| Wylie | e-texts based on the ACIP/ALL Input |
*། (།འགྲེལ་པ་མདོར་བསྟན་པ་ཙཱཀཱ་དས་མཛད།།)་།། *། །རྒྱ་གར་སྐད་དུ། སཾ་བཾ་དྷོ་དྷེ་ཤ། བོད་སྐད་དུ། འབྲེལ་པ་མདོར་བསྟན་པ། གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་ཕ་རོལ་ཕྱིན་པ ་རྫོགས། །གང་གསུང་འགྲོ་ལ་སྟོན་པར་མཛད། །བདེ་བར་གཤེགས་པ་བྱ་བ་བྱས། །སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་བསམ་གཏན་གྱིས་བསྟེན་ལ། །ངག་གི་འབྱོར་པ་རྣམས་སྐྱེ་བ། །ཁྱབ་བདག་བདུད་བཞིའི་དགྲ་སྟོན་པ། །འཇམ་དཔའ་ཨི ་དཔལ་གྱི་རྒྱལ་བྱེད་ཤོག་།གང་ཞིག་ཡོན་ཏན་བརྗོད་ལ་ཆགས། །སྐྱོན་དང་ལྡན་ལ་ཆགས་དང་བྲལ། །ཡོན་ཏན་སྐྱོན་དག་འབྱེད་མཛད་པོ། །གཟུ་བོར་གནས་དེ་ལ་ཕྱག་འཚལ། །འབྲེལ་པ་སྒྲ་ཡི་བསྟན་བཅོས་ཀྱི། །དོན་མཆོག་ཅེས་པར་གནས་པ་སྟེ།། ་རིག་པ་བཞི་ལ་ཉེར་མཁོ་བར། །གསལ་བར་ཉེ་བར་བསྟན་པར་བྱ། །གང་དུ་དོན་གང་ཏི་སོགས་དང། །ཏ་བྱ་སོགས་དང་དེ་ཕན་ནམ། །ཚིག་སྡུད་ཀྱི་ནི་བསྒྲུབ་པ་དེ། །བརྗོད་པ་དེ་ལས་དང་པོར་འགྱུར། །བརྗོད་པའི་དོན་གྱིས ་གྲངས་མཆོག་ཏུ། །ཏི་སོགས་རྣམས་ཀྱིས་འཛིན་པར་བྱེད། །རྟགས་གྲངས་རྣམ་པར་དབྱེ་རྣམས་ནི། །ཀྲིཏ་དང་དེ་ཕན་ཚིག་སྡུད་ཀྱིས། །མིང་གཉིས་དག་གམ་མང་པོ་རྣམས། །གལ་ཏེ་དག་ལ་ཚོགས་པ་ན། །ཡན་ལག་ཚོགས་པ་ལ་བརྟེན་གྲངས།། ་ཏི་སོགས་དང་ནི་ཁྱད་པར་ལའོ། །རང་བཞིན་ནམ་ནི་རྣམ་འགྱུར་དང། །གང་དུ་གཉིས་ཀའང་བརྗོད་ཉིད་ན། །རྗོད་པར་བྱེད་པས་རང་བཞིན་གྲངས། །འཛིན་བྱེད་རྣམ་འགྱུར་གྱི་མ་ཡིན། །གང་དུ་ཁྱད་པར་ཁྱད་པར་ཅན། །ལན་ཅིག་དོན ་གཅིག་འགྱུར་བ་དེར། །རྟགས་ལ་སོགས་རྣམས་ཕལ་ཆེར་ནི། །ཁྱད་པར་ཅན་རྣམས་ཁྱད་པར་ལའོ། །རྟགས་དང་གྲངས་ནི་ཐ་དད་ནའང། །དཔེ་དང་དཔེར་བྱ་ཉིད་ཡིན་ལ། །དཔེ་དང་དཔེར་བྱ་ཉིད་དག་གི་།རྣམ་དབྱེ་གཅིག་པ་ཁོ་ནའོ།། ་སྦྱར་བའང་རྟོགས་པར་བྱ་བ་ལའང། །ཁྱོད་བརྗོད་པ་ལ་དབུས་མའོ། །དེ་བཞིན་དེ་ལ་ཕྱི་མ་སྟེ། །དེ་ལས་གཞན་དུ་དང་པོར་གྱུར། །གལ་ཏེ་གཅིག་གི་ཚེ་བྱ་བ། །དུས་ཀྱི་ཚིག་རྣམས་རྟོགས་བྱེད་ན། །མིང་སོགས་བརྗོད་ལ་ཕ་རོལ་གྱི།། ་སྐྱེས་བུ་གང་དེ་བྱིངས་ལས་འགྱུར། །གང་ཚེ་དོན་དང་བྲལ་བ་ཡིས། །ཁྱོད་དང་དེང་དག་བསྟེན་བྱར་འགྱུར། །གཉིས་པོ་དེ་དག་སྦྱོར་བ་ལ། བྱིངས་ལས་དབུས་དང་ཕྱི་མ་མིན། །འགྲོ་དང་རྟོགས་དང་ཟས་དོན་ཅན། །སྒྲ་དོན་ལས་མེད་རྣམས ་ཀྱི་གང། །ིན་མང་ལ་ནི་བྱེད་པ་གང། །ིན་ལ་འདི་ལས་མིན་ཅན། །ཧྲི་ཀྲིའི་ཨིན་མེད་བྱེད་པོ་གང། །ིན་ལ་ཡང་ན་འདི་ལས་འགྱུར། ། བྷི་བཱ་དི་ཏྲི་ཤའི་འང། །ཱང་མ་ནི་ཡུལ་ལ་དེ་བཞིན། །ནཱི་ཁཱ་ད་ཧྭཱི་ཨ་དི་ཤཔདཱ་ཡ།། ་ཀྲན་དའི་བྱེད་པ་པོ་ལས་མ་ཡིན། །བ་ཧིའི་ཁ་ལོ་བ་མིན་རྒྱུ་ལའོ། །བྷཀྵིའི་བྱིངས་ལས་འཚེ་བ་མིན་པ་ལའོ། །ནཱི་དང་བ་ཧ་སོགས་ཀྱི་གཙོ། །དུ་ཧ་སོགས་ཀྱི་སྒྲུབ་བྱེད་དེ། །ིན་མཛའ་རྣམས་ཀྱི་ལས་ཁས་བླངས།། ་བརྗོད་བྱ་སྦྱོར་བ་པོ་བྱེད་པོར། །བརྗོད་པར་བྱ་བ་ཡོད་མིན་ལ། །གཞན་ཡང་ལས་ལས་སྐྱེས་པར་གསུངས། །ལས་གཞན་ཡང་དག་ཡོད་པ་ན། །དུས་སོགས་མ་བརྗོད་ན་ཡང་ངོ། །གལ་ཏེ་གང་ཞིག་ཁྱད་པར་ཅན། །ཏི་སོགས་ཀྲི་ཏའི་ས ་བརྗོད་ཉིད་ཅིང། །བྱ་བ་ཁྱད་པར་གྱིས་མ་བརྗོད། །དེ་ཡང་བརྗོད་པར་འགྱུར་ཞེས་པའོ། །བརྗོད་པ་ཉིད་ནི་ཚིག་གཞན་གྱིས། །བརྗོད་པ་ཉིད་དུ་ག་ལར་འགྱུར། །ལ་ལར་བརྗོད་པ་མ་བརྗོད་ཉིད། །ལ་ལར་མ་བརྗོད་མ་བརྗོད་འགྱུར། །ཞེས ་པ་འབྲེལ་པ་མདོར་བསྟན་པ་ཐུན་མོང་དུ་བསྟན་པ་སྟེ་དང་པོའོ།། །།པ་ར་སྨཻ་བྱེད་པ་པོ་བརྗོད། །ཱ་ད་མ་ནེ་ཚིག་དོན་གསུམ་རྣམས། །བྱིངས་ཀུན་པ་ལ་ཡཎ་འདི། །དངོས་པོ་ལས་བསྒྲུབ་པ་ལས་འགྱུར། །བྱིངས་ཀུན་པ་ལ ་བྱེད་པ་པོ། །བསྒྲུབ་ལ་རྣམ་འགྱུར་ཐམས་ཅད་རྣམས། ། དྱ་ཏ་ནི་རྣམ་དབྱེ་ལ། །སི་ཙ་སཎ་བྱེད་པོ་ལས་ལ་འགྱུར། །ཙ་ཎ་ཨཎ་བྱེད་པ་པོ་ལ་འགྱུར། །ི་ཙ་ཕལ་ཆེར་དངོས་ལས་ལ། །ཤསྟ་ནཱ་སྱེ་སཙི་སྨོན་ལ། །ིཊ་ཨིཙ་བཞིན ་དུ་དངོས་ལས་ལ། །ཧ་ནི་གྲ་ཧི་དྲི་ཤི་དབྱངས་མཛའ་ལས། །ཚིགས་བཅད་ཕྱེད་ནི་བྱེ་བྲག་བཤད་པར་བྱ། ། ཏི་བད་ཏི་པ་རོཀྵ། ། དྱ་ཏ་ནི་ཧཡསྟ་ནི། །བཞི་རྣམས་འདས་པའི་དུས་ལ་འགྱུར། །བརྟ་མཱ་ན་ད་ལྟར་ལའོ། །བྷ་བི་ཥྱ་ཏི ་སྨོན་པ་ཡང། །དེ་ལས་འབྱུང་འགྱུར་ལ་འགྱུར་རོ། །སང་ལ་ཤྭསྟི་ནི་རྟག་ཏུའོ། །དེ་ཉིད་གཞན་དུ་ལ་བྱེ་བྲག་བཤད། །ཆོ་ག་སོགས་ལ་བདུན་པ་དང། །ལྔ་པའོ་བསྒོ་དང་སྨོན་པའང་དེ། །སྒྲ་གཞན་སྦྱོར་ལ་རང་གི་ནི། །སྤྱོད་ཡུལ་རྣམས ་ལས་གཞན་དཱུང་འགྱུར། །ཞེས་པ་ཏི་སོགས་བསྟན་པ་སྟེ་གཉིས་པའོ།། །།དངོས་ལས་ལཀྲིཏྱ་རྣམས་འགྱུར། །ལས་དང་བྱེད་པོར་ཀེ་ལི་མའོ། །ལ་ལར་གཞན་ལའང་ཀྲི་ཏྱ་རྣམས། །ཁ་ལའི་དོན ་དག་དངོས་ལས་ལ། ། ཤིཏ་ང་ཉ་ཚིག་བྷཱུ་ལས། །དངོས་དང་བྱེད་ལ་ཁ་འགྱུར་རོ། །བྱེད་ལ་ཀྲིཉ་ལས་ཁྱུ་ཊའོ། །ལས་ལ་ཊཀུ་ས་ཀྭིཔ་ཀྱང་བལྟ། །ཀྟ་འགྲོ་བའི་དོན་ལས་བྱུང་ལ། །དངོས་ལས་གཞི་བྱེད་པོ་ལ་འགྱུར། །གལ་ཏེ་ལས་མེད་ལས ་བྱེད་པ་པོ་འམ། །གཞི་དང་དངོས་དག་ལ་ཀྟ་འགྱུར། །དངོས་པོ་གཞི་དང་ལས་རྣམས་ལ། །ཟེ་བའི་དོན་ལས་ཀྟ་རབ་གྲགས། །ལས་བརྗོད་འདོད་པ་མེད་པ་ཡི། །བྱིངས་ལས་དངོས་པོ་ཙམ་ལའོ། །ཤཱ་ཥི་ཤིཉ་བས་ཛཱི་ཥ་ཨས་སྠཱ་དང། །ཛ་ན་ཏུ་ཧ ་ལས་ཕ་རོལ། །ཀྟ་གསུམ་ལ་འགྱུར་དེ་བཞིན། །བཅོམ་ལའོ་ལྷག་ལས་ལས་ལ་བཤད། །འདི་ཡི་དེ་མ་ཐག་བརྗོད་པ། །ཐམས་ཅད་ལས་ཀྱང་བྱེད་པོ་ལའོ། །དངོས་ལ་མང་པོ་གྷཉ་སོགས་རྣམས། །དེ་རྣམས་འགའ་ཞིག་བྱེད་དྲུག་ལ། །རྫས ་བཞིན་ཀིཏའི་དངོས་པོ་འགྱུར། །དེ་ནས་གཉིས་ཚིག་ལ་སོགས་ཀྱང། །མང་པོར་ཡོད་ལའང་ལས་ནི། །དངོས་དོན་དུ་བྱས་ཀྲིཏ་རྣམས་སོ། །གལ་ཏེ་བྱེད་གཅིག་བྱ་བ། །གཅིག་མིན་དེ་ཚེ་སྔོན་དུས་ལས། །དངོས་ལ་ཀྟ་སོགས་འདི་ལ། །བྱ་བ ་ཕ་རོལ་དེ་དོན་ཏུ་མ། །པུ་ཎ་ཏྲི་ཙ་ལ་སོགས་ཐམས་ཅད་རྣམས། །བྱེད་པ་པོ་ནི་བརྗོད་པར་བསྟན། །ཤན་ཏྲིད་ཨཱན་དང་ཀྭན་སུ་ཡང། །བྱ་བ་གཞན་དང་བལྟོས་བཅས་འགྱུར། །བྱིངས་དོན་འབྲེལ་ལ་ཀྲིཏ་རྣམས་ནི། །དུས་གཞན་རྗོད་པར ་བྱེད་པར་འགྱུར། །སྔ་མ་ཕྱེད་དང་ལྷན་ཅིག་གོ་།ཞེས་པ་ཀྲིཏ་མདོར་བསྟན་པ་སྟེ་གསུམ་པའོ།། །།དོན་གང་ལ་ནི་ཏི་སོགས་སོགས། །དེ་རྣམས་བསྒྲུབ་པར་མི་བྱེད་དེ། །མ་བརྗོད་པ་དེར་ལ་སོགས་ལ། །ཇི་ལྟ་ཇི་ལྟར ་གཉིས་པ་སོགས། །ལས་ལ་གཉིས་པ་རབ་བརྗོད་དེ། །བྱེད་པོ་བྱེད་དྲུག་ལ་གསུམ་པ། །བྱེད་པ་ལ་ཡང་དེ་ཉིད་འགྱུར། །བཞི་པ་ཡང་དག་རབ་སྦྱིན་ལས། །འབྱུང་ཁུངས་ལ་ནི་ལྔ་པ་སྟེ། །འབྲེལ་པ་ཙམ་ལ་དྲུག་པ་སྟེ། །ལས་དང་བྱེད་པོ་ཀྲིཏ་སྦྱོར ་ལ། །གཉིས་དག་ཐོབ་ན་བྱེད་པོར་མིན། །གྷཉ་སོགས་ཀྱི་ཡང་ནའོ་ཨཀ་དང། ཨ་ཡིག་ལ་དེ་གཉིས་ཀ་ལ་ཡང་འགྱུར། །ཀྲིཏྱ་རྣམས་ཀྱི་འདི་འདྲར་གཉིས་ཀ་ལའང། །མ་ཡིན་བྱེད་པོ་འབའ་ཞིག་ལ་ཡང་ནའོ། །ནིཥྛ་ཨུཏ་མཛའ་མི་ཟད་ཨུ་ཀ ་ཨི་ན?། །ཤན་ཏྲི་ཨཱན་ཀྭན་སུ་འབྱུང་འགྱུར་གྱི། །ིན་ཝུ་ཎ་དེར་ཚུལ་ཀི་དང་བུ་ལོན་ལ། །ཎི་ནི་རྣམས་སྦྱོར་བ་ལས་དེ་མ་ཡིན། །དངོས་ལ་ཀྟའི་བྱེད་པོར་ཡང་ན་སྟེ། །ཤན་ཏྲིད་གིས་བརྗོད་དྭིཥའི་ལས་ལ་ཡང། །ཀྲིཉའི་འབད་ལ་ཀྲིཏ་དང ་ཀུན་བཤད་ལའོ། །ཧྲིཏ་གྱིའང་རྫས་སུ་བྱེད་ལ་དེ་བཞིན་ནོ། །དྲན་ད་འཚེ་དོན་དག་གི་དེ་བཞིན་ཏེ། །ཚིམ་པའི་དོན་གྱི་བྱེད་ལའང་ཡང་ནའོ། །གཞི་ལ་འཇུག་བཞིན་པའི་ཀྟའི། །བྱེད་པ་པོ་དང་ལས་དག་ལས་དེའོ། །གཞི་ལ་བདུན་པར ་ཤེས་པར་བྱ། །ཀྟ་ཨིན་རང་བཞིན་གྱི་ལས་ལ། །བྱ་གང་བྱ་བའི་རྟགས་ལའང། །དེ་ལས་མི་གུས་ལ་དྲུག་པའང། །ངེས་པར་དགར་བ་ལ་དེ་བཞིན། །ལས་རབ་བརྗོད་དང་ཨེ་ན་ལ། །གཉིས་པའོ་ས་མ་ཡ་སོགས་དང། །ུ་པ་རི་སོགས ་ཨ་བྷཡསྟ། ཨུ་བྷ་ཡ་སོགས་ཏྭས་མཛའ་ཡིས། །གཙོ་འདྲ་ཡོངས་སུ་བརྗེ་བ་ལ། །པྲ་ཏི་ས་སྦྱོར་བ་ལས་ལྔ་པ། ། དྷིས་ཇོ་བོ་ལ་བདུན་པ། །ུ་པས་ལྷག་པ་ལས་ཀྱང་ངོ། །པྲི་ཐག་ནཱ་ན་སྦྱོར་བ་ལ། །གསུམ་པ་དང་ནི་ལྔ་པ་ཡང། །སྟོ་ཀ་སོགས་སེམས ་ཅན་མ་ནི་ལས་བྱེད། །བུ་ལོན་རྒྱུ་ལས་ཡོན་ཏན་ལས་ཡང་ནའོ། །གང་གི་དོན་དུ་ཅུང་ཟད་ཉིད་གྱུར་པ། །ཡང་དག་རབ་སྦྱིན་པ་ལས་བཞི་པར་འགྱུར། །གང་ལ་ཁྲོ་བ་དེ་ལས་དང། །ན་མས་ལ་སོགས་པ་ལ་འདི། །འགྲོ་དོན་རྣམས་ཀྱི་ལས་ལ་ལམ།། ་མིན་པར་གཡོ་བ་ལ་རྣམས་བཤད། །མ་ནྱ་ཏིའི་འང་ན་བ་སོགས། །མིན་ལ་མི་གུས་རྟོགས་བྱ་ནའོ། །རི་ཏེ་སྦྱོར་ལ་ལྔ་པ་དང། །གཉིས་པ་ཡང་སྟེ་འདི་གཉིས་སོ། །བི་ན་སྦྱོར་ལས་དེ་དང་ནི། །གསུམ་པའང་ཁྱད་པར་དུ ་འགྱུར་རོ། །མཚན་ཉིད་རྒྱུ་དང་ལྷན་ཅིག་གི་།དོན་སྦྱོར་བ་ལས་གསུམ་པའོ། །ཧེ་ཏུས་དྲུག་པའོ་རྒྱུ་དོན་རྣམས། །སརྦ་ནཱ་མི་ལས་ཐམས་ཅད། །ལས་ལ་སོགས་རྣམས་བརྗོད་འདོད་པས། །རབ་ཏུ་སྦྱོར་བས་བརྟག་པར་བྱ། །ཞེས་པ་ཀཱ་ར་ཀ་མདོར ་བསྟན་པ་སྟེ་བཞི་པའོ། །།གང་དུ་གཉིས་པ་སོགས་མིང་དང། །ཕ་རོལ་ཚིག་གིས་སྡུད་པ་དེ། །དེའི་སྐྱེས་བུ་ཞེས་བཤད་གང། །ཕ་རོལ་དེ་ཕལ་ཆེར་ཕ་རོལ། །ཁྱད་པར་ཅན་དང་ཁྱད་པར་ནི། །གལ་ཏེ་དེ་གཉིས་དོན ་གཅིག་པ། །དེ་ནི་ལས་འཛིན་བྱེད་པ་དེར། །ཕལ་ཆེར་སྔོན་མ་ཁྱད་པར་རོ། །གང་ཞིག་དེ་ཕན་དོན་དང་ནི། ཀུན་སྡུད་པའམ་ཕྱི་ཚིག་ལ། གང་དུ་གྲངས་དང་བགྲང་བྱའི་ཚིག། བསྡུས་པ་པ་དང་གཉིས་པར་འགྱུར།། །།གཉིས་དག་དེ་ཡི ་སྐྱེས་བུ་དེ། །དེས་ན་དེ་བརྟེན་བྱ་བའོ། །གང་དུ་གཅིག་མིན་གཞན་དོན་ན། །དེ་ནི་འབྲུ་མང་པོར་བརྗོད་བྱ། །གལ་ཏེ་གཡུལ་ལ་མཐུན་གཟུགས་ལ། །ཕྱོགས་རྣམས་མིང་དག་ཕྱོགས་བྲལ་བ་འང། །མིང་དང་མིང་རྣམས་སྡུད་པ་ལ། །གཞན ་དང་གཞན་ནི་སྦྱོར་བ་དང། །ཀུན་སྡུད་པ་ལ་དང་དོན་དག་།སྡུད་པར་བྱེད་ན་ཟླས་དབྱེར་འགྱུར། །དེས་དབྱངས་རབ་ཉུང་ཕལ་ཆེར་སྔོན། །གཉིས་ཀྱིས་གང་ཞིག་མཆོད་པ་ཡང། །གང་དུ་རྣམ་དབྱེ་སོགས་ལ་ནི། །གྲངས་མེད་དེ་མི་ཟད ་འགྱུར་བརྗོད། །རཱ་ཛ་མིན་དང་མི་མིན་ལས་ཕ་རོལ། །ས་བྷཱ་དྲུག་པའི་དེ་ཡི་སྐྱེས་བུ་ཅན། །མ་ནིང་ཨ་ཤཱ་ལ་བརྗོད་བྱ་བའམ། །མང་པོ་སྔོན་མ་ཅན་ཚཱ་ཡཱ། །སེ་ནཱ་སུ་རཱ་ཤཱ་ལཱ་དང། །ནི་ཤཱ་ཚཱ་ཡ་འདི་ཡང་ནའོ། །ུ་པ་ཀྲ་མ་ཨུ་པ་ཛྙ། །དང་བོ ་གསལ་བྱེད་རྟག་ཏུའོ། །རཱ་ཏྲ་ཨ་ཧན་སྐྱེས་པར་ཤེས་བྱ་སྟེ། ། ཧ་འང་པུ་ཎྱ་སུ་དི་ན་མིན་ལས། །གྲངས་མེད་ལས་ཕ་རོལ་པ་ཐཱ་མ་ནི། །ཀུ་ལས་པི་ལས་ཡང་ན་ཞེས་པར་བསྟན། །ཞེས་པ་བསྡུ་བ་མདོར་བསྟན་པ་སྟེ་ལྔ་པའོ།། །།འབྲེལ ་པ་བྱེད་དྲུག་ཚོགས་པ་དང། །དངོས་པོ་རིགས་དང་གཞན་ལ་ཡང། །དེ་ཕན་གྲགས་པ་རྣམ་བཤད་དེ། །སྡུད་པའི་མཛའ་དང་གྲངས་མེད་པའང། །ཞེས་པ་དེ་ཕན་མདོར་བསྟན་པ་སྟེ་དྲུག་པའོ།། །།འབྲེལ་བ་མདོར་བསྟན་པ་ཞེས་བྱ་བ།། ་ཀཱ་ཡསྠ་ཙཱ་ཀཱ་དཱ་ས་ལིས་མཛད་པ་རྫོགས་སོ།། །།སྟག་སྡེ་པ་སེང་གེ་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོ། །སྐད་གཉིས་སྨྲ་བ་རྣམས་ཀྱི་མཆོག་།ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་བརྟེན་ནས་ལེགས་པར་སྦྱར་བ ་བརྡ་སྤྲོད་པའི་ཚུལ་ཅུང་ཟད་རིག་པ་དཔལ་ལྡན་བློ་གྲོས་བརྟན་པས། །དགེ་བའི་བཤེས་གཉེན་ཏོག་ཤིང་དཔོན་པོ་དང། །བདེ་བ་ཆོས་ཀྱི་བཟང་པོ་ལ་སོགས་པས་མཐུན་རྐྱེན་བསྒྲུབ་པ་ལ་བརྟེན་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག། །།འདིར་འབད་དགེ་བས་འགྲོ་བ་ཀུན། །གཉིས་མེད་གསུང་པས་བསྟན་པ་ཡི། །བརྗོད་མེད་དེ་ཉིད་རབ་རྟོགས་ནས། །ངག་གི་དབང་ཕྱུག་ཉིད་གྱུར་ཅིག། །། ་