| Wylie | e-texts based on the ACIP/ALL Input |
སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་སུ་བྷ་ཤིཏི?།། །། !། །རྒྱ་གར་སྐད་དུ། སརྦ་བྷ་ཥ་པྲ་ཝ་རྟན་བྱཱ་ཀར་ཎ་ཤཱསྟ། བོད་སྐད་དུ། སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ལ་ནི་ཕྱག ་འཚལ་ནས། གསལ་བྱེད་སྦྱོར་བ་བསྙད་པར་བྱ། །ཟིན་པ་དང་ནི་མ་ཟིན་དང། །གཉིས་ཀ་དག་ལས་བྱུང་བའི་སྒྲ། །སེམས་ཅན་སྟོན་དང་མི་སྟོན་དག། ལུང་དུ་སྟོན་དང་མི་སྟོན་པའོ། །གང་ཞིག་གང་གི་དུས་ལ་ནི། །གང་བསྒྲུབ་ཕྱིར་ནི་སྒྲ་གྲག་པ། ་དྲེའི་དེ་དག་སྟན་པའི་ཕྱིར། །དེ་ཡི་བརྗོད་བྱ་བརྗོད་བྱེད་དང། །འབྲལ་དང་དགོས་པ་བརྙད་པར་བྱ། །ཇིག་མི་མཐུན་མི་ཤེས་རིགས་སེལ་བའི། །ཐོག་མར་བརྗོད་པའི་སྒྲ་གང?་ཞིག་བསྡུས་དང་བྱེད་ལྡན་དུས་ལ་ནི། །བསྟན་བྱ་ཡོངས་སུ་སྟོན་པའི་ཕྱིར། །དེ་དག ་ཉིད་མཐུན་སྒྲ་བརྗོད་པ། །བརྗོད་བྱ་རྗོད་བྱེད་དག་ཏུ་འདོད། །མཚོན་པར་བྱེད་དང་མཚོན་བྱ་ལ། འབྲེལ་དང་དགོས་པར་ཤེས་པར་བྱ། །རིགས་སེལ་བ་དང་དུས་སེལ་དང། ཆེད་དང་མིང་དུ་གང་གས?་དང་བཞི། །མི་ལྡན་སྒྲ་ནི་ཡོད་མ་ཡིན། །འཛམ་བུའི་བྲས ་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་མ་ལྟུང། །ཉ་ཡིས་བཟའ་བའི་ཚད་དུ་ནི། །གུ་ལུ་གུ་ལུ་ཞེས་སུ་སྨྲ། །ཚོགས་པས་བསྐྱེད་པའི་ཆོས་རྣམས་ནི། །བྱས་པས་འཇིག་པའི་དུས་དག་ལ། །གང་ཞིག་དེ་ཤེས་འདོད་པའི་ཕྱིར། །མི་རྟག་ཅེས་ནི་བརྗོད་པ་ཡིན། །རིགས ་སེལ་ཇི་ལྟར་ཡིན་ཞེ་ན། །འཁོར་དང་མྱ་ངན་འདས་པ་འམ། །ལུང་དུ་མི་སྟོན་དངོས་གང་ཞིག་།བསྟན་པས་དོན་གཞན་གཅོད་པའོ། །སྤྱི་ལ་འཇུག་པ་བསྟན་པ་ན། །མི་ཤེས་པ་ནི་སེལ་བར་བྱེད། །རིགས་ཀྱི་འདོམ་པ་གསལ་བྱས་ནས། །སྤྱི་ཡི ་མཚན་ཉིད་བརྗོད་པར་བྱ། །དུས་སེལ་ཇི་ལྟར་ཡིན་ཞེ་ན། །དངོས་ནི་གནས་སྐབས་ཐམས་ཅད་པ། །བསྡུས་སོགས་གང་དུ་བསྒྱུར་བ་དེ། །ཁྱད་པར་གཞན་རྣམས་གཅོད་བྱེད་ཡིན། །དུས་ཀྱི་འདོམ་པ་སེལ་བ་ནི། །རང་གི་མཚན་ཉིད་སྟོན་པ་ཡིན། གཉིས་དང་རྣམ ་གྲངས་སོགས་རྣམས་ཀྱི། །གང་དུ་བྱེད་ཚིག་མི་གནས་པ། །དེ་ནི་མདོ་རུ་བསྡུས་པ་སྟེ། །མདོར་བསྡུས་དེ་ཡང་བཅུ་བཞིར་འདོད། །ཚིག་གཉིས་དང་ནི་རྣམ་གྲངས་དང། །ཚིག་དོན་གཞན་དང་བྱེ་ཚིག་དྲུག་།ཁྱད་པར་དང་ནི་འབྲུ་མང་པོ། །བྱེ་བྲག་གཞི ་བསྡུ་གཅིག་ཏུ་བསྡུ། །ཟླས་དབྱེ་བ་གཉིས་དེའི་སྐྱེས་བུ། དཔེར་མི་འགྱུར་ལས་འཛིན་ཡིན། །བྱེད་པའི་དུས་ནི་དེ་ཉིད་ལ། །ཐེ་ཚོམ་གཅོད་བྱེད་འདུས་བྱས་ཡིན། །དེ་ཡང་ལས་དང་བྱེད་པ་དང། །ཆད་དང་འབྱུང་ཁུངས་འབྲེལ་བ་དང། །གཞི་དང་ཟླ ་བསྡུ་ལྷག་བཅས་དང། །དགག་སྒྲུབ་བསྟན་དང་བདག་པོ་དང། །རྒྱན་དང་ཁ་སྐོང་དུས་ལ་འཇུག་།འབྱེད་བསྡུད་གཞན་གཅོད་གཉིས་པ་དང། །གཅིག་ཚིག་དང་གཉིས་ཀྱི་ཚིག་།མང་པོའི་ཚིག་དང་རྟགས་ཅན་དང། མཛའ་ཨི་ཚིག་དང་དབུས་ཀྱི་ཚིག་།ཉེར་བ ་འདི་ལ་སྙག་པ་དང། མངོན་དུ་བ་དང་ལྐོག་ཏུ་གྱུར། །རབ་ཏུ་ལྐོག་ལ་སྙེག་པ་དང། །དྲི་དང་ལན་གྱི་ཚིག་དང་ནི། །བདག་དང་གཞན་དང་སྦྱོར་བའི་ཚིག་།སུམ་ཅུ་ལྔ་ནི་བྱེད་ལྡན་དུས། །རིགས་དང་དུས་གསལ་བྱ་གནས་ནི། །བསྟན་བྱ་གང་ཞིག་སྟོན་པ་དེ ་དེ་ནི་ཆེད་དུ་འདོད་པ་ཡིན། །ཆེད་ཀྱི་དབྱེ་བ་ཇི་སྙེད་པ། །དུས་ཀྱི་ཚིག་གིས་ཤེས་པར་བྱ། །ཇི་སྙེད་དོན་གྱི་སྦྱོར་བ་ན། །གང་ལ་འཇུག་པ་དེ་སྙེད་པ། །གང་གིས་སྟོན་པའི་ཡི་གེ་དེ། །དེ་ནི་མིང་དུ་གདགས་པ་ཡིན། །སྒྲའི་བསྟན་བཅོས་སྨྲ་བ་ཀུན་ལ་འཇུག་པ་ཞེས ་བྱ་བ་སྦྱོར་བ་བཞི་དང་ལྡན་པ་སློན་ཆེན་པོ་སུ་བྷཱ་ཥ་ཀཱིརྟྟིས་མཛད་པ་རྫོགས་སོ།། །། !། །སྨྲ་བ་ཀུན་ལས་འཇུག་པའི་སྒྲའི་བསྟན་བཅོས་སུ་བྷ་ཤ་ཀཱརྟི། །རྒྱ་གར་སྐད་དུ། སརྦ་བྷ་ཥ་པྲ་ཝརྟྟ་ན་བྱཱ་ཀ་ར་ཎ་ཤཱསྟྲ་སྱ་ཊཔྲིཏྟི། བོད་སྐད་དུ། སྨྲ་བ་ཀུན་ལས་འཇུག་པའི ་