| Wylie | e-texts based on the ACIP/ALL Input |
སྨྲ་སྒོ་མཚོན་ཆའི་འགྲེལ་བ་བཞུགས།། །།རྒྱ་གར་སྐད་དུ། ཝ་ཙ་ན་མུ་ཁ་ཡུ་དྷོ་པ་མནཱ་མ་པྲིཏྟི། བོད་སྐད་དུ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ། སྨྲ་བའི་མཆོག་ཐམས་ཅད་མཁྱེན ་པ་ལ་ཕྱག་འཚལ་ལོ། །འདིར་བསྟན་བཅོས་རྩོམ་པར་བཞེན་པས། བར་ཆད་སྤང་བར་བྱ་བ་དང། ཡ་རབས་ཀྱི་ཚུལ་དང་མཐུན་པའི་ཕྱིར། དང་པོར་ཕྱག་བཙལ་ཞིང། དགོས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། གང་ཞིག་བཤད་པར་བྱ་བར་དམ་བཅས་ནས། བསྟན ་བཅོས་ཀྱི་གཞུང་ཉིད་ལེགས་པར་བསྟན་པ་དང། བསྟན་བཅོས་བརྩམས་པ་ཡང་དོན་ཆེན་པོར་འགྱུར་བར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་དང་བཅས་པ་སྟོན་པར་མཛད་དོ། །དེ་ལ་འདིའི་གཞུང་ཉིད་ཀྱང་ཡི་གེའི་ཚོགས་དང། མིང་གི ་ཚོགས་དང། ཚིག་གི་ཚོགས་རྣམས་སྟོན་ཏེ། དེ་དག་གི་ཡན་ལག་ཇི་སྐད་དུ། བསྟན་པ་རྣམས་ཀྱང་མདོར་བསྡུ་ན། དེ་དག་གི་རྒྱུ་དང། རང་གི་ངོ་བོ་དང། ལྡན་ཚད་དང། ངེས་པའི་ཚིག་དང། དབྱེ་བ་རྣམས་ཀྱི་སྟོན་ཏོ། །དེ་ལ་རེ་ཞིག་འདིར་ཕྱག་བཙལ་བ ་བསྟན་པའི་ཕྱིར། སྨྲ་མཆོག་གཙོ་ལ་ཕྱག་བཙལ་ནས། ཞེས་བྱ་བ་སྨོས་ཏེ། དགེ་སྦྱོང་དང། བྲམ་ཟེ་དང། ལྷ་དང། བདུད་ལ་སོགས་པ་རིག་པ་དང་ལྡན་པར་སྨྲ་བ་རྣམས་ཀྱི་གཙོ་བོ་ནི་སངས་རྒྱས་ཏེ་དེ་ལ་ཕྱག་བཙལ་ནས་བཤད་པར་བྱ་ཞེས ་བསྟན་ཏོ། །གང་གི་ཕྱིར་ཞེ་ན། སྨྲ་བའི་ཡན་ལག་རྫོགས་དོན་དུ། །ཞེས་བྱ་བ་ལ་སོགས་པས་དམ་བཅས་པ་དག་བསྟན་པར་མཛད་པ་ལས། འདིར་དགོས་པ་ནི། སྨྲ་བའི་རྒྱུ་རྐྱེན་མ་ལུས་པ་རྫོགས་པར་བྱ་བའི་དོན་དུའོ་ཞེས་སོ། །གང་ཞིག་ཅེ་ན། ངག་གི་འདུ ་བྱེད་གང་དེའི། །ཚོགས་པ་ཞེས་བྱ་བ་སྨོས་ཏེ། ངག་གི་བྱ་བ་ནི་འདུ་བྱེད་ཡིན་ཏེ། དེའི་ཚོགས་པ་ནི་རྒྱུ་རྐྱེན་ནོ། །དེ་བདག་གི་བཤད་པར་བྱ། ཞེས་བྱ་བ་ཡིན་ནོ། །ད་ནི་གཞུང་ཉིད་བསྟན་པ་ལས། །དང་པོར་ཡི་གེ་བསྟན་ཏེ། །དེ་ཡང་སྤྱི་དང་ཁྱད་པར་གྱི་གནས་ལས་བྱེད་པ་དང་ཕྲད ་པས་སྒྲ་ཇི་ལྟར་འབྱུང་བ་བསྟན་པའི་ཕྱིར་ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དར་མཆུ། །སྤྱི་དང་རེ་རེའི་ཆ་དག་ལས། །ཕྲ་དང་ཅུང་ཟད་ཕྲད་པ་དང། །དོག་པ་དང་ནི་ཡངས་པ་ནས། །དྲང་པོ་བསྒྲེང་དང་བཀུག་པ་དང། །བསྟོད་པ་དང་ནི་སྨད་པ་དང། །བསྒྲིམས ་དང་ཀློད་པའི་ང་རོ་འབྱུང། །ཞེས་བྱ་བ་སྨོས་ཏེ། དེ་ལ་སྤྱི་དང་ཞེས་བྱ་བ་ནི་གནས་འདི་རྣམས་སྤྱིའི་ཆ་ནས་འབྱུང་བ་ཞེས་བྱ་བ་སྟེ། དཔེར་ན་པི་ཝང་གི་སྒྲ་ཁོག་པ་དང། ལྤགས་པ་དང། རྒྱུད་དང་ལག་རྟེན་ལ་སོགས་པ་ཐམས་ཅད་ལས་སྒྲ་འབྱུང་སྟེ། དེ་བཞིན ་གནས་འདི་རྣམས་ཀྱི་སྤྱི་ཚོགས་པ་ནས་ཡི་གེ་རྣམས་ཀྱི་སྒྲ་འབྱུང་ངོ། །རེ་རེའི་ཆ་དག་ཅེས་བྱ་བ་དང། དཔེར་ན་པི་ཝང་གི་སྒྲ་དེ་དག་ཕོ་སྒྲ་ཕོ་རྒྱུད་ལས་འབྱུང། མོ་སྒྲ་མོ་རྒྱུད་ལས་མ་འབྱུང་བ་བཞིན། གནས་འདི་དག་སོ་སོ་ལས་ཡི་གེ་སོ་སོའི་སྒྲ་ཤེས ་ཆེར་འབྱུང་སྟེ། འདི་དག་ཞིབ་ཏུ་ནི་འོག་ནས་འཆད་པའི་སྐབས་སུ་རིག་པར་བྱའོ། །ཕྲད་དང་ཅུང་ཟད་ཕྲད་པ་དང་དོག་པ་དང་ནི་ཡངས་པ་ནས། །ཞེས་བྱ་བ་འདི་བཞི་ནི་བྱེད་པའི་རྐྱེན་ཡིན་ཏེ། དཔེར་ན་པི་ཝང་གི་སྒྲ་ལས་མཐེབ་མོ་དང་གཞུ་རྒྱུད་ཀྱི་བསྐྱོད ་པའི་ཚེ་སྒྲ་བྱེ་བྲག་ཏུ་འགྱུར་བ་ལྟར་གནས་འདི་རྣམས་སུ་ཕྲད་པ་ལ་སོགས་པའི་རྐྱེན་གྱི་སྒྲ་བྱེ་བྲག་ཏུ་འགྱུར་ཏེ། འདི་ཡང་ཞིབ་ཏུ་འོག་ནས་རིག་པར་བྱའོ། །དེ་དག་ལས་སྒྲ་ཇི་ལྟ་བུ་ཞིག་འབྱུང་ཞེ་ན། དྲང་པོ་བསྒྲེང་དང་བཀུག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི ་གནས་དང་བྱེད་པ་ཕྲད་པ་ལས་དབྱངས་ཀྱི་རྩ་བ་བདུན་འབྱུང་བར་སྟོན་ཏེ། དྲང་པོ་ལ་སོགས་པའི་དག་འདི་བདུན་ནི་དག་གི་འདུ་བྱེད་ཀྱི་རྩ་བ་ཡིན་ཏེ། དེ་ལ་དྲང་པོ་ནི་ཨའོ། །བསྒྲེང་བ་ནི་ཨེའོ། །བགུག་པ་ནི་ཨིའོ། །བསྟོད་པ་ནི་ཨའོ། །སྨད་པ་ནི་ཨུའོ།། ་བསྒྲིམས་པ་ནི་རིའོ། །གློད་བ་ནི་ལིའོ། །དེ་ལ་ང་རོ་བདུན་ནི་དག་ཐམས་ཅད་ཀྱི་མཚན་ཉིད་ཡིན་ཏེ། རང་བཞིན་གྱི་ཡི་གེ་ཡིན་ནོ། །ཀ་ལ་སོགས་པ་བརྗེད་པའི་ཡིག་འབྲུ་ཐམས་ཅད་ཀྱང་འདི་ལས་འབྱུང་ངོ། །དེ་ཡང་ཨ་ཨི་ཨུ་གསུམ ་ནི་རྩ་བའོ། །ལྷག་མ་ནི་ཕན་ཚུན་སྦྱར་བའོ། །ཇི་ལྟར་ཞེ་ན། ཨ་དང་ཨི་སྦྱར་བ་ནི་ཨི་ཡིན་ནོ། ། དང་ཨུ་སྦྱར་བ་ནི་ཨོ་ཡིན་ནོ། །ི་ཉིད་པོ་སྒྲིམས་ཤིང་ཚེག་དྲག་དང་སྦྱར་བ་རི་ཡིན་ནོ། །ི་ཉིད་གློད་དེ་འདྲེན ་པའི་དོན་ནི་ལི་ཡིན་ཏེ། དེའི་ཕྱིར་ཕན་ཚུན་སྦྱར་བའོ། །ཀ་ལ་སོགས་པ་བརྗོད་པའི་ཡིག་འབྲུ་རྣམས་ལ་ཡང། རྩ་བ་དང་ཕན་ཚུན་སྦྱར་བ་ཡོད་དེ། ཡ་ནི་ཨི་དང་ཨ་སྦྱར་བའོ། །ཝ་ནི་ཨུ་དང་ཨ་སྦྱར་བའོ། །ང་དང་ལ་ནི་གོང་དུ་བསྟན་པ་ཉིད་དོ། །ཤ་ཥ་ས་གསུམ་ནི་ར་དང ་མཐུན་ཏེ་ཚེག་?་དང་སྦྱར་བའོ། །ང་ཉ་ཎ་ན་མ་འདི་ལྔ་ནི་སྣ་དང་ལྡན་པ་སྟེ། ཨི་ཞེས་བྱ་བས་འདུས་སོ། །དེ་ན་རེ་ཞིག་རྩ་བའི་ཡི་གེ་ཉི་ཤུ་རྩ་ལྔ་ཡིན་ནོ། །དེ་དག་ལ་ཡང་ག་ལ་སོགས་པ་གསུམ་པ་རྩམས་ནི། ག་ལ་སོགས་པ་དང་པོ་དང་པོ་རྣམས་དང་ཨ་ལྡན ་པ་ཡིན་ནོ། །གྷ་ལ་སོགས་བ་བཞི་པ་རྣམས་ནི་ག་ལ་སོགས་པ་གསུམ་པ་རྣམས་ལ་ཧ་དང་ལྡན་པ་ཡིན་ཏེ། དེ་ནས་རྩ་བའི་ཡི་གེ་བཅུ་གཅིག་གོ་།ཁ་ལ་སོགས་པ་གཉིས་པ་རྣམས་ཀྱང་ཀ་ལ་སོགས་པའི་སྒྲའི་ཆ་དང། ཁོང་ནས་འབྱུང་བའི་སྒྲའི་ཆ ་ཡོད་པ་སྟེ། དེ་ལྟར་ན་རྩ་བའི་ཡི་གེ་ནི་ཨ་ཀ་ཙ་ཊ་ཏ་པ་ཧ་འདི་རྣམས་ཡིན་ནོ། །དེ་དག་གི་ཙ་བ་ཡང་ཨ་ཡིན་ནོ། །དེའི་ཕྱིར་ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །ད་ནི་རྩ་བ་བདུན་ལས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་བར་བསྟན་བའི ་ཕྱིར། དྲུག་པོ་བཀུག་དང་སྨད་པ་དང། །བསྒྲིབས་པ་དང་ནི་གློད་པ་དང། གྲཝར་དང་ཙྭང་གིས་ཕྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཨ་ཨི་ཨུ་རི་ལི་འདི་ལྔ་ལ་གྭར་ཞེས་བྱ་བ་རིང་པོ་དང་ཙྭང་ཞེས་བྱ་བ་ཐུང་ངུ་གཉིས་གཉིས་སུ ་ཕྱེ་བས་དབྱངས་ཀྱི་ཡི་གེ་བཅུར་འགྱུར་ཏེ། འདི་ལྟར། ཨ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱིའོ། །གཞན་ཡང། བསྒྲེང་དང་བསྒྲེང་སྟེ་བཀུག་པ་དང། །བསྟོད་དང་བསྟོད་དེ་སྨད་པ་དང། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ ་བཅུ་དྲུག་ངག་ཏུ་འདོད། །ཅེས་བྱ་བས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་ཏེ། འདི་ལྟར་བསྒྲེང་པ་ནི་ཨེའོ། །བསྒྲེང་ཏེ་བཀུག་པ་ནི་ཨིའོ། །བསྟོད་པ་ནི་ཨོའོ། །བསྟོད་དེ་སྨད་པ་ནི་ཨཽའོ། །སྣ་དང་ལྡན་པ་ནི་ཨཾ་ཡིན་ནོ། །རྣམ་པར་བཅད་པ་ནི་ཨ(མདོ་འགྲེལ་འདི་ལྟར་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་རོ། །ད་ནི་དབྱངས་ཀྱི་རྩ་བ་དེ་དག་རེ་རེ་ལ་ཡང་གསལ་བྱེད་བཅོ་བརྒྱད་དང་བཅུ་གཉིས་སུ་འགྱུར་བ་སྟོན་ཏེ། དེ་ལས་དང་པོར་གསལ་བྱེད་བཅོ་བརྒྱད་དུ་འགྱུར་བ་བསྟན་པའི་ཕྱིར། ང་རོ་དག་གི་གསལ་བྱེད་ནི། དྲང་པོ ་བཀུག་དང་སྨད་པ་ལ། འདྲེན་པ་རིང་ཐུང་གསུམ་ཡོད་དེ། །དེ་ལང་ཆེ་འབྲིང་རྣ་པ་གསུམ། །དེ་དགུ་སྣ་ལྡན་བཅོ་བརྒྱད་དོ། །ཞེས་བྱ་བ་སྨོས་ཏེ། དབྱངས་ཀྱི་ཡི་གེ་རྣམས་ཀྱི་གསལ་བྱེད་ནི་དྲང་པོ་ཨ་དང། བཀུག་པ་ཨི་དང། སྨད་པ་ཨུ་དང་གསུམ་ལ་སྒྲེའི་འདྲེན ་པ་གསུམ་གསུམ་ཡོད་དེ། །འདི་ལྟར་ཧ་ས་ཞེས་བྱ་བ་ཐུང་ངུ་སྟེ་ཐ་མལ་པ་དང། དཱིརྒྷ་ཞེས་བྱ་བ་རིང་པོ་སྟེ། གཉིས་ཀྱི་ཡུན་དུ་བརྗོད་པ་དང། པཱུ་ཧ་ཞེས་བྱ་བ་ཤིན་ཏུ་རིང་པོ་སྟེ། གསུམ་གྱི་ཡུན་དུ་བརྗོད་པའོ། །དེ་རེ་རེ་ལ་ཡང་ཆེ་འབྲིང་གསུམ ་གསུམ་སྟེ། ཨུ་དཱཏྟ་ཞེས་བྱ་བ་ཆེན་པོ་སྟེ། ཡི་གེ་གཉིས་ཀྱི་སྒྲ་ཅན་ཅན། ཨ་ནུ་དཱཏྟ་ཞེས་བྱ་བ་ཆུང་ངུ་སྟེ་ཕྱེད་པ་དང། སྭ་རི་ཏ་ཞེས་བྱ་བ་བར་མ་སྟེ་ཡི་གེ་ཕྱི་མོ་གཅིག་པ་ཡིན་ཏེ། དེ་ལྟར་དགུར་འགྱུར་རོ། །དེ་ལ་ཡང་ཨིང་ཞེས་བྱ་བའི་སྒྲ་སྣ་དང་ལྡན་པ་དང་ཞེས་བྱ་བ་དང། སྣ ་དང་མི་ལྡན་པར་ཕྱེ་བས། འདི་ལྟར་བཅོ་བརྒྱད་བརྒྱད་དུ་འགྱུར་རོ། །ད་ནི་གསལ་བྱེད་བཅུ་གཉིས་སུ་འགྱུར་བའི་རིགས་བསྟན་པའི་ཕྱིར། གསལ་བར་བྱ་བ་འདི་ལྟར་སྟེ། བསྒྲེང་དང་བསྟོད་ལ་ཐུང་བ་སྟེ། །བསྒྲིམས་དང་གློད་ལ་རིང་བའོ། །བཅུ་གཉིས་ཡིན་ཏེ་ཞེས ་བྱ་བ་སྨོས་ཏེ། དབྱངས་ཀྱི་ཡི་གེ་རྣམས་ལ་གསལ་བྱེད་སྤང་ཞིང། གསལ་བར་བྱ་བ་ནི། བསྒྲེང་བ་དང་བསྟོད་པ་ཞེས་བྱ་བ་ཨེ་དང་ཨོ་གཉིས་ལ་རང་བཞིན་གྱི་ཐུང་ངུ་མེད་དེ། དེ་ལྟར་ཐུང་ངུ་ལ་ཕྱེ་བ་གསུམ་བསལ་བས་དྲུག་ཏུ་འགྱུར་ཏེ། དེ་ལ་ཡང་སྣ ་དང་ལྡན་པ་དང་མི་ལྡན་པར་ཕྱེ་བས་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་བསྒྲིམས་པ་དང་གློད་པ་ཞེས་བྱ་བ་རི་དང་ལི་གཉིས་ལ་རང་བཞིན་གྱི་རིང་པོ་མེད་དེ། དེ་ལྟར་ན་རིང་པོ་ལ་ཕྱེ་བའི་ཚོགས་བསལ་བས་འདི་ཡང་བཅུ ་གཉིས་བཅུ་གཉིས་སུ་འགྱུར་རོ། །དེ་ལྟར་ན་ཨ་ཨི་ཨུ་གསུམ་ལ་བཅོ་བརྒྱད་བཅོ་བརྒྱད། ཨ་ཨོ་རི་ལི་བཞི་ལ་བཅུ་གཉིས་བཅུ་གཉིས་ཏེ། དེ་ལྟར་བརྒྱ་རྩ་གཉིས་སུ་འགྱུར་བས་བརྒྱ་རྩ་གཉིས་ཞེས་སྨོས་སོ། །ད་ནི་ཡི་གེ་སྤྱིའི་རྣམ་པའི་ཚེ་ཇི་སྐད་ཡོད་པ ་བསྟན་པའི་ཕྱིར་སྤྱིར་ན་བརྒྱ་དང་བཅུ་རྩ་གཅིག་།རང་གནས་དང་ནི་བཅུ་གཉིས་ཏེ། ཡི་གེ་གཅིག་གི་རྣམ་པའི་ཆ། །ངག་གི་འདུ་བྱེད་ཚོགས་པའོ། །ཞེས་བྱ་བ་སྨོས་ཏེ། ཀ་ལྟ་བུ་གཅིག་ལ་ཡང་ཨ་ཨི་ཨུ་ཨེ་ཨོ་རི་ལི་བདུན་དང་ལྡན་པས་ཨ་ལ་བསལ ་བྱེད་རིང་ཐུང་གསུམ། དེ་རེ་རེ་ལ་ཆེ་འབྲིང་གསུམ་གསུམ་སྟེ། དགུའོ། །དེ་ལ་སྣ་དང་ལྡན་པ་དང་མི་ལྡན་པར་ཕྱེ་བས་བཅོ་བརྒྱད་དོ། །དེ་བཞིན་དུ་ཨི་དང། ཨུ་དང་ཡང་ལྡན་ཏེ། དེ་ལྟར་ལྔ་བཅུ་རྩ་བཞི། ཨེ་ཨོ་ལ་ཐུང་ངུ་མེད་པས་བཅུ་གཉིས་བཅུ་གཉིས། རི་ལི ་ལ་རིང་པོ་མེད་པས་བཅུ་གཉིས་བཅུ་གཉིས་ཏེ། དེ་ལྟར་བཞི་བཅུ་རྩ་བརྒྱད་ཀྱིས་སྣན་པས་བརྒྱ་རྩ་གཉིས། ཐུན་མོང་གི་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་རུང་གཅིག་སྟེ་དགུ་བསྣན་ན་བརྒྱ་དང་བཅུ་གཅིག་ཡོད་དོ། །རང་གནས་དང་ནི་ཞེས་བྱ་བ་ནི་ཁྱད ་པར་གྱི་གནས་རྫས་སུ་མ་བགྲངས་པ་སྟེ། །ཐུན་མོང་གི་ཁོངས་སུ་རྟོགས་པས་རེ་ཞིག་ཤས་ཆེ་བ་ཙམ་ཡིན་ཏེ་རྫས་སུ་མ་གྲངས་སོ། །ཡི་གེ་གཅིག་གི་རྣམ་པའི་ཚེ་ཞེས་བྱ་བ་ནི་ཀ་ལ་སོགས་པའི་རྣམ་པ་སྟེ། དབྱངས་ཀྱི་ཡི་གེ་ལ་ནི་མ་ཡིན་ནོ།། ་རྣམ་པར་ད་སྙེད་ཅིག་ལས་དུས་གཅིག་ཏུ་འབྱུང་ཞེ་ན་དུས་གཅིག་ཏུ་ནི་བཅུ་གཅིག་གམ། སྣ་དང་ལྡན་ན་བཅུ་གཉིས་ཏེ། རང་གི་གནས་དང་བཅུ་གསུམ་མོ། །ཞེས་བྱ་བ་སྨོས་ཏེ་ཐུན་མོངས་གིས་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག ་གསལ་བྱེད་རིང་ཐུང་གསུམ་ལས་གང་རུང་ཞིག་།ཆེ་འབྲིང་གསུམ་ལས་གང་རུང་གཅིག་སྟེ་བཅུ་གཅིག་འབྱུང་ངོ། །སྣ་ལྡན་བསྣན་པའི་ཚེ་ན་བཅུ་གཉིས་འབྱུང་ངོ། །རང་གི་གནས་ནི་སྔ་མ་བཞིན་ནོ། །ད་ནི་དག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ་ལུས ་གྱི་འདུ་བྱེད་རྣམ་པ་བདུན་གྱི་སྒོ་ནས་བསྟན་པའི་ཕྱིར། མཚོན་འདེབས་གར་དང་ལས་བྱེད་དང། །སྟབས་འགྲོ་ལྟ་སྟངས་བྱེ་བྲག་དག་།རྐང་ལག་མིང་གི་འགྱུར་བག་གིས། །ལུས་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་ལྟ་དང་གྱེན་དུ་ལྟ། །དེ་བཞིན་བཟློག་ཏེ་ལྟ་བ་དང། །བསྟོད ་དེ་ལྟ་དང་སྨད་དེ་ལྟ། །བསྒྲིམས་དང་ཀློད་དེ་ལྟ་བ་ལྟར། །གར་ལ་སོགས་པའང་དེ་བཞིན་ཏེ། །ལུས་ཀྱི་འདུ་བྱེད་བདུན་པོ་ལྟར། །དག་གི་འདུ་བྱེད་དེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་དག་གི་འདུ་བྱེད་བདུན་པོ་དེ་དག་ལུས་ཀྱི་འདུ་བྱེད་བདུན་དང་མཐུན་པར་འགྱུར་སྟེ།། ་དེ་ལ་ལུས་ཀྱི་འདུ་བྱེད་པ་ནི་ལུས་ཀྱི་འདུ་བྱེད་ནི་ལུས་ཀྱི་འདུ་བྱེད་རྣམས་རྩོམ་པ་ན་དྲང་པོར་བྱེད་པ་དང། དེ་བཞིན་དུ་བསྒྲེང་དང། བཀུག་པ་དང། བསྟོད་པ་དང། སྨད་པ་དང། བསྒྲིམས་པ་དང་གློད་བ་སྟེ། དེ་ལྟར་བདུན་པོ་འདི་ལས་ལྷག་པའི་ལུས ་ཀྱི་འདུ་བྱེད་མེད་དོ། །དེ་ལ་རེ་ཞིག་ལྟ་སྟངས་སྦྱར་བ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱ་སྟེ། འདི་ལྟར་ལྟ་བར་བྱ་བའི་ཡུལ་གཅིག་ལྟ་བའི་ཚེ་ཐད་ཀར་ལྟ་བ་ནི་མིག་མི་འགྱུར་བར་དྲང་པོར་ལྟ་བའོ། །བསྒྲེང་སྟེ་ལྟ་བའི་གནས་ནས་གྱེན་དུ་ལྟ་བའོ། །བཀུག ་སྟེ་ལྟ་བ་ནི་ཕྱོགས་གཞན་ནས་སྐོར་ཞིང་བཟློག་ཏེ་ལྟ་བའོ། །བསྟོད་དེ་ལྟ་བ་ནི་མིག་འཕང་བསྟོད་པའོ། །སྨད་དེ་ལྟ་བ་ནི་མིག་འཕང་སྨད་པའོ། །བསྒྲིམས་པ་དང་གློད་པ་ནི་མིག་གི་བྱེ་བྲག་ཉིད་བསྒྲིམས་པ་དང་གློད་པ་ཏེ། དེ་བཞིན་དུ་རྐང་པའི་སྟབས་འགྲོས་ལས་ཀྱང ་ཐད་ཀར་འདོད་བ་དང། སླར་བཟློག་བའི་ཚུལ་གྱི་འདོར་བ་དང། བསྒྲེང་བ་དང། འཕངས་བསྟོད་པ་དང། སྨད་པ་དང། ཁོང་བསྒྲིམས་པ་དང། གློད་པའི་བྱེ་བྲག་གི་བདུན་ནོ། །དེ་མཚོན་འདེབས་པ་དང། གར་ལ་སོགས་པ་ཡང་དེ་འདྲ་སྟེ། བྱེད་པ ་དང་བྱ་བ་གཉིས་དང་པོ་ཇི་ལྟར་གནས་པ་དེ་བཞིན་དུ་བྱེད་པ་ནི་དྲང་པོའོ། །གྱེན་དུ་བྱེད་པ་ལྟ་བུ་ནི་བསྒྲེང་བའོ། །གཞན་ནས་བྱེད་པ་ནི་བཀག་པའོ། །འཕངས་བསྟོད་པ་དང། སྨད་པ་དང། བསྒྲིམས་པ་དང། གློང་པ་དང། ཇི ་ལྟ་བ་དེ་བཞིན་དུ། དག་གི་སྒྲ་བདག་དྲང་པོར་དྲང་བ་ནི་ཨ་དང་ལྡན་པའི་ཚོགས་སུ་འགྱུར་རོ། །བསྒྲེང་སྟེ་དྲངས་པ་ནི་ཨེ་དང་ལྡན་པའི་ཚིགས་སུ་འགྱུར་རོ། །བཀུག་སྟེ་དྲངས་པ་ནི་ཨི་དང་ལྡན་པའི་ཚོགས་སུ་འགྱུར་རོ། །དེ་བཞིན་དུ་བསྟོད་པ་ནི་ཨོ་དང ་ལྡན་པའོ། །སྨད་པ་ནི་ཨུ་དང་ལྡན་པའོ། །བསྒྲིམས་པ་ནི་རི་དང་ལྡན་པའོ། །གློད་པ་ནི་ལི་དང་ལྡན་པ་སྟེ། དག་གི་འབྱེད་པ་བདུན་པ་ལྟ་བུར་འགྱུར་བར་འགྱུར་རོ། །ད་ནི་དག་གི་འདུ་བྱེད་བདུན་པོ་སྟོན་པར་བྱེད་པའི་བརྡར་འགྱུར་བའི་ཡི་གེའི་དབྱིབས་དང། དེ ་བཞག་པའི་གནས་བསྟན་པའི་ཕྱིར་དེ་སྟོན་དབྱིབས་ཀྱི་གནས་ལུགས་ཀྱང། མདའ་དང་བསེ་རུ་གླང་ཆེན་སྣ། གདུགས་དང་རྐང་རྟེན་ལྟ་བུ་དང། མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། །ཐད་ཀར་ཟུར་དང་ཟུར་ལོགས་དང། །སྟེང་འོག་རང་གི་ལས་རྣམས ་ལ། གནས་པའི་བརྡས་འདི་ཤེས་པར་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལ་དྲང་པོའི་ཡི་གེ་ནི་མདའ་ལྟ་བུའོ། །བསྒྲེངས་པའི་ཡི་གེ་ནི་རི་དགས་བསེའི་རྭ་ལྟ་བུའོ། །བཀུག་པའི་ཡི་ག་ནི་གླང་པོ་ཆེའི་སྣ་ལྟ་བུའོ། །བསྟོད་པའི་ཡི་གེ་ནི་གདུགས་ལྟ་བའོ།། ་སྨད་པའི་ཡི་གེ་ནི་སྐྱེས་བུའི་གང་རྟེན་ལྟ་བུའོ། །བསྒྲིམས་པའི་ཡི་གེ་ནི་མེ་རི་ལྟ་བུའོ། །གློད་པའི་ཡི་གེ་ཆུའི་དཀྱིལ་འཁོར་ལྟ་བུའོ། །དེ་ལྟར་དབྱིབས་བདུན་པོ་དེ་ཡང་རང་རང་གི་སྒྲ་དང་མཐུན་པའི་བརྡར་བྱས་ཏེ། སྒྲ་དྲང་པོ་ལ་ནི་བརྡ་དྲང་པོའོ། །དེ ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །མཚན་མ་དེ་དག་གི་གནས་ལུགས་ཀྱང་མདའའདྲ་བས་ནི་ཐད་ཀར་མཚོན་ནོ། །བསེ་རུས་ནི་ཟུར་ལའོ། །གླང་པོ་ཆེའི་སྣམ་ནི་ཟུར་ནས་ལོ་གསུམ་མོ། གདུགས་ནི་སྟེང་དུའོ། །རྐང་རྟེན་ནི་འོག་ཏུའོ། །མེ་རི་དང ་ཆུའི་དཀྱིལ་འཁོར་ནི་ཡི་གེ་རང་གི་ལུས་ལ་མཚོན་པས་ཏེ། འདིས་ཀྱང་དག་དང་བརྡའ་མཐུན་པར་སྟོན་ཏེ། དྲང་པོ་ལ་ནི་ཐད་ཀར་མཚོན་ཏོ། །བསྒྲེང་བ་ལ་ནི་ཟུར་ལ་མཚོན་ཏེ། གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་བརྡའ་དེས་བསྟན་པའི་དག་རྣམས་འབྱུང་ལ ་ནི་རྒྱུ་བདུན་ཚོགས་ལ་ལས་སྐྱེ་བར་སྟོན་ཏེ། དེ་ལ་བསྐུལ་བའི་རྒྱུ་རྣམ་པར་རྟོག་པ་ཡིན་པར་བསྟན་པའི་ཕྱིར། །དེས་བསྟན་བརྡའ་ཅན་འབྱུང་བ་ན། །ལྕགས་རྣམས་ལ་ནི་ཁབ་ལེན་བཞིན། །རྣམ་རྟོག་དབང་གི་གནས་རྣམས་གཡོ། །ཞེས་བྱ ་བ་སྨོས་ཏེ། ཁབ་ལེན་གྱི་དབང་གི་ལྕགས་གཡོ་བ་བཞིན་དུ་རྣམ་པར་རྟོག་པའི་དབང་གིས་པཱ་ཡ་ཏ་ཞེས་བྱ་བའི་རླུང་ལུས་ལ་གནས་པ་བསྐུལ་ནས་དེས་སྒྲ་འབྱུང་བའི་གནས་རྣམས་གཡོ་བར་བྱེད་དོ་ཞེས་བྱ་བར་འགྱུར་རོ། །རྣམ་པར་རྟོག་པས ་ཇི་ལྟར་རླུང་སྐྱོད་ཅེ་ན། ཇི་ལྟར་གནས་བཞི་མེད་བཞིན་དུ། །མཁའ་ལ་འདབ་བསྐྱོད་རླུང་འབྱུང་ལྟར། །རྣམ་པར་རྟོག་པས་བསྐྱོད་པ་ན། །པཱ་ཡ་ཏ་ཞེས་བྱ་བའི་རླུང། །ལུས་ལ་རབ་ཏུ་གཡོ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་བྱ་ནམ་མཁའ་ལ ་འཕུར་བའི་ཚེ། མདབ་མ་བསྐྱོད་པ་ཉིད་ཀྱི་རླུང་འབྱུང་བ་ལྟར་མིང་དང་མིང་ཅན་འབྲེལ་པའི་རྣམ་པར་རྟོག་པ་གཞན་ལ་གོ་བར་བྱེད་པའི་བློས་སྐྱེས་པར་བྱེད་པའི་ཚེ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པའི་རླུང་གཡོ་བར་བྱེད་པ་ཅན ་བཱ་ཡ་ཏ་ཞེས་བྱ་བའི་རླུང་ལྡང་ཞིང་གཡོ་བར་འགྱུར་རོ། །རླུང་དེ་གཡོས་བས་ཅིར་འགྱུར་ཞེ་ན། བྱེད་པ་རྣམས་ཀུན་ཏུ་གཡོ་བར་འགྱུར་ཏེ། བྱེད་པ་རྣམས་བསྐྱོད་པས་ནི་གནས་དང་ཕྲད་པར་བྱེད་དོ། །དེ་བསྟན་པའི་ཕྱིར་གཡོ་རླུང་རབ་ཏུ་གཡོས་པ་ཡིས། བྱེད ་པ་ཀུན་ཏུ་བསྐྱེད་པ་ནི། །དོག་དང་ཡངས་པའི་གནས་རྣམས་སུ། །ཕྲད་དང་ཅུང་ཟད་ཕྲད་པར་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ལ་དོག་པ་ནི་འགུལ་བ་དང། སྣ་དང་གླད་པའི་སྤུབས་སོ། །ལྷག་མ་ནི་ཡངས་པའོ། །རྐན་དང་ལྕེ་སྦྱར་བ་དང། སོ་དང་ལྕེ་སྦྱར་བ་དང། མཆུ ་གཉིས་སྦྱར་བ་ནི་ཕྲད་པའོ། །ལྷག་མ་ནི་ཅུང་ཟད་ཕྲད་པ་སྟེ། འདི་ཡང་འོག་ཏུ་འཆད་པར་འགྱུར་རོ། །དེའི་ཚེ་ལྷན་ཅིག་འབྱུང་བའི་རྒྱུ་བསྟན་པའི་ཕྱིར། དེའི་ཚེ་ནི། ཤྭཱ་སྭཱ་ཞེས་བྱ་བའི་ནི་རླུང་དང་ལྷན་ཅིག་འབྱུང་བ་སྟེ། ཞེས་བྱ་བ་སྨོས་ཏེ། འདི་ལྟར ་གནས་དད་བྱེད་པ་ཕྲད་པའི་ཚེ་ནི(མདོ་འགྲེལ་རྟེན་བཞིན་དུ། ཞེས་བྱ་བ་སྨོས་ཏེ། དཔེར་ན་གཟུགས་ཐམས་ཅད་འབྱུང་བ་ཆེན་པོ་བཞིས་བ་སྐྱེས་པ་བཞིན་དུ། ཡི་གེའི་ཚོགས་ཐམས་ཅད་ལ་དབྱངས་ཀྱི་གྱི་གེ་བཅུ་དྲུག་དང་གསལ་བྱེད་བཅོ་བརྒྱད་ཀྱི་ཁྱབ་སྟེ། དེ་བས་ན་ང་རོ་ཞེས་བྱ་བ་དབྱངས་དང ་གསལ་བྱེད་ལ་བསྟེན་ནས་ཡི་གེ་དང། མིང་དང་ཚིག་གི་ཚོགས་ཐམས་ཅད་འབྱུང་སྟེ། འདི་ནི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ནོ། །སྐལ་བ་མཉམ་རྒྱུ་བསྟན་པའི་ཕྱིར། །རྣམ་རྟོག་རང་གི་སྣང་ཆ་ལས། །གཟུགས་བརྙན་བཞིན་དུ་ཆ་མཉམ་སྐྱེད་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་རྣམ ་པར་རྟོག་པ་རང་གི་ཡུལ་ལ་སྣང་བའི་ཆ་མིང་དང་མིང་ཅན་འབྲེལ་པར་སྣང་བར་འགྱུར་ཏེ། འདི་ལྟར་ཀ་བའི་དངོས་པོ་ལ་ཀ་བ་ཞེས་མིང་དུ་བཏགས་པ་དེ་དང་འབྲེལ་པ་བརྡའི་དུས་ན་ཞེན་པས་ཕྱི་དོན་ལ་སྐྱེས་བུ་འཇུག་པས ་ན་རང་གི་སྣང་བ་དང་མཐུན་པའི་ཡི་གེ་འབྱུང་བར་འགྱུར་ཏེ། དཔེར་ན་བཞིན་གྱི་དཀྱིལ་འཁོར་ཇི་ལྟར་གཟུགས་བསྙན་འབྱུང་བ་བཞིན་ནོ། །འདི་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ད་ནི་དག་གི་འདུ་བྱེད་དེ་རྣམས་ཀྱི་རྒྱུད་དེ་རྣམས་བདེ ་བླག་ཏུ་རྟོག་པར་བྱ་བའི་ཕྱིར་མཇུག་བསྡུས་ཏེ་བསྟུན་པར་འདོད་ན། གནས་རྣམས་དང་ནི་བྱེད་པ་དང། །རྣམ་པར་རྟོག་དང་རླུང་གཉིས་དང། །ད་རོ་གསལ་བྱེད་སྣ་ཆ་ཡིས། །དག་གི་འདུ་བྱེད་ཀུན་ཏུ་སྐྱེད། །ཅེས་བྱ་བ་སྨོས་ཏེ་སྨྲ་འབྱུང་བའི་གནས་འགུལ ་པ་ལ་སོགས་པ་རྣམས་ནི་བཞིའི་རྒྱུ་ཡིན་ནོ། །ཕྲད་པ་ལ་སོགས་པའི་བྱེད་པ་རྣམས་ནི་འབྱིན་པར་བྱེད་པའི་རྒྱུའོ། །རྣམ་པར་རྟོག་པ་ནི་བསྐུལ་བའི་རྒྱུའོ། །བཱ་ཡ་ཏ་དང་ནི(མདོ་འགྲེལ་ནི(མདོ་འགྲེལ་པ་ལས་རྒྱུ་ཉམས་ཀྱི་རྒྱུའི་ཆོས་ཀྱི་མིང་མ་བསྟན་པས་དེའི་ཕྱིའང་དག་སོ་སོའི་ངོ་བོ་བསྟན་པར་འདོད་ནས། རྒྱུ་བདུན་དག་ལས་འབྱུང་བ་ནི། གནས་རྣམས་བཞིའི་རྒྱུ་ཡིན་ཏེ། །ཞེས་བྱ་བ་ནས་སྐལ་བ་མཉམ་པའི་རྒྱུ་ཞེས་བྱ་བའི་བར་དུ་སྨོས་སོ། །དེ་ལ་རྣམ་པ་བཞིའི་རྒྱུ་ཞེས་བྱ་བའི་གནས་རྣམས་ནི ་དྲིལ་བུའི་སྤུབས་དང་འདྲ་སྟེ། །སྒྲ་རྣམས་ཀྱི་ཁྱད་པར་གྱི་གནས་བཞིའི་རྒྱུ་ཡིན་པས་བཞིའི་རྒྱུ་ཞེས་བྱའོ། །བྱེད་པ་འབྱིན་པར་བྱེད་པའི་རྒྱུ། ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་འདྲ་སྟེ། བསྐུལ་ཞིང་འབྱིན་པར་བྱེད་པས་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱའོ། །དེ་བཞིན ་རྣམ་རྟོག་བསྐུལ་བའི་རྒྱུ་ཞེས་བྱ་བ་ནི་བཀུལ་བར་འདྲ་བས་དེ་བཞིན་ཞེས་བྱ་བའི་སྨོས་ཏེ། ཅུང་ཟད་དུ་སྐྱེས་བུ་དང་འདྲ་སྟེ། བྱེད་པ་པོ་ཡིན་པས་སྐུལ་བའི་རྒྱུ་ཞེས་བྱའི་ཇི་ལྟར་ཤིང་ལ་རླུང་བཞིན་དུ། བྱེད་པ་བསྐྱེད་རྒྱུ་བཱ་ཡ་ཏའོ། །ཞེས་བྱ་བ ་ནི་དཔེར་?་གི་ཤིང་གཡོ་བར་བྱེད་པ་དེ་བཞིན་དུ་བཱ་ཡ་ཏའི། རླུང་ལ་བསྐྱོད་པའི་རྒྱུ་ཞེས་བྱའོ། །སྐྱེས་བུ་དང་ནི་བཞིན་བ་བཞིན། ལྷན་ཅིག་འབྱུང་རྒྱུ་ནི(མདོ་འགྲེལ་དབུགས་ལ་བརྟེན་ནས་དབུགས་དང་ལྷན་ཅིག་འབྱུང་བས་ན(མདོ་འགྲེལ་འབྱུང་བ་ཆེན་པོ་བཞིས་ཁྱབ་པ་བཞིན་ཇི་སྲིད་དུ་བརྗོད་པ་ཐམས་ཅད་ལ་ང་རོ་བཅུ་དྲུག་དང་གསལ་བྱེད་བཅོ་བརྒྱད་ཀྱིས་ཁྱབ་པ་སྟེ། དེའི་ཕྱིར་རོ་དང། གསལ་བྱེད་ལ་ཀུན་ཏུ་འགྲོ་བའི་རྒྱུན་ཞེས་བྱའོ། །སྣང་ཆ་འདྲ་བར་འབྱུང་བ་ནི། །བསྐལ ་བ་མཉམ་པའི་རྒྱུ་ཞེས་བྱ། །ཞེས་བྱ་བ་ནི། དཔེར་ན་བྱེད་དང་འདྲ་བར་གཟུགས་བརྙན་འབྱུང་བ་བཞིན་རྣམས་པར་རྟོག་པའི་སྣང་བའི་ཆ་དང་འདྲ་བར་ཡི་གེ་རྣམས་ཀྱི་སྒྲ་འབྱུང་བས་རྣམ་པར་རྟོག་པའི་སྣང་བའི་ཆ་ལ་སྐལ་བ་མཉམ་པའི་རྒྱུ་ཞེས་བྱའོ། །དེ་ནི་རྒྱུ་དེ་དག ་ལས་བྱུང་བའི་ཡི་གེ་རྣམས་ཀྱི་གདངས་ཀྱི་བྱེ་བྲག་སྟོན་ཏེ། དེ་ཡང་འབྲས་བུ་མི་འདྲ་བ་རྣམས་ནི་རྒྱུ་མི་འདྲ་བ་སྔོན་དུ་སོང་བ་ཡིན་ཏེ། དེས་ན་རྒྱུས་ཕྱེ་བ་ཡིན་པར་བསྟན་པའི་ཕྱིར། དེ་ལ་གདངས་ཀྱི་བྱེ་བྲག་ནི། རྒྱུ་རྣམས་དག་གིས་ཕྱེ་བ་སྟེ། །སྔོན་དུ་སོང་བར་རིག ་བར་བྱ། །ཅེས་བྱ་བ་སྨོས་སོ། །དེ་ལ་རྒྱུ་བདུན་དང། རང་བཞིན་རྩ་བ་བདུན་གྱིས་ཕྱེ་བར་བསྟན་པའི་ཕྱིར་དེས་ན་རྒྱུ་དང་རང་བཞིན་ནོ། །ཞེས་སྨོས་ཏེ། དེ་ལ་རྒྱུ་རྣམས་བཤད་ཟིན་ནས། རྩ་བ་གང་ལས་གྱུར་བ་དང། གནས་གང་ནས་འབྱུང་བ་བསྟན་པའི་ཕྱིར། ང་རོ་དྲང་པོ ་ལས་འབྱུང་བ། །ཀ་ལ་སོགས་སྡེ་ནས་རིམ་བཞིན་དུ། ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་སོ། །དེ་ལ་ང་རོ་དྲང་པོ་རྩ་བ་ཨ་ལས་གྱུར་པ་འདི་རྣམས་སོ། །ཞེས་བྱ་བའོ། །ཀ་ལ་སོགས་སྡེ་ནས་རིམ་བཞིན། སྡེ་ལྔ་དག་དང་ཞེས་བྱ་བ་ནི་ཀའི་སྡེ་ནས་གཟུང་བ་སྡེ་བ་ལྔ ་ཞེས་བྱ་བ་སྟེ། ཀ་ཁ་ག་གྷ་ང་ཙ་ཚ་ཛ་ཛྙ་ཉ་ཊ་ཐ་ཌ་ཌཧ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། འདི་རྣམས་ནི་སྡེ་པ་ལྔ་ཞེས་བྱ་བ་སྟེ། རང་རང་གི་སྡེའི་ཚོགས་ཡིན་པས་སྡེ་བ་ཞེས་བྱའོ། །ནྟསྠ་ཞེས་བྱ་བ་ནི་ཡ་ར་ལ་ཝ་བཞི་ཡིན་ཏེ། སྡེ་བའི་མཐར་གནས་པས ་མཐར་གནས་ཞེས་བྱའོ། །ུཥྨ་ཎ་དང་ཞེས་བྱ་བ་ནི། ཤ་ཥ་ས་ཧ་བཞི་ཡིན་ཏེ། ཨུ་ལ་བརྟན་པས་དྲོ་བ་ཞེས་བྱའོ། །མཐར་ཟད་དེ་ཞེས་བྱ་བ་ནི་ཀྵ་ཡིན་ཏེ། ཀྵནྟ་ཞེས་བྱ་བའི་ཕྱིར་རོ། །ཡི་གེ་འདི་རྣམས་ཀྱི་མིང་བསྟན་པའི་ཕྱིར་གནས་ཡི་གེ་སུམ་ཅུ་བཞི།། ་མིང་དང་ཕོ་ཞེས་བྱ་བ་ཏེ། ཞེས་བྱ་བ་སྨོས་ཏེ། སྒྲའི་ཡི་གེ་དང་གནས་ཀྱི་ཡི་གེ་ཞེས་བྱ་བ་ལས་ནི་ཡི་གེ་འདི་རྣམས་ཀྱི་ཡི་གེ་ཞེས་བྱ་བ་སྟེ། གནས་སོ་སོ་ལ་བསྟེན་པའི་ཕྱིར་རོ། །དབྱངས་ཀྱི་ཡི་གེ་དང་མིག་ཞེས་བྱ་བ་ལས་ནི་མིང་གི་ཡི་གེ་ཞེས་བྱ་སྟེ། ཡིག ་འབྲུ་སོ་སོར་གསལ་བར་སྟོན་པའི་ཕྱིར་རོ། །མོའི་ཡི་གེ་དང་ཕོའི་ཡི་གེ་ཞེས་བྱ་བ་ལས་ནི་ཕོའི་ཡི་གེ་ཞེས་བྱ་སྟེ། གསལ་ཞིང་དྲག་པའི་ཕྱིར་རོ། །དེ་བཞིན་དུ་ནང་གི་ཡི་གེ་དང་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་བ་ལས་ནི་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་བ་ལས་ནི ་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་བ་སྟེ། གཉན་ན་ཉེ་བར་སྣང་བའི་ཕྱིར་རོ། །ད་ནི་གནས་ཀྱི་དབྱེ་བ་བསྟན་པར་འདོད་དེ། དེ་ལས་དང་པོར་མགྲིན་པ་ལས་འབྱུང་བསྟན་པའི་ཕྱིར། དེ་ལ་དང་པོ་སྡེ་བ་དང། །ུཥཾ་ནའི་བཞི་པ་ནི། །བཅད་པར་བཅས་པ་མགྲིན་པ་ལ།། ་ཞེས་བྱ་བ་སྨོས་ཏེ། ཀའི་སྡེ་དང་ཧ་དང་ཚེ་དྲག་ཅན་རྣམས་མགྲིན་པ་ལས་འབྱུང་བ་ཡིན་ནོ། །རྐན་ལས་འབྱུང་བསྟན་པའི་ཕྱིར། གཉིས་པ་དག་དང་ཨནྟསྠའི། །དང་པོར་ཨུཥཾའི་དང་པོ་རྣམས། །རྐན་ལས་རབ་ཏུ་འབྱུང་བ་ཡིན་ཞེས་བྱ་བ་སྨོས་ཏེ། ཅའི་སྡེ ་དང་ཡ་དང་ཤ་རྣམས་རྐན་ལས་འབྱུང་བ་ཡིན་ནོ། །སྤྱི་བོ་ལས་འབྱུང་བ་བསྟན་པའི་ཕྱིར་རོ། གསུམ་པ་དག་དང་ཨནྟསྠའི། །གཉིས་པ་ཨུཥཾའི་གསུམ་རྣམས་སྤྱི་བོ་ལས་ནི་རབ་ཏུ་བྱུང་ཞེས་སྨོས་ཏེ། ཌའི་སྡེའི་དང་ར་དང་ཥ་རྣམས་སྤྱི་བོ་ལས་འབྱུང ་བ་ཡིན་ནོ། །ས་ལས་འབྱུང་བ་བསྟན་པའི་ཕྱིར། བཞི་པ་དང་ནི་ཨནྟསྠའི།། །།གསུམ་པ་ཨུཥྨའི་གསུམ་པ་རྣམས་སོའི་ཆ་ལས་ཀུན་ཏུ་འབྱུང་ཞེས་བྱ་བ་སྨོས་ཏེ། ཏའི ་སྡེ་དང་ལ་དང་ས་རྣམས་སོ་ལས་འབྱུང་བ་ཡིན་ནོ། །མཆུ་ལས་འབྱུང་བ་བསྟན་པའི་ཕྱིར། ལྔ་པ་དང་ནི་ཨནྟསྠའི། །བཞི་པ་མཆུ་ལས་འབྱུང་བ་ཡིན། །ཞེས་བྱ་བ་སྨོས་ཏེ། བའི་སྡེ་དང་ཝ་ནི་མཆུ་ལས་འབྱུང་བ་ཡིན་ནོ། །ཀྵ་འབྱུང་བའི་གནས་ནི། མཐར ་ཟད་མགུལ་དང་སྤྱིར་ལས་ཞེས་བྱ་བ་འདི་ཡིན་ནོ། །ང་ནི་སྡེ་པ་ལྔ་ལས་ནང་གསེབ་ཀྱི་བྱེ་བྲག་ལྔ་ལྔ་བསྟན་པའི་ཕྱིར། སྡེ་ལྔ་དག་ལས་ལྔ་ལྔ་ཡང། དང་པོ་རང་གནས་དྲག་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡེ་བ་རེ་རེ་ལ ་ལྔ་ལྔ་ཡོད་པ་ལས། དང་པོ་རྣམས་ནི་རང་རང་གི་གནས་ནས་དྲག་པར་བརྗོད་པ་སྟེ། ཀ་ཙ་ཌ་ཏ་པ་རྣམས་སོ། །གཉིས་པ་འབྲིང་དང་སྤྱི་བོའི་ན། །ཞེས་བྱ་བ་ནི་ཁ་ཚ་ཋ་ཐ་ཕ་རྣམས་ནི་ཀ་འབྲིང་དུ་དྲངས་པ་དང་སྤྱི་བོའི་སྒྲ་ཆ་ཕྲད་པ་ལས་ཁ་འབྱུང་སྟེ། ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གསུམ་པ་རྣམས་ནི་གཞན་པ་སྟེ། ཞེས་བྱ་བ་ནི་ག་ཛ་ཌ་ད་བ་རྣམས་ནི་ཀ་གཞན་པར་དྲངས་པ་ནི་ག་སྟེ། ཀ་དང་ཨ་སྦྱར་ན་གར་འགྱུར་ཏེ། གཞན་ཡང་དེ་བཞིན་དུ་སྦྱར་རོ། །མཧ་པྲ་ཎ་ཞེས་བྱ་བ་བཞི་པ་རང་གནས་ཁོ་ནས་སོ། །ཞེས ་བྱ་བ་ནི་གྷ་ཛཧ་ཌཧ་དྷ་བྷ་འདི་རྣམས་ནི་སྟོབས་ཆེ་བ་ཞེས་བྱ་སྟེ། རང་རང་གི་གནས་དང་ཁོང་བའི་སྒྲའི་ཆ་ལྡན་པ་སྟེ། ག་དང་ཧའི་སྒྲ་ཆ་དང་ལྡན་པ་ནི་སྟོབས་ཆེ་བ་ཞེས་བདེ་སྤྱོད་ཀྱི་མདོ་ལས་འབྱུང་ངོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། ། ནུ་སར་ཞེས་བྱ་བ་ལྔ་པ ་རང་གནས་སྣ་ནས་འབྱུང། ཞེས་བྱ་བ་ནི་ང་ཉ་ཎ་ནས་འདི་རྣམས་ནི་ཀླད་ཀོར་གྱི་ཡི་གེ་ཡིན་ཏེ། རང་རང་གི་གནས་དང་སྣའི་སྒྲ་ཕྲད་པ་ལས་འབྱུང་ལ་མགུལ་བ་དང་སྣ་ཕྲད་པ་ལས་ང་འབྱུང་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །ད་ནི་བྱེད་པ་རྣམས་ཀྱི ་གནས་བསྟན་པའི་ཕྱིར་མགུལ་བ་སྣ་རང་ཀླད་པ་སྤུབས། །དོག་པ་ཡིན་ཏེ་ཡངས་པ་གཞན། །རྐན་དང་སོ་དང་ལྕེ་དང་མཆུ། །ཕྲད་པ་ཡིན་ཏེ་གཞན་ཞེས་བྱ་ཅེས་བྱ་བ་སྨོས་ཏེ། དེ་ལ་དོག་པ་ཡིན་ཏེ། ཞེས་བྱ་བ་ནི་མགུལ་བ་ལ་སོགས་པའི་གནས ་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི་གནས་དོག་པའི་རྐྱེན་གྱིས་བསྐྱེད་པ་ཡིན་པས་བྱེད་པ་འདི་ལ་དོག་པ་ཞེས་བྱའོ། །ཡངས་པ་ཞེས་བྱ་བ་ནི་ལྷག་མ་རྣམས་གནས་ཡངས་པའི་རྐྱེན་གྱིས་བསྐྱེད་པ་ཡིན་པས་བྱེད་པ་འདི་ལ་ཡངས་པ་ཞེས་བྱའོ།། ་ཕྲད་པ་ཞེས་པ་ནི་རྐན་ལ་སོགས་པའི་གནས་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི་གནས་གཉིས་ཕན་ཚུན་ཕྲད་པ་ལས་འབྱུང་བས་དེ་ལ་ཡང་དེ་སྐད་ཅེས་བྱའོ། །གཞན་ཞེས་བྱ་བ་ནི་ལྷག་མ་རྣམས་གནས་རྣམས་ཕྲད་དུ་ཉེ་བ་ལས་འབྱུང་བས་ཅུང་ཟད་ཕྲད་པ ་ཞེས་བྱའོ་ང་ནི་ཡི་གེའི་ལྡང་ཚད་བཤད་པར་འདོད་ནས། །གནས་ཆའི་ཡི་གེ་ཇི་སྙེད་ཀྱང་ང་རོ་གཅིག་གིས་བཅིངས་པ་ལ། དེ་ལ་འདི་ཡི་གེ་གཅིག་ཅེས་བརྗོད། །ཤིན་ཏུ་ཕྲ་བའི་རྣམ་པའི་ཆ། དེ་ལ་འང་ཡི་གེ་གཅིག་ཅེས་བྱ། །ཞེས་སྨོས་ཏེ། དེ་ལ་ཡི་གེ་ཞེས་བྱ་བ་སྐབས ་ཀྱི་རྣམ་པ་གཉིས་སུ་འགྱུར་ཏེ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང་མིང་གི་མཛའ་ཨི་ཡི་གེའོ། །དེ་ལ་དབྱངས་གཅིག་གིས་གཅིངས་པའི་ཡི་གེ་ནི་རོ་གཅིག་གིས་གཅིངས་པ་སྟེ། ཨོ་དང་ཧཱུཾ་རང་ཕཊ་ལ་སོགས་པ་ལྟ་བུ་ལ་ཡི་གེ་འབྲུ་རེ་རེ་ཞེས་བྱ་བ་སྟེ། འོན་ཀྱང ་ཨོཾ་གཅིག་པུ་ལ་ཡང་ཨ་དང་ཨོ་དང་ཨོཾ་དང་གསུམ་ལས་གྲུབ་པ་ཡིན་མོད་ཀྱི། ཨོཾ་ཞེས་བྱ་བ་དབྱངས་ཀྱི་ཡི་གེ་གཅིག་གིས་བཅིངས་ཤིང་བསྡུས་པས་ན་ཨོཾ་ལ་ཡི་གེ་འབྲུ་གཅིག་ཅེས་བྱ་བའོ། །ཤིན་ཏུ་ཕྲ་བའི་རྣམ་པ་ཞེས་བྱ་བ་འདི་ནི་མིང་གི ་མཛའ་ཨི་ཡི་གེ་ཡིན་ཏེ། དཔེར་ན་གཟུགས་རྣམས་བཤིག་ན་རྡུལ་ཕྲ་རབ་གྱི་མཐར་ཐུག་སྟེ་དེ་ལས་ལྷག་པ་ཕྲ་བའི་གཟུགས་གཞན་མེད་དོ། །དེ་བཞིན་དུ་མིང་རྣམས་བཤིག་ན་གང་དུ་མཐར་ཐུག་པར་འགྱུར་ཞིང་དེ་ལས་བྱེ་བྲག་ཏུ་དབྱེ་བའི་ཕོག ་དབྱུང་དུ་མེད་པ་ནི་ཡི་གེ་གཅིག་ཅེས་བྱ་ཏེ། གསལ་བྱེད་བཅོ་བརྒྱད་ཀྱི་ཆ་ལྟ་བུའོ། །ད་ནི་ཡི་གེ་རྣམས་ཀྱི་འདྲེན་པའི་ཆ་ཤས་ཀྱིས་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་སྒྲ་འདི་དག་ལ་འདྲེན་པའི་ཆ། ཨལྭ་པྲཱ་ན་གཉིས་གཅིག་ཡིན། ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེ་ལ་ཨལ་པ་པྲཱ་ཎ་གཉིས་གཅིག་ཡིན། ཞེས་བྱ་བ་ནི་ཡི་གེ་གཉིས་ལ་ཡི་གེ་གཅིག་གི་སྒྲ་ལས་མེད་པ་ནི་སྟོབས་ཆུང་བས་སྟོབས་མེད་ཅེས་བྱ་སྟེ། ཕཊ་ཅེས་བྱ་བ་ལྟ་བུའོ། །ཊའི་སྒྲ་ཕྱེད་པའི་ཁོང་དུ་ཆུད་པས་ཡི་གེ་གཅིག་གི་སྒྲར་སོང ་བ་ལྟ་བུའོ། །མ་ཧ་པྲཱ་ཎ་གཅིག་གཉིས་ཡི་ཞེས་བྱ་བ་ནི་ཡི་གེ་གཅིག་ལ་གཉིས་ཀྱི་སྒྲ་ཡོད་པ་སྟེ། སྡེ་པའི་ཡེ་གེ་ལས་བཞི་པ་བཞི་པ་རྣམས་འདྲེན་པའི་སྟོབས་ཆེ་བས་སྟོབས་ཆེན་ཞེས་བྱའོ། ། ནུ་སྭ་ར་རྡུབ་པའི་སྒྲ་།ཞེས་བྱ་བ་ནི་ཀླད་ཀོར་གྱི་ཡི་གེ་རྣམས་ནི་སྣའི ་དབུགས་རྡུབ་པ་སྟེ། དབྱངས་ཀྱི་ཡི་གེ་དང་རྗེས་སུ་མཐུན་པའི་རྗེས་སུ་ང་རོ་ཞེས་བྱའོ། །བི་ས་རྫཛ་ནི་བཅད་པའོ། །ཞེས་བྱ་བ་ནི་ཚ་དྲག་སྟེ། དྲག་ཏུ་བྱེད་ཅིང་གནད་པར་བྱེད་པས་རྣམ་པར་བཅོད་པ་ཞེས་བྱའོ། །ཧྲ་སྭ་ཐ་མལ་སྒྲ་ཡིན་ཏེ། ཞེས་བྱ་བ་ནི་ཡི་གེ་གང་ཡང་རུང་བ་ཐ་མལ ་དུ་བརྗོད་པ་ཡིན་པས་ཐུང་ངུ་ཞེས་བྱའོ། །ངི་རྒྱུ་ཏ་ནི་གཉིས་ཀྱི་ཡུན། ཞེས་བྱ་བ་ནི་ཡི་གེ་གཉིས་ཀྱི་ཡུན་ཞེས་བྱ་བ་ནི་ཡི་གེ་གཉིས་ཀྱི་ཡུན་དུ་བརྗོད་པ་ཡིན་པས་རིང་པོ་ཞེས་བྱའོ། །བླུ་ཏ་ནི་དེ་བཞིན་གསུམ། ཞེས་བྱ་བ་ནི་གསུམ་གྱི་ཡུན་དུ་བརྗེད་པ་ཡིན་པས་ཤིན་ཏུ་རིང་པོ ་ཞེས་བྱའོ། །ུ་དEཏྟ་ནི་མཚུངས་གཉིས་གཅིག་ཅེས་བྱ་བ་ཡི་གེ་མཚུངས་པ་གཉིས་བཏགས་པ་ལ་སྒྲ་ཆེན་པོ་གཅིག་ཏུ་བདེ་བ་སྟེ། ཀྐ་ཚཚ་ཞེས་པ་ལྟ་བུ་ཆེན་པོ་ཞེས་བྱའོ། ། ནུ་དཱཏྟ་བྱེད་ཆ་ཡིན། ཞེས་བྱ་བ་ནི་ཡི་གེ་ཕྱེད་ཀྱི་སྒྲ་ཡིན་པ་སྟེ། བྱེད་པ་ཉིད་ལ་ཆུང་ངུ ་ཞེས་བྱའོ། །སྭ་རི་ཏ་ནི་ར་སྒྲའོ། །ཞེས་བྱ་བ་ནི་བསྐྱེད་བསྒྱུར་མ་བྱས་པ་ཏེ་དེ་བར་མ་ཞེས་བྱའོ། །སྣ་ལྡན་ཨ་ནུ་ས་རའི་ཆ། ཞེས་བྱ་བ་ནི་སྣ་དང་ལྡན་པ་ཞེས་བ་ནི་ཀླད་གོར་དང་ལྡན་པའོ། ། ལྡན་ཨ་མེད་ཅེས་བྱ་བ། ཆེ་བ་དག་དང་ཆུང་བའི་མིང་ཞེས་བྱ ་བ་ནི་ཨ་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ཨ་ཤས་ཆེ་བ་དང་ཆུང་བའི་བྱེ་བྲག་སྟེ། ཨ་དང་མི་ལྡན་པ་དག་ནི་མེད་དོ། །དེ་ལྟར་དྲང་པོའི་ཆ་བསྟན་ནས་བསྒྲེང་བ་ལ་སོགས་པ་རྩ་བ་གཞན་པའི་ཆ་བསྟན་པའི་ཕྱིར། དྲང་པོ་དག་ལ་ཇི་ལྟར་བར། ང་རོ ་གཞན་ལའང་དེ་བཞིན་ཏེ། ཞེས་བྱ་བ་སྨོས་ཏེ། དྲང་པོ་སྟེ་ཨའི་ཆ་ལས་གྱུར་བའི་གནས་དང་ཆ་ཇི་ལྟ་བ་བཞིན་དུ་བསྒྲེང་བ་དང། བཀུག་བ་དང། བསྟོད་པ་དང། སྨད་པ་དང། བསྒྲིམས་པ་དང། གློད་པ་རྣམས་ལ་ཡང་དེ་བཞིན་དུ་ཤེས ་པར་བྱའོ། །དེ་ལ་དྲང་པོའི་སྒྲ་དང་མཐུན་པ་དག་ནི་གོང་དུ་བསྟན་པར་ཟད་དོ། །དེ་ལ་ཅུང་ཟད་མི་འདྲ་བར་བསྟན་པ་རྣམས་བཤད་པའི་ཕྱིར། དེ་ལ་ཅུང་ཟད་གནས་ཆ་ནི།། རྒན་དང་མགུལ་བའི་ཆ་དག་ལས། བསྒྲེང་དང་བཀུག་པའི་ང་རོ་འབྱུང་ཞེས་པ་ལ་སོགས་པ་སྨོས་ཏེ། ་གནས་ཅུང་ཟད་མི་འདྲ་བ་ནི་འདི་ཡིན་ཏེ། བསྒྲེང་བ་དང་བཀུག་པ་ནི་མགུལ་པ་དང་རྐན་ལས་འབྱུང་སྟེ། ཨ་ཀུག་པ་ནི་ཨི་ཡིན་ནོ། ། དང་ཨི་སྦྱར་བ་ནི་བསྒྲེང་བ་སྟེ་ཨེའོ། །དེ་བཞིན་མཆུ་ལས་བསྟོད་སྨད་དོ། །ཞེས་བྱ་བ་ནི་ཨོ་དང་ཨུ་མཆུ་ལས་འབྱུང་སྟེ། དེ་ཡང ་ཨ་སྨད་པ་ནི་ཨུའོ། ། དང་ཨུ་སྦྱར་བ་ནི་ཨོ་ཡིན། བསྒྲིམས་པ་སྤྱི་པོ་འཆི་ལས་ཏེ། ཞེས་བྱ་བའི་རིན་པོ་སྤྱི་བོ་ལས་འབྱུང་སྟེ། ལྕེའི་རྩེ་མོར་ཉེ་བར་དང་རྐན་དུ་བཅིར་བ་ན་སྤྱི་བོ་ལས་སྒྲ་འབྱུང་བ་ཡིན་ནོ། །དཔེར་ན་གླང་བུའི་སྒྲ་སྤྱི་བོར་བུས་ན་ཞབས་སུ་གྲག་པར་སྡུད? ་བ་ལྟ་བུའོ། །གློད་པ་དག་ནི་སོ་ཡིན་ནོ། །ཞེས་བྱ་བའི་ལི་ནི་སོ་དང་ལྕེ་སྦྱར་བ་ལས་འབྱུང་བ་ཡིན་ནོ། །དབྱད་འདི། དག་གི་བཅིངས་ཤིང་བསྡུས་པ་ནི་ཆའི་བྱེ་བྲག་ནི་དྲང་པོའི་སྐབས་སུ་བརྗོད་པ་བཞིན་དུ་སྦྱར་རོ། །ཞེས་ཤེས་པར་བྱ་བའི་ཕྱིར། །འདི་དག་གིས་ནི་བཅིངས་པ་ན། ཆ་ནི་སྔོན ་དུ་བརྗོད་པ་བཞི་ཞེས་བྱ་བ་སྨོས་སོ། །ད་ནི་བསྒྲེང་བ་དང་བཀུག་པ་དང་ལ་སོགས་པའི་སྒྲ་དེ་རྣམས་མིར་རྣམས་ཀྱང་ངོ་བོ་ཉིད་གང་ལ་བྱས་མ་བསྟན་པས་དེའི་ཕྱིར། མི་དམུ་དོ་རི་ལི་ཡི། །སྒྲའི་ཆ་དང་ཅི་རིགས་སྦྱར་ཞེས་བྱ་བ་སྨོས་ཏེ། མི་ཞེས་བྱ་བ་ནི་ཨི་ཡིན་ནོ། །དེ་བཞིན་དུ་དེ་ནི་ཨེའོ། །མུ་ནི་ཨུའོ། །དོན་ནི་ཨིའོ ་རི་ལི་ནི་དངོས་ཏེ། སྔོན་གྱིས་མཁན་པོ་རྣམས་ཀྱི་བརྡར་བྱས་པའོ། །སྒྲའི་ཆ་དང་ཅི་རིགས་སྦྱར། ཞེས་བྱ་བ་ནི་ཨི་ནི་བཀུག་པ་དང་སྦྱར་རོ། །དེ་བཞིན་དུ་ཨེ་ནི་བསྒྲང་བའོ། །ུ་ནི་སྨད་པའོ། །ོ་ནི་བསྟོད་པའོ། །རི་ནི་བསྒྲིམས་པའོ། །ལི་ནི་གློད་པའོ། །དྲང་པོ་གང་ཡིན་ཞེ་ན། ཨ་ཡིག་ཆ་ནི་བདུན ་དུ་དཔྱད། །ཅེས་བྱ་བ་སྨོས་ཏེ། དྲངས་པོ་ནི་ཨའི་ཆ་ཡིན་ཏེ། གོང་དུ་བཤད་ཟིན་ཏོ་ཞེས་པའོ། །འོ་ན་ཨི་ལ་སོགས་པ་ལ་ཡང་ཨའི་ཆ་ཞེས་མི་བྱ་འམ་ཞེ་ན། ལྷག་མ་རྣམས་པའི་ཆ་ཞེས་བྱ། །ཅེས་བྱ་བ་སྨོས་ཏེ། འདི་ལྟར་ལྷག་མ་རྣམས་ལ་རྣམ་པའི་ཆ་ཞེས ་བྱ་བ་ནི་ཨའི་རྣམ་པ་འམ་བྱེ་བྲག་ཡིན་ཏེ། དེའི་ཕྱིར་ཨ་དང་ཨའི་རྣམ་པ་ཞེས་བྱའོ། །དེ་ལ་ཆ་ཞེས་བྱ་བ་ཡང་རང་གི་ཆ་དང་སྤྱིའི་ཆ་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། རང་རེ་ལ་ཡོད་པའི་ཆ་ནི་རང་གི་ཆའོ། །སྤྱི་ལ་སྦྱོད་པའི་ཆ་ནི་སྤྱིའི་ཆ ་སྟེ། དེ་ཉིད་བསྟན་པའི་ཕྱིར་དེ་དག་རེ་རེའི་ཆ་ཡིན་ཏེ། གང་གང་ཕན་ཚུན་བརྟེན་པའི་ཀུན་ཏུ་ཁྱབ་ཕྱིར་སྤྱིའི་ཆ། ཞེས་བྱ་བ་སྨོས་ཏེ། དེ་ལ་ཕན་ཚུན་བསྟེན་ཞེས་བྱ་བ་ནི་ཡི་གེ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་སྟེ། ཨོཾ་ལྟ་བུ་ཨོ་ལ་པ་རྟེན་ཅིང་ཁྱབ་པ་ལྟ་བུའོ། ་དེ་ལྟར་བསྟན་པ་དེ་དག་ཀྱང་ཡི་གེའི་བྱེ་བྲག་གི་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར། །དེ་དག་ཡི་གེའི་བྱེ་བྲག་སྟེ། ཞེས་བྱ་བ་སྨོས་སོ། །དེ་ནི་ཡི་གེའི་ངེས་པའི་ཚིག་བཤད་པར་འདོད་ནས། རྣམས་གྲངས་དུ་མ་མེད་པ་དང། །མིང་ཚིག་གསལ་བར་བྱེད་པ་དང།། ་དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །རང་བཞིན་ལས་དང་དགོས་ཕྱེད་ཀྱི། །ངེས་ཚིག་ཡིན་ཏེ་གོ་རིམ་བཞིན། །ཞེས་བྱ་བ་སྨོས་ཏེ། རྣམ་གྲངས་དུ་མ་མེད་པ་ཞེས་བྱ་བ་ནི་རང་གི་ངོ་བོའི་སྒོ་ནས་ངེས་ཚིག་བརྗོད་པ ་སྟེ། ཡི་གེ་རྣམས་ཀྱི་རང་བཞིན་རྣམ་གྲངས་གཞན་དུ་མི་འགྱུར་ཞིང་དུ་མ་མེད་པའི་ཕྱིར་མི་འགྱུར་བ་ཞེས་བྱའོ། །གསལ་བར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་སྒོ་ནས་ངེས་པའི་ཚིག་བརྗོད་པ་སྟེ། མི་འགྱུར་བ་ཉིད་ཀྱིས་མིང་དང་ཚིག་གསལ་བར་བྱེད་པས་གསལ་བྱེད་ཅེས ་བྱའོ། །རྗོད་པར་བྱེད་པ་ཞེས་བྱ་བ་ནི་དགོས་ཆེད་ཀྱི་སྒོ་ནས་ངེས་པའི་ཚིག་བརྗོད་པ་སྟེ། གསལ་བར་བྱས་པས་ཆོས་རྣམས་ཀྱི་དོན་བརྗོད་པར་བྱེད། དྲན་པར་བྱེད། ཤེས་པར་བྱེད་པས་བརྗོད་པ་ཞེས་བྱའོ། །ད་ནི་ཡི་གེའི་ཚོགས་བསྟན་པའི་ཕྱིར། ཚོགས ་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ་དེ་བཞིན་སྦྱར་ཞེས་བྱ་བ་སྨོས་ཏེ། ཀཱ་ཡ་ཞེས་བྱ་བའི་སྒྲ་ནི་ཚོགས་པ་དང། འདུས་པ་དང་ལུས་ལ་འཇུག་པ་དང། འདི་དག་ནི་རྣམ་གྲངས་སུ་རྟོགས་པའོ། །དེ་བཞིན་དུ་སྦྱར་ཞེས་བྱ་བ ་ནི་ཚོགས་ཞེས་བྱ་བའི་དོན་འདི་མིང་དང་ཚིག་ལ་ཡང་སྦྱར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡི་གེའི་ཚོགས་དེ་དག་ཀྱང་རྒྱུ་དང། རང་བཞིན་དང། ལྡང་ཚད་དང། ངེས་པའི་ཚིག་དང། རབ་ཏུ་དབྱེ་བ་རྣམས་ཀྱི་བཤད་པ་ལས་དབྱེ་བ་དེ་དག་ཀྱང་རྩ་བ་གང་ལས་གྱུར་པའི་རབ ་ཏུ་དབྱེ་བ་དང་རྒྱུ་ཡིས་རབ་ཏུ་དབྱེ་བ་དང། གནས་ཀྱི་རབ་ཏུ་དབྱེ་བ་དང། མིང་གི་རབ་ཏུ་དབྱེ་བ་དང། །འདྲན་པས་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱ་སྟེ། ཇི་སྐད་དུ་གོང་བུ་བཤད་པ་རྣམས་འདི་དག་ཏུ་འདུས་པས་ཤེས་པར་བྱའོ། །ད་ནི་མིང་གི་ཚོགས་སྟོན ་ཏེ། དེ་ཡང་གྲུབ་པའི་མིང་དང། རྗེས་སུ་གྲུབ་པའི་མིང་གཉིས་སུ་བསྟན་པར་འདོད་ནས། ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་འགྱུར་པ་ན། །མིང་ནི་རབ་ཏུ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདི་ནི་མིང་གི་ཚོགས ་ཀྱི་རྒྱུ་བསྟན་ཏོ། །དེ་བཞིན་དུ་རང་གི་ངོ་བོ་དང། ལྡང་ཚད་དང། ངེས་པའི་ཚིག་དང། དབྱེ་བ་རྣམས་ཀྱི་འདི་ཡང་བསྟན་པའི་བསྟན་པར་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་དཔེར་ན་རྡུལ་འདུས་པ་ལས་གང་བུ་གྲུབ་པ་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཞིན་ཡི་གེ ་འདུས་པ་ལས་མིང་འགྲུབ་སྟེ། ཡི་གེ་ཉིད་ཀྱང་མིང་མ་ཡིན། ཡི་གེ་ལས་གུང་ན་ཡང་མི་མེད་དེ། ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །མིང་འདུས་པ་ལས་ཚིག་ཀྱང་དེ་བཞིན་ནོ། །ད་ནི་རང་གི་ངོ་བོ་ལ་སོགས་པ་སྟན་པར་འདོད ་ནས། གང་ཞིག་རྣམ་ཆ་འདུས་པ་ཡིས། །དོན་གྱི་ངོ་བོ་ཉིད་བརྗོད་ན། །རྣམ་ཆ་མང་ངམ་ཉུང་གྱུར་ཀྱང། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཅེས་སྨོས་ཏེ། དེ་ལྟར་ཡི་གེ་འདུས་པ་མིང་ཡིན་ན་ཡི་གེ་ཇི་ཙམ་འདུས་པས་མིང་འགྲུབ་ཅེ་ན། འདི་ལྟར་ཆོས ་རྣམས་ཀྱི་ངོ་བོ་ཉིད་ཙམ་སྟོན་ན་ཡི་གེའི་རྣམ་གྲངས་ཀྱི་ཚང་ངེས་པ་མེད་དེ་དཔེར་ན་པ་རི་ཀ་ཥ་ལྟ་བུའི་ཡི་གེ་བཞིའི་རྣམ་པའི་བྱེ་བྲག་དང་བཅས་པ་ལ་འང་མིང་ཞེས་བྱའོ། །ཁ་ལྟ་བུའི་ཡི་གེ་གཅིག་ལ་ཡང་མིང་ཞེས་བྱ་སྟེ། འདོར ་ན་ཆོས་ཀྱི་ངོ་བོ་ཉིད་ཙམ་དུ་སྟོན་ནུས་ལ་ཁྱབ་པར་མི་སྟོན་པའི་ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །དེས་ནི་རང་གི་ངོ་བོ་དང་ལྡང་ཚད་དངོས་སུ་བསྟན་ནས། ངེས་པའི་ཚིག་ཀྱང་ཤུགས་ཀྱིས་བསྟན་པ་ཡིན་ཏེ། ངོ་བོ ་ཉིད་བརྗོད་ན་དེར་ཁྲིད་ཅིང་མཚོན་པར་བྱེད་པ་ཡིན་པས་མིང་ཞེས་བྱའོ། །ད་ནི་དེའི་དབྱེ་བ་བསྟན་པར་འདོད་ནས། དེ་ཡང་མིང་གི་ཐོག་མ་དང། རྗེས་སུ་གྲུབ་པ་རྣམས་གཉིས་ཞེས་སྨོས་ཏེ། དེའི་དབྱེ་བ་ནི་ཐོབ་མར་གྲུབ་པའི་མིང་དང། །གྲུབ་པ་ལ་བརྟེན་པ་རྗེས་སུ ་གྲུབ་པའི་མིང་གཉིས་སོ། །དེ་ལ་ཐོག་མ་གྲུབ་པའི་མིང་དེ་འདོད་རྒྱལ་ལམ། དོན་དང་ལྡན་པ་ཞིག་སྙམ་པ་ལ། དེ་ལ་ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། ཞེས་སྨོས་སོ། །ཆོས་རྣམས་ལ་དེ་མེད་བཞིན་དུ། བླ་དགས་སུ་བཏགས་པ་ཡིན་པས་འདོད་རྒྱལ ་ཡིན་ཏེ། ངེས་པའི་ཚིག་མེད་དོ། །རྗེས་སུ་གྲུབ་པ་ཇི་ལྟ་བུ་ཞིག་སྙམ་པ་ལ། རྗེས་གྲུབ་དག་ནི་དོན་ལྡན་དང། །རྣམ་པ་གཉིས་ཀར་འདོད་པ་ཡིན། ཞེས་སྨོས་ཏེ། རྗེས་སུ་གྲུབ་པ་ནི་གྲུབ་པ་ལ་བརྟེན་པ་ཡིན་པས་དོན་དང་ལྡན་པ་ཡིན་པས་ཏེ། ཁ ་ཅིག་ནི་དོན་ལ་ལེགས་པར་སྦྱོར་བ་ཡང་ཡོད་པས་དོན་དང་ལྡན་པ་དང། འདོད་རྒྱལ་གཉིས་སུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། དེ་ནི་ངེས་ཚིག་ཡོད་མེད་དོ། ཞེས་སྨོས་སོ། །དོན་དང་ལྡན་པ་ནི་ངེས་ཚིག་ཡོད་པ་ཡིན་ལ་འདོད་རྒྱལ་ནི་ངེས ་ཚིག་མོད་པ་ཡིན་ནོ་ད་ནི་གྲུབ་པའི་མིང་དང་རྗེས་སུ་གྲུབ་པའི་མིང་དེ་དག་ཉིད་གསལ་བར་བྱེད་དོ། དེའི་ཕྱིར་གང་ཞིག་གཞན་ལ་མ་བརྟེན་པར། །བླ་དགས་གང་བྱས་ཐོག་མའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གྲུབ་པའི་མི ་ཞེས་བྱ་བ་ནི་མིང་གང་དག་དངོས་པོ་གཞན་གྱི་མིང་ལ་མ་བརྟེན་པར་དེ་ཉིད་ལ་བཏགས་པ་སྟེ། འདི་ལྟར་ཀ་བ་ཞེས་བྱ་བའི་མིང་ནི་གཞན་ལ་མ་བརྟེན་པར་འདི་ལ་ཅིའི་ཕྱིར་ཀ་བ་ཞེས་བྱ་བ་མེད་དོ། །རྟེན་ཞེས་བྱ་བ་ནི་གཞན ་རྟེན་པར་བྱེད་པའི་བལྟོས་པས་མིང་གི་ཐོག་མར་མི་འགྱུར་རོ། །རྗེས་སུ་མ་གྲུབ་པ་ནི། །དེ་ལ་རྟེན་རྗེས་སུ་གྲུབ་པ་འདོད?་རྒྱལ་དོན་ལྡན་གཉིས་སུ་འདོད་ཅེས་བྱ་བ་ཡིན་ཏེ། གྲུབ་པ་བརྟེན་པའི་རྗེས་སུ་གྲུབ་པ་ཡིན་ཏེ། སྐྱེས་བུ་བསྟན་པོ་ལ་ཀ་བ་ཞེས་བྱ་བ ་ལྟ་བུ་སྔར་ཀ་བ་གྲུབ་པར་བྱས་ནས་ཕྱི་དེ་ལ་བརྟེན་པའོ། །དེ་ལ་རྗེས་སུ་གྲུ་པ་འདོད་རྒྱལ་ནི་ཁྱི་ནག་པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །དོན་དང་ལྡན་པ་ནི་ཁྱི་དཀར་པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །འོ་ན་གྲུབ་པའི་མིང་ཡང་འདོད་རྒྱལ ་ཡིན་ལ། རྗེས་སུ་གྲུབ་པ་ལོག་པར་གྲུབ་པ་ཡང་འདོད་རྒྱལ་ཡིན་ན་ཅིའི་ཕྱིར་མིང་ཐོག་མ་ལ་གྲུབ་པ་ཞེས་བྱ་བ་ཞེ་ན། འདོད་རྒྱལ་དག་ཏུ་མཚུངས་མོད་ཀྱི། མ་བརྟེན་ཕྱིར་ན་གྲུབ་པ་སྟེ། མང་གཞན་གང་ལའང་མ་བརྟེན་པས་གཞན ་གྱི་འགལ་བ་མེད་ཕྱིར་རོ། །ཞེས་སྨོས་སོ། །མིང་གི་ཐོག་མ་ནི་མིང་གཞན་གང་ལ་ཡང་མི་བརྟེན་པས་གྲུབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་ལ་མ་བསྟན་པའི་མིང་ནི་གཞན་གང་གིས་ཀྱང་གནོད་པ་མེད་དོ། །དེ་དགག་པ་འམ་སྒྲུབ་པར་ནུས་པ ་མ་ཡིན་ནོ། །འདི་ལྟར་ཀ་བ་ཞེས་བྱ་བ་ནི་རྒྱུ་འདི་ཀ་བ་ཞེས་བྱ་བ་ཡིན་ནོ། །ཞེས་ཐད་པས་བསྒྲུབ་པ་ལ་ཡང་མི་ནུས་ལ། རྒྱུ་འདི་ཀ་བ་ཞེས་བྱ་བར་མི་རིགས་སོ་ཞེས་འགལ་བ་བསྒྲུབ་པར་ཡང་གང་གིས་ཀྱང་མི་ནུས་སོ། །མིང་རྣམ་པ་གཉིས་ཀྱི ་དཔེ་བསྟན་པའི་ཕྱིར་འཐད་པས་བསྒྲུབ་པའི་རིག་པ་དག་།ཆོས་ཉིད་ལ་ནི་བརྟེན་པ་བཞིན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འཐད་པར་སྒྲུབ་པའི་རིགས་པ་ཚུལ་གསུམ་པའི་རྟགས་སྦྱོར་ལྟ་བུ་ནི་ཆོས་ཉིད་ཀྱི་རིགས་པའི་མཐུ་ལ ་བརྟེན་པ་ཡིན་ཏེ། འདི་ལྟར་ཕྱོགས་འདི་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་རོ། །དུ་བ་མེའི་འདྲ་བ་རྩ?་ཁོ་ན་ཡིན་ཏེ། གཞན་གྱིས་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའི་འབྲས་བུའི་སྒོ་ནས་རྒྱུ་དཔོག་པར་བྱེད་ལ། དུ་བ་མེའི་འབྲས་བུ་ཡིན་པའི ་ཕྱིར་ཞེས་བྱ་བ་འདི་ནི་ཆོས་ཉིད་ཀྱི་རིགས་པར་ལས་ཐུག་སྟེ། དེའི་རང་བཞིན་དེ་ཡིན་ནོ། །ཞེས་ཆོས་ཉིད་ལ་བརྟེན་པ་བཞིན་དུ། དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། ཁྱི་འདི་ལ་དུང་ཞེས་བྱ་སྟེ། ཁ་དོག་དཀར་པའི ་ཕྱིར་ཞེས་བྱ་བའི་ངེས་ཚིག་བརྗོད་ན་དེ་ལ་དཀར་བ་ཅིའི་ཕྱིར་དུང་ཞེས་བྱ་བ་ཞེས་དྲི་བ། དེའི་མིང་དེ་ཡིན་ནོ་ཞེས་བྱ་བ་མ་གཏོགས་པ་གཞན་མེད་དོ། །དེའི་ཕྱིར་གྲུབ་པའི་མིང་ལ་རྗེས་སུ་གྲུབ་པའི་མིང་བརྟེན་པའོ། །རྗེས་སུ་གྲུབ་པའི་འདོད་རྒྱལ་ལ་ངེས་པའི ་ཚིག་མེད་དོ་ཞེ་ན། རྗེས་སུ་གྲུབ་པའི་འདོད་རྒྱལ་ནི། ལོག་པར་གྲུབ་ཕྱིར་ངེས་ཚིག་བཞག་།ཅེས་སྨོས་ཏེ། ངེས་པའི་ཚིག་ཡོད་མོད་ཀྱི་བཤད་ན་ལོག་པར་བསྒྲུབ་པར་འགྱུར་ཏེ། དེའི་ཕྱིར་ངེས་ཚིག་མི་བཤད་པར་བཞག་གོ་།གྲུབ་པའི་མིང་གི་འདོད་རྒྱལ་ནི་ངེས་པའི ་ཚིག་བཤད་པའི་གཞི་མེད། དེའི་ཕྱིར་འདོད་རྒྱལ་ཐོག་མའི་མིང་གང་ཡིན། ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །ཞེས་སྨོས་ཏེ། དཔེར་ན་ཆོས་ཉིད་ཀྱི་རིགས་པ་ལ་སྒྲུབ་པའི་གཞི་གཞན་མེད་པ་བཞིན་ནོ། །ད་ནི་གྲུབ་པའི་མིང་ལ་བརྟེན ་པའི་དོན་དང་ལྡན་པ་བརྗོད་པའི་ངེས་ཚིག་བསྟན་པའི་ཕྱིར། །དེ་བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་ཕྱིར་དེ་བྱེད་ཕྱིར། །དེ་བྱའི་ཕྱིར་དང་དེ་འདྲའི་ཕྱིར། །དེ་དེའི་ཕྱིར་དང་དེ་ཉིད་ཕྱིར། །དེའི་མིང་ནི་དེ་སྐད་ཅེས།། ་རྟགས་ཀྱི་སྒོ་འམ་མེད་ཀྱང། །སྐབས་ཀྱི་མཐུ་ཡི་ངེས་ཚིག་བརྗོད། །ཅེས་བྱ་བ་སྨོས་སོ། །དེ་ལ་ཡིན་པར་སྦྱར་བ་ནི་དེ་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་བྱའོ། །དེ་བཞིན་དུ་ཡོད་པ་ནི་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་བྱའོ། །དེ་ལ ་ཕན་པ་ནི་དེ་ལ་ཕན་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། ཁྱེད་པ་ནི་འདི་བྱེད་པས་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་བྱའོ། །བྱ་བ་ནི་འདི་བྱེད་པས་དེ་སྐད་ཅེས་བྱའོ། ཞེས་བྱའོ། །འདྲ་བ་ནི་འདི་དེ་འདྲ་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་བྱའོ། །དེ་དེ་ཞེས་བྱ ་བ་ནི་དེའོ་ཞེས་བྱ་བ་སྟེ། མེ་ནི་མེའོ་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ཅེས་བྱ་བ་ནི་དེ་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །མིང་དེ་དག་རྟགས་ཀྱི་སྒོ་ནི་བརྡའི་སྔོན་ནུས་པའི་ཡི་གེ་ཡོད་པ་སྟེ་འདི་ལྟར་ཞིང་དང་ལྡན་པ་ནི་ཞིང་པ་ཞེས་བྱ ་བ་ལྟ་བུ་བ་ཞེས་བྱ་བའི་བརྟགས་ཀྱིས་ལྡན། ཞིང་ཡོད་པར་སྟོན་པ་དང་རྗོད་པ་ཞེས་བྱ་བས་ནི་རྗོད་པར་བྱེད་པར་སྟོན་ལ་བརྗོད་པ་ཞེས་བྱ་བས་ནི་བྱ་བ་སྟོན་པ་ལྟ་བུའོ། །རྟགས་དེ་ལྟ་བུ་དག་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། སྐབས་ཀྱི་ཤུགས་ཀྱི་ངེས་པར ་བཤད་པར་བྱའོ། །དེ་དག་ཀྱང་གཉིས་སུ་འདུས་ཏེ། དངོས་ཀྱི་མིང་དང་བཏགས་པའི་མིང་ངོ། །དེ་བསྟན་པའི་ཕྱིར། ཡིན་དང་ངོ་བོ་སྒྲུབ་པ་དང། །དངོས་པོ་རྐྱེན་ནི་དངོས་ཀྱི་མིང། །ལྷག་མ་བཏགས་པ་ཞེས་བྱའོ། །ཞེས་སྨོས་ཏེ། ལྔ་ལྷག་མ་ཞེས ་སྦྱར་རོ། །དེ་ལ་ཡིན་པར་འགྲུབ་པར་དང། ངོ་བོར་སྒྲུབ་པ་དང། དངོས་པོའི་རྐྱེན་གསུམ་དངོས་ཀྱི་མིང་ཡིན་ནོ། །ལྷག་མ་ཡོད་པར་སྦྱར་བ་དང་བྱེད་པར་སྦྱར་བ་དང། ལས་སུ་སྦྱར་བ་དང། དེ་ལ་ཕན་པར་སྦྱར་བ་དང། འདྲ་བར་སྦྱར་དང་ལྔ་ནི་བཏགས་པའི་མིང་ཞེས ་བྱའོ། །རང་གི་ངོ་བོའི་མིང་བསམ་གྱི་ཁྱད་པར་ཅི་ཞེ་ན། །རང་གི་ངོ་བོ་ངེས་ཚིག་དང། །བཏགས་པའི་མིང་གཞན་སྤོང་བྱེད་དང། །རང་གི་ཁྱད་པར་གཞན་སེལ་བས། །ཡིན་དང་ངོ་བོར་སྒྲུབ་པ་དང། །དངོས་པོའི་རྐྱེན ་རྣམས་གོ་རིམས་བཞིན། །ཞེས་སྨོས་ཏེ། ཡིན་པར་བསྒྲུབས་པ་ནི་རང་གི་ངོ་བོ་ཙམ་སྒྲུབ་ཅིང་གཞན་ལ་ཟུར་མི་ཟའོ། །ངོ་བོར་བསྒྲུབ་པའི་སྒྲས་ནི། བཏགས་པའི་མིང་ལྔ་སྤོང་ཞིང་སེལ་བར་བྱེད་དེ། མེ་ནི་མེའོ་ཞེས་བརྗོད་འདི་མེ་དངོས་ཡིན ་གྱི། མེ་ཡོད་པ་ལ་སོགས་པ་ལྔ་ནི་མ་ཡིན་ནོ་ཞེས་པའོ། །དངོས་པོའི་རྐྱེན་ནི་རང་གི་ཁྱད་པར་ཡང་སེལ་བྱེད་དེ། །ཚ་བ་ཉིད་ཅེས་བརྗོད་ན་ཚ་བ་ཁོ་མོ་ཡིན་གྱིས་གསལ་བ་ལ་སོགས་པའི་ཡོན་ཏན་གཞན་ནི་མ་ཡིན་ནོ། །ཞེས་བྱའོ། །བཏགས ་པའི་མིང་འཆད་པར་འདོད་ནས། བརྟེན་ལ་བརྟེན་པ་བཏགས་པ་དང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པར་སྦྱོར་བ་ནི་རྟེན་ལ་བརྟེན་པའི་མིང་བཏགས་པ་སྟེ། སྐྱེས་བུ་འདི་ལ་རྩལ་ཡོད་པས་རྩལ་ཞེས་བྱའོ ་ཞེ་འམ། རྩ་བ་ཅན?་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཕན་པར་བྱ་བ་ནི། རྒྱུད་པའི་རྒྱུ་ལས་འབྲས་བུ་དང། །ཞེས་བྱ་བ་སྟེ། རྒྱུད་པའི་རྒྱུ་ཙམ་ལ་འབྲས་བུའི་མིང་བཏགས་པ་སྟེ། ཆུ་ལུང་ལ་ཁ་ཟས་ཡིན་ཞེས་མིང་བཏགས་པ་ལྟ་བུའོ། །བྱེད་པ་བསྒྲུབ་པ་ནི། ་དངོས་ཀྱིས་རྒྱུ་ལ་དེ་བཞིན་དང། ཞེས་བྱ་བ་སྟེ། འབྲས་བུའི་མིང་བཏགས་པ་སྟེ། བྱ་བ་ལ་བྱེད་པ་ཐམས་ཅད་ཀྱང་འབྲས་བུའི་མིང་ཡིན་ནོ། །ལས་སུ་གྲུབ་པ་ནི་འབྲས་བུ་འམ་བྱ་བར་གྱུར་པ་ལ། དེ་ལ་རྒྱུའི་མིང་བཏགས་པའང། ཞེས ་བྱ་བ་སྨོས་ཏེ། འབྲས་བུ་འམ། ལས་སུ་གྱུར་པ་ལ་རྒྱུ་གཞན་གྱི་སྒོ་ནས་བཏགས་སྟེ། འདྲ་བར་སྦྱར་བ་ནི་དཔེ་གཞན་གྱི་མིང་དག་དང། ཞེས་བྱ་བ་སྟེ་དཔེའི་ཚིག་ཉེ་བར་བཟུང་སྟེ། ལྷ་དང་འདྲ་བས་ལྷ་ཞེས་བྱ་བ་ལྟ་བུའོ། །དེ་དག ་ཉིད་དེ་ལྟར་སྟོན་པ་ནི། །དོན་འདི་དག་གི་སྒོ་ནས་ནི། །ཡོད་དང་དེ་ལ་ཕན་པ་དང། །བྱེད་དང་ལས་སུ་སྒྲུབ་པ་དང། །འདྲ་བར་སྦྱར་དང་རིམས་བཞིན་ནོ། །ཞེས་བྱ་བ་འདི་ཡིན་ནོ། །ཚོགས་ཞེས་བྱ་བ་ནི་ཡི་གེའི་སྐབས་སུ་བཤད་ཟིན་ནོ། །དེ་ནི ་ཚིག་གི་ཚོགས་བཤད་པར་འདོད་པས་ཚིག་བསྡུས་པའི་སྦྱོར་བ་དང་ཚིག་ཕྲད་དང་བཅས་པ་བསྟན་པར་འདོད་ནས། གལ་ཏེ་མིང་གཉིས་སུ་འདུས་པ་འམ། འོན་ཏེ་མང་པོ་འདུས་ཀྱང་རུང། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས། ་འདིར་ཡང་རྒྱུ་དང། རང་གི་ངོ་བོ་དང། ལྡང་ཚད་དང། ངེས་ཚིག་དང། རབ་ཏུ་དབྱེ་བ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་མིང་ངོ། །རང་གི་ངོ་བོ་ནི་དེ་འདུས་པས་དོན་གྱི་ཁྱད་པར་བརྗོད་པའོ། །ལྡང་ཚད་ནི་ཁྱད་བརྗོད་པ་ཉིད་ཀྱིས་ཡི་གེ་འདུས ་པ་ལས་མ་འདས་པའོ། །ངེས་པའི་ཚིག་ནི་གསལ་ཞིང་འབྲུར་ཆགས་པའོ། །རབ་ཏུ་དབྱེ་བ་ནི་ཚིག་སྡུད་པའི་སྦྱོར་བ་དང། ཚིག་གི་ཕྲད་དོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་མིང་གཉིས་འདུས་པ་འམ། །འོན་ཏེ་མང་པོ་འདུས་ཀྱང་རུང།། ་དེ་དག་ཁྱད་པར་བརྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། ཕྲད་རྣམས་དག་དང་བཅས་པའང་ཡིན་ཞེས་བྱ་བ་མདོར་སྨོས་ཏེ། །དེ་ལ་ཚིག་ཅེས་བྱ་བ་ནི་མིང་འདུས་པ་ལ་བྱ་སྟེ། འདི་ལྟར་དོན་གྱི་ཁྱད་པར་སྟོན་ན་མིང་གཉིས་སམ། མང་པོ་འདུས་ཀྱང་རུང་སྟེ་ཚིག་ཅེས་བྱའོ། །འདི་ལྟར་ཀ ་བ་རིང་པོ་ཞེས་བརྗོད་ན་ཀ་བའི་ཁྱད་པར་བརྗོད་པར་བྱེད་དོ། །དེ་བཞིན་དུ་ཀ་བ་རིང་པོ་འདི་ནི་དཀར་པོའོ་ཞེས་བྱ་བ་ལ་སོགས་པའང་ཚིག་ཅེས་བྱའོ། །ཚིག་རྣམས་འབྲེལ་པར་བྱེད་པ་ནི་ཚིག་ཕྲད་དོ། །ད་ནི་ཚིག་སྡུད་པའི་སྦྱོར་བར ་བཤད་པར་འདོད་ན། །དེ་ལ་ཚིག་གི་སྦྱོར་བ་བཅུ། །འབྲུ་མང་པོ་དང་ཚིག་སྡུད་དང། །ཁྱད་པར་དག་དང་ཡན་ལག་དང། །གཞི་དང་གཞི་གཅིག་བསྡུ་བ་དང། གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། ། ་ཞེས་བྱ་བ་སྨོས་ཏེ། འདིར་བསྡུ་བ་ཞེས་བྱ་བ་ཚིག་ལྷག་མར་སྦྱོར་ཏེ། འདིར་ལྟར་འབྲུ་མང་པོའི་བསྡུ་བ་དང་ཚིག་སྡུད་པ་ཙམ་གྱི་བསྡུ་བ་དང། ཁྱད་པར་བསྡུ་བ་དང། ཡན་ལག་བསྡུ་བ་དང། གཞི་བསྡུ་བ་དང། གཞི་གཅིག་ཏུ་བསྡུ་བ་དང། གཞི་མཐུན་པའི་བསྡུ་པ་དང།། ་དེའི་སྐྱེས་བུའི་བསྡུ་བ་དང། ཟླས་དབྱེ་བའི་བསྡུ་བ་དང། ཕྱོགས་ཙམ་སྟོན་པའི་བསྡུ་བའོ། །ཞེས་བྱ་བར་སྦྱར་རོ། །ད་ནི་འབྲུ་མང་པོ་སྟོན་ཏེ། དེ་ཡང་དབྱེ་བ་དྲུག་བསྟན་པའི་ཕྱིར། ཚིག་གཉིས་མང་པོར་རབ་དབྱེ་བའི། །རང ་མིང་ལྡན་དང་མི་ལྡན་དང། །ཕྱོགས་དང་རྣམས་གྲངས་ཕན་ཚུན་དང། ཚིག་མང་པོས་སྟེ་རྣམ་པ་དྲུག་།ཅེས་སྨོས་ཏེ། དབྱེ་བ་དྲུག་པོ་འདི་དག་ཚིག་གཉིས་ཀྱི་འབྲུ་མང་པོ་དང། ཚིག་མང་པོའི་འབྲུ་གཉིས་ཀྱི ་དབྱེ་བ་ཡིན་ནོ། །དེ་ལ་ཚིག་གཉིས་ཀྱི་འབྲུ་མང་པོ་པ་ནི་ཁྲ་མོ་ཅན་ཞེས་བྱ་བ་ལྟ་བུའོ། །ཚིག་མང་པོའི་འབྲུ་མང་པོ་ནི་དམར་ཁྲ་ཅན་ཞེས་བྱ་བ་ལྟ་བུའོ། །དེ་ལ་རང་གི་མིང་དང་ལྡན་པ་ལ་སོགས་པ་ལྔ་ནི་ཚིག་གཉིས་ཀྱི་འབྲུ་མང་པོ ་པའི་དབྱེ་བ་སྟེ། དེ་ཡང་རང་གི་མིང་དང་ལྡན་པ་ནི་སྐྱེས་བུ་སྟོབས་ཅན་ཞེས་བྱ་བ་ལྟ་བུའོ། །རང་གི་མིང་དང་མི་ལྡན་པ་ནི་བ་ཁྲ་མོ་ཅན་ཞེས་བྱ་བ་ལྟ་བུའོ། །ཕྱོགས་ནི་ཤར་ལྷོ་ཞེས་པ་ལྟ་བུས་མཚམས་སྟོན་པའོ། །རྣམ་གྲངས་ནི་གྲངས་དང ་ལྡན་པ་སྟེ། བཅུ་པ་བརྒྱ་པ་ལ་སོགས་པའོ། །ཕན་ཚུན་ནི་ཕན་ཚུན་བརྟེན་པས་གྲུབ་པ་སྟེ། གཅོད་དཀའ་བ་དང། དབུགས་དཀའ་བ་ལ་སོགས་པའོ། །ཚིག་མང་པོ་ནི་ཚིག་མང་པོ་དང་ལྡན་པ་སྟེ། གསུམ་པ་ལ་སོགས་པ་ཇི་སྙེད་པའོ ་དེ་དག་ལ་ཡང་གཞི་མཐུན་པའི་འབྲུ་མང་པོ་དང། གཞི་ཐ་དད་པའི་དབྱེ་བས་མུ་བཞིར་འགྱུར་ཏེ། དེའི་ཕྱིར། མཐུན་དང་ཐ་དད་དབྱེ་བ་ཡིས། །ཕྱོགས་ཀུན་མཐུན་དང་ཕྱོགས་གཅིག་ལས། རབ་ཏུ་དབྱེ་བ་བཞིར་འདོད་དོ། །ཞེས་སྨོས་ཏེ། ཕྱོགས་ཀུན ་འཐུན་པ་དང། ཀུན་མི་མཐུན་པས། ཕྱོགས་གཅིག་མཐུན་པ་དང་ཕྱོགས་གཅིག་མི་མཐུན་པ་གཉིས་ཏེ་བཞི་པའོ། །དེ་ལ་ཀུན་མཐུན་པ་ནི། ལྷ་བྱིན་རྣ་བ་འཕྱང་བ་ཅན་ལྟ་བུའོ། །ཀུན་མི་མཐུན་པ་ནི་མངའ་གཞུ་ཅན་ལྟ་བུའོ། །ཕྱོགས ་གཅིག་མཐུན་པ་ནི་རྐང་ལག་ཅན་ལྟ་བུའོ། །དེ་བཞིན་དུ་ཕྱོགས་གཅིག་མི་མཐུན་པ་ནི་བ?་ཁྲ་མོ་ཅན་ལྟ་བུའོ། །ད་ནི་ངོ་བོ་ཉིད་དེ་དག་ལ་ཡང་བྱེད་པའི་ཚིག་གིས་བསྒྱུར་དུ་རུང་བ་བསྟན་པའི་ཕྱིར། །བྱེད་པ་དྲུག་གིས་བསྒྱུར་བ་ནི། །ཀུན ་ལས་རབ་ཏུ་ལྡན་པ་སྟེ། ཞེས་བྱ་བ་སྨོས་ཏེ། དེ་ལ་བྱེད་པའི་ཚིག་གཉིས་དང་ལྡན་པའི་འབྲུ་མང་པོ་པ་ནི་གང་ལ་ཆོས་སྤྱོད་པ་ཡོད་པ་ནི་ཆོས་ལ་སྤྱོད་པ་ཅན་ཞེས་བྱ་བའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར ་བར་བྱ་སྟེ། གསུམ་པ་ནི་ཆོས་ཀྱི་འཕེལ་བ་ཅན་དང། །བཞི་པ་ནི་ཆོས་ཀྱི་ཕྱིར་བསྒྲུབ་པ་ཅན་དང། ལྔ་པ་ནི་ཆོས་འབྱུང་བ་ཅན་དང། དྲུག་པ་ནི་ཆོས་ཀྱི་གཏམ་དང། བདུན་པ་ནི་ཆོས་ལ་གནས་པ་ཅན་ཏེ། འདི་ལྟ་བུ་ལ་སོགས་པ་བྱེད་པ་དྲུག་དང། དང་པོའི་ཚིག ་དང་བདུན་བདུན་དུ་ཕྱེ་ན་རྣམ་གྲངས་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་འགྱུར་པ་ལས་དུས་གཅིག་ཏུ་ནི་ཆོས་གསུམ་དང་ལྡན་ཏེ། རྩ་བའི་ཚིག་གཉིས་སམ་མང་པོ་གང་རུང་གཅིག་།རབ་ཏུ་དབྱེ་བ་གཅིག་།བྱེད་པའི་ཚིག་གཅིག་སྟེ། གསུམ་དང་ལྡན་པར ་བསྟན་པའི་ཕྱིར། །བརྒྱད་དང་དྲུག་ཅུ་རྩ་བརྒྱད་ལས། །དུས་གཅིག་ཏུ་ནི་གསུམ་ལྡན་གཟུང། །ཞེས་བྱ་བ་སྨོས་སོ། །དེ་ནི་ཚིག་བསྡུ་བ་འཆད་དེ། །དེའི་ཕྱིར། ཚིག་བསྡུ་བ་ནི་རྣམ་པ་ལྔ། །གཉིས་དང་རྣམ་གྲངས་བྱེ་བྲག་དང། གཞན་བྱེད་པའི་ཚིག ་ཡིན་ནོ། །ཞེས་སྨོས་ཏེ། ཚིག་གཉིས་ཀྱི་མདོར་བསྡུས་པ་དང། རྣམ་གྲངས་ཀྱི་མདོར་བསྡུས་པ་དང། བྱེ་བྲག་གི་མདོར་བསྡུས་པ་དང། གཞན་གྱི་ཚིག་གི་མདོར་བསྡུས་པ་དང། བྱེད་པའི་ཚིག་གི་མདོར་བསྡུས་པའོ། །འདི་དག་གི་སྔོན་གྱི་མཁན ་པོ་གཞན་གྱི་བཤད་པ། མིང་རྣམ་པ་གཞན་གྱི་སྒོ་ནས་བཏགས་པ་སྟེ། །དེ་ལ་གཉིས་ཀྱི་མདོར་བསྡུས་པ་ནི་ཟླས་དབྱེ་བ། །རྣམ་གྲངས་ཀྱི་མདོར་བསྡུས་པ་ནི་པ་གཉིས། །བྱེ་བྲག་གི་མདོར་བསྡུས་པ་ནི་ལས་འཛིན་པ། གཞན་གྱི་ཚིག ་གི་མདོར་བསྡུས་པ་མི་འབྲུ་མང་པོ་པ་བྱེད་པའི་ཚིག་གི་མདོར་བསྡུས་པ་ནི་དེའི་སྐྱེས་བུའོ་ཞེས་གཞན་ལ་དེ་འདི་དག་ལས་ཁྱབ་པའི་བྱེ་བྲག་ཡོད་ཞེས་ཀྱང་གཞན་ལས་བཤད་དོ། །བྱེད་པའི་ཚིག་མདོར་བསྡུས་པ་འབའ་ཞིག་ལ་ཡང ་དབྱེ་ན་དྲུག་སྟེ། དེའི་ཕྱིར། ལས་ལ་སོགས་པའི་དབྱེ་བ་ཡིས། །གཉིས་པ་ལ་སོགས་བདུན་པའི་མཛའ་། །བྱེད་པ་དྲུག་ཏུ་འདོད་པ་སྟེ། །ཚིག་སྡུག་ཙམ་དུ་ཤེས་པར་བྱ། །ཞེས་སྨོས་ཏེ། གཉིས་པ་ལས་ཀྱི་བསྡུ་བ་ནི་གྲོང་ལ་འགྲོ་བ ་ནི། གྲོང་ལྟ་བུའོ། །གསུམ་པའི་བསྡུ་བ་ནི་མངའ་ཡིས་བསྣུན་པ་ནི་མདངས་བསྣུན་པ་ལྟ་བུའོ། །བཞི་པ་ནི་བསྡུ་བ་ནི་རྒྱན་ཆེད་ཀྱི་གསེར་ནི་རྒྱན་གསེར་ལྟ་བུའོ། །ལྔ་པའི་བསྡུ་བ་ནི་ཡུལ་ལས་འབྱུང་བ་ནི་ཡུལ་འབྱུང་ལྟ་བུའོ། །དྲུག་པའི་བསྡུ ་བ་ནི་ལྷས་བྱིན་གྱི་རྟ་ནི་ལྷས་བྱིན་ལྟ་བུའོ། །བདུན་པའི་བསྡུ་བ་ནི་ཡུལ་ན་གནས་པ་ནི་ཡུལ་གནས་ལྟ་བུ་སྟེ། དེ་དག་ལ་བྱེད་པའི་ཚིག་བསྡུ་བ་ཞེས་བྱའོ། །ཙམ་གྱི་དགག་པ་ནི་དོན་ཐམས་ཅད་དུ་ཐ་དད་པས་འགེགས་པར་བྱེད་དེ། ཚིག་བསྡུ་བ་ལྔ ་པོ་འདི་ཚིག་བསྡུ་བ་གཞན་དོན་མཐུན་པ་ལ་ཉེས་པ་མེད་དོ། །ད་ནི་ཁྱད་པར་བསྡུ་བ་འཆད་དེ། །དེའི་ཕྱིར་སྔ་མ་ཕྱི་མའི་སྦྱོར་བ་ཡིས། །ཁྱད་པར་བསྡུ་བ་རྣམ་པ་གཉིས་ཞེས་སྨོས་ཏེ། ཚིག་སྔ་མ་ཁྱད་པར་དུ་སྦྱར་བ་ནི། །སྔོན་པོ་ཉིད་ཨུཏཔལ་ནི ་སྔོན་པོ་ཨུཏཔལ་ཞེས་བྱ་བ་དང། ཚིག་ཕྱི་མ་ཁྱད་པར་དུ་སྦྱོར་བ་ནི། ཨུཏཔལ་ཉིད་སྔོན་པོ་ནི་ཨུཏཔལ་སྔོན་པོ་ལྟ་བུའོ། །ད་ནི་ཡན་ལག་བསྡུ་བ་འཆད་དེ། །དེའི་ཕྱིར། འབྲེལ་པ་དག་དང་གོ་རིམས་དང། དོན་དང་གྲགས་པའི་ཡན་ལག་ནི། ་བསྡུ་བ་བཞིའོ། །ཞེས་སྨོས་ཏེ། འབྲེལ་པའི་ཡན་ལག་བསྡུ་བ་ནི་ལུས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུའོ། །གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི་གཟུགས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུའོ། །དོན་གྱི་ཡན་ལག ་བསྡུ་བ་ནི་འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་ལྟ་བུའོ། །གྲགས་པའི་ཡན་ལག་བསྡུ་བ་ལ་ཡང་འཇིག་རྟེན་ལ་གྲགས་པ་དང། །བསྟན་བཅོས་ལ་གྲགས་པ་གཉིས་ཏེ། དེའི་ཕྱིར་གྲགས་པ་ཡང ་འཇིག་རྟེན་བསྟན་བཅོས་དག་ལ་གཉིས། །ཞེས་སྨོས་ཏེ། འཇིག་རྟེན་ལ་གྲགས་ཡིན་ཀ་བ་བུམ་པ་ལ་སོགས་པའི་ཐ་སྙད་ཅེས་པ་ལྟ་བུའོ། །བསྟན་བཅོས་ལ་གྲགས་པ་ནི་ལས་ལ་སོགས་པའི་བྱེད་པའི་ཚིག་བྱེད་པ་ལྟ་བུའོ།། ་ད་ནི་བསྡུ་བ་འཆད་དེ། དེའི་ཕྱིར། རིགས་བསལ་བྱས་དང་མ་བྱས་པའི། །གཞི་བསྡུ་བ་ནི་གཉིས་ཡིན་ནོ། །ཞེས་སྨྲོས་ཏེ། རིགས་བསལ་པའི་བསྡུ་བ་ནི་ཆོས་མཛའ་དག་ཅེས་པ་ལྟ་བུའོ། །རིགས་མ་བསལ་པའི་བསྡུ་བ་ནི་མཛའ་དག་དང ་ཀུན་ལ་སོགས་པའོ། །ད་ནི་གཞི་གཅིག་ཅིག་ཏུ་བསྡུ་བ་འཆད་དེ། དེའི་ཕྱིར་ཕྱོགས་གཅིག་དག་ཏུ་བྱེད་པ་དང། སོ་སོ་ཕྱོགས་གཅིག་བྱེད་པ་ཡིས། །གཞི་གཅིག་བསྡུ་བ་གཉིས་སུའོ། །ཞེས་བྱ་བ་སྨྲོས་ཏེ། ཕྱེ་བས་གཅིག་ཏུ་བྱེད་པའི་བསྡུ ་པ་ནི་འདུས་བྱས་ཐམས་ཅད་མི་རྟག་ཅེས་པ་ལྟ་བུའོ། །སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ན་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བདག་མེད་དོ་ཞེས་པ་ལྟ་བུའོ། །ད་ནི་གཞི་མཐུན་པའི་བསྡུ་བ་འཆད་དོ། །དེའི་ཕྱིར་ཁྱད་པར་ཁྱད ་པར་ཅན་གཉིས་དང། །ཁྱད་པར་རྣམ་གཉིས་བཞི་གཅིག་ཏུ། །མཐུན་པར་བྱ་བ་གོ་བར། །སྦྱོར་བ་གཞི་མཐུན་པ་རྩམ་པ་གཉིས། ཞེས་སྨོས་ཏེ་དེ་ཡང་ཁྱད་པར་དང་ཁྱད་པར་ཅན་གཉིས་གཞི་གཅིག་ཏུ་སྦྱོར་བ་ནི་སྔོ་བ་དང་ཨུཏཔལ་གཉི་ག ་ཡང་ཨུཏཔ་ལའོ། ཞེས་པ་ལྟ་བུའོ། །ཁྱད་པར་གཞིས་པ། །གཞིག་ཏུ་བསྡུ་བ་ནི། སྔོ་བ་དང་རྩུབ་པ་གཉིས་ཀྱང་ཨུཏཔ་ལ་ཞེས་གཞི་གཅིག་ཏུ་བསྡུ་བ་མི་མཐུན་པར་གོ་བ་ནི་ཆོས་ཐ་དད་པ་དག་གཞི་གཅིག་པར་གོ་བ་བྱ་བའི་སྐབས་སུ་སྒྲ ་སྦྱོར་བ་ནི་གཞི་མཐུན་པའི་བསྡུ་བའི། །ད་ནི་དེའི་སྐྱེས་ཡུལ་ཆད་དེ། དེ་ཡང་གསུམ་སྟེ། བྱེད་པའི་ཚིག་གི་དེའི་སྐྱེས་བུ་དང། ལས་འཛིན་པའི་དེའི་སྐྱེས་བུ་དང། བ་གཉིས་པ་དེའི་སྐྱེས་བུ་དང། དེ་ཉིད་བསྟན་པའི་ཕྱིར། ངོ་བོ་འམ་ནི་ཆོས ་ཀྱང་རུང། །ཐ་དད་གོ་བར་བྱེད་པ་ལས་སོ། །དེའི་སྐྱེས་བུ་གསུམ་ཡིན་ཏེ། །བྱེད་པའི་ཚིག་དང་ལས་འཛིན་དང། །པ་གཉིས་པ་ཞེས་བྱ་བའོ། །ཞེས་སྨོས་ཏེ། དེའི་སྐྱེས་བུ་ཞེས་བྱ་བ་ནི་ཐ་དད་པར་གོ་བར་བྱེད། །དེ་ལ་ངོ་བོ་ཐ་དད་པར་སྦྱོར་བ་ཡང ་རུང། ངོ་བོ་གཅིག་གི་ཆོས་ཐ་དད་པར་སྦྱོར་བ་ཡང་རུང་སྟེ། དེ་ཐ་དད་པར་སྦྱོར་བའི་སྐབས་སུ་དེའི་སྐྱེས་བུ་ཞེས་བྱའོ། །དེ་ལ་བྱེད་པའི་ཚིག་དེའི་སྐྱེས་བུ་ལ་ཡང་དབྱེ་བ་བརྒྱད་དོ། །དེ་བསྟན་པའི་ཕྱིར། །དེ་ལ་བྱེད་པ་བརྒྱད ་ཡིན་ཏེ། དང་པོ་ལ་སོགས་བདུན་པའི་མཛའ་། །རྣམ་དབྱེ་བསྒྱུར་བ་བདུན་པོ་དང། །ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར། གཞན་དང་སྦྱོར་མེད་བོང་པ་སྤང། །དགག་པ་དང་ནི་བརྒྱད་དུ་འདོད། །ཅེས་བྱ་བ་སྨོས་ཏེ། དེ་ལ་དང་པོའི་སྐྱེས་བུའི་བསྡུ ་བ་ནི་པར་གྱི་ཚིག་མི་མངོན་པ་སྟེ། དེ་ཡང་དང་པོའི་སྒྲ་མི་མངོན་པར་བྱས་པའོ། །ལས་ལ་སོགས་པ་ནི་བྱེད་པ་དྲུག་གི་བསྡུ་བ་དང་འདྲའོ། །བོད་པ་མ་གཏོགས་པ་ནི་གང་གི་ཕྱིར་བོད་པའི་སྒྲ་ལ་གཞན་དུ་སྦྱར་དུ་མི་རུང། ཁ་དོག ་ནག་པོ་བཞིན་ནོ། །དེའི་ཕྱིར་བོད་པའི་སྒྲ་ལ་ཚིག་བསྡུ་བ་མེད་དོ། །དགག་པ་དང་ནི་བརྒྱད་དུ་འགྱུར། །དགག་པ་ཉིད་འཆད་པར་འདོད་ནས། །མཚན་ཉིད་དབང་གི་ཕྱེ་བ་ཡིན། །མ་ཡིན་དགག་པ་བཅུ་བཞི་དང། །མཚན་ཉིད་ཕྱེ་བ་མེད་མོད་ཀྱི།། ་ཡུལ་དང་དུས་ཀྱི་ཕྱེ་བ་ཡིས། །མེད་པར་དགག་པ་བཅུ་གཅིག་དག་།གང་ལྡན་དགག་པར་འདོད་པའོ། །ཞེས་སྨོས་ཏེ། དེ་ཡང་བསྡུ་ན་གཉིས་ཏེ། མ་ཡིན་པར་དགག་པ་དང། མེད་པར་དགག་པའོ། །དེ་ལ་མ་ཡིན་པར་དགག་པ ་ནི་མཚན་ཉིད་ཀྱི་མཐུན་པ་བཅུ་བཞིའོ། །མེད་པར་དགག་པ་ལ་ནི་མཚན་ཉིད་མི་མཐུན་པ་མེད་མོད་ཀྱི་ཡུལ་དང་དུས་ཀྱི་ཕྱེ་བ་བཅུ་གཅིག་གོ་།དགག་པ་དེ་དག་དང་ལྡན་པའི་ཚིག་ལ་དགག་པའི་སྒྲ་སྡུད་པ་ནི་མེད་པ་དང་མ་ཡིན ་ཞེས་བྱ་བ་ལྟ་བུ་ལ་ཕྱི་ནས་མ་ལྟ་བུ་སྦྱར་བ་ནི་དགག་པའི་བསྡུ་བ་ཞེས་བྱའོ། །དེ་ལ་མ་ཡིན་པར་དགག་པའི་མཚན་ཉིད་མི་མཐུན་པ་བཅུ་བཞི་གང་ཞེ་ན། གཞན་མི་མཐུན་པ་གཉེན་པོ་དང། ཆུང་དང་ཕྲ་དང་ཉུང་བ་དང། །ཡུན ་ཐུང་ལྷག་མ་མེད་པ་དང། །མཛའ་དག་མིན་དང་བྲལ་བ་དང། །དམན་དང་ཞན་དང་ཞུམ་པ་དང། །འདྲ་བ་དག་ལས་དགག་པ་ནི། །མ་ཡིན་དགག་པར་འདོད་པའོ། །ཞེས་བྱ་བ་ཡིན་ནོ། །དེ་ལས་གཞན་པ་ནི་རྒྱལ་པོ་ལ་བྲམ་ཟེ་མ་ཡིན་པ་ལྟ ་བུའོ། །མི་མཐུན་པ་ནི་རིག་པ་མི་མཐུན་པ་ལ་མ་རིག་པ་ཞེས་པ་ལྟ་བུའོ། །གཉེན་པོ་ནི་ཆགས་པའི་གཉེན་པོ་ལ་མ་ཆགས་པ་ཞེས་པ་ལྟ་བུའོ། །ཆུང་བ་ནི་གཟུགས་ཆུང་པ་ལ་གཟུགས་མེད་ཅེས་པ་ལྟ་བུའོ། །ཕྲ་བ་ནི་འདུ་ཤེས་ཕྲ་བ ་འདུ་ཤེས་མེད་པ་ཞེས་པ་ལྟ་བུའོ། །ཉུང་བ་ནི་རྫས་སུ་ཉུང་བ་ལ་རྫས་མེད་ཅེས་པ་ལྟ་བུའོ། །ཡུན་ཐུང་བ་ནི་ཚེ་ཐུང་བ་ཅེས་པ་ལྟ་བུའོ། །ལྷག་མ་མེད་པ་ནི་དེ་ཕན་ཆད་གྲངས་གཞན་མེད་པ་ལ་གྲངས་གཞན་མེད་པ་ཞེས་པ་ལྟ་བུའོ ་མཛའ་དག་མིན་པ་ནི་རྒྱུ་མཛའ་དག་ལ་ནི་འབྲས་བུ་དག་ལ་ངེས་པ་མ་ཡིན་ནོ་ཞེས་པ་ལྟ་བུའོ། །བྲལ་བ་ནི་དྲི་མ་དང་བྲལ་བ་དང་མྱ་ངན་ལས་འདས་པ་ལྟ་བུའོ། །དམན་པ་ནི་བུ་དང་ངན་པ་ལ་བུད་མེད་ཅེས་པ་ལྟ་བུའོ། །ཞན་པ་ནི ་འགྲོས་ཞན་པ་ལ་འགྲོས་མེད་ཅེས་བྱ་བ་ལྟ་བུའོ། །ཞུམ་པ་ནི་སྟོབས་ཞུམ་པ་ལ་སྟོབས་མེད་ཅེས་བ་ལྟ་བུའོ། །འདྲ་བ་ལ་དགག་པ་ནི་རྣམ་པར་རིག་བྱེད་དང་འདྲ་བ་མ་ཡིན་པའི་གཟུགས་ལ་རིག་བྱེད་མ་ཡིན་པའི་གཟུགས ་ཞེས་པ་ལྟ་བུའོ། །འདི་དག་ནི་གཞན་དགག་པའི་སྒོ་ནས་རང་གི་ངོ་བོ་སྟོན་པས་མ་ཡིན་པར་དགག་པ་ཞེས་བྱའོ། །ད་ནི་མེད་པར་དགག་པ་བཅུ་གཅིག་འཆད་དེ། །དེའི་ཕྱིར་རྒྱུན་འདྲ་བ་དང་རང་བཞིན་དང། །སྐབས་དང་རྟེན་གྱི་དབྱེ་བ ་ཡིས། །སྔ་དང་ཞིག་ནས་མེད་པ་དང། །དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྔ་ནས་མེད་པ་བཞི་ལ་རྒྱུན་དང་འདྲ་བ་སྔ་ནས་མེད་པ་སེམས་ཅན་སྐྱེས་པ་ལྟ་བུ་དང། རང་བཞིན་སྔ་ནས་མེད་པས ་བོན་ལ་མྱུ་གུ་མེད་པ་ལྟ་བུ་དང། གནས་སྐབས་སྔ་ནས་མེད་པ་གསེར་ལ་སྣ་རྒྱན་མེད་པ་ལྟ་བུ་དང། རྟེན་ལ་སྔ་ནས་མེད་པ་ས་ཕྱོགས་ན་བུམ་པ་མེད་པ་ལྟ་བུ་སྟེ། སྔ་ནས་མེད་པ་རྣམ་པ་བཞིའོ་དེ་བཞིན་དུ་ཞིག་ནས་མེད་པའང ་བཞི་ཡིན་ཏེ། རྒྱུན་འདྲ་བ་ཞིག་ནས་མེད་པ་སེམས་ཅན་ཤི་ནས་མེད་པ་ལྟ་བུ་དང། རང་བཞིན་ཞིག་ནས་མེད་པ་མྱུ་གུ་ལ་ས་བོན་གྱི་རང་བཞིན་ཞིག་ནས་མེད་པ་ལྟ་བུ་དང། གནས་སྐབས་ཞིག་ནས་མེད་པ་རྣ་རྒྱན་ལ་གསེར་མེད་པ་ལྟ་བུ་དང། ་རྟེན་ལ་ཞིག་ནས་མེད་པ་བུམ་པ་ཡུལ་གཞན་དུ་འཕོས་ནས་མེད་པ་ལྟ་བུ། ཞིག་ནས་མེད་པ་རྣམ་པ་བཞིའོ། །དེ་ལྟར་སྔ་ནས་མེད་པ་དང། ཞིག་ནས་མེད་པའི་དབྱེ་བས་རྣམ་པ་བརྒྱད་དེ། ཕན་ཚུན་གཅིག་ལ་གཅིག་མེད་པ་དང། ་ཤིན་ཏུ་མེད་པའི་དབྱེ་བ་ནི། །ཕན་ཚུན་དག་ལ་རང་བཞིན་དང། །རྒྱུ་དང་རང་བཞིན་གཉིས་དབྱེ་བའི། །ཤིན་ཏུ་མེད་དང་བཅུ་གཅིག་ནི། །མེད་པར་དགག་པར་འདོད་པའོ། །ཞེས་བྱ་བ་ཡིན་ཏེ། ཕན་ཚུན་གཅིག་ལ་གཅིག་མེད་པ་ནི་རྟ་ལ་པ་ལང་གི ་རང་བཞིན་མེད་པ་ལྟ་བུའོ། །ཤིན་ཏུ་མེད་པ་ཡང་རྒྱུ་ཤིན་ཏུ་མེད་པ་ནམ་མཁའ་ལ་མེ་ཏོག་གི་རྒྱུ་མེད་པ་ལྟ་བུའོ། །རང་བཞིན་ཤིན་ཏུ་མེད་པ་ནི་ནམ་མཁའ་ལ་མེ་ཏོག་གི་རང་བཞིན་ནི་མེད་པ་ལྟ་བུ་སྟེ་དེ་ལྟར་བཅུ་གཅིག་གོ་དེ་དག་ཀྱང་མེད ་པ་ཙམ་སྟོན་པའི་ཆེ་ན་ཡིན་ཏེ། །དངོས་པོ་སྟོན་པའི་ཚེ་ན་ནི་མ་ཡིན་པར་དགག་པ་ཡིན་ནོ། །དགག་པའི་ངེས་ཚིག་ནི། ཀུན་ཏུ་ལྡོག་ཕྱིར་དགག་པ་ཡིན་ཞེས་བྱ་བ་སྨོས་པ་ཡིན་ཏེ། །གང་དང་ལྷན་ཅིག་འབྲེལ་བའི་ཚིག་གི་དོན་འགགས་ཤིང ་ལྡོག་པར་བྱེད་པའོ། །དེ་ནི་ལས་འཛིན་པ་འཆད་དེ་དེའི་ཕྱིར། །དེ་ཉིད་གཞན་དུ་མི་བརྗོད་དང། །འདྲ་བ་གཞན་དང་བྱེ་བྲག་གི། །ཚིག་སྦྱོར་བྱེད་པ་ལས་འཛིན་ནོ། །ཞེས་སྨོས་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚིག་གི་སྦྱོར་བ་ནི་ཨུཏཔ་ལ་ཡང་ཡིན་ལ། ་སྔོན་པོ་ཡང་ཡིན་པས་ཨུཏཔལ་སྔོན་པོའོ། །འདྲ་བའི་ཚིག་གི་སྦྱོར་བ་ནི་སྐྱེས་བུ་ཡང་ཡིན་ལ་སེང་གེ་དང་འདྲ་པ་ཡང་ཡིན་པས་སྐྱེས་བུ་སེང་གེའོ། །བྱེ་བྲག་གི་ཚིག་སྦྱོར་བ་ནི་ཚ་བ་ཡང་ཡིན་ལ། རྩུབ་པ་ཡང་ཡིན་པས་ཚ་རྩུབ་པོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ལས ་འཛིན་པ་དེ་རྣམས་ནི་གཞི་གཅིག་གི་ཆོས་སྦྱོར་བར་མཚུངས་པ་ཡིན་ཏེ། ལས་གཞིས་འཛིན་པ་ལས་གཞིས་འཛིན་པ་འམ། གཞིའི་ལས་བྱེད་པ་ལས་འཛིན་པའོ། །ད་ནི་གཉིས་པ་འཆད་དོ། །དེའི་ཕྱིར་གྲངས་དང་བསྡུས་དོན་སྦྱོར་བ་ཡིས། །གཅིག ་དང་ཐ་དད་སྦྱོར་བྱེད་པ། །བ་གཉིས་པར་ནི་འདོད་པའོ། །ཞེས་སྨོས་ཏེ། གྲངས་ཚིག་དང་བསྡུས་པའི་ཚིག་སྦྱོར་བ་ལ་གཅིག་གི་ཚིག་གིས་གཅིག་ཏུ་སྟོན་པ་དང། མང་པོའི་ཚིག་གིས་ཐ་དད་སྟོན་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་ལྔ་ཞེས་བྱ་བའི་གྲངས་དང། ་ཕུང་པོ་ཞེས་བྱ་བའི་བསྡུས་པའི་ཚིག་སྦྱར་ནས་ཕུང་པོ། །ལྔ་ཞེས་བྱ་བ་ལྡན་པའི་ཚིག་འདོན་པའི་རྐྱེན་དང་ལྡན་པ་ནི་གཉིས་པར་འགྱུར་ཏེ། ཕུང་པོ་ཡང་ཡོད་ལ་ལྔ་ལ་ཡང་ཡོད་པའི་ཕུང་པོ་ལྔ་པ་ལྟ་བུའོ། །གཅིག་ཏུ་སྦྱོར་བས་དང་ཐ་དད་པར ་སྦྱོར་བ་ནི་སྐབས་ཀྱིས་བརྩི་བར་བྱ་སྟེ། འདི་ལྟར་དྲུག་གྲོང་ཡིན་པ་ནི་གྲོང་དྲུག་སྟེ་གཅིག་གི་ཚིག་གོ། གྲོང་རྣམས་དྲུག་ཡིན་པ་ནི་གྲོངས་རྣམས་དྲུག་སྟེ་མང་པོའི་ཚིག་གོ་།བ་གཉིས་པ་ཞེས་བྱ་བ་ནི་བསྡུས་པ་སོང་བ་ཡོད་པ་དང། གྲངས་ཡོད་པའི་བ ་དང་གཉིས་ཏེ། དེ་སྟོན་པ་ནི་གཉིས་པའོ། །ད་ནི་ཟླས་དབྱེ་བ་འཆད་དེ། དེའི་ཕྱིར་བསྡུ་བའི་ཕྱིར་དང་དབྱེ་ཕྱིར་དང། ཉེ་བར་ཐ་དད་སྦྱོར་བའི་ཕྱིར། །འདས་མ་ཐག་དང་གཞན་དག་དང། །ལན་གྲངས་གཞན་ལ་སྦྱོར་བྱེད་པ། །ཟླས་དབྱེ་བ་ཞེས་འདོད་པ་ཡིན། ་ཞེས་སྨོས་ཏེ། ཟླས་དབྱེ་བ་བསྡུ་བའི་ཕྱིར་སྦྱོར་ཡང་རུང། །དབྱེ་བའི་ཕྱིར་སྦྱོར་ཡང་རུང་སྟེ། །ཉེ་བར་ནི་དེ་གཉིས་ག་ཡང་ཐ་དད་པར་གོ་བར་བྱེད་པ་ཡིན་ནོ། །དེ་ལ་བསྡུ་བའི་སྦྱོར་བ་ནི་ས་དང་ཆུ་དང་མེ་དང་རླུང་ནི་འབྱུང་བ་ཞེས་པ་ལྟ་བུའོ། །དབྱེ་བའི ་སྦྱོར་བའི་ནི་ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལྟ་བུའོ། །སྡུད་པ་དག་ལ་ཡང་འདས་མ་ཐག་པ་སྡུད་པ་ནི། །ངང་ངམ་ཡང་གི་སྒྲ་དག་འདས་མ་ཐག་པའི་སྒྲ་སྡུད་པའོ། །གཞན་སྡུད་པ་ནི་ཚིག་ཏུ་མ་སྨོས་པའི ་དོན་དག་སྡུད་པའོ། །ལན་གྲངས་གཞན་ལ་སྦྱོར་བ་ནི་ལན་གྲངས་གཞན་ལ་སྨོས་པའི་ཚིག་སྡུད་པའོ། །ཟླས་དབྱེ་བ་ཞེས་བྱ་བ་ནི་ཟླས་དབྱེ་འམ་ཟླས་དབྱེ་བ་སྟེ། གཉིས་པར་སྟོན་པ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱོགས་ཙམ་སྟོན་པ་འཆེ ་དེ། །དེའི་ཕྱིར། རང་གི་རིགས་ཙམ་སྡུད་བྱེད་ཅིང། །ཕྱོགས་གཞན་ཀུན་ཏུ་སྤོང་བ་དང། །རིགས་ཀྱི་ཚད་ཀྱང་མི་འཛིན་པ། །ཕྱོགས་ཙམ་སྟོད་པའི་སྦྱོར་བའོ། །ཞེས་སྨོས་ཏེ། འདི་ཙམ་དང། རེ་རེ་ལྟ་བུའི་ཚིག་སྡུད་པ་ཡིན་ཏེ། སམ ་ཙམ་ཞེས་བྱ་བ་ལྟ་བུ་སེམས་ཀྱི་རིག་ཐམས་ཅད་སྟོན་པ་དང། སེམས་མ་ཡིན་པ་གཞན་སྤོང་པར་བྱེད་ཅིང། སེམས་རང་གི་ཚད་འདི་ཙམ་ཞེས་འཛིན་པར་མི་བྱེད་པ་དེ་ལ་ནི་ཕྱོགས་ཙམ་སྟོན་པ་ཞེས་བྱའོ། །དེ་བཞིན་དུ་རྩ་རེ་རེ ་ཞིང་རེ་རེ་ཞེས་བྱ་བ་ལ་སོགས་པ་ཡང་སྦྱར་རོ། །དེ་ལྟར་ཚིག་སྡུད་པའི་སྒྱོར?་བ་བསྣན་ནས། ད་ནི་ཚིག་གི་ཕྲད་འཆད་དེ། དེ་ཡང་གཉིས་ཏེ། ཕྲད་དང་ཕྲད་འདུས་པའོ། །དེ་ལ་ཕྲད་བསྟན་པའི་ཕྱིར། །གང་ཞིག་རང་གི་དོན་མེད་ཅིང།། ་དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིས། །ཞེས་བྱ་བའི་དོན་ཏེ། །ཚིག་གང་ཞིག་རང་ལ་བསྟན་པར་བྱ་བའི་དོན་མེད་ཅེས་གཞན་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་ནི ་ཚིག་གི་ཕྲད་ཅེས་བྱ་སྟེ། དཔེར་ན་ལྕགས་གཉིས་སྦྱོར་བར་བྱེད་པའི་ཚ་ལ་ལྟ་བུའོ། །དོན་གྱི་མིང་ནི་ཚིག་གང་ལ་སྟོན་པར་བྱེད་པར་བྱེད་པའི་དོན་ཡོད་པའོ། །ཕྲད?་དང་བཅས་པ་ནི་ཕྲད་ལྡན་ཞིང་ཕྲད་ཡོད་པའོ། །དེ་ལྟར་སྤྱིར ་བསྟན་ནས། །རང་རང་གི་འཇུག་པ་བསྟན་པའི་ཕྱིར་དེ་ལ་ཕྲད་ཀྱི་འཇུག་པ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་གི་ཕྲད་རྣམས་ལས་གང་ཞེས་བྱ་བའི་འཇུག་པ་བསྟན་པ་ནི། །གང་ན་འདྲི་བའི་ཚིག་གི་དོན། །སྤྱི་ལ་ཁྱད་པར་སྦྱོར་བ་སྟེ། །ཟླ ་སྡུད་པ་ལ་ཀུན་ཏུ་སྤང། ཞེས་སྨོས་ཏེ། གང་ཞེས་བྱ་བ་ནི་འདྲི་བའི་ཚིག་ལས་ཁྱབ་པའི་སྤྱིའི་དོན་དུ་སྙེག་པ་སྟེ། བསྡུ་བའི་ཚིག་མ་གཏོགས་པའི་གཞན་ཐམས་ཅད་ལ་འཇུག་ཅིང་འདྲི་བར་བྱེད་པའི་ཚིག་ཏུ་སྦྱོར་རོ། །དེ་དང་ཆ་མཐུན་པ་ནི། ་ཅི་ལ་སོགས་པའང་དེ་བཞིན་ཏེ། །ཁྱབ་པ་སྐབས་ཀྱི་བརྩི་བར་བྱ། ཞེས་བྱ་བ་ཡིན་ཏེ། ཇི་སྙེད་སུ་དག་ལ་སོགས་པ་གང་དང་མཐུན་ཏེ། འདྲི་ཞིང་སྤྱི་ལ་ཁྱབ་པར་འགྱུར་རོ། །ཁྱབ་པ་སྐབས་ཀྱི་བརྩི་བ་ནི་གང་དག་ཅེས་བྱ་བ་དང། སུ་དག་ཅེས ་བྱ་བ་ལྟ་བུ་སྐབས་སུ་འཇུག་པའི་ཡུལ་མི་མཐུན་པར་འགྱུར་བ་ལྟ་བུའོ། །དེ་ཞེས་བྱ་བའི་འཇུག་པ་བསྟན་པ། དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དངོས་དང་དུས་འཇུག་གསུམ། །འདས་དང་རྣམ་གྲངས་གཞན་ཅན་དང། །ལྷག་མ ་དག་དང་བཅས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བའི་སྒྲ་ཚིག་ཐ་སྙད་ལ་འཇུག་པ་དང། དངོས་པོ་ལ་འཇུག་པ་དང། དུས་ལ་འཇུག་པ་གསུམ་ལས་ཐ་སྙད་ལ་འཇུག་པ་འབའ་ཞིག་ལ་ཡང་གསུམ་ཏེ། འདས་པ་ལ ་འཇུག་པ་དང། རྣམ་གྲངས་གཞན་ཡོད་པར་སྦྱོར་བ་དང་ལྷག་མ་དང་བཅས་པར་སྟོན་པའོ། །དངོས་པོ་ལ་འཇུག་པ་ནི། བདེན་པ་དག་དང་གསལ་བྱེད་དང། །བདག་གི་བ་དང་ཕ་རོལ་པོ། །དངོས་པོ་དག་ལ་འཇུག་པ་བཞི། །ཞེས་སྨོས་པ་ཡིན ་ཏེ། བདེན་པ་ལ་འཇུག་པ་དང། གསལ་བ་ལ་འཇུག་པ་དང། བདག་གི་བ་ལ་འཇུག་པ་དང། །ཕ་རོལ་པོ་ལ་འཇུག་པའོ། །དུས་ལ་ནི། འདས་པ་དང་ནི་མ་འོངས་པའི། །དུས་གཉིས་ལ་འཇུག་པ་གཉིས། །ཞེས་སྨོས་པ་ཡིན་ཏེ། འདས་པ་ལ ་འཇུག་པ་དང། མ་འོངས་པ་ལ་འཇུག་པ་གཉིས་སོ། །མི་འཇུག་པ་ནི་གཉིས་ཏེ། །བདག་ཉིད་དང་ད་ལྟར་ཉིད་ལ་སྤང། ཞེས་བྱ་བ་སྨོས་ཏེ། དངོས་པོའི་སྐབས་སུ་བདག་ཉིད་ལ་མི་འཇུག། དུས་ཀྱི་སྐབས་སུ་ད་ལྟར་ལ་མི ་འཇུག་གོ། དེ་ལྟར་གྱི་དངོས་པོ་ལ་མི་འཇུག་གམ་ཞེ་ན། དངོས་པོའི་དུས་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། ཅེས་སྨོས་ཏེ། དངོས་པོ་འཇུག་པའི་གཞི་ནི་དུས་སུམ་ཆར་མི་འདོར་ཏེ། དུས་ཀུན་ལ་སྦྱོར་བར་བྱའོ། །འཇུག་པར་བྱའོ། ་འདི་ཞེས་བྱ་བར་འཇུག་པ་བསྟན་པའི་ཕྱིར་འདི་ཚིག་འདས་དང་མ་འོངས་དང། སྐྱབས་ཀྱི་དངོས་གཞན་དག་ལ་འཇུག་།གང་ཞིག་ལ་ནི་བལྟོས་བྱས་པའི། །ཉེ་བ་དག་དང་མངོན་སུམ་པའི། །དངོས་པོ་དག་ཀྱང་གཉིས་ཡིན་ན། །ཞེས་བྱ་བ ་སྨོས་ཏེ། འདི་ཞེས་བྱ་བའི་སྒྲ་ནི་འདས་པ་ལ་འཇུག་པ་དང། མ་འོངས་པ་ལ་འཇུག་པ་དང། དངོས་པོ་གཞན་ལ་འཇུག་པ་དང་གསུམ་མོ། །དེ་ལ་ཡང་གཉིས་ཏེ། དངོས་པོ་ཉེ་བ་ལ་འཇུག་པ་དང། མངོན་སུམ་ལ་འཇུག་པའོ། །འདི་གཉིས ་ཀྱང་བལྟོས་པ་ཡིན་ཏེ། གང་ཞིག་ལ་བལྟོས་ན་འདི་ཉེ་བོ་ཞེས་བྱ་བ་དང། གང་ཞིག་ལ་བལྟོས་ན་འདི་མངོན་སུམ་མོ་ཞེས་སྟོན་པའོ། །འདི་ཞེས་བྱ་བའི་སྒྲ་མི་འཇུག་པ་ནི། །སྤང་བར་བྱ་བ་འདི་ལྟ་སྟེ། ལྐོག་ཏུ་གྱུར་དང་རིང་བ་དང། ་གལ་ཏེ་བསྟན་བྱ་དུས་ཉིད་ན། །འདས་དང་མ་འོངས་སྤང་བར་བྱ་ཞེས་པ་ཡིན་ཏེ། དོན་ལྐོག་ཏུ་གྱུར་པ་ལ་མི་འཇུག་པ་དང། དངོས་པོ་རྒྱང་རིང་བ་ལ་མི་འཇུག་པའོ། །གལ་ཏེ་འདི་ཞེས་བྱ་བའི་སྒྲ་དུས་ལ་འཇུག་པ་ན། འདས་པ་དང ་མ་འོངས་པ་ལ་མི་འཇུག་པའོ། །དེ་རྣམས་ཀུན་ལ་བསྒྱུར་བ་ལྡན། །ཞེས་བྱ་བ་ནི་གང་དང་དེ་དང་འདི་རྣམས་ལ་བསྒྱུར་བ་བདུན་དང་ལྡན་ཏེ། འདི་ལྟར་གང་གང་ལ། གང་གིས། གང་གིས་ཕྱིར་རོ། གང་ལས་གང་གིས། གང་ལ། ཞེས ་བ་སྟེ་དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །ད་ནི་སྐབས་སུ་བབ་པའི་ཚིག། དེ་ལྟར་བྱུང་ལ་སྦྱོར་བ་སྟེ། །འདས་པའི་སྐབས་ལ་རྣམ་པར་སྤང། ཞེས་བྱ་བ་ལ། ད་ནི་ཞེས་བྱ་བ་སྒྲ་ནི་དོན་བཤད་པའི་སྐབས་སུ་བབ་པའི་ཚིག་ཡིན་ཏེ། ད་ལྟར་བཤད ་པའི་དུས་ལ་སྦྱོར་གྱི་འདས་པའི་དུས་ལ་ནི་འཇུག་གོ་།ན་ཞེས་བྱ་བའི་འཇུག་པ་བསྟན་པ། །ན་ཞེས་བྱ་བའི་ཚིག་གི་དོན། །དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང། རྒྱུ་མཚན་དོན་གྱི་བསྟན་པ་དང། ལས་དང་ཆེད་དང་རྟེན་གནས་དང། །ཕྱེ་ཚིག་དེ ་གཞན་སོགས་སྟོན་དང། །འོས་པར་དགའ་བ་ཆག་འཛིན་ལས། །ཕྱི་ཚིག་ངེས་པར་བྱེད་པ་དང། །དེ་ལས་བཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་དང། སྨོན་དང་འདྲི་དང་ཐེ་ཚོམ་བཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ། །ཞེས་བྱ ་བ་ཡིན་ཏེ། ན་ཞེས་བྱ་བའི་ཚིག་གི་དོན་ནི་འདི་སྙེད་ཅིག་ལ་འཇུག་པ་ལས་དམིགས་ཀྱི་འབྱེད་པའི་ན་ལ་ཡང་གཉིས་ཏེ། གཞུང་འཛུག་པ་དང། གལ་འཛུགས་པའོ། །དེ་ལ་དམིགས་ཀྱི་འབྱེད་པའི་གཞུང་འཛུགས་པ་ནི་དངོས་པོ་ན་ཞེ་འམ ་མདོར་ན་ཞེས་པ་ལྟ་བུའོ། །གལ་འཇུག་པ་ནི་ཡིན་གྲངས་ན་ཞེ་འམ། འགྱུར་གྲངས་ན་ཞེས་པ་ལྟ་བུའོ། །རྒྱུ་མཚན་ནི་མཚན་མའི་མིག་དང། རྒྱུའི་ཚིག་གི་སྟེ། དེ་ལ་རྒྱུ་མཚན་མཚན་མའི་ཚིག་ནི་ཅིག་ཞིག་ཡོད་པ་འདི་བྱེད་ཅེས་པ་ལྟ ་བུའོ། །རྒྱུ་མཚན་རྒྱུའི་ཚིག་ནི་འདི་ཡོད་ན་འབྱུང་ཞེས་པ་ལྟ་བུའོ། །རྒྱུ་མཚན་དོན་གྱི་བསྟན་པ་ནི་འདི་ལྟར་ཤིང་ཉིད་མེད་ན་ཤིང་ཤ་པ་གང་ཞིག་ཡོད་ཅེས་པ་ལྟ་བུའོ། །ཡོད་པའི་ཚིག་འགེགས་པར་བྱེད་པ་འམ། འདྲི་བའི་ཚིག་གིས ་ལན་ལྡོན་པར་བྱེད་པའོ། །ལ་ནི་ཤིང་གི་རྩེ་མོ་ན་གཅོད་ཅེས་པ་ལྟ་བུའོ། །ཆེད་ནི་ཤིང་གི་ཕྱིར་ཆུ་འདྲེན་ཞེས་པ་ལྟ་བུའོ། །རྟེན་གནས་ནི་ཤིང་གི་རྩེ་མོ་ན་གནས་སོ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་དེ་ལས་གཞན་པ་ལ་སོགས ་པར་སྟོན་པའི་སོགས་ཀྱི་བསྡུ་བ་ན་ཚིག་ཕྱི་མ་དེ་དང་འགལ་བ་དང། དེ་མེད་པར་འོན་པ་བསྡུ་སྟེ། འདི་ལྟར་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་པ། ཡིན་ན་འདི་ན་ནི་མེ་མ་ཡིན་ཡོད་དོ་།ཞེས་པ་ལྟ་བུ་ཚིག་ཕྱི་མ་ལས་གཞན་སྟོན་པ ་དང་འགལ་བར་སྟོན་པ་དང། མེད་པར་སྟོན་པ་ལྟ་བུ་ཡིན་ནོ། །མི་འོས་པའི་ཚིག་གི་ཕྱིས་མ་ངེས་པར་བྱེད་པ་ནི་ལྷ་ཡང་ཕྱག་འཚལ་ན་མི་ལྟ་ཅི་སྨོས་ཞེས་པ་ལྟ་བུ་འམ། རྒྱུ་ཡང་མ་སྐྱེས་ན་རྒྱུ་ཅན་ལྟ་ག་ལ་སྐྱེས་ཞེས་པ་ལྟ་བུའོ ་དེ་ལས་བཟློག་བ་ནི། སྔ་མའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པ་སྟེ། མི་ལྷ་ལ་ཕྱག་འཚལ་ན་ལྷ་ཡང་ཕྱག་འཚལ་ལམ་ཞེས་བྱ་བ་ལྟ་བུའོ། །འགལ་བ་ཡང་མི་འགལ་བར་སྟོན་པ་མི་མཐུན་པའི་རྒྱན་སྟོན་པ་ཡིན་ཏེ། འདི ་ལྟར་དོན་དམ་པར་ནི་དབྱེར་མེད་ན་ཀུན་རྫོབ་ཙམ་དུ་དབྱེར་ཡོད་པ་ལྟ་བུའོ། །སྨོན་པའི་གཞི་ནི། བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་བྱ་ན་ཞེ་ན། ཞེས་སྨོས་པ་ནི་གོ་ཆའི་རྒྱུ་ཞེས་པ་ལྟ་བུའོ། །འདྲེ་བའི་གཞི་ནི་གཟུགས་གཟུགས་སུ་རུང ་བ་ཡིན་ན་འདི་ཅེས་པ་ལགས་སུ་རུང་ཞེས་པ་ལྟ་བུའོ། །ཐེ་ཚོམ་གྱི་གཞི་ནི་ས་བོན་ཡོད་ན་མྱུ་གུ་འབྱུང་བར་འགྱུར་རམ། འོན་ཏེ་མ་ཡིན་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེ་འམ། ་གང་གི་ཚེ་ན་ཞེས་པ་འམ། དེའི་ཚེ་ན་ཞེས་པ་ལྟ་བུ་སྟེ། དུས་ལ་སྦྱོར་བའི་བདུན་པའོ། །ད་ནི་སྟའི་དོན་འཆད་དེ། དེ་ཡང་རྣམ་པ་གསུམ་དུ་བསྟན་པའི་ཕྱིར། །སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་འཆའ་དང། ་གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་བྱ་བ་སྨོས་སོ། །དེ་ལ་མཚམས་སྦྱོར་བ་བཤད་པའི་ཕྱིར། བྱེད་དང་བྱ་བ་འམ་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང། །ཚིག་གཉིས་རིམ་པ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ ་མཚམས་སྦྱོར་ཡིན། །ཞེས་བྱ་བ་སྨོས་ཏེ། མཚམས་སྦྱོར་བ་ཡང་ཁ་ཅིག་ནི་ཚིག་སྔ་མ་བྱེད་པ་བྱེད་པར་སྤྱོད་ལ་ཚིག་ཕྱི་མ་བྱ་བར་སྦྱོར་བ་ལ་དུས་མི་མཐུན་པར་རིམ་ཅན་དུ་འཇུག་པ་ཡོད་དེ། མདའའཕངས་ཏེ་ཕོག་ཅེས་པ་ལྟ་བུའོ།། ་ཁ་ཅིག་ནི་གཉིས་ཀ་བྱ་བར་སྦྱོར་ལ་དུས་རིམ་གྱི་འཇིག་པ་ཡོད་དེ། །ལྷ་མཆོད་དེ་ལས་བྱ་ཞེས་པ་ལྟ་བུའོ། །ཁ་ཅིག་ནི་གཉིས་ཀ་བྱ་བར་སྦྱོར་ལ་དུས་གཅིག་ཏུ་སྦྱོར་བ་ཡོད་དེ། འཛུམ་དམུལ་ཏེ་མདངས་ཕྱུང་ཞེས་པ་ལྟ་བུའོ། །འདི ་དྲུག་ནི་ནས་ཞེས་བྱ་བ་དང། ཅིང་ཞེས་བྱ་བ་ལ་སོགས་པ་དང་ཡང་མཐུན་པར་སྦྱོར་རོ། །དམ་འཆའ་བ་ནི་གང་ཞིག་གི་སྔ་མ་འམ། གསལ་བར་བྱེད་པ་དམ་འཆའ་བ། །ཞེས་བྱ་བ་ཡིན་ཏེ། རྣམ་གྲངས་བཅའ་བ་དང། དེ་བཞིན་དུ་གཏན ་ཚིགས་དང། ངེས་པའི་ཚིག་དང། བསྟན་པ་བཤད་པ་ལ་སོགས་པ་ཡིན་ཏེ། ཚིག་ཕྱི་མས་སྔ་མ་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་རྣམས་སོ། །གཞན་འདྲེན་པ་ནི། ལྷག་མ་ཡོད་ཙམ་སྟོན་གྱུར་ཅིང། དེ་ལ་གཞན་གྱུར ་གཞན་འདྲེན་པའོ། །ཞེས་བྱ་བ་ཡིན་ཏེ། ད་དུང་བསྟན་པར་བྱ་གཞན་ཞིག་ཡོད་པ་ཙམ་དུ་སྟོན་ཅིང། གོང་མ་གཉིས་ཀ་ལས་གཞན་དུ་སྟོན་པ་ནི་གཞན་འདྲེན་པ་ཡིན་ཏེ། འདི་ལྟར་ཤར་གྱི་ཕྱོགས་ནས་དབང་པོ་སྟེ། ལྷོའི་ཕྱོགས་ནས ་འཆི་བདག་གོ་ཞེས་པ་ལྟ་བུའོ། །འདི་རྣམས་ནི་ཚིག་ལྷག་མ་ཡོད་པར་སྟོན་པ་སྟེ། འདི་ཉིད་ནི་ཚིག་མ་ཡིན་ནོ། །དང་གི་འཇུག་པ་བསྟན་པ་ནི། །དང་ནི་འབྱེད་དང་སྡུད་པ་དང། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །དེ་ཉིད་དང་ནི ་གཞན་དག་དང། །ལན་གྲངས་གཞན་ལ་སྦྱོར་བ་ཡིན། །སྡུད་པའི་དང་ཡང་གསུམ་དུ་འདོད། །ཅེས་བྱ་བ་ཡིན་ཏེ། དེ་ལ་འབྱེད་པ་ནི་ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཞན་པ་ལྟ་བུའོ། །སྡུད་པ་ནི་འཁོར་བ་དང་མྱ་ངན་ལས ་འདས་པའི་ཆོས་ཞེས་པ་ལྟ་བུའོ། །རྒྱུ་མཚན་མཉན་པ་བྱས་དང། །ལྷག་མཐོང་འཕེལ་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་དག་སློང་དེ་དག་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་ཞེས་པ་ལྟ་བུའོ། །གདམ་ངག་ནི་དགེ ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་ཞེས་པ་ལྟ་བུའོ། །སྡུད་པའི་དང་འབའ་ཞིག་ལ་ཡང་དབྱེ་བ་གསུམ་སྟེ། འདས་པ་འམ་མ་འོངས་པའང་རུང་སྟེ། །ཉེ་བ་ཉིད་བསྟན་པ་བསྡུ་བ་དང། དངོས་པོ་གཞན་བསྡུ་བ ་དང། ལན་གྲངས་གཞན་ལ་བསྟན་པ་བསྡུ་བའོ། །ནི་ཞེས་བྱ་བའི་འཇུག་པ་ནི་དགར་དང་བསྣན་པའི་ཚིག་དམིགས་སམ་ངེས་པར་འཛིན་པ་སྟེ། ཕྱི་མའི་ཚིག་དང་སྦྱར་བར་བྱ། ཞེས་བྱ་བ་ཡིན་ཏེ། ནི་ཞེས་བྱ་བའི་སྒྲ་ནི་དགར ་བ་དང་བསྣན་པའི་ཚིག་ཏུ་འགྱུར་ཏེ། དེ་ལ་དགར་བ་ལ་ཡང་ཟླ་ལས་དགར་བ་དང། བཀོད་པ་ལས་དགར་བའོ། །དེ་ལ་ཟླ་ལས་དགར་བ་ནི། དགར་བའི་གནས་དམིགས་ཀྱི་མ་སྨོས་ཀྱང་དོན་གྱིས་ཡོད་པར་ཤེས་པར་བྱའོ། །བཀོད ་པ་ལས་དགར་བ་ནི། སྔར་ངོ་བོ་བཀོད་ནས་ཕྱིས་གཏན་ཚིགས་འཇོག་པ་ལྟ་བུའོ། །བསྣན་པ་ལ་ཡང་ངོ་བོ་ཉིད་བསྣན་པ་དང་རྣམ་གྲངས་ཀྱི་དབྱེ་བ་བསྣན་པའོ། །དེ་ལ་ངོ་བོ་ཉིད་བསྣན་པ་ནི་ཉིད་དང་ཁོ་ན་ལྟ་བུར་འགྱུར་པའོ ་རྣམ་གྲངས་གཞན་བསྣན་པ་ནི་ཡང་ན་ཞེས་པ་ལྟ་བུར་འགྱུར་བའོ། །ཕྱི་མའི་ཚིག་དང་སྦྱར་ཞེས་བྱ་བ་ནི་སྤྱིར་འདྲི་བའི་ཚིག་ཡིན་པས་ཚིག་ཕྱི་མ་དང་སྦྱར་ཏེ། གང་གི་ཕྱིར་ཞེས་བྱ་བ་དང། གང་ཞེས་བྱ་བ་དང། འདི་ལྟ་སྟེ་ཞེས་བྱ་བ་དང་སྦྱར ་བར་བྱའོ། །ཀྱང་དང་ཡང་ལ་སོགས་པའི་འཇུག་པ་ནི། ཀྱང་དང་ཡང་ནི་སྡུད་པའི་ཚིག་མི་མཐུན་མཐུན་པར་སྟོན་པ་འང་ཡིན། །འདས་པ་འམ་མ་འོངས་གཞན་དག་ལས། །ཅི་རིགས་དག་ཏུ་བསྡུ་བར་བྱ། །ཡང་ཞེས་བྱ་བ་བསྣན་པ་ཡིན། །ཞེས ་བྱ་བ་ཡིན་ཏེ། སྡུད་པར་སྟོན་པའི་ཚེ་ན་འདས་པ་འམ་མ་འོངས་པ་འམ། དངོས་པོ་གཞན་ཡང་རུང་སྟེ། ཡོན་ཏན་མཚུངས་པར་བསྡུར་ཡོད་པའོ། །འགལ་བའི་ཆོས་མི་འགལ་བར་སྟོན་པའང་ཡིན་ཏེ། མི་མཐུན་པའི་རྒྱན་དུ་འགྱུར་བའོ། །འདས་པར་སྟོན་པ་འམ ་མ་འོངས་པར་བསྟན་པ་འམ། གཞན་སྡུད་པར་བསྟན་པའི་སྐབས་སུ་སྐབས་རིགས་པར་བསྡུ་ཞེས་བྱ་སྟེ། ཅི་རིགས་པ་ཞེས་བྱ་བའི་སྒྲ་ནི་འདས་པའི་སྐབས་སུ་མ་སྨོས་ཀྱང་གཞན་སྡུད་པར་བྱེད་པ་རྣམས་སོ། །བསྣན་པ་ཞེས་བྱ་བ་ནི་ཁ་ཅིག་ཏུ་ཡང ་ཞེས་བྱ་བའི་ཚིག་བསྣན་པར་འགྱུར་ཏེ། རྣམ་གྲངས་གཞན་བསྣན་པར་སྟོན་པའོ། །ད་ནི་ཁོ་ནའི་ཚིག་གི་དོན་བསྟན་པའི་ཕྱིར། །ངེས་པར་བཟུང་བའི་ཚིག་གི་དོན། །གཞན་མི་ལྡན་དང་གཞན་ལ་མིན། །ལྡན་པ་ཙམ་དུ་འཛིན་པ་དང། །མ་ངེས་པའི ་རྣམ་པ་གཉིས། །དེ་བཞིན་མི་སླུ་བ་ཉིད་དང། །ཁོ་ན་དག་ནི་རྣམ་པ་དྲུག་།ཅེས་བྱ་བ་སྨོས་སོ། །དེ་ལ་ཉིད་དང་ཁོ་ན་ལྟ་བུའི་ཚིག་དོན་དྲུག་ལ་འཇུག་སྟེ། གཞན་མི་ལྡན་པར་ངེས་པར་བཟུང་བ་དང་གཞན་ལ་མི་ལྡན་པར་ངེས་པར་གཟུང་བ་དང།། ་ལྡན་པ་ཙམ་པར་བཟུང་བ་དང། གཞན་མི་ལྡན་པར་མ་ངེས་པ་དང། །བདེན་ཞིང་མི་བསླུ་བའི་དོན་དང་དྲུག་གོ། དེ་ལ་གཞན་མི་ལྡན་པ་ནི་དེ་བཞིན་གཤེགས་པ་ནི་ཡོངས་སུ་རྫོགས་པའི་ཡོན་ཏན་ཁོ་ན་དང་ལྡན་ནོ་ཞེས་པ་ལྟ་བུའོ། །འདི་ལ་ཆོས་གཞན་མེད་པར་སྟོན་པའོ། །གཞན ་ལ་མི་ལྡན་པར་ངེས་པར་གཟུང་བ་ནི་དེ་བཞིན་གཤེགས་པ་ཁོ་ན་ལ་ཡོངས་སུ་རྫོགས་པའི་ཡོན་ཏན་མེད་པ་ཞེས་པ་ལྟ་བུ་སྟེ། གཞན་ལ་མེད་པར་སྟོན་པའོ། །གཞན་མི་ལྡན་པར་ངེས་པར་སྲིད་སྒྲུབ་འཕོང་ཁོ་ན་སྐྱེན་ཞེས་པ་ལྟ་བུ་སྟེ། འདི་ལ་ཡོན ་ཏན་གྱི་ཆོས་རྩིས་མཁས་པ་ལ་སོགས་པ་གཞན་ཡང་ཡོད་པས་མ་ངེས་པར་འགྱུར་རོ། །གཞན་ལ་མི་ལྡན་པར་མ་ངེས་པ་ནི་སྲིད?་སྒྲུབ་ཁོ་ན་རྩིས་མཁས་པ་ཞེས་པ་ལྟ་བུ་སྟེ། འདི་ནི་སྲིད་སྒྲུབ་པས་དོན་གྲུབ་རྩིས་མཁས་ཏེ་མ་ངེས་པར ་འགྱུར་རོ། །ལྡན་པ་ཙམ་དུ་འཛིན་པ་ནི་སྲིད་སྒྲུབ་རྩིས་མཁས་པ་ཁོ་ནའོ་ཞེས་པ་ལྟ་བུ་སྟེ། འདི་ནི་ལྡན་པ་ཙམ་དུ་སྒྲུབ་ཀྱི་གཞན་ལ་ཟུར་ཟ་བར་མི་བྱེད་དོ། །བདེན་ཞིང་མི་སླུ་བའི་དོན་ལ་འཇུག་པ་ནི་ཀུན་རྫོབ་དང་དོན་དམ་པའི ་དེ་ཁོ་ན་ཉིད་ཅེས་པ་བྱ་ལྟ་བུའོ། །ཉིད་ཀྱི་འཇུག་པ་བསྟན་པའི་ཕྱིར། ཉིད་ནི་ན་བཞིན་ཅུང་ཟད་དུ། །ཕྱི་ཚིག་ཐ་དད་མིན་པ་དང། །དངོས་པོ་རྐྱེན་དུ་འགྱུར་བའོ། ཞེས་བྱ་བ་ཡིན་ཏེ། ཉིད་ཕལ་དུ་དྲུག་ཁོ་ན་དང་འདྲའོ། །ཅུང་ཟད་མི་འདྲ་བའི་ཚིག་ཕྱི ་མ་རང་ལས་ཐ་མི་དད་པར་སྦྱོར་བ་ཡང་ཡོད་དོ། །ུཏཔལ་ཉིད་སྔོན་པོའི་ཞེས་པ་ལྟ་བུའོ། །ཁ་ཅིག་ཏུ་དངོས་པོའི་རྐྱེན་དུ་འགྱུར་ཏེ། སྲ་བ་ཉིད་ཅེས་པ་ལྟ་བུ་སྲ་བའི་དངོས་པོ་ནི་སྲ་བ་ཉིད་ལྟ་བུར་སྟོན་པའོ། །ཙམ་གྱི་འཇུག་པ་ནི། ཚད་འཛིན ་ལྷག་མ་འགོག་པ་ཡི། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །ཞེས་བྱ་བ་ཡིན་ཏེ། ཆེད་འཛིན་པའི་ཙམ་ནི་རྡུལ་ཕྲ་མོ་ཙམ་ཞེས་བྱ་བ་འམ། རི་རབ་ཙམ་ཞེས་བྱ་བ་ལྟ་བུའོ། །ལྷག་པ་འགོག་པའི་ཙམ་ནི་རྣམ་པར་རིག་པ་ཙམ་ཞེས་པ་ལྟ ་བུའོ། །དེ་དང་ཕྱོགས་མཐུན་པ་བསྟན་པའི་ཕྱིར། །འབའ་ཞིག་ལ་སོགས་དེ་བཞིན་སྦྱར། །ཁྱབ་པ་སྐབས་ཀྱི་རྩི་བར་བྱ་ཅེས་བྱ་བ་སྨོས་ཏེ། འབའ་ཞིག་དང་ཤ་སྟག་ལ་སོགས་པའང་ལྷག་མ་འགོག་པར་སྦྱར་ཏེ། དེ་རྣམས་གང་ཁྱབ་ཆེ་བ ་ནི་སྐབས་ཀྱི་ཤུགས་དང་སྦྱར་རོ། །ད་ནི་དོན་ལྷག་པར་སྟོན་པ་དང་མི་སྟོན་པའི་ཕྲད་བསྟན་པའི་ཕྱིར། །ཡང་དག་ཡོངས་སུ་ཀུན་ཏུ་སོགས། །སྒྲ་བཞིན་དང་ནི་ཕྲད་དུའོ། །ཞེས་བྱ་བ་སྨོས་ཏེ། ཡང་དག་པར་ཞེས་པ། ཡོངས་སུ་ཞེ་འམ། །ཀུན་ཏུ ་ཞེ་འམ། དེ་བཞིན་དུ་རབ་དང། རྣམ་པ་དང། ཉེ་བ་དང། ཤིན་ཏུ་ལྟ་བུ་སྐབས་སུ་སྒྲ་ཇི་བཞིན་དུ་སྟོན་པར་འགྱུར་རོ། །སྐབས་སུ་དོན་ལྷག་པར་སྟོན་པར་བྱེད་པ་མེད་དོ། །ཚིག་གི་ཕྲད་དང། རྒྱན་ཙམ་མོ། །ད་ནི་ཚུལ་གྱི་སྒྲ་ལས་ཚིག་ཕྲད་དུ་འགྱུར་བ ་སྟོན་པར་འདོད་ནས། ཚུལ་ནི་འདྲ་དང་སྨད་པ་དང། །སྒོ་དང་སྔོན་པ་མཚན་ཉིད་དང། །ཐབས་དང་རིག་པ་དོན་དང་འདོད། །ལེགས་པ་དག་ལས་འཇུག་པ་ལས། །འདྲ་བར་སྦྱར་བ་ཕྲད་དུ་འདོད། །ཅེས་བྱ་བ་སྨོས་ཏེ། ཚུལ་ཞེས་བྱ་བའི་སྒྲ་ཇི་སྐད་སྨོས་པའི ་དོན་བཅུ་ལ་འཇུག་པ་ལས་འདྲ་པ་ལ་འཇུག་པ་ནི་དཔེར་སྦྱར་བའོ། །སྨད་པ་ལ་འཇུག་པ་ནི་མི་ངན་པ་ལ་ནའི་ཚུལ་ཞེས་པ་ལྟ་བུའོ། །སྒོ་ལས་འཇུག་པ་ནི་དོན་གྱི་ཚུལ་ཞེས་པ་ལྟ་བུའོ། །སྡོམ་པ་ལ་འཇུག་པ་ནི་ཚུལ་དུ་ཞུགས་པ་ཞེས ་ལྟ་བུའོ། །མཚན་ཉིད་ལ་འཇུག་པ་ནི་ངང་ཚུལ་ངན་པ་ལ་ཚུལ་ཞེས་པ་ལྟ་བུའོ། །ཐབས་ལ་འཇུག་པ་ནི་སྔགས་ཀྱི་སྐབས་ནི་རིགས་ཀྱི་ཚུལ་ཞེས་པ་ལྟ་བུའོ། །རིགས་པ་ལ་འཇུག་པ་ནི་རིགས་པ་དང་ལྡན་པ་ནི་ཚུལ་དང་ལྡན་ཞེས་པ་ལྟ་བུའོ ་དོན་ལ་འཇུག་པ་ནི་དོན་བཟང་པོ་ལ་ཚུལ་བཟང་པོ་ཞེས་བྱ་བ་ལྟ་བུའོ། །འདོད་པ་ལ་འཇུག་པ་ནི་གཞན་གྱི་འདོད་པའི་ལུགས་ནི་གཞན་གྱི་ཚུལ་ཞེས་པ་ལྟ་བུའོ། །ལེགས་པ་ལ་འཇུག་པ་ནི་མ་ནོར་བར་བྱེད་པ་ལ་འཇུག་བཞིན་བྱེད་པ་ཞེ ་པ་ལྟ་བུའོ། །ཚུལ་གྱི་བྱ་བའི་དོན་འདི་རྣམས་ལ་འཇུག་པ་ལས་འདི་སྦྱར་བ་ནི་ཚིག་གི་ཕྲད་དུ་བཟང་ངོ། །བཞིན་ལ་སོགས་པའི་འཇུག་པ་བསྟན་པ། བཞིན་ལ་སོགས་པའི་ཚིག་གི་དོན། །མ་ནོར་བ་དང་ཡིན་པ་དང། །འདྲ་བ་དག་ཏུ ་སྦྱར་བའོ། །ཞེས་བྱ་བ་ཡིན། དེ་བཞིན་དང་དེ་ལྟ་བུ་ཞེས་བྱ་བའི་ཚིག་གི་དོན་མ་མོད་པ་ལ་འཇུག་པ་ནི་དེ་བཞིན་ཉིད་ཅེས་པ་ལྟ་བུའོ། །ཡིན་པ་ལ་འཇུག་པ་ནི་དེ་ལྟ་བུའོ་ཞེས་པ་ལྟ་བུའོ། །འདྲ་བ་ལ་འཇུག་པ་ནི་དེ་དང་འདྲ་བ་ནི་དེ་བཞིན་ནོ།། ་ཞེས་པ་ལྟ་བུའོ། །ཅིང་ལ་སོགས་པའི་འཇུག་པ་བསྟན་པའི་ཕྱིར། ཅིང་ལ་སོགས་པ་བསྡུ་བ་དང། མཚམས་སྦྱོར་དག་ཏུ་བྱེད་པ་ཡིན་ཞེས་སྨོས་པ་ཡིན་ཏེ། ཅིང་ཞེས་བྱ་བ་དང། ཞིང་ཞེས་བྱ་བ་དང་ཤིང་ཞེས་བྱ་བའི་འདི་རྣམས་བསྡུ་བ་ལ་འཇུག་པ་ན། ཡང ་དང་ཀྱང་ལ་སོགས་པ་དང་མཐུན་པར་འཇུག་གོ། མཚམས་སྦྱོར་པར་བྱེད་པ་ནི་སྟེ་དང། །ཏེ་ལ་སོགས་པ་དང་མཐུན་པ་སྟོན་པ་སྟེ། འདོད་ཅིང་ཆགས་པ་ཞེས་པ་ལྟ་བུའོ། །ད་ནི་ལའི་དོན་བསྟན་པའི་ཕྱིར་ལ་ནི་གཉིས་པ ་བཞི་པ་དང། བདུན་པ་སྡུད་དང་སྦྱོར་བ་དང། །སྨོན་དང་ཚང་འཛིན་བཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། ཞེས་སྨོས་པ་ཡིན་ཏེ། །ལའི་དོན་གཉིས་པར་འགྱུར་བ་ནི་ཤིང་ལ་གཅོད་པ་ལྟ་བུའོ། །བཞི་པར་འགྱུར་བ་ནི་ཤིང་ལ་ཆུ་འདྲེན ་ཞེས་པ་ལྟ་བུའོ། །བདུན་པར་འགྱུར་བ་ནི་ཤིང་ལ་བྱ་གནས་སོ་ཞེས་པ་ལྟ་བུའོ། །སྡུད་པར་འགྱུར་བ་ནི་ལག་པ་བསྙལ་ནས་ཟན་བཟའ་ཞེས་པ་ལྟ་བུའོ། །སྦྱོར་བ་ནི་འདི་ན་ནི་ཡོད་ལ་འདི་ན་མེད་དོ་ཞེས་པ་ལྟ་བུའོ། །སྨོན་པ་ནི་བདག ་ནམ་ཞིག་ན་འདི་ལྟ་བུ་ཞིག་ཏུ་རྒྱུར་ལ་གྱུར་ནས་ཀྱང་ཞེས་བ་ལྟ་བུའོ། །ཚང་འཛིན་པ་ནི་དེ་ཙམ་དུ་བྱ་བ་ལ། ཅི་ཙམ་ལ་དེ་ཙམ་ལ་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་དུས་དེ་ལའང་དེར་ཞེས་པ་ལྟ་བུའོ། །དྲུག་པའི་ཕྲད་བསྟན་པ། ཀྱི་ནི་འབྲེལ་པའི་ཚིག ་ཡིན་ཏེ། ལྷས་བྱིན་གྱི་རྟ་ཞེས་པ་ལྟ་བུ་སྟེ། ཕན་ཚུན་གྱི་དོན་འབྲེལ་པར་སྦྱོར་བའི་བརྡའ་སྤྱོད་པར་འདོད་བའོ། །གསུམ་པའི་འཇུག་པ་བསྟན་པ། ཀྱིས་ནི་བྱེད་པར་འདོད་པ་ཡིན། ཞེས་སྨོས་ཏེ། ལྷ་བྱིན་གྱིས་བྱས་ཞེས་བྱ་བ་ལྟ་ ་བུའོ། །དེ་དག་མཐུན་པའི་རྒྱན་ཡོད་པར་བསྟན་པར་བྱ་བའི་ཕྱིར་མི་མཐུན་རྒྱན་ནི་སུམ་ཆར་ལའོ། །ཞེས་བྱ་བ་སྨོས་ཏེ། མི་མཐུན་པའི་རྒྱན་དུ་འགྱུར་བ་ནི་རྒྱུ་མེད་པ་ལ་འབྲས་བུ་འདོད་པ་ལྟ་བུའོ། །ཀྱིས་མི་མཐུན་པའི་རྒྱན་དུ ་འགྱུར་བ་ནི་དེ་ལྟར་ཡིན་མོད་ཀྱི་ཞེས་པ་ལྟ་བུའོ། །གྱིས་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི་འོན་གྱིས་ཀྱང་ཞེས་པ་ལྟ་བུའོ། །ལྔ་པའི་འཇུག་པ་བསྟན་པའི་ཕྱིར། ལས་ནི་རྒྱུན་དང་འབྱུང་ཁུངས་དང། །དགར་བ་ཡིན་ཏེ་ནས ་དེ་བཞིན། ཞེས་བྱ་བ་ཡིན་ཏེ། རྒྱུའི་དོན་ནི་ས་བོན་ལས་མྱུ་གུ་ཞེས་པ་ལྟ་བུའོ། །འབྱུང་ཁུངས་ཀྱི་དོན་ནི་རི་ལས་གསེར་ཞེས་པ་ལྟ་བུའོ། །དགར་བའི་དོན་ནི་ཁྱིམ་པ་ལས་དགེ་བསྙེན་ཞེས་པ་ལྟ་བུའོ། །ནས་ཀྱི་དོན་ནི་ལས་དང་མཐུན་ནོ། །ཅུང ་ཟད་མི་མཐུན་པར་བསྟན་པ་ནི། །སྡུད་པ་དག་དང་མཚམས་སྦྱོར་ནི། །ནས་ལ་ཅུང་ཟད་ལྷག་པ་ཡིན། ཞེས་བྱ་བ་སྨོས་ཏེ། ནས་ཞེས་བྱ་བའི་སྒྲ་ལས་ཅུང་ཟད་ལྷག་པར་སྟོན་པ་ནི་སྡུད་པ་དང་མཚམས་སྦྱོར་བར་སྟོན་པ་སྟེ། མིག་ནས་ལུས ་ཀྱི་པར་ཞེས་པ་འམ། །པ་གདངས་ནས་ཉལ་ཞེས་པ་ལྟ་བུའོ། །མིག་བཟློག་ནས་བལྟས་ཞེས་པ་ལྟ་བུའོ། །བྱེད་པའི་ཚིག་དྲུག་ལས་དྲུག་པ་མ་གཏོགས་པ་ཀུན་གཏན་ཚིགས་སྟོན་པར་ཡང་འགྱུར་ཏེ། དེ་བསྟན་པའི་ཕྱིར། གཏན་ཚིགས་དག ་ཏུ་འགྱུར་བ་ནི། དྲུག་པ་འབའ་ཞིག་མ་གཏོགས་པའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་གསུམ་བ་གཏན་ཚིགས་སུ་འགྱུར་བ་ནི་དེས་ན་ཞེས་པ་ལྟ་བུའོ། །བཞི་པ་འགྱུར་བ་ནི་དེའི་ཞེས་པ་ལྟ་བུའོ། །ལྔ་པ་འགྱུར་བ་ནི་དེ་ཅི་ལས་ཤེས་ཞེས ་པ་ལྟ་བུའོ། །བདུན་པ་འགྱུར་བ་ནི་བཞི་པ་དང་མཐུན་ཏེ། གཉིས་པའི་སྒྲ་ཡང་དེ་བཞིན་ནོ། །དེ་ན་ལ་དང་གིས་དང་ལས་རྣམས་ལ། གཏན་ཚིགས་སུ་འགྱུར་བ་ཡོད་དེ། །དུ་ལ་སོགས་པའི་འཇུག་པ་བསྟན་པའི་ཕྱིར། དུ་བ་ལ་སོགས ་པ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། དེ་བཞིན་ལྷག་བཅས་དག་ལའོ། །ཞེས་སྨོས་ཏེ། དུ་དང་སུ་དང་རུ་དང། ར་རྣམས་ལའི་སྒྲ་དང་མཐུན་ཏེ། འདི་ལ་ཞེས་བྱ་བ་དང། འདི་ན་ཞེས་བྱ་བ་དང། འདིར་ཞེས་བྱ་བ་དང། འདི་རུ་ཞེས་བྱ་བ ་དང། གང་དུ་ཞེས་བྱ་བ་དང། དབུས་སུ་ཞེས་བྱ་བ་ཐམས་ཅད་ལའི་སྒྲ་དང་མཐུན་པ་ཤ་སྟག་གོ། ཉིད་དུ་སྟོན་པ་ནི་ལའི་དོན་ལས་ལྷག་པ་ད། ཐོག་དགུ་འཕར་དུ་ཕུབ། ཤིང་མིག་མངས་རིས་སུ་བཏང། དབྱིབས་གྲུ་བཞིར་བརྩིགས ་ཞེས་པ་ལྟ་བུ་ལའི་དོན་ལས་ལྷག་པར་སྟོན་པ་ཡིན་ནོ། །ཚིག་ལྷག་མ་དང་བཅས་པར་སྟོན་པའི་སྒྲ་ནི་ལ་ལ་ལྷག་པ་ཡིན་ཏེ། ལག་པ་བསྙལ་ལ་ཟན་བྱ་ཞེས་པ་ལྟ་བུའོ། །ཟླ་སྡུད་པ་ནི། འོ་ལ་སོགས་བཟླ་སྡུད ་པའོ་ཞེས་བྱ་བ་ཡིན་ཏེ། རྗེས་སུ་འཇུག་པའི་ཡི་གེ་བཅུ་ལ་ཨོའི་སྒྲ་དང་ལྡན་པ་ནི་ཚིག་གི་ཟླ་སྡུད་པ་ཡིན་ཏེ། འདི་ལྟར་ཡིན་ནོ་ཞེས་པ་འམ། དེ་བཞིན་དུ་ཡོད་དོ། །སྒོམ་མོ། །སྒུ་པོ། །འགྱུར་རོ། །འཚལ་ལོ། །ཤེས་སོ། འབྱུང་ངོ། །འགོག་གོ། དེའོ ་ཞེས་པ་ལྟ་བུ་ཡི་གེ་འདི་བཅུ་ནི་ཟླ་སྡུད་པ་ཡིན་ནོ། ད་ནི་སྐབས་ནས་ཡི་གེ་རེ་རེ་ཙམ་ཚིག་གི་ཕྲད་དུ་འགྱུར་བར་བསྟེན་པ་ལས་འོ་ན་ཁོང་དུ་ཆུད་པའི་ཚིག་ཅེས་ནི་འོ་ན་ཞེས་བྱ་བ་དང། འོན་ཏེ་ཞེས་བྱ་བ་དོན་སྔ་མ་ཁོང་དུ་ཆུད་ལས ་ཚིག་ཕྱི་མའི་སྐབས་སྦྱོར་བའོ། །འམ་ཞེས་བྱ་བ་འབྱེད་སྡུད་ཡིན་ཞེས་བྱ་བ་ནི་འམ་ལ་སོགས་པ་བཅུ་ནི་འབྱེད་པ་དང་ལྡུད་པ་ཡིན་ཏེ། འདི་ལྟར་གཟུགས་སམ་ཚོར་བ་འམ་འདུ་ཤེས་སམ། འདུ་བྱེད་དམ། མིག་གམ ་རྣ་བ་འམ། འབྱུང་ངམ། འགྱུར་རམ། འགྲུབ་བམ། ཡིན་ནམ། འཚལ་ལམ། སྒོམ་མམ་ཞེས་པ་ལྟ་བུའོ། །ངག་དང་རྣམས་ནི་མང་པོའི་ཚིག་ཅེས་བྱ་བ་ནི་ཤིང་དག། ཤིང་རྣམས་ཞེས་པ་ལྟ་བུ་དུ་མའི་ཚིག་ཏུ་སྟོན་པའོ ་སོགས་ནི་མཛའ་དག་ལྡུད་པ་ཡིན་ཞེས་བྱ་བའི་སོགས་ཞེས་བྱ་བའི་ཚིག་ནི་མཛའ་དག་སྡུད་པ་ཡིན་ཏེ། གཟུགས་ལ་སོགས་པ་ཞེས་པ་ལྟ་བུ་དང་པོའི་ཚིག་གི་མཛའ་ཨི་ཚིག་གི་སྨོས་མི་དགོས་པར་སྡུད་པ་ཡིན་ནོ། །པ་འམ་ཅན་ནི ་བདག་པོ་འམ། །ལྡན་པའི་དོན་དུ་སྦྱར་བར་བྱ་ཅེས་བྱ་བ་ནི་གསེར་གྱི་བདག་པོ་འམ། གསེར་དང་ལྡན་པ་ནི་གསེར་ཞེས་པ་འམ། གསེར་ཅན་ཞེས་པ་ལྟ་བུའོ། །དེ་ཉིད་ལས་བའི་སྒྲ་ཅུང་ཟད་མི་འདྲ་བར་བསྟན་པ་ནི། བ་ནི་སྤྱི་རུ ་བཞག་པ་སྟེ། ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་བོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ་ཅེས་སྨོས་པ་ཡིན་ཏེ། བྱ་བ་སྟོན་པའི་མིང་ལ་བའི་སྒྲ་འབྱུང་བ་ནི་ཡུལ་དང་དུས་ཀྱི་སྤྱིར་འགྲོ་བ་སྟེ། འདི་ལྟར་ཟ་བ་ཞེས་བྱ་བ་འམ། ་ལྟ་བ་ཉན་པ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཡུལ་ངེས་པར་མ་བཟུང་བ་ནི་བྱེད་པ་པོ་འམ། བྱ་བ་འམ། བདག་གི་ཚིག་གམ། གཞན་གྱི་ཚིག་ཏུ་མི་སྟོན་པའོ། །དུས་ངེས་པར་མ་བཟུང་བ་ནི་འདས་པ་འམ་མ་འོངས་པ་འམ། ད་ལྟར་གྱི་ཚིག་ཅིག་ཏུ་ ་མ་སྟོན་པའོ། །དཔེར་ན་ཟ་བ་ཞེས་བྱ་བ་ནི་བཟའ་བ་དང། ཟ་བ་པོ་རྣམས་ཀྱི་སྤྱིར་འཇུག་པ་ལྟ་བུའོ། །དེ་གཅིག་ཏུ་ཚད་པར་མི་སྟོན་པའི་ཕྱིར་མ་ནིང་དག་ཏུ་བཞག་པར་བྱ་བ་ཡིན་ནོ། །དེ་ནི་ཕྲད་འདུས་པ་སྟོན་ཏེ་དེའི་ཕྱིར། གལ་ཏེ་ཕྲད་གཉིས ་སུ་འདུས་པའམ། །ཡང་ན་མ་འོངས་འདུས་པ་ན། །སྔ་ཕྱི་ཕན་ཚུན་ཟིལ་ནོན་དང། །རང་གི་ཆ་ལྡན་དག་ཏུ་སྦྱར། ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཚིག་གི་ཕྲད་དུ་འགྱུར་བ་གཉིས་འདུས་སམ། འོན་ཏེ་མང་པོ་འདུས་ནས་ཚིག་གི་སྐབས་གཅིག་གི ་ཕྲད་དུ་བྱུང་ན་དེའི་ཕྱིར་རྣམ་པ་གསུམ་དུ་འགྱུར། ཕྲད་སྔ་མས་ཕྱི་མ་ཟིལ་གྱིས་གནོན་པ་དང། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པ་དང། །གཉི་ཀའི་ཆ་དང་ལྡན་པ་འམ། དེ་ལ་གཉིས་ཀའི་ཆ་དང་ལྡན་པར་བསྟན་པར་འདོད་ནས། གང ་ལ་དམིགས་འཛིན་མི་བྱེད་དང། །དམིགས་འཛིན་ཏེ་ན་ཕྲད་གྱུར་ན། །གཉིས་པར་འགྱུར་བའི་མཐུ་ཡིན་ནོ། །ཞེས་སྨོས་པ་ཡིན་ཏེ། འདི་ལྟར་གལ་ཏེ་ན་ཞེས་བྱ་བའི་ཚིག་གི་དོན་ནི་གཉིས་པར་འགྱུར་ཏེ། དེ་ལ་གལ་ཏེ་ཞེས་བྱ་བའི་ཁྱབ་པ ་ཅི་འགྲོ་བ་སྟེ། དམིགས་འཛིན་པར་མི་བྱེད་དོ། །ཏེ་ན་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱེད་པ་སྟེ། དེ་ཡང་གང་ལ་ཅི་ཞིག་ན་ཞེས་བྱ་བ་ཡིན་པ་ལས་ག་དང་ལར་སྦྱར་ཏེ། གལ་ཞེས་བསྡུས་ནས་ཅི་ཞིག་ཅེས་བྱ་བའི་སྒྲ་ཕྱི་ནས་ཏེ་ན་ཞེས་བྱ་བ་ ་སྒྱུར་ཏེ། གལ་ཏེ་ན་ཞེས་བྱ་བར་བྱ་བརྗོད་ན་དོན་སྔ་མ་ལས་ཕྱི་མ་གཞན་ཡོད་པར་སྟོན་པ་ཡིན་ནོ། །ཕན་ཚུན་ཟིལ་གྱིས་གོན་ནོ་བ་དང་བསྒྱུར་བ་ནི་འདི་བཞིན་དུ་གཞན་ལ་ཡང་སྦྱར་རོ། །དེ་དང་ཆ་མཐུན ་པར་འོན་ཏེ་ན་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། ཕྱོགས་གཅིག་འདྲི་བར་བྱེད་པ་ནི། འོ་ན་ཞེས་པའི་ནུས་པའོ། །ཞེས་བྱ་བ་ལ་སོགས་སྨོས་ཏེ། འོ་ན་ཞེས་བྱ་བའི་སྒྲ་ནི་དོན་གྱི་ཕྱོགས ་གཅིག་ཁོང་དུ་ཆུད་པ་ལས་ཕྱོགས་གཞན་འདྲི་བར་བྱེད་པའི་ཚིག་གི་ཕྲད་ཡིན་ཏ། འོན་ཏེ་ཞེས་བྱ་བ་དང། འོ་ན་ཞེས་བྱ་བ་ནི་ཡི་གེ་བསྡུས་པ་དང་མ་བསྡུས་པ་ཙམ་དུ་ཟད་དེ། འོ་ན་ཞེས་བྱ་བ་དང། ན་ཞེས་བྱ་བའི་ཕྲད་འདུས ་པའོ། །དེ་ལ་དམིགས་འཛིན་སྔ་མ་བཞིན། །གཞན་འདྲེན་བྱེད་པ་ཏེ་ཡིན་ཏེ། །ན་ཡིག་ཕྱོགས་གཅིག་དག་ཏུ་བྱེད། །ཅེས་བྱ་བ་ནི་འོན་ཏེ་ན་ཞེས་བྱ་བའི་སྒྲ་སྦྱོར་བ་སྟེ། །སྔ་མ་གཞན་ཞེས་བྱ་བ་ནི་འོན་ཏེ་ཞེས་བྱ་བའི་སྒྲ་ཡང་གལ་ཏེ ་དེ་བཞིན་ནོ། །གཞན་འདྲེན་པ་ནི་ཏེ་ཞེས་བྱ་བའི་སྒྲ་ཚིག་ལྷག་མ་དང་བཅས་པ་ལས་གཞན་འདྲེན?་པ་ཡིན་ནོ། །འོ་ན་ཏེ་ན་ཞེས་བྱ་བའི་ནའི་སྒྲ་ནི་ཕྱོགས་གཅིག་ཏུ་བྱེད་པ་དེ་དམིགས་ཀྱི་འབྱེད་པའི་དོན་ཡིན་ནོ། །གང་དུ་གཉིས ་པར་འགྱུར་བར་དམ་བཅས་པ་དེ་རྣམས། དེ་གཉིས་ལྡན་པའི་ཕྲད་རྣམས་ནི། །དམིགས་འཛིན་ལྡན་མི་ལྡན་གཉིས་ཏེ། ཞེས་བྱ་བ་སྨོས་ཏེ། སྤྱི་ལ་འཇུག་པ་དང། ཕྱོགས་གཅིག་ཏུ་བྱེད་པ་དང་ལྡན་པའི་ཚིག་གི་ཕྲད་རྣམས་ནི ་དམིགས་འཛིན་པ་དང་ལྡན་པ་དང་མི་ལྡན་པ་གཉིས་ཏེ། དེ་ལ་ཕྱི་མ་དམིགས་འཛིན་པ་ཡོད་ན་སྔ་མ་སྤྱི་ལ་འཇུག་པ་མི་ལྡན་པ་ཡང་དོན་གྱིས་བསྡུ་བར་བྱ་བ་ལ། སྔ་མ་དམིགས་འཛིན་པ་ཡོད་ན་སྔ་མ་དངོས་སུ་སྡུད་དོ་ཞེས་བསྟན ་པའི་ཕྱིར། སྔ་མ་དོན་གྱིས་བསྡུ་བར་བྱ། །ཡོད་ན་སྔ་མ་དངོས་སུ་བསྡུ། །ཞེས་སྨོས་པ་ཡིན་ནོ། །དེ་དག་གི་མཇུག་བསྡུ་བ་བསྟན་པ་ནི་གལ་ཏེ་ཅི་སྟེ་འོན་ཏེ་དང་དེ་སྟེ་ན་ཞེས་བྱ་བར་སྦྱར་ཞེས་བྱ་བར་སྨོས་ཏེ། གལ་ཏེ་ན་ཞེས་པ་འམ། དེ་སྟེ་ན ་ཞེས་བྱ་བ་རྣམས་ཚིག་སྔ་མ་དམིགས་འཛིན་པར་མི་བྱེད་དམ། སྤྱི་ལ་འཇུག་པ་ལས་ཚིག་ཕྱི་མ་ཕྱོགས་གཅིག་ཏུ་དམིགས་འཛིན་པར་བྱེད་པར་སྦྱར་རོ། །བསྡུ་བ་གཉིས་དང་ལྡན་པར་བསྟན་པའི་ཕྱིར། །འོན་ཀྱང་འོ་ན་ཡང་ཞེས་པ། བསྡུ ་བ་གཉིས་ལྡན་གཉིས་སུ་བསྡུ་བ། ཅེས་བྱ་བ་སྨོས་ཏེ། འོན་ཀྱང་བྱ་བ་འམ། འོ་ན་ཡང་ཞེས་བྱ་བ་ལྟ་བུའི། ཚིག་གཉིས་དང་ལྡན་པ་སྟེ། འོ་ན་ཞེས་བྱ་བའི་སྒྲ་ཡང་བསྡུད་པའི་ཚིག་ཡིན་ལ། ཀྱང་ཞེས་བྱ་བ་དང། ཡང་ཞེས་བྱ་བ་ཡང་སྡུད་པའི ་ཚིག་ཡིན་ཏེ། དེ་ལྟར་བསྡུ་བ་གཉིས་དང་ལྡན་ན་སྔ་མའི་འདོད་པ་དང། འོག་མའི་གཞན་གཉིས་སྡུད་པར་རིག་པར་བྱ། དེ་མཐུན་པ་བསྡུ་བ་དང། མི་མཐུན་པ་བསྡུ་བ་ནི་སྐབས་ཀྱི་མཐུས་རིག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར ་མཐུ་དང་ཐ་དད་སྐབས་ཀྱི་མཐུ་ཞེས་སྨོས་ཏེ་རེས་འགའ་ནི། གང་ལྟར་ཇི་ལྟར་དེ་ལྟར་དང། དེ་བཞིན་དེ་སྐད་ལ་སོགས་པ། ཇི་སྐད་བསྣན་པའི་ཆ་གཉིས་ལྡན། །དེ་ལ་སོགས་པའི་ཕྲད་བསྣན་ཀུན། །ཟིལ་གནོན་གྱུར་ཏམ་ཆ་ལྡན ་ཡང། །དགོས་པ་རེ་རེ་དྲིལ་བྱས་ཏེ། །ཞེས་བྱ་བ་སྨོས་ཏེ། གང་ལྟར་དང་ཇི་ལྟར་ལ་སོགས་པ་དོན་མཐུན་པའི་སྐབས་ཤིག་ཏུ་ཕྲད་གཉིས་བསྣན་ནས་སྨོས་པ་འམ་མང་པོ་བསྣན་ནས་སྨོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་དོན ་གཅིག་ཏུ་དྲིལ་བར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། ཁ་ཅིག་ན་སྔ་མས་ཕྱི་མ་ཟིལ་གྱིས་གནོན་ཏེ། གཅིག་ཏུ་དྲིལ་བར་བྱའོ། །ཁ་གཅིག་ནི་ཕྱི་མས་སྔ་མ་ཟིལ་གྱིས་མནན་ཏེ་དྲིལ་བར་བྱའོ། །ཁ་ཅིག་ནི་གཉིས་ཀའི་ཆ་དང་ལྡན་པ་ཡང ་བསྟན་པར་བྱ་བ་གཅིག་ཏུ་དྲིལ་ཏེ་བསྡུ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་ཚིག་སྦྱོར་བ་བཅུ་པོ་དག་།ཕྲད་ཀྱི་སྦྱོར་བ་ཇི་ལྟ་བ། །དེ་ལྟར་ཕྲད་གཉིས་འདུས་པ་འམ། །མང་པོ་འདུས་པར་གྱུར་ཀྱང་རུང། །དེ་ལྡན་ལྷག་བ་མི་སྟོན་ཕྱིར། །སྐབས ་དང་ཚིགས་ཤུགས་བརྟགས་ནས་ནི། །བློ་ལྡན་རྣམས་ཀྱི་གང་རིགས་སྦྱར། ཞེས་བསྟན་པའི་ཕྱིར་ཏེ། །ཚིག་གི་ཕྲད་འདུས་པ་ཐམས་ཅད་ཀྱང་ཚིག་སྦྱོར་བ་བཅུ་དང། དེ་ཕྲད་དང་ལྡན་པ་ལས། དོན་ལྷག་པར་སྟོན་པ་མེད་པའི་ཕྱིར་རོ ་སྐབས་ཀྱི་ཤུགས་ནི་དགོས་པའི་ཤུགས་སོ། །ཚིག་གི་ཤུགས་ནི་སྒྲ་རྣམས་པར་སྦྱར་བའི་ཤུགས་སོ། །ཤུགས་ཀྱི་ཡུལ་ན་ཆེད་དུ་མ་བསྟད་བ་དང། དངོས་སུ་མ་ཕྲད་པའོ། །རང་རིགས་པ་ནི་དོན་དང་ཚིག་ལ་མི་འགལ་བའོ། །དེ་ནི་ཡི་གེ ་དང་མིང་དང་ཚིག་དག་དོན་གཏན་ལ་འབེབས་པར་བྱེད་པའི་རྩ་བ་ཡིན་པར་བསྟན་པའི་ཕྱིར། འདིར་དཔེ་བསྟན་པ། དཔེར་ན་སྐྱེས་བུ་གང་ཞིག་གིས་གཟུགས་ཀྱི་བྱེ་བྲག་ཤེས་འདོད་ན། །ཕྲ་རྡུལ་ཆོས་ལ་མཚན་ཉིད་དུ། །དེ་ཤེས ་ཆ་རྡུལ་གོང་བུ་དང། །གོང་ཆེན་དག་གི་མཚན་ཉིད་དང། །ལས་རྣམས་འབད་པ་མེད་པར་ཤེས། །དེ་ཤེས་སྐབས་ཀྱི་བྱ་བ་གང། །སྦྱོར་བ་དག་ལ་མི་འཇིག་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་སྐྱེས་བུ་ཞིག་གཟུགས་ཀྱི་བྱེ་བྲག ་ཤེས་པར་འདོད་ན་དང་པོར་རྡུལ་ཕྲ་རབ་ཀྱི་མཚན་ཉིད་ལ་མཁས་པར་བྱའོ། །དེ་ནས་རྡུལ་འདུས་ཏེ། རྡུལ་ཆེན་པོར་འགྱུར་ཏེ། དེ་ཤེས་པར་འགྱུར་རོ། །རྡུལ་ཆེན་པོ་འདུས་པ་ལས་གོང་བུར་འགྱུར་ཏེ། དེ་ཤེས་པར་འགྱུར་རོ། ། ་གོང་བུ་ལས་གོང་ཆེན་དུ་འགྱུར་ཏེ། དེའི་མཚན་ཉིད་དང་ལས་དག་ཀྱང་ཤེས་པར་འགྱུར། །དེ་ལྟར་ལས་དང་མཚན་ཉིད་ལེགས་པར་ཤེས་པའི་སྐྱེས་བུ་དེ་ལ་གང་ཞིག་གཟུགས་ཀྱི་བྱེ་བྲག་འདྲི་བ་ན་འཇིགས་པ་མེད་པ་དེ་བཞིན ་དུ། །སྐྱེས་བུ་སྨྲ་བར་འདོད་པ་ཡིས། །གཞི་མཛའ་ཨི་ཡི་གེ་བྱེ་བྲག་དག་ལེགས་པར་ཁོང་དུ་ཆུད་པ་ན། །དེ་འདུས་མིང་དང་དེ་བཞིན་ཚིག་།ཤལོ་ཀ་དང་ནི་རབ་བྱེད་སོགས། །མིང་ཚིག་ཡི་གེ་མཚུངས་པའི་ཕྱིར། །ཚིག་སྦྱར་འབད་པ་མེད་པར་འགྱུར། །འདི་དག་དེ་བཞིན ་ནོ་ཞེས་སྦྱར་རོ། །འདི་ལྟར་སྐྱེས་བུ་གང་ཞིག་དོན་དང་ལྡན་པའི་ཚིག་སྨྲ་བར་འདོད་པ་དེས་དང་པོར་མིང་གིས་མཛའ་ཨི་ཡི་གེའི་བྱེ་བྲག་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཡི་གེ་དག་འདུས་པས་མིང་གྲུབ་པར་འགྱུར་ཏེ། དེའི་མཚན་ཉིད་ཁོང་དུ་ཆུད ་པར་བྱའོ། །དེ་བཞིན་དུ་མིང་འདུས་པ་ལས་ཚིག་ཡིན་ཏེ། དེའི་བྱེ་བྲག་ཁོང་དུ་ཆུད་ན་གཞན་ཚིག་འདུས་པ་ཤལོ་ཀ་དང། ཤལོ་ཀ་འདུས་པ་ལས་རབ་ཏུ་འབྱེད་པ་དང། །དེ་འདུས་པ་ལས་བསྟན་བཅོས་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚིག་གི ་སྦྱོར་བ་རྣམས་འབད་བ་ཆུང་ངུ་ཤེས་པར་འགྱུར་རོ། །དེའི་ཕྱིར་འདི་ནི་བསླབ་གནས་ཤེས། སྨྲ་ཆོས་རྗེས་སྨྲ་རྣམས་ཀྱི་བཤད། །འབད་པ་ཆུང་ངུ་ཤེས་པ་དེའི་ཕྱིར། འདི་ནི་བསླབ་པའི་གནས་ཡིན་ནོ་ཞེས་སྨྲ་བའི་མཆོག་ཐམས་ཅད་མཁྱེན་པ་དང ་དེའི་རྗེས་སུ་སྨྲ་བའི་སྔོན་གྱི་མཁན་པོ་རྣམས་ཀྱི་བཤད་དོ། །ད་ནི་དགེ་བའི་རྩ་བ་སྔོ་བ་བསྟན་ཏེ། དེ་ཡང་མིང་གི་ཡོན་ཏན་གྱི་སྒོ་ནས་སྔོ་བ་བསྟན་པའི་ཕྱིར། དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ། །བློ་འབྱེད་གཏི་མུག་གཅོད་པས་མཚོན་ཆ་འདྲ། །མི ་འཇིགས་སྙེམས་པ་སྦྱིན་བྱེད་དཔུང་དང་གོ་།དོན་ནོར་སྨྲ་བས་མི་ཉམས་བརྟན་པའི་མཁར། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་རྗེས་སྨྲ་བ། །སྒྲ་ཉིད་དང་ནི་དོན་ལ་ཁྲིད་པ་ཡི། །འགྲོ་ཀུན་མཐུན་གཉིས་རབ་ཏུ་རྒྱས་པར་ཤོག་།ཅེས་བྱ་བ་སྨོས་ཏེ། དོན ་ཇི་ལྟ་བ་བཞིན་དུ་སྟོན་པའི་འཇུག་པར་བྱེད་པའི་སྒོ་ལྟ་བུ་ཡིན་པས་སྨྲ་བའི་སྒོའོ། །གང་ཟག་རྣམས་གྱི་བློ་འབྱེད་གཏི་མུག་གི་དྲ་བ་གཅོད་པས་མཚོན་ཆ་ལྟ་བུ་ཡིན་པས་མཚོན་ཆ་ལྟ་བུའོ། །དོན་དང་ལྡན་པར་སྨྲ་བའི་རྒོལ་བ་རྣམས་ཀྱིས་མི་འཇིགས ་ཤིང་བསྙེམས་པ་ཉིད་པས་དཔུང་དང་གོ་ཆ་ལྟ་བུའོ། །རང་གི་བློ་ལ་སྒྲ་དང་དོན་ནོར་པར་སྨྲ་བའི་ཤེས་རབ་འཆལ་པའི་སྐྱོན་གྱི་མི་ཉམས་པའི་བློ་བརྟན་བརྙེད་པར་བྱེད་པས་བརྟན་པའི་མཁར་ལྟ་བུའོ། །འདི་ལྟ་བུའི་རབ་ཏུ་འབྱེད་པ་འདི ་ཐམས་ཅད་མཁྱེན་པ་དང། སྔོན་གྱི་མཁན་པོ་རྣམས་ཀྱི་རྗེས་སུ་སྨྲས་ཤིང་བཤད་པས་འགྲོ་བ་རྣམས་སྒྲ་དང་སྒྲའི་དོན་ལ་མཁས་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་རྫོགས།། །།རྒྱ་གར་གྱི་མཁན ་པོ་ཡེ་ཤེས་པས། །བླ་མ་ནོར་བཟང་པ་གྲགས་པ་ལས་ཐོས་ཏེ། སློབ་མ་གཞོན་དུ་གྲགས་པའི་དོན་དུ་མིང་གི་སྦྱར་བ་ནི་ཅུང་ཟད་བཞག་།ཕྲད་པའི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་