| Wylie | e-texts based on the ACIP/ALL Input |
ཙནྡྲའི་ཞལ་སྔ་ནས། །ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས། །བལ་ཡུལ་ཡི་བུའི་གྲོང་ཁྱེར་དུ་བསྒྱུར་རོ། །། *། (།འཆི་མེད་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་འདོད་འཇོའི་བ་མོ་ཞེས་བྱ་བ་བཞུགས་སོ།།)་།།རྒྱ་གར་སྐད་དུ། ཨ་མ་ར ་ཥ་ཊཱི་ཀ་ཀཱ་མ་དྷེ་ནུ་ནཱ་མ། བོད་སྐད་དུ། འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོའི་བ་མོ་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ས་ཡི་མཆོག་དང་ཆེན་པོ་ཐོབ། །ཐམས་ཅད་མཁྱེན་པའི ་དཔག་བསམ་ཤིང། །བདུད་རྩི་རྫུ་འཕྲུལ་ཡལ་འདབ་རྒྱས། །ཁྱོད་ལ་མེ་ཏོག་འབྲས་བུར་ཤོག། གང་གཱའི་ཆུ་བོ་རབ་འབབ་བཞིན། །གང་ཞིག་བརྩེ་བས་ལན་གསུམ་འགྲོ། དཔལ་གྱི་རྒྱ་མཚོ་བདུད་རྩིའི་གཏེར། །སྲིད་བའི་ཟླ་ཕྱེད་བདག་ཕྱག་འཚལ། །སྲིད ་པའི་རྒྱ་མཚོར་ཡུམ་གྱུར་སྒྲོལ་པའི་དགེ་གྲུ་ནི། །སྙིང་རྗེའི་དཔག་བསམ་ལྗོན་ཤིང་དག་ལས་གྲུབ་གྱུར་པ། །རབ་དང་སེམས་ཀྱི་དད་པས་སྐྱེ་བ་རབ་བསྐྱོད་ནས། །ཕ་རོལ་བྱིན་གྱུར་མངོན་འདོད་རིན་ཆེན་ཐོབ་པར་ཤོག་།སྦྲང་མས་མེ་ཏོག་རྩི་བླངས་ཐིགས་པ་རབ ་བསགས་ལྟར། །གང་ཞིག་བློ་གྲོས་བཟང་པོའི་བཏུང་བ་འཇོ་ཞིང་སྟེར། །སྙན་ངག་གཅིག་ཉིད་ཀུན་གྱི་གཙུག་གི་མེ་ཏོག་བཞིན། །དཔལ་ལྡན་འཆི་མེད་གསུང་དེ་རྣམ་པར་རྒྱལ་གྱུར་ཅིག། མཐས་རྒྱུད་དེ་མངོན་བརྗོད་ཆུ་གཏེར་རིན་ཆེན་གྱི། །སྙན་ངག་ངོ་ཤལ ་ཕྲེང་བས་ཁར་མཛོད་རྣམ་བརྒྱན་པ། །དཔལ་ལྡན་ཙནྡྲེ་གོ་མིས་སྦྱར་གྱུར་ཕུལ་བྱུང་མོད། །དེ་ནི་མངོན་པར་རབ་བསྒྲུབ་བྱ་བ་དག་གིས་བརྩམས། །དེ་ནས་གཞན་ལ་ཕན་པ་རྗེས་སུ་སྟོན་པས་སྡིག་པ་རབ་ཏུ་ཞི་བ་དང། བསོད་ནམས་ཀྱི་ཚོགས་ཕུན་སུམ་ཚོགས ་པ་བསགས་པའི་ཕྱིར། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་འདིར་མཆོད་པར་བརྗོད་ནས། །གང་གི་ཞེས་བྱ་བ་ལ་སོགས་པ་ལ་མཁྱེན་པ་ནི། །ཡུལ་གྱི་དངོས་པོ་མཛའ་དག་ཡོངས་སུ་ཤེས་པའོ། །བརྩེ་བ་ནི། སྡུག་བསྔལ་ལས་ཡང་དག་པར་བསྒྲལ ་བར་འདོད་པའོ། །དེ་གཉིས་ཀྱི་རྒྱ་མཚོ་ལྟ་བུ་སྟེ། རྒྱ་མཚོ་ནི་སངས་རྒྱས་བཅོམ་ལྡན་འདས་དེའི་མཁྱེན་པ་དང་བརྩེ་བའི་རྒྱ་མཚོའོ། །འདིར་རྒྱ་མཚོའི་སྒྲས་གཏིང་མེད་དེ་ལ་སོགས་པའི་ཡོན་ཏན་མཚུངས་པ་ཉེ་བར་འཇལ་བའོ། །མཁྱེན་པ་དང་བརྩེ་བས ་བྱས་པ་དང། དེ་ནི་གཏིང་མེད་པ་ཞེས་བྱ་བ་ལ་སོགས་པ་བྱེད་པ་པོ་མང་པོའི་བསྡུ་བའོ། །བྱ་བ་ནི་མ་འོངས་པའི་དོན་ཡིན་པས་འདིར་དགོས་པ་མེད་དོ། །མཁྱེན་པ་དང་བརྩེ་བ་དག་ནི་རྒྱ་མཚོ་ཞེས་བཤད་དེ། བྱེད་པ་པོ་སྒྲུབ་པ་སྟེ། དེའི་ཚིག་མི་མངོན་པའམ། །དྲུག་པ ་འགྲེལ་པའི་བསྡུ་པའོ། །མཁྱེན་པ་དང་བརྩེ་བ་དག་གིས་རྒྱ་མཚོ་ལྟ་བུ་སྟེ། །རྒྱ་མཚོ་ནི་གཞི་ཡངས་པའོ། །གཏིང་མཛའ་མེད་པ་ནི། གཞན་གྱིས་མི་རྟོགས་པ་སྟེ། གང་གི་མཁྱེན་པ་དང་བརྩེ་བའི་ཕ་རོལ་ཟབ་མོ་ཡོངས་སུ་སྤྱོད་མི་ནུས་པའོ། །བཅོམ་ལྡན་འདས་དེ་ནི ་ཐུགས་རྗེའི་དཀྱིལ་འཁོར་མཛའ་དག་ལ་མཁྱེན་པ་དང་བརྩེ་བས་ཁྱབ་པས་གང་ཞིག་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཛའ་མེད་པ་ནི། སྐྱབས་མེད་པའི་འགྲོ་བ་རྣམས་མངོན་པར་ཁྱབ་ཅིང་གང་བ་དེ་ལ་གང་གིས་མཐར་ཐུག་པར་སྒྲོལ་ནུས་པ་དེ་བཞིན་དུ་གྱུར་པ་ཡིན ་པ་དེ་ནི་སྡིག་པ་དང་བྲལ་ཉིད་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་སྤངས་པའོ། །བྱམས་པ་དང་བཟོད་པ་དང་ཉེ་བར་ཞི་བ་ལ་སོགས་པའི་ཡོན་ཏན་ནོ། །དཔལ་དང་བདུད་རྩི་དང་བཅས་ཕྱིར་ཞེས་ཏེ། ཚད་མེད་པའི་ཆེད་དུ་འཇུག་པ་བཞིན་དུ་བཞི་པའི་དོན་ཏེ། །རང ་གི་ཡི་གེ་ནི་ཕན་ཚུན་དུ་བསྡུ་བའི་ཚིག་གོ། དཔལ་ནི་ཕུན་སུམ་ཚོགས་པའོ། །བདུད་རྩི་ནི་ཐར་པ་དང་མྱ་ངན་ལས་འདས་པའོ། །མཆོག་གི་སྙིང་རྗེ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་དེ་ལྟ་བུ་ནི། གཞན་ལ་ཕན་པ་དང་བདེ་བ་ཕུན་སུམ་ཚོགས་པ་རྣམས་རལ ་ཟད་པ་མེད་དེ་སྙེལ་བ་མི་མདའ་བའ་ཨོ། །ཁྱད་པར་དུ་བྱུང་བ་དོན་དམ་པ་སྒྲུབ་པ་ནི་བློ་དང་ལྡན་པའོ། །བསྟེན་པར་བྱ་བ་ནི་དཔལ་དང་བདུད་རྩིའི་ཕྱིར་རོ། །འདིར་མཁྱེན་པ་དང་བརྩེ་བ་ལ་སོགས་པའི་རྒྱ་མཚོས་སེམས་ཅན་རྣམས་ལ་རྒྱུ་མེད་པར་མཆོག་ཏུ་མཉེས ་ཤིང་ཕན་པའི་རང་བཞིན་ཅན་དེ་ལྟ་བུས་ནི་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཉེ་བར་མཚོན་ཏེ། རྟགས་ཀྱི་རབ་ཏུ་གསལ་བ་ཞེས་པ་ནི། སྙན་ངག་གི་ཡོན་ཏན་ཏེ། དབྱངས་ཅན་གྱི་མགུལ་རྒྱན་གྱི་སྙན་ངག་གི་རྒྱན་ལས། །གང་ཞིག་དོན་གང་རབ་གསལ ་དང། རབ་མཛེས་དེ་ཡི་མངོན་བརྗོད་དེ། དཔེར་ན་འདིར་ཤར་གྱུར་པས་རྒྱ་གྲོལ་པདྨ་ཤར་གྱུར་རི་བོ་དང། ནགས་ཚལ་ཕྲེང་པ་མནད་ར་བའི་མེ་ཏོག་གཞོན་ནུ་ལྟར། །དུར་བ་ལྷན་ཅིག་མི་གནས་རབ་ཏུ་རྩོམ་ཞིང་གཉིས་གཉིས ་གཉེན། །སྤྲེའུ་རབ་ཏུ་ཁྲོས་པས་མཁུར་ཚོས་འགྲམ་པ་ཟངས་མདོག་བཞིན། །ཞེས་བཤད་དོ། །འདིར་མུན་པ་བསམ་པས་དུར་པའི་མྱ་ངན་བསལ་ཏེ་དུར་པ་ཕོ་མོ་ལྷན་ཅིག་མི་གནས་པ་ཡིན་པ། །དེ་ལ་སོགས་པ་བསལ་ནས་ཉི་མའི་མཚན་ཉིད་མ ་བཤད་ཀྱང་ཉི་མ་ཉེ་བར་མཚོན་པ་བཞིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་ཐར་པ་དང་མྱ་ངན་ལས་འདས་པ་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཚིགས་སུ་བཅད་པ་གཅིག་གིས་མཆོད་པར་བརྗོད་ནས། དེ་ནས ་བསྟན་ཆོས་གང་ཞིག་ལ་བརྟེན་པ་ཡང་སྐྱེས་བུ་རྣམས་དོན་གྲུབ་པའི་ཕྱེད་དུ་གསུངས་པས། དེ་ལ་མཐོ་རིས་ལ་སོགས་པའི་མིང་རྣམས་དང། ཕོ་མོ་ལ་སོགས་པའི་རྟགས་རྣམས་བཤད་པར་བྱ་སྟེ། རྒྱུད་གཞན་རྣམས་ལས་བསྡུས་ནས་ནི་ཞེས་པ་ནི། ་སྔོན་གྱི་སློབ་དཔོན་རྣམས་ཀྱི་རྗེས་སུ་འབྲངས་པའོ། །འདིར་ཅིའི་ཕྱིར་བཤད་ཅེ་ན། རྒྱུད་གཞན་རྣམས་ལས་བསྡུས་པའི་ཕྱིར་ཏེ། །དེ་ལ་ཕན་ཚུན་དུ་རྒྱུད་རྣམས་དང། སྐབས་གསུམ་གྱི་མངོན་བརྗོད་ཀྱི་བསྟན་ཆོས་ཨུཏཔ་ལ་ལ་སོགས་པ་དང། བྱ་ཌི ་དང། མཆོག་སྲེད། ཙནྡྲ་གོ་མི་དང། ནཱ་མ་ན་ལ་སོགས་པའི་མིང་དང་རྟགས་ཀྱི་བསྟན་བཅོས་རྣམས་ཀྱི་བསྡུ་བའི་ཚོགས་པ་རྣམས་འདིར་བརྗོད་པ་སྟེ། དེའི་ཕྱིར་ན་ཡོངས་སུ་རྫོགས་པའོ། །གལ་ཏེ་རྒྱུད་གཞན་རྣམས་ལས་བསྡུས་ནས་འདིར་བརྗོད་པ ་ཡིན་ན་མང་པོར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་སྡེ་ཚན་གྱི་ཁྱད་པར་གྱིས་ཚོགས་ཡོངས་སུ་ལ་སོགས་པའི་ཚིག་ཕྲད་རྣམས་སྤངས་ནས་སླར་ཡང་རྗོད་བྱེད་ཉུང་ཤེས་སུ་བསྡུས་པའི་གཞུང་གིས་བཤད་དོ། །བརྗོད་བྱ་སྡེ་ཚན་དུ་བསྡེབས་པས ་སྐབས་ཀྱི་བསྟན་ཆོས་ཀྱི་མིང་རྣམས་བདེ་བླག་དུ་རྟོགས་པའི་ཕྱིར་རོ། །མཚུངས་པ་རྣམས་བསྡུས་པའི་ཕྱིར་ན་སྡེ་ཚན་ཏེ། རིགས་དང་ཡོན་ཏན་དང་བྱ་བ་དང་ངོ་བོ་རྣམས་མཚུངས་པའི་ཕྱིར་རོ། །སླར་ཡང་མདོར་བསྡུས་དགོས་པ་ནི། ཨུཏཔ་ལ་ལ་སོགས་པ་ལ་བསྡུ་བ་མེད་པ་དང། མིང ་གི་འཕྲེང་བ་ལ་སོགས་པ་ལ་རྟགས་མེད་པ་དང། རྒྱུད་ཀྱི་རབ་ཏུ་དབྱེ་བ་ལ་སོགས་པ་ལ་མིང་མེད་པ་དང། འཆི་བ་མེད་པའི་འཕྲེང་བ་ལ་སོགས་པ་ཡོངས་སུ་མ་རྫོགས་པ་དང། བོ་སྟ་ལི་ཏ་ལ་སོགས་པ་ལ་སྡེ་ཚན་གྱི་སྟོང་པ་ཞེས་སྟེ། དེ་རྣམས་ལས་ཁྱད་པར་དུ་གྱུར་པས ་འབྲས་བུ་དང་བཅས་པའི་ཕྱིར་རོ། །ཅི་སྟེ་མིང་རྣམས་ཀྱི་རྟགས་དང་བརྗོད་བྱ་ལ་སླར་ཡང་མིང་དོན་ནི་དུ་བརྗོད་ན་ནི་གཞན་རྣམས་ལ་ཡོངས་སུ་རྫོགས་པ་དགག་པའི་ཕྱིར་དང། དེ་བཞིན་དུ་ཡང་མིང་ཇི་སྙེད་པའི་ཚིག་དང། དེ་སྙེད་ཀྱི་རྟགས་ཀྱི་ཚིག་རྣམས་སུ་བྱས་ན ་ནི་མངས་པར་ཐལ་བར་འགྱུར་བས་འདིར་བཤད་པ། སྐྱེས་པོ་མོ་མ་ནིང་ལ་ཞེས་པ་ནི། ཕོའི་རྟགས་ཅན་དང། མོའི་རྟགས་ཅན་དང། མ་ནིང་གི་རྟགས་ཅན་དང་གསུམ་སྟེ། དེ་ཤེས་པར་བྱ་བའི་གཞིའོ། །ཤེས་བྱེད་ནི་ཕལ་ཆེར་གཟུགས་ཀྱི་དབྱེ་བ་སྟེ། དེ་ཡང ་མིང་རྣམས་དང། མིང་གི་ཁྱད་པར་རྣམས་དང། ཕ་རོལ་གྱི་མིང་ཤེས་པས་མིང་ཐམས་ཅད་པའི་སྒྲ་ཡང་རབ་ཏུ་དབྱེ་བ་གཞན་དུ་འགྱུར་རོ། །དེ་ལ་གཟུགས་ཀྱི་དབྱེ་བ་ནི་དཔེར་ན། ཀི་མི་ད་ཀི་ར་ཁ་སྒོ་ན་ནར་ཀཱ་ས་ལ་པདྨ། ལཾ་མཱ་ལཾ། ཛ་ལ་མི་ཏི་ཞེས་སོ། །མིང་གི་ཁྱད་པར ་གྱི་འགྱུར་བ་ནི་དཔེར་ན། གཎྜཽ་ཀ་སོ་ལཽ་ཏ་ཏ་སར་ཧ་ནུ། ཕ་རོལ་གྱི་མིང་བོས་པས་མིང་ཐམས་ཅད་གྱུར་པ་ནི། དཔེར་ན་ཀུཏྟུ(མདོ་འགྲེལ་ཞིག་སྟེ། དཔེར་ན། ཨ་ཤ་ཡུག་ཤི་བྷཱ་ནུ། ཀ་ར་བྷི་ཡརྟརིཥྞ་པ་དཾ། གཟུགས་ཀྱི་དབྱེ་བ་མེད་པའི་ཕྱིར་མཐོའི་རྟགས་ཀྱི་ངེས་པར་བྱའོ། །དེའི་ཁྱད་པར་སྒྲུབ་ཅེས་པ་ནི། ཕོ་མོ་མ་ནིང་དེའི་ཁྱད་པར་ཉེ་བར་ལེན་པས་འགྲིག་ཕོ་མོ་མ་ནིང་དུ་ཤེས་པ་ནི། གང་ལ་གཟུགས་ཀྱི་དབྱེ ་བས་ངེས་པའི་རྟགས་མེད་པ་དང། ལྷན་ཅིག་སྤྱོད་པས་ངེས་པའི་རྟགས་ཀྱང་མེད་པའི་མངོན་པར་འདོད་པ་དཔག་ཏུ་མེད་པ་རྣམས་དེ་བཞིན་དུ་རྟགས་ཀྱི་ཁྱད་པར་གྱིས་ཏེ། དཔེར་ན། པཎྜ་རིམམཉྫ་རི(མདོ་འགྲེལ་མོ་དང་འབྱུང་ཁུངས་ཡིན་ནོ། །བི་ཌ་སྐཾ་སྐྱེས་བུ་དང་མ་ནིང་ངོ། །དབྱེ་བ་བཤད་པའི་ཕྱིར་ན་ཐ་དད་པའི་བསྡུ་བ་དང། གཅིག་གིས་ལྷག་པར་མ་བསྡུས་སོ། །བསྡུ་བ་ཞེས་པ་ནི་ཚིག་ལ་བསྡུ་བ་དང། རྟགས་གཅིག་ལ་བསྡུ་བའོ། །ཅི་སྟེ་རིག་འཛིན་ཆུ་སྐྱེས ་གནོད་སྦྱིན་དང། སྲིན་པོ་དྲ་ཟ་མིའམ་ཅི། ཞེས་པ་ལ་སོགས་པ་བསྡུ་བ་བཤད་པ་མ་ཡིན་ཞེ་ན། ཡོངས་སུ་གྲགས་པ་ལས་གཞན་པའི་བསྡུ་བ་མ་བྱས་པའོ། །འདིར་ནི་རྟགས་བཀག་པ་དང། གོ་རིམ་སྤངས་པ་མ་བཤད་པ་ནི། རྟགས་ཀྱི་བསྡུ་བ་མ་བྱས་ཤིང། ་གོ་རིམ་ལས་གཞན་པ་ཡང་མ་བཤད་དོ། །དེ་ལྟར་ཁྱད་པར་སྒྲུབ་པ་གཟུགས་ཀྱི་དབྱེ་བ་ལ་སོགས་པ་བྱས་ན་གཞུང་ཆེན་ཆེས་པར་གྱུར་པས་དེ་ཡོངས་སུ་དོར་ནས་བཤད་པ་ཡིན་གྱི་རིམ་པ་སྒངས་ནས་མ་བསྡུས་སོ། །འདིར་ནི་མཐོ་རིས་དང་ནམ་མཁའ་དང་ཕྱོགས ་དང་དུས་ལ་སོགས་པ་ཇི་ལྟ་བའི་གོ་རིམ་བྱིས་དེ་དང་འབྲེལ་པའི་ལྟ་བ་ལ་སོགས་པའི་དོན་རང་རང་གི་འབྲེལ་པ་ལྷན་ཅིག་པ་རྣམས་ཇི་ལྟར་གཙོ་བོའི་རང་གཟུགས་ཀྱི་བརྗོད་བྱའི་དོན་རྟོགས་པའི་ཕྱིར་ཏེ། དེ་ལ་གང་གི་རྣམ་གྲངས་རྣམས་དང་འབྲེལ་བ་རྣམས་དང། ་མིང་རྣམས་དེའི་བརྗོད་པའི་གནས་སྐབས་ཀྱིས་གང་དང་གང་ལ་བརྟེན་པ་དང་དེ་དང་དེའི་གོ་རིམ་བསྟན་པས། གཅིག་གཉིས་དང་མདོ་བའི་ཚིག་རྣམས་བདེ་བླག་ཏུ་སྟོང་བ་སྟེ། རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་རོ། །གསུམ་གྱི་རྟགས་ལ་གསུམ ་ཞེས་བྱ་བ་ནི། ཕོ་མོ་མོ་ནིང་གསུམ་གྱི་རྟགས་དང་ལྡན་པ་ལས། ཏྲིལཊ་ཞེས་འབྱུང་སྟེ་གསུམ་ཞེས་བྱ་སྟེ། དཔེར་ན། ཊ་ཊཾ་ཏཾ་ཥུ་ཞེས་བྱ་སྟེ། ཏ་ཌཾ་ནི་འགྲམ་ལ། ཏ་ཥུ་ནི་གསུམ་མོ། །ཕོ་མོ་དག་སྦྱོར་བ་ནི་འཁྲིག་པའོ། །དེ་གཉིས་ཞེས་བྱ་སྟེ། འདིར ་ཡང་རྟགས་གཉིས་དང་ལྡན་པ་ལ་གཉིས་ཞེས་བྱ་སྟེ། དཔེར་ན། ཨ་ཤ་ནི་དྷཱ་ཡོ་ཞེས་བྱ་སྟེ། ཨ་ཤ་ནི་ཞེས་བྱ་ནི་གནམ་ལྕགས་ལ། དྷ་ཡོ་ནི་གཉིས་སོ། །རྟགས་བཀག་ལྷག་མའི་དོན་ལ་ཞེས་པ་ནི། མའི་རྟགས་ཀྱིས་ཤེས་པར་བྱེད་དེ། དཔེར་ན། ནདྷི་པོ་ལ་སྟི་ཡཱཾ་ཞེས་བྱ ་སྟེ། དཱི་བོ་ནི་གླིང་ངོ། །སྟི་ཡཾ་མ་ཡིན་པའོ། །དེ་བཞིན་དུ་མོའི་རྟགས་བཀག་པས་ལྷག་མ་ཕོ་དང་མ་ནིང་དུ་ཤེས་པར་བྱའོ། །དེ་བཞིན་དུ་ཕོའི་རྟགས་ལ་སོགས་པ་བཀག་པ་ཡང་ངོ། །ད་ནི་གཞུང་ཉུང་དུས་རྟོགས་པའི་དོན་བཤད་པ། སྟུ་མཛའ་ཨ་ཐ་སྔོན་ཆ ་མིན་ཞེས་པ་ནི། སྟུ་མཛའ་ཚིག་དང་ཨ་ཐ་ལ་སོགས་པའི་མིང་དང་རྟགས་ཀྱི་ཚིག་རྣམས་སྔོན་མའི་ཚིག་འཕྲོལ་མི་སྦྱོར་ཞིང་དོན་གཞན་ཕྱི་མ་གཅིག་སྟོན་པའོ། །དཔེར་ན་ཤོ་བྷཱ་ཀཱིནྟ་གྷཱུ་ཏིཥཚ་པ་ར་བ་ཤྱཱ་ཡ་ཏུ་ནི་ཧ་ར། པྲ་ལེ་ཡ་བ་ཧི་ཀཱ་ཙ་ལ་ཐ་ཧི་མཱ་ལ་ཐ་དོན ་གཞན་སྟོན་པས། ཧི་མཱ་ནཱི་ཧི་མ་སཾ་ཧ་རི། ཞེས་པ་ནི་ཁ་བའི་ཕུང་པོའོ། །དེ་ལྟར་ན་བསྟན་བཅོས་རྣམ་པར་བཞག་པའི་ངེས་ཚིག་མདོར་བསྟན་ནས། ད་ནི་མཐོ་རིས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་བསྟན་བཅོས་རྩམ་བར་མཛད་དེ། འདིར་བསྟན་བཅོས་ཀྱི་བརྗོད་བྱ་ནི་ས་གསུམ་མོ། །དེ་ལ་དང ་པོ་གཙོ་བོ་དང་མཐོ་རིས་རྣམས་བརྗོད་པར་བྱ་སྟེ། ལྷ་རྣམས་དེ་དང་དེ་ལ་བརྟེན་པའི་ཕྱིར་རོ། །ཇི་ལྟར་དེའི་ཁྱད་པར་གཙོ་བོའི་བརྗོད་བྱ་ནི། སངས་རྒྱས་དང་ཚངས་པ་དང་ཁྱབ་འཇུག་དང་དག་པོ་རྣམས་བརྗོད་པར་བྱའོ། །ལྷའི་དབང་པོ་ནི་བརྗོད་པ་ཉིད་ཏེ། དེ་ཡང་དང་པོ ་ཕྱོགས་ཞེས་དེའི་གོ་རིམས་ངེས་པའི་ཕྱོགས་ཀྱི་རྗེས་སུ། ཤར་དང་མ་ལ་སོགས་པ་ལུས་ངན་གྱི་མཐར་ཐུག་པའི་ཕྱོགས་ཀྱི་བདག་པོ་རྣམས་གོ་རིམ་ངེས་པའི་ཕྱིར་རོ། །སྟེང་གི་ཕྱོགས་ནམ་ལའི་བདག་པོ་ནི་ཟླ་བ་ཡང་ཡིན་ཏེ། རྒྱུ་སྐར་རྒྱལ་པོའོ། །དེའི་གོ་རིམ ་ངེས་པས་གཟའ་དང་སྐར་མའི་བདག་པོ་ནི་ཉི་མ་ཡང་ཡིན་ནོ། །དེའི་འོག་ཏུ་ཞར་ལས་བྱུང་བ་སྔ་དྲོ་ལ་སོགས་པ་དུས་ཀྱི་གོ་རིམ་གྱིས་བསྐལ་པ་བརྗོད་པ་དང་འཇིག་པའི་བསྐལ་བ་དང་ཤར་བ་དག་ཀྱང་བཤད་དོ། །དེ་ལ་ཆོས་ལ་སོགས་པའི་བྱེད་པ་པོ་མ་མཐོང་བའི་བདག་ལྷ ་དུ་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ནི་ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོའོ། །གྲངས་ཅན་གྱི་འདོད་པས་སྐྱེས་བུ་ལོངས་སྤྱོད་པར་བྱེད་པའི་སོ་གསུམ་པོ་འདིར་རང་བཞིན་སྤྱི་གཙོ་བོས་བསྐྱེད་ཅིང་ཆོས་ལ་སོགས་པའི་བྱེད་པ་པོ་འདོད། དེ ་ནས་ལུས་དང་བླེ་དང་ཡུལ་དང་དབང་པོའི་མཚན་ཉིད་ལ་སོགས་པ་དང། ཡུལ་རྣམ་པར་སྤྱོད་པ་བྱེད་པ་དང་སྒྲའི་གོ་རིམ་ངེས་པའི་གླུ་དང། དེའི་ཞར་ལས་བྱུང་བའི་སིལ་སྙན་དང། གར་ཞེས་པ་རྣམས་ཀྱང་དང་པོའི་སྡེ་ཚན་ལ་ཡོངས་སུ་རྫོགས་པ་ཞར་ལ ་ཐོབ་པར་འགྱུར་རོ། །ས་འོག་གི་བདག་པོ་ལ་སོགས་པ་རྣམས་ཀྱང་དང་པོའི་སྐབས་སུ་བཤད་དོ། །ཕྱོགས་ཀྱི་གོ་རིམ་ངེས་པར་འབྱུང་བའི་ཕྱིར་རོ། །གཉིས་པ་སའི་སྡེ་མཚན་གྱི་གོ་རིམ་ལ་གྲོང་ཁྱེར་དང་གྲོང་གི་གོ་རིམ་ངེས་པའི་གྲོང་རྡལ་དང། ་ཤ་བ་རིའི་གནས་གྲོང་གི་བྱེ་བྲག་སྟེ། དེ་ཡང་རི་དང་ནགས་ལ་བརྟེན་པའོ། །དེའི་རྗེས་སུ་རི་དང་ནགས་ལ་གནས་པའི་སེང་གེ་ལ་སོགས་པ་གཞན་མཛའ་དག་ཀྱང་དེའི་ཞར་ལ་ཐོབ་པའོ། །མི་སྤྱི་རྣམས་དང་དེའི་ཁྱད་པར་བྲམ་ཟེ་དང་རྒྱལ་རིགས ་དང་རྗེ་རིགས་དང་དམངས་རིགས་རྣམས་ཀྱང་བཤད་དོ། །སྡེ་ཚན་གསུམ་པ་སྔོན་དུ་གསུངས་པའི་སྐབས་གཉིས་པོ་ལ་བརྟེན་ནས་དེ་བཞིན་དུ་བཤད་དེ། །དེ་དང་འབྲེལ་བའི་བདེ་བ་ལ་སོགས་པ་དང། ལས་ལ་སོགས་པ་བྱ་བ་བྱེད་པ་རྣམས་དང། དོ་ན ་དཔག་ཏུ་མེད་པའི་ཚིག་རྣམས་ཀྱང་བཤད། བསྟེན་བཅོས་ཀྱི་དོན་གྱི་ཆ་ཤས་མདོར་བསྡུས་པའི་གོ་རིམ་བརྗོད་ནས། ལྷ་གནས་ཞེས་པ་ནས་བཞི་གསུམ་པ་ཞེས་པའི་བར་དུ་ལྷའི་གནས་ཀྱི་མིང་ངོ། །ལྷའི་གནས་ཀྱི་སྭ་ཞེས་འབྱུང་སྟེ། མཐོ་རིས་དང་ལྷན ་ཅིག་སྤྱོད་པའི་རྟགས་ཀྱིས་ཕོའི་རྟགས་ཅན་ནོ། །མི་ཟད་ཅེས་པ་ནི། ཚིག་འདིས་རྟགས་ཀྱི་གྲངས་སུ་བྱས་པ་རྣམས་ལ་ཟད་མེད་སྟེ་སྣ་ཚོགས་པའི་རྟགས་སུ་འགྱུར་རོ། །ཕྱོགས་གཅིག་ཏུ་ཆད་པ་ནི་ཟད་པའོ། །སྐྱོ་མེད་ཅེས་པ་ནི་མི་དགའ་བ་མེད་པའོ ་སུམ་རྩེ་ནི་ལྷའི་གཙོ་བོ་ཚངས་པ་དང། ཁྱབ་མཇུག་དང། དབང་ཕྱུག་སུམ་རྩེ་པའི་གནས་སོ། །སྐབས་གསུམ་ནི་ལྷ་རྣམས་ལ་སྐྱེ་བ་ནི་ཡོད་དེ། ལོ་ཉི་ཤུ་རྩ་བཞི་ལོན་པ་ལྟ་བུ་སྐྱེའོ། །གཞོན་ནུ་དང་དར་ལ་བབ་པ་དང། རྒས་པ་ལ་སོགས་པ་ནི་མེད་དོ། །ཡང་གནས་པ ་དང་འཆི་བ་ནི་ཡོད་དོ། །དེས་ན་སྐབས་གསུམ་གནས་སོ། །ལྷའི་འཇིག་རྟེན་དང། རོལ་པའི་གནས་དང། མཁའ་ཞེས་བྱ་བས་ཀྱང་ལྷའི་ཡུལ་དུ་གོའོ། །གཉིས་མོ་ཞེས་པ་ནི། རོལ་པའི་གནས་དང། མཁའ་གཉིས་མོའི་རྟོགས་ཅན་ནོ། །མ་ནིང་བཞི་གསུམ་པ ་མི་དེ་ཉིད་མ་ནིང་གི་རྟགས་ཅན་ནོ། །བཞི་གསུམ་པ་ནི་སྐབས་གསུམ་མོ། །གཞན་རྣམས་ནི་ཕོའི་རྟགས་ཅན་ནོ། །དེ་རྣམས་ཀྱིས་ལྷའི་ཡུལ་ལམ་གནས་ཀྱི་མིང་གི་རྣམ་གྲངས་སོ། །དེ་ན་གནས་པའི་ལྷ་སྤྱི་ཙམ་གྱི་རྣམ་གྲངས་ནི། འཆི་མེད་ཅེས་པ་ནས། ལྷ ་ཉིད་མིང་ཞེས་པའི་ཚིགས་སུ་བཅད་པ་གསུམ་གྱིས་སོ། །འཆི་བ་མེད་པ་ནི། དུས་རིང་བ་ལ་བྱའོ། །རྒས་མེད་ནི་ལྷ་ལ་དེ་མེད་དོ། །སྐབས་གསུམ་ལྷ་ནི། སྐྱེ་བ་གནས་པ་འཆི་བ་གསུམ་ཡོད་དོ། །རྣམ་པར་སད་པ་ནི་གཉིད་མེད་པ་སྟེ། རྟག་ཏུ་སད་པའོ། །བཅུད་ལྡན ་ཞེས་པ་ནི་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རྒྱ་མཚོ་བསྲུབས་ཏེ། ལིཀྵྨ་བྱུང་བ་ཁྱབ་འཇུག་གིས་ཁྱར། ཟླ་བ་ཕྱེད་པ་བྱུང་བ་དབང་ཕྱུག་གི་སྤྱི་བོའི་རྒྱན་དུ་བྱས། དུག་བུམ་པ་གང་བྱུང་བ་དབང་ཕྱུག་གི་མགྲིན་པར་བཞག་པས་མགྲིན་པ་སྔོན་པོར་སོང། །ཆང་བུམ་པ་གང་བྱུང་བ་དེ་ལྷ ་རྣམས་ཀྱི་ཁྱེར་བས་སུ་ར་སུ་ར་ཞེས་གྲགས། ཆང?་ངམ་མཚོའི་བཅུད་དམ། བདུད་རྩིར་ཡང་རུང་ངོ། །ཚིག་བཟང་བ་ནི་ལྷའི་ཚིག་རྣམས་འཇམ་ཞིང་མཉེན་པའོ། །ཡིད་བཟང་ནི་ཡིད་ལ་བསམས་པ་ཙམ་གྱིས་དགོས་འདོད་འགྲུབ་པའོ། །སུམ་རྩེའི་གནས་ན་གནས་པས ་སུམ་རྩེའོ། །དབང་ལྡན་པ་ཞེས་ཀྱང་བྱའོ། །མཐོ་རིས་ཀྱི་དོན་དང་ལྡན་པས་མཐོ་རིས་གནས་སོ། །མི་སྦྱིན་ནི། དྲང་སྲོང་ཀཱ་ཤྱཱ་པ་ཞེས་པའི་ཆུང་མ་ལ་དི་ཏི་ཞེས་པ་ལྷ་རྣམས་ཀྱི་དང་པོའི་མདོ?་ཨ་དི་ཏི་ནི་མི་སྦྱིན་ནི། མའི་མིང་ལས་དཔེས་ན་བཏགས་སོ། །མཁའ་སྤྱོད་བ་ཡང་ངོ།། ་ལེགས་བྲིས་ནི་ལྷ་རྣམས་ཀྱི་མགྲིན་པ་དང་ལག་པ་དང་རྐང་པ་རྣམས་ལ་བཀྲ་ཤིས་ཀྱི་རི་མོས་མཚན་པས་ལེགས་པར་བྲིས་སོ། །མི་སྦྱིན་དགའ་ནི། མ་དགའ་བར་བྱེད་པའོ། ། དིའི་བུ་ནི་སྒྲའི་སྒྲུབ་ཚུལ་ལོ། །རི་ཡིག་ནི་ལྷའི་མའི་མིང ་སྟེ་སྐབས་གསུམ་གྱི་ལྷ་མོ་ལས་བྱུང་བའོ། །གཉིས་མེད་པས་རྨི་ལམ་མེད་དོ། །མི་འཆི་བ་ནི་སྒྲའི་སྒྲུབ་ཚུལ་ལོ། །བདུད་རྩི་ལས་ལོངས་སྤྱོད་པས་བདུད་རྩི་ཟས་སོ། །མེའི་ཞལ་ནི་མེ་ལྷ་ལ་སྦྱིན་སྲེག་བྱས་པ་ལྷའི་ཞལ་དུ་འགྲོའོ། མཆོད་སྦྱིན་ཟ་བ་ཞེས་ཀྱང་བྱའོ། །དག ་གི་མདའ་ཅན་ནི་ལྷ་རྣམས་ཀྱི་གང་སྨོས་པ་དེ་གྲུབ་པས་དག་གི་མདའ་ཅན་ནོ། །ལྷ་མ་ཡིན་དང་གཡུལ་འགྱེད་པའི་ཕྱིར་ན་ལྷ་མིན་དགྲའོ། །ཚོགས་བཟང་པ་ནི་ཐམས་ཅད་ལེགས་པའི་ཕྱིར་ན་ཚོགས་བཟང་ངོ། །ལྷ་རྣམས་ཉིད་མི་ཡང་ན་ཕོའི་རྟགས་སོ། །ལྷ་མོ ་ཉིད་ཅེས་པ་ནི་རྟགས་དང་ལྡན་པའོ། །དེ་རྣམས་ཐམས་ཅད་ལྷ་སྤྱི་ཙམ་གྱི་མིང་ངོ། །ཉི་མ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་ཚོགས་པའི་ལྷ་སྟེ། འདུས་པར་གྱུར་པའི་ལྷ་རྣམས་སོ། །དེ་ནི་ལྷ་རྣམས་འདུས་པའི་བྱེ་བྲག་ཏུ་བཤད་པའི་ཚོགས་ཀྱི་ལྷ་རྣམས་ཀྱི་སྒྲས ་བརྗོད་པའི་ཕྱིར་རོ། །དེ་ལ་ཉི་མ་བཅུ་གཉིས་སོགས། སྣ་ཚོགས་ལྷ་རྣམས་བཅུ་གཉིས་ཞེས། ནོར་གྱི་ལྷ་རྣམས་བརྒྱད་དུ་གྲགས། །དགའ་ལྡན་དེ་བཞིན་སུམ་ཅུ་དྲུག། འོད་གསལ་དྲུག་ཅུ་རྩ་བཞི་དང། རླུང་ཞེས་བྱ་བ་བཞི་བཅུ་དགུ། དེ་བཞིན་ཉིས་བརྒྱ ་ཉི་ཤུའོ། །བསྒྲུབ་བྱ་ཞེས་བྱ་བཅུ་གཉིས་གྲགས། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །འདི་རྣམས་ཚོགས་ཀྱི་ལྷ་རྣམས་ཏེ། དེ་ལ་སོགས་པ་རང་མིང་ངོ། །དེ་ལ་ཉི་མ་བཅུ་གཉིས་ནི། དབང་པོ་བྱེད་པ་ལམ་པ་དང། ཆར་འབེབས་བསྟོད་བྱེད་སྔོན་མིན ་འཕགས། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང། ཆུ་བདག་བ་ཤེས་གཉེན་ཞེས་བྱའོ། །ནོར་དང་སེམས་པ་མཆོག་སྦྱིན་དང། གསལ་དུས་འདོད་ཁུར་མིག་དང་ནི། སྐྱེས་བུ་དང་ནི་གཡོན་དངོས་སོ། །དེ་རྣམས་སྣ་ཚོགས་ལྷ་རུ་གྲགས། །ཆུ་དང་བརྟན་པ ་ཟླ་བ་དང། འཛིན་བྱེད་རླུང་དང་མེ་དང་ནི། ནམ་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། །ཤེས་དང་ཡིད་རྗེས་ཁྱབ་འཇུག་དང། ཤེད་བྲ་མི་ཡི་བུ་དང་ནི། །དེ་བཞིན་དུ་ནི་དཀའ་ཐུབ་གཏེར། །དད་པ་དང་ནི་ཆོས་དང་གྲགས། །ཉིན་མཚན་མཉམ་བྱེད་ལེགས ་སྐྱེས་ཏེ། གྲུབ་པའི་ལྷ་རྣམས་བཅུ་གཉིས་གྲགས། །མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོམ་འགྲུབ་ལྡན། །འཕྲོག་བྱེད་དེ་ནས་དེ་བྱུང་དང། །སྤྱན་གསུམ་གཞན་ལས་རྒྱལ་བ་དང། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས ་པར་བྱ། །ལྷག་པ་རྣམས་ནི་ལུང་ལས་ཤེས་པར་བྱ་སྟེ། འདིར་ནི་མངས་པས་འཇིགས་པས་མ་བྲིས་སོ། །རིག་འཛིན་ཞེས་པ་ནི་མིག་སྨན་དང་སྔགས་ལ་སོགས་པའི་རིག་པ་འཛིན་པའོ། །རྣམ་གྲངས་ནི། ར་བྷ་སའི་མཛོད་ལས། རིག་པ་འཛིན་དང་འདོད་གཟུགས་དང། ་མཁའ་སྤྱོད་བདེན་དཔལ་ལས་མཚོའོ། །ཞེས་པའོ། །ཆུ་སྐྱེས་ནི་ལྷ་རྣམས་ཀྱི་བཙུན་མོ་སྟེ། ལྷའི་སྨད་འཚོང་མ་ཨུརྦ་ཤི་ལ་སོགས་པའོ། །གནོད་སྦྱིན་ནི་མཆོད་སྦྱིན་ཏེ་ལྷ་རྣམས་ཀྱི་མཆོད་པ་བྱེད་མཁན་ནོ། །སྲིན་པོ་ནི་འཇིགས་སུ་རུང་བ་ལ་སོགས་པའོ། །དྲི་ཟ ་ནི་ལྷའི་ཀླུ་མཁན་སྟེ་གནདྷརྦཱ་ཞེས་པ་གླུ་ལ་ཡང་འཇུག་སྟེ། དེ་ནི?་སྒྲ་ངན་སྤངས་དང་དབྱངས་འདེམ་ཞེས་བྱ་བ་ལ་སོགས་པའོ། །མི་འམ་ཅི་ནི་མིའི་ལུས་པོ་ལ་རྟའི་གདོང་བ་ཅན་ལ་སོགས་པ་གླུ་དབྱངས་ཀྱིས་རྩེ་བའོ། །ཤ་ཟ་ནི་སེམས་ཅན་གྱི་བྱེ་བྲག་ཤ་རྗེན་པ་ཟ་བ་ལུས ་ངན་པའི་རྗེས་སུ་སྤྱོད་པའོ། །གསང་བ་ནི་གཏེར་འཛིན་པ་སྟེ། གསང་བ་ནོར་བུ་བཟང་པོ་ལ་སོགས་པ་ལུས་ངན་པོའི་རྗེས་སུ་སྤྱོད་པའོ། །གྲུབ་པ་ནི་ཆུང་ངུ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའོ། །འབྱུང་པོ་ནི་འགིག་སྐད་ཆེན་པོ་སྨྲ་བ་སྟེ་ཤ་ཟའི་རབ་ཏུ་དབྱེ་བས་ཁ ་འོག་ཏུ་ལྟ་བ་དང། ཁ་སྟེང་དུ་ལྟ་བ་ལ་སོགས་པའོ། །དེ་རྣམས་ལྷའི་སྒྲས་བརྗོད་པར་བྱ་སྟེ། དེ་རྣམས་དང་པོ་ལྷ་ལས་སྐྱེས་པ་འབྱུང་བའི་ཕྱིར་རོ། །ཡང་ན་ལྷ་རྣམས་བཞིན་དུ་སྐྱེ་གནས་ལས་མ་སྐྱེས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཅིག་གིས་ལྷ་མ་ཡིན་རྣམས་ཀྱི་མིང ་ངོ། །སྦྱིན་སྐྱེས་ནི་མ་དི་ཏི་ཞེས་པའི་ཕུའོ། །རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་སུ་ར་ལྷ་རྣམས་ཀྱིས་ཁྱེར་ནས་ལྷ་མ་ཡིན་རྣམས་ཀྱིས་མ་ཐོབ་པས་ཨ་སུ་ར་ཞེས་བྱ་བ་སྟེ། དོན་ནི་བཅུ་དང་མི་ལྡན་པའོ། །གཞུ་སྐྱེས་ནི། ད་ནུ་ཛ་ཞེས་འབྱུང ་སྟེ། གཞུ་སྐྱེས་ཞེས་བྱའོ། །སྦྱིན་འབྱུང་ཞེས་ཀྱང་བྱ་སྟེ། སྒྲའི་སྒྲུབ་ཚུལ་ལོ། །དེ་རྣམས་མིའི་མིང་ལས་གྲངས་ཏེ། དྲང་སྲོང་དཀྵ་ཞེས་པ་ལ་བུ་མོ་བཅུ་གསུམ་ཡོད་པ་ལས། དི་ཏི་ཞེས་པ་ནི་ལྷ་མ་ཡིན་རྣམས་ཀྱི་དང་པོའི་མའོ། །དབང་པོའི་སྒྲ་ཞེས ་ཀྱང་བྱའོ། །པ་སངས་སློབ་མ་ནི་ལྷ་མ་ཡིན་གྱི་བླ་མ་གཟའ་པ་སངས་སོ། །སྔོན་གྱི་ལྷ་ནི་ལྷའི་གནས་ལྷ་མ་ཡིན་རྣམས་ཀྱི་ཡིན་པ་ལ། དེ་ལས་ལྷ་རྣམས་ཀྱིས་ཕྲོགས་ནས། ལྷ་མ་ཡིན་རྣམས་རི་རབ་ཀྱི་རྨད་ན་མར་སྐྱོད་ཞེས་གྲག་གོ། ལྟ་རྣམས་སྨོད་ནི། ་ལྷ་ལ་ངན་སྨྲས་བརྗོད་པའོ། །དེ་རྣམས་ལྷ་མ་ཡིན་སྤྱི་ཙམ་གྱི་མིང་ངོ། །ཚིགས་སུ་བཅད་པ་གཉིས་ཀྱིས་རྫོགས་པའི་སངས་རྒྱས་ཅི་ཙམ་གྱི་མཚན་ནོ། །བདེ་གཤེགས་ནི། ཡེ་ཤེས་ཀྱིས་ལེགས་པར་གཤེགས་པ་ལ་སོགས་པའོ། །སངས་རྒྱས ་ནི་ཤེས་བྱ་མཛའ་དག་ཁོང་དུ་ཆུད་པ་ལ་སོགས་པའོ། །ཐམས་ཅད་མཁྱེན་པ་ནི་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་དང་ལྡན་པའོ། ཆོས་ཀྱི་རྒྱལ་པོ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་ཆོས་ཀྱི་རྒྱལ་པོའོ། །དེ་བཞིན་གཤེགས་པ་ནི་ཇི་ལྟར་བྱོན་པ ་དེ་བཞིན་དུ་གཤེགས་པ་ནི་དེ་བཞིན་གཤེགས་པའོ། །ཀུན་ཏུ་བཟང་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཆོག་ཏུ་གྱུར་པའོ། །བཅོམ་ལྡན་འདས་ནི་དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པའོ། །བདུད་འདུལ་བ་ནི་ཉོན་མོངས་པ་ལ ་སོགས་པ་བཞི་འདུལ་བའོ། །འཇིག་རྟེན་རྒྱལ་བ་པོ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་བྱམས་པའོ། །མངོན་ཤེས་དྲུག་ལྡན་ནི། །ལྷ་ཡི་སྤྱན་དང་རྣ་བ་དང། །གཞན་སེམས་ཤེས་དང་སྔོན་གནས་དྲན། །ཟག་པ་ཟད་ཤེས་རྫུ ་འཕྲུལ་ཤེས། ཞེས་སོ་སྟོབས་བཅུ་པ་ནི། གནས་དང་གནས་མ་ཡིན་མཁྱེན་པ་ལ་སོགས་པ་སྟེ། ལུང་རྣམས་ལས་ཤེས་པར་བྱ་སྟེ། འདིར་གཞུང་མངས་པའི་འཇིགས་པས་མ་བཤད་དོ། །གཉིས་མེད་གསུང་ནི། མཛའ་གཉིས་དང་བྲལ་བར་གསུང་བའོ། །རྣམ ་པར་འདྲེན་པ་ནི་སེམས་ཅན་རྣམས་འདུལ་ཞིང་ཕན་པའི་ཆོས་གསུངས་པའོ། །ཐུབ་པའི་དབང་པོ་ནི་ཐུབ་པ་རྣམས་ཀྱི་རྒྱལ་པོའོ། །དཔལ་སྟུག་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་དང། རིན་པོ་ཆེའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཚོན་པའི་མཚན་ཉིད་ནི་དཔལ་ལོ། །སྡུག་པ་ནི ་ཚོགས་པའོ། །སྟོན་པ་ནི་སེམས་ཅན་འདུལ་ཞིང་ཆོས་སྟོན་པའོ། །ཐུབ་པ་ནི་རྣམ་པ་ཐམས་ཅད་ཀྱི་ཆོས་མཛའ་དག་གསུང་བའོ། །སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་རྣམས་ནི་ལུང་ལས་ཤེས་པར་བྱ་སྟེ། འདི་རྣམས་སངས་རྒྱས་སྤྱི་ཙམ་གྱི་རྣམ་གྲངས་སོ། །ཚིགས་སུ ་བཅད་པ་གཅིག་གིས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ནོ། །ཤཱཀྱའི་རིགས་སུ་འཁྲུངས་པའི་ཕྱིར་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཤཱཀྱ་ནི་བུ་རམ་ཤིང་པའི་རིགས་ལས་བྱུང་བའི་རྒྱལ་པོ་ཀ་ཙ་ན་ཞེས་བྱ་བའི་བུ་ཕས་ནགས་སུ་སྐྲད་པས། ་སྔགས་དེར་ཐུབ་བ་སེར་སྐྱ་ཞེས་བྱ་བ་ལ་བརྟེན་ནས་དེ་ན་ཤིང་ཤཱཀྱ་ཞེས་པའི་དྲུང་ན་གནས་ཏེ། སེར་སྐྱའི་སློབ་མར་གྱུར་ཏེ་རིག་པ་དང་ལྡན་ནོ། །དེ་ནི་ཤཱཀྱ་ཞེས་གྲགས་སོ། །ཤཱཀྱའི་སེང་གེ་ནི་གཙོ་བོའོ། །དོན་རྣམས་གྲུབ་ཅེས་པ་ནི། འདི་འཁྲུངས་པའི་དུས ་སུ་རིན་པོ་ཆེའི་གཏེར་དཔག་ཏུ་མེད་པ་བྱུང་ཞིང། ཐམས་ཅད་ཀྱི་དོན་རྣམས་གྲུབ་པས་དོན་གྲུབ་ཅེས་གྲགས་སོ། །ཟས་གཙང་སྲས་ནེ་སྐྱོན་དང་མ་འདྲེས་པའི་ཁ་ཟས་ལ་སྤྱོད་པ་སྟེ་དེའི་སྲས་སོ། །གཽ་ཏམ་ནི་ཐུབ་པ་སེར་སྐྱའི་རིགས་སུ་སྐྱེས་པའོ། །དེའི་སློབ་མ་ནི་ཤཱཀྱ ་གཽ་ཏ་མ་སྟེ། གོ་ཏྲ་ནི་རིགས་ལ། ཨུཏ་མ་ནི་མཆོག་གོ། དེས་ན་བླ་མའི་རིགས་དང་ལྡན་པ་ཞེས་ཀྱང་བྱའོ། །ཟས་གཏེར་འཇིགས་སྐྱོབ་རིགས་སྦྱིན་དང། །སྐྱེད་བྱེད་བག་གཏེར་ལྔ་བོ་ཕ། ཞེས་གྲངས་ཅན་པའི་གཞུང་ལས་སོ། །ཉི་མའི་གཉེན་དང། ལྷ་མོ་སྒྱུ ་འཕྲུལ་སྲས་རྣམས་ཏེ། རྒྱས་པར་ནི་ལུང་ལས་ཤེས་པར་བྱའོ། །ཚིགས་སུ་བཅད་པ་གཉིས་ཀྱི་ཚངས་པའོ། །འདི་ལ་ལུས་ཁྱད་པར་དུ་འཕགས་པ་སྟེ། གང་ཟག་གི་ལུས་ཚད་མེད་པའི་ཚད་ཡིན་པའི་ཕྱིར་རོ། །བྲི་ཧ་ཏ་ཞེས་པའི་ཁམས་ལས ་།བྲཧམ་ཞེས་འབྱུང་སྟེ། དེ་ནི་ཚངས་པ་ཞེས་བཏགས་ཏེ། དེའི་ལུས་ཀྱི་ཚད་ཁྱབ་འཇུག་གི་སྟེང་ནས་བལྟས། འོག་མར་དབང་ཕྱུག་གིས་བལྟས་ཀྱང་མ་མཐོང་ཞེས་གྲག་གོ་།བདག་སྐྱེས་ཞེས་པ་ནི་ལས་ཀྱི་རླུང་གིས་མ་ཕངས་པའོ། །ལྷ་ལས་རྒན་པ་ནི་ལྷ ་རྣམས་ཀྱི་ཆེ་ཤོས་ཡིན་པའི་ཕྱིར་རོ། །གནས་རྣམས་ཀྱི་མཆོག་ལ་གནས་སོ། །འཇིག་རྟེན་གྱི་དང་པོའི་ཕ་རྣམས་ཀྱིས་སྐྱེད་པས་མེས་ཕོའོ། །གསེར་ཀྱི་མངལ་ནི། དྲན་པའི་གཞུང་ལས། ཁྱབ་འཇུག་རང་བྱུང་བཅོམ་ལྡན་གྱིས། །སྐྱེ་དགུ་སྣ་ཚོགས ་སྒྲུབ་དོན་པས། དེར་ནི་ཆུ་རྣམས་བསྐྱེད་བྱས་ནས། དེ་ལས་ས་བོན་རབ་ཏུ་འཕངས། །གསེར་གྱི་མདོག་རབ་མཛེས་པ་ཡི། །སྒོ་ང་ཆུ་ལས་རབ་བྱུང་སྟེ། །དེ་ལས་མཆོད་སྦྱིན་རབ་བྱུང་བ། །ཚངས་པ་རང་བྱུང་རྣམ་པར་གྲགས། །གསེར་གྱི་མདོག་ཅན་དེ་ཉིད ་ལ། །བཅོམ་ལྡན་དེ་ནི་ལོ་གཅིག་ནས། །སྒོ་ང་དུམ་བུ་གཉིས་གྱུར་པས། །སྟེང་དང་འོག་ཏུ་དེ་ལས་ཆགས། ཞེས་སོ། །དེས་ན་སྟེང་དང་འོག་གི་འཇིག་རྟེན་ནོ། །དེས་ན་གསེར་གྱི་མངལ་ལོ། །འཇིག་རྟེན་དབང་གི་གཙོ་བོའོ། །རང་བྱུང་ཞེས་ཀྱང་བྱའོ། །གདོང ་བཞི་ནི་ཚངས་པས་ཐེག་ལེ་མཆོག་མ་ཞེས་པའི་བུ་མོ་ཞིག་སྤྲུལ་པས། །དེ་ལ་རང་ཡིད་ཅགས་སྟེ་བུ་མོ་ཕྱོགས་བཞིར་སོང་བ་ལ་བལྟས་བས། གདོང་པ་བཞི་བྱུང་ངོ། །སྟེང་གི་ཕྱོགས་སུ་སོང་བ་ལ་བལྟས་པས་སྟེང་གི་གདོད་པ་དང་ལྔ་བྱུང་ངོ། །དབང ་ཕྱུག་གིས་ནམ་མཁའ་ནས་བལྟས་པས་མཐོང་ནས་དེར་ངོ་ཚ་བའི་ཚད་ལས་ལ་སྟེང་གི་གདོད་པ་བཅད་དེ། དེས་གདོང་པ་བཞི་པར་གྲགས་སོ། །བྱེད་པ་པོ་ཞེས་ཀྱང་གྲགས་སོ། །ཁྱབ་མཇུག་གི་ལྟེ་བའི་པདྨ་ལས་སྐྱེས་སོ་ཞེས་ཀྱང་འབྱུང་བས་པདྨའི་སྐྱེ་གནས་སོ།། ་ཉེས་ཅན་ནི། རང་གིས་སྤྲུལ་བའི་བུ་མོ་ལ་ཆགས་པས་ན། སྟེང་གི་གདོད་པའང་བཅད་པས་ཉེས་ཅན་ནོ། །སྣ་ཚོགས་སྒྲུབ་བྱེད་དེ་ནི་ཁམས་གསུམ་ཐམས་ཅད་ཀྱི་བྱེད་འཕོར་འདོད་དོ། །པདྨའི་གདན་ཞེས་ཀྱང་བྱའོ། །འབྱིན་བྱེད་ནི། འགྲོ་བ་ཐམས་ཅད་དེ་ལས ་བྱུང་བར་འདོད་དོ། །སྐྱེ་དགུའི་བདག་པོ་ནི། སྐྱེ་འགྲོ་ཐམས་ཅད་ཀྱི་གཙོ་བོའོ། །རིག་བྱེད་པ་ཞེས་ཀྱང་བྱའོ། །རྣམ་བྱེད་ནི་ཁམས་གསུམ་གྱི་སྒྲུབ་པ་ལའོ། །སྣ་ཚོགས་བྱེད་ནི་ལྷ་ཚངས་པས་བསྐལ་བ་ཆགས་པའི་དུས་སུ་སྐྱེ་བོ་གཞན་ཡང་བདག་གིས ་བསྐྱེད་པར་བྱའོ་བསམས་པ་ལས་བྱུང་བའོ། །དེ་རྣམས་ཀྱིས་ཚངས་པའི་མིང་རྣམས་སོ། །ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་བཞིས་ཁྱབ་འཇུག་གོ་།ཁྱབ་འཇུག་ཅེས་པ་ནི་འགྲོ་བ་མཛའ་དག་དེ་ཡིས་ཁྱབ་ཅིང་བཅིངས་པའི་ཕྱིར་ན་ཁྱབ་འཇུག་གོ་།ནག་པོ་ནི ་ཁ་དོག་གི་ཡོན་ཏན་སྦྱོར་བས་ནག་པོའོ། །མིའི་བུ་མོ་ཞེས་པ་ནི་ལམ་སྣ་བརྟེན་པ་དེ་ལམ་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པས་མིའི་བུ་མོའོ། ། ཤྭཏྠ་ཐོས་ནི་བཥྚི་རའི་ཤིང་དྲུང་ན་གནས་པར་ཐོས་སོ། །རྟུལ་མོའི་བུ་ནི་ཁྱབ་འཇུག་གི་མའི་མིང་གིས་ཏེ ་པི་ཀུན་ཐ་ཞེས་པ་ལས་སྐྱེས་སོ། །དབང་པོའི་དབང་ཕྱུག་ནི་དབང་པོ་ལྔ་རྣམས་ཀྱི་བདག་པོའོ། །མེ་ཏོག་ལྟོ་ནི་ལྷ་མོ་གྲགས་མ་ཞེས་པ་ཁྱབ་འཇུག་གི་ཆུང་མའོ། །དེས་མེ་ཏོག་གི་ཕྲེང་བ་མགོ་ལ་འཇོག་པར་འདོད་པ་ལ་མ་བསླེབ་པར་ལྟོ་བར་གཞག་གོ་།དེས ་མཚོན་པ་སྟེ་མེ་ཏོག་ལྟོ་ཅན་ནོ། །སྒྲ་ཅན་གསོད་ནི། ལྷ་མ་ཡིན་སྒྲ་ཅན་ཞེས་པ་ཁྱབ་འཇུག་གི་གསོད་ཞེས་གྲག་གོ་།སྐྱེས་བུ་སྦྲང་རྩི་ཞེས་པའི་རིགས་ལས་རྒྱུད་ནས་བྱུང་བས་སྦྲང་རྩིའི་བུ་ཞེས་གྲག་གོ་།སྐྱེ་བོ་རྣམས་རང་གིས་བསད་ཅིང་བདག་ཉིད་ཀྱིས ་འདོན་པའི་ཕྱིར་ན་བདག་སྐྱེས་སོ། །སྦྱིན་སྒྲ་ནི་ལྷ་མ་ཡིན་སྦྱིན་བྱེད་དེ་ཡིས་བསད་པས་ན་སྦྱིན་དགྲའོ། །པད་དཀར་མིག་ནི་ཁྱབ་འཇུག་གི་དྲག་པོ་མཆོད་པའི་ཕྱིར་པདྨ་དཀར་པོ་སྟོང་གིས་གཏོར་མའི་གཟུགས་བྱས་ལ། དྲག་པོས་གཅིག་སྤས་པ་ལ་འདིས་རང་གི ་མིག་གཅིག་ཕྱུང་ཏེ། པདྨ་དཀར་པོའི་གནས་སུ་བཞག་པས། དེས་ན་པདྨ་དཀར་པོའི་མིག་ཅེས་གྲགས་སོ། །མཁའ་ལྡིང་རྒྱལ་པོའི་མཚན་ནི། བྱ་ཁྱུང་གི་རྒྱལ་མཚན་ནོ། །གླང་རྫི་ནི། བ་ལང་སྐྱོང་བའི་རིགས་སུ་གྱུར་པ་ན་ཆར ་ཆེན་པོ་བབ་པས་འདིས་རི་བོ་བཏེག་ནས་བསྲུངས་པས། དེའི་འོག་ཏུ་བྲམ་ཟེ་རྣམས་ཀྱི་བ་ལང་སྐྱོང་བའི་དཔོན་དུ་བརྐོས་སོ། །མི་འཛག་ཅེས་པ་ནི་ཁྱབ་འཇུག་གི་གོ་འཕང་ཐོབ་ནས་མི་ལྟུང་པའོ། །གོས་སེར་ཅན་ནི་དེའི་གོས་སེར་པོའོ། །རྭ་གཞུ་ཅན་ནི ་ཤཱཾ་གི་ཞེས་བྱ་སྟེ། ཁྱབ་མཇུག་ཁོ་ནའི་གཞུའི་མིང་སྟེ། བདག་པོ་ཉེ་བར་མཚོན་པའོ། །སྣ་ཚོགས་སྡེ་ནི་འགྲོ་བ་མཛའ་དག་ཁྱབ་འཇུག་གི་བྱས་པའི་ཕྱིར་སྣ་ཚོགས་སྡེའོ། །འགྲོ་བ་འཇོམས་པ་ནི་རྒྱ་མཚོའི་ནང་ན་གནས་པའི་ལྷ་མ་ཡིན་འདིས་བསད ་པས་ངན་འགྲོ་འཇོམས་པའོ། །ཡང་ན་འདིས་བསྐལ་པ་འཇིག་པའི་དུས་སུ་འགྲོ་བ་མཐག་འདིས་ཆད་ཅེས་གཞན་དག་འདོད་དོ། །སྟེང་གི་དབང་པོ་ནི། ས་གཞིའི་སྟེང་གི་བདག་པོ་ཞེས་འཇིག་རྟེན་ན་གྲགས་སོ། །ལྷའི་དབང་པོས་ཀྱང་བདག་གི་སྟེང་ན ་གནས་པའི་དབང་ཕྱུག་ནི་སྟེང?་གི་དབང་པོའོ་ཞེས་གྲགས་སོ། །དབང་གཞན་སྐྱེས་ནི། ལྷའི་དབང་པོའི་ནུ་བོ་སྟེ། ལྷ་རྣམས་ཀྱིས་དགྲ་ཞེས་ལྷ་མ་ཡིན་རྣམས་བསད་པས་དབང་པོ་གཞན་སྐྱེས་སོ་ཞེས་གྲགས་སོ། །ལག་པ་ནི་བཞིའོ། །འཁོར་ལོའི ་ཕྱག་ནི་གཡས་དང་པོ་ན་འཁོར་ལོའོ། །པདྨའི་ལྟེ་བ་ནི་ཁྱབ་འཇུག་གི་ལྟེ་བའོ། །དེ་རྣམས་ཉེ་བར་སྤྱོད་པས་མཚོན་པའོ། །སྤྲང་རྩིའི་སྒྲ་ནི་ལྷ་མ་ཡིན་སྦྲང་རྩིའི་དགྲའོ། །གནས་གང་དང་གང་དུ་གནས་པ་ཀྱང་ཁྱབ་འཇུག་གིས་ཁྱབ་པས་འདུག་གནས་ལྷའོ།། ་གོམ་གསུམ་གནོན་ཞེས་པ་ནི། ལྷ་མ་ཡིན་གྱི་དབང་པོ་སྟོབས་ལྡན་ལ་ཁྱབ་འཇུག་གིས་མིའུ་ཐུང་ངུ་བྱས་ཏེ། ས་གཞི་གོམ་པ་ངོ་བླངས་པས། གསུམ་ཡང་ཁྱེར་ཟེར་བས་ལུས་བསྐྱེད་དེ་རི་རབ་དང་རྒྱ་མཚོའི་མཐིལ་ལ་རྐང་པ་གཉིས་བཞག་ནས། ་གཅིག་གིས་མེད་པས་སྟོབས་ལྡན་གྱི་མགོ་ལ་བཞག་གོ་།དེས་ན་གོམ་པ་གསུམ་གནོན་ཞེས་སོ། །ལྷ་མོ་དགའ་སྐྱེས་ནི་ཁྱབ་འཇུག་གི་མའི་མིང་གིས་རྟགས་སོ། །དཔའ་བོའི་རྒྱུད་ནི་ཁྱབ་མཇུག་གི་མེས་པོའི་རྒྱུད་ལ་དཔའ་བོ་ཞེས་བྱ་བ་བྱུང་བས་དེའི་རྒྱུད་པའོ། །དཔལ་གྱི ་བདག་པོ་ཞེས་ཀྱང་བྱའོ། །སྐྱེས་བུ་མཆོག་ནི་བདག་མིན་ཏེ། དེས་ན་སྐྱེས་བུ་མཆོག་ཅེས་བྱའོ། །མེ་ཏོག་འཕྲེང་ལྡན་ཞེས་ཀྱང་བྱའོ། །སྟོབས་ལྡན་འཇོམས་ཞེས་ཀྱང་བྱའོ། །མཁར་བཞི་དགྲ་ནི་ལྷ་མ་ཡིན་མཁར་བ་ཞེས་པ་རྐང་པ་གཉིས་ནས་འཐོན་ཏེ་བགས་ནས ་བསང་ངོ། །འོག་དབང་སྐྱེས་ནི་ཚངས་པ་སྒོ་ང་ལས་སྐྱེས་ཤིང། དབང་ཕྱུག་རང་བྱུང་ལ། ཁྱབ་འཇུག་ནི་འོག་གི་དབང་པོ་ལས་སྐྱེས་པ་སྟེ་མངལ་སྐྱེས་སོ། །ཀུན་འགེངས་ནི་འགྲོ་བ་ཐམས་ཅད་ལ་དེས་ཁྱབ་ཅིང་གང་བའི་ཕྱིར་ན་ཀུན་འགེངས་སོ། །ལྷ་མ་ཡིན་འཇོམས་པ་ནི ་ལྷ་མེ་ཡིན་ཀོ་ཊ་ཞེས་པ་བསང་པས་ན་ལྷ་མ་ཡིན་འཇོམས་སོ། །རྡེབ་ཅེས་པ་ནི་ལྷ་མ་ཡིན་རྣམས་བྲག་ལ་རྡེབ་ཅིང་གསོད་པའོ། །དཔལ་གྱི་པེ་འུས་མཚན་ཞེས་པ་ནི་སྙིང་ག་ན་སྤུའི་བྱེ་བྲག་དཔལ་གྱི་བེའུའི་དབྱིབས་སུ་བྱས་པ་ཞིག་ཡོད་པས་དེའི་རྟགས་མཚན་ལས ་དཔལ་བས་མཚན་པ་ཞེས་བྱའོ། །དེ་རྣམས་ཀྱིས་ཁྱབ་འཇུག་གིས་མིང་གི་རྣམ་གྲངས་སོ། །ནོར་ལྷ་ནི་རིན་པོ་ཆེ་ལ་བརྩེ་བའོ། །དེའི་བུ་ཁྱབ་འཇུག་གོ་།ན་རྐའི་རྔ་ཅན་ནི་རོལ་མའི་བཟོ་ཁྱད་ཕུལ་དུ་བྱུང་བ་ཤེས་པ་སྟེ། ཁྱབ་འཇུག་གི་ཕའི་མིང་ངོ། །ཚིགས་སུ ་བཅད་པ་གཉིས་ཀྱིས་སྟོབས་བཟང་སྟེ་ཁྱབ་འཇུག་གི་ཕོ་བོ་ཡིན་ནོ། །སྟོབས་བཟང་ནི་སྟོབས་ཕུལ་དུ་བྱུང་བ་ཡོད་པའོ། །ལྷ་མ་ཡིན་རབ་འཕྱང་བསད་པས་རབ་འཆང་གསོད་དོ། །སྟོབས་ལྷ་ནི་གསལ་སྟོབས་ཕུལ་དུ། བྱུང་བ་མངའ་ཞིང་ལྷ་ཡང་ཡིན་པས་སྟོབས་ལྷའོ།། ་མི་འཛག་ཅེས་པ་ནི་ཁྱབ་འཇུག་སྟེ་དེའི་སྔོན་དུ་སྐྱེས་པས་ན་མི་འཛེག་སྔོན་སྐྱེས་ཞེས་བྱའོ། །ནམ་གྲུ་ནི་ཆུང་མའོ། །དེ་ཟླ་བ་དང་སྐར་མ་ནམ་གྲུ་འཛོམ་པའི་དུས་སུ་སྐྱེས་པས་ནམ་གྲུ་ཞེས་བྱའོ། །དགའ་བྱེད་ནི་གཟུགས་ཕུན་སུམ་ཚོགས་པས་དགའ་བར་བྱེད་པའོ། །འདོད ་སྐྱོང་ནི་སྒྲེག་པ་ལ་སོགས་པའོ། །གཤོལ་ནི་རྨོད་བྱེད་དོ། །གོས་སྔོན་ཅན་ཞེས་ཀྱང་བྱའོ། །སྣར་མ་ནི་ནོ་བ་ལྷའི་ཆུང་མའོ། །དེའི་བུ་ཡིན་པས་སྣར་མའི་བུའོ། །ཏཱ་ལ་དང། བ་ཏུན་ཤིང་དང། གཤོལ་དང་འདི་རྣམས་འཛིན་བྱེད་ཀྱི་མིང་བདགས ་པའོ། །ལེགས་འགྱུར་དགྲ་བ་བཀུག་ནས་གསོད་པའོ། །ཐོང་བའི་ལག་ཅེས་གཤོལ་ལེན་གསུམ་སྨོས་པ་ན་སྒའི་སྒྲུབ་ཚུལ་གྱི་སྒོ་ནས་བསྟན་པའོ། །ཀླུ་ནི་ཀཱ་ཡིན་དི་ཞེས་འབྱུང་སྟེ་ཆུ་བོ་ཡ་མུ་ནའི་ཀླུའོ། །དེ་གཤོལ་གྱི་མཚོན་ཆས་བསྒྲལ་ནས་བསད་དོ་ཞེས་གྲག། ་གོ། སྟོབས་ལྡན་ཞེས་པ་དང་དེ་རྣམས་ཀྱིས་སྟོབས་ལྡན་གྱི་མིང་ངོ། །མྱོས་བྱེད་ཅེས་པ་ནས་ཚངས་སྤོང་ཞེས་པའི་བར་གྱིས་ཁྱབ་འཇུག་གི་བུ་འདོད་པའི་མིང་ངོ། །མྱོས་བྱེད་ན་འདོད་པས་མྱོས་པར་བྱེད་པའི་ཕྱིར་ན་མྱོས་བྱེད་དོ། །ཡིད་སྲུབས་ནི་སེམས་ག?་ཡོད ་པར་བྱེད་པའོ། །གསོང་བྱེད་ཅེས་པ་ནི་འདོད་པའི་གནས་སྐབས་བཅུ་པ་སོགས་པ་སྟེ་ཆགས་པའི་དབང་གིས་འཆི་བར་བྱེད་དོ། །ཀུན་གྱིས་ཟློག་པར་དཀའ་བའི་ཕྱིར་ན་རབ་སྟོབས་སོ། །ཉ་ཡི་རྟོགས་ཅེས་བྱ་བ་ནི་ཆུ་སྲིན་གྱི་རྟགས་ཅན་དེ་ཐམས་ཅད་ཟད་པར་བྱེད་དོ།། ་ཚངས་བཙོ་མ་ནེ་ཚངས་པས་ཡང་རང་གི་སྤྲུལ་པའི་བུ་མོ་ལ་ཆགས་པར་བཤད་དོ། །སྐྱེམས་ཕ་ནི་ཐམས་ཅད་འདོད་པ་ལ་དགའ་བར་བྱེད་པའོ། །ལུས་མེད་ནི་དབང་ཕྱུག་གངས་ཅན་ལ་ལྷ་མོ་གོ་རིམ་མཆོད་པ་བྱེད་ཅིང་དཀའ་ཐུབ་ལ་གནས་པ་ན། ལྷ་རྣམས ་ཐེ་ཚོམ་དུ་གྱུར་ཏེ། གཽ་རི་དང་ལྷན་ཅིག་ཏུ་དཀའ་ཐུབ་བྱེད་པ་བདེན་ནམ་ཞེས་ཟེར་ནས་འདོད་པའི་ལྟ་བ་ལྟར་བཏང་བ་དང། འདོད་པའི་ལྷའི་མདའ་ལྔ་རིམ་གྱིས་འཕངས་པས། དང་པོ་དང་གཉིས་པ་ལ་རྟགས་པ་ཙམ་ཡང་མ་བྱུང། གསུམ་པ་དང་བཞི་པ་ལ་རྟོག ་བ་ཙམ་དུ་གྱུར་ཏེ། །ལྔ་པ་འོག་པ་དང་གཽ་རི་དང་གནས་པས་དཀའ་ཐུབ་ཞིག་གོ་།དེའི་སྐད་ཅིག་ཕྱི་མ་ལ་འགྱོད་ནས་ཅེས་ཉེས་སྙམ་དུ་བསམས་པས་འདོད་ལྟས་ཉེས་པར་ཤེས་ནས་མིག་གསུམ་ནས་མེ་ཕྱུང་སྟེ་འདོད་ལྟ་བསྲེགས་སོ། །དེ་ནས་འདོད་པ ་གཏན་ནས་མེད་ན་སྐྱེ་བ་ལེན་མེད་པས་ལུས་མང་པའི་སེམས་ཅན་དུ་བྱས་ནས་སོ། །འདོད་པ་ནི་སྦྱོར་བ་ལ་སོགས་པའི་འདོད་པའོ། །མདའ་ལྔ་ནི་མྱོས་བྱེད་ཀྱི་མངའ་དང། སྲེད་བྱེད་དང། ཡང་དག་རྨོང་བྱེད་དང། སྐེམ་བྱེད་དང། འཆི་བྱེར་ཀྱི་མངའ་ཞེས་བྱ་སྟེ། འདི་རྣམས ་འདོད་པའི་མདའ་ལྔའོ། །རང་གི་ཡིད་ལ་དྲན་པའི་ཕྱིར་ན་དྲན་པའོ། །སྡོམ་པའི་དགྲ་ནི་ལྷ་མ་ཡིན་སྡོམ་པ་ཞེས་པ་འདིས་བསད་པས་དེའི་ཕྱིར་ན་སྡོམ་པའི་དགྲའོ། ཡང་ན་འདོད་ཆགས་ལ་སོགས་པས་དབང་པོ་ལྔ་བསོད་པའི་ཕྱིར་ན་སྡོམ་པའི་དགའ་ཨོ། །རང་གི་ཡིད ་ལས་ཕོ་མོ་སྦྱོར་བ་ལ་སོགས་པ་འབྱུང་བའི་ཕྱིར་ན་ཡིད་ལས་སྐྱེས་སོ། །མེ་ཏོག་མངའ་ཅན་ནི་ཕྱིའི་ལུས་ལ་རྨ་མེད་པར་སྙིང་ལ་འབུགས་པའོ། །རང་ལས་མ་སྐྱེས་པའོ། །འདོད་པས་འཕན་པས་མེ་ཏོག་ཞུའོ། །དགའ་མ་ནི་འདོད་ལྷའི་ཆུང་མའོ། །དེས་ན་བདག་པོའོ། ། ་དགའ་རབ་དབང་ཕྱུག་ཅེས་ཀྱང་བྱའོ། །ཆུ་སྲིན་རྒྱལ་མཚན་ཞེས་ཀྱང་བྱའོ། །བདག་ལས་བྱུང་བ་ནི་གཞན་མ་ཡིན་པའོ། །ཚངས་སྤོང་ནི་དཀའ་ཐུབ་རྒྱང་དུ་འཕེན་པའོ། །ི་ནི་འདོད་པ་སྟེ་མཚམས་སྦྱར་ནས་འགྲེལ་པས་གསལ་བར་བྱེད་དོ། །དེ་རྣམས་ཀྱིས་འདོད་པའི། ་རྣམ་གྲངས་སོ། །མིང་གསུམ་དེའི་བུའོ། །འགྲོ་བའི་ཏོག་ནི་ཁམས་གསུམ་ཐམས་ཅད་དེའི་འོད་ཟེར་གྱི་ཁྱབ་པ་ལས་འགྲོ་བའི་ཏོག་གོ་།ཆང། ཨུ་ཁ་ནི་ལྷ་མ་ཡིན་མདའ་ཞེས་པའི་བུ་མོའོ། །བདག་པོ་ནི་འདོད་ལྷའི་བུའོ། །དེ་རྣམས་ནི་འདོད་ལྷའི་བུའོ། །མཚོན་བྱེད་ཅེས་པ ་ནས། འགྲོག་བྱེད་ཡུམ་ཞེས་པའི་བར་གྱིས་ཁྱབ་འཇུག་གི་ཆུང་མའོ། །མཚོན་བྱེད་ཅེས་པ་ནི་ཐམས་ཅད་འདིས་མཚོན་པ་སྟེ་སྟོན་པའོ། །པདྨའི་གནས་ཅན་དང། པདྨ་ཅན་དང། ཆུ་རྒྱན་ནི་ཀ་མ་ལ་སྟེ། པདྨའོ། །དཔལ་མོ་དང་འཕྲོག་བྱེད་ཡུམ་ཞེས་སྟེ། །དེ་རྣམས་ལ་ཀྵྨི་ཥི? ་མིང་ངོ། །དུད་དང་འཁོར་ལོ་དང་བེ་ཙོན་དང། རལ་གྲི་དང། ནོར་བུ་རྣམས་ཇི་ལྟ་བའི་རིམ་པས་ལྔ་སྐྱེས་ཞེས་བྱ་བ་ལ་སོགས་པའི་ལྷ་མ་ཡིན་ལྔ་སྐྱེས་ཞེས་བྱ་བ། ཏི་མི་ཉའི་གཟུགས་ཀྱི་ནུབ་ཕྱོགས་རྒྱ་མཚོའི་ནང་ན་གནས་ལ། དེའི་རུས་པ་ལས་སྐྱེས་པའི་ཕྱིར་ལྔ་སྐྱེས ་ཞེས་བྱའོ། །དཔལ་མོའི་བདག་པོ་ནི་ཁྱབ་འཇུག་གོ་།དད་པ་ཅན་རྣམས་ཀྱིས་དེ་བླག་ཏུ་མཐོང་པའི་ཕྱིར་ན་ལེག་མཐོང་ངོ། །ཁྱབ་འཇུག་གི་དབང་ཕྱུག་པ་ནི་སའི་ནང་དུ་ཞུགས་པས་ས་རྣམས་དགའ་བར་བྱེད་བསས?་མོས་སོ། །རལ་གྲི་ན་དགའ་བྱེད ་དོ། །ས?་རྣམས་རྟེན་བྱེད་ནི་འཕྲོག་བྱེད་དོ། །དེ་ཡིས་ཀ་བ་བཞིན་དུ་མི་གཡོ་ཞིང་བརྟན་པར་བྱེད་པའོ། །ནོར་བུ་ནི་སྙིང་གའི་སྟེང་ན་ཡོད་པའི་ནོར་བུའོ། །དེ་རྣམས་ཁྱབ་མཇུག་གི་རྟགས་སོ། ཚིགས་སུ་བཅད་པ་གཅིག་གིས་བྱ་ཁྱུང་གི་མིང་ངོ། །འདབ་བཟང་ཞེས ་པ་ནི། གཤོག་པི་མཆོག་དང་ལྡན་པའོ། །དུག་འཇོམས་ནི་གདམ་སྟེ་དུག་ཡིན་ལ། ཧ་ནི་ལྔ་སྟེ་འཇོམས་པའོ། །དུག་ཅན་སྤྲུལ་རྣམས་ཟ་བས་དུག་འཇོམས་སོ། །སྐར་མིག་བུ་ནི། དྲང་སོང་ཏྲིཀྵའི་བུའོ། །འདུལ་སྐྱེས་ནི། མ་འདུལ་བྱེད་པ་སྟེ། དེ་ཡང་འདུལ ་བྱེད་མ་དང་བཀྲ་ཤིས་མ་ཞེས་པ་གཉིས་ཀྱི་རྒྱལ་པོ་ཞིག་གི་ཆུང་མ་བྱས་པ་ན། ལན་ཅིག་གི་ཚེ་ཉི་མའི་ཤིང་རྟ་མཐོང་བས་འདུ་བྱེད་མ་དཀར་མོ་ཞེས་སྨྲའོ། །བཀྲ་ཤིས་མ་ནི་ནག་པོ་ཞེས་སྨྲ། དེ་གཉིས་ཀྱིས་རྒྱལ་བྱ་སྟེ་གང་བདེན་པས་རྒྱལ་པོའོ།། ་བཙུན་མོ་བྱེད་པར་བྱས། མི་བདེན་པས་གཡོག་མོ་བྱེད་པར་བྱས་ནས་བལྟ་བ་རེ་བྱས་སོ། །དེ་ནས་ཀླུ་ཞིག་ཡོད་པ་ལ་དཀྲ་ཤིས་མས་བསྙེན་བཀུར་བྱས་སྟེ། ཁྱོད་ཀྱིས་ཉི་མའི་ཤིང་རྟ་ནག་པོར་མཐོང་བར་གྱིས་ཤིག་དེ་ལྟར་མ་བྱས་ན་ཁོ་བོ་གཡོག་མོ་བྱེད་གོས ་བར་ཡོད་དོ་བྱས་པས་དེས་ཁས་བླངས་སོ། །ཉི་མའི་ཤིང་རྟ་ནག་པོར་མཐོང་ནས་འདུལ་བྱེད་མས་གཡོག་བྱས་སོ། །ཤིན་ཏུ་སྡུག་བསྔལ་པར་གྱུར་པ་ན། དྲང་སྲོང་ཏིཀྵ་ས་སྒོ་ང་གསུམ་བྱིན་ཏེ། འདི་ལ་བྱིན་གྱིས་ཕན་པར་འགྱུར་གྱིས་ཞག་བདུན་མ་རྟོལ་ཞིག ་ཟེར་རོ། །དེ་རིངས་ཏེ་ཉི་མ་གསུམ་ན་གཅིག་རྟོལ་བ་དང། ཀློག་ཏུ་གྱུར་ཏེ་ནམ་མཁའ་ལ་སོང་ངོ། །ཡང་དྲུག་པ་ལ་གཅིག་རྟོལ་པས་སྐར་མ་སྐྱ་རེངས་སུ་སོང་ངོ། །བདུན་པ་ལ་གཅིག་རྟོལ་པས་བྱ་ཁྱུང་དུ་སོང་སྟེ། མེ་ལ་ཕྱག་བྱས་ནས། ཁྱོད་ལ་བྱ་བ་གང ་དགོས་པ་བདག་གིས་བྱའོ་ཞེས་ཟེར་རོ། །ཀླུ་ཡིས་ཉེས་པས་ཀླུ་རྣམས་མེད་པ་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་ཀླུ་ཐམས་ཅད་བྱ་ཁྱུང་གྲིས་ཟ་བར་བྱེད་དོ། །མཁའ་འགྲོའི་དབང་ཕྱུག་ཅེས་ཀྱང་བྱའོ། །ཁྱབ་འཇུག་ཤིང་རྟ་ནི་བྱ་ཏྲི་ཏྲིའི་སྒོ་ང་རྒྱ་མཚོའི་འགྲ་མ་ན་ཡོད་པ་ལ ་རླབས་ཀྱིས་མཚོ་ནང་དུ་སོང་ངོ། །དེར་རྒྱ་མཚོ་ཟད་པར་འདོད་པས་གཤོགས་ཆུར་བཅུག་ཅིང་སྟོན་པ་དང། དྲང་སྲོང་ཞིག་ན་རེ་དུད་འགྲོ་ནི་མཐུ་ཚུང་བ་ཟེར་བས་བྱ་ཁྱུང་དེ་ན་ཡོད་པ་ཁྲོས་ནས་འདབ་མ་ཕྱེད་ཀྱིས་རྒྱ་མཚོ་བཀག་ཕྱེད་ནམ་མཁའ་ལ་ཕྱར་བ་ན། དེ་ན ་གནས་པའི་ཀླུ་རྣམས་སྐྲག་ཏེ་ཕྱག་བཙལ་ནས་དེ་མ་ཐག་ཏུ་བཏོན། དེ་ནས་ལྷ་རྣམས་ཤིན་ཏུ་སྐྲག་པར་གྱུར་པ་ན། ཁྱབ་འཇུག་གིས་ཤིན་ཏུ་རིང་པའི་དྲང་སྲོང་ཞིག་ཏུ་སྤྲུལ་ནས། དེའི་དྲུང་དུ་ཕྱིན་པ་ན་དེ་ཡང་བརྩེ་བ་སྐྱེས་ནས་གནས་སོ། །དེ་ལ་ཁྱོད་ཀྱིས ་བདག་གི་བྱ་བ་དོན་ཆེན་པོ་ཞིག་ཡོད་པ་ལ། དེ་ཁྱོད་ཀྱིས་སྒྲུབས་ཤིག་ཅེས་སྨྲས་སོ། །དེ་བདག་གིས་བྱའོ་ཞེས་ཁས་བླངས་སོ། །དེའི་ཚེ་སྣལ་བཅུག་ནས་འགྱུར་བ་མེད་པར་བྱས་སོ། །དེ་ནས་ཁྱོད་ཀྱིས་བདག་ལྷའི་ཡུལ་དུ་ཁྱེར་ཞིག་ཅེས་སྨྲས་སོ། །འདིར ་ནི་ཁྱབ་འཇུག་གི་གཞོན་པར་གྱུར་པས་སྨྲས་སོ། །ཀླུ་མཐར་བྱེད་ནི་རླག་པར་བྱེད་པོའོ། །གསེར་གྱི་འདབ་མ་ནི་གཤོག་པ་གསེར་གྱི་མདོག་ལྟ་བུའོ། །ལྟོས་འགྲོ་བཟང་བ་ནི་སྤྲུལ་རྣམས་ཟ་བའོ། །དེ་རྣམས་བྱ་ཁྱུང་གི་མིང་ངོ། །དབང་ལྡན་ནས་བརྩམ་ཏེ་ཕྱོགས ་ལྷ་རྣམས་བཤད་པར་བྱའོ། །ཚིགས་སུ་བཅད་པ་ཕྱེད་དང་བདུན་གྱིས་དབང་ཕྱུག་གི་མིང་གི་རྣམ་གྲངས་སོ། །བདེ་འབྱུང་ཞེས་པ་ནི་མཆོག་ཏུ་དགའ་བའི་གཟུགས་ཡོད་པའི་ཕྱིར་ན་བདེ་འབྱུང་ངོ། །ཕྱུགས་བདག་ནི་རི་དགས་དང་ར་ལ་སོགས་པ་ཐག་པས་བཏགས་བཞིན་དུ ་དེས་ཀྱང་འཇོམས་བྱེད་ལ་སོགས་པ་འཁོར་རྣམས་ལ་གཏང་པ་འམ་བདག་པོའོ། །ཞི་བ་ནི་ལི་ཀའི་རྟགས་ཏེ་མཆོག་གི་གཟུགས་དང་ལྡན་པའོ། །དེའི་མཚོན་ཆ་ནི་མདུང་ངོ། །དབང་ཕྱུག་ཆེན་པོ་ནི་གོང་ན་རྒྱལ་པོ་གཞན་མེད་པའོ། །གསོད་བྱེད་ནི་བསྐལ་པ་ ་འཇིག་པའི་དུས་ན་དེས་ཐམས་ཅད་འཇིགས་པའོ། །དབང་ལྡན་ནི་བྱང་ཤར་ཀྱི་ཕྱོགས་སྐྱོང་ངོ། །བདེ་བྱེད་ནི་དཔལ་གྱི་མཚན་ཉིད་ཀྱི་དགའ་བའོ། །གཙུག་ན་ཟླ་བའི་ནི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་ཟླ་བའི་རྒྱན་ནོ། ། ་འབྱུང་པོའི་བདག་པོ་ནི། འཇོམས་བྱེད་ལ་སོགས་པ་འབྱུང་པོ་རྣམས་ཀྱི་དབང་པོའོ། །དགྲ་སྟའི་དུམ་བུ་ནི་གཡུལ་གྱི་དུས་སུ་དབང་ཕྱུག་གི་དགྲ་སྟ་ཁ་ཆག་གོ་ཞེས་གྲག་གོ་།རི་དབང་ནི་ཀོ་ལ་ཤའི་བདག་པོའོ། །རི་སྨོད་ནི་འཇོམས་བྱེད་ལ་སོགས་པའི ་འཁོར་རྣམས་རི་བོ་གངས་ལྡན་ལ་ཉེ་བར་སྤྱོད་པའི་ཕྱིར། །སྤྲུལ་པས་རིའི་གཟུགས་ཆུང་ངུར་བྱས་སོ། །ཚིམ་བྱེད་ནི་སྙིང་སྟོབས་ཀྱི་ཡོན་ཏན་རྫོགས་པར་གྱུར་པས་ཐམས་ཅད་དགའ་བར་བྱེད་པའོ། །འཆི་བ་ལས་རྒྱལ་བ་ནི། དྲང་སྲོང་དཀར་པོ་ཞེས ་པ་འཆི་རྟགས་བྱུང་བ་ལ་དབང་ཕྱུག་གིས་བྱིན་གྱིས་རླབས་པའི་གཞུང་འཆི་བ་ལས་རྒྱལ་བཀླགས་པས། འཆི་རྟགས་ལས་རྒྱལ་བས་འཆི་བ་ལས་རྒྱལ་ལོ། །གཟིག་གོས་ཅན་ནི་དེའི་ལྤགས་པའི་གོས་སོ། །སྐྱོ་མེད་གཞུ་ནི། པི་ནཱ་ཀེ ་ཞེས་འབྱུང་སྟེ་དབྱུག་ཁོ་ནའི་གཞུའི་མིང་ངོ། །འཇོམས་བྱེད་ནི་དབྱུག་གི་འཁོར་ལོའོ། །དྲག་ཤུལ་ནི། ཁྲོས་པའི་དུས་སུ་ངའི་སྟེང་ན་སུ་ཡང་མེད་སྙམ་པའོ། །རལ་ཅན་ནི་ཀ་བརྡྷི་ཞེས་འབྱུང་སྟེ་དབྱུག་ཁོ་ནའི་སྐྲའི་མིང་ངོ། །དཔལ ་གྱི་མགྲིན་ནི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་དུག་ནག་པོ་བུམ་པ་གང་བྱུང་བ་བཞག་ན་སེམས་ཅན་འཆི་བར་བྱེད་ཅིང། ལྟོ་བར་སོད་ན་འཚིག་པར་བྱེད་པས་དབྱུག་གི་མགྲིན་པར་བཞག་གོ་།དེའི་སྟོབས་ཀྱིས་བཻཌཱུརྱའི་མདོག་ལྟ་བུ་སྟེ། ཤིན ་ཏུ་ལེགས་པས་ན་དཔལ་གྱི་མགྲིན་ནོ། །མགུལ་ནག་ཅེས་ཀྱང་བྱའོ། །ཐོད་པ་འཕྱང་བ་ཡང་ངོ། །གཡོན་ཕྱོགས་ལྷ་ནི་ཆགས་ཅན་ཟུར་གྱིས་ལྟ་བས་མཛེས་པར་ཞིན་དུ་འཇིག་རྟེན་ལ་འདས་པ་ལས་གནས་པས་འཇིག་རྟེན་ལས་ཕྱིར་ལོགས་པའི། ཤིན་ཏུ་ལེགས་པའི་ཕྱིར་རོ། །བྷ་ཆེན་པོ་ནི་ལྷ ་རྣམས་ཀྱིས་ཀྱང་མཆོད་པའི་ཕྱིར་རོ། །སྣ་ཚོགས་མིག་ནི་བི་ཏུ་བཀྵ་ཞེས་འབྱུང་སྟེ། མིག་གཡས་པ་ཉི་མ། གཡོན་པ་ཟླ་བ། དབུས་མེའི་མིག་གོ་།མིག་གསུམ་པ་ཞེས་ཀྱང་བྱའོ། །མེའི་ཁུ་བ་ནི་གཞོན་ནུ་སྨིན་དྲུག་གི་སྐབས་སུ་བཤད་པར་བྱའོ། །ཀུན་མཁྱེན་དང། རལ ་བའི་ཁུར་ཚེན་ཞེས་ཀྱང་བྱའོ། །ཚངས་པས་སྦྱིན་སྲེག་བྱས་པས་མེའི་ནང་དུ་དཔྲལ་བ་ནས་རྡུལ་ལྷུང་བས་མེ་སྔོན་པོ་དང་དམར་པོར་སོང་ངོ། །དེ་ལས་དབྱུག་སྐྱེས་པས་སྔོ་དམར་ཅན་ཞེས་བྱའོ། །འཕྲོག་པ་ནི་མུན་པའི་ཡོན་ཏན་གྱིས་འགྲོ་བ་ཐམས་ཅད་འཇོམས་པའོ། །དྲན ་པ་ནི་འདོད་པའི་ལྷ་མོའོ། །དེ་མིག་ནས་མེ་ཕྱུང་ནས་བསྲེགས་པས་དྲན་འཇོམས་སོ། །འཇོམས་བྱེད་ནི་བསྐལ་པ་འཇིག་པའི་དུས་ན་འགྲོ་བ་ཐམས་ཅད་ཀྱང་འཇོམས་པར་བྱེད་དོ། །གང་གཱ་འཛིན་ནི་མཐོ་རིས་ཀྱི་གནས་ཐམས་ཅད་བསྐལ་པ་འཇིག་པའི་མེས་བསྲེགས ་པའི་དུས་སུ་ལྷ་མོ་གང་གཱ་ལྷུང་ནས་བྱུང་པ་ནམ་མཁའ་ལ་རལ་པ་སྐྱང་ནས་རལ་པའི་སྟེང་དུ་བཟུང་ངོ། །དེ་ནས་གང་གཱ་འཛིན་དུ་གྲགས་སོ། །སྒྲའི་སྒྲུབ་ཚུལ་གྱིས་མིག་གསུམ་པོ་འདིར་ཡང་སྨོས་སོ། །གྲོང་ཁྱེར་གསུམ་མཐར་བྱེད་ནི་ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་རྩེགས ་མདའི་མས་བསྲེགས་པས་སུམ་མཛའ་བྱེད་དོ་ལྷ་མ་ཡིན་ལོང་བ་བསད་པས་ལོང་བའི་དགའ་ཨོ། །ཁྱུ་མཆོག་རྒྱལ་མཚན་ནི་གླང་གི་རྒྱལ་མཚན་ནོ། །མཆོད་སྦྱིན་འཇོམས་ནི། ཨུ་མའི་ཕ?་དྲང་སྲོང་གསལ་བ་ཞེས་བྱ་བས་མཆོད་སྦྱིན་བྱེད་པའི་ཕྱིར་ལྷ་ཐམས ་ཅད་གདན་དྲངས་པ་ལ། དབང་ཕྱུག་གཅིར་བུར་གནས་པས་ངོ་ཚ་སྙམ་སྟེ་མ་བོས་སོ། །དེར་དབང་ཕྱུག་ཁྲོས་ཏེ་བས་དོར?་ཞེས་གྲག་གོ་།ནམ་མཁའ་ཨི་སྐྲ་ཅན་ནི་ནམ་མཁའ་ལ་རལ་པ་སྐྱེད་པའོ། །སྲིད་པ་ནི་རྡུལ་གྱི་ཡོན་ཏན་རྫོགས་པ་ལས་ཁམས་གསུམ་པོ ་འབྱུང་བ་དེའི་ཕྱིར་སྲིད་པའོ། །འཇིགས་བྱེད་ནི་འཇིགས་བྱེད་ཆེན་པོའི་གཟུགས་སུ་བྱས་ནས་ཁམས་གསུམ་པོ་རྣམས་འཇིགས་པར་བྱེད་པའོ། །གནས་བྱེད་ནི་བསྐལ་པའི་ཡང་བྱེད་པ་པོར་འདོད་དོ། །དུ ་བྱེད་ནི་དྱུ་ཏྲ་ཏེ་ཚངས་པས་དབྱུག་སྐྱེ་བ་ཡིན་དུ་བཅུག་པས་དེ་ནས་དབང་ཕྱུག་དུའོ། །དེ་ནས་དུ་བྱེད་དུ་གྲགས་སོ། །ུ་མའི་བདག་ནི། དབྱུག་ན་རེ་ད་གངས་ལྡན་ལ་དཀའ་ཐུབ་ལ་འགྲོ་ཞེས་སྨྲས་པས། ཨུ་མ་མ་རངས་ཏེ། ཨུ་ཞེས་སྨྲས་པས་ཨུ་མ ་རུ་གྲགས་སོ། །དེའི་ད་དག་པོ་དབང་ཕྱུག་གོ་།དེ་རྣམས་ཀྱིས་དབང་ཕྱུག་གི་མིང་ངོ།?་།ཆུས་ཡང་གང་དག་བྱེད་ན་དབང་ཕྱག་ཁོ་ནའི་རལ་པ་ལ་བྱ་སྟེ་ཀ་བརྡྷི་ཞེས་འབྱུང་ངོ། །རལ་པ་བཅིངས་པ་ཞེས་ཀྱང་བྱའོ། །སྐྱོ་མེད་ཁྱབ་ཅེས་པ་ནི་དབང་ཕྱུག་གི་གཞུའོ། །དེས་ནི་ལྷ་མ་ཡིན ་གྱི་གྲོང་ཁྱེར་སུམ་རྩེགས་ལ་མངའ་ཕངས་པས་མེས་བསྲེགས་སོ། །དེའི་དུ་བས་སྐྱོ་མེད་ཀྱི་གནས་ཁྱབ་པས་ནའོ། །དེའི་འཁོར་འཇོམས་བྱེད་སོགས་ཏེ། དབྱུག་གི་མི་མཐུན་ཕྱོགས་འདི་རྣམས་ཀྱིས་འཇོམས་པ་སྟེ། གཏུམ་པོ་དང། དགའ་བྱེད་དབྱུག་དང། ནག་པོ ་ཆེན་པོ་དང། བྷྲི་གི་རི་ཏི་ལ་སོགས་པ་རྣམས་སོ། །ཚངས་མ་ལ་སོགས་པ་མ་མོ་རྣམས་ཞེས་པ་ནི། ལྷ་མ་ཡིན་ཧ་ཏང་དང་དབྱུག་འཐབ་པ་ན། དེའི་དུས་སུ་དབྱུག་གི་རྡུལ་ས་ལ་ལྟུངས་པས་ཚངས་མ་ལ་སོགས་པ་མ་མོ་བདུན་དུ་གྱུར་ཏེ། དེ་ཡང་འདི་ལྟ་སྟེ། ཚངས་མ་དང ་ཁྱབ་འཇུག་མ་དང། དབང་མོ་དང། ཕག་མོ་དང། ལུས་ངན་མོ་དང། དྲག་མོ་དང། གཞོན་ནུ་མ་སྐྱེས་རྣམས་སོ། །ཁྱབ་བདག་ནི་ཕུན་སུམ་ཚོགས་པ་རྣམས་ཀྱི་བདག་པོའོ། །རྣམ་གྲངས་ནི་ཁྱབ་བྱེད་དོ། །ཆུང་ངུ་ལ་སོགས་བརྒྱད་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད ་སྟེ། ཆུང་ངུ་དང། ཡང་བ་དང། ཐོབ་པ་དང། རབ་ཏུ་འདོད་པ་དང། མཆོད་པ་བྱ་བ་དང། དབང་བ་དང། མི་དབང་བ་དང། འདོད་པ་སྦྱིན་པ་ལ་དབང་བ་སྟེ། རབ་ཏུ་དབྱེ་བ་བརྒྱད་དོ། །ཚིགས་སུ་བཅད་པ་བྱེད་དང་གཉིས་ཀྱིས་དབུ་མའི་མིང་ངོ། །དཀའ་ཐུབ་ཟློག ་པས་དཀའ་ཟློག་གོ་།དབྱུག་གི་དཀའ་ཐུབ་ལ་མ་རངས་པའི་ཚིག་བརྗོད་པས་ཨུ་མའོ། །ཀཱ་ཏྱ་ཞེས་པའི་བུ་མོ་ཡིན་པས། ཀཱ་ཏྱ་བུ་མོའོ། །སེར་སྐྱེམ?་ནི་དབྱུག་དཀའ་ཐུབ་ལ་ཞུགས་པ་ན་སེར་སྐྱ་མ་ལྱོ?་དང་ལྷན་ཅིག་ཏུ་མི་གནས་པའི་དཀའ་ཐུབ་བྱེད་དོ་ཟེར་ནས་དབྱད་ཟླ་ར་བལ་ཕྱོགས་ ་བཞི་ནས་མེ་བཞི་དང་སྟེང་ནས་ཉི་མ་དང་ལྔས་གདུངས་པ་ན། དེར་དབྱུག་འོངས་ཏེ་ས་འོག་ནས་གངྒཱ་བཏོན་ཏེ་མེ་ཞི་བར་བྱས་སོ། །དེར་ནག་མོར་སོང་པས་ནག་མོ་ཞེས་སྨྲས་པ་ན། སླར་ཁྲོས་ཏེ་སྡུག་བསྔལ་བྱས་པས་ཁོག་སེར་སྐྱར་སོང་ངོ་ཞེས་ཟེར་རོ། །གངས་ལྡན་པུ་ནི ་གངས་རིའི་ལྷའི་བུ་མོ་ཡིན་པས་གངས་ལྡན་བུའོ། །དབང་མོ་དང། ཞི་མ་དང། སྲེང་མ་དང། བྲག་མོ་དང། གསོད་མ་རྣམས་ནི། བདག་པོའི་མིང་ལས་སྒྲེས་ཏེ། མོའི་རྟགས་ཅན་ནོ། །ཀུན་ལ་བཀྲ་ཤིས་མ་ནི། སྟེར་བ་འམ་དེའི་རང་བཞིན་ནོ། །རི་སྐྱེས་ནི་རིའི་བུ་མོའོ། ་རྫོད་ན་གནས་ནི་བགྲོད་དཀའ་བའི་རིལ་དཀའ་ཐུབ་ལ་གནས་པའོ། །ལོ་མ་མེད་ཅེས་པ་ནི་ལོ་མ་སྐམ་བོ་ལ་ཡང་མ་རེག་པའི་རྟུལ་ཞུགས་ཡོད་པའོ། །ཚིམ་བྱེད་མ་ཞེས་ཀྱང་བྱའོ། །གཏུམ་མོ་དང་འགྲོ་བའི་མ་ཞེས་ཀྱང་བྱ་སྟེ། ཨུ་མའི་མིང་གི་རྣམ་གྲངས་སོ། །ཚིགས ་བཅད་པ་གཅིག་གིས་ལོག་འདྲེན་གྱི་རྣམ་གྲངས་སོ། །བགེགས་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ན་ལོག་འདྲེན་ནོ། །བགེགས་རྣམས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ན་དེའི་རྒྱལ་པོའོ། །མི་གཉིས་ནི་དབྱུག་ལ་ཆུང་མ་གཉིས་སྟེ། གཅིག་ནི་གང་གཱའོ། །དེ་ལ་བུ་གཅིག་སྐྱེས་པ་མ ་ཨུ་མས་བལྟར་ཕྱིན་ཏེ་བུ་སྟོན་ཞེས་སྨྲས་པས། བུ་ལ་མགོ་མེད་ཞེས་ཟེར་ཏེ་སྟོན་དུ་མ་འདོད་དོ། །ུ་མ་ཁྲོས་ཏེ། མགོ་མེད་པར་གྱུར་རིག་ཅེས་སྨྲས་པས། དེས་བུར་བལྟས་བ་ན་མགོ་མེད་པར་སོང་འདུག་སྟེ། སླར་ཨུ་མ་ལ་ཞུས་པས། མགོ་བྱེད་དུ་བསྟན ་པའི་མགོ་སྙེད་ཅིག་གིས་གོ་ཆོད་དང། སྦྱོར་དང་བུའི་མགོར་འགྱུར་ཟེར་ནས། དེར་མིའི་མགོ་མ་རྙེད་ནས་གླང་པོ་ཆེའི་རོ་ཞིག་དང་འཕྲད་ནས་དེའ?་མགོ་བཅད་ནས་སྦྱར་བས་གླང་པོའི་མགོར་སོང་ངོ། །དེ་ནས་ཨུ་མས་བསས་པས་མ་གཉིས་པའོ། །ཚིགས་ཀྱི ་རང་བདག་པོ་ནི་གཏུམ་པོ་ལ་སོགས་འཇོམས་བྱེད་ཀྱི་ས་ཚོགས་རྣམས་ཀྱི་བདག་པོའོ། །མཆེ་བ་གཅིག་པ་ནི། ཨུ་མའི་བུ་སྨིན་དྲུག་ས་བཙེས་པས་སྨིན་དྲུག་གིས་མཆེ་བ་ལ་འཚངས་པས་ཕྱག་གོ་།དེ་ནས་སྨིན་དྲུག་འདས་པ་ན་མའི་དྲུང་དུ་བྲོས?་ཏེ། མན་དེ་བྱིས་བ?་ལ་བསམ་པ་མེད ་བས་དེ་ལྟར་བྱེད་ཟེར་རོ། །འོ་ན་ཆེར་སོང་བ་དང་བསད་ཀྱིས་ཟེར་བས། ཇི་སྲིད་ཁྱོད་ཀྱི་དབུས་མོར་མ་བསླེབ་ཀྱི་བར་དུ་མ་བསད་ཅིག་ཟེར་རོ། །དེ་ནས་སྨིན་དྲུག་དུས་རྟག་ཏུ་གཞོན་ནུར་གནས་སོ། །ཧ་ལ་གནས་ཧེ་རམ་པ་ཞེས་འབྱུང་སྟེ། ཅན་ནི ་དབྱུག་གི་མིང་ངོ། །དེའི་དྲུང་དུ་གནས་པའོ་ཞེས་འབྱུང་ངོ། །ལྟོ་བ་འཕྱང་དང་གླང་པོའི་གདོང་ཞེས་ཀྱང་བྱ་སྟེ། དེ་རྣམས་ཀྱིས་ཚོགས་བདག་གི་མིང་ངོ། །ཚིགས་སུ་བཅད་པ་གཉིས་ཀྱིས་སྨིན་དྲུག་གི་མིང་ངོ། །སྨིན་དྲུག་བུ་ནི་ནུ་མ་སྣུན་པའི་མའོ། །སྡེ་ཆེན་པོ་ནི་དམཌ? ་གིས་དཔུང་དང་ལྡན་པའོ། །སྐེམ་བྱེད་ནི་ལྷ་མ་ཡིན་གྱི་སྟོབས་སྐེམ་པའོ། །གདོང་པ་ནི་དྲུག་གོ་།རི་སྐྱེས་ནི་ཨུ་མ་སྟེ། དེ་དག་དགའ་བར་བྱེད་པའོ། །སྡེ་དཔོན་ནི་ལྷའི་དམག་དཔོན་ནོ། །སྤེད་བྱེད་ནི་ལྷའི་དམག་དཔུང་རྣམས་བསྲུང་བའོ། །མེ་སྐྱེས་ནི ་ལྷ་ཆེན་པོ་ཨུ་མ་སྐོམས་པའི་དུས་སུ་མེ་ན་རེ་ས་བོན་རྣམས་ཨུ་མའི་མངལ་དུ་སོང་ན་བུ་ཤིན་ཏུ་ཐུང་པར་འགྱུར་བས་མ་བཏང་ཟེར་བས་ས་ལ་ཕོ་བ་དང། ཨུ་མས་ཁྱོད་ཀྱི་མངལ་དུ་གྱུར་ཅིག་ཅེས་སྨོད་པ་དང། དེའི་མངལ་དུ་སོང་བ་དང་ཤིན་ཏུ ་སྡུག་བསྔལ་བར་གྱུར་ནས་ལྷ་མོ་གངྒཱའི་དྲུང་དུ་ཕྱིན་ནས་དེའི་མངལ་དུ་བཙོལ་ལོ། །ངེས་སྨྱུག་མའི་ཚལ་དུ་ཕྱིན་ནས་སྐྱེས་པས་སྨྱུག་མའི་ཚལ་དུ་སྐྱེས་སོ། །མེའི་མངལ་དུ་སོང་བས་མེ་སྐྱེས་སོ། །དབང་ཕྱུག་ལ་མའི་ས་བོན་ཞེས་ཀྱང་དེ་ནས་གྲགས་སོ། །སྐར་མ ་སྨིན་དྲུག་གི་ནུ་མ་སྣུན་ནས་བསོས་སོ། །མདུང་སྐྱེས་ནི་སྨིན་དྲུག་ལ་མ་དྲུག་ཡོད་པས་མང་པོ་ཡང་ཡིན་ལ། མ་དྲུག་ཡང་ངེས་བཤད་དོ། །སྒྲོལ་བྱེད་ནི་ལྷ་མ་ཡིན་ཏར་སྟེ་དེ་བསད་པས་ན་འདུལ་བའོ། །གཙུག་ཕུད་ཅན་ནི་སྨྲ་བྱ་སྟེ། དེའི་བཞོན་པའོ། །ས་གྱ ་སྐྱེས་ནི་སྐད་མས་གནང?་ཟླ་བ་ལྷན་གཅིག་པའི་དུས་སུ་སྐྱེས་པའོ། །དེ་ནི་མཚན་བྱ་ནི་མདུང་ཐུང་ངོ། །གཞོན་ནུ་ནི་ཚངས་པས་རྟག་ཏུ་བྱིན་ཏེ། སྐེམ་བྱེད་ཅེས་པའི་སྔོན་གྱི་རབས་ལས། དེ་ནི་ལྟའི་བུར་གྱུར་ཏེ། སྟོབས་ཆེན་སྦྱོར་བ་དང་ལྡན་པས། བྱིས་པ ་བཞིན་དུ་རྟག་ཏུ་མཛེས། འདི་ནི་ཆོས་ཀྱི་སྲས་ཡིན་ཏེ། །བཅུ་དྲུག་ལ་ལོན་བྱིས་པ་ལྟར། ཇི་སྲིད་དུས་སུ་བཅུ་དྲུག་ལོ། །བཅུ་དྲུག་ལོ་དང་ལྡན་པ་ལ། །འདིར་ནི་ག?་ཞེས་བཤད་དོ། །ཞེས་སོ། །ཁྲུང་ཁྲུང་འཇོམས་ནི། ལྷ་མ་ཡིན་ཁྲུང་ཁྲུང་ཞེས་པ་བསད་བ་སྟེ། དི ་ཆུང་མ་ན་རེ་གདོང་དྲུག་གིས་བས་ངོ་ཞེས་ཟེར་རོ། །ཆེར་སྐྱེས་ན་ཚོགས་བདག་གིས་གསོད་པས་གཞོན་ནུར་གནས་སོ་ཞེས་ཀྱང་འབྱུང་ངོ། །དེ་རྣམས་ཀྱིས་དབང་ཕྱུག་གི་བུ་སྐེམ་བྱེད་ཀྱི་མིང་ངོ། །དབང་པོ་ཞེས་ཕན་ས་རི་སྐྱེས་ལྡན་ཞེས་པའི་བར་གྱིས་རྒྱ་བྱིན་གྱི ་མིང་ངོ། །དབང་པོ་ནི་ལྷ་རྣམས་ཀྱི་རྒྱལ་པོ་ཡིན་པས་དེའི་ཕྱིར་ན་དབང་ཕྱུག་དམ་པའོ། །ལྷ་ལྡན་ནི་དེ་ན་ཡོད་པས་ལྡན་པའོ། །ལྷ་ཐམས་ཅད་དེས་མཆོད་པའི་ཕྱིར་ན་མཆོད་བྱེད་དོ། །བྱ་བ་སྟོབས་ནི་མཛའ་དག་ལ་ཁྱབ་པའི་སྟོབས་ཡོད་པས་སོ། །ལྷ་མ ་ཡིན་སྨིན་པ་བསད་པས་སྨིན་པ་འཇོམས་སོ། །རྒན་ལ་ཉན་ནི། རྒྱ་བྱིན་ལ་དྲང་སྲོང་གི་འཁོར་སྟོང་ཡོད་དེ། རྒན་པ་ནི་དེ་རྣམས་རིག་པས་རྒན་པའོ། །དེ་རྣམས་ཀྱི་གང་བགོ་བ་བཞིན་དུ་ཉན?་ནོ། །ཤིམ་བརྗོད་ཉིན་བརྒྱ་བྱིན་ལ་རྒྱལ་པར་གྱུར་ཅིག་འཚོ་བར་གྱུར ་ཅིག་ལ་སོགས་པའི་དྲང་སྲོང་རྣམས་ཀྱི་ཤིས་པ་བརྗོད་པའོ། །ལྷ་མ་ཡིན་གང་བོ་བོས་ནས་བསད་པས་གང་པོ་འབོད་ཅེས་སོ། །གྲོང་འཇོམས་ནི་ལྷ་མ་ཡིན་གྱི་?་རྣམས་འདིས་བཅོམ་པའོ། །རྒྱལ་བྱེད་ནི་གཞན་རྣམས་ཀྱིས་མི་ཐུབ་པའོ། །ནུས་ལྡན་ཞེས་ཀྱང ་བྱའོ། ལེགས་བྲིས་ནི་ལྷ་སྟེ་དེ་རྣམས་ཀྱི་གཙོ་བོའོ། །མཆོད་སྦྱིན་བརྒྱ་པ་ནི་མུ་སྟེགས་པ་རྣམས་ཀྱིས་མཆོད་སྦྱིན་བརྒྱ་བྱས་ན་ལྷའི་དབང་པོ་འཐོབ་ཅིང། །དབང་པ་སྔོན་?་ཆོད་སྦྱིན་བརྒྱ་བྱས་པས་དེ་ལས་གྲོགས་མཐོ་རིས་ཀྱི་བདག་པོའོ། །ས་མཛའ་དག་སྐྱེད ་བའི་ཕྱིར་ལེགས་སྐྱོང་ངོ། །རི་འཇོམས་ཞེས་པ་ནི། རི་རབ་སྔོན་གྱི་དུས་ན་འགྲོ་འདུག་བྱེད་པ་ན་སྐྱེ་བོ་མང་པོ་འཇོམས་པ་བས?་བརྒྱ་བྱིན་གྱི་རྡོ་རྗེ་སྣུན་ནས་རིའི་རྐང་པ་བཅད་པས་ཆུན་ཆང་འགྲོ་མ་ཤེས་སོ། །མིན་ཞེས་པའི་རི་ནི་བྲོས་ནས་རྒྱ་མཚོའི་ནང་ན་ཡོད་དོ་ཞེས་གྲག་གོ། ། ་རྡོ་རྗེའི་མཚོན་ཆ་དང། དབྱིག་ནི་རིན་པོ་ཆེ་ལ་སོགས་པའི་ནོར་དང་ལྡན་ནོ། །ལྷ་མ་ཡིན་འཕེལ་བ་བརྒྱ་བྱིན་གྱིས་བསད་པས་འཕེལ་བ་འཇོམས་སོ། །ཆར་འབེབས་ནི་བརྒྱ་བྱིན་གྱི་སྤྲིན་གྱི་གླང་པོ་ཆེས་རྒྱ་མཚོ་བརྟབས་ནས་ནམ་མཁའ་ ་ལས་ཆར་འབེབས་སོ། །གནས་ཀྱི་བདག་པོ་ནི། ཁང་པ་ལ་སོགས་པའི་གཞི་རྣམས་ཀྱི་བདག་པོ་བརྒྱ་བྱིན་ཏེ། དེ་རྩིག་པའི་ཚེ་ན་བརྒྱ་བྱིན་ལ་བླངས་ན་བྱིན་གྱིས་རློབ་ཅིང་སྟེར་བར་འགྱུར་རོ་ཞེས་སོ། །ལྷ་རྣམས་ཀྱི་བདག་པོའོ། །ལྷ་མ་ཡིན་སྟོབས་ལྡན་དང། འཕེལ་བ ་དང། རྨུགས་བྱེད་དང། འགྲོལ་མེད་ཅེས་པ་རྣམས་བསད་པས་ན་དགྲའོ། །ལེགས་བརྗོད་མ་ནི་བརྒྱ་བྱིན་གྱི་ཆུང་མ་སྟེ། དབྱངས་ཤིན་ཏུ་སྙན་པའོ། །དེས་ན་ལེགས་བརྗོད་བདག་གོ་།འཕྲོག་བྱེད་རྟ་ནི་བརྒྱ་བྱིན་ཁོ་ནའི་རྟ་ཏེ། ཧ་རི་ཞེས་འབྱུང་ངོ། །མཐོ་རིམ་གྱི་རྒྱལ ་པོའོ། །ལྷ་མ་ཡིན་གྲོལ་མེད་འདིས་བསད་པས་ན་འཇོམས་པའོ། །ཡང་དག་དུ་ཞེས་བྱ་བ་ཡིན་གྱི། མ་ཏི་ཞེས་པ་བརྒྱ་བྱིན་གྱིས་བུ་ཐམས་ཅད་བསད་པས་མ་དགའ་སྟེ། དྲང་སྲོང་འོད་སྲུངས་ཞེས་པ་ལ་ཞབས་རྟོག་མང་དུ་བྱས་པས་དེ་ན་རེ་ཁྱོད་ཅི་འདོད་ཟེར ་བས་བརྒྱ་བྱིན་ཐུབ་པའི་བུ་ཞིག་འདོད་ཟེར། དེས་ཆུ་ཐིགས་པ་གཅིག་བྱིན་ཏེ་མངལ་དུ་བཟུང་ངོ། །དེ་བརྒྱ་བྱིན་གྱིས་ཐོས་ནས་ད་ལྟ་ཉིད་དུ་མེད་པར་བྱའོ་ཟེར་ནས་དེའི་མངལ་དུ་ཞུགས་ནས་དུམ་བུ་བདུན་དུ་བྱས་ཀྱང་མ་ཤི་བར་དུས་སོ། དེ་རེ་རེ་ཡང་བདན་བདུན ་དུ་བྱ་མོ། །དེ་ནས་རླུང་གི་ལྷ་བཞི་བཅུ་རྩ་དགུ་རྣམས་སུ་སྐྱེས་སོ། །དེར་མ་ན་ར་ཤིན་ཏུ་དུ་བོ་ཞེས་ཟེར་རོ། །དེའི་ཕྱིར་ནི་དུ་བྱེད་དོ་ཞེས་ཟེར་རོ། །བཟོད་དཀས་རེངས་ནི་དྲང་སྲོང་ལུས་ཤིན་ཏུ་བཟོད་པར་དཀའ་བས་ཞིང་རྒན་པ་གཅིག་ཡོད་པ་ལ། དེ་ལ་ཐ་སྐར་ལ་བུ་གཉིས་ཡོད ་པའི་ལྷའི་སྨན་པ་ཞེས་བྱ་བས་དེ་བསོས་པས་ཤིན་ཏུ་གཞོན་པར་གྱུར་པས། དེ་དགའ་ནས་ཅི་འདོད་ཅེས་སྨྲས་སོ། །སྦྱིན་སྲེག་བྱས་པའི་ཤིང་ཐོག་བླང་ཟེར་ཏེ་ཕྱི་རོལ་པ་རྣམས་ཀྱིས་བྱིན་གྱི་གོ་འཕང་ཐོབ་པར་འདོད་དོ། །དེ་གཏེར་བར་བཟས་པ་དང། བརྒྱ་བྱིན་ཁྲོས་ཏེ ་བསོད་པའི་ཕྱིར་རྡོ་རྗེ་སྟེང་དུ་ཕྱིར་བ་ན་བརྒྱ་བྱིན་གྱི་ལག་པ་རེངས་སོ། །དེའི་ཕྱིར་ན་བཟོད་དཀས་རེངས་ཞེས་བྱའོ། །གཞན་སྙེམས་བཟོད་ནི་ཕ་རོལ་གྱི་ང་རྒྱལ་དང་ཁེངས་པ་རྣམས་བརྒྱ་བྱིན་གྱིས་བཟོད་པར་ནུས་སོ། །སྤྲིན་ལ་ཞོན་ནི་གླང་པོ་ཆེ་ས་སྲུངས་སྤྲིན་གཟུགས་ཅན་ཏེ། ་རྟ་ཡི་བདག་པོ་མཚོན་པའོ། །ཀུན་འཇོམས་ནི་ཕ་རོལ་གྱི་སྟོབས་ཐམས་ཅད་བརྒྱ་བྱིན་གྱིས་འཇོམས་སོ། །མིག་སྟོང་ནི་དྲང་སྲོང་གཽ་ཏ་མའི་ཆུང་མ། །ེ་ཧ་ལེགས་ཞེས་པ་ཤིན་ཏུ་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཡོད་པ་ལ་ཤིང་གི་ཁོང་གསེད་དུ་སྦས་པས་དེ་མ་དགའ་ ་ནས། ང་འདི་ཚུན་ཆད་སོང་ཞིག་འདི་ཕན་ཆད་མ་འགྲོ་ཤིག་ཅེས་ཟེར་རོ། །དེ་དྲང་སྲོང་གཞན་དུ་སོང་བའི་ཤུལ་དུ་བརྒྱ་བྱིན་དེ་དང་ལྷན་ཅིག་གནས་སོ། །དེ་དྲང་སྲོང་འོངས་པ་དང་འདོམ་ནས། དིའི་མངལ་དུ་ཞུགས་སོ། །དེར་སུ་འོང་ཞེས་དྲིས་པ་ན་སུ་ཡང་མ་འོངས་སོ་ཞེས ་ཟེར་རོ། །དེ་དྲང་སྲོང་གིས་ཤེས་ཏེ། བདག་གིས་སྨོད་པའི་མེས་བསྲེག་པར་བྱའོ་ཞེས་སྨྲས་པས། དེ་འཇིགས་ནས་ཕྱིར་ཕྱུང་ངོ། །དེར་ཁྱོད་ལྷའི་དབང་པོ་ཡིན་པས་བསད་པར་མི་བྱའི་ལུས་ནི་མོ་མཚན་སྟོང་དུ་གྱུར་ཅིག་ཅེས་སོ། །དེ་ནས་ལུས་མོ་མཚན་སྟོང་དུ ་སོང་ངོ། །སླར་བཟོད་པར་གསོལ་བས་མིག་སྟོང་དུ་བྱས་སོ། །དེ་ནས་མིག་སྟོང་པའོ། །ཡང་ན་འཁོར་དྲང་སྲོང་སྟོང་པོའི་བཀའ་ཉན་པས་ཀྱང་མིག་སྟོང་པ་སྟེ། རིག་པ་ཅན་ནི་མིག་དང་འདྲ་བའི་ཕྱིར་རོ། །རི་སྐྱེས་ནི་ལྷ་སྟེ་དེ་དང་ལྡན་ཅིག་པའོ། །དེ་རྣམས ་ཀྱི་ལྷའི་དབང་པོའི་མིང་ངོ། །དེའི་ཆུད་མ་ནི་ལྷ་མ་ཡིན་གྱི་བུ་མོ་སུ་ལོ་མ་ཞེས་པ་ལས་སྐྱེས་པའོ། །ལེགས་བརྗོད་མ་ནི་སྒྲ་དབྱངས་ཤིན་ཏུ་སྙམ་པའོ། །དེ་དབང་པོའི་བཙུན་མོ་ཡིན་པས་དབང་མོའོ། །གྲོང་ཁྱེར་ནི་འཆི་མེད་ལྡན་ཞེས་བྱའོ། །ཡང་རྟ་ནི་མཐོང་ཉན ་ཞེས་ཀྱང་བྱའོ། །ཁ་ལོ་པ་ནི་དེའི་བུ་སྟེ་ཤིང་རྟ་འདྲེན་པའོ། །དེའི་མ་ནི་ཡིད་སྒྲུབ་མ་སྟ་བསམས་པ་བཞིན་དེས་སྒྲུབ་བོ། །སྒྱོད?་མོས་ཚལ་ནི་དགའ་བའི་ཚལ་ཞེས་བྱའོ། །ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་པ་ནི་བ་དན་ཅན་ཞེས་བཤད་དོ། །ཡང་རྒྱལ་བྱེད་ཅེས ་པ་ནི། དབང་པོའི་བུའོ། །སྨིན་འཇོམས་ནི་དབང་པོ་སྟེ་དེས་ན་སྨིན་འཇོམས་བུའོ། །དབང་པོའི་གཞོན་པ་ནི་སྤྲིན་གྱི་གླང་པོ་ཞེས་སོ། །མཚོ་སྐྱེས་ཞེས་པ་ནི་ཨེ་ར་བ་ཏ་ཞེས་པའི་མཚོ་ལས་སྐྱེས་པའོ། །ས་སྲུངས་ཀྱི་བུ་ནི ་ཕྱོགས་རྣམས་ལས་ས་སྲུངས་བརྒྱད་ཀྱི་བདག་པོའོ། །ཆུ་འཛིན་ནི་སྤྲིན་ཏེ་དེའི་གླང་པོ་ཞེས་ཀྱང་བྱའོ། །དེ་རྣམས་ས་སྲུངས་ཀྱི་རྣམ་གྲངས་སོ། །ཚིགས་སུ་བཅད་པ་གཅིག་གིས་དབང་པོའི་རྡོ་རྗེའི་བཤད་དོ། །སྒྲ་སྒྲོགས་ཞེས་པ་ནི། རྡོ་རྗེ་འབབ་པ་ལ་དགྲ་འབྱུང ་བའི་ཕྱིར་རོ། །རྡོ་རྗེ་ནི་གང་གིས་ཀྱང་མི་འཇིག་པའི་ཕྱིར་རོ། །པྲ་ཛ་ཥིའི་ཁམས་ལས་འབྱུང་བས་འགྲོ་ལྡན་ཞེས་ཀྱང་བྱའོ། །མོ་མ་ཡིན་པ་ནི་མོའི་རྟགས་མ་ཡིན་པའོ། །ལྷག་མ་ཕོ་དང་མ་ནིང་ངོ། །ལག་ལྡན་ནི་ཀུ་ལི་ཤ་ཞེས་འབྱུང་བས་ཀུ་ལི་ནི་ལག་པ ་སྟེ། དབང་པོའི་ལག་ན་ལྡན་པས་ལག་ལྡན་ནོ་ཞེས་ཀྱང་གོ། །འབིགས་བྱེད་ནི་ཅི་ལ་ཡང་ཐོགས་པ་མེད་པར་མཇོམས་ཤིང་འཇིགས་པས་འབིགས་བྱེད་དོ། །ཐོག་ནི་དབང་པོའི་རྡོ་རྗེ་ཞེས་གྲགས་སོ། །རྩེ་མོ་བརྒྱ་པ་ནི། ཟུར་སུམ་བརྒྱ་ཡོད་པའོ། །སྒྲ་ཅན་རྡོ་རྗེ ་འབབ་པ་ན་ཐོག་སྒྲ་འབྱུང་བའི་ཕྱིར་ན་སྒྲ་ཅན་ནོ། །གང་གིས་ཀྱང་མི་འཇིགས་པའི་ཕྱིར་ན་བདེ་བའོ། །གནམ་ལྕགས་ཞེས་ཀྱང་གྲག་གོ་།ཟ་བྱེད་ནི་དངོས་པོ་ཐམས་ཅད་འཇོམས་པས་ན་ཟ་བྱེད་དོ། །གཉིས་དག་ནི་ཕོ་མོ་གཉིས་ཀྱི་རྟགས་དང་ལྡན་པའོ། །དེ་རྣམས ་བརྒྱ་བྱིན་གྱི་རྡོ་རྗེ་ཏེ་གཞན་དུ་འང་ངེས་གོ་བར་བྱའོ། །མཁའ་ཐེག་མཁའ་གནས་ཞེས་པ་ནི་ཁང་བཟངས་དང་བཅས་པ་ནམ་མཁའ་ལ་རྒྱུ་ཞིང་འདུག་པའོ། །མོ་མ་ཡིན་པ་རི་མོའི་རྟག་ཅན་མ་ཡིན་པའོ། །ལྷའི་དྲང་སྲོང་མི་བྱིན་ལ་སོགས་པ་ནི་དྲང་སྲོང ་ཆེན་པོ་མི་བྱིན་དང། རྒྱས་པ་ལ་སོགས་པ་དབང་པོའི་འཁོར་སྟོང་གནས་པའོ། །ཆོས་བཟང་ལྷའི་མདུན་ས་ནི་ལྷ་རྣམས་འདུ་བའི་ཁང་པའོ། །ལྷ་རྣམས་ཀྱི་བཏུང་བ་ནི་བདུད་རྩི་སྟེ་འཆི་བདུད་ཀྱི་སྨན་ཟིན་པའི་ཕྱིར་ན་བདུད་རྩིའོ། །བདེ་འཐུང་ཞེས་པ་ལུས ་ཚིམ་ཞིང་ཚེ་དཔག་ཏུ་མེད་པ་འམ། བདུད་རྩི་བཏུང་བས་འཆི་བ་མེད་པའི་ཕྱིར་ན་བདུད་རྩི་ཞེས་བྱའོ། །ལྷའི་ཆུ་ནི་ངལ་གྱིས་འབབ་པ་དང། མཐོ་རིས་ཀྱི་ཀླུང་དང། ནམ་མཁའ་ཨི་གངྒཱ་དང། བཅུད་ལྡན་རི་ཞེས་བྱ་སྟེ་རི་རབ་ཀྱི་སྟེང་ནས་འབབ་པའོ། །ལྷུན་པོ་དང། ་རི་རབ་དང། གསེར་གྱི་རི་དང། རིན་ཆེན་བརྩེགས་པ་དང། ལྷའི་གནས་ཞེས་ཀྱང་བྱ་སྟེ། རི་རབ་ཀྱི་མིང་ངོ། །མནདྷ་ར་བ་ཞེས་པ་ནི་ཡིད་དགའ་བར་བྱེད་པའི་ཤིང་ངོ། །རྒྱ་མཚོ་སྐྱེས་ནི་པཱ་རི་ཞེས་པ་རྒྱ་མཚོའི་མིང་སྟེ། དེ་ལ་སྐྱེས་པས་རྒྱ་མཚོ་སྐྱེས་སོ། །ལེགས་ཁྱབ ་ནི་ཡང་དག་པར་སྤོས་ཀྱི་ངང་དང་ལྡན་པས་ཁྱབ་པའོ། །དཔག་བསམ་ཤིང་ནི་ཡང་དག་པའི་བསམ་པ་ལས་སྐྱེས་ཤིང་ལྗོན་པའི་རང་བཞིན་ཡིན་པས་དཔག་བསམ་ཤིང་ཞེས་སོ། །འཕྲོག་བྱེད་ནི་ཧ་རི་ཞེས་འབྱུང་སྟེ་དབང་པོའོ། །ཙནདན་ནི་ཚིམ་བྱེད་ཅེས་བྱ་སྟེ ་དབང་པོ་བདེ་བར་བྱེད་པའོ། །སྐྱེས་བུའི་ཞེས་པ་ནི་ཡང་དག་པའི་རྟགས་ཅན་ནོ། །འདི་ནི་རྣམས་ནི་ལྷའི་ལྗོན་ཤིང་ཞེས་བྱ་སྟེ། དགོས་འདོད་ཐམས་ཅད་འབྱུང་བའོ། །ཚངས་པའི་གཞོན་ནུ་ཞེས་པ་ནི། ཚངས་པའི་བུ་ཡིན་པས་ཚངས་པའི་གཞོན་ནུའོ།། ་རྣམ་བྱེད་ཀྱང་ཚངས་པ་སྟེ་དེའི་ཆ་ནས་རྣམ་འབྱེད་བུའོ། །འདིར་མཐོ་རིས་ཀྱི་སྨན་པའི་ཆ་ནས་སྨོས་པའོ། །མ་རྟའི་བུ་ནི། ཉི་མའི་ཆུང་མ་ཉི་མའི་འོད་ཟེར་མ་བཟོད་ནས་རྟའི་གཟུགས་སུ་བྱས་ཏེ་བྱང་གི་སྒྲ་མི་སྙན་དུ་དཀའ་ཐུབ་བྱེད་ཅིང་གནས་སོ། །ཉི་མས་དེ་རུ ་ཕྱིན་པ་ན་དེའི་དྲུང་དུ་འགྲོ་འདོད་པས་རྟའི་གཟུགས་སུ་བྱས་ནས་དེའི་དྲུང་དུ་སོང་ངོ། །དེར་ཞོན་བས་ཟས་པ་ན་ཕོལ་གྱི་སྐྱེས་བུ་བྱུང་སྙམ་སྟེ་གདོང་ཕྱིར་ལོགས་པ་དང་སྣའི་བུ་ག་གཉིས་སུ་ས་བོན་དག་སོང་ངོ། །དེ་ལས་བུ་གཉིས་སྐྱེས་ཞེས་བྱའོ། །ཐ་སྐར་ནི་སྐར་མ ་ཐ་སྐར་དང་ཟླ་བ་འཇོམ་པའི་དུས་སུ་སྐྱེས་པས་ཐ་སྐར་སྐྱེས་ཞེས་བྱའོ། །ཀུན་བྱེད་ཅེས་ཀྱང་བྱ་སྟེ། ནད་གསོ་བའི་ཕྱིར་ཀུན་འབྱེད་པའོ། །གཉིས་ག་ཡང་མ་རྟ་ཡིན་པ་དང། ཐ་སྐར་སྐྱེས་ཡིན་པ་དང། ཀུན་འབྱེད་ཀྱང་གཉིས་ཀའོ། །དེས་ན་གཉིས་དག་ཅེས་སོ། །ཆུ་སྐྱེས་ཞེས ་པ་ནི་ཨ་བ་ས་ར་ཞེས་བྱ་སྟེ་ཡིད་འཕྲོག་པའོ། །ཡང་ན་ཨ་པ་ནི་ཆུ་སྟེ་དེ་ལས་སྐྱེས་པས་ཆུ་སྐྱེས་སོ། །མོ་དང་མང་པོ་ཞེས་པ་ནི་མོའི་རྟགས་ཡིན་པ་དང། མང་པོའི་ཚོགས་ཡིན་པའོ། །འདི་རྣམས་མཐོ་རིས་ཀྱི་སྨད་འཚོང་མ་སྟེ་དབང་མོ ་ཆེ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ། ཀློག་གི་འོད་ཅན་མ་དང། ཏིལ་མཆོག་དང། པད་དཀར་མ་དང། ལག་བཟངས་མ་དང། དགའ་བའི་ཤིང་རྟ་མ་དང། རབ་ཏུ་མྱོས་བྱེད་མ་དང། མེ་ན་ཀ་དང་སྒྲ་འདྲེས་མ་དང། ལེགས་བརྒྱན་མ་དང། མུན་ཇ་སྐྱེས ་དང། ཨ་ལ་མུ་ཤ་དང། ཆུ་ཤིང་བརླ་ཅན་མ་དང། སྐད་ལེགས་མ་ཞེས་བྱ་བ་ལ་སོགས་པའོ། །ལྷ་རྣམས་ཀྱི་ཀླུ་མཁན་དྲི་བཟའ་ཡིན་ཏེ། ཧཱ་ཧཱ་ཧཱུ་ཧཱུ་ཞེས་འབྱུང་སྟེ། ཧཱ་ནི་སྔོན་སྐད་ལ་བྱའོ། །ཡང་ཧཱ་ནི་སྤངས་པ་ལ་བྱའོ། །དེས་ན་སྒྲ་ངན་སྤངས་པ་ཞེས ་བྱ་བའོ། །ཧཱ་ན་གླུ་དབྱངས་སོ། །ཡང་ཧཱུ་ནི་འདོམས་པ་ལ་ཡང་རྐྱེན་གྱིས་འགྱུར་རོ། །དེ་དག་ལ་སོགས་པ་དྲི་ཟ་གླུ་མཁན་ཏེ་གནདྷརྦ་ཞེས་པ་གླུ་ལ་ཡང་བྱའོ། །ཟས་སུ་དྲི་ཟ་བས་དྲི་ཟ་ཞེས་ཀྱང་རུང་ངོ། དེ་རྣམས་ཀྱིས་དབང་པོའི་འཁོར་དང་བཅས་པ་བརྗོད་ནས་འཁྱོག ་འགྲོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་མེའི་མིང་ངོ། །གནི་ཞེས་པ་འཁྱོགས་འགྲོ་ཞེས་བྱའོ། །མེ་ནི་དྲང་སྲོང་བཻ་ཤྭ་ན་ར་ཞེས་པ་ལས་སྐྱེས་པ་སྟེ། མ་ཞེས་གྲགས་སོ། །གང་དུ་སྐྱེས་ཀྱང་སྲེག་རྒྱུ་ཞིག་སྙེད་པའི་ཕྱིར་ན་རྙེད་ཟའོ། །བྱིན་ཟ་ནི ་རྩ་བསྲེགས་ཀྱང་འཚིག་པའི་ཕྱིར་བྱིན་ཟའོ། །དངོས་པོ་གང་བསྲེགས་ཀྱང་འཚིག་པའི་ཕྱིར་ན་ནོར་ལས་རྒྱལ་ལོ། །ཆུའི་སྐྱེ་གནས་ནི། ཀལྤ་ཆགས་པའི་དུས་སུ་རྒྱ་མཚོ་ཆེན་པོའི་ནང་ནས་སྐྱེས་པའི་ཕྱིར་ན་ཆུའི་སྐྱེ་གནས་ཞེས་བྱའོ། །འབར་བ་ཅན་དང། སྐྱེས་ཐོབ ་དང། ལུས་བསྲེགས་པས་མི་སྐྱོད་པ་དང། ཤིང་ལས་འཕེལ་བ་དང། སྐེམ་པར་བྱེད་པ་དང། མེའི་ཤུལ་ནག་པོར་འགྲོ་བས་ལམ་ནག་དང། འབར་བའི་སྐྲ་ཅན་དང། སྔ་དྲོ་སད་ཅེས་པ་ནི་སྔོན་དང་པོ་ལ་སྦྱིན་སྲེག་ལ་སོགས་པ་བྱེད་པ་སྔ་དྲོ་སད་དོ། །རྟེན་ཚད་ཟ་པ་དང། ་འོད་ཟེར་ཆེན་པོ་ཅན་དང། ཆུང་ངུར་བྱེད་པ་དང། སྨིན་པར་བྱེད་པ་དང། འཚོ་བྱེད་ཅེས་བ་ནི་ལུས་ཀྱི་སྲོག་འཛིན་པའོ། །རྟ་དམར་ཅན་ཞེས་པ་ནི་རྒྱ་མཚོའི་སྟེང་གི་མ་འོད་དེ། རླུང་གི་གྲོགས་པོ་དང། གཙུག་ཕུད་ཅན་དང། རྩ་ཟན་དང། གསེར་གྱི་ཐིག་ལ་ནི་དབུས་མའི་སྨོད་པས ་དབང་ཕྱུག་ཆེན་པོའི་ཐིག་ལེ་ལྟར་ཆགས་པའོ། །སྲེགས་རྫས་ཟ་ནི་ཡམ་ཤིང་ལ་སོགས་པ་དེས་ཟ་བའོ། །སྲེག་བྱེད་དང་ཕན་ཚུན་གྱི་ཐོབ་བྱེད་ནི། མེ་ལ་བསྲེགས་པ་རྣམས་ཀྱིས་ལྷ་དང་མཚུན་གྱི་ཐོབ་བོ་ཞེས་གྲག་གོ་།འོད་འདུན་ནི་མེ་ལ་འོད་བདུན་ཡིད་པར་བཤད་དེ། དེ ་ཡང་ནག་པོ་དང། འཇིག་བྱེད་པ་དང། ཡིད་མགྱོག་པ་དང། དུ་མདོག་ཅན་དང། མེ་སྟག་ཅན་དང། སུ་ཏི་ཏ་དང། སྣ་ཚོགས་མདོག་ཅན་ཞེས་བྱའོ། །ཉེར་ཞི་ནི་ཚེར་མ་ལ་སོགས་པ་དེས་སྲེག་པའོ། །མྱ་ངན་བྱེད་ནི། ཁང་ཁྱིམ་དང་ནོར་རྫས་ལ་སོགས་པ་ངེས་ཚིག ་ནས་མྱ་ངན་བྱེད་པའོ། །ཆུ་འཁྲིས་ན་བསྐལ་པ་འཇིག་པའི་དུས་སུ་མེས་རྒྱ་མཚོ་ཆེན་པོ་ཡང་སྐེམ་པའི་ཕྱིར་ན་མཁྲིས་པའི་ནད་དང་འདྲ་བར་བསྟན་ནོ། །དག་པར་བྱེད་པ་ནི། བྲང་སྐྱེས་ནི། དྲང་སྲོང་ཨུརྦ་ཞེས་པ་སྐྱེ་གནས་ལས་མ་སྐྱེས་པའི་བུ་ཞིག་འདོད་བས། བྲང་གི་སྟེང ་དུ་བསྲུབས་པ་དེ་ལས་དྲོད་འབར་ནས་བུ་ཞིག་སྐྱེས་སོ། །དེ་ནི་རྟ་གོད་མའི་གཟུགས་ཀྱི་རྒྱ་མཚོ་ལ་གནས་སོ། །དེ་བྲང་སྐྱེས་ཀྱང་ཡིན་ལ། དེ་ལས་མེ་སྐྱེས་པས་རྒོད་མ་སྐྱེས་ཞེས་བྱའོ། །ལྷ་མཆོད་ཅེས་བ་ནི། མེ་ལ་མཆོད་སྦྱིན་བྱས་ཤིང་ཕུལ་ན་དེས་ལྷ་མཆོད་པར་བྱེད་ཅེས་སོ།། ་གཉིས་ཞེས་པ་ནི་ཕོ་མོ་གཉིས་ཀྱི་རྟགས་ཅན་ནོ། །འདི་རྣམས་ནི་མེ་ལྕེའི་མིང་སྟེ། འབར་མ་མེ་ལྕེ། ཡལ་མེ། འབར་མེའོ། །ཉལ་ལྡན་ནི་མེ་ཉལ་བ་བཞིན་དུ་སྣང་བས་སོ། །མོ་ཡིན་པ་ནི་མོའི་རྟགས་ཅན་དང། མཐོང་བས་ལྷན་ཅིག་སྤྱོད་པའི་སྟོབས་ཀྱིས་གཞན་དེ་རྣམས ་ཀྱང་མོའི་རྟགས་ཅན་ནོ། །ཡང་མེ་སྟག་དང། མེ་སྐར་ནི་རྟགས་གསུམ་མོ། །ཡོངས་སུ་གདུང་བ་དང། ཚངས་པ་ཅན་གཉིས་ནི་མེ་ལས་སྐྱེས་པའོ། །མཉམ་ཞེས་པ་ནི་དོན་འདྲ་བ་དང། རྟགས་མཚུངས་པའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་གཤིན་རྗེའི་ཕྱོགས་སོ།། ་ཆོས་ཀྱི་རྒྱལ་པོ་ཞེས་པ་ནི་ཉེས་པ་ཇི་ལྟ་བ་བཞིན་དུ་ཆད་བ་གཅོད་པས་ཆོས་ཀྱི་རྒྱལ་པོའོ། །ཕ་གཤིན་རྗེ་ནི་བ་མེས་ཤི་བ་རྣམས་སོ། །དེ་རྣམས་ཀྱི་ལྷ་ཀ་ནྱ་དང། བྱིས་པ་དང། ན་ལ་དང། ཟླ་བ་དང། གསོ་བྱེད་དང། ཆོས་ཀྱི་རྒྱལ་པོ་དང། ་འཆི་བྱེད་རྣམས་ཏེ་དེ་རྣམས་ཀྱི་གཙོ་བོ་ཡིན་པས་བདག་པོའོ། །མཚུངས་འཇུག་ནི་དགྲ་དང་གཉེན་མེད་པ་ལ་ཆད་པས་གཅོད་པའོ། །གཤིན་གྱི་རྒྱལ་པོ་ནི་ཤི་བ་རྣམས་ཀྱི་རྗེའོ། །སྐྱེ་བོ་ཐམས་ཅད་འཆི་བར་བྱེད་པས་མཐར་བྱེད་དོ། །ཆུ་བོ་ཆེན་པོ་ཡ་མུ་ནའི་སྤུན་ཟླའོ ་ཞེས་གྲག་གོ་།ཞི་བྱེད་ནི་དེས་སྲོག་ཆགས་ཐམས་ཅད་མེད་པར་བྱེད་པའོ། །གཤིན་རྗེ་ཕོ་ཉ་འཆི་བྱེད་ལ་སོགས་པས་ཅི་བྱ་ཞེས་སྨྲ་བས་སྟེ། དེ་རྣམས་ཀྱི་རྒྱལ་པོའོ། །གཤིན་པོ་རྣམས་དང་ལྡན་དང་རྗེའོ། །གྲངས་ཅན་ནི་ཆོས་དང་ཆོས་མ་ཡིན་པ་རྣམས་ཀྱི་གྲངས ་བཟུང་ནས་ཆད་བས་གཅོད་པའོ། །དབང་ཕྱུག་འཛིན་ནི་དབང་ཕྱུག་ནག་པོ་དགེ་སྡིག་པ་སོགས་པའི་གྲངས་ཡིག་ཅན་འཛིན་པའོ། །མཚུན་ནི་ཕ་མེས་ལ་སོགས་པ་ཤི་བ་རྣམས་ཏེ། དེ་རྣམས་ཀྱི་ལྷ་ནི་གཤིན་རྗེ་སྟེ། དེ་ལ་ཆོད་པ་བྱས་པས་གཤིན་རྗེ ་རྣམས་ཀྱིས་ཆ་ཤས་ཐོབ་པའོ། །འདི་ནི་ཉི་མ་ལ་སྐྱེས་སོ་ཞེས་འབྱུང་ངོ། །མཛའ་ཅན་ནི། སྐྱེ་བོ་ཀུན་གྱི་མཐར་དེ་གནས་པའོ། །དེ་རྣམས་ཀྱི་ལྷོ་ཕྱོགས་གཤིན་རྗེའི་མིང་ངོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བདེན་བྲལ་སྲིན་པོའི་མིང་ངོ། །སྲིན་པོ་ནི་ལྷོ ་ནུབ་ཀྱི་ཕྱོགས་སྐྱོང་ངོ། །མིའི་རོ་ཟ་བ་དང། ཤ་རྗེན་པ་ཟ་བ་དང། ཤ་ཟ་དང། ཁྲག་འཐུང་དང། མིའི་ཁྲག་ལ་སོགས་པ་རྗེན་པ་མ་བཙོས་པར་ཟ་བ་སྲིན་བོའོ། །ཕྱོགས་ཀུན་ཏུ་རྒྱུ་བས་ཀུན་ཏུ་རྒྱུའོ། །བྱ་བྱེད་ནམ་ལ་བྱེད་པས་མཚན་མོ་རྒྱུ་དང། ནམ་ལ་སྤྱོད ་པའོ། །སྣ་ཚོགས་མདོག་ནི་ལུས་ཁྲ་བོའོ། །གསོད་བདག་སྐྱེས་ནི་ཕ་གསོད་བདག་ཅེས་པ་ལ་སྐྱེས་པའོ། །འགྲོ་བ་མཛའ་དག་འཛིན་ཅིང་གསོད་པས་འགྲོ་འཛིན་ནོ། །བསོད་ནམས་སྐྱེས་ནི་སྐལ་བ་ཚང་བ་སྟེ། དཔེར་ན་གདུགས་པ་ཅན་གྱི་གཟའ་མིག་དམར་ལ་བཀྲ ་ཤིས་ཞེས་པ་འམ། བུད་མེད་ཀུན་གྱི་ཁྱོ་ངན་པ་དང་འཕྲད་བ་ལ་ང་བསོད་ནམས་བསགས་པས་ཁྱོད་འདྲ་བའི་ཁྱོ་རྙེད་པ་ཞེས་སྨྲ་བ་དང་མཚུངས་པའོ། །བདེན་བྲལ་ཞེས་པ་ལ་སྐྱེས་པས་བདེན་བུ་ཞེས་བྱའོ། །རྗེས་འཇུག་ནི་སྐྱེ་བོ་མཛའ་དག་གི་རྗེས་སུ་འགྲོ་ཞིང ་གླགས་ཚོལ་བའོ། །བསྲུང་བ་པོ་ནི། སྐྱེ་བོ་རྣམས་ངེས་འཇིགས་ནས་སྔགས་དང་རྫས་ལ་སོགས་པའི་སྲུང་བ་བྱེད་པའོ། །དེས་ན་ཡུལ་ཅན་གྱིས་ཡུལ་མཚོན་པའོ། །དེ་རྣམས་ཀྱིས་སྲིན་པོའི་མིང་ངོ། །ཚིགས་སུ་བཅད་པ་གཅིག་གིས་ཆུ་བདག་གི་ཕྱོགས་སོ། །སེམས་ཤིན་ཏུ་ཟབ ་བས་སེམས་མཆོག་།མཆོག་སྦྱིན་ནི་ལྷ་རྣམས་ཀྱང་དེ་ལ་མཆོག་རྣམས་སློང་པའོ། །རྟག་ཏུ་རྫུ་འཕྲུལ་གྱི་ཞགས་པ་འཛིན་པས་ཞགས་པ་ཅན་ནོ། །ཆུ་ལ་གནས་པའི་སྐྱེ་བོ་མཛའ་དག་གི་བདག་པོའོ། །ཆུ་བདག་ཅེས་ཀྱང་བྱའོ། །དེ་རྣམས་ཀྱིས་ནུབ་ཀྱི་ཕྱོགས་སྐྱོང་གི ་མིང་ངོ། །ད་ནུབ་བྱང་གི་ཕྱོགས་སྐྱོང་རླུང་བརྗོད་པར་བྱ་སྟེ། དབུགས་འབྱིན་པ་ནི་རླུང་ངོ། །དྲང་སྲོང་ལ་སོགས་པའི་རིག་བྱེད་དང་ལྡན་པས་ན་རེག་ལྡན་ནོ། །མ་མོས་འཕེལ་ནི་ཚངས་མ་ལ་སོགས་པ་མ་མོ་བདུན་ཡོད་པའི་གནས་ནས་འཕེལ་ལོ། །ཞེས་འབྱུང་ངོ། །རླུང ་དུ་གྲུབ་ནས་མི་སྤྱོད་པས་རྟག་ཏུ་འགྲོའོ། །རྟ་སྤྲེ་ནི་དཀར་པོ་དང་དམར་པོ་དང་སེར་པོ་གསུམ་དང་ལྡན་པའི་མདོག་གོ། དབུགས་འབྱིན་པ་ཞེས་པ་ནས་རབ་འཇོམས་ཞེས་པའི་བར་གྱིས་རླུང་སྤྱི་ཙམ་གྱི་མིང་སྟེ་དེ་རྣམས་གོ་སླའོ། །ལུས་གནས་པའི་རླུང་ནི་སྙིང་ག ་ན་སྲོག་རླུང་ངོ། །འོག་སྒོ་ན་ཐུར་སེལ། །ལྟེ་བ་ལ་མཉམ་གནས་སོ། །མགྲིན་བ་ལ་གྱེན་རྒྱུའོ། །ལུས་ཐམས་ཅད་ལ་ཁྱབ་བྱེད་ཀྱི་རླུང་ཞེས་བ་གནས་སོ། །སྲོག་གི་རླུང་ནི་སྲོག་འཛིན་འཇུག་བྱེད་དོ། །ཐུར་སེལ་ནི་བཤང་ལྕི་དང་ཁུ་བ་རྣམས་ཐུར་དུ་སེལ་བར་བྱེད་དོ། །མཉམ་པ་གནས ་ནི་ཟས་སྨིན་པར་བྱེད་པའོ། །གྱིན་རྒྱུས་ཚིག་གི་སྨྲ་བ་ལ་སོགས་པ་བྱེད་དོ། །ཁྱབ་བྱེད་ནི་ལུས་ཀྱི་སྲོག་ཁྲག་འབྱུང་བ་དང། རྡུལ་འབྱུང་བ་དང། མིག་འབྱེད་འཛུམ་ལ་སོགས་པ་བྱེད་པ་དེ། །རང་རང་གི་བྱ་བ་བྱེད་དོ། །དེ་རྣམས་ལུས་ཀྱི་རླུང་ངོ། །སྐྱེ་འགྲོ་ཞེས་པ་ནས ་ཤུགས་ལྡན་ཞེས་པའི་བར་གྱིས་མིང་ལྔ་ནི་བང་རྒྱུག་པའི་མིང་ངོ། །དེ་ནས་ཞེས་པ་ནི་ཨ་ཐའི་ཡི་དོན་ནོ། །མྱུར་བ་དང། མགྱོགས་པ་དང། ལ་གོར་དང། སྐྱེན་པ་དང། ཡུད་ཙམ་དང། ཅིག་ཅར་དང། མི་ཐོགས་པ་དང། དེས་མ་ཐག་དང། ་སྐད་ཅིག་པ་དང། མི་འགོད་བ་དང། ངར་ཙམ་ཞེས་པ་འདི་རྣམས་ཀྱིས་མྱུར་བའི་སྤྱི་ཙམ་བསྟན་ནོ། །ཀུན་ཏུ་ཞེས་པ་ནས་དེ་ལའང?་མིན་ཞེས་བྱ་བའི་བར་གྱིས་རྟག་ཏུ་འམ། །རྒྱུན་ཏུ་བའི་མེད་དོ། །དེ་ནས་ཕུལ་ཕྱིན་ཞེས་པ་ནས་བརྟེན་པོས་ཀྱང་ཞེས་པའི་བར་གྱིས་ཤིན ་ཏུ་བའི་དོན་ཏེ། ཡང་དང་ཡང་དུ་བྱ་བའི་དོན་ཏོ། །སེམས་མེད་པའི་མྱུར་བ་ལ་སོགས་པ་ནི་མ་ནིང་གི་རྟགས་ཅན་ནོ། །སེམས་ཡོད་པའི་མྱུར་བ་ལ་སོགས་པ་ནི་རྟགས་གསུམ་གང་འགྱུར་རོ། །མགྱོགས་ལ་སོགས་པ་ཐམས་ཅད་ཀྱང་རླུང་དུ་བསྡུས་ནས་བཤད་དོ ་ཚིགས་སུ་བཅད་པ་གཉིས་ཀྱིས་ལུས་ངན་པོ་བྱང་ཕྱོགས་ཀྱི་ཕྱོགས་སྐྱོང་བཤད་དོ། །ལུས་ངན་པོ་ཞེས་པ་ནི། རྐང་པ་གསུམ་དང་མཆེ་བ་བརྒྱད་དང་ལྡན་པས་ཤིན་ཏུ་འཇིགས་ཤིང་མི་སྡུག་པའོ། །མིག་གསུམ་པ་ནི་དབྱུག་ཆེན་པོ་སྟེ་དེས་དཀའ་ཐུབ་བརྟུལ་ཞུགས ་སྤྱད་པ་བཞིན་དུ་ལུས་ངན་པོས་ཀྱང་དཀའ་ཐུབ་བརྟུལ་སྤྱོད་པས་མིག་གསུམ་པ་འོངས་ཏེ། བདག་དང་དཀའ་ཐུབ་མཚུངས་པས་འོ་སྐོལ་གཉིས་གྲོགས་པོ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་མིག་གསུམ་གྲོགས་ཞེས་རྟགས་སོ། །གནོད་སྦྱིན་མཛའ་དག་གི་རྒྱལ་པོའོ།། ་གསང་དབང་ནི་གཏེར་ཐམས་ཅད་ཀྱི་བདག་པོའོ། །མིའི་ཆོས་ཅན་ནི་བྱ་བྱེད་དང་ཀུན་སྤྱོད་མི་དང་མཐུན་པའོ། །ནོར་རྣམས་ཀུན་ཏུ་བསྲུང་ཞིང་ཡང་སྟེར་བས་ནོར་བྱིན་པའོ། །རྒྱལ་པོ་ནི་གནོད་སྦྱིན་ལ་ཡང་འཇུག་སྟེ། དེ་རྣམས་ཀྱི་རྒྱལ་པོའོ། །གཏེར་གྱི་བདག་པོ ་དང། མི་འམ་ཅིའི་བདག་པོ་ཞེས་ཀྱང་བྱའོ། །དྲང་སྲོང་རྣམ་ཐོས་ཞེས་པའི་བུ་ཡིན་པས་རྣམ་ཐོས་སྲས་སོ། །འདིའི་མེས་ཕོ་ནི་དྲང་སྲོང་འོད་ཡང་སོ། །དེས་ན་འོད་ཡངས་ཚ་བའོ། །མི་ལ་ཞོན་ནི་དབྱུག་གིས་ལིང་ག་འདེགས་པའི་མི་གཅིག་བྱིན་ནོ། །དེ ་ནས་མི་ལ་ཞོ་ན་ཞེས་གྲགས་སོ། །མིག་སྐྱ་ཞེས་པ་ནི། རྣམ་ཐོས་ཀྱིས་གཽ་ར་ཤིན་ཏུ་གཟུགས་བཟང་བ་མཐོང་ནས་དེ་ལ་ཆགས་ཤིང་བལྟས་པས་དེའི་འོད་ཀྱིས་ཕྱིར་ཅིང་ཆུད་ཟོས་པས། དྲག་པ་ན་རེ། དེ་ལྟར་མ་བྱེད་ཅིག་ཅེས་ཟེར་ནས། མིག་དམར་སྐྱར་ཡོད་པར ་བྱས་སོ། །ེ་ཡའི་རྒྱུད་ནི་དྲང་སྲོང་འོད་ཡངས་ཀྱི་ཆུང་མ་ཨེ་ལ་བི་ལ་ཞེས་པ་སྟེ་དེའི་ཚ་བོའོ། །དཔལ་སྟེར་ནི་ལོངས་སྤྱོད་རྣམས་སྦྱིན་པར་བྱེད་པའོ། །བསོད་ནམས་སྐྱེ་བོ་ནི་སྲིན་པོ་སྟེ་དེ་རྣམས་ཀྱི་རྒྱལ་པའོ། །དེ་རྣམས་ཀྱིས་རྣམ་ཐོས་སྲས་ཀྱི་མིང་ངོ། །སྣ ་ཚོགས་ཤིང་རྟ་དེ་ཡི་ཚལ། ཞེས་པ་ནི་དེའི་སྐྱེད་མོས་ཚལ་སྟེ། དྲི་ཟའི་རྒྱལ་པོ་སྣ་ཚོགས་ཤིང་རྟ་ཞེས་པས་བྱས་པའོ། དེའི་བུ་དཔལ་མོས་མཚན་པའམ་ཕུན་སུམ་ཚོགས་པས་རྒྱན་པའོ། །བརྩེ་བའི་གནས་དང་གྲོང་ཁྱེར་ནི་མཁའ་གནས་མེ་ཏོག་གི་བརྒྱན་པ ་ཅན་ཤེས་བྱ་སྟེ་ནམ་མཁའ་ལ་རྒྱུ་ཞིང་འདུག་པའོ། །དེ་རྣམས་དྲི་ཟས་བྱས་པའོ། །མི་འམ་ཅི་ནི་ཅུང་ཟད་མི་འདྲ་བའོ། ཅིའི་སྐྱེས་བུ་ནི་མི་ཡང་མ་ཡིན་པའོ། །རྟའི་གདོང་པ་ཅན་ཞེས་པ་ནི་འགའ་ཞིག་ཕོའི་རྟའི་གདོང་པ་ཅན་དང། འགའ་ཞིག་མོའི་རྟའི་གདོང་པ ་ཅན་ལ་ལུས་པ་རྟའི་དབྱིབས་ཅན་ནོ། །འགའ་ཞིག་དེ་ལ་བཟློག་པའོ། །འགྲོ་བ་ལ་ཐོགས་པ་མེད་པས་འགྲོ་མགྱོགས་སོ། །དེ་རྣམས་ལུས་ངན་པོའི་འཁོར། །གཏེར་ཞེས་པ་ནི་མི་མཛད་པའི་དོན་གྱི་ཕུང་པོ་ཆེན་པོའོ། །མཛད་ཅེས་ཀྱང་བྱའོ། །དེའི་རབ་ཏུ་དབྱེ་བ་ནི་དགུའོ། ་འདི་རྟ་སྟེ། པདྨ་ཅན་དང། དང་ཅན་དང། པདྨ་ཆེན་པོ་དང། ཆུ་སྲིན་དང། རུ་སྦལ་ཅན་དང། རྔ་ཅན་དང། དགའ་བ་ཅན་དང། སྔོན་པོ་དང། འབྱིན་བྱེད་ཅེས་བྱའོ། །དེ་རྣམས་ཀྱིས་རྣམ་ཐོས་སྲས་ཀྱི་མཐར་ཐུག་པའི་ཕྱོགས་སྐྱོང་ཡན་ལག་དང་བཅས་པ་བཤད་པའོ། ་དེ་ནི་སྟེང་གི་ཕྱོགས་ནམ་མཁའ་ཨི་རྣམ་གྲངས་སོ། །ལྷ་རྣམས་རྩེ་བའི་གནས་ཡིན་པས་ལྷ་རྩེན་ནོ། །རོལ་པའི་གནས་ཞེས་ཀྱང་བྱའོ། །གཉིད་པོ་མོ་ཞེས་པ་ནི་མོའི་རྟགས་ཅན་ནོ། །ནམ་མཁའ་གང་དུ་འང་མི་འགྲོ་བའི་ཕྱིར་ན་འགྲོ་མེད་དོ། །དངོས་དང་དངོས་མེད་མཛའ་དག་ལ་ཁྱབ་པས ་ཀུན་ཁྱབ་བོ། །མེ་ཏོག་ལ་སོགས་པ་སྐྱེ་བའི་སྒོ་འབྱེད་པས་རྒྱལ་བྱེད་དོ། །སྒྲ་སྒྲེགས་ནི་སྒྲ་ནམ་མཁའ་ཨི་ཡོན་ཏན་ནོ། །མཁའ་དང། བར་སྣང་དང། ཡང་ཀུན་འགྲོ་ནི་འགྲོ་བའི་འབྱེད་པའོ། །ནམ་མཁའ་ལ་མཛའ་མེད་པའི་ཕྱིར་ན་མཛའ་མེད་དོ། ་ལྷ་རྣམས་གྱུ་བའི་ཕྱིར་ན་ལྷ་ལམ་མོ། །གནམ་དང། མི་གཡོ་བ་དང། ཀུན་ཏུ་ཁྱབ་པའི་ཕྱིར་ན་ཁྱབ་འཇུག་གི་གནས་སོ། །དངོས་པོ་མཛའ་དག་ལ་ནམ་མཁས་སྒོ་འབྱེད་པས་མཐོང་བའི་ཕྱིར་ན་ཀུན་གསལ་ལོ། །ཐོགས་པ་མེད་པས་ནམ་གྲོལ་ལོ། །སྐྱེས་བུ་འམ། ཞེས ་པ་ནི་ཕོའི་རྟགས་ཅན་ནོ། །དེ་རྣམས་ནམ་མཁའ་ཨི་མིང་ངོ། །ཕྱོགས་དང་ཞེས་པ་ལ་སོགས་པ་ནི་ཕྱོགས་སྤྱི་ཙམ་གྱི་མིང་ངོ། །ཕྱོགས་ཞེས་པ་ནི་གང་དུ་ཡང་མ་ལྷུང་བའོ། །ཉི་མ་ལ་སོགས་པའི་རྒྱུ་སྐར་རྣམས་ཤར་བ་ན། ཤར་ནུབ་ལ་སོགས་པའི་ཕྱོགས་རྣམས ་འབྱུང་བས་ཉི་སྟོན་ནོ། །ཕྱོགས་ཀྱི་སྒོ་ནས་སྟོན་པས་གསལ་བའི་གནས་སོ། །ཡུལ་མཛའ་དག་ལ་ཁྱབ་པས་ཀུན་ཁྱབ་པོ། །ཕྱོགས་གང་ལ་སེམས་གཏང་པ་དེ་ལ་ཆགས་པའི་ཕྱིར་འཕྲོག་བྱེད་དོ། །སྔ་དྲོ་ལ་སོགས་པ་ནི་ཕྱོགས་ཀྱི་བྱེ་བྲག་སྟེ། ཉི་མ ་སྔ་དྲོ་ཤར་བས་ཤར་ཕྱོགས་སོ། །གུང་གིས་ལྷོ་ཕྱོགས། ཕྱི་དྲོ་ནུབ་ཕྱོགས་སོ། །ཉི་མའི་འགྲོ་ཚུལ་གྱིས་ཤར་དང། ལྷོ་དང། ནུབ་གོ་ཉི་མ་ནམ་མཁའ་ལ་ནུབ་ནས་སོང་བཞིན་མཐོང་བས་བྱང་ལས་སྟེང་གི་ཕྱོགས་ཞེས་བྱའོ། །ཕྱོགས་རྣམས་གསུམ་པ་ཉིད་དུ་འགྱུར ་ཞེས་བ་ནི་ཕོ་མོ་ལ་སོགས་པའི་རྟགས་གསུམ་པའོ། །དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་རྣམས་ཀྱི་ཤར་ལ་སོགས་པའི་ཕྱོགས་རྣམས་ཤེས་པར་བྱ་སྟེ་བདག་པོ་ཡིན་པའི་ཕྱིར་རོ། །ཕྱོགས་བཞི་མཚམས་བཞིན་བསྲུང་བའི་གླང་པོ་བརྒྱད་གནས་པ་ནི ་འདི་ལྟ་སྟེ། དབང་པོའི་ཕྱོགས་ན་མཚོ་སྐྱེས་ཞེས་བྱ་བ་ས་སྲུངས་ཀྱི་བུའོ། །མེའི་ཕྱོགས་ནི་པདྨ་དཀར་པོ་ཅན་ཞེས་བྱའོ། །གཤིན་རྗེའི་ཕྱོགས་ན་གཡོན་ཕྱོགས་པ་ཞེས་བྱ་སྟེ། ཤིན་ཏུ་མཛེས་པའི་མིང་ངོ། །བདེན་བྲལ་ནས་མོས་སོ། །ཆུ་བདག་ན་གསལ ་བྱེད་དེ། །རླུང་ན་མེ་ཏོག་པའོ། །ལུས་ངན་དུ་ས་ཀུན་ལ་གྲགས་པའོ། །དབང་ལྡན་དུ་ཆ་མཛེས་ཅན་ཞེས་བྱ་སྟེ། འདི་རྣམས་ཕྱོགས་ཀྱི་གླང་པོ་བརྒྱད་དོ། །དེ་རྣམས་ཀྱི་ཆུང་མ་གླང་མོ་བརྒྱད་དེ། ཤར་ཕྱོགས་ནས་གླང་མོ་ཆུ་འཛིན་མ་ལ་སོགས་པ་རིམ་བ་བཞིན་དུ ་གནས་སོ། །ཕྱོགས་མིན་ཞེས་པ་ནི་མཚམས་ཀྱི་མིང་ངོ། །མ་ནིང་མི་ཟད་པ་ནི་མ་ནིང་གི་རྟགས་འཛིན་ཅིང་མི་ཟད་པའོ། །ཕྱོགས་གཉིས་གཉིས་ཀྱི་དབུས་སུ་གནས་པས་ཕྱོགས་དབུས་སོ། །དེ་གསུམ་གྱི་མཚམས་སུ་བཅད་པས་ཕྱོགས་མཚམས། དེ་རྣམས་ཕྱོགས ་མཚམས་ཀྱི་མིང་ངོ། །ནང་དང་ཕྱིའི་རོལ་མིན་པ་ནི་འཁོར་ཡུག་གི་ནང་ངོ། །ཁོར་ཡུག་གི་ནང་མུ་ཁྱུད་ཀྱི་ལྕགས་རིའི་རྒྱན། །ཆུ་འཛིན་ཞེས་པ་ནས་སྤྲིན་གྱི་ཕྲེང་བ་ཞེས་པའི་བར་དུ་སྤྲིན་གྱི་མིང་ངོ། །ཆུ་འཛིན་ནི་ཆུའི་རྡུལ་ཕྲག་ཁྲིགས་པའོ། །ཆར་འབྱུང་བས་ཆུ་འཕེབས ་དང། འབྲུག་འབྱུང་བས་སྒྲ་སྒྲོགས་དང། སྤྲིན་འཁྲིགས་ན་སྐྱེ་བོ་དགའ་བའི་ཕྱིར་ན་དགའ་བྱེད་དང། དུ་བའི་སྐྱེ་གནས་ནི་དུ་བ་འཁྲིགས་པ་ལས་སྤྲིན་འགྱུར་ཏེ་དཔེར་ན་དངུལ་ཆུ་བཞིན་ནོ། །སྤྲིན་གྱི་རྒྱུ་ནི་ཆུ་དང་རླུང་དང་དུ་བའོ། །ཆུ་སྐྱར་གནས་ནི་བྱ་ཆུ་སྐྱར ་ནི་རྟག་ཏུ་སྤྲིན་དང་ལྷན་ཅིག་གནས་པས་ཆུ་སྐྱར་གནས་སོ། །སྤྲིན་གྱི་བྲེང?་བ་ཞེས་ཀྱང་བྱ་སྟེ། དེ་རྣམས་སྤྲིན་གྱི་མིང་ངོ། །སྤྲིན་སྐྱེས་ཞེས་པ་ནས་སྒྲ་ཅན་ཉིད་ཞེས་པའི་བར་དུ་འབྲུག་གི་མིང་ངོ། །སོགས་ཁོངས་ནས་སྒྲ་སྒྲོགས་དང་སྒྲ་འབྱིན་ནོ་ལ་སོགས་པའོ།། ་བདེ་འབྱུང་ཞེས་པ་ནས་སྟོང་མེད་ཞེས་པའི་བར་དུ་གློག་གི་མིང་ངོ། །བདེ་འབྱུང་གི་གློག་འཁྱུག་པ་ན་སྐྱེ་བོ་སྐྲག་པས་བདེ་འབྱུང་ངོ། །ཐོག་གི་སྒྲ་དང། རྡོ་རྗེའི་སྒྲ་ནི་ཐོག་དང་བཅས་པའི་འབྲུག་གི་མིང་ངོ། །སྤྲིན་གྱི་འོད་ཟེར་དང་ཆུ་འཛིན་སྐྱེས་ནི་གནམ ་ལྕགས་ཀྱི་མིང་སྟེ། སྤྲིན་ཕན་ཚུན་དུ་འཐབས་པ་ལས་འབྱུང་ངོ། །འགའ་ཞིག་ཅོལ་ཡང་ཐོགས་པ་མེད་ཅིང་ཁང་ཁྱིམ་ལ་ཐུག་ཀྱང་རྗེས་མེད་དོ། །ཡང་འགལ་ཞིག་ནི་རི་བོ་དང་ཁང་ཁྱིམ་ལ་སོགས་པ་ཡང་འཇིགས་པར་བྱེད་དོ། །མེ་ཡིན་ཡང་རྒྱ་མཚོ་ལ ་སོགས་པའི་ཆུ་བོ་ཆེན་པོ་རྣམས་ཀྱིས་མི་ཉམས་པའོ། །དེ་ཡང་ཆང་གིས་ཉམས་པར་བྱེད་དོ། །དབང་པོའི་མཚོན་ཆ་དང། བརྒྱ་བྱིན་གྱི་གཞུ་ནི་འཇའ་ཚོན་གྱི་མིང་ངོ། །དྲང་འཁྱོག་ནི་དགྱེ་རྒུ་མེད་པས་དྲང་པོའོ། །ཕྱོགས ་གཅིག་རྒུར་བས་འཁྱོག་པའོ། །ཆར་པ་དང་ཞོད་ཅེས་བྱ་སྟེ་ཆར་སྤྱི་ཙམ་གྱི་མིང་ངོ། །ཡང་དེའི་གེགས་ནི་ལྷ་ལ་སོགས་པ་འགའ་ཞིག་གིས་ཆར་མི་འབེབས་པར་བྱེད་པའོ། །མཚུངས་པ་ནི་རྟགས་མཚུངས་པའོ། །རྒྱུན་འདབ་ལ་སོགས་པ ་རྣམས་ནི་ཆར་དྲག་པའི་མིང་ངོ། །ཆར་རྡུལ་ལ་སོགས་པ་གསུམ་ནི་ཆར་པའི་ཟེར་མའི་མིང་ངོ། །རྡོ་རྗེའི་ཆར་པ་དང། སེར་བ་གཉིས་ནི་སེར་པའི་མིང་ངོ། །སྤྲིན་འཁྲིགས་ཉིན་མོ་དན་བྱེད། གནམ་འཐིབས་པོའི་མིང་ངོ། །མུན་པ་ཞེས་པ་ནས ་ཁེབས་པ་ཞེས་པའི་བར་གྱིས་མི་མངོན་པར་བྱས་པ་སྤྱི་ཙམ་གྱི་མིང་ངོ། །ཚིགས་སུ་བཅད་པ་གཉིས་ཀྱིས་ཟླ་བའི་མིང་ངོ། །ག་པུར་ཁ་དོག་དང་ཡོན་ཏན་མཚུངས་པའོ། །ཀུ་མུད་གཉེན་ནི་ཟླ་བ་ཤར་བ་ན་ཀུ་མུ་ང་ཁ་འབྱེད་པའོ། །རྩིའི་དབང་པོ་ནི ་འབྲས་བུ་ལ་སོགས་པ་ས་ལས་སྐྱེས་པ་རྣམས་ཀྱི་དབང་པོའོ། །མཚོ་སྐྱེས་ནི་རྒྱ་མཚོ་བསྒྲུབས་པ་ལས་བྱུང་བའོ། །རི་དགས་མཚན་ནི་བྱང་ཆུབ་སེམས་དཔའ་རི་བོང་དུ་སྐྱེས་པའི་རབས་ལས་ཤེས། །ཆགས་བྱེད་ནི་ཟླ་བ་ཤར་བ་ན ་ཆགས་པ་འཕེལ་ལོ། །ཞེས་ཟེར་རོ། །གཉིས་སྐྱེས་ནི་བྲམ་ཟེ་སྟེ?་ཕ་མ་བྲམ་ཟེ་ལས་སྐྱེས་པ་དང། བྲམ་ཟེའི་བརྟུལ་ཞུགས་བླངས་པས་བརྟུལ་ཞུགས་ལས་སྐྱེས་པ་གཉིས་སོ། །བརྟུལ་ཞུགས་མ་སླངས་ན་ཕ་མ་བྲམ་ཟེ་ཡིན་ཀྱང ་བྲམ་ཟེ་མི་ཐོག་གོ། དེས་ན་གཉིས་སྐྱེས་རྒྱལ་པོ་ཞེས་ཀྱང་བྱ་སྟེ། དེ་ལྟར། རྒྱུ་སྐར་གཟའ་དང་བྲམ་ཟེ་དང། སྨན་དང་མཆོད་སྦྱིན་མཚན་མོ་རྣམས། དེ་རྣམས་ཀུན་གྱི་རྒྱལ་པོ་རུ། །ཟླ་བ་བྲམ་ཟེ་རྣམས་ཀྱིས་བསྐོས། ཞེས་འབྱུང་ངོ། །འཆི་བ་མེད་པའི ་མཛོད་ཀྱི་འགྲེལ་པ་འདོད་འཇོའི་པ་མོ་ཞེས་བྱ་བ། སློབ་དཔོན་རབ་འབྱོར་ཟླ་བས་མཛད་པ་ལས། བསྟོད་ཀྱི་ཆ་ཅུང་ཟད་བསྡུས་ནས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀཱིརྟི་ཙནྡྲ་དང། །ཡར་ལུངས་པ་གྲགས་པ ་རྒྱལ་མཚན་གྱིས། བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བསྒྱུར་བའོ། །ད་དུང་ཕྱི་མོ་དག་པར་བརྩལ་ཏེ་བཏུག་པར་བྱའོ།། །། !། (།ཚིག་གི་རྒྱན་གྱི་བསྟན་བཅོས་སྙན་དངགས་མེ་ལོང་བཞུགས་སོ། །) ་