CLOSE WINDOW

N4561: yi ge'i mdo'i 'grel pa zhes bya ba
Wyliee-texts based on the ACIP/ALL Input

ལྡན་པའི་སློབ་དཔོན་ལྷའི་སྐུ་མཁར་གདུང་ཕུབས་སུ་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཝརྞྞ་སཱུ་ཏྲ་བིཏྟི་ནཱ་མ། བོད་སྐད་དུ། ཡི་གེའི་མདོའི་འགྲེལ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན ་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱལ་དཀའ་བདུད་ཀྱི་སྟོབས་ནི་བརྩོན་པས་བཅོམ། གང་གིས་ཤིན་ཏུ་རྙེད་པར་དཀའ་བའི་རྟོགས་པ་ཐོབ། །ཕུན་ཚོགས་རིགས་ཚུལ་ཚད་མས་གཞན་གྱི་དོན་མཛད་པ། །མི་མཆོག་ཐམས་ཅད ་མཁྱེན་ལ་རབ་ཏུ་ཕྱག་འཚལ་ཏེ། མངོན་པར་ཤེས་པས་བདག་གི་སྒྲ་ཡི་ནི། །བསྟན་བཅོས་རྣམས་ལ་ཤིན་ཏུ་གུས་པ་ཡིས། །ཡི་གེའི་མདོ་ཡི་རྣམ་པར་འགྲེལ་པ་རྣམས། །ཀུན་ནས་བསྒུས་པས་མངོན་པར་བརྗོད་པར་བྱ། །སྐྱོན་མེད་ལ ་ཡང་རྟག་ཏུ་སྐྱོན། །སྐྱེ་བོ་ངན་པ་གཏོང་བར་བྱེད། །ཡོན་ཏན་སྐྱོན་དག་མངོན་ཤེས་པ། །ཡིད་ནི་ཕྲག་དོག་བྲལ་བ་ཡིན། །གཞན་གྱི་སྐྱོན་ནི་ཡོད་པར་ཀུན་ཏུ་རྟོག་པ་དེ། །དག་པའི་ཕྱིར་དུ་རྩོད་པས་འཇོམས་པའང་སྐྱེ་བོ་བཟང། །གང ་སུ་ལ་ཡང་བརྙས་པར་མི་བྱེད་སྐྱེ་བོ་རྣམས། །ཡོན་ཏན་ཕྱོགས་རྣམས་རྟོགས་པ་དེ་ལ་ཕྱག་འཚལ་ལོ། །དེ་ལ་རེ་ཞིག་དང་པོར་སྒྲའི་མཚན་ཉིད་ཉེ་བར་བརྗོད་པར་བྱ་སྟེ། ནམ་མཁའ་དང་རླུང་ལས་རབ་ཏུ་བྱུང་ཞིང། དུས་ལ་ཀུན་ཏུ་གྱེན་དུ་རིམ་པས ་ཉེ་བར་དག་གི་སྒྲ་རིང་སྟེ། གནས་རྣམས་དེ་མ་ཐག་ཏུ་རྣམ་པར་རྩོལ་བ་དང་ལྡན་པའི་ཡི་གེ་ཉིད་དུ་ཀུན་ཏུ་འོང་བ་གང་དེ་སྒྲའོ། །ནམ་མཁའ་དང་རླུང་ནི་ནམ་མཁའ་དང་རླུང་དག་གོ་།རབ་ཏུ་བྱུང་བ་དང་ནི་རྒྱུ་རྣམས་གང་དེ། ནམ་མཁའ་དང་རླུང་ལ ་རབ་ཏུ་བྱུང་བའོ། །ཡང་ན་ནམ་མཁའ་དང་རླུང་དག་ལས་རབ་ཏུ་བྱུང་བ་ནི་སྐྱེ་ཤིང་འབྱུང་ཞེས་པའི་དོན་ནོ། །ལུས་ལས་ནི་ལུས་ཀྱི་ཕྱོགས་གཅིག་ལྟེ་བ་ལ་སོགས་པའི་ཕྱོགས་ལས་སོ། །ཀུན་ཏུ་གྱེན་དུ་ནི་ཡང་དག་པར་སྟེང་དུའོ། །རིམ་པས་ནི་གོ་རིམ ་ཇི་སྲིད་པར་འགྲོ་བའོ། །ཉེ་བར་དག་གི་ནི་ཁ་ནས་ཉེ་བར་འོང་བ་སྟེ། སྐྱེ་ཞེས་པའི་ཐ་ཚིག་གོ་།སྒྲ་རིང་གང་དེ་མི་གསལ་བའི་དག་གི་སྒྲ་ཞེས་པའི་དོན་ནོ། །གནས་རྣམས་དེ་མ་ཐག་ཏུ་ནི་བརྒྱད་པོ་འདི་རྣམས་ཏེ། མགྲིན་པ་དང། མགོ ་དང། ལྕེའི་རྩ་བ་དང། སོ་དང། སྣ་དང། མཆུ་དང། རྐན་ནོ། །དེ་ལྟར་གསུངས་པ། ཡི་གེ་རྣམས་ཀྱི་གནས་བརྒྱད་ནི། བྲང་དང་མགྲིན་པ་མགོ་དེ་བཞིན། །ལྕེའི་རྩ་བ་དང་ནི་སོ། སྣ་དང་མཆུ་དང་རྐན་ཡིན་ནོ། །དེ་རྣམས་ཕན་ཚུན་བལྟོས ་པ་ལ། །གནས་རྣམས་དེ་མ་ཐག་པར་བརྗོད། །ཅེས་པས། བྲང་གི་གནས་ལ་བལྟོས་ནས་མགྲིན་པའི་གནས་གནས་ཀྱི་དེ་མ་ཐག་པའོ། །མགྲིན་པའི་གནས་ལ་བལྟོས་ནས་བྲང་གི་གནས་གནས་ཀྱི་དེ་མ་ཐག་པའོ། །དེ་ལྟར་གཞན་དང་གཞན་རྣམས ་ལའང་བལྟ་བར་བྱའོ། །དེ་ན་འདི་ལྟར་རྒྱུ་རྣམས་དེ་མ་ཐག་པར་རོ། །རབ་ཏུ་རྣམ་རྩོལ་ལྡན་པ་ནི་།རབ་ཏུ་འབད་པའི་ཆ་ཤས་ཀྱི་དུམ་བུ་རྒྱུ་དང་ལྡན་པའོ། །གང་ཞིག་ཡི་གེ་ཨ་ལ་སོགས་པ་རྣམས་ཀྱི་རང་བཞིན་དུ་འོང་བ་སྟེ་སྒྲར་སོ་སོར་རྟོགས ་ཞེས་བརྗོད་པར་བྱའོ། །གང་སྒྲ་དེའི་མཚན་ཉིད་ཉེ་བར་བརྗོད་པ་སྟེ། ཡི་གེ་དེ་ཀུན་འབྱུང་བའི་བདག་ཉིད་ཅན་ནོ། །ཡི་གེ་དེ་རྣམས་གང་དུ་གང་གིས་ཇི་ལྟར་རབ་ཏུ་འབྱུང་བ་གསུངས་པ་གནས་དང་བྱེད་པ་དང། རབ་ཏུ་རྩོལ་བ་དེ་རྣམས་ལས་ཡི ་གེ་སྐྱེ་བའི་ཕྱིར་རོ། །གནས་རྣམས་ནི་སྔར་བཤད་པའི་བྲང་དང་མགྲིན་པ་ལ་སོགས་པའོ། །བྱེད་པ་ནི་ལྕེའི་རྩ་བ་ལ་སོགས་པའོ། །རབ་ཏུ་རྩོལ་བ་ནི་རེག་པ་ལ་སོགས་པའོ། །གནས་དང་བྱེད་པ་དང། རབ་ཏུ་རྩོལ་བ་ནི། གནས་དང་ག་བྱེད་པ་དང། རབ ་ཏུ་རྩོལ་བ་དེ་རྣམས་ལས་ཡི་གེ་ཨ་ལ་སོགས་པ་སྐྱེ་བ་སྟེ། མངོན་པར་འབྱུང་བའོ། །དེ་རྣམས་ཀྱི་ནང་དུ་ཡི་གེ་གང་རྣམས་ཇི་ལྟར་གནས་པ་དང། ཇི་ལྟར་བྱེད་པ་དང། ཇི་ལྟར་རབ་ཏུ་རྩོལ་བ་དང། ཇི་ལྟར་རྣམ་པར་གནས ་པའང་གསུངས་པ། ར་ལ་གནས་ལ་སོགས་པ་ནི། དེ་ལ་ནི་དགར་པའི་བདུན་པའོ། །གནས་ནི་དེ་ལྟར་རྣམ་པར་བཤད་པ་ལ་མངོན་པར་དགོངས་སོ། །མགྲིན་པ་ལས་ཨ་དང་ཀུ་དང་ཧ་དང་རྣམ་པར་བཅད་པ་རྣམས་སོ། །མགྲིན་པ་ལས་འབྱུང ་བ་རྣམས་མགྲིན་པའི་གནས་ཏེ། མགྲིན་པར་བཤད་དོ། །གང་རྣམས་ཨ་དང་ཧ་དང་རྣམ་པར་བཅད་པ་རྣམས་སོ། ། དང་ནི་ཨ་ཡིག་གོ། ཀུ་དང་ནི་ཀའི་སྡེའོ། །ཧ་དང་ནི་ཧ་ཡིག་གོ་།རྣམ་པར་བཅད་པ་རྣམས་ནི་ཚེག་དྲག་གོ་།དེ་རྣམས ་མགྲིན་པའི་གནས་ནས་ཀུན་ཏུ་འབྱུང་བར་རྣམ་པར་ཤེས་སོ། །མགྲིན་པ་དང་རྐན་ལས་ཨིཏྲ་དང་ཨེཏྲ་དང། ཨིཏྲ་རྣམས་སོ། །རྐན་ལ་འབྱུང་བ་ནི་རྐན་ཅན་ནོ། །མགྲིན་པ་དང་རྐན་དག་ནི་མགྲིན་པ་དང་རྐན་གྱི་གནས་སོ། །དེ་རྣམ་ཨེཏྲ་ནི་ཨེ་ཡིག་གོ། ་དེ་རྣམས་ཨིཏྲ་དང་ཨེཏྲ་དང་ཨིཏྲའོ། །ཏ་ཕ་རོལ་ཏུ་བྱེད་པ་ནི་དག་ཏུ་བདེ་བའི་དོན་ཏོ། །མགྲིན་པ་དང་མཆུ་ལས་ཨུཏྲ་དང་ཨོཏྲ་དང་ཨཽཏྲ་རྣམས་སོ། །མགྲིན་པ་དང་མཆུ་དག་གོ། །མགྲིན་པ་དང་མཆུ་དག་གི་གནས་ལས། གང་རྣམས་ཨུཏྲ་ནི་ཨུ ་ཡིག་གོ་།ོཏྲ་ནི་ཨོ་ཡིག་གོ་།ཽཏྲ་ནི་ཨཽ་ཡིག་གོ་།ུཏྲ་དང་ཨུཏྲ་ཨཽཏྲ་རྣམས་ཀྱི་ཏ་ཕ་རོལ་ཏུ་བྱེར་པ་ཙམ་ནི་སྔར་བཞིན་ནོ། །སྤྱི་བོ་ལས་རི་དང་ཊུ་དང་ར་དང་ཥ་རྣམས་སོ། །རི་ནི་རི་ཡིག་གོ་།ཊུ་ནི་ཊ་སྡེའོ། །ར་ནི་རེ་ཕའོ། །ཥ་ནི་ཥ་ཡིག་གོ་།དང ་གི་དོན་ནི་རི་དང་ཊུ་དང་ར་དང་ཥ་རྣམས་སོ། །དེ་རྣམས་སྤྱི་བོའི་གནས་སོ། །འདིར་སྔར་ལྟར་དེ་རྣམས་བསིལ་པར་བྱའོ། །རི་ཡིག་ལ་རེ་ཕ་གནས་པ་གང། དེའི་ནང་ན་གནས་པའཾ། དེ་ལ་གལ་ཏེ་དང་པོ་རེ་ཞིག་དམ་བཅའ་བར་བྱ་སྟེ། ཨ་བནིརརི་ཏ ་དྲིཥེ་ཞེས་པ་ནི་གང་ཞིག་རི་ཡིག་དང་ལྷན་ཅིག་རེ་ཕའོ། །དེ་གང་ལས་ཨཏ་ཞེས་པས་ཨཏའོ། །གནིརྟརི་ཏ་མི་ཏྱཏ་རོ་རི་ཞེས་པས་དབྱི་བར་འགྱུར་རོ། །དེ་ལྟར་ཡང་དེ་སྟེ་ར་ལོ་པཎ་ཞེས་པས་རིང་པོ་ཉིད་བཀག་གོ་།དེའི་ཕྱིར་དང་པོ་མི་སྦྱོར་རོ། །དེའི་མཐར ་བརྗོད་པར་བྱ་སྟེ། དེ་ལྟར་ཡང་གལ་ཏེ་ཧོ་ཏྲི་ར་ཐནྟར་ཞེས་པས་འདིར་རི་དབྱི་བར་འགྱུར་རོ། །དེའི་ཕྱིར་མཐར་ཡང་ངོ། །དེའི་ནང་དུ་ངེས་པར་གནས་ཏེ། དེ་ལྟར་ཡང་དྲེ་ཎཱ་ཞེས་པས་འདིར་མཚོན་ལ་ར་ཥ་ནྣོ་དྷ་ཎ་ཞེས་བྱ་བ་འདི་ཡིས་སྦྱོར་བས་ཎ་ཉིད་མ་ཡིན ་པའི་ཕྱིར་ནང་དུ་ཡང་མི་འཐོབ་བོ། །དེ་ལྟར་གང་ག་བདེན་པར་ངེས་པར་གནས་སོ། །དགོས་པའི་དབང་ལས་ཀྱང་རྣམ་པར་ཤེས་པར་བྱའོ། །དེ་བས་ན་ཇི་ལྟར་དགོས་པ་རབ་ཏུ་བསྒྲུབ་པ་དང། ཉེས་པ་ཡང་ཡོངས་སུ་བརྗོད་པར་བྱའོ། །དེ་ལྟར་བྱ་རོག་གི ་མིག་དང་གདོང་གི་མངོན་པར་འགྲོ་བ་ལྟར་བྱའོ། །འདི་ལྟ་སྟེ། བྱ་རོག་གི་ཀུན་ཏུ་བལྟ་བ་དང་ལྡན་པ་ན་གང་ཞིག་གང་དུ་དོན་གྱི་ཕྱོགས་གཉིས་ལ་བལྟ་བར་འདོད་པ་ཡིན་ནོ། །དེ་ལ་དེ་རུ་དེ་ལྟར་དབང་པོ་འགྲོ་བར་བྱའོ། །གསུངས་པ། ཨ་ཏ ་ཨགནིརྟརེ་ཏ་དཀའ་། འདི་མཐར་ཧོ་ཏྲི་ར་ཐ་མཐར། འབྲས་བུ་དེ་ཡི་ནང་དུ་བརྗོད། དེ་ཕྱིར་བྱ་རོག་རིང་བ་ལྟ་བཞིན་ཞེས་སོ། །སོ་ལས་ལི་དང་ཏུ་དང་ལ་ས་རྣམས་སོ། །ལི་དང་ནི་ལི་ཡིག་གོ་།ཏུ་དང་ནི་ཏ་སྡེའོ། །ལ་དང་ནི་ལ་ཡིག་གོ་།ས་དང་ནི་ས ་ཡིག་གའོ་།ཏུ་ལ་མ་དེ་རྣམས་སོའི་གནས་སུ་ཁོང་དུ་ཆུད་པར་བྱའོ། །སྣ་ལས་ནི་རྗེས་སུ་དབྱངས་སོ། ། མ་ནི་རྗེས་སུ་དབྱངས་སོ། །དེའི་གནས་ནི་སྣའོ། །རང་གི་གནས་རྣམས་ལ་སྣ་ཅན་ད་ཉ་ཎ་ན་མ་རྣམས་སོ། །རང་གི་གནས་རྣམས་ཀྱང་མགྲིན་པ་དང ་རྐན་དང་རྩེ་མོ་ཅན་དང། སོ་དང་མཆུའི་མཚན་ཉིད་སྣའི་གནས་གང་རྣམས་རྗེས་སུ་སྣ་ཅན་ནོ། །ད་ཡིག་གི་རང་གནས་ནས་ནི་མགྲིན་པ་སྟེ། ཀའི་སྡེ་ཚན་ཡིན་པའི་ཕྱིར་རོ། །ཉ་ཡིག་གི་རང་གནས་ནི་རྐན་ཏེ། ཙའི་སྡེ་ཚན་ཡིན་པའི་ཕྱིར་རོ། །ཎ་ཡིག ་གི་རང་གནས་ནི་རྩེ་མོ་ཅན་ཏེ། ཊའི་སྡེ་ཚན་ཡིན་པའི་ཕྱིར་རོ། །ན་ཡིག་གི་རང་གནས་ནི་སོ་ཏེ། ཏྲའི་སྡེ་ཚན་ཡིན་པའི་ཕྱིར་རོ། །མ་ཡིག་གི་རང་གནས་ནི་མཆུ་སྟེ། པའི་སྡེ་ཚན་ཡིན་པའི་ཕྱིར་རོ། །དེ་ལྟར་བཤད་པ ་ཡིན་ཏེ། རེ་རེའི་ད་ཡིག་ལ་སོགས་པ་རེ་རེ་མགྲིན་པ་ལ་སོགས་གནས་ཉེ་བར་མཚོན་པ་ནི་སྣ་ཅན་གྱི་གནས་སོ། །རྐན་ལས་ནི་ཨི་དང་ཙུ་དང་ཡ་དང་ཤ་རྣམས་སོ། །ི་དང་ནི་ཨི་ཡིག་གོ་།ཙུ་དང་ནི་ཙ་སྡེའོ། །ཡ་དང་ནི་ཡ་ཡིག་གོ་།ཤ་དང་ནི་ཤ ་ཡིག་གོ་།དེ་རྣམས་ཨི་ཙུ་ཡ་ཤ་རྣམས་སོ། །དེ་རྣམས་ཀྱི་གནས་རྐན་ནོ། །འདིར་བརྗོད་པའི་སི་ཡིག་གི་དགོས་པ་བསམ་པར་བྱའོ། །མཆུ་ལས་ནི་ཨུ་དང་བུ་དང་པོ་མཆུ་ཅན་རྣམས་སོ། །ུ་དང་ནི་ཨུ་ཡིག་གོ་།བུ་དང་ནི་པའི་སྡེའོ། །པོ་མཆུ་ཅན ་མཆུ་ཅན་ནི་པི་ཡིག་དང་ཕི་ཡིག་ངག་གི་སྟེང་དུ་གླང་པོའི་སྤྱི་བོ་ལྟར་བསྐོར་བར་བྱས་པའི་ཡི་གེ་སྟེ། དེ་ནི་པི་མཆུ་ཅན་ལས་འབྱུང་བ་བལྟ་བར་བྱའོ། །ུ་ཡིག་ཀྱང་འདིར་འབྲས་བུ་དང་པོའི་ཚིག་ཏུ་མངོན་པར་བརྗོད་དོ། །སོ་དང་མཆུ ་དག་ལས་ཝ་ཡིག་གོ་།སོ་དང་མཆུ་དག་ནི་སོ་མཆུ་སྟེ། ཝ་ཡིག་གི་གནས་སུ་རྟོག་པར་བྱའོ། །དེ་ལྟར་ཇི་ལྟར་ཉེ་བར་བརྗོད་པའི་རིམ་པས་གནས་ཀྱི་སྤྲོས་པས་རྗོད་ནས་བྱེད་པའི་རྩོམ་པའང་གསུངས་པ། ལྕེའི་རྩ་བ་ཅན་ནི་གང་གི་བྱེད་པ་ཞེས ་པ་ལ་སོགས་པའོ། །ཀཾ་ཡིག་དང་ཁཾ?་ཡིག་དག་གི་སྟེང་དུ་རྡོ་རྗེ་ལྟ་བུ་བྲིས་ནས་བཞག་པའི་ཡི་གེ་ནི་ལྕེའི་རྩ་བ་ཅན་ནོ། །དེ་བྱེད་པ་ནི་ལྕེའི་རྩ་བ་ཅན་ནོ། །བྱ་བ་འདི་ཡིས་འདིར་ནི་བྱེད་པའི་གནས་ཀྱང་དེ་རྣམས་ཉིད་དུ་རྟོགས་པར་བྱའོ།། ་ལྕེའི་དབུས་དང་རྐན་རྣམས་ལའོ། །རྐན་གྱི་གནས་ལས་བྱུང་བ་རྣམས་སྔར་བརྗོད་པའི་ལྕེའི་དབུས་ཀྱི་བྱེད་པར་རྟོགས་པར་བྱའོ། །ལྕེའི་རྩེ་དང་སྤྱི་བོ་རྣམས་ལས་སོ། །སྤྱི་བོའི་གནས་ནས་འབྱུང་བ་དང། ལྕེའི་རྩེ་མོ་ལས་ཀུན་ཏུ་འབྱུང ་བའི་བྱེད་པར་རྟོགས་པར་བྱེད་དོ། །ལྕེའི་རྩེ་མོ་རྣམས་ལས་སོ། །ལྕེའི་རྩེ་མོ་དང་སོའི་གནས་ནས་འབྱུང་བའི་བྱེད་པར་བལྟ་པར་བྱའོ། །ལྷག་མ་རྣམས་ནི་རང་གི་གནས་རྣམས་ཀྱི་བྱེད་པ་རྣམས་སོ། །རང་གི་གནས་ཀྱིས་བྱེད་པའི་ལྷག་མ་གང་རྣམས ་རང་གནས་ཀྱི་བྱེད་པར་ཡོད་པ་འདི་ཡིས་བྱེད་པའི་ཕྱིར། གང་གིས་མངོན་པར་མ་ཕྱེ་བའི་གནས་ལས་བྱུང་བ་རྣམས་དང་རང་ཉིད་ཀྱི་གནས་ཀྱི་གཞི་ལས་ཁོང་དུ་ཆུད་པར་བྱའོ། །བྱེད་པ་ཉིད་ཀྱང་མངོན་པར་བརྗོད་ཅིང། རབ་ཏུ་འབད་པ་ཉེ་བར ་བསྟན་པར་བྱ་བ་གསུངས་པ་རབ་ཏུ་རྩོལ་བ་རྣམ་པ་གཉིས་ཞེས་བ་ལ་སོགས་པའོ། །རབ་ཏུ་གསལ་བའི་འབད་རྩོལ་དང། ནང་གི་བྱེད་པར་གཏོགས་པའི་ཡོན་ཏན་གྱི་ཁྱད་པར་ངེས་པར་ཤེས་པའི་རང་བཞིན་ནོ། །ཁ་ཅིག་གིས་ཀྱང ་འདི་ཡིས་ལེགས་པར་བརྟགས་པས་རང་བཞིན་ངེས་པར་མི་ནུས་སོ། །དེ་བས་ན་འདིར་ཡང་དེ་བཞིན་དུ་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ཡང་རྣམ་པ་གཉིས་སོ། །བཤད་པ་ནང་དང་ཕྱིའོ། །ནང་གི་བྱེད་པ་འཇུག་པའི་བྱེད་པ ་དང། ནང་ལས་ཕྱིན་ཅི་ལོག་པ་ནི་ཕྱིའོ། །དེ་ལ་མ་ཞེས་པ་ལ་སོགས་པའི་དེ་ལའི་སྒྲ་ནི་འདིར་དགར་བ་ལ་འཇུག་གོ་།ནང་ཇི་སྲིད་པ་དེ་སྲིད་ཀྱི་བར་དུ་བརྗོད་དོ། །དེ་རྣམས་ཀྱང་མཛའ་ཨི་འབད་པའོ། །དོག་པ་ཉིད་དང་ཡངས་པ་ཉིད་དང། རེག་པ ་ཉིད་དང་ཅུང་ཟད་རེག་པ་ཉིད་དེ། དབྱེ་ན་བཞི་ཡིན་ནོ། །དོག་པ་ནི་ཨ་ཡིག་གོ་།དོག་པ་ཉིད་ནི་ཡངས་པ་མ་ཡིན་པ་མགྲིན་པ་ནས་བརྗོད་པ་ཨ་ཡིག་གི་རྣམ་པར་བཞག་པའོ། །དོག་པ་ནི་དབྱངས་རྣམས་དང། དྲོ་བ་རྣམས་སོ། །དོག་པ་དང་མི ་དོག་པས་མགྲིན་པ་ནས་བརྗོད་པའི་ཨཱ་ཡིག་དང་ཨི་ཡིག་དང་ཨཽ་ཡིག་རྣམས་དང། ཕྱིའི་དབངས་རྣམས་དང། དྲོ་བ་རྣམས་དང། སྡེ་ཚན་གཉིས་པ་དང། བཞི་པ་དང། ཤ་ཥ་སའི་ཡི་གེ་རྣམས་སུ་བཤད་དོ། །དེ་རྣམས་ལས་དོག་པ་ཉིད་ཨིཏྲ ་དང་ཨོཏྲ་དག་གོ་།དེ་རྣམས་ཀྱི་གནས་ནས་ཨི་ཡིག་དང་ཨཽ་ཡིག་དོག་པའོ། །དེ་དག་ལས་ཀྱང་ས་ཡིག་གོ་།དེ་ལས་ཀྱང་ཨི་ཡིག་དང་ཨཽ་ཡིག་དག་ཀྱང་ཨ་ཤས་ཆེ་བས་དོག་པའོ། །རེག་ཅིང་རེག་པ་རྣམས་དང། ཀ་ལ་སོགས ་པའི་གདངས་རྣམས་སོ། །གནས་གང་རྣམས་སུ་ཡི་གེ་དེ་རྣམས་འབྱུང་བའི་ཡི་གེ་དེ་རྣམས་ཀྱི་ནང་ནས་འབད་པ་ཆེན་པོ་ནི་དོག་པའོ། །ཀའི་སྡེ་ཚན་དང། ཙའི་སྡེ་ཚན་དང། ཊའི་སྡེ་ཚན་དང། ཏའི་སྡེ་ཚན་དང། པའི་སྡེ་ཚན་ནི་རེག་པར ་བརྗོད་ཅིང་མངོན་པར་བཤད་དོ། །ཅུང་ཟ་རེག་པ་ནི་མཐར་གནས་རྣམས་སོ། །ཡ་ར་ལ་ཝ་རྣམས་ནི་མཐར་གནས་རྣམས་སུ་བཤད་དོ། །དེ་མ་ཐག་པར་བརྗོད་པ་ཕྱིན་ཅི་མ་ལོག་པར་གང་གིས་ཅུང་ཟད་རེག་པ་ནི་ནང་གིར་བརྗོད་པའི་ཕྱིར་རོ།། ་ཕྱི་ནི་སྡེ་ཚན་རྣམས་ཀྱི་དབང་པོ་དང། གཉིས་པ་དང། ཤ་ཥ་ས་ཧ་དང། ཚེག་དྲག་དང། ལྕེ་རྩ་ཅན་དང། མཆུ་ཅན་རྣམས་སོ། །ཕྱི་ལས་བྱུང་བ་ནི་ཕྱིའི་རྩོལ་བའོ། །གང་རྣམས་ཀྱི་སྡེ་ཚན་ལྔ་པོ་རྣམས་ཀྱི་གང་དང་པོ་དང་གཉིས ་པ་རྣམས་སོ། །ཀ་ཁ་དང། ཙ་ཚ་དང། ཊ་ཐ་དང། ཏ་ཐ་དང། པ་བ་གང་དེ་རྣམས་དང། ཤ་ཡིག་དང། ཥ་ཡིག་དང། ས་ཡིག་དང། ཧ་ཡིག་དང། ཚེག་དྲག་ཅན་དང། ལྕེ་རྩ་ཅན་དང། མཆུ་ཅན་རྣམས་སོ། །ཁྱད་པར་དུ་འཕགས་པ་གང་དོག་པ་མགྲིན་པའི་སྒྲའི ་རྗེས་སུ་སྦྱིན་པ་རྣམས་མེད་དོ། །དོག་པ་ནི་ཤིན་ཏུ་སྤངས་པ་མ་ཡིན་པ་མགྲིན་པའི་གནས་ནས་བརྗོད་པ་གང་རྣམས་དོག་པ་མགྲིན་པའི་སྒྲའོ། །རྗེས་སུ་ནི་ཕྱིས་བརྗོད་པ་སྒྲ་གང་རྣམས་རྗེས་སུ་བརྗོད་པ་ནི་རྗེས་སུ་སྦྱིན་པའོ། །དབྱངས་དང་ཡོན་ཏན་མེད་པ ་གང་དེ་རྣམས་དབྱངས་མེད་དོ། །དང་པོ་དང། གསུམ་པ་དང། ལྔ་པ་དང། མཐར་གནས་རྣམས་སྲོག་ཆུང་ངོ། །གང་སྡེ་ཚན་རྣམས་ཀྱི་དང་པོ་དང། གསུམ་པ་དང། ལྔ་པ་རྣམས་སོ། །ཀ་ག་ད་དང། ཙ་ཚ་ཉ་དང། ཊ་ཌ་ཎ་དང། ཏ་ད་ན་དང། པ་པ་མ་གང ་རྣམས་དང། མཐར་གནས་ཡ་ར་ལ་ཝ་དེ་རྣམས་ཐམས་ཅད་སྲོག་ཆུང་ངོ། །ཅིའི་ཕྱིར་ཆུང་བ་དང་ལྡན་པའི་སྲོག་ཅེས་བྱ་ན་གང་རྣམས་ཚེར་བྱས་པའི་ཕྱིར་རོ། །ཅིག་ཤོས་ནི་སྲོག་ཆེན་རྣམས་སོ། །ཅིག་ཤོས་སུ་བརྗོད་པ་ནི་སྡེ་ཚན་ལྔའི་གཉིས་པ་དང། བཞི་པ ་རྣམས་སོ། །ཁ་གྷ་དང། ཚ་ཛཧ་དང། ཐ་ཌཧ་དང། ཐ་དྷ་དང། ཕ་བྷ་རྣམས་སོ། །ཤ་ཥ་ས་ཧ་ཞེས་པ་ནི་དེ་མ་ཐག་པར་བརྗོད་པའི་ཕྱིན་ཅི་མ་ལོག་པ་གང་གིས་ན་སྲོག་ཆེན་པོར་རྟོགས་པར་བྱའོ། །གསུམ་པ་དང། བཞི་པ་དང། ལྔ་པ་དང། རྗེས་དབྱངས་དང ་བཅས་པ་དང། མཐར་གནས་པ་དང། ཧ་ཡིག་རྣམས་སོ། །གང་སྡེ་ཚན་ལྔའི་གསུམ་པ་དང། བཞི་པ་དང། ལྔ་པ་རྣམས་སོ། །ག་ད་དང། ཛ་དྷ་ཉ་དང། ཌ་ཌཧ་ཎ་དང། ད་དྷ་ན་དང། བ་བྷ་མར་བཤད་དོ། །རྗེས་དབྱངས་དང་བཅས་པ་རྗེས་དབྱངས་དང་ལྷན ་ཅིག་པའོ། །ཡ་ཡིག་དང། རེ་ཕ་དང། ལ་ཡིག་དང། ཝ་ཡིག་དང། ཧ་ཡིག་དེ་རྣམས་སོ། །ཡངས་པ་མགྲིན་པའི་སྣའི་རྗེས་སུ་སྦྱིན་པ་དབྱངས་ཅན་ཡིན་ནོ། །ཡངས་པ་ནི་དོག་པ་མེད་པ་ཞེས་པ་ལ་སོགས་པ་སྔར་བཞིན་ནོ། །དབྱངས་དང་ཡོན་ཏན་ལྡན་པའི་ཕྱིར་ཨ ་དབྱངས་རྣམས་སོ། །གཉིས་པ་དང། བཞི་པ་དང། ཤགས་ཧ་དྲོ་བ་རྣམས་སོ། །གང་སྡེ་ཚན་ལྔའི་གཉིས་པ་དང། བཞི་པ་རྣམས་སོ། །ཁ་བྷ་དང། ཚ་ཛཧ་དང། ཐ་ཌཧ་དང། ཐ་དྷ་དང། ཕ་བྷུ་རྣམས་སུ་བརྗོད་དོ། །ཤ་ཥ་ས་ཧ་དེ་རྣམས་ཐམས་ཅད་དེ་ལྟར་དྲོ་བའི ་ཡོན་ཏན་དང་ལྡན་པའི་ཕྱིར་དྲོ་བ་རྣམས་སུ་བལྟ་བར་བྱའོ། །དེ་ལྟ་བུའི་ཉིད་ཕྱིའི་རབ་ཏུ་རྩོལ་བའོ། །དེ་ལྟ་བུ་གང་རྣམས་དེ་མ་ཐག་པར་བརྗོད་པ་རྣམས་ཕྱིའི་རྩོལ་བར་རིག་པར་བྱའོ། །འདིར་ཡང་ཡི་གེ་ཐུང་བ་དང། རིང་བ་དང། ཤིན་ཏུ་རིང་པོ་ཞེས་པའི ་དབྱེ་བ་རྣམ་པ་གསུམ་མོ། །འདིར་ཞེས་པ་ནི་དེར་རོ། ཡི་གེ་ནི་རབ་ཏུ་བྱེད་པའོ། ། ཡིག་ནི་ལའི་བྱེད་པའོ། །དེ་ཡང་ཐུང་བ་དང་རིང་བ་དང། ཤིན་ཏུ་རིང་བའི་རབ་ཏུ་བྱེད་པས་རྣམ་པ་གསུམ་ནི་རབ་ཏུ་བྱེད་པ་གསུམ་མོ། །དབྱེ་བ་ནི་ཕྱེ་བ་ཞེས་པ་ཡིན་ནོ། །ཡི་གེའི ་བསྡུ་བས་རྣམ་པར་བཞག་པ་ཐམས་ཅད་བསྡུས་པ་དེ་ཉིད་ཡི་གེའི་བསྡུ་བ་ཉིད་དོ། །དེ་ལྟར་གཞན་དུ་ཡང་ངོ། །རང་བཞིན་ནི། ཨུ་དཱཏྟ་དང། ཨ་ནུ་དཱཏྟ་དང། སྭ་རི་ཏིའི་དབྱེ་བས་རྗེས་སུ་དབྱངས་བཅས་དང། རྗེས་སུ་དབྱངས ་བྲལ་གྱི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །སོ་སོ་རེ་རེ་ཞིང་ཐུང་ངུ་ལ་སོགས་པ་ཨུ་དཱཏྟ་དང། ཨ་ནུ་དཱཏྟ་དང། སྭ་རི་ཏའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་རོ། །ཡང་དེ་ལྟར་ཐུང་བ་རེ་རེའི་རྗེས་སུ་དབྱངས་བཅས་དང། རྗེས་སུ་དབྱངས་བྲལ་གྱི ་དབྱེ་བས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟ་བུ་ཉིད་ཐུང་ངུ་ལ་སོགས་པ་གསུམ་སྟེ། ལྔ་བཅུ་རྩ་བཞིར་འགྱུར་རོ། །དེ་ལྟར་ཨི་ཡིག་དང། ཨུ་ཡིག་དང། རི་ཡིག་དང་ཨོ?་ཡིག་གོ་།འདི་ལྟར་ཨ་ཡིག་ལ་ཐུང་ངུ་ལ་སོགས་པའི་རབ་བྱེད་ཀྱི་དབྱེ་བས་རྣམ ་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཨི་ཡིག་ལ་སོགས་པ་དགའ་ཨང་ཡི་གེའི་དབྱེ་བ་ཡིན་ནོ། །ལི་ཡིག་ལ་རིང་པོ་མེད་པས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །རིང་པོའི་རྣམ་པ་དྲུག་གི་དབྱེ་བར་འགྱུར་བས་བཅུ་གཉིས་ཉིད་དོ། །ལི་ཡིག་ལ་ཐུང་ངུ ་དང། ཤིན་ཏུ་རིང་པོའི་དབྱེ་བའོ། །མཚམས་སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་བ་མེད་པས་དེ་ལས་གཞན་ཀྱང་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ེ་ཡིག་ལ་སོགས་པའི་ཡི་གེ་བཞི་རྣམས་མཚམས་སྦྱོར་བའི་ཡང་ཡི་གེའོ། །ཐུང་བ་མེད་པས་རིང་པོ ་དང། ཤིན་ཏུ་རིང་པོའི་དབྱེ་བ་དང་ལྡན་པའོ། །སོ་སོ་རེ་རེ་ལ་བཅུ་གཉིས་ཉིད་དོ། །ཡི་གེ་གཉིས་ཀྱང་ངོ། །ཀྱང་གི་སྒྲས་ནི་མཚམས་སྦྱོར་གྱིས་ཡི་གེར་འབྲེལ་ལོ། །དེ་རྣམས་ཀྱང་ཡི་གེ་རེ་རེ་དང་གཉིས་ཀྱིས་ཡིན་ནོ། །ཇི་ལྟར་ཨ་ཡིག་དང། ཨཱ ་ཡིག་དག་ལ་དང། ཨི་ཡིག་དང། ཨའི་ཡིག་རྣམས་གཞན་དང་སྦྱོར་བས་ཨཱ་དང་ཨའི་ཡིག་ཏུ་འགྱུར་རོ། །དེ་ལྟར་ཨེ་ཡིག་སྦྱོར་བས་ཨེ་ཡིག་གོ་།དེ་དག་དེ་ལྟར་ཨུ་ཡིག་དང་ཨུ་ཡིག་དང་ཨའུ་ཡིག་དག་གཞན་དང་སྦྱོར་བས་ཨོ་ཡིག་ཏུ ་འགྱུར་རོ། །དེ་ལྟར་ཨོ་ཡིག་དང་སྦྱོར་བས་ཨཽ་ཡིག་གོ་།དེ་ལྟར་ཨི་ཡིག་དང་ཨའི་ཡིག་དང། ཨུ་ཡིག་དང་ཨའུ་ཡིག་རེ་སྦྱོར་བས་ཨི་ཡིག་དང་ཨཽ་ཡིག་དག་བདེན་པར་ཡོད་པ་འབྱུང་ངོ། །དེ་རྣམས་ཀྱི་ཨོ་ཡིག་དང། ཨཽ་ཡིག་བཟུང་བས་བསྡུས་པ་ལས ་ཨེཏ་དག་སོ་སོར་བརྗོད་དོ། །ཐུང་བ་ནི་གཅིག་ཙམ་མོ། །གཅིག་ཙམ་དང་ལྡན་པའི་ཡི་གེ་ནི་ཐུང་བར་བཤད་དོ། །རིང་བ་ནི་གཉིས་ཙམ་མོ། །ཕྱེད་དང་གཉིས་ཙམ་དང་ལྡན་པ་ནི་རིང་པོར་བརྗོད་དོ། །ཤིན་ཏུ་རིང་པོ་གསུམ་ཙམ་མོ། །གསུམ་ཙམ་དང ་ལྡན་པ་ནི་ཤིན་ཏུ་རིང་པོར་བརྗོད་པ་ཡིན་ནོ། །སྟེང་དུ་སྦྱིན་པའོ། །སྟེང་དུ་དབྱངས་བརྗོད་པའི་ཡི་གེ་གང་དེ་སྟེང་དུ་སྦྱིན་པའོ། །འོག་ཏུ་སྦྱིན་པའོ། །ཡི་གེ་གང་ལ་དབྱངས་འོག་ཏུ་རྗོད་པར་བྱེད་པ་དེ་འོག་ཏུ་སྦྱིན་པའོ། །རང་སྒྲ་དང་གསུམ་དུ ་བསྡུའོ། །དེ་དག་ཕྱེད་མ་དག་ལ་སྟེང་དུ་སྦྱིན་པ་དང། འོག་ཏུ་སྦྱིན་པ་དག་བསྡུས་པའི་སྤྱི་ནི་རང་སྒྲ་ཡིན་ནོ། །དེ་རྣམས་འདིས་སྟེང་དང། །འོག་ཏུ་དང། རང་སྒྲའི་རྣམ་པར་དབྱེ་བས་དབྱངས་ཀྱི་ཡི་གེ་འཕེལ་བ་མེད་པར་ཕྱེད་པ་ནི་རང་སྒྲར་བརྗོད ་པར་བྱའོ། །རང་གནས་རྗེས་དབྱངས་དང་བྲལ་བའོ། །རང་ནི་བདག་སྟེ། སྣའི་ཡི་གེའི་གནས་རྣམས་སོ། །ཡི་གེ་གང་དེ་ལ་རང་གནས་རྗེས་སུ་སྣ་ཅན་ནི་སྣའི་གནས་སོ། །རྗེས་སུ་དབྱངས་བྲལ་བ་ནི་སྣ་ཅན་ནོ། །མཐར་གནས་པ་ལ་སོགས་པའི་དབྱེ་བའོ། །རེ?་ཕ ་སྤངས་པས་དབྱེ་བ་གཉིས་སུ་འགྲོ་བ་ཡ་ར་ལ་ཝའོ། །ཇི་ལྟར་རྗེས་སུ་སྣ་བཅས་དང། རྗེས་སུ་སྣ་བྲལ་ནི་སྔར་བཞིན་ནོ། །ཕྲག་དོག་སེར་སྣ་ཀུན་སྤངས་ཤིང། །རིག་པ་ལེགས་པའི་རྗེས་སུ་འབྲང། །ཡང་དག་ལྟ་བའི་ངོ་བོ་ལ། །མཚན་བྲལ་གང་ཞིག་གསལ ་པར་བྱ། །གཞན་དོན་བྱ་བར་བཞེད་པ་རྣམས། །ཉེ་བར་ལེན་པ་མཛེས་པར་འགྱུར། །མ་ལུས་ཡེ་ཤེས་བརླིང་ལྡན་པ། །མཁྱེན་པ་རྣམ་པ་གཉིས་ལྡན་འགྱུར། །བདག་གིས་ཡི་གེའི་མདོ་ནི་རྣམ་པར་ཕྱེ་བ་ཡིས། །དགེ་བ་གང་ཞིག་ཅུང་ཟད་ཉེ་བར ་བསགས་པ་རྣམས། །འཁོར་བ་རྒྱ་མཚོ་ཆེན་པོ་ལྟ་བུ་དེ་རྣམས་སུ། །སྐྱེ་བོའི་སྡུག་བསྔལ་ཞི་བར་རབ་ཏུ་སྦྱོར་བར་ཤོག་།བརྡ་སྤྲོད་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ་ཤལོ་ཀ་བརྒྱ་བཅུ་དགུ་པ་རྫོགས་སོ།། །། ་སློབ་དཔོན་ཆོས་སྐྱོང་གིས་མཛད་པའོ། །གནས་ཆེན་པོ་ཉེ་བའི་འཐུང་གཅོད་བལ་པོ་ཡམ་བུའི་གྲོང་ཁྱེར་གྱི་འཁོར་ཆེན་པོ་ཡུལ་ཀྲ་ཁར་སྒྲའི་མཁན་པོ་ཆེན་པོ་ཛེ་ཏྲ་ཀརྞྞའི་ཞལ་སྔ་ནས་ལེགས་པར་མཉན་ནས། རྩ་བ་གུང་ཐང་གིས་ཆ་སློབ་དཔོན ་ལྷའི་སྐུ་མཁར་གདུང་ཕུགས་སུ་བསྒྱུར་ཞིང། མཁས་པ་ཆེན་པོའི་ཆེན་པོ་རྣམས་ཀྱིས་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པའི་གླིང་དུ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ལེགས་པར་བསྒྱུར་བའོ།། །།སའི ་སྟེང་དུ་ཉི་ཟླ་ལྟར་རྒྱས་པར་གྱུར་ཅིག། །། *། (།སྤྱིར་བཏང་བ་ཡང་དག་པ་བསྡུས་པ་མཛད་བྱང་ཎ།།)་།། *། །རྒྱ་གར་སྐད་དུ། ཨ་དྷི་ཀཱ་ར་སི་གྲ་ཧ་ནཱ་མ། བོད་སྐད་དུ། སྤྱིར་བཏང་བ་ཡང་དག་པར་བསྡུས ་