| Wylie | e-texts based on the ACIP/ALL Input |
ས་སྟེང་སུ་ཉི་ཟླ་ལྟར་གྱུར་ཅིག། །། *། (།ཉེར་བསྒྱུར་ཉི་ཤུ་པའི་འགྲེལ་པ་ཙནྟྲ་དྲགོ?་མིས་མཛད་པ་བཞུགས་སོ།)་།*།། །རྒྱ་གར་སྐད་དུ། བི་ཤ་ཏྱུ་པ་སརྒྒ་པྲིཏྟི་ནཱ་མ། བོད་སྐད་དུ། ཉེ་བར་བསྒྱུར་བ་ཉི་ཤུ་པའི་འགྲེལ་པ་ཞེས ་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་ཚལ་ལོ། །པྲི་དང། པ་རཱ་དང། ཨ་པ་དང། སམ་དང། ཨ་ནུ་དང། ཨ་བ་དང། ནིར་དང། དུར་དང། བི་དང། ཨཱད་དང། ནི་དང། ཨདྷཻ་དང། ཨ་པི་དང། ཨ་ཏི་དང། སུ་དང། ཨུཏྲ་དང། ཨ་བྷི་དང། ་པྲཏི་དང། པ་རི་དང། ཨུ་བ་དག་གི་མཚན་ཉིད་ཙམ་མོ། །ཉེ་བར་བསྒྱུར་བ་ཉི་ཤུ་པ་དེ་རྣམས་ཀྱི་མདོའི་འགྲེལ་པ་མངོན་པར་བརྗོད་པར་བྱ་སྟེ། པྲ་ནི་ལས་དང་པོ་པ་དང། སྟོབས་རྒྱལ་དང། སྦྱིན་པའི་སྒྲ་དང། མངའ་བདག་སྦྱིན་དང། འབྱུང་བ་དང། སྦྱོར་བ་དང། ་འབྲལ་བ་དང། ཚིམ་པ་དང། གཙང་བ་དང། འདོད་པ་དང། ནུས་པ་དང། ཞི་བ་དང། མཆོད་པ་དང་མཆོག་དང། ལྟ་བ་རྣམས་ལའོ། །པྲ་ཞེས་བྱ་བའི་སྒྲ་ནི་དོན་བཅོ་ལྔ་པོ་དེ་རྣམས་ལ་འཇུག་གོ་།ལས་དང་པོ་བ་ལ་རབ་ཏུ་ལས་དང་པོ་དང། སྟོབས་རྒྱལ་ལ ་རབ་ཏུ་སྟོབས་རྒྱལ་དང། སྦྱིན་པའི་སྒྲ་ལ་རབ་ཏུ་སྦྱིན་པའི་སྒྲ་དང། མངའ་བདག་སྦྱིན་ལ་རབ་ཏུ་མངའ་བདག་སྦྱིན་དང། འབྱུང་བ་ལ་གང་ཅན་ལས་གཾ་གཱ་རབ་ཏུ་འབྱུང་བར་འགྱུར་བ་དང། སྦྱོར་བ་ལ་རབ་ཏུ་སྦྱོར་བ་དང། འབྲལ་བ་ལ་རབ་ཏུ་འབྲལ་བ ་དང། ཚིམ་པ་ལ་རབ་ཏུ་ཚིམ་དང། གཙང་བ་ལ་རབ་ཏུ་གཙང་བའི་ཆུ་དང། འདོད་པ་ལ་རབ་ཏུ་འདོད་པའི་རྒྱལ་པོ་དང། ནུས་པ་ལ་རབ་ཏུ་ནུས་པ་དང། ཞི་བ་ལ་རབ་ཏུ་ཞི་བ་དང། མཆོད་པ་ལ་རབ་ཏུ་ཞི་བའི་མཆོད་པའི་མེ་དང། མཆོག་ལ་རབ་ཏུ ་སྦོམས་པའི་ཤིང་མཆོག་དང། ལྟ་བ་ལ་རབ་ཏུ་ལྟ་བའོ། །བ་ར་ནི་གསོད་པ་དང། བྱི་དོར་དང། གཤེགས་པ་དང། རྣམ་པར་གནོན་པ་དང། འཕེལ་བ་དང། རྒྱལ་བ་དང། གཙོ་བོ་དང། མཐུན་པ་དང། མི་མཐུན་པ་རྣམས་ལའོ། །པ་རཱ་ཞེས་པའི་ཉེ་བར ་བསྒྱུར་བ་ནི་དོན་དགུ་པོ་དེ་རྣམས་ལ་འཇུག་གོ་།གསོད་པ་ལ་མཆོག་ཏུ་གསོད་པ་དང། བྱི་དོར་ལ་མཆོག་ཏུ་བྱི་དོར་དང། གཤེགས་པ་ལ་མཆོག་ཏུ་གཤེགས་པ་དང། རྣམ་པར་གནོན་པ་ལ་མཆོག་ཏུ་རྣམ་པར་གནོན ་པ་དང། འཕེལ་བ་ལ་མཆོག་ཏུ་འཕེལ་བ་དང། རྒྱལ་བ་ལ་མཆོག་ཏུ་རྒྱལ་བ་དང། གཙོ་བོ་ལ་མཆོག་ཏུ་གཙོ་བོ་དང། མཐུན་པ་ལ་མཆོག་ཏུ་མཐུན་པ་དང། མི་མཐུན་པ་ལ་མཆོག་ཏུ་མི་མཐུན་པའོ། ། པ་ནི་ཆར་འབབ་པ་དང། ་འཕེན་པ་དང། འཕྲོག་པ་དང། དབྱེས་པ་དང། སྟོན་པ་དང། རྣམ་པར་འགྱུར་བ་དང། སྡིག་སྤྲུལ་དང། རྟོགས་པ་རྣམས་ལའོ། ཨ་བ་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་བརྒྱད་པོ་འདི་རྣམས་ལ་འཇུག་གོ་།ཆར་འབབ་པ་ལྷག་པར་གྲོང་ཁྱེར ་གནས་བཅས་ནས་ཆར་འབབ་པ་དང། འཕེན་པ་ལ་ལྷག་པར་འཕེན་པ་དང། འཕྲོག་པ་ལ་ལྷག་པར་འཕྲོག་པ་དང། དགྱེས་པ་ལ་ལྷག་པར་དགྱེས་པ་དང། སྟོན་པ་ལ་ལྷག་པར་སྟོན་པ་དང། རྣམ་པར་འགྱུར་བ་ལ་ལྷག་པར་རྣམ་པར ་འགྱུར་བ་དང། སྡིག་སྤྲུལ་ལ་ལྷག་པར་སྡིག་སྤྲུལ་ལས་དང། རྟོགས་པ་ལ་ལྷག་པར་རྟོགས་པའོ། །སམ་ནི་སྦྱོར་བ་དང། རིགས་པ་དང། གསོད་པོར་སྨྲ་བ་དང། སྐྱེ་བ་དང། བདེན་པ་དང། བྱེད་པ་དང། བཀྲམ་པ་དང། བརྒྱན་པ་དང། ་མངོན་དུ་ཕྱོགས་པ་དང། དོར་བ་དང། གྲུབ་པ་དང། སྡང་བ་དང། འཛིན་པ་རྣམས་ལའོ། །སམ་ཞེས་པའི་ཉེ་བར་སྒྱུར་བ་ནི། དོན་བཅུ་པོ་དེ་རྣམས་ལ་འཇུག་གོ་།སྦྱོར་བ་ཡང་དག་པར་སྦྱོར་བ་དང། རིགས་པ་ལ་ཡང་དག་པར་རིགས་པ་དང། ་གསོད་པར་སྨྲ་བ་ལ་ཡང་དག་པར་གསོད་པོར་སྨྲ་བ་དང། སྐྱེ་བ་ལ་ཡང་དག་པར་སྐྱེ་བ་དང། བདེན་པ་ལ་ཡང་དག་པར་བདེན་པ་དང། བྱེད་པ་ལ་ཡང་དག་པར་བྱེད་པ་དང། བཀྲམ་པ་ལ་ཡང་དག་པར་བཀྲམ་པ་དང། བརྒྱན་པ་ལ་ཡང་དག ་པར་བརྒྱན་པ་དང། མངོན་དུ་ཕྱོགས་པ་ལ་ཡང་དག་པར་མངོན་དུ་ཕྱོགས་པ་དང། དོར་བ་ལ་ཡང་དག་པར་དོར་བ་དང། གྲུབ་པ་ལ་ཡང་དག་པར་གྲུབ་པ་དང། སྡང་བ་ལ་ཡང་དག་པར་སྡང་བ་དང། འཛིན་པ་ལ་ཡང་དག་པར་འཛིན་པའོ། ། ནུ་ནི ་གནས་ནས་དང། ཉེ་བར་དང། ཁ་དོག་དང། འབྲེལ་པ་དང། གནས་ནས་འགྲོ་བ་དང། མཚུངས་པ་དང། མངོན་པར་མཐོ་བ་དང། མཚོན་པ་དང། དམན་པ་རྣམས་ལའོ། ། ནུ་ཞེས་པའི་ཉེ་བ་བསྒྱུར་བ་ནི་དོན་དགུ་པོ་དེ་རྣམས་ལ་འཇུག་གོ་།གནས ་ལ་རྗེས་སུ་གྲོང་ཁྱེར་པཱ་ཊ་ལི་པུ་ཏྲར་གནས་པ་དང། ཉེ་བ་ལ་རྗེས་སུ་སྤྲིན་ནི་གཾ་གཱ་ལ་ཉེ་བ་དང། ཁ་ཏོན་ལ་རྗེས་སུ་ཁ་ཏོན་གདོན་པ་དང། འབྲེལ་པ་ལ་རྗེས་སུ་འབྲེལ་པ་དང། གནང་ནས་འགྲོ་བ་ལ་རྗེས་སུ་གནས་ནས་འགྲོ་བ་དང། མཚུངས ་པ་ལ་རྗེས་སུ་མཚུངས་པ་དང། མངོན་པར་མཐོ་བ་ལ་རྗེས་སུ་མངོན་པར་མཐོ་བ་དང། མཚོན་པ་ལ་རྗེས་སུ་མཚོན་པ་དང། དམན་པ་ལ་རྗེས་སུ་དམན་པ་ནགས་ཀྱི་སྤྲོས་འཚོད་བའོ། ། བ་ནི་ཤེས་པ་དང། དམིགས་པ་དང། བྱང་བ་དང་རྙེད ་པ་དང། ཁྱབ་པ་དང། དགའ་བ་དང། གྲོལ་བ་རྣམས་ལའོ། ། བ་ཞེས་བྱ་བ་ཉེ་བར་བསྒྱུར་བ་ནི་དོན་བདུན་པོ་དེ་རྣམས་ལ་འཇུག་གོ་།ཤེས་པ་ཕུལ་ཏུ་ཤེས་པ་དང། དམིགས་པ་ལ་ཕུལ་ཏུ་དམིགས་པ་དང། བྱང་པ་ལ་ཕུལ་ཏུ་བྱང་བ་དང། རྙེད ་པ་ལ་ཕུལ་ཏུ་རྙེད་པ་དང། ཁྱབ་པ་ལ་ཕུལ་ཏུ་ཁྱབ་པ་དང། དགའ་བ་ལ་ཕུལ་ཏུ་དགའ་བ་ད་དེ། གྲོལ་བ་ལ་ཕུལ་ཏུ་གྲོལ་བའོ། །ནིར་ནི་སྦྱོར་བ་དང། ལུགས་དང། སྒྱུ་དང། དྲི་མ་དང། ངེས་པ་དང། ཕྱོགས་དང། རིམ་པ་དང། ཁྱད་པར་རྣམས ་ལའོ། །ནིར་ཞེས་པའི་སྒྲ་ནི་དོན་བརྒྱད་པོ་དེ་རྣམས་ལ་འཇུག་གོ་།སྦྱོར་བ་ལ་སྦྱོར་བྲལ་དང། ལུགས་ལ་ལུགས་བྲལ་དང། སྒྱུ་ལ་སྒྱུ་བྲལ་དང། དྲི་མ་ལ་དྲི་བྲལ་དང། ངེས་པར་ལ་ངེས་བྲལ་དང། ཕྱོགས་ལ་ཕྱོགས་བྲལ་དང། རིམ་པ་ལ་རིམ་བྲལ་དང། ་ཁྱད་པར་ལ་ཁྱད་པར་བྲལ་བའོ། །དུར་ནི་བཟུང་བ་དང། སྟོབས་དང། ཁ་དོག་དང། འབྲོ་བ་དང། ཐོབ་པ་རྣམས་ལའོ། །དུར་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་ལྔ་པོ་དེ་རྣམས་ལ་འཇུག་གོ་།བཟུང་བ་ལ་བཟུང་བ་ངན་པ་དང། ་སྟོབས་ལ་སྟོབས་ངན་པ་དང། ཁ་དོག་ལ་ཁ་དོག་ངན་པ་དང། འགྲོ་བ་ལ་ངན་འགྲོ་དང། ཐོབ་པ་ལ་ངན་པ་ཐོབ་པའོ། །བི་ནི་སྣ་ཚོགས་དང། སྦྱོར་བ་དང། གཏོར་བ་དང། འཇིགས་པ་དང། རིང་བ་དང། ངག་པའི་སྒྲ་དང། རྩོད་པ་དང། འབྱོར ་བ་དང། རྨོངས་པ་དང། འབྱེད་པ་དང། འཕགས་པ་དང། ངན་པ་དང། འཁྲུགས་པ་དང། མ་མཐོང་བ་དང། འཁྲུལ་པ་དང། ཉམས་པ་དང། གཟིགས་པ་དང། བགྲོད་པ་རྣམས་ལའོ། །བི་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་བཅོ་བརྒྱད་པོ་དེ ་རྣམས་ལ་འཇུག་གོ་།སྣ་ཚོགས་ལ་རྣམ་པ་སྣ་ཚོགས་དང། སྦྱོར་བ་ལ་རྣམ་པར་སྦྱོར་བ་དང། གཏོར་བ་ལ་རྣམ་པར་གཏོར་བ་དང། འཇིགས་པ་ལ་རྣམ་པར་འཇིགས་པ་དང། རིང་བ་ལ་རྣམ་པར་རིང་བ་དང། ངག་པའི་སྒྲ་ལ་རྣམ་པར་དག་པའི ་སྒྲ་དང། རྩོད་པ་ལ་རྣམ་པར་རྩོད་པ་དང། འབྱོར་པ་ལ་རྣམ་པར་འབྱོར་པ་དང། རྨོངས་པ་ལ་རྣམ་པར་རྨོངས་པ་དང། འབྱེད་པ་ལ་རྣམ་པར་འབྱེད་པ་དང། འཕགས་པ་ལ་རྣམ་པར་འཕགས་པ་དང། ངན་པ་ལ་རྣམ་པར་ངན་པ་དང། འཁྲུགས་པ་ལ ་རྣམ་པར་འཁྲུགས་པ་དང། མ་མཐོང་བ་རྣམ་པར་མ་མཐོང་བ་དང། ཁྲུལ་པ་ལ་རྣམ་པར་འཁྲུལ་པ་དང། ཉམས་པ་ལ་རྣམ་པར་ཉམས་པ་དང། གཟིགས་པ་ལ་རྣམ་པར་གཟིགས་པ་དང། བགྲོད་པ་ལ་རྣམ་པར་བགྲོད་པའོ། །ང་ནི་ཐོབ་པ ་དང། ཞེས་པ་དང། བཅིངས་པ་དང། གཡོ་བ་དང། གསུང་བ་དང། འཁྲུག་པ་དང། གྲགས་པ་དང། གཡོ་བ་དང། འཆ་བ་དང། རྩོམ་པ་བྱེད་པ་དང། འཕྱང་བ་དང། གནས་པ་དང། མ་བསྐང་བ་དང། དབུགས་འབྱིན་པ་དང། མགྲོན་དུ ་གཉེར་བ་དང། དགའ་བ་དང། འཆད་པ་དང། སྦྱིན་པ་དང། ཡིད་འབྱུང་བ་དང། དག་བྱེད་དང། སྟོབས་འབྱེད་པ་དང། ཡིད་ལ་སེམས་པ་དང། ཐུ་བ་དང། མཆར་བ་དང། རབ་ཏུ་གནས་པ་དང། གཏན་ལ་འབེབས་པ་དང། ནུས་པ་དང། ་བདག་གི་སྦྱིན་པ་རྣམས་ལའོ། །ཱང་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་ཉི་ཤུ་རྩ་བརྒྱད་པོ་དེ་རྣམས་ལ་འཇུག་གོ་།ཐོབ་པ་ལ་ལེགས་པར་ཐོབ་པ་དང། ཞེས་པ་ལ་སོགས་པར་ཞེན་པ་དང། བཅིངས་པ་ལ་ལེགས་པར་བཅིངས་པ་དང། གཡོ་བ་ལ ་ལེགས་པར་གཡོ་བ་དང། གསུང་བ་ལ་ལེགས་པར་གསུང་བ་དང། འཁྱུད་པ་ལ་ལེགས་པར་འཁྱུད་པ་དང། གྲགས་པ་ལ་ལེགས་པར་གྲགས་པ་དང། གཡོ་སྒྱུ་ལ་ལེགས་པར་གཡོ་སྒྱུ་བ་དང། འཚེ་བ་ལ་ལེགས་པར་འཚེ་བ་དང། རྩོམ་པ་བྱེད ་པ་ལ་ལགས་པར་རྩོམ་པ་བྱེད་པ་དང། འཕྱང་བ་ལེགས་པར་འཕྱང་བ་དང། གནས་པ་ལ་ལེགས་པར་གནས་པ་དང། མ་བསྐང་བ་ལ་ལེགས་པར་མ་བསྐལ་བ་དང། དབུགས་འབྱིན་པ་ལ་ལེགས་པར་དབུགས་འབྱིན་པ་དང། མགྲོན་དུ་གཉེར ་བ་ལ་ལེགས་པར་མགྲོན་དུ་གཉེར་བ་དང། དགའ་བ་ལ་ལེགས་པར་དགའ་བ་དང། འཆད་པ་ལ་ལེགས་པར་འཆད་པ་དང། སྦྱིན་པ་ལ་ལེགས་པར་སྦྱིན་པ་དང། ཡིད་འབྱུང་བ་ལ་ལེགས་པར་འབྱུང་བ་དང། དག་བྱེད་ལ་ལེགས་པར་དག ་བྱེད་པ་དང། སྟོབས་འགྱེད་པ་ལ་ལེགས་པར་སྟོབས་འགྱེད་པ་དང། །ཡིད་ལ་སེམས་པ་ལ་ལེགས་པར་ཡིད་ལ་སེམས་པ་དང། ཐུ་བ་ལ་ལེགས་པར་ཐུ་བ་དང། མཚར་བ་ལ་ལེགས་པར་མཚར་བ་དང། རབ་ཏུ་གནས་པ་ལ་ལེགས་པར་རབ་ཏུ ་གནས་པ་དང། གཏན་ལ་འབེབས་པ་ལ་ལེགས་པར་གཏན་ལ་འབེབས་པ་དང། ནུས་པ་ལ་ལེགས་པར་ནུས་པ་དང། བདག་གིས་སྦྱིན་པ་ལེགས་པར་བདག་གིས་སྦྱིན་པའོ། །ནི་ཞེས་པ་ནི་བཞུགས་པ་དང། སྤུངས་པ་དང། བཟུང་བ་དང། ལྟུང་བ ་དང། ཉམས་པ་དང། སྦྱིན་པའི་ལས་དང། ཕྲད་པ་དང། མཐོ་བ་དང། སྦྲེལ་བ་དང། མཁས་པ་དང། ཟུག་རྡུ་བསལ་བ་དང། ཉེ་བ་དང། ཐར་པ་དང། བརྟན་པ་རྣམས་ལའོ། །ནི་ཞེས་པའི་ཉེ་བར་བསྒྱུར་པ་ནི་དོན ་བཅུ་བཞི་པོ་དེ་རྣམས་ལ་འཇུག་གོ་།བཞུགས་པ་ལ་ངེས་པར་བཞུགས་པ་དང། སྤུངས་པ་ལ་ངེས་པར་སྤུངས་པ་དང། གཟུང་བ་ལ་ངེས་པར་གཟུང་བ་དང་ཀ་ལྟུང་བ་ལ་ངེས་པར་ལྟུང་བ་དང། ཉམས་པ་ལ་ངེས་པར་ཉམས་པ་དང། སྦྱིན ་པའི་ལས་ལ་ངེས་པར་སྦྱིན་པའི་ལས་དང། ཕྲད་པ་ལ་ངེས་པར་ཕྲད་པ་དང། མཐོ་བ་ལ་ངེས་པར་མཐོ་བ་དང། སྤྲེལ་བ་ལ་ངེས་པར་སྦྲེལ་བ་དང། མཁས་པ་ལ་ངེས་པར་མཁས་པ་དང། ཟུག་རྡུ་བསལ་བ་ལ་ངེས་པར་ཟུག་རྡུ་བསལ་བ ་དང། ཉེ་བ་ལ་ངེས་པར་དུས་ལ་ཉེ་བ་དང། ཐར་པ་ལ་ངེས་པར་ཐར་པ་དང། བརྟེན་པ་ལ་ངེས་པར་བརྟེན་པའོ། ། དྷི་ནི་དབང་དུ་བྱེད་པ་དང། བྱིན་གྱིས་བརླབས་པ་དང། ཀློག་པ་དང། དབང་ཕྱུག་དང། དྲན་པ་དང། བཀའ་སྩལ་པ་རྣམས ་ལའོ། ། དྷི་ཞེས་པའི་ཉེ་བར་བསྐྱུར་བ་ནི་དོན་དྲུག་པོ་རྣམས་ལ་འཇུག་གོ་།དབང་དུ་བྱེད་པ་ལ་ཤིན་ཏུ་ཆོ་གས་དབང་དུ་བྱེད་པ་དང། བྱིན་གྱིས་བརླབས་པ་ལ་ཤིན་ཏུ་བྱིན་གྱིས་བརླབས་པ་དང། ཀློག་པ་ལ་ཤིན་ཏུ་བརྡ་སྤྲོད་པ ་ཀློག་པ་དང། དབང་ཕྱུག་ལ་ཤིན་ཏུ་བང་ཕྱུག་དང། དྲན་པ་ལ་ཤིན་ཏུ་མགྲོན་དྲན་པ་དང། བཀའ་སྩལ་པ་ལ་ཤིན་ཏུ་བཀའ་སྩལ་པའོ། ། པ་ནི་འབྱུང་བ་དང། འགྲུབ་པ་དང། སྙོམས་པ་དང། བསྡུས་པ་དང། སྨོད་པ་དང། ? ་པ་དང། གཤིག་པ་དང། བརྒྱན་པ་དང། འདྲི་བ་རྣམས་ལའོ། ། པི་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་དགུ་པོ་དེ་རྣམས་ལ་འཇུག་གོ་།འབྱུང་བ་ལ་སླར་འབྱུང་བ་དང། འགྲུབ་པ་ལ་སླར་འགྲུབ་པ་དང། སྙོམས་པ་ལ་སླར་སྙོམས ་པ་དང། བསྡུས་པ་ལ་སླར་བསྡུས་པ་དང། སྨོད་པ་ལ་སླར་སྨོད་པ་དང། ཤིས་པ་ལ་སླར་ཤིས་པ་དང། གཤིག་པ་ལ་སླར་གཤིག་པ་དང། བརྒྱན་པ་ལ་སླར་བརྒྱན་པ་དང། འདྲི་བ་ལ་སླར་འདྲི་བའོ། ། ཏི་ནི་བསམ་པ་དང། དཀའ་ཐུབ་དང། ་གཤེགས་པ་དང། རིམ་པ་དང། ཆར་སྤྲིན་རྣམས་ལའོ། ། ཏི་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་ལྔ་པོ་དེ་རྣམས་ལ་འཇུག་གོ་།བསམ་པ་ལ་དག་པའི་བསམ་བ་དང། དཀའ་ཐུབ་པ་ལ་དག་པའི་དཀའ་ཐུབ་དང། གཤེགས་པ་ལ་དག་བར་གཤེགས ་པ་དང། རིམ་པ་ལ་དག་པའི་རིམ་པ་དང། ཆར་སྤྲི་ལ་དག་པའི་ཆར་སྤྲིན་ནོ། །སུ་ནི་མཆོད་པ་དང། གདུང་བ་དང། རྗེས་སུ་འདོད་པ་དང། ཚོགས་པ་དང། དཀའ་བ་སྤྱོད་པ་རྣམས་ལའོ། །སུ་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་ལྔ་པོ་དེ་རྣམས་ལ ་འཇུག་གོ་།མཆོད་པ་ལ་བདེ་བར་མེས་མཆེད་པ་དང། གདུང་བ་ལ་བདེ་བར་གདུང་བ་དང། རྗེས་སུ་འདོད་པ་ལ་བདེ་བར་རྗེས་སུ་འདོད་པ་དང། ཚོགས་པ་ལ་བདེ་བར་ཚོགས་པ་དང། དཀའ་བ་སྤྱོད་པ་ལ་བདེ་བར་དཀའ་བ་སྤྱོད་པའོ། །ུཏ་ནི ་སྟོབས་དང། སྦྱོར་བ་དང། རྙེད་པ་དང། སྤྱི་བོ་དང། ངག་དང། སྤྲོ་བ་དང། འཆར་བ་དང། འབངས་པ་དང། བཅིངས་པ་དང། གཙོ་བོ་དང། འཛིན་པ་རྣམས་ལའོ། །ུཏ་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་བཅུ་གཅིག་པོ་དེ་རྣམས་ལ་འཇུག་གོ་། ་སྟོབས་ལ་མཐོ་བའི་སྟོབས་དང། སྦྱོར་བ་ལ་མཐོ་བའི་སྦྱོར་བ་དང། རྙེད་པ་ལ་མཐོ་བའི་རྙེད་པ་དང། སྤྱི་པོ་ལ་མཐོ་བའི་སྤྱི་བོ་དང། ངག་ལ་མཐོ་བའི་དག་དང། སྤྲོ་བ་ལ་མཐོ་བའི་སྤྲོ་བ་དང། འཆར་པ་ལ་མཐོ་བའི་འཆར་བ་དང། ་འབངས་ལ་མཐོ་བའི་འབངས་དང། བཅིངས་པ་ལ་མཐོ་བའི་བཅིངས་པ་དང། གཙོ་བོ་ལ་མཐོ་བའི་གཙོ་བོ་དང། འཛིན་པ་ལ་མཐོ་བའི་འཛིན་པ་དང། ཨ་བྷི་ནི་མཆོད་པ་དང། ཕྱོགས་པ་དང། བཅོམ་པ་དང། འདྲ་བ་དང། སྦྱོར་བ་དང། ་འདོད་པ་དང། དགའ་བ་དང། སྒེག་པ་དང། འཐབ་པ་དང། བརྗོད་པ་དང། རྐུ་བ་དང། གཏན་ལ་འབེབས་པ་རྣམས་ལའོ། ། བྷི་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་བཅུ་གཉིས་པོ་དེ་རྣམས་ལ་འཇུག་གོ། ་མཆོད་པ་ལ་མངོན་པར་མཆོད་པ་དང། ཕྱོགས་པ་ལ་མངོན་པར་ཕྱོགས་པ་དང། བཅོམ་པ་ལ་མངོན་པར་བཅོམ་པ་དང། འདྲ་བ་ལ་མངོན་པར་འདྲ་བ་དང། སྦྱོར་བ་ལ་མངོན་པར་སྦྱོར་བ་དང། འདོད་པ་ལ་མངོན་པར་འདོད ་པ་དང། དགའ་བ་ལ་མངོན་པར་དགའ་བ་དང། སྒེག་པ་ལ་མངོན་པར་སྒེག་པ་དང། འཐས་བས་མངོན་པར་འཐས་པ་དང། བརྗོད་པ་ལ་མངོན་པར་བརྗོད་པ་དང། རྐུ་བ་ལ་མངོན་པར་རྐུ་བ་དང། གཏན་ལ་འབེབས་པ་ལ་མངོན ་པར་གཏན་ལ་འབེབས་པ་དང། པྲ་ཏི་ནི་མཚུངས་པ་དང། ལེན་པ་དང། འཚེ་བ་དང། རྩོལ་བ་དང། ཕན་ཚུན་དང། གླང་པོ་དང། གནོན་པ་དང། ནད་དང། འགྲོ་བ་དང། འཕོ་བ་དང། སྒྲིབ་པ་རྣམས་ལའོ། །པྲི་ཏི་ཞེས་པའི ་ཉེ་བར་བསྒྱུར་བ་ནི་དོན་བཅུ་གཅིག་པོ་དེ་རྣམས་ལ་འཇུག་གོ་།མཚུངས་པ་ལ་སོ་སོར་མཚུངས་པ་དང། ལེན་པ་ལ་སོ་སོར་ལེན་པ་དང། འཚེ་བ་ལ་སོ་སོར་འཚེ་བ་དང། རྩོལ་བ་ལ་སོ་སོར་རྩོལ་བ་དང། ཕན་ཚུན་ལ་སོ་སོར་ཕན་ཚུན་དང། ་གླང་པོ་ལ་སོ་སོར་གླང་པོ་དང། གནོན་པ་ལ་སོ་སོར་གནོན་པ་དང། ནད་པ་ལ་སོ་སོའི་ནད་དང། འགྲོ་བ་ལ་སོ་སོར་འགྲོ་བ་དང། འཕྲོ་བ་ལ་སོ་སོར་འཕྲོ་བ་དང། སྒྲིབ་པ་ལ་སོ་སོར་སྒྲིབ་པའོ། །པ་རི་ནི་བསྐོར་བ་དང། ཚིག་པ་དང། སྐྱོན་བརྗོད ་པ་དང། གང་བ་དང། བྱེད་པ་དང། བརྗེད་པ་དང། འཛག་པ་དང། མཁྱུད་པ་དང། འཆང་བ་དང། གསལ་བ་དང། སྨྲེ་སྔགས་འདོན་པ་དང། ཆག་ཆག་འདེབས་པ་རྣམས་ལའོ། །བ་རི་ཞེས་པའི་ཉེ་བར་བསྒྱུར་བ་ནི་དོན་བཅུ་གཉིས ་པོ་དེ་རྣམས་ལ་འཇུག་གོ་།བསྐོར་བ་ལ་ཡོངས་སུ་བསྐོར་བ་དང། ཚིག་པ་ལ་ཡོངས་སུ་ཚིག་པ་དང། སྐྱོན་བརྗོད་པ་ལ་ཡོངས་སུ་སྐྱོན་བརྗོད་པ་དང། གང་ལ་ཡོངས་སུ་གང་བ་དང། བྱེད་པ་ལ་ཡོངས་སུ་བྱེད་པ་དང། བརྗེད་པ་ལ་ཡོངས་སུ་བརྗེད་པ་དང། ་འཛག་པ་ལ་ཡོངས་སུ་འཛག་པ་དང། མཁྱུད་པ་ལ་ཡོངས་སུ་མཁྱུད་པ་དང། འཆང་བ་ལ་ཡོངས་སུ་འཆང་བ་དང། གསལ་བ་ལ་ཡོངས་སུ་གསལ་བ་དང། སྨྲེ་སྔགས་འདོན་ལ་ལ་ཡོངས་སུ་སྨྲེ་སྔགས་འདོན་པ་དང། ཆག་ཆག་འདེབས་པ་ལ་ཡོངས་སུ ་ཆག་ཆག་འདེབས་པའོ། །ུ་པ་ནི་བུམ་པ་དང། ནུས་པ་དང། ཁྱབ་པ་དང། སློབ་པ་དང། ཆུད་གཟོན་པ་དང། སྦྱིན་པ་དང། སྤྱོད་པ་དང། སློབ?་པ་དང། རྩོམ་པ་དང། མཆོད་པ་དང། ཟིན་པ་དང། ལྷུང་བ་དང། གསོད་པ་དང། ་དགའ་བ་རྣམས་ལའོ། །ུ་བ་ཞེས་བྱ་བའི་ཉེ་བར་བསྒྱུར་བ་ནི་དོན་བཅུ་བཞི་པོ་དེ་རྣམས་ལ་འཇུག་གོ་།བུམ་པ་ལ་ཉེ་བའི་བུམ་པ་དང། ནུས་པ་ལ་ཉེ་བར་ནུས་པ་དང། ཁྱབ་པ་ལ་ཉེ་བར་ཁྱབ་པ་དང། སློབ་པ་ལ་ཉེ་བར་སློབ་པ་དང། ཆུང་གཟོན ་པ་ལ་ཉེ་བར་ཆུད་གཟོན་པ་དང། སྦྱིན་པ་ལ་ཉེ་བར་སྦྱིན་པ་དང། སྤྱོད་པ་ལ་ཉེ་བར་སྤྱོད་པ་དང། སློང་བ་ལ་ཉེ་བར་སློང་བ་དང། རྩོམ་པ་ལ་ཉེ་བར་རྩོམ་པ་དང། མཆོད་པ་ལ་ཉེ་བར་མཆོད་པ་དང། གཟིན་པ་ལ་ཉེ་བར་གཟིན་པ་དང། ལྷུང་བ་ལ་ཉེ་བར ་ལྷུང་པ་དང། གསོད་པ་ལ་ཉེ་བར་གསོད་པ་དང། དགའ་བ་ལ་ཉེ་བར་དགའ་བ་དང། ཉེ་བར་བསྒྱུར་བ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཆེན་པོ་ཙནྡྲ་གོམས་མཛད་པ་རྫོགས་སོ།། །།སྒྲ་ཆེན་པོ་པཎྜི་ཏ་ཛེ་ཧ་ཀརྞའི་ཞལ་སྔ་ནས་ལེགས ་པར་མཉན་ཏེ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བང་པོས། དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ།། །།སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག།། །། ་