །ལྟོ་སྦྱངས་བ་ལ་ཨ་ས་ནའི་ཁུ་བས། །འོ་མ་འཐུངས་ཤིང་ཟས་ཀྱི་བྱ་བ་བྱེད། །ཟླ་གཅིག་བར་དུ་བསྟེན་པར་གྱུར་ན་ནི། །དེ་ཞིང་ལོ་ནི་ཉིས་བརྒྱའི་བར་དུ་འཚོ། །ལན་གཅིག་སྨྲས་པའི་ཚིག་ཀྱང ་ཟིན་འགྱུར་ཅིང། །དྲན་དང་དབང་པོ་ཉམS་པ་མེད་པར་འགྱུར། །གང་ཞིག་སྦྱོར་བ་འདི་ཡིས་ནི། །ཏིལ་མར་བསྟེན་པར་བྱེད་བ་དག། དེ་ཡིས་ཡོན་ཏན་དེ་འཐོབ་ཅིང། །ལུས་ནི་ནག་པོ་ཉིད་དུ་འགྱུར། །བཅུད་ཀྱིས་ལེན་ནི་དུས་དང་རྗེས ་མཐུན་ཞིང། །བསྟན་ནུས་འབྲས་བུར་བཅས་པ་བཤད་པ་ཡིན། །གཞན་དག་ཕན་ཡོན་བཅས་པ་ཡོད་མོད་ཀྱི། །རྙེད་པར་དཀའ་བས་བདག་གིས་མ་བཤད་དོ། །བཅུད་ཀྱི་ལེན་གྱི་ཆོ་ག་ལས། །ཉམས་པས་གལ་ཏེ་ནང་སྐྱེས ་ན། བཅུད་ཀྱིས་ལེན་དེ་སྤངས་ནས་ནི། །དེ་ཡི་སྨན་ནི་ཇི་བཞིན་བྱ། །བདེན་བར་སྨྲ་ཞིང་ཁྲོ་བ་མེད། །དབང་པོ་སྡོམ་ཞིང་བདག་ཉིད་རྡུལ། །ཞི་ཞིང་དམ་པའི་སྦྱོང་ལམ་དགའ་། །རྟག་ཏུ་བཅུད་ལེན་ཡིན་ཞེས་བྱ། །ཡོན་ཏན་འདི་དག་ལྡན ་གྱུར་པས། །གང་ཞིག་བཅུད་ལན་བསྟེན་གྱུར་བ། །དེ་ནི་དགའ་ཞིང་ཚེ་རིང་ལ། །འཇིག་རྟེན་འདི་དང་གཞན་དུ་བདེ། །སྦྱོད་པ་བསྟེན་ཆོས་རྗེས་འཇུག་ཅིང། །གམ་ན་གནས་བའི་སེམས་དང་མཐུས། །? ་བློ་ནི་མ་འཁྲུལ་པ། །བཅུད་ཀྱིས་ལོན་ནི་རྫོགས་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སུམ་རྩ་དགུ་པའོ།། །།ཡན་ལག་བརྒྱད་བའི་སྙིང་པ་བསྡུས་པ་ལས། །རྒས་པ་གསོ ་བའི་ཡན་ལག་རྫོགས་སོ།། །།དེ་ནས་རོ་རྩ་བའི་ལེའུ་བཤད་པར་བྱའོ། །སྐྱེས་བུས་རྟག་ཏུ་ཡུལ་བརྟེན་པས། །རོ་ཙ་བ་ནི་འདོད་བྱ་སྟེ། །རྒས་དང་རྟས་དང་བུ་རྒྱུད་ནི། །དེ་ལ་ཡོན་ཏན་དེ་ལ་གནས།། བུ་ཚའི ་བརྒྱུད་ནི་སྐྱེད་བྱེད་ཅིང། །འཕྲལ་དུ་ཡང་དག་དགའ་བྱེད་གང། །གང་གིས་རྟ་ལྟར་རབ་སྟོབས་ལྡན། །བུད་མེད་ལ་ནི་ཐོགས་མེད་འགྲོ།། བུད་མེད་ལ་རབ་ཆགས་འགྱུར་བ། །གང་དང་གང་གིས་འཕེལ་འགྱུར་བ། །དེ་ནི་རོ་རྩ ་བྱེད་བ་སྟེ། །ལུས་ཀྱི་སྟོབས་ཀྱང་བསྐྱེད་བའི་མཆོག། ཆོས་དང་གྲགས་དང་ཚ་རིང་དང། །འཇིག་རྟེན་གཉིས་ཀ་བཅུང་ལེན་འགྱུར། །གཅིག་ཏུ་སྐྱོན་ནི་མེད་པ་ཡི། །ཚངས་པར་སྦྱོང་ལ་བདག་ཡི་རང། །སྙིང་སྟོབས་ཅུང་བ་ཉོན ་མོངས་པ། །གནོད་བར་གྱུར་པའི་ནད་པུ་ཅན། །ལུས་ནི་ཟད་བ་བསྲུང་བའི་ཕྱིར། །རོ་རྩའི་ཆོ་ག་བརྗོད་བ་ཡི། །ནད་མེད་ཁང་ཚོ་ལྡན་པ་དག། རོ་ཙ་བ་ནི་སྟེན་བྱེད་བ། །དུས་ཚིགས་ཀུན་ལ་ཉིན་རེ་ཞིང། །ཉལ་བ་བྱ་བ་དགག་པ་མེད ་དེ་ནས་སྣུམ་གྱུར་སྦྱངས་བྱས་པ། །ནི་རུ་ཧ་དང་འཇམ་རྩིར་བཅས། །མར་དང་ཏིལ་མར་སྦྲང་རྩི་དང། །ཤ་ཁུ་འོ་མ་ཁ་རར་བཅས། །འོ་མ་ཤ་དང་ཤ་ཁུ་བཟའ། །སྦྱོར་བ་ཤེས་པས་དང་པོ་བཏང། །དེ་ནས་རོ་ཙ་བྱེད་སྦྱོར་བ། །ཁུ་བ ་འུ་ཆ་འཕེལ་བྱེད་བྱ། །མེ་ཏོག་དྲི་མནམ་དྲི་མ་མེད། །འབྲས་བུ་མེད་བར་འགྱུར་བའི་ཤིང། །ཡལ་ག་གཅིག་པའི་ཤིང་གཅིག་བཞིན། །བུ་མེད་མི་ནི་དེ་དང་འདྲ། །གོ་མ་འགྲོས་འཁྱོར་ཞིང་ཚིག་གི་གསལ། །རྡུལ་གྱིས་གཡོག་པ་ལྟར་སྣང་?་བཞིན་རས་རྣ་བས ་གྱིས་གཡོགས་པ་ཡང། །སྙིང་ནི་དགའ་བར་བྱེད་བ་ཡིན། །རེག་པ་དང་ནི་མཐོང་སོགས་ལ། །བུ་མཉམ་བདེ་བ་ཡོད་མིན་ན། །གང་ཞིག་ཆེས་དང་གྲགས་བར་ལྡན། །ང་རྒྱལ་རིགས་འཕེལ་སྨོས་ཅི་དགོས། །ལུས་སྦྱངས་བྱས་ཏེ་ཅི་ནུ་བར། །རོ་ཙའི ་སྦྱོར་བ་བརྩམ་པར་བྱ། །འདམ་བུ་བུར་ཤིང་འཇག་མ་སོགས། །པུ་ཤེལ་ཅི་དང་བི་ད་རི། །ཀཎྜ་ཀཱ་རིའི་རྩ་བ་དང། །པ་ལང་འཚོ་བྱེད་ཟངས་རྩ་བ། །རམ་ཉེ་བ་གཉིས་མེད་གཉིས། །ཉེར་ཤིང་བུ་རྣ་རྣམ་གཉིས་དང། ། ཤྭ་གནདྷ་ཁ་སྲལ་ཕྲེའུ ་ཨ་ཏི་བ་ལ་བ་སྦྲ་བ། །བི་ད་རི་ཏི་བ་ཡ་སེ། །ར་སྣ་གཟེ་མ་ཛཱི་བཾ་ཏི། །ཤིང་མངར་ས་ལ་བརྣི་རྣམས། །རེ་རེའང་སྲང་ནི་གསུམ་གསུམ་དང། །མོན་སྲན་དྲེའུ་བྲེ་བཞི་དང། །ཆུ་བྲེ་སུམ་ཅུ་གཉིས་དང་བསྐོལ། །ཁུ་བ་བྲེ?་ཁྲ་བཞི་ལུས་?་བ་རུ། །མར ་བྲེ་བཞི་དང་བི་དིར། །སྐྱུ་རུ་ར་དང་བུ་རམ་ཤིང། །བྲེ་ནི་བཞི་བཞི་གཞུག་བར་བྱ། །འོ་མ་མར་གྱི་བཞི་འགྱུར་དང། །བི་ར་ཁ་སྲལ་རམ་ཉེ་གཉིས། །ཤིང་མངར་ཕལ་གུ་པི་པི་ལིང། །རྒུན་འབྲུམ་འབྲ་གོ་བི་ད་རི། །མ་དུ་ཀ་དང་ཉེར་ཤིང་དུ།། ་འདི་དག་བཏགས་ཏེ་བཅུག་ནས་ནི། །དེ་བསྐོལ་བཙགས་བའི་ནང་དུ་ནི། །ཀ་ར་དཀར་པོ་མིག་རྐང་ནི། །སྨན་ནི་བྲེ་རེ་གཞུག་པ་དང། །པི་པི་ལིང་ནི་སྲང་བཞི་དང། །ན་ལ་ཤམ་ནི་སང་གཅིག་དང། །ཤིང་ཆོས་སུག་སྨེལ་གསར་རྣམས། །རེ་རེ། ་སྲང་ནི་ཕྱེད་ཕྱེད་ཕྱ། །སྦྲང་རྩི་སྦྲང་ནི་བཅུ་དྲུག་སྦྱར། །དེ་ལ་ཉིན་རེ་སྲད་རེ་བཟའ། །འོ་མ་དང་ནི་ཤ་ཁུ་བཏུང། །དེས་ནི་རྟ་ལྟར་བསྐྱོད་གྱུར་ཞིང། །མཚོལ་བ་ལྟ་བུར་འདོད་པ་སྦྱོད། །བི་ད་རི་དང་པི་པི་ལིང། །ཤད?་ལ་འབྲས་རྩ་?་ལི། །?་? ་མ་ཕུལ་རེ་དང། །དེ་བཞིན་སྦྲང་རྩི་སྲང་བརྒྱད་དང། །ཁ་རའི་ཕྱེ་མ་སྲ་ལྔ་བཅུ། །མར་སར་སྲང་ནི་བཅུ་དྲུག་སྦྱར། །དེ་ལ་ཞོ་ནི་གཉིས་གཉིས་བཟའ། །བུད་མེད་བརྒྱ་ལ་སྦྱོད་པར་ནུས། །ཁ་སྲལ་ཕྲེའུ་ཞོ་འམ་ནི། །མ་ཤའོ་མར ་བསྐོལ་ཏེ་བསྐྲད་།མིང་དང་སྦྲང་རྩི་བཅས་ཁ?་དག། ཟོས་ལ་བ་སར་འདོམ?་བཏུང། །མཚན་མོ་ཐོག་ཐག་གཉིད་མ་ལོག། དུབ་པ་མེད་པར་ཉལ་པོ་སྤྱོད། །ར་ཐུག་རླིག་པ་འོ་མར་བཙོས། །ཏིལ་དང་ལན་མང་བསྲས་པ་དང། །ཁ་ར་བཅས་ཟོས་གང་ཡིན་དེ།། ་བུད་མེད་བརྒྱ་ལའང་གསར་སྙམ་སེམས། །བི་ད་རི་ཡི་ཕྱེ་མ་ནི། །རང་གི་ཁུ་བར་ལན་མར་སྤངས། ཞུན་མར་སྦྲང་རྩི་བཅས་བལྡགས་ན། །བུད་མེད་བཅུ་ལ་སྦྱོད་པར་ནུས། །པི་པི་ཡིད་དང་སྐྱུ་རུའི་ཕྱེ། །རང་གི་ཁུ་བར་ལེགས་སྤངས་ལ།། ཤ་ཁ ་དམར་སྦྲང་རྩིར་སྦྱར། །ཟོས་རྗེས་འོ་མ་འཐུགས་པ་གང། །མི་དེ་བརྒྱད་ཅུ་ལོན་ན་ཡང། །མང?་ཚོར་གནས་ཤིང་འདོད་སྦྱོད་ནུས། །ཤིང་མདར་ཕྱེ་མ་ཞོ་གཉིས་དང། །མར་དང་སྦྲང་རྩི་དེ་མཉམ་པ། །ཟོས་རྗེས་འོ་མ་འཐུངས་གྱུར་ན། །མི་དེ ་རྟག་ཏུ་འདོད་སྦྱོད་ནུས། །ཀར་དཀར་དང་སྲང་གི་ཕྱེད། །འོ་མར་སྦྱར་ཏེ་འཐུངས་པ་དང། །ཁ་ར་འོ་མར་བཅས་པ་ཡི། །ཟས་ཟོས་བུད་མེད་ལ་བོད་གྱུར། །པ་ཡ་ས་དང་འོ་མ་བསྐོལ། །མར་དང་སྦྲང་རྩི་བཅས་ཟ་ཞིང། །བ་ནི་ཡར ་མའི་འོ་མ་འཐུངས། །དེ་ནི་ས་བོན་ཟད་མི་ཤེས། ཁ་སྲལ་ཕྲེའུ་གུར་ཕྲན་གྱི། །ས་བོན་ཕྱེ་མཁ་རར་བཅས། །འོ་མ་བཞོས་མ་ཐག་འཐུངས་ན། །ལུང་བོད་ལྟ་བུར་སྦྱོད་པར་ནུས། །ུ་ཙ་ད་ཡི་ཕྱེ་མ་དང། །ཉེར་ཤིང་སྦྱར་བའང་དེ་བཞིན་ནོ།། ་ཞོ་སྦྲས་ཟླ་བ་ལྟར་དཀར་བའི། །ཚགས་ཀྱིས་བཙགས་ནས་ཟོས་ན་ནི། །བ་ར་དྲུག་ཅུའི་ཟས་ཆན་ཟོས། །རྒན་པོའང་གཞོན་ནུ་བཞིན་དུ་སྦྱོད། །གཟེམ་མ་ཤ་ཨ་ཀ་རུ། །ཁ་སྲལ་ས་བོན་ཉེར་ཤིང་བ། །འོ་མ་བཅས་འཐུངས་རྒས་པ་ཡང། ་བུད་མེད་བརྒྱལ་སྤྱོད་པར་ནུས། །གང་ཞིག་མདར་ཞིང་སྣུམ་པ་དང། །སྟོབས་འཕེལ་ཉམས་ནི་རྟས་བྱེད་དང། །ཡིད་ནི་དགའ་བར་བྱེད་བ་གང། །དེ་དག་ཐམས་ཅད་རོ་ཙར་བཤད། །དེ་བས་རྫས་ནི་འདི་ལྟ་བུས། །བརྟས་བྱས་བུད་མེད་ལ་འཇུག་བྱ། །རང་གི ་ཤུགས་ཀྱིས་བསྐྱོད་པ་དང། །བུད་མེད་ཡོན་ཏན་གྱིས་དགའ་སྤྱད། །ཆོས་ཀྱི་དཔག་བསམ་ཤིང་མྱུ་གུ། །དབང་པོའི་བདེ་བ་ཀུན་སྟོན་བྱེད། །ཡུལ་ནི་ཡིད་དུ་འོང་བ་ལྔ། །འདོད་པའི་ལྷ་ཡི་རྡ་ཡིན་ནོ། །ཡིད་འོང་ཡུལ་ནི་རེ་རེས་ཀྱང། །ཚིམ་ཞིང ་དགའ་བྱེད་མཆོག་ཡིན་ནོ། །བུད་མེད་ལུས་ལ་འདུག་ནས་གོད། །གནས་པ་དེ་ནི་སྨོས་ཅི་དགོས། །གང་གིས་མིང་ཐོས་ན་ཡང་སྙིང་དགའ་ཞིང། །མཐོང་ན་དོམས་པར་འགྱུར་བ་མེད་བ་དང། །དབང་པོ་ཀུན་འདྲེན་ལྕགས་ཀྱུར་གྱུར་པ་ཡི། ཁུར ་མེད་ཁྱོ་ཡི་རྗེས་འཇུག་འཕྱོན་མ་མིན། །སྒྱུ་རྩལ་འཇོ་སྒེག་ན་ཆོད་ལུད་ཀྱིས་བརྒྱན། །ཕྱིར་ནི་ངོ་ཚ་དབེན་པར་སྤྱོད་པ་ཡང། །ཚིག་སྙན་སྨྲ་ཞིང་མཆུངས་བར་མངོན་དགའ་བཅས། །བུད་མེད་དེ་ནི་རོ་ཙའི་དོན་མཆོག་བྱེད། །འདོད་པའི ་བསྟན་བཅོས་ལས་བཤད་སྐྱོན་མེད་པའི། །ཡུལ་དང་དུས་དང་ཉམས་སྟོབས་རྗེས་མཐུན་ཞིང། །སྨན་དཔྱད་བསྟན་བཅོས་སྦྱོར་དང་མི་འགལ་བ། །འདོད་བའི་སྦྱོད་པ་མ་ལུས་སྤྱད་པར་བྱ། །བསྐུ་བྱུག་ལུས་དྲིལ་སྨན་ཆུ་བླུག་དང་དྲི། །མེ་ཏོག ་ཕྲེང་བ་ལ་སོགས་རྒྱན་དང་ལྡན། །གླུ་དང་སྙན་དང་གསལ་སོགས་གཏམ་པ་མཁས། །རང་བཞིན་ན་ཚོད་མཚུངས་ཤིང་དབང་འགྱུར་གྲོགས། །རང་གི་ཁང་པའི་ཉེ་འཁོར་ཁྲུས་རྫིད་བུ། །པདྨ་གསར་སྦྲང་རྩིས་མྱོས་པ་ཡི། །སྦྲད་མ་བྱ་དང ་བཅས་བར་གྱུར་བ་དང། །སྔོ་ཞིང་གཞི་མཉམ་རི་ཡི་འདབས་ན་ནི། །ནགས་ཚལ་ཁྱིམ་དང་ཉེ་བར་གྱུར་བ་དང། །མཐོང་ན་དགའ་བའི་ཤིང་ནི་སྣ་ཚོགས་སྐྱེས། །མཉན་ན་བདེ་བའི་ཁུ་བྱུག་སྒྲ་སྤང་སྒྲོབ། །ལུས་བདེ་བུད་མེད་རྒྱན་དུས་དབང? ་འགྱུར། །སེམས་བདེ་མ་ལུས་འཁོར་གྱིས་བསྐོར་བ་དང། །སོ་རྩི་དང་ནི་ཆད་དངས་ཆུད་མ་ནི། །ཡིད་འོང་མཚན་མོ་ཟླ་ཟེར་བཅས་པར་འདུག། ཡིད་ནི་དགའ་བར་བྱེད་པ་གང་དང་གང། །དེ་དང་དེ་ནི་རོ་ཙར་བྱེད་པ་ཡིན།། ་ཆུད་མ་ཁ་ནི་ཨཏཔལ་ལྟར་དྲི་ཞིམ། །པི་ཝཾ་སྙམ་པའི་སྒྲ་ནི་ཉན་བྱེད་དང། །མལ་སྟན་ཡིད་འོང་མེ་ཏོག་གཅལ་བཀྲཾ་པ། ལྕུག་མ་མེ་ཏོག་མྱུ་གུས་བརྒྱན་པ་འདྲ། །ཡུལ་དང་དུས་ལ་གནོད་པ་གང་ཡང་མེད། །ཡུལ་གྱི་ཡིད་ལ་གནོད་པ་ཆུང་དཱུང་མེད། །རོ་ཙའི་སྦྱོར་བ་ཉེ་བར ་ལྡན་གྱུར་བ། །འདོད་བའི་འདོད་པ་ཡོངས་སུ་རྫོགས་པར་བྱེད།། །།གླ་སྒང་པརྦ་ཏ་ནི་རིམས་བརླབ་ན། །སྐམ་དང་ཆེ་བ་བོད་བ་བསྲེགས་བ་ནི། །ཆུ་ཡི་ནང་དུ་གསུང་བའི་དངས་མ་ཕན། །སློན་ལ་འབྲས་ཡིས་ཆུ ་སོའི་ནད་བྲག་ཞུན། །གཅིན་སྙི་སྐྱུ་རུ་ར་དང་སེར་པོ་གཉིས། །སྐྱ་རྦབ་ནད་ལ་ལྕགས་ཀྱི་ཕྱེ་མ་མཆོག། རླུང་དང་བད་ཀན་ལ་ནི་ཨ་རུ་ར། །མཆེར་བའི་ནད་ལ་པི་པི་ལིང་མཆོག་ཡིན། །གློ་རྡོལ་བ་ལ་རྒྱ་སྐྱེགས་ཁུ་མ་བསྡགས ་དུག་གི་ནད་ལ་ཤིར་ཤ་རབ་ཏུ་བསྡགས། །ཚིལ་དང་རླུང་ནད་ལ་ནི་གུ་གུལ་པན། །ཁྲག་མཁྲིས་ལ་ནི་བ་ཤ་ཀ་རབ་བསྡགས། །འཁྲུ་བའི་ནད་ལ་དུག་མོ་ཉུང་ཕན་ཞིང། །གཞད་འབྲུམ?་གོ་བྱེ་དབྱིག་དུག་ལ་གསེར་ཕན། །ཚོ ་ཆོས་པ་ལ་སྐྱེར་ཁཎྜ་བསྔགས་ཤིང། །སྲིན་བུའི་ནད་ནི་བི་ཊཱིངཀ་ཡིས་འཇོམས། །གཅོད་ཚེན་ལ་ཆང་རི་ཤའི་འོ་མ་ཕན། །མིག་གི་ནད་ལ་འབྲས་བུ་གསུམ་རབ་ཕན། །དྲེག་ནང་ལ་ནི་སླེ་ཏྲེས་རབ་བསྡགས་ཤིང། །ཕོ་བའི་ནད ་ལ་དར་བ་གསར་བ་མཆོག། མཛེ་ལ་སེང་ལྡེང་སྙིང་པོ་བསྟེན་པ་མཆོག། ནད་ཀུན་ལ་ནི་བྲག་ཞུན་བསྔགས་པ་ཡིན། །སྨྱོ་བྱེད་ནད་ལ་མར་ནི་རྙིང་པ་ཕན། །རྗོད་བྱེད་དང་ལ་གྲ་མའི་རྩ་བ་ཕན། །མྱ་ངན་ལ་ནི་ཆང་ནི་བླུད་བ་ཕན།། ་གཉིད་མེད་པ་ཡི་ནད་ནི་འོ་མས་སེལ། །ཆམ་པ་ཞོ་ནི་སྦྱར་བ་དག་གིས་སེ། །རིང་པའི་ནད་ལ་ཤིན་སྦྱིན་བར་བྱ། །རླུང་གི་ནད་ལ་སྒོག་སྐྱ་རབ་ཏུ་བསྡགས། །ཡན་ལག་རུངས་པའི་ནད་ན་དུག་གི་སེལ། །ཕྲག་པ་ཕྲག་གོང་ལག་པ་ན་བ་ལ། །ཐང་ཆུ་ཙ་བོར? ་ཡི་སྣ་སྨན་བཏང། །གླད་པའི་ནད་ལ་མར་སར་ཧྭགས?་ཀྱིས་སེལ། །དམུ་རྫིང་རྔ་མའི་གཅིན་དང་འོ་མས་བསེལ། །མགོ་བོའི་ནད་ཀུན་ལ་ནི་སྣ་སྨན་བསྡགས། །ཁོང་འབྲས་གསར་དུ་བྱུང་ལ་གཏར་ཀ་གདབ། །ཁ་ཡི་ནང་ཀུན་ལ་ནི་མཁུར ་བཀར་ཕན། །མིག་ནད་སྣ་སྨན་མིག་སྨན་རྟས་པས་སེལ། །རྒས་པ་ལ་ནི་འོ་མ་ཞུན་མར་ཕན། །བརྒྱལ་ལ་ཆུ་གྲང་རླུང་དང་གྲི་བ་མ་ཕན། །དྲོད་ཆུས་ངལ་དང་སྒེ་གཤེར་ཁ་རན་བཟའ། །དུབ་ན་ཆང་འཐུངས་ལུས་ནི་ཁྲུས་བྱས་ཕན།། ་སྡུག་བསྔལ་བཟོད་དང་བརྟན་ལ་རྩོལ་བ་ཕན། །གཅིན་སྲིབ་ལ་གཟེ་མ་ཕན་པ་ཡིན། །ལུས་པ་ལུ་ལ་ཀཎྜ་ཀཱ་རི་ཕན། །རྩིབ་ལོགས་གཟེར་ལ་པུཥཔ་ཀརྨུ་ལ་ཕན། །རྒས་སྲ་བྱ་ལ་སྐྱུ་རུ་ར་ཕན་ཞིང། །རྨ་ལ་འབྲས་བུ་གསུམ་དང་གུ་གུལ ་ཕན། །།དེ་ལྟར་ནད་རྣམས་ཀྱི་ནི་སྨན་གྱི་མཆོག། བཤད་པས་ནད་རྣམས་ཞི་བར་ནུས་པ་ཡིན། །དེ་ནི་ཡུལ་དང་དུས་ཀྱི་སྟོབས་ལས་ནི།། ཅི་རིགས་པར་ནི་བརྟགས་ཏེ་སྦྱོར་བར་བྱ། །དེ་ལྟར་རྒྱུན་ཤེས་བུ་ལས་གཞུང་གི་མདོ། །ལེགས ་པར་བཤད་པ་དེས་ནི་མ་ངོམས་པས། །མེ་བཞིན་འཇུག་སོགས་བློ་མཐུན་དང་པས་འདུད། །ཐེ་ཚོམ་འདི་ནི་མེ་བཞིན་འཇུག་གིས་དྲིས། །སྐལ་ལྡན་ཁ་ཅིག་བདག་ཉིད་མཁས། །སྨན་དང་ནད་གཡོག་ཕུན་ཚོགས་ལ། །སྨན་པ་རྒན ་པོའི་ལུང་གིས་ནི། །རྗེས་སུ་འཇུག་ཀྱང་ནང་བཅས་ཤིང། །ནད་ཀྱིས་སྲོག་ནི་ཟད་བར་སྣང། །གཞན་དག་དེ་ལས་གོ་བཟློག་སྣང། །དེ་ཕྱིར་ཕན་དང་གནོད་པ་ཡིས། །འབྲས་བུ་ཉེས་པ་མ་མཆིས་ན། །འདིར་ནི་བསྟན་བཅོས་ཀྱིས་ཅི ་བསྟན། དེ་ལྟར་མེ་བཞིན་འཇུག་སོགས་སློབ་པའི་ཚོགས། །རྟོག་པ་སྐྱེས་ལ་རྒྱུན་ཤེས་བུ་ཡིས་ནི། །དེ་ཉིད་མ་ལུས་རྣམ་པར་བཤད་འགྱུར་བ། །གསོ་བྱས་མ་བྱས་མཉམ་པོར་བྱ་མི་རིགས། །ཡན་ལག་དྲུག་ཅུ་ལྡན་པ་ཡི།། ་གསོ་མེད་བདེ་འགྱུར་ཡོད་མེད་ཀྱི། །ནད་ཀྱི་འདམ་དུ་བྱིང་བ་ལ། །ལག་ནས་འདྲེན་ཐབས་སྨན་ཡིན་ནོ། །འཚོ་དང་འཆི་བར་གྱུར་པ་ལ། །ཀུན་ལ་སྨན་ཡོད་མ་ཡིན་ཞིང། །ཐབས་ལ་བལྟོས་ཕ་མ་ཡིན་ལ། །གཞན་དུ་ཐབས་ལ་བལྟོས་པའི་ནང། །ཐབས ་ཀྱིས་བསྒྲུབས་ན་འགྲུབ་འགྱུར་བས། །རྒྱུ་མེད་པར་ནི་གཏན་ཚིགས་མིན། །གང་ཡང་ཁྱེད་ཀྱི་ཕུན་ཚོགས་ནི། །ཀུན་དང་ལྡན་པས་གསོས་ན་ཡང། །འཆི་འགྱུར་ཞེས་སྨྲ་དེ་མ་ཡི། །ཐབས་ནི་མིན་འགྱུར་ཡོད་མིན། །གལ་ཏེ་དེ་ལྟའི་ཐབས་ལྡན་ཞིང།། ་བློ་ལྡན་གསོ་བ་བྱས་གྱུར་ཀྱང། །སྔོན་ལས་ཉེས་པར་མ་གྲུབ་པས། །ཡན་ལག་བཅུ་དྲུག་ལྡན་མེད་མིན། །མེ་དང་ཆུ་སོགས་དུག་དང་ནི། །རེངས་སོགས་མི་འགྲུབ་སུ་ཞིག་ཟེར། །རྟ་དང་ཉམས་སྨད་འོ་མ་དང། །འབྲས་ངན་མི་བྱེད་སུ ་ཞིག་འདོད། །མ་ཤ་ཁ་སྲལ་ལ་སོགས་པ། །རོ་ཙ་མི་ནུས་སུ་ཞིག་ཟེར། །བཤད་གཅི་བསྐྱེད་དང་མང་བར་ནི། །ནས་ལ་ཐེ་ཚོམ་སུ་ཞིག་ཟ། །སྔགས་དང་རྒྱུད་ནི་མེད་པ་རུ། །གང་གི་དྲུག་ནི་འཇུ་བར་འགྱུར། །གག་པ་སོགས་ལ་གསོ ་བ་ནི། །མེད་པར་གང་ཞིག་བདེ་བར་འགྱུར། །འོན་ཀྱང་དུས་མིན་འཆི་ལ་སོགས། །གྲུབ་མཛའ་ཀུན་ཏུ་ངེས་པར་གྲགས། །འབད་པ་ཆེན་པོ་དག་གིས་ནི། །ཇི་ལྟར་གཞན་གྱིས་བཟློགས་པར་ནུས། །ཙན་དན་ལ་སོགས་ཚ ་སགས་པ། །ལུང་ལས་གྲགས་པ་བཞིན་དུ་སེལ། །རིམས་ལ་སྨྱུང་དང་རྟ་བ་དག། བསྟན་བཅོས་ཉིན་ལ་གྲགས་པ་ཡིན། །ཡན་ལག་བཞི་ཡི་ཡོན་ཏན་འབྱོར། །ལེགས་པར་བརྟགས་ནས་སྦྱོར་བྱ་ཡིས། །གཞན་དུ་ནད་ཀྱི ་ཚོགས་འཇོམས་པ། །གསོ་བ་ཐེ་ཚོམ་བཅས་མི་བྱ། །འདི་ནི་དུས་མིན་འཆི་ཞགས་པ། །བརྟན་པོ་གཅོད་པར་བྱེད་པ་ཡིན། །ནད་ཀྱིས་སྐྲག་ཅིང་འཇིགས་པ་ལ། །སྔགས་མེད་པ་ཡི་སྲུང་སྐུད་ཡིན། །འདི་ནི་འགྲོ་བའི་སྡུག་བསྔལ་རྣམས། །སེལ་བྱེད ་བདུད་རྩི་མངོན་སུམ་ཡིན། །སྣོད་ངན་གནས་ན་འཕྲལ་དུ་ནི། །ཧ་ལ་ཧ་ལར་གྱུར་པ་ཡིན། །བསྟན་བཅོས་ངེས་པར་མི་ཤེས་ཤིང། །ཆིག་ཙམ་ལ་ནི་རྗེས་གཞོལ་བ། །གཤིན་རྗེའི་ཞགས་པ་ཐོགས་པ་བཞིན། །སྨན་པ་ངན་པ་རིང་དུ་སྤང།། ་སྨན་པ་གཞུང་ལ་ལེགས་མཁས་ཤིང། །ལུང་ལ་མཁས་པའི་བཟང་པོ་དང། །ལས་ལ་གོམས་ཤིང་དགེ་བ་དག། བཟང་པོར་འདོད་པ་དམ་པ་ཡིན། །དེ་ལྟར་རྒྱུད་ཀྱི་ཡོན་ཏན་ལྡན། །རྒྱུད་ཀྱི་སྐྱོན་ནི་སྤངས་གྱུར་པ། །གསོ་བའི་བསྟན ་བཅོས་མ་ལུས་པ། །ཁྱབ་སྟེ་ཡོངས་སུ་གནས་པ་ཡིན། །སྲང་སྲོང་ཆེན་པོའི་གཞུང་རྗེས་འཇུག། རྒྱ་ཆེན་དྲི་མ་མེད་པའི་གནས། །རྒྱ་མཚོ་ཆེན་པོ་ལྟར་ཟབ་ཅིང། །བསྡུས་དོན་ཉེ་བར་མཚོན་བྱེད་ཡིན། །སྨན་དཔྱད་ཡན ་ལག་བརྒྱད་པའི་རྒྱ་མཚོམ་བསྒྲུབས་པ་ལས། །ཡན་ལག་བརྒྱད་པའི་བདུད་རྩིའི་ཚོགས་ཐོབ་གང། །དེ་ལ་དོན་ཆེན་རྩོལ་བཞན་པ་རྣམས། །དགའ་བར་བྱ་ཕྱིར་རྒྱུད་འདི་ལོགས་ཤིག་བྱས། །འདི་ནི་ལུང་ཆེན་ལས་གྲགས་ཤིང། །འབྲས ་བུ་མངོན་དུ་སྟོན་བྱེད་པས། །སྔགས་དང་འདྲ་པར་ལེགས་སྦྱར་གྱི། །ལོག་སྤྱོད་ནམ་ཡང་མི་བྱའོ། །འདི་ཀླགས་རྟོགས་དང་ཉམས་བླངས་པས། །ཚེ་རིང་བ་དང་ནད་མེད་དག་།ཆོས་དང་ནོར་དང་བདེ་དང་གྲགས། །ངེས་པར་ཐོབ་པར་འགྱུར་བ་ཡིན།། ་འདིར་ནི་བལྟས་ནས་བསྡུས་དོན་རྟོགས་ནུས་པས། །རང་གི་གོམས་ལས་སྨན་པས་བསྐྱོད་མི་ནུས། །རྒྱ་ཆེ་རྒྱུད་གཞན་དག་ལ་གོམས་གྱུར་བས། །མི་བསྐྱོད་གྱུར་གང་དེ་ནི་ངོ་མཚར་མེད། །གལ་ཏེ་ཙ་ར་ཀ་ནི་བསླབས་གྱུར་དེས་ནི་ལེགས་ཐོབ ་སོགས། །ལེགས་བཤད་ནད་ནི་མིང་ཙམ་ཡང་ནི་ཤེས་པར་འགྱུར་མ་ཡིན། །ཙ་ར་ཀ་ལ་མ་བསླབས་གསོ་བ་དག་ནི་མ་གོམས་པའི། །ཉོན་མོངས་དེ་ནི་ནད་ཡ་རྣམས་ཀྱིས་གསོ་ཐ་ཇི་ལྟར་བྱ། །མངོན་པར་ཞེན་པའི་དབང ་གིས་ལེགས་པར་བཤད་པར་སྦྱར་པ་ལའང། །ཤིན་ཏུ་རྨོངས་པར་མངོན་པར་སྤྱོད་པར་མི་བྱེད་གང་ཡིན་ཏེ། །དེ་ནི་དང་པོའི་སྨན་དཔྱད་བསྟན་བཅོས་སྐྱོན་མེད་ཀླགས་གྱུར་ཞིང། །སྐྱེས་བུ་ཚེ་ཡིས་ཇི་སྲིད་ཐུབ་ཀྱི་བར་དུ་སློབ་པར ་བྱེད། །རླུང་དང་མཁྲིས་པ་བད་ཀན་ཞི་བྱའི་ཕྱིར། །ཏིལ་མར་མར་སར་སྦྲང་རྩི་རིམ་བཞིན་བསྟེན། །དེ་ལྟར་ཚངས་པ་འམ་ཚངས་པའི་བུ་ཡིས་བཤད། །ཚིག་གི་དབྱེ་བས་བཤད་པས་ཁྱད་འཕགས་མེད། སྟོན་པ་པོ་ཡིས་དབང་གིས ་ནི། །སྨན་གྱི་ནུས་པ་ཁྱད་འཕགས་མིན། །དེ་བས་ཕྲག་དོག་སྤངས་ནས་ནི། །བར་མ་ཉིད་ལས་བསྟེན་པར་བྱ། །དྲང་སྲོང་གིས་བཤད་ཕྱིར་དགའ་ན། །ལེགས་ཐོབ་ཙ་བ་ཀ་མར་ཟ། །ལུས་སོགས་ཀྱིས་བྱས་ཅིས་མི་སློབ། །དེས་ན་ལེགས ་བཤད་གཟུང་བར་བྱ། །འདི་ནི་ཚེ་རིང་རིགས་བྱེད་རྒྱ་མཚོ་ཡི། །སྙིང་པོ་ལས་ནི་སྙིང་པོ་བླངས་ནས་སུ། །རྣམ་པར་སྦྱར་བ་དགེ་བ་གང་ཐོབ་པ། །དེ་ཡིས་འགྲོ་བ་བདེན་ཉིད་མཐོང་བར་ཤོག། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་བ་ལས།། ་ཕྱི་མའི་གནས་ཀྱི་ལེའུ་སྟེ་བཞི་བཅུ་ཐམ་པའོ།། །།སྨན་པའི་བདག་པོ་དགེ་འདུན་གསང་བ་ཞེས་བྱ་བའི་བུ། །སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས་ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས་རྒྱུད་ཕྱི་མའི་གནས ་ཏེ་དྲུག་པའོ།། །།སྨན་དབྱང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་བ་ཞེས་བྱ་བ་ཇི་སྙེད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་རན་?་དང། །ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟད་པོས་ཞུས་ཏེ་གཏན ་ལ་ཕབ་པའོ།། །།སྨན་ཡན་ལག་བརྒྱད་པའི་རང་འགྲེལ་དུ་གྲགས་པ་ཞུགས་སོ།། །།*། །རྒྱ་གར་སྐད་དུ། ཨཥྚཾ་ག་ཧྲི་ད་ཡ་ནཱ་མ་བ་བཻཌཱུརྱ་ཀ་བྷཱཥྱཾ། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ། །བམ་པོ ་