| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།སྨྲ་སྒོ་མཚོན་ཆ་སྨྲ་ཏེ་ཛྙ་ན་ཀཱིརྟ།། །། *།། །རྒྱ་གར་སྐད་དུ། ཝ་ཙ་ན་མུ་ཁ་ཡུ་དྷོ་པ་མ་ནཱ་མ། བོད་སྐད་དུ། སྨྲ་བའི་སྒོ?་མཚོན་ཆ་ལྟ་བུ་ཞེས་བྱ་བ། སྨྲ་བའི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ ་སྨྲ་མཆོག་གཙོལ་ཕྱག་འཚལ་ནས། །སྨྲ་བའི་ཡན་ལག་རྫོགས་དོན་དུ། །དག་གི་འདུ་བྱེད་གང་དེ་ཡི། །ཚོགས་པ་བདག་གིས་བཤད་པར་བྱ། །ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སེ་དང་མཆུ། །སྤྱི་དང་རེ་རེའི་ཆ་དག་ལས། ཕྲད་དང ་ཅུང་ཟད་ཕྲད་པ་དང། །དོག་པ་དང་ནི་ཡངས་པ་ནས། །དྲང་པོ་བསྒྲེང་དང་བཀུག་པ་དང། །བསྟོད་པ་དང་ནི་སྨད་པ་དང། །བསྒྲིམས་དང་གློང་པའི་ང་རོ་འབྱུང། །དྲང་པོ་བཀུག་དང་སྨད་པ་དང། །བསྒྲིམས་པ་དང་ནི་གློང་པ་ལ། །གྭར་དང་ཙྭར་གྱིས་ཕྱེ་བ་དང།། ་བསྒྲེང་དང་བསྒྲེངས་ཏེ་བཀུག་པ་དང། །བསྟོད་དང་བསྟོད་དེ་སྨད་པ་དང། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ་བཅུ་དྲུག་དག་ཏུ་འདོད། །ང་རོ་དག་གི་གསལ་བྱེད་ནི། །དྲང་པོ་བཀུག་དང་སྨད་པ་ལ། །འདྲེན་པ་རིང་ཐུང་གསུམ་ཡོད་དེ། །དེ་ལ་འང་ཚེ་འབྲིང་རྣམ་པ ་གསུམ། །དེ་དགུ་སྣ་ལྡན་བཅོ་བརྒྱད་དོ། །གསལ་བར་བྱ་བ་འདི་ལྟ་སྟེ། །བསྒྲེང་དང་བསྟོད་ལ་ཐུང་བ་སྟེ། །བསྒྲིམས་དང་གློང་ལ་རིང་པའོ། །བཅུ་གཉིས་ཡིན་ཏེ་བརྒྱ་རྩ་གཉིས། །སྤྱིར་ན་བརྒྱ་དང་བཅུ་རྩ་གཅིག་།རང་གནས་དང་ནི་བཅུ་གཉིས་ཏེ། །ཡི་གེ་གཅིག་གི་རྣམ་པའི ་ཆ། །དག་གི་འདུ་བྱེད་ཚོགས་པའོ། །དུས་གཅིག་ཏུ་ནི་བཅུ་གཅིག་གམ། སྣ་ལྡན་དང་ནི་བཅུ་གཉིས་ཏེ། རང་གི་གནས་དང་བཅུ་གསུམ་མོ། །མཚོན་འདབས་གང་དང་ལས་བྱེད་དང། །བསྟོབས་འགྲོས་ལྷ་སྟངས་བྱེ་བྲག་དག་།རྐང་ལག་མིག་གི་འགྱུར་བག་གིས། །ལུས ་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་ལྟ་དང་གྱེན་དུ་ལྟ། །དེ་བཞིན་བཟློག་སྟེ་ལྟ་བ་དང། །བསྟོད་དེ་ལྟ་དང་སྨད་དེ་ལྟ། །བསྒྲིམས་དང་གློང་དེ་ལྟ་བ་ལྟར། །གང་ལ་སོགས་པའང་དེ་བཞིན་ཏེ། །ལུས་ཀྱི་འདུ་བྱེད་བདུན་པོ་ལྟར། །དག་གི་འདུ་བྱེད་དེ་བཞིན་ནོ། །དེ་དོན་དབྱིབས་ཀྱི ་གནས་ལུགས་ཀྱང། །མདའ་དང་བསེ་རུ་གླང་ཆེན་སྣ། །གདུགས་དང་རྐང་རྟེན་ལྟ་བུ་དང། །མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། །ཐད་ཀར་ཟུར་དང་ཟུར་སོགས་དང། །སྟེང་འོག་རང་གི་ལུས་རྣམས་ལས། །གནས་པའི་བརྡ་འདི་ཤེས་པར་བྱ། །དེས་བསྟན་བརྡ་ཅན་འབྱུང་བ་ནི། །ལྕགས་རྣམས ་ལ་ནི་ཁབ་ལེན་བཞིན། །རྣམ་རྟོག་དབང་གི་གནས་རྣམས་གཡོ། །ཇི་ལྟར་གནས་གཞི་མེད་བཞིན་དུ། །མཁའ་ལ་མདབ་སྐྱོད་རླུང་འབྱུང་ལྟར། །རྣམ་པར་རྟོག་པས་བསྐྱོད་པ་ན། །པཱ་ཡ་ཏ་ཞེས་བྱ་བའི་རླུང། །ལུས་ལ་རབ་ཏུ་གཡོ་བར་འགྱུར། །གཡོ་རླུང་རབ་ཏུ་གཡོས་པ་ཡིས ་བྱེད་པ་ཀུན་ཏུ་བསྐྱོད་པ་ནི། །དོག་དང་ཡངས་པའི་གནས་རྣམས་སུ། །ཕྲད་དང་ཅུང་ཟད་ཕྲད་པར་བྱེད། །དེ་ཚེ་ནི(མདོ་འགྲེལ་གཟུགས་བརྙན་བཞིན་དུ་ཆ་མཉམ་སྐྱེ། །གནས་རྣམས་དང་ནི་བྱེད་པ་དང། །རྣམ་པར་རྟོག་དང་རླུང་གཉིས་དང། །ང་རོ་གསལ་བྱེད་སྣང་ཆ་ཡི། །དག་གི་འདུ་བྱེད་ཀུན་ཏུ་བསྐྱེད། །རྒྱུ་བདུན་དག་ལས་འབྱུང་བ་ནི། །གནས་རྣམས་བཞི་ཡིས་རྒྱུ་ཡིས་ཏེ། བྱེད་པ་འབྱིན་པར་བྱེད་པའི ་རྒྱུ། །དེ་བཞིན་རྣམ་རྟོག་བསྐུལ་བའི་རྒྱུ། །ཇི་ལྟར་ཤིན་ལ་རླུང་བཞིན་དུ། །བྱེད་པ་སྐྱོང་རྒྱུ་བཱ་ཡ་ཏའོ། །སྐྱེས་བུ་དང་ནི་གཞོན་པ་བཞིན། །ལྷན་ཅིག་འབྱུང་བ་ནི(མདོ་འགྲེལ་མཉམ་པའི་རྒྱུ་ཞེས་བྱ། །དེ་ལ་གདངས་ཀྱི་བྱེ་བྲག་ནི། །རྒྱུ་རྣམས་དག་གིས་ཕྱེ་བ་སྟེ། །སྔོན་དུ་སོང་བར་རིག་པར་བྱ། །དེ་ལ་རྒྱུ་དང་རང་བཞིན་ནི། །ང་རོ་དྲང་པོར་ལས་བྱུང་བ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །སྡེ་ལྔ་དག་དང་ཨནྟསྠ། །ུཥྨ་ཎ་དང་མཐར་ཟད་དོ། །གནས་ཀྱི་ཡི་གེ་སུམ་ཅུ་བཞི།། ་མིང་དང་པོ་ཞེས་བྱ་བ་སྟེ། །དེ་ལ་དང་པོའི་སྡེ་པ་དང། །ུཥྨ་ཎ་ཡི་བཞི་པ་ནི། །བཅད་པར་བཅས་པ་མགྲིན་པ་ལས། །གཉིས་པ་དག་དང་ཨནྟསྠའི། །དང་པོ་ཨུཥྨའི་དང་པོ་རྣམས། །རྐན་ལས་རབ་ཏུ་འབྱུང་བ་ཡིན། གསུམ་པ་དག་དང་ཨནྟསྠའི། །གཉིས་པ་ཨུཥྨའི་གཉིས་པ་རྣམས།། ་སྤྱི་བོ་ལས་ནི་རབ་ཏུ་འབྱུང། །བཞི་པ་དང་ནི་ཨནྟསྠའི། །གསུམ་པ་ཨུཥྨའི་གསུམ་པ་རྣམས། །སོ་ཡི་ཆ་ལས་ཀུན་ཏུ་འབྱུང། །ལྔ་པ་དང་ནི་ཨནྟསྠའི། །བཞི་པ་མཆུ་ལས་འབྱུང་བ་ཡིན། །མཐར་ཟད་མགུལ་དང་སྤྱི་བོ་ལས། །སྡེ་ལྔ་དག་ལས་ལྔ་ལྔ་ཡང། །དང་པོར་རང་གནས་དྲག ་པ་སྟེ། །གཉིས་པ་འབྲིང་དང་སྤྱི་བོའི་ཆ། །གསུམ་པ་རྣམས་ནི་ཞན་པ་སྟེ། །མ་ཧཱ་པྲཱ་ཎ་ཞེས་བྱ་བ། །བཞི་པ་རང་གནས་ཁོང་ནས་སོ། ། ནུ་སྭ་ར་ཞེས་བྱ་བ། །ལྔ་པ་རང་གནས་སྣ་ནས་འབྱུང། །མགུལ་བ་སྣ་དང་གློད་པའི་སྦུབས། །དོག་པ་ཡིན་ཏེ་ཡང་པ་གཞན། རྐན་དང་སོ་དང་ལྕེ་དང་མཆུ།། ་ཕྲད་པ་ཡིན་ཏེ་གཞན་ཞེས་བྱ་བ། །གནས་ཆའི་ཡི་གེ་ཇི་སྙེད་ཀྱང། །ང་རོ་གཅིག་གིས་བཅིངས་པ་ལ། །དེ་ལའང་ཡི་གེ་གཅིག་ཅེས་བརྗོད། །ཤིན་ཏུ་ཕྲ་བའི་རྣམ་པའི་ཆ། །དེ་ལའང་ཡི་གེ་གཅིག་ཅེས་བྱ། །སྒྲ་འདི་དག་ལ་འདྲེན་པའི་ཆ། །ལྤ་པྲ་ཎ་གཉིས་གཅིག་ཡིན། །མཧཱ་པྲ་ན ་གཅིག་གཉིས་ཡིན། །མ་ནུསྭ་ར་རྡུབ་པའི་སྒྲ། །བི་སརྫཛ་ནི་བཅད་པའོ། །ཧཱསྭ་ཐ་མལ་སྒྲ་ཡིན་ཏེ། དཱིརྒྷ་ཏ་ནི་གཉིས་ཀྱི་ཡུན། །པཱུ་ཏ་ནི་དེ་བཞིན་གསུམ། །ུ་དཱཏྟ་ནི་མཚུངས་གཉིས་གཅིག་ཨ་ནུ་དཱཏྟ་ཕྱེད་ཆ་ཡིན། །སྭེ་རི་ཏ་ནི་རང་སྒྲའོ། །སྣ་ལྡན་ཨ་ནུ་སྭ་རའི་ཆ། ། ལྡན ་ཨ་མེད་ཅེས་བྱ་བ། །ཆེ་བ་དག་དང་ཆུང་བའི་མིང། །དྲང་པོ་དགྲ་ལ་ཇི་ལྟ་བ། །ང་རོ་གཞན་ལས་དེ་བཞིན་ཏེ། །དེ་ལ་ཅུང་ཟད་གནས་ཆ་ནི། །རྐན་དང་མགུ་ལ་བའི་ཆ་དག་ལས། །བསྒྲེང་དང་བཀུག་པའི་ང་རོ་འབྱུང། །དེ་བཞིན་མཆུ་ལས་བསྟོད་སྨད་དོ། །བསྒྲིམས་པ་སྤྱི་བོའི་ཆ་ལ་སྟེ།། ་གློད་པ་དག་ནི་སོ་ཡིན་ནོ། །འདི་དག་གིས་ནི་བཅིངས་པ་ན། །ཆ་ནི་སྔོན་དུ་བརྗོད་པ་བཞིན། །མི་དེ་མུ་དོ་རི་ལི་ཡི། །སྒྲ་ཡི་ཆ་དང་ཅི་རིགས་སྦྱར། ། ཡི་ཆ་ནི་བདུན་དུ་དཔྱད། ལྷག་མ་རྣམས་པའི་ཆ་ཞེས་བྱ། དེ་དག་རེ་རེའི་ཆ་ཡིན་ཏེ། །གང་ཡང་ཕན་ཚུན་བརྟེན་པ་ནི། །ཀུན་ཏུ་ཁྱབ་ཕྱིར་སྤྱི ་ཡིན། །དེ་དག་ཡི་གེའི་བྱེ་བྲག་སྟེ། །རྣམ་གྲངས་དུ་མ་མེད་པ་དང། །མིང་ཚིག་གསལ་བར་བྱེད་པ་དང། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །རང་བཞིན་ལས་དང་དགོས་ཆེན་གྱི། །ངེས་ཚིག་ཡིན་ཏེ་གོ་རིམས་བཞིན། །ཚོགས་དང་ལུས་དང ་འདུས་པ་ནི་རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །མིང་ནི་རབ་ཏུ་འགྲུབ་པར་འགྱུར། །གང་ཞིག་རྣམ་ཆ་འདུས་པ་ཡིས། །དོན་གྱི་ངོ་བོ་ཉིད་བརྗོད་ན། །རྣམ་ཆ་མང་ངམ་ཉུང་གྱུར་ཀྱང། །དེ་ནི་མིང་ཞེས་རབ་ཏུ་བརྗོད ་དེ་ཡང་མིང་གི་ཐོག་མ་དང། །རྗེས་སུ་གྲུབ་པ་རྣམ་པ་གཉིས། །ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། །རྗེས་གྲུབ་དག་ནི་དོན་ལྡན་དང། །རྣམ་པ་གཉིས་ཀར་འདོད་པ་ཡིན། །དེ་ནི་ངེས་ཚིག་ཡོད་མེད་དོ། །གང་ཞིག་གཞན་ལ་མ་བརྟེན་པར། །བླ་དགས་གང་བྱས་ཐོག་མའོ། །དེ་ལ་བརྟེན ་བ་རྗེས་གྲུབ་པ། །འདོད་རྒྱལ་དོན་ལྡན་གཉིས་སུ་འདོད། །འདོད་རྒྱལ་དག་ཏུ་མཚུངས་མོད་ཀྱི། །མ་བསྟན་ཕྱིར་ན་གྲུབ་པ་སྟེ། །མིང་གཞན་གང་ལ་འང་མ་བརྟེན་པ། །གཞན་གྱི་འགལ་པ་མེད་ཕྱིར་རོ། །འཐད་པ་བསྒྲུབ་པའི་རིགས་པ་དག་།ཆོས་ཉིད་ལ་ནི་བརྟེན་པ་བཞིན།། ་དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །རྗེས་སུ་གྲུབ་པའི་འདོད་རྒྱལ་ནི། །ལོག་པར་སྒྲུབ་ཕྱིར་ངེས་ཚིག་བཞག་།འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། ། ་དེ་བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་ཕྱིར་དེ་བྱེད་ཕྱིར། །དེ་བྱའི་ཕྱིར་དང་དེ་འདྲའི་ཕྱིར། །དེ་དེའི་ཕྱིར་དང་དེ་བྱེད་ཕྱིར། །དེ་ཡི་མིང་ནི་དེ་སྐད་ཅེས། །རྟགས་ཀྱི་སྒོ་འམ་མེད་ཀྱང ་རུང་སྐབས་ཀྱི་མཐུ་ཡིས་ངེས་ཚིག་བརྗོད། །ཡིན་དང་ངོ་བོར་སྒྲུབ་པ་དང། །དངོས་པོའི་རྐྱེན་ནི་དངོས་ཀྱི་མིང། །ལྷག་མ་བརྟགས་པ་ཞེས་པའོ། །རང་གི་ངོ་བོའི་ངེས་ཚིག་དང། །བཏགས་པའི་མིང་གཞན་ཡོད་བྱེད་དང། ། ་རང་གི་ཁྱད་པར་གཞན་སེལ་བས། །ཡིན་དང་ངོ་བོ་སྒྲུབ་པ་དང། །དངོས་པོའི་རྐྱེན་རྣམས་གོ་རིམས་བཞིན། །རྟེན་ལ་བརྟེན་པ་བཏུགས་པ་དང། །བརྒྱུད་པའི་རྒྱུ་ལས་འབྲས་བུ་དང། །དངོས་ཀྱི་རྒྱུ་ལ་དེ་བཞིན་དང། །འབྲས་བུ ་འམ་བྱ་བར་གྱུར་པ་ལ། དེ་ལ་རྒྱུ་ཡི་མིང་བཏགས་པའང། །དཔེ་གཞན་གྱི་ནི་མིང་དག་དང། དོན་འདི་དག་གིས་སྒོ་ནས་ནི། །ཡོད་དང་དེ་ལ་ཕན་པ་དང། །བྱེད་དང་ལས་སུ་བསྒྲུབ་པ་དང། །འདྲ་བར་སྦྱར་དང་རིམ་བཞིན་ནོ། །གལ་ཏེ་མིང་གཉིས་འདུས་པ་འམ། ། ་འོན་ཏེ་མང་པོ་འདུས་ཀྱང་རུང། །དེ་དག་ཁྱད་པར་རྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཕྲད་རྣམས་དག་དང་བཅས་པ་འང་ཡིན། །དེ་ལ་ཚིག་གི་སྦྱོར་བ་བཅུ། །འབྲུ་མང་པོ་དང་ཚིག་སྡུད་དང། །ཁྱད་པར་དག་དང་ཡན་ལག་དང། གཞི་དང ་གཞི་གཅིག་བསྡུ་བ་དང་གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །ཚིག་གཉིས་མང་པོ་རབ་དབྱེ་བ། །རང་མིང་ལྡན་དང་མི་ལྡན་དང། །ཕྱོགས་དང་རྣམ་གྲངས་ཕན་ཚུན་དང། །ཚིག་མང་པོ་སྟེ ་རྣམ་མང་པོ། །མཐུན་དང་ཐ་དད་དབྱེ་བ་ཡི། །ཕྱོགས་ཀུན་དང་ནི་ཕྱོགས་གཅིག་ལས། །རབ་ཏུ་དབྱེ་བ་བཞིར་འདོད་དོ། །བྱེད་པ་དྲུག་གིས་བསྒྱུར་བ་ནི། །ཀུན་ལ་རབ་ཏུ་ལྡན་པ་སྟེ། །བརྒྱ་དང་དྲུག་ཅུ་རྩ་བརྒྱད་ལས། ། ་དུས་གཅིག་ཏུ་ནི་གསུམ་ལྡན་གཟུར། །ཚིག་བསྡུ་བ་ནི་རྣམ་པ་ལྔ། །གཉིས་དང་རྣམ་པ་བྱེ་བྲག་དང། །གཞན་དང་བྱེད་པའི་ཚིག་ཡིན་ནོ། །ལས་ལ་སོགས་པའི་དབྱེ་བ་ཡིན། །གཉིས་པ་ལ་སོགས་བདུན་པའི་མཛའ་། །བྱེད་པ་དྲུག ་ཏུ་འདོད་པ་སྟེ། །ཚིག་སྡུད་ཙམ་དུ་ཤེས་པར་བྱ། །སྔ་མ་ཕྱི་མའི་སྦྱོར་བ་ཡིས། །ཁྱད་པར་བསྡུ་བ་རྣམ་པ་གཉིས། །འབྲེལ་པ་དག་ལས་གོ་རིམ་དང། །དོན་དང་གྲགས་པའི་ཡན་ལག་ནི། །བསྡུ་བ་བཞིའོ། གྲགས་པ་ཡང། ། ་འཇིག་རྟེན་བསྟན་བཅོས་དག་ལ་གཉིས། །རིགས་བསལ་བྱས་དང་མ་བྱས་པའི། །བཞི་བསྡུ་བ་ནི་གཉིས་ཡིན་ནོ། །ཕྱོགས་གཅིག་དག་ཏུ་བྱེད་པ་དང། སོ་སོའི་ཕྱོགས་གཅིག་བྱེད་པ་ཡིས། །གཞི་གཅིག་བསྡུ་བའི་གཉིས་སུའོ།། ་ཁྱད་པར་ཁྱད་པར་ཅན་གཉིས་དང། །ཁྱད་པར་རྣམ་གཉིས་གཞི་གཅིག་ཏུ། །མཐུན་པ་གོ་བར་བྱ་བ་ལ། །སྦྱོར་བའི་གཞི་མཐུན་རྣམ་པ་གཉིས། །ངོ་བོ་འམ་ནི་ཆོས་ཀྱང་རུང། །ཐ་དད་གོ་བར་བྱེད་པ་ཡིས། །དེ་ཡི་སྐྱེས་བུ་གསུམ ་ཡིན་ཏེ། །བྱེད་པའི་ཚིག་དང་ལས་འཛིན་དང། །བ་གཉིས་པ་ཞེས་བྱ་བའོ། །དེ་ལ་བྱེད་པ་བརྒྱད་ཡིན་ཏེ། །དང་པོ་ལ་སོགས་བདུན་པའི་མཛའ་། །རྣམ་དབྱེ་བསྒྱུར་བ་བདུན་པོ་དང། །ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར། །གཞན་དང ་སྦྱོར་མེད་པོར་བ་སྤང། །དགག་པ་དང་ནི་བརྒྱད་དུ་འདོད། །མཚན་ཉིད་དབང་གི་དབྱེ་བ་ཡིས། །མ་ཡིན་དགག་པ་བཅུ་བཞི་དང། །མཚན་ཉིད་དབྱེ་བ་མེད་མོད་ཀྱི། །ཡུལ་དང་དུས་ཀྱིས་ཕྱེ་བ་ཡིས། །མེད་པར་དགག་པ་བཅུ ་གཅིག་དག་།གང་ལྡན་དགག་པར་འདོད་པའོ། །གཞན་དང་མི་མཐུན་གཉེན་པོ་དང། །ཆུང་དང་ཕྲ་དང་ཉུང་བ་དང། །ཡུན་ཐུང་ལྷག་མ་མེད་པ་དང། །མཛའ་དག་མིན་དང་བྲལ་བ་དང། །དམན་དང་ཞན་དང་ཞུམ་པ་དང། །འདྲ་བ ་དག་ལས་དགག་པ་ནི། །མ་ཡིན་དགག་པར་འདོད་པའོ། །རྒྱུན་འདྲ་བ་དང་རང་བཞིན་དང། །སྐབས་དང་རྟེན་གྱི་དབྱེ་བ་ཡིས། །སྔ་དང་ཞིག་ནས་མེད་པ་དང། །དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཕན་ཚུན་དག་ལ་རང ་བཞིན་དང། །རྒྱུ་དང་རང་བཞིན་གཉིས་དབྱེ་བའི། །ཤིན་ཏུ་མེད་དང་བཅུ་གཅིག་ནི། །མེད་པར་དགག་པར་འདོད་པའོ། །ཀུན་ཏུ་ལྡོག་ཕྱིར་དགག་པ་ཡིན། །དེ་ཉིད་གཞན་དུ་མི་བརྗོད་དང། །འདྲ་བ་གཞན་དང ་བྱེ་བྲག་གི་།ཚིག་སྦྱོར་དབྱེ་བ་ལས་འཛིན་ནོ། །གྲངས་དང་བསྡུས་དོན་སྦྱོར་བ་ཡིས། །གཅིག་དང་ཐ་དད་སྦྱོར་བྱེད་པ། །བ་གཉིས་པར་ནི་འདོད་པའོ། །བསྡུ་བའི་ཕྱིར་དང་དབྱེ་བའི་ཕྱིར། །ཉེ་བར་ཐ་དད་སྦྱོར་བའི་ཕྱིར། །འདས་མ ་ཐག་དཔེ་གཞན་དག་དང། །ལན་གྲངས་གཞན་ལ་སྦྱོར་བྱེད་པ། །ཟླས་དབྱེ་བ་ཞེས་འདོད་པ་ཡིན། །རང་གི་རིགས་ཙམ་སྡུད་བྱེད་ཅིང། །ཕྱོགས་གཞན་ཀུན་ཏུ་སྤོང་བ་དང། །རིགས་ཀྱི་ཚད་ཀྱང་མི་འཛིན་པ། །ཕྱོགས་ཙམ་སྟོན་པའི ་སྦྱོར་བའོ། །གང་ཞིག་རང་གི་དོན་མེད་ཅིང། །དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིན། །དེ་ལ་ཕྲད་ཀྱི་འཇུག་པ་ནི། །གང་ནི་འབྲི་བའི་ཚིག་གི་དོན། །སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ། ་ཟླད་སྡུད་པ་ལ་ཀུན་ཏུ་སྤང། །ཅི་ལ་སོགས་པའང་དེ་བཞིན་ཏེ། །ཁྱབ་པ་སྐབས་ཀྱི་བརྩི་བར་བྱ། །དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དངོས་དང་དུས་འཇུག་གསུམ། །འདས་དང་རྣམ་གྲངས་གཞན་ཅན་དང། །ལྷག་མ་དག ་དང་བཅས་པའོ། །བདེན་པ་དག་དང་གསང་བ་དང། །བདག་གི་བ་དང་ཕ་རོལ་པོ། །དངོས་པོ་དག་ལ་འཇུག་པ་བཞི། །འདས་པ་དང་ནི་མ་འོངས་པའི། །དུས་གཉིས་ལ་ནི་འཇུག་པ་གཉིས། །བདག་ཉིད་ད་ལྟར་ཉིད་ལ་སྤང། ། ་དངོས་པོའི་དུས་ནི་མི་འདོར་སྟེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། །འདི་ཚིག་འདས་དང་མ་འོངས་དང། །སྐབས་ཀྱིས་དངོས་གཞན་དག་ལ་འཇུག། གང་ཞིག་ལ་ནི་བལྟོས་བྱས་པའི། །ཉེ་བ་དག་དང་མངོན་སུམ་པའི། ། ་དངོས་པོ་དག་ཀྱང་གཉིས་ཡིན་ནོ། །སྤང་བར་བྱ་བ་འདི་ལྟ་སྟེ། །ལྐོག་ཏུ་གྱུར་དང་རིང་བ་དང། །གལ་ཏེ་བསྟན་བྱ་དུས་ཉིད་ན། །འདས་དང་མ་འོངས་སྤང་བར་བྱ། །དེ་རྣམས་ཀུན་ལ་བསྒྱུར་པ་ལྡན། །ད་ནི་སྐབས་སུ ་བབ་པའི་ཚིག་།ད་ལྟར་བྱུང་ལ་སྦྱོར་བ་སྟེ། །འདས་པའི་སྐབས་ལ་རྣམ་པར་སྤང། །ན་ཞེས་བྱ་བའི་ཚིག་གི་དོན། །དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང། །རྒྱུ་མཚན་དོན་གྱིས ་བསྟན་པ་དང། །ལས་དང་ཆེ་དང་རྟེན་གནས་དང། །ཕྱི་ཚིག་དེ་གཞན་སོགས་སྟོན་དང། །འོས་པར་དཀའ་བ་ཆགས་འཛིན་ལས། །ཕྱི་ཚིག་ངེས་པར་འབྱེད་པ་དང། །དེ་ལས་བཟློག་པ་ཉིད་དང་ནི། །འགལ་བའང་མི ་འགལ་སྟོན་པ་དང། །སྨོན་དང་དྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ། །སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་འཆའ་དང། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཕྱེད་དང ་བྱ་བ་འམ་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང། །ཚིག་གཉིས་རིམ་པ་འམ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་འཆའ་བ། ། ་ལྷག་པ་ཡོད་ཙམ་སྟོན་གྱུར་ཅིག་།དེ་ལས་གཞན་གྱུར་གཞན་བདེན་པའོ། །དང་ནི་འབྱེད་དང་སྡུད་པ་དང། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །དེ་ཉིད་དང་ནི་གཞན་དག་དང། །ལན་གྲངས་གཞན་ལ་སྦྱོར་བ་ཡི། ། ་སྡུད་པའི་དང་ཡང་གསུམ་དུ་འདོད། །ནི་ནི་དགར་དང་བསྣན་པའི་ཚིག། དམིགས་སམ་ངེས་པར་འཛིན་པ་སྟེ། །ཕྱི་མའི་ཚིག་དང་སྦྱར་བར་བྱ། །ཀྱང་དང་ཡང་ནི་སྡུད་པའི་ཚིག། མི་མཐུན་མཐུན་པར་སྟོན་པའང་ཡིན།། ་འདས་པ་འམ་མ་འོངས་གཞན་དག་ལས། །ཅི་རིགས་དག་ཏུ་བསྡུད་པར་བྱ། །ཡང་ཞེས་བྱ་བ་བསྣན་པ་ཡིན། །ངེས་པར་གཟུང་བའི་ཚིག་གི་དོན། །གཞན་མི་ལྡན་དང་གཞན་ལ་མིན། །ལྡན་པ་ཙམ་དུ་འཛིན་པ་དང། །མ ་ངེས་པར་ནི་རྣམ་པ་གཉིས། །བདེན་ཞིང་མི་བསླུ་བ་ཉིད་དང། །ཁོ་ན་དག་ནི་རྣམ་པ་དྲུག་།ཉིད་ནི་དེ་བཞིན་ཅུང་ཟད་དུ། །ཕྱི་ཚིག་ཐ་དད་མིན་པ་དང། །དངོས་པོའི་རྐྱེན་དུ་འགྱུར་བའོ། །ཚད་འཛིན་ལྷག་མ་འགོག་པ ་ཡིན། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །འབའ་ཞིག་ལ་སོགས་དེ་བཞིན་སྦྱར། །ཁྱབ་པ་སྐབས་ཀྱིས་བརྩི་བར་བྱ། །ཡང་དག་ཡོངས་སུ་ཀུན་ཏུ་སོགས། །སྒྲ་བཞིན་དང་ནི་ཕྲད་དུའོ། །ཚུལ་ནི་འདྲ་དང་སྨད་པ་དང། །སྒོ ་དང་སྡོམ་པ་མཚན་ཉིད་དང། །ཐབས་དང་རིགས་པ་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །འདྲ་བར་བྱ་བ་ཕྲད་དུ་འདོད། །བཞིན་ལ་སོགས་པའི་ཚིག་གི་དོན། །མ་ནོར་བ་དང་ཡིན་པ་དང། །འདྲ་བ་དག་ཏུ་སྦྱོར ་པའོ། །ཅིང་ལ་སོགས་པ་བསྡུ་བ་དང། །མཚམས་སྦྱོར་དག་ཏུ་བྱེད་པ་ཡིན། །ལ་ནི་གཉིས་པ་བཞི་པ་དང། །བདུན་པ་སྡུད་དང་སྦྱོར་བ་དང། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཀྱི་ནི ་འབྲེལ་པའི་དོན་ཡིན་ཏེ། །ཀྱིས་ནི་བྱེད་པར་འདོད་པ་ཡིན། །མི་མཐུན་རྒྱན་ནི་གསུམ་ཆར་ལའོ། །ལས་ནི་རྒྱུ་དང་འབྱུང་ཁུངས་དང། །དགར་བ་ཡིན་ཏེ་ནས་དེ་བཞིན། །སྡུད་པ་དག་དང་མཚམས་སྦྱོར་ནི། ། ་ནས་ལ་ཅུང་ཟད་ལྷག་མ་ཡིན། །གཏན་ཚིགས་དག་ཏུ་འགྱུར་བ་ནི། །དྲུག་པ་འབའ་ཞིག་མ་གཏོགས་པའོ། །དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །དེ་བཞིན་ལྷག་བཅས་ལ་ལའོ། ། ་ལ་ལ་སོགས་པ་སླར་སྡུད་པའོ། །འོ་ན་ཁོང་དུ་ཆུད་པའི་ཚིག་།འམ་ཞེས་བྱ་བ་འབྱེད་སྡུད་ཡིན། །དག་དང་རྣམས་ནི་མང་པོའི་ཚིག་།སོགས་ནི་མཛའ་དག་སྡུད་པ་ཡིན། །པ་འམ་ཅན་ནི་བདག་པོ་འམ། །ལྡན་པའི ་དོན་དུ་སྦྱོར་བར་བྱ། །བ་ནི་སྤྱི་རུ་གཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །གལ་ཏེ ་ཕྲད་གཉིས་འདུས་པ་འམ། །ཡང་ན་མང་པོ་འདུས་པ་དང། །སྔ་ཕྱི་ཕན་ཚུན་ཟིལ་གནོན་དང། །རང་གི་ཆ་ལྡན་དག་ཏུ་སྦྱར། །གང་ལ་དམིགས་འཛིན་མི་བྱེད་དང། །དམིགས་འཛིན་ཏེ་ན་ཕྲད་གྱུར་ན། །གཉིས་པར་གྱུར ་བའི་མཐུ་བཞིན་ནོ། །ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། །ཕྱོགས་གཅིག་འདྲི་བར་བྱེད་པ་ནི། །འོ་ན་ཞེས་པའི་ནུས་པའོ། །དེ་ལ་དམིགས་འཛིན་སྔ་མ་བཞིན། །གཞན་འདྲེན་བྱེད་པ་ཏེ་ཡིན་ཏེ། །ན་ཡི ་ཕྱོགས་གཅིག་དག་ཏུ་བྱེད། །དེ་ཉིད་ལྡན་པའི་ཕྲད་རྣམས་ནི། །དམིགས་འཛིན་ལྡན་མི་ལྡན་གཉིས་ཏེ། །སྔ་མ་དོན་གྱིས་བསྡུ་བར་བྱ། །ཡོད་ན་སྔ་མ་དངོས་སུ་བསྡུ། །གལ་ཏེ་ཇི་སྟེ་འོན་ཏེ་དང། །དེ་སྟེ་ན་ཞེས ་བྱ་བར་སྦྱར། །འོན་ཀྱང་འོ་ན་ཡང་ཞེས་པ། །བསྡུ་བ་གཉིས་ལྡན་གཉིས་བསྡུ་བ། །མཐུན་དང་ཐ་དད་སྐབས་ཀྱི་མཐུ། །གང་ལྟར་ཇི་ལྟར་དེ་ལྟར་དང། །དེ་བཞིན་དེ་སྐད་ལ་སོགས་པ། །ཇི་སྐད་བསྣན ་པའི་ཆ་གཉིས་ལྡན། །དེ་ལ་སོགས་པའི་ཕྲད་རྣམས་ཀུན། །ཟིལ་གནོན་གྱུར་ཏམ་ཆ་ལྡན་ཡང། །དགོས་པ་རེ་རེར་དྲིལ་བྱས་ཏེ། །དོན་ཚིག་སྦྱོར་བ་བཅུ་པོ་དག་།ཕྲད་ཀྱི་སྦྱོར ་བ་ཇི་ལྟ་བ། །དེ་ལྟར་ཕྲད་གཉིས་འདུས་པ་འམ། །མང་པོ་འདུས་པར་གྱུར་ཀྱང་རུང། །དེ་ལྟར་ལྷག་པ་མི་སྟན་ཕྱིར། །སྐབས་དང་ཚིགས་ཤུགས་བརྟགས་ནས་ནི། ་བློ་ལྡན་རྣམས་ཀྱིས་གང་རིགས་སྦྱར། །དཔེར་ན་སྐྱེས་བུ་གང་ཞིག་གིས། །གཟུགས་ཀྱི་བྱེ་བྲག་ཤེས་འདོད་ན། །ཕྲ་རྡུལ་ཚོགས་ལ་མཚན་ཉིད་དུ། །དེ་ཤེས་ཆེ་རྡུལ་གོང་བུ་དང། ། ་གང་ཆེན་དག་གི་མཚན་ཉིད་དང། །ལས་རྣམས་འབད་པ་མེད་པར་ཤེས། །དེ་ཤེས་སྐབས་ཀྱི་བྱ་བ་གང། །སྦྱོར་བ་དག་ལ་མི་འཇིགས་བཞིན། །སྐྱེས་བུ་སྨྲ་བར་འདོད་པ་ཡིས། །གཞི་མཛའ་ཨི ་ཡི་གེའི་བྱེ་བྲག་དག་།ལེགས་པར་ཁོང་དུ་ཆུད་པ་ན། །དེ་འདུས་མིང་དང་དེ་བཞིན་ཚིག་།ཤལོཀ་དང་ནི་རབ་བྱེད་སོགས། །མིང་ཚིག་ཡི་གེ་མཚུངས་པའི་ཕྱིར། །ཚིག་སྦྱོར་འབད་པ་མེད་པར་འགྱུར། ། ་དེ་ཕྱིར་འདི་ནི་བརླབས་ནས་ཤེས། །སྨྲ་མཆོག་རྗེ་སྨྲ་རྣམས་ཀྱིས་བཤད། །དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ། །བློ་འབྱེད་གཏི་མུག་གཅོད་པས་མཚོན་ཆ་འདྲ། །མི་འཇིགས་སྙེམས་པ་སྦྱིན ་བྱེད་དཔུང་དང་གོ་།དོན་ནོར་སྨྲ་བས་མི་ཉམས་བརྟན་པའི་མཁར། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་རྗེས་སྨྲས་པས། །སྒྲ་ཉིད་དང་ནི་དོན་ལ་འཁྲིད་པ་ཡིས། །འགྲོ་ཀུན་མཐུ་གཉིས་རབ་ཏུ་རྒྱས་པར་ཤོག་། ་པཎྜི་ཏ་དྲན་པ་ཡེ་ཤེས་གྲགས་པས་མཛད་པ། །སྨྲ་བའི་སྒྲོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས ་གྲགས་པས། བླ་མ་ནོར་བཟང་གྲགས་པ་ལས་ཐོས་ཏེ། སློབ་མ་གཞོན་ནུ་གྲགས་པའི་དོན་དུ། མིང་གིས་སྦྱོར་བ་ནི་ཅུང་ཟད་བཞག་།ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ་