| Wylie | e-texts based on the ACIP/ALL Input |
ཡི་གེའི་མདོ་ཙནྟྲ་གོ་མིས་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཝ་རྟཎ་སཱ་ཏྲ་ཉཱ་མ། བོད་སྐད་དུ། ཡི་གེའི་མདོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཚལ་ལོ། །ནམ་མཁའ་རླུང་ལས་རབ ་ཏུ་བྱུང་ཞིང་ལུས་ལས་ནི། །ཡང་དག་གྱེན་བསྐྱོང་རིམ་པས་ཁ་ནང་སྒྲ་རིང་འདི། །གནས་རྣམས་དེ་མ་ཐག་ཏུ་རབ་ཏུ་རྣམ་རྩོལ་ལྡན། །ཡི་གེ་ཉིད་དུ་ཀུན་ཏུ་འགྲོ་བ་གང་དེ་སྒྲ། །གནས་རྣམས་དང་བྱེད་པ་རྣམས་དང། རབ་ཏུ་རྩོལ་བ་དེ་རྣམས་ལས་ཡི་གེ་ཀུན་ཏུ་སྐྱ ་ཞེས་པའོ། །དེ་ལ་གནས་རྣམས་ནི་མགུལ་བ་ལས་ཨ་དང་ཀུ་དང་ཧ་དང་རྣམ་པར་བཅད་པའོ། །མགུལ་པ་དང། རྐན་ལས་ཨིཏྲ་དང་ཨེཏྲ་དང་ཨེཏའོ། །མགུལ་པ་དང་མཆུ་ལས། ཨུཏྲ་དང་ཨོཏྲ་དང་ཨཽཏྲ་རྣམས་སོ། །སྤྱི་བོ་ལས་རི་དང་ནུ་དང་ར་དང་འ་རྣམས་སོ།། ་སོ་ལས་ལི་དང་ཏུ་དང་ལ་དང་ས་རྣམས་སོ། །སྣ་ལ་ནི་རྗེས་སུ་དབྱངས་སོ། །རང་གི་གནས་རྣམས་དང། སྣ་ལས་ནི་ད་དང་ཉ་དང་ཏ་དང་ན་དང་མ་རྣམས་སོ། །རྐན་ལས་ནི་ཨ་དིང་ཙུ་དང་ཡ་དང་ཤ་རྣམས་སོ། །མཆུ་ལས་ནི་ཨུཏྲ་དང་ངང་པ་མཆུ་ལྡན་རྣམས་སོ།། ་སོ་དང་མཆུ་ལས་ནི་ཝའི་ཡི་གེའོ། །ལྕེའི་རྩ་བ་ཅན་ནི་ལྕེའི་རྩ་བའི་གང་གི་བྱེད་པ་རྣམས་ལས་སོ། །ལྕེའི་དབུས་དང་རྐན་རྣམས་ལའོ། །ལྕེའི་རྩེ་དང་སྤྱི་བོ་རྣམས་ལས་སོ། །ལྕེའི་རྩེ་དང་སོ་རྣམས་ལས་སོ། །ལྷག་མ་རྣམས་ནི་རང་གི་གནས་རྣམས་ཀྱི ་བྱེད་པ་རྣམས་སོ། །རབ་ཏུ་རྩོལ་བ་ནི་རྣམ་པ་གཉིས་སོ། །ནང་དང་ཕྱིའོ། །དེ་ལ་ནང་ནི་དོག་པ་དང་ཡངས་པ་དང། རེག་པ་དང་ཅུང་ཟད་རེག་པའོ། །དོག་པ་ནི་ཨ་ཡིག་གིའོ། །ཡངས་པ་ནི་དབྱངས་རྣམས་པར་དྲོ་བོ་རྣམས་སོ། །དེ་རྣམས་ལས་རོག་པ ་ནི། ཨི་ཏ་ཨཽཏྲ་དག་གོ་།དེ་རྣམས་ཀྱང་ཨའི་ཡི་གེའོ། །རེག་པ་དང་ཅུང་ཟད་རེག་པ་རྣམས་ལ་སོགས་པའི་གནས་བ?་མོས་སོ། །ཅུང་ཟད་ཕྲད་པའི་གནས་རྣམས་ནི་མཐར་གནས་པའོ། །ཕྱི་ནི་སྡེ་ཚན་རྣམས་ཀྱི་དང་པོ་རྣམས་དང། གཉིས ་པ་རྣམས་དང། ཤ་དང་ཥ་དང་ས་དང་རྣམ་པར་བཅད་པ་དང། ལྕེའི་རྩ་བ་ཅན་དང། མཆུ་དང་ལྡན་པ་རྣམས་ནི་མགྲིན་པའི་སྒྲའི་རྗེས་སུ་རབ་ཏུ་སྦྱིན་པ་རྣམས་ནི་དབྱངས་མེད་པའོ། །དང་པོ་རྣམས་དང། གསུམ་པ་རྣམས་དང། ལྔ་པ་རྣམས་དང། མཐར ་གནས་རྣམས་ནི་སྲོག་ཆུང་དུ་རྣམས་སོ། །ཅིག་ཤོས་རྣམས་ནི་སྲོག་ཆེན་པོ་རྣམས་སོ། །གསུམ་པ་རྣམས་དང། བཞི་པ་རྣམས་དང། ལྔ་པ་རྣམས་དང། རྗེས་སུ་དབྱངས་དང་ལྡན་པ་རྣམས་དང། མཐར་གནས་པ་རྣམས་དང། ཧའི་ཡི་གེ་རྣམས་ནི་ངས་པ ་མགུལ་བའི་ང་རོའི་རྗེས་སུ་རབ་ཏུ་སྦྱིན་པ་རྣམས་ནི་དབྱངས་དང་ལྡན་པའོ། །གཉིས་པ་རྣམས་དང། བཞི་པ་རྣམས་དང། ཤ་དང་ཥ་དང་ས་དང་ཧ་སྟེ་དྲོ་བ་རྣམས་སོ། །དེ་ལྟ་བུ་ཉིད་ཕྱིའི་རབ་ཏུ་རྩོལ་བའོ། །འདིར་ཡང་ཡིག་ཐུང་བ་དང་རིང་བ་དང་ཤིན་ཏུ ་རིང་པོ་ཞེས་པ་དབྱེ་བ་རྣམ་པ་གསུམ་མོ། །རོ་ཞིང་ཐུར་དུ་སྦྱིན་པ་དང། གྱན་དུ་སྦྱིན་པ་དང། ཐང་ཀར་སྦྱིན་པའི་དབྱེ་བ་དང། སྣ་ལྡན་དང་བཅས་པ་དང། སྣ་ལྡན་དང་བྲལ་བའི་དབྱེ་བ་ཡིས་ཀྱང་རྣམ་པ་བཅོ་བརྒྱན་དུ་འགྱུར་རོ། །དེ་ལྟར་ཨེའི་ཡི་གེ ་བརྗོད་པ་དང། ལའི་ཡི་གེའོ། །ལིའི་ཡི་གེ་ལ་རིང་ག་མེད་པས་དེའི་ཕྱིར་ན་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །མཚམས་སྦྱོར་བའི་ཡི་གེ་རྣམས་ལ་ཐུང་བ་མེད་པས་ན་གཞན་ཡང་རྣམ་པ་བཅུ་གཉིས་ཡིན་ནོ། །གཅིག་གི་ཡུལ་ཅན་ནི་ཐུང་བའོ། །གཉིས་ཀྱི ་ཡུན་ཅན་ནི་རིང་བའོ། །གསུམ་གྱི་ཡུན་ཅན་ནི་ཤིན་ཏུ་རིང་བའོ། །སྟེང་དུ་སྦྱིན་པ་དང། འོག་ཏུ་སྦྱིན་པ་དང། ཐད་ཀར་སྦྱིན་པ་གསུམ་དུ་བསྡུའོ། །རང་གི་གནས་ལ་རྗེས་སུ་དབྱངས་ཅན་དང་རྗེས་སུ་དབྱངས་དང་བྲལ་བའོ། །མཐར་གནས་ལ་སོགས ་པའི་རབ་ཏུ་དབྱེ་བ་རྣམས་སོ། །རྗེས་སུ་དབྱངས་དང་བཅས་པ་ཅན་དང། རྗེས་སུ་དབྱངས་དང་བྲལ་བ་ཅན་རྣམས་སོ། །ལུང་དུ་སྟོན་པའི་ཡི་གེའི་མདོ། །སློབ་དཔོན་ཆེན་པོ་ཙནྟྲ་གོམས་མཛད་པ་ཡོངས་སུ་རྫོགས་སོ།། །།ལེགས་པར་སྦྱར་བ ་སཾ་སྐྲི་ཏའི་ཚུལ་ཅུང་ཟད་ཁོང་དུ་ཆུད་པའི་ཤཱཀྱའི་དགེ་སློང་ཉི་མ་མ་རྒྱལ་མཚན་དཔལ་བཟང་པོས། དཔལ་འབྱོར་དུ་མ་ལ་དབང་ཐོབ་ཅིང། བརྩེ་བ་དང་དུལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་ཆོས་དང ་ལྡན་པའི་སློབ་དཔོན་ལྷའི་སྐུ་མཁར་གདུང་ཕུབས་སུ་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཝརྞྞ་སཱུ་ཏྲ་བིཏྟི་ནཱ་མ། བོད་སྐད་དུ། ཡི་གེའི་མདོའི་འགྲེལ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན ་