| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ། བོད་སྐད་དུ། ཡངས་པ་དང་དྲི་མ་མེད ་པ་དང་ལྡན་པ་ཞེས་བྱ་བ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད་སངས་རྒྱས་ལ་ཕྱག་འཚལ་ལོ། །བདེ་གཤེགས ་ཐུགས་རྗེའི་བདག་ཉིད་ཅན་གྱིས་རྒྱལ་གྱུར་ཅིག་།ངེས་པར་འབྱུང་བའི་ཆོས་ཀྱིས་རྟག་ཏུ་རྒྱལ་གྱུར་ཅིག་།མཛའ་དག་སྲིད་པ ་གསུམ་པོ་རྣམས་ཀྱིས་མཆོད་བྱ་བ། །ཡོན་ཏན་རབ་རྒྱས་འཕགས་པའི་ཚོགས་ཀྱིས་རྒྱལ་གྱུར་ཅིག་།དངོས་པོ་ཐོབ་པ་རྣམས ་ཀྱིས་དགྲ་ལ་ཡང། །གཞན་རྗེས་འཛིན་པར་བྱེད་པ་དམ་པས་བསྔགས། །གཞན་གྱི་ལུགས་རྣམས་རྙེད་པ་རྣམས་ཀྱིས ་ཀྱང། །གཞན་ལ་ཕན་པ་དེ་ནི་བྱ་བར་འོས། །དེ་ཕྱིར་ཤིན་ཏུ་རབ་ཏུ་རྒྱས་པ་ཡི། །སློབ་དཔོན་རྣམས་ཀྱི་ལུགས་རྣམས་ཡང་དག་པར། ། ་ཀུན་ནས་ལྟ་བར་ནུས་པ་མ་ཡིན་པའི། །སྐྱེ་བོ་ལ་ནི་བློ་ཞན་བདག་ལས་ཀྱང། །ཆོས་ཀྱི་གྲགས་པ་དང་ནི་གཞན་རྣམས་ཀྱིའང། །ལུགས་ལས ་ཅུང་ཟད་ངེས་པར་བསྡུས་བྱས་ནས། །དེ་ལས་མཐོང་བར་གྱུར་བའི་ཕྱོགས་ཀྱིས་ཀྱང། །འབད་པས་རང་གིས་མངོན་པར་བརྟག་པར་བྱ། །དོན ་གྱི་དེ་ཉིད་རབ་ཕྱེ་རོ་ཞིམ་ཅན། །ཕྱོགས་ཀྱི་གླང་པོའི་ལུགས་ཀྱི་བསྟན་བཅོས་ཀྱི། །རྣམ་པར་བཤད་པ་ཟ་མ་ཏོག་ལྟ་བུ། །འདི་ནི་བདག་གིས་ཕན་བའི་ཆེད ་དུ་བ། །ཚད་མར་གྱུར་པ་ཞེས་པ་ལ་སོགས་པ་སྟེ། །ཇི་ལྟར་ཁྱོད་ནི་རི་རབ་རྒྱ་མཚོ་ཁྱོད། །མགོན་ཁྱོད་དཔག་བསམ་རྐང་འཐུང་སྟེ། །སྨན་པ་བཟང་ཁྱོད ་སྒྲོན་མ་ཁྱོད། །ཁྱོད་ནི་སྒྲོལ་བྱེད་དམ་པའོ་ཞེས་པ་འདི་འདྲ་བའི་སྒྲ་སྦྱར་བ་མེད་པར་ཡང་དེའི་དོན་རྟོགས་པ་དེ་ལྟར་འདིར་ཡང་ངོ་ཞེས་པས་ཚད་མ་དང་འདྲ་བས ་བཅོམ་ལྡན་འདས་ཚད་མའོ། །གང་གི་ཕྱིར་ཇི་ལྟར་མངོན་སུམ་ལ་སོགས་པའི་ཚད་མ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་སྔར་མ་རྟོགས་པའི་དོན་གསལ་བར ་བྱེད་ཅིང་མི་བསླུ་བ་ཡིན་པ་དེ་ལྟར། བཅོམ་ལྡན་འདས་ཀྱང་གང་ལ་སྐྱེས་བུའི་དོན་གྱི་མཆོག་རག་ལས་པ་འཕགས་པའི་བདེན་པ་བཞིའི་མཚན་ཉིད་ཀྱི་དེ ་ཁོ་ན་ཉིད་ལ་དེའི་ཡུལ་ཅན་གྱི་ཤེས་པ་བསྐྱེད་ནས། ངེས་པར་ལེགས་པ་དོན་དུ་གཉེར་བ་རྣམས་ལ། ཁོང་དུ་མ་ཆུད་པ་དེ་གསལ་བར་བྱེད ་པ་དང་མི་བསླུ་བ་དེའི་ཕྱིར་ཚད་མ་དང་ཆོས་མཚུངས་པ་ཉིད་ཀྱི་ཕྱིར་ཚད་མའོ། །གྱུར་པ་ནི་སྐྱེས་པ་སྟེ་བྱུང་བ་ཅེས་པའི་དོན་ཏོ། །གྱུར་པའི་ཚིག་ནི་མ་བྱུང་བ་རྟག ་པ་དབང་ཕྱུག་ལ་སོགས་པའི་ཚང་མ་གཞན་གྱིས་ཡོངས་སུ་བརྟགས་པ་དགག་པའི་དོན་དུའོ། །ཚད་མ་ཡང་འདི་ཡིན་ལ་གྱུར་པའང་ཡིན་པས་ཚད་མར་གྱུར་པ་སྟེ། ་ཚད་མར་གྱུར་པ་དེ་ལའོ། །འོ་ན་འདིར་ཇི་ལྟར་འདི་ཉིད་ཀྱི་འགྲེལ་པར་འདི་ལྟ་བུའི་ཡོན་ཏན་ཅན་གྱི་སྟོན་པ་ལ་ཕྱག་འཚལ་ནས་ཞེས་པ་ལྟར་གཉིས་པ་འབྱུང་བ་མ ་ཡིན་ནམ་ཞེ་ན། བདེན་ཏེ་བརྗོད་འདོད་འདི་ནི་མཆོག་གི་སྦྱོར་བའི་རྗེས་སུ་འབྲང་བ་ཉིད་ཀྱི་ཕྱིར་གང་གི་ཚེ་ལས་ཀྱི་བྱེད་པ་བརྗོད་པར་འདོད་ལ། གང་གི་ཚེ་དོན་དུ་གཉེར་བ ་དང་ལྷག་པར་ཞེན་པའི་བྱ་བ་འདི་དག་གི་མཆོག་ཏུ་ཐོབ་པར་འདོད་པ་ཉིད་ཀྱི་ཕྱིར་ཐོབ་པའི་ལས་སུ་སྟོན་པའི་ཕྱག་འཚལ་བའི་བྱ་བས་མངོན་པར་འདོད་པ་བྱ་བ་ཡང་དག་པར་རབ་ཏུ་སྦྱིན་པ་ཉིད་དུ ་བརྗོད་པར་འདོད་པ་དེའི་ཚེ་ལས་ལ་བཞི་པ་ཉིད་རིགས་ཏེ། ཇི་ལྟར་དེ་ཁོ་ནར་ཐོབ་པའི་ལས་ཀྱི་མིང་ཅན་ཉལ་བས་མངོན་པར་འདོད་པར་བྱ་བ་ཉིད་ཀྱི་ཕྱིར་བདག་པོ་ཆེད་དུ་བྱ་བར་བརྗོད་པར་འདོད་པན ་བདག་པོ་ལ་ཉལ་ལོ་ཞེས་པ་འདིར་བཞི་པ་ཁོ་ནར་འགྱུར་བདེ་བཞིན་དུ་འདིར་ཡང་ངོ། །ཅེས་པས་སྐྱོན་མེད་དོ། །འགྲོ་ལ་ཕན་བཞེད་པ་ཞེས་པ་འགྲོ་བ་ལ་ཕན་པ་ནི་དོར་བར་བྱ་བ་དང་བླང་བར་བྱ་བ་ཐབས ་དང་བཅས་པ་དག་གི་འདོར་བ་དང་ལེན་པ་ཕུལ་དུ་བྱུང་བ་དག་སྟེ། དེ་བཞེད་པའི་ངང་ཚུལ་ཅན་ལའོ། །ཕྱག་འཚལ་ནས་ཞེས་པ་ཡིད་དང་ངག་དང་ལུས་རྣམས་ཀྱིས་རབ་ཏུ་བཏུད་པར་བྱས ་ནས་སོ། །འདི་ཡང་ཀུན་ལས་བཏུས་པ་བྱ་ཞེས་པ་འདི་དང་སྦྲེལ་ལོ། །འདིས་ཕྱག་འཚལ་བ་ལས་མཆོད་པ་བྱས་བའོ། །སྟོན་ལ་ཞེས་པ་འདིར་ཨིཊ་མེད་ཏེ་ཤམ་སི་ཀྵད་ལ་ལ་སོགས་པ་རྣམས་ལས ་ཏྲིན་ཏྲིཙ་དག་མིད་ལ་ཨིཊ་མེད་པ་སྟེ། གཞན་དུ་ཡང་མང་པོར་རོ། །ཞེས་བཤད་པའི་ཕྱིར་རོ། །སྡུག་བསྔལ་ཟད་པར་བྱེད་པའི་ཐབས་ཉེ་བར་སྟོན་པ་ནི་བསྟན་པ་ཡིན་ལ། དེའི་བྱེད་པ་པོ ་སྟོན་པ་ཞེས་བརྗོད་དེ་འབྲས་བུའི་གནས་སྐབས་སུའོ། །འདིར་ནི་བསྟན་པ་དེ་ཉིད་ཀྱི་རྒྱུ་ལམ་གོམས་པར་བྱེད་པ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་བསྟན་པའི་སྒྲ་འཇུག་གོ་།བསྟན་པ་དེ་བྱེད་པ་བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ལ་སྟོན་པའི་སྒྲ་བརྗོད་དོ། །བདེ་གཤེགས་ཞེས་པ་ལེགས་པར་གཤེགས་ཤིང་ཐོབ་པ་སྟེ་རྣམ་པ་ཐམས་ཅད་དུ་སྤང་བྱ་ཐམས་ཅད་སྤངས་པས་བདེ་བར་གཤེགས ་པའོ། །སྐྱོབ་ལ་ཞེས་པ་འདིས་སྐྱོབ་པར་བྱེད་པས་སྐྱོབ་སྟེ་དེ་ཡང་རང་གིས་མཐོང་པའི་ལམ་ཉེ་བར་སྟོན་པའོ། །དེ་འདི་ལ་ཡོད་པས་སྐྱོབ་པའོ། །རྟོག་པ་སྔོན་དུ་གཏོང་བ་ཐམས་ཅད་ཀྱི་རྩོམ་པ་ལ་དགོས་པས་ཁྱབ་བས ་ཉིད་ཀྱི་ཕྱིར། དེ་ལོག་ན་རྩོམ་པ་ཡང་ལྡོག་ཅིང། དེ་ཡང་འདི་ལ་མེད་དེ་དེའི་ཕྱིར་འདི་བརྩམ་པར་མི་བྱ་སྟེ། གང་དགོས་པ་མེད་པ་དེ་རྟོག་པ་དང་ལྡན་པས་བརྩམ་པར་བྱ་བ་མ་ཡིན་ཏེ། དཔེར་ན་བསྒྲུབ་བྱ་མ་ཡིན་པའི་ཡུལ ་ཅན་གྱི་ཤེས་པ་བརྟག་པར་ཉེ་བར་སྟོན་པ་བཞིན། འདི་ལ་ཡང་དེ་མེད་དོ་ཅེས་པ་བྱ་བ་བྱེད་མི་དམིགས་པའོ་ཞེ་ན། འདི་མ་གྲུབ་པར་བསྟན་པའི་དོན་དུ་གསུངས་པ། ཚད་མ་གྲུབ་ཆེད་ཅེས་སོ། །ཆེད་མ་སྒྲུབ་པ་ནི་ཚད་མ ་བྱེ་བྲག་ཏུ་རྟོགས་པ་ཡིན་ལ་དེའི་དོན་དུ་འདི་སྟེ། དེའི་ཕྱིར་བརྩམ་པར་བྱའོ། །གང་དགོས་པ་ཅན་དེ་རྟོག་པ་དང་ལྡན་པས་བརྩམ་པར་བྱ་བ་ཡིན་ཏེ། དཔེར་ན་བསྒྲུབ་པར་འོས་པའི་ཡུལ་ཅན་གྱིས་ཤེས་པ་བརྟགས་པར་ཉེ ་བར་སྟོན་པ་བཞིན། འདི་ཡང་དགོས་པ་དང་བཅས་པ་ཡིན་ནོ་ཞེས་པ་རང་བཞིན་ནོ། །གལ་ཏེ་དེའི་དོན་དུ་འདི་བརྩམ་པར་བྱ་བ་ཡིན་ན། དེའི་ཚེ་བརྩམ་པར་མི་བྱ་སྟེ། ཚད་མ་གྲུབ་པ་ནི་རིགས་པའི་སྒོ་ལ་སོགས་པ་རང་གི་གཞུང་གིས་ཁྱོད་ཀྱིས་སྔར་ཁོ་ནར་བསྒྲུབས ་ཟིན་པ་ཉིད་ཀྱི་ཕྱིར་རོ། །གང་བསྒྲུབས་ཟིན་པ་དེ་ནི་སྒྲུབ་པའི་ཆེད་དུ་རྟོགས་པ་དང་ལྡན་པས་བརྩམས་པར་བྱ་བ་མ་ཡིན་ཏེ། བསྒྲུབས་ཟིན་པའི་ཟན་བཞིན། ཚད་མ་སྒྲུབ?་པ་ཡང་བསྒྲུབས་ཟིན་པ་ཡིན་ནོ། །ཁྱབ་པར་བྱེད་པ་དང་འགལ་བའོ་ཞེ་ན། འདི ་བསལ་བའི་ཆེད་དུ་གསུངས་པ། རང་གཞུང་རྣམ་འཐོར་ཕྱིར། ཞེས་པ་སྟེ་ལྔ་པ་འདི་ནི་རྒྱུ་ལའོ། །རྣམ་པར་འཐོང་བ་ནི་རབ་ཏུ་བཀྲམ་པ་སྟེ། རྣམ་པར་བཀྲམ་བའི་ཞེས་པའི་ཐ་ཚིག་གོ། སླར་ཡང་མདོ་ཡིས་བསྐོར་བའི་ཕྱིར་རམ་དུ་མ་ནུས་པའི ་ཕྱིར་རོ། །འདི་ནི་འདིའི་དོན་གཞན་བ་སྟེ། འགྲོ་བའི་དོན་ཐམས་ཅད་ཤེས་པའི་དོན་ནི་ཞེས་པས་སྲིད་ཏེ་ནི་རྟོག་པ་སྟེ། ཡོངས་སུ་ཤེས་པའོ། །རབ་ཏུ་རྟོགས་པ་ནི་པྲ་སྲིཏའོ། །གང་ལ་རབ་ཏུ་རྟོགས་པ་དང་བྲལ་བ་དེ་ནི་བི་པྲ་སྲི་ཏ་སྟེ། རང་གི་གཞུང ་རེག་པའི་སྒོ་ལ་སོགས་པ་ནི་ཚད་མ་གཏན་ལ་འབེབས་པ་རབ་ཏུ་རྟོགས་པ་དང་བྲལ་བའོ། །དེ་ལྟར་ཡང་དེར་མངོན་སུམ་རྟོག་པ་དང་བྲལ་བ་ཞེས་པ་མངོན་སུམ་གྱི་མཚན་ཉིད་འདི་ལ་དམིགས་བསལ་བྱས་པ་མེད་ལ། དེའི་ཕྱིར་ཟླ་བ་གཉིས ་ལ་སོགས་པའི་ཤེས་པ་ཡང་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱས་པ་དང་བྲལ་བ་ཡང་དེ་སྟེ་མདོར་བསྡུས་པའོ། །དེས་ན་གང་མགོ་སྨོས་པས་གོ་བ་ཕྱོགས་ཙམ་མཐོང་བས་ཀྱང་མ་བརྗོད་པའི་དོན་བརྟག་པར་ནུས་པ་དེ་ཁོ་ནའི་གཏན་ལ་འབེབས ་བྱེད་དུ་འགྱུར་གྱི་གཞན་གྱི་མ་ཡིན་ནོ། །དེ་ལྟར་ཡང་དེ་ཉིད་དུ་སྒོ་ཙམ་འདི་ནི་དམ་པའི་དོན་གྱི་ཚུལ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་སྔ་མས་བློ་གྲོས་བཟང་པོ་མདོར་བསྡུས་པ་ལ་དགའ་བ་ཁོ་ན་ལ་ཕན་འདོགས་པའི་ཆེད་དུ་འདི་བྱས་སོ ་ཞེས་བསལ་བར་བྱས་ལ། གཡོ་སྒྱུ་རྣམས་ཞེས་པ་ལ་སོགས་པ་ཕྱི་མ་ཕྱེད་ཀྱིས་ནི་ཅིག་ཤོས་རྣམས་ལ་འདིས་ཕན་པར་མི་འགྱུར་རོ་ཅེས་སོ། །མུ་སྟེགས་པའི་རྟོག་གེས་འཁྲུལ་པར་གྱུར་པ་བློ་ཞན་པ་རྣམས ་ནི་རྒྱས་པས་རྟོགས་པར་བྱ་བ་སྟེ། གཡོ་སྒྱུ་རྣམས་དང་བྲལ་བར་བྱས་ནས། དོན་གྱི་དེ་ཉིད་ལ་རྟེན་ཅིང་དེ་ལྟར་འགྱུར་དེ་མ་ཡིན་པ་ཁོ་ནའོ་ཞེས་བའི་དོན་རྟོགས་པའི་ཕྱིར་རོ། །འདིར་ཅི་ལྟར་གྱི་སྒྲས་མི་སྲིད་པར་གསལ་བར་བྱེད་དོ། །གང ་རྣམས་ནི་བློ་ཁ་བྱེ་བའི་ཡུལ་ལ་སྨོན་པའི་དོན་དུ་སྨྲ་བར་བྱེད་དེ། བློ་ཁ་བྱེ་བའི་དུག་ཅན་མུ་སྟེགས་པའི་རྟོག་གེས་འཁྲུལ་པར་བྱས་པ་རྣམས་ལ་མ་ངན་པ་དང་བྲལ་ནས་ཅི་ལྟར་གྱུར་དུ་ཟིན་ཀྱང་དོན་གྱི་དེ་ཁོ་ན་ཉིད་ལ་བསྟན་པར་གྱུར་ཅིག་ཅིའོ ་དེ་རྣམས་ཀྱི་དེ་ནི་མི་རིགས་ཏེ། མུ་སྟེགས་པའི་རྟོག་གེ་རྣམས་སྐྱོན་ཤིན་ཏུ་ཆེན་པོ་ཅན་ཏེ་དེ་རྣམས་ནི་རྣམ་པ་དེ་ལྟ་བུ་རྣམས་ཀྱིས་བདེ་བླག་ཏུ་མཚོན་པ་ཡིན་ལ་།གང་མ་བརྗོད་དུ་ཟིན་ཀྱང་རྟོགས་པར་དཀའ་བའི་དོན་རྣམས་ཕྱོགས ་ཙམ་མཐོང་བས་རང་གིས་བརྟག་པར་ནུས་པ་དེ་རྣམས་མཚོན་པར་སླ་བ་ཆེས་རགས་པའི་སྐྱོན་ཅན་མུ་སྟེགས་པའི་རྟོག་གེ་རྣམས་ཀྱིས་ལམ་ལོག་པར་དྲང་བར་བྱ་བ་ཡིན་ནོ་ཞེས་འདི་ནི་མི་སྲིད་དོ། །གང་གི་ཕྱིར་དེ་ལྟར་རྣམ་པ་འདི་ལྟ ་བུ་རང་གི་གཞུང་སྟེ། དེས་ཐམས་ཅད་ཀྱིས་ཚད་མ་བྱེ་བྲག་ཏུ་རྟོགས་བྱེད་བྱས་པ་མ་ཡིན་པ། དེའི་ཕྱིར་རང་གི་གཞུང་མདོར་བསྡུས་པའི་ཕྱིར་དང། ཚད་མ་གཏན་ལ་འབེབས་བྱེད་རབ་ཏུ་གྱུར་པ་མ་བྱས་པའི་གཏན་ཚིགས་ཀྱི་ཕྱིར། བློ་དམན ་པ་རྒྱས་པ་ལ་མོས་པ་རྣམས་ལ་ཡང་ཕན་གདགས་པའི་ཆེད་དུ་སྤྱིར་བཏང་དང་བཅས་པ་དམིགས་བསལ་དང་བཅས་རྒྱས་པ་དང་བཅས་པ་ཚད་མ་གཏན་ལ་འབེབས་པ་ལ་རབ་ཏུ་གྱུར་པ་ཚད་མ་ཀུན་ལས་བཏུས་པ་བྱའོ། །དེ་ཅའི?་རིགས?་པའི ་སྒོ་ལ་སོགས་པ་དེ་ཉིད་དུ་རབ་ཏུ་བྱེད་པ་རེ་རེར་གཞུང་གཞན་འཕངས་ནས་ཀུན་ནས་བཏུས་པ་བྱ་བ་མ་ཞེས་དྲི་བའི་སྐབས་ལ་གསུངས་པ། འདིར་གཅིག་བར་ནི་ཞེས་སོ། །འདིར་ཏེ་རབ་ཏུ་བྱེད་པ་གཅིག་པོ་འདིར་བདེ་བླག་ཏུ་རྟོགས་པའི་དོན་དུ་ཀུན ་ལས་བཏུས་པ་བྱའོ། །གཞུང་རྣམ་པར་འཐོར་བ་ནི་རབ་ཏུ་བྱེད་པ་ཐ་དད་པས་ན་བདེ་བླག་ཏུ་ཀུན་ནས་བལྟ་བར་མི་ནུས་སོ། །གཅིག་པར་ནི་ཅེས་པ་ནི་ཨཱ་དི་ལ་སོགས་པ་ཉིད་ཀྱི་ཕྱིར་ཏེ་སིའོ། །དེ་ལྟར་ནི་མཆོག་གི་སྦྱོར་བ་སྟེ། ཙ་ར་ཀ་བསྡུས་པར། ་མེ་དཔལ་རྣམས་རབ་ཞི་དོན་དུ། །འདིར་ནི་ལས་རྣམས་གང་བཤད་པ། །དེ་རྣམས་ཐམས་ཅད་གཅིག་ཏུ་སྟེ། །ཁྲག་འབྱིན?་བྱེད་པ་གཅིག་ཏུའོ། །ཞེས་སོ། །འདིར་ཞེས་པ་ཚིགས་སུ་བཅད་པར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ལ། །ལྷ་གའི་སྒྲ ་འདི་ནི་དབང་ཕྱུག་ལ་སོགས་པ་རྣམས་ལ་འཇུག་སྟེ། ཇི་སྐད་དུ་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲགས་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཅེས་པར་བཤད་ཅེས་སོ། ། ་ཕུན་སུམ་ཚོགས་པ་འདི་ཡང་དེ་བཞིན་པ་ཁོ་ན་ལ་ཡོད་པས་དེ་ཁོ་ན་བཅོམ་ལྡན་འདས་སོ། །ཡང་ན་ངེས་པའི་ཚིག་གི་རྣམ་པས་བདུད་བཞི་བཅོམ་པར་གྱུར་པས་ན་བཅོམ་ལྡན་འདས་སོ། །དེའི་བསྟོད་པ་བརྗོད་པ་ནི། འདིས་བསྟོད་པར་བྱ་བས་ན ་བསྟོད་པས་ཏེ་ཡོན་ཏན་དམ་པ་ཡང་དག་པ་སྟོན་པའི་ངག་གོ། བརྗོད་པ་ནི་འདིར་བརྗོད་པར་འདོད་པའི་དོན་སྒྲས་གོ་བར་བྱེད་ཅིང་ཡང་དག་པར་བརྗོད་པར་བྱེད་པའོ། །བསྟོད་པས་བརྗོད་པས་ཏེ། བསྟོད་པའི་ཚིག་གིས་ཡོན་ཏན་དང་ལྡན་པ་ཉིད་དུ ་གསལ་བར་བྱེད་པ་ཞེས་བའི་དོན་ནོ། །ཡོན་ཏན་ཅི་ཞིག་གིས་དེ་ལྟར་གསལ་བར་བྱེད་ཅེ་ན། གསུངས་བ། ཚད་མར་གྱུར་པ་ཉིད་ཀྱིས་ཅེས་སོ། །ཡོན་ཏན་དེ་ཡང་གཏན་ཚིགས་ཅི་ཞིག་གིས་ཤེ་ན། གསུངས་པ། རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས ་པས་ཞེས་སོ། །རྒྱུ་དང་འབྲས་བུ་དག་གིས་ཕུན་སུམ་ཚོགས་པ་རབ་ཏུ་གྱུར་པ་སྟེ་རྒྱུ་ངེས་སོ། །གང་ཚད་མར་གྱུར་པ་ཉིད་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཏེ། རྒྱུ་འམ་གཏན་ཚིགས་ངེས་བསྟོད་པ་བརྗོད་ཅིང་བསྟོད་པའི་ཚིག་གིས ་བཅོམ་ལྡན་འདས་ཡོན་ཏན་དང་ལྡན་པ་ཉིད་དུ་ཉན་པ་པོ་རྣམས་ལ་རྟོགས་པར་བྱེད་ཅེས་པ་ཇི་སྲིད་པའོ། །དེ་ཡང་ཅིའི་དོན་དུ་ཞེ་ན་གསུངས་པ། རབ་ཏུ་བྱེད་པ་ལ་དང་པོ་གུས་པར་བསྐྱེད་པའི་དོན་དུ་ཅེས་སོ། །ཡང་བཅོམ་ལྡན་འདས་ལ་བསྟོད་བརྗོད ་པས་རབ་ཏུ་བྱེད་པ་རྩོམ་པ་ལ་གུས་པར་ཅི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་ཡོན་ཏན་གཞན་རྣམས་ཡོད་ན་ཡང་ཚད་མ་ཉིད་ཀྱི་ཡོན་ཏན་གྱིས་བསྟོད་པས། སློབ་དཔོན་གྱིས་འདི་གསལ་བར་བྱ་སྟེ། གང་འདི་མངོན་སུམ་ལ་སོགས་པའི ་ཚད་མའི་མཚན་ཉིད་དེ་ནི་བཅོམ་ལྡན་འདས་ཀྱི་ཉེ་བར་བསྟན་པ་ཁོ་ན་ལས་གྲུབ་པ་སྟེ། ད་ལྟ་ཁོ་བོས་རང་ཉིད་ཀྱིས་བརྟགས་ནས་རྣམ་པར་མ་བཞག་པ་མ་ཡིན་ནོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་མངོན་པར་ཡང་གསུངས་སོ། །ཞེས་གསུངས་སོ། ། ་རེ་ཞིག་མངོན་སུམ་མི་དེས་ཉེ་བར་བསྟན་པ་མཐོང་བའི་ཕྱིར་དེ་ལས་གྲུབ་པར་རེགས་མོད། ཉེ་བར་མ་བསྟན་པའི་རྗེས་སུ་དཔག་པ་ཅི་ལྟར་ཞེ་ན། དེའི་ཡང་སྦྱོར་བ་མཐོང་བའི་ཕྱིར་མཚན་ཉིད་མཇེད་པ་ཁོ་ནར་རྟོགས་པར་བྱ་སྟེ། ཇི་སྐད་དུ་གང་ཅུང་ཟད ་ཀུན་འབྱུང་བའི་ཆོས་ཅན་དེ་འགོག་པའི་ཆོས་ཅན་ནོ་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་དཔག་པའི་སྦྱོར་བ་རྣམས་མཐོད་བ་བཞིན་ནོ། །འདི་སྐད་བརྗོད་པ་ནི་རྗེས་སུ་དཔག་པའི་མཚན་ཉིད་བརྗོད་པར་ཅི་ལྟར་འགྱུར་ཞེ་ན། གང་གི་ཕྱིར ་རྗེས་སུ་དཔག་པའི་རྟེན་ནི་མེད་ན་མི་འབྱུང་བ་ཅན་གྱི་གས་ཏོ། །སྦྱོར་བ་འདིས་གང་རྟགས་སྐྱེ་བ་ནི་བསྒྲུབ་པར་བྱེ་བ་འགོག་པ་མེད་ན་མི་འབྱུང་བར་གསལ་བ་ཁོ་ནར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ཕྱིར་རྗེས་སུ་དཔག་པའི་མཚན ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་ཁོ་ན་ལས་གྲུབ་པོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་ལས་གྲུབ་པའི་ཚད་མའི་མཚན་ཉིད་རྗེས་སུ་སྒྲུབ་པར་རབ་ཏུ་བྱེད་པ་འདིའོ་ཞེས་ངས་པ་སྐྱེས་པ་རབ་ཏུ་གྲུབ་པའི་བསྟན ་བཅོས་པ་རྣམས་ང་ལ་གུས་པ་སྐྱེ་ལ། དེ་ལས་ཀྱང་གུས་ནས་ཉན་བ་ལ་སོཊ་པ་ལ་འཇུག་གོ་ཡང་ན་འདིར་རབ་ཏུ་བྱེད་པའི་དང་པོར་བཅོམ་ལྡན་འདས་ཀྱིས་བསྟོད་པ་བརྗོད་པ་ནི། བསྟོད་བྱའི་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པའི་དོན་དུ་སྟེ། འདི་ཡིས་དེ་ལ་གུས་པ་ཇི ་ལྟར་སྐྱེ་ཞེ་ན། གང་གི་ཕྱིར་ཚིགས་སུ་བཅད་པ་འདིས་འཐད་པ་དང་བཅས་པའི་ཚད་མར་གྱུར་པ་ཉིད་བཅོམ་ལྡན་འདས་ཀྱི་ཡོན་ཏན་དུ་གསལ་བར་བྱས་ལ། དེ་ལས་སྔར་རབ་ཏུ་མ་གྲུབ་པའི་བསྟན་བཅོས་པ་རྣམས་ཀྱང་དེ་ལ་གུས་པ་སྐྱེ་ནི་ཅིག་ཤེས ་རྣམ་ལྟ་ཅི་སྨོས། དེ་ལ་གུས་པ་ལས་ཀྱང་བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པའི་རབ་ཏུ་བྱེད་པ་གཟུང་བའི་ཚད་དུ་ཞུགས་པ་རྣམས་ལ་བགེགས་དང་ལོག་འདྲེན་མེད་པར་འགྱུར་རོ་ཞེས་པས་དེ་ལ་གུས་པ་ཡང་དགོས་པ། ་དང་བཅས་པ་ཁོ་ནའོ། །འོ་ན་འགའ་ཞིག་རྣམས་རྣམ་པ་དེ་ལྟ་བུའི་སྐྱེས་བུ་དགག་པའི་ཆེད་དུ་སྐྱེས་བུ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་སྦྱོང་བ་མ་ཡིན་ནམ། དེའི་ཕྱིར་ཅི་ལྟར་དེ་ལ་བསྟོད་པ་བརྗོད་པས་གུས་པ་ཉིད་དུ་འགྱུར་ཞེ་ན། གང་གི་ཕྱིར ་དེ་ནི་རྟོགས་པར་བྱེད་པ་མ་ཡིན་ཏེ། ལྡོག་པ་དང་རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་པ་དག་མི་སྲིད་པའི་ཕྱིར་རོ། །དབང་པོ་ལས་འདས་པ་རྣམས་ལ་ངེས་མ་མཐོང་བ་ལས་ལྡོག་པ་སྲིད་པ་མ་ཡིན་ཏེ། ཡོད་པ་རྣམས་ཀྱང་དེ་རྣམས་ཀྱིས་མི་ཤེས་པའི་ཕྱིར ་རོ། །དེ་ཉིད་ཀྱི་ཕྱིར་འགལ་བར་མ་གྲུབ་པའི་ཕྱིར་ན། འགལ་པ་མེད་པ་དང་ལྷན་ཅིག་ཡང་པར་མི་འགལ་བའི་ཕྱིར་རོ། །སྐྱེས་བུ་ཅིག་ཤོས་དང་མཚུངས་པ་གྲུབ་པ་ཡང་མ་ཡིན་ཏེ། ཁྱབ་པར་མི་སྲིད་པར་ཤེས་པར་མི་ནུས་པའི་ཕྱིར་ལ། འདི ་འདྲ་བ་རྣམས་ལ་མི་དམིགས་པ་གཏན་ཚིགས་ཉིད་དུ་མི་རིགས་པའི་ཕྱིར་རོ། །སྐྱེས་བུ་ཉིད་ལ་སོགས་པར་མཚུངས་ན་ཡང་ཡིད་གཞུངས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་མཐོང་བའི་ཕྱིར་ལ། དེ་བཞིན་དུ ་འདུ་བྱེད་པ་ཡོད་ན་གཞན་ཡང་སྲིད་པའི་ཕྱིར་རོ། །ཁྱད་པར་སྲིད་པ་ལ་ཡང་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་དེ་ལྷག་མ་དང་ལྡན་པ་སྟེ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །མི་མཐུན་པ་ཕྱོགས་ལ་འཇུག་པ་མ་མཐོང་ན་ཡང ་མི་ནུས་སོ། །དེའི་རྣམ་པ་འདི་ལྟ་བུའི་ཤེས་པའི་མཚན་ཉིད་ཅན་གྱི་ཚད་མ་ཉིད་མི་སྲིད་པ་ཡང་མ་ཡིན་ཏེ། དེའི་སྒྲུབ་བྱེད་རྗེས་སུ་བསྒྲུབ་པ་སྲིད་པའི་ཕྱིར་རོ། །གང་གང་གི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་རྗེས་སུ་སྒྲུབ་པ་ངེས་དེ་ཐོབ་པ་སྲིད་པ ་ཡིན་ཏེ། དཔེར་ན་ནད་མེད་པའི་བསྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་རྗེས་སུ་སྒྲུབ་པའི་ནད་པ་རྣམས་བཞིན། བཅོམ་ལྡན་འདས་ཀྱང་ཚད་མའི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་རྗེས་སུ་བསྒྲུབས་པ་ཡིན་ནོ། །རང་བཞིན་ནོ། །གང ་སྒྲུབ་པར་བྱེད་པ་རྗེས་སུ་བསྒྲུབས་པ་ལས་ཚད་མ་ཉིད་ཐོབ་པ་སྲིད་པ་དེ་སྟོན་པར་བྱེད་པ་གསུངས་པ། དེ་ལ་རྒྱུ་ནི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའོ་ཞེས་སོ། །བསམ་པ་སྟོན་པར་བྱེད་དེ། བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པའོ ་ཞེས་སོ། །དེ་ཡང་འགྲོ་བ་བཞིའི?་དག་ཤིན་ཏུ་སྡུག་བསྔལ་དང་བྲེལ་བ་དོན་དུ་གཉེར་བའི་རྣམ་པ་ཅན་བསྐལ་པ་མི་ཉུང་པར་གོམས་པས་དེའི་བདག་ཉིད་དུ་གྱུར་པའི་ཐུགས་རྗེའོ། །ཚིགས་སུ་བཅད་པར་འགྲོ་ལ་ཕན་པ་ཞེད་ལྡན་ཅེས་པ་འདིས ་བསྟན་ཏེ། དེ་དང། ལྡན་པའི་ཕྱིར་འགྲོ་ལ་ཕན་བཞེད་ལྡན་དུ་འགྱུར་རོ། །གོམས་པ་ལས་དེ་དེའི་བདག་ཉིད་དུ་འགྱུར་བ་སྲིད་དོ། །གང་ཡིད་ཀྱི་ཡོན་ཏན་དེ་རྣམས་ནི་ཤིན་ཏུ་གམས་པ་ཡོད་ན་དེའི་བདག་ཉིད་དུ་འགྱུར་ཏེ། རིགས་བྱེད་པ་དང་ཡིད་འབྱུང་བ ་ཉིད་བཞིན། སྙིང་རྗེ་ཡང་ཡིད་ཀྱི་ཡོན་ཏན་ཡིན་ནོ། །རང་བཞིན་ནོ། །དེ་ངེས་གཞན་གྱི་དོན་ལ་རབ་ཏུ་བསྐུལ་བ་ནི། རང་གི་མངོན་དུ་མ་བྱས་པར་ཕ་རོལ་རྣམས་ལ་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་བསྟན་པར་མི་འཕྲོད་དོ་ཞེས་རང་གི་སྡུག་བསྔལ ་ཞི་བའི་ཐབས་སྒོམ་པའི་དོན་དུ་རེ་ཞིག་སྦྱོར་བར་བྱེད་དོ་ཞེས་སྟོན་པར་བྱེད་པ་གསུངས་པ། སྦྱོར་བ་ནི་འགྲོ་བ་ལ་སྟོན་པར་བྱེད་པ་ལས་ཞེས་པ་ལ་སོགས་གང་གང་ལ་བརྩེ་བ་དེ་དེ་ཡིས་ཇི་ལྟར་དེའི་དོན་དུ་འགྱུར་བ་དེ་ལྟར་རབ་ཏུ་སྦྱོར་ཏེ། དཔེར་ན་མེ་བུ་ལ ་བརྩེ་བ་ཇི་ལྟ་བུ་དེའི་དོན་དུ་འགྱུར་བ་དེ་ལྟར་རབ་ཏུ་སྦྱོར་བ་བཞིན། བཅོམ་ལྡན་འདས་ཀྱང་འགྲོ་བ་ལ་བརྩེ་བར་འགྱུར་རོ། །རང་བཞིན་ནོ། །འགྲོ་བ་ལ་སྟོན་པ་དངོས་ནི། རང་གིས་མཐོང་བའི་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་ཉེ་བར་སྟོན་པའོ། ། ་འདིར་ནི་རྒྱུ་ལ་འབྲས་བུ་ཉེ་བར་གདགས་པར་བྱས་ནས། ཐབས་གོམས་བར་བྱེད་པ་འགྲོ་བ་ལ་སྟོན་པའི་སྒྲས་བརྗོད་དེ། དེ་སེམས་ཅན་ལ་སྟོན་པར་རུང་བའི་ཐབས་ཉིད་ཀྱིས་ནི། དེ་ལས་གཞན་པའི་ཐབས་གོམས་པར་བྱེད་པ་ལས་ཁྱད་པར་དུ་ལ་འཕཊ་པ ་ཉིད་དུ་ཤེས་པར་བྱས་པའི་དོན་དུའོ། །འགྲོ་བ་ལ་སྟོན་པར་བྱེད་པ་ལས་ཞེས་པ་འདི་མཚན་ཉིད་དུ་རྒྱུ་སྟེ། དེས་ན་ཇི་ལྟར་སྲ་བ་ཉིད་ལས་སའོ་ཞེས་བརྗོད་པ་ན། སྲ་པའི་རང་བཞིན་ཅན་སའོ་ཞེས་རྟོགས་པ་དེ་བཞིན་དུ་འགྲོ་བ་ལ་སྟོན་པར་བྱེད་པ་ལས་སྟོན་པ ་ཉིད་དོ་ཞེས་བརྗོད་པ་ན་དེའི་རང་བཞིན་ཅན་སྟོང་པ་ཉིད་དེ་ཞེས་པའོ། །དེ་ནི་ཉེ་བར་ལན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྡུག་བསྔལ་ལ་རེས་འགའ་བ་ཉིད་ཀྱི་གཏན་ཚིགས་ཀྱིས་མི་རྟག་པ་དང། དེ་ཉིད་ཀྱི་ཕྱིར་མི་རྟག་པའི་རྒྱུ་ཅན་དང། ནང་གཞི་ཟད་པས་ནད ་བཞིན་དུ་འདི་རྒྱུ་ཟད་པས་ཟད་པར་ནུས་ལ། གཞན་དུ་ན་མ་ཡིན་ནོ་ཞེས་དེས་ནས་འདིའི་རྒྱུ་ཅི་ཞིག་ཅེས་རྣམ་པར་དཔྱོད་པར་བྱེད་ཅིང། སྡུག་བསྔལ་གྱི་རྒྱུ་ནི་གཙོ་བོར་བདག་ལ་ཆགས་པ་དང་ལྡན་པའི་སྲིད་པ་ཁོ་ནར་རྟོགས་སོ། །གང་སེམས་ཅན་གཞན ་གྱིས་བཀྲི་བར་བྱ་བ་མ་ཡིན་པར་མངོན་པར་དགའ་བ་སྔོན་མ་ཅན་དམན་པའི་གནས་ཡོངས་སུ་འཛིན་པ་དེ་བདག་ལ་ཆགས་པ་དང་ལྡན་པས་སྡུག་བསྔལ་དང་བདེ་བ་དོར་བ་དང?་ཐོབ་པར་འདོད་པ་སྔོན་མ་ཅན་ཡིན་ཏེ། ་དཔེར་ན་སྦྲད་བུ་རྣམས་མངོན་པར་འདོད་པ་སྔོན་མ་ཅན་མི་གཙང་བའི་གནས་ཡོངས་སུ་འཛིན་པ་བཞིན། སྲོག་ཆགས་རྣམས་ཀྱང་སེམས་ཅན་གཞན་གྱིས་བཀྲི་བར་བྱ་བ་མ་ཡིན་པར་མངོན་པར་དགའ་བ་སྔོན་མ་ཅན་མངལ་ལ་སོགས ་པ་དམན་པའི་གནས་ཡོངས་སུ་འཛིན་པ་ཡིན་ནོ། །འབྲས་བུའོ། །སྲིད་པ་དེ་ཉིད་བསྟན་བཅོས་སུ་གཙོ་བོ་ཡིན་པས་ན་ཀུན་འབྱུང་གི་བདེན་པ་ཞེས་བརྗོད་དོ། །གཙོ་བོ་ཡང་དེས་ཀུན་ནས་བསླང་བའི་འབད་པའི་དབང་གིས་སྐྱེ་བའི་ཡུལ ་དུ་འགྲོ་བར་བྱེད་པའི་ཕྱིར་དང། དེ་མ་ཐག་པ་ཉིད་ཀྱི་ཕྱིར་ཡང་ངོ། །མི་ཤེས་པ་ཡོད་ན་ཡང། འདོད་ཆགས་མེད་པར་འཇུག་པ་སྲིད་པའི་ཕྱིར་རོ། །ལས་པས་ཀྱང་སྲེད་པ་ཁོ་ན་གཙོ་བ་སྟེ། དེ་ལྟར་ནི། ལས་ཡོད་ཀྱང་ཇི་སྲིད་དུ་མ་རིག་པའི ་ས་རྡུལ་གྱིས་གཡོགས་པ་དང་སྲེད་པའི་འདོད་ཆགས་ཀྱིས་མངོན་པར་བརླན་པར་མ་གྱུར་པ་དེ་སྲིད་དུ་འབྲས་བུ་དང་ལྡན་པར་མི་འགྱུར་ཏེ་དཔེར་ན་དགྲ་བཅོམ་པ་རྣམས་བཞིན་ནོ། །དེའི་ཕྱིར་སྲེད་པ་དེ་དང་དེ་ལས་གཞན་པའི་སྐྱོན་རྣམས་ཀྱང་བདག་ཏུ་ལྟ ་པ་ཁོ་ན་ལས་བྱུང་བ་སྟེ་དེ་ལྟར་རྟོགས་པར་མཛོད་དོ། །བདག་མེད་དོ་བདག་གི་བ་མེད་དོ་ཞེས་མཐོང་བ་ལ་ནི་ཡོངས་སུ་འཛིན་པ་མེད་པས་འགར་ཡང་ཆགས་པ་མེད་ལ། ཆགས་པ་དང་ལྡན་པ་མ་ཡིན་པ་ལ་ཡང་འགལ་བ་ཡང་ཞེ་སྡང་བ་མེད་དོ། ། ་བདག་དང་བདག་གི་བ་དང་ཉེ་བར་མ་འབྲེལ་པ་ཅན་དང་ཉེ་བར་འབྲེལ་པ་སོ་སོར་བཅོམ་པ་ལ་དེ་མེད་པའི་ཕྱིར་རོ། །དེ་དང་རིགས་འཐུན་པ་གོམས་པ་ལས་སྐྱེས་པའི་བདག་ཏུ་ལྟ་བ་དང་བདག་གི་པ་ལ་ཆགས་པ་སྐྱེས་ན་ཞེ་སྡང་དང་བཅས་པ་ལ་སོཊ ་པ་རྣམས་སོ་ཞེས་པས་སྲེད་པ་ལ་སོགས་པའི་སྐྱོན་རྣམས་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ལས་སྐྱེས་པའོ། །དེ་ཉིད་ནི་མི་ཤེས་པར་བརྗོད་དེ་དེ་ནི་ཤེས་པའི་མི་མཐུན་ཕྱོགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་བདག་ཏུ་ལྟ་བ་སྟེ། གང་ལས་སྐྱོན་གྱི་རྒྱུ་ཡིན་པ་དེ་ལས་འབྱུང་ཞིང། ་དེ་ཟད་པ་ལས་སྲེད་པ་དང་དེ་གཞན་པའི་སྐྱོན་རྣམས་ཟད་དོ་ཞེས་བསམས་ནས་གང་གོམས་པས་དེ་སྤང་པར་བྱ་བ་བདག་ཏུ་ལྟ་བའི་མི་མཐུན་ཕྱོགས་བརྟག་པ་མཇོད་དོ། །བརྟག་པར་བྱེད་པ་ན་ཡང་དེ་ལས་བཟློག་པའི་རྣམ་པ་ཉིད་ཀྱི་ཕྱིར་བདག་མེད་པ་ཉིད་དུ་ལྟ་བ་ཁོ་ན་བདག ་ཏུ་ལྟ་བའི་མི་མཐུན་ཕྱོགས་ཏེ་དེ་ལྟར་རྟོགས་པར་མཛད་དོ། །གང་གང་ལས་བཟློག་པའི་རང་བཞིན་ཅན་དེ་དེའི་མི་མཐུན་ཕྱོགས་ཡིན་ཏེ། རླུང་ནད་ལས་བཟློག་པའི་རང་བཞིན་ཅན་ཏིལ་མར་རླུང་ནད་ཀྱི་བཞིན། བདག་མེད་པ་ཉིད་དུ་ལྟ་བ་ཡང་བདག་ཏུ་ལྟ་བ་ལས ་བཟློག་པའི་རང་བཞིན་ཅན་ཡིན་ནོ་ཞེས་པ་རང་བཞིན་ནོ། །བདག་ཏུ་ལྟ་བ་དང་འགལ་བའི་བདག་མེད་པ་ཉིད་དུ་ལྟ་བ་ནི་དེ་སྔོན་དུ་འགྲོ་བ་ཅན་བདག་ལ་ཆགས་པ་ལ་སོགས་པ་སྐྱོན་གྱི་ཚོགས་དང་ཡང་འགལ་བ་ཁོ་ནའོ་ཞེས་མ་ཁྱེན་ནེ། །གང་གང་གིས་རྒྱུ་དང ་འགལ་བ་དེ་དེ་ལ་གནོད་པ་ཡིན་ཏེ། རླུང་ལས་བྱུང་བའི་ནད་ལ་དེའི་རྒྱུ་དང་འགལ་བ་ཏིལ་མར་བཞིན། བདག་མེད་པར་ལྟ་བ་ཡང་བདག་ཏུ་ཆགས་པ་ལ་སོགས་པའི་རྒྱུ་བདག་ཏུ་ལྟ་བ་དང་འགལ་བ་ཡིན་ནོ་ཞེས་པ་རང་བཞིན་ནོ། །དེ་དེ་ལྟར་མཁྱེན་ནས་བདག་མེད་པ་མཐོང ་བ་དེ་མང་པོ་རྣམ་པ་དུ་མར་དུས་རིང་པོར་གོམས་པ་ལས་དེ་དང་དེའི་མཐུན་ཕྱོཊ?་ཡོན་ཏན་དང་སྐྱོན་རྣམས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རབ་ཏུ་གསལ་བར་འགྱུར་རོ། །གང་ཞིག་གང་ལ་ཤེས་རབ་ཅན་གྱིས་མང་པོར་རྣམ་པ་དུ་མར་རིང་པོར་གོམས་པར་བྱེད་པ་དེ་དེ་དང་དེའི་མི ་མཐུན་ཕྱོགས་ལ་སྐྱོན་དང་ཡོན་ཏན་རྣམས་རབ་ཏུ་གསལ་བར་འགྱུར་ཏེ། དཔེར་ན་ཤེས་རབ་ཅན་འགའ་ཞིག་བཟོའི་ཁྱད་པར་འགའ་ཞིག་ལ་མངོན་པར་སྦྱོར་བ་གོམས་པ་བཞིན། བཅོམ་ལྡན་འདས་ཀྱང་བདག་མེད་པར་ལྟ་བ་ལ་རྣམ་པ་དུ་མར་མང་པོས་ཡུན་རིང ་པོར་གོམས་པར་མཛད་ཟིན་པ་ཡིན་ནོ། །རང་བཞིན་ནོ། །ཐབས་གོམས་པར་བྱེད་པ་འདི་ཁོ་ན་ཡང་ལམ་གྱི་བདེན་པ་བརྗོད་དོ། །དེའི་རྣམ་པ་འདི་ལྟ་བུའི་ཐབས་གོམས་པ་གཞན་དང། ཐུན་མོང་མ་ཡིན་པ་ལས་སྡུག་བསྔལ་གྱི་རྒྱུའི་བག་ཆཊ ་ཀྱང་མི་ལུས་ཏེ། འདི་ཁོ་ན་བཅོམ་ལྡན་འདས་ཀྱི་བསེ་རུ་ལ་སོགས་པ་ལས་ཁྱད་པར་རོ། །གཞན་གྱི་དོན་ལ་གཙོ་བོར་འཇུག་པ་ཡིས་ཀྱང་འདིས་རྣམ་པ་འདི་ལྟ་བུའི་གོམས་བ་གདོན་མི་ཟ་བར་བྱ་སྟེ། མི་མཐུན་ཕྱོགས་དང་གཉན་པོའི་ཕྱོགས་མཛའ་དག ་ཡོངས་སུ་ཕྱིར?་ཤེས་མས?་ནི། གཞན་རྣམས་ལ་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་དག་ཉེ་བར་བསྟན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །ཐབས་གོམས་པར་བྱེད་པ་འདི་དང་སྔར་བསྟན་པའི་ཐུགས་རྗེ་ནི་རྒྱུ་ཕུན་སུམ་ཚོགས་པའོ། ། ་དེའི་འབྲས་བུ་ནི་རང་དང་གཞན་གྱིས་དོན་ཕུན་སུམ་ཚོགས་པའོ། །དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་ནི་ཇི་སྐད་བཤད་པའི་ཐབས་གོམས་པ་ལས་སྡུག་བསྔལ་གྱི་རྒྱུ་སྔ་མ་རང་གི་རང་གིས་འགཊ་པ་ན་བདག་མེད་པ་མཐོང་བ་དེའི་བདག་ཉིད ་དུ་གྱུར་པར་གནས་པའི་སྡུག་བསྔལ་གྱི་རྒྱུ་ཕྱི་མ་མི་སྐྱེ་བའི་མཚན་ཉིད་ཅན་གྱི་གནས་སྐབས་ཀྱི་ཁྱད་པར་ཏེ་གང་ལ་འགོག་པའི་བདེན་པ་ཞེས་བརྗོད་པའོ། །དེ་ཁོ་ན་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པ་ནི་བདེ་བར་གཤེགས་པ་ཉིད་ཅེས ་བརྗོད་དོ། །རང་གི་དོན་ཕུན་སུམ་ཚོགས་པ་དེ་སྟོན་པར་བྱེད་པ་གསུངས་པ། རང་གི་དོན་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ་ཞེས་པ་ལ་སོགས་པའོ། །སུའི་སྒྲ་འདི་ནི་འདིར་རབ་ཏུ་གྱུར་པ་ཉིད་ལ་སོགས་པའི་དོན་གསལ་བར ་བྱེད་པར་རིག་པར་བྱའོ། །གང་གསུངས་པ། དོན་རྣམ་པ་གསུམ་ཉེ་བར་བླངས་ནས་ཞེས་པ་ལ་སོགས་པ་སྟེ། མཆོག་ཏུ་གཤེགས་ཤིང་ཐོབ་བ་ནི་བདེ་བར་གཤེགས་པ་སྟེ། མཆོག་ཉིད་ཀྱང་སླར་སྡུག་བསྔལ་གྱི་རྟེན་མ་ཡིན་པ་ཉིད་ཀྱིས་ཏེ། འཇིག ་རྟེན་ན་བདེ་བ་དང་དེའི་རྒྱུ་ནི་མཆོག་ཅེས་བརྗོད་དོ། །སྡུག་བསྔལ་གྱི་རྟེན་མ་ཡིན་པ་དེ་ཡང་བདག་མེད་པར་ལྟ་བ་ཤིན་ཏུ་གོམས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བརྗོད་མ་ཐག་པའི་ཐབས་ཀྱིས་རིགས་པ་མཐོང་བས་གཤེགས་པའི་ཕྱིར་མཆོག་ཏུ་གཤེགས་པ་སྟེ། ་འཇིག་རྟེན་ན་གང་རིགས་པ་སྔོན་དུ་འགྲོ་བས་འཇུག་པ་དེ་མཆོག་ཏུ་བྱ་བའོ། །སླར་མི་ལྡོག་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། སླར་མི་ལྡོག་པ་ནི་སྐྱེ་བ་དང་སྐྱོན་འབྱུང་བ་མེད་པ་ཡིན་ལ། དེ་ཡང་དེའི་རྒྱུ་སྔར་བརྗོད་དུ་མེད་པའི་ཕྱིར་རོ། །གང ་བདག་ཏུ་ལྟ་བ་དང་ཆགས་པ་དག་མེད་པ་དེ་ལ་སྐྱེ་བ་དང་འདོད་ཆགས་ལ་སོགས་པའི་སྐྱོན་འབྱུང་བ་མེད་དེ། དཔེར་ན་ནམ་མཁའ་བཞིན་ནོ། །བདག་མེད་པར་ལྟ་བའི་དེའི་བདག་ཉིད་དུ་གྱུར་བ་ལ་ཡང་བདག་ཏུ་ལྟ་བ་དང་ཆགས་པ་དག་མེད་དོ། །རྒྱུ་མ་དམིགས་པའོ ་མ་ལུས་པར་གཤེགས་པ་ནི་བདེ་བར་གཤེགས་པ་སྟེ། འདིའི་ལུས་ལ་མེད་པར་གྱུར་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ལུས་ལ་ཡང་ལུས་ལ་སོགས་པ་ལས་སུ་མི་རུང་བ་སྟེ། དེ་ཡང་རིམ་པ་ཇི་ལྟ་བར་ཙ་བཀྲོལ་ཅན་མ་ཡིན་ན་ཡང་གོམས་པ་ལས ་མཆོད་ཞིང་འགྲོ་བ་ལ་སོགས་པ་དང་ངའོ་སྙམ་པའི་ང་རྒྱལ་མེད་ན་ཡང་རྨངས་མོ་ཞེས་སྨྲ་བ་ལ་སོགས་པ་དང། རྟག་ཏུ་མཉམ་པར་བཞག་པ་མ་ཡིན་པས་མཉམ་བར་མ་བཞག་པའི་སེམས་ཀྱི་གནས་སྐབས་སོ། །ཡང་ན་རྣམ་པ་དེ་ལྟ་བུའི་ལམ་གོམས་པ་མེད་པས་ལམ ་དང་དེའི་མི་མཐུན་ཕྱོགས་དག་ཤིན་ཏུ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཁོང་དུ་ཆུད་པའི་ལམ་གྱི་རྣམ་པར་དབྱེ་བ་སྟོན་པ་ཡང་མི་གསལ་བ་ཉིད་ལུས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྤངས་པས་དེའི་ཕྱིར་འདི་བདེ་བར་གཤེགས་པའོ། །དོན་གསུམ་པོ་འདི་ཡང ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་ནི་བདག་ཏུ་ལྟ་བའི་རྗེས་སུ་སོང་བ་སྡུག་བསྔལ་གྱི་བརྟེན་ཉིད་ཀྱི་ལམ་གྱིས་འགྲོ་བའི་ཕྱིར། དེའི་དབང་གིས་སླར་ཡང་སྡུག་བསྔལ་ལ་བརྟེན་པར་བྱེད་ལ། རིགས་པ་མཐོང་བའི་ལམ་གྱིས ་སོང་བ་ཡང་མ་ཡིན་ནོ་ཞེས་པ་དེའི་ཕྱིར་དེ་རྣམས་མཆོག་ཏུ་ཕྱིན་པ་མ་ཡིན་ནོ། །དེ་ལྟར་ནི་འཇིག་རྟེན་ན། གང་སྡུག་བསྔལ་ལ་རྟེན་པར་བྱེད་པ་དང། རིགས་པ་སྔོན་མ་ཅན་མ་ཡིན་པར་འཇུག་པ་དེ་བསྔགས་པར ་འོས་པ་མ་ཡིན་གྱི་འོན་ཀྱང་སྨད་པར་འོས་བ་ཁོ་ནའོ། །སློབ་པ་རྣམས་ནི་གལ་ཏེ་ཡང་སྡུག་བསྔལ་གྱི་རྟེན་མ་ཡིན་པ་དང་རིགས་པས་ངེས་པའི་ལམ་གྱིས་མཆོག་ཏུ་གཤེགས་མོད། དེ་ལྟ་ན་ཡང་དེ་རྣམས་ཀྱི་སྐྱོན་རྣམས་དང་སྐྱེ་བ་ཡང ་སླར་ཡང་འབྱུང་ངོ་ཞེས་པ་དེ་རྣམས་ཀྱང་གཉིས་པའི་དོན་གྱིས་བདེ་བར་གཤེགས་པ་མ་ཡིན་ནོ། །མི་སློབ་པ་རྣམས་ཀྱང་དོན་གཉིས་ཀྱིས་བདེ་བར་གཤེགས་པར་ནི་འདོད་ཀྱི། མ་ལུས་པའི་དོན་གྱིས་ནི་མ་ཡིན་ཏེ། ཇི་སྐད་བཤད་པའི ་ལུས་ལམ་སྤངས་པའི་ཕྱིར་རོ། །གཞན་དོན་ཕུན་སུམ་ཚོགས་པ་ནི་སྒྲོལ་བའི་དོན་གྱིས་ན་ཞེས་པ་འདིས་སྐྱོབ་པའི་སྒྲའི་དོན་གསུངས་སོ། །འདིས་འཁོར་བའི་རྒྱུ་མཚོ་ལས་སེམས་ཅན་རྣམས་བསྒྲལ་བར་བྱ་བས་ན་སྒྲོལ་བ་སྟེ། རང ་གིས་མཐོང་བའི་ལམ་ཉེ་བར་སྟོན་པའོ། །དེ་ཁོ་ན་དོན་ཏེ། ཐར་པའི་ཐབས་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བས་ནའོ་ཞེས་བྱས་ནས་སོ། །དེ་འདི་ལ་ཡོད་དོ་ཞེས་པའི་དོན་ངེས་བཅོམ་ལྡན་འདས་སྐྱོབ་པ་ཉིད་དོ། །འདི་ཁོ་ན་ཏཱ ་ཡ་ཏིའི་དོན་གཞན་སྐྱོད་པ་སྟེ། འདི་ལྟ་སྟེ། འཁོར་བའི་རྒྱུ་མཚོ་ལས་སྒྲོལ་བའོ། །དེ་ཕྱིན་ཅི་ལོག་ཏུ་ཉེ་བར་སྟོན་པ་ཡང་མི་སྲིད་དེ། དེའི་རྒྱུ་མེད་པའི་ཕྱིར་དང་བརྩེ་བའི་བདག་ཉིད་ཀྱི་ཕྱིར་ཏེ། ལམ་ལེགས་པར་རིགས་པ་ཉིད་ཀྱི ་ཕྱིར་རོ། །ཆགས་པ་ལ་སོགས་པའི་སྐྱོན་རྣམས་ནི་ཕྱིན་ཅི་ལོག་ཏུ་མངོན་པར་བརྗོད་པའི་རྒྱུ་འམ། ཁ་ཅིག་དགོས་པ་ཡིན་ལ། དེ་ཡང་མེད་དེ། བརྩེ་བ་དེའི་བདག་ཉིད་དུ་གྱུར་བ་ཡང་གཞན་གྱི་དེ་ཁོ་ནར་སྡུག་བསྔལ་ཟད?་པའི་ཐབས ་བསྒྲུབས་ནས། ཅི་ལྟར་རྣམ་པ་གཞན་དུ་སྟོན། གང་གང་གི་ཚེ་རྫུན་དུ་སྨྲ་བའི་རྒྱུ་རྣམས་མེད་པ་དེ་དེའི་ཚེ་བརྫུན་མི་སྨྲ་སྟེ། དཔེར་ན་འགའ་ཞིག་བདེན་པར་སྨྲ་བའི་དུས་ན་བཞིན། བདེ་བར་གཤེགས་པའི་གནས་སྐབས་ཀྱི་དུས་ན་ཡང་དེ་ལ ་བརྫུན་གྱི་རྒྱུ་རྣམས་མེད་དོ། །རྒྱུ་མི་དམིགས་པའོ། །གང་ཞིག་གང་གིས་དོན་བྱ་བའི་ཆེད་དུ་གང་ལ་བརྩེ་བས་དོན་གང་སྒྲུབ་པར་བྱེད་པའི་དོན་དེ་གྲུབ་ཟིན་པ་ན་དེའི་ཡུལ་ལ་སྙིང་རྗེ་མ་བཏང་བ་དེ་དེར་དེ་ལ་མི་བསླུ་སྟེ། དཔེར་ན་བུ་ལ ་ཕན་པའི་ཟས་ཀྱི་ཆེད་དུ་བཟའ་བ་བསྒྲུབས་ཟིན་པའི་མ་བཞིན། བཅོམ་ལྡན་འདས་ཀྱང་སེམས་ཅན་གྱི་དོན་བྱ་བའི་ཆེད་དུ་སེམས་ལ་ལ་བརྩེ་བས་སྡུག་བསྔལ་ཟད་པར་བྱེད་པའི་ཐབས་བསྒྲུབས་ཤིང་དེའི་ཡུལ་ལ་ཐུགས་རྗེ་མ ་བཏང་བའི། །ཁྱབ་བྱེད་དང་འགལ་བའོ། །དེའི་ཕྱིར་ཚད་མའོ། །གང་ཞིག་གང་དོན་དུ་གཉེར་བ་ལ་དོན་དེའི་ཐབས་ཕྱིན་ཅི་མ་ལོག་པར་འཆད་པར་བྱེད་པ་དེ་ནི་དེའི་དེ་དེ་ལ་ཚད་མ་སྟེ། དཔེར་ན་ནད་པ་ནད་མེད་པ་ཉིད་དོན་དུ་གཉེར ་བ་ལ། ནད་མེད་པ་ཉིད་ཀྱི་ཐབས་ཕྱིན་ཅི་མ་ལོག་པ་འཆད་པའི་སྨན་པ་དེ་ལ་བཞིན། བཅོམ་ལྡན་འདས་ཀྱང་སྡུག་བསྔལ་ཟད་པ་དོན་དུ་གཉེར་པ་ལ་སྡུག་བསྔལ་ཟད་པར་བྱེད་པའི་ཐབས་ཕྱིན་ཅི་མ་ལོག་པར་འཆད་དོ། །རང ་བཞིན་ནོ། །དེ་ལྟར་ཚད་མར་གྱུར་བ་ཞེས་པ་འདི་ཁོ་ན་བསྟོད་པའི་ཚིག་སྟེ། འདིས་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་མཚན་ཉིད་ཚད་མ་ཉིད་ཐུན་མོང་མ་ཡིན་པའི་ཡོན་ཏན་གསལ་བར་བྱས་ཤིང། གང་གི་ཕྱིར་དེ་དང་ལྡན ་པའི་ཕྱིར་དེ་ཚད་མར་འགྱུར་རོ། །ཡོན་ཏན་དེ་ནི་རྒྱུ་མེད་པར་མི་འགྲུབ་པོ་ཞེས་སྟོན་པར་བྱེད་པས་རྒྱུ་ཕུན་སུམ་ཚོགས་པ་གསུངས་སོ། །བདེ་གཤེགས་ཀྱི་སྒྲས་ནི་ཡེ་ཤེས་དེའི་མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་འབྲས་བུ ་ཕུན་སུམ་ཚོགས་པས་བསྡུས་པ་གསུངས་སོ། །དེ་མེད་ན་མཆོད་པ་ལ་སོགས་པར་འགྲོ་བ་བཞིན་དུ་དག་ལས་གོ་བར་བྱ་བའི་དོན་རིགས་པ་མ་ཡིན་པ་ཡང་གསལ་བར་བྱེད་པའི་ལུས་ཀྱིས་བྱ་བ་བྱེད། རྨངས ་མོ་ཞེས་སྨྲ་བ་ལ་སོགས་པ་བཞིན་དུ་མི་ལེགས་པ་གཞན་ཡང་འགའ་ཞིག་གི་ཚེ་སྨྲ་བར་བྱེད། རྟག་ཏུ་མཉམ་པར་བཞག་པར་མ་ཡིན་པ་ཉིད་ཀྱིས་ལུང་དུ་མ་བསྟན་པའི་གནས་སྐབས་ན། སེམས་ཅན་གྱི་དོན་བྱ་བ་མཛའ་དག་ནུས་པ་མ ་ཡིན་པར་འགྱུར་བའམ། ཡང་ན་གསལ་བའི་མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་པ་མ་སྤངས་པའི་ཕྱིར། འདིའི་རྟོགས་པའི་ལམ་རབ་ཏུ་གསལ་བར་བྱེད་པའི་གསལ་བ་ཉིད་དུ་འགྱུར་བ་མ་ཡིན་ཞིང། དེ་ཡོད་ན་ནི་སྐྱོན་འདི ་རྣམས་འབྱུང་བ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་སྤངས་པའི་ཁྱད་པར་གསུངས་སོ། །སྐྱོབ་པ་ཞེས་པ་འདིས་ནི་ཡེ་ཤེས་དེ་ཉིད་ཀྱི་བྱ་བའི་ཁྱད་པར་མཐོང་བའི་ལམ་ཉེ་བར་སྟོན་པ་བསྟན་ཏོ། །གལ་ཏེ་དེ་མི་འགྱུར་ན་དེ་ཚད་མ་ཉིད་དུ་མི་འགྱུར ་ལ། གལ་ཏེ་རྣམ་པ་འདི་ལྟ་བུ་དེའི་འབྲས་བུར་འགྱུར་ན། དེ་ལྟར་དེ་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་མ་རྟོགས་པའི་དོན་གསལ་བར་བྱེད་པ་འམ། དེ་ལ་མི་བསླུ་བ་ཡིན་གྱི་རྣམ་པ་གཞན་དུ་ན་མ་ཡིན་ནོ་ཞེས་པ་དེའི ་ཕྱིར་བྱ་བའི་ཁྱད་པར་བསྟན་ནོ། །བརྩེ་བ་ནི་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ན། གང་རང་གི་དང་གིས་འབྱུང་བར་འགྱུར་བ་དེ་བདེ་བར་གཤེགས་པའི་གནས་སྐབས་ན་མ་བརྗོད་ཀྱང་གྲུབ་པ་ཁོ་ནའོ་ཞེས་པས་མ་བརྗོད་དོ། ། ་དེ་མེད་ན་ཕན་པ་ཉེ་བར་བསྟན་པ་མི་ནུས་པ་ཁོ་ནའོ་ཞེས་དེ་ཡང་དེའི་གཞན་གྱི་དོན་གྱི་དོར་ལྷན་ཅིག་བྱེད་པར་གྱུར་པར་རིག་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཚད་མ་ཉིད་རྒྱུ་དང། ་ནས་པ་མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་བཅས་པ་བྱ་བའི་ཁྱད་པ་དང་བཅས་པ། རྒྱུར་གྱུར་པའི་ཁྱད་པར་བཅས་པ་གསལ་བར་བྱས་སོ་ཞེས་པ་འདི་ནི་རེ་ཞིག་རིམ་པ་བཞིན་བཤད་པ་སྟེ། གང་དུ་བརྩེ་བ་ལ་སོགས་པ་རྣམས ་ཀྱིས་སྟོན་པ་ཉིད་ལ་སོགས་པ་རྣམས་སྲིད་པར་རྗེས་སུ་དཔོག་པའོ། །ད་ནི་རིམ་པ་བཟློག་པས་བཤད་པར་བྱ་སྟེ། ཡང་ན་སྐྱོབས་པ་ནི་ཕྱིན་ཅི་མ་ལོག་པའི་བདེན་པ་ཉེ་བར་སྟོན་པ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་རྒྱུ་དེ་བཅོམ་ལྡན་འདས་ཀྱིས་སེམས ་ཅན་རྣམས་ལ་བསྟན་ཏོ་ཞེས་དེ་ནི་དོན་དུ་གཉེར་བ་དེ་རྣམས་ཀྱི་དེ་ལ་ཚད་མའོ། །གང་ཞིག་གང་སྡུག་བསྔལ་རབ་ཏུ་ཞི་བ་དོན་ཏུ་གཉེར་བ་གང་ལ། སྡུག་བསྔལ་གྱི་རང་བཞིན་དེ་དང། སྡུག་བསྔལ་གྱི་རྒྱུ་དེ་དང། དེའི་སྡུག་བསྔལ་རབ་ཏུ་ཞི་བ་དང། སྡུག་བསྔལ་དེ་རབ ་ཏུ་ཞིའི་ཐབས་ཇི་ལྟ་བ་བཞིན་འཆད་པ་དེ་དེའི་དེ་ལ་ཚད་མ་ཡིན་ཏེ། དཔེར་ན་ནད་པ་ནད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བ་དོན་དུ་གཉེར་བ་ལ་ནད་གྱི་སྡུག་བསྔལ་གྱི་རང་བཞིན་ལ་སོགས་པ་ཇི་ལྟར་གྱུར་བ་ཆད་པའི་སྨན་པ་ནི་དེའི་དེ་ལ་བཞིན། བཅོམ ་ལྡན་འདས་ཀྱང་འཁོར་བའི་སྡུག་བསྔལ་རབ་ཏུ་ཞི་བའི་དོན་དུ་གཉེར་བའི་སྐྱེས་བུ་ལ་འཁོར་བའི་སྡུག་བསྔལ་གྱི་རང་བཞིན་ལ་སོགས་པ་ཇི་ལྟར་བ་བཞིན་བཤད་པ་ཡིན་ནོ། །རང་བཞིན་ནོ། །བདེན་པ་རྣམས་ཀྱང་ཤེས་ཀྱིས་བསྟན་ཟིན་ཏོ། ། ་ཇི་ལྟར་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །དེའི་ཀུན་འབྱུང་བ་ནི་སྲེད་པ་སྟེ། དེ་ལས་སྡུག་བསྔལ་ཇི་ལྟར་རིགས་པར་འབྱུང་བའོ། །འགོག་པ་ནི་ལམ་དེའི་བདག་ཉིད་དུ་གནས་པའི་སྡུག་བསྔལ་གྱི་རྒྱུ་སྔ་མ ་འགགས་པར་གྱུར་ན་སྡུག་བསྔལ་གྱི་རྒྱུ་ཕྱི་མ་མི་སྐྱེ་བའི་མཚན་ཉིད་ཅན་གྱི་གནས་སྐབས་ཀྱི་ཁྱད་པར་རོ། །ལམ་ནི་བདག་མེད་པ་མཐོང་བ་གོམས་པར་བྱེད་པ་སྟེ། ཇི་ལྟར་དེ་ལས་འགོག་པ་ཐོབ་པར་འགྱུར་བའོ། །འདི་ཐམས་ཅད་སྔར ་ཁོ་ནར་བསྡུས་པས་བསྟན་ཟིན་ཏོ། །དེའི་ཕྱིར་བདེན་པ་བཞི་མཐོང་བ་ལས་གྲོལ་བར་འགྱུར་རོ། །དེའི་ཕྱིར་དེ་ཉེ་བར་སྟོན་པ་ནི། འཁོར་བའི་རྒྱ་མཚོ་ལས་གྲོལ་བ་བསྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་སྐྱོབ་པའོ། །འདི ་ཙམ་ཉིད་ཀྱང་གཞན་ལ་ཕན་པར་འདོད་པས་བྱ་བ་ཡིན་ཏེ། འདི་ལྟ་སྟེ་སྤང་བྱ་དང་བླང་བྱའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་སྟོན་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་མཛད་དོ། །དེའི་ཕྱིར་འབྲས་བུ་འདི་ལས་ལེགས་པ་ལ་སོགས་པ་ ་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་རྗེས་སུ་དཔག་སྟེ། འདིར་གཤེགས་པ་རྟོགས་པའི་དོན་ཅན་ལ་བརྟེན་པ་ལས་སོ། །སྔར་ནི་གཤེགས་པ་ཐོབ་པའི་དོན་ཅན་ལ་བརྟེན་ནས་སྤངས་པ་ཕུན་སུམ་ཚོགས་པའི་འབྲས ་བུར་བརྗོད་ལ། དེ་ལྟ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའི་སྟེ་ལེགས་པར་རྟོགས་པ་ནས་མ་ལུས་པར་རྟོགས་པ་ནས་མ་ལུས་པར་རྟོགས་པ་ཞེས་པའི་བར་དུའོ། །དེ་ལྟར་བདེ་བར་གཤེགས་པ་ཉིད་རིག་པར་བྱའོ། །དེ་ལ་ལེགས་པ ་ཉིད་ནི་ཡེ་ཤེས་དེའི་ཡུལ་དེ་ཁོ་ན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ལ། དེ་ཡང་དེས་བསྟན་པའི་ལམ་ཆད་མས་མི་བསླུ་བ་ལས་རྗེས་སུ་དཔག་གོ་།སླར་མི་ལྡོག་པ་ཉིད་ནི་བརྟན་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་དེས་ངེས་པའི་ལམ་ལ་ཚད་མ་གཞན ་གྱིས་གནོད་པ་མེད་པ་ལས་ཤེས་པར་བྱའོ། །ཡང་ན་རྣམ་པར་གཡོ་བ་མེད་པའི་སྟེ་སྔ་མ་དང་ཕྱི་མའི་གསུང་གཞོམ་དུ་མེད་པ་སྟེ། གསུང་རབ་ཐམས་ཅད་ལ་འཕགས་པའི་བདེན་པ་བཞི་སྟོན་པ་ལ་གསུངས་དག་གཅིག་པ་ཉིད་ཀྱི ་ཕྱིར་རོ། །ལུས་པ་ཡང་འདིར་འཕགས་པའི་བདེན་པ་བཞི་རྟོགས་པ་རྣམས་ལ་ཡང། ཡེ་ཤེས་སྒྲུབ་པ་ལ་མི་མཁས་པ་ཡིན་ལ། དེ་མེད་པ་ལས་མ་ལུས་པའི་ཡེ་ཤེས་རྗེས་སུ་དཔག་སྟེ། ཐབས་སྣ་ཚོགས་པ་རྣམས་ཀྱིས ་བདེན་པ་སྟོན་པར་བྱེད་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་མཁས་པ་ནི་ཅུང་ཟད་ཙམ་སྟེ། དེ་ཡང་དེའི་རྗེས་སུ་བསླབས་པ་ལས་སོ། །དེའི་ཕྱིར་དེ་ཁོ་ན་ཉིད་དང་བསྟན་པ་ཉིད་དང་མ་ལུས་པ་ཉིད་ཀྱི་ཕྱིར་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་ཡེ ་ཤེས་ཀྱིས། བཅོམ་ལྡན་འདས་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་རྣམས་ལས་ལྷག་པ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱིས་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་ལས་ལྷག་སྟེ། དེ ་ལྟར་ནི་དེ་རྣམས་ཀྱི་ཤེས་པ་ནི་ཚད་མས་མི་བསླུ་བའི་སྤང་བྱ་དང་བླང་བྱའི་ཡུལ་ཅན་མ་ཡིན་ནོ། །བསྟན་པ་ཉིད་ཀྱི་ཁྱད་པར་ཀྱི་ཁྱད་པར་དུ་འཕགས་པ་ནི་སློབ་པ་རྣམས་ལས་ཏེ། དེ་རྣམས་ཀྱིས་མདོན་པར་འདུ་བྱེད་པ་ཅན་མ་ཡིན་པའི་འཇིག ་ཚོགས་ལ་ལྟ་བ་མ་སྤངས་པའི་ཕྱིར། དེ་ཀུན་ཏུ་སྤྱོད་པའི་དུས་ན་སླར་ཡང་ལྡོག་པ་སྲིད་པའི་ཕྱིར་རོ། །མ་ལུས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ནི་མི་སློབ་པ་རྣམས་ལས་ཏེ། དེ་རྣམས་ལ་ཇི་སྐད་བཤད་པའི་ལུས་པ་སྲིད་པའི་ཕྱིར ་རོ། །རྣམ་པ་འདི་ལྟ་བུའི་ཡེ་ཤེས་ལས་གཞན་དོན་དུ་ལམ་གོམས་པ་རྟོགས་པར་བྱ་སྟེ། གང་གི་ཕྱིར་དེ་རྟོགས་ནས་ཀྱང་རང་སངས་རྒྱས་བཞིན་དུ་བྱ་བ་སྤངས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཇི་ལྟར་རྟོགས་པའི་ལམ་འཆད་པ་ལྷུར་ལེན་པ ་ཁོ་ནར་གྱུར་པས་སོ། །གང་གང་རྟོགས་ན་ཡང་བྱ་བ་ལས་མི་ལྡོག་པ་དེ་དེ་ཙམ་གྱི་འབྲས་བུ་མངོན་པར་འདོད་པ་མ་ཡིན་ཏེ། དཔེར་ན་ཟས་ཐོབ་ན་ཡང་ཟས་ཀྱི་ཆེད་དུ་བྱ་བ་ལ་མི་ལྡོག་པར་འཇུག་པ་བཞིན། བཅོམ་ལྡན་འདས་ཀྱང་ཇི་སྐད་བཤད ་པའི་ཡེ་ཤེས་ཀྱི་ཁྱད་པར་རྟོགས་ན་ཡང་དེ་ཙམ་གྱི་བྱ་བ་ལས་ལོག་པར་གྱུར་པ་མ་ཡིན་ནོ། །ཁྱབ་བྱེད་དང་འགལ་བའོ། །ལམ་གོམས་པར་བྱེད་པ་དེ་ཁོ་ན་སྟོན་པ་ཉིད་དེ་ཉེ་བར་བཏགས་པ་ལས་སོ་ཞེས་པ་འདི་ནི་བརྗོད་ཟིན་ཏོ། །དེ་ལས་ཀྱང ་བརྩེ་བ་རྗེས་སུ་དཔག་སྟེ། གང་གི་ཕྱིར་བརྩེ་བ་དང་ལྡན་པ་གཞན་དོན་ལ་རབ་ཏུ་སྦྱོར་གྱི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་འདི་ལྟ་བུའི་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་བཅོམ་ལྡན་འདས་ཚང་མའོ། ། ་དེ་ལྟར་ནི་བརྩེ་བས་དོན་ཁོ་ན་ཉེ་བར་སྟོན་པར་འདོད་ཅིང། བརྩེ་བ་མེད་པ་ནི་ཤེས་ཀྱང་རྣམ་པ་གཞན་དུ་འཆད་པར་བྱེད་དོ་ཞེས་བརྩེ་བ་ནི་ཚད་མ་ཉིད་ལ་ཡན་ལག་གི་དངོས་པོའོ། །བརྩེ་བ་དང་ལྡན་ཀྱང་མི་ཤེས་པ་ལས་དེ་ཁོ་ན་ཉིད ་བསྟན་པར་མི་ནུས་ལ་ཡེ་ཤེས་ལས་ནི་ཡང་དག་པ་ཁོ་ན་སྟོན་པས་བྱེད་དོ་ཞེས་པས་ཡེ་ཤེས་ཀྱང་ཚད་མ་ཉིད་ཀྱི་དོར་སྒྲུབ་པར་བྱེད་པའི་དངོས་པོའོ། །ཆད་མ་ཉིད་དེ་ཡང་རྒྱུ་དང་བཅས་པ་སྟེ། དེ་ལས་འདི་འབྱུང་བར་རིགས་སོ་ཞེས་པས ་རྒྱུ་ཕུན་སུམ་ཚོགས་པ་བརྗོད་དོ། །རྣམ་པ་དེ་ལྟ་བུའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོད་པ་ན་དེའི་ཉེ་བར་སྦྱོར་བ་འགའ་ཞིག་མེད་ན་ནི། གལ་ཏེ་རྒྱུ་ཕུན་སུམ་ཚོགས་པ་མེད་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་ཚད་མ་ཉིད་དེ་འགྱུར་བ་ཁོ ་ནར་འགྱུར་ན། དེ་ནི་དེ་མེད་པར་མི་སྲིད་དོ་ཞེས་པ་དེ་ཉེ་བར་ལེན་པའོ། །སྐྱོབ་པ་ཉིད་ཀྱིས་ནི་གཞན་རྟོགས་པར་བྱེད་པའི་དོར་གདོན་མི་ཟ་བར་མངོན་པར་སྦྱོར་བ་དང་ལྡན་པ་ཞེས་བྱ་བ་འདི་བསྟན་ཏོ། །གང་གི་ཕྱིར་དེ་ལྟར་དགེ་ལེགས་དང ་ཡང་དག་པ་འཆད་ཅིང་དེ་འཆད་པ་ལས་འབད་པ་དང་ལྡན་པ་དེའི་ཕྱིར་ཚད་མའོ། །གང་གང་གི་ཆེད་དུ་ལེགས་པར་ཡང་དག་པ་འཆད་ཅིང་དེ་འཆད་པ་ལ་འབད་པ་དང་ལྡན་པ་དེ་ཤེས་ལྡན་དེ་ཡིས་ཚད་མར་བྱ་བ་ཡིན་ཏེ། དཔེར་ན་ཇི་སྐད ་བཤད་པའི་ཡོན་ཏན་རྣམས་ཀྱིས་སློབ་མའི་ཆེད་དུ་ཉེ་བར་སྟོན་པའི་མཁན་པོ་ནི་སློབ་མ་ཤེས་ལྡན་གྱིས་བཞིན། བཅོམ་ལྡན་འདས་ཀྱང་སེམས་ཅན་རྣམས་ཀྱི་ཆེད་དུ་ལེགས་པ་ཡང་དག་པ་འཆད་ཅིང་དེ་འཆད་བ་ལ་ཡང་འབད་པ་དང ་ལྡན་པ་ཡིན་ནོ། །རང་བཞིན་ནོ། །འདིར་བཤད་པའི་རྣམ་པ་ལ་བརྩོན་པར་བྱེད་དོ། །གལ་ཏེ་ཤེས་པ་ཡང་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཉིད་དུ་རྣམ་པར་བཞག་པར་བྱ་ན་སྙིང་རྗེ་ལ་སོགས་པ་གང་གི་སྒྲུབ་པར་བྱེད་པར་བཤད་པར ་བྱ་བ་ཚད་མ་ཉིད་དེ་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ནུས་པའི་ཁྱད་པར་ཏེ། གང་ཡོན་ཏན་བཅོམ་ལྡན་འདས་ཀྱིས་མ་རྟོགས་པའི་དོན་རྟོགས་པར་བྱེད་ཅིང་དེ་ལས་ཡང་མི་བསླུ་བར་འགྱུར་རོ། །ནུས་པའི་ཁྱད་པར་དེ་ནི་བརྩེ་བ་ལ ་སོགས་པ་རྣམས་དང་ལྡན་པར་འགྱུར་གྱི་ཅིག་ཤེས་ལ་མ་ཡིན་ནོ་ཞེས་དེའི་སྒྲུབ་པར་བྱེད་པ་ཉིད་དུ་རྣམ་པར་བཞག་གོ་།རང་གི་རབ་ཏུ་དབྱེ་བ་རྣམས་ལས། ཤེས་པ་འདི་ནི་རང་གཞུང་ཞེས་པ་འདིའི་བཤད་པའོ། །སྒོ་ཡི་སྒྲ་ཁོ ་ནས་ཀྱང་སྔར་བཤད་པའི་འཐོང་བའི་སྒྲའི་དོན་གསལ་བ་ཁོ་ནར་རྟོགས་པར་བྱའོ་ཞེས་པ་རྣམ་དབྱེ་མེད་པའོ། །སྒོ་ནི་དྭཱ་ར་ར་སྟེ་ཕྱོགས་ཙམ་སྟོན་པ་བསྡུས་པ་སྟེ། དེ་རྒྱས་པར་རྟོགས་པར་བྱ་བ་རྣམས་ཀྱིས་གཏན་ལ་འབེབས་པར ་མི་འགྱུར་རོ་ཞེས་པ་འདི་ནི་རབ་ཏུ་གྲགས་པ་ཁོ་ནའོ། །མང་པོ་རྣམས་ལ་ཡང་གཞུང་དུ་ཚུངས་པའི་ཕྱིར་ཚིགས་སུ་བཅད་པ་རང་གཞུང་ཞེས་གཅིག་གི་ཚིག་གོ་།འགྲེལ་པར་ནི་དབྱེ་བ་བརྗོད་པར་འདོད་པ་ན་རང་གི་རབ་ཏུ་བྱེད་པ ་རྣམས་ལས་ཞེས་མང་པོའི་ཚིག་གོ་།བཏུས་ནས་ཞེས་པ་ལ་སོགས་པ་སྟེ། སྔར་བྱས་པ་དང་གཞན་ཅུང་ཟད་སྔར་མེད་པ་བློ་ལ་གནས་པ་ཡང། །ཡང་དག་པར་བླངས་ནས། ཚད་མ་རྣམས་ཀྱི་ཀུན་ལས་བཏུས་པ་ཡང ་དག་པར་བསྤུས་པ་བྱའོ། །འདིར་ཡང་ཚད་མ་དང་གཞལ་བྱ་དང་དེར་སྣང་བ་ལ་སོགས་པ་རྒྱུ་མཚན་ཡང་དག་པར་བསྒྲིགས་པ་རྣམས་ཐམས་ཅད་ཚད་མའི་ཞིར་ལ་འོངས་པ་ཉིད་ཀྱི་ཕྱིར་ཚད་མའི་སྒྲས་བརྗོད་དོ། །གཞན་གྱི ་ཚད་མ་དགག་པའི་ཆད་དང། ཞེས་པ་ལ་སོགས་པས་ཚད་མ་སྒྲུབ་པའི་སྒྲའི་དོན་གསུངས་སོ། །རང་གི་ཚད་མ་ནི་འདིར་དངོས་སོ། །གཞན་གྱི་ཚད་མ་ནི་གཞན་རྣམས་ཀྱིས ་དེ་ལ་ཚད་མར་མངོན་པར་ཞེན་པས་ཚད་མ་ཞེས་བརྗོད་དོ། །དེ་དག་གི་རང་རང་གི་ངོ་བོ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ནི་ཚད་མ་གྲུབ་པའོ། །དེ་ལ་གཞན་གྱི་ཚད་མ་ཚང་མ་མ་ཡིན་པ་ལ་དམ་པར་སྒྲོ་བཏགས་པའི་ཚད ་མའི་རང་བཞིན་ལ་འདི་ནི་ཚད་མའི་རང་བཞིན་མ་ཡིན་ནོ་ཞེས་གང་གཏན་ལ་འབེབས་པ་དེ་དགག་པ་སྟེ། དེ་ཁོ་ན་ནི་དེ་གྲུབ་པའོ། །རང་གི་ཚད་མ་ཁོ་ན་ཡོན་ཏན་ཏེ། དེ་འདོད་པ་རྣམས་ཀྱིས་བགྲང་བར་བྱ་བའོ་ཞེས་བྱས་ནས་དང། ་དོན་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡང་ངོ། །དེ་བརྗོད་པར་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་མངོན་པར་བརྗོད་པས་གཏན་ལ་འབེབས་པའོ། །དེ་ཁོ་ན་ཡང་དེ་གྲུབ་པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པས་ཚད་མ་སྐྱེས ་བུའི་དོན་ལ་ཉེ་བར་མཁོ་བ་ཉིད་དུ་སྟོན་ཏོ། །གཞན་དུ་ན་དེ་ལ་ཉེ་བར་མཁོ་བ་མེད་པར་གཏན་ལ་འབེབས་པ་དོན་མེད་པའོ། །ཞེས་པས་བྱ་བ་མིན་པར་འགྱུར་རོ། །གཞལ་བྱར་ཡང་འདིར་དོར་བར་བྱ་བ་དང་བླང་བར་བྱ་བའོ། ། ་གང་གི་ཕྱིར་དེ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་དེའི་ཕྱིར་ཚད་མ་གྲུབ་པའི་ཆེད་དུ་འབད་པ་འབྲས་བུ་དང་བཅས་པའོ་ཞེས་པ་དགོངས་པའོ། །འདིར་ཁ་ཅིག་སྒྲ་སྟེ། ཚད་མ་རྣམས་ནི་རང་ཁོ་ན་ལས་གྲུབ་པའོ་ཞེས ་སོ། །དེའི་ལུགས་ཀྱི་རྗེས་སུ་འབྲངས་པ་གཞན་རྣམས་ཚིགས་སུ་བཅད་པ་ཀློག་པར་བྱེད་དེ། ཚད་མ་རྣམས་དང་དེས་བྱས་པའི། །ཐ་སྙད་ཀྱང་ནི་རབ་གྲགས་ན། །ཚད་མའི་མཚན་ཉིད་བརྗོད་པ་ལ། །དགོས་པ་ཤེས ་པར་བྱ་བ་མིན་ཞེས་སོ། །དེའི་ཕྱིར་དེ་བསལ་པའི་ཆེད་དུ་གསུངས་པ། འདི་ལ་ཡང་ལོག་པར་རྟོགས་པ་མང་བས་ནའོ་ཞེས་ཏེ། ཡང་གི་སྒྲས་གང་གི་ཕྱིར་ཞེས་པ་འདི་རྗེས་སུ་འགུགས་པར་བྱེད་དོ། །འགལ་བའི་རྟོགས་པ་ནི ་ལོག་པར་རྟོགས་པ་རྣམས་ཏེ། ཕན་ཚུན་འགལ་བའི་མཚན་ཉིད་བྱེད་པའི་ཕྱིར་རོ། །གལ་ཏེ་འདི་ཚད་མའོ་ཞེས་མཚན་ཉིད་ངེས་པ་མ་གྲུབ་པར་རང་ཉིད་ལས་ཚད་མར་འགྱུར་ན། མཚན་ཉིད་བྱེད་པ་རྣམས་ཀྱིས་ཕན ་ཚུན་འགལ་བའི་མཚན་ཉིད་བྱེད་པར་མི་འགྱུར་ལ། ཚད་མ་སྐྱེས་པ་ཉིད་ན་ཚད་མའི་རང་གི་ངོ་བོ་འགྲུབ་པའི་ཕྱིར་མཚན་ཉིད་བྱེད་པ་རྣམས་པ་གཅིག་ཁོ་ནར་འགྱུར་རོ། །ཐ་སྙད་བྱེད་པ་པོ་རྣམས་ཀྱང་ལོག་པར ་རྟོགས་ཏེ་ཕྱིན་ཅི་ལོག་ཏུ་རྟོགས་པ་རྣམས་ཏེ་ཚད་མ་མ་ཡིན་པ་ལ་ཚད་མ་ཉིད་དུ་ལྷག་པར་ཞེན་པ་རྣམས་སོ་ཞེས་པའི་དོན་ནོ། །དེ་ལྟར་ནི་ཚད་མ་ལྟར་སྣང་བས་ཞུགས་པ་རྣམས་འགའ་ཞིག་བསླུ་བཞིན་པ་མཐོང ་ལ། གལ་ཏེ་ཐམས་ཅད་ཚད་མས་རྣམས་སུ་གྲུབ་པ་ཁོ་ནར་གྱུར་ན། འགའ་ཡང་བསླུ་བར་མི་འགྱུར་རོ། །དེའི་ཕྱིར་རང་ལས་ཏེ་ཚད་མའི་རང་རིག་ལས་རང་གི་ངོ་བོ་གྲུབ་པ་ཙམ་དུ་འགྱུར་ལ། འདོད ་པའི་དོན་བྱ་བ་ནུས་པའི་དངོས་པོ་ཐོབ་པར་ནུས་པའི་མཚན་ཉིད་ཅན་ནི། གང་ཚད་མ་ཉིད་ཡིན་པ་དེ་ཡོད་པ་ཁོ་ན་ལས་ཚད་མས་ཡོངས་སུ་མཐོང་བའི་དངོས་པོ་བསྒྲུབ་པར་བྱ་བའི་དོན་བྱེད་པའི་ཡུལ་ཅན ་ཚང་མ་གཞན་གྱི་འཇུག་པས་དང་པོར་ངེས་པར་འགྱུར་རོ། །ཕྱི་མའི་དུས་ན་ནི་ཡང་ཡང་དུ་ཚད་མ་ཕྱི་མའི་འཇུག་པས་ཤེས་པའི་གསལ་བ་འགའ་ཞིག་རྣམས་ཚད་མ་ཉིད་དུ་ངེས་པར་བྱེད་ཅིང་གོམས་པར་བྱེད ་པ་ལས་ཤེས་རབ་ཅན་ནི་ཚད་མ་ཕྱི་མའི་འཇུག་པ་མེད་པར་ཡང་རྣམ་པ་དེ་ལྟ་བུ་གཞན་རྣམས་ཀྱི་རང་གི་ངོ་བོ་ཡང་དག་པར་རིག་པ་ཙམ་ཁོ་ན་ལས་ཚད་མ་ཉིད་དུ་ངེས་པར་བྱེད་དེ། གོམས་པས ་ནོར་བུ་ལ་སོགས་པ་རྣམས་ཀྱི་བཅོས་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་བཞིན་ནོ། །དེ་ལྟར་གང་གི་ཕྱིར་ཚད་མ་ལ་ལོག་པར་རྟོགས་པ་རྣམས་མང་བ་དེའི་ཕྱིར་དེ་རྣམས་ཀྱི་ལོག་པར་རྟོགས་པ་བསལ་བའི་ཆེད་དུ་བསྟན ་བཅོས་སོ་ཞེས་པའོ། །དེ་ལ་འབྲས་བུ་དང་རང་གི་ངོ་བོ་དང་ཡུལ་དྲང་གྲངས་ལ་ལོག་པར་རྟོགས་པ་བཞི་རྣམས་ཏེ། དེ་རྣམས་ལས་གྲངས་ལོག་པར་རྟོགས་པ་བསལ་བའི་དོན་དུ་གསུངས་པ། མངོན་སུམ་དང་ནི་རྗེས་སུ ་དཔག། ཅེས་པ་ལ་སོགས་པའོ། །གལ་ཏེ་ཚད་མ་གཏན་ལ་དབབ་པར་བྱ་བ་ལས་གྲངས་ལ་སོགས་པ་གཏན་ལ་འཕེབས་པ་དོན་མེད་པ་དོན་མེད་དོ་ཞེ་ན། མ་ཡིན་ཏེ་རབ་ཏུ་བྱེད་པ་ནི་ཚད་མ་དང་ཚད་མ་མ་ཡིན་པར་ལོག ་པར་རྟོགས་པ་བཟློག་པ་ལྷུར་ལེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་གལ་ཏེ་གྲངས་ལ་ལོག་པར་རྟོགས་པ་མི་སེལ་པར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རང་གི་ངོ་བོ་འབའ་ཞིག་གཏན་ལ་འབེབས་པ་དེའི་ཚེ་ཕ་རོལ་པོ་རྣམས ་ཀྱི་འདི་ལྟར་འགྱུར་ཏེ། འདིའི་ཡུལ་ཁོ་ན་ལ་ངེས་པར་བདག་ཅག་རྣམས་ཀྱི་ལོག་པར་རྟོགས་པ་ཡིན་གྱི། གང་ཚད་མ་གཞན་རྣམས་བདག་ཅག་རྣམས་ཀྱིས་ཁས་བླངས་པ་དེའི་ཡུལ་མ་ཡིན་ནོ་ཞེས་སོ། །འོ་ན་དེ་རྣམས་ཀྱི་ཡང་སྐྱོན ་བརྗོད་པའི་ཕྱིར་གང་ལས་དོགས་པ་འདི་ཡིན་ཞེ་ན། འོ་ན་དེ་ལྟར་ན། ཇི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རང་གི་ངོ་བོ་བདག་ཅག་འདོད་པའི་རང་གི་ངོ་བོ་ལས་གཞན་པ་ཁོ་ན་ཡིན་པ་དེ་བཞིན་དུ་དེ ་རྣམས་ཀྱི་ཡང་ཡོད་པ་ཁོ་ན་ཉིད་ན་དེ་ནི་འདིས་གཏན་ལ་དབབ་པ་མ་བྱས་སོ་ཞེས་དོགས་པར་འགྱུར་རོ། །དེའི་ཕྱིར་གྲངས་གཏན་ལ་དབབ་པའོ། །སྤྱོད་ཡུལ་གཏན་ལ་མ་ཕབ་ན་ནི་གང་གི་ཚེ་ཡུལ་མ་ཡིན ་པ་ལ་བཟུང་བ་ཚད་མར་འགྱུར་ན་དེའི་ཚེ་དེ་ལ་དེ་བསླུ་ལ་དེ་བཞིན་དུ་རང་གི་ཡུལ་ལ་ཡང་ཚད་མ་མ་ཡིན་པར་རྟོགས་པ་པོས་ཁོང་དུ་ཆུད་བར་འགྱུར་རོ་ཞེས་ཡུལ་གཏན་ལ་འཕེབས་པའོ། །ཚད་མ་ལས་འབྲས ་བུ་གཞན་མ་ཡིན་ནོ་ཞེས་གང་གི་ཚེ་གཏན་ལ་དཔབ་པར་མི་བྱེད་པ་དེའི་ཚེ་ཚད་མའི་ནི་ཚད་མའི་རང་གི་ངོ་བོ་ཉིད་ཉམས་པར་འགྱུར་ཏེ། དེ་ལྟར་ནི་འབྲས་བུ་ནི་རེ་ཞིག་དོན་རྟོགས་པའི་ངོ་བོར་ངེས་པར་ཁས་བླངས ་ཏེ། གཞན་དུ་ན་འབྲས་བུ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རྟོགས་པའི་ངོ་བོ་འབྲས་བུའོ། །དེས་ན་གང་གི་ཚེ་ཤེས་པའི་ངོ་བོ་ལས་ཐ་དད་པ་ཚད་མ་ཡིན་པ་དེའི་ཚེ་དེ་ཤེས་པ་མ་ཡིན་པའི་ངོ་བོར ་འགྱུར་ལ། ཤེས་པ་མ་ཡིན་པའི་ངོ་བོ་ཡང་ཚད་མའི་རང་གི་ངོ་བོ་ཉིད་དུ་མི་འགྱུར་ཏེ་གཟུགས་ལ་སོགས་པ་བཞིན་ནོ། ཞེས་འབྲས་བུ་གཏན་ལ་འབེབས་པའོ། །དེའི་ཕྱིར་གྲངས་ལ་སོགས་པ་གཏན ་ལ་དབབ་པ་དོན་མེད་པ་མ་ཡིན་ནོ། །དང་གི་སྒྲ་ནི་གཉིས་པོ་དག་ཀྱང་རང་གི་ཡུལ་ལ་སྟོབས་མཚུངས་པ་ཉིད་དུ་བཤད་པའི་ཆེད་དུ་བསྡུ་བའི་ཚིག་གོ་།དག་འདིའི་དོན་ཅི་ཡིན། ཅི་མངོན་སུམ་དང་ནི་རྗེས་སུ་དཔག། ཚད་མ་དག་གོ་ཅེས་པ ་འདིས་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་དག་གཉིས་ཉིད་དུ་བསྒྲུབ་པར་བྱ་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་འདི་དག་ཚད་མ་དག་ཁོ་ན་སྟེ། ཚད་མ་གཅིག་དང་ཚད་མ་རྣམས་ནི་མ་ཡིན་ནོ་ཅེས་པ་འམ། འོན་ཏེ ་མངོན་སུམ་དང་རྗེས་སུ་དཔག་པ་དག་ཚད་མ་ཉིད་དུ་བསྒྲུབ་པར་བྱ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དག་ཚད་མ་དག་ཁོ་ན་ཏེ་ཚད་མ་མ་ཡིན་པ་དག་མ་ཡིན་ནོ་ཞེས་པ་ཡིན། དེ་ལས་ཅིར ་འགྱུར་ན་གལ་ཏེ། རྟོག་པ་དང་པོ་ཡིན་ནོ་ཚིག་འབྲས་བུ་མེད་པ་སྟེ། དེ་དག་གཉིས་ཉིད་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་གཉིས་ཉིད་ཀྱི་ངོར། སུའི་ཡང་ལོག་པར་རྟོགས་པ་མེད་པའི་ཕྱིར་རོ། །འོན ་ཏེ་གཉིས་པ་ཡིན་ན་ནི་གྲངས་ངེས་པར་གཟུང་བ་མ་བྱས་པར་འགྱུར་ལ། དེ་ལས་ཀྱང་རྣམ་པ་གཉིས་ཁོ་ན་ཚད་མའོ་ཞེས་གང་སྒྲུབ་པར་འདོད་པ་དེ་མ་བསྒྲུབས་པ་ཁོ་ནར་འགྱུར་རོ། །གྲུབ་པ་སྒྲུབ་པ་ཉིད་ཀྱང་སྟེ། དེ་དག་ཚད་མ་ཉིད་དུ་གྲུབ ་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་ཙཱ་ར་བཱ་ཀཱའི་དོར་འདི་བརྗོད་པར་བྱ་ན། དེ་ལྟ་ན་ཡང་མངོན་སུམ་ལ་ལྟོས་ནས་གྲུབ་པ་སྒྲུབ་པར་བྱེད་པ་ཁོ་ནའོ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། འདིར་ངག་གཉིས་ཡིན་པ་ན་སྟེ། མངོན་སུམ་དང་ནི ་རྗེས་སུ་དཔག་ཅེས་པ་དག་གཅིག་དང་ཚད་མ་དག་གོ་ཞེས་པ་གཉིས་པའོ། །འདི་ལྟར་ཡང་བཤད་པར་བྱ་སྟེ། ཚད་མ་དག་ཁོ?་ན་སྟེ་ཚེད་པ་རྣམས་དང་ཚད་མ་གཅིག་མ་ཡིན་ནོ་ཞེས་བའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པར་ངེས་པར ་གཟུང་བ་མཛད་དེ་གཉིས་དག་ཁོ་ནའོ་ཞེས་སོ། །དག་ནི་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་ཁོ་ནའི་སྒྲ་མེད་ཀྱང་དེའི་དོན་འཐོབ་པོ། །དེ་ལྟར་ངག་འདིས་ཆེད་མ་གཉིས་ངག་ཁོ་ནའོ་ཞེས་བསྒྲུབས་སོ། །གཉིས་པོ་དེ་དག་ཅི ་ཞིག་དག་ཅེས་དོགས་པའི་དྲི་བའི་སྐབས་ལ་འདི་བརྗོད་པར་བྱ་སྟེ། མངོན་སུམ་དང་ནི་རྗེས་སུ་དཔག་ཅེས་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་ཚད་མ་གཉིས་པོ་དག་སྟེ། གཞན་འགའ་ཞིག་གཉིས་དག་མ་ཡིན་པ་ཁོ་ནའོ་ཞེས ་པའོ་དེ་བཤད་བ་འདི་ལ་ཇི་སྐད་བརྗོད་པའི་སྐྱོན་གྱི་སྐབས་མི་འགྱུར་རོ། །ཅི་སྟེ་ཚད་མ་གཅིག་ཉིད་དམ་མང་པོ་ཉིད་མ་ཡིན་ནོ། །ཞེས་ཇི་ལྟར་རྟགས་ཞེ་ན། རེ་ཞིག་གཅིག་ཉིད་དུ་མི་འགྱུར་ཏེ། རྗེས་སུ་དཔག་པ་ཡང་ཚད་མ་ཉིད་ཡིན་པའི ་ཕྱིར་རོ། །གཞན་དུ་ནི་འདི་ཚད་མའོ་འདི་ཚད་མ་མ་ཡིན་པ་ཞེས་རྣམ་པར་བཞག་པར་འདི་མི་འགྱུར་རོ། །དེ་ལྟར་ནི་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པ་ལ་བསླུ་བ་དང་མི་བསླུ་བ་དག་དམིགས་ནས། དེའི་རིགས་ཙན་ཉིད་ཀྱིས་ཤེས ་པ་གཞན་ལ་ཡང་མི་བསླུ་བ་དང་ཅིག་ཤོས་སུ་ངེས་པ་ལས་ཚད་མ་དང་ཅིག་ཤོས་སུ་རྣམ་པར་བཞག་པར་བྱེད་ཀྱི་གཞན་དུ་ན་མ་ཡིན་ནོ། །ཇི་ལྟར་མཐོང་བ་དང་ཆོས་མཐུན་པ་ལས་དེ་ལྟར་ཡོངས་སུ་བཅད་པར་བྱ་བ་དེ ་ཡང་རྗེས་སུ་དཔག་བར་བྱ་བ་ཉིད་ལས་འདའ་བ་མ་ཡིན་ནོ། །གཞན་ཡང་རྗེས་སུ་དཔག་པ་ཚད་མ་ཉིད་མ་ཡིན་ན་བསྟན་བཅོས་བྱ་བར་མི་འགྱུར་ཏེ། གང་གི་ཕྱི་རོལ་གྱིས་ཁོང་དུ་ཆུད་པའི་དོན་དུ་བསྟན་བཅོས་བྱ་བ་ཡིན་ལ། གཞན ་གྱིས་རྟོགས་པ་དེ་ཡང་རྗེས་སུ་དཔག་པ་ལས་གཞན་ལས་མི་རྟོགས་ཏེ་མངོན་སུམ་ནི་ལུས་ཙམ་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །ལུས་ཉིད་ནི་བློ་མ་ཡིན་ཏེ། དེ་གྲུབ་ཀྱང་བློའི་རྣམ་པར་བརྟགས་པ་ལ། ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་དང ་འབྲེལ་པ་ཅན་འདི་ནི་སྐྱེས་བུ་ཙམ་གྱི་མངོན་སུམ་དུ་མི་རྟོགས་སོ། །འདིས་རྗེས་སུ་དཔག་པ། །ལ་བསྐུར་པ་འདེབས་པར་བྱེད་ཅིང། འཇིག་རྟེན་ཕ་རོལ་ལ་སོགས་པ་དགག་པ་ཡང་མངོན་སུམ་གྱིས་བྱ་བར་འོས་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཡུལ་ཅན་ཉིད ་ཀྱི་ཕྱིར་རོ། །དེ་ཡང་དོན་གྱི་ནུས་པ་ལ་བལྟོས་པའི་ཕྱིར་རོ། །བལྟོས་པ་མེད་ནི་ན་བར་དུ་ཆོད་པ་ལ་སོགས་པའི་དངོས་པོ་ལ་ཡང་འབྱུང་བར་ཐལ་ཞེས་པའོ། །དེའི་ཕྱིར་རྗེས་སུ་དཔག་པ་ཡང་ཚད་མ་ཉིད་དུ་ཁས་བླང་བར་བྱའོ། །དེའི་ཕྱིར་ཚད་མ་གཅིག་ཁོ་ན ་མ་ཡིན་ནོ། །མང་པོ་ཉིད་དུ་ནི་འགྱུར་ཏེ་དེ་ཡུལ་མང་པོ་ཉིད་ཀྱི་ཕྱིར་རམ། ཡུལ་གཅིག་ལ་ཡང་ཚེད་མ་དུ་མ་འཇུག་པའི་ཕྱིར་རོ་ཞེ་ན། རེ་ཞིག་ཡུལ་མང་པོ་ཉིད་ཀྱི་ཕྱིར་མ་ཡིན་ཏེ་འདི་ལ་རྒྱུ་གསུངས་པ། གང་གི་ཕྱིར་མཚན་ཉིད་གཉིས ་གཞལ་བྱ་ཞེས་སོ། །དེ་རྣམ་པར་འགྲེལ་པར་བྱེད་པ་མེད་དོ་ཞེས་པ་ལ་སོགས་པའོ། །དེ་ལ་རང་གི་མཚན་ཉིད་ནི་གང་དོན་གྱི་བྱ་བ་ནུས་པ་སྟེ་དེ་ཁོ་ན་དངོས་པོའོ། །སྤྱིའི་མཚན་ཉིད་ནི་ཡང་དེ་ལས་བཟློག་པའོ། །གལ་ཏེ་དེ་ལྟར་ན་རབ་རིབ་ཅན་ལ་སོགས་པའི་ཉེ ་བར་དམིགས་པ་སྐྲ་ཤད་ལ་སོགས་པ་རྣམས་རང་གི་མཚན་ཉིད་མ་ཡིན་ཏེ། སྐྲ་ཤད་ལ་སོགས་པ་བསྒྲུབ་པར་བྱ་བའི་དོན་བྱ་བ་ལ་ནུས་པ་མེད་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་ཀྱང་མ་ཡིན་ཏེ་གསལ་བར་སོ་སོར་སྣང་བ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་གཞལ་བྱ ་གཞན་ཉིད་དུ་འགྱུར་རོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ་གང་གི་ཕྱིར་གང་ལ་ཐ་སྙད་བྱེད་པ་རྣམས་ཡུལ་ཉིད་དུ་ཞེན་པ་དེ་ལ་དཔྱད་པ་འདི་ཡིན་ལ། རབ་རིབ་ཅན་ལ་སོགས་པ་རྣམས་ཀྱིས་དམིགས་པ་སྐྲ་ཤད་ལ་སོགས་པ་རང་གི་ཤེས་པའི་སྣང་བ་རྣམས ་ཀྱིས་དེ་རྣམས་ཀྱིས་ཡུལ་ཉིད་དུ་མོས་བ་མེད་དོ། །འོ་ན་དངོས་པོ་མེད་པ་སྤྱིར་མི་འགྱུར་ཏེ། དེ་ནི་ཡུལ་ཉིད་དུ་ཞེན་པར་བྱ་བ་མ་ཡིན་པས་སོ་ཞེ་ན་མ་ཡིན་ཏེ། ཤེས་བྱ་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་དེ་ལ་ཡང་ཡུལ་དུ་ལྷག་པར་མོས་པ ་ཡོད་དོ། །ཡང་གང་གི་ཚེ་དངོས་པོ་མེད་པ་བཞིན་དུ་རབ་རིབ་ཅན་ལ་སོགས་པས་མཐོང་བ་སྐྲ་ཤད་ལ་སོགས་པ་རྣམས་ཤེས་པ་གཞན་གྱིས་ཤེས་བྱ་ཉིད་དུ་འཛིན་པ་དེའི་ཚེ་སྤྱིའི་ངོ་བོ་ཉིད་དུ་འདོད་པ་ཁོ་ནའོ། །ཤེས་པ་གང ་ལ་དེ་རྣམས་སོ་སོར་སྣང་བ་དེ་ཡིས་ཤེས་བྱ་ཉིད་དུ་དེ་རྣམས་བཟུང་བ་མ་ཡིན་ནོ་ཞེས་པས་དེ་རྣམས་སྤྱིའི་ངོ་བོ་མ་ཡིན་པར་བརྗོད་པ་འབའ་ཞིག་གོ་།གལ་ཏེ་དེ་རྣམས་དངོས་པོ་མ་ཡིན་ནོ་ཅི་ལྟར་གསལ་བར་སྣང་ཞེ་ན། ཤེས་པའི་ངོ་བོ་ཉིད ་ཀྱིས་རང་གི་མཚན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་ངོ་ཤེས་པའི་ཤེས་པས་སྐྲ་ཤད་ལ་སོགས་པ་དང་འདྲ་བར་སྐྲ་ལ་སོགས་པ་འདིའོ་ཞེས་ཡུལ་དུ་བྱ་བ་དེའི་ཚེ་སྤྱིའི་རྣམ་པས་མི་གསལ་བར་སྣང་བཞིན་པ་རྣམས་སྤྱིའི་ངོ་བོ་ཉིད་དུ་རྣམ་པར ་བཞག་གོ་།གལ་ཏེ་དེ་རྣམས་ཤེས་པའི་ངོ་བོ་ཉིད་ཀྱི་ཕྱིར་དངོས་པོ་ཉིད་ཡིན་ན་སྤྱི་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་དེ་ཡང་རང་གི་མཚན་ཉིད་དུ་འདོད་ཞེས་པས་སྐྱོན་མེད་ལ། དེ་སྤྱིའི་ངོ་བོ་ཅན་ཉིད་དུ་ནི་ཡུལ་ལ་བལྟོས་ནས་རྣམ་པར ་བཞག་སྟེ། དོན་གཞན་ལས་ལོག་པའི་དངོས་པོས?་བརྟེན་ནས་སྐྱེ་བའི་བློ་ཐ་མི་དད་པའི་རྣམ་པ་ཅན་གྱིས་དེ་རྣམས་ལས་རྣམ་པ་ཐ་མི་དད་པ་བཞིན་དུ་ཁོ་ནར་མཐོང་ངོ་ཞེས་པས་བློས་རྟོགས་པའི་རྣམ་པ་དེ་དོན་རྣམས་ཀྱི་སྤྱིར་རྣམ་པར་བཞག་གོ། ་དེ་ཉིད་ཀྱི་ཕྱིར་འདི་དངོས་པོ་མ་ཡིན་པ་ཉིད་དུ་ཡང་སྟེ། ཕྱི་རོལ་གྱི་ངོ་བོར་ཞེན་པ་ལ་དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་སྤྱི་ནུས་པ་ཐམས་ཅད་དང་བྲལ་བ་དེ་གཞལ་བར་འོས་པ་མ་ཡིན་པ་ཁོ་ནར་འགྱུར་བས་གཞལ་བྱ་མ ་ཡིན་ན། དེ་སློབ་དཔོན་གྱི་རང་དང་སྤྱིའི་མཚན་ཉི་དག་ལས་གཞན་པའི་ཞལ་བྱ་ཡོད་པ་མ་ཡིན་ནོ་ཞེས་ཡུལ་རྣམ་པ་གཉིས་ཉིད་དུ་གསུངས་པ་ཅི་ལྟར་ཞེ་ན། འདི་བདེན་ཏེ་གང་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་རང་གི ་མཚན་ཉིད་ཁོ་ན་གཞལ་བྱའོ། །གང་སློབ་དཔོན་གྱི་ཡུལ་རྣམ་པ་གཉིས་ཉིད་དུ་གསུངས་པ་དེ་ནི་ཁོ་ན་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་དག་གིས་རྟོགས་པ་ལས་ཏེ། གང་གི་ཕྱིར་དངོས་པོ་དེ་ཁོ་ན་མངོན་སུམ་གྱིས་རང་གི་ངོ ་བོས་རྟོགས་པ་ལས་གཞལ་བྱ་གཅིག་རང་གི་མཚན་ཉིད་དོ། །དེ་ཁོ་ན་རྗེས་སུ་དཔག་པས་སྤྱིའི་རྣམ་པ་རྗེས་སུ་ཆགས་པ་གཟུང་བྱའི་ཆ་ཤས་ཀྱི་བདག་ཉིད་གཞན་ཀྱི་ངོ་པོས་དེའི་དངོས་པོར་ལྷག་པར་ཞེན་པ་ཉིད་ཀྱིས་རྟོགས་པའི་ཕྱིར ་གཉིས་པ་སྤྱིའི་མཚན་ཉིད་དོ། །གཞན་གྱི་ངོ་བོས་རང་གི་མཚན་ཉིད་ཁོ་ན་རྟོགས་སོ། །ཞེས་པ་འདི་ཅི་ལྟར་རྟོགས་པར་བྱ་ཞེ་ན། གང་གི་ཕྱིར་རྗེས་སུ་དཔག་པའི་རྣམ་པར་རྟོག་པའི་ཕྱི་རོལ ་ཉིད་དུ་སོ་སོར་སྣང་བའི་ཆ་ཤས་རང་གི་མཚན་ཉིད་མ་ཡིན་པ་ཡང་རང་གི་མཚན་ཉིད་དུ་ཞེན་ནས། དོན་བྱ་བ་དོན་དུ་གཉེར་བའི་སྐྱེས་བུ་རང་གི་མཚན་ཉིད་ཁོ་ན་ལ་འཇུག་པས་སོ། །གཞན་དུ་ན་གལ་ཏེ་སྤྱི་རྗེས་སུ་དཔག་པས་ཡོངས་སུ་སྤྱད་པར་གྱུར་ན་དོན་བྱ་བ་དོན ་དུ་གཉེར་པ་པོ་དེ་ཁོ་ན་ལ་འཇུག་པར་འགྱུར་ཞིང། བུམ་པ་ཡོངས་སུ་བཅད་ནས་བུམ་པ་དོགས?་པ་ལ་གནས་པ་དེའི་དོན་བྱ་བ་དོན་དུ་གཉེར་བ་བུམ?་པ་ལ་འཇུག་པ་མ་ཡིན་པར་འགྱུར་བ་འམ། མི་འདུག?་པ་ཁོ་ནར་འགྱུར་ཏེ། སྤྱི་ནི་གང་དུ་ཡང་ཉེ ་པར་མཁོ་བ་མེད་བའི་ཕྱིར་རོ། །རང་གི་མཚན་ཉིད་ལ་དེས་བསྒྲུབ་པར་བྱ་བའི་དོན་བྱ་བ་ཐོབ་བའི་རྗེས་སུ་དཔག་པ་ལས་འཇུག་པ་ཡང་ཡིན། དེས་ན་དེའི་དངོས་པོར་ལྷག་པར་ཞེན་པའོ་ཞེས་རྟོགས་པར་བྱའོ། །མངོན་སུམ་གྱིས་ཀྱང་གཞན་གྱི་ངོ་བོ་ཁོ་ནས་རྟོགས་ལ། འདི་ནི ་ཁྱད་པར་ཏེ། །རྗེས་སུ་དཔོག་པས་ཐུན་མོང་པར་གྱུར་བའི་གཞན་གྱི་ངོ་བོས་དོན་འཛིན་ཞིང། མངོན་སུམ་གྱིས་ནི་ཐུན་མོང་མ་ཡིན་པར་གྱུར་པས་སོ་ཞེས་པའོ། །དེའི་ཕྱིར་ཐུན་མོང་དང་ཐུན་མོང་མ་ཡིན་པར་གྱུར་པའི་གཞན ་ངོ་བོ་དག་གིས་རྟོགས་པའི་ཕྱིར་གཞལ་བྱ་གཉིས་སུ་བཤད་དོ། །རྣམ་པར་ཤེས་པ་བཞིན་དུ་དོན་ནི་རང་ཉིད་ལས་ཡང་དག་པར་རིག་པ་མ་ཡིན་གྱི། དོན་གྱི་རྣམ་པ་ཅན་གྱི་ཤེས་པའི་གང་ཁོ་ན་རང་རིག་པ་དེ་ཁོ་ན་དོན་ཡང་དག་པ་རིག་པའོ། ཤེས ་པ་ལ་དོན་སྣང་བ་ཉམས་སུ་མྱོང་བ་ན་དོན་རྟོགས་སོ་ཞེས་སེམས་པས་ཏེ། དེའི་ཕྱིར་ཕྱི་རོལ་དོན་གཞལ་བྱ་ལ་ཡང་རང་རིག་པ་འབྲས་བུ་ཉིད་དུ་རྣམ་པར་འཇོག་པར་འགྱུར་ཞེས་གཞན་རྣམས་སོ་འདི་སོང་ངོ། འདི་ནི་བརྗོད་པར་བྱ་སྟེ། གཞལ་བྱ་གཉིས ་ཉིད་ཀྱི་ཕྱིར་ཚད་མ་གཉིས་ཉིད་དོ་ཞེས་ཇི་ལྟར་ཞེ་ན་གསུངས་པ། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་ཞེས་པ་ལ་སོགས་པས་ཏེ། ནིའི་སྒྲ་ནི་ངེས་བར་གཟུང་བའི་དོན་ཅན་ནོ། །རང་གི་མཚན་ཉིད་ཀྱི་ཡུལ་ཅན་མངོན་སུམ་ཁོ་ན་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན ་རྗེས་སུ་དཔག་པ་ཁོ་ན་སྟེ། ཚད་མ་གཞན་ནི་མེད་དོ། །དོན་འདི་ཡང་རྒྱས་པར། རང་གི་མཚན་ཉིད་བསྟན་བྱ་མིན། གཟུང་བྱ་ཐ་དད་ཕྱིར་ཅེས་པ་ལ་སོགས་པས་རྟོགས་པར་བྱེད་པར་འགྱུར་རོ་ཞེས་སྟོན་པས་གསུངས་པ། རྟོགས་པར་བྱེད་བར་འགྱུར་རོ་ཞེས་སོ། ། ་ཡང་ན་གཞལ་བྱ་གཉིས་སུ་བསྟན་པ་འདིས་ནི་གཅིག་དང་གསུམ་ལ་སོགས་པའི་ཚད་མ་བསལ་བ་བྱ་སྟེ། རང་གི་མཚན་ཉིད་ལས་གཞན་པའང་གཞལ་བྱར་བསྟན་པས་ཚད་མ་མངོན་སུམ་མ་ཡིན་པའང་ཡོད་དེ་ཅེས་ཚད་མ་གཅིག་ཡིན་པ་བསལ་བར་བྱས ་ལ། གཞལ་བྱ་གསུམ་པོ་མེད་པར་བསྟན་པས་ཚད་མ་གསུམ་ལ་སོགས་པ་བསལ་ལོ། །དེ་ལྟ་ན་གང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་གཞལ་བྱ་དེས་ཏེ་རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་གཞལ་བྱ་མེད་པ་ཁོ་ནའོ་ཞེས་ཁས་ལེན་པ་དེ་ལྟ་ན ་སྔོན་པོ་ལ་སོགས་པ་རྣམས་བྱས་པ་ཉིད་ལ་སོགས་པའི་རྟགས་བསྟན་པ་ལས་གཟུགས་མི་རྟག་གོ་ཞེས་པ་ལ་སོགས་པར་འཛིན་པར་མི་འགྱུར་རོ། །དེ་ལྟར་ནི་སྔོན་པོ་ལ་སོགས་པ་རང་གི་མཚན་ཉིད་དང་མི་རྟག་པ་ཉིད་སྤྱི་ཡིན་ལ་འདི་དག ་འདྲེས་པས་འཛིན་པའི་ཕྱིར། དེ་ཅི་ཁོ་ན་འམ། རང་གི་མཚན་ཉིད་ཁོ་ན་མ་ཡིན་ནོ། །དེའི་ཕྱིར་འདི་ནི་ཁྱད་པར་དང་སྤྱིའི་ངོ་བོ་གཞལ་བྱ་གཞན་པ་ཁོ་ན་སྟེ། མི་མཇལ་བར་འགྱུར་ན་མཇལ་བ་ཡང་ཡིན་ཏེ་དེའི་ཕྱིར་གཟུགས་མི་རྟག་ཅེས་པ་ལ ་སོགས་པ་ཁྱད་པར་དང་སྤྱིའི་ཡུལ་འཛིན་བ་ཚད་མ་གཞན་ནོ། །དེ་ལྟར་ནི་དེ་མངོན་སུམ་མ་ཡིན་ཏེ་སྤྱི་ཡང་འཛིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་ཁྱད་བར་ཡང་འཛིན་པའི་ཕྱིར་དང། རྟགས་མེད་པར་ཡང་དེ་ལྟར་རྟོགས་པ་སྲིད་པའི་ཕྱིར་རོ། །དེ་ལྟར་ཞེས ་པ་སྟེ། དེ་འཛིན་པ་ཅི་ལྟར་ཚད་མ་གཞན་མ་ཡིན་ཞེས་པའི་དོན་ནོ། །ལན་ཅིག་མ་ཡིན་པར་ཅེས་པ་སྟེ། འདིས་ཀྱང་ཁྱད་པར་མཐོང་བ་ཞེས་བྱ་བ་གང་རྗེས་སུ་དཔག་པ་དེ་ཚད་མ་གཞན་ནོ་ཞེས་སྟོན་པར་བྱེད་དོ། །འདི་ལྟ་སྟེ ་གཅིག་གི་ཚེ་མངོན་སུམ་གྱིས་མེ་དང་དུ་བ་ཡོངས་སུ་བཅད་པ་ན། སླར་ཡང་བརྒྱུད་པས་གང་གི་ཚེ་དུ་བ་དེ་ཁོ་ནས་མེ་དེ་ཁོ་ན་འདིའོ་ཞེས་ཡོངས་སུ་གཅོད་བ་དེའི་ཚེ་ཁྱད་པར་མཐོང་བ་ཞེས་བྱ་བ་མེ་འཛིན་པ་ནི་ཚད་མ་གཞན་ཏེ། རྗེས་སུ་དཔག་པ་ནི་སྤྱི་ལས ་མཐོང་བ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཡང་འདིར་རྗེས་སུ་དཔག་པར་འདོད་ལ་མཚན་ཉིད་དེ་ཡང་ཁྱད་པར་མཐོང་བ་ལ་མི་སྲིད་དེ་ཁྱད་པར་དང་རྟགས་འབྲེལ་པ་མི་རིགས་བའི་ཕྱིར་རོ། །དེ་ལྟར་རྣམ་པ་གཉིས་དག་གིས་ཚད་མ་མང་པོ་ཉིད་སྲིད་དེ། གཞལ་བྱ་མང་པོ་ཉིད ་ཀྱི་ཕྱིར་རམ། ཡུལ་གཅིག་ཁོ་ན་ཡང་ཚད་མ་དུ་མ་འཇུག་པའི་ཕྱིར་རོ། །དེ་གཉིས་ཀ་ལྟར་ཡང་ཕ་རོལ་པོས་འོ་ན་གང་ཞེས་པ་ལ་སོགས་པའི་གཞུང་གིས་བསྟན་པའོ། །ཡང་ན་གཞལ་བྱ་གཉིས་ཀ་བསྟན་པ་ལས་གང་ཚད་མ་གཅིག་དང་དུ་མ་བསལ་བ ་སྔར་བརྗོད་པ་དེ་མེད་དོ་ཞེས་བསྒྲུབས་པའོ། །རེ་ཞིག་ཡུལ་ངེས་པའི་ཕྱིར་གྲངས་གཅིག་བསལ་བ་ནི་མ་ཡིན་ཏེ། གང་གི་ཚེ་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཁོ་ན་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཚད་མ་གཞན་གྱི་ཡུལ་ལ་ཡང་འཇུག་པ་དེའི་ཚེ། མངོན ་སུམ་ཡང་སྤྱི་ལ་འཇུག་པ་མི་འགལ་བའི་ཕྱིར། མངོན་གྱུར་མ་ཡིན་པའི་ཡུལ་རྟོགས་པར་བྱ་བའི་ཆེད་དུ་རྗེས་སུ་དཔག་པ་བརྟག་པར་བྱ་བ་མ་ཡིན་བས་ཚད་མ་གཅིག་ཁོ་ནར་འགྱུར་རོ། །གསུམ་ལ་སོགས་པའི་གྲངས་བསལ་བ་ཡང་མ་ཡིན་ཏེ། ་གཞལ་བྱ་གཞན་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས་ཚད་མ་གཉིས་སུ་བརྗོད་ན་གང་གི་ཚེ་གཞལ་བྱ་གཞན་སྲིད་པ་དེའི་ཚེ་དེ་རྟོགས་པར་བྱེད་པ་ཚད་མ་གཞན་དུ་འགྱུར་རོ། །ཞེས་པས་ཚད་མ་གཉིས་དག་ཁོ་ན་མ་ཡིན་ནོ་ཞེ་ན ་དེ་འཛིན་བ་ནི་ཡོད་ཀྱི་ཞེས་པ་འདི་ལ་སྟོན་པར་བྱ་བ་མ་ཡིན་གྱི་འོན་ཀྱང། དེ་ལ་རབ་སྦྱོར་བ། ཚད་མ་གཞན་པ་མ་ཡིན་ནོ། །འདི་ནི་རེ་ཞིག་སྔ་མའི་ལན་ཏེ། དེ་ལ་ཞེས་པ་མི་རྟག་པ་ལ་སོགས་པ་དང་ཁ་དག་ལ་སོགས་པ་ལའོ། །རབ་སྦྱོར་བ་ཅི་སྦྱོར་བར་བྱོད་པའོ། །གང ་དེ་སྦྱོར་བ་ལ་འཇུག་པ་དེའི་རྒྱུ་མཚན་ཅན་གྱི་ཤེས་པ་དེ་ཚད་མ་གཞན་མ་ཡིན་ནོ། །དེ་སྦྱོར་བ་ཡང་ཅི་ལྟར་ཡིན་གསུངས་པ། རང་དང་སྤྱིའི་མཚན་ཉིད་དག་གིས་ཞེས་པ་ལ་སོགས་པ་སྟེ། དང་པོར་རེ་ཞིག་གཟུགས་ལ་སོགས་པ་ནི་ཐ་སྙད་བྱ་བ་མ ་ཡིན་པ་རང་གི་མཚན་ཉིད་དུ་མངོན་སུམ་གྱིས་འཛིན་ནོ། །ཕྱིས་དེ་ཁོ་ན་འམ་ཁ་དོག་ཉིད་ལ་སོགས་པའི་སྤྱིའི་མཚན་ཉིད་དུ་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །དེའི་ཕྱིར་སྤྱིའི་མཚན་ཉིད་མི་རྟག་པ་ཉིད་ལ ་ལ་སོགས་པར་ཡང་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་མི་རྟག་གོ་ཞེས་པ་འདི་ལྟར་གཟུང་ནས། དེ་ནས་ཁ་དོག་ལ་སོགས་པ་འདི་ནི་བྱས་པ་སྟེ་དེའི་ཕྱིར་མི་རྟག་གོ་ཞེས་ཡིད་ཀྱིས་ཁ་དོག་ཉིད་ལ་སོགས་པའི་སྤྱི་ནི་རྟག་པ་ཉིད་སྤྱི་ཉིད་དང། སྦྱོར་བར་བྱེད་དེ ་ལྡན་པར་བྱེད་དོ། །དེའི་ཕྱིར་ཚད་མ་གཞན་མ་ཡིན་གྱི་འོན་ཀྱང་རྗེས་སུ་དཔག་པ་ཁོ་ནའོ། །ཁྱད་པར་དང་སྦྱོར་བར་མི་བྱེད་པའི་རྒྱུ་ཅི་ཞེ་ན། དེ་དེ་ཡིས་མི་འཛིན་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་གལ་ཏེ་ཁ་དོག་གི་སྤྱི་ཡིས་མི་རྟག་པ ་ཉིད་ལ་སོགས་པ་རྣམས་སྦྱོར་བར་བྱེད་ན། དེ་ལྟར་གྱུར་པ་ན་མི་རྟག་པ་ཉིད་ལ་སོགས་པ་རྣམས་སྤྱི་དངོས་པོ་མེད་པ་ཁོ་ནའི་ཆོས་རྣམས་སུ་འགྱུར་གྱི། རང་གི་མཚན་ཉིད་ཀྱི་ནི་མ་ཡིན་ཏེ་དེ་ལ་མི་འཇུག་བའི་ཕྱིར་རོ། །གང་དངོས་པོ་ལ་མི་འཇུག་པ་དེ་རྣམས ་དངོས་པོའི་ཆོས་མ་ཡིན་ཏེ་དཔེར་ན་སྐྱེ་བ་མེད་པ་ལ་སོགས་པ་རྣམས་བཞིན་ནོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ་དངོས་པོ་ཁོ་ན་མི་རྟག་པ་ཉིད་ལ་སོགས་པའི་རྣམ་པ་རྣམས་ཀྱིས་དེ་ལྟར་སྒྲུབ་པར་བྱེད་པའི་ཕྱིར་རོ། །གལ་ཏེ་ཡང་རྣམ་པར་རྟོག་པ་ལ་སྣང་བའི་སྤྱི་ཁོ ་ན་ལ་དེ་ལྟ་བུའི་དངོས་པོར་ཞེན་པས་འཛིན་པ་དེ་ལྟ་ན་ཡང་དངོས་པོ་དེའི་སྐད་ཅིག་མ་ཉིད་ལ་སོགས་པ་ཡོད་དེ་བཞིན་པ་ཁོ་ནའི་རྣམ་པ་རྣམས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ལ་སྣང་ངོ་དེ་ཇི་ལྟར་གནས་པའི་དངོས་པོ ་རྟོགས་པར་བྱེད་པའི་རྟག་ལ་བརྟེན་ནས་སྐྱེས་པ་ནི་དངོས་པོ་ལ་ཡོད་པའི་རྣམ་པ་རྣམས་ཁོ་ནར་ཞེན་ཏོ། །དེའི་ཕྱིར་ཁ་དོག་སྤྱི་ལ་མི་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པ་ལ་ཡང། དེ་ལ་དེའི་རྣམ་པ་གྲུབ་པས་དངོས་པོ་ཁོ་ན་ལས་རྣམ་པ་དེ་གྲུབ་པོ ་ཞེས་རྟོགས་པར་བྱ་སྟེ། ཚོགས་པའི་ཁྱད་པར་ལས་སྐྱེས་པའི་བཞིན་གྱི་གཟུགས་བརྙན་གྱི་ཤེས་པའི་ཡུལ་ལ་མཚན་མ་ལ་སོགས་པ་གྲུབ་པས་བཞིན་གྱི་ཕུན་སུམ་ཚོགས་པ་ལ་སོགས་པ་དོན་ལས་གྲུབ་པ་བཞིན་ནོ། །རྗེས་སུ་དཔག་པའི་རྣམ་པར ་རྟོག་པ་དེ་ནི་གལ་ཏེ་ཡང་དོན་ཡང་དག་པར་འབྱུང་བའི་རྣམ་པ་ཁོ་ནར་ལྷག་པར་ཞེན་པ་དེ་ལྟ་ན་ཡང། དེས་རང་གི་མཚན་ཉིད་ཀྱི་ངོ་བོ་མ་གཟུང་བ་ཁོ་ནའོ། །གཞན་དུ་ན་མཐོང་བ་བཞིན་དུ་དེ་ལ་དངོས་པོའི་ངོ་བོ་གསལ་བར་སྣང་བར་འགྱུར་རོ། །གང ་གིས་མི་གསལ་བར་གཟུང་བ་ཅིག་ཤོས་ཀྱིས་མ་ཡིན་པ། དངོས་པོ་གཅིག་ལ་ཕན་ཚུན་མཚན་ཉིད་མི་མཐུན་པའི་རྣམ་པ་དག་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་མི་འཛིན་པའི་ཕྱིར་ཡོད་པ་ལ་རྟག་པ་ཉིད་དང་སྦྱོར་བར་བྱེད་པ་མ་ཡིན ་གྱི། འོན་ཀྱང་རང་གི་ཡུལ་ཁ་དོག་གི་སྤྱི་ཁོ་ན་ལ་ཏེ། དེའི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །དེ་ལྟར་འདི་ནི་རྗེས་སུ་དཔག་པས་ཁ་དོག་ལ་སོགས་པ་མི་རྟག་པ་ཉིད་དུ་འཛིན་པའི་དབང་དུ་བྱས་ནས་བཤད་པའོ། །གང་གི་ཚེ་སྐད་ཅིག་མ་ཐ་མ་མཐོང ་བས་འདི་ཞིག་གོ་ཞེས་ངེས་པར་འགྱུར་བ་དེའི་ཚེ་མངོན་སུམ་གྱིས་མི་རྟག་པ་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱིར་གཟུང་ཟིན་པ་ཁོ་ན་ངེས་པར་བྱེད་དོ་ཞེས་པས་འདི་ཚད་མ་ཉིད་དུ་མི་འགྱུར་རོ། །དེའི་ཚེ་ཡང་ལན་ཅིག་མ་ཡིན་པར་ཞེས་པ་འདིས་འདའ་ཨི ་ཐུན་མོང་གི་ལན་འཆད་པར་འགྱུར་ཏེ། ཐུག་མེད་འགྱུར་ཕྱིར་ཞེས་པ་འདི་ཤེས་པར་བྱའོ། །ཡང་ཅི་ལྟར་མངོན་སུམ་གྱིས་སྔར་གཟུང་བ་ཁོ་ན་སྤྱིས་ངེས་པའི་ཤེས་པས་འཛིན་ཞེ་ན། གང་གི་ཕྱིར་མི་རྟག་པ་ཉིད་ཅེས་བྱ་བ་དངོས་པོ་གཡོ་བ་ལས་གཞན་འགའ་ ་ཞིག་མ་ཡིན་ལ། དེས་ན་སྐད་ཅིག་མ་ཐ་མ་འདྲ་བ་གཞན་དང་མཚམས་སྦྱོར་བ་མེད་པ་མངོན་སུམ་གྱིས་ཡོངས་སུ་གཅོད་ཅིང། དེའི་རང་བཞིན་འཇིག་པའི་དང་ཅན་ཉིད་དུ་ཡང་རྟོགས་སོ་ཞེས་པ་དང། དེ་ཁོ་ན་ཡང་མི་རྟག་པ་ཉིད་དོ་ཞེས་པས ་དེ་མངོན་སུམ་གྱིས་གྲུབ་པོ། །ཅེ?་སྟེ་ཡང་མི་རྟག་པ་ཉིད་དངོས་པོ་ལས་དོན་གཞན་ཡིན་པ་དེའི་ཚེ་རང་བཞིན་འཇིག་པའི་ངང་ཅན་མ་ཡིན་པར་འགྱུར་ཏེ། གཞན་ཡོད་པ་ན་གཞན་འཇིག་པ་ཞེས་བྱ་བ་ནི་མ་ཡིན་པས་སོ། །དེ་ལས་དངོས་པོ་འཇིག་པའི་ངང ་ཅན་ཉིད་གྱི་རང་བཞིན་དུ་འབྱུང་བའོ་ཞེ་ན། འདི་ནི་མི་རིགས་ཏེ། རང་ཉིད་གཡོ་བའི་རང་བཞིན་མ་ཡིན་པ་ནི་གཞན་གྱིས་རང་བཞིན་གཞན་བསྐྱེད་པར་མ་ནུས་ལ་རང་བཞིན་གཡོ་བའི་བདག་ཉིད་ཡིན་ན་ཡང་མི་རྟག་པ་ཉིད་གཞན་འབྲས་བུ་མེ ་པས་སོ། །དེ་ཉིད་དང་གཞན་ཉིད་དག་ཏུ་བརྗོད་དུ་མེད་པ་ཉིད་ཡིན་ན་ཡང། དངོས་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་རང་བཞིན་གྱི་དངོས་པོ་བ་མ་ཡིན་ནོ་ཞེས་པས་ཀུན་རྫོབ་དང་མི་རྟག་པར་འགྱུར་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཁོ་ན་མི ་རྟག་པ་ཉིད་དོ། །དེའི་ཕྱིར་ཡངས་ཆོས་ཅན་གཟུགས་ལ་སོགས་པ་གཟུང་བ་ན་མི་རྟག་པ་ཉིད་ཀྱང་གཟུང་བ་ཁོ་ནའོ་ཞེས་པས་གཟུང་ཟིན་པ་འཛིན་པའི་ཕྱིར་འདི་ཚད་མ་མ་ཡིན་ནོ། །གལ་ཏེ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་ཅན་ལས ་གཞན་མ་ཡིན་ན། །འོ་ན་དེ་ལྟ་ན། རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པར་འགྱུར་རོ། །དེ་ལྟར་ནི་ཆོས་ཅན་མ་གྲུབ་ན་ཆོས་སྒྲུབ་པར་མི་ནུས་ལ། དེ་གྲུབ་ན་དེའི་རང?་ཉིད་ཡིན་པ་ཉིད་ཀྱིས་ཆོས་ཀྱང་གྲུབ་པ་ཉིད་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེ་ན ་ངེས་པའི་ཕྱིར་རོ། །འདྲ་བ་གཞན་འབྱུང་བས་དེ་ཁོ་ན་འདིའོ་ཞེས་འཁྲུལ་པ་པོའི་མངོན་སུམ་ནི་དེ་ལ་ངེས་པ་སྐྱེད་པར་བྱེད་པ་མ་ཡིན་ལ། ངེས་པ་མེད་པའི་ཕྱིར་ཡང། དེ་ནི་ཐ་སྙད་དུ་རུང་བ་མ་ཡིན་ཞིང ་མ་གཟུང་བ་དང་འདྲ་བ་ཁོ་ནའོ་ཞེས་པས་ན། དེ་དེ་ལ་ཚད་མ་ཉིད་མ་ཡིན་གྱི་འོན་ཀྱང་རྣམ་པ་གང་ལ་ངེས་པ་སྐྱེད་པར་བྱེད་ཅིང་དྲན་པའི་སྒོ་ནས་རབ་ཏུ་འཇུག་པ་དེ་ཁོ་ན་ལའོ། །དེ་ཅིའི་ཕྱིར་ཞེ་ན། ཚད་མ་ནི་རབ་ཏུ་འཇུག་པའི་འབྲས་བུ་ཅན་ཉིད ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མ་ངེས་པའི་རྣམ་པ་རྣམས་ངེས་པ་སྐྱེད་པར་བྱེད་ཅིང་དེ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པ་ཚད་མའོ་ཞེས་པས་མི་མཚུངས་སོ། །ལེན་རྟོག་པ། ཉིས་པ་ལ་ཚད་མ་གཞན་མེད་དོ་ཞེས་པའི་གཞུང་རྩེ་ལྟར་དང ་བར་བྱ་སྟེ། ཇི་སྲིད་ཀྱིས་འདི་ཚད་མ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་འདི་ཚད་མ་མ་ཡིན་ནོ་ཞེས་སྨྲ་བར་རིགས་པར་འགྱུར་རོ་ཞེ་ན། འདི་བདེན་མོད་འོན་ཀྱང་ཕ་རོལ་པོས་ཚད་མ་གཞན་ནོ་ཞེས་བྱས་ནས་ཉེ་བར་བཀོད་པ་དེའི་ཕྱིར་དེ་ཁོ་ན་ལྟར་དཀར་བའོ ་ཞེས་པས་སྐྱོན་མ་ཡིན་ནོ། །ཡང་ཡང་ངོ་ཤེས་པ་ཡང་མ་ཡིན་ནོ་ཞེས་པ་སྟེ་ངོ་ཤེས་པ་འབྲས་བུར་བྱ་བ་ན་གང་ཁྱད་པར་མཐོང་བའི་ཤེས་པ་དེ་ཚད་མ་མ་ཡིན་ནོ་ཞེས་པའི་དོན་ནོ། །གལ་ཏེ་ཡང་ཤེས་པ་དང་ངོ་ཤེས་པ་དག་དངོས་པོར་ན་ཐ་དད་མེད་པ་དེ་ལྟ་ན ་ཡང་ཚད་མ་དང་འབྲས་བུ་ལྟར་ཐ་དད་དུ་བརྟག་པར་བྱ་ན་ངོ་ཤེས་པར་བྱ་བའི་དོན་གྱིས་རྣམ་པར་སྐྱེ་བའི་ཤེས་པ་ནི་སྔར་བཟུང་བའི་གང་འཛིན་པའི་ཕྱིར་ངོ་ཤེས་པའོ་ཞེས་པའོ། །ཡང་གི་སྒྲས་མངོན་སུམ་གྱི་བཟུང་བ་ཁོ་ན་ལ་སླར་ཡང་ཁ་དོག་ལ་སོགས་པ ་མི་རྟག་གོ་ཞེས་གང་འཛིན་པ་དེ་ཡང་ཚད་མ་མ་ཡིན་ནོ་ཞེས་སྟོན་ནོ། །ཡང་ཡང་ཞེས་པ་འདིས་ལན་གཅིག་མ་ཡིན་བ། ཅེས་པའི་དའི་དོན་གསུངས་སོ། །འོ་ན་སྔར་བཟུང་བའི་དོན་ལན་ཅིག་འཛིན་པ་ན་ཡང་ཚད་མ་ཡིན་ན་ལན་ཅིག་མ་ཡིན་པར་ཞེས་པར་བརྗོད་པ་ཅི། ཉེ ་ན། ཕ་རོལ་བོའི་འདོད་པ་ཉེ་བར་བསྟན་པའི་དོན་ཉིད་ཀྱི་ཕྱིར་སྐྱོན་མེད་དོ། གང་གི་ཕྱིར་གྲངས་ཅན་པས་ཁྱད་པར་མཐོད་བ་རྗེས་སུ་དཔག་པའི་མཚན་ཉིད་དུ་བརྗོད་དོ། །གང་གི་ཆ་དུ་པ་དེ་ཁོ་ན་ཡང་ཡང་བརྗོད་པ་ཉིད་དུ་རྟོགས་པའོ་ཞེས་པའོ། །དེའི་ཕྱིར་དེའི་འདོད་པ ་བརྟེན་པའི་ཆེད་དུ་དེ་སྐད་བརྗོད་ཀྱི་ཡང་ལན་ཅིག་འཛིན་པ་ལས་ཚད་མའོ་ཞེས་བྱས་ནས་རྣི?་མ་ཡིན་ནོ། །རྩོད་པའི་གཞིར་གྱུར་པའི་དངོས་པོ་རྒྱུ་མེད་པར་རྟོགས་པ་མ་ཡིན་ནོ་ཞེས་པ་དེའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་འདྲི་བར་བྱེད་དོ། །སློབ་དཔོན་གྱི་ཡུལ་རྟོགས་ཟིན་པ་ཉིད་ཚད་མ ་ཉིད་མ་ཡིན་པ་ལ་རྒྱུ་ཉེ་བར་སྟོན་པར་འགྱུར་བ་གསུངས་པ། ཐུག་མེད་ཐལ་ཕྱིར་ཞེས་པའོ། །གྲངས་དང་མཚན་ཉིད་ལས་ཚད་མ་རྣམས་འདི་ཙམ་ཉིད་དུ་ཡོངས་སུ་གཅོད་པ་ནི་ཐུག་པ་ཡིན་ལ། དེ་མེད་པར་ཐལ་ལོ་ཞེས་པའི་དོན་ནོ། །མ་རྟོགས་པའི་དོན་ངོཊ?་བའི་བྱེད་པ ་པོ་ཚད་མ་སྦྱིང?་ཚད་མའི་མཚན་ཉིད་དེ། གྲངས་གཉིས་སམ་གསུམ་རྣམས་ཞེས་པ་ལ་སོགས་པ་ངེར་མི་འགྱུར་རོ། །གལ་ཏེ་ཤེས་པ་ཐམས་ཅད་མ་ཉིད་དུ་འདོད་ན་ཞེས་པ་འདིས་ནི་ཕྱོགས་སྔ་མ་ལ་འགལ་བ་གསུངས་སོ། །ཐུག་པ་མེད་པ་རྣམ་པར་བཞག་པས་སེལ ་བར་བྱེད་པའི་ཕྱིར་རོ། །དྲན་སོགས་བཞིན་ཞེས་པ་ངེས་གསུངས་པའོ། །ཡུལ་ལ་ཡང་འདི་ལྟར་བསྟན་པ་ཡོད་དོ་ཞེ་ན་གསུངས་པ། དྲན་པ་ཁོ་ན་དྲན་པའོ་ཞེས་པ་དངོས་པོ་ལ་སྟ་བྱས་པའི་ཕྱིར་རོ། །དཔེར་ན་ཞེས ་པ་ལ་སོགས་པས་བསྒྲུབ་པར་བྱ་བ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་དཔེ་ལ་སྟོན་པར་བྱེད་དོ། །དེ་བཞིན་ནོ་ཞེས་པ་ཚད་མའི་འབྲས་བུའོ། །གང་ལྟར་རྟོགས་ཟིན་པའི་དོན་གྱི་ཡུལ་ཅན་དེ་ཚད་མ་མ་ཡིན་ཏེ་དྲན་པ་ལ་སོགས་པ་བཞིན་ཁྱད་པར་མཐོང ་བ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་དང་འགལ་བའོ། །འདིར་འགྱུར་མོད་ཇི་ལྟར་མཐོང་བའི་ཁྱད་པར་དེ་ཁོ་ན་ངེས་བཟུང་བ་མ་ཡིན་གྱི། འོན་ཀྱང་དེ་དང་མཚུངས་པ་ཉིད་དོ་ཅེ་ན། འོ་ན་རྗེས་སུ་དཔག་པ་དེ་ཁྱད་པར་མཐོང་བ་མ་ཡིན་གྱི། འོན་ཀྱང་སྔར་མཐོང་བ་དང་མཚུངས་པ་ཉིད་དུ་ཕྱི་མ་འཛིན་པའི ་ཕྱིར་སྤྱི་ལས་མཐོང་བ་ཁོ་ནའོ། །འདིར་འགྱུར་མོད་ཀྱི་དེར་ཡང་མེའི་སྤྱི་ཙམ་འཛིན་པ་འབའ་ཞིག་མ་ཡིན་ཏེ་སོ་སོར་ངེས་པའི་ཡུལ་ལ་གནས་པ་འཛིན་པའི་ཕྱིར་རོ་ཞེ་ན། །ཁྱད་པར་ལ་བརྟེན་པ་འདི་ཙམ་གྱིས་ཐུན་མོང་པ་ཉིད་ཉམས་པ་མ་ཡིན་ཏེ། ངེ ་ལྟར་ནི་ཨ་ཀ་རུའི་དུ་པ་ལ་སོགས་པས་དེ་སྐྱེད་པར་བྱེད་པའི་མེ་རྟོག་པས་ཡང་མེའི་སྤྱི་ཁོ་ན་རྟོགས་ཀྱི་སོ་སོར་དེས་པའི་ཁྱད་པར་ནི་མ་ཡིན་ནོ་ཞེས་པས་འདི་ནི་གྱི་ནའོ། །འདིར་འགྱུར་མོད་ཀྱི་གང་དུ་དཔེ་དང་དཔེ་ཅན་དག་ཐ་དད་པ་དེར་དེ་དག་སྤྱིས་རྗེས་སུ་དཔག ་པ་སྲིད་དོ། །འདིར་ནི་གང་དཔེ་དེ་ཁོ་ན་དཔེ་ཅན་ཏེ་དེ་ཁོ་ན་འདིའི་ཞེས་རབ་ཏུ་སྟོན་པའི་ཕྱིར་རོ། །དེའི་ཕྱིར་སྤྱིའི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེ་ན། གལ་ཏེ་གང་ཁོ་ན་སྒྲུབ་པར་བྱ་བ་དེ་ཁོ་ན་དཔེ་ཡིན་ན། དེ་ལྟར་དེའི་ཚེ་དེས་གཟུང་ཟིན་པ་ན། བརྗོད་པས་འབྱུང་བར་བྱ་སྟེ། ་གཞན་དུ་ན་དཔེར་འགྱུར་བར་འོས་པ་མ་ཡིན་པས་སོ། །དེའི་ཕྱིར་ཡང་རྟོགས་ཟིན་པའི་ཡུལ་ཅན་ཉིད། ཡིན་པའི་ཕྱིར་སྐྱོན་དེ་ཁོ་ནའོ། །ཅི་སྟེ་འདི་རྟོགས་ཟིན་པའི་ཡུལ་ཅན་མ་ཡིན་ཏེ་གང་གི་ཕྱིར་རྟོགས་ཟིན་པའི་ཆོས་ཅན་གྱི་སྔར་མཐོང་བའི་དོན་གྱིས་དངོས ་པོའི་ཚེས་མ་རྟོགས་པར་འདིས་རྟོགས་བར་བྱའོ་ཞེས་སེམས་ན། འདི་ནི་མི་རིགས་ཏེ་གལ་ཏེ་རེ་ཞིག་སྔ་མ་དང་ཕྱི་མའི་དུས་སུ་མཐོང་བའི་དོན་དག་ཐ་དད་པ་དེ་ལྟར་ན་གྱུར་ན་དེ་མ་ཡིན་པ་ལ་དེའི་དངོས་པོར་སྒྲོ་འདོགས་པ་ནི་ཕྱིར་ཅི་ལོག་ཁོ་ན་ཏེ་ཚད་མ་མ་ཡིན་ནོ། ། ་འོན་ཏེ་ཐ་མི་དད་བདག་ཡིན་ན། རྟོགས་ཟིན་པའི་ཡུལ་ཅན་ཉིད་ཀྱི་ཕྱིར་དེ་ནི་ཚད་མ་ཉིད་མ་ཡིན་པ་ཁོ་ནའོ། །སྔར་མཐོང་བའི་དོན་གྱི་དངོས་པོ་ནེའི་མ་རྟོགས་པ་རྟོགས་པར་བྱའོ་ཞེས་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་མི་རིགས་པར་བརྗོད་དེ། གང་གི་ཕྱིར་འདི་ནི་དོན་གྱི ་ཆོས་ཆུང་ཟད་གང་སྔོན་མ་བྱུང་བ་མ་ཡིན་པ་ཕྱིས་འབྱུང་བ་ནི་མ་ཡིན་ནོ། །གལ་ཏེ་ཡིན་ན་ནི་དེ་ཁོ་ན་དེ་དག་གི་རང་བཞིན་ཐ་དད་པའི་རྟེན་ནོ་ཞེས་པས་དངོས་པོ་ཐ་དད་པར་འགྱུར་རོ། །དེ་ལ་ཡང་སྐྱོན་བརྗོད་ཟིན་ཏོ། །དེའི་ཕྱིར་དེ་ཁོ་ན་འདིའོ་ཞེས་ངེས་པ་ཁྱད་པར ་མཐོང་བ་ཉིད་དུ་མངོན་པར་འདོད་པ་ནི་དྲན་པ་ལས་ཐ་དད་པ་མ་ཡིན་ནོ། །འདི་ནི་དྲན་པའི་རང་བཞིན་དེ་འདི་ལྟ་སྟེ་མཐོང་བའི་འདུ་བྱེད་མ་ཡིན་པ་ཉམས་པ་ལ་དེ་ཁོ་ན་འདའ་ཨི་ཞེས་པར་མཐོང་བའི་རྣམ་པར་ཞེན་པའོ། །དེ་འདི་ལ་ཡང་ཡོད་པས་དྲན་པ་ཁོ་ནའོ།། །། ་རང་གི་ངོ་བོ་ལ་ལོག་པ་རྟོཊ་བ་གསང་བའི་ཆེད་དུ་གསུངས་པ་མངོན་སུམ་ཞེས་པ་ལ་སོཊ་བའོ། །དབང་པོ་སོ་སོར་གྱུར་བ་ནི་མངོན་སུམ་སྟེ་བྲ་ལ་སོཊ་བའི་བསྡུ་བའོ། །འདི་ནི་མཚོན་བྱའོ། །རྟོག་པ་དང་བྲལ་བ་ཞེས་པ་མཚན་ཉིད་དོ། །རྟོག་པ་དང་ལྡན་པ་མེད་ཅིང་བྲལ་བ་འམ་རྟོཊ་བས ་སྨན?་པ་མེད་ཅིང་བྲལ་བ་ནི་རྟོག་པ་དང་བྲལ་བའོ། །རྟོག་པ་དང་བྲལ་བ་ངེས་པར་བསྟན་པ་ལས་ཀྱང། །དེ་ཤེས་པའི་བདག་ཉིད་དོ་ཞེས་རྟོགས་པར་བྱ་སྟེ། གང་གི་ཕྱིར་ཤེས་པ་ཁོ་ན་ལ་རྟོག་པ་དང་འདྲེས་པར་ཡོད་ལ། དེའི་ཕྱིར་དེ་...་བཀག་པས ་དེ་ཁོ་ན་རྟོགས་སོ། །དཔེར་ན་བཞོན་མ་བེའུ་མེད་པ་ཁྱོད་ལ་ཤོག་ཅེས་བེའུ་བཀག་པས་བ་ལང་བཞོན་མ་ཁོ་ན་རྟོག་པར་བྱའི་གཞན་མ་ཡིན་པ་བཞིན་ནོ། །འོ་ན་རྟོགས་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན་ཅེས་ཏེ། རྟོག་པ་རྣམས་མང་པོ་ཉིད་ཀྱི་ཕྱིར་འདིར་འཆད་པར་འདོད ་པའི་རྟོག་པ་གང་ཡིན་ཅེས་ཐེ་ཚོམ་ཟ་བའི་དྲི་བའོ། །མིང་དང་རིགས་སོགས་སྤྱོད་པའོ། །མིང་ནི་སོགས་པའི་སྒྲས་བསྡུས་ན་ཡང། རིགས་ལ་སོགས་པ་རྣམས་དང་ནུས་པ་མཚུངས་པ་མ་ཡིན་པའི་ཕྱིར་ལོགས་སུ་བྱས་པའོ། །ནུས་པ་མཚུངས་པ་མ་ཡིན་པ ་ཉིད་ནི་མིང་ལ་ཡོད་པ་ཉིད་ཀྱི་ཕྱིར་དང། རིགས་ལ་སོགས་པ་རྣམས་ནི་དེ་ལས་བཟློག་པའི་ཕྱིར་ཏེ། རིགས་ལ་སོགས་པ་རྣམས་ཡོངས་སུ་བརྟགས་པ་ཡིན་གྱི་དེ་ཁོ་ན་ཉིད་དུ་ཡོད་པ་རྣམས་མ་ཡིན་ནོ། །མིང་དང་རིགས་ལ་སོགས་པ་རྣམས་ཀྱི ་སྦྱོར་བ་ནི་མིང་དང་རིགས་སོགས་སྦྱོར་བ་སྟེ། ཀྲི་ཏའི་སྦྱོར་བ་ཡང་དྲུག་པའི་བསྡུ་བའོ་ཞེས་པ་ཚིག་སྡུང་ངོ། །ཀྲི་ཏ་ཡིས་སྒྲུབ་བྱེད་དོ་ཞེས་པ་ཡང་ནའོ། །འདི་ཅི་ཡིན་ཞེ་ན་མིང་ལ་སོགས་པ་རྣམས་དེ་དང་ལྡན་པའི་དོན་དང་གང་གིས་སྦྱོར་བར་བྱེད ་ཡང་དག་པར་སྲི་བར་བྱེད་པའི་ཤེས་པ་དེ་རྟོག་པའོ། འདིར་ཡང་སྦྱོར་བར་བྱས་ཟིན་པ་ཁོ་ནའི་ཤེས་པ་རྟོག་པ་བརྗོད་པར་འདོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་གང་ཡང་སྦྱོར་བ་བྱས་བྲིས་པ་མ་ཡིན་...་པ་དེ་ལ་ཡང་རུང་བར་སྣང་བ་དེ་ཡང ་ཡིན་ནོ། །གང་གང་ལ་རུང་བ་དེ་དེ་ལ་བྱེད་བཞིན་པ་ལ་ཡང་དེས་ཉེ་བར་བསྟན་པར་འོས་ཏེ། མེལ་འཆོད་བྱེད་ཀྱིས་བཞིན་ནོ། །དེས་ན་ནུ་ཞོ་འཐུང་བ་ལ་སོགས་པ་རྣམས་ལ་བྱིས་པ་ཆུང་དུ་ལ་སོགས་པའི་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་བ་དེ ་མིང་ལ་སོགས་པ་དང། སྲི་བ་མེད་ན་ཡང་རྣམ་པར་རྟོག་པ་དང་བཅས་པར་གྲུབ་པར་འགྱུར་རོ། །འདོད་རྒྱལ་བའི་སྒྲ་རྣམས་ལ་ཞེས་པ་ལ་སོགས་པ་སྟེ། རིཊ་ལ་སོཊ་པ་འཇུག་པའི་རྒྱུ་མཚན་ལ་མི་བསྟོས་པ་རྣམས་ནི་འདོད་རྒྱལ་བའི་སྒྲ་རྣམས་སོ། །གང ་གི་ཕྱིར་རྟོག་པ་ནི་ཤེས་པའི་ཆོས་ཡིན་གྱི་སྒྲའི་ཆོས་མ་ཡིན་ལ། དེའི་ཕྱིར་མིང་གི་ཁྱད་པར་དུ་བྱས་པའི་དོན་གཟུང་བར་བྱ་ཞེས་སྨྲ་བར་བྱ་བ་ལ་རྟོག་པ་ནི་མངོན་པར་བརྗོད་པ་སྒྲ་དང་ཡུལ་མཚུངས་པ་ཉིད་དུ་བསྟན་པའི་ཆེད་དུ་བརྗོད་པར་བྱ་ཞེས་པས་གསུངས ་པའོ། །དེ་ཡང་མངོན་པར་བརྗོད་པ་བཞིན་དུ་རྟོག་པའི་ཤེས་པ་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ལ། དེའི་ཕྱིར་དེ་མངོན་སུམ་མ་ཡིན་པ་ཉིད་དུ་མངོན་པར་འདོད་དོ་ཞེས་ཤེས་པར་བྱ་བའི་དོན་དུའོ། །ཊིཏ་ཐ་ཞེས་པ། ཌིཏ་ཐའི་སྒྲའི་རང་གི ་ངོ་བོའི་བདག་ཉིད་ཀྱིས་དོན་དེ་དེ་དང་ཐ་མི་དད་པའི་ངོ་བོར་རྟོགས་པར་བྱ་བའོ་ཞེས་གྲག་གོ་།དེ་བཞིན་དུ་རིགས་ལ་སོགས་པ་རྣམས་ཀྱིས་དེ་དང་ཐ་མི་དད་པར་ཉེ་བར་བཏགས་པར་གྱུར་པའི་དོན་དེ་རྣམས་བརྗོད་པར་བྱའོ། །དབྱུག་པ་ཅན་རྭ་ཅན་ཞེས ་པ་སྦྱོར་བ་ཅན་དང་འདུ་བ་ཅན་གྱི་རྫང?་གྱི་དབྱེ་བས་དཔེར་བརྗོད་གཉིས་སོ། འདི་ལ་ཞེས་པ་བྱ་བ་དང་རྫས་ཀྱི་སྒྲ་རྣམས་ལ་སྟེ། བྱ་བ་དང་རྫས་དེ་དང་དེ་དག་ལྡན་པ་རྣམས་འབྲེལ་པ་གང་ཡིན་པ་དེ་སྒྲ་འཇུག་པའི་རྒྱུ་མཚན་ནོ། །དེ་ལྟར་ནི་བྱེད་པ་ཉིད་དབྱུག་པ་ཅན་ཉིད ་ཅེས་པ་དངོས་པོའི་རྐྱེན་ནི་བྱ་བ་དང་བྱེད་པ་ལ་སོགས་པ་འབྲེལ་པ་ལ་འགྱུར་ཏེ། ཇི་སྐད་དུ་གསུངས་པ་ཚིག་སྡུད་དུ་དང། ཀྲིཏ་དང་དེ་ལ་ཕན་པ་རྣམས་ལ་འབྲེལ་པ་བརྗོད་པར་བྱེད་པའོ་ཞེས་སོ། །སྒྲ་འཇུག་པའི་རྒྱུ་མཚན་ལ་ཡང་དངོས་པོའི་རྐྱེན་? ་འགྱུར་ཏོ། དེ་སྐད་དུ་ཡང་གསུངས་པ་ཡོན་ཏན་གང་གི་དངོས་པོ་ལས་རྫས་ལ་སྒྲ་ངེས་པར་དེ་འཇུག་པ་དེ་རྗོད་པར་བྱེད་པ་ལ་ཏྭ་དང་ཏ་ལ་དག་གོ་ཞེས་སོ། །འཚད་པ་དབྱུག་པ་ཅན་ཞེས་པ་ཡང་ཀྲིཏ་དང་དེ་ཕན་དག་གོ་།དེའི་ཕྱིར་འདིར་འབྲེལ་བ་ལ ་དངོས་པོའི་རྐྱེན་ནོ། །གཞན་རྣམས་ནི་དོན་གྱི་སྟོང་པ་རྣམས་ཀྱིས་ཞེས་པ་རང་གི་ལུགས་བཟང་པོ་སྟོན་ཏེ། དོན་དེ་ཡིགས་ལ་སོགས་པའི་ཁྱད་པར་དང་བྲལ་བ་རྣམས་ཀྱིས་ཞེས་པའི་དོན་ནོ། །ཇི་ལྟར་འདོད་རྒྱལ་བའི་སྒྲ་རྣམས་རིགས་ལ་སོགས ་པའི་ཁྱད་པར་འཇུག་པ་ལ་མི་བལྟོས་པ་ཁོ་ནར་བརྡའི་དབང་ལས་རང་གི་དོན་མངོན་པར་བརྗོད་པར་བྱེད་པ་དེ་ལྟར་བ་ལང་ལ་སོགས་པའི་སྒྲ་རྣམས་ཀྱང་སྟེ། འདོད་པ་ཙམ་གྱི་དབང་གིས་འཇུག་པའི་སྒྲ་དེ་རྣམས་སྐྱེས་བུ་རྣམས་ཀྱིས་འདོད་པས་གང ་དང་གང་དུ་ཇི་ལྟ་བུར་གྱུར་པ་ལ་ངེས་པར་སྦྱོར་བར་བྱེད་པ་དེ་དང་རྗེའི་དོན་དེ་སྟ་བུར་གྱུར་པ་གོ་བར་བྱེད་པ་ཅི་ཡིས་བརྗོད་པར་བྱེད། རིགས་ལ་སོགས་པ་རྣམས་ནི་མ་གྲུབ་པས། དེ་རྣམས?་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་གྱི་དངོས་པོ་ག་ལ་ཡིན ་ཞེས་དགོངས་པའོ། །ཅི་སྟེ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་ཡང་རུང་བ་མེད་ན་མེད་པའི་ཕྱིར་གཉིས་ཀ་ལ་རག་ལས་ནས་འཇུག་པ་དེ་ཅིའི་ཕྱིར་གཉིས་ལ་རག་ལས་ནས་སྐྱེ་བའི་ཤེས་པ་ལ་དབང་པོ་བསྟན་པ་ཁོ་ནས་བརྗོད་ཀྱི་ཡུལ ་གྱིས་མ་ཡིན། སྣང་བ་ནི་དབང་པོའི་ཤེས་པ་ཐམས་ཅད་ཀྱི་རྒྱུ་མཚན་མ་ཡིན་ཞིང། འགའ་ཞིག་རྣམས་ཀྱི་མིག་གི་རྣམ་པར་ཤེས་པའི་ཡང་མ་ཡིན་ནོ་ཞེས་ཉེ་བར་མ་བཀོད་ལ། ཡིད་ལ་བྱེད་པ་ནི་འཇིག་རྟེན་ན་ཡུལ་བཞིན་དང་མིག་བཞིན་དུ་རྒྱུ་ཉིད་དུ ་རབ་ཏུ་གྲགས་པ་མ་ཡིན་པས་ཉེ་བར་མ་བཀོད་དོ། །ཡང་ན་ཡུལ་སྨོས་པས་རྒྱུ་གཞན་ཉེ་བར་མཚོན་པ་ཙམ་མོ། །འདིར་ཇི་ལྟར་ཅི་ཞིག་ལྟ་བར་མངོན་སུམ་གྱི་སྒྲ་བཤད་ནས། དེ་རྣམ་པར་རྟོག་པ་མེད་པའི་ཡང་དག་པའི་ཤེས་པ ་ཐམས་ཅད་ལ་མིང་ཉིད་དུ་ཡོངས་སུ་བཤད་པར་བྱ་བའོ་ཞེས་པ་སློབ་དཔོན་གྱི་དགོངས་པའོ། །གཞན་གྱིས་དེ་མི་ཤེས་པར་དབང་པོའི་རྒྱུ་མཚན་ཅན་ཏེ། འདི་མིང་གི་སྒྲ་མ་ཡིན་ཞེས་བསམས་ནས་དྲིས་པའོ། །སློབ་དཔོན་གྱིས་ཞལ་གྱིས་བཞེས་ནས་ལན ་གསུངས་པའོ། །ཐུན་མོང་མིན་པའི་རྒྱུ་ཉིད་ཕྱིར་ཞེས་པ་སྟེ། གང་གི་ཕྱིར་དབང་པོ་རྣམས་ནི་དག་གི་རྒྱུད་དུ་རྟོགས་པའི་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་དབང་པོ་གཞན་གྱི་རྣམ་པར་ཤེས་པའི་རྟེན་དུ་མི་འགྱུར་ལ། དེའི་ཕྱིར་དེ་རྣམས་ཁོ་ནས་ཁྱུད ་པོ་གཟུགས་ཅན་གྱི་རྣམ་པར་ཤེས་པ་བསྟན་པ་རིགས་ཏེ། དེ་ཐུན་མོང་མ་ཡིན་པའི་རྒྱུད་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཁོ་ནར་རྟོགས་སུ་གཞུག་པར་ནུས་ཤིང། ཡུལ་རྣམས་ཀྱིས་བསྟན་པས་ནི་མ་ཡིན་ཏེ། ་དེ་དེ་ལ་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ལ། དེ་ཡང་ཐུན་མོང་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་ཡུལ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་གཞན་གྱི་རྒྱུད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་བ་སྟེ། ཟླ་བ་གསར་བ་ལ་སོགས་པ་ལྟ་བ་རྣམས་ལ་རྒྱུད་དུ ་མེའི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུ་ཉིད་ཀྱི་ཕྱིར་དང། དེའི་རྗེས་ལ་ཐོབ་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །འདི་འདིར་དགོངས་པ་སྟེ། གང་གི་ཕྱིར་འཇིག་རྟེན་གྱིས་སྒྲ་འདི་བརྗོད་པར་བྱ་བ་འདི་ལ་རྟོགས་པར་བྱེད་པའི་ནུས་པ་ཡོད ་དོ། །ཞེས་གོ་བར་བྱེད་པ་ཉིད་མངོན་པར་མཐོང་ནས་སྒྲ་སྦྱོར་ལ། གོ་བར་བྱེད་པ་ཉིད་དེ་ཡང་དབང་པོའི་རྣམ་པར་ཤེས་པ་ལ་དབང་པོས་བསྟན་པས་ན་ཡོད་ཀྱི་ཡུལ་གྱི་བསྟན་པ་ལ་ཡོད་པ་མ་ཡིན་ཞིང། གོ་བར་བྱེད་པ་ཉིད་ཀྱིས་ཀྱང་སྒྲ་སྦྱར་བར་འོས་པ་ཉིད་ལ ་ཁྱབ་པོ། །དེའི་ཕྱིར་གོ་བར་བྱེད་པ་ཉིད་དེ་ཡུལ་གྱིས་བསྟན་པ་ལ་ལྡོག་པས་དེ་སྦྱར་བར་འོས་པ་ཉིད་ཀྱང་ལྡོག་པར་བྱེད་དོ། །དེའི་ཕྱིར་ཡུལ་རྣམས་ཀྱིས་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་པའོ། །འོ་ན་འདོད་པའི་དབང་གིས་འཇུག་པའི་སྒྲ་རྣམས་ཐམས་ཅད་གོ་བར་བྱེད་པར་རུང་བའོ་ཞེས ་བརྗོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འདོད་པ་ཁོ་ནས་འཇིག་རྟེན་པས་ཐུན་མོང་མ་ཡིན་པས་སྟེན་པ་ལ་ཡོད་ཀྱི་ཐུན་མོང་པས་མ་ཡིན་ཏེ། དེ་ལྟར་ནི་འཇིག་རྟེན་ཐུན་མོང་མ་ཡིན་པ་ཁོ་ནས་སྟོན་པར་བྱེད་དོ། །སྟོན་པར་བྱེད་པ་གང་ཡིན་པ་ནི། ཐུན་མོང་མ་ཡིན་པས་ཐ་སྙད ་བྱེད་པ་ཡང་མཐོང་སྟེ་ཞེས་པ་ལ་སོགས་པའོ། །ཐ་སྙད་ཉིད་ཀྱང་འཇིག་རྟེན་ན་དཔེ་རྣམ་པར་གཞག་པ་འདིར་བྱ་བ་སྟེ། དེའི་གོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་སེམས་མོ། །འདི་འཐད་དོ་ཞེས་པ་རིགས་པ་སྟེ། གང་གི་ཕྱིར་མངོན་སུམ་རྟོག་པ་དང་བྲལ་བར་མངོན་སུམ་ཁོ ་ནས་གྲུབ་ན། འདིར་རིགས་པ་གཞན་གྱིས་ཅི་ཞིག་ཅེས་དགོངས་པའོ། །ཐམས་ཅད་ཀྱི་བརྗོད་པ་དང་འདྲེར་རུང་བའི་རྣམ་པར་རྟོག་པ་ནི་རང་རིག་པ་འམ་ཤེས་པ་གཞན་གྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཅིང། མངོན་སུམ་ཡང་རྣམ་པར་རྟོག་པ་དང་མ་འདྲེས་པའི ་ཕྱིར་ཏེ། རྣམ་པར་རྟོག་པ་དང་བྲལ་བ་ཁོ་ནར་བདག་ཉིད་དུ་ཡོངས་སུ་གཅོད་པ་སྐྱེའོ། །དེ་ལྟར་ནི་ཡུལ་ཐམས་ཅད་ལས་རྣམ་པར་རྟོག་པ་བཀུག་ནས་རྣམ་པར་རྟོག་པ་མ་ལུས་པ་ནུབ་པའི་ཡིད་ཀྱིས་གནས་པའི་སྲོག་ཆགས་ཀྱིས་ཀྱང་མིག་གི་རྣམ་པར་ཤེས་པས་གཟུགས ་མཐོང་སྟེ། དེ་ཡང་རྟོག་པ་དང་བྲལ་བ་མངོན་སུམ་ཁོ་ནའོ། །དབང་པོའི་བློ་རྣམས་རྟོག་པར་གྱུར་པ་ཁོ་ན་སྟེ། འོན་ཀྱང་དེ་རྣམས་ཉེ་བར་མཚོན་པར་བྱ་བ་མ་ཡིན་ནོ་ཞེ་ན། འདི་ནི་གཏམ་ཙམ་སྟེ། དེ་ལྟར་ནི་རྣམ་པར་རྟོག་པ་མེད་པའི་སྐབས་ལས་ཕྱིས་ཅུང་ཟད་རྣམ་པར་རྟོག ་པ་དེས་བདག་གི་རྣམ་པར་རྟོག་པ་འདི་ལྟ་བུ་དང་འདི་ལྟ་བུར་གྱུར་ཏོ་ཞེས་སེམས་སྐྱེ་རྒྱུན་སྲེ་བར་བྱེད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་འདི་ལ་ཉེ་བར་མཚོན་པར་བྱ་བའི་རང་གི་ངོ་བོ་ཅན་ཁོ་ན་ཏེ། དེ་གལ་ཏེ་དབང་པོའི་རྣམ་པར་ཤེས་པ་ལས་འགྱུར་ན་སྡང་མཚོན་པར་བྱ་བར་འགྱུར་ན། རྣམ ་བར་རྟོག་པ་བསྡུས་པའི་གནས་སྐབས་ན་ཉེ་བར་མཚོན་པ་ཡང་མ་ཡིན་ནོ། །དེ་ནས་དེ་དེ་ལ་མེད་དོ་ཞེས་རྟོགས་པར་བྱའོ། །དེ་ནི་འགྱུར་མོད། དབང་པོའི་བྱ་བ་ཅན་གྱི་ཤེས་པ་གང་ཡིན་པ་ཡིན་གྱི་རྣམ་པར་ཤེས་པ་ཉིད་དུ་ཁྱེད་ཅག་མངོན་པར་འདོད་པ་བརྗོད་པ་དང་འདྲེས ་པ་འདོད་པ་སྤྲུལ་ལོ་སྤྲུལ་ལོ་ཞེས་རྒྱུན་གྱིས་འཇུག་པ་འདི་བརྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་སྦྱོར་བ་བོ་དང་དོན་མཐོང་བ་པོ་སྟེ། དེ་རྣམ་པར་རྟོག་པ་ཡིན་ཡང་རྣམ་པར་རྟོག་པ་མེད་པའི་ཤེས་པ་བཞིན་དུ་མངོན་སུམ་ཁོ་ནར་འདོད་པར་བྱ་སྟེ། རྣམ་པ་གཞན་དུ་མཐོང་བ་རྣམས་པར ་ཆད་པར་འགྱུར་ཞིང། རྣམ་པར་རྟོག་པ་ཡང་སྟེ་རྣམ་པར་རྟོག་པས་མཐོང་བ་མ་ཡིན་པའི་ཕྱིར་དང་མཐོང་བས་རྣམ་པར་རྟོག་པས་བྱེད་པ་མ་ཡིན་པའི་ཕྱིར་དང་དེ་དག་ལྷན་ཅིག་མི་འཇུག་པའི་ཕྱིར་རོ། །རྣམ་པར་མ་ཆད་པར་མཐོང་བ་ཡང་ཡོད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་དང ་བཅས་པ་འདི་ཁོ་ན་དབང་པོ་ལས་སྐྱེས་པའོ་ཞེ་ན། དེའི་ཚེ་རྣམ་པར་རྟོག་པ་ཅན་མངོན་སུམ་དུ་སྨྲ་བའི་ཡང། བ་ལང་ལ་སོགས་པ་ཉེ་བར་གྱུར་པའི་ཡུལ་དེ་ལ་མངོན་སུམ་འཇུག་བ་ན། དོན་གཞན་གྱི་མིང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་གཞན་མངོན་དུ་གྱུར་པ ་ཡོད་ན། སོ་སོར་ཉེ་བར་གནས་པའི་ཡུལ་འཛིན་པའི་རྣམ་པར་རྟོག་པའི་ཤེས་པ་མངོན་སུམ་ཉིད་དུ་འདོད་པ་ཅི་ལྟར་ཆོད་པ་མ་ཡིན། ཆོད་ན་ཡང་ཅི་ལྟར་མཐོང་བ་རྣམ་པར་མ་ཆད་པར་འགྱུར། ཞེས་པ་བརྩད་པ་མཚུངས་འདིར་འགྱུར་མོད། །རིགས་མི་མཐུན་པའི་རྣམ ་བར་རྟོག་པའི་དུས་ན་མཐོང་བ་མེད་པ། དེ་ལྟ་ན་ཡང་དེ་རྣམ་པར་ཆད་པ་མ་ཡིན་པ་མ་ཁོ་ནར་རྟོགས་པར་བྱ་སྟེ། ཤིན་ཏུ་མྱུར་བར་འཇུག་པས་མཐོང་བ་གཞན་སྐྱེས་པས་ན་དཔེ་སྟོང་པའི་དུས་ན་མཚམས་སྦྱོར་བ་གཉིས་ཀྱི་ཕྱིར་མགལ་མེ་བཞིན་ནོ། །མགལ་མེ་ནི་ཡུལ་སྔ་མ་སྔ་མ་སྤངས་ནས་ཕྱི་མ་ཕྱི་མའི་ཡུལ་ལ་འཇུག་པ་སྟེ། འཁོར་ལོར་སྣང་བའི་མཛའ་དག་ལ་ཁྱབ་པ་མ་ཡིན་ནོ་ཞེས་པས་དེ་ལ་རྣམ་པར་དེས་པའི་ཡུལ་སྣང་བ་ཁོ་ནའི་རྣམ་པར་ཤེས་པར་འགྱུར་གྱི་ཕྱོགས་ཐཾ་ཅད་དུ་རྗེས་སུ་སོང་བ་སྣང་བ་ནི་མ ་ཡིན་པར་འགྱུར་ན། འོན་ཀྱང་འཁོར་ལོར་སྣང་བའི་མཐོང་བར་འགྱུར་ཏེ། དེའི་ཕྱིར་མཚམས་སྦྱོར་བ་ལས་དེས་འཁོར་ལོ་མཐོང་ངོ་སྙམ་པའི་བློ་ཡིན་པ་ཇི་ལྟར་བདེ་བ་ལྟར་འདིར་ཡང་ངོ་ཞེ་ན། དེའི་མངོན་སུམ་རྣམ་པར་རྟོགས་པ་མེད་པར་སྨྲས་པ་ལ་ཡང་མཚུངས ་ཏེ། གང་ཤིན་ཏུ་མྱུར་པར་འཇུག་པས་ཞེས་པ་ལ་སོགས་པར་བརྗོད་པ་དེ་ནི་རིམ་གྱིས་འབྱུང་བའི་མཐོང་བ་དང་རྣམ་པར་རྟོག་པ་དག་ལ་ཡང་རྣམ་པར་འཆད་པ་མཐོང་བ་ཞེན་པ་སྒྲུབ་པར་བྱེད་པའི་ཆེད་དུ་མངོན་སུམ་རྣམ་པར་རྟོག་པ་མེད་པར་སྨྲ་བའི་ཡོངས་སུ ་རྫོགས་པ་ཁོ་ནའོ། །ཡང་ན་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་རྣམ་པར་ཤེས་པ་གཉིས་དག་ཅིག་ཅར་དུ་འཇུག་ཏེ། དེ་དག་གི་རང་བཞིན་གྱི་དབྱེ་བ་ངེས་པར་མ་ཟིན་པའི་རྟོག་པ་པོས་རྨོངས་པ་ལས་གཅིག་ཉིད་དུ་ལྷག་པར ་ཞེན་ཏོ། །དེའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་འདི་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའོ། །དབང་པོའི་ཤེས་པ་ནི་དེ་དང་ལྷན་ཅིག་འབྱུང་བ་འམ་རིམ་གྱིས་འབྱུང་ཡང་རུང་རྣམ་པར་རྟོག་པ་མེད་པ་ཁོ་ནའོ་ཞེས་པ་འདི་གནས་སོ། །མངོན་སུམ་རྟོག་པ་དང་བྲེལ ་བ། མངོན་སུམ་ཁོ་ནས་གྲུབ་པ་ཡིན་ཅེས་སོ། །འདིར་ཁ་ཅིག་སྨྲ་སྟེ། གལ་ཏེ་མངོན་སུམ་གྱིས་སྒྲས་མངོན་སུམ་བརྗོད་པར་བྱ་ན། དེ་རྟོག་པ་དང་བྲལ་བ་ཅི་ལྟར་ཡིན་ཏེ། ཅི་ལྟར་མ་བརྗོད་པ་རྟོགས་ཞེའོ། །དེ་ནི་རྟོག་པའི་རང་གི་ངོ་བོ་ཡང་དག་པར་བརྗོད་པ ་ཁོ་ནས་བསལ་ལོ། །གང་ལས་བརྗོད་པར་བྱ་བའི་རྟོག་པ་དང་བྲལ་བ་ལྡོག་པར་འགྱུར་བ་རྟོག་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞ་ན། རྟོགས་པའི་ཁྱད་པར་རོ། །ཞེས་བཤད་དོ། །མངོན་སུམ་ཁོ་ནས་རྟོག་པ་རང་བྲལ་བ་ཉིད་གྲུབ་པ་འབའ་ཞིག་ཏུ་མ ་ཟད་ཀྱི་འོན་ཀྱང་ལུང་གིས་ཀྱང་ངོ་ཞེས་སྟོན་པ་གསུངས་པ། ཆོས་མངོན་པར་ཡང་ཞེས་པ་ལ་སོགས་པའོ། །ཡང་དག་བར་ལྡན་པ་ནི་ལྡན་པ་སྟེ། འགྲོགས་པ་ཞེས་པའི་དོན་ཏོ། །མིག་གི་རྣམ་པར་ཤེས་པ་དང་ལྡན་ཏེ་དེ་འདི་ལ་ཡོད་དོ་ཞེས་པ་མི ་གི་རྣམ་པར་ཤེས་པ་དང་ལྡན་པ་སྟེ། མིག་གི་རྣམ་པར་ཤེས་པ་དང་འགྲོགས་པ་ཞེས་པའི་བར་དུའོ། །སྔོན་པོ་རྣམ་པར་ཤེས་སོ་ཞེས་པ་སྟོན་པོའི་དོན་རང་གི་ངོ་བོས་ཤེས་ཀྱི། སྔོན་པོའོ་ཞེས་ནི་མ་ཡིན་གྱི། དེའི་མིག་གིས་འདི ་སྔོན་པོའོ་ཞེས་ནི་ཤེས་པར་མི་བྱེད་དོ། །འདི་ཁོ་ན་ཚིག་ཕྱི་མ་གཉིས་ཀྱིས་གསལ་བར་བྱེད་དེ། དོན་ལ་དོན་དུ་འདུ་ཤེས་ཀྱི་ཞེས་པ་དོན་ལ་རང་གི་ངོ་བོར་འདུ་ཤེས་ཀྱི། དོན་ལ་ཆོས་སུ་འདུ་ཤེས་པ་ནི་མ་ཡིན་ཞེས་པ་དོན་ལ་མིང་གི་འདུ་ཤེས་པ་མ ་ཡིན་ནོ་ཞེས་པའི་དོན་ཏོ། །འོ་ན་ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ནི་བསགས་པ་ལ་དམིགས་པ་རྣམས་སོ་ཞེས་པའི་གྲུབ་པའི་མཛའ་འདི་དེ་ཅི་ལྟར་རིགས་ཏེ། གལ་ཏེ་དེ་གཅིག་ཏུ་སྟེ་གཅིག་ཉིད་དུ་དམིགས ་པ་ལ་མི་རྟོག་ནའོ། །འདི་ལྟར་སེམས་ཏེ། བསགས་པའི་སྒྲས་ཚོགས་པ་བརྗོད་དོ་དངོས་པོ་ལ་ནི་ཥྛའི་ས་བསྒྲུབས་པའི་ཕྱིར་རོ། །འདུས་པ་དང་བསགས་པ་དང་བསྡུས་པ་དང་ཚོགས་པ་ཞེས་པ་ནི་རྣམ་གྲངས་སོ། །བསགས་པ་དེ་ཡང་རྡུལ ་ཕྲ་རབ་གཅིག་ལ་མེད་པ་ཁོ་ན་སྟེ། འོན་ཀྱང་མང་པོ་རྣམས་ཀྱི་ཐུན་མོང་གི་ཆོས་ཡིན་ལ། སྤྱི་དེ་ལ་གལ་ཏེ་དབང་པོའི་བློ་རབ་ཏུ་འཇུག་ན། དེའི་ཚེ་འདི་རྣམ་པར་རྟོག་པ་ཅན་དུ་འགྱུར་ཏེ། སྤྱིའི་བློ་ནི་ངེས་པར་རྣམ་པར་རྟོག་པ་དང་རྗེས་སུ ་འབྲེལ་བས་སོ། །སྤྱི་དངོས་པོར་ཡོད་པའི་གྲུབ་པའི་མཛའ་འདོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དཔེ་དེ་ལ་རྣམ་པར་རྟོག་པར་བྱེད་པ་ཁོ་ནའོ་ཞེས་བྱས་ནས་སོ། །གང་ཡང་ཞེས་པ་ལ་སོགས་པ་སྟེ། སྐྱེ་མཚད་ཀྱི་རང་གི་མཚན་ཉིད་ནི་མིག་གི་རྣམ་པར་ཤེས་པའི ་གཟུང་བྱ་ཉིད་ལ་སོགས་པའོ། །དེའི་དོར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་འདི་རྣམས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་རྣམས་ཏེ། རྗེས་ཀྱི་རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་པ། རྫས་ནི་སྔོན་པོ་ལ་སོགས་པ་བྱེ་བྲག་རྣམས་སོ། ། ་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ཡུལ་ཅན་ཉིད་བཀག་པས་ཤུགས་ལས་དེ་རྣམས་ཀྱི་ཡུལ་ནི་གང་སྤྱི་ཐ་དད་མེད་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེའི་ཕྱིར་ཡང་རྣམ་པར་རྟོགས་པ་དང་བྲལ་བ་ཉིད་འགལ་ཏེ། དེའི་བསྟན་བཅོས་དེ་རྣམ་པ ་གཞན་དུ་དྲང་བར་ཅི་ལྟར་ནུས་ཞེས་པ་བསམ་པའོ། །དེ་གཉི་གའི་ཡང་ལན་གཅིག་གསུངས་པ། དེར་དོན་དུ་མས་བསྐྱེད་བྱའི་ཕྱིར། ཅེས་པ་ལ་སོགས་པའོ། །དེར་ཞེས་པ་བསྟན་བཅོས་སུའོ། །གཅིག་མིན་དོན་གྱིས་བསྐྱེད་བྱའི་ཕྱིར། ཞེས་པ་རྡུལ་ཕྲ ་རབ་གཅིག་མ་ཡིན་པས་བསྐྱེད་པར་བྱ་བ་ཉིད་ཀྱིས་ཕྱིར་རོ་ཞེས་པའི་དོན། རང་གི་རྒྱུ་དང་རྐྱེན་རྣམས་ལས་རྡུལ་ཕྲ་རབ་ཕན་ཚུན་ཐག་ཉེ་བའི་གནས་སྐབས་ཐོབ་པ་ཁོ་ནར་གྱུར་པ་སོ་སོར་རྣམ་པར་ཤེས་པ་སྐྱེས་པར་ནུས་པ་རྣམས་སྐྱེ་བ་ནི་བདགས? ་པའི་སྐྲས་བརྗོད་ཏེ། བསགས་པ་བསྡུས་པའི་རྣམ་གྲངས་ཅན་འདི་རྣམས་ལ་ཡང་དག་པར་སྐྱེས་པའོ་ཞེས་བ་བསགས་པ་རྣམས་ཏེ། བྲ་ལ་སོགས་པ་རྣམས་ལས་བྱིངས་ལས་སྐྱེས་པའི་འོ་ཞེས་པ་ཚིག་ཕྱི་མ་གྱིས་པ་ཅན་གྱི་འབྲུ་མང་པོ་པའོ། །དཔེར་ན ་རབ་ཏུ་བསྡམས་པ་ཞེས་པ་བཞིན་ནོ། །འདིར་ཀྱའི་རྐྱེན་དངོས་པོ་བྱས་པ་འང་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན། ལས་ཁོ་ན་ལ་སྟེ། ཕན་ཚུན་ཉེ་བར་ཕན་པའི་རྐྱེན་རྣམས་ཀྱིས་དེ་རྣམས་བསཊ་ཏེ་འདུས་པར་བྱས་པས་སོ། །རྣམ་པ་དེ་ལྟ་བུའི་དུ་མ་དེ་རྣམས་ཀྱིས་རང ་སྣང་བ་སྐྱེད་དོ། །ཞེས་པས་བསགས་པ་ལ་དམིགས་པ་རྣམས་ཞེས་གསུངས་སོ། །དེ་རྣམས་ཐཾ་ཅད་ལའང་བསགས་པ་ཞེས་བྱ་བའི་ཁྱད་པར་གྱིས་དམིཊ་པ་སྟེ། རྫས་གཅིག་ཁོ་ན་ནི་མ་ཡིན་ནོ་ཞེས་བྱས་ནས་སོ། །གང་ཡང་སྐྱེ་མཆེད་ཀྱི་རང་གི་མཚན ་ཉིད་ཀྱི་དོར་འདི་རྣམས་ཞེས་པ་ལ་སོགས་པ་གསུངས་པ་འདི་ལ་ཡང། རྡུལ་ཕྲ་རབ་ཇི་སྐད་བརྗོད་པ་འདུས་པ་ཁོ་ན་དེ་རྣམས་ཀྱིས་མིག་ལ་སོཊ་བ་རྣཾ་པར?་ཤེས་པ་བསྐྱེད་ཀྱི། གཅིག་ཁོ་ནས་ནི་མ་ཡིན་ཏེ། དེའི་ཕྱིར་གཅིག་མིན་དོན་གྱིས་བསྐྱེད་བྱའི་ཕྱིར། རང་དོན་སྤྱི ་སྤྱོད་ཡུལ་ཅན། ཞེས་གསུངས་སོ། །འདིའི་སྤྱོད་ཡུལ་སྤྱི་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འོ་ན་སྤྱི་ནི་ཐ་མི་དད་པ་བཏགས་པ་ཡིན་ལ་དབང་པོའི་ཤེས་པའི་ཡུལ་ནི་རྡུལ་ཕྲ་རབ་ཅེས་བྱ་བ་གཅིག་མིན་གྱི་དངོས་པོ་སྟེ། དེ་ཅི་ལྟར་སྤྱིའི་སྤྱོད་ཡུལ ་ཅན་ཉིད་དུ་རྟོགས་པར་བྱ་ཞེ་ན། སྐྱོན་འདི་ནི་མེད་དེ། གང་དེ་བསགས་པའི་སྒྲ་དང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་སྒྲས་གསུངས་པ་རྡུལ་ཕྲ་རབ་གཅིག་མིན་གྱི་དངོས་པོ་དེ་ཁོ་ན་སོ་སོར་ངེས་པའི་རྣམ་པར་ཤེས་པ་བསྐྱེད་པར་བྱེད་པར་ནུས་པས་ཆོས་མཐུན་པས ་ན་ཕན་ཚུན་བལྟོས་པས་ཐུན་མོང་པས་ཏེ། ཐུན་མོང་བ་ཁོ་ནར་སྤྱིའོ། །རང?་གི་དོན་ལ་དེ་ཕན་གྱིས་སྒྲུབ་པའི་ཕྱིར་འགེས?་པའི་ཉིད་ཅེས་པ་བཞིན་ནོ། །དེས་ན་འདི་སྐད་བཤད་པར་འགྱུར་ཏེ། བསགས་པའི་སྤྱོད་ཡུལ་ཅན་དང་སྐྱེ་མཆེད་ཀྱི་རང་གི ་མཚན་ཉིད་ཀྱི་སྤྱོད་ཡུལ་ཅན་དུ་གསུངས་སོ་ཞེས་པའོ། །ཐ་དད་པར་རྣམས་ལ་ཐ་མ་དད་པར་རྟོག་པ་ལས་ནི་མ་ཡིན་ནོ་ཞེས་པ་སྤྱིའི་ཡུལ་ཅན་དུ་གསུངས་པ་ཞེས་པ་འདི་དང་སྦལ་ལོ། །ཐ་དད་པ་རྣཾས་ལ་ཐ་དད་པ་མེད་པར་རྟོག་པས་ན་བསགས་པའི་ཡུལ་ཅན་དང་སྐྱེ་མཆེད ་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་གསུངས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ནོ། །རྫས་ཀྱི་རང་གི་མཚན་ཉིད་ཀྱི་མ་ཡིན་ནོ་ཞེས་པ་འདིས་ཀྱང་རྡུལ་ཕྲ་རབ་གཅིག་གི་རྫས་ལ་ངེས་པ་བསལ་བ་བསྟན་བཅོས་སུ་མཇད་པར་བལྟ་བར་བྱའི་ཤུགས་ཀྱིས་འཕངས ་པའི་སྤྱིའི་ཡུལ་ཉིད་ནི་མ་ཡིན་ནོ་ཞེས་པ་འགལ་བ་མེད་དོ། །གང་རྣམས་དབང་པོའི་རྣམ་པར་ཤེས་པ་གཅིག་གི་འབྲས་བུ་ཅན་ཉིད་ཀྱིས་གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་གཅིག་ཏུ་བསྡུས་ན་ཡང། རྫས་དུ་མ་གཅིག་ཅར་གཟུང་བར་བྱ་བ་མ་ཡིན་གྱི་འོན ་ཀྱང་རིམ་པ་ཁོ་ནས་སོ་ཞེས་སྨྲའོ། །དེ་རྣམས་ལ་འདི་བརྗོད་པར་བྱ་སྟེ། གལ་ཏེ་ཅིག་ཅར་རྫས་མང་པོ་རྣམས་འཛིན་པ་མེད་ན། འོན་ཅི་ལྟར་ཏིལ་དང་མ་ཤ་ལ་སོགས་པ་རྣམ་པར་ཆད་པའི་ཡུལ་ན་གནས་པ་རྣམས་ལན་ཅིག་ལ་འཛིན་པ་ཡིན་ཏེ། དེ་རྣམས་ཀྱིས ་ལྡན་པ་མེད་པ་ཉིད་ཀྱི་ཕྱིར་དང། རིགས་མི་མཐུན་པ་ཉིད་ཀྱི་ཕྱིར་གང་འཛིན་པར་འགྱུར་བ་རྫས་གཞན་གཅིག་པ་བརྩོམ་པ་ནི་མེད་དོ། །གལ་ཏེ་མཐོང་བ་མྱུར་དུ་འཇུག་པ་ཉིད་ཀྱི་ཕྱིར་འཁྲུལ་པས་རིམ་པ་ལྡན་པ་ཡང་དེར་རིམ་པ་མེད་པར་ལྷག་བར་ཞེན་ལྔ་ཞེན ་དེའི་ཚེ་རིམ་གྱིས་ལྷུང་བ་དེ་རྣམས་ལའང་མྱུར་བ་ཉིད་མཚུངས་པ་ཉིད་ཀྱི་ཕྱིར་ལན་ཅིག་ཁོ་ན་ལ་འཛིན་ནོ། །ཞེས་ལྷག་བར་ཞེན་པར་འགྱུར་རོ། །གཞན་ཡང་ར་ཡིག་དང་ས་ཡིག་ལ་སོགས་པའི་ཡི་གེ་རྣམས་ལ་མྱུར་བར་འཇིག་པ་ཉིད་ཀྱི་ཕྱིར ་མཐོང་བ་རིམ་པ་མིན་པར་འཛིན་པ་དང་ལྷག་པར་ཞེན་བར་འགྱུར་ཞིང། དེ་ལས་ཀྱང་རས་དང་ས་ར་ཞེས་པ་འདི་ལྟ་བུ་ལ་སོགས་པའི་སྒྲ་རྣམས་ལ་རིམ་པ་ཐ་དད་པ་ལས་མཉན་པ་ཐ་དད་པར་མི་འགྱུར་རོ། །མྱུར་དུ་འཁོར་བའི་ཆུའི་ཐིཊ་པ་ལྟུང་བ་མ་སོཊ ་བ་རྣམས་ལ་ཡང་མཐོང་བ་མྱུར་བ་ཉིད་ཀྱི་ཕྱིར། རིམ་གྱིས་འཛིན་ཞེས་པའི་བསམ་པས་འཛིན་པར་ལྷག་པར་ཞེན་པར་མི་འགྱུར་རོ། །དེའི་ཕྱིར་ཇི་སྲིད་སྤྱོད་ཡུལ་དུ་གྱུར་པ་དེ་ཐམས་ཅད་ཅིག་ཅར་ཁོ་ནར་རྟོགས་པར་འགྱུར་རོ་ཞེས་པའོ། །སྨྲས་པ་ཡང་ཞེས་པ ་སྤྱོད་ཡུལ་ལས་ལོགས་པར་རྟོགས་པ་སེལ་ཞིང་རྣམ་པར་རྟོག་པ་མེད་པ་ཉིད་དེ་ཁོ་ན་གཞུང་འཛུགས་ཏེ། ཆོས་ཅན་གཅིག་མིན་ངོ་བོ་ནི་ཞེས་སོ། །དོན་གཞན་ལས་ལོགས་པ་ལ་བརྟེན་པས་གང་ཆོས་ཀྱི་བྱེ་བྲག་ཐ་དད་བརྟགས་པ་སྤྱིའི་ངོ་བོ་ཤེས་བྱ་འདི་བསོཊ ་པ་རྣམས་ཏེ། དེ་ལ་བལྟོས་པས་དུ་མའི་ངོ་བོ་ཞེས་བརྗོད་ཀྱི། ཡང་དངོས་པོར་ན་གཟུགས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་ཅན་འདི་ནི་ཆ་དང་ལྡན་བ་མ་ཡིན་ནོ། །དེའི་བརྟགས་པའི་དབྱེ་བ་རྣམས་རྟོག་པའི་ཤེས་པ་ཁོ་ནའི་ཡུལ་ཡིན་གྱི་ཅིག་ཤོས་ཀྱི ་ཡུལ་ཡིན་ནོ་ཞེས་སྟོན་པ་གསུངས་པ། དབང་པོ་ལས་རྟོག་པ་ཀུན་ཏུ་མིན་ཞེས་པ་སྟེ། དབང་པོ་ལས་ཞེས་པ་ལ་རྒྱུ་ལ་ལྔ་པའོ། །ལག་པ་ཕྱིས་པ་ལ་ཡང་ནའོ། །དབང་པོའི་རྒྱུ་ལས་སམ་ཡང་ན་དབང་པོ་ཐོབ་པར་བྱས་ནས་རྣམ་པ་ཐམས་ཅད་དུ ་རང་དང་སྤྱིའི་མཚན་ཉིད་དག་གིས་འཛིན་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །འོ་ན་དེའི་དམིགས་པ་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། རང་གིས་རིག་བྱ་ཞེས་པ་ལ་སོགས་པའོ། །རང་གིས་རིག་པར་བྱ་བ་ནི་ཀུན་ཏུ་འགྲོ་བ་ཅན་མ་ཡིན་པའོ། ། ་བསྟན་བྱ་མིན་ནི་བརྗོད་བྱ་མ་ཡིན་པའོ། །ཡང་ན་རང་གི་རིག་བྱ་ཞེས་བརྗོད་པ་ལ། དེའི་རང་བཞིན་ནི་ཅི་ཡིན་པ་བརྗོད་པར་བྱའོ་ཞེ་ན། བསྟན་བྱ་མིན་པ་ཞེས་པ་སྟེ། བསྟན་བྱ་མིན་པ་ཉིད་ནི་དེའི་ཤེས་པ་དག་ངོ་བོ་ཐ་དད་པའི་ཕྱིར་རོ་ཞེས་སེམས་སོ། །དེ་ལྟར་ནི་གང་སྒྲ་ལས ་བྱུང་བའི་ཤེས་པ་དང་གང་དབང་པོ་ལས་བྱུང་བ་སྟེ། འདི་དག་གི་སོ་སོར་སྣང་བ་ནི་ཐ་དད་ཏེ་གསལ་བ་དང་མི་གསལ་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་དབང་པོའི་བྱ་བ་ཅན་ལ་དོན་གྱི་ངོ་བོ་དབང་པོའི་ཤེས་པ་ལ་གསལ་བའི་རྣམ་པས་སོ་སོར་སྣང་བདེ་ལྟར ་ནི་སྒྲ་ལས་བྱུང་བ་ལ་མེད་དེ། གལ་ཏེ་དབང་པོའི་སྤྱོད་ཡུལ་ཁོན་བསྟན་པར་བྱ་བར་འགྱུར་ན་སྒྲ་ལས་བྱུང་བ་ལ་ཡང་དེ་ལྟ་ཁོ་ནར་སོ་སོར་སྣང་བར་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །གང་སྒྲ་ལས་བྱུང་བ་ལ་སྣང་བ་མ་ཡིན་པ་དེ་ནི་སྒྲ་དོན་ལ་མ ་ཡིན་ནོ། །དེའི་ཕྱིར་ཚུལ་ཐ་དད་པའི་ཤེས་པའི་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་དཀར་པོ་ཉིད་ལ་སོགས་པ་ཐ་སྙད་ཀྱིས་བསྟན་བྱ་ནི་དབང་པོའི་ཡུལ་མ་ཡིན་ནོ། །ཞེས་པའོ། །གང་གང་ལས་ཐ་དད་པའི་ཚུལ་ཅན་གྱི་ཤེས་པའི་གཟུང་བྱ་དེ་ནི་དེ་མ་ཡིན་པ་ཁོ་ན ་སྟེ། དཔེར་ན་རྟ་ལས་ཐ་དད་པའི་ཤེས་པའི་གཟུང་བར་བྱ་བ་མ་ཧེ་བཞིན། སྒྲའི་ཡུལ་དཀར་པོ་ཉིད་ལ་སོགས་པ་ལའང། དབང་པོའི་ཡུལ་ལས་ཐ་དད་པའི་ཚུལ་ཅན་གྱི་ཤེས་པའི་གཟུང་བྱ་ཡིན་ནོ། །ཁྱབ་བྱེད་དང་འགལ་བའོ། །དེ་ལྟར་འགྱུར་མོད་ཀྱི་དབང་པོའི་ཤེས་པའི ་རྟེན་ནི་མིག་ལ་སོགས་པ་དང། སྒྲ་ལས་བྱུང་བའི་ནི་ཡིད་ཏེ། དེའི་ཕྱིར་རྟེན་ཐ་དད་པ་ལས་ཡུལ་གཅིག་པ་ཉིད་ན་ཡང། དེ་དག་གི་སྣང་བ་ཐ་དད་པའོ་ཞེ་ན། གལ་ཏེ་དེ་ལྟ་ན། ཅི་ལྟར་ད་ནི་མིག་གི་རྣཾ་པར་ཤེས་པ་ལ་སོཊ་ལ་རྣཾས་དོན་ཐ་དད་པ་ཞེས་བྱེད ་ཅག་ལ་ངེས། །དེར་ཡང་དེ་རྣམས་ཀྱི་ཡུལ་གཅིག་ཁོ་ན་ཡིན་ལ་སྣང་བ་ཐ་དད་པ་ནི་རྟེན་གྱི་དབྱེ་བ་ལས་སོ་ཞེས་བརྗོད་པར་ནུས་པས་སོ། །གལ་ཏེ་དོན་གྱི་རྣམ་པ་འགའ་ཞིག་གི་རྗེས་སུ་བྱེད་པའི་ཕྱིར། སྒྲ་ལས་བྱུང་བ་ཁོ་ནའི་ཡུལ་གཅིག་ཉིད་ཡིན་ཞིང། ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་མ་ཡིན་ཏེ། དེ་རྣམས་ནི་ཕན་ཚུན་དོན་གྱི་རྣམ་པ་ཅིའི་ཡང་རྗེས་སུ་བྱེད་པ་མེད་པས་སོ་ཞེ་ན། མ་ཡིན་ཏེ་དེ་ལ་ཡང་ཤེས་བྱ་ཉིད་ལ་སོགས་པ་རྗེས་སུ་བྱེད་པ་ཉིད་ཡོད་པ་ཁོ་ནའོ། །གལ་ཏེ་སྒྲ་ལས་བྱུང་བ་དང་དབང ་པོའི་ཤེས་པ་དག་ཡུལ་གཅིག་མ་ཡིན་ན། གང་ལྐོག་ཤལ་ལ་སོགས་དང་ལྡན་པ་དེ་བ་ལ་ངོ་ཞེས་ཉེ་བར་བསྟན་པ་ལས་བ་ལང་རྟོགས་ནས་ཕྱིས་གསལ་བའི་ཁྱད་པ།ར་མཐོང་བ་བོས། གང་འདི་ནི་བདག་གིས་ཐོས་པའོ། །འདི་ནི་འདིའི་ཞེས་པ་འདི་ལྟ་བུར་ཅི་ལྟར་རྟོཊ ་བ་ལང་འོན་ཅིག་ཅེས་བརྗོད་པ་ན་དབང་པོའི་ཡུལ་ཁོ་ན་ལ་ཡང་ཅི་ལྟར་འགྱུར། གཞན་ཉེ་བར་དམིགས་པ་དང་ལྡན་པས་གཞན་ལ་དེ་ཁོ་ན་འདིའོ་ཞེས་རྟོགས་པར་འགྱུར་བ་ནི་མེད་ཅིང། གཞན་ལ་བསྐུལ་བ་ན་གཞན་དུ་འཇུག་པ་རིགས་པ་ཡང་མ་ཡིན ་ལ། སྒྲ་ལས་དབང་པོའི་ཡུལ་ལ་དེ་ལྟར་རྟོག་པ་དང་འཇུག་པར་ཡང་འགྱུར་ཏེ། དེའི་ཕྱིར་དེ་དག་གི་ཡུལ་ཅིག་པའོ་ཞེས་པའི་རྟོག་པ་གང་དེ་ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པར་བྱེད་བའི་ཆད་པ་པོ་རྣམས་ནི་ཡུལ་རྣམ་པར ་དབྱེ་བ་འདི་ལྟ་བ་བྱེད་ཀྱི། ཐ་སྙད་བྱེད་པ་པོ་རྣམས་ནི་མ་ཡིན་ཏེ། དེ་རྣམས་ནི་དེ་ཁོ་ན་ཉིད་དུ་ལྷག་པར་ཞེན་པས་སྣང་བ་དང་རྣཾ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་ཐ་སྙད་དུ་བྱེད་དོ་ཞེས་པ་ཤིན་ཏུ་འཕྲོས་པར་བྱེད་དོ། །དེ་ལྟར་རང་གིས་རིག་པར་བྱ ་བ་བསྟན་བྱ་མིན་པའི་དོ་ནི་མངོན་སུམ་གྱི་ཡུལ་ཏེ། རྣམ་པ་འདི་ལྟ་བུ་ལ་རྟོཊ་པ་འཇུག་པ་ཡང་མ་ཡིན་ཏེ། དེ་ནི་སྒྲ་དང་ཡུལ་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཡུལ་ངེས་པར་བསྟན་པས་ཀྱང་མངོན་སུམ་རྣམ་པར་རྟོག་པ་མེད་པ་ཉིད་དུ ་གཞུང་གཙུགས་པར་འགྱུར་རོ། །འོ་ན་ད་ནི་མངོན་སུམ་མ་ངེས་པའི་བདག་ཉིད་ལ་ཅི་ལྟར་ཐ་སྙད་དུ་འགྱུར། འདི་ཉིད་དོ་ཞེས་ངེས་པས་ནི་བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་བྱེད་དག་ཐོབ་པ་དང་ཡང་བའི་ཆེད་དུ་རབ་ཏུ་འཇུག་བས་སོ་ཞེ་ན། སྐྱོན་འདི་ནི ་མེད་དེ་མངོན་སུམ་དོན་ལ་ལྟ་བ་ཙམ་ཡིན་ན་ཡང་མངོན་སུམ་གྱིས་ཉམས་སུ་མྱོང་བས་བཞག་པའི་མཐུ་ལས་བྱུང་བའི་དྲན་པ་སྔོན་དུ་འགོར་བའི་མངོན་པར་འདོད་པ་དང་ཅིག་ཤོས་དག་གིས་ཐ་སྙད་དུ་འགྱུར་རོ། །འདི་ནི་དངོས་པོའི་ཆོས ་ཏེ། གང་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བ་དྲན་བའི་ས་བོ་ན་འཇོག་ཅིང། ཇི་ལྟ་བུའི་བདེ་བའི་སྒྲུབ་པར་བྱེད་པ་འམ་སྡུག་བསྔལ་ལ་བསྒྲུབ་པར་བྱེད་པ་ཉམས་སུ་མྱོང་བ་དེ་འདྲ་བ་མཐོང་བ་ལས། འདི་སད་པར་གྱུར་པ་ན་དེ་ཁོ་ན་འདིའོ ་ཞེས་དྲན་པར་འགྱུར་རོ། །དེ་ལས་མངོན་པར་འདོད་པ་དང་ཅིག་ཤོས་དག་གིས་གང་ཡང་རུང་བའོ། །དེ་ལས་ཀྱང་སྐྱེས་བུའི་ཇི་ལྟར་འོག་པ་འཇུག་པའོ་ཞེས་པའོ། །དེ་ལྟར་རེ་ཞིག་ཅེས་པ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། འདིར་དེ་ལྟར་རེ ་ཞིག་དབང་པོ་ལྔ་ལས་སྐྱེས་པ་ཞེས་པའི་ཚིག་ལས། རེ་ཞིག་གི་སྒྲས་དབང་པོ་ལྔ་ལས་སྐྱེས་པ་མ་ཡིན་པ་གཞན་ཡང་ཡོད་ལ། དེའི་ཡང་མཚན་ཉིད་ཀྱི་ཁྱད་པར་ལོགས་སུ་འཆད་པར་འགྱུར་རོ་ཞེས་པ་འདི་གསལ་བར་བྱས་སོ། །དེ ་ཐམས་ཅད་ཀྱང་རྟོག་པ་མེད་པ་ཁོ་ནའོ་ཞེས་ཐད་པའི་སྒོ་ཁོ་ནར་ཡོངས་སུ་རྟོགས་པར་བྱས་སོ། །དེས་ན་མཁས་པའི་བློ་གྲོས་ཅན་འགའ་ཞིག་གི་རྩོད་པ་དོགས་པར་འགྱུར་རོ། །དེ་ལ་འདི་ནི་རྩོད་པ་སྟེ། འོ་ན་མངོན་སུམ་གྱི་དབྱེ་བ་འདི་རྣམས ་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་ཡང་མངོན་སུམ་རྟོག་པ་དང་བྲལ་བ་ཞེས་པ་འདི་ཁོ་ནས་བསྡུས་ཏེ། དེ་ལྟར་ནི་འཐད་པའི་སྒོ་ཡིས་འདི་རྣམས་ཀྱི་མཚན་ཉིད་ཐ་དད་པར་བྱས་སོ། །དེས་ན་འདིར ་མཚན་ཉིད་ཀྱི་དབྱེ་བ་ཐ་དད་པ་འདི་ལོགས་སུ་བརྗོད་པར་བྱ་བ་ཅིའི་དོན་དུ་ཡིན་ཞེས་པའོ། །དེའི་ཕྱིར་འདིའི་དོན་གླན་པའི་ཆེད་དུ་གསུངས་པ། འདིར་ཁྱད་པར་ནི་གཞན་གྱི་འདོད་པ་ལ་བལྟོས་པ་ཞེས་པའོ། །ཁྱད་པར་དང་བྱེ་བྲག་དང་དབྱེ་བ་ཞེས ་མ་ནི་རྣམ་གྲངས་སོ། །དེ་ཡང་སྐབས་ཉིད་ཀྱི་ཕྱིར་མངོན་སུམ་གྱི་མཚན་ཉིད་ཀྱི་ཞེས་རྟོག་པར་བྱའོ། །འདིར་ཞེས་པ་ནི་རབ་ཏུ་བྱེད་པར་རོ། །གང་འདི་མཚན་ཉིད་ཀྱི་ཁྱད་པར་ལོགས་པ་དེ་ནི་གཞན་རྣམས་ཀྱིས་ལོགས་པ་རྟོཊ་པའི་མཚན་ཉིད་གང་འདོད་པ་དེ ་ལ་བལྟོས་པས་སོ་།དེ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་མངོན་སུམ་ལ་དབང་པོའི་ཤེས་པ་ཉམས་སུ་མྱོང་བའི་དོན་དེ་ཁོ་ན་འཛིན་ནོ་ཞེས་འགའ་ཞིག་ལོག་པར་རྟོགས། །འདོད་ཆགས་ལ་སོགས་པའི་རང་རིག་པ་དེ་མེད་དོ་ཞེས་སོ། །རྣལ་འབྱོར་པའི་ཤེས ་པ་ལ་ཡང་འདི་ཁོ་ནར་རོ། །གང་གི་ཕྱིར་དེ་ལྟར་གཞན་རྣམས་ཀྱི་ལོག་པར་རྟོག་པ་དེའི་ཕྱིར་དེ་ལ་བ་ལྟོས་པས། མངོན་སུམ་རྟོག་པ་དང་བྲལ་བས་ཞེས་པ་འདིས་བསྡུས་ཀྱང་དབང་པོ་ལྔ་ལས་སྐྱེས་པ་མ་ཡིན་པའི་མངོན་སུམ་གྱི་མཚན་ཉིད་ཀྱི ་ཁྱད་པར་ལོག་པར་བརྗོད་དེ་གཞན་གྱི་ལོག་པར་རྟོཊ་པ་གསལ་བའི་ཆེད་དུའོ་ཞེས་པ་དགོངས་པའོ། །གཞན་རྣམས་ནི་གང་ལས་ཁྱད་པར་འདི་བྱེད་པ་དབང་པོ་ལྔ་ལས་སྐྱེས་བ་རྟོག་པ་དང་བཅས་པས་ཡོད་དམ་ཅི་ཞེ་ན་གསུངས་པ། གཞན་གྱི་འདོད་པ་ལ ་བལྟོས་པའང་ཞེས་པ་ལ་སོགས་པ་སྟེ། གཞན་རྣམས་དབང་པོ་ལས་སྐྱེས་པའི་ཤེས་བ་འགའ་ཞིག་རྟོག་པ་དང་བཅས་པ་སྟེ་གང་ཐ་དད་པ་བྱང་བའིའོ། །འགའ་ཞིག་རྟོག་པ་མེད་པ་སྟེ་གང་ཅིག་ཤོས་ཀྱིའོ་ཞེས་འདོད་པ་དེའི་ཕྱིར་དེ་ལ་བལྟོས་པས ་རྟོག་པ་དང་བྲལ་བ་ཞེས་པ་འདི་དབང་པོའི་ཤེས་པའི་ཁྱད་པར་ཏེ། ཕ་རོལ་གྱིས་ཡོངས་སུ་བརྟགས་པ་དབང་པོའི་ཤེས་པ་རྣམ་པར་རྟོག་པ་དང་བས་པ་རྣམ་པར་བཅད་པར་བྱ་བ་ཉེ་དོན་དུའོ་ཞེས་རྣམ་པར་འཆད་དོ། །དེ་རྣམས་ཀྱི་ལྟར་ན་གལ ་ཏེ་གཞན་གྱི་འདོད་པ་ལ་བལྟོས་པས་ཁྱད་པར་འདི་བརྗོད་པས་ཡིན་ན། དེ་ལྟར་གྱུར་ན་གཞན་གྱི་འདོད་པ་ལ་བལྟོས་པའི་ཁྱད་པར་འདི་བྱ་བ་མ་ཡིན་པ་ན། རང་གི་ལུགས་ཀྱི་མཚན་ཉིད་མ་བརྗོད་པར་ཁོ་ནར་འགྱུར་ལ། དེ་ལས་ཀྱང ་མངོན་སུམ་གྱི་མཚན་ཉིད་ཅིར་འགྱུར། རྩོད་པ་འདི་ཡང་མཉན་པར་མ་བཞག་པར་འགྱུར་རོ་ཞེས་པ་འདི་ནིར་མི་རིགས། །ཐམས་ཅད་ནི་རྣམ་པར་རྟོག་པ་མེད་པ་ཁོ་ནའོ་ཞེས་པའི་ནིའི་སྒྲས། མཚན་ཉིད་ཀྱི་ཁྱད་པར་ལོག་པར་བརྗོད་པ ་འདི་རང་གི་ལུགས་ལ་བལྟོས་པ་མ་ཡིན་ཏེ། ལོག་པར་རྟོགས་པ་མེད་པའི་ཕྱིར་ཞེས་པའི་དོན་གསལ་བར་བྱེད་དོ། །མངོན་སུམ་རྟོག་པ་དང་བྲལ་བ་ཞེས་པའི་ཁྱད་པར་འདི་ཁོ་ནས་མཚོན་བྱ་ཐམས་ཅད་བསྡུས་སོ།། །།ཡིད ་ཀྱང་ཞེས་པ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་བསྡུ་བའི་དོན། དོན་གྱི་སྒྲ་འདི་ནི་ཤེས་བྱའི་རྣམ་གྲངས་སོ། །འདོད་ཆགས་ལ་སོགས་པ་རྣམས་ཀྱི་རང་ནི། ཆགས་ལ་སོགས་རང་ངོ། །རང་གི་སྒྲ་འདི་ནི་བདག་ཉིད་བརྗོད་པར་བྱེད་པའོ། ། ་དོན་དང་ཆགས་པ་སོགས་རང་ངོ། །དེ་རིག་པ་ནི་དོན་དང་ཆགས་ལ་སོགས་རང་རིག་པ་སྟེ། འདིས་རིག་པར་བྱ་ཤེས་པར་བྱ་ཞེས་པ་རིག་པ་ནི་སོ་སོར་མངོན་པར་སྤྲེལ་ལོ། །རྣམ་པར་རྟོག་པ་མེད་པའི་ཡིད་དེ་ནི་མངོན་སུམ་མོ། །དེ་ལ་ཡིད་ཀྱི་རྣམ་པར ་ཤེས་པ་དབང་པོས་གཟུང་བ་ཁོ་ནའི་དོན་འཛིན་ནམ། དེ་ལས་གཟན་པའོ་ཞེས་རྟགས་པ་གཉིས་ཏེ། གལ་ཏེ་དང་པོ་ཡིན་ན་དེ་ལས་དེ་ཚད་མ་ཉིད་མ་ཡིན་པ་ཁོ་ནར་འགྱུར་ཏེ། བཟུང་ཟིན་པ་འཛིན་པའི་ཕྱིར་དྲན་པ་ལ་སོགས་པ་བཞིན་ནོ། །འོན་ཏེ་གཉིས་པ་ཡིན་ན ་དེའི་ཆེ་ལོང་པ་ལ་སོགས་པས་ཀྱང་དོན་འཛིན་པར་འགྱུར་རོ། །གལ་ཏེ་ཡིད་གྱི་རྣམ་པར་ཤེས་པ་དབང་པོའི་ཤེས་པ་ལ་བལྟོས་པ་མེད་པར་ཕྱི་རོལ་གྱི་དོན་ལ་རབ་ཏུ་འཇུག་ན་དེའི་ཚེ་མིག་ལ་སོཊ་པ་མཚང་བས་ཀྱང་མཐོང་བ་ཐོབ་པོ། །དེ་ཅི་འདྲ་བ་ཡིན་པ་དེ་བརྗོད་པར་བྱར་རོ་ཞེ་ན ་ཡིད་ཀྱང་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ཡང་དེ་རྣམས་ཡིན་ལ་ཡུལ་རྣམས་ཀྱང་ངོ། ཞེས་པ་ལས་འཛིན་པའོ། །འོ་ན་གཟུགས་ལ་སོགས་པ་རྣམས་ཡུལ་ཁོ་ན་མ་ཡིན་ནམ། ཡུལ་སྨོས་པ་དེ་ཅིའི་དོན་ཡིན་ཞེ་ན། དམིགས་བཞིན་པ་མིན་པའི་གཟུགས་སོཊ ་པ་རྣམ་པར་བཅད་པའི་དོན་དུ་སྟེ། རྣམ་པར་ཤེས་པར་བྱ་བཞིན་པ་མ་ཡིན་པ་རྣམས་ཡུལ་དུ་འགྱུར་བ་མ་ཡིན་ནོ། །ཉེ་བར་བརྟགས་པས་དེའི་རིགས་ཅན་ཉིད་ཀྱིས་ཡུལ་གྱི་ཐ་སྙད་དུ་བསྟན་པར་འགྱུར་གྱི། ཡུལ་དངོས་ཉིད་ནི་མ་ཡིན་ནོ། །ཡང་དེ་རྣམས་ཅིའི ་ཡུལ་ཞེ་ན། དེ་མ་ཐག་པ་དབང་པོའི་ཤེས་པའི་སྟེ། སྐབས་ཉིད་ཀྱི་ཕྱིར་ཁོ་ནའི་འོས་གཟུགས་ལ་སོཊ་པ་ཡུལ་རྣམས་ཀྱི་རྣམ་པར་འགྱུར་བ་ནི། གཟུགས་ལ་སོགས་པ་ཡུལ་གྱི་རྣམ་འགྱུར་རོ། །དེ་གང་གི་དམིགས་པ་ཡིན་པ་དེ་ནི་དེ་སྐད་བཤད་དོ། །ཚོགས་པ་དང་རྣམ ་འགྱུར་བར་དྲུག་པའི་ཡང་འབྲུ་མང་པོ་བ་སྟེ། ཚིག་ཕྱི་མ་དཔྱི་པ་ཡང་ཞེས་པའི་ཚིག་ལས་ཚིག་སྡུད་དང་ཚིག་ཕྱི་མར་བྱི་བ་ཡང་སྟེ། དཔེར་ན་གསེར་གྱི་རྒྱན་ཞེས་པ་བཞིན་ནོ། །གང་དགེ་བསྐྱེད་པའི་སྐད་ཅིག་ཕྱི་མའི་ཁྱད་པར་དེ་དེའི་རྣམ་པར་འགྱུར་བ་ཞེས་ཐ་སྙད་ཀྱི་བྱ་བ་ཡུལ ་གྱི་རྣམ་པར་འགྱུར་བ་དེ་ཅི་ཞེ་ན། ཆོས་ཅན་གནས་པ་ལ་ཆེས་གཞན་ལྡོག་པ་ན། ཆོས་གཞན་བསལ་བར་འགྱུར་བ་ནི་མ་ཡིན་ཏེ། གྲངས་ཅན་གྱིས་ཡོངས་སུ་བརྟགས་པའི་ཡོངས་སུ་འགྱུར་པ་བཀག་པ་ཉིད་ཀྱི་ཕྱིར་རོ། །དེས་ན་འདི་སྐད་བརྗོད་པར་འགྱུར ་ཏེ། དབང་པོའི་ཤེས་པའི་ཡུལ་ལས་སྐྱེས་པ་དེ་མ་ཐག་པའི་གཟུགས་ལ་སོགས་པ་སྐད་ཅིག་དམིགས་པའོ་ཞེས་པའོ། །འདིས་ནི་ཚད་མ་འདི་མ་ཡིན་པའི་སྐྱོན་སྤངས་སོ་ཡང་ཅིའི་ཕྱིར་དེའི་ཡུལ་ངེས་པ་ཉིད་ཡིན་ཞེ་ན། གང་གི་ཕྱིར་དེའི་གང་དེ་མ་ཐག་པའི་རྐྱེན་གྱི་ཁྱད ་བར་དེ་ནི་རང་གི་ཡུལ་གྱིས་ཉེ་བར་བསྐྱེད་པ་དེ་མ་ཐག་པའི་གཟུགས་ལ་སོགས་པའི་སྐད་ཅིག་གི་ལྷན་ཅིག་བྱེད་པ་ཅན་ཁོ་ནས་དེ་བསྐྱེད་པར་བྱེད་དོ། །དེའི་ཕྱིར་དེ་ཇི་སྐད་བཤད་པ་ཁོ་ནའི་ཡུལ་དང་ལྡན་པའོ་ཞེས་རྟོགས་པར་གྱིས་ཤིག་ཉམས་སུ་མྱོང་པའི་རྣམ་བས་འཇུག ་པ་ཞེས་པ་སྟེ། འདིས་ཉམས་སུ་མྱོང་བར་བྱ་བའོ་ཞེས་པ་ཉམས་སུ་མྱོང་བའོ། །རྣམ་པ་ནི་སྣང་བའོ། །དེ་ཡང་གང་དྲན་པ་ལ་སོགས་པ་རྣམས་ཀྱི་ཉམས་སུ་མྱོང་བའི་ཚུལ་ཅན་མ་ཡིན་པ་ཡང་ཡོད་དོ་ཞེས་པས་དེ་རྣམ་པར་བཅད་པའི་ཆེད་དུ་ཉམས་སུ་མྱོང ་པ་སྨོས་སོ། །གང་གི་ཉམས་སུ་མྱོང་བ་རྣམ་པ་ཡིན་པ་དེ་དེ་སྐད་བརྗོད་དོ། །དེ་ཡང་ཅི་ཞེ་ན་སྔར་བཤད་པའི་རིགས་པས་ཤེས་པས་ཁོ་ན་སྟེ་ཉམས་སུ་མྱོང་བའི་རྣམ་པ་དེས་གཞུག་ཤིང་སྐྱེས་པ་ནི་ཉམས་སུ་མྱོང་བའི་རྣམ་པར་ཞུགས་པའོ། །འདི་སྐད་བརྗོད་པར་འགྱུར ་ཏེ་དབང་པོའི་ཤེས་པའི་དེ་མ་ཐག་པའི་རྐྱེན་ལས་སྐྱེད་པའོ་ཞེས་པའོ། །འདིས་ཀྱང་ལོང་བ་ལ་སོགས་པས་ཀྱང་དོན་འཛིན་པར་འགྱུར་རོ་ཞེས་གང་བརྗོད་པ་དེ་བསལ་ཏོ། །གང་གི་ཕྱིར་དེ་ཕྱི་རོལ་གྱི་དོན་རྣམས་ལ་རང་དབང་དུ་འཇུག་པ་མ་ཡིན་གྱི། འོན་ཀྱང ་དབང་པོའི་རྐྱེན་ལ་བལྟོས་ལ། ལེང་བ་ལ་སོགས་པ་ལ་ཡང་དབང་པོའི་ཤེས་པ་མེད་དོ། །ཞེས་པས་དེ་མེད་དོ། །འདོད་ཆགས་ལ་སོགས་པ་རྣམས་ལ་ཡང་རང་རིག་པའོ་ཞེས་པ་སྟེ། རང་ཉིད་ལ་རིག་པ་ནི་རང་རིག་གོ་།འདིས་རིག་པར་བྱམས་ན་རིག་པ་སྟེ། འཛིན་པའི་རྣམ་པར་ཡང་དག ་པར་བཤད་པ་ཉམས་སུ་མྱོང་བའི་རང་བཞིན་ཉིད་དོ། །ཉམས་སུ་མྱོང་བའི་རང་བཞིན་ཉིད་ཀྱི་ཕྱིར་འདོད་ཆགས་ལ་སོགས་པ་རྣམས་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་རབ་ཏུ་གསལ་བ་རྣམས་བདག་ཉིད་ཡང་དག་པར་རིག་པར་བྱེད་དེ། བདག་ཉིད་རིག་པ་ཞེས་ཀྱང་བསྟན་པར་བྱ་བ་རྣམས་སོ། །དེའི་ཕྱི་ཉམས ་སུ་མྱོང་བའི་བདག་ཉིད་དེ་ནི་འདི་རྣམས་ཀྱི་ཚད་མའོ། །གང་ཡང་རིག་པ་དངོས་པོའི་ངོ་བོ་རང་རྟོགས་པའི་བདག་ཉིད་དེ་ནི་དེའི་འབྲས་བུར་རིག་པར་བྱ་སྟེ། བདག་ཉིད་ནི་དེ་རྣམས་ཀྱི་གཞལ་བྱའོ། །འདོད་ཆགས་ལ་སོགས་པ་སྨོས་པ་ནི་གསལ་བའི་རིག་པ་བསྟན་པའི་དོན་ཏོ། །ཤེས ་པ་ཐམས་ཅད་ཀྱི་བདག་ཉིད་རིག་པ་ནི་མངོན་སུམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཉིད་ནི་དེ་ལ་བརྡ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཡུལ་དུ་བྱས་པ་ལ་བརྔ་བྱེད་པར་ནུས་ཤིང་།འདོད་ཆགས་ལ་སོགས་པའི་བདག་ཉིད་མ་སྐྱེས་པ་ནི་རིག་པས་ཡུལ་དུ ་བྱེད་པ་ཡང་མ་ཡིན་ཏེ། དེ་ཡང་འདོད་ཆགས་ལ་སོགས་པའི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ན་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་བདག་ཉིད་སྐྱེས་པ་ལ་ཡང་རིག་པས་བརྗོད་པ་སྦྱོར་བ་ཡིན་ཏེ། དེ་ལྟར་ནི་དེས་རྗོད་པ་གཟུང་ནས་དེར་སྦྱོར་བར་བྱེད་ཅིང། བརྗོད་པ་ཟིན་པ ་ན་ཡང་སྐད་ཅིག་མ་ཉིད་ཀྱི་ཕྱིར་དེ་མེད་ལ་ཆགས་པ་ལ་སོགས་པ་རྣམས་ཀྱང་མེད་དོ། །ཞེས་པས་ཅི་ཞིག་ཅི་ཞིག་གིས་སྦྱོར་བར་བྱེད་ཅེས་པས་བརྡ་མི་ནུས་པ་ཉིད་ཀྱི་ཕྱིར་ཆགས་པ་ལ་སོགས་པ་རྣམས་ཀྱི་རང་རིག་ནི་བརྗོད་པ་དང་འདྲེས་པ་མ་ཡིན་ནོ། །གང་གིས་གང་ལ་སྒྲའི ་བརྡའི་མི་འཛིན་པ་དེ་ནི་དེ་ལ་སྒྲ་སྦྱར་ནས་འཛིན་པར་མི་བྱེད་དེ། །དཔེར་ན་དྲི་ལ་མིག་གི་རྣམ་པར་ཤེས་པ་བཞིན། འདོད་ཆགས་ལ་སོགས་པའི་བདག་ཉིད་ལ་ཡང་དེ་ཡང་དག་པར་རིག་པས་སྒྲའི་བརྡ་མ་བཟུང་བ་ཡིན་ནོ། །རྒྱུ་མི་དམིགས་པའོ། །འདིར་འགའ་ཞིག་གཞི་མ ་གྲུབ་པར་སྨྲ་བར་བྱེད་དེ། དེ་ལྟར་ནི་རང་རིག་པར་རྟོག་པ་མེད་པར་བསྒྲུབ་པར་བྱ་ན། །དེ་ཡང་རེ་ཞིག་ཤེས་པ་ལ་ཡང་མེད་ན། བདེ་བ་ལ་སོགས་པ་ཤེས་པའི་ངོ་བོ་མ་ཡིན་པ་རྣམས་ལ་ག་ལ་ཡིན། དེ་རྣམས་ནི་བདག་གཅིག་པུ་ལ་ཤེས་པ་དང་ལྷན་ཅིག་འདུ་བའི་ཕྱིར། དོན་ཅིག་ལ ་འདུ་བ་ཅན་དེས་གཟུང་བར་བྱ་བའོ་ཞེས་པ་སྟེ། རང་ཉིད་གཞལ་བྱའི་ངོ་བོ་ཁོ་ནའོ། །དེ་ཕྱིར་དེ་རྣམས་གཞན་གྱི་ཡང་རིག་པར་བྱེད་པ་མ་ཡིན་ན། བདག་ཉིད་ག་ལས་ཡིན་ཞེའོ། །དེ་རྣམས་ཀྱིས་བདེ་བ་ལ་སོགས་པའི་རྣམ་པ་དེ་ཤེས་པར་གདོན་མི་ཟ་བར་ཁས་བླང་པར་བྱ ་སྟེ། གཞན་དུ་དེ་རྣམས་དེའི་རིག་པར་བྱ་བ་ཁོ་ནར་མི་འགྱུར་རོ། །ཤེས་པར་འདོད་པ་ཉིད་ཁོ་ན་དོན་རྣམས་ཀྱི་རིག་པར་བྱེད་པར་རིགས་པ་མ་ཡིན་ཏེ། དེ་ནི་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར། །དོན་ཐམས་ཅད་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཤེས་པ ་གང་ཞིག་གང་གི་རྣམ་པ་དང་བྲལ་བ་དེ་ནི་དེའི་རིག་པར་བྱེད་པ་མ་ཡིན་ཏེ། བ་ལང་གི་ཤེས་པ་རྟའི་བཞིན། བདེ་བ་ལ་སོགས་པའི་ཤེས་པ་ཡང་བདེ་བ་ལ་སོགས་པའི་རྣམ་པ་དང་བྲལ་བའོ་ཁྱབ?་བྱེད་དང་ཤལ?་བའོ། །ཤེས་བདེའི་རྣམ་བཅན་དུ་འགྱུར་མོད་དོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལས་འདི་ལྟ་སྟེ ་གང་དགའ་བ་དང་ཡོངས་སུ་གདུང་བ་ལ་སོགས་པའི་རྣམ་པ་དང་ལྡན་པ་དེ་ཁོ་ན་བདེ་བ་ལ་སོགས་བའོ་ཞེས་བདེ་བ་ལ་སོགས་ཤེས་པའི་ངོ་བོར་གྲུབ་པོ། །དངོས་པོ་ཚིམ་པ་ལ་སོགས་པའི་ངོ་བོ་ཅན་ནི་རྟོགས་པའི་ངོ་བོ་ཡིན་པར་ནི་དེ་རྣམས་ལ་ཡང ་གྲུབ་སྟེ། དེ་ལ་ཤེས་པ་དང། བདེ་བ་དང་སྡུག་བསྔལ་ཞེས་པ་ལ་སོགས་པ་མིང་ཇི་ལྟར་འདོད་ལ་བྱོས་ཤིག་།འདི་ལ་བཟློག་པ་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ཤེས་པའི་ཚིམ་པ་ལ་སོགས་པའི་རྣམ་པ་ནི་ཤེས་པ་མེད་པའི་ངོ་བོ་བདེ་བ་ལ་སོགས་པས ་བྱས་པར་མི་འགྱུར་བ་དེ་ལྟར་གཞན་དུ་རྟོགས་པར་བྱས་ཟིན་ཏེ། འདིར་ནི་གཞུངས་མངས་པའི་འཇིགས་པ་ལས་རབ་ཏུ་རྒྱས་པར་མི་བྱའོ། །གང་ཞིག་བདེ་བ་ལ་སོགས་པ་རྣམས་ནི་ནང་མ་ཡིན་ལ། སེམས་པ་ཅན་ཡང་མ་ཡིན་ཕྱིར་འོ་ན་ཅི་ཞེ་ན་དེ་ལ ་བཟློག་པའི་རང་བཞིན་གཞལ་བྱ་ཁོ་ནའོ་ཞེས་སྨྲ་བ་དེའི་ཡང། ཇི་སྐད་བཤད་པའི་ཚུལ་གྱིས་ཚིམ་པ་ལ་སོགས་པའི་རྣམ་པ་ཅན་རྟོགས་པའི་བདག་ཉིད་ཀྱི་དངོས་པོར་གྲུབ་ཅིང། དེ་ཁོ་ན་ཡང་རང་རིག་བའི་མངོན་སུམ་དུ་བརྗོད་ཀྱི། དེ་ལས་གཞན་པའི་བདེ་བ་ལ་སོགས་པ ་གཞན་གྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་ནོ། །རང་རིག་པ་དེ་ཡང་བསྒྲུབ་པར་འགྱུར་རོ་ཞེས་པ་རྟེན་མ་གྲུབ་པ་མེད་དོ། །འོ་ན་ཤེས་པ་ཐམས་ཅད་ཁོ་ན་དང་དབང་པོ་ལས་སྐྱེས་པའི་ཡང། རྟེན་ཡིད་དོ་ཞེས་འདོད་པར་བྱ་བ་མ་ཡིན་ནམ། རྣམ ་པར་ཤེས་བའི་ཚོགས་ལྔ་རྣམས་ནི་དབང་པོ་གཉིས་ཀྱི་རྟེན་ཅན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་འདི་ཁོ་ན་ཡིད་ལས་བྱུང་བར་བརྗོད་པར་བྱ་ཞེ་ན་གསུངས་པ། དབང་པོ་ལ་མི་བལྟོས་པའི་ཕྱིར་ཞེས་ཏེ་གཟུགས་ཅན་གྱི་དབང་པོ་ལ་བལྟོས་པ་མེད་པ་ཉིད་ཀྱི་ཕྱིར ་ཞེས་པ་དགོངས་པའོ། །གང་གི་རྟེན་ཡིད་ཁོ་ན་ཡིན་གྱི་དབང་པོ་གཟུགས་ཅན་མ་ཡིན་པ་དེ་ཡིད་ཀྱི་མངོན་པར་བརྗོད་དོ། །འོ་ན་གང་རྣམ་པར་ཤེས་བའི་ཚོགས་ལྔ་པོ་རྣམས་དང་དེ་དང་མཚུངས་པར་ལྡན་པ་འདོད་ཆགས་ལ་སོགས་པ་དེ་རྣམས་ཀྱི་རང་རིག ་བ་ཇི་ལྟར་ཡིད་ཀྱིས་མངོན་སུམ་ཡིན་ཞེ་ན། རང་རིག་པའི་སྤྱི་ཡིས་དེའི་རིགས་ཅན་ཉིད་ཀྱི་ཕྱིར་རོ། །ཡང་དག་བ་ལ་ལྟོས་པ་མེད་པ་ཉིད་ན། མངོན་སུམ་གྱི་ཅི་སྒྲ་ཅི་ལྟར་རིགས་ཞེ་ན། ཇི་ཙམ་གྱིས་དབང་པོའི་རྒྱ་མཚན་ཅན་ནི་མངོན་སུམ་དུ་ཐ་སྙེད ་བྱ་བ་སྟེ། ཤེས་པའི་ཁྱད་པར་ལ་ཡོངས་སུ་བཤད་ཡོད་པ་ཅན་ནི་མིང་འདིའོ་ཞེས་པ་འདི་ནི་བཤད་ཟིན་ཏོ། །ཡང་ན་ཡིད་ཀྱང་དབང་པོ་ཡིན་བ་ཉིད་ཀྱི་ཕྱིར་ཕྱོགས་གཞན་ལ་ཡང་སྐྱོན་མེད་དོ། །དེ་བཞིན་དུ། རྣལ་འབྱོར་པའི་ཞེས་པ་སྟེ། ཇི་ལྟར་ཡིད་ཀྱི་རྟག་བ་མེད ་པ?་མངོན་སུམ་ཡིན་པ་དེ་བཞིན་དུ། རྣལ་འབྱོར་བ་རྣམས་ཀྱི་ཡོད། རྣལ་འབྱོར་ནི་ཏིང་འཛིན་ཏེ། དེ་གང་རྣམས་ལ་ཡོད་པ་དེ་ནམས་རྣལ་འབྱོར་བ་རྣམས། བླ་མས་བསྟན། མ་འདྲེས་པའི་ཞེས་པ་སྟེ། འདིར་ཡུལ་གྱིས་ཡུལ་ཅན་བསྟན་པ་ལ་ལུང་གི་རྣམ་པར་རྟོག་པ ་ནི་བླ་མས་བསྟན་པའི་སྒྲས་བརྗོད་དོ། །དེ་དང་མ་འདྲེས་པ་ནི་བྲལ་བ་ཞེས་པའི་དོན་ན། །འདིས་ནི་གསལ་བར་སྣང་བ་ཉིད་ཀྱང་དེ་ལ་ཐོས་པར་བྱས་ཏེ། རྣམ་པར་རྟོག་པ་མེད་པ་ནི་གསལ་བ་ཉིད་ལ་མི་འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །ཙམ་གྱི་སྒྲ་ནི་སྒྲོ་བཏགས་པའི་དོན་རྣམ་པ ་བཅད་པའི་དོན་དུའོ། །དེས་ན་གང་ཡང་དག་པའི་དོན་གྱི་ཡུལ་ཅན་འཕགས་པའི་བདེན་པ་མཐོང་བ་ལྟ་བུ་དེ་ཁོ་ན་ཚད་མ་སྟེ། ཡང་དག་པ་མ་ཡིན་པའི་དོན་གྱིས་ཡུལ་ཅན་བསླད་པ་ཟད་བར་ས་ལ་སོགས་པ་ནི་མ་ཡིན་ནོ། །འོ་ན་དོན་འདི་འཆད་པར་འགྱུར ་བའི་དམིགས་བསལ་ཁོ་ན་ལ་ཐོབ་བར་བྱ་བ་མ་ཡིན་ན་མ། དེ་ལ་ཙམ་སྨོས་པ་ཅི་ཞེ་ན། འདི་བདེན་མོད། དེ་ལྟ་ན་ཡང་གཙོ་བོར་ཤེས་བའི་དོན་དུ་འདིའི་མཚན་ཉིད་ཀྱི་ངག་ཁོ་ན་ལ་དོན་འདི་ཡོངས་སུ་བསལ་བར་བྱས་སོ། །གཙོ་བོ་ཉིད་ནི་ཐད་པའི་རྒྱུ་ཉིད་ཀྱི ་ཕྱིར། །ཡང་རྣམ་བར་རྟོག་པ་མེད་པ་ཉིད་དང་དེའི་གསལ་བར་སྣང་བ་ཉིད་ཀྱི་སྒོམ་པ་ཡོངས་སུ་རྫོགས་པའི་འབྲས་བུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་སྒོམ་པ་རྫོགས་པའི་འབྲས་བུ་ཤེས་པ་དེ་ནི་རྟོག་པ་མེད་པ་དང་གསལ་བར་སྣང་བར་ཡང་འགྱུར་ཏེ། དཔེར་ན་འདོད་བ་དང་མྱ ་ངན་ལ་སོགས་པས་ཉེ་བར་བསླད་པ་རྣམས་ཀྱི་དགའ་མ་ལ་སོགས་པ་ནི་ཡུལ་ཅན་གྱི་ཤེས་པ་བཞིན། རྣལ་འབྱོར་བའི་ཤེས་བའང་དེ་ལྟ་བུའོ། རང་བཞིན་ནོ། །རྟོག་མའི་ཤེས་པ་ཡང་ཞེས་པ་སྟེའི་ནིའི་དོན་ནི་འདི་ལྟ་སྟེ། གང་རང་རིག་པ་བྱ་བདེ་བར་རྟོགས་བྱེད ་ཀྱི་ངོར་མངོན་སུམ་སྟེ། ཆགས་པ་ལ་སོགས་པའི་ཤེས་པ་བཞིན། རྟོག་པའི་ཤེས་པ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་ནོ། །འདི་ནི་བདེན་ཏེ་ཞེས་པ་ལ་སོགས་པ་འདོད་པ་གྲུབ་པར་བསྟིན་ཏོ། །འདི་ལྟར་དགོངས་པ་སྟེ། ཡུལ་གང་ལ་ཤེས་པ་གང་སྒྲའི་བརྡ་འཛིན་པ་དེ་ནི ་དེ་ལ་སྒྲའི་སྒོ་ནས་དེའི་ཡུལ་འཛིན་བའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པར་འགྱུར་གྱི་རང་གི་ངོ་བོ་ཡང་བརྡ་ནུས་པ་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་དེ་རྟོགས་པར་བྱ་བ་ལས?་སོ། །ཤེས་པ་ཐམས་ཅད་མངོན་སུམ་ཁོ་ནའོ་ཞེས་པའོ། །དེ་ལྟར་རེ་ཞིག ་མངོན་སུམ་ཞེས་པ་ལ། རེ་ཞིག་གི་སྒྲ་ནི་རིམ་པ་ལ་སྟེ། མངོན་སུམ་བརྗོད་ནས་དེ་ལྟར་སྣང་བ་རྗོད་པར་བྱེད་དོ་ཞེས་པ་རིམ་པའོ། །འོ་ན་མངོན་སུམ་རྟོག་པ་དང་བྲལ་བ་ཞེས་པ་སྨྲས་བས་རྣམ་པར་རྟོག་པ་དང་བཅས་པ་མངོན་སུམ་ལྟར་སྣང་བའོ་ཞེས་བརྗོད་པར་འགྱུར་ལ། དེ ་ཡང་སྔར་ཁོ་ནར་མིང་དང་རིགས་སྦྱོར་བས་བཤད་མེད་ལ་ཅིའི་དོན་དུ་སླར་ཡང་དེ་བརྗོད་ཅེ་ན། གང་གི་དོན་དུ་ཡིན་པ་དེ་ཕྱི་མར་གསལ་བར་བྱེད་པར་འགྱུར་རོ། །འཁྲུལ་དང་ཀུན་རྫོབ་ཡོད་ཤེས་དང་ཞེས་པ་ལ་སོགས་པ་ལ་འདིས་ནི་མངོན་སུམ་ལྟར་སྣང་རྣམ་པ་བཞིར་གསུངས་སོ། །དེ་མ ་འཁྲུལ་པའི་ཤེས་པ་ཞེས་པ་འདིས་དོན་གཞན་རྟོག་པའི་ཤེས་པ་ཅིག་རེ་ཞིག་གསུངས་སོ། །དེ་ལྟར་ནི་ཆུ་ལས་ལ་སོགས་པ་དོན་གཞན་མེད་པ་ཁོ་ན་བརྡ་ལ་བརྟེན་པ་ལས། སྨིག་རྒྱུ་ལ་སོགས་པ་རྣམས་ལ་སྒྲོ་འདོགས་པར་བྱེད་ཅིང་རྟོག་པ་སྐྱེའོ། །ཀུན་རྫོབ་ཏུ་ཡོད་པ་རྣམས ་ལ་ཞེས་པ་ལ་སོགས་པས། བརྡ་ལ་རྟེན་ནས་སྒྲོ་འདོགས་པ་རྟོག་པའི་འཇུག་པ་གཉིས་པའོ། །ཡང་ཀུན་རྫོབ་ཏུ་ཡོད་པ་རྣམས་ལ་གང་ཤེས་པ་དེ་མངོན་སུམ་ལྟར་སྣང་ངོ། །ཞེས་པའི་ཅིའི་རྒྱུས་ཞེ་ན་གསུངས་པ་དོན་གཞན་སྒྲོ་འདོགས་པ་ལས་ཞེས་པ་སྟེ། དེ་ནི ་བཏགས་པའི་དངོས་པོ་གཟུགས་ལ་སོགས་པ་རྣམས་ལ་དོན་གཞན་དུ་གྱུར་བ་བུམ་པ་ལ་སོགས་པ་རྣམས་སྒྲོ་འདོགས་ཀྱི། བཏགས་པའི་དངོས་པོ་ཙམ་དུ་རྟོགས་པ་ཡང་མ་ཡིན་པས་སོ། །དེ་ཡང་ཅི་ལྟར་ཤེས་པར་བྱ་ཞེ་ན་གསུངས་པ། དེའི་ངོ་བོར་བཏགས་ནས ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པ་སྟེ། དེ་ནི་ཀུན་རྫོབ་ཏུ་ཡོད་པ་དེ་རྣམས་ལ་དོན་གཞན་ཉིད་དུ་རྟོགས་པར་སྐྱེ་སྟེ། སྒྲ་བཏགས་པའི་དོན་རྣམས་བཏགས་པས་འཇུག་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཏུ་ཡོད་པའི་ཤེས་པ་ནི་བུམ་པ་ལ་སོགས་རྣམས་སུ་སྒྲོ་འདོགས་པར ་ཀྱི་ཕྱེད་ཀྱི། དེ་བཏགས་པའི་དངོས་པོ་ཙམ་དུ་རྟོགས་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལ་རེ་ཞིག་གཟུགས་ལ་སོགས་པ་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་གཅིག་པ་ཉིད་ཀྱི་དེ་ལས་གཞན་རྣམས་ལས་ཐ་དད་པ་ལན་ཅིག་ལ་བརྗོད་པ་རྣམས་ལ ་རང་གི་འབྲས་བུ་ལ་ཉེ་བར་སྦྱོར་བའི་དོན་དུ་དེ་ལ་འཇིག་རྟེན་གྱི་སྒྲའི་བརྡ་གང་ཡིན་པ་དེ་བརྟེན་དུ་བྱས་ནས་དོན་གཞན་པའི་བུམ་པ་ལ་སོགས་པ་དང་བྲལ་བ་རྣམས་ལ་ཡང་གཟུགས་ལ་སོགས་པ་རྣམས་ལ་དངོས་པོའི་དོན་གཞན་སྒྲོ་འདོགས་པའི ་རྟོག་པ་བུམ་པའོ་སྣམ་བུའོ་ཞེས་པ་ལ་སོགས་པ་རབ་ཏུ་འཇུག་གོ། དེ་བཞིན་དུ་ཚོགས་པ་ལ་སོགས་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་གྱི་སྒྲར་ཞེན་པ་ལ་བརྟེན་པས་གཅིག་ཉིད་ལ་སོགས་པར་ཞེན་པའོ། །དེ་བཞིན་དུ་ཡུལ་གཞན་དུ་སྐྱེ་བ་རྣམས་དང ་དེ་བཞིན་དུ་ཡོད་པ་རྣམས་ལ་དང། དེ་བཞིན་དུ་མང་པོ་འབྲས་བུ་གཅིག་པའི་ཚོགས་རྣམས་ལ་དང། དེ་བཞིན་དུ་པར་མེད་པ་ཉིད་ལ་སོགས་པའི་གནས་སྐབས་རྣམས་ལ། དེ་ལྟར་གྱུར་པ་མ་ཡིན་པར་རྣམ་པར་བཅས་པའི་ཆེད་དུ་སྒྲའི་བརྡ་བཏགས་ལ ་བརྟན་ནས་དོན་གཞན་དུ་གྱུར་པའི་ལས་དང། ཡོད་པ་ཉིད་དང། བུམ་པ་ཉིད་ལ་སོགས་པ་དང། ལྡན་པ་ལ་སོགས་པར་རིམ་པ་ཇི་ལྟ་བར་སྒྲོ་འདོགས་པའི་རྟེག་པ་ཉེ་བར་སྐྱེའོ། །དེ་ལྟར་རབ་ཏུ་དབྱེ་བ་ལས་སྒྲའི་རྟོག་པ་ཁོ་ན་བརྡ་ཙམ་ལ་བརྟེན་པ་འདི་ནི ་རྟོག་པའི་ཤེས་པ་གཉིས་པའོ། །སྨིག་རྒྱུ་ལ་སོགས་པ་རྣམས་ལ་གང་ཆུ་ལ་སོགས་པའི་རྟོག་པ་དེ་ནི། གང་གིས་བརྡ་ལ་བརྟེན་པ་ཁོ་ནའི་ནང་དུ་འདུས་པའི་ཕྱིར་འདི་ལོགས་སུ་བརྗོད་བར་མི་འགྱུར་བ་ཆུ་མ་ཡིན་པ་རྣམ་པར་བཅད ་ཆེད་དུ་ཆུར་བྱས་པའི་བརྡ་ཙམ་ལ་བརྟེན་ནས་རབ་ཏུ་འཇུག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེར་འབྱུང་བ་འདུས་པ་ལ་བརྡ་ལ་བརྟེན་པ་ལས་ཡོད་པ་མ་ཡིན་པ་ཁོ་ནའི་ཆུ་ལ་སོགས་པ་སྔར་མཐོང་བའི་དོན་གཞན་ཁོ་ན་སྒྲོ་འདོགས་པ་སྐྱེ་སྟེ། དེ ་ཉིད་ཀྱི་ཕྱིར་གསུངས་པ་ཆུ་ལ་སོགས་པའི་རྟོག་པ་འཇུག་པ་ཉིད་ཀྱི་ཕྱིར་ཅེས་པའོ། །བུམ་པ་ལ་སོགས་པ་རྣམས་ནི་རང་གི་ཉེ་བར་ལེན་པ་ལས་གཞན་ཡོད་པ་མ་ཡིན་པ་ཁོ་ནའོ། །བརྡ་ཙམ?་གྱི་རྒྱུ་མཚན་ཅན་ཁོ་ན་དེར་སྒྲོ་འདོགས་པའི་རྟོག ་པའོ་ཞེས་པ་སྔ་མ་ལས་ཐ་དད་པར་བརྗོད་དོ། །རྗེས་སུ་དཔག་པ་དང་དེའི་འབྲས་བུ་ལ་སོགས་པའི་ཤེས་པ་ཞེས་པ་སྟེ། འདིས་རྗེས་སུ་དཔག་པར་བྱ་བས་རྗེས་སུ་དཔག་པ་སྟེ་རྟགས་སོ། །དེ་ལ་དེ་ཁོ་ན་ནུ་པ་འདིའོ་ཞེས་འབྲེལ་པའི་དུས་སུ་ཉམས་སུ་མྱོང་བའི་དོན་གྱི་རྟོག ་པ་འཇུག་པ་ནི་ཤེས་པའོ། །དེའི་འབྲས་བུ་རྟགས་ཅན་གྱི་ཤེས་པ་ལ་ཡང་སྔར་ཉམས་སུ་མྱོང་བའི་རྟོག་པ་ཡོད་ཏེ། དེ་ཁོ་ན་འདིར་མེའོ་ཞེས་རྗེས་སུ་དཔོག་པའི་ཕྱིར་རོ། །དྲན་པ་ལ་ཡང་སྔར་ཉམས་སུ་མྱོང་བའི་རྣམ་པ་ཅན་གྱི་རྟོག་པ་སྟེ། འདི་ལྟར་དེ་བདག ་གིས་མྱོང་ངོ་ཞེས་པའོ། །མངོན་པར་འདོད་པ་ཅན་ཡང་སྔར་མྱོང་བའི་རྟོག་པ་ལས་མ་འདས་ཏེ། དེ་མེད་ན་མངོན་པར་འདོད་པ་མེད་པའི་ཕྱིར་རོ། །སོགས་པའི་སྒྲས་ཐེ་ཚོམ་གྱི་ཤེས་པ་གཟུང་སྟེ། དེ་ལ་ཡང་ཅིད་ཁོ་ན་འདི་འམ་འོན་ཏེ་གཞན་ཡིན་ཞེས་པ་འདི ་ལྟ་བུའི་རྣམ་པ་ཅན་སྔར་མྱོང་བའི་རྟོག་པ་སྐྱེའོ་ཞེས་པ་འདི་ནི་སྔར་མྱོང་བའི་དོན་ཅན་རྟོག་པའི་ཤེས་པ་གསུམ་པའོ། །རབ་རིབ་བཅས་ཞེས་པ་འདིས་དབང་པོ་ལ་ཉེ་བར་གནོད་པ་ལས་སྐྱེས་པ་རབ་རིབ་ལ་སོགས་པའི་ཤེས་པ་མངོན་སུམ་ལྟར་སྣང་བ ་བཞི་པ་གསུངས་སོ་ཞེས་པའོ། །དེ་ལ་རྟོག་པའི་ཤེས་པ་སྔ་མ་གཉིས་དག་ནི་མངོན་སུམ་མ་ཡིན་ནོ་ཞེས་བཤད་པའི་དོན་དུ་གསུངས་སོ། །གང་གིས་དེ་བཟློག་པའི་ཆེད་དུ་འབད་བར་བྱ་བ་སླར་ཡང་དེ་དག་མངོན་སུམ་དུ་དོགས་པ་ཅི་ལས་ཞེ་ན། དེ་དག ་ནི་མངོན་སུམ་ཉེ་བར་འཇུག་པ་དག་སྟེ། དེའི་ཕྱིར་སྐྱེ་བའི་དུས་ཀྱི་རྣམ་པར་དབྱེ་བ་ཕྲ་མོ་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་ཉེ་བར་མཚོན་པ་མེད་པ་ལས་འདི་དག་མངོན་སུམ་ཁོ་ན་དག་གོ་ཞེས་ཁ་ཅིག་འདོད་པར་འགྱུར་ཞིང། འགའ་ཞིག་རྣམས་ཀྱིས་ལོག་པར་རྟོག་པ ་མཐོང་བ་ཡང་སྟེ། དཔེར་ན་བུམ་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པ་རྣམས་ལ་ཤེས་པ་དང། སྨིག་རྒྱུ་ལ་སོགས་པ་རྣམས་ལ་ཆུ་ལ་སོགས་པའི་ཤེས་པ་ནི་མངོན་སུམ་ཁོ་ནའོ་ཞེས་པ་ལྟ་བུའོ། །དེ་ལྟར་ནི་སྨིག་རྒྱུ་ལ་སོགས་པ་ལ་ཆུལ་སོགས ་བའི་ཤེས་པ་དེ་ཁོ་ན་རྣམ་པར་བཅད་པའི་ཆེད་དུ་མ་འཁྲུལ་བ་ཞེས་མངོན་སུམ་གྱི་མཚན་ཉིད་ལ་ཁྱད་པར་ཉེ་བར་བྱས་པས་སོ། །དེ་ནི་དབང་པོ་ལ་ཉེ་བར་གནོད་པ་ལས་སྐྱེས་པའི་ཤེས་པ་བཟློག་པའི་དོན་དུའོ་ཞེ་ན། མ་ཡིན་ཏེ། དོན་དང་ཕྲད་པ་འཛིན་པ་ཁོ་ན ་ལས་དོན་མེད་པ་ལས་བྱུང་བ་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཟློག་པའི་ཕྱིར་རོ། །གཞན་དུ་ན་དབང་པོ་ལས་སྐྱེས་པ་ཤེས་པ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པ་ནི། ཇི་ལྟར་སྔར་ཉམས་སུ་མྱོང་བའི་བརྔ་དྲན་པའི་སྟོབས་ལས ་འཇུག་པ་དང་མངོན་སུམ་མ་ཡིན་བའང་ཡིན་པར་གྲུབ་པ་ཁོ་ནའོ་ཞེས་བའོ། །དེ་མངོན་སུམ་མ་ཡིན་པར་གྲུབ་ནའང་གང་འདིར་ཉེ་བར་བླངས་པ་དེ་ནི་རྟོགས་པའི་ཤེས་པ་སྔ་མ་དག་དེ་ཁོ་ན་མངོན་སུམ་མ་ཡིན་པ་ཉིད་དུ་བསྒྲུབ་པའི་ཚེད་དུ་སྟེ། གང་སྔར་ཉམས་སུ ་མྱོང་བའི་བརྡ་དྲན་པའི་སྟོབས་ལས་བྱུང་བའི་དོན་ཅན་དེ་མངོན་སུམ་མ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པ་འདི་བཞིན་ཤེས་པ་སྔ་མ་དག་ཀྱང་དེ་ལྟ་བུའོ། །ཁྱབ་བྱེད་དང་འགལ་བའོ། །དེ་ལྟར་རྟག་པའི་ཤེས་པ་རྣམ་པ་གསུམ་ཁོ་ན ་སྟེ། མཚན་ཉིད་ཀྱི་ཚིག་གིས་དོན་གྱི་གོ་བས་བསལ་བའོ། །མངོན་སུམ་ལྟར་སྣང་བ་བཞི་བ་གང་དེ་ནི་འདིར་དམིགས་ཀྱིས་བསལ་བར་བལྟ་བར་བྱའི། མཚན་ཉིད་ཀྱི་ཚིག་གིས་དོན་གྱིས་གོ་བས་བསལ་བའི་དཔེར་བརྗོད་པ་ནི་མ་ཡིན་ནོ། །གཞན ་དུན་མཚན་ཉིད་འཁྲུལ་བར་འགྱུར་རོ། །དེའི་ཕྱིར་དམིགས་ཀྱིས་བསལ་བའི་ཚིག་དེས་ཕྱི་དང་ནང་གི་ཉེ་བར་གནོད་པའི་རྐྱེན་གྱིས་བཅོམ་བའི་དབང་བའི་ཤེས་པ་རྟོག་པ་དང་བྲལ་བ་ཉིད་ནའང་མངོན་སུམ་ལྟར་སྣང་བར་བརྗོད་དོ། །རབ་རིབ་བཅས་ཞེས་པ ་འདིར། རབ་རིབ་ནི་དབང་པོ་ཉེ་བར་བཅོམ་པའི་རྐྱེན་ཅན་ཐམས་ཅད་ཉེ་བར་མཚོན་པ་ཙམ་དུ་བལྟ་བར་བྱའོ་ལོ། །གང་ཞིག་ཟླ་བ་གཉིས་ལ་སོགས་བའི་ཤེས་པ་དབང་པོ་ལས་སྐྱེས་པ་མ་ཡིན་པ་ཁོ་ན་ཏེ་འོན་ཀྱང་ཡིད་ཀྱི་ཁོ་ནའོ་ཞེས་སྨྲའོ། །དེས་ན་བརྗོད ་བར་བྱ་སྟེ། དབང་པོ་ལས་སྐྱེས་བའི་མཚན་ཉིད་ཅི་ཡིན་ཞེས་བའོ། །དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་བའོ་ཞེ་ན། དེ་འདི་ལ་མཚུངས་སོ། དེ་རྣམ་པར་འགྱུར་བས་རྣམ་པར་འགྱུར་བ་ཉིད་དོ་ཞེ་ན། འདིར་ཡང་ཁོ་ན་ལན་ཡིན་ནོ། །གཞན་ཡང་སྦྲུལ་ལ་སོགས་པའི ་འཁྲུལ་པ་བཞིན་དུ་འདི་འདོད་པས་ལྡོག་པར་འགྱུར་ཏེ། རྟོག་པ་འདི་ནི་སོ་སོར་བཏགས་པའི་སྟོབས་ཀྱིས་བཟློག་པར་ནུས་པས་སོ། །གཞན་ཡང་དབང་པོ་རྣམ་པར་འགྱུར་བ་ཅན་གྱི་རྣམ་པར་འགྱུར་བ་ལྡོག་པ་ན་ཡང་བརྟགས་པ་ལས་མི་ལྡོག་པར་འགྱུར་ན་དེ ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་འདིར་ཡང་དབང་ལས་བྱུང་བ་ཁོ་ནའོ། །སློབ་དཔོན་གྱིས་གསུངས་བ་ཡང། དེ་རྣམས་ནི་དོན་དམ་པར་རྣམ་པ་གཞན་དུ་ཡོད་པ་རྣམས་ནི་ཟླ་བ་གཉིས་ལ་སོགས་པར་སྣང་བ་དང་སྔོན་པོ་ལ་སོགས་བར་སྣང་བའི་ཤེས་པའི ་རྒྱུར་འགྱུར་རོ་ཞེས་སོ། །འདི་ལ་མངོན་པར་ཞེན་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དབང་པོ་ལས་སྐྱེས་ཀྱང་བསླད་པ་ཡང་ཡོད?་དེ། དེའི་ཕྱིར་འཁྲུལ་པ་ཞེས་པ་ལ་སོགས་པས་བཤད་ཟིན་པའི་རྣམ་པར་རྟོག་པའི་སྡེ་མཚན་ཞེས་བྱ་བའི་ཡི་གེས་རྣམ་པར་བཅས་པར ་?་རྟོགས་སུ་རྣམ་པར་རྟོག་པ་མེད་པ་མངོན་སུམ་ལྟར་སྣང་རབ་རིབ་བཅས་ཞེས་བས་སློབ་དཔོན་གྱིས་གསུངས་སོ། །འདིར་བརྩད་བར་བྱ་སྟེ་འདིར་བསླུ་བ་མེད་པ་ལ་འཇུག་པར་བྱེད་པའི་ཤེས་བ་ནི་ཚད་མར་ནི་མངོན་པར་འདོད་དེ། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག ་པོ་ནི་དོན་བྱད་ལ་སླ་བ་མེད་བས་སོ་ཞེས་གསུངས་པའི་ཕྱིར་རོ། །དབང་པོ་ཉེ་བར་བཅོམ་པ་ལས་སྐྱེས་པའི་རྣམ་པར་ཤེས་པ་ཁ་གཅིག་ཀྱང་ཡང་དག་པར་འདོད་པ་འགའ་ཞིག་ལ་བསླུ་བ་མེད་པ་དང་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱང་ཡོད་པ་ཁོ་ནའོ། །དེའི་ཕྱིར ་གང་འདི་སྐྲ་ཤད་ལ་སོགས་བར་སྣང་བ་རབ་རིབ་ལ་སོགས་པའི་ཤེས་པ་ནི་གང་གི་ཡང་དག་པར་འདོད་པ་སྐྲ་ཤད་ལ་སོགས་བའི་དངོས་པོ་ལ་མི་བསླུ་བ་མེད་ཅིང་དེ་ཚད་མ་ཉིད་དུ་མི་འགྱུར་མདོ། གང་འདི་མིག་གསར་གྱི་ཉེ་བར་བསླད་བའི་མིག་ཅན་གྱི་དུ་དཀར་པོ་ལ་སོགས་པ ་དུད?་སེར་པོ་ལ་སོགས་བར་སྣང་བ་དང། གང་ཡང་ཡུན་རིངས་དུ་རབ་རིབ་ཀྱིས་མིག་བསྒྲིབས་པ་ཉིད་ཀྱི་ཕྱིར་རམ་ཐག་རིང་བ་ཉིད་ཀྱི་ཕྱིར་གསལ་བའི་སྔོན་པོ་ལ་སོགས་པ་རྣམས་ལ་མིག་གསལ་བའི་སྔོན་པོ་ལ་སོགས་པའི་རྣམ་པ་དང། གང་ཡང་གྲུ་ངང་བཞོན ་བ་བསྐྱོད་པས་བྱས་བའི་འཁྲུལ་བ་ཤིང་སྡོང་ལ་སོགས་བ་གནས་པ་རྣམས་ལ་ཡང་འགྲོ་བའི་བྱ་བ་དང་ལྡན་པའི་རྐང་འཐུང་ལ་སོགས་བར་སྣང་བ་དང་འདི་ལྟ་བུའི་རྣམ་པ་གཞན་ཡང། དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར། འཁྲུལ་བ་དེ་ཡང་དངོས་པོ་ལ་འབྲེལ་བ་ལས་འདོད ་ངའི་དོན་ལ་མི་བསླུ་བའི་ཕྱིར་འགའ་ཞིག་ལ་ཚད་མ་ཉིད་དུ་དང་བར་བྱའོ། དེ་ལྟར་ནི་དེ་ལས་རབ་ཏུ་འཇུག་པའི་བགེགས་མེད་ན་ངེས་པར་དུང་ལ་སོགས་པའི་དངོས་པོ་ཙམ་ལས་འོངས་པའི་དོན་བྱ་བ་ནུས་པའི་དོན་མངོན་པར་འདོད་པ་སྒྲུབ་པར་བྱེད་དོ། ་འོན་ཏེ་འདི་རྣམས་བསླུ་བ་མེད་ཀྱང་ལོག་པར་སྣང་བ་ཉིད་ཀྱི་ཕྱིར་ཚད་མ་ཉིད་དུ་མི་འདོད་མང་ལྟ་ན་རྗེས་སུ་དཔག་པ་ཡང་དེ་ཉིད་ཀྱི་ཕྱིར་མི་འདོད་པར་བྱས་ན། མི་འདོད་པ་ཡང་མ་ཡིན་ནྣོ། །དེའི་ཕྱིར་དེ་རྣམས་ཀྱང་ཡང་དག་པར་འདོད་པའི་དོན་བྱ་བ་ནུས་པ ་དུང་ལ་སོགས་པའི་དངོས་པོ་ཙམ་ལ་གང་དུ་མི་བསླུ་བ་དེ་ལ་ཚད་མ་ཉིད་དུ་མི་འགལ་བར་མཐོང་ཞིང། སྨྲ་བར་ནུས་ཏེ། ཤེས་པ་གང་ལ་རབ་ཏུ་ཞུགས་པའི་སྐྱེས་བུས་གེགས་མེད་ན་ངེས་པར་མངོན་པར་འདོད་པའི་དོན་སྒྲུབ་པ་དེ་དེ་ལ་དེའི ་ཚད་མ་སྟེ། དཔེར་ན་མངོན་པར་འདོད་བའི་མངོན་སུམ་དང་རྗེས་དཔག་བཞིན་ཇི་སྐད་བཤད་པའི་ཤེས་བ་ལས་རབ་ཏུ་ཞུགས་པའི་སྐྱེས་བུ་ཡང་གེགས་མེད་ན་ངེས་པར་མངོན་པར་འདོད་བ་དུང་ལ་སོགས་པའི་དངོས་པོ་ཙམ་སྒྲུབ་པར་བྱེད་དོ། ། ་ཞེས་བ་རང་བཞིན་ནོ། །འདི་ཡང་རྗེས་སུ་དཔག་བ་མ་ཡིན་ཏེ། རྟགས་ལས་མ་སྐྱེས་བ་ཉིད་ཀྱི་ཕྱིར་དང་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཚད་མ་གསུམ་པ་འདོད་བ་ཡང་མ་ཡིན་ཏེ། དེའི་ཕྱིར་མངོན་སུམ་ཁོ་ནའོ་ཞེས་ཁས་བླངས་བར་བྱའོ། །གང ་རྟོག་པ་དང་བྲལ་ཞིང་འདོད་པའི་དོན་ལ་མི་བསླུ་བ་དེ་ནི་མངོན་སུམ་སྟེ། དཔེར་ན་མངོན་བར་འདོད་པའི་མངོན་སུམ་བཞིན། སྐབས་ཀྱི་ཤེས་པའང་དེ་ལྟ་བུའོ། །རང་བཞིན་ནོ། །འདི་འགྱུར་མོད་དུང་ལ་སོགས་པ་ཙམ་གྱི་དངོས་པོ་འདོང་བར་བྱས་པ་ལ ་མི་བསླུ་བའི་ཕྱིར་དེ་ཁོ་ན་ལ་དེ་མངོན་སུམ་ཉིད་དུ་འདོད་ཀྱི་སེར་པོ་ལ་སོགས་པ་རྣམ་པ་དང་ལྡན་པའི་ཁྱད་པར་ལ་ནི་བསླུ་བ་མེད་པར་མི་འདོད་དོ་ཞེས་པ་དེ་ལྟ་ན་རབ་རིབ་བཅས་ཞེས་པ་དམིགས་གསལ་གྱི་ཚིག་འདིས་ཕྱི་དང་ནང་གི་ཉེར ་གནོད་གྱི་རྐྱེན་ཅན་དབང་པོ་ཉེ་བར་བཅོམ་པའི་ཤེས་པ་རྟོག་པ་དང་བྲལ་བ་ཉིད་ན་ཡང་མངོན་སུམ་ལྟར་སྣང་བར་གསུངས་པ་དང། རབ་རིབ་བཅས་ཞེས་པའི་ཚིག་དེར་རབ་རིབ་ནི་དབང་པོ་ལ་ཉེ་བར་གནོད་པའི་རྐྱེན་ཅན་ཐམས་ཅད་ཉེ་བར་མཚོན་པ་ཙམ་འབའ་ ་ཞིག་གོ་ཞེས་པ་འདི་ལྟར་བཤད་པར་བྱ་བ་མ་ཡིན་ཏེ། དབང་པོ་ལ་ཉེ་བར་གནོད་པའི་ཤེས་?་འགའ་ཟིག་ཁ་ཅིག་ཏུ་མངོན་སུམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མ་འགྲུལ་བ་ཞེས་པའི་ཁྱད་པར་ཡང་བྱ་བ་མ་ཡིན་ཏེ། འཁྲུལ་བ་ཡང་འགའ་ཞིག་ཀྱང་འགའ་ ་ཞིག་དུ་མངོན་སུམ་ཉིད་དུ་འདོད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་རབ་རིབ་བཅས་ཞེས་པ་དམིགས་བསལ་གྱི་ཚིག་འདི་རྣམ་པ་གཞན་དུ་བཤད་པར་བྱ་སྟེ། རབ་རིབ་ཀྱི་སྒྲ་འདི་ནི་འདིར་མི་ཤེས་པ་རྗོད་པར་བྱེད་པ་སྟེ། དཔེར་ན་དམན་རྣམས་རབ་རིབ་ཀྱིས་བཅོམ ་པ་ཞེས་པ་ལ་སོགས་པའི་ངག་ལ་བཞིན་ནོ། །རབ་རིབ་ལ་ཡོད་པ་ནི་རབ་རིབ་ཅན་ཏེ། ངག་ནི་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་ངག་ཐམས་ཅད་ངེས་པར་གཟུང་བ་དང་བཅས་པའོ་ཞེས་པས་རབ་རིབ་ཁོ་ན་ལ་ཡོད་པ་ཞེས་ངེས ་བར་གཟུང་བ་དང་བཅས་པའི་ངག་གི་དོན་ལ་དེ་ཕན་དུ་འགྱུར་རོ། །ཡང་འདི་བསླུ་བ་ཅི་ཞེ་ན། དེ་གལ་ཏེ་འགྱུར་ན་མི་ཤེས་པ་ཁོ་ན་ལ་འགྱུར་གྱི། ཤེས་པ་ལ་མ་ཡིན་ཏེ། དེ་མཛའ་གཅིག་ཏུ་མི་བསླུ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་འཇིག་རྟེན་ན་ཤིན་ཏུ ་གྲགས་པ་ཡང་ཡིན་ནོ། །རབ་རིབ་དེ་དང་ལྷན་ཅིག་འཇུག་གོ་ཞེས་པ་ནི་རབ་རིག་བཅས་པ་སྟེ་བསླུ་བ་ཅན་ནོ་ཞེས་པའི་བར་རོ། །རྣམ་པར་རྟོག་པ་དང་བཅས་པའི་བསླུ་བ་ཅན་ཡང་འཁྲུལ་པ་ལ་སོགས་པའི་སྒྲ་ཡིས་ཉེ་བར་བླངས་པའི་ཕྱིར། འདི་རྣམ ་པར་རྟོག་པ་མེད་པར་རྟོགས་པར་བྱའོ། །དྲན་དང་མངོན་པར་འདོད་པ་ཡང་ཞེས་པའི་ཡང་གི་སྒྲ་འདི་ཡང་བསྡུ་བའི་དོན་དང་རིམ་པ་ཐ་དད་པ་སྟེ། རབ་རིབ་བཅས་པ་ཡང་ཞེས་པ་འདི་ལྟར་བལྟ་བར་བྱའོ། །ངེས་ན་དོན་འདིར་འགྱུར་ཏེ་བསླུ་བའི་ཤེས ་པ་ནི་མངོན་སུམ་ལྟར་སྣང་བའོ་ཞེས་པ་སྟེ། དེ་ལྟ་ན་འཁྲུལ་པ་རྣམ་པར་རྟོག་པ་མེད་པ་ཡང་གང་ལ་མི་བསླུ་བ་དེར་མངོན་སུམ་ཉིད་ཡིན་ལ། གང་ལ་བསླུ་བ་དེར་ནི་དེ་ལྟར་སྣང་བ་ཉིད་དོ་ཞེས་པ་འདི་གྲུབ་པར་འགྱུར་རོ། །དེ་ལྟར་གྱུར་ན་འགལ་བ་ཅི་ཡང ་མེད?། ??་ཤེས་པ་བཞིན་ཏེ། ཇི་ལྟར་རྟོག་པའི་ཤེས་པ་ནི་རང་ཉིད་རྟོག་པ་ལས་བལྟོས་ནས་མངོན་སུམ་ཉིད་དང། ཕྱི་རོལ་གྱི་ཡུལ་ལ་བལྟོས་པས་དེ་ལྟར་སྣང་བ་ཉིད་མིའི?་གེལ་དེ་བཞིན་དུ་ཇི་སྐད་བཤད་པའི་ཤེས་པ་ཡང་ཡུལ་གྱི་དཔྱ?་བ་ལས ་བལྟོས་པས་དེ་གཉིས་ཀའོ་ཞེས་པའོ།། །།འདིར་ཡང་ཞེས་བ་ཁོ་བོའི་འདོད་པ་རོ། །བྱ་དང་བཅས་པར་རྟོགས་པའི་ཕྱིར། །ཞེས་བ་བྱ་བ་དང་ལྷན་ཅིག་རྟོག་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ནོ། །འདི་ནི་ཚད་མ་ཉིད་དུ་ཉེ་བར་འདོགས་པའི་རྒྱུའོ ་ཚད་མ་འབྲས་བུ་ཁོ་ནར་ཡོད། །ཅེས་པ་ཚད་མའི་རྟོགས་པ་ནི་འབྲས་བུའོ། །དེ་ཡང་རང་ཉིད་ཁོ་ན་སྟེ། དེའི་བདག་ཉིད་དོ་ཞེས་བའོ། །དེའི་ཕྱིར་ཐ་དད་པ་མེད་དོ། །འདི་ལ་ཕྱི་རོལ་པ་རྣམས་ཀྱི་བཞིན་དུ་ཚད་མ་ལས་འབྲས་བུ་དོན་གཞན་མེད་ཅེས་པ། འདིར ་ཡང་དེ་དང་འདྲ་བ་ཁོ་ནའི་སྐྱོན་དུ་མ་གྱུར་ཅིག་པའོ། །དེ་ཁོ་ནའི་ཞེས་པ་ལ་སོགས་པས་དོན་འདི་གསལ་བར་བྱས་ཏེ། རྣམ་པར་གནས་བའི་རང་བཞིན་གྱི་བསྒྲུབ་བྱ་འམ། སྒྲུབ་བྱེད་ཅུང་ཟད་ཀྱང་ཡོད་བ་མ་ཡིན་པ་ཁོ་ན་སྟེ། ཐམས་ཅད་དུ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐ ་སྙད་ནི་རྟོགས་པའི་ངོ་བོ་ལས་མ་འདས་པ་ཉིད་ཀྱི་ཕྱིར་རོ། །འདིར་ཡང་ཡོད་ཏོ། ཤེས་པ་ནི་ལྷག་པར་རྟོགས་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ན་བསྒྲུབ་པར་བྱ་བ་ཉིད་ཀྱི་རྟོགས་པའོ་ཞེས་པ་འབྲས་བུ་ཉིད་དུ་?་བར་གདོགས?་པར་བྱ་བོ། །དེ་བ་ནའི་འང་ཡུལ་ཀྱི་རྣམ ་པ་ཡོངས་སུ་འཛིན་པ་ལས་དང། བྱ་བ་དང་བཅས་པར་རྟོགས་པ་ཞེས་པས་ཚད་མ་ཉིད་དུ་ཉེ་བར་གདགས་ཏེ་ཐ་སྙད་དུ་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་ནི་ཤེས་པ་དེ་ཡུལ་གྱི་རྣམ་པ་ཉིད་འཛིན་པ་ནི་བྱ་བ་མེད་པར་གྱུར་ཀྱང་གང་རང་གི་ཡུལ་ལ་རྟོགས་པའི་བདག ་ཉིད་ཀྱི་བྱ་བས་བརྗོད་ཀྱི་རྣམ་མ་གཞན་དུ་མ་ཡིན་ནོ། །དེའི་ཕྱིར་དེའི་བདག་ཉིད་དུ་གྱུར་བའི་ཡུལ་གྱི་རྣམ་པ་ཉིད་དེ་ཁོ་ན་ཚད་མའོ་ཞེས་པའོ། །འདི་ནི་རིགས་པ་ཡང་ཡིན་ཏེ། དེ་ལྟར་ནི། བྱ་བ་སྒྲུབ་པར་བྱེད་པ་ཞེས་པ་ཁོ་ནས། བྱ་བར་???་ཅད་ཀྱི་?་སྒྲུབ་པར་བྱེད་པ་འམ་ཁྱབ ་ཐམས་ཅད་ནི་ཐམས་ཅད་ཀྱི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གང་ཞིག་སྒྲུབ་བྱེད་གང་ལས་བར་མཆོད་པར་རབ་ཏུ་འགྲུབ་པར་འགྲུབ་པར་འགྱུར་བའི་བྱ་བ་དེའི་དེ་སྒྲུབ་པར་བྱེད་པ་ཡིན་ཞེ་ན། བྱ་བ་དེ་ཁོ་ན་ཡང་དེའི་བསྒྲུབ་བྱའོ། ་དེ་ལ་གཟུགས་ལ་སོགས་པའི་ལས་ལ་ཉམས་སུ་མྱོང་བའི་བདག་ཉིད་དུ་འདྲ་བའི་བདག་ཉིད་ཅན་གྱི་ཤེས་པ་ནི་གང་གིས་འདི་ནི་སྔོན་བོའི་ཤེས་བའོ། །འདི་ནི་སེར་བོའི་འོ་ཞེས་རྣམ་པར་འབྱོད?་པས་རྣམ་པར་བཞག་པར་བྱ་བའི་བྱེད་པར་གྱུར་བའི་རང་བཞིན་ངེས ་འབྱུང་བར་བྱ་སྟེ། རྣམ་པ་གཞན་དུ་ན་ཤེས་བ་ཐམས་ཅད་དོན་ཐམས་ཅད་ཀྱིར་འགྱུར་བ་འམ་ཡང་ན་འགའ་ཞིག་ཀྱང་འགའ་ཞིག་གིར་མི་འགྱུར་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དངོས་པོ་ལ་སོགས་པའི་མི་གསལ་བ་ཉིད་ལ་སོགས་པ་ཐ་དད་པ་ནི་ངེས་པར་བྱེད་པའོ། །ཞེ་ན ་མ་ཡིན་ཏེ། དེ་ནི་ཤེས་པ་མ་ཡིན་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དང། ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཕྲད་པ་ཡང་མ་ཡིན་ཏེ། འདི་ཉིད་ཁོ་ནའི་ཕྱིར་རོ། །དོན་ལ་ལྟ་བ་ཡང་མ་ཡིན་ཏེ། ཡུལ་དང་འདྲ་བ་མེད་ན་ནི་དོན་ལ་ལྟ་བ་ཁོ་ན་མི་འགྲུབ་པའི ་ཕྱིར་རོ་ཁྱད་པར་གྱི་ཤེས་པ་ཡང་དེ་ཁོ་ན་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གང་ཞིག་གང་ལས་འདི་ནི་སྔོན་པོ་ཁོ་ནའི་རྟོགས་པའོ། །སེར་པོ་ཁོ་ནའི་འོ་ཞེས་བ་ལ་སོགས་པའོ་ངེས་པ་དེ་དོན་དང་འདྲ་བ་ལས་གཞན་ལས་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་དོན་རྟོགས ་བའི་སྒྲུབ་བར་བྱེད་པའོ། །བྱེད་པ་པོ་ཐམས་ཅད་ཉེ་བར་སྦྱོར་ན་ཡང་དོན་འདིའོ?་རྟོགས་པ་འདིའོ་ཞེས་པའི་འབྲེལ་བ་ནི་དེ་ཁོ་ན་ལས་བར་མ་ཆད་བར་འགྲུབ་པའི་ཕྱིར་རོ། །དེ་ཡང་སྒྲུབ་པར་བྱེད་པ་ཉིད་ནི་རྣམ་པར་བཞག་པའི་རྟེན་ཡིན་པ་ཉིད་ཀྱིས་ཡིན་གྱི། འགྲུབ་བར ་བྱེད་པ་ཉིད་ཀྱི་ནི་མ་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར། །དེ་ལྟར་འགྱུར་མོད། །དངོས་པོར་ན་ཐ་དད་པ་མེད་པ་ཤེས་པའི་ཆ་དག་གཅིག་ཉིད་ཡིན་ན་གང་བྱ་བ་དེ་ཁོ་ན་བྱེད་པ་པོ་ཡིན་པ་དེའི་ཕྱིར་འདི་འགལ་པའོ་ཞེ་ན་དེ་མི་བདེན་ཏེ། གང་གི་ཕྱིར་དངོས་པོར་ན་ཐ་མ་དི་ངན ་ཡང། གང་འདི་ཆོས་ཐ་དད་པ་གཞལ་བྱའི་ཚུལ་ཉིད་དང་དོན་རྟོགས་པ་ཞེས་པ་དེ་ནི་ཁས་བླང་བར་བྱ་བ་ཁོ་ན་སྟེ། ལྡོག་པ་ཐ་དད་པ་ཉེ་བར་བཏགས་པའི་ཕྱིར་དང། དངོས་པོ་??་ཐ་དད་པ་མེད་ན་ཡང། རྣམ་པར་ཤེས་པའི་??་པ་ཐ་དད་པས་བསྒྲུབ་བྱ ་དང་སྒྲུབ་བྱེད་རྣམ་པར་བཞག་པ་བསྟན་པའི་ཕྱིར་རོ། །དཔེར་ན་འཐུང་བར་བྱེད་བཞིན་པའི་སྦྲང་འཐུང་ངོ། །བདག་ཉིད་ཀྱིས་བདག་ཉིད་འཛིན་དུ་འཐུག་གོ། བློས་འཇི་ནོ་ཞེས་བ་ལྟ་བུ་སྟེ། འདི་ནི་དངོས་པོ་ལ་ངེས་པར་གནས་བའི་བསྒྲུབ ་བྱ་དང་སྒྲུབ་བྱེད་ཀྱི་ཐ་དད་མ་ཡིན་ནོ་ཞེས་པས་རྩོད་པ་འདི་མེད་དོ། །ཇི་ལྟ་བའི་བྱ་བ་མེད་ཀྱང་ང་དང་ལྡན་པ་ཉིད་དུ་སྣང་བར་འགྱུར་བ་ཅི་ལྟར་ཞེ་ན་གསུངས་བ། དཔེར་ན་ཞེས་པ་ལ་སོགས་པའོ། །འདིར་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་ཁོ་ན་ཉམས་སུ་མྱོང་ལ། དེ་རྣམ ་པར་ཤེས་པའི་བདག་ཉིད་དུ་གྱུར་བ་ངེས་པར་ཁས་བླང་བར་བྱ་སྟེ། གཞན་དུ་ན་དེ་དོན་དང་འབྲེལ་པར་མི་འགྱུར་རོ། །དེ་ལས་ཐ་དད་པ་དེའི་རྣམ་པའམ་དེའི་རྣམ་པ་མ་ཡིན་པ་ཕྱི་རོལ་གྱི་དངོས་པོ་ཉེ་བར་དམིགས་པ་ཡང་མ་ཡིན་ནོ། །དམིགས་པ་འཐད་པ ་ཡང་མ་ཡིན་ཏོ། ཅི་ལྟར་མི་འཐད་ཅེ་ན། ཇི་ལྟར་འཐད་པ་མ་ཡིན་པ་དེ་ལྟར་རྩོད་པ་སྒྲུབ་པ་བརྟག་བར་འཆད་པར་འགྱུར་རོ། །གང་ཡང་འདི་ལྟར་རྟོག་པར་བྱེད་དེ། རྒྱུ་གཞན་རྣམས་ཡོད་པ་ཡང་འབྲས་བུ་ཤེས་པ་མི་སྐྱེ་བས་ནི་རྒྱུ་གཞན་གསལ་བར་བྱེད་དེ། དེ ་ཕྱི་རོལ་གྱི་དོན་དུ་འགྱུར་རོ། །དེའི་ཕྱིར་ལྡོག་པ་ལས་ཕྱི་རོལ་གྱི་དོན་འགྲུབ་པོ་ཞེས་པའོ། །དེ་ཡང་མི་རིགས་ཏེ། གང་གི་ཕྱིར་འབྲས་བུ་རྣམ་པར་ཤེས་པ་མི་འགྲུབ་པ་ནི་རྣམ་པར་ཤེས་པའི་བག་ཆཊ་ཡོངས་སུ་སྨིན་པ་མ་ཚད་པ་ལས་ཀྱང་འགྱུར་རོ། ་དེའི་ཕྱིར་རྣམ་བར་ཤེས་པ་ལས་ལོག་པའི་ཡང་དག་པར་མྱོང་བ་འགའ་ཡང་སྲིད་པ་མ་ཡིན་གྱི། རྣམ་པར་ཤེས་པ་ཁོ་ན་རང་རིག་པར་སྐྱེའོ་ཞེས་པས་རང་རིག་པ་ཁོ་ན་འབྲས་བུའོ། །ཕྱི་རོལ་གྱི་དོན་ཡོད་དུ་ཆུག་མོད། དེ་ལྟར་ནའང་མྱོང་བ་ཇི་ལྟ་བ ་བཞིན་ཁོ་ནར་ཡུལ་ངེས་སོ་ཞེས་པ་དེ་ཁོ་ན་འབྲས་བུར་རིགས་སོ། །གང་ལས་ཇི་ལྟར་འདི་རྣམ་པར་གནས་པའི་རང་གི་ངོ་བོ་དེ་ལྟར་ངེས་པར་ནུས་པ། རང་བཞིན་ཇི་ལྟ་བ་བཞིན་དུ་དོན་ཉམས་སུ་མྱོང་བ་ནི་མ་ཡིན་ཏེ། ཤེས་པ་རྣམས་ཐམས་ཅད་རྣམ་བ་གཅིག ་ཏུ་ཐལ་བར་འགྱུར་བའི་ཕྱིར་ཏེ། རྣམ་པར་རིག་པ་རྣམས་ནི་རྣམ་པ་དུ་མ་ཅན་རྣམས་སོ། །དེ་ལྟར་ནི་དངོས་པོ་གཅིག་ཁོ་ན་ལ་རྟོགས་པ་པོའི་བྱེ་བྲག་གིས་གསོལ་བ་དང་ཞན་པ་ཉིད་ལ་སགས་བའི་རྣམ་པ་རྣམས་དང་ལྡན་བའི་རྣམ་པར་ཤེས་པ་རྣིས? ་ཉེ་བར་དམིགས་ལ། དངོས་པོ་གཅིག་རྣམ་པ་དུ་མ་ཡང་མ་ཡིན་ཏེ། དུ་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དོན་གྱི་རང་བཞིན་ཇི་ལྟ་བར་ངེས་པར་བྱ་བར་ནུས་པ་མ་ཡིན་ནོ་ཞེས་དགོངས་པས་ཕྱི་རོལ་དང་ཅིག་ཤོས་ཀྱི་ཕྱོགས་དག་ལ་མོད་ཅིག་ཁོ ་ནས་འབྲས་བུའི་ཁྱད་པར་རྣམ་པར་བཞག་པ་བྱེད་པར་བཞེང?་པས་གསུངས་པ། ཡང་ན་རང་རིག་འདིར་འབྲས་བུ་ཞེས་པ་སྟེ། སྔ་མར་ཡུལ་རིག་པ་འབྲས་བུ་གསུངས་ཏེ། དེའི་ཕྱིར་ཡང་ནའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཅན་ནོ། འདིར་ཞེས་བ་ནི་སྔར ་བཤད་པའི་མངོན་སུམ་ལའོ། །རང་གི་སྣང་བ་དང་ཡུལ་གྱི་སྣང་བའོ། ཞེས་པ། འདིའི་སྣང་བ་རང་ཉིད་དོ། །ཞེས་པ་རང་གི་སྣང་བ་སྟེ། རང་གི་ངོ་བོའི་སྣང་བ་དང་འཛིན་བའི་རྣམ་པ་ཞེས་པའི་དོན་ཏོ། །རང་གི་ངོ་བོ་ཁོ་ན་ཤེས་པ་འདིའི་སྣང་བ་སྟེ། གང་གི་ཕྱིར་ཤེས ་པ་ཡི་ནི་ཤེས་པའི་ངོ་བོ་ཉིད་གང་ཡིན་པ་ངོ་བོ་དེ་རང་ཉིད་ཁོ་ནས་སྣང་ངོ་ཞེས་བྱས་ནས་སོ། །ཡུལ་གྱི་སྣང་བ་ཞེས་པ་འདིར། གང་གི་ཚེ་ཕྱི་རོལ་གྱི་ཡུལ་ལ་བརྟེན་བ་དེའི་ཚེ་ཡུལ་ལྟ་བུར་སྣད་དུ་བ་འདིའི་ཞེས་ཚིག་རྣམ་པར་སྦྱར་ཞིང། གང་གི་ཕྱིར་མི་བརྟེན་པ་དེའི་ཚེ་ནི ་ཡུལ་འདིའི་སྣང་བའོ་ཞེས་སོ། །ཡུལ་ནི་འདིར་གཟུང་བྱའི་ཆ་སྟེ། དེ་ལ་ཡུལ་དུ་ཐ་སྙད་བྱས་བའི་ཕྱིར་རོ། །དེའི་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་གྱི་དོན་ཡོད་དམ་མེད་ན་ཡང་རུང་སྟེ། གཉིས་སྣང་བ་ཅན་གྱི་ཤེས་པ་ཉམས་སུ་མྱོང་ལ། དེའི་གང་རང་རིག་པ་རང་ཉམས་སུ་མྱོང ་བ་དེ་འབྲས་བུར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཞེས་པ་རིགས་པ་ཅི་ཡིས་ཏེ། རང་རིག་པ་སྲིད་པའོ་ཞེས་པ་ཁོ་ནས་འབྲས་བུ་ཉིད་དུ་བརྟག་པར་རིགས་པ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་གྱི་ཕྱོགས་ལ་ནི་འདི་མི་སྲིད་དོ། །གང་གི་ཕྱིར་ཡུལ་རྟོགས་བའི་ཕྱིར་དུ་ནི་མིག་ལ་སོགས ་བ་རྣམས་ཀྱི་བྱ་བ་ཡོད་ཀྱི་རྣམ་པར་ཤེས་པ་ནི་མ་ཡིན་པས་སོ། །རྣམ་བར་ཤེས་པ་ཉེ་བར་དམིགས་ཤ?་བོ་ན་ཡུལ་ཉེ་བར་དམིགས་བ་ཡང་མ་ཡིན་ཏེ། རྣམ་བར་ཤེས་པ་ལས་ཡུལ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་རང་རིག་བ་འབྲས་བུ་ཉིད་དུ་མི་འཐད་དོ ་ཞེས་སེམས་བའི་དྲི་བའོ། །དེ་ཡི་ངོ་བོས་དོན་ངེས་ཕྱིར་ཞེས་པ་རྒྱུའོ། །གང་གི་ཚེ་ནི་ཞེས་པ་ལ་སོགས་པ་ནི་འདི་ཁོ་ནའི་རྣམ་པར་བཤད་པ་སྟེ། ནའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ལའོ། །གང་གི་ཕྱིར་གང་གི་ཚེ་ཡུལ་དང་བཅས་པའི་ཤེས་པ་དོན་ཡིན་པ ་?་ཚེ་རང་?་པ་དང་རྗེས་སུ་མཐུན་པའི་དོན་འདོད་པ་འམ་མི་འདོད་པ་རྟོགས་པ་པོ་མ་རྟོགས་པར་བྱེད་ཏེ། དེའི་ཕྱིར་?་རིག་པ་འབྲས་བུར་རིགས་སོ། །ཡུལ་དང་བཅས་བ་ཞེས་བ་ཡུལ་དང་ལྷན་ཅིག་བ་ནི་ཡུལ་དང་བཅས་པའོ། །དེ་ལ་ཤེས་བྱ་ནང་གི་ཕྱོགས ་ལ་གཟུང་བྱའོ་ཆ་ཤས་ཀྱི་མཚན་ཉིད་ཅན་གྱི་ཡུལ་གྱི་ཡུལ་དང་བཅས་པ་སྟེ། དེ་ཁོ་ན་ལ་ཡུལ་དུ་རྣམ་བར་བཞག་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་གྱི་ཕྱོགས་ལ་ནི་ཕྱི་རོལ་གྱི་དང་ངོ། །དེ་ལ་རྣམ་པར་རིག་པ་ཙམ་ཉིད་ལ་ནི་རྣམ་པར་ཤེས་པ་ལས་ཐ ་དད་པའི་དངོས་པོ་མེད་པའི་ཕྱིར། བློ་ཁོ་ན་གང་གི་ཚེ་འདོད་པར་ཉམས་སུ་མྱོང་བ་དེའི་ཚ་དོན་འདོད་པར་ངེས་པར་བྱེད་ལ། བཟློག་པ་ལས་ནི་བཟློག་པར་འགྱུར་རོ། །ཅི་ལྟར་ཤེས་པ་བདག་ཉིད་ཀྱིས་བདག་ཉིད་ཉམས་སུ་མྱོང། དེ་ཁོ་ན་ལ་ལས་དང ་བྱེད་པ་པོ་དང་བྱེད་པའི་དངོས་པོ་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ནི་འདི་ལྟ་བུ་སྟེ། དོན་དམ་པར་ན་དེ་ལ་ཁས་ལ་སོགས་པའི་དངོས་པོ་མེད་པ་ཁོ་ནའོ། །དེ་ལྟ་ན་ཡང་དེའི་བདག་ཉིད་ཀྱི་ཕྱིར་རབ་ཏུ་གསལ་བ་བཞིན་དུ་དེ་ལ་དེ་ལྟར་ཐ་སྙད་བྱེད་པ་མི་འགལ ་ཏེ། རབ་ཏུ་གསལ་པ་ནི་བདག་ཉིད་རབ་ཏུ་གསལ་བ་སྒྲོན་མ་གཞན་ལ་བལྟོས་པ་མ་ཡིན་ལ། དངོས་པོ་རབ?་དག་ཉིད་རབ་ཏུ་གསལ་བར་བྱེད་པ་ཡང་མ་ཡིན་གྱི་རབ་ཏུ་གསལ་བའི་བདག་ཉིད་དུ་སྐྱེ་བཞིན་པ་ལ་བདག་ཉིད་རབ་ཏུ་གསལ་བར་བྱེད་པའི་ཞེས་བརྗོད ་བ་པའི?་ཞིག་གོ། དེ་བཞིན་དུ་མྱོང་བའི་བདག་ཉིད་དུ་སྐྱེ་བཞིན་བའི་བློ་ནི་བདག་ཉིད་རབ་ཏུ་གསལ་བར་བྱེད་བ་ཞེས་ཐ་སྙད་དུ་བྱའོ། །ཕྱི་རོལ་གྱི་ཕྱོགས་ལ་ཡང་མྱོང་བ་ཇི་ལྟ་བ་བཞིན་ཁོ་ནར་དོན་རྟོགས་ཀྱི་དོན་ཇི་ལྟ་བ་བཞིན་མྱོང་བ་ནི་མ་ཡིན་ནོ་ཞེས་སྔར་ཁོ་ནར ་བཤད་ཟིན་ཏོ། །འོ་ན་རང་རིག་པ་དང་རྗེས་སུ་མཐུན་པར་འདོད་པའམ་མི་འདོད་པའི་དོན་རྟོགས་པར་བྱེད་ཅེས་པ་འདི་ཙམ་གྱིས་མི་བརྗོད་པར་གང་གི་ཚེ་ཤེས་པ་ཡུལ་དང་བཅས་པ་དོན་ཡིན་པ་དེའི་ཚེ་ཞེས་པ་འདི་ཡིས་ཅི་ཞེ་ན་དགོས་པ་ཡོད་དེ། གང་གི་ཕྱིར ་སྔར་རང་རིག་པ་ཚད་མར་བཤད་ལ། དེས་ཀྱང་ཤེས་པའི་རང་གི་ངོ་བོ་ཁོ་ན་རིག་པར་བྱ་བའོ་ཞེས་རང་རིག་པ་ནི་དེ་ཁོ་ནའི་འབྲས་བུ་ཞེས་གསལ་བར་ངེས་བར་བྱ་ཞིང། དེ་ནས་ཀྱང་རང་རིག་བ་དང་རྗེས་སུ་མཐུན་པར་འདོད་བའི་མི་འདོད་པའི་དོན་རྟོགས་པར ་བྱེད་དོ་ཞེས་པ་འདི་ཙམ་བརྗོད་པ་ན། རང་རིག་པའི་མངོན་སུམ་ཁོ་ནའི་དབང་དུ་བྱས་ནས་འདི་འབྲས་བུ་རྣམ་པར་གཞག་གོ་ཞེས་འགའ་ཞིག་དགོས་པར་འགྱུར་ལ། འདི་ནི་ཚད་མ་ཐམས་ཅད་ཀྱི་འབྲས་བུ་ཞེས་པའོ། །དེའི་ཕྱིར་དགོས་བ་བཟློག་པའི་དོན་དུ། གང ་གི?་ཚེ་ནི་ཤེས་པ་ཡུལ་དང་བཅས་པ་དོན་ཞེས་གསུངས་སོ། །དོན་གྱི་སྒྲ་འདི་ཡང་གཞལ་བྱ་རྗོད་པར་བྱེད་པའོ། །ཡུལ་དང་བཅས་པ་ཞེས་པ་འདི་ཡང་མཛའ་དག་པ་ལ་མི་ཟད་པར་གྱུར་བའོ། །དེའི་ཕྱིར་འདི་སྐད་བཤད་པར་འགྱུར་ཏེ། གང་གི་ཆ?་ཤེས་པ ་ཚད་མའི་གཞལ་བྱར་བལྟོལ?་པ་དེའི་ཚེ་རང་རིག་པ་དང་རྗེས་སུ་མཐུན་པའི་དོན་རྟོགས་པར་བྱེད་དོ་ཞེས་པས་རང་རིག་པ་འབྲས་བུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་གང་གི་ཆ་ཡང་ཡུལ་ཡིན་པ་དེའི་ཚེ་ཡང་ངོ་ཞེས་པའོ། །འདིར་ཕྱི་རོལ་གྱི ་དོན་མེད་པ་ན་རང་རིག་པ་འབྲས་བུར་རྣམ་པར་འཇོག་པ་ལ། འཛིན་པའི་རྣམ་པ་ཚད་མ་ཉིད་དུ་འཆད་པར་འགྱུར་རོ། །དེ་ལས་ཀྱང་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་མེད་པ་ནི་ཇི་ལྟར་རང་རིག་པ་འབྲས་བུར་རྣམ་པར་བཞག་པོ་ལ་འཛིན་པའི་རྣམ་པ ་ཚད་མར་འདོད་པ་དེ་ལྟར་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་ཡོད་པ་ལ་ཡང་འཛིན་པའི་རྣམ་པ་ཁོ་ན་ཚད་མའོ་ཞེས་དོགས་པར་འགྱུར་ཏེ། དེའི་ཕྱིར་དེ་བསལ་བའི་ཆེད་དུ་གསུངས་པ། གང་གི་ཚེ་ནི་ཞེས་པ་ལ་སོགས་པ་སྟེ། ཕྱི ་རོལ་གཞལ་བྱ་ལ་རང་རིག་པ་འབྲས་བུར་འཇོག་པ་ན་ཡང། ཡུལ་གྱི་སྣང་བ་ཉིད་ཁོ་ན་ཤེས་པ་ཚད་མར་འདོད་ཀྱི། རྣམ་པར་རིག་པ་ཙམ་ཉིད་བཞིན་དུ་འཛིན་པའི་རྣམ་པ་ནི་མ་ཡིན་ནོ། །འོ་ན་གང་གི་ཚེ་གྱི་རོལ་གྱི་དོན་གཞལ་བྱའོ། །ཞེས་པའི ་ཕྱོགས་དེའི་ཚེ་ཡང་འཛིན་བའི་རྣམ་པ་མངོན་པར་འདོད་པ་ཁོ་ན་མ་ཡིན་ནས། དེ་ནི་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་ཕྱིར་དེའི་ཚེ་ཚད་མ་ཉིད་དུ་རྣམ་པར་བཞག་པ་མ་ཡིན་ནོ་ཞེ་ན་གསུངས་པ། དེའི་ཚེ་ནི་ཤེས་པ་རང་རིག་པར་བྱ་བ་ཡིན ་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་པ་ནི་རང་རིག་པར་བྱ་བའོ་ཞེས་ཆོག་རྣམ་པར་སྦྱོར། །གལ་ཏེ་ཡང་རང་རིག་པར་བྱ་བའི་རང་གི་ངོ་བོ་དུས་ཐམས་ཅད་དུ་ཡོད་པ་དེ་ལྟ་ན་ཡང་དེ་ལ་མི་བལྟོས་པར་ཕྱི་རོལ་གཞལ་བར་བྱ་བ་ལ་ཤེས་པའི་ཡུལ ་གྱི་སྣང་བ་ཉིད་ཁོ་ན་ཚད་མ་ཡིན་གྱི། རང་གི་སྣང་བ་ཉིད་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དེ་ན་ཡང་སྒྲུབ་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །ཡི་རང་བ་ནི་གཞན་གྱི་དོན་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། འཛིན་པའི་རྣམ་པ་བདག་ཉིད་ཀྱི་ཡུལ་ཅན་ནི་ཅིང ་ལྟར་ཕྱི་རོལ་གྱི་དོན་ལ་ཚད་མར་འགྱུར། །གཞན་གྱི་ཡུལ་ཅན་གཞན་ལ་ཚད་མ་ཉིད་དུ་རིགས་པ་ནི་མ་ཡིན་པས། །གང་གི་ཕྱིར་ཞེས་པ་ལ་སོགས་པས་དེ་མཚན་མ་ཉིད་ལ་ནྱ?་གསུངས་པ། གཞལ་བར་བྱ་ཞེས་པ་ངེས་པར་བྱ་བའོ། །ཇི་ལྟ་ཇི་ལྟ་ནས་པ་ལ ་སོགས་པ་སྟེ། ཤེས་པ་ནི་ཤེས་བྱའི་རྣམ་པའི་དབང་གི་ཕྱི་རོལ་གྱི་དོན་ངེས་པའོ་ཞེས་པའི་དོན་ནོ། །འདིར་ཡང་དཔེར་ན་དུ་བས་མེ་རྗེས་སུ་དཔག་པར་བྱ་བའོ་ཞེས་བརྗོད་པ་ནི་འདི་དངོས་སུ་ངེས་རྗེས་སུ་དཔག་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེས་ན་དེའི་རྒྱུ་ཅན་གྱི ་དུ་པའི་ཤེས་པས་ཡིན་པ་དེ་བཞིན་དུ། གལ་ཏེ་ཡང་དོན་དོ་ཡིས་གཞལ་བར་བྱ། །ཞེས་བརྗོད་པ་དེ་ལྟ་ན་འང་དེའི་སྒྲུབ་པར་བྱེད་པ་ཅན་རང་རིག་པས་ཞེས་རྟོགས་པར་བྱའོ། །དེ་ལྟར་ནི་ཇི་ལྟ་ཇི་ལྟར་དོན་གྱི་རྣམ་པ་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ངོ་བོར་?? ་པ་ལ་ངེས་པར་གནས་པ་དེ་ལྟ་དེ་ལྟར་རང་རིག་པ་རྒྱས་པར་བྱེད་ལ། ཇི་ལྟ་ཇི་ལྟར་དེ་སྟོན་པ་དེ་ལྟ་དེ་ལྟར་སྡུག་པ་དང་མི་སྡུག་བ་ལ་སོགས་པའི་གཟུགས་ལ་སོགས་པའི་དོན་རྣམ་པར་ངེས་སོ། །གང་གི་ཕྱིར་གལ་ཏེ་དེའི་རྣམ་པར་སྐྱེས་པར་གྱུར་ན་དེའི་ཚེ་དེ་འདྲའི་བདག ་ཉིད་ཀྱི་རང་རིག་པར་འགྱུར་ལ། དེ་ལས་ཀྱང་དེའི་དབང་ལས་ཡུལ་ངེས་པར་འགྱུར་གྱི་གཞན་དུན་མ་ཡིན་ནོ། །དེའི་ཕྱིར་ཡུལ་གྱི་སྣང་བ་ཉིད་ཚད་མའོ། །འོ་ན་འདིར་ཡུལ་དང་འདྲ་བ་ཉིད་རང་རིག་པའི་དོར་སྲུབ་པར་བྱེད་པ་ཉིད་དུ་རྟོགས་པར་བྱེད་པར་འདོད་པ ་མ་ཡིན་ནམ། དེའི་ཕྱིར། གང་གི་ཕྱིར་དེའི་དབང་ལས་ངོ་སྟོན་ཏོ། །ཞེས་བརྗོད་པར་བྱ་བ་ལ། ཅིའི་དོན་དུ་གང་གི་ཕྱིར་དོན་པ་དེ་ཡིས་གཞལ་བར་བྱ་ཞེས་བརྗོད་ཅེ་ན། དགོས་པ་ཡོད་དེ། རང་རིག་པ་དེ་ནི་དོན་རིག་པའི་བྱ་བ་གང་ཡིན་པ་དོན་རྣམ་པར་ངེས་པ་དེ་བྱེད་དེ། ་དེའི་ཕྱིར་ཉེ་བར་བརྟགས་པའི་དོན་རིག་པ་ཁོ་ནར་འབྲས་བུ་ལས་བལྟ་བར་བྱའོ་ཞེས་པའི་དོན་འདི་གསལ་བར་བྱ་བའི་ཚད་དུ་དེ་སྐད་གསུངས་སོ། །དེ་ལྟར་ན་ནི་ཚད་མ་དང་འབྲས་བུ་དཀ་ཡུལ་ཐ་དད་པར་མི་འགྱུར་ཏེ། ཕྱི་རོ་གླང?་ཁོ་ན་ལ་སྒྲུབ་བར་བྱེད་པ་ཡིན་པ ་དེ་ཁོ་ན་ལ་རང་རིག་པའོ། །ཞེས་བྱས་ནས་སོ། །འོ་ན་རང་རིག་པ་འབྲས་བུ་ཅི་ལྟར་གསུངས་ཤེ་ན། དེ་ན་དམ་པར་ཏེ། དེའི་བདག་ཉིད་ཀྱི་ཕྱིར་རང་རིག་པ་འབྲས་བུར་གསུངས་ལ། ཉེ་བར་བཏགས་པས་ནི་འབྲས་བུ་ལས་དོན་རིག་པ་ཁོ་ན་དང་??་གར་བྱའོ་ཞེས ་པས་མི་འགལ་ལོ། །འདིར་རྣམ་པར་རིག་པ་ཙམ་ཉིད་ལ་འཛིན་པའི་རྣམ་པ་ཚད་མ་དང་གཟུང་བྱའི་རྣམ་པ་གཞལ་བྱའོ་ཞེས་འཆད་པར་འགྱུར་ཏེ། དེའི་ཕྱིར་དེ་ལ་བརྩད་པ་དགོས་སོ། །དེ་ལ་འདི་ནི་རྩོད་པ་སྟེ། གང་གི་ཕྱི་རོལ་གྱི་དོན་མེད་ན་ཡང་ཚད་མ་ལ་སོགས ་པར་འགྱུར་བ་ཐ་དད་པ་མེད་པའི་བདག་ཉིད་ཀྱི་ཤེས་པའི་འཛིན་པའི་རྣམ་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཅི་ལྟར་ཡིན་ཞེ་ན། དེའི་ཕྱིར་དེའི་ལན་གདབ་པའི་ཆེད་དུ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། འདི་ནི་འདིའི་བསྡུས་པའི་དོན ་ཏེ་དེ་ཁོ་ན་ཉིད་དུ་དེའི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་པ་ཁོ་ནའོ། །མ་རིག་པས་ཉེ་བར་བསླད་པ་རྣམས་ཀྱིས། །དེ་འཛིན་པའི་རྣམ་པ་ལ་སོགས་པའི་རྣམ་པར་དབྱེ་བ་ལ་སོགས་པའི་རྣམ་པར་དབྱེ་བ་དང་ལྡན་པ་བཞིན་དུ་མཚོན་པ་འབའ་ཞིག་སྟེ། དེའི་ཕྱིར་ཇི ་ལྟར་མཐོང་བ་བཞིན་དུ་ཚད་མ་དང་གཞལ་བྱ་རྣམ་པར་བཞག་པ་འདི་བྱའི། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ་ཞེས་པའོ། །རྣམ་པར་དབྱེ་བ་མེད་པར་གྱུར་བ་ཡང་ཅི་ལྟར་དེ་ལྟར་སྣང་ཞེ་ན། ཇི་ལྟར་སྔགས་ལ་སོགས་པས་དབང་པོ་ཉེ་བར་བསླད་པ་རྣམས ་ཀྱིས་འཇིམ་པའི་དུམ་བུ་ལ་སོགས་པ་རྣམས་གླང་པོ་ཆེ་ལ་སོགས་པའི་གཟུགས་དང་བྲལ་བ་རྣམས་ཀྱང་གླང་པོ་ཆེ་ལ་སོགས་པའི་གཟུགས་རྣམས་སུ་སཽར་སྣང་བ་དང། ཇི་ལྟར་ཐག་རིང་བོར་མྱ་ངམ་རྣམས་ན་ཆུ་དཱུམ་ཆེན་པོར་སྣང་བ་དེ་ལྟར་མ་རིག་པས་ལོང་བ་རྣམས?? ་ཀྱི་ཤེས་པ་འདི་ཡང་དེ་ལྟར་གྱུར་པ་མ་ཡིན་པ་ཡང་དེ་ལྟར་སྣང་ངོ། །སྔགས་ལ་སོགས་པའི་ནུས་པ་ལས་དེ་རྣམས་དེ་ལྟ་ཁོ་ནར་སྐྱེས་པའོ་ཞེས་བརྟག་པར་ནུས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མཐོང་བ་མ་བསླང་བ་དེའི་ཡུལ་ཉེ་བ་ན་གནས་པ་རྣམས་ཀྱིས་དེ་ལྟར ་མཐོང་བ་མེད་པས་སོ། །དེ་ལྟར་ཞེས་པ་སྟེ། ཇི་སྐད་བཤད་པའི་སྣང་བ་གཉིས་པའི་ཤེས་པའོ་ཞེས་པའོ། །ཤེས་པའི་རིག་པ་ཞེས་པ། ཤེས་པ་ལས་སུ་གྱུར་པའི་རིག་པ་བསྟན་པའོ། །ཅིར་གྱུར་པ་ཞེ་ན། རྣམ་པ་དུ་མ་སྟེ། གང་གི་རྣམ་པ་དུ་མ་ཡིན་པ་དེ་དེ་སྐད་བཤད་དོ། །རྣམ་པ་རེ ་རྣམས་ནི་གང་རྣམས་འཁྲུལ་པ་འདིས་ངེས་པར་མཐོང་བ་འཛིན་པར་སྣང་བ་ལ་སོགས་པ་དེ་རྣམས་བརྗོད་པར་འདོད་པའོ། །ཉེ་བར་བླངས་ནས་ཞེས་དེ་ཚད་མའི་རྒྱུར་གཟུང་ནས་སོ། །དེ་ལྟ་དེ་ལྟར་ཞེས་པ་ལ་སོགས་པ་ལ། རེ་ཞིག་རྟོག་པ་མེད་པ་ལ། འཛིན་པའི་རྣམ་པར་རྟོག་པ ་དང་བྲལ་བ་ནི་མངོན་སུམ་ཚད་མ་སྟེ། གསལ་བར་སྣང་བ་གཟུང་བྱའི་རྣམ་པར་རང་གི་མཚན་ཉིད་གཞལ་བྱའོ། །རྟགས་ལས་སྐྱེས་པ་ལ་ཡང་འཛིན་པའི་རྣམ་པ་རྗེས་སུ་དཔག་པ་ནི་ཚད་མ་སྟེ། གསལ་བའི་བྱེ་བྲག་ལ་རྗེས་སུ་འགྲོ་བ་ལྟ་བུ་མི་གསལ་བར་སྣང་བ་གཟུང་བྱའི་རྣམ་པ་སྤྱིའི ་མཚན་ཉིད་ནི་གཞལ་བྱའོ། །ཉེ་བར་གདགས་པར་བྱ་ཞེས་པ་ཐ་སྙད་དུ་བྱ་བའོ། །འདིས་འདི་གསལ་བར་བྱེད་ཏེ། འདི་ནི་ཐ་སྙད་པའི་ཚད་མ་དང་གཞལ་བྱའི་རང་གི་ངོ་བོ་བརྗོད་པ་སྟེ། འདི་ལ་ཡང་ལོག་པར་རྟོགས་པ་རྣམས་ཀྱི་ཀུན་ཏུ་རྨོངས་པ་བསལ་བའི་ཆེ་དུའོ། །འཇིག་རྟེན་ལས ་འདས་པ་ཁོ་ན་ནི་རྣམ་པར་འཁྲུལ་པས་དཕེན?་ཅིང་དྲི་མ་མེད་ལ་ཉིས་པ་མེད་པ་དོན་དེ་བ་པཱི་ཚད་མ་སྟེ། དེ་ཁོ་ནའི་སྤྱོད་ཡུལ་ཡང་དག་པ་ནི་གཞལ་བྱའོ་ཞེས་པའོ། །ཆོས་ཐམས་ཅད་ནི་བྱ་བ་དང་བྲལ་བ་རྣམས་སོ་ཞེས་པ་སྟེ། འདིས་ནི་ཤེས་པའི་རིག་པ་དེ་འཁྲུལ་པ་ཉིད་དུ་གསལ་བར་བྱས་སོ།། ་དེ་ཁོ་ན་ཉིད་དུ་ཆོས་གང་ལ་ཡང་རྣམ་པ་གཅིག་མིན་པ་མཐོང་བའི་བདག་ཉིད་ཀྱི་ཐ་སྙད་སྲིད་པ་མ་ཡིན་ཏེ། རྣམ་པ་རྣམས་ཡོངས་སུ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་འཁྲུལ་པ་ཁོ་ན་སྟེ། མ་རིག་པས་ལོང་པ་རྣམས་ནི་གང་རིག་པར་བྱ་བ་དང་རིག་པར་བྱེད་པའི་རྣམ་པ་མེད ་པའི་ཤེས་པ་ལ་ཡང་དེ་ལྟར་བལྟའོ། །གལ་ཏེ་དེ་ལྟ་ན་དེ་ཁོ་ན་ཉིད་མི་ཤེས་པ་རྣམས་ཀྱི་ཤེས་པ་ཐམས་ཅད་ཉེ་བར་བསླང་བ་ཁོ་ན་ཡིན་ན། ཅི་ལྟར་ཚད་མ་དང་ཅིག་ཤོས་རྣམ་པར་བཞག་ཅེ་ན། ཉེ་བར་བསླབ་པའི་བག་ཆགས་ཀྱིས་ཁྱད་པར་ཡོད་པར་གྱུར་པ ་ལས་ཏེ། གང་གི་ཕྱིར་ཆུ་ལ་སོགས་པར་སྣང་བའི་ཤེས་པ་ལས། རེག་པ་དང་བཏུང་བ་དང། དོམས་པ་ལ་སོགས་པའི་རྐྱེན་རྣམས་སྲིད་པ་ཐ་སྙད་ལ་མི་བསླུ་བ་ལ་བལྟོས་པས་ཚད་མ་སྟེ། ཅིག་ཤོས་ནི་རྣམ་པ་དེ་ལྟ་བུའི་བག་ཆགས་དང་བྲལ་བའི་ཕྱིར་ཚད་མ་མ་ཡིན ་པའོ་ཞེས་སྐྱོན་མེད་དོ། །འོ་ན་གང་འདི་འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པ་དེ་ཅི་ལྟར་འགྱུར། ཅི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་དུ་བར་སྣང་བའི་ཤེས་པ་སྔར་ཁོ་ནར་གསལ་བར་འགྱུར་ཞིང། ཕྱིས་མེད་སྣང་བ་སྟེ། དེ་དུ་བར་སྣང་བའི་ཤེས་པ་ལས་སྔར ་ཉམས་སུ་མྱོང་བ་ནི་མེད་དོ། །དེའི་ཕྱིར་དུ་བ་མེ་ལས་མ་སྐྱེས་པ་ཁོ་ནར་འགྱུར་རོ་ཞེས་པས་ཅི་ལྟར་དེས་མེ་རྗེས་སུ་དཔོག་ཅེ་ན། སྐྱོན་འདི་ནི་མེད་དེ། མེའི་རྣམ་པ་ཅན་གྱི་ཤེས་པ་བསྐྱེད་པའི་བག་ཆགས་ཀྱི་ཁྱད་པར་དང་ལྡན་པ་ཁོ་ནའི་སེམས་ཀྱི ་རྒྱུད་ནི་དུ་བར་སྣང་བའི་བློ་སྐྱེད་པར་བྱེད་ཀྱི། གང་ཅི་ཡང་རུང་བས་ནི་མ་ཡིན་ནོ། །དེའི་ཕྱིར་དེ་རྟོགས་པར་བྱེད་པའི་དུ་བའི་ཤེས་པ་ནི་རྟོགས་པ་པོའི་བག་ཆགས་གསལ་བར་སད་པ་ཅན་མེའི་རྣམ་པ་ཅན་གྱི་བློ་འབྱུང་བར་འགྱུར་བ་གོ་བར་བྱེད་དོ།། ་འདིར་ནི་རྒྱུའི་ཆོས་རྗེས་སུ་དཔག་པ་སྟེ། རོ་ལ་སོགས་པ་ལས་གཟུགས་ལ་སོགས་པ་བཞིན་དུ་རྗེས་སུ་དཔོག་པར་འགྱུར་རོ་ཞེས་པས་བརྩད་པར་བྱ་བ་མ་ཡིན་ནོ། །སྨྲས་པ་ཡང་ཞེས་པ་ལ་སོགས་པས་རྣམ་པར་བཞག་པར་དེ་སྟོན་ཏོ་འདིའི་སྣང་བ་གང་ཡིན་པ ་ཞེས་ཚིག་རྣམ་པར་སྦྱོར། །གང་གི་ཆ་ཤས་ཚད་མ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར། འདིར་ཡུལ་གྱི་སྣང་བ་གཟུང་བར་བྱའོ། །དེ་གཞལ་བྱ་ཞེས་པ་ཡུལ་གྱི་སྣང་བ་དེ་གཞལ་བྱའོ། །ཚད་མ་འབྲས་བུ་ཉིད་དག་ནི་འཛིན་པའི་རྣམ་པར་རིག་པ་དག་།ཅེས་པ ་སྟེ། འཛིན་པའི་རྣམ་པ་ནི་ཚད་མ་ཉིད་དོ། །ཡང་དག་པར་རིག་པ་ནི་འབྲས་བུ་ཉིད་དོ། །འདིར་ཡང་གལ་ཏེ་ཡང་དང་ཡང་དག་པར་རིགས་པའི་སྒྲ་དབྱངས་ཤིན་ཏུ་ཉུང་བ་ཉིད་མེད་དེ་ལྟར་ན་ཡང་འཛིན་པའི་རྣམ་པ་ཚད་མ་ཉིད་ཡིན་པའི་ཕྱིར་དེ་ཡང་བྱེ ་བྲག་ཏུ་རྟོགས་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་མཆོད་པར་འོས་པ་ཉིད་དོ། །དེའི་ཕྱིར་འཛིན་པའི་རྣམ་པའི་སྒྲ་ཁོ་ན་སྔ་མར་དེས་པར་བཞག་གོ་།དེ་ཕྱིར་འདི་གསུམ་དབྱེ་བ་བྱས་ཞེས་པ་གསུམ་ཀ་ཡང་དེ་ཁོ་ན་ཉིད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར ་ཤེས་པ་ལས་ལོག་པར་བྱ་བ་མ་ཡིན་ནོ། །།འདིར་ཚུལ་གཉིས་པ་འདི་ཁས་བླང་བར་བྱས་ནས་རང་རྩེག་པ་ཉིད་འབྲས་བུར་བརྗོད་ན། ཤེས་པའི་ཚུལ་གཉིས་པ་དེ་ཉིད་ཀྱང་སྐྱེ་བ་མ་ཡིན་ཏེ། དེའི་འཐད་པ་མེད་པའི་དོན་ཕྱིར་ཞེས་བསམས་ནས་དྲིས་པ ་ཅི་སྟེ་ཚུལ་གཉིས་པ་ཞེས་པ་ལ་སོགས་པའོ། །ཡང་ཅིའི་ཕྱིར་ཚུལ་གསུམ་པ་ཉིད་དྲི་བར་བྱ་བ་ལ་ཚུལ་གཉིས་པ་ཉིད་དྲིས་ཞེ་ན། ཚུལ་གཉིས་པ་ཉིད་གྲུབ་ན་རང་རིག་པ་ཡང་འགྲུབ་པོ་ཞེས་དགོངས་པ་ལས་ཏེ། ཚུལ་གཉིས་པ་ཉིད་གྲུབ་ན་ནི་བདག་ཉིད་དུ་གྱུར་པའི ་ཡུལ་དང་འདྲ་བ་ནི་ཤེས་པས་ཡང་དག་པར་རིག་པར་བྱ་བས་སོ་ཞེས་དོན་གྱིས་བདག་ཉིད་རིག་པ་འགྲུབ་པོ། །ཡུལ་ཤེས་པ་ལ་དེ་ཤེས་པའི། །ཁྱད་པར་ལས་ནི་ཞེས་པ་ལ་སོགས་པ་སྟེ། ཡུལ་ཤེས་ནི་གཟུགས་ལ་སོགས་པ་འཛིན་པ་མིག་ལ་སོགས་པའི་རྣམ ་པར་ཤེས་པའོ། །ཡུལ་གྱི་ཤེས་པ་ལ་དེ་ཤེས་པ་ནི་ཡུལ་ཤེས་པ་ལ་དེ་ཤེས་པ་རོ། །འདིར་གལ་ཏེ་དེའི་སྒྲས་ཡུལ་གྱི་ཤེས་པ་ལ་སྦྲེལ་ན། དེ་ཉེ་བར་བླངས་པ་དོན་མེད་པར་འགྱུར་ཏེ། དེ་མེད་ཀྱང་ཡུལ་གྱི་ཤེས་པ་ལ་དམིགས་པའི་ཤེས་པ་རྟོགས་པའི་ཕྱིར་རོ། །དེའི ་ཕྱིར་དེའི་སྒྲས་ཉེ་བར་བླངས་པའི་ཤུགས་ལས་ཡོན་ཏན་དུ་གྱུར་ཀྱང་ཡུལ་ལ་སྦྲེལ་བར་བྱ་སྟེ། དེ་ལས་གཞན་འདིར་སྐབས་སུ་བབ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། ཡུལ་གྱི་ཤེས་པ་ལ་ཡུལ་གྱི་རྣམ་པ་ཤེས་པ་ཞེས་པ་སྟེ། དེ་ཁོ་ན་ཁྱད ་པར་རོ། །དེ་ལྟར་ནི་དེ་ཡུལ་གྱི་ཤེས་པ་ལས་ལྷག་པ་ཡུལ་གྱི་རྣམ་པས་ཁྱད་པར་ཡོད་དེ། ཕ་རོལ་པོའི་བསམ་པས་དེ་ལྟར་གསུངས་པ་སྟེ། ཕ་རོལ་པོ་ནི་ཡུལ་གྱི་ཤེས་པ་ལ་ནི་ཉམས་སུ་མྱོང་བའི་རྣམ་པ་འབའ་ཞིག་འདོད་ལ། དེའི་ཤེས་པ་ལ་ནི་ཉམས་སུ་མྱོང་བའི་རྣམ་པའང་ཡོད་དོ།། ་འདིར་ཡང་བློའི་ཉམས་སུ་མྱོང་བའི་རྣམ་པ་ནི་གྲུབ་པ་ཉིད་ཀྱི་ཕྱིར་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། གང་ཞེས་པ་ནི་ཤེས་པའི་ངོ་བོར་འདོད་པ་མ་ཡིན་པའི་རྒོལ་བ་དེ་འགའ་ཡང་མེད་པས་སོ། །ཡུལ་གྱི་རྣམ་པ་ནི་ཕ་རོལ་པོ་ལ་མ་གྲུབ་པོ་ཞེས་པ་དེས་ན་ཚུལ་གཉིས་ཉིད་བསྒྲུབ་པར ་བྱའོ། །ཡུལ་ལ་ནི་ཞེས་པ་སྟེ། ནིའི་སྒྲ་ནི་ངེས་པར་འཛིན་པ་ལ་སྟེ། རིམ་པ་ཐ་དད་པ་ཡང་ངོ། །དེ་དོན་དང་རང་སྣང་བའོ་ཞེས་པ་འདི་ནི་ཚད་མའི་འབྲས་བུ་སྟེ། དེ་ལ་དོན་སྣང་བ་ནི་ཡུལ་གྱི་རྣམ་པ་ཉིད་ཀྱི་ཕྱིར་རོ། །རང་སྣང་བ་ནི་ཉམས་སུ་མྱོང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཡུལ་དང་རྗེས་སུ ་མཐུན་པའི་ཤེས་པའི་སྣང་བ་ཞེས་པ། གཟུགས་ལ་སོགས་པའི་ཡུལ་གྱི་རྗེས་སུ་མཐུན་པའི་ཤེས་པ་ནི་ཡུལ་གྱི་ཤེས་པ་ཁོ་ན་ཡིན་ལ་དེ་སྣང་བ་སྟེ། ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པའི་རྣམ་པ་ཞེས་པའི་དོན་ཏོ། །འདིས་ཡུལ་གྱི ་རྣམ་པ་ཅན་གྱི་ཡུལ་ཤེས་པ་རང་གི་ཤེས་པས་དམིགས་སོ་ཞེས་པ་གཏན་ཚིགས་འདི་གསུངས་སོ། །ཤེས་པ་གང་ལ་དངོས་པོ་གར་རྣམ་པ་གང་གིས་སྣང་བ་དེ་རྣམ་པ་དེ་ཁོ་ནར་དེས་དམིགས་སོ་ཞེས་པ་འདི་ནི་རིགས་སོ། །དེ་ལྟར་ནི་ལྐོག་ཤལ་ལ་སོགས་པའི ་པའི་རྣམ་པས། བ་ལང་ནི་རང་གི་ཤེས་པ་ལ་སྣང་བ་བཞིན་པ་དེའི་རྣམ་པ་ཁོ་ནར་དེ་དམིགས་སོ། །ཡུལ་ཤེས་པའི་ཤེས་པ་ལ་ཡང་ཡུལ་གྱི་རྣམ་པ་རྗེས་སུ་འབྲེལ་པའི་ཡུལ་གྱི་ཤེས་པའི་རྣམ་པ་ཉེ་བར་དམིགས་ཏེ། དེ་དང་བྲལ་བ་ནི་རྣམ་པ་གཞན་ཅུང་ཟད་ཀྱང་མ་ཡིན་ནོ། །སྣང་བ ་མ་ཡིན་པ་ནི་དེའི་ཡུལ་དུ་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པ་རང་གི་ཤེས་པས་དམིགས་སོ་ཞེས་པས་གཏན་ཚིགས་ཀྱི་དོན་འདི་འཐོབ་བོ། །རང་སྣང་བའོ་ཞེས་པ་ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པའི ་སྣང་བར་གྱུར་བ་ནི་རང་གི་ངོ་བོ་ཡང་སོ་སོར་སྣང་ངོ་ཞེས་པའི་དོན་ཏོ། །རྣམ་པ་གཞན་དུ་ན་ཞེས་པ་ཚུལ་གཉིས་པ་ཉིད་མེད་ན་ཏེ། གལ་ཏེ་ཡུལ་གྱི་རྗེས་སུ་མཐུན་པ་ཁོ་ན་ཡུལ་གྱི་ཤེས་པར་འགྱུར་རོ་ཞེས་པ་ཡིན་ན་ཉམ་སུ་མྱོང་བའི་ངོ་བོའང་མ་ཡིན་ནོ། །འོ་ན་ཡུལ་གཅིག་པུའི་ངོ་བོའི ་ཤེས་པ་འདོད་པ་འགའ་ཡང་མེད་པ་མ་ཡིན་ནམ། དེ་ཅིའི་དོན་དུ་འདི་བརྗོད་ཅེ་ན་ཡུལ་གྱི་རྣམ་པ་ཅན་དུ་ཤེས་པ་བསྒྲུབ་པར་བྱ་བ་ན་ཁ་ཅིག་དོགས་པ་འདིར་འགྱུར་ཏེ། ཡུལ་གྱི་རྣམ་པ་ཅན་དུ་གལ་ཏེ་ཤེས??་པ་བསྒྲུབ་པར་བྱ་ན་རང་གི་ངོ་བོ་ཡོངས་སུ་བོར་བས་བསྒྲུབ་པར ་བྱའོ་ཞེས་པ་སྟེ། དེའི་ཕྱིར་དེ་བསལ་བའི་དོན་དུ། རང་གི་ངོ་བོ་མ་གཏང་བ་ཁོ་ནར་དེ་ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་དོ་ཞེས་བསྟན་པའི་དོན་དུ་འདི་གསུངས་སོ། །ཡང་ན་རང་གི་ངོ་བོ་ཞེས་པ། ཡང་ན་ཉམས་སུ་མྱོང་བའི་རྣམ་པ་ཁོ་ན་སྟེ། ཡུལ་གྱི་རྣམ་པ་ཅན་ཡང་མ་ཡིན་པའོ། ཤེས་པའི ་ཤེས་པ་ཡང་ཡུལ་ཤེས་པས་ཁྱད་པར་དུ་མ་བྱས་པར་འགྱུར་རོ་ཞེས་གཤེས་པའི་ཤེས་པ་ནི་ཡུལ་ཤེས་པ་ལ་དམིགས་པའི་ཤེས་པ་སྟེ། དེ་ཡུལ་གྱི་ཤེས་པས་ཁྱད་པར་དུ་མ་བྱས་པ་སྟེ་ཁྱད་པར་དུ་བྱས་པ་མ་ཡིན་པར་འགྱུར་རོ། །ཡུལ་གྱི་རྗེས་སུ་བྱེད་པ་དང་འབྲེལ་པའི་ཡུལ་གྱི་ཤེས་པའི ་རྣམ་པ་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་བྱས་པར་སྐྱེས་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །གལ་ཏེ་དམིགས་པས་ནི་བདག་གི་བའི་རྣམ་པ་དང་ལྡན་པའི་རང་གི་ཤེས་པ་སྐྱེད་པར་བྱེད་ཅེས་པ་འདི་ཡོད་ན། དེའི་ཚེ་ཡུལ་གྱི་ཤེས་པ་ལས་སྐྱེ་བཞིན་པའི་ཤེས་པ་ཇི་སྐད ་བཤད་པའི་རྣམ་པས་ཁྱད་པར་དུ་བྱས་པར་འགྱུར་རོ། འདི་མེད་ན་ནི་ཇི་ལྟར་ཡུལ་གྱིས་རང་གི་ཤེས་པ་ཁྱད་པར་དུ་མི་བྱེད་ཏེ། རང་དང་འདྲ་བའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པར་མི་སྐྱེད་པ་དེ་བཞིན་དུ་ཡུལ་ཤེས་པས་ཁྱད་རང་གི་ཤེས་པ་ཁྱད་པར་དུ་མི་བྱེད་པར་འགྱུར་བ་ལས། ཁྱད་པར་དུ ་བྱེད་པ་ཡང་ཡིན། དེའི་ཕྱིར་ཡུལ་གྱི་ཤེས་པ་ལ་ཡང་ཡུལ་གྱི་རྣམ་པ་ཡོད་དོ། །གང་ཞིག་གང་གི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་དེ་དེའི་རྣམ་པ་ཅན་དུ་འགྱུར་ཏེ། དཔེར་ན་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས ་པའི་བ་ལང་ནི་ལྐག་ཤེལ་ལ་སོགས་པ་དང་ལྡན་པའི་རྣམ་པ་ཅན་ཡིན་པ་བཞིན། །ཡུལ་གྱི་ཤེས་པ་ཡང་ཡུལ་གྱི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་སོ། །དེའི་རྣམ་པ་ཅན་དུ་འདི་དམིགས་སོ་ཞེས་རྣམ་པར་བཞག་པ་འདི་ནི། དེའི་རྣམ་པ་ཅན་གྱི་རྒྱུ་ཅན་ཉིད་ཀྱི་ཕྱིར། ་དེ་བསྒྲུབ་པར་བྱ་བ་ལ་འདི་འབྲས་བུའོ། །དེའི་རྣམ་པ་ཉིད་ལ་ནི་རང་བཞིན་ནོ། །ཡུལ་ཉམས་སུ་མྱོང་བའི་ཤེས་པ་ཡང་འདིར་མཚོན་པ་ཙམ་ཏེ་དཔྱོད་པའི་ཤེས་པ་ཡང་ཇི་ལྟར་བསམས་པའི་དོན་གྱི་རྣམ་པ་ཅན་དུ་རང་ཤེས་པའི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་སོ།། ་དེ་ལྟར་ནི་ཇི་ལྟར་ཡུལ་ཤེས་པའི་ཤེས་པས་ནི་ཡུལ་ཉམས་སུ་མྱོང་བའི་ཤེས་པས་དོན་གྱི་ཚུལ་ཉིད་དམ་ཉམས་སུ་མྱོང་བའི་ཚུལ་ཉིད་འབའ་ཞིག་ལ་རྟོགས་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་འདི་འདྲ་བའི་དོན་དང་དེའི་ཤེས་པར་གྱུར་ཏོ་ཞེས་པ། གཉིས ་ཀའི་རྣམ་པ་འཛིན་པ་དེ་ལྟར་དོན་གྱི་རྣམ་པ་འདི་འདྲ་བ་སེམས་པར་གྱུར་ཏོ་ཞེས་རང་གི་ཤེས་པས་གཟུང་བར་བྱ་བས་སོ། །དེ་ལྟར་འགྱུར་མོད་རྣམ་པ་མེད་པ་ཁོ་ནར་ཡུལ་གྱི་ཤེས་པ་སྐྱེ་སྟེ། དེ་ལ་ནི་དོན་གྱི་འབྲས་བུ་ཉིད་ཀྱིས་ཤེས་པ་འདི ་དོན་གྱི་འབྲས་བུའོ་ཞེས་དྲན་པ་འདི་འགྱུར་ལ། དེ་ཡོད་ན་ཉམས་སུ་མྱོང་བའི་ཤེས་པའི་རྒྱུ་དོན་ཡང་དྲན་ཞིང། དེ་ལས་ཕྱིས་འཁྲུལ་པས་ཉམས་སུ་མྱོང་བའི་ཤེས་པ་དོན་དང་སྦྱར་ནས་དོན་གྱི་རྣམ་པ་ཉིད་དུ་ལྟག་པར་ཞེན་ནོ། །འཁྲུལ་པ་ཇི་ཙམ་གྱི་རྟོགས ་པ་པོས་དེ་དེ་ལྟར་ཞེན་པ་དེ་ཙམ་གྱིས་དེ་དེའི་རྣམ་པ་ཅན་ཁོ་ནར་འགྱུར་བ་རིགས་པ་ཡང་མ་ཡིན་ནོ་ཞེ་གསུངས་པ། ཕྱི་མ་ཕྱི་མ་རྣམས་ཀྱང་ཞེས་པ་ལ་སོགས་པ་སྟེ། ཀྱང་ཡིག་ནི་དེས་པར་འཛིན་པ་ལའོ། །ཕྱི་མ་ཕྱི་མ་སྟེ་ཡུལ་ཤེས་པའི་ཤེས་པ ་ལ་སོགས་པ་དེ་རྣམས་ནི། སྔ་མ་སྟེ་ཉམས་སུ་མྱོང་བའི་ཤེས་པའི་ཡུལ་གང་ཡིན་པ་ནི་ཕྱི་མ་ཕྱི་མའི་ཤེས་པ་ལ་བལྟོས་ནས་ཤེས་པས་བར་ཆོད་པའི་ཕྱིར་རིང་བ་ཡིན་ཞེས་དེ་སྣང་བ་ཅན་རྣམས་སུ་མི་འགྱུར་བ་ཁོ་ན་སྟེ། ཐོབ་པ་མ་ཡིན་པ་ཁོ་ནའོ་ཞེས ་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སྟེ་ཇི་སྐད་བཤད་པའི་དོན་ནི་ཕྱི་མ་ཕྱི་མའི་ཤེས་པ་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དོན་དེ་རྣམས་ཀྱི་ཡང་ཡུལ་དུ་གྱུར་ན་དེའི་ཚེ་དེ་ལས་སྐྱེས་པ་དེ་རྣམས་ལ། ་ཤེས་པ་འདི་རྣམས་དོན་གྱི་འབྲས་བུ་རྣམས་སོ་ཞེས་དོན་གྱི་འབྲས་བུ་ཉིད་དུ་དྲན་པ་འདི་འགྱུར་ཞིང། དེ་ལས་དེ་རྣམས་ཀྱི་ཡང་རྒྱུ་དོན་དེ་དྲན་པར་འགྱུར་ལ། དེ་ལས་ཀྱང་དོན་དེ་དང་བསྲེས་ནས་དེར་སྣང་བ་ཉིད་དུ་འཁྲུལ་པས་རྟོགས་པ་པོས་འཛིན་པར ་འགྱུར་ན། འདི་ནི་དེ་རྣམས་ཀྱི་ཡུལ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཤེས་པ་དང་པོ་ཁོ་ནའི་འོ། །དེའི་ཕྱིར་དོན་གྱི་ནུས་པ་ལས་བྱུང་བ་དེ་ཁོ་ན་དོན་དང་ཡང་དག་པར་སྦྱར་ནས་དེའི་རྣམ་པ་ཅན་ཉིད་དུ་འཛིན་གྱི། ཕྱི་མ་ཕྱི་མ་རྣམས་མ་ཡིན་ཏེ། དེ་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད ་ཀྱི་ཕྱིར་རོ། །དེ་རྣམས་ཀྱང་དོན་གྱི་རྣམ་པའི་རྗེས་སུ་བྱེད་པ་ཉིད་དུ་གཟུང་བ་ཡང་ཡིན་ནོ། །དེ་ལྟར་ནི་ཕྱི་མ་ཕྱི་མའི་ཤེས་པ་ནི་རྣམ་པ་རེ་རེས་ལྷག་པར་ཉེ་བར་དམིགས་ཏེ། བུམ་པའི་ཤེས་པའི་ཤེས་པར་བུམ་པའི་རྣམ་པ་ཅན་གྱི་ཤེས་པ་དམིགས་པ་ན། བུམ་པའི་རྣམ་པ་ཅན་གྱི ་ཤེས་པར་གྱུར་ཏོ་ཞེས་བུམ་པའི་རྣམ་པ་དང་ལྷན་ཅིག་ཏུ་རྟོགས་སོ། །དེའི་ཤེས་པས་ནི་བུམ་པའི་ཤེས་པ་ལ་དམིགས་བཞིན་པའི་བུམ་པའི་ཤེས་པའི་ཤེས་པར་གྱུར་ཏོ། ཞེས་བུམ་པའི་ཤེས་པའི་རྣམ་པ་དང་ལྷན་ཅིག་པའི་བུམ་པའི་ཤེས་པའི་ཤེས་པའོ། །དེ ་བཞིན་དུ་ཕྱི་མ་རྣམས་ལ་ཡང་རིག་པར་བྱའོ། །དེ་ལྟར་ཕྱི་མ་ཕྱི་མའི་ཤེས་པ་སྔ་མ་རིང་པོར་གྱུར་པའི་དོན་གྱི་རྣམ་པ་ཅན་རྣམས་འཛིན་ཏེ། དེ་རྣམས་ཀྱི་རང་གི་ཡུལ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཁྱོད་ཀྱིས་བརྗོད་པའི་ཚུལ་གྱིས་དེ་ལྟར་འཛིན་པ་དེའི་ཕྱིར་དེ་རྣམ་པ་རང་བཞིན ་ཁོ་ནས་དེའི་རྣམ་པ་ཅན་རྣམས་སུ་འགྱུར་རོ། ཞེས་ཁས་བླང་བར་བྱའོ། །ཤེས་པ་དང་པོ་ཡུལ་གྱི་རྣམ་པས་སྟོང་པ་ཉིད་ན་རིང་པོར་གྱུར་བའི་དོན་སྔ་མ་སྣང་བ་རྣམས་སུ་མི་འགྱུར་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་དེ་ཡང་དོན་གྱི་སྣང་བ་ཅན་ཉིད་དུ་འདོད ་པར་བྱའོ། །དེའི་ཕྱིར་ཡང་ཚུལ་གཉིས་ཉིད་དུ་གྲུབ་པོ། །གལ་ཏེ་གང་ལས་དེའི་དབང་གིས་ཡུལ་གྱི་ཤེས་པའི་ཡུལ་དང་འདྲ་བར་འགྱུར་བ་ཡུལ་གྱི་ཤེས་པ་ལ་ཤེས་པ་གང་ཡིན་པ་དེ་ནི་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པའི་སྣང་བ་དང་རང་གི་སྣང་བ་ཅན་ནོ ་ཞེས་པ་འདི་ཁོ་ན་ཅི་ལས་ཞེ་ན། གང་གི་ཕྱིར་དེའི་ཡུལ་གྱི་ཤེས་པ་དང་འབྲེལ་པ་ཅན་དེའི་སྒོ་ནས་འོངས་པ་ཡུལ་གྱི་རྣམ་པ་དང་ཉམས་སུ་མྱོང་བའི་རྣམ་པ་དང་ཉམས་སུ་མྱོང་བའི་རྣམ་པ་དག་དང། གསུམ་པ་རང་སྣང་བའི་མཚན་ཉིད་ཅན་གྱི་རྣམ་པ་ཞེས་པ་རྣམ ་པ་གསུམ་པོ་འདི་རྣམས་རང་གི་ཤེས་པས་དམིགས་སོ། །འདི་ཡང་ཕྱི་མ་ཕྱི་མའི་རྣམ་པ་རེ་རེས་ལྟག་པར་དམིགས་སོ་ཞེས་པ་འདིས་དག་ཁོ་ན་བཤད་པ་དེ་ཅིའི་གྱུས་བརྗོད། །དེའི་ཕྱིར་དེར་ཡང་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པའི་རྣམ་པ་ཉིད་དུ་བསྒྲུབ ་པར་བྱ་བ་ལ་གང་ཞིག་གང་གི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་པ་དེ་ཞེས་པ་ལ་སོགས་པའི་སྒྲུབ་བྱེད་རྣམ་པར་ཤེས་པའོ། །འོ་ན་དེ་ལྟར་དེའི་ཤེས་པ་ལ་སོགས་པ་རྣམས་ལ་ཡང་སྒྲུབ་པར་བྱེད་པ་བརྗོད་པར་བྱའོ་ཞེས་པས་ཐུག ་པ་མེད་པར་འགྱུར་རོ་ཞེ་ན་འདི་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཤེས་པ་གང་གི་ཡུལ་ཉེ་བར་གྱུར་པ་དེ་ལ་ཐེ་ཚོམ་སྐྱེ་སྟེ། ཅི་སྔོན་པོའི་རྣམ་པ་ཡུལ་གྱིས་ཡིན་ཞིང་ཤེས་པ་ནི་རྣམ་པ་མེད་པ་ཡིན་ནམ། །འོན་ཏེ་ཤེས་པའི་ཡིན་ཞེས་པའོ། །ཤེས ་པ་གང་ཞིག་གི་ཡུལ་རིང་བར་གྱུར་པ་དེའི་ཚེ་ནི་མེད་དོ་ཞེས་པ་ལ་ངེས་པར་གྱུར་པ་སྟེ། དེའི་ཡུལ་གྱི་རྣམ་པའི་ངོར??་ཐེ་ཚོམ་དུ་འགྱུར་བ་མ་ཡིན་པ་ཁོ་ནའོ། །ཞེས་པས་ཐུགས་པ་མེད་པ་མ་ཡིན་ནོ། །དུས་ཕྱིས་དྲན་པ་ལས་ཀྱང་སྟེ། ཞེས་པ་ལ་སོགས་པ་སྟེ། །སྔར་ནི་ཡུལ ་གྱི་ཤེས་པ་གཅིག་གི་ཡུལ་དང་འདྲ་བ་ཉིད་ཀྱི་ཁྱད་པར་གྱིས་ཚུལ་གཉིས་པ་ཉིད་དུ་བསྒྲུབས་ལ། །ད་ནི་ཤེས་པ་རྣམས་ཀྱི་ཕན་ཚུན་ཐ་དད་པར་དྲན་པ་ལས་བསྒྲུབ་པར་བྱའོ། །གང་ཕྱིར་ཇི་ལྟར་ཕན་ཚུན་མཚན་ཉིད་མི་མཐུན་པ་གཟུགས་ལ་སོགས་པ་ཉམས་སུ་མྱོང ་བ་རྣམས་ལ་ཕན་ཚུན་ཐ་དད་པར་དྲན་པར་འགྱུར་བདེ་ལྟར་ཤེས་པ་རྣམས་ལ་ཡང་སྟེ། དེའི་ཕྱིར་ཞེས་པའི་ཚུལ་གཉིས་པ་ཉིད་ཡོད་དོ། །གཞན་དུ་ན་ཉམས་སུ་མྱོང་བ་ཙམ་དུ་དོན་སོ་སོ་ལ་ཁྱད་པར་མེད་པར་ཐ་དད་པར་མྱོང་བ་མེད་པའི་ཤེས་པ་ཐམས་ཅད་རྣམས ་ལ། བདག་ལ་གཟུགས་ཀྱི་ཤེས་པར་གྱུར་གྱི་སྒྲའི་ཤེས་པ་ནི་མ་ཡིན་ནོ་ཞེས་པའམ། སྒྲའི་???་བྱུང་གིས་གཟུགས་ཀྱི་ཤེས་པ་ནི་མ་ཡིན་ནོ་ཞེས་གང་འདི་ཐ་དད་པར་དྲན་པ་དེ་མེད་པར་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི་ཇི་ལྟར་ཉམས་སུ་མྱོང་བའི་བདག་ཉིད ་དུ་མཚུངས་པ་ལ། ཚོགས་པའི་བྱེ་བྲག་ལས་བདེ་བ་ལ་སོགས་པའི་བྱེ་བྲག་ཏུ་འགྱུར་བ་དེ་བཞིན་དུ་ཡུལ་སོ་སོ་ལ་ཚོགས་པ་གཞན་དང་གཞན་གྱིས་བྱས་པའི་ཁྱད་པར་ཕྲ་མོ་ཡོད་དོ། །དེའི་ཕྱིར་ཐ་དད་པ་དྲན་པར་འགྱུར་རོ་ཞེ་ན། དེ་ནི་བདེན་པ་མིན་ཏེ། ཁྱད་པར་གསལ ་བ་དྲན་པའི་རྒྱུ་ཡིན་པས་སོ། །དེ་ལྟར་ནི་བཏང་བསྙོམས་ཀྱི་གནས་སུ་གྱུར་པའི་ཡུལ་འགའ་ཞིག་ལ་གང་ཤེས་པས་རྒྱུན་གྱིས་འབྱུང་བ་དེའི་ཡང་དབང་པོ་ལ་སོགས་པའི་ཚོགས་པ་གཞན་དང་གཞན་མོད། །དེ་ལྟ་ན་ཡང་ཇི་སྐད་བློའི་སྐད་ཅིག་འདི་ཙམ་རྣམས་འདས་སོ། །ཞེས ་པ་ལྟར་ཐ་དད་པར་དྲན་པ་མ་ཡིན་ཏེ། དཔེར་ན་འཚེ་མ་དག་པ་རྣམ་པ་དཔེར་མཚུངས་ཀྱང་དངོས་པོར་ཐ་དད་པ་ཡོད་པ་དེ་ལྟ་ནའང་མི་གསལ་བ་ཉིད་ཀྱི་ཕྱིར་དེ་ལ་ཐ་དད་པར་དེ་ཤེས་པར་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་དག་ཕན་ཚུན་སྒྲོ་འདོགས་པའོ། །དེའི་ཕྱིར ་ཁྱད་པར་གསལ་བ་མེད་པའི་དོན་ལ། ཐ་དད་པ་ཅན་གྱི་དྲན་པ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་ཉམས་སུ་མྱོང་བ་ལ་དོན་གྱིས་བྱས་པའི་ཁྱད་པར་འགའ་ཞིག་ཡོད་དེ། གང་ལས་ཐ་དད་པར་དྲན་པར་འགྱུར་བའོ་ཞེས་པས་དགའ་མགུར་དོན་དང་འདྲ་བ་ཉིད་འདོད་པར ་བྱའོ། །དེའི་ཕྱིར་ཡང་ཤེས་པ་ཚུལ་གཉིས་པར་གྲུབ་པ་པོ་ཞེས་པའོ།། །།རང་རིག་བྱ་ཉིད་དུ་ཡང་ངོ་ཞེས་པ་འདིས་ནི་དེ་མ་ཐག་པར་བཤད་པ་ཁོ་ནའི་འཐད་པའི་བསྒྲུབ་པར་བྱ་བ་གཞན་གསུངས་ཏེ། དུས་ཕྱིས་དྲན་པ་ལས་ཤེས་པའི་ཚུལ་གཉིས་པ་ཉིད ་བསྒྲུབ་པ་འབའ་ཞིག་ཏུ་མ་ཟད་གྱི། འོན་ཀྱང་རང་རིག་པ་ཡང་ཏེ་གང་ཚད་མའི་འབྲས་བུ་ཉིད་དུ་འདོད་པའོ། །རེ་ཞིག་ཤེས་པའི་འབའ་ཞིག་ལས་ཉམས་སུ་མྱོང་བ་ཡོད་ཏེ། དེའི་ཕྱིར་དྲན་པར་ཡང་འགྱུར་མོད། དེ་ཙམ་གྱིས་ཅིའི་ཕྱིར་རང་རིག་པ་ཡིན་ཞེས་བསམས ་ན་འདྲི་བ། ཅིའི་ཕྱིར་ཞེ་ན་ཞེས་པའོ། །བདག་ཉིད་ཁོ་ནས་ཤེས་པ་ཉམས་སུ་མྱོང་བར་རིགས་ཀྱི་གཞན་གྱིས་མ་ཡིན་ཞེས་ངེས་པར་བྱས་ནས་གསུངས་པ། འདི་ལ་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་འདི་ཡིན་ཏེ། གང་ལ་དྲན་པ་དེ་ལ་ཉམས་སུ ་མྱོང་བ་སྟེ། གཟུགས་ལ་སོགས་པ་བཞིན་དྲན་པ་ཡང་ཡོད་ཏེ་ཞེས་པ་འབྲས་བུའོ། །འདིར་འགྱུར་མོད་ཅེས་པ་ལ་སོགས་པས་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་མངོན་པར་འདོད་པ་ཁོ་ནའོ། །དེའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཉིད་དོ ་ཞེས་ཕ་རོལ་གྱི་བསམས་པ་གསལ་བ་བྱེད་དོ། །ཤེས་པ་གཞན་གྱིས་ཞེས་པ་ལ་སོགས་པས་གྲུབ་པ་ལ་བསྒྲུབ་པ་ཉིད་ཡོངས་སུ་སྤོང་སྟེ། ཤེས་པ་གང་གིས་ཤེས་པ་ཉམས་སུ་མྱོང་བ་དེ་ལ་ཡང་དུས་ཕྱིས་དྲན་པ་མཐོང་ལ། ཉམས་སུ་མྱོང་བ་མ ་ཡིན་པ་ལ་དྲན་པ་རིགས་པ་ཡང་མ་ཡིན་ནོ་ཞེས་དེའི་ཕྱིར་དེ་ལ་དམིགས་པའི་ཤེས་བ་གཞན་འབྱུང་བར་བྱ་ཞིང། དེ་ལ་ཡང་དྲན་པ་སྟེ། དེ་ལས་དེ་ལ་ཡང་གཞན་གྱིས་ཞེས་པ་དེའི་ཕྱིར། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ལ་ཤེས་པ་རྣམས་ཐུག་པ་མེད ་པ་སྟེ། ཤེས་གཅིག་མངོན་པར་གྲུབ་པ་ཁོན་ན། ཤེས་པ་བརྒྱུད་བ་ཤེས་པ་ཕྱི་མ་ཕྱི་མ་ཤེས་པ་སྔ་མ་སྔ་མ་ལ་དམིགས་པ་མཛའ་ཡང་བ་རྣམས་སུ་ཐལ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་ན་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། ཡུལ་གཞན་ལ་འཕོ་བ་ཞེས་ཕ ་ལ་སོགས་བསྟེ། ཡུལ་གཞན་ལ་ཤེས་པ་འཇུག་པ་མེད་བར་འགྱུར་ན་འདོད་པ་ཡང་ཡིན་ནོ། །དེ་ལ་ཤེས་པ་གང་ལས་འཕོ་བ་དེ་ལ་རང་རིག་།བར་འགྱུར་རོ། །དེ་ནི་འགྱུར་མོད་ཀྱི། ཤེས་པ་ཐ་མ་ནི་ཤེས་པ་གཞན་བྱིས་ཉམས་སུ་མྱོང་བར་བྱ་བ་ཉིད་དང་དྲན་པར་ཡང ་མི་འགྱུར་གྱི། གཅིག་པོ་དེ་ཉམས་སུ་མ་མྱོང་བ་དང། མ་དྲན་པ་ཁོ་ནར་གནས་ལ་དེའི་ཕྱིར་ཡུལ་གཞན་ལ་འཕོ་བར་འགྱུར་རོ་ཞེ་ན། འདི་ནི་མི་རིགས་ཏེ། དེ་ལྟར་ནི་གལ་ཏེ་ཤེས་པ་ཐ་མ་ཉམས་སུ་མྱོང་བ་མ་ཡིན་ནོ། དེའི་ཕྱིར་སྔ་མའི་དུས་སུ་བྱུང་བའི་ཤེས་པ་རྣམས་ཐམས་ཅད་ཉམས ་སུ་མྱོང་བ་མེད་པར་འགྱུར་ཏེ། དེའི་དམིགས་བྱེད་ལྐོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་གི་དམིགས་བྱེད་གང་ཡིན་པ་ལྐོག་ཏུ་གྱུར་བ་དེ་དེ་ཡིས་ཉམས་སུ་མྱོང་བ་མ་ཡིན་ཏེ། དཔེར་ན་ལྟས་བྱིན་གྱི་ཤེས་པ་ལྟས་བྱིན་གྱིས་ཉམས་སུ་མྱོང་བ་ནི་མཚད་བྱིན་གྱིས ་བཞིན། སྲོག་ཆགས་རྣམས་ཀྱི་བདག་ཉིད་དང་འབྲེལ་བའི་སྔོན་པོའི་དུས་སུ་བྱུང་བའི་ཤེས་བའི་དམིགས་པ་ཡང་ལྐོག་ཏུ་གྱུར་བའོ། འགལ་བས་ཁྱབ་པའོ། །ཡང་ན་དམིགས་པ་མངོན་གསུམ་མ་ཡིན་པ་དེ་མངོན་སུམ་མ་ཡིན་ཏེ། ལྐོག་གྱུར་བཞིན། དམིགས ་པ་ཉམས་སུ་མ་མྱོང་བའི་ཤེས་པ་ཡང་དེ་ལྟ་བུའོ། །འགལ་པས་ཁྱབ་པའོ། འདིར་འགྱུར་མོད། གང་བདག་ཉིད་ཀྱིས་ཉམས་སུ་མྱོང་བའི་ཤེས་བ་དེ་མངོན་སུམ་དུ་འགྱུར་ཏེ། དེས་ན་གཞན་རྣམས་ཀྱིས་གང་ཉམས་སུ་མྱོང་བདེ་མངོན་སུམ་མ་ཡིན་པའོ། །ཞེ་ན། འོ་ན་བདག་ཉིད ་ཉམས་སུ་མོད་བ་དེ་ཅི་ཞིག་ལས་གྲུབ། གལ་ཏེ་ཉམས་སུ་མྱོང་བ་གྲུབ་པ་དེའི་ཚེ། བདག་ཉིད་ལ་འམ་གཞན་ལ་ཞེས་རྣམ་པར་དབྱེ་བར་འགྱུར་ན་དེ་ནི་མ་གྲུབ་པ་ཁོ་ནའོ། དེ་མ་གྲུབ་པ་ན་གཉིས་ཀར་ཡང་ལྐོག་ཏུ་གྱུར་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར། ཉམས་སུ ་མྱོང་བ་འདི་ནི་བདག་ཉིད་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ་ཞེས་པ་འདི་ལྐོག་ཏུ་གྱུར་བའི་དམིགས་པས་ཤེས་པར་བཀའ་འོ། །དེའི་ཕྱིར་ཅི་ཞིག་ལས་བདག་ཉིད་ཀྱིས་ཉམས་སུ་མྱོང་བ་ཡིན། གལ་ཏེ་གཟུང་བྱ་ལ་དམིགས་པ་མ་གྲུབ་ན་ཡང་དངོས་པོ་མངོན་སུམ་དུ ་འདོད་ན་འགྲོ་བ་ནི་ཐམས་ཅད་མངོན་སུམ་དུ་འགྱུར་ཏེ། དམིགས་པ་མངོན་སུམ་མ་ཡིན་པ་ཉིད་དུ་བྱེ་དྲག་མེད་པའི་ཕྱིར་ན། འགྱུར་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཤེས་པའི་རང་རིག་པ་ཉིད་དུ་ཁས་བླང་བར་བྱའོ་ཞེས་པའོ།། །།འདིར་སློབ་དཔོན་དབྱིག? ་གཉེན་གྱི་བརྩེན་བ་སྒྲུབ་བའོ་ཞེས་འཇིག་རྟེན་ན་རབ་ཏུ་གྲགས་བ་འདི་ནི་བསྟན་བཅོས་མཇོད?་པས་ནི་དེས་མཛད་བའི་བསྟན་བཅོས་གཞན་རྣམས་སྐྱོན་མེད་པ་ཉིད་ལ་བལྟས་ནས། སྐྱོན་དང་བཅས་པའི་རྩོད་པ་སྒྲུབ་པ་དེས་མཛད་པ་ཉིད་མི་སྲིད་དོ་ཞེས་གསུངས་བ། རྩོད་སྒྲུབ་སློབ་དཔོན ་གྱིས་མ་ཡིན། ཅེས་པའོ། འོ་ན་བྱེད་པ་པོ་མ་མཐོང་བའི་བསྟན་བཅོས་རྣམས་བྱི་བྱེད་པ་པོ་གྲགས་པ་ཁོ་ན་ལས་ངེས་པར་བྱ་བ་མ་ཡིན་ནམ། འདི་ལ་ཡང་དེ་ཡོད་དོ་ཞེས་བས་ཅི་ལྟར་རྩོད་སྒྲུབ་སློབ་དཔོན་གྱི་མ་ཡིན་ཞེ་ན། སྙིང་པོ་མེད་ཅེས ་ངེས་པ་འམ་ཞེས་པ་སྟེ། སྐབས་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་དེ་ལ་ཞེས་རྟོགས་པར་བྱའོ། །འདིས་ནི་འདི་ལྟ་བུའི་དོན་གསལ་བར་བྱེད་དེ། རེ་ཞིག་གྲགས་བ་ཙམ་གྱིས་ནི་དོན་ངས་པར་མི་འགྱུར?་ཏེ། དོན་མེད ་པར་ཡང་དེ་སྲིད་པའི་ཕྱིར་རོ། །གལ་ཏེ་ཡང་དེས་དེ་མཛད་བདེ་ལྟ་ན་ཡང་དང་པོ་ཤེས་རབ་ཕུལ?་དུ་བྱུང་བ་མ་སྐྱེས་བར་གྱུར་བ་སྟེ། ཕྱིས་བློ་བྱང་བར་གྱུར་བ་ན་འདིས་དེ་ལ་སྙིང་པོ་མངོ?་བར་ངེས་བར་སྐྱེས་པོ་ཞེས་པའོ། །ཡང་ཇི་ལྟ་བུར་འདིས་དེ་ལ་སྙིང་པོ ་མེད་པར་ངེས་པ་འདི་ཅི་ལྟར་རྟོགས་ཞེ་ན། གཞན་དུ་ན་ཆ་ཤས་སྨྲས་ཕྱིར། ཅེས་པ་སྟེ། སྐྱོན་མེད་པ་ཆ་ཤས་བརྗོད་པའི་ཕྱིར་རོ། ཞེས་པའི་དོན་ནོ། །གང་སྐྱོན་བསྟན་པ་ལས་ནི་སློབ་དཔོན་གྱིས་རྩོད་པ་སྒྲུབ་པ་ལ་སྙིང་པོ་མེད་པར་ངེས་པ་ལས་ན ་རྩོད་པ་སྒྲུབ་པར་བྱེད་པ་ལ་གཞན་དུ་ཆ་ཤས་བརྗོད་པའོ། །སྐྱོན་དེ་རྣམས་ཁོ་ན་ཁོ་འོ་ཅག་གིས་རབ་ཏུ་གསལ་བར་བྱའོ། །ཞེས་སྟོན་པ་གསུངས་པ། དེས་ན་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་བསྐྱོན་དང་ལྡན་པ་ཉིད་ཀྱིས ་ནའོ། །དེ་ལྟར་ནི་གཞན་དུ་ཆ་ཤས་བརྗོད་པ་ལས་ཞེས་པ་འདིས་རྩོད་པ་སྒྲུབ་བསྐྱོན་དང་ལྡན་པ་ཉིད་དུ་གསལ་བར་བྱས་སོ། ཚད་མ་ལ་སོགས་པ་རྣམས་ལ་ཞེས་པ་ལ་ཆད་མའི་ཆ་ཤས་དང་དེ་ལྟར་སྣང་བ་དང་ལྟག་ཅོད་དང། དེ་ནི་ལན་རྣམས་ལའོ། །དོན་དེ ་ལས་རྣམ་པར་ཤེས་པ་མངོན་སུམ་ཞེས་པ། ཡུལ་གང་གིས་རྣམ་པར་ཤེས་པ་ཐ་སྙད་བྱ་བ་དེ་ཁོ་ན་ལས་གལ་ཏེ། དེ་སྐྱེ་ཞིང་གཞན་ལས་མ་ཡིན་ལ། དེ་ལས་གཞན་ལས་ཀྱང་མ་ཡིན་པའི་ཤེས་པ་དེ་མངོན་སུམ་སྟེ། དཔེར་ན་གཟུགས་ལ་སོགས་པའི་ཤེས ་པད?་བདེ?་བ་ལས་སོགས་པའི་ཤེས་པ་བཞིན་ཞེས་པའོ། འདིས་ནི་འཁྲུལ་བའི་ཤེས་པ་གསལ་ཏེ། དཔེར་མ་ཉ་ཕྱིས་ལྟེ་དངུལ་གྱིས་ཤེས་པ་ལྟ་བུའོ། །དེ་ནི་དངུལ་གྱིས་དངུལ་གྱིས་ཤེས་པའོ། །ཞེས་ཐ་སྙད་བྱེད་ལ་དེ་དངུལ་ལས་སྐྱེ་བ་ཡང་མ་ཡིན་གྱིས་ཉ་ཕྱིས? ་ཡོན་?་སྐྱེད་བ?་བྱའོ། །ཀུན་རྫོབ་པའི་ཤེས་པ་ཡང་འདིས་གསལ་ཏེ། དེ་ལྟར་ནི་བུམ་བའི་ཤེས་བ་བུམ་པའི་ཤེས་པ་ཞེས་པ་འདི་ལྟར་དེ་བུམ་པ་ལ་སོགས་པ་རྣམས་ཀྱིས་ཐ་སྙད་བྱ་ཞིང། དེ་དེ་རྣམས་ལས་འབྱུང་བ་ནི་མ་ཡིན་ཏེ། དེ་རྣམས་ནི་ཀུན་རྫོབ་དུ་ཡོང་བ་ཉིད་ཀྱིས་སྒྱུ ་མ་ཡིན་བ་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་སོགས་པ་དེ་ལྟར་ཡང་དག་པར་ཞེན་པ་རྣམས་ཁོ་ན་ལས་དེ་འབྱུང་ངོ། །རྗེས་སུ་དཔགས་བའི་ཤེས་པ་ཡང་འདི་ཁོ་ནས་བསལ་ཏེ། དུ་བའི་ཤེས་པ་དང་འབྲེལ་བ་དྲན་པ་དང་ལས་ཀྱང་དེ་འབྱུང་གི་མི་ཁོ་ན་ལས་མ་ཡིན་བས་སོ། །དེ་ལས་བྱུང་བ་ཁོ་ན་སྟེ། མི་འབྱུང ་བ་ནི་མ་ཡིན་ནོ་ཞེས་པ་འདི་ཡང་འདིར་དོན་དུ་མངོན་བར་འདོད་དོ། །དེ་དེ་ལྟར་རྣམ་པར་བཞག་པ་ལ། འདི་རྒལ་ཞིང་བརྟགས་པར་བྱ་སྟེ། ཅི་འདི་རྐྱེན་ལ་བལྟོས་པའི་ངེས་པ་ཉིད་དས།?་འོན་ཏེ་དམིགས་པ་ལ་བལྟོས་པ་ན་ཡིན་ཞེས་པའོ། དྲེ་ལེས་ཅི་ཞེས་ན། གཉི་གའི་གནས་ལ་ཡང་སྐྱོན་ཏེ ་རེ་ཞིག་ངེས་བ་སྔ་མའི་དབང་དུ་བྱས་ནས་གསུངས་པ་དོན་དེ་ལས་ཞེས་ཀུན་ཡིན་ན་ཞེས་པ་སྟེ། གལ་ཏེ་དེ་ལས་ཞེས་པ་ལ་སོགས་པ་འདི་ཁོ་ནའི་རྣམ་པར་བཤད་པའོ། །འོ་ན་རྣམ་པར་ཤེས་པ་ཐ་སྙད་དུ་བྱེད་པའི་རྒྱུ་ཡུལ་ནི་སྐབས་ཡིན་པ་ཉིད་ཀྱི་ཕྱིར། །དེ་ལས་ཞེས ་བ་འདིས་སྐབས་ཀྱིས་ཉེ་བས་དེ་ཁོ་ན་ལྷུང་ལེན་ནོ་ཞེས་བས་འདིར་ཚོམ་མེད་པ་མ་ཡིན་ནམ། །ངོས་ན་ཅི་ལས་དོགས་པ་འདི་ཡིན་ཞེ་ན། གལ་ཏེ་དེ་ལས་ཞེས་པ་འདིས་རྐྱེན་རྣམ་པ་བཞི་པོ་ཐམས་ཅད་ཀྱང་བརྗོད་པར་བྱ་ཞེས་པའི་དོན་གང་འདིར་ཁྱོད་ཀྱིས་ཡོངས་སུ་བརྟགས? ་པ་མ་ཡིན་ཏེ། །གང་ཕྱིར་འདེ་ཆོས་ཐམས་ཅད་ཀྱིས་བདག་ཉིད་ཀྱི་ཕྱིར་དམིགས་པའི་རྐྱེན་ཁོ་ན་ཀུན་གྱི་སྒྲས་བརྗོད་དོ། །ཡང་ཅི་ལྟར་དེ?་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་ཞེ་ན། དམིགས་པ་ཆོས་ཐམས་ཅད་དོ་ཞེས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གཞན་ཆོས་ཐམས་ཅད་ཀྱི ་རང་བཞིན་རྣམ་པར་ཤེས་པའི་རྐྱེན་ཐ་སྙད་དུ་བསྟན་པའི་རྒྱུ་གང་ཡིན་པ་དེ་ལས་ཞེས་པ་འདིས་བརྗོད་པར་བྱ་བ་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དམིགས་པའི་རྐྱེན་ཁོ་ན་ཀུན་གྱི་སྒྲས་བཤད་དོ། །ཞེས་རིགས་པར་བྱའོ། །དེ་ལས་ཀྱང་དོན་འདིར་འགྱུར?་ཏེ། གལ་ཏེ ་ཆོས་ཀུན་ཕྱིས་རང་བཞིན་ཅན་གྱི་རྐྱེན་བརྗོད་ན་ནི་ཏེ། གལ་ཏེ། དམིགས་པའི་རྐྱེན་བརྗོད་ན་ཞེས་པ་ཇི་སྤིད་བའོ། །དེས་ན་དེ་བརྩན་པར་བྱ་བ་མ་ཡིན་ནོ། །གང་གིས་དམིགས་པའི་རྐྱེན་དང་འབྲེལ་པ་ཅན་ཉིད་ཀྱིས་ཤེས་པ་བསྟན་པར་བྱ་བ་དེ་དེ་ཁོ་ན་ལས་བྱུང་བ་མ ་ཡིན་གྱི། འོ་ན་ཅེན་རྐྱེན་གཞན་ལས་ཀྱང་སྟེ། བཞི་ཡིས་སེམས་དང་སེམས་བྱུང་རྣམས་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྐྱེན་ངེས་པའི་ཕྱོགས་ལ་གྲུབ་པའི་མཛའ་དང་མགལ་བ་གསལ་བར་བྱས་སོ། །དམིགས་པ་ངེས་པའི་དབང་དུ་བྱས་ཏེ་གསུངས ་པ། དམིགས་པའོ་ཞེས་ཞེས་པ་ལ་སོགས་པ་སྟེ། འདི་ལ་མཚན་ཉིད་ཧ་ཅང་ཁྱབ་པ་ཉིད་དུ་གསུངས་སོ། །ཡུལ་ཙམ་ཞེས་པ་འདིར་གང་དེའི་ཚ་ཉེ་བར་གྱུར་བའི་གཟུགས་ལ་སོགས་པའི་གསལ་བ་དེ་རྣམ་པར་ཤེས་པའི་དམིགས་པ་བ་ཉིད་ཀྱིས་ན་ཡུལ་གྱི་སྒྲས་བརྗོད ་པར་བྱའོ། །ཙམ་གྱི་སྒྲ་དམིགས་པ་གཞན་རྣམ་པར་གཅོད་པར་བྱེད་དོ། །དྲན་པ་ལ་སོགས་པའི་ཤེས་པ་ཡང་གཟུགས་ལ་སོགས་པ་རྣམས་ཀྱིས་བསྙད་བྱེད་ཏེ། གཟུགས་དྲན་ནོ། །སྐྱུར་བ་མངོན་པར་འདོད་དོ། །མི་རྗེས་སུ་དཔག་གོ་ཞེས་སོ། །དམིགས་པ་གཞན་ལ་མི ་བལྟོས་པ་ཡང་སྟེ། དེའི་ཕྱིར་དེ་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །འདིར་འགྱུར་མོད་ཀྱི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱིས་ཤེས་པ་ནི་མེ་ཙམ་ལས་སྐྱེ་བ་མ་ཡིན་གྱི། འོན་ཀྱང་ཕྱོགས་ཀྱི་ཆོས་ཉིད་དང་འབྲེལ་པ་ཤེས་པ་ལས་ཀྱང་ངོ། །དེས་ན་ཐལ་བར ་འགྱུར་བ་འདི་ཅིའི་ཕྱིར་ཞེ་ན་གསུངས་པ་མེ་ལ་སོགས་པའི་ཤེས་པ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་དེ་དོན་གཞན་ལ་ཀྱང་སྐྱེ་ཡོད་དེ་ལྟ་ན་ཡང་དོན་གཞན་དེ་དེ་དམིགས་པ་མ་ཡིན་ལ། དེ་ལས་ཀྱང་དམིགས་པ་གཞལ་མི་ལྟོ་བར་སྐྱ་བ་ཉིད་ཀྱི་ཕྱིར་ཅིས་དེ་མངོན་སུམ་ལན་པར ་པར་འགྱུར། འོ་ན་གལ་ཏེ་ཡུལ་གང་གིས་ཤེས་བ་གང་ཐ་སྙད་བྱ་བ་དེ་གལ་ཏེ་དེ་ལས་འགྱུར་ན་ཡིན་གྱི་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་པའི་རས་པ་འདི་ཡང་འདིར་མངོན་བར་འདོད་པ་མ་ཡིན་ནམ། དྲན་པ་ལ་སོགས་པ་རྣམས་ནི་དམིགས་པ་གང ་གིས་ཐ་སྙད་བྱེད་པ་དེ་ལས་སྐྱེ་པ་ཡང་མ་ཡིན་ཏེ། དེ་མེད་པ་ཉིད་ཀྱི་ཕྱིར་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། བརྒྱུད་ལས་ཀྱང་དེ་ལས་སྐྱེ་བ་མངོན་པར་འདོད་པའི་ཕྱིར་རོ། །རྣམ་པ་གཞན་དུ་ན་འདི་ཅི་ལྟར་སྤྱར། གང་རྩོད་པ་སྒྲུབ་པ་རྗེས་སུ་དཔག་པའི ་ཤེས་པ་ཡང་འདི་ཁོ་ན་ལས་གསལ་ཏེ། དུ་བའི་ཤེས་པ་དང་འབྲེལ་བ་དྲན་པ་དག་ལས་ཀྱང་དེ་འགྱུར་གྱི། །མེ་ཁོ་ན་ལས་མ་ཡིན་ནོ་ཞེས་བཤད་པ་ལ། འདིས་ནི་དུ་བའི་ཤེས་པ་དང་འབྲེལ་པ་དྲན་པ་དག་ལས་དང། ཡང་གི་སྒྲ་ལས་མེ་ལས་ཀྱང་དེ་འབྱུང་ངོ། །ཞེས ་བརྗོད་བར་འགྱུར་རོ། །དེ་འདི་ཅི་ལྟར་རིགས་ཏེ། གལ་ཏེ་ཐ་སྙད་བྱེད་པའི་རྒྱུ་ནི་བརྒྱུད་བས་ཀྱང་འདིར་སྐྱེད་པར་བྱེད་པ་ཉིད་དུ་འདོད་སྟེ། གཞན་དུ་ན་གསལ་ཏེ་དྲན་པ་ལ་སོགས་པ་རྣམས་ཀྱིས་ཐ་སྙད་བྱེད་པའི་རྒྱུ?་ཡུལ་དེའི་ཚེ་མེད་པ་ཉིད་ཀྱི་ཕྱིར་སྐྱེད་པར་བྱེད ་པ་མ་ཡིན་པ་ཉིད་ཡིན་ནོ། །དེ་འདི་རྗེས་སུ་དཔག་པ་ལ་ཡང་སྐྱེད་བར་བྱེད་པ་མ་ཡིན་པ་ཉིད་མཚུངས་པའོ་ཞེས་པས་ཚིག་འདི་སྦྱར་བར་བྱ་བ་མ་ཡིན་བར་འགྱུར་རོ། །ཅི་སྟེ་དྲན་པལ་སོགས་པ་རྣམས་ཀྱི་ཡུལ་བརྟགས་པ་སྦྱི་ནི་ཐ་སྙད་བྱེད་པའི་རྒྱུ་ཡིན ་ཞིང་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་ཉིད་ཀྱི་ཕྱིར་སྐྱེད་པར་བྱེད་པ་ཉིད་མ་ཡིན་པ་ཉིད་དེ། དེའི་ཕྱིར་དེ་རྣམས་མངོན་སུམ་ཉིད་མ་ཡིན་ནོ་ཞེས་འདོད་ན། འདིར་ཡང་འདི་ཁོ་ན་ལན་ནོ། །དེ་ལྟར་ནི་རྗེས་སུ་དཔག་པ་ཡང་ཀུན་རྫོབ་ཏུ་ཡོད་པ་དོན་ལ་དམིགས ་པ་སྟེ། དེ་ལས་ཀྱང་གང་དུ་བའི་ཤེས་པ་དང་འབྲེལ་བ་དྲན་པ་དག་ལས་ཀྱང་དེ་འགྱུར་གྱི་མི་ཁོ་ན་ལས་མ་ཡིན་ཞེས་བརྗོད་པ་དེ་མི་རིགས་པར་འགྱུར་རོ། །དེའི་ཕྱིར་ཧ་ཅང་ཁྱབ་པའི་སྐྱོན་གནས་པ་ཁོ་ནའོ། །འདིར་སྨྲ་བ་གཉིས་དག་ཏེ། ཤེས ་བྱ་ནད་གིས་སྨྲ་བ་རྣམས་དང། ཕྱི་རོལ་གྱི་ངོན་སྨྲ་བ་རྣམས་སོ། དེ་ལ་ཤེས་བྱ་ནང་གིར་སླ་བ་རྣམས་ཀྱི་ནི་དེ་ཁོ་ན་ཉིད་མ་མཐོང་བའི་གནས་སྐབས་ན་ཚད་མ་གཞལ་བྱ་ཡིན་གྱི། དེ་ཁོ་ན་ཉིད་དུ་ཡོངས་སུ་མ་གྲུབ་པ་ཁོ་ན་སྟེ། ཚད་མ་དང ་གཞལ་བྱའི་རྣམ་པར་བཞག་པ་བསྟན་པ་འདི་ནི་འཁྲུལ་པ་རྣམས་ཀྱི་ཇི་ལྟར་མཐོང་བ་བཞིན་འབའ་ཞིག་གོ། འདི་ཡང་སྔར་ཁོ་ནར་བསྒྲུབས་ཟིན་ཏོ། །ཕྱི་རོལ་གྱི་དོན་སྨ་བ་རྣམས་ནི་དོན་དམ་པ་ཁོ་ནར་ཕྱི་རོལ་གཞལ་བར་བྱ་བ་དང་དེའི་ཡུལ ་ཅན་གྱི་ཚད་མ་ཡང་འདོད་དོ། །དེ་ཡང་ཇི་ལྟར་མི་རིགས་པ་དེ་ལྟར་བསྒྲུབ་བའི་ཆེད་དུ་ནི་དམིགས་པའི་དབང་དུ་བྱས་པས་རྣམ་པར་དཔྱོད་པར་ཙམ་གསུངས་པ། གཟུགས་ལ་སོགས་པ་རྣམས་ལ་ནི་དམིགས་པའི་དོན་བརྗོད་པར་བྱ་ན་ཞེས ་པ་སྟེ། གདོན་མི་ཟ་བར་འདི་ནི་ལྟར་ཤེས་པར་བྱ་སྟེ། གང་རྣམ་པར་རྩོད་པར་བསྒྲུབ་པ་སུན་དབྱུང་པའི་ཆེད་ཁོ་ནར་རྩོམ་པ་འདི་འོ་ཞེས་སེམས་པ་དེ་རྣམས་ཀྱིས། རང་གིས་རིག་བྱ་བསྟན་བྱ་མིན། ངོ་བོ་དབང་པོའི་སྤྱོད་ཡུལ་ལོ། །ཞེས་གང་བཤད་པ་འདིར་སྤྱོད་ཡུལ ་གྱི་དོན་བཤད་པར་བྱ་སྟེ། ཅི་གང་སྣང་བ་དེ་ལ་ཤེས་པ་སྐྱེ་བ་དེ་དེ་ལྟར་སྤྱོད་ཡུལ་ཡིན་ནམ། ཞེས་པ་ལ་སོགས་པ་རྗེས་སུ་སྦྱོར་བ་མཚུངས་སོ་ཞེས་ཕྱིར་བསྒྲུབ་པར་བྱའོ། །དེའི་ཕྱིར་ཁོ་ནར་ཕྱི་རོལ་གྱི་དོན་ལ་བརྟེན་པ་ཅན་ཚད་མ་ལ་སོགས་པའི་རྣམ་པར་བཞག ་པ་མི་འཐད་དོ་ཞེས་སྒྲུབ་པའི་ཆེད་དུ་རྩོམ་པ་འདིའི་ཞེས་རིག་པར་བྱའོ། །དེ་ལ་ཡང་ཕྱི་རོལ་གྱི་དོན་སྨྲ་བ་རྣམས་ལ་སྟོབས་ལྡན་ནི་རང་གི་སྡེ་པ་རྣམས་ཏེ། དེ་རྣམས་ངེས་པར་བཅོམ་པ་ན་ཅིག་ཤོས་རྣམས་ངེས་པར་བཅོམ་པ་ཁོ་ནར་འགྱུར་ཏེ། གཙོ་བོའི ་དཔུང་བཅོམ་པ་ན་དེ་ལས་གཞན་པའི་དབུད?་རྣམས་བཞིན་ནོ་ཞེས་པས་དེ་རྣམ་ཁོ་ནར་དང་ལྷ་ན་ཅིག་རྣམ་པར་དཔྱོད་པར་བྱེད་དོ། །དམིགས་པའི་དོན་ཅེས་པ། དམིགས་པའི་སྒྲའི་དོན་ནོ། །ཅི་གང་སྣང་བ་ཞེས་པ་འདིས་གཟུགས་ལ་སོགས་པའི་རྡུལ ་ཕྲ་རབ་རྣམས་སོ་སོར་རང་གི་ངོ་བོས་སྣང་བ་མེད་པའི་ཕྱིར་དང་ཚོགས་པའི་རྣམ་པར་ཡང་དེ་རྣམས་ལ་རྣམ་པར་ཤེས་པ་སོ་སོར་སྣང་བའི་ཕྱིར་ནས་ང་བའི་དོན་དམིགས་པའི་དོན་དུ་སྟོ་ནི་ཏོ། །ཅི་སྟེ་ཇི་ལྟར་ཞེས་པ་ལ་སོགས་པས་རྒྱུའི ་དོན་ནོ། །ཇི་ལྟར་ཡོད་བ་ཞེས་པ་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་དུའོ། །གཞན་སྣང་བའི་ཡང་ཞེས་པ་ཚོགས་པ་སྣང་པའི་ཡང་ངོ། །གལ་ཏེ་ཡང་རང་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་འང་ཞེས་པ་ཡང་གི ་སྒྲའི་དོན་ཏོ། །བསགས་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་ཞེས་པ་ཚོགས་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་བསགས་པ་སྟེ་སོགས་པའོ་ཞེས་བྱས་ནས་སོ། །སོགས་པ་ཡང་ཚོགས་བའོ། །བསགས་བ་ལ་དམིགས་པ་ཉིད་ནི་དེ་རྣམས་ནི་ཚོགས་པར་སྣང་བ་ཉིད ་ཀྱི་ཕྱིར་རོ། །ཡང་ན་བསགས་པ་ཉིད་དུ་དམིགས་པ་ཉིད་ཀྱི་ཕྱིར་ཅེས་བ་སྟེ། ཚོགས་པར་སྣང་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ནོ། །འདིས་དམིགས་པའོ་ཞེས་བྱེད་པའི་བྱེད་པར་བྱས་ནས་སྣང་བ་དམིགས་པའི་སྒྲུས?་བརྗོད་དོ། །ཀུན་རྫོབ་ཏུ་ཡོད་པ་ཁོ་ན་ལ་དམིགས་པ་ཞེས་པ་མངོན་སུམ ་པ?་ཡིན་པ་ཉིད་དོ་ཞེས་པ་ལྷག་མའོ། །ཀུན་རྫོབ་ཏུ་ཡོད་པ་ལ་དམིགས་པ་ཉིད་ནི་ཚོགས་པ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་གང་ཀུན་རྫོབ་ཏུ་ཡོད་པ་ལ་དམིགས་པ་དེ་མངོན་སུམ་མ་ཡིན་ཏེ། དྲན་པ་ལ་སོགས་པ་བཞིན། དབང་པོའི་ཤེས་བ་ཡང་དེ་ལྟ ་བུའོ་ཤེས་ཁྱབ་བྱེད་དང་འགའ་བའ་ཨི་ཐལ་འགྱུར་གསུངས་སོ། །འོ་ན་དེ་ནི་རྫས་སུ་ཡོད་པ་ཁོ་ནའི་རྡུལ་ཕྲ་རབ་རྣམས་ཀྱི་རྣམ་པ་མ་ཡིན་ནམ། དེ་རྣམས་ཁོ་ན་ནི་ཕན་ཚུན་ཕན་བཏགས་པ་རྣམས་དེ་ལྟར་སོ་སོར་སྣང་ངོ་ཞེས་པས། རྣམ་པ་དུ་མའི་དོན་དུ་སྨྲ་བ ་ལ་ནམ་ཡང་མ་གྲུབ་པ་ཉིད་བརྗོད་པའོ་ཞེས་དོགས་པ་ལ་གསུངས་པ། འདོད་པ་ཞེས་པ་ལ་སོགས་པ་སྟེ། འདོད་པ་ཞེས་པ་ལས་ལེན་པ་ལའོ། སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པ་རྣམས་ལ། དོན་དེ་ལས་ཞེས་པའི་མཚན་ཉིད་འདི་ལས་ཁྱོད་ཀྱི ་ལུགས་ཀྱི་མངོན་སུམ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། །དེ་ལྟར་ནི་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ལ་ཞེས་པ་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་ལའོ། །དེ་ཚོགས་པ་ལ་བཏགས་པར་ཡོད་ན་ཡང་ཞེས་པ་སྔོན་པོ་ལ་སོཊ་བའི་རྡུལ་ཕྲ་རབ་ཚོགས་པས ་གལ་ཏེ་ཡང་དེ་བཏགས་པར་ཡོད་པ་དེ་ལྟ་ན་ཡང་སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་བ་རྣམས་ལ་རྫས་སུ་ཡོད་པའི་རྣམ་པར་ཐོབ་སྟེ་ཁྱེད་ཀྱི་མངོན་བར་འདོད་པའི་རིགས་པའོ། །ཡང་ན་དེ་རྣམས་ལ་ཞེས་བ་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལ་རྫས་སུ་ཡོང་བའི་རྣམ་བ་ཐོག། རྫས་དང་གྲངས ་ལ་སོགས་པའི་རྣམ་པ་རྣམས་ལ་ཡང་ཐོབ་པོ་ཅེས་པ། གལ་ཏེ་རྡུལ་ཕྲ་རབ་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་ཚོགས་པའི་རྣམ་པ་དོན་དམ་པར་ཡོང་བ་ཉིད་ཡིན་ན། རྫས་དང་གྲངས་ལ་སོགས་པ་རྣམས་ཀྱང་རྡུལ་ཕྲ་རབ་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་དོན ་དམ་པར་ཡོད་པ་ཉིད་དུ་འགྱུར་རོ། །དེ་ལས་ཀྱང་དེའི་རྣམ་པ་མ་ཡིན་གྱི་རྣམ་པར་ཤེས་པ་མངོན་སུམ་ལྟར་སྣང་དུ་མངོན་པར་འདོད་པ་ཡང་མངོན་སུམ་དུ་འགྱུར་རོ། །དེ་ལ་ཡང་རིགས་པ་འདི་སྨྲ་བར་ནས་ཏེ། དེ་རྣམས་ཁོ་ན་ཞེས་པ་ལ་སོགས་པ་གང་སྨྲས ་པའོ། །ཅི་སྟེ་ཇི་ལྟར་ཞེས་པ་ལ་སོགས་པ་ཕྱོགས་གཞན་ཉེ་ལང་དགོང་པའོ། །དེ་ལྟར་གྱུར་ན་ཞེས་པ་ལ་སོགས་པ་ནི། །རྫས་ལ་སོགས་པ་རྣམས་ལ་གང་ཤེས་པ་དེ་མངོན་སུམ་ཉིད་དུ་ཐལ་བ་མེད་དོ་ཞེས་པའི་དོན་ནོ། །ཅིའི་ཕྱིར་ཞེ་ན། གསུང་པ ་དེ་ལྟར་དེ་རྣམས་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཞེས་པ་བུམ་པ་ལ་སོགས་པའི་ངོ་བོར་རོ། །དེ་རྣམས་ཞེས་བ་རྫས་ལ་སོགས་པ་རྣམས་སོ། །དེ་རྣམས་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་བཞིན་དུ་དེ་ཁོ་ན་ཉིད་དུ་ཡོང་བ་མ་ཡིན་ཞིང། །བུམ་པའི་ཤེས ་པ་གཉིས་ཉིད་ཀྱི་ཤེས་བ་ཞེས་དེ་རྣམས་ཀྱིས་ཀྱང་ཤེས་པ་ཐ་སྙད་དུ་བྱེད་དོ། །དེ་ལས་དེ?་སྐྱེ་བ་ཡང་མ་ཡིན་ཏེ། དེ་རྣམས་དེ་ཁོ་ན་ཉིད་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེའི་ཤེས་པ་མངོན་སུམ་ཉིད་དུ་ཐལ་བ་མ་ཡིན་ལ། ཀུན་རྫོབ་ཏུ་ཡོད་པ་ལ་དམིགས ་པ་ཉིད་ཀྱང་མ་གྲུབ་པོ། །གང་གི་ཕྱིར་རང་གི་ངོ་བོས་རྡུལ་ཕྲ་རབ་རྣམས་དམིགས་པ་ཉིད་ལ་ནི་དབང་པོའི་ཤེས་པ་ཀུན་རྫོབ་ཏུ་ཡོང་བ་ལ་དམིགས་པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་སྐྱོན་ཅི་ཞེ་ན་གསུངས་པ། དེ་ལྟར་ན་ནི་ཞེས་པ་ལ་སོགས་པའོ། ། ་མ་ཡིན་ཞེས་པ་ལ་སོགས་པས་འདི་ཁོ་ན་ལ་ཐད་པ་གསུངས་ཏེ། །གལ་ཏེ་རྡུལ་ཕྲ་རབ་རྣམས་ལ་སོ་སོར་ཤེས་པར་འགྱུར་ན། དེ་ལྟར་གྱུར་ན་རྡུལ་ཕྲ་རབ་རེ་རེས་དེ་ཐ་སྙད་བྱེད་བར་འགྱུར་ལ། དེ་ལས་ཀྱང་དེ་རྣམས་སོ་སོར་ཤེས་པའི་རྒྱུ་དང་དེ་རྣམས ་ཀྱིས་སོ་སོར་དེ་ཐ་སྙད་བྱེད་པར་འགྱུར་རོ་ཞེས་བ་དེ་ལས་དམིགས་པའི་ཤེས་པ་མངོན་སུམ་ཉིད་དུ་ཐོབ་ན་དེ་གྱུར་ཡང་མ་ཡིན་ནོ། །དེའི་ཕྱིར་གང་གིས་དེའི་ཐ་སྙད་བྱེད་པ་ཞེས་བ་འདི་ཐོབ་པ་མ་ཡིན་ནོ། །ཅི་སྟེ་འདུས་པ་སྣང་བ་ཉིད་ལས་དེའི་ཐ་སྙད་བྱེད་པར་འདོད་ན།། ་རྡུལ་ཕྲ་རབ་རྣམ་ཀྱང་འདུས་པའི་གནས་སྐབས་ཁོ་ན་བ་ན་ཚུན་པ་ན་བཏགས་པ་ཤེས་པའི་རྒྱུ་རྣམས་ཏེ། དེའི་ཕྱིར་གང་གི་དེ་ཐ་སྙད་དུ་བྱ་བ་དེ་ཁོ་ན་ལས་སྐྱེ་བོ་ཞེས་པས་སྔོན་པོ་ལ་སོགས་པའི་ཤེས་པ་རྣམས་མངོན་སུམ་ཉིད་དུ་གྲུབ་བོ་ཞེས་གསུངས་བ་མོན? ་སོ་བ་ཡང་ཞེས་པ་ལ་སོགས་བ་སྟེ། འདུས་པའི་གནས་སྐབས་ན་དེ་སོས། །ཁོ་ན་རྒྱུའོ་དངོས་པོ་སྟེ་ཚོགས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེས་ན་གྲིགས་དེའི་ཐ་སྙད་བྱེད་པ་ཞེས་འདི་ཐོབ་པ་མ་ཡིན་ནོ་ཞེས་པ་ཐལ་བར་འགྱུར་བ་དེ་ཁོ་ནའོ། །གང ་སྨད་དེ་ནི་དེ་ལས་མིན་ཞེས་པ་ཆོགས་པའི་སྣང་བའོ། །ཅིའི་ཕྱིར་མི་འགྱུར་ཞེན་སུངས?་པ། ལྔ་པོ་བས་གས་པ་དམིགས་པའི་ཕྱིར་ཅེས་པ་སྟེ། ཆོགས་པར་སྣང་བས་ས་ཞེས་པའི་དོན་ཏོ། བྱེད་པའི་ཀྭར?་ཀུ་རུ་བྱས་ནས་སྣང་བ་ནི་དམིགས་པའི་སྒྲ་ས་བརྗོད་དོ། །གང ་ལས་དེ་ནི་དོན་དམ་པར། ཞེས་པས་རྡུལ་ཕྲ་རབ་ལས་སོ། །དེ་ལ་ཐ་སྙད་དུ་མ་བྱས་ཞེས་པ་དེ་སྣང་བ་མ་ཡིན་པ་ཉིད་ཀྱིས་དེ་མ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དོན་གྱི་ཚུལ་གྱིས་དཔེན་པ་ཞེས་པ་འལ་སོགས་པ་སྟེ། ཤེས་པ་ཐམས་ཅད་ནི་གཟུགས་གྱི་ཤེས་པ་སྒྲའི་ཤེས? ་པ་ཞེས་པ་ཡུལ་གྱིས་ཐ་སྙེད་སྟོན་པ་མཐོང་སྟེ། ཡུལ་གྱི་ཚུལ་དང་བྲལ་བ་ནི་དེ་ཐ་སྙད་བསྟན་པར་མ་ནི་སོ། །འོ་ན་ཤེས་པའི་?་ཞེས་ཡུལ་མེད་པར་ཡང་ཐ་སྙད་སྟོན་པ་མཐོད་བ་མ་ཡིན་ནམ་མ་ཡིན་ཏེ། དགོངས་པ་ཡོང་སུ་མི་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཡང་འདི་ལ་དགོངས་པ་ཆི? ་ཡིན་ཞེ་ན། ཡུལ་དང་འབྲེལ་བ་ཅན་ཉིད་དུ་དོན་བྱི་ཚུལ་གྱིས་དཔེན་པར་བཤད་པར་ནུས་པ་མ་ཡིན་ཞེས་པ་འདི་དགོངས་བའོ། །དེ་ལྟར་ནི་དོན་གང་གིས་ཤེས་པ་གང་ཐ་སྙད་བྱེད་པ་ནི། གལ་ཏེ་དེ་ལས་དེ་སྐྱེ་ན་ལོ་ཞེས་པ་འདེ་ཡུལ་དང་དབྱད?་པའི་སྐབས་ཉིད་ཏེ། གཞན་དུ་ན་ཤེས་པ་ཞེས་སྟོན་པ་པོ་ན་སྟེ་ཅི་སྟེ་དེ་སྐད་སྨ? ་དེའི་ཚེ་ཡུལ་གྱི་ཚུལ་གྱི་ས་འདི་ཐ་སྙད་བྱེད་པར་འགྱུར་རོ་ཞེས་གསུངས་པ། འདི་ཡང་ཡུལ་ཅེས་པ་སྟེ། སྤྱིའི་ཚུལ་གྱིས་གཟུགས་ཉིད་ལ་སོགས་པས་བསྟན་པར་བྱ། སྤྱི་ཡང་བཏགས་པ་བློ་ལ་གནས་པ་ཁོ་ན་སྟེ། དབང་པོའི་ཡུལ་དུ་མངོན་པར་འདོད་པའི་དངོས་པོ ་ལ་ཡོད་པ་ལ་མ་ཡིན་ནོ། །དེ་ཅི་ལྟར་དེ་ལྟར་དེ་ལ་ཐ་སྙད་བྱས་པ་ན་དེ་ཐ་སྙད་དུ་བྱས་པར་འགྱུར། དེས་ན་གང་གིས་ཐ་སྙད་བྱ་བ་ཞེས་པ་དེ་མི་སྲིད་དོ་ཞེས་སྟོན་པ་གསུངས་པ། དེའི་ཕྱིར་ཐ་སྙད་དུ་མི་བྱ་ཞེས་པའོ། །འོ་ན་ཐ་སྙད་དུ་བྱ་བ་མ་ཡིན་པའི་དངོས་པོ་ཡང་མཐོང་བྱ་དང ་སྡམ?་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་ལག་པར་ཞེན?་པ་མ་ཡིན་ནམ། དེ་ནི་དངོས་པོ་ཉིད་དུ་ཐ་སྙད་བྱེད་པ་པོ་རྣམས་ཀྱིས་ཐ་སྙད་དུ་བྱེད་ཏེ། ཁྱོད་ཀྱིས་ཀྱང་གདོན་མི་??་བར་འདི་??་བླར་བར་བྱའོ། །རྣམ་པ་གཞན་དུ་ཐ་སྙད་བྱེད་པ་མི་རིགས་པའི་ཕྱིར་རོ ་ཞེ་ན། གལ་ཏེ་མཐོང་བར་བྱ་བ་ཕྱི་རོལ་ཅུང་ཟད་ཏུ་གྱུར་ན། འདི་དེ་ལྟར་འགྱུར་མོར། དེ་ཡང་མེད་དོ། །དམིགས་བའི་མཚན་ཉིད་མི་རུང་བའི་ཕྱིར་རོ་ཞེས་པས་འདི་ནི་ལན་མ་ཡིན་པ་ཁོ་ནའོ། །འོ་ན་དོན་འདི་བརྗོད་ཟིན་པ་ཁོ་ན་མ་ཡིན་ནམ། དེ་ཅིའི་དུ་སླར་ཡང ་བརྗོད་ཅེ་ན། དགོས་པ་ཡོད་ཏེ། སྔར་ནི་རྡུལ་ཕྲ་རབ་རྣམས་ཀྱི་རྡུལ་ཕྲ?་རབ་ཀྱི་ངོ་བོ་ཀུན་ཏུ་ཕྲ་མོ་ཁོ་ནའི་དབང་དུ་མཛད་ནས་དོན་འདི་བཤད་ལ། དེ་ལྟ་ནི་དེ་རྣམས་ཁོ་ནའི་གངར་གས་པ་ཚོགས་པའི་རྣམ་བདེའི་དབང་དུ་བྱས་ནས་བརྗོད་དོ། །སྔར་ནི་རྫས་སུ ་ཡོད་པ་དེ་རྣམས་ཁོ་ནའི་དེའི་ངོ་བོ་ཞེས་རྣམ་པ་དུ་མའི་དོན་དུ་སྨ་བའི་ལུགས་སུ་དོགས་ནས། དེ་བལྟ་བྱ་ཉིད་རང་བརྗོད་བར་བྱ་བ་ཉིད་ཀྱང་ཁས་བླངས་ནས། སྐྱོན་གཞན་བརྗོད་པར་བཞེས་པས་མངོན་སུམ་ཉིད་རྗེས་སུ་གནང་ལ་ད་ལྟ་ནི་དེ་ཡོད་ན་ཡང་དེ་ཡང་ལྟར ་མི་རུང་བ་ཉིད་ཀྱིས་བརྗོད་བར་བྱ་བ་མ་ཡིན་བ་ཉིད་ཀྱི་ཕྱིར། ཅིའོ་ཕྱིར་ངོན་སུམ་ཉིད་ཡིན་ཞེས་སྒྲུབ་པའི་ཆེད་དུ་འདི་བརྗོད་པའོ། །ཡང་དེའི་བལྟར་མི་རུང་བ་ཉིད་ཀྱང་ཅི་ལྟར་ཞེ་ན། འདི་ལྟར་དོགས་ཏེ། རྣམ་པ་ཐམས་ཅད་དུ ་དུ?་རང་གི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་གཟུང་བྱ་ཉིད་དུ་འགྱུར་རམ། འོན་ཏེ་རྣམ་པ་འགའ་ཞིག་གིས་ཡིན། གལ་ཏེ་བརྟག་པ་དང་པོ་ཡིན་ན་ཤེས་པ་ནི་རྣམ་པ་ཐམས་ཅད་དུ་དོན་གྱི་རང་བཞིན་ཉིད་ཐོབ་པའི་ཕྱིར་ཤེས་པ་མ་ཡིན་པ་ཉིད་དུ་ཐལ་ལོ། །ཅི ་སྟོ་གཉིས་པ་ཡིན་ན། མཚུངས་པ་དེ་མ་ཐག་པའི་འདས་པའི་ཤེས་པ་ནི། །གཞན་གྱི་ཡུལ་ཅན་གྱི་ཤེས་པའི་ཡང་གཟུང་བྱང་འགྱུར་ཏེ། གང་གི་ཕྱིར་དེ་ལ་ཡང་ཤེས་པ་ཉིད་སོགས་པའི་རྣམ་པ་འགའ་ཞིག་གིས་རང་སྣང་བའི་ཤེས་པ་ཡོད་པ་ཁོ་ནའོ་ཞེས་པའོ། །དེའི་ཕྱིར ་གཟུང་བྱའི་མཚན་ཉིད་མི་རིགས་ལ། དེ་ལས་ཀྱང་ཕྱིར་རོལ་གྱི་དོན་ལ་བརྟེན་པའི་ཚད་མ་ལ་སོགས་པའི་རྣམ་པར་བཞག་པ་རིག་པ་ཡིན་ནོ་ཞེས་པ་འདི་གནས་པའོ།། །།རིགས་པ་ཅན་རྣམས་ཀྱི་ནི་ཞེས་པ། གྲགས་པ་ལས་དང་བར་མཆད་པར་ཡང་དེའི་ལུགས་ཉེ ་པ་ལུང?་བའི་ཕྱིར་རྐང་མིག་པ་རྣམས་ཀྱི་ཞེས་རྟོགས་བར་བྱའོ། །དབང་པོ་དང་དོན་ཕྲད་ཕ་ལས་སྐྱེས་པ་ལ་སོགས་པ་སྟེ། དབང་པོ་རྣམས་ནི་སྣང་དང་ལྕེ་དང་མིག་དང་པགས་པ་དང་རྣལ?་བ་རྣམས་སོ། །དོན་རྣམས་ནི་དྲི་ལ་སོགས་པ་ལྔ་རྣམས་སོ། །དེའི་རྟེན་རྣམས་ནི་ལས་དང ་ཡོད་པ་ཉིད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཕྲད་པ་ནི་འབྲེལ་པ་ཡིན་ཏེ། དེ་ནི་རྣམ་པ་ལྔ་སྟོ། སྦྱོར་བད་ད་སྦྱར་བ་ལ་འདུ་བ་དང། སྦྱར་བ་འདུས་པ་ལས་འདུ་བ་དང། འདུ་བ་དང་འདུས་པ་ལས་འདུ་བའོ། །དེ་ལ་དབང་པོ་ནི་རྫས་ཐར་སྦྱོར་བའི་མཚན་ཉིད་ཀྱི ་འབྲེལ་བ་ཡིན་གྱི། གཟུགས་ལ་སོགས་པ་རྣམས་དང་མ་ཡིན་ནོ། །རྣམ་པ་གཞན་དུན་སྦྱོར་བ་ནི། གཉིས་ཀྱི་རྟེན་ཅན་ཉིད་ཀྱི་ཕྱིར། དེ་རྣམས་ཀྱང་ཡོན་ཏན་ཅན་དུ་འགྱུར་རོ། །ཡོན་ཏན་རྣམས་ནི་ཡོན་ཏན་མེད་པ་ཡང་ངོ། །དེའི་ཕྱིར་དབང་པོ་དང་ཡང་དག་པར་སྦྱོར་བ་ལས་རྫས ་??་བ་སྐྱེའོ། །གང་བདག་གི་ཡིད་དང་སྦྱར་བ་བྱ་བ་ཡིན་ཞིང། ཡང་ནི་དབང་པོ་དང་སྟེ་དབང་པོ་ནི་དོན་དང་ངོ། །འདིར་རྫས་དོན་དུ་མངོན་པར་འདོད་དོ། །རྗ་ས་ལེ་འདུས་བ་རྣམས་ལ་སྟེ། གཟུགས་ལ་སོགས་པ་ཡོན་ཏན་རྣམས་དང། དེ་བཞིན་དུ་རྫས་ཉིད་ལ་སོཊ་པ ་སྤྱིའི་ཁྱད་པར་རྣམས་པ་དང། ལས་ལོ་སྤྱར་བ་ལ་འདུ་བ་ལས་སོ། །གཟུགས་ཉིད་ལ་སོགས་པ་རྣམས་ལ་སྦྱར་བ་ལ་འདུས་པ་ལ་འདུ་བ་ལས་སོ། །དེ་བཞིན་དུ་ཡོན་ཏན་ཉིད་དང་ལས་ཉིད་དག་ལའོ། །སྒྱ་ལ་ནི་འདུ་བ་ལས་ཏེ། དེ་ནི་རྣ་བའི་ཤལ་ཀུ་ལཱི་ཡོངས་སུ ་བཅད་པ་ཆོས་དང་ཆོས་མ་ཡིན་པས་མངོན་པར་འདུས་བྱས་པ་ནམ་མཁའ་ཨི་ཡུལ་གྱི་མཚན་ཉིད་ཅན་རྣ་བའི་དབང་པོ་ལ་འདུས་བ་གཟུང་བར་བྱ་སྟེ། གང་རྣ་བ་ལ་སོགས་པ་དང་བར་ཚོང་བའི་ཡུལ་དུ་སྐྱེས་པ་དེ་མིད་ལ་འདུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་གཟུང་བྱ་མ་ཡིན ་པ་ཁོ་ནའོ། །ངེས་ནི་སྒྲ་གཞན་ཕྱོགས་ཐམས་ཅད་པ་རྣམས་བརྩམ་ཞིང། དེ་རྣམས་ཀྱིས་ཀྱང་གཞན་རྣམས་ཏེ། དེ་ལྟར་སྒྲོ་གཞན་རྣམས་གྱིས་བརྩམས་པ་སྒྲ་བརྒྱུད་པས་རྣ་བའི་དབང་པོ་ལ་གང་འདུས་པའི་སྒྲ་དེ་དབང་པོ་དང་འདུ་བ་ལས་འཛིན་པར་འགྱུར་རོ། ། ་གང་བདག་ནི་ཡིད་ཀྱིས་སྦྱར་བར་བྱ་བ་ཡིན་ལ། ཡིད་ཀྱང་རྣ་བས་སོ། །སྒྲའི་རིགས་ལ་ནི་འདུས་པ་ལ་འདུ་བ་ལས་སོ། །ཡོད་པ་ཉིད་རྫས་ལས་འདུས་བ་ནི་སྦྱར་བ་ལ་འདུ་བ་ལས་སོ། །ཡོན་ཏན་དང་ལས་ལ་འདུས་པ་ལ་ནི་སྦྱར་བ་ལ་འདུས་པ་ལ་འདུ་བ་ལས་སོ། །སྒྲ ་ལ་འདུས་པ་ལ་ནི་འདུས་པ་ལ་འདུ་བ་ལས་སོ་ཞེས་པ་སྟེ། དེ་ལྟར་འབྲེལ་བ་རྣམ་པ་ལྔ་ཤེས་པའི་རྒྱུའོ། །དེ་ལས་སྐྱེས་པ་སྟེ། མངོན་པར་གསལ་བ་མ་ཡིན་པའོ། །ཤེས་པ་ནི་མངོན་སུམ་སྟེ་ཞེས་པ་སྨོས་པ་ནི་བདེ་བ་ལ་སོགས་པ་རྣམ་པར་བཅད་པའི ་དོན་ཏོ། །ཐ་སྙད་དུ་བྱ་ཞིང། སྦྱོར་བར་རུང་བ་ལ་སོགས་པའི་རྟགས་ཀྱིས་ཤེས་པར་བྱ་བའོ་ཞེས་པ་ཐ་སྙད་དུ་བྱ་སྟེ་ཡུལ་ལོ། །འདི་ལ་ཐ་སྙད་བྱ་བའི་ཡུལ་ཡོད་པ་མ་ཡིན་པ་ཞེས་པ་ཐ་སྙད་དུ་བྱ་བ་མ་ཡིན་པའོ། །ཡང་ན་ཤེས་པ་དེ་ཁོ་ན་རང་གི་ངོ་བོས་ཐ་སྙད་དུ་བྱ་བ ་མ་ཡིན་པ་སྟེ། ངེས་པར་བསྟན་བྱ་མ་ཡིན་པའོ་ཞེས་པ་ཐ་སྙད་དུ་བྱ་བ་མ་ཡིན་པའོ། །སྨིག་རྒྱུ་ལ་སོགས་པའི་ཡུལ་ཅན་ནི་འཁྲུལ་པ་སྟེ། ཇི་ལྟར་ཆུ་ལ་སོགས་བའི་ངོ་བོ་ཉིད་དུ་གཟུང་བདེ་ལྟར་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་འབྲུལ་པ་ཡོད་པ ་མ་ཡིན་ནོ། ཞེས་པ་འཁྲུལ་པ་མེད་པའོ། །ཡང་ན་ཤེས་པ་དེ་ཉིད་ཏེ། །དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་པའོ། །ཞེ་ན་ལ་འདིའི་བདག་ཉིད་ཡིན་ཞེས་པ་ཞེན་པའི་བདག་ཉིད་དོ། །བདག་ཉིད་ཀྱི་སྒྲ་ནི་རང་བཞིན་བརྗོད་པར་བྱེད་པའོ། །ཡང་ན་འབྲས་བུ་བརྗོད ་པའོ་??་དབང་ངོན་ལས་བྱུང་ཞེས་པ། འདི་ལས་འབྱུང་ངོ་ཞེས་པ་བྱུང་བའོ། །དབང་པོ་དང་དོན་དག་འདིའི་འབྱུང་བྱེད་ཡིན་པའོ་ཞེས་ཚིག་སྦྱར་རོ། །དབང་པོ་དང་དོན་སྨོས་པ་ནི་དེ་ཕྲད་པ་ཉེ་བ་ཉེ་བར་མཚོན་པའི་དོན་ཏོ། །ཐ་སྙད་བྱ་སོགས་སྲིད་མ་ཡིན་ཅེས་པ་སྟེ། ་སོགས་པ་སྨོས་པ་ལས་འཁྲུལ་པ་ཉིད་དང་ཞེན་པའི་བདག་ཉིད་ཀྱང་ངོ། །གལ་ཏེ་མེད་ན་ཁྱད་པར་མི་རིགས་པ་ཅིའི་ཕྱིར་ཞེན། ཁྱད་པར་ནི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཐ་སྙད་དུ་བྱ་བ་མ་ཡིན་པ་ལ་སོགས་པའི་རང་བཞིན་དང་ཅིག་ཤོས་ཀྱི་རང་བཞིན ་དུ་ཡང་དབང་པོ་དང་ཕྲད་བ་ལས་སྐྱེས་པའི་ཤེས་པ་འགྱུར་ནོ། དེ་ལས་ཁྱད་པར་གསུམ་པོ་འདི་རིགས་སོ། །འདིར་ཡང་ན་ཐ་སྙད་དུ་བྱ་བ་མ་ཡིན་པ་དང། མ་འཁྲུལ་བ་ཞེས་པ་བྱད་པར་གཉིས་ནི་སིང་པ་ཁོ་ན་སྟེ། མི་འཁྲུལ་ལོ་ཞེན་པའི་བདག་ཉིད་ནི་སྲིད་པ་མ ་ཡིན་ན་ཁོ་ན་སྟེ། ངོ་ཁོ་ན་ཁྱད་པར་དུ་འགྱུར་ཏེ། གང་རྟེན་དེ་ལ་འགྱུར་ཞིང་དེ་ལ་ཡོད་པ་མ་ཡིན་པ་ཉིད་གྱི་ཕྱིར། དེ་ལའང་འཁྲུལ་པ་ལ་སྟེ། དཔེར་ན་ཨུཏཔ་ལའི་སྔོན་པོ་ཉིད་ལྟ་བུའོ། །དབང་པོའི་བློ་ལ་ཡོད་པ་ཡང་མ་ཡིན་ནོ་ཞེས་པ་སྟེ། གང་གི་ཚེ ་འབྲུ་མང་པོ་པའི་ཕྱོགས་ཡིན་པ་དེའི་ཚེ་འདི་བཤད་དོ། །འདི་མ་ནི་ཐ་སྙད་དུ་བྱ་བ་ཉིད་མི་སྲིད་པས་ན་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་མི་འཁྲུལ་པར་སྟོན་ཏོ། །ཅིའི་ཕྱིར་མེད་ཅེ་ན། གསུངས་པ། རྗེས་སུ་དཔག་པའི་ཡུལ་ཉིད་ཀྱི?་ཕྱིར?་ཞེས་པ་ལ་སོགས་པ ་སྟེ། ཐ་སྙད་དུ་བསྟན་བྱ་ནི་སྤྱི་ཡིན་གྱི། རང་གི་མཚན་ཉིད་ནི་མ་ཡིན་གྱི་ཏེ། དེ་སྔར་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །སྤྱི་དེ་ཡང་རྗེས་སུ་དཔག་པ་ཁོ་ནའི་ཡུལ་ཏེ། དུ་བ་ལ་སོགས་པ་རྣམས་ཀྱིས་སྔར་མཐོང་བ་དང་ཐུན་མོང་འང?་མེ་ལ་སོགས་པ་རྗེས་སུ་དཔོག་པའི ་ཕྱིར་རོ། མངོན་སུམ་གྱི་ནི་མ་ཡིན་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་ཡང་ཡུལ་ཐ་སྙད་དུ་བྱ་བ་མ་ཡིན་བར་འགྱུར་མོད་ཀྱི་ཤེས་པ་ནི་ཐ་སྙད་དུ་བྱ་བ་སྟེ། དེས་ན་ཐ་སྙད་དུ་བྱ་བ་ཉིད་ཡོད་ཅིང། དེ་ལས་ཀྱང་སྟེ། ་འཁྲུལ་པའི་བྱིར་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ཀྱི་ཁྱད་པར་རིགས་སོ། །ཞེ་ན་འདིར་ཡང་ཤེས་པ་དེ་ཁོ་ན་རང་གི་ངོ་བོས་གང་བསྟན་པར་བྱ་བ་ན་ཡིན་པ་དེ་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་དུ་རིགས་སོ་ཞེས་གསུངས་པ། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ལའང། ་འཁྲུལ་པ་མེད་བ་སྟེ་ཅེས་བ་སྟེ། ཅིའི་ཕྱིར་ཞེ་ན་གསུངས་པ། དབང་པོའི་བློ་ཞེས་པ་ལ་སོགས་པ་སྟེ། ཤེས་པ་ཐམས་ཅད་ནི་ཐ་སྙད་དུ་བྱ་བ་མ་ཡིན་པའི་རང་གི་ངོ་བོ་ཁོ་ན་ཡིན་པས་ན། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ལ་འཁྲུལ་པ་ཡོད་པ་མ་ཡིན་པ། ། ་ཁོ་ནའོ། །ཅི་སྟེ་ཅིའི་ངོ་བོས་ཀྱང་གང་བསྟན་བྱ་མ་ཡིན་པ་དེ་ཐ་སྙད་དུ་བྱ་བ་མ་ཡིན་བའོ་ཞེ་ན། དེ་ལྟ་བུ་ཡང་མི་སྲིད་པར་འགྱུར་ཏེ། ཤེས་པ་ཐམས་ཅད་ནི་སྤྱིའི་ཚུལ་གྱིས་ཐ་སྙད་དུ་བྱ་བ་ཁོ་ན་ཡིན་པས་སོ། །འདིས་ནི་དེའི་སྐྱེས་བུའི་ཕྱོགས་ལ་ཡང་སྐྱོན ་བཤད་དོ། །ཕྱོགས་ཅན་ལེན་པས་སྨྲ་བ་གང་གིས་རྟོགས་པར་བྱ་བཞིན་བ་ཐ་སྙད་ཀྱི་ཆེད་དུ་འགྱུར་བ་ཤེས་པ་ལ་མཚུངས་པར་སྟོན་པའི་སྒྲ་མེད་དེ། གཞན་ལ་ཞེས་བྱེད་པ་སྦྱར་བ་ལས་གཟུགས་ཞེས་ཤེས་པའོ། །ངོ་ཞེས་ཤེས་བའོ་ཞེས་ཡུལ་འབྲེལ་བའི ་སྒྲ་བྱེད་པའི་ཕྱིར་རོ། །དེའི་ཚེ་ཡང་བསྟན་པར་བྱ་བཞིན་པའི་སྒྲ་ལས་བྱུང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་གཅོད་པའི་དོན་ཅན་ཐ་སྙད་དུ་བྱ་བ་མ་ཡིན་པའོ་ཞེ་ན། སྨྲས་ལ། དོན་འཛིན་པའི་དུས་ན་ནི། །མཚུངས་པར་སྟོན་པའི་སྒྲ་བྱ་བ་མ་ཡིན་ན། དེའི་ཚེ་དེ་ཐ་སྙུང་བྱ ་བ་མ་ཡིན་པ་ཉིད་ཅིས་བས་དེའི་ཡང་ངེས་པར་བསྟན་པར་བྱ་བ་མ་ཡིན་པ་ཉིད་ལ་ཡང་འཁྲུལ་པ་མེད་དོ། །ཞེས་པ་འདི་ཉིད་ལན་ཏོ། །ཐ་སྙད་ཀྱི་དུས་ན་ཡང་ཤེས་བའི་རང་གི་ངོ་བོ་ཐ་སྙད་དུ་བྱ་བར་མི་ནུས་པའི་ཕྱིར་།རེ་ཞིག་ཡུལ་དེ་ཡང་རང་གི་?? ་བོར་ཐ་སྙད་དུ་བྱ་བར་མི་ནུས་ན་ཅི་ཞིག་ལས་ཡང་ངེས་གཞན་ཐ་སྙད་དུ་སྙོན། ཐ་སྙད་དུ་བྱ་བ་ལས་སྒྲ་ལས་བྱུང་བ་ཉིད་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་བརྗོད་བར་བྱ་བ་ཉིད་དུའོ་ཞེས་བས་འདི་ནི་མ་བརྟགས་བ་བརྗོད་བའོ། །འཁྲུལ་བའི་ཡུལ་ཉིད་ལ ་ཡང་མ་ཡིན་ཏེ། སྲིད་པ་ཡོད་པ་ཞེས་རྗེས་སུ་འཇུག་གོ། ཡིད་ནི་འཁྲུལ་བའི་ཡུལ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྐྱི་འཁྲུལ?་པ་ནི་དེ་ལྟར་ཡོད་པ་མ་ཡིན་པ་སྟེ། འདིས་ཇི་ལྟར་ཉེ་བར་དམིགས་པ་དེ་ལྟར་དེ་ཡོད་པ་མ་ཡིན་པ་ཉིད་དེ། ཇི་ལྟར་སྨིག་རྒྱུ་ལ་སོགས ་པའི་ཡུལ་ལྟ་བུའོ། །དེ་སང་ཤེས་པ་གང་ལ་རང་གི་ངོ་བས་སྣང་བ་དེ་ལ་བལྟོས་ནས་འཁྲུལ་པར་འགྱུར་བ་མ་ཡིན་པ་ཁོ་ན་སྟེ། གང་དུ་ཤེས་པ་ལ་དེ་ལྟར་བུ་མ་ཡིན་པའི་ངོ་བོས་སོ་སོར་སྣང་བ་དེ་ཁོ་ནའི་ངོ་བོར་འཁྲུལ་པ་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ ་འཁྲུལ་པ་ལ་ཡང་དེ་དེ་ལྟར་བུར་སཽ་སཽར་སྣང་སྟེ། དེ་ལྟར་ནི་ཆུ་ལ་སོགས་བའི་རང་བཞིན་མ་ཡིན་པ་འབྱུང་བ་འདུས་པ་ལ་ཡང་ཆུ་ལ་སོགས་པའི་ངོ་བོར་ལྟག་པར་ཞེན་བའི་ཡིད་ཀྱི་འཁྲུལ་པ་སྐྱེའོ། །དེའི་ཕྱིར་དེས་བརྟགས་པ་ཉིད་ལས་དེ་ཁོ་ནའི་ཡུལ ་དེ་ཡིན་གྱི་དབང་པོའི་ཤེས་པའི་ནི་མ་ཡིན་ནོ། །དེའི་ཕྱིར་དེ་རྣམ་པར་བཅད་པའི་དོན་དུ་འཁྲུལ་པ་མེད་པ་སྨོས་པར་བྱ་བ་མ་ཡིན་ནོ། །འོ་ན་དེ་མེད་ན་དབང་པོ་ཉེ་བར་བཅོམ་བ་ལས་སྐྱེས་པའི་གང་འཁྲུལ་པའི་ཡུལ་ཅན་ཟླ་བ་གཉིས་ལ་སོཊ་པའི་ཤེས་པ་དེ་ཡང་མངོན་སུཾ ་ཉིད་དུ་འགྱུར་བ་མ་ཡིན་ན། དེའི་ཕྱིར་དེ་བསལ་བའི་ཆེད་དུ་དེ་གདོན་མི་ཟ་བར་བྱའོ། །ཞེན་དེ་ཡོད་པ་མ་ཡིན་ཏེ། དོན་དང་ཕྲད་པ་སྨོས་པ་ཁྲོ?་ནས་ད?་སྲངས?་པའི་ཕྱིར་རོ། །གཞན་དུ་ན་དབང་པོ་ལས་སྐྱེས་པ་ཞེས་པ་འདི་ལྟར་བརྗོད་པར་བྱ་བར་འགྱུར་གྱི། དབང་པོ་དང་དོན་ཕྲད་པ་ལས་བྱུང ་བ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་ལ་རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་རོ། །འདི་ནི་འབྲུ་མང་པོ་པའི་དབང་དུ་བྱས་ནས་བརྗོད་བའོ། །གང་གི་ཚེ་ཤེས་པ་དེ་ཁོ་ན་རང་ཉིད་ལ་འཁྲུལ་པ་ཞེས་དེའི་སྐྱེས་བུ་ལ་ཕ་རོལ་པོ་རྣམས་ཀྱིས་བརྟེན་པ་དེའི་ཚེ་འདི་སྐད་སྨྲ་བར་བྱ་སྟེ། ་འཁྲུལ་བ་མེད་པ་ཉིད་ལ་འཁྲུལ་པ་མེད་དོ་ཞེས་པས་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་འཁྲུལ་པ་མ་ཡིན་ཏེ། ཡིད་ཀྱི་ཤེས་པ་ཁོ་ན་འཁྲུལ་པ་ཅན་ཉིད་ཀྱི་ཕྱིར་རོ། །ཟླ?་བ་གཉིས་ལ་སོགས་པའི་ཤེས་པ་ནི་ཕྲད་པ་ལས་སྐྱེས་པ་སྨོས་པ ་ཁོ་ནས་བསལ་ལོ། །སློབ་དཔོན་གྱིས་ནི་འདིར་དེའི་སྐྱེས་བུའི་ཕྱོགས་ལ་སྐྱོན་གསུངས་པ་མེད་ཏེ། ཕྱོགས་ཙམ་བསྟན་པ་ཁོ་ནས་སྔ་མའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ་ཞེས་བྱས་ནས་སོ?་ཞིན?་བན?་ཞེས་པ་ལ་སོགས་པ་ཁྱད་པར་མི་སྲིད་པར་གསུངས་སོ། ། ་དེ་མ་རྟགས་པར་ཞེས་པ་ངེས་པ་ནི་འདི་ལྟ་བུའི་ངོ་བོ་ནི་བ་ལང་ཁོ་ན་སྟེ། རྟ་མ་ཡིན་ནོ་ཞེས་བ་ཡིན་ཅི?། དེ་ཡང་ཇི་སྲིད་དུ་བ་ལང་ཉིད་ལ་སོགས་པའི་སྤྱི?་ལ་རྣམ་པར་རྟོག་པར་མི་བྱེད་པ་དང། དེས་དེ་དང་ལྡན་པར་སྦྱོར་བར་ཁྱེད་པ་དེ་སྲིད་དུ་ཉེ་བར་སྐྱེ་བ་མ་ཡིན་པ་ཁོ ་ནའོ། །སྣ་ལ་སོགས་པའི་ཤེས་པ་རྣམས་སྤྱི་ལ་སོགས་པ་སྦྱོར་བ་ལ་ནུས་པ་ཡོད་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར། ཐ་སྙད་ལ་སོགས་མི་མཁས་པའི་སྣ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ་ཞེས་པས་ཁྱད་པར་མི་སྲིད་དོ། ། ་རྣམ་པར་རྟོག་པ་མེད་པ་ཉིད་མ་གྲུབ་པོ་ཞེ་ན་མ་ཡིན་ཏེ། དེ་མངོན་སུམ་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་དོན་གཞན་ལ་རྣམ་པར་རྟོག་པ་ནི་ཡང་མིག་གིས་གཟུགས་མཐོང་ལ། རྣམ་པར་རྟོག་པ་གཉིས་ཅིག་ཅར་དུ་ཁས་བླང་བར་བྱ་བ་འམ་ཡང་དག་བང? ་མྱོང་བར་བྱ་བ་ཡང་མ་ཡིན་ཞེས་པས་ཅིའི་ཕྱིར་མ་གྲུབ་ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། དོན་ཇི་ལྟ་བ་མ་ཡིན་པའི་ཤེས་པ་ནི་ལོག་པའི་ཤེས་པའོ། །སོགས་པའི་སྒྲས?་ཐེ་ཚོམ་གྱི་ཤེས་པ་གཟུང་བར་བྱའོ། དོན་ཇི་ལྟ་བ་བཞིན་མ་ཡིན་པ་ལ་སོགས་པའི ་ཤེས་པ་དེ་བཟློག་པའི་ཆེད་དུ་ཞེན་བའི་བདག་ཉིད་ཅེས་བརྗོད་པར་བྱའོ། །འདི་སྐད་བསྟན་ཏེ། འདིར་ཞེས་པའི་སྦྲ་ངེས་པའི་རྣམ་གྲངས་པ་ཡིན་བྱི?་འོ་ན་ཅི་ཞེན་ཡང་དག་བའི་དོན་འཛིན་པའི་རྣམ་གྲངས་སོ། །ཞེན་བའི་བདག་ཉིད་ཅེས་བ་ནི་ཡང་དག་པའི་དོན ་འཛིན་པའི་རང་བཞིན་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཁྱད་པར་མི་རིགས་ཞེ་ན། གསུངས་པ། མི་འཁྲུལ་པའི་ཕྱིར་ཡང་ཞེས་པ་སྟེ། ཡང་གི་སྒྲ?་ལས་དབང་པོའི་བློ་ལ་དོན་ཇི་ལྟ་བ་ཉིད་མ་ཡིན་པ་མི་སྲིད་པའི་ཡང་ཕྱིར་རོ། །ཅིའི་ཕྱིར་མི་སྲིད་ཅེ་ན། གསུངས་པ་ཐམས་ཅད་ནི་ཞེས་པའི ་སོགས་པ་སྟེ། ཙམ་གྱི་སྒྲ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་འཛིན་པ་གསལ་བའི་དོན་ནོ། །རང་གི་དོན་སྨོས་པ་ཙམ་གྱིས་མི་སྲིད་པར་སྟོན་ཏོ། །གང་བཟློག་པའི་ཆེད་དུ་འདོད་པ་དོན་ཇི་ལྟ་བ་མ་ཡིན་པ་ཉིད་དེ་ནི་དབང་པོའི་ཤེས་པ་ལ་མི་སྲིད་པ་ཁོ་ནའོ། །གལ་ཏེར་དབང་པོའི་བློ་ཞེས ་སྤྱིའི་སྒྲ་ཡིན་པ་དེ་ལྟ་ན་ཡང་སྐབས་ལས་དབང་བའི་དང་དོན་ཕྲད་པ་ལས་སྐྱེས་པ་ཁོ་ན་ལས་འཇུག་སྟེ། མི་འཁྲུལ་པའི་ཕྱིར་ཞེས་པ་འདིས་འདི་བསྟན་ཏོ། །གལ་ཏེ་ཡང་རྨོངས་པ་སྲིད་པར་སེམས་ན། དེ་ལྟ་ན་ཡང་དེ་སྔར་ཁོ་ནར་གསལ་ལ་ཟིན་ཏེ། །མ་འཁྲུལ་པ་ཞེས ་པའི་ཁྱད་པར་འདི་ཡིས་སོ། །ངེས་ནི་ཞེན་པའི་བདག་ཉིད་ཀྱི་ཚིག་འདིས་ཅི་ཞིག་ཅེས་པའོ། །ཡང་ན་མི་སྲིད་པའི་ཕྱིར་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་མི་འཁྲུལ་བའི་ཕྱིར་ཡང་ངོ། །མི་འཁྲུལ་པ་དེ་ཐམས་ཅེད?་ནི་ཞེས་པ་ལ་སོཊ་པས་སྟོན་ཏོ། །འགའ་ཞིག་ཏུ་ཡང་གི ་སྒྲ་མི་འདོན་ཏེ། དེ་ལ་དོན་ནི། དེ་ལྟ་ན་ཡང་ཁྱད་པར་ཅི་ལྟར་མི་རིགས་ཞེ་ན། གསུངས་གམ་འཁྲུལ་པའི་ཕྱིར་ཞེས་པ་སྟེ། དོན་ཇི་ལྟ་བ་ཉིད་ཀྱི་དབང་པོའི་ཤེས་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འཁྲུལ་པ་མེད་པ་ཇི་ལྟར་ཞེ་ན་གསུངས ་པ། ཐམས་ཅད་ནི་ཞེས་པ་ལ་སོགས་པའོ། །འོ་ན་ཞེན་པའི་བདག་ཉིད་ཅེས་པ་འདིར་བདག་ཉིད་ཀྱི་སྒྲ་ན་འབྲིས་བུའི་རྣམ་གྲངས་མ་ཡིན་ནམ། དེ་ལས་ཀྱང་ཇི་སྐད་བཤད་པའི་སྐྱོན་མེད་དོ། །ཞེ་ན་གསུངས་པ་།འདིས ་ནི་ཞེས་པ་ལས་སོགས?་སྟེ། སོ་སོར་བརྗོད་དེ་སོ་སོར་སྤངས་སོ། །ཞེན་པའི་འབྲས་བུ་ཅན་ཞེས་པ་ཞེན་པ་འདིའི་འབྲས་བུའོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་ལྟར་སོ་སོར་བརྗོད་ཅེ་ན། གསུངས་པ་ཡོད་ན་ནི་མ་ཡིན་ཏེ་ཞེས་པ་ལ་སོགས་པ་སྟེ་།དབང་པོའི་བློའི ་དེ་མ་ཐག་པར་སྤྱིའི་རྣམ་པར་དོན་དུ་བློ་ལ་ཀུན་ནས་ཞེན་ཏེ། དེ་ལྟར་དེ་ལ་ཀུན་ནས་ཞེན་པ་མེད་པའི་མིང་དང་རིགས་ལ་སོགས་པར་སྦྱོར་བ་མི་སྲིད་པ་ཁོ་ནའོ། །དའི་དེ་མ་ཐག་ཏུ་འདི་ཅི་ཞེས་མངོན་པར་རྟོག་པའི་རྣམ་པར་རྟོག་པའོ། དེ་ལས ་སྔར་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བ་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེ་མ་ཐག་པའི་ངེས་པར་རྟོག་པའི་རྣམ་པར་རྟོག་པ་རེས་པའི་བདག་ཉིད་ཅན་དུ་འགྱུར་རོ། །དེའི་ཕྱིར་ཞེན་པ་གང་གི་འབྲས་བུ་ཡིན་པའི་ཤེས་པ་དེ་གལ་ཏེ་དབང་པོ་དང་ཕྲད་པ་ལས ་བྱུང་བར་འདོད་ན་དེ་ལྟར་གྱུར་ན་སྔར་ཉམས་སུ་མྱོང་བ་དྲན་པའི་དེ་མ་ཐག་ཏུ་ངེས་པའི་ཤེས་པར་འགྱུར་རོ་ཞེས་པས་རྗེས་སུ་དྲན་པའི་ཤེས་པ་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པར་འགྱུར་རོ། །དངོས་སུ་སྨོས་པ་ནི་རིང་པོའི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི ་ཤེས་པའི་འབྲས་བུ་ཅན་རྣམ་པར་བཅད་པར་བྱ་བ་ཉིད་ན་མངོན་སུམ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སྤྲོས་པ་འདིས། གང་གིས་གང་ལ་འཁྲུལ་པ་དང་སྲིད་པ་མེད་པ་དེ་དེའི་ཁྱད་པར་མ་ཡིན་ཏེ། དཔེར་ན་བ་ལཱ་ཀའི་དཀར་པོ་ཉིད་དང་ནག་པོ་ཉིད ་བཞིན། ཐ་སྙད་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་ཡང་དབང་པོའི་ཤེས་པ་ལ་ཇི་ལྟར་རིགས་པར་འཁྲུལ་པ་དང་སྲིད་པ་མདོ་ཞེས་པ་ཁྱབ་པར་བྱེད་པ་མེད་པར་སྟོན་ཏོ། །ཡང་འཁྲུལ་བཞེས་བྱ་བ་འདི་ཅི་ཡིན་ཞེ་ན། ག་ཏེ་དེ་ལས་གཞན་པ་ལ་ཡོད་པ་སྟེ། ་དེ་ལྟར་གྱུར་ན་སྔོན་པོ་ཉིད་དུ་བྱུང་བའི་ཁྱད་པར་དུ་འགྱུར་རོ། །ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ཀྱང་ཤེས་པའི་གདུང་བ་དང་སྡུག་བསྔལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཅི་སྟེ་དེ་ལ་མེད་པ་ཡིན་ན། དེ་ལྟ་ན་ཡང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིས་མི་རྟག་པི?་ཉིད ་བསྒྲུབ་པར་བྱ་བ་ན། བསྒྲུབ་བྱ་ཡིས་འཁྲུལ་པར་མི་འགྱུར་ཏེ། གང་ཕྱིར་གང་ལས་བསྒྲུབ་པར་བྱ་བ་ཡིས་འཁྲུལ་པར་འགྱུར་ལ། བརྩལ་མ་ཐག་ཏུ་བྱུང་བ་ལ་དེ་མེད་པ་མ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བ་ཁོ་ན་ནི་མི་རྟག་པ་འབའ་ཞིག་ལ་དོན་མེད་དོ་ཞེས་པ་ཁོ་ན་ལ ་འཁྲུལ་པར་འགྱུར་རོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ། འཁྲུལ་པའི་སྒྲའི་དོན་ནི་རྣམ་པ་གཅིག་མ་ཡིན་པས་སོ་ཁ་ཅིག་ཡུལ་ལ་འཁྲུལ་པ་ཞེས་པ་རྣམས་གཞན་དུ་ཡོད་པའོ། །ཁ་ཅིག་ཏུ་གཞན་ལ་ཡོད་པ་གཏན་ཚིག་འཁྲུལ་བཞེས་པའོ། །ཁ་ཅིག་ཏུ་དེ་ལ་མེད་པ་ཁྱད ་པར་འབྲུལ་པ་ཞེས་པ་ལ་སོགས་པའོ། །འདིར་ནི་དེ་ལ་མེད་པར་མངོན་པར་འདོད་ངོ་ཅི་སྟེ་ཡང་ཞེས་པ་ལ་སོགས་པ་ལ། འདིས་ནི་འདི་སྐད་སྟོན་ཏེ། མི་འདོད་པ་བཟློག་པའི་ཆེད་དུ་ཐ་སྙད་དུ་བྱ་བ་མ་ཡིན་པ་ལ་སོགས་པ་སྨོས་པ་མ་ཡིན་གྱི། འོན་ཀྱང་ཚད་མ་ལ ་སོགས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པ་ལས་ངེས་པར་ལེགས་པར་འཐོབ་སྟེ། དེའི་ཕྱིར་དེའི་རང་བཞིན་བསྟན་པའི་ཆེད་དུའོ། །དེའི་ཕྱིར་གྲུབ་པ་སྒྲུབ་པའོ་ཞེ་ན། དེ་ནི་མ་ཡིན་ཏེ་ཞེས་པ་ལ་སོགས་པས་འདི་གསུངས་ཏེ། མངོན་སུམ་གྱི་མཚན་ཉིད ་བརྗོད་པར་འདོད་པ་ལ་ཤེས་པའི་རང་བཞིན་བསྟན་པ་སྐབས་ཅི་ཡོད་ཅེས་པའོ། །དེ་ལ་འགྱུར་མེད་མངོན་སུམ་གྱི་མཚན་ཉིད་དེ་ཁོ་ན་དེའི་རང་བཞིན་རབ་ཏུ་བསྟན་པ་མེད་པར་སྨྲ་བར་ནུས་པ་མ་ཡིན་ནོ་ཞེས་གསུངས་པ། འདིའི་ཡང་ཞེས་པ་ལ་སོགས་པ་སྟེ ་མཚན་ཉིད་ཅེས་བྱ་བ་ནི་གང་དོན་གཞན་ལས་ལྡོག་པའི་ངོ་བོས་མཚོན་བར་བྱ་བརྟོགས་པར་བྱེད་པ་མ་ཡིན་ལ། མཚོན་པར་བྱ་བ་དེ་ཡང་དབང་པོ་དང་དེན་ཕྲད་པ་ལས་བྱུང་བ་ཞེས་པ་འདི་ཁོ་ནས་གྲུབ་པོ་ཞེས་པས་རང་བཞིན་བརྗོད་པ་དོན་མདོ། །འདིས་ནི་གཏན ་ཚིགས་གསལ་བར་བྱས་སོ། །ཅི་སྟེ་དགོས་པ་ཡང་བསྟན་པར་བྱས་ན་དེ་ལྟར་འགྱུར་ན། ཧ་ཅང་ཐལ་ལོ་ཞེས་སྟོན་པ་གསུངས་པ། ཤེས་པའི་རང་བཞིན་བསྟན་པར་བྱ་བ་ཉིད་ན་ཡང། ཞེས་པ་ལ་སོགས་པ་སྟེ། འདིས་ནི་དཔེའོ། །གང་མངོན་སུམ་གྱི་མཚན་ཉིད་ལ་ཉེ་བར ་མཁོ་བ་མེད་པ་དེ་དེའི་སྐབས་སུ་བསྟན་པར་བྱ་བ་མ་ཡིན་ཏེ། སྟོན་ཉིད་ལ་སོགས་པ་བཞིན། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་ཡང་མངོན་སུམ་གྱི་མཚན་ཉིད་ཀྱི་ངོར་ཉེ་བར་མ་ལོ?་བ་མེད་དོ། །ཁྱབ་པར་བྱེད་པ་མེད་པའོ། །གང་ཞིག་ཐ་སྙད་དུ་བྱ་བ་མ་ཡིན ་པ་ལ་སོགས་པ་ནི་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་མངོན་སུམ་གྱི་ཁྱད་པར་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན། འདི་ནི་མངོན་སུམ་གཉིས་ཁོ་ན་ཕན་ཚུན་འདྲེས་པའི་ངོ་བོ་མོད་གཅིག་གིས་མཚོན་པའོ། །ཐ་སྙད་བྱ་བ་མ་ཡིན་པ་འགལ ་པ་མེད་པ་ཞེ་ན་བའི་བདག་ཉིད་ཅེས་པ་མདོའི་ཕྱོགས་གཅིག་པོ་འདིས་ཡིད་གྱི་མཚན་པའོ། །དབང་པོ་དང་དོར་ཕྲད་པ་ལས་བྱུང་པ་ཞེས་པ་འདིས་ནི་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའོ། །དེའི་ཕྱིར་ཡང། དབང་དོན་ལས་བྱུང་བློ་ཡིན། མེད་དོ་ཞེས་པ་ལ་སོགས ་པ་གང་བརྗོད་པ་དེ་ནི་མདོའི་དོན་ཡོངས་སུ་ཤེས་པའི་རྣམ་པར་སྡོད་པའོ། །དེ་ཉིད་གྱི་ཕྱིར། བདེ་སོགས་གཞལ་བྱ་མིན་པ་འམ། ཞེས་བ་དེ་ཡང་སྐྱོན་མ་ཡིན་ལ། གང་དེ་མ་ཐག་བར་བརྗོད་པའི་གཏན་ཚིགས་ནི་མ་གྲུབ་པའོ་ཞེས་སེམས་པ་དེས་ནི་ཡིད་དབང་པོ ་ཉིད་དུ་བརྗོད་པར་བྱ་སྟེ། མངོན་སུམ་གྱི་ཐ་སྙད་དུ་བྱ་བ་རབ་ཏུ་གྲུབ་པའི་དོན་དུའོ། །གཞན་ཡང་ཐ་སྙད་དུ་བྱ་བ་མ་ཡིན་པའི་འཁྲུལ་པ་མེད་པ་ཞེན་པའི་བདག་ཉིད་ཅེས་པ་འདི་ཙམ་མཚན་ཉིད་དུ་འགྱུར་མོད། འདི་ཁོ་ནས་སྔ་མ་ཡང་མངོན་སུམ་ཉིད་དུ་གྲུབ་པའི་ཕྱིར། མཚན་ཉིད ་སྔ་མ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཐམས་ཅད་དུ་ཡང་ཞེས་པ་ལ་སོགས་པར་མཚན་ཉིད་མ་ཁྱབ་པ་ཉིད་དུ་གསུངས་ཏེ། གང་གི་ཕྱིར་མིག་དང་རྣ་བའི་རྣམ་པར་ཤེས་པ་དག་ཀྱང་མངོན་སུམ་ཉིད་དུ་འདོད་དེ། དེ་དག་ལ་ཡང་ཕྲད་པ་ལ་འབྱུང་བ་མི་སྲིད་དོ། ། ་དེ་མི་སྲིད་པར་སྟོན་པ་གསུངས་པ། བར་དང་བཅས་པ་འཛིན་པ་དང། ཞེས་པ་ལ་སོགས་པ་སྟེ། བར་དང་བཅས་པ་འཛིན་པ་ནི་རྣམ་པར་ཆོད་པ་འཛིན་པ་ཞེས་པའོ། ལྷག་པར་འཛིན་པ་ནི་དབང་པོ་དང་དྲལ་བར་འཛིན་པའོ། །དེར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན ་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིས་གང་དབང་པོ་དང་བར་མེད་པ་དེ་དབང་པོ་ལས་བར་དང་བཅས་པ་ཞེས་གཟུང་པར་བྱ་བ་མིན་ཞིང། ལྷག་བའོ་ཞེས་ཀྱང་མ་ཡིན་ཏེ། དྲི་ལ་སོགས་བ་བཞིན། གཟུགས་དང་སྒྲ་དག་ཀྱང་དེ་ལྟ་བུལ?་ཞེས ་འགལ་བས་ཁྱབ་པའི་ཐལ་བར་འགྱུར་བ་གསུངས་སོ། །དེ་རྣམ་པ་དེ་ལྟར་འཛིན་པ་ཡང་ཡོད་དོ། །དེ་ལྟར་ནི་དབང་པོའི་ཚད་ལས་ལྷག་པའི་རང་བཞིན་རྣམས་དང་རྣམ་པར་ཆོད་པ་ཞེས་པའི་རིལ་སོགས་པ་རྣམས་དང་སྒྲ་རྣམས་གཟུང་བར་བྱའོ་ཞེས་པ་འདི་ནི་རབ་ཏུ ་གྲགས་པའོ། །འཐོབ་པ་འཛིན་པར་གྱུར་ན་ནི་ཆིད་སྙེད་ཀྱིས་འཐོབ་པ་དེ་སྙེད་ཁོ་ན་འཛིན་པར་འགྱུར་ཞེད?་རྣམ་པར་མ་ཚན་པ་ཞེས་པར་ཡང་འཛིན་པར་འགྱུར་རོ། །གཟུགས་སྨོས་པ་ནི་འདིར་མིག་གི་ཡུལ་ཉེ་བར་མཚོན་པའི་དོན་ཏོ། །གང་གང་ལས་བར་དེར་བཅས་པར ་གཟུང་བྱ་སྟེ། དང་ལྷན་ཅིག་པར་མེད་པ་ཉིད་མ་ཡིན་ཏེ། དཔེར་ན་ཚུ་རོལ་དང་ཕ་རོལ་བཞིན། གཟུགས་དང་སྒྲ་དག་ཀྱང་རང་འཛིན་པར་བྱད་པའི་དབང་པོ་ལས་བར་དང་བཅས་པའོ་པས་བཟུང་བར་བྱ་བའོ། །དེ་བཞིན་དུ་གང་གང་ལས་ལྷག་པར་གཟུང་བར ་བྱ་དེ་དོ་དང་ལྷན་ཅིག་བདག་ཉིད་ཐམས་ཅད་ཀྱིས་བར་མེད་པ་ཉིད་མ་ཡིན་ཏེ། དཔེར་ན་རི་ཉུང་ས་ཀ་དང་བཞིན། གཟུགས་དང་སྒྲ་དོག་ཀྱང་རང་གི་དབང་པོ་ལས་ལྕག་པར་གཟུང་བར་བྱ་བ་དག་གོ་ཞེས་པ་ཐལ་བ་དང་བཟློག་པས་ཁྱབ་པར་བྱེད་པ་དང ་འགལ་བ་གཉིས་པོ་འདིའོ་ཞེས་པའི་སྒྲ་ཉེ་བར་བླང་བ་ནི་མ་གྲུབ་བ་ཉིད་ཡོངས་སུ་སྤང་བའི་ཆེད་དུའོ། འོ་ན་དབང་པོ་ནི་དབང་པོ་ལས་འོངས་པ་མ་ཡིན་ནམ། དེ་ཅི་ལྟར་དེ་ལ་བལྟོས་པས་ཅུང་ཟད་བར་དང་བཅས་པ་ཞེས་པ་འམ་ལྷག་པའོ་ཞེས་པར་གཟུང་བར་བྱ ་བ་ཡིན། །གཟུགས་ལ་སོགས་པ་རྣམས་ལ་ཚད་ཡོད་པ་ཡང་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཅིའི་ཕྱིར་དེ་རྣམས་ལྷག་པ་འཛིན། །ཕ་རོལ་པོས་དྲི་ལ་སོགས་པ་རྣམས་དང་ལྷན་ཅིག་དཔང་པོ་བར་མེད་པ་ཉིད་འདོད་པ་ཡང་མ་ཡིན ་ཏེ། དེ་རྣམས་དང་དེ་ལྡན་པ་མེད་པའི་ཕྱིར་རོ། །དེས་ན་དབང་པོ་དང་བར་མེད་པ་དྲི་ལ་སོགས་པ་ལ་མ་ཡིན་པས་ཞེས་པ་ལ་སོགས་འདི་ཅི་ལྟར་བརྗོད་ཅེ་ན། རྫས་གང་ལ་དྲི་ལ་སོགས་པ་རྣམས་འདུས་བའི་རྫས་དེའི་འདིར་དབང་པོ་དང་བར་མེད་པར་ཤེས་བར་བྱས་ལ། དེ་དང་ལྷན་གཅིག་དབང་པོ ་སྦྱོར་བའི་ཕྱིར་དེའི་སྒོ་ནས་དྲི་ལ་སོགས་པ་རྣམས་ཀྱང་བར་མེད་པ་ཉིད་ཡོད་དེ། སྦྱར་བ་ལ་འདུལ་བའི་མཚན་ཉིད་ཅེས་པ་སྐྱོན་མེད་དོ། །གང་འོ་ན་དབང་པོ་ནི་དབང་པོ་ལས་འདས་པ་མ་ཡིན་ནམ་ཞེས་པ་ལ་སོགས་པ་བརྗོད་པ་དེ་ལ་གལ ་ཏེ། དབང་པོ་ལ་བལྟོས་ནས་གཟུགས་དང་སྒྲ་དག་དེ་ལྟར་འཛིན་པ་མ་ཡིན་ན་དེའི་ཚེ་ཅི་ལ་བལྟོས་པས་བརྗོད་པར་བྱ། གལ་ཏེ་རྟེན་ལ་བལྟོས་པས་སོ་ཞེ་ན། འོ་ན་དེ་ལྟ་ན་གལ་ཏེ་གཟུགས་དང་སྒྲ་དག་རྟེན་ལས་རྣམ་བར་བཅད་བ་དག་གོ ་ཞེས་པ་དང་ལྷག་པ་དག་ཀྱང་ངོ་ཞེས་པར་ཡང་གཟུང་བར་གྱི་བ་ཡིན་མེད། དེ་ལས་ཕྱི་རོལ་མ་ཡིན་པར་འཇུག་པའི་དབང་པོ?་ལས་ཀྱང་དེ་དག་དེ་ལྟ་ཁོ་ནར་གཟུང་བར་བྱ་སྟེ། གང་གང་ལས་རྣམ་པར་ཚད་པའོ་ཞེས་པ་རང་ལྷག་པའོ་ཞེས་པར ་ཡང་གཟུང་བར་བྱ་བ་དེ། དེ་ལས་ཕྱི་རོལ་མ་ཡིན་པར་འཇུག་པའི་དངོས་པོ་ལས་ཀྱང་དེ་ལྟ་ཁོ་ནར་གཟུང་བར་བྱ་སྟེ། དཔེར་ན་བུམ་པ་ལས་རྣམ་པར་ཆོད་པ་ཞེས་པ་དང་ལྷག་པ་ཞེས་པར་ཡང་གཟུང་བར་བྱ་བའི་ངོ་བོ་ནི་བུམ་པ་ལས་ཕྱི་རོལ་དུ་འཇུག ་པ་མ་ཡིན་པའི་ཆུ་ལ་སོགས་པ་ལས་དེ་ལྟ་ཁོ་ནར་གཟུང་བྱ་ཡིན་པ་བཞིན། རྩོད་པའི་གཞིར་གྱུར་བའི་གཟུགས་དང་སྒྲ་དག་ཀྱང་དབང་པོའི་རྟེན་ལས་རྣམ་པར་ཆོད་པ་དག་གོ་ཞེས་པ་དང་ལྷག་པ་དག་གོ་ཞེས་པར་ཡང་གཟུང་བར་བྱའོ།། ་རང་བཞིན་ནོ། །གང་ཡང་གཟུགས་ལ་སོགས་པ་རྣམས་ལ་ཞེས་གང་སྨྲས་བ་དེ་ལ། གལ་ཏེ་གཟུགས་ལ་སོགས་པ་རྣམས་ལ་ཚད་མེད་ན་དེའི་ཚེ་ཅི་ལྟར་གཟུགས་ཆུང་ངུའོ་གཟུགས་ཆེན་པོའོ་ཞེས་གཟུང་བར་བྱ། །གལ་ཏེ་ཉེ་བར་བཏགས་པ ་ལ་སྟེ། དེ་འགྱུར་མོད་ཀྱི་གཟུགས་ལ་སོགས་པ་རྣམས་གང་དུ་འཕྲོད་པ་འདུས་པའི་རྫས་དེ་ཆུང་ངུ་འམ་ཆེན་པོ་སྟེ། དེའི་སྒོ་ནས་གཟུགས་ལ་སོགས་པ་ལ་ལྟག་པ་ཉིད་ལ་སོགས་པ་ཉེ་བར་བཏགས་པའོ་ཞེ་ན། ཇི་ལྟར་བདེ་ལྟར་འགྱུར་མེད། ་བཏགས་པ་དེས་ཀྱང་དི་ལ་སོགས་པ་བཞིན་དུ་གཟུགས་ལ་སོགས་པ་ཡང་ལྷག་པའོ་ཞེས་འཛིན་པ་མི་ཐོབ་བོ་ཞེས་པ་འདི་རྩོམ་བརྗོད་པར་བྱའོ། །གཞན་ཡང་ཤེས་པ་མཚུངས་པས་ཡོངས་སུ་བཅད་པར་བྱ་བ་ཉིད་ཀྱི་ཕྱིར། ཉེ་བར་བཏགས་པ་ཁོ་ན་མི་རིགས་ཏེ། ་རྫས་ལ་གང་འདྲ་བའི་རྫས་ཆུང་ངུ་འམ་ཆེན་པོ་ཞེས་པའི་ཤེས་པ་དེ་གཟུགས་ལ་སོགས་པ་རྣམས་ལ་གཟུགས་ཆུང་དུ་འམ་ཆེན་པོ་ཞེས་པ་ཁྱད་པར་མེད་ལ། །དངོས་དང་བཏགས་པ་དག་ཤེས་པ་མཚུངས་པས་ཡོངས་སུ་བཅད་པར་བྱ་བ་འམ་མ་ཡིན་ཏེ། གང ་འདྲ་བའི་ཤེས་པས་བ་ལང་དངོས་ཡོངས་སུ་གཅོད་པ་དེ་འདྲ་བ་ཁོ་ནས་ཉེ་བར་བཏགས་པ་ཁུང་བུ་བམ་ཡིན་པས་སོ། །གལ་ཏེ་ཡང་རྟེན་གྱི་སྒོ་ནས་ཡོན་ཏན་མས་དང་ཡོན་ཏན་དང་ལྡན་པ་རྣམས་རྟོགས་པར་བྱ་བ་ཡིན་ན། །སྒྲ་ཐམས་ཅད་ཆེན་པོའོ་ཞེས་པ་ཁོ་ནར་རྟོགས ་བྱང་འགྱུར་ཏེ། དེའི་རྟེན་ནམ་མཁའ་ཆེད་ཆེན་པོ་ཉིད་ཀྱི་ཕྱིར་རོ། །ང་ལས་ཀྱང་གླང་པོ་ཆེ་དང་སྦྲང་བུ་ལ་སོགས་པའི་སྒྲ་རྣམས་ཚད་ཐ་དད་པར་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱང་ཡོན་ཏན་དང་ལྡན་པར་ཁས་བླང་བར་བྱ་ལ། །ཡང་ན་རྫས ་ཀྱང་མ་ཡིན་ནོ། །ཕྱི་རོལ་དུ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པས་གཏན་ཚིགས་དག་མ་གྲུབ་པར་སྨྲས་སོ། །དེ་ལྟར་ནི་རྟེན་ལས་ཕྱི་རོལ་དུ་འཇུག་པ་མ་ཡིན་པ་ཉིད་ལ་བརྟེན་ནས། བར་དང་བཅས་པ་དང་ལྷག་པ་འཛིན་པའི་གཏན་ཚིགས་དག་མངོན ་བར་བརྗོད་ན། ཕྱི་རོལ་དུ་འཇུག་ཉིད་ལ་ནི་ངེ་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་དབང་པོ་ནི་ཕྱི་རོལ་དུ་སོན་ནས་རྣམ་བར་རྒྱུ་བའི་ཡུལ་དང་ལྡན་ཞིང། དེ་རྟེན་ལས་ལྷག་པར་སྣང་སྟེ། མར་མེའི་སྣང་བ་བཞིན་ནོ། །དེའི་ཕྱིར་དེའི་ཡུལ་བར་དང་བཅས་རང་ལྷག་པར ་འཛིན་པ་འཐད་ཀྱི། རྟེན་ལས་ཏེ། དབང་པོ་ལས་མ་ཡིན་ནོ་ཞེས་པ་བསམ་པའོ། །འདིར་བརྩད་བར་བྱ་སྟེ། །མིག་ནི་འོད་དང་ལྡན་པ་ཉིད་ཀྱི་ཕྱིར་འོང་ཟེར་རྣམས་བྱུང་ནས་དོན་གསལ་བར་བྱེད་ཅེས་ཁས་བླངས་པའི་ཕྱིར་ཕྱི་རོལ་དུ་འཇུག་པ་ཉིད་དུ་དོགས་པར ་རིགས་ན། རྣ་བ་ནི་ཉན་བྱེད་ཀྱི་བུ་གར་ཡོངས་སུ་བཅད་པའི་ནམ་ཁའི་ཕྱོགས?་ཀྱི་ཁྱད་པར་ཡིན་ཏེ། དེ་ནི་ཕ་རོལ་ཡོས་ཕྱི་རོལ་དུ་འཇུག་པ་ཉིད་དུ་འདོད་པ་མ་ཡིན་ནོ། །དེས་ན་ཅི་ལྟར་དེ་དེ་ལྟར་དོགས་ཞེས་པའོ། །འདི་ལྟར་སེམས་ཏེ་ནམ་མཁའ་ཕྱོགས་དང་ལྡན ་པ་ཉིད་དུ་བཏགས་ཤིང། དོན་དམ་པར་ནི་དེ་ཆ་ཤས་མེད་པ་ཁོ་ན་སྟེ། ཇི་སྐད་བཤད་པའི་ཚུལ་གྱིས་བཏགས་བའི་ཕྱོགས་ལ་གང་ཕྱི་རོལ་དུ་འཇུག་པ་མ་ཡིན་བ་དེ་ཉིད་ལ་སྐྱོན་བརྗོད་པ་ལ། མ་རྟོགས་པས་དོན་དམ་བའི་ཕྱོགས་ལ་བརྟེན་བས་ཕྱི ་རོལ་དུ་འཇུག་པ་ཉིད་དུ་རེས་འགའ་ཕ་རོལ་པོས་རྟོགས་པར་བྱེད་དོ་ཞེས་པ་དེའི་ཕྱིར་དོགས་པར་རིགས་སོ། །དེ་ལ་གསོ་བ་ལ་སོགས་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་ཞེས་པ་འཐད་པའོ། །འོ་ན་རྐང་བ་སྐུ་བ་ལ་སོགས་པས་རྟེན་ལས་གཞན་དུ་ཡང་མིག་ལ་སོགས ་བ་བྱ་བ་མ་ཡིན་ནམ། དེའི་ཕྱིར་གང་ལ་གསོ་བའི་སྦྱོར་བ་ཅན་དེ་ལ་དབང་པོའོ་ཞེས་པ་འདི་མཛའ་གཅིག་ཏུ་ངས་པ་མ་ཡིན་ནོ་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། དེར་ཡང་མ་མ་གསོ་བའི་སྒོ་ནས་གཞན་ནུའི?་དུ་མིག་ལ་སོགས་པའི་རྟེན་ལ་གནས ་བ་ཁོ་ནའི་རྩ་འཕྲོ་བས་གསོ་བ་རབ་ཏུ་སྦྱོར་བའི་ཕྱིར་ཏེ། རྣམ་པ་གཞན་དུ་ན་དེ་ལ་ཉེ་བ་མ་ཡིན་ཞིང་དེ་དང་འབྲེལ་བ་ཉམས་སུ་མྱོང་བ་ནི་ཅི་ལྟར་གསོ་བར་བྱ་ཅི་སྟེ། གསོ་བའི་དུ་སུ་རྐང་པ་ལ་སོགས་པ་ལ་ཉེ་བར་གྱུར་བའོ་ཞེ་ན། དེ་ལྟར་གྱུར་ན་རྐང ་པ་ལ་སོགས་པས་གཟུགས་འཛིན་པར་ཐལ་ལོ། །དེའི་ཕྱིར་རང་གི་རྟེན་ལ་གནས་པ་ཁོ་ན་ཇི་སྐད་པའི་རྣམ་པས་གསོ་བར་བྱའོ་ཞེས་ཁས་བླང་བར་བྱའོ། དེ་འདི་སྐད་བཤད་བར་འགྱུར་ཏེ། དབང་པོ་གང་ཞིག་རང་གི་རྟེན་ལ་གསོ་བར་བྱ་བ་དེ་དེ་ཁོ་ན ་ལ་འཇུག་སྟེ། སྣ་ལ་སོགས་པ་བཞིན། མིག་དང་རྣ་བ་དག་ཀྱང་རང་གི་རྟེན་ལ་གསོ་བར་བྱ་བ་དག་གོ་ཞེས་པ་རང་བཞིན་ནོ། །དེའི་ཕྱིར་དབང་པོ་ཁོ་ན་ལས་ཞེས་པ་སྟེ། ཚིག་ཕྲད་ནི་རིམ་པ་ཐ་དད་པ་སྟེ། རྣམ་པར་ཆོད་པ་ཁོ་ན་ལ་ཞེས་པ་འདི་ལྟར་བལྟ ་བར་བྱའོ། །ཅིའི་ཕྱིར་ཞེ་ན། གང་གོ་ཕྱིར་རྟེན་ཡང་ཁྱད?་རྣམ་པར་བཅད་པའི་དོན་ཞེས་འཛིན་ཏེ་དབང་པོ་འབའ་ཞིག་ལས་ནི་མ་ཡིན་ནོ། །གང་ཕྱིར་རྟེན་གྱི་སྒོ་ཁོ་ནས་ནི་དབང་པོ་ལས་དོན་བར་དང་བཅས་པར་འཛིན་པར་རྟོགས་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །སྐྱོན་གཞན ་བརྗོད་བར་བཞེད་པས་ཕྱི་རོལ་དུ་འཕོ་བ་ཁས་བླངས་ནས་གསུངས་པ། ཡོང་དུ་ཆུག་ན་ཡང་ཞེས་པ་ལ་སོགས་པའོ། །གཞན་དུ་ན་ཞེས་པ་ལ་སོགས་པས་ཕྱི་རོལ་དུ་འཕོས་བའི་ཡུལ་ལ་དམིགས་པའི་ནུས་པ་མེད་པ་ལ་གཏན་ཚིགས་གསུངས་ཏེ། དབང་པོ ་གང་གི་རྟེན་བཀབ་བ་ན་ཡུལ་འཛིན་པ་མེད་པ་དེ་ཕྱི་རོལ་དུ་འཕོས?་པས་ནི་གགས་མེད་པར་ཡུལ་འཛིན་པའི་ནུས་པ་མེད་ཏེ། པགས་བ་ལ་སོགས་པའི་དབང་པོ་བཞིན། མིག་དང་རྣ་བ་དག་ཀྱང་རང་གི་རྟེན་བཀབ་པ་ཡུལ་འཛིན་པ་མེད་དོ། །འབྲས་བུ་མི ་དམིགས་པའོ། །འོ་ན་མིག་གི་ནུས་མཐུའི་མཚན་ཉིད་འཇུག་པ་ནི་རྟེན་བཀབ་པ་ན་འཇིག་པ་འམ། རྟེན་བཀབ་པའི་དུས་ན་དེ་ཁོ་ན་ལ་མྱུར་དུ་རབ་ཏུ་འཇུག་པ་མ་ཡིན་ནམ། །དེའི་ཕྱིར་སྐྱོན་འདི་མེད་དེ། །རྟེན་མ་བཀབ་པ་ཁོ་ན་ནི་དེའི་ཡུལ་འཛིན་པའི་ནུས་པ་ཡིན་གྱི་རྣམ་པ ་གཞན་དུ་ཡིན་ནོ་ཞེས་བའོ། །སྣ་བའི་དབང་པོའི་དོར་རེ་ཞིག་འདི་ཡང་དག་པར་འཇོག་བ་མ་ཡིན་ཏེ། དེ་རྟེན་བཀབ་པ་ན་ཡང་ཕྱི་རོལ་དུ་འཇུག་པ་ཉིད་ཀྱི་ཕྱིར་དང། རྟག་པ་ཉིད་ཀྱི་ཕྱིར་ཡང་ངོ། །མིག་གི་དོར་གལ་ཏེ་འདི་ལན་ཡིན་ཞེས་སོ་སོར་རེ་བར་འགྱུར་ན་དེ་ཡང ་དོར་ཅིག་།གང་གི་ཕྱིར་མིག་གི་བདག་ཉིད་དུ་གྱུར་བའི་འོད་ཀྱི་ཆ་ཤས་ཅན་ནི་འཕོས་ནས། བདག་ཉིད་ཐམས་ཅད་ཀྱིས་ཡུལ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར། དེ་ཁོ་ན་ལ་ཉེ་བ་ཡིན་གྱི། །རྟན་ལ་མ་ཡིན་ལ། དེ་དང་ལོགས་པ་མ་ཡིན་པ་ཉིད་ཀྱི་ཕྱིར། ་མིག་གང?་ངོ་ཞེ་ན། གང་ལས་རྣམ་པར་དབྱེ་བས་རྟེན་ལ་ཡང་འཇུག་པར་འགྱུར་བ། དེའི་མ་ཤས་རྣམས་ཡོད་པ་མ་ཡིན་པས་ཏེ། དེ་ལས་ཀྱང་དེའི་ཚེ་དེའི་རྟེན་དུ་མངོན་པར་འདོད་པའི་ལུས་ཀྱི་ཆ་ཤས་ནི་དེའི་རྟེན་དུ་འགྱུར་བ་མ་ཡིན་བ་ཁོ་ན་སྟེ། འབྲེལ་བ་མེད ་བའི་ཕྱིར། །དབང་པོ་གཞན་དུ་བཞིན་ནམ་ཧ་ཅང་ཐལ་བ་ཡང་ནའོ། །རྟེན་མ་ཡིན་ན་ཡང་བཀབ་བ་ན་དེའི་འཇིག་པ་དང་འཇུག་པ་དང་ཅིས་འགྱུར་ཞེས་པའམ་ཧ་ཅང་ཐལ་བའོ། །ཅི་སྟེ་ཆད་དང་བཅས་བར་འདོད་ཀྱི་ཆ་ཤས་ཅན་རྟོག་ན ་དེ་ལྟ་ན་ཡང་དེའི་ཕྱོགས་ཡུལ་དང་ཡང་དག་པར་ལྡན་པ་ཤེས་པ་ཉེ་བར་སྐྱེ་བའི་རྒྱུ་ཡིན་པ་དེ་ལ་སྐྱོན་དེ་ཁོ་ནའོ། །འོ་ན། ཏེ་དེ་མིག་གི་དབང་པོ་ལ་དོན་གཞན་ཉིད་དུ་འདོད་ན་དེའི་ཚེ་དེ་ཁོ་ན་མིག་གི་ངོ་བོ་བསྟན་བའི་ཤུགས་ལས་དང། དེའི་མཚན་ཉིད་ཉིད ་ལས་མིག་གི་ཡིན་ཅིང་དེ་ལ་ཡང་ཆ་ཤས་དང་བཅས་པ་དང། ཆ་ཤས་མེད་པ་ཉིད་ཀྱི་ཕྲོགས་དག་ལ་སྐྱོན་དང་བཅས་པ་དེའི་གནས་སྐབས་ཁོ་ནའོ་ཞེས་པས་འདི་ནི་གྱི་ན་ཡིན་ནོ། །ལྔ་པོ་རྣམས་དབང་པོ་ཉིད་ན་ཅེས་པ། སྣ་དང་ལྕེ་དང་མིག་དང་བགས་བ་དང་རྣ་བ ་རྣམས་དབང་པོ་རྣམས་སོ་ཞེས་པའི་མདོ་ལས་སོ། །བདེ་སོགས་གཞལ་བྱ་མིན་པ་འམ་ཞེས་པས་མཚན་ཉིད་མཚང་བ་ཉིད་གསུངས་སོ། །བདེ་བ་ལ་སོགས་པ་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཀྱིས་མ་བསྡུས་པའི་ཕྱིར་རོ། །དེ་ལས་ཀྱང་བདེ་བ་ལས་སོགས་བ་རྣམས ་གཞལ་བྱ་ཉིད་དུ་ཁས་ལེན་པ་འགལ་བའོ། །དེ་ལ་འདིར་འགྱུར་མོད། །གལ་ཏེ་ཡང་བདེ་བ་ལ་སོགས་པ་མངོན་སུམ་གྱི་ཡུལ་དུ་མི་འགྱུར་མོད། དེ་ལྟ་ན་ཡང་རྗེས་སུ་དཔག་པ་ལ་སོགས་པའི་ཡུལ་ཉིད་བྱི་ཕྱིར་གཞལ་བྱར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ་གང ་ཞེས་པ་ལ་སོགས་པ་སྟེ། རང་སྨོས་པ་ནི་པ་དོལ?་གྱི་རྣམས་ལ་བདི་བ་དང་རབ་ཏུ་རང་བ་ལ་སོགས་པའི་རྟོགས་རབ་ཏུ་རྙེད་པར་བླ་བ་འདི་ཀྱི་ཕྱིར་རོ། །རང་གི་རྣམས་ནི་གང་གི་ཚེ་རྟབས་མེད་པའི་ཕྱིར་རྗེས་དབག?་མེད་ལ་སང། འདྲ་བ་མེད་པའི་ཕྱིར་ཉེ་བར་འཇལ་བ ་མེད་ཅིང། ཉེ་བར་བསྟན་པ་མེད་པའི་ཕྱིར་ལུང་མེད་པ་དབང་པོ་དང་དོན་ཕྲད་པ་མེད་པའི་ཕྱིར་མངོན་སུམ་མ་ཡིན་ཏེ། དེ་ལྟ་ན་ཅི་ལྟར་དེ་རྣམས་གཞལ་བྱ་ཉིད་ཡིན་དེ། ཅི་སྟེ་སྐྱོན་དེ་མི་འདོད་ན། བ་ལྟ་ན་དེའི་ཚེ་བདེ་བ་ལ་སོགས་པའི་ཤེས་པ་ཚད་མ་ལྔ་བར་ཉེ་བར ་བགྲང་བར་བྱའོ་ཞེས་སྟོན་པ་གསུངས་པ། དེའི་ཡང་ཞེས་པ་སྟེ། དེ་ལྟ་ན་ཡང་ཚང་མ་བཞི་ཉིད་དུ་ཁས་བླངས་པ་ལ་གནོད་པའོ། །ཡང་ན་དབང་པོ་གཞན་ཡིད་ཡིད། །ཅེས་པ་གལ་ཏེ་སྐྱོན་འདི་འདོད་པ་མ་ཡིན་ནོ་ཞེས་པ་དགོངས་པའོ། །དེ་ལྟར་ན་ཡང་དབང་པོ་ལྔར་ཁས ་བླངས་པ་ལ་གནོད་དོ། །བཀག་པ་མེད་ཕྱིར་ཅེས་པ་འདིས་བསྟན་བཅོས་སུ་ཡིད་དབང་པོ་ཉིད་དུ་འདོད་པ་ཁོ་ནའོ་ཞེས་སྟོན་ཏོ། །ཁ་ཅིག་རྣམས་ལ་ནི་ཡོད་ཅེས་པ་གྲངས་ཅན་ལ་སོགས་པ་རྣམས་ལའོ། །དབང་པོ་གཞན་སྒྲ་དོན་མེད་པའོ། ཞེས་པ་སྣ་ལ་སོགས་པ་རྣམས་ཀྱི ་དབང་པོའི་ཉིད་དུ་དེ་ཁོ་ན་ལས་གྲུབ་པ་ཉིད་ཀྱི་ཕྱིར། དེའི་ཚིག་དོན་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་སྔར་ཡང་བརྗོད་པ་ལས་ནི་གཞན་རྣམས་དབང་པོ་ཉེད་དུ་རྟོགས་པར་བྱ་སྟེ། མངོན་པར་འདོད་པ་མ་ཡིན་ནོ་ཞེས་པའོ། །ཁ་ཅིག་སྣ་དང་ལྕེ་དང་མིག་དང་བགས་པ་དུ་རྣ་བའི་དབང་པོ་རྣམས་འགྱུར་རོ ་རྣམས་ལས་ཞེས་པ་འདིར་སྣ་ཚོགས་པ་རྣམས་དབང་པོ་ཉིད་དུ་བསྒྲུབ་པ་མ་ཡིན་གྱི། འོ་ན་ཅེ་ཞེ་ན། དབང་པོ་ཉེ་དུ་རབ་ཏུ་གྲགས་པ་རྣམས་ཁོ་ནའི་འབྱུང་པ་ལས་གྱུར་པ་ཉེད་དང། འབྱུང་བ་ལས་འགྱུར་པའི་ཡིད་ཏེ། དེའི་རྗེས་སུ་བསྟན་བའོ། །ཞེས་སྨྲའོ། །འདི་ཡང་མ་ཡིན་ཏེ། ་དབང་པོའི་གྲངས་ཀྱི་རང་བཞིན་གཞན་བསལ་བའི་ཕྱིར་ན་སྣ་ལ་སོགས་པ་རྣམས་འབྱུང། བ་རྣམས་ལས་སོ། །ཞེས་པས་ཀྱང་འབྱུང་བ་ལས་གྱུར་བ་ཉིད་དུ། གྲུབ་པའི་ཕྱིར་དབང་པོ་སྨོས་བ་དོན་མེད་པ་ཉིད་དུ་འགྱུར་རོ། །ཤེས་པའི་ཡང་ཞེས་པ་ལ་སོགས་པ་སྟེ། དབང་པོ་དང ་ཕྲད་པ་དག་ཚད་མ་ཉིད་ན། འབྲས་བུ་མེད་པར་མི་འགྱུར་ཏེ། ཤེས་པ་འབྲས་བུ་ཉིད་ཀྱི་ཕྱིར་རོ། །ཤེས་པ་ལས་དོན་གཞན་མ་ཡིན་པའི་འབྲས་བུ་སྨྲ་བའི་ཡང་ཇི་ལྟར་རང་གི་འདོད་པར་བསྟན་པ་ཡིན་ནོ། །ཞེས་སེམས་དཔའ་ཨོ། །ངེས་པའི་བདག་ཉིད་ཅན་ནི་ཞེས་པ་ལ་སོགས ་པ་ལ?་གང་མ་ངེས་པའི་བདག་ཉིད་ཚད་མར་འདོད་པ་དེའི་ངེས་པ་འབྲས་བུ་དོན་གཞན་དུ་འགྱུར་གྱི། ཞེན་བའི་བདག་ཉིད་ཚད་མར་འདོད་པའི་གཞན་འབྲས་བུར་གྱུར་བ་ནི་མ་ཡིན་ནོ། །འོན་ངེས་པའི་ཤེས་བ་ནི་ཤེས་པ་དུ་མས་བར་ཆད་བ་ཅན་རྗེས་སུ་དྲན་བའི་རྣམ ་པར་རྟོག་པ་ལས་དེ་མ་ཐག་པར་འགྱུར་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །བར་ཆོད་པ་ནི་འབྲས་བུ་ཉིད་དུ་དི་རབ་ཡང་མ་ཡིན་ཏེ་གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ངེས་ན་འབྲས་བུ་ཉིད་ག་ལས་ཞེ་ན་བདེན་ཏེ། དེ་ལྟ་ཡང་ན་ཡང་གང་གི་ཚད་མ་མ་ངེས ་པའི་བདག་ཉིད་དུ་འདོད་པ་དེའི་རགས་པ་བསྟན་པ་ཉིད་ཀྱི་ངེས་པ་དོན་གཞན་འབྲས་བུར་འགྱུར་རོ། །ཞེས་པས། རྟོག་པ་ཡང་རེ་ཞིག་སྲིད་པར་འགྱུར་རོ། །གང་གི་ཞེན་པའི་བདག་ཉིད་ཁོ་ནར་མངོན་སུམ་འདོད་པ་དེའི་ནི་རྟོག་པ་འདི་ཡང་སྲིད་པ་མ་ཡིན་ནོ། །ཞེས་བསྟན ་བའི་དོན་དུ་འདི་སྐད་བཤད་པའོ། དེ་ལྟར་འབྲས་བུ་དོན་གཞན་དུ་ཁས་བླངས་པ་འགལ་ལོ། །ཁྱད་པར་གྱི་ཤེས་པ་ལ་སོགས་པས། གལ་ཏེ་ཡང་ངེས་བའི་བདག་ཉིད་དུ་ཐ་དད་པ་མེད་པ་དེ་ལྟ་ན་ཡང་ཡུལ་ཐ་དད་པས་ཤེས་པ་ཐ་དད་བའི་ཕྱིར་ཚད་མ་ལས ་འབྲས་བུ་ཐ་དད་དུ་སྟོན་ཏོ། །ཁྱད་བར་ལ་མིན་ཐ་དད་ཕྱིར་ཞེས་པ་ལ་སོགས་པའི་དོན་འདི་ཡིན་ཏེ། །གང་ཞིག་གང་ལས་གཞན་ཡུལ་ཅན་ཀྱི་བྱེད་པ་དེ་ནི་དེ་ལ་འབྲས་བུར་འགྱུར་བ་མ་ཡིན་ཏེ། དཔེར་ན་པ་ལཱ་ཤ་ལས་གཞན་པའི་ཡུལ་ཅན་གྱི་གཅོད་བྱེད་ནི་བ་ལཱ?་ཤ ་ལ་གཞན། ཁྱད་པར་གྱི་ཤེས་པ་ཡང་ཁྱད་པར་ཅན་ལས་གཞེན་བའི་ཡུལ་ཅན་གྱི་བྱེད་པའོ། །ཞེས་པ་ཁྱད་པར་བྱེད་པ་དང་འགལ་བའོ། །གཞན་གྱི་ཡུལ་ཅན་གྱི་ཚད་མའི་ཞེས་པ་གཏན་ཚིགས་སོ། །ཚད་མ་ནི་ཅེས་བ་འདི་ཡང་བྱེད་པ་ཉིད་ཉེ་བར་མཚོན་པའོ། །གཞན་ལ་འབྲས ་བུ་རིགས་པ་ཡང་མ་ཡིན་ནོ། །ཞེས་པ་ཚད་མའི་འབྲས་བུའོ། །ཡུལ་གཞན་ལ་ཞེས་པ་ལ་སོགས་པ་དཔེའོ། །ཁྱད་པར་དུ་བྱ་བའི་ཤེས་པའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་པ་མ་གྲུབ་པ་ཉིད་སྨྲས་སོ། །འདི་ལྟར་སེམས་པ་སྟེ། ཇི་ལྟར་གཅོད་བྱེད་ནི་སེད་ལྡེད་ལ་སོག་པ་ཚད་མའི་རྒྱུ ་མཚན་ཉིད་གྱི་ཕྱིར་སེད་ལྡེད་ལ་སོགས་བའི་ཡུལ་ཅན་ཡིན་པ་ད3ེ་བཞིན་དུ་ཁྱད་པར་བྱེ་ཤེས་པ་ནི་ཁད་དུ་བྱ་བའི་ཤེས་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་བྱད་པར་དུ་བྱ་བའི་ཡུལ་ཅན་ནོ་ཞེས་པའོ། །ཁྱད་པར་དུ་བྱ་བའི་ཤེས་པའི་རྒྱུ་མཚན་ཉིད་ནི་དེའི་དེ་མད?་དེ ་ཡོད་པ་མ་ཡིན་པའི་ཕྱིར་རོལ་ཡིན་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །ཞེས་པ་གང་ཡང་རབ་ཏུ་འཇལ་བའོ་བྱེད་པ་པོ་དང། གང་བ་ལར་ལ་སོགས་པའི་ལས་གཞལ་བར་བྱེ་བ་དད་ཕྱོགས་གང་དུ་ཡིན་པ་གཞིར་དང། གང་ལས་འབྱུང་བ་འབྱུང་བ་འབྱུང། །ཁུངས་ལས་དང། གང་གི་ཆེད་དུ་སྦྱིན་པ་དེ་ཡང་དགོས་ཆེད་དེ། ་འདི་ཐམས་ཅད་ཀྱང་ཁྱད་པར་བྱ་བའི་ཤེས་པའི་རྒྱུ་ཉིད་ཀྱི་ཕྱིར་ཁྱད་པར་གྱི་ཤེས་པ་བཞིན་དུ་བྱེད་པར་ཐལ་ལོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། འདིར་དེའི་སྒྲ་ནི་གཉིས་དག་སྟེ། དེ་ལ་གཉིས་བའི་འབྲེལ་པ་ཅན་ནི། གང་གི་སྒྲ་ནི་གང་གི ་ཞེས་དྲུག་པའི་མཛའ་ཅན་དུ་མཉན་པར་བྱ་བའོ། །དང་པོའི་ན་གང་དང་དེ་གཉིས་རྟག་ཏུ་འབྲེལ་བའི་ཕྱིར་ཐོས་བཞིན་པ་མ་ཡིན་པ་ཡང་རྗེས་སུ་དཔག་བར་བྱ་སྟེ། ཇི་ལྟར་རྟོགས་པ་དང་བློ་དང་སོ་སོར་ཞེན་བའི་དེན་གྱི་སྒྲ་ལས་དང། ལས་མེད་བ་རྣམས་ཀྱི་ཨཎ?་ལ ་ལ་བྱེད་པ་པོ་དེ་ཎི་ལའོ་ཞེས་པ་འདི་བཞིན་ནོ། །དེ་ཡང་ལས་ལ་ཞེས་པ་འདིས་གཞི་མཚུངས་པ་ཉིད་དུ་བཤད་པར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། ཤེས་པ་གང་ཞིག་གི་ཤེས་པར་བྱ་བའི་ལས་གང་ལ་བྱ་བ་སྟོན་ཅིང་བྱེད་པ་ཅན་གཞན་གྱིས་བར་མཚད ་བའི་བྱ་བ་རྟོགས་པའི་ཤེས་པར་བྱ་བའི་ལས་དེ་ཁོ་ནའི་ཤེས་པ་དེ་ཚད་མའོ་ཞེས་བའོ། །འདིར་ཡང་ཁྱད་པར་ལ་ཁྱད་པར་གྱི་ཤེས་པ་ཁོ་ནའི་བྱ་བ་སྟོན་ཏོ། །དེའི་རྣམ་བཅན་དུ་སྐྱེ་བས་སོ། །གཞན་དུ། དེ་ཁད་པར་གྱི་ཤེས་?་བོན་མི་འགྱུར་རོ། །དེའི་བྱའི་བྱད་པར་དེ་ཁོ་ནའི་དེ་ཚད་མ་ཡིན་གྱི། ཁད་པར་དུ་བྱ ་བ་ནི་མ་ཡིན་ཏེ། དེའི་བྱ་བ་རྒྱས་བ་མེད་པའི་ཕྱིར་རོ། །འོ་ན་ཚད་མ་ནི་བྱེད་པ་ཅན་དྲག་གི་ནང་གི་བྱེད་པ་མ་ཡིན་ནམ། །བྱ་བའི་ཡང་བྱེད་བ་ཅན་རྣམས་སུ་འགྱུར་གྱི། །བྱེད་པ་ཅན་གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་ཅི་ལྟར་ལས་དེ་ཁོ་ནའི་དེ་ཚད་མ་ཞེས་བརྗོད་པར་བྱ ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། འདི་ནི་འབྲེལ་པའི་མཚན་ཉིད་བྱེ་དྲུག་པ་མ་ཡིན་པ་ཁོ་ནའི། །འོ་ན་ཅི་ཞེ་ན། བྱེད་ལྡན་གྱི་སྦྱོར་བའི་མཚན་ཉིད་ཅན་ཏེ། དཔེར་ན་པ་ལཱ?་ཤ་རྣམས་ཀྱི་གཅོད་བྱེད་ཅས་པ་ལྟ་བུའོ། །དོན་འདི་ཡིན་ཏེ། ཁྱད་པར་དེ་ཁོ་ནའི་དེ་ཚད་མ་སྟེ། དེ་ཁོ་ན ་དེས་གཞལ་བར་བྱ་བའི་ཁྱད་པར་དུ་བྱ་བ་ནི་མ་ཡིན་ནོ་ཞེས་པ་འགོག་པ་དེའི་ཕྱིར་ཡུལ་ཐ་དད་པ་ཉིད་དུ་གྲུབ་པོ། །དེ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། འོ་ན་ཡང་ཁྱད་པར་རྟོགས་པར་བྱ་བ་ལ་ཁྱད་པར་དུ་བྱ་བའི་ཤེས་བ་འབྲས་བུ་ཉིད་དུ ་བརྗོད་པ་མ་ཡིན་ནམ། དེ་ལ་འབྲས་བུ་མེད་པ་ཞེས་བརྗོད་པར་བྱ་བ་ཅི་ཞེ་ན། སྐྱོན་འདི་མེད?་དེ?། ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། དེ་ཁོ་ན་ལ་སྟེ་ཁྱད་པར་ཁོ་ན་རྟོག་པར་བྱ་བ་ལའོ། །ཞེས་པའི་དོན་ཏོ། །གང་གི་ཚེ་སྣང་བ་ཞན་པའི་ཕྱོགས་སུ་བ་ལང་ལ་སོགས་པ་ཙམ ་གྱི་ཁྱད་པར་འབའ་ཞིག་ཁོ་ན་ཡོངས་སུ་གཅོད་ཀྱི་གསལ་བའི་བྱེ་བྲག་ནི་མ་ཡིན་ཏེ། དེ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞིང། བ་ལང་ལ་སོགས་པ་ཙམ་ཡང་སྤྱིའི་ངོ་བོ་ཉིད་ཀྱི་ཕྱིར་དང། དེ་ལ་ཡང་ཁྱད་པར་གཞན་མེད་པའི་ཕྱིར་ལ། སྤྱི་ནི་ཁྱད་པར་དུ་འགྱུར་བ ་སྲིད་པ་མ་ཡིན་པ་དེའི་ཚེ་ཁྱད་པར་གྱི་ཤེས་པ་མཚན་ཉིད་དམ་འབྲས་བུ་ཉིད་དུ་འགྱུར་ཞིང། གང་ཡང་རུང་བ་ཁས་བླངས་ན་གང་ཡང་རུང་བ་ཉམས་སོ་ཞེས་པས་ཁས་བླངས་པ་ལ་གནོད་པའོ། དེ་གཉིས་ཅི་ཞེས་པའི་དེའི་ལན་ཏེ། འདིར་ཡང་གཅིག་གི ་གཉིས་ཀའི་ངོ་བོ་འགལ་བ་ཡོངས་སུ་སྤང་བའི་ཆེད་དུ་དཔེར་ན་ཞེས་པ་ལ་སོགས་པས་མཐོང་བའི་མཐོང་སྟེ། གང་གི་ཕྱིར་རྣལ་འབྱོར་བ་རྣམས་ཀྱི་རྣལ་འབྱོར་རྫོགས་པ་ན་བདག་ཉིད་མཐོང་བ་རྣམས་ཀྱི་དེ་གཟུང་བྱང་ཡང་འགྱུར་ལ། འཛིན་པ་པོ་ཡང་ཡིན་པ་བཞིན་ནོ། ་དོན་གཞན་འབྲས་བུར་སྨྲ་བ་ལ་འདི་མི་འདོད་པ་སྟེ། དེ་ལྟར་གྱུར་ན་ཐལ་བར་འགྱུར་རོ་ཞེས་གསུངས་པ། གལ་ཏེ་དོན་གཞན་ཡིན་ན་ཡང། ཞེས་པ་ལ་སོགས་པའོ། །རང་ཉིད་ཁོང་དུ་ཆུང་ནན་ནི་ཤེས་པའི་ཞེས་པ་ལ་སོཊ་པ་སྟེ། འདིས་ནི་འདི་སྟོན་ཏེ། བདག་ཉིད ་ཀྱི་དཔེས་ནི་དོན་གཞན་གཞལ?་བར་བྱ་བ་ཡིན་པ་ལ་ཁྱད་པར་གྱི་ཤེས་པ་རྣམ་པ་གཉི་གར་འགྲུབ་པ་མ་ཡིན་ཏེ། དཔེ་དང་དཔེ་ཅན་དག་མི་མཚུངས་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་རང་ཉིད་ཁོང་དུ་ཆུད་པ་ཁོ་ན་ལ་ཤེས་པའི་དངོས་པོ་གཉིས་སུ་འགྱུར་ཞིང། ། ་།རང་ཉིད་ཁོང་དུ་ཆུད་བ་ལ་ཡང་ཤེས་པའི་རྣམ་པ་གཉིས་ཀ་ལྟར་ན་ཡང་ཚད་མ་དང་གཞལ་བར་བྱ་བ་ལ་ཡང་ཁོ་བོས་འདོད་པ་ཁོ་ན་སྟེ། དེ་ཡང་ཁྱོད་ཀྱིས་བདག་ཉིད་དཔེར་བརྗོད་པས་གཞུང་བཙུགས་སོ་ཞེས་པའོ། །ད་ལྟར་ནའོ་ན་ཞེས་པ་ལ་སོགས ་པས་ཇི་ལྟར་སྒྲོན་མའི་མུན་པ་བཟློག?་པའི་འབྲས་བུ་དོན་གཞན་ཡིན་པ་དེ་བཞིན་དུ་མི་ཤེས་པ་ལ་སོགས་པ་བཟློག་པ་འབྲས་བུར་འགྱུར་རོ་ཞེས་སྟོན་ཏོ། །ཡུལ་གྱི་དབྱེ་བ་ཡང་འདི་ལ་མེད་དོ་ཞེས་བ་ཉེ་བར་དགོད་པའོ། །ཀུན་ལ་མིན་ཞེས་པས་འབྲས་བུ་རྣམ ་བར་བཞག་པའི་མ་ཁྱབ་པ་ཉིད་གསུངས་སོ། །ཅིའི་ཕྱིར་འདི་ཀུན་ལ་མིན་ཞེ་ན། གསུངས་པ་ཁ་ཅིག་ཏུ་ཞེས་པ་ལ་སོགས་པ་སྟེ། གཟས་པ་ཙམ་གྱིས་ཏེ། ཡིད་ལ་བྱེད་པ་ཙམ་གྱིས་སོ་གང་ལ་གང་གི་རྩོལ་བཙམ་གྱིས་ཤེས་པ་སྐྱེ་བ་རེ་ལ་དེའི་མི་ཤེས་པ ་ཡོད་ལ་མ་ཡིན་ཏེ། དཔེར་ན་ཤེས་རབ་ཅན་ཁ་ཅིག་གི་བཟོའི?་གནས་འགའ་ཞིག་ལ་བཞིན་འཇིག་རྟེན་གྱི་ཤེས་པ་ཡང་ཤེས་བྱ་འགའ་ཞིག་ལ་རྩོལ་བ་ཙམ་གྱིས་སྐྱེའོ། །ཁྱབ་བྱེད་དང་འགལ་བ་གསུངས་སོ། །ལྟོག་པ་ཡོང་མིན་འབྲས་བུ་མན་ཅེས ་པ་ལ། མི་ཤེས་པ་ལ་སོགས་པ་མེད་པ་ནི་མི་ཤེས་བ་ལ་སོགས་པ་ལྡོག་པ་སྟེ། དངོས་པོ་མེད་པ་ལ་ནི་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཉེ་བར་བརྗོད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བྱ་བཞིན་པ་མ་ཡིན་པ་ཡང་རབ་ཏུ་འཇལ?་བར་འགྱུར་བར་འོས་པ་མ་ཡིན་ནོ། །ཚད་མའི ་འབྲས་བུར་འབྱུང་བར་འོས་པ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །གང་ཡོད་པ་མ་ཡིན་པ་དེ་ཚད་མའི་འབྲས་བུ་མ་ཡིན་ཏེ། ཤིན་ཏུ་མེད་པ་བཞིན། །ལྡོག་པ་ཡང་ཡོད་པ་མ་ཡིན་པའོ། །འགལ་བས་ཁྱབ་པའོ། །སྒྲོན་མའི་ཡང་མུན་པ་ལྡོག་བ་ཙམ་འབྲས་བུ་མ་ཡིན་ཏེ། འོན ་ཀྱང་བུམ་པ་ལ་སོགས་པ་གསལ་བར་བྱེད་པའོ། དེའི་ཕྱིར། དེའི་གནས་སྐབས་ནི་བཚད་མ་དང་འབྲས་བུ་མེད་པའི་སྐྱོན་ནོ་ཞེས་པའོ།། །།འབྲེལ་པ་འགའ་ཞིག་གིས་ཞེས་པ་ལ་འགྲེལ་པ་བྱེད་པའི་འདོད་པའི་བྱེ་བྲག་གིས་འབྲེལ་དུ་མ་རྣམས་ཏེ། དེ་ལ་འབྲེལ ་འགའ་ཞིག་ལ་མངོན་སུམ་གྱི་མཚན་ཉིད་ཀྱི་མདོ་འདི་སྲིད་པ་མ་ཡིན་ཞེས་འདིའི་ཕྱིར། འབྲེལ་པ་འགའ་ཞིག་གིས་ཞེས་སྨྲས་སོ། །དེ་ལ་ཁ་ཅིག་རྣམས་འབྲེལ་སྨྲ་སྟེ། རབ་ཏུ་གྲུབ་པ་དང། རྟགས་དང། བདག་སྟེ། རབ་ཏུ་གྲུབ་པ་དང་ཤེས་པ་ཞེས་པ་དོན ་གཞན་མ་ཡིན་ནོ། །རབ་ཏུ་གྲུབ་པ་དེ་ཡང་ཡོན་ཏན་ཉིད་དང་མི་རྟག་པ་ཉིད་དུ་སྒྲ་དང་འདྲ་བར་བལྟ་བར་བྱའོ་ཞེས་སྨྲས་ཤིང། །གལ་ཏེ་བློ་ནི་མི་རྟག་པ་ཡིན་ན། །མི་རྟག་པ་ཡང་རྒྱུ་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་འདི་རི་ཡང་རྒྱུ་བརྗོད་པར་བྱ་ཞིང། གཞན་ཉིད་ཀྱང་སྟེ། ཤེས ་པ་པོའི་གཏན་ཚིགས་འདིས་ཡིན་པ་ཞེས་པའོ་ཞེ་ན། བརྗོད་པར་བྱ་སྟེ། བདག་དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ལས་གང་གྲུབ་པ་དེ་གཞན་ཏེ་གང་གང་ལས་གྲུབ་པ་དེ་དེ་ལས་གཞན་ཡིན་ཏེ། དཔར་ན་འཇིམ་པ་ལ་སོགས་པ་ལས་བུམ་པ་ལ་སོགས་པ་བཞན། ་དག་ལ་སོགས་པ་རྣམས་ལས་ཤེས་པ་འགྲུབ་པ་ཡང་དེ་ལྟ་བུའོ། །དེའི་ཕྱིར་དེ་ཡང་དེ་རྣམས་ལས་གཞན་ཡིན་ནོ། །རྒྱུ་ཡང་འདི་ཁོ་ནས་བསྟན་ཏེ་བདག་ལ་སོགས་པའོ། །འབྲེལ་འདི་ལ་མངོན་སུམ་གྱི་མཚན་ཉིད་ཀྱི་མདོ་འདི་འཐད་པ་མ་ཡིན་ནོ། །གཞན་རྣམས་ནི་འབྲེལ ་ཀུན་ནས་སྨྲ་རྟེ། རྟགས་ལས་བྱུང་བ་ཚད་མར་བརྗོད་ལ་དེའི་ཕྱིར་སྨྲས་གཅི་རྟགས་ལས་བྱུང་བ་གཅིག་པུ་ཁོ་ན་ཚད་མའམ། མ་ཡིན་ཞེ་ན་བརྗོད་པར་བྱ་སྟེ། བདག་དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ལས་གང་གྲུབ་པ་དེ་གཞན་ནོ། །མངོན་ཚད་མའོ་ཞེས་པ་དག ་ལྷག་མའོ། །འབྲེལ་པ་འདི་མངོན་སུམ་གྱི་མཚན་ཉིད་ཀྱི་མདོ་འདི་རྣམ་པར་བཤད་པར་བྱའོ། །མོད་ལས་བྱུང་བ་མ་ཡིན་ཡང་བཤད་པ་བྱེད་པས་བརྗོད་པ་ཡོད་དེ། དབང་པོ་དང་དོན་ཕྲད་པ་ལ་མངོན་སུམ་འམ?་བདེག?་དང་ཡིད་ཕྲད་བའོ?་ཞེས་པའི་དེའི་ཕྱིར ་མདོ་ལས་བྱུང་བའོ། ཞེས་སྨྲས་སོ། །རྫས་སྨོས་པས་ཡོན་ཏན་དང་ལས་དག་ལའང་མདོ་ལས་བྱུང་བའི་མངོན་སུམ་མཚན་ཉིད་གཞན་ཡོད་དོ་ཅེས་སྟོན་ཏོ། །དེ་སླར་ཡང་ཡོན་ཏན་དང་ལས་རྣམས་ཕྲད?་པ་རྣམས་ལ་ཤེས་པ་འགྲུབ་པའི་ཕྱིར་རྫས་རྒྱུ?་སྟེ། རྒྱུའི་རྒྱུ་མདོ?་ཞེས་དོ? ་འདི་ནི་རང་གི་རྟེན་གྱིས་མངོན་པར་གསལ་བ་མ་ཡིན་པའི་ཡོན་ཏན་དང་ལས་རྣམས་ལ་ཤེས་པ་ཉེ་བར་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་དེའི་རྟེན་རྫས་ནི་ཡོན་ཏན་དང་ལས་རྣམས་གསལ་བར་བྱེད་ཅིང་དེའི་ཤེས་པའི་རྒྱུད་འགྱུར་རོ། །ཡོན་ཏན་དང་ལས་ཀྱི་ཤེས་པའི་རྒྱུ ་མི་དབང་པོ་དང་དོན་ཕྲད་པའོ། །དའི་རྒྱུ་རྫས་བུམ་པ་ལ་སོགས་པ་ནི་རྒྱུའི་རྒྱུའོ་ཞེས་བརྗོད་པར་བྱའོ། །འདིར་ཡང་གཙོ་བོ་ཉིད་ཀྱི་ཕྱིར་དང། དོན་གཅིག་ལ་འདུས་པའི་རྒྱུ་ཉིད་ཀྱི་ཕྱིར་བདག་དང་ཡིད་ཕྲང་པ་ལས་སྐྱེ་ལ། དབང་པོ་དང་ཡིད་དང་དོན་ཕྲད་པ་རྡམ? ་ནི་དེ་ལ་ཕན་འདོགས་པ་པོ་རྣམས་སོ། །ཁ་ཅིག་ནི་ཅེས་པ་སྟེ། གང་གི་ཕྱིར་ཤེས་པ་ཚད་མ་ཉིད་ཡིན་ན་འབྲས་བུ་གཞན་དུ་མི་འགྱུར་ཏེ། དེ་ལྟར་ནི་རྟོགས་པ་འབྲས་བུ་ཡིན་ཅིང། །ཤེས་པ་ལ་རྟོགས་པ་དོན་གཞན་གྲ་ཡང་མ་ཡིན་ནོ། །དེས་ན་གྲ?་ཡ ་ས་ཀ་ལ་སོགས་པ་རྣམས་ཕྲད་པ་འདོད་པར་བྱེད་དོ། །ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ཀྱི་ཕྱིར་ཞེ་ན། ཕྲད་བ་ཅིག་ཤོས་རྣམས་ནི་དྲིན་པ་ལ་སོགས་པའི་ཤེས་པའི་ཐུན་མོང་བ་རྣམ?་པ?་ཏེ་དབང་པོ་དང་དོན་ཕྲད་པ་ནི་མངོན་སུམ་ཁོ་ནའི་རྒྱུའོ། །གཙོ་བོ་ཉིད་ཀྱི ་ཕྱིར་ཞེས་པ་བདག་དང་ཡིད་དག་གཙོ་བོ་ཉིད་ཀྱི་ཕྱིར་དེ་ཕྲད་པ་ཡང་གཙོ་བོ་ཉིད་དེ། དེས་ན་དབྱངས་ཅན་པ་ལ་སོགས་པ་རྣམས་ཏེ་འདོད་པར་བྱེད་དོ། །དེ་ལ་བདག་ནི་གཙོ་བོ་ཉིད་དེ། ཤེས་པའི་བྱེད་པ་པོ་ཉིད་ཀྱི་ཕྱིར་དང། དེའི་རྟགས་ཉིད་ཀྱི་ཕྱིར་དང། འབྲས ་བུ་ཉེ་བར་ལོངས་སྤྱོད་པ་པོ་ཉིད་ཀྱི་ཕྱིར་རོ། །ཡིད་ཀྱང་སྟེ་ཡུལ་ཐམས་ཅད་པ་ཉིད་ཀྱི་ཕྱིར་དང། ཤེས་པ་དང་དོན་གཅིག་ལ་འདུ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ཡང་ཞེས་པ་ལ་སོགས་པས་སྟན་བཅོས་དང་འགལ་བ་གསུངས་སོ། །ཇི་ལྟར་བདག་ཉིད་མེ་ལ་སོགས་པ་རྗེས་སུ་དྲན ་བ་དང་ལྡན་པའི་རྟགས་མངོན་སུམ་པ་མཐོང་ནས་མངོན་སུམ་མ་ཡིན་པའི་དོན་ལ་རྗེས་སུ་དཔག་པར་འགྱུར་པ་དེ་ལྟར་ཁྱད་པར་དྲན་པ་དང་ལྡན་པ་འདི་ཁོ་ནའི་སྤྱི་ཙམ་མཐོད་བ་ལས་གཟུང་བཞིན་པ་མ་ཡིན་པའི་ཕྱིར་པ་རྣམས་ལ་ཐེ་ཚོམ་མོ་ཞེས་པ་ཐེ་ཚོམ་འགྲུབ་པ་ནི་རྟགས ་ཅན་དང་མཚུངས་སོ། །ཇི་ལྟར་ཡང་ཡང་དག་པའི་དོན་དང་འབྲེལ་པའི་དབང་གིས་འདི་ནི་དོན་གྱི་རང་བཞིན་ནོ་ཞེས་མངོན་སུམ་སྐྱེ་བ་དེ་ལྟར་ཡང་དག་པའི་དོན་དང་འབྲེལ་པའི་དབང་གིས་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཏན ་ལ་ཕེབས་པ་སྐྱེ་བོ་ཞེས་པས་འདིའི་འགྲུབ་པ་མངོན་སུམ་དད་མཚུངས་སོ་ཞེས་གང་བཤད་པ་དེ་འགལ་ལོ། །གཏན་ལ་ཕེབས་པ་ནི་རྣམ་པར་བརྟག་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ། །ཞེས་འབྲེལ་ལོ། །སྤྱིར་མཐོད་བ་ཅན་གྱི་ཐེ་ཚོམ་དུ་འགྱུར་པ་ནི། རྣམ་པར་བརྟགས ་པ་ལས་གང་གི་ཚེ་ཁྱད་པར་གྱི་ངོ་བོས་དོན་ངེས་པར་འཛིན་པ་དེའི་ཚེ་འདི་ནི་བ་ལང་ཁོ་ན་ཡིན་གྱི་བ་མིན་ནི་མ་ཡིན་ནོ་ཞེས་གཏན་ལ་ཕེབས་པ་སྐྱེའོ། །ཡུལ་ལ་ལྟ་དོན་ཅན་ཉིད་ཕྱིར་ཞེས་པ་ཡུལ་ཉམས་སུ་མྱོང་བའི་དགོས་པ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན ་ཏོ། །ཡུལ་ལ་ལྟ་བ་ཙམ་གྱི་དོན་ནི་ཞེས་པ་ལ། ཙམ་གྱི་སྒྲ་ནི་ལྷག་པ་རྣམ་པར་བཅད་པའི་དོན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། ཁྱད་པར་སྒྲ་འདོགས་པ་ལ་སོགས་པ་ལ་ནི་བྱ་བ་མ་ཡིན་ཞེས་པས། །དེ་ཡང་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་གི ་འང་ཡུལ་ཉམས་སུ་མྱོང་བ་ཅམ་དགོས་པ་ཡིན་པ་དེ་རྣམ་པར་བརྟག་པ་ལ་བལྟོས་པ་མེད་པར་འཇུག་སྟེ། དེ་སྟོན་པར་བྱེད་བ། དེ་ལ་རྣམ་པར་གཅོད་པ་ག་ལས་ཞེས་པ་སྟེང་ལས་ཀྱང་ཆོས་མི་མཐུན་པ་ཉིད་ཀྱི་ཕྱིར་དེ་དང་གཏན་ལ་ཕེབས་པ་སྐྱེ་བ་མཚུངས་པ་ནི་མ ་ཡིན་ཏེ་དཔེར་ན་རྗེས་སུ་དཔག་པ་དང་བཞིན་ནོ། །དེ་ལྟར་འགྱུར་མདོ་ཡོད་པའི་དོན་དང་འབྲེལ་པའི་དབང་ལ་སྐྱེ་བཙམ?་བསྒྲེ་བར་བྱེད་པའོ་ཞེ་ན་དེ་མི་རིགས་ཏེ། ཁྱད་པར་བསྒྲེ་བར་བྱེད་པ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐེ་ཚོམ་དང་རྗེས་སུ་དཔག་པ་ལ་སོཊ་པ་རྣམས་དང་ཡང ་དེ་ལྟར་སྐྱེ་བ་མཚུངས་པ་འཐོབ་སྟེ། དེ་རྣམས་ཀྱང་སྤྱི་ལ་སོགས་པ་ཡང་དག་པའི་དོན་དང་མངོན་པར་འབྲེལ་པའི་དབང་གིས་སྐྱེ་བའི་ཕྱིར་ན་བསྒྲེ་བ་མ་ཡིན་པ་ཁོ་ནའོ་ཞེས་བས་ཤེས་པ་ཉིད་ཆོས་མཐུན་པ་དེ་ཡང་མེད་པའི་ཕྱིར་རོ། རྣམ་པ་ཐམས་ཅད་འཛིན་པར་རྔ?་པོ་ཞེས? ་པ། རྣམ་པ་ཀུན་གྱིས་ཏེ། མང་པོ་ཅན་ཉིད་ལ་སོགས་པ་རྣམས་ཀྱང་འཛིན་པར་འགྱུར་རོ། །ཆ་ཤས་གང་ལ་ནུས་པ་དེ་ཁོ་ན་འཛིན་པ་འགྱུར་རོ་ཞེ་ན་གསུངས་པ། ཐམས་ཅད་ཀྱི་བདག་ཉིད་དང་ཞེས་པ་ལ་སོགས་པ་སྟེ། ཆ་ཤས་མེད་པ་ཉིད་ཀྱི་ཕྱིར། དོན་ཅི་རིགས་པར་ཕྲང་བ་རྩམ་པ ་ལྔས་གང་དབང་པོ་དང་ཕྲད་པ་མ་ཡིན་པའི་ཆ་ཤས་དེ་ཡོད་པ་མ་ཡིན་པ་ཁོ་ནའོ། །དེ་ལས་ཀྱང་དེའི་ཁྱད་པར་རྣམས་དོན་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར་དོན་ལྟ་བུར་དེ་རྣམས་ལ་ཡང་འཛིན་པ་སྐྱེད་པར་??་པར་འགྱུར་རོ། །འོན་གང་ཁོ་ན་འཛིན་པར་འདོད་པའི་ཆ་ཤས་དེ་ཁོ་ན་གཟུང་བར་བྱ་བ་མ ་ཡིན་ནམ་ཞེ་ན་གསུངས་པ། འདི་ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། གང་གི་ཚེ་ཕ་རོལ་རྣམས་མཐོང་པ་པོའི་ལྟས་ནས་དོན་མཐོང་བ་ལས་སྔར་ཁོ་ནར་འདི་ཅི་ཞེ་ན་ཁྱད་པར་མེད་པར་འཛིན་པར་འདོད་པར་གྱུར་པ་ན། དེ་ལ་རྟོགས་ནས་མཐོང་བར་བྱེད་པ་དེའི་ཚེ་སྐྱོན་འབྱུང ་ཕྲད་པ་སྨྲ་བ་ལ་ཡང་སྐྱོན་འདི་བརྗོད་པར་བྱས་པས་འདི་ནི་དོན་གྱིས་ཤེས་པ་སྨྲ་བ་ལ་ཡང་བརྗོད་པ་ཁོ་ནར་འགྱུར་རོ། །དེ་ལྟར་ནི་ཕྲད་པ་དོན་འཛིན་པའི་རྒྱུའོ་ཞེས་པ་ལ་སྐྱོན་འདི་བརྗོད་པར་བྱ་བ་ཡིན་ཞིང། ཤེས་པ་ཚད་མར་སྨྲ་བས་ཀྱང་དེ་ཁོ་ན་ཤེས་པའི་རྒྱུད ་འདོད་པར་བྱའོ། །ཞེས་པས་སྐྱོན་མཚུངས་སོ། །དེ་ལྟར་ནི་སྐྱོན་འདི་ཁོ་ན་རྗེས་སུ་དཔག་པར་འཆད་པར་འགྱུར་རོ། །གལ་ཏེ་དབང་བོར་དོན?་འབྲེལ་པར་གྱུར་པ་ན་བདག་ཉིད་ཐམས་ཅད་ཀྱིས་འཛིན་པར་ཐལ་བར་འགྱུར་བ་དེའི ་ཚེ། ཁྱེད་ཀྱི་ཡང་དབང་པོ་གསུམ་པོ་རྣམས་ཀྱིས་འབྲེལ་བཞིན་པའི་ཡུལ་ལ་ཅིའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་འཛིན་པར་གྱུར་པ་མ་ཡིན་ཞེ་ན། ཁོ་བོ་ཅག་གིས་ཕྲད་བ་དེའི་རྒྱུར་འདོད་པ་མ་ཡིན་ཏེ། དེ་རྫས་སུ་ཡོད་པ་མ་ཡིན་པ ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཁོ་བོ་ཅག་ནི་མིག་ལ་སོགས་པས་ཀྱང་དོན་རྣམ་པ་ཐམས་ཅད་གཟུང་བར་བྱ་བའི་ཞེས་འདོད་དོ། །དེ་གཟུང་བ་ན་ཡང་དེ་ལྟར་འཁྲུལ་བའི་རྒྱུ་མཚན་ཡོད་བའི་ཕྱིར་ཆ་ཤས་འགའ་ཞིག་འདེས་པར་འགྱུར་བ་མ་ཡིན་ནོ་ཞེས་བས་ཐ་དད་དུ་རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར། དེ་ནི ་མ་གཟུང་བ་དང་འདྲ་བ་འབའ་ཞིག་གོ་ཞེས་པ་འདི་ནི་བརྗོད་ཟིན་ཏོ། །གལ་ཏེ་ཡང་ཕ་རོལ་པོ་ཡང་དི་སྐད་དུ་སྨྲ་བར་བྱེད་ན། ངེས་འདི་སྐད་སུ་སྨེ?་པར་འོས་པ་མ་ཡིན་ཏེ། གང་དོན་རྣམས་དངོས་སུ་ལྟ་བ་འདི་ནི་བ་ལང་ཁོ་ནའོ་འདི་ནི་རྟ་ཁོ་ན་ཞེས་པ་ལྟ་བ་དེ་མངོས ་སུང་ངོ་ཞེས་སྨྲས་པའི་ཕྱིར་རོ། །དེ་ལྟར་ཡང་དག་པའི་དོན་དང་འབྲེལ་པའི་དབང་གིས་འདི་འདིའི་རང་བཞིན་ནོ་ཞེས་འབྱུང་བ་མངོན་སུམ་ཞེས་སྨྲས་པའི་ཕྱིར་རོ། །དེ་བཞིན་དུ་གང་འདི་ནི་དབང་པོ་རྣམས་ཀྱི་དོན་རྣམས་ལ་རབ་ཏུ་གྲུབ་པ་སྟེ། འདི་ནི་སྨྲའོ། །འདི་ནི ་གཟུགས་སོ། །འདི་ནི་རེའོ། །འདི་ནི་དྲིའོ། འདི་ནི་རེག་པའོ་ཞེས་པའོ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་མངོན་སུམ་དེས་པའི་བདག་ཉིད་དུ་ཕ་རོལ་པས་འདོད་པས་སོ། འདི་ཁོ་ན་ཡང་དེས་པ་རྣམས་ཀྱི་རང་གི་དོན་རྟོགས་པ་སྟེ། གང་དེ་ངེས་པར་བྱེད་པའོ། དེ་གལ་ཏེ ་རྣམ་པ་གཞན་བཞིན་དུ་མ་ངེས་པ་ཡིན་ན། དེ་རྣམས་ཀྱིས་གཟུང་ཟིན་པ་ཅི་ལྟར་ཡིན་ན་ནི་ཁྱེད་ལའང་མངོན་སུམ་གྱིས་མ་ངེས་ཤིང་དེ་ལ་ཡང་གཟུང་བ་ཞེས་བྱ་བ་ཅི་ལྟར་ཡིན་ཕྱེ་ན། མངོན་སུམ་ནི་གང་བ་འདི་ངེས་བར་བྱེད་པའི་བདག་ཉིད་མ་ཡིན་ཏེ། དེས་གང་ཞིག་འཛིན ་པ་དེ་ཡང་ངེས་པས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་སྣང་བས་སོ། །དེ་བས་ན་ངེས་བ་དང་མ་ངེས་བའི་དབང་ལས་མངོན་སུམ་གྱི་འཛིན་པ་རང་མི་འཛིན་པ་དག་མ་ཡི་མོ་ངེས་པའི་ནི་འདི་ལྟ་བུ་མ་ཡིན་ཏེ། ཅུང་ཟད?་ངེས་ཀྱང་གཞན་མངེས་པས་འཛིན་པ་དང་མི་འཇིན་བ་ཡིན་ནོ། ། ་དེའི་ཕྱིར་ངེས་པ་གང་ཡིན་པ་དེ་ཁོ་ན་འདིའི་འཛིན་བའོ། །གཞན་དུ་ན་རྣམ་པ་གཅིག་ལ་ཡང་དེར་མི་འགྱུར་རོ། །ཡང་བདག་ཉིད་ཐམས་ཅད་ཀྱིས་གཟུང་ན་ཡང་དེ་ལྟར་ངེས་པར་མི་འགྱུར་བ་ཅི་ཞེ་ན། ལྷན་ཅིག་བྱེད་པ་མ་ཚད་བ་ཉིད་ཀྱི་ཕྱིར་རོ། ཉམས་སུ་མྱོང་བ་ནི་རྣམ་པར ་རྟོག་པ་གོམས་པ་ཇི་ལྟ་བར་ངེས་པ་རྣམས་སྐྱེད་པར་བྱེད་དེ། དཔེར་ན་གཟུགས་མཐོང་བ་ལ་བྱད་པར་མེད་ཀྱང། རོ་དང་འདོད་ལྡན་མ་དབ་བཟའ་??་བྱ་བའི་རྣམ་པར་རྟོག་པ་རྣམས་ལྟ་བུའོ་སྐད་??་??་པ་ཉིད་དང་དེ་??་བག་ཆགས་གོ་བས་པ་དང་??་ཤེས་བྱ ་བ་ལ་སོགས་པ་རྣམས་ཉམས་སུ་མྱོང་བ་ལ་ངེས་བ་སྐྱེ་བའི་རྒྱུ་རྣམས་སོ། །དེ་རྣམས་འོ་ན་ཤིན་ཏུ་དད་ཆེས་ཤིན་ཏུ་ལ་སོགས་པའི་བྱེ་བྲག་ལས་སྔ་ཕྱི་ཉིད་དུ་སྟེ། དཔེར་ན་སྐྱེད་པར་བྱེད་པ་དང་གླག་ཏུ་འཇུག་བར་བྱེད་པ་པོ་ཉིད་དུ་ཁྱད་པར་མེད་ཀྱང་ཕ་འོང་བ་མཐོང་ནས་བདག ་ནི་ཕ?་འོང་ངོ་ཞེས་སྔོན་ལ་ངེས་པར་འགྱུར་གྱི། མཁན་པོ་འོད་དོ་ཞེས་མ་ཡིན་པ་བཞིན་ནོ། །འགྱུར་བའི་ངེས་བ་དེ་ཡང་འཁྲུལ་པའི་རྒྱུ་མེད་ན་འགྱུར་རོ། །དེའི་ཕྱིར་ཉམས་སུ་མྱོང་དོ་ཞེས་བ་ཁོ་ནས་ནི་རྣམ་པ་ཐམས་ཅད་ངེས་བ་མ་ཡིན་ནོ། །གལ་ཏེ་དེ་ན་ཕ་རོལ་བོས་མངོན ་སུམ་རྟོག་པ་དང་བཅས་པར་འདོད་ན། ཇི་ལྟར་ཡུལ་ལྟ་བ་ཙམ་གྱི་དོན་ཅན་ནི་བཞི་པོ་ཕྲད་པ་ལས་སྐྱེས་པའོ་ཞེས་པ་དེ་བརྗོད་ཅེ་ན། དབང་པོའི་ཤེས་པ་རྟོག་པ་མེད་པ་ཉིད་དུ་ཚད་མས་གྲུབ་པོ་ཞེས་དངོས་པོའི་སྟོབས་ལས་སློབ་དཔོན་གྱིས་སྐད་དུ? ་གསུངས་ལ། ཁོ་བོ་ཅག་གིས་ནི་ཕ་རོལ་པོས་ཁས་བླངས་བའི་དབང་ལས་འདི་སྐད་དུ་བཤད་དེ་ཞེས་པས་མི་འགལ་ལོ། །གལ་ཏེ་ཕ་རོལ་བོས་མངོན་སུམ་ངེས་བའི་བདག་ཉིད་དོ། །ཞེས་ཁས་བླངས་ན། མངོན་སུམ་དང་གཏན་ལ་ཕེབས་པར་མཚུངས་པར ་སྐྱེ་བའོ་ཞེས་པ་འདི་ཅི་ལྟར་རིགས་ཏེ། དེ་ཁོ་ན་དང་དེ་མཚུངས་པར་སྐྱེའོ་ཞེས་ཁས་བླང་པར་རིགས་པ་ནི་མ་ཡིན་ནོ་ཞེ་ན། འདི་ནི་དེའི་སྐྱོན་གཞན་དུ་འགྱུར་ཏེ། གང་འདི་ལྟར་འདོད་པའི་ལ?་ཞེས་རང?་ཤིན་ཏུ་ཐལ་ཆེས་བས་མཆོག་ཡུལ་ཐ་དད་བ་ཡང་ཞེས་པ ་ཚད་མའི་གུལ་དང་ཡིད་ཡིན་པ་ཉིད་ཀྱི་ཕྱིར་དང། འབྲས་བུའི་ཡུལ་དོན་ཡིན་བ་ཉིད་ཀྱི་ཕྱིར་རོ། །འོ་ན་ཤེས་པ་ཡང་བདག་ལ་འདུ་བའི་ཕྱིར་དེའི་ཡུལ་ཅན་ཁི?་ན་མ་ཡིན་ནས་ཞེ་ནུ། འདི་ཡོད་བ་མཛིན?་ཏེ། གང་ཕྱིར་ཤེས་པའི་ཤེས་པར་བྱ་བ་ནི་ཡུལ་ཉིད་དུ་མངོན་བར་འདོད ་ཀྱི་འདུ་བ་ཅན་གྱི་རྒྱུ་ནི་མ་ཡིན་པས་སོ། །གཞན་དུ་ན་ཤེས་པ་ཐམས་ཅད་ཡུལ་གཅིག་བ་ཉིད་དུ་འགྱུར་རོ། །བདག་དང་ཡིད་ཕྲད་བ་ནི་དམིགས་པ་མ་ཡིན་ན། དེའི་འདུ་བ་ཅན་གྱི་རྒྱུ་ལ་གཞན་ཅིག་ཞིག་ཡུལ་དུ་འགྱུར་ཞེས་པས་འདི་ནི་ལན་མ་ཡིན་ནོ། །ཡུལ་ཐ་དད་པ་ལ་སྐྱོན་ཅི་འདོད་ཅན ་གསུངས་པ་མེད་ཅེས་བ་ལ་སོགས་བའོ། །གཞན་ཡང་ཞེས་པ་ལ་སོགས་པས་ཁས་བླངས་པས་གནོད་པ་གསུངས་ཏེ། བསྟན་བཅོས་སུ་བརྗོད་པ་ནི་སྦྱི་དང་ཁྱད་པར་ལ་བལྟོས་པ་ནི་རྫས་དང་ཡོན་ཏན་དང་ལས་རྣམས་ལ་མངོན་སུམ་སྟེ། ་རྫས་དང་ཡོན་ཏན་དང་ལས་ལ་བལྟོས་པ་ཡང་རྫས་རྣམས་ལའོ་ཞེས་པ་སྟེ། འདིར་སྤྱི་སྨོས་པས་སྤྱི་ཆེན་པོ་ཡོད་པ་ཉིད་གཟུང་བར་བྱ་ཞིང། །ཁྱད་པར་སྨོས་པས་རྫས་ཉིད་ལ་སོགས་སྤྱི་ལྷག་མ་རྣམས་ཏེ། སྤྱི་དང་ཁྱད་པར་ཞེས་པ་འདི་ཡང་བལྟོས་ནས ་བྱས་པ་སྟེ། དེའི་ཕྱིར་སྤྱི་འདི་རྣམས་ནི་ཁྱད་པར་གྱི་སྒྲས་བརྗོད་པར་བྱ་བ་རྣམས་སོ། །ཡོད་པ་ཉིད་ནི་སྦྱི་ཁོ་ན་སྟེ་ཁྱད་བར་མ་ཡིན་ལ། ལྷག་མ་རྣམས་ནི་སྤྱི་རྣམས་དང་ཁྱད་པར་རྣམས་སུ་ཡང་བལྟོས་པ་ནས་འགྱུར་རོ། །དེ་ལ་སྤྱི་ལ་བལྟོས་པ་ནི་རྫས་ལ་ཡོད་པ་ནི ་རྫས་སོ་ཞེས་པའོ་ཁྱད་པར་ལ་བལྟོས་པ་ནི་རྫས་ནི་སའོ་བུམ་པའོ་ཞེས་པ་ལ་སོགས་པའོ། །རྫས་དང་ཡོན་ཏན་དང་ལས་ལ་བལྟོས་པ་ནི། དབྱུག་པ་ཅན། དཀར་པོ། འགྲོའོ་ཞེས་པའོ། །སྤྱིའི་ཕྱིར་སྦྱར་བར་མི་བྱ་ཞེན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རང ་གི་ངོན་ཙམ་འཛིན་པ་ཉིད་ཀྱི་ཕྱིར་ཞེས་པ་འདི། །ཡུལ་ལ་ལྟ་དོན་ཅན་ཉིད་ཀྱི་ཕྱིར་ཞེས་པ་འདི་ནི་རྣམ་པར་འགྲེལ་པའོ། །མཚམས་སྦྱོར་བ་ནི་སྦྱོར་བར་བྱེད་པའོ། །དེའི་རང་གི་ངོ་བོ་སྟོན་བར་བྱེད་པ། འདི་ནི་འདི་ཞེས་པ་ལ་སོགས་པ་སྟེ། ངེས་པར་ཞེས་པ་ནི་རྣམ་པ ་གཞན་དུ་ན། གང་ཡང་ཁྱད་བར་བྱེད་པ་དང་ཁྱད་པར་དུ་བྱ་ས་ཡང་འཛིན་པ་མ་ཡིན་ཞིད་དེ་དག་སྦྱོར་བར་ཡང་མི་བྱེད་པ་དེ་ཡང་དེ་ལྟར་འཛིན་པར་འགྱུར་རོ་ཞེས་དགོངས་པའོ། །ལྡན་པ་ཕྱིས་པ་ལས་སམ་ཐ་མི་དད་པར་ཉེ་བར་བཏགས་པ་ལས་ཞེས་ཇི་ལྟར་སྲིད་པར ་ལྟ་བར་བྱའོ། །དེ་ལྟར་ནི་ལྟོན་གྱི་ཚིག་རྣམས་ལས་ལྡན་པ་དབྱེ་བ་དང། ཐ་དད་པ་མེད་པར་ཉེ་བར་བཏགས་པ་ཡང་ཐམས་ཅད་དུ་མ་ཡིན་པས་སོ། གང་གི་ཕྱིར་བྱ་བ་དང་རྫས་ཀྱི་ངོ་བོས་རྟེན་རྟོགས་པ་ཡོད་པ་མ་ཡིན་ཏེ། ལྡན་པའི་རྐྱེན་གྱི་དོན་ནི་གང་དུ་རྟོགས་པར་བྱ་བ ་དེ་ཁོ་ན་ལྡན་པ་ཕྱིས་བས་ཀྱང་མཚོན་པར་བྱའོ། །གལ་ཏེ་དབང་པོའི་བློ་ལ་དི་མི་འཐད་ན་འོ་ན་ཅི?་ནི?་སལ?་ཡིན་ཞེ་ན་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། སྔར་ཁྱད་པར་དང་ཁྱད་པར་དུ་བྱ་བའང་གཟུང་ནས་འཇིག་རྟེན་གྱི་རྣམ་པར་གཞག ་པ་ཡང་རྗེས་སུ་དྲན་པར་བྱས་ཏེ། རྗེས་སུ་སྦྱར་བ་བྱ་བར་ནུས་ཀྱི་རྣམ་པ་གཞན་དུན་མ་ཡིན་ནོ། །དེའི་ཆོ་ཡང་དབང་པོའི་ཤེས་བ་ཡུན་རིང་པོ་ན་འགགས་པའོ་ཞེས་པ་དྲན་པ་ཉིད་ཀྱིས་དྲངས་ནས་ཁྱད་པར་བྱེད་པ་ཡིད་ཁོ་ནས་སྦྱར་བར་བྱ་སྟེ། དེའི་ཕྱིར ་དེ་ཁོ་ན་ལ་དེ་འཐད་དོ། །རྣམ་པ་གཞན་དུ་ནི་ཅེས་གལ་ཏེ་ཁྱད་པར་ནི་དྲན་པས་དྲངས་པ་ཉིད་དུ་འདོད་ལ་མ་ཡིན་ནའོ། །དེ་འདིས་གང་ཁྱད་པར་ལ་བལྟོས་པའི་ཤེས་པ་མངོན་སུམ་མ་ཡིན་པ་འམ། དེ་ཡིད་ལ་བྱུང?་བ་ཁོ་ན་སྟེ་དཔེར་ན་དྲི་ཞིམ་པོ་ནི ་མངར་པོའི་ཞེས་པའི་ཤེས་པ་བཞིན། བ་ལང་འགྲོའོ་ཞེས་པའང། ཇི་སྐད་བཤད་པའི་རྣམ་པའོ། །ཁྱབ་པར་བྱེད་པ་དང་འགལ་བ་དང་སྒྲུབ་པར་བྱ་བ་གཉིས་པ་ལ་བལྟོས་པས་ནི་རང་བཞིན་གསུངས་ཤིང། རིགས་པ་ཡང་མ་ཡིན་ཏེ། ཞེས་པ་དཔེ་ལ་བསྒྲུབ་པར ་བྱ་བ་མ་ཚང་བའི་དགོས་སེལ་བར་བྱེད་དོ། །དབང་པོ་ཐ་དད་ཀྱིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཞེས་པ་དྲི་དང་རོ་དག་སྣ་དང་ལྕེའི་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྫས་ཀྱང་མིག་དང་ལུས་ཀྱིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེས་འདི་སྐད་བཤད་བར ་འགྱུར་ཏེ། གང་དབང་པོ་ཐ་དད་ཀྱིས་གཟུང་བར་བྱ་བའི་ཁྱད་པར་དང་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་ཤེས་པ་དེ་མངོན་སུམ་མ་ཡིན་པ་འམ་དེ་ཡིད་ཁོ་ན་ཡིན་ཏེ། དཔེར་ན་གཟུགས་སྐྱུར་བའོ་ཞེས་པའི་ཤེས་པ་བཞིན། དྲི་བཟང་པོ་ནི་ཞིམ་པོ་ཞེས་པའི་ཤེས་པ་འདི་ཡང་དེ་ལྟ ་བུའོ་ཞེས་པ། སྔ་མ་དང་འདྲ་བར་གཏན་ཚིགས་ཀྱི་དབྱེ་བ་སྦྱར་བར་བྱའོ། །ད་ནི་རྫས་ཉིད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཚོགས་པ་ལ་དེ་ཉེ་བར་བཏགས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་དེ་ལ་མངོན་སུམ་དུ་འགྱུར་ཞེས་རྫས་རྣམ་པར ་རྟོག་པ་རྩོམ་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ་འདིའི་དོན་ནི་འདི་ཡིན་ཏེ། གང་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བ་དེའི་ནི་གཅིག་མ་ཡིན་ཏེ། གཟུགས་ལ་སོགས་པ་བཞིན། རྟགས་ཀྱང་དེ་ལྟ་བུའོ། །ཞེས་བྱ་བ་བྱེད་དང་གལ་བའི་བྲལ ་འགྱུར་རོ། །རྫས་དབང་པོ་གཅིག་མིན་གྱི་གཟུང་བར་བྱ་བ་ཉིད་ནི། བལྟ་བར་བྱ་བ་དང་རེག་པར་བྱ་བ་ཡང་རྫས་ཞེས་ཁས་བླངས་པའི་ཕྱིར་རོ། །གཟུགས་སོགས་དབྱེར་མེད་པ་འམ། ཞེས་པས་འདི་སྐད་སྟོན་ཏེ། གཟུགས་ལ་སོགས་པ་ལ་ཡང་ཐ་དད་པར་རྣམ་པར་འཇོག་པའི ་རྒྱུ་ནི་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བ་ཉིད་དེ། གལ་ཏེ་ཡང་དེ་ལྟར་གྱུར་ན་འང་སྔས་ལ་ཐ་དད་པ་འདོད་པ་མ་ཡིན་ན་གཟུགས་ལ་སོགས་པ་རྣམས་ལ་ཡང་དེར་མི་འགྱུར་རོ་ཞེས་པའོ། །འཛིན་བྱེད་ཐ་དད་པ་ལ་གཟུགས་ལ་སོགས་པ་རྣམས་ཀྱི་གཅིག་མ་ཡིན ་པ་ཉིད་དུ་རྣམ་པར་བཞག་གོ་ཞེ་ན། འགྱུར་མོད། དེ་ལས་ཀྱང་ཁོ་བོ་ཅག་གིས་དབང་པོ་ཐ་དད་པའི་གཟུང་བྱ་ཉིད་ཁོ་ནའི་ཕྱིར་ཐ་དད་པའོ་ཞེས་ངེས་པར་གཟུང་པ་མ་ཡིན་ནོ། །གཞན་ཡང་དབང་པོ་ཐ་དད་པ་ཉིད་ཀྱི་གཟུང་བར་བྱ་བ་ཉིད་ཀྱིས་འཛིན་བྱེད་ཐ་དད ་པ་ཡང་འཕངས་པ་ཁོ་ན་སྟེ། དབང་པོ་ཐ་དད་པའི་གཟུང་བར་བྱ་བ་ཉིད་ན། གདོན་མི་ཟ་བར་འཛིན་བྱེད་ཐ་དད་པར་འགྱུར་བར་འོས་སོ། །འོ་ན་རྫས་ཡོད་ན་འང་དབང་པོ་ཐ་དད་པའི་གཟུང་བར་བྱ་བ་ཉིད་ལ་འཛིན་བྱེད་ཐ་དད་པར་མི་འགྱུར་བ་མ་ཡིན་ནམ་གེམས་ཡིན་ཏེ། ་རྫས་དེ་ཁོ་ན་རྣམ་པར་དཔྱད་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་དང། གཟུགས་ལ་སོགས་པ་རྣམས་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་ཡང་ངོ། །མཐོང་ཞེ་ན། ཞེས་པ་ལ་སོགས་པས་རྫས་ཀྱི་གཅིག་ཉིད་ནི་མངོན་སུམ་གྱིས་གྲུབ་ལ་གཟུགས ་ལ་སོགས་པ་ཡང་གཅིག་མ་ཡིན་པ་ཉིད་དུའོ། །དེས་ན་ཅི་ལྟར་དེ་རྗེས་སུ་དཔག་པས་རྣམ་པ་གཞན་དུ་བྱ་བར་ནུས་ཞེས་སྟོན་པར་བྱེད་དོ། །ཡོད་པ་དང་ཡོན་ཏན་ཉིད་དག་ལྟ་བུ་ཞེས་པ་འདིས་ཀྱང་ཡོད་པ་དང་ཡོན་ཏན་ཉིད་དག་གིས་མ་ངེས་པར་སྨྲས་སོ། །ཡོད་པ་དང་ཉིད ་དང་ཡོན་ཏན་ཉིད་དག་གི་རྟེན་གཟུགས་ལ་སོགས་པ་རྣམས་ནི་དབང་པོ་ཐམས་ཅད་པ་ཅན་རྣམས་ཏེ། དེའི་ཕྱིར་དེ་དག་ཀྱང་དབང་པོ་ཐམས་ཅད་པ་ཉིད་དོ། །ཇི་སྐད་བཤད་པ་འདིས་ནི་ཡོན་ཏན་ཉིད་ལ་དང་ཡོད་པ་ཉིད་ལ་དབང་པོ་ཐད་པའི་ཤེས་པར་བཤད་དོ་ཞེས་པའོ། །ཐ་མི་དད་པའི་ཤེས ་ནི་སླར་ཡང་གང་ཁོ་ན་བདག་གིས་མཐོང་བ་དེ་ཁོ་ན་རེ་གོ་ཞེས་པ་སྟེ། དེ་དབང་པོས་མིན་ཞེས་པ་ལན་ནོ། །དབང་པོ་དུ་མདོན་མེད་ཕྱིར་ཅེས་པ་དབང་པོ་དུ་མ་བརྟག་པ་ལ་རྒྱུ་མཚན་མེད་པ་ཉིད་ཀྱི་ཕྱིར། ཅེས་པའི་དོན་ནོ། །དབང་པོ་གཅིག་གིས་དོན་དུ་མ་མཛའ་དག་རྟོག་པར ་ནུས་པ་མ་ཡིན་ནོ་ཞེས་པས་དབང་པོ་གཞན་ཡོངས་སུ་རྟོག་པ་ཡིན་ན་གལ་ཏེ་ཡང་དབང་པོ་གཞན་གྱི་དོན་ལ་ཡང་རབ་ཏུ་འཇུག་ན་དབང་པོ་དུ་མ་བརྟག་པ་རྒྱུ་མཚན་མེད་པར་འགྱུར་རོ། །འདི་སྐད་བཤད་པར་འགྱུར་ཏེ། འབྲས་བུ་ཐ་དད་པས་དབང་པོ་ཐ་དད་པ་རྟོགས་པར་བྱ ་ལ། གལ་ཏེ་དབང་པའི་བྱ་བ་ཡང་གཅིག་ཁོ་ནས་བྱ་བ་ཡིན་ན། དབང་པོ་གཞན་ལ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་པ་དེ་བརྟག་པར་བྱ་བ་མ་ཡིན་པར་འགྱུར་ཞེས་པའོ། །དོན་མེད་པ་ཞེས་པ་ནི་རྒྱུ་མཚན་མེད་པ་ཞེས་པའི་དོན་ཏོ། །ཅི་སྟེ་ཡང་འགྱུར་རོ་ཞེས་པ་འདི་རྟར་བསམས ་པ་སྟེ། དབང་པོ་དུ་མས་དོན་གཅིག་ཡོངས་སུ་གཅོད་པར་ནུས་ལ། གཅིག་གིས་དོན་དུ་མ་ནི་མ་ཡིན་ཞིང། གཟུགས་ལ་སོགས་པ་ཡང་དུ་མ་རྣམས་ཏེ། དེའི་ཕྱིར་དབང་པོ་མང་པོ་ཉིད་རྟགས་པ་དོན་དང་བྲལ་བ་ཉིད་མེད་དོ་ཅེ་ན། རང་ཡུལ་ཐ་དད་ན་འང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་དབང ་པོ་གཅིག་དབང་གཞན་གྱི་དོན་ལ་ཡང་རབ་ཏུ་འཇུག་ན་དེའི་ཕྱིར་དེ་ཐམས་ཅད་ཁོ་ན་དེའི་རང་གི་དོན་དུ་འགྱུར་ཞིང། རང་གི་དོན་ལ་ཡང་ཐ་དད་ན་ཡང་སྔོན་པོ་ལ་སོགས་པ་བཞིན་ཏེ། དེ་ནུས་པར་འགྱུར་བ་ཁོ་ནའོ། །ཞེས་པས་ལན་མ་ཡིན་ནོ། །གྲངས་ལ་སོགས་པ ་ཐ་དད་པས་ཀྱང་ཞེས་པ་གྲངས་དང་ཚང་རྣམས་དང་ཐ་དད་པ་ཉིད་དང་ལྡན་པ་དང་རྣམ་པར་དབྱེ་བ་དག་དང་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དག་དང་??་ལས་ཏེ། གཟུགས་ཅན་དང་འཕྲོད་པ་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་རྣམས་སོ་ཞེས་པའི ་གྲུབ་མཛའ་ལས་སོ། །དབང་པོ་གཞན་གྱི་དོན་ནི་མ་ཡིན་ནོ་ཞེས་པ་སྟེ། འདིས་མི་གང་མིག་གི་དབང་པོའི་དོན་ཡིན་པ་དེ་ལ་དཔགས་པའི་དབང་པོ་ནུས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་བཞིན་རྫས་ཀྱང་རེ་ལྟ་བུའི་ཞེས་ཁྱབ་བྱེད་དང་འགལ་བའི ་ཐལ་བྱེད་དོ། །དབང་པོ་གཞན་གྱི་ཡུལ་ཉིད་ཀྱིས་ཀྱང་ཞེས་པ་ལ་སོགས་པ་གཟུགས་དང་རེག་བྱ་དག་ནི་ཐ་དད་པར་གྱུར་ན་ཡང། ཇི་ཙམ་དུ་དབང་པོ་ཅན་དང་ལས་རྟོགས་པ་མ་ཡིན་པ་དེ་ཙམ་དུ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ཡང་དབང་པོ་གཅིག་གིས ་འཛིན་པར་གྱུར་ན། དེའི་ཚེ་ཇི་ལྟར་སྔོན་པོ་ལ་སོགས་པ་རྣམས་མིག་གི་སྤྱོད་ཡུལ་ཉིད་ཀྱིས་ཐ་མི་དད་པར་དེ་ལྟར་གཟུགས་དང་རེག་བྱ་དག་ཀྱང་འགྱུར་རོ། །དེ་ལས་ཀྱང་རེག་བྱ་ཡང་མིག་གིས་འཛིན་པར་འགྱུར་རོ། །གང་ལས་མིག་གི་མི་འཛིན་པ་ཞེས་པ་དབྱེ་བས་བྱས ་པའི་དབང་པོ་བཞིན་གྱིས་མི་འཛིན་པ་སྟོན་ཏོ། །དེའི་ཕྱིར་འདིས་ནི་གང་ལ་རེག་བྱེད་ཀྱི་དབང་པོས་ནུས་པ་དེ་ནི་མིག་གི་དབང་པོའི་དོན་མ་ཡིན་ཏེ། རེག་བྱ་བཞིན། རྫས་ཀྱང་རེག་བྱེད་ཀྱི་དབང་པོས་ནུས་པའོ་ཞེས་པ་ཁྱབ་བྱེད་དང་འགལ་བའི་ཐལ་འགྱུར་གསུངས་སོ། །འདི་ཁོ ་ནའི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་མི་འདོད་པར་ཐལ་བར་གྱུར་པ་གསུངས་པ། དེ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་མིག་གིས་རེག་བྱེད་ཀྱི་གཟུང་བྱ་ཡིན་ཡང་རྫས་འཛིན་ཏོ་ཞེས་འདོད་ན་དེའི་ཚེ་དབང་པོ་གཞན་གྱི་དོན་ཡང ་མིག་གི་རང་གི་དོན་ནོ་ཞེས་མངོན་པར་ཁས་བླངས་པར་འགྱུར་ཏེ། རྫས་བཞིན་ནོ། །དེ་ལས་ཀྱང་རང་གི་དོན་ཉིད་ཀྱི་ཕྱིར་དེ་རེག་བྱ་དང་རོ་ལ་སོགས་པའི་དབྱེ་བས་ཐ་དད་ཀྱང་སྔོན་པོ་ལ་སོགས་པ་བཞིན་དུ་མིག་གི་གཟུང་བར་བྱའོ་ཞེས་པ་འདིའི་ཕྱིར་ན ་ཐ་དད་པ་ཉིད་ནི་དབང་པོ་དུ་མས་གཟུང་བར་བྱ་བ་ཉིད་ལ་རྒྱུ་མ་ཡིན་ཏེ། དབང་པོ་དུ་མ་བརྟག་པའི་རྒྱུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་རང་གི་དོན་ཐ་དད་པ་ཡང་དབང་པོ་གཅིག་པོ་ནས་ཡོངས་སུ་བཅད་པར་བྱ་བ་ཡིན་པ་དེའི་ཕྱིར་ཡང་གཟུགས་ལ་སོགས ་པ་རྣམས་ཐ་དད་པ་ཉིད་ཀྱི་ཕྱིར་དབང་པོ་གཅིག་མིན་གྱི་གཟུང་བར་བྱ་བའོ་ཞེས་གང་བརྗོད་པ་དེ་མི་རིགས་སོ། །འོ་ན་ཅི་ཞེ་ན་དབང་པོ་གཞན་གྱི་དོན་མི་འཛིན་པའོ་ཞེས་པ། དབང་པོ་གཅིག་མིན་ཉིད་ལ་རྒྱུའོ་ཞེས་སྦྲེལ་ལོ། །གང་ཕྱིར་གལ་ཏེ་དབང་པོ་གཞན་གྱི་དོན་དབང་པོ ་གཞན་གྱིས་འཛིན་པར་མི་ནུས་ན་།དེ་ལྟ་ན་དབང་པོ་དུ་མ་བརྟག་པར་ནུས་སོ་ཞེས་སྟོན་ཏོ། །དེའི་ཕྱིར་འདི་ལྟར་དབང་པོ་དུ་མས་གཟུང་བར་བྱ་བའི་རྫས་ཡོད་པ་མ་ཡིན་ནོ། །ཞེས་གནས་སོ་སླར་ཡང་འདི་ཁོ་ན་གསལ་བར་བྱ་བའི་ཆེད་དུ་རྫས་དབང་པོ་དུ་མ་ཅན་དུ་ཁས ་ལེན་ན་ཁས་བླངས་པས་གནོད་པ་འཐོབ་པོ་ཞེས་སྟོན་པ་གསུངས་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པའོ། །གལ་ཏེ་དོན་ཐ་མི་དད་པ་དབང་པོ་དུ་མས་འཛིན་པར་འགྱུར་ན་དེ་ལས་ཀྱང་དབང་པོ་རྣམས་རང་གི་ཡུལ་ངེས་པར་མི་འགྱུར་ཞིང། དེའི་ཕྱིར་ཡང་གཟུགས་བ་རྣམས་དབང ་པོ་ཐམས་ཅད་ཀྱི་གཟུང་བར་བྱ་བར་སོ་སོ་རེ་རེ་ཡང་འགྱུར་ཏེ། རྫས་བཞིན་ནོ། །དབང་པོ་ཐམས་ཅད་ཀྱི་གཟུང་བྱ་སྨོས་པ་ཡང། །འདིར་དབང་པོ་གཅིག་གིས་གཟུང་བྱ་ཉིད་ཀྱི་ངེས་པ་སེལ་བ་ལྷུར་བྱེད་པའོ། །གང་གསུངས་པ་དེ་ལྟ་ན་གཟུགས་ལ་སོགས་པ་རྣམས་དབང་པོ་དུ་མས ་གཟུང་བར་བྱ་རྣམས་སུ་འགྱུར་རོ་ཞེས་པ་སྟེ། ངེས་པས་དབང་པོ་གཅིག་གི་གཟུང་བར་བྱ་བ་རྣམས་སུ་མི་འགྱུར་རོ་ཞེས་པའི་དོན་ཏོ། །རང་གི་བྱེ་བྲག་ལ་ངེས་པར་བྱེད་པ་རྣམས་ཞེས་པ་རང་གི་ཁྱད་པར་ལ་ངེས་པར་བྱེད་པ་རྣམས་ཏེ། དབང་པོའི་བློ་རྣམས་ཀྱི་ཞེས་སྦྲེལ་བར ་བྱའོ། །རྫས་དང་གྲངས་ལ་སོགས་པ་དང་ལས་རྣམས་ལ་ཞེན་པ། སོགས་པ་སྨོས་པ་ལས་དངོས་པོ་དང་ཡོན་ཏན་ཉིད་དང་ཐ་དད་པ་ཉིད་ལ་སོགས་པ་རྣམས་གཟུང་བར་བྱའོ། །མི་འགྱུར་རོ་ཞེས་པ་ལ་སོགས་པ་སྟེ། རྫས་ནི་རེག་བྱེད་དང་མིག་གིས་འཛིན་པར་མི ་འགྱུར་ལ། ལྷག་མ་རྣམས་མིག་གིས་སོ་ཞེས་སྦྱར་བར་བྱའོ། །དེ་ལྟ་ན་འོ་ན་ཞེས་པ་རྣམ་པ་གཞན་དུ་ངེས་པར་བྱེད་པ་ཉིད་སྨྲས་སོ། །དེ་ལྟ་ན་ཡང་ཞེས་པ་སྟེ། ཕྱོགས་འདི་ལ་དེ་མ་ཐག་པར་བརྗོད་པའི་སྐྱོན་འཇུག་པ་མེད་དོ། །ཞེས ་སྟོན་པར་བྱེད་དོ། །གང་ཞིག་གི་གང་ལ་ངེས་པར་བྱེད་པའི་རྒྱུ་མེད་པ་དེ་དེ་ལ་ངེས་པ་མ་ཡིན་ཏེ། དཔེར་ན་འདོད་པ་ཙམ་གྱིས་འཇུག་པའི་ལག་པ་ལ་སོགས་པའི་མིང་རྣམས་དོན་འགའ་ཞིག་ལ་བཞིན། དབང་པོ་རྣམས་ཀྱང་རྫས་ལ་སོགས་པ་རྣམས་ལ་ངེས་པར ་བྱེད་པའི་རྒྱུ་ཡོད་པ་མ་ཡིན་ནོ། །རྒྱུ་མེད་པའོ། །མདོ་དང་འགལ་ལོ་ཞེས་པས་ཁས་བླངས་དང་འགལ་བ་གསུངས་སོ། །རིགས་པས་ཀྱང་ཞེས་པ་ལ་སོགས་པས་ཏེ། གང་དངོས་པོ་མེད་པ་དེ་བྱ་བ་མ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་བཞིན། དབང་པོ་གཞན་གྱིས་མི་འཛིན་པ་ཡང ་དངོས་པོ་མེད་པའོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །གཞན་རྣམས་ནི་མདོ་རྣམ་པ་གཞན་དུ་རྟོག་པར་བྱེད་ཏེ། དེ་སྨོས་པས་རང་གི་ཁྱད་པར་དང་བྲལ་བའི་ཁྱད་པར་གཞན་དུ་མངོན་པར་འདོད་པ་སྟེ། དེ་མེད་པའི་ཕྱིར་རེག་པ་ཉིད་ལ་སོགས་པ་མེད་པའི་ཕྱིར་རོ། གཟུགས་ལ ་མིག་གི་དབང་པོ་རབ་ཏུ་འཇུག་ལ། དེས་ཀྱང་རེག་བྱ་ཉིད་ལ་སོགས་པ་མེད་པས་གཟུགས་ཉིད་ཡོད་པར་མཚོན་པར་བྱའོ། །དབང་པོ་གཞན་གྱིས་འཛིན་པ་མ་ཡིན་པ་ནི་མི་འཁྲུལ་པའོ་ཞེས་ཏེ། དེ་ཡང་རིགས་པས་ཀྱང་ཞེས་པ་ལ་སོགས་པ་ཁོ་ནས་བསལ་བར་བྱའོ། །རིགས ་པས་རྗེས་སུ་སྒྲུབ་པ་ཅན་ཉིད་དུ་གྱུར་ན་ནི། དེ་ལྟར་བཤད་པ་མཛེས་མོད། རིགས་པ་དང་འགལ་ན་ནི་དཀའ་བས་རྟོག་པ་ནི་རྟོག་པ་མ་ཡིན་པ་ཁོ་ནའོ། །གཞན་ཡང་རང་གི་བྱེ་བྲག་རྣམས་ཀྱི་སྐབས་ཉིད་ཀྱི་ཕྱིར། དེའི་སྒྲས་དེ་རྣམས་ཁོ་ན་འཛིན་པར་རིགས་ཀྱི་ཁྱད ་པར་གཞན་རྣམས་ནི་མ་ཡིན་ཏེ། སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་མེད་པས་ཀྱང་དངོས་པོ་ཉེ་བར་ལེན་པ་མི་རིགས་སོ་ཞེས་པས་འདི་ནི་སྙིང་པོ་མེད་པའོ། །རྣམ་པར་བཤད་པ་སྔ་མ་ལ་ནི་སྐྱོན་འདི་ཡོད་པ་མ་ཡིན་ཏེ། གང་ལ་གང་གི་རྒྱུ་མེད་པ་དེ་ནི་དེར་འབྱུང་བ་མ ་ཡིན་ནོ་ཞེས་པ་རིགས་ཏེ། འགྱུར་མེད་ཅེས་པ་ལ་སོགས་པ་གང་སྨྲས་པའོ། །གལ་ཏེ་དེ་ལྟ་ན་རྫས་མེད་ན། གང་བདག་གིས་མཐོང་བ་དེ་ཁོ་ན་རེག་པའོ་སྙམ་པ་ཐ་དད་པ་མེད་པའི་ཤེས་པ་འདིའི་ཡུལ་ཅི་ཡིན། འདི་ནི་ཡུལ་མེད་པ་ཁོ་ནའོ་ཞེས་སྨྲ་བ་ནུས་པ་ཡང་མ ་ཡིན་ཏེ། ཡུལ་ལ་སོགས་པ་ངེས་པས་སྐྱེ་བའི་ཕྱིར་མངོན་པར་འདོད་པའི་མངོན་སུམ་བཞིན་ཅེས་བསམས་ནས་སྨྲས་པ་འོ་ན་གང་ཞེས་པ་ལ་སོགས་པའོ། །གཞན་པའི་སྤྱོད་ཡུལ་ཅན་ཞེས་པ་ལ་སོགས་པ་སྟེ། རྫས་ལས་གཞན་པ་བརྟགས་པ་ཁོ་ན་འདིའི་ཡུལ་ལོ་ཞེས་སྟོན ་ཏོ། །ཡུལ་ཐ་དད་པ་ཞེས་པ་ལ་སོགས་པ་སྟེ། གཟུགས་དང་རེག་བྱ་ཡང་ཕན་ཚུན་ལས་བཟློག་པའི་ཡུལ་ཉེ་བར་དམིགས་པ་དང་ལྡན་པ་ལས་དུ་སྐྱེའོ། །དེས་ན་གལ་ཏེ་ཡང་བརྟགས་པ་ཡུལ་མིན་པ་དེ་ལྟ་ན་ཡང་གཟུགས་ལ་སོགས་པ་ཉེ་བར་དམིགས་པ་ཡོད་ན་དེ་ཡོད་པའི་ཕྱིར ་ན། སྨིག་རྒྱུ་ལ་སོགས་པ་ལ་ཆུའི་ཤེས་པ་བཞིན་དུ་ཡུལ་ལ་སོགས་པ་ངེས་པ་ཁོ་ནས་དེ་སྐྱེའོ་ཞེས་གསལ་བར་བྱེད་དོ། །དེ་ཡང་ལྷན་ཅིག་སྤྱོད་པའི་ཚོགས་པའི་ཡུལ་ཅན་ཞེས་པ་སྟེ། མིག་དང་ལུས་ཀྱི་ཉེ་བར་དམིགས་པའི་ཡུལ་ཐ་དད་པ་དེ་འདིའི་ལྷན་ཅིག་སྤྱོད་པ་ཡིན་པ་ཞེས་པ ་ནི། དེའི་ཡོན་ཏན་ཡང་དག་པར་ཤེས་པ་སྟེ་འབྲུ་མང་པོ་པའོ། །སླར་ཡང་དེ་དང་ལྷན་ཅིག་སྤྱོད་པའི་ཚོགས་པ་འདིའི་ཡུལ་ཡིན་པ་ཞེས་འབྲུ་མང་པོ་པ་ཁོ་ནའོ། །དེ་ལྟར་གཟུགས་དང་དེག་བྱ་དག་ལྷན་ཅིག་སྤྱོད་པ་ཉེ་བར་མཚོན་པ་ཉིད་དུ་གྱུར་ན་ཡང་དྲི་ལ་སོགས་པ་ཙམ ་ཡུལ་ཉིད་དུ་བརྗོད་པར་འགྱུར་བ་མ་ཡིན་ནོ། །དྲན་པ་ཉིད་ཐ་མི་དད་པའི་ཤེས་པ་ཞེས་པ་གཟུགས་ལ་སོགས་པ་གང་རྣམས་ལ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བའི་བུམ་པ་ཞེས་པའི་བརྡ་ཡིན་པ་དེའི་ཚོགས་པ་ལ་སླར་ཡང་ཕྱི་མའི་དུས་སུ་གཟུགས་དང་རེག་པ་ཉེ་བར ་དམིགས་པ་དང་ལྡན་པ་པོའི་དྲན་པ་སྟེ། དེ་ཁོ་ན་བུམ་པ་འདིའོ་ཞེས་ཐ་མི་དད་པའི་ཤེས་པ་སྐྱེའོ། །གང་ཚོགས་པ་ནི་དངོས་པོ་མ་ཡིན་པའི་ཕྱིར་ཤེས་པ་འགའ་ཞིག་གིས་ཀྱང་ཉམས་སུ་མྱོང་བ་མ་ཡིན་ཏེ། དེས་ན་ཅི་ལྟར་དེ་ལ་དྲན་པ་ཡིན་ཞེས་སྨྲ་བ་དེའི་འདི ་བརྩད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་ཚོགས་པ་ནི་རྟགས་པ་ཡིན་ལ་གང་ཡང་བརྟགས་པའི་དངོས་པོ་དེ་ནི་རྣམ་པར་ཤེས་པའི་གཟུང་བྱའི་ཆ་ཤས་ཉིད་ཀྱིས་བདག་ཉིད་དུ་གྱུར་པའོ་ཞེས་པ་རང་རིག་པ་ཁོ་ནས་ཉམས་སུ་མྱོང་བས་སོ། །རྣམ་པ་གཞན་དུ་ན་ཅི་ལྟར་དེ་ཁོ ་ན་ཁང་བཟང་གི་ཕྲེང་བ་ཆེན་པོ་འདིའོ་ཞེས་དྲན་པར་འགྱུར། ཅིའི་ཕྱིར་འདི་ཚོགས་པའི་ཡུལ་ཅན་ཡིན་གྱི། ཡང་དངོས་པོར་ཡོད་པ་བུམ་པ་ལ་སོགས་པ་རྫས་ཀྱི་ཡུལ་ཅན་ནི་མ་ཡིན་ཞེ་ན། གསུངས་པ། གཟུགས་ལ་སོགས་པ་འཛིན་པ་མེད་ན ་དེའི་བློ་མེད་པའི་ཕྱིར་རོ་ཞེས་པ། གང་ཞིག་གང་འཛིན་པ་མེད་པར་གྱུར་ན། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པ་དེ་ནི་དེ་ལས་ཐ་དད་པ་ཡོད་པ་མ་ཡིན་ཏེ། ཤིང་ལ་སོགས་པ་རྣམས་ལས་གྲོང་དྲུག་གམ་ཁང་བཟང་གི་ཕྲེང་བ་བཞིན། བུམ་པ ་ལ་སོགས་པའི་རྫས་ཀྱང་གཟུགས་ལ་སོགས་པ་འཛིན་པ་མེད་པ་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པའོ་ཞེས་པ་རང་བཞིན་མ་དམིགས་པ་གསུངས་སོ། །གང་དུ་སྣང་བ་ཀུན་ཏུ་འཛིན་པ་དེར་གཟུགས་བ་ལྟར་དུང་བ་ཁོ་ནར་འགྱུར་བ་མ་ཡིན་ཏེ། ་སྣང་བ་མེད་པར་ཡང་སྲོག་ཆགས་འགའ་ཞིག་རྣམས་ཀྱིས་དེ་འཛིན་པའི་ཕྱིར་ངེས་མ་ངེས་པ་མ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་ཅན་རྣམས་ཞེས་པ་ལ་སོགས་པ་སྟེ། ཡོད་པ་དང་ཡོན་ཏན་ཉིད་དག་གིས་སྔར་མ་ངེས་པར་བརྗོད་པ་དེ་ཡོངས་སུ་སྤང་པའི་ཆེད་དུ་ཉེ་བར་བཀོད ་པ་སྟེ། ཁྱད་པར་ཅན་རྣམས་ནི་གཟུགས་ལ་སོགས་པ་རྣམས་སོ། །དེ་རྣམས་ཐ་དད་པ་རྣམས་ཡོད་པ་དང་ཡོན་ཏན་ཅེས་པའི་ཁྱད་པར་འདི་དང་མ་འབྲེལ་བ་ཁོ་ན་རྣམས། སྔར་ཉེ་བར་དམིགས་པ་དང་ལྡན་པ་ཡིད་དེ་ལས་དོན་གཞན་རྣམ་པར་གཅོད་པའི་ཡུལ་ཅན་ཡོད་པ་མ ་ཡིན་པ་དང་ཡོན་ཏན་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཅན་ཏེ། གང་སྤྱི་ཡིན་པ་དེ་ཡུལ་ལོ་ཞེས་པ་ཇི་སྲིད་པའོ། །ཐ་མི་དད་པས་ཐམས་ཅད་དུ་ཞེས་པ་ཡིད་ལས་བྱུང་བའི་ཤེས་པ་སྤྱིའི་རྣམ་པའི་རྗེས་སུ་འབྲེལ་པ་དེ་ནི་དེ་རྣམས་ཐ་དད་པ་ཡོད་ཀྱང་བསྒྲིབས་ནས། རང་གི་རྣམ ་པ་ཐ་མི་དད་པར་ཡང་འདི་རྣམས་ལ་ཞེན་ཏེ། གཅིག་ཉིད་ལྟ་བུར་ལེན་ཅིང་དེ་རྣམས་ཐ་མི་དད་པས་དེ་ཐམས་ཅད་ལ་ཉེ་བར་སྐྱེའི་གཅིག་ཁོ་ན་ལ་ནི་མ་ཡིན་ནོ། །ཡོད་པ་དང་ཡོན་ཏན་ཉིད་དག་ནི་མངོན་སུམ་མ་ཡིན་ནོ་ཞེས་པ་འདི་ལས་མ་ངེས་པ་མ་ཡིན་ནོ་ཞེས་པ་དགོན?? ་པའོ། །དེ་ཉེ་བར་མཚོན་པའི་ཕྱིར་ཞེས་ན། སྔར་ཉམས་སུ་མྱོང་བའི་ཤེས་པ་ནི་དངོས་པོ་ཐ་དད་པའི་ཡུལ་ཅན་ཏེ། དེའི་ཕྱིར་དེ་སྔོན་དུ་འགྲོ་བ་ནི་ཡིད་ལས་བྱུང་བ་སྤྱིའི་ཤེས་པའོ་ཞེས་ཁྱད་པར་འདི་ཉེ་བར་མ་མཚོན་པའི་ཕྱིར་རོ། །སྤྱོད་ཡུལ་མཚུངས་ཉིད་འདོད་ཅེ་ན། ཞེས་པ ་མ་ངེས་པ་ཉིད་གཞུང་གཟུགས་པའི་ཆེད་དུ་ཉེ་བར་བཀོད་པའོ། །སྤྱོད་ཡུལ་མཚུངས་པ་ཉིད་ལ་གཏན་ཚིགས་སྨྲས་པ། དེ་མི་འཛིན་ན་དེའི་བློ་མེད་པའི་ཕྱིར་རོ་ཞེས་པ་ཁྱད་པར་བྱེད་པ་མ་བཟུང་བས་ཁྱད་པར་ཅན་ལ་བློ་འཇུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལས་ཀྱང ་གཟུགས་ལ་སོགས་པ་ཁྱད་པར་ཅན་རྣམས་དབང་པོ་ཐམས་ཅད་པ་ཉིད་ཀྱི་ཕྱིར་དེའི་ཁྱད་པར་ཡོད་པ་ཉིད་དང། ཡོན་ཏན་ཉིད་དག་དབང་པོ་ཐམས་ཅད་པ་ཉིད་དུ་གྲུབ་བོ། །གང་ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པ་དེ་རྣམས་དབང་པོ་མཚུངས་པའི་ཡུལ་ཡིན་ཏེ། དཔེར་ན་དབྱུག ་པ་དང་དབྱུག་པ་ཅན་བཞིན། ཡོད་པ་ཉིད་དང་དེ་དང་ལྡན་པ་རྣམས་དང། ཡོན་རྟན་དང་དེ་དང་ལྡན་པ་རྣམས་ཀྱང་དེ་ལྟ་བུའོ། །རང་བཞིན་གྱི་གཟུགས་བརྙན་ནོ། །མི་འདོད་པ་ལ་ཐལ་བར་འགྱུར་ཞེས་པ་ཐལ་འགྱུར་གྱི་ཟོལ་གྱིས་མ་ངེས་པ་ཉིད་དུ་གསུངས་སོ། །རྫས་དང་ལྡན་པ་རྣམས ་ཞེས་པ་ལ་སོགས་པ་སྟེ། རྫས་འདི་རྣམས་ཀྱིས་རྟེན་དུ་ཡོད་པ་ཞེས་པ་རྫས་དང་ལྡན་པ་རྣམས་སོ། །འདིར་རྫས་དང་ལྡན་པས་ཡོན་ཏན་ནི་ཁྱད་པར་ཅན་ཏེ། རྫས་ནི་ཁྱད་པར་རོ། །དེ་ལས་ཀྱང་ཇི་ལྟར་ཡོན་ཏན་དབང་པོ་ལྔ་ཡིན་འདི་བཞིན་དུ་རྫས་ཀྱང་བགྱུར་རོ། །དེ་བཞིན་དུ་རྫས ་གཅིག་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ནི་རྫས་མེད་པ་དང། རྫས་དུ་མར་འདོད་པར་བྱའི། རྫས་གཅིག་པ་ནི་རྫས་མ་ཡིན་ནོ། །དེ་ལ་རྫས་མེད་པའི་རྫས་ནི། གང་ལ་རྫས་གཞན་གྱི་ཏེན་མེད་པ་སྟེ། དཔེར་ན་རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་བཞིན་ནོ།། ་རྫས་དུ་མའི་རྫས་ན་གང་ལ་རྫས་དུ་མའི་རྟེན་ཅན་ཏེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ནི་དུ་མ་ལ་འཕྲོད་པ་འདུས་པའོ། །འདིར་ཡང་རྫས་གཅིག་ནི་ཡོད་པ་དབང་པོ་ཐམས་ཅད་པའི་ཁྱད་པར་རོ་ཞེས་པས་རྫས་ཀྱང་དབང་པོ་ཐམས་ཅད་པར་འགྱུར་ལ། འདོད་པ་ཡང་མ་ཡིན་ནོ།། ་དེའི་ཕྱིར་མ་ངེས་པའོ། །རྫས་འཇུག་པའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ལ་འཇུག་པའི་ཡོད་པ་གང་ཡིན་པ་དེའི་རྫས་གཅིག་ནི་ཁྱད་པར་ཡིན་ལ། འདི་ནི་དབང་པོ་ཐམས་ཅད་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཡོན་ཏན་ལ་འཇུག་པའོ། དེའི ་ཕྱིར་འདི་ཐལ་བར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཐ??་མི་དད་པའི་ཡོད་པ་འདི་རྫས་ལ་སོགས་པའི་ཡོད་པ་ལ་འགག་པར་བྱ་བ་ལ་མ་ཡིན་གྱི། ཐ་དད་པ་ནི་མ་ཡིན་ཞེ་ན་གསུངས་པ། དེ་སྐད་དུ་བཤེད་པ་ནི་ཞེས་པ་ལ་སོགས་པ་སྟེ། ཡོད་པའི་རྫས་ཀྱི་རང་བཞིན་འགག ་པ་བྱས་པ་ན། དེའི་ཕྱིར་ཡོན་ཏན་དང་ལས་སུ་འགྱུར་ཞེས་པའི་དོགས་པ་གསལ་བའི་ཆེད་དུ་འདི་བཤད་ཏེ། ལས་དང་ཡོན་ཏན་རྣམས་ལ་ཡང་ཡོད་པའི་ཕྱིར། ལས་མ་ཡིན་ཞིང་ཡོན་ཏན་མ་ཡིན་ནོ་ཞེས་པ་འདིའི་ཕྱིར་སྐབས་སུ་བབ་པ་ཁོ་ནའི་ཡོད་པའི་ཚེས་ཡང ་གི་སྒྲས་བསྡུ་བར་བྱ་སྟེ། གཞན་དུ་ན་བསྡུ་བའི་ཆེད་དུ་ཡང་རིགས་སོ། །རྫས་ལས་འཇུག་པ་ལས་ཀྱང། ཡོན་ཏན་དང་ལས་རྣམས་ལ་མི་འཇུག་པ་ལས། ཡོན་ཏན་དང་ལས་རྣམས་ལ་ཡོད་མིན་གསལ་བར་མི་འགྱུར་རོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། ་གལ་ཏེ་འདི་འགལ་བའི་ཆོས་ལ་གནས་པར་འདོད་ན། དེ་ལས་ཐ་དད་པར་འགྱུར་རོ། །དེ་ལས་ཀྱང་དེ་མ་ཐག་པར་བརྗོད་པའི་སྐྱོན་འདི་འགྱུར་མདོ་འདི་ཡང་འགལ་བ་སྟེ། ཡོད་པའི་རྟགས་ཁྱད་པར་མེད་པའི་ཕྱིར་དང། ཁྱད་པར་གྱི་གཏན་ཚིགས་མེད་པའི་ཡང་ཕྱིར ་ཡོད་པ་གཅིག་པའོ་ཞེས་པ་བསམ་པའོ། །གང་གི་ཚེ་ཡང་ཅེས་པ་ལ་སོགས་པ་སྟེ། གང་གི་ཚེ་འདི་མིག་གིས་མཐོང་ནས་མེ་འདི་ངོ་བོའི་ཞེས་འཛིན་པ་དེའི་ཕྱིར་དེའི་ཚེ་རེག་བྱ་ཡང་མེའི་ཁྱད་པ་ཉིད་ཀྱི་ཕྱིར་མིག་གིས་གཟུང་བར་བྱ་བར་འགྱུར་ལ། དེ་ལྟར་ཡང་མ་ཡིན་ནོ་ཞེས་པ ་སྟེ། དེའི་ཕྱིར་ཡང་མ་ངེས་པའོ། །མཐོང་བ་ཞེས་པ་འདིས་དོན་གྱིས་གོ་བ་དང་མཚུངས་པའི་ལྐག་ཅོད་ཉེ་བར་འགོད་དེ། མེད་ཀྱང་ཞེས་པ་ལ་སོགས་པས་སྦོན་པོ་ལ་སོགས་པ་ཐ་དད་པ་རྣམས་ལ་ཡང་དབང་པོ་ཐ་དད་མེད་པ་སྟོན་པར་བྱེད་པས་ཤིང་སམས་པ་ཅན་ཉིད་ལ ་ཉལ་བ་བཞིན་དུ་ཉེ་བར་དམིགས་པར་མཚུངས་པ་གཉིས་པའོ། །འཛིན་པ་ཐ་དད་པའི་ཕྱིར་ཞེས་པ་རང་གཏན་ཚིགས་གཞན་ཉེ་བར་བསྟན་པ་ལས་དང་པོའོ། །རྣམ་གཞན་དུ་བརྗོད། ཅེས་པོ་ལ་སོགས་པས་དོན་གྱིས་གོ་བ་དང་མཚུངས་པ་སེལ་བར་བྱེད་དོ། །དེ་ལྟར་འགྱུར་མེད ་མ་ངེས་པའོ་ཞེས་པ་འདིས་གཏན་ཚིགས་འཁྲུལ་པར་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ད་མ་བཅའ་བའི་སྐྱོན་ནོ། །གང་གི་ཕྱིར་ཁྱོད་ཀྱིས་དབང་པོ་ཐ་དད་པའི་གཟུང་བྱ་ཉིད་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་འཛིན་པའི་གཏན་ཚིགས་གཞན་མེད་དོ། ཞེས་དམ་བཅའ་བར་འགྱུར་ལ། དེ ་ཡང་མི་རིགས་ཏེ། གཏན་ཚིགས་གཞན་ཡང་ཡོད་པར་གྱུར་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ་མ་ཡིན་ཅེས་པ་ལ་སོགས་པ་སྟེ། འདིར་མ་ངེས་པ་ཡང་མ་ཡིན་ནོ་ཞེས་པ་ནི་ངེས་པ་འདི་འཁྲུལ་པ་མ་ཡིན་ནོ་ཞེས་པའི་དོན་དོ། ཐམས་ཅད་བསྒྲུབ་བྱར་ཅེས་པ་ལ་སོགས་པས་ཉེ ་བར་དམིགས་པ་གཉིས་པ་སེལ་བར་བྱེད་དོ། །བློ་ཐ་དད་པའང་གཞན་ཉིད་ཀྱི་ཅེས་པ་ལ་སོགས་པས་གཏན་ཚིགས་གཞན་ཡང་སྒྲུབ་པར་བྱ་བའི་འཇུག་པ་སྟོན་པར་བྱེད་པས་མི་འཁྲུལ་པ་དང་བཅས་པ་བསྟན་པ་ལས་དང་པོའོ། །འབྱེད་ན་རྣམ་གཞན་དབྱེར་མེད་ཅེས་ཞེས་པ་འཛིན་པ་ཐ་དད ་པ་འབའ་ཞིག་ལས་རྣམ་པ་གཞན་པ་དབང་པོ་ཐ་དད་པ་དང་འཛིན་བྱེད་ཐ་དད་པར་གྱུར་ན་ཡང་ཐ་མི་དད་པ་མ་ཡིན་པ་ཁོ་ནའོ་ཞེས་པ་ཇི་སྲིད་པའོ། །གང་ལ་ཡང་ཞེས་པ་ལ་སོགས་པས་གལ་ཏེ་འཛིན་པ་ཐ་དད་པ་འབའ་ཞིག་ལས་སྔོན་པོ་ལ་སོགས་པ་རྣམས་ལ་ཐ་དད་པ་སྟེ། དེ་ལྟར ་གྱུར་ན་གང་ལ་དབང་པོ་ཐ་དད་པ་དང་འཛིན་བྱེད་ཐ་དད་པ་ཡོད་པ་དེ་ལ་ཆོས་ཤིན་ཏུ་ཡང་ཐ་དད་པར་འགྲུབ་བོ། །དབང་པོ་ཐ་དད་པ་བྱས་པ་ལ་ནི། ཐ་དད་པ་མེད་པའི་དོགས་པ་མེད་པའི་ཕྱིར་རོ་ཞེས་སྟོན་ཏོ། །འདིས་ཞེས་པ་རྫས་ལ་མངོན་སུམ་སོལ་བའི་རིགས་པས་སོ། །ཡོན་ཏན ་ལ་སོགས་པ་རྣམས་ལ་ཞེས་པ་ལ་སོགས་པའི་སྒྲ་ལས་རྣམས་ལའོ། །བསལ་ཞིང་སྤངས་པར་བརྗོད་དོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ཡང་ནི་ཅེས་པ་ལ་སོགས་པ་སྟེ། རང་གི་རྟེན་ཅན་ནི། ཡོན་ཏན་དང་ལས་དག་གི་རང་གི་སྤྱི་སྟེ། ཡོན་ཏན་ཀུན་དང་ལས་ཉིད་དོ། །གང་གི་རྟེ ་རང་ཉིད་ཡིན་པ་དེ་རང་གི་རྟེན་ཅན་ཏེ། དེ་དང་འབྲེལ་པའི་སྒོ་ནས་སྐྱེའོ་ཞེས་པ་ནི་འདི་དང་ལྷན་འབྲེལ་པ་སྟེ། ཁྱད་པར་དང་འབྲེལ་པའི་སྒོ་ནས་སྐྱེའོ་ཞེས་པ་ཇི་སྲིད་པའོ། །དེའི་ཕྱིར་ཡང་གང་ཁྱད་པར་ལ་བལྟོས་པ་དེ་མངོན་སུམ་མ་ཡིན་ཞེས ་པ་ལ་སོགས?་པ་སྔ་མ་བཞིན་དུ་སྒྲུབ་བྱེད་བརྗོད་པར་བྱའོ། །གཞན་ཡང་དེ་ཡང་བཞི་པོ་ལ་སོགས་པ་ཕྲད་པ་ཁོ་ན་ལས་སྐྱེ་བའོ་ཞེས་པ་འདི་བསྟན་པའོ། །སོགས་པའི་སྒྲས་གསུམ་འདུས་པ་ལས་དང་གཉིས་འདུས་པ་ལས་ཀྱང་ཇི་ལྟར་སྲིད ་པར་དོ། །དེ་ལས་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། ཇི་ལྟར་ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཞི་པོ་ཕྲད་པ་ལས་ནི་བདག་དང་ཡིད་དང་དབང་པོ་དང་རྫས་ཕྲད་པ་ལས་གཟུགས་ལ་སོགས་པ་རྣམས་ལ་དང་ལས་རྣམས་ལའོ། ། ་གསུམ་འདུས་པ་ལས་སྒྲ་ལའོ། །དེ་ལ་རྫས་དང་ལྷན་ཅིག་དབང་པོ་འབྲེལ་པ་ཡོད་པ་མ་ཡིན་ཏེ། ནམ་མཁའ་ལས་ཐོས་པ་ཉིད་ཀྱི་ཕྱིར་དང། དེ་ཁོ་ན་ལ་སྒྲ་འདུ་བ་ཅན་ཡིན་པའི་ཕྱིར་རོ། །གཉིས་ཕྲད་པ་ལས་ནི་བདག་དང་ཨིར་ཕྲད་པ་ལས་བདེ་བ་ལ་སོགས ་པ་རྣམས་ལའོ། །དེ་ལྟར་ན་ཡོན་ཏན་དད་ལས་དང་རང་ཉིད་དང་ཕྲད་པ་རྣམས་ལས་ཤེས་པ་འགྲུབ་པའི་ཕྱིར། རྫས་ནི་རྒྱུ་དང་རྒྱུའི་ཡང་ངོ་ཞེས་གང་བརྗོད་པ་དེས་ཡང་སུན་ཕྱུང་བ་ཡིན་ནོ་ཞེས་པའོ།། །།སེར་སྐྱ་བ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེར ་བརྗོད་པ། ཅི་རྗེས་སུ་དཔག་པ་གཅིག་པུ་ཁོ་ན་ཚད་མ་ངམ?་ཞེ་ན། མ་ཡིན་ཞེས་བརྗོད་པར་བྱ་སྟེ། རྣ་བ་ལ་སོགས་པའི་འཇུག་པ་ཡང་ངོ། །མངོན་སུམ་ཚད་མ་ཞེས་པ་ལྷག་མའོ། །རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་རྣམས་ཀྱིས་ཡིད་ཀྱིས་བྱིན་གྱིས་བརླབས་པའི ་འཇུག་པ་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་རྣམས་ལ་རིམ་པ་ཇི་ལྟ་བར་འཇིན་པ་ལ་འཇུག་བཞིན་པ་ནི་མངོན་སུམ་གྱི་ཚད་མའོ། །ཡིད་ཀྱིས་ཞེས་པ་ཡིད་ཀྱི་འཇུག་པ་སྟེ། རང་བཞིན་དང་རྣམ་འགྱུར་དག་ཐ་དད་མེད་པར་ཉེ་བར་བཏགས་པ་ལས་དེ་སྐད་དེ་སྐད་དུ ་བཤད་དོ། །བྱིན་གྱིས་བརླབས་པ་ཞེས་པ་དེ་དང་ལྷན་ཅིག་ཡུལ་གཅིག་ལ་ཞུགས་པ་ཞེས་པའི་དོན་ཏོ། །འདིར་བྱིན་གྱིས་བརླབས་པའི་དོན་ནི་ལྷན་ཅིག་པའི་དོན་ཏེ། དཔེར་ན་རྒྱལ་པོའི་མིས་བྱིན་གྱིས་བརླབས་ཤིང་ཞུགས་པ་ནི་དེ་དང་ལྷན་ཅིག་གོ་ཞེས་རྟོགས ་པར་བྱ་བ་ཡིན་པ་བཞིན་ནོ། །གཞན་རྣམས་ན་རེ་ཡིད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ། ཡིད་ཀྱིས་ཡང་དག་པར་རིག་པ་སྟེ། ཇི་སྐད་བཤད་པ། ཕྱི་རོལ་གྱི་དོན་རྣམས་ལ། དབང་པོ་ཞེན་པར་བྱེད་ན། དབང་པོ་ཞེན་པ་དེ་ལ་ཡིད་རྗེས་སུ་ཞེན་པར་བྱེད་དོ་ཞེས་སོ། ། ་གཞུང་འདི་ནི་དབང་པོའི་འཇུག་པ་ཁོ་ན་ཕྱི་རོལ་གྱི་ཡུལ་གྱི་རྣམ་པ་ཅན་ནི། །ཡིད་ཀྱིས་འཇུག་པས་ཡང་དག་པར་རིག་པར་བྱ་བ་སྟེ། དབང་པོའི་འཇུག་པ་དང་ལྷན་ཅིག་པས་ཕྱི་རོལ་གྱི་དོན་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེའི་ཕྱིར་གང་རྣ་བ་ལ་སོགས་པ་རྣམས་ཀྱི་འཇུག ་པ་ཡིད་ཀྱི་འཇུག་པས་གཟུང་བར་བྱ་བ་དེ་ནི་དེས་བྱིན་གྱིས་བརླབས་པ་ཞེས་བརྗོད་ཏེ། དབང་པོ་རྣམས་ཀྱི་འཇུག་པ་ནི། །རང་གི་ཡུལ་ཉེ་བར་གྱུར་པ་ན། དེའི་རྣམ་པར་ཡོངས་སུ་འགྱུར་བར་ཤེས་པར་བྱའོ། །དེ་སླར་ཡང་རྣམ་པ་གཉིས་ཏེ། རྐྱེན་དང་བཅས་པ་དང་རྐྱེན་མེད་པའོ། །རྐྱེན་ནི ་སྐྱེས་བུ་ལས་བྱུང་བའི་རྟོགས་པར་བརྗོད་པར་བྱ་སྟེ་སེམས་པ?་ཅན་ཉིད་ཀྱི་ངོ་བོ་ཡུལ་ཉམས་སུ་མྱོང་བའི་རང་བཞིན་ནོ། །འདི་ཡང་བདག་གི་ངོ་བོ་ཡིན་གྱི་གཞན་འགའ་ཞིག་གི་མ་ཡིན་ཏེ། སེམས་དཔའ་མེད་པ་ཉིད་ཀྱི་ཕྱིར་རོ། །སྐྱེས་བུ་ལས་བྱུང་བའི་རྐྱེན་དང་ལྷན་ཅིག་འདུས་པ ་གང་ཡིན་པ་དེ་དང་ངོ་བོ་གཅིག་པ་ལྟ་བུར་སྟོན་པ་དེ་ནི་རྐྱེན་དང་བཅས་པ་སྟེ། དཔེར་ན་བསྲིགས་པའི་གནས་སྐབས་ན་ལྕགས་ཀྱི་གོར་བུ་མེ་དང་འདྲེས་པ་ལས་དེའི་རང་བཞིན་མ་ཡིན་ཡང་མེའི་རང་བཞིན་ཉིད་ལྟ་བུར་འབྱུང་བ་དེ་བཞིན་དུ་འཇུག་པ་ནི་ཉམས་སུ་མྱོང་བའི་ངོ་བོ་མ་ཡིན ་ཡང་སེམས་པ་ཅན་དང་འདྲེས་པ་ལས་སེམས་པ་ཅན་གྱི་ངོ་བོ་ལྟ་བུར་འབྱུང་ངོ། །གང་ཡང་འཇུག་པ་སྒྲོན་མེའི་འོད་ལྟ་བུ་ཡུལ་གསལ་བར་བྱེད་པ་འབའ་ཞིག་མ་ཡིན་གྱི་སེམས་པ་ཅན་དང་འདྲེས་པ་ལས་དེའི་ངོ་བོ་ལྟ་བུར་བྱུང་བ་ནི་མ་ཡིན་པ་དེ་རྐྱེན་མེད་པ་ཞེས་བརྗོད་དོ། ། ་དེ་ལ་རྐྱེན་མེད་པའི་འཇུག་པ་བཟློག་པའི་ཆེད་དུ་འཛིན་པ་ལ་འཇུག་བཞིན་པ་ཞེས་སྨྲས་སོ། །སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་རྣམས་ལས་རིམ་པ་ཇི་ལྟ་བར་ཞེས་པ་འདིས་རང་གི་ཡུལ་ལ་ངེས་པར་འཇུག་པར་བརྗོད་པ་ལས་ཡུལ ་ངེས་པ་ཉིད་དོ། །འོ་ན་རྣ་བ་ལ་སོགས་པའི་འཇུག་པ་ཁོ་ན་སྒྲ་ལ་སོགས་པ་རྣམས་ཀྱི་འཛིན་པར་བྱེད་པ་ཡིན་ན། དེ་ལ་གང་འཛིན་པ་ལ་འཇུག་པར་བྱེད་པ་འཇུག་པ་གཞན་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་སྨྲ་བ་དབང་པོའི་ཡུལ་བར་ཆོད་པས་འཇུག་པ་ཀཱ་ཤཱ་ཡིས་མངོན་པར ་བཅོམ་པ་ལྟ་བུ་འམ། གྱེན་དུ་གཏོར་བའི་ཆུ་ལྟ་བུ་ཡུལ?་རང་ཉིད་ལ་མི་གནས་པའི་འཇུག་པ་??་པར་བྱ་ཞིང། གནས་པ་ནི་ཡུལ་གྱི་རྣམ་པ་ཡོངས་སུ་གྱུར་བས?་ཡོངས་སུ་སོགས?་པའི་འཛིན་པའོ་ཞེས་པ་སྟེ། གང་ལ་བར་ཆོད་པ་མེད་པ་སྣ་ལ་སོགས་པ་དེ་ལ་ཡང་དབང་པོའི ་ཡུལ་དང་འབྲེལ་པ་ལས་བར་མ་ཆད་པར་རྣམ་པར་འགྱུར་བ་སྐྱེ་བཞིན་པ་ཡུལ་གྱི་རྣམ་པ་འདི་ཀྱིས་ཡོངས་སུ་མི་རྫོགས་པའི་འཇུག་པར་ཤེས་པར་བྱའོ། །ངེས་ཡོངས་སུ་རྫོགས་པ་ནི་ནང་གི་འཛིན་པའོ་ཞེས་སོ། །གཞན་རྣམས་སྨྲ་བ་ནི་འཇུག་པ་རྣམས་རྟོག་པ་མེད་པ་ཉིད་དུ་ཉེ་བར ་བསྟན་པའི་དོན་དུ། སྒྲ་ལ་སོགས་པ་རྣམས་ཀྱི་འཛིན་པ་ལ་འཇུག་བཞིན་པ་ཞེས་འདི་ཐ་དད་པར་བཤད་དེ། འདི་སྐད་བཤད་པར་འགྱུར་ཏེ། རང་གི་ངོ་བོ་འཛིན་པ་ཙམ་ལ་འཇུག་བཞིན་པ་ནི་མངོན་སུམ་ཚད་མ་སྟེ། རྣམ་པ་གཞན་དུ་ན་མ་ཡིན་ནོ་ཞེས་པའོ། གལ་ཏེ་ཡང་རྣམ་པར ་རྟོག་པ་ལ་འདི་སྲིད་པ་ཡོད་པ་མ་ཡིན་མོད། དེ་ལྟ་ན་ཡང་རྒྱལ་དཔོག་པ་ལ་སོགས་པ་རྣམས་ཀྱིས་རྣམ་པར་རྟོག་པ་ཅན་མངོན་སུམ་དུ་བརྟགས་པ་དེ་ལ་བལྟོས་པས་ཁྱད་པར་འདིའོ། །འཇུག་པ་ཐམས་ཅད་ནི་འཛིན་པ་ཙམ་ལ་འཇུག་སྟེ་རྣམ་པར་རྟོག་པ་ཅན་མ་ཡིན་ཞེས ་བའོ། །འཛིན་པ་ལ་འཇུག་བཞིན་པ་ཞེས་པ་དེའི་རང་བཞིན་ཞེས་པའི་དོན་ཏོ། །གཞན་རྣམས་ནི་རྐྱེན་མེད་པའི་འཇུག་པ་ཁོ་ན་ཚད་མ་དང་རྐྱེན་དང་བཅས་པ་ནི་འབྲས་བུར་འདོད་དོ། །འཛིན་པ་ལ་འཇུག་བཞིན་པ་ཞེས་པ་ཡང་འདི་ལྟར་བརྗོད་པར་བྱ་སྟེ། འཛིན་པ་ལ་སྟེ། འབྲས་བུ ་བྱ་བ་ལ་སྟེ། འཛིན་པའི་རྒྱུ་མཚན་འཇུག་པ་ཞེས་བའི་དོན་ཏོ། །དབང་པོ་ཐུག་མེད་ཅེས་པ་དབང་པོ་རྣམས་མཛའ་ཡས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཅི་ལྟར་ཞེ་ན་གསུངས་པ། དེ་རྣམས་ཀྱིས་ནི་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པ་འོན་པས་དབང ་པོ་དགུ་རྣམས་ཡོད་པ་ན། །སྒྲ་མི་ཐོས་ཏེ། དེའི་ཕྱིར་རྣ་བ་ཁོ་ན་སྒྲའི་ཡུལ་ཅན་ཏེ། འདིས་པགས་པ་ལ་སོགས་པ་རྣམས་རང་གི་ཡུལ་འཇུག་པར་རྟོགས་པར་བྱའོ་ཞེས་སོ། །ཡོན་ཏན་གསུམ་རྣམས་ནི་ཡོན་ཏན་གསུམ་ཉིད་དེ། འཇིག་རྟེན་གསུམ་ཉིད་བཞིན་ནོ། །འཕེལ་བ་ནི་ལྷག་པའོ། ། ་འགྲིབ་པ་ནི་དམན་པ་ཉིད་དོ། །ཙམ་གྱི་སྒྲ་ནི་རང་བཞིན་གྱི་དབྱེ་བ་རྣམ་པར་བཅད་པའི་ཆེད་དུ་སྟེ། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་སྒྲལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་དབྱེ་བ་ཡོད་པ་མ་ཡིན་ནོ། །དེ་ལས་ཀྱང་ཞི་བ་དང་འཇིགས་པ་དང་རྨོངས་པ་དང ་དྲུག་ལས་སྐྱེས་པ་ལ་སོགས་པའི་བྱེ་བྲག་གིས་མཛའ་ལས་པའི་ཕྱིར་དབང་པོ་མཛའ་ཡས་པར་འགྱུར་རོ། །ཇི་ལྟར་སྒྲ་ལ་སོགས་པའི་རིགས་ཀྱི་དབྱེ་བ་ཡོན་ཏན་འཕེལ་བ་དང་འགྲིབ་པ་ལས་འགྱུར་བ་དེ་ལྟར་དྲུག་ལས་སྐྱེས་པ་ལ་སོགས་པའི་དབྱེ་བ་ཡང་ངོ། ། ་དེའི་ཕྱིར་འདི་སྐད་བཤད་པར་འགྱུར་རོ། །གང་ཡོན་ཏན་འཕེལ་བ་དང་འགྲིབ་པའི་དབྱེ་བས་ཐ་དད་པ་དེ་རྣམས་དབང་པོ་ཐ་དད་པའི་གཟུང་བར་བྱ་བའི་རིགས་དང་ཡང་དག་པར་ལྡན་པ་རྣམས་ཡིན་ཏེ། སྒྲ་དང་རེག་བྱ་ལ་སོགས་པ་བཞིན། བློ་གསལ་བ་ལ་སོགས་པའི་སྒྲའི་ཁྱད་པར ་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་རང་བཞིན་གྱི་ཐལ་འགྱུར་རོ། །དེ་ལས་ཀྱང་ཁས་བླངས་པས་གནོད་པའོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འཕེལ་བ་དང་འགྲིབ་པ་ལ་སོགས་པ་ཐ་དད་པའི་དྲུག་ལས་སྐྱེས་པ་ལ་སོགས་པ་རྣམས་ལ་ཡང་རྣ་བའི་དབང་པོས་གཟུང་བར ་བྱ་བ་གཅིག་པོ་ཡོན་ཏན་གསུམ་གྱི་རིགས་དང་ལྡན་པར་འདོད་ན། དབང་པོ་གཅིག་ཁོ་ནར་ཐོབ་སྟེ། ཐམས་ཅད་དུ་ཡོན་ཏན་གསུམ་ཐ་མི་དད་པའི་ཕྱིར་རོ། །གང་ཡོན་ཏན་གསུམ་ཐ་མི་དད་བར་རིགས?་??་ལྡན?་པ་དེ་རྣམས་རྣ་བའི་དབང་པོའི་གཟུང་བར་བྱ་བ་རྣམས་ཏེ། དྲུག་སྐྱེས་ལ ་སོགས་པ་བཞིན་སྒྲ་དང་རེག་བྱ་ལ་སོགས་པ་ཡང་དེ་ལྟ་བུའོ། དེ་ཁོ་ནའི་ཐལ་འགྱུར་རོ། །འོ་ན་ལས་ཀྱི་དབང་ལས་དབང་པོ་མངོན་པར་འགྲུབ་ཀྱི་གཟུང་བའི་དབང་ལས་མ་ཡིན་པ་མ་ཡིན་ནམ། དེ་ལ་ཅི་ལྟར་དབང་པོ་མཛའ་ཡས་བ་འམ? ་དབང་པོ་གཅིག་ཏུ་འགྱུར་རོ་ཞེས་པའི་རྩོད་པ་འདི་ཅི་ལྟར་ཡིན་ཞེ་ན། ཁོ་བོ་ཅག་གི་ལས་ཀྱི་དབང་ལས་ཏེ་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པའོ་ཞེས་འདོད་དོ། །ཕ་རོལ་པོས་ནི་སྐྱེས་བུའི་འདོད་པ་འགྲུབ་པའི་ཆེད་དུ་གཙོ་བོའི་འཇུག་པའོ་ཞེས་སེམས་ཏེ། དེ་ལས? ་གལ་ཏེ་དབང་པོ་གཅིག་ཁོ་ནས་སྐྱེས་བུའི་དོན་ཕུན་སུམ་ཚོགས་ན་དབང་པོ་གཅིག་གི་བདག་ཉིད་ཁོ་ནས་རང་བཞིན་ཡོངས་སུ་འགྱུར་བར་རིགས་ཏེ། རྣམ་པ་གཞན་དུ་ན་ནི་རྣམ་པ་གཞན་དུ་འོ་ཞེས་པས་རྩོད་པར་རིགས་སོ། །འདིར་འགྱུར་མོད་ཡོན་ཏན་གསུམ་ཉིད་ཁོ་ན་རྣ་བའི ་དབང་པོའི་གཟུང་བྱའོ་ཞེས་མི་སྨྲའོ། །འོན་ཀྱང་དེ་ཁོ་ནའི་ཡོངས་སུ་འགྱུར་བ་བློ་རྗེས་སུ་འགྲོ་བའི་རྒྱུན་མཚན་འདྲ་བ་ཤེས་པ་ནི་ཞེས་བྱ་བ་ནི་རིགས་ཡིན་ལ། དེ་ཡང་སྒྲའི་བྱེ་བྲག་ཐམས་ཅད་ལ་རྗེས་སུ་འཇུག་ཅིང་རེག་བྱ་ལ་སོགས་པ་རྣམས་ལ་བཟློག་པ་ཡང་ངོ། །དེ་ཁོ་ན་རྣ ་བའི་དབང་པོས་གཟུང་བར་བྱ་བ་སྟེ། དེའི་ཕྱིར་སྐྱོན་ཅུང་ཟད་ཀྱང་མེད་ཅེ་ན། དེའི་ཕྱིར་གསུངས་པ། ཡོན་ཏན་གསུམ་ལས་ཐ་དད་པའི་ཞེས་པ་ལ་སོགས་པའོ། །ཅི་ལྟར་མེད་ཅེས་སྨྲས་ཏེ། དབྱིབས་ཀྱི་བདག་ཉིད་ཅན་གྱི་རིགས་ནི་ཡོད་པ་ཁོ་ན་ཏེ། ཡོན་ཏན་གསུམ་ཐ་མི་དད ་ན་ཡང་ཡོན་ཏན་གསུམ་གྱི་གནས་སྐད་བཙམ་ཐ་དད་པ་ལས་སྒྲ་ལ་སོགས་པའི་རིགས་རྣམས་ཐ་དད་དོ། །དེ་སྐད་དུ་ཡང་བཤད་པ། སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་སྟེ་ལྔ་རྣམས་ནི། བདེ་བ་དང་སྡུག་བསྔལ་དང་གཏི་མུག་གསུམ་པོ་རྣམས་ཀྱི་ངེས་པར་བཀོད་པའི་བྱེ་བྲག ་རྣམས་སོ་ཞེས་པའོ། །དེའི་ཕྱིར་སྒྲའི་རྣམ་པར་ཡོངས་སུ་གྱུར་པའི་བདེ་བ་ལ་སོགས་པ་རྣམས་ནི་དབྱིབས་ཀྱི་ཁྱད་པར་གང་གིས་ཡང་དག་པར་བཀོད་པ་རྣམས་ཏེ། དབྱིབས་གཞན་གྱིས་ཡང་དག་པར་བཀོད་པ་རྣམས་ནི་རེག་བྱ་ལ་སོགས་པ་རྣམས་སོ་ཞེས་སྟོན་པར་བྱེད་དོ། །དེའི་བྱེད ་དབང་པོ་ངེས་པར་གཟུང་བ་བྱ་བ་ཉིད་ཡིན་ཅིང། དབང་པོ་མཛའ་ཡས་པ་ཉིད་ཀྱང་མ་ཡིན་ཏེ། དབྱིབས་རྣམས་ནི་ལྔ་ཉིད་ཀྱི་ཕྱིར་རོ། །དབྱིབས་ནི་གཉིས་གཟུང་བྱ་ཞེས་པའོ། །འོ་ན་དབྱིབས་ནི་རྫས་ཡོད་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་དེ་གཉིས་ཀྱིས་གཟུང་བྱ་ཉིད་ཡིན་ཞེ་ན། ་སྐྱོན་འདི་མེད་དེ། ཕ་རོལ་པོའི་བསམ་བས་དེ་སྐད་བཤད་དོ། །ཕ་རོལ་པོ་ནི་གཟུགས་ཅན་གྱི་དབང་པོའི་རྣམ་པར་ཤེས་པའི་རྗེས་སུ་འགྲོ་བའི་ཡིད་ཀྱི་རྣམ་པར་ཤེས་པའི་དབྱིབས་ཉེ་བར་དམིགས་ནས་རྣམ་པར་ཤེས་པ་དེ་དག་གི་ཤིན་ཏུ་ཕྲ་བའི་དུས་ཀྱི་དབྱེ་བ་ངེས་པར ་འཛིན་དཀའ་བ་ཉིད་ཀྱི་ཕྱིར་དེ་འདི་ཁོ་ན་མིག་དང་ལུས་ཀྱི་རྣམ་པར་ཤེས་པ་སྟེ། རིང་བོ་ལ་སོགས་པའི་དབྱིབས་འཛིན་པའོ་ཞེས་ཇི་ལྟར་སེམས་པ་དེ་ལྟར་འདི་བརྗོད་དོ། །འདི་སྐད་སྟོན་ཏེ། དབྱིབས་དངོས་པོར་འགྱུར་མོད། དེ་གཉིས་ཀྱིས་གཟུང་བར་བྱ་བར་མཐོང་ངོ་ཞེས ་བས་རང་གི་ཡུལ་ལ་ངེས་བར་འཇུག་པ་ནི་གསལ་བའོ་ཞེས་བའོ། །སྒྲ་ལ་སོགས་པ་རྣམས་ཀྱང་ཞེས་བ་ཁས་བླངས་པས་གནོད་པ་གསུངས་སོ། །ཡང་ན་ཐལ་བ་དང་བཟློག་པས་ཏེ། གང་གང་གི་ཆོས་སུ་འགྱུར་བ་མ་ཡིན་པ་དེ་དེའི་བདག་ཉིད་ཅན་མ་ཡིན་ཏེ། དཔེར་ན་སེམས་པ་ཅན ་གཙོ་བོའི་ཆོས་མ་ཡིན་པ་དེ་ནི། དེའི་བདག་ཉིད་མ་ཡིན་པ་བཞིན། སྒྲ་ལ་སོགས་པ་རྣམས་ཀྱང་དབྱིངས་ཀྱི་ཆོས་སུ་འགྱུར་བ་མ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ་དབྱིབས་ནི། གསུམ་སྤྱོད་ཡུལ་མིན། ཅེས་པ་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པ ་གསུངས་སོ། །དབྱིབས་ཀྱིས་བྱས་པ་ཡང་ཅེས་པ་ལ་སོགས་པ་སྟེ། པི་ཝང་དང་རྔ་པ་ཎ་ཝ་ལ་སོགས་པའི་སྒྲའི་རིགས་ཕན་ཚུན་ཐ་དད་པ་རྣམས་ནི་སྒྲའི་རིགས་ལས་མ་འདས་པར་གནས་པ་ཉིད་ཀྱི་ཕྱིར་ཡུལ་མཚུངས་པ་ཉིད་དུ་འགྱུར་རོ། །དེ་ཡང ་མི་རིགས་ཏེ། རིང་པོ་དང་ཐུད་དུ་ལ་སོགས་པའི་དབྱིབས་ཡུལ་གཅིག་ཏུ་མཐོང་བ་དང་འདོད་པ་ནི་མ་ཡིན་ནོ་ཞེས་པས་ཁས་བླངས་དང་འགལ་བའོ། །དབྱིབས་མཚུངས་པ་རྣམས་ལ་ཡང་ཞེས་པ་ལ་སོགས་པ་སྟེ། དབྱིབས་ཐ་དད་པས་བྱས་པ་རིགས་ཐ་དད་པ་འདོད་པ་དི? ་ཕྱིར། གསེར་ལ་སོགས་པའི་རང་བཞིན་གྱི་བུམ་པ་ལ་སོགས་པ་དབྱིབས་མཚུངས་པ་རྣམས་ལ། དབྱིབས་ཀྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་ན། རིགས་ཐ་དད་པ་རྣམས་ཀྱི་དབྱིབས་ཀྱང་དེ་རྣམས་ལ་མཚུངས་པ་ཉིད་ཀྱི་ཕྱིར། གསེར་ལ་སོགས ་པའི་རིགས་རྣམས་དང་དེའི་རྒྱུ་རྣམས་དང་སྒྲ་ལ་སོགས་པ། རྣམས་དང་དེའི་རྒྱུ་སྙིང་སྟོབས་ལ་སོགས་པ་རྣམས་ཀྱང་གཅིག་གཉིས་འཐོབ་པོ། །འོ་ན་མ་ཏྲ་ལ་སོཊ་པ་དབྱིབས་མཚུངས་པ་རྣམས་ཁོ་ན་ལ་གཅིག་ཉིད་དུ་རིགས་པ་མ་ཡིན་ནམ། གསེར་ལ་སོགས་པ་རྣམས་ལ ་ནི་ཅི་ལྟར་ཡིན་ཞེ་ན། དེ་དང་ཐ་མི་དད་པའི་ཕྱིར། དེ་རྣམས་ཀྱང་དབྱིབས་མཚུངས་པ་རྣམས་སོ་ཞེས་པས་འདི་ནི་བརྩད་པར་བྱ་བ་ཡིན་ནོ། །རང་གི་ཡུལ་འཇུག་པ་མེད་པ་ཞེས་པ་མིང་གིས་བུམ་པ་ལ་སོགས་པ་འཛིན་པ་ན་སྒྲ་ལ་སོགས་པ་རྣམས་འཛིན་པའི ་ཕྱིར་རོ། །ཐལ་བ་དང། བཟློག་པས་ཀྱང་སྟེ། གང་ཞིག་གང་ཐ་དད་པ་མེད་ན་ཡང་ཐ་དད་བཞིན་པའི་སྙིང་སྟོབས་ལ་སོགས་པ་འདི་དེའི་བདག་ཉིད་མ་ཡིན་ཏེ། དཔེར་ན་སེམས་པ་ཅན་ཐ་དད་པ་མེད་ན་ཡང་ཐ་དད་བཞིན་པའི་སྙིང་སྟོབས་ལ་སོགས་པ་རྣམས་དེའི་བདག་ཉིད་མ་ཡིན་བཞིན། ་གསེར་ལ་སོགས་པ་རྣམས་ཀྱང་དབྱིབས་ཐ་དད་མེད་ན་ཡང་ཐ་དད་པའོ་ཞེས་པ་ཁྱབ་བྱེད་འགལ་བ་གསུངས་སོ། །རིགས་ཙམ་འཛིན་པ་འམ་ཞེས་པ་དབྱིབས་ཙམ་འཛིན་པའོ། །ཙམ་གྱི་སྒྲ་ནི་བདེ་བ་ལ་སོགས་པ་འཛིན་པ་རྣམ་པར་བཅད་པའི་དོན་ཏེ། རིགས ་ཀྱི་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པ་འཛིན་པ་ཞེས་པ་དབྱིབས་ཀྱིས་བྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པ་འཛིན་པ་ཞེས་པའོ། །དོན་འདི་རང་བཞིན་མི་འཛིན?་པ་ཞེས་པ་སྒྲ་ལ་སོགས་པ་རྣམས་ཀྱི་བདེ་བ་ལ་སོགས་པའི་རང་བཞིན་མི་འཛིན་པའོ། །དེ་ལྟར ་འགྱུར་མོད། དོན་གྱི་རང་བཞིན་ནི་དབྱིབས་ལས་ཐ་ནི་དད་བའི་ཕྱིར་དེ་ཉེ་བར་དམིགས་པ་ནི་དེ་ཡང་ཉེ་བར་དམིགས་པ་ཁོ་ནའོ་ཞེ་ན། གསུངས་པ། གང་གི་ཕྱིར་མཐོང་ཞེས་པ་ལ་སོགས་པ་སྟེ། འདིས་ནི། གང་གི་དབྱིབས་ཙམ་ཉེ་བར་དམིགས་པ་ནི་དེའི་རང་བཞིན་ཉེ་བར་དམིགས ་པ་མ་ཡིན་ཏེ། དཔེར་ན་སྣང་བ་ཞན་པའི་ཕྱོགས་སུ་དམིགས་པར་བྱ་བ་བ་ལང་ལ་སོགས་པའི་དབྱིབས་ཙམ་བཞིན། དབང་པོའི་འཇུག་པས་སྒྲ་ལ་སོགས་པ་རྣམས་ཀྱི་ཡང་དབྱིབས་ཙམ་དམིགས་པའོ་ཞེས་འགལ་བས་ཁྱབ་པ་གསུངས་སོ། །དོན་དབྱེ་མི་འཛིན་འགྱུར ་ཞེས་པ། སྒྲ་ལ་སོགས་པའི་དོན་གྱི་ཁྱད་པར་དམིགས་པར་མི་འགྱུར་རོ། །དེ་ལ་དབྱིབས་གཞན་མེད་པའི་ཕྱིར་རོ་ཞེས་པ། སྒྲ་ལ་སོགས་པ་རྣམས་ནི་དབྱིབས་ཀྱི་བདག་ཉིད་ཀྱི་རིགས་རྣམས་ཏེ། དེ་ལ་དབྱིབས་གཞན་ཡོད་པ་མ་ཡིན་ཏེ། གང་གིས་པི་ཝང་གི་སྒྲ ་ཞེས་འཛིན་པར་འགྱུར་བའོ་ཞེས་པ་ཁས་བླངས་པ་ཉམས་པའོ། །ཅི་སྟེ་སྐྱོན་འདིར་མ་གྱུར་ཅིག་ཅེས་པས། །སྒྲའི་རིགས་ལ་ཡང་དབྱིབས་གཞན་གྱི་ཁྱད་པར་ཀཽ་ཤི་ཀ་ལ་སོགས་པ་འདོད་དེ། དེ་ལྟར་ན་དེའི་ཚེ་སྐྱོན?་འདིར་ལ་བར་འགྱུར་ཞེས་སྟོན་པ་གསུངས་པ། ་དེ་ན་ལ་ཞེ་བྱ་བ་ལ་སོགས་པ་སྟེ། དོན་ནི་རང་གི་ཡུལ་ཏེ། དེ་ལ་རྣམ་པར་རྟོགས་པ་ཅན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རང་གི་དོན་གྱི་ཁྱད་པར་དུ་བྱས་པའི་ཞེས་པ་ལ་སོགས་པ་སྟེ། སྒྲའི་རིགས་ཀྱི་ཁྱད་པར་དུ་བྱས་པའི། །དེའི་ཁྱད་པར་ཀཽ་ཤི་ཀ་ལ་སོགས ་པ་ཡང་འཛིན་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ངེས་པར་སྦྱོར་བ་ལས་ཀྱང་ཁྱད་པར་ནི་སྒྲའི་རིགས་ཀྱིས་ཁྱད་པར་དུ་བྱས་པར་གཟུང་བར་བྱའི། གཞན་དུན་འདི་ནི་སྒྲའི་ཁྱད་པར་དོ་ཞེས་འཛིན་པར་མི་འགྱུར་རོ། །རིགས་ཀྱི་ཁྱད་པར་དུ་བྱས་པ་དང་དེའི་དབྱེ་བ་འཛིན་པར ་ཁས་བླངས་པ་ན་རིགས་ཙམ་འཛིན་པར་བྱེད་པའོ་ཞེས་པའི་ཕྱོགས་འདི་ཉམས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཙམ་གྱི་སྒྲས་བདེ་བ་ལ་སོགས་པ་རྣམ་པར་གཅོད་པའི་སྒྲ་ལ་སོགས་པའི་རིགས་ཀྱི་ཁྱད་པར་མ་ཡིན་པས་སོ། །དེས་འདི་སྐད་བརྗོད་པར་འགྱུར་ཏེ། གང ་ཁྱད་པར་དུ་བྱེད་པས་རྣམ་པར་བཅད་པའི་དོན་འཛིན་པར་བྱེད་པའི་བློ་དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། དཔེར་ན་འདི་བ་ལང་ཁྲ་བོའོ་ཞེས་པའི་བློ་བཞིན། སྒྲ་ལ་སོགས་པའི་ཁྱད་པར་གྱི་ཡུལ་ཅན་གྱི་བློ་ཡང་དེ་ལྟ་བུའོ། །རང་བཞིན་གྱི་ཐལ་འགྱུར་རོ། ། ་ཅི་སྟེ་ཞེས་པ་ལ་སོགས་པས་ཕྱོགས་གཞན་ལ་ཡང་སྐྱོན་དེ་ཁོ་ན་གསུངས་སོ། །བདེ་བ་ལ་སོགས་པ་རྣམས་ཀྱང་ཞེས་པ་བདེ་བ་ལ་སོགས་པ་རྣམས་ལོ?་ལ་སྒྲ་ལ་སོགས་པའི་བདག་ཉིད་དུ་བཀོད་པ་རྣམས་སོ་ཞེས་པ་འདི་ལས་གྲིས ་པའོ། །རེ་ཞིག་སོ་སོར་ནི་མ་ཡིན་ཏེ་ཞེས་པ་ལ་སོགས་པ་སྟེ། གང་ཕྱིར་བདེ་བ་ལ་སོགས་པ་རེ་རེ་འཛིན་ན་ནི། དབང་པོའི་འཇུག་པ་རྣམས་རང་གི་ཡུལ་ཁོ་ན་ལ་འཇུག་པར་འགྱུར་བ་མ་ཡིན་ཏེ། ཐམས་ཅད་དུ་བདེ་བ་ལ་སོགས་པ་རྣམས་ཁྱད་པར་མེད་པའི ་ཕྱིར་རོ། །དེ་ཡང་འདོད་ཏེ། དེའི་ཕྱིར་བདེ་བ་ལ་སོགས་པ་སོ་སོར་གཟུང་བར་བྱ་བ་མ་ཡིན་ནོ། །འོ་ན་ཅེ་ཞེ་ན། སྒྲ་ལ་སོགས་པ་སྟེ། དེའི་ཕྱིར་དེ་རྣམས་ཁོ་ན་སོ་སོར་ཡོངས་སུ་གྱུར་པ་སྒྲ་ལ་སོགས་པའི་རང་དངོས་རྣམས་སུ་འགྱུར་རོ་ཞེས་གསུངས་པ་མ་ཡིན ་ཞེས་པ་ལ་སོགས་པ་སྟེ། ལྔ་རྣམས་གསུམ་གྱི་བཀོད་པའི་ཁྱད་པར་རྣམས་ཞེས་ཁས་བླངས་པའི་ཕྱིར་འདི་ཡོད་པ་མ་ཡིན་ནོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་སྒྲ་ལ་སོགས་པ་རང་དངོས་སུ་མི་འགྱུར་བ་དེ་རྣམས་ལ་སོགས་པའི་འཇུག་པས་གཟུང ་བར་བྱ་བ་མ་ཡིན་ཏེ། སེམས་པ་ཅན་ཉིད་བཞིན། བདེ་བ་ལ་སོགས་པ་ཡང་སོ་སོར་སྒྲ་ལ་སོགས་པའི་རང་དངོས་སུ་འགྱུར་པ་མ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ་མ་ཡིན་ཏེ། གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པས་མ་གྲུབ་པ་སྨྲས་སོ། །གང་སྒྲ་ལ ་སོགས་པ་ལས་གཞན་མ་ཡིན་པ་དེ་རྣ་བ་ལ་སོགས་པའི་འཇུག་པའི་གཟུང་བར་བྱ་བ་ཡིན་ཏེ། སྒྲ་ལ་སོགས་པ་བཞིན། བདེ་བ་ལ་སོགས་པའི་རང་གི་དངོས་པོ་ཡང་དེ་ལྟ་བུའོ། །རང་བཞིན་ནོ། །གཞན་མིན་ཅེ་ན་ཞེས་པ་ལ་སོགས་པ་སྟེ། གང་སྒྲ་ལ་སོགས ་པ་ལས་གཞན་མ་ཡིན་པ་དེའི་རྒྱུ་མ་ཡིན་ཏེ། སྒྲ་ལ་སོགས་པ་བཞིན། བདེ་བ་ལ་སོགས་པ་ཡང་དེ་ལྟ་བུའོ་ཞེས་པ་འགལ་བས་ཁྱབ་པ་གསུངས་སོ། །དེ་ལས་ཀྱང་ཁས་བླངས་པ་དང་འགལ་ལོ་།གང་བརྗོད་པ་ཞེས་པ་ལ་སོགས་པས་ནི་རྒྱུ་ཉིད་དུ ་ཁས་བླངས་པ་གསུངས་ཏེ། སྙིང་སྟོབས་གྲའི་འབྲས་བུར་བཤད་ནས་སྒྲའི་བདག་ཉིད་དུ་གནས་པས་ནི། རྡུལ་དང་མུན་པ་དག་སྒྲ་ལས་བྱུང་བའི་ཚེད་དུ་འཇུག་པར་འཆད་པར་བྱེད་དོ། །རྡུལ་སྒྲའི་འབྲས་བུར་བཤད་ནས་ཞེས་པ་ལ་སོགས་པ་ཐམས་ཅད ་སྔ་མ་ཡིན་ནོ། །འདི་ནི་ཁྱད་པར་ཏེ། རྡུལ་གྱིས་སྙིང་སྟོབས་དང་མུན་པ་དག་སྒྲའི་དངོས་པོའི་ཆེད་དུ་འཇུག་པར་བྱེད་དོ། །མུན་པ་ནི་སྙིང་སྟོབས་དང་རྡུལ་དག་སྒྲ་ལ་ཡོད་པའི་ཆེད་དུ་རྣམ་པར་འཇོག་པར་བྱེད་དོ་ཞེས་པའོ། །ཅི་སྟེ་གཞན་ཉིད་མ་ཡིན་པ་ཉིད ་ནི་ཡང་འབྲས་བུ་དང་རྒྱའི་དངོས་པོར་འདོད་ཅིང། དེ་ལྟར་གྱུར་ན་འདི་མི་འདོད་པར་འབྱུང་བར་འགྱུར་རོ་ཞེས་སྟོན་པ་གསུངས་པ། སྙིང་སྟོབས་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། གང་སྒྲ་གཅིག་ལས་ཐ་དད་པའི་རང་བཞིན་དེ་ནི་ཐ་དད་པ་ཡིན་ཏེ། ་སྒྲའི་རང་གི་ངོ་བོ་བཞིན་སྙིང་སྟོབས་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ། །གང་སྙིང་སྟོབས་ལ་སོགས་པ་གཅིག་མིན་ལས་ཐ་མི་དད་པའི་རང་བཞིན་དེ་གཅིག་མིན་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་སྒྲ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་གྱི་ཐལ་འགྱུར་དག་གོ་།དེ ་བས་བཟློག་པས་ནི། གང་གཅིག་མིན་དེ་ནི་སྒྲ་གཅིག་ལས་ཐ་མི་དད་སྤའི་རང་བཞིན་མ་ཡིན་ཏེ། དཔེར་ན་སྐྱེས་བུ་མང་པོ་རྣམས་བཞིན། སྙིང་སྟོབས་ལ་སོགས་པ་ཡང་དེ་ལྟ་བུའོ། །གང་གཅིག་ཡིན་པ་དེ་སྙིང་སྟོབས་ལ་སོགས་པ་རྣམས་ལས་ཐ་དད་མེད་པ་མ ་ཡིན་ཏེ། དཔེར་ན་སེམས་པ་ཅན་གྱི་གསལ་བ་གཅིག་པུ་བཞིན། སྒྲ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་འགལ་བ་དག་གོ། དེ་ལས་ཀྱང་ཁས་བབླངས་པ་ཉམས་སོ། །??་ཞེས་པའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཅན་ནོ་ཞེས་པ་འབྲས་བྱེད་མིན་པ་འམ་ཞེས་པ་འདེར་འམ་གྱི ་སྒྲ་གང་ཡན་པའོ། །གཞན་ཉིད་ཡིན་ནའང་གཟུང་བྱ་མིན་ཅེས་པས་མ་ངེས་པ་གསུངས་སོ། །དེའི་རྡུལ་ཕྲ་རབ་ཅེས་པ་སྒྲའི?་རྡུལ་ཕྲ་རབ་བོ། །དེ་ཙམ་ལ་སོགས་པའམ་ཞེས་པ་སྒྲ་དེ་ཙམ་ལ་སོགས་པའོ། །སོགས་པའི་སྦྲས་ང་རྒྱལ་དང་ཆེན་པོ་དང་གཙོ་བོ་གཞུང་བར་བྱའོ། ། ་མ་ཡིན་ཞེས་པ་ལ་སོགས་པས་ཀྱང་མ་ངེས་པ་གསུངས་སོ། །གང་གི་ཕྱིར་འབྲས་བུ་ཉིད་དང་རྒྱུ་ཉིད་ལ་སོགས་པ་རྣམས་དབང་པོའི་ཡུལ་ལས་ཐ་དད་ཕ་མ་ཡིན་ཅིང། དབང་པོའི་བློ་ཡིས་རྟོགས་པ་ཡང་མ་ཡིན་ནོ། །ཐམས་ཅད་སྣ ་ཚོགས་རྣམ་ཅན་འགྱུར་རོ་ཞེས་པ་སྟེ། གང་སྣ་ཚོགས་ཀྱི་རྣམ་པར་མི་འདོད་པ་དེ་ཡང་སྟེ་སྙིང་སྟོབས་ལ་སོགས་པ་ཚོགས་པ་ནི་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་ལ་ཞེས་པ་ལ་སོགས་པས་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པ་གསུངས་སོ། ། ་དེའི་དབང་གིས་ཞེས་པ་ལ་སོགས་པ་སྟེ། །གང་གི་རྣམ་པར་ཡུལ་ལ་ཤེས་པ་སྐྱེ་བ་དེའི་རྣམ་པས་ཡུལ་དེ་རྟོགས་པར་བྱ་བའོ། །མཐོང་ངོ་ཞེས་པ་ལ་སོགས་པས་གཏན་ཚིགས་གསུངས་སོ། །གང་རྣམ་པ་ཐ་མི་དད་པ་འཛིན་པར་བྱེད་པ་དེ་སྣ་ཚོགས་པའི ་ཡུལ་ཅན་མ་ཡིན་ཏེ། སེམས་པ་ཅན་འཛིན་པ་བཞིན། སྒྲ་ལ་སོགས་པ་འཛིན་པ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །ཡུལ་གཞན་ལ་ཞེས་པ་དབང་པོ་གཞན་གྱི་ཡུལ་ཉིད་དུ་མངོན་པར་འདོད་པ་ལའོ། །འོ་ན་ཡང་ཞེས་པ་ལ་སོགས་པ ་སྟེ། ཐམས་ཅད་ལ་བདེ་བ་ལ་སོགས་པའི་རིགས་ཐ་མི་དད་ན་ཡང་དབང་པོ་གཅིག་ཉིད་དུ་ཐལ་བ་མ་ཡིན་ཏེ། གང་གི་ཕྱིར་དབྱིབས་ཀྱིས་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པ་རྣམས་འཛིན་པར་བྱེད་ཅིང། དབྱིབས་དེ་ཡང་ཡུལ་གཞན་ལ་མེད ་ངོ། །དབྱིབས་དུ་མའི་དབྱེ་བས་ཞེས་པ་སྔོན་དང་སེར་པོ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་གྱིས་སོ། །དབྱིབས་གཅིག་རྗེས་སུ་འཇུག་པ་མཐོང་བ་མ་ཡིན་ནོ། །ཞེས་པ་སྟེ། འདིས་ནི་རྗེས་སུ་འཇུག་པ་དང་ལྡན་པའི་དབྱིབས་གཅིག་མེད་པ་ཐ་སྙད་ཀྱི་ཆེད་དུ་རང་བཞིན་མི ་དམིགས་པ་གསུངས་སོ་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དབྱིབས་ཀྱི་ཐ་དད་ལ་དབང་པོ་ཐ་དད་པའི་གཟུང་བྱ་ཉིད་དུ་སྒྲ་དང་རེག་བྱ་ལ་སོར་བའི་རིཊ་རྣམས་འོང་ན། གཟུགས་ཀྱི་རིགས་གཅིག་ཁོ་ན་ལ་ཡང་དབྱིབས་དུ་མར་འདོད་སྟེ། དེའི་ཕྱིར་དབང་པོ་མཛའ་ཡས ་པ་ཉིད་དེ་ཁོ་ནར་ཐལ་བར་འགྱུར་ཏེ། སྒྲའི་མཚན་ཉིད་རྣམས་ལས་མ་ཡིན་པ་ཁོ་ནའོ་ཞེས་པའོ། །སེར་སྐྱེ་བ་སྔ་མ་རྣམས་ནི་ཐམས་ཅད་དུ་བདེ་བ་ལ་སོགས་པ་རྣམས་ངོ་བོ་གཅིག་པ་ཁོ་ན་སྟེ། མ་དྷུ་པ་ནི། ཐམས་ཅད་དུ་དེ་རྣམས་ཐ་དད་པ་འདོད་དོ། །བདེ་བ་ལ ་སོགས་པ་གང་རྣམས་སྒྲའི་བདག་ཉིད་དུ་ཡོངས་འགྱུར་གྱི། རིག་བྱ་ལ་སོགས་པའི་བདག་ཉིད་དུ་ནི་མ་ཡིན་པར་དེ་རྣམས་སྒྲའི་མཚན་ཉིད་གསུམ་མོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་གང་རྣམས་རེག་བྱའི་བདག་ཉིད་ཁོ་ནར་ཡོངས་སུ་འགྱུར་གྱི། དོན་གཞན་གྱི ་བདག་ཉིད་དུ་ནི་མ་ཡིན་པ་དེ་རྣམས་རེག་བྱའི་མཚན་ཉིད་གསུམ་མོ་ཞེས་པ་སྟེ། དེ་བཞིན་དུ་གཞན་ལའང་ཤེས་པར་བྱའོ། །འོ་ན་གསུམ་རྣམས་ཀྱི་ཚོགས་པ་ནི་གསུམ་མ་ཡིན་ནམ་དེ་ལ་གཅིག་གི་ཚིགས་གིས་འབྱུང་བར་འོས་ཏེ། དེས་ན་གསུམ་པོ་རྣམས་ལས་ཤེས ་པ་ཅི་ལྟར་ཞེ་ན། སྐྱོན་འདི་མེད་ཏེ། སྒྲ་སོ་སོ་ལ་གསུམ་པོ་གཞན་དང་གཞན་ཡིན་ཅིང། དེའི་ཕྱིར་ན་གསུམ་པོ་རྣམས་མང་པོ་ཉིད་ཀྱི་ཕྱིར་མང་པོའི་ཚིག་གོ་།གཞན་རྣམས་ནི་རྣམ་པ་གཞན་དུ་གསུམ་རྣམས་རྣམ་པར་འཆད་པར་བྱེད་དོ། །སྒྲའི་རྡུལ་ཕྲ་རབ་གཅིག་ཁོ་ན་གསུམ ་པོ་སྟེ། རྫས་གསུམ་གྱི་བདག་ཉིད་ཡིན་ཏེ། བདེ་བ་ལ་སོགས་པ་རྣམས་གཅིག་ཉིད་གོང་བུར་གྱུར་པ་ཉིད་ཀྱི་ཕྱིར་རོ། སྒྲའི་རྡུལ་ཕྲ་རབ་ཐམས་ཅད་ནི་འདི་ལྟ་བུ་རྣམས་སོ།?་དེ་བཞིན་དུ་རེག་བྱ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་དང་དབང་པོའི་རྡུལ་ཕྲ་རྣམས་ཀྱང་རིགས་པར ་བྱའོ། །དེ་རྣམས་ཁོ་ན་བསགས་པ་རྣམས་ནི། སྒྲོ་བ་ལས་སྔར་གཙོ་བོ་ཞེས་བརྗོད་པར་བྱ་ལ། གང་གི་ཆོ་སྒྲ་བའི་དུས་ན་འདུས་པ་རྣམས་ཡིན་པ་དེའི་ཚེ་ནི་རྣམ་པར་འགྱུར་བ་ཐ་སྙད་དུ་བསྟན་ཏོ། །སྒྲ་ལ་སོགས་པའི་མཚན་ཉིད་གསུམ་པ་རྣམས་དང་རྣ་བ་ལ་སོགས་པའི ་མཚན་ཉིད་གསུམ་རྣམས་ཀྱང་ཕན་ཚུན་ཐ་དད་པའི་རིགས་ཅན་རྣམས་ཁོ་ནའོ་ཞེས་པ་མཱ་དྷ་པའི་འདོད་པའོ། །གཞན་པ་ཡང་དེའི་བྱ་བའི་ཁྱད་པར་ཏེ། ཇི་སྐད་དུ་བརྗོད་པ། གཟུགས་ལ་སོགས་པ་དང་ལྡན་པའི་གཙོ་བོ་ཆ་ཤས་དང་བཅས་པ་སྟེ། ལས་སྔོན་མ་ཅན་གྱི་སྤྲོ་བའོ། ། ་འཁོར་བ་ཡང་ཐོག་མ་མེད་པར་བཤད་པའི་ཁྱད་པར་རྣམས་ཏེ། རང་གི་ཚོགས་པ་རྣམས་ཀྱིས་འདོད་པའོ་ཞེས་སོ། །སེར་སྐྱའི་སློབ་མ་སྔོན་མ་རྣམས་ཀྱི་ནི་གཙོ་བོ་ནི་གཟུགས་ལ་སོགས་པ་དང་ལྡན་པ་མ་ཡིན་གྱི། ནུས་པའི ་བདག་ཉིད་དུ་དེ་ལ་གཟུགས་ལ་སོགས་པ་རྣམ་པར་གནས་ཀྱི་གསལ་བའི་བདག་ཉིད་ཀྱིས་ནི་མ་ཡིན་ལ། ཆ་ཤས་མེད་པ་ཡང་སྟེ། ལས་སྔོན་མ་ཅན་གྱི་སྤྲོ་བ་མ་ཡིན་གྱི། འོན་ཀྱང་གཙོ་བོ་སྔོན་མ་ཅན་ནོ། །འཁོར་བ་ཡང་སྤྲོ་བ་ལས་སྔོན་དུ་ནུས་པའི ་བདག་ཉིད་ཀྱིས་ཏེ། དེ་རྣམས་གསལ་བའི་བདག་ཉིད་ཀྱིས་ནི་མ་ཡིན་ནོ། །མཱདྷ་བ་ཡིས་ནི་ཐམས་ཅད་རྣམ་པ་གཞན་དུ་ཁས་བླངས་དེ་ཉིད་ཀྱི་ཕྱིར་འདི་ནི་གྲངས་ཅན་ཕུང་བར་བྱེད་པའོ། །གང་ཕྱིར་མ་ཡིན་ཞེས་པ་ལ་སོགས་པས་དབང་པོ་གཅིག་ཏུ ་ཐལ་བ་ལ་སྤོང་པ་སྟེ། གང་སྙིང་སྟོབས་ལ་སོགས་པ་རྣམས་སྒྲ་ལ་ཡིན་པ་དེ་རྣམས་ལས་གཞན་ཁོ་ན་གཟུགས་ལ་སེགས་པའི་བདག་ཉིད་དུ་ཡོངས་སུ་འགྱུར་བར་བྱེད་ཞེས་བྱས་ནས་སོ། །དེ་ཡང་ཐ་མི་དད་པ་ཞེས་པ་ལ་སོགས་པས་མཛའ་ཡས་བར་ཐལ་བར ་འགྱུར་བའོ། །ཤིན་ཏུ་གསལ་བར་ཞེས་པ་རང་གི་དོན་ཁོ་ན་ལ་ཏ་རེ་བའི་རྐྱེན་འདི་སྟེ། ཤིན་ཏུ་ཆུང་པ་ལས་ཞེས་པ་ཇི་ལྟ་བ་བཞིན་ནོ། །འདི་ཅིའི་ཕྱིར་ཞེ་ན། མཱདྷ་པ་ཡིས་བརྗོད་པའི་རིམ་བ་ནིས་ན་དབྱུང་བར་བྱ་བ་ཉིད་དུ་གསལ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རིགས ་མཚུངས་པ་ལ་སོགས་པའི་སྤྱོར་བ་ཅན་ལ་ཡང་རབ་ཏུ་གྱུར་པའི་རྐྱེན་གྱིས་བསྒྲུབས་པའི་ཕྱིར་རོ། །ཡང་ན་ཕ་རོལ་པོས་ཡོངས་སུ་བརྟགས་པ་གསལ་བ་ཉིད་ལ་བལྟོས་པས་རབ་ཏུ་བྱུར་པའི་རྐྱེན་ནོ། །རེ་རེའི་ངོ་བོ་ཞེས་པ་འགའ་ཞིག་བདེ་བའི་རང་བཞིན་ཁོ་ན་སྟེ་འགའ་ ་ཞིག་སྒྲའི་ངོ་བོ་ཁོ་ནའོ། །དེ་བཞིན་དུ་བྱ་བ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་རིག་པར་བྱའོ། །དེ་རྣམས་ཀྱང་ཡུལ་དད་དུས་ཐམས་ཅད་དུའོ། །འདིས་ནི། གཙོ་བོའི་ཆོས་གསུངས་སོ། །སོ་སོ་ཞེས་པ་སྟེ། མ་དུས་པ་རིགས་མཐུན་པ་ཅན་རྣམས་དང་མ་འབྲེལ་པ་འཐོང ་པ་རྣམས་ཞེས་པའི་དོན་ཏོ། །རྣམ་པ་འདི་ལྟ་བུའི་རྡུལ་ཕྲ་རབ་དེ་རྣམས་གཙོ་བོ་ཞེས་བརྗོད་པར་བྱའོ། །རིགས་ལས་ཐམས་ཅད་དུ་སོང་པ་ཞེས་པ། རྡུལ་ཕྲ་རབ་ཀྱི་རྗེས་གཅིག་ཁོ་ན་ཐམས་ཅད་དུ་སོང་བ་ཡོད་པ་མ་ཡིན་གྱི། འོན་ཀྱང་རྡུལ་ཕྲ་རབ་དེ་རྣམས་ཁོ ་ན་གྲངས་མེད་པ་རྣམས་ཐམས་ཅད་དུ་ཡོད་ལ། རིགས་གཅིག་པ་ཅན་ནི་དེ་རྣམས་ཀྱི་གཙོ་བོ་ཞེས་བརྗོད་པར་བྱེད་པར་འགྱུར་རོ་ཞེས་སྟོན་ཏོ། །གལ་ཏེ་དེ་ལྟར་རྡུལ་ཕྲ་རབ་དེ་རྣམས་དབང་པོ་ལས་འདས་པ་རྣམས་ཡིན་ཅིང། དེ་རྣམས་དང་བྲལ་བར་འབྲས་བུ་རྩོམ་པ་ཡང ་མེད་མེ་དེ་ལས་ནི་ལྟར་འབྲས་བུའི་ངོ་བོ་རྣམས་མཚོན་པར་འགྱུར་རོ། །དེ་ལྟར་རྡུལ་ཕྲ་རབ་རྣམས་ཡང་དག་སྦྱོར་བའི་བྱེ་བྲག་ལ། ཞེས་པ། བྱེ་བྲག་སྨོས་པ་ནི་རྡུལ་ཕྲ་རབ་གཉིས་ལ་སོགས་པ་ཡང་དག་པར་སྦྱོར་བ་རྣམ་པར་བཅད་པའི་དོན་དུའོ། །རང་གི་རིཊ་ལས་མ ་འབྱར་པ་ཡ་མ་ལྗང་གུ་ལ་སོགས་པ་ལ་བར་པ་རྣམས་ནི་མངོན་སུམ་དུ་འགྱུར་རོ། །དེ་ལྟར་རྡུལ་ཕྲ་རབ་རྣམས་ཡང་དག་སྦྱོར་བའི་བྱེ་བྲག་ལ། ཞེས་པ། བྱེ་བྲག་སྨོས་པ་ནི་རྡུལ་ཕྲ་རབ་གཉིས་ལ་སོགས་པ་ཡང་རེག་པར་སྦྱོར་བ་རྣམ་པར་བཅད་པའི་དོན་དུའོ། །རང་གི་རིཊ་ལས་མ ་འདས་པར་ཞེས་པ་སྒྲ་ལ་སོགས་པའི་རིགས་ལས་མ་འདས་པར་ཞེས་པོས། །སྒྲའི་རྡུལ་ཕྲ་རབ་རྣམས་ཁོ་ན་འདུས་པ་རྣམས་ནི་རྣ་བའི་དབང་པོའི་གཟུང་བྱ་སྒྲར་འགྱུར་ཏེ། དེ་བཞིན་དུ་བདེ་བའི་རྡུལ་ཕྲ་རབ་རྣམས་ཁོ་ན་གོང་བོར་གྱུར་པ་ནི་རང་རིག་པར་བྱ་བའི་བདེ་བ་འགྱུར་རོ། །དུས་པ་རྣམས ་རིགས་མི་ཐུན་པའི་འབྲས་བུའི་ངོ་བོ་ཉིད་རྟོགས་པར་བྱེད་བ་ནི་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ངོ་བོ་གསུམ་ཉིད་ན་ཡུད?་ལ་ཕྲ་རབ་རྣམས་ལ་གཅིག་གི་རྣམས་ཅན་གྱི་བློ་ཡོངས་སུ་འགྱུར་བའི་བྱེ་བྲག་ལས་འབྱུང་བར་འགྱུར་རོ་ཞེས་གསུང་པ། རྡུལ་རྣམས་ཞེས་པ་ལ་སོགས་བཀྲོ། །བདེ་བ་ལ་སོགས་པ་དང ་གྲེལ་བར་ཞེས་བ། བདེ་པ་ལ་སོགས་པའི་རྣམ་པ་མེད་པར་ཞེས་པའི་དོན་ནོ། །གང་ཐ་མི་དད་པ་ཞེས་པ་གཅིག་གི་ངོ་བོའོ། །ཅིའི་ཕྱིར་མི་རིགས་ཞེ་ན། གསུངས་གདུ་མའི་རང་བཞིན་ཉིད་ཅེས་པའོ། །ཡང་ན་ཐ་དད་པ་དུ་མ་འདི་འདི་བཞིན་ཉིད་དོ་ཞེས་འབྲུ་མང་པོ་བའོ། རང་བཞིན་ཁོ་ན་རང་བཞིན་ཉིད ་དོ། །འཇུག་བཞིན་པ་དང་ཉེ་བ་དང་ལྡན་པའི་ཤེས་པའི་རྣམ་པའི་དབང་གིས་ནི་ཡུལ་གྱི་རང་བཞིན་ངེས་པར་འཛིན་ཏེ། གལ་ཏེ་ཡང་ཡུལ་རྣམ་པ་གཞན་དུ་གནས་ན་ཡང་དེ་ཉེ་བར་འཛིན་པའི་ཤེས་པ་རྣམ་པ་གཞན་དུ་འདོད་མ་དེའི་དབང་གིས ་ཡུལ་ངེས་པར་འཛིན་པ་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་པས་སོ། །དེ་འདིས་གང་རྣམ་པ་གཅིག་པའི་ཞེས་པ་དེ་ནི་ཐ་དད་པ། དུ་མའི་རང་བཞིན་གྱི་ཡུལ་ཅན་མ་ཡིན་ཏེ། སེམས་པ་ཅན་གྱི་ཤེས་པ་བཞིན། སྒྲའི་ཤེས་པ་ཡང་དེ་ལྟ་བུའོ་ཞེས་བ་ཁྱབ་བྱེད་དད་འགལ ་བ་གསུངས་སོ། །ཅིའི་ཕྱིར་ཞེ་མ་ཞེས་པ་གསུམ་པོ་གང་དག་པར་སྦྱར་བ་རྣམས་ནི་རང་བཞིན་ཉིད་གཅིག་ཏུ་ཡོངས་སུ་འགྱུར་བར་འགྱུར་རོ་དེས་ན་གྲབ་པ་སྒྲུབ་པར་བྱེད་པའོ་ཞེས་བསམས་པའོ། །རིགས་མི་མཐུན་པ་འོངས་གྱུར་པ། །མཚན་ཉིད་མི་མཐུན་པ་རང་བཞིན་དུ་མ་རྣམས ་ཀྱི་ཐ་དད་པ་མེད་པའི་རང་བཞིན་གཅིག་ཏུ་ཐོབ་པ་པོའོ། །རིགས་ཐ་དད་པའི་ཕྱིར་ཅེས་པ། འབྲས་བུ་དང་གྱུར་རིགས་ཐ་དད་པར་འགྱུར་བའི་ཕྱིར་ཞེས་པའི་དོན་ཏོ། །དེ་ལས་འབྲས་བུ་མེད་པ་སྨྲ་བར་འགྱུར་རོ་ཞེས་པས་ཁས་བླངས་པ་ཉམས་པའོ། །ཡང་ན་རིགས་ཐ་དད་པའི་ཕྱིར ་ཏེ། བདེ་བ་ལ་སོགས་པ་རྣམས་ཀྱིའོ། །དེ་རྣམས་ཐ་དད་པ་རྣམས་ནི། ཡང་དག་པར་སྦྱོར་བ་ན་ཡང་རང་བཞིན་གཅིག་ཉིད་དུ་ཡོངས་སུ་འགྱུར་བར་འོས་པ་མ་ཡིན་ཏེ། རང་གི་རིགས་ལས་མ་འདས་པར་འབྲས་བུ་རྩོམ་པའི་ཕྱིར་རོ། །འོ་ན་ཐ་དད་པ་རྣམས་ཀྱང་བུ་རབ་དང་ཆུལ་སོགས ་པ་རྣམས་བཏུང་པ་ལ་སོགས་པའི་རང་བཞིན་གཅིག་ཉིད་སྐྱེད་པ་མ་ཡིན་ནམ་ནོ?་ན། གསུངས་པ། སྒྲ་གཅིག་བརྗོད་ལ་ཞིར་གལ་ཞེས་པ་ལྔ་སོགས་པ་སྟེ། བཏུན་བ་ལ་སོགས་པ་ཡང་དོན་དམ་པར་ཡོད་པ་མ་ཡིན་པ་ཁོ་ན་སྟེ། ཐ་སྙད་སླ་བའི་དོན་དུ་ཟུང་མ་ལ་སོགས་པ་དེ ་རྣམས་ཁོ་ན་སྒྲ་གཅིག་གིས་ཐ་སྙད་དུ་བྱེད་པ་འབའ་ཞིག་སྟེ། གང་རེ་ལྟེ་ཞེས་པ་པའི་ནོ། །ཇི་ལྟར་ཕྱི་ཤིན་ཏུ་ཉུང་དུ་ལན་ཚྭ་མེད་པ་དང་འདྲེས་པ་མ་ལན་ཚྭའི་རོ་ཁོ་ན་འཛིན་པ་འམ་འཛིན་པར་འདོད་པའོ་ཞེས་པ་དང། ཇི་ལྟར་ཁྱི་རྣམས་ཀྱིས་མཛེས་པའི་ཡུལ་ལ་བཟའ་ ་བྱའི་རང་བཞིན་དུ་ཉེ་བར་དམིགས་པ་དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་རིག་པར་བྱའོ། །སྒྲ་འཛིན་པ་ལ་མི་བལྟོས་པར་ཞེས་པ། སྒྲ་ནི་ཡོན་ཏན་གཅིག་གི་བདག་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཡོན་ཏན་གསུམ་གྱི་བདག་ཉིད་དོ། །དེ་ལྟར་ཡང་མི་འཛིན་ནོ་ཞེས་པ་དེ་ལ་མི ་བལྟོས་བའོ། །དེ་ཁོ་ན་འདིའི་བདག་ཉིད་གཅིག་མ་ཡིན་པ་ཞེས་པ་སྒྲའི་འོ། །ཕྱོགས་གཅིག་གི་ཡུལ་ཅན་ཉིད་ན་དུ་མའི་བག་ཉིད་ལྡོག་པར་མི་སྲིད་པས་དྲི་བ། ཅིའི་ཕྱིར་ཞེན་ཞེ་སར་འོ། དབང་པོའི་དོན་གྱི་ཁྱད་པར་ཅན་ཞེས་པས་རྒྱུ་གསུངས་སོ། །དུ་མའི་ངོ་བོ་ལ་ནི་ཞེས་པ་སྒྲ་ཉིད་དང ་ཡོན་ཏན་ཉིད་དང་སྙིང་སྟོབས་ཉིད་ལ་སོགས་པའི་ངོ་བོའི་བྱེ་བྲག་གིས་སོ། །ནི་ཡང་གཅིག་བུ་ཁོ་ན་ཞེས་པ། བདེ་བ་ལ་སོགས་པ་རྣམས་ལས་གང་ཡང་རུང་བའོ། །དེ་འདིས་ནི་གང་རྣ་བ་ཡིས་གཟུང་བར་བྱ་བ་མ་ཡིན་པ་དེ་དེའི་དོན་མ་ཡིན་ཏེ། སེམས་ཅན་བཞིན་དང། སྤྱིའི་ཆོས ་ཤེས་བྱ་ཉིད་ལ་སོགས་པ་བཞིན། ངོ་བོ་གཉིས་བོ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་མི་དམིགས་པ་གསུངས་སོ། །དེ་བཞིན་དུ་དབང་པོ་གཞན་ལའང་བརྗོད་པར་བྱའོ། །ཕྱེ་དང་ལན་ཚྭ་འདྲེས་པ་ལ་ནི་ཕྱེའི་གཟུང་བ་ཁོ་ན་སྟེ། དེ་ལྟར་ནི་ལན་ཚྭ་འབའ་ཞིག་པའི་རོ་ཡང་གཞན ་དུ་སྣང་བ་ཉེ་བར་དམིགས་ལ། ཕྱེ་དང་འདྲེས་པ་ན་ཡང་གཞན་དུ་སྣང་ངོ། །རེག་བྱ་ལ་སོགས་པ་རྣམས་ལ་འཛྲ?་མཚུངས་པ་ཡིན་ནོ་ཞེས་པ་མཉམ་པའོ། །འདིས་ཀྱང་དབང་པོ་གཅིག་ཉིད་བུ་ཐལ་བ་དེ་ཁོ་ན་གསུངས། །ཡང་ཕྱོགས་འདི་ལ་ཡང་སྐྱོན་འདི་ནི་ལྟར་ཏེ། ་ཇི་སྲིད་དུ་སྒྲ་ལ་སོགས་པ་རྣམས་ལ་ཡོན་ཏན་རྣམས་ཀྱི་དབྱེ་བ་ཁས་བླངས་པས་སོ་ཞེ་ན། ཁས་བླངས་པ་བདེན་མོད། དེ་ནི་གསལ་བ་ཐ་དད་པ་ཡིན་གྱི། རང་བཞིན་ཐ་དད་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་བདེ་པ་ལ་སོགས་པ་རྣམས་ཀྱི་རབ་ཏུ་གསལ་བར་བྱེད་པ་ཉིད ་ལ་སོགས་པའི་ངོ་བོ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ། །གསལ་བ་ཐ་དད་པ་ཙམ་གྱིས་དབང་པོ་གཞན་གྱིས་གཟུང་བྱ་ཉིད་དི་རིགས་པ་ཡང་མ་ཡིན་ཏེ། སྒྲ་ལ་སོགས་པ་རྣམས་ཀྱི་གསལ་བ་ཐ་དད་པས་མཛའ་ཡས་པ་ཉིད་ཀྱི་ཕྱིར་དབང་པོ་མཛའ་ཡས་པ་ཉིད་དུ་གྱུར་ན་མེ་རུང་ངོ། ། ་འོ་ན་སྒྲ་ལ་སོགས་པའི་དངོས་པོས་ཀྱང་ཐ་དད་པ་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། གང་ཕྱིར་གསུམ་པོ་རྣམས་ཀྱི་སྒྲ་ལ་སོགས་པའི་དངོས་པོས་ཐ་དད་ཀྱི་བདེ་བ་ལ་སོགས་པ་རྣམས་ཀྱི་སོ་སོར་ནིམ་ཡིན་ཏེ། སྒྲ་ལ་སོགས་པ་རྣམས ་གསུམ་གྱི་ངོ་བོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་གསུངས་པ། རིགས་པ་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ཁྱད་འཕགས་ཞེས་པ་ལ་སོགས་པའོ། །འོ་ན་གྲུབ་པའི་མཛའ་དང་འགལ་བའི་ཕྱིར་ཕྱོགས་འདི་ཡང་སྐྱོན་ཅན་ཁོ་ན་མ་ཡིན་ནམ་ཞེ ་ན། མ་དྷ་པའི་ཕྱོགས་ལས་འདི་སྐྱོན་ཉུང་བ་ཉིད་ཀྱི་ཕྱིར་ཞེས་དགོངས་པས་འདི་ལྟར་བཤད་དོ་ཞེས་པས་སྐྱོན་མེད་དོ། །འཇུག་པ་ནི་ཚད་མང་བསྒྲུབས་པ་མེད་པའི་ཕྱིར་ཅེས་པ། ཕྱི་རོལ་གྱི་དོན་རྣམས་ལ་དབང་པོས་ཞེན་པར་བྱེད་ལ། དབང་པོས ་རྟོགས་པར་བྱས་པ་དེ་ལ་ནི། ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་ཅིང། ཇི་ལྟར་ཡང་དབང་པོས་རྟོགས་པར་བྱས་པ་ལ་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་པ་དེ་བཞིན་དུ། ཡིད་ཀྱིས་ཞེན་པ་ལ་དབང་པོས་ཡང་དག་པར་རིག་པར་བྱེད་དོ། །ཞེས་པའི་གཞུང་འདིས་འཇུག་པ་གཉིས ་ངོའི་ཕན་ཚུན་ལང་དག་པར་རིག་པར་བྱེད་པ་ཉིད་བཤད་དོ། །དེ་མངོན་སུམ་ཉིད་དུ་བསྒྲུབ་པ་མེད་པའི་ཕྱིར་གཞལ་བྱ་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཚད་མ་བརྗོད་པ་མ་ཡིན་ནོ་ཞེས་པས་མཚན་ཉིད་མཁྱབ་པ་ཉིད་དོ། །ད་ལྟར་འགྱུར་མོད། །ལུང་དང་རྗེས་སུ་དཔག་པ ་དག་གིས་དེ་གཉིས་ཀ་ཡང་དག་པར་རིག་སྟེ། དེའི་ཕྱིར་སྐྱོན་འདི་མེད་དོ། །ཞེ་ན། གསུངས་པ། མེད་ཀྱང་ཞེས་པ་ལ་སོགས་པ་སྟེ། གང་གིས་ཚེ་རང་གི་རྒྱུད་དུ་གཏོགས་པའི་འཇུག་པའི་ཡང་དག་པར་མྱོང་བ་དེའི་ཆེ་རྟོགས་མེད་པའི་ཕྱིར་རྗེས་དཔག་ས་མ་ཡིན་ཞིད་མན ་དག་མེད་པའི་ཕྱིར་ལུང་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་མངོན་སུམ་ཁོ་ནར་རིགས་ཞེས་དགོངས་པའོ། །འོན་རྣ་བ་ལ་སོགས་པའི་འཇུག་པ་ཡང་ཞེས་པ་འདིས་ཡང་གི་སྒྲ་ཡིད་ཀྱི་འཇུག་བ་སྡུང་བའི་དོན་ཅན་ནོ་ཞེས་པ་མ་ཡིན་ནམ། དེའི་ཕྱིར་ཡིད་ཀྱི་འཇུག་དེ་རིག?་མངོན ་སུམ་གྱི་ནང་དུ་འདུའོ། །དབང་པོའི་འཇུག་པ་རྣམས་ནི་ཡིད་ཀྱི་འཇུག་པར་རིག་པར་བྱེད་པ་མ་ཡིན་པ་ཁོ་ནང་བསྟན་བཅོས་ཀྱིས་བཤད་ཏེ། དེ་ཏར་ནི་ཇི་ལྟར་དབང་པོས་རྟོགས་པ་ལ་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་པ། དེ་ལྟར་ཡིད་ཀྱིས་ཞེན་པ་དབང་པོས་ཡང་དག་རྤར ་རིག་པར་བྱེད་ངོ་ཞེས་པའི་རིག་པའི་བྱིངས། འདི་ནི་ཙུར་ལ་སོགས་པར་བཤད་པ་བློ་བ་པའི་དོན་ཅན་ཏེ། ཇི་ལྟར་དབང་པོས་རྟོགས་པ་ལ་ཡིད་ཀྱིས་ཞོན་ཅིང་ཤེས་པར་བྱེད་པ་དེ་ལྟར་ཡིད་ཀྱིས་ཞེན་པ་དབང་པོའི་འཇུག་པས་ཐོབ་པར་བྱེད་དོ་ཞེས་པའི་དོན་ཏོ་ཞེ་ན། ་འདི་ཡོང་པ་མ་ཡིན་ཏེ། རྣ་བ་ལ་སོགས་པའི་འཇུག་པ་ཡང་ཞེས་པའི་ཡང་གི་སྒྲ་ནི་རེ་ཞི་ཚད་མ་གཞན་རྗེས་སུ་དཔག་པའི་བསྡུ་བའི་དོན་ནོ། །ཡང་གི་སྒྲ་ཡིད་ཀྱི་འཇུག་པ་བསྡུ་བའི་དོན་ཅན་ཡིན་ན་ནི། ཁྱད་པར་མེད་པས་ཡིད་ཀྱི་འཇུག་པ་ཐམས་ཅད ་མངོན་སུམ་ཉེད་དུ་ཐལ་པར་འགྱུར་ཏེ། ཁྱད་པར་ཉེ་བར་བླངས་པ་མེད་པའི་ཕྱིར་རོ། །གང་ཡང་ཡིད་ཀྱིས་ཕྱིན་གྱིས་བརླབས་པ་ཞེས་པ་ཡིད་དང་ལན་ཅིག་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་མོ་ཞེས་པའི་དོན་ཏོ། ཞེས་སྨྲ་བ་དེ་ལ་ཡང་ཐལ་འགྱུར་འདི ་དོན་ཁ་ནའོ། །ཐོབ་པའི་དོན་ཡང་ཡང་དག་པར་མྱོང་པ་ལས་གཞན་པར་མི་རིགས་ཏེ། འཐོབ་པ་ནི་ཐ་དད་པྲ་མེད་པའི་དུས་ཅན་དག་ཁོ་ན་འདི་འགྱུར་གྱིངས་ཐ་དད་པ་དག་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་འཐོབ་པ་རབ་ཏུབ་གྲུབ་པའི་དོན་དུ་དབང་པོའི་རྟོགས་པ ་ལས་དད་ཡིད་ཀྱི་ཞེན་པ་ཅིག་ཅར་ཉིད་དུ་འདོད་ན། དེའི་ཡུལ་བྱ་རོལ་གྱི་དོན་དུ་འགྱུར་བ་འམ་དབང་པའི་དོན་དུ་ཡིན། གལ་ཏེ་སྔ་མ་ཡིན་ན་སྒེ་དང་སྒོ་ཅན་གྱི་དངོས་པོ་དམི་འགྱུར་ཏེ། ལྷན་ཅིག་སྐྱེས་པ་ལ་ཕན་འདོགས་པ་ཉིད་མི་རིགས་པའི་ཕྱིར་དག་ཕ་ན ་མི་འདོགས་ཡང་སྒོ་འདི་དངོས་པོར་མི་འཐད་པའི་ཕྱིར་རོ་གཞན་དུ་ན་ཡང་ཀྱི་ཞེན་པ་ཡང་དབང་པའི་ཞེན་པའི་སྒོ་འགྱུར་རོ། །གལ་ཏེ་པང་ཡིད་ཕྱི་རོལ་ཀྱི་དོན་ལ་དངོས་སུ་འཇུག་ན་དེ་ལྟར་གྱུར་ན་དབང་པོ་ཅག་ཤེས་རྣམས་དེ་ལ་འཇུག་པ་དོན་མེད་པར་ཐབ་སྟེ། ་ཡིད་ཁོ་ནས་སྐྱེས་བུའི་དོན་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་དབང་པོའི་རྟོགས་པ་དེའི་ཡུལ་ཡིན་ན། དེ་ལྟ་ན་ཡང་ཡུལ་གྱི་རྒྱུ་མཚན་མ་ཡིན་པ་ཡུལ་ཅན་དུ་འགྱུར་རོ། །དེ་ཡང་རི་རིགས་ཏེ། རྒྱུ་མཚན་མ་ཡིན་པ་ནི ་ཡུལ་ཉིད་དུ་འཐད་པ་མ་ཡིན་ནོ། །གཞན་དུ་ན་ཡིད་ཀྱི་གཞེན་པ་ཡང་དབང་པོའི་ཞེན་པའི་ཡུལ་དུ་འགྱུར་རོ། །གང་ཡིད་ཀྱི་འཇུག་པས་ཀྱང་དབང་པོའི་འཇུག་པ་ཡང་དག་པར་རིག་པར་བྱེད་པར་མི་འདོད་པར་སྨྲ་སྟེ། ཕན་ཚུན་ཡང་དག་པར་རིག་པར་བྱེད་པ ་འདི་ནི་ཉམས་སུ་མྱོང་བའི་བདག་ཉིད་དུ་བརྗོད་པ་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། འཐོབ་པའི་རང་བཞིན་དུའོ། །ཇི་ལྟར་དབང་པོའི་ཞེན་པ་ཡིད་ཀྱི་ཞེས་པས་ཡང་དག་པར་རིག་གར་བྱེད། ཐོབ་པར་བྱེད་པ་དེ་ཏར་ཡིད་ཀྱི་ཞེན་པ་དབང་པོས ་ཡང་དག་པར་བྱེད། ཐོབ་པར་བྱེད་ཏེ། དེ་དང་ལྷན་ཅིག་ལང་དག་པར་འགྲོགས་པར་བྱེད་དོ་ཞེས་པའི་དོན་ཏོ་ཞེས་པ་དེ་ཡང་འདི་ཁོ་ནས་བསལ་བ་ཡིན་ནོ། །གཞན་ཡང་དེའི་མངོན་སུམ་དུ་དམིགས་པ་མ་ཡིན་པའི་དོན་མཐོང་བ་ཡན་རབ་ཏུ ་འགྲུབ་པ་མ་ཡིན་ཏེ། སྤར་ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་འཐོབ་པའི་དོན་ཅན་གྱི་རྟོགས་པ་ནི་རིགས་པ་མ་ཡིན་ནོ། །གང་ཡང་རྣ་བ་ལ་སོགས་པའི་འཇུག་པ་ཕྱི་རོལ་གྱི་དོན་ལ་མངོན་སུམ་ཚད་མ་སྟེ། དབང་པོ་རྟོགས་པར ་བྱེས་པའི་དོན་དེ་ལ་ནི་ཡིད་ཀྱི་ཕྱི་ནས་ཞེས་པར་བྱེད་དོ། ཞེས་པའི་དོན་ཏོ། །གཞན་དུ་ན་གལ་ཏེ་དབང་པོའི་འཇུག་པ་ཁོ་ན་ལས་ཡིད་ཀྱི་ཞེན་པར་འགྱུར་ན་རྗེས་སུའི་སྒྲ་རབ་ཏུ་སྦྱར་བ་དོན་མེད་པར་འགྱུར་ཏེ། དབང་པོའི་འཇུག་པ་ལ ་སྔར་འགའ་ཞིག་གིས་ཉམས་སུ་མ་མྱོང་བ་ཉིད་ཀྱི་ཕྱིར་རོ། །བ་སྒྲེ་བ་ཡང་ཕན་འདོགས་པ་ཙམ་བསྒྲེ་བ་ལས་ཐང་ངོ། །འདི་སྐད་བཤད་པར་འགྱུར་ཏེ། ཇི་ལྟར་དབང་པོས་ཕན་འདོགས་པ་ལ་བལྟོས་པའི་ཡིད་ཕྱི་རོལ་གྱི་དོན་ལ ་རབ་ཏུ་འཇུག་པ་དེ་ལྟར་ཡིད་ཀྱིས་ཕན་འདོགས་པ་ལ་བལྟོས་པའི་དབང་པོ་ཡང་ངོ་ཞེས་སྨྲ་བ་དེའི་ཡང་འདི་མངོན་སུམ་དུ་དམིགས་པ་མ་ཡིན་པའི་མཐོང་བ་འགྲུབ་པ་མ་ཡིན་ནོ་ཞེས་པའི་ཁོ་ནས་བསལ་ལོ། །དེའི་ཕྱིར་ཕན་ཚུན ་ཡང་དག་པར་རིགས་པར་བྱེད་པ་ཁོ་ན་འདིར་དོན་ཏེ། དེ་ཁོ་ན་ཡང་ཕན་འདོགས་པའོ། །རྗེས་སུ་སྒྲ་དོན་མེད་པ་ཡང་མ་ཡི་ཏེ། བར་མ་ཚོད་པའི་དོན་ཅན་ཉིད་ཀྱི་ཕྱིར་རོ། ཉེས་པ་འདི་ནི་མེད་དེ་ཞེས་པ། འཇུག་པ་ཡང་དག་པར་རིག ་པ་འདི་ཚད་མར་འདོད་པ་མ་ཡིན་པ་ཁོ་ན་སྟེ། དྲེ?་ནི་དྲན་པ་ཡིན་པས་སོ། །ཇི་ལྟར་འདོད་པ་དང་ཁྲོ་བ་དང་ཞེས་སྡང་དང་འཇིགས་པ་ལ་སོགས་པ་རྣམས་དྲན་པ་དེ་བཞིན་དུ་དབང་པོའི་འཇུག་པ་རྣམས་དང་ཡིད་ཀྱིས་འཇུག་པ ་ཡང་ཡིད་ཀྱིས་སོ། །གཞུང་ཡང་འདི་ལྟར་དྲང་བར་བྱ་སྟེ། ཕྱི་རོལ་གྱི་དོན་རྣམས་ལ་དབང་པོ་ཞེན་པར་བྱེད་པ་མངོན་སུམ་གྱི་མཚན་ཉྡ་དོ། །དབང་པོས་ཞེན་པ་དེ་ལ་ནི་རྗེས་སུ་ཞེ་ན་པར་བྱེད་ངོ་ཞེས་པ་དེ་མ་ཐག་པའི་དྲན་པའོ། ། ་ཇི་ཏར་དབང་པོས་ཞེན་པ་ལ་ཡིད་རྗེས་སུ་ཞེན་པར་བྱེད་པ་དེ་མ་ཐག་པར་བརྗོད་པ་དེ་བཞིན་དུ། ཡིད་ཀྱི་ཞེན་པ་ནི་དབང་པོ་ཡང་དག་པར་རིག་པར་བྱེད་ཅིང། དྲན་པར་བྱེད་དོ་ཞེས་པའི་དོན་ཏོ། །བྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད ་ཀྱི་ཕྱིར་རོ། །ཎི་ཅེ་གཉིས་པ་ཡང་རྒྱུ་དང་ལྡན་པ་ཉིད་ཅན་དུ་འདིར་རིག་པར་བྱའོ། །དབང་པོ་ནི་དྲན་པའི་རྗེས་སུ་ན་ཐུན་པ་འདི་ལ་ཕན་འདོགས་པར་བྱེད་ཅིང་དེ་ལ་རབ་ཏུ་སྦྱོར་བ་ལྟ་བུའོ་ཞེས་པའོ། །དྲན་པ་ཁོ་ནས་འཇུག་པ་ཡུལ ་དུ་བྱེད་པ་ལ་དོན་མཐོང་བ་འགྲུབ་བོ་སྙམ་དུ་སེམས་ཏེ། དེ་ཏར་ན་འཇུག་པ་འཛིན་པ་ནི་ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ཨམ་བསྡུས་པའི་ཕྱིར་མཚང་པ་ཉིད་མ་ཡིན་ནོ། །ཇི་སྐད་བཤད་པ་ཞེས་པ་འཇུག་པ་ཡང་དག་པར་རིག་པ་དྲན་པ་ཉིད ་ཡིན་པ་ལ་ཤེས་པར་བྱེད་པ་གསུངས་སོ། །དྲ་མ་པ་ནི་མངོན་སུམ་གྱི་ཞེན་པའི་ཁྱད་པར་རོ་ཞེས་པ། ཁྱད་པར་གྱི་སྒྲ་སོ་སོར་མངོན་པར་སྦྲེལ་པར་བྱའོ། །འོ་ན་གཞུང་འདིའི་བསྟན་བཅོས་སུ་ཉེ་བར་བཀོད་པ ་དོན་གཞན་ཅན་མ་ཡིན་ནམ། དེ་ལྟར་འདིས་དྲན་པ་ཉིད་དུ་ཤེས་པར་བྱ། དེ་ལྟར་ནི་དབང་པོ་དང་ཡིད་དག་ཁོ་ན་ལྷན་ཅིག་ཁོ་ནར་ཕྱི་རོལ་གྱི་དོན་རྣམས་ལ་ཞེན་པར་བྱེད་དམ། །འོན་ཏེ་ལྷན་ཅིག་བྱེད་པ་མ་ཡིན་པ་ཁོ་ན་ཞེས་དོགས ་པ་ལ་འདི་བཤག་ཏེ། ཕྱི་རོལ་གྱི་དོན་རྣམས་ལ་དབང་པོ་ཞེན་པར་?་ལ། དབང་པོས་ཞེན་པ་དེ་ལ་ནི་ཡིད་ཉེས?་སུ་ཞེན་པར་བྱེད་དོ། །ཅིའི་ཕྱིར་ན་དྲན་པ་མངོན་སུམ་གྱི་ཞེན་པའི་ཁྱད་འདི་ཡོད་པས་སོ། །ཞེས་པའོ། །འདི ་ལྟར་བརྗོད་པར་འགྱུར་ཏེ། དྲན་པ་མདོན་སུམ་གྱི་ཞེན་པའི་བྱེ་བྲག་ཡོད་དེ། འདི་ནི་ཤིན་ཏུ་རབ་ཏུ་གྲགས་པ་ཡིན་པས་སྟོན་པར་མི་ནུས་སོ། །གཉིས་ཀ་དག་གི་ཕྱི་རོལ་གྱི་དོན་ལ་འཇུག་པ་ནི་འདི་རིགས་པ་ཡང་མ་ཡིན་ཏེ། གང ་ཕྱིར་གལ་ཏེ་ཕྱི་རོལ་གྱི་དོན་ལ་ཡིད་འཇུག་ཅིང་དབང་པོའི་འཇུག་པ་རྣམས་ལ་མ་ཡིན་པ་དེའི་ཚེ་དེ་རྣམས་ཡིད་ཀྱི་འཇུག་པ་རྣམས་ཀྱིས་བྱིན་གྱིས་མ་བརླབས་པ་དང། ཞེ་ན་བར་བྱས་པ་མ་ཡིན་པ་རྣམས་དང། སྐྱེས་བུ་ལས་བྱུང་བ ་སེམས་པ་ཅན་དང་ཡང་དག་བར་འདུས་པ་མ་ཡིན་པ་དང། རྐྱེན་མེད་པ་རྣམས་འགྱུར་ལ། དེ་ལས་ཀྱང་ཅི་ལྟར་མངོན་སུམ་ཚད་མར་བརྗོད། རྐྱེན་མེད་པའི་འཇུག་པ་རྣམས་ནི་མངོན་སུམ་ཚད་མར་འགྱུར་པ་མ་ཡིན་པས་སོ། །མངོན ་སུམ་མེད་པའི་ཕྱིར་ཡང་དྲན་པ་དེ་ཡིད་དེ་སྔོན་མི་ཅན་དུ་མི་འགྱུར་རོ། གང་གི་རྗེ་དབང་པོའི་ཞེན་པ་ལ་ཡིད་ཀྱིས་རྗེས་སུ་ཞེན་བྱེད་པ་དེའི་ཚེ་དྲན་མ་མངོན་སུམ་གྱི་ཞེས་པའི་བྱེ་བྲག་ཏུ་འཐད་ཏེ། དེ་ལྟར་ནི་ད་ལྟར་བའི་དུས་ནི་ཕྱི་རོལ་གྱི་དོན་རྣམས་ལ ་དབང་པོའི་ཞེ་ན་བཞུགས་པ་ནི་རྗེས་སུ་ངོས་པར་ཞེན་པར་བྱེད་ཅིང། ཡིད་ལ་དབང་པོའི་ཞེན་པ་ནི་རང་གི་ཡུལ་དུ་སྣང་བ་དང་ཡིད་ཀྱི་ཞེན་པ་དང་ཡང་དག་པར་འདུས་པ་སྟེ། སྐྱེས་བུ་ཅན་གྱི་རྐྱེན་གྱིས་རྐྱེན་དང་བཅས་པར་འགྱུར་རོ། །དེ་ལྟར ་དབང་པོ་དེ་ནི་མངོན་སུམ་གྱི་ཞེན་པར་འགྱུར་ཏེ། དབང་པོའི་ཞེན་པ་དེ་མངོན་སུམ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །འབའ་ཞིག་པའི་ནི་མངོན་གྱི་ཞེན་པ་ལས་ཕྱིས་ཡིད་ཀྱི་དྲན་པའི་ཞེན་པར་འགྱུར་རོ་ཞེས་པའོ། །དེ་སྐད་དུ་ཡང་བཤད་བ། ་འབའ་ཞིག་པ་ནི་འདས་པ་དང་མ་འོངས་པའི་དུས་ད་ག་ལ་འཇུག་གོ་ཞེས་པའོ། །འོ་ན་དབང་པོའི་ཞེན་པ་དང་ལྷན་ཅིག་པར་ཕྱི་རོལ་གྱི་དོན་ལ་ཡང་འཇུག་པའི་ཡིད་མི་ད་ལྟར་གྱི་དུས་སུ་མངོན་སུམ་གྱི་ཞེན་པར་འགྱུར་ཞིང། འབའ་ ་ཞིག་པའི་ནི་ཕྱིས་དྲན་པའི་ཤེས་པར་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། དེ་ལྟར་ཕྱི་རོལ་གྱི་ངོན་འཛིན་པར་གྱུར་ན། གཉིས་ཀ་དག་ཀྱང་དོན་གཅིག་བྱེད་པ་ཉིད་ཀྱི་ཕྱིར་དབང་པོ་རྣམས་དོན་མེད་པ་ནིད་དུ་འགྱུར་རོ། །དེ་ལྟར ་ནི་བཤད་པ། དོན་གཅིག་བྱེད་པའི་དབང་པོ་དག་རྟོགས་པ་ན། ནུས་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟན་བྲན་པ་མེད་ན་སུམ་གྱིས་བྱེ་བྲག་ཕྱི་རོལ་གྱི་དོན་ལ་འཇུག་ན། ཡིད་ཀྱིས་འཐད་པ་མ་ཡིན་པ། དེའི་ཕྱིར་དབང་པོའི་ཞེན ་པ་དེ་ལ་ནི་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་ཀྱི་ཕྱི་རོལ་གྱི་དོན་རྣམས་ལ་ནི་མ་ཡིན་ནོ། །ཞེས་པའོ། །དེ་འདི་ལྟར་དབང་པོ་དང་ཡིད་དག་གིས་ལྷན་ཅིག་ཕྱི་རོལ་གྱི་དོན་རྣམས་ལ་འཇུག་པར་བྱེད་པ་མ་ཡིན་ནོ་ཞེས་པའི་བོན་འདི་བསྒྲུབ ་བའི་ཆེད་དུ་འདི་ཡོད་དེ་ཞེས་པ་ལ་སོགས་པའི་གཞུང་ཉེ་བར་བཀོད་ཀྱི། འཇུག་པ་ཡང་དག་པར་རིག་པ་དྲན་པ་ཉིད་དུ་བསྒྲུབ་པའི་ཆེད་དུ་ནི་མ་ཡིན་ན། དེ་ཅི་ལྟར་དེ་དྲན་པ་ཉིད་དུ་ཤེས་པར་བྱེད་པ་ཉིད་དུ་བརྗོད་ཅེས་པའོ། ། ་འཇུག་པ་ཡང་དག་པར་རིག་པ་འདི་གྲངས་ཅན་པའི་དྲན་པ་ཡང་མ་ཡིན་ཏེ། ཉམས་སུ་མྱོང་བ་སྔོན་མ་ཅན་ཞེས་པ་ནི་དྲན་པར་མངོན་པར་འདོད་ལ། འཇུག་པ་ཡང་དག་པར་རིག་པ་འདོན་སྔར་མེད་པ་ཁོ་ན་ཉམས་སུ ་མྱོང་བ་ཡིན་ནོ། །དེ་ཅི་ལྟར་ཕ་རོལ་གྱི་བསམས་པས་དྲན་པ་ནི་དེའི་འཇུག་པ་ཡང་དག་པར་རིག་པའོ་ཞེས་བརྗོད་ཅེ་ན། ཕ་རོལ་པོ་ལ་རྟོགས་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ནི་འཇུག་པ་ཉེ་བར་དམིགས་པར་ཞིག་ངེས་པར་ཁས ་བླངས་པར་བྱ་སྟེ། གཞན་དུ་ན་ཉེ་བར་མ་དམིགས་ན། དོན་ཉེ་བར་དམིགས་པར་ཡང་མི་འགྱུར་རོ་ཞེས་འགྲོ་བ་ལོད་བ་དང་ལྐུགས་པར་འགྱུར་རོ། །འཇུག་པ་ཡང་དག་པར་རིག་པ་མངོན་སུམ་ལ་སོགས་པ་རྣམས་ཀྱི་ནང་དུ་འདུ་བ་ཡང་ན ་ཡིན་ནོ། །དེའི་ཕྱིར་རྟོགས་པ་གཞན་མེད་པའི་ཕྱིར་འདི་ཡང་ལན་ཡང་དག་པ་མ་ཡིན་པ་སྨྲ་བའོ་ཞེས་དོགས་པར་བྱས་ནས་དེ་སྐད་དུ་བཤད་དོ། །དབང་པོའི་འཇུག་པ་ནི་ཕར་མཆོད་པའི་ཞེས་མ་སྟེ། དབང་པོའི་འཇུག་པ་སྨོས་པས ་ཡིད་ཀྱི་འཇུག་པ་གཟུང་བར་བྱའོ། །དྲན་མིན་ཉམས་སུ་མ་མྱོང་ཕྱིར་ཅེས་པ་ལ་སོགས་པས། གང་ཉམས་སུ་མྱོང་བ་མ་ཡིན་པ་དེ་ལ་དྲན་པའི་རྟོགས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་རྒྱུད་གཞན་གྱི་ཉམས་སུ་མྱོང་བའི་འདོད ་པ་ལ་སོགས་པ་རྣམས་ལ་བཞིན། དབང་པོའི་འཇུག་པ་རྣམས་ཀྱང་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་རྒྱུད་དང་འགལ་བ་གསུངས་སོ། །ཅིག་པར་ཉས་ཞེས་པ་ལ་སོགས་པ་གལ་ཏེ་དྲན་པ་ཉིད་རབ་ཏུ་སྒྲུབ་བའི་ཆེད་དུ ་གཏན་ཚིགས་མ་གྲུབ་པ་ཉིད་དུ་འདོད་ན། དེ་ལྟ་ན་ལྷན་ཅིག་འབྱུང་བའི་དབང་པོ་དང་འདི་ཀྱི་ཞེན་དག་གིས་ཕན་ཚུན་ཡང་དག་པར་རིག་པར་བྱེད་པ་ན། འཇུག་པ་དེ་རྣམས་ལ་དྲན་པའི་རྟོགས་པར་མ་ཆད་པ་ཡང ་དག་པར་འབྱུང་བར་འགྱུར་རོ། །དེ་ལྟ་ན་ཡང་ཞེས་པ་ཡུལ་དབང་པོའི་ཞེན་པ་གཟུང་བར་བྱ་བ་ཡིན་ཏེ། ཡུལ་ཅན་འཛིན་པར་བྱེད་པ་པོ་ཡིད་ཀྱི་ཞེན་པ་ཡིད་འོ། །ཡིད་ཀྱི་ཞེན་པ་ཡང་ཡུལ་ཅན་འཛིན་པར་བྱེད་པ་པོ་དབང་པོའི་ཞེན ་པའི་ཡུལ་གཟུང་བར་བྱ་སྟེ། ཕན་ཚུན་ཡང་དག་པར་རིག་པར་བྱེད་ན་ནི། དེ་དག་བལྟོས་པས་ཡུལ་ཅན་ཉིད་དང་ཡུལ་ཉིད་དུ་འཕང་འགྱུར་རོ། །དེ་དག་ཕན་ཚུན་རྒྱུ་མཚན་དང་རྒྱུ་མཚན་ལས་བྱུང་བར་འདོད་པར་བྱ་སྟེ། གཞན་དུ ་ན་ཡུལ་དང་ཡུལ་ཅན་ཉིད་སྲིད་པ་མ་ཡིན་པས་སོ། །ཅིག་ཅར་སྐྱེས་པ་དག་ལ་རྒྱུ་མཚན་དང་རྒྱུ་མཚན་ཅན་ཉིད་འཐད་པ་ཡང་མ་ཡིན་ཏེ། དེ་ཡང་ཞེས་པ་ཁེས་བླངས་ནས་སྐྱོན་གཞན་གསུངས་པའོ། །གང་འདི་དབང་པོའི ་འཇུག་པ་ཉམས་སུ་མྱོང་བ་གང་སྟོན་མ་ཅན་དྲན་པའི་རྟོགས་པ་དེ་ཚད་མར་བཤད་པ་མ་ཡིན་ཞེས་པ་སྟེ། དེ་ཁོ་ན་མཆད་པ་ཉིད་དོ། །འོ་ན་འདོད་པ་ལ་སོགས་པ་རྣམས་ལ་ཅི་ལྟར་ན་དྲན་པ་ཡིན་ཞེ་ན། གསུངས་པ། རང་རིགས ་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །འདིས་ནི་འདི་གསལ་བར་བྱེད་སྟེ། འདོད་པ་ལ་སོགས་པ་ཉེ་བར་བཀོད་པ་ནི་རང་ལ་གནོད་པའི་ཆོད་དུ་བའི་བྱ་བ་སྐྱེད་པ་སྟེ། དཔེར་ན་ཁོ་བོ་ཅག་གིས་རང་གིས་རིག་པར་བྱ ་བ་ཉིད་དུ་འདོད་པོ་ལ་སོགས་པ་རྣམས་ཁས་བླངས་པ་ཉིད་ཀྱི་ཕྱིར། དེ་ལ་དྲན་པ་ཡང་དག་པར་འབྱུང་ངོ། །ཁྱོད་ཀྱིས་ནི་དེ་ལྟར་དེ་རྣམས་ཁས་མ་བླངས་པའི་ཕྱིར་དེ་ཡི་སྲིད་པ་ཁོ་ནའོ། །ཅི་སྟེ་རང་རིག་པ་ཁས་བླང་བར ་བྱ་ན། དེའི་ཚེ་དེ་ཡང་མཚན་ཉིད་ཀྱིས་མ་བསྡུས་པས་སོ་ཞེས་པས་དེ་ཁོ་ན་ཉུངས་པ་ཉིད་དོ། །འོ་ན་བསྟན་བཅོས་ཀྱིས་དྲན་པ་ཉིད་བསྐབས་པ་མ་ཡིན་ན་མ་ཞེས། གསེད་པ་འདི་ནི་ལོང་བའི་གོམས་པ་ཁོ་ན་ཏེ་ཞེས་པ་ཇི་ལྟར ་ལོང་བའི་གོམས་པ་མ་མཐོང་བ་སྔོན་མ་ཅན་རྣམ་པར་འགོད་པ་དེ་བཞིན་དུ་འདིའི་ཡང་ཚད་མས་ཡོངས་སུ་མ་བཅད་པ་ང་མངོན་པར་བརྗོད་བར་བྱེད་པའི་ཕྱིར་རོ། །ཡང་ན་ཚིགས་རྣམས་ལོང་བ ་རྣམས་ཏེ་ཚོགས་པའི་དོན་ཅན་མ་ཡིན་པ་རྣམས་དག་གང་ལ་ཡོད་པ་དེ་དེ་སྐད་ཅེས་བྱའོ། །དེ་ལྟར་ནི་ཞེས་པ་ལ་སོགས་པས་ལོང་བའི་གོམས་པ་ཉིད་སྟོན་པར་བྱེད་ཏེ། གང་གི་ཕྱིར་དབང་པོའི་དོན་ལ་ཡང་དྲན་པ་མི ་སྲིད་ལ་གང་ཉམས་སུ་མྱོང་བ་ནི་ཅི་སླར་ཡང་ཉམས་སུ་མྱོང་བ་མ་ཡིན་པའི་འཇུག་པ་རྣམས་ལ་ཡིན་ནམ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །དེ་ལྟར་འགྱུར་མེད། །དབང་པོའི་ཞེན་པ་དེ་ཡོད་ན། ཕྱི་རོལ་གྱི་དོན་ཁོ་ན་ལས ་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་དོ། །ཞེས་པ་བསྟན་བཅོས་ཀྱི་དོན་ཏེ། དེའི་ཕྱིར་ཉམས་སུ་མྱོང་བ་མ་ཡིན་པ་ཉིད་མ་གྲུབ་པོ་ཞེ་ན། གསུངས་པ་སྟེ་ཉམས་པ་འམ་ཞེས་པ་ལ་སོགས་པ་སྟེ། བསྟན་བཅོས་ཀྱི་ཉམས ་བའོ། །གཞན་མཐོང་བ་ནི་དྲན་པ་སྟེ། དབང་པོའི་འཇུག་པས་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་དང་ཡིད་ཀྱིས་ཀྱང་དྲན་པར་བྱ་བ་ཉིད་ཀྱིས་ཕྱིར་རོ། །དེ་ཡང་མི་རིགས་ཏེ། ལྟས་བྱིན་གྱིས་ཉམས་སུ་མྱོང་བ་མཆོད ་སྦྱིན་གྱིས་དྲན་པ་ནི་མ་ཡིན་པས་སོ། །འོན་རང་གི་ལུགས་ལ་དབང་པོའི་ཤེས་པས་ཉམས་སུ་མྱོང་བ་ཡིད་ཀྱིས་དྲན་བ་ཞེས་པ་ཅི་ལྟར་ཡིན་ཞེ་ན། འདི་ནི་ལ་རོལ་བོ་ཁོ་ནའི་སྐྱོན་ཏེ། གང་ཞིག་ནི་གཞན་གྱིས་ཉམས་སུ་མྱོང་བ ་གཞན་གྱིས་དྲན་པ་མ་ཡིན་ནོ་ཞེས་པ་འདི་འདོད་པའིའོ། །ཁོ་བོ་ཅག་ནི་རྒྱུད་གཅིག་ལ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡང་ཡིན་ནོ་ཞེས་འདོད་པས་སྐྱོན་མེད་དོ། །ཉམས་སུ་མ་མྱོང་པ་ལ་དྲན་པ་འམ་ཞེས་པ། ་ཅི་སྟེ་ཡིད་ཁོ་ནས་ཉམ་སུ་མྱོང་བ་བྲན་པར་འདོད་ན། དེ་ལྟར་ཡིན་ན་ཉམས་སུ་མ་མྱོང་བའི་དོན་ལ་དྲན་པར་འགྱུར་ཏེ། དེ་ནི་ཡིད་ཀྱིས་སྔར་ཉམས་སུ་མ་མྱོང་བ་ཉིད་ཀྱིས་ཕྱིར་རོ། །སྐད་ཅིག་གཉིས་པ་ལ་ཡིད་འདོད་དོ། །ཞེས ་པ་འདིའི་ཕྱིར་དབང་པོའི་འཇུག་པ་དང་ལྷན་ཅིག་སྐྱེས་པའོ་ཞེས་གསུངས་པ། ཇི་སྐད་བཤད་པའི་ཞེས་པ་ལ་སོགས་པ་སྟེ། བསྟན་བཅོས་སུ་བཤད་པ་ཅི་ཕྱིར་རོལ་གྱི་ངོན་རྣམས་དབང་པོ་དང་ཡིད་དག་གིས་ལྷན་ཅིག་ཞེ་ན ་ནམ་ཞེ་ན། མ་ཡིན་ཞེས་བརྗོད་པར་བྱའོ། ཅིའི་ཕྱིར་ཞེ་ན། དོན་གཅིག་བྱེད་པའི་དབང་པོ་དག་རྟོགས་པ་ན་ནུས་པ་ཉིད་མ་ཡིན་ནོ་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་དབང་པོ་དང་ཡིད་དག་གཉིས་པོ ་དག་གིས་ཀྱང་ཕྱི་རོལ་ཀྱི་དོན་འཛིན་པའི་མཆན་ཉིད་ཀྱི་འབྲས་བུ་དོན་གཅིག་པ་ཉིད་དུ་འདོད་ན། དེ་ལྟར་འགྱུར་ན། དབང་པོ་རྣམས་ཀྱི་ནུས་པ་ཉིད་མི་འགྱུར་ཏེ། དོན་དང་ལྡན་པ་ཉིད་དུ་མི་འགྱུར་རོ་ཞེས་པའི་དོན་ཏོ། ། ་གཉིས་ཀ་དག་ལ་ཡང་ཕྱི་རོལ་གྱི་དོན་འཛིན་པ་ནི་འདིར་དོན་གཅིག་པ་ཉིད་དོ། །གཉིས་ཀ་དག་གིས་ཀྱང་ཕྱི་རོལ་གྱི་དོན་འཛིན་པའི་ཕྱིར་དབང་པོ་རྣམས་དོན་དང་ལྡན་པར་མི་འགྱུར་རོ། །ཅི་ལྟར་ཞེས་ན། གལ་ཏེ་རེ་ཞིག་ཕྱི ་རོལ་ཀྱི་ཡུལ་འཇུག་བཞིན་པའི་ཡིད་ནི་དབང་པོའི་འཇུག་པས་ཕན་བཏགས་པ་བྱས་པ་ལ་བལྟོས་པ་མེད་ན་འདི་ལྟར་བྱུར་ན་དབང་པོ་རྣམས་རྣམ་བ་ཐམས་ཅད་དུ་དོན་མེད་པ་ཉིད་དུ་འགྱུར་ཏེ། ཡིད་ཁོ་ནས་ཕྱི་རོལ་གྱི་དོན ་ཉེ་བར་འཛིན་པའི་ཕྱིར་སྐྱེས་བུའི་ཉེ་བར་འདོས་སྤྱོད་པ་འགྲུབ་པའི་ཕྱིར་རོ། །དབང་པོའི་འཇུག་པ་ཕྱི་རོལ་གྱི་དོན་དུ་སྣང་བ་རྣམས་ཀྱང་ཡིད་ཀྱི་ཞེ་ན་བ་རྣམས་ཀྱིས་ཞེ་ན་པར་མ་བྱས་པ་རྣམས་དང་དེ་རྣམས་དང་མ་འདུས་པ་རྣམས ་དང་རྟོགས་པ་མེད་པ་རྣམས་སུ་འགྱུར་རོ། །གང་ཡང་སྒོ་དང་སྒྲོ་ཅན་རྣམ་པར་དབྱང་པར་བཤད་པ་འདི་སྟེ། ཡིད་ལ་གཅིག་ཏུ་གྱུར་པའི་དབང་པོའི་ཞེ་ན་པ་རྣམས་སྐྱེས་བུས་སེམས ་པར་བྱེད་དེ། དབང་པོའི་ཞེན་པ་རྣམས་ཀྱིས་ཡིད་གྱི་ཞེན་པ་རྣམས་ནི་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ཡིད་ཁོ་ན་སྒོ་ཅན་དང་སྒོ་ནི་དབང་པོ་རྣམས་སོ་ཞེས་པའོ། །དེ་ཡང་རྣམ་པར་ཉམས་ཏེ། ཅིག་ཅར་དོན་གཅིག་བྱེད་པ་ཉིད་ན་གཉིས་ཀ་དག་ཀྱང ་སྒོ་དང་སྒོ་ཅན་ཉིད་དུ་ཐལ་པར་འགྱུར་བའི་ཕྱིར་རོ། །ལོང་བ་ལ་སོགས་པ་རྣམས་ཀྱི་ཡང་གཟུགས་ལ་སོགས་པའི་ཡུལ་མངོན་སུམ་དུ་འགྱུར་རོ། །ཅི་སྟེ་ཡང་དབང་པོས་བྱས་པའི་ཕན་འདོགས་པ་ལ་བལྟོས་ནས་ཕྱི་རོལ་གྱིས་དོན་ལ ་ཡིད་རབ་ཏུ་འཇུག་པ་འབའ་ཞིག་པ་ནི་མ་ཡིན་ཏེ། ནུས་པ་མེད་པའི་ཕྱིར་ཞེས་བརྗོད་པར་བྱ་ཞེ་ན། དེ་ལྟ་ན་ཡང་དབང་པོ་རྣམས་ནུས་པ་ཅན་དུ་འགྱུར་བ་མ་ཡིན་པ་ཁོ་ནའོ། །གང་གི་ཕྱིར་དེ་ལྟར་འདོད་པ་ན། རྐྱེན་དང་བཅས་པའི་འཇུག ་པ་མི་སྲིད་པར་འགྱུར་ཏེ། དབང་པོའི་འཇུག་པ་མར་མེའི་འོད་བཞིན་དུ་ལྷན་ཅིག་བྱེད་པ་ཉིད་དུ་ངེས་པར་གནས་པ་ན། ཡིད་ཁོ་ན་ཕྱི་རོལ་གྱི་དོན་ལ་འཛིན་པའི་ཆེད་དུ་རབ་ཏུ་འཇུག་པས་སོ། །དེ་ལ་ཇི་ལྟར་སྒྲོན་མའི་འོད་ཡོད་པ་ན ་མིག་འཇུག་སྟེ་མར་མེའི་འོད་ནི་ལྷན་ཅིག་བྱེད་པ་ཁོ་ན་འབའ་ཞིག་ཡིན་པ་དེ་ལྟར་དབང་པོའི་འཇུག་པ་ཡོད་པ་ན་ཡིད་ཕྱི་རོལ་གྱི་དོན་ལ་འཛིན་པའི་ཆེད་དུ་འཇུག་སྟེ། དབང་པོའི་འཇུག་པ་ནི་ལྷན་ཅིག་བྱེད ་བ་ཁོ་ནའོ། །དེ་ཡང་ཡིད་ཀྱི་འཇུག་པས་གཟུང་པར་བྱ་བ་མ་ཡིན་པས་མ་འདུས་པ། རྐྱེན་མེད་པ་ཁོ་ནར་ཐམས་ཅད་ཀྱི་ཚ་འགྱུར་བའོ། །དབང་པོའི་ཞེན་པ་རྣམས་ཀྱང་ཡིད་ལ་གཅིག་ཏུ་འགྱུར་བ་ལས་དོན་དང་ལྡན་པ་ཡིད་དུ ་བརྗོད་ཀྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེས་ན་དེ་རྣམས་གལ་ཏེ་ཡིད་ཀྱི་ཞེན་པ་རྣམས་ཀྱིས་རྗེས་སུ་ཞེན་པར་བྱེད་ན། དེ་ལྟ་ན་ཡིད་ལ་གཅིག་ཏུ་གྱུར་པ་རྣམས་སྐྱེས་བུ་ཅན་གྱིས་ཡང་དག་པར་རིག་པར་བྱེད་དེ། དེ་ལས་ཀྱང་དེ་དང ་ཡང་དག་པར་འདུས་པ་རྣམས་དེའི་ངོ་བོ་ཉིད་བཞིན་དུ་སྐྱེས་པ་རྣམས་ཆེད་མ་ཉིད་དུ་རབ་ཏུ་རྟོགས་པར་བྱ་སྟེ། གཞན་དུ་ན་དེ་རྣམས་ཚད་མ་ཉིད་དུ་མ་འགྱུར་རོ། །གང་རྣམས་ཀྱང་རྐྱེན་མེད་པའི་འཇུག་པ་ཚད་མ་ཉིད་དུ་མངོན་པར ་འདོད་ལ་རྐྱེན་དང་བཅས་པ་ནི་འབྲས་བུར་ཏེ། དེ་རྣམས་ཀྱི་ཡང་ཇི་སྐད་བརྗོད་པའི་རྣམ་པས་རྟོགས་པ་དང་བཅས་པའི་འཇུག་པ་མི་སྲིད་པའི་ཕྱིར་འབྲས་བུ་མེད་ཅིང། དེ་མེད་པའི་ཕྱིར་ཡང་ཚད་མ་ཡང་མེད་ཏེ། འབྲས ་བུ་མེད་པ་ཚད་མར་རིགས་པ་མ་ཡིན་པས་སོ་ཞེས་ཁ་ཅིག་གོ་།མིག་དང་ཡིད་དག་སྒོ་དང་སྒོ་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། འདི་དག་དོན་གཅིག་བྱེད་པར་བརྟག་པའི་ནུས་པ་བདག་ཅག་ལ་ཡོད་པ་མ་ཡིན་ཏེ། ཅིག ་ཅར་དོན་གཅིག་བྱེད་པ་ཉིད་ན་གཉི་ག་དག་ཀྱང་སྒོ་དང་སྒོ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་གཞན་རྣམས་སོ། །སྐྱོན་དི་མེད་ཅེས་པ་ལ་སོགས་པས་འདི་སྒྲུབ་པར་བྱེད་ཏེ། མ་ཡིན་ཞེས་པའི་དགག་པ་གང་ཡིན་པ་འདི་ནི། ་ལྷན་ཅིག་ཏུ་ཞེན་པའི་བྱ་བ་ཙམ་འགོག་པ་མ་ཡིན་གྱི། འོན་ཀྱང་གྲང་ངེས་པ་དང་ལྡན་པའི་གང་ལྷན་ཅིག་ཞེན་པའི་བྱ་བ་དེ་འགག་པར་བྱེད་ཏེ། ཡིད་ལས་དྲན་པ་ལྷག་པའི་ཞེན་པ་བསྟན་པའི་དོན་དུའོ། །ལྷན་ཅིག་པ་ཁོ་ན་མ ་ཡིན་གྱི་འོན་ཀྱང་ཕྱིས་ཀྱང་དྲན་པའི་ཞེན་པ་ལྷག་པ་ཡིད་ཀྱིས་བྱེད་དོ་ཞེས་པའོ། །ལྷན་ཅིག་པ་ནི་གྲུབ་པ་ཁོ་ན་ལ་ཞེས་པ་འ་སོགས་པས་འདི་གསུངས་སོ། །ངེས་པ་དང་བྲལ་བའི་ལྷན་ཅིག་ཞེན་པའི་བྱ་བའི་དོར་དྲི་བ་འཐད་པ་མ་ཡིན་པ་ཁོ་ན་སྟེ། དེ་སྔར་ཁོ ་ནར་ཤེས་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཅི་ལྷན་ཅིག་ཁོ་ནར་བྱའི་སོ་སོར་བྱ་བ་མ་ཡིན་པ་ཁོ་ན་ཡིན་ཅེས་པ་འདི་ལྟ་བུ་འདི་དྲི་བའི་འཇུག་པར་རྟོགས་པར་བྱའི། ཅི་ལྷན་ཅིག་བྱ་འམ་འོན་ཏེ་ལྷན་ཅིག་མ་ཡིན་པར་བྱ་ཞེས ་པ་ནི་མ་ཡིན་ནོ། །འདི་ལྷན་ཅིག་པ་ནི་གྲུབ་པ་ཁོ་ན་ལ་ཞེན་པ་དྲི་པའོ་ཞེས་པ་འདི་ག་ལས་ཞེ་ན། གསུངས་པ་ད་ལྟར་གྱི་དུས་སུ་ཞེས་པ་ལ་སོགས་པ་སྟེ། བསྟན་བཅོས་སུ་རྣ་བ་ལ་སོགས་པ་རྣམས་ཀྱི་རང་གི་ཡུལ་ལ་རྣམ་བར་འཇུག་པ་དང། དེ་ལྟར་བའི་དུས་ལ ་འཇུག་པ་ཉིད་དུ་བསྒྲུབས་ནས་འདི་སྐད་བཤད་དོ། །དེ་བཞིན་དུ་ཡིད་ནི་དོན་ཐམས་ཅད་ལ་དུས་གསུམ་བ་ཉིད་དུ་རབ་ཏུ་འཇུག་ཏེ། ཕྱི་རོལ་གྱི་དོན་རྣམས་ལ་ད་ལྟར་བའི་དུས་སུ་གང་གི་ཚེ་དབང་པོ་འགའ་ཞིག་དང་ལྡན་པར་ཡིད་གྱུར་པ་དེའི་ཚེ་དབང ་པོ་དང་ནི་རྐྱེན་དང་ལྡན་པའི་འཇུག་པར་འགྱུར་རོ། །འབའ་ཞིག་པ་ནི་འདས་པ་དང་མ་འོངས་པ་དག་གི་ཞེས་པ་ལ་སོགས་པ་སྔར་བརྗོད་ལ། ཕྱིས་འདྲི་བ་འདི་བྱས་པའོ། །འདིར་གང་གི་ཚེ་དབང་པོ་འགའ་ཞིག་དང་ལྡན་པ་ཞེས་པའི་ཚིག་ལས་སྔར་ཁོ ་ནར་ལྷན་ཅིག་ཞེན་པ་གྲུབ་ལ། དེའི་ཕྱིར་ངེས་པ་དང་ལྡན་པར་ལྷན་ཅིག་ཞེན་པའི་བྱ་བ་ལས་བཙམས་ནས་དྲིས་པའོ། །ལན་ཡང་དོན་ཅིག་བྱེད་པའི་དབང་པོ་དག་རྟོག་པ་ན་ནུས་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་པ་དེ་དགག་པ་ཁོ་ནར་གྲགས་པ ་རྟོགས་པར་བྱ་སྟེ། དེའི་ཕྱིར་བསྟན་པ་ཅོས་ཉམས་པ་མ་ཡིན་ནོ། །དེ་འགལ་ཏེ་ཅེས་པ། ཅི་ལྟར་བྱས་ནས་ཞེ་ན། གང་ལས་ཇི་ལྟར་ཡང་དབང་པོའི་ཞེན་པ་ཞེ་མས་ལ་སོགས་པས་ཕན་ཚུམ་གྱི་འཇུག་པ་ཡང་དག་པར་རིག་པར་འསྒྲུབ་སོ།། །གདོན ་མི་ཟ་བར་ཡང་འདི་འདི་ལྟར་རྣམ་པར་ཤེས་པར་བྱའོ། །དོན་གཞན་དུ་རྟོག་ན་ཡ་འཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་ལས་ཀྱང་དབང་པོའི་འཇུག་པ་དང་ལྷན་ཅིག་སྐྱེས་པའི་ཡིད་ཀྱི་ཉམས་སུ་མྱོང་བས་ཕྱི་རོལ་གྱི་དོན་ལ་ཕྱིས ་དྲེན་པའོ་ཞེས་བརྟགས་པར་བྱ་བ་མ་ཡིན་ནོ། །དོན་མེད་པར་འགྱུར་རོ་ཞེས་པས་སྐྱོན་གཞན་གསུངས་སོ། །ཡིད་ཀྱིས་ཞེས་པ་ལ་སོགས་པས་འདི་ཁོ་ན་ལ་གཏན་ཚིགས་སོ། །དུས་གསུམ་པའི་ཡུལ་ཅན་དང་དོན་ཐམས་ཅད་ནི་ཡིད་དོ་ཞེས་བཤད་དོ། །དེ ་གལ་ཏེ་ཕྱི་རོལ་གྱི་དོན་ལ་དངོས་སུ་འཇུག་ན་དེ་ཁོ་ནས་སྐྱེས་བུའི་དོན་བྱས་སོ་ཞེས་པས་རྣ་བ་ལ་སོགས་པ་རྣམས་དོན་མེད་པར་འགྱུར་རོ། །དེ་ལས་ཀྱང་དེའི་བདག་ཉིད་དུ་རང་བཞིན་འོངས་སུ་འགྱུར་བ་མ་ཡིན་པ་ཁོ་ནར་འགྱུར་རོ། །སྐྱེས་བུ་ཉིད་འདོད་པ ་ངེས་པར་ལྡོག་པའི་ཆེད་དུ་དེ་ཡོངས་སུ་འགྱུར་བར་འདོད་པར་བྱ་ͳཏེ། གཞན་དུ་ན་སྐྱེས་བུ་འབའ་ཞིག་པ་ཉིད་ཐོབ་པ་ན་ཡང་འགྱུར་རོ་ཞེས་པའོ། །ཡོད་པ་ཡང་དག་པར་སྦྱོར་བ་ཞེས་པ་ལ་སོགས་པས་ཏེ། འདིའི་འབྲེལ་པ་ནི། ཅི་སྟེ ་འདི་ལས་ཆོས་གཅིག་ཤེས་པར་འདེད་པས་ཞེས་པ་སྐབས་བྱས་ནས། དེའི་རྒྱུ་མཚན་ཡོངས་སུ་འདོད་པའོ། །ཆོས་དེའི་ཉེ་བར་དམིགས་པའི་རྒྱུ་མཚན་རྣམས་ཏེ་ཚད་མ་རྣམས་ནི་ཡོངས་སུ་རྟགས་པར་བྱའོ། །དེ་ལ་རེ་ཞིག་མདོན་སུམ ་གྱིས་ཆོས་ཉེ་བར་མི་དམིགས་པ་མ་ཡིན་ནོ་ཞེས་སྟོན་ཅིང། གསུངས་པ། ཡོད་པ་ཡང་དག་པར་སྦྱོར་བ་ཅས་པ་ལ་སོགས་པའོ། །ཡོད་པའི་འམ་ཡོད་པ་བྲིས་དག་པར་ཕྲད་པ་ཞེས་ཚིག་རྣམ་བར་སྦྱར་རོ། །ཡང་དག་བར ་རབ་ཏུ་སྨོས་པ་ནི། ཡང་དག་པར་དང་རབ་མཆོག་ཏུ་གྱུར་བས་གང་ཕྲད་པ་དེ་ཤེས་པའི་དོན་དུའོ། །དེ་ལྟར་ན་ཡང་བདག་ལ་སོགས་པ་རྣམས་དང་ཡང་གང་ཕྲད་པའི་འདུ་བྱེད་དེ་ཉེ་བར་གཟུང་བར་འགྱུར་ཏེ། གཞན་དུ་ན་ཡོད་པ་དང ་ཕྲད་དེ་ཞེས་པ་འདི་ཙམ་ཁོ་ནར་སྨྲ་བར་བྱ་བར་འགྱུར་རོ། །ཡང་དག་པར་ཕྲད་པ་ནི་དབང་པོ་རྣམས་ཀྱི་དོན་དང་འབྲེལ་ཅིང་འདུས་པའོ། །བྱ་བ་ཕུལ་དུ་བྱུང་བ་ཡང་ན་ནི་སྟེ། གང་སྐྱེས་པ་ནི་བློ་སྐྱེ་བའོ། །ཡོད་པ་དང ་ཡང་དག་པར་ཕྲད་པ་ཞེས་པ་འདི་ནི་དབང་པོ་རྣམས་གྱི་ཞེས་པ་འདི་དང་འབྲེལ་ལོ། །སྐྱེས་བུའི་ཞེས་པ་འདི་ཡང་བློ་སྐྱེ་བ་ཞེས་པ་འདི་དང་ངོ། །དབང་པོ་ཞེས་པའི་སྒྲས་ཡིད་ཀྱང་གཟུང་བར་བྱའོ། ། ་དེས་ན་བདག་དང་ཡིད་ཡང་དག་པར་ཕྲད་པ་ལས་གང་བདག་ཉིད་ཀྱི་ཡུལ་ཅན་གྱི་བློ་སྐྱེ་བ་དེ་ཡང་མངོན་སུམ་ཉིད་དུ་བྱས་པར་འགྱུར་རོ། །བློ་སྐྱེ་བ་ཞེས་པ་ཡང་ལས་འཛིན་པ་འམ། དྲུག་པ་དེའི་སྐྱེས་བུ་ཡང་ནའོ། །གང་གི ་ཚེ་ལས་འཛིན་པ་ཡིན་པ་དེའི་ཚེ་སྐྱེ་བས་ཁྱད་པར་དུ་བྱས་པ་ཅན་གྱི་བློ་མངོན་སུམ་མོ། །བློ་ནི་སྐྱེ་བ་ཁོ་ནས་ཡུལ་རབ་ཏུགས་ལ་བར་བྱེད་ཀྱི་སྐྱེ་བ་མེད་པར་དེའི་བྱ་བ་གཞན་ཡོད་པ་མ་ཡིན་ཏེ། སྐད་ཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་ཤེས ་པར་བྱ་བའི་དོན་དུ་སྐྱེ་བ་སྨོས་སོ། །གང་གི་ཚེ་དྲུག་པའི་བསྡུ་བ་ཡིན་པ་དེའི་ཚེ་བློས་ཁྱད་པར་དུ་བྱས་པའི་སྐྱེ་བ་མངོན་སུམ་མོ། །དེ་ལ་ཡོད་ཅེས་མེད་བསལ་ཚོད་ཅེས་པ་ལ་སོགས་པས། གང་ཡང་དག་པར་ཕྲད་པ་ལས་རྟོགས་པར ་རྟོགས་པའི་ཆེད་དུ་ཡོད་པའི་སྒྲ་ཉེ་བར་བླང་བར་བྱ་བ་མ་ཡིན་ཏེ་ཡང་དག་པར་ཕྲད་པ་བཞིན། ཡོད་པ་མ་ཡིན་པ་བསལ་བ་ཡང་དེ་ལྟ་བུའོ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །ཡོད་པ་ཁོ་ན་ལས་ཞེས་པ་གཉིས་ལ་གནས་པ་ཉིད་ཀྱི་ཕྱིར་དེ་གང་ཡང ་རུང་བ་མེད་ན་མི་སྲིད་པའི་ཕྱིར་རོ། །འོ་ན་ཡོད་པ་ཁོ་ན་ལས་ཞེས་པའི་ཁོ་ནའི་ཡི་གེ་ཁོ་ན་ལས་ངེས་པ་རྟོགས་པ་ཉིད་ཀྱི་ཕྱིར་ངེས་པ་ལས་ཞེས་པ་བརྗོད་པར་མི་བྱ་བ་མ་ཡིན་ནམ། ཅི་སྟེ་འདི་བརྗོད་པར་བྱ་བ་ཡིན་ན་ཁོ་ནའི་སྒྲ་དོན་མེད་པར་འགྱུར་རོ་ཞེ་ན། སྐྱོན ་འདི་མེད། གང་ཕྱིར་ངེས་པའི་རང་གི་ངོ་བོ་ཁོ་ནའི་སྒྲ་ཡིས་གསལ་བར་བྱེད་ལ་དག་གི་དབྱེ་བ་ཡང་བྱས་ནས་འདི་ལྟར་བཤད་པར་བྱ་སྟེ། ཡོད་ན་ཁོ་ན་ལས་ཞེས་པ་ངེས་པ་གང་ཡིན་པ་འདི་ནི་ངེས་པ་འདི་ལས་ཡོད་པ་ཁོ་ནའི་ཡང་དག་པར་ཕྲད་པར་འགྱུར་རོ ་ཞེས་པའོ། །ཡང་ན་ངེས་པར་ཡོད་པ་སྦྱོར་བ་རིགས་པ་མ་ཡིན་ནོ་ཞེས་སྦྲེལ་པར་བྱའོ། །ཡོད་པ་ཡང་དག་པར་སྦྱོར་བ་ནི་རིགས་པ་མ་ཡིན་པ་ཁོ་ནའོ་ཞེས་པ་ཡང་ནའོ། །ཅི་སྟེ་སྦྱོར་ཟླའོ་ཞེས་པ་ལ་སོགས་པས་ཡོད་པའི་སྒྲ་དོན་གཞན་ཅན་ཉིད་ཀྱི་ཕྱིར་གྲུབ་པ་སྒྲུབ་པ་སྨྲས ་པའོ། །ཅིའི་དོན་དུ་སྔར་ཡོད་པ་ཁོ་ནའི་ཞེས་སྨྲས་པས་དྲུག་པའི་བསྡུ་བ་བསྟན་ཅིང་།ད་ལྟར་ནི་ཅིས་ཡང་དག་པར་སྦྱོར་ཞེས་པའི་གསུམ་པའི་ཚིག་སྡུད་ཡིན་ཞེ་ན། ཚིག་སྡུད་གཞན་ལ་ཡང་སྐྱོན་འདིའོ་ཞེས་གསལ་བར་བྱེད་པའི་དོན་དུའོ། །དེ་ལྟར་ན་རི་ཁྲོད ་པས་ཡང་དག་པར་ཕྲད་པ་ཡོད་ན་སྟེ་ཡོད་པ་མིན་ན་མ་ཡིན་ནོ་ཞེས་སྨྲས་པས་འདི་ནི་ལས་འཛིན་པའོ་ཞེས་བཤད་ཏེ། དེ་ལའང་སྐྱོན་འདི་བཟློག་པ་མ་ཡིན་ཏེ། གང་གི་ཕྱིར་འདུན་པ་འདི་རྒྱུ་མཚན་གྱི་དོན་ཅན་དུ་འགྱུར་བའམ། གང་གི་ཡོད་པ་ཡིན་པའི་མཚན ་ཉིད་དོ་ཞེས་པ་འདིས་ཡང་ནའོ། །ཡོད་པ་མིན་པ་ནི་རྒྱུ་མཚན་ཉིད་དང་མཚན་ཉིད་ཉིད་དུ་ཡང་དག་པར་འགྱུར་བ་མ་ཡིན་ཏེ། དེ་ལས་ཀྱང་གལ་ཏེ་ཡང་དག་པར་ཕྲད་པའི་རྒྱུ་མཚན་གྱིས་བློ་སྐྱེ་བར་འགྱུར་བའམ། དེ་ཡོད་པས་དེ་ཡོད་པར་མཚོན་པར་བྱ་བ་ཡིན་ན། ་དེ་ལྟར་གྱུར་ཅི་ཡང་དག་པར་ཕྲད་པ་ནི་ཡོད་པའོ་ཞེས་པ་འདི་རྟོགས་པར་བྱ་བ་ཁོ་ནར་འགྱུར་རོ། །དེ་ལྟར་འགྱུར་ཏེ་རྡོ་ལར་འགྱུར་བ་དེན་མོད། དེ་ལྟ་ན་ཡངས་གང་འདི་ནི་ཕ་རོལ་པ་རྣམས་ཀྱི་ཡོད་པ་མ་ཡིན་པའི་རྟོག་པ་འདས་པ་དང་མ་འོངས་པའི་ཡུལ་ཅན་དང་རྣལ་འབྱོར་བའི་ཤེས་པ ་ནི་ཡོད་པ་མ་ཡིན་ན་ཡང་དག་པ་དྲང་ན་འགྱུར་རོ་ཞེས་པ་བསལ་བའི་དོན་དུ་ཡོད་པ་སྨོས་པའོ་ཞེ་ན། འདི་མི་རིགས་ཏེ། བདུན་པའི་མཛའ་ཅན་ཕྲད་པའི་སྒྲ་ཡོད་པའི་དོན་ལ་མི་འཁྲུལ་པ་ཁོ་ནས་རྟོགས་པ་འདིའི་བཟློག་ཟིན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཁོ་བོ་ཅག ་གི་རྣལ་འབྱོར་པའི་མངོན་སུམ་ཡོད་པའི་ཡུལ་ཅན་ཁོ་ནར་སྔར་བཤད་ཟིན་ཏོ། །གང་ཡང་འདས་པ་དང་མ་འོངས་པའི་ཡུལ་ངན་དུ་རྣལ་འབྱོར་བ་རྣམས་ཀྱི་ཤེས་པ་བརྗོད་པ་ཡང་ཉེ་བར་བཏགས་པ་ལས་འདས་པ་དང་མ་འོངས་པའི་ཡུལ་ཅན་ཉིད་དུ་ཁས ་བླང་བར་བྱའི། དོན་དམ་པ་ནི་དེ་ལྟར་བའི་ཡུལ་ཅན་ཁོ་ནའོ། །ཅི་ལྟར་བྱས་པར་ཞེན། གང་ཕྱིར་ད་ལྟར་བའི་དངོས་པོ་ནི་འདས་པའི་རྒྱུ་དང་རྐྱེན་རྣམས་ཀྱི་དངོས་དང་བརྒྱུད་པས་པ་ན་གདགས་པར་བྱ་བ་སྟེ། གང་གི་བར་མ་ཆད་པར་གང་སྐྱེ་བ་དེའི ་དངོས་སུ་ཡིན་ལ། གང་རྣམས་ལས་བར་ཆོད་པས་ཡིན་པ་དེ་རྣམས་ཀྱི་བརྒྱུད་པས་སོ། །མ་འོངས་པའི་དངོས་པོ་རྣམས་ཀྱི་ཡང་འདི་ཕན་འདོགས་པར་བྱེད་པ་པོ་སྟེ། དངོས་པོ་གང་རྣམས་དེ་ལས་དེ་མ་ཐག་པར་འབྱུང་བ་དེ་རྣམས་ཀྱི་ནི་དངོས་སུ་ཡིན་ལ ་དེ་ལས་ཕྱིས་ཀྱི་དུས་སུ་འབྱུང་བ་རྣམས་ཀྱི་ནི་རྒྱུད་པས་སོ། །གང་ཡང་འདི་ལངས་པའི་ཕན་གདགས་པར་བྱ་བ་ཉིད་དང་མ་འོངས་པའི་ཕན་འདོགས་པ་པོ་ཉིད་པ་མཆོད་པ་དང་རིགས་ཤོས་ཀྱང་ཡིན་ཏེ་དེ་འདིའི་རང་བཞིན་ནོ། །ད་ལྟར་བའི་དངོས་པོ་དེ་གང་བསྒོམ ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པའི་ཤེས་པས་རྣལ་འབྱོར་པ་རྣམས་ཀྱིས་ཡོངས་སུ་གཅོད་པར་བྱེད་པ་ལས་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་གཅོད་པར་བྱེད་དེ། དེ་ལ་ཆ་ཤས་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་དེ་ལྟར་ཡོངས་སུ་གཅོད་པ་ན་ཏིང་ངེ་འཛིན་ལས་ལས་པའི་རྣལ་འབྱོར ་པ་རྣམས་ཀྱི་དངོས་པོ་དེའི་ཕན་འདོག་པར་བྱེད་པ་དང་འདོགས་པར་བྱ་བའི་དོན་གང་ཡིན་པ་འདས་པ་དང་མ་འོངས་པ་དེ་རྣམ་ཞེས་མི་བསླུ་བ་རྣམས་སྒོམ་པ་ལས་བྱུང་བའི་ཤེས་པའི་ཁྱད་པར་གྱི་སྟོབས་ལས་ཉེ་བར་སྐྱེ་སྟེ། གང་རྣམས་ཀྱིས་འདས་པ་དང་མ་འོངས་པའི་དངོས་པོ ་རྣམ་པར་བཞག་པ་བྱེད་པའོ། །ད་ལྟར་འདས་པ་དང་མ་འོངས་པའི་དོན་གྱི་ཡུལ་ཅན་ཤེས་པ་ནི་རྣལ་འབྱོར་པའི་ཤེས་པའི་འབྲས་བུའོ་ཞེས་པས་རྒྱུ་ལ་འབྲས་བུ་བཏགས་པ་ལས། དེ་ཡང་འདས་པ་དང་མ་འོངས་པའོ་ཡུལ་ཅན་ཞེས་བརྗོད་པར་བྱའོ། །དེ་ཡུལ་མེད་པར ་འགྱུར་མོད་ཏེ། དོན་དམ་པ་དང་མ་འོངས་པ་དང་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་གསལ་བར་འདས་པ་དང་མ་འོངས་པའི་དོན་སོ་སོར་སྣང་བ་དེ་རྣམ་པར་རྟོགས་པ་མེད་པའི་ཕྱིར་དང་མི་བསླུ་བ་ཉིད་ཀྱི་ཕྱིར་མངོན་སུམ་ཉིད་དུ་མི་འགལ་བ་ཁོ་ནའོ། །ཇི་ལྟར་ཁྱེད་ཀྱིས ་བརྩད་པ་སྐྱེས་ཟིན་པའི་བློ་མ་འོངས་པའི་ཡུལ་ཅན་ཆོས་ཀྱི་རང་གི་ངོ་བོ་འཛིན་པ་མ་ཡིན་ན་ཡང་མི་བསླུ་བའི་ཕྱིར་ཆོད་མ་ཉིད་དུ་འདོད་པ་དེ་ལྟར་ཁོ་བོ་ཅིགས་ཀྱང་ཇི་སྐད་བཤད་པའི་རྒྱུ་ལས་དེ་མངོན་སུམ་ཉིད་ཏེ། གསལ་བར་འདས་པ་ལ་སོགས་པའི་དོན་སོ་སོར་སྣང་བ་ཉིད་དོ། ། ་སླར་ཡང་དེ་རྣམ་པར་རྟོག་པ་མེད་པ་ཉིད་མི་སླུ་བ་ཉིད་ནི་ནལ་འབྱོར་གྱི་སྟོབས་ལས་ཏེ། ལས་དང་ག་ལ་སོགས་པའི་བྱིན་བརླབས་ཀྱི་སྟོབས་ལས་སྨི་ལམ་བདེན་པ་མཐོང་བ་བཞིན་ནོ། །དེའི་ཕྱིར་དོགས་པ་མེད་པའི་ཡོད་པ་ཞེས་པ་འདི་བྱ་བ་མ་ཡིན་པ་ཁོ་ནའོ། །འོ་ན་ཡང ་འདི་ནི་མངོན་སུམ་གྱི་མཚན་ཉིད་མ་ཡིན་པ་ཁོ་ནའོ། །འོན་ཀྱང་འགའ་ཞིག་གིས་རྣལ་འབྱོར་པའི་ཤེས་པའི་མངོན་སུམ་ལ་སོགས་པའི་མཚན་ཉིད་བརྗོད་པ་དེ་དགག་པའི་དོན་དུ་ཆོས་འདི་རྗོད་པ་སྟེ། རྩོད་པའི་མཚན་ཉིད་ཀྱི་དོན་གྱི་ཆོས་མངོན་སུམ་གྱི་མཚན་ཉིད་མ་ཡིན ་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་འདྲ་བའི་མངོན་སུམ་དང་འབྱུང་བར་འགྱུར་བའི་ཆོས་ཀྱང་ཤེས་པའི་དུས་ན་ཡོད་པ་མ་ཡིན་ཞིང། དེའི་ཕྱིར་དབང་པོ་ལས་འདས་པའི་དོན་རྟོགས་པ་ལ་རྒྱུ་མཚན་མ་ཡིན་ཏེ། དེ་ནི་ཡོད་བཞིན་པ་ལ་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ། །དེ ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ན། རྗེས་སུ་དཔག་པ་ལ་སོགས་པའི་ཡང་ཆོས་ཀྱི་རྒྱུ་མཚན་དུ་མི་འགྱུར་རོ། །དེའི་ཕྱིར་རྩོད་པའི་མཚན་ཉིད་ཁོ་ནའོ་དོན་ཅན་ཆོས་སོ་ཞེས་པས་འདི་འདིར་གཙོ་བོར་རྣམ་པར་བསྒྲུབ་པར་བྱའི། །མངོན་སུམ་གྱི་དོན་འདི་ནི་མངོན་སུམ་གྱི་མཚན་ཉིད་གཙོ་བོར་ནི ་ཡིན་ཏེ། མངོན་སུམ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རྗེས་སུ་བརྗོད་པ་ཙམ་ཁོ་ནར་འདི་བྱ་བའོ་ཞེ་ན། དེ་མི་རིགས་ཏེ། ཚད་མ་རྣམས་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་ཡང་སྔར་ཁོ་ནར་རྟོགས་པར་བྱས་ཟིན་ཏོ། །གཞན་ཡང་གལ་ཏེ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་མཚན་ཉིད ་འདིས་སྒྲུབ་པར་བྱ་བ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཆོས་མངོན་སུམ་གྱི་རྒྱུ་མཚན་ཉིད་དུ་ཡིན་ན། དེ་ལྟར་གྱུར་ན་མངོན་སུམ་མཚན་མ་ཡིན་ཏེ་ཡོད་བཞིན་པ་ལ་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ཙམ་ཁོ་ན་དམིགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་ལྟར་འགྱུར་ན ་རང་གི་ངོ་བོ་ངེས་པར་བསྟན་པ་ཡོད་ན། འདི་ལྟ་བུའི་མཚན་ཉིད་ཅན་ཉིད་མངོན་སུམ་མོ་ཞེས་རང་གི་ངོ་བོ་ངེས་པར་ཤེས་པའི་ཕྱིར་དེ་རྒྱུ་མཚན་མ་ཡིན་པ་ཉིད་དུ་འགྲུབ་ཀྱི་གཞན་དུ་ན་མ་ཡིན་ནོ་ཞེས་ན་གལ་ཏེ་རང་གི་ངོ་བོ་ངེས་པར་བསྟན་པ་མེད་པར་དེའི ་རང་གི་ངོ་བོ་ཤེས་པ་མ་ཡིན་ནམ། དེའི་ཚེ་དེ་གྲུབ་པ་མ་ཡིན་ལ་དེ་ལས་ཀྱང་དེའི་མཚན་ཉིད་བསྒྲུབ་པ་ཁོ་ན་ལ་བརྟེན་པའོ་ཞེས་པས་སུན་འབྱིན་པ་ལས་གྲོལ་བ་མ་ཡིན་ནོ། །དབང་པོ་ལ་ཁྱད་པར་ཅན་གྱིས་བརྗོད་ཀྱིས་ཞེས་པ། དབང་པོའི་ཁྱད་པར་བྱས་པ་ཁོ་ནའི་ཡུལ་ནི ་སྦྱོར་ཟླ་ཅན་ཡིན་ཏེ་ཇི་ལྟར་མིག་གི་གཟུགས་ཞེས་པ་འདི་ལྟ་བུ་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་འདི་ལྟར་སྨྲ་བར་རིགས་ཏེ། གཟུགས་ལ་སོགས་པ་དང་ཕྲད་པ་ན་ཞེས་པའོ། །ཅི་སྟེ། ཡང་འགྱུར་ཞེས་པ་བདག་དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ལས་ཤེས་པ་སྐྱེ་ལ། ་དེ་ཡང་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱིས་སྨྲ་བར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་དེ་རྟོགས་པའི་ཆེད་དུ་ཡོད་པ་སྨོས་སོ། །དབང་པོ་རྣམས་ཀྱི་ཞེས་པའི་ཚིག་ནི་ཉེ་བར་མཚོན་པའི་དོན་དུ་སྟེ། བྱ་རོག་རྣམས་ལས་ཞེ་སྲུངས་ཤིག་ཅེས་པ་ཇི་ལྟ་བ་བཞིན་ནོ་ཞེས་སེམས་ན། །ཡོད ་ཙམ་ཞེས་པ་ལ་སོགས་པས་སྒྲུབ་པར་བྱེད་པ་སྔ་མ་ཁོ་ན་གསལ་བར་བྱེད་དོ། །དེ་ལྟར་འགྱུར་མོད། ཡོད་པ་མ་ཡིན་པ་ལ་དེ་མི་འཇུག་གོ་ཞེས་པས་འདི་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་ཡོད་པ་མ་ཡིན་པ་སྨིག་རྒྱུ་ལ་སོགས་པ་རྣམས་ཀྱི་ཡང་དག་པར་སྦྱར་བ་མཐོང་ལ། ་དེ་ལས་ཀྱང་གཏན་ཚིགས་མ་གྲུབ་པའོ་ཞེ་ན་གསུངས་པ། གང་ཡང་ཞེས་པ་ལ་སོགས་པ་སྟེ། མངོན་སུམ་ལྟར་སྣང་གི་ཡུལ་ཉིད་ཀྱི་ཕྱིར་མངོན་སུམ་ལྟར་སྣང་བའོ། །དེ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་པ་རྣམས་སོ། །དེའི་ཕྱིར་དེ་རྣམས་དང་ལྷན་ཅིག་འགའ་ཞིག་ཀྱང་ཡང ་དག་པར་ཕྲད་པ་མ་ཡིན་ཏེ། དེའི་ཕྱིར་ཡང་དེ་དགག་པའི་ཆེད་དུ་ཡོད་པ་སྨོས་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་འགྱུར་མོད་ཡོད་པ་སྨོས་པ་མེད་ན་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་འཁྲུལ་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་བཟློག་པའི་ཆེད་དུ་ཡོད་པ ་སྨོས་པའོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་ཡང་དག་པར་ཕྲད་པ་སྨོས་པ་ཁོ་ནས་བཟློག་ཟིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་འདི་ནི་བརྗོད་ཟིན་ཏོ། །གལ་ཏེ་དེ་ལྟ་ན་དེ་རྣམས་དང་ཡང་དག་པར་ཕྲད་པ་མ་ཡིད་པ་དེ་ཅི་ལྟར་ཆུ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་ཡིན་ཞེ་ན། ་ཡུལ་གྱི་ཁྱད་པར་ཞེས་པ་ལ་སོགས་པ་སྟེ། མྱ་ངན་དང་ཚ་སྒོ་ཅན་ལ་སོགས་པའི་ཡུལ་གྱི་ཁྱད་པར་དུའོ། །དེར་ཡང་དུས་ཐམས་ཅད་དུ་མ་ཡིན་གྱི། གང་གི་ཚེ་ཉི་མའི་འོད་ཟེར་རྣམ་ཀྱིས་ཡང་དག་པར་གདུངས་པར་གྱུར་པ་དེའི་ཚེ་རྒྱུར་འགྱུར་གྱི་གཞན་གྱི་ཚེ་མ་ཡིན་ནོ། །གང་གསུངས་པ་ཉིད་མའི ་གདུངས་བ་ལས་ཞེས་པའོ། །བསྟན་པར་བྱ་བ་མ་ཡིན་པ་ཞེས་པས་རང་གི་མཚན་ཉིད་ནི་བསྟན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རིམ་གྱིས་ཞེས་པ་སྔར་དབང་པོའི་ཤེས་པ་སྟེ། དེ་ནས་འདྲ་བ་ཉིད་དུ་ངེས་པར་བྱེད་པའི་ཡིད་རྣམ་པར་རྟོག་པའོ། །དེ་ནས་ཆུ་ལ་སོགས་པ་དང་འདྲ་བའི་དངོས ་པོ་དྲན་པའོ། །དེའི་བར་མ་ཆད་པར་དེ་ཁོ་ན་འདིའོ་ཞེས་པའི་འཁྲུལ་པ་ཡིད་ཀྱི་རྣམ་པར་ཤེས་པ་སྤྱི་ལ་དམིགས་པར་འགྱུར་རོ། །དོན་དེ་མེད་པར་ཡང་ཞེས་པ་ཆུ་ལ་སོགས་པར་བརྟགས་པའོ། །དེ་མ་ཐག་པའི་རྐྱེན་གྱི་ཁྱད་པར་ཁོ་ནས་སྐྱེ་བའི་ཕྱིར་རོ། །ཅི་སྟེ་ཞེས་པ་ལ་སོགས་པའི་ཁྱད་པར་དུ ་བྱས་པ་ཁོ་ན་བྱེ་བྲག་ཏུ་བྱས་པ་ལས་ཡང་དག་པར་བརྟེན་པས་བཤད་དོ་ཞེས་སྟོན་པར་བྱེད་དོ། །ཡང་ན་གང་གང་གི་ཞེས་པ་ལེགས་པ་ལ་ཡན་ནས་ཏེ་ཀྱི་སྒྲ་འཇུག་སྟེ། དཔེར་ན་སྐྱེས་བུ་ད་པ་ཞེས་པ་བཞིན་ནོ། །དེ་ཐིམ་ཞེས་པ་འདིར་གཞན་ཡང། ཇི་ལྟར་ཡོད་པའི་དོན་ཅན་གྱི་སཏ་ཀྱི་སྒྲ ་དབང་པོའི་དོན་དང་འཁྲུལ་པ་ལས་དབང་པོའི་དོན་རྟོགས་པའི་ཆེད་དུ་མི་ནུས་པ། དེ་ལྟར་ཐིམ་པའི་དོན་ཅན་ཡང་ངོ། །དེ་ལྟར་ནི་དབང་པོ་གཞན་གྱི་དོན་རྡུལ་པ་བ་སོགས་པ་རྣམས་ཀྱང་དབང་པོ་ལ་ཐིམ་པའོ། །སོགས་པའི་སྒྲས་ནི་རྣ་བ་ལ་སོགས་པའི་ཕྲེང་བ་རྣམས་གཟུང་བར་བྱའོ། ་མིག་སྨན་ལ་སོགས་པ་རྣམས་ཀྱི་ཡང་ཕན་འདོགས་པ་པོ་ཉིད་ཀྱི་ཕྱིར་ལགས་པ་ཉིད་ཡོད་ཏེ། དེའི་ཕྱིར་དེ་དང་ཕྲད་པ་ན་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །འོ་ན་གང་ཞིག་དབང་པོ་གང་ལ་ཐིམ་སྟེ། གཞན་དུ་འཇུག་པ་མེད་པའི་ཕྱིར་ཞེས་པའི་ཚིག་ལས་དབང་པོ་དེ་ཁོ་ནའི་ཚིག་ལས ་ཡུལ་གྱི་དངོས་པོ་ཉེ་བར་གཏོགས་པའི་མཚན་ཉིད་ཅན་གྱི་ཐིམ་པ་འདིར་བརྗེད་པར་འདོད་པ་སྟེ། ལེགས་པའི་དོན་ཡང་འདིར་རུང་བ་ཉིད་ཀྱིས་བརྗོད། རུང་བ་ཉིད་ཀྱང་འདིར་དབང་པོའི་ཡུལ་གྱི་དངོས་པོར་ཁས་བླང་བར་ནུས་པ་ཁོ་ན་སྨྲ་བར་འདོད་པས་རྣམ ་པ་འདི་ལྟ་བུའི་ཐིམ་པར་བྱེད་པ་ཉིད་ལ་སོགས་པ་ནི་རྡུལ་ལ་སོགས་པ་རྣམས་ལ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཅི་ལས་ཐལ་བར་འགྱུར་བ་འདི་ཡིན། འདི་ལས་སཏ་ཀྱི་སྒྲ་ནི་ཡོད་པའི་དོན་ཅན་བཞིན་དུ་ཐིམ་པ་ལ་སོགས་པའི་དོན་ཅན་ཡང་ཁྱད་པར ་རྟོགས་པའི་ཆེད་དུ་མི་ནུས་སོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ཡང་རྣམ་པ་འདི་ལྟ་བུར་འདིར་ཐིམ་པ་ལ་སོགས་པར་མངོན་པར་འདོད་ན། དེའི་ཕྱིར་ཕྲད་པའི་སྒྲས་དོན་མེད་དེ། ཡོད་ན་གང་བློ་སྐྱེ་བ་དེ་མངོན་སུམ་མོ་ཞེས་པ་འདི་ཙམ་ཁོ་ནས་ཕྲད་པ་ཡང་ཐོབ་པ་ཉིད་ཀྱི་ཕྱིར ་དེ་མེད་པར་རྣམ་པ་འདི་ལྟ་བུའི་ཐིམ་པ་ལ་སོགས་པ་ཁྱོད་ཀྱི་ལུགས་ཀྱི་སྲིད་པ་མ་ཡིན་པས་སོ་དེའི་ཕྱིར་ཡང་དག་པར་སྦྱོར་བའི་ཡོད་པ་ནི། ཕན་འདོགས་པ་ཉིད་དང་ལེགས་པ་ཉིད་དུ་འདོད་པར་བྱ་སྟེ། དེ་ལས་ཀྱང་རྡུལ་ལ་སོགས་པ་རྣམས་ལ་ཐལ་བར་འགྱུར་རོ།། ་སླར་ཡང་འདིར་མི་འདོད་པ་ཅི་ཡོད། གལ་ཏེ་གང་རྡུལ་ལ་སོགས་པ་རྣམས་ཀྱིས་མིག་ལ་སོགས་པའི་དབང་པོ་དང་ཕྲད་པ་ལས། རྡུལ་ལ་སོགས་པའི་ཡུལ་ཅན་གྱི་བློ་ཉེ་བར་སྐྱེད་པ་མ་ཡིན་ན། སྐྱོན་འདི་ཡོད་པ་མ་ཡིན་པ་ཁོ་ན་སྟེ། བློ་སྐྱེ་བ་མངོན་སུམ་མོ ་ཞེས་པའི་ཚིགས་ལས་སོ། །གང་ཡང་དེ་དང་ཕྲད་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དེ་དེའི་ཡུལ་ཅན་མངོན་སུམ་དུ་འདོད་པ་ཁོ་ནའོ་ཞེ་ན། སྐྱོན་འདི་མེད་ཏེ། འདིར་རྡུལ་ལ་སོགས་པ་རྣམས་དང་ཕྲད་པ་ལས་དེའི་ཡུལ་ཅན་དབང་པོའི་ཤེས་པ་སྐྱེ་བའི་མངོན་སུམ་ཉིད་ཐལ་བར ་བྱེད་པ་མ་ཡིན་གྱི། འོ་ན་ཅི། ཞེ་ན་མངོན་སུམ་གྱི་ཤེས་པ་སྐྱེ་བ་ལའོ། །འདི་སྐད་བཤད་པར་འགྱུར་ཏེ་གལ་ཏེ་གང་དབང་པོ་འཐིམ་པའམ་དེ་ལ་ལེགས་པ་དེ་དབང་པོའི་དོན། རྡུལ་ལ་སོགས་པ་རྣམས་ཀྱང་རྣམ་པ་འདི་ལྟ་བུའོ། །དེས་ན་དེ་དང་ཕྲེད་པ་ན་ཡང་མངོན་སུམ་སྟེ་ཤེས་པ ་སྐྱེ་བར་འགྱུར་རོ་ཞེས་པའོ། །འདི་ལྟར་འགྱུར་བ་མ་ཡིན་ཏེ་ཞེས་པ་ལ་སོགས་པས་ཡོད་པའི་སྒྲ་དབང་པོའི་དོན་ཁོ་ན་ལ་གྲངས་ཤིང། དེ་བྱེ་བྲག་ཏུ་བཤད་པ་ན་དོན་ད་དང་འབྲེལ་པ་ཅན་གྱི་ཁྱད་པར་ཐིམ་པ་ཉིད་ལ་སོགས་པ་ལ་བརྟེན་པའི་ཕྱིར་རོ། །ཇི་ལྟར་བ་ལང་གི་སྒྲ་བ ་ལང་གི་རིགས་ཁོ་ན་ལ་སྟེ། གཞན་དང་ཐུན་མོང་མ་ཡིན་པར་འགྲོ་བ་ལ་བརྟེན་ན་བྱེ་བྲག་བཤད་པ་བཞིན་ཞེས་སྟོན་ཏོ། །མི་མཐུན་པ་ཉེ་བར་བཀོད་པ་ཞེས་དཔེ་དང་དཔེ་ཅན་དག་མི་མཐུན་པ་ཉིད་ཀྱི་ཕྱིར་རོ། །གྲགས་པའི་སྟོབས་ཀྱིས་ནི་ཁྱད་པར་ལ་བརྟེན་ནས་བྱེ་བྲག་ཏུ ་བཤད་པ་བྱ་ན། ཡོད་པའི་སྒྲ་དབང་པོའི་དོན་ལ་གྲགས་པ་ཡང་མ་ཡིན་ནོ་ཞེས་པ་འདི་ནི་ཡང་དག་པ་མ་ཡིན་ནོ། །དེ་ཡི་བར་ཆད་མེད་ལ་གནོད་ཅེས་པ་ཕྲད་པ་ནི་བར་ཆོད་པ་ཉིད་དོ། །གལ་ཏེ་ཞེས་པ་ལ་སོགས་པས་དོན་དུ་ན་ཡང་དག་ཕྲད་པའི་སྒྲའི་དོན་གསུངས་སོ། །འོ་ན་ཡང་དག་པར་ཕྲད ་པའི་སྒྲས་བྱ་བའི་ཁྱད་པར་ཐོབ་པར་བྱ་བ་མ་ཡིན་ནམ། དེས་ན་སྐྱོན་འདི་ག་ལས་ཡིན་ཞེ་ན། དབང་པོའི་བྱ་བ་ཡང་ཅི་ཡིན། གལ་ཏེ་འཛིན་པའོ་ཞེ་ན། དེ་ཁོ་ན་རྣམ་པར་ཤེས་པའོ་ཞེས་པས་རྣམ་པར་ཤེས་པ་ཁོ་ན་རྣམ་པར་ཤེས་པ་ལས་སྐྱེ་བོ་ཞེས་བརྗོད་པར་འགྱུར་ཞིང། ་དེ་ཡང་མི་རིགས་ཏེ། མིག་གི་རྣམ་པར་ཤེས་པ་མེད་པར་ཡང་མིག་གི་རྣམ་པར་ཤེས་པ་ཡོད་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་རབ་ཏུ་གསལ་བའི་ཞེ་ན་མིག་ཁོ་ན་གཟི་དང་ལྡན་པ་ཉིད་དུ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་དེ་ཁོ་ནའི་རབ་ཏུ་གསལ་བར་འགྱུར་གྱི། གཞན་རྣམས་ཀྱི་ནི་མ ་ཡིན་ནོ། །ནམ་མཁའ་ཨི་རང་བཞིན་རྣ་བ་ཡང་བྱ་བ་མེད་པ་ཉིད་ཀྱི་ཕྱིར་ག་ལས་བྱ་བ་ཡིན། ཕྲད་པ་སྨོས་པ་ཡང་དོན་མེད་པ་སྟེ། གང་གི་ཕྱིར་བློ་སྐྱེ་བ་ལ་བྱེད་པ་རྣམས་ཀྱི་བྱ་བས་གདོན་མི་ཟ་བར་འབྱུང་བར་འོས་པའི་ཕྱིར་རོ། །འཇིག་རྟེན་ན་ཕྲད་པའི་སྒྲའི་བྱ་བའི་དོན་ཅན་དུ་གྲགས ་པ་ཡང་མ་ཡིན་ཞིང། རབ་ཏུ་གྲགས་པའི་དོན་སྨོས་པ་ཡང་མདོར་ཁས་བླངས་བ་སྟེ། དེས་ན་ཕྱི་རོལ་ཕྱོགས་འདི་ཤིན་ཏུ་མི་རིགས་སོ་ཞེས་པ་ཕྲད་པའི་ཕྱོགས་ཁོ་ན་རྟེན་པར་བྱ་བའོ། །དེ་ལས་ཀྱང་ཇི་སྐད་བཤད་པའི་མི་འདོད་པར་ཐལ་བར་འགྱུར་རོ་ཞེས་པའོ། ། ་འབྲེལ་པ་བྱེད་པས་ནི་གང་ཡང་བློ་སྐྱེ་བ་ཞེས་པ་རྒྱན་དང་བཅས་པའི་དགྲ་བརྗོད་དོ་ཞེས་པ་དེའི་ཕྱིར། འདི་གསུངས་པ། བློའི་རྒྱུའི་ཚོགས་པ་ན་ཞེས་པ་ལ་སོགས་པ་སྟེ། དེ་ཅེས་པས་ཡོན་ཏན་དུ་གྱུར་ཀྱང། བློ་ལ་སྙེག་གི། ཚོགས་པ་ལམ ་ཡིན་ཏེ། དེ་ལ་མེད་པའི་བུད་མེད་ཀྱི་རྟགས་ཉེ་བར་བཀོད་པའི་ཕྱིར་དང་འབྲེལ་པར་ཡང་དེ་ལྟར་རྣམ་པར་བཤད་པའི་ཕྱིར་རོ། །འདུས་བྱས་པ་ནི་ཆོས་དང་ཆོས་མ་ཡིན་པ་དག་གམ། བདག་གི་ཡོན་ཏན་ཤེས་པ་ལ་སྐྱེས་པ་ཤེས་པའི་རྒྱུ་སྟེ་འདུས་བྱས་པའི་ཁྱད་པར་གྱིས ་ཤེས་པའི་ཁྱད་པར་སྐྱེ་བའི་ཕྱིར་རོ། །གཞན་ཞེས་པ་ལ་སོགས་པས། གང་ཡོད་པ་མ་ཡིན་པ་དེ་མངོན་སུམ་མ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་བཞིན་ཚོགས་པ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་ཡང་དེ་ལྟ་བུའོ་ཞེས་ཁྱབ་པར་བྱེད་པ་མེད་པ་གསུངས་སོ། །བློ་སྐྱེ་བ་ཞེས་པས ་ཡང་ཅི་བྱ་ཞེས་པ་འདིས་ཀྱང་གང་དོན་མེད་པ་དེ་བྱ་བ་མ་ཡིན་ཏེ། དེ་ལས་གཞན་པའི་དོན་མེད་པ་ཅན་བཞིན། བློ་སྐྱེ་བ་སྨོས་པ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་འགལ་བའོ། །དེ་ལྟར་འགྱུར་མོད། དེ་མེད་ན་བློ་སྐྱེ་བའི་རྒྱུ་མ་ཡིན་པའི་ཡང་དག་པར་ཕྲད ་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཡང་དག་པར་ཕྲད་པའི་ཁྱད་པར་གྱི་དོན་དུ་དེ་བྱའོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། གང་ཕྱིར་ཕྲད་པ་ནི་བློ་སྐྱེ་བའི་རྒྱུ་མ་ཡིན་པ་ཉིད་སྲིད་པ་མ་ཡིན་ཏེ། འབྲས་བུ་ནི་དེའི་ཡོད་པ་ཉིད་རྗེས་སུ་དཔོག་པས་སོ ་དེ་མེད་ན་དེའི་རྟོགས་པ་ག་ལས་ཡིན། བྱ་བའི་ཁྱད་པར་ཡང་བློའི་འབྲས་བུར་ངེས་པར་བྱ་སྟེ། དེ་ལྟར་ནི་རེ་ཞིག་དངོས་པོ་གཞན་རྣམས་ཀྱང་རྒྱལ་དཔོག་གི་སློབ་མ་རྣམས་ཀྱིས་བྱ་བས་རྗེས་སུ་དཔག་པར་བྱར་འདོད་དེ། དབང་པོ་ལས་འདས་པ་རྣམས་དབང ་པོ་རྣམས་ལྟ་ཅི་སྨོས། ཡང་ཅི་ལྟར་རྣམ་པར་དབྱེ་བ་ཐ་དད་པའི་ཁྱད་པར་ནི་གཞི་མཚུངས་པ་ཅན་དུ་འགྱུར་ཏེ། ཡང་དག་པར་ཕྲད་པ་ན་བློ་སྐྱེ་བ་ཞེས་པའོ། །ཅི་སྟེ་གཞི་མཐུན་པ་དང་བྲལ་བའི་ཁྱད་པར་སྐྱེས་བུའི་རྒྱལ་པོ་ལྟ་བུ་ཡིན་ན། དེའི་ཚེ་ཡང་དག་པར ་ཕྲད་པ་ཁོ་ན་བློ་སྐྱེ་བའི་ཁྱད་པར་དུ་འགྱུར་རོ་ཞེས་པ་འདི་ནི་སྙིང་པོ་མེད་པའོ། །གཞན་ཡང་ཞེས་པ་ལ་སོགས་པས། གང་དབང་པོའི་རོང་འཇུག་པ་མ་ཡིན་པ་དེ་མངོན་སུམ་མ་ཡིན་ཏེ། མངོན་པར་འདོད་པའི་མངོན་སུམ་མ་ཡིན་པ་བཞིན། ཇི་སྐད་བཤད་པའི་ཚོགས ་པ་ཡང་དེ་ལྟ་བུའོ། །ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པ་གསུངས་སོ། །འདུ་བྱེད་ལྡན་ཞེས་པ་འདུ་བྱེད་དང་བཅས་པའོ། །ཡིད་དང་དབང་པོ་ཕྲད་པ་དང་དབང་པོ་དང་དོན་ཕྲད་པ་དང་པོའི་དོར་འཇུག་གོ་ཞེས་པ་དེའི་ཕྱིར་དེ་བརྗོད་ཅེས་གསུངས་སོ། །གང་ཡང་རྟོགས་པ་ཞེས་པ། ་དེའི་བསམ་པ་ནི། དབང་པོ་དང་ཕྲད་པ་ཁོ་ན་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དེའི་ཕྱིར་དེ་ཁོ་ན་གང་ལས་བློ་སྐྱེ་བ་ཞེས་པས་འདིར་མིང་ཐམས་ཅད་པའི་རྒྱུ་ཉིད་ཀྱི་མཆོག་ཏུ་སྙེག་པ་སྟེ། དེ་ཡང་དབང་པོའི་ངོར་འཇུག་པའི་ཕྱིར་མངོན་སུམ་དུ་བསྟན་པར་རིགས་སོ་ཞེས ་པའོ། །དེ་ཡང་གཉིས་ལ་གནས་པའི་ཕྱིར་རོ། །ཞེས་པ་དབང་པོ་དང་དོན་ལ་འཇུག་པ་ཉིད་ཀྱི་ཕྱིར་གྱིས་ལ་གནས་པ་ཉིད། །དེས་ཀྱང་དང་པོ་ཁོ་ན་འདིའི་ཐུན་མོང་མ་ཡིན་པའི་རྒྱུ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ན་དེ་གཉིས་ལ་གནས་པ་ཉིད་ཀྱི་ཕྱིར། ཇི་ལྟར་དབང་པོ་གཞན ་དེའི་རྒྱུ་མ་ཡིན་པ་དེ་ལྟར་ཡུལ་གཞན་ཡང་སྟེ། ཇི་ལྟར་ཡང་ཡུལ་ནི་དབང་པོ་མ་ཡིན་པ་གཞན་གྱི་ཀྱང་སྦྱོར་བ་ཡིན་པ་དེ་ལྟར་དབང་པོ་ཡང་ཡུལ་མ་ཡིན་པ་གཞན་གྱིས་ཀྱང་ངོ་ཞེས་པས་བྱེ་བྲག་མེད་དོ། །ཐུན་མོང་མ་ཡིན་པས་ཀྱང་འཇིག་རྟེན་ཐ་སྙད་བྱེད་པ་མཐོང་ཞེས་སྔར ་བཤད་ཟིན་ཏོ། །དེའི་ཕྱིར་དབང་པོ་ཁོ་ནས་ཐ་སྙད་དུ་བྱ་བ་མ་ཡིན་ནོ་ཞེས་གསུངས་པ། འདི་ནི་རྟག་བྱ་མ་ཡིན་ནོ་ཞེས་པའོ། །གང་ལས་གང་ངེས་པ་ཞེས་པ་ལ་སོགས་པ་གང་ལས་བློ་སྐྱེ་བ་དེ་མངོན་སུམ་མོ་ཞེས་པ་འདིའི་བཤད་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ། དབང་པོ ་ལ་སོགས་པ་ཕྲད་པ་གང་བས་འདི་བ་ལང་ཁོ་ནའོ་ཞེས་པ་ལ་སོགས་པ་ངེས་པའི་ཤེས་པ་སྐྱེ་བ་དེ་མངོན་སུམ་མོ་ཞེས་པའོ། དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་པ། རྣམ་པ་འདི་ལྟ་བུའི་ཤེས་པ་ནི་དབང་པོ་ལ་སོགས་པ་ཡང་དག་པར་ཕྲད་པ་ལས་ཡང་དག་པར་འབྱུང་བ་མ ་ཡིན་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། གསུངས་པ་བ་ལང་ལ་སོགས་སྦྱོར་ལས་ཞེས་པ་ལ་སོགས་པ་སྟེ། ཡང་གི་སྒྲ་ནི་རྒྱུའི་དོན་ལའོ། །གང་གི་ཕྱིར་བ་ལང་ཉིད་ལ་སོགས་པའི་ཁྱད་པར་དང་འབྲེལ་པ་ལས་དོན་ལ་བ་ལང་ཉིད་ལ་སོགས་པར་ངེས ་པར་བྱ་བ་ཡིན་ན། དབང་པོའི་བློ་ལ། ཁྱད་པར་དང་ཁྱད་པར་ཅན་དག་སྦྱོར་བར་ནུས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་མཚན་ཉིད་མི་སྲིད་པའོ་ཞེས་པས་མི་རིགས་སོ། །ཁྱོད་ཀྱི་ལུགས་ཀྱིས་ཞེས་པ་གང་གི་ཕྱིར་ཕ་རོལ་པོས་བ་ལང་ཉིད་ལ་སོགས་པ་རྣམས་དང། དེའི ་རྟེན་རྫས་ཀྱང་དངོས་པོ་ཉིད་དུ་ཁས་བླངས་ཏེ། དེའི་ཕྱིར་དེའི་ཡུལ་ཅན་ཉིད་དུ་དབང་པོའི་སྒྲོ་དོགས་པར་འགྱུར་རོ། །རྗེས་སུ་མཚམས་སྦྱོར་བ་ལ་ནི་ཁྱད་པར་དང་ཁྱད་པར་ཅན་དངོས་པོ་གྱུར་པ་དག་ལ་ཡང་དབང་པོའི་བློས་ནུས་པ་མ་ཡིན་ནོ། །དེ་ལྟར་ནི་ཕ་རོལ་པོའི་ལུགས ་ཀྱིས་བྲི་གཟུགས་ཅན་གྱི་དབང་པོའི་ཡུལ་དང་རྫས་ཀྱང་ཡིན་པ་དེ་ལྟར་ན་ཡང་དེ་དག་ཕན་ཚུན་རྗེས་སུ་མཚམས་སྦྱོར་བ་ན། དེའི་ནུས་པ་ཁས་བླང་བར་བྱ་བ་མ་ཡིན་ཏེ། དྲི་བཟང་པོ་རྫས་སོ་ཞེས་པ་འདི་གལ་ཏེ་མིག་གི་རྣམ་པར་ཤེས་པ་ཡིན་ན་དྲིའི་ཡུལ ་ཅན་མ་ཡིན་ཞིང། དེ་སྟེ་སྣའི་རྣམ་པར་ཤེས་པ་ཡིན་ན་རྫས་ཀྱི་ཡུལ་ཅན་ཉིད་དུ་མི་འཐད་པའི་ཕྱིར་རོ། །རང་གི་ལུགས་ཀྱིས་ནི་རིགས་དང་རྫས་དག་ཀྱང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར། ཡོད་པ་མ་ཡིན་པ་ཀུན་ནས་ལྟེ་བའོ་ཞེས་བསྟན་པའི་ཆེད་དུ ་ཁྱོད་ཀྱིས་ལུགས་ཀྱིས་ཞེས་གསུངས་སོ། །འོ་ན་གཟེགས་ཟན་བརྟག་པར་དོན་འདི། ཡུལ་ལ་ལྟ་དོན་ཅན་ཉིད་ཀྱི་ཕྱིར། ཁྱད་པར་རྣམས་ཀྱིས་མཚམས་སྦྱོར་མི་མ་ཞེས་པ་བཤད་ཟིན་པ་ཁོ་ན་སྟེ། དེ་སླར་ཡང་བརྗོད་དེ་ཅི་ཞེ་ན་འཐོན་???་གིས་བྱ་ཞེས ་པ་ལྟ་སོགས་པས་པར་མཛད་པར་འགྱུར་བའི་རིགས་པས་ཤིན་ཏུ་གསལ་བར་བྱས་པའི་དོན་དུའོ། །དེ་ལྟར་འགྱུར་མོད། མཚམས་སྦྱོར་བ་མེད་པར་ཡང་ངེས་པར་འགྱུར་ཞེས་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་མེད་ལས་བྱུང ་བ་ཞེས་པ་སྟེ། གང་གི་ཕྱིར་དེ་ལྟར་དབང་པོ་ལས་སྐྱེས་པས་སྦྱོར་བ་མ་ཡིན་ནོ་ཞེས་པ་དགོངས་པའོ། །ཐ་མི་དད་པར་ཉེ་བར་འདོགས་པ་སྟེ་ཁྱད་པར་བརྗོད་པར་བྱེད་པའི་ངོ་བོ་དང། ཁྱད་པར་ཅན་བརྩོད་པར་བྱ་བ་རྟོགས་པའོ། །རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་ལས་ཡང་ཞེས་སྨོ? ་པ་ནི་དཔེ་དོན་དུའོ། །གང་ཉི་མ་དད་པར་ཉེ་བར་འདོགས་པའི་ཤེས་པ་དེ་ཡིད་ཀྱི་ཡིན་ཏེ། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་ཐ་མི་དད་དུ་ཉེ་བར་འདོགས་པའི་རྟོག་པ་བཞིན། བ་ལང་ཁོ་ན་འདིའོ་ཞེས་པ་ལ་སོགས་པའི་ཤེས་པ་ཡང་དེ་ལྟ་བུའོ། །རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན་ཞེས ་པ་ཁྱབ་པ་མི་སྲིད་པར་དྲིས་པའོ། །རང་གིས་རིག་བྱ་ནི་ཞེས་པ་ལ་སོགས་པས་གཏན་ཚིགས་གསུངས་སོ། །འདི་ཡང་དུ་མའི་ངོ་བོའི་ཆོས་ཅན་ནི་ཞེས་པ་འདིའི་ནང་དུ་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པས་ཞེས་ག་ཐུན་མོང་བ་ནི་འགའ་ཞིག་ཏུ་ཉེ་བར་སྦྱོར་བ་མ་ཡིན་པའི་ཕྱིར་རོ་ཞེས ་བཤད་ཟིན་ཏོ། །ད་འདིས་ནི་ཐ་སྙད་དུ་བྱ་བ་མ་ཡིན་པ་ཁོ་ན་རང་གི་མཚན་ཉིད་ཡིན་ཅིང་དབང་པོའི་བློའི་ཡུལ་ཏེ། ཐ་སྙད་དུ་བྱ་བ་སྤྱི་ནི་མ་ཡིན་ནོ། །དེའི་ཕྱིར་དེས་ནི་ཐ་དད་མེད་པར་ཡང་ཉི་བར་གདགས་པ་བྱ་བར་ནུས་པ་མ་ཡིན་ནོ། །ཞེས་གསལ་བར་བྱས་སོ། །གང་གང་ཞིག་གི་ཡུལ ་མ་ཡིན་བདེ་ངེས་པ་མི་དད་པར་ཉེ་བར་གདགས་པར་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་སྒྲས་བཞིན། བ་ལང་ཉིད་ལ་སོགས་པའི་སྤྱི་ཡང་དབང་པོའི་བློའི་ཡུལ་མ་ཡིན་ནོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་ལས་ཀྱང་འདི་ནི་མེད་ཀྱི་ཁོ་ནའོ ་ཞེས་ཕན་སོ། །ཅི་སྟེ་ཡང་ཞེས་པ་མ་གྲུབ་པ་ཉིད་དུ་དོགས་པར་བྱེད་ཏེ། རྣམ་པ་ཐམས་ཅད་ཅེས་མ་ཤེས་བྱ་ཉིད་ལ་སོགས་པའི་རྣམ་པས་ཀྱང་ཞེས་པའི་དོན་ཏོ། །དེ་ལས་སྐྱོན་ཅི་ཡོད་ཅེ་ན། གསུངས་པ། རྣམ་ཀུན་ཞེས་པ་ལ་སོགས་པ་སྟེ། རྣམ་ཀུན་དོན་གྱི་རྣམ་ཤེས ་ནི་གནས་ན་ཏེ། རྣམ་པ་ཐམས་ཅད་ཀྱི་དོན་རྟོགས་པ་ལ་འཇུག་བཞིན་པར་གྱུར་པ་ན། མངོན་སུམ་བློར་མི་འགྱུར་ཞེས་སྤྲེལ་ཏེ། མངོན་སུམ་གྱི་སྒྲལ་བརྗོད་བྱ་མ་ཡིན་པར་འགྱུར་རོ་ཞེས་དོན་ཏོ། །འདི་ཅི་ཡང་ཞེ་ན་གསུངས་པ། མངོན་སུམ་གྱི་སྒྲ་ནི་ཞེས་པ་ལ་སོགས ་པ་སྟེ། གང་གི་ཕྱིར་བཤད་འགྲེལ་བྱེད་པ་པོའི་འདོད་པས་མངོན་སུམ་གྱི་སྒྲ་གསུམ་རྣམས་ཁོ་ན་ལ་འཇུག་སྟེ། ཚང་མ་ལ་ནི་དངོས་སོ་ཞེས་པའོ། །ཕྲད་པ་ལ་ནི་མངོན་སུམ་གྱིས་གཞལ་ཟིན་པ་ཉིད་ཀྱི་ཕྱིར་ཅེས་པ་སྟེ། བྲེས་གཞལ་ཟིན་པ་ནི་བྲེས ་ཉེ་བར་འདོགས་པ་བཞིན་ནོ། །ཤེས་པ་ལ་ཞེས་པ་ནི་འབྲས་བུ་ལའོ། །དབང་པོ་ལ་སོ་སོར་འཇུག་པ་ཞེས་པ་འདིས་ཆོས་མཐུན་པ་ཉིད་ཀྱིས་ཚད་མ་དང་མཚུངས་པ་ཉིད་ཀྱི་ཕྱིར་མངོན་སུམ་དུ་ཉེ་བར་བཏགས་པར་རིགས་ཏེ། བྲམ་ཟེའི་ཁྱེའུ་ལ་སེངྒེ་ཞེས་པ་བཞིན་ནོ། ། ་གལ་ཏེ་ཡང་ཞེས་པ་ལ་སོགས་པས། རྣམ་ཀུན་དོན་གྱི་རྣམ་ཤེས་ནི། གནས་པ་ཞེས་པ་འདི་བཤད་ཏེ། དེ་ཞེས་པ་ལ་སོགས་པ་ནི། མངོན་སུམ་བློ་མིན་འགྱུར། ཞེས་པ་འདིའོ། །དབང་པོ་མི་བལྟོས་པ་དང་ཞེས་པ། སྤྱིའི་བློ་རྣམས་ནི་འདས་པ་ལ་སོགས་པ་རྣམས ་ལ་ཡང་ཡོད་པའི་ཕྱིར་ལོང་བ་ལ་སོགས་པ་རྣམས་ལ་ཡང་ངོ། །ཐ་མི་དད་པར་ཉེ་བར་འདགས་པས་ཞུགས་པ་ཞེས་པ་ཐ་དད་མེད་པར་ཉེ་བར་བཏགས་པའི་བློ་རྣམས་ཀྱང་འདི་ལྟ་བུའི་རྣམ་པ་ཅན་རྣམས་ཁོ་ནའོ། །ཡང་ན་ཡོད་པ་མ་ཡིན་པས་ཀྱང་ཐ་མི་དད་པར་ཉེ ་བར་འཇོག་པར་བྱེད་དེ། ཇི་ལྟར་གཙོ་བོའི་རང་བཞིན་གྱི་གྲངས་ཅན་པའི་སྐྱེས་འདི་རོ་ཞེས་པ་ལྟར་རོ། །འདི་ལྟ་བུའི་རྣམ་པ་དབང་པོ་ལ་སོགས་པ་ཕྲད་པ་ལས་སྐྱེས་པའི་ཤེས་པར་འདོད་པ་ཡང་མ་ཡིན་ཏེ། སྤྱི་དབང་པོའི་བློའི་ཡུལ་མ་ཡིན་ནོ་ཞེས་བསྒྲུབས་ཀྱང་ཟིན་ཏོ། ་དབང་པོའི་གཞན་དབང་དུ་མ་ཡིན་པར་འགྱུར་རོ། །ཞེས་པ་ཤུགས་ལས་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བའི་དོར་ཞེས་རྟོགས་པར་བྱའོ། །དེ་ལྟར་ནི་མངོན་སུམ་གྱི་སྒྲའི་བརྗོད་པར་བྱ་བ་ལ་ཡིན་ཉིད་རྟོགས་པར་བྱས་པ་ཉིད་ཀྱིས་སྐབས་སུ་བྱས་པས་སོ། །འདི་ནི་འདི ་ལྟར་གདོན་མི་ཟ་བར་རྣམ་པར་ཤེས་པར་བྱ་སྟེ། གཞན་དུ་ན་དབང་པོ་ལ་མི་ལྟོས་པ་དག་དབང་པོའི་གཞན་དབང་དག་ཅེས་པ་འགལ་བར་འགྱུར་རོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། ཤེས་པ་སྐྱེ་བ་ན་དབང་པོའི་གཞན་དབང་ཅན་དུ་མངོན་སུམ་པ་དང་ཆོས་མཐུན་པའི ་ཕྱིར་མངོན་སུམ་དུ་ཉེ་བར་བཏགས་པ་ནི་ཡང་ན། མངོན་སུམ་གྱི་མཉན་པ་འཇུག་པའི་རྒྱུ་མཚན་ཏེ། དེ་མེད་ན་དེ་འཇུག་པ་མ་ཡིན་ནོ་ཞེས་པའོ། །རྒྱུ་མཚན་ཅན་གྱི་མཉན་པ་གང་ཡིན་པ་དེའི་རྒྱུ་མཚན་གང་ན་མེད་པ་དེར་དེ་འཇུག་པ་མ་ཡིན་ཏེ། དཔེར་ན་དབྱུག་པ་དང་བྲལ་བའི་སྐྱེས་བུ་འགྱུར?? ་བ་ཅན་གྱི་མཉན་པ་བཞིན། ཇི་སྐད་བཤད་པའི་ཤེས་པ་ལ་ཡང་མངོན་སུམ་གྱི་མཉན་པའི་རྒྱུ་མཚན་ཡོད་པ་མ་ཡིན་ཞེས་པ་རྒྱུ་མི་དམིགས་པའོ། །རྣམ་པ་ཐམས་ཅད་དུ་ཞེས་པ་ལ་སོགས་པས་སྐྱོན་གཞན་གསུངས་སོ། །ཡོན་ཏན་ཉིད་ལ་སོགས་པ་སྤྱིའི་ཆོས་རྣམས་ནི་གཟུགས་དང་སྒྲ ་ལ་སོགས་པར་ཐམས་ཅད་དུ་ཡོད་པའི་ཕྱིར་ན། ཇི་ལྟར་མིག་གིས་བཟུང་བར་བྱ་བ་ཉིད་ཡིན་པ་དེ་ལྟར་རྣ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་ཞེས་པས་དབང་པོ་གཞན་གྱི་ཡུལ་ལ་ཡང་དབང་པོ་གཞན་འཇུག་པའི་ཕྱིར་དབང་པོ་མ་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་རོ་འབྲས་བུ་གཞན་ལ་འཐོབ་མ་ཡིན།། ་རྟོག་པ་ནི་ཤེས་པའི་འབྲས་བུ་ཡིན་བསྟེ། དེ་གལ་ཏེ་ཚད་མ་ཡིན་ན་འབྲས་བུ་གཞན་པ་མེད་དོ། །ཉམས་པ་ཉེ་བར་བླང་བྱ་ལ་བལྟོས་པའི་བློ་རྣམས་འབྲས་བུའོ་ཞེས་རྟགས་པར་རིགས་པ་ཡང་མ་ཡིན་ཏེ། ཆུ་ལ་སོགས་པ་དྲན་པས་བར་དུ་ཆོད་པའི་ཕྱིར་རོ། །བར་དུ་ཆོད་པ་དང་བར་དུ་ཆོད་པ་མ་ཡིན་པ ་དག་ལས་ཀྱང་བར་དུ་ཆད་པ་ཁོ་ན་འབྲས་བུར་བཟུང་བར་བྱའོ། །ཡུལ་ཐ་དད་པ་ཉིད་ཀྱི་ཕྱིར་ཡང་འབྲས་བུར་དེ་རྣམས་མི་རིགས་ཏེ། གང་ཕྱིར་མངོན་སུམ་ནི་གཟུགས་ལ་སོགས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ལ། དེ་རྣམས་ནི་འདེགས་པ་ལ་སོགས་པ་བྱ་བའི་ཡུལ་ཅན་རྣམས་སོ ་བློ་ཡི་ཡང་ཞེས་པ་ལ་སོགས་པ་སྟེ། བློ་སྐྱེ་བ་མདོར་མངོན་སུམ་དུ་བཤད་ལ། དེ་ཡང་བློ་ལས་གཞན་ནམ་གཞན་མ་ཡིན་པ་ཅིག་ཏུ་འགྱུར། དེ་ལ་གལ་ཏེ་གཞན་དུ་འདོད་ན། དེ་ཁོ་ན་ཚད་མར་འགྱུར་རོ་སྐྱེ་བ་ཡང་ཀ་ཎ་བྷུ་ཛཱཾ་མི་དག་ལ་རང་རྒྱུ་ལ་བློའི་འདུ་བ་སྟེ། ཡང་ན་ཡོད་པ་ཉིད ་དང་ཡོན་ཏན་ཉིད་དང་བློ་ཉིད་འདུ་བ་སྟེ། ཤེས་པ་འབྲས་བུ་ལའོ། དཔྱོད་པ་པ་རྣམས་ཀྱིས་ཀྱང་དེའི་ལུགས་ཁོ་ན་ལ་བརྟེན་ཏོ། །དེ་ཡང་གང་གི་ཕྱིར་བཤད་འབྲེལ་བྱེད་པའི་ལུགས་ཀྱིས་འདུ་བ་མངོན་སུམ་དུ་ཐོབ་ཅིང། དེ་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ཏེ། དོན་ལ་འཁྲུལ་པའི ་ཕྱིར་རོ། །དེ་ལྟར་ནི་རྟག་པ་ཉིད་ཀྱི་ཕྱིར་དོན་མེད་ན་ཡང་དེ་ཡོད་པས་སོ། །གང་དོན་ལ་འཁྲུལ་པ་དེ་མངོན་སུམ་མ་ཡིན་ཏེ། ལོག་པའི་ཤེས་པ་བཞིན། འདུ་བ་ཡང་དེ་ལྟ་བུའོ། །འགལ་བས་ཁྱབ་པའོ། །ཅི་སྟེ་འགྲེལ་པ་བྱེད་པའི་འདོད་པས་གང་ལས་བློ་སྐྱེ་བ་དེ་མངོན་སུམ་ཡིན ་པ། དེ་ལྟ་ན་ཡང་རྟག་པ་ཉིད་ཀྱི་ཕྱིར་འདུ་བ་ནི་འགའ་ཞིག་ལས་ཀྱང་སྐྱེ་བ་མ་ཡིན་ནོ་ཞེས་པས་ཡུལ་མེད་པའི་མཚན་ཉིད་དོ། །དེའི་ཕྱིར་གཉི་ཀ་ལྟར་ན་ཡང་ནི་གལ་ཏེ་མདོ་བྱེད་པ་པོའི་འདོད་པས་ཡིན་ན་དང། གལ་ཏེ་འདྲེལ་པ་བྱེད་པ་པོའི་འདོད་པས་ཡིན་ནའོ། །ཡང་ན་གལ་ཏེ། རང་གི་རྒྱུ་ལ ་འབྲས་བུ་འདུ་བ་བློ་སྐྱེ་པར་འདོད་ན་དང། གལ་ཏེ་ཡོད་པ་ཉིད་ལ་སོགས་པ་རྣམས་འབྲས་བུ་ཤེས་པ་ལ་འདུ་བ་ཡིན་ན་སྟེ། གཉི་ག་ལྟར་ན་ཡང་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ནོ། །ཅི་སྟེ་ཞེས་པར་སོགས་པ་སྟེ། གཞན་མ་ཡིན་པ་ཉིད་མ་བློ་ཁོ་ན་སྐྱེ། བའོ་ཞེས་པས་སྐྱེ་བ་སྨོས་པ་ལུགས ་གཉིས་ཀ་ལ་ཡང་དོན་མེད་པའོ། །འོ་ན་སྐྱེ་བ་སྨོས་པའི་དོགས་པ་སྐྱེ་བཞིན་པའི་གནས་སྐབས་ཀྱི་བློ་ཁོ་ན་ཚད་མ་ཉིད་དུ་ཤེས་པར་བྱ་བའི་དོན་དུའོ་ཞེས་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། དེ་མི་རིགས་པར་བཤད་ཟིན་ཏོ། །དེ་ལྟར་ནི་སྐད་ཅིག་པ་ཉིད་ཀྱི་ཕྱི་མའི་དུས་སུ་གནས་པ་མེད ་པའི་ཕྱིར། བློ་སྐྱེ་གཞིན་པ་ཁོ་ན་ཚད་མ་ཉིད་ཡིན་གྱི་ཉེ་བར་དམིགས་པ་མ་ཡིན་ནོ་ཞེས་བཤད་དོ། །དེའི་ཚེ་ཡང་བློ་མེད་པའི་ཕྱིར་ཚད་མ་ཉིད་མེད་པའོ་ཞེས་པས་སྐྱེ་བ་སྨོས་པས་ཅི་ཞིག་།ཅི་སྟེ་སྐྱེ་བ་ལས་དུས་ཕྱིས་བློ་ཡེང་ན། དེ་ལྟན་ཡང་ཁྱད་པར་མེད་པའི་ཕྱིར་དེ་ལས་སྔར་ཡང ་དེ་ཡིན་ན་དེའི་ཚེ་ཡང་ཚད་མ་ཉིད་བཟློག་པར་བྱ་བ་མ་ཡིན་ནོ་ཞེས་པས་སྐྱེ་བ་སྨོས་པས་ཅི་ཞིག་།བློས་ཁྱེད་པར་དུ་བྱས་པའི་སྐྱེ་བ་ནི་དབང་པོའི་དོར་མི་འཇུག་པའི་ཕྱིར་དང་སྔར་བཤད་པའི་རྒྱུའི་ཕྱིར་མངོན་སུམ་ཉིད་མེད་དོ། །མུ་སྟེགས་པ་ཐམས་ཅད་བདག་རབ་ཏུ་འཇལ་བར་བྱེད་པ ་དོར་འདོད་ཏེ། དེའི་ཕྱིར་བཟློག་པའི་ཆེད་དུ་གསུངས་པ་བློ་སྐྱེ་ལ་ཞེས་པ་ལ་སོགས་པའོ། །ཅིས་འདི་ཁོ་ནར་རྣམ་པར་དཔྱོད་པར་བྱེད་ཅེ་ན། རྣམ་པར་དཔྱད་པ་རྩོམ་པས་ན་རྩེད་པ་འདི་ག་ལ་འཇུག་།གཞན་ཡང་འདིར་མཚན་ཉིད་ཀྱི་དག་ལ་སྐྱེས་བུའི་ཞེས་པའི་ཚིག་གི་ཕྱིར་བདག ་གི་དབང་དུ་བྱས་པའོ་ཞེས་པས་འདི་ཁོ་ནར་རྣམ་པར་དཔྱད་པར་རིགས་སོ། །སྔར་གྱི་གནས་སྐབས་ལས་རྣམ་པར་འགྱུར་ཏེ་ཞེས་པ་རབ་ཏུ་འཇལ་བ་པོ་མ་ཡིན་པ་འདི་ནས་སྐབས་ཉེ་བར་བཅོམ་པ་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་ན་མི་རྟག་པར་ཞེས་པ། གང་རྣམ་པར་འགྱུར་བ་ཅན། དེ་མི་རྟག་པར ་ཡིན་ཏེ་བུས་པ་བཞིན། བདག་ཀྱང་དེ་ལྟ་བུའོ། །རང་བཞིན་གྱི་ཐལ་བའོ། །ཅི་སྟེ་མི་འགྱུར་ན་ཞེས་པ་ལ་སོགས་པས་གང་གང་གི་ཚེ་རབ་ཏུ་འཇལ་བར་བྱེད་པ་པོ་མ་ཡིན་པའི་གནས་སྐབས་ལས་ཁྱད་པར་མེད་པ་དེ་དེའི་ཚེ་རབ་ཏུ་འཇལ་བ་པོ་མ་ཡིན་ཏེ། དཔེར་ན་སྔར་གྱི་སྐྱེས་བུ་དེ་ཁོ་ན་བཞིན ་དེ་ཡང་བློ་སྐྱེད་པ་ན་ཡང་ཇི་སྐད་བཤད་པ་ཡིན་ནོ་ཞེས་པ་འགལ་བར་ཁྱབ་པར་ཐལ་འགྱུར་གསུངས་སོ། །འདི་ཁོ་ནས་ཚད་མ་བརྟག་པ་བཟློག་པའི་ཆེད་དུ། ཚད་མར་གྱུར་པ་ཅེས་པ་འདིར་གང་གྱུར་པ་སྨོས་པ་དེར་རིགས་པར་གསལ་བར་བྱས་སོ། །འཆད་པར་འགྱུར་བའི་གཏན་ཚིགས་གྱི ་ཁྱབ་བསྒྲུབ་ན་ཡོད་དོ། །འདི་ལྟར་ཚིགས་སུ་བཅད་པ་བཀླག་པར་བྱ་སྟེ། གལ་ཏེ་དངོས་པོ་དོན་བྱ་བའི། །དུས་ནི་འགྱུར་ན་མི་རྟག་ཉིད། །གལ་ཏེ་དེ་མེད་དེ་དངོས་མིན། །ནུས་པ་ཐམས་ཅད་སྤངས་པའོ། །ཞེས་པའོ། །ཡོངས་སུ་བཅད་པ་དང་པོའོ།། །།མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་དག་ཁོ་ནའོ ་ཞེས་བཤད་ཟིན་ཏོ། །དེ་ལ་མངོན་སུམ་བཤད་ཟིན་ཏེ། ང་ནི་སྐབས་སུ་བབ་པ་རྗེས་སུ་དཔག་པ་རྣར་བཤད་པར་བྱ་བའི་ཆེད་དུ་གསུངས་པ། རྗེས་དཔག་རྣམ་གཉིས་ཞེས་པ་ལ་སོགས་པ་སྟེ། རང་དོན་ནི་གང་གིས་རང་ཉིད་ཀྱིས་རྟོགས་པར་བྱེད་པའོ། །གཞན་གྱི་དོན་ནི་གང་གིས་གཞན་གྱིས་རྟོགས ་སུ་འཇུག་པའོ། །འོ་ན་གཞན་དོན་གྱི་མཚན་ཉིད་ལོགས་སུ་བརྗོད་བྱ་བ་མ་ཡིན་པ་ཁོ་ནའོ། །གང་ཕྱིར་གོ་བར་བྱེད་པའི་མཚན་ཉིད་བསྒྲུབ་པ་ཁོ་ནས། རྟོགས་པར་འདོད་པ་པོའི་ཚིག་གི་རིམ་པ་བསྟན་པ་ཁོ་ནའི་ཕྱིར་ཏེ། རྣམ་པ་གཞན་དུ་མངོན་པར་བརྗོད་ན་གོ་བར་བྱེད་པའི་ཆོས་རབ་ཏུ ་གསལ་བར་མི་བྱེད་པའི་ཕྱིར་རོ། །གང་དོན་འདི་ཇི་ལྟ་བཞིན་རིག་ཅིང་ཚིག་ཤས་པ་དེ་རྣམས་ནི་དེ་རྟོགས་པར་བྱེད་པ་ན་སླར་ཉེ་བར་བསྟན་པ་གཞན་ལ་བལྟོས་པ་མ་ཡིན་ནོ་ཞེ་ན། འདི་བདེན་མོད། དེ་ལྟ་ན་ཡང་བྱིས་པས་རྟོགས་པར་བྱ་བའི་དོན་དུ་འདི་བརྩམས་སོ། །དངོས་པོ ་ཇི་ལྟ་བ་བཞིན་རྟོག་པ་རྣམས་ཀྱང་རྣམ་པ་བཞིན་དུ་བརྗོད་པ་མཐོང་བས་ཏེ། མེད་ན་མི་འབྱུང་བ་ཉེ་བར་མ་ཁོ་བ་ཡང་མི་བརྗོད་པའི་ཕྱིར་དང། ཉེ་བར་མི་ཁོ་བ་ཡང་བསྒྲུབ་པར་བྱ་བ་དང། ཉེ་བར་གཏོད་པ་དང ་མཇུག་བསྡུ་བ་རྣམས་སྦྱོར་བའི་ཕྱིར་དང། ཚུལ་གསུམ་ལས་ཞེས་པ་རྒྱུ་ལ་ལྔ་པ་སྟེ། བརྡུངས་པ་ལས་སྒྲ་ཞེས་པ་བཞིན་ནོ། །ཡང་ན་ལག་པ་ཕྱིས་པ་སྟེ། འདི་ལྟར་ཁང་བཟང་ལ་འཛོགས་ནས་ལྟ་བ་ནི་ཁང་བཟང་ལས་ལྟ་བ ་ཡིན་པ་དེ་ལྟར་ཚུལ་གསུམ་པའི་རྟགས་མཐོང་ནས་དོན་མཐོང་བའི་ཚུལ་གསུམ་རྟགས་ལས་དོན་མཐོང་བའོ་ཞེས་པའོ། །འོ་ན་ཚུལ་གསུམ་པ་སྨོས་པ་དོན་མེད་ཏོ། །ཚུལ་གསུམ་པ་མ་ཡིན་པ་ནི་རྟགས་མ་ཡིན་པ་ནི་རྟགས་མ་ཡིན་པ་ཉིད་ཀྱི་ཕྱིར། གཞན ་ཡང་མི་གསལ་བའི་དོན་འདིས་རྟགས་སུ་རྟོགས་པར་བྱེད་པས་བརྟགས་ཏེ། དེ་ཡང་ཚུལ་གསུམ་པ་མེད་པར་སྲིད་པ་མ་ཡིན་ནོ། །འདི་ལས་ཀྱང་རྟོགས་ཟིན་པའི་དོན་ཅན་ཉིད་ཀྱི་ཕྱིར་ཚུལ་གསུམ་པ་ལས་ཞེས་པ་བརྗོད་པར་མི་བྱའོ། །ཞེ ་ནས་འདི་ནི་སྐྱོན་མ་ཡིན་ཏེ། ཚུལ་གསུམ་མ་ཡིན་པ་ཡང་འགའ་ཞིག་རྟགས་སུ་འདོད་དེ་དེས་ན་དེའི་ལོགས་པར་རྟོགས་པ་བཟློག་པའི་ཆེད་དུ་གསུམ་པ་སྨོས་སོ། །དེ་ལ་འཛམ་མེད་པས་སྨྲས་པ། གང་ཞིག་གི་རྣམ་པ་གཞན་དུ་མི ་འཐད་པ་ཉིད་འདི་གཏན་ཚིགས་སུ་འདོད་དེ། མཚན་ཉིད་གཅིག་པ་ཅན་ཁོ་ན་ཡིན་པ་དེ་ནི་དོན་མཚན་འདི་གཞི་ཅན་ཁོ་ནའོ་ཞེས་ཏེ། རྣམ་པ་གཞན་དུ་ཞེས་པ་བསྒྲུབ་པར་བྱ་བ་མེད་པར་ཞེས་པའི་དོན་ཏོ། །མི་འཐད་པ་ཉིད་ནི། རབ་ཏུ ་ནུས་པ་མི་སྲིད་པའོ། །འོ་ན་འདི་མེད་ན་མི་འབྱུང་བ་ཁོ་ནར་འགྱུར་ཞེ་ན་མ་ཡིན་ནོ་ཞེས་འཛེམ་མེད་པ་སྟེ། མེད་ན་མི་འབྱུང་བ་ཉིད་ནི་བསྒྲུབ་པར་བྱ་བ་ལས་ཕྱིར་རོལ་དུ་འདོད་པ། །རྣམ་པ་གཞན་དུ་མི་འཐད་པ་ཉིད་ནི་ཆོས ་ཅན་ཁོ་ན་ལ་བསྒྲུབ་པར་བྱ་བའོ་ཞེས་པའོ། །ཚིགས་སུ་བཅད་པ་ཡང་སྨྲས་པ། དཔེ་ལ་བསྒྲུབ་བྱ་མེད་པ་ལས། རྟགས་ཉིད་མ་མཐོང་གཞན་གྱིས་འདོད། །བདག་གིས་འདི་ནི་མེད་པར་ཡང། །ཆོས་ཅན་ལ་ནི་མི་སྲིད་པའོ། །ཞེས་སོ།། ་ཡང་ན་ཚུལ་གཅིག་ཁོ་ནའོ། །ཡང་ན་ཚུལ་གསུམ་པ་ཉིད་ཡོད་ན། གཞན་དུ་མི་འཐར་པ་ཉིད་ཚུལ་བཞི་པར་འདོད་པར་བྱའོ། །ཚུལ་གསུམ་པ་ཉིད་ཙམ་ལ་ནི། ཡུལ་གཞན་དུ་སོང་བ་དེ་སྔོ་བསང་ཡིན་ཏེ། ནག་པོའི་བུ་ཉིད་ཀྱི ་ཕྱིར་ཞེས་པ་འདི་ཡང་རྟགས་ཉིད་དུ་འགྱུར་རོ་ཞེའོ། །དེ་ལ་གང་མེད་ན་མི་འབྱུང་བ་ཉིད་ནི་ཕ་རོལ་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ལས་ཕྱི་རོལ་ཏུ་འདོད་དོ། །ཞེས་བརྗོད་པ་འདི་སྒྲོ་བཏགས་པ་སྟེ། །ཐམས་ཅད་ཉེ་བར་བསྡུས་པས་གང་དང ་གང་ན་བསྒྲུབ་པར་བྱེད་པའི་ཆོས་ཡོད་བདེ་དང་དེན་བསྒྲུབ་པར་བྱ་བའི་ཆོས་སོ་ཞེས་པ། ཁྱབ་པ་འདི་ནི་མེད་ན་མི་འབྱུང་བ་ཉིད་ཡིན་པས་སོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ལ་ཡང་དེ་འདོད་པ་ཁོ་ནའོ། །གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན ་ལ་སད??་བསྒྲུབ་པར་བྱ་བའི་ཆོས་དང་མེད་ན་མི་འབྱུང་བ་དེ་གཏན་ཚིགས་སུ་འདོད་ན། དེ་ལྟར་གྱུར་ན་གང་ཞིག་ཕྱི་རོལ་ཏུ་ཡང་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བ་དེ་གཏན་ཚིགས་ཉིད་དུ་མི་འགྱུར་ཞིང། འཁྲུལ་པ་ཅན་ཡང་གཏན ་ཚིགས་སུ་འགྱུར་ཏེ། དེ་ལ་ཡང་ཆོས་ཅན་ལ་གཞན་དུ་མི་འཐད་པ་ཉིད་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདི་མི་རིགས་སོ། །དེ་ཉིད་ཀྱི་ཕྱིར་འདི་མི་རིགས་པ་ཉིད་ཀྱི་ཕྱིར་གཏན་ཚིགས་མཚན་ཉིད་བཞི་བ་ཅན་འཐད་པ་མ་ཡིན་ནོ། །གང་ཡང་ཚུལ ་གསུམ་པ་ཉིད་ཅིས་ལ་ནི་དེ་བས་སངས??་ཡིན་ཏེ། ནག་པོའི་བུ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ཡང་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་དེ་མི་རིགས་ཏེ། རང་བཞིན་དང་འབྲས་བུ་དང་མི་དམིགས་པའི་ཁྱད་པར་རྣམས་ཁོ་ན་ལ་ཚུལ ་གསུམ་པ་ཉིད་འཐད་ཀྱི། གཞན་རྣམས་ས་མ་ཡིན་ནོ། །འོད་དེ་རྣམས་ཀྱི་ནང་དུ་འདུ་བ་ཡང་མ་ཡིན་ན། དེ་ཅི་ལས་ཐལ་བར་འགྱུར་བ་འདི་ཡིན། །གཞན་ནི་རྟགས་ཚུལ་གཉིས་པའོ་ཞེས་བསྟན ་པའི་ཆེད་དུ་སྨྲས་པ། ཤེས་པ་མ་ཟིན་པའི་ཆོས་ཅན་གྱི་ཆོས་ཤིག་ཆོས་ལ་ཡོད་པ་ཁོ་ན་གང་དུ་ཤེས་པར་བྱ་བ་དང་ཤེས་སུ་བཤུག་པར་བྱ་བ་འདི་ནི་གཏན་ཚིགས་ཏེ། སྒྲུབ་པ་དང་དགག་པ་དང་ལྡན་པའོ་ཞེས་སོ།། ་ཤེས་མ་ཟིན་པའི་ཆོས་ནི་ཤེས་འདོད་ཅན་དེ་མི་རྟག་པ་ཉིད་ལས་སོགས་པའོ། །ཆོས་ཅན་གྱིས་ནི་སོགས་པའི་འོ། །གང་དུ་ཤེས་པར་བྱ་བ་ནི་བྱས་པ་ཉིད་ལ་སོགས་པའི་ཆོས་ལའོ། །ཤེས་ཟིན་པ་ཉིད་ནི་ནུས་པ་ཐོབ་པར་བྱ་བའོ། ། ་ཡོད་པ་ཁོ་ན་ཞེས་པ་རབ་ཏུ་འཇལ་བ་པོས་བུམ་པ་ལ་སོགས་པ་རྣམས་ལ་རང་ཉིད་དྲན་པའོ། །གཞན་གྱིས་དྲན་པ་ཡང་ན་སྟེ་དོན་རྗེས་སུ་དཔག་པ་ལའོ། །ཡོད་པ་ཁོ་ན་དང་མེད་པ་མ་ཡིན་པ་ཞེས་པ་འདི་དག་བསྒྲུབ་པ་དང ་དགག་པ་དག་སྟེ། དེ་གང་ལ་ཡོད་པ་དེ་ནི་སྒྲུབ་པ་དང་དགག་པ་དང་ལྡན་པ་སྟེ་???་གཏན་ཚིགས་སོ་འདི་ནི་ཆོས་ཅན་གྱི་ཆོས་ཉིད་དང། ཡོད་པ་བསྒྲུབ་བྱའི་ཆོས་ཉིད་ཅེས་པ་འདི་ཚུལ་གཉིས ་ཉིད་དུ་བརྗོད་དོ། །འདི་ལ་བསྒྲུབ་པར་བྱ་བའི་ཆོས་གང་ན་ཡོད་པའི་ཁོ་ན་མེད་པ་མ་ཡིན་པ་ཞེས་སྨྲས་པས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཉིད་དེ་ཁོ་ན་བརྗོད་པར་འགྱུར་ཏེ་གང་གི་ཕྱིར་དེ་ལྟར་དེ་དེན་ཡོད་པ ་ཁོ་ནར་འགྱུར་ཞིང། གལ་ཏེ་དེ་མེད་ན་གཏན་ཚིགས་མི་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལས་ཀྱང་ཚུལ་གསུམ་པ་ཁོ་ན་རྣམ་པ་གཞན་གྱིས་བརྗོད་པའོ་ཞེས་པར་གཏན་ཚིགས་ཚུལ་གཉིས་པ་མ་ཡིན་ནོ། །གཏན་ཚིགས ་མཚན་ཉིད་དྲུག་པའོ་ཞེས་རྣམས་སོ་ཏེ། གསུམ་པོ་འདི་རྣམས་དང་གནོད་པ་མེད་པའི་ཡུལ་ཅན་ཉིད་དང། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་དང། ཤེས་ཟིན་པ་ཉིད་ཅེའོ། །དེ་ལ་རེ་ཞིག་གནོད་པ་མེད་པའི་ཡུལ་ཅན་ནི་ཚུལ ་གཞན་མ་ཡིན་ཏེ། གནོད་པ་དང་མེད་ན་མི་འབྱུང་བ་དག་འགལ་བའི་ཕྱིར་རོ། །མེད་ན་མི་འབྱུང་བ་ནི་གཏན་ཚིགས་སྒྲུབ་པར་བྱ་བའི་ཆོས་ཡོད་པ་ཁོ་ན་ལ་ཡོད་པ་ཡིན་ན། ཅི་ལྟར་དེའི་མཚན་ཉིད་ཅན་གྱི་གཏན་ཚིགས་དེ་ཆོས ་ཅན་ལ་འགྱུར་ཞིང། དེས་ན་གནོད་པ་ང་མེད་ན་མི་འབྱུང་བ་དག་ལྷན་ཅིག་འབྱུང་བ་མ་ཡིན། །ངེས་ན་གནོད་པ་མེད་པའི་ཡུལ་ཅན་ཉིད་ཚུལ་གཞན་མ་ཡིན་ནོ། །རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་བརྗོད་པར་འདོད་པའི་གྲངས ་གཅིག་པ་ཉིད་ཀྱང་མཚན་ཉིད་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ནི་འགལ་བ་མི་འཁྲུལ་པ་ཅན་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་བ་བཟློག་པའི་དོན་དུ་བརྗོད་པར་བྱ་སྟེ། རང་གི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་དག་གི ་གཅིག་ལ་འགལ་བ་དག་ཉེ་བར་བསྡུས་པ་ན། འགལ་བ་མི་འཁྲུལ་པ་ཅན་ཉིད་དུ་འགྱུར་རོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་རྣམས་ལ་ནི་འགལ་ཟླ་ཅན་གྱི་གཏན་ཚིགས་སྲིད་པ་མ་ཡིན་ནོ། །ཅི་ལྟ་བ ་ན་གཅིག་པོ་རང་གི་བསྒྲུབ་པར་བྱ་བ་ཡོད་པ་ཁོ་ན་ལ་ཡོད་པའི་ཕྱིར་དེ་དང་འཁྲུལ་པ་མེད་པ་ཅན་ཡིན་ཞིང། དེ་ཉིད་ལ་ཡང་གཞན་དེ་ལ་གནོད་པར་བྱེད་པ་ཡོད་པ་ཁོ་ན་ཡང་ཡོད་པའི་ཕྱིར་དེ་དང་འགལ་བ་སྲིད་པར་འགྱུར། གཞན་ཡང ་གཏན་ཚིགས་དེ་གལ་ཏེ་རང་བཞིན་ཁོ་ནས་ཆོས་དེ་ཡོད་པ་ཅན་ཡིན་ན་དེའི་ཚེ་དོན་གཞན་ཉེ་བར་ལྷུང་བ་ཡང་ཅི་ལྟར་རྣམ་པ་གཞན་དུ་འགྱུར། དངོས་པོ་རྣམས་ཀྱི་རང་བཞིན་རྣམ་པ་གཞན་དུ་འགྱུར་བ་དང་འགལ་བ་གཉིས་ཀྱི་རང་བཞིན ་ཡང་སྲིད་པ་མ་ཡིན་ནོ། །ཅི་སྟེ་རང་བཞིན་གྱིས་ཆོས་དེ་ཡོད་པ་ཅན་མ་ཡིན་ནོ། དེ་ལྟར་གྱུར་ན་གཞན་གྱི་དུས་ན་ཡང་འགའ་ཞིག་གི་ཡང་སྒྲུབ་པར་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་རང་བཞིན་ཁོ་ནས་རང་གི ་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཅན་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་ལ་ནི་དེའི་མཚན་ཉིད་ཅན་གྱི་འགལ་ཟླའི་གཉན་ཚིགས་སྲིད་པ་མ་ཡིན་ནོ་ཞེས་པས་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ནི་མཚན ་ཉིད་མ་ཡིན་ནོ། །འགལ་བ་མི་འཁྲུལ་པ་མི་བརྗོད་པར་ཐལ་ལོ་ཞེ་ན། དངོས་པོའི་སྟོབས་ཀྱིས་ཞུགས་བའི་རྟགས་ལ་མི་འདོད་པ་ཡིད??་ཀྱི་ཕྱིར་སྐྱོན་མེད་དེ། །འདིའི་ཡུལ་ཡང་ཕ་རོལ?་ཏུ་ཤེས་པར་བྱེད་པར་འགྱུར་རོ། །ཡང་ཤེས ་པ་རྟགས་ཀྱི་ཆོས་མ་ཡིན་ན་ཅི་ལྟར་རྟགས་ཀྱི་མཚན་ཉིད་ཡིན། རྟགས་ངོ་བོ་ཅི་ལྟ་བུ་ལས་དོན་རྟོགས་པར་བྱ་ཞེས་སེམས་ན། རྟོག་པ་པོའི་མི་བསླུ་བ་ཉིད་ནི་ཚུལ་དུ་བརྗོད་པར་བྱ་ལ། །གང་མཐོང་པ་ལས་འདི་སྒྲུབ་པར ་བྱེད་པ་དང་སྒྲུབ་པར་བྱེད་པ་མ་ཡིན་པ་དག་རབ་ཏུ་རྣམ་པར་ཕྱེ་ནས་དེའི་འདོད་པའི་དོན་སྒྲུབ་པར་བྱེད་པར་ཡིད་ཆེས་པ་ལས་རབ་ཏུ་འཇུག་གོ་།དེ་ལ་གང་བརྟགས་པ་འདིའི་བདག་ཉིད་ཀྱི་ངོ་བོ་དེ་མཚན་ཉིད་དེ། གཞན་གྱི ་ངོ་བོ་མ་ཡིན་ནོ། །རྟོག་པ་སྐྱེ་བ་ལ་ཉེ་བར་སྦྱོར་བ་ཙམ་ལས་དེའི་མཚན་ཉིད་ཀྱི་དེ་ཡིན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ནི་གཞལ་བར་བྱ་བ་དང་སྐྱེས་བུ་ལ་སོགས་པ་རྣམས་ཀྱང་དེའི་མཚན་ཉིད་ཉིད་དུ་འགྱུར ་ཏེ། དེ་རྣམས་མེད་ན་ཡང་རྟགས་ཅན་ལ་ཤེས་པ་སྐྱེ་བ་མ་ཡིན་པའི་ཕྱིར་རོག་དེའི་ཕྱིར་ཤེས་པ་ཡང་རྟགས་ཀྱི་མཆོག་ཉིད་དུ་འདོད་པར་བྱ་བ་མ་ཡིན་ནོ་ཞེས་པས་རྟོགས་ཚུལ་གསུམ་པའོ། །ཞེས་གནས་སོ། །འབྲས་བུ་སྔར ་བཞིན་ཞེས་པ། ཇི་ལྟར་མངོན་སུམ་མ་འབྲས་བུ་རྣམ་པ་གཉིས་བཤད་དེ། ཡུལ་ཡང་དག་པར་རིག་པ་དང་རང་ཉིད་ཡང་དག་པར་རིག་པའོ། །དེ་ལྟར་འདིར་ཡང་ངོ། །མངོན་སུམ་བཞིན་དུ་རྗེས་སུ་དཔོག་པའི་རྟོགས་པའི ་བདག་ཉིད་གྱི་འབྲས་བུ་ཐ་མི་དད་པའོ་ཞེས་སྨྲས་པས་རྗེས་སུ་དཔག་པ་ཡང་རྟོགས་པའི་རང་བཞིན་ནོ་ཞེས་བཤད་པར་འགྱུར་རོ། །དེའི་ཕྱིར་དྲི་བ་གལ་ཏེ་གཉིས་ཀ་ཡང་ཞེས་པ་ལ་སོགས་པའོ། ཡུམ་དང་ནི། ངོ་བོ་མཚུངས་མིན་འདི་དག་གིའོ ་ཞེས་པའོ། །འདིའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཏེ། འདི་ཁོ་ན་གཉིས?་མི་མཚུངས་ཀྱི་རྟོགས་པའི་ངོ་བོ་ཉིད་ནི་མཚུངས་པའོ་ཞེས་བའོ། །འོ་ན་རྟོགས་པ་ནི་དེ་དག་གི་ངོ་བོ་སྟེ། དེ་གལ་ཏེ་ཐ་མི་དད་པ་ཡིན་ན་ངོ་བོ་གཞན་པ་ཅི་སྟེ། གང་ངོ་བོ ་མཆུངས་མིན་འདི་དག་གི་ཞེས་བརྗོད་པ་ཅི་ཞེ་ན། གང་དེའི་ཡུལ་དང་འདྲ་བ་ཆད་མར་རྣམ་པར་བཞག་པ་དེ་མི་ཚུངས་སོ་ཞེས་བརྗོད་དེ། དེ་ལྟར་ནི་དེ་མངོན་སུམ་གྱི་གསལ་བ་སྟེ། རྗེས་སུ་དཔག་པའི་ནི་མི་གསལ་བའོ། །ཡུལ་ནི་ཞེས་པ ་??མཆུངས་མིན་འདི་དག་གི་ཞེས་བརྗོད་པ་ཅི་ཞེ་ན། གང་དེའི་ཡུལ་དང་འདྲ་བ་ཆད་མར་རྣམ་བར་བཞག་པ་དེ་མི་ཚུངས་སོ་ཞེས་བརྗོད་དེ། དེ་ལྟར་ནིང་མངོན་སུམ་གྱི་གསལ་བ་སྟེ། རེས་སུ་དཔག་པའི་ནི་མི་གསལ་བའོ། །ཡུལ་ནི་ཞེས་པ ་ལ་སོགས་པ་ལ། ཡུལ་གྱིས་སྒྲས་ནི་འདིར་དམིགས་པ་བརྗོད་པར་འདོད་པས་ཏེ། ཚད་མ་ཉིད་ཀྱི་ཡུལ་ནི་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མི་བསླུ་བའི་མཚན་ཉིད་ཅན་ཚད་མ་ཉིད་ཏེ་དངོས་པོའི་ཡུལ་ཅན་ཁོ་ནའོ། །དེའི་ཕྱིར ་དམིགས་པ་ཐ་དད་པས་ཚད་མ་དག་ཡུལ་ཐ་དད་པར་གསུངས་སོ། །དམིགས་པ་ཐ་དད་པ་ཡང་ཅི་ལྟར་ཞེ་ན། སོ་སོར་སྣང་བ་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །གཅིག་ལ་མཚན་ཉིད་མི་མཐུན་པའི་རྣམ་པ་དེ་དག་རིགས་པ་ནི་མ་ཡིན ་པའི་ཕྱིར་རོ། །ཐ་དད་ཅེས་པ་ཡང་ཐ་མི་དད་པ་བཀག་པ་ཁོ་ནར་བལྟ་བར་བྱའི། ཡུལ་སྣ་ཚོགས་པ་ཉིད་ནི་མ་ཡིན་ཏེ། རྗེས་སུ་དཔག་པའི་རྣམ་པར་རྟོགས་པ་ནི་ཡུལ་མེད་པ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཡང་རྗེས་སུ་དཔག་པའི ་ཡུལ་གང་དུ་འདོད་པ་དེ་ནི་དེ་ཁོ་ན་ཉིད་དུ་ན་ཡོངས་སུ་མ་གྲུབ་པ་ཉིད་ཀྱི་ཕྱིར། དེའི་རྣམ་པའི་བྱེ་བྲག་ལས་ཀྱང་ཞེས་པ་ལ། དེའི་ཅེས་པ་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཡུལ་ལ་སྙེག་གོ། དེའི་རྣམ་པ ་ནི་རང་བཞིན་ཏེ། རྣམ་པར་བྱ་ཞིང་ཡོངས་སུ་བཅད་བར་བྱའོ་ཞེས་བྱས་ནས་སོ། །དེའི་རྣམ་པར་བྱེ་བྲག་སྟེ། ཐ་དད་པའོ་ཞེས་པའོ་ཞེས་པའི་དོན་ཏེ། བྱེ་བྲག་སྨོས་པ་ཡང་བྱེ་བྲག་སྨོས་མེད་པ་དགག་པ་རྟོགས་པར་བྱེད་པ་ལྷུར་ལེན་པར ་རིག་པར་བྱའི་སྣ་ཚོས་པའི་རང་བཞིན་ཉིད་འདིས། རྟོགས་པར་བྱ་བ་ནི་མ་ཡིན་ཏེ། སྤྱི་ནི་རྣམ་པར་བརྟགས་པ་ཉིད་ཀྱིས་མེད་པ་ཉིད་ཀྱིས་ཕྱིར་རོ། །དེས་འདི་གསལ་བར་བྱས་པར་འགྱུར་ཏེ། གང་གི་ཕྱིར་མངོན་སུམ ་ལ་ཕྱི་རོལ་གྱི་ཡུལ་ཡོད་ཏེ། གང་ལས་དེའི་ཡུལ་གྱི་སྣང་བ་གསལ་བར་འགྱུར་ལ་རྗེས་སུ་དཔག་པའི་ན་མ་ཡིན་ནོ། །གང་དེའི་ཡུལ་གྱི་རྣམ་པ་མི་གསལ་བ་དེ་ནི་རང་གི་ས་བོན་གྱི་སྟོབས་ཁོ་ན་ལས་སྐྱེ་སྟེ། དེའི་ཕྱིར་མངོན་སུམ་དང ་རྗེས་སུ་དཔག་པ་དག་གི་།ཇི་སྐད་བཤད་པ་ལྟར་ངོ་བོ་ཐ་དད་པའོ། །ཡང་ན་མངོན་སུམ་གྱི་རང་གི་མཚན་ཉིད་དངོས་སུ་གསལ་བར་སྣང་བའི་རང་གི་རྣམ་པ་བསྐྱེད་པར་བྱེད་པས་སྟེ་རང་གི་ངོ་བོས་སོ། །རྗེས་སུ་དཔག་པའི་མི་དེ་ཁོ་ན་རྒྱུད་པས ་མི་གསལ་བའི་ཡུལ་གྱི་རྣམ་པར་བསྐྱེད་པར་བྱེད་པ་སྟེ། གཞན་གྱི་ངོ་བོས་གཞལ་བར་བྱའོ། །མངོན་སུམ་གྱི་ཡང་གཞན་གྱི་ངོ་བོས་སོ་ཁ་ཅིག་གོ་དེ་ལྟར་གང་གི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཡུལ་ཐ་དད་པ་དེའི ་ཕྱིར་རང་བཞིན་གྱི་བྱེ་བྲག་ལས། གསལ་བ་དང་མི་གསལ་བའི་ཡུལ་གྱི་རྣམ་པ་ཉིད་ཀྱིས་ན་དང་རང་གི་ངོ་བོ་ཡང་ཐ་དད་པའི་ཅེས་པའོ། །ཅི་སྟེ་ཅིའི་ཕྱིར་ཞེས་པ་རྒྱུ་ཅི་ཡིས་རྗེས་སུ་དགག་པ་ཁོ་ན་རང་གི་དོན་དང་གཞན་གྱི་དོན་གྱི ་བརྩེས?་གཉིས་སུ་འབྱེད་ཀྱི། མངོན་སུམ་ནི་མ་ཡིན་ཞེས་ངེས་པར་འཛིན་པར་སྟོན་པར་བྱེད་དོ་འདི་སྐད་བཤད་པར་འགྱུར་ཏེ། རང་གིས་མངོན་སུམ་དུ་བྱས་པའི་དོན་གཞན་གྱིས་རྟོགས་པར་བྱ་བའི་ཆེད་དུ་ཚིག་གང་ཡིན་པ་དེ ་གཉིས་པ་བཞན་གྱི་དོན་གྱིས་མངོན་སུམ་དུ་ཅིའི་ཕྱིར་མི་འདོད་ཅེས་པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྗེས་སུ་དཔག་པའི་ཡུལ་ནི་སྤྱི་ཡིན་པས་ཏེ། དེ་ལ་ཡང་བདག་ཉིད་ལ་རྗེས་སུ་དཔག་པའི་ཅི་འདྲ་བ་དེ་འདྲ་བ་ཁོ་ན ་ཕ་རོལ་པོའི་རྒྱུད་ལ་ཚིག་གི་བྱེད་དོ་ཞེས་པས་དེ་རྣམ་པ་གཉིས་ཉིད་དུ་རིགས་སོ། །མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་དེ་དེ་ལ་བདག་ཉིད་ཀྱི་མངོན་སུམ་གྱི་ཤེས་པ་ཅི་འདྲ་བ་དེ་ལྟ་བུ་སྒྲས་རྒྱུད་གཞན་ལ་བསྐྱེད་པར་ནུས་པ ་མ་ཡིན་ཏེ། དེ་ནི་བསྟན་བྱ་མིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ལོང་བ་ལ་སོགས་པ་རྣམས་ལ་ཡང་སྒྲ་ལས་རྣམ་པ་དེ་ལྟ་བུ་ཁོ་ནའི་གསལ་བར་སྣང་བའི་ཤེས་པར་འགྱུར་རོ། །ཅིའི་ཕྱིར་ཕྱིར་དེ་བསྟན་པར་བྱ་བ་མ་ཡིན་ཞེ་ན། གསུངས་པ ་གཟུངས་ཐ་དད་ཕྱིར་ཞེས་པའོ། །གང་ཕྱིར་མངོན་སུམ་གྱི་གཟུང་བར་བྱ་བ་ནི་ཐུན་མོང་མ་ཡིན་པ་སྟེ། དེ་དེས་པར་བསྟན་པར་ནུས་པ་ཡང་མ་ཡིན་ཏེ། དེ་སྔར་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །རྗེས་སུ་དཔག་པའི་ནི་དེ་ལས་བཟློག་པ ་སྟེ། དེའི་ཕྱིར་དེ་ཁོ་ནའི་གཟུང་བྱ་ངེས་པར་བསྟན་པར་བྱ་བ་ཡིན་གྱི་མངོན་སུམ་གྱི་ནི་མ་ཡིན་ནོ། །རང་གི་བདག་ཉིད་གཞན་དུ་ཞེས་པ་འདིས་འདི་གསལ་བར་བྱེད་དེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རང་གི་ངོ་བོ་ཐ་དད་པ་སྟེ ་འདི་ནི་ཐམས་ཅད་ཀྱི་སོ་སོ་རང་གིས་རིགས་པར་བྱ་བའོ། །ཡུལ་ཐ་དད་པ་མེད་པར་ཉིད་ལ་རང་གི་ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་པ་དག་གི་དེ་སྐྱེ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དེ་དག་གི་རན་གི་།ངོ་བོ་ཐ་དད་པ་དེ་ལྟར་ཡུལ་ཐ ་ཡུལ་ཐ་དད་པར་ཡང་བལྟ་བར་བྱའོ། །དེའི་ཕྱིར་མངོན་སུམ་གྱི་ཡུལ་ནི་ངེས་པར་བསྟན་པར་བྱ་བ་རྗེས་སུ་དཔག་པའི་ལྟ་བུ་མ་ཡིན་ནོ། །ཞེས་བའོ། །གཞན་རྣམས་ན་དེ་སྡེ་བ་སྦྱོར་ཉམས་པའི་འཇིགས་པ ་ལས་འདིར་གང་ཕྱིས་བརྗོད་པར་བྱ་བ་དེ་སྔར་བརྗོད་པས་ཏེ། དེའི་ཕྱིར་གཞུང་འདི་འདི་ལྟར་ཤེས་པར་བྱའོ། །དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་རྣམ་པ་གཉིས་སུ་འབྱེད་ཀྱི་མངོན་སུམ་ནི་མ་ཡིན་ཞེས་དྲིས་བ་ལ་རྒྱུ་གསུངས་པ། གཟུང་ཐ་དད་ཕྱིར ་ཅེས་པ་ལ་སོགས་པའོ། །གལ་ཏེ་གཟུང་བར་བྱ་བ་ཐ་དད་པས་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འབྱེད་ན་དེ་ལྟར་གྱུར་ན་མངོན་སུམ་ཡང་རྣམ་པ་གཉིས་དབྱེ་བར་བྱའོ། །ཞེ་ན། གསུངས་པ་རང་གི་མཚན་ཉིད་བསྟན་བྱ་མིན་ཞེས་པའོ། །འདི་སྐད ་བཤད་པར་འགྱུར་ཏེ། འདི་འདྲ་བ་འདི་མངོན་སུམ་དང་རྗེས་སུ་དཔག་གི་གཟུང་པར་བྱ་བར་འདོད་དོ། གང་དུ་གཅིག་ནི་ངེས་པར་བསྟན་བྱ་ཡིན་ལ། གཞན་དེས་པར་བསྟན་བྱ་མ་ཡིན་པའོ་ཞེས་པའོ། །དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་རྣམ་པ ་གཉིས་སུ་འབྱེད་དེ། གང་གི་ཚིག་གིས་ཕ་རོལ་པོ་ལ་རྟོགས་པར་བྱེད་ནུས་པའོ། །མངོན་སུམ་ནི་མ་ཡིན་ནོ་ཞེས་པའོ། །འོ་ན་དོན་དང་ནི། ངོ་བོ་མཚུངས་མིན་འདི་དག་གི་ཞེས་པའི་འདྲིས་སྔར་ཁོ་ནར་ཆེད?་མ་དག་གི་ཡུལ་གྱི་དབྱེ་བ ་བསྒྲུབས་ཟིན་པ་མ་ཡིན་ནམ། དེ་ཐ་དད་པ་ལས་རང་གི་ངོ་བོ་ཐ་དད་པ་སྟེ། དེས་ན་འདི་ཉེ་བར་བཀོད་པ་ཅི་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རེད་གི་བདག་ཉིད་གཞིན་དུ་གཟུང་བྱ་ཐ་དད་པའོ་ཞེས་པ་ལ་སོགས་པའོ་ཞེན ་སྔ་མ་ནི་དོན་གཞན་ལ་དོན་འདི་བརྗོད་པ་སྟེ། དེ་ལྟ་ནི་དོན་གཞན་ལའོ་ཞེས་པ་སྐྱོན་མེད་དོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པས་རང་གི་མཚན་ཉིད་བསྟན་བྱ་མ་ཡིན་པ་ཉིད་སྒྲུབ་པར་བྱེད་དོ། །དེ་སྒྲ་དེ། བོ་ནས་རྗེས་སུ་དཔག་པར་བྱ་བར ་འགྱུར་རོ་ཞེས་པ་མངོན་སུམ་གྱི་གཟུང་བར་བྱ་བའི་དོན་དེ་སྒྲ་དེ་ལས་རྟོགས་པར་འགྱུར་རོ། །ཞེས་པའི་དོན་ཏེ། དེ་ལྟར་ཡང་མ་ཡིན་ནོ། །ལོང་བ་ལ་སོགས་པས་ཁྱད་མངོན་སུམ་ཁོ་ནས་དེའི་དོན་མཐོང་བར་གྱུར་ན་མི་རུང་ངོ་ཞེས་པའོ་ཕ་རོལ་པོ་ནི། བླུན ་པ་ཡས་སྐྱོན་འདི་མ་རྟོགས་པས། རང་གིས་ཁས་བླངས་པའི་ཚད་མ་ཡུལ་གཅིག་པ་ཉིད་མཐོང་བ་རྗེས་སུ་བསྒྲུབ་ཞེས་པ་བསྟན་བཅོས་སུའོ། །མིང་ལས་ཤེས་ཕྱིར་རྣམ་པ་གཞན། བསྟན་བྱ་ཞེས་པ་ལ་སོགས་པ་སྟེ། རང་གི་མཚན་ཉིད ་ཀྱི་རྣམ་པ་ལས་གཞན་སྤྱི་རྣམ་པའོ། །དེས་བསྟན་པར་བྱ་བ་སྟེ། རང་གི་མཚན་ཉིད་དུ་ནི་མ་ཡིན་ནོ། །དེའི་མིང་ནི་སྔོན་པོའོ་ཞེས་པའི་འདུ་ཤེས་འདི་ཡིན་ཅིང། དེ་ཡང་རྣམ་པར་ཤེས་པར་བྱེད་ཀྱི། དོན་རང་གི་མཚན་ཉིད་འབའ་ཞིག་པ་ནི་མ་ཡིན ་དེའི་ཕྱིར་བསྟན་བཅོས་སུ་ཡིད་ནི་རྣམ་པ་གཉིས་སུ་འདོད་ཏོ། སྔོན་པོ་མ་ཡིན་པ་ལ་ལོག་པས་ཞེས་པ་རྣམ་པ་གཞན་དེ་སྟོན་ཏེ། ཐ་སྙད་བྱེད་པ་པོ་རྣམས་ཀྱི་མངོན་པར་བསམ་པའི་དོ་ལས་སྔོན་པོ་མ་ཡིན་པ་ལས་ལོཊ་པས་ཞེས་བརྗོད་དོ། ། ་དེ་རྣམས་ནི་ངོ་ཁོ་ན་ཉིད་དུ་ལྷག་བར་ཞེས་པས་ཐ་སྙད་དུ་བྱེད་དོ། །ཞེས་པ་འདི་བརྗོད་དོ། །གཞན་དུ་ན་ཕན་ཚུན་རྣམ་པར་འཇོམས་པ་ཅན་དུ་མི་འགྱུར་རོ། །དེ་ལྟར་ནི་གལ་ཏེ་རྣམ་པ་གཞན་གྱིས་ཡིད་ཉེ་བར་སྟོན་ན། དེའི་ཚེ་དེས་མིག་གི་རྣ་རིས་ཤེས་པས་ཉམས་སུ་མོང ་བ་ཁོ་ན་ངེས་པར་བསྟན་པར་འགྱུར་བ་མ་ཡིན་ཞིང་ཅི་སྟེ་རང་གི་མཚན་ཉིད་དེ་ཁོ་ན་ངེས་པར་སྟོན་ན་མིང་ནི་རྣམ་པ་གཞན་གྱིས་མ་ཡིན་ནོ་ཞེས་པའོ། །སྤྱི་མ་ཡིན་ལའང་ཞེས་པའི་ཡང་གི་སྒྲ་ལས་སྤྱི་ལས་ཡང་སྟེ་མི་རྟག་པ་ལ་སོགས་པ་ལའོ། །རླུང་ལ་སོགས་པའི་རང་བཞིན་ཞེས་པ་ལ ་སོགས་པའི་སྒྲས་རྣམ་ཁའི་ལ་སོགས་པ་རྣམས་མངོན་སུམ་མ་ཡིན་པ་རྣམས་གཟུང་དོ། །ཇི་སྐད་དུ་སྨྲས་པ་ཞེས་པ་གཟེགས་ཟན་གྱིས་སོ། །མདོ་འདིའི་འབྲེལ་པ་ནི། ས་དང་ཆུ་དང་མེ་བཞིན་དུ་འཛིན་བ་མེད་པའི་ཕྱིར་ན་རེག་པ་ཙམ་རླུང་ངོ་ཞེས ་ཕ་རོལ་པོས་བརྗོད་པ་ན། །དེ་ཡོངས་སུ་སྤང་པའི་ཆེད་དུ་སྨྲས་པའོ། །མ་མཐོང་པ་ཡང་རྟགས་ལས་ཡང་དག་པར་རྟོག་པར་བྱེད་པར་འགྱུར་རོ། །ཡང་དེའི་རྟགས་ཅི་ཞེ་ན། དེ་ལྟར་བརྗོད་པར་བྱ་སྟེ་རེག་བྱ་ཡང་མཐོང་བ་རྣམས ་ཀྱི་ཡང་རིག་བྱ་མ་ཡིན་ནོ་ཞེས་དེ་མ་མཐོང་བའི་རྟགས་ཅན་རླུང་ངོ་ཞེས་པས་རེག་བྱ་ཡང་གྲང་བ་དང་དྲོ་བའི་ཁྱད་པ་བྲལ་བ་ཡང་དག་པར་ཉེ་བར་དམིགས་སོ། །ཡང་གི་སྒྲ་ལས་སྒྲ་དང་འཛིན་དང་གཡོ་བ་རྣམས་ཀྱང་ངོ། །ཤིང་མེད་པའི ་ཡུལ་རྣམས་སུ་ཀ་ཤུ་ཀཱའི་སྒྲ་ཉེ་བར་དམིགས་ཤིང་རྩམ་སོགས་པ་རྣམས་ཀྱི་བསྟན་པ་སྟེ། དེ་རྣམས་ནི་རྫས་གཞན་གྱིས་གེགས་མེད་ན། ལྕི་བ་ཉིད་ཀྱི་ཕྱིར་ལྟུང་བར་འགྱུར་ཞིང། ནམ་མཁའ་ལ་གནས་པ་ཡང་མཚོན་ཏེ། འཁྲི་ཞིང་ལ ་སོགས་པ་རྣམས་ཀྱི་གཡོ་པའོ། །འདི་ནི་མཐོང་བས་ལ་སོགས་པ་རྣམས་ཀྱི་མ་ཡིན་ཞིང། །ཡང་གི་སྒྲ་ལས་མི་མཐོང་བ་ནམ་མཁའ་ལ་སོགས་པ་རྣམས་ཀྱི་ཡང་མ་ཡིན་ནོ། །དེའི་ཕྱིར་མཐོང་བ་དང་མ་མཐོང་བ་ལ་སོགས་པ་རྣམས་ལ་མ ་མཐོང་བ་ཉིད་ཀྱི་ཕྱིར་རོ། །རེག་བྱའི་ཁྱད་པར་ནི་མ་མཐོང་བ་སྟེ། དེ་འདིའི་རྟགས་སོ་ཞེས་པས་མ་མཐོང་བའི་རྟགས་ཅན་རླུང་ངོ། །འདི་ནི་སྔར་མཐོང་བར་གྱུར་པ་ཡང་མ་ཡིན་ཏེ། དེ་ཐག་མར་རེག་བྱའི་ཁྱད་པར་གྱིས་འཛིན་པའི་ཕྱིར་རོ་ཞེས ་པ་སྤྱིའི་སྤྱོད་ཡུལ་ཅན་མ་ཡིན་པའི་རྗེས་སུ་དཔག་པར་འགྱུར་རོ། །མ་ཡིན་ཏེ་སྤྱི་གསལ་བྱེད་ཕྱིར་ཞེས་པ་ལ། དེ་ཅེས་པའི་འཆས?་རེག་བྱ་ཁོ་ན་དང་འབྲེལ་ཏེ། རླུང་ནི་མ་ཡིན་ཏེ། དེ་ཁོ་ནའི་ཕྱིར་གསུངས་པ། དེ་ནི་རླང་ལ་སོགས་པ་རྣམས་ལ ་མ་ཡིན་ཅེས་པ་ལ་སོགས་པ་སྟེ། རེག་བྱའི་སྤྱི་བརྟེན་པ་ཉིད་ནི་ཡོན་ཏན་ཉིད་ཀྱིས་གསལ་བར་བྱ་བ་སྟེ། གང་ཡོན་ཏན་ཡིན་པ་དེ་བརྟེན་པ་སྟེ། དྲི་བཞིན་རེག་བྱ་ཡང་ཡོན་ཏན་ནོ། །རེག་པ་ཉིད་སྟོན་ཅིང་ཁོ་བོ་འདི་ན་འདོད་པའོ་ཞེས་འོམ? ་ཡང་ཞེས་པ་ལ་སོགས་པས་གསལ་བར་བྱེད་དོ། །རེག་པ་ནི་མངོན་སུམ་གྱི་དོན་ཏེ། དེ་ཁོ་ན་ཡང་གཟུགས་ཀྱི་རྗེས་སུ་དཔག་པར་བྱའོ་ཞེས་སེམས་སོ། །རེས་འགའ་ཞེས་པ་གང་གི་ཆེ་རེག་བྱ་དབང་པོས་རེག་པར་བྱ་བ་མ་ཡིན་པ ་དེའི་ཚེ་ཞེས་པའི་དོན་ཏོ། །ཇི་ལྟར་མངོན་སུམ་བཞིན་མ་ཡིན་ནོ། །ཞེས་པ་སྟེ། མངོན་སུམ་ནི་ཁྱད་པར་གཞན་དུ་ཞེས་པས་དབེན་པར་གནས་པའི་ངོ་བོ་ཁོ་ནས་རེག་པ་ཡོངས་སུ་གཅོད་པར་བྱེད་པ། རྗེས་སུ་དཔག་པས་ནི་དྲན་པས ་དྲངས་པའི་སྔ་མ་རྗེས་སུ་མཚམས་སྦྱོར་ལས་ཏེ། དེ་འདི་དག་གིས་སྔར་ཁོ་བོ་འདི་དང་ལྷན་ཅིག་སྔར་ཉེ་བར་དམིགས་སོ་ཞེས་རེག་པའི་སྤྱི་རེག་པ་མ་ཡིན་པ་ལས་ལོག་པའོ། །དཔེར་ན་ཞེས་པ་སྔར་མཐོང་བ་རྗེས་སུ་མཚམས་སྦྱོར་བ ་ལ་དཔེ་གསུངས་པ་སྟེ། ཇི་ལྟར་གཟུགས་ནི་མངོན་སུམ་གྱིས་གཟུང་བ་ཁོ་ནའོ། །ཞེས་པས་རང་གི་མཚན་ཉིད་ཀྱི་རྣམ་པས་རྟགས་སུ་འགྱུར་བ་མ་ཡིན་ཏེ། ཁྱད་པར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ལ། འོན་ཀྱང་སྤྱིའི་རྣམ་པ་ཁོ་ནས་སྔར ་མཐོང་བ་རྗེས་སུ་བསྡུས་པ་ཏེ། དེ་ལྟར་རེག་བྱ་ཡང་སྔར་མངོན་སུམ་གྱིས་གཟུང་ངོ་ཞེས་པ་ཁོ་ནས་རང་གི་མཚན་ཉིད་རྗེས་སུ་དཔག་པར་བྱ་བ་མ་ཡིན་གྱི། འོན་ཀྱང་རྗེས་སུ་སྤྱིའི་རྣམ་པ་ཁོ་ནས་རྗེས་སུ་དཔག་པར་རུང་བས་སོ་ཞེས་སྟོན་ཏེ། ཇི་ལྟར ་མཐོང་བ་ལ་སོགས་པའི་ཐ་སྙད་ཡིན་ཞེ་ན་ཞེས་པ་གལ་ཏེ་ཇི་ལྟར་ཉམས་སུ་མྱོང་བ་ལྟར་སྨྲ་བ་དེ་ལྟ་བུའི་ཐ་སྙད་རྣམས་ནི་འཕགས་པ་རྣམས་སྦྱོར་བར་བྱེད་ལ། ཁྱོད་ཀྱི་ལུགས་ཀྱིས་མི་རང་གི་མཚན་ཉིད་ཉེ་བར་དམིགས་ནས་གཞན ་ཁོ་ན་རྗོད་པར་བྱེད་པ་རྣམས་ཀྱི་ཐ་སྙད་རྣམས་འཕགས་པ་མ་ཡིན་པར་འགྱུར་རོ། །དེ་ལས་ཀྱང་ཁས་བླངས་པ་ལ་གནོད་པའོ་ཞེ་ན། མཐོང་བ་ཞེས་པ་ལ་སོགས་པས་འདི་འཆད་པར་བྱེད་ཏེ། མཐོང་བར་བྱེད་པ་ལ་སོགས་པའི་བྱ་བའི་རྒྱུ ་མཚན་ཅན་མཐོང་བ་ལ་སོགས་པའི་སྒྲ་དེ་རྣམས་ཀྱང་རང་གི་རྒྱུ་མཚན་ཡོད་པ་ན་འཕགས་པ་རྣམས་ཀྱིས་སྦྱོར་བར་བྱེད་ལ། མེད་པ་ན་མ་ཡིན་ནོ་ཞེས་འཕགས་པའི་ཐ་སྙད་རྣམས་ཁས ་བླངས་ཤིང། རང་གི་མཚན་ཉིད་ཚད་པ་ལས་ནི་མ་ཡིན་ནོ་ཞེས་པས་ཁས་བླངས་པས་གནོད་པ་མ་ཡིན་ནོ། །ཞེས་པའོ། །འོ་ན་གང་ཞེས་པ་ལ་སོགས་པ་བསྟན་བཅོས་དང་འགལ་བ་སྨྲས་སོ། །འོ་ན་མིག་གི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ ་ཁོ་ནའི་སྐད་ཅིག་།ཡིད་ཀྱི་རྣམ་པར་ཤེས་པ་ཉམས་སུ་མྱོང་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྐད་ཅིག་གཞན་ནོ་ཞེས་སྔར་བཤད་པ་མ་ཡིན་ནམ། དེ་ཉིད་ལྟ་བུར་བཤད་པ་ཅི་ལྟར་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ་མིག་གི་རྣམ་པར་ཤེས་པས ་ཉམས་སུ་མྱོང་བ་ཁོ་ནའི་དོན་ཞེས་རང་གི་མཚན་ཉིད་ཉེ་བར་མཚོན་པ་ལྷུར་ལེན་པ་འདི་ཡིན་ཏེ། རང་གི་མཚན་ཉིད་ཁོ་ནའོ་ཞེས་པའི་དོན་ཏོ། །ཡང་ན་སྔ་མ་དང་ཕྱི་མའི་སྐད་ཅིག་དག་རིགས་མཚུངས་པ་ཉིད་ཀྱི་ཕྱིར་ཐ་མི་དད་པར ་བརྗོད་པར་འདོད་པས་འདི་ལྟར་བརྗོད་པར་འགྱུར་རོ། །ཡང་ན་ཨ་ནུའི་སྒྲ་འདི་ནི་ལྷན་ཅིག་པའི་དོན་ལ་འཇུག་ལ་བྷུ་ཏའི་སྒྲ་ཡང་སྐྱེས་པ་ལ་སྟེ། དེ་ལས་ཀྱང་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཁོ་ནའི་དོན་རྣམ་པར་ཤེས་པ ་བྱེད་དོ་ཞེས་པ་འདི་འདིར་དོན་ཡིན་ནོ་ཞེས་པས་སྐྱོན་མེད་དོ་གལ་ཏེ། དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ཉམས་སུ་མྱོང་བའི་དིང་གོས་མཚན་ཉིད་དེ་བསྟན་དུ་མེད་པ་ཡིན་ན། ཡིད་ཀྱི་སྔོན་པོ་ཡང་རྣམ་པར་ཤེས་སོ་སྔོན་པོ་ཞེས་ཀྱང་ཞེན ་ཅིང་བརྗོད་པ་དེ་ཅི་ལྟར་ཞེ་ན། དེར་ཡང་རང་བཞིན་ནོ། །ཡང་ན་དེ་ཞེས་པའི་སྒྲས་རླུང་ཁོ་ན་དང་སྦྲེལ་པར་བྱའོ་ཞེས་སྟོན་པ་གསུངས་པ། ཡང་ན་རླུང་ལ་སོགས་པའི་རང་བཞིན་རྣམས་ལ་མ་ཡིན་ནོ་ཞེས་པ་ལ་སོགས་ཏེ། འདིའི ་དོན་ནི་གང་ཡོན་ཏན་ཡིན་པ་དེ་རྫས་ལ་བརྟེན་པ་སྟེ། དྲི་བཞིན་རེག་བྱ་ཡང་ཡོན་ཏན་ཡིན་ནོ་ཞེས་པ་རང་བཞིན་ནོ། །རེག་བྱ་ཡོན་ཏན་ཉིད་ཀྱི་ཕྱིར་རྫས་ལ་བརྟེན་པ་ཉིད་དུ་རྗེས་སུ་དཔག་པ་ན། རྫས་ཉིད་ཙམ་ནི་དོན་གྱིས ་བསྒྲུབ?་སྟེ། དཔེར་ན་མིག་ལ་སོགས་པ་རྣམ་པར?་གཞན་གྱི། དོན་ཉིད་དུ་འགྲུབ་པ་ན་གཞན་ཡང་དོན་གྱིས་འགྲུབ་པ་བཞིན་ནོ་ཞེས་དགོངས་པའོ། །ཡོངས་ཀྱི་ལྷག་མ་ལས་ཞེས་པ་ཡོངས་སུ་ལྷག་མ་ལས་གྲུབ་པ་ནི་རྗེས་སུ་དཔག་པ་ཁོ ་ན་སྟེ། རྟགས་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཞེས་སེམས་སོ། །ཇི་སྐད་དུ་སྨྲས་པ་ཞེས་པ་ལ་སོགས་པ་སྟེ། རེག་བྱ་འདི་ནི་སའི་མ་ཡིན་ཏེ། དྲི་ལ་སོགས་པ་དང་ལྷན་ཅིག་སྤྱོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཆུ་དང་མེ་དག་གི་ནི་མ་ཡིན་ཏེ། ་ངོ་བོ་མེད་པ་དང་གྲང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་མ་མཐོང་བ་རྣམས་ཀྱི་ཡང་མ་ཡིན་ཏེ། དེ་རྣམས་ནི་རེག་བྱ་དང་ལྡན་པ་ཉིད་ན་བུམ་པ་ལ་སོགས་པ་དེར་སོ་སོར་ཐོགས་པར་འགྱུར་རོ། །ཡིད་ཀྱི་རྗེས་སུ་དཔག་པར ་བྱ་བའི་ཡོན་ཏན་ཉིད་ཀྱི་ཕྱིར་འདིའི་རྗེས་སུ་དཔག་པར་བྱ་བའི་ཡོན་ཏན་དག་རྡུལ་སྙེད་ཉིད་དང་གཅིག་ཉིད་ཀྱང་མ་ཡིན་ནོ། །འདི་ནི་མངོན་སུམ་ཡིན་ལ། རྟེན་མེད་པའི་ཡོན་ཏན་ཡང་དག་པར་ཡོད་པ་མ་ཡིན་ཏེ། དེ་ལས་ཡོངས་སུ་བའི། ་ལྷག་མ་ལས། རེག་བྱ་འདི་ནི་རླུང་ཁོ་ནའོ་ཞེས་པ་འདི་ནི་ཡོངས་སུ་ལྷག་མ་ལས་གྲུབ་པའོ། །དེ་ཡོད་པར་མ་གྲུབ་པའི་ཕྱིར་ཞེས་པ་དེའི་སྒྲས་རླུང་དང་འགྲེལ་པ་སྟེ། གང་གི་ཕྱིར་གཞན་རྣམས་ལ་གང་གི་མི་སིང་ཅིང། ་དེ་ཡོད་པ་ཉིད་དུ་གྲུབ་པ་ཅན་ལ་འདིའི་ཡོད་པ་ཉིད་ཡོད་པ་དག་པར་འབྱུང་བར་བྱ་ན། གང་གི་ཡོད་པ་ཉིད་མ་གྲུབ་ན། དེ་ལ་ཡོངས་སུ་བའི་ལྷག་མ་ལས་དེ་ཡོད་དོ་ཞེས་ཡང་དག་པར་འབྱུང་བཅི་ལྟར་ཏེ། གང་གི་ཚེ་དེར་ཉེ་བའི ་སྐྱེས་བུ་གཞན་གྱིས་བྱ་བ་འདིས་བྱས་པ་མ་ཡིན་ནོ་ཞེས་ཡང་དག་པར་འབྱུང་བ་ནི་དེའི་ཚེ་མོ་གཤམ་གྱི་བུ་ཡིས་ཡོངས་སུ་བའི་ལྷག་མ་ལས་འདི་བྱས་སོ། །ཞེས་ཡང་དག་པར་འབྱུང་བར་རིགས་པ ་མ་ཡིན་གྱི། དེ་རྣམས་ཁོ་ན་ལ་ནི་འདི་སུས་བྱས་ཞེས་ཐེ་ཚོམ་དུ་འགྱུར་རོ། །དགག་པ་མཚུངས་པ་ཉིད་ཀྱི་ཕྱིར་ཡང་ཞེས་པ། དེ་ཡོད་པ་ཉིད་དུ་གྲུབ་ན་ཡང་དགག་པ་མཚུངས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་རིགས་པ་མ་ཡིན ་ཏེ། ཇི་ལྟར་རེག་བྱ་འདིས་ལ་སོགས་པ་རྣམས་ལ་མཆོག་ཏུ་མཐོང་བ་མ་ཡིན་ནོ། །ཞེས་པས་དེ་རྣམས་ལ་འགྱུར་བ་མ་ཡིན་པ། དེ་ལྟར་རླུང་བལ་ཡང་སྔར་མཐོང་བ་མ་ཡིན་ནོ་ཞེས་པས་དེ་ལ་ཡང་མི་འགྱུར་རོ། །དེ་ལྟ་ན་ཡང་རླུང ་ཡོངས་སུ་བའི་ལྷག་མ་ལས་གྲུབ་པ་ལྟར་ཞེ་ན། གསུངས་པ། གྲུབ་པ་ན་ནི་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་སྐྱེ་བ་དང་ལྡན་པ་བུམ་པ་ལ་སོགས་པ་རྣམས་ཡོད་པ་ཉིད་དུ་གྲུབ་པ་དེ་ལྟར་གལ་ཏེ་རླུང་ལ་སོགས ་པ་ཤེས་འདོད་དང་ལྡན་པ་རྣམས་ཀྱི་ཡོད་པ་ཉིད་དུ་གྲུབ་པར་འགྱུར་པ་དེ་ལྟར་ན་ནི་གཏན་ཚིགས་གྲུབ་པ་ཉིད་ཐོབ་ཀྱི། རྣམ་པ་གཞན་དུ་ན་མ་ཡིན་ནོ། །དགག་པ་མི་སྲིད་པ་ན་ཡང་ཞེས་པ། དེ་རྣམས་ཡོད་པར་གྲུབ་ན་ཡང ་གལ་ཏེ་ཆོས་དེ་ཚད་མས་གནོད་པས་མེ་ལ་གྲང་བ་ཉིད་ལྟ་བུ་ཡིན་ནོ། དེ་ལྟ་ན་ཡང་མ་གྲུབ་པ་ཁོ་ནའི་གཏན་ཚིགས་སུ་འགྱུར་ལ། བཟློག་པ་ལས་ནི་གྲུབ་པའོ་ཞེས་པའོ། །དེ་ལྟར་ཇི་ལྟར་གཏན་ཚིགས་གྲུབ་པ་ཉིད་དུ་འགྱུར་བ་དེ ་ལྟར་བསྟན་ཏོ། །ཡོན་ཏན་གྱི་བྱེ་བྲག་དང་འབྲེལ་བ་ལས། ཞེས་པ་ཡོན་ཏན་གྱི་བྱེ་བྲག་ནི་ཆོས་ཀྱི་ཁྱད་པར་གཏན་ཚིགས་ཉིད་དུ་མངོན་པ་འདོད་པའོ། དེའི་འབྲེལ་བ་ནི་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བའོ། །ཡོན་ཏན་གྱི་སྤྱི་བོར་ནས་ཞེས་པ་ཆོས་ཀྱི་སྤྱིས་འཁྲུལ་པ་སྤངས་ནས་སོ ་ཡོན་ཏན་གྱི་བྱེ་བྲག་གིས་ཞེས་པ་ཇི་སྐད་བཤད་པ་སྒྲུབ་བྱའི་ཆོས་ཅན་ལ་གྲུབ་པའི་ཡོད་པ་ཉིད་ཅན་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་ཆོས་སོ། །རྫས་ཀྱི་བྱེ་བྲག་རྗེས་སུ་དཔོག་པར་བྱེད་ལ་ཞེས་པ་ཡོངས་སུ་བའི་ལྷག་མ་ལས་རླུང་རྗེས་སུ་དཔོག ་བར་བྱེད་ཅེས་པའི་དོན་ཏེ། །དེར་ཡང་སྤྱིའི་རྣམ་པ་ཞེས་རིག་པར་བྱའི། །རང་གི་ངོ་བོས་ནི་མ་ཡིན་ཏེ། གང་གི་ཕྱིར་སྔར་ཁོ་ནར་རྗེས་སུ་དཔག་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་བཀག་པས་སོ་བྱེ་བྲག་སྨོས་པས་ནི་སལ ་སོགས་པའི་རྫས་བསལ་བའི་དོན་དུའོ། །དེ་ལ་འདི་ནི་སྦྱོར་བ་སྟེ། གང་ཞིག་གང་ལས་གྲུབ་པའི་ཡོད་པ་ཉིད་ལས་གཞན་རྣམས་ལ་མི་སྲིད་པའི་དངོས་པོའི་ཆོས་ཡིན་ཞིང་དེ་ལ་ཡང་ཚད་མས་མི་གནོད་པ་དེ་དེ་ཡིད ་འགྱུར་ཏེ། དཔེར་ན་སྐྱེ་བ་དང་ལྡན་པ་རྣམས་ལས་གྲུབ་པའི་ཡོད་པ་ཉིད་རྣམས་ལས་གཞན་རྣམས་ལ་མི་སྲིད་པ་མི་རྟག་པ་ཉིད་དངོས་པོའི་ཆོས་ཡིན་ཞིང། དེ་ལ་ཚད་མས་མི་གནོད་པ་དེ་དེ་རྣམས་ཀྱིར་འགྱུར་བ་བཞིན། དྲོ ་བ་ཡང་མ་ཡིན། གྲང་བ་ཡང་མ་ཡིན་པའི་རེག་བྱ་ཡང་རླུང་ལས་གྲུབ་པའི་ཡོད་པ་ཉིད་ལས་གཞན་རྣམས་ལ་སྲིད་པ་མ་ཡིན་པའི་དངོས་པོའི་ཆོས་ཡིན་ཞིང་དེ་ལ་ཡང་ཚད་མས་གནོད་པ་མེད་པའོ། །ཞེས་རང་བཞིན་ནོ། ། ་དེ་ལྟར་རེག་བྱ་ཡོངས་སུ་བའི་ལྷག་མ་ལས་རླུང་དང་འབྲེལ་པ་ཉིད་དུ་གྲུབ་ན། རླུང་ཡུལ་གྱི་ཁྱད་པར་འམ་དུས་ཀྱི་བྱེ་བྲག་འབའ་ཞིག་ཏུ་འགྲུབ་པ་ཡིན་ན། ཁྱོད་ཀྱི་ལུགས་ཀྱི་ནི་དེ་རྣམས ་ཡོངས་སུ་བའི་ལྷག་མ་ལས་གྲུབ་པ་སྲིད་པ་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ། ཡོད་པ་ཉིད་ནི་མ་གྲུབ་ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཡོད་པ་ཉིད་མ་གྲུབ་ཅིང། ས་ལ་སོགས་པ་རྣམས་དང་དགག་པ ་མཚུངས་པ་ཡང་སྟེ། དེའི་ཕྱིར་ཡོན་ཏན་གྱི་བྱེ་བྲག་མེད་པ་སྟེ། ཚུལ་གསུམ་པ་ཉིད་དང་ལྡན་པའི་ཆོས་མེད་པའོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཡོན་ཏན་གྱི་བྱེ་བྲག་མེད་པའི་ཕྱིར་ན། ་དེ་ལག་ལས་རྗེས་སུ་དཔག་པ་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །དེ་ལྟར་རེ་ཞིག་མཐོང་བ་དང་མ་མཐོང་བ་རྣམས་ལས་དགག་པ་ཁས་བླངས་ནས་རྗེས་སུ་དཔག་པ་མེད་པ་བརྗོད་ཅིང། ད་ནི་དགག་པ་ཁོ་ན་མི་རིགས་སོ་ཞེས་སྟོན་པ་གསུངས ་པ། གལ་ཏེ་མ་མཐོང་བ་ཙམ་གྱིས་ཞེས་པ་ལ་སོགས་པ་སྟེ། ཙམ་སྨོས་པ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་གང་མཐོང་བ་དེ་ཁོ་ན་ལས་དངོས་པོ་མེད་པ་འགྲུབ་བོ་ཞེས་གསལ་བར་བྱེད་དོ། །འོ་ན་རེག་བྱ་དམིགས་པའི་མཚན་ཉིད ་ཀྱིར་འགྱུར་བའི་ཕྱིར་དགག་པར་རིག་པ་ཁོ་ན་མ་ཡིན་ན་མ་ཞེ་ན། རིགས་པ་མ་ཡིན་ཏེ། སྣང་བ་དང་དེའི་རང་བཞིན་ཙམ་འགོག་པ་མ་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་ནི་ས་ལ་སོགས་པའི་སྤྱི་གཟུང་ནས་དགག་པ་སྨྲས་སོ། །དེ་ལ་ཡང་ཤིང ་བལ་དང་རྡོ་བ་དང་ལོང?་ལ་སོགས་པ་རྣམས་ལ་དེ་ཡོད་ན་ཡང་རེག་པ་ཐ་དད་པ་མཐོང་བའི་ཕྱིར་རོ། །འགའ་ཞིག་ཏུ་ཁྱད་པར་ཡང་སྲིད་པ་ལས་དོགས་པར་འགྱུར་བའི་ཕྱིར་ཐམས་ཅད་དུ་མ་མཐོང་བ་ཙམ་གྱིས་དགག་པར་རིགས་བ་མ་ཡིན་ནོ ་མ་མཐོང་བ་རྣམས་ལས་ཀྱང་རིགས་པ་མ་ཡིན་ནོ། །ཞེས་སྟན་པ་གསུངས་པ། མ་མཐོང་བ་རྣམས་ལས་ནི་མ་ཡིན་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲོ་ནི་བསྡུ་བ་ལས་ཏེ། ངེས་པར་འཛིན་པ་ལ་ཡང་ནའོ། ། ་ཡུལ་ཅན་མ་ཡིན་པ་རྣམས་ནི་ཐོགས་པ་མེད་པའི་ཕྱིར་རོ། །ཅེས་པ། ཐོགས་པའི་འདི་དགག་པར་འགྱུར་ཞིང། །དེ་ལས་བཟློག་པའི་དངོས་པོའི་ཡང་སྒྲུབ་པ་སྟེ། གལ་ཏེ་དགག་ན་ནི་མངོན་པར་བཅོམ་པ ་དང་རེག་བའི་ཁྱད་པར་དག་ལས་འབྲས་བུ་དང་རྒྱུའི་དངོས་པོ་འམ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་བརྗོད་པར་བྱ་བ་མ་ཡིན་ཏེ། གང་ལས་རྒྱུ་དང་ཁྱབ་པར་བྱེད་པ་དང། ལྡོག་པ ་དག་ཁོ་ན། རང་དང་འབྲེལ་པའི་འབྲས་བུ་དང་ཁྱབ་བྱ་དག་ལྡོག་པར་བྱེད་པའོ། །གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང། འབྲས་བུ་དང་རྒྱུ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད ་པའི་དངོས་པོ་དག་ཀྱང་མི་འགྲུབ་པའི་ཕྱིར་ཏེ། །མངོན་པར་བཅོམ་པ་མེད་ཀྱང་རེག་བྱའི་ཁྱད་པར་ཡོད་པའི་ཕྱིར་དང། དོན་གཞན་ཉིད་ཀྱི ་ཕྱིར་ཡང་ངོ། །ཅི་སྟེ་ལུས་དང་ལྡན་པ་མ་ཡིན་པ་རྣམས་ཀྱི་མངོན་པར་བཅོམ་པ་མ་ཡིན་པ་ཞེས་བྱ་བ་དངོས་པོ་ཁོ་ན་བརྗོད་པར་བྱ་བ་སྟེ། མ་ཡིན་པར་དགག་པའི་ཚུལ་གྱིས་སོ། །ཞེ ་ན། དེའི་ཕྱིར་ཚེ་དེ་ནམ་མཁའ་ལ་སོགས་པ་རྣམས་དང་འབྲེལ་པར་བསྒྲུབ་པར་བྱ་ཞིང། རེག་པའི་ཁྱད་པར་དང་ཡང་འགལ་བ་སྟེ། རྣམ་པ་གཞན་དུན་ཅི་ལྟར་དེ་དང་འབྲེལ་བ་མེད་ཅིང་མི ་འགལ་བས་དེ་ངེས་དེར་འགོག་།ཧ་ཅང་ཐལ་བ་ཡང་ནའོ། །དེ་ལ་རེ་ཞིག་འབྲེལ་པར་མི་འགྲུབ་སྟེ། དེ་ལྟར་ནི་དེ་རྣམས་ལ་འཇུག་པ་འབྲེལ་པར་འགྱུར་བ་འམ། ཡང་ན་དེས ་བསྐྱེད་པར་བྱ་བ་ཉིད་ཡིན། རེ་ཞིག་འཇུག་པ་འགྲུབ་པ་མ་ཡིན་ཏེ། དེ་རྣམས་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་ལས་འདས་པ་རྣམས་ལ་འགའ་ཞིག་གི་ཡང་འཇུག་པ་ཉེ ་པར་དམིགས་པ་མ་ཡིན་པས་སོ། །ཉེ་བར་དམིགས་པ་མེད་པར་ཡང་འདི་འདིར་འཇུག་གོ་།ཞེས་ངེས་པར་ནུས་པ་མ་ཡིན་ནོ། །དེས་བསྐྱེད་པར་བྱ ་བ་ཉིད་ཀྱང་གྲུབ་པ་མ་ཡིན་ཏེ། ལྡོག་པ་མི་འགྲུབ་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཙམ་ལས་རྒྱུའི་ནུས་པ་རྟོགས་པ་མ་ཡིན་གྱི། འོན་ཀྱང་ལྡོག་པ་ལས་ཀྱང་སྟེ། དེ་ཡང་འདིར་ཡོད་པ ་མ་ཡིན་ནོ། །རྟག་པ་ཉིད་ཀྱི་ཕྱིར་དང་ཐམས་ཅད་དུ་སོང་བ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ལ། དེ་མེད་ན་མེད་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་མངོན་པར་བཅོམ་པ ་མ་ཡིན་པ་ཞེས་བྱ་བ་ནམ་མཁའ་ལ་སོགས་པ་དང་འབྲེལ་པ་ཅན་གྱི་དངོས་པོ་ཁོ་ན་མི་འགྲུབ་ན། ཡང་རེག་བྱའི་ཁྱད་པར་དང་འགལ་བ་ག་ལས་ཡིན། དེ་ལྟར་ནི་ཉི་མའི་འོད་ལ་སོགས ་པ་རྣམས་ལ། བུམ་པ་ལ་སོགས་པ་རྣམས་ཀྱིས་མངོན་པར་མ་བཅོམ་པ་ཡོད་ལ། འོན་ཀྱང་དེ་རྣམས་རེག་པ་དང་ལྡན་པ་རྣམས་ཏེ། དེའི་ཕྱིར་དེ་ལས་དགག་པ་མ་ཡིན་ཡོན ་ཏན་རྗེས་སུ་དཔག་པར་བྱ་བའི་ཕྱིར། ཞེས་པ་འདི་ནི་དེའི་སྐྱེས་བུ་སྟེ། ཡིད་ལ་ཡང་ཡོན་ཏན་ཉེ་བར་སྐྱེས་པ་ལྡོག་པའི་རྒྱུ་ཅན་གྱི་དྲུག་པ་སྟེ་རྗེས་སུ་དཔག་པར་བྱ་བ་ལ་བལྟོས་པ་མ ་ཡིན་ནོ། །ཡིད་ཀྱི་ཡོན་ཏན་རྣམས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་དག་གི་དོན་ཏོ། །ཡོན་ཏན་ནི་ཡོན་ཏན་ལ་བལྟོས་པའི་ཕྱིར་རྟག་པ་ཉིད་ལས་ནུས་པ་མེད་པའི་སྐྱོན་ཡང་ཡོད་པ་མ་ཡིན་ནོ། ། ་འདི་ཡང་གཏན་ཚིགས་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །དེ་ལྟར་ནི་ཇི་ལྟར་བདག་གི་ཁྱབ་བདག་ཉིད་ཅེས་བྱ་བའི་ཡོན་ཏན་རྗེས་སུ་དཔག་པར་བྱ་བ་སྟེ། འོན་ཀྱང་བདེ་བ་ལ་སོགས ་པ་རྣམས་མངོན་སུམ་ཡིན་པ་དེ་ལྟར་ཡིད་ཀྱི་རྡུལ་ཉིད་དང་གཅིག་པུ་ཉིད་ཀྱང་སྟེ། ཡོན་ཏན་གཉིས་པོ་འདི་ནི་རྗེས་སུ་དཔག་པར་བྱ་བར་འགྱུར་ལ། རེག་བྱ་ཡོན་ཏན་འདི་ཡང་མངོན་སུམ་དུ་འགྱུར་རོ། ། ་ཞེས་པ་འགལ་བ་ཅི་ཡང་མེད་དོ། །ད་ནི་གང་འདི་རིགས་པ་དེ་བསྒྲུབ་པའི་ཆེད་དུ་གསུངས་པ། འོ་ན་ཅི་ཞེ་ན། ཅེས་པ་ལ་སོགས་པ་སྟེ། ཡང་གི་སྒྲ ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །ཡང་ཅི་ལྟར་མཐོང་བ་རྣམས་ལ་ཡང་མཐོང་བའི་ཕྱིར། ཅེས་པ་འདི་བརྗོད། ཅི་ཙམ་གྱིས་ནི་རེག་པའི་ཁྱད་པར་དེ་མཐོང་བ་རྣམས་ལ་ཡང ་མཐོང་བ་མ་ཡིན་པ་ཁོ་ནའོ། །ཞེ་ན། སྐྱོན་འདི་མེད་ཏེ། མཐོང་བ་རྣམས་ལས་རེ་ཞིག་རེག་པའི་སྤྱི་སྲིད་པའི་ཁྱད་པར་མཐོང་ལ། མ་མཐོང་བ་རྣམས་ལ་ནི་དེ་ཡང་མཐོང་བ་མེད་དོ། །དེ ་འདི་སྐད་པར་འགྱུར་ཏེ། གང་ཞིག་གང་དུ་མཐོང་བའི་སྤྱི་དེ་ནི་དེར་སྲིད་པ་ཡིན་ཏེ། དཔེར་ན། སྐྱུ་རུ་ར་རྣམས་ལ་མངར་བའི་རོ་བཞིན། མཐོང་བ་རྣམས་ལ་རེག་བྱའི་ཁྱད་པར་ཡང ་མཐོང་བའི་སྤྱིའོ། །ཡང་ན་གང་དུ་མཐོང་བ་དེ་དེར་སྲིད་པའི་ཁྱོད་པར་ཡིན་ཏེ། དཔེར་ན་སྐྱུ་རུ་ར་རྣམས་ལ་རོ་བཞིན། མཐོང་བ་རྣམས་ལ་རེག་པ་ཡང་མཐོང་བ་ཞེས་པ་རང་བཞིན་དག་གོ། གཉིས་ཀ་ཡང་གནོད་བར་བྱེད་བ་མེད ་པ་ན་ཞེས་པའི་ཁྱད་པར་བལྟ་བར་བྱའོ། །རླུང་ལ་སོགས་པ་ལ་ནི་ཡོད་པའི་ཐ་སྙད་དགག་པའི་ཆེད་དུ་མི་དམིགས་པ་བརྗོད་པར་བྱའོ། །གལ་ཏེ་འདི་ལྟར་ངེས་པར་འབྱུང་བར་འོས་ན་འདི་ཁོ་ན་ལ་འདི་སྲིད་དོ། །ཅེས་པ་ཡིན་ན། ཐེ་ཚོམ་ནི་མཐོང་སྟེ། དེའི་ཕྱིར་འདི ་མཐོང་བ་རྣམས་ལ་སྲིད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། དེ་རྣམས་ཀྱི་ཡང་ཞེས་པ་ལ་སོགས་པ་སྟེ། དུ་མ་ཉིད་ཀྱི་ཕྱིར་ཐེ་ཚོམ་སྟེ། དེར་མི་སྲིད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། དེ་རྣམས་ཀྱིས་ཀྱང་རླུང་རྗེས་སུ་དཔག་པ་ཅན་ཉིད་བསལ་ལོ་ཞེས་སྟོན་པ་གསུངས་པ། ཡིད ་ཆེས་མིང་གི་སྒྲུབ་བྱེད་ཀྱིས་ཞེས་པ་ལ་སོགས་པ་སྟེ། རླུང་ནི་རྗེས་སུ་དཔག་པ་ཅན་ཉིད་དོ་ཞེས་འདིར་ལྷག་པར་གཟུང་བར་བྱ་བ་ཡང་མ་ཡིན་ཏོ། །རྫས་ཀྱི་སྤྱི་རྗེས་སུ་དཔག་པ་ཡོད་པ་ནི་ཞེས་པའི་རེག་པའི་ཡོན་ཏན་རྫས་ལ་བརྟེན་པའི་གང་ལ་ནི་འདི་བརྟེན་པའི་རྫས་ཅི་ནས་ཀྱང ་ཡོད་དོ་ཞེས་རྫས་ཙམ་རྗེས་སུ་དཔག་པའོ། །དེ་བར་ནས་ཡིད་ཆེས་པའི་མིང་གི་ཚད་མ་ཉིད་ལས་ཞེས་པ་གང་གི་ཕྱིར། ཉེས་པ་ཟད་པ་རྣམས་ཀྱིས་རྫས་ཀྱི་མིང་ཅན་དབུ་རྣམས་ཁོ་ན་བྱས་ཏེ། དེ་ལས་ལ་སོགས་པ་རྫས་བརྒྱད་རྣམས་ལ་མིང་བརྒྱད ་རྣམས་ངེས་པར་བཞག་ལ། རླུང་གི་མིང་ཅན་ཁོ་ན་ལྷག་མར་ལུས་ཏེ། གཞན་རྫས་བཅུ་ཡོད་པ་ཡང་མ་ཡིན་ནོ། དེའི་ཕྱིར་རང་གི་རེག་པ་འདི་ཡིན་པ་དེ་ནི་རླུང་ངོ་ཞེས་པའོ། །དེ་ལྟར་ས་ལ་སོགས་པ་རྣམས་ལས་གཞན་བའི་རྫས་བཅུ་ལ་སོགས་པ་དངས་ལ ་སོགས་པ་གཞན་པ་ཁེགས་པས་རླུང་ཡོད་པ་ཉིད་རྟོགས། །མ་ཡིན་ཐ་དད་ཀྱང་སྲིད་ཕྱིར་ཞེས་པ་སྒྲ་ལས་བྱུང་བ་ཚད་མ་གཞན་ཉིད་ཡིན་པ་དགག་པའི་ཆེད་དུ་ཚད་མ་གཞན་སྨྲ་བར་རེ་ཞིག་ལན་བཏབ་པ་སྟེ། རང་ཉིད་ནི་ལན་ཕྱི་ནས་འདེབས་བར་བྱེད་དོ། །རབ་ཏུ་གྲགས ་པའི་དབང་གིས་ཞེས་པ་སྟེ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་དག་ཡོད་པ་དང་མེད་པ་ཉིད་དག་ཉན་པ་པོ་ལ་གྲུབ་པ་ཞེས་པའི་དཔེ་མངོན་པར་མ་བརྗོད་པའོ། །དཔེ་སྨོས་པ་ན་ཡིན་ལག་ཉེ་བར་མཚོན་པའི་དོན་ཏོ། །ཡན་ལག་རྣམས་ཉེ་བར་མ་བསྟན་པ་ལས་ཞེས ་པའི་དོན་ཏོ། །ངེས་འདི་སྐད་བཤད་པར་འགྱུར་ཏེ། གང་ཡན་ལག་ཉེ་བར་མ་བསྟན་པ་དེ་རྗེས་སུ་དཔག་པ་ལས་ཐ་དད་པ་སྟེ། མངོན་སུམ་བཞིན་སྒྲ་ལས་བྱུང་བ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་ནོ། །དེ་ལྟ་ན་ཡང་ཞེས་པ་འཁྲུལ་པར་གསུངས། །དཔེ་གཅིག་གི་ཞེས་ཡན་ལག་ལྷག ་མ་ལ་བལྟོས་པས་དཔེའི་གཅིག་ཉིད། དཔེ་ལ་བལྟོས་པས་ནི་མ་ཡིན་ནོ། །དེ་ལས་དོན་འདི་སྟེ། གང་དུ་དཔེ་ཁོ་ནའི་མི་བརྗོད་པ་ཞེས་པའོ། །གཉིས་དག་གི་ཡང་ན་ཞེས་པ་ཡང་ནའི་སྒྲ་ནི་གང་གི་དོན་ཡིན་ཅིང་འཇུག་བཞིན་པའི་མ་བརྗོད་པ་སྡུད་པར་བྱེད་དེ། གསུམ་རྣམས་ཀྱི་དང་བཞི ་རྣམས་ཀྱི་དང་ལྔ་རྣམས་ཀྱིའོ། ཞེས་པའི་དོན་ཏོ། །དེ་ནས་གང་གི་ཚེ་ཡང་གཏན་ཚིགས་ཐུན་མོང་བར་བྱེད་པ་དེའི་ཚེ་ཡང་རང་གི་དོན་གྱི་རྗེས་སུ་དཔག་པས་མ་ངེས་པར་འགྱུར་རོ། །སྒྲ་ལས་བྱུང་བ་ཐལ་བར་འགྱུར་རོ་ཞེས་པ་ཕ་རོལ་པོ་ལ་སྒྲ་ལས་བྱུང་བརྒྱུད་དཔག་པ་ལས་ཐ་དད ་པར་གྲགས་ཏེ། དེས་ན་སྒྲ་ལས་བྱུང་བ་བཞིན་དུ་ཐལ་བར་འགྱུར་ཞིང། རྗེས་སུ་དཔག་པ་ལས་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏེ། སྒྲ་ལས་བྱུང་བ་ཇི་ལྟར་གྱུར་བ་དེ་ལྟར་གྱུར་པ་དེ་ཡང་འཐོབ་བོ་ཞེས་བའི་བར་རོ། །འདྲ་བའི་རྐྱེན་མེད་ཀྱང་དོན་རྟོགས་པར་བྱ་བའོ ་ཞེས་ནང་དུ་བཤད་ཟིན་ཏོ། །གཞན་རྣམས་ཟེར་ཞེས་པ་ལ་སོགས་པ་སྟེ། སྒྲ་ནི་རང་གི་ངོ་བོས་ཐ་དད་མེད་པའི་ངོ་བོ་དོན་ཁོ་ན་རྟོགས་སུ་འཇུག་སྟེ། དེ་ལྟར་དུ་བ་ལ་སོགས་པ་རྣམས་མ་ཡིན་ནོ། །དུ་བ་ལས་མེ་རྟོགས་པ་འམ་རྟོགས་སུ་འཇུག་པ་ནི་མ་ཡིན་གྱི་དུ་བའི་གཟུགས ་ཀྱིས་རྟོགས་པའམ་རྟོགས་སུ་འཇུག་གོ་ཞེས་པ་ཡང་ནའོ། །ཅི་ལྟར་དོན་ལ་རྗེས་སུ་དཔག་པ་ཡིན་ཞེས་པ། དོན་ནི་དུ་མའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྤྱི་རང་གི་ངོ་བོས་དོན་དེ་རྟོགས་པར་བྱ་འམ། འོན་ཏེ་སྤྱིའི་ངོ་བོས་ཡིན། །རྣམ་པ་ཐམས་ཅད་དུ་ནི་འཐད་པར ་སེམས་ཏེ། དེ་ལྟར་ནི་གལ་ཏེ་ཤིང་ལ་སོགས་པའི་སྒྲ་རྣམས་ཡོད་པ་ཉིད་ལ་སོགས་པ་སྤྱིའི་རྣམ་པ་ཅན་རྣམས་ཀྱིས་ཤིང་ལ་སོགས་པའི་དོན་རྟོགས་པར་བྱེད་ན། སྒྲ་ཐམས་ཅད་ཀྱི་དོན་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ། སྤྱིའི་རྣམ་པ་རྣམས་དོན་དུ་མའི་ཐུན་མོང་པ ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་ཁྱད་པར་གྱི་ངོ་བོས་ཡིན་ན། དེ་མི་རིགས་ཏེ། ཐུན་མོང་མ་ཡིན་པའི་ངོ་བོའི་སོ་སོར་རྟོགས་པ་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་རྣམ་པ་ཐམས་ཅད་དུ་སྒྲའི་དོན་ཉིད་མདོ། །ཤིང་གི་སྒྲའི་བརྗོད་པར་བྱ་བ་ནི་དོན་གཞན་དུ་འགྱུར་བ ་མ་ཡིན་ནོ་ཞེས་པ། ཇི་ལྟར་ཁྱེད་ཀྱི་སྒྲའི་དོན་གཞན་སེལ་བ་སྤྱི་ཡིན་པ་དེ་ལྟར་ཁོ་བོ་ཅག་གི་ཡང་སྟེ། འདི་ཙམ་ནི་བྱེ་བྲག་སྟེ། བདག་གིས་དེ་སྒྲའི་རྣམ་པ་ཉེ་བར་ཆགས་པར་རྟོགས་ཤེས་ཁས་བླངས་སོ། །ཞེས་སྟོན་པར་བྱེད་དོ། །ཤིང་གི་སྒྲས་བརྗོད་པར་བྱ་བ ་གང་ཡིན་པའི་དོན་དེ་བུམ་པ་ལ་སོགས་པ་གཞན་བུམ་པ་ལ་སོགས་པར་འགྱུར་བ་མིན་ཏེ། སྒྲ་གཞན་གྱི་དོན་མེད་པས་འདིར་ཤིང་གི་སྒྲའི་བརྗོད་པར་བྱ་བ་བརྟེན་པར་མཚོན་ཏོ། འདི་བཤད་པར་འགྱུར་ཏེ། དོན་གཞན་ལས་ལྡོག་པས་ཉེ་བར་མཚོན་པའི ་དངོས་པོའི་ཆ་དེ་ཁོ་ན་ཤིང་གི་སྒྲའི་དོན་ཅེས་པ་སྟེ། དེ་ཁོ་ན་དང་དེ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཡོད་པ་ཉིད་ལ་སོགས་པ་ཐུན་མོང་པའི་རྣམ་པ་རྣམས་ཀྱིས་སམ། ཐུན་མོང་མ་ཡིན་པའི་ངོ་བོ་དང་ནི་མ་ཡིན་ནོ་ཞེས་པའོ། །གཞན་རྣམས་ཀློག་པ་ནི་ཤིང་གི ་སྒྲའི་བརྗོ་པར་བྱ་བ་ནི་གཞན་གྱི་དོན་དུ་མི་འགྱུར་རོ་ཞེས་པ་སྟེ། ཤིང་གི་སྒྲཱི་བརྗོད་པར་བྱ་བའི་དོན་གང་ཡིན་པ་དེ་སྒྲ་ཚན་གྱི་དོན་དུ་མི་འགྱུར་རོ། །རྣམ་གྲངས་ཀྱི་སྒྲ་རྣམས་ནི་དོན་གཅིག་པ་ཉིད་ཀྱིས་གཞན་མ་ཡིན་པ་ཁོ་ནའོ་ཞེས་པ་བསམ་པའོ། ། ་འདིར་ཡང་ཤིང་གི་སྒྲའི་དོན་ནི་སྒྲ་གཞན་གྱི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་བསྟན་པས། སྒྲ་གཞན་གྱི་དོན་ལས་ལྡོག་པས་ཉེ་བར་མཚོན་པའི་ཤིང་ཉིད་ཙམ་ནི་ཤིང་གི་སྒྲའི་དོན་ཏོ་ཞེས་བཤད་པར་འགྱུར་རོ་ཞེས་པས་དོན་དེ་ཁོ་ནའོ། །འོ་ན་རྫས་ཀྱི་སྒྲུས ་ཀྱང་ཡལ་འདབ་ལ་སོགས་པ་དང་ལྡན་པའི་དོན་རྟོགས་པར་བྱེད་དེ། འདི་ནི་དེའི་ངོ་བོ་ཡང་མ་ཡིན་ནོ། །དེ་ལས་ཀྱང་འདྲ་བ་ཉིད་མ་ཡིན་ཡང་བརྗོད་པར་བྱ་བ་ཉིད་སྟོན་པའི་ཕྱིར་སྒྲ་འདྲ་བ་ཉིད་ཀྱིས་དོན་རྟོགས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། གལ་ཏེ་ཡང ་ཞེས་པ་ལ་སོགས་པ་སྟེ། ཡང་གི་སྒྲས་ནི་རྫས་ཀྱི་སྒྲ་རྫས་ཀྱི་བྱེ་བྲག་རྣམས་ཀྱི་འཁྲུལ་པའི་ཕྱིར་བརྗོད་པར་བྱེད་པ་མ་ཡིན་པ་ཁོ་ན་མོད། ཁས་བླངས་ནས་ལན་བརྗོད་པར་བྱའོ་ཞེས་པའི་དོན་གསལ་བར་བྱེད་དོ། །ཚུལ་བཞན་ནི་རྣམ་པ་གཞན་ཏེ། དངོས་པོ་དེ་ཁོ ་ནའི་ཆ་ཤས་འགའ་ཞིག་གོ་།དེ་དང་ལྷན་ཅིག་རྫས་ཀྱི་སྒྲའི་འདྲ་བ་ཉིད་ཡོད་པ་ཁོ་ནའི་ཞེས་པ་དགོངས་པའོ། །ཚུལ་གཞན་དེ་སང་རྫས་མ་ཡིན་པ་ལས་ལྡོག་པས་ཉེ་བར་མཚོན་པར་བྱའོ་ཞེས་བསྟན་པའི་ཆེད་དུ་འདི་བརྗོད་དེ། རྫས་མ་ཡིན་པ་ལས་ལྡོག་པས་ཞེས་པའོ། །འོ་ན་ཞེས་པ ་ལ་སོགས་པ་སྟེ། རྫས་ཀྱི་སྒྲས་རྫས་མ་ཡིན་པ་ལས་ལྡོག་པས་ཉེ་བར་མཚོན་པའི་དངོས་པོའི་ཚུལ་གཞན་རྫས་གྱི་སྒྲ་དང་འདྲ་བ་ཉིད་ཐོབ་པར་རུང་པ་རྟོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། །འོན་ཀྱང་ཤིང་གི་སྒྲའི་ཀྱང་ངོ། །དེ་ལྟར་ནི་ཤིང་རྫེས་ཞེས་བཞི་མཐུན་པ་ཉིད ་མཐོང་བས་ཏེ། དོན་ཐ་དད་པ་དག་ནི་དེ་འཐད་པ་མ་ཡིན་ནོ། །དེ་དང་ལྷན་ཅིག་དེའི་འདྲ་བ་ཉིད་འདོད་པ་མ་ཡིན་ནོ། །དེའི་ཕྱིར་སྐྱོན་དེ་ཁོ་ན་སྟེ། འདྲ་བ་ཉིད་མ་ཡིན་པ་ལ་ཡང་སྒྲའི་དོན་ཉིད་བསྟན་པའི་ཕྱིར་རོ། །རྗོད་པར་བྱེད་པ་རང་དང་འདྲ་བ་ཉིད་དོན་བརྗོད་པར་བྱེད་པ་མ་ཡིན་ནོ་ཞེས་པ་བསམ ་པའོ། །དོན་ལས་ཡིན་གྱི་སྒྲ་ལས་ནི་མ་ཡིན་ཅེས་པ་ཤིང་གི་སྒྲའི་དོན་ཁོ་ན་རྫས་མ་ཡིན་པ་ལས་རྟག་ཏུ་ལྡོག་པ་དང་མེད་ན་མི་འགྱུར་བ་ལས་དེ་རྟོགས་ཏེ། རྨོངས་བས་ནི་སྒྲ་ཁོ་ན་ལས་རྟོགས་སོ་ཞེས་སེམས་སོ་གཞི་མཐུན་པ་ཉིད་ནི་ཁྱད་པར་བཅས་པའི་ཁྱད་པར་ལ ་འཇུག་པའི་ཕྱིར་ན། ཤིང་གི་སྒྲས་རྫས་མ་ཡིན་པ་ལས་ལྡོག་པ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་ཤིང་ལ་སོགས་པའི་ཚིག་རྣམས་ཁོ་ན་ཞེས་པ་ལ་སོགས་པ་སྟེ། སུ་བའི་མཛའ་ཨི་ཚིག་རྣམས་ཁོ་ན། གལ་ཏེ་སྒྲའི་རྒྱུ་ཅན་གྱི་ཚད་མར་རྗོད་པར་བྱེད་ན་སྐྱོན་ཅན་དུ་འགྱུར་བ་མ ་ཡིན་ནོ། །དེ་ལྟར་ནི་དེ་རྣམས་ཀྱི་ཡོངས་སུ་རྫོགས་པའི་ངོ་བོའི་དོན་འདི་དེའོ། །སོ་སོར་ཞེན་པར་རུང་བ་ནི་བློ་ལ་ཡང་དག་པར་ངེས་པར་གནས་པས་སོ་ཞེས་པས། དེ་དང་ལྷན་ཅིག་ཐ་དད་མེད་པར་ཉེ་བར་བཏགས་པ་སྒྲ་ལ་སྲིད་པའོ། །མིང་གི་ཚིགས་རྣམས་ཁོ་ན་ཡོངས་སུ་རྫོགས ་པའི་དོན་མངོན་པར་བརྗོད་པར་བྱེད་པར་བཤད་པར་བྱ་བ་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཏི་དེའི་མཛའ་རྣམས་ཀྱང་ངོ། །གང་གསུངས་པ་བྱ་བ་བརྗོད་པའི་སྒྲ་རྣམས་ཀྱིས་ཀྱང་ཞེས་པ་ལ་སོགས་པ་སྟེ། བྱ་བ་བརྗོད་པའི་སྒྲ་ཀློག་གོ་འཚེ་དོ་ཞེས་པ ་འདི་ལྟ་བུ་ལ་སོགས་པ་རྣམས་ཀྱིས་སོ། །རྟགས་མེད་པ་གྲངས་མེད་པ་སྔོན་མ་དང་ཕྱི་མར་གྱུར་པའི་ཆ་ཤས་ཡོངས་སུ་མ་རྫོགས་པའི་རང་གི་ངོ་བོའི་བྱ་བ་བརྗོད་པར་བྱ་ལ་རྣམ་པ་དེ་ལྟ་བུའི་དོན་འདི་དེའོ་ཞེས་གཟུང་བ་མེད་པ་ནི་བློས་ཐ་མི་དད་པར་ཉེ་བར་གདགས ་པ་བྱ་བར་ནུས་པ་མ་ཡིན་ཞིང། ཡོངས་སུ་རྫོགས་པའི་ངོ་བོའི་སྒྲའི་བདག་ཉིད་ནི་བསྒྲུབ་པར་བྱ་བཞིན་པའི་རྣམ་པ་ཉིད་དུ་སོ་སོར་རྟོགས་པར་བྱེད་པ་ཡང་མ་ཡིན་ནོ། །གང་རྣམས་ཀྱི་དག་ཁོ་ན་སྒྲ་ཡིན་པ་ཞེས་པ་དེས་དོན་སྒྲོགས་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དག ་ཁོ་ན་སྒྲ་ཡིན་ན། ཚིག་རྣམས་ཉེ་བར་བླང་བ་དོན་ཅི་ཞེ་ན། དེ་རྟོགས་པའི་ཐབས་ཀྱང་ཞེས་པ་ལ་སོགས་པ་སྟེ། དེ་ཚོགས་པའི་བདག་ཉིད་ཀྱི་ཕྱིར་ནང། དཔེར་ན་ཚིག་རྣམས་ཀྱི་ཡི་གེ་རྣམས་བཞིན་ཞེས་སེམས་སོ། །དེ་རྣམས་ཀྱི་མེད་ཅེས་པ་ལ་སོགས་པ ་སྟེ། ངག་གི་དོན་ནི་ཕྱི་རོལ་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་དང་འབྲེལ་པའི་བདག་ཉིད་དུ་འགྱུར་རམ། སྒྲུབ་པར་བྱེད་པའི་ནུས་པ་ངེས་པར་ཞུགས་པས་རྗེས་སུ་བཟུང་བ་ཆ་ཤས་མེད་པའི་བྱ་བའམ། སོ་སོར་སྣང་བའི་མཚན་ཉིད་གཞན་ཡིན། འདི་གསུམ ་ཀ་ཡང་ཡོད་པར་གྱུར་པ་མ་ཡིན་པ་ཉིད་ན། འདི་དེའོ་ཞེས་སོ་སོར་ངོ་ཤེས་པ་ལས་ཤིན་ཏུ་འདས་པ་ཡིན་ནོ། །དེ་ལྟར་གྱུར་པའི་དོན་གྱིས་དེ་འདིའོ་ཞེས་ཐ་མི་དད་པར་ཉེ་བར་གདགས་པར་བྱ་བར་ནུས་པ་ཡང་མ་ཡིན་ནོ་ཞེས་ཁྱད་པར་གྱི་ཅུང་ཟད་ཅེས ་པ་དཔེ་མངོན་པར་མ་བརྗོད་པ་དང། སྒྲས་ཐ་མི་དད་པ་ཉེ་བར་གདགས་པར་ནི་ཁྱད་པར་ཅུང་ཟད་དོ། །གལ་ཏེ་དེ་ལྟ་ན་ཡང་ཐ་དད་པ་མ་ཡིན་ན་ཁྱོད་ཀྱི་རླུང་ལ་སོགས་པ་རྣམས་ཀྱི་ལུང་ལས་བྱུང་བ་ཉིད་དུ་བསྒྲུབ་པར་བྱེད་པས་རང་གི་མཚན་ཉིད་ཀྱི་ཡུལ ་ཅན་ཉིད་དུ་སྒྲ་ལས་བྱུང་བསྒྲུབས་ཏེ། དེ་ལྟར་གྱུར་ན་ལུང་དང་རྗེས་སུ་དབང་བ་དག་ཐ་མི་དད་པའི་ཕྱིར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་གྲུབ་བོ་ཞེ་ན་གསུངས་པ། དེ་ལ་སྒྲ་དང་བྲལ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞེས་པ་བསྟན་བཅོས་ལ་ཏེ། བསྟན་བཅོས་ཀྱི ་རྒྱུ་མཚན་ཅེས་པའི་དོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། ཁྱེད་ཀྱིས་བསྟན་བཅོས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཞེས་ཁས་བླངས་ཏེ། དེ་ལས་གང་འདི་རྗེས་སུ་དཔག་པ་རེག་བྱ་ཡང་མཐོང་བ་རྣམས་ཀྱི་འདི་རེག་བྱ་མ་ཡིན་ནོ་ཞེས་པ་ལ་སོགས་པས་ཉེ་བར ་བཀོད་པ་འདི། ཁྱེད་ཀྱི་བསྟན་བཅོས་ཀྱི་རྒྱུ་མཚན་ཁོ་ན་ལས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པར་བརྗོད་དེ། ལུང་ལས་གྲུབ་པ་ཉིད་ནི། ཁྱེད་རྣམས་ཁོ་ན་ལ་སྨྲས་པ་ན། རང་ལ་གྲགས་པ་ནི་མ་ཡིན་ནོ་ཞེས་པའོ། །ཅི་ལ་བསམས་ནས་འདི་བརྗོད་ཅེས་གསུངས་པ། ་སྒྲ་དང་བྲལ་བའི་རྟགས་ལ་མངོན་པར་བསམས་ནས་ཞེས་པ་སྟེ། ལུང་ཞེས་བྱ་བའི་སྒྲ་དོར་བ་ནི་འདི་ཡིན་ཅིང་རྟགས་ནི་རེག་པ་ཞེས་བྱ་བ་སྟེ། དེ་ལ་བལྟོས་པ་ཁོ་ནས་གང་ལས་རླུང་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་དེའོ། །དེ་ལྟར་ཁྱོད་ཀྱིས་ཁས་བླངས་པའི ་བསྟན་བཅོས་ཀྱི་དབང་ལས་ཅི་ཡང་མི་བྱེད་པའི་རྟགས་ལ་བསམས་ནས་དེ་ལས་སྐྱེས་པའི་རྗེས་སུ་དཔག་པ་འདི་ཁོ་བོ་ཅག་གིས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པར་བརྗོད་ཀྱི། རང་ཉིད་རླུང་ལ་སོགས་པ་རྣམས་ལུང་ལས་གྲུབ་པ་ཉིད་དུ ་འདོད་པས་ནི་མ་ཡིན་ནོ་ཞེས་པས་བཙད་པར་བྱ་བ་མ་ཡིན་ནོ། །དེ་ལྟ་ན་འོ་ན་སྒྲ་ལས་བྱུང་བ་ལས་ཇི་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འགྱུར་པ་མ་ཡིན་པ་དེ་ལྟར་བསྒྲུབ་པར་བྱ་བ་ཉིད་དེ་ཅེས་པ་འདིའི་ཕྱིར། བསྒྲུབ་པར་བྱ་བའི་ཆེད་དུ་གསུངས་པ། སྒྲ་ལས་བྱུང ་བ་ཡང་ནི་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་མེད་པ་ཞེས་པ་བརྔའི་དུས་ནའོ། །སྒྲ་དང་དོན་གྱི་འབྲེལ་པ་མངོན་པར་ཤེས་པ་ནི་དོན་བརྔའི་དུས་ན་ཉམས་སུ་མྱོང་བའི་སྤྱི་ཁོ་ན་སྒྲ་ལས་རྟོགས་ཀྱི་རང་གི་མཚན་ཉིད་ནི་མ་ཡིན་ཏེ། དེ་སྔར་མཐོང་བ་མེད་པའི་ཕྱིར་རོ། །རབ་ཏུ་སྦྱོར་བའི ་དུས་ན་ཁྱད་པར་གྱི་ཡུལ་ཅན་ཉིད་ཀྱི་དོགས་པ་མི་སྲིད་པ་ཁོ་ནའོ། །བརྔའི་དུས་ན་ནི་རང་གི་མཚན་ཉིད་མངོན་སུམ་མོ་ཞེས་དེའི་ཡུལ་ཅན་ཉིད་དུ་དོགས་པ་སྲིད་དོ། །དེའི་ཕྱིར་འབྲེལ་པ་མེད་པ་ཞེས་གསུངས་སོ་མཐོང་བའི་དོན་ནི་གང་དུ་དོན་མངོན་སུམ ་གྱིས་མཐོང་བའོ། །མ་མཐོང་བའི་དོན་ནི་བཟློག་པ་ལས་སོ། །མཐོང་བའི་དོན་ལ་མིང་བྱེ་བྲག་ཏུ་རྟོགས་པ་ཞེས་པ་ནི། དཔེར་ན་འདི་པ་ནའོ་ཞེས་པ་ལྟ་བུ་འདིར་འབྲེལ་པ་བྱེ་བྲག་ཏུ་རྟོགས་པ་ཁོ་ནར་འགྱུར་རོ། །རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དོན་མངོན་གྱུར་ཡིན་པ་ཉིད་ཀྱི་ཕྱིར་རོ། ། ་མ་མཐོང་བའི་དོན་ལ་ནི་མཐོ་རིས་ལ་སོགས་པ་ལ་ཏེ། དོན་དུ་རྣམ་པར་རྟོག་པ་ཙམ་ཞེས་པ་གང་ཕྱིར་མཐོ་རིས་ལ་སོགས་པའི་སྒྲ་རྣམས་མཐོ་རིས་ལ་སོགས་པ་རྣམས་ཀྱི་བརྔའི་དུས་སམ། གཞན་གྱི་ཚེ་ཡང་རང་གི་མཚན་ཉིད་བློ་ལ་གཏོད་པ་མ་ཡིན་པས་ཏེ། དབང ་པོ་ལས་འདས་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་རྟོགས་སུ་འཇུག་པའི་བསམ་པ་ཅན་རྣམས་ཀྱི་རབ་ཏུ་སྦྱར་བ་རྣམས་ཉན་པ་པོ་ལ་སོ་སོར་སྣང་བ་མ་ཡིན་པ་དེའི་རང་བཞིན་དོན་གྱི་གཟུགས་བརྙན་འཇོག་པར་བྱེད་པ་འབའ་ཞིག་སྟེ། ལྷའི་གནས་ཀྱི ་ཁྱད་པར་འགའ་ཞིག་ཡོད་དོ། །ཞེས་པ་ལ་སོགས་པའོ། །དེ་ལྟ་ན་རང་གི་མཚན་ཉིད་རྟོགས་པར་འགྱུར་བ་མ་ཡིན་པ་སོ་སོར་རྟོགས་སུ་བཅུག་པ་ཡང་མ་ཡིན་ཏེ། མཐོ་རིས་ལ་སོགས་པ་ཐོབ་པ་ན། དེ་ཉམས་སུ་མྱོང་བ་རྣམས་ཀྱི་བཞིན་དུ་སོ་སོར་སྣང་བ་ཐ་དད་པར་ཐལ ་བར་འགྱུར་བའི་ཕྱིར་རོ། །དེའི་རང་བཞིན་སོ་སོར་རྟོགས་པ་མ་ཡིན་པ་ཡང། རྣམ་པར་རྟོག་པའི་གཟུགས་བརྙན་དེ་ལྟར་གྱུར་པ་ཁོ་ན་ལ། དེར་ལྷག་པར་ཞེན་པས་དགའ་བར་བྱེད་དེ། དེ་ལྟར་གྱུར་པ་ཁོ་ན་ལས་སྒྲའི་དོན་རྟོགས་པའི་ཕྱིར་རོ། །འདིར་ཡང་འབྲེལ་པ ་མེད་པ་ཞེས་པ་འདི་བལྟོས་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་མཐོང་བའི་དོན་རྣམས་ཁོ་ན་ལའོ། །དེ་ལ་ནི་ཁྱད་པར་མཐོང་བ་ཉིད་ཀྱི་ཕྱིར་དེ་བརྗོད་པར་བྱ་བ་ཉིད་ཁོ་ནར་དོགས་པར་འགྱུར་རོ། །དེའི་ཕྱིར་དེ་བཟློག་པའི་ཆེད་དུ་མིང་བྱེ་བྲག་ཏུ་རྟོགས་པ་ཞེས་བཤད་དོ། །འོ་ན ་ཅི་ལྟར་དེ་རྗེས་སུ་དཔག་པ་ཡིན་ཞེ་ན་ཞེས་པ་ཡང་ལུང་ལས་སྐྱེས་བུ་ལ་ཉེ་བར་མཁོ་བའི་དོན་དབང་པོ་ལས་འདས་པ་ངེས་པར་བྱས་ནས་ཇི་ལྟར་འོས་པར་གནས་པ་བསྒྲུབ་པར་བྱའོ་ཞེས་ལུང་ཚོལ་བར་བྱེད་དེ། དེ་ལས་གལ་ཏེ་དོན་རྣམ་པར་རྟོག་པ་ཙམ་དུ་འགྱུར་གྱི་དོན ་གྱི་ཁྱད་པར་རྟོགས་པར་མི་འགྱུར་ན་དེའི་རྗེས་སུ་དཔག་པ་ཉིད་ཁོ་ན་ཉམས་སོ་ཞེས་པ་བསམས་པའོ། །འོ་ན་ཡང་ཇི་ལྟར་ཡིད་ཆེས་པ་མ་ཡིན་པས་རབ་ཏུ་སྦྱར་བའི་སྒྲ་རྣམས་ནི་བརྗོད་པར་འདོད་པའི་མཚན་ཉིད་གྱི་དོན་ཙམ་གང་ཡིན་པ་དེ་ཚིག་ལས་རྗེས་སུ་དཔག་པ ་ཉིད་ཡིན་གྱི། ཕྱི་རོལ་གྱི་དོན་རྗོད་པར་བྱེད་པ་ལས་ནི་མ་ཡིན་པ་དེ་ལྟ་ཡི་ཆེས་པས་རབ་ཏུ་སྦྱར་བ་རྣམས་ཀྱང་འགྱུར་རོ་ཞེ་ན་བཤད་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་བསམས་པ་སྟེ། ཡིད་ཆེས་པའི་ཚིག་ནི་བརྗོད་པར་འདོད་པའི་དོན་ཙམ་ལ་ཚད་མ་ཉིད ་དུ་འདོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་དོན་ལ་ཡང་སྟེ། རྣམ་པ་གཞན་དུ་ན་དེ་དང་ཡིད་ཆེས་པ་མ་ཡིན་པའི་ཚིག་ལ་ཁྱད་པར་ཅིར་འགྱུར། དེའི་ཕྱིར་ཡིད་ཆེས་པས་རབ་ཏུ་སྦྱར་བའི་མཐོ་རིས་ལ་སོགས་པའི་སྒྲ་རྣམས་ཀྱིས་དོན་ཙམ་བརྗོད་པ་མ་ཡིན ་གྱིས། འོ་ན་ཅི་ཞེ་ན་འཇིག་རྟེན་པའི་སྒྲ་དང་ཐུན་མོང་མ་ཡིན་པའི་ཕྱི་རོལ་གྱི་དོན་ཡང་ངོ་ཞེས་པའོ། །རང་གི་མཚན་ཉིད་བརྗོད་པར་བྱེད་པ་ལས་ལུང་རྣམས་རྗེས་སུ་དཔག་པ་ཉིད་མ་ཡིན་གྱིའོ་ནི་ཅི་ཞེ་ན། རྣམ་པ་དེ་ལྟ་བུའི་དོན་ལ་རྣམ་པར་རྟོག་པ་ཙམ་ཉེ ་བར་སྐྱེད་པ་རྣམས་ཀྱི་སྤྱིའི་རྣམ་པས་དོན་གསལ་བར་བྱེད་པའི་ཕྱིར། དེ་ལ་ཡང་མི་བསླུ་བ་ལ་སོ་ཞེས་སྟོན་པ་གསུངས་པ། ཡིད་ཆེས་ཚིག་ནི་མི་བསླུ་བའི། སྤྱི་ལས་ཞེས་པ་ལ་སོགས་པ་སྟེ། ཡིད་ཆེས་པའི་ཚིག་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ནི་ཅིག ་ཤོས་མངོན་སུམ་དང་རྗེས་སུ་དཔག་པས་མཐོང་བའི་དོན་གྱི་ཡུལ་ཅན་གྱི་ཡིད་ཆེས་པའི་ཚིག་དང་མི་བསླུ་བར་མཚུངས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ཉིད་དོ་ཞེས་པ་དག་གི་དོན་ནོ། །འོ་ན་སྒྲ་རྣམས་དོན་རྣམས་ལ་འབྲེལ་པ་མེད་པའི་ཕྱིར་དང་སྐྱེས ་བུ་ཁྱད་པར་ཅན་ཡང་ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར། ཕྱི་རོལ་གྱི་དོན་ཚད་མ་ཉིད་ཁོ་ནར་མི་རིགས་པ་མ་ཡིན་ནམ་ཞེ་ན། འདིར་བདེན་མོད། འདི་ནི་འདིར་དགོངས་པ་སྟེ། སྐྱེས་བུ་འདི་ནི་ལུང་ཚད་མ་ཉིད་ལ་མ་བརྟེན་པར་གནས ་པར་ནུས་པ་མ་ཡིན་ཏེ། འབྲས་བུ་དབང་པོ་ལས་འདས་པ་འགའ་ཞིག་རྣམས་ཀྱིས་ཕན་ཡོན་ཆེན་པོ་དང་ངན་འགྲོ་ཐོས་པའི་ཕྱིར་དང། དེ་ཡོད་པ་ལ་འགལ་བ་མ་མཐོང་བའི་ཕྱིར་ཡང་ངོ། །དེས་ན་ཁྱབ་འཇུག་པར་བྱ་བ་ཡོད་ན། འདི་ལྟར་འཇུག་པ་མཆོག ་གོ་ཞེས་པའོ། །དེའི་ཕྱིར་ཡོངས་སུ་རྟགས་ནས་ཆད་མར་གསུངས་སོ། །དེ་ལ་སྐྱེས་བུའི་དོན་དང་ནུས་པ་དང། དེའི་ཐབས་གང་རྟོགས་པར་བྱེད་པར་ནུས་པའི་བསྟན་བཅོས་དེ་རྟགས་པར་འོས་པའི་ཕྱིར་དེ་ཁོ་ན་བརྟག་པར་བྱ་སྟེ། གཞན་ལ་གནོད་པ་མེད་པ་ཁོ་ན ་ནི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་གལ་ཏེ་བསླུ་བ་མེད་པ་ཉིད་བརྟེན་པར་གྱུར་ན་འཇུག་པ་མཛེས་སོ། །ཡིད་ཆེས་པའི་ཚིག་གཟུང་ནས་ཞེས་པ་ལ་སོགས་པ་སྟེ། ཡིད་ཆེས་པའི་ཚིག་གཟུང་ནས་མི་བསླུ་བར་རྟོགས་པའི་རྒྱུར། དེ་རྗེས་སུ་དཔག་པ་ཉིད་དུ ་གསུངས་སོ། ཅིའི་ཕྱིར་དེ་རྗེས་སུ་དཔག་པ་ཉིད་ཡིན་ཞེ་ན་དོན་ལ་མི་བསླུ་བར་མཚུངས་པ་ཉིད་ཀྱི་ཕྱིར་ནས་བཤད་པར་བྱའོ། །ཡང་འདིའི་མི་བསླུ་བ་ཅི་ཡིན་ཞེ་ན། མངོན་སུམ་དུ་མངོན་པར་འདོད་པ་རྣམས་ཀྱི་དེ་ལྟར་དངོས་པོ་དང། དེ་ལྟར་མངོན ་པར་འདོད་པ་མ་ཡིན་པ་རྣམས་ཀྱི་དངོས་སུ་མ་ཡིན་པ་ཉིད་དང། དེ་བཞིན་དུ་རྗེས་སུ་དཔག་པའི་ཡུལ་དུ་མངོན་པར་འདོད་པ་རྣམས་ཀྱི་དེ་ལྟ་བུའི་དངོས་པོ་དང། དེ་ལྟར་གྱུར་བ་མ་ཡིན་པ་རྣམས་ཀྱི་རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་ཉིད་དེ། ཡོངས་སུ ་གཅོད་པར་ནུས་པའི་ཡུལ་མ་ལུས་པ་ཡོངས་སུ་དཔག་པ་འདི་ནི་མི་བསླུ་བའོ། །དེ་དང་མཚུངས་པ་ཉིད་རྗེས་སུ་དཔག་པར་བྱ་སྟེ། མངོན་སུམ་དང་རྗེས་སུ་དཔག་པས་རྟོགས་པར་བྱ་བ་མ་ཡིན་པའི་དོན་ལ་ཡང་ཡིད་ཆེས་པའི་ཚིག་ཉིད་ཉེ་བར ་དམིགས་ནས་སོ། །གང་ཡིད་ཆེས་པའི་ཚིག་བསླུ་བ་སྟེ། དེ་ལས་གཞན་པའི་ཡིད་ཆེས་པའི་ཚིགས་བཞིན། ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཚིག་འགའ་ཞིག་ཀྱང་ཡིད་ཆེས་པའི་ཚིག་ཡིན་ནོ། །རང་བཞིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་ཡུལ་དུ་བྱེད ་པ་མ་ཡིན་ཡང་ལུང་རྣམས་ནི་དེ་ལས་གཞན་པའི་སྒྲ་བཞིན་དུ་བརྗོད་པར་འདོད་པ་ཙམ་ལ་ཚད་མ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན་དོན་ལ་ཡང་ངོ། །ཡང་ན་རྣམ་པ་གཞན་དུ་ཡིད་ཆེས་པའི་ཚིག་གི་མི་བསླུ་བ་ལས་རྗེས་སུ་དཔག་པ་ཉིད་དུ་བརྗོད་པར ་བྱ་སྟེ། སྤང་བར་བྱ་བ་དང་བླང་བར་བྱ་བ་དང་དེའི་ཐབས་རྣམས་དང་དེ་ཉེ་བར་སྟོན་པ་རྣམས་ཕྱིན་ཅི་མ་ལོག་པ་ཉིད་ནི་མི་བསླུ་བའོ། །དེ་ལྟར་འདི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཅན་རྗེས་སུ་སྒྲུབ་པར་འོས་པ་ལ་མི་བསླུ་བའི་ཕྱིར་ཡུལ་གཞན་ལ་ཡང་དེ་ལྟར་ཉིད ་དུ་ཁས་ལེན་གྱི། བསླུ་བའི་ཆེད་དུ་ནི་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་དང། འཆད་པ་པོ་དགོས་པ་མེད་པ་ལ་ཕྱིན་ཅི་ལོག་ཏུ་བརྗོད་པར་བྱེད་པ་འབྲས་བུ་མེད་པའི་ཕྱིར་རོ། །དེ་དང་འདི་རྣམ་པ་གཉི་ཀ་ལྟར་ཡང་གོ་སྐབས་མེད་པས་ལུང་རྗེས་སུ་དཔག་པ་ཉིད་དུ་ཉེ་བར ་བསྒྲུབས་ཏེ། ལུང་ལས་འཇུག་པ་ན་དེ་ལྟར་འཇུག་པ་མཆོག་གོ་ཞེས་པའོ། །རྗེས་སུ་དཔག་པ་ཉེས་པ་མེད་པ་ནི་མ་ཡིན་ཏེ། སྒྲ་རྣམས་དོན་རྣམས་དང་མེད་ན་མི་འབྱུང་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཅེས་པའོ། །འདི་ཡང་ཡིད་ཆེས་པའི་ཚིག་གཟུང་ནས་མི་བསླུ་བ་རྗེས་སུ ་དཔག་པར་བྱ་ལ་དེ་རྗེས་སུ་དཔག་པ་ན་ཕྱིས་དེ་ཁོ་ན་ལས་མི་བསླུ་བ་ལས་ཡིད་ཆེས་པའི་ཚིག་ནི་རྗེས་སུ་དཔག་པ་ཉིད་དུ་འགྱུར་རོ། །རྗེས་སུ་དཔག་པའི་སྒྲ་ཡང་འདིར་རྟགས་ལ་འཇུག་སྟེ། འདིར་རྗེས་སུ་དཔག་པར་བྱའོ་ཞེས་བྱས་ནས་སོ། །རྗེས་དཔོག་པའི་རྒྱུ་ཉིད ་ལས་ཡང་ནའོ། །ཡང་ཡིད་ཆེས་པའི་ཚིག་གི་མི་བསླུ་བ་དོན་གྱི་འབྲས་བུ་ཉིད་ཀྱི་ཕྱིར་རོ། །དེ་ཡང་རྟོགས་པ་པོའི་དོར་བྱས་པ་ལས་ཏེ། དངོས་པོའི་དབང་ལས་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་སྨྲས་པ། ཞེས་པ་འདིས་རང་གི་འདོད་པ་བསྟན་བཅོས་གཞན་དང ་སྒྲིགས་པར་བྱེད་ཏེ། ཡིད་ཆེད་པ་རྣམས་མངོན་སུམ་དུ་མཐོ་རིས་ལ་སོགས་པ་རྣམས་ཀྱི་རང་བཞིན་གཟུང་ནས་མིང་བྱེད་དོ། །མིང་གི་ལས་ནི་ཉེ་བར་མཚོན་པ་ཙམ་དུ་རིགས་པར་བྱ་སྟེ། དེ་རྣམས་ནི་ཐམས་ཅད་དུ་ཡང་དོན་མཐོང་བ་སྔོན ་མ་ཅན་ཁོ་ནར་ཐ་སྙད་བྱེད་ལ། རྣམ་པ་གཞན་དུ་ན་ཡིད་ཆེས་པ་རྣམས་ཁོ་ནར་མི་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱི་ཚིག་ཐམས་ཅད་མི་བསླུ་བ་སྟེ། དེས་ན་རྗེས་སུ་དཔག་པའོ་ཞེས་པའོ། །ཕྱོགས་འདིས་ཞེས་པ་སྟེ། གཙོ་བོ་ལ་སོགས་པ་རྣམས ་དང་དེ་རྣམས་ཀྱིས་རྟགས་འབྲེལ་པ་མ་མཐོང་བ་ཉིད་ཀྱི་ཕྱིར། གཙོ་བོ་ལ་སོགས་པ་རྣམས་ནི་ལུང་ལས་གྲུབ་པ་ཁོ་ནའོ་ཞེས་སྔར་གྱི་རྗེས་སུ་འབྲངས་ནས་བརྗོད་པར་བྱའོ།། །།རྗེས་དཔག་བྱ་དང་དེ་མཚུངས་ལའང་ཞེས་པ། ་ཨ་ཐའི་སྒྲ་ནི་སྡུད་པའི་དོན་ཅན་ཏེ། དེ་དང་མཚུངས་པ་ལ་ཡང་ཞེས་པའི་དོན་ཏོ། །དེ་མཚུངས་ལ། ཡོད་གྱུར་ནི་རྗེས་སུ་འགྲོ་བ་མཚན་པར་རིག་པ་བྱ་སྟེ། ཇི་ལྟར་བྱ་རོག་ལས་ཞོ་སྲུངས་ཤིག་ཅེས་པ་འདིར་བྱ་རིག་ནི་ཀྱི་ལ་སོགས་པ་གནོད ་བྱེད་ཐམས་ཅད་ཀྱི་ཡིན་པ་བཞིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། རྗེས་སུ་འགྲོ་བ་ནི་ཚུལ་གཉིས་པའོ་ཞེས་པའོ། །དེ་ལྟ་ན་ཡང་མཉན་པར་བྱ་བ་ཉིད་ཀྱང་མི་རྟག་པའི་གཏན་ཚིགས་ལ་ཚུལ་གསུམ་པ་ཉིད་དུ་བསྒྲུབ་པར་འགྱུར་ལ། ་རྣམ་པ་གཞན་དུ་ན་མ་ཡིན་ཏེ། དེ་ལ་དེ་དང་མཚུངས་པ་ལ་ཡོད་པར་གྱུར་པ་ཉིད་ཡོད་པ་མ་ཡིན་པས་སོ་རྗེས་སུ་འགྲོ་ནི་ཡོད་དེ་རྗེས་སུ་འགྲོ་བ་ཞེས་བྱར་ནི་རྟགས་ངལ་རྟགས་ཅན་ཡོད་པ་ཁོ་ན་སྟེ། དེ་ཡང་མཉན་པར་བྱ་བ་ཉིད་ལ་ཡང་ཡོད་དོ། །དེ་ལྟར་ནི ་གང་དུ་མཉན་པར་བྱ་ཉིད་ཡིན་པ་དེར་མི་རྟག་པ་ཉིད་དུ་འགྱུར་བ་ཁོ་ན་སྟེ། རྣམ་པ་གཞན་དུ་ནམ་ཉན་པར་བྱ་བ་ཉིད་ཁོ་ན་ཡང་མི་འབྱུང་བས་སོ་ཞེས་རྟོགས་པར་བྱེད་པར་འགྱུར་རོ། །མེད་ལ་མེད་ཉིད་པའོ་ཞེས་པ། འདིར་མེད་པའི ་སྒྲས་དེ་དང་མཚུངས་པའི་མེད་པ་བརྗོད་པར་བྱ་བ་འབའ་ཞིག་མ་ཡིན་གྱི། འོན་ཀྱང་དེ་ལས་གཞན་པ་དང་དེ་དང་འགལ་བ་ཡང་སྟེ་དེའི་རྣམ་པས་དབེན་པའི་ཕྱིར་རོ་ཞེས་རིག་པར་བྱའོ། །མེད་པ་ལ་མེད་པ་ཉིད་ནི་ལྡོག་པ་ཉེ་བར་མཚོན་པར ་ཡང་བལྟ་བར་བྱའོ། །ལྡོག་པ་ཡང་ཚུལ་གསུམ་པའོ་ཞེས་པ་དག་གི་དོན་ནོ། །འདིར་ཆོས་དང་ཆོས་ཅན་འབའ་ཞིག་པ་དག་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །རྗེས་སུ་དཔག་བྱ་ཉིད་དུ་འཕད་པ་མ་ཡིན་ཞིང། ཚོགས་པ་ཡང་ཇི་སྲིད་དུ་ཆོས་མ ་གྲུབ་པ་དེ་སྲིད་དུ་མི་སྲིད་པ་ཁོ་ནའོ། །བློ་ལ་ངེས་པར་ཞུགས་པ་མ་ཡིན་པས་ནི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་དུ་རིགས་པ་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ལ་གྲུབ་ན་ནི། ཕྱིས་ཚོགས་པ་སྐྱེད་མོད། དེའི་ཚེ་ཡང་དེའི་བསྒྲུབ ་པར་བྱ་བ་ཉིད་ལྡོག་སྟེ། གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་ལ་གཏན་ཚིགས་ཡོད་པ་ཉིད་མི་སྲིད་པ་ཁོ་ནའོ། །ཞེས་འགའ་ཞིག་གི་རྩོད་པ་དོགས་པར་བྱས་ནས་སྨྲས་པ། རྗེས་སུ་དཔག་པར་བྱ་བ་ནི་ཞེས་པ་ལ་སོགས ་པའོ། །འདིར་གལ་ཏེ་ཡང་ཆོས་ཀྱི་སྒྲ་སྤྱི་སྒྲ་ཡིན་པ་དེ་ལྟ་ན་ཡང། སྒྲུབ་པར་བྱེད་པའི་སྐབས་ལས་གང་གི་དོན་དུ་གྲུབ་པར་བྱེད་པ་རྗེས་སུ་འདོད་པ་དེ་ཁོ་ན་ལ་ཉེ་བ་ལས་སོ་འཇུག་གོ་།ཡང་དེའང་ཅི་ཞེ་ན། ཤེས་པར་འདོད་པའི་བྱེ་བྲག་གི་མཚན ་ཉིད་ཅན་གྱི་ཆོས་ཏེ། ཆོས་ཅན་གྱི་ཆོས་ཤེས་པར་འདོད་པ་མེད་པ་ལ་ནི་རྟོགས་པ་དང་ལྡན་པ་སུ་ཡང་སྒྲུབ་པར་བྱེད་པ་འདོད་པ་མེད་ཏེ། དེའི་ཕྱིར་ཡོད་པ་ཉིད་དུ་སྒྲུབ་པའི་ཆོས་ཅན་ལ། གང་ལ་སྒྲུབ་པར་བྱེད་པ་དྲངས་པ་ཤེས་འདོད་དང་ལྡན ་པའི་ཆོས་དེ་ཁོ་ན་ཆོས་ཀྱི་སྒྲས་རྟོགས་པར་བྱ་སྟེ། དེས་ཁྱད་པར་དུ་བྱས་པ་ནི་དོན་གཞན་ལས་རྣམ་པར་བཅད་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཀྱང་དོན་འདི་ཁོ་ནར་འགྱུར་ཏེ། ཤེས་པར་འདོད་པས་ཁྱད་པར་དུ་བྱས་པའི་ཆོད་ཅན ་ཅེས་པའོ། །དེ་ལྟར་ནི་གང་ཤེས་པར་འདོད་པ་གང་ཡིན་པས་ཁྱད་པར་དུ་བྱས་པར་འགྱུར་བ་དེའི་ཤེས་པར་འདོད་པ་འདི་ཁྱད་པར་དུ་འགྱུར་ཏེ། ཚོགས་པ་བསྒྲུབ་བྱའོ། །ཞེས་པའི་ཚིག་ཀྱང་ཤེས་པར་འདོད་པ་ཅན་གྱི་ཆོས ་ལ་བལྟོས་པ་ཁོ་ནས་རིག་པར་བྱའོ། །དུས་ཕྱིས་ཀྱི་ཆོས་གྲུབ་པ་བསྟེན་པ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཞེས་སོ་སོར་སྟོན་པར་བྱེད་ཀྱི། རྟགས་མཐོད་པའི་དུས་ན་ཆོས་ཀྱིས་ཁྱད་པར་དུ་བྱས་པ་ཉིད་ཡོད་པ་ནི་མ་ཡིན་ཏེ། ཆོས ་ཡང་དག་པར་ཤེས་པ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གཞན་རྣམས་སོ། །ཤེས་པར་བྱེད་པ་གཏན་ཚིགས་ཀྱི་སྐབས་ཡིན་པའི་ཕྱིར་ཤེས་པ་དོན་གྱིས་འཕངས་པའོ་ཞེས་ངེས་པར་བྱས་ནས་གསུངས་པ། དེ་ལ་མཐོང་བ་ནི་ཞེས་པ་ལ ་སོགས་པ་སྟེ། དེ་ལ་ཞེས་པ་རྗེས་སུ་དཔག་པར་བྱ་བ་ལ་ལོ། མངོན་སུམ་མམ་ཞེས་པ་དུ་བ་ལ་སོགས་པ་སྟེ། དུ་བ་དང་བཅས་པའི་ཕྱོགས་དོན་གཞན་གྱིས་དབེན་པའི་ངོ་བོ་ཅན་ཐུན་མོང་མ་ཡིན་པའི་བདག་ཉིད་དུ་མཐོང་བ་ལ་ནི་མདོན ་སུམ་གྱིས་ཏེ། མངོན་སུམ་གྱི་སྟོབས་ཁོ་ནས་ཇི་ལྟར་མཐོང་བའི་ཁྱད་པར་གྱིས་ཡུལ་ཅན་གྱི་ངེས་པ་དེ་ཁོ་ན་འདིའོ་ཞེས་དྲན་པ་རྟགས་ཤེས་པ་དུས་ཕྱིས་སྐྱེའོ། །དེ་ཡང་ཚང་མ་མ་ཡིན་ཏེ། མ་རྟོགས་པར་དོན་བྱ་བར་རུང་བའི་དངོས་པོ ་རྟོགས་པ་མེད་པའི་ཕྱིར་རོ། །དང་པོ་ཁོ་ན་ནི་ཚད་མ་ཉིད་ཏེ། དེ་ལས་བཟློག་པའི་ཕྱིར་རོ། །འདི་ནི་ཚད་མའི་མཚན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ག་ལས་ཤེ་ན། དངོས་པོ་ལ་བརྟེན་པ་ཉིད་ལས་ཚད་མ་རྣམ་པར་བཞག་པའི་ཕྱིར་རོ། །དེ་ཡང ་??་ག་ལས་ཤེ་ན། དོན་དུ་གཉེར་བའི་འཇུག་པ་ནི་དོན་བྱ་བར་རུང་བའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདིས་མི་ཆོས་ཅན་དང་ཆོས་ལ་སོགས་པའི་རྣམ་པར་རྟོག་པ་ཚད་མ་ཉིད་མ་ཡིན་པར་རིག་པར་བྱའོ། །དེ་ལས་ཀྱང་གང་རྣམས ་རྟགས་ལ་སོགས་པའི་ཤེས་པ་རྣམས་མངོན་སུམ་དང་རྗེས་སུ་དཔག་པའི་ནང་དུ་མ་འདུས་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་ཉིད་དུ་ཐོབ་པ་ཞེས་རྩོད་པར་བྱེད་པ་རྣམས་བདག་ཉིད་ཀྱིས་བླུན་པོ་ཉིད་དུ་འཆད་དོ། །ཡང་ན་རྗེས་སུ་དཔག ་པ་ལས་ཞེས་པ་བྱས་པ་ཉིད་ལ་སོགས་པ་ནི....དེས་འགའ་བ་ནི་ཉིད་ལ་སོགས་པའི་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དུས་ཕྱིས་ཞེས་པ་སོ་སོར་སྦྲེལ་བར་བྱ་སྟེ། མངོན་སུམ་ལས་དུས ་ཕྱིས་མ་ཡང་ན། །རྗེས་སུ་དཔག་པ་ལས་དུས་ཕྱིས་ཞེས་པའོ། །རྗེས་སུ་དཔག་པའི་སྒྲ་ཡང་འདིར་རྟགས་ཤེས་པ་ལ་འཇུག་སྟེ། ཇི་སྐད་དུ་བཤད་པ། དེ་འདིའི་ནི་དངོས་མ་བརྒྱུད་པས་རྗེས་སུ་དཔོག་པའི་རྒྱུ་ཉིད་ཀྱི་ཕྱིར ་གཉིས་ཀ་ཡང་རྗེས་སུ་དཔག་པ་སྟེ། བྱེད་པའི་བྱེད་པ་ཅན་དུ་བྱས་ནས་སོ། །ཆོས་སྤྱིའི་ངོ་བོས་ཞེས་པ་ལ། སྤྱིའི་ངོ་བོ་སྨོས་པ་ནི་ཐུན་མོང་མ་ཡིན་པའི་ངོ་བོ་བསལ་བའི་དོན་ཏོ། །དེས་རྗེས་སུ་དཔག་པ་མི་སྲིད་པའི ་ཕྱིར་རོ། །དོན་མངོན་སུམ་ལ་སོགས་པའི་རྗེས་ལ་བྱུང་བའི་ཤེས་པས་ཡུལ་དུ་བྱ་བར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱི་ཕྱིར་དང་རྣམ་པར་རྟོག་པ་རྣམས་ཀྱང་སྐྱེའི་ཡུལ་ཅན་ཉིད་ཀྱི ་ཕྱིར་རོ། །དེའི་རིགས་ཅན་ལ་ཡང་ཞེས་པ་འདིར་ཡང་སྤྱིའི་ངོ་བོས་ཞེས་སྒྲལ་པར་བྱའོ། །འདི་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་གཞན་དུ་??་འཇུག་པ་འགལ་ལ། ཁྱད་པར་དུ་མི་བྱེད་ནའང་རྗེ་སུ་དཔག་པར་བྱ ་པའི་ཆོས་ཉིད་དུ་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། མི་ལྡན་པ་རྣམ་པར་གཙོད་པས་ཁྱེད་པར་དུ་བྱེད་པའི་ཕྱིར་ཏེ། དཔེར་ན་ནག་པ་གཞུ་འཛིན་ནོ་ཞེས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་སྒྲུབ་པར་བྱེད་པའི་ཆོས་ཀྱི ་བྱེ་བྲག་ནི་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཀྱི་དོར་ཉེ་དར་སྦྱོར་བ་མ་ཡིན་ནོ་ཞེས་པ་སྤྱི་ཁོ་ན་རྟགས་སུ་ཡོངས་སུ་བཟུང་བར་བྱ་བ། བསྒྲུབ་པར་བྱ་བའི་ཆོས་ཀྱི་ཡང་དེ་ཁོ ་ན་གཟུང་བར་བྱ་སྟེ། དེའི་ཡང་ཁྱད་པར་ནི་ཉེ་བར་སྦྱོར་བ་མ་ཡིན་པས་སོ། །སྤྱི་སྒྲུབ་པར་བྱེད་ན་ཡང་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་འདི་མེད་ཏེ། སྤྱི་ཁོ་ན་བསྒྲུབ་པར་བྱ་བ་སྟེ། མི? ་ལྡན་པ་རྣམ་པར་བཅད་པས་སོ། །གྲུབ་པ་ལ་བསྒྲུབ་པ་ཡང་མ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅོད་པ་མ་གྲུབ་པའི་ཕྱིར་རོ། །ཕྱོགས་གཅིག་སྨོས་པར་མཐུན་ཕྱོགས་ལ་མ་ཁྱབ་པ་ཡང་གཏན་ཚིགས ་ཉིད་དུ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ། རྗེས་སུ་དཔག་པར་བྱ་བ་དང་དེ་དང?་པ་དག་ལ་མཚུངས་པར་ཡོང་པར་བརྗོད་པ་ལས། གཅིག་ལ་ནི་གཏན་ཚིགས་ཐམས་ཅད་ལ ་ཡོད་པར་གྱུར་པ་སྟེ། གཞན་ལ་ནི་ཕྱོགས་གཅིག་ལ་ཡང་ཞེས་པ་འདི་ཅིའི་ཕྱིར་འཐོབ་ཅེས་འདྲི་བར་བྱེད་དོ། །དག་རྣམས་ནི་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་ཏེ། འདོད་པ་ལས་ཀྱང་ངོས ་ཕར་འཛིན་པ་ལས་འདི་འཐོབ་པོ་ཞེས་གསུངས་པ། དེ་དང་མཚུངས་པ་ཁོ་ན་ལ་ཞེས་པ་ལ་སོགས་པའོ། །འདིས་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པས་འདིར་ངེས་པར་གཟུང་བ་ལ་བརྟེན་པ་སྟེ། ་དཔེར་ན་སྲིད་སྒྲུབ་གཞུ་འཛིན་ཞེས་པ་དེ་ལྟ་བུའོ་ཞེས་སྟོན་ཏོ། །གལ་ཏེ་དེ་ལྟ་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མི་འཇུག་པར་འགྱུར་རོ་ཞེ་ན། ཆོས་གཞན་དགག་པའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལ་འཇུག་པ ་སྒྲུབ་པ་ན་སྡུད་པའི་ངེས་པར་འཛིན་པས་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན་རང་ལ་བུ་གཉིས་སྐྱེས་གྱུར་མན་ར་དང་ནི་སྲིད་མེད་ཁོ་ནའོ་ཞེས་པ་ལྟ་བུའོ། །དེ་ལྟར་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་པ་ངེས་པར་གཟུང་བ་དེ་ཁོ་ན་ལས་དེའི་དོན་རྟོགས ་པ་ཉིད་ཀྱི་ཕྱིར་རོ་ཞེས་སེམས་པའོ། །འདི་ཡང་ཞེས་པ་ལ་སོགས་པ་ལ། འདིས་ངེས་པར་བྱ་བས་ན་ངེས་པ་སྟེ། ཆོས་མཐུན་བ་ཉིད་དང་ལྡན་པ་དང་ཆོས་མི་མཐུན་བ་ཉིད་དང་ལྡན་པའི་སྦྱོར་བ་བརྗོད་པར་བྱའོ། །གང་ཕྱིར་སྦྱོར་བའི་དག་གིས་ནི་ཚད་མ་གསལ་བར་བྱེད་པས། ཅི་འདི ་བརྟག་པ་འམ་འོ་ན་ཏེ་མ་ཡིན་ཞེས་ཕ་རོལ་པོ་རྣམས་ཀྱི་ཐེ་ཚོམ་གྱི་ཁྱོགས་ལ་ཞོན་པའི་གློ་འདི་ནི་མི་རྟག་པ་ཁོ་ནའི་ཞེས་དོན་གཞན་ལས་རྣམ་པར་བཅད་ནས་མི་རྟག་པ་ཁོ་ན་ལ་རྣམ་པར་འཇོག་པར་བྱེད་ཏེ། དེའི་ཕྱིར་སྦྱོར་པ་ངེས་པའོ། །དེའི་དོན་དུ ་ཚུལ་གསུམ་པ་བཤད་པར་བྱའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཁྱབ་པ། ངེས་བ་ཅན་གྱི་ཚུལ་གཅིག་སྦྱར་བས་ཀྱང་དོན་གྱིས་གཉིས་པ་རྟོགས་པར་བྱེད་དོ་ཞེས་པས་གཅིག་ཀྱང་སྦྱོར་བར་འགྱུར་རོ་ཞེས་པའོ། །འོ་ན་རྟགས་ཚུལ་གཉིས་པ ་འཐོབ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པའི་ཕྱིར་རོ། །དེ་དག་ནི་དག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར་སྦྱོར་བ་བསྡུས་ཏེ་བརྗོད་ཀྱི་ཚུལ་བསྡུས་པ་ནི་མ་ཡིན་ནོ། །དེ་ལྟར་ནི་ཡང་ནང་དོན་གྱིས་གོ ་གས་གང་ཡང་རུང་བས་གཉིས་ཀེ་རབ་ཏུ་བསྟན་པའི་ཕྱིར་གསུངས་སོ། །དེ་ལྟར་འགྱུར་མེད། མེད་པ་ལ་མེད་པ་ཉིད་ནི་འཐད་པ་མ་ཡིན་པ་ཁོ་ན་སྟེ། མེད་པ་ནི་གཞི་ཉིད་ལ་སོགས་པར་མི་རུང་བའི་ཕྱིར་རོ། །བྱེད ་པ་ཅན་རྣམས་ནི་ནུས་པ་ལས་རབ་ཏུ་སྐྱེས་པ་ཅན་རྣམས་ཡིན་པས་ཏེ། མེད་པ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་ན། དེའི་ཕྱིར་གསུངས་པ། མེད་པ་ཁོ་ན་ལ་མེད་པ་ཉིད་ཅེས་པ་སྟེ། ཚིག་ཕྲད་རིམ་པ་ཐང་འབར ་བྱས་ལ། མེད་པ་ལ་མེད་པ་ཉིད་ཁོ་ན་ཞེས་བལྟ་བར་བྱའོ། །ཡང་ན་ཇི་ལྟར་བཀོད་པ་ཁོ་ན་འགྱུར་རོ། །འོ་ན་དེ་ལྟར་གྱུར་ན་ཡོད་བ་དང་ལྡན་པ་ལ་མེད་པ་ཉིད་ཐོབ་པ་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་ཏེ། འདིར་མེད་ལ ་མེད་ཉིད་པའོ་ཞེས་པའི་མཚན་ཉིད་ཀྱིས་ཚིག་ལ་མེད་པ་ཉིད་ཁོ་ན་ཞེས་ངེས་པར་བཟུང་བར་འདོད་པ་ཉིད་ཀྱི་ཕྱིར་མེད་པ་ཉིད་བརྗོད་པ་ནི་ངེས་པ་དང་ལྡན་པའོ། །དེའི་ཕྱིར་དེའི་དབང་དུ་བྱས་ནས་འདི་སྐད་བཤད་པའོ། །འདི་ནི་འདིའོ་དོན་ཏེ། མེད་པ་ལ་མེད་བ་ཉིད ་ཁོ་ན་ནི་དངོས་པོ་དགག་པའི་ངོ་བོར་འགྱུར་གྱི་ཡོད་བ་ཉིད་སྒྲུབ་པ་ནི་མ་ཡིན་གྱི། མེད་པ་སྒྲུབ་པ་མི་རུང་བའི་ཕྱིར་རོ། །འདི་ནི་ཚད་མའི་འབྲས་བུའོ། །གཞན་པ་ལ་མ་ཡིན་ཞེས་པ་དེ་མ་ཐག་པའི་མེད་པ་ལས་ཏེ། སྐབས་ཉིད་ཀྱི་ཕྱིར་རོ། །དེ་ལ ་བལྟོས་པས་འདིར་གཞན་པའི་དོན་བལྟ་བར་བྱའོ། །མེད་པ་ལས་གཞན་པ་ཡོད་པ་ཉིད་དང་ལྡན་པ་ལ་མེད་པ་ཉིད་ཁོ་ནར་འགྱུར་བ་མ་ཡིན་ཏེ། དེ་ལ་སྒྲུབ་པ་ཡང་སྲིད་པའི་ཕྱིར་རོ། །འདིས་ནི་ངེས་པ་དང་ལྡན་པས་མེད་པ་ཉིད་ནི་ཡོད་པ་ལ་འགོག ་པར་བྱེད་པས་ངེས་པ་དང་བྲལ་བའི་མེད་པ་ཉིད་ཡོད་དོ་ཞེས་དོན་འདི་རྟོགས་ཏེ། དགག་པ་ཁྱད་པར་ཅན་གྱིས་ནི་དེ་ལས་བཟློག་པ་རྟོག་པར་འགྱུར་རོ། །དཔེར་ན་འདི་ནི་འབྲས་བུ་ཅན་གྱི་པ་ལཱ?་ཤ་མེད་དོ་ཞེས་པ་ལྟ་བུའོ། དཔེ་འདི་ནི་ཕ་རོལ་པོ་ལ་གྲུབ ་པ་ཉིད་ཀྱི་ཕྱིར་རོ། །མེད་པ་ལ་ནི་ཕ་རོལ་བོས་མེད་པ་ཉིད་འདོད་པ་མ་ཡིན་ཞིང། །ཡོད་པ་ལ་ནི་མ་ཡིན་ནོ། །མེད་པ་ལ་ངེས་པ་དང་ལྡན་པའི་མེད་པ་ཉིད་འགྱུར་པ་རྒྱུ་ཅི་ཞེ་ན་གསུངས་པ། འགལ་བ་ལ་ཡང་མ་ཡིན་ཞེས་པ། ཞེས་པ་སྟེ། ་ཞེས་པའི་བྱེད་པ་ནི་གཏན་ཚིགས་ལའོ། །འདི་སྐད་སྟོན་ཏོ། །གལ་ཏེ་མེད་པ་ལ་དངོས་པོའི་ཆོས་འགའ་ཞིག་སྒྲུབ་ན་སྐྱོན་དུ་འགྱུར་མེད། དངོས་པོའི་ཆོས་ནི་མེད་པ་ལ་མི་སྲིད་པའི་ཕྱིར་རོ། །འདིར་ཅུང་ཟད་སྒྲུབ་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། དགག་པ ་ཙམ་དུ་བྱ་བའོ། །ཡོད་པ་མ་ཡིན་པའམ་མེད་པ་ནི་མོ་བཤམ་གྱི་བུ་ལ་སོགས་པ་མེད་པ་ཉིད་དང་འགལ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དེ་ལ་སྲིད་དོ་ཞེས་པའོ། །ཡང་མེད་པ་ཉིད་དང་འགལ་བ་མ་ཡིན་པ་འདི་ནི་དེ་ལ་སྲིད་པ་སྟེ། དཔེར་ན་མེད་པ་ལ་བཞིན་མེད་པ་ཡང ་དངོས་པོའི་ཆོས་བཀག་པའི་མཚན་ཉིད་ཅན་མེད་པ་ཉིད་དང་མི་འགལ་བའོ། །རང་བཞིན་ནོ། །གཞི་ལ་སོགས་པའི་ཐ་སྙད་ནི་དངོས་པོའི་རྒྱུ་ཅན་ཁོ་ན་མ་ཡིན་ནོ། །མེད་པ་ལ་མེད་པ་ཉིད་མེད་དོ་ཞེས་སྨྲ་བའི་ཕ་རོལ་པོས་ཀྱང་འདི་ཁས་བླངས་སོ་ཞེས་པ་དགོངས ་པའོ། ཤེས་པ་སྨོས་པ་ཞེས་པ་ལ་སོགས་སྟེ། གང་ཞིག་གིས་ཤེས་པ་གཟུང་བར་བྱ་བ་ནི་ཤེས་པ་སྨོས་པ་སྟེ། རྩོལ་བ་གཞན་པའོ། །འདི་སྐད་བཤད་པར་འགྱུར་ཏེ། ཇི་ལྟར་རྟགས་ཀྱི་ཡུལ་ཅན་གྱི་ཤེས་པ་འཐོབ་པ་དེ་ལྟར་རྩོལ་བ་གཞན་བྱ་བ ་སྟེ། གཞན་དུ་ནི་མ་ཤེས་པའི་དུ་བ་ལ་སོགས་པ་ལས་ཀྱང་བསྟན་པའི་ཡུལ་གྱི་ཁྱད་པར་དུ་མེ་ལ་སོགས་པ་ལ་རྗེས་སུ་དཔག་པར་འགྱུར་རོ་ཞེས་པའོ། །ཤེས་པའང་ཐོབ་ཅེས་པ་ལ་སོགས་པས། ཤེས་པ་ནི་ཤུགས་ཀྱི་ཕངས་པ་ཉིད་ཀྱི་ཕྱིར་དེ་ལ ་རྩོལ་བ་གཞན་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་ཏོ། །ཚུལ་རེ་རེ་དང་གཉིས་གཉིས་པའང་ཞེས་པ་ལ་སོགས་པ་སྟེ། གང་ཞིག་གི་ཚུལ་རེ་རེ་དང་གཉིས་གཉིས་དག་ཡིན་པ་དེ་དེ་སྐད་དུ་བརྗོད་དོ། །དོན་དང་འབྲེལ་བ་ལས་འདིར་སྐྱེས་པའི་རྟགས་སུ་བསྟན་ཏོ། །དོན ་གྱིས་ཞེས་བ་སྒྲ་མེད་ཀྱང་དོན་གྱིས་འཐོབ་པ་ཉིད་དུ་དོན་འདི་སྟོན་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་དོན་འདི་དོན་གྱིས་ཐོབ་པ་ཁོ་ན་ཡིན་ན། ཅིའི་དོན་དུ་བཤད་བ་བྱ་སྟེ། དོན་འདི་ཁོ་བོས་སྒྲ་མེད་ཀྱང་དོན་གྱིས་རྟོགས་སོ་ཞེས་པ། དེ་ལྟར་ཚིག་བརྗོད་པར་བྱ ་བཞིན་པ་ལ་ནི། བཤད་ཟིན་པར་ཡང་མི་འགྱུར་ཞིང། དོན་གྱིས་ཐོབ་པ་སླར་ཡང་བརྗོད་པས་རྟོགས་པར་བྱེད་པ་ནི་འབྲས་བུ་དང་ལྡན་པ་ཡང་མ་ཡིན་ནོ་ཞེ་ན། འདི་བདེན་མོང། དེ་ལྟ་ན་ཡང་བློ་ཞན་པས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་དོན་དུ ་འདི་དོན་གྱིས་ཐོབ་ཀྱང་བཤད་པར་བྱ་སྟེ། མགོ་སྨོས་པས་ཤེས་པ་ལ་བལྟོས་པས་ནི་མ་ཡིན་ནོ་ཞེས་པའོ། །འདིར་རྩོད་པ། །དེ་དང་མཚུངས་བ་ཉིད་ལ་ཡོད་པར་གྱུར་བ་ཞེས་པ་འདིས་རྗེས་སུ་འགྲོ་བ་རྟོགས་པར་བྱ་ཞིང་དེ་ཡང་ལྡོག ་པ་མེད་པར་མེད་ལ། མེད་པ་ལ་མེད་པ་ཉིད་ཅེས་པ་འདིས་ཀྱང་ལྡོག་པ་སྟེ། དེ་ཡང་རྗེས་སུ་འགྲོ་བ་མེད་པར་མ་ཡིན་ན། དེ་ཇི་ལྟར་འདི་སྐད་དུ། དེ་དང་མཚུངས་པ་ལ་ཡོད་ཅིང་དེ་མེད་པ་ལ་མེད་བ་ནི་མ་ཡིན་བ་དང། དེ་མེད་པ་ལ་མེད་ཅིང་དེ་དང་མཚུངས་པ་ལ། ཡོད་པ་ནི ་མ་ཡིན་པ་ཞེས་པ་ལ་སོགས་བ་བཤད་ཅེ་ན། སྐྱོན་འདི་མེད་ཏེ། འདི་ནི་རྗེས་སུ་འགྲོ་བའི་མཚན་ཉིད་ལྡོག་པའི་མཚན་ཉིད་རང་བཞིན་པའི་ངོ་བོའི་དབང་དུ་བྱས་ནས་བཤད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མཐུན་པའི་ཕྱོགས་ལ་ཡོད་པར་གྱུར་པ་ཙམ་དང། ་མི་མཐུན་པའི་ཕྱོགས་ལ་ཡང་མེད་བ་ཉིད་ཙམ་ངེས་པ་དང་བྲལ་བའོ། །འདུན་པ་ལས་ཀྱང་ཚིགས་རྣམས་ཀྱི་འཇུག་བ་སྟེ། དོན་ནི་ཡོངས་སུ་བརྟག་པར་བྱའོ། །འདི་ནི་འདིར་བརྗོད་བར་འདོད་པའི་དོན་ཏེ། གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡོད་པ་མ ་ཡིན་ན་ཕྱོགས་ཀྱི་ཆོས་ཉིད་ཡོད་ཀྱང་གཏན་ཚིགས་མ་ཡིན་ཞིང། གང་ལ་ཕྱོགས་ཀྱི་ཆོས་ཉིད་མེད་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་ན་ཡང་གཏན་ཚིགས་མ་ཡིན་ནོ་ཞེས་པའོ། །དེ་ཡང་རྣམ་བ་འདིས་ཀྱང་རྟོགས་པར་བྱ་བ་ནུས་པ་ཁོ་ནའོ ་ཞེས་པའོ། །ཀུན་ནས་གནས་པ་མ་ཡིན་པར་སྨྲ་བའི་དོར་སྒྲ་རྟག་རྟེ?་ལུས་ཅན་ཉིད་ཀྱི་ཕྱིར་རོ། ཞེས་པའོ། །བྱེ་བྲག་པའི་འདོད་པས་རྟག་པ་དང་ལུས་ཅན་རྡུལ་ཕྲ་རབ་ལ་བལྟོས་པས་གཅིག་པའོ། །དེ་བཞིན་ནུ་སྒྲ་རྟག་སྟེ་གཞལ་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར ་རོ་ཞེས་བ་མི་མཐུན་ཕྱོགས་ལས་ལྡོག་པའི་ཕྱིར་ཚུལ་གཅིག་བའོ། །སྒྲ་རྟག་སྟེ་ལུས་ཅན་མ་ཡིན་བ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ཚུལ་གཉིས་པ་ཐུན་མོང་བའོ། །སྒྲ་རྟག་སྟེ་མཉན་བྱ་ཉིད་ཀྱི་ཕྱིར་རོ། །ཞེས་པ་འདེ་ཐུན་མོང་མ་ཡིན་པ་ཚུལ་གཉིས་བ་སྟེ། ་གལ་ཏེ་སྒྲ་ཉིད་རྟག་པར་ཁས་མི་ལེན་ནའོ། །སྒྲ་མི་རྟག་སྟེ་མིག་གིས་གཟུང་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་བ་ཚུལ་གཉིས་པ་འདི་མ་གྲུབ་བ་སྟེ། གལ་ཏེ་རིགས་རྣམས་མིག་གིས་གཟུང་བྱར་མི་འདོད་ནའོ། །ཚུལ་མེད་པ་ཡང་ཡོད་ཏེ། འདི་ལྟ་སྟེ། སྒྲ་རྟག་སྟེ་མིག་གིས་གཟུང་བར་བྱ་བ ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་སོགས་པ་ལྟ་བུ་སྟེ། ད་ནི་ཕྱོགས་འདི་ནས་ཁོ་ནས་རྟོགས་པར་བྱའོ་ཞེས་པས་ཚིགས་སུ་བཅད་བར་མ་གསུངས་སོ། །མདོར་ནི་དེ་རེ་དང། གཉིས་གཉིས་བའང་ཞེས་པ་འདིར། །འང་གི་སྒྲས་དེ་སྡུད་པའི་དོན་ཅན་དུ་བལྟ་བར་བྱའོ། །གཞན་རྣམས་ན་རེ་ཚུལ ་མེད་པ་ཉེ་བར་མ་བཀོད་དོ། །རྟགས་ལྟར་སྣང་ལ་ཉིད་མེད་པའོ་ཕྱིར་རོ། །གང་ཕྱིར་གང་དུ་ཚུལ་གྱི་ཕྱོགས་གཅིག་བ་ཅན་ཡོད་བ་དེ་ནི་དེར་སྣང་བཞིན་པས་བློ་ཕྱིན་ཅི་ལོག་ཏུ་བྱེད་དོ་ཞེས་པས་དེ་ཁོ་ན་འདིར་བརྫོབ?་པར་བྱ་བའོ་ཞེས་ཟེར་རོ། །རྗེས་སུ་དང་ག་བར ་བྱ་བ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་བའི་ཆོས་ཅན་ནོ་ཞེས་བཤད་ཟིན་ལ། གང་རྣམས་རྣམ་པ་གཞན་དུ་འདོད་པ་དེ་རྣམས་ཀྱི་འདོད་པ་བསལ་བར་བྱ་བའི་ཆེད་དུ་དགོང་ཏེ། འདི་ལ་ནི་ཞེས་པ་ལ་སོགས་པ་སྟེ། མི་འཁྲུལ་བས་ཞེས་པ་གཏན་ཚིགས་སོ། ། ་གང་གིས་གང་ལ་མི་འཁྲུལ་པར་བརྗོད་པར་བྱ་བ་མ་ཡིན་པ་དེ་དེའི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དཔེར་ན་དུ་བའི་ཆུ་བཞིན། གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བའི་ཆོས་དང་མི་འཁྲུལ་བར་བརྗོད་བར་བྱ་བ་མ་ཡིན་ནོ་ཞེས་བ་ལྡོག་བ་ཅན་རང་བཞིན་དུ་སེམས ་སོ། །གྲུབ་ཉིད་ཕྱིར་ཞེས་པ། གང་གྲུབ་པར་བསྒྲུབས་བར་བྱ་བ་མ་ཡིན་ཏེ། དཔེར་ན་མེ་དྲོའོ་ཞེས་བ་བཞིན། ཆོས་དང་ཆོས་ཅན་འབའ་ཞིག་པ་དག་ཀྱང་གྲུབ་པའོ། །ཞེས་བ་རང་བཞིན་འགལ་བ་གསུངས་སོ། །ཆོས་ལ་གཏན་ཚིགས་གྲུབ་ན་ནི། ཞེས་པ་གང ་ཞིག་ཆོས་འབའ་ཞིག་བ་བསྒྲུབ་པར་བྱ་བར་འདོད་པ་ངེས་ནི། ངེས་བར་དེ་ཁོ་ན་ལ་རྟགས་བལྟ་བར་བྱ་སྟེ། རྣམ་པ་གཞན་དུ་ན་དེ་རྟོགས་པར་མི་འགྱུར་རོ། །གང་ཕྱིར་གཞན་དུ་རིགས་བའི་རྟགས་ཀྱིས་གཞན་རྟོགས་བར་འགྱུར་བ་ནི་མེད་དོ། །ཧ་ཅང ་འཐལ་བར་གྱུར་ན་མི་རུང་ངོ་ཞེས་པའོ། །དེ་ལས་ཀྱང་རྟགས་འཛིན་པའི་དུས་ཁོ་ན་ན་རྟགས་ཅན་ཡང་རྟོགས་པ་ཉིད་ཀྱི་ཕྱིར། གཞན་ཅི་ཞིག་རྗེས་སུ་དཔག་པར་བྱ་སྟེ། གང་གི་དོན་དུ་འབྲེལ་བ་དྲན་བྱ་བའོ། །ཅི་སྟེ་མེ་དང་འབྲེལ་བའི ་ས་ཕྱོགས་སུ་ཞེས་པའི་འབྲེལ་བ་སྨོས་པ་ནི་ཧ་ཅང་ཐལ་བ་ཡོངས་སུ་སྤང་བའི་ཆེད་དུའོ། །ཕྱོགས་དེ་ཁོ་ན་མེ་དང་ལྡན་པ་ཉིད་དུ་མི་འདོད་པ་ཅི་ཡིན་ཞེས་པའི་ཁོ་ནའི་སྒྲ་ནི་ཆོས་འབའ་ཞིག་པའི་བསྒྲུབ་པར་བྱ་བ་ཉིད་རྣམ་པར་བཅད་པའི་ཆེད་དུའོ ་དེ་ལྟར་ཆོས་འབའ་ཞིག་པ་བསྒྲུབ་པར་བྱ་བ་ཉིད་ན་རིགས་པ་མ་ཡིན་ཏེ། གལ་ཏེ་ཆོས་ཅན་འདིའི་རྟེན་འདི་དུ་འདོད་པ་མ་ཡིན་ནའོ། །གཞན་དུ་ན་ཆོས་ཅན་འགའ་ཞིག་ལ་རྟགས་ཉེ་བར་དམིགས་པ་དེར་གཞི་ལ་བརྟེན་པར་བྱ་བཞིན་པ་ཡིན་ན ་ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བར་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་འདོད་པར་བྱ་སྟེ། ངེས་པར་སྦྱོར་བ་ལས་ཀྱང་འདི་འདི་ལྟར་ཁོ་ན་ཁས་བླང་བར་བྱའོ། །ཆོས་ཙམ་བསྒྲུབ་པར་བྱ་བ་ཡིན་ན་ནའི་དི་ཡོད་པ་ཉིད་བསྒྲུབ་པར་བྱ་བར་འགྱུར་ལ། དེ་ཡང་མི་རིགས? ་ཏེ། དེ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །གང་གསུངས་པ། མེ་ཡོད་པ་ཉིད་དུ་མ་རྟོགས་པ་ནི་མ་ཡིན་ནོ་ཞེས་པའོ། །དེ་འདིས་གང་གྲུབ་པ་དེ་བསྒྲུབ་པར་བྱ་བ་མ་ཡིན། ཞེས་པ་ལ་སོགས་སོ་པ་སྔར་བཤད་པའི་རང་བཞིན་འགལ་བ་གསུངས་སོ། ། ་འབྲེལ་བ་ལ་ཡང་གཉིས་ཡོད་མིན། ཅེས་པ་ལ་གཉིས་ནི་བསྒྲུབ་པར་བྱ་བའི་ཆོས་དང་སྒྲུབ་པར་བྱེད་པའི་ཆོས་སོ། །མེ་དང་ས་ཕྱོགས་ཀྱི་ལྡན་པའི་མཚན་ཉིད་ཀྱི་འབྲེལ་བ་ལ་མེ་དང་དུ་བ་དག་ཡོད་པ་མ་ཡིན་པས་ཏེ། གལ་ཏེ་དེ་ལ་གཉིས ་མེད་པས་ཅིའི་ཕྱིར་དེ་བསྒྲུབ་པར་བྱ་བ་ཉིད་དུ་མི་འགྱུར་ཞེ་ན། གསུངས་པ། འདི་ལྟར་ཡང་བྱེད་ཅེས་པ་ལ་སོགས་པ་སྟེ། རྗེས་སུ་དཔག་བའི་དུས་ན་གང་དུ་དེ་ལ་རྗེས་སུ་དཔག་པར་བྱ་བ་ལ་མཆོག་ཏུ་སྙེག་པའི་སྒྲ་དག་གིས་རྗེ ་སུ་དབོག?་པར་བྱེད་ན། དེ་ལ་གལ་ཏེ་ས་ཕྱོགས་བསྒྲུབ་པར་བྱ་བར་འགྱུར་ན། དེ་དག་གིས་དེ་ལ་སོ་སོར་ཉེ་བར་སྦྱོར་བར་འགྱུར་ལ་གཞན་དུ་ན་རང་གི་སྒྲ་ཡིས་ངེས་པར་བསྟན་པའི་མེ་དང་དུ་བ་དག་དང་ཡུལ་ཕྱོགས་དག་ཀྱང་རྗེས་སུ་དཔག་བར་བྱ་བ་མ་ཡིན་ཏེ། ་འབྲེལ་བ་ལ་ཡང་གཉིས་ཡོད་མིན་ཞེས་པས། དེ་དག་ཡུལ་མེད་པར་འགྱུར་རོ། །དེ་འདིས་ན་གང་དུ་བ་དག་ཡོད་པ་མ་ཡིན་པ་དེ་ནི་དུ་པས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། ཆུ་བཞིན་འབྲེལ་བ་ལའང། མེ་དང་དུ་པ་དག་ཡོད་བ་མ་ཡིན་ནོ་ཞེས་པ་འགལ ་བས་ཁྱབ་པ་གསུངས་སོ། །དྲུག་བའི་སྒྲ་རུ་འགྱུར་ཞེས་པ་འབྲེལ་བ་བརྗོད་པར་འདོད་པ་ནི་མེའི་སྒྲ་དྲུག་བའི་མཛའ་ཅན་དུ་འགྱུར་ཏེ། དཔེར་ན་མེའི་རེག་པ་དྲོའོ་ཞེས་པ་འདི་བཞིན། མེ་ནི་འདིར་ཞེས་དང་པོའི་མཛའ་ཅན་དུ་ཐོབ་པས་ཏེ། དེའི་ཕྱིར་འདིར ་འབྲེལ་བ་བརྗོད་པར་འདོད་པར་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་པའོ། །འོ་ན་འདི་རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་མ་ཡིན་ནམ། དེ་ལ་དྲུག་པའི་ཐལ་བར་འགྱུར་བ་ཅི་ཡིན་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ་གཞན་གྱི་དོན་རྗེས་སུ་དཔག ་པར་དྲུག་པའི་སྒྲ་མེད་པས་འབྲེལ་པ་མེད་པ་གསལ་བར་ཉེ་བར་དམིགས་ནས་རང་གི་དོན་གྱི་རྗེས་སུ་དཔག་པར་ཡང་རྟོགས་པར་བྱེད་དོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་དུ་མེའི་སྒྲ་དང་པོའི་མཛའ་ཅན་དེར་འབྲེལ་བ་རབ་ཏུ་སྦྱོར་བ་ཅན་བརྗོད ་བར་འདོད་པ་མ་ཡིན་ཏེ། དཔེར་ན་འབྲེལ་བ་བརྗོད་པར་འདོད་པ་མེད་པ་ན་རབ་ཏུ་སྒྱར་བའི་མེའི་སྒྲ་ལ་བཞིན་འདིར་མེ་ཞེས་པ་འདིར་ཡང་མེའི་སྒྲ་ནི། །དང་པོའི་མཛའ་ཅན་ནོ་ཞེས་པ་འབྲས་བུ་དང་འགལ་བའོ། །འདིར་འགྱུར་མེད། གནས་གཞིའི ་རྣམ་པར་དབྱེ་བ་ཁོ་ནས་འབྲེལ་བ་བཤད་པ་ཡིན་ཏེ། དེས་ན་དྲུག་པར་ཐལ་བར་འགྱུར་རོ་ཞེས་པ་འདི་ག་ལས་ཤེ་ན། དེ་ལྟ་ན་གང་གི་ཚེ་སྒྲ་མི་ཞེས་པ་ཆོས་དང་ཆོས་ཅན་དག་དང་པོའི་མཛའ་ཅན་དག་གི་སྦྱོར་བ་ཡིན་པ་དེའི་ཚེ་རྟོག་པ་ཅི ་ཡིན། འདིར་མེ་ཞེས་བརྗོད་པ་ན་རྟེན་དང་བརྟེན་པའི་དངོས་པོ་བསྒྲུབ་པར་བྱ་བ་ཉིད་དུ་རྟོགས་པར་བྱ་བ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན་མེ་ཁོ་ནའོ། །འབྲེལ་བ་དེ་ཡང་ས་ཕྱོགས་སུ་བསྒྲུབ་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་ཚོགས ་པ་དེ་ཁོ་ན་བསྒྲུབ་པར་བྱ་བའོ་ཞེས་པ་འོངས་བའོ། །རང་གི་ཆོས་ཀྱིས་བརྗོད་བྱ་མིན་ཞེས་པ། འབྲེལ་བའི་ངོ་བོ་ནི་འབྲེལ་བའོ་ཞེས་དངོས་པོའི་ངོ་བོས་འབྲེལ་བ་དེ་འབྲེལ་པའི་སྒྲས་བརྗོད་པའི་ཕྱིར་དངོས་པོ་ཡང་འབྲེལ་པ་ཅན་གཞན་གྱིས་རིགས་སོ ་ཞེས་པས་འབྲེལ་བ་ཅན་གཞན་ཅི་ཞེས་བྱ་བ་སྐྱེ་ཞིང། ཅི་ཞིག་གི་འབྲེལ་བ་ཡིན་ཞེས་པའོ། །དེ་ལས་ཀྱང་འབྲེལ་པ་ཅན་ཁོ་ན་དེར་འགྱུར་རོ་ཞེས་པས་རང་གི་ངོ་བོས་འབྲལ་བ་བརྗོད་པར་བྱ་བ་མ་ཡིན་ནོ། །དི་ལྟར་རྗེས་སུ་དཔག་པར་བྱ་བ ་ཡང་མ་ཡིན་ཞེས་པས་ཁས་བླངས་དང་འགལ་བ་གསུངས་སོ། །གང་ཕྱིར་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པས་རྗེས་སུ་དཔག་བྱ་བརྗོད་བྱ་ཉིད་དུ་ཁས་བླངས་ལ། དེ་འབྲེལ་བ་རྗེས་སུ་དཔག་པར་བྱ་བ་ཉིད་ན་ཉམས་སོ། །གལ་ཏེ་སྒྲས ་བརྗོད་པར་བྱ་བར་མི་འགྱུར་ན་དེའི་ཚེ་ཅི་ལྟར་རྟོགས་པར་འགྱུར་ཞེ་ན་གསུངས་པ། དོན་གྱིས་སྨོས་གྱུར་ཞེས་པ། འདི་ན་མེ་ཞེས་མེའི་གཞིའི་དངོས་པོས་ས་ཕྱོགས་སྒྲས་རྟོགས་པར་བྱའོ། །མེ་དང་ལྡན་པ་ཉིད་ཡོད་ན་ཡང་ས་ཕྱོགས་ནི ་གཞི་བྱེད་པར་ནུས་པ་སྟེ། དེའི་ཕྱིར་དེ་ཁོ་ན་རྟོགས་པར་བྱའི། ལྡན་པ་ནི་བར་དུ་ཆོད་པ་ཅན་ཉིད་ཀྱི་ཕྱིར་རྟོགས་པ་མ་ཡིན་ནོ། །ཞེས་པས་དོན་གྱིས་སྨོས་པ་ཞེས་བརྗོད་པར་བྱ་སྟེ། གཞི་བྱེད་ནུས་པ་རང་གི་འབྲས ་བུས་དྲང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་ལྟ་ན་རྗེས་སུ་དཔག་པར་བྱ་བ་ཁོ་ནར་འགྱུར་ཞེ་ན། དུ་བ་ལ་སོགས་པའི་རྟགས་ཀྱི་བསྒྲུབ་པར་བྱ་བ་ཉིད་ལ་འཇུག་པ་ལས་འདས་པ་དེ་བརྗོད་བར་འདོད་ཀྱི། རྟགས་ཅན་མ་ལུས་པའི་བསྒྲུབ ་བར་བྱ་བ་ཉིད་ལ་འཇུག་པ་ལས་འདས་པ་ནི་མ་ཡིན་ནོ་ཞེས་པས་འགལ་བ་མེད་དོ། །གང་ཡང་འབྲས་བུ་རྗེས་སུ་དཔག་པར་བྱ་བ་ནི་འབྲེལ་བའོ། །ཞེས་བཤད་པ་དེ་རང་གི་འབྲས་བུས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་བརྗོད་ཀྱི། དུ་བ་ལ་སོགས ་པའི་རྟོགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་ན་མ་ཡིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཡང་འབྲེལ་པ་ཡོད་དུ་ཆུག་མོད། དེ་རང་གི་འབྲས་བུ་ཁོ་ནས་རྗེས་སུ་དཔག་པར་བྱའི། དུ་བ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ ་ཞེས་པའོ། །གང་གསུངས་པ། དེ་དུ་བས་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ་ཞེས་པའོ། །གཏན་ཚིགས་སྔ་མ་རྣམས་ལས་ཞེས་པ། འབྲེལ་བ་ལ་ཡང་གཉིས་ཡོད་མིན། དྲུག་པ་ཐོབ་འགྱུར་དེ་ལྔ་ན་ལའོ། །བརྗོད་བྱ་མིན་ཅེས་པ་འདི་རྣམས་ལས ་སོ། །འདི་ནི་རྟགས་དང་འབྲེལ་པའང་མིན། ཞེས་པ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲེལ་བས་རྟགས་དང་འབྲེལ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཞིག་གང་དང་མེད་ན་མི་འབྱུང་བ་ཉིད་རབ་ཏུ་བསྟན་པ་མེད་པ་དེ་ནི། དས་རྗེས ་སུ་དཔག་པར་བྱ་བ་མ་ཡིན་ཏེ། དཔེར་ན་དུ་བས་ཆུ་བཞིན་དུ་བ་ཡང་འབྲེལ་པ་དང་མེད་ན་མི་འབྱུང་བ་ཉིད་རབ་ཏུ་བསྟན་པ་མ་ཡིན་ནོ། །འགལ་བས་ཁྱབ་པའོ། །རབ་ཏུ་མ་བསྟན་པ་ནི་དོན་གཞན་ནི་དེའི་འབྲས་བུ་མ་ཡིན་པ་དང་མེད་ན ་མི་འབྱུང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་མེད་དེ་ཞེས་བ་ལ་སོགས་པས་མ་ངེས་པར་སྨྲས་སོ། །གཞན་དུ་ཞེས་པ་སྤྱི་ཡིས་ཚད་བང་ལ་སོགས་པ་ཐམས་ཅན་དུའོ། །དེའི་ཅིའི་དོན་དུ་སྟོན་པར་བྱེད་ཅེ་ན། ས་ཕྱོགས་ལ་སོགས་པ་གང་དུ ་མེ་ལ་སོགས་པ་སྒྲུབ་པར་འདོད་པ་དེ་ལ་རབ་ཏུ་གྲུབ་པའི་དུ་བ་ལ་སོགས་པའི་རྟགས་ནི་མེ་ལ་སོགས་པའི་ཚིག་གང་དེ་འདི་མེད་ན་མི་འབྱུང་བར་གྱུར་ཅིང། དེ་དང་འབྲེལ་བའི་ས་ཕྱོགས་ལ་སོགས་པའི་ཆོས་ཅན་རྟོགས་པར་འགྱུར་རོ་ཞེས་པ་འདི ་ལྟ་བུའི་དོན་ཏོ། །གང་གཞན་དུ་ཞེས་པ། དུ་བ་དང་ལྡན་པའི་ཡུལ་སྦྱོར་རོ། །དེ་གཞན་དུ་ཞེས་པ་ལ་སོགས་པ་སྟེ། གཞན་དུའི་སྒྲ་འདི་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ས་ཕྱོགས་ལ་སོགས་པ་ལ་འཇུག་གོ་།དུ་བ་ཙམ ་མཐོང་ཡང་ཞེས་པའི་ཙམ་གྱི་སྒྲ་ནི་མ་མཐོང་བ་ཅད་པའི་དོན་ཏེ། མེ་མཐོང་བ་མེད་ན་ཡང་ཞེས་པའི་དོན་ཏོ། །ཡང་ན་ཙམ་གྱི་སྒྲ་འདི་སྟོན་ཏེ། ཆོས་ཅན་རྗེས་སུ་འགྲོ་བ་བསྟན་པ་མེད་པར་ཡང་ཞེས་པའོ། །འདི་ནི་བསྡུས་པའི་དོན་ཏོ། །ཆོས་ཅན་གྱིས ་ཁྱད་པར་དུ་བྱས་པའི་ཆོས་ཅན་རྗེས་སུ་དཔག་པར་བྱ་བ་ཉིད་ན་ཡང་དུ་བ་མེ་དང་མེད་ན་མི་འབྱུང་བ་གང་ཡིན་པ་དེ་ཚང་བང་ལ་སོགས་པར་རབ་ཏུ་བསྟན་པར་བྱ་བ་སྟེ། དེ་ནིས་ཕྱོགས་མེ་དང་ལྡན་པ་ཉིད་དུ་རབ་ཏུ་སྒྲུབ་པའི་ཆེད་དུ་ཐབས་ཁོ་ནའོ་ཞེས་བྱས་ནས་སོ། ། ་དེ་ལྟར་གང་ན་དུ་བ་ཡོད་པ་དེ་ན་མེའོ་ཞེས་ངེས་པའི་ཕྱིར་རོ། །གཞན་དུ་དུ་བཙམ་མཐོང་ནས་ཡུལ་ཕྱོགས་མེ་དང་ལྡན་པར་རྟོགས་པར་བྱ་སྟེ། དེའི་ཕྱིར་ཆོས་དང་མེད་ན་མི་འབྱུང་བ་གདོན་མི་ཟ་བར་བསྟན་པར་བྱའོ་ཞེས་པའོ། །ཆོས་ཅན་དང་ནི་ཁྱད་པར ་དང་དམ་སྤྱི་དང་མེད་ན་མི་འབྱུང་བ་བསྟན་པར་བྱ་བ་ཡིན་གྲང་ན། དེ་ལ་རེ་ཞིག་ཁྱད་པར་དང་རབ་ཏུ་བསྟན་པར་བྱ་བ་ནི་མ་ཡིན་ཏེ། དེ་གཞན་དུ་མི་འབྱུང་བ་ཉིད་ཀྱིས་ན་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གང་གསུངས་པ། རྣམ་པ་གཞན་དུ་ན་ནི་ཞེས ་པ་ལ་སོགས་པའོ། །ཆོས་ཅན་སྤྱི་དང་ནི་མེད་ན་མི་འབྱུང་བ་སྲིད་མོད། དེ་དང་རབ་ཏུ་བསྟན་པ་ནི་མ་ཡིན་ཏེ། གང་གསུངས་པ། རྟེན་སྤྱི་དང་ནི་ཞེས་པ་ལ་སོགས་པ་སྟེ། བརྟེན་པར་བྱ་བ་དང་མེད་ན་མི་འབྱུང་བ་ཉིད་བསྟན་པར་བྱ་བ་ན་རྟེན་དང་ཡང་བསྟན་པར ་འགྱུར་རོ། །རྟེན་ནི་རྟེན་པའི་དབང་ཉིད་ཀྱི་ཕྱིར་རོ། །ཡང་ན་གང་ན་དུ་བ་ཡོད་པ་དེ་ནི་མེའོ་ཞེས་པ་འདིས་དུ་བ་མེ་ཙམ་དང་མེད་ན་མི་འབྱུང་བ་ཉིད་བཤད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྟེན་གྱི་སྤྱིས་ཁྱད་པར་དུ་བྱས་པ་དང་ངོ། །དེའི་ཕྱིར་རྟེན་གྱི་སྤྱི་དང་ཡང་དེ་བསྟན་པ་ཁོ་ནའོ། །འབྲེལ་བ་དང་ནི་རྣམ་པ ་ཐམས་ཅད་དུ་མེད་ན་མི་འབྱུང་བ་མི་སྟོན་པ་ཁོ་ནའོ་ཞེས་པ་འདི་གསུངས་སོ། །མི་མཉམ་པ་ཉེ་བར་བཀོད་པ་ཞེས་པའོ། །དེ་ལྟར་སྤྱིས་ཀྱང་གཏན་ཚིགས་སུ་མངོན་པར་འདོད་པ་མེད་ན་མི་འབྱུང་བ་ཉིད་མི་སྟོན་ལ། དེ་མི་མཐུན་ཕྱོགས་ལ་འཇུག་པ་ཡང་མ་ཡིན་ནོ་ཞེས་པས་མ་ངེས་པ ་མ་ཡིན་ནོ། །ཆོས་ལ་འང་རྣམ་པར་དཔྱད་པ་གཞན། ཅེས་པ་སྔ་མ་གང་ནི་རྗེས་སུ་དཔག་པར་བྱ་བ་རྟོགས་པ་པར་དཔྱད་པ་བཤད་ཅིང། ད་ནི་བསྒྲུབ་པར་བྱ་བའི་ཆོས་སུ་གྱུར་པ་རྣམ་པར་དཔྱད་ཅིང་རྟགས་སུ་གྱུར་པ་ཡང་རབ་ཏུ་བསྟན་པར་བྱའོ། །ཏུའི་སྒྲ་ནི་རྣམ ་པར་དཔྱད་པ་དེ་ལོན་སྲིད་པར་གསལ་བར་བྱེད་དོ། །རྣམ་པར་དཔྱད་པ་དེ་ཡང་གང་རྟགས་དང་རྟགས་ཅན་དག་ཆོས་ཅན་བཞིན་དུ་ཆོས་དུ་མ་ཅན་དག་སྟེ། དཔེར་ན་མ་དང་དུ་བ་དག་ལྟ་བུ་སྟེ། དེ་ཁོ་ན་ལ་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་ཆ་ཤས་ངེས ་པར་བྱེད་པའི་ཆེད་དུ་འགྱུར་རོ། །བྱས་པ་ཉིད་དང་ནི་རྟག་པ་ཉིད་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་ལ་དུ་མའི་ཆོས་ཉིད་མི་སྲིད་པའི་ཕྱིར་ཆ་ཤས་ཅི་ཞིག་གིས་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་དངོས་པོ་ཡིན་ཞེས་དགོས་པ་མི་སྲིད་པ་ཁོ་ནའི། ། ་རྗེས་འབྲེལ་རྣམ་གོ?་པ་ཞེས་པ། །རྗེས་སུ་སྦྲེལ་བར་བྱེད་པས་ན་འབྲེལ་པ་སྟེ། ཆ་ཤས་གང་གིས་མེ་རྟོགས་པར་བྱེད་པ་རྫས་ཉིད་ལ་སོགས་པའོ། །དེ་མི་མཐུན་ཕྱོགས་གཞན་ལས་རྣམ་པར་གཅོད་ཅིང་རྣམ་པར་ལྡོག་པ་རྟོགས་པར་བྱེད་པའོ། །རྗེ་སུ ་འབྲེལ་བའི་ཁྱད་པར་རྣམས་ཀྱང་ཅི་ཞེ་ན། གང་མེད་ན་མི་འབྱུང་བ་ཞེས་པ་ལ་སོགས་པའོ། །འོ་ན་དུ་བ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར། གང་རྣམས་མེད་བ་དུ་བ་མི་འགྱུར་བ་ཞེས་བརྗོད་པ་ཞེས་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་སྐད་སྨྲས་ཤེ་ན། དོན་འདི་ཁོ་ན ་རྣམ་པ་འདིས་བཤད་དོ་ཞེས་པས་སྐྱོན་མེད་དོ། །དེ་ལྟར་ནི་གང་རྣམས་མེད་པས་མེད་མི་འགྱུར་པ་དེ་རྣམས་མེད་པར་དུ་བར་ཡང་འགྱུར་བ་མ་ཡིན་པ་ཁོ་ནའོ། །ཡང་ན་གང་ན་གང་ཞིག་འབྲེལ་པ་རྣམས་ཞེས་པ་དུ་བ་ཁོ་ནའི་རྗེས་སུ་འབྲེལ་བ་རྣམས་ཞེས་སྦྱར་བར་བྱ་སྟེ། གང་རྣམས ་དུ་བ་ཁོ་ན་རྗེས་སུ་སྦྲེལ་བར་བྱེད་པ་དེ་རྣམས་ཁོ་ན་བསྟན་པའི་ཆེད་དུ་གསུངས་པ། གང་རྣམས་མེད་ན་ཅེས་པ་ལ་སོགས་པ་སྟེ། གང་རྣམས་མེད་ན་མེད་མི་འགྱུར་བ་དེ་རྣམས་ཁོ་ན་ནི་དུ་བ་རྗེས་སུ་སྤྲེལ་བར་བྱེད་པས་སོ། །རྗེས་སུ་འབྲེལ ་པ་རྣམས་གཞན་ལས་ལྡོག་པ་རྟོགས་པར་བྱེད་དོ་ཞེས་པ་འདི་ལ་དཔེར་བརྗོད་པ་བསུངས་པ། དཔེར་ན་མེའི་མེ་མ་ཡིན་པ་ལས་ལྡོག་པ་ཙམ་ཞེས་པའོ། །ཅིའི་ཕྱིར་ལྡོག་པ་ཙམ་གོ་བར་བྱེད་ཀྱི་ཁྱད་པར་མ་ཡིན་ཞེ་ན་གསུངས་པ། རང་དང་འབྲེལ་པ་དང ་རྗེས་སུ་མཐུན་པ་ཉིད་ལ། ཞེས་པ་ལ་སོགས་པའོ། །འདི་ནི་བྱེད་པའི་རྒྱུ་སྟེ། རྟགས་ཞི་མ་ཡིན་ནོ། །དེ་ལྟར་ནི་འདི་ཞེས་པས་དེ་དང་འབྲེལ་པ་དང་རྗེས་སུ་མཐུན་པ་ཉིད་གསུངས་སོ། །མེ་མེད་པ་ཐམས་ཅད་ལ་མ་མཐོང་ཞེས་པ་འདིས་ལྡོག་པ་གཙོ་བོ་ཉིད ་དུ་མི་མཐུན་ཕྱོགས་ལ་ཐམས་ཅད་དུ་མ་མཐོང་བས་འཆད་པར་བྱེད་དོ། །གཞན་ལ་ཡང་མཐོང་ངོ་ཞེས་པའི། ཡང་གི་སྒྲས་ན་འགའ་ཞིག་ཏུ་མ་མཐོང་ཡང་ཞེས་གསལ་བར་བྱེད་པས་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པ་ཉིད་དུའོ། །དེ་ལྟར་གང་གིས་ཕྱིར ་རྗེས་སུ་འགྲོ་བ་ཉེ་བར་བསགས་པ་ཅན་གྱི་ལྡོག་པ་གཙོ་བོ་འབྲེལ་པ་ཡིན་ལ། དེ་ཡང་སྤྱི་ཁོ་ནས་སྲིད་ཀྱི། ཁྱད་པར་དང་མ་ཡིན་པ་དེའི་ཕྱིར། དེ་དང་རྗེས་སུ་མཐུན་པ་ལས་ནི་ལྡོག་པའི་སྒོ་ནས་འདིར་མེ་ཁོ་ན་ཏེ། མེ་མ་ཡིན་པ་ནི་མི་འགྱུར་རོ་ཞེས་མེ་མ་ཡིན ་ལྡོག་པ་ཁོ་ན་རྟོགས་པར་བྱེད་པས་སོ། །ལྡོག་པི་སྒོ་ནས་གཏན་ཚིགས་གོ་བར་བྱེད་པའོ་ཞེས་པ་འདི་ལ་གཏན་ཚིགས་གཞན་གསུངས་པ། ཡོན་ཏན་ཉིད་དྲི་དྲི་ཞིམ་པ། དེའི་བྱེ་བྲག་གིས་ཞེས་པ་ལ་སོགས་པའོ། གཅིག་འཕེལ་བས་ཞེས ་པ་རེ་རེ་འཕེལ་བས་ཞེས་པའི་དོན་ཏོ། །ཡོན་ཏན་ཉིད་ཀྱིས་རྫས་མ་ཡིན་པ་ལས་ཞེས་པ་འདི་ན་རྫས་ཏེ་ཡོན་ཏན་ཉིད་ཀྱི་ཕྱིར་རོ་ཞས་ཡོན་ཏན་ཉིད་ཀྱིས་རྫས་མ་ཡིན་པ་རྣམ་པར་གཅོད་པ་ཨུཏཔལ?་ལ་སོགས་པ་ལ་བྱ་བ་སྟེ། དེ་ལྟར་ནི་དེ་ཐམས་ཅད་དུ་རྫས་མེད ་པ་ལ་མ་མཐོང་ཞིང། རྫས་ལ་མཐོང་བས་སོ། །འདིར་རྫས་མ་ཡིན་པ་རྣམ་པར་གཅོད་པ་ན། དང་བོས་འཕེལ་བ་གཅིག་ཡོད་ལ། གང་ལ་བལྟོས་པས་དྲིས་གཅིག་འཕེལ་བས་རྣམ་པར་གཅོད་པ་བྱེད་སྟེ། དེ་རབ་ཏུ་བསྟན་པའི་དོན་དུ་ནི་ཡོན་ཏན་ཉིད་ཀྱིས་རྫས ་མ་ཡིན་པ་ལས་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཡོན་ཏན་ཉིད་ཀྱི་ཡང་གཅིག་འཕེལ་བས་རྣམ་པར་གཅོད་པ་བྱེད་པའི་དོར་ཡན་ལག་གི་དངོས་པོ་ཡོད་དེ། །གལ་ཏེ་དེས་རྫས་མ་ཡིན་པ་རྣམ་པར་གཅོད་པ་རྣམ་པར་བསྒྲུབ་པར་བྱེད་ན་དེ་ལྟ་ན་དྲིས་ཤིག་། ་འཕེལ་བས་རྣམ་པར་གཅོད་པ་བྱེད་ཀྱི་རྣམ་པ་གཞན་དུ་ན་མ་ཡིན་ནོ། །དེ་ལྟ་ན་ཡང་ཚིགས་སུ་བཅད་པར་ཟླས་དབྱེའི་ཚིག་བསྡུའི་མཐར་གྱུར་པ་ཉིད་དང་ཡོན་ཏན་ཉིད་ཀྱི་སྒྲས་མི་འགལ་བར་འགྱུར་ཏེ། ཚིག་གཞན་དང་ནུས་པ་མཚུངས་པ་ཉིད་ཀྱི ་ཕྱིར་རོ། །དྲི་ཉིད་ཀྱིས་ས་ལས་གྱུར་པ་མ་ཡིན་པ་དང། རྫས་མ་ཡིན་པ་ལས་ཀྱང་ངོ་ཞེས་པས་འདི་ནི་ས་ལས་བྱུང་བ་དད་རྫས་ཀྱང་སྟེ། དྲི་ཉིད་ཀྱི་ཕྱིར་ཞེས་པས་ས་ལས་གྱུར་པ་མ་ཡིན་པ་དང་རྫས་མ་ཡིན་པ་ལས་ཀྱང་རྣམ་པར་གཅོད་པར་བྱའོ། །དྲི་ཞིམ་པ ་ཉིད་ཀྱིས་དྲི་ཞིམ་པའི་ཐུན་མོང་བ་མེད་པ་བས་ཞེས་པ་དྲི་བཞིན་དུ་འདི་ནི་དྲི་ཞིམ་པ་ཉིད་ཀྱི་ཕྱིར་ཞེས་དྲི་ཞིམ་པ་ཉིད་ཀྱིས་སྔ་མ་དག་དང་དྲི་ཞིམ་པའི་ཐུན་མོང་བ་མེད་པ་ལས་ཀྱང་རྣམ་པར་གཅོད་པར་བྱེད་དེ། དྲིའི་བྱེ་བྲག་དྲི་ཞིམ་པའི་ཐུན་མོང་པ་སྤྱི་ནི་དྲི ་ཞིམ་པའི་ཐུན་མོང་པ་སྟེ། དྲི་ཙམ་འདིར་བརྗོད་པར་འདོད་པའོ། །དྲི་ཞིམ་པའི་ཐུན་མོང་པ་ཡོད་པ་མ་ཡིན་པ་གང་ཡིན་པ་ནི་དེ་སྐད་ཅེས་བཤད་ཏེ། དྲི་མེད་པའོ་ཞེས་པའི་དོན་ཏོ། །དྲི་ཞིམ་པའི་ཁྱད་པར་ཨུཏཔལ་ལ་སོགས་པ་ལ་དྲིའི་བྱེ་བྲག་གོ་།དེ་ལྟ ་དེ་ལྟར་རྫས་མ་ཡིན་པ་ལ་སོགས་པ་རྣམ་པར་གཅོད་པ་རེ་རེ་འཕེལ?་བས་ཨུཏཔ་ལ་སོགས་པ་རྣམས་ལ་ཡོན་ཏན་ཉིད་ལ་སོགས་པ་རྣམས་ཀྱིས་བྱ་བཞིན་པ་མཐོང་བའོ། །དེ་ཅི་ལྟར་ན་གལ་ཏེ་མི་མཐུན་པའི་ཕྱོགས་ལས་ལྡོག་པའི ་སྒོ་ནས་ཡིན་ན་གཏན་ཚིགས་གོ་བར་བྱེད་པ་ཡིན་གྱི་རྣམ་པ་གཞན་དུ་ཡིན་པར་རིགས་ཞེ་ན། མཐོང་བ་བཞིན་དུ་སྒྲུབ་པའི་སྒོ་ནས་ཐམས་ཅད་ལ་ཐམས་ཅད་རྣམས་མཐོང་བར་བྱེད་པ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རྟོགས་པ་མཚུངས་པར་འགྱུར་རོ། །དེའི་ཕྱིར ་ལྡོག་པའི་སྒོ་ཁོ་ན་ཡིས་ཚིགས་གོ་བར་བྱེད་པའོ་ཞེས་ཁས་བླང་པར་བྱའོ། །གང་རྣམས་དེ་མི་འདོད་པ་དེ་རྣམས་ཀྱི་ངོར་གསུངས་པ། མཐོང་བ་བཞིན་དུ་ཞེས་པ་ལ་སོགས་པའོ། །མཐོང་བ་དང་མཚུངས་པ་ནི་མཐོང་བ་བཞིན་ཏེ། ཇི་ལྟར་སྔར་འབྲེལ་པའི ་དུས་ནས་རྟགས་ཉེ་བར་དམིགས་པ་དེ་ལྟར་གལ་ཏེ་རབ་ཏུ་གསལ་བྱེད་ནའོ་ཞེས་པའི་དོན་ཏོ། །སྒྲུབ་པའི་སྒོ་ནས་མེ་འདིར་འགྱུར་རོ་ཞེས་པས་ཏེ། ལྡོག་པའི་སྒོ་ནས་འདིར་མེ་ཁོ་ན་ཏེ། མེ་མ་ཡིན་པ་མ་ཡིན་ནོ་ཞེས་པ་འདི་ལྟར་ནི་མ་ཡིན་ནོ་ཞེས་པའོ ་ཐམས་ཅད་དུ་མ་མཐོང་བ་ལས་རབ་ཏུ་གསལ་བར་མི་འགྱུར་ཞེས་རྣམ་པར་ཤེས་པར་བྱའོ། །རབ་གསལ་འགྱུར་ཞེས་པ་རབ་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ། གལ་ཏེ་ཡང་དཔེར་ན་མེ་ལ་མཐོང་བ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་ལྟར་ཁས་ལེན་ན་སྒྲུབ་པ ་སྨྲས་པ་པོས་གང་གི་ཕྱིར་མེ་ཁོ་ན་ལ་དུ་བ་མཐེང་ཞིང་མེ་མེད་པ་ལ་མ་ཡིན་པ་དེའི་ཕྱིར་རྟོཊ་པར་བྱེད་དོ་ཞེས་པ་དེ་ལྟར་བྱུང་ན་དགག་པའི་སྦོ་ཁོ་ནས་རབ་ཏུ་གསལ་བར་བྱེད་པར་འགྱུར་རོ། །དེའི་ཕྱིར་ངེས་འདི་ལྟར་ཁས་བླང་པར་བྱ་སྟེ། གང་གི་ཕྱིར་མེ་ལ ་མཐོང་བ་ཁོ་ན་ཏེ་མ་མཐོང་བ་ནི་མ་ཡིན་ནོ་དེའི་ཕྱིར་ངེས་དེ་གོ་བར་བྱེད་དེ་ཞེས་པར་རོ། དེ་ལས་ཀྱང་རབ་ཏུ་གསལ་བར་མི་འགྱུར་བ་ཁོ་ན་སྟེ། གང་ཕྱིར་ཐམས་ཅད་དུད་མི་ལ་མཐོང་བ་ནི་མ་ཡིན་པས་ཏེ། ཕྱོགས་དང་གནས་སྐབས་ལ་སོགས་པ་ཐ་དད་པའི་མེ ་ཐམས་ཅད་ལ་མཐོང་བ་ན་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡང་ཞེས་བས་སྐྱོན་གཞན་གསུངས་སོ། །གང་གི་ཚེ་དུ་བ་མེ་ལ་མཐོང་བ་དེའི་ཚེ་འབར་བ་ལ་སོགས་པའི་ཁྱད་པར་རྣམས་ཀྱི་གང་ཡང་རུང་བ་དང་ལྡན་པ་ཁོ་ནར་མཐོང་ལ། དེ་པས་ཀྱང་དེ་རྣམས་ཀྱང་གསལ་བར ་བྱེད་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་མཐོང་བ་ཙམ་ནི་རྗེས་སུ་དཔག་པར་བྱ་བ་རྟོགས་པའི་རྒྱུ་མ་ཡིན་ཏེ། དེ་ཡོད་ན་ཡང་དེ་མེད་པའི་ཕྱིར་རོ་ཞེས་པའོ། །འོ་ན་དགག་པར་སྨྲ་བ་པོས་ཀྱང་མཐོང་བ་འདོད་པ་ཁོ་ན་མ་ཡིན་ནམ། དེ་ལྟར ་ནི་འབྲས་བུ་ཉིད་ཀྱིས་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དུ་བ་བསྲེག་ཟའི་གཏན་ཚིགས་ཡིན་ཅིང། རྒྱུ་དང་འབྲས་བུའི་དངོས་པོ་ཡང་མཐོང་བ་དང་མ་མཐོང་བ་དག་གིས་ཏེ། དེ་ནི་དྲ་ལ་ལས་འགྲུབ་ཀྱི། མ་མཐོང་བ་འབའ་ཞིག་ལས་ནི་མ་ཡིན་ནོ་ཞེ་ན། ་གསུངས་པ། གང་གི་ཕྱིར་ཅེས་པ་ལ་སོགས་པའོ། །འདི་སྟོན་ཏེ། གང་གི་ཕྱིར་དུ་བས་མེ་སྤྱིའི་ཚུལ་གྱི་གསལ་བར་བྱེད་ཀྱི་འབར་བ་ལ་སོགས་པ་ཁྱད་པར་གྱི་ངོ་བོས་ནི་མ་མིན་པ་དེའི་ཕྱིར། འབྲས་བུ་དང་རྒྱུའི་དངོས་པོ་འགྲུབ་པའི་ཆེད་དུ་སྒྲུབ་པས ་ཀྱང་དེ་ཁོ་ན་འདིའི་ངོ་བོ་མཐོང་བའོ་ཞེས་འབྲས་བུ་དང་རྒྱུའི་ཐ་སྙད་འགྲུབ་པའི་རྒྱུ་ཉིད་དུ་རྟོགས་ཀྱི་ཁྱད་པར་གྱི་ངོ་བོ་ནི་མ་ཡིན་ཞེས་བ་དགོངས་པའོ། །གསལ་བ་ལ་སོགས་པའི་ཁྱད་པར་མཐོང་བ་ནི་འབྲས་བུ་དང་རྒྱུའི་ཐ་སྙད་དུ་གྲུབ་པའི་རྒྱུ་མི་ཡིན་ཏེ། དེ ་མེད་རྐྱང་དུ་བ་མཐོང་བའི་ཕྱིར་རོ། །ཆ་ཤས་ཀྱིས་བསྐྱེད་བར་བྱ་བ་དང་སྐྱེད་པར་བྱེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེས་བསྐྱེད་པར་བྱ་བའི་ཁྱད་པར་གཟུང་ན་འདོད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་བསྐྱེད་པར་བྱེད་པའི་དངོས་པའི་སྲི་ཁྱད་པར་དུ་མ་བྱས ་བ་བཟུང་ན་ནི་འཁྲུལ་པའི་ཕྱིར་མི་འདོད་དོ། །དེ་ལྟར་འགྱུར་མོད་སྤྱི་དངོས་པོ་གཅིག་ཁོ་ན་གསལ་བ་རྣམས་ལ་དེ་དང་ཐ་དད་པའམ་དེ་དང་ཐ་མི་དད་པ་ཡོད་ལ་དེ་གང་གསལ་བ་སོ་སོལ་ལ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་མེའི་གསལ་བ་གཅིག ་ཁོ་ན་ལ་མཐོང་བ་འཐད་ཅིང། དེའི་ཕྱིར་ཐམས་ཅ་ལ་མ་མཐོང་བའི་ཕྱིར་རབ་ཏུ་གསལ་བར་མི་འགྱུར་རོ་ཞེས་པ་འདི་མི་རིགས་སོ་ཞེ་ན་གསུངས་པ། གལ་ཏེ་ཡང་སྤྱི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་ཞེས་པ་འདིས ་ནི་དེ་མེད་པ་ཁོ་ན་མོད། ཁས་བླངས་ནས་སྐྱོན་བརྗོད་པར་བྱའོ་ཞེས་པ་འདི་སྟོན་ཏོ། །རེ་ཞིག་མེ་ཉིད་ཡོད་པ་ལ་ཡིན་ནོ་ཞེས་པ་གལ་ཏེ་གསལ་བ་ལས་གཞན་པའི་སྤྱིར་འགྱུར་ན། བློ་ལ་ཐ་དད་པར་སྣང་བར་འགྱུར་ལ། སྣང་བ་ཡང་མ་ཡིན་ནོ། ། ་དེའི་ཕྱིར་རང་བཞིན་མི་དམིགས་པས་བསལ་བར་བྱས་པའི་ཡོད་པ་ཉིད་དེ་ནི་མེད་དོ། །གལ་ཏེ་གཞན་མ་ཡིན་ན། དེ་ལྟ་ན་ཡང་གསལ་བ་བཞིན་དུ། དེ་སྤྱི་ཁོ་ནར་མི་འགྱུར་རོ། །དེ་ལྟ་ན་ཡང་ཁས་བླངས་ནས། དེ་མཐོང་བ་མི་སྲིད་པར་སྒྲུབ་པའི ་ཆེད་དུ་གསུངས་པ། དེ་ཡོད་ན་ཡང་ཞེས་པ་ལ་སོགས་པ་སྟེ། གང་རྟེན་དུ་མའི་ཐུན་མོང་བ་རྟེན་མཛའ་དག་མ་བཟུང་བ་དེ་ནི་མཐོང་བར་ནུས་པ་མ་ཡིན་ཏེ། དཔེར་ན་རྟེན་མཛའ་དག་མ་བཟུང་བའི་གཉིས་ཉིད་ལ་སོགས་པ་བཞིན། མེ་ཉིད ་ཀྱང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །འདྲ་བའི་ཡང་མ་ཡིན་ཞེས་པ་རྟེན་ལས་ཐ་དད་པ་ཞེས་མེད་པ་ཉིད་ཀྱི་ཕྱིར་འདྲ་བ་ནི་ཐ་དད་པ་ཉེ་བར་བཀོད་པའོ། །འདིར་ཡང་སྦྱོར་བ་དེ་ཁོ་ན་བརྗོད་པར་བྱའོ། །ཅི་སྟེ་གཅིག་བཟུང་ན་ཡང་མཛའ་དག ་བཟུང་བར་བྱ་མེད་ལྟར་གྱུར་ན་དེའི་སོ་སོ་འཁང་གཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས?་པ་ཉིད་ཀྱི་ཕྱིར་ཡོན་ཏན་བཞིན་དུ་མ་ཉིད་དུ་འགྱུར་རོ། །གང་གཅིག་ལ་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་ཤིང་དེ་གཞན་ལ་ཡོད་ཅེས་པ་འདི་ནི་སྲིད་པ་ཡོད་པ་མ་ཡིན་ནོ། །གང་དུ་མ་ལ ་སོ་སོར་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་དེ་ནི་དུ་མ་སྟེ། ཡོན་ཏན་བཞིན། སྤྱི་ཡང་དེ་ལྟ་བུའོ། །ཞེས་པ་རང་བཞིན་གྱིས་ཐལ་འགྱུར་རོ། །ཡང་ལག་ཅན་ཡང་འདི་ཉིད་ཀྱིས་ཁེགས་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །དུ་མ་ཉིད་ཀྱི་ཕྱིར་ཡང་དེ་སྤྱི་ཁོ་ནར་ཡང་མི་འགྱུར་ཏེ། ་རྟེན་བཞིན་ནོ། །སྤྱི་ཡང་གཅིག་ཏུ་འདོད་པའི་ཕྱིར་རོ། །དེ་ལྟར་ཅེས་པ་ལ་སོགས་པས་སྔར་དམ་བཅས་པའི་རྟགས་ལ་རྣམ་པར་དཔྱོད་པར་སྟོན་པར་མཛད་དོ། །རྗེས་སུ་དཔག་པར་བྱ་བ་འདིས་ཡན་ལག་ཏུ་རྟོག་པར་བྱའོ། །ཞེས་པ་ཡན་ལག་སྟ་རྟགས་སུ་བརྗོད་པར ་བྱའོ། འང་མན་ཞེས་པ་འཁྲུལ་པ་མ་ཡིན་པ་ཞེས་པའི་དོན་ཏེ། ཆོས་དུ་མ་ཡང་ཞེས་པ། སྤྱིའི་ཁྱད་པར་གྱི་ཆོས་རྣམས་ཀྱིས་སོ། །དུ་བ་ཉིད་དང་སྐྱེ་བོ་ཉིད་ལ་སོགས་པས་ཞེས་པ་ལ་སྐྱེ་བོ་ཉིད་ནི་འདིར་དུ་བ་དང་འབྲེལ་པ་ཅན་ཁོ་ན་བརྗོད་པར་འདོད་ཀྱི། ཞོ་དང་ཀ་ར ་ལ་སོགས་པ་འཇུག་པ་ནི་མ་ཡིན་ཏེ་དེ་འཁྲུལ་པའི་ཕྱིར་རོ། །འོ་ན་རྫས་ལ་སོགས་པ་དུ་བའི་ཁྱད་པར་རྣམས་ཀྱང་གང་གི་ཆེ་བཟུང་བར་བྱ་བ་དེའི་ཚེ། དེ་རྣམས་ཀྱིས་ཀྱང་ཅིའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་ཞེ་ན། རྟོག་པར་བྱེད་པ་ཁོ་ན་སྟེ་འདི་ལ་རྣམ་པ་གཞན་ཡོད ་པ་མ་ཡིན་ནོ། །ཁྱད་པར་མེད་པའི་སྤྱི་འཛིན་པ་ལ་མངོན་པར་དགོངས་ནས་འདི་སྐད་བཤད་དེ། རྫས་ཉིད་ལ་སོགས་པ་རྣམས་ཀྱིས་མ་ཡིན་ཞེས་པའོ། །དུ་བ་ཉིད་དང་སྐྱ་བོ་ཉིད་ལ་སོགས་པས་ཞེས་པའི་སོགས་པའི་སྒྲས་ཚ་བ་ཉིད་ལ་སོགས་པའི་ཁྱད ་པར་རྣམས་བཟུང་བར་བྱའོ། །བཤད་ཟིན་བའི་དོན་ཁོ་ན་བསྡུ་བའི་ཚིགས་སུ་བཅད་པ་དག་གིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་དུ་རྟགས་ལས་དེ་རྣམས་ཀྱང་རྟོགས་བྱ། ཞེས་པ། དེ་རྣམས་ཀྱང་སྟེ། རྗེས་སུ་འབྲེལ་པ་ཅན་རྫས་ཉིད་ལ་སོགས་པ་རྣམས་རྟོགས་པར ་བྱ་བ་སྟེ། མེ་ཉིད་ལ་སོགས་པའི་ཆོས་གང་དེའི་ཚེ་རྟོགས་པར་འདོད་པ་ཁོ་ན་ནི་མ་ཡིན་ནོ་ཞེས་པ་ཀྱང་གི་སྒྲབ?་དོན་ཏེ། འཕྲུལ་ཕྱིར་རོ་ཞེས་པ་རྟགས་ལས་སོ། །འབར་བ་ལ་སོགས་པའི་ཁྱད་པར་ལ་བལྟས་ནས་དེ་འཁྲུལ་པ་ཉིད་དོ། །རྟགས་དང་རྗེས་སུ་འབྲེལ ་པའི་དོན། ཞེས་པ་ཁྱད་པར་དུ་བྱས་པ་མ་ཡིན་པའི་རྫས་ལ་སོགས་པ་སྤྱིའི་ཆོས་རྣམས་སོ། །ཁྱད་པར་རྣམས་ནི་ཞེས་པ་དུབ་ཉིད་ལ་སོག་པ་རྣམས་སོ། །དེ་རྣམས་ཀྱང་ཁྱད་པར་དུ་བྱས་པ་མ་ཡིན་པའི་རྫས་ཉིད་ལ་སོགས་པའི་སྤྱི་ལ་བལྟོས་པས ་ཁྱད་པར་ཞེས་བརྗོད་ཀྱི། ཐུན་མོང་མ་ཡིན་པའི་ངོ་བོ་ལ་བལྟོས་པས་ནི་མ་ཡིན་ནོ། །འོ་ན་གཉིས་ལ་གནས་པ་ཉིད་ཀྱི་ཕྱིར་ཞེས་པ་འབྲེལ་པ་ཐམས་ཅད་ནི་གཉིས་ལ་གནས་པ་ཡིན་ལ། དེའི་ཡང་འབྲེལ་པ་ཅན ་དག་ལ་ཁྱད་པར་མེད་པར་འཇུག་ཅིང། དེ་ལས་ཀྱང་ཇི་ལྟར་ཡང་དག་པར་ལྡན་པ་ཅན་ཉིད་ལ་ལྡན་པ་ཅན་དག་ལ་ཁྱད་པར་མེད་པ་དེ་ལྟར་རྟགས་དང་རྟགས་ཅན་དག་གི་ཡང་མི་འགྱུར་རོ། །དེ་ལྟ་ན་ཡང་རྟགས་ཀྱི་སྤྱི་ཡང་གོ་བར་བྱེད་པར་འགྱུར་ལ། ་རྟགས་ཅན་གྱི་བྱེ་བྲག་ཀྱང་གོ་བར་བྱེ་པར་འགྱུར་ཏེ། འབྲེལ་པ་ཁྱད་པར་མེད་པའི་ཕྱིར་ཞེས་པའོ། གང་དག་འབྲེལ་པ་གཅིག་གི་རྟེན་ཅན་དེ་དག་ནི་ཆས་ཐ་དད་པ་དག་ཡིན་ཏེ། ལྡན་པ་ཅན་བཞིན། རྟགས་དང་རྟགས་ཅན་དག་ཀྱང་དེ་ལྟ་བུའོ། །རང་བཞིན ་ལྟང་སྣང་བའོ། །གལ་ཏེ་འབྲེལ་པ་གཉིས་གནས་ཀྱང། ཞེས་པ?་འབྲེལ་པ་ནི་གཉིས་པ་གནས་པ་མ་ཡིན་པ་ཁོ་ན་སྟེ། དེ་ཏར་ནི་མེད་ན་མི་འབྱུང་བ་ཉིད་འབྲེལ་པ་ཡིན་ལ། དེ་ཡང་རྟགས་ཁོ་ན་ལ་ཨུའཇུག་གི་།རྟགས་ཅན་ལ་ནི་མ་ཡིན་ནོ། །གཉིས་ལ་གནས ་པ་དེ། །བས་བླངས་ནས་ལྷན་ཅིག་འབྱུང་བ་ཉིད་ཡོད་པ་ལ་ལན་བརྗོད་པར་བྱའོ་ཞེས་སྟོན་ཏོ། །རྟེན་དང་བརྟེན་པ་བཞིན་ཞེས་པ། རྟགས་དན་རྟགས་ཀྱི་འབྲལ་བ་དེ་ན་རྟེན་དང་བརྟེན་པ་བཞིན་དུ་འཇུག་གི། ལྡན་བ་ཅན་དག་བཞིན་མ་ཡིན། ནམ་གྱི ་ཚེ་ཡང་རྟེན་ཅེས་པ་ལ་སོགས་པ་སྟེ། བརྟེན་པར་བྱ་བའི་ཆོས་ནི་རྟེན་ལ་རག་ལས་པས་གནས་པ་ཉིད་དོ། །རྟེན་གྱི་ཆོས་ནི་བརྟེན་པ་གནས་པར་བྱེད་པའོ། །རྟེན་དང་བརྟེན་པ་དག་འབྲེལ་པའི་གཞི་གཅིག་པ་ཉིད་ན་ཡང་ཆོས་ཐ་དད་མེད་པ་ཉིད་མ་ཡིན་ནོ ་ཤེས་པས་མ་ངེས་པ་ཉིད་གསུངས་སོ། །དེ་བཞིན་དུ་ན་མ་ཡང་མེད་ཅེས་པ་ལ་སོགས་པ། རྟགས་དང་རྟགས་ཅན་དག་ཕན་ཚུན་གྱི་ཆོས་སུ་འགྱུར་བདག་མ་ཡིན་ཞེས་པའི་དོན་ཏོ། །ཡང་དག་པར་ལྡན་པ་ནི་ཞེས་པ་ལ་སོགས་པས་ཡང་དག་པར་ལྡན ་པ་ཅན་དག་དང་རྟགས་དང་རྟགས་ཅན་དག་མི་མཚུངས་པ་ཉིད་དུ་གསུངས་སོ། །དེ་ལྟར་ནི་ཞེས་པ་ལ་སོགས་པས་འབྲེལ་པ་གཅིག་གི་རྟེན་ཅན་ཉིད་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་ཅིང་སྔར་བཤད་པ་ཁོ་ནའི་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་གཞུང་འཇུགས་སོ། ། ་དེ་ལྟར་ནི་རྟགས་དང་རྟགས་ཅན་དག་མེད་ན་མི་འབྱུང་བ་འབྲེལ་པ་དང། དེ་ཡང་རྟགས་ཁོ་ན་ལ་འཇུག་གི་རྟགས་ཅན་ལ་ནི་མ་ཡིན་ནོ་ཞེས་པའི་ངེས་པར་བཟུང་བ་གཉིས་པོ་འདིས་རྟོགས་པ་བྱ་བའོ། །ཅི་ལྟར་བྱས་ནས་ཞེ་ན། གར་གི་ཕྱིར་རྟགས་ལ་རྟགས ་ཅན་འགྱུར་བ་ཁོ་ནའོ་ཞེས་ངེས་པར་གཟུང་བ་ཅེ་ལྟར་རིགས། གལ་ཏེ་གང་དང་གང་དུ་རྟགས་ཡིན་པ་དེ་དང་དེར་རྟགས་ཅན་འགྱུར་ལ། རྟགས་ཅན་ནི་གཞན་དུ་འཇུག་པ་འདིས་དགག་པར་བྱ་བ་མ་ཡིན་ཏེ། ངེས་པར་བཟུང་བ་ནི་རྟགས་ལ་དེ་མེད ་པ་ཙམ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་རྟགས་ཅན་ལ་ནི་མེད་ན་མི་འབྱུང་བ་ཉིད་འཇུག་པ་མ་ཡིན་ཞེས་བརྗོད་པར་འགྱུར་ཏེ། རྟགས་ལས་གཞན་དུ་ཡང་དེ་ཡང་པ་གསལ་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་མེ་ཉིད་དུ་བ་ལ ་འགྱུར་བ་ཁོ་ན་ཡིན་པ་དེ་ལྟར་རྫས་ཉིད་ལ་སོགས་པ་རྣམས་ཀྱང་སྟེ། དེའི་ཕྱིར་དེ་རྣམས་ཀྱི་ཡང་དུས་གོ་བར་བྱེད་པ་ཡིན་གྱི། འབར་བ་ལ་སོགས་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་རྣམས་དུ་བ་ལ་ཡོད་པ་ཁོ་ན་མ་ཡིན་པས་སོ། །གང་གསུངས་པ། དེའི་ཕྱིར ་རིགས་པ་ཞེས་པ་ལ་སོགས་པ་སྟེ། ཅིག་ཤོས་རྟགས་ཅན་ཉིད་ལ་ཡོད་ཅེས་པ་འདིས་ཀྱང་རྟགས་ཁོ་ན་ལ་མེད་ན་མི་འབྱུང་བར་རབ་ཏུ་འཇུག་གོ་ཞེས་གསལ་བར་པར་བྱ་བ་སྟེ། རྟགས་ཅན་ལས་གཞན་ལ་རྟགས་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་རྟོགས ་བའི་ཕྱིར་རོ། །རྟགས་ཅན་ནི་རྟགས་ལས་གཞན་དུ་ཡོད་པ་དགག་པར་བྱ་བ་མ་ཡིན་ནོ། །ཇི་ལྟར་ཡང་མེ་ལ་དུ་བ་ཉིད་འགྱུར་བ་ཁོ་ན་ཡིན་པ་དེ་ཏར་སྐྱེ་བོ་ཉིད་ལ་སོགས་པ་ཁྱད་པར་རྣམས་ཀྱང་སྟེ། དེའི་ཕྱིར་དེ་རྣམས་ཀྱང་གོ་བར་བྱེད་པ་རྣམས་ཡིན་གྱི ་རྫས་ཉིད་ལ་སོགས་པ་རྣམས་ནི་མ་ཡིན་ཏེ། དེ་རྣམས་མི་ལ་ཡོད་པ་ཁོ་ན་མ་ཡིན་པས་སོ། །གང་གསུངས་དེའི་ཕྱིར་རིགས་པ་ཞེས་པ་ལ་སོགས་པའོ། །དེ་ལྟར་ན་ཞེས་པ་ལ་སོགས་པས་ཕྱེད་ཕྱི་མ་རྣམ་པར་འགྲེལ་ཏོ། ། ་འོ་ན་སྔར་དེ་མཚུངས་ཡོད་པ་ཞེས་པའི་ཚིག་ལ་རྟགས་རྟགས་ཅན་ལ་ཡོད་པར་བཤད་ལ། འདིར་ནི་རྟགས་ཅན་ལ་རྟགས་འགྱུར་བ་ཁོ་ནའོ། །ཞེས་པའི་ཚིགས་ལས་རྟགས་ཅན་རྟགས་ལ་ཡོད་པ་ཉིད་དུ་བརྗོད་པར་བྱ་ན། དེ་ཅི་ལྟར་མི ་འགལ་ཞེ་ན། སྐྱོན་འདི་མེད་ཏེ། རྟགས་དང་རྟགས་ཅན་དག་གཞི་གཅིག་པ་ཉིད་ན། ཇི་ལྟར་རྟགས་ལ་རྟགས་ཅན་དུ་འགྱུར་བ་དེ་ལྟར་རྟགས་ཀྱང་ཅིག་ཤོས་ལའོ། །དེས་པར་བཟུང་བ་བཟློག་པ་ཉིད་ཀྱིས་རྟགས་ཁོ་ན་ལ་འབྲེལ་བ་འཇུག་གོ་ཞེས་རྟོགས ་པར་བྱ་བའི་ཆེད་དུ་འདི་བརྗོད་པ་འབའ་ཞིག་གོ་།གལ་ཏེ་འོ་ན་རྟགས་ཁོ་ན་ལ་འཇུག་ན་ཅི་ལྟར་རྟགས་ཅན་དག་གི་འབྲེལ་པའོ་ཞེས་བརྗོད་ཅེ་ན། འདི་རྟགས་ཁོ་ན་ལ་འཇུག་ཀྱང་རྟགས་ཅན་གྱི་དོར་སྦྱོར་བ་ལ་བལྟོས་ནས་འཇུག་གོ་ཞེས་པས་འདི་སྐད ་བརྗོད་ཀྱི། གཉིས་ལ་གནས་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ་ཞེས་པས་སྐྱོན་མེད་དོ། །འོ་ན་ཡང་ཞེས་པ་ལ་སོགས་པས། གང་བཤད་པའི་ངེས་པ་བཟློག་པ་ལས་རྟགས་དང་རྟགས་ཅན་དག་གི་འབྲེལ་པའོ་ཞེས་པས་དེ་འཐད་པ་མ་ཡིན་ཅིང་རྟགས་ཅན་ལ ་ཡང་མེད་ན་མི་འབྱུང་བ་འཇུག་གོ་ཞེས་སྟོན་ཏོ། །འདོད་ཅེས་པ་ལ་སོགས་པས་གལ་ཏེ་ཡང་རྟགས་ཀྱང་ཅུང་ཟད་རྟགས་ཅན་ལ་འགྱུར་བ་དེ་ལྟ་ན་ཡང་རྟགས་ཅན་གྱི་ངོ་བོ་ཁོ་ན་ཡིས་སོ། །དེ་ལྟ་ན་ཡང་བྱས་པ་ཉིད་བསྒྲུབ་པར་བྱ་བ་ལ་བལྟོས་པས་རྟགས ་སུ་གྱུར་པ་ཁོ་ན་མི་རྟགས་པ་ཉིད་ལ་མེད་ན་མི་འབྱུང་བ་འཇུག་གོ་ཞེས་སྟོན་ཅིང་རང་གི་ཕྱོགས་ཁོ་ན་འཇོག་པར་བྱེད་དོ། །རྟགས་ཀྱང་ཁྱབ་ཅེས་པ་ཁྱབ་པར་བྱེད་པས་ན་ཁྱབ་པར་སྟེ། རྟགས་ཅན་ལ་ཞེས་པ་མི་རྟགས་པ་ཉིད་ལའོ། །གང་དེའི་ཁྱབ ་བ་ཉིད་དེ་རྟགས་ཅན་གྱི་ཡུལ་ཅན་ཞེས་པས། རྟགས་ཅན་ལ་ཁྱབ་པའོ་ཞེས་བརྗོད་དོ། །དཔེར་ན་ཨཀྵ་རྣམས་ལ་དྷུ་དྷ་ཞེས་པ་བཞིན་ནོ། །ཡན་ལག་ཅན་ནི་དེ་དེ་ལས། ཁྱབ་བྱེད་ཕྱིར་ཞེས་པ་མི་རྟག་པ་ཉིད་ལ་ཡོད་པ་ཁོ་ན་བྱས་པ་ཉིད་ཀྱི་ཁྱབ་པ་ཉིད་དེ། དེའི་ཕྱིར་ཁྱབ་པ་ཉིད་ཀྱི ་ཕྱིར་བྱས་པ་ཉིད་གོ་བར་བྱས་པ་ཁོ་ནར་འགྱུར་གྱི། གོ་བྱེད་མིན་ནོ། །ཅི་དང་འདྲ་ཞེ་ན་གསུངས་པ། བ་ལང་གི་རྭ་བཞིན་ཞེས་པ། ཇི་ལྟར་རྭ་བ་ལང་གི་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་གོ་བར་བྱ་བ་ཁོ་ནར་རྟོགས་པར་བྱའི། གོ་བར་བྱེད་པ་ནི་མ་ཡིན་པ་དེ་དང་འདྲའོ་ཞེས ་པའོ། །གང་ཞིག་གང་ཁོ་ན་ལ་ཡོད་པ་དེ་ནི་དེའི་གོ་བར་བྱེད་པ་ཡིན་ཏེ། དཔེར་ན་བ་ལང་ཉིད་རྭ་ཅན་ཉིད་ཀྱི་བཞིན། བྱས་པ་ཉིད་ཀྱང་མི་རྟག་པ་ཉིད་ལ་ཡོད་པ་ཁོ་ནའོ། །རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན། ཞེས་ཁྱབ་པ་མི་སྲིད་པར་དྲི་བར་བྱེད་པའོ། །དགག་པར་བྱ ་ལ་མི་རྒྱུ་བས་ཞེས་པ་ལ་སོགས་པ་ལ། དགག་བྱ་ནི་བསྒྲུབ་པར་བྱ་བའི་མི་མཐུན་ཕྱོགས་སོ། །དེ་ལ་གཏན་ཚིགས་མི་རྒྱུ་བ་ནི་མེད་པའོ། །དེས་རྟགས་ཀྱི་ཁྱབ་པ་གང་ཡིན་པ་དེ་ལ་བལྟོས་པར་བྱ་ཞིང་བརྟེན་པར་བྱ་སྟེ། དེ་ཁོ་ན་ལས་གོ་བར་བྱེད་པ་ཉིད་ཀྱི་གཏན་ཚིགས་ཡིན་པ ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྟགས་ཀྱི་ནི་རྟགས་ཅན་གྱི་ཡུལ་ཅན་གྱི་གང་ཁྱབ་པ་དེ་ཡོད་པ་ཡིན་ཡང་རྒྱུ་མ་ཡིན་ཏེ། གོ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན་མ་ཡིན་ནོ་ཞེས་པའི་དོན་ཏོ། བྱས་པ་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་མི་རྟག་པ་ཉིད་མཛའ་དག་ལ ་བྱས་པ་ཉིད་ཁྱབ་པ་དེ་ལྟ་ན་ཡང་དེས་ཁྱབ་པ་ཉིད་ཀྱིས་དེའི་གོ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་རྟག་པ་ཉིད་བཀག་པས་སོ། །རྟག་པ་ཉིད་ལ་དགག་པ་ནི་རབ་ཏུ་མི་རྒྱུ་བ་སྟེ། དེ་ཁོ་ནས་གོ་བར་བྱེད་པའོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པའི་གཏན་ཚིགས་ནི ་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་མ་ཡིན་པས་ཏེ། གཞལ་བྱ་ཉིད་བཞིན་ནོ། །དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་བྱས་པ་ཉིད་འགྲུབ་པའི་ཆེད་དུ་མི་རྟག་པ་ཉིད་གཏན་ཚིགས་ཉིད་དུ་ཉེ་བར་བླང་བར་བྱ་བ་དེའི་ཚེ་ཡང་མི་རྟག་པ ་ཉིད་བྱས་པ་མ་ལུས་པ་ལ་ཁྱབ་པ་ཉིད་ནའང། དེ་ཁྱབ་པར་ཉིད་ཀྱིས་གོ་བར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མ་བྱས་པ་ཉིད་བཀག་པ་སྟེ། མི་མཐུན་པའི་ཕྱོགས་མ་བྱས་པ་ཉིད་ལ་མེད་པས་སོ་ཞེས་པའི་དོན་ཏེ། དེ་ལྟར་ན་གང་གི་ཕྱིར་རང ་གི་བསྒྲུབ་པར་བྱ་བའི་མི་མཐུན་ཕྱོགས་ལས་ལྡོག་པས་གཏན་ཚིགས་གོ་བར་བྱེད་པ་ཉིད་དུ་འགྱུར་གྱི། རྣམ་པ་གཞན་དུ་མ་ཡིན་པ་དེའི་ཕྱིར་མི་རྟག་པའི་དོན་ལ་བྱས་པ་ཉིད་ཀྱིས་ཁྱབ་པ་ཉིད་གང་ཡིན་པ་དེས་ན་མ་བྱས་པ་ཉིད་ཀྱི་སྐབས་མེད་པའི་ཕྱིར་དང། ་མི་རྟག་པ་ཉིད་ཀྱི་མ་བྱས་པ་ཉིད་ལ་སྐབས་མེད་པའི་ཕྱིར་ཏེ། གནས་པ་མེད་པའི་ཕྱིར་དང། མི་སྲིད་པའི་ཕྱིར། མི་རྟག་པ་ཉིད་ཀྱིས་བྱས་པ་ཉིད་ཀྱི་མ་བྱས་པ་ཉིད་དགག་པས་ཏེ་མ་བྱས་པ་བསལ་བས་གོ་བར་བྱ་བ་ཁོ་ནར་འགྱུར་རོ། །མ་བྱས་པ་ཉིད ་དགག་པས་ཞེས་པས་ཞེས་པའི་ཚིག་ནི་སྒྲུབ་པའི་སྒོ་ནས་རྟོགས་པ་རྣམ་པར་བཅད་པའི་དོན་དུའོ་གོ་བར་བྱེད་པ་ཉིད་ནི་མ་ཡིན་ནོ་ཞེས་པ། གང་གི་ཕྱིར་མི་མཐུན་ཕྱོགས་ལ་རབ་ཏུ་མི་རྒྱུ་བས་ན་གང་ཁྱབ་པ་ཡིན་པ་དེ་གོ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན ་ཡིན་ན། མི་རྟག་པ་ཉིད་ལ་བྱས་པ་ཉིད་ཀྱིས་ཁྱབ་པ་ནི། མི་མཐུན་པའི་ཕྱོགས་ལ་རབ་ཏུ་རྒྱུ་བ་མེད་པས་ཀྱང་མ་ཡིན་ནོ། །དེ་ལྟར་ནི་གང་མི་རྟག་པ་དེ་བྱས་པའོ་ཞེས་ཁྱབ་བ་ཉེ་བར་བསྟན་པ་ན་རྟག་པ་ལས་བྱས་པ་ཉིད་ལྡོག་པར་རྟོགས་པ་མ་ཡིན ་གྱི། འོ་ན་ཅི་ཞེ་ན། མ་བྱས་པ་ཉིད་ལས་མི་རྟག་པ་ཉིད་ཀྱིའོ། །དེའི་ཕྱིར་མི་རྟག་པ་ཉིད་ཁོ་ན་མ་བྱས་པ་ཉིད་ལ་སྐབས་མེད་པའོ་ཞེས་མ་བྱས་པ་ཉིད་དགག་པས་གོ་བར་བྱ་བ་ཁོ་ནའོ། །བྱས་པ་ཉིད་ཀྱི་མི་རྟག་པ་ཉིད་ལ་སྦྱོར་བ་མ་ཡིན་ལ། ་གོ་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་པའོ། །བཤད་པའི་དོན་ཚིགས་སུ་བཅད་པ་དག་གིས་སྡུད་པར་བྱེད་དེ། བྱས་པ་ཉིད་ཀྱིས་འཇིག་པ་ལ་ཞེས་པ་ལ་སོགས་པ་སྟེ། མི་རྟག་པ་ཉིད་ལ་བྱས་པ་ཉིད་ཀྱིས་ཁྱབ་པ་ལས། མི་རྟག་པ་ཉིད ་ཀྱི་ཕྱིར་དེ་མ་བྱས་པ་མ་ཡིན་ནོ་ཞེས་པའི་དོན་འདི་སྐབས་སུ་བབ་པ་མ་ཡིན་པ་ཁོ་ནར་རྟོགས་པར་བྱ་ཞེས་བྱེད་པ་ཕྱིས་པས་ངེས་པར་བསྟན་པའོ། །གང་སྐབས་སུ་བབ་པ་རྟག་པ་ཉིད་མེད་པ་ནི་མི་རྟག་པ་ཉིད་དོ་དེ་ནི་ངེས་ཁྱབ་པས་བྱས་པ་ཉིད་ཀྱི་དོན་ལམ ་བསྟན་ཏོ། །དོན་འདི་ཁོ་ན་བསལ་བར་བྱ་བའི་ཆེད་དུ་ཚིགས་སུ་བཅད་པ་གཉིས་པས་ངེས་གསུངས་སོ། །རྭ་ཅན་མིན་པ་ཉིད་ཟློག་བྱེད་ཅེས་པ་རྭ་ཅན་ཉིད་གོ་བར་བྱེད་དོ་ཞེས་པའི་དོན་ཏོ། །བ་ལང་མིན་དོན་ལྡོག་བྱེད་མིན། ཞེས་པ་བ་ལང་གི་དོན་གྱི་སྒྲུབ་བྱེད་མ་ཡིན ་ཞེས་པའི་དོན་ཏོ།། །།མེད་ན་མི་འབྱུང་བའི་དོན་མཐོང་བ་དེ་རིགས་པ་རྗེས་སུ་དཔག་པའོ་ཞེས་པ་ལ། དོན་གང་ཞིག་གང་མེད་པར་མི་འབྱུང་བ་དེ་ནི་དེའི་མེད་ན་མི་འབྱུང་བ་སྟེ། དཔེར་ན་མེའི་དུ་བ་ལྟ་བུའོ། །དེ་མ་མཐོང་བ་ནི་རྗེས་སུ་དཔག ་བ་སྟེ། འདིས་རྗེས་སུ་དཔག་པར་བྱའོ་ཞེས་བྱས་ནས་སོ། །རྗེས་སུ་དཔག་པར་བྱ་བའི་དོན་ཤེས་པ་ནི་འབྲས་བུའོ། །འདིས་ནི་འཁྲུལ་པའི་མཐོང་བ་བསལ་ཏོ། །རྟགས་མཐོང་བ་ནི་འབྲེལ་པ་དྲན་པ་ལ་བལྟོས་པ་ཉིད་བསྟན་པའི་ཆེད་དུ་དེ་རིག་པ་ཞེས ་བཤད་དོ། །གང་ཞིག་དེ་རིག་པ་མེད་ན་མི་འབྱུང་བ་འདིའོ་ཞེས་པ་དེའི་རྗེས་སུ་དཔག་པ་སྟེ། གཞན་གྱི་ནི་མ་ཡིན་ནོ། །མེད་ན་མི་འབྱུང་བ་ཉིད་ཁོ་ནས་ཞེས་པ། དེ་མེད་ན་མི་འབྱུང་བ་ཉིད་ཁོ་ན་རང་གི་རྣམ་པར་འགྱུར་ན་དེ་རིག་བརྗོད་མིན་ཞེས་པ་འདི་ནི་ཤུགས་ཀྱིས ་ཐོབ་པའི་ཕྱིར་རོ། །དེ་རིག་པ་མ་ཡིན་པའི་མེད་ན་མི་འབྱུང་བ་འདིའོ་ཞེས་སྟོན་སྲིད་པ་མ་ཡིན་པས་སོ། །ཞེས་པའི་བྱེད་པ་ཕྱིས་པས་ངེས་པར་བསྟན་པའོ་ཞེས་པས་དེ་མེད་པར་རང་གི་ངོ་བོའི་དངོས་པོ་ཉིད་རྣམ་པར་ཤེས་པར་བྱ་བ་མ་ཡིན་པས་སོ། །དེས་ན་གཞན ་ཁོ་ན་ཅུང་ཟད་ཅིག་དེ་རིག་པ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་རྟོགས་པར་འགྱུར་རོ། །ངེས་པར་བསྟན་པ་ནི་ངེས་པར་སྟོན་པ་སྟེ། གང་གི་ཕྱིས་པ་ངེས་པར་བསྟན་པ་ཡིན་པ་དེ་དེ་སྐད་བརྗོད་དོ། །དབྱི་བ་ནི་དག་དེའི་རང་གི་ངོ་བོ་རྟོགས་པར་བྱེད་པ་བརྗོད་པར ་འདོད་པ་ན་རབ་ཏུ་འབྲེལ་པའི་མི་མཐོང་བ་ཁོ་ན་སྟེ། རབ་ཏུ་འབྲེལ་པའི་མི་མཐོང་བ་ནི་དབྱེ་བའོ་ཞེས་བྱས་ནས་སོ། །འདིས་འདི་གསལ་པར་བྱེད་དེ། རང་གི་ངོ་བོའི་ཚིག་གི་དོན་ཅན་དུ་དེ་རིག་པ་ཞེས་པ་འདི་རིག་པར་བྱའོ། ། ་ཞེས་པའི་ཡི་གེ་ནི་དེའི་དོན་དུ་བསྟན་པར་འོས་ནའང་སྡེབ་སྦྱོར་འཇིག་པའི་འཇིགས་པ་ལས་མ་བསྟན་ཞེས་པའོ། །གཞན་གྱིས་ནི། གལ་ཏེ་བརྗོད་ན་ཅི་ལྟར་ཅིར་ཞེས་པ། དེའི་བརྗོད་པར་བྱ་བ་རྣམ་པ་མང་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཅི་ཡིས་དང ་གནས་ཅིག?་མཐོང་བ་ཡིན། དེ་བརྗོད་པར་བྱ་བ་མ་ཡིན་ན་ནི་གནས་ངེས་པར་མི་འགྱུར་ལ། དེ་ལས་ཀྱང་བུམ་པ་ལས་ཡིག་གིས་གཟུང་བྱ་ཉིད་མཐོང་བ་ལ་སྒྲ་ལ་ཡང་མི་རྟག་པ་ཉིད་དུ་རྟོགས་པར་འགྱུར་རོ། །འོ་ན་རྣམ་པར་རྟོགས་པ་སྔ་མ་ལ ་ཡང་ཅི་ཞིག་ཏུ་མཐོང་བ་ཞེས་བརྗོད་པར་བྱའོ། །ཞེས་པ་འདི་བརྩེད་པར་རིགས་པ་མ་ཡིན་ནམ། འདི་ཁོ་ན་བརྩད་པར་བྱ་བ་ཅི་ཞེ་ན། འདི་ལྟར་སེམས་ཏེ། མེད་ན་མི་འབྱུང་བ་ཉིད་ཀྱིས་བསྟན་པ་ན། གང་མེད་ན་དེ་འགྱུར་བ་མ་ཡིན་པ་དེ་ཁོ་ན ་ལ་མཐོང་བའི་ཞེས་མ་བརྗོད་ཀྱང་རྟོགས་པར་བྱ་བ་ཁོ་ན་སྟེ། དེ་ཉེ་བའི་ཕྱིར་ཞེས་པའོ། །དོན་ཞེས་པ་ནི་ལྷག་མ་སྟེ་ཅེས་པ། དོན་སྨོས་པ་ནི་ཤིན་ཏུ་ལྷག་གོ་ཞེས་པའི་དོན་ཏོ། །དེ་ལྟར་ནི་མེད་ན་མི་འབྱུང་བ་ནི་དོན་ཁོ་ནར་འགྱུར་བས། དོན་སྨོས་པས་ཅི ་ཡིན། དེའི་ཕྱིར་མཐོང་བའི་ཁྱད་པར་གྱི་དོན་དུ་དེའོ་ཞེས་རྟོགས་པར་བྱའོ། །དེས་ན་རྟགས་ཀྱི་དོན་གྱི་རྣམ་པ་འཛིན་པ་ནི་རྗེས་སུ་དཔག་པའོ། །འོ་ན་རྟགས་ཀྱི་རྣམ་པ་ནི་འཁྲུལ་པའི་ཕྱིར་རྗེས་སུ་དཔག་པ་མི་སྲིད་པ་མ་ཡིན་ནམ་ཞེ་ན། འདི་ལྟར་སེམས་ཏེ། དུ་བ ་ལ་སོགས་པའི་ངོ་བོས་འཛིན་པ་ནི་དོན་འཛིན་པ་སྟེ། རྣམ་པ་གཞན་དུ་ན་སྤྱིའི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་འདི་ནི་འཛིན་པ་ཙམ་དུ་འགྱུར་ཞིང། དེ་ལས་ཀྱང་དོན་སྨོས་པ་དོན་མེད་པར་འགྱུར་ཏེ་དོན་གྱི་འཛིན་པ་ཙམ་ནི་མེད་ན་མི་འབྱུང་བ་སྨོས་པ་ཁོ་ནས་འཐོབ ་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །བསྒྲུབ་པར་བྱ་བ་སྐབས་སུ་བབ་པ་ཡང་ཞེས་པ། རྣམ་པར་དཔྱད་པ་ན། །འདོད་པའི་དོན་ན་ཕྱོགས་ཞེན་པར་རམ། ཡང་ན་བསྒྲུབ་པར་བྱ་བ་བརྗོད་པ་དམ་བཅའ་ཞེས་པ་འདིར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ལ་མཐོང་བའོ་ཞེས་རྟོགས ་པར་བྱའོ། །སྔ་མས་ནི་ཅི་ཞེས་པ་དོན་མཐོང་བ་མེད་ན་མི་འབྱུང་བ་ཉིད་རིག་པ་ཞེས་བརྗོད་པ། །གང་ཞིག་མེ་ལ་སོགས་པ་མེད་པར་དུ་བ་ལ་སོགས་པ་འདི་བྱུང་བ་ནི་མ་ཡིན་ནོ་ཞེས་རིག་པ་དེའི་དེ་ལྟར་རིགས་པའི་མེད་ན་མི་འབྱུང་བའི་དོན་མཐོང་བ་ཁོ་ན་དེར ་འགྱུར་རོ། །ཡང་ན་དོན་མཐོང་བ་མེད་ན་མི་འབྱུང་བ་རིག་པ་ཞེས་བརྗོད་པ་ན། དོན་གང་གི་སྒྲུབ་པར་བྱ་བ་ལ་མཐོང་བ་དེ་མེད་ན་མི་འབྱུང་བ་ཉིད་རིག་པའོ་ཞེས་པའི་དོན་དུ་རྟོགས་པར་བྱ་ལ། དེ་ལས་ཀྱང་སྔ་མ་མེད་ན་མི་འབྱུང་བ་སྨོས་པས་ཅི་ཞིག ་མེ་སོགས་ལའང་ཞེས་པ། མེ་དང་ས་བན་དང་མི་རྟག་པ་ཉིད་རྣམས་རྗེས་སུ་དཔག་པར་བྱ་བ་ཉིད་དུ་དཔེར་བརྗོད་པའི་ཕྱིར་ཆོས་ཙམ་རྗེས་སུ་དཔག་པར་བྱ་བ་ཉིད་དུ་མངོན་པར་འདོད་ཞེས་རྟོགས་པར་བྱའོ། །དེ་ལྟར་ནི་དེ་ལྟར་བ་ལ་སོགས་པའི་བྱེ་བྲག་གིས ་དཔེར་བརྗོད་པ་གསུམ་པོ་འདི་བཤད་ལ། ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་པར་བྱ་བ་ཉིད་ཡིན་པ་ལ་ནི་དབྱེ་བ་འདི་སྲིད་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ཆོས་ཅན་འཇུག་བཞིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་མ་ལ་སོགས་པ ་ལ་དུ་བ་ལ་སོགས་པ་མཐོང་བ་ན་མེ་ལ་སོགས་པ་རྣམས་ངེས་པ་ཁོ་ནར་འགྱུར་རོ་ཞེས་པས་དེ་རིག་པས་རྗེས་སུ་དཔག་པར་བྱ་བ་གཞན་ཅི་ཞིག་ཡིན་འདིས་ནི་བསྒྲུབ་པར་བྱ་བ་ལ་མཐོང་བ་ཞེས་གང་བརྗོད་པ་དེ་ཡང་མི་རིགས་པར་གསུངས་སོ། །ཅི་ལྟར་མ ་བརྗོད་ཞེས་པ་འདིས་ཀྱང་བྱེད་པ་མི་གསལ་བའི་སྐྱོན་ཡང་ངོ་ཞེས་པའོ།། །།རིགས་པ་ཅན་རྣམས་ཀྱི་ཡང་ཞེས་པ་ལ་སོགས་པ་ལ། མངོན་སུམ་དང་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་སྒྲ་རྣམས་ཚད་མ་རྣམས་སོ་ཞེས་མདོར་བསྟན་ནས། མངོན ་སུམ་གྱི་མཚན་ཉིད་བཤད་ཟིན་པ་ན། དེ་མ་ཐག་ཏུ་སྐབས་སུ་བབ་པ་རྗེས་སུ་དཔག་པའི་མཚན་ཉིད་བཤད་པ། དེ་སྔོན་དུ་འགོར་བ་ཅན་ཞེས་པ་ལ་སོགས་པའོ། །འདིའི་བར་མ་ཆོད་པའི་སྐབས་ཀྱིས་མངོན་སུམ་གང་གི ་སྔོན་དུ་ཡིན་པ་དེ་དེ་སྐད་བཤད་དོ། །གང་གི་སྔོན་དུ་མངོན་སུམ་གྱིས་རྟགས་དང་རྟགས་ཅན་རབ་ཏུ་གྲུབ་པ་དག་གམ་དེའི་འབྲེལ་པ་ཡང་སྟེ། དེ་ཁོ་ན་དུས་ཕྱིས་རྟགས་ཙམ་མཐོང་བས་རྟགས་ཅན་རྗེས་སུ་དཔག་པར་བྱ་བའོ་ཞེས་པས། དེ་མནོན་སུམ ་སྔ་མ་ཅན་དུ་འགྱུར་རོ། །སྔ་མ་དང་མཚུངས་པ་ནི་སྔ་མ་དང་འདྲ་བ་སྟེ། ཇི་ལྟར་འབྲེལ་པའི་དུས་ན་མངོན་སུམ་གྱི་དངོས་པོ་རྟོགས་པ་དེ་ལྟ་ཁོ་ནར་དུས་ཕྱིས་རྟགས་མཐོང་བ་ལས་ཀྱང་དེ་ལ་ཤེས་པ་ཉེ་བར་སྐྱེ་སྟེ། དེའི་ཕྱིར་དེ་སྔ་མ་དང་འདྲ་བར ་འགྱུར་རོ། །ལྷག་མ་སྟེ་མངོན་སུམ་དང་མཚུངས་པ་ནི་ལྷག་མ་དང་འདྲ་བ་སྟེ་དངོས་པོ་ཡིན་ལ། དེའི་ཡུལ་ཅན་གྱི་ཤེས་པ་ཡང་ལྷག་མ་དང་འདྲ་བ་སྟེ། ཇི་ལྟར་འབྲས་བུ་གཅིག་རོའི་སྒོ་ནས་མངོན་སུམ་དུ་བྱས་ནས། ལྷག་མ་རྣམས་ཀྱང་རོ་འདི ་ལྟ་བུ་ཅན་རྣམས་ཏེ། མངོན་སུམ་པའི་རོ་དང་མཚུངས་པ་ཉིད་ཀྱི་ཕྱིར། དེ་བཞིན་ནོ་ཞེས་རོ་རྗེས་སུ་དཔོག་པ་ལྟ་བུའོ། །འོ་ན་མངོན་སུམ་ལས་ཅིག་ཤེས་ལྷག་མར་འགྱུར་གྱི་ལྷག་མ་དང་མཚུངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་ཡུལ་ཅན་གྱི་ཤེས་བཅི་ལྟར ་ལྷག་མ་དང་འདྲ་བའི་ཡུལ་ཅན་དུ་འགྱུར་ཞེ་ན། འདི་རྣམས་ཀྱི་ཕན་ཚུན་བལྟས་པ་ལྷག་མ་ཉིད་དེ་ཞེས་པས་མངོན་སུམ་ཡང་ཅིག་ཤོས་ལ་བལྟོས་པས་ལྷག་མ་སྟེ། དེས་ན་ཅིག་ཤེས་ཀྱང་མཚུངས་པ་ཉིད་ཀྱི་ཕྱིར་ལྷག་མ་དང་འདྲ་བ་ཉིད་དོ། །ཞེས་བས་སྐྱོན་མེད ་དོ། །ཡང་ན་སྔོན་མ་ནི་རྒྱུ་སྟེ། དེ་འདི་ལ་ཡང་ཡོད་དོ་ཞེས་བ་སྔོན་མ་དང་ལྡན་པ་སྟེ་འབྲས་བུའོ། །དེའི་ཡུལ་ཅན་གྱི་ཤེས་པ་ཡང་སྔ་མ་དང་ལྡན་པ་སྟེ། གང་རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པའོ། །ལྷག་མ་ནི་འབྲས་བུ་སྟེ། དེ་འདི་ལ་ཡོད་དོ་ཞེས་པ་ལྷག ་མ་དང་ལྡོན་པ་སྟེ་རྒྱུའོ། །དེའི་ཡུལ་ཅན་གྱི་ཤེས་པ་ཡང་ལྷག་མ་དང་ལྡན་པ་སྟེ། གང་འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པའོ། །སྤྱི་མཐོང་བ་ནི་གང་གཞན་དང་འདྲ་བ་ལས་གཞན་ཤིན་ཏུ་ལྐོག་ཏུ་གྱུར་པ་ལས་ཤེས་པ་སྟེ། དཔེར་ན་ནག་པོའི་བགྲོད ་པ་སྔོན་མ་ཅན་ཡུལ་གཞན་ཐོབ་པ་ཉེ་བར་དམིགས་ནས། དེ་དང་མཚུངས་པ་ཉིད་ཀྱིས་ཉི་མའང་བགྲོད་པ་སྔོན་མ་ཅན་རི་ལ་རྒས་པ་ཐོབ་པར་རྗེས་སུ་དཔག་པར་བྱ་བ་ལྟ་བུའོ། །རྒྱས་པར་བསྟན་པ་ཁོ་ན་ལས་གསུམ་ཉིད་དུ་གྲུབ་པ་ལ། རྣམ་པ་གསུམ་ཞེས་སྨོས ་པ་ནི་སྡེ་མ་དང་ལྡན་པའི་རྗེས་སུ་དཔག་པ་གཅིག་པུ་དུས་གསུམ་གྱི་ཡུལ་ཅན་ཉིད་ཀྱིས་རྣམ་པ་གསུམ་ཉིད་དུ་ཤེས་པར་བྱ་བའི་དོན་དུའོ། །དེ་ལ་ཆུ་ཀླུང་རྒྱས་པ་ལས་ཆར་པ་ཞེས་པ་ལ་འདས་པ་རྗེས་སུ་དཔག་པའོ། །གྲོག་མའི་སྒོང་འཕོ་བ་ལས་ཆར་པར་འགྱུར་རོ་ཞེས ་པ་མ་འོངས་པ་ལའོ། །རྨ་བྱའི་སྒྲ་གྲག་པའི་ཕྱིར་འདི་ནི་རྨ་བྱའི་ཞེས་པ་ད་ལྟར་བ་ལའོ། །འདིར་མ་ཏུ་པ་ཡིས་སྔ་མ་དང་འདྲ་བ་ཉིད་སྲིད་པ་མ་ཡིན་ཞེས་པ་ཏི་ཡིས་སྦྱར་བར་བྱ་བའོ། །འབྲེལ་པ་དབང་པོའི་གཟུང་བྱ་མིན་ཞེས་པ་འབྱུང་བའི་ཡོན་ཏན་བཞིན་དུ ་འབྲེལ་པ་ཅན་རྣམས་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ་ཞེས་བསམས་པའོ། །གང་དབང་པོའི་ཤེས་པ་ལ་སྣང་བ་མ་ཡིན་པ་དེ་དབང་པོའི་གཟུང་བར་བྱ་བ་མ་ཡིན་ཏེ། དབང་པོ་བཞིན་འབྲེལ་པ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་མེད་པའོ། །ཐམས་ཅད་དུ་ཡང་མ ་ཡིན་ཞེས་བ། མིག་གི་རྣམ་པར་ཤེས་པ་དང་དབང་པོ་ལ་སོགས་པ་རྣམས་དབང་པོས་འཛིན་པ་མི་སྲིད་པའི་ཕྱིར་རོ། །ཐམས་ཅད་དུ་ཞེས་སྨོས་པ་ནི་མེ་དང་དུ་བ་ལ་སོགས་པ་རྣམས་མངོན་སུམ་གྱིས་འཛིན་པ་སྲིད་པའི་ཕྱིར་རོ། །འདིས་ནི་མ་ཁྱབ་པ ་ཉིད་གསུངས་སོ། །ཡང་ན་ཐམས་ཅད་དུ་འབྲེལ་པ་ཅན་དག་མངོན་སུམ་མ་ཡིན་པ་དག་གོ་ཞེས་པའི་དོན་འདི་སྟེ། སྤྱིའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཡང་མངོན་སུམ་མ་ཡིན་པར་བསྒྲུབས་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་མི་སྲིད་པའི་ཕྱིར་འདི་ནི་མཚན་ཉིད ་མ་ཡིན་ནོ། །རྟགས་དང་རྟགས་ཅན་དག་མངོན་སུམ་མ་ཡིན་པ་དག་གི་ཞེས་པ་འདི་ཙམ་ཁོ་ནས་བརྗོད་པར་འདོད་པའི་དོན་རྟོགས་པ་ཡིན་ན་ཡང་ཐམས་ཅད་དུ་སྨོས་པ་ནི་འགའ་ཞིག་མེ་དང་དུ་བ་ལ་སོགས་པ་རྣམས་ལ་མངོན ་སུམ་དུ་མངོན་པར་འདོད་པ་བསལ་བའི་དོན་དུའོ། །ཀུན་ལ་སྲིད་ཕྱིར་ལྟ་བུ་མིན། ཅེས་པ་ཐམས་ཅད་སྔ་མ་དང་འདྲ་བ་ཉིད་ཡིན་བཞིན་དུ་གཅིག་ཁོ་ན་སྔ་མ་དང་འདྲ་བར་སྨྲ་བས། ཅིག་ཤོས་དག་ལ་དེ་མེད་དོ་ཞེས་དམ་བཅས་ཏེ། དེ་ལ་ཡང་སྔ་མ་དང་འདྲ་བ ་ཉིད་གྲུབ་པས་གནོད་དོ། །འབྲེལ་པ་གཞན་གྱིས་ཀྱང་འདི་ཞེས་པ་ལ། འབྲེལ་པ་གཞན་ནི་འབྲེལ་པའི་བྱེ་བྲག་མང་ན་མི་འབྱུང་བ་སྟེ་དེའི་སྟོབས་ཀྱིས་སྔ་མ་དང་འདྲ་པར་དོན་རྟོགས་པའོ། །དེ་ངས་པར་བསྟན་པ་མེད་པའི་ཕྱིར་རྗེས་སུ་དཔག་པར་ངེས་པར ་བསྟན་པ་མ་ཡིན་པ་ཁོ་ནའོ། །འོ་ན་འདི་མ་ཏུ་པ་རུ་འགྱུར་མོང། །ཇི་སྐད་བཤད་པའི་སྐྱོན་འབྱུང་བ་མ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་ནི་རྒྱུ་ལས་འབྲས་བུའི་ཡུལ་ཅན་དུ་འགྱུར་པ་མ་ཡིན་པས་སོ། །འབྲེལ་པ་ཡང་འདིར་བསྟན ་པ་ཁོ་ན་ཏེ། འབྲས་བུ་དང་རྒྱུའི་དངོས་པོ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ། འཁྲུལ་པའི་ཕྱིར་ན་ལྡན་སྐྱོན་མིན་ཞེས་པ། འབྲས་བུ་དང་རྒྱུའི་དངོས་པོས་ནི་འབྲས་བུ་ཁོ་ནའི་མེད་ན་མི་འབྱུང་བར་འགྱུར་གྱི། རྒྱུའི་ནི་མ་ཡིན་ནོ། ། ་དེ་ལྟར་ནི་རྒྱུ་ཡོད་ན་ཡང་ལྷན་ཅིག་བྱེད་པ་མ་ཆང་བའི་ཕྱིར་འབྲས་བུར་འགྱུར་བ་མ་ཡིན་ནོ། །དཔེར་ན་སྦྲིན་ཡོད་ན་ཡང་ཞིང་པ་རྣམས་ཀྱི་ཆོས་མེད་པའི་ཕྱིར་ཆར་པ་བཞིན་ནོ། །རྒྱུ་གཞན་ཆགས་པ་ཡོད་ན་ཡང། ཆོས་མ་ཡིན་པ་ལ་སོགས་པ་འགལ་པས ་གགས་བྱས་པའི་ཕྱིར་རོ། །འོ་ན་ཁྱད་པར་དུ་གྱུར་པའི་གནས་སྐབས་ཐོབ་པའི་ས་བོན་ལ་ནི་རྒྱུ་དངོས་ཉིད་ཏེ། དེ་ལ་གག་བྱ་བར་ཡང་མི་ནུས་སོ། །དེ་ཅིའི་ཕྱིར་འཁྲུལ་པ་ཉིད་ཡིན་ཞེ་ན་མ་ཡིན་ཏེ། དེ་མཐོང་བ་ལས་འབྲེལ་པ་དྲན་པ་ལ ་བལྟོས་པ་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པར་འདོད་པ་ན། འབྲེལ་པ་དྲན་པ་ལས་སྔོན་དུ་འབྲས་བུ་སྐྱེས་པ་ཁོ་ན་མངོན་སུམ་དུ་འགྱུར་རོ། །འབྲས་བུ་མངོན་སུམ་མ་ཡིན་པ་ལ་རྣམ་པ་དེ་ལྟ་བུའི་རྒྱུ་རྟོགས་པ་ཡང་མ་ཡིན་ཏེ། གང་གིས་རྒྱུ ་ལས་དེ་རྟོག་པར་བྱ་བའོ། །དེའི་ཕྱིར་རྒྱུ་ལས་འབྲས་བུ་འགྲུབ་པ་མ་ཡིན་ནོ། །ལྷག་ལྔར་ལ་ཡང་ལྟ་བུ་ན། ཞེས་པ་ལ་སོགས་པས་འདི་ལ་ཡང་དེ་མ་ཐག་ཏུ་བརྗོད་པ་ཁོ་ནའི་སྐྱོན་གསུངས་སོ། །གདོན་མི་ཟ་བར་མ་ཡིན་ཅེས་པ་ལ་སོགས་པ་སྟེ། ་གཟུགས་ལ་སོགས་པ་མཚུངས་པ་རྣམས་ཀྱི་རོ་མཚུངས་པར་འབྱུང་བའི་ངེས་པར་སྦྱོར་བ་འདི་ནི་མ་ཡིན་ནོ། །འདི་ཙམ་ཞིག་ཏུ་ནི་འགྱུར་ཏེ་དེ་ལྟ་བུའི་རང་བཞིན་ཅན་འདི་དང་རྒྱུ་མཚུངས་པ་རྣམས་ནི་རོ་འདི་ལྟ་བུ་ཅན་རྣམས་སོ་ཞེས་པར་འགྱུར་གྱི། ་གཟུགས་མཚུངས་བཙམ་ལས་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །ལྡན་པས་ཞེ་ན་མ་རྟོགས་ན། མི་འགྱུར་ཞེས་པ་ལ་སོགས་པ་ལ་མ་རྟོགས་པ་ནི་མ་གོ་བའོ་ཅི་ཞེ་ན། གང་ལས་འབྲས་བུ་ལ་རྒྱུ་རྗེས་སུ་དཔོག་པ་འདི ་ཡིན་པ་འབྲས་བུ་ཉིད་དོ། །དེའི་ཕྱིར་འབྲས་བུའི་ངོ་བོ་ཁོ་ནར་རྟོགས་པ་མེད་པར་གྱུར་པ་ན། རྟགས་ནི་རྗེས་སུ་དཔག་པར་བྱ་བ་རྒྱུ་ལ་མེད་ན་མི་འབྱུང་བ་ཉིད་འཛིན་པ་ལས་རྟོགས་པ་མེད་པར་འགྱུར་ན། དེ་ཡང་མཐོང་ངོ། །འོ་ན་དོན་གཞན ་འབྲས་བུ་དང་རྒྱུའི་དངོས་པོར་གྲུབ་པ་ཁོ་ནའི་མེད་ན་མི་འབྱུང་བ་ངེས་པ་མ་ཡིན་ནམ། དེ་ལ་ཅི་ལྟར་ན་འབྲས་བུ་ཉིད་དུ་མ་བཟུང་ནས་མེད་ན་མི་འབྱུང་བ་ཉིད་ངེས་པར་ནུས་ཞེ་ན། བསྟན་བཅོས་ལ་མཐོང་བའི་འབྲས་བུ་ཉིད་འཛིན་པ་ལས་འདས་པ་འདིར ་བརྗོད་པར་འདོད་ཀྱི། འཇིག་རྟེན་ལ་གྲགས་པའི་འབྲས་བུ་ཉིད་དུ་འཛིན་པ་ལས་འདས་པ་ནི་མ་ཡིན་ཞེས་པས་སྐྱོན་མེད་དོ། །བསྟན་བཅོས་སུ་ནི་ཆུའི་རྒྱུན་གྱི་ཡན་ལག་ཅན་རྣམས། ཚུལ་བྱུང་བའི་རྡུལ་ཕྲ་རབ་རིས་མཐུན་པ་རྣམས་ཁོ་ན ་རྩོམ་པར་བྱེད་ཅིང། སྤྲིན་རྣམས་རྡུལ་ཕྲ་རབ་རྣམས་འགྲགས་པའི་དོར་རྒྱུ་མཚན་ཉིད་དུ་ཉེ་བར་གྱུར་པ་རྣམས་ཆར་བའི་རྒྱུར་ཐ་སྙད་དུ་བསྟན་པ་བསྟེན་པར་འགྱུར་པ་ཞེས་པ་རྣམ་པར་ལ??་ནག་པའོ། །རྣམ་པ་འདི་ལྟ ་བུའི་འབྲས་བུ་དང་རྒྱུའི་དངོས་པོ་འཇིག་རྟེན་གྱིས་རྟོགས་པར་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤྲིན་རྣམས་ཡོད་པ་ན་ཆར་འབབ་པ་མཐོང་བའི་ཕྱིར་དང། དེ་མེད་པ་ན་ཡང་མ་མཐོང་བའི་ཕྱིར་སྤྲིན་རྣམས་ཁོ་ན་ཆར་འབབ་པའི་རྒྱུ་དངོས་སོ ་ཞེས་པ་སྟེ། དེ་ལྟར་མཐོང་བ་དང་མཐོང་བ་དག་གིས་འབྲས་བུ་དང་རྒྱུའི་དངོས་པོར་རྟོགས་སོ། །བསྟན་བཅོས་ལས་མཐོང་བའི་རྒྱུ་དང་འབྲས་བུའི་དངོས་པོ་རྣམས་ནི་མི་འཐད་པ་ཁ་ན་ཏེ། རྡུལ་ཕྲ་རབ་རྟག་པ་རྣམས་མ་གྲུབ་པའི་ཕྱིར་རོ། ། ་གྲུབ་ཏུ་ཆུག་ཀྱང་རྣམ་པ་འགྱུར་པ་མེད་པ་ཉིད་ཀྱི་ཕྱིར་ན་དགུག་པར་མི་ནུས་པ་ཉིད་ཀྱི་ཕྱིར་དང། བཀུག་པ་རྣམས་ལ་ཡང་རིམ་དང་ཅིག་ཅར་ཉིད་དག་གིས་འབྲས་བུ་རྩོམ་པ་མི་རིགས་པའི་ཕྱིར་རོ། །འདུ་བ་ཅན་གྱི་འབྲས་བུ་ཡང་དངོས་པོར་ཡོད་པ ་བློ་དང་ལྡན་པ་རྣམས་ཀྱིས་གཞན་དུ་རྒྱ་ཆེར་བཀག་པ་ཉིད་ཀྱི་ཕྱིར་རོ། ཞེས་པ་ཤིན་ཏུ་འཕྲོས་པས་ཆོག་གོ་།དེ་བཞིན་དུ་གང་བྱས་པ་ལ་སོགས་པ་རྣམས་ཀྱིས་ཞེས་པས་ལྡན་པའི་ཕྱོགས་ལ་མ་ཁྱབ་པ་ཉིད་གསུངས་ཏེ། བྱས་པ་ཉིད་ལ ་སོགས་པ་རྣམས་མི་རྟག་པ་ཉིད་ལ་སོགས་པ་རྣམས་དང་འབྲས་བུ་དང་རྒྱུའི་དངོས་པོ་ཡོད་པ་ནི་མ་ཡིན་པས་སོ། །གཞན་རྣམས་ན་རེ་ལུས་པོ་ལ་སོགས་པའི་ཡན་ལག་ཅན་གཅིག་མཐོང་བ་ནི་ལྟེ་བ་ལ་སོགས་པའི་ཡན་ལག་མངོན ་སུམ་གྱིས་རྟོགས་པ་གཅིག་ལས་གཞན་པའི་ཡན་ལག་རྒྱབ་ལ་སོགས་པ་གང་ཡིན་པ་དེ་ལྟག་མ་ཡིན་ཅིང། དེའི་ཡུལ་ཅན་གྱི་ཤེས་པ་ན་ལྟག་མ་དང་ལྡན་པ་སྟེ། འདི་འཁྲུལ་པ་ཡང་མ་ཡིན་ཏེ། ལྟོ་བ་ནི་རྒྱབ་ལ་སོགས་པ ་མེད་པར་ནམ་གྱི་ཆེ་ཡང་ཉེ་བར་དམིགས་པ་སྔ་མ་མ་ཡིན་ནོ་ཞེའོ། །འདི་ལ་ཡང་ཐམས་ཅད་འབྱུང་བ་ཁོ་ན་སྟེ། གང་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་ལ་ནི་མངོན་སུམ་གྱི་དོན་ལས་ཐ་དད་པ་ཁོ་ནའི་དོན་ལ་ཡང་དག་པར་རྟོགས་པ་སྟེ། རྟགས་མ་བཟུང་བ་ལས ་འཁད??་ཡང་རྗེས་སུ་དཔག་པ་ཉེ་བར་སྐྱེ་བ་ནི་མ་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡང་ཡོད་པ་ཁོ་ན་ཏེ། རྭ་ལ་སོགས་པའི་ཡན་ལག་ཡང་དག་པར་ཡོད་པ་ལ་ཡང་རྔ་མ་ལ་སོགས་པའི་ཡན་ལག་མེད་པའི་ཕྱིར་རོ། །སྔ་མ་དང་ལྡན་པ་ལ་ཡང ་ཞེས་པ་སྔ་མ་ཝ་ཏ་ཅེས་པ་འདི་ལ་འདྲ་བའི་ཕྱོགས་ལ་རྭ་ལ་སོགས་པའི་རྟགས་ཀྱི་བ་ལང་གི་དོན་རྗེས་སུ་དཔོག་པ་ན། འདུ་བའི་འབྲེལ་པ་ཡིན་ཅིང། དེ་ཡང་འདིར་བློའི་རྟགས་ལས་ངེས་པར་བྱ་བར་བཤད་ན། འདིར་བློ་ཡང་དེ་དང་འབྲེལ་བ ་མ་གྲུབ་པའི་ཕྱིར་དང། སོ་སོར་འཆིང་བ་མེད་པའི་ཕྱིར་ཡང། རྟགས་སུ་མི་རུང་ཞེས་པས་དེ་ལས་དེ་འགྲུབ་པ་མ་ཡིན་ནོ། །དེ་ལས་ཀྱང་ལྐོག་ཤལ་ལ་སོགས་པའི་རྟགས་ལས་བ་ལང་གི་དོན་རྗེས་སུ་དཔོག་པར་མི་འགྱུར་ཏེ། དེ་ལང??་མཐོང་ངོ། ་དེ་ལྟར་ནི་ཚོགས་པ་གཅིག་པ་རག་ལས་པའི་ལྐོག་ཤལ་ལ་སོགས་པའི་ཡན་ལག་གི་བདག་ཉིད་ཅན་བ་ལང་ངོ་ཞེས་རིགས་པས་རྣམ་པར་དཔྱོད་པ་རྣམས་ནི། མེད་ན་མི་འབྱུང་བ་དེས་ན་ལྐོག་ཤལ་ལ་སོགས་པའི་རྟགས་ལས་བ་ལང་གི ་དོན་ལ་རྗེས་སུ་དཔག་པར་བྱེད་པས་སོ། །དུ་བ་ལས་མེ་རྗེས་སུ་དཔོག་པ་ན་ལྡན་པའི་འབྲེལ་པ་སྟེ། དེ་ཡང་མ་བཟུང་བ་ན་རྟོགས་པར་མི་འགྱུར་ན་དེ་ཡང་མཐོང་ངོ། །དེ་ལྟར་ནི་དུ་བ་ཙམ་མཐོང་ནས་མེ་མེད་ན་མི་འབྱུང་བར་དེས་པ་སྔོན་མ་ཅན་གྱིས་རྗེས་སུ ་དཔོག་པར་བྱེད་པས་སོ། །དེའི་ཚེ་རྟེན་མཛའ་དག་མ་བཟུང་བ་ནི། དོན་དུ་མའི་ཐུན་མོང་ཉིད་ཀྱི་ཕྱིར་ན་གཉིས་ཉིད་ལ་སོགས་པ་ལྟར་ལྡན་པ་ཡོངས་སུ་གཅོད་པ་ཡང་མ་ཡིན་ནོ། །ལྡན་པའི་རྐྱེན་གྱི་ཕྱོགས་ལ་ན་སྤྲིན་ལ་སོགས་པ་རྣམས་ཆར་བ་ལ་སོགས་པ་རྣམས་དང ་ལྷན་ཅིག་འབྲས་བུ་དང་རྒྱུའི་དངོས་པོའི་འབྲེལ་པའོ། །ལྷག་མ་དང་ལྡན་འདྲ་ལ་ཡང་འདྲ་བའི་ཕྱོགས་ལ་ཡང་གཟུགས་ནི་རོལ་དོན་གཅིག་ལ་འདུ་བ་མ་ཡིན་ཞེས་པས་འདི་རྣམས་ཇི་སྐད་བཤད་པའི་འབྲེལ་པ ་རྣམས་སོ། །ཕྱི་མ་ལ་བསྟན་པ་མེད་པའི་ཕྱིར་རོ་ཞེས་པ། ལྷག་དང་ལྡན་པ་ལ་ལྡན་པའི་ཕྱོགས་ནི་རྣམ་པར་དཔྱད་པའི་ཕྱི་མ་སྟེ། དེ་ལ་འདི་བསྟན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ཉིད་ལ་སོགས་པ་རྣམས་ཀྱི་ཡང་འབྲེལ་པ་ཅན་ཉིད་ཅེས་པ། རྒྱུ་ལ ་སོགས་པ་རྣམ་ཀྱི་འབྲས་བུ་ཉིད་ལ་སོགས་པ་རྣམས་དང་ལྷན་ཅིག་རྟགས་དང་རྟགས་ཅན་གྱི་དངོས་པོར་འབྲེལ་པ་འདོད་པ་ན། རྒྱུ་ཉིད་ལ་སོགས་པ་ནི་འབྲས་བུ་ཉིད་ལ་སོགས་པ་ཙམ་ལ་བལྟོས་པ་ཉིད་ཀྱི་ཕྱིར། དེ་ལ་རྟགས་ཅན་ལ་འབྲས་བུ་ཉིད ་ལ་སོགས་པའི་རྣམ་པ་ཁོ་ན་ཤེས་པར་འགྱུར་གྱི། ཆར་པ་ལ་སོགས་པའི་རྣམ་པ་ཅན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། འབྲེལ་བ་ཙམ་གྱི་སྒོ་ནས་ཞེས་པ་ལ་སོགས་པ་སྟེ། འབྲེལ་བ་མེད་པར་ནི་རྟགས་ལས་རྟགས་ཅན་ལ་ཤེས་པ ་སྐྱེ་བ་མ་ཡིན་ཞིང། རྟགས་ཀྱང་ཇི་ལྟར་གང་དང་ལྷན་ཅིག་འབྲེལ་པ་དེ་ལྟར་དེ་ཁོ་ན་རྟོགས་པར་བྱེད་ཀྱི། གཞན་རྣམ་པ་གཞན་དུ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་ན་མི་རུང་ངོ་ཞེས་པས་སོ། །རྒྱུ་ཉིད་ལ་སོགས་པས་སྤྲིན་ལ་སོགས་པ ་རྣམས་འབྲས་བུ་ཉིད་ལ་སོགས་པས་ཆར་པ་ལ་སོགས་པ་རྣམས་འབྲེལ་པའོ་ཞེས་པས་དེ་ཙམ་རྟོགས་པར་འགྱུར་རོ། །དེ་འགྱུར་མོད། བདག་ཉིད་ཐམས་ཅད་ཀྱིས་དེ་རྣམས་ཀྱི་འབྲས་བུ་དང་རྒྱུའི་དངོས་པོ་ལ་སོགས་པ་རྣམས་འབྲེལ་པ་ཡིན་གྱི་ཆ་ཤས ་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་ཐལ་བ་འདིར་མི་འགྱུར་ཏེ། ཁྱད་པར་རྣམས་ཀྱང་འབྲེལ་པ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། གསུངས་པ། རྣམ་པ་ཐམས་ཅད་འཛིན་པ་འམ་ཞེས་པ་ལ་སོགས་པ་ནི། ཐིགས་པ་ཆེན་པོ་ཅན་གྱི་ཆར་པ་མྱུར་དུ་འབབ་པ ་ཞེས་པ་ལ་སོགས་པ་ཡང་འཛིན་པར་འགྱུར་ཏེ། འདི་ལྟ་བུ་ལ་སོགས་པའི་རྣམ་པ་རྣམས་དང་ཡང་ལྷན་ཅིག་རྒྱུ་དང་འབྲས་བུ་ལ་སོགས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་གལ་ཏེ་ཡང་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད ་པའི་དངོས་པོ་ཡིན་པ་དེ་ལྟ་ན་ཡང་ཐལ་བར་འགྱུར་བ་འདི་མ་ཡིན་ཏེ། དེ་ལྟར་ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་པོས་ནི་མངོན་སུམ་ངེས་པའི་བདག་ཉིད་དུ་འདད་ཏེ། །དེའི་ཡུལ་ཡང་ཆ་ཤས་མེད་པའོ། །དེའི་ཕྱིར་གལ་ཏེ་དེ་འཛིན་ན་ངེས་དེ་རྣམ་པ ་ཐམས་ཅད་དུ་བཟུང་བར་བྱ་ཞིང། ཡང་ན་ཇི་ལྟར་ཡང་མ་ཡིན་ཞེས་བཤད། །དེའི་ཕྱིར་དེ་ཁོ་ན་ལ་སྐྱོན་འདིའོ། །སྔ་མལ་གང་མངོན་བརྗོད་པའི་སྐྱོན་འབྲེལ་པ་གཞན་ལས་རྟོགས་པ་དང་འབྲས་བུ་ཙམ་ལ་སོགས་པ་རྗེས་སུ་དཔོག་པ་དང་རྣམ་པ་ཐམས་ཅད་འཛིན ་པར་ཞེས་པ་ལ་སོགས་པ་དེ་རྣམས་སྤྱི་ལས་མཐོང་བ་ལ་ཡང་བསྒྲེ་བར་བསྟན་པའི་ཆེད་དུ་གསུངས་པ། སྤྱི་ལས་མཐོང་བ་འང་དེ་བཞིན་ནོ་ཞེས་པའོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ཡང་ནི་ཞེས་པ་ལ་སོགས་པ་སྟེ། འོ་ན་སྔ་མ་དག་ལས་དེའི་ཁྱད་པར་ཅི་ཞེ་ན་གསུངས་པ། ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ཞེས་པའོ། །ཐམས་ཅད་དུ་ཡང་ཞེས་པ་སྔ་མ་དང་ལྡན་པ་ལ་སོགས་པ་རྣམས་ལ་ཡང་སྟེ། སྔ་མ་དང་འདྲ་བ་དང་ཕྱི་མ་འདྲ་བའོ་ཞེས་སྨྲ་བས་རྗེས་སུ་དཔག་པར་བྱ་བའི་ཤེས་པ་ཚད་མར་བརྗོད་ལ། དེ་ཁོ་ན་ཡང་དེན་རྟོགས་པ་སྟེ། འབྲས ་བུ་གཞན་པ་ཡང་མེད་དོ། །དེ་ལས་ཀྱང་ཁས་བླངས་པ་ཉམས་དེར་འགྱུར་མོད། ཡང་ན་ཉེ་བར་ལེན་པ་ལ་བལྟོས་པའི་བློ་རྣམས་འབྲས་བུ་མ་ཡིན་ནོ་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། དེ་རྣམས་ནི་ཕན་པ་དང་མི་ཕན་པ་དྲན་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་དང་འདི་ནི་ཕན་པ་དང ་མི་ཕན་པའོ་ཞེས་པ་ལ་སོགས་པ་དྲན་པ་མེད་པ་དེ་རྣམས་ནི་འགའ་ཞིག་ལ་ཡང་ཉེ་བར་སྐྱེ་བ་མ་ལན་པས་སོ། །དེ་ལྟར་འགྱུར་མོད་འབྲས་བུ་ཁས་བླངས་པ་མེད་པ་ཁོ་ནའོ་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། གང་བྱེད་པ་ཡིན་པ་དེ་མས?་ལ་བྱ་བའི ་འབྲས་བུ་ཅན་ཏེ། སྟ་རེ་བཞིན་རྗེས་སུ་དཔག་པ་ཡང་དེ་ལྟ་བུའོ། །རང་བཞིན་ནོ། །གྲུབ་པ་ལ་བསྒྲུབ་པར་བྱ་བ་ཉིད་དུ་དོགས་པར་བྱས་ནས་གསུངས་པ། རྟགས་ཤེས་ཞེས་པ་ལ་སོགས་པའོ། །ཐ་སྙད་བསྟན་པ་འགྲུབ་མི་འགྱུར། ་ཞེས་པ་གང་གི་ཕྱིར་རྗེས་སུ་དཔག་པར་བྱ་བ་ཁོ་ན་སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པ་གཙོ་བོ་སྟེ། ཤེས་པ་ནི་ཉེ་བར་བརྟགས་པས་སྟེ། དེའི་ཡུལ་ཅན་ཉིད་ཀྱི་ཕྱིར་དེ་ལྟར་རྣམ་པར་བསྟན་ཏོ་ཞེས་བསྒྲགས་ན་གང་ལས་དེ་ལྟར་འདི་ཐ་སྙད་དུ་བསྟན་པར ་འགྱུར་བ་རྟགས་ཀྱི་ཤེས་པ་ནི་དེའི་ཡུལ་ཅན་ཡང་མ་ཡིན་ཏེ། རྟགས་ནི་སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པ་ཉི་དུ་བསྟན་བཅོས་སུ་ཡང་དག་པར་མ་བསྒྲགས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པས་ཁས་བླངས་པ་ཉམས་པའོ། །གང་ཡང་ཞེས་པ་ལ་སོགས་པས་ཀྱང ་ཁས་བླངས་པ་ཉམས་པ་ཁོ་ན་གསུངས་སོ། །དེ་ལྟར་ནི་དེ་ཉིད་དུ་བཤད་པ། རིའི་ཡང་རྣམ་པ་གསུམ་ཉིད་དུ་ཤེས་པར་བྱ་བའི་དོན་དུ་རྣམ་པ་གསུམ་ཞེས་སོ། །གཏན་ཚིགས་ཅི་ཞེ་ན་འདི་ཁོ་ན་དུས་གསུམ་ཉིད་དུ་འཛིན་པའི་ཕྱིར་རོ་ཞེས་པའོ། །འདི་ཡང་ལྡན་པའི་ཕྱོགས་ལ་མི ་འཐད་པ་ཁོ་ན་སྟེ། རྒྱུ་ལ་འབྲས་བུ་མ་འདེས་པ་ཁོ་ན་འཛིན་པའི་ཕྱིར་རོ། །ལྷག་མ་དང་ལྡན་པའི་ཡང་མ་ཡིན་ཏེ། མ་འོངས་པའི་རྗེས་སུ་དཔག་པ་མི་སྲིད་པའི་ཕྱིར་རོ། །རྒྱུ་ལས་སྔར་འབྲས་བུ་སྲིད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཕྱོགས་ཅན་པ་སྨྲས་པ། རྫས་ལ་སོགས ་པའི་ཚིག་གི་དོན་དཀག་པ་ལས་སྒྲ་ལ་ཡོན་ཏན་ཉིད་ཡང་དག་པར་སྒྲུབ་པ་ལྷག་མ་དང་ལྡན་པའོ་ཞེས་པའོ། །འདིར་ཡང་འབྲེལ་པ་བསྟན་པ་མེད་པའི་ཕྱིར། དེའི་རྗེས་སུ་དཔག་པ་ཉིད་ཁོ་ན་ཡང་རྙེད་པར་དཀའ་ན། རྣམ་པ་གསུམ་ཉིད་ལྟ་ཅི་སྨོས། རབ་ཏུ་སྤྲོས་པས་སྒྲ་ཡང་ཡོན་ཏན ་ཉིད་བསྒྲུབས་པ་ནི་ལུང་ལས་གྲུབ་པ་སྟེ། ཡིད་ཆེས་པའི་མིང་རྣམ་པར་སྒྲུབ་པས་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་སྒྲ་ལ་ཡོན་ཏན་ཉིད་སྒྲུབ་པ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །དེ་ལ་ནི་འབྲས་བུ་ཡང་མ་ཡིན་ཞེས་པ་སྔ་མ་ལྟ་བུའི་རྗེས་སུ་དཔག་པ་ལ་རང་གི་འབྲེལ ་བ་བསྟན་པ་ཁོ་ན་མེད་སྟེ། དེའི་ཕྱིར་རྗེས་སུ་དཔག་པ་ཉིད་དུ་བསྟན་པ་མ་ཡིན་ནོ་ཞེས་པ་འདིའི་རྣམ་པ་གསུམ་ཉིད་ག་ལས་ཡིན། ས་མ་དང་མཚུངས་པ་ཞེས་རྣམ་པ་ཙམ་སྟོན་པ་ལས་བསྟན་པར་འགྱུར་བ་ནི་མ་ཡིན་ཏེ། དྲན་པ་ལ་སོགས་པ་རྣམས་ལ་ཡང་སྔ་མ་དང་འདྲ་བར ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་དང་སྟེ་མངོན་སུམ་དང་མཚུངས་པའོ་ཞེས་འདིར་ཡང་འབྲེལ་པ་བསྟན་པ་མ་ཡིན་པ་ཁོ་ནའོ་ཞེས་པའོ། །ཁྱེ་བྲག་པ་རྣམས་ཀྱི་ཡང་ཞེས་པ་ལ་སོགས་པའོ། །འདིའི་འབྲེལ་པ་ནི་རྣལ་འབྱོར་པ ་རྣམས་ཀྱི་མངོན་སུམ་གྱི་ཤེས་པའི་སྒྲུབ་པར་བརྗོད་ལ། རྟགས་ལས་སྐྱེས་པ་ཉིད་དུ་དེ་འཆད་པར་འགྱུར་རོ། །འོ་ན་རྟགས་ལས་སྐྱེས་པ་ཞེས་པ་འདི་ཅི་ཞེ་ན། བརྗོད་པར་བྱ་སྟེ། ཀུན་ནས་བལྟས་ཤིང་ལྷག་པར་ཞེན་པ་ནི། ཀུན་ནས་བལྟས་པ་རྣམས་ཏེ། རྗེས་སུ་རྟོགས་པ་ཡོངས ་དེ་ལ་གང་དངོས་སུ་དོན་རྣམས་ཀུན་ནས་ལྟ་བ། དཔེར་ན་འདི་ནི་བ་ལང་ཁོ་ནའོ། །འདི་ནི་རྟ་ཁོ་ནའོ་ཞེས་པ་འདི་མངོན་སུམ། །གང་གཞན་བལྟ་བར་བྱ་བ་རྣམས་འདིའི་རྗེས་སུ་རྟོགས་པ་དེ་ནི་རྟགས་ལས་བྱུང་བ་ཧ་ཅང་བར་བྱ་བཞིན་པ་དེ་ནི་རྟགས་དང་ཀུན་ངེས་པའི་ཆེད་དུ ་བརྔ་ལས་བྱུང་བ་ཅན་གྱི་མཚན་ཉིད་ངེས་པར་བསྟན་པར་བྱ་བ་སྟེ། བརྔ་ལ་ཡོད་པ་ནི་བརྔ་ལས་བྱུང་བ་སྟེ། བརྔ་ལས་པ་ཞེས་པའི་དོན་ཏོ། །འདི་ལྟ་སྟེ། འདིའི་འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་ཞེས་པས་རྟགས་གསུངས་སོ། །འདི་ནི་ཞེས་པ་ནི་རྗེས་སུ ་དཔག་པར་བྱ་བའོ། །གང་གི་ཚེ་འདིའི་འདི་རབ་ཏུ་གྲུབ་པ་དང། ཐེ་ཚོམ་མེད་པར་ཡང་འགྱུར་བའོ། །འདིའི་སྟེ་ཤེས་པར་བྱེད་པའམ་འབྱུང་བར་བྱེད་པ་ལ་ནུས་ཅན་གྱི་རྒྱུའི། འདི་ལྟ་སྟེ་གསལ་བར་བྱ་བའམ་འགྲུབ་པར་བྱ་བ་འབྲས་བུའོ་ཞེས་པའོ། །ཅི ་སྟེ་འདིའི་རྒྱུ་མཐོང་བ་ལས་འབྲས་བུ་བཟུང་བར་བྱ་བ་མ་ཡིན་ན་ཡང་རྗེས་སུ་ངེས་པར་འགྱུར་ཏེ། དཔེར་ན་ཉིད་མོར་བྱེད་པ་ཤད་པར་མཐོང་བ་ལས་བུམ་པ་མངོན་པར་གསལ་བ་ལས་བཞིན་དང། སྣལ་མ་རྣམས་བྲེས་ཤིང་བརྐྱང་པར་གནས་པ་རྣམས་དང་ཐག ་པ་ལྷག་པར་གནས་པ་རྣམས་མཐོང་ནས་བྱུང་བའི་སྣམ་བུ་ལ་བཞིན་ནོ། །དེ་ལྟར་གང་གི་ཚེ་འདིའི་འདི་རབ་ཏུ་གྲུབ་པ་དང་ཐེ་ཚོམ་མེད་པར་འགྱུར་བ་སྟེ། གསལ་བར་བྱ་བ་འམ་འགྲུབ་པར་བྱ་བའི་འབྲས་བུ་འདིའི་ཡང་འདི་རྒྱུའོ་ཞེས་པ་ཡིན་པ་ན། དེ་ནས ་འདིའི་འབྲས་བུ་ལྟ་བའི་ཕྱིར་ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །འབྲེལ་པ་ཅན་རྣམ་པ་གཉིས་ཏེ་ཡང་དག་པར་ལྡན་པ་ཅན་ཡང་དཔེར་ན་དུ་པ་མེ་ལས་ལྟ་བུའོ། །ཡང་དག་པར་འདུ་བ་ཅན་ཡང་དཔེར་ན་བ་ལང་གི་རྭ་ལྟ་བུའོ། །དོན་གཅིག་ལ ་འདུ་བ་ཅན་ཡང་རྣམས་པ་གཉིས་ཏེ། འབྲས་བུ་གཞན་གྱིས་འབྲས་བུ་དང་རྒྱུ་གཞན་གྱི་རྒྱུའོ། །དེ་ལ་རྒྱུའི་ནི་དོན་གཅིག་ལ་འདུ་བ་སྟེ། གཅིག་གི་དོན་རྣམས་འདུ་བའོ། །འབྲས་བུའི་ཡང་གཅིག་ཏུ་དོན་རྣམས་ཀྱི་འདུ་བ་ཞེས་ཚིག་རྣམ་པར་སྦྱར་བ་ཐ་དད་པ་ལས་སོ། །དེ ་ལ་འབྲས་བུ་ལས་འབྲས་བུ་གཞན་ལ་རྗེས་སུ་དཔོག་པ་ནི་དཔེར་ན་གཟུགས་ལས་རེག་པ་ལྟ་བུའོ། །རྒྱུ་ལས་རྒྱུ་གཞན་ལ་ནི་དཔེར་ན་རྐང་པ་ལས་ལག་པ་དག་ལྟ་བུའོ། །འགལ་བ་ན་རྣམ་པ་བཞི་སྟེ། བྱུང་བའི་མ་བྱུང་བ་ནི་དཔེར་ན་ཡོད་པ་མ་ཡིན་པའི་ཆར་པའི ་ལས་ནི་ཡོད་པ་རླུང་དང་སྤྲིན་ཡང་དག་པར་སྦྱོར་བའི་སྟེ། དེ་ཡོད་ན་ཆར་པའི་ལས་མེད་པའི་ཕྱིར། །བྱུང་བ་མ་བྱུང་བའི་ནི། །ཆར་པའི་ལས་ཡོད་བཞིན་པ་དེ་ཁོ་ན་རླུང་དང་ཆར་པ་ཡང་དག་པར་སྦྱོར་བ་དེ་ཁོ་ནའི་སྟེ། ཤིན་ཏུ་འཇུག་པ་ཉིད་དང་རབ་ཏུ་འཇུག་པ ་མེད་པ་ཉིད་རྟོགས་པར་བྱེད་དོ། །བྱུང་བ་བྱུང་བའི་ནི་གཤར་བ་ཆུ་ལེན་འཆིང་བའི་སྟེ། གཤར་བ་ཉིད་ཀྱི་འབྲས་བུ་རླན་པ་དང་འགལ་བའི་ཕྱིར་གཤེར་བ་ཉིད་དང་འགལ་བར་བསྟན་ཏོ། །མ་བྱུང་བ་མ་བྱུང་བའི་ནི་མངོན་པར་གྲུབ་པ་ལྗང་གུ་ཉིད་ཀྱི་བུམ་པ་ཆོས་པ་ལས ་སྐྱེས་པ་རེ་ངོ་བོར་བྱུང་བ་ལ། མངོན་པར་གྲུབ་པའི་བུམ་པ་མེད་དང་ཡང་དག་པར་སྦྱོར་བའོ། །རྒྱུས་འབྲས་བུ་རྗེས་སུ་དང་དག་པའི་གཏན་ཚིགས་དག་གོ་།ཞེས་བརྗོད་དོ་ཞེས་པ་ཕ་རོལ་པའི་མངོན་པར་འདོད་པ་ལ་ཞེས་པ་དགོང་པ་བའི། འོན་པ་སྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི ་མཛན??་ཉིད་དག་སྟེ། དེ་ལ་འབྲས་བུ་དང་རྒྱུ་དག་གི་བཀག་གི་།གསལ་བར་བྱ་བ་དང་གསལ་བར་བྱེད་པའི་མཚན་ཉིད་དག་ནི་མ་ཡིན་ཞེ་ན། སྐྱོན་འདི་མེད་ཏེ། གསལ་བར་བྱ་བ་དང་གསལ་བར་བྱེད་པའི་དངོས་པོ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཁོ་ནའོ། །ད་ལྟར་ནི་ལྷན་ཅིག ་བྱེད་པར་གསལ་བར་བྱེད་པ་ལས། ཉེ་བར་ལེན་པ་ལ་བལྟོས་ནས་ཤེས་པ་བསྐྱེད་བར་རུང་བའི་སྐད་ཅིག་གཞན་སྐྱེས་པ་ཁོ་ན་ནི། །བུམ་པ་ལ་སོགས་པ་རྣམས་ཀྱི་གསལ་བ་སྟེ། རྣམ་པ་གཞན་དུ་ན་ངེས་བྱས་པའི་ཕན་འདོགས་པ་ལ་བལྟོས་པ་མེད་པར་ཤེས་པ་སྐྱེ་བར་ཐལ་བར་འབྱུང ་བའི་ཕྱིར་རོ། །ཕ་རོལ་པོ་ན་རྨངས་པ་ལས་སྐྱེད་པ་དང་བྲལ་པ་ཁོ་ནའི་ངོ་བོ་མདོར་བའི་བུམ་པ་ལ་སོགས་པའི་མངོན་པར་གསལ་བར་སེམས་སོ། །དེའི་རང་གི་ངོ་བོ་ངེས་པར་རྟོགས་ལ་ཡང་མ་ཡིན་ཏོ། །ཤེས་པ་སྐྱེད་བྱེད་ནུས་པ་མངོན་པར་གསལ་བའོ་ཞེས་ན། དེ་ལྟ་ན་འོན ་བུམ་པ་ལ་སོགས་པ་ཁོ་ན་མངོན་པར་གསལ་བྱེད་པས་བྱའོ་ཞེས་འཐོབ་སྟེ། ནུས་པ་ནི་དེའི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་ཉིད་ན་བུམ་པ་ལ་སོགས་པ་ལ་ཕན་མ་འདོགས་པར་ཐལ་བའི་ཕྱིར། །ནུས་པ་ལས་ཤེས་པ་སྐྱེས་པའི་ཕྱིར་བུམ་པ་ལ་སོགས་པ ་རྣམས་རྟག་ཏུ་འཛིན་པ་མ་ཡིན་པར་ཐལ་བར་འགྱུར་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་དུ་འཐད་པ་མ་ཡིན་པས་སོ། །དེའི་ཡང་དེ་ལ་ནུས་པའོ་ཞེ་ན། འབའ་ཞིག་པས་ཀྱང་སྐྱེད་པར་བྱེད་པར་འགྱུར་རོ། །ལྷན་ཅིག་བྱེད་པ་ལ་བལྟོས་ནས་སྐྱེད་པར་བྱེད་ཀྱི་འབའ་ཞིག་པས ་མ་ཡིན་ན་ཞེ་ན། ཕན་འདོགས་བྱ་མ་ཡིན་པའི་བལྟོས་པ་འདི་ཅི་ཞིག་ཤེས་པ་མངོན་པར་གསལ་བའོ་ཞེ་ན། རྟག་ཏུ་བུམ་པ་ལ་སོགས་པ་མི་འཛིན་པར་ཐལ་ལོ་ཞེས་པ་ལ་སོགས་པ་ཐམས་ཅད་སླར་ཡང་འཇུག་གོ། ངེས་ན་ཕ་རོལ་པོས་ཡོངས་སུ་བརྟགས ་པའི་མངོན་པར་གསལ་བ་ནི་འཐད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་རྟགས་དང་རྟགས་ཅན་གྱི་དངོས་པོ་མ་ཡིན་ནོ། །སྣལ་མ་ལ་སོགས་པ་ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་གྱི་རྫས་བུམ་པ་ལ་སོགས་པ་རྟེགས་པར་བྱ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་བཞིན ་མི་དམིགས་པས་ཡོད་པ་ཉིད་གསལ་བར་བྱས་པ་ཅན་དེ་ནི་མེད་པ་ཁོ་ནའོ། །དེས་ན་དེ་རྣམས་ཀྱིས་དེའམ། །དེས་དེ་རྣམས་རྗེས་སུ་དཔག་པ་ག་ལ་ཡིན། །དེ་ཡོད་པ་ཉིད་ན་ཡང་རྒྱུ་ལས་རྗེས་སུ་དཔོག་པ་རིགས་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ་ཞེས ་བརྗོད་ཟིན་ཏོ། །དེ་ལྟར་འགྱུར་མོད་རྒྱུ་ཚོགས་པས་འབྲས་བུ་སྲིད་པ་རྗེས་སུ་དཔག་པར་བྱའོ། །ཞེ་ན། འདི་མི་རིགས་ཏེ། མངོན་སུམ་ངེས་པའི་བདག་ཉིད་ཅན་དུ་ཁས་བླངས་པའི་ཕྱིར་རོ། །རྒྱུ་ནི་སྐྱེད་པར་བྱེད་པ་ཁོ་ནར་འགྱུར་བ་གེགས་བྱེད་པ་མི་འགྱུར་བ་ཅན་རྣམ། སྐྱེད ་བར་བྱེད་པ་མ་ཡིན་པ་ཁོ་ན་གེགས་ངེས་པར་འབྱུང་བ་ཅན་ཡིན། བརྟག་པ་སྔ་མ་ལ་ནི། དེ་དེའི་ངོ་བོར་མངོན་སུམ་གྱིས་ངེས་སོ་ཞེས་པས། དེ་ལས་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པ་རྗེས་སུ་དཔག་པ་ཁོ་ནར་འགྱུར་ན་འགྱུར་པ་ཡང་མ་ཡིན་ནོ། །ཇི་ལྟར་རྒྱུ་ལས་འབྲས ་བུ་ཡོངས་སུ་བཅད་ནས། དེའི་དོན་ལ་རབ་ཏུ་འཇུག་བཞིན་བསླུ་བ་མེད་པ་མཐོང་བ་བཞིན་ནོ། །ཕྱོགས་གཉིས་པ་ལ་ནི་རྒྱུ་ཁོ་ནར་དེ་མི་འགྱུར་རོ་ཞེས་པའི་ངེས་པ་ཡོད་པ་ན། དེ་ལས་འབྲས་བུ་འབྱུང་བ་རྗེས་སུ་དཔག་པ་ག་ལ་ཡིན། མེ་གྲང་བའི་རྒྱུར་གྱུར་པ་མ་ཡིན་ནོ་ཞེས ་ངེས་པ་ཡོད་པ་ལ་འགའ་ཞིག་མེས་གྲང་བ་ཡང་དག་པར་འབྱུང་བ་རྗེས་སུ་དཔོག་པ་ནི་མ་ཡིན་པས་སོ། །དེ་ལྟར་ཕ་རོལ་པོའི་འདོད་པས་རྒྱུས་འབྲས་བུ་དག་རྗེས་སུ་དཔོག་པའི་གཏན་ཚིགས་དག་མ་ཡིན་ནོ། །ལྡན་མིན་རྟོགས་མེད་ལ་འགྲུབ་ཕྱིར། ཞེས ་པ་གང་མ་བཟུང་བ་ན་ཡང་གང་ལ་རྗེས་སུ་དཔོག་པ་དེ་ནི་དེ་རྗེས་སུ་དཔོག་པའི་རྒྱུ་མ་ཡིན་ཏེ། དཔེར་ན་ཆུའི་མེ་བཞིན། མེ་དང་དུ་བའི་ལྡན་པ་མ་ཟུང་བ་ན་ཡང་མེ་རྗེས་སུ་དཔག་པར་འགྱུར་རོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །ཡང་ཅི་ལྟར་དེ་མ་རྟོགས་པ ་ན་ཡང་འགྲུབ་པ་ཡིན་ཞེ་ན། སྨས་པ། མཐོང་བའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ལྡན་པ་ནི་གཉིས་ལ་གནས་པ་ཉིད་ཀྱི་ཕྱིར་གཉིས་ཉིད་བཞིན་དུ་རྟེན་ཐམས་ཅད་མཐོང་བ་སྔོན་མ་ཅན་ཁོ་ནས་འཛིན་པར་འགྱུར་ལ། རྗེས་སུ་དཔག་པའི་དུས་ན་ཡང ་རྟེན་ཐམས་ཅད་མ་མཐོང་བའི་ཕྱིར་ལྡན་པ་འཛིན་པ་མི་སྲིད་པ་ཁོ་ནའོ། །དེ་སྟེ་ཡང་མེད་ན་མི་འབྱུང་བ་ཉིད་དྲན་པ་ལས་དུ་བས་མེ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འདིར་འགྱུར་མོད་འདི་ནི་མ་ཤེས་པ་ཁོ་ནར་རྗེས་སུ་དཔག་པའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། གསུངས ་པ། ཤེས་པའི་རྒྱུ་ཉིད་ཁོ་ནས་ཀྱང་ཞེས་པ་ལ་སོགས་པ་སྟེ། རང་གི་ཡུལ་ཅན་གྱི་ཤེས་པའི་རྒྱུ་ཡིས་ཞེས་པའི་དོན་ཏོ། །གང་ཕྱིར་ཤེས་པར་བྱེད་པ་ཐམས་ཅད་ནི་རང་གི་ཡུལ་ཅན་གྱི་ཤེས་པ་ཉེ་བར་སྐྱེད་པར་བྱེད་ཅིང་ཤེས་པར་བྱ་བའི་དོན་ཤེས་པར་བྱེད ་ཏེ། སྒྲོན་མ་བཞིན་ནོ། །རྣམ་པ་གཞན་དུ་ནམ་བཟུང་བའི་དུ་བ་ལས་ཀྱང་མེ་ལ་རྟོགས་པར་འགྱུར་རོ། །ལྡན་པ་ཡང་ཞེས་པ་ལ་སོགས་པ་སྟེ། གང་ལྡན་པའི་རྟེན་ཡིན་པ་དེ་སོ་སོར་སྦྱོར་བ་གཉིས་པ་ལ་རྟོགས་པར་བྱེད་པའི་གཏན་ཚིགས་ཏེ། དཔེར་ན་དུ་བ་བཞིན། མེ ་ཡང་དེ་ལྟ་བུའོ། །ཞེས་རང་བཞིན་གྱི་ཐལ་འགྱུར་གསུངས་སོ། །དེ་ལྟར་འགྱུར་མོད། འདི་ནི་འདོད་པ་ཁོ་ནའོ་ཞེ་ན་གསུངས་པ་མཐོང་ཞེས་པ་ལ་སོགས་པའོ། །འོན་དུ་བ་ཡང་གནས་ཀྱི་ཁང་པ་ལ་སོགས་རྣམས་སུ་མེ་མེད་པ་ལས་འབྱུང་བ་མཐོང་པ་ཁོ་ནའོ། །དེས ་ན་གང་གིས་གཅིག་ལ་མངོན་པར་གསལ་བར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བ་རྩོད་ཅིང་ཅིག་ཤོས་ལ་མ་ཡིན་པ་འདི་དག་གི་ཁྱད་པར་ཅི་ཡིན། །འདི་ལྟར་སེམས་ཏེ་གལ་ཏེ་ཡང་དུ་བའི་ལྡན་པ་ཅན་ཉིད་ད་ལྟར་བྱུང་བ་མེད་མོད། །བྱུང་བ་སྔོན ་མ་ནི་ཡོད་པ་ཁོ་ན་སྟེ། རྒྱུ་མཚན་ཅན་ནི་རྒྱུ་མཚན་ལ་མི་འཁྲུལ་པའི་ཕྱིར། །སྐྱེ་བཞིན་པ་ཁོ་ནའི་དུ་བ་ནི་མེ་དང་ལྡན་ཞིང། །མེ་ནི་དེའི་རྒྱུ་མཚན་ཡིན་ལ། གདོན་མི་ཟ་བར་རྒྱུ་མཚན་རྣམས་ནི་རྒྱུ་མཚན་ཅན་ལ་འཇུག་པར་འགྱུར་བ་ཡང ་མ་ཡིན་ནོ། །དེའི་ཕྱིར་དེ་གནས་སྐབས་གང་དུ་ཡང་བྱུང་བ་སྔོན་མ་ཅན་གྱི་ཡང་ལྡན་པ་ཅན་ཉིད་སྲིད་པ་མ་ཡིན་ཞེས་པའོ། །དེ་ལྟར་གང་གི་ཕྱིར་མེ་ནི་རེས་འགའ་དུ་བའི་རྒྱུ་མཚན་ཡིན་ལ་རེས་འགའ་རྒྱུ་མཚན་མ་ཡིན་པ་དེའི་ཕྱིར་འཁྲུ ་ཉིད་ལས་དེ་དུ་བའི་དོར་མངོན་པར་གསལ་བར་བྱེད་པ་ཉིད་མ་ཡིན་ནོ། །ལྡན་པ་རྗེས་སུ་དཔོག་པའི་རྒྱུར་འདོད་པ་ལ་ནི་དེ་འཐོབ་པོ་ཞེས་བརྩད་པར་བྱའོ། །དམིགས་ཀྱིས་བསལ་བའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཐེ ་ཚོམ་ཟ་བའི་གཉན་པས་ངེས་པ་ཉིད་སྨྲས་ཏེ། ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་ཅི་ལྟར་ལྡན་པ་ཅན་ཉིད་མཚུངས་པ་ཉིད་ལ་མེའི་མ་ངེས་པ་ཉིད་དང་དུ་བའི་མ་ཡིན་པ་ཅི་ལྟར་ཞེས་ན་སྨྲས་པ། དེ་གདོན་མི་ཟ་བར་མ་ཡིན་ཞེས ་པ་ལ་སོགས་པའོ། །ཐ་དད་མིན་ཕྱིར་ཞེས་པས་ལྡན་པ་ནི་ཐོབ་པ་ཡིན་ལ། །དེ་ཐ་དད་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ལས་ཀྱང་ཇི་ལྟར་གཅིག་གི་ཐོབ་པ་དེ་ལྟར་གཉིས་པའི་ཡང་ངོ་ཞེས་མེ་གཅིག་བུ་ལ་རྒྱུ་མ་ཡིན་པར་རིགས་པ་མ་ཡིན་ནོ། ། ་དེ་ལྟར་འགྱུར་མོད་ལྡན་པའི་རྟེན་འགའ་ཞིག་ནི་འཁྲུལ་པ་སྟེ་གང་དེ་ལ་འཁྲུལ་པའོ། །འགའ་ཞིག་ནི་མི་འཁྲུལ་པ་སྟེ་གང་འཁྲུལ་པ་མེད་པའོ་དེ་ལ་གང་ཞིག་།འདིའི་རྟེན་མི་འཁྲུལ་པ་དེ་ཁོ་ན་རྟགས་པ་ཉིད་དུ་འདོད་ཀྱི་ཅིག་ཤོས་ནིམ ་ཡིན་ནོ། །དེའི་ཕྱིར་ལྡན་པ་བཟུང་བ་ཞེས་པ་ཁོ་ན་རྗེས་སུ་དཔོག་པའི་རྒྱུ་མ་ཡིན་ཀྱི། འོ་ན་ཅི་ཞེ་ན་གང་གི་ཚེ་འདི་ནི་འདིའི་རྟེན་འཁྲུལ་པ་ཅན་ནོ། །འདི་ནི་འཁྲུལ་པ་མེད་པའོ་ཞེས་པ་འདི་ལྟར་ཡང་འཁྲུལ་པ་དང་འཁྲུལ་པ་མེད་པའི་རྟེན་ཉིད ་ཀྱིས་རྣམ་པར་དཔྱོད་པ་སྔོན་མ་ཅན་གཟུང་བར་བྱ་སྟེ། དེ་ཁོ་ན་འཁྲུལ་པ་མེད་པའི་རྟེན་ལ་རྟོགས་པར་བྱེད་པ་ཉིད་འཛིན་པའོ། །དེས་ན་འཁྲུལ་པ་མེད་པ་དེ་ཁོ་ནས་རྗེས་སུ་དཔག་པར་བྱའོ་ཞེས་པས་ཇི་སྐད་བརྗོད་པའི་སྐྱོན་གྱི་གནས་མེད་དོ་ཞེས ་གསུངས་པ། མ་ཡིན་ཅེས་པ་ལ་སོགས་པ་སྟེ། ལྡན་པ་ནི་ལན་ཅིག་གམ་གཅིག་མ་ཡིན་པར་བཟང་པར་བྱ་བ་ཡིན། བདག་ཉིད་ཕུལ་དུ་བྱུང་བ་ཅི་ཡང་སྒྲུབ་པར་མི་བྱེད་ཏེ། གང་གིས་ལན་ཅིག་མ་ཡིན་པར་ལྡན་པ་གཟུང་བར་བྱ་བ་དེ་རྗེས་སུ་དཔོག ་བའི་རྒྱུད་ཉིད་དུ་འགྱུར་བའོ། །གལ་ཏེ་ཡང་དེ་གཟུང་ཟིན་པར་གྱུར་ཡང་སླར་ཡང་འཁྲུལ་པ་དང་མ་འཁྲུལ་པའི་རྟན་ཉིད་དུ་འཛིན་པ་བལྟོས་པ་ཡིན་ན། དེ་ལྟར་གྱུར་ན་གཞན་ཁོ་ན་མེད་ན་མི་འབྱུང་བའི་འབྲེལ་པ་ཉིད་དུ་ཁས་བླངས་པར་འགྱུར་གྱི། །ལྡན་པ་ནི་མ་ཡིན་ནོ། །དེའི་ཕྱིར ་དེ་ཁས་ལེན་པར་བྱེད་པ་ན། །འདིའི་ཅིག་ཅར་ཁོ་ན་འཛིན་པ་ཚད་མར་བྱ་བའོ། །དེ་ལས་ཀྱང་འདིའི་འཁྲུལ་པ་དང་མ་འཁྲུལ་པ་ཉིད་དུ་རྣམ་པར་དཔྱད་པ་ག་ལས་ཡིན་ཞེས་པའོ། །གང་གི་ཡང་མེད་ན་མི་འབྱུང་བ་ཉིད་འབྲེལ་པ་ཡིན་པ་དེའི་ཡང་སྐྱོན ་འདི་ཅི་ལྟར་མི་འབྱུང་ཞེ་ན་གསུངས་པ། གང་གི་ནི་ཞེས་པ་ལ་སོགས་པ་སྟེ། གདོན་མི་ཟ་བར་སྨོས་པ་ནི། །བྱས་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་ལ་མེད་ན་མི་འབྱུང་བ་ཉིད་ཀྱང་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །མེ་འགའ་ཡིས་མིན་ཞེས་པ་ལ ་སོགས་པས་ནི། མེའི་ངོ་བོ་གང་ཞིག་དུ་བ་ལ་ལྡན་པ་ཅན་ཡིན་པ་དེ་ནི་དུ་བའི་གོ་བར་བྱ་བ་སྟེ། མེ་ལ་སོགས་པའི་ངོ་བོ་བཞིན།། །།འབར་བ་ལ་སོགས་པའི་ངོ་བོ་ཡང་དེ་ལྟ་བུའོ། །དེ་བཞིན་དུ་དུ་བའི་ངོ་བོ་གང་ཞིག ་མེ་དང་ལྡན་པ་ཅན་ཡིན་པ་དེ་ནི་མེའི་གོ་བར་བྱེད་པ་ཡིན་ཏེ། དུ་གཉིད་ལ་སོགས་པའི་ངོ་བོ་བཞིན། རྫས་ལ་སོགས་པའི་ངོ་བོ་ཡང་དེ་ལྟ་བུའོ་ཞེས་རང་བཞིན་གྱི་ཐལ་འགྱུར་གཉིས་གསུངས་སོ། །འབར་བ་ལ་སོགས་པའི་མཉན་པས་ཀྱང་འདིར ་དེ་དང་ལྡན་པའི་མེའི་ངོ་བོ་ཁོ་ན་གསུངས་ཀྱི་ཡོན་ཏན་དང་སྤྱི་དག་ནི་མ་ཡིན་ཏེ། དེ་དག་གི་ལྡན་པ་ཅན་ཉིད་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཡང་ཞེས་པ་ལ་སོགས་པ། ཇི་སྐད་བཤད་པའི་སྐྱོན་ནི་འབྲེལ་པ་གཞན་ལ་ཡང་བསྒྲེས་ནས་སྟོན་ཏོ། །འགལ ་པ་རྣམས་ལ་སྲིད་པའི་ཕྱིར། ཞེས་པ་སྲིད་པ་སྨོས་པས་ནི་བྱུང་ཟིན་པ་ཁོ་ནའི་འགལ་བ་ལ་ཐལ་བར་འགྱུར་བ་འདི་སྟེ། མ་བྱུང་བ་ལ་ནི་མ་ཡིན་ཏེ། དེ་ལ་སྤྱི་དང་ཁྱད་པར་མི་འཐད་པའི་ཕྱིར་ཞེས་སྟོན་ཏོ། །རྟགས་ཀྱིས་ཞེས་པ་ལ་སོགས་པ་སྟེ། རྟགས ་ཀྱི་སྟེ་དུ་པ་ལ་སོགས་པའི། གཞན་དང་སྤྱི་གང་ཡིན་པ་རྫས་ཉིད་ལ་སོགས་པའི་ངོ་བོ་དང། གང་ཡང་འབར་བ་ལ་སོགས་པ་ཁྱད་པར་རྣམས་ཏེ། དེ་གཉིས་ཀ་ལ་ཡང་གསལ་བར་བྱེད་པ་དང་གསལ་བར་བྱ་བར་མི་འགྱུར་རོ། ། ་འདིར་ཡང་བར་ཆོད་པ་སྒྲེལ་པར་བལྟ་བར་བྱ་སྟེ། རྟགས་ནི་གཞན་དང་ཐུན་མོང་དང། །རྟགས་ཅན་གྱི་ནི་ཁྱད་པར་རྣམས། །གསལ་བྱེད་གསལ་བྱ་མིན་ཞེས་པའོ། །སྡེབ་སྦྱོར་གྱི་དོར་དེ་ལྟར་ཀླགས་པའོ། །གཞན་ལ་སྟེ་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱི་ལྟར ་ནའོ། །རྣམ་པ་ཀུན་ཏུ་ཐལ་པར་འགྱུར་ཏེ་གསལ་བྱེད་དང་གསལ་བྱའི་ལྡན་པ་ལ་སོགས་པའི་འབྲེལ་བ་ཁྱད་བར་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །ལྡན་པ་ཅན་ཙམ་རྟོཊ་པར་ཐལ་བར་འགྱུར་རོ་ཞེས་པ་ལྡན་པ་ཅན་གྱི་རྣམ་པ་ཅན་གྱིས་རྗེས་སུ་དཔག་པར་བྱ་བ་འཛིན ་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་ག་ལས་ཞེན་གསུངས་པ། གཞན་དུ་ན་ཞེས་པ་ལ་སོགས་པའོ། །འབྲེལ་བའི་རྗེས་སུ་མཐུན་པར་རྟགས་ཀྱིས་རྟགས་ཅན་གོ་བར་བྱེད་དོ། །དེའི་ཕྱིར་ལྡན་པའི་དབང་གིས་རྟགས་ཀྱིས་རྟོགས་པར་བྱེད་པར་འགྱུར་ཞིང། ་ལྡན་པ་ཅན་གྱི་ངོ་བོར་བཟུང་བ་དེའི་ངོ་བོ་ཁོ་ནས་རྟོགས་པར་འགྱུར་ཏེ། ལྡན་པ་ཅན་ཉིད་ནི་ལྡན་པ་ཅན་གཞན་ལ་བལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་བཤད་པ། གང་འདི་འདིའི་ལྡན་པ་ཅན་དུ་རབ་ཏུ་གྲུབ་ཅིང་ཐེ་ཙོམ ་མེད་པར་འགྱུར་ན། དེ་ནས་འདིའི་འབྲེལ་བ་ཅན་འཐན?་པའི་ཕྱིར། འབྲེལ་པ་ཅན་བཟུང་པ་མ་ཡིན་པ་ལ་ཡང་རྗེས་སུ་ངེས་པར་འགྱུར་རོ་ཞེས་པའོ། །འདིར་འགྱུར་མོད་མེའི་ངོ་བོ་ཁོ་ནས་ལྡན་པ་སྟེ། དེའི་ཕྱིར་དེའི་ངོ་བོས་ཀྱང ་རྟོགས་སོ། །གང་ཡང་དེ་ནས་འདིའི་ཞེས་པ་ལ་སོགས་པ་བཤད་པ་དེ་ལ་འབྲེལ་པ་ཅན་ལ་ཞེས་པ་འདིས་ཁྱད་པར་ཁོ་ནལ་མཆོག་ཏུ་སྙེག་པ་སྟེ། ལྡན་པ་ཅན་ཡན་ལག་ཅན་ཕྱི་ངོ་བོ་ཙམ་ནི་མ་ཡིན་ནོ་ཞེ་ན་གསུངས་པ། འདིར་ཡང་མ་ཡིན་ཞེས ་པ་ལ་སོགས་པའོ། །ཡང་ན་དོགས་པར་མ་བྱས་ནས། ཕྱོགས་སྔ་མ་ལ་སྐྱོན་གཞན་ཁོ་ན་འདིས་གསུངས་སོ། །གལ་ཏེ་དུ་བས་ལྡན་བཅན་གྱིས་མེ་ཡོད་པ་ཉིད་སྒྲུབ་པར་བྱེད་ན། མེ་དང་དུ་བ་ལྡན་པ་ནི་རྗེས་སུ་དཔོག་པ་ལ་ཡན་ལག་ཏུ་འགྱུར་ན། ་འདི་ནི་བསྒྲུབ་པར་བྱ་བ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། དེ་རྟོགས་ཟིན་པ་ཉིད་ཀྱི་ཕྱིར་ཅེས་པའོ། །འོ་ན་ཅི་བསྒྲུབ་པར་བྱ་བ་ཡིན་ཞེ་ན་གསུངས་པ། གང་དུ་ནི་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ཞེ་ན། འདིར་འདི་ཞེས་པའི་ཚིག་ལས་འདིར་གྱི ་སྒྲས་འདིར་ཡུལ་གྱི་རྟེན་ཉིད་དུ་རྟེགས་པར་བྱའོ། །འོ་ན་རྟེན་ནི་སྤྱི་ཡིན་ཞེ་ན། འདིར་ཞེས་པའི་ཚིག་གིས་བསྒྲུབ་པར་བྱ་བ་ཡིན་ན། དེ་ལ་དེ་ལས་ཁྱད་པར་རྟོགས་པ་ག་ལས་ཡིན་ཞེ་ན་གསུངས་པ། རྣམ་པ་གཞན་དུ་ན་ཞེས་པ་ལ་སོགས་པ་སྟེ། འདིས ་ནི། ཁྱད་པར་དོན་གཞན་ཉིད་མི་སྲིད་པར་གསལ་བར་བྱེད་དོ། །གང་དུ་འདིར་ཞེས་པའི་ཚིག་འདི་དོན་གཞན་མི་སྲིད་པ་ཡིན་པ་དེར། རབ་ཏུ་འཇུག་པའི་རྟེན་བརྗོད་པར་འདོད་པ་ཡིན་ཏེ། དཔེར་ན་འདི་ཁྲོན་པ་ཞེས་པའི་དག་ལ ་བཞིན་འདིར་མེ་ཞེས་པ་འདི་ལ་ཡང་འདིར་ཞེས་པའི་ཚིག་ནི་དོན་གཞན་མི་སྲིད་པ་ཅན་ཡིན་ནོ། །འབྲས་བུའོ། །འོ་ན་ཁྱད་པར་མ་གྲུབ་པ་མ་ཡིན་ནམ། དུ་བ་ཁོ་ན་འདིར་ཞེས་པ་འདིས་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ ་ཞེ་ན་གསུངས་པ། དུ་བ་ལ་མེ་ཞེས་པ་ལ་སོགས་པ་སྟེ། དམ་བཅའ་ཨི་དོན་གྱི་ཕྱོགས་གཅིག་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་གཏན་ཚིགས་ཉིད་དུ་མངོན་པར་བརྗོད་པའི་ཕྱིར། །འོ་ན་ཁྱད་པར་དམ་བཅའ་ཨི་ཕྱོགས་གཅིག་ཡིན་ལ། སྤྱི་གཏན་ཚིཊ་ཏེ། དེས་ན་སྐྱོན་འདི་ག ་ལས་ཡིན་ཞེ་ན། འདི་ལྟར་སེམས་ཏེ། མེ་དང་དུ་བདག་གི་ལྡན་པ་འབྲེལ་པར་འདོད་པས་གཏན་ཚིགས་ཀྱང་ཁྱད་པར་གྱི་མཚན་ཉིད་ཀྱི་བདག་ཉིད་ཁོ་ནར་ཁས་བླང་པར་བྱ་སྟེ། སྤྱི་ནི་མ་ཡིན་ནོ། །རྣམ་པ་གཞན་དུན་རྫས་དག་ཁོ་ན་ཕན་ཚུན་ལྡན་པ་མི་སྲིད་པར་འགྱུར ་ན། གང་གི་ཕྱིར་འདི་ནི་བསྟན་བཅོས་སུ་འདོད་བས་ཡང་ངོ། །དེ་ལས་ཀྱང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ། །འདིར་ཡང་འདི་བརྗོད་པར་བྱ་བ་ཁོ་ན་སྟེ། འདིར་མེ་ཡོད་པ་བསྒྲུབ་པར་བྱ་བ་ཡང་མ་ཡིན ་ཏེ། དེ་ནི་རྟོགས་ཟིན་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །ལན་དེ་བརྗོད་པར་བྱ་བ་ཡིན་དུ་ཟད་མོད། གང་དང་ཇི་སྐད་བཤད་པའི་སྐྱོན་ལས་གྲོལ་བ་མ་ཡིན་ནོ། །འདིར་ནི་དུ་བའི་ཁྱད་པར་ལ་ཡང་མེ་བསྒྲུབ་པར་བྱ་བ་ལ། སྐྱེན་དང་བཅས་པ ་དའི་གནས་སྐབས་ཁོ་ནའོ། །དེའི་ཕྱིར་འདིའི་ལན་མ་ཡིན་ནོ་ཞེས་པའོ། །གལ་ཏེ་དེ་ལྟ་ན་རྫས་དག་ཁོ་ནའི་ཕན་ཚུན་ནི་ལྡན་པའོ་ཞེས་པ་གཞུང་ལུགས་ཏེ། འོ་ན་དེ་ལྟ་ན་མེ་ཡང་ཁྱད་པར་ཁོ་ན་རང་གི་མཚན་ཉིད་ཀྱི་རྣམ་གྲངས་པ་བསྒྲུབ་པར་བྱ་བ་ཉིད་དུ་ཁས ་བླངས་པར་བྱ་བ་མ་ཡིན་ནམ། དེ་ལས་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་རང་གི་མཚན་ཉིད་ཀྱི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པར་འགྱུར་རོ། །དཔེ་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་དང་བྲལ ་བའོ་ཞེ་ན། འདི་ནི་བདེན་ཏེ། དེའི་ཕྱིར་གསུངས་པ། དེའི་ཕྱིར་རྟཊ་དང་རྟགས་ཅན་དག་གོང་ན་མི་ཟ་བར་ལྡན་པ་མ་ཡིན་གྱི་ཞེས་པ་སྟེ། འདིར་ཁས་བླང་པར་བྱ་བའོ་ཞེས་བརྟག་པར་བྱ་སྟེ། གང་གི་ཕྱིར་ལྡན་པའི་འདྲེལ་བ་ལ་དེ་ལྟ་བུའི་སྐྱོན་ཡིན་པ་དེའི་ཕྱིར ་རྟགས་དང་རྟགས་ཅན་དག་ལྡན་པའི་འབྲེལ་བ་ཅན་དུ་ཁས་བླང་བར་བྱ་བ་མ་ཡིན་པ་ཁོ་ནའོ། །གདོན་མི་ཟ་བ་སྨོས་པས་ནི་ངོས་པར་གཟུང་བ་བསྟེན་པའོ། །འོ་ན་ཅི་ཞེ་ན། མེད་ན་མི་འབྱུང་བ་ཉིད་ཡོན་ཞེས་པ། དེ་ལ་སྐྱོན་མེད་པ་ཉིད་ཀྱི་ཕྱིར་རོ། །འོ་ན ་ཡང་དེ་ཡང་སྐྱོན་དང་བཅས་པ་ཁོ་ན་མ་ཡིན་ནམ། མ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །གང་ཕྱིར་དེ་ཐམས་ཅད་ཀྱི་ཚོ་རྟཊ་ལ་འབྱུང་བར་འགྱུར་བ་ནི་མ་ཡིན་པས་ཏེ། དེ་ཏར་ནི་མེས་ལྟོང་པའི་ཡུལ་དང་དུས་དག་ན་ཡང་འགའ་ཞིག་གི་ཚོད་དུ་ཉེ་བར་དམིཊ ་བས་སོ་ཞེ་ན་གསུངས་པ། ཡུལ་དང་དུས་ལ་བལྟོས་པ་ནི། ཞེས་པ་ལ་སོགས་པ་སྟེ། ཇི་ཙམ་གྱི་ཡུལ་དུ་དུ་བ་མེ་མེད་པར་མཐོང་བ་མ་ཡིན་པ་དེ་ལ་བལྟོས་བས་མེད་ན་མི་འབྱུང་བ་ཉིད་དུ་འགྱུར་ལས་དུས་ཇི་ཙམ་གྱིས་ཏེ། གཙུབ་ཤིང་གཙུབས་པ་ལ ་སོགས་པའི་གནས་སྐབས་ནའོ། །སོགས་པའི་སྒྲས་དེ་ལས་གཞན་པའི་གནས་སྐབས་མེ་ཉེ་བར་གྱུར་པ་ན་ཡང། དུ་བ་མེ་དང་མེད་ན་མི་འབྱུང་བར་ཉེ་བར་དམིགས་པ་ནི་དེ་ལ་བལྟོས་པས་མེད་ན་མི་འབྱུང་བ་ཉིད་དོ། །འདུ་བ་ཡང་ཞེས་པ་ལ་སོགས ་བ་སྟེ། གང་འབྲེལ་པ་ཉེ་བར་མ་དམིགས་པ་འདི་ནི་རྗེས་སུ་དཔོག་པའི་རྒྱུ་མ་ཡིན་ཏེ། དཔེར་ན་རྒྱུ་དང་འབྲས་བུའི་དངོས་པོ་རབ་ཏུ་མ་གྲུབ་པ་འགའ་ཞིག་དག་གི་བཞིན། དུ་བ་ཡང་རབ་ཏུ་མ་གྲུབ་པའོ་ཞེས་པ་ཁྱད་པར་བྱེད་པ་མི་དམིགས་པ་གསུངས་པའོ ་འབྲེལ་པ་ནི་ཞེས་པ་ལ་སོགས་པ་དཔགས་ལ་བར་བྱེད་པའོ། །མ་ཡིན་ཞེས་པ་ལ་སོགས་པ་འདི་ཉིད་ཀྱི་རྣམ་པར་འབྲེལ་པའོ། །རྟོགས་པ་མེད་པའི་ཡང་ཞེས་པ་སྟེ། གང་ཞིག་གི་ཡང་འདུ་བ་ཅན་གྱི་ཡུལ་ཅན་རྟོགས་པ་མ་ཡིན་པ་དེའི་ཡང་རྭ་ལ་སོགས་པ ་ལ། མེད་ན་མི་འགྱུར་བ་ཉིད་དྲན་པ་ལས་བ་ལང་ལ་སོགས་པ་ཡན་དག་པར་རྟོགས་པར་མཐོང་ངོ། །དེའི་ཕྱིར་མེད་ན་མི་འབྱུང་བ་ཉིད་ཁོ་ན་རྗེས་སུ་དཔོག་པའི་རྒྱུ་ཡིན་ཏེ། དེ་ཡོང་བའི་དངོས་པོ་དག་དེ་དང་ལྡན་པ་ཉིད་ཀྱི་ཕྱིར། མྱུ་གུའི་ག་པོན་བཞིན་ནོ། །འདི ་ལ་ཡང་དེ་ཁོ་ན་ཞེས་པ་ལ་སོཊ་པས་དོན་གཅིག་ལ་འདུབ་ལ་འདུ་བའི་སྐྱོན་དང་ལྡན་པ་ཉིད་དུ་གསུངས་སོ། །འདིར་ཡང་ཞེས་པ་ལ་སོགས་པས་ཀྱང་ལྡན་པའི་སྐྱོན་དང་ལྡན་པ་ཉིད་དུའོ། །དེར་གྱུར་མོད། །ཡོད་པ་མ་ཡིན་པ་དང་ཐེ་ཚོམ་ཟབ་ནི་བསྟན་པ་མ་ཡིན་ནོ ་ཞེས་དམིགས་གསལ་བ་ཡོད་དོ། །དེའི་ཕྱིར་གསུངས་ནི་རེག་བྱ་ལས་རླུང་ལས་རྗེས་སུ་དཔག་པ་མ་ཡིན་ནོ་ཞེ་ན་གསུངས་པ། འཁྲུལ་པ་ཉིད་ན་ཡང་ཞེས་པ་ལ་སོགས་པའོ། །རྒྱུའི་རྒྱུ་ལས་ཞེས་པ། ལུས་ཀྱི་རྒྱུ་ནི་མགོ་བོ་ཡིན་ལ། དེའི་ཡང་རྒྱུ་ནི་རང ་གི་ཆ་ཤས་དཔྲལ་བའོ། །དེ་ལས་ཀྱང་རྒྱུའི་རྒྱུ་ལས་འབྲས་བུའི་འབྲས་བུ་ལུས་ལ་ཡང་དག་པར་རྟོགས་པ་མཐོང་སྟེ། ཡང་ལུས་དང་མགོ་བོའི་ཆ་ཤས་ནི་དོན་གཅིག་ལ་འདུ་བ་ཅི་ལྟར་ཡིན། ཇི་ཙམ་གྱིས་ཚིག་རྣམ་པར་སྦྱར་བ་ཐ་དད་པ ་ལས་དོན་གཅིག་ལ་འདུ་བ་ཅན་རྣམ་པ་གཉིས་སུ་བསྟན་ཏོ། །དོན་གཅིག་གིས་འདུ་བ་ཞེས་ཚིག་རྣམ་པར་སྦྱར་བ་གཞན་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་ནི་མགོ་བོ་དོང་ཅིག་ཡིན་ཅིང་དེས་ཀྱང་དེ་གཉིས་ཀ་དག་གི་ཡང་འདུ་བའོ། །ཇི་སྐད་དུ་སྨྲས་པ ་ཞེས་པ། དེའི་ཚིག་ཁོ་ན་ཤེས་པར་གསུངས་སོ། །གང་ཞིག་ལ་འདི་རབ་ཏུ་གྲུབ་པ་དང་ཐེ་ཚོམ་མེད་པར་གྱུར་ཏེ། མགོ་བོ་ལ་སོགས་པ་འདི་རྣམས་ལུས་མ་བརྩམས་པ་རྣམས་སུ་འགྱུར་བ་མ་ཡིན་ལ། འདི་རྣམས་ཞིག་ན་ལུས་མི་འཇིག་པ ་སྲིད་པ་ཡང་མ་ཡིན་ཞིང། མགོ་བོ་ལ་སོགས་པ་མ་ཞིག་པ་ན། དེའི་ཡན་ལག་རྣམས་རྣམ་པར་འགྱེས་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་པ་དེ་ལ་རྣམ་པ་འདི་ལྟ་བུའི་རྟོགས་པར་འགྱུར་ཏེ། ལུས་སུ་འགྱུར་ཏེ། གང་ཞིག་གི་འདི་ནི་ཡན ་ལག་དང་ཡན་ལག་ཡིན་པའོ་ཞེས་པར་རོ། །དེའི་ཕྱིར་རྣམ་པ་གཉིས་ཁོ་ནའོ་ཞེས་ངོས་པར་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་པའོ། །འོ་ན་མཐོང་བ་ཞིག་པའི་མགོ་བོ་དེ་ཁོ་ན་ལས་ཡང་དག་པར་རྟོགས་པ་ཡིན་གྱི། དེའི་ཆ་ཤས་ལས་ནི་མ་ཡིན ་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མ་གྱུར་པ་ལས་ཞེས་པ་སྟེ། མ་ཡིན་ཏེ་མེད་པ་རྒྱུ་ཉིད་དུ་མི་རིགས་པའི་ཕྱིར་ན་ཤིན་ཏུ་མེད་པ་བཞིན་ནོ། །འགལ་བ་ནི་རྗེས་སུ་དཔག་པའི་རྒྱུ་ཉིད་ཡིན་པ་ངེས་པར་བསལ་བའི་ཆེད་དུ་གསུངས་པ། གང་ཞིག་འགལ་བ་ཞེས ་པ་ལ་སོགས་པའོ། །རླུང་དང་སྲིན་ཡང་དག་པར་སྦྱོར་བ་ནོ་ཆར་བའི་ལས་དང་འགལ་བ་ཞེས་པ་ནི། དེ་དག་ལྷན་ཅིག་མི་གནས་པའི་ཕྱིར་རོ། །འདིར་ཆར་པའི་ལས་རྟགས་ཀྱང་མ་ཡིན་གྱི་ཞེས་པ་དེ་དང་འགལ་བའི་ཆོས་སྒྲུབ་པར་བྱེད་པའི་ཕྱིར་རོ། །འོ་ན ་ཅི་ཞེ་ན་དེ་མེད་པར་ཡིན་ནོ་ཞེས་པ། རླུང་དང་སྤྲིན་ཡང་དག་པར་སྦྱོར་བ་ཡོད་ན། ཆར་པའི་ལས་མེད་པའི་ཕྱིར་རོ། །ཆར་བའི་ལས་མེད་པ་དང་རླུང་སྤྲིན་སྦྱོར་བ་དག་འགལ་བ་ཡང་མ་ཡིན་ནོ་ཞེས་ལྷན་ཅིག་གནས་པའི་ཕྱིར་རོ། །འདིར་འགྱུར་མོད། ཆར་པའི་ལས་ཀྱི་མེད ་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་ཏོ། དེ་ལས་ཆར་བའི་ལས་ཁོ་ནའི་གནས་སྐབས་ཐོབ་པ་ནི་རྟགས་སོ་ཞེ་ན། ཡང་ཅི་ལྟར་མེད་པ་ནི་ཡོད་པའི་ཁྱད་པར་ཡིན་ཅིང། དེའི་ཁྱད་པར་ཉིད་ཡིན་ན་ཡང་མེད་པ་ཁོ་ནར་མི་འགྱུར་ཏེ། ་ཁྱད་པར་ནི་དངོས་པོའི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་པ་ཉིད་ན་ཡང་སྐྱོན་དེ་ཁོ་ན་ཏེ། གང་ཞིག་འགལ་བ་དེ་རྟགས་མིན་ཅེས་པ་འདི་ལན་མེད་པའོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ་ཞེ་ན། གང་དུ་མ་གྱུར་པ་རྟགས་ཡིན་པ་དེང་ཡང ་རླུང་དང་སྤྲིན་ཡང་དག་པར་ལྡན་པ་མེད་པ་ནི་ཆར་པའི་ལས་མེད་པ་དང་འགལ་བའི་ཕྱིར། འདིར་ཆར་པའི་ལས་མེད་པ་ནི་རྟགས་ཀྱང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཆར་བའི་ལས་སོ། །ཆར་པའི་ལས་དང་རླུང་དང་སྤྲིན་ཡང་དག་པར་ལྡན་པ་མེད་པ་དག ་འགལ་བ་ཡང་མ་ཡིན་ཏོ། །དེ་བཞིན་དུ་བྱུང་བ་བྱུང་བའི་ཞེས་པ་འདིར་ཡང་གཤེར་བ་ཉིད་ཀྱི་ལས་རླན་པ་ནི་ཆུ་ལོན་འཆིང་བ་དང་འགལ་བ་སྟེ། རླན་པ་ཡང་རྟགས་པ་ཡིན་གྱི། འོ་ན་ཅི་ཞེ་ན་དེ་མེད་པའོ། །དེ་བཞིན་དུ་མ་བྱུང་བ་མ་བྱུང་བའི་ཞེས་པ་འདིར ་ཡང་ལྗང་གུ་ཉིད་དང། མེ་དང་ཡང་དག་པར་ལྡན་པ་དག་འགལ་བ་སྟེ། འདིར་དེ་དག་རྟགས་དང་རྟགས་ཅན་གྱི་དངོས་པོ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན་དེ་ལྡོག་པ་དག་གོ་།གང་བཤད་པ་ཡང་ཞེས་པ། ཡོད་པ་ནི་མི་རྟག་པ་སྟེ་རྫས་བཞིན། འབྲས་བུ་ཆི་རྒྱུ་སྟེ། ་ལྷ་སྤྱི་དང་ཁྱད་པར་བཞིན་ཞེས་པའོ། །རྫས་དང་ཡོན་ཏན་དང་ལས་རྣམས་ཁྱད་པར་མེད་པའི་ཞེས་པའི་ཚིག་ལས། བསྟན་བཅོས་སུ་རྫས་དང་ཡོན་ཏན་དང་ལས་རྣམས་ཁོ་ན་རྒྱུའི་དངོས་པོར་བཤད་དོ། །འདིར་ཡང་མ་བྱུང་བ་ནི་བྱུང་བའི་ཞེས་པ་ལ་སོགས་པས། དངོས ་པོ་མེད་པ་རྒྱུར་བརྗོད་པའི་ཕྱིར། ཇི་ལྟར་དངོས་པོ་མེད་པ་དངོས་པོའི་རྟགས་ཡིན་ཞེས་དྲིས་པའོ། །དངོས་པོ་མེད་པ་དངོས་པོའི་རྟགས་སུ་ཁོ?་བོ?་ཅག་སྨྲ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་མ་བྱུང་བ་ལ་སོགས་པ་རྟོགས་པའོ། །ཅིའི་ཕྱིར་ཞེན་དམིགས་ཀྱིས་བསྟན་པ་ནི། ་རབ་ཏུ་གྲགས་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ་ཅེས་པའོ། །གང་ཞིག་གི་དུ་བ་མེའི་ཡང་དག་པར་ལྡན་པ་ཅན་ནོ་ཞེས་སྔར་འབྲེལ་པ་འཛིན་པའི་དུས་ན་རབ་ཏུ་གྲུབ་པར་འགྱུར་བ་དེ་ཁོ་ནའི་དུ་བ་མཐོང་བ་ལས་མེ་ལ་རྗེས་སུ་དཔག་པ་སྟེ། ཅིག་ཤོས་ཀྱི་ནི་མ་ཡིན་ནོ། །དེའི ་ཕྱི་འདུ་བ་ལ་སོགས་པ་རྟོགས་པ་ཁོ་ན་རྟོགས་སོ། །དེའི་ཡུལ་ཅན་ལ་ནི་རྟགས་ཉིད་ཉེ་བར་བརྟགས་པ་སྟེ། དཔེར་ན་ཙན་དན་གྱི་ཞོ་ཆ་ཞེས་པ་བཞིན་ནོ། །འབྲེལ་པ་མེད་ཕྱིར་རྟགས་བློ་མིན། ཞེས་པ་སྟེ། གང་ཞིག་གང་དང་ལྡན་ཅིག་འབྲེལ་པ་མེད་པ་དེ་ནི་དེའི ་རྟགས་མ་ཡིན་ཏེ། དཔེར་ན་བུམ་པ་ནི་སྣམ་བུའི་བཞིན། རྟགས་ཅན་ཡང་རྟགས་ཀྱི་བློ་དང་འབྲེལ་བ་མེད་དོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པ་གསུངས་སོ། །འབྲེལ་པའི་དོན་ཡང་ཞེས་ཨ་ལ་སོགས་པ་སྟེ། བདག་ཉིད་ལ་རབ་ཏུ་གྲུབ་པ་ཞེས་བརྗོད་པ་ན། ཕ་རོལ ་པོ་བརྗོད་པ་ནི་བདག་ཉིད་ལ་རབ་ཏུ་གྲུབ་པའི་རྟགས་མ་ཡིན་ཏེ། གཞན་ཉིད་ཀྱི་ཕྱིར་རོ་དོན་གཞན་གྱིས་དོན་གཞན་རྟོག་པར་བྱེད་པ་ནི་མ་ཡིན་པའི་ཕྱིར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མདོ་འདི་ཉེ་བར་བཀོད་དོ། །འདི་སྐད་བཤད་པར་འགྱུར ་ཏེ། ཐམས་ཅད་ནི་དོན་གཞན་གྱི་རྟགས་མ་ཡིན་གྱི། འོ་ན་ཅི་ཞེ་ན། གང་ཁོ་ན་རྒྱུ་དང་འབྲས་བུ་ལ་སོགས་པའི་འབྲེལ་པ་རྣམས་ལས་གང་ཡང་རུང་བས་འབྲེལ་པར་གྱུར་པ་དེ་ཁོ་ན་དམིགས་ཀྱིས་བསྟན་པའོ་ཞེས་པའོ། །རྟགས་ལས་བྱུང་བར་བསྟན ་བའི་ཕྱིར། ཞེས་པ། རྟགས་ལས་བྱུང་བ་ཞེས་པའི་ཚིག་ལས་མདོ་འདིར་རྟགས་ཀྱི་ཤེས་པས་ནི་རྟགས་ལས་བྱུང་བ་ཉིད་དུ་ངེས་པར་བསྟན་ལ། དེ་ལས་དེ་རྔགས་ཉིད་དུ་དམ་བཅས་པ་ལ་ཁས་བླངས་??་གནོད་པའོ། ཅི་སྟེ་རྗེས་སུ་དཔག་པར་བྱ་བའི་ཤེས་པ ་འདིར་རྟགས་ལས་བྱུང་བ་ཉིད་དུ་ངེས་པར་བསྟན་པར་སེམས་ཀྱི། རྟགས་ཀྱི་ཤེས་པ་ནི་མ་ཡིན་ནོ་ཞེ་ན་གསུངས་པ། རྗེས་སུ་དཔག་པར་བྱ་བའི་ཤེས་པ་ནི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་རྟགས་ཀྱི་ཤེས་པ་རྟགས་ལས་བྱུང་བར་འདོད་ན། དེ་ལྟ་ན་རྗེས་སུ་དཔག་པར་བྱ་བའི་ཤེས ་པ་འདི་ལ་འབྲས་བུ་དང་བྲལ་པར་འགྱུར་རོ། །རྗེས་སུ་དཔག་པར་བྱ་བའི་ཤེས་པ་རྟགས་ལས་བྱུང་བ་ཉིད་ན་ནི། དེ་སྐྱེས་པ་ན་དོན་དེ་རྟོགས་ཟིན་ཏོ་ཞེས་པས་འབྲས་བུ་མེད་པའོ། །དེའི་ཕྱིར་དེ་ཁོ་ན་ཁས་བླངས་པས་གནོད་པའོ། །དེ་ལྟར་འགྱུར་མོད། རྟགས་ཀྱི་ཤེས་པ་ནི། ་རྟགས་ཡིན་ལ། འབྲེལ་པ་དྲན་པ་ནི་རྟགས་ལས་བྱུང་བ་སྟེ། རྗེས་སུ་དཔག་པར་བྱ་བ་རྟོགས་པ་ནི་འབྲས་བུའོ་ཞེ་ན། དེའི་ཕྱིར་གསུངས་པ་དྲན་པ་ཙམ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འབྲེལ་པ་དྲན་པ་ཚད་མ་ཡིན་པ་དེ་ལྟར་གྱུར་ན་གང་ཡང་རྟགས་མ་མཐོང་བ ་དེས་ཀྱང་དུ་བའི་འབྲེལ་པ་དྲན་པ་ལས་མེ་རྟོགས་པར་འགྱུར་རོ། །ཙམ་གྱི་སྒྲ་ནི་དུ་བ་མཐོང་བ་བསལ་བའི་ཆེད་དུའོ། །དེ་དང་བཅས་པའི་འབྲེལ་པ་དྲན་པ་ནི་རྗེས་སུ་དཔོག་པར་འདོད་པ་ཁོ་ནའོ། །གང་གསུངས་པ་དེ་དང་འདི་ཡང་དངོས་དང་བརྒྱུད་པས་རྗེས་སུ་དཔོག ་པའི་རྒྱུ་ཉིད་ཀྱི་ཕྱིར་གཉིས་ཀ་ཡང་རྗེས་སུ་དཔོག་པའོ་ཞེས་པའོ། །ཞེས་བའི་བྱེད་པ་བསྟན་པ་ལས་ཞེས་པ། འགལ་བ་ཡང་ཞེས་པའི་མདོའི་མཐར། ཅེས་པའི་བྱེད་པ་ཀློག་པའི་ཕྱིར། འདིའི་འདི་འབྲས་བུ་ཞེས་པ་ལ་སོགས་པའི་ཤེས་པ་གང་ཡིན་པ་དེའི ་ཞེས་པས། བྱེད་པ་གསལ་བར་བྱད་དོ། །གལ་ཏེ་དེ་ལྟ་ན་རྟགས་ཀྱི་ཤེས་པ་རྟགས་ལ་བྱུང་བ་ཡིན་ན་བྱེ་བྲག་ཏུན་རྟོགས་པས་ཀྱང་རྟགས་མཐོང་བ་ཙམ་ལས་ལྷག་པར་རྟོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ། འབྲེལ་བ་དྲན་པ་ལ་བལྟོས་པས་ཞེས་པ ་སྟེ། འབྲེལ་པ་དྲན་པ་ལ་བལྟོས་པ་ཉིད་ནི་དེའི། དམིགས་ཀྱིས་བསྟན་པ་ནི་རབ་ཏུ་གྲུབ་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ། །ཞེས་པ་འདི་ལས་ཐོབ་པའོ། །རྒྱུར་བྱས་ནས་ཞེས་པ། རྟགས་ཀྱི་སྒྲ་འདི་ནི་རྒྱུའི་རྣམ་གྲངས་ཏེ། བྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་རོ། ་འདིས་འབྲས་བུ་རྟགས་བྱེད་སྐྱེད་པར་བྱེད་ཅེས་བྱེ་བྲག་ཏུ་བཤད་པ་ལས་སོ། །རྟགས་རྟོགས་པ་ཡང་རྗེས་སུ་དཔག་པར་བྱ་བ་རྟོགས་པའི་རྒྱུར་འགྱུར་རོ། །དེའི་ཕྱིར་གང་ཡང་གསུངས་པ། འབྲེལ་པ་མེད་ཕྱིར་རྟགས་བློ་མིན། རྟགས་སོ་ཞེས་པ ་འདི་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་དེ། བྱེད་རྒྱུའི་རྒྱུ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ་ཞེས་པ་ལ་སོགས་པས་སེལ་བར་བྱེད་དེ། རྗེས་སུ་དཔག་པར་བྱ་བའི་མཚན་མར་གྱུར་པའི་ཞེས་པ་ཤེས་པར་བྱེད་པར་གྱུར་བའི་དོན་ཏོ། །རྗེས་སུ ་དཔག་པར་བྱ་བ་མཚོན་པར་བྱེད་ཤེས་པར་བྱེད་ཅེས་བྱས་ནས་སོ། །རྣམ་པ་གཞན་དུ་ན་ནི་ཞེས་པ་གལ་ཏེ་སྐྱེད་པར་བྱེད་པ་ཡང་རྟགས་ཀྱི་སྐབས་སུ་འགྱུར་བ་ཡིན་ན། བདག་དང་དབང་པོ་དང་ཡིད་དང་དོན་དང་ཕྲད་པ་ཡང་བརྗོད་པར་བྱ་བར་འགྱུར་ཏེ། དེ་རྣམས ་ཀྱང་རྗེས་སུ་དཔག་པར་བྱ་བའི་ཤེས་པའི་རྒྱུ་རྣམས་ཡིན་པས་སོ་ཞེས་པ་སྟེ། བརྗོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདིར་སྐྱེད་པར་བྱེད་པའི་སྐབས་མ་ཡིན་ནོ་ཞེས་པའོ། །དེར་འགྱུར་མོད། རྗེས་སུ་དཔག་པར་བྱ་བའི་ཤེས་པའི་དོར་རྟགས་ཀྱི་ཤེས་པ་ནི ་དངོས་ཀྱི་རྒྱུ་ཉིད་དེ། གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་ཀྱི་རྒྱུད་ཉིད་ཀྱི་ཕྱིར་རྟགས་ཀྱི་ཤེས་པ་ཁོ་ན་བརྗོད་དོ་ཞེ་ན་གསུངས་པ། དངོས་སུ་མ་ཡིན་ཞེས་པ་ལ་སོགས་པའོ། །ཅི་ལྟར་མ་ཡིན་ཞེ་ན་གསུངས་པ། འབྲེལ་པ་དྲན་པས་བར་དུ་ཆོད་པ་ཉིད་ཀྱི ་ཕྱིར་རོ་ཞེས་པའོ། །འབྲེལ་པ་དྲན་པ་གྲུབ་པར་འགྱུར་ཞེས་པ་ཚིག་འདི་ལས་འབྲེལ་པ་དྲན་པ་འགྲུབ་ཀྱི་འབྲེལ་པ་ཅན་དུ་བ་ལ་སོགས་པ་ལ་ནི་རྟོགས་པ་མ་ཡིན་ནོ། །དེ་ལྟར་ནི་བཤད་འགྲེལ་ལས། །གང་གི་དུ་བ་ལ་སོགས ་པ་རྣམས་མེ་ལ་སོགས་པ་རྣམས་དང་འབྲེལ་པ་གྲུབ་པ་ཞེས་པ་ལ་སོགས་པའོ། །འདི་སྐད་དུ་འཆད་པར་འགྱུར་བ་ཞེས་པས་དོན་འདི་ལ་ཤེས་པར་བྱེད་པ་གསུངས་སོ། །གང་གི་ཕྱིར་དེ་ཉིད་དུ་བཤད་པ་རབ་ཏུ་གྲུབ་པ་སྔོན་མ་ཅན་ཁོ་ནའི་དམིགས་ཀྱིས ་བསྟན་པ་ཞེས་པ་ཅི་ལྟར་རྟོགས་པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། དོན་གཞན་གྱི་དངོས་པོ་ཡོད་ན། གང་གི་ཕྱིར་རབ་ཏུ་མ?་གྲུབ་པ་ནི་དམིགས་ཀྱིས་བསྟན་པ་མ་ཡིན་ནོ། །ཅི་ལྟར་ཞེ་ན། གང་ཞིག་གི་དུ་བ་ལ་སོགས་པ་རྣམས་མེ་ལ་སོགས་པ་རྣམས་དང་འབྲེལ་པ་རབ་ཏུ་གྲུབ་པ་མ་ཡིན ་དེའི་ངོར་དུ་བ་ལ་སོགས་པ་རྣམས་དམིགས་ཀྱིས་བསྟན་པ་མ་ཡིན་པའོ་ཞེས་པ་དེའི་ཕྱིར་རྟགས་ཀྱི་ཤེས་པ་རྟགས་ལས་བྱུང་བ་ཉིད་ལ་འདི་ཤེས་པར་བྱེད་པ་མ་ཡིན་ནོ་འབྲས་བུ་ལ་སོགས་པ་མདོར་མ་བརྗོད། ཅེས་པ་བསྟན་བཅོས་སུ་།འབྲས་བུ་ཉིད་ཀྱི་ཕྱིར་དང། ་རྒྱུ་ལས་རྣམ་པར་འགྱུར་བའི་ཕྱིར་དང། ཡང་དག་པར་ལྡན་པའི་ཕྱིར་དང། རྣམ་པར་དབྱེ་བ་ལས་དང། སྒྲ་ལས་དང། སྒྲ་གྲུབ་པ་ལས་ཀྱང། སྒྲ་མི་རྟག་གོ་ཞེས་པའོ། །འབྲས་བུ་ཉིད་ལ་སོགས་པ་སྒྲ་མི་རྟག་པའི་གཏན་ཚིགས་བཤད་པ་རྣམས་དང། དེ་བཞིན ་དུ་ཡོད་པའི་རྒྱུ་དང་ལྡན་པ་མ་ཡིན་པ་ནི་རྟགས་པའོ་ཞེས་རག་པར་ཉིད་སྒྲུབ་པའི་ཆེད་དུ་ཡོད་པའི་རྒྱུ་དང་ལྡན་པ་མ་ཡིན་པ་ཉིད་བཤད་དོ། །འབྲས་བུ་ཉིད་ལ་སོགས་པ་དེ་རྣམས་རྟགས་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་པས་མཚན་ཉིད་མ་ཚང་པ་ཉིད་དོ། །དེ་ལ ་འདིར་འགྱུར་གྱི་དེ་རྣམས་ཀྱང་འབྲས་བུ་ཉིད་ལ་སོགས་པ་རྣམས་ཀྱི་ནང་དུ་འདུའོ་ཞེ་ན་གསུངས་པ། འདི་རྣམས་ཞེས་པ་ལ་སོགས་པའོ། །འདི་རྣམས་ཀྱི་སྟེ་མི་རྟག་པ་ཉིད་ལ་སོགས་པ་རྟགས་རྣམས་ཀྱིའོ། །གང་ཡང་རུང་བ་ཞེས་པ་གཅིག་ཀྱང་ངོ ་ཞེས་པའི་དོན་ཏོ། །འོ་ན་འབྲས་བུ་ཉིད་དང་ཁོད་པའི་རྒྱུ་མ་ཡིན་པ་ཉིད་ཀྱང་དོན་གཅིག་ལ་འདུ་བ་ཅན་ཉིད་ཀྱི་ནང་དུ་འདུས་པར་འགྱུར་བ་མ་ཡིན་ནམ། དོན་གཅིག་ལ་ཏེ་སྒྲ་ལ་སོགས་པ་ལ་འབྲས་བུ་ཉིད་དང་མི་རྟག་པ་ཉིད་དག་དང་བདག་ལ་སོགས་པ་ལ ་རྟག་པ་ཉིད་དང་ཡོད་པའི་རྒྱུ་མ་ཡིན་པ་ཉིད་དག་འདུས་པའི་ཕྱིར་རོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། དོན་གཅིག་ལ་འདུ་བ་ཅན་ནི་འབྲས་བུ་འབྲས་བུ་གཞན་ལའོ་ཞེས་བཤད་ལ། འདིར་འབྲས་བུ་དང་རྒྱུའི་དངོས་པོ་སྲིད་པ་ཡང་མ་ཡིན་ནོ། །གསལ ་བར་བྱ་བ་དང་གསལ་བར་བྱེད་པ་ཉིད་ཀྱིས་ཞེས་པ། མ་རྟག་པ་ཉིད་གསལ་བར་བྱ་བ་ཉིད་ཀྱི་ཕྱིར་འབྲས་བུ་སྟེ། འབྲས་བུ་ཉིད་མི་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རྒྱུའོ་ཞེས་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་རིག་པར་བྱའོ། །ལྷག་མ ་གསལ་བྱེད་པ་ཡིན་པ་ཐོབ་།ཅེས་པ་རྣམ་པ་གཞན་དུ་ན་ཐ་དད་པར་དེས་པར་བསྟན་པ་ཁོ་ནར་མི་འགྱུར་ན། དེ་ཡང་ཡོད་དོ། །དེས་ན་གསལ་བྱེ་གསལ་བྱེད་ཉིད་ཀྱིས་འདིར་འབྲས་བུ་དེར??་རྒྱུ་ཉིད་དུ་མངོན་པར་དགོངས་པའོ་ཞེས་རྟོགས་པར་བྱ་བ་མ་ཡིན་ནོ། ་དོན་མེད་གཞན་ལ་དེ་རྟོགས་ཕྱིར། ཞེས་པ་ལ། དོན་མེད་པ་ནི་དགོས་པ་དང་བྲལ་བའོ། །གཞན་ལས་ཞེས་པ་མེད་ན་མི་འབྱུང་བ་ལས་སོ། །མེད་ན་མི་འབྱུང་བ་ཉིད་ཀྱིས་ནི། དུ་པ་ལ་སོགས་པའི་རྟགས་ལ་རྗེས་སུ་དཔག་པར་བྱ་བ་རྟོགས་ནས། འདི་ནི་འདིའི ་གསལ་བར་བྱེད་པའོ་ཞེས་ཡིད་ཀྱིས་བརྟག་པར་བྱ་བའོ། །དེའི་ཕྱིར་དོན་མེད་པ་སྟེ་འདི་རྗེས་སུ་དཔོག་པའི་རྒྱུར་རྟགས་པ་ཞེས་པ་ལྷག་མའོ། །ཡང་ན་རྟོག་པར་བྱེད་དོ་ཞེས་པའི་དཀྱུས་མ་འདིར་ཡང་སྦྲེལ་བར་བྱའོ། །ཕ་རོལ་པོས་དགོས་པ་མེད་པར་ཁོ་ནར ་འདི་རྗེས་སུ་དཔོག་པའི་རྒྱུ་ཅིང་དུ་རྟོག་པར་བྱེད་དོ་ཞེས་པའི་དོན་ཏོ། །གཞན་རྣམས་ཀྱང་འདི་སྐད་སྨྲ་བར་བྱེད་ཏེ། མེད་ན་མི་འབྱུང་བ་ཁོ་ན་འབྲེལ་པ་སྟེ། རྗེས་སུ་དཔོག་པའི་རྒྱུད་བསྟན་བཅོས་འདིར་ངེས་པར་བསྟན་ལ། རྗེས་སུ་དཔག་པའི་དབྱེ་བ་རབ་ཏུ་བསྟན་པའི ་དོན་དུ་ནི་འབྲས་བུ་དང་རྒྱུའི་དངོས་པོ་ལ་སོགས་པའི་འབྲེལ་པ་ཉེ་བར་བླངས་ཏེ། དེ་ལས་ཀྱང་སྐྱོན་ཐམས་ཅད་མེད་དོ་ཞེས་སོ། །དེ་མི་རིགས་ཏེ་རྒྱུ་དང་རྟགས་ཉིད་དུ་ངེས་པར་བསྟན་པའི་ཕྱིར་དང། དེ་ལ་ཡང་མེད་ན་མི་འབྱུང་བ་མེད་པའི་ཕྱིར་ཏེ། སྲིད་པར ་རྗེས་སུ་དཔོག་པ་ཡང་ཕ་རོལ་པོའི་དངོས་པོས་མི་སྲིད་པའི་ཕྱིར་རོ་ཞེས་པའོ།། །།གྲངས་ཅན་པ་རྣམས་ཀྱི་ཡང་ཞེས་པ་ལ་སོགས་པ་སྟེ། རྗེས་སུ་དཔག་པ་རྒྱ་ཆེར་རིག་པར་བྱའོ་ཞེས་གནས་པ་ལ། དེའི་རང་གི་ངོ་བོ་ཡོངས་སུ་ཤེས་པར ་བྱ་བའི་ཆེད་དུ་ཕ་རོལ་པོས་རྗེས་སུ་དཔག་པ་ཞེས་བྱ་བ་འདི་ཅི་ཞེས་བརྗོད་པ་ལ་སྨྲས་པ། འབྲེལ་པ་གཅིག་ལས་ཞེས་པ་ལ་སོགས་པའོ། །འབྲེལ་པ་རྣམ་པ་བདུན་ནོ་ཞེས་པ། དོན་རྣམས་ཀྱི་འབྲེལ་པ་ནི་རྣམ་པ་བདུན་ཉིད་ཏེ། ནོར་དང་བདག་པོའི་དངོས་པོས་དང་ཞེས་པ ་ལ་སོགས་པ་བཤད་པའི་ཕྱིར་རོ། །འབྲེལ་པ་རྣམས་ཀྱི་དོན་རྣམས་ཀྱི་ཞེས་ངེས་པར་བསྟན་པ་ལས་མདོ་རུ་ལས་སྒྲུབ་པར་འབྲེལ་པའི་སྒྲར་ཤེས་པར་བྱའོ། །ནོར་དང་བདག་པོའི་དངོས་པོས་དང་ཞེས་པ། རྒྱལ་པོ་དང་བྲན་བཞིན་དང། གཙོ་བོ་དང་སྐྱེས་བུ་བཞིན ་ཏེ། དཔེར་བརྗོད་པ་གཉིས་ནི་འཇིག་རྟེན་དང་བསྟན་བཅོས་ལ་རབ་ཏུ་གྲགས་པའི་དབང་གིས་སོ། །དེ་བཞིན་དུ་ཕྱི་མ་ལ་ཡང་ཤེས་པར་བྱའོ། །ནོར་དང་བདག་པོའི་དངོས་པོ་ནི་ཕན་ཚུན་བལྟོས་པ་སྟེ། ནོར་བདག་པོའི་ངོར་ཡོད་པ་དང། དེར་རུང་བ་ཉིད ་ཏེ། དེ་བཞིན་དུ་ནོར་ཅན་གྱི་ཡང་ནོར་གྱི་ངོར་ཡོད་པའོ། །རང་བཞིན་དང་རྣམ་འགྱུར་གྱི་དངོས་པོས་ནི་ཞོ་དང་འོ་ན་བཞིན་དང། གཙོ་བོ་དང་ཆེན་པོ་ལ་སོགས་པ་བཞིན་ནོ། །རང་བཞིན་ནི་རྣམ་པར་དབྱེར་མེད་པར་རྒྱུ་སྟེ། རྣམ་འགྱུར་ནི་དེའི ་ཡོངས་སུ་འགྱུར་བ་ཅན་གྱི་ཆོས་སོ། །འབྲས་བུ་དང་རྒྱུའི་དངོས་པོས་ནི་ཕན་ཚུན་ཕན་འདོགས་པའི་མཚན་ཉིད་ཀྱིས་ཏེ། ཤིང་རྟ་དང་ཡན་ལག་བཞིན་དང། སྙིང་སྟོབས་ལ་སོགས་པ་བཞིན་ཏེ། སྒྲ་ལ་སོགས་པའི་དངོས་པོས་ཡོངས་སུ་འགྱུར་བ་ནའོ། །རྒྱུ ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོས་ནི། གང་ཡང་དུང་བས་ཕན་འདོགས་པའི་མཚན་ཉིད་ཀྱིས་ཏེ། རྫ་མཁན་དང་བུམ་པ་བཞིན་དང། སྐྱེས་བུ་དང་གཙོ་བོའི་འཇུག་པ་བཞིན་ནོ། །ཙམ་པོ་དང་ཙམ་པོ་ཅན་གི་དངོས་པོས་ཡང་ནའོ། །ཡན་ལག་དང་ཡན ་ལག་ཅན་གྱི་དངོས་པོའི་མཚན་ཉིད་ཀྱིས་ནི་ཡལ་ག་ལ་སོགས་པ་དང་ཤིང་བཞིན་དང། སྒྲ་ལ་སོགས་པ་དང་འབྱུང་བ་ཆེན་པོ་བཞིན་ནོ། །ལྷན་ཅིག་སྤྱོད་པའི་དངོས་པོས་ནི། ངུར་བ་ལྟ་བུ་དང། སྙིང་སྟོབས་ལ་སོགས་པ་བཞིན་ནོ། །གནོད་བྱ་དང ་གནོད་བྱེད་ཀྱི་དངོས་པོས་ནི་སྦྲུལ་དང་སྲེ་མོ་བཞིན་དང། ཡན་ལག་དང་ཡན་ལག་ཅན་དུ་གྱུར་པའི་སྙིང་སྟོབས་ལ་སོགས་པ་བཞིན་ནོ། །སྙིང་སྟོབས་ལ་སོགས་པ་རྣམས་ཀྱི་ནི་གང་གི་ཡན་ལག་ཅན་ཉིད་ངེས་ཅིག་ཤོས་ཟིན་གྱིས་གནོན་པའི ་ཕྱིར་རོ། །འདི་ནི་འབྲེལ་པ་རྣམ་པ་བདུན་ཏེ། དེས་ན་ཇི་ལྟར་སྲིད་པ་བཞིན་འབྲེལ་པ་གཅིག་ལས་ཞེས་པ། ཇི་སྐད་བཤད་པ། དོན་གང་ཞིག་དབང་པོ་འགའ་ཞིག་གི་མངོན་སུམ་དུ་འགྱུར་བ་དེ་ལས་དེ་ལྟར་དབང་པའི་མངོན་སུམ་པའི་དོན་ལས་སྔར་ཚོགས་པ་ལ ་འབྲེལ་པ་བྱས་པ་ལས་བླས་ནེ་ཁྱད་པར་དུ་མ་བྱས་པའི་དོན་ཡོད་པ་ཉིད་དུ་རྟོགས་པར་བྱེད་ཏེ། དཔེར་ན་དུ་བ་དང་མེ་དག་གིས་འབྲེལ་པ་མཐོང་ནས་དུ་བ་མཐོང་བ་ལས་མེ་ཡང་ཡོད་པ་ཉིད་དུ་རྟོགས་སོ་ཞེས་སོ། །འགྲུབ་པའི་རྒྱུ་ཞེས་པ། རྟག་ཀྱིས་ཤེས་པ ་འབྲེལ་པ་དྲན་པ་ལ་བལྟོས་པ་སྟེ། དེ་ནི་ཁྱད་པར་མངོན་སུམ་མ་ཡིན་པའི་རྟགས་ཅན་གྱི་འགྲུབ་པའི་རྒྱུའོ། །འགྲུབ་པ་ནི་འབྲས་བུའོ། །མདོ??་རུ་ནི་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་ལྷག་མ་འགྲུབ་པ་ནི་རྗེས་སུ་དཔག་པ་ཞེས་བཤད་དོ། །རྟགས ་ཀྱི་ཤེས་པ་ནི་ཅུང་ཟད་མ་ངེས་ཡང་འགྱུར་ཞེས་པ། རླངས་པ་ལ་སོགས་པ་དང་ཐུན་མོང་བའི་སྐྱ་བོ་ཉིད་ལ་སོགས་པ་ཙམ་མཐོང་བ་བཞིན་ཏེ། ཅི་འདི་དུ་བའམ། འོན་ཏེ་རླངས་པ་ལ་སོགས་པ་ཞེས་ཐེ་ཚོམ་ཟ་བའི་ཕྱིར་རོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡང ་ཞེས་པ་རླངས་པ་ལ་སོགས་པ་ལ་དུ་བའོ་ཞེས་འཛིན་པའི་ཕྱིར་རོ། །ཁྱད་པར་དུ་བྱ་བའི་དོན་དུ་ཕྱིས་ཀྱི་རྩོམ་པ་ཞེས་པ་གང་བཤད་པ་མངོན་སུམ་གཅིག་ལས་ཞེས་པ་དེའི་འདི་ཁྱད་པར་རོ། །མངོན་སུམ་ཡང་ཡིན་ལ་དེས་པར་མ་བཟུང་བ ་ཡང་ངོ་ཞེས་པ། སྤྱི་ལས་ཏེ། རྣ་བ་ལ་སོགས་པའི་འཇུག་པས་འཛིན་པའི་ཕྱིར་མངོན་སུམ་མོ། །བྱེ་བྲག་ཏུ་ནི། ཐེ་ཚོམ་དང་ཕྱིན་ཅི་ལོག་པ་དག་གིས་ངེས་པར་མ་ཟིན་པའོ། །བྱེ་བྲག་མཐོང་བ་ལས་ཞེས་པ་ལ། ཁྱད་པར་དུ་བྱེད་པས་ན་བྱེ་བྲག་རྣམས་ཏེ། ་དུ་བ་ཁོ་ན་ལ་འཇུག་པའི་ཁྱད་པར་གང་ཡིན་པ་སྐྱེ་བོ་ཉིད་ལ་སོགས་པ་རྣམས་སོ། །དེ་མཐོང་བ་ལས་ཁྱད་པར་དུ་རྟོགས་པ་སྟེ། འདི་ནི་དུ་བ་ཁོ་ནའོ་ཞེས་པ་འདི་ལྟར་རོ། །ཐམས་ཅད་ཅེས་པ་འདི་གཞུང་ལྷག་གསལ་བར་བྱེད་དོ། །དེ་ཡང་འདི་ལྟ་སྟེ། སྣང་བ་གཞན ་ཅིང་ཞན་པར་བ་ལང་དང་རྟ་འོས་པའི་ས་ཕྱོགས་སུ་བ་ལང་གི་ཚད་ཀྱི་གཟུགས་དུ་མ་པ་མཐོང་ནས། ཐེ་ཙོམ་དང་ལྡན་པའི་བློ་ནི་ཁྱད་པར་མཐོང་བ་ལས་བྱེ་བྲག་ཏུ་རྟོགས་པར་བྱེད་ཏེ། བ་ལང་ངོ། །རྟའོ་ཞེས་ཡང་ངོ། །གཟུགས་དུ་མ་པ་མཐོང་ནས་ཞེས་པ། ་གཟུགས་ཅུང་ཟད་ཙམ་མཐོང་ནས་ཏེ། དབྱིབས་ཙམ་མཐོང་ནས་ཞེས་པའི་དོན་ཏོ། །འདི་ལྟར་ཡང་འདོད་ན་ཞེས་པ་སྤྱིར་བཟུང་བའི་རྟགས་ཀྱི་སླར་ཡང་ཁྱད་པར་དུ་འཛིན་པར་འདོད་ནའོ། །རང་དོན་ལྟ་བ་ཙམ་ཉིད་ཕྱིར། ཞེས་པ་སྒྲ་ལ་སོགས་པའི་རང་གི ་མཚན་ཉིད་ཉམས་སུ་མྱོང་བ་ཙམ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །ཙམ་གྱི་སྒྲ་ནི་སྤྱི་དང་ཁྱད་པར་འཛིན་པ་བསལ་བའི་དོན་ཏོ། །རྣ་བ་ལ་སོགས་པའི་འཇུག་པའི་ན་མ་ཡིན་ཞེས་པ་ལ་སོགས་པ་སྟེ། སྤྱི་དང་ཁྱད་པར་དག་ནི་དོན་གཞན་ལ་བལྟོས་པ་དག་སྟེ ་དེའི་ཕྱིར་དོན་གཞན་ལ་བལྟོས་པས། འདི་འདི་དང་མཚུངས་པའམ། འདི་ནི་འདི་ལས་ཁྱད་པར་རོ་ཞེས་པར་འགྱུར་རོ། །རྣ་བ་ལ་སོགས་པའི་འཇུག་པ་ནི་འདི་ལྟ་བུར་འཛིན་པ་ལ་ནུས་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། ཞེས་པས ་དབང་པོའི་འཇུག་པའི་ནི་སྤྱིའམ་ཁྱད་པར་ཡུལ་མ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ། སྤྱིའི་ཡུལ་ཅན་གྱི་དབང་པོའི་བློ་ཡིས་སོ། །དེ་སྐད་དུ་ནི་བཤད་པ། སྤྱི་ལས་ནི་ངེས་པར་ཡང་མངོན་སུམ་དེས་པར་མ་བཟུང་བ་ཡང་ངོ་ཞེས་སོ།། །། ་དེ་ཁོ་ན་ཁྱད་པར་དུ་ལེན་པར་བརྗོད་པར་བྱ་སྟེ་ཞེས་པ། དོན་ཇི་ལྟ་བ་བཞིན་པའི་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་མོ་ཞེས་པའོ། །ཇི་སྐད་དུ་གཞན་དུ་ཞེས་པ་རིགས་པ་ཕྲ་མོར་རོ། །དེ་ལྟར་བརྗོད་པར་བྱ་བཞིན་པ་ན། མངོན་སུམ་གྱི་མཚན་ཉིད་ཀྱང་སྐྱོན་མེད་པར ་འགྱུར་ཞིང། འདིར་ཡང་ཁྱད་པར་བྱ་བ་མ་ཡིན་པར་འགྱུར་སྟེ། ངེས་པར་མ་བཟུང་བའི་རྟགས་ནི་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟགས་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་ཁ་ཅིག་སྨྲ་བར་བྱེད ་ཏེ། གལ་ཏེ་ཡང་མངོན་སུམ་རང་གི་དོན་ལ་ལྟ་བ་ཙམ་ཡིན་པ་དེ་ལྟ་ན་ཡང་སྤྱི་དང་ཁྱད་པར་གྱི་ཡུལ་ཅན་ཉིད་དུ་མི་འགྱུར་བ་མ་ཡིན་པ་ཁོ་ན་སྟེ། སྤྱི་དང་ཁྱད་པར་དག་ནི་སྒྲ་ལ་སོགས་པ་ལས་དོན་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། རྣམ་པ་ཐམས་ཅད་དུ་སྒྲ་ལ་སོགས ་པ་དབང་པོའི་ཡུལ་ཉིད་ཀྱི་ཕྱིར་རོ་ཞེས་འོ། །དེ་མི་རིགས་ཏེ་རང་གི་ཡུལ་ལ་རྣམ་པར་འཇུག་པ་ལ་གདོན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ནི་གང་སྒྲ་ལ་འཇུག་པའི་སྤྱི་དེ་ཁོ་ན་ནི་གཟུགས་ལ་སོགས་པ་ལའང་འཇུག་སྟེ། ཇི་ལྟར་དེ་སྒྲ་ལས་གཞན་མ་ཡིན་པ་དེ ་ལྟར་གཟུགས་ལ་སོགས་པ་ལས་ཀྱང་ངོ། །དེ་རྣ་བའི་འཇུག་པས་འཛིན་པ་ན་གཟུགས་ལ་སོགས་པ་ཡང་འཛིན་པར་ཐལ་བར་འགྱུར་ཞིང། གཟུགས་ལ་སོགས་པ་དུ་མ་ལས་ཀྱང་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་སྤྱི་གཅིག་པ་མ་ཡིན་པ་ཉིད་དང། གཟུགས་ལ་སོགས་པ ་རྣམས་ཀྱང་གཅིག་པོ་དེ་ལས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་གཅིག་ཉིད་དུའོ་ཞེས་པའོ། །མངོན་སུམ་གྱི་འབྲས་བུ་མངོན་སུམ་ཞེས་པ་སྟེ། གང་འདི་ལྟར་ཡང་འདོད་ན་ཞེས་པ་ལ་སོགས་པ་གསུངས་པ་དེའི་ལན་འདི་ཡིན་ནོ། །ཡིད་ཀྱི་འཇུག་པ་ནི་རྣམ་པར་རྟོག་པ ་ཅན་གྱི་ཕྱིར་ཏེ་སྤྱི་དང་ཁྱད་པར་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་རིགས་སོ་ཞེས་པ། གལ་ཏེ་ཡིད་ཀྱི་འཇུག་པ་མངོན་སུམ་གྱི་འབྲས་བུ་ཉིད་དུ་གྱུར་ན། དེ་ལྟར་ཐ་སྙད་དུ་བསྟན་པར་འགྱུར་ལ། དེ་ཡང་ཡོད་པ་མ་ཡིན་ཏེ། ཡུལ་ཐ་དྡ་པ་ཉིད་ཀྱི་ཕྱིར་རོ ་འདི་ཡང་སྔར་ཁོ་ནར་བརྗོད་ཟིན་ཏོ། །དེའི་ཕྱིར་དེ་མངོན་སུམ་གྱི་སྒྲས་ཐ་སྙད་དུ་བསྟན་པར་བྱ་བ་ཉིད་དུ་མི་འཐད་པར་སྟོན་ཏོ། །གཞན་གྱིའང་མ་ཡིན་ཞེས་པ་ལ་སོགས་སྟེ། མངོན་སུམ་ལས་སམ། དེའི་འབྲས་བུ་ལས་གཞན་གྱི་ཡུལ་ལ་ཉེ་བར་འདོགས ་པའི་རྒྱུ་མེད་པའི་ཕྱིར་རོ། །ཡང་ན་འགའ་ཞིག་འདི་སྐད་དུ་སྨྲ་བར་བྱེད་སྟེ། མངོན་སུམ་གཅིག་ལས་ཞེས་པའི་མངོན་སུམ་གྱི་སྒྲ་འདི་ནི་རབ་ཏུ་གྲུབ་པ་ཉིད་ཉེ་བར་མཚོན་པར་བྱེད་དོ། །མངོན་སུམ་ལས་ཏེ་རབ་ཏུ་གྲུབ་པ་ལས་ཞེས་པའི་དོན་ཏོ། །དེས་ན་མངོན་སུམ ་ལས་དང། མངོན་སུམ་གྱི་འབྲས་བུ་ལས་གཞན་པའི་ཡང་ཤེས་པའི་ཡུལ་གྱི་རྟགས་ལ། མངོན་སུམ་ཐ་སྙད་དུ་བསྟན་པར་འགྱུར་ཞེའོ། །དེའི་ཕྱིར་གསུངས་པ་གཞན་གྱིའང་མ་ཡིན་ཞེས་པ་ལ་སོགས་པའོ། །འདི་ལྟར་སེམས་རབ་ཏུ་གྲུབ་པ་ཉིད་ནི་མངོན ་སུམ་ལ་སོགས་པའི་ཚད་མས་འགྱུར་ཞིང། དེ་ལ་རེ་ཞིག་དེ་མངོན་སུམ་གྱིས་ཉེ་བར་རྟོགས་པ་ནི་མ་ཡིན་ཏེ་ཇི་སྐད་བཤད་པའི་རྣམ་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་པ་ཁོ་ན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཕྱིར་རྟགས་གང ་གིས་དུ་བ་རྗེས་སུ་དཔག་པར་བྱ་བ་དེ་བསྒྲུབ་པར་ཆེད་དུ་རྟགས་གཞན་རྗེས་སུ་འདོད་ན། དེ་འགྲུབ་པའི་ཆེད་དུ་ཡང་གཞན་ནོ་ཞེས་པས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ལུང་ཡང་རྟག་ཏུ་རྟགས་འཇོན་པ་ལ་བྱ་བ་དང་ལྡན་པ་མ་ཡིན་ཏེ། གྲུབ་པའི་མཛའ་ཨི ་གཞུང་ལུགས་ལ་མ་བརྟེན་པའི་རྟགས་ལུང་གིས་ཡོངས་སུ་གཅོད་པ་མ་ཡིན་པས་སོ། །དོན་འགའ་ཞིག་དབང་པོ་འགའ་ཞིག་གིས་མངོན་སུམ་དུ་འགྱུར་རོ། །ཞེས་བཤད་འགྲེལ་དུ་བརྗོད་པའི་ཕྱིར་ཡང་འདི་མི་རིགས་སོ་ཞེས་པའོ། །མངོན་སུམ་དུ་ཐ ་སྙད་དུ་བྱ་བ་ཅི་ཞིག་ལྟར་ཡིན་པར་འགྱུར་དུ་ཆུག་མོད་ཞེས་ཁས་བླངས་ནས་སྐྱོན་གཞན་བརྗོད་པར་འདོད་པས་གསུངས་པ། འདི་ཡང་བརྗོད་པར་བྱ་བ་ཞེས་པ་ལ་སོགས་པའོ། །ནོར་ལ་སོགས་པ་འབྲེལ་པ་ཅན་ལས་ནོར་ཉིད་ལ་སོགས་པའི་ངོ་བོ་ཁོ་ནས་སམ ་ཡང་ན་ངོ་བོ་གཞན་གྱིས་འཛིན་པར་འགྱུར་རོ། །གལ་ཏེ་ནོར་ཉིད་ལ་སོགས་པའི་ངོ་བོས་ནོར་ཞེས་པ་འདི་ལྟར་གཟུང་བར་བྱ་བ་ཡིན་ན། དེ་ལར་ན་རྗེ་བོའི་འབྲེལ་པ་ཅན་ཉིད་ཀྱི་ཕྱིར། ནོར་གྱིས་རྗེའོ་མེད་པར་ནོར་ཉིད་མི་འཐད་པའི་ཕྱིར། རྗེ་བོ་ལ་དེས་པར་བལྟོས་པ ་ཉིད་ཀྱི་ཕྱིར་ན་རྟགས་མཐོང་བ་ལས་སྔར་ཁོ་ནར་རྗེ་བོར་རྟོགས་པས་འབྱུང་བར་འོས་ཏེ། རྣམ་པ་གཞན་དུ་ན་འདི་འདིའི་ནོར་རོ་ཞེས་པ་འདི་ལྟར་འཛིན་པ་སྲིད་པ་མ་ཡིན་པས་སོ། །དེ་ལས་ཀྱང་དུས་ཕྱིས་འབྲེལ་པ་དྲན་པ་དོན་མེད་པར ་འགྱུར་རོ། །རྗེ་བོ་ནི་སྔར་ཁོ་ནར་གྲུབ་པ་ཟིན་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་མི་འཐད་པའི་ཕྱིར་ཏེ། ལྷག་མས་གྲུབ་པ་ཡང་རྗེས་སུ་དཔག་པ་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་རྣམ་པ་གཞན་དུ་ན་རྣམ་པ་གཞན་གྱིས་འཛིན་པར་འདོད་ན། དེ་མ་བརྗོད་དོ་ཞེས ་པས་མཚན་ཉིད་ཡོངས་སུ་མ་རྫོགས་པ་ཉིད་དོ། །རྟགས་འཛིན་པ་ལ་མཚུངས་པ་ཞེས་པ། གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱིས་རྟགས་འཛིན་ན། མེད་ན་མི་འབྱུང་བ་ཉིད་ཀྱང་སོ་སོར་སྦྱོར་བ་གཞན་ལ་བལྟོས་པ་ཁོ་ནའོ་ཞེས་པས། རྟགས་འཛིན་པ་ལས ་སྔར་ཁོ་ན་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་བར་འོས་ལ། དེ་ལྟ་ན་ཡང་བསྒྲུབ་པར་བྱ་བ་སོ་སོར་སྦྱོར་བ་ཅན་གྲུབ་ན། འབྲེལ་པ་དྲན་པ་དོན་མེད་པ་ཉིད་དོ། །ཅི་སྟེ་གཞན་དུ་ན། དེ་ནི་མ་བརྗོད་དོ་ཞེས་པ་མཚུངས་སོ། །མ་ཡིན་ཏེ་དེ་ནི་ཞེས་པ་ལ་སོགས་པ། རྗེས ་སུ་དཔག་པར་བྱ་བ་ལ་ཡོད་པ་ཞེས་པའི་ཚིག་ལས། ཆོས་ཅན་ལ་དུ་བ་ལ་སོགས་པ་ཡོད་པ་ཙམ་གཟུང་བར་བྱའི། འབྲེལ་པ་ཅན་ཉིད་ནི་མ་ཡིན་ནོ། །འོ་ན་ནམ་གྱི་ཚེ་དེ་གཟུང་བར་བྱ་ཞེ་ན་གསུངས་པ། ཕྱིས་ཞེས་པ་ལ་སོགས་པའོ། །མ་རྟོགས་པ་ཡིས་དེ ་རྟོགས་ཕྱིར་ཞེས་པ། ནོར་དང་ནོར་ཅན་གྱི་འབྲེལ་པ་ལ་སོགས་པ་མངོན་པར་མི་ཤེས་པས་ཡང་ལྷག་མ་རྟོགས་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཡང་ཅི་ལྟར་དེ་རྟོགས་པ་ཡིན་ཞེ་ན་གསུངས་པ། །མཐོང་ཞེས་པ་ལ་སོགས་པའོ། །འབྲས་བུ་དང་རྒྱུའི་དངོས ་པོའི་འབྲེལ་པ་ལ་ནི་ཇི་ལྟར་འབྲས་བུ་དང་རྒྱུའི་དངོས་པོའི་འབྲེལ་པ་བསྟན་བཅོས་སུ་རྣམ་པར་ཕྱེ་བ་དེ་ལྟ་ཁོ་ན་མ་རྟོགས་པ་ཉིད་འདིར་བརྗོད་པར་འདོད་ཀྱི་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་རིག་པར་བྱའོ། །བསྟན་བཅོས་སུ་ནི་དངོས་པོ་གཅིག་ཁོ ་ནའི་རང་གི་ངོ་བོ་མི་གཏོང་བ་ལས་ཡོངས་སུ་འགྱུར་བས་འབྲས་བུ་དང་རྒྱུའི་དངོས་པོར་རྣམ་པར་འཇོག་པར་བྱེད་ལ། གང་རྣམས་དེ་ལྟར་འབྲས་བུ་དང་རྒྱུའི་དངོས་པོའི་འབྲེལ་པ་རབ་ཏུ་རྟོགས་པ་མ་ཡིན་པ་དེ་རྣམས་ཀྱང་རྣམ་པ་གཞན་གྱིས་དེ་རབ་ཏུ་རྟོགས་ནས། མེད་ན་མི ་འབྱུང་བ་ཉིད་ཙམ་ཉེ་བར་དམིགས་པ་ལས་རྗེས་སུ་དཔག་པར་བྱ་བ་ངེས་པར་བྱེད་དོ། །བསྟན་བཅོས་སུ་མཐོང་བའི་འབྲས་བུ་དང་རྒྱུའི་དངོས་པོ་ནི་མི་འཐད་པ་ཁོ་ན་སྟེ། གང་ཕྱིར་འབྲས་བུ་དང་རྒྱུ་དག་གཅིག་ཉིད་ལ་འདི་ནི་འབྲས་བུའོ་འདི་ནི་རྒྱུའོ་ཞེས་པ་འདི་ཁོ་ནར་མི་འགྱུར ་རོ། །ཅི་སྟེ་དེ་དག་ལ་གང་གིས་འདི་ལྟར་འགྱུར་བ་རང་བཞིན་ཕུལ་དུ་བྱུང་བ་འགའ་ཞིག་ཡོད་ན་ནི། ཐ་དད་པར་ཤལ་བར་འགྱུར་ཏེ་སྙིང་སྟོབས་ལ་སོགས་པ་རྣམས་ལ་ཡང་རང་བཞིན་ཐ་དད་པ་ཁོ་ན་ཐ་དད་པར་རྣམ་པར་གཞན་པའི་རྒྱུ་ཡིན་པས་སོ། །གལ་ཏེ ་འབྲས་བུ་དང་རྒྱུའི་དངོས་པོ་ཉིད་ཡོད་ན་ཡང་ཐ་དད་པ་མ་ཡིན་ཏེ། ཡོན་ཏན་གསུམ་གྱི་རིགས་ཐ་མི་དད་པ་ཉིད་ཀྱི་ཕྱིར་གཅིག་ཉིད་དོ་ཞེས་ན། མ་ཡིན་ཏེ་འབྲས་བུ་དང་རྒྱུ་ལས་ཐ་དད་པར་ཡོན་ཏན་གསུམ་ཉིད་ཉེ་བར་མི་མཚོན་པའི་ཕྱིར་རོ། །རྟག་པ་ནི་རིམ་གྱིས ་སམ་ཅིག་ཅར་ཡོངས་སུ་འགྱུར་བ་སྲིད་པ་ཡང་མ་ཡིན་ན། དེས་ན་དེའི་རྒྱུ་ཅན་འབྲས་བུ་དང་རྒྱུའི་རྣམ་པར་བཞག་པ་ག་ལ་ཡིན། ཞེས་པ་ཐལ་ཆེས་པས་ཆོག་གོ་།དེ་ལྟར་འགྱུར་མོད། དེ་མ་བཟུང་བ་ཁོ་ན་དེ་རྗེས་སུ་དཔོག་པའི་རྒྱུའོ་ཞེ་ན་གསུངས་པ་མ་ཡིན་ཞེས་པ ་ལ་སོགས་པ་སྟེ་གོ་སླའོ། །གདོན་མི་ཟ་བར་མ་ཡིན་ཞེས་པ་ལ་སོགས་པའོ། །འོ་ན་ནོར་གྱི་རང་གི་ངོ་བོ་འགྲུབ་པ་ནོར་ཅན་ལ་བལྟོས་པ་ཁོ་ན་མ་ཡིན་ནམ། དེ་འཁྲུལ་པ་ག་ལས་ཡིན་ཞེ་ན། འདི་ལྟར་སེམས་ཏེ་རྗེས་སུ་དཔོག་པའི་དུས་ཁོ་ནར་ནོར་ཉིད་དུ ་བཟུང་བའི་རྟགས་ནི་སོ་སོར་སྦྱོར་བ་རྟོགས་པར་བྱེད་ལ། ཡང་ན་སྔར་འབྲེལ་པ་འཛིན་པའི་དུས་སུ་དེ་ལྟར་ཡོངས་སུ་བཅད་པར་གྱུར་བ་ནི་རྗེས་སུ་དཔོག་པའི་དུས་སུ་ཏེ། རྣམ་པ་གཞན་དུ་ན་ཡང་ཉེ་བར་དམིགས་པར་བྱ་བཞིན་བའོ་ཞེས་པའོ། །གལ་ཏེ་རྗེས་སུ་དཔག་པའི ་དུས་སུ་འདི་འདིའི་ནོར་རོ་ཞེས་འདི་ལྟར་ངེས་པ་གོ་བར་བྱེད་པར་འདོད་ན་ནི་འདིར་བརྗོད་པའི་སྐྱོན་ནོ། །ནོར་ཅན་གྱི་འབྲེལ་པ་ལས་ནོར་ཉིད་ཅེས་པ་ལ་སོགས་པས་སོ། །དེའི་ཕྱིར་ལྟ་བ་གཉིས་པ་ཁས་བླངས་བར་བྱ་བ་དེ ་ལས་ཀྱང་འཁྲུལ་པའོ། །ནོར་དང་ནོར་ཅན་དག་བརྒྱུད་པས་བཟློག་པའི་དངོས་པོ་སྲིད་པའི་ཕྱིར་དེ་ལྟར་རྗེས་སུ་དཔག་པར་བྱ་བར་ནུས་པ་མ་ཡིན་ནོ། །འདིར་ནི་བདག་གིས་དེའི་སྔར་ནོར་ཉིད་ཀྱིས་བཟུང་ཟིན་ཏེ། དེའི་ཕྱིར་གང་ན་འདི་ཡིན་པ་དེ་ན ་འདིའི་ཐོད?་ཅན་དེར་འབྱུང་བར་འོས་སོ་ཞེས་པས། སའི་དབང་ཕྱུགས་ལ་སོགས་པ་མེད་ཀྱང། གདུགས་ལ་སོགས་པ་འབའ་?་ཞིག་པ་བདག་པོ་མེད་པའང་མཐོང་བ་སྲིད་པའི་ཕྱིར་རོ་ཞེས་པའོ། །དེ་བཞིན་དུ་གཞན་དུ་ཡང་ཇི་ལྟར་སྲིད་པར ་འཁྲུལ་པ་བརྟག་པར་བྱའོ། །དེ་ལྟར་འགྱུར་མོད། ནོར་དང་ནོར་ཅན་གྱི་དངོས་པོ་ལ་སོགས་པས་འབྲེལ་བ་ཐམས་ཅད་གོ་བར་བྱེད་པ་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན་གང་མི་འཁྲུལ་བའོ་ཞེ་ན། དེའི་ཕྱིར་གསུངས་བ། འབྲེལ་བ་ཉེ་བར་དམིགས་པའི་མ་ཡིན ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཇི་སྐད་བཤད་པའི་འབྲེལ་བ་བཟུང་བ་ལ་ཡང། སླར་ཡང་རྟགས་ནི་འཁྲུལ་བ་དང་མ་འཁྲུལ་པ་ཉིད་ལ་བལྟོས་ཏེ། དེའི་ཕྱིར་མེད་ན་མི་འབྱུང་བ་ཉིད་ཁོ་ན་རྗེས་སུ་དཔོག་པའི་རྒྱུར་འགྱུར་གྱི། ནོར་དང་ནོར་ཅན་གྱི ་དངོས་པོ་ལ་སོགས་པའི་འབྲེལ་པ་རྣམས་ནི་མ་ཡིན་ནོ། །མེད་ན་མི་འབྱུང་བའི་དངོས་པོ་རྗེས་སུ་དཔག་པའི་རྒྱུ་ཡིན་བ་འདི་ནི་འགྱུར་མོད། དེ་ནི་ཇི་སྐད་བཤད་པའི་འབྲེལ་བ་ཡོད་ན་འགྱུར་ཏེ། དེའི་ཕྱིར་ངེས་བར་བསྟན་ཏོ་ཞེ་ན། དེ་མི་རིགས་ཏེ ་དེ་ཡོད་ན་ཡང་དེ་མེད་བའི་ཕྱིར་རོ། །འབྲེལ་བ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་འབྲེལ་བ་ནི་གཉིས་ལ་གནས་པས་ཏེ། དེ་ནི་གཅིག་ལ་ཇི་ལྟ་བ་བཞིན་དུ་གཉིས་པ་ལ་ཡང་ངོ་ཞེས་པ་སྟེ། གཉིས་ཀ ་ལ་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་འགྱུར་རོ། །གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ནི་འབྲེལ་བ་མེད་པ་ཁོ་ན་ཏེ། ཞེས་པ། རྟགས་དང་རྟགས་ཅན་དག་གི་ཞེས་པ་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་དག་རྟགས་དང་རྟགས་ཅན་མིན་ཞེས ་པ་འབྲེལ་བ་ཅིག་ཤོས་རྣམས་ནི་ཕ་རོལ་པོའི་འདོད་པས་རྟགས་དང་རྟགས་ཅན་དག་ཏུ་འགྱུར་ལ། གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ནི་ཕ་རོལ་པོའི་འདོད་པས་ཀྱང་འགྱུར་བ་མ་ཡིན་ནོ། །སྦྲུལ་དང་སྦྲེ་མོ་དག་ནི་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ཡིན་ལ། ་དེ་དག་རྟགས་དང་རྟགས་ཅན་དག་ཏུ་འདོད་པ་ཡང་མ་ཡིན་ཏེ། འཁྲུལ་བའི་ཕྱིར་རོ། །འོན་ཀྱང་སྦྲུལ་རྒྱལ་བ་དང་སྒྲེ་མོ་འཕམ་པ་དག་སྟེ། དེ་དག་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ཡང་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་ངོ་ཞེས་པ། བྱ་རོག ་དང་འུག་པ་ལ་སོགས་པ་རྣམས་ལའོ། །གང་ཡང་ངེས་པར་བཟུང་བཞེས་པ་ལ་སོགས་པས་མཚན་ཉིད་མ་ཁྱད་པ་ཉིད་གསུངས་སོ། །གཙོ་བོ་དང་སྐྱེས་བུ་ཡང་དག་པར་ལྡན་པར་སྒྲུབ་པའི་གཏན་ཚིགས་ཀྱི་རྗེས་སུ་དཔག་པ་མ་བསྡུས་པའི་ཕྱིར་རོ ་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་པའི་སོགས་པའི་སྒྲས། ཆད་ཅན་དང་འབྲས་བུ་དང་རྒྱུའི་དངོས་པོ་དང། ནུས་པ་འཇུག་པ་དང་སྣ་ཚོགས་ཀྱི་ངོ་བོ་ཉིད་རྣམས་བཟུང་བར་བྱའོ། །གཙོ་བོ་ཡོད་བ་ཉིད་ལ་སོགས་པ་རྟོགས་པ་ཞེས་པ་འདིར ་ཡང་སོགས་པ་སྨོས་པས། གཅིག་ཉིད་དང། དོན་དང་ལྡན་པ་ཉིད་དང། གཞན་གྱི་དོན་ཉིད་ལ་སོགས་པ་རྣམས་དང། ཙཱུ་ལི་ཀའི་དོན་རྣམས་སོ། །དེའི་ཚེ་ཅི་ཡིན་ཞེས་པ་བདུན་པ་རྣམས་ལས་གཅིག་ཀྱང་སྲིད་པ་མ་ཡིན་ནོ་ཞེས་དྲི་བའོ། །བསམ་བར་བྱ ་ཞེས་པ་རྣམ་པ་གཉིས་ཉིད་སྲིད་པའི་ཕྱིར་རོ། །སོ་སོར་བརྗོད་བྱ་མིན་ཞེས་པ་གཙོ་བོ་ཡོད་དོ། །ཐ་དད་པ་རྣམས་ལ་མཐོང་བའི་ཕྱིར་རོ་ཞེས་བ་ཁོ་ནར་བརྗོད་བར་བྱའི། ཐ་དད་བ་རྣམས་ཀྱི་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་ནི་མ་ཡིན་ནོ། །ཐ་དད་པ ་རྣམས་ཁོ་ན་ནི་རྒྱུ་མཚན་ཅན་ནོ་ཞེས་པ་བསྐྱེད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྒྱུ་མཚན་ནི་གཙོ་བོའོ་ཞེས་བ་ནི་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ། རྗེས་སུ་འགྲོ་བ་ཡང་ཐ་དང་པ་རྣམས ་ཀྱི་བདག་ཉིད་དུ་གྱུར་བ་སྟེ། དེའི་ཆོས་ཉིད་ཀྱི་ཕྱིར་ཏེ། ཆོས་དང་ཆོས་ཅན་དག་ཀྱང་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཐ་དད་པ་བཞིན་དུ་དེ་ཡང་རྒྱུ་མཚན་ཅན་ཉིད་དུ་འཐད་དོ། །དེ་བཞིན་དུ་ཚད་ཅན་ལ་སོགས་པ་རྣམས ་ཀྱི་ཡང་རིག་པར་བྱའོ། །རྣམ་ལྔ་མིན་ཞེས་པ་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཐ་དད་པའི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་རྣམས་ཁོ་ན་གཅིག་པུ་ཅན་དུ་འགྱུར་རོ། །འགའ་ཞིག་མིན་ཞེས་པ་ལ་སོགས་པས། གང་ཐ་དང ་བ་རྣམས་ཀྱི་འགྲུབ་པར་བྱེད་པ་པོ་གཙོ་བོའི་ཆོས་དེ་རྣམས་ཀྱི་ངེས་རྟོགས་པར་བྱ་བ་རྣམས་ཏེ། གཅིག་ཉིད་ལ་སོགས་པ་བཞིན་ཆ་ཤས་མེད་པའི་ལུས་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ། །དེ་བཞིན་དུ་གང་གཙོ་བོས་འགྲུབ་པར་བྱང ་ཐ་དད་པའི་ཆོས་དེ་རྣམས་ནི་དེའི་རྟོགས་པར་བྱེད་པ་རྣམས་ཏེ། རྗེས་སུ་འགྲོ་བ་ལ་སོགས་པ་བཞིན། ཡོད་པ་ཉིད་དང་ཁྱབ་བདག་ཉིད་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་རང་བཞིན་གྱི་ཐལ་བར་འགྱུར་བ་གཉིས ་གསུངས་སོ།། །།འོ་ན་གལ་ཏེ་ཡང་རྣམ་བ་ཐམས་ཅད་དུ་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ཡིན་པ་དེ་ལྟ་ན་ཡང་དེ་ལྟར་མ་ངེས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གོ་བར ་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་ཐལ་བ་མ་ཡིན་ནོ་ཞེ་ན། ཐུན་མོང་དུ་མངོན་སུམ་པ་ཡང་ངེས་པར་མ་བཟུང་བའི་དོན་ཁྱད་པར་མཐོང་བ་ལས་ཁྱད་པར་དུ་རྟོགས་པར་བྱེད་དོ་ཞེས་པ་ལ་སོགས་པའི་ཚིག་ལས། རྟགས་ཀྱི་ཤེས་པ ་ནི་ངེས་པའི་བདག་ཉིད་ཅན་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །མ་ངེས་པར་འདོད་པ་རྣམས་ཀྱི་ཡང་རྟགས་ཀྱི་ཆོས་རྣམས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་འདི་ནི་ལན་མ་ཡིན་ནོ། །དེ་ལྟར་འགྱུར་མོད། དེ་ལྟར་གོ་བར་བྱ་དང་གོ་བར་བྱེད་པའི ་དངོས་པོར་འདོད་པ་ཁོ་ནའོ་ཞེ་ན་གསུངས་པ། ཐ་དད་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་རྗེས་སུ་འགྲོ་བ་ལ་སོགས་བ་རྣམས་ཁོ་ན་བསྟན་བཅོས་སུ་གཏན་ཚིགས་ཉིད་དུ་གཟུང་བར་བྱའི། ཡོད་པ་ཙམ་ལ་སོགས་པ་རྣམས་ནི ་མ་ཡིན། གཙོ་བོའི་ཡང་ཡོད་པ་ཉིད་ལ་སོགས་པ་རྣམས་ཁོ་ན་བསྒྲུབ་པར་བྱ་བ་ཉིད་དུ་ཡིན་གྱི། ཆ་ཤས་མེད་པ་ཉིད་ལ་སོགས་པ་རྣམས་ནི་མ་ཡིན་པ་དེའི་ཕྱིར། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ནི་གཙོ་བོ་ཡོད་པ་ཉིད་ལ་སོགས ་བ་རྟོགས་བར་བྱེད་པའི་གཏན་ཚིགས་མ་ཡིན་ནོ། །ཡང་ཅི་ལྟར་གཙོ་བོའི་ཆ་ཤས་མེད་པ་ཉིད་ཡིན། ཇི་ཙམ་གྱིས་སྙིང་སྟོབས་ལ་སོགས་པ་དེའི་ཆ་ཤས་རྣམས་སུ་འགྱུར་བ་ཁོ་ནའོ་ཞེ་ན། དེ་དང་བྲལ་བའི་ཆ་ཤས་ཡོད་པ་མ ་ཡིན་པའི་ཕྱིར་ན་ཤས་མེད་པ་ཉིད་དོ་ཞེས་པས་སྐྱོན་མེད་དོ། །གཙུག་ཕུད་ཅན་གྱི་དོན་བཅུ། ཞེས་པ་ཡོད་པ་ཉིད་དང། གཅིག་ཉིད་དང། དོན་དེན་དང་ལྡན་པ་ཉིད་དང། གཞན་གྱི་དོན་ཉིད། གཞན་ཉིད ་དང། བྱེད་པ་པའི་དངོས་པོ་མ་ཡིན་པ་དང། སྦྱོར་བ་དང། འབྲལ་བ་དང། མང་པོའི་སྐྱེས་བུ་རྣམས་དང། གནས་པ་སྟེ། ལུས་ཀྱི་ཡང་ལྟག་མར་འཇུག་པས་ཞེས་པ་འདི་རྣམས་སུ་རིག་པར་བྱའོ། །དེའི་ཕྱིར་གང་གང་དུ་རྗེས་སུ་མཐུན་པ་ཞེས་སྐྱར་བར་བྱ་ལ། དེ ་ཡང་མེད་ན་མི་འབྱུང་བ་ཁོ་ནའོ། །འོ་ན་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོས་དེ་ཡང་འཕངས་པ་ཁོ་ན་མ་ཡིན་ནམ། རྒྱུ་མཚན་ཅན་ནི་རྒྱུ་མཚན་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། འཕངས་པ་བདེན་མོད། ཕ་རོལ་པོས་ནི་རྒྱུ་མཚན་དང་རྒྱུ་མཚན་ཅན ་གྱི་དངོས་པོས་འབྲེལ་བའི་རྟགས་གོ་བར་བྱེད་པ་ཉིད་དུ་འདོད་པས། རྒྱུ་མཚན་ཡང་གོ་བར་བྱེད་པ་ཉིད་དུ་ཁས་བླངས་པར་བྱས་ཏེ། དེ་ཡང་དེ་དང་འབྲེལ་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དེ་རྣམས ་ཐམས་ཅད་དུ་རྒྱུ་མཚན་དང་རྒྱུ་མཚན་ཅན་ཡོད་པའི་ཕྱིར་རོ་ཞེས་པའོ། །དེའི་ཕྱིར་དེའི་འདི་མི་འདོད་པ་ལྟུང་བའོ། །གལ་ཏེ་ཡང་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོས་གང་ཞིག་གི་མེད་ན་མི་འབྱུང་བ་ཡིན་པ་གོ་བར་བྱེད་པའོ་ཞེས་ཁས་བླངས་ན། རྣམ ་པ་ཐམས་ཅད་དུ་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོར་མི་འགྱུར་ཞིང། མི་འདོད་པ་ཅུང་ཟད་དུ་འགྱུར་པ་མ་ཡིན་ནོ། །དེ་བཞིན་ཞེས་པ་ལ་སོགས་པས། འབྲེལ་པ་ཅིག་ཤོས་རྣམས་ལ་ཡང་ཇི་སྐད་པའི་སྐྱོན་སྟོན་ཏོ། །ཆ་ཤས་ཁོ་ནས་ཞེས་པ ་རྣམ་པ་འགའ་ཞིག་གིས་ཞེས་པའི་དོན་ཏོ། །འབྲེལ་མིན་ཉིད་དུ་ཡང་དག་བརྗོད་ཅེས་པ། འབྲེལ་མིན་ཉིད་ཞེས་པ་འདི་ནི་མ་ཡིན་པར་དགག་པའོ། །རྗེས་སུ་དཔག་པར་བྱ་བ་རྟོགས་པའི་གཏན་ཚིགས་ཀྱི་འབྲེལ་བའི་འབྲེལ་པ་ཉིད་གང་ཡིན་པ། དེ་ལས་གཞན ་པའི་འབྲེལ་པ་ནི་བཤད་དོ་ཞེས་པའི་དོན་དུ་རིག་པར་བྱའོ། །རྣམ་པ་གཞན་དུ་ན་འབྲེལ་པ་རྣམས་ཀྱི་འབྲེལ་པ་མེད་པ་ཉིད་མི་འཐད་པའི་ཕྱིར་འགལ་བར་འགྱུར་རོ། འོ་ན་ནོར་དང་ནོར་ཅན་གྱི་དངོས་པོ་ལ་སོགས་པའི་འབྲེལ་བ་རྣམས་གསལ་བྱེད ་རྣམས་ཡིན་ལ། དེའི་ཕྱིར་དེའི་སྒོ་ནས་རྟགས་ཀྱིས་གསལ་བར་བྱེད་ཅིད་རང་གི་འབྲེལ་པ་དང་རྗེས་སུ་མཐུན་པ་ཉིད་ལས་ཆ་འགའ་ཞིག་ཁོ་ནས་གསལ་བར་བྱེད་དོ་ཞེས་པ་རིགས་སོ། །དེས་ན་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ ་གང་ལས་ཡིན་ཞེ་ན་གསུངས་པ། ནོར་དང་ནོར་ཅན་སོགས་ཙམ་གྱིས་ཞེས་པ་ལ་སོགས་པ་སྟེ། རང་གི་ལྟ་བ་ལས་རྒྱལ་པོ་ལ་སོགས་པ་ལ་ནོར་ཅན་གྱི་རྣམ་པ་ཁོ་ནར་རྟོགས་པར་འགྱུར་ལ། དཔལ་དགའ་བ་ལ་སོགས་པ་བྱེ་བྲག་ཏུ་ནི་མ་ཡིན ་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ་རྣམ་པ་གཞན་དུ་ཤེས་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་རང་གི་འབྲེལ་པའི་རྗེས་སུ་མཐུན་པ་ཉིད་ལས་ལོག་པར་འཛིན་པར་ནུས་པར་འདོད་ན། དེ་ཁོ་ན་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་འགྱུར་རོ། །ནོར ་ཉིད་ཀྱི་ཆ་ཤས་ཀྱང་ཞེས་པ་ལ་སོགས་པ་སྟེ། ཡོད་པའི་སྙིང་སྟོབས་ཀྱི་ཆ་ཡང་ནོར་ཅན་ཉིད་ཙམ་གྱིས་འབྲེལ་པ་ཡིན་ལ། དེས་ན་གལ་ཏེ་འབྲེལ་པའི་རྗེས་སུ་མཐུ་པ་ཉིད་ལས་དེ་ཁོ་ནས་དེ་ཁོ་ན་གསལ་པར་འདོད་ན་ནོད་ཅན་ཉི་ཙམ་རྟགས་ཅན་ལ ་རྟོགས་པར་འགྱུར་རོ། །ཅིའི་ཕྱིར་ཞི་ན་གསུངས་པ་།མ་ཡིན་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་ལ་བལྟོས་པ་མེད་པས་རྟོགས་པ་བྱེད་ན་བ་ཅང་ཐལ་བར་འགྱུར་རོ་ཞེ་པ་དགོངས་པའོ། དེ་ལས་ཤིང་ཏུ་འདས་ན་ཞེས་པ་དེ་མ་ཐག་པར་བརྗོད ་པའི་དོན་ལས་ཤིན་ཏུ་འདས་ནའོ། །གལ་ཏེ་རང་གི་འབྲེལ་པའི་སྒོ་མ་གཏོགས་པར་གཞན་དུ་སྟེ། རྣམ་པ་གཞན་གྱིས་ཀྱང་རང་གི་དོན་རྟོགས་པར་ནུས་པར་འགྱུར་ན་ནི། རང་གི་འབྲེལ་པ་དང། རྗེས་སུ་མཐུན་པས་ནི་མ་ཡིན་ན་ཞེས་པའི ་དོན་ཏོ། །ཞར་ལ་འོང་པས་མཆོག་གོ་ཞེས་པ་ནོར་དང་ནོར་ཅན་ལ་སོགས་པའི་རྟགས་དང་རྟགས་ཅན་རྣམས་ཞར་ལ་བྱུང་བས་བླངས་པའོ་ཞེས་སྟོན་པར་བྱེད་དོ། །གསལ་བྱ་གསལ་བྱེད་དངོས་པོ་ཡིས་ཞེས་པ། གལ་ཏེ་གསལ་བྱ་གསལ་བྱེད ་ཀྱི་དངོས་པོས་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་འདོད་ན། དེ་ལས་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་གཅིག་པུ་ཁོ་ན་གསལ་བྱེད་དུ་བརྗོད་པར་བྱ་བ་མིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། དེ་རྣམ་བདུན་ཞེས་པ་སྟེ། གོ་བྱ་རོ?་བྱེད ་ཀྱི་དངོས་པོ་ནི་གསལ་བྱ་གསལ་བྱེད་ཀྱི་དངོས་པོ་ཡིན་ཅིང། འབྲེལ་པ་བདུན་པོ་རྣམས་ཀྱིས་ཀྱང་རྗེས་སུ་དཔག་པར་བྱ་བ་རྟོགས་ཏེ། དེའི་ཕྱིར་དེ་ཁོ་ན་རྣམ་པ་བདུན་ཞེས་ཁས་བླང་བར་བྱའོ། །རྣམ་པ་གཞན་དུ་ན་གཞན་རྣམས་གསལ་བར་བྱེད་པ་མ ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཐ་དད་པ་ཉིད་ཀྱི་ཕྱིར། ཞེས་པ། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ལས་གཞན་ཉིད་ཀྱི་ཕྱིར་རོ། །སྔར་བརྗོད་ཟིན་ཏོ་ཞེས་པ་དེ་ཡང་གཞན་ལས་རྟོགས་པའི་ཕྱིར་དེན་མེད ་པའོ་ཞེས་པ་འདིས་དོན་འདི་ལྔར་ཁོ་ནར་བཤད་ཟིན་ཏོ། །རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བ་གལ་ཏེ་རྒྱུ་མཚན་དང་རྒྱུ་མཚན་ཅན་གཉིས་ཀ་དག་གི་གོ་བར་བྱེད་པ་ཉིད་འགྱུར་ན། དེ་སྐད་སྨྲ་བར་རིགས་པ་ལས། གཉིས་ཀ ་དག་གི་གོ་བར་བྱེད་པ་ཉིད་ཀྱང་མ་ཡིན་གྱི། འོན་ཀྱང་རྒྱུ་མཚན་ཅན་ཁོ་ནའི་འོ། །དེ་སྟོན་པར་བྱེད་དེ། གང་གི་ཕྱིར་མངོན་པར་བྱེད་པ་ནི་འདིར་རྒྱུ་མཚན་ཉིད་ཅེས་པར། འདིར་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ལ་མངོན་པར་གསལ་བར ་བྱེད་པ་ནི་རྒྱུ་མཚན་ཉིད་ཁོ་ནའོ། །ཡང་རྒྱུ་མཚན་ཉིད་ཅེས་བྱ་བ་འདི་ཅི་ཞེ་ན། རྒྱུ་མཚན་ཏེ་དུ་པ་ལ་སོགས་པའི་རང་གི་བསྒྲུབ་པར་བྱ་བ་ལ་མེད་ན་མི་འབྱུང་བ་སྟེ། རབ་ཏུ་འཇུག་པའི་རྒྱུ་མཚན་གང་གིས་དེ་ལ་རྒྱུ་མཚན་གྱི་སྒྲ་རབ་ཏུ་འཇུག་པ་དེ་ནི ་རྒྱུ་མཚན་ཉིད་དོ། །རྒྱུ་མཚན་ཅན་ཉིད་ནི་མ་ཡིན་ནོ། །ཞེས་པ། གསལ་བར་བྱེད་པ་ཞེས་པ་འདི་དང་སྦྲེལ་བར་བྱའོ། །འདིར་ཡང་བསྒྲུབ་པར་བྱ་བའི་ཆ་ཤས་གང་ཡིན་པ་གོ་བར་བྱ་བ་དེ་ནི་རྒྱུ་མཚན་ཅན་ཉིད་དོ། །ཡང་ཅིའི་ཕྱིར་རྒྱུ ་མཚན་ཅན་ནི་གསལ་བར་བྱེད་པ་མ་ཡིན་ཞེ་ན་གསུངས་པ། གསལ་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ། བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །གྲུབ་པ་ནི་གོ་བར་བྱེད་པ་ཉིད་དུ་འགྱུར་གྱི། བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ།། ་དེའི་ཕྱིར་རྒྱུ་མཚན་གྱི་དངོས་པོ་ཞེས་པ་ཁོ་ན་བརྗོད་པར་བྱའི་རྒྱུ་མཚན་དང་རྒྱུ་མཚན་གྱི་དངོས་པོ་ཞེས་ནི་མ་ཡིན་ནོ། །འདིར་འགྱུར་མོད། རྒྱུ་མཚན་དང་རྒྱུ་མཚན་ཅན་དགག་དངོས་པོ་ནི་རྒྱུ་མཚན་དང་རྒྱུ་མཚན་ཅན་ཀྱི་དངོས་པོ་ཞེས་རྣམ་པར་ཤེས་པར ་བྱ་བ་མ་ཡིན་ལ། དེ་ལྟར་ཤེས་པར་བྱ་བ་ན་ནི་རྒྱུ་མཚན་ཅན་སྨོས་པ་དོན་མེད་པར་འགྱུར་ཏེ། རྒྱུ་མཚན་གྱི་དངོས་པོ་ཁོ་ན་གོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཅི་ལྟར་ཞེ་ན། རྒྱུ་མཚན་གྱི་རྒྱུ་མཚན་ཅན་དང་ཡོད་པ་ཞེས་པ་སྟེ། དེ་ཡང་མེད་ན་མི་འབྱུང་བར ་གྱུར་ཏེ། འདི་ལས་སྒྲུབ་པར་བྱ་བ་འགྲུབ་པའི་རྒྱུ་མཚན་ཞེས་མངོན་པར་བརྗོད་པར་དང་རྐྱེན་ཡང་ངོ་ཞེས་བྱ་བ་ནས་སོ། །རྒྱུ་མཚན་ཡོད་པ་ཞེས་པ་འདི་ཙམ་བརྗོད་པར་བྱ་བ་ནི། ཅི་ཞིག་དང་ལྷན་ཅིག་རྒྱུ་མཚན་ཡོད་པ་མེད་ན་མི་འབྱུང་བའི་མཚན་ཉིད ་ཡིན་ཞེས་མི་ཤེས་སོ། །དེའི་ཕྱིར་སོ་སོར་སྦྱོར་བའི་ཟླ་བོ་རྟོགས་པར་བྱ་བའི་ཆེད་རྒྱུ་མཚན་ཅན་གྱི་སྒྲ་ཉེ་བར་བླངས་པའོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་ནི་ངེས་བར་རྒྱུ་མཚན་ཅན་ལ་བལྟོས་པ་ཉིད་ཀྱི་ཕྱིར། དེ་སྐད་མ་བརྗོད་ན་ཡང་སོ་སོར ་སྦྱོར་བའི་ཟླ་པོ་རྟོགས་སོ་ཞེས་པས་རྒྱུ་མཚན་ཅན་སྨོས་པ་འབྲས་བུ་མེད་པའོ། །གང་ཡང་སྨྲས་པ་ཞེས་པ། ལྟ་བ་གཞན་ལ་སུན་འབྱིན་པ་སྒྲེས་ནས་སྟོན་ཏོ། །ལྷན་ཅིག་སྤྱོད་པའི་དངོས་པོ་ནི་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་གཙོ་བོ་མེད་ན་ཡོད ་བ་མ་ཡིན་པའོ། །ལྷན་ཅིག་སྤྱོད་པའི་དངོས་པོའོ་ཞེས་པས་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་གཙོ་བོ་ལ་སོགས་པ་དབང་པོ་ལས་འདས་པའི་དོན་རྟོགས་པ་ཡང་མ་ཡིན་ནོ། །དབང་པོ་ལས་འདས་པའི་དོན་རྟོགས་པར་བྱེད་པའི་གཏན ་ཚིགས་བསྟན་བཅོས་སུ་བཤད་པ་ནི་རྗེས་སུ་དབག་པ་ལྷག་མ་དང་ལྡན་པ་ཡང་ངོ། །ལྷན་ཅིག་སྤྱོད་པའི་དངོས་པོའི་འབྲེལ་བ་ལ་ཡང་གཙོ་བོ་དང་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱི་འདི་ལྟག་མ་དང་ལྡན་པར་རིགས་པ་ཡང་མ་ཡིན་ནོ། །ལྷན་ཅིག ་སྤྱོད་པའི་དངོས་པོ་ནི་འབྲས་བུ་དང་རྒྱུའི་དངོས་པོ་མ་ཡིན་ཏེ། ཐ་དད་པར་ངེས་བསྟན་པའི་ཕྱིར་རོ། །གཞན་ཡང་རྣམ་བ་ར་གནས་པ་གཉིས་དག་གེས་ལྷན་ཅིག་སྤྱོད་པའི་དངོས་པོར་འགྱུར་ཏེ། ངུར་བ་བཞིན་ནོ། །འབྲས་བུ་དང་རྒྱུ་དག་ཅིག་ཅར ་ཡོད་པ་ཡང་མ་ཡིན་ཏེ་འབྲས་བུའི་དུས་ན་རྒྱུ་མི་སྣང་བར་འགྱུར་བའི་ཕྱིར་རོ་། །དེས་ན་ལྷན་ཅིག་སྤྱོད་པའི་དངོས་པོ་དེ་ལས་དབང་པོ་ལས་འདས་པའི་དོན་རྟོགས་པ་ག་ལས་ཡིན། རྗེས་སུ་འགྲོ་བ་ལ་སོགས ་པ་རྣམས་ཀྱིས་དབང་པོ་ལས་འདས་པ།ཱི་དོན་རྟོགས་པར་ཁས་བླངས་ལ། དེ་ལྷན་ཅིག་སྤྱོད་པའི་དངོས་པོའི་འབྲེལ་བས་སྦྱོར་རོ་ཞེས་པ་ཁས་བླངས་པ་ཉམས་སོ། །དེའི་ཕྱིར་འདི་དག་ཁོ་ན་མ་ཡིན་ནོ་ཞེས་པས་གཞན་ཡང་འདོད་པར ་བྱ་སྟེ། གང་ལས་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་གཙོ་བོ་ལ་སོགས་པ་འགྲུབ་པར་འགྱུར་བའོ། །རྗེས་སུ་དཔག་པ་རྣམ་པ་གཉིས་ཞེས་པ་སྟེ། དེ་ལ་ཁྱད་པར་མཐོང་བ་ནི། གང་གི་ཚེ་མེ་དང་དུ་བ་འབྲེལ་བ ་མཐོང་ནས། དུ་བ་དེ་ཁོ་ནས་མེ་དེ་ཁོ་ནའི་ཡང་དང་ཡང་དུ་མེ་དེ་ཁོ་ནའི་འདའ་ཨོ་ཞེས་ཡོད་པ་ཉིད་དུ་རྟོགས་པར་བྱེད་པའོ། །སྤྱིར་མཐོང་བ་ནི་གང་འགའ་ཞིག་ཏུ་རུ་བ་དང་མེ་འབྲེལ་བར་མཐོང་ནས། དུས་ཕྱིས་དུ་བ་ཙམ ་མཐོང་བ་ལས་མེ་སྤྱིར་རྗེས་སུ་དཔོག་པའོ། །སྤྱིར་མཐོང་བའི་རྗེས་སུ་དཔག་པ་འདི་ཡང་རྣམ་པ་གཉིས་ཏེ། སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པའོ། །དེ་ལ་ང་མ་དང་ལྡན་པ་ནི་གང་གི་ཚེ་རྒྱུ་མ་ཚངས་བ་མེད་པ་མཐོང་ནས་འབྲེས་བུ ་འབྱུང་བར་འགྱུར་བ་ཉིད་རྟོགས་པ་སྟེ། དཔེར་ན་སྤྲི?་ན་འབྱུང་བ་མཐོང་ནས་ཆར་པ་འབྱུང་བར་འགྱུར་བ་ཉིད་ལྟ་བུའོ། །ལྷག་མ་དང་ལྡན་པ་ནི་གང་གི་ཚེ་འབྲས་བུ་གྲུབ་པ་མཐོང་ནས་རྒྱུ་བྱུང་བྲེན?་པ་ཉིད་རྟོགས་པ་སྟེ། དཔེར་ན་ཆུ་ཀླུང་གསར?་དུ ་ཆུ་འཕེལ་བ་མཐོང་བ་ནས་སྤྲིན་བྱུང་བ་ལྟ་བུའོ། །དེ་ལ་སྔ་མ་དང་ལྡན་པའི་རྗེས་སུ་དཔག་པ་ནི་འཁྲུལ་པའོ། །ལྷག་མ་ལྡན་པ་རྣམ་པར་དབྱང་པ་དང་བཅས་པ་ནི་འཁྲུལ་པ་མེད་པའོ། །དེ་རྣམས་ཀྱི་གང་འདི་སྤྱིར་མཐོང་བའི་རྗེས ་སུ་དཔག་པ་ལྷག་མ་དང་ལྡན་པ་འདི་ནི་དབང་པོ་ལས་འདས་པའི་དངོས་པོ་རྣམས་ཡང་དག་པར་རྟོགས་པར་བྱེད་པའོ་ཅེའོ། །དེ་དྲན་པར་འདོད་ཅེས་པ་འདི་ལ་འཐད་པ་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པའོ། །འདི་ནི་སྔར་ཉམས་སུ་མྱོང་བ་དེ་ཁོ་ན་འདིའི་ཞེས ་སོ་སོར་ངོ་ཤེས་པ་དེ་ནི་དྲན་པའི་བདག་ཉིད་ཡིན་ཏེ། དཔེར་ན་དུ་བ་དེ་ཁོ་ན་འདིའོ་ཞེས་པའི་ཤེས་པ་བཞིན། ཁྱད་པར་མཐོང་བ་ཡང་ཇི་སྐད་བཤད་པའི་ཆོས་དང་ལྡན་པའོ་ཞེས་རང་བཞིན་གསུངས་སོ། །འབྲས་བུ་དང་རྒྱུ་དག་ལས་ཞེས་བ་ལ་སོགས ་པ་སྟེ། སྤྱིར་མཐོང་བ་ཁོ་ན་རྣམ་པ་གཉིས་ཞེས་ངེས་པར་བཟུང་བ་ནི་གཞན་རྣམ་པ་གཉིས་ཉིད་རྣམ་པར་གཅོད་པ་འབྲས་བུའོ། །དེ་ལས་ཀྱང་འབྲས་བུ་དང་རྒྱུ་དག་ལས་ཡང་དང་ཡང་དུ་རྗེས་སུ་དཔག་པ་མེད་པར་ཐལ་བར་འགྱུར་ལ། ཡང ་དང་ཡང་དུ་རྗེས་སུ་དཔོག་པ་ཁྱད་པར་མཐོང་བའོ་ཞེས་བྱས་ནས་ཞེས་པ་ཁས་བླངས་པ་ཉམས་པའོ། །ཅི་སྟེ་ཞེས་པ་འདི་ལྟ་བུ་ལ་སོགས་པས་ཀྱང་ཁས་བླངས་ཉམས་བ་ཁོ་ན་གསུངས་སོ། །གང་གི་ཕྱིར་སྤྱིར་མཐོང་བ་རྣམ་པ་གཉིས་ཁོ་ནའི ་ངེས་པར་བཟུང་བའི་འབྲས་བུ་ནི་གྲངས་གཞན་རྣམ་པར་སེལ་བའོ། །དེ་ལས་ཀྱང་ནོར་དང་ནོར་ཅན་ལ་སོགས་བའི་འབྲེལ་པ་རྣམས་ཀྱིས་དེ་དང་པོར་རྗེས་སུ་དཔག་པར་མི་འགྱུར་རོ། །དེ་དང་པོར་སྨོས་པ་ནི་ཡང་དང་ཡང་དུ་རྗེས་སུ་དཔོག་པ་ལ ་ཁྱད་པར་མཐོང་པ་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་སྤྱིར་མཐོང་བ་མེད་ཅེ་ན་གསུངས་པ། འདི་རྣམས་ལ་འབྲས་བུ་དང་རྒྱུའི་དངོས་པོ་ཡོད་པ་ནི་མ་ཡིན་ཞིང་ཞེས་པ་སྟེ། འབྲས་བུ་དང་རྒྱུའི་དངོས་པོ་ལས་ཀྱང་སྤྱིར་མཐོང་བར་འདོད་དོ། ། ་ཅི་ལྟར་ན་ཁྱད་པར་མཐོང་བ་མེད་ཅེ་ན་གསུངས་པ། ཁྱད་པར་འཛིན་པ་ཡང་མ་ཡིན་ནོ། །ཞེས་པ་སྟེ། གཉིས་བ་ལ་སོགས་པའི་སྐད་ཅིག་རྣམས་ལ་དེ་ཁོ་ན་འདིའོ་ཞེས་ཁྱད་པར་འཛིན་པ་སྲིད་དེ། དེའི་དངོས་པོ་ཞེས་བྱ་བའི་ཁྱད ་པར་འཛིན་པའི་ཕྱིར་རོ། །སྐད་ཅིག་དང་པོ་ལ་ནི་མ་ཡིན་ནོ། །འཕྲེལ་པ་རྣམ་བདུན་བསྟན་པ་དང། ཞེས་པ་ནོར་དང་ནོར་ཅན་གྱི་དངོས་པོ་ལ་སོགས་པ་རྣམས་སོ། །རྗེས་སུ་དཔག་པ ་རྣམ་གཉིས་ཉིད་ཅེས་པ། སྤྱིར་མཐོང་བ་དང། ཁྱད་པར་མཐོང་བ་དག་ལས་གཞན་ཡང་སྲིད་པའི་ཕྱིར་རོ། །ནིའི་སྒྲ་གཅིག་ནི་གང་གི་ཕྱིར་གྱི་དོན་ལའོ། །གཉིས་པ་ནི་དེའི་ཕྱིར་གྱི་དོན་ལ་སྟེ། གང་གི་ཕྱིར་རྗེས་སུ་དཔག་པ་རྣམ་པ ་གཉིས་ཁོ་ན་ཡིན་པ་དེའི་ཕྱིར་ནོར་དང་ནོར་ཅན་ལ་སོགས་པ་གསུམ་རྣམས་ཀྱིས་དང་པོར་རྗེས་སུ་དཔག་པར་བྱ་བ་རྟོགས་པ་ན་རྗེས་སུ་དཔག་པ་གསུམ་པོ་གང་ཡིན་པ་དེ་རྣམས་གང་གི་ཁོངས་སུ་བསྡུ་སྟེ། དེར་གང་དུ་ཡང་ནང་དུ་འདུ་བ་མ ་ཡིན་ནོ་ཞེས་པ་དགོངས་པའོ། །གསུམ་སྨོས་པ་ནི་རང་བཞིན་དང་རྣམ་འགྱུར་དང། རྒྱུ་མཚན་དང་རྒྱུ་མཚན་ཅན་དང་ཙམ་པོ་དང་ཚད་ཅན་གྱི་དངོས་པོ་རྣམས་འབྲས་བུ་དང་རྒྱུའི་དངོས་པོ་ཁོ་ནའི་ནང་དུ་འདུ་བའི་ཕྱིར་རོ། །རྗེས་སུ་བཟུང་བར ་བྱ་བ་དང་རྗེས་སུ་འཛིན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ། ཕན་གདགས་པར་བྱ་བ་དང་བན་འདོགས་པར་བྱེད་པོའི་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །ཕན་གདགས་པར་བྱ་བ་དང་ཕན་འདོགས་པ་པོའི་དངོས་པོ་མེད་པར་ནོར་དང་ནོར་ཅན་གྱི ་དངོས་པོ་སྲིད་པ་ནི་མ་ཡིན་ཏེ། རྣམ་པ་གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཕྱོགས་འདིས་ལྷན་ཅིག་སྤྱོད་པའི་དངོས་པོ་དང་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་འབྲེལ་པ་དག་ཀྱང་འབྲས་བུ་དང་རྒྱུའི་དངོས་པོར་དྲང་བར་བྱའོ་ཞེས་པས ་ལོག་པར་མ་བརྗོད་དོ། །དེ་ལྟར་ནི་ཕན་འདོགས་པ་མེད་པར་ལྷན་ཅིག་སྤྱོད་པའི་དངོས་པོ་ཡོད་པ་མ་ཡིན་པས་སོ། །ངུར་པ་དག་ཀྱང་འཁྲིག་པའི་བདེ་བ་ཉེ་བར་བསྒྲུབ་པ་ལ་སོགས་པས་ཕན་ཚུན་ཕན་འདོཊ་བ་མཐོང་བའི་ཕྱིར་རོ། །གནོད་བྱ་གནོད ་བྱེད་ཀྱི་དངོས་པོ་ལ་ཡང་སྦྲུལ་རྒྱལ་བ་དང་སྒྲེ་མོ་ཕམ་པ་དག་འབྲས་བུ་དང་རྒྱུའི་དངོས་པོ་དག་ཁོ་ན་སྟེ། ཕན་ཚུན་རྒྱུ་ཉིད་ཀྱི་ཕྱིར་རོ། །སྙིང་སྟོབས་ལ་སོགས་པ་རྣམས་ཀྱི་སྒྲ་ལ་སོགས་པའི་དངོས་པོར་ཡོངས་སུ་གྱུར་པ་ན་བཞིན་ནོ། །འབྲེལ་པ་གཞན་མེད་པར་ཐལ་བར ་འགྱུར་བའི་ཕྱིར་རོ་ཞེས་པ། འབྲས་བུ་དང་རྒྱུའི་འབྲེལ་པ་གཅིག་པུ་ཁོ་ནར་འགྱུར་གྱི་འབྲེལ་པ་གཞན་ནི་མ་ཡིན་ཏེ། ཕན་གདགས་པར་བྱ་བ་རང་ཕན་འདོགས་པར་བྱེད་པ་མེད་པར་འབྲེལ་པ་སྲིད་པ་མ་ཡིན་པ་བམ། ཧ་ཅང་ཐལ་བར་འགྱུར་བ་ཡང་ནའོ། །ཅི་ལྟར་ན ་འབྲེལ་པ་གཞན་མེད་ཅེ་ན་གསུངས་པ། ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་བདུན་རྣམས་ཀྱིས་ཀྱང་རྗེས་སུ་དཔག་པར་བྱ་བ་ལ། རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་འབྲེལ་པ་ཅན་དག་གིས་བྱས་པ་ཕན་ཚུན?་ནམ་གང་ཡང་རུང་བའི་ཇི་ལྟར་སྲིད ་བར་ཕན་འདོགས?་པར་ཡོད་དེ། རྣམ་པ་གཞན་དུ་ན་དེ་དག་འབྲེལ་པ་ཁོ་ནར་མི་འགྱུར་རོ། །ཡང་ན་འདིས་རྗེས་སུ་དཔག་པར་བྱའོ་ཞེས་པས་རྗེས་སུ་དཔག་པ་ནི། འབྲེལ་པ་རྣམ་བདུན་ཏེ། རྗེས་སུ་དཔག་པ་དེར་རོ། །རྒྱུ་མཚན་གྱི་དོན་ཅན་བདུན་པ་སྟེ། འབྲེལ་པ་རྣམ་པ་བདུན་ནི་རྒྱུ ་མཚན་ནོ། །རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པ་དག་གིས་ཞེས་པ་ལ་སོགས་པ་ལྷག་མ་སྔ་མ་བཞིན་ནོ། །བཤད་པ་འདི་ལ་གང་འདི་རྩོད་པ་ནི། འོ་ན་འབྲས་བུ་དང་རྒྱུའི་དངོས་པོ་ནི་རྟོགས་པར་བྱ་བའི་ཆེད་དུ་བརྟེན་པར་བྱ་བ་མ་ཡིན་ནམ། གཞན་དུ་ན་འབྲེལ་པ་མི་ཤེས་པའི་རྟགས ་ལས་ཀྱང་དད་པོ་མཐོང་བ་ན་རྗེས་སུ་དཔག་པར་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཕན་འདོགས་པའོ་ཞེས་ཇི་ལྟར་བརྗོད་པར་བྱ་ཞེས་པའོ། །དེ་མཇུག་པ་མེད་པ་ཁོ་ན་ཏེ། གང་གི་ཕྱིར་འདིར་རྟོགས་པར་བྱེད་པ་ཕན་འདོགས་པར་བྱེད་པ་མངོན་པར་ཡང་དག་པར་བརྗོད་པ་ན་ཡིན་གྱི ་འོ་ན་ཅི་ཞེ་ན། འབྲེལ་པ་ཅན་དག་གི་བདག་ཉིད་དུ་གྱུར་པའི་རྗེས་སུ་འཛིན་པའོ། །སྐྱོན་རྣམ་པ་གཉིས་ཞེས་པ། འདི་ཁོ་ན་ཕྱོགས་གཉིས་ཀ་ལ་ཡོད་པའོ། །འབྲས་བུ་མེད་ཅེས་པ་དག་རྣམས་ནི་དོན་གཞན་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ། །འདིའི་ཅི་ཡིན་ཞེས་པ ་ལ་སོགས་པས་འབྲས་བུ་མེད་པ་དེ་ཁོ་ན་སྟོན་ཏོ། །འོ་ནའང་རྣམ་པ་གཉིས་ཉིད་མ་ཤེས་པ་རྟོགས་པར་བྱེད་པ་ཁོ་ན་དག་གིས་འབྲས་བུར་འགྱུར་པ་མ་ཡིན་ནམ། འདིར་དོན་གཞན་རྣམ་པར་གཅོད་པ་ཅི་ཞིག་བྱ་ཞེ་ན། འདི་ནི ་མི་རིགས་ཏེ། དོན་གཞན་རྣམ་པར་གཅོད་པས་ནི་དེའི་རང་གི་ངོ་བོ་རྟོགས་པའི་ཕྱིར་ལ། དེ་ནི་རང་བཞིན་གཞན་ལས་ལོག་པའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ངོ་བོ་གཞན་རྣམ་པར་བཅད་པ་མ་ཡིན་ན་ནི། །དེའི་རང་གི་ངོ་བོ་རྟོག་པ་ག་ལས་ཡིན་ནོ། ་རྣམ་པ་གཉིས་ཉིད་མ་ཤེས་པ་ཡང་མ་ཡིན་ཏེ། འབྲས་བུ་དང་རྒྱུ་རྗེས་སུ་དཔག་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལ་སླར་ཡང་བརྗོད་པ་ནི་ངེས་པར་བྱའི་དོན་དུ་རྣམ་པར་ཤེས་པར་བྱའོ། །དེ་མི་རིགས་ཏེ་ཞེས་པ་འདི་ལ་གཏན་ཚིག་གསུངས་པ། འབྲེལ་པ་ཅན་གྱི ་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་པའོ། །གེགས་ལ་སོགས་པ་སྲིད་པ་ན་ཞེས་པ། གེགས་ནི་འགལ་བའི་རྐྱེན་ཉེ་བར་བབ་པའོ། །སོགས་པའི་སྒྲས་ལྷན་ཅིག་བྱེད་པ་མ་ཚང་བ་སྲིད་པ་ནའོ། །རྟགས་སུ་བྱ་བའོ་ཞེས་པ་ནི་རྟོགས་པར་བྱ་བའོ་ཞེས་བའི་དོན་ཏོ། །འདིར ་ཉེ་བར་གདགས་པར་རིགས་པ་ཡང་མ་ཡིན་ཞེས་པ་ཉེ་བར་འདོགས་པའི་རྒྱུར་གྱུར་པ་རྗེས་སུ་དཔག་པའི་རྒྱུ་ཉིད་མེད་པའི་ཕྱིར་རོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གང་ཞིག་རྒྱུ་འགའ་ཞིག་འབྲས་བུ་ཉེ་བར་བསྐྱེད་པ་ཟིན་པར་མཐོང་ནས་དེའི་རིགས་ཅན ་གཞན་ཡང་མཐོང་ཞིང་འདྲ་བར་བློ་འཁྲུལ་པ་པོ་འདི་ཡང་ངེས་པར་འབྲས་བུ་དེ་སྐྱེད་པར་འགྱུར་རོ་ཞེས་ལྷག་པར་ཞེན་པར་བྱེད་པ་པོ། །དེའི་ནི་རྒྱུ་ལས་འབྲས་བུའི་ཤེས་པར་འགྱུར་རོ། །འགའ་ཞིག་གི་ཚེ་ཅེས་པའི་ཚིག་ལས་མི་འགྱུར་བ་ཡོད། །གང་གི་ཕྱིར་འགྱུར ་བ་དེའི་ཕྱིར། རྗེས་སུ་དཔག་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པར་བརྗོད་པར་བྱའོ། །གང་ཞིག་ཕྱིར་འགའ་ཞིག་གི་ཚེ་འབྱུང་བ་མ་ཡིན་པ་དེའི་ཕྱིར་འཁྲུལ་པ་ཞེས་བརྗོད་པར་བྱའོ། །དེ་ལྟར་རྗེས་སུ་དཔག་པ་ཉིད་དང་འཁྲུལ་པ་ཉིད་དུ་ཡང་བརྗོད་དོ་ཞེའོ། ། ་དེ་ནི་མ་ཡིན་ཏེ། དེའི་ཚེ་དེའི་རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ། དེའི་ཚེ་ཡང་རྗེས་སུ་དཔག་པར་ཉེ་བར་གདགས་པར་རིགས་པར་མ་ཡིན་པ་ཁོ་ན་ཏེ། རྗེས་སུ་དཔག་པའི་རྒྱུ་ཉིད་མེད་པའི་ཕྱིར་རོ། །དེའི་ཚེ་ནི་དེ་རྗེས་སུ་དཔག་པ་མ་ཡིན་པ་ཁོ་ནའོ་ཞེས་པ། གང་ཞིག་དེ་ཡང་དོན་ཇི་ལྟ་བ ་རྟོགས་པ་ཡིན་ཏེ། དེའི་ཕྱིར་དེའི་རྒྱུ་ཡིས་རྗེས་སུ་དཔག་པར་ཉེ་བར་གང་གས་པར་རིགས་མོང། གང་གི་ཚེ་ཡང་དོན་ཇི་ལྟ་བ་ཡིན་པ་དེའི་ཚེ་འཁྲུལ་པ་ཉིད་མེད་དོ། །དེའི་ཕྱིར་དེ་གཅིག་བུ་གང་ཡིན་པ་རྗེས་སུ་དཔག་པར་འགྱུར་ཞིང་འཁྲུལ་པ་ཡང་ཡིན་པ་ནི་མེད་དོ། །འོ་ན་རྗེས་སུ ་དཔག་པ་ལྟར་སྣང་བའི་རྒྱུ་ཡང་རྗེས་སུ་དཔག་པར་བརྗོད་པར་བྱ་བ་མ་ཡིན་ནམ། དེ་ལྟར་ནི་སྨྲ་བ་པོ་རྣམས་སུ་འགྱུར་ཏེ། གང་འདིས་རྗེས་སུ་དཔག་པ་ཉེ་བར་བཀོད་པ་དེ་བདག་གིས་སུན་ཕྱུང་ངོ་ཞེས་པ་དང། གཞན་ཡང་རྒྱུ་ནི་འཁྲུལ་པའོ་ཞེས་པ་སྟེ། དོན་འདི་ཙམ་བརྗོད་པར ་པ?་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ནི་སུན་འབྱིན་པ་མ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འབྲས་བུ་དང་རྒྱུའི་ཤེས་པ་ཡོད་པ་ལ་ཡང། སླར་ཡང་དེ་ལ་ལྷག་པོའི་འཁྲུལ་པ་དང་མ་འཁྲུལ་པ་ཉིད་ལ་བལྟོས་ན། འབྲེལ་པ་གཞན ་ཞིག་འོངས་པའོ་ཞེས་པས་ཁས་བླངས་པ་ཉམས་སོ། །གང་ཁོ་ནའི་མི་འཁྲུལ་པ་ཉིད་ལ་བལྟོས་པ་ཞེས་པ། གང་ཁོ་ནའི་མི་འཁྲུལ་པ་ཉིད་ཀྱི་རང་གི་ངོ་བོ་ལ་བལྟོས་པ་ཞེས་པའི་དོན་ཏོ། །རང་གི་ངོ་བོ་ཞེས་པ་འདི་གང་ལས་ཞེ་ན། གང་གི་ཕྱིར་མེད་ན་མི་འབྱུང་བ ་ཉིད་ཀྱི་སྟེ་གཞན་པ་མི་འཁྲུལ་པ་ཉིད་ཡོད་པ་མ་ཡིན་ཞིང་དེ་ནི་མི་འཁྲུལ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཐམས་ཅད་ལ་ཡང་ཞེས་པ་ལ་སོགས་པས་སླར་བརྗོད་པ་དོན་མེད་པ་ཉིད་གསུངས་སོ། །ཅི་སྟེ་ངེས་པའི་དོན་དུ་དེ་བརྗོད་དོ་ཞེ་ན། དེ་ལྟ་ན་ཡང ་སྤྱིར་ཡང་ཞེས་པ་ལ་སོགས་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཡོང་ཉིད་ལ་འདི་རྣམས་དབྱད་འདིའོ་ཞེས་པ་ལ། ཡོད་པའི་སྒྲ་ནི་འདིར་རང་གི་ངོ་བོ་མངོན་པར་བརྗོད་པའོ་གང་ཕྱིར་འབྲས་བུ་དང་རྒྱུའི་འབྲེལ་པ་རྗེས་སུ་དཔོག་པའི་རྒྱུ་ཉིད་དུ་ཁས་བླངས་པ་ན། ་རྟགས་གྱི་རང་གི་ངོ་བོ་ཁོ་ན་ཅི་འདི་འབྲས་བུར་རམ་མི་འགྱུར་ཞེས་རྣམ་པར་དཔྱད་པར་རིགས་སོ། །འདི་ལྟ་སྟེ་ཆུ་ཀླུང་གང་པ་ལ་ཞེས་པ། དེ་ལ་ནི་རང་གི་ངོ་བོ་རྟོགས་པ་ཁོ་ན་ལ་རྣམ་པར་དཔྱད་པ་སྟེ། ཅི་ཆུ་ཀླུང་གར་བ་འདི་ཆར་པས་བྱས ་པ་འམ། ཉོན་ཏམ་ཡིན་ཞེས་པའོ། །གང་གི་ཚེ་འདི་དབུ་བ་འཁྲུག་པ་དང་ཆུ་རྡུལ་དང་ལྡན་པ་ལ་སོགས་པའི་མཚན་མ་རྣམས་ཀྱིས་རང་གི་ངོ་བོ་ངེས་པར་འགྱུར་བ་དེའི་ཚེ་སླར་ཡང་མི་འཁྲུལ་པ་ཉིད་ལ་རྣམ་པར་དཔྱད་པ་ལ་བལྟོས་པ་མ་ཡིན་ནོ། ། ་ཆར་པའི་འབྲས་བུ་ཉིད་དུ་ངེས་ན་ནི། དེ་ལ་འཁྲུལ་པ་ཉིད་དུ་དགོས་པ་མ་ཡིན་ཏེ་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ཁོ་ན་སྟོན་པ་གསུངས་པ། རྣམ་པར་མ་དཔྱད་པ་ཡང་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་ངེས་པར་འཛིན་པ་རིགས ་པ་མ་ཡིན་ནོ་ཞེས་པ་གཞན་པ་ལས་ཀྱང་དབང་པོ་ལས་འདས་པའི་དོན་རྟོགས་པའི་ཕྱིར་རོ། །འོ་ན་སྤྱིར་མཐོང་བ་ཁོ་ན་དཔང་པོ་ལས་འདས་པའི་དོན་མཐོང་བའི་རྒྱུའོ་ཞེས་པ་འདི་ལྟར་ངེས་པར་གཟུང་བར་བྱ་བ་མ་ཡིན་གྱི། འོ་ན་ཅི་ལྟར་ཞེ་ན ་སྤྱིར་མཐོང་བ་ནི་དབང་པོ་ལས་འདས་པའི་དོན་ཉེ་བར་དམིགས་པའི་རྒྱུ་ཁོ་ནའོ་ཞེས་སོ། །དེ་ལྟ་ཡང་རྗེས་སུ་དཔག་པ་གཞན་དབང་པོ་ལས་འདས་པའི་དོན་རྟོགས་པའི་རྒྱུ་ཡིན་པ་ཉིད་བཀག་པ་མེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། འདི་ཡོད་པ ་མ་ཡིན་ཏེ་རྗེས་སུ་དཔག་པ་ཐམས་ཅད་རྣམས་མངོན་གྱུར་མ་ཡིན་པ་རྟོགས་པའི་རྒྱུ་ཉིད་ཀྱི་ཕྱིར་སྤྱིར་མཐོང་བའི་ཡང་དེ་རྟོགས་པའི་རྒྱུ་ཉིད་ཐོབ་པ་ལ། སླར་ཡང་བརྗོད་པ་ན་དེ་ལས་བཟློག་པ་དགག་པའི་ངོ་བོ་བེས?་པ་ཡིན་པ་རྣམ་པར་ཤེས་པར་བྱ ་སྟེ། སེན་མོ་ལྔ་ལྔ་རྣམས་ཀྱིས་གཟའ་བར་བྱའོ་ཞེས་པ་ཇི་ལྟ་བ་བཞིན་ཡིན་ན། རྗེས་སུ་དཔག་པ་གཉིས་ལས་སྤྱིར་མཐོང་བ་ཐ་དད་པར་བྱས་ནས་དབང་པོ་ལས་འདས་པའི་དོན་རྟོགས་པའི་རྒྱུ་ཉིད་དུ་ཉེ་བར་བླངས་པར?་བྱས་ཏེ། དེ་ལས་ཀྱང ་ཁོ་ན་དེར་རྣམ་པར་ཤེས་པར་བྱ་སྟེ། ཇི་ལྟར་བ་རྣམས་ཀྱི་ནག་མོ་ནི་ཤིན་ཏུ་འོ་མ་ཕུན་སུམ་ཚོགས་པ་ཞེས་པས། ནག་མོ་ཁོ་ན་ཤིན་ཏུ་འོ་མ་ཕུན་སུམ་ཚོགས་པ་ཉིད་བཞིན་ནོ། །དེ་ཡོད་པར་གྱུར་པ་ཁོ་ནའི་རྒྱུའི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་པ། གཙོ་བོ་ཡོད་པའི་དངོས ་པོ་ཁོ་ནའི་སྟེ། དེ་ཡོང་པ་ཙམ་གྱིས་གཙོ་པོ་ནི་ཐ་དད་པའི་རྒྱུ་ཡིན་གྱི། གཅིག་ཉིད་ལ་སོགས་པའི་ཆོས་རྣམས་ཀྱིས་ནི་མ་ཡིན་ནོ། །འདི་ལྟར་སེམས་ཏེ། མེད་པ་ལས་རྣམ་འགྱུར་རྣམས་ཉེ་བར་སྐྱེད་པ་ཁེགས་ཏེ། གསལ་བ་འདི་ནི་མེད་པ་ལས་སྐྱེད ་པ་མ་ཡིན་ནོ་ཞེས་པ་དེའི་ཕྱིར། ཡོངས་སུ་བའི་ལྷག་མ་ལས་གཙོ་བོ་ཡོད་པའི་དངོས་པོ་ཁོ་ན་ལས་བྱེ་བྲག་རྣམས་སྐྱེད་དོ། །བྱེ་བྲག་རྣམས་ཡོད་པའི་ངོ་བོའི་རྗེས་སུ་བྱེད་པའི་ཕྱིར་ཡང་ཡོད་པའི་ངོ་བོ་ཁོ་ན་རྒྱུ་ཡིན་ལ། ཡོད་པའི་ངོ་བོ་ཡང་དེའི་བདག་ཉིད ་འཛིན་དུ་འཇུག་པ་པོ་རང་བཞིན་པ་ཁོ་ནའོ། །ཡོད་པ་ཉིད་དང་འདྲིས་པར་བྱས་པ་ནི་མ་ཡིན་ཏེ། ཡོད་པ་ནི་ཡོངས་སུ་འགྱུར་བ་ལས་སྔར་མི་སྲིད་པའི་ཕྱིར་རོ། །དེ་སྐད་དུ་གསུངས་པ། ངེས་པར་ཡོང་པ་དང་ཡོད་པ་ཞེས་སོ། །ཇི་ལྟར་ཡང་དེའི་ཚེ ་ཡོད་པ་མེད་པ་དེ་ལྟར་གཅིག་ཉིད་ལ་སོགས་པ་རྣམས་ཀྱང་ངོ། །ཅིའི་ཕྱིར་དེ་རྣམས་ཀྱི་རྒྱུ་ཉིད་ཡིན་ཞེ་ན། གཙོ་བོ་ཡོད་པ་ཁོ་ན་འང་སྐྱེས་བུའི་འདོད་པ་རྣམ་པར་གསལ་བའི་ཆེད་དུ་འཇུག་པ་ཡིན་ལ། དེའི་ཕྱིར་དེ་ཁོ་ན་རྒྱུ་ཉིད་དོ་ཞེས་པའོ། །གལ་ཏེ ་དེ་ལྟ་ན་བྱེ་བྲག་དེ་ནི་གཙོ་བོའི་ལྡོག་པར་བྱེད་པ་འགའ་ཡང་མ་ཡིན་ནོ་ཞེས་པ་ལ་སོགས་པ་དེ་བརྗོད་པ་ཅི་ལྟར་ཡིན་ཞེ་ན། དེ་ནི་ཕ་རོལ་པོའི་བསམ་པ་ཁོ་ནས་འདི་ལྟར་བརྗོད་པ་སྟེ། གལ་ཏེ་ཕ་རོལ་པས་གཞན་མ་ཡིན་པ་ཉིད་དུ་ཁས་བླང ་བར་ནས། གཙོ་བོ་དང་སྐྱེས་བུའི་དོན་དུ་གཏོགས་པ་གཙུག་ཕུད་ཅན་ནམ་སིལ་བུ་ཅན་གྱི་དོན་བཅུ་རྣམས་སྒྲུབ་པར་བྱེད་ན། རྣམ་པ་ཐམས་ཅད་དུ་གཏོགས་པར་འགྱུར་རོ། །འདི་ནི་རང་གི་བསམ་པས་ཏེ། དེ་ཡོད་པའི་དངོས་པོ་ཁོ་ན་རྒྱུ་ཉིད་དུ་རིགས་སོ ་ཞེས་བྱས་ནས་སོ། །དེའི་ཡང་ཁྱད་པར་རྣམས་ཁོ་ན་ལས་ཞེས་པ་གཙོ་བོ་ཡོད་པ་ཉིད་ཀྱིའོ། །ཡོད་པ་ཉིད་དམ་མང་པོ་ཉིད་དམ་ཞེས་པ་ལ་སོགས་པས་རྣམ་ཀུན་གྱི་སྒྲའི་དོན་བཤད་དོ། །འམ་གྱི་སྒྲ་སྡུང་པའི་དོན་ཅན་ལས་གཅིག་ཉིད་ལ ་སོགས་པའོ། །ཐ་དད་པའམ་ཐ་མི་དད་པའང་རུང་ཞེས་པ། ཡོད་པ་ཉིད་དམ་གཅིག་དང་ངམ། བྱེད་པ་པོ་མ་ཡིན་པ་ཉིད་ལ་སོགས་པ་རྣམས་དངོ། ཡང་ན་གཅིག་དང་སྟེ་བྲལ་བ་དམ། ལྔ་རྣམས་དང་ཡང་ནའོ། །ཡང་ན་གལ་ཏེ་ཡོད་པ་ཉིད་ལ ་སོགས་པ་རྣམས་སྐྱེས་བུ་ལས་ཐ་དད་པ་རྣམས་དང། ཅི་སྟེ་ཐ་མི་དད་པ་རྣམས་ཏེ། རྣམ་པ་ཐམས་ཅད་དུ་རྟོགས་པ་མ་ཡིན་ནོ་ཞེས་པས་ཁས་བླང་པ་ཉམས་སོ། །གང་རྒྱུ་མ་ཡིན་པ་དེ་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་བས་རྟོགས་པར་བྱ་བ་མ་ཡིན ་ཏེ། ཤིན་ཏུ་མེད་པ་བཞིན་སྐྱེས་བུ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ། །གང་རྣམས་སྒྲའི་རྣམ་པ་ཡོངས་སུ་གྱུར་པ་དབང་པོའི་འཇུག་པ་ལ་ངེས་པར་སྣང་བ་ན་ཡིད་ཀྱི་འཇུག་པ་ཉེ་བར་སྐྱེས་པ་ན། སྐྱེས་བུ་ཡང་དེའི ་རྣམ་པར་འཇུག་པར་ཉེ་བར་སྐྱེས་ལ། དེའི་ཕྱིར་འཇུག་པའི་རྣམ་པ་ཡོངས་སུ་འགྱུར་བ་ཅན་སྐྱེས་བུའོ་ཞེས་འདོད་པ་ནི། གཏན་ཚིགས་མ་གྲུབ་པ་ཉིད་དུ་སྨྲ་བར་བྱེད་དོ། །དེ་རྣམས་ཀྱི་སྐྱེས་བུ་ནི་གཙོ་བོའི་ངོ་བོར་འགྱུར་རོ། །དེ་ལྟར་ནི ་ཡིད་ཀྱི་འཇུག་པ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་ལ། སྐྱེས་བུའི་འཇུག་པ་ཡང་དེའི་རྣམ་པ་ཅན་ཏེ། དེ་ལས་ཀྱང་དེ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་དུ་འགྱུར་རོ། །དེ་ལྟ་ན་ཡང་འཇུག་པ་དང་འཇུག་ལྡན་གཞན་མ་ཡིན་པ ་ཉིད་ཀྱི་ཕྱིར་ན་སྐྱེས་བུ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་དུ་འཐོབ་ཅིང། །ཡོན་ཏན་གསུམ་གྱི་རང་བཞིན་ཉིད་ཀྱི་ཕྱིར་ཡང་དེ་ཡང་གཙོ་བོ་ཁོ་ནར་འགྱུར་རོ། །དེ་ལ་ཡང་བཤད་པའི་སྐྱོན་ཏེ། གཙོ་བོ་ཡང་གཅིག་ཉིད་དུ་ཁས་བླངས་པ ་ཉམས་སོ་ཞེས་པས་འདི་ནི་སྙིང་པོ་མེད་པའོ།། །།རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཞེས་པ་ལ་སོགས་པ་སྟེ། སོགས་པའི་སྒྲས་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བ་རྣམས་བསྡུ་བར་བྱའོ། །མངོན་སུམ་སྔོན་དུ་འགྲོ་བ་ཅན ་ཉིད་ཀྱི་ཕྱིར། དེ་དང་འདྲ་བ་ཁོ་ན་ཞེས་པ། ཇི་ལྟར་མངོན་སུམ་ཆོས་ཀྱི་དོར་རྒྱུ་མཚན་མ་ཡིན་པ་དེ་ལྟར་རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཀྱང་སྟེ། ཅིའི་ཕྱིར་ཞེ་ན། མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ཕྱིར་རོ། །དེའི་ཁོ་ནའི་ཕྱིར་འདི་རྣམས ་མདོར་བྱས་པ་མ་ཡིན་ནོ། །མངོན་སུམ་ལ་སོགས་པའི་ཚད་མ་རྣམས་ཅིའི་ངོན་དུ་ཡོངས་སུ་བརྟགས་པར་བྱ་བ་ཡིན་ན། རྩོད་པའི་མཚན་ཉིད་ན་ཆོས་ཡིན་ལ་མངོན་སུམ་ལ་སོགས་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཚད་དུ་སྟེ ་མངོན་སུམ་ཡང་ཆོས་ཀྱི་དོར་རྒྱུ་མཚན་མ་ཡིན་པ་ཉིད་དུ་ཤེས་པ་ན། མངོན་སུམ་སྔོན་མ་ཅན་གང་ཡིན་པ་གཞན་དེ་ཡང་ཆོས་ཡོངས་སུ་ཤེས་པའི་རྒྱུ་མཚན་དུ་མི་འགྱུར་རོ་ཞེས་ཤེས་པ་ཁོ་ན་ཏེ། དེ་མདོར་བྱས་པས་ཅི་ཞིག་བྱ། འོ་ན་ཅི? ་ལྟར་དབྱོད་པ་ལ་ཚད་མ་དྲུག་རྣམས་རྟོགས་པར་བྱ་ཞེ་ན་གསུངས་པ། འགྲེལ་པ་བྱེད་པས་ཞེས་པ་ལ་སོགས་པའོ། །དེ་ལ་ཞེས་པ་ལ་སོགས་པས་སུ་འབྱིན་པ་གསུངས་སོ། །འོ་ན་མདོར་མངོན་སུམ་སྔོན་མ་ཅན་ཉིད་མངོར་མ་བྱས་པ ་ཉིད་ལ་གཏན་ཚིགས་ཉིད་དུ་ཉེ་བར་བླངས་ཤིང། འགྲེལ་པ་ནི་ཚད་མ་ཉིད་ཡོངས་སུ་ཤེས་པ་ལ་སྟེ། གལ་ཏེ་གང་མངོན་སུམ་སྔ་མ་ཅན་དེ་ཚད་མ་ཉིད་དུ་རྣམ་པར་ཤེས་པར་འགྱུར་ན་ཞེས་མངོན་པར་བརྗོད་པའི་ཕྱིར་རོ། །དེས་ན་ཅི་ལྟར ་འགོལ་པ་མདོའི་དོན་གྱི་རྗེས་སུ་འགྲོ་བ་ཡིན་ཞེ་ན། མདོར་མངོན་སུམ་སྡོན་མ་ཅན་ཉིད་མདོར་མ་བྱས་པའི་བརྒྱུད་པས་གཏན་ཚིགས་ཉིད་དུ་ཉེ་བར་བླངས་ཀྱི། དངོས་སུ་མ་ཡིན་ལ། བརྒྱུད་པ་དེ་ཁོ་ན་བསྟན་པའི་ཆེད་དུ་གང་མངོན་སུམ། ་སྔོན་མ་ཅན་ཞེས་པ་ལ་སོགས་པ་རྣམ་པར་བཤད་པ་བྱས་སོ་ཞེས་པས་སྐྱོན་མེད་དོ། །གལ་ཏེ་ཡང་ཚད་མར་ཡོངས་སུ་ཤེས་པ་ཁོ་ན་མདོར་མ་བྱས་པའི་གཏན་ཚིགས་པར་མ་ཆད་པར་བརྗོད་པར་བྱ་ན། ཚད་མར་ཡོངས་སུ་ཤེས ་པའི་གཏན་ཚིགས་བརྗོད་པ་མ་ཡིན་པར་འགྱུར་རོ། །དེ་ལས་ཀྱང་དྲན་པ་དང་འདོད་དང་སྡང་པ་དང། རྩོལ་ལ་སོགས་ཚད་མར་ཐལ་བར་འགྱུར། ཞེས་པ་སུན་འབྱིན་པ་འདི་འཇུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་སུན་འབྱིན་པའི་སྐབས་སྦྱིན ་བའི་ཆེད་དུ་མངོན་སུམ་སྔོན་མཐན་ཉིད་ཀྱི་ཕྱིར་རོ་ཞེས་བཤད་དོ། །འོ་ནང་དཔྱོད་པ་བ་ལ་མངོན་སུམ་སྔོན་མ་ཅན་ཉིད་ཀྱིས་མཚན་མ་ཉིད་དུ་བརྗོད་པ་མ་ཡིན་པ་ཁོ་ནའོ། །འོན་ཀྱང་འདི་རྣམས་ཆོས་ཀྱིས་ངོར་རྒྱུ་མཚན་མ་ཡིན་པ་ཉིད་དེ། གང་སྨྲས ་པ། མངོན་སུམ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཡང་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བ་རྣམས་ཀྱང་རྒྱུ་མ་ཡིན་པ་ཉིད་དོ་ཞེས་སོ། །ཉེ་བའི་ཝར་ཥ་ཡིས་ཀྱང་རབ། ཏུ་གྲགས་པ་ཉིད་ཀྱི་ཕྱིར་མ་བརྗོད་པ་རྣམས་སོ་ཞེས་པས ་མངོན་སུམ་ལ་སོགས་པའི་ཚད་མ་རྣམ་པར་རབ་ཏུ་གྲུབ་པ་རྣམས་སོ། །ཞེས་བརྗོད་དོ་ཞེ་ན། སྐྱོན་འདི་མེད་དེ། འདི་རང་རྣམས་རབ། ཏུ་གྲུབ་པ་ཉིད་མེད་དོ་ཞེས་པ་འདི་ནི་ལོག་པར་རྟོགས་པ་རྣམས་ཀྱང་མང་པོ་ཞེས་པ་འདིས་ཤེས་པར ་བྱས་ཟིན་ཏོ། །དེ་རྣམས་ཀྱི་མཚན་ཉིད་བརྗོད་པ་ཡང་མ་ཡིན་ཏེ། གང་ལས་རང་གི་ངོ་བོ་ཤེས་པར་འགྱུར་བའོ། །མངོན་སུམ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཡང་ཆོས་ཀྱི་དོར་རྒྱུ་མཚན་མ་ཡིད་ཉིད་དུ་རྗེས་སུ་དཔག་པ་ལ་སོགས་པ་རྣམ་པར ་ཤེས་པར་བྱ་བ་ཁོ་ན་སྟེ། དེའི་ཕྱིར་མ་བརྗོད་པ་རྣམས་ཞེས་པའོ། །འགྲེལ་པ་བྱེད་པ་དག་བྱེད་པའི་དགོངས་བ་གསལ་བར་བྱེད་པ་རྣམས་ཀྱིས་མངོན་སུམ་སྔོན་མ་ཅན་གང་ཡིན་པ་དེ་ཚད་མ་ཉིད་དུ་རྣམ་པར་ཤེས་པར་བྱ་བ་ཁོ་ན་སྟེ། དེའི ་ཕྱིར་བརྗོད་པ་རྣམས་སོ་ཞེས་པ་འདི་ཡང་དགོངས་པར་རྟོག་ཞེས་པ་སྲིད་པར་བྱའོ། །གཞན་དུ་ན་སྔ་མ་ཡང་དགོངས་པར་མི་འགྱུར་རོ། །ཆད་མ་གཞན་རྣམས་ཀྱིས་རང་གི་ངོ་བོ་རྣམ་པར་མ་ཤེས་པར་ཆོས་ཀྱི་དོར་རྒྱུ་མཚན་མ་ཡིན་པ་ཉིད་དུ་རྣམ་པར་ཤེས་པར་ནུས ་པ་མ་ཡིན་ནོ། །དེའི་ཕྱིར་རང་གི་ངོ་བོ་ཡོངས་སུ་ཤེས་པའི་དོན་དུ་བཤད་པར་བྱ་བ་རྣམས་སུ་འགྱུར་ན། བརྗོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ངེས་པར་གང་མངོན་སུམ་སྔོན་མ་ཅན་དེ་ཚད་མ་ཉིད་དུ་རྣམ་པར་ཤེས་པར་བྱ་བ་ཁོ་ན་སྟེ། དེའི་ཕྱིར་མ་བརྗོད ་པ་རྣམས་ཞེས་པ་འདི་ཡང་འགྲེལ་པ་བྱེད་པ་རྣམས་ཀྱིས་དག་བྱེད་པའི་དགོངས་པར་མངོན་པར་བརྟགས་པའོ་ཞེས་དགོངས་པར་འགྱུར། དེ་ལས་ཀྱང་དྲན་པ་ལ་སོགས་པ་རྣམས་ཀྱང་མངོན་སུམ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཚད་མ་ཉིད་དུ ་ཐལ་པར་འགྱུར་རོ་ཞེས་པའོ། །རྗེས་དཔག་བསྟན་པ་ལ་སོགས་པ། ཞེས་སོགས་པའི་སྒྲས་ཉེ་བར་འཇལ་བ་དོན་གྱིས་གོ་བར་བཟུང་ངོ། །བསྟན་བ་ནི་རྣམས་པ་གཉིས་ཏེ། སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པའོ། །འདིར་སྔ ་མ་བཟུང་པ་སྟེ་གཅིག་ཤོས་ནི་ཕ་རོལ་རྣམས་ཀྱིས་ཀྱང་མངོན་སུམ་སྔོན་མ་ཅན་ཉིད་དུ་ན་དོན་པར་འདོད་པ་མ་ཡིན་པ་ཁོ་ནའོ། །ཐུན་མོངས་མ་ཡིན་པའི་ཡུལ་ཅན་ཞེས་བརྗོད་ཟིན་ཏོ་ཞེས་པ། དུ་མའི་ངོ་བོ་ཆོས་ཅན་ནི། ཞེས་པ་འདིར་དབང་པོའི ་བློ་ནི་ཐུན་མོང་མ་ཡིན་པའི་ཡུལ་ཅན་ཉིད་དུ་བསྒྲུབས་ཟིན་ཏོ། །འབྲེལ་པ་ནི་རྟེན་དུ་མ་ཅན་ཞེས་པ་ལ་སོགས་པས་འབྲེལ་པ་ཐུན་མོངས་པ་ཉིད་དུ་སྟོན་ཅིང། གང་ཐུན་མོང་བ་དེ་མངོན་སུམ་གྱི་ཡུལ་མ་ཡིན་ཏེ། སྤྱི་བཞིན ་འབྲེལ་པ་ཡང་དེ་ལྟ་བུའི་ཞེས་ཁྱབ་བྱེད་འགལ་བ་གསལ་བར་བྱེད་དོ། །སྤྱི་ཡིས་མཐོང་བ་མ་ཡིན་པར། གལ་ཏེ་ཡང་སྤྱི་ཞེས་པ་ལ་སོགས་པས་བསྒྲུབས་ཟིན་ཏོ། །འདི་ལ་ཁྱབ་པ་མེད་པར་དགོས་པར་བྱ་བ་མ་ཡིན་ཏེ ་གང་ཕྱིར་དབང་པོའི་བློ་ནི་དངོས་པོའི་ཡུལ་ཅན་དུ་འདོད་ཅིང། དངོས་པོ་ཡང་ཐུན་མོང་མ་ཡིན་པ་ཏེ། ཐུན་མོང་ནི་མ་ཡིན་ནོ། །འབྲེལ་པ་ཡང་ཐུན་མོང་པ་སྟེ། དེའི་ཕྱིར་དངོས་པོ་མ་ཡིན་ཞིང། དེའི་ཕྱིར་དབང་པོའི་བློའི་ནི་ཡུལ་མ་ཡིན་ནོ། །འབྲེལ་པ་ཅན་རྣམས ་ཀྱང་ཞེས་པ་སོགས་པ་སྟེ། གལ་ཏེ་འབྲེལ་པ་ཅན་རྣམས་འབྲེལ་པ་ཅན་གྱི་ངོ་བོར་ཏེ། ལྡན་པ་ཅན་དང་འདུ་བ་ཅན་ལ་སོགས་པ་ཉིད་དུ་གཟུང་བར་བྱ་ན། དེ་ལྟ་ན་ནི་རྗེས་སུ་དཔག་པ་ལ་སོགས་པ་ལ་ཉེ་བར་མཁོ་བར་འབྱུར་རོ། །སོགས་པའི་སྒྲ་ལས་ཉེ་བར ་འཇལ་བ་ལ་སོགས་པ་ལ་ཉེ་བར་མཁོ་བའོ། །གཞན་དུ་ན་གང་ཡང་མེའི་འབྲེལ་པ་ཅན་མ་ཡིན་པ་ཉིད་ཀྱིས་ན། ཐོག་མར་མེ་དང་དུ་བ་འབྲེལ་བར་མ་རྟོགས་པས་དུ་བ་འཛིན་པ་དེ་ཡང་རྗེས་སུ་དཔག་པར་འགྱུར་རོ། །དེ་རྣམས་ཇི་ལྟར་མངོན་སུམ་ཡང་མ་ཡན་ན ་ཞེས་པ། འབྲེལ་པ་ལ་བལྟོས་པ་ཉིད་ཀྱི་ཕྱིར་དང། འབྲེལ་པ་ཅན་ཉིད་དམ་འབྲེལ་པ་ཡང་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དབང་པོའི་བློ་ནི་དོན་ལ་ལྟ་བ་ཙམ་ཉིད་ཀྱི་ཕྱིར་ཡང་འབྲེལ་པར་བྱེད་པའི་ངོར་ནུས་པ་མེད་པ་ཉིད་ཀྱི་ཕྱིར། དེ ་རྣམས་མངོན་སུམ་གྱིས་འབྲེལ་པ་ཅན་གྱི་ངོ་བོར་འཛིན་པ་སྲིད་པ་མ་ཡིན་ནོ། །མཐོང་བ་དང་སྤྱི་ལས་མཐོང་བ་ལ་སོགས་པ་འབྱེད་པའི་ཕྱིར་རོ་ཞེས་པ། མཐོང་བ་ནི་གང་དུ་རྟགས་དང་རྟགས་ཅན་དག་གིས་འབྲེལ་པ་མཐོང་བའོ། །སྤྱི་ལས་མཐོང་བ་ནི་?? ་དུ་འགའ་ཞིག་ཏུ་འབྲེལ་པ་མཐོང་བ་ལས་དེས་སྤྱིའི་རྣམ་པས་དབང་པོ་ལས་འདས་པའི་དོན་རྟོགས་པའོ། །སོགས་པའི་སྒྲས་སྔ་མ་དང་ལྡན་པ་ལ་སོགས་པ་རིགས་པ་ཅན་པས་བརྗོད་པ་རྣམས་གཟུང་བར་བྱའོ། །དེ་ལས་ཞེས་པ་ལ་སོགས ་པས་འདུ་བ་ལ་སོགས་པ་རྣམས་དང། དེ་དང་ལྡན་པའི་འདུ་བ་ཅན་ལ་སོགས་པ་རྣམས་བཅུ་བ་ལ་སོགས་པའི་ངོ་བོས་མངོན་སུམ་མ་ཡིན་པར་ཁས་བླངས་པའི་ཕྱིར། ཕ་རོལ་པོའི་འདོད་པས་ཀྱང་དེ་ལ་བརྟན་པའི་རྗེས་སུ་དཔག་པ་ལ ་མངོན་སུམ་སྔ་མ་ཅན་ཉིད་མེད་དོ། །ཞེས་སྟོན་ཏོ། །དེའི་འདོད་པས་ནི་ཞེས་པ་ལ། དེའི་འདོད་པ་སྨོས་པ་ནི། རང་གི་འདོད་པས་ལྡན་པ་དང་ལྡན་པ་ཅན་དག་ཀྱང་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཁས་བླངས་ནས་ཞེས་པ། དེའི་སྒྲས་དེའི་འདོད ་པ་སྤྲལ་བར་བྱའོ། །རྗེས་སུ་དཔོགས་པའི་རྒྱུ་མིན། ཅེས་པ་དང་གི་སྒྲ་ནི། རིགས་པ་ཐ་དད་པའམ། ངེས་པར་འཛིན་པར་ཡང་བལྟ་བར་བྱ་སྟེ། གཏན་ཚིགས་མ་ཡིན་པ་ཁོ་ནའོ། །ཞེས་པའི་དོན་ཏོ། །གཉིས་དག་ལ་ཁྱད་པར་མེད་པའི་ཕྱིར་རོ།། ་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་ཅན་གཉིས་ཀ་དག་ལ་ཡང་ལྡན་པ་ཁྱད་པར་མེད་ལ། དེ་ལས་ཀྱང་མེ་དང་དུ་བ་གཉིས་ཀ་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡང་ཐམས་ཅད ་ཀྱི་བདག་ཉིད་ཀྱིས་ལྡན་པའི་ཕྱིར་རོ། །ལྡན་ཅན་དག་།རང་གི་ངོ་བོས་རྟོགས་བྱའང་མིན། ཅེས་པ་རང་གི་ངོ་བོ་ནི་གང་འབྲེལ་པ་མི་ཤེས་པས་ཀྱང་བཟུང་བར་བྱ་བ་དུ་བ་ལ་སོགས་པའི་ངོ་བོ་ཡིན་ཏེ། དེས་ལྷག་པར་རྟོགས་པར་འོས་པ་དག་མ་ཡིན་པས ་སོད་ཅིའི་ཕྱིར་ཞེ་ན་སྨྲས་པ། རྗེས་སུ་དཔག་པ་ལ་མ་ཡིན། ཞེས་པ་ལ་སོགས་པའོ། །འོ་ན་འབྲེལ་པ་ཅན་གྱི་ངོ་བོས་དེ་དག་ལྷག་པར་རྟོགས་པ་དག་ཕན་འདོགས་པར་འགྱུར་རོ་ཞེ་ན་སྨྲས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། དབང་པོའི་བློ་ནི་སྦྱོར་བའི་ཡུལ ་ཅན་མ་ཡིན་ལ། དེ་དང་ལྡན་པ་ཡང་མ་ཡིན་ནོ། །ཞེས་པ་འདི་ཡིས། ལྡན་པ་ཅན་གྱི་ངོ་བོས་ལྡན་པ་ཅན་དག་མངོན་སུམ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལྟར་འགྱུར་མོད། །རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཀྱིས་མིང་མངོན་སུམ ་སྔོན་མ་ཅན་མ་ཡིན་ལ། དེ་རྣམས་ཀྱི་མཚན་ཉིད་ནི་གང་འདོད་པ་དེ་ཁོ་ན་མཐོ་བ་མེད་པ་སྟེ། གང་ལས་དེ་དགག་པ་བརྗོད་པར་བྱ་བ་མ་ཡིན་པའོ་ཞེ་ན་གསུངས་པ། རྗེས་སུ་དཔག་པ་དང། ཉེ་བར་སྟོན་པ་དང་ཉེ་བར་འཇལ་བ་རྣམས་ཀྱི་ཤེས་པ་ལྐ?་སོགས ་པའོ། །ཡང་ཅི་ལྟར་རང་གི་བསམ་པས་མ་བརྗོད་ཅེ་ན་གསུངས་པ། འབྲེལ་པ་གཞན་མ་བསྟན་པའི་ཕྱིར་རོ་ཞེས་སོ། །བྱེ་བྲག་ལ་སོགས་པ་མངོན་པར་འདོད་པའི་འབྲེལ་པ་རྣམས་ལས་གཞན་པའི་འབྲེལ་པ་འགའ་ཡང་ངེས་པར ་བསྟན་པ་ནི་མེད་དོ། །གང་ཡང་རི་ཁྲོད་པ་ཡིས་རང་གི་བསམ་པས་རྗེས་སུ་དཔག་པ་འདི་བརྗོད་པའོ། །རྗེས་སུ་དཔག་པ་ནི་འབྲེལ་པ་ཤེས་པའི་ཕྱོགས་གཅིག་མཐོང་བ་ལས་ཕྱིར་ཕྱོགས་གཞན་པ་གཅིག་ཉེ་བ་མ་ཡིན་པ་ལ་བློ་ཡིན་པའོ། །དེ་རྣམ་པ ་གཉིས་ཏེ་མངོན་སུམ་གྱིས་འབྲེལ་པ་མཐོང་བ་དང། སྤྱིར་མཐོང་བ་ཅེས་པའོ། །དེ་ཡང་བྱེ་བྲག་པའི་རྗེས་སུ་དཔག་པ་ཁོ་ནའོ། །གལ་ཏེ་འབྲེལ་པ་དེ་རྣམས་ཁོ་ན་བརྗོད་པར་འདོད་ན། འོ་ན་དེ་རྣམས་ཀྱི་རང་གི་ངོ་བོ་གཞན་ངེས་པར་བསྟན་པ་མ་ཡིན་ནོ་ཞེས་པས ་རྗེས་སུ་དཔག་པ་ངེས་པར་མ་བསྟན་པ་ཁོ་ནའོ། །རྣམ་པ་ཡང་ཕྱོགས་གཅིག་ཏུ་མཐོང་བ་ལས་ཕྱོགས་གཞན་པ་གཅིག་པོ་སྔར་རྟོགས་པ་ལ་སྐྱེ་བ་ཞེས་པས། དེ་ཡང་རྗེས་སུ་དཔག་པར་འགྱུར་རོ། །འབྲེལ་པ་ཡང་དབང་པོས་གཟུང་བར་བྱ་བ་མ ་ཡིན་ནོ་ཞེས་བཤད་ཟིན་ཏེ། དེས་ན་ཅིའི་ཕྱིར་དེ་མངོན་སུམ་གྱིས་འབྲེལ་པ་མཐོང་བ་ཉིད་ཡིན་ཞེས་པས་འདི་ནི་མི་རིགས་སོ། །དོན་གྱིས་གོ་བ་དང་དངོས་པོ་མེད་པ་དག་གི་དགག་པ་བརྗོད་པར་བྱ་སྟེ། ཅེས་པ། དེ་དག་རང་གི་འདོད་པས་བརྗོད་པའི ་ཕྱིར་རོ། །ཕྲུ་བ་ལ་སོགས་པ་དང་རྟེན་པར་བྱེད་པ་ལ་སོགས་པའི་དོན་གྱིས། བཟུང་བ་ཞེས་པ་ལ་སོགས་པའི་སྒྲ་གཅིག་གི་ཐལ་བ་དང་སྐྱ་བོ་ལ་སོགས་པའི་སྒྲུབ་བྱེད་ཀྱི་བྱེ་བྲག་རྣམས་གཟུང་ངོ། །གཉིས་པས་ཀྱང་ཆུ་ལན་པ་ལ་སོགས་པའི་བྱ་བའི་ཁྱད ་པར་རྣམས་སོ། །དོན་སྨོས་པ་ཉིད་ནི་ཆོས་པ་ནི་དེ་ལས་སྐྱེས་པའི་ཕྱིར་ཏེ། དེ་རྣམས་མེད་པར་འཚེས་མ་འགྲུབ་པར་མི་འགྱུར་བས་སོ། །དེའི་ཕྱིར་གཞན་དུ་ནི་མི་ཐད་པས་དེ་ཐམས་ཅད་དོན་གྱིས་གཟུང ་བ་ཁོ་ནའོ། །ཡང་ཅི་ལྟར་རྗེས་སུ་དཔག་པ་ཡིན་ཏེ། །ཇི་ཙམ་གྱིས་ཚུལ་གསུམ་པའི་རྟགས་ལས་དོན་མཐོང་བ་རྗེས་སུ་དཔག་པར་བརྗོད་དོ་ཅེ་ན། འཚེད་པའི་རྟགས་ཉིད་ལས་རྟོགས་པར་བྱ་བ་ཞེས། འཚེད་པ་ནི་ཕྲུ་བ་ལ་སོགས་པ་རྣམས་ལ་མེད་ན་མི་འབྱུང་བའོ་ཕྱིར་རྟགས་སོ།། ་མེད་ན་མི་འབྱུང་བ་ནི་དེ་ལས་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་དུ་བ་ལས་མེ་རྗེས་སུ་དཔག་པ་བཞིན་དུ་རྟགས་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ལས་ཐ་དད་པ་མ་ཡིན་ནོ། །གཞན་རྣམས་ནི་ཡོད་པ་དང་མེད་པ་དག་ལས་འབྲས་བུ་དང་རྒྱུ་རྟོགས་པ་དོན་གྱིས་གོ་བར ་འདོད་ལ། །གཞན་རྣམས་ནི་དེ་ཁོ་ན་རིགས་པ་ཞེས་བྱ་བ་ཚད་མ་གཞན་ཡིན་ནོ་ཞེས་ཏེ། དཔེར་ན་མིག་ཡོད་ན་མིག་གི་རྣམ་པར་ཤེས་པར་འགྱུར་ལ། མེད་ན་མི་འགྱུར་ཏེ། དེའི་ཕྱིར་མིག་ནི་དེའི་རྒྱུ་ཁོ་ནའོ་ཞེས་པའོ། །འདི་ནི་རྗེས་སུ་དཔག་པར་རིགས་པ་མ་ཡིན་ཏེ། དཔེ་མང་པའི ་ཕྱིར་རོ། །ཚད་མ་གཞན་གྱིས་དཔེ་གྲུབ་པ་འབྱུང་ཞིང། འདིར་ཚད་མ་གཞན་གྱིས་དཔེ་འགྲུབ་པ་ཡང་མ་ཡིན་ཏེ། དེ་ལྟར་ནི་གང་ཡང་ས་བོན་དང་མྱུ་གུ་ལ་སོགས་པ་འདི་དཔེ་ཉིད་དུ་འདོད་ན། དེར་ཡང་འདི་ཁོ་ནས་འབྲས་བུ་དང་རྒྱུའི་དངོས་པོ་འགྲུབ་ཅིང། དེ་ཡང་རིགས་པ་མ ་ཡིན་ཏེ། གང་གིས་བསྒྲུབ་པར་བྱ་བ་འགྲུབ་པ་དེ་ཁོ་ནས་དཔེ་ཡང་ངོ། །ཞེས་པས་ན་དཔེ་ཐུག་པ་མེད་པར་ཐལ་བར་འགྱུར་པའི་ཕྱིར་རོ་ཞེའོ། །དེ་ཡང་ཚད་མ་གཞན་མ་ཡིན་པ་ཁོ་ན་སྟེ། འདིར་འབྲས་བུ་དང་རྒྱུའི་དངོས་པོ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། བསྒྲུབ ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་ཡོད་པ་དང་མེད་པ་དག་ལས་གཞན་པ་མ་ཡིན་ལ། དེ་ཁོ་ནས་དེ་བསྒྲུབ་པར་བྱ་བ་ཉིད་དུ་འཐད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདིར་རྨོངས་པའི་ངོར་སྐྱེད་པར་བྱེད་པར ་བརྗོད་པས་གཉེར་བཞིན་དུ་ཡུལ་བསྟན་པས་ཡུལ་ཅན་འབྲེལ་པ་ཞུགས་པ་དྲན་པར་བྱེད་པའི་ཕྱིར་ཐ་སྙད་བསྒྲུབས་པར་བྱ་བ་སྟེ། གང་འདྲ་བའི་ཡུལ་དུ་ཁྱོད་ཀྱིས་གཞན་ལ་འབྲས་བུ་དང་རྒྱུའི་ཐ་སྙད་ཞུགས་པ་དེ་འདྲ་བ་ཁོ་ན་འདི་ཡིན་ཏེ། དེའི་ཕྱིར་འདི་ཡང ་འཇུག་པར་བྱོས་ཤིག་ཅེས་ཐ་སྙད་བསྒྲུབ་པར་བྱ་བ་ལ་དཔེ་སྲིད་དོ། །ཞེས་པས་རྗེས་སུ་དཔག་པ་ཁོ་ནའོ། །སྦྱོར་བ་ནི། གང་དུ་དེ་ཡོད་པ་ན་ཡོད་པ་ཉིད་དེ་ལ་འབྲས་བུ་དང་རྒྱུའི་ཐ་སྙད་བྱ་སྟེ། དཔེར་ན་གང་དུ་སྔར་རྒྱུ་དང་འབྲས་བུའི་དངོས་པོ་རབ་ཏུ ་ཞུགས་པ་ས་བོན་དང་མྱུ་གུ་ལ་སོགས་པ་ལ་བཞིན། མིག་དང་དེའི་རྣམ་པར་ཤེས་པ་དག་ཀྱང་དེ་ཡོད་ན་ཡོད་པ་ཉིད་ཡིན་ནོ་ཞེས་པ་རང་བཞིན་ནོ། །རི་ཁྲོད་པ་ན་རེ་དོན་གྱིས་གོ་བ་ཡང་ཐོང་བའམ་ཐོས་པའི་དོན་རྣམ་པ་གཞན་དུ་མི་འཐད་དོ་ཞེས་པས ་དོན་གྱིས་ཡོངས་སུ་རྟོག་པ་སྟེ། དཔེར་ན་ལྷས་བྱིན་འཚོ་བ་ན་ཁེང་པར་མཐོང་བ་ཕྱི་རོལ་ན་ཡོད་པ་མ་མཐོང་པ་ཡང་རྟོགས་པ་བཞིན་ནོ་ཞེས་ཟེར་རོ། །འདིར་བ་ལང་དང་བུང་བུའི་ཚུལ་གྱིས། སྒྲ་ལས་ཁོང་དུ་ཆུད་པ་ནི་ཐོས་པའི་སྒྲས་ལོགས་སུ་ཉེ་བར་བླངས ་པའི་ཕྱིར་མཐོང་བའི་སྒྲ་ཚད་མ་གཞན་གྱིས་ཉེ་བར་དམིགས་པ་ལ་འཇུག་གོ་།དཔེར་ན་འཚོ་བ་ན་ཞེས་པ་དངོས་པོ་མེད་པ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བའི་དཔེར་བརྗོད་པ་བཞིན་ནོ། །ཁྱིམ་ན་མ་མཐོང་བས་ཕྱི་རོལ་ན་ཡོད་པ་ཞེས་པ་ནི་འཚོ ་བ་ཅན་གྱིས་ལྷས་བྱིན་ཁྱིམ་ན་མ་མཐོང་བའི་དངོས་པོ་མེད་པའི་ཚད་མས་ཉེ་བར་དམིགས་པ་ནི་ཕྱི་རོལ་ན་ཡོད་པ་ལས་གཞན་དུ་མ་འཐད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིར་གལ་ཏེ་འཚོ་བ་ཅན་གྱི་ལྷས་བྱིན་ཁྱིམ་ན་མ་མཐོང་བ་ནི་ཕྱི་རོལ་ན་ཡོད་པ ་ལས་རྣམ་པ་གཞན་དུ་མཐོང་བ་མ་ཡིན་ནོ་ཞེས་པས་ན་གཞན་དུ་འཐད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། དེ་ལྟར་གྱུར་ན་ཕྱི་རོལ་ན་ཡོད་པ་དང་མེད་ན་མི་འབྱུང་བར་ཡང་དེ་མཐོང་བ་མ་ཡིན་ནོ་ཞེས་ལས། དེ་ལྟར་ན་ཡང་འཐད་པ་མ་ཡིན་ནོ། །ཅི་སྟེ་ལྷས་བྱིན་གསོན་པ ་གང་ཕན་ན་མཐོང་བ་ནི་ཕྱི་རོལ་ན་ཡོད་པར་གྱུར་པ་ཁོ་ན་ལ་མཐོང་གི་དེ་མེད་ན་ཡང་མཐོང་བ་མ་ཡིན་ནོ་ཞེས་པས་རྣམ་གཞན་དུ་འཐད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་ན། དེའི་ཚེ་དེ་ཡོད་ན་ཡོད་པ་ཁོ་ན་གཞན་དུ་མི་འཐད་པ་ཉིད་དུ་བརྗོད་པར ་འགྱུར་ལ་དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་དོན་ཁོ་ན་ལ་འགྱུར་རོ་ཞེས་པས་དོན་གྱི་གྲོ་བ་རྗེས་སུ་དཔག་པ་ལས་ཐ་དད་པ་མ་ཡིན་ནོ། །སྦྱོར་བ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་ཁང་པ་ན་མ་དམིགས་ཤིང་འཚོ་བ་དང་ལྡན་པ་དེ་ནི་ཕྱི་རོལ་ན ་ཡོད་དེ། དཔེར་ན་ཇི་སྐད་བཤད་པའི་རྣམ་བཅན་ཕྱི་རོལ་ན་ཉེ་བར་དམིགས་པའི་མཆོད་སྦྱིན་བཞིན། །སྒྲ་ལས་ཁོང་དུ་ཆུད་པའི་ཡོད་པ་ཅན་ལྷས་བྱིན་ཡང་ཇི་སྐད་པའི་ཆོས་དང་ལྡན་པའོ་ཞེས་པ་རང་བཞིན་ནོ། །ཐེ་ཚོམ་ཉིད་ཀྱི་ཕྱིར་ཞེས་པ་།གང ་ཐེ་ཚོམ་གྱི་རྒྱུ་དེ་ནི་ཚད་མ་མ་ཡིན་ཏེ། གཞལ་བྱ་ཉིད་བཞིན། མ་ངེས་པའི་དོན་གྱི་གོ་བ་ཡང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བ་གསུངས་སོ། །ནག་པ་ཁྱིམ་ན་མེད་པ་ལས་ཞེས་པ་ལ་སོགས་པ་སྟེ། ཁང་པ་ན་མེད་པ་ཙམ་གྱིས་ནག་པ་ཕྱི་རོལ་ན་ཡོད ་པར་རྟོགས་པར་འགྱུར་བ་མ་ཡིན་ཏེ། གཞན་དུ་ན་རི་བོང་གི་དྭའི་ཡང་འགྱུར་རོ། །ཁྱིམ་གྱི་སྒྲ་དག་དེ་ལ་རབ་ཏུ་སྦྱར་བས་ནི། དེ་ཕྱི་རོལ་ན་ཡོད་པ་གོ་བར་བྱེད་དེ། ཁྱིམ་གྱི་སྒྲ་རབ་ཏུ་སྦྱར་ན་ནི་ངག་འདིས་མེད་པ་ངེས་པ་དང་ལྡན་པར་རྗོད་པར་བྱེད ་དོ། །རྣམ་པ་དེ་ལྟ་བུའི་དོན་བརྗོད་པར་འདོད་པ་ཁོ་ན་ལ་རྣམ་པ་འདི་ལྟ་བུའི་ངག་སྦྱོར་བའི་ཕྱིར་རོ། །གང་གསུངས་པ། གལ་ཏེ། ཁྱིམ་དང་ཕྱི་རོལ་ན་ཡང་མེད་པར་གྱུར་ན་ནི་མེད་དོ་ཞེས་པ་ཁོ་ན་བརྗོད་པར་བྱའོ་ཞེས་པ་སྟེ། དེའི་ཕྱིར་དག་འདིས་ནི་ཁྱིམ ་ན་མེད་པ་དང་ཕྱི་རོལ་ན་ཡོད་པ་གཉིས་ཀ་འཕེན་པར་བྱེད་དེ། ངེས་པར་སྦྱོར་བ་འཆད་པར་བྱེད་པ་གཅིག་ཀྱང་གཉིས་པ་འཕེན་པ་མེད་ན་མི་འབྱུང་བ་ཅན་ཡིན་པའི་ཕྱིར་རོ། །མེད་པ་འབའ་ཞིག་པ་ཕྱིར་རོལ་ན་ཡོད་པ་འབེན་པ་མ་ཡིན་ལ། ་ངེས་པ་དང་ལྡན་པ་ཡང་འབའ་ཞིག་པ་མ་ཡིན་ཏེ། ངེས་པ་ནི་གཉིས་ཀའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ནག་པ་ཁང་པ་ན་མེད་དོ་ཞེས་པ་དངོས་པོ་མེད་པ་ཁོ་ན་བརྗོད་པ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་ན་ཡོད་པ་ཡང་ངོ། །དེའི་ཕྱིར་དོན་གྱིས་གོ་བ ་ཁོ་ན་དངོས་པོ་མེད་པ་ཞེས་པ། དཔེར་ན་སྣོད་ལ་སོགས་པ་མེད་པར་ཆོས་པ་ཡོངས་སུ་འགྲུབ་པ་སྲིད་པ་མ་ཡིན་ནོ་ཞེས་པས་མེད་ན་མེད་པ་ཉིད་ཀྱི་ཕྱིར་དེ་ནི་དེ་འཕེན་པར་བྱེད་དོ། །དེ་བཞིན་དུ་དགག་པ་ངེས་པར་བརྗོད་པར་འདོད་པ ་ན། །ཁྱིམ་གྱི་སྒྲ་རབ་ཏུ་སྦྱོར་བ་ནི་ཕྱི་རོལ་ན་ཡོད་པ་མེད་ན་སྲིད་པ་མ་ཡིན་ནོ་ཞེས་པས་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དེ་ནི་དེ་འཕེན་པར་བྱེད་དོ། །དེའི་ཕྱིར་ཡང་ཇི་ལྟར་འཚེད་པ་ནི་ཕྲུལ་སོགས་པའི་རྟགས་ཡིན་པ་དེ་ལྟར། རྣམ་པ་འདི་ལྟ་བུའི་ངག་གི ་ཆ་ཤས་ཀྱི་ཁང་པའི་སྒྲ་ཡང་ཕྱི་རོལ་ན་ཡོད་པའི་འོ་ཞེས་པས་དེ་ལས་དེ་རྟོགས་སོ། །རི་ཁྲོད་པ་ན་རེ་དངོས་པོ་མེད་པ་ཡང་ཚད་མའི་དངོས་པོ་མེད་པ་ནི་མེད་དོ་ཞེས་པ་ཕྲད་པ་མེད་པའི་དོན་ནོ་ཞེས་ཟེར་རོ། །མངོན་སུམ་ལ་སོགས་པའི་ཚད་མ་ལྔ་མེད ་པ་ནི། དཔང་པོ་དང་ཕྲད་པ་མེད་པའི་དོན་མེད་དོ་ཞེས་པ་དངོས་པོ་མེད་པ་ལ་དེས་པའི་རྒྱུར་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཚད་མའོ་ཞེས་པ་དག་གི་དོན་ཏོ། །དེ་ཁོ་ན་མ་དམིགས་པའི་སྒྲ་ཡིས་ཐ་སྙད་དུ་བྱེད་བ་ལས་ཚད་མ་གཞན་དུ་སྨྲ་བ་གཞན ་རྣམས་སྨྲ་བར་བྱེད་དོ། །ཉེ་བར་དམིགས་པ་གང་གིས་དོན། །གང་ཞིག་ཤེས་པ་དེ་མེད་ལས། །མེད་ཉིད་ཤེས་པ་དེ་ཡིས་ནི། །འདི་ནི་མི་དམིགས་ཡིན་པར་འདོད། །ཅེས་སོ། །འདི་ལ་ཡང་ཚད་མ་མེད་པའོ། །མ་བཟུང་བ་ནི་དངོས་པོ་མེད་པ་འཛིན་པའི ་སྒྱུར་འགྱུར་བ་ན་ཡིན་ནོ། །ཅི་སྟོ་འཛིན་པའི་བ་ལྟོས་པ་དེ་དངོས་པོ་མེད་པ་འཛིན་པ་ལ་བྱ་བ་བྱེད་ན་ནི་ཐུག་པ་མེད་པར་འགྱུར་རོ། །ཇི་ལྟར་བུམ་པ་མེད་པས་འཛིན་པ་དེ་ལྟར་ཚད་མ་མེད་པ་ཡང་གཞན་གྱིས་ཏེ། དེ་ཡང་གཞན་གྱིས་སོ་ཞེས་པས ་ཐུག་པ་མེད་པའི་ཕྱིར་གཅིག་འཛིན་པ་མེད་པ་ན་ཡང་ཐམས་ཅད་ཀྱི་འཛིན་པ་མེད་པའོ་ཞེས་པས་ན་དེ་ག་ལས་ཚད་མ་ཉིད་ཡིན། གལ་ཏེ་མ་བཟུང་བ་ཡང་དབང་པོ་བཞིན་དུ་འཛིན་པའི་རྒྱུ་ཉིད་དུ་འགྱུར་ཞེ་ན་མ་ཡིན་ཏེ། མེད་པ་ནི་ནུས་པ ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ཡོད་པ་ཁོ་ནར་འགྱུར་ཏེ། ཡོད་པ་ནི་དོན་བྱ་བ་ནུས་པའི་མཚན་ཉིད་ཅན་ཉིད་ཀྱིས་ཕྱིར་རོ་ཞེས་པས་དངོས་པོ་མེད་པ་ཚད་མ་ཡིན་ནོ། །འོ་ན་ཁྱེད་ལ་ཡང་མི་དམིགས་པ ་ཚད་མར་མི་འགྱུར་ཏེ། ཇི་སྐད་བཤད་པའི་སྐྱོན་ཁོ་ནའི་ཕྱིར་རོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཁོ་བོས་རྣམ་པ་འདི་ལྟ་བུའི་མི་དམིགས་པ་འདོད་པ་མ་ཡིན་གྱི། འོན་ཀྱང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པའོ།། ་དམིགས་པའི་མཚན་ཉིད་དུ་གྱུར་པ་ནི། དམིགས་པའི་རྐྱེན་ཚང་བ་དང་རང་བཞིན་ཁྱད་པར་ཅན་ཏེ། རང་བཞིན་གང་ཞིག་དམིགས་པའི་རྐྱེན་རྣམས་ཡོད་པ་ན་ཡོད་པ་མངོན་སུམ་ཁོ་ནར་འགྱུར་བའོ། །དེ་ལ་དམིགས་པ་ནི་བྱེད་པ་པོ་ལ་གནས ་པའི་བྱ་བའམ་ལས་ལ་གནས་པར་འགྱུར་རོ། །བརྟགས་པ་སྔ་མ་ལ་དམིགས་པར་བྱེད་བཞིན་པའི་ཆོས་ཤེས་པ་ནི་དམིགས་པ་ཡིན་ཅིང། དེ་ལས་གཞན་པའི་དམིགས་པ་ནི་མི་དམིགས་པ་ཡིན་ཏེ་བརྗོད་པར་འདོད་པའི་དམིགས་པ ་ད་ཀྱ ་ཨན་ཡིན་པ་ཉིད་ཀྱི་ཕྱིར། བཟའ་བར་བྱ་བ་མ་ཡིན་པ་དང་རེག་པར་བྱ་བ་མ་ཡིན་པ་བཞིན་ནོ། །གང་གི་ཚེ་ལས་ལ་གནས་པའི་བྱ་བ་དམིགས་པའི་སྒྲ་ཡིས་བརྗོད་པར་བྱ་བ་དེའི་ཚེ་ཉེ་བར་དམིགས་པར་བྱ་བཞིན་པ་ཁོ་ནའི་ཆོས་རང ་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་རུང་བ་ཉིད་ཀྱི་མཚན་ཉིད་ཅན་ནི་དམིགས་པ་ཡིན་ཅིང་ཡུལ་གྱི་རང་བཞིན་ཁོ་ན་ཏེ། རུང་བ་ཉིད་ནི་དངོས་པོའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་གཞན་པ་དམིགས་པར་རུང་བ་དེ་དང་ཤེས་པ ་གཅིག་ལ་འབྲེལ་པའི་རང་བཞིན་ཁོ་ན་མི་དམིགས་པའོ། །ཇི་སྐད་བཤད་པའི་མི་དམིགས་པ་འདི་དང་དེ་རྣམ་པ་གཉིས་ཀ་ཡང་མངོན་སུམ་ཁོ་ནས་འགྲུབ་བོ་ཞེས་པས། ཁོ་བོ་ཅིག་ལ་ཇི་སྐད་བརྗོད་པའི་སྐྱོན་སྲིད་པས་ཡིན་ནོ།། ་འོ་ན་རྣམ་པ་འདི་ལྟ་བུའི་མི་དམིགས་པ་ཚད་མར་འགྱུར་དུ་ཆུག་མོད། ཡང་དེ་ཅི་ལྟར་རྗེས་སུ་དཔག་པར་འགྱུར། ཅི་ལྟར་མི་འགྱུར་ཞེ་ན། དཔེ་ལ་མི་བལྟོས་པའི་ཕྱིར་རོ། །གང་གི་ཕྱིར་འདི་ལ་དཔེ ་འགའ་ཡང་ཡོད་པ་མ་ཡིན་པས་ཏེ། ཚད་མས་གྲུབ་པ་དཔེར་འགྱུར་བས་སོ། །གཞན་དུ་ན་གལ་ཏེ་དཔེ་མི་དམིགས་པས་གྲུབ་པ་ཁོ་ནར་འགྱུར་ན། །དེ་ལྟར་གྱུར་ན་ནི། ཇི་ལྟར་བུམ་པ་མེད་པ་དཔེས་བསྒྲུབ་པར་བྱ་བ་དེ་ལྟར། དཔེ་ཉེ་བར ་བརྗོད་པ་མེད་པ་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་ཡང་དཔེ་གཞན་གྱིས་བསྒྲུབ་པར་བྱ་ཞིང། དེ་ཡང་གཞན་ཀྱིས་སོ་ཞེས་པས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་དཔེ་ནི་དཔེ་མེད་པར་ཡང་འགྲུབ་ན་བུམ་པ་མེད་པར་ཡང་འགྲུབ ་པར་འགྱུར་རོ། །དེའི་ཕྱིར་ཡང་མི་དམིགས་པ་ཚད་མ་གཞན་ཁོ་ནར་འགྱུར་ཏེ། དཔེ་ལ་མི་བལྟོས་པའི་ཕྱིར་རོ། །ཞེ་ན་སྐྱོན་འདི་མེད་དེ། གང་གི་ཕྱིར་མི་དམིགས་པས་དངོས་པོ་མེད་པ་བསྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མེད་པའི ་ཐ་སྙད་དོ། །དམིགས་སུ་རུང་བ་མ་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ཏེ། དེ་ནི་རང་ཉིད་ཉེ་བ་ལས་རང་གི་རྒྱུ་མཚན་ཅན་འདི་ལྟར་སྒྲུབ་པར་བྱེད་དོ། །རང་གི་རྒྱུ་མཚན་ཚོགས་པར་འབྱུང་བ་ཅན་ཐམས་ཅད ་འདིར་དཔེའོ། །ཡོད་པའི་ཐ་སྙད་དགག་པ་བསྒྲུབ་པར་བྱ་བ་ལ་ཡང། མི་དམིགས་པ་དང་ཅིག་ཤོས་ཀྱིས་ཏེ། རྒྱུ་མཚན་དང་བྲལ་ན་མི་འབྱུང་བ་ཅན་མྱུ་གུ་ལ་སོགས་པ་རྣམས་ཀྱང་དཔེའོ། །ཉེ་བར་བརྗོད་པ་མེད་པ་འབའ་ཞིག་ཁོ་ན་ནི ་མ་ཡིན་ནོ་ཞེས་པས་ཚད་མ་གཞན་ཉིད་དུ་ཐལ་བ་མ་ཡིན་ནོ། །ཡང་དངོས་པོ་མེད་པ་ཁོ་ན་བསྒྲུབ་བྱ་མ་ཡིན་པའི་རྒྱུ་ཅི་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་དམིགས་པ་ཁོ་ན་ལྟར་རུང་བའི་བདག་ཉིད་རྣམས་ཀྱི་ཡོད་པ་སྟེ། མི ་དམིགས་པ་ཡང་མེད་པ་ཉིད་དོ། །ཅི་ལྟར་བྱས་ནས་ཞེ་ན། རེ་ཞིག་གང་གི་ཚེ་ཇི་སྐད་བཤད་པའི་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་རུང་བ་ཉིད་དམིགས་པ་ཡིན་པ་དེའི་ཚེ་རུང་བ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཉིད་ཀྱི་ཕྱིར་དམིགས་པ་ནི་ཡོད ་པ་ཉིད་ཡིན་ནོ་ཞེས་པ་འདི་གྲུབ་བོ། །གང་གི་ཚེ་ཡང་བྱེད་པ་པོའི་ཆོས་ཤེས་པ་ནི་དམིགས་པ་ཡིན་པ་དེའི་ཚེ་ཡང་དེ་ནི་བལྟར་རུང་བའི་དོན་གྱི་ཡོད་པ་ཉིད་ཀྱི་རྒྱུ་མཚན་ཡིན་པ་ཉིད་ཀྱི་ཕྱིར་ལ། དེས་ན་ཁྱབ་པ་དང་ལྡོག་པ་དག་གིས་དེའི་རང ་བཞིན་དང་ཁྱད་པར་མེད་དོ་ཞེས་པས་ཡོད་པ་དང་འདྲ་བར་ཉེ་བར་བཏགས་པ་??་ཡོད་པ་ཉིད་ཁོ་ནའོ། །དེ་ལྟར་གཉིས་ཀ་ལྟར་ན་ཡང་ཡོད་པ་ཉིད་ནི་དམིགས་པ་ཡིན་ནོ། །དེ་མེད་པ་ཡང་མེད་པ་ཉིད་ཡིན་ཏེ། མ་ཡིན་པར ་དགག་པའི་འཇུག་པས་ཏེ། སྔ་མ་བཞིན་ནོ། །དེ་ཁོ་ན་ཡང་མི་དམིགས་པའོ་ཞེས་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ལ་བྱེ་བྲག་མེད་དོ། །དེས་ན་མི་དམིགས་པས་དངོས་པོ་མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར ་རྒྱུ་མཚན་ཉེ་བར་མཐོང་བ་ནི་མེད་དོ་ཞེས་མི་དམིགས་པ་ལས་མེད་པའི་ཐ་སྙད་རྨོངས་པའི་ངོར་བསྒྲུབ་པར་བྱ་སྟེ། སྐྱེད་པར་བྱེད་པར་བརྗོད་པས་ཕ་ཉིད་བཞིན་ནོ། །མི་སྣང་བ་མི་དམིགས་པས་ཀྱང་རྒྱུ་མཚན་མེད་པའི་ཕྱིར་ཐ་སྙད་འགེག ་སྟེ། སྐྱེད་པར་བྱེད་པ་མ་ཡིན་པས་བརྗོད་པས་ཕ་ཉིད་མ་ཡིན་པ་བཞིན་ནོ་ཞེས་པའོ། །གང་གཞན་གྱི་ཕྱོགས་བཀག་པས་ཞེས་པ་ལ་སོགས་པ་སྟེ། བཤད་འགྲེལ་བྱེད་པས་གང་བརྗོད་པ། ཕ་རོལ་གྱི་ཕྱོགས་བཀག་པས་རང་གི་ཕྱོགས་འགྲུབ་པོ ་ཞེས་པ་དེ་དགག་པ་གྲངས་ཅན་པའི་བསལ་ཏེ་འོངས་པ་དགག་པ་ཁོ་ན་ལས་བྱས་ཟིན་པར་རིག་པར་བྱ་སྟེ། འདི་ཡང་བསལ་ཏེ་འོངས་པའི་སྦྱོར་བ་ཁོ་ནའོ་ཞེས་བྱས་ནས་སོ། །ལེའུ་གཉིས་པའོ།། །།རང་གི་དོན་དང་གཞན་དོན་གྱ ་དབྱེ་བས་རྗེས་སུ་དཔག་པ་རྣམ་པ་གཉིས་སོ་ཞེས་བརྗོད་ལ། དེ་ལ་རང་གི་དོན་བཤད་ཟིན་ཏོ། །ད་ནི་གཞན་དོན་གཏན་ལ་འབེབས་པར་འདོད་པས་གསུངས་པ། གཞན་དོན་ཞེས་པ་ལ་སོགས་པའོ། །རང་དོན་ནི་རྗེས་སུ་དཔག་པ་ཉིད་དངོས་ཡིན་ལ ་འདི་ནི་ཉེ་བར་བཏགས་པ་པའོ་ཞེས་ཁྱད་པར་གྱི་དོན་ལ་ནིའི་སྒྲའོ། །རང་ཉིད་ཀྱི་མཐོང་བ་ནི་རང་གི་མཐོང་བའོ། །རང་གིས་མཐོང་བ་ཡང་འདི་ཡིན་ལ། དོན་ཡང་ཡིན་པས་རང་གི་མཐོང་དོན་ཏེ། ཚུལ་གསུམ་པའི་གཏན་ཚིགས་སོ། །དེའི་ཚིག་གང་གིས་གསལ་བར་བྱེད་པ་དེ ་ནི་གཞན་དོན་རྗེས་སུ་དཔག་པའོ། ཡང་དེ་ཅི་ལྟར་གཞན་གྱི་དོན་ཉིད་ཡིན་ཞེས་ན་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །འོ་ན་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་ཤེས་པ་རྗེས་སུ་དཔག་པ་ཡིན་ཏེ། ཤེས་པ་ཁོ་ན་ཚད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཅི་ལྟར་ཚིག་རྗེས་སུ ་དཔག་པ་ཉིད་ཡིན་ཞེ་ན། གསུངས་པ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེས་པ། ཚུལ་གསུམ་པའི་རྟགས་བརྗེད་པས་ནི་ཕ་རོལ་པོ་རྣམས་ལ་རྟགས་མ་རྟོགས་པར་འགྱུར་ལ། དེ་ལས་ཀྱང་རྗེས་སུ་དཔག་པར་བྱ་བ་རྟོགས་པའོ། །དེའི་ཕྱིར་དེ་བརྒྱུད་པས་རྗེས་སུ་དཔག་པའི ་རྒྱུར་འགྱུར་རོ། །ཞེས་པས་རྒྱུ་དེ་ལ་འབྲས་བུ་ཉེ་བར་བཏགས་པ་ལས་དེ་རྗེས་སུ་དཔག་པ་ཞེས་བརྗོད་པར་བྱའོ། འདིར་བརྩད་པ། ཚུལ་གསུམ་པའི་རྟགས་བརྗོད་པ་ཞེས་པ་འདི་ཙམ་ཞིག་ཁོ་ན་མཚན་ཉིད་དུ་འགྱུར་མོང། རང་གིས་མཐོང་དོན་སྨོས་པའི་དོན་ཅི་ཡིན ་པ་བརྗོད་པར་བྱའོ་ཞེ་ན། བརྗོད་པར་བྱ་སྟེ། ཁ་ཅིག་འདི་སྐད་དུ་སྨ་སྟེ། གཞན་གྱིས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར། རང་གིས་མ་མཐོང་ཡང་ཕ་རོལ་པོ་རྣམས་ཀྱིས་ལུང་ལས་མཐོང་བ་ནི་སྒྲུབ་པར་བྱེད་པ་སྟེ། དཔེར་ན་བདེ་བ་ལ་སོགས་པ་རྣམས་སམ་གློ་ནི་སེམས ་པ་མེད་པ་རྣམས་ཏེ། སྐྱེ་བའི་ཕྱིར་རམ་མི་རྟག་པ་ཉིད་ཀྱི་ཕྱིར། གཟུགས་ལ་སོགས་པ་བཞིན་ཅེས་པ་ལྟ་བུའོ་ཞེའོ། །དེའི་ཕྱིར་དེའི་ལུང་ལས་ཕ་རོལ་པོས་མཐོང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་དུ་རང་སྨོས་སོ། །ཅིའི་ཕྱིར་དེ་སྒྲུབ ་པར་བྱེད་པ་མ་ཡིན་ཞེ་ན། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ལ་ཚིག་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ལུང་ཚད་མ་ཡིན་ན་འོ་ན་དེས་གྲུབ་པ་ཕ་རོལ་པོ་ཁོ་ན་ལ་གྲུབ་པ་མ་ཡིན་ནོ། །གཞན་ཡང་ཇི་ལྟར་ཚད་མར་གྱུར་པའི་ལུང ་དེ་ལས་ཕ་རོལ་པོས་བདེ་བ་ལ་སོགས་པ་རྣམས་སྐྱེ་བ་ཅན་དང། མི་རྟག་པ་ཉིད་དུ་གྲུབ་པ་དེ་ལྟར་སེམས་པ་དང་བཅས་པ་སྤང་སྟེ། དེའི་ཕྱིར་དེ་ལ་གནོད་པར་བྱེད་པའི་རྗེ་དཔག་འཇུག་པ་མ་ཡིན། །འཇུག་ན་ཡང་དེའི་དེས་གནོད་བཞིན་པ་ནི་ཅི་ལྟར་ལུང་ཚད ་མ་ཡིན། ངེས་ན་ལུང་ལ་ཕ་རོལ་པོས་ཁས་བླངས་པ་ནི་སྒྲུབ་བྱེད་མ་ཡིན་ནོ། །གལ་ཏེ་སྒྲུབ་པར་བྱེད་པ་མ་ཡིན་ན་དེས་དེ་དང་དེར་ཐལ་བར་འགྱུར་བའི་སྒྲུབ་བྱེད་བརྗོད་པ་ཅི་ལྟར་ཡིན་ཞེ་ན། འདི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་གང་ཕ་རོལ་པོས་བརྟགས་པ་རྣམས ་ཀྱིས་ཐལ་འགྱུར་དུ་བྱ་བ་དཔེར་ན་ནམ་མཁའ་ལ་སོགས་པ་ནི་ཡོད་པ་ཉིད་ཀྱི་ཕྱིར་མེ་རྟོག་པ་ཉིད་དུའོ་ཞེས་པ་ལྟ་བུ་དེ་ནི། ཆོས་གཅིག་ཁས་བླངས་པ་ན་ཆོས་གཞན་ཁས་བླང་པར་བསྟན་པའི་དོན་དུ་སྟེ། མུ་སྟེགས་པ་རྣམས་ཀྱིས་སངས་རྒྱས་པ་དགའ་ཞིག ་ལ་འདི་ལྟར་འཛིན་དུ་འཇུག་སྟེ། ནམ་མཁའ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་དུ་ཡོད་དོ་ཞེས་ཟུང་ཤིག་ཅེས་པ་ལ་འཛིན་དུ་གཞུག་བྱེད་ས་སྨྲས་པ། གལ་ཏེ་དེ་རྣམས་དེ་ཁོ་ན་ཉིད་དུ་ཡང་ན་དེ་ལྟར་གྱུར་ན། དོན་དམ་པར་ཡོད་པ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས ་པ་བཞིན་དུ་དེ་རྣམས་རྟག་པ་ཉིད་མ་ཡིན་པར་ཅེས་སོ། །ཅི་སྟེ་འདི་ཁས་བླང་བ་མ་ཡིན་ན་དེ་རྣམས་ཡོད་པ་ཉིད་དུ་ཡང་འགྱུར་བ་མ་ཡིན་ནོ། །ད་ལྟར་ནི་དོན་བྱེད་ནུས་པ་གང་དེ་ཁོ་ན་དོན་དམ་པར་ཡོད་པ་ཡིན་ལ། རྟག་པ་ལ་དོན་བྱེད་པ་ཡོད་པ་ཡང་མ ་ཡིན་ཏེ། རིམ་པ་དང་ཅིག་ཅར་ཉིད་འགལ་བའི་ཕྱིར་རོ། །རེ་ཞིག་དེ་རིམ་གྱིས་དོན་བྱེད་པ་རིགས་པ་མ་ཡིན་ཏེ། འདི་ག་ལས་ན་བལྟོས་པ་མེད་པའི་བྱེད་པ་པོ་ན་རིང་ཡོད་པ་ཙམ་གྱིས་ཏེ། སྡོད་པར་བྱ་བར་མི་རིགས་པའི་ཕྱིར་རོ། །ཅི་སྟེ་ཕྱིས་ཀྱི་དུས་ན་འབྱུང ་བའི་འབྲས་བུའི་དོར་དེའི་ནུས་པ་སྔར་ཡོད་པ་མ་ཡིན་ནོ་ཞེས་པས་དེ་བྱེད་པ་མ་ཡིན་ན། དེ་ལྟར་འགྱུར་ན། ཕྱིས་ཀྱང་བྱེད་པ་མ་ཡིན་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་སྔར་བཞིན་ནོ། །ལྷན་ཅིག་བྱེད་པ་ཉེ་བར་བྱས་ནས་ཕྱིས་བྱེད་དོ་ཞེ་ན། ་མ་ཡིན་ཏེ། ཕུལ་དུ་བྱུང་བར་བསྒྲུབ་ཏུ་མེད་པ་ནི་བལྟོས་པར་མི་རུང་བའི་ཕྱིར་རོ། །ཅིག་ཅར་དོན་བྱེད་པའང་སྲིད་པ་མ་ཡིན་ཏེ། དོན་བྱེད་ནུས་པའི་རང་བཞིན་ནི། སྔར་བཞིན་དུ་ཕྱིས་ཀྱང་མི་བྱེད་པ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས ་ཡོད་པ་ཉིད་དུ་ཁས་ལེན་ན་དེ་རྣམས་ཀྱི་རྟག་པ་ཉིད་ཀྱང་མེད་དོ་ཞེས་གདོན་མི་ཟ་བར་ཁས་བླང་པར་བྱའོ། །མེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་པ་ཞར་ལ་བྱུང་བས་ཆོག་གོ་།ལུང་ལས་ཕ་རོལ་པོས་མཐོང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་པ་འདི་གནས་སོ། །དོན་སྨོས ་པ་ནི་དོན་མེད་པ་རྟོག་པས་སྒྲོ་བཏགས་པའི་རང་བཞིན་ནི་རྟགས་མ་ཡིན་ནོ་ཞེས་ཤེས་པའི་དོན་དུ་སྟེ། དཔེར་ན་སྒྲ་མི་རྟག་སྟེ་ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་ཉིད་ཀྱི་ཕྱིར། བུམ་པ་བཞིན་ཅེས་པ་ལྟ་བུའོ། །ཕྱོགས་དང་མཐུན་པའི་ཕྱོགས་ལས ་གང་ཡང་རུང་བ་ཉིད་ནི་སྒྲ་ལ་དངོས་པོའི་ཆོས་ཉིད་དུ་གནས་པ་ནི་མ་ཡིན་གྱི། འོན་ཀྱང་སྨྲ་བ་པོའི་བརྗོད་པར་འདོད་པའི་དབང་ལས་སོ། །དེ་ལྟར་ནི་སྒྲ་རྟག་སྟེ། ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ཀྱི་ཕྱིར། ནམ་མཁའ་བཞིན་ཞེས་འདོད་པའི ་རྗེས་སུ་བྱེད་པའི་ཕྱིར་རྟག་པར་མངོན་པར་འདོད་པ་ནམ་མཁའ་ལ་སོགས་པ་ཡང་བལྟོས་པར་བྱ་བར་འགྱུར་རོ། །དེའི་ཕྱིར་སྨྲ་བ་པོའི་འདོད་པ་ཙམ་གྱིས་འཇུག་པའི་ཆོས་འདི་རྣམས་དངོས་པོའི་སྟོབས་ཀྱིས་འཇུག་པ་རྣམས་མ་ཡིན་ལ། རྣམ་པ་འདི་ལྟ་བུ་རྣམས ་ལས་དངོས་པོ་འགྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་གཅིག་ནི་འགལ་བའི་རང་བཞིན་དུ་མ་ཉིད་དུ་མི་འགྱུར་རོ། །ཞེས་པའོ། །གང་དུ་ཆོས་གཅིག་ལ་འཇུག་པའི་མཚན་ཉིད་ཉེ་བ་ཅན་དེར་ནི་དེ་ལས་དོན་འགྲུབ་པར་འགྱུར་ཏེ། དཔེར་ན་འགའ་ཞིག་ཏུ་དོན་གཞན? ་འདྲེས་པའི་ངོ་བོའི་ཆོས་མཐུན་པ་ཉིད་མངོན་པར་མཐོང་ནས། གོང་བུ་འདི་ནིར་ཅན་ཡིན་ཏེ། བ་ལང་དང་བ་མེན་དག་ལས་གང་ཡང་རུང་བ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པ་ལྟ་བུ་སྟེ། འཁྲོས་པས་ཆོ་གོ་།དངོས་པོ་མེད་ཡིན་པ་རྟོག་པས་སྒྲ་བཏགས ་པའི་རང་བཞིན་ནི་རྟགས་མ་ཡིན་ནོ་ཞེས་པ་འདི་ནི་གནས་སོ། །འདིར་ཡང་ཚུལ་གང་ཡང་རུང་བ་མ་བརྗོད་པ་ནི་མ་ཚང་པ་ཉིད་ཅེས་བཤད་པར་འགྱུར་རོ་ཞེས་སླར་ཡང་བཤད་པར་བྱ་བ་མ་ཡིན་ཏེ། བསྟན་པ་འདི་ཁོ་ན་དོན་གྱིས་བརྗོད་ཟིན་པ་ཉིད་ཀྱི་ཕྱིར་རོ།། ་གང་གི་ཕྱིར་ཇི་ལྟར་ཚུལ་གསུམ་པ་གཏན་ཚིགས་ཡིན་ཞེས་བཤད་པས་ཚུལ་རེ་རེ་བ་དང་གཉིས་གཉིས་པའི་དོན་ནི་གཏན་ཚིགས་མ་ཡིན་ནོ་ཞེས་བཤད་པར་འགྱུར་བ་དེ་ལྟར་ཚུལ་གསུམ་བརྗོད་པ་གཞན་དོན་རྗེས་སུ་དཔག་པའོ་ཞེས་པ་རྗོད་པས། ཚུལ་རེ་རེ ་དང་གཉིས་གཉིས་བརྗོད་པ་ནི་རྗེས་སུ་དཔག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་མ་ཚང་བ་ཉིད་ཀྱི་བསྒྲུབ་པར་བྱེད་པའི་སྐྱོན་ཏེ། དེ་ལས་ཕ་རོལ་པོ་ལས་ཡང་དག་པའི་ངེས་པ་མི་བསྐྱེད་པའི་ཕྱིར་རོ། །འོ་ན་གང་ཞེས་པ་ལ་སོགས་པས་ནི། ཚུལ་གསུམ་པའི ་རྟགས་བརྗོད་པ་ཙམ་རྗེས་སུ་དཔག་པ་ཉིད་དུ་བརྗེད་པའི་ཕྱིར། རིགས་པ་ཕྲ་མོ་ལ་སོགས་པ་རྟོག་གེའི་བསྟན་བཅོས་རྣམས་སུ་ཕྱོགས་བརྗོད་པ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་འདྲི་བར་བྱེད་དོ། །གཞན་དོན་རྗེས་སུ་དཔག་པར་བཀོད་པ་ནི། ་དེའི་ནང་དུ་འདུས་པ་སྟེ། སྒྲུབ་པར་བྱེད་པའི་ཡིན་ལག་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ཅི་ལྟར་ཞེས་པ་དེའི་བསྟན་བཅོས་བྱེད་པ་རྣམས་ལ་དེ་ལ་འཐད་པ་ཅི་ཞིག་ཡོད་ཞེས་པའོ། །དེ་རྣམས་ཁོ་ན་ལ་དྲི་བར་བྱའོ་ཞེས་པ། གང་རྣམས་བསྒྲུབ་པར་བྱ་བ་འགྲུབ་པའི ་དོར་ནུས་པའི་ཕྱོགས་ཀྱི་ཚིགས་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་སྨྲ་བ་རྣམས་ལའོ་ཞེས་པ་དགོངས་པའོ། །ཡང་ཅི་ལྟར་ཕྱོགས་ཀྱི་ཚིག་ནུས་པ་མེད་པ་ཉིད་ཡིན། ཇི་སྲིད་དུ་བསྒྲུབ་པར་བྱ་བ་བརྗོད་པར་བྱེད་པ་མེད་པ་ན་གཏན་ཚིགས་ཀྱི་ཚིག་མི་འཇུག་པ་ཁོ་ན་ཏེ། ་དེའི་ཕྱིར་གཏན་ཚིགས་ཀྱི་ཚིག་འཇུག་པར་བྱེད་པའི་ཕྱིར་ཕྱོགས་ཀྱི་ཚིག་ལ་ཡང་ནུས་པ་ཡོད་པ་ཁོ་ནའོ་ཞེ་ན། གལ་ཏེ་དེ་ལྟ་ན་མི་མཐུན་ཕྱོགས་ཀྱི་ཚིག་ལའང་ཐལ་བར་འགྱུར་ཏེ། འགའ་ཞིག་གིས་སྒྲ་རྟ་གོ་ཞེས་བརྗོད་པ་ན། ཕ་རོལ་པོས ་སྨྲས་པ། སྒྲ་བྱས་པ་ཡིན་ལ། བྱས་པ་ཡང་མི་རྟག་པ་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་སོ། །དེ་ལྟར་མི་མཐུན་ཕྱོགས་ཀྱི་ཚིག་ལས་ཀྱང་གཏན་ཚིག་འཇུག་པ་ཡོད་པའི་ཕྱིར་ན་མི་མཐུན་ཕྱོགས་ཀྱི་ཚིག་ཀྱང་བྱས་པ་ཉིད་བརྗོད་པ་དེ་དང་ལྷན་ཅིག་སྒྲུབ་པར ་བྱིན་པར་འགྱུར་ཏེ། དེའི་ཕྱིར་འདི་ནི་མི་རིགས་སོ། །འོ་ན་རྟོགས་སུ་འཇུག་པ་པོས་ཇི་སྲིད་དུ་གཏན་ཚིགས་ཀྱི་ཡུལ་མ་བརྗོད་པ་དེ་སྲིད་དུ་གཏན་ཚིགས་འཇུག་པ་མི་སྲིད་པ་ཁོ་ན་མ་ཡིན་ནམ། གདོན་མི་ཟ་བར་ཡུལ་བཤད་པར་བྱ་བ་ཡུལ་ལ། དེའི་ཕྱིར ་ཡུལ་སྟོན་པ་ཁོ་ན་ལས། ཕྱོགས་ཀྱི་ཚིགས་བསྒྲུབ་པར་བྱ་བ་འགྲུབ་པར་བྱ་བ་འགྲུབ་པའི་དོར་ནུས་པ་ཉིད་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ཕྱོགས་ཀྱི་ཚིག་མེད་པར་ཡང། གང་འགའ་ཞིག་ཏུ་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། སྒྲ་ཡང་བྱས་པའོ ་ཞེས། །ཁྱབ་པ་དང། ཕྱོགས་ཀྱི་ཆོས་ཉིད་བསྟན་པ་ན། སྒྲ་མི་རྟག་པའོ་ཞེས་དོན་གྱིས་རྟོགས་པ་ཁོ་ནའོ་ཞེས་པས་ཕྱོགས་ཀྱི་ཚིག་དོན་དང་བྲལ་བའོ། །དེས་ན་ཕྱོགས་ནི་མ་རྗོད་ན་ཡང་འགྲུབ་པ་ལ་གེགས་མེད་པའི་ཕྱིར་ཚུལ་གསུམ་པོ་རྣམས་ལས ་གང་ཡང་རུང་བ་ཁོ་ན་མ་རྗོད་པ་ནི་མ་ཆད་པ་ཉིད་རྗོད་པ་སྒྲུབ་པར་བྱེད་པའི་སྐྱོན་ཡིན་གྱི། ཕྱོགས་མ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་འོ་ན་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་ན། དེའི་ཚེ་སྒྲུབ་པར་བྱེད་པའི་ཡན་ལག་གི་སྐྱབས་སུ་ཁྱེད་ཅག་གིས་ཀྱང་རྗེས ་སུ་དཔག་པར་བྱ་བའི་མཚན་ཉིད་ངེས་པར་བསྟན་པ་རིགས་པ་མ་ཡིན་ནོ་ཞེ་ན་གསུངས་པ། །ངོ་བོ་ཅིག་ནི་ཞེས་པ་ལ་སོགས་པ་སྟེ། འདིས་བསྟན་པར་བྱ་བའོ་ཞེས་པ་བསྟན་པའོ། །རྗེས་སུ་དཔག་པར་བྱ་བ་བསྟན་པ་ནི་རྗེས་སུ་དཔག་བྱ་བསྟན་པའོ། །དེ་ཡང་འདིར་མཚན་ཉིད་བསྟན ་རིག?་པར་བྱའི་དམ་བཅའ་བརྗོད་པ་ནི་མ་ཡིན་ནོ། །གཏན་ཚིགས་ནི་ཚུལ་གསུམ་པའི་རྟགས་ཡིན་ལ་དེའི་དོན་ནི་གཏན་ཚིགས་དོན་ཏེ། དེ་གང་གི་ཡུལ་ཡིན་པ་དེ་ནི་གཏན་ཚིགས་དོན་གྱི་ཡུལ་ཅན་ནོ། །གང་གི་ཕྱིར་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་བསྟན་པས་ནི་གཏན་ཚིཊ ་ཀྱི་དོན་ཕྱིན་ཅི་མདོག?་པར་རབ་ཏུ་གསལ་བ་དེའི་ཕྱིར་དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར། སྒྲུབ་པར་བྱེད་པའི་སྐབས་སུ་འང་དེ་ཉེ་བར་བཀོད་པའོ། ཞེས་པ་དག་གི་དོན་ཏོ། །ཡན་ལག་རྣམས་སུ་ཞེས་ལ་སོགས་པ་སྟེ། ཡན་ལག་རྣམས་ཀྱི་སྐབས་སུ་རྣམས་སུ་གང་རྗེས་སུ་དཔག་པར ་བྱ་བ་བསྟན་པ་དེ་ནི། །ཁོ་ཅག་གིས་སྒྲུབ་པར་བྱེད་པ་ཉིད་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །དེ་ལ་ཅེས་པ་ནི་ཨཱརྱ??་ལ་སོགས་པ་ཉིད་ཀྱི་ཕྱིར་བདུན་པའི་དོན་ལ་ཏ་མིའོ། །དེ་ཁོ་ན་ལ་སྟེ་རྗེས་སུ་དཔག་པ་བྱ་བ་ལ་ཐེ་ཚོམ་སྐྱེས་པའི་ཕྱིར་རོ། །ཅེས་པའི ་དོན་ཏོ། །ཡང་ན་རྒྱུའི་ལྔ་པའི་མཛའ་ཅན་ཁོ་ན་ལས་ཏ་སི་འདི་སྟེ། དེ་ཁོ་ན་ལས་ཏེ་རྗེས་སུ་དཔག་པར་བྱ་བ་དམིགས་པའི་རྒྱུ་ལས་ཐེ་ཆམ་སྐྱེ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིས་རྗེས་སུ་དཔག་པར་བྱ་བ་ཐེ་ཚོམ་ཅན་ཉིད་དུ་སྟོན་ཅིད་དོན་འདི་གསལ་བར་བྱེད་དེ། གྲུབ་པ་སྒྲུབ་པར་བྱེད་པ་ཡིན ་གྱི་གཅིག་ཤོས་ནི་མ་ཡིན་ལ། རྗེས་སུ་དཔག་པར་བྱ་བ་ཡང་ཐེ་ཚོམ་ཅན་ཏེ། དེ་ནིར་ཞིག་གཞན་ལའང་འགྲུབ་པར་བྱེད་པའི་ནུས་པ་མེད་ན་བདག་ཉིད་ལ་ལྟ་ཅི་སྨོས་ཞེས་པའོ། །རྗེས་སུ་དཔག་པར་བྱ་བ་ཡང་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྟན་པས་དེའི་ཚིག་ཀྱང་བསྟན ་པར་འགྱུར་རོ། །དེ་ལྟར་ནི་དོན་ཁོ་ན་ནི་དོན་དངོས་སུ་རྟོགས་པར་བྱེད་ཀྱི་ཚིག་གིས་མ་ཡིན་ལ། ད་ནི་ནུས་པའི་དོན་གསལ་བར་བྱེད་པའི་ཕྱིར་བརྒྱུད་པས་སྒྲུབ་པར་བྱེད་པར་འགྱུར་རོ། །གང་ལ་དོན་ཉིད་ལ་བསྒྲུབ་བྱ་འགྲུབ་པའི་ནུས་པ་མེད་པར་ངས་པ་དེ་ལ། དེ་བརྗོད་པར ་བྱེད་པ་ལ་ཤིན་ཏཱུང་ནུས་པ་མེད་དོ་ཞེས་གསལ་བ་ཁོ་ནར་རྟོགས་པར་བྱའོ། །འོན་ཀྱང་ཞེས་པ་ལ་སོགས་པས། གཏན་ཚིག་དོན་གྱི་ཡུལ་ཅན་འདོད། །ཅེས་པའི་དོན་འཆད་དོ། །འོ་ན་གཏན་ཚིགས་ཀྱི་དོན་གྱི་མ་ཚེན་ཉིད་བསྟན་པ་ནི་རྟོག་གེའི་བསྟན་བཅོས་གཞན་དུ་བྱས་པ ་མ་ཡིན་ནམ། དེ་ཅིའི་ཕྱིར་འདིར་བྱ་ཞེ་ན། གསུངས་པ། དེ་ནི་དེས་གསལ་བར་བྱ་བའོ་ཞེས་པའོ། །གང་གི་ཕྱིར་ཁོ་བོ་ཅག་འདོད་པའི་རྗེས་སུ་དཔག་པར་བྱ་བ་དེ་ཁོ་ན་གཏན་ཚིགས་དེས་བསྒྲུབ་པར་བྱའི། །གཞན་གྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་པ ་དེའི་ཕྱིར་དེའི་མཚན་ཉིད་བསྟན་པར་བྱའོ། །རྣམ་པ་འདི་ལྟ་བུ། བོ་ནའི་དོན་གཏན་ཚིགས་ཀྱིས་བསྒྲུབ་པར་བྱའི་དེ་ལས་བཟློག་པ་མ་ཡིན་ཅི་ལྟར་ཤེས་པར་འགྱུར། ཞེས་པ་དགོངས་པའོ། །དེའི་ཕྱིར་འདི་མདོར་བསྡུས་པས་བསྟན་ཏོ། །མང་པོ་རྣམས་ལ་བསྒྲུབ ་པར་བྱ་བའི་ཡུལ་ཅན་གྱི་ལོག་པར་རྟོགས་པ་མཐོང་སྟེ། དེའི་ཕྱིར་དེ་གསལ་བའི་དོན་དུ་བསྟན་བཅོས་སུ་ཕྱོགས་ཀྱི་མཚན་ཉིད་བསྟན་པར་བྱས་ཀྱི། སྦྱོར་བའི་དུས་སུ་དེ་བསྟན་པར་བྱ་བ་ནི་མ་ཡིན་ཏེ། ཉེ་བར་མཁོ་བ་མེད་པའི་ཕྱིར། །ཅི་སྟེ་ཡང་བསྟན་པར་བྱ་བའོ ་ཞེས་ཤིན་ཏུ་འབད་པ་དེ་ལྟ་ནའང་རྣམ་པ་འདི་ལྟ་བུ་བསྟན་པར་བྱའོ་ཞེས་སློབ་པ་གསུངས་པ། ངོ་བོ་ཁོ་ན་ཞེས་པ་ལ་སོགས་པའོ། །འདིར་ངོ་བོ་དང། ཚིག་ཕྲད་དང། འདོད་པ་དང་རང་ཉིད་ཀྱི་ཚིག་བཞི་པོ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་མ་གྲུབ་པ་རང། སྒྲུབ་པར ་བྱེད་པ་མིན་པ་དང། འདོད་པས་ཡུལ་དུ་བྱས་པ་དང། སྒྲུབ་པར་བྱེད་པ་པོས་བསྒྲུབ་པར་འདོད་པ་གཟུང་ངོ། །དེ་ལས་ཀྱང་བསྒྲུབ་པར་བྱ་བ་ཚུལ་བཞི་བའོ་ཞེས་བསྟན་པར་འགྱུར་རོ། །སྒྲུབ་པ་དང་སྒྲུབ་པར་བྱེད་པའི་ངོ་བོས་ནི་མ་ཡིན་ནོ་ཞེ་པ། རིམ་པ་ཇི་ལྟ་བར་ངོ་བོ ་དང་ཚིག་ཕྲད་ངག་གི་རྣམ་པར་བཅད་པར་བྱ་བ་སྟོན་པར་བྱེད་དོ། །དེ་ལྟར་ནི་རང་གི་ངོ་བོའི་སྒྲ་ཡིས་མ་གྲུབ་པ་གཟུང་ལ། དེའི་རྣམ་པར་བཅད་བྱ་བ་ནི་གྲུབ་པ་སྟེ། སྒྲ་མཉན་པར་བྱ་བའོ་ཞེས་པ་ལྟ་བུའོ། །རང་གི་ངོ་བོ་ཁོ་ནས་ཞེས་པ་ཚིག་ཕྲད་ཀྱིས་སྒྲུབ་པར་བྱེད་པ ་མ་ཡིན་པ་གཟུང་ལ། དེའི་རྣམ་པར་བཅད་པར་བྱ་བ་ནི་མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་སྟེ། དཔེར་ན་མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་སྟེ། སྒྲ་རྟག་སྟེ་མིག་གིས་གཟུང་པར་བྱ་བ་ཉིད་ཀྱི་ཕྱིར་བློ་བཞིན་ཅེས་པ་འདི་ལྟ་བུའི་ངོ་བོ་དག་གོ་།དེ་ལ ་གྲུབ་ཟིན་རྣམ་པར་གཅོད་པའི་འབྲས་བུ་ཅན་གོ་སླ་བ་ཉིད་ཀྱི་ཕྱིར་སྒྲུབ་པར་བྱེད་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཁོ་ན་དེ་ལྟ་ན་ཡང་ཞེས་པ་ལ་སོགས་པས་སྟོན་པར་བྱེད་དོ། །དེ་ལྟར་ན་ཡང་ཞེས་པ་ངེས་པར་གཟུང་བ་ལ་ཏེ། ཡོད་ན་ཞེས་པའི་དོན་ཏོ། །གཏན ་ཚིགས་དང་དཔེ་ལྟར་སྣང་བ་ཡང་དེ་དག་ཡིན་ལ། མ་གྲུབ་པ་དག་ཀྱང་ཞེས་ཚིག་རྣམ་པར་སྦྱར་རོ། །མ་གྲུབ་པའི་གཏན་ཚིགས་དང་དཔེ་ལྟར་སྣང་བ་དག་པ་བརྗོད་པ་ཡོངས་སུ་སྤངས་པར་འགྱུར་ཏེ། དམ་བཅའ་བ་ཉིད་དོར་བར་འགྱུར་ཞེས་པའི་དོན་ཏོ། །འོ་ན་གང་མ་གྲུབ ་པིལ་ཏན་ཚིགས་དང་དཔེ་ཡིན་པ་དེ་ངག་དེ་ལྟར་སྣད་བ་ཉིད་ལ་མི་འཁྲུལ་པའི་ཕྱིར་ལྟར་སྣང་བ་སྨོས་པ་དོན་མེ་དོ་ཞེ་ན། གལ་ཏེ་ཁྱད་པར་རྩོམ་པར་སྤྱི་བརྗོད་པར་འདོད་པ་ན། ཁྱད་པར་མངོན་པར་བརྗོད་པར་སྔོན་དུ་འགྲོ་བ་དོན་མེད་དོ་ཞེས་པས། སྤྱི་མངོན་པར་བརྗོད ་པ་ན། ཁྱད་པར་སྤྱི་ལ་མི་འཁུལ་པའི་ཕྱིར་སྤྱིའི་སྒྲ་སྦྱོར་བ་དོན་མེད་དོ། །སྤྱི་རྩོམ་པ་ན་ཁྱད་པར་མངོན་པར་བརྗོད་པ་ན་ནི། སྤྱི་ཁྱད་པར་ལ་འཁྲུལ་པའི་ཕྱིར་རྣམ་གཅོད་ལ་བལྟོས་ཞེས་པས་ཁྱད་པར་གཞན་རྣམ་པར་བཅད་པའི་ཆེད་དུ་ཁྱད་པར་གྱི་སྒྲ་རབ་ཏུ་སྦྱོར་བ་ནི ་དོན་དང་ལྡན་པར་འགྱུར་རོ། །འདི་ཡང་གཏན་ཚིགས་དང་དཔེ་ལྟར་སྣང་བ་ཉིད་ཀྱི་མཚན་ཉིད་ཅན་གང་སྤྱི་དེ། ?་དེའི་སྐབས་ཀྱི་མ་གྲུབ་པའི་མཚན་ཉིད་ཅན་གྱི་ཁྱད་པར་བརྗོད་པར་འདོད་དོ་ཞེས་པས་དོན་མེད ་པ་ཉིད་མ་ཡིན་ནོ། །གལ་ཏེ་སྤྱི་ཉེ་བར་རྩོམ་པ་ལ་ཁྱད་པར་བརྗོད་པར་འདོད་པ་ན་སྤྱིའི་སྒྲ་སྔོན་དུ་སྦྱོར་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འགྲེལ་པར་རིམ་པ་བསྟན་བཅོས་ཀྱི་བྱས་པ་ཉིད་ཀྱི་ཕྱིར་རོ། །དག་ལ་ནི་སྒྲ་རྣམས་བརྗོད་པར་འདོད་པ་རྗེས་སུ་སྒྲུབ་པར་བྱེད་ལ། ཚིག ་སྡུད་པ་ཉེ་བར་སྦྱོར་བའི་རྗེས་སུ་སྔོན་མའོ་ཞེས་པའི་བསྟན་བཅོས་ཀྱིས་སྔ་མ་དང་ཕྱི་མ་ཉིད་ངེས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་སྤྱི་ཉེ་བར་རྩོམ་པ་ལ་ཁྱད་པར་བརྗོད་པར་འདོད་པ་དེ་ལྟ་ནའང་ཁྱད་པར་གྱི་སྒྲ་ཁོ་ན་སྔོན་དུ་སྦྱོར་བར་འགྱུར་ལ། དེ་ལྟར་གྱུར་ན་སྤྱིའི་སྒྲ ་མི་སྦྱོར་བར་ཐལ་བ་ཡང་མེད་དོ། །ཐམས་ཅད་ཚིག་གཅིག་པ་ཉིད་ཡིན་པའི་ཕྱིར་ཚིག་གི་ཆ་ཤས་འབའ་ཞིག་པ་རབ་ཏུ་སྦྱར་བར་འོས་པ་ཡང་མ་ཡིན་ཏེ་རང་བཞིན་དང་རྐྱེན་བཞིན་ནོ། །ཞེས་པ་འཕྲོས་པས་ཆོ་གོ་།དེ་དག་སྒྲུབ་པར་བྱ ་བའི་ཚུལ་གྱིས་བསྟན་པར་བྱ་བ་ནི་མ་ཡིན་ནོ་ཞེས་པ་སྟེ། མ་གྲུབ་པ་དག་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་མངོན་པར་བརྗོད་པའི་ཕྱིར་རོ། །འོ་ན་འདིར་རྒོལ་བ་རང་ཉིད་ཀྱི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དེ་བསྒྲུབ་བྱ་ཡིན་ལ། མ་གྲུབ་པའི་སྒྲུབ་པར་བྱེད་པ་ནི་དེའི་ཚེ ་དེས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའང་མ་ཡིན་གྱི། འདོད་པར་འགྱུར་བ་ཡིན་མོད། དེ་ལས་ནིཥཐའི་རྐྱེན་ནི་བྱུང་བའི་དུས་ལ་ངེས་པ་ཉིད་ཀྱི་ཕྱིར། རང་ཉིད་འདོད་པ་རྗོད་པས་ངེས་པར་གཟུང་བའི་དོན་རྟོགས་པ་ཁོ་ན་ཏེ། དེའི་ཕྱིར་ཁོ་ནའི་སྒྲ་དོན་མེད་པ་ཉིད་དོ ་ཞེ་ན། གལ་ཏེ་བྱུང་བའི་དུས་ཁོ་ན་ལ་འདོད་པའི་སྒྲ་འཇུག་པར་འཐོབ་ན་དེ་དེ་ལྟར་འགྱུར་མོད། དེ་ནི་འཐོབ་པ་མ་ཡིན་ཏེ། དུས་གསུམ་གྱི་ཡུལ་ཅན་བྱ་བའི་མཛའ་ཅན་དང་འབྲེལ་པའི་ཕྱིར་ཏེ། དཔེར་ན་ལྷས་བྱིན་ལྟ་བར་བྱ་བ་འོད་སོ་ཞེས་པ་བཞིན་ནོ། །དེའི་ཕྱིར ་འདིར་ཨི་ཥུའི་ཎི་ཥཐ་འབྲས་བུ་དང་དན་པ་མ་ཡིན་ནོ། །དེའི་ཕྱིར་མ་གྲུབ་པའི་རྟགས་ལ་སོགས་བརྗོད་པར་གྱུར་པ་ལ། ཕ་རོལ་གྱིས་སྐྱོན་བརྗོད་ཨ་ན། བསྒྲུབ་པར་བྱ་བ་ཉིད་དུ་......་བསྟན་པར་བྱ་བ་ཉིད་ཀྱང་སྲིད་དོ་ཞེས་པས་སྟོན་པར་འགྱུར་པའང ་ཕྱོགས་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་བཟློག་པའི་ཆེད་དུ་ཚིག་ཕྲད་བརྗོད་དོ། བསྟན་བཅོས་ལ་མི་བལྟོས་པར་ཞེས་པ་ནི་བསྟན་བཅོས་ལ་བལྟོས་པ་མེད་པར་ཞེས་པའི་དོན་ཏོ། །ཁས་བླངས་པ་ཞེས་པ་ནི་དམ་བཅའ་བའི་དོན་ནོ། །དེ་ཁས་བླངས་པར་བྱའོ་ཞེས ་པ་ཁས་བླང་བའོ། །འོ་ན་རང་ཉིད་འདོད་པ་ཞེས་པ་འདིས་རྒོལ་པ་བདག་ཉིད་ཀྱི་འདོད་པ་གང་ཡིན་པ་དེ་ཁོ་ན་བསྒྲུབ་པར་བྱ་བའོ་ཞེས་རྟོགས་པར་བྱེད་པས་གཞན་འདོད་པ་ཐམས་ཅད་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ནམ། དེའི་ཕྱིར་རང་ཉིད་འདོད་པ་ཞེས ་པ་འདིས་གཞན་འདོད་པ་ཐམས་ཅད་ལ་མ་བལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ་ཞེས་བརྗོད་པར་བྱ་མོད། རང་ཉིད་འདོད་པ་ཞེས་པ་འདིས་བསྟན་བཅོས་ལ་མི་བལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ། །ཞེས་བརྗོད་པར་བྱ་བ་དེ་སྐད་དུ་སྨྲ་བ་དེ ་ནི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། འདིར་བསྟན་བཅོས་ཁས་བླངས་པ་ན་ཡང། གལ་ཏེ་ཡང་བསྟན་བཅོས་དེ་བྱེད་པ་པོས་ཆོས་ཅན་གཅིག་ལ་ནམ་མཁའ་ཨི་ཡོན་ཏན་ཉིད་ལ་སོགས་པ་མང་པོ་རྣམས་མངོན་པར་འདོད་པ་དེ་ལྟ་ནའང། སྒྲུབ་པར་བྱེད་པ་འགོད་པར ་བྱེད་པ་པོ་བདག་ཉིད་ཁོ་ནས་གང་སྒྲུབ་པར་འདོད་པ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དེ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རང་ཉིད་སྨོས་པར་བྱས་སོ། །དེའི་ཕྱིར་ངེས་གཞན་འདོད་པ་ཐམས་ཅད་སེལ་ནའང་དོགས ་པའི་གནས་གང་ཡིན་པ་དེ་ཙམ་སེལ་བ་ལ་དེའི་བྱ་བ་བསྟན་པའི་ཆེད་འདི་སྐད་བཤད་དོ། །བསྟན་བཅོས་ཁས་བླངས་པའི་ཕྱིར་དེར་མཐོང་བ་ཐམས་ཅད་བསྒྲུབ་པར་བྱ་བའོ་ཞེས་དོགས་པར་འགྱུར་ལ། འགའ་ཞིག་རྣམས་ཀྱི་བསྟན་བཅོས་སུ་མཐོང་པ ་ནི་བསྒྲུབ་པར་བྱ་བར་འགྱུར་བ་ཁོ་ན་ཡིན་ལ། དེ་ལ་གནོད་ནའང་གཏན་ཚིགས་དང་དམ་བཅའ་དག་གི་སྐྱོན་ཡིན་ནོ་ཞེས་ལོག་པ་བརྟོགས་པ་ཡང་མཐོང་བ་ཁོ་ན་ཏེ་དེ་རྣམས་ཀྱི་སྒྲ་ལ་བྱས་པ་ཉིད་ཀྱིས་ནི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ན། ནམ་མཁའ་ཨི་ཡོན་ཏན ་ཉིད་ལ་སོགས་པའི་ཆོས་སེལ་བ་ན། ཇི་ལྟར་འགལ་བ་ཉིད་ཡིན་པ་དེ་ལྟར་དྲི་ལ་སའི་ཡོན་ཏན་ཉིད་སེལ་བ་ནའང་འགྱུར་རོ། །དེ་ལྟར་ཡིན་མོད་ཀྱི་དྲི་སའི་ཡོན་ཏན་ཉིད་ནི་བསྒྲུབ་པར་བྱ་བའི་སྐབས་མ་ཡིན་ཏེ། དེས་ན་དེ་སེལ་ནའང་འགལ་བ་ཉིད་མ་ཡིན ་ནམ་ཅེ་ན། དེ་ནི་གཞན་ལ་མཚུངས་ཏ། གང་ཕྱིར་ཇི་ལྟར་དྲི་ལ་སའི་ཡོན་ཏན་ཉིད་སྐབས་མ་ཡིན་པ་དེ་ལྟར་སྒྲ་ལ་ཡང་ནམ་མཁའ་ཨི་ཡོན་ཏན་ཉིད་ལ་སོགས་པ་རྣམས་ཏེ། དེའི་ཕྱིར་དེ་ལ་གནོད་ནའང་སྐྱོན་དུ་མི་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི་ནམ་མཁའ་ཨི་ཡོན་ཏན་ཉིད ་ལ་སོགས་པ་ལ་ཆོས་ཅན་སྒྲ་སྐབས་ཡིན་ཏེ། དེ་ལ་མི་རྟག་པ་ཉིད་དམ་བཅའ་བའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་བཟློག་པ་ལ་སྐྱོན་ཡིན་ལ། སའི་ཡོན་ཏན་ཉིད་ནི་མ་ཡིན་ཏེ། དེ་ཆོས་ཅན་གྱི་སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ནི ་ལན་རིགས་པ་མ་ཡིན་ཏེ། གང་ཕྱིར་གང་ལས་སའི་ཡོན་ཏན་ཉིད་བཟློག་པ་ན་འགྱུར་བ་མ་ཡིན་པ་རྒོལ་བས་ཉེ་བར་བཀོད་པའི་ཆོས་ཅན་གྱི་སྐབས་མ་ཡིན་ནོ་ཞེས་པས། ཆོས་ཅན་ལ་བརྟེན་པས་ནམ་མཁའ་ཨི་ཡོན་ཏན་ཉིད་བཟློག་པ་ན་སྐྱོན་དུ་བརྗོད་པ་མ ་ཡིན་གྱི། འོ་ན་ཅི་ཞེ་ན། བསྟན་བཅོས་ཀྱི་དོན་སྒྲུབ་པར་བྱེད་པ་སྐབས་ཡིན་ནོ་ཞེས་བྱས་ནས་སོ། །དེས་ན་གལ་ཏེ་ཡང་ཆོས་ཅན་སྐབས་མ་ཡིན་པ་དེ་ལྟ་ན་ཡང་བསྟན་བཅོས་ཀྱི་དོན་སྒྲུབ་པར་བྱེད་པ་སྐབས་ཡིན་ནོ་ཞེས་པས། བསྟན་བཅོས་སུ་ཉེ་བར་བླངས ་པའི་ཆོས་གཅིག་ལའང་འགའ་ཞིག་གིས་སོལ་བ་ནས་བསྒྲུབ་པར་བྱ་བའི་ཆོས་ཟློག་པའི་ཕྱིར་གཏན་ཚིགས་དང་དམ་བཅའ་དག་གི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་བསྟན་བཅོས་སུ་མཐོར་བ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་ལ་དེ་ལ་གནོད་ན་ཡང་གཏན་ཚིགས ་དང་དམ་བཅའ་དག་གི་སྐྱོན་ཡིན་ནོ་ཞེས་པ་འདི་ནི་མི་རིགས་སོ། །གང་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དེ་ཁོ་ན་རིགས་པའོ་འདི་ནི་སོང་ངོ།། །།འོ་ན་འདོད་པ་སྨོས་པ་ཅིའི་དོན་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ་མ་བརྗོད་པ་ནི་འདོད་པས་ཡུལ་དུ་བྱས་ཀྱང་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ལ། དེས་ན་དེའི་སྒོ་ནས་སྐྱོན་བརྗོད་པ་གང་ཡིན་པ་དེ་ནི་འཕེལ་བ་དང་མཚུངས་པའི་ལྟག་ཆོད་དོ་ཞེས་ཁ་ཅིག་ལ་ལོག་པར་རྟོགས་པ་འདི་ཡོད། དེའི་ཕྱིར་དེ་སེལ ་བའི་ཆེད་དུ་མ་བརྗོད་ཀྱང་འདོད་པས་ཡུལ་དུ་བྱས་པ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་མིག་ལ་སོགས་པ་རྣམས་གཞན་གྱི་དོན་ཡིན་ཅེས་པ་འདིར་མིག་ལ་སོགས་པ་རྣམས་གཞན་གྱི་དོན་ཉིད་དུ་བསྒྲུབ་པར་བྱ་བ་ན། མ་བརྗོད་ཀྱང་འདོད་པས་ཁྱབ་པ་བ་དན?? ་གིས་དོན་ཉིད་བསྒྲུབ་བྱ་མིན་པ་བཞིན་ནོ་ཞེས་བསྟན་པའི་དོན་དུའོ། །གལ་ཏེ་རྒོལ་བའི་འདོད་པས་བསྒྲུབ་བྱ་ཡིན་པ་དེའི་ཚེ་ཆོས་ཀྱི་ཁྱབ་པར་ཟློག་པ་སྒྲུབ་པར་བྱེད་པ་ལ་སོགས་པ་མི་སྲིད་པ་ཁོ་ན་ཏེ། བསྒྲུབ་པར་བྱ་བ་ཚོགས་པ་ནི་གཅིག་ཁོ་ན་ཡིན་ལ། དེའི་ཕྱིར ་དེ་ལས་བཟློག་པའང་གཅིག་ཁོ་ནའོ་ཞེ་ན། འདི་བདེན་ཏེ། གང་ཚོགས་པ་ལས་བཟློག་པ་བསྒྲུབ་པར་བྱེད་པ་གཅིག་པུ་ཁོ་ན་འགལ་བ་སྟེ། ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་རེས་འགའ་ཆོས་ཅན་གྱི་སྒོ་ནས་སམ། ཆོས་ཀྱི་སྒོ ་ནས་སམ། དེ་གཉི་གའི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱ་བའོ་ཞེས་པས་དེས་ཐ་སྙད་དུ་བྱེད་པའི་ཕྱིར། རྣམ་པར་བཞག་པ་ཙམ་ཐ་དད་ཀྱི། དོན་ནི་མ་ཡིན་ནོ། །ཡང་ཅི་ལྟར་མ་བརྗོད་པ་དེ་ཡང་བསྒྲུབ་པར་བྱ་བའོ་ཞེས་ཅི་ལྟར་རྟོགས་ཞེ་ན། རྩོད་པའི ་སྐབས་ལས་མ་བརྗོད་པའང་རྟོགས་སོ། །ཞེས་པས་འདི་ནི་བརྩད་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་མ་བརྗོད་ཀྱང་འདོད་པས་ཁྱབ་པ་བསྒྲུབ་པར་བྱ་བ་ཡིན་ཞིང། དེ་རྗེས་སུ་འགྲོ་བ་མེད་ན་བསྒྲུབ་པར་བྱ་བ་དང་མི་ལྡན་པ་ཉིད་ལ་སོགས་པ་རྣམས་དཔེ་ལ་སོགས ་པའི་སྐྱོན་རྣམས་སོ་ཞེས་པའོ།། །།མ་བསལ་བ་ཞེས་པ་ལ་སོགས་པ་སྟེ། མངོན་སུམ་ཡང་འདི་ཡིན་ལ་དོན་ཡང་ཡིན་པས་མངོན་སུམ་དོན་ནོ། །དེ་དང་རྗེས་དཔག་དང་ཡིད་ཆེས་པ་དང་གྲགས་པའོ་ཞེས་ཚིག་རྣམ་པར་སྦྱར་བ་བྱས་ནས་ཟླས་དབྱེ ་གཅིག་དང་འདྲ་བར་འགྱུར་བས་དེ་ལྟར་བསྟན་ཏོ། །རང་གི་ཆོས་ཅན་ལའོ་ཞེས་པ་འདི་རྒྱུ་མཚན་གྱི་བདུན་པ་སྟེ། རང་གི་ཆོས་ཅན་ཡིན་པའི་རྒྱུ་མཚན་གྱིས་མི་བསལ་བའོ་ཞེས་པའི་དོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། རང་གི་ཆོས་ཅན་ལ་གནོད ་པ་ན་གལ་ཏེ་དེའི་སྒོ་ནས་འོངས་གནོད་པ་བསྒྲུབ་པར་བྱ་བའི་ཆོས་ལའང་འགྱུར་བ་མ་ཡིན་ནའོ་ཞེས་པའི་དོན་ཏོ། །གལ་ཏེ་རྒྱུ་མཚན་གྱི་བདུན་པ་འདི་ཡིན་ན་མངོན་སུམ་ལ་སོགས་པས་རབ་ཏུ་གྲུབ་པའི་འགལ་བ་ཆོས་གཞན་གྱི་རྟེན་བརྟེན་པ་མ་ཡིན་པར ་འགྱུར་ལ། དེ་ལས་ཀྱང་ཁྱད་པར་མེད་པར་བརྗོད་པའི་ཕྱིར་ཆོས་ཅན་གཞན་ལའང་རབ་ཏུ་གྲུབ་པས་སེལ་བར་རྟོགས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཆོས་ཅན་གཞན་ལ་རབ་ཏུ་གྲུབ་པས་སེལ་བ་མི་སྲིད་པའི་ཕྱིར་དེ་ཁོ་ན་ལ་རབ ་ཏུ་གྲུབ་པས་ཞེས་པར་རྟོགས་པར་བྱའོ་ཞེས་པས་སྐྱོན་མེད་དོ། །རང་གི་ཆོས་འདི་ལ་ཡོད་པས་ན་རང་གི་ཆོས་ཅན་ཏེ། རང་གི་ཆོས་ཅན་དེ་ལའོ། །སྒྲུབ་བྱེད་འགོད་པ་པོས་བསྒྲུབ་བྱ་ཉིད་དུ་འདོད་པ་གང་ཡིན་པ་ནི་རང་གི་ཆོས་ཏེ་དེ་དང་ལྡན་པ་ལའོ ་ཞེས་པའི་ཐ་ཚིག་གོ། །གཞན་དུ་ན་གང་གིས་དེའི་དོགས་པ་བཟློག་པའི་དོན་དུ་འདི་འབྲས་བུ་དང་ལྡན་པར་འགྱུར་བ་སྐབས་སུ་བབ་པ་མ་ཡིན་པའི་ཆོས་དང་ལྡན་པའི་ཆོས་ཅན་གཞན་ལ་སྐབས་སུ་བབ་པ་མ་ཡིན་པའི་ཆོས་དང་ལྡན་པ་ཉིད་ཀྱིས་གནོད་པ ་ན་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བ་ལ་ཅི་ཞིག་གནོད། དེའི་ཕྱིར་སྐབས་སུ་བབ་པའི་ཆོས་དང་ལྡན་པའི་ཆོས་ཅན་ལ་གནོད་ན་སྐྱོན་ཡིན་གྱི། སྐབས་སུ་མ་བབ་པའི་ཆོས་དང་ལྡན་པ་ལ་མ་ཡིན་ནོ་ཞེས་རྟོགས་པའི་དོན་དུ་རང་གི་ཆོས་ཅན་ལ་ཞེས་བརྗོད་དོ། །གལ་ཏེ་འདིའི་དོན ་དུ་གྱི་བ་མ་ཡིན་ཏེ། རང་ཉིད་ཅེས་པ་འདི་ཁོ་ནས་དོན་འདི་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་རྒོལ་བ་རང་ཉིད་ཀྱི་སྒྲུབ་པར་འདོད་པ་གང་ཡིན་པ་དེ་བསྒྲུབ་པར་བྱ་བ་སྟེ། དེའི་ཕྱིར་དེ་ལས་བཟློག་པ་སྒྲུབ་པར་བྱེད་པ་ཁོ་ན་ལ་གནོད་དོ་ཞེས་པ་འདི་དོན་གྱིས ་གྲུབ་ཞེ་ན། བདེན་ཏེ། དེ་ལྟར་དོན་གྱིས་གྲུབ་ནའང། འདིར་རང་གི་ཆོས་ཅན་གྱི་ཚིག་སླར་ཡང་བྱས་པ་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་ལ་དངོས་སུ་གནོད་ན་སྐྱོན་དུ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཆོས་ཅན་ལའང་གནོད་ན་ཅི་ཞིག ་ལྟར་འགྱུར་རོ་ཞེས་པའི་དོན་འདི་རབ་ཏུ་འགྲུབ་པའི་ཆེད་དུའོ། །གཞན་དུ་ན་ནི་ཆོས་ཅན་ལ་གནོད་ནའང། དེའི་ཆོས་ལ་གནོད་པར་འགྲུབ་པར་བྱ་བའི་དོན་དུ་རང་གི་ཆོས་ཅན་གྱི་ཚིག་གལ་ཏེ་བྱ་བ་མ་ཡིན་ན། དེའི་ཚ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་བྱ ་བའི་ངོ་བོར་འདོད་པའི་ཆོས་ནི་བསྒྲུབ་པར་བྱ་བའོ་ཞེས་བརྗོད་པའི་ཕྱིར། །དེའི་སྒོ་ནས་འོངས་པ་ཁོ་ན་ལ་གནོད་པར་རྟོགས་པ་པོས་སེམས་ཀྱི་དེ་ཆོས་ཅན་གྱི་སྒོ་ནས་འོངས་པ་ཉིད་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་ཆོས་ཅན་གྱི་ཆོས་བྱས་སོ། །འོ་ན་འདིའང་དོན ་གྱིས་བྲལ?་པ་ཁོ་ན་མ་ཡིན་པ་གང་ལྟར་ནི་ཆོས་ལ་གནོད་པས་ནི་དེ་ཙམ་དུ་ཉམས་པ་ཡི་ལ། དེའང་བསྒྲུབ་པར་བྱ་བའི་ཆོས་ལ་དངོས་གནོད་པ་ན་འགྱུར་བའམ། ཆོས་ཅན་ལ་གནོད་པའི་སོ་ནས་ཀྱང་རུང་སྟེ། རྣམ་པ་གཉིས་ལྟར་ན་ཡང་ཆོས་ལ་གནོད་དེ། དེའི་ཕྱིར་ཆོས་ཅན་ལ་གནོད་པའི་སྒོ་ནས་འོངས་པས་ཀྱང་ཆོས་ལ་གནོད་པ ་དོན་གྱིས་འཐོབ་པ་ཁོ་ནའོ་ཞེས་པས་དེའི་དོན་དུ་རང་གི་ཆོས་ཅན་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། འདི་ནི་བདེན་ཏེ། གང་དུ་ཆོས་ཅན་ལ་གནོད་པ་ན་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པ་མེད་ཅིང། ཡུལ་གང་ཞིག་སེམས་ཅན་ཉེ་བར་འགོག་པ ་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ལ་ཉམས་པ་ཅི་ཡང་མེད་པ་དེ་ལའང་ཆོས་ཅན་འབའ་ཞིག་ཉེ་བར་འགོག་པ་ནའང་རྒོལ་བ་འགའ་ཞིག་དམ་བཅའ་ཨི་སྐྱོན་གྱིས་དང་གཏན་ཚིགས་འགལ་བ་ཉིད་ཀྱི་སྐྱོན་དང་ལྡན་པ་ཉིད་དུ་འདོད་དེ་དཔེར་ན་ནམ་མཁའ་ ་ལ་སོགས་པ་ནི་གཅིག་གི་རང་བཞིན་དུ་གནས་པ་མ་ཡིན་ཏེ། ཅིག་ཅར་འབྲས་བུ་མི་བྱེད་པའི་ཕྱིར་རོ། །ཞེས་དངོས་པོར་གྱུར་པའི་ནམ་མཁའ་ལ་སོགས་པ་ཆོས་ཅན་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བརྗོད་པར་འདོད་པ་ཁས་བླངས་པ་མེད་པར།། ་ནམ་མཁའ་མེད་པ་ཉིད་དུ་སྨྲ་བས་ཕྱིར་ནམ་མཁའ་ལ་སོགས་པ་ཕྱོགས་སུ་བྱས་པ་ལ། ཆོས་ཀྱང་རྣམ་པར་གཅོད་པ་ཙམ་བསྒྲུབ་པར་བྱ་བ་ལ། རྣམ་པར་གཅོད་པའི་ངོ་བོ་གཏན་ཚིགས་ཡིན་པ་ན་སུན་འབྱིན་པར་བྱེད་པ་བོས་དངོས་པོར་གྱུར་པའི་ནམ་མཁའ་ ་ལ་སོགས་པའི་ཆོས་ཅན་མེད་པའང་སྒྲུབ་པར་བྱེད་དོ་ཞེས་སྨྲ་བ་ལྟ་བུ་སྟེ། དེ་ལྟར་དངོས་པོར་གྱུར་པའི་ཆོས་ཅན་བསལ་བ་ནའང་འདོད་པའི་བསྒྲུབ་བྱའི་ཆོས་རྣམས་གསོད་པར་ཙམ་ལ་གནོད་པར་འགྱུར་བའམ་རྣམ་པར་གཅོད་པའི་ངོ་བོའི་གཏན་ཚིགས ་ཀྱི་མ་གྲུབ་པ་ཉིད་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་འདི་ལྟར་ཆོས་ཅན་འབའ་ཞིག་ལ་ཉེ་བར་གནོད་པའང་འདིར་གནོད་པ་ཁ་ཅིག་འདོད་མོད། འདོད་པར་བྱ་བ་ཡང་མ་ཡིན་ཏེ། དངོས་པོར་གྱུར་པའི་ཆོས་ཅན་བསལ ་ནའང། རྣམ་པར་གཅོད་པ་ཙམ་གྱི་བསྒྲུབ་པར་བྱ་བ་དང་གཏན་ཚིགས་འགྲུབ་པའི་ཕྱིར་རོ། །དེས་ན་གང་དུ་ཆོས་ཅན་ལ་གནོད་པས་བསྒྲུབ་པར་བྱ་བའི་ཆོས་ཉེ་བར་འགོག་པར་འགྱུར་བ་དེར་སྐྱོན་ཡིན་གྱི། གང་དུ་ཆོས་ཅན་འགོག་ནའང་བསྒྲུབ་པར་བྱ ་བའི་ཆོས་ལ་ཉམས་པ་འགའ་ཡང་མེད་པ་དེ་ལ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་འབའ་ཞིག་པ་མ་ཡིན་པའི་ཕྱིར་དེས་ན་འབའ་ཞིག་བཀག་ནའང་ཅི་ལྟར་གནོད ་པར་འགྱུར། དེའི་ཕྱིར་རྣམ་པར་གཅོད་པ་ཙམ་བསྒྲུབ་པར་བྱ་བ་ལ་དངོས་པོར་གྱུར་པའི་ཆོས་ཅན་སེལ་ན་ཡང་སྐྱོན་དང་ལྡན་པ་ཉིད་མ་ཡིན་ནོ། །ཞེས་པ་འདི་རང་གི་ཆོས་ཅན་སྨོས་པས་བསྟན་ཏོ། །འོ་ན་འདི་ཡང་རང་ཉིད་སྨོས་པ་ཁོ་ནས་འགྲུབ་པ ་མ་ཡིན་ནམ། དངོས་པོར་གྱུར་པའི་ཆོས་ཅན་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཕྱིར་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། དངོས་པོར་གྱུར་པ་དང་དངོས་པོར་མ་གྱུར་བ་ཉིད་བརྗོད་པར་འདོད་པ་མེད་པ། སྤྱིར་བརྗོད་པར་འདོད་པས་འདིར་ནམ་མཁའ་སོགས ་པ་ཕྱོགས་སུ་བྱས་ལ། དེའི་ཕྱིར་དངོས་པོར་མ་གྱུར་པ་དང་དངོས་པོར་གྱུར་པའི་ཆོས་ཅན་ཐམས་ཅད་འཕགས་པ་ཁོ་ནའོ། །དེ་ལྟར་ནའང་དངོས་པོར་གྱུར་པ་བསལ་ནའང་སྐྱོན་མེད། དངོས་པོར་མ་གྱུར་པའི་ཆོས་ཅན་མཁས་པ་ཉིད་ཀྱི་ཕྱིར་རོ། །ཡང ་གལ་ཏེ་དངོས་པོར་མ་གྱུར་པའི་ཆོས་ཅན་ཡང་བསལ་ན་སྐྱོན་དུ་འགྱུར་མོད། དེ་ནི་གསལ་བ་མ་ཡིན་ནོ་ཞེས་པས་ཁ་ན་མ་ཐོ་བ་མེད་དོ། །དེས་ན་འདིར་ཕྱོགས་ཀྱི་མཚན་ཉིད་འདིར་རང་ཉིད་ཀྱི་སྒྲས་སྐབས་སུ་བབ་པ་ཡིན་པའི་ཆོས་གཞན་བསྟན་བཅོས་ལ ་མཐོང་བ་རྣམས་ལ་གང་གནོད་པ་དེ་ནི་འགལ་བ་མ་ཡིན་པ་ཁོ་ནའོ་ཞེས་བཤད་ཅིང། རང་གི་ཆོས་ཅན་ལའོ་ཞེས་པ་འདིས་ནི་ཆོས་ཅན་གཞན་གསལ་བ་གང་དེས་བསལ་བ་མ་ཡིན་ཞེས་བཤད་དོ་ཞེས་བཤད་པའོ། །ཆོས་ཅན་གང་ཆོས་ཀྱིས་ཁྱད་པར ་དུ་བུམ་པ་ཞེས་པ་འདིས་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱད་པར་དུ་བྱས་པ་ཁོ་ནའི་ཆོས་ཅན་བསྒྲུབ་པར་བྱ་བ་ཉིད་དུ་སྟོན་ཅིང། ཆོས་ཅན་འབའ་ཞིག་པ་འགོག་ན་ཡང་གནོད་པར་འགྱུར་བ་མ་ཡིན་ནོ་ཞེས་པ་འདི་གསལ་བར་བྱེད་དོ། །གལ་ཏེ་དེ་ལ ་ཅེས་པ་བསྒྲུབ་པར་བྱ་བའི་ཆོས་བཀག་པའི་རྒྱུ་མཚན་ཆོས་གཞན་དེས་གལ་ཏེ་མ་བསལ་ཞིང། གལ་ཏེ་གནོད་པར་བྱ་བ་དེ་ལ་དེའི་སྒོ་ནས་འོངས་པའི་གནོད་པ་བསྒྲུབ་པར་བྱ་བའི་ཆོས་ལའང་མ་ཡིན་པར་གྱུར་ནའོ་ཞེས་པའི་དོན་ཏོ། །སྒྲ་མཉན་བྱ ་མ་ཡིན་ནོ་ཞེས་པའི་མཉན་བྱའི་སྒྲས་འདིར། ངོ་བོ་སྣ་ཚོགས་ཅན་གྱི་སྒྲའི། ངོ་བོ་གང་ཉན་པའི་ཤེས་པ་ལ་སྣང་བ། སྣ་ཚོགས་སུ་སྣང་བའི་བློ་མཐོང་བ་མེད་པའི་ཕྱིར་ན་རིགས་ལ་སོགས་པའི་འབྲེལ་པ་ཅན་གཞན་གྱིས་དབེན་པ་དེ་ཁོ་ན་བཤད་དོ། །ཉན ་པའི་ཤེས་པས་གཟུང་བར་བྱ་བའོ་ཞེས་བྱས་ནས་སོ། །དེ་ཁོ་ན་བསྟན་པའི་དོན་དུ་མདོར་མངོན་སུམ་དོན་དང་ཞེས་དོན་བཤད་དོ། །ཉན་པའི་དབང་པོའི་ཡུལ་འདི་ཁོ་ན་སྦོང་ན་མངོན་སུམ་གྱིས་གནོད་ཀྱི། སྤྱི་ལ་ནི་མ་ཡིན་ཏེ། གང་ཕྱིར་འདི་ལྟར་གྱུར་པའི ་ངོ་བོ་དེ་ཁོ་ན་དོན་ཏེ། ལྷག་མ་ཤེས་བྱ་ཉིད་ལ་སོགས་པ་སྤྱི་ནི་དངོས་པོའི་ངོ་བོ་མ་ཡིན་ནོ། །དངོས་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་དབང་པོའི་སྤྱོད་ཡུལ་མ་ཡིན་ལ། དེའི་ཕྱིར་དེ་སྤོང་ན་གནོད་པ་མ་ཡིན་ནོ་ཞེས་པ་འདི་མཉན་བྱ་བརྗོད་པས་གསལ་བར་བྱས་སོ།། ་གལ་ཏེ་དབང་པོའི་ཡུལ་གྱི་རང་བཞིན་གྱི་དོན་མངོན་པར་འདོད་པ་ཡིན་ན། དེ་རང་གི་མིང་གིས་བརྗོད་པར་བྱ་ཅིས་མིན་ཞེ་ན། རང་གི་མཚན་ཉིད་ནི་རྣམ་པ་ཀུན་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྤྱིའི་ངོ་བོ་བརྗོད་པར་བྱེད་པ་ལ། མཉན་པར་བྱ ་པའི་སྒྲས་སམ་གཞན་གྱིས་བརྗོད་པར་བྱའོ་ཞེས་ཁྱད་པར་ཅི་འང་མེད་དོ་ཞེས་པས་འདི་ལ་མངོན་པར་ཞེན་བྱ་མ་ཡིན་ནོ། །གཞན་ཡང་ཉན་པའི་ཤེས་པ་ལས་དོན་དེ་འགྲུབ་སྟེ། དེའི་སྒྲུབ་པར་བྱེད་པ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་དེའི ་སྟོབས་ལས་རང་བཞིན་གྲུབ་པ་ནི་དེ་ཁོ་ནས་ཐ་སྙད་དུ་བྱའོ་ཞེས་པ་འདི་ནི་དེ་ལྟར་མངོན་པར་རྗོད་པའི་དགོས་པའོ། །གཞན་ཡང་སྒྲ་ལ་དེ་ལྟ་བུའི་ངོ་བོ་དེ་མེད་དོ་ཞེས་སྨྲ་བ་པའི་ཉན་པའི་ཤེས་པའི་མངོན་སུམ་ཁོ་ནས་གནོད་པའོ་ཞེས་པའི་རྒྱུ་མཚན ་འདིས་ཀྱང། སྒྲ་ནི་དབང་པོའི་སྤྱོད་ཡུལ་གྱི་རང་བཞིན་དུ་མཉན་བྱའི་སྒྲས་བཤད་དོ། །རྗེས་སུ་དཔག་པ་དང་འགལ་བའི་དཔེར་བརྗོད་པ་ནི། བུམ་པ་རྟག་གོ་ཞེས་པའོ། །བུམ་པ་ལ་བརྡེགས་པར་བཟོད་ལ། མཐོང་བ་ལས་འགའ་ཞིག་གི་འཁྲུལ་པས་འདིར་འགྱུར ་རོ། །དེ་ཡང་མཐོང་བ་འགགས་པའི་བུམ་པ་བཞིན་དུ་སྐྱེ་བ་ལ་སོགས་པའི་ཕྱིར་མི་སྲིད་དོ། །གལ་ཏེ་མི་རྟག་པའི་བུམ་པ་ནི་འགའ་ཡང་མེད་ཀྱི་དེར་ཡང་མེད་ཀྱི་དེར་ཡང་བསལ་བ་མི་སྣང་བའི་ཕྱིར་རོ་ཞེ་ན། དེའི་གནས་སྐབས་ཉིད་ནི་རྟག་པ་ཉིད་ལ། དེའི ་གནས་སྐབས་ཉིད་མ་ཡིན་པ་ནི་མི་རྟག་པ་ཉིད་དུ་སྨྲའོ། །དེ་ནི་འགགས་པ་ལ་ཡོད་དོ་ཞེས་པས། ཞིག་པའི་ཕྱིར་རམ་མི་སྣང་བའི་ཕྱིར་ཞེས་པ་ནི་འདིར་མངོན་པར་ཞེན་བྱ་མ་ཡིན་ནོ། ཚད་མ་རྣམ་པ་མེད་དོ་ཞེས་པ་ནི་ཡིད་ཆེས་པས་གནོད་པའི་དཔེར་བརྗོད་དོ།། ་འོ་ན་ཚད་མས་གནོད་པར་འགྱུར་ལ། དེ་ཡང་རྣམ་པ་གཉིས་ཏེ། དེས་ན་དེ་བྱས་པའི་གནོད་པ་དེ་མ་ཐག་པར་བརྗོད་པ་རྣམ་པ་གཉིས་ཁོ་ནར་འགྱུར་རོ། གང་འདི་ཡིད་ཆེས་པས་གནོད་པ་དང་གྲགས་པས་གནོད་པ་སྟེ། གནོད་པ་གཉིས་པོ་འདི་དག་ཅི་ལྟར་ཞེ་ན ་སྐྱོད་འདི་མེད་དེ། རྗེས་སུ་དཔག་པའི་རྣམ་པ་གསུམ་དུ་དབྱེ་བ་བྱས་ནས་གནོད་པ་དེ་རྣམ་པ་བཞིར་གསུང་སོ། །མངོན་སུམ་གྱིས་གཅིག་དང་རྗེས་སུ་དཔག་པས་རྣམ་པ་གསུམ་མོ་ཞེས་བསྡུས་ནས་རྣམ་པ་བཞིར་འགྱུར་རོ། །ཡང་གང་གིས་རྗེས་སུ་དཔག་པའི་དབྱེ་བ ་རྣམ་གསུམ་དུ་འགྱུར་བ་ཇི་སྐད་བཤད་པའི་རྟགས་ཀྱི་ནང་དུ་ཁས་བླངས་པ་མ་སོགས་པ་ཅི་ལྟར་འདུས་པར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དེ་ལ་ཁས་བླངས་པ་ནི་འབྲས་བུའི་རྟགས་དང་།གྲགས་པ་ནི་རང་བཞིན་གྱི་མཚན་ཉིད་ཅན་ནོ། །བདག་གམ་གཞན ་དོན་ཇི་ལྟ་བ་བཞིན་མཐོང་བས་དག་འཇུག་པ་ནི་ཡིད་ཆེས་པར་མངོན་པར་འདོད་དོ། །དེ་ལྟར་ནི་བསྟན་བཅོས་ཁས་ལེན་པའི་རྒོལ་བ་དེས་དེའི་བྱེད་པ་པོ་དང་བདག་ཉིད་ཀྱང་རྣམ་པ་འདི་ལྟ་བུར་ཁས་བླངས་ལ། དེའི་ཕྱིར་འདི་དག་ནི་ཡིད་ཆེས་པའི་སྒྲས ་བརྗོད་པར་བྱ་བ་དག་སྟེ། འདི་དག་གི་དོན་དེ་ལྟ་བུར་གྱུར་པ་མེད་པར་དག་འཇུག་པ་མ་ཡིན་པ་ཞེས་པའོ། དེ་ནི་སྨྲ་བ་པོའི་བསམ་པའི་རོར་བྱེད་པས་འབྲས་བུར་རྣམ་པར་བཞག་ལ། རང་གི་འབྲས་བུས་ཡང་དག་པར་བསྟན་པ་དེས་ནི་རང་ལས་ཕྱིན ་ཅི་ལོག་ཏུ་ཁས་བླངས་པའི་གགས་བྱེད་དོ། །གགས་ཙམ་གྱི་མཚན་ཉིད་ཅན་ཡོད་འདིར་གནོད་པར་རིགས་པར་བྱའོ། །དེ་ལྟར་འབྲས་བུའི་ཏན་ཚིགས་ཉིད་དུ་མཚུངས་པའི་ཕྱིར་རང་གི་ཚིག་དང་བསྟན་བཅོས་བསྡུས་ནས་ཡིད་ཆེས་པའི་སྒྲས་བརྗོད་དོ།། ་ཇི་ལྟར་བདག་ཉིད་ཚད་མ་མ་ཡིན་པ་ཉིད་དུ་ཁས་ལེན་ན་རྒོལ་བའི་ཚིག་ཕ་རོལ་པོ་དེ་སུ་གཞུག་པའི་ཆེད་དུ་འཇུག་པ་མ་ཡིན་པ་དེ་ལྟར་བསྟན་བཅོས་ཚད་མ་ཉིད་མ་ཡིན་ན། དེས་རབ་ཏུ་གྲུབ་པའི་ཆོས་ཅན་ཚད་མ་མེད་པ་ཅན་རྣམ་པར་སྤྱོད་པ་འཇུག་པ ་མ་ཡིན་ནོ་ཞེས་པ་འདི་ནི་གཉིས་ཀ་ཡིད་ཆེས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་མཚུངས་པའི་རྒྱུ་མཚན་གཞན་ཡིན་ནོ། །སྦྱར་བས་སྟོན་པ་ལ་ཡང་འདི་ཁོ་ན་མཚུངས་པའི་ཕྱིར་རྒྱུ་མཚན། གང་གིས་འདི་ལྟར་འདི་དག་མཚུངས་པ་ཡིན་པ་དེས་དང ་དཔེ་བརྗོད་པའང་འདིར་འདྲ་བར་སློབ་དཔོན་གྱིས་གཞལ་བྱའི་དོན་སྒྲུབ་པར་བྱེད་པའི་ཚད་མ་རྣམས་མེད་དོ་ཞེས་བསྟན་ཏོ། །ཡང་དངོས་པོར་ན་ཆད་མ་མ་ཡིན་པ་འདི་དག་གིས་གེགས་ཀྱི་མཚན་ཉིད་ཅན་གྱི་གནོད་པ་ཅི་ལྟར་བྱ་ཞེ་ན། གསུངས་པ་དམ ་བཅའ་བ་ཙམ་གྱིས་ཞེས་པའོ། །གཏན་ཚིགས་བསྟན་པ་ནི་བསྟན་བཅོས་དང་རང་གི་ཚིག་དག་ནི་ཚད་མ་ཅན་མ་ཡིན་པའི་དམ་བཅའ་ལ་གནོད་པར་བྱེད་པ་ཡིན་གྱི། དངོས་པོར་ན་ཚད་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། དེ་ཉིད ་ཀྱི་ཕྱིར་འདི་དག་གི་ཡུལ་གྱི་དབྱེ་བ་འདི་བསྟན་པའི་དོན་དུ་རྗེས་སུ་དཔག་པ་ལས་ཐ་དད་པར་བཤད་དོ་ཞེས་སྟོན་ཏོ། །ཙམ་སྨོས་པ་ནི་རང་གི་ཚིག་ལ་སོགས་པ་ལ་གལ་ཏེ་ཡང་རྗེས་སུ་དཔག་པས་གནོད་པར་བྱེད་པའང་སྲིད་མོད། དེ་ལྟར་ནའང་དེ་ལ་བལྟོས ་པ་མེད་པར་རྒོལ་བས་ཚད་མ་ཉིད་དུ་དམ་བཅའ་ཙམ་གྱིས་དང། རང་གིས་ཚིག་ལ་སོགས་པ་འགལ་བ་བསམ་པར་བྱའི། རྗེས་སུ་དཔག་པས་གནོད་པའི་སྒོ་ནས་ནི་མ་ཡིན་ནོ་ཞེས་ཡོངས་སུ་གསལ་བར་བྱ་བའི་དོན་དུའོ། །འདི་ཡང་རང་གི་ཚིག་དང་འགལ ་བ་ལ་ནི་དཔེར་བརྗོད་པ་གསལ་པོ་ཡིན་ནོ། །དེ་ལྟར་ནི་གལ་ཏེ་རྒོལ་བས་རང་གི་ཚིག་ཚད་མ་ཉིད་དུ་ཁས་མི་ལེན་ན་དེའི་ཚེ་ཕ་རོལ་པོས་རྟོགས་པར་བྱ་བའི་ཆེད་དུ་ཚིག་ཅུང་ཟད་ཀྱང་མི་བརྗོད་པར་འགྱུར་ན། བརྗོད་པར་ཡང་བྱེད་དོ། །དེའི་ཕྱིར་ཚིག་ཕ ་རོལ་པོའི་རྟོགས་པ། སྒྲུབ་པར་བྱེད་པའི་དངོས་པོར་རྒྱོད??་པར་བྱེད་པས་ཚད་མ་ཉིད་ཁས་བླངས་ལ་དེའི་ཕྱིར་དེ་ཚད་མར་ཡོད་པ་ཉིད་དུ་རྟོགས་པར་བྱེད་པའི་བརྗོད་པས་ནི། ཚད་མ་མེད་པའི་དམ་བཅའ་སེལ་བར་བྱེད་དོ། །ལུང་དང་འགལ་བ་ལ་ནི་བཤད ་པ་འདི་ཕྱོགས་ཙམ་སྟོན་པ་ཡིན་ཏེ། གང་གི་ཕྱིར་བསྟན་བཅོས་ལ་བརྟེན་པའི་སྟོབས་ཁོ་ན་ཡིས་ཚད་མ་ཡོད་པ་ཉིད་དུ་གདོན་མི་ཟ་བར་རྟོགས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཤེས་པ་འགའ་ཞིག་ལ་དོན་ཤེས་ནས། དོན་བྱ་བ་ལ་མི་བསླུ་བར་ཉམས་སུ ་མྱོང་བ་ལས་ཀྱང་སྟེ། རྣམ་པ་དེ་ལྟ་བུ་རྣམས་ནི་ཉམས་སུ་མ་མྱོང་བ་དེ་ཡོངས་སུ་མཐོང་བའི་དོན་ཅན་བསྒྲུབ་པར་བྱ་བའི་དོན་བྱེད་པ་རྣམས་ཀྱང་དེའི་རང་བཞིན་ཉིད་ཞེས་ཚད་མ་ཉིད་དུ་རྟོགས་པར་བྱེད་དོ། །དེ་ལ་གང་གིས་ཚེ་ཁས་བླངས་པའི་བསྟན་བཅོས་ཀྱི་རབ་ཏུ་གྲུབ ་པའི་ཚད་མ་རྣམས་སྤོང་བར་བྱེད་པ་དེའི་ཆེ་འདི་བསྟན་བཅོས་དང་འགལ་བའི་དཔེར་བརྗོད་དུ་འགྱུར་རོ། །གང་གི་ཚེ་བསྟན་བཅོས་ལ་མ་བརྟེན་པར་ཚད་མ་ཡོད་པ་ཉིད་དུ་ཁོང་དུ་ཆུད་པ་དེའི་ཚེ་འདི་ལུང་དང་འགལ་བའི་དཔེར་བརྗོད་ཐད་པ་མ་ཡིན་ནོ། །དེའི་ཕྱིར་ཁས ་བླངས་པ་གནོད་པ་ལ་འདི་ཕྱོགས་ཙམ་བསྟན་པར་བཤད་དོ། །འདི་ལ་དཔེར་བརྗོད་པ་གསལ་བ་ནི་འདི་ཡིན་ཏེ། ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ནི་ཆོས་ནི་བསྟན་བཅོས་ཀྱི་བཞག་པའི་ཆོས་ཅན་ཡིན་ཞིང། དེ་ལ་བདེ་བ་མི་སྟེར་བ་ཉིད་བསྒྲུབ་པར ་བྱ་བ་ལ། བདེ་བ་སྟེར་བ་ཉིད་དུ་བསྟན་བཅོས་སུ་མཐོང་བས་གནོད་པའོ། །གལ་ཏེ་ལུང་དང་རང་གི་ཚིག་དག་གིས་གགས་ཙམ་བྱེད་པ་ཡིན་ན། འོ་ན་ད་འདི་དག་གིས་ཁྱད་པར་ཞེ་ན། ཅིའང་མེད་དོ། །གལ་ཏེ་ཅིའི་མེད་ན་འདི་དག་རིགས་པའི་སྒོར་ཐ་དད་དུ་གསུངས་པ་ཅི་ལྟར་ཞེ་ན། ་དག་གི་དབྱེ་བ་ལས་ཏེ། རང་ཉིད་ཁོ་ནས་ཕ་རོལ་པོའི་སྒོ་ཅན་གྱི་དག་གཞན་གྱིས་དོན་འགའ་སོ་སོར་གཞག་ནས་ཡང་དེ་ཁོ་ན་ཕྱི་མས་ཉམས་པར་བྱེད་པའི་ཕྱིར་ལུང་དང་འགལ་བ་སྟེ། དཔེར་ན་འུག་པ་པས་སྒྲ་རྟག་གོ་ཞེས་པ་ལྟ་བུའོ། །དག་དེ་ཉིད་ཀྱིས་རང་གི་དོན་དང ་འགལ་ན་རང་གི་ཚིག་འགལ་བྱ་སྟེ། དཔེར་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་ཞེས་པ་དང། སྨྲས་པ་ཐམས་ཅད་རྫུན་ཡིན་ནོ་ཞེས་པ་ལྟ་བུའོ། །གང་ལའང་ཞེས་པ་ལ་སོགས་པས་གྲགས་པས་གནོད་པ་དཔེར་རྗོད་དོ། །འདིར་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་པ་དམ་བཅའ་ཨོ། ་འདིའི་དོན་ནི་རི་བོང་ཅན་ཟླ་བའི་བརྗོད་པར་བྱ་བ་ཉིད་དུ་མེད་དོ་ཞེས་པའོ། །དེ་ཡང་སྒྲ་ལས་བྱུང་བས་རབ་ཏུ་གྲུབ་པ་དང་འགལ་བའི་དོན་གྱིས་སེལ་ཏེ། སྒྲ་ལས་བྱུང་བ་ནི་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པའོ། །དེས་རབ་ཏུ་གྲུབ་ཅིང་ངེས་པ་ནི་སྒྲ་ལས་བྱུང་བས་རབ་ཏུ་གྲུབ་པའོ།། ་ཡང་འདི་ཉིད་ཀྱི་དོན་གཞན་འདི་ཤེས་པར་བྱ་སྟེ། ཟླ་བ་ཟླ་བ་ཞེས་པ་ཉིད་ལྟ་བུ་ལ་སོགས་པ་སྒྲའི་རྒྱུ་ཅན་གྱི་ཐ་སྙད་ནི་སྒྲ་ལས་བྱུང་བ་ཡིན་ལ། དེ་ལས་རབ་ཏུ་གྲུབ་ཅིང་སྐྱེས་པ་འདོད་པའི་སྒྲའི་བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱིས་ཆོས་ནི་སྒྲ་ལས་བྱུང་བ་ལས་རབ་ཏུ་གྲུབ་པ་སྟེ། ་མཆོག་ཏུ་གྲུབ་པ་ཉིད་དུ་ཤེས་པར་བྱེད་པའི་དོན་ལ་རབ་བྱི་སྒྲ་ཉེ་བར་བླངས་པ་ཡིན་ནོ། །མཆོག་ཏུ་མི་དེ་དོན་ཐམས་ཅད་ལ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་སྒྲའི་ཐ་སྙད་ལས་སྐྱེས་པའི་ཆོས་གྲགས་པ་ཞེས ་བྱ་བའི་རྗེས་སུ་དཔག་པས་ངེས་པ་ཇི་སྐད་བཤད་པའི་ངོ་བོ་ཅན་ཡིན་ཞིང་དེས་གནོད་དོ་ཞེས་པའོ། །ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཡོད་པ་ཉིད་ལ་སོགས་པ་གནོད་པར་བྱེད་པའི་གཏན་ཚིགས་ནི་མཐུན་མོང་མ་ཡིན་པ་ཉིད་དོ། །དེའི ་ཕྱིར་ཡང་རྗེས་སུ་དཔག་པ་མེད་དོ། །འདོད་པའི་སྒྲའི་རུང་བ་ཉིད་སྤོང་བ་ལ་པང་གང་ལ་དངོས་པོ་ཐམས་ཅད་ལ་འབྱུང་བའི་ངང་ཚུལ་ཅན་ཡོད་པ་ཉིད་ཀྱང་རྗེས་སུ་འགྲོ་བ་མེད་པ་དེར་རྟགས་གཞན་རྗེས་སུ་འགྲོ་བར་ག་ལ་འགྱུར་ཞེས་པས། འདིར་གཏན་ཚིགས་རྣམས ་ཐམས་ཅད་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་པ་འདི་རྟོགས་པ་ནི་གཏན་ཚིགས་ལ་ཡོད་པ་ཉིད་དཔེར་ན་བརྗོད་པའི་འབྲས་བུའོ། །འོ་ན་བུམ་པ་ལ་སོགས་པ་མཐུན་ཕྱོགས་ཟླ་བ་མ་ཡིན་པ་ལ་ཡོད་པ་ལ་ཉིད་རྗེས་སུ་འགྲོ་སྟེ། དེས་ན་འདི་ཅི་ལྟར་ཐུན་མོང་མ་ཡིན་པ ་ཡིན་ཅེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདོད་པའི་སྒྲས་བརྗོད་དུ་རུང་བ་ཉིད་ནི་དོན་ཐམས་ཅད་པ་འབྱུང་བ་ཅན་ཡིན་ནོ། །དེ་ལྟར་ནི་བརྔ་བྱས་པ་རྣམས་དང་བརྔ་མ་བྱས་པའི་སྒྲ་རྣམས་ཀྱི་རུང་བ་ནི་ཐམས་ཅད་ཡིན་ཏེ། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །སྒྲའི་རུང ་བ་ཉིད་ཀྱི་སྟོབས་ཁོ་ན་ལས་སྒྲ་ཐམས་ཅད་སྒྲའི་རུང་བ་ཉིད་ལ་འབྲེལ་པ་སྟེ། གང་གི་ཚེ་ཁོ་ན་སྒྲ་གང་ཞིག་དོན་གང་ལ་སྦྱོར་བར་འདོད་པ་དེའི་ཚེ་ཁོ་ན་དེ་དེ་ལ་སྦྱོར་བར་ནུས་སོ་ཞེས་པའོ། །བུམ་པ་ལ་སོགས་པ་རྣམས་ལའང་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་རབ་ཏུ ་གྲུབ་པ་ཁོ་ནའོ་ཞེས་རྣམ་པར་འཇོག་ཏེ། རུང་བ་ཉིད་ཀྱི་ཕྱིར་ཏེ། དཔེར་ན་འཚེད་པར་བྱེད་བཞིན་པ་མ་ཡིན་ཡང་འཆེད་པ་ཆེན་མོ་ཉིད་བཞིན་ནོ། །དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་ཀྱང་ཟླ་བ་སྟེ། དེས་ན་ཟླ་བ་མ་ཡིན་པ་འགའ་ཞིག་ལ་ཡོད་པ་ཉིད་རྗེས་སུ་འགྲོ་བ་མེད་དོ ་དེའི་ཕྱིར་ཐུན་མོང་མ་ཡིན་པ་ཁོ་ནའོ། །དེ་ལྟར་འགྱུར་མོད། འདི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། འགལ་བ་ཉིད་དུ་འགྱུར་གྱི། ཐུན་མོང་མ་ཡིན་པ་ཉིད་དུ་ནི་མི་འགྱུར་རོ་ཞེ་ན། འདི་ནི་བདེན་ཏེ། ཕ་རོལ་པོས་བུམ་པ་ལ་སོགས་པ་རྣམས་མི་མཐུན་ཕྱོགས་ཉིད ་དུ་མི་འདོད་དོ་ཞེས་པ་འདིའི་ཕྱིར། ཕ་རོལ་པོའི་བསལ་བས་མི་མཐུན་ཕྱོགས་ལ་འཇུག་པ་མ་ཡིན་ནོ་ཐུན་མོང་མ་ཡིན་པ་ཉིད་དུ་བརྗོད་པ་འགའ་ཞིག་གོ་།ཡང་ན་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ལ་ཞེས་པ་ལ་འདིའི་དོན་གཞན་འདི་ཡིན་ཏེ། གང་གྲགས་པ ་ལ་ལོག་པར་ཞུགས་པ་ཐམས་ཅད་ལ་གྲགས་པ་ཉིད་མི་འདོད་པ་རི་བོང་ཅན་ཟླ་བ་མ་ཡིན་ཞེས། ཡོངས་སུ་བཤད་པ་ཅན་གྱི་དོན་མེད་པ་ཉིད་མེད་དུ་སོ་སོར་ཤེས་པའམ་དམ་བཅས་པ་ལ། དེའི་དོར་རྗེས་སུ་དཔག་པ་མེད་པར་གསུངས་ཏེ། འཇིག་རྟེན་གྱི་ཡོངས་སུ ་བཤད་པ་ཅན་གྱི་དོན་སྒྲུབ་པར་བྱེད་པའིའོ། །དེ་ནི་རི་བོང་ཅན་ཇི་སྲིད་པའང་ཟླ་བར་མི་འདོད་ན། གང་གི་དཔེར་འགྱུར་པ་གྲགས་པས་གྲུབ་པ་ཅི་ཞིག་འདོད་པར་འགྱུར་ཞེས་པས་རབ་ཏུ་འཇུག་པ་པོའི་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དོ། །གལ་ཏེ་ཡང་དེ་ལྟ་ཡིན་བདེ་ལྟ ་ནའང་འདོད་པ་ཙམ་གྱིས་འཇུག་པའི་གྲགས་པས་གྲུབ་པ་དང་འགལ་བའི་དོན་གྱིས་ཇི་སྐད་བཤད་པའི་དམ་བཅའ་དོན་ལ་གནོད་པར་བྱེད་དོ། །འདོད་པ་ཙམ་དང་རྗེས་སུ་འཕྲུལ་པ་དངོས་པོ་ལ་ངེས་པ་མེད་པའི་བརྔ་ཅན་སྒྲ་འབྱུང་བའི་ཆོས་རྣམས་ཀྱི་རུང་བ་ནི་དངོས ་པོ་ཐམས་ཅད་ཡིན་པས་ཏེ། འདོད་པ་ལ་འགོག་པ་མེད་པའི་ཕྱིར་རོ། །ངེས་ན་འདོད་པ་ཙམ་གྱི་དབང་དུ་གྱུར་པའི་བརྔའི་རྗེས་སུ་བྱེད་པའི་སྒྲ་རྣམས་ཀྱི་དོན་ངེས་པ་མེད་པའི་ཕྱིར། འདོད་རྒྱལ་བའི་སྒྲའི་ཡུལ་གྱི་དོན་ལ་འགོག་པ་འགལ་བ་ཡིན་ནོ། །གང་གི་ཚེ་རྒྱུ་མཚན ་ཅན་གྱི་སྒྲ་འཆོད་པ་པོ་ལ་སོགས་པ་རང་གི་རྒྱུ་མཚན་མེད་པ་ལས་དོན་ལ་འགོག་པ་དང། དཔེར་ན་ཟླ་བ་ཉིད་ཅེས་བྱ་བ་དོན་དམ་པར་ན་ཡོད་པ་མ་ཡིན་ནོ་ཞེས་དོན་དམ་པ་པའི་དོན་འགོག་པ་དེའི་ཚེ་གྲགས་པས་གནོད་པའི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །གང་གི་ཕྱིར ་ཡོངས་སུ་བཤད་པ་ཁོ་ནའི་དོན་འགོག་པ་བྱེད་བཞིན་པ་ལ་གྲགས་པས་གནོད་པར་འགྱུར་གྱི་གཞན་ལ་ནི་མ་ཡིན་པ་དེའི་ཕྱིར་ཡུལ་གྱི་ཁྱད་པར་འདི་ཁོ་ན་བསྟན་པའི་ཆེད་དུ། གྲགས་པ་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན ་ཡང་ཐ་དད་དུ་བྱས་ཏེ། རྣམ་པ་གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་ཏེ། རྗེས་སུ་དཔག་པ་ལ་རྟགས་ཀྱི་བྱེ་བྲག་དུ་བ་ལ་སོགས་པ་ཇི་སྙེད་པ་དེ་རྣམས་ཀྱིས་གནོད་པའང་སཽར་སཽར་བཤད་པར་བྱ་བར་འགྱུར་བའམ། ཐ་དད་དུ་བྱས་པ་དོན་མེད་པར་འགྱུར་རོ། །ཡུལ ་ཀྱི་དབྱེ་བ་འདི་ཁོ་ན་གྲགས་པ་ཐ་དད་པར་འཆད་པའི་རྒྱུ་མཚན་དུ་སྟོན་ཅིང། ཁས་བླངས་པས་གནོད་པ་དང་འདྲ་བར་གྲགས་པས་གནོད་པའང་རྒྱུ་དང་བཅས་པར། སྒྲ་ལས་བྱུང་བས་རབ་ཏུ་གྲུབ་པས་ཞེས་པ་ལ་སོགས་པས་གསུངས་ཏེ། འདོད་པ་ཙམ་གྱིས ་འབྱུང་བའི་སྐྲ་ལས་བྱུང་བས་རབ་ཏུ་གྲུབ་པ་ཁོ་ནས་གནོད་པ་ཡིན་གྱི། འདོད་པ་ལ་མི་བལྟོས་པར་དངོས་པོའི་སྟོབས་ཀྱིས་རབ་ཏུ་གྲུབ་པས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་དག་ལ་ནི་རྒྱུ་དང་བཅས་པར་གསུངས་པ་མ་ཡིན ་ཏེ། སྒྲ་མཉན་བྱས་མ་ཡིན་ནོ་སྒྲ་རྟ་གོ་ཞེས་རྒྱུ་བསྟན་པ་དང་བྲལ་བ་ཁོ་ནར་བརྗོད་པའི་ཕྱིར་རོ། །ཡུལ་གྱི་དབྱེ་བ་བསྟན་པས་ཀྱང་དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་ཤིན་ཏུ་བྱིང་པའི་རྗེས་སུ་དཔག་པ་ལས་ཡུལ་ཐ་དད་པ་ཅན་གྱི་གྲགས་པ་ནི་དངོས་པོའི་དབང་གིས་འཇུག་པ ་མ་ཡིན་ནོ་ཞེས་གསལ་བར་བྱེད་པས། གྲགས་པའི་དབང་ལས་དངོས་པོའི་ཡོད་པ་ཉིད་དང་ལྡོག་པ་དང་ལྡོག་པ་མ་ཡིན་པ་དར་གཅིག་ཉིད་དང་གཅིག་མ་ཡིན་པ་ཉིད་འགྲུབ་པ་མ་ཡིན་ཞེས་རྟོགས་པར་བྱེད་དོ། །བཤད་པ་འདིར་ནི་གལ་ཏེ་ཡང་འདོད་པ་ཙམ་གྱི་དབང་དུ ་གྱུར་བ་དངོས་པོ་ལ་ངེས་པ་མ་ཡིན་པའི་བརྔ་ཅན་གྱི་སྒྲ་ལས་བྱུང་བ་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པ་ནི་དུ་བ་ལས་མེ་རྗེས་སུ་དཔག་པ་བཞིན་དུ་དངོས་པོའི་སྟོབས་ཀྱིས་འཇུག་པ་མ་ཡིན་པ་དེ་ལྟ་ནའང་དེ་དང་མི་མཐུན་པའི་གཏན་ཚིགས་མེད་དོ། །ཞེས་པ་འདི ་ཡོད་པའི་གཏན་ཚིགས་ཉེ་བར་བཀོད་པས་གསལ་བར་བྱེད་དོ། །གྲགས་པའི་མིང་ཅན་གྱི་རྗེས་སུ་དཔགས་དེའི་སྦྱོར་བ་ནི། གང་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་དེ་ཐམས་ཅད་དུ་སྲིད་དེ། ཡིད་ཀྱི་རྣམ་པར་རྟོགས་པ་འབའ་ཞིག་པ་བཞིན། དོན་རྣམས་ལ་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད ་ཀྱང་འདོད་པ་ཙམ་གྱི་རྗེས་སུ་བྱེད་པའོ། །ཞེས་པ་རང་བཞིན་ནོ། །འོ་ན་གྲགས་པ་ཞེས་པ་ནི་ཐ་སྙད་ལ་བརྗོད་ལ། དེས་ན་ཅི་ལྟར་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཉིད་གྲགས་པ་ཞེས་བྱ་བར་འཐོབ་ཅེ་ན་ཉེ་བར་བཏགས་པ་ལས་ཏེ། འདོད་པའི་སྒྲ་བརྗོད་པར་བྱ་བ་ཉིད་གང་དུ་ཆོས་ཅན་ཉིད་དུ་ཉེ་བར་བླངས ་པ་དེ་ནི་གྲགས་པའི་འབྲས་བུ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་ན། དེའི་ཆོས་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཉིད་ཀྱང་གྲགས་པའི་འབྲས་བུར་འགྱུར་རོ། །དེའི་ཕྱིར་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པ་ལས་གྲགས་པར་ཐ་སྙད་འབྱུང་ཞེས་པས་སྐྱོན་མེད་དོ། །རེ་ཞིག་གང་གྲགས་པས་གྲུབས ་རང་གི་ཆོས་ཅན་ལས་དེ་ཉིད་ལ་དམ་བཅའ་ཨི་དོན་འགལ་བ་ལ་གནོད་དོ་ཞེས་པ་འདི་ནི་རིགས་མེད། མངོན་སུམ་དང་རྗེས་སུ་དཔག་པ་དང་ཁས་བླངས་རྣམས་ནི་འཇལ་བ་པོ་ལ་འཇུག་གི་གནོད་པར་བྱ་བའི་ཆོས་ཅན་ལ་ནི་མ་ཡིན་ན། དེ་ཅི་ལྟར་དེ་རྣམས་ལ་གནོད་པར ་བྱེད་པ་ཡིན་ཞེ་ན་བདེན་ཏེ། འདིར་མངོན་སུམ་ལ་སོགས་པ་ནི་གནོད་པར་བྱེད་པ་པོ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ཡོངས་སུ་བཅད་པ་མཉན་བྱ་ཉིད་ལ་སོགས་པའི་ཆོས་རྣམས་ཡིན་ལ། དེ་རྣམས་འདིར་མངོན་སུམ་ལ་སོགས་པས་གཞལ་བར་བྱས་པ་ཉིད་ཀྱི་ཕྱིར་མངོན ་སུམ་ལ་སོགས་པའི་སྒྲ་སྒྲོ་བཏགས་པས་མཚོན་པར་བྱས་སོ་ཞེས་པས་ཁ་ན་མ་ཐོ་བ་མེད་དོ།། །།འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ཆོས་དང་ཆོས་ཅན་ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ཏེ། ངེས་ན་ཐམས་ཅད་དུ་ཚོགས་པ་བསལ་བ་ཁོ་ན ་ལས་ཉེ་བར་དགོག་ཅིང། དེ་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེ་གཉིས་ཀའི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱ་བའོ་ཞེས་པས་དེས་ཐ་སྙད་དུ་བྱའོ། འདི་ནི་སྟེ། དཔེར་རྗོད་པ་བཞི་པོ་ནི། ཆོས་ཀྱི་རང་གི་ངོ་བོ་བསལ་བས་ཏེ། ཆོས་ཀྱི་རང་གིས ་ངོ་བོ་སེལ་བའི་སྒོ་ནས་རྣམ་པ་གཅིག་བསྟན་པའི་ཕྱིར། ཕྱོགས་ཙམ་བཤད་པའོ། །ཕྱོགས་འདིས་ནི། ཆོས་དང་ཆོས་ཅན་གྱི་ཁྱད་པར་ཏེ་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བའི་མེད་ན་མི་འབྱུང་བ་རྣམས་དང་ཆོས་ཅན་གྱི་རང་གི་ངོ་བོ་སེལ་བར་སྒོ་ནས། རྣམ་པ་གཞན་རྣམས་རིག་པར་བྱའོ། །ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ཞེས་དམ་བཅའ་བ་བྱས་པ་ལ། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མ་ཡིན་ཏེ། སྲད་དམའ་བའ་ཨི་ཁྱད་པར་མི་འཛིན་པའི་ཕྱིར་རོ། །ཞེས་པ ་འདི་སུན་འབྱིན་པའོ། །འདིས་ཀྱང་གཞན་ཁྱད་པར་བསལ་གྱི། གཞན་ཙམ་ནི་མ་ཡིན་ནོ། །དེ་ལྟར་ན་ཕ་རོལ་པ་རང་རྡུལ་ཕྲ་རབ་རྣམས་ལ་མཐོང་བ་དང་སྒྲིབ་པ་དང་ཐོག་པ་ལ་སོགས་པའི་འབྲས་བུ་སྲིད་པ་མ་ཡིན་ཞེས། དེ་རྣམས་འགྲུབ་པ་འཆེད་དུ་ཡན་ལག་རྣམས ་ལས་གཞན་པའི་དོན་ཡན་ལག་ཅན་གྱི་སྒྲ་བྱས་པ། བྱ་བ་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་དང་འཕྲོད་པ་འདུ་བའི་རྒྱུ་ནི་རྫས་སོ་ཞེས་པ་རྫས་ཀྱི་མཚན་ཉིད་འདི་དང་ལྡན་པ་མཐོང་བྱའི་རང་བཞིན་ཅན་བསྒྲུབ་པར་འདོད་ཀྱི། ཁྱད་པར་བ?་མིན་པའི་གཞན་ཉིད ་ཙམ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་སེལ་བའང་མ་ཡིན་ལ། དེ་སེལ་ན་ནི་ཆོས་ཀྱི་རང་གི་ངོ་བོ་ཁོ་ན་སེལ་བར་འགྱུར་གྱི། དེའི་ཁྱད་པར་ནི་མ་ཡིན་ནོ། །འདི་ནི་ཆོས་ཀྱི་ཁྱད་པར་སེལ་བར་ཡང་འདོད་དོ། །དེས་ན་འདི་ནི་གཞན་གྱི་ཁྱད་པར་སེལ་བའོ། །ཅི་ལྟར་བྱས་ནས་ཞེ་ན ་གལ་ཏེ་ཡན་ལག་ཅན་འདི་ལྕི་བ་ཉིད་དུ་འགྱུར་ན། དེ་ལྟར་ཡིན་ན་འཇི་བ་ལ་སོགས་པའི་གོང་བུ་དག་བསྲེས་པ་གཙལ་བ་དག་ལ། ནས?་ནི་རྫས་གཞན་རྩམ་ཞིང་ཡོན་ཏན་རྣམས་ཀྱང་ཡོན་ཏན་གཞན་ནོ་ཞེས་པའི་ལུགས་ཀྱི་ཕྱིར། དེ་དག་གིས་ཡན་ལག་ཅན་གྱི ་འབྲས་བུ་རྫས་གསུམ་པ་རྩམ་པ་ན། དེའི་ཡོན་ཏན་གཞན་ལྕི་བ་ཞེས་བྱ་བ་སྐྱེས་པའི་ཕྱིར་རོ། །དེའི་ཚེ་དེས་བྱས་པ་སྲད་དམའ་བ་ཞེས་པའི་ཁྱད་པར་དུ་འགྱུར་རོ། །གང་དུ་སྲད་དམའ་བའ་ཨི་ཁྱད་པར་གྱི་རྒྱུ་ནུས་པ་ཐོགས་པ་མེད་པ་རྫས་གཞན་འདུ་བ་ཅན་གྱི་ལྕི་བ་ཉིད་ཡོད ་པར་སྲད་དམའ་བའ་ཨི་ཁྱད་པར་དུ་འགྱུར་ཏེ། དཔེར་ན་འཇིམ་པའི་གོང་བུ་གསུམ་པ་སྲད་ལ་བཞག་པ་བཞིན། འཇིམ་པའི་གོང་བུ་གཉིས་བསྲེས་བདག་གཞལ་བ་དག་གི་ཡན་ལག་ཅན་གྱི་རྫས་གཞན་གསུམ་པ་རྩོམ་པ་ལའང་ཇི་སྐད་བཤད་པའི་ལྕི་བ་ཡོད་དོ། །རང ་བཞིན་ནོ། །དེའི་ཚེ་སྲད་དམའ་བའ་ཨི་ཁྱད་པར་དེའི་ཚེ་མཚོན་པ་ཡང་མ་ཡིན་ནོ་ཞེས་པ་ཟློག་པས། གང་ན་སྲད་དམའ་བའ་ཨི་ཁྱད་པར་མེད་པ་དེ་ན་ཇི་སྐད་བཤད་པའི་ལྕི་པ་ཉིད་མེད་དེ། དཔེར་ན་མ་སྲེས་པར་གཞལ་བའི་འཇིམ་པའི་གོང་བུ་དག་ལ་བཞིན། བསྲེས་ནས་གཅལ་བའི ་འཇིམ་པའི་གོང་ཐུ་དག་ལའང་སྲང་དམའ་བའ་ཨི་ཁྱད་པར་མེད་དོ། །འབྲས་བུ་མི་དམིགས་པའོ། །དེའི་ཕྱིར་ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་ལྕི་བའི་ཡོན་ཏན་ཅན་མིད་ཅེས་ཕའོ། །འདིར་ཁ་ཅིག་སྨྲ་སྟེ། རྡུལ་ཕྲ་མོ་གཉིས་ནས་བརྩམས་ཏེ། ཇི་སྲིད་རྡུལ་ཕྲན ་གསུམ་ལ་སོགས་པའི་འབྲས་བུ་བརྒྱུད་པ་དེ་གཞལ་བར་བྱ་ཞིང་དེ་སྲད་དམའ་བའ་ཨི། །ཁྱད་པར་ཡིན་གྱི་རྫས་ཐམས་ཅད་ཀྱིས་ལྕི་བ་ཉིད་བྱས་པ་ནི་མ་ཡིན་ནོ། །དེའི་ཕྱིར་མཛའ་ཨི་འབྲས་བུ་གཅིག་ལྷག་ནའང་དེ་ཙམ་གྱིས་དམའ་བའ་ཨི་ཁྱད ་པར་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་རེས་བལ་གྱི་སྐུད་པ་ལ་སོགས་པ་གཞལ་བར་བྱ་བ་དེ་ལའང་ལྕི་བ་ཉིད་ཡོད་ཅིང། དེ་སྟེ་ཡང་ཚོགས་ཆེན་པོ་གཞལ་བ་ན། གང་གི་ཚེ་རས་བལ་གྱི་འདབ་མ་ཤིན་ཏུ་ཕྲ་བ་བཞག་པར་གྱུར་བ་དེའི་ཚེ་དེ་ལ་ལྕི་བ་ཉིད་ཡོད ་ནའང་སྲིད་དམའ་བའ་ཨི་ཁྱད་པར་དམིགས་པ་མ་ཡིན་ནོ། །ངེས་ན་ཐལ་བ་དང་བཟློག་པའི་སྒྲུབ་པར་བྱེད་པ་དག་མ་ངེས་པ་ཡིན་ནོ་ཞེའོ། །དེ་སྐད་སྨྲ་བ་དེའི་རིམ་གྱིས་བསྡོམས་པའི་རྡུལ་གྱི་ཚོགས་རྡུལ་ཕྲན་གཉིས་ལ་སོགས་པའི་འབྲས་བུའི་རྫས་དུ་མ་ཅན་ལ་ཇི ་ལྟ་བུའི་ལྕི་བ་ཉིད་དེ་ལྟ་བུ་ཅིག་ཅར་བསྡོམས་པ་དེ་ལ་མི་འགྱུར་ཏེ། འབྲས་བུའི་རྫས་གཅིག་ཁོ་ནའོ་ཞེས་བྱས་ནས་སོ། །འོན་ཀྱང་ལྕིང་ཐ་དད་པར་འགྱུར་རོ། །དེ་ལས་ཀྱང་དེས་བྱས་པའི་སྲད་དམའ་བར་འགྱུར་ལ། འགྱུར་བའང་མ་ཡིན་ནོ། །གཞན་ཡང་གང་གི་ཚེ ་གསེར་ལ་སོགས་པ་རྣམས་ཀྱིར་ཏི་རེ་རེ་བ་ཇི་སྲིད་དུ་དེ་རྣམས་བརྒྱ་གཞལ་བར་གྱུར་པ་དེ་སྲིད་གཅིག་གཞལ་ཞིང། སླར་ཡང་དེ་རྣམས་ཁོ་ན་རིམ་གྱིས་བསྡོམ་པ་རྣམས་བརྒྱ་གཞལ་བ་དེའི་ཚེ་གྲངས་མཚུངས་པར་མི་འགྱུར་རོ། །གང་ཕྱིར་དེ ་ཙམ་གྱི་རྫས་ཀྱི་ཚོགས་ཉེ་བ་དང་དེ་དང་བྲལ་བ་ལ་ལྕིང་མཚུངས་པར་ཅི་ལྟར་འགྱུར། འགྱུར་བའང་ཡིན་ཏེ། དེའི་ཕྱིར་རྡུལ་ཕྲན་གཉིས་ལ་སོགས་པའི་འབྲས་བུའི་རྫས་གཞན་གཞལ་བར་བྱ་བ་མ་ཡིན་ནོ། །ནི་སྟེ་སྐྱོན་འདིར་མ་གྱུར་ཅིག་སྙམ་པས། ཡུངས ་ཀར་ལ་སོགས་པའི་འབྲས་བུའི་རྫས་ཀྱི་སྟེ། སོགས་པའི་སྒྲས་ཡུངས་ཀར་གཉིས་ལ་སོགས་པ་ནས་བརྩམས་པ་གོང་མ་གོང་མ་ལ་ལྕི་བ་ཉིད་འཕེལ་བ་དང་ལྡན་ཡང་དམིགས་པ་མ་ཡིན་པ་ཁོ་ནའོ་ཞེས་འདོད་ན། འོ་ན་དེ་ལྟ་ན་ཡུངས་ཀར་ལས་སྔ་མའི་འབྲས ་བུའི་རྫས་ཀྱི་ཕྲེང་བའི་ལྕིང་གང་ཡིན་པ་དེ་ནི་ཤིན་ཏུ་མཚོན་དཀའ་བ་ཁོ་ན་ཡིན་ལ། ཡུངས་དཀར་ལས་བྱུང་བ་ཕྱི་མའི་ལྕིང་ཉིད་ཉེ་བར་མཚོན་པ་ལ་རང་ཉིད་ཁོ་ན་བསྙོན་པར་བྱེད་དོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ལྕི་བ་ཉིད་མི་དམིགས་པར་ཐལ་བར་འགྱུར་རོ། ། ་ཞེས་པས་ལན་སྙིང་པོ་མེད་པའོ། །ངས་འདབ་ཀྱི་ནི་གལ་ཏེ་ཡང་ལྕི་བ་ཉེ་བར་མཚོན་པ་མ་ཡིན་པ་དེ་ལྟ་ནའང་དེ་མཐོང་ངོ་ཞེས་པས་ཡོད་པ་ཉིད་དུ་རིགས་སོ། །ཡན་ལག་ཅན་ནི་ཡན་ལག་ལས་ཐ་དད་པར་མཐོང་བ་མ་ཡིན་ཞིང་དེ་ལས་བྱུང་བ་གཟུགས་ལ་སོགས ་པ་གཞན་ཉེ་བར་དམིགས་པའང་མ་ཡིན་ནོ། །དེའི་ཕྱིར་ལྕིད་ཉིད་ཀྱི་ཁྱད་པར་མེད་པ་ལྟར་དེའི་གཟུགས་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཡང་མེད་ལ། བྱ་བའི་ཁྱད་པར་ཡང་མེད་དེ། འཇིམ་པ་ལ་སོགས་པའི་རིལ་བུ་མ་འདྲེས་པའི་གནས་སྐབས་ན་གང་གཟུགས ་ལ་སོགས་པ་དང། གང་བྱ་བ་ཡོད་པ་དེ་ལས་ལྷག་པའི་གཟུགས་ལ་སོགས་པ་དང་བྱ་བ་ནི་འདྲེས་པའི་གནས་སྐབས་ནའང་།རང་ཉིད་ཇི་ལྟ་བའི་དབང་པོས་མ་དམིགས་པའི་ཕྱིར་རོ། །གང་ལྕིས་ཉིད་མེད་པར་སྒྲུབ་པར་བྱེད་པ་སྲད་དམའ་བའ་ཨི་ཁྱད་པར་མི་འཛིན་པ་དེ་ནི། ་ཡན་ལག་ཅན་གྱི་རང་གིས་ངོ་བོ་དང་དེ་དང་འདུས་པའི་ཡོན་ཏན་དང་བྱ་བ་མི་དམིགས་པ་རྣམས་ཉེ་བར་མཚོན་པ་ཙམ་མོ། །དེའི་ཕྱིར་ཡན་ལག་ཅན་གྱི་བྱ་བ་མེད་ལ། ཡོན་ཏན་རྣམས་ཀྱང་མེད་དེ་མེད་པའི་ཕྱིར་ཡང་འདུ་བ་ཅན་གྱི་རྒྱུ་ཉིད་ཀྱང་མ་ཡིན་ལ། མཐོང་བར་བྱ་བའམ ་རེག་པར་བྱ་བ་ཉིད་ཀྱང་མ་ཡིན་ནོ། །རྫས་ཀྱི་མཚན་ཉིད་ཅན་དང་ལྡན་པ་མཐོང་བར་བྱ་བའམ་རེག་པར་བྱ་བའི་ཡན་ལག་ཅན་ནི་ཡན་ལག་རྣམས་ལ་གཞན་མེད་དོ། །གང་དམིགས་སུ་རུང་བ་མི་དམིགས་པ་དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟ་སྟེ་རི་བོང་གི་རྭ་བཞིན། ་རྫས་ཀྱི་མཚན་ཉིད་དང་ལྡན་པའི་ཡན་ལག་ཅན་ཡན་ལག་རྣམས་ལས་གཞན་བའང་དམིགས་སུ་རུང་བ་མ་དམིགས་སོ། །རང་བཞིན་མི་དམིགས་པའོ། །ཡན་ལག་རྣམས་ནི་གཞན་མ་ཡིན་ཅེས་པ་ཆོས་ཅན་གྱི་ཁྱད་པར་སེལ་བའོ། །ཡན་ལག་རྣམས་ཡན་ལག ་ཅན་ལས་གཞན་ནོ་ཞེས་དམ་བཅའ་ཨོ། །འདིར་ཡན་ལག་རྣམས་ཆོས་ཅན་ཏེ། དེ་རྣམས་གྷན་ཉིད་ཀྱི་ཆོས་ནི་བསྒྲུབ་པར་བྱ་བའོ། །དེ་རྣམས་ཀྱི་ཡན་འགའ་ཞིག་མངོན་སུམ་ཉིད་ཀྱི་ཁྱད་པར་དུ་ཕ་རོལ་པོས་འོད་དོག་དེ་ཡང་གཞན་ཉིད་དུ་ཡོད་ན། དེ་ལས་ཐ་དད་པར ་མི་སྣང་བའི་ཕྱིར་འཐད་པ་མ་ཡིན་ནོ། །གཞན་ཉིད་དུ་ཡོད་པ་ན་གང་ཞིག་གང་ལས་ཐ་དད་པར་སྣང་བ་མ་ཡིན་པ་དེ་མངོན་སུམ་མ་ཡིན་ཏེ། ཆེན་པོ་མ་ཡིན་པའི་ཡན་ལག་ཅན་དང་པོའི་ཡན་ལག་རྣམས་བཞིན། ཡན་ལག་རྣམས་ཀྱང་གཞན་ཉིད་དུ་ཡོད་པ་ན་ཡན་ལག ་ཅན་ཕ་རོལ་དེ་ལས་ཐ་དད་པར་སྣང་བ་མ་ཡིན་ནོ། །ཁྱབ་པར་བྱེད་པ་མི་དམིགས་པའོ། །རྫས་ན་ཡོད་པ་མ་ཡིན་ཏེ་ཞེས་པ་ལ་སོགས་པའོ། །འདིའི་ཤིན་ཏུ་གྲགས་པའི་དོན་ནི་སློབ་དཔོན་རང་ཉིད་ཀྱིས་ཕྱིས་འཆད་པར་འགྱུར་རོ། །དོན་གཞན་ཡང་ཤིན་ཏུ་གྲགས་པ་མ་ཡིན་པ ་སྲིད་པ་དེ་ཁོ་ན་བཤད་པར་བྱའོ། །རྫས་ཡོད་དོ་ཞེས་པ་དམ་བཅའ་ཨོ། །རྫས་ནི་ས་ལ་སོགས་པ་སྟེ། དེ་ཡོད་དེ་ཡོད་པའོ་ཞེས་པའི་དོན་ནོ། །ཡོད་པ་ཉིད་དང་ལྡན་པའི་ཕྱིར་ཀཱ་ཎ་བྷུ་ཛ་ནི་རྫས་ལ་སོགས་པ་གསུམ་ཡོད་པའོ་ཞེས་མངོན་པར་འདོད་དེ། དེ་ལས་ཀྱང་ཡོན་ཏན་རྣམས་ཀྱང་རྫས་ཀྱི་རང ་བཞིན་ཉིད་དུ་འགྱུར་ཏེ། རྫས་ལ་གནས་པའི་བདག་ཉིད་ཡོད་པ་ཉིད་དང་འབྲེལ་པའི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་ཏེ། གལ་ཏེ་ཡོད་པ་ཉིད་རྫས་ལ་འཇུག་ན་དེའི་ཚེ་ངེས་པར་འདིས་རྫས་ལ་འདུ་བ་ཅན་གྱི་རང་བཞིན་དུ་འགྱུར་བར་བྱ་སྟེ། གཞན་དུ་ན ་རྫས་ལ་འཇུག་པར་མི་འགྱུར་ན། འཇུག་པ་ཡང་ཡིན་ནོ། །དེའི་ཕྱིར་ཡོད་པ་ཉིད་རྫས་ལ་འཇུག་པའི་རང་བཞིན་ཡིན་ལ། དེ་ལྟར་གྱུར་ན་དེ་རང་བཞིན་གང་གིས་རྫས་ལ་འཇུག་པ་དེ་ཁོ་ནས་ཡོན་ཏན་རྣམས་ལ་འདོ??། །ཅི་སྟེ་རང་བཞིན་དེས་མི་འཇུག་ན། དེའི་ཚེ་འདི་རང་བཞིན ་གཞན་ཁོ་ན་ཡོན་ཏན་རྣམས་ལ་ཞུགས་པར་འགྱུར་གྱི་དེ་ཁོ་ན་ནི་མ་ཡིན་ནོ་ཞེས་པས། ཐ་དད་པ་ཉིད་ཀྱི་ཕྱིར་གཅིག་ཉིད་ཉམས་སོ། །དེའང་འདོད་པ་མ་ཡིན་ནོ་ཞེས་པས། ཡོན་ཏན་རྣམས་ལའང་དེ་རྫས་ལ་གནས་པའི་རང་བཞིན་ཁོ་ན་འཇུག་པར་འདོད་པར་བྱ་ལ། དེ་ལས་ཀྱང། གང ་ལས་དེ་ལྟར་དེ་རྣམས་ལ་རྫས་ལ་འདུ་བ་ཅན་གྱི་རང་བཞིན་དེ་འཇུག་པར་འགྱུར་བ་དེ་རྣམས་ཀྱང་རྫས་ཀྱང་རང་བཞིན་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་རྣམས་ཀྱང་རྫས་ཀྱི་རང་བཞིན་དུ་གྱུར་ན། ཡོན་ཏན་རྣམས་རྫས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་བས་དཔེ་གསལ་བར་བྱེད། ཡོན་ཏན ་རྫས་ཀྱི་རང་བཞིན་དུ་འདོད་པའང་མ་ཡིན་ཏེ། དེའི་ཕྱིར་ཡོད་པ་ཉིད་ན་རྫས་ལ་མི་འཇུག་པའི་རང་བཞིན་དུ་ཁས་བླང་བར་བྱའོ། །དེའི་ཕྱིར་རྫས་སུ་མངོན་པར་འདོད་པ་ལའང་འཕྲོད་པ་འདུས་པ་འདི་ནི་རྫས་མ་ཡིན་པ་ལ་གནས་པའི་བདག་ཉིད་ཁོ་ནའི་རང་བཞིན་ནོ། །དེ་ལྟ་ནའང་དེ ་ལ་ཞུག་པ་དེའི་རང་བཞིན་དེས་འགྱུར་རོ། །གལ་ཏེ་རྫས་སུ་མངོན་པར་འདོད་པ་རྫས་མ་ཡིན་པར་འགྱུར་ན། དེའི་ཕྱིར་རྫས་མི་ཡོད་པ་མ་ཡིན་ནོ་ཞེས་པའོ། །གང་ཡོད་པ་ཉིད་དང་ལྡན་པ་དེ་རྫས་མ་ཡིན་ཏེ། ཡོན་ཏན་བཞིན་རྫས་སུ་མངོན་པར་འདོད་པའི་དངོས་པོའང་ཡོད་པ་ཉིད་དང་ལྡན་ནོ་ཞེས་པ ་འགལ་བས་ཁྱབ་པས། ཆོས་ཅན་གྱི་རང་གི་ངོ་བོ་གསལ་བའི་ཕྱིར་དམ་བཅའ་ཨི་སྐྱོན་དག་ཐམས་ཅད་རྫུན་པའི་དོན་ཅན་ནོ་ཞེས་དམ་བཅའ་ཨོ། །འདིས་ཀྱང་རང་ཉིད་ལས་གཞན་པའི་ཐམས་ཅད་རྫུན་པའི་དོན་ཅན་ཞེས་དམ་བཅས་ཏེ། དེ་ལྟར་ནི་ཕ་རོལ་པོས་རྟོགས་པའི་ཆེད་དུ་ཚིག་རྗོད་པར་བྱེད་པ་ཁོ་ནས་སྨྲ་བ་པོས་རང་གི ་ཚིག་ཚད་མ་ཉིད་དུ་ཁས་བླང་བར་བྱས་ཏེ། དེའི་ཕྱིར་དེ་འདིར་བརྗོད་པར་འདོད་པ་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ཀྱི་སྒྲ་ནི་འདིར་དག་གི་ཕྱོགས་གཅིག་ཕ་རོལ་པོའི་ཁོ་ན་ལ་འཇུག་གོ་།གང་ཡང་དག་ཅེས་པར་རྗེས་སུ་བརྗོད་པ་དག་དེ་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ་དག་ཡོད་དེ། དག་གི་བདག ་ཉིད་ཀྱིས་དང་རྫུན་པའི་དོན་ཅན་ཉིད་ཀྱིས་ཀྱང་ཅེས་པ་སྟེ། དག་གི་བདག་ཉིད་ཀྱིས་ཞེས་པ་དག་གི་རང་བཞིན་གྱིས་སོ། །འདིས་ནི་ཆོས་ཅན་གྱི་རང་གི་ངོ་བོ་རྗེས་སུ་བརྗོད་དོ། །རྫུན་པའི་དོན་ཅན་ཉིད་ཀྱིས་ཀྱང་ཞེས་པ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ཀྱིས་སོ། །འདིས་ཀྱང་ཆོས་ཀྱི་རང་གི་ངོ་བོ་ལོ། ་གསུམ་པ་འདི་ནི་འདི་ལྟར་གྱུར་པའི་མཚན་ཉིད་ཅན་ནོ། །ཀྱང་གི་སྒྲ་ནི་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་རྗེས་བརྗོད་པའི་དག་སྤུད་པའི་དོན་དུའོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དག་གི་ཁྱད་པར་མི་རྟག་པ་ཉིད་ལ་སོགས་པ་ཡོད་ལ། རྫུན་པའི་དོན་ཅན་ཉིད་ཀྱི་ཡང་རྫུན་ཚིག་གི་བརྗོད་པར་བྱ་བ་ཅན་ཉིད་པ ་སོགས་པ་ཡོད་དོ་ཞེས་པ་འདི་ལྟ་བུའི་རྣམ་པའོ། །འདིས་ཞེས་པ་རྗེས་སུ་བརྗོད་པའི་དག་གིའོ། །འདིའི་ཡང་དམ་བཅའ་ཨི་དག་གིས། བྷཱ་ར་ཏ་ལ་སོགས་པའི་དག་བཞིན་དུ་རྫུན་པའི་དོན་ཅན་??་དུ་དམ་བཅས་སོ། །དེ་ཡང་རྫུན་པའི་དོན་ཅན་ཉིད་ན་བྷཱ་ར་ཏ་ལ་སོགས་པའི་དག་རང་བཞིན་རྗོད་བྱེད་མ་ཡིན་པའང ་བདེན་པའི་དོན་ཅན་དུ་ཡང་དག་པར་འགྱུར་ཞིང། གང་ཡང་མི་བདེན་པའི་དོན་ཅན་ཉིད་དེའི་ཁྱད་པར་ཡིན་པ་རའང་ཉམས་སོ། །དེའི་ཕྱིར་དམ་བཅའ་བར་རང་གི་བརྗོད་པར་བྱ་བ་ལ་ངེས་པར་བསལ་བར་བྱས་པར་འགྱུར་རོ། །དེ་ནི་རང་གི་ངོ་བོའི་སྒོ་ནས་སམ་ཁྱད་པར་ཀྱི་སྒོ་ནས་ཏེ། དེ་ལ་གལ་ཏེ ་དག་དང་བདེན་མིན་ཉིད་དག་ལ་རྣམ་པ་ཐམས་ཅད་དུ་ངེས་པར་བསལ་བ་ཡིན་ན་ཞེས་པ། འདིས་ཆོས་ཅན་དང་ཆོས་ཀྱི་རང་ངོ་བོ་ངེས་པར་གསལ་བའི་སྒོ་ནས་དམ་བཅའ་བའི་དོན་ངེས་པར་གསལ་བར་སྟོན་ཏོ། །ཅི་ལྟར་བྱས་ནས་ཞེ་ན། དག་དང་བདེན་པ་མིན་པ་ཉིད་དག་ཞེས་པ་རྒྱུ་མཚན་གྱི་དོན་ཅན་གྱི་བདུན་པ་སྟེ། ངེས་ན་དོན ་འདིར་འགྱུར་རོ། །གལ་ཏེ་དག་ཆོས་ཅན་གྱིས་དང་བདེན་མིན་གྱི་དོན་ཅན་བསྒྲུབ་པར་བྱ་བའི་ཆོས་ཀྱི་རྒྱུ་མཚན་གྱིས་རྣམ་པ་ཐམས་ཅད་དུ་ངེས་པར་གསལ་བར་ཕྱོགས་འགྱུར་ན་ལོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཆོས་ཅན་གྱི་ངོ་བོའམ་ཆོས་ཀྱི་ངོ་བོ་ལ་གནོད་པ་ཡན་ན། དེའི ་སྒོ་ནས་བསྒྲུབ་པར་བྱ་བ་ཚོགས་པ་ལ་གནོད་པར་འགྱུར་ལ། དེ་ལྟར་གྱུར་ན་གཉིས་ཀའི་རང་གི་ངོ་བོ་བསལ་བ་ཞེས་པའོ། རྣམ་པ་ཐམས་ཅད་དུ་ཞེས་པ་འདིས་ནི་རྣམ་པ་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བ་མཛའ་དག་གལ་ཏེ་ཉེ་བར་འགོག་པར་འགྱུར་ན ་དེ་ལྟ་ན་དམ་བཅའ་ཨི་སྐྱོན་དུ་འགྱུར་གྱི། ཇི་ལྟར་ཁ་ཅིག་སྨྲ་བ་ལྟར་ཆོས་ཅན་ཙམ་ལ་གནོད་པས་ནི་མ་ཡིན་ནོ་ཞེས་པ་འདི་སྟོན་པར་བྱེད་དོ། །དོན་འདི་ཁོ་ན་འགྲུབ་པའི་ཆེད་དུ་རྣམ་པ་ཐམས་ཅད་དུ་ཞེས་པ་འདི་དམ་བཅའ་ཨི་སྐྱོན་ཐམས་ཅད་ལ་ཁྱབ་པར་བྱེད་པ་བལྟའོ། །དེ་ཉིད་ཀྱི ་ཕྱིར་འདི་ལ་མཛའ་ཨི་དཔེར་རྗོད་ཁོ་ན་སྨོས་པར་གྱུར་མོད་ཀྱང་འདི་ནི་དམ་བཅའ་ཨི་སྐྱོན་ཐམས་ཅད་ཀྱི་ཐུན་མོང་བར་རྣམ་པར་ཤེས་པར་བྱའོ་ཞེས་པའོ། །དེ་ལྟར་རེ་ཞིག་སྒྲ་ཇི་ལྟ་བ་བཞིན་པའི་དག་གི་རྫུན་པའི་དོན་ཅན་ཉིད་དུ་གྱུར་ན་གཉིས་ཀའི་ངོ་བོའི་སྒོ་ནས་བསལ་བའོ ་ད་ནི་སྒྲ་ཟིན་པ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ། ཁྱད་པར་གྱི་སྒོ་ནས་དམ་བཅའ་ཨི་དོན་བསལ་བ་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ཅི་སྟེ་ཞེས་པ་ལ་སོགས་པའོ། །དག་བདག་ཉིད་ཀྱི་ཞེས་པ། དག་གི་བདག་ཉིད་དམ་ཡང་ན་དག་གི་བདག་ཉིད་དག་ཡིན་པ་དེ་དེ ་སྐད་བརྗོད་དོ། །འདིའང་ཅི་ཞེ་ན། ཆོས་ཅན་དག་གི་ཁྱད་པར་རོ། །འདི་ཅི་ལས་ཞེ་ན། གང་ལས་དེ་དག་གི་བདག་ཉིད་དུ་གྱུར་པའོ། །གཞན་ཡང་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་སེལ་བ་རྟོགས་པར་བྱེད་པའི་སྐབས་ཡིན་ཏེ། གང་གི་ཕྱིར་དེ་མ་ཐག་པ་ཁོ་ནར་བཤད་པ། དེ་ལྟར་གྱུར ་ན་གཉིས་ཀའི་ཁྱད་པར་བསལ་བ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་འདི་ཅིའི་སྒྲ་ཡིན་ཡང་སྐབས་ལས་དང་ཤུགས་ལས་དག་གི་ཁྱད་པར་ཁོ་ན་ལ་འཇུག་སྟེ། ཁྱད་པར་གྱི་སྒྲ་ཉེ་བ་ཁོ་ན་ནི་དག་གི་རྣམས་ཀྱི་ཁྱད་པར་འཇོག་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་སྐབས་ལ་སོགས་པའང་ཡིན ་ཞེས་པ་གནས་མ་ཡིན་པའི་ལོག་པར་རྟོགས་པས་ཆོག་གོ་།བདེན་པ་མིན་པ་དོན་ཅན་ཉིད་ཀྱིས་ཀྱང་ཞེས་པ། བདེན་པ་མིན་པའི་དོན་ཏེ་བརྗོད་བྱ་ཅན་ནོ། །དེའི་དངོས་པོ་ནི་བདེན་པ་མིན་པའི་དོན་ཅན་ཉིད་དོ། །དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་རོ། །འདིའང་བར་མ་ཆད་པར་བརྗོད་པའི ་འཐད་པ་ཁོ་ནས་རྟོགས་པར་བྱའོ། །ཀྱང་གི་སྒྲ་ལས་ཁྱད་པར་གཞན་འགའ་ཞིག་གིས་ཀྱང་དོ། །གསུམ་པ་འདི་ནི་རྒྱུ་ལའོ། །དེས་ན་དག་གི་དོན་འདི་འབྱུང་སྟེ། ཅི་སྟེ་ཆོས་ཅན་གྱི་ཁྱད་པར་མི་རྟག་པ་ཉིད་ལ་སོགས་པས་དང། ཆོས་ཀྱི་ཁྱད་པར་བདེན་པ་མིན་པའི་ཚིག་གི་བརྗོད་པར ་བྱ་བ་ཉིད་ལ་སོགས་པའི་རྒྱུ་ཡིས། དེ་བསལ་བའི་སྒོ་ནས་རྣམ་པ་ཐམས་ཅད་དུ་དམ་བཅའ་བའི་དོན་བསལ་བར་འགྱུར་རོ། །དེ་ལྟར་གཉིས་ཀ་དག་གི་ཁྱད་པར་བསལ་བའོ་ཞེས་པའོ། །དེ་ལྟ་ན་འདིར་དམ་བཅའ་ཨི་དག་གིས་དང། རྗེས་སུ་བསྒྲགས་པའི་དག་གི་ཡང་དོན་ཇི་ལྟ་བ་ཉིད་མ ་ཡིན་པར་དམ་འཆའ་བས་ཀྱང་རང་གི་དོན་ཁོ་ན་བསལ་བར་འགྱུར་རོ་ཞེས་པས་རང་གི་ཚིག་འགལ་བ་དམ་བཅའ་ཨི་སྐྱོན་ཡིན་ནོ། །འོ་ན་དག་རྣམས་ཀྱི་ངོ་བོ་དང་ཁྱད་པར་འདི་གཉིས་ཀ་ཡང་མངོན་སུམ་ལ་སོགས་པས་རབ་ཏུ་གྲུབ་པ་ཁོ་ན་ཡིན་ཏེ། དེས་ན་དེའི་རྣམ་པ་གཞན་ཉིད་དུ་ཅི ་ལྟར་ཡིན་ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་ན་ནི་དམ་བཅའ་བར་བྱ་བཞིན་པར་གྱུར་པ་ན་འདི་མི་འདོད་པར་ཐལ་བར་འགྱུར་རོ་ཞེས་པའོ། །དག་གི་དོན་གྱི་དབང་ལས་འདི་འདི་ལྟར་སྨྲ་བ་པོ་ལ་ཉེ་བར་དམིགས་པར་འབྱུང་གི། དངོས་པོའི་དབང་ལས་ནི་མ་ཡིན་ནོ། །ཚིག་གི་སྟོན ་དང་སྐྱོན་དག་ནི་གཞན་གྱི་དོན་གྱི་སུ་དཔག་པར་སྐབས་ཡིན་གྱི། དོན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་ལ་སོགས་པ་དང་འགལ་བ་ཡོད་དུ་ཟིན་ཀྱང། དེ་ལ་བལྟོས་པ་མེད་པར་སྒྲའི་དོན་ལ་བལྟོས་པར་རང་གི་ཚིག་འགལ་བ་འདི་འབྱུང་ངོ་ཞེས་པ་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་ཁྱད ་པར་མ་གྲུབ་པ་ཉིད་ལ་སོགས་པ་སྒྲུབ་བྱེད་མི་སྲིད་པའི་ཕྱིར་ཕྱོགས་ལྟར་སྣང་བ་བཤད་པ་དེ་རྣམས་འདིར་ཅིས་མ་བཤད་ཅེ་ན། གང་གི་ཕྱིར་དེ་རྣམས་ལ་དཔེ་བསྒྲུབ་པར་བྱ་བ་དང་བྲལ་བ་ལ་སོགས་པའི་སྐྱོན་ལས་སྒྲུབ་པར་བྱེད་པ་མི་སྲིད་པ་ཡིན་གྱི། དམ་བཅའ་བཙམ?? ་གྱིས་མ་ཡིན་པ་དེས་ན་མ་བརྗོད་དོ། །མ་གྲུབ་པ་ཉིད་ལ་སོགས་པ་སྐྱོན་ཐམས་ཅད་ཀྱིས་ཀྱང་ཕྱོགས་ཁོ་ན་ལ་ཉེ་བར་གནོད་ཅིང། དེ་ལྟ་བུ་དེ་བས་ཀྱང། དེ་ལྟར་ན་ཡང་ཕྱོགས་ལྟར་སྣང་བ་ཉིད་དུ་འགྱུར་ན། མ་གྲུབ་པ་ལ་སོགས་པ་རྣམས་ཀྱང་ཕྱོགས་ལྟར་སྟང??་བར ་བརྗོད་པར་བྱ་བར་འགྱུར་ལ། དེ་འདོད་པའང་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་ཡང་སྒྲུབ་པར་བྱེད་པའི་སྐྱོན་ཐམས་ཅད་ཀྱིས་ཕྱོགས་ཉིད་འགོག་པ་དེ་ལྟ་ནའང་དམ་བཅའ་ཙམ་ལ་འབྱུང་བ་རྣམས་ཁོ་ན་ཕྱོགས་ཀྱི་སྐྱོན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དོན ་གཞན་འདི་གསལ་བར་བྱེད་པ། དམ་བཅའ་བ་ཙམ་དང་ཞེས་པའི་ཚིག་ཐམས་ཅད་དུ་ཁྱབ་པར་བྱེད་པར་བལྟ་བར་བྱའོ། །གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར་ཁྱད་པར་མ་གྲུབ་པ་ལ་སོགས་པ་དེར་གང་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་ཡན ་ལག་ཕྱི་མ་ལ་བལྟོས་ནས་སྐྱོན་དུ་འགྱུར་བ་དེ་ནི་དེ་ཁོ་ནའི་ཡིན་གྱི་ཕྱོགས་ཀྱི་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེའི་ཕྱིར་ཁྱད་པར་མ་གྲུབ་པ་ཉིད་ལ་སོགས་པ་རྣམས་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ་ཞེས་པའོ།། །།རིགས་པ་ཅན ་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་ལུགས་གཞན་ལས་ཁྱད་པར་གསལ་བར་བྱེད་པའོ། །བསྒྲུབ་བྱ་སྟོན་པ་དམ་བཅའ་ཨོ་ཞེས་འདི་ལ་བསྒྲུབ་པར་བྱ་བའི་སྒྲ་འདི་གྲུབ་ཟིན་པ་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་འོས་པའོ་ཞེས ་པ་འདི་ཙམ་གྱི་དོན་རྗོད་པར་བྱེད་ཅིང། གྲུབ་པ་མིན་ལ་ཏེ། གྲུབ་པ་མ་ཡིན་པ་དགག་པ་ཙམ་ལ་དོན་སྤྱད་པར་བྱས་པ་ཉིད་ཀྱི་ཕྱིར། དེ་ཁོ་ན་ལ་ནུས་པ་ཉེ་བར་ཟད་པའོ། །རྩོམ་པ་གཞན་མེད་པར་བསྒྲུབ་པར་བྱ་བའི་ཁྱད་པར་དུ་གནས་ཏེ། ངེས ་ན་སྐྱོན་ཅི་ཡོད་ཅེས་ཟེར་རོ། །དེ་ལྟ་ན་ནི་ཞེས་པ་ལ་སོགས་པ་སྟེ། དཔེར་ན་སྒྲ་མི་རྟག་གོ་ཞེས་བསྒྲུབ་པར་འདོད་པའི་དོན་བསྟན་པ་འདི་ནི་དམ་བཅའ་ཡིན་ལ། དེ་ལྟར་ཡིན་ན། མ་གྲུབ་པའི་གཏན་ཚིགས་དང་དཔེ་རྗོད་པར་བྱེད་པ། དམ་བཅའ་བར ་ཐལ་བར་འགྱུར། འོ་ན་སྒྲ་རྟག་པ་ཉིད་ལ་སོགས་པ་སྒྲུབ་པའི་དུས་ན། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མ་ཡིན་པ་ཁོ་ན་སྟེ། དེས་ན་ཐལ་བར་འགྱུར་བ་འདི་ཅིའི་ཕྱིར་ཡིན་ཞེ་ན། གང་གི་ཕྱིར་བསྒྲུབ་པར་བྱ ་བའི་སྒྲ་ནི་བྱ་བའི་རྐྱེན་གྱིས་མཛའ་ཅན་ཡིན་ལ། བྱ་བའི་རྐྱེན་རྣམས་ཀྱང་དུས་གསུམ་པའི་ཡུལ་ཅན་ཡིན་པ་དེའི་ཕྱིར་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་སྐབས་སུ། རྟག་པ་ལ་སོགས་པའི་རང་བཞིན་ཉིད་དུ་ཕ་རོལ་པོའི་དོར་མ་གྲུབ་པ་གང་ཡིན་པ། ་དེ་དེའི་དངོས་པོར་ཉེ་བར་བཀོད་པ་བསྒྲུབ་པར་བྱ་བར་འགྱུར་བ་བློ་ལ་སོགས་པ་དེ་སྒྲ་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་དུས་ན་མི་འདོད་ནའང་བསྒྲུབ་པར་འོས་པ་ཉིད་ཀྱིས་ན་བསྒྲུབ་པར་བྱ་བ་ཁོ་ནའོ་ཞེས་པས་དེ་བརྗོད་པ་ནི་དམ་བཅའ་ཉིད་དུ་ཐལ་བར ་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་བའི་སྒྲ་ནི་དེའི་ཚེ་གང་ཅུང་ཟད་མ་གྲུབ་པ་དེ་ཐམས་ཅད་འཛིན་པར་བྱེད་པ་མ་ཡིན་གྱི། རྒོལ་བའི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཁྱད་པར་དེ་ཁོ་ན་འཛིན་པ་ཡིན་མོད། དེས་ན་མ་གྲུབ་པའི་གཏན་ཚིགས་ལ་སོགས་ ་པ་བརྗོད་པ་ཁོ་ན་དམ་བཅའ་བར་ཅིས་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། མ་གྲུབ་པ་བརྗོད་པ་ཐམས་ཅད་ནི་མ་ཡིན་ཏེ། ཤེས་པར་བྱེད་པའི་སྐབས་ལས་གཞན་རྣམས་ཐལ་བར་མི་འགྱུར་བའི་ཕྱིར་རོ། །རྣམ་པ་གཞན་དུ་ན་རི་བོང་གི་རྭ་ལ་སོགས་པ་མ ་གྲུབ་པ་བརྗོད་པ་ཐམས་ཅད་ཀྱང་དམ་བཅའ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཤེས་པར་བྱེད་པའི་སྐབས་ལས་མི་འགྱུར་རོ་ཞེས་འདོད་པར་བྱའོ། །དེ་ལྟར་འགྱུར་མོད་ཀྱི། རང་གི་ངོ་བོ་ལས་ལ་སོགས་པ་བསྒྲུབ་པ་རྣམས་རྣམ་པར་གནས་ལ། བྱ་བའི་རྐྱེན ་??་འདི་ནི་ལས་ལ་ཏེ། དེས་ན་ལས་བརྗོད་པའི་དང་ཚུལ་ཅན་བསྒྲུབ་བྱའི་སྒྲས་བསྒྲུབ་བྱ་མ་ཡིན་པ་འཕེན་པ་མ་ཡིན་ནོ། །བྱེད་པ་པོས་ཤིན་ཏུ་འདོད་པར་གྱུར་པ་ནི་ལས་ཡིན་ལ། དེའི་ཚེ་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་བསྒྲུབ་པར ་བྱ་བ་ཉིད་དུ་འདོད་པ་ཡང་མ་ཡིན་ནོ། །གྲུབ་མཛའ་ཡང་རྣམ་པ་བཞི་སྟེ། རྒྱུད་ཐམས་ཅད་ཀྱི་གྲུབ་མཛའ་དང། སོ་སོའི་རྒྱུད་ཀྱི་གྲུབ་མཛའ་དང། སྐབས་ཀྱི་གྲུབ་མཛའ་དང། ཁས་བླངས་པའི་གྲུབ་མཛའ་ཨོ། །དེ་ལ་རྒྱུད་ཐམས་ཅད་ཀྱི་གྲུབ་པའི ་མཛའ་ནི། དོན་གང་རྒྱུད་རྣམས་ཐམས་ཅད་དུ་དབང་དུ་བྱས་པ་རྒྱུད་ཐམས་ཅད་དང་མི་འགལ་བ་སྟེ། དཔེར་ན་གཞལ་བྱའི་དོན་འཛིན་པར་བྱེད་པའི་ཚད་མ་རྣམས་ཡོད་དོ་ཞེས་པ་ལྟ་བུའོ། །ཆོས་གང་རང་གི་བའི་རྒྱུད་དུ་གྲུབ་ལ ་གཞན་གྱི་རྒྱུད་དུ་མ་གྲུབ་པ་དེ་ནི་སོ་སོའི་རྒྱུད་གྱི་གྲུབ་པའི་མཛའ་སྟེ། དཔེར་ན་ཐམས་ཅད་གཅིག་པའོ་འམ། ཐ་དད་པའོ། །ཐམས་ཅད་མི་རྟག་པའོ་འམ། རྟག་པའོ་ཞེས་པ་ལ་སོགས་པའོ། །གང་འགྲུབ་པ་ན་རྣམ་པ་གཞན་འགྲུབ་པ་དེ་ནི་སྐབས ་ཀྱི་གྲུབ་པའི་མཛའ་སྟེ། དཔེར་ན་ལུས་ཅན་མ་ཡིན་པའི་བདག་ནི་ཤི་ནས་འབྲས་བུ་རྣམས་ལོངས་སྤྱོད་དེ། དེར་ལུས་འབྱུང་བ་ཡོད་པ་ནི་མ་ཡིན་ཞེས་བརྗོད་པ་ན། བདག་ཡོད་པར་གྲུབ་པར་འགྱུར་ལ། འདི་ལུས་ལས་གོང་དཱུང་འགྱུར་རོ་ཞེས་པའོ། ་མ་བརྟགས་པར་ཁས་བླངས་པ་ལས་དེའི་ཁྱད་པར་རྟོགས་པ་ནི་ཁས་བླངས་བའི་གྲུབ་པའི་མཛའ་སྟེ། གང་མ་བརྟགས་ཤིང་ཉེ་བར་མ་བསྟན་པ་ཁས་བླངས་ནས་དེའི་ཁྱད་པར་རྣམ་པར་དཔྱོད་པར་བྱེད་པ་དེ་ཁས་བླངས་པའི་གྲུབ་པའི་མཛའ་སྟེ། ་དཔེར་ན་མ་བརྟགས་པར་བདག་ཡོད་པ་ཉིད་དུ་ཁས་བླངས་ནས། མི་རྟག་པ་ཉིད་ལ་སོགས་པ་རྣམ་པར་དཔྱོད་པ་ལྟ་བུའོ། །ད་ལྟར་གྲུབ་མཛའ་རྣམ་པ་བཞི་པོ་སྐབས་སུ་བྱས་ནས་བསྒྲུབ་བྱ་སྟོན་པ་དམ་བཅའ་ཨོ་ཞེས་བརྗོད་པའི་ཕྱིར། གྲུབ་མཛའ་ཨི ་མཚན་ཉིད་ཅན་ཁོ་ན་སྟོན་པ་དམ་བཅའ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞན་ཡང་དམ་བཅའ་དང་གདན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་སྟེ། སྒྲུབ་པར་བྱེད་པའི་ཡན་ལག་རྣམས་ཀྱི་སྐབས་སུ་གྲུབ་པར་བྱེད་པའི་ཡུལ ་གང་ཡིན་པ་ཁོ་ན་བསྒྲུབ་པར་བྱ་བའི་ཡན་ལག་ཡིན་ལ། དེ་སྟོན་པ་དམ་བཅའ་ཨི་འོ་ཞེས་ཀྱང་དོན་གྱིས་རྟོགས་པའི་ཕྱིར། མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་དམ་བཅའ་ཉིད་མ་ཡིན་ནོ་ཞེ་ན། དེ་འདིར་བསྒྲུབ་བྱ་གང་ཡིན་པ་དེ་ནི ་ལས་ཡིན་ཏེ་རྣམ་པ་འགའ་ཞིག་གིས་ཐམས་ཅད་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གང་བསྒྲུབ་པར་བྱ་བཞིན་པ་དང་གང་སྒྲུབ་པར་བྱ་བར་འགྱུར་བ་དེ་ཐམས་ཅད་ནི་ལས་ཡིན་པ་ཁོ་ན་ཏེ། དེའི་ཕྱིར་རེ་ཞིག་དང་པོ་ལན་མ་ཡིན་ནོ། །གང་ཡང་བསྒྲུབ་བྱའི་ཡན ་ལག་ཡིན་པ་དེ་སྟོན་པ་དམ་བཅའ་ཞེས་བརྗོད་པ་འདིའང་ཡང་དག་པ་མ་ཡིན་ཏེ། སྔར་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་གིས་སྔར་བསྒྲུབ་བྱའམ་སྒྲུབ་པར་བྱེད་པ་གྲུབ་པ་མ་ཡིན་པ་དེས། མཚན་ཉིད་ཀྱི་ཚིག་ལས་དེ་དག་གི་སོ་སོར ་དབྱེ་བ་རྟོགས་པར་བྱ་ལ། མཚན་ཉིད་ཀྱི་སྐབས་སུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་པར་དབྱེ་བ་མ་བཟུང་བས་ནི། མ་གྲུབ་པའི་གཏན་ཚིགས་ལ་སོགས་པའང་དམ་བཅའ་བ་ཉིད་དུ་འཛིན་པར་འགྱུར་རོ་ཞེས་པས། བསྒྲུབ་པར་བྱ་བའི་ཁྱད་པར་རྟོགས ་པ་གལ་ཡིན། གྲུབ་མཛའ་ཨི་སྐབས་ཀྱང་བསྒྲུབ་པར་བྱ་བའི་ཁྱད་པར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་གཏན་ཚིགས་ལ་སོགས་པའང་གྲུབ་མཛའ་ཉིད་དུ་མཚུངས་སོ། །དེ་ལྟར་ནི་ཐམས་ཅད་ཀྱི་རྒྱུད་ཀྱི་གྲུབ་མཛའ་ལ་སོགས་པ་རྣམས ་ཐམས་ཅད་ཁྱད་པར་དུ་ཁས་བླངས་པའི་མཚན་ཉིད་ཅན་རྣམས་ཁོ་ནའོ། །གང་གི་ཕྱིར་དཔྱོད་པའི་རྟེན་ཁོ་ནར་ཚད་མ་རྣམས་ཁས་བླངས་པ་ཡིན་ཏེ། དེ་རྣམས་མེད་ན་རྣམ་པར་དཔྱོད་པ་མི་རུང་བའི་ཕྱིར་རོ། །སོ་སོའི་རྒྱུད་ཀྱི་གྲུབ་མཛའ་རུ་ཡང། ་དེ་ཡིས་རབ་ཏུ་གྲུབ་པའི་ཚིག་གི་དོན་གང་ཡིན་པ་རྣམས་བྱེ་བྲག་པ་ལ་སོགས་པས་ཁས་བླངས་པ་ཁོ་ན་ཏེ། གང་ཤི་ནས་བདག་འབྲས་བུ་ལོངས་སྤྱོད་པ་པོ་ཉིད་དུ་འདོད་པ་དེས་ངེས་པར་བདག་ཀྱང་ཡོད་པ་ཉིད་དུ་ཁས་བླངས་པ་ཁོ་ནའོ། ་མ་གྲུབ་པའི་གཏན་ཚིགས་ལ་སོགས་པའང་གལ་ཏེ་ཡང་དེའི་ཚེ་ཁས་མ་བླངས་པ་དེ་ལྟ་ནའང། ཁས་བླང་བྱར་འགྱུར་བ་ལ་དེར་བྱ་བའི་རྐྱེན་བསྟན་པ་ཁོ་ན་ལས་གྲུབ་མཛའ་ཉིད་དུ་འཐོབ་བོ་ཞེས་པས། ཅིའི་ཕྱིར་གྲུབ་མཛའ་ཨི་སྐབས ་ལས་བསྒྲུབ་པར་བྱ་བའི་ཁྱད་པར་འགྲུབ་པ་ཡིན། ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། ཅེས་པ་ཆོས་བསྒྲུབ་པར་བྱ་བ་ཡིན་ན་བསྒྲུབ་པར་བྱ་བ་དང། ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པའི་ཚུལ་ཅན་དཔེ་ཡིན ་པར་དཔེར་བརྗོད་དོ་ཞེས་པ་འགལ་ཏེ། དེ་ལྟར་ནི་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་ཀྱི་སྐྱེ་བ་ཅན་ལ་སོགས་པ་ཆོས་སུ་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་སྒྲའིའོ། །དེ་ལས་ཀྱང་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་དང ་སྐྱེ་བ་ཅན་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་ནི་བུམ་པ་ལ་སོགས་པའི་དཔེ་ལས??་དོ་ཞེས་པས། དེ་ནི་བསྒྲུབ་པར་བྱ་བ་གང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པའི་ཚུལ་ཅན་ཉིད་དུ་མི་འགྱུར་རོ། །ཆོས་ཅན་ཡིན་ན་རྟགས ་དོན་མེད། ཅེས་པ་དཔེར་བརྗོད་པ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་ཡིན་ནོ་ཞེས་པ་མི་རིགས་ཏེ། གང་གིས་དེ་སྒྲུབ་པར་བྱེད་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་སུ་འགྱུར་བ་སྒྲའི ་སྒྲ་མ་གྲུབ་པ་མ་ཡིན་ནོ་ཞེས་པས་གཏན་ཚིགས་དོན་མེད་དོ། །ཅི་སྟེ་གཉིས་ཀ་གཅོར་ཡིན་པ་དེའི་ཚེ་གཉིས་ཀ་བསྒྲུབ་པར་བྱ་བ་ཉིད་ལ་འབྱུང་བའི་སྐྱོན་དེ་མི་བཟློག་པ་ཁོ་ན་ལ། །ཞེས་གསུངས་པ་ནི་གཉིས་ཀ་ལྟར་ནའང་སྐྱོན་ཞེས་པའོ། ་སྔ་མར་ངེས་གཟུང་ཞེས་པ་ཁོ་ནའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ཉིད་ཀྱི་ཕྱིར་ངེས་པར་གཟུང་བའི་སྒྲས་བརྗོད་དོ། །སྔོན་མར་ངེས་པར་གཟུང་བ་ནི། སྔ་མར་ངེས་གཟུང་སྟེ། དེ་བཞིན་དུ་ཕྱི་མར་ངེས་གཟུང་ལ་ཡང་སྦྱར་བར་བྱའོ། ། ་སྔ་མར་ངེས་གཟུང་དོན་མེད་དོ་ཞེས་པ་འདི་ལ་གཏན་ཚིགས་གསུངས་པ། སྒྲུབ་བྱེད་སྟོན་པའི་ཞེས་པ་ལ་སོགས་པའོ། །འདིའི་དོན་འདི་ཡིན་ཏེ། བསྒྲུབ་པར་བྱ་བ་སྟོན་པ་ཁོ་ན་ཞེས་ཡོངས་སུ་གཟུང་བ་ན། སྒྲུབ་བྱེད་ཀྱི་ཚིག་དམ་བཅའ་ ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་ན། སྒྲུབ་པར་བྱེད་པའི་ཚིག་དམ་བཅའ་བ་ཉིད་དུ་ཐལ་བར་ཡང་མ་ཡིན་ནོ་ཞེས་པས། སྒྲུབ་བྱེད་ཀྱི་ཚིག་དམ་བཅའ་བ་ཉིད་དུ་དོགས་པ་མ་ཡིན་ནོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་ལ་སོགས་པས་དེ་ལ་ཁྱབ་པ ་འདི་ཀྱི་ཕྱིར་རོ། །འོ་ན་གང་བསྒྲུབ་པར་བྱ་བའང་མ་ཡིན་ལ་སྒྲུབ་པར་བྱེད་པའང་མ་ཡིན་པ་དེ་རྣམ་པར་གཅོད་པའི་དོན་ཅན་ཉིད་ཀྱི་ཕྱིར་དོན་མེད་པ་ཉིད་དུ་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཤེས་བྱེད་ཀྱི་སྐབས་ཀྱི་ཕྱིར་དེ་ལྟར་གྱུར་པ་སྐབས་མ་ཡིན་པའི ་ཕྱིར་དམ་བཅའ་བ་ཉིད་དུ་ཐལ་བ་མ་ཡིན་ནོ་ཞེས་པ་འདི་ནི་བཤད་ཟིན་ཏོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། འདིར་ཚིག་ཕྲད་ནི་མི་ལྡན་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་གྱི་གཞན་དང་ལྡན་པ་རྣམ་པར་བཅད་པ་ནི་མ་ཡིན་ཅེས་པས ་མ་གྲུབ་པའི་སྒྲུབ་བྱེད་བརྗོད་པའང་དམ་བཅའ་ཉིད་དུ་ཐལ་བར་འགྱུར་རོ།། །།དེ་བཞིན་བསྒྲུབ་བྱ་བརྗོད་པ་ལའང། ཞེས་པ་རྩོད་པ་སྒྲུབ་པར་བསྒྲུབ་པར་བྱ་བརྗོད་པ་དམ་བཅའ་ཨི་མཚན་ཉིད་དོ། །དེ་ལ་བསྒྲུབ་པར་བྱ་བ་སྟོན་པ་དམ ་བཅའ་ཨོ་ཞེས་པ་འདི་ལ་སྐྱོན་གང་བཤད་པ་དེ་འདིས་བསྒྲེས་ཏེ་སྟོན་པར་བྱེད་དོ། །ཕྱོགས་ལྷག་ཕྱིར་ན་སྲིད་མ་ཡིན། ཅེས་པ། ཇི་སྐད་བཤད་པའི་སྐྱོན་ནོ། །རྣམ་པར་དཔྱད་པ་ལ་འདོད་པའི་དོན་ཕྱོགས་ཡིན་ཅེས་པ་སྐབས་སུ་བབ་པའོ། ། ་དེའི་ཕྱིར་ཕྱོགས་ཁོ་ན་ཡིན་པའི་སྒྲུབ་པར་བྱ་བ་རྗོད་པ་དམ་བཅའ་ཉིད་དུ་རྟོགས་པར་བྱའི་ཕྱོགས་མ་ཡིན་པ་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལའང་ཞེས་པ་ཕྱོགས་ཀྱི་མཚན་ཉིད་ལའོ། །དེ་ནི་མི་འདོད ་པ་བཟློག་པ་ལ་དཔྱད་ཟིན་པའི་དོན་ཅན་ཅེས་པ་ལ་འདི་གསུངས་ཏེ། ཕྱོགས་ཀྱི་སྒྲ་ནི་སྤྱི་སྒྲ་ཡིན་པ་ཉིད་ཀྱི་ཕྱིར། རྣམ་པར་དཔྱོད་པ་ན་མི་འདོད་པ་མ་ཡིན་པ་དགག་པས་ཅུང་ཟད་འདོད་པ། ཇི་སྙེད་པ་དེ་ཐམས་ཅད་ཤེས་པར་བྱེད་ལ ་དེ་ཁོ་ན་ལ་ཉེ་བར་སྦྱོར་བ་ནུས་པ་སྟེ། ཅི་ལྟར་བསྒྲུབ་པར་བྱ་བའི་བྱེ་བྲག་རྟོགས་པར་བྱེད་ཅེས་པའོ། །འོ་ན་རྣམ་པར་དཔྱོད་པ་ན་འདོད་པ་ཅེས་པ་ནི་བྱུང་ཟིན་པའི་དོན་གྱི་ཡུལ་ཅན་བརྗོད་པ་མ་ཡིན་ནམ། དེའི་ཚེ་མ་གྲུབ ་པའི་གཏན་ཚིགས་ལ་སོགས་པ་རྣམ་པར་དཔྱོད་པ་ན་འདོད་པའང་མ་ཡིན་པས། དེ་ཕྱོགས་ཉིད་མ་ཡིན་ཏེ། དེས་ནི་ཅིའི་ཕྱིར་ཐལ་བར་འགྱུར་བ་འདི་ཡིན་ཞེ་ན། འདི་ནི་ལན་མ་ཡིན་ཏེ། དེ་ལྟར་ནི་དུས་གསུམ་པའི་ཡུལ་ཅན་བྱ་བའི་རྐྱེན ་དང་འབྲེལ་པའི་ཕྱིར་ཕྱོགས་ཀྱི་སྒྲ་འདས་པའི་དུས་ཁོ་ན་ལ་འཇུག་པར་འཐོབ་པ་མ་ཡིན་པས་སོ་ཞེས་པ་འདི་ནི་མང་དུ་བཤད་ཟིན་ཏོ། །དེའི་ཕྱིར་རྣམ་པར་དཔྱོད་པ་ན་འདོད་པར་འགྱུར་བ་ལ་ཡང་ཕྱོགས་ཀྱི་སྒྲ་འཇུག་གོ་།དེ་བྱ་བའི་མཛའ་དང ་འབྲེལ་པའི་ཕྱིར་འདོད་པར་འགྱུར་བ་ལའང་འཇུག་པ་དེ་ཉིད་ཀྱང་སྟོན་པ་གསུངས་པ། ནུས་པ་ཞེས་པ་ལ་སོགས་པའོ།། །།རིགས་པ་ཅན་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། འདིར་དེའི་དོན་དང་འགལ་བའི་ཕྱིར་ཉེ་བར་བཏགས ་པ་ལས་དམ་བཅའ་འགལ་བ་ཞེས་བཤད་དེ། ཐམས་ཅད་མི་རྟག་པ་ཉིད་ན་ནི། སྒྲ་ཐམས་ཅད་ཀྱི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རྟག་པ་ཉིད་དུ་འགལ་ལོ། །གཉིས་ཀའང་ཡང་དག་པ་མ་ཡིན་ནོ། །ཅེས་པ་འཐད་པ་མ་ཡིན་པའམ་ཡོད་པ ་མ་ཡིན་པའོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ནི་ཅེས་པ་ལ་སོགས་པའོ། །འདི་སྐད་སྟོན་ཏེ། གལ་ཏེ་སྒྲ་རྟག་པ་ཉིད་སྒྲུབ་པར་བྱེད་པའི་ཆེད་དུ་ཐམས་ཅད་མི་རྟག་པ་ཉིད་གཏན་ཚིགས་སུ་བརྗོད་པར་གྱུར་ན། དེའི་ཚེ་ངེས་སྒྲ་རྟག་པ་ཉིད ་བསལ་བ་ན། དམ་བཅའ་བ་གཏན་ཚིགས་དང་འགལ་བར་འགྱུར་ན། འདི་ནི་དེ་ལྟའང་མ་ཡིན་ཏེ། གང་གསུངས་པ། འདི་ནི་ཅེས་པ་ལ་སོགས་པའོ། །ཡང་ཅི་ལྟར་ན་འདི་གཏན་ཚིགས་ཀྱི་སྦྱོར་བ་མ་ཡིན་ཞེ་ན། གང་གི་ཕྱིར་ཐམས་ཅད་མི ་རྟག་པ་ཉིད་ལ་ནི། དཔེར་བརྗོད་དང་ཆོས་མཐུན་པ་ཉིད་ལས་སྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་དང། དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ལས་ཅེས་པ། གཏན་ཚིགས་ཀྱི་མཚན་ཉིད་འདི་འཐང་པ་མ་ཡིན་ཏེ། དེ་ལྟར་ནི་ཁྱད་པར་སྒྲ་ཁོ་ན་ལ་འགལ་བའི་ཆོས ་རྟག་པ་ཉིད་བརྗོད་ནས། ཐམས་ཅད་མི་རྟག་པ་ཉིད་ཕྱིར་ཞེ་ན། ཐམས་ཅད་དུ་སྤྱིར་བསྒྲུབ་པར་བྱ་བའི་མི་རྟག་པ་ཉིད་ནི་སྒྲ་ལ་བརྟེན་པ་མ་ཡིན་ནོ། །གང་གི་ཕྱིར་ཁྱད་པར་སྐྱབས་སུ་བྱས་པ་ལ། ཕྱིས་སྤྱི་སྒྲུབ་པ་ནི་ཁྱད་པར་དེ་ལ་ཁྱབ་པ་མ་ཡིན་གྱི། འོན ་ཀྱང་སྐབས་སུ་བབ་པའི་ཁྱད་པར་སྤངས་པས་གཞན་ཐམས་ཅད་ལ་འཇུག་སྟེ། དཔེར་ན་ཀཽཎྜི་ནྱའི་བུ་ལ་དར་བ་བྱིན་ལ། བྲམ་ཟེ་རྣམས་ལ་ཞོ་བྱིན་ཞེས་བརྗོད་པ་ན། ཀཽཎྜི་ནྱའི་བུ་ལ་ཞོ་སྦྱིན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ལས་ཐ་དད་པའི་བྲམ་ཟེ་རྣམས ་ལའོ། །དེ་བཞིན་དུ་འདིར་ཡང་ངོ། །དེའི་ཕྱིར་སྒྲ་ལ་ཐམས་ཅད་མི་རྟག་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། དེའི་དེ་ནི་དཔེར་བརྗོད་པ་འགའ་ཞིག་དང་ཆོས་མཐུན་པ་ཉིད་དམ་མི་མཐུན་པ་ཉིད་མ་ཡིན་ཞིང། དཔེར་བརྗོད་དང་ཆོས་མཐུན་པ་ཉིད་དང་ཆོས་མི ་མཐུན་པ་ཉིད་ལས་ཀྱང་གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད་པར་འདོད་དོ་ཞེས་པས་གཏན་ཚིགས་ཀྱི་མཚན་ཉིད་རིགས་པ་མ་ཡིན་ནོ། །དེད་ཀྱི་ལུགས་ཀྱིས་ཀྱང་ཕྱོགས་ཆོས་མེད་པ་ཉིད་ཀྱི་ཕྱིར་གཏན་ཚིགས་ཀྱི་མཚན་ཉིད་མི་འཐད་དོ། །འོན་ཀྱང་ཆོས་མི ་མི་མཐུན་པ་ཉིད་ཀྱིས་དཔེའི་སྦྱོར་བའོ། །ཞེས་པ་ནི་དེའི་མཚན་ཉིད་ཅུང་ཟད་བསྟེན་པའི་ཕྱིར་རོ་ཅེས་པ་དགོངས་པའོ། །དེ་ལྟར་ནི་ཐམས་ཅད་མ་ཡིན་པའི་སྒྲ་དང། ཐམས་ཅད་བུམ་པ་ལ་སོགས་པ་ཐམས་ཅད་ཉིད་དུ་ཆོས་མི་མཐུན་པ་ཉིད་ཡོད་ལ་བསྒྲུབ ་བྱས་ཆོས་མི་ཐུན་པ་ལས་ཀྱང་ཆོས་མི་མཐུན་པའི་དཔེའོ་ཞེས་འདོད་དོ། །བསྒྲུབ་བྱས་ཆོས་མཐུན་པ་ལས་དེའི་ཆོས་རྟོགས་པའི་དཔེ་ནི་དཔེར་བརྗོད་དེ། དེ་བཞིན་དུ་ཆོས་མི་མཐུན་པ་ལས་སོ་ཞེས་སྨྲས་པའི་ཕྱིར་རོ། །ཆོས་མི་མཐུན་པ་ཉིད་ཀྱི ་དཔེས་ཀྱང་ཁྱེད་བསྒྲུབ་བྱ་དང་གཏན་ཚིགས་ཀྱི་མི་མཐུན་ཕྱོགས་དག་གི་ལྷན་ཅིག་འབྱུང་བ་འཆད་ལ་དེ་ཡང་འདིར་ཡོད་པ་ཁོ་ནའོ། །དེ་ལྟར་ནི་སྒྲ་རྟག་ལ། ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བརྗོད་པ་ན། རྟག་པ་དང་ཐམས་ཅད ་མ་ཡིན་པའི་མི་མཐུན་ཕྱོགས་དག་གི་ལྷན་ཅིག་འབྱུང་བ་རྟོགས་ཏེ། ཐམས་ཅད་ནི་མི་རྟག་པའོ་ཞེས་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་སྦྱོར་བའོ་ཞེས་པ་འདི་ནི་གནས་པའོ། །དེ་ལའང་ཞེས་པ་ལ་སོགས་པས ་ཕ་རོལ་པོ་རྣམས་ཀྱི་ལེགས་པར་མ་བསླབས་པ་ཉིད་སྟོན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་པ་འདིར་མི་རྟག་པའི་སྒྲ་རྟག་པ་མེད་པ་ལ་འཇུག་པ་ནི་གོ་སླ་བའོ་ཞེས་པས་ཐམས་ཅད་ཀྱི་སྒྲ་ཁོ་ན་ཐམས་ཅད་མ་ཡིན་པ་ཉིད་ཀྱི་གཏན ་ཚིགས་མེད་པ་ལ་འཇུག་པ་འཚད་དོ། །ཐམས་ཅད་མ་ཡིན་པ་ཉིད་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ་ཞེས་པ་འདིས། འདི་སྐད་སྟོན་ཏེ། ཐམས་ཅད་ཀྱི་སྒྲས་འདིར་ཐམས་ཅད་མ་ཡིན་པ་ཉིད་མེད་པ་ཉེ་བར་མཚོན་ཅིང། ཡུལ་ཐམས་ཅད་ཡུལ་གྱི ་ཡུལ་ཅན་ཐམས་ཅད་མ་ཡིན་པ་ཉིད་མེད་པ་ཉེ་བར་མཚོན་པའི་ཕྱིར་རོ་ཅེས་པའོ། །དེ་ལྟ་ན་ནི་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པ་བརྗོད་པ་ན། གཏན་ཚིགས་གོ་བར་བྱེད་པ་ཉིད་དུ་བརྗོད་པར་འགྱུར་གྱི། རྣམ་པ་གཞན་དུ་ནི ་མ་ཡིན་ནོ། །ཇི་ལྟར་འདི་འདི་ལྟར་ཡིན་པ་དེ་ལྟར་ཕྱི་ནས་སྒྲུབ་པར་འགྱུར་རོ། །འོ་ན་འདིར་གཏན་ཚིགས་ཐམས་ཅད་མ་ཡིན་པ་ཉིད་ཐོབ་པ་མེད་དོ། །དེས་ན་ཅི་ལྟར་དེ་མེད་པ་ལ་ཐམས་ཅད་ཀྱི་སྒྲ་འཇུག་པ་རྟོགས་པར་བྱ་ཞེ་ན། གསུངས་པ། རྟགས ་ནི་ཉེར་སྦྱོར་ལས་འདིར་ཞེས་པ། ཆོས་མི་མཐུན་པ་ཉིད་ཀྱི་ཉེ་བར་སྦྱོར་བས་འདིར་ཐམས་ཅད་མ་ཡིན་པ་ཉིད་ཀྱི་གཏན་ཚིགས་གསལ་བར་བྱས་སོ། །འདི་ལྟ་སྟེ་བུམ་པ་ལ་སོགས་པ་མི་རྟག་པ་ནི་ཐམས་ཅད་ཡིན་ལ། སྒྲ་ནི་དེ་ལྟར་ཐམས ་ཅད་མ་ཡིན་གྱི། འོན་ཀྱང་ཐམས་ཅད་མ་ཡིན་པའོ། །དེའི་ཕྱིར་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཕྱིར་ཅེས་པའོ། །དེ་ཡང་མ་གྲུབ་པ་སྟེ། ཞེས་པ་འདི་ལ་སྒྲ་ནི་ཞེས་པ་ལ་སོགས་པས་འཐད་པ་གསུངས་སོ། །ཐམས་ཅད་ཀྱི་སྒྲ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལ ་གྲགས་པ་དང་ཡོངས་སུ་བཤད་པ་ཅན་ནོ། །དེ་ལ་དང་པོ་ནི་མ་ལུས་པའི་དོན་ལ་འཇུག་ལ། ཕྱི་མ་ནི་ཉེ་ཚེ་བ་ལ་འཇུག་གོ་།དེ་ལ་རེ་ཞིག་འཇིག་རྟེན་ལ་གྲགས་པའི་དབང་དུ་བྱས་ཏེ་གསུངས་པ་གལ་ཏེ་ཡང་ཞེས་པ་ལ་སོགས་པའོ། །ཅི་ལྟར་མེད་དེ་ཅེས་པ ་འདིས་སྒྲ་ལ་ཐམས་ཅད་ཉིད་དང་འགལ་བ་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཆོས་སྨྲས་པས་སྒྲ་ནི་ཐམས་ཅད་ལས་གཞན་ཉིད་དུ་སྨྲས་པ་སྟེ། མ་གྲུབ་པ་ཉིད་ཡོངས་སུ་སྤང་བའི་ཆེད་དུའོ། །དེ་ལྟ་ན་འོ་ན་ཞེས་པ་ལ་སོགས་པས་སེལ་བར་བྱེད་དོ། །འདི་ནི་དགོངས ་པ་སྟེ་སྤྱི་རྣམས་ནི་ཁྱད་པར་མི་སྤོང་བའི་ཕྱིར། སྤྱིའི་སྒྲ་ནི་རང་གི་ཁྱད་པར་མི་གཏོང་གི། འོན་ཀྱང་འཕངས་པ་ཁོ་ནས་འཇུག་གོ་།དཔེར་ན་ཤིང་གི་སྒྲས་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས་ལྟ་བུའོ། །དེའི་ཕྱིར་ཐམས་ཅད་གྱི་སྒྲས་སྒྲའང ་འཕྱིན?་ནོ་ཞེས་པས་སྒྲ་ནི་ཐམས་ཅད་ཁོ་ནའོ། །གང་དཱུང་ཅི་ཤིང་ཤ་པ་ཁོ་ན་ཤིང་ཡིན་ནམ་འོན་ཏེ་མ་ཡིན་ཞེས་འདྲིས་པ་ལ་ལན་བརྗོད་པ་།ཤིང་ཤ་པ་ཤིང་མ་ཡིན་ཞེས་པ་དེ་ལའང། ཤིང་ཤ་པ་ལ་ཤིང་ཉིད་བཀག་པ་ལས། སྤྱིས་ཁྱད་པར ་སིང་ཤ་པ་སྤངས་པར་འགྱུར་བ་མ་ཡིན་གྱི། གང་གི་ཕྱིར་ཤིང་ཉིད་ཀྱི་སྤྱི་རྣམ་པ་འདིས་ཤིང་ཤ་པའི་གསལ་བ་གཅིག་ལ་སོ་སོར་ངེས་པར་བཟློག་པའོ། །ཇི་ལྟར་ཡང་འདི་ལྟ་བུར་སྐབས་འགའ་ཞིག་དུ་ཤིང་ཤ་བ་ཤིང་མ་ཡིན་ཞེས་སྤྱི ་གསལ་བ་གཅིག་ལ་འཇུག་པའི་ངེས་པ་འགོག་པ་དེ་ལྟར་སྒྲ་ནི་ཐམས་ཅད་དུ་འགྱུར་བ་མ་ཡིན་ནོ་ཞེས་པའི་ཚིག་འདིས་འདི་ནི་འདི་ལྟ་བུ་གཅིག་ལ་འཇུག་པའི་ངེས་པ་འགོག་པ་བྱ་བ་ཡིན་གྱི། ཐམས་ཅད་ཉིད་སྒྲ་ལ་འཇུག་པ་ཟློག་པ་མ ་ཡིན་ཞིང། འདི་ཙམ་གྱིས་ཐམས་ཅད་ཉིད་སྒྲ་གཅིག་པུ་ལ་འཇུག་པའི་རེས་པ་བཀག་པ་ཙམ་གྱིས་སྒྲ་ཐམས་ཅད་དུ་མི་འགྱུར་བའང་མ་ཡིན་ནོ། །ཅི་སྟེ་འདི་ལྟ་བུས་དེ་ཐམས་ཅད་མ་ཡིན་པ་ཉིད་དུ་འགྱུར་ན། དེ་ལྟ་ན་འོ་ན་སྒྲའི་བདག ་ཉིད་མ་ཡིན་པའི་ཁྱད་པར་རྣམས་ཐམས་ཅད་ཀྱང་སོ་སོར་ཐམས་ཅད་མ་ཡིན་པ་ཉིད་ན། ཐམས་ཅད་ཡིན་པ་འགའ་ཡང་མེད་པར་འགྱུར་ཞིང། འདོད་པའང་ཡིན་ནོ། །དེའི་ཕྱིར་སྒྲ་ནི་ཐམས་ཅད་ཀྱི་ནང་དུ་འདུས་པའོ་ཞེས་པས། དེ་ལ་ཐམས་ཅད་མ ་ཡིན་པ་ཉིད་མ་གྲུབ་པོ། །འོ་ན་ཞེས་པ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་མི་རྟག་པ་ཉིད་དུ་བརྗོད་པས། དམ་བཅས་པའི་རྟག་པ་ཉིད་སེལ་བའི་ཕྱིར་རང་གི་ཚིག་གིས་གནོད་པ་སྨྲས་པའམ། ཡང་ན་ཁས་བླངས་པས་གནོད་པ་སྟེ། དངོས་པོ ་ཐམས་ཅད་མི་རྟག་པ་ཉིད་དུ་ཁས་བླངས་པས་སྒྲ་རྟག་པ་ཉིད་སེལ་བའི་ཕྱིར་རོ། །སྒྲ་ལ་གནས་པ་ཉིད་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཆོས་ཅན་གཅིག་ལ་ཆོས་འགལ་བ་ཉེ་བར་སྡུད་ན་གནོད་པར་འགྱུར་རོ། །འདིར་ནི་དར་བ་དང་ཀཽ་ཎྜིནྱའི་བུའི་རིགས ་པས་སྒྲ་ལས་གཞན་ལ་མི་རྟག་པ་ཉིད་བརྗོད་དེ། གང་གསུངས་པ་ཐམས་ཅད་ལ་གནས་པ་བརྗོད་པར་བྱ་བ་ན་ཞེས་པ་སྟེ། སྒྲ་མ་གཏོགས་པའི་ཐམས་ཅད་གང་ཡིན་པ་དེ་ལ་གནས་པ་བརྗོད་པར་བྱ་བ་ཞེས་པ་དགོངས་པའོ། །དེ་ལྟར་འགྱུར་མོད ་གལ་ཏེ་འཇིག་རྟེན་ལ་གྲགས་པའི་ཐམས་ཅད་མངོན་པར་བརྗོད་པར་གྱུར་ན་ཐམས་ཅད་མ་ཡིན་པ་ཉིད་མ་གྲུབ་པར་འགྱུར་ཏེ། ཐམས་ཅད་ཀྱི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་ཡོངས་སུ་བཤད་པ་ཅན་ཡིན་པ་དེའི་ཚེ་ཅི་ལྟར་མ་གྲུབ་པ་ཡིན ་ཞེས་དོགས་པ་བྱས་ནས་ཡོངས་སུ་བཤད་པ་ཅན་གྱི་ཐམས་ཅད་ཀྱི་སྒྲའི་དབང་དུ་བྱས་ཏེ་གསུངས་པ། ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་སྒྲ་ལས་གཞན་པ་རྣམས་ཐམས་ཅད་ཀྱི་སྒྲའི་བརྗོད་པར་བྱ་བ་སྟེ། སྒྲ་གཅིག་པུ་ཁོ་ན་ཐམས་ཅད ་མ་ཡིན་ན་དེའི་ཚེ་སྒྲ་དང་ཐམས་ཅད་མ་ཡིན་པ་ཞེས་པ་འདི་དག་རྣམ་གྲངས་ཉིད་ལ་ཡང་སྐྱོན་གང་ཡིན་པ་དེ་སྟོན་པ་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པའོ། །དཔེར་ན་ཞེས་པ་ལ་སོགས་པའི་དཔེ་ཡིས་དེ་ཁོ་ན་གསལ་བར་བྱེད་དོ། །འོ་ན་སྒྲ་མངོན ་སུམ་ཁོ་ན་ལས་གྲུབ་པ་མ་ཡིན་ནམ། དེས་ན་དེ་ཡང་མ་གྲུབ་ཞེས་བརྗོད་པ་ཅི་ཞེ་ན། རང་གི་ངོ་བོ་ཁོ་ནར་མ་གྲུབ་པར་བརྗོད་པར་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་རང་ཉིད་ནི་བདག་ཉིད་བསྒྲུབ་པར་བྱ་ལ་གཏན་ཚིགས་ཉིད་དུ་སྟེ། བསྒྲུབ་པར་བྱ་བ་ཁོ་ན་སྒྲུབ་པར་བྱེད་པར་འགྱུར་བ་ནི ་མ་ཡིན་ཞིང། སྒྲ་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ནོ། །དེའི་ཕྱིར་འདི་ནི་བདག་ཉིད་སྒྲུབ་པར་བྱེད་པ་ལ་ཤེས་པར་བྱེད་པ་ཉིད་དུ་མ་གྲུབ་སྟེ། དེ་ཤེས་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྒྲ་གཅིག་ཡིན་ལ་དེ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་བླངས་ཤིང། གང་གི་སྒྲུབ ་པར་བྱེད་པ་ཉིད་དུ་འགྱུར་བ་སྒྲ་གཞན་ཡོད་པའང་མ་ཡིན་ནོ། །དེས་ན་དེ་རང་གི་ངོ་བོ་གྲུབ་ཀྱང་བདག་ཉིད་ལ་གཏན་ཚིགས་ཉིད་དུ་མ་གྲུབ་བོ་ཞེས་པ་འདི་འདིར་དོན་ཡིན་ནོ། །དངོས་པོ་ཐམས་ཅད་ལ་ཆོས་ཅན་དང་ཆོས་ཀྱི་རྣམ་པར་དབྱེ་བ་མ་གྲུབ་པའི་ཕྱིར། ཐམས ་ཅད་དུ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཀྱི་མ་གྲུབ་པའི་སྐྱོན་མཚུངས་སོ་ཞེ་ན་མ་ཡིན་ཏེ། ཀུན་རྫོབ་པའི་ལྡོག་པ་ཐ་དད་པ་ལ་བརྟེན་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་ཁྱད་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་ནི་ཐམས་ཅད་ལས་ལོག་པའི་དངོས ་པོ་གཅིག་ལ་གང་དང་གང་ལས་ཐ་དད་པ་དེ་ལ་བལྟོས་པས་ཆོས་རྣམས་རྣམ་པར་བཞག་པར་བྱ་བས་སོ། །དོན་དམ་པ་སེམས་པ་ན་ཀུན་རྫོབ་པའི་དངོས་པོ་རྣམས་ལ། དངོས་པོར་གྱུར་པའི་ཆོས་གཞན་དེ་ཉིད་དང་གཞན་ཉིད་འགོག་པ་འབའ་ཞིག་སྟེ། དེ་དག་ནི ་དངོས་པོའི་རྟེན་ཅན་ཉིད་ཀྱི་ཕྱིར་རོ། །གང་འདི་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་གནས་པ་དེ་ནི། ལྡོག་པ་ལ་བརྟེན་པའི་དབྱེ་བ་རྟོགས་པས་གྲུབ་པ་གང་ཡིན་པ་དེ་ལ་བརྟེན་ནས་བསྟན་པར་བྱའོ། །དེ་ལྟར་ནི་སྒྲ་ཞེས་བརྗོད་པ་དང་བྱས་པ ་ཉིད་ཅེས་བརྗོད་པ་ལ་རྟོགས་པ་ཐ་དད་པ་ཁོ་ནར་འགྱུར་གྱི། དངོས་པོར་ན་ཐ་དད་པའང་མ་ཡིན་ནོ། །དེ་ལྟ་ནའང་ལྡོག་པ་ལ་བརྟེན་པའི་གང་རྟོགས་པ་ཐ་དད་པའི་ཆོས་ཅན་དང་ཆོས་སོ་སོར་སྣང་བ་སྐྱེ་ལ། དེས་བསྟན་པའི་ཆོས་ཅན་དང་ཆོས་ཐ ་དད་པ་ལ་བརྟེན་པས་སྒྲུབ་པར་བྱེད་པའི་ཐ་སྙད་འགལ་བ་མེད་དོ། །དོན་ལ་མི་བསླུ་བ་ནི་འབྲེལ་པ་ལས་སོ་ཞེས་བཤད་ཟིན་ཏོ། །འདིར་ནི་སྒྲ་རྟག་སྟེ། ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་གང་གིས་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཏུ་མི ་འགྱུར་བ་ལྡོག་པ་ཐ་དད་པ་ཡང་མེད་དོ། །དེ་ལྟར་ནི་གང་ཞིག་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་བཀོད་པ་དེ་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་བཞག་པའི་རྣམ་པ་ལས་གཞན་པའི་ངོ་བོ་ཤེས་པ་གཞན་ལ་ཉེ་བར་མི་གནས་པ་སྒྲུབ་པར་བྱེད་པ་ཉིད་དུ་བྱས ་པ་སྟེ། སོ་སོར་རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར། ཤེས་པ་ལ་གྲུབ་པའི་ཐ་དད་པ་ཡང་ཡོད་པ་ཡིན་ཏེ། དེའི་ཕྱིར་མ་གྲུབ་པ་ཞེས་བཤད་དོ། །དེ་འདི་སྐད་བརྗོད་པར་འགྱུར་རོ། །གང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་པ་དེ་གཏན ་ཚིགས་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་མི་རྟག་པ་ཉིད་བཞིན། སྒྲ་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་ཐམས་ཅད་མ་ཡིན་པ་ཉིད་ཀྱང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ནོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །འོ་ན་ཡང ་ཞེས་པ་ལ་སོགས་པས་མ་ངེས་པར་སྨྲས་ཤིང། འདིར་ཅེས་པ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །ཤེས་པ་ཐ་མི་དད་པའི་ཡུལ་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་དྲངས་པ་ནི། དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། ཁྱད་པར་མེད་པའི ་ཕྱིར་རོ། །འདིར་ནི་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ཞིང། སྤྱི་བསྒྲུབ་པར་བྱེད་པའོ་ཞེས་པས་ཁྱད་པར་ཡོད་དོ། །དཔེ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ་འདི་ཉིད་ཀྱི་འཐད་པ་སྟེ། དཔེར་ཡོད་པར་གྱུར་པ་ཉིད་ཀྱི་ཕྱིར་འདིར་ཐམས་ཅད་ནི ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གྲུབ་པ་དཔེར་འགྱུར་ཞིང། མ་གྲུབ་པ་ནི་བསྒྲུབ་པར་བྱ་བར་འདོད་ལ། འདིར་ཐམས་ཅད་ཕྱོགས་སུ་བྱས་པ་ནི་མ་ཡིན་ནོ། །མིག་ལ་སོགས་པ་རྣམས་ནི་ཞེས་པ་ལ་སོགས་པས། ཁྱད་པར་དང་སྤྱིའི་བདག་ཉིད་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ ་དད་པ་ཉིད་དེ་སྟོན་པར་བྱེད་དོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། སྒྲ་ཉིད་ནི་སྒྲ་གཅིག་པུ་ཁོ་ན་ལ་ཡོད་པའི་ཕྱིར་མཉན་བྱ་ཉིད་དང་འདྲ་བར་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་གྱི་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་པ་ཕ་རོལ་པོའོ། །དམ་བཅའ་བའི་དོན་གྱི་ནི་ཞེས་པ ་ལ་སོགས་པ་སྟེ། ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནི་དམ་བཅའ་བའི་དོན་ནོ། །དེའི་ཆོས་མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པ་ཉིད་དུ་རིགས་ཏེ། ཆོས་ཅན་དང་ཆོས་ཐ་དད་པའི་ཕྱིར་རོ། །དེ་ལྟར་ནི་སྒྲའི་སྒྲས་ནི་སྒྲ་མ་ཡིན་པ་རྣམ་པར་གཅོད་པ་བརྗོད་ཅིང། ་མཉན་པར་བྱ་བའི་སྒྲས་ནི་རྣ་བའི་དབང་པོའི་ཡུལ་མ་ཡིན་པ་རྣམ་པར་གཅོད་པའི་ཕྱིར་རོ། །སྒྲའི་ཆོས་སུ་མཉན་པར་བྱ་བ་ཉིད་ཡོད་ལ། དེ་ནི་ཐུན་མོང་མ་ཡིན་པར་འགྱུར་རོ། །འདིར་ནི་གཏན་ཚིགས་དང་ཆོས་ཅན་བརྗོད་པའི་སྒྲ་དག་ལ་རྣམ་པར་གཅོད་པ་ཐ་དད ་པ་མེད་དོ་ཞེས་པས་སྒྲ་ལ་སྒྲ་ཉིད་ཡོད་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་དེ་ཁོ་ན་བསྒྲུབ་པར་བྱེད་པ་ཉིད་དུ་བརྗོད་དོ་ཞེས་པས་མ་གྲུབ་པ་ཁོ་ནའོ། །རྩོད་པ་བསྒྲུབ་པར་ནི་འདི་ཞེས་པ་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་གང་བཤད་པའོ། །དེར་ནི་ཞེས ་པ་ལ་སོགས་པ་སྟེ། དེ་ལ་གྲུབ་པའི་མཛའ་དང་འགལ་བ་ནི། བྱེ་བྲག་པའི་དབང་པོས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་པའོ་ཞེས་ཏེ། དེས་ནི་དངོས་པོ་དང་ཡོན་ཏན་ལ་སོགས་པ་དབང་པོས་གཟུང་བར་བྱ་བ་རྣམས་རྟགས་ཉིད་དུ་ཁས་བླངས ་པ་རྣམས་ཀྱི་མི་རྟག་པ་ཉིད་འོངས་པ་ན་གྲུབ་པའི་མཛའ་འགལ་བའོ། །དམ་བཅའ་བའི་དོན་དང་འགལ་བ་ནི་གྲངས་ཅན་པའི་རྒྱུ་ལ་འབྲས་བུ་ཡོད་དེ། ཡང་དག་པར་འབྱུང་བའི་ཕྱིར་རོ་ཞེས་པ་སྟེ། ཡང་དག་པར་འབྱུང་བའི་ཕྱིར་རོ་ཞེས་པ་འདི ་དང་ཡོད་པ་ཉིད་དུ་དམ་བཅས་པ་འགལ་བ་སྟེ། ཡོད་པ་ཉིད་ནི་ཡང་དག་པར་འབྱུང་བར་རིགས་པ་མ་ཡིན་ཏེ། སྐྱེས་བུ་བཞིན་ནོ་ཞེས་པའོ། །འདི་ལ་དེ་དག་སྲིད་པ་ཡང་མ་ཡིན་ནོ་ཞེས་པ། གང་གི་ཕྱིར་དེ་ལ་ནི་ཆོས་ཀྱི་ཕྱོགས་ཁོ་ན ་གཏན་ཚིགས་ཉིད་དུ་བརྗོད་ལ། འདི་ནི་ཕྱོགས་ཀྱི་ཆོས་སུ་འགྱུར་བ་མ་ཡིན་པ་ཁོ་ནའོ་ཞེས་པའོ། །བསྟན་པར་བྱ་བའོ་ཞེས་པ་བསྟན་ཚིགས་ལྟར་སྣང་བ་བརྟག་པའི་སྐབས་སུའོ། །ཕྱོགས་ལྟར་སྣང་དང་བཅས་པ་བཤད་ཟིན་ཏོ། །ད་ནི་གང་གི་རྗོད་པར་བྱེད་པ་གཞན་དོན་རྗེས་སུ་དཔག་པ་ཡིན་པ་གཏན་ཚིགས་བཤད་པར་བྱའོ། །འོ་ན་དེའི་མཚན་ཉིད་སྔར་ཁོ་ནར་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། བཤད་ཟིན་པ་བདེན་ཏེ། དེ་ལྟ་ནའང་རབ་ཏུ་དབྱེ་བ་བསྟན་པའི་ཆེད་དུ་གཏན་ཚིགས་ཀྱི་མཚན་ཉིད་ཀྱི ་དབང་དུ་བྱེད་དོ། །དེ་ལའང་ཞེས་པ་གཏན་ཚིགས་དེ་ལའོ། །བསྒྲུབ་པར་བྱ་བའི་དེ་མ་ཐག་ཏུ་བཤད་པར་བྱ་བ་ཡིན་པ་ལ་དེ་མ་བཤད་པ་ཁོ་ནར་ཕྱོགས་ཀྱི་རབ་ཏུ་དབྱེ་བ་སྐབས་སུ་མ་བབ་པ་སྔོན་དུ་རབ་ཏུ་སྟོན་པ་ལ་རྒྱུ་གསུངས་པ། གང་ཕྱིར ་བསྒྲུབ་བྱའི་ཆོས་གཏན་ཚིགས་ཞེས་པ་ལ་སོགས་པའོ། །ཕལ་ཆེ་བས་ཞེས་པའི་ཚིག་ནི་མ་གྲུབ་པ་ཕྱོགས་ཆོས་མེད་པའང་གཏན་ཚིགས་ལྟར་སྣང་བ་ཉིད་དུ་ཤེས་པའི་དོན་དུའོ། །འདི་ནི་ཚིགས་སུ་བཅད་པའི་དོན་ཡིན་ཏེ། གང་གི་ཕྱིར་གཏན་ཚིགས ་དང་དེར་སྣང་བ་ཕལ་ཆེ་བ་ནི་ཕྱོགས་ཀྱི་ཆོས་ཁོ་ན་ཡིན་པ་དེའི་ཕྱིར་གཏན་ཚིགས་དང་འགལ་བ་དང་མ་ངེས་པ་ཉིད་རྣམས་ལས་སྔོན་དུ་ཕྱོགས་ཀྱི་ཆོས་རྒྱས་པར་བསྟན་པར་བྱའོ་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གང་གི་ཕྱིར་ཕྱོགས ་ཀྱི་ཆོས་ཉིད་འདི་ནི་མང་པོ་རྣམས་ཀྱི་སྤྱིའི་ཚུལ་ཡིན་པ་དེའི་ཕྱིར་ཕྱོགས་ཀྱི་ཆོས་ཀྱི་རབ་ཏུ་དབྱེ་བ་ཁོ་ན་གཏན་ཚིགས་ལ་སོགས་པ་ལས་སྔོན་དུ་བསྟན་པར་བྱའོ་ཞེས་པའོ། །དེ་ནི་ཕྱོགས་ཀྱི་ཆོས་རབ་ཏུ་དབྱེ་བ་དེ་བསྟན་པའི་ཆེད་དུ་བདེ་བླག་ཏུ ་གཟུང་བའི་དོན་དུ་གཏན་ཚིགས་ཀྱི་སྐབས་ཀྱི་མེད་བསྡུས་པ་གསུངས་པ། མཐུན་ཕྱོགས་ལ་ཡོད་མེད་ཅེས་པ་ལ་སོགས་པའོ། །འདིར་ཞེས་པ་ཚིགས་སུ་བཅད་པ་འདིར་རོ། །གང་གི་ཕྱིར་ཕྱོགས་ཀྱི་ཆོས་རྣམས་དགུ་བཤད་པ་སྟེ། གང་གི་ཕྱིར་འདི་མང ་པོ་རྣམས་ཀྱི་ཐུན་མོང་གི་ཚུལ་ཡིན་པ་དེའི་ཕྱིར་དེ་ཉིད་ཐུན་མོང་ལས་སྔར་རྟག་པར་བྱ་སྟེ། དེ་ངེས་པར་ཤེས་པ་ན་གཏན་ཚིགས་ལ་སོགས་པའི་མཚན་ཉིད་རྒྱས་པས་བསྟན་པའི་ཆེད་དང་ཤེས་པའི་ཆེད་དུ་བདེ་བླག་ཏུ་འགྱུར་རོ་ཞེས་པའི་ཕྱིར་དེ་ཕྱིས ་ངེས་པར་བསྟན་པར་བྱའོ། །འདིར་ཆོས་ཅན་ཁོ་ནའི་ཆོས་སུ་འགྱུར་གྱི། ཚོགས་པའི་མ་ཡིན་ཞིང་ཆོས་ཀྱི་ཡང་མ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་ཆོས་ཞེས་སྨྲས་པ་ཆོས་ཅན་ཁོ་ན་ཕྱོགས་ཉིད་དུ་དམ་བཅས་ཏེ། བསྒྲུབ་བྱའི་སྒྲ་ནི་ཕྱོགས་ཀྱི་རྣམ ་གྲངས་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་རིགས་སོ་ཞེས་སེམས་པས་སྨྲས་པ། རེ་ཞིག་ཅི་ལྟར་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པས། གང་ཞིག་བསྒྲུབ་པར་འདོད་པ་མ་ཡིན་པ་དེ་ནི་ཕྱོགས་མ་ཡིན་ཏེ། གཏན་ཚིགས་བཞིན། ཆོས ་ཅན་ཡང་དེ་ལ་བུའོ་ཞེས་ཁྱབ་པར་བྱེད་པ་མེད་པ་སྨྲས་སོ། །གྲུབ་ཟིན་པ་ཉིད་ཀྱི་ཕྱིར་ཞེས་པ་འདིས་ནི་མ་གྲུབ་པ་ཉིད་དུ་དོགས་པ་སེལ་བར་བྱེད་དོ། །གང་གྲུབ་ཟིན་པ་དེ་ནི་བསྒྲུབ་པར་འདོད་པ་མ་ཡིན་ཏེ་གཏན་ཚིགས་བཞིན། ཆོས་ཅན་ཡང་དེ་ལྟ་བུའོ་ཞེས་པ ་ཁྱབ་པར་བྱེད་པ་དང་འགལ་བའོ། །དེའི་ཕྱིར་དེའི་ཆོས་ནི་ཕྱོགས་ཆོས་སུ་བསྟན་པར་འོས་པ་མ་ཡིན་ནོ་ཞེ་ན། ཉེས་པ་འདི་མེད་དེ་ཞེས་པ་ལ་སོགས་པའོ། །གདོན་མི་ཟ་བར་དངོས་ཀྱི་སྒྲ་རྣམས་ཁོ་ནས་ཐ་སྙད་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཉེ་བར་བཏགས ་པ་རྣམས་ཀྱིས་ཀྱང་ངོ། །དེ་ལ་གལ་ཏེ་ཕྱོགས་དངོས་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ན་གྲུབ་པ་སྒྲུབ་པའོ། །ཅི་སྟེ་ཆོས་ཅན་ནི་ཕྱོགས་ཀྱི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་ན་ཉེ་བར་བཏགས་པས་ཀྱང་དེ་ལྟར་བསྟན་པར་འོས་པ་མ་ཡིན་ནོ་ཞེས་བསྒྲུབ ་པར་བྱ་ན་དེའི་ཚམ་ངེས་སྟེ། ཚོགས་པའི་ཕྱོགས་གཅིག་ལ་ཚོགས་པ་ཉེ་བར་བཏགས་ནས་བསྟན་པའི་ཕྱིར་ཏེ། རས་ཡུག་གི་ཕྱོགས་གཅིག་ལ་རས་ཡུག་ཏུ་ཉེ་བར་འདོགས་པ་བཞིན་ནོ། །ཆོས་སྨོས་པ་ནི་ཞར་ལ་བྱུང་བ་སྟེ། བསྒྲུབ ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ཞེས་པ་འདིར་ཡང་རྩོད་པ་འདི་ཡོངས་སུ་སྤང་པའི་དོན་དུའོ། །དངོས་མིན་ན་ཡང་ཞེས་པ་སྟེ་འདིར་ནི་ཤེས་པར་འདོད་ཅིང་ཕྱིས་ཀྱི་དུས་སུ་གྲུབ་པ་བསྟེན་པའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས ་ཅན་བསྒྲུབ་པར་བྱ་བའོ་ཞེས་པས་ཚོགས་པ་བསྒྲུབ་བྱར་བརྗོད་པར་བྱའོ། །རྣམ་པར་ལྟ་བུའི་ཆོས་ཅན་དེ་ཡང་བསྒྲུབ་པར་བྱ་བ་དངོས་པོ་ན་ཏེ། དེ་ལ་བྱས་པ་ཉིད་ལ་སོགས་པའི་ཆོས་མི་སྲིད་པར་འགྱུར་རོ་ཞེས་པས་འདི་ནི་བརྩད་པར་བྱ་བ་མ་ཡིན ་པ་ཁོ་ནའོ། །ཁྱོད་ཀྱིས་ཡོངས་སུ་བརྟགས་པ་ནི་སོགས་པ་བསྒྲུབ་པར་བྱ་བར་ཁས་བླངས་ནས་ནི། ཁོ་བོས་འདི་ལན་དུ་བརྗོད་པར་བྱའོ་ཞེས་པ་འདི་ཡང་གི་སྒྲས་གསལ་བར་བྱེད་དོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཡང་དངོས་མ་ཡིན་པ ་དེ་ལྟ་ན་ཡང་སྐྱོན་མེད་ན་དངོས་ཉིད་ལ་ལྟ་ཅི་ཞིག་ཅེས་པའོ། །ཡང་དངོས་མ་ཡིན་པ་ཉིད་ལ་སྐྱོན་མེད་པ་ཡིན་པ་གང་ལས་དེ་ལ་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་གདགས་པར་བྱ་བ་ཅི་ལྟར་ཡིན་ཞེ་ན། ཉེ་བར་འདོགས་པའི་རྒྱུ་གསུངས་པ། ཕྱོགས ་གཅིག་ཕྱིར་ཞེས་པ་སྟེ་དེ་འདིས་ནི། གང་ཞིག་གང་གི་ཕྱོགས་གཅིག་ཡིན་པ་དེ་ནི་དེས་ཐ་སྙད་བསྟན་པར་འོས་པ་ཡིན་ཏེ། དཔེར་ན་སྣམ་བུའི་ཕྱོགས་གཅིག་ན་སྣམ་བུར་ཐ་སྙད་བསྟན་པ་བཞིན། ཆོས་ཅན་ཡང་ཕྱོགས་ཀྱི་ཕྱོགས་གཅིག་ཡིན་ནོ་ཞེས་པ ་རང་བཞིན་གསུངས་སོ། །དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། དེའི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་ཉེ་བར་གདགས་སུ་རུང་པའི་ཆོས་ཅན་གྱི་ཆོས་རྟོགས་པའི་དོན་ཅན་ཡིན་པ་ཉིད་ཀྱི་ཕྱིར་ཏེ། ཉེ་བར་བཏགས་པ་ནི་འོས ་དེ་ལྟ་ན་ཡང་མིག་གི་གཟུང་བྱ་ཉིད་ལ་སོགས་པ་ཡང་ཡོངས་སུ་སྤངས་པར་འགྱུར་རོ། །འབའ་ཞིག་པ་ནི་ཉེ་བར་བཏགས་པར་འགྱུར་རོ་ཞེས་པ་འདིར་བསྒྲུབ་པར་བྱ་བ་ཞེས་སྦྲེལ་བར་བྱའོ། །འདིར་ཡང་ཞེས་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་རོ། །གཉིས་ལ་གྲུབ་པས ་ཞེས་པ་རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་ཕྱོགས་ཀྱི་ཆོས་ཉིད་དུ་ངེས་པར་གྱུར་བ་གང་ཡིན་པ་དེས་ཐ་སྙད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ཤེས་པར་བྱེད་པའི་གཏན་ཚིགས་ཀྱི་དབང་དུ་བྱས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་དོན་གྱིས་གོ་བས། གཉིས ་ག་བཟློག་པ་ན་ཏེ། མ་ངེས་པ་ན་ཞེས་པའི་ཐ་ཚིག་གོ་།གཅིག་ལ་ཡང་བཟློག་པ་ན་དང་གཉིས་ལའམ་གཅིག་ལ་ཐེ་ཚོམ་ཟ་ན་དང། གཞི་མ་གྲུབ་ནའང་འདོད་མ་ཡིན། གཏན་ཚིགས་སུ་ཞེས་པའོ། །དེས་ན་དེ་བསལ་བའི་དོན་དུ་རྩལ་མ་ཐག་པ་བཞག་པར་བྱའོ། །གལ ་ཏེ་རྣམ་པ་འདི་ལྟ་བུ་སྒྲུབ་པར་བྱར་བ་མ་ཡིན་ན། འོན་སུན་འབྱིན་པར་འགྱུར་རོ་ཞེ་ན། གསུངས་པ། མི་འདོད་ཕྱིར་ཀུན་སུན་འབྱིན་མིན་ཞེས་པའོ། །ཇི་ལྟར་གཉིས་ཀ་ལ་གྲུབ་པས་བསྒྲུབ་པར་བྱ་བ་ངེས་པར་འགྱུར་གྱི་རྣམ་པ་གཞན་དུ་མ་ཡིན་པ་དེ་ལྟར་གཉིས་ཀ་ལ ་གྲུབ་པ་ཁོ་ནས་སྐྱོན་ཅན་ཉིད་དུ་ངེས་པར་བྱེད་ཀྱི་རྣམ་པ་གཞན་དུ་མི་འདོད་པ་ཙམ་གྱིས་ནི་མ་ཡིན་ནོ། །འོ་ན་འདིས་སུན་དབྱུང་བར་བྱ་བའོ་ཞེས་པས་ན་སུན་འབྱིན་ཏེ་སྐྱོན་བརྗོད་པར་བྱེད་པའི་ཚིག་མ་ཡིན་ནམ། ཅི་ལྟར་མངོན་སུན་འབྱིན་པའི་ཞེས་བརྗོད་ཅེ ་ན། ཡུལ་དང་ཡུལ་ཅན་ཐ་མི་དད་པར་ཉེ་བར་བཏགས་པ་ལས་སམ། སུན་འབྱིན་གྱི་སྒྲ་ལས་སྒྲུབ་པ་ཡིན་པ་ཉིད་ཀྱི་ཕྱིར་དེ་སྐད་བཤད་དོ་ཞེས་པས་སྐྱོན་མང་ངོ། །ཡང་འདི་སུན་འབྱིན་པར་མ་ཡིན་པ་ཅི་ཡིན་ཞེ་ན་གསུངས་པ། འདི་ལ་སྟེ་ཞེས་པ་དང ་སོགས་པའོ། །འོ་ན་ཅི་འདྲ་བ་ཞིག་སྒྲུབ་པར་བྱེད་པ་དང་སུན་འབྱིན་པར་བྱེད་པ་ཡིན་ཞེ་ན་གསུངས་པ། གཉིས་ག་ལ་ཡང་རབ་གྲུབ་པ་ཞེས་པ་ལ་སོགས་པའོ། །གང་ཞིག་གཉི་ག་ལ་ཡང་ཕྱོགས་ཀྱི་ཆོས་མ་ཡིན་པ་ཞེས་པར་གྲུབ་པ་དེ་ནི་སུན་འབྱིན་པ ་ཁོ་ན་ཏེ། དཔེར་ན་མིག་གིས་གཟུང་བར་བྱ་བ་ཉིད་ལྟ་བུའོ། །སྒྲུབ་པར་བྱེད་པ་ནི་གཉིས་ཀ་ལ། ཕྱོགས་ཀྱི་ཆོས་ཉིད་དུ་རབ་ཏུ་གྲུབ་པ་སྟེ། དཔེར་ན་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ལྟ་བུ་སྟེ་བྱས་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ ་པ་ནའོ། །འོ་ན་རྐྱེན་ནི་རྒྱུ་ཡིན་ན་སྒྲ་ལ་ནི་རྒྱུ་ཅི་ཡང་མེད་དེ། ད་རྟག་པ་ཉིད་དུ་རྒོལ་བས་ཁས་ལེན་པས་སོ། །དེས་ན་ཅི་ཞིག་ལས་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཡིན་ཞེ་ན། འོ་ན་དེ་རྐན་ལ་སོགས་པའི་གཡོ་བ་ཡོད་པ་ཁོ་ན་ལ་དམིགས་པ་ཅི་ལྟར་ཡིན། ་གལ་ཏེ་རྐན་ལ་སོགས་པ་རྣམས་དེའི་རྒྱུ་མ་ཡིན་གྱི། དེ་རྐན་ལ་སོགས་པ་རྣམས་ཀྱིས་གསལ་བར་བྱེད་དེ། དེས་ན་དེའི་བྱ་བ་ཡོད་པ་ཁོ་ན་ལ། དེ་དམིགས་པའོ་ཞེ་ན། མ་ཡིན་ཏེ་རྟག་པ་རྣམས་ལ་མངོན་པར་གསལ་བ་མི་རུང་བའི་ཕྱིར་ཏེ་སྔར་ཇི་སྐད ་བཤད་པ་བཞིན་ནོ། །རྐན་ལ་སོགས་པའི་བྱེད་པས་སྒྲིབ་པ་སེལ་བར་བྱེད་དེ། དེའི་ཕྱིར་དེའི་དེ་མ་ཐག་ཏུ་ཉེ་བ་དམིགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་བདག་ཉིད་ཉམས་པ་མེད་པ་ལས་ན་འགའ་ཞིག་གི་ཡང་སྒྲིབ་པ་ཉིད་མི་སྲིད་པའི་ཕྱིར་རོ། །རང་གི་ཡུལ ་ལ་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ལ་རྐན་ལ་སོགས་པའི་གཡོ་བ་ལྷན་ཅིག་བྱེད་པའོ་ཞེ་ན། མ་ཡིན་ཏེ་ཕན་འདོགས་པ་མ་ཡིན་པ་རྣམས་ལྷན་ཅིག་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །མཛའ་ཨི་གནས་སྐབས་ན་ནི་གང་ས་བོན་ལ་སོགས་པ་ཕན་ཚུན་ཕན་འདོགས་པ་ལ་མི་བལྟོས་པ་རྣམས་ལྷན་ཅིག་བྱེད་པ་ཡིན་ཏེ། དེ་ནི་ཁྱད་པར་སྐྱེད་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། འབྲས་བུ་གཅིག་བྱེད་པ་ཁོ་ན་ཡིན་ན། འདི་ནི་སྒྲ་ལ་སྲིད་པ་ཡང་མ་ཡིན་ཏེ། དེ་ནི་གལ་ཏེ་ནུས་པ་ཡིན་ན། འགའ་ཞིག ་ལས་ཀྱང་ཕྱེད་པར་འགྱུར་ཞིང་།གལ་ཏེ་མི་ནུས་པ་ཡིན་ན་ལྷན་ཅིག་པ་ཡང་བྱེད་པ་མ་ཡིན་ནོ། །ཞེས་པས་འདི་ནི་ཐེ་ཚོམ་མེད་དོ། །ཕན་འདོགས་པ་འགའ་ཞིག་བྱེད་པ་ཁོ་ནའོ་ཞེ་ན། དེ་ཅི་དེ་ལས་དོན་གཞན་ནམ་འོན་ཏེ་ཅིག་ཤོས་ཡིན། དོན་གཞན ་ཉིད་ན་སྒྲའི་ཕན་པ་ཞེས་པའི་འབྲེལ་པ་ཅི་ཞིག་ཡིན། དོན་གཞན་མ་ཡིན་པ་ཉིད་ན་དེ་ཁོ་ན་བྱེད་པའོ་ཞེས་པས་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་གྲུབ་པོ། །འོ་ན་ཕྱོགས་ཀྱི་ཆོས་ཁོ་ན་གཏན་ཚིགས་ཉིད་ཡིན་ན། ཆོས་ཅན་གྱིས་ཆོས་ཅན་དང་ཆོས་སམ་ཆོས ་ཅན་གྱིས་སམ་ཆོས་ཀྱིས་ཆོས་ཅན་རྗེས་སུ་དཔག་པར་འགྱུར་བ་མ་ཡིན་ནོ་ཞེས་པས་མཚན་ཉིད་མ་ཁྱབ་པ་ཅན་ནོ་ཞེ་ན་གསུངས་པ། ཕྱོགས་ཆོས་ཀྱི་སྒྲུབ་པར་བྱེད་པ་ཉིད་ན་ཞེས་པ་སྟེ། ཕྱོགས་ཆོས་ཁོ་ན་གཏན་ཚིགས་སོ་ཞེས་འདིར་ཁས་བླངས ་པར་གྱུར་ན་ཞེས་པའི་དོན་ཏོ། །ཆོས་ཅན་ཆོས་ཅན་གྱིས་བསྒྲུབ་མིན། ཆོས་ནི་ཆོས་ཅན་གྱིས་བསྒྲུབ་བྱ་མ་ཡིན་ནོ་ཞེས་པ་དང། དེས་ཏེ་ཆོས་ཀྱིས་ཆོས་ཅན་ཡང་བསྒྲུབ་བྱ་མ་ཡིན་ནོ། །རེ་ཞིག་གང་རྣམས་རྗོད་པར་བྱེད་པ་ཞེས་པ་ལ། དེ་རྣམས་ནི་འདི་ལྟར་སེམས ་པར་བྱེད་དོ། །ཚོགས་པའི་དོན་བསྒྲུབ་པར་བྱ་བ་ཉིད་ན། དེའི་ཕྱོགས་གཅིག་པའི་ཆོས་ནི་ཕྱོགས་ཆོས་སོ་ཞེས་པས་ཕྱོགས་ཆོས་གཏན་ཚིགས་སུ་འགྱུར་མོད་ཀྱི། གང་གི་ཚེ་ཆོས་ཅན་མེ་ཁོ་ན་བསྒྲུབ་བྱ་ཡིན་ཞིང་ཚོགས་པ་ནི་མ་ཡིན་ལ། དེ་ཡང་ཆོས་ཅན ་གཞན་དུ་བ་ཡིས་ཡིན་ཏེ། དེའི་ཚེ་ཅི་ལྟར་ཕྱོགས་ཆོས་གཏན་ཚིགས་སུ་འགྱུར་ཞེས་པར་རོ། །འདི་ལའོ་ཞེས་བརྗོད་པར་བྱའོ་ཞེས་པས། མེ་ཡོད་པ་ཉིད་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ལ་འཐད་པ་གཞན་འདིའོ། །འདི་ལའི་སྒྲ་དང་དུ་བ་མངོན ་པར་འབྲེལ་པར་འགྱུར་རམ། འོན་ཏེ་ཡུལ་ཕྱོགས་སམ་མེར་འགྱུར། དེ་ལ་གལ་ཏེ་དུ་བ་འབྲེལ་ན་དམ་བཅལ་བའི་དོན་གྱི་ཕྱོགས་གཅིག་ཉིད་དུ་འགྱུར་ཏེ་སྔར་བཞིན་ནོ། །དེ་ལྟར་འགྱུར་མོད་ཀྱི་མེ་ཁོ་ན་འདི་ལ་ཞེས་ངེས་པར་བསྟན་པར་བྱ་བའོ ་ཞེ་ན། གསུངས་པ། མེ་ལ་ཞེས་པ་ལ་སོགས་པ་སྟེ། ཡང་གི་སྒྲ་ནི་མེ་དེ་ཁོ་ན་བདག་ཉིད་ཀྱི་རྟེན་དུ་རིགས་པའང་མ་ཡིན་ནོ་ཞེས་པའི་སྐྱོན་བསྡུ་བའི་དོན་དུའོ། །ཡང་ཅིའི་ཕྱིར་མེ་ལ་མཐོང་བ་རིགས་པ་མ་ཡིན་ཞེ་ན་གསུངས་པ། རྗེས་སུ་དཔག་པ་མེད་པར ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ་སྟེ། མངོན་སུམ་མ་ཡིན་པའི་མེ་ལ་དུ་བ་མཐོང་བ་ནི་སྲིད་པ་མ་ཡིན་པས་སོ། །དེའི་ཕྱིར་རྟགས་འཛིན་པའི་དུས་ཁོ་ན་ན་མེ་རྟོགས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་མེད་པར་འགྱུར་རོ། །དེའི་ཕྱིར ་ཞེས་པ་ལ་སོགས་པ་སྟེ། རྣམ་པ་གཞན་མེད་པའི་ཕྱིར་འདི་ལ་ཞེས་པ་ནི་ཡུལ་ཕྱོགས་ལ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེ་ཡང་དེ་དག་གིས་ཆོས་ཅན་ཁོ་ནའོ་ཞེས་པ། མེ་དང་དུ་བ་དག་ཡུལ་ཕྱོགས་ཀྱི་དོར་ཆོས་ཉིད་དུ་གསུངས ་སོ། །དེ་ལས་ཀྱང་མེས་ཁྱད་པར་དུ་བྱས་པར་ས་ཕྱོགས་དེའི་ཆོས་དུ་བས་བསྒྲུབ་པར་བྱའོ་ཞེས་པས་ཕྱོགས་ཆོས་མེད་པའི་གཏན་ཚིགས་ཉིད་མེད་དོ། །འོ་ན་དེ་ལྟ་ན་ཡང་དུ་བ་ནི་འཕྱུར་བ་དང་སྐྱ་བོ་ཉིད་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས ་ཡོན་ཏན་ཅན་ཉིད་ཀྱི་ཕྱིར་ཆོས་ཉིད་ཁོ་ན་ཏེ། དེ་བཞིན་དུ་མེ་ཡང་དྲོ་བ་ཉིད་དང་སྲིད་པར་བྱེད་པ་ཉིད་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་སོ་ཞེས་ཅི་ལྟར་དེ་དག་ཆོས་ཡིན་ཞེ་ན། དེའི་ཕྱིར་གསུངས་པ། འདིར་ཞེས་པ་ལ་སོགས་པའོ། །བསྒྲུབ་པར་བྱ ་བ་དང་སྒྲུབ་པར་བྱེད་པའི་ཐ་སྙད་ལ་ཡོན་ཏན་དང་ཡོན་ཏན་ཅན་ཉིད་ཀྱིས་ཆོས་དང་ཆོས་ཅན་ཉིད་དུ་མངོན་པར་དགོངས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསྒྲུབ་པར་བྱ་བ་ཉིད་ལ་བལྟོས་པས་ཏེ། གང་ཞིག་དོན་གང་གིས་ཁྱད་པར་དུ་བྱས་པར་གང ་ཞིག་གིས་བསྒྲུབ་པར་བྱ་བ་དེ་ནི་ཆོས་ཅན་ཡིན་ཏེ། ཕན་གདགས་པར་བྱ་བ་ཉིད་ཀྱི་ཕྱིར་དང། ཅིག་ཤོས་དག་ནི་ཕན་འདོགས་པ་པོ་ཉིད་ཀྱི་ཕྱིར་ཆོས་ཡིན་པ་ཉིད་དོ་ཞེས་པས་མེ་དང་དུ་བ་དག་ཆོས་ཡིན་པར་འགྱུར་བ་ཁོ་ནའོ། །དེ་ལ་གང ་ཞིག་གིས་བསྒྲུབ་པར་བྱ་བ་དེ་ནི་ཆོས་ཅན་ཡིན་ཏེ། ཕན་གདགས་པར་བྱ་བ་ཉིད་ཀྱི་ཕྱིར་དང། ཅིག་ཤོས་དག་ནི་ཕ་འདོགས་པ་པོ་ཉིད་ཀྱི་ཕྱིར་ཆོས་ཡིན་པ་ཉིད་དོ་ཞེས་པས་མེ་དང་དུ་བ་དག་ཆོས་ཡིན་པར་འགྱུར་བ་ཁོ་ནའོ། །དེ་ལ་གང ་ཞིག་གིས་བསྒྲུབ་པར་བྱ་བ་དེ་ནི་ཆོས་ཅན་ཡིན་ཏེ། ཕན་གདགས་པར་བྱ་བ་ཉིད་ཀྱི་ཕྱིར་དང། ཅིག་ཆོས་དག་ནི་ཕན་འདོགས་པ་པོ་ཉིད་ཀྱི་ཕྱིར་ཆོས་ཡིན་པ་ཉིད་དོ་ཞེས་པས་མེ་དང་དུ་བ་དག་ཆོས་ཡིན་པར་འགྱུར་བ་ཁོ་ནའོ། །དེ་ལ་གང ་རྣམས་མེས་རེག་བྱ་ཞེས་པ། འདི་ན་དྲོ་བའི་རེག་པ་ཡོད་དེ། མེའི་ཕྱིར་རོ་ཞེས་པ་འདི་ལ། རེག་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ཞིང་རེག་པ་ཡང་ཆོས་ཡིན་ཏེ། ལུས་དང་ལྡན་པའི་ཡོན་ཏན་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྔ་མ་བཞིན་དུ་ཞེས་པ་ནི་འདིར ་ཞེས་པ་གལ་ཏེ་མེ་དང་སྦྲེལ་པ་ཡིན་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ། །རྗེས་སུ་དཔག་པར་བྱ་བ་རེག་པ་ལ་མེ་མཐོང་བ་རིགས་པ་ཡང་མ་ཡིན་ཏེ་རྗེས་སུ་དཔག་པ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གདོན་མི་ཟ་བར ་འདིར་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །དེ་ཞིག་ཐམས་ཅད་ལ་ཞེས་པ་ལ་སོགས་པ་སྟེ། གནས་མལ་ཁང་ལ་སོགས་པར་གང་དུ་བ་ཙན་དེར་མི་དམིགས་པ་མ་ཡིན་ནོ་ཞེས་པས་ཡུལ་ཕྱོགས་བསྒྲུབ་པར་བྱ་བ་ཉིད་དུ་རིགས་ཤིང་།དྲོ་བའི་རེག་པ་དང་བྲལ ་བའི་མེ་ནི་ནམ་ཡང་དམིགས་པ་མ་ཡིན་ཏེ། དེས་ན་ཇི་ལྟར་དུ་བ་འདི་ནི་མེ་དང་ལྡན་པ་སྟེ་དེ་ལས་གཞན་པའི་དུ་བ་བཞིན་ནོ་ཞེས་པ་འཁྲུལ་པ་ཡིན་པ་དེ་ལྟར། མེ་འདི་ནི་དྲོ་བའི་རེག་པ་ཅན་ཏེ། མེ་ཉིད་ཀྱི་ཕྱིར་དེ་ལས་གཞན་པའི་མེ་བཞིན་ནོ་ཞེས་པ་འཁྲུལ་པ ་ཡོད་པ་མ་ཡིན་ན། དེའི་ཕྱིར་མེའི་ཁྱད་པར་ལ་རེག་བྱའི་ཁྱད་པར་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཕྱོགས་བརྟགས་པ་དོན་མེད་དོ། །དེ་ལྟར་འགྱུར་མོད་ཀྱི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་མི་དད་པའི་ཕྱིར་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག ་གཏན་ཚིགས་སུ་འགྱུར་རོ་ཞེ་ན་སྨྲས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །མེའི་ཁྱད་པར་བསྒྲུབ་པར་བྱ་བ་ཉིད་ན་ཡང་ཞེས་པ། གལ་ཏེ་འང་མེའི་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་ཡུལ་ཕྱོགས་བསྒྲུབ་པར་བྱ་བ་ཉིད་དུ་གདོན་མི ་ཟ་བར་ཁས་བླང་བར་བྱ་སྟེ། གང་གི་ཕྱིར་ཡུལ་ཕྱོགས་ཀྱི་ཁྱད་པར་ཁོ་ན་ལས་མེའི་ཁྱད་པར་དུ་འགྱུར་གྱི་རྣམ་པ་གཞན་དུ་མ་ཡིན་པ་དེར་གདོན་མི་ཟ་བར་ས་ཕྱོགས་འདི་མེའོ་ཞེས་ཕྱོགས་སུ་བྱས་ལ། དེ་ལས་ཀྱང་ཡུལ་ཕྱོགས་དེ་ཁོ་ན ་དྲོ་བའི་རེག་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །དེ་ལ་ཡུལ་ཕྱོགས་ཀྱི་ཁྱད་པར་ལ་སྡང་བ་དང་མེའི་ཁྱད་པར་ལ་རྗེས་སུ་ཆགས་པ་འདི་ཅི་ཞིག་ཆོས་ཅན་ཡང་དེས་ཞེས་པ་ཆོས་ཀྱིས་སོ། །འདིར་ཕ་རོལ་པོའི་བསམ་པ་ནི་འདི་ཡིན་ཏེ། གཙོ་བོ་ནི་ཆོས་ཅན་ཏེ། ་ཡོངས་སུ་འགྱུར་བ་ལ་སོགས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ཡང་འདིར་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བའི་ཆོས་ཀྱི་རང་གི་ངོ་བོས་བསྒྲུབ་པར་བྱ་སྟེ། ཆོས་གཞན་བརྗོད་པ་ནི་མ་ཡིན་ནོ། །མ་གྲུབ་པ་ནི་གྲུབ་པའི་ཆོས་ཡིན་པ་སྲིད ་པ་ཡང་མ་ཡིན་ཏེ། དེས་ན་ཕྱོགས་ཆོས་ཉིད་གཏན་ཚིགས་སོ་ཞེས་པ་འདི་མི་རིགས་སོ་ཞེས་པའོ། །དེར་ནི་ཁྱད་པར་རྣམས་ཁོ་ན་ཞེས་པ་ལ་སོགས་པ་སྟེ། ཁྱད་པར་རྣམས་ནི་ནང་དང་ཕྱིའི་རྣམ་འགྱུར་རྣམས་ཏེ། དེ་རྣམས་རྒྱུ་གཅིག་པ་ཉིད་དུ་བསྒྲུབ་པར་བྱ་བའོ། ། ་ཅིའི་ཕྱིར་འདི་ཡིན་ཞེ་ན། གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །འདི་སྐད་བཤད་དེ། སྤྱི་སྔོན་མ་ཅན་གྱི་ཁྱད་པར་རྣམས་ནི་འཇིག་རྟེན་ན་རིགས་གཅིག་རྗེས་སུ་འགྲོ་བ་ཅན་དུ་མཐོང་སྟེ། གྱོ་མི་དང་གསེར་གྱི་རྒྱན་ལ་སོགས་པ་བཞིན ་ཞེས་པ། འདི་ལྟར་དཔེར་བརྗོད་པར་བྱ་བ་ན་ཡང་ཉེ་བར་སྦྱོར་བ་དང་མཇུག་སྡུད་དག་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གསལ་བར་འགྱུར་རོ། །དེ་ལྟར་ཡང་ནང་གི་བདག་ཉིད་ཀྱི་ཁྱད་པར་རྣམས་ལ་རིགས་ལ་རིགས་གཅིག་རྗེས་སུ་འགྲོ་བ་དེའི་ཕྱིར་དེ ་རྣམས་སྤྱི་སྔོན་མ་ཅན་རྣམས་སོ་ཞེས་པས། རྒྱུ་གཅིག་པ་ཅན་རྣམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་རིགས་གཅིག་རྗེས་སུ་འགྲོ་བའི་གཏན་ཚིགས་ཀྱིས་ཁྱད་པར་རྣམས་རྒྱུ་གཅིག་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེས་རྟོགས་པར་བྱའོ། །ཁྱད་པར་རྣམས་རྒྱུ་གཅིག ་པ་ཅན་ཉིད་དུ་གྲུབ་པ་ན། གང་རྒྱུ་གཅིག་པ་དེ་ཁོ་ན་གཙོ་བོའོ་ཞེས་སེམས་པས་སྨྲས་པས། གཙོ་བོ་ཡོད་དོ་ཞེས་པའོ། །དེ་ལྟར་འདིར་ཡང་གཏན་ཚིགས་ཕྱོགས་ཆོས་མེད་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་ལྟར ་ཆོས་དང་ཆོས་ཅན་དག་གི་བསྒྲུབ་པར་བྱ་བའི་དངོས་པོ་སྲིད་པ་མ་ཡིན་པ་དེའི་ཕྱིར། བསྒྲུབ་བྱའི་ཆོས་ལ་གཞན་ཉིད་ཀྱི་ཕྱིར། ཆོས་གཞན་གཏན་ཚིགས་ཞེས་བྱ་བ་བྱས་པ་ཉིད་ལ་སོགས་པ། བསྒྲུབ་བྱའི་ཆོས་མི་རྟག་པ་ཉིད་ལ་སོགས་པ་དང་མི་ཟད??་ན ་མི་འབྱུང་བ་ཉིད་དུ་བསྒྲུབ་པར་བྱ་བར་རྟོགས་པར་བྱའོ་ཞེས་པའི་དོན་ཏོ། །ཡང་ཆོས་ཀྱིས་ཆོས་ནི་བསྒྲུབ་པར་བྱ་བའོ་ཞེས་པ་ཅི་ལྟར་ཞེ་ན། འདི་ཙམ་གྱིས་ཁྱད་པར་འདི་རྣམས་ཐོབ་པར་འགྱུར་ཏེ། བརྗོད་པར་འདོད་པའི་དབང་པོ་ལས་སོ། །ནུས་པ་ཡོད་ན་སྒྲ ་རྣམས་བརྗོད་འདོད་ཀྱི་རྗེས་སུ་སྒྲུབ་པར་བྱེད་ཏེ། དཔེར་ན་གང་གིས་ཡན་ལག་རྣམ་པར་འགྱུར་རོ་ཞེས་པ་འདི་ལྟ་བུའོ། །དེ་ལྟར་ན་ཆོས་ཀྱི་ཆོས་ཞེས་པ་འདིར་ཐ་དད་པ་སྦྱོར་བ་ལ་གསུམ་པ་བལྟ་བར་བྱ་སྟེ། ཆོས་ཅན་ཆོས་ཅན་གྱིས་བསྒྲུབ་མིན ་ཞེས་པ་ལ་སོགས་པར་ནི་བྱེད་པ་ཁོ་ན་ལའོ། །སྔར་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱའོ་ཞེས་བརྗོད་ཅིང། །དེ་ལྟར་ནི་ཆོས་ཀྱིས་ཆོས་ནི་བསྒྲུབ་བྱའོ་ཞེས་པ་འདིའོ་ཕྱིར་ཚིག ་འགལ་བ་དང། སྒྲུབ་པར་བྱེད་པ་སྐབས་སུ་མ་བབ་པར་སེམས་པས་སྨྲས་པ། ཅིའི་ཕྱིར་ཞེ་ན་ཞེས་པའོ། །ཆོས་ཅན་དེ་ལྟར་བསྒྲུབ་བྱའི་ཕྱིར། ཞེས་པས་རྒྱུ་གསུངས་སོ། །དེ་ལྟར་ཞེས་པ་ནི་ཆོས་པ་ལ་སོགས་པས་འདི་ཁོ་ན་རྣམ་པར་འབྱོར་རོ། །གང་གི་ཕྱིར་ཆོས་ཀྱིས་ཁྱད་པར་དུ་བྱས ་པའི་ཆོས་ཅན་བསྒྲུབ་པར་བྱ་བ་སྟེ། དེའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་ནི་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བ་ཅན་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་ཁོ་ན་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་འགྲུབ་པའི་ཐབས་སོ་ཞེས་པ་དགོངས་པའོ། །དེ་ལྟར ་ནི་སྔར་གསུངས་པ་རྟགས་ནི་ཆོས་དང་མི་འཁྲུལ་པར། གཞན་དུ་བསྟན་པར་བྱ་བ་སྟེ། །དེ་ལ་རབ་གྲུབ་དེ་ལྡན་པར། །ཆོས་ཅན་རྟོགས་པར་འགྱུར་བ་ཡིན་ཞེས་སོ། །དེའི་ཕྱིར་ཚིག་འགལ་བ་མ་ཡིན་ཞིང། སྐབས་སུ་མ་བབ་པ་སྒྲུབ་པར་བྱེད་པ་ཡང་མ ་མ་ཡིན་ཏེ། འདི་ནི་སྐབས་སུ་བབ་པ་འགྲུབ་པའི་ཐབས་འཆད་པར་ལྷུར་ལེན་པ་ཉིད་ཀྱི་ཕྱིར་རོ། །འདིར་སྒྲ་ནི་མི་རྟག་པ་སྟེ། བྱས་པ་མི་རྟག་པ་ཉིད་ཀྱི་ཕྱིར་དང། རྟག་པ་ནི་མ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་དམ་བཅའ་ཨི་དེ་མ་ཐག་ཏུ་ལྔ་བའི་མཛའ་ཅན་ཐོས་པའི ་ཕྱིར་ཕྱོགས་ཆོས་མེད་ཀྱང་འདི་ནི་གཏན་ཚིགས་ཡིན་ནོ། །དེ་ལས་ཀྱང་གཏན་ཚིགས་ཕྱོགས་ཆོས་ཁོ་ནའོ་ཞེས་པ་འདི་མི་རིགས་ཞེས་ཁ་ཅིག་ཕྱིན་ཅི་ལོག་ཏུ་བྱེད་ཏེ། དེའི་ཕྱིར་དེ་རྣམས་ཀྱི་ཕྱིན་ཅི་ལོག་བསལ་བའི་ཆེད་དུ ་གསུངས་པ། ཕྱོགས་ཆོས་ཀྱི་ཡང་ཞེས་པ་ལ་སོགས་པའོ། །གང་དུ་རྟགས་བསྒྲུབ་བྱ་རྗེས་འགྲོ། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་སྔ་མ་ཕྱེད་ཀྱིས་དཔེ་གཉིས་ཀྱི་མཚན་ཉིད་གསུངས་སོ། །གང་དུ་དང་དེར་གྱི་དག་གིས་སྦྱོར ་བ་ངེས་པར་བསྟན་ཏོ། །རྐང་པ་གསུམ་པས་ནི་ལྔ་པའི་མཛའ་འདི་ནི་དཔེ་ཡི་སྦྱོར་བ་ཁོ་ནར་རིག་པར་བྱའི་གཏན་ཚིགས་ནི་མ་ཡིན་ནོ་ཞེས་པ་འདི་ཤེས་པར་བྱས་སོ། །བཞི་བས་ནི་དེར་ཇི་ལྟར་གཏན་ཚིགས་འཐོབ་པ་དེ་ལྟར་བཤད་དོ་ཞེས ་པའོ། །འདི་ལ་ཕྱོགས་ཆོས་ཉིད་ཡོད་པ་མ་ཡིན་ཏེ། ཞེས་བརྗོད་པ་ན། ཕ་རོལ་པོས་གཏན་ཚིགས་ཕྱོགས་ཆོས་མེད་པ་ཉིད་དུ་འགྱུར་རོ་ཞེས་འགའ་ཞིག་གི་ཚེ་སེམས་སོ་ཞེས་པས་གསུངས་པ། དཔེའི་མཚན་ཉིད་ཀྱང་སྲིད་དོ་ཞེས་པ་སྟེ། ཀྱང ་གི་སྒྲ་ནི་ངེས་པར་བཟུང་བའི་དོན་ནོ། །འོ་ན་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་དཔེས་འཆད་པ་མ་ཡིན་ནམ། འདིར་གཏན་ཚིགས་ཐོས་པ་ཡང་མ་ཡིན་ཏེ། དེས་ན་ཅི་ལྟར་འདི་དཔེའི་སྦྱོར་བ་ཡིན་ཞེ་ན་གསུངས་པ། གཏན་ཚིགས་ཉེ་བར ་སྦྱར་ལས་འདོད་ཅེས་པའོ། །འོ་ན་འདི་ཕྱོགས་ཆོས་མེད་པའི་གཏན་ཚིགས་ཡིན་ཏེ། གསལ་བ་ནི་མེད་པ་སྐྱེ་བ་མ་ཡིན་ཏེ་ཐ་དད་དུ་ཐལ་བའི་ཕྱིར་རོ་ཞེས་པའི་ཐ་དད་དུ་ཐལ་བ་ནི་གསལ་བའི་ཆོས་མ་ཡིན་པས་སོ་ཞེ་ན་གསུངས་པ། རྒྱུ ་མེད་པར་ནི་ཐལ་འགྱུར་བ་ཞེས་སོ། །རྒྱུ་སྟེ་རྗེས་སུ་འགྲོ་བ་མེད་པ་ནི་ཐ་དད་པ་ཡིན་ཅིང་དེར་ཐལ་བར་འགྱུར་བའོ། །གང་དུ་ཞེས་པ་ནི་བསྟན་བཅོས་སུའོ། །དེ་ནི་དཔེ་གཉིས་ལས་གྲུབ་ཕྱིར་ཅེས་པ་ལ། གང་ལ་མཐོང་བ་མཛའ་སྟེ་ངེས ་བྱེད་ཡིན་པའོ་ཞེས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་པོ་འདིར་དཔེའི་སྒྲས་བརྗོད་པར་འདོད་དོ། །རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལས་བསྒྲུབ་བྱ་འགྲུབ་པའི་ཕྱིར་རོ་ཞེས་པའི་ཐ་ཚིག་གོ་།དེ་ལས་ཀྱང་རྣམ་པར་ལྡན་པ་ལས་བསལ་ཏེ་འོངས་པ་ཐ་དད་པ་མ ་ཡིན་ནོ་ཞེས་པ་དགོངས་པའོ། །བསལ་ཏེ་འོངས་པས་ཞེས་པ་ནི། གཞན་གྱི་ཕྱོགས་བཀག་པས་རང་གི་ཕྱོགས་འཇོག་པར་བྱེད་པ་ནི་བསལ་ཏེ་འོངས་པའོ། །བསལ་བ་ནི་ཞེས་པ་ལ་སོགས་པས་དེའི་སྦྱོར་བ་སྟོན་ཏོ། །དེ་ལ་ཞེས་པ་ལ་སོགས་པས་དཔེ ་གཉིས་ལས་བསྒྲུབ་བྱ་འགྲུབ་པའི་ཕྱིར་གཏན་ཚིགས་མེད་པ་ཐལ་བར་འགྱུར་བ་བརྗོད་པར་བྱའོ་ཞེས་རྟོགས་པར་བྱེད་ཅིང་རྣམ་པ་གཞན་སེལ་བར་བྱེད་དོ། །རྣམ་པ་གཞན་ནི་མེད་པ་སྔོན་མ་ཅན་རྣམས་ཀྱི་ཐ་དད་པ་མཐོང་བར་ཡང་འགྱུར་བ་སྟེ་གང་མེད་པ ་སྔོན་མ་ཅན་དེ་ཐ་དད་པ་དམིགས་སོ་ཞེས་པའོ། །ཡང་ན་དེ་རྣམས་ཁོ་ནའི་རྗེས་སུ་འགྲོ་བ་མ་མཐོང་བ་ལས་བཟློག་པ་སྒྲུབ་པ་སྟེ། གང་མེད་པ་སྔོན་མ་ཅན་དེའི་རྗེས་སུ་འགྲོ་བ་མཐོང་བ་མ་ཡིན་ཏེ། དེའི་ཕྱིར་དེ་ལས་བཟློག་པ་ཐ་དད་པར་ཐལ་བར་འགྱུར ་རོ་ཞེས་པའོ། །གཉིས་ཀ་ལྟར་ན་ཡང་མི་འཐད་དེ། རེ་ཞིག་མེད་པ་སྟོན་མ་ཅན་གྱི་ཐ་དད་པ་འགའ་ཞིག་རྣམས་དམིགས་པ་ནི་མ་ཡིན་ཏེ། དེ་རྣམས་མེད་པའི་ཕྱིར་རོ། །མེད་པ་སྔ་མ་ཅན་གྱི་ཐ་དད་པ་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བ་མ་ཡིན་ནོ་ཞེས ་མེད་པ་སྔོན་མ་ཅན་ཉིད་ཁས་ལེན་པ་ན། རྗེས་སུ་འགྲོ་བ་ལས་བཟློག་པས་ཐ་དད་པར་ཐལ་བར་བྱེད་པ་དགས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། མི་འདོད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ། གལ་ཏེ་མ་མཐོང་བ་ལས་བཟློག་པ ་སྒྲོ་འདོགས་པར་བྱེད་ན། ཐ་དད་པ་ཡང་འདི་རྣམས་ལ་མཐོང་བ་མ་ཡིན་ནོ་ཞེས་པས་དེ་ལས་བཟློག་པ་ཡང་འཐོབ་བོ་ཞེས་པ་འདི་ནི་མི་འདོད་པའོ་གལ་ཏེ་དེ་ལྟར་ཐ་དད་པར་ཐལ་བར་འགྱུར་བར་མ་རིགས་ན། འོ་ན་རིགས་པ་དེ་ཅི་ལྟར་ཞེ་ན ་གསུངས་པ། འོ་ན་ཅི་ཞིག་ཞེས་པ་ལ་སོགས་པ་སྟེ། འདིས་རང་གི་ཕྱོགས་འཇོག་པར་བྱེད་དོ། །གང་གི་ཕྱིར་རྗེས་སུ་འགྲོ་བ་ནི་གཅིག་སྔོན་མ་ཅན་ཉིད་ལ་གྱོ་མོ་ལ་སོགས་པ་ལ་མཐོང་ལ། འདིས་ནི་རྗེས་སུ་འགྲོ་བ་སྟོན་ཏོ། །དེ་མེད་པ་ལ ་ཡང་མ་མཐོང་ཏེ། རྒྱུ་གཅིག་པ་ཉིད་མེད་པ་ལ་ཡང་སྣ་ཚོགས་པ་སྔ་མ་ཅན་རྣམས་ལའམ་མེད་པ་སྔ་མ་ཅན་རྣམས་ལ་མ་མཐོང་ངོ། །འདིས་ཀྱང་ལྡོག་པའོ། །དེའི་ཕྱིར་གཅིག་སྔོན་མ་ཅན་ཉིད་དོ་ཅེས་པ་ནི་གང་གི་ཕྱིར་དེ་ལྟར་རིགས་གཅིག་རྗེས་སུ་འགྲོ་བ་ནི་གཅིག ་སྔོན་མ་ཅན་ཉིད་ཀྱིས་ཁྱབ་པ་དེའི་ཕྱིར། བསལ་བ་ནི་གཅིག་སྔོན་མ་ཅན་ཉིད་དོ། །དེས་ཁས་མི་ལེན་ན་ཡང་ཞེས་པ་ཁྱབ་པར་བྱེད་པ་གཅིག་སྔོན་མ་ཅན་དེ་ཁས་མི་ལེན་ནའོ། །རྗེས་སུ་འགྲོ་བ་མེད་པར་ཐལ་བར་འགྱུར་ཞེས་པ་ཁྱབ་པར་བྱ་བ་རྗེས་སུ་འགྲོ་བ་མེད ་པར་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏེ། ཁྱབ་པར་བྱེད་པ་ལྡོག་པ་ནི་ཁྱབ་པར་བྱ་བ་ལྡོག་པར་བྱེད་ཏེ། གཞན་དུ་ན་དེ་དེའི་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །རྗེས་སུ་འགྲོ་བ་མེད་པར་ཐལ་བ་དེ་ཡང་མེད་དོ་ཞེས་ཐལ་བར་འགྱུར་བ་བཟློག་པས་རྗེས་སུ ་འགྲོ་བ་དེ་ཉིད་བཤད་པར་འགྱུར་ཏེ། རྗེས་སུ་འགྲོ་བའི་ཕྱིར་ཐ་དད་པ་རྣམས་ནི་རྒྱུ་གཅིག་སྔོན་མ་ཅན་རྣམས་སོ་ཞེས་པའོ། །དེའི་ཕྱིར་ལྡན་ལས་ཐ་དད་མིན་ཞེས་པ་གང་གི་ཕྱིར། འདིར་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་སྟོབས་ལས་ཐལ་འགྱུར་དུ་བསྒྲུབ ་ནས་དེ་བཟློག་པས་རྗེས་སུ་འགྲོ་བ་ཁོ་ན་བརྗོད་པ་སྟེ། འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་པའོ། །སྦྱོར་བ་ཁོ་ན་ཐ་དད་པ་འབའ་ཞིག་སྟེ་དོན་ནི་མ་ཡིན་ནོ། །དེ་ལྟར་བསལ་ཏེ་འོངས་པ་ལ་ཡང་ཐལ་འགྱུར་བ་དང་བཟློག་པས་ཕྱོགས་ཀྱི་ཆོས་བརྗོད་པའོ་ཞེས ་པས་གར་ཡང་ཕྱོགས་ཀྱི་ཆོས་མེད་པའི་གཏན་ཚིགས་མ་ཡིན་ནོ། །དེ་ཅི་ལྟར་བསལ་ཏེ་འོངས་པ་མ་ཡིན་ཞེས་ཏེ། །རྣམ་པར་ལྡན་པ་ལས་བསལ་ཏེ་འོངས་པ་ཐ་མི་དད་པར་བརྗོད་པས་བསལ ་ཏེ་འོངས་པ་ཡང་ཕྱོགས་ཆོས་ཉིད་དོ་ཞེས་བཤད་ཅིང། འདི་བསལ་ཏེ་འོངས་པར་སྲིད་པ་ཡང་མ་ཡིན་ཏེ། བསལ་ཏེ་འོངས་པས་ནི་གཏན་ཚིགས་མེད་པར་རྩོད་ལ། འདིར་ནི་མ་ཡིན་ནོ། །ལོངས་སྤྱོད་པ་པོ་ལོངས་སྤྱོད་པར་བྱ་བ་དག་ནི་ཡོན་ཏན་མེད་པ་ཉིད་ད??་མ་ཡོན་ཏན ་ཉིད་མ་ཡིན་ཞིང། རྫས་མ་ཡིན་པ་ཉིད་དམ་རྫས་ཉིད་ཀྱང་མ་ཡིན་ནོ། །ཡོན་ཏན་དང་རྫས་རྣམས་ཡོད་པ་ཉིད་ལ་གཏན་ཚིགས་བཤད་དེ། གང་ལས་དེ་མེད་པར་ཐལ་བས་གཏན་ཚིགས་མེད་པར་རྩོད་པ་ལས་འདི་བསལ་ཏེ་འོངས་པར་འགྱུར ་བའོ། །འདི་གཏན་ཚིགས་མ་ཡིན་པ་ཡང་མ་ཡིན་ཏེ། དེས་ན་གཏན་ཚིགས་ཕྱོགས་ཆོས་ཁོ་ནའོ་ཞེས་པ་འདི་འཐད་པ་མ་ཡིན་ཞེའོ། །འདི་ནི་བསལ་ཏེ་འོངས་པ་མ་ཡིན་ནོ། །ཅི་ལྟར་ཞེ་ན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ།། ་བསལ་ཏེ་འོངས་པའི་ཕྱོགས་ཀྱི་ཆོས་སོ་ཞེས་བསྒྲུབ་ཟིན་ཏོ། །སྦྱོར་བ་འདི་ནི་གང་གི་ཕྱིར་ཕྱོར་ཆོས་མེད་ཉིད་ཕྱིར་བསལ་ཏེ་འོངས་པ་ལས་གཞན་ན། དེའི་ཕྱིར་འདི་བསལ་ཏེ་འོངས་པ་མ་ཡིན་ནོ། །འོ་ན་འདི་ཅི་ཡིན་ཞེ་ན་གསུངས་པ། སུན་འབྱིན་ཞེས ་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྟགས་དང་དམ་བཅའ་དག་གི་ཞེས་པ་སྟེ། ཡང་ཅི་ལྟར་འདི་སུན་འབྱིན་ནོ་ཞེས་ཤེས་པར་བྱ་ཞེ་ན་གསུངས་པ། སྐྱོན་བརྗོད་པས་ཞེས་པ་སྟེ་སྐྱོན་བསལ་བར་བྱེད་པས་ཞེས་པའི་དོན་ཏོ། །བརྗོད་པའི་སྒྲ ་འདིར་???་པོ་སྒྲུབ་པའོ། །སྐྱོན་བརྗོད་པ་དེ་ཡང་སྔ་མ་ཁས་བླངས་པ་ཡོད་ན་འགྱུར་རོ་ཞེས་པ་འདི་བཤད་པ་ནི། སྔ་མར་ཁས་བླངས་པ་ཡོད་ན་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། སུན་འབྱིན་ཞེས་བྱ་བ་ནི་གང་གི་ཕྱོགས་སྔ་མ་རྒོལ་བས ་ཁས་བླངས་པའི་དོན་འགའ་ཞིག་སུན་བྱིན་པར་བྱ་བ་སྟེ། དེའི་ཚིག་ནི་སུན་འབྱིན་ནོ། །སྔ་མས་ཁས་བླངས་པའི་སྐྱོན་བསལ་བར་ཨིབྱེད་པ་ནི་དེའི་འབྲས་བུ་སྟེ། དེའི་ཕྱིར་འབྲས་བུ་དེས་འདི་སུན་འབྱིན་ན་ཞེས་ངེས་པར་བྱའོ་ཞེས་པའོ། །གཏན་ཚིགས ་ཅི་ཞིག་གིས་འདི་སུན་འབྱིན་ཡིན་ཞེ་ན་གསུངས་པ། འདིར་ནི་ཞེས་པ་ལ་སོགས་པའོ། །གཙོ་བོ་ཡོད་པ་ཉིད་ཀྱི་གཏན་ཚིགས་ནི་ཡོན་ཏན་རྗེས་སུ་འགྲོ་བ་སྟེ། གཙོ་བོ་ཡོད་ཏེ། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི ་ཕྱིར་ཞེས་པའོ། །དེ་ཡང་གཞན་གྱི་དོར་མ་གྲུབ་སྟེ། སངས་རྒྱས་པ་ལ་སོགས་པ་རྣམས་ནི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་རྗེས་སུ་སོང་བ་ཉིད་དུ་ཁྱད་པར་རྣམས་ཡིད་ཆེས་པ་མ་ཡིན་ནོ། །དེའི་ཕྱིར་དེ་རབ་ཏུ་བསྒྲུབ་པའི་ཆེད་དུ ་གྲངས་ཅན་པས་འབྲས་བུ་གཅིག་པ་གི?་གཏན་ཚིགས་སུ་བཤད་དོ། །སྒྲ་དང་རེག་པ་ང་གཟུགས་དང་རོ་རང་དྲི་སྟེ་ལྔ་རྣམས་ནི་བདེ་དང་སྡུག་བསྔལ་པ་དང་རྨོངས་པ་སྟེ་གསུམ་པོ་རྣམས་ཀྱི་བཀོད་པའི་ཁྱད་པར་རོ། །ཅིའི་ཕྱིར་ཞེ་ན། ལྔ ་པོ་རྣམས་ཀྱི་དང། ལྔ་པོ་རྣམས་ཀྱི་འབྲས་བུ་གཅིག་བ་ཉིད་ཡོད་པའི་ཕྱིར་རོ། །སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་བདེ་བ་རྣམས་ཀྱི་འབྲས་བུ་ནི་རབ་ཏུ་དང་པ་དང་ཡང་བ་ཉིད་དང་རབ་ཏུ་དག་པ་དང་མངོན་པར་ཆགས་པ་དང་མཆོག་ཏུ་རངས་པ་དང་དགའ་ ་བ་རྣམས་སོ། །སྡུག་བསྔལ་རྣམས་གྱི་ན་མྱ་ངན་དང་གདུང་པ་དང། ཟུག་གཟེར་དང་རེངས་པ་དང་ཡིད་འབྱུང་བ་དང་ཞེ་སྡང་བ་རྣམས་སོ། །རྨོངས་པ་རྣམས་ཀྱི་ནི་འགེབས་པ་དང་འབྱིན་པ་དང་འཇིག་པ་དང་མི་སྡུག་པ་ཉིད་དང་ཞུམ་པ་ཉིད་དང་ལྕི་བ་ཉིད་རྣམས་སོ། ། ་དེ་རྣམས་ནི་ལྔ་རྣམས་དང་ལྔ་རྣམས་ཀྱི་འབྲས་བུ་གཅིག་པར་འགྱུར་བ་མཐོང་ནས་སྒྲ་དང་རེག་པ་དང་གཟུགས་དང་དོ་དང་དྲི་སྟེ་ལྔ་པོ་རྣམས། བདེ་བ་དང་སྡུག་བསྔལ་དང་གཏི་མུག་སྟེ་གསུམ་པོ་རྣམས་ཀྱི་བཀོད་པའི་ཁྱད་པར་རོ་ཞེས་འཛིན་པར་བྱེད་དོ། ། ་དེས་ན་ཁས་བླངས་པ་ཞེས་པ་ལ་སོགས་པ་སྟེ། གང་གི་རབ་ཏུ་དང་བ་ལ་སོགས་པ་འབྲས་བུ་ཡིན་པ་དེ་ནི་བདེ་བ་ལ་སོགས་པའི་རང་བཞིན་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་ཡུལ་གྱི་དངོས་པོར་གནས་པའི་བ་ལང་ལ་སོགས་པའི་ཡང་དབར་ཏུ ་དང་བ་ལ་སོགས་པ་འབྲས་བུ་ཡིན་ནོ་ཞེས་པ་འབྲས་བུའི་གཟུགས་བརྙན་གྱིས་སྒྲུབ་པར་བྱེད་པ་འདི་ཁས་བླངས་པར་འགྱུར་རོ། །དེ་ལྟར་ན་ཟ་བ་པོ་ལའང་ཐལ་བར་འགྱུར་བའི་ཕྱིར་མ་ངེས་པ་སྟེ། དེ་ལྟར་ནི་སྐྱེས་བུ་རང་བཞིན་དང་བྲལ་བ་ཡང་བསྒོམས ་པ་ལས་དྲང་སྲོང་སེར་སྐྱེའི་ནི་རབ་ཏུ་དང་བ་ལ་སོགས་པར་འགྱུར་ལ། དེ་ལས་གཞན་རྣམས་ཀྱི་ནི་མྱ་ངན་ལ་སོགས་པར་རོ། །དེའི་ཕྱིར་སྐྱེས་བུ་ཡང་བདེ་བ་ལ་སོགས་པའི་རང་བཞིན་དུ་ཐལ་བར་འགྱུར་རོ། །ཁས་མི་ལེན་ན་ཡང་ཞེས་པ་ལ་སོགས་པས ་དེ་ཉིད་མ་ངེས་པ་ཉིད་དུ་གསལ་བར་བྱེད་ཅིང་མ་ངེས་པ་ཉིད་དུ་བརྗོད་པའི་འབྲས་བུ་སྟོན་པར་བྱེད་དོ། །འམ་གྱི་སྒྲ་ནི་གཏན་ཚིགས་ལའོ། །འདི་བཤད་པར་འགྱུར་ཏེ། གང་གི་ཕྱིར་རབ་ཏུ་དང་བ་ལ་སོགས་པའི་འབྲས་བུ་ཅན་ཡིན་ཡང ་སྐྱེས་བུ་བདེ་བ་ལ་སོགས་པའི་རང་བཞིན་དུ་ཁས་མ་བླངས་ཏེ། དེའི་ཕྱིར་དེ་ཁས་མི་ལེན་ན་ལོངས་སྤྱད་པར་བྱ་བ་ཡང་ཡོན་ཏན་མ་ཡིན་པ་སྟེ། དེའི་ཕྱིར་རྩ་བའི་གཏན་ཚིགས་ཡོན་ཏན་རྗེས་སུ་འགྲོ་བ་ནི་མ་གྲུབ་པ་ཉིད་དོ་ཞེས་པའོ། །དེ་ལྟར་འགྱུར ་མད་ཀྱི། སྐྱེས་བུ་ནི་མཐོང་བ་ཉིད་མེད་དེ། དེས་ན་ཅི་ཕྱིར་དེ་མཐོང་བ་ལ་རབ་ཏུ་དང་བ་ལ་སོགས་པའི་འབྲས་བུ་སྐྱེད་པར་བྱེད་ཅེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ལྐོག་ཏུ་གྱུར་པའི་ཡང་རྗེས་སུ་དཔག་པའི་དངོས་པོའི་རབ་ཏུ་དང་བ་དང་མྱ་ངན་ལ ་སོགས་པའི་འབྲས་བུ་མཐོང་བའི་ཕྱིར་ཏེ། དེ་ལྟར་ནི་གྲང་བས་ཉེན་པ་དུ་བ་མཐོང་བ་ལས་མེ་ངེས་པ་ནི་དགའ་བར་འགྱུར་ཞིང། སྟག་གི་སྒྲ་ཐོས་པ་ལས་སྟག་ཐག་ཉེ་བར་རྗེས་སུ་དཔག་པ་ལ་ཡོངས་སུ་གདུང་བར་རོ། །དེའི་ཕྱིར་སྐྱེས་བུ་རྗེས་སུ་དཔག་པའི ་ཡང་རབ་ཏུ་དང་བ་ལ་སོགས་པར་འགྱུར་བ་ཁོ་ན་སྟེ། བདག་གིས་སྐྱེས་བུ་ངེས་པར་བྱ་སྟེ་རིང་པོ་མི་ཐོགས་པ་ཐར་པ་ཉིད་ཐོབ་པར་འགྱུར་རོ་ཞེས་སེམས་པའི་འོ། །ཅི་སྟེ་རྗེས་སུ་དཔག་པའི་ཡུལ་དུ་ཡང་འགྱུར་བ་མ་ཡིན་ན་ནི། །འོ་ན་དེ ་ཡོད་དོ་ཞེས་ཅི་ལྟར་ངེས་པར་བྱ། དེའི་ཕྱིར་བསྟན་བཅོས་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། བསྟན་བཅོས་ཀྱི་འབྲས་བུ་ནི་སྐྱེས་བུ་ཐར་པའི་ཐབས་སྒྲུབ་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཡང་སྐྱེས་བུ་ཉེ་བ་ན་སེམས་པ་ཅན་གྱི ་གཟུགས་བརྙན་བསྒུབས་པའི་ཡིད་ཁོ་ན་རབ་ཏུ་དང་བ་ལ་སོགས་པ་མངོན་པར་གསལ་བར་བྱེད་པ་མ་ཡིན་ནམ། དེ་ཡང་གཙོ་བོ་ཅན་ཉིད་ཀྱི་ཕྱིར་ལྟོན་གསུམ་ཁོ་ནའོ་ཞེས་པས། ཅིའི་ཕྱིར་སྐྱེས་བུ་མ་ངེས་པ་ཡིན་ཞེ་ན། འདི་ནི་གཏམ ་ཏེ། སྐྱེས་བུའི་རང་གི་ངོ་བོ་ཡོངས་སུ་མ་ཤེས་ན་སྐྱེས་བུ་ཉེ་བའི་སེམས་པ་ཅན་གྱི་ཡོད་དོ་ཞེས་ཅི་ལས་ངེས་པ་ཡིན། རྒྱ་སྐྱེགས་ལ་སོགས་པ་འགེབས་པར་བྱེད་པ་ངེས་པར་བཅད་ན་ནི། དེས་བཀབ་པའི་གཟུགས་ཀྱི་བྱེ་བྲག་ཤེས་ལ་སོགས ་པ་ལ། རྒྱ་སྐྱེགས་ལ་སོགས་པའི་བཀབ་པའི་གཟུགས་ཀྱི་བྱེ་བྲག་གོ་ཞེས་ངེས་པར་ནུས་པ་མ་ཡིན་པས་སོ། །གལ་ཏེ་ཡང་སྐྱེས་བུ་ཉེ་བ་ན་ཡིད་ནི་སེམས་བཅན་གྱི་གཟུགས་བརྙན་ཐོབ་པར་འགྱུར་རོ་ཞེ་ན། རྟག་ཏུ་འགྱུར་ཏེ། སྐྱེས ་དུ་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཞར་ལས་བྱུང་བས་ཆོག་གོ་།རྫས་ཀྱི་ཡང་ཞེས་པ་ལ་སོགས་པ་སྟེ། འདི་ནི་དམ་བཅའ་ཨི་སྒོ་ནས་སུན་འབྱིན་པའོ། །རྫས་ཉིད་དང་ལྡན་པ་དེའི་དངོས་པོར་ཁས་ལེན་ན་ཞེས་པ། རྫས་ཀྱི་དངོས་པོར ་ཁས་ལེན་ནའོ། །བྱེ་བྲག་བ་རྣམས་ཀྱི་དམ་བཅའ་འདི་ཡིན་ཏེ། རྫས་ཉིད་དང་ལྡན་པ་ནི་རྗེས་སུ་ཡོད་དོ་ཞེས་པའོ། །དེའི་ཕྱིར་སྐྱོན་འདི་བརྗོད་པར་བྱ་སྟེ། ཡོན་ཏན་རྣམས་ཀྱང་རྫས་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་སྟེ། སྦྱོར་བ ་ལས་དམིགས་བསལ་ཏེ། རྫས་ཀྱི་སྦྱོར་བ་ཁོ་ན་ལས་རྫས་དམིགས་ཀྱིས་བསལ་བའོ་ཞེས་པའི་དོན་ཏོ། །ཅི་ལྟར་ཞེ་ན་གསུངས་པ། འཕྲོད་པ་འདུ་བ་གཅིག་ཉིད་ཀྱི་ཕྱིར་དང་ཞེས་པའོ། །པེ་ལུ་ཀའི་གལ་ཏེ་ཡང་སྦྱི་རྣམས་རང་གི་རྟེན་ལས ་འཕྲོད་པ་འདུས་པ་དེ་ལྟ་ན་ཡང། འཕྲོད་འདུ་བ་གང་གིས་རྫས་ཉིད་རྫས་ལ་འཇུག་པའི་འཕྲོད་འདུ་དེ་ཁོ་ན་ཡོན་ཏན་རྣམས་ལ་ཡང་ངོ་ཞེས་པས་ཡོན་ཏན་རྣམས་ཀྱང་རྫས་སུ་འགྱུར་བ་ཐོབ་བོ། །འོན་པེ་ཐར་རྣམས་ཀྱི་ཡང་དག་པ་ལྡན་པ་བཞིན ་དུ་འཕྲོད་འདུ་ཡང་འཕྲོད་འདུ་ཅན་སོ་སོ་ཐ་དད་པ་ཁོ་ན་མ་ཡིན་ནམ། དེས་ན་ཅིའི་ཕྱིར་ཐལ་འགྱུར་འདིར་འགྱུར་ཞེ་ན། གསུངས་པ། ཡང་ན་སྤྱི་རྣམས་ཐམས་ཅད་དུ་སོང་བའི་ཕྱིར་ཞེས་པའོ། །རྫས་ཉིད་དང་ལྡན་པའི་ཡང་ཞེས་པ་ལ ་སོགས་པ་སྟེ། ཅི་སྟེ་རྫས་ཉིད་དང་ལྡན་པའང་རྗས་སུ་མི་འདོད་ན་རྫས་ཉིད་དང་ལྡན་པའི་རྫས་ཡོད་དོ་ཞེས་པའི་དམ་བཅའ་སུན་འབྱིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྫས་ནི་རྫས་མ་ཡིན་པ་ཉིད་ཀྱིས་སེལ་བའི་ཕྱིར་རོ་ཞེས ་པའོ། །མ་ངེས་པའི་རྩོད་པར་འགྱུར་རོ་ཞེས་པ། རྫས་ཉིད་དང་ལྡན་པ་ཉིད་ཀྱི་ཕྱིར་རྫས་ཉིད་དུ་སྒྲུབ་པར་བྱེད་ན་ཡོན་ཏན་རྣམས་ལ་ཡང་གཏན་ཚིགས་འདི་ཡོད་པའི་ཕྱིར་མ་ངེས་པའི་རྩོད་པར་འགྱུར་རོ། །རྫས་ཉིད ་དང་ལྡན་པ་གཞན་ཞེས་པ་སྟེ། མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་འཇུག་ན་མ་ངེས་པར་འགྱུར་ན། འདི་ལ་མཐུན་ཕྱོགས་ལ་ཡོད་པ་ཡང་མ་ཡིན་ཏེ། རྫས་ཉིད་དང་ལྡན་པ་གཞན་མ་མཐོང་བའི་ཕྱིར ་རོ། །འགལ་བའི་རྩོད་པར་འགྱུར་བ་མ་ཡིན་བ་ཅིའི་ཕྱིར་ཞེ་ན། དེ་ལྟར་སྦྱོར་བ་མེད་པའི་ཕྱིར་རོ། །འདིར་ཡང་རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་རྣམས་ཀྱི་རྫས་དང་རྫས་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའོ ་ཕྱིར་རོ་ཞེས་བརྗོད་པ་ཡིན་གྱི། །རྫས་ནི་མེད་ཏེ་ཡོན་ཏན་རྣམས་བོ་ན་རྫས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་ནི་མ་ཡིན་ནོ། །མ་ངེས་པ་རྩོད་པ་ནི་འཁྲུལ་པ་མཐོང་བའི་ཕྱིར་དོགས་སོ། །མཚན་ཉིད་ཀྱི་གཏན་ཚིགས་ལ་ནི་ཞེས ་པར་དོན་གཞན་ལས་ལོག་པའི་ཚུལ་གྱིས་མཚོན་ཆ་གོ་བར་བྱེད་ཅིང་རྟོག་པར་བྱེད་དོ་ཞེས་པས་མཚོན་ཉིད་ཁོ་ན་གཏན་ཚིགས་སུ་འདིར་མངོན་པར་དགོངས་ཏེ། སའི་སྲ་བ་ཉིད་བཞིན་ནོ། །རྫས་ཉིད་དང་ལྡན ་པས་ཀྱང་རྫས་མཚོན་པར་བྱའོ་ཞེས་པས་འདི་མཚན་ཉིད་ཀྱི་གཏན་ཚིགས་སོ། །དེ་ཡང་རྫས་ལས་གཞན་ལ་ཡང་འཇུག་གོ་།ཞེས་པ་ཡོན་ཏན་རྣམས་ལ་ཐལ་བར་འགྱུར་བ་བརྗོད་ཟིན་ཏོ། །ཤེས་པར་བྱེད་པའི་གཏན་ཚིགས་ནི་མ ་ཡིན་ཏེ། མ་ངེས་པ་ཉིད་ཀྱི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཞེས་པ་ལ། བསྒྲུབ་པར་བྱ་བ་ཡང་འདི་ཡིན་ལ་ཆོས་ཀྱང་ངོ་ཞེས་པ་བསྒྲུབ་བྱའི་ཆོས་སོ། །དེ་ཁོ་ན་སྤྱི་སྟེ། དེས་མཐུན་པའི་ཕྱོགས་ནི་མཐུན ་ཕྱོགས་སོ། །སར་འགྱུར་པ་ནི་ཡང་འདིར་སྦྱོར་བ་ཐ་དད་པའི་ཕྱིར་ས་བྷ་ག་དང། ས་ཛཱི་ཏི་བཞིན་ནོ། །སྦྱིར་བརྗོད་པའི་ཕྱིར་ཅི་ལྟར་འདི་ཐོབ་ཅེ་ན་གསུངས་པ། ཉེ་བའི་ཕྱིར་ཞེས་པ། གང་གིས་ན་མི་རྟག་པ་ཉིད་ལ་སོགས་པའི ་ཆོས་ཀྱིས་ཁྱད་པར་དུ་བྱས་པར་ཆོས་ཅན་བསྒྲུབ་པར་བྱ་སྟེ། དེ་སྐབས་སུ་བྱས་པ་ཉིད་ཀྱི་ཕྱིར་ཉེ་བའོ། །དེའི་ཕྱིར་དེ་ཁོ་ན་དང་མཐུན་པའི་ཕྱོགས་ནི་མཐུན་ཕྱོགས་ཏེ། གཞན་དང་ནི་མ་ཡིན་ནོ་ཞེས་པ་རིགས་པའོ། །འོ་ན་འདི་ཕྱོགས་ཉིད་དུ་འགྱུར ་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་མི་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན་གསུངས་པ། དོན་ཐམས་ཅད་ཕྱོགས་ཞེས་པར་བྱས་ནས་ཞེས་པ། རང་གི་ཡོངས་སུ་བཤད་པ་སྟོན་ཏོ། །ཕྱོགས་སུ་བྱའོ་གསལ་པར་བྱ་བའོ་ཞེས་པས་དངོས ་པོ་ཐམས་ཅད་ཕྱོགས་ཞེས་བཤད་པར་བྱའོ། །འོ་ན་ཁྱད་པར་ནི་རང་གི་རྟེན་ལ་ངེས་པ་མ་ཡིན་ནམ། དེ་ཅི་ལྟར་གཞན་གྱི་ཆོས་གཞན་ལ་ཡིན་ཞེ་ན་གསུངས་པ། སྒྲུབ་པར་བྱེད་པའི་ཆོས་དེ་ནི་ཞེས་པ་ལ་སོགས་པའོ། །སྤྱི ་གཏན་ཚིགས་ཉིད་དུ་ཉེ་བར་བླངས་པའི་ཕྱིར་ཏེ། །བྱེད་པར་ནི་མ་ཡིན་ནོ། །ངེས་ན་སྐྱོན་འདི་མེད་དོ་ཞེས་སྟོན་ཏོ། །དེ་ལྟར་ནའོ་ན་ཞེས་པ་ཇི་ལྟར་སྒྲུབ་པར་བྱེད་པའི་ཆོས་ནི་རྗེས་སུ་དཔག་པ་ལ་སྤྱིའི་ངོ་བོར་བླང་བར་བྱ་བ་དེ་ལྟར་བསྒྲུབ་པར་བྱ་བའི ་ཆོས་ཀྱང་སྟེ། །བྱེད་པར་རྗེས་སུ་དཔག་པ་མ་རུང་བའི་ཕྱིར་རོ། །དེའི་ཕྱིར་མི་རྟག་པ་ཉིད་གཅིག་ཡིན་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་གཉིས་ཀ་ལ་ཡང་འཇུག་གོ་ཞེས་པས་མཐུན་ཕྱོགས་ཀྱང་ནི། ཕྱོགས་ཉིད་འགྱུར། ཅིའི་ཕྱིར ་ཐ་སྙད་གཞན་གྱི་ཐ་སྙད་དུ་བྱེད་ཅན་འདིར་འགྱུར་མོད་ཞེས་པ་ལ་སོགས་པའོ། །དེ་ལྟར་འགྱུར་མོད་མེད་པ་ལ་བརྗོད་འདོད་པ་མི་རིགས་སོ་ཞེ་ན། གསུངས་པ། ཐ་དད་ནི་ཡོད་དེ་ཞེས་སོ། །ཡང་ཅི་ལྟར་ཐ་དད་མེད་པའི་མི་རྟག་པ་ཉིད ་ཀྱི་ཐ་དད་པ་ཡིན་ཅེ་ན། བུ་མོ་བ་ཞེས་པ་ལ་སོགས་པ་སྟེ། བུམ་པ་ལ་སོགས་པ་ལ་མི་རྟག་པ་ཉིད་གྲུབ་ཟིན་པ་ཉིད་ཀྱི་ཕྱིར། བསྒྲུབ་པར་བྱ་བ་ཉིད་མེད་ལ། སྒྲ་ལ་དེ་ལྟར་མ་ཡིན་ནོ། །དེས་ན་འདི་ཁོ་ན་ཐ་དད་ཏེ། གང་གཅིག ་ལ་བསྒྲུབ་བྱའི་ཆོས་རྟོགས་ཟིན་ཅིང་གཞན་ལ་རྟོགས་པ་མ་ཟིན་བའོ་ཞེས་བའོ། །གང་དུ་དེ་རྟོགས་ཟིན་པ་དེ་མཐུན་ཕྱོགས་སུ་བརྗོད་ཅིང། གང་དུ་རྟོགས་མ་ཟིན་པ་དེ་ཕྱོགས་ཞེས་པར་རོ། །གཏན་ཚིགས་ན་གཉིས་ཀ་ལ་གྲུབ ་པོ་ཁ་ན་རྗེས་སུ་དཔོག་པ་ལ་ཉེ་བར་སྦྱོར་རོ་ཞེས་པས་དེ་ལ་རྣམ་པ་འདི་ལྟ་བུའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བརྗོད་པར་འདོད་པ་མ་ཡིན་ནོ། །དེའི་ཕྱིར་འདིར་ཐ་དད་པའང་ཞེས་ཏེ། ཇི་སྐད་བཤད་པའོ། །ཡང་གི་སྒྲ་ལས་ཟ ་མི་དད་པ་ཡང་སྟེ་རྟག་པ་རྣམ་པ་བག་ཅོད་པའི་ངོ་བོ་མི་རྟག་པ་ཉིད་ཐ་མི་དང་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་ཡི་གེ་གཏན་ཚིགས་ཀྱི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཐ་དད་པ་དང་ཐ་མི་དད་པ་དག་སྟེ། དེའི་ཕྱིར་མི་འདོད་དོ། །ཕྱོགས་དང ་མཐུན་ཕྱོགས་དག་གཅིག་ཉིད་དུའོ། །ཞེས་པའི་དོན་ཏོ། །འོ་ན་མི་མཐུན་པའི་ཕྱོགས་ཅི་ཡིན་ཞེས་པ་ཐེ་ཚོམ་ཅན་གྱིད་རི་བའོ། །ཐེ་ཚོམ་གྱི་རྒྱུ་ཡང་དགག་པ་དོན་དུ་མ་ལ་འཇུག་པ་ཉིད་དེ། དེ་ཡང་རང་ཉིད་ཀྱིས ་སྟོན་པ་གསུངས་པ། ཡོད་དོ་ཞེས་པ་ལ་སོགས་པའོ། །གལ་ཏེ་ཡང་སྨད་པ་ལ་སོགས་པ་རྣམས་ལ་ཡང་འཇུག་མོད། དེ་ལྟ་ན་ཡང་གང་ཁོ་ན་འདིར་དོན་གསུམ་སྲིད་པ་དེ་ཁོ་ན་ཉེ་བར་བཀོད་པའོ། །དེ་ལ་ཞེས་པ་ལ་སོགས་པའོ། །འདིར ་ཁས་བླང་བྱའོ་ཞེས་བརྟག་པར་བྱའོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །མ་ཡིན་པའི་ཡི་གེ་ནི་རིམ་པ་ཐ་དད་པ་སྟེ། རྣམ་པར་གཅོད་པའི་སྒྲ་ཡི་དེ་མ་ཐག་ཏུ་བལྟ་བར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། རྣམ་པ་གསུམ་པོ་དེ་རྣམས་ལ། ་དེ་ལས་ཏེ་མཐུན་ཕྱོགས་ལས་གཞན་དང་དེ་དང་འགལ་བ་སྟེ་རྣམ་པ་གཉིས་པོ་འདི་ཡང་མི་མཐུན་ཕྱོགས་སུ་རེ་ཞིག་ཁས་བླང་པར་གྱིས་ཞེས་པའོ། །རེ་ཞིག་གི་སྒྲས་དུས་ཕྱིས་མེད་པར་ཡང་མི་མཐུན་ཕྱོགས་ཉིད་དུ་ཁས་ལེན་པ་བསལ ་བར་བྱེད་པའོ། །དེར་འགྱུར་མོད། དེ་ལས་གཞན་པ་ལས་དང་དེ་དང་འགལ་བ་ལ་སྟེ། རྣམ་པ་གཉིས་ག་ཡང་འདིར་མཐུན་པའི་ཕྱོགས་ཡིན་ན་སྐྱོན་ཡིན་ནོ། །གལ་ཏེ་དེ་ལས་གཞན་པ་མི་མཐུན་པའི་ཕྱོགས་ཉིད་དུ་ཁས་ལེན ་ནའང་ཁོ་བོ་ལ་གཏན་ཚིགས་མེད་པ་ཁོ་ནར་ཐལ་བར་འགྱུར་ཏེ། དེ་ལྟར་ནི་གང་ཁོ་ན་བུམ་པ་ལ་སོགས་པ་མཐུན་པའི་ཕྱོགས་ཡིན་པ་དེ་ཁོ་ན་མི་རྟོག་པ་ཉིད་ལས་ཆོས་གཞན་དང་ལྡན་པའི་ཕྱིར་མཐུན་ཕྱོགས་ལས་གཞན་ནོ ་ཞེས་པས་མི་མཐུན་ཕྱོགས་ཡིན་ཞིང། དེ་ལ་ཡང་བྱས་པ་ཉིད་ལ་སོགས་པ་འཇུག་པའི་ཕྱིར་མ་ངེས་པ་ཉིད་དུ་འགྱུར་རོ། །དེ་དང་འགལ་བ་མི་མཐུན་པའི་ཕྱོགས་ཉིད་ན་ཡང། མེ་ནི་འདིར་དྲོ་པ་ཉིད་དོ་ཞེས་པ་ལ། མི་མཐུན ་ཕྱོགས་རྣམ་པར་གཅོད་པས་གཏན་ཚིགས་བསྒྲུབ་པར་བྱ་བ་གོ་བར་བྱེད་དོ་ཞེས་པས་འགལ་བ་གྲངས་པ་ཁོ་ན་ལས་རྣམ་པར་བཅད་པར་མེ་བསྒྲུབ་པར་བྱ ་བ་ན་གོ་བར་བྱེད་ཀྱི། དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པ་ལས་ནི་མ་ཡིན་ཏེ། དེ་ནི་མི་འགལ་བར་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་དྲོ་བའི་རེག་པ་རྟོགས་པར་འགྱུར་པ་མ་ཡིན་ནོ། །དེས་ན་ཅི་ལྟར་འདི་དག་མི་མཐུན་ཕྱོགས་སུ་ཁས་ལེན ་པར་བྱེད་ཅེ་ན་གསུངས་པ། གཉིས་ནི་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་གཏན་ཚིགས་ལའོ། །གང་གི་ཕྱིར་གཞན་པ་དང་འགལ་པ་དག་མི་མཐུན་ཕྱོགས་ཉིད་ཡིན་ན། རིམ་པ་ཇི་ལྟ་བར་གཏན་ཚིགས་མེད་པར་ཐལ་བར་འགྱུར་བ་དང ་འགལ་བ་ལས་ཀྱང་རྣམ་པར་གཅོད་པར་ཐལ་བར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་འདི་གཉིས་ཀ་དག་གི་ཡང་མི་མཐུན་ཕྱོགས་ཉིད་དུ་ཁས་བླངས་པར་བྱོས་ཤིག་ཅེས་པའི་དོན་ཏོ། །གལ་ཏེ་མཐུན་ཕྱོགས་ལས་གཞན་གང་ཡིན་པ ་དེ་མི་མཐུན་ཕྱོགས་ཡིན་ན་ཞེས་པ་ལ་སོགས་པ་སྟེ། ཚིག་ཕྲན་ནི་རིམ་པ་ཐ་དད་པ་སྟེ། གལ་ཏེ་མཐུན་ཕྱོགས་ལ་གཞན་གང་ཡིན་པ་དེ་མོ་མཐུན་ཕྱོགས་ཡིན་ན་ཁྱོད་ལ་གཏན་ཚིགས་མེད་པ་འཐོབ་པ་མ་ཡིན་པ་ཁོ་ན་ཞེས་པའི ་དོན་ཏོ། །འདི་ལྟར་སེམས་ཏེ། ཆོས་གཞན་དང་ལྡན་པ་ལས་མཐུན་པའི་ཕྱོགས་རང་ཉིད་ཁོ་ན་ལས་གཞན་ཉིད་དུ་རིགས་པ་ནི་མ་ཡིན་ཏེ། དེ་ལྟར་ནི་བྲམ་ཟེ་ལས་གཞན་ཤོག་ཅིག་ཅེས་བརྗོད་པ་ན། བམ་ཟེ་ཁོ་ན་སྐྱེས་བུ་ཉིད་ལ ་སོགས་པ་ཆོས་གཞན་དང་ལྡན་པའི་ཕྱིར་བྲམ་ཟེ་ལས་གཞན་ཡིན་ནོ་ཞེས་འཇིག་རྟེན་ན་རྟོགས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་བརྗོད་པར་འདོད་པའི་ཆོས་མི་བསྟེན་པ་རྒྱལ་རིགས་ལ་སོགས་པའོ། །དེའི་ཕྱིར་གཏན་ཚིགས་མེད་པར ་ཐལ་བ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ནི་ཞེས་པ་ལ་སོགས་པས་ནི་དོན་གཅིག་མིན་སྒྲུབ་པར་བྱེད་པ་ཉིད་ནི། གཞན་པ་མི་མཐུན་ཕྱོགས་ཉིད་ཡིན་པ་ལ་གཏན་ཚིགས་སྟོན་པར་བྱེད་ཅིང། དེ་མ་ཐག་པའི་གཏན ་ཚིགས་པར་བྱེད་ཅིང། དེ་མ་ཐག་པའི་གཏན་ཚིགས་མེད་པར་ཐལ་བར་འགྱུར་བ་མེད་པ་གཞུང་འཛུགས་པར་བྱེད་དོ། །གང་མཐུན་པའི་ཕྱོགས་ལ་ཡོད་དོ་ཞེས་པས་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བ་བལྟ་བར ་བྱའོ། །དེ་མི་རྟག་པ་ཉིད་ལ་སོགས་པ་ལས་གཞན་ལ་ཡང་ཞེས་པ་སྟེ། འདིར་སྡུག་བསྔལ་ལ་སོགས་པ་ལ་ཞེས་པ་འདི་ནི་རྒྱུ་མཚན་གྱི་བདུན་པའོ། །དེ་ལ་འདི་ནི་ཚོགས་པའི་དོན་ཏེ། གང་གི་ཕྱིར་གང་མཐུན་ཕྱོགས ་ཁོ་ན་ལ་ཡོད་པའི་བྱས་པ་ཉིད་ལ་སོགས་པའི་ཕྱོགས་ཆོས་ནི་གཞན་པའི་མཚན་ཉྡ་ཅན་གྱི་མི་མཐུན་ཕྱོགས་ལ་མེད་ཅིང། དེ་ནི་མ་རྟག་པ་ཉིད་ཀྱི་རྒྱུ་མཚན་དུ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་མི་རྟག་པ ་ཉིད་ལས་གཞེན་ཡང་གང་ཆོས་གཞན་སྡུག་བསྔལ་བ་ཉིད་ལ་སོགས་པ་དེའི་རྒྱུ་མཚན་ཡང་ཡིན་པ་དེའི་ཕྱིར་གཏན་ཚིགས་མེད་པར་ཐལ་བར་བཟློག་གོ་།གལ་ཏེ་ཡང་མཐུན་པའི་ཕྱོགས་དང་འགལ་བ་དེ་མི་མཐུན ་ཕྱོགས་ཡིན་པ་དེ་ལྟ་ན་ཡང་སྐྱོན་མེད་དོ་ཞེས་བ་ལྷག་མའོ། །མཐུན་ཕྱོགས་དང་འགལ་བ་ཁོ་ན་ཞེས་ངེས་པར་གཟུང་བ་འདིར་བལྟ་བར་བྱའོ། །གལ་ཏེ་ཡང་ཞེས་པ་འདིས་འདི་སྐད་སྟོན་ཏེ། འགལ་བ་ཁོ་ན་མི་མཐུན ་ཕྱོགས་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན་གཞན་པ་དང་མེད་པ་དག་ཀྱང་ངོ། །ངེས་ན་འདི་སྐྱོན་མེད་པ་ཁོ་ནའོ། །འགལ་བ་ཁོ་ན་མཐུན་ཕྱོགས་ཉིད་དུ་ཁས་བླངས་ནས་ནི་བདག་གིས་ལན་བརྗོད་པར་བྱའོ་ཞེས་པའོ། །ཅིའི་ཕྱིར ་འགལ་བ་ཁོ་ན་མི་མཐུན་ཕྱོགས་ཉིད་ན་སྐྱོན་མེད་ཅེ་ན། དེས་ན་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་པ་ནི་འགལ་བ་ཁོ་ན་མི་མཐུན་ཕྱོགས་ཉིད་ཀྱིས་སོ། །གང་ཁོ་ན་ལ་ལྟེ་མི་མཐུན་ཕྱོགས་འགལ་བའི་བདག་ཉིད་ལ་མེད་པ་དེ་ཁོ་ན་རྣམ་པར་གཅོད ་པ་བསྒྲུབ་པར་བྱ་བ་མ་རྟོགས་པར་འགྱུར་རོ་ཞེས་པའི་དོན་ཏོ། །འོ་ན་གང་ལ་ཞེས་པ་སྤྱི་སྒྲ་འདི་ཅི་ལས་ཁྱད་པར་འདི་འཐོབ་པ་ཡིན་ཞེ་ན། འོ་ན་མི་མཐུན་ཕྱོགས་ཅི་ཡིན་ཞེས་པ་འདིར་མི་མཐུན་ཕྱོགས་ཀྱི་སྐབས་སུ་བྱས་པ་ཉིད་ཀྱི་ཕྱིར་རོ། །གཞན ་རྣམས་ནི་གང་ཞིག་དེ་ཉིད་ལ་མེད་པ་ཞེས་ཀློག་པར་བྱེད་དེ། འདི་ལྟར་བཤད་པར་བྱ་སྟེ། གང་དེ་ཁོ་ན་ལ་སྟེ། མཐུན་ཕྱོགས་དང་འགལ་བའི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པའོ། །ཁོ་ནའི་ཡི་གེ་ནི་མཐུན་ཕྱོགས་ལ་ཡོད་པ་ཉིད་རྣམ་པར ་མི་གཅོད་པའི་དོན་ཅན་ནོ། །ངེས་ནི་དེ་རྣམ་པར་གཅོད་པ་སྟེ། འགལ་བ་རྣམ་པར་གཅོད་པ་ཁོ་ན་བསྒྲུབ་པར་བྱ་བ་ཨ་རྟོགས་པར་བྱེད་དོ་ཞེས་པའོ། །གལ་ཏེ་འགལ་བ་ཁོ་ན་རྣམ་པར་གཅོད་པ་བསྒྲུབ་པར་བྱ་བ་ལ་རྟོགས་པར་བྱེད ་ན་དེ་ལག་ཅི་ཏར་མི་འདོད་པ་འོངས་པ་མ་ཡིན་ཞེ་ན། གསུངས་པ། དེ་ལྟར་ཡང་ཞེས་པ་ལ་སོགས་པའོ། །འདི་ལྟར་སེམས་ཏེ། མི་མཐུན་ཕྱོགས་ལས་ལོག་པའི་གཏན་ཚིགས་ནི་མི་མཐུན་ཕྱོགས་མེད་པར ་བསྒྲུབ་བྱ་ལ་རྟོགས་པར་བྱེད་ཅིང་དོ་མིན་གང་མིན་ནི་མ་ཡིན་ནོ། །མི་མཐུན་ཕྱོགས་ཀྱང་འགལ་བགྲང་བ་ཁོ་ན་སྟེ། དེ་ལས་ཀྱང་འདི་ན་དྲོ་བ་ཉིད་ཏེ་མེའི་ཕྱིར་རོ་ཞེས་པ་འདི་ལ། མེ་གྲང་བ་མེད་པ་བསྒྲུབ་པར་བྱ་ལ་གོ་བར་བྱེད ་ཀྱི། དྲོམ་དེ་གྲང་མིན་མང་མར་ཡང་མ་ཡིན་ནོ། །འདི་ནི་འདོད་པ་ཡང་སྟེ། གང་གི་ཕྱིར་དྲོ་མིན་གྲང་མིན་གྱི་རེག་པ་ནི་གྲང་བ་དང་དྲོ་བ་དག་ལས་གཞན་ཡོད་པ་མ་ཡིན་ཏེ། འཇམ་པ་ཉིད་དང་རྩུབ་པ་ཉིད་ལ་སོགས་པ་རེག་བྱའི་བྱེ ་བྲག་རྣམས་ལས་གཞན་དུའོ། །དེ་ལྟར་ནི་བསྟན་བཅོས་སུ་རེག་བྱ་བཅུ་གཅིག་བདག་ཉིད་དུ་གསུངས་ཤིང། དེའི་ནང་དུ་ཡང་དྲོ་མིན་གྲང་མིན་གྱི་རེག་བྱ་བཤད་པ་མེད་དོ། །དེའི་ཕྱིར་འཇམ་པ ་ཉིད་ལ་སོགས་པ་རྣམས་ཁོ་ན་དྲ་བ་ནི་གྲང་མིན་ནོ། །དེ་རྣམས་ཀྱང་ཕྱོགས་གང་ན་དྲོ་བའི་རེག་པ་འཇུག་པའི་ཕྱོགས་དོན་ཡོད་པ་ཁོ་ནའོ། །དེའི་ཕྱིར་གང་ན་དྲོ་བའི་རེག་པ་ཡིན་པ་དེ་ནི་དྲོ་མིན་གྲང་མིན་གྱི་རེག་པ་རྣམ ་པར་གཅོད་པ་མེད་པ་ཁོ་ནའོ། །དོ་མིན་གང་མིན་གྱི་རེག་པ་འཇམ་པ་ཉིད་ལ་སོགས་པ་ལས་ཐ་དད་པ་ཡོད་དུ་ཆུག་མེད། དེ་ལྟ་ན་ཡང་ཇི་ལྟར་དྲོ་བའི་རེག་པ་གྲང་བའི་རེག་པ་དང་དགལ་བ་དེ་ལྟར་དྲོ་མིན་གྲང་མིན་དང་ཡང ་སྟེ། ལྷན་ཅིག་མི་གནས་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་མི་འགལ་བ་དེ་ལྟ་ན་ཡང་ལྷན་ཅིག་གནས་པའི་ཕྱིར། གང་ན་དྲོ་བའི་རེག་པ་ཡོད་པ་དེ་ན་དེ་རྣམ་པར་གཅོད་པ་མེད་པ་ཁོ་ནའོ། །དེ་མེད་པར་གལ་ཏེ་མེས་རྟོགས ་པར་བྱེད་པ་མ་ཡིན་ན་ནི་མ་ཡིན་དུ་ཆུག་ཀྱང་ཡོད་པ་རྟོགས་པར་བྱེད་པ་མ་ཡིན་ན་སྐྱོན་དུ་འགྱུར་ཞིང། མེད་པ་ནི་རྟོགས་པར་མི་བྱེད་པར་ཡང་འདོད་པ་ཁོ་ན་སྟེ། མི་འདོད་པ་འབབ་པར་ཡང་ཐལ་བར་འགྱུར་རོ་ཞེས་པའོ། ། ་རེག་བྱ་ལ་རྟོགས་པར་འགྱུར་རོ་ཞེས་པ་འདིར་རེག་བྱའི་སྒྲ་ནི་དེ་དང་ལྡན་པའི་ཕྱོགས་ལ་འཇུག་གོ་ཞེས་པའི་ཡི་གེ་ནི་གཏན་ཚིགས་ལའོ། །གང་གི་ཕྱིར་མེ་ནི་གྲང་བ་ཉིད་མེད་པར་རེག་བྱ་ལ་གོ་བར་བྱེད་ཀྱི་དྲོ་མིན་གྲང་མིན་མེད ་པར་ཡང་མ་ཡིན་ཞིང། དེ་འདོད་པ་ཡང་ཡིན་ནོ། །དེའི་ཕྱིར་གང་སྔར་འགལ་བ་ཁོ་ན་ལས་རྣམ་པར་གཅོད་པར་ཐལ་བར་འགྱུར་བར་དོགས་པ་དེ་འགྱུར་བ་མ་ཡིན་ཏེ། དེ་ནི་མི་འདོད་པ་འབྱུང་བའི་མཚན་ཉིད་ཅན་ཉིད ་ཀྱི་ཕྱིར་རོ། །གལ་ཏེ་འོ་ན་གང་ན་མེ་ཡོད་པ་དེ་ན་འཇམ་པ་ཉིད་ལ་སོགས་པའི་རེག་པ་ཡང་ཡོད་ན། ཅིའི་ཕྱིར་མེས་དྲོ་བའི་རེག་པ་ཁོ་ན་རྟོགས་པར་བྱེད་ཀྱི་གཞན་མ་ཡིན་ཞེ་ན། གང་ཞིག་ལ་གང་གིས་ཁྱབ་པ་དེས་དེ་རྟོགས་པར་བྱེད་དེ། གལ་ཏེ་ཡང ་དྲོ་ལ??་རེག་པས་སམ་གཞན་གྱིས་ཀྱང་མེ་ལ་ཁྱབ་ན། དེ་ཡང་རྟོགས་པར་བྱེད་པ་ཁོ་ན་སྟེ། གཏན་ཚིགས་ནི་དོན་དུ་མ་གྲུབ་པར་བྱེད་པ་ཉིད་མི་འགལ་བ་ཁོ་ནའི་ཕྱིར་རོ། །ཅི་སྟེ་མ་ཁྱབ་ན་དེ་ལ་འཁྲུལ་པ་ཉིད་ཀྱི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ་ཞེས་པས ་རྩོད་པ་འདི་མེད་དོ། །གཞན་པ་དང་འགལ་བའི་མི་མཐུན་ཕྱོགས་དག་འགྱུར་དུ་ཆུག་མོད། མེད་པ་ནི་ཅི་ལྟར་ཡིན། མེད་པ་མི་མཐུན་ཕྱོགས་ཉིད་ཡིན་ན་ནི། གང་འདི་སྐད་བརྗོད་པ། སོ་སོར་མི་མཐུན་ཕྱོགས་ལ་ཡང། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་པ་མིའི ་???་པོར་མ་གྱུར་པའི་ཕྱོགས་ཆོས་ནི་མེད་པ་ལ་ཡོད་པ་ཉིད་དུ་འགྱུར་དུ་ཆུག་མོད། དངོས་པོར་གྱུར་པ་ནི་ཅི་ལྟར་ཞེ་ན། གསུངས་པ། དེ་ཕྱིར་མཐུན་ཕྱོགས་མེད་ཁོ་ནའོ་ཞེས་སོ། །ཁོ་ནའི་སྒྲ་ནི་དེའི་ཕྱིར་གྱི་སྒྲའི་དེ་མ་ཐག་པར་བལྟ་བར་བྱའོ། །དེའི་ཕྱིར་ཞེས་པ་འདིས་ཀྱང ་དེ་མ་དག་ཏུ་བསྒྲུབ་པའི་གཞན་པ་དང། འགལ་བ་དག་མི་མཐུན་ཕྱོགས་སུ་འགྱུར་བ་ལ་སྙེགས་སོ། །གང་གི་ཕྱིར་གཞན་པ་དང་འགལ་བ་དག་མི་མཐུན་ཕྱོགས་ཡིན་པ་དེ་ཁོ་ནའི་ཕྱིར་མཐུན་ཕྱོགས་མེད་པ་ནི་མི་མཐུན་ཕྱོགས་སུ་འདོད་དོ། །དེ་ལས་ཀྱང་མེད་པའི ་མཚན་ཉིད་ཅན་གྱི་མི་མཐུན་ཕྱོགས་ལ་བལྟོས་པས་ཕྱོགས་ཆོས་ཡོད་དང་མེད་ཕྱིར་རོ་ཞེས་པ་འདི་མི་རིགས་ཞེས་པ་འདི་དོགས་པར་མི་བྱའོ། །གང་གི་ཕྱིར་མེད་པ་ཙམ་ནི་མི་མཐུན་ཕྱོགས་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་པ་དང་འགལ་བ་དག་ཀྱང་ངོ། །ཡང་ཅི་ལྟར ་གསུམ་པོ་རྣམས་མི་མཐུན་ཕྱོགས་ཉིད་དུ་འཐོབ་ཅེ་ན། གང་གི་ཕྱིར་མཐུན་ཕྱོགས་མ་ཡིན་པ་ནི་མི་མཐུན་ཕྱོགས་སོ་ཞེས་མཐུན་ཕྱོགས་ལྡོག་པ་ནི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཡིན་ཞིང་།མ་ཡིན་པར་དགག་པ་དེ་ནི་མི་མཐུན་ཕྱོགས་དེ་དག་ལ་ཡང་མཚུངས ་ཏེ། ལྡོག་པ་ནི་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། དངོས་དང་དོན་གྱིས་གོ་བས་ཀྱང་ངོ་ཞེས་པའོ། །དེ་ལྟར་གཅིག་ཀྱང་ཞེས་པ་ལ་སོགས་པས། མེད་པ་མི་མཐུན་ཕྱོགས་ལ་གཏན་ཚིགས་དོན་དུ་མ་སྒྲུབ་པར་བྱེད་པ་ཉིད་དུ་སྟོན་ཅིང་མེད་པ་མཐུན་ཕྱོགས་ཉིད་དུ ་བརྟན་པར་བྱེད་དོ། །མཚན་ཉིད་ལས་ཞེས་པ་གཏན་ཚིགས་ཀྱི་མཚན་ཉིད་ལས་ཞེས་པའི་དོན་ཏོ། །གཞན་པ་དང་མེད་པ་མི་མཐུན་ཕྱོགས་དག་ལ། དུ་མ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་འགལ་བའི་མི་མཐུན་ཕྱོགས་ལ་ཡང་དེ་རྟོགས་པའོ་ཞེས་པས་མ་བཤད་དོ། ། ་འོ་ན་ཡང་འདི་ཞེས་པ་ལ་སོགས་པས། གང་རྩམས་བྱེས་པ་ཉིད་ཐུན་མོང་པ་ནི། དེ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ་བུམ་པ་ལ་སོགས་པ་བཞིན། དེ་ཡང་ནི་མ་རྟག་པ་དང་བདག་མེད་པ་ཉིད་ལ་སོགས་པ་རྣམས་ཀྱི་ཐུན་མོང་པ་ཡང་ངོ་ཞེས་པ་རང་བཞིན་གྱི་གཟུགས་བརྙན་སྨྲས་སོ། ། ་སྤྱི་ཞེས་པ་ལ་སོགས་པ་ཕྱོགས་ཀྱི་ཆོས་སོ། །བུམ་པ་ལ་སོགས་པ་རྣམས་ལ་ནི་དཔེའོ། །ཐེ་ཚོམ་ཉིད་དུ་འགྱུར་ཞེས་བྱ་བ་ནི་ཚད་མའི་འབྲས་བུའོ། །མིན་ཞེས་པ་ལ་སོགས་བསམ་ངེས་པར་གསུངས་སོ། །རྟོགས་པར་བྱད་མི་ནུས་པ་ཉིད་ཀྱི་ཕྱིར་ཐེ་ཚོམ་གྱི་རྒྱུ་ནི་བླུན་པོ་ཞེས་པར་གསུངས། །རྗེས ་སུ་འགྲོ་བ་ནི་ཁྱབ་པའོ། །སྤྱི་ཡིན་ནོ་ཞེས་པ་ཁོ་ནས་ཐེ་ཚོམ་གྱི་རྒྱུ་ནི་མ་ཡིན་ཏེ། དེ་ལྟར་ནི་དུ་བ་ནི་རྫས་ཉིད་ལ་སོགས་པ་དོན་དུ་མ་དང་ལྷན་ཅིག་འབྱུང་བ་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ། །གལ་ཏེ་རང་གི་བསྒྲུབ་པར་བྱ་བ་མེད་པར་དུ་མ་ལ་འཇུག་ན་ཐེ་ཚོམ་གྱི་རྒྱུར་འགྱུར་རོ་ཞེས། ་སྟོན་པ་གསུངས་པ། བུམ་པ་ལ་ནི་ཞེས་པ་ལ་སོགས་པའོ། །བྱས་པ་ནི་བུམ་པ་ལ་སོགས་པ་རྣམས་ལ་ཕན་ཚུན་མེད་པ་ལའང་མཐོང་སྟེ། དེའི་ཕྱིར་དེ་ནི་ཐེ་ཚོམ་གྱི་རྒྱུ་འདི་དུ་རིགས་ཀྱི། དེ་བདག་མེད་པ་ཉིད་ལ་སོགས་པ་རྣམས་ལ་ཕན་ཚུན་མེད་པ་ལ་མཐོང་བ་ནི་མ་ཡིན་ནོ ་ཞེས་པས་ན། སྤྱི་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་པར་འགྱུར་བ་ནི་མ་ཡིན་ཏེ། ཁྱབ་པ་ཡོད་པ་ནའོ། །རྣམ་པར་གཅོད་པའི་གཏན་ཚིགས་སོ་ཞེས་པ་ནི་ངེས་པར་བྱེད་པའི་གཏན་ཚིགས་སོ་ཞེས་པའི་དོན་ཏོ། །དད་གི་སྒྲ་ཕྱིས་པ་ལས་ཞེས་པ་དང། །གི་དོན་རྟོགས་པའི ་ཕྱིར་རོ་ཞེས་པའི་དོན་ཏོ། །གང་དུ་གང་སྤྱད་བ་མེད་ཀྱང་དོན་རྟོགས་པ་དེར་དེ་ཕྱིས་པའོ་ཞེས་བརྗོད་པར་བྱ་ཞིང་འདིར་ཡང། ཡང་རྣམ་གསུམ་ཞེས་བརྗོད་པ་ལས་དང། སྔར་ཡང་རྣམ་པ་གསུམ་ཉིད་དུ་བསྒྲུབས་པའི་ཕྱིར་དོན་རྟོགས་སོ། །གཞན་དུ་ན་ཞེས་པ་ལ་སོགས་པ་སྟེ་གལ་ཏེ ་ཡང་ཇི་སྐད་བརྗོད་པའི་རྣམ་པས་ངང་གི་དོན་རྟོགས་པ་མ་ཡིན་ན། དེ་ལས་གཉིས་པ་འདི་ཁོ་ནའི་ལྷུར་ལེན་པ་རྟོགས་པར་འགྱུར་རོ། །དེ་ལྟ་ན་གང་གི་ཚེ་ཞེས་པ་ལ་སོགས་པས། མཚན་ཉིད་མ་ཁྱབ་པ་ཉིད་སྨྲས་སོ། །དངོས་པོ་ཡོད་ན་དེ་ལ་མེད་དོ་ཞེས་སྨྲ་པ་ནུས་ཀྱི་གཞན་དུ་ན ་ཡིན་ན། གང་གི་ཕྱིར་རྟེན་གྱི་བྱེ་བྲག་གི་ཁྱད་པར་ཅན་དུ་འདིར་མེད་པ་ཉིད་བརྗོད་པ་ཡིན་ནོ། །མཐུན་ཕྱོགས་མེད་པ་ཡང་མི་མཐུན་ཕྱོགས་སུ་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཅི་ལྟར་མེད་དོ་ཞེས་བརྗོད་པར་བྱ་སྟེ། དངོས་པོར་གྱུར་པ་མེད་དོ་ཞེས་པ་བསམ་པའོ། །དེའི་ཚེ་ཞེས་པ་ལ ་སོགས་པ་སྟེ། འདིར་རྟེན་རྣམ་པར་བཅད་པའི་དབང་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་བརྗོད་པས། བསྒྲུབ་པར་བྱ་བ་ཡོད་པར་གྱུར་པ་ལ་རྟགས་ཡོད་པར་བརྗོད་པའོ། །གལ་ཏེ་ཡང་དངོས་པོ་རྟག་པ་ཆེད་པ་ཁོ་ན་ཡིན་ན་དེ་ལ་ཡོད་པར་ཆེས ་ཤིན་ཏུ་འགྲུབ་སྟེ་དངོས་པོ་རྟག་པ་མེད་ན་བྱས་པ་ཉིད་ལ་སོགས་པ་དངོས་པོའི་ཆོས་ནི་དེ་ལ་ཡང་འཇུག་པར་དོགས་ཤིང། དེ་ལས་ཀྱང་དེ་ཡོད་པར་བརྗོད་པའི་ཆེད་དུ་འབབ་པ་གནས་པར་བྱའོ། །གང་གི་ཚེ་དངོས་པོ་རྟག་པ་མེད་པ་ཁོ་ནའོ་ཞེས་ཁས་ལེན་པ་དེའི་ཚེ ་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པ་ཡོད་པ་ལ་ཐེ་ཚོམ་མེད་པ་ཁོ་ནའོ། །གཏན་ཚིགས་ཁོ་ན་འབའ་ཞིག་པ་བརྗོད་པར་བྱ་སྟེ། གང་གི་དོན་དུ་དཔེ་བརྗོད་པར་བྱ་བའི་དོན་དེ་གྲུབ་ཟིན་བྱས་ན་སོ་ཞེས་པ་དགོངས་པའོ། །རྒྱུ་ཅིའི་ཕྱིར་དེ་ལྟར་ཕྱོགས་ཆོས་རྣམ་པ་དགུར་ཕྱེ་ཞེ་ན། གང ་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་འབྲེལ་པ་ཅན། གང་ལ་འབྲས་བུ་དང་རྒྱུའི་དངོས་པོའི་སྒོ་ཅན་དེ་དག་ཁོ་ན་རང་གི་ཁྱབ་བྱེད་བསྒྲུབ་པར་བྱ་བ་ལ་གོ་བར་བྱེད་པ་ཉིད་ཡིན་ཞིང། བཟློག་པ་ན་ཡང་ཟློག་པར་བྱེད་པའོ་ཞེས་བསྟན་པའི་དོན་དུ། སྒྲ་མི་རྟག་སྟེ་བྱས་པ ་ཉིད་ཀྱི་ཕྱིར་དང། རྩོལ་བ་ཅན་དུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་གཏན་ཚིགས་གཉིས་དག་ངེས་པར་བསྟན་ཅིང། སྒྲ་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་དང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་འགལ་བ་གཉིས་དག་ཀྱང་ངོ། །ཁ་ཅིག་ཁྱད་པར་དང་སྤྱིའི་མ་ངེས་པ་དག་ཀྱང་མཛའ་ ་གཅིག་པ་ཅན་ཉིད་དུ་སྨྲའོ། །དེའི་ཕྱིར་ལྡོག་པ་ཅན་དང་རྗེས་སུ་འགྲོ་བ་ཅན་ནི་གོ་ཕྱེད་ཀྱི་གཏན་ཚིགས་མ་ཡིན་ནོ་ཞེས་སྒྲུབ་པའི་ཆེད་དུ་གཞན་གཉིས་དག་སྟེ། དཔེར་ན་སྒྲ་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་དང། གཞལ་བྱ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ། །གཏན་ཚིགས་ཀྱི་ལྡོག་པ ་གཙོ་བོར་བཤད་པའི་ཚད་དུ་གསུམ་སྟེ། དེ་ལྟར་ནི་རྗེས་སུ་འགྲོ་བའི་སྒོ་ནས་ནི་གཏན་ཚིགས་གོ་??་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་པའོ་ཞེས་པས་མི་གོ་བའི་ཕྱིར་རོ། །དེ་ལས་མི་འགྱུར་སྟེ་ལྡོག་པ་མེད་པ་ཉིད་ཀྱིས་ན་རྗེས་སུ་འགྲོ་བ ་འབའ་ཞིག་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འོ་ན་རེག་བྱ་མ་ཡིན་པའི་ཕྱིར་རྟག་གོ་ཞེས་པ་འདི་ལ་འགྱུར་རོ། །འདི་ལ་ཡང་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་མ་ཡིན་ནོ་ཞེ་ན། འདི་ལ་རྗེས་སུ་འགྲོ་བ་སྟོབས་དང་ལྡན་ཞིང་ལྡོག་པ་སྟབས་ཆུང་བ་སྟེ། གཏན་ཚིགས་མཐུན ་ཕྱོགས་ལ་ཁྱབ་པའི་ཕྱིར་དང་མི་མཐུན་ཕྱོགས་འགའ་ཞིག་ལ་མེད་པའི་ཕྱིར་ཏེ། དཔེར་ན་རྩོལ་མ་ཐག་ཏུ་བྱུང་བ་སྟེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་གོ་བྱེད་དུ་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཡོད་པ་ཙམ་གྱིས་མ་ཡིན་ཞིང་ལྡོག ་པ་དང་བཅས་པ་ཉིད་ཀྱིས་མ་ཡིན་ལ་གཙོ་ཆེ་བས་ཀྱང་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་ཐམས་ཅད་ལས་ལྡོག་པ་དེས་པས་ཡིན་ནོ། །དེ་ལས་ཀྱང་གང་བྱས་པ་དེ་མི་རྟག་པ་ཁོ་ནའོ་ཞེས་རྟག་པ་རྣམ་པར་གཅོད་པས་གོ་བར་བྱེད་དོ། །འོ་ན་སྒྲ་མི ་རྟག་སྟེ་རྩོལ་མ་ཐག་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པའི་དཔེར་བརྗོད་འདི་ཁོ་ན་བསྟན་པས་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་བསྟན་པ་ཁོ་ན་སྟེ། རྩལ་མ་ཐག་པའི་བསལ་བ་འབྱུང་བ་དང་སྐྱེ་བ་དག་ལ་རྩོལ་མ་ཐག་ཏུ་འབྱུང་བའི་སྒྲ་ཡིས་རྗོད་པའི་ཕྱིར ་རོ། །དེ་ལ་གང་གི་ཚེ་བསལ་བ་ཤེས་པའི་མཚན་ཉིད་དུ་བརྗོད་པར་བྱ་བ་དེའི་ཚེ་རྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་འབྲས་བུར་འགྱུར་ཞིང། གང་གི་ཕྱིར་སྐྱེ་བ་ཡིན་པ་དེའི་ཚེ་ནི་རང་བཞིན་ནོ། །དེས་ན་ཅིའི་དོན་དུ་རང་བཞིན་བྱས་པ་ཉིད་ཐ་དད་དུ་དཔེར་བརྗོད་ཞེ་ན། རང་བཞིན་ཐམས ་ཅད་རྣམ་པ་འདི་ལྟ་བུར་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཁོ་ནའོ་ཞེས་ཁ་ཅིག་དོགས་པར་འགྱུར་ཏེ། དེའི་ཕྱིར་དེ་བསལ་བའི་ཆེད་དུ་ཐ་དད་པར་དཔེར་བརྗོད་དོ། །གཏན་ཚིགས་ཀྱི་ཚིག་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཆེད་དུ་རང་དོན་རྗེས་སུ་དཔག་པར ་བཤད་ཟིན་པའི་དོན་ཅན་ཡིན་ན་ཡང་སླར་ཡང་འདིར་སྐབས་སུ་བྱ་སྟེ། དེ་བས་རབ་ཏུ་དབྱེ་བ་ཙམ་བཤད་དེ་མཚན་ཉིད་ནི་དེ་ཁོ་ནའོ། །གཞན་ཡང་ཞེས་པ་ལ་སོགས་པས་ངེས་པར་གཟུང་བ་ཉེ་བར་ཐོབ་པར་བྱེད་ཏེ། འདི་ཡང་ཅི་ཞིག་ཡིན་ཞེ་ན་གསུངས ་པ། བསྒྲུབ་བྱ་ལ་གནོད་པར་བྱེད་པའི་སྒྲུབ་བྱེད་ཅེས་པའི་འཆད་པར་འགྱུར་བའི་འདུས་པ་ཉིད་ལ་བལྟོས་པས་ན་མ་ནིར་གིས་བསྟན་ཏེ། །འགལ་བ་ཐམས་ཅད་ཀྱང་བསྒྲུབ་བྱ་ལ་གནོད་པར་བྱེད་པའི་སྒྲུབ་བྱེད་ཡིན་ཏེ། དེའི་ཕྱིར་བསྒྲུབ་བྱ་ལ་གནོད་པའི་སྒྲུབ་བྱེད ་ཅེས་པའི་ཚིག་གི་ཤུགས་ལས་ཁྱད་པར་རྟོགས་པར་བྱ་ཞིང་།དེ་ཡང་གང་དག་ཏུ་མ་བརྗོད་ཀྱང་འདོད་པས་ཁྱབ་པ་ལ་གནོད་པ་བསྒྲུབ་པར་བྱེད་པ་དེ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་གནོད་པ་ལ་གནོད་པར་བྱེད་པའོ་ཞེས་བརྗོད་པར་བྱའོ། ། ་དེ་དཔེར་བརྗོད་ཀྱིས་སྟེན་ཏེ། །དཔེར་ན་ཞེས་པ་ལ་སོགས་པས་སོ། །ཐ་དད་པ་རྣམས་ཀྱི་ཞེས་པ་མིག་ལ་སོགས་པ་རྣམས་ཀྱིའོ། །དེ་ནི་ཞེས་པ་ལ་སོགས་པ་སྟེ། འདུས་པ་ཉིད་ནི་གཞན་གྱི་དོན་ཡང་སྒྲུབ་པར་བྱེད་དེ། འདུས་པ་ཉིད་ཀྱང་ཆོས་སམ་ཆོས ་ཅན་གྱི་ཁྱད་པར་ལ་གནོད་པར་བྱེད་དོ། །གང་ཁོ་ན་འདིས་བསྒྲུབ་པར་འདོད་པ་དེ་ཁོ་ན་ལ་བལྟོས་ནས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་བཤད་དེ། གཡོན་ཅན་གྱི་ཐ་སྙད་ལ་ཁྱད་པར་ཇི་ལྟ་བ་བཞིན་སྐྱོན་བསྟན་པའི་དོན་དུའོ། །འདི་རྣམས ་ནི་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་ཡིན་ཏེ་ཞེས་བརྗོད་པ་ན་ཆོས་ཀྱི་ཁྱད་པར་ཉིད་དུ་ཉེ་བར་བླངས་པའི་ཕྱིར་དེའི་ཁྱད་པར་ཡིན་ཞིང། མིག་ལ་སོགས་པ་འདུས་པ་མ་ཡིན་པའི་དོན་རྣམས་གཞན་གྱི་དོན་ཡིན་ནོ་ཞེས་པ་ཆོས་ཅན་གྱི་ཁྱད ་པར་རོ། །གཏན་ཚིགས་ཁོ་ནའི་ནང་དུ་འདུས་ཞེས་པ། ཇི་ལྟར་གནས་པའི་དངོས་པོའི་རང་གི་ངོ་བོ་འདོད་པའམ་མི་འདོད་པ་སྒྲུབ་པར་བྱེད་པ་གང་ཡིན་དེ་གཏན་ཚིགས་ཏེ། འདིར་ནི་འགལ་བ་གཞན་ཡང་ཡོད་དོ་ཞེས་པའི་ཚིགས་ལས། །སྦྱོར་བ་པོའི་འདོད ་པ་ལས་བཟློག་པ་སྒྲུབ་པར་བྱེད་པ་གང་ཡིན་པ་དོན་གཅིག་མིན་སྒྲུབ་པར་བྱེད་པ་དེའི་ནང་དུ་འདུ་བར་རིག་པར་བྱའོ། །ཇི་ལྟར་སྒྲ་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་དོན་གཅིག་མིན་སྒྲུབ་པར་བྱེད་པ་འགལ་བའི་གཏན་ཚིགས་ཁོ་ན་ཡིན་པ་དེ ་ལྟར་འདི་ཡང་ངོ་ཞེས་པའོ། །ཞེས་པའི་ཡི་གེ་ནི་གཏན་ཚིགས་ལ་སྟེ་གང་གི་ཕྱིར་དོན་གཅིག་མིན་སྒྲུབ་པར་བྱེད་པའི་འགལ་བའི་གཏན་ཚིགས་ཀྱི་ནང་དུ་འདུས་པ་དེའི་ཕྱིར་དུ་པོ་རྣམས་ལས་ཕྱི་རོལ་དུ་རྣམ་པར་གཞག་པ་མ་ཡིན་ནོ། །དེའི ་ཕྱིར་ངེས་པར་གཟུང་བ་འགལ་བ་མེད་དོ་ཞེས་པ་དགོངས་པའོ། །འོ་ན་འདུས་པ་རྣམས་གཞན་ལ་ཕན་འདོཊ་པར་བྱེད་པ་ངེས་པ་མེད་པའི་ཕྱིར་འདི་འགལ་བ་མ་ཡིན་པ་ཁོ་ན་སྟེ། གང་འདུས་པ་རྣམས་གཞན་ལ་ཕན་པ་བྱེད་པའོ་ངེས་པ་འདི ་ཅི་ཡོད་སྟེ། འདི་ཡང་རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་པས་ཞེ་ན། སྐྱོན་འདི་མེད་ཏེ། འདིར་ཕན་འདོགས་པའི་བྱ་བ་ལ་ཐོགས་པ་མེད་པའི་ནུས་པ་ཅན་གྱི་མིག་ལ་སོགས་པ་རྣམས་ཕྱོགས་སུ་བྱས་པ་ཉིད་ཀྱི་ཕྱིར་རོ། ། ་དེ་ལྟར་ན་ཡང་འདུས་པ་ལ་ཕན་འདོགས་པ་ཞེས་པའི་འགྲེལ་པ་ཅི་ཞེ་ན། འདི་ཡང་སྐྱོན་མ་ཡིན་པ་ཁོ་ན་སྟེ། གང་གི་ཕྱིར་རྣམ་པ་འདི་ལྟ་བུའི་མིག་ལ་སོགས་པ་རྣམས་ལས་ཉེ་བར་སྦྱོར་བ་སོ་སོ་ནི་ཕན་གདགས་པར་བྱ་བ་ལ་རང་བཞིན་དུ ་གྱུར་པ་ཁོ་ནའི་ཕན་འདོགས་པ་རྣམས་སུ་འགྱུར་རོ། །གཞན་དུ་ན་མིག་ལ་སོགས་པ་རྣམས་གཞན་གྱི་དོན་ཡིན་ཏེ། ཞེས་པ་འདི་མི་འཐད་པ་ཁོ་ནའོ། །དེའི་ཕྱིར་ཕན་འདོགས་པར་བྱེད་པའི་མིག་ལ་སོགས་པ་རྣམས་ཀྱིས་རང་བཞིན་དུ་གྱུར་པ་ཁོ་ནའི་ཕན་པ་རྣམས་གཞན ་ལ་བྱེད་དེ། དེ་ལྟར་གྱུར་པའི་ཕན་པ་དེ་རྣམས་ཁོ་ན་འདུས་པའི་སྒྲ་ཡིས་བརྗོད་དེ། དུ་མའི་བདག་ཉིད་ཅན་ཉིད་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །དེ་གྲུབ་པ་ན་ཡང་སྐྱེས་བུའི་འདོད་པས་བཞག་པའི་གཅིག་གི་རང་བཞིན་ཉིད་ཉམས་པར་བྱེད་དོ་ཞེས་པས་རག་ལ་བར་འགྱུར་རོ། །འདིར ་གཅིག་གིས་ཚིག་གི་མཛའ་ཅན་གྱི་རིགས་ཀྱི་སྒྲ་རྣམས་ལ་ཁ་ཅིག་ཏུ་རིགས་ཙམ་བརྗོད་པར་འདོད་ཀྱི་གྲངས་མ་ཡིན་ཏེ། དཔེར་ན་བྲམ་ཟེ་གཞོམ་བྱ་མ་ཡིན་ཞེས་པ་ལྟ་བུའོ། །ཁ་ཅིག་ཏུ་གཅིག་ཉིད་ཀྱི་གྲངས་ཏེ་དཔེར་ན་འདིར་ཐ་ལང་འགའ་ཞིག་མཐོང་ངོ་ཞེས་པ་ལྟ ་བུའོ། །བ་ལང་གི་སྒྲ་ནི་གསལ་བའི་ཁྱད་པར་ཉེ་བར་མཚོན་པའི་དོན་དུའོ། །ཁ་ཅིག་ཏུ་གཉིས་ཀ་སྟེ། དཔེར་ན་ཕྱུགས་ཀྱིས་མཆོད་སྦྱིན་བྱེད་དོ་ཞེས་པའི་སྦྱོར་བ་འདི་ལྟ་བུར་རོ། །འདིར་གཏན་ཚིགས་ལ་སོགས་པའི་མཚན་ཉིད་ལ་རྟོགས་པ་ཅི་ཡིན་ཞེ་ན་གསུངས་པ། འདིར ་ཡང་ཞེས་པ་བརྗོད་མ་ཐག་པའི་ཚིགས་སུ་བཅད་པར་རོ། །གཏན་ཚིགས་ལ་སོགས་པའི་མཚན་ཉིད་རྣམས་ལ་ཞེས་པ། སོགས་པའི་སྒྲས་འགལ་བ་དང་མ་ངེས་པར་གཟུང་ངོ། །འདི་ལ་གྲངས་གཅིག་ཡིན་པ་ཞེས་པ་ནི་གྲངས་གཅིག་ཅན་ཏེ་དེའི་དངོས་པོ་ནི་གྲངས་གཅིག ་ཅན་ཉིད་དོ། །བརྗོད་པར་འདོད་པ་ཡང་དེ་ཡིན་ལ་གྲངས་གཅིག་པ་ཅན་ཡང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཡང་ཅི་ཞིག་ལ་ཞེ་ན་གསུངས་པ། རིགས་ཀྱི་ཚིག་གི་དོན་ལ་ཞེས་པ་སྟེ། འདིར་ཁ་ཅིག་རིགས་ཚིག་གི་དོན་དུ་འདོད་ཅིང། གཞན་རྣམས་ནི་རྫས་ཏེ། དེའི་ཕྱིར ་ཁྱད་པར་གྱི་དོན་དུ་དེ་སྐད་བརྗོད་དོ། །འདི་སྐད་བརྗོད་པར་འགྱུར་ཏེ། རྟེན་གྱི་གྲངས་ཀྱིས་འདིར་རིགས་ངེས་པར་བསྟན་པའོ། །དེའི་ཕྱིར་གཏན་ཚིགས་གཅིག་ལ་སོགས་པའི་བཞི་ཁོ་ན་འདིར་གཏན་ཚིགས་ལ་སོགས་པར་རིགས་སུ་རིག་པར་བྱའོ། །ཞེས་པའོ། །ཅིའི་ཕྱིར་ཞེ་ན་ཞེས་པ། ། ་རེ་ཞིག་རིགས་བརྗོད་པར་འདོད་པ་ནི་རིགས་པ་ནི་རིགས་པ་ཡིན་ན། དཔེར་བརྗོད་མཚན་ཉིད་གཅིག་སྦྱར་བར་ནི་འོས་པ་མ་ཡིན་ཏེ། དེ་ཉིད་རང་གི་ངོ་བོས་བརྗོད་པར་ཐལ་བའི་ཕྱིར་ཏེ། འཛིན་ཏོ་ཞེས་པ་ལ་སོགས་པའི་སྒྲ་བཞིན་ནོ། །ཅི་སྟེ་གཅིག ་ཉིད་ཀྱི་གྲངས་བརྗོད་པར་འདོད་པའི་དགོས་པ་ཅི་ཡིན་ཞེས་པ་ཤེས་པ་འདྲི་བར་བྱེད་པའོ། །འགལ་བ་དག་ལས་ཞེས་པ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་འགལ་བ་དག་སྟེ། སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་བུམ་པ ་བཞིན་སྒྲ་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་སྒྲ་ཉིད་བཞིན་ཞེས་པ་འདི་དག་གཉི་ག་གང་རང་གི་ཡུལ་ལ་ངེས་པར་བྱེད་པའི་གཏན་ཚིགས་དག་ཡིན་ཅིང། ཚོགས་པ་དག་ནི་ཐེ་ཚོམ་གྱི་རྒྱུ་ཉིད་དུ་མཐོང་ངོ། །དེ་བཞིན་དུ་སྒྲ་རྟག་སྟེ་བྱས་པའི་ཕྱིར་མི་རྟག ་སྟེ་མཉན་བྱ་ཉིད་ཀྱི་ཕྱིར་ཞེས་པ་སྣོལ་བདག་ལ་ནི་བདག་བདག་ཀྱང་སྙམ་པ་དག་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དོ། །འདི་ནི་སྔ་མ་ཁོ་ནས་རྟོགས་པ་ཉིད་ཀྱི་ཕྱིར་དཔེར་མ་བརྗོད་དོ། །དེ་བཞིན་ཐེ་ཚོམ་རྟགས་དག་ལས། ཞེས་པ་གང་གི་ཚེ་སྒྲ་ནི་རྫས་མ་ཡིན་ཞིང། ལས་མ་ཡིན་ཏེ་མིག ་གིས་གཟུང་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་ན་རོ་བཞིན་ནོ་ཞེས་བྱ་བ་དེའི་ཚེ་ཡིད་ཀྱིས་དང་དེ་རྟོགས་པའི་ལས་ཀྱིས་ཀྱང་མ་ངེས་པའི་ཕྱིར་ཐེ་ཚོམ་མོ། །གང་གི་ཚེ་ཡང་མངོན་སུམ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱས་པས་དེའི་ཚེ་ཡང་བུམ་པ་ལ་སོགས་པས་དང་དེས་རྟོགས ་པའི་ལས་ཀྱིས། །གང་གི་ཚེ་སྒྲ་ནི་རྫས་མ་ཡིན་ཞིང་ལས་མ་ཡིན་ཏེ། མིག་གིས་གཟུང་བྱ་མ་ཡིན་ཞིང་མངོན་སུམ་པ་ཉིད་ཀྱི་ཕྱིར་རོ་བཞིན་ཞེས་ལྷན་ཅིག་པ་དག་སྦྱོར་བདེའི་ཚེ་ངེས་པ་མཐོང་ངོ། །འོ་ན་མེད་ན་མི་འབྱུང་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཏེ། དེ་ཡང ་འབྲས་བུ་དང་རང་བཞིན་དག་ཁོ་ན་ལ་ཡིན་ནོ། །འབྲས་བུ་དང་རང་བཞིན་ཉིད་ཀྱང་དངོས་པོ་རྣམས་ལ་གནས་པ་ཁོ་ན་སྟེ། དེ་དོན་གཞན་ལ་ཉེ་བར་གནས་པས་ཉམས་པའམ་སྐྱེ་བ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་གང་གི་གཏན་ཚིགས་ཡིན་པ་ནི ་དོན་གཞན་དང་ལྷན་ཅིག་པ་ཡང་དེ་དེའི་གཏན་ཚིགས་ཁོ་ན་སྟེ། གང་ཡང་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་ནི་ལྷན་ཅིག་པ་ཡིན་ཡང་དེ་དེ་ལ་ཐེ་ཚོམ་གྱི་རྒྱུ་ཁོ་ནའོ། །དེའི་ཕྱིར་ཅེ་ན་གཅིག་ཉིད་ཀྱི་གྲངས་བརྗོད་པར་འདོད་ཅེ་ན་འདི་ནི་སྐྱོན་མ་ཡིན་ཏེ། དངོས ་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་ཁོ་ན་ལ་འདི་དེ་ལྟར་ཡིན་ཞིང་དེའི་དབང་དུ་བྱས་ནས་བརྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་བཤད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་སྟོབས་ཀྱིས་མ་ཞུགས་པ་ལུང་ལ་བརྟེན་པའི ་སྟེ། དེ་ལ་ཡང་ཇི་སྐད་བཤད་པའི་རྣམ་པ་སྲིད་སྟེ། བསྟན་བཅོས་བྱེད་པ་རྣམས་དོན་རྣམས་ལ་འཁྲུལ་པས་ཕྱིན་ཅི་ལོག་གི་རང་བཞིན་ཉེ་བར་སྡུད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འདིར་བྱས་པ་ཉིད་དེ་མཉན་བྱ་དག་ལས་སྒྲ་ལ་རྟག་པ་ཉིད ་དང་མི་རྟག་པར་ཐེ་ཚོམ་མཐོང་ངོ་ཞེས་བཤད་པ་དེ་ཅི་ལྟར་ཨིཡིན། ཇི་ཙམ་དུ་བྱས་པ་ཉིད་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡིན་ཏེ། དེའི་ཕྱིར་དེ་འདིར་ཉེ་བར་དགོད་པར་མི་རིགས་སོ་ཞེ་ན། སྐྱོན་འདི་མང་དེ། ཕྱོགས་ཙམ་བསྟན་པའི་ཆེད་དུ ་དཔེར་བརྗོད་པ་འདི་སློབ་དཔོན་གྱིས་གསུངས་སོ། །འདི་ནི་འདིར་དཔེ་རྗོད་དུ་རིགས་ཏེ། གང་ཡུལ་ཐམས་ཅད་ན་གནས་པའི་རང་དང་འབྲེལ་པ་ཅན་རྣམས་དང་ཅིག་ཅར་འབྲེལ་པ་དེ་ནི་ཐམས་ཅད་དུ་སོད་པ་ཡིན་ཏེ་དཔེར་ན་ནམ་མཁའ་བཞིན་སྤྲོ་ཡང་ཡུལ ་ཐམས་ཅད་ན་གནས་པའི་རང་དང་འབྲེལ་པ་ཅན་རྣམས་དང་ཅིག་ཅར་འབྲེལ་པའི་ཞེས་པ་སྟེ། དེ་དང་འབྲེལ་པ་ཅན་གྱི་རང་བཞིན་ཙམ་ཡྡང་རྗེས་སུ་འབྲེལ་པ་ནི་དེའི་ཡུལ་ན་འདག་པོའི་རང་བཞིན་ཉིད་དོ། །འདིའི་གང་ཞིག་གང་ན་མེད་པ་དེ་ནི་དེའི་ཡུལ་ལ་བདག་ཉིད ་ཀྱིས་ཁྱབ་པ་མ་ཡིན་ནོ་ཞེས་པས་ནི་འདི་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བའོ། །སྦྱོར་བ་གཉིས་པ་ཡང། གང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་གང་ན་མ་དམིགས་པ་དེ་ནི་དེ་ནི་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་འགའ་ཞིག་ན་བུམ་པ་མེད་པ་བཞིན། སྤྱི་ཡང་བསལ ་པའི་བར་རྣམས་སུ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་སོ་ཞེས་པའོ། །མི་དམིགས་པ་འདི་དང་རང་བཞིན་ནི་ཕན་ཚུན་འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ་ཞེས་པའོ། །དེའི་ཕྱིར་བརྗོད་པར ་འདོད་པས་ཞེས་པ། གྲངས་ཀྱང་མཚན་ཉིད་ཉིད་དུ་ལས་ལེན་པའི་ཕྱིར་རོ། །འོ་ན་ཚུལ་གསུམ་རྟགས་ལས་དོན་མཐོང་བའོ་ཞེས་བརྗོད་པར་བྱ་བ་མ་ཡིན་གྱི། ཚུལ་བཞིའི་ཞེས་བྱ་བར་བརྗོད་པར་བྱ་སྟེ། གཅིག་ཉིད་ནི་ཚུལ་གཞན་ཉིད་ཡིན་པའི་ཕྱིར་ཞེ་ན། ་དངོས་པོའི་སྟོབས་ཞུགས་ཀྱི་རྟགས་ཀྱི་དབང་དུ་བྱས་ནས་དེ་སྐད་བཤད་ཅིང་གྲངས་གཅིག་བརྗོད་པར་འདོད་པ་ཅན་ཉིད་ནི་ལུང་གི་སྟོབས་ཀྱིས་ཞུགས་པའི་དབང་དུ་བྱས་ནས་སོ་ཞེས་པ་འདི་བརྗོད་ཟིན་ཏོ། །དེས་ན་འདི་མི་འགལ་ལོ། །ཅི་ལྟར་ད་ནི་ལུང་ལ་བརྟོན་པའི་རྟགས ་ལས་སྐྱེས་པ་དེ་རྗེས་སུ་དཔག་པ་ཉིད་དུ་རྟོགས་པར་བྱ། ཇི་སྐད་བཤད་པའི་མཚན་ཉིད་ཇི་ཙམ་པས་དེ་མཚོན་པར་བྱས་པ་མ་ཡིན་པས་སོ་ཞེ་ན། གལ་ཏེ་ཡང་མཚན་པར་བྱས་པ་མ་ཡིན་མོད། དེ་ལྟར་ན་ཡང་འདིར་ཡང་གཏན་ཚིགས་ལ་སོགས་པའི་མཚན་ཉིད ་ཐམས་ཅད་ལ་གྲངས་གཅིག་བརྗོད་པར་འདོད་པ་ཉིད། ཅེས་པ་ལ་སོགས་པའི་གཞུང་གིས་གསལ་བར་བྱས་སོ་ཞེས་པས་སྐྱོན་མེད་དོ། །ཡང་ཅིའི་དོན་དུ་དེའི་མཚན་ཉིད་ཀྱི་མོད་བྱས་ཞེ་ན། གཙོ་བོ་མ་ཡིན་པ་ཉིད་དུ་ཤེས་པའི་དོན་དུའོ། །གཙོ ་པོ་མ་ཡིན་པ་ནི། དངོས་པོར་ན་དེ་ཆད་མ་ཉིད་མ་ཡིན་པའི་ཕྱིར་ཏེ། ལུང་ཡང་དེ་ཞིག་དངོས་པོ་འདི་བང་ལས་ཚད་མ་ཉིད་མ་ཡིན་ན། དེའི་གྲུབ་པའི་རྟགས་ལས་སྐྱེས་པའི་ཤེས་པ་ལྟ་ཅེས་སྨོས། ཁས་བླངས་པའི་དབང་ལས་ནི་དེ་ཆེད་མ་ཉིད་དུ་རྣམ ་པར་བཞག་གོ་ཞེས་པ་ཞར་ལ་བྱུང་བས་ཆོག་གོ་།གཉིས་དག་ལས་ཐེ་ཚོམ་དང་ངེས་པ་ཡང་འཐོབ་པ་མ་ཡིན་ནོ་ཞེས་ཁས་བླངས་ཉམས་པ་སྨྲས་སོ། །བྱས་པ་ཉིད་དང་མཉན་པར་བྱ་བ་ཉིད་དག་ལས་ཡང་དག་པའི་ཤེས་པ་དང་བཟློག་པ་བཞིན ་དུ་ཐེ་ཚོམ་མེད་པ་ཉིད་ཐོབ་པར་འགྱུར་ཞིང། མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དང་མངོན་སུམ་ཉིད་དག་ལས་ཀྱང་ཐེ་ཚོམ་བཞིན་དུ་ངེས་པ་མེད་པའོ། །གཉིས་དག་གི་སྟེ། ཐེ་ཚོམ་དང་གཏན་ལ་ཕེབས་པ་དག་གི་མཚན་ཉིད་ཀྱིས་ཞེས་པ་རྒྱུ་ལ་འབྲས་བུ་ཉེ་བར ་བརྟགས་པ་ལས། ཐེ་ཚོམ་དང་གཏན་ལ་ཕེབས་པའི་རྒྱུ་དག་ཐེ་ཚོམ་དང་གཏན་ལ་ཕེབས་པའི་སྒྲས་བརྗོད་དོ། །གཏན་ཚིགས་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ལ་གྲངས་གཅིག་བརྗོད་པར་འདོད་པ་ཡིན་གྱི། བྱས་པ་ཉིད་དང་མཉན་པར་བྱ་བ་ཉིད་འབའ་ཞིག ་བདག་ལ། ཐེ་ཚོམ་གྱི་རྒྱུའི་མཚན་ཉིད་ཡོད་པ་མ་ཡིན་ཞིང། མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དང་མངོན་སུམ་པ་ཉིད་དག་ལ་གཏན་ལ་ཕེབས་པའི་རྒྱུའི་མཚན་ཉིད་ཀྱང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྷན་ཅིག་པ་དག་ལའོ། །འདིར་ཅི་ཞེས་པ་ཐུན་མོང་པ་དང ་ཐུན་མོང་མ་ཡིན་པ་ཉིད་སྲིད་པའི་ཕྱིར་དྲི་པའོ། །འགལ་བ་མི་འཁྲུལ་པ་ནི་རེ་ཞིག་ཅེས་པ་ལ། རེ་ཞིག་གི་སྒྲུབ་ཐུན་མོང་པ་དང་ཐུན་མོང་མ་ཡིན་པ་དག་ཁོ་ན་གདོན་མི་ཟ་བར་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ་ཞེས་སྟོན་ཏོ། །འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ ་ཡང་དེ་དག་ཡིན་ལ། མི་འཁྲུལ་པ་ཅན་དག་ཀྱང་ངོ་ཞེས་པ་འགལ་བ་མི་འཁྲུལ་པ་དག་གོ་།ཡན་ལག་གི་ཆོས་ཀྱིས་ཚོགས་པ་ལ་བརྟེན་པའི་ཕྱིར། འགལ་བ་མི་འཁྲུལ་པ་ཅན་ཞེས་བརྗོད་པར་བྱའོ། །ཡང་ན་འགལ་བ་དག་གི་མི་འཁྲུལ་པ་སྟེ། དེ་འདི་ལ ་ཡོང་དོ་ཞེས་པས་འགལ་བ་མི་འཁྲུལ་པ་ཅན་ཏེ། དེ་ནི་འགལ་བ་དོན་གཅིག་པ་མི་སྲིད་པའི་ཕྱིར་ཐེ་ཚོམ་གྱི་རྒྱུའོ། །དེ་གཅིག་ལ་མེད་ཅེས་པ་ལ་སོགས་པས་ཁས་བླངས་ཉམས་པ་ཡོངས་སུ་སྤོང་སྟེ། གཅིག་ཁོ་ན་ལ་ཞེས་པ། ཐེ་ཚོམ་གྱི་རྒྱུ་ཉིད་ལ ་བྱས་པ་ཉིད་དང་མཉན་བྱ་ཉིད་དག་གི་ཐ་མི་དད་པ་གསུངས་ས། །དེ་བཞིན་དུ་མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དང་མངོན་སུམ་ཉིད་དག་ངེས་པའི་རྒྱུ་ཉིད་ལའོ། །དེ་ལ་དུ་མ་ལས་ཅི་ལྟར་ངེས་པར་འགྱུར་ཏེ། ངེས་པར་འགྱུར་བ་མ་ཡིན་པ་ཁོ་ན་ཞེ་ན ་གཅིག་ཉིད་དུ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་ཡོད་དོ། །དེའི་ཕྱིར་བརྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་རིགས་པ་མ་ཡིན་ནོ་ཞེས་པའོ། །འོ་ན་ལུང་ན་གྲུབ་པ་དག་གི་གཅིག་ཉིད་བརྗོད་པར་འདོད་པ་མ་ཡིན ་ནམ་འདི་དག་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཆད་མཁོ་ནས་གྲུབ་པ་དག་སྟེ། དེས་ན་ཅིའི་ཕྱིར་འདིའི་སྐབས་ཡིན་ཞེ་ན། སྐྱོན་འདི་མེད་ཏེ་ཕ་རོལ་པོས་ནི་སློབ་དཔོན་གྱི་དགོངས་པ་གཅིག་ཉིད་དུ་བརྗོད་པར་འདོད་པའི་ཡུལ་མི་ཤེས་པས། ་ཡུལ་ཐམས་ཅད་ལ་གཅིག་ཉིད་དུ་བརྗོད་པར་འདོད་པའོ་ཞེས་བསམས་ནས་རྩོད་ཅིང། སློབ་དཔོན་གྱིས་ནི་རེ་ཞིག་འདི་ལྟར་འགྱུར་དུ་ཆུག་མོད། ཕྱིས་རང་གི་དགོངས་པ་གསལ་བར་བྱའོ་ཞེས་དགོངས་པས་ཁས་བླངས་ནས་ལན་གསུངས་པའོ། ། ་མི་འགལ་བ་ནི་ཞེས་པ་ལ་སོགས་པ་སྟེ། མི་འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་མི་འགལ་བ་སྟེ། དེ་ནི་དོན་དུ་མ་ཉིད་ཡོང་ན་ཡང་དོན་གཅིག་བྱེད་པ་ཉིད་ཀྱི་ཕྱིར་གཅིག་ཁོ་ནའོ་ཞེས་པས་སྐྱོན་མེད་དོ། །དེ་ལྟ་ན་གང་དུ་ཞེས་པ་ལ ་སོགས་པས་སླར་ཡང་དོན་གཅིག་བརྗོད་པར་འདོད་པ་མི་འཐད་པར་གསུངས་སོ། །རེ་རེ་ནི་དེར་ཞེས་པ་ལ་སོགས་པས། དོན་གཅིག་བྱེད་པ་ཉིད་སྟོན་ཅིང། དེ་ཁོ་ནའི་ལན་གསུངས་སོ། །འོ་ན་གང་དུ་ཞེས་པ་ལ་སོགས་པ་སྟེ། ཡན་ལག ་ཅན་ནི་ཡན་ལག་རྣམས་ལས་ཞེས་པ་འདིར་ནི། བསྒྲུབ་པར་བྱ་བ་ཐ་དད་པ་དག་སྟེ། ཕན་ཚུན་གྱི་མཚམས་ལ་བལྟོས་པས། གཞན་ཉིད་ཀྱི་ཁྱད་པར་ཅན་གྱི་ཡན་ལག་དང་ཡན་ལག་ཅན་དག་བསྒྲུབ་བྱ་ཉིད་ཀྱི་ཕྱིར་རོ། །འདིར་གཏན་ཚིགས ་ཀྱང་ཐ་དད་པ་སྟེ། ཐེ་ཚོམ་དང་གཏན་ལ་ཕེབས་པའི་དངོས་པོའི་ཕྱིར་རོ་ཞེས་པ་ཐེ་ཚོམ་དང་གཏན་ལ་ཕེབས་པ་དག་གོ་།དེ་ལྟར་ནི་རྐྱད་པ་ཙམ་དམིགས་པ་ན། ཡན་ལག་རྣལ་མ་རྣམས་ལ་ངེས་པ་མཐོང་ཞིང་ཡན་ལག་ཅན་སྣམ་བུ ་བུ་ལ་སོགས་པ་ཐེ་ཚོམ་སྟེ། ཅི་འདི་སྣམ་བུ་འམ་འོན་ཏེ་ཡོད་པ་ཡིན་ཞེས་པའི། །གང་ལ་ཐེ་ཚོམ་དང་གཏན་ལ་ཕེབས་པ་ཡོད་པ་དེ་ལ་གཞན་ཉིད་དེ། དཔེར་ན་དགེ་སློང་དང་ངུར་སྨྲིག་དག་ལ་བཞིན་ཏེ། ངུར་སྨྲིག་ཙམ་མཐོང་པ ་ལས་ངུར་སྨྲིག་ལ་ངེས་པ་དང་དགེ་སློང་ལ་ཐེ་ཙོམ་སྟེ། ཅི་འདི་ཤཱ་བྱའི་དགེ་སློང་དམ། འོན་ཏེ་སིར་སྐྱེ་པའི་དགེ་སློང་ཡིན། ཞེས་རིང་པོར་གོང་བུ་ཙམ་དམིགས་པ་ནའོ། །དེ་ལ་ཡང་གཉིས་ཀར་བཏོགས་པའི་གཞན་ཉིད་ཅེས་པ། གང ་ཡན་ལག་ཅན་ཡན་ལག་ལས་གཞན་དུ་གྱུར་པ་འདི་ནི་སྲིད་པ་ཡོད་པ་མ་ཡིན་ཏེ། ཡན་ལག་རྣམས་ནི་དེ་ལས་གཞན་མ་ཡིན་ནོ་ཞེས་པའོ། །དཔེར་ན་ནག་པ་བཤེས་གཉེན་གྱི་སྤུན་ལ་ཡིན་ཞེས་པ་ལ། དེ་ཡང་དེལ?་སྤུན་དྲུང་ངོ་ཞེས ་རྟོགས་པ་བཞིན་ནོ། །རེ་རེ་ཡང་གཏན་ཚིགས་ཡིན་ཞེས་པ་གེ་ཚོམ་ནི་གཏན་ལ་ཕེབས་པའི་ཟླ་པོ་ལ་བལྟོས་པ་སྟེ། གཏན་ལ་ཕེབས་པ་ཡོད་ན་ཐེ་ཚོམ་ཡོད་པའི་ཕྱིར་ཞེས་པའོ། །གཏན་ལ་ཕེབས་པ་ཡོད་ན་ཐེ་ཚོམ་ཡོད་པའི་ཕྱིར། ་ཞེས་པའོ། །གཏན་ལ་ཕེབས་ཀྱང་ཐེ་ཚོམ་གྱི་ཟླ་བོ་ལ་བལྟོས་པའི་གཏན་ཚིགས་ཏེ། ཐེ་ཚོམ་ཡོད་ན་གཏན་ལ་ཕེབས་བའི་ཕྱིར་རོ་ཞེས་པའོ། །བསྡུས་པ་དག་ནི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཉེས་པ་མེད་དོ་ཞེས་སྤྲེལ ་པར་བྱའོ། །གཉིས་ཀ་སྒྲུབ་པར་བྱེད་པ་ན་ཞེས་བྱ་བ་རྒྱུ་མཚན་གྱི་དོན་ཅན་གྱི་བདུན་པའོ། །རེ་ཞིག་རིགས་པ་ཞེས་པ། རྣམ་པ་བཞིན་པོ་ནི་ཐེ་ཚོམ་གྱི་རྒྱུ་ཉིད་ལ་བྱེད་རྒྱུ་གཉིས་ཀ་ལ་ཡོད་པ་ཡོད་སྟེ། དེས་ན་གཞལ་བྱ་ཉིད་ལ་སོགས་པས་ཐེ ་ཚོམ་སྐྱེད་པར་བྱེད་ཅིང། མཉན་པར་བྱ་བ་ཉིད་ལ་ནི་དེ་མེད་དོ་ཞེས་སྨྲས་པ། མཉན་པར་བྱ་བ་ཉིད་ནི་ཅི་ལྟར་ཞེས་པ་རྣམ་པ་ཅི་ཞིག་གིས་ཞེས་པ་སྟེ། བྱེད་པའི་རྒྱུ་མ་མཐོང་བས་དྲིས་པའོ། །ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་བྱེད ་རྒྱུ་གསུངས་སོ། །གལ་ཏེ་ཐུན་མོང་མ་ཡིན་པ་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པ་ཅིས་ཞེས་གསུངས་པ། གང་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་པར་བྱ་བའི་ཆོས་ཞེས་པ་ཕྱོགས་ཆོས་སོ། །འདིས་འབྲེལ་པ་ཉིད ་གསུངས་ཏེ། མ་འབྲེལ་པ་ལ་ནི་མིག་གིས་གཟུང་བྱ་ཉིད་བཞིན་དུ་སྤྱོད་པ་མེད་པའི་ཕྱིར་རོ། །ཁྱད་པར་ཇི་སྲིད་ཀྱིས་ཞེས་པ། རྟག་པ་དང་མི་རྟག་པའི་དངོས་པོའི་ཁྱད་པར་ཀྱིས་དང། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཁྱད་པར ་སམ་པ?་མུ་སྟེགས་བྱེད་ཀྱིས་རྣམ་པར་བཞག་པའི་དངོས་པོའི་ཁྱད་པར་གྱིས་དངོས་པོ་ཐམས་ཅད་བསྡུས་པའོ། །དེ་ལ་སྟེ་དངོས་པོ་དེ་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་དང་ལྡན་པ་རྣམས་དེ་བསྡུས་པར་ཕྱིར་དང་ཞེས་པ་ཐུན་མོང་མ་ཡིན་པའི ་ཆོས་དང་ལྡན་པ་རྣམས་དེ་རྣམས་ཀྱིས་བསྡུས་པའི་ཕྱིར་རམ་དེ་རྣམས་སུ་བསྡུས་པའི་ཕྱིར་རོ། །འདིས་ནི་གང་ལ་དངོས་པོའི་ཆོས་ཚིག་གི་དོན་ལས་ཕྱི་རོལ་དུ་གྱུར་པ་འདི་གནས་པར་འགྱུར་བ་རྣམ་པའི་ཁྱད་པར་ལས་ཕྱི་རོལ་པ་མེད་པར་གསུངས་སོ། །མཛའ་ ་གཅིག་པ་ལྡོག་པའི་ཕྱིར་རོ་ཞེས་པ། མཛའ་གཅིག་པ་ནི་གཏན་ལ་ཕེབས་པ་ཡིན་ཞིང། དེ་ལྡོག་པ་ནི་མེད་པའོ། །འདིས་གཅིག་ལ་ཡོད་པ་ལ་སྒྲུབ་བྱེད་མེད་པ་གསུངས་སོ། །གཉིས་པོ་འདི་གཅིག་ལ་བསྡུས་པས་ནི་རྣམ་པའི་ཁྱད་པར་ཐམས་ཅད ་ལ་ཐུན་མོང་མ་ཡིན་པ་ཐེ་ཚོམ་གྱི་རྒྱུ་སྟེ། གཞན་ལས་མ་བྱུང་བར་ངེས་ཤིང་ཡོན་ཏན་མཚུངས་པའི་སྐྱེས་བུ་ལ་སྲིད་པའི་མུད་མེད་ཀྱི་མངལ་ནི་སྐྱེས་བུ་རྣམས་ལ་བཞིན་ནོ། །འོ་ན་དེ་ཡང་ཐམས་ཅད་ཐེ་ཚོམ་གྱི་རྒྱུར་བརྗོད་པར་བྱ་བ་མ་ཡིན་ཏེ་ཐུན་མོང ་མ་ཡིན་པ་འགའ་ཞིག་ཀྱང་ངེས་པའི་རྒྱུ་ཉིད་ཀྱི་ཕྱིར་ཏེ། དཔེར་ན་གསོན་པོའི་ལུས་ནི་བག་དང་བཅས་པ་སྟེ། སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ་ཞེ་ན། འདི་མཉན་པར་བྱ་བ་ཉིད་ལས་ཁྱད་པར་ཅི་ཞིག་ཡོང་གལ་ཏེ་ལྡོག ་པ་མི་འཁྲུལ་པའོ། །འདི་ནི་འགྱུར་ཏེ། སྲོག་ལ་སོགས་པ་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་གི་ཐུན་ཕྱོཊ་ལས་ནི་མ་ཡིན་ཏེ་མེད་པ་ལས་ལྡོག་པ་མི་རུང་བའི་ཕྱིར་ཞེས་པས། འདིའི་ལྡོག་པ་ནི་མི་འཁྲུལ་པའོ། །མཉན་པར་བྱ་བ་ཉིད་ཀྱི་ནི་དེ་ལྟ་མ་ཡིན་ཏེ། མི་མཐུན་ཕྱོགས ་ཉིད་ལས་མཉན་པར་བྱ་བ་ཉིད་ལྡོག་པ་ནི་མ་ཡིན་གྱི། འོན་ཀྱང་མཐུན་ཕྱོགས་ལས་ཀྱང་ངོ་ཞེའོ། །དེ་ལྟར་ན་མཉན་པར་བྱ་བ་ཉིད་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པ་མ་ཡིན་ནོ་ཞེས་སྨྲས་པས་ཁྱོད་ཀྱིས་ཀྱང་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་པར་བརྗོད ་པར་འགྱུར་བ་མ་ཡིན་ནམ། དེ་གཞན་ལ་ཡང་མཚུངས་པ་ཁོ་ན་སྟེ། རྣམ་པ་གཞན་དུ་ནའི་འདོག་པ་ཅན་ཁོ་ནར་མི་འགྱུར་རོ་ཞེས་པས་སྲོག་ལ་སོགས་པ་མཉན་པར་བྱ་བ་ཉིད་དང་ཁྱད་པར་མེད་དོ། །གང་ཡང་མེད་པ་ལས་ལྡོག་པ་མི་རུང་བའི་ཕྱིར་ཞེས་བརྗོད་པ ་འདི་ཡང་སྔར་ཁོ་ནར་བརྟགས་ཟིན་པ་ཉིད་དེ། དངོས་པོའི་ངོ་བོ་འགུགས་པ་འདི་གས་པ་མེད་པ་ལ་མི་སྲིད་མོད། མ་ཡིན་པར་དགག་པ་གཅིག་པུ་ནི་དགག་པའི་ཡུལ་མ་ཡིན་གྱི། །འོན་ཀྱང་མེད་པར་དགག་པ་ཡང་ཡིན་ཞིང། དེ་མེད་པ་ལ་ཡང ་འགལ་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་དག་ཐེ་ཚོམ་གྱི་རྒྱུ་ཉིད་དུ་མཚུངས་པ་ལ་ཁྱབ་པར་སྟོན་པ་གསུངས་པ། ཐུན་མོང་པ་ནི་ཞེས་པ་ལ་སོགས་པ་སྟེ། རྣམ་པར་མི་གཅོད་པའི་གཏན་ཚིགས་ནི་ཐེ་ཚོམ ་གྱི་རྒྱུའོ་ཞེས་པའི་དོན་ཏོ། །དེ་ཞེས་པའི་ཐམས་ཅད་པའི་མིང་གིས་སྐབས་སུ་བབ་པའི་ཐེ་ཚོམ་གྱི་རྒྱུ་ལ་བསྙེགས་སོ། །འདིར་འདི་ལྟར་ཡང་བཤད་པར་བྱ་སྟེ། ཐུན་མོང་བ་ནི་གང་རྣམས་ཀྱི་ཐེ་ཚོམ་གྱི་རྒྱུར་ཡོད་པ་དེ་ཁོ་ན་ལ་རྣམ་པར་གཅོད་པ ་མིན་པའི་གཏན་ཚིགས་སུ་འགྱུར་གྱི་གཞན་ལ་མ་ཡིན་ནོ་ཞེས་པའོ། །གང་འདིར་གཉིས་ཀ་ལ་བརྟེན་པ་ཞེས་པ་རྗེས་སུ་འཇུག་པ་དང་ལྡོག་པ་དག་ལ་བརྟོན་པའོ། །ཐེ་ཚོམ་གྱི་རྒྱུ་ཉིད་དུ་མཚུངས་ན་ཡང་འདི་ནི་ཁྱད་པར་སྟེ། འདི་རྣམས་ལ་གང ་གཉིས་ཀ་ལ་བརྟེན་པ་དེ་ནི་བསྒྲུབ་པར་བྱ་བ་འགའ་ཞིག་ལ་ངེས་པའི་རྒྱུ་ཡང་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་ཁོ་ན་ནི་མ་ཡིན་ནོ་ཅིའི་ཕྱིར་ཞེན་གསུངས་པ། གཞན་ལས་ལྡོག་པའི་ཕྱིར་ཞེས་པ། མི་མཐུན་ཕྱོགས་ལས་ལྡོག ་པའི་ཕྱིར་ཞེས་པའི་དོན་ཏོ། །དཔེར་ན་རྩལ་མ་ཐག་ཏུ་བྱུང་བ་བསྒྲུབ་པར་བྱ་བ་ལ། མི་རྟག་པ་ཉིད་ཐེ་ཚོམ་གྱི་གཏན་ཚིགས་ཡིན་ཞིང། བྱས་པ་ཉིད་ལ་ངེས་པའི་གཏན་ཚིགས་ཡིན་པ་བཞིན་ཏེ། མ་བྱས་པ་ལས་ལྡོག་པའི་ཕྱིར་རོ། །དེ་བཞིན ་དུ་རེག་པར་བྱ་བ་མ་ཡིན་པ་ནི་རྟག་པ་དང་མི་རྟག་པ་དག་ལ་ཐེ་ཚོམ་གྱི་རྒྱུ་སྟེ། བྱ་བ་མེད་པ་ཉིད་ལ་ནི་བྱ་བ་དང་བཅས་པ་ལས་ལྡོག་པའི་ཕྱིར་ངེས་པའི་གཏན་ཚིགས་སོ། །གང་གཉི་ག་ལ་བརྟེན་པར་མི་འགྱུར་བ་དཔེར་ན་མཉན་བྱ་ཉིད་དང ་གཞལ་བྱ་ཉིད་ལྟ་བུ་དེ་ནི་བསྒྲུབ་པར་བྱ་བ་གཞན་ལ་ཡང་ངེས་པའི་རྒྱུ་མ་ཡིན་ཏེ། གཞན་ལས་ལྡོག་པ་མེད་པའི་ཕྱིར་རོ། །ཡང་མཉན་པར་བྱ་བ་ཉིད་ཅི་ལྟར་ན་གཉི་ག་རྟེན་པར་མི་འགྱུར་ཏེ། དངོས་པོའི་ཆོས་སུ་གྱུར་པ་དེས་ནི་གདོན་མི་ཟ་བར ་འགའ་ཞིག་ཏུ་འཇུག་པར་བྱ་བའམ། འགའ་ཞིག་ལས་ལྡོག་པར་བྱའོ་ཞེ་ན། འཇུག་པ་དང་ལྡོག་པ་དག་མ་ངེས་པ་ཉིད་ཀྱི་ཕྱིར་དེ་སྐད་དུ་བཤད་དོ་ཞེས་པས་སྐྱོན་མེད་དེ། ཡོད་ན་ཡང་དེ་དག་ནི་ཇི་སྲིད་དུ་ངེས་པར་མ་བྱས་པ་དེ་སྲིད་དུ ་མེད་པ་དང་མཚུངས་པ་དག་སྟེ། རྗེས་སུ་དཔོག་ལ་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་མཉན་པར་བྱ་བ་ཉིད་ནི་རྣ་བས་གཟུང་བར་བྱ་བ་ཉིད་དོ། རང་གི་རྣམ་པ་ཅན་གྱི་རྣ་བའི་རྣམ་པར་ཤེས་པའི་རྒྱུ་ཉིད་ཀྱི་མཚན་ཉིད ་ཅན་ཡིན་ཞིང། དེ་ཡང་མི་རྟག་པ་ཁོ་ནར་རིགས་ཀྱི། རྟག་པ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་དོན་བྱེད་ནུས་པ་མི་འཐད་པའི་ཕྱིར་རོ། །དོན་བྱེད་ནུས་པའི་མཚན་ཉིད་ཅན་ཡང་དངོས་པོའི་ཞེས་པ་འདི་ནི་བཤད་ཟིན་ཏོ། །དེས་ན་མཉན་པར་བྱ ་བཉིད་མི་རྟག་པ་ཁོ་ན་ལ་འཇུག་གོ་ཞེས་པ་འདི་ནི་ཐེ་ཚོམ་མེད་དེ། དེས་ན་ཅི་ལྟར་རྗེས་སུ་འཇུག་པ་དང་ལྡོག་པ་དག་མ་ངེས་པའི་ཕྱིར་རོ་ཞེས་བརྗོད་ཅེ་ན། སྐྱོན་འདི་མེད་ཏེ། ཕ་རོལ་པོའི་རྟག་པ་ཡང་དངོས་པོར་ཁས་ལེན་ཏེ། དེས་ན་དེའི་འདོད་པ ་ལ་བལྟོས་པས་དེ་སྐད་བཤད་དོ། །རང་གི་ལུགས་ཀྱིས་ནི་མཉན་བྱ་ཉིད་མི་རྟག་པ་ཉིད་ལ་གཏན་ཚིགས་ཁོ་ནའོ། །ཁ་ཅིག་ནི་གཉི་ག་ལ་མི་བརྟེན་པའི་གཞལ་བྱེ་ཉིད་ཀྱང་འདུས་མ་བྱས་ལ་སྐུད་པ་འདེབས་ཕ་ལས་མེད་པ་ལ་རྗེས་སུ་འགྲོ་བ་མི་རིགས་པའི ་ཕྱིར་རྗེས་སུ་འགྲོ་པ་མི་འཁྲུལ་པ་ཅན་མཐུན་ཕྱོགས་ཁོ་ན་ལ་ཡོད་དོ་ཞེས་པས་རྗེས་སུ་འགྲོ་བ་ཅན་ཁོ་ནའི་གཏན་ཚིགས་སུ་སྨྲའོ། །དེ་མི་རིགས་ཏེ་ཅི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པའམ། ཅི་ལྟར་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ ་ཡིན་ཞེས་པའོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་མི་གཅོད་ན་ངེས་པར་གཟུང་པ་འདིའི་འབྲས་བུ་ཅི་ཡིན། རྣམ་པར་གཅོད་ནའང་ཅི་ལྟར་མི་ལྡོག་སྟེ། ལྡོག་པ་ནི་ཡོད་པ་རྣམ་པར་གཅོད་པ་ལས་གཞན་མ་ཡིན་པའི་ཕྱིར་རོ། ། ་རྗེས་སུ་འགྲོ་བ་ཡང་མ་ཡིན་ཞིང་ལྡོག་པ་ཡང་མ་ཡིན་ཞེས་པ་འདི་ནི་འགལ་བ་སྟེ། གང་མེད་དོ་ཞེས་རྗེས་སུ་འགྲོ་བ་བཀག་པ་དེ་ཉིད་ལོག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བའི་གཏན་ཚིགས་ནི་འགའ་ཡང་མེད་དོ། ། ་གཞལ་བྱ་ཉིད་མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་ལྡན་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཆོས་རྣམ་པ་གསུམ་སྟེ། དངོས་པོའི་ཆོས་སྐྱེ་བ་ལ་སོགས་པ་རྣམས་དང། དངོས་པོ་མེད་པའི་ཆོས་སྐྱེ་བ་མེད་པ་ལ་སོགས་པ་རྣམས་དང། ་གཉི་གའི་ཆོས་གཞལ་བྱར་ཉིད་ལ་སོགས་པ་རྣམས་ཡིན་པའི་ཕྱིར་རོ། །མེད་པ་ནི་ཆོས་འགའ་ཡང་མ་ཡིན་པ་ཁོ་ནའོ་ཞེ་ན། །ཆོས་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་འདི་ཁོ་ན་དེའི་ཆོས་མ་ཡིན་ནམ། བློས་སྤྲུལ་པ་ནི་མེད་པ་ལ་ཡང ་མི་འགལ་བའི་ཕྱིར་རོ། །རང་བཞིན་ཐམས་ཅད་དང་བྲལ་བ་དངོས་པོ་མེད་པའོ་ཞེས་ཉེ་བར་སྐྱེ་བའི་བློ་ནི་དངོས་པོ་ཐམས་ཅད་དང་བྲལ་བ་ནི་དེའི་ཆོས་བཞིན་དུ་ཉེ་བར་སྟོན་ཏེ། དེའི་ཕྱིར་དེའི་བསམ་པའི་ངོར་དངོས་མེད ་ལ་ཡང་ཆོས་སུ་རྣམ་པར་བཞག་པར་བྱའོ་ཞེས་པའོ། །འོ་ན་གང་གི་ཆེ་ཞེས་པ་ལ་སོགས་པ་སྟེ། འདི་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ན་ཐེ་ཚོམ་གྱི་རྒྱུའོ་ཞེས་བཤད་ཟིན་ལ་གང་གི་ཚེ་སྒྲ་ཉིད་ཏེ་མཉན་པར་བྱ་བ་ཉིད་རྟག་པར་ཁས་ལེན་པ་འབྱེད ་པ་དེའི་ཚེ་གང་ལས་འདི་ཐེ་ཚོམ་གྱི་རྒྱུར་འགྱུར་བ་ཐུན་མོང་མ་ཡིན་པ་ཉིད་ཅི་ལྟར་ཡིན། དེའི་ཚེ་འདི་ཞེས་པ་ལ་སོགས་པ་སྟེ། གཉིས་ཀ་མ་ཡིན་པ་བརྟེན་པ་ཉིད་ཀྱི་གནས་སྐབས་ལ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཐེ་ཚོམ་གྱི་རྒྱུ་ཉིད་དུ་བཤད ་ལ། གང་གི་ཚེ་སྒྲ་ཉིད་ཀྱང་མཉན་བྱར་ཁས་ལེན་པ་དེའི་ཚེ། འདི་གཉིས་ཀ་བསྟེན་པ་ཁོ་ནར་འགྱུར་ཞིང། འདི་དེའི་ཚེ་ཐུན་མོང་མ་ཡིན་པ་ཉིད་དུ་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེའི་ཚེ་འདི་གཏན་ཚིགས་ཁོ་ན་འགྱུར་ཏེ། མི་རྟག ་པ་ལས་ལྡོག་པའི་ཕྱིར་དང། དེ་རྣམ་པར་གཅོད་པས་རྟག་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །གལ་ཏེ་འདི་ལ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱང་བྱེ་བྲག་པས་སྟོན་པར་མི་བྱེད་པ་དེའི་ཚེ་གཏན་ཚིགས་ཉིད་དུ་ཡང་འགྱུར་ཞེས་སྤྲེལ་པར་བྱའོ། ། ་འགལ་བ་དོན་གཅིག་པ་མི་སྲིད་པའི་ཕྱིར་ཞེས་པ། འགལ་བ་དག་སྟེ་རྟག་པ་དང་མི་རྟག་པ་ཉིད་དག་ཆོས་ཅན་ཅིག་ལ་མི་སྲིད་པའི་ཕྱིར་རོ། །འགལ་བ་ཉིད་ཀྱང་དེ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །འགལ་བའི ་གཅིག་གི་དོན་གྱི་མི་སྲིད་པ་ཉིད་ཀྱི་ཕྱིར་ཞེས་གཞན་རྣམས་སོ། །གཅིག་མིན་པ་ནི་འགལ་བ་བསྲིད་པ་སྟེ། དཔེར་ན་ནམ་མཁའ་རྟག་གོ་ཞེས་པ་ལྟ་བུ་སྟེ། གཅིག་ལ་ནི་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ཐེ་ཚོམ་དུ་འགྱུར་ཏེ། འགལ་བའི་དོན ་མངོན་པར་བརྗོད་པའི་གཏམ་གཉིས་བཞིན་ནོ། །གལ་ཏེ་ཐེ་ཚོམ་གྱི་རྒྱུ་ཡིན་ན་ཅི་ལས་འདི་ལ་ངེས་པར་འབྱུང་བར་བྱ་ཞེ་ན། འདིར་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་གྱི་སྒྲས་ནི་འགལ་བ་མི་འཁྲུལ་པ་ཅན་གྱི་ཡུལ་ཕྱིར་སྟོན་གྱི་འདི་གཅིག ་བུའི་མ་ཡིན་ནོ། །མངོན་སུམ་གྱིས་མི་བསླུ་བའི་ལུང་ནི་མངོན་སུམ་གྱི་ལུང་སྟེ། བར་གྱི་ཚིག་ཕྱིས་པ་ལས་ལོ་མའི་རྒྱལ་པོ་བཞིན་དང། རྡོ་རྗེའི་སེར་གདུབ་བཞིན་ནོ། །མངོན་སུམ་སྨོས་པ་ནི་ཚད་མ་མཚོན་པའི་དོན་དུ་སྟེ། ཚད ་མས་མི་བསླུ་བའི་ལུང་ནི་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །དི་སྐད་སྟོ་སྟེ། ལུང་གིས་གྲུབ་པའི་རྟགས་ཀྱི་དབང་དུ་བྱས་ནས་འགལ་བ་མི་འཁྲུལ་པ་བརྗོད་ཅིང། །དེ་ནི་འདི་རྣམས་ཁོ་ནས་ཀྱང་ལུང་སྟོབས་དང་ལྡན ་པར་ཁས་བླངས་ལ། སྟོབས་དང་ལྡན་པ་ནི་ཡང་དེ་ཚད་མས་རྗེས་སུ་གཟུང་བ་ལས་འགྱུར་ཏེ། དེ་འདིའི་ཕྱིར་ཚད་མ་དེ་ལས་ངེས་པ་བཙལ་བར་བྱའོ། །དེའི་ཚིག་གིས་ཡོན་ཏན་དུ་གྱུར་ཀྱང་ཚད་མ་ལ་སྙེགས་པའོ། །ཡང་ན ་དེ་ཁོ་ན་ལས་ཏེ་ཚད་མས་མི་བསླུ་བའི་ལུང་ལས་ངེས་པ་བཙལ་བར་བྱའོ། །དེ་སྐད་བརྗོད་པས་ཀྱང་ཚད་མ་ཁོ་ན་ལས་ངེས་པ་བཙལ་བར་བྱའོ། ཞེས་དོན་གྱིས་བརྗོད་པར་འགྱུར་རོ། །བསྡུ་བའི་ཚིགས་སུ་བཅད་པར་གང་རྣམས ་ཀྱི་ཏང་གང་རྣམས་ཀྱི་ཞེས་འདིར་གཅིག་ལྷག་བལྟ་བར་བྱ་སྟེ། གྲངས་མཉམ་པའི་དོན་དུའོ། །ཐུན་མོང་མིན་པ་ནི་ཐམས་ཅད་ལ་ཐེ་ཚོམ་གྱི་རྒྱུའོ། །སྤྱི་ནི་རྟག་པ་ལ་སོགས་པ་གང་རྣམས་ཀྱི་ཆོས་སོ། །འགལ་བ ་མིང་ཐུལ་པ་ཅན་ཡང་གང་རྣམས་ཀྱི་ཞེས་པའོ། །གཞན་རྣམས་ནི་གཅིག་ལྷག་མ་བྱས་པ་ཁོ་ནར་ཇི་ལྟར་རིགས་པར་སྦྱོར་བར་བྱེད་དོ། །འདིར་ཕྱོགས་ཆོས་གཉིས་དག་ལོ་ན་གཏན་ཚིགས་ལྟར་སྣང་བར་བཤད་དེ། ཐེ་ཚོམ་གྱི ་རྒྱུ་དང་ཕྱིན་ཅི་ལོག་གི་རྒྱུའོ། །གཞན་རྣམས་ཀྱིས་ནི་འཁྲུལ་པ་དང་བཅས་པ་ལ་སོགས་པ་རྣམས་ཀྱང་བཤད་དེ། དེ་རྣམས་ནི་མ་བརྗོད་པ་ཉིད་ཀྱི་ཕྱིར་མ་ལུས་པ་མིན་པ་བརྗོད་པ་ཉིད་དུ་དོགས ་པར་འགྱུར་རོ། །དེས་ན་དེ་བསལ་བའི་ཆེད་དུ་གསུངས་པ། ཕྱོགས་ཆོས་མཐོང་བ་ལས་ཞེས་པ་ལ་སོགས་པའོ། །འདིའི་དོན་ནི་འདི་ཡིན་ཏེ། ཕྱོགས་ཆོས་མཐོང་བ་ལས་ཤེས་པར་འདོད་པ་པོའི་འདོད་པ ་མཐུན་པ་ན། གང་ལས་ཕྱིན་ཅི་ལོག་ཐོབ་པའམ། ཐེ་ཚོམ་ཐོབ་པར་འགྱུར་ཏེ། དང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཅན་ཏེ་རིམ་པ་ཐ་དད་པ་ཡོད་དོ། །ཟློག་པ་དང་ཐེ་ཚོམ་ཐོབ་པ་ཁོ་ན་ཏེ། རྣམ་པ་གཞན ་མེད་དོ། །དེ་ལ་གལ་ཏེ་འཁྲུལ་པ་དང་བཅས་པ་ལ་སོགས་པ་རྣམས་ཐེ་ཚོམ་སྐྱེད་པར་བྱེད་ན་མ་ངེས་པ་ཁོ་ནའི་ནང་དུ་འདུ་ཞིང། ཅི་སྟེ་ཟློག་པ་ཡིན་ན། དེ་ལས་ཟློག་པའི་གཏན་ཚིགས་སུའོ། །ཅི་སྟེ་གཉིས་ཀ་མི་སྐྱེ་བ་གཏན ་ཚིགས་ལྟར་སྣང་བ་ཉིད་དུ་དེ་རྣམས་མི་འགྱུར་ཏེ། ཡང་དག་པའི་ཤེས་པའི་རྟགས་བཞིན་ནོ། །དེའི་ཕྱིར་འགལ་བ་དང་མ་ངེས་པ་དག་ལས་གཞན་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་བ་མེད་དོ་ཞེས་པའོ། །འོ་ན་གང ་ཞེས་པ། གལ་ཏེ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་བ་གཉིས་ཁོ་ན་ཡིན་ནེ། གང་འདོད་པ་ལ་གནོད་པར་བྱེད་པའི་འགལ་བར་འདོད་པ་ཅི་ལྟར་བརྗོད་པར་བྱ་སྟེ། ཅི་བཟློག་པའི་གཏན་ཚིགས་སམ། འོན་ཏེ་ཐེ ་ཚོམ་གྱི་གཏན་ཚིགས་ཡིན་ཞེས་པར་རོ། །རྣམ་པ་གཉིས་ཀར་བརྗོད་པར་མི་ནུས་སོ། ཞེས་པ་བསམ་པའོ། །གལ་ཏེ་དེ་ལྟར་གནས་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་བཟློག་པའི་གཏན་ཚིགས་སུ་འགྱུར་ན་མ?་ཟློག ་པ་གྲུབ་པར་འགྱུར་ན། འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་འདི་བཟློག་པའི་གཏན་ཚིགས་མ་ཡིན་ན། ཞེས་པའོ། །འདིར་སྨྲས་པ་ཙམ་ཁོ་ན་སྒྲུབ་བྱའོ་ཞེས་གང་སེམས་པར་བྱེད་པར་ངེས་རེ་ཞིག་ལན་སྨྲས་པ། གཞན་གྱི་དོན་གྱི་གཏན་ཚིགས་ཡོད ་པའི་ཕྱིར་ཞེས་པ་སྟེ། དཔེར་ན་ཞེས་པ་ལ་སོགས་པ་གསལ་བར་བྱེད་པའི་ཆེད་དུ་དཔེའོ། །མི་འདྲ་བ་ཉེ་བར་བཀོད་པ་སྟེ་ཞེས་པ་ཉེ་བར་བཀོད་པ་ནི་དཔེ་སྟེ། ཉེ་བར་འགོད་པར་བྱེད་ཅིང་དཔེ་ཅན་ཉེ་བར་འཇོག་པར་བྱེད་དོ་ཞེས་བྱས་ནས ་སོ་ཅན?་མི་འདྲ་བ་ཉིད་ནི་དེ་དཔེ་ཅན་དང་མི་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པ་དེ་ལ་ནི་ཞེས་པ་ལ་སོགས་པའོ། །རྟག་པ་ཉིད་ཀྱི་གཏན་ཚིགས་དང་ལྷན་ཅིག་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་པར་འགྱུར་རོ་ཞེས་སྦྲེལ་ལོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། ་གཅིག་འཛིན་པའི་ཕྱིར་ཞེས་པ་སྟེ། གྲངས་གཅིག་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་གཅིག་ཁོ་ན་སྒྲུབ་པར་བྱེད་པ་ཉིད་དུ་གཟུང་བའོ། །གཏན་ཚིགས་གཉིས་པོ་འདི་དག་ནི་ཕན་ཚུན་འགལ་བ་དག་སྟེ། དེ་ལ་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་རིགས ་པའོ། ཕ??་འདི་ནི་འགལ་ཟླ་དང་བྲལ་བ་གཅིག་ཁོ་ན་ཅིའི་ཕྱིར་སྒྲུབ་པར་མི་བྱེད་དེ། འདི་ལྟ་ནའོ་ན་ཞེས་པ་མི་འདྲ་བ་ཉེད་ཡོངས་སུ་སྤོང་བར་བྱེད་དོ། །བསྒྲུབ་བྱའི་བྱེ་བྲག་ལས་ཞེས་པ་གཉིས་ཉིད་ཀྱི་གྲངས་རྟོག་པ་ལ་རྒྱུ་བཤད་པའོ། །བསྒྲུབ་བྱའི ་ཁྱད་པར་ནི་གཞན་གྱི་དོན་ཉིད་དང་གཞན་གྱི་དོན་མིན་པ་ཉིད་ཀྱི་མཚན་ཉིད་ཅན་དུ་སེམས་པར་བྱེད་དོ། །དཔེར་ན་མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དང་མངོན་སུམ་པ་ཉིད་དག་བཞིན་དུ་གཅིག་པ་ཉིད་ཅེས་པ་ནི། ཇི་ལྟར་འདི་དག་གིས་བསྒྲུབ ་པར་བྱ་བར་གཏོགས་པའི་གྲངས་པ་རྟགས་པ་ཡིན་པ་དེ་ལྟར་འདུས་པ་ཉིད་ཀྱི་བསྒྲུབ་པར་བྱ་བར་གཏོགས་པའི་གྲངས་བརྟགས་པར་འགྱུར་བ་ཞེས་པའོ། །འདི་ཙམ་གྱིས་དཔེའི་ཆོས་མཐུན་པ་ཉིད་དོ། །ཐ་དད་མེད་པར་འགྱུར་རོ། ་ཞེས་པ་དེའི་མཚན་ཉིད་ཅན་གྱི་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་ཐ་མི་དད་པར་འདོད་པ་ཁོ་ནའོ་ཞེ་ན། བཤད་པ། མ་ཡིན་ཞེས་པ་ལ་སོགས་པའོ། །དེ་ལྟར་སྨྲས་པ་ཙམ་བསྒྲུབ་པར་བྱ་བར་སྨྲ་བ་བསལ་བ་ལ། སློབ་དཔོན་གྱིས་གསུངས་པ། དེ་ལྟ་ན་འོ་ན་ཞེས ་པ་ལ་སོགས་པའོ། །ཁྱད་པར་མེད་པའི་སྨྲས་པ་ཙམ་གྱི་གཞན་གྱི་དོན་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ་དེ་ལ་རྩོད་པ་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཁྱད་པར་ཅན་འདུས་པ་མ་ཡིན་པ་གཞན་གྱི་དོན་ཉིད་དོ། ། ་དེའི་ཕྱིར་དེ་ལས་བཟློག་པ་འདུས་པ་གཞན་གྱི་དོན་ཉིད་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཉིད་དོ། །དེ་ཉིད་སྟོན་པ་གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །གཅིག་གིས་རང་བཞིན་དུ་རྣམ་པར་གནས་པ་ཉིད་འདིར་འདུས་པ་མ ་ཡིན་པའི་སྒྲས་བརྗོད་པར་འདོད་པའོ། །འོ་ན་མལ་ཆ་དང་སྟན་ལ་སོགས་པ་རྣམས་ཀྱང་འདུས་པ་མ་ཡིན་པ་གཞན་པ་དག་གི་དོན་བྱེད་དེ། དེའི་ཕྱིར་འགལ་བ་བསྒྲུབ་པར་བྱ་བ་ལ་དཔེ་བསྒྲུབ་བྱས་དམན་པའོ་ཞེས་གསུངས་པ་དེ་ནི་མ་ཡིན ་ཞེས་པ་ལ་སོགས་པའོ། །ཅི་ལྟར་ན་གྲུབ་པ་མ་ཡིན་ཞེ་ན། གསུངས་པ། དེ་ཡོད་པར་མ་གྲུབ་པའི་ཕྱིར་ཞེས་པ་སྟེ། དེ་ཡོད་པ་ཉིད་དུ་གྲུབ་ན་ནི་དཔེ་བསྒྲུབ་པར་བྱ་བ་དང་བྲལ་བ་ཉིད་དུ་འགྱུར་མོད། དེ་ཡང་མ་གྲུབ་པོ། འགལ་བ་གཞན་ལས ་ཞེས་པ། ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོ་ཟློག་པ་སྒྲུབ་པར་བྱེད་པ་ལས། མ་སྨྲས་པའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་ལས་ཟློག་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཁྱད་པར་གྱིས་ཐ་དད་པ་ཡིན་ནོ། །འགལ་བའི་མ་ངེས་པ་ལས་ཞེས་པ། འགལ་བ་མི ་འཁྲུལ་པ་ལས་ཏེ། དེ་ནི་འགལ་བའི་དོན་ལ་མི་འཁྲུལ་པའི་ཕྱིར་འགལ་བ་ཡིན་ཅིང་ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་མ་ངེས་པའོ། །འོ་ན་དེ་ལས་མཚན་ཉིད་ཀྱི་བྱེ་བྲག་ལས་ཀྱང་ཐ་དད་པ་མ་ཡིན་ནམ། དེས་ན་འདི་ཁོ་ན་ཡིད་ཀྱང་ཞེས་པ་འདི་ཅི་ཞེ་ན། འདི་སྐྱོན་མ ་ཡིན་ཏེ། ཀྱང་གི་སྒྲ་ནི་དེ་ཉིད་སྡུད་པའི་དོན་ཅན་ནོ། །དེ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཆོས་ཀྱི་རང་གི་ངོ་བོ་ལས་བཟློག་པ་བསྒྲུབ་པར་བྱེད་པ་འདི་འདོད་པ་ལ་གནོད་པར་བྱེད་པའི་འགལ་བར་བརྗོད་པ་དེ་བཞིན་དུ། ཚད་མ་གཞན་གྱིས་མཐོང་བས་གནོད་ན་ཆོས་ཅན་གྱི་རང་གི་ངོ་བོ་དང ་ཁྱད་པར་དང་འགལ་བ་ང་སྒྲུབ་པར་བྱེད་པའི་ཕྱིར་འགལ་བར་བརྗོད་པར་བྱའོ། །ཅི་ལྟར་ཇི་ལྟར་མཐོང་བའི་ཆོས་གཞན་གྱིས་གནོད་པ་ཡིན་ཞེ་ན། གསུངས་པ། དཔེར་ན་བཙལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། སྒྲའི་རང་གི་ངོ་བོ་ནི་མངོན་སུམ་གྱིས་གྲུབ་པ་སྟེ། དེས་ན ་སྒྲའི་རང་གི་ངོ་བོ་མེད་པའི་དམ་བཅའ་ཨི་དོན་བསལ་བའོ། །མཉན་བྱ་མེད་དོ་ཞེས་པ་འདིར་ནི་མཉན་བྱའི་སྒྲའི་བརྗོད་པར་བྱ་བ་ཉིད་འདི་ལ་མེད་དོ་ཞེས་པ་དམ་བཅའ་བའི་དོན་ཏེ། དེ་ཡང་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པས་བསལ་བར་བྱའོ། །བཟློག་པས་གནོད་པ་ནི ་གཉིས་པོ་འདི་དང་སྦྱར་བར་བྱའོ། །ཅིའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་སྒྲུབ་པར་བྱེད་པའི་དཔེར་བརྗོད་ཉེ་བར་དགོད་པ་ན། བྱས་ཞེ་ན། མཚན་ཉིད་ལས་ནི་སྔར་ཉེ་བར་བཀོད་ཅིང། དཔེར་བརྗོད་པའི་ཕྱོགས་ཀྱིས་ཀྱང་མཚོན་བྱ་རྟོགས་པའི་ཕྱིར་འདིར་དཔེར་བརྗོད ་མ་བཀོད་དོ། །དེ་ལ་འདི་ནི་ཆོས་ཅན་གྱི་རང་གི་ངོ་བོ་དང་འགལ་བའི་དཔེར་བརྗོད་པ་སྟེ། ནམ་མཁའ་ལ་སོགས་པ་ནི་རྟག་པ་སྟེ། མི་རྟག་པའི་ཆོས་མེད་པའི་ཕྱིར་རོ་ཞེས་བྱས་པ་ནའི། །གཏན་ཚིགས་འདི་ནི་ཆོས་ཅན་གྱི་རང་གི་ངོ་བོ་ལེས་བཟློག་པ་སྒྲུབ་པར་བྱེད་པ་སྟེ། དེ་ལྟར་ནི་དོན ་བྱ་བ་ནུས་པ་ཡང་མི་རྟག་པའི་ཆོས་ཡིན་ཅིང། དེ་ཡང་གལ་ཏེ་ནམ་མཁའ་ལ་སོགས་པ་ལ་མེད་ན། དེ་ནི་དངོས་པོར་གྱུར་པ་ཉིད་དུ་མི་འགྱུར་ཏོ། དངོས་པོ་ནི་དོན་བྱ་བ་ནུས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །འོ་ན་ཆོས་ཅན་གྱི་རང་གི་ངོ་བོ་སལ་བར་བྱེད་ན། རྟེན་མ་གྲུབ་པའི་གཏན ་ཚིགས་སུ་འགྱུར་ངོ་ཞེ་མ་འདི་ཡོད་པ་མ་ཡིན་ཏེ། འདིར་ནི་རྣོམ་པར་གཅོད་པ་ཙམ་གཏན་ཚིགས་ཉིད་དུ་ཉེ་བར་བླངས་ཤིང། དེའི་རྟེན་དུ་དངོས་པོར་མ་གྱུར་པ་ཡང་འགལ་བ་མེད་པ་ཁོ་ནའོ། །ཐམས་ཅད་དུ་ཡང་འདི་ཁོ་ན་ཆོས་ཅན་གྱི་རང་གི་ངོ་ལས་ཟློག་པ་སྒྲུབ་པར་བྱེད་པའི་དུ་ལ་ཏེ། གང་དུང་ས་པོར་གྱུར་པའི་ཆོས་ཅན་ཏེ་བར? ་བླངས་ཤིང། གཏན་ཚིགས་ནི་རྣམ་པར་གཅོད་པ་ཙམ་གྱི་ཆོས་ཡིན་པའོ། །དེས་ན་འདི་བརྩད་པར་མི་བྱ་བ་ཁོ་ནའོ། །ཆོས་ཅན་གྱི་ཁྱད་པར་དང་འགལ་བ་དཔེར་བརྗོད་པ་ནི་མིག་ལ་སོགས་པ་རྣམས་གཞན་གྱི་དོན་ཡིན་ཏེ། འདུས་པ་ཉིད་ཀྱི ་ཕྱིར་རོ། །ཞེས་པ་འདི་སྔར་ཁོ་ནར་བཤད་ཟིན་ཏོ། །ཅིའི་ཕྱིར་ཡང་སྐབས་སུ་མ་བབ་པའི་ཆོས་ཅན་གྱི་རང་གི་ངོ་བོ་དང་ཁྱད་པར་ཟློག་པ་སྒྲུབ་པར་བྱེད་པ་ན། འགལ་བ་ཉིད་དུ་བརྗོད་པར་བྱ་ཞེ་ན་གསུངས་པ། གཉིས་ཀ་ནི་ཞེས་པ་ལ་སོགས་པའོ། །ཆོས ་ཁོ་ན་མ་ཤེས་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བར་འདིར་འགྱུར་མོད། དེས་ན་ཅིའི་ཕྱིར་ཆོས་ཅན་བསྒྲུབ་བྱ་ཉིད་ཡིན་ཞེ་ན་གསུངས་པ། ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །འདིས་འདི་བསལ་བར ་བྱེད་དེ། ཚོགས་པ་ཁོ་ན་བསྒྲུབ་བྱ་ཡིན་ཞིང། དེས་ན་དེ་ལས་ཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་གཅིག་ཁོ་ན་སྟེ། དེ་ནི་ཆོས་ལ་སོགས་པའི་སྒོ་ནས་འཇུག་པ་ཉིད་ཀྱི་ཕྱིར་རབ་ཏུ་དབྱེ་བས་རྣམ་པར་བཞག་པར་བྱའོ་ཞེས་པའོ། །གང ་འགལ་བའི་ཁྱད་པར་མཚན་ཉིད་ཀྱིས་མ་བསྡུས་པ་དེ་བསྟན་པའི་ཆེད་དུ་གསུངས་པ་བརྗོད་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །འདིར་དམ་བཅའ་ཨི་ངག་ལས་གཞན་བ་བྷཱ་ར་ཏ་ལ་སོགས་པའི་ངང་ནི་ཆོས་ཅན་ཡིན་ཞིང། དེའི་མི་བདེན ་པའི་དོན་ཅན་ཉིད་ནི་ཆོས་ཏེ་བསྒྲུབ་པར་བྱ་བའོ། །རྨི་ལམ་གྱི་ལུས་ཀྱི་རྣམ་པར་རིག་བྱེད་ལ་ཇི་ལྟར་དོན་རྟོགས་པར་བྱེད་པ་དང། བདེན་པའི་དོན་ཅན་ཡིན་ཞེ་ན། གང་གི་ཕྱི་རྨི་ལམ་ན་ཡང་མགོ་སྒྲིལ་པ་ལ་སོགས་པ་ཉེ་བར་དམིགས་ལས་ནི། ་མེད་པ་ཉིད་ལ་སོགས་པའི་དོན་གྱི་ཡུལ་ཅན་གྱི་རྟོགས་པ་སྐྱེད་པར་བྱེད་ཅིང། རྟོགས་པར་བྱ་བའི་དོན་ཏེ་རྨི་ལམ་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་པས་མི་བདེན་པའི་དོན་ཅན་ཉིད་དོ། །དེ་ལྟར་བསྒྲུབ་པར་བྱེད་པ་བྱས་པ་ན། གང་གི་རྗེས་སུ་རྗོད ་པར་བྱེད་པའི་ངག་གི་དབང་གིས་གཏན་ཚིགས་འགལ་བ་ཉིད་དུ་འགྱུར་ཏེ། དེ་སྟོན་པ་གསུངས་པ་གང་འདི་ཞེས་པ་ལ་སོགས་པའོ། །ཡང་གི་སྒྲ་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་རྗེས་སུ་བརྗོད་པའི་ངག་བསྡུ་བའི་དོན་ནོ། །གལ་ཏེ་རྣམ་པ་ཐམས ་ཅད་ལ་སྐུར་པ་འདེབས་ན་ཞེས་པ། ཆོས་ཀྱི་རང་གི་ངོ་བོའི་སྒོ་ནས་སམ། ཆོས་ཅན་གྱི་རང་གི་ངོ་བོའི་སྒོ་ནས་གལ་ཏེ་སྐུར་པ་འདེབས་ནའོ་ཞེས་པའི་དོན་ཏོ། །འོ་ན་རྣམ་པ་ཐམས་ཅད་དུ་ཞེས་པའི་ཚིག་ལས། དེའི་ཁྱད་པར་གྱི་སྒོ་ནས་ཀྱང་ཞེས་པའི ་དོན་རིགས་པ་མ་ཡིན་ནམ། དེའི་སྒོ་ནས་འཇུག་པ་ནི་ཁྱད་པར་དང་འགལ་བ་ཉིད་ཀྱིས་ཚིག་ལས་མ་ཡིན་ནོ། །དེས་ན་རང་གི་ངོ་བོ་དང་འགལ་བ་ཞེས་པ་སྟེ། དེའི་སྒོ་ནས་ཞུགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རེ་ཞིག་དངོས་སུ་ཉེ་བར་བླངས་པ ་པ་དང། རྗེས་སུ་བརྗོད་པའི་ངག་གི་སྟོབས་ཀྱི་གཉིས་ཀའི་རང་གི་ངོ་བོ་དང་འགལ་བ་བཤད་དོ། །ཅི་སྟེ་ཞེས་པ་ལ་སོགས་པས་ཡང་གི་སྒྲས་གང་བསྡུས་པ་རྗེས་སུ་ཡི་རང་བའི་ངག་སྟེ། དེའི་སྟོབས་ཀྱིས་གཉིས་ཀའི་ཁྱད་པར་དང་འགལ ་དོན་ཏེ། དེའི་དངོས་པོ་ནི་མི་བདེན་དོན་ཉིད་དོ། །སྔ་མ་ནི་མི་བདེན་པའི་དོན་འདིའི་ཡིན་པ་ཞེས་འབྲུ་མང་པོ་པ་ལ་བརྟེན་པ་སྟེ། གཉིས་ཀ་ལ་གསུམ་པ་འདི་ནི་རྒྱུ་ལའོ། །ཚོགས་པ་ལ་སྐུར་པ་འདེབས་པ་ཞེས་པ་འདིར་ཡང་འཇུག་གོ་།དེས་ན ་དོན་འདིར་འགྱུར་ཏེ། ཅི་སྟེ་རྗོད་པར་བྱེད་པ་ཉིད་དང། མི་བདེན་པའི་དོན་ཉིད་ཀྱི་གཏན་ཚིགས་ཀྱིས་ཚོགས་པའི་དོན་ལ་སྐུར་བ་འདེབས་པར་འགྱུར་ན། དེའི་སྒོ་ནས་དེ་གཉིས་ཀ་ལ་གནོད་པ་ན། ཚོགས་པའི་དོན་ལ་སྐུར་བ་འདེབས་ཏེ། ་དེའི་ཕྱིར་ཁྱད་པར་དང་འགལ་བར་འགྱུར་རོ་ཞེས་པའོ། །ཡང་འདི་ཅི་ལྟར་འགལ་བ་ཡིན་ཏེ། འདི་ལ་འགལ་བའི་མཚན་ཉིད་སྲིད་པ་མ་ཡིན་པས་སོ་ཞིན། ཇི་ལྟར་འགལ་བ་ཡིན་པ་དེ་ལྟར་བརྗོད་པར ་བྱ་སྟེ། མངོན་པར་བསྒོ་བའི་ངག་ཀྱང་རྫུན་པའི་དོན་ཅན་ཉིད་ཡིན་ན། བྷཱ་ར་ཏ་ལ་སོགས་པའི་ངག་ཐམས་ཅད། བརྗོད་པའི་རང་བཞིན་མ་ཡིན་པ་དང། ཇི་ལྟ་བའི་དོན་ཅན་དུ་འབྱུང་སྟེ། གང་ཡང་དེའི་ཁྱད་པར་རྗོད་པར་བྱེད་པ ་ཉིད་ལ་སོགས་པ་དང་དའི་ཆོས་ཀྱི་མི་བདེན་པའི་ཆོས་ཅན་ཉིད་ལ་སོགས་པ་དེ་ཡང་རྣམ་པ་གཞན་དུ་འབྱུང་ངོ་ཞེས་པས་འདི་ལྟར་འགལ་བར་འགྱུར་རོ། །འོ་ན་བྷ་ར་ཏ་ལ་སོགས་པའི་ངག་ལྟར་འགལ་བར་འགྱུར་རོ། །འོ་ན་བྷཱ་ར་ཏ་ལ་སོགས་པའི་དག་ནི་མཉན་པར་བྱ་བཞིན་པ་ཉིད་ཀྱི ་ཕྱིར་མངོན་སུམ་གོན་རྣམས་ཏེ། དེ་རྣམས་བརྗོད་པ་མ་ཡིན་པ་ཉིད་དུ་ཅི་ལར་འགྱུར། མ་བདེན་པའི་དོན་ཅན་གྱི་དག་འགའ་ཞིག་རྣམས་ཀྱང་དམིགས་ཏེ། དེས་ན་ངག་ཐམས་ཅད་ཇི་ལྟ་བ་བཞིན་གྱི་དོན་དུ་འབྱུང་ངོ་ཞེས ་བཤད་པ་འདི་མི་རིགས་སོ་ཞེ་ན། འདི་འདི་ལྟར་མ་ཡིན་ཏེ། ངག་འདིའི་དོན་འདི་ལྟ་བུ་འདི་ལྟར་དུ་བརྗོད་པར་བྱ་བ་ན། ཐལ་བར་འགྱུར་རོ། །ཞེས་སྒྲའི་དོན་གྱི་དབང་ལས་འདི་འདི་ལྟ་བུར་འབྱུང་གི་དངོས་པོའི་དབང་ལས་ནི་མ ་ཡིན་ནོ། །བརྗོད་པའི་སྐྱོན་ནི་གཞན་དོན་རྗེས་སུ་དཔག་པར་དབང་དུ་བྱ་བའོ། །ཞེས་བཤད་ལ། དེའི་ཕྱིར་མངོན་སུམ་ལ་སོགས་པ་དང་འགལ་བ་ཡོད་ན་ཡང། དེ་ལ་མ་བལྟོས་པར་འགལ་བ་ཉིད་བརྗོད་པར་བྱའོ། །གལ ་ཏེ་རྗེས་སུ་བསྒོ་བའི་ངག་མི་བདེན་པའི་དོན་ཅན་ཉིད་དུ་གྲུབ་ན། འགལ་བ་ཉིད་དུ་འགྱུར་མོད། །དེ་ཉིད་ནི་འགྲུབ་པ་མ་ཡིན་ཏེ། དོན་རྟོགས་པར་བྱེད་པ་ཐམས་ཅད་ནི་མི་བདེན་པའི་དོན་ཅན་ཉིད་དུ་འབྱུང་བར་བྱའོ། ཞེས་པའི ་ངེས་པ་འདི་མེད་དེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། འདི་བདེན་མོད། འོན་ཀྱང་སྐྱོན་གཞན་འདིར་བལྟོས་པར་བྱ་བ་མ་ཡིན་ཏེ། དཔེར་ན་གྲངས་ཅན་ལ་བརྟག་པ་ན་གཞི་མ་གྲུབ་པ་ཉིད་ལ་སོགས་པ་བཞིན་ནོ། །དོན་རྟོག་པར་བྱེད ་པའི་སྒྲུབ་པར་བྱེད་པའི་དངོས་པོ་ཁས་བླངས་ནས་ནི། དེས་རྟོགས་པར་བྱས་པའི་མི་བདེན་པའི་དོན་ཅན་གྱི་དག་གི་སྟོབས་ཀྱིས་རང་གི་ངོ་བོ་དང་ཁྱད་པར་བསལ་བའི་ཕྱིར་གཏན་ཚིགས་འགལ་བ་ཉིད་དུ་འགྱུར་རོ། །ངེས་ན་འདི་ནི་འགལ ་བ་གཞན་ཁོ་ནའོ། །དེའི་ཕྱིར་འདི་ལ་ཇི་སྐད་བཤད་པའི་འགལ་བའི་མཚན་ཉིད་བཙལ་བར་བྱ་བ་མ་ཡིན་ནོ། །ཡང་ཅིའི་ཕྱིར་འདིའི་མཚན་ཉིད་ཀྱི་མདོ་ལོགས་པར་མ་མཛད་ཅེ་ན། གཙོ་བོ་མ་ཡིན་པར་ཤེས་པའི་དོན་དུ་སྟེ། ལུང ་ལ་བསྟེན་པའི་རྗེས་སུ་དཔག་པ་བཞིན་ནོ། །གཙོ་བོ་མ་ཡིན་པ་ཉིད་ནི་དངོས་པོ་ལས་མི་འགལ་བ་ཉིད་ཀྱི་ཕྱིར་རོ། །སྨྲས་པ་ཡང་ཞེས་པ་སྟེ། ཆོས་དང་ཆོས་ཅན་དང། ཆོས་ཆོས་ཅན་དག་སྟེ། དེ་རྣམས་ནི་ཆོས་དང་ཆོས་ཅན་རྣམས་སོ། །དེ ་རྣམས་ཀྱི་རང་གི་ངོ་བོ་འམ། དེའི་ཁྱད་པར་གྱི་ཞེས་པ། ཆོས་དང་ཆོས་ཅན་དག་གི་ཁྱད་པར་གྱི། ཕྱིན་ཅི་ལོག་ཏུ་ཉེར་བྱེད་ཕྱིར། ཞེས་པ་འགལ་བ་སྒྲུབ་པར་བྱེད་པའི་ཕྱིར་ཞེས་པའི་དོན་ཏོ། །དེ་ལྟ་ན་འོ་ན་སྒྲ་མཉན་པར་བྱ་བ་མ་ཡིན་ཏེ། ་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་པའང་འགལ་བར་འགྱུར་རོ་ཞེ་ན་གསུངས་པ། གནོད་པ་ཡོད་ན་ཞེས་པའོ། །འདུས་པ་ཉིད་འབའ་ཞིག་པ་ནི་འགལ་བ་ཉིད་དུ་འགྱུར་མོད། གང་གི་ཚེ་གང་འདོགས་པ་བསུ་ནས་སློབ་དཔོན་དབྱིག ་གཉེན་གྱིས། དེ་ལྟར་འདུས་རྣམས་ནང་མ་ཡིན། དེ་བཞིན་གཞན་དོན་ཅན་མ་འགྱུར། ཞེས་བཤད་པ་ནང་ཉིད་དང། ལྷན་ཅིག་པ་རབ་ཏུ་སྦྱོར་བ་དེའི་ཚེ་དེ་ཅི་ལྟར་འགལ་བ་ཡིན་ཅེ་ན་གསུངས་པ། གང་སློབ་དཔོན་གྱིས་གསུངས་པ་ཞེས་པ་ལ ་སོགས་པ་སྟེ། གྲངས་ཅན་པས་བརྗོད་པ། མིག་ལ་སོགས་པ་རྣམས་ནི་གཞན་གྱི་དོན་ཡིན་ཏེ་འདུས་པ་ཉིད་ཀྱི་ཕྱིར། འདིར་མལ་ཆ་དང་ལྷན་དང་ཤིང་རྟ་ལ་སོགས་པའི་འདུས་པ་རྣམས་གཞན་གྱི་དོན་དུ་མཐོང ་ཞིང། ནག་པ་ལ་སོགས་པའི་རྣམ་འགྱུར་སྐྱེས་བུའི་དོན་རྣམས་ནི་བདག་ཉིད་ཀྱི་དོན་མ་ཡིན་ལ། ཕན་ཚུན་གྱི་དོན་མ་ཡིན་ཞིང། དོན་མེད་ཅན་མ་ཡིན་པ་དེ་བཞིན་དུ། མིག་ལ་སོགས་པའི་འདུས་པ་རྣམས་ཀྱང་ངོ། །དེའི་ཕྱིར་གཞན ་གྱི་དོན་འདི་རྣམས་ཀྱིས་འབྱུང་བར་བྱ་བ། གང་གི་དོན་དུ་འདི་རྣམས་ཡིན་པ་དེ་ནི་བདག་སྟེ། དེའི་ཕྱིར་བདག་ཡོད་དོ་ཞེས་པའོ། །འདི་ལ་སློབ་དཔོན་གྱིས་གསུངས་པ། བདག་གཞན་ཡིན་ན་དེ་མ་གྲུབ་པོ། །གལ་ཏེ་གཞན་གྱི་སྒྲས ་བདག་བསྟན་པར་བྱ་བ་ཡིན་ན་མལ་ཆ་དང་སྟན་ལ་སོགས་པའི་འདུས་པ་རྣམས་གཞན་གྱི་དོན་དུ་མཐོང་ངོ་ཞེས་པས། འདིར་བདག་མ་གྲུབ་བོ། །དཔེ་བསྒྲུབ་པར་བྱ་བ་དང་བྲལ་བའོ་ཞེས་པའི་དོན་ཏོ། །འདིས་ནི་འགལ་བ་ཉིད་དུ ་བཤད་དེ། འདུས་པ་རྣམས་ནི་གལ་ཏེ་དེའི་དོན་ཡིན་ནའོ། །ཅི་སྟེ་མིག་ལ་སོགས་པ་འདུས་པ་ཡིན་ཞིང། ནག་བ་ལ་སོགས་པ་གཞན་གྱི་སྒྲས་མཚོན་པ་ཡིན་ན། གང་གི་དོན་དུ་མལ་ཆ་དང་སྟན་ལ་སོགས་པ་རྣམས་ཡིན་ཅིང། མིག ་ལ་སོགས་པ་རྣམས་ཀྱང་ཡིན་པ་དེའི་དོན་ཅན་རྣམས་སུ་འགྲུབ་སྟེ། འདུས་པའི་དོན་རྣམས་སུ་ཞེས་པའི་དོན་ཏོ། །འདིས་ནི་འདུས་པ་རྣམས་དེའི་དོན་ཉིད་དུ་གྲུབ་ཅིང། ཕ་རོལ་པོས་ཀྱང་མིག་ལ་སོགས་པ་རྣམས་སེམས་དང་སེམས ་ལས་བྱུང་བའི་ཚོགས་ཀྱི་དོན་ཉིད་དུ་ཁས་བླངས་པའི་ཕྱིར་གྲུབ་པ་བསྒྲུབ་པའོ། །འདིར་གྲངས་ཅན་པ་གཞན་གྱི་སྒྲ་བདག་གི་རྗོད་བྱེད་དོ། །ཞེས་པའི་ཕྱོགས་འདི་ལ་གང་སྐྱོན་བརྗོད་པ་དེ་སྤོང་པར་འདོད་པས་ནང་ཉིད་དུ་ཡོང་པ་ན་ཞེས ་རྟགས་ཀྱི་ཁྱད་པར་འགའ་ཞི་གིས་ཚེ་ཉེ་བར་ལེན་པར་བྱེད་ཅེས་དོགས་པར་བྱས་ཏེ། དེ་ལྟར་འདུས་པ་ནང་རྣམས་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །འདིས་ཇི་ལྟར་འགལ་བ་ཉིད་དུ་རྗོད་པ་དེ་ལྟར་བསྟན་པའི་ཆེད་དུ་གསུངས་པ་དེ་ལ ་ཞེས་པ་ལ་སོགས་པའོ། །ཅི་ལྟར་ན་གཏན་ཚིགས་མཚན་ཉིད་དང་མི་ལྡན་པ་ཡིན་ཞེ་ན། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །འདིས་ནི་འགལ་བའི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པར་སྟོན་པ་ཉིད་ཀྱི་ཕྱིར་ན་གཏན་ཚིགས་ཀྱི་མཚན་ཉིད་དང ་མི་ལྡན་པར་སྟོན་ཏོ། །གཉིས་ཀ་ཞེས་པ་ནང་གི་ཉིད་དང་འདུས་པ་ཉིད་ཀྱང། མཐུན་ཕྱོགས་ལ་སྟེ་བདག་གི་དོན་འགའ་ཞིག་ལ་རིགས་པས་གྲུབ་པ་མ་ཡིན་ཏེ། བདག་ཕུལ་དུ་བྱུང་བ་བྱར་མེད་པ་ལ་ཕན་གདགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ།། ་ཕན་ཚུན་གྱི་དོན་ཅན་དང། དོན་མ་ཡིན་པ་རྣམས་ལ་གྲུབ་སྟེ། ད་ལྟར་ནི་བསྟན་བཅོས་སུ་ཕན་ཚུན་གྱི་དོན་ཉིད་བཤད་ཏེ། དབང་པོ་གང་ཞིག་དབང་པོ་གང་ཞིག་ལ་ཡུལ་སྟོན་པ་བྱེད། དག་པར་བྱེད། སོ་སླར་འདུ་བྱེད། ཉེ་བར་འཛིན་པར་བྱེད ་པ་དེ་ནི་རྒྱུ་ཡིན་ཞིང་ཅིག་ཤོས་ནི་འབྲས་བུའོ་ཞེས་སོ། །ཕན་ཚུན་དུ་ཕན་གདགས་པར་བྱ་བ་ཉིད་ཀྱིས་ན་འབྲས་བུ་དང་རྒྱུའི་དངོས་པོ་བཤད་དོ། །དོན་མེད་པ་ཉིད་ནི་མངལ་དུ་ངེས་པར་འཆི་བ་རྣམས་ཀྱི་སྒྲ་སྟེ། སྒྲ་ལ་སོགས་པ་ལོངས་སྤྱད་པ་མ ་བྱས་པ་ཁོ་ནར་འགག་པ་ཉིད་ཀྱི་ཕྱིར་རོ། །སྔ་མ་ཉིད་དུ་ཞེས་པ་རང་གི་ངོ་བོ་སེལ་བར་བྱེད་པར་རོ། །འདི་ལ་ཁྱབ་པ་མེད་པ་འམ་འགལ་བར་གྲུབ་པར་དོགས་པར་བྱ་བ་ཡང་མ་ཡིན་ཏེ། གན་གི་ཕྱིར་མིག་ལ་སོགས་པ་རྣམས་གལ་ཏེ་དོན་བྱེད ་ན་བདག་མེད་པ་མི་རྟག་པ་ཁོ་ནའི་སྟེ། ཡང་ན་ནི་བྱེད་པ་མ་ཡིན་པ་ཁོ་ནའོ། །བདག་ནི་རྣམ་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་འདི་རྣམས་ལ་དེའི་དོན་ཉིད་སྲིད་པམ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ནང་གི་འདུས་པ་རྣམས་ནི་བདག་མེད་པ་འི་དོན་ཅན ་ཉིད་ཀྱིས་ཁྱབ་པོ་ཞེས་པས་འགལ་བར་འགྱུར་རོ། །སླར་ཡང་དོན་འདི་ཉིད་ཞེས་པ། གང་འདི་མཐུན་ཕྱོགས་ཡོད་མེད་དང་ཞེས་པ་ལ་སོགས་པས་རྒྱ་ཆེར་བཤད་པའོ། །ཅིའི་དོན་དུ་ཞེ་ན། གཏན ་ཚིགས་དང་འགལ་བ་དང་མ་ངེས་པ་ཉིད་འདི་ཁོ་ན་གསལ་བར་བྱེད་པའི་ཆད་དུའོ། །གང་གི་ཕྱིར་རྣམས་པ་གཞན་གྱིས་བརྗོད་པར་བྱས་པས་དོན་དེ་ཁོ་ན་དྲི་མ་མེད་པར་འགྱུར་ཏེ། ཀུན་ཏུ་རྨོངས་པའི་ལྷག་མ་དང་བྲལ་བའི་ཕྱིར ་རོཊ?་གསུམ་པོ་ཁོ་ན་སྟེ་ཞེས་པ། ཆོ?་ཤས་གསུམ་རྟོགས་པ་སྟེ། རབ་ཏུ་དབྱེ་བ་ཞེས་པའི་དོན་ཏོ། །སྤྱི་ཡང་གཞལ་བྱ་ཉིད་དོ་རྗེས་སུ་འགྲོ་བ་ཅན་གྱི་གཏན་ཚིགས་སོ། །ཁྱད་པར་ཡང་སྲོགས་ལ་སོགས་པ་དང་ལྡན་པ ་ཉིད་དོ། །ལྡོག་པ་ཅན་ཞེས་པ་ཅིག་འདོར་ཏེ། དེའི་ཕྱིར་དེ་སེལ་བའི་ཆེད་དུ་ངེས་པར་འཛིན་པར་བྱེད་པ། དེར་དང་པོ་གཉིས་ཐེ་ཚོམ་ཆེད། ཅེས་པའོ། །འོ་ན་མཉན་པར་བྱ་བ་ཉིད་ཐེ་ཚོམ་གྱི་རྒྱུ་ཁོ་ན་ཞེས་པ་འདི་མི་རིགས་ཏེ། ་དེ་ལྟར་ན་དེ་བསྒྲུབ་པར་བྱ་བ་གཞན་འགའ་ཞིག་ལ་ངེས་པར་བྱེད་པའི་གཏན་ཚིགས་ཀྱང་ཡིན་པས་སོ། །དཔེར་ན་ཡི་གེའི་བདག་ཉིད་ཀྱིས་སྒྲ་ནི་མི་རྟག་སྟེ། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་གླིང་བུ་ལ་སོགས་པའི་སྒྲ་བཞིན་ཞེས་པ་ལྟ ་བུའོ་ཞེ་ན། འདིར་འདིའི་??་ཐུན་མོང་མ་ཡིན་པ་ཉིད་མེད་དོ་པས་སྐྱོན་མིན་ནོ། །རང་གི་བྱེ་བྲག་ཐ་དད་པ་རྣམས་ལ་ཞེས་པ། གང་ཞིག་ཁྱད་པར་ཇི་སྙེད་ཀྱིས་དངོས་པོ་ཐམས་ཅད་བསྡུས་པ་དེ་ནི་དེ་རྣམས་ལ་མཛའ་ ་གཅིག་ཏུ་འདི་དག་ཐེ་ཚོམ་གྱི་རྒྱུད་དག་གོ་།རྟག་པ་དང་མི་རྟག་པའི་ཡུལ་བསྟན་པ་ནི་དཔེར་བརྗོད་ཙམ་མོ། །སྒྲ་ཐམས་ཅད་ཀྱང་འདིར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ན་འཇུག་གོ་ཞེས་རིག་པར་བྱའོ། །བསྒྲུབ་པ་བྱ་བ་ཉིད ་ལ་བལྟོས་པ། ཞེས་པ། དཔེར་ན་བྱས་པ་ཉིད་རྟག་པ་དང་མི་རྟག་པ་དག་ལ་ཡང་དག་པ་དང་ལོག་པ་སྒྲུབ་པའི་གཏན་ཚིགས་ཇི་ལྟར་རིགས་པར་ཡིན་པ་དང། བརྩལ་པ་དང་མ་བརྩལ་བའི་དེ་མ་ཐག་ཏུ་བྱུང་བ་ཉིད་དག་ལ་གང་ཐེ ་ཚོམ་གྱི་རྒྱུ་ཁོ་ན་སྟེ། དེ་བཞིན་དུ་གཞན་ལ་ཡང་སྔ་མའི་རྗེས་སུ་འབྲང་པས་བརྟག་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཞེས་པ། རྟགས་པ་ཉིད་ལ་སྐུར་བ་འདེབས་པ་པོའི་སྤྱི་གཞལ་བྱ་ཉིད་དང། ལུས་བདག་དང་བཅས་པར་བསྒྲུབ ་པར་བྱ་བ་ལ། སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་།ཁྱད་པར་ཡང་ཡང་དག་པའི་ཤེས་པའི་གཏན་ཚིགས་སུ་རིགས་སོ་ཞེས་ལོགས་པར་རྟོག་པའི་དྲི་བའོ། །རྗེས་འཇུག་ཕྱིར་ཞེས་པ་ལ་སོགས་པ་སྟེ། གཞལ་བྱ་ཉིད་ནི་ཐམས་ཅད ་ལ་རྗེས་སུ་འཇུག་པའི་ཕྱིར། ལྡོག་པ་བཟོད་མ་ཡིན། ལྡོག་པ་མི་རུང་ཞེས་པའི་དོན་ཏོ། །དངོས་པོ་མེད་པ་ཡང་གཞལ་བྱ་ཡིན་པས་ཏེ། གཞན་དུ་ན་མུ་སྟེགས་བྱེད་གཞན་གྱིས་ཡོངས་སུ་བརྟགས་པའི་ཚིག་གི་དོན་མེད ་པ་ཚད་མའི་ཡུལ་དུ་མི་འགྱུར་རོ། །དེ་ལས་ཀྱང་དེ་གྱུར་པའི་ཐ་སྙད་ཆད་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དེ་མེད་པ་ལ་ཡང། གཞལ་བྱ་ཉིད་འཇུག་གོ་།ཁྱད་པར་མཉན་བྱ་ཉིད་ལ་སོགས་པ་ནི། ཐམས་ཅད་ལ་མི་འཇུག ་པའི་ཕྱིར། རྗེས་སུ་འགྲོ་བ་བཟོད་མ་ཡིན། ཡང་ཅི་ལྟར་དངོས་པོའི་ཆོས་སུ་གྱུར་པ་ནི་ཐམས་ཅད་ལ་མི་འཇུག་པར་རིགས། དངོས་པོའི་ཆོས་ཡིན་པ་ཉིད་ཁོ་ན་ནི་ཐམས་ཅད་ལས་ལྡོག་པ་ལས་འགྱུར་པ་མ་ཡིན་ནོ་ཞེ་ན། ་འདི་བདེན་མོད་ཀྱི་གཞན་གྱི་འདོད་པའི་དོར་དེ་སྐད་བཤད་པ་སྟེ། ཕ་རོལ་པོ་ནི་མ་མཐོང་བ་ཙམ་ཁོ་ནས་ལྡོག་པར་འདོད་ཏེ། དཔེར་ན་བདག་མེད་པ་བུམ་པ་ལ་སོགས་པ་རྣམས་ལས། སྲོག་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་དེའི ་རྨོངས་པ་བསལ་བའི་དོན་དུ་འདི་སྐད་བཤད་དོ། །གལ་ཏེ་མ་མཐོང་བ་ཙམ་ལས་ལྡོག་པ་འགྲུབ་ན། མཉན་པར་བྱ་བ་ཉིད་ནི་རྟག་པ་དང་མི་རྟག་པ་ཐམས་ཅད་ལས་ལྡོག་པར་འགྱུར་ཞིང། དེ་ལས་ཀྱང ་དངོས་པོའི་ཆོས་མ་ཡིན་པ་དེ་ཉིད་ཁོ་ནར་འགྱུར་རོ། །འདི་རིགས་པའང་མ་ཡིན་ནོ། །དེའི་ཕྱིར་སྲོག་ལ་སོགས་པ་ཡང་མ་མཐོང་བ་ཙམ་གྱིས་ལྡོག་པ་འགྲུབ་པ་མ་ཡིན་ནོ་ཞེས་པས་ལྡོག་པ་ཅན་གོ་བར་བྱེད་པ་ཉིད་དུ་འདོད་པར་བྱ་བ ་མ་ཡིན་ན། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཞེས་པ། གང་གི་ཕྱིར་ལྡོག་པས་རྟག་པ་ལས་རྣམ་པར་བཅད་པར་བྱ་ཞིང། རྗེས་འགྲོས་ནི་མི་རྟག་པ་ལ་བསྒྲུབ་པར་བྱ་བ་སྟེ། འདི་དག་ཀྱང་ཡན་ལག་གཅིག་མ ་ཚང་བའོ་ཞེས་པའོ། །ཡང་ཅི་ལྟར་ཡན་ལག་གཅིག་མ་ཚང་བ་ཉིད་དུ་བརྗོད་ཅེ་ན། ཇི་ཙམ་གྱིས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་རྗེས་སུ་འགྲོ་སྟེ། དེ་ཡང་ལྡོག་པ་མེད་པར་མ་ཡིན་ནོ། །མི་མཐུན་ཕྱོགས་ལ་མེད་པ་ཁོ་ན ་ནི་ལྡོག་པ་སྟེ། དེ་ཡང་རྗེས་འགྲོ་མེད་པར་མ་ཡིན་ནོ། །རང་གི་ལུགས་སོ། །ཕ་རོལ་པོ་ནི་ཡོད་པར་གྱུར་པ་ཙམ་ནི་རྗེས་སུ་འགྲོ་བར་སེམས་ཤིང། མ་མཐོང་བ་ཙམ་གྱིས་ཀྱང་ལྡོག་པ་རོ། །འདི་གཉིས་ཀྱང་གཞལ་བྱ་ཉིད་དང ་མཉན་བྱ་ཉིད་དག་ལ་ཡོད་དོ་ཞེས་པས་ཡན་ལག་གཅིག་མ་ཚང་བ་ཉིད་དུ་ཕ་རོལ་པོའི་འདོད་པས་བརྗོད་དོ། །དེ་ལྟར་ནའོ་ན་ཞེས་པ་སྟེ། གལ་ཏེ་གང་གི་གཏན་ཚིགས་ལྡོག་པས་གཅིག་ལས་གཅོད་ཅིང། རྗེས་འགྲོ་ཅིག ་ཤོས་ལ་བསྒྲུབ་པར་བྱེད་པ་ཡིན་ན། འོ་ན་རྗེས་སུ་འགྲོ་བ་ཁོ་ན་འབའ་ཞིག་པ་སྟེ། ཐམས་ཅད་ལས་སྒྲུབ་པར་བྱེད་ཅིང་རྗེས་སུ་འཇུག་པའི་ཤེས་པའི་རྒྱུ་ཁོ་ནར་འགྱུར་ཏེ། རང་གི་རྟེན་ལ་རྟག་པ་ཡིན་ཞིང་འདི་མི་རྟག་པ ་ཡང་ངོ་ཞེས་པར་རོ། །གང་གི་ཡང་ལྡོག་པ་ཁོ་ན་རྗེས་འགྲོ་མེད་པ་དེས་ཐམས་ཅད་ལས་གཅོད་པར་བྱེད་ཅིང། ལྡོག་པའི་ཤེས་པའི་གཏན་ཚིགས་ཁོ་ནར་འགྱུར་ཏེ། རྟག་པ་མ་ཡིན་ཞིང་མི་རྟག་པ་མ་ཡིན་ཞེས་པར་རོ། །དཔེར་ན ་གཉིས་ཀ་ལ་བརྟེན་པ་ཞེས་པ། རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་བྱས་པ་ཉིད་ལ་སོགས་པ་སྟེ། བྱས་པ་ཉིད་ནི་རྟག་པ་ལས་ལྡོག་གོ་ཞེས་པས་རང་གི་རྟེན་ལ་རྟག་པ་རྣམ་པར་གཅོད་པའི་ཤེས་པའི་གཏན་ཚིགས་ཡིན ་ཞིངས?། མི་རྟག་པ་བུམ་པ་ལ་སོགས་པ་ལ་ཡང་འཇུག་གོ་ཞེས་པས་མི་རྟག་པ་ཉིད་ཀྱི་ཤེས་པའི་རྒྱུ་ཡང་ངོ། །ཀུན་ལ་ཡོད་པ་ཡང་མ་ཡིན། ཞེས་པ་ལ་སོགས་པ་སྟེ། ཡང་གི་སྒྲ་ནི་ངེས་པར་བཟུང་བའོ། །རྟག་པ་དང་མི ་རྟག་པ་དག་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར། དངོས་པོ་གཅིག་གཉིས་ཀའི་ངོ་བོ་མ་ཡིན་ལ། དེ་གཉིས་ཀ་རྣམ་པར་གཅོད་པའི་ངོ་བོ་ཡང་མི་སྲིད་དོ་ཞེས་པའི་དོན་ཏོ། །གཞན་ཡང་གཅིག་ཐམས་ཅད ་ཀྱི་རང་བཞིན་ཉིད་ན། དངོས་པོ་གཅིག་གི་འགལ་བ་དུ་མའི་རང་བཞིན་དུ་འགྱུར་ཞིང། ཐམས་ཅད་མ་ཡི་པ་ཉིད་ན་ཡང། ཐམས་ཅད་ཀྱི་རང་བཞིན་དང་བྲལ་བའི་ཕྱིར་དེ་དངོས་པོ་ཉིད་དུ་འགྱུར་བ་མ་ཡིན་ནོ། །འོ་ན་ཅི་ལྟར་ཞེས་པ ་ལ་སོགས་པ་སྟེ། འགལ་བའི་དོན་ལ་འཇུག་པ་ཉིད་ནི་བྱས་པ་ཉིད་དང་གཞལ་བྱ་ཉིད་ལ་མཚུངས་ཏེ། དེ་གལ་ཏེ་གཞལ་བྱ་ཉིད་སྒྲ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ན། ཅི་ལྟར་གཉིས་ཀ་ལ་བརྟེན་པ་བྱས་པ་ཉིད་ལ་སོགས་པ་ཕན་ཚུན ་དུ་འགལ་བ་རྩེལ་མཐག་ཏུ་བྱུང་བ་དང་རྩོལ་མ་ཐག་ཏུ་མ་བྱུང་བ་ལ་འཇུག་བཞིན་པ་ནི་རྗེས་སུ་འཇུག་པའི་ཤེས་པའི་གཏན་ཚིགས་ཅི་ལྟར་ཡིན། དེ་ལས་ནི་གློག་དང་བུམ་པ་ལ་སོགས་པ་ལ་མི་རྟག་ཅེས་ངེས་པ་རྗེས་སུ་འཇུག་པའི་ཤེས ་པ་སྐྱེའོ། །འདི་ཡང་ནི་ཡང་དག་པར་རྟོགས་པར་བྱེད་པའི་གཏན་ཚིགས་གསལ་བར་བྱེད་པའི་ཚད་དུ་ཉེ་བར་བཀོད་པའོ། །དོན་གཞན་རྣམ་པར་གཅོད་པའི་སྒོ་ནས་ཞེས་པ་སྟེ། འདིས་ལྡོག་པ་ཡོང ་པར་གྱུར་བ་ནི་གཉིས་ཀ་བརྟེན་པའི་ཁྱད་པར་དུ་གསལ་བར་བྱེད་དོ། །དེ་ལྟར་ནི་ལྡོག་པ་གཙོ་བོ་འདི་ལས། དོན་གཞན་རྣམ་པར་གཅོད་པར་བྱེད་པའི་སྒོ་ནས་གཏན་ཚིགས་གོ་བར་བྱེད་པའོ་ཞེས་བརྗོད་ཀྱི། དེའི་ཁྱད་པར ་འཛིན་པས་ནི་མ་ཡིན་ནོ་ཞེས་པས། གློག་དང་བུམ་པ་ལ་སོགས་པ་ཁྱད་པར་གྱི་སྒོ་ནས་ནི་མ་ཡིན་ཏེ། མཐོང་བ་བཞིན་དུ་སྒྲུབ་པའི་སྒོ་ནས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྗེས་སུ་འགྲོ་བ་གཙོ་བོ་ཉིད་མ་ཡིན་པའི་ཕྱིར ་ཞེས་བཤད་དོ། །ཅིའི་ཕྱིར་ལྡོག་པའི་སྒོ་ནས་གོ་བར་བྱེད་ཀྱི་རྗེས་འགྲོའི་སྒོ་ནས་ནི་མ་ཡིན་ཞེ་ན། གསུངས་པ། དེ་ལྟར་ནི་དེ་ཞེས་པ་ལ་སོགས་པ་སྟེ། གང་ལ་མེད་ལ་སྟེ་མི་མཐུན་ཕྱོགས་ལ། དེ་རྣམ་གཅོད་སྟེ། ་དེ་སེལ་བ། དེ་གྲུབ་དོན་དུ་ཇི་བཞིན་དོན་བྱེད་དེ། ཇི་ལྟ་བ་བཞིན་གྱི་དོན་མེད་པའི་རྒྱུ་ཞེས་པའི་དོན་ཏོ། །ཁྱད་པར་རྟོགས་པའི་དོན་དུ་མ་ཡིན་ཏེ། དེ་ལ་འཁྲུལ་པའི་ཕྱིར་རོ། །རྫས་སུ་ཡོད་པའི་སྤྱི་རྟོགས་པའི་དོན་དུ་མ ་ཡིན་ཏེ་དེ་མེད་པའི་ཕྱིར་རོ། །གང་ལ་མེད་པ་རྣམ་པར་གཅོད་པའི་སྒོ་ནས་དོན་ཇི་ལྟ་བཞིན་ཤེས་པའི་གཏན་ཚིགས་སུ་བརྗོད་དོ་ཞེས་འབྲེལ་ལོ། །མཛའ་དག་ལ་ཞེས་པ་ལ་སོགས་པས། རྣམ་གཉིས་འཇུག་གཅེས་པ་འདིའི་དོན་ཆད་དོ།། ་འདིས་ཀྱང་རྗེས་འགྲོ་གཙོ་བོ་ཉིད་མ་ཡིན་པར་གསུངས་སོ། །དཔེར་ན་ཞེས་པ་ལ་སོགས་པས་རྣམ་གཉིས་སུ་འཇུག་པ་དེ་སྟོན་ཏོ། །དེ་ལྟར་བྱས་ནས་ཞེས་པ། གང་གི་ཕྱིར་རྣམ་པར་གཅོད་པའི་སྒོ་ནས་གཏན་ཚིགས་གོ་བྱེད་ཡིན་པ ་དེའི་ཕྱིར་དྲི་ཞིམ་པའི་གཏན་ཚིགས་གཅིག་ལས་ཨུ་པ་ལ་ལ་དྲི་ཉིད་ལ་སོགས་པ་རྣམས་འགྲུབ་སྟེ། དྲི་ཞིམ་པ་ཉིད་ནི། གང་ན་དྲི་ཉིད་ལ་སོགས་པ་ཅན་དེ་ན་ཡོད་པའི་ཕྱིར་དང། དེ་མེད་པ་ན་མེད་པའི་ཕྱིར་རོ། །འོ་ན་དྲི་ཞིམ་པ་ནི་དྲི་ཉིད་ལ་སོགས ་པ་རྣམས་ལ་མཐོང་བའི་ཕྱིར་མཐོད་པའི་སྒོ་ཉིད་ནས་དྲི་ལ་སོགས་པ་རྣམས་འགྲུབ་པོ་ཞེ་ན། གསུངས་པ། གཞན་དུ་ན་ཞེས་པ་ལ་སོགས་པའོ། །གལ་ཏེ་ཇི་ལྟར་མཐོང་བ་ད་ལྟར་རྟོགས་ཀྱི་རྣམ་པར་གཅོད་པའི་སྒོ་ནས་མ་ཡིན་ན། རིམ་པ་ཇི་ལྟ ་བར་དཀར་པོ་ཉིད་ཀྱིས་གཟུགས་ཉིད་དང་ཡོན་ཏན་ཉིད་ཀྱང་བརྟེན་པ་ཉིད་གསུམ་རྣམས་རྟོགས་པར་འགྱུར་ཞིང། གཟུགས་ཉིད་ལས་ཡོན་ཏན་དང་བརྟེན་པ་ཉིད་གཉིས་དག་དང། ཡོན་ཏན་ཉིད་ལས་བརྟེན་པ་ཉིད་གཅིག་པུ་ཡང་ངོ། །དེ་བཞིན ་དུ་ལུགས་ལས་བཟློག་པས་ཀྱང་སྟེ། བརྟེན་པ་ཉིད་ཀྱི་ཕྱིར་ཡོན་ཏན་ཉིད་དང་གཟུགས་ཉིད་དང་དཀར་པོ་ཉིད་དེ་གསུམ་པོ་རྣམས་འགྱུར་ཞིང། ཡོན་ཏན་ཉིད་ཀྱི་ཕྱིར་གཟུ??་ཉིད་དང་དཀར་པོ་ཉིད་ཏེ་གཉིས་པོ་དག་དང། གཟུགས་ཉིད་ཀྱི་ཕྱིར་དཀར་པོ ་གཅིག་པུ་ཁོ་ན་ཡང། །བརྟེན་པ་ཉིད་ལ་སོགས་པ་རྣམས་ཡོན་ཏན་ཉིད་ལ་སོགས་པ་རྣམས་ལ་མཐོང་བ་མེད་པ་ནི་མ་ཡིན་ནོ། །ཅི་སྟེ་ཇི་ལྟར་བརྟེན་པ་ཉིད་ཡོན་ཏན་ཉིད་ལ་སོགས་པ་རྣམས་ལ་མཐོང་བ་དེ་ལྟར་ལས་ལ་སོགས་པ་རྣམས་ལ་ཡང་ངོ་ཞེས ་པས་ཐེ་ཚོམ་དུ་འགྱུར་ན། དཀར་པོ་ཉིད་ཀྱང་གཟུགས་དང་ཡོན་ཏན་དང་བརྟེན་པ་རྣམས་ལ་མཐོང་ངོ་ཞེས་པས། དེའི་ཕྱིར་དེ་རྣམས་ལ་ཐུན་མོང་པའི་ཕྱིར་ཐེ་ཚོམ་དུ་འགྱུར་རོ། །ལྡོག་པའི་སྒོ་ནས་རྟོགས་པ་ལ་ནི་སྐྱོན་མེད་དོ། །དཔེར་ན་གཟུགས ་ཉིད་མེད་པ་ལ་མེད་པའི་ཕྱིར་དཀར་པོ་ཉིད་ནི་གཟུགས་ཉིད་ལ་གཏན་ཚིགས་སོ། །དེ་ལྟར་ཡོན་ཏན་ཉིད་དང་བརྟེན་པ་ཉིད་དག་ལ་ཡོད། དེ་དག་མེད་ན་མེད་པའི་ཕྱིར་རོ་ཞེས་པའོ། །བརྟེན་པ་ཉིད་ནི་ཡོན་ཏན་ཉིད་ལ་སྟོབས་མེད་པ་ལ་ཡང་མཐོང་ངོ་ཞེས་པས་ཡོད་པ ་མ་ཡིན་ནོ། །དེའི་ཕྱིར་ཡོན་ཏན་ཉིད་ལ་སོགས་པའི་ངེས་པར་བྱེད་པའོ། །ཅི་སྟེ་གཅིག་སྨོས་པ་ཅིའི་དོན་དུ་ཡིན་གཅིག་ཉིད་ནི་གཟུགས་གཞན་མ་ཡིན་ནོ་ཞེ་ན། གསུངས་པ། གཅིག་སྨོས་པ་ནི་ཞེས་པ་ལ་སོགས ་པའོ། །འོ་ན་གཅིག་གི་ཚིག་ཏུ་བསྟན་པའི་ཕྱིར། ཞེས་པ་ལ་སོགས་པ་སྟེ། གང་དུ་མེད་པ་རྣམ་གཉིས་འཇུག་ཞེས་པ་འདིར། གཅིག་གི་གྲངས་སུ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་སྔར། གྲངས་གཅིག་བརྗོད ་པར་འདོད་པ་ཉིད་ཅེས་པ་ལ་སོགས་པ་བཤད་པ་བཞིན་ནོ་ཞེ་ནའོ། །མ་ཡིན་ཏེ་འགལ་བ་མེད་པ་རྣམས་ལ་ཞེས་པ་ལ་སོགས་པ་སྟེ། འགལ་བ་སྟེ་མི་མཐུན་པའི་ཟླ་བའི་གཏན་ཚིགས་འདི་རྣམས་ལ་མེད་དོ་ཞེས་འགལ་བ ་མེད་པ་རྣམས་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་གཏན་ཚིགས་རྣམས་སོ། །དེ་རྣམས་ལ་གྲངས་གཅིག་བརྗོད་པར་འདོད་པ་མ་ཡིན་ནོ། །དེ་འདིས་ཡོངས་སུ་པའི་ལྷག་མ་ཡིན་པའི་ཕྱིར་དངོས་པོའི་སྟོབས་ཀྱིས་མ་ཞུགས ་པའི་རྟགས་ཁོ་ན་གྲངས་གཅིག་པའི་ཡུལ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །གལ་ཏེ་འོ་ན་འགལ་བ་མེད་པ་རྣམས་ལ་གཅིག་ཉིད་བརྗོད་པར་འདོད་པ་མ་ཡིན་ན། དེ་རྣམས་ཀྱི་དུ་མ་རྣམས་གཅིག་ལ་སྦྱོར་བ་རྗེས་སུ ་སྣང་བར་འགྱུར་ཞིང། དེ་ལས་ཀྱང་དུ་མ་གཅིག་ལ་སྦྱོར་པ་ན། གཏན་ཚིགས་དང་དཔེ་ལྷག་ཅིང་ལྷག་པ་ཞེས་པས། ཚར་གཅད་པའི་གནས་སུ་ཐལ་བར་འགྱུར་རོ་ཞེ་ན་གསུངས་པ་ཡིན་ནོ། །ཞེས་པ་ལ་སོགས ་པའོ། །འདི་ལྟར་དགོངས་པ་སྟེ། ངེས་པ་ཁས་ལེན་པ་ན་འདི་སྐྱོན་ཡིན་ཏེ། གང་དུ་བསྒྲུབ་པར་བྱེད་པའི་དག་གཅིག་གི་སྦྱོར་བ་ངེས་པ་སྔོན་མ་ཅན། རྣམ་པར་དཔྱོད་པར་བྱེད་པ་དེར་ལྷག་པ་བརྗོད་པ་དོན་མེད་པའོ ་ཞེས་པར་ཚར་གཅད་པའི་གནས་ཡིན་ནོ། །སྤྲོས་པའི་གཏམ་ལ་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ་ཞེས་པའོ། །དཔེར་ན་འགྲེང་བ་ཉིད་དང། བྱ་རོག་གི་གནས་དག་ཞེས་པའོ། །མི་འགལ་བ ་དག་དོན་གཅིག་རྟོགས་པར་བྱེད་པའི་གཏན་ཚིགས་ཉིད་དུ་མཐོང་པ་ནི་འདི་ཙམ་གྱིས་ཉེ་བར་དཔོག་པའོ། །འདི་དག་སོ་སོ་པ་ཡང་བྱས་པ་ཉིད་ལ་སོགས་པ་བཞིན་དུ། ནུས་པ་ཉིད་མཐོང་བ་ནི་མ་ཡིན་ནོ། ། ་དེ་ནི་བཟློག་པ་ལ་ཞེས་པ་ལ། ནིའི་སྒྲ་ནི་ངེས་པར་འཛིན་པ་ལའོ། །དེ་ཁོ་ན་སྟེ་གང་དུ་བསྒྲུབ་བྱ་ལ་ཡང་དག་པའི་ཤེས་པའི་རྒྱུར་འདོད་པ་དེ་ཁོ་ན་ནི་དེ་ལས་བཟློག་པ་བསྒྲུབ་པར་བྱ་བ་ལ་འགལ་བར ་འགྱུར་རོ། །གང་དུ་རྣམ་པ་གཉིས་སུ་འཇུག་པ་དེ་རྣམ་པར་གཅོད་པར་འགྲུབ་པའི་དོན་གཞན་ལ་མི་འཇུག་པ་སྟེ། མཐུན་ཕྱོགས་རྟག་པ་ལ་མི་འཇུག་པ་ཞེས་པའི་དོན་ཏོ། །འདི་ལ་ཡང་ཞེས་པ་ཇི་ལྟར་འཇིག་པ་ཉིད་བསྒྲུབ ་པར་བྱ་བ་ལ། འདི་ནི་མི་རྟག་པ་ཁོ་ན་སྟེ་རྟག་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་དེ་རྟག་པ་བཀག་པའི་སྒོ་ནས་སྒྲུབ་པར་བྱེད་པ་དེ་ལྟར་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ། ཡང་དེ་ལ་བཟློག་པའོ་ཞེས་པའོ། །འདིར ་འོ་ན་ཅི་ལྟར་ཞེས། འདི་ལ་ཡང་བཟློག་པ་ལས་རྟག་པ་བཀག་པའི་སྒོ་ནས་སྒྲུབ་པར་བྱེད་དོ་ཞེས་སྨྲས་པས། བསྒྲུབ་བྱ་བཀག་པའི་སྒོ་ཁོ་ན་ནས་འགལ་བར་འགྱུར་རོ། །ཞེས་དམ་བཅས་ཏེ། དེ་ལྟར་གྱུར་ན་འདི ་ན་གྲང་པའི་རིག་པ་སྟེ་མེའི་ཕྱིར་རོ། །ཞེས་པ་འདི་ལ་བསྒྲུབ་པར་བྱ་བ་གྲང་པ་བཀག་པ་ཙམ་གྱིས། །དྲོ་བར་འགྲུབ་པ་མ་ཡིན་ཏེ། དྲོ་མི་ན་དྲང་མིན་གྱིས་ཕུང་པོ་གསུམ་པ་ཡང་ཡོད་པའི་ཕྱིར་རོ། །སྒྲུབ་པར་དྲོ་བའི ་རེག་པ་སྒྲུབ་པར་བྱེད་པ་ལ་ནི་སྐྱོན་འདི་མེད་དེ། དེའི་ཕྱིར་སྒྲུབ་པ་ཁོ་ནས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར། །འགལ་བར་རིགས་སོ་ཞེས་སེམས་སོ། །གལ་ཏེ་ཡང་དྲོ་བ་མེ་སྒྲུབ་ཀྱི་ཞེས་པ་སྟེ། ་གལ་ཏེ་ཡང་ཞེས་པ་དངོས་འགྲུབ་པ་ཁོ་ན་སྟེ། གྲང་བ་ཙམ་བགག་པས་ཀྱང་དྲོ་བས་སྟེ། ངེས་མེ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དྲོ་མིན་དྲང་མིན་ན་འཇམ་པ་ཉིད་ལ་སོགས་པ་སྟེ། དེ་ནི་གང་ནོ་དྲོ་བའི་རེག་པ་ཅན་དེར ་སྲིད་པ་ཁོ་ན་སྟེ། འགལ་བ་མེད་པའི་ཕྱིར་རོ། །དེ་ཡོད་ན་ཡང་དྲོ་བ་ཉིད་འགྲུབ་པའི་ཕྱིར། འགལ་བ་ཅུང་ཟད་ཀྱང་མེད་ཏེ། དཔེར་ན་སྒྲ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཡོད་པར་གྱུར་ན་ཡང་བྱས་པ་ཉིད་ལ་མི ་རྟག་པ་ཉིད་འགྲུབ་སྟེ། དེས་དེ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་འགྲུབ་པ་དེ་བཞིན་དུ། ས་ཕྱོགས་སུ་འཇམ་པ་ཉིད་ལ་སོགས་པའི་རེག་པ་ཡོད་པར་གྱུར་ཀྱང་མེ་ལ་ས་དྲོ་བ་ཉིད་འགྲུབ་སྟེ། དེས་དེ་ལ་ཁྱབ་པ་ཉིད་ཀྱི ་ཕྱིར་རོ། །ཁས་བླངས་ནས་ཁོ་བོས་ལན་བརྗོད་པར་བྱའོ། །ཞེས་གསལ་བར་བྱེད་དོ། །གྲང་བ་མ་ཡིན་པ་ནི་འགྲུབ་པོ་ཞེས་པ་གྲང་བ་མེད་པའོ། །ད་ལྟ་ན་ཡང་འགལ་བ་ཞེས་པ། །གྲང་བ་ཉིད་མེད་པ་འགྲུབ ་པའི་ཕྱིར་ཏེ། སྒྲུབ་པས་དྲོ་བ་ཉིད་སྒྲུབ་པར་བྱེད་པ་ན་ནི་མ་ཡིན་ནོ། །འདིར་གྲང་བའི་རེག་པ་སྟེ། མེའི་ཕྱིར་རོ་ཞེས་བྱས་པ་ན། གང་གི་ཚེ་མེ་གྲང་བ་མེད་པ་སྒྲུབ་པ་ལ་གཏན་ཚིགས་ཉིད་དུ་བརྗོད་ཏེ། ཇི ་ལྟར་གཏན་ཚིགས་འདིས་གྲང་པ་མེད་པ་ཁོ་ན་སྒྲུབ་པར་བྱེད་པ་ལྟར་རོ། །ཞེས་པ་ལྟ་བུ་ཡིན་པ་དེའི་ཚེ་འགལ་བར་འགྱུར་མོད། །གང་གི་ཚེ་དྲོ་བ་འགྲུབ་པ་ལ། མེ་གཏན་ཚིགས། རྟ་བརྗོད་པ་དེའི་སེ། ཅི ་གྲང་བ་བཀག་པའི་སྒོ་ནས། འགལ་བར་འགྱུར་ཞེ་ན། གསུངས་པ། གང་གི་ཚེ་ཞེས་པ་ལ་སོགས་པའོ། །དེའི་ཚེ་ཡང་དོན་གྱིས་གོ་བར་གྲང་བ་ཉིད་མེད་པར། མེས་སྒྲུབ་པར་བྱེད་པ་ཁོ་ན་སྟེ། གཞན་དུ་ན་དྲོ་བ་ཁོ ་ན་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དེའི་ཚེ་ཡང་གྲང་བ་མེད་པ་གྲུབ་པ་ཁོ་ན་འགལ་བར་འགྱུར་རོ། །ལྷག་མ་རྣམ་གསུམ་པ་ལྟོས་པ་ཡིས། ཞེས་སྔར་བཤད་པ་དེ་ལ་ཡང་དག་པ་དང། ལོག་པ་སྒྲུབ་པར་བྱེད་པའི་གཏན ་ཚིགས་ཉིད་ཀྱིས་ལྷག་མ་གསལ་བར་བྱས་ཏེ། ང་ནི་ཐེ་ཚོམ་གྱིས་གཏན་ཚིགས་ཉིད་གསལ་བར་བྱས་པའི་ཆེད་དུ། ཕྱོགས་སྔ་མ་འགོད་ལ། ཕེན་ཡང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ལ་འཇུག་བཞིན་པ་ཞེས་པ ་དག་གི་ལྷག་མའོ། །མ་ཡིན་དགག་གི་འཇུག་པས་ཞེས་པ། བསྒྲུབ་པས་སྟེ་བརྟག་པ་འགག་པ་ལ་མི་བལྟོས་པར་ཞེས་པའོ། །སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱས་པ་ན། རྟག་པར་མི་འགྱུར་རོ་རྟོག་པ་ནི ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲུབ་པ་ཁོ་ནས་འཇིག་པའོ་ཞེས་པར་རོ། །དེའི་ཕྱིར་རྟག་བཀག་པའི་སྒོ་ནས་རྟགས་སོ། །ཞེས་གང་བརྗོད་པ་དེ་མི་རིགས་ཞེ་ན། འདི་དེ་ལྟར་འགྱུར་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་བྱས ་བ་ལ་སོགས་པ་གང་ཞིག་འུམ་པ་ལ་སོགས་པ་གང་ལ་འཇུག་པ་དེའི་པ་ཉིད་རིགས་ན། ནུས་པར་གྱུར་ན་སྒྲུབ་པའི་སྒོ་ནས། རྟོགས་པར་བྱེད་པ་ཉིད་རིགས་ན། ་ང་ཡང་མང་སྟེ། གང་གསུངས་པ། གང་ལ་ཞེས་པ་ལ་སོགས་པའོ། །འོ་ན་ད་ལྟ་ན་ཞེས་པ་ནི། གལ་ཏེ་བུམ་པ་ལ་སོགས་པ་དུ་མ་ལ། མཐོང་བའི་ཕྱིར་བྱས་པ་ཉིད་ཐེ་ཚོམ་གྱི ་རྒྱུ་ཡིན་ན་བདག་མེད་པ་ཉིད་ལ་སོགས་པ་རྣམས་ལ་ཡང་འགྱུར་བའོ། །འདི་དེ་ལྟར་འགྱུར་རོ་ཞེས་པ་ཁྱད་པར་རྣམ་ལ་ཐེ་ཚོམ་གྱི་རྒྱུར་བརྗོད་པར་བྱ་ན། མི་རྟག་པ་དང་བདག་མེད་པ་ལ་སོགས་པ་རྣམས་ཁྱད་པར་མ་ཡིན་ནོ། །དེ ་ལྟར་ན་ནི་དེ་རྣམས་ཞེས་པ་སྟེ། འདིས་ནི་གང་རྣམས་ཕན་ཚུན་དུ་ལྡོག་ཅིང་ཐ་དད་པ་དེ་རྣམས་ཁོ་ན་འདིར་ཁྱད་པར་དུ་བརྗོད་པར་འདོད་ཅིང། མི་རྟག་པ་ཉིད། ལ་སོགས་པ་རྣམས་ཕན་ཚུན་དུ་ལྡོག་པ་ཡོད་པ་ཡང་མ་ཡིན་ཏེ། །དངོས་པོར་ན་ཐ་མི་དད ་པ་ཉིད་ཀྱི་ཕྱིར་རོ་ཞེས་སྟོན་ཏོ། །དེ་ལྟར་འགྱུར་མོད། ཁྱད་པར་རྣམས་ལ་འཁྲུལ་པའི་བདག་ཉིད་དུ་འགྱུར་བ་སྒྲུབ་པའི་སྒོ་ནས་རྟོགས་པར་བྱེད་པ་ཉིད་ཏེ། སྤྱི་ལ་ནི་འཁྲུལ་པ་མེད་དོ། །དེའི་ཕྱིར་སྒྲུབ་པས་སྤྱི་དངོས་པོར་གྱུར་པ་ཁོ་ན་རྟོགས་བར ་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། མི་རྟག་པ་ཉིད་ནི་རྟག་པ་ཉིད་བཀག་པ་ལས་ཏེ། རྟག་པ་ཉིད་བསལ་བ་ལས་གཞན་གང་སྒྲུབ་པས་བརྗོད་པར་བྱ་བ་དོན་གཞན་ནམ་དོན་གཞན་མ་ཡིན་པ་ཡོད། ་པ་ནི་མ་ཡིན་ནོ། །རིགས་པ་ཡང་ཞེས་པས་འཐད་པའི་རིགས་པའོ། །དེ་ཅི་ཞིག་ཅེ་ན་གསུངས་པ། གང་མི་མཐུན་ཕྱོགས་ལས་ཞེས་པ་ལ་སོགས་པ་སྟེ། འདིས་ནི་ལྡོག་པ་གཙོ་བོ་ཉིད་དུ་སྟོན་ཅིང། ལྡོག་པའི་སྒོ་ནས་རྟོགས་པའི་རིགས ་པ་ཉིད་དུ་གསུངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྗེས་སུ་འགྲོ་བ་ཡང་གཙོ་བོ་ཉིད་ཀྱི་ཕྱིར། མཐོང་བ་བཞིན་དུ་སྒྲུབ་པའི་ངོ་བོས་ཀྱང་རྟོགས་པར་རིགས་སོ་ཞེ་ན་གསུངས་པ། འདི་ནི་ཞེས་པ་ལ་སོགས་པའོ། །འདིས་ན་རྗེས་སུ་འགྲོ་བ་གཙོ་བོ ་ཉིད་མ་ཡིན་པར་སྟོན་ཏོ། །འོ་ན་བྱས་པ་ཉིད་ནི་མི་རྟག་པ་ཐམས་ཅད་ལ་ཡོད་པའི་ཕྱིར་དེ་སྒྲུབ་པས་རྟོགས་པར་བྱེད་པར་རིགས་སོ་ཞེས་གསུངས་པ། ཐམས་ཅད་ལ་ཞེས་པ་ལ་སོགས་པའོ། །འོ་ན་ལྡོག་པ་ཡང་ངེས་པ་མི་སྲིད་པ་མ། ་ཡིན་ནམ། །རིགས་མི་མཐུན་རྣམས་མཛའ་ཡས་པའི་ཕྱིར་རོ་ཞེ་ན། འདི་འདི་ལྟར་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་རིགས་མི་མཐུན་པ་འཛིན་པ་ལས་གཏན་ཚིགས་ཀྱི་ལྡོག་པ་གཟུང་བར་བྱ་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་ཀྱི ་བསྒྲུབ་པར་བྱ་བ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་བསྟན་པ་ལས་སོ། །དེ་ལྟར་འགྱུར་མོད། འབྲེལ་པའི་སྟོབས་ཀྱིས་རྟོགས་པར་བྱེད་པ་ན། འབྲེལ་པ་ནི་ལྡོག་པ་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར། དེའི་སྒོ་ནས་གོ་བར་བྱེད་པར ་འགྱུར་རོ། །དེས་ན་མི་འདོད་པ་འདིར་མ་གྱུར་ཅིག་ཅེས་པས་འབྲེལ་པ་མེད་པ་ཁོ་ནར་གཏན་ཚིགས་གོ་བར་བྱེད་པར་འགྱུར་མེད་ཅེ་ན། དེའི་ཕྱིར་གསུངས་པ། རྟགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་ན་ཧ་ཅང་ཐལ་བར་འགྱུར་རོ། ། ་ཞེས་པ་དགོངས་པའོ། །འདིར་ཡང་ཞེས་པ་ཐེ་ཚོམ་གྱི་གཏན་ཚིགས་ལ་འོ། །ཅིའི་ཕྱིར་ཞེ་ན་གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པ་སྟེ། དག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ནི། རྩོལ་མ་ཐག་ཏུ་བྱུང་བ་སྟེ། བྱས་པ་ཉིད་ཀྱི་ཕྱིར ་ལུས་ཀྱི་རྣམ་པར་རིག་བྱེད་བཞིན་ནོ་ཞེས་པ་གློག་ལ་སོགས་པས་མ་ངེས་པ་སྟེ། རང་ཀུན་ནས་སློང་བར་བྱེད་པ་རྟོགས་པའི་ཕྱིར་ཞེས་པ་ནི་སྒྲའི་བདག་ཉིད་རྟག་པ་བསལ་སྒྲས་སོ། །གཉིས་ཀ་དག་ཆོགས་ན་ནི་ངེས་པ་ཁོ་ནར་འགྱུར་རོ། ། ་དེ་ལ་དག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ནི་ཡི་གེའི་བདག་ཉིད་ཀྱི་གྲགས་པའི། །ལུས་ཀྱི་རྣམ་པར་རིག་བྱེད་ནི་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གསལ་སྒྲ་ནི་ཐ་མི་དད་པ་སྟེ་གསལ་བར་བྱེད་པའི་གྲག་སྒྲའི་རྗེས་སུ་འགྲོ ་བ?་ལས་ངོ་བོ་ཐ་དད་པ་བཞིན་དུ་འབྱུང་བ་རྟག་པ་རྩོལ་མ་ཐག་ཏུ་བྱུང་བ་མིན་པ་སྒྲའི་བདག་ཉིད་དོ། །འདི་ཡང་ཀུན་ནས་སློང་པ་རྟོགས་པར་བྱེད་ཏེ། ཤིང་ལ་སོགས་པའི་སྒྲ་ཐོས་པ་ལས་དེ་ཀུན་ནས་སློང་པའི་སེམས་རྟོགས ་པའི་ཕྱིར་རོ། །ཀུན་ནས་སློང་བར་བྱེད་པ་ནི་དེའི་མངོན་པར་གསལ་བ་སྟེ། གསལ་བར་བྱེད་པའི་སྒྲ་ཀུན་ནས་སློང་བའི་ཕྱིར་ཡང་སེམས་ཀྱང་བརྒྱུད་པས་དེའི་ཀུན་ནས་སློང་བྱེད་དུ་འགྱུར་རོ། །སེམས་དང་སེམས་ལས་བྱུང་པ ་རྣམས་ཁོ་ན་ཀུན་ནས་སློང་བྱེད་དུ་བརྗོད་པར་འདོད་ཀྱི། རྒྱུ་ཙམ་ནི་མ་ཡིན་ཏེ། རྣམ་པ་གཞན་དུ་ན་གློག་ལ་སོགས་པ་རྣམས་ཀྱང་རང་ཀུན་ནས་སློང་པ་རྟོགས་པར་བྱེད་པའི་ཕྱིར་ལྷན་ཅིག་པ་དག་ཀྱང་མ་ངེས་པར་འགྱུར་རོ། དེ ་ལྟ་ན་ལོན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཐེ་ཚོམ་གྱི་གཏན་ཚིགས་ནི་ཆོག་གཞན་མཐོང་བ་ལས་བསྒྲུབ་བྱ་ངེས་པར་བྱེད་པ་མཐོང་ཞེས་གཅིག་སྨོས་པ་རྗེས་སུ་འཇུག་པ་ཡིན་ན། དང་པོ་དག་ལ་ཡང་གཅིག་སྨོས་པར ་བྱའོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཆོས་གཞན་མཐོང་བའི་ཕྱིར་ཞེས་པ། བྱས་པ་ཉིད་ལ་སོགས་པའི་ཆོས་བསྟན་པའི་ཕྱིར་རོ། །སྒྲ་མི་རྟག་སྟེ། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་ཞིང་བྱས་པ ་ཉིད་ཀྱི་ཕྱིར་བུམ་པ་བཞིན་ཞེས་བྱས་པ་ན། མཉན་པར་བྱ་བ་ཉིད་ཡོད་པ་ན་ཡང་མི་རྟག་པ་ཉིད་དེས་པར་འགྱུར་རོ། །དེ་བཞིན་དུ་མི་རྟག་པ་སྟེ། གཞལ་བྱ་འདི་ལ?་ཀྱི་ཕྱིར་ཞིང་བྱས་པ་ཉིད་ཀྱི་ཕྱིར། བུམ་པ་བཞིན་ཞེས་པ ་འདི་ལ་ཡང་དེས་པར་མཐོང་ངོ། །དེ་ཁོ་ན་ལ་ཞེས་པ། གང་བསྟན་པ་ལས་ངེས་པ་མཐོང་བའོ། །རྣམ་པར་གཅོད་བྱེད་ཀྱི་གཏན་ཚིགས་མིན་པའི་ཕྱིར་ཞེས་པ། ཕུལ་དུ་བྱུང་བསལ?་ཞེས་པ་དགོངས་པར། གཞན་ཡུན ་གཉིས་ཀ་ལ་བརྟེན་པ་ཡང་རྣམ་པར་གཅོད་བྱེད་ཀྱི་གཏན་ཚིགས་ཉིད་མ་ཡིན་པའི་ཕྱིར་ན། དེ་ལས་གཞན་པའི་ཆོས་དང་བཅས་པ་ཉིད་ན། དེ་ཁོ་ན་ལས་ངེས་པ་སྐྱེ་བར་འགྱུར་རོ། །གཉིས་ཀ་ལ་བརྟེན ་པའི་གཞན་ལས་རྣམ་པར་བཅད་ནས་ཞེས་པ་ནི་མཐུན་ཕྱོགས་ལས་རྣམ་པར་བཅད་ནས་སོ། །འདིས་ནི་དང་པོ་དག་ལས་གཉིས་ཀ་ལ་བརྟེན་པ་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་དུ་ཁྱད་པར་གསུངས་སོ། །ཇི་ལྟར་གཉིས ་ལ་བརྟེན་པ་ཐེ་ཚོམ་གྱི་རྒྱུ་ཡིན་ཡང་ཆོས་གཞན་དང་ལྷན་ཅིག་པ་ནི་ངེས་པ་ལ་གཏན་ཚིགས་སོ་ཞེས་སླར་ཡང་ངེས་པར་གཟུང་བར་བྱ་བ་ཅིའི་ཕྱིར་ཞེ་ན། བཤད་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །བྱ་རོག་གནས་པ་ནི་སྐྱེས་བུ ་ལ་སོགས་པ་རྣམས་ལྒ?་རྣམ་པར་བཅད་ནས། ཐོ་ཡོར་དང་ཐད་དག་ལ་ཐེ་ཚོམ་གྱི་རྒྱུ་འབའ་ཞིག་གོ་།སྒྲེང་པ་ཉིད་དང་ལྷན་ཅིག་ནི། ཐོ་ཡར་ལ་དེས་བྱེད་ཀྱི་གཏན་ཚིགས་སོ། །སོ་ཡོར་སྨོས་པ་ཡང་འདིར་སྐྱེས་བུ་མ་ཡིན་པའི ་གཟུགས་ཅན་བསྒྲེང་པ་ཉིད་སྤྱི་ཉེ་བར་མཚོན་པའི་དོན་དུའོ། །རང་ཀུན་ནས་སློང་བྱེད་རྟོགས་པར་བྱེད་པའང་སྒྲ་རྟོག་པ་ཉིད་དང་སྨྲ་བའི་དོར། འབའ་ཞིག་པས་ངེས་པར་བྱེད་མི་ནུས་པའི་ཕྱིར། བྱས་པ་ཉིད་ལྷན་ཅིག་པ་ཁོ་ན་ནི་དེ་ངེས ་པར་བྱེད་པའི་གཏན་ཚིགས་སོ་ཞེས་བརྟག་པར་བྱའོ། །སྒྲ་རྟག་པ་ཉིད་སྨྲ་བའི་དོར་ཞེས་སྨོས་པ་ནི་སྒྲ་མ་རྟོག་པ་ཉིད་དུ་སྨྲ་བའི་དོར་འབར་ཞིག་པ་ཡང་ནུས་པའི་ཕྱིར་རོ། །དེ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ཞེས་པ་ནི་གཉིས་ཀ ་ལ་བརྟེན་པའི་རྟགས་སོ། །ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། ཡང་དག་པ་དང་ལོག་པའི་ཤེས་པའི་རྒྱུ་དག་གིས་གཉིས་ཀ་ལ་བརྟེན་པའི་ཁྱད་པར་སྟོན་པར་བྱེད་དོ། །དེ་དག་ནི་གང་དུ་མ་མཐོང་བ་དེ་རྣམ་པར་གཅོད ་པའི་སྒོ་ནས་རྟོགས་པར་བྱེད་དོ། །ཐེ་ཚོམ་གྱི་གཏན་ཚིགས་ནི། གང་དུ་འཇུག་པ་དེ་ལ་བལྟོས་པས་ཐེ་ཚོམ་སྐྱེད་པར་བྱེད་དོ། དེ་སྟོན་པ་དཔེར་ན་ཞེས་པ་ལ་སོགས་པའོ། །འོ་ན་ནམ་མཁའ་ཡང་གློག་ལ་སོགས་པ་བཞིན ་བརྩལ་མ་ཐག་ཏུ་མ་བྱུང་བ་མ་ཡིན་མ། །དེའི་ཕྱིར་དེ་ལ་བལྟོས་ནས་ཀྱང་ཅིའི་ཕྱིར་ཐེ་ཚོམ་སྐྱེད་པར་མི་བྱེད་ཅེ་ན། གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བྱས་པ་ཉིད་ནི་ནམ། །གླ ་ལ་སོགས་པ། ལས་རྣམས་ལྡོག་བཞིན་པ་ཉིད་ཀྱི་ཕྱིར། །རང་གི་རྟེན་རྟག་པ་ལས་རྣམ་པར་བཅད་ནས་དེ་ལ་མི་རྟག་པ་ཉིད་དུ་ངེས་པར་བྱས་པ་ན། རྩོལ་བ་ལས་སྐྱེས་པ་ཉིད་དུ་ཐེ་ཚོམ་གྱི་རྒྱུ་སྟེ། དེའི་ཕྱིར་ནམ་མཁའ་ལ ་སོགས་པ་རྣམས་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཉིད་དུ་ཡོད་ན་ཡང། དེ་ལ་ལྟོས་ནས་བྱས་པ་ཉིད་ཐེ་ཚོམ་གྱི་གཏན་ཚིགས་མ་ཡིན་ནོ། །གང་ལས་རྣམ་པར་གཅོད?་པར་བྱེད་པ་དེ་ལས་ལྟོས་ནས་ཐེ་ཚོམ་ཁྱེད་དོ། །ཞེས་པར ་རིགས་པ་ནི་མ་ཡིན་ནོ། །དེ་ལྟར་འགྱུར་མོད། །འདི་ནི་རྣམ་པར་གཅོད་པའི་གཏན་ཚིགས་ཁོ་ན་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ལས་རྣམ་པར་གཅོད་པར་བྱེད་ཅེ་ན་གསུངས་པ། མ་ཡིན་ཞེས་པ་ལ ་སོགས་པ་སྟེ། གང་རྣམ་པར་གཅོད་པར་བྱེད་ཀྱི་གཏན་ཚིགས་མ་ཡིན་པ་འདིས་ནི་ཡོངས་སུ་གཞལ་བའི་དོན་ལ་ཐེ་ཚོམ་བྱེད་པ་མ་ཡིན་ཏེ། གཞལ་བྱ་ཉིད་བཞིན་ནོ། །གཉིས་ཀ་ལ་བརྟེན་པ་ཡང་འདི་ལྟ་བུ་མ་ཡིན་ནོ། །དེའི་ཕྱིར་འདི ་རྣམ་པར་གཅོད་པའི་གཏན་ཚིགས་སོ་ཞེས་པའོ། །དེའི་ཕྱིར་འདི་ཁོ་ན་ལ་གཅིག་སྨོས་པའི་བྱའོ། །ཞེས་གནས་སོ། །ད་ནི་གང་བརྟག་པ་བཀག་པ་ལ་མི་ལྟོས་པར་མ་ཡིན་པར་དགག་པའི་འཇུག་པས་ཞེས་པ་ལ་སོགས་པ་སྨྲས་པ་དེ་མི ་རིགས་པ་ཉིད་དུ་བསྟན་པའི་ཆེད་དུ་གསུངས་པ། མ་ཡིན་པ་དགག་པ་ཡང་ཞེས་པ་ལ་སོགས་པ་སྟེ། དོན་གཞན་མ་ཡིན་པར་དགག་པས་དོན་གཞན་མངོན་པར་བརྗོད་པའི་ཕྱིར་མ་ཡིན་པར་དགག་ལ་སྦྱོར་ཏེ་དགག ་གྲ་ལ་མི་བལྟོས་ན་ནི་མ་ཡིན་པར་དགག་པ་མ་ཡིན་པ་ནི། མ་ཡིན་པར་དགག་པ་ཅུང་ཟད་དུ་ཇི་ལྟར་འགྱུར། གཞན་དུ་ན་ཞེས་བས?་ལ་སོགས་པ་སྟེ། གལ་ཏེ་རྟག་པ་དགག་པར་བྱེད་པས་མི་རྟག་པ་བརྗོད་པ་མ་ཡིན་ན། རན་གི་ཚིག་གིས་བརྗོད་པར ་བྱ་བ་ཁོ་ནར་འགྱུར་རོ་ཞེས་པ། རང་གི་ཚིག་ནི་བདག་གི་བའི་བརྗོད་པ་བུམ་པ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་སྒྲའོ། །དེ་ཁོ་ནས་བུམ་པ་ལ་སོགས་པ་བརྗོད་པར་བྱ་སྟེ། མི་རྟག་པ་ཞེས་པ་འདི་ལྟ་བུ་ལ་སོགས་པ་དགག་པའི་ཉེ་བར ་བསྒྱུར་བ་ཅན་གྱི་སྒྲ་ཡིས་ནི་དགག་པར་བྱ་བ་མེད་ན། དགག་སྒྲ་དགག་པའི་རྒྱུ་མཚན་ཅན་གྱི་སྦྱོར་བ་འཐད་པ་ནི་མ་ཡིན་ནོ། །གལ་ཏེ་འདི་ལ་ཡང་དགག་པ་ལ་བལྟོས་ན་འོ་ན་མ་ཡིན་དགག་ནི་མེད་དགག་ལས་བྱང་བར་ཅི་ཡོད་ཅེ་ན་འདི་ནི་ཞེས་པ་ལ་སོགས ་པ་སྟེ། རྟག་པ་དགག་པ་ལ་ཞེས་པ་རྟག་པ་བཀག་པས་ཉེ་བར་མཚོན་པའི་བུམ་པ་ལ་སོགས་པའི་དོན་ལ་བསྒྲུབ་པར་བྱ་བཞིན་པའི་བྱ་བ་བརྗོད་པར་འདོད་པ་ནི་མི་རྟག་པར་འགྱུར་རོ། །ཞེས་པའོ། །མ་ཡིན་པར་དགག་པ་ལ་དགག ་སྒྲ་ནི་བྱ་བ་དང་འབྲེལ་པ་མེད་པ་ཁོ་ན་སྟེ། དེའི་ཕྱིར་དེ་ལ་བྱ་བ། དགག་པ་མ་ཡིན་གྱི། འོན་ཅི་ཞེ་ན་བསྒྲུབ་པར་བྱའོ། །རྟོགས་པ་ཅན་ཁོ་ན་ནི་དགག་སྒྲ་དང་འབྲེལ་ཞིང། །རྟོགས་པ་ཅན་གྱི་དོན་ཡང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི ་ཕྱིར་དགག་པར་མི་འཐད་པའི་ཕྱིར་རོ། །དེ་ལས་བཟློག་པ་རྟོགས་པར་བྱེད་པའི་དོན་ཅན་ཁོ་ནར་བསྡུ་བར་ཤེས་པར་བྱ་སྟེ། དེའི་ཕྱིར་ཡང་དེ་ལས་བཟློག་པའི་དངོས་པོ། ངེས་པར་གནས་པ་ཁོ་ན་ལ་བྱ་བ་རྣམ་པར་ཤེས ་པར་བྱ་སྟེ། མི་རྟག་པར་འགྱུར་རོ། །ཞེས་པའོ། །མེད་པ་དགག་པ་ལ་ནི་ཏེ་པའི་མཛའ་ཁོ་ན་དང་དག་གི་སྒྲ་འབྲེལ་པ་སྟེ། རྟག་པར་མི་འགྱུར་རོ། ཞེས་པ། བྱ་བ་དང་འབྲེལ་པ་ཁོ་ནར་དགག་སྒྲ་བརྗོད་པར་འདོད་པར ་འགྱུར་རོ། །དེ་དཔེར་བརྗོད་ཀྱིས་སྟོན་ཏོ། །སྒྲ་ནི་རྟག་པར་མི་འགྱུར་ཏེ། རེག་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཅིའི་ཕྱིར་འདིར་མེད་པར་དགག་པ་ཡིན་ཞིང། སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་ཞེས་པ་འདིར ་ནི་མ་ཡིན་པར་དགག་པ་ཡིན་ཞེ་ན་གསུངས་པ། འདིར་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་སྦྱོར་བ་འདིར་ཐེ་ཚོམ་ལ་བལྟོས་པའི་དགག་པ་སྟེ། ཅི་རེག་བྱ་མ་ཡིན་པ་ཉིད་ལས་རྟག་པ་འགྲུབ་པ་ཡོད་དམ་མེད་ཅེས་ཐེ ་ཚོམ་དུ་གྱུར་བ་ན་བརྗོད་པ་རེག་བྱ་མ་ཡིན་པ་ལས་རྟག་པར་མི་འགྱུར་རོ་ཞེས་པ་ལ་རྟག་པ་བྱེད་པ་པོ་སྟེ། འགྱུར་རོ་ཁོ་ན་དགག་ཚིག་དང་མངོན་པར་འབྲེལ་པར་བྱའོ། །སྔ་མ་ནི་བཟློག་པ་ལ་བལྟོས་པ་ཞེས་པ ་སྒྲ་མི་རྟག་སྟེ། བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདིར་ནི་བཟློག་པ་ལ་བལྟོས་པས་སྟེ། ངེས་པ་ལ་བལྟོས་པའོ་ཞེས་པའི་དོན་ཏེ། བྱས་པ་ཉིད་ཀྱིས་སྒྲ་འཇིག་པ་ཉིད་དུ་ངེས་པར་བྱས་ནས་རྟག་པ་ཉིད་བཀག་པ ་ཡིས་ཕ་རོལ་པོ་རྣམས་ལ་མི་རྟོག་པ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་འོ་ན་ཞེས་སྨྲས་ཏེ། མ་ཡིན་པར་དགག་པར་བྱ་བ་ཡོད་ན་མ་ཡིན་པར་དགག་པར་འགྱུར་མོད། །གང་གི་ཚེ་རྟག་པའི་དངོས་པོ ་ཉིད་ཁས་མི་ལེན་པ་དེའི་ཚེ་ཅི་ལྟར་མ་ཡིན་པར་དགག་པ་ཡིན་ཞེ་ན། དེའི་ཚེ་གཞན་གྱིས་ཡོངས་སུ་བརྟགས་པའི་ཕྱིར་ཞེས་གཞན་རྣམས་ཀྱིས་གང་གི་ཕྱིར་རྟག་པ་ནམ་མཁའ་ལ་སོགས་པ་རྣམས་ཡོངས་སུ ་བརྟགས་པ་དེའི་ཕྱིར་དེ་བཀག་པས་སྒྲ་མི་རྟག་པའོ། ཞེས་བསྒྲུབ་པར་བྱེད་ཏེ། ཇི་ལྟ་གཞན་རྣམས་ཀྱིས་ཡོངས་སུ་བརྟགས་པའི་ནམ་མཁའ་ལ་སོགས་པ་དེ་ལྟར་སྒྲ་འདི་མི་འགྱུར་རོ་ཞེས་པའི་དོན་ཏོ། །དེའི་དུས ་སུ་ཡོད་པ་བཞིན་དུ་ཞེས་པ། ཇི་ལྟར་ཉེ་བར་དམིགས་པའི་དུས་ན་ཡོད་པར་གྱུར་པ་དེ་ལྟར་དེ་ལས་སྔར་དང་ཕྱིས་ཀྱང་ངོ་ཞེས་ཕ་རོལ་པོ་རྣམས་ཀྱིས་རྟོག་པར་བྱ་སྟེ། དེ་བས་ན་གང་དེ་ཤིན་ཏུ་གནས་པར་ཡོངས་སུ་རྟོགས་པ་དེའི་བློ ་ལ་སྒྲོ་བཏགས་པ་མ་ཡིན་པར་དགག་པས་ཤིན་ཏུ་ཡོད་པ་མ་ཡིན་པའི་མཚན་ཉིད་ཅན་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱའོ། །ཞེས་པས་སྐྱོན་མེད་དོ། །སྔར་ལྷག་མ་རྣམས་གསུམ་བལྟོས་པ་ཡིས། ཞེས་བཤད་པ་དེ་ལ་བྱས་པ་ཉིད ་དང་རྩལ་མ་ཐག་ཏུ་བྱུང་བ་ཉིད་དག་ཡང་དག་པའི་ཤེས་པ་ལ་སོགས་པའི་རྒྱུ་ཉིད་དུ་བཤད་ལ། གཉིས་ཀ་ལ་བརྟེན་པ་ལྷག་མ་རྣམས་ནི་གཏན་ཚིགས་ཀྱི་འཁོར་ལོར་ཐེ་ཚོམ་གྱི་རྒྱུ་རྣམས་ཁོ་ནར་བཤད་ཏེ། གཞན་ནི་ངེས་པར ་མ་བྱས་པའི་ཚིགས་ལས་སོ། །དེའི་ཕྱིར་དེ་ལ་ཅི་ལྟར་རྣམ་པ་གསུམ་ཡིན་ཏེ། གང་ཡང་རུང་བའི་རྣམ་པ་ཉིད་བསྟན་པ་ན་ཡང། ལྷག་མའི་ཡང་རྟོགས་པར་བྱ་བའོ། །ཞེས་སེམས་པས་སྨྲས་པ། གལ་ཏེ་ཐམས་ཅད་ཅེས་པ ་ལ་སོགས་པའོ། །འདི་ཡང་ཞེས་པས་སྔ་མ་དག་དང་འདི་མཚུངས་པ་ཉིད་དུ་གསུངས་སོ། །གང་ལ་བལྟོས་པ་ཞེས་པ། གང་ལ་འཇུག་པ་ནམ་མཁའ་དང་ལས་ལ་སོགས་པ་དེ་ལ་བལྟོས་པ་ཁོ་ནས་ཐེ་ཚོམ་གྱི་རྒྱུ་སྟེ། དེ་ལས ་གཞན་པ་ལས་རྣམ་པར་གཅོད་དོ་ཞེས་པ། བུམ་པ་དང་རྡུལ་ཕྲ་རབ་ལ་སོགས་པ་གཟུགས་ཅན་གྱི་དངོས་པོ་རྣམས་ལས་ཏེ། དེ་ལས་ལོག་པ་ཉིད་ཀྱི་ཕྱིར་རོ། །ཅི་ལྟར་རྣམ་པར་གཅོད་པར་བྱེད་པ་ཅེས་པར་བྱ་ཞེ་ན། ད་ལྟར ་ནི་ཞེས་པ་ལ་སོགས་པ་སྟེ། གཉིས་ཀ་ལ་འཇུག་པ་ཉིད་ན་ཡང་ཞེས་པ། རྟག་པ་དང་མི་རྟོག་པ་ལ་འཇུག་པ་ཉིད་ན་ཡང་ངོ། །དེའི་ཕྱིར་འདི་གཟུགས་ཅན་རྣམས་ལས་ཆོས་གཞན་བསྒྲུབ་པར་བྱ་བ་ཉིད་ན་སྟེ། བྱ་བ་མེད་པ ་ལ་སོགས་པའི་ཆོས་བསྒྲུབ་པར་བྱ་བ་ཉིད་ན་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་རོ། །སྒྲ་བྱ་བ་མེད་པ་འམ་བྱ་བ་དང་བཅས་པ་ཞེས་སྒྲུབ་པར་བྱེད་དོ། །དེ་ལ་བྱ་བ་མེད་པ་ཉིད་ལ་ཡང་དག་པའི་ཤེས་པའི ་གཏན་ཚིགས་ཏེ། བྱ་བ་དང་བཅས་པ་ཉིད་ལ་ལོག་པའི་ཤེས་པའི་རྒྱུ་སྟེ། བྱ་བ་དང་བཅས་པ་ཐམས་ཅད་ལས་ལྡོག་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་ཉིད་སྒྲུབ་པ་ལ་ནི་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ཏེ། ཅིས་ཞེ་ན། ་ཐམས་ཅད་ལས་ལྡོག་པའི་ཕྱིར་རོ། །མི་རྟག་པའི་ཕྱོགས་སམ་རྟག་པའི་ཕྱོགས་ཐམས་ཅད་ལས་མི་ལྡོག་པའི་ཕྱིར་ཏེ། རིམ་པ་ཅི་ལྟ་བ་བཞིན་རྟག་པ་དང་མི་རྟག་པ་ཉིད་སྒྲུབ་པ་ནའོ། །དེ་འདྲ་བ་དང་མེད་ན་མི་འབྱུང་བའི་ཆོས་ཉེ་བར་སྟོན ་པ་གཏན་ཚིགས་སོ་ཞེས་པ་ནི། དོན་གང་སྒྲ་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་དེ་འདྲ་བ་སྟེ། དེའི་རིགས་ཅན་མེད་ན་དོན་གང་ཞིག་འགར་ཡང་འབྱུང་བ་མ་ཡིན་པ་སྟེ། རྩོལ་བ་ལས་བྱུང་བ་ཉིད་ནི་མི་རྟག་པ་ཉིད་ལྟ་བུ་དང ་དུ་བ་ནི་མེ་ལྟ་བུའོ་ཞེས་པ་དེ་ནི་དེ་འདྲ་བ་མེད་ན་མི་འབྱུང་བའི་ཆོས་ཏེ། དེ་ཉེ་བར་སྟོན་པ་ནི་འདིས་ཉེ་བར་བསྟན་པར་བྱའོ་ཞེས་པའི་ཚིག་གོ་།དཔེར་ན་རྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་འདི་ཏ་བུ་ལ་སོགས་པ་སྟེ། དེ་ནི ་གཏན་ཚིགས་སོ། །གང་གིས་ཉེ་བར་སྟོན་པ་མ་ཡིན་པ་དེ་ནི་གཏན་ཚིགས་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ་ཡིག་གི་གཟུང་བྱ་ཉིད་ཀྱི་ཕྱིར་ཞེས་པ་འདི་ལྟ་བུ་ལ་སོགས་པའོ། །འདིར་ངག་གིས་ངེས་པར་གཟུངས་པའི་འབྲས ་ཅན་ཉིད་ཀྱི་ཕྱིར། །ངེས་པར་གཟུང་བ་ཁོ་ན་རེ་ཞིག་རྣམ་པར་དཔྱད་པར་བྱའོ། །འདི་ལ་ངེས་པར་གཟུང་བ་རྣམ་པ་གསུམ་སྲིད་ཏེ། དེ་འདྲ་མེད་ན་མི་འབྱུང་ག་ཁོ་ན་དང། དེ་འདྲ་མེད་པ་ཁོ་ནར་མི་འབྱུང་བ་དང། དེ་འདྲ་བ་ཁོ་ན་མེད ་ན་མི་འབྱུང་བ་ཞེས་པའོ། །ཐམས་ཅད་ལ་ཡང་སྐྱོན་ཏེ། དེ་ལ་རེ་ཞིག་ངེས་པར་གཟུང་པ་སྔ་མའི་དབང་དུ་བྱས་ནས་གསུངས་པ། གལ་ཏེ་དེ་འདྲ་བ་མེད་ན་ནི། མེད་ཉིད་ཅེས་པ་ལ་སོགས་པའོ། །འདིར་འགལ་བ་དང་ཐུན་མོང་པའི་མ་ངེས་པ ་ཙམ་རྣམ་པར་གཅོད་པའི་ཕྱིར། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་སྒྲ་རྟག་གོ་ཞེས་པ་འདི་ཡང་གཏན་ཚིགས་སུ་འཐོབ་པོ། །གང་གི་ཕྱིར་དེ་འདྲ་བའི་རྟག་པ་ཉིད་མེད་ན་མི་འབྱུང་བ་ཁོ་ནའོ། །ཞེས་ཧ་ཅང་ཁྱབ་པའི་མཚན་ཉིད་དོ། །འོ་ན་རྟག་པ་ཉིད་མེད ་པ་ལ་མཉན་པར་བྱ་བ་ཉིད་འགྱུར་བ་ཁོ་ན་མ་ཡིན་ནམ། དེ་ལྟར་མི་རྟག་པ་ཁོ་ན་མཉན་པར་བྱ་བ་ཉིད་དུ་འཐད་ཀྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་པ་འདི་བསྒྲུབས་ཟིན་པས་སོ། །འདི་ཅི་ལྟར་སྐྱོན་དུ་ཐལ་བར་འགྱུར་ཞེ་ན། འདི་བསམ་པར་བྱ་སྟེ། ་མེད་པ་ཁོ་ན་ཞེས་པ་འདི་ལ་ནི། གང་དེ་འདྲ་མེད་པ་ཁོ་ནོར་མི་འབྱུང་བ་སྟེ། ལྷན་ཅིག་ཀྱང་ན་མི་ཡིན་པ་དེ་གཏན་ཚིགས་ཞེས་པ།ས་མཉན་པར་བྱ་བ་ཉིད་ལ་ཐལ་བར་འགྱུར་བ། མེད་དོ། །དེ་ལྟར་ནི་དེ་འབའ་ཞིག་པ་མེད་ན་མ་འབྱུང་བ་མ ་ཡིན་གྱི། འོ་ན་ཅི་ཞེ་ན་ལྷན་ཅིག་པ་ཡང་ངོ། །འོན་ཀྱང་མཐུན་ཕྱོགས་ལ་ཁྱབ་ལ་གང་ཡིན་པ་བྱས་པ་ལ་སོགས་པ་ཁོ་ན་གཏན་ཚིགས་སུ་འགྱུར་གྱི། མཐུན་ཕྱོགས་ལ་ཁྱབ་པ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལ་སོགས་པ་ནི་མ་ཡིན་ནོ། ། ་དེ་ལྟར་ནིར་སྒྲ་མེད་པ་ཁོ་ནར་མི་འབྱུང་བ་ཞེས་པའི་ངེས་པར་གཟུང་བ་འདི་ལས། ཇི་ལྟར་མཉན་པར་བྱ་བ་ཉིད་མཚན་ཉིད་ཀྱིས་ཡུལ་དུ་མ་བྱས་ཏེ། ལྷན་ཅིག་ཀྱང་མི་འབྱུང་བའོ། །ཞེས་བྱས་ནས་ཡིན་པ་དེ་ལྟར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱང ་སྟེ། གང་གི་ཕྱིར་དེ་ཡང་མཉན་པར་བྱ་བ་བཞིན་དུ་དེ་བས་ལྷན་ཅིག་ཀྱང་མི་འབྱུང་བ་སྟེ་གློག་ལ་སོགས་པ་ལའོ། །དེ་ལས་ཀྱང་དོན་གྱི་ལྷན་ཅིག་འབྱུང་བ་བྱས་པ་ལ་སོགས་པ་འབའ་ཞིག་ཁོ་ན་གཏན་ཚིགས་སུ་འགྱུར་གྱི། རྩལ ་མ་ཐག་ཏུ་བྱུང་བ་ཉིད་ནི་མ་ཡིན་ཏེ། དེ་མི་རྟག་པ་དང་ལྷན་ཅིག་འབྱུང་བ་ཁོ་ན་ནི་མ་ཡིན་ནོ། །དེ་སྟོན་ཏེ། དེ་མི་རྟག་པ་ཉིད་དང་ཞེས་པ་ལ་སོགས་པའོ། །འགའ་ཞིག་གིས་སྨྲས་པ། མེད་པ་ཁོ་ན་མི་འབྱུང་བ ་ཞེས་བརྗོད་པ་ན་དོན་གྱིས་ལྷན་ཅིག་ཁོ་ནར་གང་འགྱུར་བ་དེ་གཏན་ཚིགས་སོ་ཞེས་བརྗོད་པར་འགྱུར་གྱི། གང་ལྷན་ཅིག་འགྱུར་བ་ཁོ་ན་ཞེས་པ་ནི་མ་ཡིན་ཏེ། དེའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་མི་རིགས་ཏེ། གལ་ཏེ་ངེས་པར ་གཟུང་བ་འདི་ལ་དོན་གྱིས་ལྷན་ཅིག་ཁོ་ནར་གང་འགྱུར་བ་དེ་གཏན་ཚིགས་སོ་ཞེས་རྟོག?་ན་ངེས་པར་གཟུང་བ་དོན་མེད་པར་འགྱུར་ཏེ། གལ་ཏེ་ལྷན་ཅིག་ཀྱང་མི་འབྱུང་བ་གཏན་ཚིགས་སུ་འགྱུར་ན་ངེས་པར་གཟུང་བའི ་འབྲས་བུ་གཞན་ཅི་ཞིག་ཅེས་པ་འདི་བརྗོད་པར་བྱའོ། །དེ་ལྟར་ངེས་པར་གཟུང་བ་གཉིས་པ་ལ་མ་ཁྱབ་པའི་མཚན་ཉིད་དོ། །ངེས་པར་གཟུང་བ་གསུམ་པ་ལ་ནི་མཚན་ཉིད་མི་སྲིད་པར་སྟོན་པ་གསུངས་པ། དེ་འདྲ་ཁོ་ན ་ཞེས་པ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། མི་འདོད་པ་ཁོ་ནར་ཞེས་པའི་དོན་ཏོ། །ངེས་པར་གཟུང་བ་སྔ་མ་དག་ལ་ནི་ཅུང་ཟད་འདོད་པ་ཡང་འགྲུབ་ཅིང་འདིར་ནི་འདོད་པ་མེད་པ་ཁོ་ནའོ། །སྔ་མ ་དག་ལ་ཐལ་བར་མི་འགྱུར་བ་བདེན་མོད་ཀྱི་ཞེས་པའོ། །ཅི་ལྟར་ཐལ་བར་མི་འགྱུར་ཞེ་ན། གསུངས་པ། དེ་འདྲ་བ་ཁོ་ནས་ལྷན་ཅིག་མི་འབྱུང་བ་ཞེས་བྱས་ནས། ཞེས་པ་སྟེ། མཉན་པར་བྱ་བ་ཉིད་ལ་ཆོས་འདི་ཡོད་པ ་ཡང་མ་ཡིན་ནོ། །ཞེས་པས་དེ་ལ་གཏན་ཚིགས་སུ་ཐལ་བ་མེད་དོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལ་ཡང་སྐྱོན་སྔ་མ་རྗེས་སུ་འབྲེལ་པ་མ་ཡིན་པ་ཁོ་ན་སྟེ། སྐྱོན་སྔ་མ་ནི་བྱས་པ་ཉིད་ལ་སོགས་པ་གཏན་ཚིགས་ཉིད་དུ་གྲུབ་པའི ་རྗེས་སུ་འབྲང་ལ། འདིར་ནི་གཏན་ཚིགས་ཉིད་དུ་གྲུབ་པའི་དྲི་ཡང་མེད་པས་སོ་།གང་གསུངས་པ་འོན་ཀྱང་ཞེས་པ་ལ་སོགས་པའོ། །འོ་ན་ཁྱོད་ཀྱི་འང་མཚུངས་ལ་ཡོད་པ་ཁོ་ན་ཞེས་པ་འདིར། དེ་དང་མཚུངས་པ་ཁོ་ན་ལ་ཞེས་ངེས་པར་གཟུང་བའི ་ཕྱིར་ཐལ་བར་འགྱུར་བ་མཚུངས་ཏེ། དེ་དང་མཐུན་པ་ཁོ་ན་ལ་ཡོད་པའི་གཏན་ཚིགས་འགའ་ཡང་མེད་ཏེ། དངོས་པོ་ཐམས་ཅད་རིགས་མི་མཐུན་གྱི་ཆོས་ཀྱི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ཞེ་ན་འདི་ཡོད་པ་མ་ཡིན་ཏེ། དེ་མཚུངས་དང ་མཐུན་ཕྱོགས་ཞེས་པ་རྣམས་གྲངས་དག་སྟེ། མཐུན་ཕྱོགས་ཀྱང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པའོ། །འདིར་ཡང་འདི་ལྟར་ངེས་པར་གཟུང་བར་བྱ་སྟེ། གང་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་ཁོ་ན་མཐུན་ཕྱོགས་སོ ་ཞེས་པར་སྟེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་མཐུན་པ་ཞེས་པ་ནི་མ་ཡིན་ནོ། །དེས་ན་དེ་མཚུངས་ཀྱང་གང་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་མཚུངས་པ་ཁོ་ན་ཡིན་པ་དེ་འགྱུར་བར་འོས་ཀྱི། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས ་ནི་མ་ཡིན་ནོ་ཞེས་པར་ཐལ་བར་འགྱུར་བ་མི་མཚུངས་སོ། །འོ་ན་འདོད་ཟླ་ལྡན་པར་གཅོད་པ་ཁོ་ན་ངེས་པར་གཟུང་བ་ལས་རྟོགས་པ་མ་ཡིན་ནམ་།ཆོས་ཐམས་ཅད་བཀག་པ་ནི་མ་ཡིན་ཏེ། དེས་ན་ཅིའི་བྱིར?་མཚོན་བར་བྱ་བ་མེད་པ ་མ་ཡིན་ཅེ་ན་།གང་དེ་ཡང་དོང་ཟླ་ལྡེན་པ་སེལ་བ་ཁོ་ན་ལ་ངེས་པར་གཟུང་བ་ནུས་པ་ཉིད་ཡིན་པ་དེ་ལྟ་ཡང། འདིར་མི་རྟག་པ་དང་རྟག་པ་ལ་སོགས་པ་སྐབས་སུ་བབ་པ་འགའ་ཞིག་མེད་པའི་ཕྱིར་ན་ཆོས་ཐམས་ཅད་ཀྱང ་ཕན་ཚུན་བལྟོས་པས་དེ་འདྲ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་དེ་འདྲ་བ་མ་ཡིན་པ་ཡང་དེང་ཟླ་ལྡན་པ་མ་ཡིན་ཀྱི་??་ཕྱིར་སོལ་བར་རིགས། །ཅི་འདི་རེ་ཞིག་ཅེས་པ། ཇི་ལྟར་སྦྱོར་བ་ཡིས་བསྟན་པར་བྱ་བ་དེ་ལྟར་འདི་མཚན་ཉིད ་ཡིན་ནམ་།ཅི་སྟེ་ཇི་ལྟ་བུར་གྱུར་པའི་དོན་གྱིས་ཡིན་ཞེས་པ་ནི། དོན་དམ་པར་དེ་འདྲ་བ་མེད་པ་ན་མི་འབྱུང་བའི་ཆོས་གང་ཡིན་པ་དེ་སྟོན་པ་གཏན་ཚིགས་ཡིན་ཞེས་པས་ན། དེ་ནི་ཅི་སྟེ་དེ་ཁོ་ནའི་རྣམ་པས ་སམ། རྣམ་པ་གཞན་གྱིས་ཡིན་ཞེས་པའོ། །འདི་ནི་འདིར་བརྗོད་པར་མི་འདོད་པ་ཁོ་ནའོ། །དེ་བདག་ཉིད་ཀྱིས་ཞེས་པས། དེ་འདྲ་བ་མེད་ན་མི་འབྱུང་བ་ཉིད་ཀྱིས་ཞེས་པའི་དོན་ཏོ། །གཏན་ཚིགས་སྨྲས་པས་མི་ནུས་སོ་ཞེས ་ཏེ། དེའི་བདག་ཉིད་ཀྱིས་བསྟན་པར་ཞེས་པ་ལྷག་མའོ། །གཏན་ཚིགས་བརྗོད་པས་ནི་ཕྱོགས་ཀྱི་ཆོས་ཙམ་འབའ་ཞིག་བརྗོད་ཀྱི། མེད་ན་མི་འབྱུང་བའི་འབྲེལ་བ་ནི་མ་ཡིན་ཏེ། དེ་ནི་དཔེའི་ཚིག་གི་རྟོགས ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཅི་ཡིས་སམ་ཅི་ལ་ཞེས་པ། དེའི་རྣམ་པ་མང་པོ་རྣམས་སྲིད་ཏེ། དཔེར་ན་དུ་བ་དང་བཅས་པའི་སྤྱི་དང་ཁྱད་པར་གྱི་ཆོས་རྣམས་ལྟ་བུའོ། །དེ་ལ་རྣམ་པ་འདི་ཡིས་ཉེ ་པར་སྟོན་པའོ་ཞེས་བརྗོད་པ་མིན་ནོ། །ཅི་ལ་སྟེ། ཅི་བསྒྲུབ་པར་བྱ་བ་ལ་དེ་སྟོན་ནམ། འོན་ཏེ་དེའི་གཞི་ལ་འམ། འོན་ཏེ་བསྒྲུབ་བྱའི་རིགས་མི་མཐུན་ལ་ཞེས་སོ། །དེའི་ཕྱིར་མཚན་ཉིད་ཉུངས་བ ་ཉིད་དོ། །ཕྱོགས་འདི་ཁོ་ན་ལ་སྐྱོན་གཞན་གསུངས་པ། ཤེས་བྱེད་ལ་ནི་འདས་པ་ཡིས། འདི་ལྟར་ཞེས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། མཐོང་ཞེས་པ་ལ་སོགས་པའོ། །མིག་གིས་གཟུང་སོགས ་ཞེས་ཏེ། པའི་སྒྲ་ནི་རང་གི་དོན་ལའོ། །སོགས་ཀྱི་སྒྲས་ཕྱི་རོལ་ཉིད་ལ་སོགས་པ་གཟུང་ངོ། །དེ་རྣམས་མི་རྟག་པ་ཉིད་དང་ལྷན་ཅིག་རྒྱུ་བ་ཉིད་ཡོད་པས་སོ། །ཞེས་སྒྲ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་གཏན ་ཚིགས་སུ་འགྱུར་རོ། །འདི་ནི་མ་གྲུབ་པ་ཉེ་བར་མཚོན་པའི་དོན་དུ་འང་ཡིན་ཏེ། ཕྱོགས་ཆོས་མ་བརྗོད་པ་ཉིད་ཀྱི་ཕྱིར་ཆ་གྲུབ་པ་ཡང་གཏན་ཚིགས་ཡིན་པ་འཐོབ་བོ་ཞེས་པའི་དོན་ཏོ། །མ་བསྟན་པ་ཞེས་བྱ་བ་འདི། ཅི་ལྟར་ཅི་ལ་ཞེས ་མ་བརྗོད། ཅེས་པ་གང་གིས་བསྟན་པ་ཞེས་པ་འདི་ཙམ་གྱིས་ནི་རྣམ་པ་འདིས་དང་འདི་ལེའི?་དོན་ཉེ་བར་མ་བསྟན་པའོ་ཞེས་པས་ཁྱད་པར་རྟོགས་པ་མ་ཡིན་པས་སོ། །ཞེས་པའི་ཕྱིར། འདི་མ་བརྗོད་པ ་དང་མཚུངས་པའོ། །ལྷན་ཅིག་འབྱུང་བས་བསྒྲུབ་བྱར་ན་།ཅེས་པ། འདི་ལྟར་སེམས་ཏེ། བསྟན་པའི་རྣམ་པ་ཁོ་ན་ལྷན་ཅིག་འབྱུང་བ་སྟེ། རྣམ་པ་གཞན་མ་ཐོས་པ་ཉིད ་ཀྱི་ཕྱིར་དང། མཚན་ཉིད་ཀྱི་ངག་ལ་ཡང་དེ་འདྲ་བ་མེད་ན་མི་འབྱུང་བ་ཉིད་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡུལ་ཡང་བསྒྲུབ་པར་བྱ་བ་ཁོ་ནར་རྟོགས་པར་བྱ་སྟེ། དེ་ཉི་བའི་ཕྱིར་རོ་ཞེའོ། ། ་མ་ཡིན་ཞེས་པ་ལ་སོགས་པས་སེལ་བར་བྱེད་ཏེ། ཆོས་མཐུན་པ་ཉིད་དམ་ཆོས་མི་མཐུན་པ་ཉིད་ཀྱིས་ཞེས་པའི་དམ་གྱི་སྒྲས་གང་ཡང་རུང་བ་ཡང་འབྲེལ་པ་སྟོན་པར་ནུས་པར་གསུངས་སོ། ། ་ཕྱི་རོལ་གྱི་དོ་ན་ཉེ་བར་བསྡུས་པས་ཞེས་པ། ཕྱོགས་སུ་བྱས་པའི་ཆོས་ཅན་གྱི་ཁྱད་པར་ལས་གཞན་དུ་སྤྱི་ལ་ཉེ་བར་བསྟན་པས་ཞེས་པའི་དོན་ཏོ། །སྤྱི་ཡང་ཁྱད་པར་ཡོངས་སུ་མི་སྤོང་བའི་ཕྱིར། །བསྒྲུབ་པར་བྱ་བའི ་ཆོས་ཅན་ཡང་དེར་ནང་དུ་འདུས་པ་ཁོ་ན་སྟེ། བསྒྲུབ་བྱའི་ཆོས་ཅན་ཁོ་ན་ལ་མེད་ན་མི་འབྱུང་བ་ཉིད་སྟོན་པ་བསལ་བ་ལྷུར་ལེན་པ་ནི་ཕྱི་རོལ་གྱི་དོན་སྨོས་པའོ། །དེ་ལྟར་ན་གལ་ཏེ་གང་གིས་མ་བསྟོན་པ་དེ་གཏན་ཚིག་མ་ཡིན་ན། རྣམ་པ་ཐམས་ཅད་དུ་གཏན་ཚིགས ་ཡོད་པ་མ་ཡིན་པར་ཐལ་འགྱུར་ཏེ། རྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པས་འབྲེལ་པ་སྟོན་པར་ནུས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དཔེ་གཉིས་པོས་སོ་ཞེ་ན། འདི་དེའི་བའི་ཚིག ་ཁོ་ནས་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ཇི་སྐད་འཆད་པར་འགྱུར་བ་ལྟ་བུ་ཞེས་པ་ལ་སོགས་པའོ། །གང་བརྗོད་པ་ཡང་ཞེས་པ་འདིས་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉེ་བར་སྟོན་པ་མི་སྲིད་པ་གསུངས་ཏེ། མི་རྟག་པ་ལ་སོགས ་པ་རྣམས་ནི་བསྒྲུབ་པར་བྱ་བ་ཉིད་དུ་བཤད་ལ། དེ་རྣམས་ལ་གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱི་ཆོས་ཉེ་བར་སྟོན་ན། གཏན་ཚིགས་འཛིན་པའི་དུས་ཁོ་ན་ན་བསྒྲུབ་བྱ་གྲུབ་པ་ཉིད་ཀྱི་ཕྱིར་གང་སྒྲུབ་པའི་ཆེད་དུ་གཏན་ཚིགས་སུ་འགྱུར ་བ་མ་གྲུབ་པ་གཞན་ཅི་དེ་ལྟར་འགྱུར་མོད། ཆོས་ཅན་ནི་བསྒྲུབ་པར་བྱ་བ་སྟེ། དེ་ལ་མཐོང་བའི་ཆོས་ཀྱིས་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་ཉིད་སྟོན་པའི་ཞེན་གསུངས་པ། གཞན་ནི་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་བྱའི་ཆོས ་ལ་ཐ་དད་པའི་བསྒྲུབ་བྱ་གཞན་རྩོད་པ་སྒྲུབ་པར་བཤད་པ་མ་ཡིན་ཏེ། བསྒྲུབ་བྱའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱ་ཉིད་དུ་མ་བརྗོད་པའི་ཕྱིར་རོ། །དཔེ་བརྗོད་དང་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་གཏན་ཚིཊ ་སོ་ཞེས་པ། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པར་བྱེད་པའི་དཔེ་ནི་དཔེ་བརྗོད་ཏེ། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བ་ལ་བུམ་པ་ལ་སོགས་པ་ལྟ་བུ་འོ། །དེ་དང་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་ལས་ཏེ་མཚུངས ་པ་ཉིད་ལས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་སྟེ། བསྒྲུབ་པར་བྱ་བ་རྟེག་པར་བྱེད་པ་ནི་གཏན་ཚིགས་ཏེ། དཔེར་ན་སྐྱེ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་སོགས་པ་ལྟ་བུའོ། །གལ་ཏེ་ཆོས་མཐུན་སྒྲུབ་བྱེད་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་དེ ་ཆོས་མཐུན་པ་སྐྱེ་བའི་ཆོས་ཅན་ཉིད་ལ་སོགས་པ་གང་ཡིན་པ་དེ་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་གྱི་དེའི་ཚིག་མ་ཡིན་ན། ངག་གི་ཡན་ལག་གཏན་ཚིགས་མིན་པར་གྱུར་ན། ཡན་ལག་ལྔ་ཅན་གྱི་དག་གི་ནི་གཏན་ཚིགས་ཡན་ལག་ཉིད་དུ་བརྗོད ་དམ་བཅའ་དང་གཏན་ཚིགས་དང་དཔེ་བརྗོད་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་རྣམས་ཡན་ལག་རྣམས་སོ་ཞེས་བརྗོད་པའི་ཕྱིར་རོ། །དོན་གྱི་མཚན་ཉིད་ལ་ནི་གཏན་ཚིགས་ལ་དེ་འཐོབ་པ་མ་ཡིན་ནོ། །ཞེས་པས་ཁས་བླངས་པ་ཉམས་སོ། །ཇི་ལྟར་ལྔ་པ་ངེས་པར་བསྟན ་པར་གྱུར་པ་ནི་ཆོས་མཐུན་པ་ཉིད་ཁོ་ན་གཏན་ཚིགས་ཉིད་དུ་དོགས་ཞེ་ན། གཞན་ཐོས་པ་མེད་པའི་ཕྱིར་དང། ཆོས་མཐུན་པ་ཉིད་ཀྱང་བསྒྲུབ་བྱ་དང། མངོན་པར་འབྲེལ་བའི་ཕྱིར་ཏེ། ཚིག་ནི་དོན་གྱི་སྒོ་ནས་བསྒྲུབ་བྱ་མངོན་པར་བསལ་བའི་རྒྱུ་ཉིད་ཀྱི་ཕྱིར་ན། དེ་ཁོ་ན ་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཉིད་དུ་དོགས་སོ། །ཐ་དད་དུ་འཇུག་པའི་ཕྱིར་རོ་ཞེས་པ། དག་གི་ཡན་ལག་མ་ཡིན་པ་ཉིད་ན་གཏན་ཚིགས་ཏེ། བྱ་བ་ཐ་དད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་ཡང་བརྒྱུད་པས་གཏན་ཚིགས་ཡིན་ནོ། །ཐ་དད ་དུ་འཇུག་པ་ཉིད་དུ་གྱུར་ན། ཐ་དད་པ་རྣམས་ལ་ཐ་མི་བང་པར་བརྗོད་པར་འདོད་པ་ལྡོག་སྟེ། དེ་ལྡོག་པ་ན་ཡང་ཡན་ལག་གི་ཐ་སྙད་དོ་ཞེས་པས། ལྷན་ཅིག་མ་ཡིན་པའི་གཏན་ཚིགས་བརྗོད་པར་འདོད་པ་ཁོ་ན་བར་མཆོད་ཀྱི་གཏན་ཚིགས་སོ། ། ་དེ་བསྟན་པའི་ཆེད་དུ་གསུངས་པ། ལྷན་ཅིག་བརྗོད་པར་འདོད་པ་ནི་ཞེས་པ་ལ་སོགས་པའོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། གང་འཇུག་པ་ཐ་དད་པ་དེ་རྣམས་ནི་ལྷན་ཅིག་བརྗོད་པར་འདོད་པ་མ་ཡིན་ཏེ། དཔེར་ན་རྫ་མཁན་དང་ཐགས་མཁན ་དང་བ་ལང་རྫི་ལ་སོགས་པ་རྣམས་བཞིན། ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱང་དམ་བཅའ་ལ་སོགས་པ་རྣམས་དང་ལྷན་ཅིག་འཇུག་པ་ཐ་དད་པའོ་ཞེས་པ་རྒྱུ་དང་འགལ་བའོ། །གང་གི་ཕྱིར་བྱ་བ་ཐ་དད་པའི་ནུས་པ་ཤེས་པའི་དོན་དུ་སྒྲ་གཅིག ་གིས་ལྷན་ཅིག་བརྗོད་པར་འདོད་པས་སོ། །དེ་གང་ཞིག་གང་གིས་ཡན་ལག་གཞན་རྣམས་དང་ལྷན་ཅིག་བརྗོད་པར་འདོད་པ་མེད་པ་དེ་ནི་དེའི་ཡན་ལག་མ་ཡིན་ཏེ། དཔེར་ན་དམག་གི་བ་ལང་བཞིན། ཇི་སྐད་བཤད་པའི་གཏན་ཚིགས་ཀྱང་དམ ་བཅའ་ལ་སོགས་པ་སྒྲུབ་བྱེད་ཀྱི་དག་གི་ཡན་ལག་རྣམས་དང་ལྷན་ཅིག་བརྗོད་པར་འདོད་པ་མེད་དོ། །ཞེས་པ་རྒྱུ་མི་དམིགས་པའོ། །དེ་ལྟར་ནི་འདིའི་འདི་ཡན་ལག་ཡིན་ནོ་ཞེས་པའི་ཐ་སྙད་ཀྱི་རྒྱུ་ནི། །དེའི་ཡན་ལག་གཞན་རྣམས་དང་ལྷན་ཅིག་བརྗོད ་པར་འདོད་པའོ། །ཆོས་མི་མཐུན་པའི་སྦྱོར་བ་ནི་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་གི་དཔེ་ཡིས་སྦྱར་བར་བྱ་བའོ། །འོ་ན་སྒྲུབ་བྱེད་མ་ལོག་པ་དཔེ་མ་ཡིན་ནམ། གླང་པོ་ལ་སོགས་པ་རྣམས་ཀྱང་འཇུག་པ་ཐ་དད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེར་ནི་ལྷན་ཅིག ་བརྗོད་པར་འདོད་པ་ཡང་མེད་པའི་ཕྱིར་རོ། །གླང་པོ་མྱོས་པ་རྣམས་ལ་སྟེ་མྱོས་སོ་ཞེས་བརྗོད་པར་བྱ་བ་འམ། རྟ་རྣམས་སྐད་འདོན་པ་ན་དམག་སྡེ་རྣམས་སྐད་འདོན་ནོ་ཞེས་པ་ནི་མ་ཡིན་པས་སོ། །འཇུག་པ་གང་གི་དབང་དུ་བྱས་ནས་ལྷན་ཅིག་བརྗོད་པར་འདོད་པ་དེའི་ཐ ་དད་པ་མེད་པའི་ཕྱིར་སྒྲུབ་པར་བྱེད་པ་ལྡོག་པ་མེད་ཏེ། དཔེར་ན་དམག་སྡེ་རྣམས་གོ་ཆ་གྱོན་ནོ་འཁྲུག་གོ་།རྣམ་པར་རྒྱལ་ལོ་ཞེས་པ་ལྟ་བུའོ། །མ་ཡིན་ཞེས་པ་ལ་སོགས་པས་གཏན་ཚིགས་གྲུབ་པར་མཇུག་སྡུད་པར་བྱེད་དོ། །ཅི་ལྟར་ན་འཇུག་པ་ཐ ་མི་དད་པར་འགྱུར་བ་མ་ཡིན་ཞེ་ན་གསུངས་པ་དོན་མ་བརྗོད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་སྟེ། དམ་བཅའ་ལ་སོགས་པའི་ཡན་ལག་རྣམས་ནི་དོན་བརྗོད་པའི་མཚན་ཉིད་ཅན་གྱི་འཇུག་པ་སྟེ། དེ་ཡང་དཔེར་བརྗོད་དང་ཆོས་མཐུན་པ་ཉིད་ཀྱི་མཚན་ཉིད་ཅན ་གྱི་དོན་ལ་ཡོད་པ་མ་ཡིན་ཏེ། ངེས་ན་བརྗོད་པར་བྱ་བ་ནི་མ་ཡིན་པས་སོ། །ཅིའི་ཕྱིར་དཔེར་བརྗོད་དང་ཆོས་མཐུན་པ་ལས་ཤེས་པའི་ལྔ་པ་འདི་མི་རིགས་ཞེ་ན་མ་ཡིན་ཞེས་པ་ལ་སོགས་པ་སྟེ། ཐ་དད་ཡོད་ན་འབྱུང་ཁུངས་བརྗོད་པར་འདོད ་པ་ན་ལྔ་བར་འགྱུར་ཏེ། གྲོང་ནས་འོངས་སོ་ཞེས་པ་ལྟ་བུའོ། །འདིར་ནི་ཐ་དད་པ་མེད་ཏེ། དཔེར་བརྗོད་པ་དང་ཆོས་མཐུན་པ་ཉིད་ཁོ་ན་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཐ་མི་དད་པ་པ་ལ་ཡང་ལྔ་པ་ཉེ་བར་དམིགས་པ་མ་ཡིན་ནམ། ནགས་ནས་ཤིང་གཅོད་ངོ་ཞེས་པ་ལྟ ་བུའོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ནགས་དང་ཤིང་དག་ཚོགས་པ་དང་ཡན་ལག་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །གལ་ཏེ་ཡང་ནགས་དང་ཤིང་དག་དངོས་པོར་ན་ཐ་མི་དད་པ་དེ་ལྟ་ན་ཡང། བློའི་སྣང་བས་བྱས་པའི་ཐ་དད་ཡོད་པ་ཁོ་ནའོ། ། ་གཞན་ཡང་ཕ་རོལ་པོ་དངོས་པོའི་དབང་པོ་ཁོ་ནས་ལས་སྒྲའི་དོན་རྣམ་པར་བཞག་པར་འདོད་དོ་ཞེས་པས་དེ་ཁོ་ན་ལ་འདི་སྐྱོན་ཡིན་ནོ། །ཁྱད་པར་དང་ཁྱད་པར་ཅན་དག་གི་ཞེས་པ། སྔོན་པོ་དང་ཨུལྤ་ལ་སོགས་པ་རྣམས་ཀྱི་ཁྱད་པར ་དང་ཁྱད་པར་ཅན་གྱི་དངོས་པོ་ཡོད་ན། གཞི་མཐུན་པ་རྣམས་ལ་རྣམ་དབྱེ་ཐ་དད་པ་ཉིད་མཐོང་བ་མེད་དོ། །འདིར་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཞི་མཐུན་པ་སྟེ། ཆོས་མཐུན་པ་ཉིད་ནི་ཁྱད་པར་དུ་འདོད་དོ། །དེའི་ཕྱིར་རྣམ་དབྱེ ་ཐ་དད་པར་མི་འགྱུར་རོ། །གང་ཞིག་གློག་པར་བྱེད་པ། དཔེ་བརྗོད་དང་ཆོས་མཐུན་པ་ཉིད་འདིའི་ཞེས་འབྲུ་མང་པོ་པས་ཆོས་ཅན་བརྗོད་པར་བྱ་ཞིང། དེའི་ཕྱིར་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་ཏེ། ཆོས་ཅན་ལས་གང་ཆོས་མཐུན ་པ་ཉིད་དུ་འགྱུར་བ་དེ་གཏན་ཚིགས་སོ་ཞེའོ། །དེའི་ཆོས་མཐུན་པ་ཉིད་ཁྱད་དུ་མ་བྱས་པ་ཉིད་ཀྱི་ཕྱིར་ཆོས་མཐུན་པ་ཉིད་ཙམ་གཏན་ཚིགས་སུ་ཐལ་བར་འགྱུར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པར་གཟུང་བ་ནི་དེའི་ཁྱད? ་པར་འཐད་པ་ཡང་མ་ཡིན་ཏེ། དེ་ཁོ་ན་ཡོངས་སུ་མི་ཤེས་པའི་ཕྱིར་ཏེ། ཡན་ལག་ཐམས་ཅད་ཀྱང་བསྒྲུབ་བྱ་སྒྲུབ་པར་བྱེ་བ་ཉིད་ཀྱི་ཕྱིར་རོ། །འདིར་ཆོས་མཐུན་པ་ཉིད་སྤོས་པ་ཡང་ཡོད་པ་མ་ཡིན་ནོ། །གང་ཡོད་པ་དེ་ནི ་ཆོས་ཅན་གྱི་ཁྱད་པར་རོ་ཞེས་པ་འདི་མི་རིགས་སོ། །དག་ཅེ་ན་ཞེས་པ་ལ་སོགས་པ་སྟེ། ངག་གི་སྒྲ་ཡིས་འདིར་བྱས་པ་ཉིད་ཀྱི་ཕྱི་བཞེས་པ་ལ་སོགས་པའི་ཚིག་ཅིམ་པོ་བརྗོད་པར་འདོད་པའོ། །དེ་ཉིད་ཀྱི་ཕྱིར་འབྲེལ་བར ་གསུངས་པ། ཚིག་གང་ཞིག་ཅེས་པའོ། །འོ་ན་ཡང་དག་པར་སྦྱོར་བ་ལ་སོགས་པ་རྣམས་ལས་སྒྲ་འབྱུང་གི་།ཆོས་མཐུན་པ་ཉིད་ལས་ནི་མ་ཡིན་ཞེ་ན་སྨྲས་པ། རྒྱུད་པས་ཞེས་པ་སྟེ། བྱས་པ་ཉིད་ལ་སོགས་པ་ཉེ་བར་དམིགས་པ་ན། ་དེ་བརྗོད་པར་འདོད་པར་འགྱུར་ཞིང་དེ་ལས་རྩལ་བའོ་དེ་ལས་དང་འབད་པ་ལས་ཀྱང་བྱེད་པར་སྦྱོང་བའོ། །དེ་ལས་ཀྱང་ལས་སོ། །དེ་ལས་ཡང་དག་པར་སྦྱོར་བ་དང་རྣམ་པར་འབྱེད་པའོ། །དེ་རྣམས་ལས་སྒྲའོ་ཞེས་པ་འདི་ནི་བརྒྱུད་པའོ། །གལ ་ཏེ་དངོས་སུ་ཞེས་པ་ལ་སོགས་པའོ། །དངོས་སུ་སྟེ་གང་ལས་གཞན་གྱིས་མཆོད་པར་རྗེས་སུ་དཔག་པར་བྱ་བ་ངེས་པ་སྐྱེ་པ་ཡིན་ན། དེ་ཡང་ཉན་པ་པོའི་མེད་ན་མི་འབྱུང་བའི་འབྲེལ་པ་དྲན་བ་སྟེ། དེ་ལས་དེ་མ་ཐག་ཏུ་རྗེས་སུ་དཔག་པར་བྱ་བ ་ངེས་སོ་ཞེས་བས་དེ་ཁོན་གཏན་ཚིགས་ཉིད་དུ་འགྱུར་རོ། །ཅི་སྟེ་ཞེས་བ་ལ་སོགས་པ་སྟེ། གང་བར་དུ་ཆོད་ཀྱང་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པའི་རྒྱུ་ཡིན་པ་དེ་བརྒྱུད་བས་ཏེ། ཉན་པ་པོའི་གཏན་ཚིགས་ཤེས་པ་ཡང་རྣམ ་པ་འདི་ལྟ་བུའོ་ཞེས་པས་དེ་གཏན་ཚིགས་ཉིད་དུ་འགྱུར་རོ། །ཕྱོགས་ཆོས་ཀྱི་ཤེས་པ་ཡང་ཆོས་མཐུན་པ་ཉིད་ལས་བརྒྱུད་པས་རྗེས་སུ་དཔོག་པོའི་རྒྱུར་འགྱུར་མོད། དེ་ཆོས་མཐུན་ཉིད་གཏན་ཚིགས་མིན་ཞེས་པ། ཉན་པ་པོའི་གང་ཆོས ་མཐུན་པ་ཉིད་ཀྱི་ཤེས་པ་དེ་ནི། དེའི་ཚིགས་ལས་བར་མ་ཆད་པར་འགྱུར་གྱི། ཆོས་མཐུན་པ་ཉིད་ལས་ནི་མ་ཡིན་ནོ། །ཚིག་ནི་དེ་ཁོ་ན་ལས་ཞེས་པ་བསམ་པའོ། །སྐབས་སུ་བབ་པའི་ཕྱིར་ཁྱད་པར་དུ་བྱ་བ་མ་ཡིན་ནོ། །ཞེས་པ་བསྒྲུབ་བྱ་སྟོན ་པ་དམ་བཅའ་ཞེས་པ་འདི་ལས་སྟོན་པ་སྨོས་བརྗེས་སུ་འཇུག་སྟེ། དེས་ན་འདི་ལྟར་འབྲེལ་པར་བྱ་སྟེ། དཔེར་རྗོད་དང་ཆོས་མཐུན་པ་ཉིད་ལས་གང་སྟོན་པ་དེ་གཏན་ཚིགས་སོ་ཞེས་བར་ཏེ། དེའི་ཕྱིར་ཁྱད་པར་དུ་བྱ་བ་མ་ཡིན་ནོ། །སྐབས་ཉིད་ཡིན་ན་གཞན་ལ་སྲིད?་ཅེས་པ ་ནི། སྟོན་པ་སྐབས་ཉིད་དུ་བརྟེན་པར་བྱ་བ་ཡིན་ན། གཏན་ཚིགས་ཉིད་དུ་མངོན་པར་འདོད་པ་སྟོན་པ་ལས་གཞན་བསྟོན་པའི་ཡང་གཏན་ཚིགས་ཉིད་དུ་སྲིད་དོ་ཞེས་པའི་དོན་ཏོ། །ཅི་ལྟར་གཞན་སྲིད་ཅེ་ན་གསུངས་པ། སྐབས་སུ་བབ་པ་ཉིད་ལ་ཡང་ཞེས་པ་སོཊ ་པ་སྟེ། གལ་ཏེ་ཡང་སྟོན་པ་སྐད་དུ་བབ་པ་ཡིན་པ་དེ་ལྟར་ན་ཡང་ལྔ་པས་སྟོན་པ་ཉིད་ལས་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་གང་ངེས་པར་སྟོན་པ་དི་གཏན་ཚིགས་ཞེས་པ་འདི་རྟོགས་ཀྱི་དཔེ་བརྗོད་དང་ཆོས་མཐུན་པའི་གང་སྟོན་པ་དེ་གཏན་ཚིགས་སོ་ཞེས ་པ་ནི་མ་ཡིན་ནོ། །དེ་ལས་ཀྱང་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟར་མེད། དཔེར་བརྗོད་དང་ཆོས་མཐུན་པ་ལས་དེ་ཁོ་ན་སྟོན་པ་ནི་འགྱུར་གྱི། གཞན་ནི་མ་ཡིན་ནོ། །དེས་ན་སྐྱོན་འདི་མེད་དོ་ཞེ་ན་གསུངས་པ། འགྱུར་ཏེ་ཞེས་པ་ལ་སོགས་པ་སྟེ། གང་ཁོ་ན་བསྒྲུབ་བར་བྱ ་བའི་དཔེར་བརྗོད་དང་ཆོས་མཐུན་པ་ཉིད་དེ་ཁོ་ན་བསྒྲུབ་བྱ་དང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པའི་དཔེ་ནི་དཔེ་བརྗོད་དོ་ཞེས་པ་འདར་བསྒྲུབ་བྱ་དང་ཆོས་མཐུན་པའི་སྒྲས་བརྗོད་དོ། །དེའི་ཕྱིར་དཔེ་བརྗོད་དང་ཆོས་མཐུན་པ་ལས་བལྟོས་ནས་དཔེ་སྟོན་པའོ། །དེ་ལྟ་བུ་ནི ་ཉེ་བར་སྦྱོར་བ་སྟོན་པ་ཡང་སྟེ། གང་གི་ཕྱིར་ངས་ནི་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ཁོ་ནར་བསྒྲུབ་བྱ་ཉེ་བར་གཏེད་དོ། །ཉེས་པ་འདི་ནི་མེད་ཏེ་ཞེས་བ། འདི་སྙམ་དུ་སེམས་ཏེ། དཔེར་ན་བྲམ་ཟེ་རྣམས་ལ་ཞོ་བ་ནི་ཅིག་ཀཽ་ཎྜི?་ཎྱའི་བུ་ལ་དར་བྱིན་ཅིག་ཅེས་པ་ལ། སྦྱིར ་ཐོབ་པའི་ཞོ་སྦྱིན་པ་ནི། ཁྱད་པར་བྱས་པའི་ངར་བ་སྦྱིན་པས་འཀོག་པ་དེ་ལྟར་ཡན་ལག་ཕྱི་མ་རྣམས་ལ་གཏན་ཚིགས་ཉིད་ནི། རང་གི་མཚན་ཉིད་སྟོན་པས་སོ་ཞེའོ། །མ་ཡིན་རྣམ?་བརྟག་སོགས་སྲིད་ཕྱིར་ཞེས་པ་སྟེ། དེ་ལ་རྣམ་པར་བརྟགས་པ་ནི་ལྷས་བྱིན་ཁར་བཱ? ་སྣོད་དམ་དངུལ་གྱི་འམ། གསེར་གྱི་སྣོད་དུ་ཟ་རུ་ཆུག་ཞེས་པ་སྟེ། རྣམ་པར་བརྟགས་པས་གཞིའི་དངོས་པོ་འདིར་རྣམ་པར་ཤེས་པར་བྱའོ། །བསྡུ་བ་ནི་ལྷས་བྱིན་མར་སར་དང་ལོ་མ་དང་ལན་ཚ་ཟ་རུ་ཆུག་།འགེགས་པ་ནི་དཔེར་ན་བྲམ་ཟེ ་རྣམས་ལ་ཞོ་བྱིན། ཀཽཎྜི་ནྱའི་བུ་ལ་དར་བ་བྱིན་ཞེས་པ་ལྟ་བུ་སྟེ། དེ་ལྟར་གང་གི་ཕྱིར་གཅིག་ཏུ་ཐོབ་པ་རྣམས་ལ་ནི་གནོད་པ་བཞིན་དུ་རྣམ་པར་བརྟག་པ་དང་བསྡུ་བ་དག་ཀྱང་འགྱུར་ཏེ། དེ་ལས་ཐེ་ཚོ་མོ། །དེ་ཕྱིར་ཐེ་ཚོམ་ཡོངས་སུ་སྤངས་པའི་དོན་དུ་དྲུག་པར ་འགྱུར་མོད། འོ་ན་སྦྱིར་བཏང་ལ་དམིགས་བསལ་གནོད་བྱེད་དེ། །ཞེས་རབ་ཏུ་གྲགས་པ་འདི་ཁོ་ན་རིགས་པ་སྟེ། ངེས་ན་འདི་ལ་ཐེ་ཚོམ་ཟ་བཅི་ཞེ་ན། འདི་སྙམ་དུ་སེམས་ཏེ། རིགས་པ་འདི་ལ་ཕ་རོལ་པོ་རྗེས་སུ་མི་འཇུག་གོ་།གལ་ཏེ་འཇུག་ན་དཔེར་བརྗོད་དང ་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་སོ། །དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ལས་ཞེས་པ་འདིར་སྒྲུབ་པར་བྱེད་པ་སྨོས་པ་མི་བྱེད་པར་འགྱུར་རོ། །དེ་ལྟར་ནི་འདི་གཏན་ཚིགས་ལྟར་སྣང་བའི་བདག་ཉིད་གང་ཆོས་མཐུན་པ་ཉི ་ངམ་མི་མཐུན་པ་ཉི་བདེ་རྣམ་པར་གཅོད་པའི་ཆེད་དུ་ངེ་ལས་བཟློག་པས་ཉེ་བར་བླངས་བས་སོ། །འདི་སྐད་བརྗོད་པར་འགྱུར་ཏེ། གང་ཆོས་མཐུན་པ་ཉིད་དམ་མི་མཐུན་པ་ཉིད་ཡིན་ཅིང་གཏན་ཚིགས་ལྟར་སྣང་བ་རྣམས་མ་ཡིན་པ་དེ་གཏན་ཚིགས་སོ་ཞེས ་པའོ། །རིགས་པ་འདི་འདོད་པ་ན་ནི། གང་ཆོས་མཐུན་པ་ཉིད་དམ་མི་མཐུན་པ་ཉིད་གཏན་ཚིགས་ལྟར་སྣང་ཡིན་པར་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་པ་ཁོ་ན་སྟེ། དམིགས་བསལ་གྱི་ཡུལ་ལ་སྦྱིར་བཏང་གི་སྐབས་མིང་པ ་ཉིད་ཀྱི་ཕྱིར་རོ། །སྒྲུབ་པར་བྱེད་བ་སྨོས་པ་ཡང་བྱས་ཏེ། ངེས་ན་རིགས་པ་འདི་འདའ་བར་བྱས་ནས་འཇུག་གོ་།ངེས་ན་ཐེ་ཚོམ་མོ་ཞེས་པའོ། །སྐྱོན་མེད་པ་ཁོ་ན་ནི་མ་ཡིན་ཏེ། ཞེས་པ་ནི་སྲིད་པའི་ཁྱབ་པར་ཉེ་བར་བླངས་པའི་ཕྱིར་རོ། །དེ་བཞིན ་དུ་དོན་གྱི་ཁྱད་པར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་སྟེ་དོན་ཁོ་ནས་ངོན་རྟོཊ་པར་བྱེད་ཀྱི་སྒྲས་ནི་མ་ཡིན་ནོ། །འོ?་ན་ཡང་ཞེས་པ་ལ་སོཊ་པ་སྟེ། འདི་ལ་བསམ་པ་ནི་འཆད་པར་འགྱུར་བའོ། །ཡང་ཅི་ལྟར་དེ་ཁྱད་པར་གྱི་དོན་ཉིད་དུ་བརྟག་པར་བྱ་ཞེ་ན་གསུངས་པ། དག་ནི་ཆོས ་མཐུན་པ་ཐམས་ཅད་ཀྱི་གཏན་ཚིགས་མ་ཡིན་ཞེས་པ་སྟེ། དཔེར་ན་གཞལ་བྱ་ཉིད་ལ་སོགས་པའི་ལྟ་བུའོ། །གང་འདོད་དེ་ནི་ཁྱད་པར་གྱིས་ཞེས་པ། དཔེར་བརྗོད་དང་ཆོས་མཐུན་པ་ཉིད་མ་འཁྲུལ་པའི་ཚིག་གཏན ་ཚིགས་སོ་ཞེས་པར་རོ། །ཚིག་གི་ཁྱད་པར་གྱིས་དོན་ཅི་ཞིག་ཡིན་ཞེས་པ། ཅུང་ཟད་ཀྱང་མེད་པ་ཁོ་ནའོ། །ཁྱད་པར་བརྒྱ་ཕྲག་ལྡན་ཡང་ཚིག་ནི་བསྒྲུབ་པར་བྱ་བའི་དོན་ལ་མི་འཁྲུལ་པར་འགྱུར་བ་མ་ཡིན་པས་སོ། །འོ་ན་ཡང་ཞེས ་པ་ལ་སོགས་བས་བསམ་བ་གང་གིས། འོ་ན་ཡང་དེ་ཁྱད་པར་བྱེད་པའི་དོན་དུ་འགྱུར་ཏེ། ཞེས་བཤད་པ་དེ་གསལ་བར་བྱེད་དོ། །དཔེར་ན་དམ་བཅའ་དང་གཏན་ཚིགས་དག་འགལ་བ་ཞེས་པ་སྟེ། འདིར་ནི་ཚིག་དག་འགལ་བ་སྲིད་པ་མ་ཡིན ་ནོ་ཞེས་པས་དོན་དག་ཁོ་ན་རྣམ་པར་ཤེས་པར་བྱའོ། །དོགས་པ་མེད་པ་འདོད་མ་ཡིན་ཞེས་པ། དགོས་པ་ལས་ཉེ་བར་བཏགས་པའི་སྒྲ་ཡིས་བརྗོད་པ་ལ་བརྟེན་པར་བྱ་སྟེ། དཔེར་ན་བྲམ་ཟེའི་ཁྱེའུ་ལ་སེང་གི་ཞེས་པ་བཞིན་ཏེ། དཔའ་ཨི་བ་ཉིད་ཕུལ ་དུ་བྱུང་བ་གོ་བའི་ཆེད་དུ་སེང་གེའི་སྒྲས་བརྗོད་པའོ། །འདིར་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་སྒྲའི་གཙོ་བོའི་དོན་ནི་ཆོས་མཐུན་པ་ཉིད་ཁོ་ནའོ་ཞེས་པས་དེ་ཁོ་ན་ལ་ཁྱད་པར་བྱའི། །དོན་ནི་སྒྲའི་ཁྱད་པར་གྱིས་མ་ཡིན་ནོ། །དེ་ལྟར་ཁྱད་པར་བྱའོ ་ཞེས་པ། དཔེ་བརྗོད་པ་དང་ཆོས་མཐུན་པ་ནི་སྒྲུབ་བྱེད་ཡིན་བ་ཡང་ཡོད་དོ། །ངེའི་ཇི་ལྟར་དེ་ལས་ཁྱད་པར་དུ་འགྱུར་བ་དེ་ལྟར་ཁྱད་པར་དུ་གྱིས་ཤིག་།འོ་ན་ཞེས་པ་སྒྲུབ་བྱེད་མ་ཡིན་པ་རྣམ་པར་གཅོད་པ་ནི་སྒྲུབ་བྱེད་ཀྱི་སྒྲུས་བྱེད་དེ། ངེས་ན་ཅི་ལྟར་སྒྲུབ་བྱེད་མ་ཡིན ་པ་ལས་ཁྱད་པར་དུ་བྱས་པ་མ་ཡིན་པར་འགྱུར་ཞེས་སེམས་པའོ། འདི་ཁྱད་པར་མ་ཡིན་ཏེ། རྣམ་གྲངས་ཙམ་ཉིད་ཀྱི་ཕྱིར་རོ། །ཡན་ལག་ཐམས་ཅད་རྣམས་ཁོ་ན་བསྒྲུབ་བྱ་རྟོགས་པའི་ཆེད་དུ་འཇུག་པ་ཉིད་ཀྱི་ཕྱིར། བསྒྲུབ་པར་བྱ་བ་སྒྲུབ་པར ་བྱེད་པའོ་ཞེས་པས་འདི་རྣམ་གྲངས་ཏེ། དེ་ཁོ་ན་ནི་དེ་རྣམས་ཀྱི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་དངོས་པོར་སོ་ལ་ཇི་ལྟར་རིགས་པ་དེ་ལྟར་ཁྱད་པར་བརྗོད་པར་བྱའོ། །དེ་ཁོ་ན་ནི་ཡན་ལག་ཐམས་ཅད་ཀྱི་ཐུན་མོང་པའི་ངོ་བོ་མ་ཡིན་ནོ། །དེ་སྒྲུབ་པས་ནི་ཁྱད་པར་རྟོགས ་པའི་ཆེད་དུ་ནུས་པ་ཡང་མ་ཡིན་ཏེ། ཡོངས་སུ་མི་ཤེས་པ་ཉིད་ཀྱི་ཕྱིར་ཡང་དེ་ཁྱད་པར་ཉིད་དུ་མ་འཐད་དོ། །ཅི་ལྟར་ན་ཡན་ལག་ཐམས་ཅད་ལ་བསྒྲུབ་བྱེད་ཀྱི་སྒྲ་རྣམ་གྲངས་པར་རིགས། སྤྱི་དང་ཁྱད་པར་གྱི་སྒྲ་དག་རྣམ་གྲངས་པ་ཉིད་ནི ་མ་ཡིན་ཏེ། ཤིང་དང་ཤིང་ཤ་བའི་སྒྲ་བཞིན་ནོ་ཞེ་ན། རྣམ་པར་གཅོད་པར་མི་བྱེད་པ་པོ་ཉིད་ཀྱི་ཕྱིར་ན། རྣམ་གྲངས་དང་མཚུངས་པ་ཉིད་ཀྱི་ཕྱིར་རྣམ་གྲངས་ཀྱི་སྒྲ་ཡིས་བརྗོད་དོ། །ཞེས་པས་སྐྱོན་མེད་དོ། །དེ་ལྟ་ན་འོ་ན་ཞེས་པ། རྣམ་གྲངས་པ་ཉིད་ཡོངས་སུ ་སྤོང་པར་བྱེད་དོ། །སྒྲུབ་བྱེད་མ་ཡིན་པའི་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ལས་བཟློག་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་སྨོས་པ་འདི་བྱས་སོ། །དོན་གྱི་སྐབས་ཀྱི་དབང་ལས་སྤྱིའི་སྒྲ་རྣམས་ཀྱང་ཁྱད་པར་གྱི་རྣམ་པར་གཅོད་པའི་རྒྱུ་རྣམས་སུ ་མཐོང་སྟེ། དཔེར་ན་གཙོ་བོ་རྣམས་གོ། །བསྐོན་པར་བྱ་བ་ཉིད་ལ་སྒྲུབ་པར་བྱེད་པའོ་ཞེས་པ་ལྟ་བུ་སྟེ། གླང་པོ་ཆེ་རྣམས་ཁོ་ན་སྒྲུབ་པར་བྱེད་པའི་ནུས་པ་དང་བྲལ་བ་རྣམ་པར་གཅོད་པར་བྱེད་ཀྱི་ཤིང་རྟ་ལ་སོགས་པ་རྣམས་ནི་མ་ཡིན་པ་དེ་བཞིན་དུ་འདིར ་གང་ངོ། །དཔེར་བརྗོད་དང་ཆོས་མཐུན་པ་འམ་མི་མཐུན་པ་ཉིད་བསྒྲུབ་བྱ་སྒྲུབ་པར་བྱེད་པ་བཏན་ཚིགས་སོ་ཞེས་བརྗོད་པ་ན་ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་ཁོ་ན་སྒྲུབ་བྱེད་ཡིན་བ་སེལ་ཏེ། དེའི་ཕྱིར་འདི་ཁྱད་པར་དུ་འགྱུར་རོ། ཆོས་མི་མཐུན་པ་ཉིད ་སྨོས་པ་ནི། དེ་བཞིན་དུ་ཆས་མི་མཐུན་པ་ལས་ཞེས་གཏན་ཚིགས་ཀྱི་མཚན་ཉིད་ཉེ་བར་སྟོན་པ་ལ་སོ། །ཡང་སྒྲུབ་བྱེད་མ་ཡིན་པ་ཅི་ཡིན་ཞེས་པ། སྒྲུབ་པར་བྱེད་པ་ངེས་པར་མི་ཤེས་པའི་ཕྱིར། སྒྲུབ་བྱེད་མ་ཡིན་པ་ཡང་དེ་ལས་བཟློག་པར་ཤེས་པར་མི་ནུས་ཞེས་པའི། ་དྲི་བའོ། །གཏན་ཚིགས་ལྟར་སྣང་བ་ཉིད་དུ་ངེས་པར་བསྟན་པ་ལས་སྒྲུབ་བྱེད་མ་ཡིན་པ་ཉིད་དུ་རྟོགས་པ་ཁོ་ནའོ་ཞེས་སེམས་སོ། །གང་གི་ཕྱིར་སྤྱིར་བཏང་ནི་ཞེས་པ་སྟེ། སྤྱིར་བསྒྲུབ་པ་ནི་སྤྱིར་བཏང་ངོ། །དེ་འཐོབ་བ་སེལ་བ་ནི་དམིགས་བསལ་ལོ། །དེ་ལ་དཔེ་བརྗོད་དང་ཆོས ་མཐུན་པ་གཏན་ཚིགས་སོ་ཞེས་པ་ནི་སྤྱིར་བསྒྲུབ་པའི་ཕྱིར་སྤྱིར་བཏང་ངོ། །གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ནི་དམིགས་གསལ་ལོ། །སྤྱིར་བཏང་ནི། དམིགས་ཀྱིས་བསལ་ལ་ཡང་སྲིད་མིན། །ཡང་སྤྱིའི་འཇུག་པའི་སྤྱིར་བཏང་ན་དེ་ནི་ཁྱད་པར་ཐམས་ཅད་ལ་འཇུག ་པས་ན་ཅི་ལྟར་དམིགས་ཀྱིས་བསལ་བའི་ཡུལ་ཡོངས་སུ་སྤོང་ཞེན་གསུངས་པ། སྔར་དམིགས་ཀྱིས་བསལ་ཞེས་པ་ལ་སོགས་པས་ཏེ། སྤྱི་ལ་སྤྱིར་བཏང་བསྟེ། དེ་ཡང་སྤྱིའི་ནང་དུ་འདུས་པའི་ཁྱད་པར་རམ་ཡོངས་སུ་བོར་པའི་ཁྱད་པར་ཡིན་གང་གི་ཚེ་རྟོག་བ་སྟ་མ་ཡིན ་པ། དེའི་ཚེ་ཡུལ་རྣམ་པར་དབྱེ་བ་མི་ཤེས་པ་ཉིད་ཀྱི་ཕྱིར། དམིགས་ཀྱིས་བསལ་བའི་འཇུག་པ་རེ་ཞིག་བསྟན་པ་བྱའོ། །ཕྱིས་དེ་ལས་གཞན་པའི་ཡུལ་ལ་རང་ཉིད་གནས་སོ། །འདིའི་དབང་དུ་བྱས་ནས་གསུངས་པ། སྔར་དམིགས་ཀྱིས་བསལ་བ་ཞེས་པ་ལ་སོཊ་པའོ ་གང་གི་ཚེ་གཉིས་པ་ཡིན་པ་དེའི་ཚེ་དམིགས་ཀྱིས་བསལ་བའི་ཡུལ་སྤངས་པ་ཉིད་ཀྱི་ཕྱིར་རང་གི་ཡུལ་ལ་སྔར་སྤྱིར་བཏང་འཇུག་གོ་།དེའི་དབང་དུ་བྱས་ནས་གསུངས་པ། དམིགས་གསལ་གྱི་ཡུལ་བརྟགས་ནས་ཞེས་པ་ལ་སོགས་པའོ། །ད་ནི་ཁྱད་པར་གཉིས་ཁས་བླངས་ནས་ཀྱང ་ཐལ་བར་འགྱུར་བ་སྟོན་བ་གསུངས་པ། །གཏན་ཚིགས་འགྱུར་ཞེས་པ་ལ་སོགས་པ་རིགས་པ་ཅན་པས་བརྗོད་པའི་གཏན་ཚིགས་ལྟར་སྣང་བས་སྟོང་པ་ཡང་མཚུངས་པའི་ཆོས་ཉིད་ཏེ། དཔེར་བརྗོད་དང་ཆོས་མཐུན་པ་ཉིད་དང་གཞན་གྱི་ཆོས་ཉིད་ཏེ། ཆོས་མི་མཐུན་པ་ཉིད་བཏམ་ཚིཊ? ་སུ་འགྱུར་རོ། །དེ་དཔེ་བརྗོད་ཀྱིས་སྟོན་ཏེ། སྒྲ་རྟག་ཏེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །མཉན་པར་བྱ་བ་ཉིད་ནི་མི་མཐུན་པའི་ཟླ་བོའི་གཏན་ཚིགས་གཞན་དང་བཅས་པ། རིགས་པ་ཅན་པས་བརྗོད་པའི་གཏན་ཚིགས་ལྟར་སྣང་བ་གངྒཱའི ་ནང་དུ་འདུ་བ་མ་ཡིན་ནོ། །གཏན་ཚིགས་ལྟར་སྣང་བ་མ་ཡིན་པ་ནི་མ་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །དཔེ་སྒྲ་ཉིད་དང་ཡང་མཚུངས་པའི་ཆོས་ཡིན་པ་ཉིད་དེ། ངེས་ན་གཏན་ཚིགས་སུ་འགྱུར་རོ། །གཞན་གྱི་ཆོས་ཉིད་ཡང་ན་སྟེ། འདི་ཁོ་ན་ལ་བུམ་པ་ལ་སོགས་པ་ཆོས ་མི་མཐུན་པས་སོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི། །གཞན་གྱི་ཆོས་ཉིད་ཁོ་ན་ཏེ། གློག་ལ་སོགས་པ་ཆོས་མི་མཐུན་པ་ཉིད་ཀྱིས་ཏེ། སྒྲ་རྟག་སྟེ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །མི་རྟག་པ་གློག་ལ་སོགས་པ་ནི་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་པའོ་ཞེས་པའོ། །འདི་ཡང་དེ ་བཞིན་དུ་ཆོས་མི་མཐུན་པ་ཉིད་ལས་ཞེས་པ་མཚན་ཉིད་གཉིས་པ་ལས་བལྟོས་ནས་བཤད་པའོ། །འདིར་འགྱུར་མོད། །འདི་ཡང་ཇི་སྐད་བཤད་པའི་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུ་བ་ཁོ་ནའོ་ཞེ་ན། དེའི་ཕྱིར་གསུངས་པ་འདི་ནི་ཞེས་པ་ལ་སོགས་པ་སྟེ། འཁྲུལ་པ་དང་བཅས ་པ་དང་འགལ་བ་དང་སྐབས་དང་མཚུངས་པ་དང། བསྒྲུབ་བྱ་དང་མཚུངས་པ་དང་དུས་ལས་འདས་པ་རྣམས་ནི་གཏན་ཚིགས་ལྟར་སྣང་བའོ་ཞེས་ཡོངས་སུ་བགྲངས་པའི་ཕྱིར། འདི་ནི་ཇི་སྐད་བཤད་པའི་གཏན་ཚིགས་ལྟར་སྣང་བའི་ནང་ད་འདུ་བ་མ་ཡིན་ནོ། །འགལ་བ་ཡང་དེར་རྣམ་པ ་གཞན་ཁོ་ན་བརྗོད་ཏྭེ། གྲུབ་མཛའ་དང་ཁས་བླངས་དང་འགལ་བ་ནི་འགལ་བའོ་ཞེས་སོ། །དེའི་ཕྱིར་འདི་ནི་ཁྱད་པར་མེད་སྟེ། མི་འདོད་པ་ཐམས་ཅད་ལས་རྣམ་པར་མི་གཅོད་པའི་ཕྱིར་རོ། །གཞན་རྣམས་ནི་ཞེས་པ་ལ་སོགས་པ་ཡན་ལག་སྟར་པ་ཐམས་ཅད་ནི་བསྒྲབ?་པར་བྱེད་པ་སྟེ། དེའི་ཕྱིར ་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་སོ་ཞེས་བརྗོད་པ་ན། འདིར་གཏན་ཚིགས་ཡིན་ཞེས་མི་ཤེས་པ་དེའི་ཕྱིར། སེམས་ཁྱད་པར་དུ་བྱེད་ཏེ། ཆོས་མཐུན་ཉིད་སྟོན་པས་སོ། །དེ་ནི་མདོའི་སྔ་མའི་ཆ་ཉིད་ཀྱི་ཕྱིར། །སྔ་མ་སྟོད་ཁྱད་པར་དང། བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཁྱད་པར་ཅན་ཞེས་པའོ། འདི ་རྗོད་པར་འགྱུར་ཞེས་པས། །ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་འདོད་པ་དེ་སྟོན་ཏོ། །དཔེར་བརྗོད་དང་ཆོས་མཐུན་པ་ལས་གང་སྙོན་པའི་ཡིན་པའི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་ནི་གཏན་ཚིགས་སོ། །གང་ཞིག་སྒྲུབ་བྱ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ངེས་པར་སྟོན ་པ་དེ་དཔེའོ། །གང་དཔེར་བརྗོད་ལ་བལྟོས་པར་བྱ་བ་དེ་ལྟ་བུ་འམ་དེ་ལྟ་བུ་མ་ཡིན་ནོ་ཞེས་པ་འཇུག་སྡུད་དོ། །བསྒྲུབ་བྱ་ལ་ཉེ་བར་གཏོང་པ་ཞེས་པ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །དེ་རྣམས་ཀྱི་ཡང་དྲུག་པ་རིགས་པའི་ངོ་བོ་ཞེས་པ། ལྔ་པས་སྟོན་པ་སྐབས་སུ་བྱས ་པ་ཉིད་ལ་ནི་གཞན་མི་སྲིད་དོ། །ཞེས་བཤད་ཟིན་ཏོ། །གཏན་ཚིགས་ལྟར་སྣང་བ་ལས་ལྡོག་པ་ལ་ཡང་ཞེས་པ། དེར་སྣང་མ་གཏོགས་མཚུངས་པ་དང་གཞན་གྱི་ཆོས་ཉིད་གཏན་ཚིགས་འགྱུར་ཞེས་གང་བཤད་པའི་སྐྱོན་དེ་ཕྱོགས་འདི་ལ་ཡང་གཡོ་བ་མེད་པ་ཁོ་ནའོ་ཞེས་སྟོན ་ཏོ། དེ་ལྡན་པའི་ཆོས་ཀྱི་གཏན་ཚིགས་སོ། ཞེས་པ་དེ་འདི་ལ་ཡོད་དོ། །ཞེས་པ་དེ་དང་ལྡན་པའོ་དེ་དང་ལྡན་པའི་ཆོས་ནི་དེ་ལྡན་ཆོས་སོ། །འབྲེལ་པ་ཅན་ཉིད་ཙམ་གྱི་གཏན་ཚིགས་ཉིད་ལ་ཐལ་བར་འགྱུར་ན་དེ་བཅད་པའི་ཆེད་དུ་གསུངས་པ། བརྗོད་པ་ཞེས་འཇུག་གོ ་ཞེས་པ། །བསྒྲུབ་བྱ་བརྗོད་པ་དམ་བཅའ་ཨོ་ཞེས་པའི་དགྱུས་མའོ། །དེས་ན་དག་གི་དོན་འདི་ཡིན་ཏེ། དེ་ལྡན་པའི་ཆོས་བརྗོད་པ་གཏན་ཚིགས་ཞེས་པའོ། །གལ་ཏེ་བསྒྲུབ་བྱ་རྗོད་པ་འདྲེལ་པར་བྱེད་ན་ཞེས་པ་དེ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ངེས་ཀྱང་བསྒྲུབ་བྱ་ཁོ་ནང་ང ་ལྡན་པས་ཞེས་པ། འབྲེལ་པ་ཅན་གྱི་སྒྲ་ཉིད་ཀྱི་ཕྱིར། བརྗོད་པའི་བརྗོད་པར་བྱ་བ་ཁོ་ན་ངེས་དེ་དང་ལྡན་པར་འགྱུར་ཏེ། དེ་ལྟར་ནི་བུ་དང་ལྡན་པ་ཞེས་བརྗོད་པ་ན་ཕ་ཁོ་ན་དེ་དང་ལྡན་པར་འགྱུར་རོ། །ནམ་མཁའ་ཡང་ངེས་དེ་དང་ལྡན་པར་འགྱུར་བ་མ་ཡིན་ནམ ་དེ་ནི་ང་དང་འཕྲོད་པ་འདུ་བ་ཅན་ཉིད་ཀྱི་ཕྱིར་རོ་ཞེ་ན། ཁ་དེན་ཏེ་དེ་ལྟར་ན་ཡང་བསྟན་བཅོས་ཀྱིས་ནམ་མཁའ་ཨི་ཆོས་འབྲས་བུ་ཉིད་ལ་སོགས་པ་རྣམས་ཀྱང་ཚིག་གི་རྒྱུ་ཉིད་དུ་ཉེ་བར་བླངས་པའི་ཕྱིར་ནམ་མཁའ་ཨི་ཡང་བསྒྲུབ་པ་བྱས་པ་ཁོ་ནའོ་ཞེས་སེམས་སོ། །ཚོགས ་པ་ལ་ཆོས་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་པ། ཚོགས་པའི་ནི་བསྡུས་པ་ཙམ་ཡིན་ཞིང། བློས་ཀུན་རྟོགས་ཕ་ཁོ་ན་སྟེ་ཁང་བཟང་གི་ཕྲེང་བ་བཞིན་ནོ།། །།དེ་ཚོགས་པ་ཅན་ལས་ཐ་དད་པ་དེ་མེད་པའི་ཕྱིར་རོ། །ཅིའི ་ཕྱིར་བྱས་པ་ཉིད་ལ་སོགས་པ་ཆོས་ཡིན་ཞེ་ན། ཚོགས་པ་ཅན་ཁོ་ནའི་ཆོས་གང་ཡིན་པ་དེ་ནི་དེའི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་དེའི་ཞེས་ཐ་སྙད་དུ་བྱ་བར་ནུས་ཏེ། དཔེར་ན་ཁང་པའི་མཛོད་མིག་ལྟ་བུའོ། །དེའི་ཕྱིར་ཚོགས་པ་ཅན་ཁོ་ན་གཏན་ཚིགས ་འཐོབ་ཅིང། །དེ་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཀྱི་ཕྱིར་མ་གྲུབ་བོ། །འོ་ན་ཚོགས་པ་ནི་ཆོས་གཞན་མེད་ཅིང། དེའི་ཕྱོགས་གཅིག་པ་ཆོས་ཅན་སྒྲ་ལ་སོགས་པའི་ནི་བྱས་པ་ཉིད་ལ་སོགས་པ་ཆོས་སྲིད་དེ། །དེ་ལས་ཀྱང་དེ་ཁོ་ན ་བརྗོད་པ་གཏན་ཚིགས་སུ་འགྱུར་རོ་ཞེ་ན་གསུངས་པ། རྭ་ཅན་ཡིན་པ་དེའི་ཕྱིར་རྟའོ། །ཞེས་པ་ལ་སོགས་པ་སྟེ། །གང་སྣང་དུ་རུང་བའི་རྭ་ཅན་གྱི་གོང་བུ་འདི་རྟ་ཡིན་ཏེ། རྭ་ཅན་ཉིད་ཀྱི་ཕྱིར་ཞེས་འདིར་བསྒྲུབ་བྱའི་ཆོས་རྟ་ཉིད་ཀྱིས་ཁྱད་པར་དུ ་བྱས་པའི་གོང་བུ་ཆོས་ཅན་གྱི་ཆོས་རྭ་ཅན་ཉིད་ཡིན་ནོ། །ཞེས་པས་རང་གི་བསྟན་བཅོས་སུ་བརྗོད་པའི་གཏན་ཚིགས་ལྟར་སྣང་བ་ནི་གཏན་ཚིགས་སུ་འགྱུར་རོ། །དེ་ལ་བྱས་པ་ཉིད་ལ་སོགས་པ་སྲིད་པ་མ་ཡིན་ནོ་ཞེས་པ། ཆོས་རྣམས་ནི ་ཆོས་ཅན་གྱི་གཞན་གྱི་དབང་ཉིད་ཀྱི་ཕྱིར། །མི་རྟག་པ་ཉིད་ལ་སོགས་པའི་ཆོས་ལ་བྱས་པ་ཉིད་ལ་སོགས་པའི་ཆོས་རྣམས་འཐད་པ་མ་ཡིན་ནོ། །དེ་ནི་གྲུབ་པ་ཉིད་ཀྱི་ཕྱིར་རོ་ཞེས་པ། གྲུབ་པ་ནི་བསྒྲུབ་བྱ་ཉིད་དུ་མི་འཐད་པའི་ཕྱིར་རོ། །མཚན་ཉིད ་ཡུལ་མེད་པ་ཉིད་དུ་འགྱུར་རོ། །ཆོས་ལ་ཡང་སྐྱོན་འདི་མཚུངས་སོ་ཞེས་བས་དེ་ལ་ཡང་བརྗོད་པར་བྱའོ། །མི་རྟག་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེ་ན་ཞེས་པ། མི་རྟག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་བསྒྲུབ་བྱ་ཉིད་ཀྱི་ཕྱིར་རོ་རྣམ་པར་གཅོད་པའི་འབྲས་བུ ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པ། སྒྲའི་སྒྲ་ནི་གནས་སྐབས་ཐམས་ཅད་ཀྱི་སྒྲ་ཡོངས་སུ་གཟུང་བ་ནས་འཇུག་ཅིང། དེ་བཞིན་དུ་མི་རྟག་པའི་སྒྲ་ནི་སྒྲ་ལ་སོགས་པ་མི་རྟག་པའི་དངོས་པོ་ཐམས་ཅད་ཉེ་བར་གཟུང་ནས་སོ། །དེ་དག་ཕན་ཚུན་དུ་རྣམ་པར་གཅོད་ཏེ། མི་རྟག་པཱི ་སྒྲས་པ?་སྒྲའི་གནས་སྐབས་གཞན་རྣམ་པར་གཅོད་པའི་ཕྱིར་དང། སྒྲའི་སྒྲས་ཀྱང་མི་རྟག་པ་ཉིད་ཀྱི་རྟེན་གཞན་རྣམ་པར་གཅོད་པའི་ཕྱིར་རོ། དེའི་ཕྱིར་ཕན་ཚུན་རྣམ་པར་གཅོད་པས་བསྲེས་པར་གྱུར་པའི་ཕྱིར་ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ། །ཡོན ་ཏན་དུ་གྱུར་པ་ཡང་ཞེས་པ་བརྗོད་པའི་ཁྱད་པར་ཉིད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ནི་ཡོན་ཏན་དུ་གྱུར་པའོ། །དེ་ལྟ་ན་ཡང་བརྗོད་པར་འདོད་པའི་དབང་ལས་ནུས་པ་ཡོད་ན་སྒྲ་རྣམས་བརྗོད་པར་འདོད་པ་རྗེས་སུ་སྒྲུབ་པར་བྱེད་ཅེས་པས། །དེའི་སྒྲས་བསྒྲུབ་པར་བྱ་བ་ཁོ་ན་ལ་བསྙེགས་པར ་བྱེད་དོ། །ཚོགས་པ་འམ་ཆོས་ཅན་གྱིས་གཞན་དེ་དང་ལྡན་པ་མེད་དོ་ཞེས་པ་ཆོས་ཅན་དང་ཚོགས་པ་དག་རང་དབང་ཅན་གཉིད་ཀྱི་ཕྱིར་རོ། །འོ་ན་ཚོགས་པ་ཅན་ལས་དེ་དང་ལྡན་པ་མེད་པ་མ་ཡིན་ནམ། དེས་ན་འདི་ལྟ་བུ་ཅི་ཡིན་ཞེ་ན། འདི་འདི་ལྟར་མ་ཡིན་ཏོ། འདིར་ཆོས་ནི་ཚོགས་པས་དེ ་དང་ལྡན་པར་འགྱུར་རམ། །ཡང་ན་ཆོས་ཅན་ཡིན། གལ་ཏེ་ཆོས་མི་རྟག་པ་ཉིད་ལ་སོགས་པ་ཡིན་ན། གང་བརྗོད་པ་གཏན་ཚིགས་སུ་འགྱུར་བ་དེའི་ཆོས་མེད་པ་ཁོ་ནའོ། ཅི་སྟེ་ཆོས་ཅན་ཡིན་ན། དེ་ལ་ཆོས་ཅན་བསྒྲུབ་བྱ་ཡིན་པ་ལ་གང་སྐྱོན་ཡིན་པ་དེ་འཐོབ་པ་ཁོ་ནའོ། །དེའི ་ཕྱིར་ཚོགས་པ་འམ་ཆོས་ཅན་གྱིས་གཞན་དེ་དང་ལྡན་པ་མེད་ངོ་ཞེས་པ་འདི་ལ་ཇི་སྐད་བཤད་པའི་སྐྱོན་མི་འཇུག་སྟེ། དེ་མེད་དོ་ཞེས་དགོངས་པས་ཞེས་པས་སྐྱོན་མེད་དོ། །ཁྱད་པར་བསྒྲུབ་བྱ་དང་དན་ཆོས། འཐོབ་སྟེ་ཞེས་པ་སྟེ་བསྒྲུབ་བྱ་དང་དན་པ་ཁོ་ནའོ་ཞེས་ངེས ་པ་གཟུང་ང་ལས་ཞེས་པའི་དགོངས་པ་གསལ་བར་བྱེད་དོ། །རྒྱུ་ཅིའི་ཕྱིར་ན་འདི་ལྟར་ངེས་པར་གཟུང་ཞེས་གསུངས་པ། །མ་ཡིན་ཞེས་པ་ལ་སོགས་པའོ། །ཆོས་ཅན་ལ་ཐལ་བར་མི་འགྱུར་བའི་ཕྱིར་རོ་ཞེས་པ། བསྒྲུབ་བྱ་དང་ལྡན་པའི་ཆོས་ཅན་ལ་སྲིད་པ ་ནི་མ་ཡིན་ཏེ། དེ་ནི་དབང་ཅན་ཉིད་ཀྱི་ཕྱིར་རོ། །ཉེ་བ་ཉིད་ཀྱི་ཕྱིར་ཏེ། གཞན་དང་འཕྲོད་པ་དུས་པ་ཨ་ཡིན་པ་ཉིད་ཀྱི་ཕྱིར་དེ་ཉེ་བ་ཉིད་དོ། །མཉན་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཡང་གཏན་ཚིགས་སུ་འགྱུར་རོ་ཞེས་པའི་ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཅིག་ནི། ་སྨད་པའི་དོན་ཅན་ནོ། །འོ་ན་ཕྱོགས་ཆོས་མེད་པ་བཟློག་པའི་དོན་དུ་དེའི་ཆོས་ཀྱི་ཚིག་མ་ཡིན་ནམ། དེ་ལྟར་ཡང་དེ་དང་ལྡན་པ་ཁོ་ནའོ་ཞེས་ངེས་པར་གཟུང་བ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པ་གཏན་ཚིགས་སུ་ཐལ་བར་འགྱུར་བ་མེད་དོ་ཅེ་ན། འདི་ལྟར་སེམས་ཏེ། ཕྱོགས་ཆོས་མེད་པའི ་ཕལ་བར་འགྱུར་བ་མེད་པའི་ཕྱིར། དེ་བཟློག་པའི་ཆེ་དུ་འབད་པ་དོན་?་དང་སྟེ། དང་གི་ཕྱིར་འབྲེལ་བ་མེད་པའི་དོན་གྱི་བདག་ཉིད་འདིའི་འདི་འབྲས་བུ་དང་རྒྱུ་ཞེས་པ་ལ་སོགས་པར་སྔར་ཁོ་ན་གཏན་ཚིགས་ཉིད་གསལ་ཟིན་ཏོ་ཞེས་པའོ། །བསྒྲུབ་བྱའི་ཆོས་ལ་ཡང་ཞེས་པ་ལ་སོགས་པ་ནི ་དེ་ལ་གདོན་མི་ཟ་བར་འདི་ལྟར་ངེས་པར་གཟུང་བར་བྱ་སྟེ། བསྒྲུབ་པར་བྱ་བ་ཁོ་ནའི་ཆོས་ཞེས་པ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །མ་ཡིན་ཏེ་དེའི་ཞེས་པ་ལ་སོགས་པ། བསྒྲུབ་པར་བྱ་བའི་ཆོས་ནི་གཞན་ལ་རྣམ་པ་གཉིས་སུ་ཞུགས་ཤེས་ཁྱད་པར་དུ་བྱའོ། །དེ་ལ་ག་ཏེ་བསྒྲུབ་པར་བྱ་བ ་ཁོ་ནའི་ཆོས་ཞེས་ངེས་པར་གཟུང་ན་ཁྱད་པར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཁོ་ན་ཞེས་ངེས་པར་གཟུང་བར་བྱའོ་ཞེས་པའོ། །གལ་ཏེ་ཡང་ཐུན་མོང་མ་ཡིན་པ་ཡང་ཆོས་ཁོ་ན་ཡིན་པ་དེ་ལྟའང་དེ་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ཏེ། གཞན་ལ་འཇུག ་པ་མེད་པའི་ཕྱིར་རོ། །གང་གསུངས་པ། ཐུན་མོང་མ་ཡིན་པ་ནི་ཞེས་པ་ལ་སོགས་པའོ། །སླར་ཡང་འདི་ཅི་འདོན་དུ་ཉ་བར་བཀོད་ཏེ། ཇི་ཙམ་གྱི་ཕྱོགས་མེད་པ་བཟློག་པའི་དོན་ཁོ་ནར་དེར་བསྒྲུབ་བྱའི་ཆོས་བརྗོད་དེ། གང་སྨྲས་བྱ། ཕྱོགས་ཀྱི་ཆོས་ན་ཞེས་དེས་པར་གཟུང་བའི་ཕྱིར ་རོ་ཞེ་ན། ངོ་ན་ཕྱོགས་ཆོས་ཁོ་ནའི་ཞེས་ལྷག་པར་གནས་པར་བྱས་ནས་བརྗོད་པའི་ཕྱིར་སྐྱོན་མེད་དོ། །མི་རྟག་པ་ཉིད་ཙམ་ཞེས་པ་ལ་སོགས་པ་སྟེ། གང་གི་མི་རྟག་པ་ཉིད་ཙམ་བསྒྲུབ་བྱ་ཡིན་པ་དེའི། བུམ་པ་ལ་སོགས་པ་རྣམས་ཀྱང་དེ་དང་ལྡན་པའོ་ཞེས་པས་དེའི་ཆོས ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱང་གཏན་ཚིགས་སུ་འགྱུར་རོ། །ཅི་སྟེ་རྟེན་ཐ་དད་པས་བྱས་པའི་ངོ་བོའི་དབྱེ་བ་ལ་བརྟེན་པས་བུམ་པ་ལ་སོགས་པ་ལ་སོན་པའི་མི་རྟག་པ་བསྒྲུབ་པར་བྱ་མིན་པ་ཉིད་ཀྱི་ཕྱིར་ཐལ་བར་འགྱུར་བ་འདི་མེད་དོ་ཞེ་ན། དེ་ལྟར་གྱུར་ན་མཉན་པར་བྱ་བ་ཉིད་ཁོ་ན ་གཏན་ཚིགས་སུ་འགྱུར་རོ། སྒྲ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ན་ཡང་ཆོགས་དོན་དུ་འགྱུར་རོ། །མ་ངེས་པ་ཞེས་པ་ལ་ངེས་པ་ནི་ངེས་པ་སྟེ། འདི་ལ་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་པས་མ་ངེས་པའོ། །འདིའི་དོན་རྣམ་གྲངས་གཞན་གྱི་གསལ་བར་བྱེད་ཏེ། ཐེ་ཚོམ་གྱི་གཏན་ཚིགས་ཞེས ་པའོ། །ཐེ་ཚོམ་གྱི་གཏན་ཚིགས་ཞེས་པ་ཅི་ཞེ་ན། འཁྲུལ་པ་ཅན་ནོ་ཞེས་པའོ། །དེ་ཙམ་ཞིག་ཀྱང་ཞེས་པའི་དེའི་སྒྲས་བསྒྲུབ་བྱ་ཡང་ཆོགས་པའམ་ཆོས་སམ་ཆོས་ཅན་དུ་འགྱུར། ངེས་པར་གཟུང་བ་ཡང་དེ་དང་ལྡན་པ་ཁོ་ནའི་ཆོས་སམ། དེ་དང་ལྡན་པའི་ཆོས་ཁོ་ན་ཞེས ་པ་འདི་ཙམ་རྣམས་བརྟག་པའོ། །དཱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་དན་པ་བུམ་པ་ལ་སོགས་པས་ཆོས་མཐུན་པ་ཉིད་གང་བསྒྲུབ་པར་བྱ་བ་དེའི་མི་འཁྲུལ་པ་བརྗོད་པ་ནི་གཏན་ཚིགས་སོ་ཞེས་པའོ། །བསྒྲུབ་པར་བྱ་བ་ཞེས་པ་དེ་ག ་ལས་ཞེ་ན། སཽ་ཉེ་བ་ལས་སོ། །དེ་ལྟར་གྱུར་ན་ཆོས་གཞན་སྤངས་པར་འགྱུར་རོ་ཞེས་པས་མིག་གིས་གཟུང་བྱ་ཉིད་དང་མཉན་པར་བྱ་བ་ཉིད་ཡོངས་སུ་སྤངས་པར་འགྱུར་རོ། །དེ་ནི་དེ་དང་ལྡན་པས་བསྒྲུབ་བྱའི་ཆོས་མཐུན་པ་ཉིད་མ་ཡིན་པས་སོ། །ངེས་པར་གཟུང་བ་ལས་ཞེས་པ ་དེ་དང་ལྡན་པ་ཁོ་ནས་ཆོས་མཐུན་པ་ཉིད་ཀྱི་ཞེས་ངེས་པར་གཟུང་པའི་ཕྱིར་རོ། །མཁའ་སོགས་ཡོད་པར་སྒྲུབ་པ་ལ་ཞེས་པ་སོགས་པའི་སྒྲས་བདག་ལ་སོགས་པ་རྣམས་གཟུང་བར་བྱའོ། །དེ་ལ་ཞེས་པ་ནམ་མཁའ་ལ་སོགས་བ་སྒྲུབ་པ་ལའོ། །དམ་བཅའ་དང་ལྡན་པ་འམ ་བསྒྲུབ་བྱ་དང་ལྡན་པ་ཞེས་པ་དེའི་སྒྲས་གལ་ཏེ་བརྗོད་པ་ལ་བསྙེགས་སམ། གལ་ཏེ་བསྒྲུབ་བྱ་ལ་ཡིན། རྣམ་པ་གཉིས་ཀ་ལྟར་ན་ཡང་སྦྱོར་བ་འཐད་པ་མ་ཡིན་ནོ། །རྣམ་པར་ལྡན་པ་དང་གསལ་ཏེ་འོངས་པའི་བྱེ་བྲག་ལས་ཞེས་པ་དེ་ལ་བཤད་པ། གང་འདི་ཕྱིར་མཐོང ་པ་ནི་རྗེས་སུ་དཔག་པ་སྟེ། ལྷག་མ་དང་ལྡན་པ་འདི་ནི་དབང་པོ་ལས་འདས་པའི་དངོས་པོ་རྣམས་རྟོགས་པར་བྱ་བ་ལ་གཏན་ཚིགས་སོ། །དེའི་སྦྱོར་བ་ཉེ་བར་སྤྱོད་པའི་བྱེ་བྲག་ལས་རྣམ་པ་གཉིས་ཉིད་ཏེ། རྣམ་པར་ལྡན་པ་དང་བསལ་ཏེ ་འོངས་པའོ་ཞེས་སོ། །སྦྱོར་བ་ཉེ་བར་སྤྱོད་པའི་བྱེ་བྲག་ལས་ཏེ། སྦྱོར་བ་རྟོག་པའི་བྱེ་བྲག་ལས་ཞེས་པའི་དོན་ནོ། །གཞན་སྨྲ་པ། སྦྱོར་བ་ནི་ཕ་རོལ་པོས་རྟོགས་པར་བྱེད་པའི་དུས་ཏེ། འདིར་རབ་ཏུ་སྦྱར་བར་བྱའོ་ཞེས་བྱས་ནས་སོ། །ཉེ་བར་སྤྱོད་པ་ནི་བརྗོད ་པའོ། །དེའི་བྱེ་བྲག་ལས་རྣམ་པ་གཉིས་སོ། །ཡང་དོན་གྱི་དབྱེ་བ་ཡོད་པ་མ་ཡིན་ཏེ། རེས་འགའ་རང་གི་ཕྱོགས་འགྲུབ་པའི་ཆེད་དུ་གཏན་ཚིགས་ཉེ་བར་ལེན་ཅིང་རེས་འགའ་གཞན་གྱི་ཕྱོགས་དགག་པའི་ཆེད་དུའོ། །རྟོགས་པར་བྱ་བའི་དོན་ཁྱད་པར་དུ་རྟོགས ་པ་ནི་རྣམ་པར་ལྡན་པ་སྟེ། གཞན་གྱི་ཕྱོགས་བཀད་ནས?་དོན་དེ་ཁོ་ན་འོངས་པ་ཞེས་པ་ནི་བསལ་ཏེ། འོངས་པའོ། །དེ་ལ་རྣམ་པར་ལྡན་པ་ནི་དག་གི་རང་བཞིན་ཞེས་པ། ངག་གི་དངོས་པོ་ནི་དག་གི་རང་བཞིན་ཏེ་ངག་གི་ངོ་བོའོ། །ལྔའི་ཕྱོགས་ཞེས་པ་ཡན་ལག་ལྔའོ ་དམ་བཅའ་ལ་སོགས་པའི་ཁྱད་པའི་ལས་ཞེས་པའི། སོགས་པའི་སྒྲ་ནི་གཏན་ཚིགས་དང་དཔེ་བརྗོད་དང་ཉེ་བར་སྦྱོར་བ་དང་མཇུག་སྡུད་རྣམས་བསྡུ་བའི་དོན་དུའོ། །འདི་ཡང་ཞེས་པ་རྗེས་སུ་དཔག་པ་རྣམ་པ་གཉིས་སོ། །ཡང་གི་སྒྲ་ནི་བྱ་བྲག་བ་རྣམས་ཀྱི་འབའ་ཞིག ་ཏུ་མ་ཟད་ཅེས་གསལ་བར་བྱེད་པའི་ཆེད་དུའོ། །བྱེ་བྲག་པ་དགག་པར་ནི། སྦྱོར་བ་གཞལ་བྱ་དང། མ་འབྲེལ་པར་བཤད་དེ། མཁའ་སོགས་ཡོད་ཉིད་སྒྲུབ་པ་ལ་སྦྱོར་བ་འཐད་པ་མ་ཡིན་ནོ། །ཞེས་པ་འདིས་སོ། །དེ་བཞིན་དུ་འདིར་ཡང་གཞལ་བྱ་དང་མ་འབྲེལ་པ་ཉིད་ཁོ ་ནའི་གཏན་ཚིགས་ཀྱིས་རྣམ་པར་ལྡན་པ་དང་བསལ་ཏེ། འོངས་པ་དག་གི་ཡན་ལག་རྣམས་ཐམས་ཅད་རྣམ་པར་དཔྱད་པར་བྱའི། གཏན་ཚིགས་ཁོ་ན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་རྣམས་རྣམ་པར་ལྡན་པ་དང། བསལ་ཏེ་འོངས་པའི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རོ། ་ཡན་ལག་གི་སྦྱོར་བའི་བདག་ཉིད་ནི་རྣམ་པར་ལྡན་པ་དང་བསལ་ཏེ། འོངས་པ་དག་གོ་།དེའི་ཕྱིར་ཡན་ལག་རྣམས་ཐམས་ཅད་དེའི་ནང་དུ་འདུས་སོ། །གཙོ་བོ་ཡོད་དེ་ཞེས་པ་དམ་བཅའ་ཨོ། །འདིར་ཁྱད་པར་རྣམས་རབ་ཏུ་གཟུང་བར་བྱ་བ་འམ། ཁྱད་པར་རྣམས་རབ ་ཏུ་འཛིན་པས་ན་ཞེས་པ་གཙོ་བོ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་མཉམ་པའི་གནས་སྐབས་སོ། །ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་ལ་སོགས་པ་ནི་གཏན་ཚིགས་སོ། །ཕན་ཚུན་དུ་ཁྱད་པར་དུ་གྱུ?་ཞིང་དབྱོ་བར་བྱ་བའོ་ཞེས་པས་ན་ཁྱད་པར ་རྣམས་ཏེ་རྣམ་འགྱུར་རྣམས་སོ། །དེ་རྣམས་ལ་རྗེས་སུ་འགྲོ་བ་ནི་རྗེས་སུ་འབྲང་པ་སྟེ། བདེ་བ་དང་སྡུག་བསྔལ་དང་རྨོངས་པ་རྣམས་བདག་ཉིད་ཀྱི་ཕྱིར་རོ། །དེ་ལ་གལ་ཏེ་ཞེས་པ། གལ་ཏེའི་སྒྲས་དམ་བཅའ་གཞན་ཏེ། དེ་ཡང་གང་གཅིག་མ་ཡིན་པ་དེ་སྙེད་ཀྱི་ཕྱོགས་ཡོད ་པར་བྱེད་དོ། །དེ་ལྟར་ནི་གཙོ་བོ་ཡོད་དོ་ཞེས་བརྗོད་ནས། གང་ལས་གཏན་ཚིགས་ཀྱི་ཡུལ་འདྲི་བ་ཀུན་ནས་སློང་བར་བྱེད་དེ། དེའི་ཕྱིར་གཙོ་བོ་ཡོད་པ་ཉིད་བསྒྲུབ་པར་བྱའོ་ཞེས་རྟོགས་པར་བྱའོ། །ཉེ་བར་གཏོང་བའི་སྦྱོར་བ་ནི་ཁྱད་པར་རྣམས་ཁོ་ན་ལ་གཙོ་བོ་ཡོད་པ་ཉིད ་དུ་བསྒྲུབ་པར་བྱ་བའོ་ཞེས་རྟོགས་པར་བྱ་སྟེ། དེ་ལྟ་ནི་བཤད་པ། ནང་གི་བདག་ཉིད་དང་ཕྱིར་རོལ་གྱི་ཁྱད་པར་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བར་བ་འདི་ནི་ཡོད་དེ། དེས་ན་འདི་རྣམས་སྡར་ཐ་དད་པས་འགའ་ཞིག་ཏུ་སྤྱིར་གྱུར་པར་སེམས་སོ། །ཞེས་པ་ལ་སོགས་པའོ། ། ་དེ་ལྟར་རྣམ་པར་རྟོག་པ་གཉིས་སྲིད་ཏེ། གལ་ཏེ་གཙོ་བོ་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ན་དེ་ཡང་དག་པ་མ་ཡིན་ཏེ། མི་རིགས་སོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཚད་མའི་ཡུལ་མི་ཤེས་པའི་ཕྱིར་ཞེས་པ། ཚད་མའི་སྒྲས་འདིར་རྗེས་སུ་དཔག་པ་བརྗོད་པར ་འདོད་པའོ། །དེའི་ཡུལ་སྤྱི་སྟེ། དེ་མི་ཤེས་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པ་ཞེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནོ། །བསྟན་ཟིན་ཏོ། ཞེས་པ་རླུང་གི་རབ་ཏུ་བྱེད་པ་རྟོགས་པར་བྱས་ཟིན་པའོ། །བསྒྲུབ་བྱའོ་ཆོས་ཀྱང་བསྒྲུབ་པར་བྱེད ་ཅེས་པ་ལ་སོགས་པས། བསྒྲུབ་བྱའི་ཆོས་སུ་མི་འགྱུར་བ་དེ་སྒྲུབ་བྱེད་ཏུ་འགྱུར་བ་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བ་ལ་མ་སྲེག་པར་བྱེད་པ་ཉིད་བཞིན། གཙོ་བོ་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་ཡང་བསྒྲུབ་པར་བྱ་བའི་ཆོས་སུ་འགྱུར་བ་མ་ཡིན་ནོ། །ཞེས་ཁྱད་པར་བྱེད་པ་མེད་པ་གསུངས་སོ། །རྒྱས་པའི་ཚིག་མིན་གཏན་ཚིགས་སུ་རིགས་པ་ཞེས་པ་དག་གི་ལྷག་མའོ། །གཙོ་བོ་ཡོད་དེ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང ་བའི་ཕྱིར་རོ། །ནང་གི་བདག་ཉིད་ཀྱི་ཁྱད་པར་འབྲས་བུ་དང་རྒྱུར་གྱུར་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བར་མཐོང་སྟེ། ཇི་སྲིད་དུ་སྒྲ་དང་རེག་པ་དང། གཟུགས་དང་རོ་དང་དྲི་སྟེ་ལྔ་པོ་རྣམས་ནི། བདེ་བ་དང་སྡུག་བསྔལ་དང་རྨོངས་པ་རྣམས་ཏེ། གསུམ་པོ ་རྣམས་ཀྱི་བཀོད་པའི་ཁྱད་པར་རོ། །ཅིའི་ཕྱིར་ལྔ་པོ་རྣམས་ཀྱི་ཞེ་ན། ལྔ་པོ་རྣམས་ལ་འབྲས་བུ་གཅིག་ཡོད་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་ནྱས་པའི་ཚིག་ནི་གཏན་ཚིགས་སུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲུབ་བྱེད་བསྡུས་པའི་ཚིག་གི་ཕྱིར་རོ་ཞེས་པ། བསྒྲུབ ་བྱེད་བསྡུས་པའི་ཚིག་གཏན་ཚིགས་སོ་ཞེས་པའི་མཚན་ཉིད་ཀྱི་ཕྱིར་རོ། །འོ་ན་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་འདི་ཙམ་ཁོ་ནའི་ངག་ནི་འདིར་གཏན་ཚིགས་མ་ཡིན་ནམ། འདི་ཡང་བསྡུས་པ་ཁོ་ན་སྟེ། ཡང་འདིར་གཞུང་ལྷག་མ་ནི ་གཏན་ཚིགས་ཀྱི་ཁྱབ་པ་སྟོན་པའི་ཆེད་དུ་དང། མ་གྲུབ་པ་ཉིད་ཡོངས་སུ་སྤང་པའི་ཆེད་དུ་བཀོད་པའོ་ཞེ་ན་གསུངས་པ། དེ་ཡང་མ་བརྗོད་དོ་ཞེས་པ། སྒྲུབ་བྱེད་བསྡུས་པའི་ཚིག་གཏན་ཚིགས་སོ་ཞེས་བརྗོད་ཀྱི་སྒྲུབ་བྱེད་ནི་མ་ཡིན་ཏེ། དེ་མ་བརྗོད་ན་དེའི་ཚིག་ཀྱང་གཏན ་ཚིགས་ཉིད་དུ་རྟགས་པར་བྱའོ་ཞེས་པས་འདི་ནི་མ་བརྗོད་པ་དང་མཚུངས་པ་ཁོ་ནའོ་ཞེས་སེམས་སོ། །དེ་ལྟར་འགྱུར་མོད་ཀྱི་སྒྲུབ་བྱེད་ཀྱི་ཚིགས་ལས་ཁྱད་པར་རྟོགས་པར་བྱའོ་ཞེས་གསུངས་པ། ཐམས་ཅད་ཁོ་ན་ནི། ཞེས་པ་ལ་སོགས་པའོ། །ཡང་ན་འདིར ་འགྱུར་མོད། འདིར་གང་ཡན་ལག་བསྒྲུབ་པར་བྱེད་པ་ནི་དེའི་བརྗོད་པར་བྱ་བའི་དོན་སྒྲུབ་བྱེད་ཉིད་དུ་རྣམ་པར་རིག་པར་བྱེད་པ་སྟེ། དག་གི་སྒྲུབ་པར་བྱེད་པ་ཉིད་དོན་གྱི་སྒོ་ཅན་ཡིན་གྱིས་རང་ཉིད་ལས་ནི་མ་ཡིན་ནོ་ཞེ་ན་གསུངས་པ། ཐམས་ཅད་ཁོ་ན་ནི ་ཞེས་པ་ལ་སོགས་པའོ། །འོ་ན་ལྷག་མ་དང་ལྡན་པ་འདི་ནི་དབང་པོ་ལས་འདས་པའི་དངོས་པོ་རྣམས་རྟོགས་པར་བྱེད་པ་ལ་གཏན་ཚིགས་སོ་ཞེས་པས་དེ་ཁོ་ན་སྒྲུབ་པར་བྱེད་པ་སྟེ། དེའི་ཚིག་ནི་གཏན་ཚིགས་སོ་ཞེ་ན། འདི་ནི་མི་རིགས་ཏེ། ཡན་ལག ་ཐམས་ཅད་ཚོགས་པ་ནི་ལྷག་མ་ལྡན་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དཔེ་ཡང་ཞེས་པ་ལ་སོགས་པ། དེ་ངེས་པར་སྟོན་པ་དཔེ་ཞེས་པ་འདི་ལ་ཡང་ན་གཞི་བསྒྲུབ་པ་ལ་བརྟེན་པར་བྱ་བ་སྟེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེ་དག་གང་དུ་ངེས ་པར་བསྟན་པར་བྱ་བ་ཞེས་པ་འམ། ཡང་ན་བྱེད་པ་སྟེ། དེ་དག་འདིས་ངེས་པར་སྟོན་པའོ། །ཞེས་པ་ཡིན། དེ་ལ་བརྟག་པ་དང་པོ་ལ་མངོན་པར་འདོད་པའི་མཚོན་བྱ་ལ་མ་ཁྱབ་པའི་ཕྱིར་མཚན་ཉིད་མ་ཁྱབ་པ་ཉིད་དུ་སྟོན་པར་གསུངས་པ། གལ ་ཏེ་གང་དུ་ཞེས་པ་ལ་སོགས་པའོ། །ཡོད་ན་ཡང་ཞེས་པ། བསྒྲུབ་བྱ་དང་བསྒྲུབ་བྱེད་རྗེས་སུ་འགྲོ་བ་ཁས་བླངས་ནས་དཔེའི་སྐྱོན་གཞན་གསུངས་པ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་པ། བསྒྲུབ་པར་བྱ་བས་སྒྲུབ་པར་བྱེད་པ་ལ་ཁྱབ་པར་ཉེ་བར་སྟོན་པ་ནི ་རྗེས་སུ་འགྲོ་བ་སྟེ། འདིར་ནི་སྒྲུབ་པར་བྱེད་པས་སྒྲུབ་པར་བྱ་བ་ལ་ཁྱབ་པར་བརྗོད་དེ། འཇིག་རྟེན་ན་སྤྱི་སྔོན་མ་ཅན་གྱི་ཁྱད་པར་རྣམས་ལ། རིགས་གཅིག་པ་ཡང་དག་པ་རྗེས་སུ་འགྲོ་བ་མཐོང་ཞེས་པའོ། །འདི་ལྟ་བུ་ནི་སྒྲུབ་པར་བྱེད་པའི་དོན་འགའ་ ་ཡང་མ་ཡིན་ནོ་ཞེས་པ། དཔེ་ལྟར་སྣང་བ་ཉིད་ཀྱི་གཏན་ཚིགས་སོ། །རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པས་ནི་སྒྲུབ་པར་བྱེད་པ་ལ་ཕན་འདོགས་པ་འགའ་ཡང་འབྱུང་བ་མེད་དེ། མེད་ན་མི་འབྱུང་བ་ཉིད་མི་སྟོན་པའི་ཕྱིར་རོ། །དག་གི་ཡན་ལག་ཉམས་པའོ་ཞེས་པ། ་དག་གི་བདག་ཉིད་རྣམ་པར་ལྡན་པའི་དོན་ཡན་ལག་ཡིན་པར་རིགས་པ་མ་ཡིན་ཏེ། འཇུག་པ་ཐ་དད་པ་རྣམས་ལྷན་ཅིག་བརྗོད་པར་འདོད་པ་མེད་པའི་ཕྱིར་ཞེས་བཤད་ཟིན་ཏོ། །རྣམ་པར་རྟོག་པ་གཉིས་པ་ལ་སྐྱོན་དེ་ཉིད་རྟོཊ ་བར་བྱ་བའི་ཆེད་དུ་གསུངས་པ། ཅི་སྟེ་ཞེས་པ་ལ་སོགས་པའོ་བརྗོད་པར་བྱ་བ་ཁོ་ན་ལ་དེ་མ་ཡིན་ཞེས་པ་ནི། དེ་ལྟར་གྱུར་པའི་དོན་ལ་མེད་པ་ན། དག་ཀྱང་དེའི་དོན་རྟོགས་པར་བྱེད་པའི་འབྲས་བུ་ཅན་མ་ཡིན་ནོ། །གང་གསུངས་པ། མ་ཡིན་ཞེས་པ་ལ་སོགས ་པའོ། །ཉེ་བར་སྦྱོར་བ་མི་རིགས་ཞེས་པ་བསྒྲུབ་བྱ་དང་དཔེ་དག་གཅིག་ཏུ་བྱ་བ་ཞེས་པ་ཉེ་བར་སྦྱར་བའི་མཚན་ཉིད་ཏེ། དེ་དག་གི་དཔེ་ཉིད་ལ་འཐད་པ་མ་ཡིན་ཏེ། དཔེར་ན་དུ་མ་ཞོགས་དང་ཐོང་པ་དང་སྣོ་བྱ་དང་རྒྱན་ལ་སོགས་པ་ཞེས་པའི་དག་འདི་ལྟ་བུ་ནི་མ་ཡིན ་ད་ལྟར་གཙོ་བོ་ལ་སོགས་པ་བསྒྲུབ་པར་བྱ་བའོ། །དེ་ལྟར་ཡན་ལག་གི་མཚན་ཉིད་ནི་དངོས་སུ་གཙོ་བོ་ཡོད་པ་ཉིད་ཅེས་པ་གི་གཙོ་བོ་ཡོད་དོ་ཞེས་པར་མཆད་པར་གཙོ་བོ་བསྒྲུབ་པར་བྱ་བ་ལ་ནི་དཔེ་དང་ཉེ་བར་བསྡུ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་འབྲེལ་པ་མ ་ཡིན་ནོ། །དེ་ལྟར་ནི་སྒྲུབ་བྱ་ངེས་པར་འཛིན་པ་དམ་བཅའ་ཨོ། །ཞེས་པ་དམ་བཅའ་ཨི་མཚན་ཉིད་ཏེ། གཙོ་བོ་ཟླ་བོའི་ངོ་བོ་བསྒྲུབ་པར་བྱ་བར་བརྟགས་པ་ཡང་མ་ཡིན་ནོ། །དེ་སྟོན་པར་དཔེའོ་ཞེས་པ་དཔེའི་མཚན་ཉིད་ཡིན་ཅིང། དེ་དག་གཅིག་ཏུ་བྱ་བ་ཞེས་པ ་ཉེ་བར་སྦྱར་བའི་མཚན་ཉིད་ཏེ་དེ་གཉིས་ཀ་ཡང་འདིར་ཡོད་པ་མ་ཡིན་ནོ། །ཞེས་རྟོགས་པར་བྱས་ཟིན་ཏོ། །འོ་ན་རིགས་པའི་སྒོར་འདི་བསྒྲུབ་བྱེ་བར་སྒྲུབ་པ་མ་ཡིན་ནམ། དེ་ཅི་ལྟར་སྔ་མའི་སྐྱོན་འབྱུང་ཞེ་ན་གསུངས་པ། རིགས་པའི ་སྒྲོའི་ཕྱོགས་ཀྱིས་ནི་ཞེས་པ་སྟེ། དེས་ནི་གཙོ་བོ་དོན་གྱིས་སྒྲུབ་ཀྱིས་དངོས་སུ་མ་ཡིན་ཏེ། དངོས་སུ་ནི་ཁྱད་པར་རྣམས་ཁོ་ན་བསྒྲུབ་བྱའོ། །ཁྱད་པར་རྣམས་ཁོ་ན་དེར་རྒྱུ་གཅིག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཕྱོགས་སོ་ཞེས་པའི་ཚིག་ལས་སོ། །དེ ་རྣམས་བསྒྲུབ་པར་བྱ་བ་ཉིད་ན་ཇི་སྐད་བཤད་པའི་ཡན་ལག་གི་སྦྱོར་བ་འབྲེལ་པར་འགྱུར་ཏེ། འབྲེལ་པ་ཙམ་དུ་འགྱུར་ཞེས་པའོ། །ཙམ་གྱི་སྒྲ་ནི་ཡན་ལག་སྐྱོན་མེད་པ་ཉིད་རྣམ་པར་གཅོད་པའི་དོན་དུའོ། །དམ་བཅའ་ཨི་དོན་དང་འགལ་བར་འགྱུར་ཞེས་པས་ཁས་བླངས་དང ་འགལ་བ་གསུངས་སོ། །དམ་བཅའ་ཨི་དོན་དང་འགལ་བ་གང་ཡིན་ཞེ་ན་གསུངས་པ། ཁྱད་པར་རྣམས་རྒྱུ་གཅིག་བཞེས་པའོ། །ཅི་ལྟར་ན་དམ་བཅས་པའི་སྐྱོན་ཡིན་ཞེན་གསུངས་པ། དུམ་བུ་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་ལ་སོགས་པ་སྟེ། གང་དེ་དུམ་ཞོགས་དང ་ཐོད་པ་དང་སྣོད་སྤྱད་དང་རྒྱན་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཉིད་དུ་གྱུར་ན། ཤིང་དང་བུམ་པ་དང། སའི་གོང་བུ་དང་གསེར་ལ་སོགས་པ་རྒྱུ་དུ་མ་སྔོན་མ་ཅན་ཉིད་དུ་ཁས་བླངས་སོ། །དེས་རྒྱུ་གཅིག་སྔོན་མ་ཅན་ཉིད་སེལ་བའི་ཕྱིར་དམ་བཅའ་བའི་དོན་དང་འགལ་བའོ། །དེ་ལྟར་འབྱུར་མོད ་ནང་གི་བདག་ཉིད་ཀྱི་ཁྱད་པར་རྣམས་ཁོ་ན་རྒྱུ་གཅིག་སྔོན་མ་ཅན་ཉིད་དུ་ཁས་བླངས་པར་བྱའི། ཕྱི་རོལ་གྱི་རྣམས་ནི་མ་ཡིན་ཏེ། དེས་ན་འདི་སྐྱོན་མ་ཡིན་ནོ་ཞེས་ན་གསུངས་པ། ཁས་མི་ལེན་ན་ཡང་དཔེ་མེད་པ་ཞེས་པ་སྟེ། རྒྱུ་གཅིག་ཉིད་མེད་པའི་ཕྱིར་ན་བསྒྲུབ་བྱ་དང་བྲལ ་བའི་ཕྱིར་དཔེ་ལྟར་སྣང་བའོ་ཞེས་བྱས་ནས་སོ། །ཡང་ན་འདིར་ཁྱད་པར་ཐམས་ཅད་ཕྱོགས་སུ་བྱས་པ་རྣམས་ཏེ། དེ་ལ་དུམ་ཞོགས་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཡོད་པ་ལ་ཤིང་ལ་སོགས་པ་རྒྱུ་དུ་མཁས་བླངས་པའི་ཕྱིར་དམ་བཅའ་བའི་དོན་དང་འགལ་བ་སྟེ། ་རྒྱུ་གཅིག་པ་ཉིད་སེལ་བའི་ཕྱིར་རོ། །ཁས་མི་ལེན་ན་ཡང་ཞེས་པ་གལ་ཏེ་དུམ་ཞོགས་ལ་སོགས་པ་རྣམས་ཀྱང་གཙོ་བོ་གཅིག་གི་རྒྱུ་ཅན་ཉིད་ཀྱི་ཕྱིར་ཤིང་ལ་སོགས་པའི་རྒྱུ་ཅན་དུ་ལས་བླངས་པ་མ་ཡིན་ནོ་ཞེ་ན། དེ་ལྟར་གྱུར་ན་དེ་མེད་པ་སྟེ། དུམ་ཞོགས ་ལ་སོགས་པ་རྣམས་ཀྱི་རྒྱུ་གཅིག་པ་ཉིད་མ་གྲུབ་པའི་ཕྱིར་རོ། །ཅི་ཡོད་པ་སྔོན་མ་ཅན་ཉིད་དུ་ཞེས་པ། གཙོ་བོ་ཡོད་དོ་ཞེས་པའི་དམ་བཅའ་ལས་དང་དེའི་ཕྱིར་གཙོ་བོ་ཡོང་ངོ་ཞེས་པའི་འཇུག་སྡུང་ལས། ཡོད་པ་སྔོན་མ་ཅན་ཁོ་ནར་ཁྱེད་པར་རྣམས ་བསྒྲུབ་པར་བྱ་ཞིང། དཔེ་མེད་པ་མ་ཡིན་ཏེ། དུམ་བུ་ལ་སོགས་པ་རྣམས་ཡོད་པ་སྔོན་མ་ཅན་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་གཅིག་ཉིད་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གཅིག་ཉིད་བསྒྲུབ་པར་བྱ ་བ་ལ་ཡང་གཙོ་བོའི་འདི་ཁོ་ན་སྒྲུབ་བྱེད་དུ་སྟོན་ཏེ། འདི་སྐད་དུ་རྣམ་པར་ལྡན་པ་ལྔ་པོ་འདི་རྣམས་ལས་གཙོ་བོའི་ཡོད་པ་ཉིད་དུ་གྲུབ་ཅིང། འདིའི་གཅིག་ཉིད་ཀྱང་འདི་ཁོ་ན་ལས་གྲུབ་པ་ཞེས་བརྗོད་པའི་ཕྱིར་རོ། །རྗོད་པ་མེད་ཕྱིར་ཡང་ཞེས་པས ་གྲུབ་པ་བསྒྲུབ་བྱ་ཉིད་གསུངས་སོ། །ཅི་ལྟར་ན་རྩོད་པ་མེད་ཅེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །གཞན་རྣམས་ནི་ཞེས་པ། ཇི་སྐད་བཤད་པའི་སྐྱོན་ཡོངས་སུ་སྤང་པའི་ཆེད་དུ་ཕྱོགས་གཞན་ལ་བརྟེན་ཏེ། བདེ་བ་ལ་སོགས ་པ་རྣམས་ཀྱི་རིགས་རྗེས་སུ་འགྲོ་བས་ཁྱད་པར་རྣམས་གཙོ་བོ་དེའི་རིགས་ཅན་ཉིད་དུ་སྟེ། བདེ་བ་ལ་སོགས་པ་ལས་བྱུང་བ་ཉིད་དུ་བསྒྲུབ་པར་བྱའོ། ཞེས་ཏེ། ཇི་ལྟར་དུམ་བུ་ལ་སོགས་པ་རྣམས་ལ་ཙན་དན་ལ་སོགས་པའི་རིགས་རྗེས་སུ་འགྲོ ་བ་ཡོད་ན། དེའི་རྒྱུ་ཅན་རྣམས་ཙན་དན་ལ་སོགས་པའི་རིགས་ཅན་ཉིད་ཡིན་པ་དེ་ལྟར་ཁྱད་པར་རྣམས་ལ་བདེ་བ་ལ་སོགས་པའི་རིགས་རྗེས་སུ་འགྲོ་བ་ན། དེའི་རྒྱུ་ཅན་བདེ་བ་ལ་སོགས་པ་ལས་བྱུང་བའོ་ཞེས་པའོ། །དེ་ལྟར་ནི་གང་གང་གི ་རང་བཞིན་རྣམས་ཀྱི་བརྩམས་པ་དེ་ནི་དེའི་རང་བཞིན་ཁོ་ནར་འགྱུར་རོ། །ཞེས་པའི་བསྟན་བཅོས་ནི་འབྲས་བུ་དང་རྒྱུ་དག་རང་བཞིན་གཅིག་ཉིད་དུ་རྟོགས་པར་བྱེད་པའོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། གང་ཞིག་གང་གི ་རིགས་དང་ལྡན་པ་དེ་ནི་དེའི་རང་བཞིན་གྱི་རྒྱུ་ཅན་ཡིན་ཏེ། དུམ་བུ་ལ་སོགས་པ་བཞིན། ཁྱད་པར་རྣམས་ཀྱང་བདེ་བ་ལ་སོགས་པའི་རིགས་དང་ལྡན་པ་ཡིན་ནོ། ཞེས་པ་འབྲས་བུའི་གཟུགས་བརྙན་ནོ། །དེ་ཡང ་མ་ཡིན་ཏེ། རིགས་དུ་མའི་རྗེས་སུ་འགྲོ་བའི་ཕྱིར་རོ། ཞེས་པ་མིག་དང་རྣ་བ་དང་གཟུགས་དང་སྒྲ་ནང་གི་བདག་ཉིད་ལ་སོགས་པའི་རིགས་དང་ལྡན་པའི་ཁྱད་པར་རྣམས་ཀྱང་ཡོད་དོ། །དེ་རྣམས་ཀྱི་རྒྱུ་ནི་དེ་རི་རང་བཞིན་མ་ཡིན་ནོ་ཞེས་པ ་དེས་ངེས་པའོ། །ཐམས་ཅད་ལ་རྗེས་སུ་འགྲོ་བར་བསྒྲུབ་པར་བྱའོ་ཞེ་ན་ཞེས་པ། སྣ་ཚོགས་ངོ་བོའི་འབྲས་བུ་སྐྱེད་པ་མཐོང་བའི་ཕྱིར་གཙོ་བོ་ནི་ཐམས་ཅད་ཀྱི་བདག་ཉིད་ཉིད་དུ་འདོད་པ་ཁོ་ནའོ། །དེའི་ཕྱིར་འདིར་བདེ་བ་ལ་སོགས་པའི་རིགས ་ཅན་ཙམ་བསྒྲུབ་པར་བྱ་བ་མ་ཡིན་གྱི་འོན་ཀྱང་ཇི་སྙེད་ཅིག་རིགས་དང་ལྡན་པའི་ཁྱད་པར་རྣམས་ཡིན་པ་དེ་སྙེད་པའི་རིགས་ཅན་ཉིད་བསྒྲུབ་པར་བྱའོ་ཞེས་པས་མ་ངེས་པ་མ་ཡིན་ནོ། །མ་ཡིན་ཏེ་དཔེ་མེད་པའི་ཕྱིར་རོ་ཞེས་པ། ཐམས་ཅད་ཀྱི་རིགས ་དང་ལྡན་པའི་ཁྱད་པར་གྱི་རྒྱུ་བསྒྲུབ་པར་བྱ་བ་ཡིན་ན། དུ་མ་བུ་ལ་སོགས་པ་རྣམས་བསྒྲུབ་བྱ་དང་བྲལ་པ་ཉིད་དོ་ཞེས་པས་དཔེ་མེད་པའོ། །འདིར་འགྱུར་མོད། གང་ཞིག་གང་རྗེས་སུ་སོང་བ་དེ་ནི་དེའི་རིགས་ཅན་གྱི་རྒྱུ་ཅན་ཡིན་ཏ། ་དུ་མ་བུ་ལ་སོགས་པ་བཞིན་ཞེས་སྦྱིར་རྗེས་སུ་འགྲོ་བ་སྟོན་པ་ན་དུམ་བུ་ལ་སོགས་པ་དཔེར་རིགས་པ་ཁོ་ནའོ་ཞེས་ན། གསུངས་པ། རགས་པ་དང་མི་རྟག་པ་དང་འབྲས་བུ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བའི་ཕྱིར་ཡང་ཞེས་པ། ་རགས་པ་དང་མི་རྟག་པ་དང་འབྲས་བུ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བ་ཁྱད་པར་རྣམས་ལ་དམིགས་སོ་ཞེས་པ་དེའི་བདག་ཉིད་ཉིད་དུ་ཡང་གཙོ་བོ་བསྒྲུབ་པར་བྱ་བར་འགྱུར་རོ། །སོགས་པ་སྨོས་པ་ལས་གསལ་བ་ཉིད་དང་མངོན་སུམ་ཉིད་ལ ་སོགས་པ་རྣམས་ཡོངས་སུ་གཟུང་ངོ། །དེ་རྣམས་དེའི་རྣམ་པར་ཡང་འཐད་པ་མ་ཡིན་ཏོ། །རྣམ་པར་ལྡན་པ་གཞན་རྣམས་ལ་ཡང་མ་འབྲལ་པའི་ཕྱིར་ཞེས་པ། རྣམ་པར་ལྡན་པ་གཞན་རྣམས་ལ་སྟེ། ཚད་དང་སྣ་ཚོགས་པའི་གཟུགས་ཉིད་དང་འབྲས་དང ་རྒྱུའི་དངོས་པོ་དང་ནུབ་པས་འཇུག་པའི་བདག་ཉིད་རྣམས་ལའོ། །ཡང་ཁྱད་པར་གྱི་ཆོས་གཏན་ཚིགས་ཉིད་དུ་ཉེ་བར་བླངས་པོ་དེ་རྗེས་སུ་འགྲོ་བ་གཙོ་བོ་མི་རུང་བའི་ཕྱིར་ཞེས་པའི་དོན་ཏོ། གཙོ་བོ་ལ་བཅུ་དྲུག་ལ་སོགས་པའི་ཆད་འཐང་པ་མ་ཡིན་ཏེ། གཅིག་ཉིད་དུ ་ཁས་བླངས་པའི་ཕྱིར་རོ། །སྣ་ཚོགས་པའི་གཟུགས་ཀྱང་མ་ཡིན་ཏེ། དེ་གཟུགས་མེད་པ་ཉིད་ཀྱི་ཕྱིར་རང་གཅིག་ཉིད་ཀྱི་ཕྱིར་རོ། །འབྲས་བུ་ཉིད་ཀྱང་མ་ཡིན་ཏེ། རྒྱུ་ཉིད་ཀྱི་ཕྱིར་རོ། །ནུས་པའི་འཇུག་པ་ཡང་མ་ཡིན་ཏེ་ཐོག་མ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་ལྡན་པ་གཞན་ཕྱི་མ་རྣམས་ལ ་བསྒྲུབ་བྱ་མི་རིག་པའི་ཕྱིར་ཉིད་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གང་ལས་ཐ་དད་དུ་ཉེ་བར་ལེན་པ་འདི་དག་གི་གཞུང་ཐ་དད་པ་ཅི་ལྟར་ཡིན་ཞེ་ན། བསྟན་བཅོས་ཅན་དང་བསྟན་བཅོས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་རགས་པ་ལ་སོགས་པ་རྣམས་ནི་བསྟན་བཅོས་ཅན་མ་ཡིན་པའོ། །ཚད ་ལ་སོགས་པ་རྣམས་ནི་བསྟན་བཅོས་ཅན་ཉིད?་ཀྱི་ཕྱིར་ཐ་དད་དུ་ཉེ་བར་བླངས་པའོ། །རིགས་གཅིག་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་པ། བདེ་བ་ལ་སོགས་པ་རྣམས་སེམས་བ་ཅན་ཉིད་ཀྱི་ཕྱིར། དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་རྗེས་སུ་འགྲོ་བ་ཁྱད་པར་ཐམས་ཅད་ལ་ཡོད་བ་མ ་ཡིན་ནོ། །འོ་ན་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་སྟེ་ལྔ་པོ་རྣམས་བདེ་བ་དང་སྡུག་བསྔལ་དང་རྨོངས་པ་སྟེ་གསུམ་པོ་རྣམས་ཀྱི་བཀོད་པའི་ཁྱད་པར་ཏེ། ཅི་ལས་ལྡན་རྣམས་དང་ལྔ་པོ་རྣམས་ལས་འབྲས་བུ་གཅིག་པ་མེད་པའི་ཕྱིར་ཞེས་པའི་བསྟན་བཅོས་ལས ་གཏན་ཚིགས་སུ་ཡང་དག་པར་བཞག་པ་ཁོ་ན་ནི་མ་གྲུབ་པ་ཉིད་དོ། །དེ་ལྟར་ནི་འདིས་ནི་གང་འབྲས་བུ་གཅིག་པ་དེ་ནི་རིགས་གཅིག་རྗེས་སུ་སོང་བཅན་ཡིན་ཏེ། དུམ་བུ་ལ་སོགས་པ་བཞིན་སྤྲ་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ་ཞེས་བྱ་བའི་སྒྲུབ་པར་བྱེད་པ་བསལ་བར ་བྱས་སོ། །དེའི་ཕྱིར་མ་གྲུབ་པ་ཉིད་མེད་དོ་ཞེ་ན་གསུངས་པ། གང་གི་ཕྱིར་འབྲས་བུ་གཅིག་པ་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱི་སྒྲ་ལ་སོགས་པ་འབྲས་བུ་ཐ་མི་དད་པའོ་ཞེས་པ། སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཕན་ཚུན་ཕན་འདོཊ་པའི་དངོས་པོར་འཇུག་པ་རྣམས་ནི ་སྒྲ་ལ་སོགས་པའི་བདག་ཉིད་དུ་རྣམ་པར་བཞག་གོ་ཞེས་པས་སྒྲ་ལ་སོགས་པ་འབྲས་བུ་གཅིག་པར་བརྗོད་དོ། །སྙིང་སྟོབས་ལ་སོགས་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བ་ཡོད་པ་ཡང་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །འཇིག་རྟེན་ན་ཡང་མིག་དང་གཟུགས་དང ་སྨད་པ་དང་ཡོད་ལ་བྱེད་པ་ལ་སོགས་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བ་མེད་ན་ཡང་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་གཅིག་ཡིན་ཏེ། དེའི་ཕྱིར་ཡང་མ་ངེས་པའི་ཕྱིར་ན་རིགས་གཅིག་རྗེས་སུ་འགྲོ་བ་མ་གྲུབ་པའོ། །ཉེ་བར་ལེན་པ་ལ་དེ་རྟོགས་སོ་ཞེས་པ་རྒྱུ་ནི་རྣམ་པ ་གཉིས་ཏེ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་མ་ཡིན་བས་སོ། །དེ་ལ་ཉེ་བར་ལེན་པ་ནི་གང་ཐུན་མོང་མ་ཡིན་པ་སྟེ། སྤང་འབྲས་བུའི་བདག་ཉིད་ཀྱིས་རྣམ་པར་གནས་པ་དཔེར་ན་མ་ཡུའི་ས་བོན་དང་བུམ་པའི་སའི་རྫས་ལྟ་བུའོ། ཅི་ཤོས་གན་འདོགས་པར་བྱེད་པ་ནི་ཉེ་བར་ལེན་པ་མ་ཡིན་པ་སྟེ། ་དཔེར་ན་མྱུ་གུའི་ཆུ་ལ་སོགས་པ་དང། བུམ་པའི་དབྱུང་པ་དང། སྐུད་པ་ལ་སོགས་པ་ལྟ་བུའོ། །གང་གང་གིས་ཉེ་བར་ལེན་པ་ཡིན་པ་དེ་ནི་འབྲས་བུའི་ཆོས་དང་འབྲེལ་གྱི། ཅིག་ཤོས་མ་ཡིན་ཏེ། དཔེར་ན་སའི་རང་བཞིན་ཉིད་ལ་སོགས་པ་བུམ་པའི་ཆོས་དང་སའི་གོང་བུ་ཡིན་གྱི། སྐུད ་པ་ལ་སོགས་པ་མ་ཡིན་པ་བཞིན། ནང་གི་བྱེད་པ་ཁོ་ན་ཡང་རབ་ཏུ་དང་བ་ལ་སོགས་པ་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུའོ། །དེ་ལྟར་ནི་དེ་རྣམས་མཚོ་འཁྱིལ་བ་ལས་ཆུའི་རླབས་རྣམས་བཞིན་དུ་དེ་ལས་ཡོངས་སུ་འཇུག་པས་སོ། །དེའི་ཕྱིར་དེ་ཁོ་ན་རབ་ཏུ་དང་བ་ལ་སོགས་པའི་ཆོས ་བདེ་བ་ལ་སོགས་པའི་རང་བཞིན་ཉིད་དང་འབྲེལ་པར་རིགས་ཀྱི་སྒྲ་ལ་སོགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། ཡང་ཅི་ལྟར་ན་སྐྱེས་བུ་ན་ཡང་ཡོན་ཏན་གསུམ་རྗེས་སུ་དཔོག་པར་ཐལ་བར་འགྱུར་ཞེ་ན་གསུངས་པ། དེའི ་རྣམ་པར་ཤེས་པ་ཡང་ཞེས་པ་ལ་སོགས་པ་སྟེ། སྐྱེས་བུ་ནི་སྐྱེས་བུའི་དེ་ཉིད་རིག་པ་ཐེ་ཚོམ་དང་ཕྱིར་ཅི་ལོག་ལ་སོགས་པ་རྣམས་ཀྱི་ཡང་ནང་གི་བྱེད་པ་ཡིན་ན། རབ་ཏུ་དང་བ་ལ་སོགས་པའི་འབྲས་བུའི་རྒྱུར་གྱུར་པ་ཡིན་ཡང། རབ་ཏུ་དང་བ་ལ་སོགས་པའི་འབྲས ་བུའི་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་བདེ་བལ་སགས་པའི་རིགས་རྗེས་སུ་འགྲོ་བར་འདོད་པ་ནི་མ་ཡིན་ཏེ། དེ་བཞིན་དུ་སྒྲ་ལ་སོགས་པ་རྣམས་ཀྱང་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར། བདེ་བ་ལ་སོགས་པའི་རིགས་དང་ལྡན་པ་མ་ཡིན་ནོ་ཞེས ་རྟོགས་པར་བྱའོ། །ཁས་མི་ལེན་ན་ཡང་སྐྱེས་བུ་ཡང་བདེ་པ་ལ་སོགས་པའི་རིགས་དང་ལྡན་པ་འཐོབ་བོ། །དེ་འདིས་ནི་སྒྲ་ལ་སོགས་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བར་བསྒྲུབ་པར་བྱ་བ་ལ། འབྲས་བུ་གཅིག་པ་ཉིད་ཀྱི་གཏན་ཚིགས་ནི། །སྐྱེས་བུས་མ་ངེས ་བར་བསྟན་ཏོ། །ཅི་སྟེ་ཡང་ཞེས་པ་ལ་སོགས་པས་རང་བརྗོད་ཟིན་པ་ཉེ་བར་ལེན་ལ། དེ་རྟོགས་སོ་ཞེས་པ་དེའི་རྗེས་སུ་ཡི་རང་པར་བྱེད་དོ། །ཕྱི་རོལ་ཁོ་ནའི་སྒྲ་ལ་སོགས་པའི་རྒྱུ་ལ་རབ་ཏུ་དང་བ་ལ་སོགས་པའི་འབྲས་བུ་འདོད་དོ། །ནང་གི་བྱེད་པ་ལ་ནི་མ་ཡིན་ནོ། །དེ ་ནི་དཔེར་ན་མེའི་ཡོན་ཏན་དྲོ་པ་ཉིད་ནི་ཆཱུམ་ལུས་ལ་གསལ་བ་དེ་ལྟར་སྒྲ་ལ་སོགས་ལ་སོན་པ་ཁོ་ནའི་འབྲས་བུ་ཡིད་ལ་གསལ་ལོ་ཞེས་པ་སྒྲ་ལ་སོགས་པ་རྣམས་ཀྱི་ཉེ་བར་ལེན་པ་ཉིད་ཡོད་དོ། །དེ་ལྟར་རབ་ཏུ་དང་བ་ལ་སོགས་པ་ཉེ་བར་ལེན་པ་ཉིད་ཀྱི་རྒྱུ་གཞན་ནི་ཉེ་བར ་ལེན་པ་ཡིན་པའི་ཕྱིར། སྐྱེས་བུས་མ་ངེས་པ་མེད་དོ། །འདི་རབ་ཏུ་དང་བ་ལ་སོགས་པའི་ཉེ་བར་ལེན་པ་ནི་མ་ཡིན་ཞེས་སེམས་པའོ། །གལ་ཏེ་ཐ་མི་དད་པར་ཞེས་པ། གང་ཁོ་ན་སྒྲ་ལ་རྣ་བའི་འཇུག་པས་འཛིན་པ་དེ་ཁོ་ན་གལ་ཏེ་རེག་པ་ལ་སོགས་པ་རྣམས་ལ ་ཡང་པགས་པ་ལ་སོགས་པའི་འཇུག་པ་རྣམས་ཀྱིས་ཡིན་ན། དེ་ལས་རང་གི་ཡུལ་ལས་འཇུག་པ་ཉམས་ཏེ། རྣ་བ་ལ་སོགས་པའི་འཇུག་པ་ལྔ་པོ་རྣམས་ཀྱི་ཡང། རབ་ཏུ་དང་ཐ་ལ་སོགས་པ་འབྲས་བུ་གཅིག་གི་ཡུལ་ཅན་ཉིད་ཀྱི་ཕྱིར་ཞེས་པ་ཁས་བླངས་པ་ཉམས ་སོ། །ཅི་སྟེ་ཐ་དད་ན་ཞེས་པ་ལ་སོགས་པ་གང་སྒྲ་ལ་རྣ་བའི་འཇུག་པས་གཟུང་ཞིང། །དེ་ལས་གཞན་པ་ཁོ་ན་རེག་པ་ལ་སོགས་པ་རྣམས་པ་པགས་པ་ལ་སོགས་པའི་འཇུག་པ་རྣམས་ཀྱིས་སོ། །དེ་ལྟར་གྱུར་ན་གཅིག་གི་རིགས་ཅན་དུ་རྗེས་སུ་དཔོག་པ ་ལ་གནོད་ཏེ། འབྲས་བུ་གཅིག་པ་ཉིད་མ་གྲུབ་པའི་ཕྱི་རོ། །གང་གི་ཕྱིར་དེ་རྣམས་ངོ་བོ་ཐ་དད་པ་ཁོ་ན་སྟེ། སྒྲ་ལ་སོགས་པ་བཞིན་དབང་པོ་ཐ་དད་པའི་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་ཏེ། སྒྲ་ཐ་མི་དད་ཀྱི་བརྗོད་པར་བྱ་བ་ཡོད་ན་ཡང་ངོ། །དེ་ལྟར་འགྱུར་མོད། སྨྲ་ལ ་སོགས་པ་རྣམས་རྣ་བ་ལ་སོགས་པའི་འཇུག་པས་གཟུང་བྱེ་རྣམས་ཏེ། རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་རྣམས་ཀྱི་འཇུག་པ་ཡིད་ཀྱིས་བྱིན་གྱིས་བརླབས་པ་སྒྲ་དང་རག་པ་དང་གཟུགས་དང་རོ་དང་དྲི་རྣམས་རིམ་པ་ལྟ་བར་འཛིན་པ་ལ་འཇུག ་པ་ནི་མངོན་སུམ་མོ་ཞེས་པའི་བསྟན་བཅོས་ལས་ཏེ། ངེས་ན་རབ་ཏུ་དང་བ་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་དཔྱོད་པ་འདི་མི་རིགས་པ་ཁོ་ནའོ་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། གང་ཞིག་གང་ཚོགས་པ་ལ་གདགས ་བར་བྱ་བ་དེ་ནི་དེའི་འབྲས་བུ་མ་ཡིན་ཏེ། དཔེར་ན་སའི་རྣམ་པ་ལ་སོགས་བཞིན། སྒྲ་ལ་སོགས་པ་ཡང་རབ་ཏུ་དང་པ་ལ་སོགས་པ་ཚོགས་པ་ལ་གདགས་པར་བྱ་བའོ། །ཞེས་པ་ཁྱབ་བྱེད་དང་འགལ་བའི། །རྣམ་པ་ལ་སོགས་པ་རྣམས་ནི། རྣམ་པ་དང་ལྕི་བ་ཉིད ་དང་རྩུབ་པ་ཉིད་དང་སྒྲིབ་བྱེད་དང་བརྟན་པ་ཉིད་དང་གནས་པ་དང་འབྱེད་པ་དང་བཟོད་པ་དང་ནག་པ་ཉིད་དང་ལུས་དང་ཐམས་ཅད་སྤྱད་པར་བྱ་བ་ཉིད་ཅེས་པ་འདི་རྣམས་ནི་ས་ལས་བྱུང་བའི་ཆོས་རྣམས་སོ། །དེའི་ཁྱད་པར་ཅན་དེ་ལྟ་བུ་གཞན་རྣམས་ནི་ཆུ་དང་མེ་དང ་རླུང་དང་ནམ་མཁའ་ཨི་ཁྱབ་བྱེད་རྣམས་སུ་དེ་རྣམས་རྟོགས་པར་བྱའོ་ཞེས་པ་འདི་རྣམས་རིག་པར་བྱའོ། །དེ་འདེས་འབྲས་བུ་གཅིག་པ་ཉིད་དང་རབ་ཏུ་དང་པ་ལ་སོགས་པའི་ཉེ་བར་ལེན་པ་ཉིད་ཀྱ་མ་གྲུབ་པ་ཉིད་གསུངས་སོ། །གལ་ཏེ་རྗེས་སུ་དཔག་པ་འདི་ལས། ་ཞེས་པ། གང་འདི་འབྲས་བུ་གཅིག་པའི་དངོས་པོའི་མཚན་ཉིད་ཉེ་བར་བཀོད་པ་ནི། རིགས་གཅིག་ཁོ་ནས་ཞེས་པ་བོད་པ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཀྱིས་སོ། །སྣ་ཚོགས་པའི་རང་བཞིན་འགལ་ལོ་།ཞེས་པ་མཛའ་ཕམ? ་པའི་རིགས་ལ་གནོད་དོ་ཞེས་པའི་དོན་ཏོ། །མཛའ་ཡས་པའི་རིགས་རྗེས་སུ་འགྲོ་བ་ནི་སྣ་ཚོགས་པའི་ངོ་བོ་ཉིད་དེ། དེ་ཡང་རིགས་གཅིག་ཁོ་ནས་རྗེས་སུ་འགྲོ་བ་ལ་སྲིད་པ་མ་ཡིན་ན། ཅི་སྟེ་ངེས་པར་མི ་འཛིན་ན་སྟེ། །གཅིག་ཁོ་ནས་ཞེས་པར་རོ། །རྗེས་སུ་འགྲོ་བ་ལས་སྣ་ཚོགས་པའི་ངོ་བོ་ཉིད་ཀྱི་རྣམ་པར་ལྡན་པ་གཞན་མེད་དོ། །དེ་ལྟར་གལ་ཏེ་སྣ་ཚོགས་པའི་གཟུགས་ཁོ་ན་ཞེས་ངེས་པར་མི་འཛིན་ན་སྣ་ཚོགས་པའི་ངོ་བོ་ཉིད་ལས་རྗེས། ། ་སུ་འགྲོ་བ་རྣམ་པར་ལྡན་པ་གཞན་ཉིད་དུ་མི་འགྱུར་རོ། །གཉི་གར་ཡང་ཞེས་པ་ལ་སོགས་པ། ཕན་ཚུན་དུ་ལྡོག་པ་དག་ཐ་དད་པར་འགྱུར་རོ། །ངེས་པར་མ་བཟུང་ན་ཡང་ལྡོག་པ་མི་སྲིད་དོ། །དེའི་ཕྱིར་དོན་གྱི་གོ་བས་སམ་ཐོས་པས ་ན། གཉི་ག་དག་གིས་ཉེ་བར་ལེན་པ་ལས་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཀྱི་རྣམ་པར་ལྡན་པ་གཅིག་ཁོ་ནར་འགྱུར་རོ། །སྤྱི་ནི་རྗེས་སུ་འགྲོ་བ་དང་ཁྱད་པར་ནི་སྣ་ཚོགས་པའི་ངོ་བོ་ཉིད་དེ། ཏེ་དག་སོ་སོར་རྣམ་པར་ལྡན་པ་གཞན་ཉིད་མི ་འགྲུབ་བོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་དུ་མ་སྔོན་དུ་འགྲོ་བ་ཅན་ཁོ་ན་ཞེས་པ། མི་མཐུན་ཕྱོགས་ཁོ་ན་ལ་རིགས་གཅིག་རྗེས་སུ་འགྲོ་བ་མཐོང་ཞེས་པའི་དོན་ཏོ། །འདིར་འགྱུར་མོད་དུམ་བུ་ལ་སོགས་པ་ཤིང་ལ་སོགས་པའི་རྒྱུ་གཅིག ་སྔོན་མ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བ་མཐོན་སྟེ། དེས་ན་གང་ལས་འགལ་བ་ཉིད་ཡིན་ཞེས་གསུངས་པ། དེ་ལ་ཤིང་ལ་སོགས་ལ་སོགས་པ་རྣམས་ལ་གཅིག་ཉིད་གྲུབ་པ་ནི་མེད་ཅིང། རུམ་བུ་ལ་སོགས་པ་རྣམས་དེ་སྔོན་མ་ཅན ་ཉིད་ཀྱང་མ་ཡིན་ཏེ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། ཤིང་ལ་སོགས་པ་ཉེ་བར་ལེན་པའི་དངོས་པོའི་ཕྱིར་རོ། །གང་གི་ཕྱིར་དུམ་བུལ་སོགས་པ་རྣམས་ནི་ཤིང་ལ་སོགས་པའི་ཉེ་བར་ལེན་པ་ཉིད་ཉེ་བར་གཟུང་ནས་ཤིང་ལ་སོགས་པ་ཉེ་བར ་འདོགས་པའི་ཕྱིར་ཏེ། བྷ་བ་ལ་སོགས་པ་རྣམས་ཉེ་བར་གཟུང་ནས་ནས་ཉེ་བར་འདོགས་པ་བཞིན་ནོ། །དེའི་ཕྱིར་ཤིང་ལ་སོགས་པ་རྣམས་གཅིག་ཉིད་མ་ཡིན་ཞིང། དུམ་བུ་ལ་སོགས་པ་རྣམས་དེ་སྔོན་མ་ཅན་ཉིད་ཀྱང་མ་ཡིན་ནོ། །ནགས་ནི་གཅིག་ཉིད་མ་ཡིན་ཞིང། དྷ་བ་ལས ་སོགས་པ་རྣམས་དེ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་ནུས་པ་ཡང་མ་ཡིན་ནོ། །འོ་ན་འདི་ནི་མི་འགྲིག་སྟེ། རིགས་གཅིག་རྗེས་སུ་འགྲོ་བས་རྒྱུ་དུ་མ་སྔོན་མ་ཅན་ཉིད་དུ་འགྱུར་བར་བྱའོ་ཞེས་པའི་གེགས་མེད་པའི་ཕྱིར། དེ་དག་ལས་འགལ་བ་ཉིད་ཡིན་ཞེ་ན། ཇི་ལྟར་འགལ ་བ་ཉིད་ཡིན་བ་དེ་ལྟར་བརྗོད་པར་བྱ་སྟེ་གལ་ཏེན་གཙོ་བོ་དུལ་ཉིད་དུ་མི་འགྱུར་ཞིང། དེ་ལས་བསལ་བའི་ཐ་དད་པ་ཉིད་ཁོ་ནར་མི་འགྱུར་ན་ཕན་ཚུན་ཐ་དད་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་ནི་ཐ་དད་ཉིད་དེ་ཉེ་བར་སྐྱེ་ལ། ཕན་ཚུན་དུ་ཐ་དད་པ་ཡང་གཙོ་བོ་གཅིག་ཉིད་ལ་སྲིད་པ་མ ་ཡིན་ནོ། འགས་བུ་དང་རྒྱུ་དག་གཅིག་ཉིད་དུ་ཁས་བླངས་པའི་ཕྱིམ་ཐ་དད་པ་མེ་དན་འང་ཅི་ཞིག་ལ་རིག་རྗེས་སུ་འགྲོ། །དེའི་ཕྱིར་རིགས་གཅིག་རྗེས་སུ་འགྲོ་བར་འདོད་པས་དེའི་རྒྱུ་དུ་མ་ཉིད་དུ་ཁས་བླངས་པར་བྱའོ་ཞེས་བས་འགལ་བ་ཉིད་འགྱུར་འགྱུར་རོ། །ཁས་བླངས་ནས་ཀྱང་ཞེས་པ ་གལ་ཏེ། ཡང་དུམ་བུ་ལ་སོགས་བ་རྣམས་གཅིག་ཉིད་ཀྱི་ཁྱད་པར་ཅན་དང་ཤིང་ལ་སོགས་པ་སྔ་མ་ཅན་ཉིད་ཡིན་པ་དེ་ལྟ་ཏ་ཡང་གཏན་ཚིགས་མ་ངེས་བ་སྟེ། གང་གི་ཕྱིར་དུམ་བུ་དང་དང་རིགས་པའི་རིགས ་རིགས་དང་གསེར་ལ་སོགས་པའི་རིགས་དུ་མའི་རྒྱུ་སྔོན་མ་ཅན་རྣམས་ཏེ། སྔ་མར་ནི་ཤིང་ལ་སོགས་པ་རྣམས་ལ་ནི་སོ་སོར་གཅིག་ཉིད་མེད་པའི་ཕྱིར་འགལ་བ་ཉིད་དུ་བཤད་ཅིང། ་ད་ལྟ་ནི་ཁས་བླངས་ནས་ཀྱང་གཅིག་ཉིད་མཛའ་དག་གི་དུ་མ་ཉིད་ཀྱི་ཕྱིར་མ་ངེས་པ་ཉིད་དུ་བརྗོད་དོ་ཞེས་པ་ཁྱད་པར་རོ། །དཔེ་ནི་བསྒྲུབ་བྱས་དམན་པ་ཞེས་པ། ཁྱད་པར་རྣམས་ཐམས་ཅད་གཙོ་བོ་གཅིག་གི་རྒྱུ་ཅན་ཉིད་དུ་ཁས་ལེན་པ་ལ་དུ་མ་ཞོགས ་ལ་སོགས་པ་རྣམས་ཤིང་ལ་སོགས་པ་སྔོན་མ་ཅན་ཉིད་རིགས་པ་མ་ཡིན་ནོ། །འོ་ན་ཁྱད་པར་རྣམས་རྒྱུ་གཅིག་སྔོན་མ་ཅན་རྣམས་སོ་ཞེས་པ་བལྟོས་པ་མེད་པའི་གཙོ་བོ་ལ་སོགས་པའི་ངོ་བོ་གཅིག་གི་རྒྱུ་ཅན་ཉིད་དུ་བསྒྲུབ་པར་བྱ་སྟེ། དེས་ན་གང ་ལས་དཔེ་མེད་པ་ཡིན་ཞེ་ན། འདི་ལྟར་སེམས་ཏེ། ཁྱད་པར་ལ་མི་སྙེགས་པ་ཡིན་ན་གྲུབ་པ་བསྒྲུབ་བྱ་ཉིད་ཁོ་ནར་འགྱུར་གྱི། ཤིང་ལ་སོགས་པ་གཅིག་པ་ཉིད་འགྲུབ་པ་ནི་མ་ཡིན་ནོ། །དེས་ན་དཔེ་ལྟར་སྣང་བའི་ཞེས་པའོ། དུམ་ཞོགས་ལ་སོགས་པ་རྣམས་ཁྱད་པར་ལས་ཕྱི་རོལ་དུ་གྱུར ་མིན་པའི་ཕྱིར། ཁྱད་པར་རྣམས་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་དཔེ་མེད་དོ། །བསྒྲབ་པར་བྱ་བ་ཁོ་ན་དཔེར་འཐད་པ་ནི་མ་ཡིན་པས་ཏེ། དེའི་ཕྱིར་ཆོས་ཅན་མ་གྲུབ་པའི་དཔེའི་སྐྱོན་ནོ། །འོན་དུ་མ་ཞོགས་ལ་སོགས་པ་རྣམས་གྲུབ་པ་སྟེ། ཅི་ལྟར་ཆོས་ཅན་མ་གྲུབ་པ ་ཡིན་ཞེ་ན། གྲུབ་པ་བདེན་མོད། །གཏན་ཚིགས་ཀྱི་བསྒྲུབ་བྱ་ཉིད་དུ་ཉེ་བར་བླངས་ཏེ། གཞན་ཡོད་པ་མ་ཡིན་ནོ་ཞེས་པས་གསལ་བ་ཁོ་ནར་ཆོས་ཅན་མ་གྲུབ་པོ། ཅི་སྟེ་ཉེ་བར་མི་ལེན་ན། དེ་ལྟར་ཡང་གཙོ་བོ་སྔོན་མ་ཅན་ཉིད་དུ་དུམ་ཞེས་ལ་སོགས་པ་རྣམས་མི་རྣམས་མི ་འགྱུར་རོ། །ཞེས་པས་ཡོན་ཏན་གསུམ་ཉིད་མེད་དོ། དེ་བཞིན་དུ་ལྷག་མ་རྣམས་ལ་ཞེས་པ་ཚེ་དང་འབྲས་བུ་དང་རྒྱུའི་དངོས་པོ་དང། ནུས་པས་འཇུག་པ་དང། སྣ་ཚོགས་པའི་ངོ་བོའི་རྣམ་པར་ལྡན་པ་རྣམས་ལའོ། །དེ་ལ་ཡང་གལ་ཏེ་དངོས་སུ་གཙོ་བོ་ཡོད་པ་ཉིད ་བསྒྲུབ་བྱ་ཡིན་ན། དེ་ཡང་དག་པ་མ་ཡིན་ཏེ། ཚད་མའི་ཡུལ་མི་ཤེས་པའི་ཕྱིར། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པའི་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པས་སོ་ཞེས་པ་འདི་ལྟ་བུ་ལ་སོགས་སོགས་པ་སྔར་གྱི་རྗེས་སུ་འབྲང་པས་གཏན་ཚིགས་དང་དཔེ་དང ་ཉེ་བར་བསྡུ་བ་རྣམས་མ་འབྲེལ་པ་ཉིད་དུ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །རིགས་པའི་སྒོའི་ཕྱོགས་ཀྱིས་ནི་མི་རིགས་པ་ཉིད་དུའོ། མ་གྲུབ་པ་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་སྐྱོན་ལས་སོ། །དེ་ལ་ཚེད་ཅན་གྱི་རྣམ་པར་ལྡན་པས་ནི་ཁྱད་པར་རྣམས་རྒྱུ་གཅིག ་འདྲེས་པ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་སྟེ། དཔེར་ན་མྱུ་གུ་དང་འདབ་མ་དང་སྡོང་བུ་ལ་སོགས་པ་རྣམས་ནི་ཡོངས་སུ་འགྱུར་བ་དང་ལྡན་པ་ཉིད་ཀྱི་ཕྱིར་འབྲུ་གཅིག་གི་རྒྱུ་ལ་འདྲེས་པ་ཡིན་པ་དང། ཇི་ལྟར་མེད་མེར་པོ་དང་ནར་ནར་པོ་ལ་སོགས ་པ་རྣམས་ཁུ་བ་དང། ཁྲག་ལ་ཡིན་པ་དེ་བཞིན་དུ་ཁྱད་པར་རྣམས་རྒྱུ་གཅིག་ཏུ་འགའ་ཞིག་ལ་འདྲེས་པར་འབྱུང་བར་བྱ་ཞིང་གྲུབ་པ་ཉིད་ཏེ། ཁྱད་པར་རྣམས་ཚད་མེད་པ་ཉིད་ཀྱི་ཕྱིར་རོ། །མིག་ལ་སོགས་པ་རིགས་ཀྱིས་ཡོངས་སུ་ཟིན་པས་ཆིང་ཅན་ན ་རོ། །མིག་ལ་སོགས་པ་རིགས་ཀྱིས་ཡོངས་སུ་ཟིན་པས་ཆང?་ཅན་ན་ཞེ་ན་མ་ཡིན་ཏེ། རིགས་ནི་ཁྱད་པར་རྣམས་ལས་གཞན་མ་ཡིན་པ་ཉིད་དུ་ཁས་ལེན་པའི་ཕྱིར། དེ་དང་ལྡན་པ་མཛའ་ཡས་པའི་ཕྱིར་རོ། །ཁས་བླངས་ནས་ཞེས་པ ་ལ་སོགས་པ་འགལ་བ་ཉིད་སྔ་མ་བཞིན་ནོ། །འབྲུལ་སོགས་པ་རྣམས་གཅིག་ཉིད་གྲུབ་པ་མ་ཡིན་ཞིང། མྱུ་གུ་ལ་སོགས་པ་རྣམས་དེ་ལ་འདྲེས་པ་མ་ཡིན་ཏེ། སྐྱེ་བ་ལས་སྔར་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཡོད་ན་ཡང་སྐྱེ་བར་མི་འགྱུར ་ཏེ། ད་ལྟར་བ་བཞིན་ནོ། །གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པ་ཉིད་ཁས་བླངས་ནས་ཀྱང་མ་ངེས་པ་སྟེ། ས་བོན་ལ་སོགས་པ་སྣ་ཚོགས་པ་སྔོན་མ་ཅན་འབྲུ་ལ་སོགས་པ་རྣམས་ཀྱི་འདྲེས་པ་མ་མཐོང་བའི་ཕྱིར་དང། འབྲེལ་པ ་མེད་པ་ལས་ཀྱང་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །ནུས་པའི་འཇུག་པའི་རྣམ་པར་ལྡན་པས་ཁྱད་པར་རྣམས་ནུས་པ་ཞིག་སྔོན་མ་ཅན་ཉིད་དུ་སྒྲུབ་པར་བྱེད་སྟེ། རྒྱུ་རྣམས་ལ་འབྲས་བུའི་ནུས་པ་ཡོད་ན། འབྲས་བུ་འཇུག་པ་མཐོང་སྟེ། ་དཔེར་ན་འོ་མ་ལ་ཞེའི་ནུས་པ་ཡོད་པ་ན་ཞེ་ལྟ་བུའོ། །ཆེན་པོ་ལ་སོགས་པ་རྣམས་གྱི་འཇུག་པ་ཡང་ཡོད་ཏེ། དེའི་ཕྱིར་འཇུག་པའི་སྡང་གིང་ལས་ཕྱིས་ཆེན་པོ་ལ་སོགས་པ་འབྱུང་བར་འགྱུ་བ་ནུས་པ་དེ་ཡོད་དོ། །དེ་ཡང་གཙོ་བོ་ཡིན་ནོ་ལོ། །འདིར་གལ་ཏེ་འཇུག་པ་ནི་བྱ ་བའི་མཚན་ཉིད་ཅན་དུ་འདོད་ན། དེ་བདེ་བར་གཤེགས་པ་རྣམས་ཀྱི་དོར་མ་གྲུབ་སྟེ། དངོས་པོ་ཐམས་ཅད་སྐད་ཅིག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཅི་སྟེ་སྐྱེ་བ་ནི་ཐོག་མཛའ་དང་ལྡན་པ་ཉིད་དམ། སྐྱེ་པ་དང་འཇིག་པའི་མཚན་ཉིད་ཅན་ཡིན་ན། ་དེ་ཡང་ཇི་འདྲ་བ་ཕ་རོལ་པོ་མངོན་པར་འདོད་པ་དེ་འདྲ་བར་མ་གྲུབ་པ་ཁོ་ན་སྟེ། ཕ་རོལ་པོ་ནི་སྔར་ཡོད་པ་ཁོ་ན་གསལ་བར་འགྱུར་བ་སྐྱེ་བར་འདོད་ཅིང། རང་གི་ངོ་བོ་ལས་མ་ཉམས་པའི་བདག་ཉིད་ཁོ་ནའི་མི་གསལ་བར་འགྱུར་བ་ནི་འཇིག་པར་རོ།། ་འདི་ལྟ་བུའི་རྣམ་པའི་སྐྱེ་བ་དང་འཇིག་པ་དག་བདེ་བར་གཤེགས་པ་རྣམས་ཀྱིས་ཁས་ལེན་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་མ་བྱུང་བ་འབྱུང་བ་དང་རང་གི་ངོ་བོ་ཉམས་པའི་མཚན་ཉིད་ཅན་དག་གོ་།འོན་བརྗོད་པར་འདོད་པའི་ཁྱད་པར་ཅན་གྱི་སྤྱི་གྲུབ ་པ་ཉིད་མ་ཡིན་ནམ། དེ་གྲུབ་པ་ན་ཁྱད་པར་རྣམ་པར་བརྟག་པས་མ་གྲུབ་པར་རྩོད་པ་ནི། ལྟག་ཅོད་ཀྱི་ལན་ཁོ་ནའོ་ཞེ་ན། གལ་ཏེ་གཉི་ག་ཡང་འདོད་པའི་དངོས་པོའི་སྤྱི་ཅུང་ཟད་པ། གང་གི་རྒྱུ་ཅན་སྐྱེ་བ་དང་མི་རྟག་པའི་སྒྲ་དག་ཡིན་པ་བྱས ་པ་ཉིད་ལ་སོགས་པ་ལྟ་བུ་ཡོད་ན་ལྟག་ཅོད་ཀྱི་ལན་དུ་འགྱུར་མེད། དེ་ཡང་མེད་དོ། །གལ་བར་འགྱུར་བ་དང་མི་གསལ་བར་གྱུར་པ་དག་ཀྱང་སྔ་མ་ཕྱིས་གནས་པའི་རང་གི་ངོ་བོ་ཅན་ལ་རིགས་པ་མ་ཡིན་ཏེ། དབུས་ཀྱི་གནས་སྐབས ་བཞིན་ཞེས་པས་འཇུག་པ་མ་གྲུབ་པོ། །ཁས་བླངས་ནས་ཀྱང་འགལ་བ་ཉིད་ཏེ། ཆོས་གང་རྣམས་ཀྱིས་ཁྱད་པར་དུ་བྱས་པའི་གཙོ་བོ་བསྒྲུབ་བྱ་ཉིད་དུ་མངོན་པར་འདོད་པ་དེ་དང་མཚན་ཉིད་མི་མཐུན་པ་སྔ་མ་ཁོ་ནའི་ཞོ་ལ་སོགས་པ་རྣམས་ལ ་འཇུག་པ་མཐོང་བའི་ཕྱིར་རོ། །གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པ་ཉིད་དུ་ཁས་ལྦངས་ནས་ཀྱང་མ་ངེས་པ་ཉིད་ཏེ། ནུས་པ་སྔོན་མ་ཅན་སྔ་ཚོས་པའི་དངོས་པོ་རྣམས་ལས་འཇུག་པ་མཐོང་པའི་ཕྱིར་རོ། །འབྲས་བུ་དང་རྒྱུའི་དངོས་པོས ་ཁྱད་པར་རྣམས་བྱེད་པ་པོ་གཅིག་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ནི། དཔེར་ན་མལ་ཆ་དང་སྟན་དང་ཤིང་རྟ་ལ་སོགས་པ་རྣམས་འབྲས་བུ་དང་རྒྱུའི་དངོས་པོ་ཉིད་ཀྱི་ཕྱིར་བྱེད་པ་པོ་གཅིག་སྔོན་མ་ཅན་ཉིད་ཡིན་པ་དེ་ལྟར་ཆེན་པོ་ལ་སོགས་པ ་རྣམས་ཀྱང་ངོ། །གང་བྱེད་པ་པོར་གྱུར་པའི་དངོས་པོ་གཅིག་པོ་དེ་གཙོ་བོའོ་ཞེ་ལོ། །འདི་ཡང་དེ་མ་ཐག་ཏུ་བརྗོད་པའི་ཚུལ་གྱིས་མ་གྲུབ་པ་ཉིད་དང་འགལ་བ་ཉིད་བརྗོད་པར་བྱའོ། །མ་ངེས་པ་ཉིད་ཏེ། བྱེད་བ་པོ་གཅིག་མ་ཡིན་པ་མལ་ཆ ་དང་སྟན་ལ་སོགས་པ་རྣམས་ལ་ཡང་མཐོང་བའི་ཕྱིར་རོ། །སྣ་ཚོགས་པའི་ངོ་བོ་ཉིད་ཀྱི་རྣམ་པར་ལྡན་པས། ཁྱད་པར་རྣམས་རྒྱུ་གཅིག་པ་རྣམ་པར་དབྱེར་མེད་པ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ནི། ཇི་ལྟར་ཞོ་དང་སྤྲིས་མར་དང་དར་བ་ལ་སོགས་པ ་སྣ་ཚོགས་པའི་ངོ་བོ་རྣམས་ནི་བྱེད་པ་པོའོ་མ་གཅིག་ལ་སྔར་མ་བལ་བར་གྱུར་པ་རྣམས་ཕྱིས་རྣམ་པར་དབྱེ་བར་འགྱུར་བ་སྟེ། དེ་ལྟར་ཆེན་པོ་ལ་སོགས་པ་རྣམས་ཀྱང་ངོ། །གང་དུ་འདི་རྣམས་སྔར་རྣམ་པར་དབྱེ་བ་མེད་པར་གྱུར་པ་དེ་གཙོ་བོའི་ཞིལ་ལོ། །འདི་ལ་ཡང་འགལ ་བ་དང་མ་ངེས་པ་ཉིད་དག་།སྔ་མའི་རྗེས་སུ་འབྲང་བས་བརྗོད་པར་བྱའོ། །ཡོད་ལྟ་བུའི་ལྷག་མ་ལས་བསལ་ཏེ་འོངས་པས་གྲུབ་པ་ཞེས་པའོ། །འདི་ནི་བསལ་ཏེ། འོངས་པའི་མཚན་ཉིད་དོ། །འདིའི་པ་ཤད་པ་ནི། ཇི་སྐད་དུ་འདི་ནི་འདི་ལས་རྣམ་པ་གཞན་དུ་སྲིད་པ་མ་ཡིན་ཏེ། འདི་ཡང་ཡོད་དོ། ། ་དེའི་ཕྱིར་ཡོངས་སུ་པའི་ལྷག་མ་ལས་འདི་ནི་གཏན་ཚིགས་ཁོ་ནའོ་ཞེས་ངེས་པར་གཟུང་བའི་འབྲས་བུ་གྲུབ་ན་ཡང་སྟོན་པ་དེའི་ཚེ་བས་ལ་ཏེ་འོངས་པ་ཞེས་པར་འགྱུར་རོ་ཞེས་སོ། །གཞན་གྱི་ཕྱོགས་བཀག་པས་ཞེས་པ་ལ་སོགས་པས་བསལ་ཏེ་དེངས་པའི་མཚན་ཉིད། ་གྱི་དོན་བསྡུས་ནས་སྨྲས་སོ། །ལོའི་སྒྲ་ནི་མི་འདོད་པ་བསལ་བར་བྱེད་པའི་དོན་ཅན་ནོ། །དགག་པའི་ཐབས་གཉིས་ཏེ་ཞེས་པ། ལམ་གཉིས་དག་གོ་།ཞེས་པའི་དོན་ཏོ། །དཔེ་བརྗོད་ལ་དཔེར་རབ་ཏུ་གྲགས་སོ། །དེ་གཅོད་པའི་ཆེད་དུ་སྨྲས་པ། འཇིག་རྟེན་དཔེ ་ཞེས་པའོ། །གང་འཇིག་རྟེན་ལ་རབ་ཏུ་གྲཊ་པ་དང་འགལ་བའི་ཚིག་དེ་དཔེ་དང་འགལ་བ་ཡིན་འགོ་དེ་དེ་དང་འགལ་བ་བརྗོད་པ་ཁོ་ནས་སེལ་ན་ནི་འཇིག་རྟེན་ན་དཔེ་ཞེས་པའི་རྗེས་སུ་དཔག་པའོ་ཞེས་གཞན་རྣམས་སོ། །དོན་སྣ་ཚོགས་བལྟ་བར་བྱ་ཞིང་སྣང་བར་བྱའོ་ཞེས་པ་འཇིག ་རྟེན་ནོ། །མཛའ་ནི་དངོས་པོའི་ཇི་ལྟ་བ་བཞིན་གྱི་བདག་ཉིད་ཏེ། མཛའ་འདིར་རམ་འདིས་མ་ཐོང་ངོ་ཞེས་པ་དཔེའོ། །བསྟན་བཅོས་ཚན་མ་ཉིད་ནི་ཁས་ལེན་པ་སྟེ། དེ་དང་འགལ་བ་གང་ཡིན་པ་དེ་ཁས་བླངས་པ་ཉམས་བའོ། །གཞན་གྱི་ཕྱོཊ་བཀག་པ་ཙམ་གྱིས་རང་གི་ཕྱོཊ་འགྲུབ་པ་ནི ་མཐོང་བ་མ་ཡིན་ནོ་ཞེས་པ། རང་གི་ཕྱོཊ་ཀྱི་སྒྲུབ་བྱེད་མེད་ཞེ་ན། ཁྱད་པ ་གྲས་གསལ་བར་བྱེད་དོ། །ཅི་ལྟར་མཐོང་བ་མེད་ཞེ་ན་གསུངས་པ། དཔེར་ན་ཞེས་པ་ལ་སོགས་པའོ། འོ་ན་སྔར་རྟག་པ་ཉིད་དགག་པ་མ་གཏོཊ་པར་མི་རྟག་པ་ཉིད་གཞན་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ ་དེ་ཅི་ལྟར་མི་རྟག་པ་ཉིད་འགྲུབ་པ་མ་ཡིན་ཞེ་ན། འདི་ནི་གཏམ་ཏེ། གང་གི་ཕྱིར་དེར་ནི་མ་ཡིན་དགག་ཁོ་ན་ལ་བརྟེན་པ་སྟེ། དེས་ན་རྟག་པ་ཉིད་ལས་བཟློག་པའི་ཆོས་གཞན་ཁོ་ན་མི་རྟ་པ་ཉིད་ཏེ། བྲམ་ཟེ་མ་ཡིན་པ་ལ་སོཊ་མ་བཞིན་ཡིན་གྱི། རྟག་པ་ཉིད་བཀག་པ་ཙམ་ནི ་མ་ཡིན་ནོ། །གཞན་དུ་ན་རི་བོང་གི་རྭ་ལ་སོགས་པ་རྣམས་ཀྱང་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལས་ཀྱང་མི་རྟག་པ་ཉིད་དུ་འདུས་པ་བྱས་ཀྱི་མཚན་ཉིད་དུ་མི་འགྱུར་ཏེ། འདུས་མ་བྱས་རྣམས་ལ་ཡང་ཡོད་པའི་ཕྱིར་རོ། །གནས་སྐབས་དེ་ཡང་དངོས་པོའི ་རྐྱེན་གྱིས་བརྗོད་པར་བྱའོ། །ཞེས་པས་འགལ་བའོ། །གང་ཡང་རྟག་པ་ཉིད་དགག་པ་མ་གཏོགས་པར་ཞེས་པ་ལ་སོགས་པ་བཤད་པ་འདི་ནི། དེས་དབྱེན་པའི་སྤྱི་ལ་དགོངས་ནས་ཡིན་ནོ། །དེ་ལྟར་ན་སྒྲ་མི་རྟག་པ་འགྲུབ་པ་ནི་མ་ཡིན་ཏེ་ཞེས་པ། སྒྲུབ་བྱེད་ཀྱི་སྐྱོན ་བརྗོད་པས་གཞན་གྱི་ཕྱོགས་བཀག་པ་ཙམ་གྱིས་སོ། །དེ་ལ་ཡང་མ་ངེས་པའི་ཕྱིར་རོ་ཞེས་པ་ངེས་བྱེད་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འོ་ན་དགག་བ་ཙམ་ལས་ཀྱང། ཆུ་ཀླུང་ཁེངས་པ་ན་ཆར་འབབ་པ་སྔོན་མ་ཅན་ཉིད་གུར་བ་མཐོང་ངོ་ཞེས་ན་གསུངས ་པ། གང་ཆུ་ཀླུང་ཁེངས་པ་ནི་ཞེས་པ་ལ་སོགས་པ་སྟེ། དགག་པ་ཙམ་ལས་དེ་གྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཁྱད་པར་ཅན་གྱི་ཆུ་ཀླུང་ཁེངས་པ་ལས་ཏེ། ཁ་བ་ཞུ་བ་ལ་སོགས་པ་བཀག་པས་ཏེ་དཀར་པ་ཉིད་ལ་སོགས་པ་མེད་པས་ཆུ་ཀླུང་ཁེངས་པ་ཁྱད་པར ་དུ་བྱའོ། །གང་འདྲ་བའི་ཆུ་ཀླུང་ཁེངས་པ་ཚར་བབ་པ་མེད་ན་མི་འབྱུང་བར་མཐོང་པ། འདི་ལྟ་སྟེ་ལྦུ་པ་ཅན་དང་གྲང་བ་དང་རྙོག་པ་ཅན་དང་རྩཝ་དང་ལོ་མ་ལ་སོགས་པ་འདྲེས་པའི་ཆུ་ཅན་ཏེ། འདི་ལྟར་བུ་ནི་ཁ་བ་ཞུ་བ་ལ་མེད་ལ། ཆུ་ལོན་བཅིངས་པ་ལ་མེད་ཅིང། ་སྤྲུལ་རྩེ་བ་ལ་མཐོང་བ་མེད་དེ། དེ་རྣམས་ལ་རྣམ་པ་འདི་ལྟ་བུ་མི་སྲིད་པའི་ཕྱིར་རོ་ཞེས་པའོ། །དགག་པ་ཙམ་གྱིས་ནི་ཞེས་པ་ལ་སོགས་པ་སྟེ། སོགས་པ་སྨོས་པས་ལྷ་རྩེ་བ་སྡོན་མ་ཅན་ཡང་ངོ། །ཅི་སྟེ། དེ་བཀག་པས་ཀྱང་ཆར་བབ་པ ་སྔོན་མ་ཅན་ཉིད་བསྒྲུབ་ན། ལྷས་བྱིན་རྒོད་པ་སྔོན་མ་ཅན་ཡང་འགྱུར་རོ། །འདི་ཅི་ལས་ཞེ་ན། ཁ་བ་ཞུ་བ་ལ་སོགས་པས་ཆར་བབ་པ་སྔོན་མ་ཅན་ཁོ་ན་སྟེ། ལྷས་བྱིན་རྒོད་པ་སྔོན་མ་ཅན་ཡང་མ་ཡིན་ནོ། །ཅི་སྟེ་ལྷས་བྱིན ་རྒོད་པ་སྔོན་མ་ཅན་ཆུ་ཀླུང་གང་བ་མ་མཐོང་བའི་ཕྱིར། དེ་སྔོན་མ་ཅན་ཉིང་རྗེས་སུ་དོག་པ་མེད་ན། འོ་ན་བཀག་པ་ཙམ་ལས་རན་གི་ཕྱོགས་འགྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཁྱད་པར་ཅན་ཆར་བབ་པ ་མེད་ན་མི་འབྱུང་བའི་ཆུ་ཀླུང་གང་བ་ལས་སོ། །དེ་ནི་དེའི་ཁྱད་པར་ཅན་ཉིད་དུ་དགག་པས་ཉེ་བར་བསྟན་པར་བྱའོ་ཞེས་པ་འདི་ཙམ་ནི་དགག་པའི་ཉེ་བར་མཁོ་བའོ། །དགག་པ་གཏན་ཚིགས་ཅན་མིན། ཞེས ་བ་གཏན་ཚིགས་གཉིས་པ་ཅན་ཁོ་ན་མ་ཡིན་ནོ། ཞེས་པའི་དོན་ཏོ། །ངེས་པར་གཟུང་བས་ནི་འདིར་དགག་པར་བྱ་སྟེ་རྒྱུ་གཉིས་ཅན་ཉིད་ནི་མ་ཡིན་ནོ། །དེ་ལྟར་ནི་གསུངས་པ། དགག་པ་ནི་གཉིས་དག་བོ་ནས་མ་ཡིན་ཞེས་པ་ལ་སོགས་པའོ། །འཇིག་རྟེན་གྱིས་སྒྲས་རྗེས་སུ་དཔག་པ་བརྗོད ་ན་ནི་དེ་དང་འགལ་བ་ཡོངས་སུ་གཟུང་བ་ཙམ་དུ་འགྱུར་གྱི། དགག་པའི་ཐབས་མཛའ་དག་རྣམས་ཡོངས་སུ་གཟུང་བ་ནི་མ་ཡིན་ཏེ། དེ་རྣམས་རྗེས་སུ་དཔག་པ་དང་འགལ་བ་ལས་ཐ་དད་པའི་ཕྱིར་རོ། །དེ་ལས་ཀྱང་དེ་ཁོ་ན་སྐྱོན་ཡིན་ཏེ། དགག་བ་རྒྱུ་གཉིས ་ཅན་མ་ཡིན་ཅེས་པའོ། །ཅི་སྟེ་དགག་པའི་ཐབས་མཛའ་དག་དཔེའི་སྒྲས་ཡོངས་སུ་བཟུང་བར་བྱ་ན། ཁས་བླངས་པ་ཉམས་པའི་ཚིག་དོན་མེད་པར་འགྱུར་ཏེ། དེ་ཡང་དེའི་ནང་དུ་འདུས་པའི་ཕྱིར་རོ། །སྦྱོར་བ་གཉིས་ཀྱང་རིགས་མ་ཡིན་ཞེས་པ་བསམ་པ་རྣམ་པ་གཉིས ་གས་ཀྱང་མི་རིགས་སོ་ཞེས་པའི་དོན་ཏོ། །གལ་ཏེ་གསལ་བ་མེད་པ་ལས་སྐྱོ་བ་ཞེས་པ། མེད་པ་ལས་ཏེ་ཡོད་པ་མ་ཡིན་པའི་རྒྱུ་ལས་ཞེས་པའི་དོན་ཏོ། །སྐྱེ་གནས་མེད་པའི་ཕྱིར་ཞེས་པ་རྒྱུ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིར་འདྲེ་བར་བྱེད་ཏེ་ཁྱད་པར་རྣམས་ཐམ་ཅད? ་ནུས་པའི་བདག་ཉིད་ཀྱིས་འདྲེ་བར་འགྱུར་རོ་ཞེས་པ་སྐྱེ་གནས་ཏེ་གཙོ་བོ་ནུས་པའི་ཁྱད་པར་མཛའ་དག་གི་རྗེས་སུ་སོང་བ་སྟེ། ཁྱད་པར་ལ་རྗེས་སུ་འགྲོ་བ་བཟློག་པ་ནི་ཐ་དད་པར་ཐལ་བར་འགྱུར་པ་ལས་ཏེ་རྗེས་སུ་འགྲོ་བ་མེད་པར་ཐལ་བར་འགྱུར་པ་ལས་ཞེས་པའི་དོན་ཏོ། ། ་འདི་ནི་ཞེས་པ་ལ་སོགས་པས་བསམ་པ་རྣམ་པ་གཉིས་པོ་དེ་སྟོན་ཏོ། །གང་སྐྱེ་གནས་མེད་པའི་ཕྱིར་ཐ་དད་པར་ཐལ་བར་འགྱུར་རོ་ཞེས་པ་འདི་བརྗོད་པར་བྱ་སྟེ། སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་ཐ་དད་པར་དམིགས་ནས་ཏེ། དཔེར་ན་ནམ་མཁའ་ ་ལ་སོགས་པ་རྟག་པ་རྣམས་མ་བྱས་པ་ཁོ་ནར་ཉེ་བར་དམིགས་ནས། སྒྲ་རྟག་པ་ཉིད་དུ་ཁས་ལེན་ན་མ་བྱས་པ་ཉིད་དུ་ཐལ་བར་འགྱུར་བར་བྱས་ཏེ། གལ་ཏེ་སྒྲ་རྟག་པར་ཁས་ལེན་ན་མ་བྱས་པ་ཡང་འཐོབ་བོ་ཞེས་པ་དེ་བཞིན་དུ་འདིར་ཡང་སྐྱེ་གནས ་མེད་བསྔོན་མ་ཅན་རྣམས་ཐ་དད་པར་ཉེ་བར་དམིགས་ནས། སྐྱེ་གནས་མེད་པ་སྔོན་མ་ཅན་ཉིད་དུ་ཁས་ལེན་ན་ཐ་དད་ཏེ་སྤྱི་མེད་པའི་ཁྱད་པར་ཅོམ་འཐོབ་བོ་ཞེས་པའོ། །རིགས་གཅིག་རྗེས་སུ་འགྲོ་བ་ཞེས་པ་ལ་སོཊ་པ་ལ་ཇི་ལྟར་རྟགས་པ་ནམ་མཁའ་ལ་སོགས་པ་རྣམས་ལ ་བྱས་པ་ཉིད་མ་མཐོང་ནས། སྒྲ་རྟག་པར་བས་ལེན་ན་བྱས་པ་ཉིད་ལས་བཟློག་པས་མ་བྱས་པ་ཉིད་དུ་ཐལ་པར་འགྱུར་བསྒྲ་ལས་བྱེད་ཏེ། དེ་རྣམས་མ་བྱས་པར་འཐོབ་བོ་ཞེས་པ་དེ་ལྟར་འདིར་ཡང་སྐྱེ་གནས་སྔོན་མ་ཅན་མ་ཡིན་པ་རྣམས་རྗེས་སུ་འགྲོ་བ་སྟེ་རིགས་གཅིག ་རྗེས་སུ་འབྲང་བར་མ་མཐོང་ནས། སྐྱེ་གནས་སྔོན་མ་ཅན་མ་ཡིན་པ་ཉིད་དུ་ཁས་ལེན་ན་ཐ་དད་དུ་ཐལ་བར་འགྱུར་བར་བྱེད་དེ། དེ་རྣམས་ཐ་དད་པར་འཐོབ་བོ་ཞེས་པ་དེ་དེ་ལ་རེ་ཞིག་ཅེས་པ་ལ་སོགས་པས། སྐྱེ་གནས་སྔོན་མ་ཅན་མ་ཡིན་པ་རྣམས་མེད་པ་ཁོ་ནའི ་ཕྱི་མ་དེ་མཐོང་བའི་སྒོ་ཡིས་ཐ་དང་དུ་ཐལ་བར་འགྱུར་པ་མི་འཐད་པར་སྟོན་ཏོ། །འོ་ན་སྐྱེ་གནས་སྔོན་མ་ཅན་མ་ཡིན་པར་སྐྱེས་བུ་རྣམས་འདོད་ཏེ། དེ་རྣམས་ཀྱང་ཐ་དད་པའོ་ཞེས། འདི་ཡོད་པ་མིན་ཏེ། སྐྱེ་གནས་སྔོན་མ་ཅན་དུ་འགྱུར་པ་མ་ཡིན་ནོ་ཞེས་སྐྱེ་གནས་སྔོན་མ ་ཅན་མ་ཡིན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྐྱེ་གནས་མེད་པ་འདི་རྣམས་ཀྱི་སྔོན་དུའོ་ཞེས་སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་སོ། །སྐྱེས་བུ་ནི་རྟག་པ་ཉིད་ཀྱི་ཕྱིར་སྐྱེ་གནས་སྔ་མ་ཡིན་ཞིང། སྐྱེ་གནས་ཆེད་པ་སྔོན་མ་ཅན་མིན་ཞེས་པས་འདི་བརྩད ་པར་བྱ་བ་མ་ཡིན་ནོ། །མ་ཡིན་ཞེས་པ་ལ་སོགས་པས་ནི་མ་མཐོང་བའི་སྒོ་ནས་བཟློག་པའི་ཐལ་བར་འགྱུར་བ་མི་སྲིད་པར་གསུངས་སོ། །མ་མཐོང་བ་ཙམ་གྱིས་ཞེས་པའི་ཙམ་གྱི་སྒྲ་ནི། སྐྱེ་གནས་མེད་པས་སྔོན་མ་ཅན་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བ་དགག ་པའི་དོན་ཏོ། །མ་མཐོང་བ་ཙམ་གྱིས་བཟློག་བ་སྒྲོ་འདོགས་པ་རིགས་པ་མ་ཡིན་ཏེ། ཐ་དད་པ་ཡང་མ་མཐོང་བའི་ཕྱིར་ན། དེ་ལས་བཟློག་པ་སྒྲོ་འདོགས་པར་ཐལ་བར་འགྱུར་ན་མི་རུང་ངོ། །ཇི་ལྟར་སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་ལ་རྗེས་སུ་འགྲོ་བ་མ ་མཐོང་ཞེས་དེ་ལས་བཟློག་པས་ཐ་དད་པར་ཐལ་བར་འགྱུར་པ་དེ་བཞིན་དུ་ཐ་དད་པར་ཡང་མ་མཐོང་བ་ཁོ་ནའོ་ཞེས་པས་དེ་ལས་བཟློག་པས་རྗེས་སུ་འགྲོ་བར་ཐལ་བར་འགྱུར་ཏེ། གཉི་ག་ལྟར་ཡང་མ་མཐོང་བ་མཚུངས་པའི་ཕྱིར་རོ། །དེ་ལས་ཀྱང་ཁས་བླངས་པ ་ཉམས་པ་སྟེ། རིགས་གཅིག་རྗེས་སུ་འགྲོ་བ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཉེས་པ་འདི་མེད་དེ་ཞེས་པ། ཁས་བླངས་པ་ཉམས་པ་མ་ཡིན་ཏེ། རིགས་གཅིག་རྗེས་སུ་འགྲོ་བར་ཐལ་བར་འགྱུར་བ་ཡང་འདོད་པའི་ཕྱིར། དེ་འདོད་པ་ཉིད་དུ་སྟོན་པ་སྨྲས ་བཞེས་པ་ལ་སོཊ་པའོ། བསྟན་བཅོས་སུ་བཤད་པ་ཁོ་ན་སྟེ། སྐྱེ་གནས་མེད་པའི་ཕྱིར་གཅིག་ཉིད་དུ་ཐལ་བར་འགྱུར་རོ། །ཁྱད་པར་ནི་སྤྱི་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཏེ། འཇིག་རྟེན་ན་ཁྱད་པར་རྣམས་ནི་སྤྱི་སྔ་ནོ་མ་ཅན་རྣམས་རིག་གཅིག་པ་ཅན་དུ་མཐོང་སྟེ། འདི་ལྟ་སྟེ་འོ་མ་སྔོན་མ་ཅན་དུ་ཞོ་དང་སྤྲིས་མ་དང་དར ་བ་དང་མར་ལ་སོགས་པ་རྣམས་འགྱུར་ཞིང། མེད་ན་འབྱུང་བ་ན་མ་ཡིན་ནོ། །གང་སྔོན་མ་ཅན་གསལ་བའི་ཁྱད་པར་རྣམས་སུ་འགྱུར་བ་འགའ་ཞིག་ཡོད་ཏེ། དེའི་ཕྱིར་སྤྱི་ཙམ་འདི་བསལ་བའི་ནི་ཁྱད་པར་མེད་པའོ་ཞེས་འདིར་ཐལ་པར་འགྱུར་རོ་ཞེས་པའོ། ་འདི་རིགས་པར་ནི་མ་བརྗོད་དོ་ཞེས་པ། འདིར་མི་རིགས་པ་ཉིད་ལ་གཏན་ཚིགས་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། ཐལ་པར་འགྱུར་བར་ཞེས་བྱ་བ་ནི་མི་འདོད་པ་འབེབས་པ་ཡིན་གྱི། འདོད་པ་ཁོ་ན་ནི་མ་ཡིན ་ཏེ། སྒྲ་མི་རྟག་པར་སྨྲ་བ་ལ་བྱས་པ་ཉིད་དུ་ཐལ་བར་འགྱུར་བར་མི་འོས་སོ། །རྗེས་སུ་འགྲོ་བ་ཁྱད་པར་རྣམས་ལ་འདོད་པ་མེད་པ་ཡང་མ་ཡིན་ནོ་ཞེས་པའོ། །གལ་ཏེ་མཛའ་གཅིག་ཏུ་དགག་པ་ཡིན་ནོ་ཞེ་ན་ཞེས་པ། དེ་ལྟར་འགྱུར་མོད་ཁྱད་པར་རྣམས ་པ་རིགས་གཅིག་རྗེས་སུ་འགྲོ་བ་མེད་པ་ནི་མ་ཡིན་གྱི་རིགས་གཅིག་རྗེས་སུ་འགྲོ་བ་མེ་ན་དགག་སྟེ། བདེ་བ་ལ་སོགས་པའི་རིགས་རྗེས་སུ་འགྲོ་བ་ཡོད་ན། ཐ་དད་པ་ཁྱད་པར་ལ་ཡང་འདོད་པ་ཉིད་ཀྱི་ཕྱིར་རོ། །མ་ཡིན་ཏེ་དེ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་མ་མཐོང ་བ་ཙམ་གྱིས་བཟློག་པ་སྒྲོ་འདོགས་པར་བྱེད་ན། གཅིག་ཉིད་དུ་མཛའ་གཅིག་ཏུ་ངེས་པ་འདི་རྣམ་པར་ལྡན་པ་སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་ལ་ཡང་མ་མཐོང་ངོ། ཞེས་པས་བཟློག་པས། སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་འཐོབ་པོ་ཞེས་པ་འདི་ལྟ་ན ་ཡང་མི་འདོད་པ་ལྟུང་བ་ལས་མི་གྲལ་ལོ། །རྗེས་སུ་འགྲོ་ན་སྣ་ཚོགས་པའི་ངོ་བོ་དག་གི་ཞེས་པ་ལ་སོགས་པ་ཉེས་གཞན་འགོད་དོ། །ཅི་ལྟར་ཞེ་ན་དེའི་ཕྱིར་གསུངས་པ། དེ་ལ་མིན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞེས་པ་རྗེས་སུ་འགྲོ་བ་ལ་དང་སྣ་ཚོགས་པའི་ངོ་བོ་ཉིད་ལའོ། །གང ་གི་ཆོ་ཡང་རྗེས་སུ་འགྲོ་བ་མཛའ་གཅིག་པ་འདོད་པ་དེའི་ཚེ་སྣ་ཚོགས་པའི་ངོ་བོའི་རྣམ་པར་ལྡན་པ་ལས་རྗེས་སུ་འགྲོ་བ་ཐ་དད་པར་འགྱུར་ཞིང། གང་གི་ཚེ་སྣ་ཚོགས་པའི་ངོ་བོ་ཉིད་མཛའ་གཅིག་པའི་འདོད་པ་དེའི་ཚེ་རྗེས་སུ་འགྲོ་བའི་རྣམ་པར་ལྡན་པ་ལས་སྣ་ཚོགས ་པའི་ངོ་བོའི་རྣམ་པར་ལྡན་པ་ཐ་དད་ཏེ། ཕན་ཚུན་ཤིན་ཏུ་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །གང་གི་ཚེ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཛའ་གཅིག་བ་མེད་ཅིང། སྣ་ཚོགས་པའི་ངོ་བོ་ཉིད་མཛའ་གཅིག་བ་མེད་པ་དེའི་ཚེ། དེ་དག་ཐ་དད་པ་མི་རིགས་པ་ཁོ་ནའོ་ཞེས་པས། ་སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཅན་རྣམ་པར་ལྡན་པ་གཅིག་ཁོ་ནར་ཐལ་བར་འགྱུར་རོ། །འོ་ན་ཅི་ལྟར་ན་བཟློག་པའི་ཐལ་བར་འགྱུར་པ་རིགས་ཞེས་ན་གསུངས་པ། འགྱུར་ཏེ་ཞེས་པ་ལ་སོགས་པ། གང་ཐ་མི་དད་པ་དེ་རྣམས་སྐྱེ་གནས་མེད་པ་སྔོན་མ་ཅན ་མ་ཡིན་གྱི། འོ་ན་ཅི་ཞེ་ན་རྒྱུ་ཅིག་སྔོན་མ་ཅན་རྣམས་སོ་ཞེས་པ་གང་འདི་མཛའ་གཅིག་པའི་ངེས་པ་སྟེ། དེ་ལས་བཟློག་ན་གཅིག་སྔོན་མ་ཅན་ཉིད་མེད་ན་བསལ་བ་ནི་ཐ་དད་པར་ཐལ་བར་འགྱུར་བ་འཇིགས་ཏེ། དཔེར་ན་བྱས་པ་རྣམས་མི་རྟག་པ་ཉིད་དུ་མཛའ་ ་གཅིག་པའི་ཕྱིར། སྒྲ་ནི་མི་རྟག་པ་ཉིད་ལས་བཟློག་པ་ཡིན་ན། མ་བྱས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་ཡོངས་སུ་ལྷག་པ་བཟློག་པ་ལ་ཞེས་པ། ཇི་ལྟ་བ་བཞིན་ཉིད་དུ་བརྗོད་པ་མ་ཡིན་ནོ། །འདི་མེད་པ་ལས་སྐྱེ་བ་མིན་གྱི། ་ཡོངས་སུ་ལྷག་མ་ལས་གསལ་བ་འདི་གཙོ་བོ་ཁོ་ན་ལས་སྐྱེའོ་ཞེས་པའོ། །དེ་ལྟར་ན་ཡང་ཡོངས་སུ་ལྷག་མ་ནི་རིགས་སོ་ཞེས་པའི་བསམ་པའོ། །འདི་ལྟ་ན་ཡང། ཞེས་པ་ལ་སོགས་པས། དེ་ལྟར་ཡང། ཡོངས་སུ་ལྷག་མ་བཟློག་པ་ལ། ཞེས་པ ་འདིས་དོན་གསལ་བར་བྱེད་ཏེ། རིགས་གཅིག་པ་ཅན་རྣམས་གཅིག་སྔོན་མ་ཅན་ཉིད་དུ་རྗེས་སུ་དཔོག་པས་ཞེས་པས། ཐ་མི་དད་པ་རྣམས་གཅིག་སྔོན་མ་ཅན་ཉིད་དུ་མཛའ་གཅིག་པ་རྗེས་སུ་བརྗོད་དོ། །མེད་པ་སྔོན་མ་ཅན་ཉིད་ལ ་སོགས་པ་ཉིད་ཅེས་པ་གཅིག་སྔོན་མ་ཉིད་མེད་པ་གསུངས་སོ། །དེ་གཅིག་སྔོན་མ་ཅན་ཉིད་མེད་ན་ཡོངས་སུ་བའི་ལྷག་མ་ལས་ཐ་དད་པར་ཐལ་བར་རིགས་ཏེ། དེ་ཁོ་ན་དེ་ཡོངས་སུ་པའི་ལྷག་མའི་ཡུལ་ཡིན་ཞེས་བྱས་ནས་སོ། །ཡོངས་སུ་ལྷག་མ་ལས ་གཅིག་སྔོན་མ་ཅན་ཉིད་རྗེས་སུ་དཔོག་པ་ལ་ཡིན་ཞེས་པ། གཏན་ཚིགས་ཀྱིས་ཕན་མི་འདོགས་པའི་ཕྱིར་རོ། །གལ་ཏེ་བསལ་བ་ནི་མེད་པ་ལས་སྐྱེ་ན་སྐྱེས་གནས་མེད་པའི་ཕྱིར་ཐ་དད་པར་འགྱུར་རོ་ཞེས་བྱེད་པ་ན། རྗེས་སུ་འགྲོ་བའི་གཏན་ཚིགས་ཀྱིས་ཕན་པ ་ཅི་ཡང་བྱས་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་ལས་ཡང་ཞེས་པ་ལ་སོགས་པས་ཀྱང། རྣམ་པར་ལྡན་པ་མ་ཡིན་པ་དག་གི་ཐ་མི་དད་པར་སྟོན་ཏེ། དེ་ལའི་སྒྲས་ནི་རྗེས་སུ་འགྲོ་བའི་དལ་སྙོག་གོ་།གལ་ཏེ་བསལ་བ་ནི་མེད་པ་ལས་སྐྱེ་མ་སྐྱེ་གནས་མེད་པའི ་ཕྱིར་ཐ་དད་པར་ཐལ་བར་འགྱུར་ན། ཐ་དད་པ་ཡོད་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེན། རིགས་གཅིག་ཡང་དག་པར་རྗེས་སུ་འགྲོ་བའོ། །དེའི་ཕྱིར་རིགས་གཅིག་རྗེས་སུ་འགྲོ་བའི་ཕྱིར་རྒྱུ་གཅིག་སྔོན་མ་ཅན་ནི་གསལ་བ་དོའི?་ཞེས་པ་དག་གི་དོན་འདི་ནི་ཐལ་བར ་འགྱུར་བ་དང་བཟློག་པས་ཉེ་བར་སྐྱེའོ། །དེའི་ཕྱིར་རྣམ་པར་ལྡན་པ་དང་གསལ་ཏེ། འོངས་པ་དག་གི་ཐ་དད་པར་མེད་ཏེ། གཉི་ག་ལ་དག་གི་དོན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཡང་གང་བརྗོད་པ་འདི་ལྟར་རྣམ་པར་ལྡན་པ་ལྔ ་པོ་འདི་རྣམས་ཀྱི་གཙོ་བོ་ཡོངས་སུ་གཟུང་བ་བྱས་ནས་སླང་ཡང་གསལ་ཏེ་འོངས་པ་རྣམས་ཀྱི་བྱའོ་ཞེས་པ་འདི་མི་རིགས་སོ། །སྦྱོར་བ་ཡང་འདི་ལྟར་ཞེས་པ་ལ་སོགས་པ་སྟེ། གཙོ་བོ་སྟོན་མ་ཅན་དུ་བསལ་བར་བསྒྲུབ་པར་བྱ་ཞིང། དེ་མི་འདོད་པ ་རྣམས་ལ་མི་འདོད་པ་འབབ་པར་ཉེ་བར་སྟོན་པས་སྦྱོར་བ་འདི་ལྟར་བྱའོ། །གལ་ཏེ་བསལ་བ་ནི་གཅིག་བས་སྐྱེ་བ་མ་ཡིན་ན་ཞེས་པ། གང་གི་ཕྱིར་ཁྱབ་པར་བྱེད་པའི་དོན་གྱི་དངོས་པོ་མེད་ན། ཁྱབ་པར་བྱ་བ་བཟློག་པར་འགྱུར་ཏེ། འདི་ཡང་གཅིག་སྔོན་མ་ཅན་ཉིད་ཀྱིས་རིགས ་གཅིག་རྗེས་སུ་འགྲོ་བ་ལ་ཁྱབ་སྟེ། གང་གི་ཕྱིར་རིགས་གཅིག་དང་ལྡན་པ་རྣམས་གཅིག་སྔོན་མ་ཅ་ན་ཉིད་དུ་མཐོང་གི། མེད་པ་སྔོན་མ་ཅན་ནི་མ་ཡིན་ཞིང་དབང་ཕྱུག་ལ་སོགས་པ་སྔོན་མ་ཅན་ཉིད་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་གཅིག་ལས་སྐྱེ་བ་མ་ཡིན་ན་ནི་ཞེས ་པ་འདི་ལྟར་བརྗོད་པར་བྱའོ། །འོ་ན་གལ་ཏེ་མེད་པ་ལས་སྐྱེ་ན་ཞེས་པ་མ་ཡིན་ནམ་ཞེ་ན་ཡོད་པ་སྔོན་མ་ཅན་ཉིད་ཙམ་བསྒྲུབ་པར་བྱ་བ་ནི་མ་ཡིན་པས་སོ། ཞེས་པ་འདི་ལ་རྩོད་པ་མེད་པའི་ཕྱིར་རོ། །རིགས་གཅིག་པ་ཅན་མེད་པར་ཐལ་བར་འགྱུར་རོ། །ཞེས ་པ་འདིས་ཀྱང་ངོ། །ཐ་དད་པ་སྨོས་པ་ནི་རྗེས་སུ་འགྲོ་བ་མེད་པ་ཉེ་བར་མཚོན་པའི་དོན་དུ་བཤད་པར་བྱ་སྟེ། བསྐྲུབ་པ་བྱ་བ་མེད་པ་ནི་གཏན་ཚིགས་མེད་པའི་ཕྱིར་རོ། །ཞེས་སྟོན་ཏོ། །ཡོངས་སུ་ལྷག་པ་ལས་ཀྱང་ཞེས་པ་ཐམས་ཅད་ལས་ལྷག་མ་ནི ་ཡོངས་སུ་ལྷག་པའོ། །འདིར་ཐམས་ཅད་ཀྱི་ཅི་ཞེ་ན་ཟླ་བོའི་ཕྱོགས་སུ་འོ་དེ་ཡང་རྣམ་པ་དུ་མ་སྟེ། ཐམས་ཅད་ཀྱི་མཛའ་གཅིག་པ་ཅན་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པའི་དབྱེ་བ་ལས་སོ། །དེ་ཐམས་ཅད་བཀག་པས་ཡོངས་སུ་ལྷག་མ་རིགས་ཏེ། ་འདི་མེད་པ་ལས་སྐྱེ་བ་ཡང་མ་ཡིན། དབང་ཕྱུག་ལ་སོགས་པ་རྣམས་ལས་མ་ཡིན་གྱི། ཡོངས་སུ་མི་ལྷག་མ་ལས་གཙོ་བོ་ཁོ་ན་ལས་སོ་ཞེས་པའོ། །གཞན་དུན་འདི་མེད་པ་ལས་སྐྱེ་བ་མ་ཡིན་ཞེས་བྱ་བ་ན། ཡོངས་སུ་ལྷག་མ་ཡས་དབང་གྱུར་ལ་སོགས་པ་ཁོ་ན་ལས་སོ་ཞེས་ཡང ་འགྱུར་རོ། །ལྔ་ཉིད་མིན་པ་དང་ཞེས་པའི་དང་གི་སྒྲ་ལས་གཅིག་བསལ་པ་ན། ཡོངས་སུ་ལྷག་མ་རིགས་པ་མིན་ནོ། །ཅིའི་ཕྱིར་ཞེ་ན། ལྔ་ཉིད་མིན་ཞེས་གསུངས་སོ། །འདི་ནི་མིན་ཞེས་པ་ལ་སོགས་པ་འདི་ནི་མེད་པ་ལས་སྐྱེ་བ་ལ་ཡིན་གྱི། ཡོངས་སུ་ལྷག་མ་ལས་གཙོ་གོ་ཁོ་ན་ལས་བསལ་བ་འདི་སྐྱེའོ་ཞེས ་པ་འདི་ནི་ཡོངས་སུ་ལྷག་མའི་མཛད་ཉིད་དང་འབྲེལ་པ་མ་ཡིན་ཏེ། གང་གི་ཕྱིར་ཀུན་ནས་ལྷག་མ་ནི་ཡོངས་སུ་ལྷག་མ་ཡིན་ཅིང། གཙོ་བོ་ཁོ་ན་ཡོངས་སུ་ལྷག་མ་མ་ཡིན་ཏེ། ཕྱོགས་གཞན་སོ་སོང་བཀག་པ་མ་ཡིན་པར ་རྣམས་ཀྱང་ཡོངས་སུ་སྟག་མར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལར་གི་ཚེ་གཞན་གྱི་ཕྱོགས་ཐམས་ཅད་རྒྱུ་ཉིད་དུ་བཀག་པར་གྱུར་པ་དེའི་ཚེ་གཙོ་བོ་ཁོ་ན་ཡོངས་སུ་ལྷག་མར་འགྱུར་རོ་ཞེས་པས། ཡོངས་སུ་ལྷག་མ་ལས་བསལ་ཏོ། འོངས་པ་གཅིག་ཁོ་ནར་འགྱུར་གྱི་སྔ་མ་ཡིན་ནོ། ། ་དེ་ལྟར་འགྱུར་མོད། རྒོལ་བ་ཐམས་ཅད་བཀག་པས་ཡོངས་སུ་ལྷག་པར་འདོད་པ་མ་ཡིན་གྱི། འོ་ན་ཙི་ཞེ་ན། གཞན་གྱི་ཕྱོགས་རེ་རེ་བཀག་པས་སོ། དེའི་ཕྱིར་བསལ་ཏེ་ལོངས་པ་རྣམ་གཅིག་ཉིད་དུ་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྔ་ཉིད་ཁོ་ནར་ཏེ། སོ་སོ་བས་ཡོངས་སུ་ལྷག་མར ་རྟོགས་པའི་ཕྱིར། དེ་ལྟར་ནི་འདིར་ཐ་དད་པ་མེད་པར་ཐལ་བར་འགྱུར་བ་ལ་སོགས་པ་ཐབས་ལྔ་པོ་རྣམས་ངེས་པར་བསྟན་ནོ་ཞེ་ན། གསུངས་པ། རྒོལ་བ་གཅིག་ནི་བཀག་པ་ཡིན། །ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ན་ཡང་བསལ་ཏེ། འོངས་པ་རྣམས་ལྔ་ཉིད་དུ་ཡིན་པར ་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ལྷ་རྣམས་ལས་ལྷག་པའི་རྒོལ་པ་འགེགས་པའི་ཐབས་རྣམས་ཡིན་པས་སོ། །ཡང་ན་གལ་ཏེ། རྒོལ་བ་གཅིག་བཀག་པ་ན་ཡང། ཡོངས་སུ་ལྷག་མའི་ཐབས་སུ་འདོད་ན་བསལ་ཏེ་འོངས་པ་རྣམས་ལྔ་ཉིད་མ་ཡིན་མ་ཡིན་ཏེ། རྒོལ་པ ་མཛའ་ཡས་པ་རྣམས་དགག་པར་བྱེ་པེ་ཉིད་ཀྱི་ཕྱིར་རོ། །མཛའ་ཡས་པའི་སྒྲ་ཡིས་འདིར་ལྟར་རྣམས་ལས་ལྷག་པ་ཉེ་བར་མཚོན་པའོ། །གཏན་ཚིགས་ལྟར་སྣང་བ་རྩམ་ལ་བསམ་པར་བྱ་སྟེ། དེ་ལས་བཟློག་པས་གཏན་ཚིགས་བསལ་བ་ཁོར་དུ་རྟུད་པའི་དོན་བུའོ། །གང་མ ་བཤད་པ་མ་གྲུབ་པའི་དབྱེ་བ་འདི་ཅི་ཡིན་ཞེ་ན། གསུངས་པ། དེ་ནི་གང་ཡང་རུང་བ་ལ་མ་གྲུབ་པ་ལ་སོགས་པའི་དབྱེ་བས་ཞེས་པ་ལ་སོགས་པའོ། །འོན་མིག་གས་བཟུང་པར་བྱ་བ་ཉིད་དང་འདྲ་བ་ལས་དེ་རྣམས་ཕྱོགས་ཆོས་མེད་པ་ཉིད་དུ་བཤད་པ་བྱས་པ་མ་ཡིན་ནམ་ཞེས ་གསུངས་པ། མཚན་ཉིད་བརྗོད་པ་མེད་ན་དེ་འདྲ་བ་ཁོང་དུ་ཆུད། འོ་ན་དོན་དང་མཐུན་པའི་མིང་བསྟན་པ་ཁོ་ན་ལས། འདི་རྣམས་ཀྱི་མཚན་ཉིད་ཤེས་པ་ཡང་མ་ཡིན་ནམ་ཞེ་ན། ཁྱད་པར་ཡོངས་སུ་མི་ཤེས་པ་ལས་ནི་མ་ཡིན་ཏེ། མ་གྲུབ་བ་ཞེས་པར་མི་ཤེས་ཏེ། ་ཅི་ཞིག་ཏུ་མ་གྲུབ་པ་ཞེས་སོ། །འོ་ན་སློབ་དཔོན་གྱིས་ཀྱང་མ་གྲུབ་པའི་དབྱེ་བ་བཤད་པ་མེད་པ་ཁོ་ནམ་ཡིན་ནམ། ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་གྲུབ་པ་དག་མ་བརྗོད་པའི་ཕྱིར་ཞེ་ན། སྐྱོན་འདི་མེད་ཏེ། མཚན ་ཉིད་བརྗོད་པ་ལས། སྤྱིར་དཔེར་བརྗོད་མཛའ་དག་རྟོག་པའི་ཕྱིར་རོ། །འོ་ན་འདིར་ཡང་གཏན་ཚིགས་ཀྱི་མཚན་ཉིད་རྟོགས་པ་ལས། གཏན་ཚིཊ་ཀྱི་མཚན་ཉིད་ལས་བཟློག་བདེ་བླག་ཏུ་ཤེས་པ་ཉིད་ཀྱི་ཕྱིས་མཚན་ཉིད་མ་བརྗོད་ན་ཡང། གཏན་ཚིགས་ལྟར་སྣང་བ་ཐམས ་ཅད་ཀྱི་རང་གི་ངོ་བོ་རྟགས་པར་འགྱུར་རོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། དེ་འདྲ་བ་མེད་ན་མི་འབྱུང་བའི་ཆོས་སྟོན་པ་གཏན་ཚིགས་སོ་ཞེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ལས་མ་གྲུབ་ན་བསལ་བའི་ཕྱིར་རོ། །དེ་ལྟར་གསུངས་ཟིན་ཏེ། མིག་གི་གཟུགས་སོགས ་སྒྲ་ཡིན། །མི་རྟག་པ་ལ་གཏན་ཚིགས་འགྱུར་ཞེས་སོ། །གང་ཡང་འདིའི་དོན་མ་གྲུབ་བོ་ཞེས་པས་མ་གྲུབ་པའོ། །ཅི་ཞིག་ཏུ་མ་གྲུབ་ཞེས་ན། ཉེ་བ་ལས་ཕྱོགས་སུ་བྱས་པ་ཁོ་ནའོ་ཆོས་ཅན་ལའོ། །དེས་ན་གང་ཡང་རུང་བ་ལ་མ་གྲུབ་པ་ལ་སོགས་པ་རྣམ་ལ ་ཀྱང་བསལ་བ་བྱས་པ་ཁོ་ནའོ་ཞེས་སེམས་པ་དེའི་གཏན་ཚིགས་ཀྱི་སྒྲ་ཁོ་ན་གཏན་ཚགས་རྟོགས་ཟིན་པ་ཉིད་ཀྱི་ཕྱིར། མཚན་ཉིད་བརྗོད་པའི་འབད་པ་དོན་མེད་དོ། །གང་དབྱེ་བ་མ་བཤད་པའི་འགལ་བ་མི་འགྲུབ་པ་ཅན་དེ་ཅི་ཡིན་ཞེས་གསུངས་པ། ་དེ་ཡང་ཞེས་པ་ལ་སོགས་པ་སྟེ། ཐུན་མོང་མ་ཡིན་པ་ཡང་ཡོད་ཅིང། །གང་ལུས་ཅན་ཉིད་ལ་སོགས་པའི་མཚན་ཉིད་ཅན། འགལ་བ་མི་འཁྲུལ་པ་ཅན་ཡང་ངོ། །འགལ་བ་གཅིག་ནི་སྤྱི་ཡིན་ནོ་ཞེས་ད་བྱེ་བྲག་པའི་སྤྱི་དབང་པོས་གཟུང་བར ་བྱ་བ་རྣམས་ཡོད་ཏེ། དེའི་ཕྱིར་དབང་པོ་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་མི་རྟག་པའོ་ཞེས་སྒྲུབ་པར་བྱེད་པ་ལ་དེ་འགལ་བའི་ཕྱིར་འགལ་བ་ཞེས་བརྗོད་པར་བྱའོ། །འདི་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ ་ཡང་མ་ཡིན་གྱི། འོན་ཀྱང་རྟག་པ་དེང་མི་རྟག་པ་དང་མི་རྟག་པ་རྣམས་ལ་ཐུན་མོང་དུ་བུམ་པ་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་མ་ངེས་པ་ཁོ་ནའོ། །གྲངས་ཅན་པའི་རྒྱུ་ལ་འབྲས་བུ་ཡོད་དེ། འབྱུང་བའི་ཕྱིར་རོ་ཞེས་པ་འབྱུང་བ་ནི་ཡོད་པ་ཉིད་དང ་འགལ་བའོ་ཞེས་པས་དམ་བཅའ་དེ་ནོ་སེལ་བའི་ཕྱིར་འགལ་བ་གཉིས་པའོ། །འདི་ཡང་མ་གྲུབ་པ་དང་ཐུན་མོངས་མིན་པར་འགྱུར་རོ། །ཅི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ཞེས་པ་ལ་སོགས་པ་སྟེ། འབྲས་བུ་ནི་སྐྱེ་བ་ལས་སྔར་ཐམས་ཅད་ཡོད་པ་ཉིད་དུ ་བསྒྲུབ་པར་བྱ་སྟེ། སྐྱེས་ཟིན་པ་མདོག་ཉིད་ལ་ནི་རྩོད་པ་མེད་པའི་ཕྱིར་རོ། །སྐྱེ་བ་ལས་སྔར་འབྱུང་བ་ནི་མི་རིགས་ཏེ། གང་ལས་འབྱུང་བ་ནི་ཡོད་པ་འབྱུང་བ་ཁོ་ན་ཡིན་པའོ། །འབྱུང་བ་ནི་འདིར་བྱུང་བ་བརྗོད་པར་འདོད་པའོ་ཞེས་ན་མ་ཡིན་ཏེ། གང་ཡོད་པ ་དེ་ནི་སྐྱེས་ཟིན་པ་ཁོ་ན་སྟེ། ཅིས་ན་སྐྱེ་བ་ཡིན། སྐྱེ་བ་ནི་བདག་ཉིད་འཐོབ་པ་ཡིན་ན། ཡོད་པ་ཉིད་ནི་བདག་ཉིད་འཐོབ་པར་བྱེད་པ་ཡང་མ་ཡིན་ནོ། །སྐྱེ་བའི་ཆེད་དུ་འབྱུང་བ་དེ་ཁོ་ན་འབྱུང་བའོ། །འབྲས་བུ་རྣམས་ཐམས་ཅད་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར། དེ ་ལས་གཞན་ལ་འབྱུང་བ་མེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཡིན་གྱི་འགལ་བ་མ་ཡིན་ཏེ། བཟློག་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར། མ་ངེས་པ་བཞིན་ནོ། །བཟློག་པ་ཡིན་ནི་རྒྱུ་མཚན་དང། །འདོད་པ་གནོད་པར་བྱེད་མ་བརྗོད། །ཅེས་ངས་དེ་ར་བརྗོད་ལས ་ཀྱང་མ་ཚང་པ་ཉིད་གསུངས་སོ། །འདོད་པར་འགྱུར་ཏེ་འདི་རྣམས་ཀྱི་ནང་ཁོ་ནར་འདི་དག་འདུས་པར་འགྱུར་རོ་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །དེ་ལྟར་འགྱུར་མོད་ཀྱི་དེ་དག་གཏན་ཚིགས་ལྟར་སྣང་བར་འགྱུར་བ་མ་ཡིན་པ་ཁོ་ནའོ་ཞེ་ན། གསུངས་པ། ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདི་ཁོ་ན་ལ་གཏན་ཚིགས་གསུངས་པ། བཟློག་པ་དང་གནོད་པའི་གཏན་ཚིགས་ཡིན་ཨ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་ལ་མ་ངེས་པ་ནི་འཁྲུལ་པ་དང་བས་པའོ་ཞེས་པ། འཁྲུལ་པ་དང་ལྷན་ཅིག་པ་ནི་འཁྲུལ་པ་དང་བཅས་པའོ། ། ་འཁྲུལ་པ་ནི་གཞན་ལ་ཡོད་པ་སྟོ། གཅིག་ལ་གནས་པ་མ་ཡིན་པ་ཉིད་ཅེས་པའི་དོན་ཏོ། །དེ་ཡང་མ་ངེས་པ་མ་ཡོད། དེའི་ཕྱིར་འདི་ནི་འཁྲུལ་པ་དང་བཅས་པའོ། །འདི་ནི་ཞེས་པ་ལ་སོཊ་པ་སྟེ། ཁྱད་པར་མེད་པར་ནི་སྤྱིར་བརྗོད་པ་ཉིད་ལས་མ་ངེས་པའི་སྒྲ་ནི་ཁྱད་པར་ལ་གནས་པ ་འཐོབ་པ་མ་ཡིན་ཏེ། དེ་ལས་ཀྱང་གཏན་ཚིགས་ཀྱང་མ་ངེས་པར་འགྱུར་རོ་ཞེས་པ་དགོངས་པའོ། །དེ་ལྟར་ནི་དེ་ཡང་ཕྱོཊ་ལས་གཞན་བའང་འཇུག་སྟེ། མཛའ་གཅིག་ཏུ་ཕྱོཊ་ཁོ་ན་ལ་མ་ཡིན་ནོ། །དེས་ན་ཁྱད་པར་དུ་བྱས་ནས་བརྗོད་པར་བྱའོ། །འོ་ན་སྤྱིའི་སྒྲས་ཡང་ཁྱད་པར་ལ་གནས་པ་མཐོང་སྟེ། ་དཔེར་ན་འགལ་ཞིག་འོངས་སོ་ཞེས་པ་བཞིན། དེའི་ཕྱིར་སྤྱིའི་སྒྲ་འདི་ཡང་ཁྱད་པར་གནས་པར་འགྱུར་ཏེ། དེས་ན་བསྒྲུབ་བྱའི་རིཊ་ཁོ་ན་ན་ལ་འཇུག་པ་མ་ཡིན་པ་དེ་ཁོ་ན་མ་ངེས་པའོ་ཞེས་རྟོཊ་པར་བྱའོ་ཞེ་ན། གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །འདི་ཉིད་ལ་དཔེ་གསུངས་པ། གཉིས་ག་ལྟར་ན ་ཞེས་པ་ལ་སོགས་པའོ། །གཉིས་ཀྱི་སྒྲས་ནི་སྤྱིར་བརྗོད་པ་ཡང་འགལ་བ་ཅན་དང་མི་འགལ་བ་ཅན་ཉིད་དོ། །ཡིན་ཏན་གྱི་འབྲས་བུ་ཡིས་སྐབས་སུ་བྱས་པ་གང་ཞིག་ཤེས་པར་བྱེད་ཏེ། སྐབས་ཀྱི་སྟོབས་ལས་སོ། །དེ་ཁོ་ན་སོ་སོའི་ཁྱད་པར་ལ་གནས་ཏེ། འབྲས་བུའི་འགལ་ནབ་ཅན་དང་མི་འགལ ་བ་ཅན་ནོ་ཞེས་པའོ། །ཅི་སྟེ་ཡང་ཞེས་པ་ལ་སོགས་པས་ནི་སྤྱིའི་སྒྲ་ཉིད་ལ་གནོད་པར་བྱེད་དོ། །གང་མ་ཡིན་པ་དགག་པས་མ་ངེས་པ་ཉིད་དུ་རིཊ་པར་ཡ་བ་ངེས་པར་ཉིད་ཅི་ཡིན་ཞེ་ན། བཤད་པ་གང་ཞིག་ཞེས་པ་ལ་སོགས་པའོ། །བསྒྲུབ་པར་བྱ་བ་དང། སོ་སོར་ཉེ་བ་ཉིད་ཀྱི་ཕྱིར་རྟག་ཏུ་བ་ཉིད་ལས་བསྒྲུབ ་པར་བྱ་བའི་རིགས་ཁོ་ན་ལ་གང་འཇུག་པ་དེ་ནི་ངེས་པ་ཉིད་ཏེ། དེ་དགག་པས་མ་ངེས་པ་ཉིད་ཁྱད་པར་དུ་བྱས་པ་ཁོ་ན་རྟོགས་པར་བྱའོ་ཞེས་སེམས་སོ། །དེ་ལྟ་ན་ཡང་ཁྱད་པར་དུ་བྱས་པ་མ་ཡིན་ཞེས་པས་རྣམ་པར་རྟོག་པ་འདི་ལ་ཡང། འདི་ཁྱད་པར་གྱི་སྒྲ་མ་ཡིན ་པ་ཁོ་ནའོ་ཞེས་སྟོན་ཏོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །གང་ཞིག་བསྒྲུབ་པར་བྱ་བའི་རིགས་ཁོ་ན་ལ་འཇུག་པ་དེ་ངེས་པ་ཉིད་དེ། འདི་ལས་དོན་གྱིས་རྟོགས་པ་བྱ་སྟེ། གང་གི་བསྒྲུབ་བྱ་མེད་པ་འམ། དེ་ལས་གཞན་ལའམ་དེ་དང་འགལ ་བ་ལ་འཇུག་པ་མ་ངེས་པ་ཉིད་དོ་ཞེས་སོ། །དེ་ལས་ཀྱང་ཇི་སྲིད་བསྒྲུབ་པར་བྱ་བ་མེད་པ་ལ་སོགས་པ་རྣམས་ལ་འཇུག་པ་ཅུང་ཟད་པ་དེ་ཐམས་ཅད་མ་ངེས་པ་ཉིད་དུ་འགྱུར་རམ། །འོན་ཏེ་འདོད་པ་ཁོ་ན་འགྱུར་ཞེས་བའོ། །དེའི་ཕྱིར་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པའོ། །གང་ཞིག་བསྒྲུབ ་པར་བྱ་བའི་རིགས་ལ་འཇུག་པ་ཡོད་ན། དེ་མེད་པ་ལ་སོགས་པ་རྣམས་ལ་འཇུག་པ་མཐོང་བའམ་སྲིད་པ་དེ་མ་ངེས་པ་ཉིད་དུ་རིགས་སོ། །གང་གིས་བསྒྲུབ་པར་བྱ་བའི་རིགས་མེད་པ་ལ་སོགས་པ་ཁོན་ན་འཇུག་ཅིང་བསྒྲུབ་བྱའི་རིགས་ལ་ནི་མ་ཡིན་དེ་ཅི་ལྟད?་མ་ངེས་ཉིད་ཡིན་ཏེ། དོན ་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཉིད་དུ་དྲང་པར་བྱའོ། །འདིར་འགྱུར་མོད། ངེས་པ་ཉིད་བཀག་པས། བསྒྲུབ་པར་བྱ་བའི་རིགས་ཅན་ལ་འཇུག་པ་བཞིན་གང་གི་གཞན་ལ་ཡང་འཇུག་པ་དེ་ཁོ་ན་མ་ངེས་པ་ཉིད་དུ་རྟོགས་པར་བྱ་སྟེ། དེའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན་གལ་ཏེ་དེ་ལྟ ་ན་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བའི་རིགས་ཅན་ལས་གཞན་ཕྱོགས་ལ་འཇུག་པ་ཡོད་དོ་ཞེས་པས། དེ་ཡང་མངེས་པ་ཉིད་དུ་འགྱུར་རོ་ཞེས་པས་འདི་ནི་ལན་མ་ཡིན་པ་ཁོ་ནའོ། །སྔར་བཤད་ཟིན་ཏོ་ཞེས་པ། འདི་ལ་བཟློག་པ་ནི་འགལ་བའོ། །ཞེས་འགལ་བའི་མཚན ་ཉིད་བྱེད་པས་སོ། །དོན་གྱིས་བསྒྲུབ་བྱའི་རིགས་མེད་པ་ལ་སོགས་པ་རྣམས་ལ་འཇུག་པ་དེ་ཐམས་ཅད་ནི་འཁྲུལ་པ་དང་བཅས་པའོ་ཞེས་བརྗོད་པར་འགྱུར་རོ། །དཔེར་ན་བྱེ་བྲག་པའི་ཞེས་པ་དེ་ནི་རྫས་གཞན་རྩོལ་བར་བྱེད་དོ་ཞེས་པའི་ཐམས་ཅད ་དུ་སོང་པའི་རྫས་ཀྱི་ཚད་ནི་ལུས་ཅན་ནོ་ཞེས་པའི་བརྗོད་པ་ལས། རྡུལ་ཕྲ་རབ་རྣམས་རྩོལ་བར་བྱེད་པ་ཉིད་དང་ལུས་ཅན་ཉིད་དུ་ཁས་བླངས་སོ། །དེ་ལྟར་ཁས་བླངས་ནས་རྡུལ་ཕྲ་རབ་རྣམས་ནི་རྩོམ་པ་པོ་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་སྨྲས་པ། གྲུབ་པའི ་མཛའ་དང་འགལ་བའི་ཕྱིར་ན་འགལ་བར་འགྱུར་རོ། །དེ་ལྟར་ཡང་བརྟག་པར་བྱ་བ་ཞེས་པ། གལ་ཏེ་ཡན་ལག་གཞན་གྱི་སྐྱོན་ཉིད་དུ་རྟོགས་པ་ཡང་འགལ་བ་ཉིད་དུ་བརྟག་པར་བྱ་བ་དེའི་ཚེ་སྒྲུབ་པར་བྱེད་པའི་སྐྱོན་གཞན་ཡང་གཏན་ཚིགས་ཀྱི་སྐྱོན་ལས་གཞན་ཉིད་དུ ་རྟོགས་པ་དེ་ནི་རང་གི་གྲུབ་པའི་མཛའ་དང་འགལ་བར་བརྗོད་པར་བྱ་བའི་འགལ་བར་འགྱུར་རོ། །ད་ལྟར་ཡང་སྒྲ་རྟག་སྟེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་སྨྲས་པ། ལས་བཞིན་དང་རྡུལ་ཕྲ་རབ་བཞིན་དང་བུམ་པ་བཞིན་ཞེས་པའི་ལས་ལ་སོགས་པ་རྣམས་ཀྱི་རྟག་པ ་ཉིད་ལ་སོགས་པའི་ཆོས་ནི་གྲུབ་པའི་མཛའ་དང་འགལ་བའོ་ཞེས་བྱས་ནས་དཔིའི་སྐྱོན་འགལ་བར་འགྱུར་རོ། །འདིས་ནི་ཁས་བླངས་ཉམས་པ་གསུངས་ཏེ། མདོར་གཏན་ཚིགས་ལྟར་སྣང་བ་ཉིད་ཁོ་ནར་བསྟན་པའི་ཕྱིར་དང། བཤད་པར་ཡང། ཡན་ལག་གཞན་གྱི ་སྐྱོན་ཡང་འགལ་བ་ཉིད་དུ་དཔེར་བརྗོད་པའི་ཕྱིར་རོ། །ཡང་ཅིས་ན་སྐྱོན་གཞན་འགལ་བར་བརྗོད་ཅེ་ན། དེའི་ཕྱིར་གསུངས་པ། འདི་ལ་ནི་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའ?། །ཡང་ན་འདི་ལྟར་ཡང་བརྟག་པར་བྱ་བཞིས་པ། གལ་ཏེ ་གྲུབ་པའི་མཛའ་དང་འགལ་བར་བརྗོད་པར་བྱ་བ་འགལ་བར་འདོད་ན་དེ་ལྟར་གྱུར་ན་སྒྲུབ་པར་བྱེད་པའི་སྐྱོན་གཞན་ཡང་སྟེ། གང་ཡང་མ་གྲུབ་པའམ་དེས་དེ་ཡང་འགལ་བར་འགྱུར་ཏེ། འདི་ཅིག་བུ་འགའ་ཞིག་ཁོ་ན་ནི་མ་ཡིན་ནོ། །སླར་ཡང་གཞན་ཡང ་ཞེས་པ་འདིའི་དོན་གཞན་བ་ནི་འདི་ཡིན་ཏེ། ཡན་ལག་གཞན་གྱི་སྐྱོན་ཡང་འགལ་བ་ཁོ་ནར་འགྱུར་ཞེས་པའོ། །དེ་ལས་ཀྱང་ཤིན་ཏུ་ཁྱབ་པའི་མཚན་ཉིད་ངོས་ཅི་ཞིག་ཏུ་གཏན་ཚིགས་ལྟར་སྣང་བ་གཞན་དང་ཡན་ལག་གཞན་གྱི་སྐྱོན་ཡང་འགལ་བ ་ཉིད་དུ་ཐོབ་ཅན། གསུངས་པ། འདི་ལ་ནི་ཞེས་པ་ལ་སོགས་པའོ། །མ་གྲུབ་པ་ཉིད་ཀྱི་སྐྱོན་ཞེས་པ། རྡུལ་ཕྲ་རབ་རྣམས་ལུས་ཅན་མ་ཡིན་པ་ཉིད་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དམ་བཅའ་ཨི་སྐྱོན་ཞེས་པ། སྔར་ཁས་ལེན་པས་གཅད་པའི་ཕྱིར་རོ། །ཅི་སྟེ་ཞེས་པ་ལ ་སོགས་ཤིན་ཏུ་ཁྱབ་པ་ཉིད་སྤོང་བར་བྱེད་སྟེ། མི་འདོད་པ་ལ་ཡང་འཐོབ་པ་ནི་ཤིན་ཏུ་ཁྱབ་པ་ཡིན་ན། འདི་ལ་དེ་ཡོད་པ་མ་ཡིན་ཏེ། མཚན་ཉིད་ཀྱི་ཡུལ་ཐམས་ཅད་འགལ་བ་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཞེས་པ་ཇི་སྐད་བརྗོད ་པའི་དཔེར་བརྗོད་ལའོ། །སྦྱོར་བ་ནི་གཉིས་ཀ་ཅིག་ཅར་འགལ་བདག་སྟེ། ཞེས་པ་བརྗོད་པ་འདོད་པ་གཉིས་ཅིག་ཅར་མི་སྲིད་པའི་ཕྱིར་རོ། །སྦྱོར་བའི་སྒྲས་ཀྱང་འདིར་སྐྱོན་བརྗོད་པ་བརྗོད་པར་འདོད་པའོ། །གལ་ཏེ་འདིར་གཉིས་གཉིས་དག་ཏུ་འགྱུར་ན། ཁྱོད ་ཀྱི་བསམ་པས་གཉིས་དག་ཅིག་ཅར་སྦྱོར་བ་འཐད་པ་མ་ཡིན་ཏེ། མཚན་ཉིད་ཐ་དད་པ་གཉིས་དག་ཅིག་ཅར་གཅིག་ལ་སྲིད་པ་ཡོད་པ་མ་ཡིན་ནོ། །གང་ཡི་ཚེ་ཡང་འགའ་ཞིག་ཏུ་གཅིག་ལ་ཡང་འགལ་བ་ཉིད་ལ་སོགས་པའི་སྐྱོན་རྣམས་བརྗོད་པ་དེའི་ཚེ ་སྐྱོན་གཞན་མེད་པར་ཁས་བླངས་ནས་སྐྱོན་གཞན་རྗོད་པར་བྱེད་པའི་ཕྱིར་ཅིག་ཅར་སྦྱོར་བ་སྲིད་པ་མ་ཡིན་པ་ཁོ་ན་སྟེ། མ་གྲུབ་པ་དང་འགལ་བ་ཉིད་དང་མ་ངེས་པ་རྣམས་བསྡུས་པ་མི་སྲིད་པའི་ཕྱིར་རོ། །དེ་ཡང་བྱེད་པ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། ་འདིར་ཅིག་ཅར་སྦྱོར་བར་འདོད་པ་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། གང་ཡང་རུང་བ་ཁོ་ནའིའོ། །ཇི་ལྟར་གཞུ་གཅིག་ལ་བྱེད་པ་དུ་མ་སྲིད་ན་ཡང་བརྗོད་པར་འདོད་པའི་དབང་ལས་གང་ཡང་རུང་བའི་སྦྱོར་བར་འགྱུར་ཏེ། གཞུ་སྣུན་པར་བྱེད་དོ། ། ་གཞུས་སྣུན་ན་ཞེས་པར་ལྟར་འདིར་ཡང་བརྗོད་པར་འདོད་པའི་དབང་ལས་སྐྱོན་གང་ཡང་རུང་བ་བརྗོད་པ་འགལ་བ་མེད་དོ། །གལ་ཏེ་བྱེད་པའི་སྦྱོར་བ་བཞིན་དུ་ཞེས་པ། བྱེད་པའི་སྦྱོར་བ་བཞིན་དུ་གལ་ཏེ་ཆོས་གཞན་སྟོན་པར་བྱེད་ན། འདི་འདི ་ལྟར་འགྱུར་མོད་སྟེ། འདི་ལྟ་བུར་འགྱུར་ཏེ། གང་ཡང་རུང་བའི་སྦྱོར་བར་རོ?་ཞེས་པའི་དོན་ཏོ། །ཆོས་གཞན་ཉེ་བར་སྟོན་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མ་གྲུབ་པ་ཉིད་ཁོ་ན་དང་དེར་དམ་བཅའ་ཨི་སྐྱོན་ཡང་འགལ་བར་བརྗོད་པར་བྱ་སྟེ། དེ་མེད་ན་བསྟན ་བཅོས་དང་འགལ་བ་མི་སྲིད་པའི་ཕྱིར་རོ། །དེ་གཞན་མིན་ཁོ་ནའོ། །དེ་ལ་འགལ་བ་ཉིད་ཅེས་བྱ་བ་ཆོས་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་རྡུལ་ཕྲ་རབ་རྣམས་ལུས་ཅན་ཉིད་ཀྱི་ཕྱིར། གྲུབ་པའི་མཛའ་དང་འགལ་བ་ཉིད་ཏེ། དེ་ཁོ་ནའི་ཕྱིར་ཡང་མ་གྲུབ་པ་ཉིད་དོ ་ཞེས་པས་གཞན་ཉིད་མེད་དོ། །དེ་ལྟར་ན་ཡང་རྩོམ་བྱེད་ཡིན་པ་ཉིད་ཀྱི་ཕྱིར་འགལ་བ་ཉིད་དེ། དམ་བཅའ་པའི་སྐྱོན་ཡང་དོ་ཞེས་སོ། །བྱེད་པ་ལ་ནི་ཞེས་པ་ལ་སོགས་པས། དེ་ལ་ཆོས་འདི་མི་མཐུན་པ་ཉིད་གསུངས་སོ། །ཡང་ཅི་ལྟར་ན་ཆེས་གཞན་ཡིན་ཞེ་ན། ་གཟུངས?་པ་།རང་དབང་ཉིད་དང་གཞན་དབང་ཉིད་ལས་ཞེས་པ་སྟེ། གཞུ་སྣུན་པར་བྱེད་དེ་ཞེས་པ་བྱེད་པ་པོ་ཉིད་ཀྱི་ཕྱིར?་རང་དབང་ཉིད་ཀྱི་མཚན་ཉིད་ཅན་གྱི་ཆོས་གཞན་ཉེ་བར་སྟོན་ཏོ། །གཞུས་སྣུན་ནོ་ཞེས་པ་བྱེད་པ་ཉིད་ཀྱི་ཕྱིར་གཞན་དབང་ཅན་ཉིད ་ཀྱི་མཚན་ཉིད་ཅན་ནོ། །འོ་ན་གང་དུ་ཞེས་པ་ལ་སོགས་པ། སེམས་བཅན་མ་ཡིན་པའི་གཙོ་བོ་ནི་གྲུབ་མཛའ་དང་འགལ་བའི་དོན་ཀྱིས་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་འགལ་བ་སྟེ། མ་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་འགལ་བའི་ཞེས་པ་ནི་ཉེ་བར ་དགོད་པའོ། །འདི་ལ་ཁས་བླངས་པས་གནོད་པ་ནི་མ་ཡིན་གྱི། སྐྱོན་གཞན་ཉིད་ཀྱི་ཕྱིར་བསམ་པར་བྱའོ། །གཏན་ཚིགས་ཀྱི་སྐྱོན་ཙམ་ལ་བརྟེན་ནས་དཔེར་བརྗོད་པའི་ཕྱིར། དེ་ལས་ཡང་ཞེས་པ་གསལ་བ་གཙོ་བོ་ལས་གཞན་པ་མ་ཡིན་པ་ཉིད་ན། ་གཙོ་བོ་ལས་ཐ་དད་པའི་སེམས་པ་ཅན་མ་ཡིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྒྲེས་བུ་ནི་སེམས་པ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་ཁོ་ན་སྟེ། མ་ངེས་པ་ཉིད་དོ། །ཁྱད་པར་རྣམས་ལས་གཞན་དུ་བརྗོད་པར ་འདོད་ན་ཞེས་པ་ཆེན་པོ་ལ་སོགས་པ་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར་དང། མཐུན་ཕྱོགས་སྐྱེས་བུ་ལ་མེད་པའི་ཕྱིར། །སེམས་པ་ཅན་མ་ཡིན་པ་ཉིད་ནི་འགལ་བ་ཉིད་དུ་འགྱུར་རོ། །ལོག་པའི་ཕྱོགས་ལ། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཕྱོཊ ་ཅན་ལ་ནི་སྨྲ་བ་རྣམ་འགྱུར་ནི་བསལ་བ་དང་བྲལ་བ་སྟེ། རྟག་པ་ཉིད་བཀག་པའི་ཕྱིར་རོ་ཞེས་པའི་གཏན་ཚིགས་འདི་ནི། རྣམ་འགྱུར་གསལ་པ་རང་བྲལ་བ་ཡང་ཡོད་དོ་ཞེས་པའི་གྲུབ་པའི་མཛའ་འདི་དང་འགལ་བའི་ཕྱིར་འགའ་བའ་ཨོ་ཞེའོ། །འདི་ཡང་སྐྱོན་དེ་དག་ཁོ་ན ་ཏེ། དེ་ལྟར་ནི་གསལ་བ་དང་བྲལ་པའོ་ཞེས་པ་འདིས་ནི་ནུས་པའི་ངོ་བོ་ལས་ཀྱང་བྲལ་བར་བརྗོད་དོ། ནུས་པ་དང་བསལ་བ་དག་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། དེའི་ཕྱིར་ཁས་ལེན་པ་དང་འགལ་པ་སྟེ། དེ་ཉིད་ཀྱི་ཕྱིར་རྟག་པ་ཉིད་བཀག་པ་གྲུབ་པ་སྟེ་རྫས་རྟག ་པའི་ཕྱིར་རོ། །བསལ་བ་ཡང་དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འགལ་བ་མེད་དོ། །གང་ལས་སྐབས་སེམས་པ་རྣམས་ལ་ཞེས་པ་ལ་སོགས་པ་སྟེ། དྲི་མ་དང་བྲལ་བ་ལ་གནས་པའི་ཕྱོགས་དང་ཟླ་བོའི་ཕྱོགས་དག་སྐབས་ཀྱིས་སྒྲས་བརྗོད་ཏེ། རྣམ ་པར་དཔྱོད་པའི་ཆེད་དུ་རབ་ཏུ་བྱེད་ཅེས་བྱས་ནས་སོ། །དེ་སེམས་བསྟེ་རྣམ་པར་བརྟག་པ་གང་ལས་ཉེ་བར་སྐྱེ་བའོ། །དེ་གཏན་ཚིགས་ཉིད་དུ་སྟོན་པ་ནི་སྐབས་དང་མཚུངས་པ་སྟེ། དཔེར་ན་བདག་ནི་མི་རྟག་པ་སྟེ། ལུས་ལས་གཞན ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུ་སྟེ། གང་གི་ཕྱིར་ལུས་ལས་གཞན་ཡིན་པ་དེའི་ཕྱིར་རྟོག་པ་དང་མི་རྟག་པ་བསམ་བྱ་སྟེ། གལ་ཏེ་ལུས་ཁོ་ན་བདག་ཏུ་གྱུར་ན་དེ་མངོན་སུམ་ཁོ་ནར་འཇིག་པ་ཉིད་དོ་ཞེས་པས་སེམས་པར་མི་འགྱུར་རོ། །འདི་ཡང་ལུས་ལས་གཞན་ཉིད ་ཀྱི་ཕྱིར་རྟག་པ་དང་མི་རྟག་པ་སེམས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཞན་ཉིད་ནི། མ་ངེས་པ་ལས། གལ་ཏེ་ལུས་ལ་གཞན་ཉིད་ནི་ཕྱོགས་གཅིག་ལ་གནས་པར་གྱུར་ན། རྟག་པ་དང་མི་རྟག་པ་རྣམ་པར་དཔྱོད་པ་མི་འགྱུར་རོ། ཡང?་ཅིའི་ཕྱིར་འདི་ལས་མ་ངེས་པ་མིན་ཞེ་ན ་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །ཕྱོགས་ཅན་ལེན་པ་ནི་སྨྲ་བ། སྒྲ་མི་རྟག་སྟེ། རྟག་པའི་ཆོས་ཉེ་བར་དམིགས་པའི་ཕྱིར་ཞེས་པ་འདི་སྐབས་དང་མཚུངས་པ་སྟེ། གང་གི་ཕྱིར་རྟག་པ་དང་མི་རྟག་པའི་ཆོས་མ་དམིགས་པ་ཁོ་ན་ལས་སྒྲ་ལ ་སེམས་ཤིང། མི་དམིགས་པ་ཁོ་ན་ནི་གཏན་ཚིག་ཉིད་དུ་སྟོན་པའོ་ཞེའོ། །གལ་ཏེ་རྟག་པ་དང་མི་རྟག་པའི་ཆོས་མི་དམིགས་པའི་ཕྱིར་ཞེས་བརྗོད་ན། འདི་འདི་ལྟར་འགྱུར་མོད། །དེ་ལ་ཡང་ཐུན་མོང་མ་མ་ཡིན་པ་ཉིད་ཀྱི་སྐྱོན་ཏེ། རྟག་པ་དང་མི་རྟག་པའི་ཆོས་མི་དམིགས་པ་ནི། གཞན ་འགའ་ཞིག་ཏུ་ཡང་མ་མཐོང་བའི་ཕྱིར་རོ། །མ་གྲུབ་པ་ཉིད་སྤང་ན་སྟེ། སྒྲ་ལ་ཡང་གདོན་མི་ཟ་བར་བྱས་པ་ཉིད་ལ་སོགས་པ་རྟག་པ་དང་མི་རྟག་པའི་ཆོས་དམིགས་པའི་ཕྱིར་རོ། །ཡང་ན་མ་ངེས་པ་ཉིད་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་སོ། །ཡང་དག་པར་རྟོགས་པར་བྱ་བ་ནི་ཅེས ་པ་ལ་སོགས་པ་སྟེ། གང་གི་ཕྱིར་བཞི་མཚུངས་པ་རྣམས་ཀྱི་འབྲུ་མང་པོ་པའོ་ཞེས་བཤད་ཅིང། འདིར་མི་འགྱུར་ཏེ། འདི་ལྔ་རྣམས་ཀྱིས་ཟོས་པའོ་ཞེས་བའོ། འོན་མགྲིན་པ་ན་ནག་པོ་ལ་སོགས་པ་རྣམས་ལ། བཞི་མི་འཐུན་པ་རྣམས་ཀྱང་འགའ་ཞིག་ཏུ་འཇུག་པ་ཁོ་ན་མ་ཡིན་ནམ་ཞེ་ན། ་དེའི་ཕྱིར་གསུངས་པ། ཐམས་ཅད་དུ་ཞེས་པ་ལ་པ་ལ་སོགས་པའོ། །གང་དུ་གོ་བར་བྱེད་པ་དེ་ཁོ་ན་ལ་འདོད་ཅིང། འདིར་གོ་བར་བྱེད་པ་ཉིད་ཀྱང་མ་ཡིན་ཏེ། བསྒྲུབ་བྱས་ཁྱད་པར་དུ་མ་བྱས་པའི་དཔེའི་སྒྲ་ཁོ་ན་ནི་བརྗོད་པར་འདོད་པའི་དོན་གྱི ་རྗོད་པར་བྱེད་པ་ཡིན་གྱི། བསྒྲུབ་བྱས་ཁྱད་པ་དུ་བྱས་པའི་སྒྲ་ནི་མ་ཡིན་ནོ། །མ་གྲུབ་པ་གཏན་ཚིགས་མ་ཡིན་ནོ་ཞེས་པ། འདི་ལ་གྲུབ་པ་ཡོད་པ་མ་ཡིན་ཞེས་པ་མ་གྲུབ་པའོ། །གཏན་ཚིགས་མ་ཡིན་ཏེ་བསྒྲུབ ་བྱས་ཁྱད་པར་དུ་མ་བྱས་པའི་དཔེ་ཞེས་པའི་དོན་ཏོ། །འདི་སྟོན་ཏོ། །བསྒྲུབ་བྱ་ཡིས་གང་ལ་ཁྱད་པར་དུ་མ་བྱས་པ་ཞེས་པ་ངག་ཆོགས་པ་སྟེ། བདུན་པས་འབྲེལ་པར་འོས་ཀྱི་གཏན་ཚིགས་ནི་མ་ཡིན་ཏེ། དཔེ་ནི་དག་ཚོགས་པའི་ཕྱོགས་གཅིས ་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་ནི་དཔེ་དང་འདྲ་པ་ངག་ཚོགས་པ་ཁོ་ན་སྟེ། །ཡན་ལག་ཉིད་ཀྱི་ན་ཡོན་ཏན་དུ་གྱུར་པའོ་ཞེས་པས་གཙོ་བོ་མ་ཡིན་ནོ། །ཡན་ལག་ན་ཡིན་ལག་གཞན་དང་འབྲེལ་པ་ཡོད་པ་མ་ཡིན་ཏེ། ལས་པ་འདིར་རྣ་བདག་འཕྱད་དོ། ་ཞེས་པར་ནི་འགྱུར་བ་མ་ཡིན་ནོ། །དུས་ལས་འདས་ནས་བསྟན་པ་ནི་དུས་ལས་འདས་བཞེས་པའོ། །དུས་ལས་འདས་བྱད་བྱེད་པ་ནི་དུས་ལས་བརྒལ་བའོ། །དུས་ལས་འདས་པར་བྱེད་པས་བསྟན་པའི་གང་ཡིན་པ་དེ་ནི་དུས་ལས་འདས་པའོ། །གཏན ་ཚིགས་རྣམས་ནི་དུས་ངེས་པ་ཅན་ཁོ་ནར་འགྱུར་ཏེ། དེ་ལྟར་ནི་དུས་གཞན་དུ་སྐྲན་ཀྱང་ས་བོན་ནི་མྱུ་གུ་བསྐྱེད་པར་ནུས་པ་མ་ཡིན་པས་སོ། །དེའི་ཕྱིར་དུས་ལས་འདས་ནས་བརྗོད་པ་ནི། གཏན་ཚིགས་སུ་འགྱུར་བ་མ་ཡིན་ནོ། །བརྒལ་ནས་སམ་ཞེས་པ། ཁྱོད ་ཀྱིས་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་མ་ཚད་བའོ། །ཞེས་པ་འདི་ལྟ་བུ་འམ། ངེས་པའི་དོན་དུ་ཞེས་པ་གང་གི་ཚེ་རྒོལ་བས་མ་རྟོགས་པ་ཉིད་ཀྱི་ཕྱིར་རམ། སྐབས་ཉིད་ཀྱི་ཕྱིར་མ་བརྗོད་པར་གྱུར་བ་ན། བྱས་པ་ཉིད་ཀྱི་ཕྱིར་ཞེས་སོ། །ཕ་རོལ་པོ་ཡང་བསམ ་པ་ཤེས་པ་ཁོ་ན་བསལ་བར་བྱ་བར་འདོད་པས་འདྲི་སྟེ། གང་གི་སྒྲ་མི་རྟག་པ་ཉིད་དུ་ཁོ་བོ་ཅག་གིས་རྟོགས་པར་འགྱུར་བ། འདི་ལ་གཏན་ཚིགས་ཅི་ཡིན་ནོ་ཞེས་སོ། །དེ་ལྟ་ན་ཅི་ལྟར་གཏན་ཚིགས་ལྟར་སྣང་བ་ཉིད་དུ་རིགས་པ་མ་ཡིན་ཞེ་ན་གསུངས ་པར་གཏན་ཚིགས་ཀྱི་གནས་སུ་ཞེས་པ་ལ་སོགས་པ་སྟེ། གཏན་ཚིགས་ཀྱི་གནས་ནི་རྩོད་པའི་གཞི་སྟེ། ངེའི་རྒྱུ་མཚན་དུ་རབ་ཏུ་སྦྱར་བ། གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཕྱིར་གཅེག་དང་ལྡན་པའི་ཕྱིར། གཏན་ཚིགས་བཞིན་དུ་སྣང་བ་གང་ཡིན་པ་དེ ་གཏན་ཚིགས་ལྟར་སྣང་བ་སྟེ། དེ་འདི་ལ་ཡོད་པ་མ་ཡིན་ཞེས་པས་གཏན་ཚིགས་ལྟར་སྣང་བ་གང་ལ་ཡིན། གང་དུས་ངེས་པ་ཉིད་དུ་ས་བོན་ལ་སོགས་པ་རྣམས་དེའི་བྱེད་པོ་ཉིད་ལས་སྐྱེ་ཞིང། ཤེས་བྱེད་ནི་ཇི་ལྟར་དེ་ལྟར་རྟོགས་པ་ལྟར། རང་གི་དོན་ཁོང་དུ ་ཆུང་བ་ན་དུས་ལ་བལྟོས་པ་མ་ཡིན་ནོ། །ཕྱོགས་ཅན་ལེན་སྨྲ་བ། གང་གི་དོན་ཕྱོགས་གཅིག་སྟོན་བཞིན་པའི་དུས་ལས་འདས་པར་སྦྱར་གདུས་ལས་འདས་བ་སྟོན་པ་སྟེ། དཔེར་ན་སྒྲ་རྟག་སྟེ། ལྡན་བས་མངོན་པར་གསལ་བར་བྱ་བ་ཉིད་ཀྱི་ཕྱིར་གཟུགས་བཞིན་ཞེས་པ ་ལྟ་བུ་སྟེ། སྔར་དང་ཕྱིས་ཀྱང་མངོན་པར་བསལ་བའི་གནས་སྐབས་ནི་རྟག་པ་ཉིད་དོ། །འདི་ནི་གཏན་ཚིགས་མ་ཡིན་ཏེ། དུས་ལས་འདས་པར་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་གསལ་བྱ་གཟུགས་ལ་སོགས་པ་གསལ་བར་བྱེད་བ་པོད་དང་ལྡན་པ་ལྡན་པ་ཡོད་པ་ཁོ་ན་ནི་འཛིན་པར ་འགྱུར་གྱི་འདས་པ་ན་ནི་མ་ཡིན་ནོ། །གལ་ཏེ་ཡང་སྒྲ་དང་ལྡན་པའི་གསལ་བར་བྱ་བར་གྱུར་ན་དེ་གཟུགས་གསལ་བར་བྱེད་པ་ཉེ་བ་ཁོ་ན་ནི་རྟོགས་པར་འགྱུར་གྱི། དེ་འདས་པ་ན་སྟེ་གསལ་བར་བྱེད་པ་འདས་པ་ན་ནི་མ་ཡིན་ནོ། །ཤིང་དང་སྟ་རེ་ལྡན་པ་ན་རིང་པོ་ནས་གནས ་པ་རྣམས་ཀྱིས་སྒྲ་རྣམ་པར་དབྱེ་བ་དང་དུས་ཉེ་བར་དམིགས་ཏེ། དེ་ལས་ཀྱང་མངོན་པར་གསལ་བ་ལྡན་པའི་དུས་ལས་འདས་སོ་ཞེས་པས་ལྡན་པའི་རྒྱུ་ཅན་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ལྟར་སྣང་བའོ་ཞེས་པས་དེ་འདི་བསྒྲུབ་བྱ་དང་མཚུངས་པ ་ལས་ཐ་དད་པ་མིན་ནོ། །ལྡན་པ་སྒྲ་མངོན་པར་གསལ་བའི་རྒྱུ་མཚན་ཡིན་པ་བཀག་པའི་ཕྱིར། དེའི་ཕྱིར་འདི་མ་གྲུབ་པ་ཁོ་ནའོ། །བྱེ་བྲག་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རབ་ཏུ་མ་གྲུབ་པ་ནི་རྟགས་དང་རྟགས་ཅན་གྱི་འབྲེལ་རབ ་ཏུ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་མེ་དང་དུ་བའི་འབྲེལ་པ་ཡོད་ཀྱང་གང་གིས་འབྲས་བུ་དང་རྒྱུའི་མཚན་ཉིད་མ་གྲུབ་པ་དེའི་དོར་དུ་བ་ནི་།མ་བསྟན་པ་སྟེ། གཏན་ཚིགས་མ་ཡིན་པའོ། ཞེས་པའི་དོན་ཏོ། །མེད་པ་ནི་ལྡན་པ་ལ་སོགས ་བའི་འབྲེལ་བ་མེད་པའི་ཕྱིར་ཡོད་པ་མ་ཡིན་པ་སྟེ། དཔེར་ན་རྭ?་ཅན་ཏེ་དེའི་ཕྱིར་རྟའི་ཞེས་པ་ལྟ་བུ་འོ། །གང་རྟ་དང་རྭ་དག་གཞན་མ་ཡིན་པ་ཉིད་དུ་གྲུབ་ན་རྭ་ཅན་དུ་འབུགས་སོ་ཞེས་བརྗོད་པ་ན། ཅི་ཞིག་འདིར་ཤེས་པར་བྱ། གསལ་ཏེ་རྭ ་ཅན་ཏེ། དེའི་ཕྱིར་ཏའོ། ཞེས་སྨྲ་ན། སྨྲ་བྱ་དེ་ནི་མེད་པ་སྨྲའོ་ཞེས་པས། རྟ་དང་རྭ་དག་ལ་འབྲེལ་པ་གང་ཡང་རུང་བ་ཡོད་པ་མ་ཡིན་པས་སོ། །ཐེ་ཚོམ་ཟ་བ་ནི་གང་ཡང་ཀྱང་མ་ངེས་པ་སྟེ། དཔེར་ན་རྭ་ཅན་རིག་གོ་ཞེས་པ་ན། ཅི་ཞིག་འདིར་ཤེས་བར་བྱ་ཞེ་ན། གལ་ཏེ་རྭ ་ཅན་ཏེ། དེའི་ཕྱིར་བ་ལང་དོ་ཞེས་སྨྲ་ན་དེ་ནི་སྨྲ་བར་བྱ་བ་ཐེ་ཚོམ་དུ་སྨྲའོ་ཞེས་བའོ། །ཅིའི་ཕྱིར་ཞེ་ན་མ་ཧེ་ལ་སོགས་པ་རྣམས་ལ་ཡང་རྭ་ཡོད་ཅེས་སོ། །རེ་ཞིག་རབ་ཏུ་མ་གྲུབ་པ་ཞེས་པ་ལ་སོགས་པ་རྟགས་དང་རྟགས་ཅན་དག་གི ་འབྲེལ་པ་རབ་ཏུ་མ་གྲུབ་ན་དཔེ་ལ་བརྟེན་པའི་སྐྱོན་གཉིས་དག་སྲིད་ཏེ། དཔེ་ནི་མེད་པ་འམ་རབ་ཏུ་མ་གྲུབ་པའི་དོན་ཉིད་ཡང་ན་སྟེ་གཏན་ཚིགས་ཀྱི་དོན་གྱིས་སོ། །དེའི་ཕྱིར་གསུངས་པ། འམ་གྱི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཅན་ནོ་ཞེས་པའོ། །དེ་ལ་གང་གི་ཚེ་ན་རེ ་ཞིག་དཔེའི་ཆོས་ཅན་ཁོ་ན་རང་གི་ངོ་བོ་རབ་ཏུ་མ་གྲུབ་པ་ལས་འབྲེལ་པ་མ་རྟོགས་པ་དེའི་ཚེ་དཔེ་མེད་པ་སྟེ། ཆོས་ཅན་མ་གྲུབ་པ་ལས་སོ། །ཅི་སྟེ་ཆོས་ཅན་གྲུབ་ན་ཡང་དེ་ལ་སྔར་རྟགས་མ་མཐོང་བའི་ཕྱིར་འབྲེལ་པ་རབ་ཏུ་མ་གྲུབ་པ་ཉིད་ཡིན་པ་དེའི་ཚེ། གཏན ་ཚིགས་ཀྱི་རབ་ཏུ་མ་གྲུབ་པའི་དོན་ཉིད་ཏེ། སྒྲུབ་པར་བྱེད་པ་ན་མ་ཚང་བ་ཉིད་ཅེས་པའི་དོན་ཏོ། །ཅིའི་ཕྱིར་ཡང་དཔེ་ལྟར་སྣང་བ་ཡིན་གྱི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ཞེ་ན། གསུངས་པ། དེ་ལྟར་ན་ནི་ཞེས་པ་ལ་སོགས་པ་སྟེ། རྣམ་པ་འདི་དག་གིས་གང ་གི་ཕྱིར་དཔེ་ལ་རབ་ཏུ་མ་གྲུབ་པར་འགྱུར་བ་དེའི་ཕྱིར་འདི་ནི་དཔེའི་སྐྱོན་ཏེ། གཏན་ཚིགས་ལྟར་སྣང་བ་ནི་མ་ཡིན་ནོ། །ཅི་སྟེ་ཡང་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་བྱའི་ཆོས་ཅན་ལ་འམ་ཡོད་པ་བཞིན་པ་ཡང་ན་སྟེ། མིག་གི་གཟུང་བྱ་ཉིད་དང་འདྲ་བ ་ནི་རབ་ཏུ་མ་གྲུབ་པའི་སྒྲ་ཡིས་བརྗོད་ཀྱི་དཔེ་ལ་ནི་མ་ཡིན་ཞེའོ། །དེ་ལྟར་གྱུར་ན་གཏན་ཚིགས་ཀྱི་དོན་འགལ་བར་འགྱུར་རོ། །ཡང་གཏན་ཚིགས་ཀྱི་དོན་འགལ་བར་འགྱུར་བ་ཅིས་ཞེ་ན་གསུངས་པ། བསྟན་པ་ནི་རབ་ཏུ་གྲུབ་པ་སྔོན་མ་ཅན ་ཉིད་ཀྱི་ཕྱིར་ཞེས་པ། གང་སྔོན་འབྲེལ་པའི་དུས་སུ་རབ་ཏུ་གྲུབ་ཅིང་རྣམ་པར་ཤེས་པ་དེ་ཁོ་ན་བསྟན་གྱི། གཞན་ནི་མ་ཡིན་ནོ་ཞེས་བའི་དོན་མངོན་པར་འདོད་པའོ། །དེ་ལྟར་ནི་གལ་ཏེ་ཡོད་པ་མ་ཡིན་ཡང་བར་བའི་ལས་གཏན་ཚིགས་ཉིད་དུ་འདོད་ན། ་དེ་ལྟར་གྱུར་ན་རྫས་དང་ཡོན་ཏན་དང་ལས་རྣམས་ཁོ་ནའི་རྒྱུ་ཉིད་དོ་ཞེས་གང་ཁས་བླངས་པ་དེ་ཉམས་སོ། ཞེས་ཡོངས་སུ་རྩོད་པར་བརྗོད་དོ། །བྱུང་བ་མིན་པ་རྟགས་མ་ཡིན་གྱི་འོ་ན་ཅི་ཞེ་ན། བྱུང་བ་མིན་པ་ལ་སོགས་པ་རྟོགས་པའོ། །གཏན་ཚིགས་ཅི ་ཞེ་ན། བརྟན་པ་ནི་རབ་ཏུ་གྲུབ་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཞེས་པ། ཉེ་བར་དམིགས་པ་སྔོན་མ་ཅན་གྱི་ཕྱིར་ཞེས་པའི་དོན་ཏོ། །གང་གི་དུ་བ་ལ་སོགས་པ་རྣམས་དང་མེ་ལ་སོགས་པ་འབྲེལ་པ་འགལ་བ་ཅན་ནམ་མི་འགལ་བ་ཅན་རབ་ཏུ་གྲུབ་པར ་འགྱུར་བ་དེའི་དུ་བ་ལ་སོགས་པ་རྣམས་བསྟན་པར་འགྱུར་རོ། །རབ་ཏུ་གྲུབ་པ་སྔོན་མ་ཅན་ཁོ་ན་བསྟན་པའོ་ཞེས་ཅི་ལྟར་རྟོགས་པར་བྱ་ཞེ་ན། སྔོན་མའི་སྒྲ་སྦྱོར་བའི་ཕྱིར་ཡང་འབྲེལ་པའི་དུས་སུ་གྲུབ་པ་ཉིད་ཁོ་ན་འདིས་བརྗོད་ཏེ། གཞན་དུ ་ན་རབ་ཏུ་གྲུབ་པ་ཉིད་ཀྱི་ཕྱིར་ཞེས་པ་ཁོ་ན་བརྗོད་པར་བྱ་བར་འགྱུར་རོ། །རབ་ཏུ་གྲུབ་པར་བྱས་ནས་ཞེས་པ། དེ་ལ་སྣང་བཞིན་པའི་གོང་བུ་ལ་རྭ་ཅན་ཉིད་མེད་པ་འམ་ཐེ་ཚོམ་ཟ་བར་བྱས་ནས་དཔེར་བརྗོད་པ་ན་མ་ཡིན་གྱིས། འོ་ན་ཅི་ཞེ་ན། རབ་ཏུ ་གྲུབ་པ་ཁོ་ནའོ། །འདི་ག་ལས་ཞེ་ན། གལ་ཏེ་རྭ་ཅན་ཏེ་ཞེས་རྗེས་སུ་བརྗོད་པ་ལས་ཏེ། ཕྱོགས་ཀྱི་ཆོས་ཁས་བླངས་ན་འདི་སྐད་སྨྲའོ། །བསྒྲུབ་པར་བྱ་བའི་ཆོས་རྟ་ལ་དང། བ་ལངས་ལ་དེ་རབ་ཏུ་མ་གྲུབ་པ་ཉིད་ནི་མ་ངེས་པ་ཉིད་ཡང་སྟེ། ཆོས་ãན་གོང ་བུ་ལ་ནི་མ་ཡིན་ནོ། །ཅི་སྟེ་ཡང་མེད་པའི་གཏན་ཚིགས་ཞེས་པ། མེད་པའི་ཤེས་པའི་གཏན་ཚིགས་ནི་མེད་པ་དང། ཐེ་ཚོམ་གྱི་གཏན་ཚིགས་ཐེ་ཚོམ་དུ་འགྱུར་ཏེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཆོས་ཅན་མེད་པ ་ཉིད་ཀྱི་ཕྱིར་དང། ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །ཉུང་བར་བརྗོད་པ་ཡིན་ཞེས་པས་མ་ཚད་བ་ཉིད་གསུངས་སོ། །རྭ་ཅན་ཏེ་དེའི་ཕྱིར་བ་ལང་ངོ་ཞེས་པ་ནི་ཐུན་མོང་གི་མ་ངེས་པ་ཁོ་ནའི་དཔེར་བརྗོད་ཏེ། ་དཔེར་བརྗོད་མཐོད་བ་ལས་ཀྱང་དེ་དང་འདྲ་བ་ཁོ་ནའི་དངོས་པོ་རྟོགས་པར་འགྱུར་གྱི། མ་ངེས་པ་མ་ཁུས་པ་དང། ཐུན་མོང་མ་ཡིན་པ་དང་འགལ་བ་མི་འཁྲུལ་པ་དག་ནི་མ་ཡིན་ཏེ། དེ་ལས་མཚན་ཉིད་ཤིན་ཏུ་མི་མཐུན་པའི་ཕྱིར ་ག་ལ་རྟོགས། དཔེར་ན་ཞེས་པ་ལ་སོགས་པས་ཐུན་མོང་མ་ཡིན་པ་རེ་ཞིག་མ་བླངས་པ་དཔེར་བརྗོད་ཀྱིས་སྟོན་ཏོ། །ཚིག་གི་དོན་དྲུག་པོ་རྣམས་ལ་ཞེས་པ། ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་འཇུག་གོ། ཡང་ཅིའི་ཕྱིར་དྲུག་པོ་རྣམས་ལ་ཡང་ཐེ་ཚོམ ་གྱི་རྒྱུ་ཞེ་ན། ཐམས་ཅད་ལ་མེད་པའི་ཕྱིར་ཞེས་པ་སྟེ། ཐམས་ཅད་དུ་ཆ་མཐོང་བའི་ཞེས་པའི་དོན་ཏོ། །འདི་ལས་ཡོད་པའི་ཐ་སྙད་དུ་འགྱུར་རོ། །ཞེས་བས་མཐོང་བ་ནི་ཡོད་པའོ། །བཀག་པས་མ་མཐོང་བ་ནི་མེད་པའི་ཞེས་བརྗོད་པར་བྱའོ། །འོ་ན ་ཡང་མ་བརྗོད་པ་ཡང་ཐེ་ཚོམ་གྱི་གཏན་ཚིགས་སོ། །ཐེ་ཚོམ་ཟ་བ་ཞེས་པའི་མཚན་ཉིད་ལས་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་གཏན་ཚིགས་སོ་ཞེས་པ་འདི་ཐེ་ཚོམ་གཏན་ཚིགས་ཀྱི་མཚན ་ཉིད་དུ་བརྟག་པར་བྱ་བ་ནི་མ་ཡིན་ཏེ། དེ་ཉིད་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །གང་རྣམས་སྨྲ་བ་ཞེས་པ་བྱེ་བྲག་པ་ཁོ་ན་འགའ་ཞིག་གོ། །ཁྱད་པར་དུ་བྱེད་ཅིང་ལྡོག་པར་བྱེད་དོ། ཞེས་པ་ཁྱད་པར་རོ། །གཉིས་ཀ་ལ ་མཐོང་བའི་ཕྱིར་རོ་ཞེས་པ་བསྒྲུབ་བྱ་ལ་བལྟོས་པས་རིགས་མཚུངས་པ་རྣམས་དང། ཅིག་ཤེས་རྣམས་འབྲེལ་པ་ཅན་ཉིད་དུ་མཐོང་བའི་ཕྱིར་རོ། །བསྒྲེང་བ་ལ་སོགས་པ་བཞིན་དུ་ཞེས་པ། ཇི་ལྟར་བསྒྲེང་བ་ཉིད་ཐོ་ཡོད་དང་སྐྱེས་བུ་དང་འགྲོལ་བ ་ཅན་ལ་རྗེས་སུ་འཇུག་པའི་སྒོ་ཡིས་ཡིན་པ་དེ་ལྟར་མཉན་པར་བྱ་བ་ཉིད་རྫས་ལ་སོགས་པའི་ཚིག་གི་དོན་དང་འབྲེལ་པ་ཅན་ལ་ལྡོག་པའི་སྒོ་ཡིས་སོ། །དེ་ལས་ཀྱང་གལ་ཏེ་རྭ་ཅན་ཡིན་ན་དེའི་ཕྱིར་བ་ལང་ངོ། །ཞེས་པའི་དཔེར་བརྗོད་པ་འདིས ་ཐུན་མོང་མ་ཡིན་པ་ཉེ་བར་བླང་བར་བྱས་སོ་ཞེས་པ་བསམ་པའོ། །དེ་མི་རིགས་ཏེ་ཞེས་པ་གལ་ཏེ་ལྡོག་པ་གཉིས་ཀ་ལྟར་འགྱུར་ན་དེའི་སྒོ་ནས་སྤྱིར་འགྱུར་མོད། དེ་ཉིད་ནི་སྲིད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་ཡིན་ཞེས་པ་ལ་སོགས་པའོ། །ཅིའི ་ཕྱིར་གང་ལས་ལྡོག་པ་དེ་ལྟར་སྣང་བ་ལ་ཐེ་ཚོམ་འཐད་པར་བྱེད་པ་མ་ཡིན་ཞེ་ན། གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། རྫས་གཅིག་དང་ལྡན་པ་ཉིད་ནི་ས་ལ་སོགས་པ་ལས་ལྡོག་ཅིང། དེའི་རྣམ་པས་ཐེ་ཚོམ་སྐྱེད་པར་བྱེད་པ་ཡང་མ་ཡིན ་ཏེ། ཅི་རྫས་གཅིག་དང་ལྡན་པ་ཉིད་ཀྱི་ཕྱིར་ས་འམ། འོན་ཏེ་ཆུ་འམ། འོན་ཏེ་མི་ཡིན་ཅེས་པར་རོ། །དེ་འདིས་ནི་གང་ཞིག་གང་ལས་ལོག་པ་དེ་ནི་དེ་ལ་དེར་སྣང་བའི་ཐེ་ཚོམ་གྱི་གཏན་ཚིགས་མ་ཡིན་ཏེ། དཔེར་ན་རྫས་གཅིག་དང ་ལྡན་པ་ཉིད་ནི་ས་ལ་སོགས་པ་རྣམས་ལ་བཞིན་མཉན་པར་བྱ་བ་པ་ཡིན་ནོ་ཞེས་པ་ཁྱབ་བྱེད་དང་འགལ་བའི་ཐལ་བར་འགྱུར་བ་གསུངས་སོ། །དེ་ལྟར་ཡང་མ ་ཡིན་ནོ་ཞེས་པ་སྟེ། གང་ཞིག་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་ནི་དེ་ལས་ལྡོག་པ་མ་ཡིན་ཏེ། དཔེར་ན་ཐོ་ཡོང་དང་མི་དག་འགྲེང་པ་བཞིན་མཉན་པར་བྱ་བ་ཉིད་ཀྱང་ཚིག་གི་དོན་དྲུག་རྣམས་ལ་ཐེ་ཚོམ་གྱི་རྒྱུའོ་ཞེས་པ ་བཟློག་པས་ཀྱང་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པ་ཁོ་ནའོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ལ་སོགས་པ་རྣམས་གང་ཡང་རུང་བའི་སྒྲ་གདོན་མི་ཟ་བར་འབྱུང་བར་བྱའོ། །གཞན་དུ་ནི་དེ་དངོས་པོ་ཉིད ་ཁོ་ནར་མི་འགྱུར་ཏེ། ཚིག་གི་དོན་གཞན་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཕྱིར་རྫས་ལ་སོགས་པ་རྣམས་ཁོ་ན་ལས་གང་ཡང་རུང་བར་གྱུར་པ་འགའ་ཞིག་གིས་ཆོས་འདི་ཡིན་ཞེས་པ་སྟེ། དེའི་ཆོས་སུ་སྲིད་པའི་སྒོ་ནས ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་ལས་ལྡོག་པའི་སྒོ་ཡིས་ནི་མ་ཡིན་ནོ་ཞེས་པ་ཐུན་མོང་བ་གཞན་ཡིན་ཏེ། དེ་ཡང་མཚན་ཉིད་ལས་དང་དཔེ་བརྗོད་ལས་ཀྱང་མ་བཤད་དོ་ཞེས་པས་ཉུངས་པར་བརྗོད་པའོ། །འགལ་མཛའ་ཅིག་པ་ཅན་ཞེས་པ་ཕན ་ཚུན་འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཡང་འདི་ཡིན་ལ་མཛའ་གཅིག་པ་ཅན་ཡང་ངོ་ཞེས་པས་འགལ་བ་མཛའ་གཅིག་པ་ཅན་ཏེ། ཡན་ལག་གི་སྒོ་ནས་ཚོགས་པ་ལ་མཇུག་པ་དག་གི་ཚིག་སྡང་ཏེ། གཞུང་དམར་པོ་བཞིན་ནོ། །འགལ་བ ་མ་ངེས་པ་ཅན་ཞེས་ཁ་ཅིག་ཏུ་ཀློག་ཏེ་དེ་ལ་འགལ་བ་ནི་སྔ་མ་བཞིན་ཡིན་ཞིང། མ་ངེས་པ་ནི་ཐེ་ཚོམ་གྱི་ཉིད་ཀྱི་ཕྱིར་རོ། །འགལ་བ་མ་ངེས་པ་ཞེས་བརྗོད་པ་ལ་སླར་ཡང་དུ་མ་སྨོས་པ་ནི། འགལ་བའི་གཏན་ཚིགས་ལས་ཁྱད་པར་གྱི་དོན་དུའོ། ། ་གཞན་པ་ཟེར་བ་ནི། ཐེ་ཚོམ་གྱི་གཏན་ཚིགས་ཀྱི་སྐབས་ལས། ཤུགས་ཀྱི་ཐོབ་པ་ཁོ་ནའི་དུ་མ་ཉིད། དུ་མ་ཞེས་རྗེས་སུ་བརྗོད་པ་ནི་བདེ་བླག་ཏུ་རྟོགས་པའི་དོན་དུ་ལོ་ཞེའོ། །ལྔ་པོ་རྣམས་ཀྱི་རྟགས་དམིགས་པའི་ཕྱིར་དང་ཞེས་པ། གང་ཞིག་གང་དུ ་རྟག་དམིག་པ་དེའི་རྩོམ་པར་བྱེད་བ་སྟེ། དཔེར་ན་བུམ་པའི་ས་བཞིན་ལུས་ལ་ཡང་འབྱུང་བ་ཆེན་པོ་རྣམས་འཛིན་པ་དང་སྐད་བ་དང་སྨིན་པ་དང། གཡོ་བ་དང་སྐབས་སྦྱིན་པའི་རྟགས་ཅན་རྣམས་དམིགས་སོ་ཞེས་པ་རང་བཞིན་ནོ། ། ་རིགས་མི་མཐུན་པ་བརྩོམ་པ་བཀག་པའི་ཕྱིར་ཞེས་པ། གང་ཞིག་གང་ལས་རིགས་མི་མཐུ་པ་དེ་དེའི་རྩོམ་པར་བྱེད་པ་པོ་མ་ཡིན་ཏེ། དཔེར་ན་མེའི་རྡུལ་ཕྲ་རབ་རྣམས་སའི་ཡན་ལག་ཅན་གྱི་བཞིན། ལུས་ཀྱང་འབྱུང་བ་རྣམས་ལས་རིགས ་མི་མཐུན་པའོ། །ཁྱབ་པར་བྱེད་དང་འགལ་བའོ། །འདི་ཡང་ཐེ་ཚོམ་གྱི་གཏན་ཚིགས་ཏེ་བསྟན་བཅོས་སུ་མཐོང་བ་ཁོ་ན་ཡིན་ཏེ། མཚན་ཉིད་ལས་སམ་དཔེར་བརྗོད་ལས་མ་བཤད་དོ། ཞེས་པས་མ་ཚང་བ་ཉིད་དོ། །འདིས་ཞེས་པ་ཐུན་མོང་མ་ཡིན་པ ་དང་འགལ་བ་མི་འཁྲུལ་པ་ཅན་དག་གི་དཔེ་བརྗོད་མ་བསྡུས་པས་སོ། །སྤྱི་མངོན་སུམ་ལས་དང་ཁྱད་པར་མངོན་སུམ་མ་ཡིན་པ་ལས་དང་ཁྱད་པར་དྲན་པ་ལས་ཐེ་ཚོམ་མོ་ཞེས་པ་མདོ་འང། འདི་ཐེ་ཚོམ་གཏན་ཚིགས་དག་ཡིན་ཡང་ཐུན་མོང་མ་ཡིན་པ་དང་འགལ ་པ་མི་འཁྲུལ་བ་དག་མ་བསྡུས་པའི་ཕྱིར་མ་ཁྱབ་པ་ཉིད་དོ། །འདིར་ཡང་ཞེས་པ་ཐེ་ཚོམ་གྱི་མདོ་འདིར་རོ། །ཐེ་ཚོམ་གྱི་གཏན་ཚིགས་ཀྱི་མཚན་ཉིད་ཏ་ཅད་ཁྱབ་པ་ཉིད་གསུངས་ཏེ། གང་གི་ཕྱིར་ཀུན་དང་ཀར་བ་ཉིད་སྤྱི་ཡིན་ཞིང་དེ་མངོན་སུམ་ཉིད་ན་ཡང་གཟུགས་ལ་སོགས ་པ་རྣམས་ལ་ངེས་པ་མཐོང་གི་ཐེ་ཚོམ་ནི་མ་ཡིན་ནོ། །ཇི་ལྟར་མཚན་ཉིད་ཡིན་པ་དེ་ལྟར་དེ་ཡང་ཐེ་ཚོམ་གྱི་གཏན་ཚིགས་ཉིད་ཁོ་ནར་འཐོབ་བོ། །དེའི་ཕྱིར་གང་རྣམ་པར་གཅོད་བྱེད་མ་ཡིན་པའི་གཏན་ཚིགས་སྤྱི་དེ་མངོན་སུམ་པ་ཉིད་ན་ཐེ་ཚོམ་དུ་འགྱུར་རོ་ཞེས་ཁྱད་པར ་དུ་བྱས་ནས་བརྗོད་པར་བྱའོ། །བརྗོད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མཚང་བ་ཉིད་དོ། །རྣམ་པར་གཅོད་བྱེད་མ་ཡིན་པའི་གཏན་ཚིགས་ཞེས་པ་འཁྲུལ་པ་ཅན་ཞེས་པའི་དོན་ཏོ། །ཡང་ཅི་ལྟར་དེ་ནི་དེ་རྣམས་ཀྱི་སྤྱི་ཡིན་ཏེ། ཇི་ཙམ་དུ་དཀར་པོ་ཉིད་དེ་ནི་ཁྱད་པར་ཁོ་ནའོ་ཞེ་ན། ་འདི་སྐྱོན་མ་ཡིན་ཏེ། དུ་མ་དང་འབྲེལ་བ་ཅན་ཉིད་ཀྱི་ཕྱིར་དེ་ཡང་སྤྱི་དང་འདྲ་བས་སྤྱི་སྟེ། འདིར་སྤྱིའི་ཚིག་དོན་ཁོ་ན་སྤྱིའི་མཉན་པས་བརྗོད་པར་འདོད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཡོན་ཏན་མཐོང་བ་ལས་ཀྱང་ལས་ཐེ་ཚོམ་ཉེ་བར་སྐྱེ་བ་སྟེ། ངེས་ན་དུ་མ་དང་འབྲེལ་བ ་ཅན་ཁོ་ན་འདིར་ཐེ་ཚོམ་བྱེ་རྒྱུར་བརྗོད་དོ། །ཡུལ་འགལ་ཞིག་ཏུ་ཞེས་པ་ཐམས་ཅད་དུ་དུ་བ་ལ་སོགས་པ་ཉིད་ཀྱི་ཐེ་ཚོམ་ཟ་བ་མི་སྲིད་པར་སྟོན་ཏོ། །འདིར་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་བ་བཤད་པའི་ཆོད་དུ། གཏན་ཚིགས་རིགས་མཐུན་དང ་མི་མཐུན་པ་དག་ལ་ཡོད་པ་དང་མེད་པ་ཉིད་དག་དཔེའི་སྦྱོར་བས་བཤད་པར་བྱ་ན། དེ་དག་ཀྱང་གཏན་ཚིགས་ཀྱི་མཚན་ཉིད་ཁོ་ན་ལས་གྲུབ་སྟེ། དེའི་ཕྱིར་དཔེའི་མཚན་ཉིད་དོན་མེད་པ་ཅན་ནོ་ཞེ་ན་གསུངས་པ། ཚུལ་གསུམ་གཏན་ཚིགས་ཞེས་པ་ལ་སོགས་པའོ། །གལ་ཏེ་ཡང་ཚུལ ་གསུམ་གཏན་ཚིགས་ཞེས་བརྗོད་པ་དེ་ལྟ་ན་ཡང་སྤྱོད་བའི་དུས་སུ་ཕྱོགས་ཆོས་སུ་ནི་ལེགས་གནས་པ། ནིའི་སྒྲ་ནི་ངེས་པར་གཟུང་བ་ལའོ། །ཕྱོགས་ཆོས་ཙམ་རང་གི་ངོ་བོས་གནས་པར་གཏན་ཚིགས་ཀྱི་ཚིག་གིས་སྟོན་ཏེ། ཕྱོགས་ཆོས་ཙམ་བརྗོད་ཅེས་པའི ་དོན་ཏོ། །ཅི་ལས་ཞེ་ན་གསུངས་པ། གྲགས་ཕྱིར་ཞེས་སོ། །ཡང་གྲགས་པ་དེས་ཅི་བྱས་ཞེ་ན་གསུངས་པ། རྟོག་གེའི་བསྟན་བཅོས་རྣམས་སུ་ནི་ཞེས་པ་ལ་སོགས་པ་སྟེ། རྒྱུ་མཚན་གྱི་དོན་ལ་བདུན་པའོ། །རིགས་པ་ཕྲ་མོ་ལ་སོགས་པ་རྣམས་སུ་ཕྱོགས་ཆོས་ཙམ་གཏན་ཚིགས་སུ་བཤད ་དེ་དེའི་ཕྱིར་དེའི་སྒོ་ཡིས་འཇིག་རྟེན་པའི་སྦྱོར་བ་ལ་ཡང་ཕྱོགས་ཆོས་ཙམ་གཏན་ཚིགས་ཉིད་དུ་རབ་ཏུ་གྲགས་སོ། །དེ་སྐད་དུ་དེར་གཏན་ཚིག་བརྗོད་པ་བཤད་ཟིན་ཏོ། དཔེ་བརྗོད་པར་བྱའོ་ཞེས་སྨྲ་བ་བོ་རྣམས་དམིགས་སོ། །གྲགས་པ་དེ་ཉིད་སྟོན་པ་གསུངས་པ། དཔེར་ན་ཞེས་པ་ལ ་སོགས་པའོ་བསྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བརྗོད་པ་ན། བྱས་པ་ཉིད་ཙམ་གྱི་གཏན་ཚིགས་ཕྱོགས་སུ་བྱས་པ་སྒྲའི་ཆོས་སོ་ཞེས་འདི་ཙམ་རྟོགས་སོ་ཞེས་པའི་དོན་ཏོ། །མཚན་ཉིད་ལྷག་མ་ནི་སྦྱོར་བ་ལ་མ་བརྗོད་ཅེས་པ་བྱས་པའི་ཕྱིར་ཞེས་པ་འདི་ཁོ་ནས་མཐུན ་ཕྱོགས་དང་མི་མཐུན་ཕྱོགས་དག་ལ་འདི་ཡོད་པ་དང་མེད་པ་དག་བཤད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་དོན་དུ་དཔེ་བརྗོད་པར་བྱ་བའོ་ཞེས་པ་དང། དཔེ་ཡིས་རབ་ཏུ་གསལ་བར་བྱེད། ཅེས་ཀྱང་ངོ། །བརྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་ཐ་མི་དད་པར་ཉེ་བར་བརྟགས་པ ་ལས་འདི་སྐད་དུ་བརྗོད་དོ། །གཞན་དུན་གང་ལ་ཞེས་པ་བརྗོད་བར་བྱ་བ་ལ་ཞེས་པའི་ཚིག་ལས་དོན་ཁོ་ན་དཔེ་ཉིད་དེ། དོན་གྱིས་གསལ་བར་བྱེད་པ་ཡང་མ་ཡིན་ནོ་ཞེས་པས་འདི་མི་རིགས་པར་འགྱུར་རོ། །དེའི་ཕྱིར་ཐ་མི་དད་པ་ཉེ་བར་བརྟགས་པ་ལས་དཔེ་བརྗོད ་པར་བྱེད་པའི་ངང་ཚུལ་ཅན་གྱི་ཚིག་ནི་འདིར་དཔེའི་སྦྲ་ཡིས་བརྗོད་དོ། །གཏན་ཚིགས་བསྒྲུབ་བྱས་རྗེས་འགྲོ་བ་ཞེས་པ་བསྒྲུབ་བྱའི་སྒྲ་ནི་འདིར་ཤེས་པར་འདོད་པའི་ཆོས་ཙམ་ལ་འཇུག་གོ། རྗེས་འགྲོ་བ་ནི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་བསྟེ། གང་ན་གཏན ་ཚིགས་ཡོད་པ་དེ་ནི་བསྒྲུབ་པར་བྱའི་ཡོད་པ་ཁོ་ན་སྟེ། ལྷན་ཅིག་ཡོད་པ་ཙམ་ནི་མ་ཡིན་ནོ། །བསྒྲུབ་བྱ་ཁོ་ནས་གཏན་ཚིགས་ཀྱི་སྟེ། གཏན་ཚིགས་ཀྱིས་བསྒྲུབ་བྱའི་ནི་མ་ཡིན་ན་བསྒྲུབ་བྱ་མེད་ལ་མེད་པ་ཉིད། བསྒྲུབ་པར་བྱ་བ་མེད་པ་ཁོ་ན་ལ་གཏན་ཚིགས་མེད་པ་ཉིད་ཏེ། གཏན ་ཚིགས་མེད་པ་ལ་བསྒྲུབ་བྱིན་མ་ཡིན་ནོ། །དེའི་མི་མཐུན་ཕྱོགས་དག་ལ་ལྷན་ཅིག་ཡོད་པ་ཉིད་ཙམ་ཡང་མ་ཡིན་ནོ། །མེད་པ་ཉིད་ཅེས་པའི་མེད་པའི་སྒྲ་ནི་འདི་གང་གི་ངོ་བོའི་སྒྲ་གཞན་པ་མེད་པ་བརྗོད་པ་རྟོགས་པར་བྱེད་པར་བལྟ་བར་བྱའོ། །དེ་ཚེས་མཐུན་དང་ཅིག་ཤོས་ཞེས་པ། ཆོས ་མཐུན་པ་ཉིད་ཅན་གྱི་དཔེ་དང་ཆོས་མི་མཐུན་པ་ཉིད་ཀྱི་དཔེའོ་ཞེས་ཞར?་བའམ་འབྱེ་བོ་ལ་སོགས་པ་བཞིན་དུ་ཁྱད་པར་གྱི་བསྡུ་བའོ། །ཡང་ན་ཆོས་མཐུན་པ་ཉིད་དང་ཅིག་ཤོས་དང་བཅས་པ་ནི་ཆོས་མཐུན་བཅས། ཅིག་ཤོས་ཞེས་པ་འབྲུ་མང་པོའོ། །བཤད་པ་ནི་འདི་ལན་ནི ་དེ་ཞེས་པ་མིང་ཐམས་ཅད་བའི་ཚིག་འདི་མ་བརྗོད་ཀྱང། གང་དང་དེ་དག་ནི་རྟག་ཏུ་འབྲེལ་བའི་ཕྱིར་འཐོབ་བོ། །ཐམས་ཅད་ལ་འགྲོ་བ་ནི་རྗེས་སུ་འགྲོ་བའོ་ཞེས་པ་འདིས་རྗེས་སུའི་སྒྲ་ནི་འདིར་ཁྱབ་པ་གསལ་བར་བྱེད་དོ་ཞེས་བསྟན་ཏོ། །གང་ལ་ཞེས་པ་བརྗོད་པར་བྱ་བ་ལ ་ཞེས་པ་འདིས་དོན་དཔེ་ཉིད་གསུངས་སོ། །ཚིག་ནི་དེའི་བརྗོད་བར་བྱེད་པ་ཉིད་ཀྱི་ཕྱིར་ཉེ་བར་བརྟགས་བས་དཔེའོ། །འདི་ཡང་དཔེ་ཡིས་རབ་ཏུ་བསྟན་པར་བྱ། ཞེས་པ་འདིས་སྔར་ཉིད་རིག་པར་བྱས་ཟིན་ཏོ། །གང་རྩོལ་བ་ལས་བྱུང་བ་དེ་ནི་ཞེས་པའི་ནིའི་སྒྲ་ནི་ཐོབ་པར་འདོད་པའི ་དོན་ཏོ། །དེ་ལྟར་ན་ནི་གཏན་ཚིགས་མཐུན་ཕྱོགས་ཁོ་ན་ལ་མོད་པ་ཉིད་དུ་བཤད་པར་འགྱུར་རོ། །གལ་ཏེ་གང་དང་གང་རྩོལ་མ་ཐག་ཏུ་བྱུང་བ་དེ་དང་མི་རྟག་གོ་ཞེས་སྟོན་པར་བྱེད་ན་སྟེ། གཞན་དུ་ན་མ་ཡིན་ནོ། །དེ་ལྟར་ཐམས་ཅད་བསྡུས་པས་ཁྱབ་པ་བསྟན་ནས། ་གསལ་བར་བྱེད་པའི་དོན་དུ་ཕྱོགས་གཅིག་དཔེར་བརྗོད་པར་བྱེད་ཏེ། དཔེར་ན་བུམ་པ་བཞིན་ཞེས་པའོ། །རྟག་པ་ནི་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་ཞེས་པ། རྟག་པའི་སྒྲ་ཡིས་མི་རྟག་པ་ཉིད་མེད་པ་མཚོན་པར་བྱེད་དོ། །དེ་ལྟར་ན་ནི་གཏན་ཚིགས་སྒྲུབ་བྱེད་མེད་པ ་ལ་མེད་པ་ཉིད་བརྗོད་པར་འགྱུར་གྱི། རྣམ་པ་གཞན་དུ་ན་མ་ཡིན་ནོ། །དེ་འདིས་འབྲས་བུ་དང་རང་བཞིན་གྱི་གཏན་ཚིག་གཉིས་པོ་དེ་དག་གི་ཡང་མཚན་ཉིད་ལྷག་མ་བསྟན་ཏོ། །དེ་ལྟར་ནི་རྩོལ་མ་ཐག་ཏུ་བྱུང་བ་ཉིད་གཉིས་ཀའི་ནང་དུ་འདུས་ཏེ། ་བརྩལ་མ་ཐག་ཏུ་གསལ་བ་དང་སྐྱེ་བ་དག་རྩོལ་མ་ཐག་ཏུ་བྱུང་བའི་སྒྲ་ཡིས་བརྗོད་པའི་ཕྱིར་རོ། །དངོས་པོ་སྒྲུབ་པར་བྱེད་པའི་གཏན་ཚིགས་ལ་ཡང་བསྒྲུབ་བྱའི་ཁྱད་པར་མི་རྟག་པ་ལ་སོགས་པ་འགའ་ཞིག་ལ་དགག་སྒྲའི་སྦྱོར་བ་བསྟན་པའི་ཕྱིར་ན། འགའ་ཞིག་གི་དགག་པའི ་ངོ་བོར་བསྒྲུབ་བྱ་སྟོན་པར་བྱེད་དོ། །ཞེས་དོགས་པར་འགྱུར་ཏེ། དེའི་ཕྱིར་དེ་གསལ་བའི་ཆེད་དུ་གསུངས་པ། སྒྲུབ་པས་ཞེས་པ་ལ་སོགས་པའོ། །ཆོས་མཐུན་པ་ཉིད་ཅན་གྱི་དཔེ་ལ་དངོས་པོར་གྱུར་བའི་བསྒྲུབ་བྱ་རང་གི་ངོ་བོ་ཁོ་ནས་སྒྲུབ་བྱེད་ལ་བསྟན་པར་བྱ ་བའི་རང་གི་ངོ་བོ་དགག་པའི་ངོ་བོས་ནི་མ་ཡིན་ནོ། །གདོན་མི་ཟ་བར་ཞེས་པ་གཞན་དུན་དོན་གང་ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་བརྗོད་པར་བྱ་བ་དེ་ཁོ་ན་གཏན་ཚིགས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་རྟོགས་པ་མིན་ནོ་ཞེས་པ་དགོངས་པའོ། ། ་བསྒྲུབ་བྱ་མེད་ལ་ནི་མེད། ཅེས་པ་ཆོས་མཐུན་པ་ཉིད་ཀྱིས་ནི་རྟག་པ་ནི་རྩོལ་བ་ལས་མ་བྱུང་བའོ། །ཞེས་པ་འདི་ཡིས་མི་རྟག་པ་མེད་ན་རྩོལ་མ་ཐག་ཏུ་བྱུང་བ་མེད་པ་བསྟན་པར་བྱའི། རྟག་པའི་དངོས་པོ་ལ་བརྩལ་མ་ཐག་ཏུ་མ་བྱུང་བ་ཁྱབ་པ་བཤད ་བར་བྱ་བ་ནི་མ་ཡིན་ནོ། །ཇི་སྐད་བཤད་པའི་དགོས་པ་མེད་པར་མ་གྱུར་ཅིག་ཅེས་པས་གསུངས་པ། གདོན་མི་ཟ་བར་ཞེས་པའོ། །ཡང་ཅི་ལྟར་ན་བསྒྲུབ་བྱ་མེད་པ་ལ་ཡང་མེད་པ་ཉིད་ཅེས་བརྗོད་པ་ན། གང་གིས་དེ་བཟློག་པའི་ཆེད་དུ་འབད་པ་བྱ་བ་རྣམ་པ་གཞན ་བུ་བཤད་པར་དོ་ལས་ཞེན། གང་རྣམས་ཀྱི་རྟག་པའི་སྒྲ་ནི་དངོས་པོ་རྗོད་པ་ཡིན་པར་རབ་ཏུ་གྲགས་པ་དེ་རྣམས་རྟག་པ་རྩོལ་མ་ཐག་ཏུ་མ་བྱུང་བའོ་ཞེས་བརྗོད་པ་ན་དངོས་པོ་ཁོ་ན་རྟག་པའི་སྒྲས་བརྗོད་དོ་སྙམ་དུ་འཁྲུལ་པར་འགྱུར་ཏེ། དེས་ན་དེ་རྣམས་བསལ ་བར་བྱ་སྟེ། རྟག་པའི་སྒྲས་འདིར་མི་རྟག་པ་མེད་པ་བརྗོད་ཀྱི། དངོས་པོ་ནི་མ་ཡིན་ནོ་ཞེས་སོ། །དེ་ལྟར་ན་གང་དུ་དགག་པ་ཁོ་ན་དངོས་སུ་བསྒྲུབ་པར་བྱ་བ་དེར་ཅི་ལྟར་བསྒྲུབ་པས་སྒྲུབ་བྱེད་ལ་བསྒྲུབ་བྱ་བསྟན་པར་བྱ་ཞེ་ན། འདི་སྐྱོན་མ་ཡིན་ཏེ། གང་དུ་རྣམ་པ་གཞན་གྱིས ་བསྟན་པར་དོགས་པ་དེ་ཁོ་ན་ལ་འདི་ཉེ་བར་བསྟན་པའོ། །འདིར་ནི་གཙོ་བོ་མེད་དོ་ཅེས་པ་ལ་སོགས་པ་ལ། གཏན་ཚིགས་བསྒྲུབ་བྱས་རྗེས་འགྲོ་བ། ཞེས་པའི་ཚིག་ལས་རྣམ་པ་གཞན་དུ་སྟོན་པའི་དོགས་པ་ཉིད་མེད་དོ། །སྔ་མ་ལ་ནི་དོགས་པ་སྲིད་པར་བསྟན་ཏོ། །དེ ་ལྟར་བྱས་ན་ཅིར་འགྱུར་ཞེ་ན། གསུངས་པ། མ་ཡིན་དགག་གི་དགག་པ་ཡང་ཞེས་པ་ལ་སོགས་པའོ། །མཚན་ཉིད་མི་མཐུན་པ་ནི་མི་འདྲ་བ་སྟེ་དགག་སྒྲའི་དོན་དུ་གྱུར་པ་ལའོ། །ངེས་པར་ཡང་མ་ཡིན་དགག་པ་དང་དགག་པ་དག་གི་རྣམ་གཉི་ག་ལྟར ་ན་དོན་རྗེས་སུ་རྟོགས་པར་བྱ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་དོན་རྗེས་སུ་དཔོག་པའི་ཕྱིར་རོ། །འདི་དག་མེད་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཞེས་པ་ལ་སོགས་པས་ཆོས་མི་མཐུན་པའི་དཔེ་ལ་མེད་པར ་དགག་པ་བརྗོད་པའི་ཡོན་ཏན་སྟོན་པར་བྱེད་ཏེ། གལ་ཏེ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་མི་མཐུན་ཕྱོགས་བཞིན། དངོས་པོ་ཁོ་ན་ཆོས་མི་མཐུན་པ་ཉིད་ཀྱི་དཔེར་འགྱུར་ན། མི་རྟག་པ་སྒྲུབ་པར་བྱེད་པ་ན་མདོ་སྡེ་པའི་ཆོས་མི་མཐུན་པའི་དཔེར་འགྱུར་བ་མིན་ཏེ། རྟག་པའི ་དངོས་པོ་ཁས་མི་ལེན་པའི་ཕྱིར་རོ། །མེད་དགག་ནི་དགག་པ་ལ་བརྟེན་པ་ལ་ནི་སྐྱོན་འདི་མེད་དེ། རྟག་པའི་སྒྲ་ཡིས་བསྒྲུབ་པར་བྱ་བ་མེད་པ་ཙམ་བརྗོད་པའི་ཕྱིར་རོ། །དངོས་པོའི་ཆོས་སྒྲུབ་པ་ལ་ནི་བཞི་ལ་བལྟོས་ཏེ། སྒྲུབ་པ་ནི་དངོས་པོ་ལ། བརྟེན་པའི་ཕྱིར་རོ། །དགག ་པ་ནི་མ་ཡིན་ནོ་ཞེས་པས་དངོས་པོ་མེད་པའི་ངོ་བོ་ཡང་དཔེ་རུ་འཐད་དོ། །ཡང་རྒྱུ་ཅིས་ཅིག་ལ་ནི་ཞེས་པ། ཅི་རྣམ་པ་གཞན་དུ་སྦྱོར་བ་ལ་མངོན་པར་འདོད་པའི་དོན་འགྲུབ་པ་མིན་པ་འམ། སྐྱོན་ཅི་ཞིག་འབྱུང། གང་གིས་འདི་ལྟ་ཁོ་ནར་སྦྱོར་བར་བྱ་ཞེས་མི་ཤེས་པར ་སེམས་པས། སྦྱོར་བ་ངེས་པའི་རྒྱུ་འདྲི་བར་བྱེད་དོ། །འདི་ལྟར་ན་ནི་ཞེས་པ་ལ་སོགས་པ། འདི་ལྟ་བུའི་རྣམ་པ་ཁོ་ནའི་སྦྱོར་བས་གཏན་ཚིགས་ཀྱི་ཁྱད་པར་བསྟན་པར་ནུས་ཏེ། རྣམ་པ་གཞན་དུ་ནི་མ་ཡིན་ཞེས་པ་བསྡུས་པའི་དོན་ཏོ། དེ་ལྟར ་ནི་བྱས་པ་ཉིད་ཀྱི་ཕྱིར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དུ་དམ་བཅས་པ་ལ། གང་རྩོལ་མ་ཐག་ཏུ་བྱུང་བ་དེ་བྱས་པའོ། །ཞེས་བསྒྲུབ་བྱ་ལ་གཏན་ཚིགས་ཀྱིས་རྗེས་སུ་འགྲོ་བར་བྱས་པ་བརྗོད་ཀྱི། གཏན་ཚིགས་བསྒྲུབ་བྱ་ཁོ་ན་ལ་ཡོད་པ་ཉིད་རྟོགས་པ་ནི་མ་ཡིན་ནོ། ། ་དེ་བཞིན་དུ་གང་བྱས་པ་མིན་པ་དེ་རྩོལ་མ་ཐག་ཏུ་མ་བྱུང་དོན་སྒྲུབ་པ ་བྱེད་པ་སྡུད་པའོ། །རྗེས་འགྲོ་མཉམ་ལ་ཞེས་པ་ཆོས་མཐུན་པ ་ཨན་ཚིགས་མེད་པ་ཁོ་ན་རྟོགས་པ་ནི་མ་ཡིན་ནོ། །འོ་ན་དེ་ལྟ་ན་ཞེས་པ། གལ་ཏེ་གང་དུ་གཏན་ཚིགས་བསྒྲུབ་བྱས ་རྗེས་སུ་འགྲོ་བ་ཡིན་པ་དེ་ཆོས་མཐུན་པ་ཉིད་ཀྱི་དཔེའོ་ཞེས་པ་མཚན་ཉིད་ཡིན་ན། བུམ་པ་དཔེ་མ་ཡིན་ཏེ། དེ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཕན་ཚུན་རྗེས་སུ་འགྲོ་བའི་ཕྱིར་དེ་དཔེ་བརྗོད་དུ་བཤད་བར་བྱ་ན། གང་ལ་བསྒྲུབ་བྱ་ཁོ་ན་ཡིས་གཏན་ཚིག་ཀྱི ་རྗེས་སུ་འགྲོའི་གཏན་ཚིགས་ཀྱི་བསྒྲུབ་བྱ་མ་ཡིན་ནོ། །མ་ཡིན་ཏེ་བརྗོད་པར་མི་འདོད་པ་ཉིད་ཀྱི་ཕྱིར་ཞེས་པ་བསྒྲུབ་བྱའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ཡོད་ཀྱང་།བརྗོད་པར་འདོད་པ་མ་ཡིན་ཏེ། བྱས་པའི་ཁྱད་པར་བཞིན་དུ་གཙོ་བོ་མ་ཡིན་པ་ཉིད ་ཀྱི་ཕྱིར་རོ། །གཙོ་བོ་མ་ཡིན་པ་ཉིད་ནི་རྗེས་སུ་དཔོག་པ་ལ་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཁོ་ནར་ཕྱི་རོལ་གྱི་དོན་བསྟན་པ་ནི་ཞེས་པ། བུམ་པ་ལ་སོགས་པའི་ཁྱད་པར་ལས། བསྒྲུབ་བྱའི་རིགས་ཅན་གྱི་སྤྱི་ནི་ཕྱི་རོལ་གྱི་དོན་ནོ། །དེ་ལ ་སྤྱིར་གང་ཅུང་ཟད་བྱས་པ་ཞེས་བྱ་བ་དེའི་ཐམས་ཅད་མི་རྟག་པ་ཁོ་ནའོ་ཞེས་བསྒྲུབ་བྱས་གཏན་ཚིགས་ལ་ཁྱབ་པ་གསལ་བར་བྱེད་པ་ནི་ཕྱི་རོལ་གྱི་དོན་གསལ་བར་བྱེད་པའོ། །དེ་ཁོ་ན་ངེས་བར་བསྟན་པར་བྱ་བ་ལ་སྟེ་དཔེ་ལ་གཙོ་བོ་ཡིན་ཏེ། ་རྗེས་སུ་དཔག་པའི་ཡན་ལག་ཉིད་ཀྱི་ཕྱིར་རོ། །བུམ་པ་ཁྱད་པར་བསྒྲུབ་བྱ་དང་སྒྲུབ་བྱེད་དང་སྒྲུབ་བྱེད་དག་གི་ཕན་ཚུན་རྗེས་སུ་འགྲོ་བ་གང་ཡིན་པ་ནི་མ་ཡིན་ཏེ། དེའི་སྟོབས་ལས་བསྒྲུབ་བྱ་འགྲུབ་པར་འགྱུར་བ་ནི་མ་ཡིན་པས་སོ། །དེའི་ཕྱིར་སྤྱི་ཡིས་ཇི་སྐད་པའི་དཔེའི ་མཚན་ཉིད་ཅན་གྱི་དོན་གྱི་ཕུང་པོ་ཐམས་ཅད་དཔེ་སྟེ། བུམ་པ་ཁོ་ན་མ་ཡིན་ནོ། །བུམ་པ་ནི་དེའི་ནང་དུ་འདུས་པས་ཏེ་ཁོ་ན་ཉེ་བར་མཚོན་པའི་དོན་དུ་དཔེར་བརྗོད་པའོ། །དེའི་ཕྱིར་དེ་ལ་གང་བསྒྲུབ་བྱའི་གཏན་ཚིགས་ཀྱིས་རྗེས་སུ་འགྲོ་བ་འདི་ནི་གཙོ་བོ་མ་ཡིན་པའི ་ཕྱིར་བརྗོད་བར་འདོད་པ་མ་ཡིན་ནོ་ཞེས་པ་དང། ཕྱི་རོལ་གྱི་དོན་སྟོན་པ་ནི་ངེས་པར་བསྟན་བྱ་ལ་གཙོ་བོའོ་ཞེས་པའི་ཚིག་ནི་གསལ་བའི་ཁྱད་པར་གཅིག་ཁོ་ན་ལ་རབ་ཏུ་སྟོན་པ་གཙོ་བོ་ཉིད་ཡིན་པ་སེལ་བ་ལྷུར་བྱེད་པར་བལྟ་བར་བྱའོ། །བཟློག་པའི ་སྦྱོར་བས་གཏན་ཚིགས་ཀྱི་ཁྱད་པར་སྟོན་པར་མི་ནུས་པ་འབའ་ཞིག་གོ། སྐྱོན་གཞན་ཡང་འབབ་པོ་ཞེས་སྟོན་པ་གསུངས། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མ་བྱས་ཉིད་ཀྱི་རྟག་པ་ཉིད། མ་བརྗོད་པར་བྱས་པར་འགྱུར་ཞིང། འཇིག་ཉིད་ཕྱིར་ཡང ་འབྲས་བུ་ཉིད་ཀྱང་མ་བརྗོད་པར་བྱས་པར་འགྱུར་རོ། །མ་ཁྱབ་པ་དང་མི་འདོད་འགྱུར་རོ། །འདིར་རྗེས་འགྲོ་མཉམ་ལ་ཞེས་པའི་ཚིག་རྣམས་འབྲེལ་པར་བྱའོ་སྦྱར་བར་བྱའོ། །ཡང་ཞེས་པ་སྡུད་པའི་དོན་ཅན་ནོ། །འབྲས་བུ་ཉིད་ཅེས་པ་བྱས་པ་ཉིད་དོ། །མ་བརྗོད་ཅེས ་པ་དམ་མ་བཅས་པའོ། །བྱས་པ་ཞེས་པ་ནི་བསྒྲུབས་པའོ། །དང་ཡིག་ནི་དེ་མ་ཐག་ཏུ་བརྗོད་པའི་སྐབས་སུ་མ་བབ་པའི་དོན་སྒྲུབ་པར་བྱེད་པ་སྡུད་པའོ། །རྗེས་འགྲོ་མཉམ་ལ་ཞེས་པ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་དག་གི་རྗེས་སུ ་འགྲོ་བར་མཚུངས་བར་གྱུར་བ་ལ་ཞེས་པའི་དོན་ནོ། །ཆོས་མཐུན་པ་ཉིད་ཀྱི་དབང་གིས་ཞེས་པ་ཆོས་མཐུན་པ་ཉིད་ཀྱི་དཔེའི་རྗེས་སུ་འཇུག་པས་ཏེ། ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་བསྒྲུབ་བྱས་གཏན་ཚིགས་ཀྱི་རྗེས་སུ་སོང་བ་བསྟན་པར་བྱའོ། ཞེས ་བྱས་ནས། གལ་ཏེ་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ལ་གཏན་ཚིགས་མེད་པ་བསྒྲུབ་བྱ་མེད་པས་རྗེས་སུ་སོང་པར་བརྗོད་ནའོ་ཞེས་པའི་དོན་ཏོ། །དམ་མ་བཅས་པ་ཁོ་ནའི་རྟག་པ་ཉིད་བསྒྲུབ་པར་འགྱུར་རོ་ཞེས་པ་རྟག་པ་ཉིད་ཀྱིས་དེ་ལ་ཁྱབ་པ་ཉེ ་བར་སྟོན་པའི་ཕྱིར་རོ། །གང་ལ་གང་གིས་ཁྱབ་པར་བརྗོད་པ་དེ་ནི་དེས་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་གང་བྱས་པ་དེ་མི་རྟག་གོ་ཞེས་པའི་མི་རྟག་པ་ཉིད་ཀྱིས་བྱས་པ་ཉིད་ལ་ཁྱབ་པར་ཉེ་བར་སྟོན་པའི་ཕྱིར་བྱས་པ་ཉིད་ཀྱིས་མི་རྟག་པ་ཉིད་ཡིན་པ་བཞིན ་ནོ་དང?་འདི་ལྟ་ན་ཡང་མི་རྟག་པ་ཉིད་ཀྱིས་བྱས་པ་ཉིད་བསྒྲུབ་པར་འགྱུར་རོ། ཞེས་པ་འདིར་ཡང་དེ་ལྟ་ཁོ་ནའི་རིགས་པའོ། །མ་ཁྱབ་པ་ལ་ཞེས་པ་ལ་སོགས་པ་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་རང་གི་བསྒྲུབ་པར་བྱ་བས་མ་ཁྱབ་པ་ཉིད་ཀྱི་ཕྱིར་མ་ཁྱབ་པའོ། །དེ་ལ ་གང་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་གློག་ལ་སོགས་པ་རྣམས་རྟག་པའོ། །གང་མི་རྟག་པ་སྟེ། རྩོལ་མ་ཐག་ཏུ་བྱུང་བའོ་ཞེས་མི་རྟག་པ་ཉིད་ཀྱི་ཕྱིར་ན་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དུ་མི་འདོད་པར་ཐལ་བར་འགྱུར་རོ། །གལ་ཏེ་འདི་ལྟར་ངེས ་པར་འཛིན་མ་སྐྱོན་འདི་ཡོད་དོ། །རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ནི་རྟག་པ་ཁོ་ན་སྟེ། མི་རྟག་པར་མི་འགྱུར་རོ་ཞེས་པར་དང། མི་རྟག་པ་ཡང་རྩོལ་མ་ཐག་ཏུ་བྱུང་བ་ཁོ་ན་ཏེ་རྩོལ་བ་ལས་མ་བྱུང་བར་ནི་མི་འགྱུར་རོ་ཞེས་པའོ། །དེའི་ཚེ་རྩོལ་བ་ལས་མ་བྱུང་བ་ཉིད་ཀྱི་ཕྱིར་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །སྐབས་སུ་མ་བབ་པའི་དོན་སྒྲུབ་པར་བྱེད་པར་ཡང་སྟེ། རྩོལ་བ་ལས་བྱུང་བ་ཉིད་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པར་བསྟན་པའི་ཕྱིར་རོ། །གང་གི་ཚེ་འདི་ལྟར་ངེས་པར་གཟུང་བར་བྱེད་དེ ་རྟག་པ་ན་རྩོལ་བ་ལས་མ་བྱུང་བ་ཁོ་ན་སྟེ། རྩོལ་བ་ལས་བྱུང་བ་ནི་མ་ཡིན་ནོ། །ཞེས་པ་དེའི་ཚེ་སྐྱོན་འགའ་ཡང་མེད་དོ། །དེ་ལྟ་ན་ཡང་གང་གི་ཕྱིར་རྟག་པ་ཉིད་ནི་རྩོལ་མ་ཐག་ཏུ་བྱུང་བ་མེད་པར་བཤད་པར་འགྱུར་གྱི། རྩོལ་བ་ལས་མ་བྱུང་བ་ལ་བརྟག་པ་ཡོད ་བར་ནི་མ་ཡིན་པ་དེའི་ཕྱིར་གློག་ལ་སོགས་པ་རྣམས་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་མེད་དོ། །དེ་བཞིན་དུ་ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་མི་རྟག་པ་ཁོ་ན་རྩོལ་བ་ལས་བྱུང་བ་སྟེ། རྟག་པ་ནི་མ་ཡིན་ན་ཞེས་ངེས་པར་གཟུང་བ་ལས། རྩོལ་བ་ལས་བྱུང་བ་ཉིད་རྟག་པ་ལ་མེད་པར་བརྗོད ་བར་འགྱུར་གྱི། མི་རྟག་པ་ལ་རྩོལ་བ་ལས་བྱུང་བ་ཉིད་ཡོད་པ་ནི་མ་ཡིན་ནོ་ཞེས་པས། གློག་ལ་སོགས་པ་རྣམས་རྩོལ་པ་ལས་བྱུང་བ་ཉིད་དུ་ཐལ་པར་འགྱུར་བ་མེད་ཅིང། སྐབས་སུ་མ་བབ་པ་བསྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ། །འདིར་མི་རྟག་པ་ཉིད་ལ་རྩོལ་མ་ཐག་ཏུ ་བྱུང་བ་ཉིད་ཀྱིས་ཁྱབ་པ་བརྗོད་མ་ཡིན་གྱི། འོ་ན་ཅི་ཞེ་ན་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་རྟག་པ་ལ་མེད་པར་ཏེ། རྩོལ་མ་ཐག་ཏུ་བྱུང་བ་ནི་མི་རྟག་པ་ཁོ་ན་ཏེ་རྟག་པ་ནི་མ་ཡིན་ནོ་ཞེས་པའོ། །འོ་ན་དེ་ལྟར་གྱུར་ན་གཏན་ཚིགས་ངེས་པར་གཟུང་བར་འགྱུར་ལ། ་དེའི་ཕྱིར་རྩོལ་བ་ལས་བྱུང་བ་མི་རྟག་པ་ཁོ་ན་སྟེ་བྱས་པ་ལ་སོགས་པ་ནི་མ་ཡིན་ཞེས་པའི་དོན་འདི་འབྱུང་ཞིང། དེ་ལས་ཀྱང་གཏན་ཚིགས་གཞན་མེད་པར་འགྱུར་རོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ངེས་པར་གཟུང་པ་འདི་གལ་ཏེ་ཡང་གཏན་ཚིགས་ངེས་པར་གཟུང་བ ་ལས་གཏན་ཚིགས་གཞན་མེད་པ་འཐོབ་མོད་དེ་ལྟ་ན་ཡང་སྨྲ་བ་པོའི་བསམ་པའི་དབང་ལས་ངེས་པར་གཟུང་བའོ་ཞེས་པས། སྨྲ་བ་པོ་གང་དོད་ཟླར་བསམ་པ་དེ་ཁོ་ན་ངེས་པར་གཟུང་བས་གཅོད་པར་བྱེད་ཀྱི་གཞན་ནི་མ་ཡིན་ནོ། །དེའི ་ཕྱིར་རྩོལ་བ་ལས་བྱུང་བ་ཁོ་ན་རྟག་པ་ལ་མེད་པར་བརྗོད་ཀྱི། ཆོས་གཞན་རྣམས་རྩོལ་མ་ཐག་ཏུ་བྱུང་བ་ལ་ནི་མ་ཡིན་ནོ། །མི་མཐུན་པ་ཉེ་བར་དགོད་པ་སྟེ། གང་གི་ཕྱིར་བཟློག་པའི་སྦྱོར་བ་ལ་ཡང་ངེས་པར་གཟུང་བ་ཐ་དད་ཀྱི་རྟེན་ལས་མི ་འདོད་པ་འབབ་པ་ཡོངས་སུ་སྤོང་བར་འདོད་པས་ཏེ། དེ་ཡང་བྱེད་པར་ཡང་དེ་ལྟར་ངེས་པར་གཟུང་བ་ན་འཐོབ་པ་ཁོ་ནའོ། །དེ་ལྟར་ནི་ཇི་ལྟར་རྟག་པ་ལ་རྩོལ་པ་ལས་བྱུང་བ་ཉིད་དུ་མེད་པའི་ཕྱིར་མི་རྟག་པ་ཉིད་རྗེས་སུ་དཔོག་པ་དེ་བཞིན་དུ་རྩོལ་མ ་ཐག་ཏུ་བྱུང་བ་ལ་རྟག་པ་ཉིད་མེད་པའི་ཕྱིར་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་དུ་རྗེས་སུ་དཔོག་པ་དང། ཇི་ལྟར་ན་ཆོས་མཐུན་པ་ཉིད་ཀྱིས་རྩོལ་མ་ཐག་ཏུ་བྱུང་བ་མི་རྟག་པ་ཁོ་ན་སྟེ། རྟག་པ་ནི་མ་ཡིན་ཞེས་རྟག་པ་ལ་རྩོལ་མ་ཐག་ཏུ་བྱུང ་པ་ཉིད་མེད་པ་བརྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་རྗེས་སུ་དཔོག་པ་དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཀྱིས་རྟག་པ་ནི་རྩོལ་མ་ཐག་ཏུ་བྱུང་པ་ཁོ་ན་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ནི་མ་ཡིན་ནོ་ཞེས། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལ་རྟག་པ་ཉིད་མེད་པའི་ཕྱིར་ན། རྟག ་པ་ཉིད་ལས་རྩོལ་མ་ཐག་ཏུ?་མ་བྱུང་བ་ཉིད་རྗེས་སུ་དཔོག་གོ་ཞེས་པའོ། །དེ་ཁོ་ན་དམ་བཅས??་པའི་དོན་ཉིད་སྒྲུབ་པ་མ་ཡིན་པའོ། །དེའི་ཕྱིར་གཏན་ཚིགས་ཁོ་ན་བསྒྲུབ་བྱ་མེད་པར་བསྟན་པར་བྱའི། ངེས་པར་གཟུང་བས་དོན་ནི་མ་ཡིན་ནོ། །འོན་འདིར་བསྒྲུབ་བྱ་མེད་པ་ལ ་མེད་པ་ཉེ་བར་བསྟན་ན། མི་རྟོག་པ་ཁོ་ན་རྩོལ་མ་ཐག་ཏུ་བྱུང་བའོ། །ཞེས་པའི་ངེས་པར་གཟུང་བ་འདི་ལ་ནི་མི་རྟག་པ་མེད་ན་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེས་པ་འདི་ངེས་པར་རྟོགས་པས་སྐྱོན་འགའ་ཡང་མེད་དོ། །ཅི་སྟེ་ཡོད་ན་དེ་ལྟ་ན་སྨྲ་བར ་བྱ་སྟེ། དེ་ལ་སྐྱོན་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཐུན་མོང་མ་ཡིན་པ་ཡང་རྟག་པ་ལ་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་པ་སྐྱོན་འདི་ཡིན་ནོ། །དཔེར་ན་རྟག་པ་ཉིད་ནི་མཉན་པར་བྱ་བ་སྟེ། མི་རྟག་པ་མེད་དོ་ཞེས་པ། འདི་ལ་ཡང་བསྒྲུབ་པར་བྱ་བ་རྟག ་པ་ཉིད་མེད་ན་མཉན་པར་བྱ་བ་མེད་པ་ཉིད་བསྟན་ཏེ། འཇིག་པའི་ངང་ཅན་ལ་མཉན་པར་བྱ་བ་ཉིད་མེད་པའི་ཕྱིར་ཞེས་པས་གཏན་ཚིགས་སུ་འགྱུར་རོ། །ཉེས་པ་འདི་ནི་མེད་ཏེ། དཔེར་ན་མི་རྟག་པ་ཁོ་ན་ནི་རྩོལ་མ་ཐག་ཏུ་བྱུང་བའོ་ཞེས་པ་འདིར་རྟག་པ ་ལར་རྣམ་པར་བཅད་ཏེ། མོ་རྟག་པ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དོན་གྱིས་བརྗོད་པར་འགྱུར་རོ། །དེ་ཡང་དེ་དེ་ལོ་རབ་ཏུ་གྲུབ་པའོ། །གནས་པར་བྱ་བ་ཉིད་ནི་འདི་ལྟར་མི་རྟག་པ་ལས་རྣམ་པར་བཅད་པ། རྟག་པ་འགའ་ཨི་ཞག་ལ་བསྟན་པར་ནུས་པ་མ་ཡིན ་ཏེ། དེ་ཡོད་པ་དང་མེད་པ་དག་ཐམས་ཅད་ལ་ཐེ་ཚོམ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་དོན་གྱི་གོ་བས་གཉིས་ཀ་རྙེད་པ་ཡིན་ན། དེ་ཁོ་བོ་ཅག་གི་རྗེས་སུ་སྣང་བ་ཁོ་ན་སྟེ། གང་ཡང་རུང་བས་གཉིས་ཀ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་པའོ། །འདིར་གཏན་ཚིགས་བསྒྲུབ ་བྱས་རྗེས་འགྲེ་བ་ཞེས་པ་འདི་ལ། རྗེས་སུ་འགྲོ་བའི་སྒྲ་ནི་ཁྱབ་པའི་དོན་དུ་མངོན་པར་དགོངས་པ་སྟེ། ཐམས་ཅད་དུ་འགྲོ་བ་ནི་རྗེས་སུ་འགྲོ་བའོ་ཞེས་པའི་ཚིག་ལས་སོ། །དེ་ལ་སྐྱོན་རྗོད་པ་སྨྲས་པ། གལ་ཏེ་ཞེས་པ་ལ་སོགས་པའོ། །གང་དང་གང་བྱས་པ་དེ་དང་དེ་མི ་རྟག་པའོ་ཞེས་ཁྱབ་པ་རབ་ཏུ་བསྟན་པ་ན། བྱས་པ་ཉིད་རྟག་པ་ལས་ལྡོག་པར་རྟོགས་པར་འགྱུར་བ་ཁོ་ན་སྟེ། དེ་ལས་ཀྱང་བསྒྲུབ་བྱ་མེད་པ་ཉིད། ཅེས་པའི་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་ཏེ། དེའི་དགོས་པ་ནི་ཆོས་མཐུན་པ་ཉིད ་ཀྱི་དཔེ་ལ་ཁྱབ་པ་ཁོ་ན་གིས་བསྒྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཡོད་པ་ཙམ་བསྟན་པར་བྱ་བ་ཡིན་ན་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་མཚན་ཉིད་བརྗོད་པར་རིགས་ཏེ། དགོས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་གྱི། འོན་ཀྱང་གང ་བཤད་ཟིན་པའི་ཕྱི་རོལ་གྱི་དོན་སྟོན་པ་ནི་ངེས་པར་བསྟན་པར་བྱ་བ་ལ། གཙོ་བོའི་ཞེས་པ་འདི་མི་རིགས་པས་ན་བརྗོད་པར་བྱ་བ་མ་ཡིན་ཏེ། ཡོད་པར་གྱུར་བ་ཙམ་སྟོན་པ་ལ་དཔེའི་ཕྱིའི་དོན་ལ་ལྟོས་པ་ཉིད་རིགས་པ་མ་ཡིན་པས་སོ། །དེ་སྟོན་ཏེ། རྩོལ་བམ ་ཐག་ཏུ་བྱུང་བ་ཉིད་ཀྱིས་ཀྱང་ཞེས་པ་ལ་སོགས་པ་སྟེ། ཀྱང་གི་སྒྲ་མི་རྟག་པ་ཉིད་ཀྱིས་ཀྱང་ངོ། །བུམ་པ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མེད་ན་མི་འབྱུང་བ་ལའོ། །དེ་ལས་ཀྱང་བུམ་པ་ལ་མི་རྟག་པ་ཉིད་དང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མཐོང་ངོ་ཞེས་བྱས ་པ་ན། གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པར་གྱུར་བ་ཙམ་རྟོག་པ་ཁོ་ནའོ་ཞེས་པས་འདིར་ཕྱི་རོལ་གྱི་དོན་ལ་ལྟོས་པས་ཅི་ཞིག་།ཁྱབ་པ་ཁོ་ནས་ཞེས་པ་གང་དུ་བསྒྲུབ་བྱས་རྗེས་སུ་འགྲོ་བ་ཞེས་པའི་མཚན་ཉིད་ལས་སོ། །འོ་ན་ཡང་ཆོས་མི་མཐུན ་པ་ཉིད་ཀྱི་མཚན་ཉིད་བརྗོད་ཟིན་མོད། །བརྗོད་པར་བྱ་བ་མ་ཡིན་ཏེ་དགོས་པ་མེད་པའི་ཕྱིར་རོ་ཞེ་ན། གསུངས་པ་གང་གི་འདི་ལ་ཡང་ཞེས་པ་ལ་སོགས་པའོ། །གནས་སྐབས་འདི་ལ་ཡང་ཞེས་སྨྲ་བས་འདི་གསལ་བར་བྱེད་ཏེ། གང་གི་ཚེ་ཆོས ་མཐུན་པ་ཉིད་ཀྱི་དཔེས་ཁྱབ་པ་སྟན་པ་མ་ཡིན་པ་དེའི་ཚེ་ཆོས་མི་མཐུན་པ་ཉིད་ཀྱི་དཔེས་བསྟན་པར་བྱ་སྟེ། དེའི་ཕྱིར་གནས་སྐབས་གཞན་ལ་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་དགོས་པ་དང་ལྡན་ཞིང། དེའི་ཕྱིར་དེའི་མཚན་ཉིད་བརྗོད་པ་རིགས་པ་ཁོ་ནའོ་ཞེས་པའོ། ་དེ་ཉིད་ཀྱང་གནས་སྐབས་གཞན་དུ་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་དགོས་པ་སྟོན་ཅིང་གསུངས་པ། གང་གི་ཚེ་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་རྟོགས་པ་པོ་བློ་ཞན་པར་འགྱུར་ཏེ། ཆོས་མི་མཐུན་པ་ཉིད་ཀྱི་དཔེས་བསྟན་ཀྱང་ཁྱབ་པ་བདེ་བླག་ཏུ ་རྟོག་པར་མཐུན་ཕྱོགས་ལ་ཡོད་པར་གྱུར་པ་སྟོན་པ་ལས་གཞན་བས་ནུས་པ་མ་ཡིན་པ་དེའི་ཚེ་དེའི་རྟོགས་པ་ལྕི་བ་ཉིད་ཡོངས་སུ་སྤང་པའི་དོན་དུ་མཐུན་ཕྱོགས་ལ་ཡོད་པ་ཙམ?་ཆོས་མཐུན་པ་ཉིད་ཀྱི་དགེས་བསྟན་པར་བྱའོ། །དེ་ལྟ་ན་ནི་མ་ཡིན་ཞེས ་པ་ལ་སོགས་པ། འདི་ལྟར་སེམས་ཏེ། དེའི་ཚེ་མཐུན་ཕྱོགས་ལ་ཡོད་པ་ཙམ་རབ་ཏུ་བསྟན་པར་བྱའོ་ཞེས་པ་སྨྲ་བས་འདི་གསལ་བར་བྱེད་ཏེ། གང་ལ་གཏན་ཚིགས་ཀྱི་ཡོད་པ་ཙམ་བཤད་པར་བྱ་བ་དེའི་ཆོས་མཐུན་པ་ཉིད་ཀྱི་དཔེའོ་ཞེས་པའོ། དེ་ལས ་ཀྱང་གཏན་ཚིགས་བསྒྲུབ་བྱས་རྗེས་འགྲོ་བ། ཞེས་པ་ལ་སོགས་པ་འདི་བཤད་པར་བྱ་བ་མ་ཡིན་གྱི། འདི་སྐད་ནི་བཤད་པར་བྱ་སྟེ། གང་དུ་གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པ་ཙམ་བཤད་པར་བྱ་བའོ་ཞེས་སོ། །ཡང་ན་གཏན་ཚིགས ་བསྒྲུབ་བྱས་རྗེས་འགྲོ་བ། ཞེས་པ་འདི་ཁོ་ནའི་དོན་འདི་བཤད་པར་བྱ་སྟེ། གང་དུ་གཏན་ཚིགས་ཀྱི་ལྷན་ཅིག་འབྱུང་བ་བསྟན་པར་བྱ་བའོ་ཞེས་པའོ། །འདི་ཡང་ཞེས་པ་ལ་སོགས་པས་འདི་བསལ་བར་བྱེད་དེ། ཁྱེད་ཀྱིས་གང་སྨྲས་བ ་འདི་ནི་བདེ་ན་མོད། དེ་ཁྱད་པར་གྱི་གནས་སྐབས་ཁོ་ན་ལ་ཡིན་ཏེ། གང་གི་ཚེ་དཔེ་གཉི་ག་རབ་ཏུ་སྦྱར་བར་བྱ་བ་ཞེས་པ་ལ་སོགས་པས་གསལ་བར་བྱས་བའོ། །གང་གི་ཚེ་ནི་ཆོས་མཐུན་པ་ཉིད་ཀྱི་དཔེ་ཁོ་ནས་ཁྱབ་པ་སྟོན་པ་དེའི་ཚེ། ཁྱབ་པ་ཁོ་ན་རྗེས ་འགྲོ་བའི་སྒྲའི་བརྗོད་བྱའི་དོན་དུ་རིགས་ཏེ། དེས་ན་གནས་སྐབས་དེ་ལ་ཕྱིན་ཅེ་ལོག་པའི་ཁྱབ་པ་དགག་པའི་ཆེད་དུ། གཏན་ཚིགས་བསྐྲུབ་བྱས་རྗེས་སུ་འགྲོ་བ་ཞེས་བཤད་དོ་ཞེས་པའོ། །དེ་ལ་འདིར་འགྱུར་ཏེ། དེའི་ཕྱིར་དེའི་དོན་དུ་འདི་བརྗོད་པར ་བྱ་བ་མ་ཡིན་ནོ། །ཞེ་ན། གསུངས་པ། དེ་བཀག་པ་ལ་དོན་མེད་པ་མ་ཡིན་ཏེ། ཞེས་པ། གཏན་ཚིགས་ཀྱིས་བསྒྲུབ་བྱའི་རྗེས་སུ་འགྲོ་བ་བཀག་པ་ལ་དོན་མེད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། དོན་ཁོ་ན་ལའོ། །ཅིའི་ཕྱིར་ཞེ་ན་གསུངས་པ ་ཡོད་དང་རྣམ་གཉིས་ཞེས་བརྗོད་པའི་ཕྱིར་རོ་ཞེས་པ་ཕྱོགས་གང་ཞིག་མཐུན་ཕྱོགས་ལ་ཡོད་པ་དང་རྣམ་པ་གཉིས་ཀ་སྟེ། དེ་གཏན་ཚིགས་སོ་ཞེས་པ་འདི་ལྟར་སྔར་བརྗོད་པའི་ཕྱིར་རོ། །ཅི་ལྟར་ན་འདི་སྐད་བརྗོད་པ་ལས་གཏན་ཚིགས་ཀྱི་བསྒྲུབ་བྱའི་རྗེས་སུ ་འགྲོ་བ་བཀག་པ་ན་དོན་དུ་འགྱུར་འགྱུར་ཞེ་ན་གསུངས་པ། གཏན་ཚིགས་ལྷག་མ་ཡང་ཞེས་པ་ལ་སོགས་པ་སྟེ། ཚུལ་གསུམ་པོ་གཏན་ཚིགས་སུ་བཤད་ལ། དེ་ལ་ཕྱོགས་ཀྱི་ཆོས་ཉིད་ནི་གཏན་ཚིགས་ཀྱི་ཚིག་ཁོ་ནས་བཤད་དོ་ཞེས་པས ་ཚུལ་གཉིས་ལྷག་མར་ལུས་ཏེ། དེ་ཡང་དཔེ་ཡིས་བསྟན་པར་བྱ་བའོ། །གཏན་ཚིགས་ཀྱི་མཚན་ཉིད་སྟོན་པ་ན་ཡང་གང་གསུངས་པ་རིགས་མཐུན་པ་ལ་ཡོད་ཅེས་པ། དེ་ལ་ཡང་གདོན་མི་ཟ་བར་རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་པ་འདི་ལྟ་ཁོ་ན ་ངེས་པར་གཟུང་པར་བྱའོ། །ཡོད་པ་ཁོ་ན་ཞེས་ངེས་པར་གཟུང་ན་ནི། རྣམ་གཉིས་ཀྱང་ཞེས་པ་འདི་ཉམས་པར་འགྱུར་རོ། །འདིས་ནི་གང་འདྲ་བའི་གཏན་ཚིགས་ཀྱི་ལྷག་མ་དབེས་བསལ་བར་བྱ་བ་དེ་བསྟན་ཏོ། །གལ་ཏེ་ཡང་གང་མི་རྟག་པ་དེ་རྩོལ ་བ་ལས་བྱུང་བའོ་ཞེས་གཏན་ཚིགས་ཀྱིས་བསྒྲུབ་བྱའི་རྗེས་སུ་འགྲོ་བ་བཤད་པར་བྱ་ན། དེ་ལྟར་གྱུར་ན་རིགས་མཐུན་པ་ལ་ཡོད་པ་ཁོ་ན་ཞེས་བསྟན་པར་འགྱུར་གྱི་རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་ནི་མ་ཡིན་ཏེ། མཐུན་ཕྱོགས་ལ་ཁྱབ ་པར་བསྟན་པའི་ཕྱིར་རོ། །དེ་ལས་ཀྱང་གཏན་ཚིགས་ལྷག་མ་བསྟན་པར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ལྷག་མ་སྟོན་པས་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་ཁོ་ནས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་བསྟན་པར་བྱའོ། །འདི་ཅི་ལྟར་འཐོབ་ཅེ་ན། ་གལ་ཏེ་གཏན་ཚིགས་ཀྱི་བསྒྲུབ་བྱའི་རྗེས་སུ་འགྲོ་བ་དགག་པར་བྱེད་ནའོ། དེའི་ཕྱིར་གཏན་ཚིགས་ལྷག་མ་རབ་ཏུ་བསྟན་པ་ནི་དོན་ཏེ། གཏན་ཚིགས་ཀྱིས་བསྒྲུབ་བྱའི་རྗེས་སུ་འགྲོ་བ་དགག་པ་ལའོ། །འོ་ན་གཏན་ཚིགས་ལྷག་མའི་མཚན་ཉིད་ཀྱི་བསྒྲུབ་པ ་ཁོ་ན་ལས་ཇི་འདྲ་བའི་ངག་གིས་གཏན་ཚིགས་ལྷག་མ་བསྟན་པར་ནུས་པ་དེ་བསྟན་པ་ཁོ་ནར་འགྱུར་ཏེ། རྣམ་པ་གཞན་དུ་བརྗོད་ན་གཏན་ཚིགས་ལྷག་མ་གསལ་བར་མི་བྱེད་པའི་ཕྱིར་རོ། །གང་རྣམས་དོན་གང་ཇི་ལྟ་བ་བཞིན་ཤེས་པ་དེ་རྣམས་ནི ་དེ་རྟོགས་པ་ལ་སླར་ཡང་ཉེ་བར་བསྟན་པ་གཞན་ལ་བལྟོས་པ་མ་ཡིན་ཏེ། དེའི་ཕྱིར་འདི་ནི་དགོས་པ་མེད་པ་ཁོ་ནའོ་ཞེ་ན། རྩོམ་པ་འདི་ནི་བྱས་པས་རྟོགས་པའི་དོན་དུ་སྟེ། དངོས་པོ་ཇི་ལྟ་བ་བཞིན་རྟོགས་ཀྱང་རྣམ་པ་གཞན་དུ་བརྗོད་པ ་མཐོང་ངོ་ཞེས་ལན་བརྗོད་ཟིན་ཏོ། །གལ་ཏེ་དེ་ལྟ་ན་རིགས་མཐུན་ཁོ་ན་ལ་ཡོད་པ་ཞེས་ངེས་པར་གཟུང་པར་བྱ་བ་དེ་ལྟར་གྱུར་ན། འདི་ཁོ་ནས་མི་མཐུན་ཕྱོགས་གཏན་ཚིགས་མེད་པ་ཉིད་དུ་རྟོགས་པ་ཉིད་ཀྱི་ཕྱིར། དེ་མེད་པ་ལ་མེད་པ་ཞེས་པ ་འདི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། དེ་ལྟར་ནི་རིགས་མཐུན་པ་ཁོ་ན་ལ་ཡོད་ཙས་པ་ལ་སོགས་པའོ། །དེ་ལྟར་ན་ཞེས་པ་དེའི་ཚེ་ཞེས་པའི་དོན་ཅན་གྱི་ཚིག་ཕྲད་དེ། འདི་ནི་བྱེ་བྲག་ཏུ་མ་བཤད་པའི་སྒྲ་གཞན་ཁོ་ནའོ། ་དེ་ལྟར་ནི་མི་གནོད་པ་ལ་སོགས་པ་རྣམས་ལ་ཡང་རབ་ཏུ་སྤྱོད་བས་སོ། །རིགས་མི་མཐུན་གྱི་སྒྲ་ནི་འདིར་གཞན་པ་དང་འགལ་བའི་མི་མཐུན་ཕྱོགས་དག་ལ་འཇུག་གོ་།དེའི་ཕྱིར་འདིར་དོན་འདི་ཡིན་ཏེ། གང་གི་ཚེ་རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་ངེས་པར ་གཟུང་བའི་ཚེ་མི་མཐུན་ཕྱོགས་རྣམ་པ་གསུམ་ཀ་ལ་ཡང་གཏན་ཚིགས་དགག་པ་ཐེབ་པ་ལས། དེ་དང་བྲལ་བ་ལ་མེད་པ་ཞེས་པ་འདི་བརྗོད་པར་མི་བྱ་བ་ཁོ་ན་བདེན་ཏེ། གང་འདི་ཡིས་བྱ་བ་དེ་གཞན་ཁོ་ན་ལས་ཐོབ་པ་ཉིད་ཀྱི་ཕྱིར་རོ། །བརྗོད་པ་ཡང ་ཡིན་ཏེ། དེ་འདི་སྦྱོང་བའི་དོན་དུ་འགྱུར་རོ། །ཞེས་པའོ། །ངེས་པའི་སྒྲ་ཡིས་ནི་འདིར་སྦྱོར་བ་ཁོ་ན་མཐུན་ཕྱོགས་ཀྱང་བསྒྲུབ་བྱའི་ཆོས་ལས་གཞན་པའི་ཆོས་དང་ལྡན་པའི་ཕྱིར་གཞན་དུ་འགྱུར་ལ། དེ་ལ་གཏན་ཚིགས་འཇུག་གོ་།ཞེས་པས་མ་ངེས་པར ་འགྱུར་རོ་ཞེ་ན་གསུངས་པ། དེ་དང་བྲལ་བ་ཁོ་ན་ལ་མེད་པ་ཡིན་གྱི། རིགས་མི་མཐུན་པ་བདག་ལ་སོགས་པ་མེད་པ་ལ་མ་ཡིན་ཞེས་པ་སྟེ། དེ་དང་བྲལ་བ་ནི་བསྒྲུབ་པར་བྱ་བའི་རིགས་ཅན་མེད་པ་ཞེས་པའི་དོན་ཏོ། །དེ་དང་བྲལ་བའི་མཉན་པས་ཀྱང་གཞན ་པ་དང་འགལ་བ་དག་ཀྱང་གཟུང་ངོ། །ཡང་ཅི་ལྟར་ན་ཡོད་པ་ཁོ་ན། མེད་པར་ཅི་ལྟར་འགྱུར་ཞེ་ན། དེའི་རྣམ་པས་དབེན་པའི་ཕྱིར་ཏེ། རིགས་མི་མཐུན་པ་ཡང་འདིར་དེ་དང་བྲལ་བའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་དེ་ལ་ལྟོས་པ་ཁོ་ནས་རིགས་པར་བྱའོ། ། ་བདག་ལ་སོགས་པ་མེད་པ་ལ་ཤེས་པ་འདིས་དེ་དང་རིགས་མི་མཐུན་པའི་དངོས་པོ་སྟོན་ཏོ། །འདི་ལ་བདག་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་པས། བདག་ལ་སོགས་པ་མེད་པ་སྟེ། མི་རྟག་པའི་དངོས་པོ་བརྗོད་དོ། །དེས་འདི་སྐད་བཤད་པར ་འགྱུར་ཏེ། སྔར་བཤད་པའི་མི་མཐུན་ཕྱོགས་རྣམ་པ་གསུམ་ཁོ་ན་ལ་མེད་པ་སྟེ། དེ་དང་རིགས་མི་མཐུན་པ།འི་མཐུན་ཕྱོགས་ལ་ནི་མི་ཡིན་ནོ་ཞེས་པས། མཐུན་ཕྱོགས་ཁོ་ན་མི་མཐུན་ཕྱེ་གསུ་འགྱུར་བ་མ་ཡིན་ནོ། །ཆོས་གཞན་དང་ལྡན་ཡང ་དངོས་པོར་ན་ཐ་མི་དད་པའི་ཕྱིར་རོ། །ཆོས་གཞན་དང་ལྡེན་པ་ལས་གཞན་ཉིད་ཀྱང་མ་ཡིན་གྱི། འོན་ཀྱང་བརྗོད་པར་འདོད་པའི་ཆོས་མི་རྟེན་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་པའོ། །དེ་བཞིན་དུ་འདི་ཡང་ཞེས་པ་བརྗོད་མ་ཐག་པའི་དོན ་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་མཚན་ཉིད་ལ་བསྒྲེས་ནས་སྟོན་ཏོ། །འདིར་ཡང་བསྒྲུབ་པར་བྱ་བ་མེད་པ་ཞེས་པ་འདིས་གཞན་པ་དང་འགལ་བ་དག་གི་མི་མཐུན་ཕྱོགས་དག་ཀྱང་གཟུང་སྟེ། མེད་པ་ཉིད་ནི་སྔ་མ་བཞིན་དུ་དེ་དག་གི་རིགས་མི་མཐུན ་པ་ཉིད་ཏེ། འདིར་ཡང་བསྒྲུབ་བྱ་མེད་པ་སྐབས་ཉིད་ཡིན་པའི་ཕྱིར་ན། དེ་ལ་བལྟོས་པར་བལྟ་བར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། འདིར་ཡང་དཔེ་ལ་ཇི་ལྟར་སྲིད་པ་བཞིན་དུ་མི་མཐུན་ཕྱོགས་རྣམ་པ་གསུམ་ལ་མེད་ཉིད་བཤད་པར་བྱའི། དེ་དང ་རིགས་མི་མཐུན་པའི་ཕྱོགས་ལ་ནི་མ་ཡིན་ནོ་ཞེས་པའོ། །དེ་ཁོ་ན་ཆོས་གཞན་དང་ལྡན་པས་གཞན་ཉིད་ནིམ་ཡིན་ཏེ། དེའི་ཕྱིར་དེང་ཆོས་གཞན་དང་ལྡན་པ་ལ་ཡང་འཇུག་པའི་གཏན་ཚིགས་ནི་མ་ངེས་པ་ཉིད་དུ་དོག་སྤར་བྱ་བ་མ་ཡིན་ནོ་ཞེས ་དགོངས་པའོ། །ཇི་ལྟ་དེ་དང་བྲལ་བ་ལ་མེད་པ་ཞེས་པ་འདི་སྦྱོར་བའི་དོན་ཡིན་པ་དེ་བཞིན་དུ་བསྒྲུབ་བྱ་མེད་པ་ལ་ཡང་མེད་པ་ཉིད་ཅེས་པ་འདི་ཡང་སྦྱོར་བའི་དོན་ནོ་ཞེས་པ་འདི་འདིར་ཡང་སྦྱར་ནས་སྟོན་པར་རིག་པར་བྱའོ། །དེ་ལྟར་གྱུར་ན་འདོད་པ ་གྲུབ་པ་ཅིར་འགྱུར་ཞེ་ན། གསུངས་པ། རིགས་མི་མཐུན་པ་ལ་ནི་ཞེས་པ་ལ་སོགས་པའོ། །བསྒྲུབ་བྱ་ལ་རྗེས་སུ་འགྲོ་བ་ཡོད་ན་ཞེས་པ་འདིས་ནི་རྣམ་པ་གང་གིས་འདིར་རིགས་མི་མཐུན་པར་འདོད་པར་སྟོན་ཏོ། །བསྒྲུབ་པར་བྱ་བས་རྗེས་སུ་འགྲོ། ་པའི་གཏན་ཚིགས་ཀྱི་རིགས་མི་མཐུན་ན་ཞེས་པའི་དོན་ཏོ། །དོན་དུ་མི་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་གཏན་ཚིགས་དུ་མའོ། །དེ་རང་གི་བསྒྲུབ་པར་བྱ་བས་རྗེས་སུ་འགྲོ་བར་གྱུར་བ་ན་རང་རང་གི་བསྒྲུབ་པར་བྱ་བ་མེད་པ་དང་རིགས་མི་མཐུན་པ་དེ་ལ། ་ཆོས་གཞན་དང་ལྡན་ན་ཡང་སྒྲུབ་བྱེད་དུ་བྱས་པ་ནི། གང་བསྒྲུབ་པར་འདོད་པ་དེ་དང་འགལ་བ་ལ་འཇུག་པ་འདུས་པ་ཉིད་ལ་སོགས་པ་འགལ་བའི་གཏན་ཚིགས་སུ་བཤད་པ་ཁོ་ནའོ། །སྒྲུབ་བྱེད་དུ་བྱས་པ་ནི་གང་སྒྲུབ་པར་འདོད་པ་དེ་དང་མི་འགལ་པ ་ཆོས་གཞན་དང་ལྡན་པ་ལས་མ་འགལ་ན་ཆོས་གཞན་དང་ལྡན་པ་ལ་ཡང་འཇུག་པ་བྱས་པ་ཉིད་ལ་སོགས་པ་མི་འགལ་བའི་གཏན་ཚིགས་ཉིད་དུ་བཤད་པ་ཁོ་ན་ཏེ། ལའུ་གསུམ་པར་རོ། །ཡང་ཅེ་ལྟར་ན་གང་ལས་བསྒྲུབ་པར་བྱ་བ་མེད་པར་རིགས ་མི་མཐུན་པ་ཉིད་དུ་འགྱུར་བ་གང་ལ་འགལ་བར་འཇུག་པ་དེ་བསྒྲུབ་བྱའི་རྗེས་སུ་འགྲོ་བ་ཡིན་ཞེ་ན། གལ་ཏེ་འགལ་བའི་གཏན་ཚིགས་ཀྱི་དངོས་པོར་ན་བསྒྲུབ་པར་བྱ་བ་དེས་རྗེས་སུ་འགྲོ་བར་གྱུར་ན་རིགས་མི་མཐུན་པ། ལ་སྟེ། གང་རྒལ་བས་བསྒྲུབ་པར་འདོད་པ ་དེས་ནི་མ་ཡིན་ནོ། །གལ་ཏེ་ཆོས་གཞན་དང་ལྡ་ན་ལ་གང་འཇུག་པ་དེ་མ་ངེས་པ་ཉིད་དུ་འདོད་ན། དེའི་ཕྱིར་འགའ་ཞིག་ཀྱང་གཏན་ཚིགས་སུ་འགྱུར་བ་མ་ཡིན་ཅིང། འགལ་བར་ཡང་མ་ཡིན་གྱི། ཐམས་ཅད་མ་ངེས་པ་ཁོ་ནར་འགྱུར་ཏེ། དངོས་པོ་ཐམས་ཅད ་ཆོས་གཞན་དང་ལྡན་པའི་ཕྱིར་རོག་དེའི་ཕྱིར་གང་གི་མི་མཐུན་ཕྱོགས་ཐམས་ཅད་ལས་ལྡོག་པ་དེ་ཆོས་གཞན་དང་ལྡན་ཡང་མཐུན་པའི་ཕྱོགས་ལ་འཇུག་པ་ནི་ཡང་དག་པའི་ཤེས་པའི་རྒྱུ་ཁོ་ནའོ། །གང་མཐུན་ཕྱོགས་ཐམས་ཅད་ལ་ལྡོག་པ་དེ ་ཆོས་གཞན་དང་ལྡན་ན་ཡང་མི་མཐུན་ཕྱོགས་ལ་འཇུག་པ་ནི་འགལ་བ་ཉིད་ཁོ་ནའོ། །གང་མཐུན་ཕྱོགས་ལ་འཇུག་ཅིང་མི་མཐུན་ཕྱོགས་ལ་འཇུག་པའམ་དེར་དོགས་པ་དེ་ནི་མ་ངེས་པ་ཉིད་དོ། །ངེས་སེལ་བའི་ཆེད་དུ་དེ་དང་བྲལ་བ ་ལ་མེད་པ་ཞེས་པ་སྟེ། འདིས་མི་མཐུན་ཕྱོགས་ལ་གཏན་ཚིགས་མེད་པ་ཉིད་ཁོ་ན་བརྗོད་པར་བྱའི། ཆོས་གཞན་དང་ལྡན་པའི་མཐུན་ཕྱོགས་ལ་ཡང་མ་ཡིན་ནོ། །ཚུལ་གསུམ་པ་གསལ་བར་བྱེད་པའི་དོན་དུ་ཆོས་མི་མཐུན་པ་ཉིད་ཀྱི་དཔེའོ། ཞེས་པ་དེ་ལའན ་བསྒྲུབ་བྱ་མེད་པ་ཁོ་ན་ལ་གཏན་ཚིགས་མེད་པ་བཤད་པར་བྱའི་མཐུན་ཕྱོགས་ཉིད་ཆོས་གཞན་དད་ལྡན་བ་ལ་ནི་མ་ཡིན་ནོ། །འགལ་བ་ཉིད་བུ་བཤད་པ་ཁོ་ནའོ་ཞེས་པའི་ཚིག་སྟེ། འདི་ལ་ཡང་མི་མཐུན་ཕྱོགས་ནི་ཆོས་གཞན? ་འགལ་པ་མེད་པ་ཤིས་བྱ་ཉིད་ལ་སོགས་པ་དང་ལྡན་པའི་ཕྱིར་ན་མི་མཐུན་ཕྱོགས་ལས་གཞན་ཏེ། དེ་ལས་ཀྱང་མི་མཐུན་ཕྱོགས་ལས་ཅིག་ཤོས་ལ་འཇུག་པ་ཉིད་ཀྱི་ཕྱིར་འགལ་བའི་གཏན་ཚིགས་ཀྱང་མ་ངེས་པར་འགྱུར་ཞེས་ཡང་དག་པ ་མ་ཡིན་པའི་རྟོགས་བསལ་བའི་དོན་དུའོ། །དེ་ལྟར་གྱུར་ན་གཞན་དུ་ཡང་མ་ངེས་པ་ཉིད་བརྗོད་པ་དེ་ལ་ལང་འདི་ལྟ་ཁོ་ནར་མ་ངེས་པ་ཉིད་དུ་བལྟ་བར་བྱའོ་ཞེས་སྟོན་པ་གསུངས་པ། གང་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཐུན་མོང ་པའི་ཁྱད་པར་ཉིད་དང་འགལ་བ་ཉིད་ཀྱང་སྒྲུབ་པར་བྱེད་པ་ཉིད་དག་ཏུ་འགྱུར་རོ། །རེ་རེ་གཉིས་སུ་མ་བརྗོད་པ་ལ་དཔེར་བརྗོད་པར་བསྟེ། དེའི་ཕྱིར་གཉིས་ཞེས་འདི་ལ་འཆད་པར་འགྱུར་རོ། །ལུས་ཅན་མ་ཡིན་པའི་ཞེས་སྨོས་པ་ནི་གཏན་ཚིགས་ཉེ ་བར་མཚོན་པའི་དོན་ནོ། །གང་གི་ཕྱིར་ལུས་ཅན་མ་ཡིན་པ་ཁོ་ནའི་དབང་དུ་བྱས་ནས་ཆོས་མཐུན་པ་ཉིད་ཙམ་པ་རྐོན?་པ་ན་མ་ངེས་པ་ཉིད་དུ་ཐལ་བར་འགྱུར་པ་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་ཐམས་ཅད་ཀྱིའོ། །འདི་ལྟར་ཡང་དེ་རྟག ་པ་ཉིད་བསྒྲུབ་པར་བྱ་བ་ལ་མ་ངེས་པ་ཉིད་དུ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་དང་ཐལ་བར་འགྱུར་བ་ན་མི་འདོད་པ་འབེབས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་ཡང་ངོ། །རྟག་པ་མེད་པ་ལ་ཞེས་པ་འདི་ཡང་བསྒྲུབ་བྱ་མེད་པ་ཉེ་བར་མཚོན་པ་སྟེ ་བསྒྲུབ་བྱ་ཐམས་ཅད་མེད་པ་ལ་གཏན་ཚིགས་ཡོད་པར་གྱུར་པའི་ཕྱིར་ན་མངེས་པ་བརྩད་པར་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཡོད་པའི་ཕྱིར་ཞེས་པ་འདིས་ཀྱང་ཡུལ་གྱི་ཡུལ་ཅན་ལ་དོགས་པ་བསྟན་པར་རིགས་པར་བྱའོ། །དེ་ལྟར་ནི་ད ་ཉིད་དུ་འཆད་པར་འགྱུར་ཏེ། གལ་ཏེ་ཆོས་མཐུན་པ་ཉིད་ཙམ་ཀྱིས་བརྗོད་པར་བྱ་ན། དེ་ལས་བསྒྲུབ་བྱ་ལ་མེད་ན་ཡང་འགྱུར་རོ་ཞེས་གཏན་ཚིགས་ཐུན་མོང་པ་ཉིད་དུ་དོགས་པར་འགྱུར་རོ་ཞེས་པའོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། དེ་ལ་ཡང་ཆོས་མཐུན་པ་ཉིད་ཙན ་བརྗོད་པ་ན་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་ཡོད་པར་དོགས་པས་མ་ངེས་པའོ། །ཞེས་བསྟན་པར་བྱའི་གཞན་པ་འམ་འགལ་བ་ལ་ཡོད་པ་ཞེས་པས་མ་ངེས་པ་ནི་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་པའོ། །ཆོས་གཞན་དང་ལྡན་ན་ཡང་ཞེས་པ་དགོངས་པ་འོག?་འདིར ་ཡང་བསྒྲུབ་པར་བྱ་བ་མེད་པ་སྐབས་སུ་བབ་པ་ཉིད་ཀྱི་དེ་ལ་བལྟོས་པས་དོན་གཞན་པ་ཤེས་པར་བྱ་སྟེ། འགལ་བ་ནི་གང་རྒོལ་བས་བསྒྲུབ་བྱ་ཉིད་དུ་འདོད་པ་དེ་ལ་བལྟོས་པས། །འདི་གང་ལས་ཞེ་ན། ཐ་དད་དུ་ཉེ་བར་ལེན་པའི་ཤུགས་པས་སོ། །གལ་ཏེ་འགལ་བ་ཡང་བསྒྲུབ ་པར་བྱ་བ་མེད་པ་ལ་བལྟོས་པས་བརྗོད་པར་འདོད་པར་གྱུར་ན་ནི། གཞན་པ་ལ་མ་ཡིན་ཞེས་པ་འདི་ཙམ་བརྗོད་པར་བྱ་བར་འགྱུར་རོ། །དེ་ལྟར་ནི་བསྒྲུབ་པར་བྱ་བ་མེད་པ་ལས་གཞན་བསླབ་བྱ་ཡོད་པ་སྟེ། དེ་ཡང་བསྒྲུབ་བྱ་མེད་པ་ངར་འགལ་བ་ཁོ་ནའོ། དེ་ལས་ཀྱང ་གཞན་པ་ལ་མ་ཡིན་ཞེས་པ་འདི་དོ་ནས་འགལ་བ་ལ་ཞེས་པ་འདིས་རྟོགས་པར་བྱ་བའི་དོན་རྟོགས་ཟིན་པ་ཉིད་ཀྱི་ཕྱིར། འདི་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་ན། བརྗོད་པ་ཡང་ཡིན་ནོ། །དེའི་བསྒྲུབ་བྱ་ལ་བལྟོས། པས་འགལ་བར་རིག་པར་བྱའོ། །འདིར་ཕ་རོལ་གྱི་ཡང ་དག་པའི་ཤེས་པའི་རྒྱུ་ཉིད་དུ་མངོན་པར་བསམ་པ་ལ་མ་དེས་པ་ཉིད་དུ་བརྗོད་པར་བྱ་བར་མ། ཡང་ན་འགལ་བ་ཉིད་དུའོ། །དེ་ལ་རྟོགས་པ་སྔ་མ་ལ། བསྒྲུབ་བྱ་མེད་པ་ལས་གཞན་བགྲུབ་བྱ་ཡོད་པ་ཆོས་གཟན་དད་ལྡན་པ་ལ་གང་ཡོད་པར་གྱུར་པ་ཞེས་མ་ངེས་པ་ཉིད་དུ་རལ ་ཏུ་བསྟན་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་བསྒྲུབ་བྱ་མེད་པ་ལ་ཡང་ཡོད་པར་གྱུར་པ་ལས་སམ་དེར་དོགས་པས། །གཉིས་པ་ལ་ནི་བསྒྲུབ་བྱ་དད་འགལ་བ་ཆོས་གཞན་དང་ལྡན་པ་ལ་ཡང་ཡོང་པར་གྱུར་པ་ཞེས་མ་ངེས་པ་ཉིད་དུ་བསྟན་པར་བྱ་བ་མ་ཡིན་གྱིཊ་འམ ་ཀྱང་འགལ་བའི་གཏན་ཚིགས་ཀྱི་གང་བསྒྲུབ་པར་བྱ་བ་དེ་མེད་པ་ལ་ཡང་ཡོད་པ་ལས་སམ། དེན་ཇོགས་པས་སོ། དེ་ལྟར་བྱས་ནས་ཞེས་པ། གང་གི་ཕྱིར་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མེད་པ་ཉིད་ཉེ་བར་མ་བསྟན་པ་ན་མ་ངེས ་པ་ཉིད་དུ་དོགས་ཀྱི་ཆོས་གཞན་དང་ལྡན་པ་ལ་སང་ཕྱོཊ་དང་མཐུན་ཕྱོཊ་ཁོ་ན་འདས་འཇུག་པའི་ནི་མི་ཡིན་པ་དེའི་ཕྱིར་རྟག་པ་ནི་རྩལ་བ་ལས་མ་བྱུང་བའོ། ཞེས་པ་ཆོས་མི་མཐུན་པ་ཉིད་ཀྱི་སྤྱར་བ་འདིས་མི་རྟག་པ་མེད་པ་ལ་གཏན་ཚིགས་མེན་པ་རབ་ཏུ་བསྟོན་པར ་བྱའི། མི་རྟག་པ་ནི་ཆོས་གཞན་དང་ལྡན་པ་ལ་ནི་མ་ཡིན་ནོ་ཞེས་པ་དགོངས་པའོ་ཡང་ཅི་ལྟར་ན་དེ་བསྟན་བམ་ནུས་ཞེ་ན་གསུངས་པ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མི་རྟགས་ཉིད་དང ་རྗེས་སུ་འབྲེལ། དེའི་ཕྱིར་དེ་ལྡོག་པས་ལྡོག་པར་སྟན་པར་ནུས་སོ། །སྔར་གཞན་པ་དང་འགལ་བདག་མི་མཐུན་ཕྱོགས་ཉིད་དུ་བརྗོད་ཅིང། དེའི་ཕྱིར་ལང་དེ་ལ་ཡང་གཏན་ཚིགས་མེད་པ་རབ་ཏུ་བསྟན་པར་བྱ། མི་རྟག་པ་ལས་ཀྱང་རྟག་པ་ནི་གཞན་ཉིད་དང་འགལ་བར ་འགལ་བར་འགྱུར་རོ། །དེ་ལས་མདོ་སྡེ་བའི་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་མེད་པར་འགྱུར་ཏེ། དངོས་པོ་རྟག་པ་མི་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེས་དོགས་མང་བྱས་ནས་གསུངས། རྟག་པ་མེད་པ་ལ་ནི་མ་ཡིན་ནོ་ཞེས་པའོ། །འདི་སྐད་སྟོན་ཏེ་མི་མཐུན་ཕྱོགས་རྣམ་པ་གསུམ་ལ ་གང་སྲིད་པ་དེ་ལ་གཏན་ཚིགས་མེད་པ་རབ་ཏུ་བསྟན་པར་བྱའི་ཅིག་ཤོས་ལ་ནི་མ་ཡིན་ནོ་ཞེས་པའོ། །ཡང་ཅིའི་ཕྱིར་བཟློག་པ་བསྟན་པར་བྱ་བ་མ་ཡིན་ཞེ་ན་གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པའོ། །འཇིག་རྟེན་པ་ཡང་སྦྱོར་བ་བཞིན་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མི ་མཐུན་ཕྱོགས་དག་ལྟན་ཅིག་ཡོད་པ་སྟོན་པ་ན་རྟག་གཉིད་ཀྱིས་དམ་མ་བཅས་པའི་མ་བྱས་པ་ཉིད་བསྒྲུབས་པར་འགྱུར་རོ། དེ་ལྟར་ནའོ་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་དཔེའི་མཚན་ཉིད་ཡིན་ན། དེ་ལྟ་ན་ལོན་འགལ་བ་དང་མ་ངེས་པའི་གཉེན་པོན ་གཉིས་ཀ་ཡང་བརྗོད་པར་བྱའོ་ཞེས་པ་བརྗོད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྨྲས་པ་མི་འགྱུར་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་དེ་ཞིག་ཆོས་མཐུན་པ་ཉིད་ཀྱིས་ཁྱབ་པར་བསྟན་པར་བྱ་བ་དེའི་ཚེ་འགལ་བ་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཉིད་དོགས་པར་མི་སྲིད་པ་ཁོ་ན་ཡིན ་ཞིང། ཆོས་མི་མཐུན་པ་ཉིད་ཀྱང་བསྒྲུབ་པར་བྱ་བ་མེད་པ་ཁོ་ན་གཏན་ཚིགས་མེད་པར་བརྗོད་པ་མཐུན་མོང་མ་ཡིན་པ་ཉིད་དོགས་པའི་ཐལ་བར་འགྱུར་བ་ཅི་ཞིག་གལ་ཏེ་རིགས་མཐུན་པ་ལའང་འགྱུར་བ་མ་ཡིན་ན་ནི། བསྒྲུབ་བྱ་མེད་པ་ཁོ་ན་ལ་མེ་དོ་ཞེས་པ་འདིར་མི་འགྱུར་རོ། །འདི་ནི ་འཇིག་རྟེན་པའི་སྦྱོར་བ་ཞེས་པ། དེ་ལ་ནི་མཐུན་ཕྱོགས་ལ་གཏན་ཚིགས་ཡོད་པར་གྱུར་པ་ཙན། ཁོ་ན་རབ་ཤེ་སྟོན་ཏེ་ཆོས་མཐུན་པ་ཉིད་ཀྱིས་ཁྱབ་པ་མངོན་པར་བརྗོད་པའི་ཕྱིར་རོ་དེའི་ཕྱིར་ཐུན་མོང་པ་དོགས་པ་སྲིད་དོ། ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་བསྒྲུབ་བྱ་དང་བསྒྲུབ་བྱེད་ཀྱི་མི་མཐུན? ་ཕྱོགས་དག་གི་ཡོད་པར་གྱུར་པ་ཙམ་བསྟན་པར་བྱ་བ་དེའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་དོགས་པའོ། །མཚན་ཉིད་མ་ཡིན་ཞེས་པ། ཇི་ལྟར་དཔེ་དག་གི་མཚན་ཉིད་དེ་ལྟར་རེ་རེ་བརྗོད་པ་ན་ཡང་ཇི་སྐད་བཤད་པའི་སྐྱོན་དུ་མི་ཐལ་བའི་ཕྱིར་རོ། །དཔེར་ན་བསྒྲུབ་བྱའི་ཆོས་རྩོད ་གྱིས་ཞེས་པ། ཇི་ལྟར་འདི་ཕ་རོལ་པོའི་འདོད་པ་ལ་བསྟོས་པས་བརྗོད་པ་དེ་ལྟར་འདི་ཡོང་ཞེས་སྟོན་ཏོ། །ཕྱོགས་ཆོས་ཉིད་ཙམ་གཏན་ཚིགས་ཉིད་ན་མ་ངེས་པ་ཐལ་བར་འགྱུར་རོ། ཞེས་པ་མ་ངེས་པ་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་པའི་དོན་ཏོ། །ཐལ་འགྱུར་ནི་ཐལ་བར ་བྱ་བཞིན་པའི་ངོ་བཟླ་ལ་བལྟོས་པ་ཉིད་ཀྱི་ཕྱིར་དང། མི་འདོད་པ་འབབ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། གཏན་ཚིགས་ཉིད་ཀྱང་མི་འདོད་པ་ཉིད་ཀྱི་ཕྱིར་དང། དེ་ཁོ་ན་དེང་ཟླའི་སྦྱོར་བས་གཞན་པའོ་ཞེས་རྟོགས་པར་བྱའོ། ཡང་ཅི་ཞེས་པ་རིགས་མཐུན་པ་ལ་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱེད་པ་མ་ཡིན་པ ་དགག་གཏན་ཚིགས་འབའ་ཞིག་པ་དག་གི་ཡང་ནུས་པ་ཉེ་བར་དམིགས་ནས་ཐེ་ཚོམ་ཟ་བས་འདྲིའོ། །ཁྱད་པར་ཉིད་ཐུན་མོང་མ་ཡིན་ནོ། །དེ་དེའི་འམ་གཉི་མ་བརྗོད་པ་ནི། རེ་རེ་གཉིས་ཀ་མ་བརྗོད་པའོ། འགའ་ཞིག་གི་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་པོ་རྟོགས་པའི་དོན་དུ་གཞན་གྱི ་དོན་གྱི། རྗེས་སུ་དཔག་པ་ཡིན་ན། ཕ་རོལ་པོས་གལ་ཏེ་དཔེ་གང་ཡང་རུང་བས་རྟོགས་བར་བྱ་བའི་དོན་རབ་ཏུ་གྲུབ་ན། གང་ཡང་རུང་བརྗོད་པ་ཡང་བསྒྲུབ་པར་བྱེད་པ་སྟེ། རབ་ཏུ་གྲུབ་ཟིན་པ་བརྗོད་པ་ནི་དོན་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་གི་སྒྲ་ན་ངེས་པར་གཟུང ་པའི་དོན་ཏོ། །སྒྲུ་ལས་བྱུང་བ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། རྟོགས་པ་ཉིད་ཙམ་དུ་ཆོས་མཐུན་པ་ཉིད་ཉེ་བར་བླངས་ནས་སྒྲ་ལས་བྱུང་བ་བཞིན་དུ་ཞེས་པ་དཔེར་རིག་པར་བྱ་སྟེ། མངོན་པར་མ་བརྗོད་པ་ནི་མ་ཡིན་ནོ། །གཞན་དུན་སྒྲ་ལས་བྱུང་བ་ན་རེད་གི་དོན་རྗེས་སུ ་དཔག་པ་ཉིད་ཀྱི་ཕྱིར་ངེས་པ་སྟོན་པ་འདི་མི་རིགས་པར་འགྱུར་ཏེ། ཐལ་བར་འགྱུར་བ་མེད་པའི་ཕྱིར་རོ། །རང་གི་དོན་རྗེས་སུ་དཔག་པ་ལང་འཐེལ་བར་འགྱུར་བ་མེད་པའི་ཕྱིར་ཏེ། དོན་གྱི་དག་ཉིད་ཀྱི་ཕྱིར་རོ། །དོན་གཉིས་ཀ་ལྷུར་ལེན་པ་སྔོན་མ་ཅན་ནི་མངོན་པར་བརྗོད་པར ་བལྟོས་པ་མེད་པ་རང་དོན་རྗེས་སུ་དཔག་པས་ངེས་པའོ། །དེ་ལྟར་ནི་སྒྲ་མངོན་སུམ་དུ་ཉེ་བར་དམིགས་ནས། དེ་རིགས་མཐུན་པ་གཞན་ལ་ཡོད་པ་ཉིད་དང། མེད་པ་ལ་མེད་པ་ཉིད་དྲན་ཏེ། དེ་ཙམ་ཁོ་ནས་བརྗོད་པར་བྱ་བ་རྟོགས་པར་བྱེད་དོ། །དེའི་ཕྱིར་རྟོགས་པར་བྱེད་པ་ཉིད་ཙམ་ཉེ་བར ་གཟུང་ནས་དཔེར་བྱས་པའོ་ཞེས་པའོ། །གཉིས་ཀ་མི་བརྗོད་པ་ཞེས་པ། འདིར་འདི་ནི་དགོངས་པ་སྟེ། དཔེ་ལ་སྒྲུབ་བྱའི་ཆོས་ནི་སྒྲུབ་པར་བྱེད་པའི་དངོས་པོ་སྟེའི་ཙམ་དང་རྗེས་སུ་འབྲེལ་པས་དེའི་རང་བཞིན་ཉིད་དུ་སྟོན་ཏེ། གང་བྱས་པའི་རང་བཞིན་སྐྱེད་པར་བྱེད་པ་དེ་མི་རྟག་པའི ་རང་བཞིན་དུ་གྱུར་པ་སྐྱེད་པར་བྱེའོ་ཞེས་པའི་ཚད་མ་རབས་བསྟན་པར་བྱའོ། །གཞན་དུ་ན་ཆོས་གཅིག་ཡིད་དིར་གྱུར་པ་ལས། དེ་ལས་གཞན་པས་ཀྱང་འབྱུང་བར་བྱའོ། །ཞེས་པའི་ངེས་པ་མེད་པའི་ཕྱིར་འཁྲུལ་བར་དོགས་པར་འགྱུར་རོ། །ཚད་མ་ངེས་ཀྱང་དེ་ཙམ ་དང་རྗེས་སུ་འབྲེལ་པར་བརྗོད་པར་བྱའོ། །རང་གི་རྒྱུ་ཁོ་ན་ལས་བྱས་པ་དེ་ལྟར་གྱུར་པར་སྐྱེས་པ་གང་ཡིན་པ་འཇིགས་པའི་དང་ཅན་ནི་སྐད་ཅིག་ཙམ་གནས་པའི་ཆོས་ཅན་ཏེ། གཞན་ལས་དེའི་དངོས་པོ་། འགས་ལའི་ཕྱིར་རོ། །ཡང་ན་རྒྱུའི་དངོས་པོར་ཏེ། དེ་ཐོད?་པ་ཁོ་ན ་ལས་འབྱུང་བའི་ཕྱིར་རོ་ཞེས་དོན་གཞན་དཔེ་ཡིས་རབ་ཏུ་བསྟན་པར་བྱའོ། །དོ་ལྟར་དྲེའི་དངོས་པོ་དང་རྒྱུའི་དངོས་པོར་རབ་ཏུ་གྲུབ་པ་ན་རྗེས་སུ་འགྲོབ་དང་ལྡོག་པ་འགྲུ་བོ་།གང་རྣམས་དེའི་དངོས་པོ་དང་རྒྱུའི་དངོས་པོ་དག་རབ་ཏུ་གྲུབ་པ་ཁོ་ན་ཡིན་པ་དེ་རྣམས་ལ་གཏན་ཚིགས་ཁོ་ན་བརྗོད་པར་བྱ ་སྟེ། གང་གི་དོན་དུ་དཔེ་བརྗོད་པར་བྱ་བའི་དོན་ཏེ། གྲུབ་ཟིན་ནོ་ཞས་པས་དེ་བརྗོད་པས་ཅི་ཞིག་ཅེས་བའོ། །འདི་ནི་རང་གི་འདོད་པ་ལ་བལྟོས་པས་དགོངས་པ་བརྗོད་པའོ། །ཕ་རོལ་གྱི་འདོད་པ་ལ་བལྟོས་པས་ནི་མཐུན་ཕྱོགས་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཡོད་དང་འགྱུར་བ་ཙམ ་བཤད་པའི་ཚད་དུ་རིགས་མཐུན་པའི་དཔེ་བརྗོད་ཅིང། ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མི་མཐུན་ཕྱོགས་དག་གི་ལྷན་ཅིག་འབྱུང་བ་ཙམ་བཤད་པའི་ཚད་དུ་སྟེ། གང་རྣམས་དེ་གཉིས་ཀ་རྟོགས་ཟིན་པ་དེ་རྣམས་ཀྱི་དོར་གཉིས་མི་བརྗོད་པ་སྟེ། དཔེ་ཡིས་རྟོཊ་པར ་བྱ་བའི་དོན་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་པའོ། །དོན་གྱི་གོ་བས་ཞེས་པ་ལ་སོགས་པ། འདི་ནི་རང་གི་འདོད་པས་བཤད་པའོ། །འདིར་ཡང་དཔེ་ཡིས་དེའི་དངོས་པོར་གཏན་ཚིགས་ཀྱི་དངོས་པོར་སྟོན་པར་སེམས་བཞིན་པས་དོན་གྱི་གོ་བས་གཅིག་བརྗོད་པས་གཉིས་པ་འགྲུབ་པར་གསུངས་སོ ་དེ་ལྟར་ན་གང་བྱས་པ་དེ་མི་རྟག་པ་ཁོ་ནའོ་ཞེས་བརྗོད་པ་ན་དོན་གཞན་མ་ཡིན་པར་གྱུར་པ་ན། གསལ་བར་འདི་ནི་འདིའི་རང་བཞིན་ཏེ། དེ་ཙམ་དང་རྗེས་སུ་འཕེལ་པ་ཚད་མས་མཐོང་ཞིང་དེའི་དིངས་པོར་དེས་པའི་ཕྱིར་རོ་ཞེས་འབྲེལ་བར་ཤེས་པ་ནི་དོན་གྱིས་གོ་བས་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་དུ་མི་འགྱུར ་ཞེས་པར་འགྱུར་ཏ། ཐ་མི་དད་པའི་ཕྱིར་རོ། །གཞན་དུ་ན་དེ་ཡོད་པ་ན་ཡོད་པ་ཁོ་ནའོ་ཞེས་པ་འདི་ཁོ་ན་མི་འགྱུར་རོ། །དེ་མེད་པ་ན་མི་འགྱུར་བ་ཁོ་ནའོ་ཞེས་པ་འདི་བརྗོད་པ་ན། དེ་ཡོད་པར་རིགས་པ་ནི་གསལ་བར་འདི་ནི་འདིའི་རང་བཞིན་ཏེ། གང་གིས་དེ་མེད་པ་ན་མི་འབྱུང་བའོ། །གཞན་དུ་ན་མི ་རིགས་པའི་ཕྱིར་རོ། ཞེས་དེའི་དང་བཞིན་ཉིད་དུ་རྟོགས་པས་རྗེས་སུ་འགྲོ་བ་དྲན་པར་འགྱུར་རོ། །དེ་བཞིན་དུ་གང་ན་དུ་བ་ཡོད་པ་དེར་མེར་འགྱུར་གབོན?་ཞེས་བརྗོད་པ་ན། གང་གིས་དུ་བ་ཡོང་བ་མེད་གདོན་མི་ཟ་བར་འགྱུར་བ་དུ་བ་ནི་མེའི་འབྲས་བུ་སྟེ། གཞན་དུ་ན་དོན་གཞན་དེ་དང་རྗེས་སུ་འབྲེལ ་པའི་ངེས་པ་མེད་པའི་ཕྱིར་ན་རང་བཞིན་རང་དབང་ཅན་དུ་འགྱུར་ཏེ། དེ་མེད་ཕ་ལ་ཡང་རང་བཞིན་མ་ཚད་བ་མེད་པའི་ཕྱིར་ན་མེད་ཕ་མ་ཡིན་ནོ། །འབྲས་བུ་ལ་ནི་གདོན་མི་ཟ་བར་རྒྱུར་འགྱུར་བ་ཡིན་ཏེ། འདི་ལོ་ན་རྒྱུ་ཡི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་དོན་གཞན་ཡོད་པ་ན་རང ་བཞིན་ཉེ་བར་སྒྲུབ་ཅིང། འབྲས་བུ་ཡང་དེ་ཡོད་པ་ཁོ་ན་ལ་ཡོད་སྟེ། དེ་ཡང་དུ་བ་ལ་ཡོད་ཅིང་དེའི་ཕྱིར་དུ་བ་འབྲས་བུའོ། །དེ་ལྟར་རྗེས་སུ་འགྲོ་བསད་འབྲས་བུ་ཉིད་དུ་རིག་བའི། སྲེག་པར་བྱེད་པ་མེད་པ་ན་དུ་བ་འགྱུར་བམ་ཡིན་ནོ་ཞེས་དོན་གྱིས་ལྡོག་པ་རྟགས་པར་འགྱུར། །དེ་བཞིན་དུ་མེ་མེད་པ་ལ་དུ་བ་མེད་པ་ཁོ ་ནའོ་ཞེས་བརྗོད་པ་ན། དུ་བ་ལ་མེ་གདོན་མི་ཟ་བར་ཞེས་དོན་གྱིས་རྗེས་སུ་འགྲོ་བ་རྟོགས་སོ་ཞེས་པའོ། །སྒྲུབ་པར་བྱེད་པའི་དག་གཅིག་ལ་གཉིས་ཀ་དག་སྦྱོར་བར་འདོད་པ་མ་ཡིན་ཏེ། དོན་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །རྗེས་སུ ་དཔག་པ་ལ་ཡང་ཞེས་རང་གི་དོན་རྗེས་སུ་དཔག་པ་ལའོ། །ཚུལ་འདི་ཞེས་པ་རྟོགས་པའི་ཚུལ་ལོ། དྲན་པ་སྐྱེད་པར་བྱེད་པ་ཁོ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་སོ་སོར་རྟོགས་པ་དག་ཕྱོགས་ཆོས་ངེས་པར་འགྱུར་པ་ན་རན་དོན་རྗེས་སུ་དཔག་པ་ལ་ཡང་འདི་མཐོང་ངོ་ཞེས ་པའི་དོན་ཏེ། །དེ་སྟོན་པར་གསུངས་པ། གལ་ཏེ་འདི་ཞེས་པ་ལ་སོགས་པའོ། དེ་ཉིད་ཀྱི་ཕྱིར་ཞེས་པ། གང་གི་ཕྱིར་རང་དོན་རྗེས་དུ་དཔག་པ་ལ་ཡང་ཚུལ་འདི་མཐོང་ངོ་ཞེས་པའི་དོན་ཡིན་པ་དེའི་ཕྱིར་གཞན་དོན་རྗེས་སུ་དཔག་པ་ལ་ཚུལ་འདི་བལྟ་བར ་བྱ་སྟེ། དེ་ནི་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཞེས་སྟན་ཅིང་ཐལ་བར་འགྱུར་བ་ལས་ཀྱང། ཅེ་བར་སྦྱོར་བ་ལ་སོགས་པ་རྣམས་དགག་པ་བསྒྲུབ་པའི་ཆེད་དུ་གསུངས་པ། རང་གིས་ངེས་བཞིན་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་བདག་ཉིད་ལ་ངེས་པ་སྐྱེད་པ་དེ་ལྟར་ཕ ་རོལ་པོ་རྣམས་ལས་ཡང་ངེས་པ་སྐྱེད་པའི་ཆེད་དུ། གང་ལས་འདོད་པར་འགྱུར་བ་དང། གང་ལས་ཕྱོག་ཆོས་ཉིད་དོད་འབྲེལ་པ་དག་གི་བསྒྲུབ་བྱ་བརྗོད་པ་བསྒྲུབ་བྱ་གསར་བ་བྱེད་པའི་བང་གཉིད་དུ་འགྱུར་བའོ། །དེས་ན་ཕྱོཊ་ལ་སོཊ་བའི་ཚིག་ལས་གཞན་བདེ་ལ་ཉེ་བར་མི་མ་བོ་བ་ཤེས་པ་ལ་སོཊ་པ་སྣཾས་གཞན་དོན་རྗེས་སུ་དཔག ་ཡལ་དོར་བའོ་ཞེས་པའི་དོན་ནོ། །གཞན་དག་སང་ཞེས་པ་འདིར་ཕྱོགས་ཆོས་ལ་སོགས་པ་བརྗོད་པ་ལས་ཞེས་བརྟག་པར་བྱའོ། ཡང་ཅི་ལྟར་བཅད་པར་བྱེད་པའི་དོན་ཅན་བརྗོད་པ་གསལ་བར་བྱེད་པ་ལ་འཇུག་པ་སྟེ། དཔེར་ན་རིག?་བྲེས?་སྨྲའོ་ཞེས་པ་འདིར་སྨྲ་བ་ཇི་ལྟར ་ཡིན་བལྟ་བུ་སྟེ་སྐད་ཀྱི་བྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་རོ། །འབྲེལ་པ་ནི་མེད་ན་མི་འབྱུང་བའོ། །རྗེས་སུ་དཔག་པར་བྱ་བ་བསྟན་པའི་དོན་ཕྱོགས་བརྗོད་པ་ཞེས་པ་ནི་ཕྱོགས་ཀྱི་སྒྲ་ནི་འདིར་དོན་གྱི་རྣམ་གྲངས་སོ། །ཇི་སྐད་དུ་གསུངས་ལ་ཡོད་པའི་དོན་ནི་ཕྱོགས་ཞེས ་སོ་དད་པའི་སྐད་བཤད་པར་འགྱུར་ཏེ། རྗེས་སུ་དཔག་པའི་དུས་སུ་དོན་གང་ཅི་ཡང་རུང་བ་བརྗོད་པ་དེ་རྗེས་སུ་དཔག་པར་བྱ་བ་རྟོགས་པའི་དོན་དུ་སྟེ། དེ་ལ་དགོས་པ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཕྱོགས་ཆོས་ལས་སོགས་པ་རྗོད་པ་ནུས་པ་མངོན་པར་བརྗོད་པ་ཁོ ་ན་ནི་གཞན་དོན་རྗེས་སུ་དཔོག་པ་ལ་ཡན་ལག་གི་དངོས་པོ་སྟེ། དེའི་ཕྱིར་དེ་ཁོ་ན་ཉེ་བར་བླང་རོ་ཞེས་པ་དགོངས་པའོ། །དེའི་ཕྱིར་གསུངས་པ། གཞན་གྱི་ཡང་མ་ཡིན་ཞེས་པ་ལ་སོགས་པའོ། །འདིས་དེ་མ་ཐག་པར་བརྗོད་པ་ཁོ་ནའི་ཡན་ལག་གི་དངོས་པོའོ་ཞེས་པ ་འདི་གསལ་བར་བྱེད་དོ། །ཤེས་འདོད་ལ་སོགས་པ་རྣམས་ཀྱི་ཞེས་པས་ཤེས་འདོད་དང་ཐི་ཚོན་དག་དོགས་པ་དང་ནུས་པ་ཐོབ་པ་རྣམས་འཕངས་པ་ཡིན་ནོ། །ཉེ་བར་སྦྱོར་བ་དང་འཇུག་སྡུད་དག་སོགས་པའི་སྒྲ་ཡིས་འཕངས་ནའང། སླར་ཡང་ཁྱད་པར་དུ་སྤངས ་པ་ནི། དགས་པ་ཅན་པ་རྣམས་ཀྱིས་ཤེ་སྤར་འདོད་པ་སུན་ཕྱུང་ནས། དེ་དག་ཡན་ལག་གཞན་ཉིད་དུ་རྣམ་པར་བཞག་པའི་ཕྱིར་རོ། །དེ་དག་ཡན་ལག་གཞན་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། བརྗོད་ཟིན་པ་དང་ནུས་པ་མེད་པའི་དོན་སྟོན་པའི་ཕྱིར་ཏེ། ཇི ་ལྟར་རིགས་པར་རོ། །དཔེའི་ཚིག་ཀྱང་ཞེས་པ་ལ་སོགས་པས། བརྗོད་ཟིན་པའི་དོན་སྟོན་པའི་ཕྱིར་རོ་ཞེས་པ་འདེམ་ངེས་པ་ཉིད་དུ་སྨྲས་སོ། །གཏན་ཚིགས་ཀྱི་དོན་སྟོན་པའི་ཕྱིར་རོ་ཞེས་པ་སྐད་གི་ཕྱིར་དཔེ?་མིས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་དགའ་? ་ཡོད་པ་དང་མེད་པ་ཉིད་དག་གི་གཏན་ཚིགས་ཀྱི་དོན་ཁོ་ན་སྟོན་ཏོ། །གལ་ཏེ་གཏན་ཚིགས་ལས་ཞེས་པ་ལ་སོགས་པས། ལན་འདེབས་སོ། གཏན་ཚིགས་ལས་ཞེས་པ་གཏན་ཚིགས་ཀྱི་ཚིག་ལས་སོ། །གལ་ཏེ་ཡང་གཏན་ཚིགས་ལས་དཔེ་ཐ་དད་མེད་པར་བསྒྲགས་ཏེ ་དེས་ཀྱང་གཏན་ཚིགས་ཀྱི་དོན་གྱི་ཕྱོགས་གཅིག་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཉེ་བར་སྒྱུར་བ་ལ་སོགས་པ་བཞིན་དུ་དགོས་པ་མེད་པ་མ་ཡིན་ཏེ། གཏན་ཚིགས་ཀྱི་ཚིག་གིས་མ་བརྗོད་པའི་གཏན་ཚིགས་ཀྱི་དོན་སྟོན་པའི་ཕྱིར་རོ། །གཏན་ཚིགས་འབྲེལ ་པ་སྒྲུབ་དོན་དུ། ཞེས་པ་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བ་ཉིད་རབ་ཏུ་བསྟན་པའི་དོན་དུའོ་ཞེས་པའི་དོན་ཏོ། །ལོགས་ཅིག་ཅེས་ཁ་མ་འབྲེལ་པ་སྟེ། ལོགས་པའི་དོན་མངོན་པར་རྗོད་པའི་ཕྱིར་རོ། ལོགས་པར་འགྱུར་པའི་མོད་སྟེ་གཏན་ཚིགས་ཀྱི་ཚིག་གི་བརྗོད་པར ་བྱ་བ་མ་ཡིན་པའི་དོན་མ་འབྲེལ་པའི་དོན་མངོན་པར་བརྗོད་པར་པར་འགྱུར་མོད་ཞེས་པའི་ཐ་ཚིག་གོ། གཏན་ཚིགས་ལྷག་མར་བཏུ་འགྲུབ་པའི་དོན་དུ་ཞེས་པ། གཏན་ཚིགས་ལས་གཞན་གང་ཡིན་པ་དེ་ནི་ལྷག་མའོ། །དེ་ཡང་བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱེད་པ་དག་དང་དེའི་མི་མཐུན ་བྱ་བ་མ་ཡིན་པའི་དོན་མ་འབྲེལ་པའི་དོན་མངོན་པར་བརྗོད་པར་འགྱུར་མོད་ཞེས་པའི་ཐ་ཚིག་གོ། །གཏན་ཚིགས་ལྷག་མ་རབ་ཏུ་འགྲུབ་པའི་དོན་དུ་ཞེས་བ། གཏན་ཚིག་ལས་གཞན་གང་ཡིན་པ་དེ་ནི་ལྷག་མའོ། །དེ་ཡང་བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱེད་པ་དག་དང་དེའི་མི་མཐུན ་ཕྱོགས་དག་ལྷན་ཅིག་འབྱུང་བ་ཕ་རོལ་པོས་མངོན་པར་འདོད་པ་སྟེ། དེ་རབ་ཏུ་འགྲུབ་པའི་དོན་དུའོ། །སྒྲ་མི་རྟག་སྟེ་བྱ་བ་ཉིད་ཀྱི་ཕྱིར་བུམ་པར་བཞིན་ཞེས་བྱས་པར། བྱས་པ་ཉིད་དང་མི་རྟག་པ་ཉིད་དག་གི་ལྷན་ཅིག་འབྱུང་བ་བུམ་པ་ལ་རྟོགས་པར་བདེ་ལ། དེ་བཞིན་དེ་རྟོག་པ་ནི་མ་བྱས་པའོ ་ཞེས་བྱས་པ་ན། ནམ་མཁའ་ལ་རྟག་པ་དང་མ་བྱས་པ་ཉིད་དག་གིས་སོ་དེའི་ཕྱིར་དཔེ་ནི་ལོཊ་པ་ཁོ་ནང་འགྱུར་མོད་བའོ། འཇིག་རྟེན་མཚུངས་ཕྱིར་སོགས་པ་མིན་ཞེས་པ་འཇིག་རྟེན་པའི་སྦྱོར་བ་དང་མཚུངས་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ལྟར་ནི་ན་ཞེས ་པར་སོགས་པའོ། །འཇིག་རྟེན་པའི་སྦྱོར་བ་ལ་དཔེ་ནི་གཏན་ཚིགས་ཀྱི་དོན་དང་མ་འབྲེལ་པ་དེ་ཉིད་བསྟན་པའི་ཆེད་དུ་གསུངས་པ། དེ་བོ་བརྗོད་དང། ཆོས་མཐུན་ཞེས་པ་ལ་སོགས་པའོ། །དེའི་བརྗེད་བུམ་པ་ལ་སོགས་པ་དང་བྱས་པ་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་ནི་འཇིག་རྟེན་པ་རྣམས་ཀྱིས་འཇོད་དོ། མཚན? ་ཉིད་ཀྱི་དབང་ཤེས་སྦྱོར་བར་འགྱུར་ཞིང། དེ་རྣམས་ཀྱི་ནཊ་ཀྱི་མཚན་ཉིད་ཀྱང་དཔེ་བརྗོད་དང་ཚེས་མཐུན་པ་ཉིན་ལས་བསྒྲུབ་པར་བྱ་བ་ལ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་པའོ། །དེ་ལྟར་ནམ་བསྐྱོར་ཐ་ལས་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་འབའ་ཞིག་བརྗོད། སྒྲ་ཟམི་རྟག ་སྟེ?་བྱས་ལ་ཉིད་ཀྱི་ཕྱིར་བུ་མལ་བ་བཞིན་ཞེས་ཀྱི། བསྒྲུབ་བྱ་བ་སྒྲུབ་བྱེད་ཉིད་མ་བརྗོད་དོ་ཞེས་མེད་ན་མི་འབྱུང་བ་བསྟན་པའི་སྟོབས་ཀྱིས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་འཐོབ་ཀྱི། ཆོས་མཐུན་པ་ཉིད་ཙམ་བརྗོད་པ་ལས་ནི་མ་ཡིན་ནོ། །འདི་ལྟར་འགྱུར་མདོ་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན ་ཚོགས་ཞེས་པའི་ཚིག་ལས་ན། ཅི་ལྟར་བསྒྲུབ་པར་བྱ་བསྒྲུབ་པར་བྱེད་པ་དམ་བརྗོད་པ་ཡིན་ཞེ་ན་གསུངས་པ། ཇི་ལྟར་ནི་ཞེས་པ་ལ་སིཊ་བ་སྟེ། གང་?་ཕྱིར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་ནི། ན་ལག་དི་ཀྱི་ཐུན་མོད་པའི་ངེའོ་མཚོན་པར་བྱ་བ་སྟེ། དེ་མ་ཆན་ཉིད་མ་ཡིན་ནོ། །ངེ་ཁོ་ན ་ཡོངས་སུ་ཤེས་པར་བྱ་བའི་ཚད་དུ་མཚན་ཉིད་བྱ་བ་ཡིན་ཏེ། དེའི་ཕྱིར་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ཙམ་ཁོ་ན་གཏན་ཚིཊ་ཀྱི་མཚོན་ཉིད་དུ་ཞེས་པས་སྦྱོར་བ་ལ་ཡན་བརྗོད་པར་བྱའོ། །དེ་ཆོད་པ་ཙམ་གྱིས་གཏན་ཚིཊ་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། ་གཞན་དུ་ན་སྒྲ་རྟག་སྟེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ་འདི་ཡང་འགྱུར་རོ་ཞེ་ན་གསུངས་པ། དེ་ལྟར་ཡང་ནི་དཔེ་ཙམ་ཉིད་ཅེས་པའོ། ད།ེ་ལྟ་ན་ཡང་དཔེ་ཉིད་ཙམ་རབ་ཏུ་སྟན་པ་ནི་སྦྱོར་བ་ལ་བསྟན་སྟེ། བུམ་ལ་བཞིན་དུ་བྱས་པ་ཉིད་ཀྱི་ཕྱིར་མི་ཨརྟག་ཅེས་པ་ལ་གཏན་ཚིག་ལ་རྗེས་སུ ་མི་འཛིན་པའི་ཕྱིར་ཞས་བ། ལྷན་ཅིག་འབྱུང་བ་ཙམ་བསྟན་པས་ནི་གཏན་ཚིཊ་རྗེས་སུ་འཛིན་པ་ཅི་ཡང་བྱས་པ་མ་ཡིན་ནོ། །ཅི་སྟེ་ཡང་འགྱུར་མོད་ཅེས་པ་ལ་སོཊ་པས་ནི་ཆོས་མི་མཐུན་པ་ཉིད་ཀྱང་གཏན་ཚིཊ་རྗེས་སུ་འཛིན་པའི་དོར་ནུས་པ་མེད་པ་ཉིད་སྨྲས་པའོ། །བསྒྲུབ་པར་བྱ་བ ་ནུབ། །ན་ཆེཊ་མེད་པ་རབ་ཏུ་བསྟན་པས་རྗེས་སུ་གཟུང་བར་འགྱུར་གྱི། བསྒྲུབ་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པར་མི་མཐུན་པའི་ཕྱོཊ་དག་ལྷན་ཅིག་སྦྱོར་པ་ཙམ་བསྟན་པས་ནི་མ་ཡིན་ནོ། །འཇིག་རྟེན་པའི་སྦྱོར་བས་ཀྱང་འདི་ཙམ་ཁོ་ན་བྱ་བ་སྟེ། བཟློག་པས་རྟག་པའི ་དཔེ་ལྡག་པའི་དོན་དུ་ཞེས་པ། མ་བྱས་པ་ཉིད་...་ལྡོག་བྱས་ཏེ་བྱས་པ་ཉིད་ཀྱིས་རྟག་པའི་དཔེ་ལྡོག་པའི་དོན་དུ་སྟེ། ནམ་མཁའ་བཞིན་དུ་རྟག་པ་མ་ཡིན་ཞེས་རྟག་པ་ནམ་མཁའ་ལ་སོགས་པ་ཡིས་སྒྲ་རྒྱས་པ་ཡིད་རེ་རྐིན?་བདུད ་ཞེས་པའི་དོན་ཏོ། །ཅི་སྟེ་ཡང་ཞེས་པ་བསྒྲུབ་པར་བྱ་བ་འགྲུབ་པའི་ཆེད་དུ། གཏན་ཚིགས་རྗེས་སུ་འཛིན་པ་ཚོལ་བ་ཡིན་ཞིང། དེ་གལ་ཏེ་དཔེ་ཙམ་གྱིས་འགྱུར་ན་གཏན་ཚིགས་རྗེས་སུ་འཛིན་པ་དོན་མེད་པར་འགྱུར་ཏེ། དཔེ་ཙམ་གྱིས་བསྒྲུབ་པར་བྱ་བ་འགྲུབ་སོ་ཞེས་པ་ལོས་སེམས ་པའོ། །འགྲུབ་པ་ཁོ་ན་བསྒྲུབ་པར་བྱ་བ་རྗེས་སུ་འཛིན་པའོ། །འདི་ཡོད་པ་མ་ཡིན་ཏེ་ཞེས་པ་དཔེ་ཙམ་གྱིས?་སྒྲུབ་པར་བྱ་བ་རྗེས་སུ་འཛིན་པར་འགྱུར་བ་མ་ཡིན་ནོ། དེའི་ཕྱིར་ཞེ??་ན། ཞེ་ན། དེ་ལ། དེ་ཞེས་པ་ལ་སོཊ་པ་སྟེ། གཏན་ཚིཊ་བཅས་པའི་བསྒྲུབ?་པར་བྱ་བའི་དང་བསྒྲུབ་བྱ་ཅན་གྱི་སྟེ་སྒྲུབ་བྱ་ཙམ ་གྱི་ཞེས་ལ་ཕྱི་མར་མངོན་པར་བརྗོད་པའི་ཕྱིར། སྔ་མ་ནི་གཏན་ཚིཊ་བཅས་པ་བསྒྲུབ་པར་བྱ་བའི་ཞེས་རྟོཊ་པར་བྱའོ། །དེའི་ཁྱད་པར་གྱི་འམ། དེའི་སྒྲ་ཡིས་བསྒྲུབ་པར་བྱ་བ་ལ་བསྙེགས་སོ། །དཔེ་ཡིན་ཏེ། དཔེ་ཡིན་པ་ནའོ། །དཔེ་ནི་ཐུག་པ་མེད་འགྱུར་ཞིང། གཏན་ནི་ཚིགས་དང་བཅས ་པའི་བསྒྲུབ་པར་བྱ་བ་དཔེ་ཡིན་ནའོ། །ཕྱི་མ་དག་ཡིན་ན་ནི། མི་མཐུན་ཕྱོགས་ལས་ཟློག་པ་ཡང་བརྗོད་པར་བྱའོ། །དཔེར་ན་བུམ་པ་ནི་བྱས་པའི་ཕྱིར་མི་རྟག་སྟེ། དེ་བཞིན་དུ་སྒྲ་ཡང་ཡིན་ནོ། །ཞེས་པ་དཔེར་ན་བུམ་པ་བྱས་པ་ཉིད་ཀྱིས་མི་རྟག་པ་ཉིད་དུ་རྗེས་སུ་དཔག་པ་དེ་ལྟ ་བུ་སྒྲ་ཡང་ཡིན་ནོ་ཞེས་པའི་ཐ་ཚིག་གོ་།སླར་ཡང་བུམ་པ་མི་རྟག་པ་ཉིད་ལ་ཡན་ཞེས་པ་ལ་སོགས་པ་ཇི་ལྟར་སྒྲ་ལ་དཔེ་ཡིས་མི་རྟག་པ་ཉིད་འགྲུབ་པ་དེ་བཞིན་དུ་བུམ་པ་ལ་སྟོ། དེ་བཞིན་དུ་དེའི་དཔེ་ལ་ཡང་དོ་ཞེས་པ་ཐུག་པ་མེད་པའོ། །ནམ་མཁའ་བཞིན་དུ ་རྟག་པ་ནི་མ་ཡིན་ནོ་ཞེས་པ། རྟག་པ་ཉིད་བཀའ་ལས་མི་རྟག་པ་ཉིད་ཙམ་བསྒྲུབ་པར་བྱ་བའོ་ཞེས་སྟོན་པར་བྱེད་དོ། །དེས་ནི་ནམ་མཁའ་ལ་སོགས་པ་རྣམས་ལས་ཞེས་པ་ལ་སོགས་པ་སྟེ། མི་མཐུན་ཕྱོགས་ལས་འོགས་པ་མེད་པ་ནི་གོ་བར་བྱེད་པ་མ་ཡིན་པས་ཏེ། དེའི ་ཕྱིར་ནམ་མཁའ་བཞིན་དུ་རྟག་པ་ནི་མ་ཡིན་ནོ་ཞེས་པ་འདི་བརྗོད་པར་འདོད་པ་ན། བྱས་པ་ཉིད་ཀྱི་ཉེ་བར་སྤྱོད་བ་སྟོན་པས་ནམ་མཁའ་ལ་སོགས་པ་མི་མཐུན་ཕྱོགས་རྣམས་ལས་དེའི་ལྡོག་པ་ཉེ་བར་བསྟན་པར་བྱ་སྟེ། བྱས་པ་ཉིད་ལས་གྱུར་ན་མི་རུང་ངོ། །ཞེས་འདིའི་དོན་མེད་པ་ཉིད་དོ་ཞེས་པའོ། །?? ་པས་ཡང་མ་ཡིན་ནོ་ཞེས་པ་བུམ་པ་བཞིན་དུ་མི་རྟག་པའོ་ཞེས་པ་འདི་ཙམ་གྱིས་དེ་རྣམས་ལས་ལྡོག་པ་རྟོག་པ་མ་ཡིན་པས། །སྣམ་བུ་ལ་སོགས་པ་བཞིན་དུ་...་ནི་མ་ཡིན་ཞེས་པ་ཁྱད་པར་གཞན་བཀག་པས་ཁྱད་པར་བསྒྲུབ་པར་བྱའོ་ཞེ་སྟོན་ཏོ། །དེ་ལྟ་ན་ཡང་སྣམ་བུ ་ལ་སོགས་པ་རྣམས་ལས་ཞེས་པ་ལ་སོགས་པ་སྟེ། ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ན་ནམ་མཁའ་ལ་སོགས་པ་བཞིན་དུ་སྣམ་བུ་ལ་སོགས་པ་ཡང་མི་མཐུན་པའི་ཕྱོགས་ཁོ་ན་སྟེ། དེའི་ཕྱིར་ཡང་དེ་ལས་ཀྱང་གཏན་ཚིགས་ལྡོག་པ་བརྗོད་པར་བྱ་སྟེ། གཞན་དུན་བྱིས་པ་ཉིད་ཀྱིས ་ཕྱིར་སྣམ་བུ་བཞིན་དུ་མི་རྟོག་ཞེས་པར་ཡང་འགྱུར་རོ། །དཔེ་ཙམ་བསྟན་པས་དེ་རྟོགས་པ་ཡང་མ་ཡིན་ཏེ། སྣམ་བུ་ལ་སོགས་པ་རྣམས་ཀྱང་བྱས་པ་ཉིད་ལས་ཡོད་པ་ཡང་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་ཐམས་ཅད་དུ་རྣམ་པ་དང་ལྡན་པ་ཡང་མ་ཡིན་ཞེས་པ་ཁྱད་པར་དང་ལྡན་པ་མ་ཡིན ་ཞེས་པའི་བའོ། །ཐམས་ཅད་དུ་ཞེས་སྨོས་པ་ནི་ཁ་ཅིག་ཏུ་རྣམ་པ་དང་ལྡན་པ་ཉིད་སྲིད་པའི་ཕྱིར་ཏེ། དཔེར་ན་འདིའི་མེའོ་ཞེས་པ་དེར་ནི་བསྒྲུབ་པར་བྱ་བའི་ཆོས་ནི་ཆོས་ཅན་གྱི་ངོ་བོ་ཡིན་གྱི་ཆོས་ཀྱི་ངོ་བོ་ནི་མ་ཡིན་ཏེ། ཆོས་ཅན་ཡང་རྣམ་པ་དང་ལྡན་པ་ཉིད་སྲིད་པའོ། །ཡང ་ན་བསྒྲུབ་པར་བྱ་བ་ནི་ཐམས་ཅད་དུ་རྣམ་པ་དང་ལྡན་པ་འང་མ་ཡིན་ནོ་ཞེས་པ། སྤྱི་ཁོ་ན་ནི་མི་ལྡན་པ་རྣམ་པར་བཅད་པས་བསྒྲུབ་པར་བྱ་བ་སྟེ། ཐམས་ཅད་དུ་ཞེས་པ་ངེས་པར་འཛིན་པར་བལྟ་བར་བྱ་སྟེ། ཐམས་ཅད་ཁོ་ནར་རྣམ་པ་དང་ལྡན་པ་མ་ཡིན་ཞེས་པའི་དོན་ཏོ། །འོ་ན་བགལ་ཞིག་ཏུ་རྣམ་པ་དང་ལྡན་དེ་ཡོད་པ་མ་ཡིན ་ནམ། དེ་ལྟར་ནི་སྲེག་པར་བྱེད་པ་ལ་སོགས། པ་རྣམས་ཁྱད་པར་དང་ལྡན་པ་སྟེ། རྩཝ་ལས་བྱུང་བ་དང་ལོ་མ་ལས་བྱུང་བ་ལ་སོགས་པ་ཐཾ་ཅད་དད་པའི་ཕྱིར་རོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། དེ་ལས་ཡང་རྩཝ་ལས་བྱུང་བ་དང་ལོ་མ་ལས་བྱུང་བ་ལ་སོཊ་བ་སྲེག་པར་བྱེད་པའི ་ཁྱད་པར་སྒྲུབ་པར་བྱེད་པ་ན་ཡན་རྩ་ལས་བྱུང་བ་ལ་སོགས་པ་སྲེག་པར་བྱེད་པའི་སྤྱི་ཁོ་ན་བསྒྲུབ་པར་བྱའོ་ཞེས་པས་ཅིའི་ཕྱིར་རྣམ་པ་དང་ལྡན་པ་ཉིད་ཡིན། དེ་ཉིད་ཀྱི་ཕྱིར་གསུངས་པ། དམ་བཅའ་བའི་དོན་དང་ཡང་མ་འབྲེལ་པ་སྟེ་མི་རྟག་པ་ཉིད་དམ ་བཅའ་བའི་ཕྱིར་རོ། ཞེས་པ་མི་རྟག་པ་ཉིད་ཙམ་གྱིས་དམ་བཅས་པ་ན། དེ་ལ་བལྟོས་པ་ཁོ་ནས་བྱ་བཞིན་པའི་དཔེའི་དོན་འཐད་པར་འགྱུར་ཞིང། ཁྱད་པར་ལ་བལྟོས་པས་ནི་དམ་བཅའ་བའི་དོན་དང་འབྲེལ་བ་མ་ཡིན་ཏེ། གཞན་དམ་བཅས་ཤིང་གཞན་ཁོ་ན་ཉེ་བར་དཔོག་པས་སོ ་ཞེས་བྱས་ནས་སོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། དཔེ་གཏན་ཚིགས་ལས་ཐ་དད་པ་ཉིད་གྱུར་ན་ཕྱོགས་ཀྱི་ཆོས་ཙམ་ཁོ་ན་གཏན་ཚིགས་ཞེས་པ་འདི་ཐོབ་སྟེ། དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་པའི་མཚན་ཉིད་ཀྱི་ཕྱིར། ཡང་དེ་ལྟར ་གྱུར་ན་མི་འདོད་པ་ཅིར་འགྱུར་ཞེ་ན་གསུངས་པ། དེ་ལྟ་ན་ཡང་ཞེས་པ་ལ་སོགས་པའི། །དེ་ལ་འཁྲུལ་པའི་སྐབས་ཡོང་ངོ་ཞེས་པ་ནི་བསྒྲུབ་པར་བྱ་བའི་མི་མཐུན་ཕྱོགས་ལ་གཏན་ཚིགས་ཀྱི་མི་མཐུན་ཕྱོགས་རབ་ཏུ་མ་བསྟན་པའི་ཕྱིར་རོ། །གང་གི་ཡང་ཆོས་མི་མཐུན་པ་ཉིད་ཁོ་ནས་ཡིན་པ་དེའི ་ཡར་ཐུན་མོང་མ་ཡིན་པ་གཏན་ཚིག་ཉིད་པ་དུ་ཐལ་བར་འགྱུར་ཏེ། མཐུན་ཕྱོགས་ལ་གཏན་ཚིག་ཡོད་པར་གྱུར་པ་ཉིད་མ་བཤད་པའི་ཕྱིར་རོ། གང་གི་ཡང་གཉིས་ཀ་བརྗོད་པར་བྱ་བ་དེ་ལ་མི་རིད་དེ། གཉིག?་དག་ཉི་བ་བརྗོད་པ། བརྗོད་པ་ཉིད་ཀྱི་ཕྱིར་རོ། །དང་པོ་དང་ཐ་མའི་གསུམ་པའི ་དཔེ་བརྗོད་གྱི་མར་བ་ལ་ངེས་པ། དང་པོ་གསུམ་གྱི་དབེང་བརྗོད་ཕྱི་མ་ནི་མ་རྟག་པ་ཉིད་ཀྱི་ཕྱིར་རྩོལ་བ་ཐག་ཏུ་བྱུང་བ་ཞེས་པའོ། །འདི་ལ་བུམ་པ་ལ་སོཊ་པ་ཆོས་མཐུན་པ་ཉིད་ཀྱིས་དཔེ་དང། ནམ་མཁའ་ལ་སོགས་པ་ཆོས་མི་མཐུན་པ་ཉིད་ཀྱིས་ཉེ། དཔེ་གཉིས་ཀ་ལ་ཡོད་ན ་ཡང་མ་ངེས་པ་ཉིད་ཏེ། གློག་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མཛའ་མ་གསུམ་ལ་དཔེ་བརྗོད་ཕྱི་མ་ནི་རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་གོ་ཞེས་པ་སྟེ། འདི་ལ་ཡང་ནམ་མཁའ་ལ་སོགས་པ་ཆོས་མཐུན་པ་ཉིད་ཀྱི་དཔེ་དང། ཆོས་མི ་མཐུན་པ་ཉིད་ཀྱིས་བུམ་པ་ལ་སོགས་པའོ། །དེ་ལྟ་ན་ཡང་ལས་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་མ་ངེས་པའོ། །གཏན་ཚིགས་བསྒྲུབ་བྱ་གཉིས་མི་ལྡན། ཞེས་པ་གཏན་ཚིགས་དང་བསྒྲུབ་བྱེ་དད་གཉིས་པ་ནི་གཏན་ཚིགས་བསྒྲུབ་བྱ་གཉིས་ཏེ། དེ་དང་མི་ལྡན་པའོ། །ཡང་གཉིས ་ནི་གཏན་ཚིགས་དང་བསྒྲུབ་བྱའོ། །འདི་ཅི་ལས་ཞེ་ན། འདི་ཁོ་ན་སྐབས་ཡིན་པ་ཉིད་ཀྱི་ཕྱིར་དང། གཞན་ཡང་མ་ཐོས་པའི་ཕྱིར་རོ། །དེ་ཡི་མི་མཐུན་ཕྱོགས་མེད་བྱས། ཞེས་པ་དེའི་སྒྲས་གཏན་ཚིཊ་ཉིད་ལ་སོགས་པ་ལ་བསྙེགས་ཤིང། མི་མཐུན་ཕྱོཊ་ཀྱི་སྒྲས་འདིར་གཏན་ཚིཊ་ཉིད ་ལ་སོཊ་པ་མང་པ་ཙམ་བརྗོད་པར་འདོད་པ་སྟེ། གཏན་ཚིཊ་བ་སོགས་པ་མེད་པ་དང་བྲལ་པ་ཞེས་པའི་དོན་ཏོ། །རྗེས་འགྲོ་ཟློག་པ་རྣམ་གཉིས་དག་།ཅེས་པ་ཆོས་མཐུན་པ་ཉིད་དང། ཆོས་མི་མཐུན་པ་ཉིད་ཀྱི་བྱེ་བྲག་ལས། །ངེར་བྱུང་བ་ཞེས་པ་དཔེ་ལྟར་སྣང་བའོ། །རྗེས་འགྲོ་མེད་པ ་ཡང་ཞེས་པ། ཡང་ནི་སྒྲ་ནི་སྡུད་པ་ལ་རོ། །རྣམ་གཉིས་དག་ཅེས་འཇུག་གོ་།རྗེས་སུ་འགྲོ་བ་མེད་པ་ཡང་དཔེ་ལྟར་སང་བ་སྟེ། དེ་ཡང་གང་དུ་བསྒྲུབ་བྱ་དང་སྒྲུབ་བར་བྱེད་བདག་དང་དེའི་ན་ཆོས་མི་མཐུན་ཕྱོཊ་དག་ལྷན་ཅིག་འབྱུང་བ་ཙམ་སྟོན་པར་བྱེད་ཀྱི་ཁྱབ་པ་ནི་མ་ཡིན་ནོ། །གཞན ་རྣམས་ནི་རྣམ་གཉིས་ཞེས་པ་འདི་ཡང་གི་སྒྲས་སྡུད་པར་བྱེད་ཏེ། ང་འགྲོ་མིད་པ་ཡང་ཆོས་མཐུན་པ་ཉིད་ང་ཆོས་ཡིན་པ་ཉིད་ཀྱི་བྱེ་བྲག་ལས་རྣམ་པ་གཉིས་ཞེས་ཟེར་རོ། །འོན་ན་ཆོས་ཅན་མ་གྲུབ་པ་ཡན་དཔེ་ལྟར་སྣང་བ་མ་ཡིན་ནམ། དེ་ཡང་འདིར་མ་བསྡུས་ཏེ། དེའི་ཕྱིར་ཡང ་མ་ཁྱབ་པ་ཉིད་དོ་ཞེ་ན་གསུངས་པ། གཉིས་ཀ་དང་མི་ལྡན་པ་ཞེས་པ་འདི་ཁོ་ནས་དོན་གྱིས་ན་ཆོས་མཐུན་པ་ཉིད་ཉེ་བར་དྲངས་པས་ཆོས་ཅན་མ་གྲུབ་པ་ཡང་དཔེ་ལྟར་སྣང་བ་ཉིད་དུ་བཤད་དོ། །ནམ་མཁའ་ལ་སོགས་པ་རྟག་པར་ཁས་མ་བླངས་པ་ལ་ནི་གཉིས ་པ་དང་ལྡན་པ་མི་སྲིད་པའི་ཕྱིར་རོ། །ཆོས་མཐུན་གཉིད་ཉེ་བར་དྲངས་པ་སྨོས་པ་ནི། དེ་མེད་པའི་ཕྱིར་དེ་ལ་མི་འཇུག་པ་ལས་ཞེས་པ་ཆོས་མི་མཐུན་པ་ཉིད་ཉེ་བར་བླངས་པ་ཅན་མ་གྲུབ་པ་ལ་སྐྱོན་མེད་པའི་ཕྱིར་རོ། །དཔེར་ན་ཁ་ཅིག་ཁྱེར་བ་ཞེས་པ་བྱེ་བྲག་རྣམས་སོ། ། ་འདིས་ནི་རྗེས་སུ་འགྲོ་བ་མེད་པའི་དཔེ་ལྟར་སྣང་བ་ནི་དེ་རྣམས་ཀྱི་དཔེའི་མཚན་ཉིད་ཀྱིས་ཡོངས་སུ་བསྡུས་པ་མ་ཡིན་ནོ་ཞེས་སྟོན་ཏེ། གཏན་ཚིགས་སོགས་མེད་ཅེས་བ་ལ་སོཊ་ལས་འདི་རྣམས་དཔེ་ལྟར་སྣང་བ་ཉིད་ཡིན་པ་ལ་གཏན་ཚིཊ་གསུངས་སོ། །གཏན་ཚིཊ ་གང་རྣམས་ཀྱི་དང་པོ་ཡིན་པ་དེ་འདི་རྣམས་ནི་གཏན་ཚིགས་ལ་སོགས་པ་རྣམས་ཏེ་སོགས་པའི་སྒྲས་ནི་བསྒྲུབ་པར་བྱ་བ་དང། གཏན་ཚིག་དང་བསྒྲུབ་བྱའི་མཚན་ཉིད་གཉིས་དང། དེ་རྣམས་ཀྱི་མི་མཐུན་ཕྱོགས་གཟུང་བར་བྱའོ། །འདི་ལ་གཏན་ཚིགས་ལ་སོགས་བ་རྣམས ་ཡོད་པ་མ་ཡིན་པས་ན་གཏན་ཚིགས་སོགས་མེད་དོ། །དེ་འདི་ནི་དཔེ་མིན་པ་སྟེ། དེའི་མཚན་ཉིད་མི་བསྟེན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ནི་དཔེའི་མཚན་ཉིད་ཏེ། གཏན་ཚིགས་བསྒྲུབ་བྱ་རྗེས་སུ་འགྲོ་བ་དང་གང་དུ་མེད་པ་ལ་མེད་པ་ཡང་སྟོན་པར་བྱེད་པའོ། ། ་ཞེས་པ་འདི་འདི་རྣམས་ལ་ཡང་བ་མ་ཡིན་ནོ། །རྗེས་འགྲོ་ཕྱིན་ཅི་ལ་སོགས་པའོ་ཞེས་པའི། སོགས་པའི་སྒྲས་རྗེས་སུ་འགྲོ་བ་མེད་པ་ཡོངས་སུ་བསྡུའོ། །ཡང་ཅིའི་ཕྱིར་རྗེས་སུ་འགྲོ་ཕྱིན་ཅི་ལོགས་ལ་སོགས་པ་དཔེ་ལྟར་སྣང་བ་ཡིན་ཏེ། ཇི་སྲིད་དུ་འདི་ལ་སྐྱོན་འགའ་ཡང ་ཡོད་པ་མ་ཡིན་ནོ་ཞེ་ན་དེའི་ཕྱིར་གསུངས་པ། ཉེ་བར་བསྡུ་བ་མ་འབྲེལ་བ་ཞེས་པ་སྟེ། གལ་ཏེ་ཡང་དོན་གྱི་སྐྱོན་མེད་པ་དེ་ལྟ་ན་འདི་ཉེ་བར་བསྡུ་བ་དང་མ་འབྲེལ་པའི་ཕྱིར་དཔེ་ལྟར་སྨད་པའོ་ཞེས་པའི་དོན་ཏོ། །ཉེ་བར་བསྡུ་བ་ནི་མེད་ནི་མ་འབྱུང་བ་ཉིད ་སྟེ། ཐམས་ཅད་དུ་སྒྲུབ་པར་བྱེད་པ་མ་བསྒྲུབ་པར་བྱ་བ་ཉེ་བར་བསྡུ་བ་སྟེ། ཉེ་བར་འདྲེན་པའོ། །བསྒྲུབ་པར་བྱ་བ་མེད་པ་ན་ཡང་གཏན་ཚིགས་མེད་པའི་འོ། །དེ་དང་མ་འབྲེལ་བ་ནི་རྣམ་པར་བྲལ་བའོ། །ཡང་ཅིའི་ཕྱིར་ཉེ་བར་བསྡུ་བ་དང་མ་འབྲེལ་པ ་ཡིན་ཞེ་ན་གསུངས་པ། འབྲེལ་པ་རབ་ཏུ་མ་བསྟན་ཕྱིར་ཞེས་པ་སྟེ། བྲལ་པ་ནི་མེད་ན་མི་འབྱུང་བའོ། །དེ་ཡོད་དུ་ཟིན་ཀྱང་རབ་ཏུ་སྟོན་པ་ནི་རྗེས་འགྲོ་ཕྱིན་ཅི་ལོག་ལ་སོགས་པ་ལ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་འདི་ཉེ་བར་བསྡུ་བ་དང་མ་འབྲེལ་བའོ་ཞེས་པའོ། ། ་དེ་དག་གི་འབྲེལ་བ་སྟོན་པ་དཔེའོ་ཞེས་པ། དེ་དག་གི་སྟེ་དེ་འདྲ་བ་དང་དེ་མེད་ན་ནི་མི་འབྱུང་བའི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་འབྲེལ་བ་སྟེ། མེད་ན་མི་འབྱུང་བ་ཉིད་གང་གིས་ངེས་པར་སྟོན་པ་དེ་དཔེའོ། དེའི་རང་གི་ངོ་བོ་སྟོན་པ་གསུངས་པ། གང་འདི་རྗོད་པར་ཕྱེད་པ ་དཔེར་ན་བུམ་པ་བཞིན་ཞེས་པ་སྟེ། དག་གང་གིས་འབྲེལ་པ་ངེས་པར་སྟོན་པ་དེ་དཔེའོ། །ཡང་ཅི་འདྲ་བ་ཞིག་ཅེ་ན། གསུངས་པ། གང་རྩོལ་མ་ལས་བྱུང་བ་ང་མི་རྟག་པའོ་ཞེའོ། །དེ་ལྟ་ན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཡང་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཡིན་ན་དཔེར ་ན་བུམ་པ་བཞིན་འདི་མི་རིགས་ཏེ། དཔེ་ཉིད་དུ་དཔེ་བརྗོད་པར་ཏེ། དཔེ་དག་ཏུ་བརྗོད་པར་སྨྲ་བའི་འོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ངེས་པར་བསྟན་པར་བྱ་བ་ནི་དཔེ་མ་ཡིན་པའི་ཕྱིར་ཞེས་པ། བསྟན་པར་འོས་པ་ན་ངེས་པར་བསྟན་པར་བྱ་བ་སྟེ། བུམ་པ་ལ་སོགས་པའི་དོན་ནོ། ། ་གང་འདེ་བརྗོད་པར་བྱེད་པ་ཞེས་པའི་ཚིགས་ལས། དེའི་དཔེ་ཉིད་མེད་དོ། །དཔེར་ན་བུམ་པ་བཞིན་ཞེས་པ་འདིས་ཡན་བརྗོད་པར་བྱ་བ་ཁོ་ན་བརྗོད་ཏེ། དེ་ལས་ཀྱང་མི་རིགས་ཏེ། རྗོད་པར་བྱེད་པ་ལ་དཔེ་ཉིད་དུ་བརྗོད་པ་ཉིད་ཀྱི་ཕྱིར་དང། དེ་ན་གྱི་འདག་ཉིད་ཀྱང་དཔེར་བརྗོད་པ་ཉིད་ཀྱི་ཕྱིར་རོ། ། ་དེ་ལྟར་འགྱུར་མེད་དཔེར་ན་བུམ་བ་བཞིན་ཞེས་པ་འདིས་བརྗོད་པར་བྱེད་པ་ཁོ་ན་འདིར་དཔེ་ཉིད་དུ་དཔེར་བརྗོད་ཏེ། བུམ་པ་ཞེས་པའི་ཚིག་འདིའི་ཚིག་གི་དོན་ནི་རང་གི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ། འདི་ཙམ་གྱིས་ཀྱང་ཞེས་པ་ལ་སོགས ་པ་སྟེ། དཔེར་ན་བུམ་པ་བཞིན་ཞེས་པའི་ཚིག་འདི་ཙམ་གྱིས་མེད་ན་མི་འབྱུང་བ་ཉིད་ངེས་པ་ང་བསྟན་པར་མི་ནུས་ཏེ། དེའི་ཕྱིར་འདི་ཡང་དཔེ་ཉིད་དུ་མི་རིགས་སོ། །དེ་དག་གི་ཞེས་བརྗོད་མི་བྱ། ཞེས་པ་འདི་ལ་རྗོད་པར་མི་བྱེད་པ་ལ་རྒྱུ་ངེས་པར་བསྟན་པ་མ་ཡིན་ཞེས ་དྲིས་པ། ཅིའི་ཕྱིར་ཞེ་ན་ཞེས་པའོ། །རྒྱུ་གསུངས་པ། ཕན་ཚུན་བསྒྲུབ་བྱ་ཉིད་མ་གྱུར་ཞེས་པའོ། །མེད་ན་མི་འབྱུང་བ་ཉིད་ནི་འབྲེལ་བ་ཡིན་ལ་ཞེས་པ། གཞན་ནི་རྗེས་སུ་དཔོག་པ་ལ་ཉེ་བར་མི་སྦྱོར་པའི་ཕྱིར་རོ། །དེ་ཡང་དེ་དག་གི་ཞེས་པ་རྗོད་པའི་ཕྱིར། གཉིས་ཀ་དཔལ ་ཡང་ཡོད་དོ་ཞེས་དམ་བཅས་པར་འགྱུར་རོ། །གཞན་དུ་ན་བསྒྲུབ་པར་བྱ་བས་གཏན་ཚིགས་ལ་འབྲེལ་པ་ངེས་པར་སྟོན་པ་ཞེས་བརྗོད་པར་བྱ་བར་འགྱུར་རོ། །དེ་ལས་ཀྱང་ཕན་ཚུན་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར། །དེ་སྟོན་པ་ཇི་ལྟར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་ལ ་སོཊ་པའོ། །ཆོས་མཐུན་ཙམ་གྱིས་ཞེས་པ་ལ་སོཊ་པའོ། །དཔེར་ན་བུམ་པ་བཞིན་ཞེས་པ་ཆོས་མཐུན་པ་ཉིད་ཙམ་འདིས་ལྡོག་པའི་ཚིག་མེད་པར་མེད་ན་མི་འབྱུང་ཉིད་ངེས་པར་བསྟན་པ་ནུས་པ་མ་ཡིན་ནོ། །དོན་གྱི་གོ་བས་ཞེས་པ་ལ་སོཊ་པ་ནི། ཆོས་མཐུན་པ་ཉིད་ཀྱི་སྦྱོར་བ ་ཁོ་ནས་ཁྱབས་ཉེ་བར་བསྟན་པ་ན་ཤུཊ་ཀྱིས་ལྡོག་པ་རྟོཊ་པ་ཁོ་ན་སྟེ། འདི་ཁོ་ན་སྟོན། དབྱེད་པ་གསུངས་པ། གང་རྩོལ་མ་ཐག་ཏུ་བྱུང་བ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་འོ་ན་ཡང་དེ་བརྗོད་བྱ་མིན་ཞེས། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་དག་གི་མེད་ན ་མི་འབྱུང་བ་རབ་ཏུ་བསྟན་པའི་དོན་དུ་འདི་བརྗོད་པར་བྱ་བ་ཡིན་ན། དེ་ཡང་གཞན་ཁོ་ན་ལས་གྲུབ་པོ་ཞེས་པས་བརྗོད་པར་བྱ་བ་མ་ཡིན་ནོ། །འདིར་འགྱུར་མོས་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་བསྟན་པའི་དོན་དུ་འདི་བརྗོད་པའོ་ཞེ་ན་གསུངས་པ་དེ་མི་མཐུན ་ཕྱོགས་མེད་མི་འབྱུང། འབྲེལ་པ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བརྟགས་པའི་ཆོས་མི་མཐུན་པ་ཉིད་ཀྱི་སྤྱོད་པས་བསྒྲུབ་བྱ་རྗེས་སུ་འཛིན་པར་འགྱུར་ན་མཛེས་ཏེ། དེ་རབ་ཏུ་པའི་དོན་དུ་འབད་པ་ཡིན་ན། དེ་ཡང་མེ་དོ་ཞེས་པས་འདི་མི་རིགས་སོ། ། ་གལ་ཏེ་རྟག་པ་རྩོལ་པ་ལས་མ་བྱུང་བའོ་ཞེས་པ་བསྒྲུབ་པར་སྟོན་པར་བྱེད་ན་རྗེས་སུ་འཛིན་པར་འགྱུར་བ་མ་ཡིན་པ་ཅིས་ཞེ་ན། དེ་ཡིས་གཞན་ནི་ཞེས་པ་ལ་སོགས་པའོ། །དེ་ལས་གཞན་རབ་ཏུ་བསྒྲུབ་ཡང་སྟོན་པ་གསུངས་པ། དམ་མ་བཅས་པ་ཁོ་ན ་ཞེས་པ་ལ་སོགས་པ་སྟེ། རྟག་ལ་ཉིད་དང་རྩོལ་པ་ལས་མ་བྱུང་བ་དག་གི་འབྲེལ་པ་རབ་ཏུ་སྟོན་པ་ན། དེ་དག་ཁོ་ནའོ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་བསྟན་པར་འགྱུར་གྱིས་གཏན་ཚིགས་སྔ་མ་ལ་ཕན་འདོགས་པ་འགའ་ཞིག་ནི་མ་ཡིན་ནོ། ་འདིར་འགྱུར་མོད་སྒྲུབ་པས་ཀྱང་མི་མཐུན་པའི་ཕྱོཊ་ཀྱི་འབྲེལ་པ་རབ་ཏུ་སྟོན་པ་ན། ཕན་འདོགས་པར་འགྱུར་བ་ཁོ་ན་སྟེ། གང་གི་ཕྱིར་བསྒྲུབ་པར་བྱ་བས་ཁྱབ་པ་རབ་ཏུ་སྟོན་པ་ནི་གཏན་ཚིགས་ལ་རྗེས་སུ་འཛིན་པར་ཡིན་པའོ། །གང་གི་ཆེ་ཡང་རྟག་པ་ལ་རྩོད་པ་ལས་ན ་རྟུང་བ་ལས་ཁྱབ་པ་ཉེ་བར་བསྟན་པར་འགྱུར་བ་དེའི་ཚེ་འཇིག་པའི་དང་ཅན་ཁོ་ན་ལ་རྩོལ་བ་ལས་བྱུང་བ་ཡོད་པ་ཉིད་དུ་རྟོགས་ཀྱི། ཅིག་ཤོས་ལམ་ཡིན་ཏེ། འགལ་བ་དག་ཅིག་ལ་མི་སྲིད་པའི་ཕྱིར་རོ་ཞེ་ན། གསུངས་པ། བསྒྲུབ་པས་ཀྱང་ཞེས་པ་ལ་སོགས་པ་སྟེ། ་འདིས་མདོ་སྔ་པའི་ཕྱོགས་ལ་བརྟེན་པའི་ཁས་བླངས་པ་ཉམས་པ་གསུངས་སོ། །ཕན་ཚུན་མེད་ན་མི་འབྱུང་བ་འང། ཞེས་བདེའི་མི་མཐུན་ཕྱོགས་དག་གི་འབྲེལ་པ་ངེས་པར་སྟོན་པ་ཞེས་པའི་ཚིག་ལས་གཉིས་ཀ་དག་གི་ཕན་ཚུན་དུ་མེད་ན་མི་འགྱུར་བ་སྟེ་མི་འབྱུང ་བ་ཉིད་བཤད་པར་བྱའོ་ཞེས་བརྗོད་པར་འགྱུར་རོ། །དེ་ལས་ཀྱང་གློག་ལ་སོགས་པ་རྣམས་ཀྱང་རྟག་པར་འགྱུར་རོ་ཞེས་པས་ཁས་བླངས་པས་གནོད་པའོ། །རྩོལ་བ་ལས་སྐྱེས་སོ་ཞེས་པ་རྩོལ་སྐྱེས་ཏེ། རྩོལ་མ་ཐག་ཏུ་བྱུང་བ་ཞེས་པའི་དོན་ནོ། །མ་གྲུབ་པའི་དོན ་ཅན་ཉིད་ནི་དཔའ་ཨི་སྐྱོན་ཡིན་ཞེས་པ་འདིའི་དོན་མ་གྲུབ་བ་ཞེས་པ། འདིའི་དོན་མ་གྲུབ་པ་ཞེས་འབྲུ་མང་པ་པ་སེ། དེ་ནས་དངོས་པོའི་སྐྱོན་ནོ། །རེག་པར་བྱ་བ་མ་ཡིན་པ་ཉིད་སྒྲ་རྟག་པ་སྟེ། བློ་བཞིན་ཞེས་པ་བསྒྲུབ་པར་བྱ་བའི ་ཆོས་མ་གྲུབ་པ་ཉིད་དོ། །བུམ་པ་བཞིན་ཞེས་པ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་མ་གྲུབ་པའོ། །འདི་འབྲལ་བ་ཙམ་བརྗོད་པ་ནི་ཞེས་པ་ལ། གང་འདི་བརྗོད་པ་ཞེས་པའི་ཚིག་ལས་བསྒྲུབ་པར་བྱ་བ་དང་སྒྲུབ་པར ་བྱེད་པ་དག་གི་འབྲེལ་བ་གང་གིས་བསྟན་པར་བྱ་བའི་དག་དེ་ནི་དཔེར་མངོན་པར་འདོད་ཀྱི་བསྟན་པར་བྱ་བ་བུམ་པ་ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་མ་གྲུབ་པའི་དོན་ཅན་ཉིད་ཀྱིས་དཔེ་ལྟར་སྣང་བ་ཉིད་དུ་སྨྲ་བད་རིཊ་པ་མ་ཡིན་ན་ངེས་པའོ། །འདི་སྐད་དུ ་བརྗོད་པར་བྱ་ཞེས་པ། འབྲེལ་བརྗོད་པར་བྱེད་པའི་དག་དཔེ་ཉིད་ན། རྗོད་པར་བྱེད་པ་ལོན་འབྲེལ་བ་སྟོན་པར་མི་ནུས་པ་གང་ཡིན་པ་དེ་ཁོ་ན་དཔེ་ལྟར་སྣང་བ་ཉིད་དུ་རིགས་སོ། །དེའི་ཕྱིར་རྗེས་སུ་གྲོ་བ་ཕྱིར་ཅི་ལོག་སྟོན་པའི་རྗོད་པར་བྱེད་པ་ཁོ་ན་དཔེར་ལྟར་སྣང་པ ་ཉེད་དུ་བརྗོད་པར་བྱའོ། །གང་རྟག་པ། དེ་རེག་པ་དང་ལྡན་པ་མ་ཡིན་ནོ་ཞེས་སློབ་པར་བྱེད་དོ། །ཡང་འདི་དཔེ་ལྟར་སྡང་པ་ཡིན་པའི་རྒྱུ་ཅི་ཞེ་ན་གསུངས་པ་འདི་ནི་ཞེས་པ་ལ་སོགས་པའོ། །ཅིག་ཉིད་མ་ཡིན་ཞེས་པ་ལ་སོགས་པས་བློ་དང་བུམ་པ་དག་དཔེ་ལྟར་སྣང་བ ་ཉིད་བུ་ལས་བླངས་ནས་མཚན་ཉིད་མ་ཁྱབ་པ་ཉིད་དུ་སྟོན་ཏོ། །གང་གི་ཕྱིར་མ་གྲུབ་པའི་དོན་ཅན་ཉིད་ཁོ་ན་དཔེའི་སྐྱོན་མ་ཡིན་ནོ་ཞེས། གཏན་ཚིགས་བསྒྲུབ་བྱ་གཉིས་མི་ལྡན་ཞེས་པ་ལ་སོགས་པས་ཉེ་བར་བསྟན་ཟིན་ཏོ། །བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད ་ལས་ཞེས་པ་ལ་སོགས་པ་ལ་བསྒྲུབ་པར་བྱ་བ་ནི་སྒྲ་ལ་སོགས་པ་ཆོས་ཅན་ནོ། །དེ་དང་ཆོས་མཐུན་པ་ཉིད་ནི་གང་བྱས་པ་ཉིད་ལ་སེགས་པའོ། །བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་དེ་ལས་དེའི་ཆོས་རྟོགས་པ་སྟེ། བསྒྲུབ་པར་བྱ་བ་དེའི་ཆོས་མི་རྟག་པ་ཉིད་ལ ་སོགས་པའོ། །དེའི་ཆོས་རྟོགས་ཤིང་བ་ཁར་བྱེད་པའི་དང་ཚུལ་འདིའི་ཡིན་པ་ཞེས་པ་ནི་དེའི་ནོས་རྟོགས་པ་སྟེ། འཇིག་རྟེན་པའི་ཡོངས་སུ་རྟོག་པར་བྱེད་པ་པོ་རྣམས་ཀྱིའོ། །དོན་གང་ལ་བློ་མ་མཚུངས་པ་དེ་དཔེ་སྟེ་བུམ་པ་ལ་སོགས་པའོ། །དེ་དཔེ་བརྗོད་དེ། དཔེར་བརྗོད་པ ་བྱ་བའོ་ཞེས་པས་ན་དཔེ་བརྗོད་དེ། ཡང་ན་འདིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་དག་གི་འབྲེལ་པ་དཔེར་བརྗོད་པར་བྱའོ་ཞེས་པ་དཔེ་བརྗོད་དོ། །དེ་ལས་བཟློག་པ་ལས་ཀྱང་ཕྱིན་ཅི་ལོག་གོ་ཞེས་པ་དཔེ་སྟེ་དཔེར་བརྗོད་པའོ་ཞེས་རྗེས་སུ་འཇུག་གོ། དེ་ལས་ཞེས ་པར་སྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལ་སྙེག་གོ་།དེ་ལས་ཟློག་པ་ནི་བསྒྲུབ་པར་བྱ་བ་དང་ཆོས་མི་མཐུན་པ་ཉིད་དོ། །བསྒྲུབ་པར་བྱ་བ་དང་ཆོས་མི་མཐུན་པ་ཉིད་དེ་ལས་དཔེ་ཕྱིན་ཅི་ལོག་གི་དཔེ་བརྗོད་ཏེ། ཆོས་མི་མཐུན་པ་ཉིད་ཀྱི་དཔེ་བརྗོད་ངོ་ཞེས་པའི་དོན ་ཏོ། སྒྲ་མི་རྟག་པ་བསྒྲུབ་པ་ལ་བྱས་པ་ཉིད་ཀྱི་ཕྱིར། བུམ་པ་བཞིན་དང་ནམ་མཁའ་བཞིན་ནོ། །ཞེས་པ་རིམ་པ་ཇི་ལྟ་མ་བཞིན་ནོ། །འདི?་ལ་ཡང་ཞེས་པ་རྩོད་པ་བསྒྲུབ་པ་ལ་སྐྱོན་ཡོད་པ་འབའ་ཞི་དུ་མ་ཟད་ཀྱི་འོ་ན་ཅི་ཞེན་འདི་ལ་ཡང་ངོ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །གལ་ཏ་གཏན་ཚིགས ་གྱི་དོན་ལས་དཔེ་ལོགས་པ་ཁོ་ན་ཡིན་ན་གཏན་ཚིགས་ཀྱི་ཕྱོགས་གཅིག་མ་ཡིན་ཏེ། དེ་ལྟར་གྱུར་ན་ཁོ་བོའི་སྦྱོར་བ་བཞིན་དུ་དེ་གཏན་ཚིགས་ཀྱི་དོན་དང་རྗེས་སུ་འབྲེལ་པ་ཉིད་དུ་གདོན་མི་ཟ་བར་བརྗོད་པར་བྱ་བར་མི་འགྱུར་རོ། །དེ་ལ་སྐྱོན་ཅི་ཞེན་གསུངས་པ། དེ་ལྟ་ན་ཡང་ཞེ ་པ་ལ་སོགས་པའོ། །ཡང་ཅི་ལྟར་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་ཡལ?་ཉིད་དག་མེད་པར་ནམ་མཁའ་དཔེ་ཉིད་དུ་ཐལ་བར་འགྱུར་ཞེ་ན་གསུངས་པ། ཡོད་པ་ཉིད་དོ་ཞེས་པ་ལ་སོགས་པ་སྟེ། ནམ་མཁའ་ལ་ཡང་བསྒྲུབ་པར་བྱ་བ་སྒྲ་དང་ཆོས་མཐུན་པ་ཉིད་ཀྱང ་ཡོད་པ་ཉིད་དང་རེག་པར་བྱ་བ་ཉིད་ལ་སོགས་པ་ཡོད་ཅིང། ཆོས་མི་མཐུན་པ་ཉིད་ཀྱང་མཉན་པར་བྱ་བ་མ་ཡིན་པ་ཉིད་དང་སྐྱེ་ལྡན་མ་ཡིན་པ་ཉིད་ལ་སོགས་པ་ཡང་དོ། །དེ་ལས་ཀྱང་ཅིག་ཁོ་ན་དཔེ་གཉིས་ཀ་ཉིད་དུ་ཐལ་པར་འགྱུར་ཏེ། གང་ལས་ཆོས ་མཐུན་པ་ཉིད་དང་མི་མཐུན་པ་ཉིད་འདི་ལས་དཔེར་མ་ཡིན་པར་འགྱུར་བ། འདི་ལ་ཁྱད་པར་ཅུང་ཟད་ཉེ་བར་བླངས་མ་ནི་མེད་པས་སོ། །འོ་ན་ནམ་མཁའ་ལ་ཚེས་མི་མཐུན་པ་ཉིད་ཀྱི་དཔེ་ཉིད་ཡོད་པ་མ་ཡིན་ནམ། དེའི་ཕྱིར་ཐལ་བར་འགྱུར་བས་ཅི་ཡིན་ཞེ་ན ་གང་ཅི་ལས་ཀྱང་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་པ་དགོངས་པ་སྟེ། དེ་ཉིད་ཀྱི་ཕྱིར་མཉན་པར་བྱ་བ་མ་ཡིན་པ་ཉིད་ཉེ་བར་བཀོད་པའོ། །སྔ་མས་ཞེས་པ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་ལ་ཉིད་ལས་དེའི་ཆོས་ལྟོགས?་པས་ཞེས་པ་འདིས ་དང། བསྒྲུབ་པར་བྱ་བ་དང་ཆོས་མི་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པ་ཞེས་པ་འདིས་ཀྱང་ངོ། །འདི་ཡང་སྔ་མ་ཉིད་དེ། མདོའི་ལྷག་མ་ལ་བལྟོས་པས་སོ། །གང་གི་ཕྱིར་འདི་ལྟར་ཆོས་བ་ལ་སོགས་པས། ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་མི ་སྨས་པའི་རྒྱུ་གསུངས་སོ། །ཕྱི་རོལ་གྱི་དོན་ཉེ་བར་མ་བསྡུས་པ་ཞེས་པ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ཙམ་ལས་གཞན་པའི་དོན་ནི་ཕྱི་རོལ་གྱི་དོན་ཏེ། དེ་ཡང་ཁྱབ་པ་སྟེ། མེད་ན་མི་འབྱུང་བ་ཉིད་དོ་ཞེས་པའི་ཐ་ཚིག་གོ་།དེའི་ཉེ་བར་བསྡུས་པ་ནི ་རྟོགས་པར་བྱ་བའི་ཡུལ་ཉིད་དུ་ཉེ་བར་སྦྱར་བ་སྟེ། གསལ་བར་བྱེད་པ་ཞེས་པའི་དོན་ཏོ། །དེ་མེད་ན་དཔེ་ལ་གོ་བར་བྱེད་པ་ཉིད་མེད་དོ་ཞེས་པ་དག་གི་དོན་ཏོ། །དེ་ལྟར་འགྱུར་ཡོད་ཀྱི་དེའི་ཆོས་རྟོགས་པ་ཞེས་པ་འདི་ཁོ་ནས་ཁྱབ་པ་ཡང་ཐོབ་པ་ཁོ་ན་ཏེ། རྣམ་པ ་གཞན་དུན་དེའི་ཆོས་རྟོགས་པ་ཉིད་མི་སྲིད་པོས་ཞེ་ན། དེའི་ཕྱིར་གསུངས་པ། དེའི་ཆོས་རྟོག་པ་ཉིད་དུ་ཡང་མ་གྲུབ་པ་ཞེས་པའོ། །འམ་ཞེས་པ་ནི་རྣམ་པར་རྟག་པའི་དོན་ཏོ། །ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པ་ཉིད་ཅན་གྱི་དཔེ་མ་སྨོས་པ་འམ་ཞེས ་པའི་དོན་ནོ། །ཇི་ལྟར་དེ་མེད་པར་དེ་མི་སྲིད་པའི་ཕྱིར་དེའི་ཆོས་རྟོགས་པ་ཉིད་ཀྱིས་ཁྱབ་པ་འཕངས་པ་དེ་ལྟར་ཆོས་མཐུན་པ་ཉིད་ལ་སོགས་པ་ཡང། དེ་མེད་པར་དེ་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་ཡང་དེ་སྨོས་པར་བྱ་བ་ཡང་མ་ཡིན་ནོ། །ཅི་སྟེ་ཞེས་པ་ལ་སོགས ་པར་དེའི་ཆོས་རྟོགས་པ་ཉིད་ཅེས་བྱ་བ་ནི། བསྒྲུབ་པར་བྱ་བ་མངོན་པར་གསལ་བར་ནུས་པ་ཉིད་དེ། དེ་ཡང་ཡན་ལག་ཐམས་ཅད་ཀྱི་ཐུན་མོང་པའོ་ཞེས་པས། དེའི་ཆོས་རྟོཊ་པའི་དཔེར་བརྗོད་དོ་ཞེས་པ་འདི་ཙམ་བརྗོད་པ་ན། མྱ་ངན་ཚིགས་ལ་སོགས་པ ་རྣམས་ཀྱི་འང་དཔེ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་ལ་སོགས་པ་རྣམས་ལས་ལྷག་མས་ཁྱད་པར་དུ་བྱ་བ་སྟེ་སྔ་མས་ཞེས་པ་ཡང་སྐབས་ཡིན་པ་ཉིད་ཀྱི་ཕྱིར་ན་ལྷག་མ་སྔ་མས་ཞེས་རྣམ་པར་ཤེས་པར་བྱ་ཞིང། དེ་ལང་ཆོས་མཐུན་པ ་ཉིད་དང་མི་མཐུན་པ་ཉིད་དོ། །འདི་སྐད་བཤད་པར་འགྱུར་ཏེ། ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པ་གང་ཡིན་པའི་དཔེ་དེ་དཔེ་བརྗོད་པ་སྟེ། གཏན་ཚིགས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པའོ། །དོན་མེད་པ་ཉིད་ལ་རིགས་པ་མ་བརྗོད་པའི། ་ཕྱིར་རོ། །དོན་དང་བཅས་པ་ཉིད་ལ་ཡང་འཐད་པ་ཡོད་དོ། །ཞེས་སམས་བཞིན་པས་སྨྲས་པ། ཅི་ལྟར་ཞེས་པ་ལ་སོགས་པའོ། །དེའི་ཆོས་རྟོགས་པ་ཉིད་ཀྱིས་ནི་ཞེས་པ་ལ་སོགས་པས་འཐད་པ་དེ་སྟོན་ཏོ། །བསྒྲུབ་བྱ་དང་ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་དང་ལྡན་པའི ་དོན་ལ་ཞེས་པ། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པར་ཉིད་ནི་བྱས་པ་ཉིད་ལ་སོགས་པའོ། །ཆོས་མི་མཐུན་པ་ཉིད་ནི་དེ་ལས་བཟློག་པའོ། །དེ་དང་ལྡན་པ་བུམ་པ་ལ་སོགས་པ་དང་ནམ་མཁའ་ལ་སོགས་པ་ཡང་ངོ། །རིམ་པ་ཇི་ལྟ་པར་བསྒྲུབ་པར་བྱ་བ་དང་བཟློག་པའི་ཆོས་དང་ལྡན་པ་ཉིད་ཐོབ ་འོ། །བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཉིད་ནི་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་སྟེ་བུམ་པ་ལ་སོགས་པ་ལ་དང། བཟློག་པའི་ཆོས་དང་ལྡན་པ་ཉིད་ནམ་མཁའ་ལ་སོགས་པ་ལ་ཐོབ་པོ། །ཡང་ཅིའི་ཕྱིར་རྙེད་ཅེན་གསུངས་པ། གཞན་དུ་ན་ངེས་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་པར་བྱ་བ ་དེ་ལས་བཟློག་པའི་ཆོས་དང་བྲལ་བའི་དཔེ་ནི་དེའི་ཆོས་རྟོགས་པར་བྱེད་པ་མ་ཡིན་པས་སོ། །རབ་ཏུ་གྲུབ་པའི་དེའི་ཆོས་རྟོགས་པ་ཉིད་ཅེས་པ་རྒོལ་བ་དང་ཕྱིར་རྒོལ་བ་ལ་ངེས་པའི་ཆོས་ཆོས་དང་ལྡན་པ་ཉིད་དེ། རྒོལ་བ་དང་ཕྱིར་རྒོལ་བ་ལ་ངེས་པར་བསྒྲུབ་པར་བྱ་བར ་དང་དེ་ལས་བཟློག་པའི་ཆོས་དང་ལྡན་པ་ཉིད་ཀྱང་རྙེད་དོ་ཞེས་པའི་དོན་ཏོ། །ཅི་ལྟར་རྙེད་ཅེ་ན་གསུངས་པ། བཤད་པ་ནི་ཞེས་པ་ལ་སོགས་པ་སྟེ། བློ་མཐུན་པ་ནི་ལོག་པར་རྟོག་པ་མེད་པའོ་རྣམ་གྲངས་ཕྱིར་ཞེས་པ་ཡན་ལག་ཐམས་ཅད?་ནི་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པ་རྒྱུ་ཉིད་ཀྱིས་ཕྱིར་དེའི་ཆོས ་རྟོགས་པར་བྱེད་པའི་སྒྲའི་བརྗོད་པར་བྱ་བ་རྣམས་ཏེ་གང་ལ་བསྒྲུབ་པར་བྱ་བ་མངོན་པར་གསལ་བར་ནུས་པ་མེད་པ་དེ་ནི་ཡན་ལག་ཉིད་དུ་མི་འདོད་པ་ཁོ་ནའོ། གང་གི་ཕྱིར་ཡན་ལག་ཐམས་ཅད་ཅེས་པ་ལ་སོགས་པས། དེའི་རྣམ་གྲངས་ཉིད་སྟོན་པར་བྱེད་དོ། །གང་གི་ཕྱིར་ཡན་ལག་ཐམས་ཅད ་བསྒྲུབ་པར་བྱ་བའི་ཆོས་རྟོགས་པར་བྱེད་པ་ཉིད་ཡིན་པ་དེའི་ཕྱིར་རྣམ་གྲངས་སོ། །ཡང་འདི་ནི་ཅེ་ཡིན་ཞེ་ན། སྐབས་ཡིན་པ་ཉིད་ཀྱི་ཕྱིར་ན། བསྒྲུབ་པར་བྱ་བའི་ཆོས་རྟོགས་པར་བྱེད་པ་ཞེས་པའི་སྒྲ་འདི་རྟོགས་པར་བྱ་སྟེ། དེའི་ཆོས་རྟོགས་པ་ཁོ་ཁོ་ན་ནི་རྣམ་གྲངས་མ་ཡིན་ཏེ། དོན་གྱི་བདག?? ་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སྒྲ་འཇུག་པའི་རྒྱུ་མཚན་ན། ཡང་ན་དེ་ལ་འཇུག་པའི་རྒྱུ་མཚན་ཉེ་བར་བརྟགས་པ་ལས་རྗོད་པར་བྱེ་དཔ་ནི་དེའི་ཆོས་རྟོགས་པ་ཉིད་ཀྱི་སྒྲ་ཡིས་བརྗོད་དོ། །དེ་ཉིད་ཀྱིས་ཞེས་པ་དེའི་ཆོས་རྟོགས་པ་སྨོས་པས་སོ། །འདི་ཞེས་པ་བསྒྲུབ་པར་བྱ ་བ་དང་དེ་ལས་བཟློག་པའི་ཆོས་དང་ལྡན་པ་ཉིད་དོ། །ཇི་ལྟར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་སྒྲའམ། ཡན་ལག་གི་སྒྲ་ནི་ཡན་ལག་ཐམས་ཅད་ཀྱི་རྣམ་གྲངས་ཡིན་པ་ཉིད་ཀྱི་ཕྱིར་འདི་ཕྱིར་འདི་འཐོབ་པར་ནུས་པ་མ་ཡིན་པ་དེ་བཞིན་དུ། དེའི་ཆོས་རྟོགས་པར་བྱེད་པའི ་སྒྲ་ཡང་ངོ། །འོ་ན་འདི་མེད་པར་འདི་མི་སྲིད་པའི་ཕྱི། མེད་ན་མི་འབྱུང་བ་ཉིད་ལས་འཕེན་པ་ཡིན་ཏེ། ཆོས་དུས་ཕྲུ་པ་ལ་སོགས་པ་བཞིན་ནོ། །དེའི་ཆོས་རྟོགས་བཞེས་པའི་སྒྲ་འདི་ཡན་ལག་ལག་ཐམས་ཅ་དཀྱི་རྣམ་གྲངས་ཀྱང་མ་ཡིན་ཏེ། དེས་ན་འདིས་འདི་ནུས་པ་མ་ཡིན ་ཞེས་པ་འདི་ཅིས་བརྗོད་ཅེ་ན་གསུངས་པ་འདི་ཉིད་ཅི་གཅེས་པ་ལ་སོགས་བསྟེ་རིགས་པ་གང་ཁོ་ན་ལས་འདི་ཐོབ་པ་ཁོ་ན་ལས་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ཀྱང་སྟེ། རིགས་པ་དེ་ཁོ་ན་སྟོན་པ་གསུངས་པ། གཞན་དུ་ན་དེ་ཞེས་པ་ལ་སོགས་པའོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ཞེས་པའི་དོན་ཞེས་པ་འདིས་ཀྱང། དེའི་ཆོས་རྟོགས་པ་ཞེས་པ་འདི་ལ། དེའི་སྒྲས་ཡོན་ཏན་དུ་གྱུར་པའི་བསྒྲུབ་པར་བྱ་བ་འང་བསྙེ་གསོ་ཞེས་སྟོན་ཏོ། །ཆོས་མཐུན་པ་ཉིད་ལ་བསྟེགས་སོ་ཞེས་ན་དེའི་སྒྲ་དོན་མེད་པ་ཉིད་ཁོ ་ནང་འགྱུར་ཏེ། དེ་ལ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་མེད་པའི་ཕྱིར་རོ། །གཉིས་ཀའི་ཆོས་དང་ལྡན་པས་ཀྱང་མ་ཡིན་ཞེས་པ། གལ་ཏེ་དེ་ལ་གཉིས་ཀའི་ཆོས་དང་ལྡན་པའི་དཔེ་ཡིས་དོན་གཞན་པ་མ་མདོ་འདི་འགྱུར་མོད། བརྗོད་པར་འདོད་པའི་དོན་རྟོགས་པར་བྱེད་པའི ་བྱིད་དོ་ཞེས་པ་ན། མདོའི་རྣམ་པར་བརྟག་པ་ཉེ་བར་བཀོད་པ་འདི་ནི། ཁྱབ་པ་གསལ་བར་བྱེད་པ་འདི་ཙམ་མེད་པར་བསྒྲུབ་པར་བྱ་བའི་དོན་རྟོགས་པར་ནུས་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །འདིས་ནི་ཆོས་ཀྱང་འདི་ཡིན་པ་རྟོགས་པ་ཡང་ཡིན་པ་ནི། དེའི་ཆོས་རྟོགས་པའོ ་དེ་འདིལ་ཡོད་དོ་ཞེས་པ་དེའི་ཆོས་རྟོགས་པ་ཅན་ཏེ་རྟོགས་མོ་རྣོས་པས་བྱས་པ་ལ་སོགས་པ་རྣམས་རྫས་དང་ལྡན་པ་ཉིད་དུ་རྟོགས་པར་བྱེད་དེ། བ་ཅིབ་བྱས་པ་ཉིད་དང་མི་རྟག་པ་ཉིད་དག་ནི་དངོས་པོའི་ངོ་བོ་མ་ཡིན་པ་དག་གོ་།ཞེས་འདོད་པའི་དེའི་ཕྱིར་དེ་དགག་པའི་ཆེད་དུ་ཡོད་པ་སྨོས ་ཞེས་གང་བརྗོད་པ་འདི་ཡང་སོ་སོར་སྤངས་སོ། །དངོས་པོའི་ཆོས་དང་ལྡན་པའི་དཔེས་ཀྱང་ཕྱི་རོལ་གྱི་དོན་ཉེ་བར་བསྡུས་པ་མེད་པར་བསྒྲུབ་པར་བྱ་བའི་དོན་རྟོགས་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བྱས་པ་ཉིད་ལ་སོགས་པ་རྣམས་དངོས་པོར་གྱུར་པར་མངོན་པར ་འདོད་ན། དེ་རྣམས་ཅིའི་དོད་དུ་འདུས་པ་ཡིན་ཞེས་ཀྱང་བརྗོད་པར་བྱའོ། །བྱས་པ་ཉིད་ལ་སོགས་པ་རྣམས་རྫས་དང་ཡོན་ཏན་དང་ལས་རྣམས་སུ་ནང་དུ་འདུས་པ་མ་ཡིན་ཏེ། ཡོན་ཏན་དང་ལས་རྣམས་ལ་ཡོད་པའི་ཕྱིར་རོ། །སྤྱི་དང་འདུ་བ་དག་གི་ཡང་མ་ཡིན་ཏེ། རྒྱའི་དབང་དུ་གྱུར ་བའི་བདག་ཉིད་ཐོབ་པ་ནི་འབྲས་བུ་ཉིད་དང་འཇིག་པའི་དད་ཅན་ཉིད་ནི་མི་རྟག་པ་ཉིད་ཡིན་ལ། དེ་སྤྱི་དད་འདུ་བ་དག་ལ་ཡོད་པ་ཡང་མ་ཡིན་ཏེ། རྟག་པ་ཉིད་དུ་དམ་བཅས་པའི་ཕྱིར་རོ། །འདིར་བློའི་རྒྱུ་མེད་པའི་ཕྱིར་ཡང་འདུ་བས་བསྡུས་པ་མ་ཡིན་ནོ། །ཁྱད་པར་གྱིས་ཀྱང་མ་ཡིན ་ཏེ། དེ་ནི་རྡུལ་ཕྲ་རབ་ལ་འདུ་བ་ཅན་ཁོ་ནར་འདོད་ཅིང། བྱས་པ་ཉིད་དང་མི་རྟག་པ་ཉིད་དག་འབྲས་བུའི་རྫས་ཁོ་ན་ལ་འདུ་བའོ། །འདི་དག་ནི་བློ་དང་སྒྲ་རྗེས་སུ་འགྲོ་བའི་རྒྱུ་ཉིད་ཡང་ཡིན་ལ་ཁྱད་པར་ནི་དེ་ལས་བཟློག་པའོ། །གང་དུ་བྱས་པ་ཉིད་ལ་སོགས་པ་ནང་དུ་འདུས་པར ་འགྱུར་བ་ཚིག་གི་དོན་དྲུག་ལས་གཞན་པའི་དངོས་པོ་ཡོད་པ་ཡང་མ་ཡིན་ནོ། །བསྒྲུབ་པར་བྱ་བས་ཆོས་མཐུན་པ་ཉིད་སྨོས་པ་ཡང་མི་རིགས་ཏེ། བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཉིད་ནི་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ཀྱིས་བྱས་པ་མ་ཡིན་པའི་ཕྱིར་རོ་ཞན?་པས་འདི ་ནི་སྙིང་པོ་མེད་པའོ། །འདི་ལ་ཡང་ཞེས་པ། སྔ་མའི་བརྗོད་པ་ཁོ་ན་ལ་སྐྱོན་ཡོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། མདའི་རྣམ་པར་བརྟག་པ་འདི་ལ་ཡང་དོ། ཞེས་སྟོན་ཏོ། །བསྒྲུབ་པར་བྱ་བའི་ཆོས་ཅན་རྗེས་སུ་འཇལ་བ་ཉིད་ལ་ཞེས་པ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་ཞེས་པ ་གཏན་ཚིགས་ལ་ལྔ་པ་སྟེ། དེ་ལས་ཀྱང་གལ་ཏེ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་ཏེ་བྱས་པ་ཉིད་ལ་སོགས་པ་ལས། བསྒྲུབ་པར་བྱ་བའི་ཆོས་ཅན་ནོ། །ཞེས་དཔེ་བུམ་པ་ལ་སོགས་པ་ངེས་པར་བྱ་ན། དེ་ལ་ཡང་དཔེ་གཞན་བརྗོད་པར་བྱ་ཞིང། དེ་ལ་ཡང་གཞན ་པའི་ཞེས་པས་དཔེ་ཐུག་པ་མེད་པར་འགྱུར་བར། གཏན་ཚིགས་བཅས་པའི་བསྒྲུབ་བྱ་ཙམ་ཞེས་པ་ལ་སོགས་པས་བཤད་ཟིན་ཏོ། །གསལ་བར་བྱེད་པའི་རྒྱུའི་དབང་དུ་བྱས་པའི་ཕྱིར་ཞེས་པ། དཔེ་ལ་སོགས་པ་རྣམས་ནི་གསལ་བར་བྱེད་པ་སྟེ། རྗེས་སུ་དཔག་པར་བྱ་བའི་མཚན ་མར་གྱུར་བ་རྣམས་ཏེ། ཤེས་པར་བྱེད་པ་ཡང་ཤེས་ཟིན་པ་ཁོ་ན་ནི་སྒྲོན་མ་ལ་སོགས་པ་བཞིན་དུ་ཤེས་པར་བྱ་བའི་དོན་གསལ་བར་བྱེད་དོ་ཞེས་པ་འདི་ནི་བརྗོད་ཟིན་ཏོ། །དེའི་ཕྱིར་དེ་རབ་ཏུ་འགྲུབ་པའི་ཆེད་དུ་འབད་པ་གཞན་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གཞན་དུ་ན ་ཞེས་པ་ལ་སོགས་པ་གལ་ཏེ་ཤེས་པར་བྱེད་པའི་རྒྱུ་ཡང། རབ་ཏུ་འགྲུབ་པའི་ཆེད་དུ་འབད་པ་གཞན་གནས་པར་བྱ་བ་ཡིན་ན་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་ཞེས་བཤད་པ་འདི་ལ་ཡང་ཆོས་མཐུན ་པ་ཉིད་ངེས་པའི་དོན་དུ་འབད་པར་བྱ་བར་རིགས་པར་འགྱུར་རོ། །གཞན་རྣམས་ནི་ཞེས་པ་ཟླ་བའི་རི་མོ་བ་རྣམས་སོ། །དེ་རྣམས་ནི་དེའི་ཆོས་རྟོགས་པ་དཔེའོ་ཞེས་པ་འདི་གཟོན་དེ་བརྗོད་པར་བྱ་བ་དཔེ་ཉིད་ན། དག་ཡིན་ལག་ཉིད་ཉམས་པར་འགྱུར་རོ་ཞེས་བསམས་ནས། དེའི་ཆོས ་རྟོགས་པ་ཉིད་ནི་དཔེའི་དཔེ་བརྗོད་དོ་ཞེས་འདོན་ཏོ། །འདི་ལ་ཡང་ཞེས་པའི། ཡང་གི་སྒྲ་དེ་ནི། འདོན་པ་སྔ་མ་ཁོ་ན་ལ་སྒྱོམ?་ཡོང་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན་འདི་ལ་ཡང་ཞེས་སྟོན་ཏོ། །ཅིའི་ཕྱིར་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་སྨོས་པ ་རིགས་པ་མ་ཡིན་ཞེ་ན། དེ་ལྟར་གོ་བྱེད་དེ་མ་མཐོང། ཞེས་བྱས་ནས་ཞེས་ཕྱི་རོལ་གྱི་དོན་ཉེ་བར་བསྡུས་པ་མེད་པ་དགོ་བར་བྱེད་པ་ཉིད་མེད་དོ་ཞེས་པ་འདི་བཤད་ཟིན་ཏོ། །ཆོས་མཐུན་ཉིད་ཀྱང་མི་རིགས་འགྱུར་ཞེས་ཁྱད་པར་མེད་པར་བརྗོད་པའི་ཕྱིར། ཁོང་དུ ་མ་ཆུང་བ་འབྲི་བར་བྱེད་དེ། ཅི་ཞིག་ཏཱུམ་ཞེས་པ་ལ་སོགས་པའོ། འདིར་ཅི་ཞིག་ཏུ་ཞེས་པ་ལ་སོགས་པ་བཞི་རྣམས་དྲི་བའོ། །དེ་རྣམས་ཀྱིས་ཅི་ཞིག་ཏུ་མི་རིགས་ཞེས་པ་འདིའི་ལན་གྱི་ཚིག་ནི་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་ཞེས་པའི་མདོ་འདིར་རོ། །ཅི་ཡིས་ཞེས ་པའི་དཔེར་བརྗོད་ཀྱིས་སོ། །ཅིའི་ཞེས་པ་བསྒྲུབ་པར་བྱ་བའི་འོ། །ཅི་ཞེས་པའི་བྱས་པ་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་དོ། །ཅིའི་ཕྱིར་མི་རིགས་ཞེ་ན་གསུངས་པ། བུམ་པས་ནི་ཞེས་པ་ལ་སོགས་པ་སྟེ། བུམ་པས་ནི་ཆོས་མཐུན་པ་བྱས་པ་ཉིད་ཏེ། བསྒྲུབ་པར་བྱ་བ ་སྒྲའི་ལོ། །དེ་ཡི་བསྒྲུབ་པར་བྱ་བའི་ཆོས་རྟོགས་པ་ཉིད་བྱ་བ་དང་བྱེད་པའི་འབྲེལ་པས་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་རྟོགས་པ་ཉིད་ཀྱིས་སྒྲས་ནི་དཔེ་བུམ་པ་རྟོགས་པར་བྱེད་པ་པོ་དང་རྟོགས་པའི་བྱ་བའི་འབྲེལ་པ་འཕྲོད་བ་འདུ་བའི་མཚན་ཉིད་ཅན་བརྗོད་ན་དེ ་ཡང་རྟག་པ་ཉིད་ཀྱི་ཕྱིར་མ་བྱས་པའོ། །དེའི་ཕྱིར་དེ་དང་བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲའི་བྱས་པ་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་དུ་རིགས་པ་མ་ཡིན་ནོ། །བྱས་པ་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་མ་ཡིན་མོད་ཀྱི་གང་ཞིག་དེའི་ཆོས་རྟོགས་པ་ཉིད་ཀྱི་ཆོས་གཞན་ནི ་དེའི་ཆོས་མཐུན་པ་ཉིད་དུ་འགྱུར་ཞེ་ན་གསུངས་པ། མ་གྱུར་ཅི་གཅེས་པ་ལ་སོགས་པའི། །ཡོད་པ་ཉིད་ལ་སོགས་པས་ཞེས་པ། ཡོད་བཞིན་ཉིད་ལ་སོགས་པས་སོ། །སོགས་པའི་སྒྲས་ཤེས་པར་བྱ་བ་ཉིད་ལ་སོགས་པ་ཡོངས་སུ་གཟུང་ངོ། །འོ་ན་ཡོད་པ་ཉིད་ལ་སོགས ་པ་ཆོས་མཐུན་པ་ཉིད་ཡོད་པ་ཁོ་ན་མ་ཡིན་ནམ་དེའི་ཕྱིར་མ་གྱུར་ཅིག་ཅེས་བརྗོད་པ་ཅི་ཞེ་ན། གཏན་ཚིགས་སུ་མ་གྱུར་ཅིག་ཅེས་དགོངས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་དཔེ་བརྗོད་འགྲུབ་པའི་དོན་དུ་དེའི་ཆོས་རྟོགས་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི ་གང་ཆོས་མཐུན་པ་ཉིད་ཡོད་པ་དེ་གཏན་ཚིགས་སུ་འདོད་ན། ཡོད་པ་ཉིད་ལ་སོགས་པའི་ཆོས་མཐུན་པ་ཉིད་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་པའ། གལ་ཏེ་འདི་ལྟར་ན་ཡོད་པ་ཉིད་ལ་སོགས་པའི་ཆོས་གཞན་ནི་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་དུ་མ་གྱུར་ཅིག་ཅེས་བརྗོད ་པར་བྱའི་ཆོས་གཞན་ཡོད་པ་ཉིད་ལ་སོགས་པས་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་དུ་མ་གྱུར་ཅིག་ཅེས་པ་ནི་མ་ཡིན་ནམ་གང་ལས་ཡོད་པ་ཉིད་ལ་སོགས་བ་ཆོས་གཞན་གཏན་ཚིགས་ཉིད་དུ་ཐལ་བར་བྱ་བ་ཡིན་ཡོད་པ་ཉིད་ལ་སོགས་པའི་ཆོས་གཞན ་གྱིས་དང་བསྒྲུབ་པར་བྱའི་ཆོས་མཐུན་པ་ཉིད་གཞན་གང་ཡིན་པ་དེ་གཏན་ཚིགས་ཉིད་དུ་འགྱུར་བ་ནི་མ་ཡིན་ཞེན། སྐྱོན་འདི་མེད་དེ། བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་རྣམ་པ་གཉིས་ནི་དཔེ་བརྗོད་ཀྱིས་ཆོས་མཐུན་པ་ཉིད་དེ་སྒྲུབ་པར་བྱིད་པར་གྱུར་པ་ཡོད་པ་ཉིད་ལ་སོགས་པ་དང། ་བསྒྲུབ་བར་བྱ་བར་གྱུར་པ་རྟག་པ་ཉིད་ལ་སོགས་པའི་དེས་ན་འདིར་དོན་འདི་མངོན་པར་ལར་དག་པར་བརྗོད་པ་སྟེ། འོད་པ་ཉིད་ལ་སོགས་པའི་ཆོས་གཞན་སྒྲུབ་པར་བྱེད་པར་གྱུར་པས། བསྒྲུབ་པར་བྱ་བའི་ཆོས་ཅན་གྱི། བསྒྲུབ་པར་བྱ་བ་རྟག་པ་ཉིད་ལ་སོགས་པ་ལ་དཔེ་བརྗོད ་དང་ཆོས་མཐུན་པ་ཉིད་དུ་མ་གྱུར་ཅིག་ཅེས་པ་སྟེ་ཡོད་པ་ཉིད་ལ་སོགས་པ་ནི་སྒྲ་ལ་སོགས་པ་ལ་རྟག་པ་ཉིད་ལ་སོགས་པ་འགྲུབ་པར་མ་གྱུར་ཅིག་ཅེས་པའི་འདོན་ཏོ། །དེ་ལས་ཀྱང་རྣམ་པའི་ངས་དོན་འདི་ཁོ་ན་བཤད་པར་འགྱུར་ཏེ། ཆོས་གཞན་ཡོད་པ་ཉིད་ལ་སོགས ་པ་ནི་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་དེ་གཏན་ཚིགས་མ་གྱུར་ཅིག་ཅེས་པའོ། །དེ་གཏན་ཚིགས་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། འབྲས་པའི་ཕྱིར་རོ་ཞེས་པ་ཁ་ན་མ་ཐོ་བ་མེད་དོ། །འདོན་པ་གཉིས་ག་ལ་ཡང་ཞེས་པ་ལ་སོགས་པ་སྟེ། དག་ཕྱི་རོལ་གྱི་ཡན ་ལག་ཉིད་དཔེར་བརྗོད་ཀྱི་ཉམས་པར་མ་གྱུར་ཅིག་ཅེས་འདོན་པ་གཞན་ལ་བརྟན་པའོ། །དེ་ཡོད་ན་ཡང་སྐྱོན་དེ་ཁོ་ནའོ་ཞེས་པས་འདོན་པོ་གཉིས་གལ་ཡང་ཁས་བླངས་པ་ཉམས་ཏེ་དོན་ནི་དཔེ་བརྟོང་ཉིད་དུ་བཤད་དེ་བུམ་པ་ལ་སོགས་པ་འམ་འབྲེལ་པའི། །ཚིག་ནི་མ ་ཡིན་ན། དཔེ་བརྗོད་ནི་དག་གི་ཡན་ལག་སྟེ། དམ་བཅའ་དང། གཏན་ཚིགས་དང་དཔེ་བརྗོད་དང། ཉེ་བར་སྦྱར་བ་དང་འཇུག་སྡུད་རྣམས་ནི་ཡན་ལག་རྣམས་སོ་ཞེས་པའི་གཏན་ཚིགས་སོ་ཞེས་པའི་དཔེར་བརྗོད་མི་རིགས་སོ་ཞེས་པས་དཔེ་བརྗོད་ལ་བལྟོས་བ་དེ་བཞིན་དུ་ཞེས་པ་ཉེ་བར་སྡུང་པ་དང ་དེ་བཞིན་དུ་མ་ཡིན་བཞེས་ཀྱང་སྟེ། བསྒྲུབ་པར་བྱ་བ་ཡ་ཉེ་བར་སྦྱར་བ་ཞེས་པ་ཉེ་བར་སྤྱོ་བའི་མཚན་ཉིད་དོ་དབང་དུ་གྱུར་པ་སྟེ། དཔེ་བརྗོད་ཡང་ན་ཇ་བཞིན་དང་དེའི?་བཞིན་མ་ཡིན་པ་ཞིས་པར་ཡོངས་འགྱུར་བ་དེའི་ཕྱིར་དེ་ལ་བལྟོས་པ་ཉིད་དོ། །བསྒྲུབ་པར་བྱ་བ་ལ ་དང། བསྒྲུབ་བྱ་སྒྲུབ་པར་བྱེད་པའི་མི་མཐུན་སོགས་དང་ལྡན་པ་ནམ་མཁའ་ལ་སོགས་པ་ཆོས་མི་མཐུན་པ་ཉིད་ཀྱིས་སོ། །དེ་ལ་བལྟོས་པ་ནི་དེའི་དབང་དུ་གྱུར་པ་སྟེ། དཔེ་བརྗོད་ཡང་ན་ཇི་བཞིན་དང་དེའི་བཞིན་མ་ཡིན་བཞེས་པར་ཡང་འགྱུར་བ་དེའི་ཕྱིར་དེ་ལ་བལྟོས་པ་ཉིད་དོ། །བསྒྲུབ་པར་བྱ་བ་ལ ་སྟེ་སྒྲ་ལ་སོགས་པ་ལ་གཏན་ཚིགས་འདིས་ཉེ་བར་བསྡུ་པར་བྱའོ་ཞེས་པ་ཉེ་བར་སྡུང་བའོ། །དེ་ཡང་རྣམ་པ་གཉིས་ཏེ་ཆོས་མཐུན་པ་ཉིད་ཀྱིས་དང་ཆོས་མི་མཐུན་པ་ཉིད་ཀྱིས་སོ། །དེ་ལ་རེ་ཞིག་ཆོས་མཐུན་པ་ཉིད་ཀྱིས་ནི། བུམ་པ་བྱས་པར་མི་རྟག་པ་སྟེ། དེ་བཞིན་དུ་སྒྲ་ཡང་དེ་ཞེས་པ་ཆོས་མི ་མཐུན་པ་ཉིད་ཀྱིས་ནི། ནམ་མཁའ་མ་བྱས་པ་ནི་རྟག་པ་སྟེ། སྒྲ་ནི་དེ་བཞིན་མ་བྱས་པ་མ་ཡིན་ནོ་ཞེས་པའོ། །འདི་ལ་ཡང་ཞེས་པ་ལ་སོགས་པ་དཔེ་བརྗོད་ཀྱི་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་རྟོགས་པར་བྱེད་པས་རབ་ཏུ་ཕྱི་བ་ཉིད་ཀྱི་ཕྱིར་རམ། སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་ཆོས་མཐུན་པ་ཉིད་ཀྱིའོ། ་དེ་བཞིན་ཞེས་པས་བྱས་པ་ཉིད་ཁོ་ན་ཉེ་བར་སྦྱོར་བར་བྱེད་ན། དེ་ལ་ཡང་སྤྱིའམ་ཁྱད་པར་ཉེ་བར་སྦྱོར་བར་བྱེད། བསྒྲུབ་པ་བྱ་བ་དང་ཆོས་མཐུན་པ་ཉིད་ལ་མི་བལྟོས་ན་ནི། ཁྱད་པར་མེད་པ་ན་རྣམ་པ་ཐམས་ཅད་ཀྱི་སྦྱི་རྣམ་པར་ཤེས་པར་བྱ་སྟེ། དེ་ལས་ཀྱང་དབྱེ་བ་མེད་པའི་ཕྱིར་དེ་བཞིན ་ཞེས་ཐ་སྙད་བསྟན་པ་ཁོ་ན་མི་ནུས་པར་འགྱུར་རོ། །དཔེར་ན་ནམ་མཁའ་ལ་སོགས་པ་མ་བྱས་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་པ། མ་བྱས་པ་རྣམས་པར་བཅད་པས་བྱས་པ་ཅིར་ཀྱི་སྤྱི་སྟན་པའོ། །སྤྱི་ནི་གཏན་ཚིགས་ཁོ་ནས་བརྗོད་ཞེས་པ་འདིས་གང་བརྗོད་ཟིན་པའི་དོན་མངོན་པར་བརྗོད་པ་དེ ་ཡན་ལག་གཞན་མ་ཡིན་ཏེ། འདི་ལྟ་སྟེ། དེ་ཁོ་ན་ཡང་བརྗོད་པ་བཞིན། ཉེ་བར་སྦྱོར་བ་ཡང་དེ་ལྟ་བུའོ་ཞེས་བྱ་བ་བྱེད་དང་འགལ་བ་གསུངས་སོ། །འོ་ན་བྱས་པ་ཉིད་ཀྱི་ཕྱིར་ཞེས་པ་འདིས་བྱས་པ་ཉིད་ཙམ་བརྗོད་ཅིང། ་ཉེ་བར་སྦྱོར་བས་ནི་བསྒྲུབ་པར་བྱ་བ་ལ་དེ་ཉེ་བར་སྡུད་པ་ཁོ་ན་བྱེད་པ་མ་ཡིན་ནམ། དེས་ན་མ་གྲུབ་པའི་གཏན་ཚིགས་སོ་ཞེན་གསུངས་པ། སྒྲའི་ཞེས་འབྲེལ་པའི་ཕྱིར་རོ་ཞེས་བསྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པ་ན། སྒྲའི་ཞེས་རྟོག་པར་བྱ་སྟེ། དེའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་དག་གཞན་འདིར་ཟོད་པ ་མེད་པའི་ཕྱིར་དང། ཡོད་པ་ནི་རྟེན་ལ་བལྟོས་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་མ་གྲུབ་པ་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ཀྱི། བསྒྲུབ་པར་བྱ་བ་དང་དཔེའི་ཆོས་ཅན་དག་གི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ལས་དེ་ལྡན་པའི་བསྒྲུབ་པར་བྱ་བའི་ཆོས་འགྲུབ་པའི་དོན་དུ་གཅིག་ཏུ་བྱེད་པ་ནི་ཉེ་བར་སྡུད་པ་སྟེ། ་གཏན་ཚིགས་ཀྱིས་ནི་གཅིག་ཏུ་བྱེད་བ་བྱས་པ་ཡང་མ་ཡིན་ནོ། དེའི་ཕྱིར་མ་གྲུབ་པའི་དོན་ཅན་ཉིད་ཁོ་ནའོ་ཞེ་ན་གསུངས་པ། དཔེས་ནི་ཞེས་པས་སོགས་གོ་།དཔེས་ནི་གཅིག་ཏུ་བྱེད་པ་ལས་ཏེ་ཁྱད་པར་བྱེད་པ་ལས་ཞེས་པའི་དོན་ཏོ། །གཞན་དུ་ན་ཞེས་པ་ལ་སོཊ་པ་གལ་ཏེ་ཁྱབ ་པ་རབ་ཏུ་གསལ་བ་མེད་པར་ཡང་གཅིག་ཏུ་བྱེད་པ་ཙམ་ལས་དེ་དང་ལྡན་པ་མི་རྟག་པ་ཉིད་དུ་འགྲུབ་པ་ཁོ་ནར་གྱུར་ན། དེ་ལྟར་གྱུར་ན་ནི། གལ་ཏེ་བུམ་པ་དང་ཆོས་འཐུན་པ་ཉིད་བསྟན་པ་ལས་གཞན་ཡང་ཁྱད་པར་མེད་པར་བྱེད་ན་བུམ་པའི་ཆོས་ཐམས་ཅད་སྒྲ་ལ་འཐོབ་པར་འགྱུར་རོ ་ཞེས་པའོ། །དེ་ལྟ་བུ་ལ་སོགས་པའི་ལྟག་ཆོད་རྣམས་ལན་ཁོ་ནར་འགྱུར་ཏེ། སུན་འབྱིན་པ་ཁོ་ནར་འགྱུར་རོ། །སོགས་པའི་སྒྲས་ནི་ཆོས་འཐུན་པ་མཚུངས་པ་ལ་སོགས་པ་རྣམས་གཟུང་ངོ། །ཕྱིའི་དོན་ཉེ་བར་སྡུད་པ་ཡིན་ཐལ་བར་འགྱུར་བ་འདི་མེད་ཏེ། ཡོངས་སུ་གནས་པ་མི་མཚུངས་པ ་ཉིད་ཀྱི་ཕྱིར་རོ། དེ་རྣམས་ཀྱི་ཁྱབ་པ་བསྟན་པར་ནུས་པ་ནི་མ་ཡིན་ནོ་ཅི་སྟེ་ཞེས་པ་ཕྱོགས་གཉིས་པ་ཉེ་བར་དགོད་པའོ། །བྱས་པ་ཉིད་དུ་གྲུབ་པ་ལ་ཞེས་པ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ལས་རྟོགས་པ་ལ་ཁྱད་པར་ཉེ་བར་སྦྱར་བའོ། ཞེས་པ་དེ་རྟོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཁྱད ་པར་ཉེ་བར་སྦྱོར་བ་དེ་ཉིད་ཁྱད་པར་གཞན་རྣམ་པར་གཅོད་པས་སྟོན་པ་སྨྲས་པ། བུམ་པ་བཞིན་དུ་བྱས་པ་ཡིན་གྱི་སྣམ་བུ་ལ་སོགས་པ་བཞིན་དུ་མ་ཡིན་ནོ་ཞེས་པའོ། །ཁྱད་པར་རང་རྟེན་ལ་རྗེས་འགྲོ་ཞེས་པ། རང་གི་རྟེན་ལ་ངེས་པའོ། །གལ་ཏེ་དེ་ནི་རྟེན་གཞན་ལ་འཇུག་པར ་འགྱུར་ན་སྤྱི་ཁོ་ནང་འགྱུར་གྱི་ཁྱད་པར་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲ་ནི་བུམ་པ་བཞིན་བྱས་པ་ནི་མ་ཡིན་ནོ་ཞེས་གསུངས་པ། རྣམ་པ་གཞན་དུ་སྐྱེས་པའི་ཕྱིར་ཞེས་པ། བུམ་པ་ནི་འཇིམ་པའི་གོང་བུ་ལ་སོགས་པ་རྣམས་ལས་སྐྱེས་ལ། སྒྲ་ནི་རྐན་ལ་སོཊ་པ་ཡང་དག་པར་སྦྱོར་བ ་ལ་སོགས་པ་རྣམས་ལས་སོ་ཞེས་པས་སྒྲ་ནི་བུམ་པ་བཞིན་དུ་བྱས་པ་མ་ཡིན་ནོ། །དེ་ནི་གཏན་ཚིགས་ཁོ་ནས་བཤད་དོ་ཞེས་པ་འདི་ལ་ཡང། སྔ་མ་བཞིན་དུ་ཡན་ལག་གཞན་ཡིན་པ་ཉམས་པ་གསུངས་སོ། །ཅི་སྟེ་ཞེས་པ་ལ་སོགས་པ་ནི་དེ་བྱས་པ་ཉིད་དུ་བརྗོད་པ ་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། མ་བྱས་པ་ཉིད་དགག་པ་ཙམ་བྱ་བ་སྟེ། ཡང་དེ་ཅིའི་དོན་དུ་ཞེ་ན་སྨྲས་པ། དེ་དང་ལྷན་ཅིག་སྤྱོད་པའི་རྟག་པ་ཉིད་དགག་པའི་དོན་དུ་ཞེས་པ་མ་བྱས་པ་དེ་དང་ལྷན་ཅིག་སྤྱོད་པའི་རྟག་པ་ཉིད་དགག་པའི་དོན་དུ་སྟེ། དཔེར་ན་ནམ ་མཁའ་བཞིན་དུ་མ་བྱས་པར་འགྱུར་བ་མ་ཡིན་པ་དེ་ལྟར་རྟག་པར་ཡང་ངོ་ཞེས་པའོ། །གཉེན་པོའི་ཕྱོགས་ཀྱང་མི་ལྡན་པ་སྟེ། ཞེས་པ་གཉེན་པོའི་ཕྱོགས་ནི་བྱས་པ་ཉིད་ཀྱི་མ་བྱས་པ་ཉིད་དེ། ལྷན་ཅིག་མི་གནས་པའི་ཕྱིར་རོ། །དེ ་མི་ལྡན་པ་ནི་སྒྲ་ལ་གོ་སྐབས་མེད་པའོ། །སྤྱི་ཡང་གཏན་ཚིགས་ཉིད་ཀྱིས་བརྗོད་དོ་ཞེས་བརྗོད་པར་བྱ་ཞེས་པ་ནི་ཀྱང་སྒྲ་ལས་སོ་ཞེས་པའོ། །འོ་ན་བྱས་པ་ཉིད། །དགག་པ་བྱ་བ་མ་ཡིན་ནམ། བྱས་པ་ཉིད་བརྗོད་པར ་བྱའོ་ཞེས་པ་འདིའི་ཕྱོགས་ལ་བརྟེན་པ་ནི་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་བསྡུ་པ་ཡིན་ཞེས་ན། །ཕན་ཚུན་སྤངས་ཏེ། གནས་པའི་དངོས་པོའི་ཆོས་ངག་ན་གང་ཁོ་ན་གཅིག་དག་པའི་ཁོ་ན་ཅིག་ཤོས་ཀྱི་སྒྲུབ་པའོ། །ཞེས་དགོངས ་པའོ། །གཞན་རྣམས་ནི། དང་གི་སྒྲ་འདིར་རྣམ་པར་བརྟག་པའི་དོན་ཏོ། །ཞེས་སྨྲའོ། །མི་ལྡན་བ་ཅིའི་ཕྱིར་ཞེ་ན་གསུངས་པ། བྱས་པའི་ཡོད་ན་ཞེས་པ་སོཊ་པ་གང་གི་གང་ན་འགལ་བ་ཡོད་པ་ན་དེན་སྲིད་པ་མ་ཡིན་ཏེ། དཔེར་ན་མེ་ལ་གྲང་བའི་རེག་པའི་ཞན་སྒྲ་ལ་ཡང་མ་བྱས་པ་ཉིད་དང་འགལ་བ་བྱས ་པ་ཉིད་ཡོད་དོ། །ས་བ་རང་བཞིན་འགལ་བའོ། །གང་ཞིག་གང་དུ་གྲུབ་པ་མི་སྲིད་པ་དེ་ནི་དེར་དགག་པར་བྱ་བ་མ་ཡིན་ཏེ། དཔེར་ན་ལག་པའི་མཐོལ་དུ་ལག་ལྡན་གྱི་ཁྱུ་བཞིན་སྒྲ་ལ་ཡང་མ་བྱས་པ་ཉིད་ཀྱི་མི་སྲིད་པ་གྲུབ་བོ། ཁྱབ་པ་བྱེད་པ་དང ་འགལ་བའོ་ཞེས་པ་ཚོགས་བའི་དོན་ཏོ། །མ་བྱས་པ་ཉིད་དང་ལྷན་ཅིས་རྒྱུ་གཞེས་པ་འདིར་ཡང་མི་དམིགས་པ་གཉིས་པོ་དེ་ཁོ་ན་སྔ་མའི་རྗེས་སུ་འབྲངས་པས་བརྗོད་བར་བྱའོ། །འདི་ནི་འདིར་ཁྱད་པར་ཡིན་ཏེ་གཅིག་ལ། སྒྲལ་ཡང་རྟག་པ་ཉིད་དང་འགལ་བ་མི་རྟག་པ་ཡོད་ཞེས ་པ་ཕྱོགས་ཀྱི་ཆོས་ཏེ། སྒྲ་ལ་ཡང་རྟག་པ་ཉིད་ཀྱི་མི་སྲིད་པ་གྲུབ་པོ་ཞེས་གཞན་ལའོ། ཅི་སྟེ་ཡང་ཞེས་པ་ལ་སོཊ་པས་མ་གྲུབ་པ་ཉིད་སྨྲས་སོ་གལ་ཏེ་ཆོས་མཐུན་པ་ཉིད་སྦྱོར་ན། དེ་ལས་བྱས་པ་ཉིད་དང་མི་རྟག་པ་ཉིད་དག་འགྲུབ་པར་འགྱུར་ཞིང། དེ་ལས་ཀྱང་མི་མཐུན་ཕྱོགས ་དང་མི་ལྡན་པའོ། །གང་གི་ཚེ་ཆོས་མི་མཐུན་པ་ཉིད་ཀྱི་ཉེ་བར་སྦྱོར་བ་ཁབ་མ་མི་རྟག་པ་ཉིད་དགག་པ་བྱ་བ་དེའི་ཚེ་འདི་གཉིས་ཀ་ཡང་མེད་དོ་ཞེས་པ་གཏན་ཚིཊ་མ་གྲུབ་གོ་།ཁྱད་པར་གྱིས་ཀྱང་དེ་རྟོགས་འགྱུར་ཞེས་པ་ཐུན་མོང་མ་ཡིན་པ་ཡིས་ཀྱང་ཞེས་པའི་ཐ་ཚིག་གོ། ་འདི་འདོད་པ་ཡང་མ་ཡིན་ན་ཞེས་པ་སྒྲ་མི་རྟག་ཅེས་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་མི་རྟག་པ་ཉིད་འགྲུབ་པ་ལ་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། སྒྲ་མི་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྟག་པ་ནམ་མཁའ་ལ་སོཊ་པ་རྣམས་མཉན་པར་བྱ་བ་མ་ཡིན་པར་མཐོང ་སྟེ་དང་ལྟར་སྒྲ་ནི་མཉན་བྱ་མ་ཡིན་པ་མ་ཡིན་ནོ་ཞེས་བྱས་ན་རྟག་པ་ནམ་མཁའ་ལ་སོཊ་པ་ལ་མཉན་པར་བྱ་བ་ཉིད་མེད་པའི་ཕྱིར་ན། མཉན་པར་བྱ་བ་མ་ཡིན་པ་ཉིད་དང་ལྷན་ཅིག་སྤྱོད་པའི་རྟག་པ་ཉིད་བཀག་པས་མི་རྟག་པ་ཉིད་འགྲུབ་པར། གྱུར་རོ། །དེ་ཡང་མི་འཐད་པ་ཉིད་ཀྱི་ཕྱིར་འདི་མི ་འདོད་པ་སྟེ་གང་གི་ཕྱིར་དངོས་པོ་གཅིག་ལ་ཕན་ཚུན་འགལ་པའི་ཆོས་དག་རིཊ་བ་མ་ཡིན་པས་སོ། །སྐྱོན་འདི་ཙམ་གྱིས་གྲོ་ལ་བ་ཡང་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ་འདི་ལ་ཡང་ཞེས་པ་ལ་སོཊ་པ་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་པའོ་ཞེས་པའི་སྦྱོར་བ་འདི་ལ་ཡང་དག་པ ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་ལྟར་ཞེ་ན། གློག་ལ་སོཊ་པ་ཆོས་མི་མཐུན་པ་ཉིད་ཀྱིས་ཏེ་གློག་པ་སོཊ་པ་རྩོལ་བ་ལས་མ་བྱུང་བ་མི་རྟག་པར་མཐོང་ཞིང། སྒྲ་ནི་དེ་ལྟར་རྩོལ་པ་མ་ལས་མ་བྱུང་བ་མ་ཡིན་ནོ་ཞེས་བྱས་བ་ན། རྩོལ་མ་ཐག་ཏུ་མ་བྱུང་བ་དང་ལྷན་ཅིག་སྤྱོད་པའི་མི་རྟག་པ་ཉིད་བཀག་བས་རྟག ་པ་ཉིད་འགྲུབ་པར་འགྱུར་རོ། །གལ་ཏེ་ཆོས་མི་མཐུན་པ་ཉེ་བར་སྦྱོར་བ་ཉིད་འབའ་ཞིག་བྱེད་ན། འདི་ལ་རིགས་བཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞེས་བ། འདི་ལ་འཐད་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །འོ་ན་རྟག་པ་ཉིད་ཀྱི་གཏན་ཚིགས་མ་བྱས་པ་ཉིད་མེད་པ་ཁོ་ན་རིགས་པ་མ་ཡིན ་ནམ་གཏན་ཚིགས་མེད་པར་བསྒྲུབ་པར་བྱ་བ་འགྲུབ་པ་ནི་འཐད་པ་མ་ཡིན་ནོ་ཞེས་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །གལ་ཏེ་རྟག་པ་ལ་མ་བྱས་པ་ཉིད་ལོ་ན་གཅིག་བུ་གཏན་ཚིགས་སུ་འགྱུར་ན་ངོ་མེད་པར་འགྱུར་མོད། གང་གི་ཕྱིར་སྐྱེ་བ ་དད་ལྡན་པ་ཉིད་མ་ཡིན་པ་ལ་སོགས་པ་རྣམས་ཀྱང་རྟག་པ་ཉིད་གཏན་ཚིགས་འདོད་པས་སོ། །ཡང་ཅིའི་ཕྱིར་གཏན་ཚིགས་གཅིག་ལོག་པ་ཁོ་ནས་བསྒྲུབ་པར་བྱ་བ་ལྡོག་པར་མི་འགྱུར་ཞེ་ན་སྨྲས་པ་མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། གལ་ཏེ ་གཏན་ཚིགས་གཅིག་མེད་པ་ན་ཡང་བསྒྲུབ་བར་བྱ་བ་མེད་པར་འགྱུར་ན། དེ་ལྟར་གྱུར་པ་ན་ལུས་ཅན་ཉིད་དང་ཡན་ལག་ཅན་ཉིད་ལ་སོགས་པ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་མེད་པའི་ཕྱིར་རོ། །བྱས་པ་ཉིད་ལ་སོགས་པ་ཡོད་པ་ནི་ཡང ་མི་རྟག་པ་ཉིད་ཁེགས་བར་འགྱུར་རོ། །ཡང་ཅི་ལྟར་ལུས་ཅན་ཉིད་མི་རྟག་པའི་གཏན་ཚིགས་ཡིན་ཏེ། ཇི་སྲིད་ལུས་ཅན་རྡུལ་ཕྲ་རབ་རྣམས་རྟག་པ་ཉིད་དུ་ཕ་རོལ་པོས་མངོན་པར་འདོད་དོ་ཞེ་ན་སྐྱོན་འདི་མ་ཡིན་ཏེ། འདིར་སོཊ་པའི་སྨྲ་བི?་རྣམ་པར་བརྗོད་པ་ཡིན ་ཅིང། དེས་ན་མཚན་ཉིད་མཆོག་ཉིད་ཀྱི་ཕྱིར། དཔེར་བརྗོད་ནི་འདིར་དབང་ཅན་མ་ཡིན་ནོ། །ཡང་ན་དངོས་པོའི་སྟོབས་ལ་བལྟོས་པས་འདི་བཤད་ཀྱི་ཁས་བླངས་ལ་བལྟོས་པ་ནི་མ་ཡིན་ནོ་གལ་ཏེ་དེ་ལྟར་ཉེ་བར་སྦྱོར་བ་མི་རིགས་ན། འོ་ན་རིཊ་བཅི་ལྟར་ཞེ་ན་གསུངས་པ། ཕྱི་རོལ་གྱི་དོན་ལ་བལྟོས་པས་ནི་ཞེས་པ ་ལ་སོགས་པའོ། །ཅི་ལྟར་ཕྱི་རོལ་གྱི་དོན་ལ་བལྟོས་པ་ཡིན་པ་ཞེ་ན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །ཕྱི་རོལ་སྨོས་པ་ནི་འབའ་ཞིག་པའི་བུམ་པ་དང། ནམ་མཁའ་ཡོད་པ་དང་མེད་པ་ཉིད་ཙམ་ལ་བལྟོས་པ་སེལ་བ་ལྟུང་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ ་རྟག་པ་ཉིད་བྱས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་པ་སྟེ། མི་རྟག་པ་ཉིད་དང་བྲལ་བའི་བྱས་པ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། འདིས་ལྡོག་པ་གསུངས་སོ། །མི་རྟག་པ་ཡང་ཡོད་ཏེ། བུམ་པ་བཞིན་ཞེས་པ་འདིས་ཀྱང་རྗེས་འགྲོའོ། །རྗེས་འགྲོ་དང་ལྡོག་པ་ལ་བལྟོས་ནས། དེ་བསྟན་པའི་ཆེད་དུ ་ནམ་མཁའ་བཞིན་དང་བུམ་པ་བཞིན་ཞེས་ཕྱོགས་གཅིག་དཔེར་བརྗོད་པ་ཙམ་ཉེ་བར་སྦྱར་བའོ་ཞེས་བས་ཁོ་བོའི་ལུགས་ཀྱིས་ནམ་མཁའ་སོགས་ཉེ་བར་སྦྱར་བ་རིགས་སོ། །དེ་ལྟར་ཉེ་བར་སྦྱོར་པ་ཡང་མི་རིགས་ཏེ། དཔེར་བརྗོད་ཉིད་འབའ་ཞིག་ཏུ་མ་ཟད་དོ། །སླར་ཡང་བརྗོད་པ་ཁོ་ན་ལས་ཞེས ་གཏན་ཚིགས་ཉེ་བར་བསྟན་པ་ལས་དམ་བཅའ་སླར་ཡང་བརྗོད་པ་ནི་མཇུག་སྡུད་ངོ་ཞེས་པའི་མདོ་ལས་སོ། །གཏན་ཚིགས་ངེས་པར་བསྟན་པ་ལས་དེ་མ་ཐག་ཏུ་ཏེ་དེ་སྔོན་མ་ཅན་ཞེས་པའི་དོན་ཏོ། །འདི་ལྟ་སྟེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་གོ་ཞེས་པའོ། །འདིས་ནི་རང་གི ་ཚིག་ཁོ་ནས་མཇུག་སྡུད་ཡན་ལག་གཞན་ཉིད་བསེལ་ལོ་ཞེས་སྟོན་ཏོ། །སླར་ཡང་བརྗོད་པ་ཡན་ལག་གཞན་ཉིད་ཡིན་ན་ནི། ལན་ཅིག་མ་ཡིན་པར་བརྗོད་པ་ན་ཡན་ལག་མཛའ་ཡས་པར་འགྱུར་རོ། །ཁ་ཅིག་འདི་ལ་ལན་སྨྲ་སྟེ། བསྒྲུབ་པར་བྱ་བའི་དོན་བརྗོད་པ་ནི་དམ་པ་ཅང་སྟེ ་གཏན་ཚིགས་ཀྱི་ཡུལ་དེས་བསྟན་པར་བྱའོ། །གྲུབ་པའི་ངོ་བོའི་དོན་སྒྲུབ་པར་བྱེད་པའི་འབྲས་བུར་གྱུར་པ་ནི་མཇུག་སྡུད་ཀྱིས་སོ། །དེས་ན་སླར་ཡང་བརྗོད་པ་ཉིད་མེད་དོ་ཞེས་པའོ། །དེ་མི་རིགས་ཏེ། གྲུབ་པའི་ངོ་བོ་བརྗོད་པར་བྱེད་པ་ཉིད་ཡིན་ན་ནི་བསྒྲུབ་པར་བྱེད་པར་མི ་འཐད་པའི་ཕྱིར་ཏེ། དཔེར་ན་སྒྲ་མཉན་པར་བྱའོ། །ཞེས་པ་ལྟ་བུའོ། །དེ་ལྟ་ན་ཡང་སྒྲུབ་པར་བྱེད་པ་ནི་ཡན་ལག་རྣམས་སོ་ཞེས་པའི་དམ་བཅའ་བ་ཉམས་སོ། །གཞན་རྣམས་ནི་རྣམ་པ་གཞན་དུ་མཇུག་སྡུད་ཡན་ལག་གཞན་ཉིད་དུ་རབ་ཏུ་སྟོན་པར་བྱེད་ཏེ། སྒྲ་མི་རྟག་གོ་ཞེས་པ་དམ་བཅའ་བ ་འདི་ལུས་དང་བྱས་པ་ཉིད་ཀྱི་ཕྱིར་ཞེས་པའི་གཏན་ཚིགས་འདི་རྗེས་སུ་དམག་པའོ། །བུམ་པ་བཞིན་ཞེས་པའི་དཔེ་ནི་མངོན་ནོ། །ཇི་ལྟར་བུམ་པ་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་དེ་ལྟར་སྒྲའོ་ཞེས་པ་ཉེ་བར་སྦྱོར་བའི་དེ་ཉེ་བར་འཇལ་བའོ། །ཚད་མ་བཞིན་པོ་འདི་རྣམས་ཀྱི་ཡུལ་གཅིག་པ་ཉིད་དུ་ཤེས་པའི་དོན་དུ་མཇུག ་བསྡུ་བ་སྟེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་གོ་ཞེས་པའོ། །འདི་ཡང་མི་རིགས་ཏེ། གལ་ཏེ་རྣམ་པ་གཞན་དུ་རྟོགས་པ་མི་འབྱུང་ན་ཐམས་ཅད་ལགས་མོད། དེ་མེད་ཀྱང་ཕྱོགས་ཆོས་དང་འབྲལ་བ་བརྗོད་པ་ཙམ་ལས་རྟགས་བ་མཐོང་ངོ་ཞེས་པས། དེ་ཉེ་བར་མཁོ་བ་ཅི་ཞིག་།འདིས་ནི་དམ་བཅའ་ ་པ་དང་ཉེ་བར་སྦྱོར་བ་དག་ཀྱང་སྒྲུབ་པར་བྱེད་པ་ཉིད་སྤངས་སོ། །ཕ་རོལ་བོས་ཡོངས་སུ་བརྟགས་པའི་གཏན་ཚིགས་དང་དཔེ་རྣམས་ཀྱང་ཇི་ལྟར་སྒྲུབ་པར་བྱེད་པའི་ཡན་ལག་ཉིད་དུ་འཐད་པ་མ་ཡིན་པ་དེ་ལྟར་བཤད་ཟིན་ཏོ། །དེ་ལྟར་དམ་བཅའ་བ་ལ་སོགས་པ་རྣམས་ཁོ་ན་རེ་ཞིག་སྒྲུབ་པར ་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ན། ཅིའི་ཕྱིར་ཡུལ་གཅིག་ཏུ་འཆད་པ་ལས་མཇུག་སྡུད་ཡིན་ཞེས་པས་མཇུག་སྡུད་མི་རིགས་སོ། །གཉིས་ཀ་རབ་ཏུ་གྲུབ་པ་དཔའ་ཨོ་ཞེས་པ་གཉིས་ཀ་རབ་ཏུ་གྲུབ་ཅིང་ངེས་པ་གང་དུ་ཡིན་པ་དེ་གཉིས་ཀ་རབ་ཏུ་གྲུབ་པ་སྟེ། གཉིས་ཀ་ནི་གཏན་ཚིགས་དང ་དམ་བཅའ་བདག་གམ་དེའི་དོན་ནོ། །ནམ་མཁའ་དཔེར་ན་ཐལ་འམ། ཞེས་པ་ཕྱོགས་དང་པོ་ལའོ། །ངག་གི་ཕྱོགས་གཅིག་པ་ཉིད་ཀྱང་མིན་ཞེས་པ་གཉིས་པ་ལའོ། །དེ་ལྟར་རྣམ་པ་གཉིས་ཀ་ལྟར་ནང་ད་ཁས་བླངས་པ་ཉམས་སོ། །དེའི་ཡོན་ཏན་ཉིད་ཀྱི་ཕྱིར་ཞེས་པ། དམ་བཅའ་དང། གཏན ་ཚིགས་དག་སྒྲའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཏེ། སྒྲ་ཡང་ནམ་མཁའ་ཨི་ཡོན་ཏན་ནོ་ཞེས་པའི་གཞུང་ལུགས་ལས་སོ། །དེའི་ཆོས་དག་ཞེས་པ་བསྒྲུབ་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་དག་སྟེ། མི་རྟག་པ་དང་བྱས་པ་ཉིད་ལ་སོགས་པ་སྟེ། གང་དུ་རབ་ཏུ་གྲུབ་པ་དག་གོ་ཞེས་པ་དོན་བུམ་པ་ལ་སོགས ་པ་རོ??། ངག་གི་ཡན་ལག་ཉིད་མི་རིགས་སོ་ཞེས་པ། ཇི་སྐད་དུ་བཤད་པ། ལྷན་ཅིག་བརྗོད་པར་འདོད་པ་ནི་དབྱེ་བ་ཡོད་པ་ན་ཐ་མི་དད་པར་འཇུག་པ་རྣམས་ཀྱི་འགྱུར་རོ་ཞེས་པ་སྟེ། དོན་དང་སྒྲ་དག་ལ་ཐ་མི་དད་པར་འཇུག་པ་ཉིད་ཡོད་པ་ཡང་མ་ཡིན་? ་ནོ། རྗེས་སུ་འགྲོ་བ་མི་བརྗོད་ཕྱིར་ཅེས་པ་ལ་སོགས་པ་སྟེ་།ཇི་ལྟར་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་ཉིད་དཔེས་སྟོན་པ་དེ་ལྟར་བྱེ་བྲག་པ་རྣམས་ཀྱི་ནི་མ་ཡིན་ནོ། །དེ་ལས་ཀྱང་དཔེ་ལྟར་སྣང་པའོ། །སྔ་མ་བཞིན་ཞེས་པ། སྔར་ཇི་སྐད ་དུ་བཤད་པ་རྗེས་འགྲོ་ཕྱིན་ཅི་ལོག་རྣམ་གཉིས་རྗེས་འགྲོ་མེད་པ་འང་དེར་སྣང་བའོ། །ཞེས་པ་དེ་ལྟར་འདིར་ཡང་རྗོད་པར་བྱའོ། །རྣམ་པ་གཉིས་ཀ་ལྟར་ན་ཡང་མི་རིགས་སོ་ཞེས་པ། གལ་ཏེ་གཏན་ཚིཊ་དམ་བཅའ་པ་དག་གཉིས་ཀ་སྨོས་པས་འཛིན་ན་དང། གལ་ཏེ་དེའི་དོན་དག་ནའོ། །སྒྲུབ་བྱེད་ཉིད ་དཔེའི་དོན་ཀྱང་།རང་དབང་ཡིན་ན་དོན་མེད་དོ་ཞེས་པ། བསྒྲུབ་པར་བྱ་བ་ཡང་དག་པར་འགྲུབ་པའི་དོན་དུ་གཉེར་བྱའོ། །ཞེས་པ་དོན་ཏེ། །བསྒྲུབ་པར་བྱ་བ་བསྒྲུབ་པར་བྱེད་པའི་ནུས་པའི་རང་གི་ངོ་བོར་བརྗོད་པར་བྱའོ། །དེ་དག་ལ་དོན་ཡོད་བ་མ་ཡིན་ནོ་ཞེས་དོན་མེད་པ་སྟེ། བསྒྲུབ་པར་བྱ་བ་བསྒྲུབ་པར ་བྱེད་པར་ནུས་པའི་རང་གི་ངོ་བོ་ངག་མི་སྲིད་པ་དག་ཅེས་པའི་དོན་ནོ། །དོན་འདི་ཉིད་འབྲེལ་པས་གསལ་བར་བྱེད་དེ། སྒྲུབ་པར་བྱེད་པ་ཉིད་སྲིད་པ་མ་ཡིན་ཞིང། དཔེའི་དོན་མ་ཡིན་ནོ་ཞེས་པའོ། །རིཊ་བ་ནི། གང་སྒྲུབ་པར་བྱེད་པའི་ནུས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དཔེའི་དོན་ནི་ཅི ་ལྟར་ཡིན་ཏེ། གང་འདྲ་བ་ཕ་རོལ་པོས་བསྒྲུབ་པར་བྱ་བ་རྗེས་སུ་འཛིན་པ་མངོན་པར་འདོད་པ་དེ་འདྲ་བ་སྲིད་པ་མ་ཡིན་ནོ་ཞེས་པ་དགོངས་པའོ། །སྔར་ཇི་སྐད་བཤད་པ་བཞིན་ཞེས་པ། དཔེར་བརྗོད་པ་དང་ཆོས་མཐུན་ཉིད་འབའ་ཞིག་དེ་རྣམས་ཀྱིས་བརྗོད་བྱ། བསྒྲུབ་བྱ་སྒྲུབ་བྱེད་གཉིས ་བརྗོད་མིན། དེ་ལྟར་དཔེ་ཉིད་ཙམ་ཡིན་ནོ་ཞེས་པའོ། །དེ་ལྟར་སྒྲུབ་པར་བྱེད་པ་ཉིད་མེད་པར་བརྗོད་དོ། །དཔེ་མེད་པ་ཡང། གཏན་ཚིཊ་བཅས་པའི་བསྒྲུབ་བྱ་ཙམ་འམ། དེའི་ཁྱད་པར་དཔོག་པ་ན། དཔེ་ནི་ཐུག་པ་མེད་པར་འགྱུར། མི་མཐུན་ཕྱོཊ་ལས་ལྡོག་པར་ཡང་ཞེས་པའོ། ་ལེའུ་བཞི་པའོ།། །།ཚད་མ་གཞན་དུ་རྩོད་པའི་སྐབས་སྦྱིན་པའི་ཆེད་དུ་གསུངས་པ། ཚད་མ་གཉིས་བཤད་ཟིན་ཏོ་ཞེས་པ་སྟེ། གང་སྡང་དམ་བཅས་པ། མངོན་སུམ་དང་ནི་རྗེས་སུ་དཔག?་།ཚད་མ་དག་གཉིས་ཁོ་ན་ཞེས་པའི་ཚད་མ ་གཉིས་པོ་དེ་བྱ་བ། ང་ཉོ?་རང་གི་ཚད་མའི་ཡོན་ཏན་བརྗོད་པ་ལས་དང། གཞན་གྱི་ཚད་མ་དགག་པ་ལས་ཀྱང་ངོ། ཁ་ཅིག་ནི་སྒྲ་ལས་བྱུང་བ་ཡང་ཞེས་པ་ཁ་ཅིག་ཞེས་པ་སེར་སྐྱ་པ་ལ་སོགས་པ་རྣམས་སོ། །སྒྲ་ལས་ཉེས་པ་མ་ཡིན་པའི་དོན་ལ་ཤེས་པ་ཉེ་བར་སྐྱེ་བ་ནི་སྒྲ་ལས་འབྱུང ་བའོ། །དོན་གྱི་གོ་བ་ལ་སོགས་པ་རྣམས་འབའ་ཞིག་ཏུ་མ་ཟད་དོ་ཞེས་པ་ཡང་གི་སྒྲའི་དོན་ནོ། །ཅི་ལྟར་སྒྲ་ལས་བྱུང་བ་ཚད་མ་གཞན་མ་ཡིན་ཞེ་ན་གསུངས་པ། དེ་ལྟར་དེ་ཞེས་པ་ལ་སོགས་པའོ། །དེ་ཞེས་པ་ཤུཊ་ཀྱིས་ཐོབ་པ་སྒྲ་ལ་སྦྲེལ་ལོ། །བྱས་སོགས་བཞིན་དུ་ཞེས་པ། ཇི་ལྟར་བྱས་པ་ཉིད་ལ ་སོགས་པའི་རྟཊ་ནི་ཚུལ་གསུམ་དང་ལྡན་པ་ལས་རང་གི་དོན་གསལ་བར་བྱེད་པ་དེ་བཞིན་སྒྲ་ཡང་ངོ་ཞེས་པའི་དོན་ནོ། །དཔེ་འདིས་ནི་སྒྲ་རྟགས་ཉིད་དུ་ཡོངས་སུ་གསལ་བར་བྱེད་པས་སྒྲ་ལས་བྱུང་བ་རྗེས་སུ་དཔག་པ་ཉིད་དུ་མཚོན་པར་གསལ་བར་བྱད་དོ། །གཞན་སེལ་བ་ཡིས་དོན ་གཞན་ལས་ལྡོག་པས་ཡིན་གྱི། མཐོང་བ་བཞིན་དུ་སྒྲུབ་པའི་ངོ་བོས་ནི་མ་ཡིན་ནོ། །སྒྲ་ནི་ཡུལ་གང་ལ་རབ་ཏུ་སྦྱོར་བ་ཞེས་པ། དོན་གང་གོ་བར་བྱེད་པའི་དོན་དུ་བརྗོད་པ་དེ་དེའི་ཡུལ་ཏེ། གོ་བར་བྱ་བ་ཉིད་ཀྱི་ཕྱིར། དཔེར་ན་རྟཊ་ཀྱི་རྟགས་ཅན་བཞིན་ནོ། །དེའི་ཡན ་ལག་གང་གིས་ཞེས་པ་།བརྗོད་པར་བྱ་བའི་དོན་གྱི་ཡན་ལག་ཡོད་པ་ཉིད་དང་ཤེས་བྱ་དེ་ཉིད་ལ་སོགས་པ་རྣམས་ནི་མང་བ་སྟེ། དེ་རྣམས་ཐམས་ཅད་དང་ཤིང་ལ་སོཊ་པའི་སྒྲ་མེད་ན་མི་འབྱུང་བ་ཉིད་དུ་འབྲེལ་པ་ཡང་མ་ཡིན་གྱི། གང་དང་འབྲེལ ་པ་དེ་བྱས་པ་ཉིད་ལ་སོགས་པ་བཞིན་དུ་དོན་གཞན་རྣམ་པར་གཅད་པས་གསལ་བར་བྱེད་དོ། །བརྗོད་པ་ནི་སྒྲའི་ཆོས་ཉིད་དུ་གྲགས་པ་ཉིད་ཀྱི་ཕྱིར་བ་ཕེ་དང་དཔེ་ཅན་དག་མི་མཚུངས་པ་ཉིད་དུ་མ་གྱུར་ཅིག་ཅེས་གསལ་བར་བྱེད་དོ་ཞེས་གསུངས་སོ། །དེ་ཙ? ་ཇི་སྐད་བརྗོད་པར་འགྱུར་ཏེ། གང་རྗེས་སུ་དཔག་པའི་མཚན་ཉིད་ཅན་དེ་ནི་ད་ལས་ཐ་དད་པ་མ་ཡིན་ཏེ། དུ་བ་ལས་མེ་ཤེས་པ་བཞིན། སྒྲ་ལས་བྱུང་བ་ཡང་དེ་ལྟ་བུ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་དང་འགལ་བའོ། །ཅི་སྟེ་གཞན་སེལ་པ་ཡིན་རྗོད་པར་བྱེད་ཅེས་པ་ཅིའི་དོན་དུ་ཡིན་ནོ། ཇི་ཙམ་དུ ་བྱས་ཉིད་སོགས་བཞིན་རྗོད་པར་བྱེད། ཅེས་པ་འདི་ཁོ་ནས་རྗེས་སུ་དཔག་པ་ལས་སྒྲ་ལས་བྱུང་བ་ཐ་མི་དད་པར་རྟོགས་སོ་ཞེ་ན། དགོས་པ་ཡོད་དེ། བྱས་པ་ཉིད་ལ་སོགས་པའི་རྟགས་ནི་དོན་གཞན་རྣམ་པར་གཅོད་པས་རང་གི་དོན་རྟོག་པར་བྱེད་དོ་ཞེས་སྔར་འདི ་བསྒྲུབས་ཟིན་ཏོ། །དེའི་ཕྱིར་གལ་ཏེ་གཞན་སེལ་བས་ཞེས་པ་འདི་མ་བརྗོད་ན། དེའི་ཚེ་ཚད་མ་གཞན་སྨྲ་བ་རྣམས་ཀྱི་རྟོཊ་པ་འདིར་འགྱུར་ཏེ། བྱས་པ་ཉིད་ལ་སོཊ་པའི་རྟཊ་ནི་དོན་གཞན་ལས་ལྡོག་པས་རང་གི་དོན་རྟོཊ་པར་བྱེད་ཅིང། སྒྲ་ནི་སྒྲུབ་པའི་སྒོ་ཡིས་ཏེ། དེ་ཁོ་ནའི་ཁྱད་པར་ལས་སྒྲ་ལས་བྱུང ་བ་རྗེས་སུ་དཔག་པ་ལས་ཐ་དོད?་ཞེས་པའོ། །དེའི་ཕྱིར་གསལ་བའི་དོན་དུ་འདི་བཤད་དོ། །སླར་ཡང་སྐབས་གཞན་གྱིས་འདིའི་དྡོཊ་པ་བསལ་བར་བྱེད་པར་འགྱུར་རོ་ཞེས་རེ་ཞིག་བཞག་གོ་།ཅི་ལྟར་སྒྲའི་ཚུལ་གསུམ་ཉིད་ཡིན། ཅི་ལྟར་མི་འགྱུར་ན། ཆོས་ཅན་མི་རིཊ་པའི་ཕྱིར་རོ། །དེ་ལྟར་ནི་སྒྲའི་དོན་ནི་ཆོས་ཅན་ཉིད་དུ་འཐད ་བ་མ་ཡིན་ཏེ། རྟོཊ་པར་བྱ་བ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་བཞིན་ནོ། །དོན་ལ་སྒྲ་མཐོང་བ་ཡང་མ་ཡིན་ཏེ། སྨྲ་བ་པོ་ལ་གནས་པ་ཉིད་ཀྱི་ཕྱིར་ཏེ། དེ་ཁོ་ན་ལ་ཉེ་བར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཚད་མ་གཞན་ཁོ་ན་ཏེ། བརྡ་ཇི་ལྟ་བ་བཞིན་དུ་དོན་རྟོཊ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་དང་འདི་ནི་སྒ ་ལས་བྱུང་བའི་ཚད་མ་ཉིད་ཀྱི་ཡུལ་ཡོངས་སུ་མ་ཤེས་པའི་ཕྱིར་འདི་ལྟར་བརྗོད་པ་སྟེ། དེའི་ཕྱི་རོལ་གྱི་དོན་ལ་ཚད་མ་ཉིད་མ་ཡིན་པས་ཏེ། དེ་ལྟར་ནི་དེ་དེའི་རྟོགས་པར་བྱེད་པར་འགྱུར་བ་མ་ཡིན་པས་ཏེ། འོ་ན་ཅི་ལ་ཞེ་ན། བརྗོད་པར་འདོད་པ་ལ་ཏེ། དེ་ལ་ནི་སྒྲའི་ཚུལ་གསུང་བ་ཉིད་ཡོད་པ ་ཁོ་ནའོ། །དེ་ལྟར་ནི་བརྗོད་པར་འདོད་པ་དང་ལྡན་པའི་སྐྱེས་བུ་ཆོས་ཅན་ནོ། །བརྗོད་པར་འདོད་པ་བསྒྲུབ་པར་བྱ་བའི་ཆོས་སོ། །བརྗོད་པར་འདོད་པ་དང་ལྡན་པ་ལ་ཉེ་བར་དམིགས་པ་ཡོང་པ་ཁོ་ནའི་ཕྱིར་སྒྲ་ནི་ཕྱོགས་ཀྱི་ཆོས་སོ། །བརྗོད་ཕར་འདོད་པ་དང་ལྡན་པ་སྔར་ཉམས་སུ་མྱོང་བ་ནི ་མཐུན་ཕྱོགས་སོ། །དེ་དང་བྲལ་བ་ནི་མི་མཐུན་ཕྱོགས་སོ་ཞེས་པས་ཅི་ལྟར་ཚུལ་གསུམ་སྲིད་པ་མ་ཡིན། འོ་ན་བརྗོད་པར་འདོད་པ་ལ་ཡང་དེ་ཚད་མ་ཉིད་མ་ཡིན་པ་ཁོ་ནའོ། །དེ་ལྟར་ནི་བརྗོད་པར་འདོད་པ་སྤྱི་ལ་ཚད་མ་ཉིད་དུ་འགྱུར་རམ། ཡང་ན་བརྗོད་པར་འདོད་པའི་ཁྱད ་པར?་ལ་ཡིན། རེ་ཞིག་སྤྱི་ལམ་ཡིན་ཏེ། དེ་ལས་ཐ་སྙད་དུ་མི་རིགས་པའི་ཕྱིར་རོ། །གལ་ཏེ་བརྗོད་པར་འདོད་པའི་སྤྱི་སྒྲའི་དོན་དུ་གྱུར་ན་གོ་ཞེས་བརྗོད་པ་ན་དགུ་བཟུང་བའི་ཡི་གེའི་རྣམ་པར་དབྱེག་འདི་ཅི་སྒྲ་ཞེས་ཡོངས་སུ་རྗེས་སུ་སྦྱོར་བ་མ་ཡིན་ཏེ། སྒྲེ་བརྗོད་པ་ཙམ་ཁོ་ན་ལས་བརྗོད ་པར་འདོད་པའི་སྦྱིའི་དེས་བར་ཤེས་པ་ཉིད་ཀྱི་ཕྱིར་རོ། །བརྗོད་པར་འདོད་པའི་སྤྱིའི་དོན་དང་ལྡན་པ་ཉིད་ནི་སྒྲ་རྣམས་འཇུག་པའི་གྱུར་འགྱུར་བ་ཡང་མ་ཡིན་ཏེ། བརྗོད་པར་འདོད་པའི་སྤྱི་ནི་དོན་དུ་གཉེར་བ་པོ་འགའ་ཞིག་རབ་ཏུ་འཇུག་པའི་ཡན་ལག་དང་ཚད་མ་ཡང་མ ་ཡིན་ཏེ། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུབ་མེད་པའི་ཕྱིར་རོ་ཞེས་བརྗོད་པའི་ཕྱིར་རོ། །དེ་འདི་ལྟར་བརྗོད་པར་འདོད་པའི་སྤྱི་ལ་ཚད་མ་ཉིད་མ་ཡིན་ནོ། །ཁྱད་པར་ལ་ཡང་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེ་ཡང་རྗེད་པར་འདོད ་པའི་ཁྱད་པར་དང་ལྡན་པ་ལས་སྒྲ་གཞན་དུ་དམིགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། ཇི་ལྟར་འདོད་ཆགས་དང་ལྡན་པ་སྨྲ་བ་དེ་ལྟར་འདོད་ཆགས་དང་བྲལ་བ་ཡང་ངོ་ཞེས་སོ། །སྒྲའི་ཐ་སྙད་ནི་བློ་སྔོན་དུ་བཏང་ནས་རྣམ་པ་གཞན་དུ་ཡང་བྱ་བར་ནུས་ཏེ། དེའི་ཕྱིར ་སྒྲ་རྣམས་ལས་ཁྱད་པར་ངེས་པ་མ་ཡིན་ཞིང། ཁྱད་པར་ཁོ་ན་ཡང་ཐ་སྙད་ཀྱི་ཡན་ལག་ཡིན་ན། དེ་ཡང་དེས་པར་གཟུང་པར་མི་ནུས་པ་ཉིད་ཀྱི་ཕྱིར། ཅི་ལ་སྒྲ་ལས་བྱུང་བ་ཚད་མ་ཉིད་ཡིན་ཞེ་ན། དེ་ལ་བརྗོད་པར་འདོད་པའི་སྤྱི་ནི་མ་འཁྲུལ་ན་ཡང་སྒྲའི་དོན ་ཡིན་ཏེ། ངེས་ཐ་སྙད་ལ་མི་སྦྱོར་བའི་ཕྱིར་རོ་ཞེས་གང་བརྗོད་པ་དེ་རིགས་པ་མ་ཡིན་ཏེ། གང་ཞིག་རྒྱུད་གཞན་ཙམ་བསྒྲུབ་པར་བྱ་བ་དོན་དུ་གཉེར་བ་པོ་དེ་ལ་ཅི་ལྟར་བརྗོད་པར་འདོད་པའི་སྤྱི་ཐ་སྙད་ཀྱི་ཡན་ལག་མ་ཡིན། འདི་ནི་སྒྲ་ལས་བརྗོད་པར་འདོད་པའི ་སྦྱི་ཡོངས་སུ་བཅད་ནས་འཇུག་པ་ན་རྒྱུད་གཞན་ཙམ་བསྒྲུབ་པར་བྱ་བ་ལ་འཇུག་པ་ན་བསླུ་བ་མེད་པའི་ཕྱིར་རོ། །གང་ཡང་ཁྱད་པར་ལ་ཡང་ཚད་མ་ཉིད་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ་ཞེས་བརྗོད་པ་དེ་ཡང་ཡང་དག་པ་མིན་ཏེ། ཁྱད་པར་ཁོ་ན་གཏན་ཚིགས ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཁྱད་པར་ནི་རྗེས་སུ་འགྲོ་བ་དཀའ་བ་ཉིད་ཀྱི་ཕྱིར་གཏན་ཚིགས་ཉིད་དུ་མི་རིགས་སོ་ཞེ་ན་།འོ་ན་དུ་བ་ཡང་གཏན་ཚིགས་ཉིད་དུ་མི་འགྱུར་ཏེ། འདི་ཡང་སྒྱུ་མ་བྱེད་པས་སྤྲུལ་པའི་དུ་བ་ལྟར་སྣང་བའི་འབྱུང་བ་འདུས་པ་ལས ་ནི་གཞན་ལས་ལོག་པའི་ངོ་བོར་རྟོགས་པ་པོ་ཐམས་ཅད་ཀྱིས་ངེས་པར་གཟུང་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་གང་ཞིག་དེ་ངེས་པར་གཟུང་བར་ནུས་པ་དེའི་དོར་དེ་རྗེས་སུ་དཔག་པའི་ཡན་ལག་ཉིད་ཡིན་ན། དེ་དང་འདི་ནི་ཅིག་ཤེས་ལ་ཡང་མཚུངས ་སོ། །ཡང་ན་ངེས་པར་རྟོཊ་པ་པོས་མི་བསླུ་བའི་ངག་འདི་ནི་འདི་འདྲ་བར་གང་ལ་མངོན་པར་ཞེན་པ་དེའི་ཚིག་ནི་མི་བསླུ་བར་མཚུངས་པ་ཉིད་དུ་སྒྲོ་བཏཊ་ནས་རྗེས་སུ་དཔག་པར་བྱེད་ཏེ། དེའི་ཕྱིར་རྟོཊ་པ་པོའི་བསམ་པའི་ཁྱད་པར་གྱི་དབང་ལས། ཁྱད་པར ་ལ་སྒྲ་རྗེས་སུ་དཔག་པ་ཉིད་དུ་གསུངས་ཏེ་དོན་དམ་པར་ནི་མ་ཡིན་ནོ། །གཞན་སེལ་བས་སྒྲའི་དོན་རྟོགས་པར་བྱེད་དོ་ཞེས་བཤད་པ་ཡིན་ཏེ། དེ་རྗེས་སུ་མ་བསམ་པ་གང་རྣམས་སྨྲ་བ། རིཊ་ཀྱི་སྒྲ་ཞེས་པ་ལ་སོགས་པའོ། །ཅི་ལྟར་རིཊ་བརྗོད་པར་བྱ་བ་མ་ཡིན་པར ་གྱུར་པ་ཐ་སྙད་ཀྱི་རྒྱུ་ཡིན་ཞེ་ན། ཐ་དད་མེད་པར་ཉེ་བར་གདགས་པའི་རྒྱུ་ཉིད་ཀྱི་ཕྱིར་ཡོན་ཏན་བཞིན་ནོ། །དཔེར་ན་བྲམ་ཟེའི་ཁྱེའུ་སེངྒེ་ཞེས་པ་བཞིན་ཏེ། དཔའ་བ་ཉིད་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ནི་སེངྒེ་དང་བྲམ་ཟེའི་ཁྱེའུ་དག་གི་ཐ་དད་མེད་པར ་ཉེ་བར་གདགས་པའི་རྒྱུར་འགྱུར་ཞིང་ཐ་སྙད་ཀྱི་རྒྱུར་འགྱུར་ཏེ། ཡོན་ཏན་གྱི་སྒྲ་ཞེས་པ་ཡིན་པ་དེ་ལྟར་རིགས་ཀྱང་སྟེ་སྒྲའི་ཐ་དད་པ་རྣམས་ཀྱིས་ཐ་མི་དད་པར་ཉེ་བར་གདགས་པའི་རྒྱུའོ་ཞེས་པས་རིགས་ཀྱི་སྒྲ་ཞེས་དེ་ནི་ཐ་སྙད་ཀྱི་རྒྱུ་ཡིན་ནོ། །རང་གི་ཁྱད ་པར་རྣམས་ཤེས་པ་རང་གི་སྟེ་རིགས་ཀྱི་ཁྱད་པར་རྣམས་ཏེ། རིགས་གང་གིས་སྒྲ་གང་གི་ཐ་སྙད་དུ་སྟོན་པའི་རྒྱུ་ཡིན་པ་དེ་ནི་དེའི་རང་གི་བར་འགྱུར་རོ། །ཕན་ཚུན་ཁྱད་པར་དུ་བྱེད་ཅིང་ཐ་དད་དུ་བྱེད་དོ་ཞེས་པ་ཁྱད་པར་རྣམས་ཏེ། དཔེར་ན་རིགས་ཡོང ་པའི་རྫས་དང་ཡོན་ཏན་དང་ལས་རྣམས་ལྟ་བུའོ། །ཐམས་ཅད་རྣམས་ཁོ་ན་སྨྲས་པ་ཞེས་པ། ཅུང་ཟད་ཙམ་ཁོ་ན་མ་ཡིན་པའོ། །དེ་ལྟར་ནི་བྲམ་ཟེ་བསར་བར་བྱ་བ་མ་ཡིན་ནོ་ཞེས་བས་བརྗོད་པ་ན། བྲམ་ཟེའི་རིགས་ཀྱི་ཁྱད་པར་མ་ཐ་རའི་བུ་ལ་སོཊ་པ་ཐམས་ཅད་བསད་པར་བྱ་བ་མ ་ཡིན་ནོ། །གལ་ཏེ་རིགས་ཀྱི་སྒྲས། རང་གི་ཁྱད་པར་མ་ལུས་པ་ལ་རྗོད་ན། འོ་ན་བྲམ་ཟེ་ཀཽཎྜི་ནྱའི་བུ་ཤོག་ཅེས་ཅེས་ཁྱད་པར་གྱི་མཉན་པ་ཅིའི་དོན་དུ་ཡིན། བྲམ་ཟེའི་སྒྲ་ཇི་ཙམ་པས་ཀཽ་ཎྜི་ནྱའི་བུ་མངོན་པར་བརྗོད་པས་སོ་ཞེ་ན། སྨྲས་པ་བྲོད་པ་རྣམས་ལ་ནི་ངེས་པའི་དོན་དུ་ཁྱད་པར་གྱི་སྒྲ ་ཞེས་པ། ཀཽཎྜི་ནྱའི་དུ་ཁོ་ན་སྟེ་མ་ཐ་རིའི་བུ་ནི་མ་ཡིན་ནོ་ཞེས་པའོ། །དཔེར་ན་བྱ་བས་ནི་རྫས་འདྲེན་པར་བྱེད་དོ་ཞེས་བརྗོད་པ་ན། སླར་ཡང་རྫས་མ་ཡིན་པ་ནི་མ་ཡིན་ཞེས་ངེས་པའི་དོན་དུ་བརྗོད་པ་བཞིན་དང། ཇི་ལྟར་རྫས་ཁོ་ན་རྟོགས་པ་བཞིན་ནོ་ཞེས་པའོ། །རྗོད་པར་བྱེད་པ་ཞེས ་བརྗོད་པར་བྱ་སྟེ། ཞེས་པ་སྟེ། དགོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་ཡོངས་སུ་མ་རྫོགས་པའི་དག་ཅེས་པས་ན་འཆད་པར་འགྱུར་བའི་ཚིག་གིས་དོགས་པ་རྣམ་པར་གཅོད་པར་སྟོན་ཏོ། །མཛའ་ཡས་ཉིད་ཕྱིར་ཞེས་པ་འཐད་པའོ། །ཅི་ཞིག་མཛའ་ཡས་པའི་ཕྱིར་ཞེ་ན། སྐབས་ཉིད ་ཀྱི་ཕྱིར་ཁྱད་པར་རྣམས་ཁོ་ན་ཏེ། གང་གསུངས་པ་ཁྱད་པར་རྣམས་ནི་མཛའ་ཡས་པ་ཡིན་ན་ནི་ཞེས་པ་ལ་སོགས་པའོ། །འབྲེལ་པ་བྱ་བར་མི་ནུས་ཞེས་པ། བརྗོད་པར་སྟེ། བྱ་བའི་བྱིངས་ནི་དོན་དུ་མ་ཅན་ཉིད་ཀྱི་ཕྱིར་རོ། །དེ་འདི་གཏན་ཚིགས་གཉིས་བཤད་སྟེ། མཛའ་ཡས་པ ་ཉིད་ནི་འབྲེལ་པ་མི་ནུས་པ་ཉིད་ལ་གཏན་ཚིགས་སོ། །འབྲེལ་པ་མ་བརྗོད་པ་ཉིད་ནི་ཡང་རྗོད་པར་བྱེད་པ་མ་ཡིན་པ་ཉིད་ལ་སྟེ། དེ་ལྟར་ཡང་གསུངས་པ། འབྲེལ་པ་མ་བྱས་པའི་སྒྲ་ལ་ནི་དོན་རྗོད་པ་བྱེད་པ་རིགས་པ་མ་ཡིན་ཞེས་པའོ། །མཐལ་ཡས་པ་ཉིད་ཀྱང་ཡུལ་གྱིས ་བསྐལ་བ་སྟེ། ཉེ་བར་རྗོད་པར་བྱེད་པའི་མཛའ་ཨི་སྒྲའི་དགག་པ་དང་མངོན་པར་འབྲེལ་པའི་ཕྱིར་རོ། །དེ་དད་འདིས་འདི་སྐད་སྟོན་ཏེ། གང་རྣམས་བསྐལ་པའི་ཡུལ་དུ་འཇུག་པ་དེ་རྣམས་འདིར་གནས་པ་རྣམས་ཀྱིས་རང་ཉིད་ཀྱི་སྦྱོར་ཟླའི་འབྲེལ་པ་ཉིད་དུ་བརྗོད་པར་ནུས་པ་མ་ཡིན ་ཏེ། དཔེར་ན་མཐོ་རིས་སུ་སོང་བའི་ནག་པ་ལ་སོགས་པ་རྣམས་བཞིན། ཁྱད་པར་ཁ་ཅིག་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་ཁྱད་པར་དང་འགལ་བའོ། །ཡང་ན་མུ་མེད་པ་ཉིད་མཛའ་ཡས་པ་ཉིད་དེ། ཕྱོགས་ཀྱི་མཛའ་བཞིན་ཏེ། ཡོངས་སུ་བཅད་པ་རྗོད་པར་བྱེད་པའི ་མཛའ་སྒྲ་དགག་སྒྲ་དང་འབྲེལ་པའི་ཕྱིར་རོ། །སྦྱོར་བ་ནི་གང་རྣམས་མུ་མེད་པ་དེ་རྣམས་རང་དང་འབྲེལ་པ་ཅན་གྱི་འབྲེལ་པ་ཅན་ཉིད་དུ་བཤད་པར་བྱ་བ་མ་ཡིན་ཏེ། ས་བཞིའི་རྡུལ་བཞིན། ཁྱད་པར་རྣམས་ཀྱང་དེ་ལྟ་བུའོ། །ཞེས་པ་འགལ་བ་དེ་ཁོ་ནའོ། །འབྲེལ་པ་མ་བྱས་པ་ཞེས་པ ་ལ་སོགས་པས། གང་ཁྱད་པར་རྣམས་དང་འབྲེལ་པ་མ་བཤད་པ་དེ་ནི། དེ་རྣམས་ཀྱི་རྗོད་པར་བྱེད་པ་མ་ཡིན་ཏེ། འཕགས་པ་པའི་དོར་ཀླ་ཀློའི་སྒྲ་བཞིན། རིགས་ཀྱི་སྒྲ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་མི་དམིགས་པ་གསུངས་སོ། །རང་གི་ངོ་བོ་ཙམ་རྟོག་པའི་ཕྱིར་རོ་ཞེས་པ ་དཔེ་གསལ་བར་བྱེད་པ་སྟེ། ཀླ་ཀླའི་སྒྲ་ལ་ནི་སྒྲའི་རང་གི་ངོ་བོ་ཙམ་ཁོ་ན་རྟོགས་ཀྱི་དོན་ནི་མ་ཡིན་པས་སོ། །གཞན་ཡང་ཞེས་པ་གཏན་ཚིགས་སོགས་པའོ། །ཅི་ལྟར་ན་ཡང་འཁྲུལ་པ་ཡིན་ཞེ་ན་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། རྫས་མེད་ན་ཡང་ཡོན་ཏན ་མཐོང་བའི་ཕྱིར་དང། དེ་མེད་ན་ཡང་རྫས་དང་ལས་དག་ལ་ཡང་ཞེས་པས་ཐམས་ཅད་དུ་འཁྲུལ་པར་ཐེ་ཚོམ་དུ་འགྱུར་རོ། །རྗོད་པར་བྱེད་པ་མ་ཡིན་ཞེས་པ་གང་ཞིག་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་དེའི་རྟོགས་པར་བྱེད་པ་མ་ཡིན་ཏེ། འདི་ལྟ་སྟེ་གཞལ་བྱ་ཉིད་རྟག་པ ་དང་མི་རྟག་པ་དག་གི་བཞིན། རིགས་ཀྱི་སྒྲ་ཡང་ཁྱད་པར་རྣམས་ལ་དེ་ལྟ་བུའོ་ཞེས་རང་བཞིན་འགལ་བ་གསུངས་སོ། །ཐེ་ཚོམ་གྱི་རྒྱུ་ཉིད་དང་འཁྲུལ་པའི་ཕྱིར་ཞེས་པ་འདི་གསལ་བར་བྱས་སོ། །གང་ཞིག་གང་ལ་འཁྲུལ་པ་དེ་ནི་དེ་ལ་ཐེ་ཚོམ་གྱི་རྒྱུ་སྟེ། དཔེ་དེ་ཁོ་ནའོ། ། ་རིགས??་ཀྱི་སྒྲ་ཡང་ཁྱད་པར་ལ་འཁྲུལ་པའོ། །རང་བཞིན་ནོ། །འོ་ན་རིཊ་ཀྱི་སྒྲ་ལས་རང་གི་ཁྱད་པར་ཐམས་ཅད་རྟོཊ་པ་མ་ཡིན་ནམ། ཐམས་ཅད་ལ་ཐེ་ཚོམ་ཉེ་བར་སྐྱེ་བ་ནི་མ་ཡིན་ཞིང། རང་གི་ཁྱད་པར་ཐམས་ཅད་མེད་པ་ན་ནམ་ཡང། རིགས་ཀྱི་སྒྲ་ནི་འགའ་ཞིག་ཏུ་ཡང་དོན་གཞན ་ལ་འཇུག་པ་ཉེ་བར་དམིགས་པ་ཡབ་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་འཁྲུལ་ཞེ་ན། སྐྱོན་འདི་མེད་ཏེ། རིགས་ཀྱི་སྒྲ་ཡིས་ཁྱད་པར་དང་ཁྱད་པར་མེད་པའི་ངོ་བོ་ལ་རིག་པས་རྟོགས་པར་བྱ་བ་ནི་མ་ཡིན་ཞིང་།གང་སྒྲ་ཡིས་བརྗོད་པར་བྱས་ཁྱད་པར་མཛའ་དག་གི་ངོའི་ཞེས་བྱ་བདེ་རྣལ?་མས ་ཀྱི?་སྤྱི་ཡང་ཡོད་པ་མ་ཡིན་ཏེ། ཁྱད་པར་ཀྱི་ངོ་བོ་ཡོངས་སུ་གཏོང་བ་ན། དེ་རྣམས་ཁོ་ནའི་རིགས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱད་པར་གྱི་ངོ་བོས་ཁྱབ་པ་ཡོད་པ་ཡང་མ་ཡིན་ཏེ། ཁྱད་པར་གྱི་ངོ་བོ་ནི་ཕན་ཚུན་ལོག་པ་ཉིད་ཀྱི་ཕྱིར་རོ། ཞེས་པས་མ་གྲུབ་པ་མེད་དོ། །གང་ཡང་སེམས་པ་ཞེས ་བ་སྐྱོན་སྔ་མ་མེད་པ་ལས་ཕྱོགས་གཞན་ཉེ་བར་དགོད་པའོ། །འབྲེལ་པ་སླ་བ་ཉིད་ཀྱི་ཕྱིར་དང་མི་འཁྲུལ་པའི་ཕྱིར་ཞེས་པ། སླ་བ་ནི་རིགས་གཅིག་ཉིད་གྱི་ཕྱིར་ཏེ། ཡུལ་མང་པོ་ཉིད་ཡོད་ནའང་སོ་སོར་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །ཉེ་བ་ཉིད་ཀྱི་ཕྱིར་ཡང ་རྟེན་རྙེ་བ་ཉིད་ཀྱིས་འབྲེལ་པའོ། །འབྲེལ་པ་རང་གི་རྟེན་ལ་འཕྲོད་པ་འདུ་བ་ཡང་འཁྲུལ་པ་ཡང་མེད་པ་ཁོ་ནའོ། །ཁྱད་པར་རྣམས་ནི་དུ་མ་ཉིད་ཀྱི་ཕྱིར་ཕན་ཚུན་མེད་པ་ལ་ཡང་ཡོད་པའི་འཁྲུལ་པར་རིགས་གྱི། རིགས?་སམ་སྤྱོར་བ་ལ་ནི་མ་ཡིན་ཏེ། དེ་དག་ཐ་མི་དད་པའི་ཕྱིར་དང། དེ ་མེད་ན་ཡང་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་མི་རིགས་ཞེས་པ་རིགས་པ་དང་འབྲེལ་པ་མ་ཡིན་ཞེས་པའི་དོན་ཏོ། །ཡང་འདིར་རིགས་པ་ཅི་ཞིག་ཅེ་ན། ལུང་ཞེས་བྱ་བའི་ཚད་མའོ། །ཅི་ལྟར་དེ་དང་འབྲེལ་པ་མི་ཡིན་ཞེ་ན། ཐ་དད་པའི། དོན་དང་ཐ་དད་མེད་ཐོས་ཕྱིར། གང་རྣམས་ཀྱི་དོན་ཐ་དད ་ཡིན་པ་ཞེས་པ་སྟེ། ཐ་དད་པའི་དོན་ཅན་གྱི་བྱེ་བྲག་གི་སྒྲ་རྣམས་སོ། །དེ་རྣམས་དང་ཐ་དད་མེད་པར་ཐོས་པ་ནི་གཞི་མཐུན་པ་ཉིད་ཏེ། ཐ་དད་མེད་པ་སྟེ། བཞི་གཅིག་ལ་ཐོས་པ་ཞེས་བྱས་ནས་སོ། །ཡིད་ཆོས་པ་རྣམས་ལས་ཐ་དད་མེད་པར་ཐོས་པ་ཡོད་པའི་རྫས་ཞེས་པ་ལ་སོགས་པ་མཐོང ་བ་དེར་མི་འགྱུར་ན། དེ་ཡང་མཐོང་ངོ། ཞེས་པ་རིགས་དང་འབྲེལ་པ་རྗོད་པར་བྱེད་པ་དམ་བཅའ་བ་བསྟན་བཅོས་སུ་མཐོང་པས་གཞི་འཐུན་པ་ཉིད་ཀྱིས་གནོད་དོ་ཞེས་པའི་དོན་ཏོ། །ཡང་ན་གང་གིས་ཐ་དད་པའི་དོན་ཅན་རྣམས་དང་གཞི་འཐུན་པ་ཉིད་ཡིན་པ་དེ་ནི་རིགས་དང་སྦྱོར་བ ་བརྗོད་པ་མ་ཡིན་ཏེ། འདི་ལྟ་སྟེ། འདི་བུམ་པའོ། །འདི་སྒྲའོ་ཞེས་པ་བཞིན། ཡོད་པའི་སྒྲའི་ཡང་ཐ་དད་པའི་དོན་ཅན་རྣམས་དང་གཞི་འཐུན??་པ་ཉིད་ཡིན་ནོ་ཞེས་པ་ཁྱབ་བྱེད་དང་འབྲལ་བ་གསུངས་སོ། །ཡང་ཅིའི་ཕྱིར་བསྟན་པ་འདི་ལ་གཞི་འཐུན?་པ ་ཉིད་དུ་མི་འགྱུར་ཞེ་ན་གསུངས་པ། ཡོད་པ་ཉིད་ཅེས་པ་ལ་སོགས་པའོ། །གང་གི་ཕྱིར་རྫས་དང་ཡོན་ཏན་དང་ལས་རྣམས་ལས་དོན་གཞན་བ་ཡང་པ་ཉིད་བཤད་ལ། འབྲེལ་པ་ཡང་རྫས་ལ་སོགས་པ་དགག་པ་སྟེ། དངོས་པོ་ལ་ནི་བཤད་པའི། ཞེས་པའོ ་འོ་ན་ཅི་ཞེ་ན། རྫས་ཀྱི་འམ་ཡོན་ཏན་གྱིའོ་ཞེས་པ། འབྲེལ་པའི་མཚན་ཉིད་ཀྱི་དྲུག་པས་འདིར་འབྱུང་བར་བྱའོ་ཞེས་པའི་དོན་ཏོ། །འོ་ན་རྫས་ལ་སོགས་པའི་སྒྲ་རྣམས་ཀྱིས་ཀྱང་རིགས་ཙམ་པོ་རྫས་ཉིད་ལས་བརྗོད་པར་བྱའོ་ཞེས་པས། དེ་ལ་གང་ལས་དྲུག་པས ་བརྗོད་པར་བྱ་བར་རིགས་ཅི་རིགས་གཞན་དང་འབྲེལ་པ་ཅི་ཞིག་ཡིན་ཅེ་ན། སྐྱོན་འདི་མེད་ཏེ། རྫས་ཉིད་དང་ལྡན་པ་ནི་རྫས་སུ་འདིར་ལྡན་པའི་དོན་ཅན་གྱི་རྐྱེན་དབྱི་བར་བྱས་ནས་བསྟན་ཏེ། གཞི་མི་མཐུན་པ་ཉིད་རབ་ཏུ་བསྟེན་པའི་དོན་དུའོ། །གལ་ཏེ་འདི་ལྟར་བྱས ་ན་ཡོད་པའི་སྒྲ་ལ་ཡང་ལྡན་པའི་དོན་ཅན་དབྱི་བར་བྱས་པ་ལས་གཞི་འཐུན་པ་ཉིད་དུ་འགྱུར་རོ་ཞེ་ན། འོ་ན་གང་གི་ཚེ་ཡོད་པ་ཉིད་ཙམ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་ལྡན་པའི་དོན་ཅན་མི་འཐད་པ་དེའི་ཆོ་འཐོབ་པ་མ་ཡིན་ནོ། །དེའི་ཆོ་ཡོང་མིན་རྫས་ཀྱི ་ཞེས་འདོད་པ་ཡང་མ་ཡིན་ནོ། །འོ་ན་རྐྱེན་ཐམས་ཅད་བདག་ཉིད་རང་ཉིད་ཡང་དག་པར་ཞུགས་པའི་ངོ་བོ་ཉིད་ཀྱི་ཕྱིར། འབྲེལ་པའི་སྒྲས་ཀྱང་རེ་ཞིག་འབྲེལ་པ་ཡོད་པ་བརྗོད་པར་བྱ་བ་མ་ཡིན་ན། རིགས་ཀྱི་སྒྲ་ཡིས་ག་ལས་ཡིན། དེ་ཅི་ལྟར་བརྗོད་པར་རབ?་དང ་བཅའ་བ་ཉིད་དུ་དོགས་པ་ཡིན་ཞེ་ན་གསུངས་པ། འབྲེལ་བ་ལ་འདིར་ཞེས་པ། རང་གི་ཆོས་ཀྱིས་བརྗོད་པར་བྱ་བ་ཉིད་ཀྱི་ཕྱིར་བརྗོད་པར་བྱ་བར་བཤད་པ་ནི་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན། འབྲེལ་པ་ཅན་གྱི་ཆོས་ཀྱིས་སོ། །ཡང་ཅི་ལྟར་འབྲེལ་པ་ཅན་གྱི་ཆོས་ཀྱིས ་བཤད་པར་བྱ་བ་ཡིན་ཞེ་ན་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་འདིར་སྒྲའི་དོན་འགའ་ཞིག་སྒྲ་འགའ་ཞིག་གིས་བརྗོད་བར་བྱ་བཞིན་བ་ནི་འབྲེལ་བ་ཅན་གཞན་ལ་དོགས་པ་ཉེ་བར་སྐྱེ་བའི་རྒྱུ་སྟེ། དེ་ལྟར་ནི་སྡུད་པ་ཡིན་ཅིང་སྡུད་པའི་སྒྲ་བརྗོད་པ་ན། ཕ་རོལ་དོཊ་པ་ཉེ་མ་སྐྱེ་བའི་རྒྱུ་འགྱུར? ་ཏེ། དེ་ཁོ་ན་རྒོལ་བས་ཉེ་བར་ལེན་མ?་པ་ནི་ཅིའི་ཞེས་དོགས་པ་སྐྱེད་པར་བྱེད་པ་ཡིན་པས་སོ། །དངོས་པོ་ཡང་དངོས་པོ་བསྒྲུབ་པའི་སྒྲ་ཡིས་བརྗོད་པར་བྱ་བ་ནི་ངེས་བམ་ཡུལ་གཞན་ལ་དོགས་པ་སྦྱེར་པ་པ་བྱེད་དོ་ཞེས་གསུངས་པ། དངོས་པོ་གཞན་གྱིས་སྦྱར་བར་བྱ་ཞེས་པའོ། །འོ་ན་རིཊ་ལ་ཡང ་འདི་སྐད་བརྗོད་པར་འཐད་པ་མ་ཡིན་ནམ། རིགས་ཀྱི་སྒྲ་ཡིས་བརྗོད་པར་བྱ་བའི་རིཊ་ཀྱང་འབྲེལ་པ་ཅན་གྱི་ངོ་བོར་བརྗོད་པར་བྱ་སྟེ། རྟའི་འམ་བ་ལང་གི་རིགས་སོ་ཞེས་པའོ། །ཞེ་ན། འདི་ཡོད་པ་མ་ཡིན་ཏེ། འབྲེལ་པ་ཅན་ཡིན་ན་འང་རིགས་ནི་རིགས་ཀྱི་ངོ་བོ་གཏོང་བ་མ་ཡིན་ཞིང། འབྲེལ ་པ་ནི་འབྲེལ་བ་ཅན་ཉིད་ཡིན་ན་རང་གི་ངོ་བོ་ཉམས་པ་ཁོ་ནའོ། །འབྲེལ་པ་གཞན་མེད་ན། འབྲེལ་བ་ཅན་ཉིད་མི་འཐད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འབྲེལ་པ་ཉིད་ནི་འབྲེལ་པའོ་ཞེས་པ་དངོས་པོ་ཉིད་དུ་འདི་སྟོན་པར་མཛད་ཏེ། དངོས་པོ་བྱས ་ནས་བརྗོད། ཅེས་པའི་དངོས་པོ་ཞེས་པའི་དགོངས་པས་གསུངས་པའོ། །དངོས་པོའང་གཞན་གྱིས་སྦྱར་བར་བྱ་ཞེས་པ། གང་དངོས་པོ་ཡིན་པ་དེ་ནི་གཞན་གྱིས་སྦྱར་བར་བྱ་བས་ཏེ་ཆོས་བཞིན་འབྲེལ་པ་ཡང་དེ་ལྟ་བུའོ་ཞེས་པའི་རང་བཞིན་གསུངས་སོ། །དེའི་ཕྱིར་འབྲེལ་པ ་ཅན་གྱི་ཆོས་ཀྱིས་འབྲེལ་པ་བརྗོད་པར་བྱའོ་ཞེས་བྱས་ནས་དེགས་པའོ་ཞེས་པས། འབྲལ་བའི་སྒྲ་ཡིས་ནི་འདི་ངོ་བོ་གཞན་གྱིས་བརྗོད་པར་བྱ་བར་མཐོང་སྟེ། དེ་ཡང་ཡོད་པའི་སྒྲ་དང་ཡོད་པའི་འབྲེལ་པའོ། །ཞེས་གཞི་འཐུན་པའོ། །དེའི་ཕྱིར་ཡོད་པའི་སྒྲས་ཀྱང་འབྲེལ ་པ་ཅན་ཉིད་དུ་བརྗོད་པར་བྱའོ་ཞེས་རེས་འགའ་ཕ་རོལ་པོས་ཁས་ལེན་པ་ན་བྱེད་པས་ན་དོགས་པར་བྱས་ནས་དགག་པར་བརྗོད་དོ་ཞེས་སྟོན་ཏེ། རང་གི་ཆོས་ཀྱིས་ནི་ཞེས་པ། རང་གི་ངོ་བོ་ནི་འབྲེལ་པ་རྗོད་པར་བྱེད་པའི་ནི་སྒྲ་མེད་དོ་ཞེས་པའོ། །འདི་སྟེ་ཞེས་པ་བསྙེགས་པར ་རུང་བའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་གྱུར་པ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་བརྗོད་པའི་ངོར་དགོས་པ་མེད་པ་ཁོ་ན་སྟེ། དེའི་ཕྱིར་འདི་རིགས་ཀྱི་སྒྲས་བརྗོད་པར་བྱ་བ་ཉིད་དུ་འཐད་པ་མ་ཡིན་ནོ་ཞེས་པའོ། །བྱེ་བྲག་གི་སྒྲ་རྣམས་གྱིས་ཞེས་པ་ལ་སོཊ ་པས་སྐྱོན་སྔ་མ་མེད་པ་ལས་ཕྱོགས་གཞན་དགོད་པའོ། །རྫས་ལ་སོགས་པ་རྣམས་ནི་བྱེ་བྲག་གི་སྒྲ་རྣམས་སོ། །དེ་རྣམས་དང་གཞི་འཐུན་པ་ཉིད་ནི་དོན་གཅིག་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ། །རྫས་གང་ཁོ་ན་ལ་ཡོད་པ་ཉིད་འཇུག་པའི་རྒྱུ་མཚན་ཉེ་བར ་བླངས་ནས་ཡོད་པའི་སྒྲ་འཇུག་བདེ་ཁོ་ན་རྫས་ཀྱི་སྒྲ་རྫས་ཉིད་ཀྱི་རྒྱུ་མཚན་ཅན་ཏེ་དེའི་ཕྱིར་གཞི་མཐུན་པ་ཉིད་འཐད་ཏེ། དེ་དང་ལྡན་པ་བརྗོད་པ་ན་ཡོད་པའི་རྫས་ཞེས་པའོ། །འབྲེལ་པ་མི་ནུས་པ་ཉིད་ཀྱང་མ་ཡིན་ཏེ། དེ་ཙམ་ནི་ཐ་མི་དད་པ་ཉིད་ཀྱི ་ཕྱིར་རོ། །འདིར་ཁྱད་པར་རྣམས་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་དེ་རྣམས་ཀྱི་རིགས་དང་ལྡན་པ་ཙམ་གང་སྤྱིའི་ངོ་བོའོ། །དེ་ཡང་གཅིག་ཉིད་ཀྱི་ཕྱིར་འབྲེལ་བ་སླ་བའོ། འཁྲུལ་པ་མེད་པ་ཡང་སྟེ། དེ་མེད་ན་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ཞེས་པ་དག་ཉེ་བར ་དགོད་པའི་དོན་ནོ། །དེ་ལྡན་ཞེས་པ་རིགས་ལྡན་ཞེས་པའི་ཏོན་ཏོ། །རང་དབང་མེད་ཕྱིར་ཞེས་པ་ཕ་རོལ་ལ་བལྟོས་པའི་ཕྱིར་ཞེས་པའི་ཐ་ཚིག་གོ། རང་དབང་མེད་པ་ཉིད་དེ་སྟོན་པ་གསུངས་ག་དེ་ལྟ་ན་ཡང་ཞེས་པ་ལ་སོགས་པའོ། །རིགས་དང་རང་གི ་ངོ་བོ་ཡང་ཞེས་ཟླས་ན་བྱེ་བའོ། །རང་གི་ངོ་བོའི་སྒྲས་སྒྲའི་རང་གི་ངོ་བོ་གསུངས་སོ། །དེ་དག་ཉེ་བར་སྒྱུར་བར་བྱེད་པ་ནི་གཙོ་བོ་མ་ཡིན་པ་གང་གི་ཡིན་པ་དེ་དེ་སྐད་བཤད་དོ། །ཙམ་སྨོས་བ་ནི་རྫས་ལ་རྟོགས་པའི་ཆོས་གཞན་གྱི་བྱེ་བྲག་དགག་པའི་དོན ་ཏོ། །ཡང་ཅི??་ལྟར་ན་རང་གི་ངོ་བོ་རྫས་ཀྱིས་ཞར་འབྱུང་བ་ཡིན། ཇི་ཙམ་དུ་རིགས་ཁོ་ན་དེའི་ཞར་ལ་བྱུང་བ་སྟེ། སྒྲ་ནི་རང་གི་ངོ་བོས་ཁྱད་པར་དུ་བྱས་པའི་རིགས་བརྗོད་ཅིང། དེ་ལ་ཕྱིས་ཀྱི་དུས་སུ་སྒྲའི་རང་གི་ངོ་བོས་ཁྱད་པར་དུ་བྱས་པའི་རིགས་ཀྱིས་ཁྱད ་པར་དུ་བྱས་པའི་རྫས་སོ། །ཞེ་ན། འདི་སྐྱོན་མ་ཡིན་ཏེ། ཕན་འདོགས་པ་དང་ཕན་འདོགས་པ་ཅན་རྣམས་ནི། ཕན་འདོགས་པ་ཅན་རང་གི་ཁྱད་པར་དུ་བྱེད་པ་ལ་བལྟོས་བ་ཅན་གྱིར་འགྱུར་ཏེ། ཁྱད་པར་དུ་འདུ་བྱེད་པ་ནི་གཙོ་བོའི་ཕན་འདོགས་བྱེད་ཆེན་པོ་ལ་འཇུག ་བཞིན་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་རབ་ཏུ་མྱོས་མ་ནི་རང་གི་འགྲམ་པ་བྱུག་པ་ལ་སོགས་པའི་འདུ་བྱ་བ་སྔོན་དུ་སྒྲུབ་ཅིང། དེ་ནས་འདུས་བྱས་པའི་དབང་གིས་མངོན་པར་འགྲེལ་པ་ནི། ཆོས་མཆོག་ཏུ་གྱུར་པའི་ཕན་འདོགས་པ་དེ་ལ་བྱེད་པ་བཞིན་ནོ་དངོས་སུ་ནི་མ ་ཡིན་ནོ་ཞེས་པ་པར་དུ་མཆོད་པས་མ་ཡིན་པའོ། །དེར་རྟོགས་པའི་བུམ་པ་ལ་སོགས་པའི་ཁྱད་པར་མ་འཕངས་པའི་ཕྱིར་ཞེས་པ། གང་དེ་རིགས་དང་ལྡན་པ་དེར་གཏོགས་པ་གང་ཁྱད་པར་བུམ་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ལ་འཕང་པའི་ཕྱིར ་ཞེས་པའི་དོན་ཏོ། །རིགས་དང་རང་གི་ངོ་བོ་སྤོས་པ་ནི་གཉིས་ཀམ་བར་དུ་ཆོད་པས་ན་ལྷག་པར་གཞན་གྱི་དབང་ཉིད་རབ་ཏུ་བསྟན་པའི་དོན་དུའོ། །ཅི་སྟེ་འཕན་པ་ཞེས་བྱ་བ་འདི་ཅི་ཞིག་མི་གཏོང་བའོ། །འོ་ན་བུམ་པ་ལ་སོགས་པ་རྣམས་ཀྱང་མ ་བཏང་བ་མ་ཡིན་ནམ། ཡོད་པ་ཉིད་ཀྱི་རྟེན་ཉིད་ཀྱི་ཕྱིར་ཏེ། དེའི་རྟེན་ཡང་བརྗོད་པའི་ཕྱིར་རོ་ཞེས་མ་ཡིན་ཏེ། བུམ་པ་ཉིད་ལ་སོགས་པ་རྣམས་མི་འཕེན་པའི་ཕྱིར་རོ། །ཡོད་པའི་སྒྲ་ནི་ཡོད་པ་ཉིད་ཀྱི་གཞན་གྱི་དབང་ཉིད་ཀྱི་ཕྱིར་དེ་ལས་ཐ་དད་པའི་ངོ་བོ་བུམ ་པ་ཉིད་ལ་སོགས་པ་རྣམས་མི་འཕེན་ནོ། །བུམ་པ་ཉིད་ལ་སོགས་པའི་ངོ་བོ་ཡང་དག་པར་གནས་པ་ལས་དངོས་པོ་དེ་བུམ་པའམ་སྣམ་བུར་འགྱུར་གྱི། རང་ལས་ནི་མ་ཡིན་ཏེ། དངོས་པོ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་བུམ་པ་ཉིད་ལ ་སོཊ་པ་དང་མ་འདྲེས་པ་ལས། བུམ་པ་ལ་སོགས་པ་རྣམས་མི་འཕེན་པ་དེ་ལྟར་ཡོད་པའི་སྒྲས་ཀྱང་ངོ། །དེ་ལས་ཅི་ཡིན་ཞེ་ན་དེའི་ཕྱིར་དེ་ཁོ་ན་དེའི་ཁྱད་པར་མ་ཡིན་པ་ཉིད་ན་གཞི་མཐུན་པ་ཉིད་མེད་དོ། །ཅི་ལྟར་བྱས་ནས་ཞེ་ན། གལ་ཏེ་ཡོད་པའི ་སྒྲས་བུམ་པ་ལ་སོགས་པ་རྣམས་མི་འཕེན་ན། དེ་བས་ན་དེ་རྣམས་དེའི་བྱེ་བྲག་མ་ཡིན་ཏེ། མ་འཕངས་པའི་བྱེ་བྲག་རྣམས་ནི་མཐོད་པ་མ་ཡིན་པས་སོ། །དེའི་ཁྱད་པར་མ་ཡིན་པའི་ཕྱིར་ཡང་དེའི་སྒྲ་དང་གཞི་མཐུན་པ་ཉིད་དུ་མི ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཁྱབ་པ་ཡོད་པ་མིན་པ་ལ་ཞེས་བྱ་བ་ལ་སོཊ་པའོ། །ཁྱབ་པ་ནི་འཕེན་པ་སྟེ་ཇི་ལྟར་གཟུགས་ཀྱི་སྒྲས་མངར་བ་ལ་སོཊ་པ་རྣམས་མི་འཕན་ན། དེའི་ཁྱད་པར་མ་ཡིན་པ་ཉིད་ཀྱི་ཕྱིར། དེའི་སྒྲ་རྣམས་དང་གཞི་མཐུན་པ ་ཉིད་དུ་མི་འགྱུར་ཏེ། གཟུགས་སྐྱུར་བའི་ཞེས་པ་མི་འགྱུར་བ་ལྟར་རོ། །ཁྱབ་པ་ན་ནི་འགྱུར་ཏེ་གཟུགས་སྔོན་པོའོ་ཞེས་པའོ། །དཔེར་ན་ཞེས་པ་ལ་སོཊ་པ་དཔེ་ཉེ་བར་སྟོན་པའོ། །དཀར་བའི་སྒྲའི་རང་གི་བརྗོད་པར་བྱ་བའི་ཡོན་ཏན་ནི་རབ་ཏུ་འཇུག་པའི ་མཚན་ཉིད་ཀྱི་ཕྱིར་དཀར་པོ་ཉིད་དོ། །དེ་ནི་དེ་ཙམ་གྱིས་ཁྱད་པར་དུ་བྱས་པའི་རྫས་བརྗོད་པའི་ཕྱིར་ཡོད་ཀྱང་རྫས་ཀྱི་བདག་ཉིད་དེ་ལ་མངར་པོ་ལ་སོཊ་པ་རྣམས་འཕེན་པ་མ་ཡིན་ཏེ། དེ་ནི་དཀར་པོ་ཉིད་བཞིན་དུ་མངར་པོ་ཉིད ་ཉིད་ལ་སོགས་པ་རྣམས་འཇུག་པའི་རྒྱུ་མ་ཡིན་པས་སོ། །དེའི་ཕྱིར་དེའི་ཁྱད་པར་མིན་པ་ཉིད་དོ་ཞེས་པ། མི་འཕེན་པའི་ཕྱིར་མངར་བོ་ཉིད་ལ་སོཊ་པ་རྣམས་དཀར་པོའི་ཁྱད་པར་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་འདིར་ཡང་ཐལ་བར་འགྱུར་རོ་ཞེས་པ་བསྒྲུབ་པར་བྱ་བ ་དཔེ་ལ་བསྒྲུབ་པའི་དོན་ཉེ་བར་སྦྱོར་བར་བྱེད་ཏེ། ཡོད་པའི་སྒྲས་བུམ་པ་ལ་སོཊ་པ་རྣམས་མི་འཕེན་ཅིང། མི་འཕེན་པའི་ཕྱིར་ཡང་དེའི་ཁྱད་པར་ཉིད་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་འདིས་ཕ་རོལ་མི་འདོད་ཕ་འབྱུང་བའི་ཆེད་དུ་གང་ཞིག་ཁྱད་པར་དུ་བྱས་པའི་སྟོན་རྣམ་པར ་བཅད་པའི་རྫས་གང་ཡིན་བརྗོད་པ་དེ་ནི་དེར་གཏོཊ་པའི་ཁྱད་པར་གཞན་མི་འཕེན་པ་ཡིན་ཏེ། དཀར་པོའི་སྒྲ་བཞིན་ཡོད་པའི་སྒྲ་ཡང་དེ་ལྟ་བུའོ་ཞེས་ཁྱབ་པར་བྱེད་པ་འགལ་བ་དང། དེ་བཞིན་དུ་གང་རྣམས་གང་རྗོད་པར་བྱེད་པའི་སྒྲས་མ་འཕངས་པ་དེ་རྣམས་ནི་དེའི་ཁྱད ་བར་རྣམས་མ་ཡིན་ཏེ། དཔེར་ན་མངར་པོ་ལ་སོཊ་པ་རྣམས་དཀར་པོ་བཞིན། བུམ་པ་ལ་སོཊ་པ་རྣམས་ཀྱང་ཡོད་པ་ཉིད་རྗོད་པར་བྱེད་པའི་ཡོད་པའི་སྒྲས་མ་འཕངས་པ་རྣམས་སོ། །ཞེས་པ་ཁྱབ་བྱེད་མེད་པ་དང། དེ་བཞིན་དུ་གང་རྣམས་གང་གིས་བརྗོད་པར་བྱ་བའི་ཁྱད་པར་བརྗོད་པར་བྱེད་པ་རྣམས་སུ ་མི་འགྱུར་བ་དེ་རྣམས་དང་དེ་གཞི་མཐུན་པ་ཉིད་དུ་འགྱུར་བ་མ་ཡིན་ཏེ། འདི་ལྟ་སྟེ་སྐྱུར་པོ་ལ་སོཊ་པའི་སྒྲ་རྣམས་དང་གཟུགས་ཀྱི་སྒྲ་བཞིན། བུམ་པ་ལ་སོཊ་པའི་སྒྲ་རྣམས་ཀྱང་ཡོད་པའི་སྒྲའི་བརྗོད་པར་བྱ་བའི་ཁྱད་པར་རྗོད་པར་བྱེད་པ་རྣམས་སུ་མི་འགྱུར་རོ་ཞེས་པ་ཁྱད་པར་བྱེད་པ་མེད་པ་ཁོ་ན་སྟོན་ཏེ། ། ་འདིར་རིགས་ཀྱི་སྒྲས་དེ་དང་ལྡན་པ་བརྗོད་དོ་ཞེས་པ་འདི་བཤད་དོ། །དེ་ལྡན་ལ་མེད་སྒྲ་ལྡན་པའི་རྐྱེན་ཕྱིས་པ་ལས་སམ། ཐ་དད་མེད་པར་ཉེ་བར་བཏགས་པ་ལས་འཇུག་པ་ཡིན། །དེ་ལ་ལྡན་པའི་རྐྱེན་གྱི་ཕྱོག་བལ་དཀར་པོ་ལ་སོགས་པ་བཞིན་དུ་བརྗོད་པར་བྱེད་པ་སྲིད་དོ་ཞེས་བརྗོད་པར་བྱ་བ ་ཉིད་ཡོད་པ་ལ་སྐྱོན་གསུངས་སོ། །ཐ་དང་མེད་པར་ཉེ་བར་གདགས་པ་ལ་ནི་སྒྲོ་གཏགས་པའི་ཡོད་པ་ཉིད་ཀྱི་ངོ་བོ་དེ་ཁོ་ན་བརྗོད་པར་བྱེད་པའི་ཕྱིར་བརྗོད་པར་བྱ་བ་ཉིད་དུ་དེ་ལྡན་སྲིད་མ་ཡིན་ནོ་ཞེས་པ་བསྟན་པའི་ཆེད་དུ་གསུངས་པ་ཉེ་བར་བཏགས་ཕྱིར་ཞེས་པའོ། །རང ་གི་ངོ་བོ་ཞེས་པ་གང་རྣམས་སྒྲའི་རང་གི་ངོ་བོ་བརྗོད་པར་བྱ་བར་འདོད་པ་དེའི་ལུགས་ཀྱིས་སོ། །ཡང་ན་རིགས་ཞེས་པ་གང་རྣམས་རིགས་ཏེ། རང་གི་ངོ་བོ་ནི་མ་ཡིན་ནོ། །དེ་དང་ལྡན་པ་ལ་ཉེ་བར་བཏགས་པ་ཞེས་པ་རིགས་དང་ལྡན་པ་ལའོ། །རང་གི་ངོ་བོ་བརྗོད་པར ་བྱ་བར་སྨྲ་བ་རྣམས་ཀྱི་ནི་རིགས་ལ་ཡང་ཉེ་བར་བཏགས་པའོ། །འདི་ནི་གཏན་ཚིགས་ཉེ་བར་སྟོན་པའོ། །གང་ཞིག་གང་ལ་ཞེས་པས་རྗེས་འགྲོའོ། །ཡང་དག་པའི་དོན་སྨོས་པ་ནི་ཉེ་བར་བཏགས་པ་ལས། དེ་ལྟར་རྟོགས་པར་ཀུན་ནས་བསྟན་པའི་དོན་དུ་ངེས་པར ་པར་སྟོན་པ་བརྟག་པར་བྱ་བའོ། །གང་ཞིག་གང་ལ་ཉེ་བར་བཏགས་པ་དེ་ནི་དོན་དེ་ཡང་དག་པར་བརྗོད་པ་མ་ཡིན་ཏེ། འདི་ལྟ་སྟེ། སྐྱེས་བུ་ལ་རྒྱལ་པོའི་བཞིན། རིགས་ཀྱི་སྒྲ་ཡང་དེ་དང་ལྡན་པ་ལ་ཉེ་བར་བཏགས་པའོ་ཞེས་པ་ཁྱབ་ཕྱེད་དག་འགལ་བའོ། །དཔེ་ལ ་བསྒྲུབ་པར་བྱ་བ་མ་ཚད་པ་ཉིད་དུ་དོགས་པར་བྱ་བ་མ་ཡིན་ཏེ། འདོད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་བཤད་པ། ཁྲི་ཡི་སྒྲ་ནི་རྟེན་ཇི་བཞིན། ཁྲི་རྣམས་ཁོ་ནར་རྣམ་གནས་པ། །དེ་ཉིད་དུ་བརྗོད་དེ་ལྟར་ནི། །རིགས་སྒྲ་རྫས་རྣམས་ལ་འཇུག་གོ་ཞེས་སོ། །འདི་ནི་རྒྱལ་པོའི་ཞེས ་ཉེ་བར་བཏགས་བཞིན་པའི་རྒྱལ་པོའི་སྒྲ་ནི་ཡང། ཡང་དག་པའི་དེན་ཅན་དུ་འབངས་བརྗོད་པར་བྱེད་པ་བྱེད་པ་མ་ཡིན་པས་སོ། །ཉེ་བར་བཏགས་པ་ཁོ་ན་ནི་དེ་ལྟར་འགྱུར་བ་མ་ཡིན་པས་ཏེ། འབངས་ཀྱི་སྒྲ་བཞིན་ནོ། །རྒྱལ་བོའི་དོན་དེ་ཁོ་ན་ནི་གཞི་ཐ་དད་པར་བརྗོད་པར་བྱའོ། །ཞེས ་བས་ཉེ་བར་བཏགས་པར་འགྱུར་རོ། །ཉེ་བར་བཏགས་པ་ནི་འདྲ་བའི་རྒྱུ་ཅན་ཉིད་ཀྱི་ཕྱིར་འདྲ་བ་བརྟག་པའི་ཆེད་དུ་དེ་དང་ལྡན་པ་ལ་ཡང་ཞེས་པ་ལ་སོགས་པས་རྣམ་པར་དཔྱོད་པ་རྩོ་མ་མོ། །འོ་ན་ཕ་རོལ་ལ་ཡང་དེའི་ཁྱད་པར་དུ་བྱེད་པའི་རང་གི་ངོ་བོ་དོན་དམ་པར་མེད་པ ་ཁོ་ན་མ་ཡིན་ནམ། ཉེ་བར་བཏགས་པའི་ཚིགས་ལས་སོ། །དེ་ལྟར་ན་འདྲ་བ་མེད་པ་ཉིད་ལ་ཡན་ཉེ་བར་བཏགས་པ་དམིགས་ཏེ་བདག་པོ་དང་འབངས་དག་ལའོ། །དེའི་ཕྱིར་ཡོན་ཏན་འདྲ་བ་དགག་པའི་འབད་པ་ནི་དོན་མེད་པའོ་ཞེ་ན། སྐྱོན་འདི་མེད་ཏེ། ཡོན་ཏན ་དང་ཡང་དག་པར་སྦྱར་བས་བྱས་པའི་ངོ་བོ་ལྡོག་པ་ན། བརྗོད་པར་བྱ་བའི་ངོ་བོ་གཞན་མེད་པའི་ཕྱིར་བརྗོད་པར་བྱ་བ་མེད་པར་ཐལ་བ་ལ། ཕ་རོལ་པོ་རེས་འགའ་འདྲ་བ་ལ་བརྟེན་པས་སོ་སོར་གནས་པར་འདོད་ཏེ། དེའི་ཕྱིར་ཡོན་ཏན་འདྲ་བ་དག ་པའི་ཚིག་གོ། དེ་ལ་འདྲ་བ་ཉིད་ནི་འདྲེ་བར་བྱེད་པ་ལས་གྲུབ་པར་འགྱུར་རམ། རང་ཉིད་ཁོ་ན་ལས་སམ། རྟེན་གཞན་ལས་ཏེ་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་རྟོགས་པ་འཕོ་པ་ལས་མ་ཡིན་ཞེས་པ་འདིས་ནི་འདྲེ་པར་གྲུབ་པའི་འདྲ་བ་ཉིད ་མེད་དོ་ཞེས་དམ་བཅའ་བ་གསལ་བར་བྱེད་དོ། །རྟོགས་པ་འཕོ་བས་ནི་འདྲ་བ་ཉིད་ཡོད་པ་ཁོ་ན་ངེས་པར་བྱེད་པ་འབའ་ཞིག་སྟེ། བྱེད་པ་ནི་མ་ཡིན་ནོ། །ཡོན་ཏན་གྱིས་ཕན་འདོགས་པ་ལས་ཀྱང་མ་ཡིན་ཞེས་པ་འདིས་ནི་གཞན་གྱིས་བྱས་པའི་འདྲ་བ་ཉིད་མེད ་པ་ཉིད་དུ་དམ་འཆའོ། །ཡང་ཅི་ལྟར་དོན་སོ་སོ་ལ་དེས་པ་སྐད་ཅིག་གིས་འཇིག་པའི་རྟོགས་པ་རྣམས་དོན་གཞན་ལ་འཕོ་བ་སྲིད་ཅེ་ན། འདི་བདེན་ཏེ། མིས་རིད་པ་ཁོ་ནའོ། །དེ་ལྟ་ན་ཡིད་རྣམ་པར་ཤེས་པ་འདྲ་བ་གཞིན་སྐྱེ་བ་ལ་ཐ་དད་མེད་པར་ཉེ་བར་བཏགས་པའི་ཕྱིར་འཕོས ་བའོ་ཞེས་བརྗོད་པའོ་ཞེས་པས་སྐྱོན་མེད་དོ། །རིགས་དང་དེ་དང་ལྡན་པ་གཉིས་ཀ་དག་རང་ཉིད་ཁོ་ན་ལས་འདྲ་བ་སྟེ། རིགས་ལ་སོགས་པ་རྣམས་ཀྱི་ངོ་བོ་རང་གི་རྟེན་དང་མཚན་ཉིད་མི་མཐུན་པ་ཅུང་ཟད་ཀྱང་ཉེ་པར་དམིགས་པ་མ་ཡིན་པ་སྟེ། དེའི་ཕྱིར་དེ་དག་གི ་པ་དྲེ་བ་གྲུབ་པ་ཁོ་ན་འབྲེ་བ་ཉིད་དོ་ཞེས་སེམས་པར་གྱུར་པས་འདི་སྟེ། ཅི་ལྟར་རྟོགས་པ་འཕོ་བ་ལས་མ་ཡིན་ཞེ་ནའོ། །ཉི་བར་བཏགས་པ་ཡིན་ན་བློའི་ངོ་བོ་ཐ་དང་ཕྱིར་ཞེས་པ་རིགས་མ་འཇུག་པའི་སྒྲ་དེ་དང་ལྡན་པ་ལ་ཉེ་བར་གདགས་པར་བྱ་བ་ཡིན་ན་ནི། ་ཉེ་བར་བཏགས་པ་ཡིན་པ་ལ་རྣམ་པ་མཚུངས་པ་ཅན་གྱི་བློར་འགྱུར་བ་ཡང་མ་ཡིན་ནོ། །འདི་དཔེས་རྟོགས་པར་བྱེད་ཏེ་བྲན་ལ་རྒྱལ་པོར་བཏགས་པ་བཞིན་ཞེས་པའོ། །དཔེར་ན་ཞེས་པ་ལ་སོགས་པས་ནི་འདི་ཁོ་ན་འཆད་དོ། །ཉེ་བར་བཏགས་པ ་ཡང་ཞེས་པ་ལ་སོགས་པས་ཕྱོགས་ཆོས་ཉེ་བར་སྟོན་ཏོ། །དེ་ལྟར་དེ་དང་ལྡན་པ་ལ་ཉེ་བར་བཏགས་པར་བརྗོད་པའི་ཕྱིར་རིགས་ལ་དངོས་པོ་ཞེས་བརྗོད་པར་འགྱུར་རོ། །དེ་འདིས་གང་དག་དངོས་དང་ཉེ་པར་བཏགས་པའི་སྒྲའི་བརྗོད ་པར་བྱ་བ་དེ་དག་ནི་འདྲུ་བ་མ་ཡིན་ཏེ། འདི་ལྟ་སྟེ། རྒྱལ་པོ་དང་ཁོལ་པོ་དག་བཞིན། རིགས་དང་དེ་དང་དན་པ་དག་ཀྱང་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་དག་གོ་ཞེས་ཁྱབ་བྱེད་དང་འགལ་བ་གསུངས་སོ། །འོ་ན་ཉེ་བར་བཏགས་པ་སེར ་གེའི་སྒྲ་དང། དངོས་བྲམ་ཟེའི་མྱེའུ་རྗོད་པར་བྱེད་པའི་ཕྱིར་མ་ངེས་སོ་ཞེ་ན། དེ་སྤང་པའི་ཆེད་དུ་གཅིག་སྨོས་པར་བྱ་སྟེ། དངོས་དང་ཉེ་བར་བཏགས་པའི་སྒྲ་གཅིག་གི་བརྗོད་པར་བྱ་བའི་ཕྱིར་རོ་ཞེས་པའོ། །ཡང་ཅི་ལྟར་རྗེ་པོ་དང་འབངས་དག་དངོས་དང་བཏཊ་བའི་སྒྲ་གཅིག་གི་བརྗོད་པ ་བྱ་བ་ཉིད་ཡིན། ཇི་ཙམ་དུ་གང་ཁོ་ན་ང་ཡིན་པ་དེ་ཁོ་ན་འདིའོ་ཞེས་སྒྲ་ཐ་དད་ཀྱི་བརྗོད་པར་བྱ་བ་ཉིད་ཁོ་ནའོ། །ཅི་སྟེ་རྒྱལ་པོའི་སྒྲ་གཅིག་ཁོ་ནས་ཇོ་བོ་དང་བྲན་དག་གཉིས་ཀ་བརྗོད་ན་ནི། སེང་གེའི་སྒྲ་ཁོ་ནས་གཉིས་ཀ་དག་བརྗོད་པར ་བྱེད་པའི་ཕྱིར་རོ། །ཁྱད་པར་དུ་བྱེད་པ་ཡོད་ན་ཡང་མ་ངེས་པ་དེ་ཁོ་ནའོ། །ཅི་སྟེ་བྲམ་ཟེའི་ཁྱེའུ་ལ་སོགས་པ་གང་ཉེ་བ་མ་ཡིན་པ་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་ན། བྲམ་ཟེའི་ཁྱེའུ་གཅིག་མ་ཡིན་པའི་ཚིག་གི་རྟོགས་པར་བྱ་བ་ཉིད་ཡིན་ན་ནི། རྒྱལ་པོ་དང་བྲན ་དག་ཀྱང་ཚིག་གཞན་མ་གཏོགས་པར་རྒྱལ་པོའི་སྒྲ་འབའ་ཞིག་པ་ཡིས་རྗོད་པར་བྱེད་པར་བརྟག་པར་བྱ་བ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་གཅིག་སྨོས་པ་བྱས་པ་ན་ཡང་དཔེ་སྒྲུབ་པར་བྱེད་པ་མ་ཚང་པའོ་ཞེ་ན། གཞན་ཡང་འདིར་འདྲ་བ་ཉིད་ནི་ཁྱད་པར་ཅན་ཁོ་ན་ཕ་རོལ་པོས ་མངོན་པར་འདོད་ཏེ། གང་ཡོད་ན་གཉིས་ཀ་ལ་ཡང་དབང་པོའི་ཤེས་པ་རྣམ་པ་མཚུངས་པར་འགྱུར་བའོ། །རྣམ་པ་གཞན་དུ་ན། དངོས་པོ་ཐམས་ཅད་ཤེས་བྱ་ཉིད་ལ་སོགས་པའི་ཆོས་འགའ་ཞིག་གིས་ཡོད་པ་ཉིད་དང་འདྲ་བ་ཡོད་དོ་ཞེས་པས་དངོས་པོ་ཐམས ་ཅད་ཡོད་བ་སྒྲའི་བརྗོད་པར་བྱ་བར་འགྱུར་རོ། །དེ་འགོག་ན་ཡང་ཁས་བླངས་པས་གནོད་པའོ། །དེའི་ཕྱིར་ཁྱད་པར་ཅན་ཁོ་ནར་འདྲ་བ་ཕ་རོལ་པོས་འདོད་ཅིང། དེས་ན་དགག་པ་ཡང་དེ་ཁོ་ན་ལ་བྱ་སྟེ། སེང་གེ་དང་བྲམ་ཟེའི་ཁྱེའུ་དག་ལ་རྣམ་པ་དེ་ལྟ་བུའི་འདྲ་བ་ཡོད ་པ་ཡང་མ་ཡིན་ཞིང། འཇིག་རྟེན་དུ་གྲགས་པ་ཡང་མ་ཡིན་ན་དེ་མངེས་པ་ག་ལ་ཡིན། དེའི་ཕྱིར་ཁྱད་པར་བྱེད་པས་དོན་མ་ཡིན་ནོ། །ཡང་འདིར་ཅི་ལྟར་ཁྱབ་པ་ཡིན། འདི་ལ་འགལ་བ་འགའ་ཞིག་ཀྱང་མཐོང་བ་མེད་པའི་ཕྱིར་རོ་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་འགྲེས་པས་གྲུབ་པའི ་རིགས་དང་དེ་དང་ལྡན་པ་དག་འདྲ་བ་ཉིད་དུ་འགྱུར་ན། དེས་ན་རིཊ་ལ་ཡོད་པའི་སྒྲ་དངོས་དང། དེ་དང་ལྡན་པ་ལ་ཉེ་བར་བཏགས་པའོ་ཞེས་པའི་ཐ་དད་འདིར་འགྱུར་བ་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་ཇི་ལྟར་རིགས་རང་བཞིན་གྱིས་ཡོད་པའི་ངོ་བོ་ཡིན་པ་དེ་ལྟར་དེ་དང ་ལྡན་པ་ཡང་ཡིན་ཅིང། ཡོད་པའི་ངོ་བོ་ཉིད་ཀྱང་ཡོད་པའི་སྒྲའི་འཇུག་པའི་རྒྱུ་མཚན་ནོ་ཞེས་པ་གཉིས་ཀ་ལ་དངོས་ཉིད་དུ་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི་ཡོད་པ་ཉིད་ནི་ཐ་མི་དད་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཁོ་ན་ལ་ཐ་མི་དད་པའི་ཡོད་པའི་སྒྲ་རིགས་ཀྱི། དེ་དང་ལྡན་པ་རྣམས་ལ་ནི་མ་ཡིན་ཏེ། དེ་རྣམས་ཐ ་དད་པ་ཉིད་ཀྱི་ཕྱིར་ཞེ་ན། གལ་ཏེ་དེ་ལྟ་ན་ཡོད་པའི་ངོ་པོ་ཉིད་ནི་ཡོད་པའི་སྒྲ་འཇུག་པའི་རྒྱུ་མཚན་མ་ཡིན་གྱི་འོ་ན་ཅི་ཞེ་ན་རྗེས་སུ་འགྲོ་བའི་ངོ་བོ་ཉིད་དོ། །དེ་ལས་ཀྱང་རིགས་གཞན་ལ་ཡང་དེ་རབ་ཏུ་འཇུག་པར་འགྱུར་ཏེ། དེ་ལ་ཡང་དེའི་ངོ་བོ་ཡོད་པའི་ཕྱིར་རོ། །གལ་ཏེ་ཐ་དད་པ་རྣམས་ལ་ཐ་མི་དད་པའི ་སྒྲ་འཇུག་པ་མ་ཡིན་ཞེ་ན། ཐ་དད་པའི་རིགས་རྣམས་ལ་རིགས་ཀྱི་སྒྲ་ཐ་མི་དད་པ་ཅི་ལྟར་འཇུག་།དེ་ལ་རིགས་ཐམས་ཅད་ལ་ཁྱབ་པའི་རིགས་གཞན་གང་སྒྲ་འཇུག་པའི་རྒྱུ་མཚན་དུ་འགྱུར་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་རིགས་རྣམས་ལ་སྒྲའི་རང་གི་ངོ་བོ་ཁོ་ན་ཐ་མི་དད་པའི་རྒྱུ ་མཚན་རྒྱུར་བྱས་ནས་འཇུག་གོ་ཞེ་ན། གལ་ཏེ་དེ་ལྟ་ན་རིགས་དང་དེ་དང་ལྡན་པ་དག་ལའང་དེ་ཉིད་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། དེ་ལས་ཀྱང་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་མི་འགྱུར་ན། དེ་ཡང་འདོད་ཏེ། དེའི་ཕྱིར་འདྲེས་པས་གྲུབ་པའི་འདྲ་བ་ཉིད་མེད་དོ་ཞེས་པས ་ཁྱབ་པ་གྲུབ་པོ། །འོ་ན་ཉེ་བར་བཏགས་པ་ལ་རྗོད་པར་བྱེད་པ་མེད་པའི་ཕྱིར། ཅི་ལས་ཉེ་བར་བཏགས་པ་སྒྲའོ་བརྗོད་པར་བྱ་བ་ཉིད་ཡིན། གལ་ཏེ་ཡང་གཉིས་ཀ་དག་སྒྲའི་དོན་ཉིད་ན། གཉིས་ཀ་ལ་འབྲས་བུ་ཐལ་བར་འགྱུར་ཏེ། བ་ལང་ཁྱེར་ལས་ཤོག་ཅེས་བརྗོད་པ་ན་བླུན་པོ ་ཡང་ཁྱེར་ལོང་པར་འགྱུར་རོ་ཞེས་ན། ཕ་རོལ་བོས་དངོས་དང་ཉེ་བར་བཏགས་པ་སྒྲའི་བརྗོད་བྱ་ཉིད་དུ་རྟོགས་ཏེ། དེའི་ཕྱིར་དེ་ལ་བརྟེན་ནས་དེ་ལྟར་བཤད་དོ། །ཞེས་བས་མི་སྐྱོན་ནོ། །འདྲ་བ་ཉིད་ནི་དབང་པོའི་རྟོགས་པ་འཕོས་བས་ཡོངས་སུ་བཅད་པར་བྱ་བའམ། སྒྲ་ལས་བྱུང་བའི་རྟོགས་པ་བསྟོས? ་པས་ཡིན། དེ་ལ་དབང་པོའི་རྟོགས་བ་འཕོས་པས་རིགས་དང་དེ་དང་ལྡན་པ་དག་གི་འདྲ་བ་ཉིད་ངེས་པར་བྱ་བ་མ་ཡིན་ནོ་ཞེས་པ་འདི་ཕལ་ཆེར་བསྒྲུབས་ཟིན་ཏེ། སྤྱི་མི་མཐོང་བར་སྒྲུབ་པར་བྱེད་པས་སོ། །གལ་ཏེ་ཡང་སྤྱི་འགྱུར་དུ་ཆུག་།དེར་དེའི་གཞན་མཐོང་སྟེ། རྟེན་མི་མཐོང་བའི་ཕྱིར ་མི་འགྱུར་རོ་ཞེས་པ་ལ་སོགས་པས་སོ། །སྣང་རུང་མ་ཡིན་པ་དང་ལྷན་ཅིག་འགའ་ཞིག་གི་ཡང་འདྲ་བ་ཉིད་རྟོགས་པར་ནུས་པ་མ་ཡིན་ཞིང། སྒྲ་ལས་བྱུང་བའི་རྟོཊ་པས་འཕོ་བར་ཡང་ངེས་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ། རིམ་གྱི་བརྗོད་པ་མ་ཡིན་ཕྱིར། ཞེས་པ་སྟེ ་རིགས་དང་དེ་དང་ལྡན་པ་དག་ལ་ནི་སྒྲ་ལས་བྱུང་བའི་རྟོགས་པ་འཕོ་བའི་རྒྱུ་རིམ་གྱིས་སྒྲ་སྦྱོར་བ་མེད་པའི་ཕྱིར་རོ་ཞེས་པའི་དོན་ནོ། །གལ་ཏེ་རིགས་ལ་དད་དེ་དང་ལྡན་པ་ལ་རིམ་པས་སྒྲ་སྦྱོར་བར་གྱུར་ན། དེ་ལས་སྒྲ་ལ་རིཊ་ལ་རྟོགས་པ་གང་འདྲ་བར་འགྱུར་བ་དེ་འདྲ་བ་ཁོ་ན་དེ་དད་ལྡན ་པ་ལ་ཡང་ཞེས་པ་རྟོགས་པ་འཕོ་བར་འགྱུར་ན། རིམ་པས་སྒྲ་སྦྱོར་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཅིག་ཅར་ཁོ་ནའོ། །དེ་ལས་ཀྱང་རྟོགས་པ་གཅིག་ཁོ་ནའོ་ཞེས་པས། གང་ལས་རྟོགས་པ་འཕོ་བ་ཡིན་ཞེས་པ་འདི་ནི་གཏན་ཚིགས་སོ། །ཀུན་ད་དུང་སོགས་དཀར ་པོ་བཞིན། ཞེས་པ་ཆོས་མི་མཐུན་པ་ཉིད་ཀྱི་རྗེས་སུ་འགྲོའོ། །རིགས་དང་དེ་དང་ལྡན་པ་དེ་དག་ལ་སྒྲ་ཅིག་ཅར་ཞེས་པ་ཉེ་བར་སྦྱོར་བའོ། །འདིས་ནི་དོན་གྱིས་གོ་བས་རིམ་གྱིས་སྒྲ་སྦྱོར་བ་མེད་པར་སྟོན་ཏོ། །གང་ལ་སྒྲ་ལས་བྱུང་བའི་རྟོགས་པ་འཕོ་བ་དེ ་ལ་རིམ་གྱིས་དེའི་རྒྱུས་སྒྲ་སྦྱོར་ཏེ། འདིས་ལྟ་སྟེ། ཀུན་ད་ལ་སོགས་པ་རྣམས་ལ་བཞིན། རིགས་དང་དེ་དང་ལྡན་པ་དག་ཀྱང་སྒྲ་ལས་བྱུང་བའི་རྟོགས་པ་འཕོ་བའི་རྒྱུས་རིམ་གྱིས་སྒྲ་སྦྱོར་བ་མེད་དོ། རྒྱུ་མིང་མིཊ་པའོ། །རྟོཊ་པ་འཕོ་བ་བཀག་པས་ཀྱང་འདྲ་བ་ཉིད ་མེད་པའི་ཐ་སྙད་འགྲུབ་པའི་ཆེད་དུ་རང་བཞིན་མི་དམིགས་པ་གསལ་བར་བྱས་སོ་ཞེས་པས་དེའི་སྦྱོར་བ་བརྗོད་པར་བྱ་སྟེ། རྟོགས་པ་འཕོ་བ་ལས་འདྲ་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་པ། རྟོགས་པ་འཕོ་ལས་ནི། གང་འདྲེས་པས་འགྲུབ ་པའི་འདྲ་བ་ཉིད་ངེས་པར་བྱ་བ་ན་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །རང་ཉིད་ལས་འདྲ་བ་ཉིད་དུ་མི་འགྱུར་མོང། །རིགས་ཀྱིས་ཉེ་བར་བསྒྱུར་བའི་ཕྱིར་ནི། རྫས་དེ་རང་ཉིད་དེའི་ངོ་བོ་མ་ཡིན་ཡང་དེ་ལྟར་རབ་ཏུ་གསལ་ཏེ། ཇི་ལྟར་ཤེལ་དང ་ཉེ་བར་བཞག་པའི་དབང་ལས་རང་ཉིད་དེའི་ངོ་བོ་མ་ཡིན་པ་ཡང་དེའི་ངོ་བོ་ཉིད་བཞིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། ཡོན་ཏན་གྱིས། ཕན་འདོགས་ཕྱིར་དེའི་ངོ་བོ་ལ། རབ་གྱུར་འགྱུར་ཞེས་པ་ལ། རབ་གྱུར་ཞེས་པ་ཡུལ་གྱི་ཡུལ་ཅན་རབ་ཏུ་གྱུར ་པའི་བློ་བསྟན་ཏེ། རབ་ཏུ་གྱུར་པའི་བློར་འགྱུར་རོ་ཞེས་པའི་དོན་ཏོ། །ཡང་ཅིའི་ཕྱིར་སྐྱོན་འདི་འགོད་པར་བྱེད། ཇི་སྲིད་དུ་མཐོང་བ་ཁོ་ནས་རྫས་ལ་རབ་ཏུ་གྱུར་པའི་བློ་ཡིན་ཞེ་ན། བློ་མེད་ཀྱང་ཞེས་པ་ཡིན་ཏན་རབ་ཏུ་གྱུར་བའི་བློ་མེད་པར་ཡང་ཞེས ་པའི་དོན་ཏོ། །གལ་ཏེ་ཤེལ་བཞིན་དུ་ཡོན་ཏན་གྱིས་ཉེ་བར་བསྒྱུར་པའི་ཕྱིར། དེ་དང་ལྡན་པ་ཡོན་ཏན་གྱི་རང་གི་ངོ་པོར་འགྱུར་ན། དེ་ལྟར་གྱུར་ན་མཆོག་ཏུ་སྔོ་བའི་རས་ཞེས་རྫས་ལ་ཁྱད་པར་གྱི་རབ་ཏུ་གྱུར་པའི་བློ་ལ་མ་བལྟོས ་བུ་ནི་རང་ཉིད་ཁོ་ན་ལས་སྣམ་བུ་གཞན་ལས་རབ་ཏུ་གྱུར་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ཉིད་ལ་སོགས་པ་བརྟེན་པར་བྱས་པའི་ཡོན་ཏན་ལས་ཏེ། ཉེ་བར་མ་ཡིན་པའི་དངོས་པོའི་རང་གི་ངོ་བོ་ལ་ཤེས་པ་མི་སྲིད་པའི་ཕྱིར་རོ། ། ་ཡོན་ཏན་གྱི་སྒྲ་ཡང་འདིར་འདྲེས་པའི་ཡོན་ཏན་རྗོད་པར་བྱེད་པ་ཡིན་གྱི། དཀར་པོ་ཉིད་ལ་སོགས་པ་རྣམས་ངེས་ཡོན་ཏན་བརྗོད་པར་འདོད་པ་རྣམས་ནི་མ་ཡིན་ཏེ། ཆེས་འཚེད་པར་བྱེད་པ། ཆེས་གཅོད་པར་བྱེད་པ་ཞེས་ཡོན་ཏན་རབ་ཏུ་གྱུར་བ་ལ་ལྟོས་པ་མེད་པ ་ཁོ་ནར་ཕུལ་དུ་གྱུར་པའི་རྟོགས་པར་མི་འགྱུར་རོ། །ཡང་ཅིའི་ཕྱིར་ཡོན་ཏན་རབ་ཏུ་གྱུར་བ་ལ་བལྟོས་པ་མེད་པར་རྫས་ལ་རབ་ཏུ་བྱུང་བའི་བློར་ཐལ་བར་འགྱུར་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། ཉེ་བར་བཞག་པས་དེའི་ངོ་བོ་ཉིད་ཉ་བར་བསྒྲུབ་པ་ན་ཤེལ་ལ། ཉེ་བའི ་རྟེན་རྟོགས་པ་ལ་བལྟོས་པའི་ཚོན་གྱི་བློ་འཇུག་པ་ནས་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། མ་བྱང་བ་ལ་ཤེལ་དང་ཉེ་བར་བཞག་པ་དག་ལ་ཐ་དད་པའི་བློར་གྱུར་པ་མ་ཡིན་ཏེ། དེ་ནི་ཤེལ་འདི་ཁོ་ན་རྣམ་པ ་འདིའོ་ཞེས་ལྟག་པར་ཞེན་ཏོ། །བྱང་བ་ལ་ནི་དམར་པོ་འདི་ནི་ཤེལ་ལོ་ཞེས་ངེས་པར་མི་འཐད་པ་ཁོ་ནའོ། །རབ་ཏུ་གྱུར་པ་སྨོས་པ་ནི་ཡོན་ཏན་ལ་བལྟོས་པའི་རྟོགས་པ་གཞུང་གཟུགས་པའི་དོན་དུ་སྟེ། གཞན་དུ་ན་ངེས་པར་བྱ་བཞིན་པའི ་རིགས་ཀྱང་རིགས་དང་ལྡན་པའི་དོན་ལ་ཕན་འདོགས་པར་འཇུག་ཅིང། དེ་ལས་ཀྱང་དེ་ཡིས་ཕན་འདོགས་པར་ལས་དེ་ལྟར་སྣང་ངོ་ཞེས་ཁ་ཅིག་སོ་སོར་གནས་སོ། །རབ་ཏུ་གྱུར་པ་ནི་ངས་པར་སྦྱོར་བ་ལས་དེར་ངེས་པ་ལ་བལྟོས་པའི་རྟོགས་པས ་ཡོངས་སུ་བཅད་པར་བྱ་བ་ཁོ་ན་སྟེ། རྫས་ནི་རང་ཉིད་ལས་རབ་ཏུ་གྱུར་བ་མེད་པའི་ཕྱིར་རོ། །རྫས་ནི་རང་ཉིད་ལས་རྫས་གཞན་ལས་ཕུལ་དུ་བྱུང་བར་བྱ་བར་ནུས་པ་མ་ཡིན་ཏེ། རང་གི་ངོ་པོ་ཙམ་གྱིས་སྨྲ་བར་རམ་རྟོགས་པར་ནུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ ་འོ་ན་རིགས་ནི་རབ་ཏུ་གྱུར་པ་མེད་པའི་ཕྱིར། དེ་ལ་མི་བལྟོས་པའི་ཁྱད་པར་ཅན་རྟོགས་ཞེ་ན། འདི་སྐྱོན་མ་ཡིན་ཏེ། ཁྱད་པར་ཅན་རྟོགས་པ་ནི་སྔོན་པོ་ལ་སོགས་པ་ལ་ནི་ཁྱད་པར་ལ་བལྟོས་པ་སྟེ། དེས་ན་ཡོད་པ་ལ་སོགས་པའི་ཁྱད་པར་ལ ་བལྟོས་པ་ནི་ཁྱད་པར་ཅན་ལ་ཡོད་པ་ལ་སོགས་པའི་རྟོགས་པ། སྔོན་པོ་ལ་སོགས་པ་རྟོགས་པ་བཞིན་དུའོ་ཞེས་བཤད་པར་འགྱུར་རོ། །གཞན་དུ་ན་གལ་ཏེ་རང་གི་རྟེན་པ?་མ་གཟུང་བའི་ཡང་བ་ལང་ཉིད་ལ་སོགས་པའི་རིགས་ཀྱིས་བ་ལང ་ལ་སོགས་པ་རྟོགས་པར་བྱེད་ན་གང་གི་ཚེ་འདི་ནི་རྗེས་ཅི་ཞིག་གོ་ཞེས་རྫས་ཙམ་ཉེ་བར་དམིགས་པ་ན་བ་ལང་ཉིད་ལ་སོགས་པ་རྣམས་གཟུང་བྱ་མ་ཡིན་པ་དེའི་ཚེ་ཡང་བ་ལང་ལ་སོགས་པ་ངེས་པར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རིགས་ལ་བལྟོས ་བ་མེད་པར་དེ་དང་ལྡན་པ་ལ་རྟོགས་པ་ནི་མ་ཡིན་ནོ། །གང་ཞིག་ཁྱད་པར་ལ་བལྟོས་པར་རྟོགས་པ་ཡོངས་སུ་བཅད་པར་བྱ་བ་དེ་ནི་ཡོན་ཏན་ཕུལ་དུ་བྱུང་བས་བསྒྲུབ་པའི་ཡོན་ཏན་འདྲ་བ་ཉིད་མ་ཡིན་ཏེ། དབྱུག་པ་ཅན་བཞིན། དེ་དང་ལྡན་པ་དང་དེ་ལྟ་བུའི་ཞེས་པ ་ཁྱབ་བྱེད་དང་འགལ་བའོ། །ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་ནི་ཤེལ་གྱི་དཔེ་ཡིས་སྦྱར་བར་བྱའོ། །འདྲེས་པའི་ངོ་བོའི་ཕྱིར་ཀུན་ལ། །ལོག་པའི་ཤེས་པར་ཐལ་བར་འགྱུར། །ཡོན་ཏན་གྱིས་ཕན་འདོཊ་པ་ལས་དེའི་ངོ་བོ་ཉིད་དུ་ཁས་བླངས་པ་ནའོ། །ཅི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ནི ་ཞེས་པ་ལ་སོགས་པ་སྟེ། འདྲེས་པའི་ཁྱད་པར་ནི་ཡོན་ཏན་ཞེས་པ་དོན་གཅིག་པའོ། །སྒྲ་ལས་བྱུང་བའི་རྟོགས་པ་ཐམས་ཅད་ནི་དོན་རྣམས་ལ་འདྲེས་པའི་ངོ་བོས་བར་དུ་ཆོད་པ་སྟེ། དེའི་ཕྱིར་གལ་ཏེ་ཡོན་ཏན་གྱིས་ཕན་འདོགས་པའི་ཕྱིར་ཡོན་ཏན་ཅན་ལ་དེའི་ངོ་བོ་ཉིད་དུ་འགྱུར ་ན། དེ་ལྟར་གྱུར་ན་ཇི་ལྟར་ཤེལ་སྔོན་པོའོ་ཞེས་འཛིན་པ་ནི་དོན་ཇི་ལྟ་བ་ཡིན་པའི་རྟོགས་པ་སྟེ། ཤེལ་ནི་རང་ཉིད་ལས་སྔོན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་བུམ་པའོ་ཞེས་པ་ལ་སོགས་པ་སྒྲ་ལ་བྱུང་བའི་རྟོགས་པ་ཐམས་ཅད་ཇི་ལྟ་བའི་དོན་ཅན་མ་ཡིན་པར་འགྱུར་ཏེ། རྫས་ནི་རང་ཉིད ་ལས་བུམ་པ་ལ་སོགས་པའི་ངོ་བོ་མེད་པའི་ཕྱིར་རོ། །འདོད་པའང་མ་ཡིན་ནོ། །དེ་འདིས་མི་གང་ཞིག་དོན་ཇི་བཞིན་པའི་རྟོགས་པའི་ཡུལ་དེ་ནི་ཁྱད་པར་དུ་བྱེད་པའི་རང་གི་ངོ་བོ་མ་ཡིན་ཏེ། འདི་ལྟ་སྟེ། དབྱུག་པ་ཅན་བཞིན། དེ་དང་ལྡན་པའང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་པ ་གསུངས་སོ། །ཁྱབ་པ་མེད་པར་འདི་ལ་དོགས་པར་བྱ་བ་མ་ཡིན་ཞིང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་ནི་མི་འདོད་པ་ཉིད་དོ། །སྤྱི་ལ་སོགས་པ་མང་ཉིད་ནའང། ཞེས་པ་ལ་སོགས་པ་སྟེ། སོགས་བ་སྨོས་པ་ལས་ཡོན་ཏན་དང་བྱ་བ་འཛིན་ནོ། །ཅིག་ཅར་འཛིན་བྱེད་རྣམས ་ལེ་པར?་ཞེས་པ། གང་གི་ཚེ་དུས་གཅིག་ཏུ་རྟོགས་པ་པོ་མང་པོ་རྣམས་ཁྱད་པར་ཐ་དད་པ་རྣམས་ཀྱིས་དོན་གཅིག་རྟོགས་པར་བྱེད་པ་དེའི་ཚེ། ཕན་འདོགས་པ་ནི་འགལ་བར་འགྱུར། ཡོན་ཏན་བྱས་པའོ། །དེ་དཔེར་བརྗོད་ཀྱིས་སྟོན་པ་གསུངས་པ། དཔེར་ན་ཞེས་པ་ལ་སོགས ་པའོ། ཅིའི་ཕྱིར་འགལ་བར་འགྱུར་ཞེ་ན། མི་ནུས་ཞེས་པ་ལ་སོགས་པ། འདིར་རྟགས་པ་གསུམ་སྟེ། གང་ཡང་རུང་བའི་ཡོན་ཏན་གྱི་ངོ་བོ་རྟོགས་པའམ། ཐམས་ཅད་ཀྱི་ཡང་ཕྱོགས་གཅིག་རྣམས་ཀྱིས་སམ། བདག་ཉིད་ཐམས་ཅད་ཀྱིས་ཐཾས་ཅད ་ཁོ་ནའི་ཡིན་ཞེས་པའོ། །དེ་ལ་རེ་ཞིག་རེ་རེ་ཁོ་ནའི་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གང་ལས་གཅིག་ཁོ་ནའི་ངོ་བོ་རྟོགས་པར་འགྱུར་གྱི་གཞན་མ་ཡིན་པ་ཡོད་པ་ཉིད་ལ་སོགས་པ་རྣམས་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པའོ། །ཡང་ན་རྟོཊ་པ་པོ ་རྣམས་ལ་ཁྱད་པར་མེད་པའི་ཕྱིར་ཏེ། རྟོགས་པ་པོ་གཅིག་གི་དོར་ཁྱད་པར་གཅིག་ཁོ་ནའི་ངོ་བོའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཕྱོགས་གཅིག་གི་ཡོན་ཏན་གྱི་ངོ་བོ་ཉམས་སུ་མོང་བར་ནུས་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། མཐཱ་དག་ཅེས་པ་ལ་སོགས་པ་སྟེ། གལ་ཏེ་ཕྱོཊ ་གཅིག་གི་ཁྱད་པར་གྱི་ངོ་བོ་རྟོགས་པར་གྱུར་ན། དེའི་བུམ་པ་ཞེས་དེའི་ཕྱོགས་གཅིག་རྟགས་པར་འགྱུར་ཏེ། དེ་ལྟར་ས་ལས་གྱུར་པའོ་རྫས་སོ་ཞེས་པ་ལ་སོགས་པའོ། །གསུམ་པའི་ཕྱོགས་ལ་ནི་སྐྱོན་གསུངས་པ། ཀུན་གྱིས་ཡིན་ན་འདྲེས་མཐོང ་འགྱུར་ཞེས་པ། ཀུན་གྱིས་ཏེ། བུམ་པ་ཉིད་དང་ས་ལས་གྱུར་པ་ཉིད་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་དངོས་པོ་མཛའ་དས་ལ་ཅིག་ཅར་ཕན་འདོགས་ན། དེའི་ངོ་བོ་བླངས་པ་ན། བུམ་པ་ལ་སོགས་པའི་ངོ་བོ་རྣམ་པར་ཕྱེ་ནས་འཛིན་པ་མེད་པའི་ཕྱིར། ་རྣམ་པར་དབྱེ་བ་མེད་པས་ཕན་ཚུན་ཡང་དག་པར་ཐ་དད་པའི་ངོ་བོ་དུ་མ་འཛིན་པར་འགྱུར་གྱི། རྣམ་པར་དབྱེ་བས་ནི་མ་ཡིན་ཏེ། །བུམ་པ་འདིའོ་ས་ལས་གྱུར་པའོ། །ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ་ཅིག་ཅར་ངོ་བོ་ཐམས་ཅད་རྟོགས་པའི་ཕྱིར་ཤེས་པ། གང་ལས་རྫས་དེ་ཐམས་ཅད་གྱི་ངོ་བོ་ཅིག་ཅར་རྟོགས་པར་འགྱུར་བའོ། །དེས་ན་འདི་ལྟར་ཕན་འདོགས་པ་འགལ་བའི་ཕྱིར་བུམ་པ་ལ་སོགས་པའི་ངོ་བོར་འཛིན་པར་མི་འགྱུར་ན་དེ་ཡང་ཡོང་དོ། ། ་དེ་འདིས་ནི་གང་ཞིག་ཅིག་ཅར་ཁྱད་པར་དུ་མའི་རྗེས་སུ་བསྒྲུབས་པའི་རྟོགས་པས་མོངས་སུ་བཅད་པར་བྱ་བ་དེ་ནི་ཁྱད་པར་གྱི་ངོ་བོར་རྟོགས་པ་མ་ཡིན་ཏེ། འདི་ལྟ་སྟེ། དབུང་རྒྱན་དང་རྣ་རྒྱན་ཞེས་པ་བཞིན་དེ་དང་ལྡན་པའི་དངོས་པོ་ཡང་དེ་ལྟ་བུའོ་ཞེས ་འགལ་བས་ཁྱབ་པ་གསུངས་སོ། །ཁྱད་པར་རྣམས་ལ་ཞེས་པ་ལ་སོགས་པས་དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པའི་སྐྱོན་ཕྱོགས་གཞན་རྣམས་ལ་བསྒྲེ་བ་སྟོན་པ་སྟེ། ཕྱེད་ཕྱི་མས་ནི་འདི་འདི་ཁོ་ནལ་འཐད་པ་གསུངས་སོ། །རིགས་ཀྱི་ངོ་བོ་ནི་ཁྱད་པར་རྣམས་ལས་མིར་གྲིས ་ཤིང། སྒྲའི་རང་གི་ངོ་བོ་ནི་རིགས་ལ་དང། སྒྲའི་རང་གི་ངོ་བོ་དང་ལྡན་པའི་རིགས་གྱི་ངོ?་པོ་ནི་འབྲེལ་པ་ལའོ། །འབྲེལ་པ་ཅན་གྱི་ངོ་བོས་དཔེར་པའི་དོན་གྱི་བདག་ཉིད་ན་ཚིག་གི་ཡུལ་དུ་བྱ་པར་མི་ནུས་པ་ཉིད་ཀྱི་ཕྱིར་གདོན་མི་ཟ་བར་ཞེས་གསུངས་སོ། །འོ་ན་ངེ་དང་ལྡན་པའི་ཕྱོགས་ལས་ཁྱད་པར་གྱི་ཕྱོགས་ཀྱི་བྱེ་བྲག་ཅེ་ཞེ་ན། དེ་དང་ལྡན་པའི་ཕྱོགས་ལ་ཡོང་པའི་རིགས་ཀྱི་ངོ་བོར་ཡོང་པའི་སྒྲས་རྗོད་པར་བྱེད་པ་སྟེ། ཁྱད་པར་གྱི་ཕྱོགས་ལ་ནི་རྫས་ལ་སོགས་པའི་ངོ་བོར་རེ། །དེ་ལྟར ་ནང་རྣམས་ཁྱད་པར་གྱི་ངོ་བོར་བརྗོད་པར་བྱས་པར་འགྱུར་རོ་ཞེས་པ་བྱེ་བྲག་གོ་།དེ་ལ་ཡང་རྫས་ཉིད་ལ་སོགས་པ་རྣམས་ལ་དངོས་དང། ཁྱད་པར་རྣམས་ལ་ཉེ་བར་བཏགས་པའོ་ཞེས་སྔ་མ་ཁོ་ན་ལྟར་སྐྱོན་བརྗོད་པར་བྱ་བ་སྟེ། དངོས་དང ་རྟགས་པའི་འཇུག་པ་ཉིད་དང། རིམ་གྱི་བརྗོད་པ་མ་ཡིན་པ་དང། ཡོན་ཏན་གྱི་ཕན་འདོགས་པ་འགལ་བའོ། །སྲིད་པ་ལས་ཞེས་པ་རིགས་རྗོད་པར་བྱེད་པ་ན། རབ་གྱུར་འགྱུར་ཏེ། བློ་མེད་པར། ཞེས་པ་འདི་མི་སྲིད་པའི་ཕྱིར་རོ། །འབྲེལ་པ ་བརྗོད་པར་བྱེད་པ་ན་ཡང་སྟེ། འདི་ཉིད་ཀྱི་ཕྱིར་སྲིད་པ་སྨོས་པའོ། །འོ་ན་སྔར་འབྲེལ་པ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བཤད་ན། དེ་ཅི་ལྟར་དེ་ལྟར་ཡོད་པའི་ངོ་བོར་རྗོད་པར་བྱེད་པ་ལ་བརྟེན་པ་ཡིན། ཡང་ཅི་ལྟར་འདིར་ཐ་དང་མེད་པར་ཉེ་བར ་གདགས་པ་འབྲེལ་པའི་ཡན་ལག་ཏུ་བྱ་བ་ཡིན། སྔ་མ་ནི་ཡོད་པ་ཉིད་དུ་གྱུར་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཀུན་བཤད་པའི་དོན་ཅན་སྒྲ་ལ་ཐ་དད་མེད་པར་ཉེ་བར་གདགས་པ་མི་འཐད་པའི་ཕྱིར་རྗོད་པར་མི་བྱེད་པར་བཤད་པ་སྟེ། འབྲེལ་པ་ཡང་ཡོད་པ་ཉིད་དུ་གྱུར ་པ་མ་ཡིན་པ་ཁོ་ན་ཡིན་ན། དེ་ཅི་ལྟར་དེའི་ཡོད་པ་ཉིད་དམ་ཡོང་པའི་སྒྲ་དང་ཐ་དད་མེད་པར་བདགས་པ་ཡིན། ཐ་དད་མེད་པར་གདགས་པ་མེད་ནའང་ཅི་ལས་སྣར་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར། ཅི་སྟེ་ཡོད་པ་ཉིད་དང་ཐ་དད་པ་ཉེ་བར་གདགས ་པས་དེ་བརྗོད་པར་བྱ་ན། ཅི་ལྟར་ཡོངས་དང་སྦྱོར་བའི་སྒྲ་དག་གཞི་མཐུན་པ་ཉིད་དུ་མི་འཐད་ཅེ་མ་སྐྱོན་འདིས?་ཡིན་ཏེ། འབྲེལ་པ་རྗོད་པར་བྱེད་པར་ཁས་བླངས་ནས་སྐྱོན་འདི་བརྗོད་པའི་ཕྱིར་རོ། གལ་ཏེ་ཡང་འབྲེལ་བ་བརྗོད་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་དེ་དང ་ལྡན་པའི་ཕྱོགས་ཀྱི་སྐྱོན་འདའ་བ་མེད་ཏེ། རིགས་ལྡན་དང་མཚུངས་པར་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པའི་དོན་དུ་འདི་བཤད་དོ། །དེ་ལྡན་ཡང་ཞེས་པ་ལ་སོགས་པས་འདིའི་ཕྱོགས་གཞན་ཉིད་ཁོ་ན་སེལ་བར་བྱེད་དོ། །འོ་ན་ཡང་བཤད་པ་ཞེས་པ་ལ་སོཊ་པས ་ཕྱོཊ་གཞན་ཉིད་སྟོན་ཏོ། །འདིར་ཐ་དད་པ་དང་ཐ་མི་དང་པའི་ངོ་བོས་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་རིགས་ལྡན་དེ་རྣམས་ཀྱི་གང་བྱེ་བྲག་མེད་པའི་ངོ་བོ་ཡོད་པ་ཉིད་དུ་སྒྲོ་བཏགས་པ་དེ་ཁོ་ན་ཁྱད་པར་གྱི་ངོ་བོ་ལ་མ་རེག་པར་བརྗོད་པར་བྱ་བའོ། །དེ་ལྟ་ན་ཡང ་ཁྱད་པར་གྱི་ཕྱོགས་ལས་ཕྱོགས་གཞན་ཁོ་ན་འདིའོ་ཞེས་སེམས་སོ། །གལ་ཏེ་དེ་ལྟ་ན་ཞེས་པ་ལ་སོགས་པས། རིགས་དང་སྦྱོར་བའི་ཕྱོགས་དག་གི་ནང་དུ་འདི་འདུས་པའི་ཕྱིར་ཕྱོགས་གཞན་ཉིད་འགགས་པར་བྱེད་དོ། །ཡང་ཅི་ལྟར་དེ་ལྡན་ཙེ་མ་ཡོད་པ་ཉིད ་དམ་འབྲེལ་པར་འགྱུར་ཞེ་ན་གསུངས་པ། དེ་དང་ལྡན་པ་ཙམ་ནི་ཞེས་པ་ལ་སོགས་པ། ཙམ་གྱི་སྒྲ་ཡིས་ཁྱད་པར་སེལ་བ་ན། སྤྱི་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ངོ་བོ་སྒྲའི་དོན་ཅེས་བརྗོད་པར་འགྱུར་རོ། །དེ་ཡང་རབ་ཏུ་འཇུག་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་དངོས་པོའི་རྐྱེན་གྱིས ་བརྗོད་པར་བྱ་བ་ཡིན་ཞིང། ཡོད་པ་ཉིད་དམ་འབྲེལ་པ་མ་གཏོགས་པར་གཞན་ཉེ་བར་དམིགས་པ་མ་ཡིན་ཏེ། དངོས་པོའི་རྐྱེན་ནི་དེ་ཁོ་ན་ལ་བྱས་པའི་ཕྱིར་རོ། །འདི་ལུང་གིས་བསྟན་པའི་ཆེད་དུ་གསུངས་པ། ཆིག་སྡུད་དང་བྱེད་ལྡན་དང་དེ་ཕན་རྣམས་ལ་ཞེས་པ་འདོག? ་པའོ། །འབྲེལ་པ་བརྗོད་པར་བྱ་བ་ཉིད་ལ་ལུང་སྟེ། རྒྱལ་པོའི་སྐྱེས་བུ་ཉིད་འཚེད་པར་བྱེད་པ་ཉིད་ཉེ་བའི་བ་ལང་གི་བུ་ཉིད་ཅེས་པའོ། །ཚིག་སྡུད་ལ་སོགས་པ་འདི་རྣམས་ལ། རང་དང་བྱ་དག་པོའི་དང་བྱ་བ་དང་བྱེ་པ་ཅན་གྱི་དང་བུ་རྒྱུད་པ་བུ་རྒྱུད་དང་ལྡན་པའི་འབྲེལ་པ་བརྗོད་པར་བྱ་སྟེ། ་རིམ་པ་ཇི་ལྟར་བར་རོ། །དེས་ན་འདིར་ཡང་ཡོད་པའི་སྒྲ་ནི་བྱེད་ལྡན་གྱི་མཛའ་ཅན་ཉིད་ཀྱི་ཕྱིར་འབྲེལ་པ་བརྗོད་པར་བྱེད་པར་འགྱུར་རོ། །གཞན་རྣམས་ནི་འདི་ཁོ་ནའི་དམིགས་བསལ་བཤད་ཏེ། གཞན་དུ་ཞེས་པ་ལ་སོཊ་པའོ། །འདི་ཡོན་ཏན་བརྗོད་པ་ཉིད་ལ་ལུང་སྟེ། གྲཊ ་པ་ལས་ཚིག་སྡུང་ལས་ལྕི་རྩུབ་ཉིད་དང། བྱེད་ལྡན་ལྡན་ལས་འགྲེ་བའི་ངང་ཅན་ཉིད་དང། དེ་ཕན་ལས་ལག་ལྡན་ཉིད་དོ། །འདིར་རིགས་ཙམ་བརྗོད་ཀྱི་འབྲེལ་པ་ནི་མ་ཡིན་ནོ། །ཐ་མི་དད་པའི་དེ་བོའི་དེ་ཕན་ལས་དཀར་པ་ཉིད། དཀར་པོའི་སྒྲ་ནི་ལྡན་པའི་རྐྱེན་གྱི་མཛའ་ཅན་གྱི་འང་རང་བཞིན་གྱི ་ངོ་བོ་མཚུངས་པ་ཉིད་ཀྱི་ཕྱིར་འདིར་ཡང་ཡོན་ཏན་ཁོ་ན་བརྗོད་པར་བྱ་བའོ། །མི་འཁྲུལ་པ་ཉིད་ཀྱི་འབྲེལ་པ་ལས་ནི་ཅི་ལས་ཡོད་པ་ཉིད་ཡིན། ཚིག་གི་དོན་ནི་ཡོང་པ་ཉིད་ལ་འཁྲུལ་པ་ནི་མ་ཡིན་ནོ་ཞེས་པ་སྟེ། འདིར་ཡོང་པ་ཉིད་དེ་ཁོ་ན་བརྗོད་པར་བྱ་བའི་འབྲེལ་པ་ནི་མ་ཡིན་ནོ། །དེ ་ལྡན་དུས་པ་ལ་སོགས་དོན། ཞེས་པ་ལ་སོགས་པས་ནི་དུ་མ་ལ་མི་འཇུག་པ་ཉིད་ཀྱི་གཏན་ཚིགས་གསལ་བར་བྱས་སོ། །སྤྱིའི་དོན་དེ་ཨི་ལྟ་བུ་ཞེས་པ་ནི་ཚད་མའི་འབྲས་བུའོ། །གང་དུ་མ་ལ་འཇུག་པ་མ་ཡིན་པ་དེ་ནི་སྤྱི་མ་ཡིན་ཏེ། རང་གི་ཚན་ཉིད་བཞིན་དེ་དང་ལྡན་པ་ཡང་དེ་ལྟ་བུ ་འོ། །ཁྱབ་པར་བྱེད་པ་མེད་པའོ། །སྤྱི་ནི་དུ་མ་ལ་འཇུག་པ་ཡིན་ནོ་ཞེས་པ་ལྡོག་པའོ། དེ་ཡང་ཞེས་པ་ལ་སོཊ་པས་གཏན་ཚིཊ་ཉིད་ཀྱི་དོན་རྣམ་པར་འབྱེད་དོ། །ཅི་ལྟར་ཞེས་པ་ལ་སོཊ་པ་རྣམས་ཀྱིས་དམ་བཅའ་བའི་དོན། །འོ་ན་ཡང་ཞེས་པ་ལ་སོཊ་པས་བསྒྲུབ་བྱ་བར་ཉིད་སྣ་སྟེ། དེ་ལྔ་ནི་སྤྱིའི་ངོ་བོ་ཉིད་དུ་མི་འདོད་ཉིད་གྱི ་ཕྱིར་རོ། །དེ་མི་འདོད་པ་ཉིད་སྤྱིའི་ངོ་བོ་སྒྲོ་བཏགས་པར་གསལ་བར་བྱེད་པ་གསུངས་པ། ཅིའི་དོན་དུ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པ་གྲུབ་པ་བསྒྲུབ་བྱ་ཉིད་ཀྱི་ལན་འདེབས་སོ། །འདི་ལྟར་སེམས་ཏེ། ་འབྲེལ་པ་བྱ་བར་སླ་བ་ཉིད་དང། མི་འཁྲུལ་པར་སྨྲ་བས་ཡོད་པའི་སྒྲས་སྤྱི་རྗོད་པར་བྱེད་པ་ཉིད་ལ་བརྟེན་ཏེ། ཁྱད་པར་གྱི་སྒྲ་རྣམས་དང་གཞི་མཐུན་པ་ཉིད་ཁས་བླངས་པའི་ཕྱིར་ཡང་ངོ། །སྤྱི་དང་ཁྱད་པར་གྱི་དངོས་པོ་མེད་ན་གཞི་མཐུན་པ་ཉིད ་འཐད་བ་མ་ཡིན་པས་སོ། །དེ་ལྟར་ནི་སྤྱིའི་སྒྲ་ལས་ཁྱད་པར་མེད་པར་འཇུག་བཞིན་པའི་བློ་ནི་ཁྱད་པར་གྱི་སྒྲ་རྣམས་ཀྱིས་ཁྱད་པར་གཞན་རྣམས་ལ་རྣམ་པར་བཅད་ན། ཁྱད་པར་དུ་བྱས་པའི་ཡུལ་ལ་རྣམ་པར་འཇོག་སྟེ། དེ་སྤྱི་མེད་ན་འཐད་པ་མ ་ཡིན་ནོ། །ཞེས་པའོ། །འདིར་ཡང་སྤྱི་དད་དེ་ལྡན་པ་ཞེས་ཁས་ལེན་པ་ན། རྣམ་པར་རྟོགས་པ་རྣམ་པ་གཉིས་ཏེ། ཡོད་པ་ཉིད་ལ་སོགས་པ་སྤྱིའི་དེ་ལྡན་ཉིད་དུ་འགྱུར་བ་འམ། བུམ་པ་ལ་སོགས་པ་དེ་ལྡན་གྱི་མཚུངས་པ་ཉིད་ཅེས་པའོ། །དེ་ལ་སྔ་མ་མི ་སྲིད་ཞེས་སྟོན་པ་གསུངས་པ། ཡོད་པ་ཉིད་ལ་སོགས་པ་རྣམས་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཡོད་པ་ཉིད་ལ་སོགས་པ་རྣམས་ལ་རིགས་གཞན་ཡོད་པ་མ་ཡིན་ཏེ། རིགས་རྣམས་ལ་རིགས་མེད་པ་ཉིད་ཀྱི་ཕྱིར་རོ། །ངེས་ན་གདོན་མི་ཟ་བར་རྣམ་པར ་བརྟག་པ་གཉིས་པ་ཁས་བླང་པར་བྱའོ་ཞེས་སྟོན་པ་གསུངས་པ། ་དེའི་ཕྱིར་ཞེས་པ་ལ་སོགས་པའོ། །དོན་ལ་ཞེས་པ་སྐབས་སུ་བབ་པ་ཉིད་ཀྱི་ཕྱིར་དེ་ལྡན་ལ་སྟེ། བུམ་པ་ལ་སོགས་པ་ལའོ། །དེ་ལྟར་འགྱུར་པ་སླ་སྟེ། འོ་ན་དེ་ཁོ་ན་ལའོ་ཞེ་ན། འདི་ལ ་གསུངས་གང་ཡང་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །འབའ་ཞིག་གོ་སྨོས་པས་ནི་བརྗོད་པར་བྱ་བ་མཚུངས་པ་སེལ་བར་བྱེད་དོ། །སྒྲ་ཁོ་ན་རྗོད་པར་བྱེད་བ་སྟེ། འདི་རྣམས་མཚུངས་ཀྱི་བརྗོད་པར་བྱ་བ་ནི་མ་ཡིན་ནོ ་དེ་ལྟར་ཅུང་ཟད་ཀྱང་ཞེས་པའི་དོན་ཏོ། །དེ་དང་ལྡན་པ་འབའ་ཞིག་གིས་ཀྱང་མ་ཡིན་ཞེས་པ་རྗོད་པར་བྱེད་པ་མཚུངས་པ་ཁོ་ནས་འདི་རྣམས་མཚུངས་པ་ཉིད་དེ། བརྗོད་པར་བྱ་བ་དེ་ལྡན་གྱི་དངོས་པོའི་ངོ་བོ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །འོ་ན་ཡོད་པ ་ཉིད་ཀྱི་སྒྲའི་རང་གི་ངོ་པོས་དེ་ལྡན་བརྗོད་པར་བྱ་སྟེ། འབྲེལ་པ་ཡང་ཡོད་པ་ཉིད་ཀྱི་ངོ་བོས་སོ། །དེའི་ཕྱིར་ཡོད་པ་ཉིད་དམ་འབྲེལ་པའི་བརྗོད་པར་བྱ་བས་དེ་ལྡན་དང་མཚུངས་པར་འགྱུར་རོ་ཞེ་ན་གསུངས་པ། ཡོད་པ་ཉིད་དང་སྦྱོར་བ་དག་ཀྱང་ཞེས་པ་ལ་སོགས་པ་ནི། ་ཁྱད་པར་རིགས་དང་དེ་སྤྱོར་ལ། ཉེས་པ་མཚུངས་ཏེ་རྣམས་ལའང། ཞེས་པ་ལ་སོགས་པས་སྔར་ཁོ་ནར་བསལ་ཟིན་ཏེ། རིགས་དང་སྦྱོར་བ་དག་དེ་ལྡན་ཉིད་དུ་རྗོད་པར་བྱེད་པའོ། །གལ་ཏེ་བུམ་པ་ལ་སོགས་པ་རྣམས་ལ་སྒྲ་མཚུངས་ཏེ། དེའི་ཚེ་སྒྲ་དེ་ཁོ་ན་སྒྲ་ཉིད་ཀྱིས་དེ ་ལན་ནི་དེ་རྣམས་ཀྱི་སྤྱི་ཉིད་དུ་འགྱུར་ཏེ་ཞེ་ན་གསུངས་པ། རྒྱུ་མཚན་མེད་མིན་ཞེས་པ་ལ་སོགས་པ་སྟེ། སྒྲ་ནི་དེ་རྣམས་ཀྱི་རྗོད་པར་བྱེད་པ་ཉིད་ཀྱིས་འབྲེལ་པ་ཅན་ཡིན་ཞེས་འབྲེལ་པ་ཅན་ཉིད་དེ་ཁོ་ན་ནི་རྒྱུ་མཚན་མེད་པར་འཐད་བ་མ་ཡིན་ཏེ། གང་གི་རིགས ་བསྒྲ?་བྱ་མཚན་ཅེ་མི་ཡིན་ནོ་ཞེས་ལེན་པའོ། །འདིས་ནི་རྒྱུ་མཚན་ཅན་གྱི་སྒྲ་གང་ཞིག་གི་གང་ལ་རྒྱུ་མཚན་མེད་པ་དེ་ནི་དེ་ལ་སྦྱོར་བར་འོས་པ་མ་ཡིན་ཏེ། དབྱུག་པ་ཅན་གྱི་སྒྲ་དབྱུག་པ་དང་བྲལ་བའི་སྐྱེས་བུ་ལ་བཞིན། བུམ་པ་ལ་སོགས་པ་རྣམས་ལ་ཡང་རྒྱུ་མཚན ་ཅན་རིཊ?་ཀྱི་སྒྲའི་རྒྱུ་མཚན་མེད་དོ་ཞེས་པ་རྒྱུ་མི་དམིགས་པ་གསུངས་སོ། །དེའི་ཕྱིར་ཡང་ཞེས་པ་ལ་སོགས་པ་ལ། གལ་ཏེ་ཡོང་པའི་སྒྲས་སྤྱི་བརྗོད་པར་བྱ་བ་ན། དེ་ལས་དེ་ཁྱད་པར་དུ་བྱ་བའི་དོན་དུ་བུམ་པ་ཞེས་བརྗོད་པར་བྱའོ་ཞེས་གི་ཞེ་མཐུན་པ་ཉིད་དུ་འགྱུར་རོ། ། ་བརྗོད?་པར་བྱེད་པ་མེད་ན་ནི་ཙི་ཞིག་ཅིའི་ཁྱད་པར་དུ་བྱ་བ་དེ་ལས་ཀྱང་ཁས་བླངས་པ་ཉམས་པའོ། །ཅི་སྟེ་ཡང་ཞེས་པ། སྤྱི་དང་ཁྱད་པར་གྱི་དངོས་པོ་མེད་ན་ཡང་རྣམ་པ་གཞན་དུ་ཁྱད་པར་དུ་བྱེད་དང་ཁྱད་པར་བྱ་བ་ཉིད་གཞུང་འཛུཊ་པར་བྱེད་དོ། །རྫས་གཞན་ལ་འཇུག་པ་མ་ཡིན ་བཞེས་པ། གཞན་མ་ཡིན་པའི་རྗ་སལ་འཇུག་པའི་ཡོད་པའི་ཡོན་ཏན་བུམ་པ་ལ་སོགས་པའི་རྫས་སོ། །ཡོད་པའི་ཡོན་ཏན་ཞེས་པ་ཡོད་པ་ཉིད་ཀྱི་ཡོན་ཏན་ཞེས་པའི་དོན་ཏེ། འདིའི་ཡོད་པ་ཉིད་ཡོན་ཏན་ཡིན་པ་ཞེས་བྱས་ནས་སོ། །འདིས་ནི་མི ་མཚུངས་པ་ཉིད་སྨྲས་སོ། །དེ་ལྟར་མཚུངས་པ་མ་ཡིན་པ་ཉིད་ཡོད་ན་ཡང་ཡོང་པའི་སྒྲ་ལས་བུམ་པ་ལ་སོགས་པ་ལ་དོགས་པ་མ་ཁྱད་པར་བྱེད་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་རོ། །ཤིན་ཏུ་སྔོ་བ་ལ་སོགས་པ་བཞིན་ཏེ། ཇི་ལྟར་སྔོན་པོའི་ཡོན་ཏན་ཅན་གྱི་རྫས ་ནི། ཤིན་ཏུ་སྔོ་བ་ལ་སོགས་པའི་རྫས་གཞན་ལ་དང། དེའི་ཡོན་ཏན་མ་ཡིན་པ་ལ་འཇུག་པ་མ་ཡིན་ཞེས་པས་དེ་སྤྱི་མ་ཡིན་ཏེ། དེ་ལྟ་ཡང་སྔོན་པོ་ཞེས་བརྗོད་པ་ན་སྔོན་པོའི་སྒྲ་ལས། གང་འདི་སྔོན་ངོ་ཞེས་བརྗོད་པ་དེ་ཅི། གཉིས་ལས་ཤིན་ཏུ་སྔོ་བ་ཡིན ་ནམ། ཅི་སྟེ་མང་པོའི་ནང་ན་ཤིན་ཏུ་སྔོ་བ་ཡིན། ཞེས་ཁྱད་པར་ལ་དོགས་པར་འགྱུར་རོ། །དེའི་ཕྱིར་གཉིད་ཀྱི་ནང་ནས་ཆེས་སྔོན་པོ་འམ་མང་པོའི་ནང་ནས་ཆེས་སྔོན་པོ་ཞེས་ཁྱད་པར་གྱི་སྒྲ་རྣམས་ཀྱི་ཁྱད་པར་དུ་བྱ་བདེ་བཞིན་དུ་ཡོང་པ་ཞེས་བརྗོད་པན ་ཡོད་པ་ཉིད་ནི་དོན་དུ་མ་ལ་འཇུག་པ་ཉིད་ཀྱི་ཕྱིར་ན་གང་ཡོད་པ་འདི་ནི་ཅི་བུམ་པ་འམ། འོན་ཏེ་སྣམ་བུ་ཡིན་ཞེས་བུམ་པ་ལ་སོགས་པ་ལ་དོགས་པར་འགྱུར་ཏེ། དེས་ན་དེའི་སྒྲ་རྣམས་ཀྱི་ཁྱད་པར་དུ་བྱ་སྟེ། བུམ་པའམ་སྣམ་བུའོ་ཞེས་པའོ། །གལ་ཏེ ་གཅིག་ལའང་སྔོ་སོགས་བཞིན་ཞེས་པ། གལ་ཏེ་གཅིག་ལ་ཏེ། ཐུན་མོངས་མ་ཡིན་པའི་ངོ་བོའི་རིགས་དང་ལྡན་པའི་རྫས་ལ་ཐུན་མོང་བ་ཡོད་པ་ཉིད་འཇུག་གོ་ཅེས་པ། དེ་ལ་ཡོད་པ་ཅིས་བརྗོད་པ་ན་བུམ་པ་ལ་སོགས་པ་འདོགས་པར་འགྱུར་ཏོ། དཔེར་ན་སྔོན་པོ ་ཞེས་བརྗོད་པ་ན་ཤིན་ཏ་སྔོན་པོ་ལ་སོགས་པ་ལ་དོགས་པ་བཞིན་ཏེ། དེས་ན་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་འདོད་པར་བྱའོ། །དེ་ན་འདི་ཡང་ཡོད་མིན། ཅིའི་ཕྱིར་ཞེ་ན། གསུངས་པ། སྔོན་པོའི་སྒྲ་ནི་ཞེས་པ་ལ་སོགས་པ་སྟེ། སྔོན་པོའི་སྒྲ་ནི་སྔོན་པོའི་ཡོན་ཏན ་ཅན་གྱི་རྫས་རྗོད་པར་བྱེད་ཏེ། དེ་ཡང་ཤིན་ཏུ་སྔོ་བ་ལ་སོགས་པ་རྫས་གཞན་ལ་འཇུག་པ་མ་ཡིན་ནོ། །གང་སྔོན་པོ་ཉིད་འཇུག་པའམ། དེའི་འབྲེལ་པ་དེ་ནི་སྒྲིའི་དོན་ཉིད་དུ་མི་འགྱུར་ཏེ། དེའི་ཕྱིར་འདིར་ཡང་རྒྱུ་མཚན་མེད་མིན་དེ་ཡང་འདོད། ཞེས་པས་འདི་མཚུངས་སོ་ཞེས ་པས། དཔེ་ཅན་དང་འདྲ་བར་དཔེ་ཡང་མ་གྲུབ་པ་ཁོ་ནའོ། །ཁས་བླངས་ནའང་ཞེས་པར་གལ་ཏེ་ཡང་དཔེ་གྲུབ་པར་གྱུར་ན། དེ་ལྟ་ན་ཡང་ཡོད་པ་ཉིད་ལ་དེ་དང་མཚུངས་པ་ཉིད་མེད་དོ། །དེ་སྟོན་ཏེ། དེ་མིན་རིགས་ལ་རིགས་མེད་ཕྱིར། ཞེས་པ་ཡོད་པ་ཉིད་རིགས་འདི ་ལ་བུམ་པ་ཉིད་ལ་སོགས་པའི་རིགས་ཡོད་པ་མ་ཡིན་ནོ། །ཞེས་པས། འདི་ལྟར་རིགས་མེད་པའི་ཡོད་པའི་རིགས་ནི་རིགས་ལྡན་མ་ཡིན་ཞེས་པའོ། །ཡོད་པ་ཉིད་ལ་བུམ་པ་ཉིད་ལ་སོགས་པའི་རིགས་ཀྱི་བྱེ་བྲག་རྣམས་ཡོད་པ་མ་ཡིན་ཏེ། ཇི་ལྟར་སྔོན་པོའི་ཡོན ་ཏན་ལ་གཉིས་ལས་ཆོས་སྔོ་བ་ལ་སོགས་པའི་བྱེ་བྲག་རྣམས་བཞིན་ཏེ། གང་ལས་བྱེ་བྲག་དེ་རྣམས་ཉེ་བར་བླངས་ནས་རྫས་ལ་འཇུག་པའོ། །དེ་ཉེ་བར་མ་བླངས་ན་ཡང་དེའི་དངོས་པོ་ཡང་དག་པར་ཕྱོགས་པའི་ངོ་བོ་ནི་བུམ་པ་མ་ཡིན་ཏེ། ་སྣམ་བུ་མ་ཡིན་ཏེ། དེའི་ཕྱིར་ཡོད་པའི་སྒྲ་ལས་བུམ་པ་ལ་སོགས་པའི་བྱེ་བྲག་ལ་དོགས་པར་རིགས་པ་མ་ཡིན་ནོ། །སྔོན་པོའི་ཡོན་ཏན་ནི་དབྱེ་བར་དུ་མ་སྟེ། །དེ་རྫས་གཅིག་ལ་ཡང་འཇུག་བཞིན་པ་ནི། རང་གི་ཁྱད་པར་རྣམས ་ཉེ་བར་བླངས་ནས་ཇི་ལྟར་སྔོ་བར་སྲིད་པར་འཇུག་གོ་ཞེས་པས། དེ་བརྗོད་པར་བྱེད་པའི་སྔོན་པོའི་སྒྲ་ལས་གཉིས་ནས་ཆེས་སྔོ་བ་ལ་དོགས་པར་རིགས་སོ་ཞེས་སྟོན་ཏོ། །འོ་ན་དེ་ལྟར་ཞེས་པས་རྣམ་པ་གཞན་གྱིས་བྱེ་བྲག་ལ་སོགས་པ་སྲིད་པར ་གསུངས་སོ། །སྒྲ་ནི་གཞན་དབང་སྟེ། ཡོན་ཏན་ལ་བལྟོས་ནས་འཇུག་པ་ཉིད་ཀྱི་ཕྱིར་རོ། ཁྱད་པར་འཕེན་པར་ནུས་པའོ། །དོན་ནི་དོགས་པ་ཉིད་ཀྱི་ཕྱིར་གཙོ་བོའོ། །དེས་ན་རིགས་ལྡན་གྱི་དོན་ནི་ཁྱད་པར་ཐམས་ཅད་འཕངས་ནས་འཇུག་སྟེ། དེ་ལས་ཀྱང་གལ་ཏེ ་ཏེ་ཡང་བུམ་པ་ཉིད་ལ་སོགས་པ་རྣམས་ཡོད་པའི་སྒྲའི་བརྗོད་པར་བྱ་བར་མི་འགྱུར་བ་དེ་ལྟ་ན་ཡང། ཡོད་པ་ཉིད་དང་ལྡན་པའི་དོན་གྱིས་བུམ་པ་ལ་སོགས་པ་རྣམས་འཕངས་པ་ན་ཁྱད་པར་ལ་དོགས་པར་འགྱུར་རོ། །དེའི་ཕྱིར་ཁྱད་པར་དང ་ཁྱད་པར་དུ་བྱ་བ་ཉིད་མ་ཡིན་པ་མེད་དོ། །ཡང་ཅི་ལྟར་དོན་གྱིས་ཁྱད་པར་མཛའ་དག་འཕེན་ཅེ་ན་སྨྲས་པ། དེ་ལྟར་གྱི་དོན་གདོན་མི་ཟ་བར་ཞེས་པ་ལ་སོགས་པ་སྟེ། རིགས་ལྡན་གྱི་དོན་ནི་སྒྲས་ཉེ་བར་ལེན་ཅིང། དེ་ཡང་ངེས་པར་སྦྱོར་བ་ཁོ་ན་ལས་བུམ ་པ་ཉིད་ལ་སོགས་པའི་སྤྱི་འགའ་ཞིག་ཏེ་རྗེས་སུ་འབྲེལ་ཏེ། དེ་ལས་ཀྱང་དེའི་སྤྱིའི་དབྱེ་བ་འཕེན་པ་ན་བུམ་པ་ལ་སོགས་པའི་བྱེ་བྲག་འཕེན་པའོ་ཞེའོ་རྟོགས་པ་འདི་ཡང་སེལ་བར་བྱེད་པ་གསུངས་པ། དོན་གྱིས་འཕེན་ནའང་མ་ངེས་པ་ཞེས་སོ། །དོན་གྱིས་འཕངས་པ་ནི་ཞེས ་པས?་སོགས་དམ་དོན་གྱིས་འཕེན་པའི་རང་གི་ངོ་བོ་གསུངས་ཤིང། དེ་མེད་པར་འདིར་བསྟན་པའི་ཆེད་དུ། དཔེར་ན། ཉིན་པར་མི་ཟ་ཞེས་ཆོས་མི་མཐུན་པ་ཉིད་ངེས་པར་བསྟན་ཏོ། །འདིར་ན་ཞེས་པ་ལ་སོགས་པས་ཆོས་མི་མཐུན་པ་ཉིད་ཀྱི་ཉེ་བར་སྦྱོར་བས་ཕྱོགས ་ཆོས་ཉེ་བར་བསྟན་ཏོ། །འཕངས་པ་ཡོད་པ་མ་ཡིན་ནོ་ཞེས་པ་ཚད་མའི་འབྲས་བུའོ། །གང་དུ་དོན་གྱིས་འཕངས་པ་དེར་ནི་མ་ངེས་པར་སྟེ། འདི་ལྟ་སྟེ་ཉིན་པར་མི་ཟའོ་ཞེས་པ་འདིར་མཚན་མོ་ཟབ་ལའོ། །ཡོད་པ་ཞེས་བརྗོད་པ་ན་བུམ་པ་ལ་སོགས་པ་རྣམས་ལ ་ངེས་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཐེ་ཚོམ་མོ་ཞེས་པ་རང་བཞིན་འགལ་བའོ། །གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དང་མི་འཕེན་པ་ཡིན་ན། སྤྱིའི་སྒྲས་ཀྱང་རང་གི་ཁྱད་པར་མི་འཕེན་པར་འགྱུར་ཏེ། དེ་ལས་ཀྱང་དེ་རྣམས་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །གཞི་མཐུན་པ ་ཉིད་མེད་པའི་ཆེད་དུ་མི་འཕེན་པ་ཡིན་ན་ཡང། གཞི་མཐུན་པ་ཉིད་དེ་ཡང་ཐེ་ཚོམ་ཁོ་ན་ཡོད་པ་ལ་ཉེ་བར་དམིགས་ཏེ། གང་སྨྲས་པ། ཐེ་ཚོམ་འདོད་ཕྱིར་ཁྱད་པར་ནི། །རང་གི་སྤྱི་ཡིས་འདོད་མ་ཡིན། །བླངས་མིན་ཐེ་ཚོམ་སྐྱེད་པའི་ཕྱིར་རོ། །མཚུངས་ནའང་དེ་དག་དོན་ཅིག ་ཉིད་ཅེས་སོ། །གལ་ཏེ་ཡང་དོན་ལས་དོན་ངེས་པར་ཁོ་ནར་འགྱུར་ན། ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་མི་འཐད་ཏེ། རྣམ་གྲངས་ཀྱི་སྒྲ་བཞིན་ནོ། །དེ་དག་ལས་དོན་ངེས་ཟིན་པ་ཉིད་ཀྱི་ཕྱིར་རོ་ཞེན་དེའི་ཕྱིར་འདི་ག་བར་བྱའོ། །དེ་ལ་གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟབ ་དེར་མི་འཕེན་པ་ཞེས་པ་ལ་སོགས་པ་གང་བརྗོད་པ་དེ་རེ་ཞིག་བསམ་པར་བྱ་སྟེ། སྒྲ་འཕེན་པ་ཡང་གཞན་ཡིན་ལ། དོན་འཕེན་པ་ཡང་གཞན་ཡིན་ཏེ། སྒྲ་འཕེན་པ་ནི་མི་གཏོང་བའི་མཚན་ཉིད་ཅན་ཏེ། དོན་འཕེན་པ་ནི་ངེས་པའི་མཚན་ཉིད་ཅན་ནོ། ། ་དེ་ལ་ཐེ་ཚོམ་ལས་ངེས་པའི་མཚན་ཉིད་ཅན་གྱི་དོན་འཕེན་པ་མ་ཡིན་ནོ་ཞེས་བརྗོད་པ་ན། གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དེར་མི་འཕེན་པ་ཡིན་ན་སྤྱིའི་སྒྲ་ཡིས་ཀྱང། རང་གི་ཁྱད་པར་འཕེན་པ་མི་གཏོང་པའི་མཚན་ཉིད་ཅན་དུ་མི་འགྱུར་རོ་ཞེས་པ་ཅིས་ན ་ཅིང་ཐལ་བར་འགྱུར། གང་བརྗོད་པ་ཡང་གཞི་མཐུན་པ་ཉིད་མེད་པའི་ཆེད་དུ་མི་འཕེན་པ་ཞེས་པ་ལ་སོགས་པ་དང། གང་ཡང་གལ་ཏེ་ཡང་དོན་ལས་དོན་ངེས་པ་ཁོ་ནར་ཞེས་པ་ལ་སོགས་པ་བརྗོད་པ་དེ་གཉིས་ཀ་ཡང་མི་རིགས་ཏེ། ་ཇི་ལྟར་ཁྱད་པར་སྨྲ་བའི་ལུགས་ཀྱིས་རིགས་ཀྱི་སྒྲ་ཁོ་ནས་ངེས་ཟིན་པའི་ཁྱད་པར་ཐམས་ཅད་ལ་ཡང་ངེས་པའི་དོན་དུ་ཁྱད་པར་གྱི་མཉན་པ་མ་སྦྱར་བ་ན། གཞི་མཐུན་པ་ཉིད་དང་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་བོར ་འགྱུར་བ་མ་ཡིན་པ་ཁོ་ན་བདེ་ལྟར་དེ་ལྡན་གྱི་ཕྱོགས་སྨྲ་བའི་ལུགས་ཀྱིས་ཀྱང་འགྱུར་རོ། །ཞེས་པ་འདི་བསམས་ཟིན་ཏོ། །གལ་ཏེ་འོ་ན་དོན་འཕེན་པ་ངེས་པའི་བདག་ཉིད་ཡིན་ལ། ཅི་ལྟར་དོན་འཕངས་པའི་བུམ་པ་ལ་སོགས་པ་རྣམས་ལ་བྱེ་བྲག་རེ་བར་འགྱུར་རོ་ཞེས་པ་འདི་བརྗོད ་རེ་བ་ཞེས་བྱ་བ་ནི་དེ་རྣམས་ལ་ཐ་ཚིག་ཟ་བའི་ངེས་པ་དོན་དུ་གཉེར་བ་ཡིན་ནོ་ཞེ་ན། སྦྱོན་འདི་མེད་དེ། གང་ཞིག་དོན་འཕངས་པ་འདོད་པ་དེའི་རྣམ་པ་འདི་ལྟ་བུའི་རེ་བ་འདོད་པ་མ་ཡིན་གྱི། འོན་ཅི་ཞེ་ན་བྱེ་བྲག་ངེས་པར་རེ་བ་སྟེ། དེ་ཁོ་ནའི་དབང་དུ་བྱས་ནས་འདི་བརྗོད ་དོ། ཡང་ན་མཁས་པས་རྩོད?་པ་འདི་ཐམས་ཅད་ཀྱི་ལན་འཆད་པར་འགྱུར་རོ་ཞེས་པས་འདིའི་ཞོག་།དེའི་ཕྱིར་ཞེས་པ་ལ་སོགས་པ་ཇི་སྐད་བཤད་པའི་རིགས་ལ་སོགས་པ་རྗོད་པར་བྱེད་པ་དགག་པ་ཉེ་བར་སྡུད་པས་རང་གི་ཕྱོགས་ཁོ་ན་བསྟན་པར ་མཛད་དོ། །འོ་ན་ཕ་རོལ་པོའི་ཕྱོགས་བཀག་པས་རང་གི་ཕྱོགས་འགྲུབ་པ་མི་འཐོབ་སྟེ། བསལ་ཏེ་འོངས་པ་དགག་པར་ཇི་སྐད་བཤད་པ་བཞིན་ནོ་ཞེ་ན། སྐྱོན་འདི་མེད་ཏེ། འདི་ལ་སྔར་ཁོ་ནར། བྱས་སོགས་བཞིན་དུ་རང་དོན་ལ། གཞན་སེལ་བས་ནི་རྗོད་པར ་བྱེད། ཅེས་སྒྲ་ལས་བྱུང་བ་རྗེས་དཔག་ལས་ཐ་མི་དད་པ་ཉིད་དུ་བསྒྲུབས་ཟིན་ཏོ། །དེ་ལ་ཚད་མ་གཞན་དུ་སྨྲ་བ་རྣམས་ཀྱིས་བསྒྲུབ་པའི་སྒོ་ནས། རིགས་ལ་སོགས་པ་རྣམས་རྗོད་པར་བྱེད་དོ་ཞེས་བཤད་པ། དེ་བཀག་པ་ན་དོན་དེ་ཁོ་ན་རྣམ་པར་གནས ་པ་འབའ་ཞིག་གོ་།འཆད་པར་འགྱུར་བའི་རང་གི་ཕྱོགས་སྒྲུབ་པར་བྱེད་པ་ཐུགས་ལ་བྱས་ནས་ཀྱང་འདི་སྐད་གསུངས་སོ། །ཡང་ཅི་འདིར་སེལ་བ་ཙམ་བརྗོད་པར་བྱ་བ་ཉིད་དུ་མངོན་པར་འབྲེལ་ལམ། འོན་ཏེ་དེའི་ཁྱད་པར་དུ་བྱས་པ་ཡིན། དེ་ལས ་ཅིར་འགྱུར་ན། གལ་ཏེ་གཞན་སེལ་བ་ཙམ་ཡིན་ན། རང་དོན་ལ་གཞན་སེལ་བ་ཡིས་རྗོད་པར་བྱེད། ཅེས་པའི་བཞུང་འགལ་ཏེ། རང་གི་དོན་ལས་ཐ་དད་པར་གཞན་སེལ་བ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དངོས་པོ་དེའི་ཆ་འགའ་ཞིག་དོན་གཞན ་ལས་ལྡོག་པས་རྟོགས་པར་བྱ་སྟེ། སྒྲ་ནི་དོན་གཞན་ལས་ལྡོག་པས་ཁྱད་པར་དུ་བྱ་བའི་དངོས་པོ་རྣམས་སྨྲའོ་ཞེས་པ་ལ་སོགས་པ་བསྟན་པ་དེ་ལྡན་གྱིས་ཕྱོགས་གསལ་བར་བྱེད་པ་རྣམས་སྨྲའོ་ཞེས་པ་ལ་སོགས་པ་བསྟན་པ་དེ་ལྡན་གྱི་ཕྱོགས་གསལ་བར ་བྱེད་པ་རྣམས་དང་འགལ་ལོ། །ཅི་སྟེ་ངེས་ཀྱང་ཁྱད་པར་དུ་བྱས་པ་ཡིན་ན། དེས་ན་མཉན་པར་གཞན་སེལ་བྱེད་ཅེས་ཉམས་ཏེ། གང་གི་ཕྱིར་གཞན་སེལ་བར་བྱེད་དོ་ཞེས་པའི་དོན་ཏེ། ཇི་ལྟར་དགག་ཚིག་གི་འགོག་པར་བྱེད་ཞེས་པ་འདི་ལ་བཞིན་ནོ། །སྒྲའི་བྱེད་པ་གཞན་སྲིད ་པ་ནི་མ་ཡིན་ནོ། །དེ་ལྡན་གྱི་ཕྱོགས་ཀྱང་ཕྱོགས་གཞན་དུ་མི་འགྱུར་ཏེ། དེའི་ཕྱིར་དེ་ལྡན་གྱི་ཕྱོགས་ལ་བརྗོད་པའི་སྐྱོན་རྣམས་འདི་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན་སྐྱོན་འདི་མེད་ཏེ། གཞན་སེལ་པ་ཁོ་ན་སྒྲའི་དོན་ཡིན་པས་སོ། །འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་གང་འདི་རང་གི་དོན་ཡིན་པ་དེ ་ཁོ་ན་གཞན་སེལ་བྱེད་ཅེས་འདིར་གཞན་སེལ་གྱི་སྒྲས་བརྗོད་པས་སོ། །གཞན་སེལ་བས་ནི་རྗོད་པར་བྱེད། ཅེས་པ་འདིའི་དགོས་པ་ནི་བཤད་ཟིན་ཏོ། །གཞན་ཡང་ཁྱད་པར་གཅིག་བསྐུལ་ན་ཡང་གཞན་ལས་ལྡོག་པ་རྟོགས་པ་ལ། རྗེས་སུ་འགྲོ་བ་དང་ལྡོག་པས་སྐུལ་བའི་ཐ་སྙད་རྟོགས་པར་སྒྲ ་རྣམས་སྟོན་ཅིང་གཞན་སེལ་བ་ཡིས་བརྗོད་པར་བྱེད་དེ། དངོས་པོ་དེའི་ཆ་འགའ་ཞིག་དོན་གཞན་ལས་ལྡོག་པས་རྟོགས་པར་བྱའོ། །སྒྲ་ནི་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་ཁོ་ནའི་དངོས་པོ་རྣམས་རྗོད་པར་བྱེད་དོ་ཞེས་པ་ལ་སོགས་པ་གསུངས་པའོ། །ཁྱད་པར་དང་ཁྱད ་པར་དུ་བྱ་བའི་དངོས་པོ་ནི་མ་ཡིན་ནོ། །འོ་ན་རྗེས་སུ་འགྲོ་བ་ཙམ་སྟོན་པ་ཁོ་ནས་སམ་ལྡོག་པ་ཙམ་སྟོན་པ་ཁོ་ནས་སྒྲའི་ཐ་སྙད་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་གཅིག་བུ་ལ་ནི་ཡོངས་སུ་སྤང་བར་བྱ་བ་མེད་ན་འབྲས་བུ་མེད་པའི ་སྟོན་པ་ཡིན་པ་ཉིད་ཀྱི་ཕྱིར་དང། དེ་བཞིན་དུ་ཡོངས་སུ་སྤང་པར་བྱ་བ་ཅིག་ལ་འགའ་ཞིག་ལ་གནས་པེས་མེད་ནའོ། །ལྡོག་པ་མེད་པ་ཅན་གྱི་རྗེས་སུ་འགྲོ་བ་ཡང་མེད་ལ། རྗེས་སུ་འགྲོ་བ་མེད་པ་ཅན་གྱི་ལྡོག་པ་ཡང་མེད་དེ། རང་གི་དོན་རྟོགས་པར་བྱེད་པ་ནི་རྗེས་སུ་འགྲོ་བ ་ཡིན་ཅིང་འདི་ནི་ལྡོག་པ་མེད་པར་སྲིད་པ་ཡང་མ་ཡིན་ནོ། །རང་གི་དོན་ལས་དོན་གཞན་རྣམ་པར་གཅོད་པ་ནི་ལྡོག་པ་སྟེ། དེ་ཡང་རྗེས་སུ་འགྲོ་བ་མེད་པར་བརྟག་པར་ལོས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲ་ལས་དེ་ལས་གཞན་ཟློག་པ་དང། རང་གི་དོན་བརྗོད་པའི ་བྱ་བ་གཉིས་ནི་མེད་དེ། རང་གི་དོན་ནི་ཐ་དད་པའི་འོ་བོ་ཉིད་ཀྱི་ཕྱིར་ན། དེ་བརྗོད་པ་ཁོ་ན་ལས་དེ་ལས་གཞན་པ་བཟློག་པ་རྟོཊ་པའི་པའི་ཕྱིར་རོ། །ཇི་ལྟར་འདི་འདིའི་སྤུན་དྲུང་ངོ་ཞེས་བརྗོད་པ་ན་སྤུན་དྲུང་ཉིད་ནི་གཉིས་གར་གྱུར་པ་ཉིད་ཀྱི་ཕྱིར་ན་གཅིག་པ་སྤུན ་དྲུང་དུ་བརྗོད་ན་ཡང། མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཅིག་ཤོས་ཀྱང་སྤུན་དྲུང་ཉིད་དུ་རྟོགས་པ་དེ་ལྟར་དབྱེ་བར་བྱ་བ་གཉིས་དག་ལ། དབྱེ་བ་ནི་གཉིས་ཀར་གྱུར་པ་ཉིད་ཀྱི་ཕྱིར་དབྱེ་བ་གཅིག་སྐུལ་བ་ན་ཡང་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དེ་གཞན་ལས་ལྡོག ་པའོ། །དེའི་ཕྱིར་ཡང་གང་ཞིག་མཉན་པས་དོན་གཞན་སེལ་བར་བྱེད་ན། དེ་དགག་པ་ཁོ་ན་དོན་སྤྱད་ཟིན་པ་ཅན་ཉིད་ཀྱི་ཕྱིར། རང་གི་དོན་རྟོགས་པའི་ཆེད་དུ་སྒྲ་གཞན་བཙལ་བར་བྱའོ་ཞེས་བརྗོད་པ་དེ་ཡང་མི་འཐད་ཏེ། གང་གི་ཕྱིར་སྒྲ་ནི་རང་གི་དོན་ཁོ་ན ་རྟོགས་པར་བྱེད་ཅིང། རྟོགས་པར་བྱ་བའི་དོན་དེ་ལ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དོན་གཞན་ལྡོག་པ་རྟོགས་སོ་ཞེས་པས་སོ། །དེས་ན་དེ་ལྟར་སེལ་བ་ཁོ་ན་སྒྲིའི་དོན་ཏེ་འགལ་བ་ཅི་ཡང་མེད་དོ་ཞེས་པའོ། །ཡང་སྒྲའི་དོན་འདི་ཅི་ཞེ་ན། གང་བརྗོད་འདོད་ཀྱི ་སྤྱིའི་རྣམ་པ་འདི་ཡིན་ཏེ། དེ་ཡང་བརྗོད་ལ་མི་འཁྲུལ་ཞེས་པས་བརྗོད་འདོད་ལ་སྒྲ་ཚད་མ་ཉིད་དུ་བཤད་དོ། །འོ་ན་སྤྱི་སྒྲའི་དོན་ཡིན་ན་དེས་ན་ཇི་ལྟར་བློའི་སྣང་བ་སྒྲའི་ཡུལ་དུ་བརྗོད་ཅེ་ན། དེ་ཁོ་ན་སྤྱིར་བཞག་པར་བྱ་སྟེ། ཅི་ལྟར་ཞེ་ན། འདིར་དབང ་པོ་རྣམ་སྣང་བ་དང་ཡིད་ལ་བྱེད་པ་རྣམས་སམ། བདག་དང་དབང་པོ་དང་ཡིད་དང་དོན་དང་ཕྲང་པ་རྣམས་སྤྱི་མེད་པར་ཐ་དད་པ་ཡིན་ཀྱང་གཟུགས་ཀྱིས་ཤེས་པ་གཅིག་སྐྱེད་པར་བྱེད་པ་ཇི་ལྟར་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས ་ཀྱང། ཕན་ཚུན་རྗེས་སུ་འགྲོ་བ་མེད་ན་ཡང། རང་ཉམས་སུ་མྱོང་བའི་སྒོ་ནས་རྣམ་པར་རྟོག་པའི་བག་ཆགས་སད་པར་བྱེད་པ་རྣམས་ཀྱིས་ཐ་མི་དད་པ་སྣང་བ་རྣམ་པར་རྟོགས་པའི་ཤེས་པ་གཅིག་སྐྱེད་པར་བྱེད་དོ། །དེ་ཡང་བསྒྲུབ་པར་བྱ་བ་དང ་སྒྲུབ་པར་བྱེད་པ་གཅིག་པ་ཉིད་ཀྱིས་ན། གཞན་ལས་ཐ་དད་པ་རྣམས་དང་རྣམ་པར་རྟོག་པའི་བག་ཆགས་ཀྱི་རང་བཞིན་གང་ཡིན་པ་ནི། གང་དེའི་དབང་གིས་དེ་རྣམས་ཀྱི་དེར་སྐྱེ་བཞིན་པའི་ངོ་བོ་ཐ་དད་པ་བསྒྲིབས་ཏེ། བདག་ཉིད་ཀྱི་སྣང་བ ་ཐ་མི་དད་པ་དེ་རྣམས་ལ་སྒྲོ་བཏགས་ནས། དེ་རྣམས་ངོ་བོ་ཐ་དད་ཀྱང་ཐ་མི་དད་པ་བཞིན་དུ་རྣམ་པ་འགའ་ཞིག་གིས་སྟོན་ཏོ། །དེའི་སྣང་བ་ཐ་མི་དད་པ་གང་ཡིན་པ་ནི་ཕྱི་རོལ་བཞིན་དང་དོན་བྱ་བ་བྱེད་པ་བཞིན་དང། གསལ་བ་ཐ་དད་ལ་རྗེས་སུ་འགྲོ་བ་བཞིན་ཏེ། རྟོགས ་པ་པོ་འཁྲུལ་བ་རྣམས་ཀྱིས་ཕྱི་རོལ་ཉིད་དུ་ཞེན་པར་བྱས་པའོ། །བློ་ལ་ཡོངས་སུ་འཇུག་པའི་དངོས་པོ་རྣམས་ཀྱི་ཕྱི་རོལ་ལྟ་བུར་ཀུན་ཏུ་འཕྲོ་བ་ཉིད་དེ་ནི་རྟོགས་པ་པོས་བསམ་པའི་ངོར་སྤྱིར་རྣམ་པར་བཞག་གོ་།ད་ནི་ཅི་ལྟར་གཞན་སེལ་བའི་སྤྱི་སྒྲའི་དོན་ནོ་ཞེས་བརྗོད? ་ཅེ་ན། དེ་ཁོ་ན་ནི་གཞན་སེལ་བ་ཡིན་ནོ། །ཅི་ལྟར་ཇི་ཙམ་པས་ཕྱིར་རོལ་རྣམས་ཀྱི་དོན་གཞན་ས་ལྡོག་དེ་ཁོ་ན་གཞན་སེལ་བ་ཡིན་ཏེ། ལྡོག་པ་དང་གཞན་སེལ་བ་དང་དོན་གཞན་རྣམ་ཕར་གཅོད་པ་ཞེས་པ་ལ་སོགས་པ་རྣམས་ནི་རྣམ་གྲངས་རྣམས་ཡིན་ཅིང། ་ལྡོག་པ་ནི་ལྡོག་ལྡན་ལས་གཞན་དུ་འདོད་པ་ཡང་མ་ཡིན་ཏེ། དེས་ན་ཕྱི་རོལ་གྱི་རང་གི་མཚན་ཉིད་ཀྱི་བདག་ཉིད་ཅི་ལྟར་གཞན་སེལ་བ་ཤེས་པའི་རྣམ་པའི་རང་བཞིན་དུ་འགྱུར་ཞེ་ན་སྐྱོན་མེད་ཏེ། དེ་ཁོ་ན་ཉིད་དཔྱོད་པར་བྱེད་པའི་འཆད་པར་བྱེད་པ་རྣམས་དེ་ལྟར ་རྣམ་པར་འབྱེད་པར་བྱེད་ཀྱི་ཅིག་ཤོས་རྣམས་ནི་མ་ཡིན་ཏེ་??་དེ་རྣམས་ནི་བློ་ལ་ཡོད་པའི་རྣམ་པ་དེ་ཁོ་ན་དོན་བྱ་བ་རུང་བ་ཡིན་པར་སེམས་ཤིང། བརྡ་དང་ཐ་སྙད་ཀྱི་དུས་དག་ཏུ་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན ་དགག་ཅིག་ཉིད་དུ་ཞེན་ནོ། །དེའི་ཕྱིར་དེ་རྣམས་ཀྱི་བསམ་པའི་དབང་ལས་གཞན་སེལ་བ་ཕྱི་རོལ་གྱི་དོན་གྱི་ཡུལ་ཞེས་བརྗོད་ཀྱི། དེ་ཁོ་ན་ཉིད་སེམས་པ་ན་མཁས་པ་རྣམས་ནི་སྣང་བ་ཐ་དད་པ་ལ་སོགས་པ་རྣམས་ཀྱི་ཕྱིར་ཐ་དད ་པར་མེད་པར་མི་སེམས་སོ། །གཞན་ཡང་གང་ཐ་མི་དད་པའི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེའི་རྟེན་ནི་གཞན་སེལ་བ་ཁོ་ནའོ་ཞེས་བསྟན་པའི་ཆེད་དུ་སྒྲའི་ཡུལ་གཞན་སེལ་བའོ་ཞེས་བཤད་དེ། དེ་ནི་དངོས་པོ་རྣམས་ལ་ཡོད་པའི་ཕྱིར་དང་མི་འག ་པའི་ཕྱིར་རོ། །མཚུངས་པའི་བློའི་རྟེན་གྱི་དངོས་པོ་ནི་གཞན་སེལ་བར་མི་འགལ་ཏེ། དེ་ལྟར་ནི་འབྲས་བུ་གཅིག་པ་ཉིད་ཀྱིས་དེའི་འབྲས་བུ་ཅན་མ་ཡིན་པ་རྣམས་ལས་ལྡོག་པའི་ཁྱད་པར་རྣམས་ནི། རང་ཉམས་སུ་མྱོང ་བའི་སྒོ་ནས་འཁྲུལ་པ་འབྲས་བུ་ཅན་གྱི་བག་ཆགས་ཀྱི་རྒྱུ་རྣམས་སུ་འགྱུར་ཞིང་སྤྱིའི་རྣམ་པ་རྗེས་སུ་འབྲེལ་བའི་བློ་སྐྱེད་པར་བྱེད་དོ་ཞེས་པ་འདི་བསྟན་ཏོ། །འདི་ལ་སྤྱི་སྨྲ་བ་རྣམས་རྒོལ་བར་བྱེད་དེ། གལ་ཏེ་ཤིང་ནི་ཤིང་མ་ཡིན་པ་དག་ལས་ཐ་དད ་པ་ཡིན་ན། དེ་ནི་བརྔའི་དུས་སུ་ཤིང་མི་འཛིན་པ་མེད་པར་དེ་ལྟར་གཟུང་བར་མི་ནུས་ཉིད?་ཀྱི་ཕྱིར་དང། ཤིང་མི་ཤེས་པ་ཅན་གྱིས་དེ་རྣམ་པར་གཅོད་པའི་ངོ་བོ་ཤིང་མིན་ཡང་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཤིང་མིན་ཅི་ཞིག་ཅེས་དྲིས་པ་ན ་སྨྲས་པ་གང་ཤིང་མ་ཡིན་པའོ་ཞེས་དང། ཤིང་ཅི་ཞིག་གང་ཤིང་མིན་མ་ཡིན་པའོ་ཞེས་ཕན་ཚུན་བརྟེན་པའི་ཉེས་པ་སྟེ། དེའི་ཕྱིར་བློ་ལ་མི་གནས་པའི་དོན་ལ་གཞན་རྣམས་པར་གཅོད་པས་བརྔ་བྱ་བར་མི་ནུས་ཞེའོ། །དེ་རྣམས་ཀྱི་སྤྱི་ལ་བརྡ་བྱེད ་པ?་ན་ཡང་ཤིན་མིན་རྣམ་པར་བཅད་དམ་འོ་ན་ཏེ་མ་ཡིན། གལ་ཏེ་རྣམ་གཅོད་ན་སྔར་ཤིང། འཛིན་པ་མེད་ན་ཅི་ལྟར་ཤེས། དེའི་ཚེ་རྟོགས་པ་པོས་ཤིང་ཤེས་པ་མིན་པས་སྟེ། ཤིང་དང་ཤིང་མིན་ཤེས་པ་ཁོ་ནའི་ཆེད་དུ། དེ་དོན་དུ་གཉེར་པ་ཉིད་དུ ་ཉེ་བར་འགྲོ་བའི་ཕྱིར་རོ། །མི་ཤེས་པ་དེས་ཅི་ལྟར་བརྔ་ལ་ཤིང་མིན་རྣམ་པར་གཅོད་པ་རྟོགས་པར་འགྱུར། མི་རྟོགས་ན་ཡང་གཞན་རྣམ་པར་མ་བཅད་པས་བཀོད་པའི་སྒྲ་ལས། དེ་ཡོངས་སུ་སྤངས་ནས་ཐ་སྙད་ལ་འཇུག་པ་མི་རིགས་ཏེ་ཤིང་ཤ་པ་ལ་སོགས་པའི་ཁྱད་པར ་བཞིན་ནོ། །གང་རྣམ་པར་མ་བཅད་པས་གང་ལ་བརྔར་བྱས་པའི་སྒྲ་ནི་དེ་ལ་དེ་ཡོངས་སུ་སྤངས་པས་འཇུག་པ་མ་ཡིན་ཏེ། འདི་ལྟ་སྟེ། ཤིང་ཉིད་ལ་ཤིང་ན་པ་ལ་སོགས་པ་ཁྱད་པར་རྣམ་པར་མ་བཅད་པ་བརྡར་བྱས་པའི་ཤིང་གི་སྒྲ་ནི་དེ་ཡོངས་སུ་སྤངས་པས་འཇུག་པ་མ་ཡིན ་པ་བཞིན། ཤིང་གི་སྒྲ་ཡང་ཤིང་ཉིད་ལ་ཤིང་མིན་རྣམ་པར་མ་བཅད་པ་བརྔར་བྱས་པའོ། །འགལ་བས་ཁྱབ་པའོ། །དེ་ལྟར་འགྱུར་མོད། སྤྱི་དངོས་པོར་སྨྲ་བ་ནི། འགའ་ཞིག་རྣམ་པར་བཅད་པས་ཅུང་ཟད་སྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་མདུན་ན་གནས་པའི་དངོས་པོ་གཅིག་ཅིག་ཡང ་དག་པར་བསྟན་ནས། འདི་ཤིང་ཡིན་ཞེས་བརྔར་བྱེད་ལ། དེ་ལྟར་བརྔའི་དུས་སུ་མཐོང་བ་ཁོ་ནའི་སྤྱི་འམ་དེ་དང་འབྲེལ་བ་ཅན་ནི་ཐ་སྙད་ཀྱི་དུས་སུ་ཡང་རྟོགས་སོ། །ཞེས་པས་ཐལ་བར་འགྱུར་བ་མཚུངས་པ་མ་ཡིན་ནོ་ཞེ་ན། མི་མཚུངས་པ་མ་ཡིན་ཏེ་གང་གི་ཕྱིར་གཅིག་རབ་ཏུ་བསྟན་ནས་འདི་ཤིང་ངོ་ཞེས་སྨྲ ་བ་ཡང། ངེས་པར་གཟུང་ནས་བརྔ་བྱེད་དམ། འོན་ཏེ་ངེས་པར་མ་གཟུང་བ་ཡིན་གལ་ཏེ་འདི་ཁོ་ན་ཤིང་ཡིན་གྱི་ཞན་མ་ཡིན་ནོ་ཞེས་ངེས་པར་གཟུང་ནས་ཡིན་ན། སྔར་ཤིང་འཛིན་པ་མེད་པས་ཤིང་མིན་ཡོངས་སུ་མི་ཤེས་པ་ནི་ཅི་ལྟར་བརྡ ་ལ་དེ་ཡོངས་སུ་བཅད་པ་རྟོགས་པར་བྱེད། ཅི་སྟེ་འདི་ཡང་ཤིང་སྟེ་གཞན་ཡང་ཡིན་ནོ་ཞེས་པར་མ་གཟུང་བ་ཡིན་ན། ཅི་ལྟར་རྟོགས་པ་པོ་ཐ་སྙད་ཀྱི་ཚེ་གཞན་ཡོངས་སུ་སྤངས་པས་འཇུག་ཅེས་པ་སྐྱོན་དེ་ཁོ་ནའོ། །ཅི་སྡེ་མཐོང་བ་ལས ་བཟློག་པ་ནི་ཤེས་པར་སླ་བའི་ཕྱིར་སྐྱོན་མེད་ལྔ?། གཅིག་འགའ་ཞིག་མཐོང་བ་དང་ལྡན་ཞིང་གཞན་ལ་དེ་དང་མི་མཐུན་པའི་རྣམ་པ་ཅན་གྱི་བློ་ཉམས་སུ་མྱོང་པ་ལ་ནི་བརྡིང?་འདུ་ཐ་ན་གཟུང་པའི་དངོས་པོ་དེ་ལས་དེ་ལས་བཟློག་པའི་རྣམ་པ་ཅན་འདི་ནི་གཞན་ནོ ་ཞེས་ཆོས་མི་མཐུན་པ་ཉིད་ཀྱི་ངེས་པར་འགྱུར་རོ། །དེས་ནི་འདི་ཁོ་ན་ཤིང་ངོ་ཞེས་རབ་ཏུ་རྟོགས་པར་བྱས་ཏེ། གང་ཁོ་ན་ལ་ངེ་མི་སྣང་བདེ་ཁོ་ན་ཤིང་མ་ཡིན་པར་རང་ཉིད་ཀྱི་རྟོགས་པར་འགྱུར་རོ། །རྣམ་པར་གཅོད་པར་སྨྲ་བ་ལ་འདི་མི་སྲིད་ཏེ། གཅིག་ཏུ་མཐོང་བའི་ངོ་བོ་ནི་འགའ་ ་ཞིག་ལ་ཡང་རྗེས་མི་འགྲོ་བའི་ཕྱིར་རོ། །མངོན་སུམ་གྱི་བརྡའི་བསུ་བཟུང་བ་ནི་བྱིས་མི་རྟོགས་པའི་ཕྱིར་ཏེ། རྟོགས་པ་ཡོད་ན་ཡང་བརྡའི་དུས་སུ་བུང་བའི་སིང་གི་གསལ་བ་ནི་གསལ་བ་གཞན་ལ་ཡང་དེ་ཁོ་ན་འདིའོ་ཞེས་རྟོགས་པར་མི་འགྱུར་ཏེ། དེ་ལྟར་ནི་ཇི་ལྟར ་བུམ་པ་དེ་ལས་མཚན་ཉིད་མི་མཐུན་པ་དེ་ལྟར་པལ་ཤ་ལ་སོགས་པའི་ཁྱད་པར་ཡང་སྟེ། རྗེས་སུ་འགྲོ་བའི་ངོ་བོ། བསམ་བླངས་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འོན་འདི་ནི་སེལ་པ་སྨྲ་བ་ལ་ཡང་མཚུངས་ཏེ། གང་གི་ཕྱིར་དངོས་པོ་འདི་རྣམས་ཐ་རང་ཀྱང་འགའ་ཞིག ་རྣམས་ནི་ངོ་ཤེས་པ་ལ་སོགས་པའི་འབྲས་བུ་གཅིག་རང་བཞིན་གྱིས་བྱེད་ཀྱི་གཞན་རྣམས་ནི་མ་ཡིན་ཏེ། དེ་རྣམས་མཐོང་ནས་རྟོགས་པ་པོས་འདི་རྣམས་ནི་དེའི་རྒྱུ་སྟེ། གཞན་མ་ཡིན་ནོ་བློ་ཞེས་རྣམ་པར་ཕྱེ་ནས་ཕུང་པོ་གཉིས་སུ་རྣམ་པར་འཇོག་གོ་།དེ་ལ་འདི་ནི་བརྒྱུད་པས་འབྲས ་བུ་གཅིག་པ་ཅན་གྱི་དངོས་པོ་ལས་སྐྱེ་བའི་ཕྱིར། ཐ་མི་དད་པའི་དོན་འཛིན་པ་ཅན་ཡང་སྟེ། དེ་ཉམས་སུ་མྱོང་བ་ལས་སྐྱེ་བའི་རང་བཞིན་ལས་ཕྱི་རོལ་གྱི་དོན་དུ་ལྷག་པར་ཞེན་པའི་ངོ་བོ་ཅན་སྤྱིའི་རྣམ་པ་དང་ལྡན་པ་ངོ་ཤེས་པའི་ཤེས་པ་ལ། གང་འབྲས་བུ་གཅིག་པའི་རྒྱུ་ཉིད ་ཀྱིས་རྣམ་པར་ཕྱེ་བ་རྣམས་ཕྱི་རོལ་བཞིན་དང་དོན་བྱ་བ་བྱེད་པ་བཞིན་དང། རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་འགའ་ཞིག་གི་རྗེས་སུ་སོང་བ་བཞིན་དུ་སོ་སོར་སྣང་ངོ། །ཕྱི་རོལ་གྱི་དོན་གྱི་རང་བཞིན་དུ་ཞེན་པར་བྱས་པ་དེ་རྣམས་རྟོགས་ནས། རྟོག་པ་པོའི་རྣམ་པར་རྟོགས་པ ་རྣམས་ལ་ཐ་མི་དད་པར་རབ་ཏུ་སྣང་བ་རྣམས་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་རང་རང་གི་སྣང་བ་ཉམས་སུ་མྱོང་ན་ཡང་གཅིག་ཉིད་དུ་ལྷག་པར་ཞེན་པའི་ཕྱིར། དེ་རྣམས་བསྟན་ནས་འདི ་རྣམས་ཤིང་ངོ་ཞེས་བརྔ་བྱས་པ་ན། འཁྲུལ་པ་ངེས་དེ་ལ་རྗེས་སུ་འགྲོ་བའི་ངོ་བོ་གཅིག་བཞིན་དུ་མཐོང་ནས། དེའི་རྒྱུ་མ་ཡིན་པ་ཉིད་དུ་རྣམ་པར་ཕྱི་བས་དེ་ལས་བཟློག་པའི་རྣམ་པ་ཅན་རྣམས་ལ་ཤིང་མིན་ཉིད་དུ་བདེ་བླག་ཏུ་ལྷག་པར་ཞེན་པར་བྱེད་དོ། །དེ ་ལ་ཐ་དད་པ་མཐོང་ཡང་གང་ཞིག་མཐོང་བ་དང་མ་མཐོང་བ་དག་གིས་འདིས་ཤིང་དང་ཤིང་མིན་པ་རྣམ་པར་འབྱེད་པར་བྱེད་པ་དངོས་པོ་ཐ་མི་དད་པ་ལྟར་རུང་པ་གཅིག་ནི་མེད་ཏེ། དེ་ནི་རྣམ་པར་ཕྱེ་བས་དབྱུག་པ་དང་དབྱུག་བ་ཅན་བཞིན་དུ་མིའི་ཛན?་པའི་ཕྱིར་རོ། ། ་མ་གཟུང་པ་ཡང་ཉེ་བར་མི་མཚོན་པའི་ཕྱིར་རོ། །གཅིག་ལ་མཐོང་པའི་རྣམ་པ་ཡང་གཞན་ལ་ལྟ་བར་མི་ནུས་པའི་ཕྱིར་དེ་དང་དེ་མ་ཡིན་པ་དང་ལྡན་པ་དག་ཤིང་དང་ཤིང་མ་ཡིན་པ་ཉིད་ཡིན་ན་གསལ་བ་གཅིག་ཁོ་ན་ཤིང་ཡིན་པར་འགྱུར་རོ། །འདིར་ཡང་སེལ་བའི་རང་གི་ངོ་བོ་མི་ཤེས ་པ་རྣམས་ཀྱིས་དངོས་པོ་མེད་པ་ཙམ་གཞན་སེལ་བའོ་ཞེས་སྒྲོ་བཏགས་ནས་སུན་འབྱིན་བྱེད་པར་འདོད་པས་ཕ་རོལ་པོ་རྣམས་ཀྱིས་གང་སྨྲས་པ་དེ་གཞན་སེལ་པའི་རང་གི་ངོ་བོ་ལེགས་པར་བཤད་པ་ཁོ་ནས་བསལ་ཞིང་ཕ་རོལ་མནན་ཏེ། དེ་སེལ་བའི་ཆེད་དུ་བདག་ཉིད་ཆེན་པོ་རྣམས ་ཀྱིས་སོ་ཞེས་ཤིན་ཏུ་འཕྲོས་བས་ཆོག་གོ་།བཤད་དོ་ཞེས་པ་དོན་གྱི་རྟོགས་པར་བྱ་བའི་ཆ་ཡང་དག་པར་བསྟན་པས་གཞན་སེལ་པ་ཁོ་ན་སྒྲའི་དོན་དུ་གཞུང་འཇུག་པར་བྱེད་དོ། །རྣམ་མང་ཞེས་པ། ཤིང་ཤ་པ་ལ་སོགས་པའི་ཁྱད་པར་གྱིས་དང། མེ་ཏོག་ཅན་དང་འབྲས་བུ ་ཅན་ལ་སོགས་པའི་ཁྱད་པར་གྱིས་རྣམ་པ་དུ་མ་ཉིད་ན་ཡང་ཞེས་པའི་དོན་ཏོ། །བརྗོད་པར་བྱ་བ་ཞེས་པ་ཤིང་ལ་སོགས་པའི་དོན་ནོ། །དེ་ནི་ཉིད་རྣམ་པ་དུ་མ་ཉིད་ན་ཡང་སྒྲ་ལས་རྣམ་པ་ཐམས་ཅད་རྟོགས་པ་མེད་དོ། །རང་དང་འབྲེལ་བ་རྗེས་མཐུན་ལས་ཞེས་པ་ལ་རང་གི ་འབྲེལ་བ་ནི་མེད་ན་མི་འབྱུང་བ་ཉིད་དེ་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་ནོ། །དེ་ཡང་དེའི་སྤྱི་ལས་བལྟོས་ནས་ཡིན་གྱི་ཁྱད་པར་ལ་ལྟོས་ནས་ནི་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་གང་འདྲ་བ་རྟོགས་པར་བྱེད་པ་ཉིད་ཀྱང་དེ་འདྲ་བ་ཁོ་ནར་རིགས་སོ། །འདི་སྐད ་བཤད་པར་འགྱུར་ཏེ། སྤྱི་ལ་བལྟོས་ནས་འདིའི་འབྲེལ་པ་ཡིན་ཞིང། སྤྱི་ཡང་རྣམ་པར་གཅོད་པའི་ངོ་བོ་ཁོ་ནར་ཇི་སྐད་བཤད་པ་བཞིན་ཏེ། གཞན་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་བཅོད་པ་ཁོ་ན་བྱེད་ཅིང་རྟོགས་པར་བྱེད་དོ་ཞེས་པའོ། །ཅི་སྟེ ་སྒྲ་ཡིས་ཆ་ཅི་ཞིག་རྟོགས་པར་བྱེད་ཅེ་ན་གསུངས་པ། སྒྲ་ཡང་དུ་མའི་ཆོས་ལྡན་པ་ཞེས་པ་ལ་སོགས་པ་སྟེ། རང་དང་སྤྱིའི་ཆོས་རྣམས་ཀྱིས་ཆོས་དུ་མའོ། །གང་གི་དོན་ནི་འདའ་མིན་པ་ཞེས་པ་སྤྱིའི་ཆོས་ཤིང་དང་སྒྲ་ཉིད་ལ་སོགས་པ་གང་གིས་འཁྲུལ་པར ་བྱེད་པ་མིན་ཞིང་རྟོགས་པར་བྱེད་པ་དེ་ཉིད་ཀྱིས་ཞེས་པ། འདིས་ཆོས་དེ་ཁོ་ན་རྟོགས་པར་བྱེད་དོ། །ཞེས་པའི་དོན་ཏོ། །ཉིད་ཀྱིས་སྒྲས་ནི་གང་རྣམ་པར་བཅད་པ་དེ་བསྟན་ཏོ། །སྒྲའི་ཡོན་ཏན་སོགས་ཀྱིས་མིན། ཞེས་པ་སོགས་ཀྱི་སྒྲས་སྒྲའི་ཤེས་བྱ ་ཉིད་ལ་སོགས་པ་རྣམས་གཟུང་ངོ། །རྟོགས་བྱེད་མ་ཡིན་པ་ཉིད་ནི་དེ་རྣམས་ལ་འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་དེ་རྣམས་ནི་ཤིང་དོན་དོན་མེད་ཀྱང་རོ་ལ་སོགས་པ་རྣམས་ལ་མཐོང་གི། ཤིང་གི་སྒྲ་ཉིད་ལ་སོགས་པའི་སཕྱི་ནི་མ་ཡིན་ནོ། །གལ་ཏེ་གཞན་སེལ་བ་ཙམ་ཞེས་བྱ་བ ་ལ་སོགས་པ་སྟེ། འདིར་བསམ་པ་ནི་འཆད་པར་འགྱུར་བའོ། །ཅི་ལྟར་ཞེས་པ་ལ་སོགས་པ་འདི་ནི་ཚད་མའི་འབྲས་བུའི་དྲི?། བས་བསམ་བ་བསལ་བར་བྱ་བའི་ཆེད་དུ་གསུངས་གཅི་ལྟར་མི་འགྱུར་ཞེ་ན་ཅེས་པ་ལ་སོགས་པའོ། །གང་གི་ཕྱིར་ཐ་དད་ཅེས་པ་ལ་སོགས་པ ་སྟེ། བསལ་བར་བྱ་བ་ཐ་དད་པས་ནི་ལྷན་ཅིག་སྤྱོད་པ་ལས་དན་ཐ་དད་པ་བསྟོན་ཏོ། །འདི་ནི་གཏན་ཚིགས་སྟེ། གང་རྣམས་དོན་ཐ་དད་པ་དེ་རྣམས་ནི་གཞི་མཐུན་པ་མ་ཡིན་ཞིང། ཁྱད་པར་དང་ཁྱད་པར་དུ་བྱ་པར་གྱུར་པ་ཡང་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི ་སྒྲ་བཞིན། སྔོན་པོ་དང་ཨུཏཔ་ལ་སོགས་པའི་སྒྲ་རྣམས་ཀྱང་དེ་ལྟ་བུའོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་རྣམས་ཀྱང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་བསལ་བྱའི་དབྱེ་བས་དོན་ཐ་དད། དེ་ལྟ་ཡང་ཁྱད་པར་ཡོད་དེ། གང་གི་ཕྱིར། རང་དོན་དབྱེ་བ་རྟོགས ་ལ་རྨོངས། །སོ་སོ་ཞེས་པ་ལྷག་མའོ། །རང་གི་དོན་ནི་སྤྱི་སྟེ། ཨུཏཔ་ལའི་སྒྲ་ནི་ཨུཏཔ་ལ་ཙམ་མོ། །དེའི་དབྱེ་བ་ནི་ཨུཏཔ་ལ་དམར་པོ་ལ་སོགས་པ་རྣམས་སོ། །སྔོན་པོའི་སྒྲའི་ཡང་སྔོན་པོ་ཙམ་སྟེ། དེའི་དབྱེ་བ་བུང་བ་ལ་སོགས་པ་རྣམས་སོ། །དེ་རྟོགས་ལ་བླུན་པ་ནི་ཐེ་ཚོམ་གྱི ་རྒྱུ་རྣམས་སོ། །འདིས་ནི་སོ་སོར་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དེ། དོན་གྱིས་གོ་བས་ལྷན་ཅིག་པ་རྣམས་ལ་ངེས་པའི་རྒྱུ་ཉིད་དུ་བྱེ་བྲག་སྨྲས་སོ། །གང་གི་ཕྱིར་འདི་ལྟར་ཨུཏཔལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཕན་ཚུན་གྱི་དོན་ལ་རང་གི་དོན་གྱི་བྱེ་བྲག་ལ ་སོ་སོར་ཐེ་ཚོམ་གྱི་རྒྱུ་ཉིད་སྟེ་ལྷན་ཅིག་དུ་གྱུར་བ་རྣམས་ཁོ་ན་ལ་ནི་ངེས་པའི་རྒྱུ་ཉིད་ཡིན་པ་དེའི་ཕྱིར་ཨུཏཔ་ལ་སྔོན་པོ་ཞེས་བྱ་བ་དངོས་པོ་གཅིག་ལ་འབྲས་བུ་ཐ་མི་དད་པ་ཉིད་ཡིན་ཞིང་ཁྱད་པར་དུ་བྱས་པའི་དོན་མངོན་པར་གསལ་བའི་མཚན་ཉིད་ཅན་དུ་རིགས་ཏེ། དེའི་ཕྱིར་གཅིག་འབྲས་བུ་ཐ་དད་མེད ་པ་ཉིད་ཀྱི་ཕྱིར་གཞི་མཐུན་པ་ཉིད་ཏེ་དེའི་ཕྱིར་ཡང་ཁྱད་པར་བྱེད་པ་དང་ཁྱད་པར་བྱ་བའི་དངོས་པོར་འཐད་དོ། །ཇི་ལྟར་བྱས་ནས་ཞེ་ན། ཨུཏཔ་ལའི་སྒྲ་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་ཡིས། རང་གི་དོན་སྤྱི་བློས་སྒྲོ་བཏགས་པ་ལ། དོན་དེ་ནི་གཞན་གྱི་རྣམ་པ་ཡོངས་སུ་མ་བཅད་པ་ཅན་ཉིད་ཀྱི་ཕྱིར་ན་རྣམ་པ ་གཞན་དུ་འདོད་པ་དང་བཅས་པའི་བློ་ཡོངས་སུ་བཅད་པར་བྱ་བ་སྟེ། གང་ཨུཏཔ་ལ་འདི་ཅི་སྔོན་པོ་ཡིན་ནམ། འོན་ཏེ་གཞན་དམང་པོ་ལ་སོགས་པ་ཡིན་ཞེས་དེའི་ཕྱིར་དོགས་པ་བཅད་པའི་ཆེད་དུ་སྔོན་པོའི་སྒྲ་སྤྱར་བཞིན་བ་ནི་གང་ཨུཏཔ་ལ་འདི་ནི་སྔོན་པོ་སྟེ། དམང་པོ་ནམ་ཡིན་ནོ་ཞེས་དེ་ལ་རང་གི་ངོན ་ཉེ་བར་སྡུད་ཅིང་ཨུཏཔ་ལའི་དོན་ཁྱད་པར་དུ་བྱེད་དོ་ཞེས་པས་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་རོ། །འདིར་དོན་ནི་འདི་ཡིན་ཏེ་གང་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ནི་བློ་ལ་སྣང་བའི་བདག་ཉིད་ཡིན་ཡང་ལྷག་པར་ཞེན་པས་ཕྱི་རོལ་གྱི་དོན་གྱི་རང་བཞིན་ནོ། །དེས་ན་སྒྲའི་དོན ་ཐ་དད་པ་ཉེ་བར་སྡུད་པ་ན་ཡང་ཆེས་དུ་མ་རྗེས་སུ་སོང་པ་ནི་ཐ་མི་དད་པ་ལྟར་སྣང་སྟེ། དེ་ལས་ཀྱང་ཨུཏཔ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་དོན་གྱི་ཟུགས་བརྙན་བློ་ལ་གཏོང་བར་བྱེད་ཅིང། དངོས་པོ་གཅིག་ཁོ་ན་ཨུཏཔ་ལ་དང་སྔོན་པོ་ཉིད་ལ་སོགས་པའི ་ཆོས་དུ་མར་རབ་ཏུ་གསལ་བར་བྱེད་དོ་ཞེས་བས། ཐ་སྙད་བྱེད་པ་པོ་འཁྲུལ་པ་རྣམས་ཀྱིས་རྟོགས་པར་བྱེད་དེ། དེའི་ཕྱིར་དེ་རྣམས་ཀྱི་རྟོགས་པ་ཇི་ལྟ་བ་བཞིན་དུ་གཞི་མཐུན་པ་ཉིད་འགལ་བ་མེད་དོ། །དེ་ལྟར་བློ་ལ་ཡོད་པའི་སྒྲའི་དོན་དེ་ཁོ་ན་ནི་སྔོན་པོ་ལ་སོགས་པའི་སྒྲ ་གང་རུང་ཞིག་སྦྱར་བ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་ངེས་ཀྱང་བྱེ་བྲག་གཞན་མ་ངེས་པ་ཉིད་ཀྱི་ཕྱིར། གང་སྔོན་པོ་འདི་ཅི་གང་ཨུཏཔ་ལ་འམ། འོན་ཏེ་བུང་པ་ལ་སོགས་པ་གཞན་ཡིན་ཞེས་པ་འདི་ལྟ་བུ་ལ་སོགས་པས་བྱེ་བྲག་གཞན་དུ་དོགས་པ་དང ་བཅས་པའི་བློས་ཡོངས་སུ་གཅོད་པར་བྱེད་དེ། དེའི་ཕྱིར་དོགས་པ་བཅད་པའི་ཆེད་དུ་སྔོན་པོའི་སྒྲ་དང་ལྷན་ཅིག་ཏུ་སྦྱར་བཞིན་པ་ཨུཏཔ་ལ་ལ་སོགས་པའི་སྒྲ་སྦྱར་བཞིན་པ་རྣམས་ཨུཏཔ་ལ་སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད ་ཅིང། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་དངོས་པོ་ནི་ཨུཏཔ་ལ་མ་ཡིན་པ་ལ་སོགས་པ་དོན་གཞན་ལ་རྣམ་པར་གཅོད་པར་བྱེད་དོ་ཞེས་ལྷག་པར་ཞེན་པར་བྱེད་དོ། །དེའི་ཕྱིར་རྟོགས་པའི་དོར་བྱས་པ་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡང་འཐད་དོ་ཞེས་པའོ། །བསལ ་པར་བྱ་བ་ཐ་དད་པ་ཡོད་ན་ཡང་ཞེས་པ་འདི་ཡང་སྔར་བཞིན་དུ་བསལ་བྱ་བ་དད་པས་དོན་ཐ་དད་པར་བསྟོན་ཏོ། །རང་གི་དོན་གྱི་ཁྱད་པར་བསལ་བར་བྱ་བའི་དོན་ཞེས་པ། རང་གི་དོན་གྱི་ཁྱད་པར་ནི་ཨུཏཔ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱི་ནི་ཨུཏཔ་ལ་སྔོན་པོ་ལ་སོགས་པའོ། ། ་སྒྲ་རྣམས་དེ་མངོན་པར་བསལ་བའི་དོན་དུ་སྟེ། འདིས་ནི་འབྲས་བུ་ཐ་དད་མེད་པ་ཉིད་གསུངས་སོ། །འགྲེང་བ་དང་བྱ་རོག་གནས་པ་བཞིན་དུ་རང་བསལ་བའི་དོན་དུ་ཞེས་པ། སྔོན་པོའི་སྤྱི་དང་ཨུཏཔ་ལའི་སྤྱིར་རོ། །གཅིག་ལ་སྡུང་བར་བྱེད་པ་རྣམས་ཞེས་པར་ཨུཏཔ་ལ་སྔོན་པོ་ལ ་སོགས་པའི་དོན་གྱི་ཁྱད་པར་ལ་ཁྱད་པར་དུ་བྱེད་པ་ཉིད་དུ་བཤད་པའི་ཨུཏཔ་ལ་སྔོན་པོ་ལ་སོགས་པའི་སྒྲ་ལྷན་ཅིག་སྦྱར་བ་རྣམས་ནི་ཨུཏཔ་ལ་སྔོན་པོ་ལ་སོགས་པར་སྣང་བ། རྣམ་པར་ཤེས་པ་ལ་གཏོང་པར་བྱེད་ཅིང། ཨུཏཔ་ལ་སྔོན་པོ་ལ་སོགས་པའི་དོན་ལ་རང་གི ་དོན་གྱི་སྤྱི་ཨུཏཔ་ལ་སྔོན་པོ་ལ་སོགས་པ་ནི་ཁྱད་པར་དུ་བྱེད་པ་ཉིད་དུ་ཉེ་བར་སྡུང་བར་བྱེད་པ་པོ་རྣམས་རྟོགས་པ་པོ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱེད་ཏེ། དེའི་ཕྱིར་དེའི་རྟོགས་པའི་དབང་ལས་དེ་སྐད་དུ་བཤད་པའོ། །འགྲེང་བ་ཉིད་ནི་འགྲེང་བ་མ་ཡིན་པ་རྣམ་པར ་གཅོད་པས་བསྒེད་པའི་སྤྱི་རྟོགས་པར་བྱེད་ཅིང། ཐོ་ཡོར?་དང་མི་ལ་སོགས་པ་འཕྲེང་བའི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་སྟེ། བྱ་རྟོག་གནས་པ་ཡང་བྱ་རོག་གི་རྟེན་དུ་མི་རུང་བའི་དངོས་པོ་རྣམ་པར་གཅོང་པས་བྱ་རོལ་གནས་པར་རུང་བའི་དངོས་པོ་ཙམ་རྟོགས་པར་བྱེད་ཅིང། ་དེའི་ཁྱད་པར་ཐོ་ཡོད་དང་ཐད་ལ་སོགས་པ་རྣམས་ལ་ཐེ་ཚོམ་གྱི་རྒྱུ་མ་ཡིན་ཏེ། དེ་དག་ལྷན་ཅིག་བྱས་པ་དོག་ནི་སྐྱེས་བུའི་གཟུངས་མ་ཡིན་པའི་འགྲེན་བ་ཉིད་ཀྱི་བྱེ་བྲག་ལ་ངེས་པའི་རྒྱུ་ཉིད་ཀྱི་ཕྱིར་གཞི་མཐུན་པར་འགྱུར་པ་ཇི་ལྟར་བ་དེ་བཞིན་དུ། ཨུཏཔལ་སྔོན་པ་ལ་སོགས་པའི་སྒྲ་རྣམས ་དོན་གཅིག་ལ་སྔར་བརྗོད་པའི་རྣམ་པར་དེར་འགྱུར་རོ། །དེ་ལྟར་ནི་དེ་རྣམས་ཞེས་པ་སོ་སོ་བ་ནི་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་སྟེ། དོན་གྱི་གོ་བས་ལྷན་ཅིག་བྱས་པ་རྣམས་ནི་ངེས་པའི་རྒྱུ་ཉིད་དུ་གསུངས་སོ། །གང་གི་ཕྱིར་ཨུཏཔ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་སོ་སོ་བ་ནི་རང་གི་དོན་གྱི་བྱེ ་བྲག་ལ་ཐེ་ཚོམ་གྱི་རྒྱུ་རྣམས་ཏེ། ལྷན་ཅིག་བྱས་པ་རྣམས་ཁོ་ན་ནི་ངེས་པའི་རྒྱུ་ཡིན་པ་དེའི་ཕྱིར་ལྷན་ཅིག་པ་ནི་རང་གི་དོན་གྱི་ཁྱད་པར་དོན་གཅིག་གསལ་བར་བྱེད་པ་རྣམས་གཞི་མཐུན་པར་འགྱུར་རོ། །སྒྲ་གཞན་དགན་ལྷན་ཅིག་པའི་གསལ་བར་བྱ་བའི་དོན་མི་སྲིད་པའི་ཕྱིར ་ཡང་ཞེས་པ་ལ་སོགས་པ། སྒྲ་གཞན་སྔོན་པོའི་སྒྲ་དང་ལྷན་ཅིག་པའི་ཨུཏཔ་ལའི་སྒྲའི་གསལ་བར་བྱ་བའི་ཁྱད་པར་ཅན་གྱི་དོན་དེ་ནི་ཨུཏཔ་ལའི་སྒྲ་འབའ་ཞིག་པ་ལ་སྲིད་པ་མ་ཡིན་ནོ། །དེ་བཞིན་དེ་སྔོན་པོའི་སྒྲ་ལ་ཡང་ཨུཏཔ་ལའི་སྒྲ་དང་ལྷན་ཅིག་པའི་གསལ་བར་བྱ་བ་གང ་ཡིན་པ་དེ་འབའ་ཞིག་པ་མི་སྲིད་དོ་ཞེས་པའོ། །སྒྲ་གཞན་ཉེ་བས་ཁྱད་པར་དུ་བྱས་པའི་དོན་ལ་འཇུག་པའི་ཕྱིར་རོ་ཕན་ཚུན་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོའོ། །དཔེར་ན་འགྲང་བ་ཉིད་དང་བྱ་རོག་གནས་པ་དག་ནི་ལྷན་ཅིག་པ་དག་ཁོ་ན་ཁྱད་པར་དུ་བྱས་པའི་དོན ་རྟོགས་པར་བྱེད་པ་དག་ཡིན་པ་བཞིན་ནོ། །དོན་རྣམས་ཁོ་ནའི་ཁྱད་པར་རང་ཁྱད་པར་དུ་བྱ་བའི་དངོས་པོ་འཇིག་རྟེན་གྲགས་ཀྱི་སྒྲ་རྣམས་ལ་ནི་མ་ཡིན་ཏེ། ངེས་ན་ནི་ལྟར་རྣམ་པར་བཞག་ཅེས་དོགས་པར་བྱས་ནས་གྱུར་པ་སྨོས་པ་སྟེ། གྱུར་པའི་སྒྲ་ནི་དཔེ་རྗོད་པར་བྱེད་པ་དོན་དུ་གྱུར་པ་ཁོ་ནའི ་ཆོས་ཏེ་དེ་རྗོད་པར་བྱེད་པའི་སྒྲ་ལ་ཉེ་པར་གདགས་པ།ར་བྱའོ་ཞེས་གྱུར་པའི་སྒྲའི་དོན་ཏོ། །དེས་ན་འདིས་ནི་གཞི་མཐུན་པ་ཉིད་ཡོད་ན་ཡང་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་དག་ཀྱང་སྒྲེང་བ་དང་བྱ་རོག་གནས་པ་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་གཏན་ཚིགས་འཁྲུལ ་པར་གསུངས་སོ། །འོ་ན་གཞི་གཅིག་པ་ཅན་གང་ཡིན་པ་དེ་ཞེས་པ། ཚིག་རྣམ་པར་སྦྱོར་བའི་དུས་ན་སྔོན་པོ་ཡང་དེ་ཡིན་ལ་ཨུཏཔལ་ཡང་དེ་ཞེས་བྱེད་དོ། །དེའི་ཕྱིར་དྲི་བའོ། །འདིས་ནི་གང་བརྗོད་པ་སྐྲ་གཞན་དང་ལྷན་ཅིག་པ་ཁོ་ནའི་སྒྲ་ཡིས་ཁྱད་པར་དུ་བྱས་པའི་དོན ་གསལ་བར་བྱའོ། །ཞེས་པ་འདི་ལ་མཁས་བླངས་པས་གནོད་པ་གསུངས་སོ། །དེ་ནི་སྔོན་པོ་འབའ་ཞིག་མིན། ཞེས་པ་སྔོན་པོ་འབའ་ཞིག་པ་བཀག་པས་སྔོན་པོའི་སྒྲ་ཙམ་གྱི་བརྗོད་པར་བྱ་བ་ཉིད་འགེགས་སོ། །དེ་བཞིན་དུ་ཨུཏཔ་ལ་འབའ་ཞིག་མྱང་མ་ཡིན་ཞེས་པས་ཨུཏཔལ་ཉི་སྒྲ་ཙམ་གྱི་བརྗོད་པར ་བྱ་པ་ཉིད་འབའ་ཞིག་པའོ། །དེ་ལྟར་ནི་སྔོན་པོའི་སྒྲ་འབའ་ཞིག་པར་དང་ཨུཏཔ་ལའི་སྒྲ་འབའ་ཞིག་པས་གང་བརྗོད་པར་བྱ་བ་དེ་འཇིག་རྟེན་ན་སྔོན་པོ་འབའ་ཞིག་པ་དང་ཨུཏཔ་ལ་འབལ་ཞིག་པའོ་ཞེས་གྲགས་སོ། །ཡང་ཅིའི་ཕྱིར་སྔོན་པོ་དང་ཨུཏཔ་ལའི་སྒྲ་འབལ་ཞིག་པ་དག་གིས་དེ་བརྗོད ་པར་བྱ་བ་མ་ཡིན་ཞེ་ན་གསུངས་པ། ཚོགས་པ་བརྗོད་བྱ་ཉིད་ཡིན་ཕྱིར་ཞེས་པ། གང་གི་ཕྱིར་ལྷན་ཅིག་བྱས་པ་དག་ཁོ་ནའི་སྔོན་པོ་དང་ཨུཏཔ་ལའི་སྒྲ་དག་གིས་དོན་དེ་བརྗོད་པར་བྱ་བ་སྟེ་འབའ་ཞིག་པ་དག་གིས་མ་ཡིན་པས་ཏེ། གཞན་དུ་གཅིག་གིས་དོན་དེ་བརྗོད་པར་བྱེད ་པ་ཉིད་ནི་རྣམ་གྲངས་པའི་སྒྲ་ལྟར་དེ་དག་ལྷན་ཅིག་སྦྱོར་བ་མི་འཐད་དོ། །དེས་ན་འདིས་ནི་ཚིགས་རྣམ་པར་སྦྱོར་བའི་དུས་ན། ཡང་ལྷན་ཅིག་པ་ཁོ་ནའི་སྔོན་པོ་དང། ཨུཏཔ་ལའི་སྒྲ་དག་གིས་ངེ་བརྗོད་པར་བྱའོ། །ཞེས་ཁས ་བླངས་པའི་ཕྱིར། ཁས་བླངས་པས་གནོད་པ་མ་ཡིན་ནོ་ཞེས་པ་སྟོན་ཏོ། །འོ་ན་འབའ་ཞིག་པ་དག་གིས་ཅི་ཞིག་རྟོགས་ཞེ་ན། ཅུང་ཟད་ཀྱང་མ་ཡིན་ནོ། །གང་པི་ཕྱིར། ཡི་གེ་བཞིན་དུ་དེ་དོན ་མེད་ཡང་ཆ་ཤས་རྣམས་ལ་དོན་མེད་པ་ཉིད་ན། ཇི་ལྟར་དེ་ཚོགས་པ་དོན་དང་ལྡན་པ་ཉིད་ཡིན་ཞེ་ན། གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །མི་མཐུན་པ་ཉེ་བར་བཀོང་པ་ཞེས་པས། ་དཔེ་མི་མཚུངས་པ་ཉིད་སྨྲས་སོ། །ཅི་ལྟར་མི་མཚུངས་པ་ཡིན་ཞེ་ན་སྨྲས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིས་ནི་ཁས་བླངས་པ་ཉམས་པ་ཉིད་སྨྲས་སོ། །སྔོན་པོའི་སྡུ་འབའ་ཞིག་པ་ཡང་དོན་དང་ལྡན ་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཡི་གེ་ལ་དོན་འགའ་མེད་པ་སྟེ། ཚིགས་གཉིས་པ་ནི་རྟོགས་ཞེ་ན། སྐྱོན་འདི་མེད་ཏེ་གང་གི་ཕྱིར། །དེ་ཡིས་བརྗོད་བྱ་ཞེས་དེར་ཡང། །འབའ་ཞིག་ཡང་དག་རྟོགས ་པར་བྱ། །སྔོན་པོའི་སྒྲ་དེར་ཡང་དོན་གང་རྟོགས་པར་བྱ་བ་དེ་སྔོན་པོའི་སྒྲའི་བརྗོད་པར་བྱ་བའོ་ཞེས་པས། འབའ་ཞིག་པ་རྟོགས་ཀྱི། ཚོགས་པའི་དོན་ནི་སྔོན་པོའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་རྟོགས་པར་བྱ་བ་མ ་ཡིན་ནོ་ཞེས་པའི་དོན་ཏེ། །དེ་ཉིད་ཀྱིས་ཕྱིར་ཚོགས་པའི་དོན་གྱིས་སྟོང་པ་ཉིད་དུ་འབའ་ཞིག་པ་དག་སྟོན་པ་གསུངས་པ། ཇི་ལྟར་ཁོ་ནར་ཞེས་པ་ལ་སོགས་པའོ། །གང་བཤད་པ་ཞེས་པ་ལ་སོགས་པས ་ཕྱོགས་སྔ་མ་སོ་སོར་བརྗོད་ནས། དེ་ལ་ཡང་ཞེས་པ་ལ་སོགས་པས། དེའི་བརྗོད་བྱ་ཞེས་པ་ལ་སོགས་པ་ཕྱིར་ཕྱི་མའི་དོན་འཆད་དོ། །རིགས་ནི་སྔོན་པོའི་ཡོན་ཏན་དང་འཕྲོད་པ་འདུ་བ་ཅན་གྱི ་སྔོན་པོ་ཉིད་དོ། །འབའ་ཞིག་པ་སྨོས་པས། ཚོགས་པའི་དོན་གྱིས་སྟོང་པ་ཉིད་གསུངས་སོ། །སྔོན་པོའི་སྒ་ཡིས་བརྗོད་པར་བྱ་བས་ནི། གང་ལ་དེ་འཕྲོད་པ་འདུས་པ་རིག་སྐྱ་དང་སྦྱར་བའི ་ཡིན་ཏན་ནམ། གང་ལ་སྔོན་པོའི་ཡོན་ཏན་འཕྲོད་པ་འདུས་པ་རིགས་དང་སྦྱར་པ། ཡོན་ཏན་དང་སྦྱར་བའི་རྫས་ཏེ། འདི་ཐམས་ཅད་ཀྱང་ཚོགས་པའི་དོན་མ་ཡིན་ནོ། །དེ་ལྟར ་དེ་ལྟར་ན་གཉིས་ཀར་ཡང་ཚོགས་པའི་བརྗོད་པར་བྱ་བའི་དོན་གྱིས་དོན་མེད་པ་ཉིད་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་མི་མཐུན་པ་ཉེ་བར་བཀོད་པ་ཉིད་མེད་ཅིང་དམ་བཅའ་བ་ལ་ཁས་བླངས་པས་གནོད་པ་མ་ཡིན་ནོ། །དེའི ་ཕྱིར་དོན་གྱིས་སྟོང་པ་རྣམས་ཀྱིས་ཞེས་པ། ཚོགས་པའི་དོན་གྱིས་སྟོང་པ་རྣམས་ཀྱིས་སོ། །ཚོགས་པ་རྣམས་ཀྱིས་ཞེས་པ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ། །འོ་ན་བསལ་བྱའི་དབྱེ་བས་ཐ་དད་ཞེས་བརྗོད་པར་བྱ་བ་རྣམས་སོ། །ཞེས་པ་ཅི ་ལྟར་ཞེ་ན་གསུངས་པ། སྒྲ་ཐ་དད་པའི་བརྗོད་པར་བྱ་བས་ཞེས་པ་ལ་སོགས་པ་སྟེ། ཐ་དད་པ་ནི་སོ་སོར་གྱུར་པ་སྟེ། འབའ་ཞིག་པ་ཞེས་པའི་ཐ་ཚིག་གོ་།འདི་བཤད་པར་འགྱུར་ཏེ། སྔོན་པོ་ལ་སོགས་པའི་འབའ་ཞིག་པའི་སྒྲའི ་བརྗོད་པར་བྱ་བའི་དོན་གྱིས་དོན་ཐ་དད་ཅེས་པར་བརྗོད་པར་བྱའི། ཚོགས་པའི་དོན་གྱིས་ནི་མ་ཡིན་ནོ་ཞེས་པའོ། །གལ་ཏེ་དེ་ལྟར་ན་ཚོགས་པའི་བརྗོད་པར་བྱ་བ་ཁོ་ན་ཁྱད་པར་དུ་བྱས་པའི་དོན་ཡིན་ན། དེ་ཅི་ལྟར་གཞི་མཐུན་པ་ཉིད ་དམ་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོའི་བར་ཡིན་ཏེ། འདི་གཉིས་ག་ནི་ཐ་དད་པའི་རྟེན་ཅན་ཡིན་ཞིང། ཚོགས་པ་ཡང་གཅིག་ཡིན་ནོ། །ཞེ་ན། ཡོངས་སུ་བརྟགས་ནས་སྒྲ་བཏགས་པའི་ཆ་ཤས ་ཡོད་པར་གྱུར་པའི་ཕྱིར་གཉིས་ཀ་རྣམ་པར་གཞག་པར་བྱ་སྟེ། འདི་ནི་སེལ་བའི་སྒོ་ལ་གང་འདིའི་འདི་དག་ལས་དོན་དུ་བརྟགས་པའོ་ཞེས་འཆད་པར་འགྱུར་རོ། །རྟོགས་པ་པོའི་བསམ་པའི་དབང་ལས་ཡང་ན་སྟེ། ་རྫོགས་པ་པོ་རྣམས་ནི་ཁྱད་པར་དང། ཁྱད་པར་ཅན་གཉི་ག་ཅན་གྱི་དོན་གཅིག་ཁོ་ན་ལ་སྒྲ་གཉིས་པོ་འདི་དག་ནི་སོ་སོར་རྗོད་པར་བྱེད་པ་དག་གོ་ཞེས་སེམས་པར་བྱེད་དེ། དེའི་ཕྱིར་དེ་རྣམས་ཀྱི་བསམ་པའི་དབང ་ལས་དེ་ལྟར་རྣམ་པར་བཞག་པར་བྱའོ། །དོན་གཞན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་གཞན་སེལ་བ་ལས་གཞན་རིགས་ལ་སོགས་པ་བརྗོད་པར་བྱ་བ་འདོད་ནའོ། །ཡན་ལག་གི་དོན་དག་ཅེས་པ་སྔོན་པོ་ལ་ལྡོགས??་དང ་པའི་སྒྲ་འབའ་ཞིག་པའི་བརྗོད་པར་བྱ་བ་དག་གོ་།དེ་དག་གི་གཞི་ནི་ཚོགས་པའི་བརྗོད་པར་བྱ་བའི་དོན་གང་ཡིན་པའོ། །དེ་ལས་ཞེས་པ་ཡན་ལག་གི་དོན་དེ་དག་ལས་སོ། །ཐ་དད་པར་འགྱུར་རམ། གྲ?་མི་དད་པར?? ་ཞེས་པ་རྫས་སུ་ཡོད་པ་ལ་རྣམ་པར་རྟོག་པ་གསུམ་པ་མེད་པའི་ཕྱིར་རོ། །དེ་ལ་ཐ་མི་དད་པའི་ཕྱོགས་ལ་སྐྱོན་ཉེ་བར་བསྟན་པའི་ཆེད་དུ་གསུངས་པ། ཚོགས་ལྟ?་གཅིག་ཉིད་ཡོད་མ་ཡིན་ནོ། ཞེས་པ་སྟེ། ་ཅིའི་ཕྱིར་ཞེ་ན། ཕན་ཚུན་ཁྱད་པར་མེད་ཐལ་ཕྱིར། ཚོགས་པ་ཅན་དག་ཕན་ཚུན་ཐ་དད་མེད་པར་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །གལ་ཏེ་ཞེས་པ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་གསུངས་པའོ། །འདི ་ནི་འདིར་བསྡུས་པའི་དོན་ཏེ། གང་ཚོགས་པ་གཅིག་ལས་གཞན་མ་ཡིན་པ་དེ་ནི་ཐ་མི་དད་པ་སྟེ། ཚོགས་པའི་རང་གི་ངོ་བོ་བཞིན། ཡོན་ཏན་སྔོན་པོ་དང་རིགས་ཨུཏཔ་ལ་དག་ཀྱང་ཨུཏཔ་ལ་སྔོན་པོ་ཞེས ་པའི་ཚོགས་པ་གཅིག་ལས་གཞན་མ་ཡིན་ནོ། །རང་བཞིན་གྱི་ཐལ་བར་འགྱུར་བ་སྟེ། དེ་ལྟར་ཡང་མ་ཡིན་ནོ་ཞེས་པ་བཟློག་པའོ། །གང་དག་ཕན་ཚུན་ཐ་དད་པ་དེ་དག་ཨུཏཔལ་སྔོན་པོ་ལས་གཞན་མ་ཡིན་པ་མ་ཡིན་ཏེ། ་བ་ལང་དང་རྟ་བཞིན། ཡོན་ཏན་སྔོན་པོ་དང་རིགས་ཨུཏཔ་ལ་དག་ཀྱང་ཕན་ཚུན་ཐ་དད་པ་དག་གོ་ཞེས་པ་ཁྱབ་བྱེད་དང་འགལ་པའོ། །ཚོགས་པ་དུ་མ་དེ་ཉིད་ཐལ་ཕྱིར། ཞེས་པ་ཚོགས་པ་གང??་གི་བདག་ཉིད་ཡོད་པ་མ་ཡིན་ནོ ་ཞེས་ཀྱུས་མའོ། །ཚོགས་པ་སྟེ་རིགས་དང་ཡོན་ཏན་ཚོགས་པ་ཡན་ལག་དུ་མ་ལས་ཐ་མི་དད་པའི་ཕྱིར་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །གང་དུ་མ་ཚོགས་པ་དེ་ནི་དངོས་པོ་པ་མ་ཡིན་གྱི། ་བརྟགས་པ་ཁོ་ན་ཏེ་གྲོང་དྲུག་བཞིན་ནོ། །སྔོན་པོ་དང་ཨུཏཔ་ལའི་དོན་ཅན་དག་གི་ཞེས་པ་འབྲུ་མང་པོ་པ་སྟེ། སྔོན་པོ་དང་ཨུཏཔ་ལ་བརྗོད་པར་བྱེད་པའི་སྒྲ་དག་གི་ཞེས་པའི་དོན་ཏོ། །གཅིག་ལ་ཡང་འཇུག་བཞིན་པ་དག ་ནི་ཞེས་པ་སྒྲའི་ཚོགས་པ་གཅིག་ལ་ཡན་ལག་གི་དངོས་པོས་འཇུག་བཞིན་པ་དག་ཅེས་པའི་དོན་ཏོ། །ཅི་ལས་གཞི་མཐུན་པ་ཉིད་དུ་འགྱུར་ཞེས་པ་དོན་ཐ་དད་པ་ཉིད་ཀྱི་ཕྱིར་ཏེ། དཔེར་ན་བུམ་པ་དང་སྣམ་བུའི་སྒྲ་དག ་ལ་གཞི་མཐུན་པ་ཉིད་མེད་པ་དེ་ལྟར་སྔོན་པོ་དང་ཨུཏཔ་ལའི་སྒྲ་ཚོགས་ཟིན་པ་དག་ལ་ཡང་ངོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསལ་བར་བྱེད་དོ། །ཁྱད་པར་ནི་སྤྱིའི་ནང་དུ་འདུས་པའི་ཕྱིར་ཞེས་པ། སྔོན་པོ་ཞེས ་པ་སྤྱི་སྟེ། དེའི་ཁྱད་པར་རྣམས་ནི་ཨུཏཔ་ལ་སོགས་པ་དག་རྣམས་སོ། །དེ་རྣམས་དེར་ནང་དུ་འདུས་སོ། །སྔོན་པོ་དང་ཨུཏཔ་ལའི་སྒྲ་དག་ནི་སྤྱི་བརྗོད་པར་བྱེད་པ་དག་སྟེ། ཁྱད་པར་ནང ་དུ་འདུས་ནས་འཇུག་པ་དག་གོ་།དེའི་ཕྱིར་ཁྱད་པར་རྣམས་སྤྱིའི་ནང་དུ་འདུས་པའོ་ཞེས་པས། དེ་རྣམས་ཀྱང་སྔོན་པོ་དང་ཨུཏཔ་ལའི་སྒྲ་དག་གི་དོན་རྣམས་སོ། །དེ་ལྟར་སྔོན་པོ་དང་ཨུཏཔ་ལའི་སྒྲ་གཉིས་ཀ་དག་ཀྱང ་ཨུཏཔ་ལ་སྔོན་པོ་དོན་དང་ལྡན་པ་དག་གོ་།དེ་ལས་ཀྱང་རང་གི་དོན་ཡོངས་སུ་མི་སྤོང་ན་ཡང་སྐྱོན་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་འོ་ན་སྤྱིའི་སྒྲ་ཡང་ཁྱད་པར་གྱི་དོན་ཅན་ཏེ། དེ་ཁོ་ན་ལས་ཁྱད་པར་རྟོགས་པའི ་ཕྱིར་སྒྲ་གཉིས་པ་སྦྱོར་བ་ཅིའི་དོན་དུ་ཡིན་ཞེ་ན་སྨྲས་པ། འདྲ་བའི་ངོ་བོ་དག་ཅེས་པ་ལ་སོགས་པ་སྟེ། ངོ་བོ་གང་གིས་སྔོན་པོའི་སྒྲ་སྔོན་པོ་ཉིད་བརྗོད་པ་དེ་ཁོ་ནས་ཨུཏཔ་ལ་སྔོན་པོ་ཡང་ངོ། །དེའི་ཕྱིར་ངོ་བོ་མཚུངས ་པ་ཉིད་ཀྱི་ཕྱིར་ཅི་འདི་སྤྱིའི་དོན་ཁོ་ན་འམ་འོན་ཏེ་ཁྱད་པར་གྱི་དོན་ཡང་ཡིན་ཞེས་མི་ཤེས་ཏེ། ཁྱད་པར་གྱི་དོན་དང་ལྡན་པ་ཉིད་དུ་ཤེས་པར་བྱ་བའི་དོན་དུ་སྒྲའི་སྦྱོར་བ་གཉིས་པའོ། །འདིར་རེ་ཞིག་ཅེས་པ་ལ་སོགས་པ་སྟེ། སྔོན་པོའི ་སྒྲས་ནི་སྔོན་པོའི་རིགས་སམ། དེ་དང་སྦྱོར་བའི་ཡོན་ཏན་བརྗོད་པར་བྱའི། །ུཏཔ་ལ་སོགས་པའི་རྫས་ཀྱི་རིགས་ནི་མ་ཡིན་པས་ཏེ། དེ་ལས་ཀྱང་ཨུཏཔ་ལ་དམར་པོ་ལ་སོགས་པ་རྣམས་ནི་ཡོན་ཏན་སྔོན་པོའམ་དེ་ལ་འཕྲོད་པ ་འདུ་བའི་སྔོན་པོ་ཉིད་ཀྱི་མ་ཡིན་ཏེ། དེས་ན་ཅི་ལྟར་སྔོན་པོའི་སྒྲའི་དོན་གྱི་ནང་དུ་ཨུཏཔ་ལ་སྔོན་པོ་ལ་སོགས་པ་རྣམས་འདུ་བར་འགྱུར། སྤྱིས་བརྗོད་པ་ཞེས་པས་ཐ་མི་དད་པའི་སྒྲའི་དོན་སྨྲས་སོ། །དེ་འདིས་ནི་གང་རྣམས་སྔོན ་པོའི་ཁྱད་པར་དུ་འགྱུར་བ་མ་ཡིན་པ་དེ་རྣམས་ནི་དེའི་ནང་དུ་འདུ་བ་མ་ཡིན་ཏེ། དཔེར་ན་བ་ལཱ་ག་ལ་སོགས་པ་རྣམས་བཞིན། སྔོན་པོའི་ཨུཏཔ་ལ་ལ་སོགས་པ་རྫས་ཀྱི་སྤྱིའི་ཁྱད་པར་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་ཁྱབ་པར ་བྱེད་པ་མེད་པ་གསུངས་སོ། །འོ་ན་ཡང་ཞེས་པ་ལྟ་བ་གཞན་ལ་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་དོ། །སྔོན་པོའི་སྒྲ་ཡིས་སྔོན་པོའི་ཡོན་ཏན་ནམ་དེའི་རིགས་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་སྔོན་པོའི་ཡོན་ཏན་དང་ལྡན་པའི ་སྤྱིས་རྫས་ཡིན་ཞིང། དེའི་ཁྱད་པར་ཡང་ཨུཏཔ་ལ་སྔོན་པོ་ལ་སོགས་པ་རྣམས་ཀྱང་ཡིན་ནོ་ཞེས་པས་ཁ་ན་མ་ཐོ་བ་མེད་དོ་ཞེ་ན། དེ་ལྟར་འགྱུར་བ་ནི་མི་རིགས་ཏེ་ཞེས་པ་ཉེ་བར་བགོད་པ་འདི་ནི་དེ་དང་ལྡན་པའི་ཕྱོགས་ཀྱི་ལྟ་བ་ཡིན་ལ ་དེ་ཡང་སྔར་བཀག་ཟིན་པ་ཁོ་ནའོ་ཞེས་བྱས་ནས་སོ། །སྔར་བཀག་ཟིན་པ་དེ་ཁོ་ན་སྟོན་པ་གསུངས་པ། སྔར་བཤད་ཕྱིར། ཞེས་པ་ལ་སོགས་པའོ། །དེ་མི་རིགས་དེ་ཞེས་པ། ་བརྗོད་པར་བྱ་བ་ཉིད་ཀྱིས་ན་ནང་དུ་འདུས་པར་འདོད་ཅིང། ཁྱད་པར་རྣམས་སྤྱིའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་སྲིད་པ་ཡང་མ་ཡིན་ཏེ། འདི་ལ་གཏན་ཚིགས་གསུངས་པ། ཐེ་ཚོམ་ཟ་ཕྱིར་ཞེས་པའི་ཐེ་ཚོམ་ནི་ཞེས ་པ་ལ་སོགས་པ་ནི་འདི་ཉིད་ཀྱིས་འགྲེལ་པའོ། །གང་ལས་ཐེ་ཚོམ་ཟ་བ་ཞེས་པ་ལ་སོགས་པ་ནི་རྗེས་སུ་འགྲོ་བ་ཉེ་བར་སྟོན་པའོ། །འགྱུར་དུ་ཆུག་ན་ཡང་དོན་གྱིས་ཞེས་པ་ལ་སོགས་པས་ལྡོག་པའོ། །ཤིང་ཤ ་པའི་སྒྲའི་དོན་ནི་ཤིང་གི་སྤྱི་ལ་མི་འཁྲུལ་ལོ་ཞེས་པས་ཤིང་ཤ་བའི་སྒྲ་ལས་དོན་གྱིས་ཤིང་གི་སྤྱི་རྟོགས་པར་འགྱུར་རོ། །དོན་གྱི་ཞེས་པ་སྨོས་པ་ནི་དངོས་སུ་རྗོད་པར་བྱེད་པར་མི་འདོད་པའི་ཕྱིར་རོ། །གང་ཞིག ་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་ནི་དེ་ལ་ངེས་པའི་རྒྱུ་མ་ཡིན་ཏེ། དཔེར་ན་རྟག་པ་དང་མི་རྟག་པ་ཉིད་དག་ལ་གཞལ་བྱ་ཉིད་བཞིན། སྤྱིའི་སྒྲ་ཡང་ཁྱད་པར་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་པ ་རང་བཞིན་འགལ་བའོ། །འདི་ཉིད་ཀྱི་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་ནི། གང་ཞིག་གང་ལ་ངེས་པའི་རྒྱུ་ཡིན་པ་དེ་ནི་དེ་ལ་ཐེ་ཚོམ་གྱི་རྒྱུ་མ་ཡིན་ཏེ། དཔེར་ན་ཁྱད་པར་གྱི་སྒྲའི་དོན་ནི་སྤྱི་ལ་བཞིན། ་སྤྱིའི་སྒྲ་ནི་ཁྱད་པར་རྣམས་ལ་ངེས་པའི་རྒྱུ་མ་ཡིན་གྱི་འོ་ན་ཅི་ཞེ་ན་ཐེ་ཚོམ་གྱི་རྒྱུའོ་ཞེས་པའོ། །འོ་ན་གང་འདི་ཞེས་པ་ལ་སོགས་པ་ནི། གལ་ཏེ་ཁྱད་པར་སྤྱིའི་ནང་དུ་འདུས་པ་མ་ཡིན་ན། དེ་ཅི ་ལྟར་ལུང་འདི་དང་འགལ་བ་མ་ཡིན་ཞེས་པ་བསམ་པའོ། །འདི་ཞེས་པ་ལ་སོགས་པས་ལུང་རྟོགས་པར་བྱེད་དོ། །རྣམ་གྲངས་ལ་གཅིག་ལས་རྟོགས་པ། རྣམ་གྲངས་ཀྱི་སྒྲ་རྣམས་ལ ་ནི་རྣམ་གྲངས་ཀྱི་སྒྲ་གཅིག་ཁོ་ན་ལས་བརྗོད་པར་འདོད་པའི་དོན་རྟོགས་པར་འགྱུར་ཏེ། དེ་ལས་ཀྱང་གཉིས་པ་སྦྱོར་བ་མེད་པ་ཁོ་ནའོ་ཞེས་པས་ཅི་ལྟར་མཐུན་པ་ཉིད་དམ་ཁྱད་པར་དང་ཁྱད་པར་དུ ་བྱ་བའི་དངོས་པོ་ཡིན་ཞེས་པ་དགོངས་པའོ། །འོ་ན་རྣམ་གྲངས་ཀྱི་སྒྲ་དུ་མ་ལྷན་ཅིག་སྦྱར་བས་ཀྱང་དོན་ཅིག་རྟོགས་པར་བྱ་བ་བཞིན་པ་མཐོང་སྟེ། དཔེར་ན་ཁུ་བྱུག་དང་ཀོ་ཀི་ལ་བཞིན ་ཞེ་ན་གསུངས་པ། རྣམ་གྲངས་ཀྱིས་སྒྲས་ནི་ཞེས་པ་ལ་སོགས་པའོ། །དེ་ལ་དོན་ངེས་པར་མ་ཤེས་པ་ལ་རྣམ་གྲངས་གཞན་སྦྱོར་བར་འགྱུར་ཏེ། དཔེར་ན་འགའ་ཞིག་ཁུ་བྱུག་གི་སྒྲ ་ལ་དོན་ངེས་པར་མ་ཤེས་པ་ལ་དེའི་དོན་རྟོགས་པའི་ཆེད་དུ་ཀོ་ཀི་ལའི་སྒྲ་བཞིན་ནོ། །དོན་དུ་མ་ཅན་ལ་ཡང་དོན་གཞན་རྣམ་པར་གཅོད་པའི་ཁྱད་པར་གྱི་དོན་རྟོགས་པའི་ཆེད་དུ་སྟེ། དཔེར་ན་ཨཀྵའི་སྒྲ་ལ ་བ་རུ་རའི་སྒྲ་བཞིན་ནོ། །འདིར་ནི་རྣམ་པ་འདི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གཉིས་པ་སྦྱོར་བ་མི་རིགས་སོ། །ཞེས་པ་དགོངས་པའོ། །ཡང་ཅིའི་ཕྱིར་རྣམ་གྲངས་གཅིག་སྦྱོར་བ་ན། དེ་ལ་གཉིས་པ་མི་སྦྱོར་ཞེ་ན་གསུངས་པ། འདི་ཉིད་ནི་ཞེས་པ་ལ ་སོགས་པའོ། །འདི་ནི་དོན་དང་མཐུན་པའི་མིང་སྟེ། རྣམ་གྲངས་ཀྱི་དོན་མངོན་པར་བརྗོད་དོ་ཞེས་པ་རྣམ་གྲངས་པའོ། །དེ་ཅིག་ཅར་སྦྱོར་བ་ལ་མེད་དེ། རང་གི་རྒྱུ་མཚན་མེད་པའི་ཕྱིར་རོ། །འགྱུར་དུ་ཆུག་ཅེས་པ་འདི་ལས་མཚུངས་པ་བརྗོད་པ ་ཁོ་ན་ཅིག་ཅར་སྦྱོར་བ་དང་འབྲེལ་ལོ་ཞེས་སྟོན་ཏོ་ཞེས་པའོ། །རྣམ་གྲངས་པ་ཉིད་ཅེས་པ་ནི་རྣམ་གྲངས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཅེས་པའི་དོན་ཏོ། །དེ་ལྟར་ན་ཡང་ཞེས་པ་ལ་སོགས་པས། གང་གི་ཕྱིར ་རྣམ་གྲངས་པའི་སྒྲ་ནི་གཅིག་ཁོ་ན་བརྗོད་པའི་ཆེད་དུ་ནུས་པ་དེའི་ཕྱིར། ཨུཏཔ་ལའི་སྒྲ་དང་བཅས་པའི་གསལ་བར་བྱ་བའི་དོན་ནི་སྔོན་པོའི་སྒྲ་འབའ་ཞིག་པ་ཁོ་ནས་རྟོགས་པའི་ཕྱིར། བཅད་པར་བྱ་བ་ཉིད་མེད་དོ ་ཞེས་པས་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་མེད་དོ། །གཞི་མཐུན་པ་ཉིད་ནི་གཉིས་པ་སྦྱོར་བ་མེད་པ་ཁོ་ནའི་ཕྱིར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་ཐ་དད་པ་ལ་ཡང་ཞེས་པ་སྐྱོན་ཞེས་འཇུག་གོ་།ཡང ་ཅི་ལྟར་སྐྱོན་ཡིན་ཞེ་ན། གསུངས་པ། ཚོགས་པ་གཞན་ཉིད་དུ་བསྒྲུབ་པར་བྱེ་ན་ཞེས་པ་འགྲུབ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཅི་ལྟར་བསྒྲུབ་པར་བྱ་བ་ཡིན་ཞེ་ན། དེ་ཞེས་པ་ལ་སོགས་པ་སྟེ། ་ཆ་ཤས་ཅན་དེ་ཆ་ཤས་དེ་རྣམས་སཱུམ། ཆ་ཤས་དེ་རྣམས་ཚོགས་པ་དེར་མཛའ་དག་གིས་ཏེ་བདག་ཉིད་ཐབས་ཀྱིས་སམ་ཕྱོགས་གཅིག་གིས་ཏེ་ཆ་ཡིས་འཇུག་པ་སྲིད་པ་མ་ཡིན་པས་སོ། །གལ ་ཏེ་ཆ་ཤས་ཅན་ཆ་ཤས་རྣམས་སུ་ཕྱོགས་གཅིག་གིས་ཆ་ཤས་ཐུག་པ་མེད་པར་འགྱུར་ཏེ། དེ་ལྟར་ནི་ཆ་ཤས་གང་རྣམས་ཀྱིས་ཆ་ཤས་ཅན་འཕྲོད་པ་འདུ་བ་ཅན་གྱི་རྒྱུའི་ཆ་ཤས་རྣམས་ལ་འཇུག་པ་དེ་རྣམས་ལ་ཡང་ཆ ་ཤས་ཀྱི་དབྱེ་བ་དེ་ཁོ་ནས་འཇུག་པར་བྱ་བས་ཏེ། སླར་ཡང་དེ་རྣམས་ལ་ཡང་དེ་བཞིན་ནོ་ཞེས་པས་ཐུག་པ་མེད་པའོ། །དེ་འཇུག་པ་ན་ཡང་ཆ་ཤས་ཅན་འཇུག་པ་ཡོད་པ་མ་ཡིན་ཏེ། དེ་རྣམས་ལ་ཆ་ཤས་ཅན་མེད་པ་ཉིད་ཀྱི་ཕྱིར་རོ། ། ་ཅི་སྟེ་མཛའ་དག་གིས་འཇུག་ན་དེའི་ཚེ་ཡན་ལག་ཅན་མང་པོ་ཉིད་དུ་ཐལ་བར་འགྱུར་ཏེ། ཆ་ཤས་རྣམས་མང་པོ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་སུ་ཡང་སོ་སོར་བདག་ཉིད་ཐམས་ཅད་ཀྱི་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། ། ་ཡུལ་ཕྱོགས་ཐ་མི་དད་པ་ཅན་ཉིད་ཀྱི་ཕྱིར་ཡང་ཡན་ལག་ཅན་གྱིས་ཡན་ལག་རྣམས་ཐམས་ཅད་ཡང་དག་པར་སྦྱར་བའི་ཡུལ་ཕྱོགས་ཀྱིས་ཡུལ་ཕྱོགས་ཐ་མི་དད་པ་ཅན་རྣམས་སུ་འགྱུར་རོ། །ཅི་སྟེ་ཐ་མི་དད་པའི་ཡུལ་ཅན། ་དུ་འདོད་ན། དེ་ལྟར་ན་འོ་ན་ཆ་ཤས་ཅན་རྫས་གཅིག་ཏུ་འགྱུར་རོ། །ཞེས་པ་འདི་ལྟ་བུ་ལ་སོགས་པ་མཛའ་དག་གི་འཇུག་པའི་སྐྱོན་རྣམས་ནི་དེ་རྣམས་ལ་ཡང་ངོ། །དེ་ལ་གལ་ཏེ་བདག ་ཉིད་ཐམས་ཅད་ལ་ཡན་ལག་ཅན་ཁྱབ་པར་བྱས་ནས་འཇུག་ན། དེ་ལས་དེ་ནི་ཆ་ཤེས་མེད་པ་ཉིད་ཀྱི་ཕྱིར། ཐམས་ཅད་ཀྱི་ཡུལ་ཕྱོགས་གཅིག་ཉིད་དེ། དེ་ལས་ཀྱང་གང་དུ་ལག་པ་ཡིན་པ་དེར། ་རྐང་པ་ལ་སོགས་པ་རྣམས་ཀྱང་ངོ་ཞེས་པས་འདྲེས་པ་མཐོང་བར་ཐལ་བར་འགྱུར་ཏེ། རྣམ་པར་ཕྱེ་བས་འཛིན་པ་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་ཡུལ་ཕྱོགས་གཅིག་ལ་འཇུག་ན། དེ ་ཁོ་ན་ཆ་ཤས་ཐུག་པ་མེད་པ་སྟེ། ཕྱོགས་གཅིག་པ་གང་རྣམས་སུ་ཆ་ཤས་པ་རྣམས་འཇུག་པ་དེ་ཉིད་ཀྱིས་ཀྱང་གཞན་རྣམས་སུ་འཇུག་པར་བྱ་ཞིང། དེ་རྣམས་ཀྱིས་ཀྱང་དེ་བཞིན ་ནོ་ཞེས་པ་ཐུག་པ་མེད་པའོ། །གང་སྔོན་པོ་ཡིན་པ་དེ་ཨུཏཔ་ལ་མ་ཡིན་པར་འགྱུར་ཞིང་གང་ཡང་ཨུཏཔ་ལ་ཡིན་ན། དེ་སྔོན་པོ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་འདི་ལྟར ་མཛའ་དོན་ཉིད་ཀྱིས་སམ་ཕྱོགས་གཅིག་གིས་འཇུག་པ་སྲིད་པ་མ་ཡིན་པ་དེའི་ཕྱིར་ཆ་ཤས་ལས་ཐ་དད་པའི་ཚོགས་པ་འགྲུབ་པ་མ་ཡིན་ནོ། །དེ་ནི་དོན་དག་གི་འགྱུར་བའམ་ཞེས་པ། དེ་ཞེས་པ་གཉི་གདང་སྦྲེལ་པར་བྱའོ། ། ་གལ་ཏེའང་དོན་ཅིག་ལ་འཇུག་ཉིད་ཅེས་པ་འདི། གལ་ཏེ་ཡང་ཞེས་པ་ལ་སོགས་པས་འཆད་པར་བྱེད་དོ། །རྫས་གཅིག་ལ་གཉིས་ཀ་ཡང་འཕྲོད་པ་འདུ་བའི་ཕྱིར་རིགས་དང་ཡོན་ཏན་དག་གི་གཞི་མཐུན་པ་ཉིད་འཐད་ན། ཁྱད་པར་དང་ཁྱད་པར་དུ ་བྱ་བའི་དངོས་པོ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིས་ནི་ཕན་ཚུན་འབྲེལ་པ་མེད་པ་གསུངས་སོ། །འདི་ཡང་?་སྤྱི་དང་ཁྱད་པར་ཉིད་མ་ཡིན། ཞེས་པ་འདིའི་འབྲེལ་པའོ། །གང་རྣམས་ཕན་ཚུན་འབྲེལ་པ་མེད ་པ་དེ་རྣམས་ནི་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་རིགས་དང་ཡོན་ཏན་དག་ཀྱང་ཕན་ཚུན་འབྲེལ་པ་མེད་དོ། །ཁྱབ་པར་བྱེད་པ་མེད་པའོ། །རྫས་དག་གཞན་དུ་མི་འཇུག་པའི་ཕྱིར་ཞེས ་པ། གང་གི་ཕྱིར་རིགས་དང་ཡོན་ཏན་དག་གིས་ཁྱད་པར་དུ་བྱས་པའི་རྫས་དག་ནི་གང་ལ་དེ་དག་འཇུག་པར་འགྱུར་བ་གཞན་ལ་རག་ལས་པ་མ་ཡིན་ཏེ། དེའི་ཕྱིར་གཅིག་ལ་འཇུག་པ་མེད་པའི་ཕྱིར། ཕྱོགས་དང་ནམ་མཁའ་དག་བཞིན་དུ་གཞི ་མཐུན་པ་ཉིད་མེད་དོ་ཅེས་པ་ཁྱབ་པར་བྱེད་པ་མེད་པ་ཉིད་གསལ་བར་བྱེད་དོ། །ཡང་ཅིའི་ཕྱིར་དེ་ལྡན་དག་གི་ཞེས་བརྗོད་པར་བྱ་ཞེ་ན། ཅི་ཙམ་གྱིས་རྫས་གཅིག་ཡིན་པ་དེ་གཉི་གའི་ཁྱད་པར་གྱི་ཁྱད་པར་དུ་བྱས་པ་ཡིན་ཏེ། གཅིག ་ཀྱང་ཡོན་ཏན་ཐ་དད་པའི་ཕྱིར་དད་པ་ལ་བརྟེན་ནས་དེ་སྐད་བཤད་དོ་ཞེས་པས་སྐྱོན་མེད་དོ། །གཉི་གའམ་གཅིག་ལ་ནི་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་དུ་མི་རིགས་པའི་ཕྱིར་རོ་ཞེས་པ། སྔོན་པོའི་རྫས་བུང་པ་ལ་སོགས་པ ་དང། ཨུཏཔ་ལའི་རྫས་ལ་སྤྱི་དང་ཁྱད་པར་ལྡན་པ་ཉིད་ཡོད་པ་མ་ཡིན་པས་ཏེ། དེའི་ཕྱིར་འདི་དག་ལ་ཁྱད་པར་དང་ཁྱད་པར་དུ་བྱ་བ་མེད་དོ། །རིགས་གཉིས་བཞིན་ནོ། །གཅིག་ལ་ནི་གང་དུ་རིགས་དང་ཡོན་ཏན་དག་ལྟན་ཅིག་འཇུག་པ་དེ་ཁོ་ན་དེའི་སྤྱིའམ ་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་པས་ཏེ། དེའི་ཕྱིར་འདི་ལ་ཡང་ཁྱད་པར་དུ་བྱ་བའི་དངོས་པོ་མེད་དེ། དཔེར་ན་བུམ་པ་གཅིག་བཞིན་ནོ། །ཤིན་ཏུ་ཐ་དད་པ་དག་ནི་ཞེས་པ། སྤྱི་དང་ཁྱད་པར་དག་ལ་ཐ་དད་པ་ཡོད་པ་ཉིད་ཏེ། དེ་དང་དེ་མ་ཡིན་པའི་ཡུལ་ཉིད་ཀྱིས ་ཏེ། ཤིན་ཏུ་ནི་མ་ཡིན་ནོ། །དེས་ན་དེ་རྣམ་པར་བཅད་པའི་ཆེད་དུ་སྨོས་སོ། །དེ་ལྟ་ན་ཡང་བ་ལང་དང་རྟའི་སྒྲ་བཞིན་དུ་བཞི་མཐུན་པ་ཉིད་མི་འཐད་དོ། །ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡང་རིགས་དང་ཡོན་ཏན་རྗོད་པར་བྱེད་པའི་སྒྲ་དག་ལ་འཐད་པ་མ ་ཡིན་ཏེ། དེ་དག་གི་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ནི་དོན་གྱི་སྒོ་ཅན་ཡིན་ན། དེ་དག་གི་རིགས་དང་ཡོན་ཏན་དག་ལ་མངོན་པར་འབྲེལ་པ་ཅི་ཡང་མེད་པའོ། །དེ་ལས་ཀྱང་བ་ལང་དང་རྟ་ལ་སོགས་པའི་སྒྲའི་དཔེ་ཡིས་ཁྱབ་པར་བྱེད་པ་མེད་པ་སྦྱར་བར་བྱའོ ་འདྲ་དང་མི་འདྲར་ཐལ་བར་འགྱུར་ཞེས་པ་ལ། འདྲ་བའི་སྒྲ་ནི་འདིར་གཅིག་གི་རམ་གྲངས་ཏེ་གཅིག་པའམ་གཅིག་མ་ཡིན་པ་ཅན་གྱི་གཞི་ཅན་དུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལས་ཀྱང་གཞི་མཐུན་པ་ཉིད་མེད་པ་སྟེ་གཞི་མཐུན་ཁོ་ནར་འགྱུར་བ་མ་ཡིན་ནོ་ཞེས་བྱས་ནས་སོ།། ་མི་འདྲ་བརྗོད་འདོད་མིན་ཞེ་ན། ཞེས་པ་གཞི་མཐུན་ཅིང་མི་མཐུན་པ་སྲིད་ན། གཞི་མཐུན་པ་ཅན་ལ་བརྟེན་ནས་གཞི་མཐུན་པར་བརྗོད་པར་བྱ་ཞིང། བསྒྲུབ་པས་གཞི་མཐུན་པ་ཉིད་དུ་རྗོད་པའི་ཕྱིར་ན། གཞི་ཐ་དད་པ་དགག་པར་མི་བྱེད་ཀྱི་འོ་ན་ཅི་ཞེ་ན་ཐ་མི་དད་པ ་བསྒྲུབ་པར་བྱའོ། །དེས་ན་དེ་སྲིད་ཙམ་རྗོད་པར་བྱེད་པས་འདྲ་བ་ཉིད་དེ། དེ་སྲིད་ལ་བརྟེན་ནས་གཞི་མཐུན་པ་ཉིད་དུ་འགྱུར་རོ། །གང་དངོས་པོ་ལས་འབྲེལ་པ་ཅན་དུ་བྱས་པའི་ཐ་དད་པ་དེ་ནི་བརྗོད་པར་འདོད་པས་ཉེ་བར་མ་གཞག་པ་ཉིད་ཀྱི་ཕྱིར་ན། གཞི་ཐ་མི་དད ་པ་ཉིད་ཀྱི་ཆེད་དུ་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་པ་ཕ་རོལ་པོའི་བསམ་པ་འདི་གསལ་པར་བྱེད་དོ། །གང་དུ་ཡང་ཞེས་པ་ལ་སོགས་པས་སེལ་པའི་ཕྱོགས་ལ་ཡང་རིགས་པ་འདི་ལ་བརྟེན་པར་བྱའོ་ཞེས་སྟོན་པར་བྱེད་དོ། ། ་བློ་རྣམ་པ་མཚུངས་པའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་པ། གཞི་འདྲ་བར་སྣང་བའི་བློའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །འདི་སྐད་བརྗོད་པར་འགྱུར་ཏེ། དེར་ཡང་མེ་ཏོག་ཁ་ཟུམ་པ་ལ་སོགས་པའི་ཁྱད་པར་རྣམས་བརྗོད་པར་འདོད་ན། གང་ཐ་མི་དད་པའི་རྣམ་པ ་ཅན་གྱི་བློ་སྒྲས་ཉེ་བར་བསྐྱེད་པར་སྟོན་ཅིང། དེ་ཙམ་ལ་བརྟེན་ནས་ཁྱོད་ཀྱིས་ཀྱང་གཞི་མཐུན་པ་ཉིད་རྣམ་པར་བཞག་པར་བྱའོ་ཞེས་པའོ། གཉིས་ཀ་རྣམ་པར་གསལ་བས་རྗེས་སུ་བཟུང་ན་ཞེས་པའོ། །གཉིས་ཀ་རྣམ་པར་བསལ་བ་ནི་སྔོན་པོ་མ་ཡིན་པ་མ་དང་ཨུཏཔལ་མ་ཡིན་པ་ལས་ལྡོག་པའོ། །དེ་ཡང་ལྡོན་པ ་དང་ལྡན་པ་ལ་དོན་དམ་པར་གཞན་མ་ཡིན་ནོ་ཞེས་པས། དེ་ཁོ་ན་སྔོན་པོ་མ་ཡིན་པ་དང་ཨུཏཔ་ལ་མ་ཡིན་པ་ལས་ལོག་པ་ཨུཏཔ་ལ་སྔོན་པོ་ཞེས་བྱ་བ་སྔོན་པོའི་དེ་ཉིད་དུ་བརྗོད་པར་བྱའོ། །དེས་རྗེས་སུ་བཟུང་ཞིང་ཕན་བཏགས་པ་ནི། ཡང་བློ་ལ་ཡོད ་པའི་སྒྲའི་དོན་དེའི་ཉེ་བར་སྐྱེད་པར་བྱེད་བ་ཁོ་ན་ཏེ། དེ་ཁོ་ན་ལ་ཨུཏཔ་ལ་སྔོན་པོའི་སྒྲའི་བྱ་བ་ཡིན་གྱི། མེ་ཏོག་ཁ་མ་བྱེ་བ་ལ་སོགས་པ་རྣམ་པར་གསལ་བས་རྗེས་སུ་??་ལ་ནི་མ་ཡིན་ནོ་ཞེས་པས་དེ་ཙམ་ཁོ་ན་བརྗོད་པར་འདོད་པ་རིགས་ཀྱི་གཞན་མེ་ཏོག ་ཁ་མ་བྱ་བ་ལ་སོགས་པ་རྣམས་ནི་མ་ཡིན་ནོ། །འབྲེལ་པ་ཅན་དུ་བྱས་པ་དག་ནི་ཞེས་པ་སྔོན་པོ་དང་ཨུཏཔ་ལ་??་སྒྲ་དག་ནི་སྔོན་པོའི་ཡོན་ཏན་དང་ཨུཏཔ་ལའི་རིགས་དག་གིས་རྣམ་པར་བཅད་པ་ཁོ་ནའི་དངོས་པོ་ལ་རེའི་རྒྱུ་མཚན་ཅན་དག ་འཇུག་གོ་།དེ་ལ་གལ་ཏེ་ཁྱད་པར་དུ་བྱེད་པས་བྱས་པའི་ཁྱད་པར་བརྗོད་པར་འདོད་པ་མ་ཡིན་ཏེ། དོན་མེད་པ་ལ་ངོ་བོའི་དངོས་པོ་དེ་ཅི་ལྟར་བརྗོད་པར་བྱ་བ་ཡིན། དངོས་པོར་ན་རང་ཉིད་ལས་སྔོན་པོ་དང། ཨུཏཔལ་ལ་སོགས་པའི་རང་བཞིན་ཉིད ་དུ་འགྱུར་བ་ནི་མ་ཡིན་པས་སོ་ཞེས་པས་ཐ་སྙད་དུ་མི་བྱ་བ་ཁོ་ནར་འགྱུར་རོ། །རྟ་དང་བ་ལང་སོགས་མཚུངས་ཉིད། ཅེས་པས་གལ་ཏེ་སྒྲའི་ཡུལ་དུ་བྱས་པའི་ཡང་ཁྱད་པར་བརྗོད་པར་མི་འདོད་ན། བ་ལངས་དོ་རྟའོ་ཞེས་པ་འདིར་ཡང་མཚུངས་པ་ཉིད་དུ་འགྱུར་རོ། །བརྗོད ་པར་བྱ་བ་མ་ཡིན་ཉིད་དུ་ཞེས་པ། གང་དེ་སྤྱི་དང་ཁྱད་པར་དང་བྲལ་བའི་དངོས་པོ་ཙམ་དེ་སྒྲ་རྣམས་ཀྱི་ཡུལ་མ་ཡིན་པ་ཁོ་ན་ཏེ། འདྲེས་པའི་ཚིག་གི་དོན་གྱིས་ཉེ་བར་བསྒྲུབས་བའི་དངོས་པོའི་ཁྱད་པར་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་བ་ལང་རྟན་ནི་མཚུངས ་པ་ཉིད་དེ་ཁྱད་པར་མེད་པ་ཉིད་དུ་འགྱུར་ཞིང། ཨུཏཔ་ལ་སྔོན་པོ་ལ་སོགས་པ་བཞིན་དུ་གཞི་མཐུན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའོ། །འདི་ལྟར་དགོངས་ཏེ། ཨུཏཔ་ལ་སྔོན་པོ་ཞེས་པས་འདིར་ཡང་བརྗོད་པར་བྱ་བ་གཅིག་བུ་ཅུང་ཟད་ཀྱང་མེད་དེ། སྔོན་པོའི་ཡོན ་ཏན་དང་ཨུཏཔ་ལའི་རིགས་ཡང་དག་པར་སྦྱར་བས་ཐོབ་པའི་ངོ་བོའི་ཁྱད་པར་ལས་ཐ་དད་པར། ཨུཏཔ་ལ་སྔོན་པོའི་ངོ་བོ་གཞན་མེད་པའི་ཕྱིར་རོ། །དེ་ལས་དེར་ཡང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་དངོས་པོ་མཚུངས་པ་ཁོ་ན་གཞི་མཐུན་པ་ཉིད་ཀྱི་རྒྱུ་སྟེ། དེ ་ནི་བ་ལང་དང་རྟ་ལ་ཡང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཁྱད་པར་མེད་པའོ་ཞེས་པས་གཞི་མཐུན་པ་ཉིད་འཐོབ་པའོ་ཞེས་པའོ། །དེར་རྣམ་པའི་ཁྱད་པར་ཡིན་ན། ཅེས་པ་བ་ལང་ཉིད་དང་རྟ་ཉིད་ལ་སོགས་པ་འབྲེལ་པ་ཅན་ཐ་དད་པས་བྱས་པའི་ཁྱད་པར་མེད་པར ་ཡང། རང་ཁོ་ན་ལས་གང་མངོན་པར་བསལ་བའི་སྤྱི་བ་ལང་ཉིད་ལ་སོགས་པ་སྒྲས་ཉེ་བར་ལེན་པ་བ་ལང་དང་རྟ་ལ་ཁྱད་པར་ཡོད་དོ། །དེའི་ཕྱིར་འདི་མི་རིགས་ཏེ། བ་ལང་དང་རྟ་ལ་བ་ལང་ཉིད་དང་རྟ་ཉིད་དག་ཏུ་བརྗོད་པར་འདོད་པ་ཉིད་གང་ཡིན་པ་ནི་སྒྲས་ཡུལ ་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་དེ་བརྗོད་པར་བྱེད་པ་ཁོ་ནར་མི་འགྱུར་རོ། །རང་གི་སྤྱི་མངོན་པར་གསལ་བའི་རྒྱུ་ཞེས་པ་འདིས་དེ་ཡོད་པ་ཉིད་དུ་ཁོང་དུ་ཆུད་པའི་རྒྱུ་སྨྲས་སོ། །འབྲས་བུའི་ཁྱད་པར་ལས་དབྱིབས་ཡན་ལག་ཡང་དག་པར་བཀོད་པའི་བདག་ཉིད་རྗེས་སུ ་དཔག་པར་བྱའོ་ཞེས་པའི་དོན་ཏོ། །འོ་ན་བརྟེན་པའི་ཆོས་ཀྱི་ཐ་དད་ཁོ་ན་འདི་སྟེ། ཇི་ལྟར་བ་ལང་ཉིད་དང་རྟ་ཉིད་ལ་སོགས་པ་རྣམས་ནི་སྤྱི་དང་ཁྱད་པར་གྱི་དངོས་པོ་མ་ཡིན་པ་གཅོད་པའི་རྒྱུ་ཉིད་ཀྱི་ཕྱིར། བདག་ཉིད་དུ་གྱུར་པ་མ་ཡིན་པའི ་དངོས་པོ་རྣམས་ཡིན་པ་དེ་བཞིན་དུ་དབྱིབས་ཀྱང་ངོ། །དེ་ལྟར་ན་ཡང་དེ་ཉེ་བར་བཅོམ་པ་ན་དངོས་པོའི་བདག་ཉིད་ཁོ་ན་ལུས་པའོ་ཞེ་ན། འདི་བདེན་ཏེ། སྐྱོན་གཞན་བརྗོད་པར་འདོད་པས་འདི་ལ་བལྟོས་པར་བྱས་པའོ། །དེ་བྱས་ན་དེ་དག་དེ་ལྟར་བརྗོད ་པ་ན་ཅི་ལྟར་བརྗོད་པར་འདོད་པ་མ་ཡིན་ཞེས་པ། དབྱིབས་ཀྱི་ཁྱད་པར་བྱས་པ་ན་བ་??། །རྟའོ་ཞེས་པ་འདི་ལྟར་རྗོད་པར་གྱུར་པ་ན་ཅི་ལྟར་ཐ་དད་པ་བརྗོད་པར་འདོད་པ་མ་ཡིན། ཡང་ན་དེར་བྱས་ན་ནི་དེ་ལྟར་བརྗོད་པ་དག་ཞེས་པ། འདི་ནི་གཉིས་ཀྱི་ཆིག་ལོ ་ནའོ། །བརྗོད་པ་ནི་སྒྲ་སྟེ། འདིས་བརྗོད་པར་བྱ་བའོ་ཞེས་བྱས་ནས་སོ། །ུཏཔ་ལ་སྔོན་པོ་ཉིད་དང་ལྡན་པའི་དོན་གྱི་ནི་མ་ཡིན་ཞེས་པ་ལ་སོགས་པ། ཡོན་ཏན་སྔོན་པོ་དང་རིགས་ཨུཏཔ་ལ་དང་ལྡན་པའི་དོན་གྱི་ནི་པ་ལང་དང་རྟ་བཞིན་དུ་དབྱིབས་ཐ་དད་པ་མ ་ཡིན་ཏེ། དེའི་ཕྱིར་དེ་བཞིན་དུ་སྟེ། ཨུཏཔ་ལ་སྔོན་པོ་ལ་སོགས་པའི་སྒྲ་བཞིན་དུ་བ་ལང་དང་རྟ་ལ་སོགས་པའི་སྒྲ་རྣམས་གཞི་མཐུན་པ་ཉིད་མ་ཡིན་ནོ། །རྣམ་པ་དུ་མ་འདྲེས་པར་འགྱུར། ཞེས་པ་གལ་ཏེ་དབྱིབས་ཐ་དད་པ་ལས་སྤྱི་ཐ་དད་པ་མངོན་པར་གསལ ་པ་ཡིན་ན། དངོས་པོ་གཅིག་ལ་བུམ་པ་ཉིད་དང་ཡོད་པ་ཉིད་དང་རྫས་ཉིད་ལ་སོགས་པ་མངོན་པར་གསལ་བའི་ཕྱིར་དབྱིབས་དུ་མ་འཇུག་པར་ཐལ་བར་འགྱུར་ན། མཐོང་བ་ཡང་མ་ཡིན་ནོ་ཞེས་པ། རིང་པོ་དང་ཡོངས་སུ་ཟླུམ་པོ་ལ་སོགས་པ་རྣམས ་གཅིག་ལ་འཇུག་པ་ནི་མཐོང་བ་མ་ཡིན་པས་ཏེ། འདིས་ནི་མེད་པའི་ཐ་སྙད་འགྲུབ་པའི་ཆེད་དུ་རང་བཞིན་མི་དམིགས་པ་གསུངས་སོ། །ཡང་གི་སྒྲ་ནི་ཁྱོད་འདོད་པ་ཡང་མ་ཡིན་ནོ་ཞེས་པའི་དོན་གསལ་བའི་ཆེད་དུའོ། །བུམ་པ་ལ་སོགས་པ་ལ་རྣམ་པ ་གཅིག་པའི་བརྗོད་པ་དང་རྟོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། །དབྱིབས་དུ་མ་ཅན་གྱི་དངོས་པོ་ལ་དེའི་དབང་དུ་གྱུར་པའི་སྒྲ་དང་བློ་དག་རྣམ་པ་གཅིག་པ་ཉིད་ནི་འཐད་པ་མ་ཡིན་ཏེ། ་དེའི་དབང་གིས་དངོས་པོའི་དེའི་ངོ་བོ་ངེས་པ་མེད་པ་??་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དབྱིབས་ཐ་དད་ལས་སྤྱི་ཐ་དད་པ་མངོན་པར་གསལ་བ་ནི་ཁས་བླངས་པར་བྱ་བ་མ་ཡིན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྔ་མ་ནི་བ་ལང་ཉིད་དང་རྟ་ཉིད ་དག་གིས་ཁྱད་པར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཡང་ཁྱད་པར་མེད་པའོ། །ཞེས་པས་གཞི་མཚུངས་པ་དང་མི་མཚུངས་པར་བརྗོད་དོ། ད་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་ཡོད་པ་ཉིད་དང་རྫས་ཉིད་ལ་སོགས་པ་གསལ་བར་བྱེད་པ ་ཉིད་ཀྱི་ཕྱིར་མཚུངས་ཤིང། བ་ལང་ཉིད་དང་རྟ་ཉིད་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་མཚུངས་པ་ཡང་ངོ་ཞེས་པས་གཞི་མཚུངས་པ་དང་མི་མཚུངས་པའོ། །དེས་ན་དེ་ལ་ཡང་མི་མཚུངས་པ་ཉིད་བརྗོད་པར་འདོད་པ་མ་ཡིན་པ་ལ་ཨུཏཔ་ལ་སྟོན་པོ་ལ ་སོགས་པ་བཞིན་དུ་གཞི་མཐུན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའོ། །འདོད་པ་ལ་ཡང་མེད། ཅེས་སྐྱོན་གཞན་གསུང་སོ། །གང་ལ་ཡང་ཞེས་པ་ལ་སོགས་པ་ཚད་མའི་འབྲས་བུའོ། གལ་ཏེ་ཞེས་པ་ལ་སོགས་པ་དཔེའོ། །དེ་བཞིན་དུ་ནི་ཞེས་པ་ལ་སོགས ་པ་ཕྱོགས་ཆོས་སོ། །གང་རྣམས་སྦྱི་ཐ་དད་པ་མངོན་པར་གསལ་བར་བྱེད་པ་དེའི་སྒྲ་རྣམས་ནི་གཞི་མཐུན་པ་ཉིད་མ་ཡིན་ཏེ། བ་ལང་དང་རྟ་བཞིན་ཨུཏཔ་ལ་ཡང་དེ་ལྟ་བུའོ་ཞེས་པ་འགལ་བས་ཁྱབ་པའི་ཐལ་འགྱུར་རོ། །ཡོན་ཏན་ལས་གསལ་བ་ཡིན། ་གལ་ཏེ་དབྱིབས་ཁོ་ན་སྤྱིའི་གསལ་བར་བྱེད་པ་ཁས་ལེན་ན། ཡོན་ཏན་ཉིད་དང་ལས་ཉིད་ལ་སོགས་པ་རྣམས་མི་གསལ་བར་ཐལ་བར་འགྱུར་ཏེ། དེ་རྣམས་དབྱིབས་དང་ལྡན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་ལ་བསལ་བར་བྱེད་པ་མེད་པ་དེ་གསལ་བ་མ ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་བཞིན་ཡོན་ཏན་ཉིད་ལ་སོགས་པ་རྣམས་ལ་ཡང་གསལ་བར་བྱེད་པ་མེད་དོ་ཞེས་བ་རྒྱུ་མེད་པ་ཐལ་བར་འགྱུར་བའོ། །ནུས་པའི་ཁྱད་པར་གྱིས་ཞེས་པ་ལ་སོགས་པ། དབྱིབས་ཀྱི་ཕྱོགས་ངན་པའི་ཕྱིར་དེར་དོར་ནས་ཕྱོགས་གཞན། ་འགོད་པར་བྱེད་དོ། །རྫས་དང་ཡོན་ཏན་དང་ལས་རྣམས་ལ་རྫས་ལ་སོགས་པ་གསལ་བའི་རྒྱུ་ནུས་པའི་ཁྱད་པར་ཡོད་དེ། དེའི་ཕྱིར་ཡོན་ཏན་དང་ལས་ལ་སོན་པའི་སྤྱི་མངོན་པར་མི་གསལ་བའི་སྐྱོན་མེད་དོ། །དངོས་པོ་ཐ་དད་པ་མེད་ཀྱང་ཞེས་པ་ལ་སོགས ་པ་སྟེ། འདི་འདི་ལྟར་མ་ཡིན་ཏེ་མ་ངེས་པའི་ཕྱིར་རོ། །དེ་ལྟར་ནི་བུམ་པ་ལ་སྤྱི་དུ་མ་དང་ལྡན་པ་ཉིད་ཀྱི་ཕྱིས?་དེ་གསལ་བ་ན་ནུས་པའི་ཁྱད་པར་ཁས་བླང་བར་བྱ་ཞིང། དེ་ལས་ཀྱང་གཅིག་ལ་ཡང་ཐ་དད་པ་མཐོང་བའི་ཕྱིར། ཐ་དད་པ་བསྒྲུབ་པར་བྱ་བའི་ཆེད་དུ་ནུས་པ་ཐ་?? ་པ་ནི་ནུས་པ་མ་ཡིན་ནོ། །ཁྱད་པར་ཅི་ཞིག་བྱས་པ་ཡིན་ཞེས་པ། ཁྱད་པར་ཐ་དད་པ་ནི་ཁྱད་པར་དུ་བྱ་བ་ཐ་དད་པ་བསྒྲུབ་པའི་ཆེད་དུ་ནུས་པའོ་ཞེས་པས། དེ་དག་གི་ཐ་དད་པ་ཁོ་ན་རྗེས་སུ་སྦྱོར་བར་བྱེད་དོ། །དེ་རྣམས་ནི་འདོད་དགའ་བའི་སྒྲ་རྣམས་ལ་ཞེས་པ་རང་གི ་ངོ་བོ་ཙམ་གྱི་རྒྱུ་མཚན་གྱིས་འཇུག་པ་རྣམས་ནི་འདོད་དགའ་བའི་སྒྲ་རྣམས་ཏེ། ཌིཏ་ཐའི་སྒྲ་ལ་སོགས་པ་རྣམས་སོ། །བ་ལང་ལ་སོགས་པའི་སྒྲ་རྣམས་ཀྱང་བ་ལང་ཉིད་ལ་སོགས་པ་རྣམས་ལ་ཕྱི་རོལ་གྱི་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་འདོད་དགའ་བའི་སྒྲ་རྣམས་སོ། །དེ་རྣཾས ་ཀྱི་བརྗོད་པར་བྱ་བ་ཉིད་ཁོ་ན་དེ་རྣམས་ཀྱི་ཁྱད་པར་རོ། །བ་ལང་ཉིད་ལ་སོགས་པ་འདོད་དགའ་བའི་སྒྲའི་ཡུལ་རྣམས་ནི་བ་ལང་ལ་སོཊ་བའི་སྒྲའི་བརྗོད་བར་བྱ་བ་ཉིད་ཁོ་ནས་དངོས་པོ་གཞན་ལས་ཁྱད་པར་དུ་བྱ་བའོ་ཞེས་སྒྲ་ལས་བྱུང་བ་རྣམས་སེམས་པར་བྱེད་དོ། །འོ་ན ་ཌཏི་ཐ་ལ་སོགས་པ་རྣམས་ལས་རང་ལས་ཀྱང་ཁྱད་པར་ཡོད་ཏེ། སྒྲ་ཙམ་གྱིས་བྱས་པའི་ཁྱད་པར་ཡིན་ན་ནི་མིང་མ་བྱས་པ་དང་དེའི་ཉིན་པར་སྐྱེས་པ་དག་ལ་ཁྱད་པར་འཐད་པ་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་ཏེ་སྒྲའི་བྱ་བ་ལ་ཐ་དད་བ་འདི་བས་བར་བྱེ་ལམ་མཐོང་བལ་མ་ཡིན་ནོ། །སྒྲའི་བྱ་བ་ལ་ཌཏི་ཐ་ལ་སོཊ་པ? ་ལ་ཁྱད་པར་གཞན་ཡོད་པ་ཡང་མ་ཡིན་ནོ། །བརྗོད་ཐ་དད་ལས་ཐ་དད་པས་གཞེས་པ་ལ་སོཊ་བ་སྟེ། འདི་སྒྲ་ཁོ་ནའི་ཐ་དད་བར་སྟེ་དོན་གྱིས་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། ཁྱད་པར་བྱས་པ་མེད་པའི་དངོས་པོ་ལ། མངོན་པར་བརྗོད་པར་བྱེད་པའི་སྒྲ་ཡིས་ཐ་མི་དད་པ་ཉེ་བར་བཏགས་པའི་ཕྱིར་དེ་ལས་ཀྱང། ཁྱད ་པར་དུ་བྱས་པའི་སྤྱི་མངོན་པར་གསལ་བའི་རྒྱུ་ཉིད་ཀྱི་ཕྱིར་བ་ལང་ལ་སོགས་པ་རྣམས་ཁྱད་པར་དུ་བྱས་པའོ། ཞེས་པ་བརྗོད་པར་བྱ་བ་མ་ཡིན་ཏེ། སྤྱི་རྣམས་ཁོ་ན་ཁྱད་པར་མེད་པའི་ཕྱིར་རོ། །མ་ཡིན་ཏེ། དེ་ཉིད་བརྟག་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ། དེ་ཉིད ་དེ་རྗོད་བྱེད་ཀྱིས་བྱས་པའི་ཁྱད་པར་ནི་ནག་པ་ལ་སོགས་པ་རྣམ་པ་ལ་ཡང་བ་ལང་ཉིད་ལ་སོགས་པ་རྣམས་ལ་བཞིན་དུ་བརྟག་པར་བྱ་བ་ཉིད་ཀྱི་ཕྱིར་ཏེ། ཅི་ནག་པ་དང་བྱམས་པ་དག་ལ་རང་ཉིད་ལས་ཐ་དད་པ་ཡིན་ནམ། འོན་ཏེ་རྗོད་བྱེད་ཐ་དད་པ་ལས་ཡིན་ཞེས ་པའོ། །འོ་ན་དེ་ཁོ་ན་ལས་དེ་ཐ་དད་པ་རྗེས་སུ་དཔག་པར་བྱའོ་ཞེ་ན་གསུངས་པ། གཅིག་ཀྱང་ཞེས་པ་ལ་སོགས་པ་སྟེ། རྣམ་གྲངས་ཀྱི་སྒྲ་རྣམས་ཀྱིས་མ་ངེས་པའི་ཕྱིར་དེ་ལས་ཐ་དད་པ་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལ་དོན་བཞིན་དུ་རྣམ་པར་དབྱད ་པའི་ཞེས་པ་སྒྲ་ལས་ཏེ། བ་ལང་གི་སྒྲ་དང་རྟའི་སྒྲ་དག་ལ་ཁྱད་པར་ཅི་ཞིག་བྱས་ཞེས་བརྗོད་པ་ན་རང་གི་སྦྱི་མངོན་པར་གསལ་བར་བྱེད་པ་ཉིད་ཀྱིས་ཁྱད་པར་རོ་ཞེས་གདོན་མི་ཟ་བར་བརྗོད་པར་བྱའོ། །དེ་ལྟར་ནི་བ་ལང་གི་སྒྲ་ནི་བ་ལང་གི་སྒྲ་ཉིད་ཀྱིས་གསལ་བར ་བྱེད་པ་པོ་དང། རྟའི་སྒྲ་རྟའི་སྒྲ་ཉིད་ཀྱིའོ་ཞེས་པ་དེ་ལྟར་གལ་ཏེ་སྤྱི་ཐ་དད་པ་མངོན་པར་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་བ་ལང་ལ་སོགས་པའི་སྒྲ་ཐ་དད་པར་འདོད་ན། རང་ཉིད་ལས་ཐ་མི་དད་པར་ཐལ་བར་འགྱུར་རོ། །དེ་ལྟར་ནི་སྤྱིའི་ཁྱད་པར་བ་ལང་གི་སྒྲ་ཉིད ་ལ་སོགས་པ་དང་ལྷན་ཅིག་ཐ་མི་དད་པར་བརྟག་པའི་ཕྱིར། ཉེ་བར་བཏགས་པ་ལས་ཐ་མི་དད་པ་སྟེ། དངོས་པོ་བཞི་མ་ཡིན་ནོ། །བ་ལང་གི་སྒྲ་གཅིག་བུ་ཡང་སྒྲ་ཉིད་དང་བ་ལང་གི་སྒྲ་ཉིད་དང་ཡོན་ཏན་ཉིད་ལ་སོགས་པ་རྣམས་ཀྱི་གསལ་བར་བྱེད་པ་ཉིད ་ཀྱི་ཕྱིར་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་ཁྱད་པར་རྗོད་བྱེད་ཀྱིས་བྱས་པ་ཡིན་ན་དེ་མི་རིགས་ཏེ། གཅིག་ཀྱང་རྣམ་གྲངས་དུ་མའི་སྒྲའི་རྗོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་དོན་ལ་བཞིན་དུ་རྣམ་པར་དཔྱད་པ་འདིའོ། །ཡང་ན་དེ་ལ་དོན་བཞིན་དུ་རྣམ་པར་དཔྱད ་བཞིས་པ་སྒྲའི་སྤྱི་ལ་ཏེ། འདིའི་ཁྱད་པར་ཅི་ཞིག་བྱས་ཞེས་སྔ་མ་བཞིན་དུ་རྣམ་པར་དཔྱད་པར་བྱའོ། །དེ་ནི་རྗོད་པར་བྱེད་པ་མ་ཡིན་ཏེ། ཞེས་པ་ལ་སོགས་པ་རང་གི་མཚན་ཉིད་མངོན་སུམ་གྱི་ཡུལ་ཏེ། དེ་ཡང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དོན་དང་ལྷན ་ཅིག་སྔོན་མཐོང་བ་མ་ཡིན་ཞིང། སྔར་འབྲེལ་པ་མ་བཟུང་བ་ལ་རྗོད་པར་བྱེད་པ་ཉིད་ཡོད་པ་ཡང་མ་ཡིན་ནོ། །ཤིང་རྟ་ལ་སོཊ་པས་རབ་ཏུ་སྦྱར་བ་ཡང་ཞེས་བ་ལ་སོཊ་པ་ནི། དོན་གང་ཁོ་ན་མཆོག་གིས་རབ་ཏུ་སྦྱར་བའི་སྒྲ་ཡིས་སྨྲས་པ་དེ་ཁོ་ན་མཆོག་མ་ཡིན་པས་སྦྱར ་བ་ཡིས་ཀྱང་གལ་ཏེ་ཡང་རང་གི་མཚན་ཉིད་ཐ་དད་པས་སྒྲ་རྣམས་དབྱེ་བར་བྱ་བ་ཡིན་ན་དོན་དེ་དང་དེའི་བརྗོད་པར་བྱེད་པར་འགྱུར་ཞིང། དེ་ལས་ཀྱང་གོ་ཎི་ལ་སོཊ་པའི་སྒྲ་རྣམས་ཀྱིས་དོན་དེ་ཁོ་ན་མི་རྟོཊ་པར་འགྱུར་ན་རྟོཊ་པར་ཡང་འགྱུར་རོ། །དེའི་ཕྱིར་ཁྱད་པར་བརྗོད་པར་བྱེད་པ་མ་ཡིན་གྱི། མཚུངས་པ ་ཁོ་ན་རྗོད་པར་བྱེད་པ་སྟེ། དེ་ལྟར་ན་མཆོག་མ་ཡིན་པས་སྦྱོར་བའི་སྒྲ་ལས་ཀྱང་དོན་དེ་ཁོ་ན་རྟོཊ་པར་འགྱུར་ཏེ། སྤྱི་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཞན་དུ་ནི་མ་ཡིན་ནོ། །སྤྱི་བོ་དང་རྒྱབ་དང་ལྟོ་བ་ཞེས་པ་འདི་ལྟ་བུ་ཞེ་སོཊ་པ། མགོ་བོ་ཞེས་པའི་ཤེས་པ་དང་ཇི་སྲིད་དུ་ལག་པ་ཞེས་པའི་ཤེས་པའི་བར་གང ་ཡིན་པ་དེ་ཡན་ལག་གི་དབྱིབས་ཀྱི་ཁྱད་པར་རྣམས་ལས་ཞེས་པའི་དོན་ནོ། །དེ་ལྟར་ནི་གང་གི་ཚེ་མགོ་བོ་ཉིད་རང་གི་རྟེན་གྱི་དབྱིབས་ཀྱི་གསལ་བ་དེའི་ཚེ་དེ་ལས་མགོ་བོ་ཞེས་པའི་ཤེས་པར་འགྱུར་རོ། །གསལ་བྱེད་གསལ་བ་ལས་ཐ་དང། ཞེས་པ་ལ་སོཊ་པ་གསལ་བྱེད་རྫས་ཀྱིས་བྱས་པའི་གསལ་བ་ནི། རང ་གི་སྤྱིའི་ངོ་བོ་གསལ་བར་བྱེད་པའོ། །དེ་ལས་ཐ་དད་པ་ལ་སྤྱི་འདེད་ན། ཕན་ཚུན་བསྟན་བར་བཤད་པ་འཐོབ་སྟེ། གང་ཡང་རུང་བའང་མ་ཏོཊ་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་ཕན་ཚུན་ཐ་དད་པ་བསྒྲུབས་པའི་ཚུད་ནུས་པ་མ་ཡིན་ནོ། །རྫས་ཀྱི་རང་བཞིན་ཅི་ཡིན་ཞེས་པ་ལ་སོཊ་པས་ཕན་ཚུན་བརྟེན་པ་ཉིད་སྟོན་ཏོ། །རྫས་ཀྱི་རང་བཞིན་ཅི་ཡིན་ཞེས ་བརྗོད་བ་རང་གི་སྤྱི་གསལ་བར་བྱེད་པ་ཉིད་དེ། བ་ལང་ཉིད་གསལ་བར་བྱེད་པ་ཉིད་དེ། བ་ལང་ཉིད་གསལ་བར་བྱེད་པ་ཉིད་བ་ལང་གི་རང་བཞིན་ནོ་ཞེས་བཤད་པར་བྱའོ། །སྤྱིའི་རང་བཞིན་ཞེས་བརྗོད་པ་ན། རང་གི་རྫས་ཀྱིས་མངོན་པར་གསལ་བར་བྱ་བ་ཉིད་དེ། བ་ལང་གི་རྫས ་ཀྱིས་མངོན་པར་གསལ་བར་བྱའི་བ་ལང་ཉིད་དོ་ཞེས་བཤད་པར་བྱའོ་ཞེས་པ་འདི་ལྟར་ཕན་ཚུན་བརྟེན་པས་རང་བཞིན་ངེས་པར་བསྟན་པའི་ཕྱིར་ཕན་ཚུན་བརྟེན་པ་ཉིད་དུ་འགྱུར་རོ། །གཅིག་ལ་རང་བཞིན་དུ་མ་ཉིད། ཅེས་པ་རྫས་དང་ཡོད་པ་ཉིད་ལ་སོགས་པའང་རང་བཞིན ་དུ་མ་ཉིད་དུ་ཐལ་བར་འགྱུར། །ཅི་ལས་ཞེ་ན་གསུངས་པ། ཕན་ཚུན་མང་པོ་གསལ་བྱེད་ཕྱིར་མང་པོ་རྣམས་གསལ་བར་བྱེད་པའི་ཕྱིར་རམ། །མང་པོ?་རྣམས་ཀྱིས་གསལ་བར་བྱེད་པའི་ཕྱིར་ཞེས་པ། རྒྱུད་དམ་ཀུན ་ནས་འཇུག་པའི་རིགས་པ་ལ་བརྟེན་ནས་ཚིག་རྣམ་པར་སྦྱར་བ་ཐ་དད་པས་དོན་ཐ་དད་པ་གསུངས་སོ། །རྫས་ལས་ནི་ཞེས་པ་བུམ་པ་ལ་སོགས་པ་ལས་སོ། །ཡོད་པ་ཉིད་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ཡིས་བུམ་པ་ཉིད་དང་ས་ལས་གྱུར་པ་ཉིད་ལ ་སོགས་པ་རྣམས་བཟུང་བར་བྱའོ། །ས་ལས་གྱུར་བ་ཉིད་ལ་སོགས་པས་ཞེས་པ་འདིར་ཡང་སོགས་པའི་སྒྲས་ཆུ་ལས་གྱུར་པ་དང་མེ་ལས་གྱུར་པ་ཉིད་ལ་སོགས་པ་རྣམས་སོ། །དེ་ལྟར་བུམ་པ་ལ་སོགས་པའི་རྫས་གཅིག་ནི་ས་ལས་གྱུར་པ་ཉིད ་ལ་སོགས་པ་དུ་མ་རྣམས་ཀྱི་གསལ་བར་བྱེད་པའོ་ཞེས་བདེད་མའི་རང་བཞིན་ཉིད་དུ་ཐལ་བར་འགྱུར་ཏེ། གལ་ཏེ་གསལ་བར་བྱེད་པའི་སྤྱི་ཐ་དད་པ་ལས་རྫས་ཐ་དད་ནའོ། །དེ་བཞིན་དུ་ཡོད་པ་ཉིད་ལ་སོགས་པའི་སྤྱི་ནི་ས་ལས་གྱུར་བ་ཉིད་ལ་སོགས་པའི་རྫས ་དུ་མས་གསལ་བར་བྱ་བའོ་ཞེས་པས་དེ་ཡང་རང་བཞིན་དུ་མ་རྣམས་སུ་ཐལ་བར་འགྱུར་ཏེ། གལ་ཏེ་གསལ་བར་བྱེད་པ་རྫས་ཐ་དད་པ་ལས་སྤྱི་ཐ་དད་པ་ཁས་ལེན་ནའོ། །དེའི་ཕྱིར་གསལ་བར་བྱེད་པའི་རྫས་ཐ་དད་པ་ལས་སྤྱི་ཐ་དད་མ་ཡིན་ཞིང། གསལ་བར་བྱ་བ་སྤྱི ་ཐ་དད་པ་ལས་རྫས་ཐ་དད་པ་ཡང་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ་ཞེས་ཐལ་བར་འགྱུར་བའི་ཟོལ་གྱིས་སྟོན་ཏོ། །རྣམ་པ་ཐམས་ཅད་དུ་ཡང་ཞེས་པ་ལ་སོགས་པས་རྒྱས་པར་བཤད་ཟིན་པའི་དོན་སླར་ཡང་མདོར་བསྡུས་པས་བདེ་བླག ་ཏུ་གཟུང་བའི་དོན་གསུངས། །ཡོན་ཏན་དང་འབྲེལ་པའི་ཁྱད་པར་ལས་ཞེས་པ། ཇི་སྐད་དུ་སྤྱི་ཐ་དད་པ་མངོན་པར་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་བཤད་པ་ལྟ་བུའོ། །ཡོན་ཏན་ནི་འདིར་སྤྱིའི་ཁྱད་པར་དུ་མངོན་པར་དགོངས་ཏེ། དེ་དང་འབྲེལ་པའོ། །དེ་ཐ་དད་པ་ལས་ཐ་དད ་པར་ཁས་ལེན་པ་ན་རྫས་དུ་མ་ཉིད་དུ་ཐལ་བར་འགྱུར། །ནུས་པ་ཐ་དད་པའི་ཕྱིར་ནི་ཇི་སྐད་དུ་བཤད་པ། ནུས་པ་ཐ་དད་པ་ལ་རང་གི་སྤྱི་མངོན་པར་བྱེད་པ་ཉིད་ཀྱི་ཕྱིར་རྫས་ལ་སོགས་པ་རྣམས་ལ་ཐ་དད་པ་ཡིན་གྱི་ཞེས་པའོ། །མངོན་པར་བརྗོད་པ་ཐ་དད་པ་ལས་ནི་ཇི ་སྐད་བཤད་པ། སྒྲ་ལས་བྱུང་བ་རྣམས་ཀྱི་རེ་ཞིག་མངོན་པར་རྗོད་པར་བྱེད་པས་སྒྲས་བྱས་པ་ཞེས་དང། ཇི་སྐད་བཤད་པ། ནག་བ་ལ་སོགས་པ་བཞིན་དུ་མངོན་པར་བརྗོད་པ་ཐ་དད་པ་ལས་ཀྱང་ཐ་དད་པ་མཐོང་ངོ་ཞེ་ན་ཞེས་སོ། །དེ་ལྟར་དེ་དང་ལྡན་པ་རྗོད་པར་བྱེད་པའི ་ཕྱོགས་ལ་གཞི་མཐུན་ཉིད་མེད་པའོ། །ཁྱད་པར་ཁྱད་པར་བྱ་ཉིད་ནི། རང་དབང་མེད་ཕྱིར་སྔར་བརྗོད་ཟིན་ཞེས་པ། དེ་ལྡན་རང་དབང་མེད་ཕྱིར་མིན། ཞེས་པ་འདིར་དེ་དང་ཐ་དད་མ་ཡིན་པ་ཉིད་ལ་ཡང་ཇི་ལྟར་གཞི་མཐུན་པ་ཉིད་མི་སྲིད་པ་དེ་ལྟར་ཁྱད་པར་དང?་ཁྱད་པར་དུ ་བྱ་བའི་དངོས་པོ་ཡང་སྟེ། ཐ་དད་པས་སྤྱི་ཁྱད་པར་དུ་བྱ་བ་ཡིན་གྱི་ཐ་མི་དད་པས་ནི་མ་ཡིན་པས་སོ། །སྒྲ་ནི་འཇུག་པ་དང་མི་འཇུག་པའི་དོན་ཅན་ཉིད་ཀྱི་ཕྱིར་ན་རྗེས་སུ་འགྲོ་བ་དང་ལྡོག་པས་བསྐུལ་པས་ཐ་སྙད་ཀྱི་ཡན་ལག་ཉིད་ཡིན་གྱི། རྣམས་པ་གཞན་ནི་མ་ཡིན་ནོ། །ཞེས ་བསྟན་པའི་ཆེད་དུ་སྔར་བྱས་སོགས་བཞིན་དུ་རང་དོན་ལ་གཞན་སེལ་བའི་སྒྲ་རྗོད་བྱེད། ཅེས་བཤད་ཅིང། ད་ནི་དེའི་དམིཊ་གསལ་གཞན་ཉིད་ན་ཡང། ཞེས་པ་ལ་སོཊ་པས་གསུངས་སོ། །གང་མཆོག་ཏུ་སྤངས་པ་ནི། གཞན་སེལ་བར་བྱེད་དོ་ཞེས་པ་དེ་སྤྱི་དང་བྱེ་བྲག་དང་རྣམ་གྲངས ་སྒྲའི་དོན་ཡོངས་སུ་སྤངས་པས་ཞེས་པའོ། །གཞན་ཉིད་དུ་མཚུངས་ན་ཡང་ཞེས་པས་ཐལ་བར་འགྱུར་བའི་རྒྱུ་གསུངས་སོ། །དགག་པ་ནི་ཐལ་བར་འགྱུར་བ་སྔོན་མ་ཅན་ཉིད་ཀྱི་ཕྱིར་དང། གཞན་ཉིད་ཀྱང?་སེལ་བ་རྒྱུ་མཚན་ནོ། །འགལ་བ་མེད་བའི་ཕྱིར་ཞེས་པ་མི་སེལ་བ་ཉིད་རྒྱུའོ། །གང་རྣམས་མི། ་གལ་བ་དེ་རྣམས་ནི་ཕན་ཚུན་སྤོང་བ་མ་ཡིན་ཞིང་སེལ་བ་མ་ཡིན་ཏེ། དཔེར་ན་རྫས་ལ་གཟུགས་ལ་སོགས་པ་རྣམས་བཞིན་ནོ། །དེ་ལྟར་གསུམ་ཀའི་མི་འགལ་བ་ཉིད་ཅིག་ཅར་བརྗོད་ནས་ད་ནི་སོ་སོར་བསྟན་པའི་ཆེ་དུ་གསུངས་པ། རྣམ་གྲངས་པའི་སྒྲ་ནི་ཞེས་པ་ལ་སོགས་པའོ། །བསལ ་བྱ་མཚུངས་པ་ཞེས་པས་དོན་གཅིག་པ་ཉིད་གསུངས་སོ། །ཅིག་ཅར་སྦྱོར་བ་མ་ཡིན་པའི་ཕྱིར་ཞེས་པ་དོན་གཅིག་པ་ཉིད་སྒྲུབ་པར་བྱེད་པ་སྟེ། གཅིག?་གི་དོན་དེ་བྱད?་ཟིན་པ་ཉིད་ཀྱི་ཕྱིར་གཉིས་པ་སྦྱོར་བ་མ་ཡིན་ནོ། །གང་དུ་ནུས་པ་ཡོད་ན་ཡང་གཉིས་པ་མི་སྦྱོར་བ་དེ་ནི་དོན་གཅིག་པ་ཉིད་དེ། དཔེར ་ན་བྱེ་བྲག་བཞིན་ནོ། །གང་རྣམས་དོན་གཅིག་པ་དེ་རྣམས་ནི་འགལ་བ་མ་ཡིན་ཏེ། དཔེར་ན་རྫས་ལ་གཟུགས་ལ་སོགས་པ་རྣམས་བཞིན་ནམ་གྲོགས་པ་རྣམས་བཞིན་ནོ། །རྣམ་གྲངས་པའི་སྒྲ་རྣམས་ཀྱང་དོན་གཅིག་པའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །གང་མི་འགལ་བ་དེ་རྣམས ་ནི་ཕན་ཚུན་རྣམས་ལས་སྤོང་བ་མ་ཡིན་ཏེ། དཔེ་དེ་ཁོ་ན་བཞིན་རྣམ་གྲངས་པའི་སྒྲ་རྣམས་ཀྱང་མི་འགལ་བའོ། །ཁྱབ་བྱེད་དང་འགལ་བ་ཁོ་ནའོ། །རང་གི་དོན་སྤོང་བ་རིགས་པ་ཡང་མ་ཡིན་ནོ། །ཞེས་པ། མི་སེལ་བ་ཉིད་ལ་གཏན་ཚིགས་གཞན་གསུངས་སོ། །གང་ཞིག་གང་གི་རང་གི ་དོན་ཡིན་ཏེ། དེ་ནས་དེ་སེལ་བ་མ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་རང་གི་དོན་བཞིན། རྣམ་གྲངས་ཀྱི་སྒྲའི་དོན་ཡང་རྣམ་གྲངས་ཀྱི་སྒྲ་གཞན་གྱི་དོན་ཡིན་ནོ། །ཁྱབ་བྱེད་དང་འགལ་བའོ། །སྤྱིའི་སྒྲས་ཀྱང་ཞེས་པ་ལ་སོགས་པ་སྟེ། སྤྱི་སྒྲ་ཤིང ་གི་སྒྲ་ནི་གང་རང་ནི་སྤྱི་ཤིང་ཉིད་ཡིན་ཅིང་དེའི་ཁྱད་པར་རྣམས་ནི་རང་གི་ཁྱད་པར་རྣམས་ཏེ་ཤིང་ཤ་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ལ་དོན་གཞན་བུམ་པ་ལ་སོགས་པ་ཤིང་གི་སྒྲས་བསལ་བ་ནི་ཁྱད་པར་གྱི་སྒྲ་སྟེ། ཤིང་ཤ་པའི་སྒྲ་རྗེས་སུ་འདོད་པ་ཁོ་ན་སྟེ། དོན་དུ་གཉེར ་པའི་ཕྱིར་རོ། །དོན་དུ་གཉེར་བ་ནི་ཤིང་ཤ་པའི་སྒྲས་བུམ་པ་ལ་སོགས་པ་བསལ་བ་སྟེ། དོན་དུ་གཉེར་བ་ཉིད་དེ་སྟོན་པར་གསུངས་པ། དཔེར་ན་ཞེས་པ་ལ་སོགས་པའོ། །འདིས་ནི་བུམ་པ་ལ་སོགས་པ་གསལ་བས་དོན་དུ་གཉེར་བ་ཉིད་ལས་དོན་གཅིག ་པ་ཉིད་གསལ་བར་བྱེད་པའི་ཁྱད་པར་གྱི་སྒྲ་ནི་སྤྱིའི་སྒྲ་དང་མི་འགལ་ལོ་ཞེས་སྟོན་པར་བྱེད་དོ། །ཇི་ལྟར་ནི་པཱ་ལ་ཤ་ལ་སོགས་པའི་ངོ་བོ་ཤིང་ཤ་པའི་སྒྲའི་དོན་དུ་འགྱུར་བ་མ་ཡིན་ནོ་ཞེས་པས་པཱ་ལ་ཤ་ལ་སོགས་པ་རྣམས་དེའི་སྤང་པར་བྱ་བ་ཡིན་པ་དེ་བཞིན་དུ་བུམ ་པ་ལ་སོགས་པའི་ངོ་བོ་ཡང་འགྱུར་བ་མ་ཡིན་ཞེས་པ་བུམ་པ་ལ་སོགས་པ་རྣམས་ཀྱང་བསལ་བྱའོ། །དེ་རྣམས་ཀྱང་སིང་གི་སྒྲས་སེལ་བར་བྱེད་དོ། །འདིས་ནི་ཞེས་པ་ལ་སོགས་བེས?། རང་གི་སྤྱི་ཤིང་ཉིད་ཀྱི་གང་སྤྱིས་ལས་གྱུར་པ་ཉིད་དེའི་སྒྲ་ནི་ས་ལས་གྱུར་པའི་སྒྲ ་སྟེ། སྤྱིའི་སྤྱི་སྒྲའོ། །དེས་གང་བསལ་བར་བྱ་བ་ཆུ་ལས་གྱུར་པ་ལ་སོགས་པ་དེ་ཤིང་ཤ་པའི་སྒྲས་ཀྱང་རྗེས་རྗེས་སུ་སེམས་པར་བྱེད་དེ། དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཤིང་ཤ་པ་ནི་བཱ་ལ་ཤ་ལ་སོགས་པ་མ་ཡིན་པ་དེ་ལྟར། ཆུ་ལས་མ་གྱུར་པ་ཉིད་ལ་སོགས་པ ་ཡང་མ་ཡིན་ནོ། །དེ་ལྟར་ཀུན་ནས་འཇུག་པས་རྫས་མ་ཡིན་པ་དང་ཡོད་པ་མ་ཡིན་པ་ཡང་རྫས་དང་ཡོད་པའི་སྒྲ་དག་གིས་གསལ་བར་བྱ་བ་ནི་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་རྗེས་སུ་སེམས་པར་བྱེད་པར་བཙལ་བར་བྱའོ། །དེ་བཞིན་དུ་སྤྱི་སྒྲ་ཞེས་པ་ལ་སོཊ་པ། ཇི་ལྟར་ཁྱད་པར ་གྱི་སྒྲ་མི་འགལ་པའི་ཕྱིར་སྤྱིའི་སྒྲའི་དོན་སྤོང་བ་མ་ཡིན་པ་དེ་བཞིན་དུ་སྤྱིའི་སྒྲ་ཡང་ཡོད་པ་ལ་སོགས་པའོ། །རང་གི་དོན་ནི་ཡོད་པ་ཉིད་ལ་སོགས་པའོ། །མངོན་པར་འདོད་པའི་ཡུལ་ལ་འཇོག་པ་ཞེས་པ། ཁྱད་པར་རྣམས་ལ་མི་གནས་པ་ཉིད་ཀྱི་ཕྱིར་འཇོག་བཞིན ་པའོ། །མངོན་པར་འདོད་པའི་ཡུལ་ཏེ། ཡོན་ཏན་ལ་སོགས་པས་རྣམ་པར་བཅད་པའི་རྫས་ལ་སོགས་པ་འཇོག་པ་སྟེ། ཡུལ་གཞན་མ་ཡིན་པ་ཉིད་ཉེ་བར་འདྲེན་པར་བྱེད་པས་ནི། ཁྱད་པར་གྱི་སྒྲ་སྟེ། རྫས་ལ་སོགས་པས་སམ། ཁྱད་པར་གྱི་ཁྱད་པར་གྱི་སྒྲ?་སྟེ། ས? ་ལས་གྱུར་པའི་ཤིང་གི་ཤིང་ཤ་པའི་སྒྲ་ལ་སོགས་པས་ཅི་ལྟར་བཏང་སྙོམས་སུ་བྱེད་པ་མ་ཡིན། བཏང་སྙོམས་སུ་བྱེད་པ་ཁོ་ནའོ། །དོན་དུ་གཉེར་བའི་ནི་རང་གི་ཡུལ་ལ་གནས་པས་ཡུལ་མེད་པའི་རང་གི་དོན་མི་འཐད་པའི་ཕྱིར་རོ། །འདིས་ནི་མངོན་པར་འདོད་པའི་དོན་སྒྲུབ་པར ་བྱེད་པའི་ཕྱིར་ཁྱད་པར་གྱི་སྒྲ་ནི་སྤྱིའི་སྒྲ་ལ་ཕན་འདོགས་པ་སྟེ། དེ་ལས་ཀྱང་སྤྱིའི་སྒྲ་དེ་དང་མི་འགལ་ལོ་ཞེས་སྟོན་པར་བྱེད་དོ། །ཚོགས་པ་ཡང་ཞེས་པ་ལ་སོགས་པས་མི་འགལ་བའི་ཕྱིར་མ་སྤངས་པ་ན་ཡོན་ཏན་འཕེལ་བ་སྟོན་པར་བྱེད་དོ། །ཡང་ན་ཕན་ཚུན་མི་སྤོང་བ་ལ་གཏན་ཚིགས། ་གཞན་གསུངས་སོ། །ཕན་ཚུན་གྱི་དོན་མི་སྤོང་ན་ནི་རང་གི་དོན་གྱི་ཁྱད་པར་དུ་བྱས་པའི་དོན་རྗོད་པར་བྱེད་པ་ཉིད་དུ་འཐད་ཀྱི་རྣམ་པ་གཞན་དུ་ན་མ་ཡིན་ནོ། །ཡོངས་སུ་བོར་བ་ནི་ཡོངས་སུ་བོར་བརྗོད་པར་བྱེད་པ་བུམ་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་གཞན་དུ་ཡིན་ན་ཅི་ཁས་ཤིང་གི་སྒྲ་ནི ་ཤིང་ཤ་བ་ལ་སོགས་པའི་སྒྲ་རྣམས་དང་གཞི་མཐུན་པ་ཉིད་དུ་འགྱུར། དེ་བཞིན་དུ་ཡང་ཞེས་པ་ཕན་ཚུན་གྱི་དོན་མི་སྤོང་བར་གྱུར་པ་ཁོ་ནའོ་ཞེས་པའི་དོན་ཏོ། །གཉིས་དག་གིས་ཞེས་པ། དཔེར་ན་ཤིང་ལ་ཞེས་པ་ལྟ་བུའི་རང་བཞིན་དང་རྐྱེན་དག་གིའོ། །འདིར་ཡང་སོ་སོར་རྟོག ་པར་བྱེད་པ་ནི་རང་གི་དོན་ཤིང་གི་སྤྱི་ལ་འཇུག་བཞིན་པ་ནི་ལ་སོགས་པ་རྣམ་པར་དབྱེ་བའི་དོན་སྤོང་བར་མི་བྱེད་ཅིང། ཨམ་ཞེས་པའི་རྐྱེན་ལས་ཀྱི་སྤྱི་ལ་གནས་པ་ཡང་ཤིང་ལ་སོགས་པ་དོན་རྟོགས་པར་བྱེད་པ་རྣམས་སྤོང་བ་མ་ཡིན་ནོ། །དེ་ལྟར་ཕན་ཚུན་གྱི་དོན་མི ་སྤྱོད་བ་ན། དེ་དག་གི་ཚོགས་པ་གང་ཡིན་པ་ཤིང་ལ་ཞེས་པ་དེ་ནི་ཡན་ལག་གི་དོན་གྱི་ཁྱད་པར་དུ་བྱས་པའི་དོན་རྗོད་པར་བྱེད་པར་འཐད་དོ། །དེ་བཞིན་དུ་ཨུཏཔལ་སྔོན་པོ་ཞེས་པའི་སྔོན་པོ་དང་ཨུཏཔ་ལའི་སྒྲ་དག་ཚིག་སྡུད་ཀྱི་ཚིག་དག་ཚིག་སྡུད་ཀྱི་དོན་རྗོད་པར་བྱེད་པ་ཉིད ་ནི་ཕན་ཚུན་གྱི་དོན་ལས་མ་བསལ་བར་གྱུར་པ་ན་སྦྱོར་རོ་ཞེས་སྦྱར་བར་བྱའོ། །དེ་ལྟར་ནི་སྔོན་པོའི་སྒྲ་སྔོན་པོའི་ཁྱད་པར་དུ་ཨུཏཔ་ལ་མ་ཡིན་པ་ལ་སོགས་པ་རྣམས་མི་སྤོང་བ་ནི། ཨུཏཔལ་དང་ཨུཏཔ་ལ་མ་ཡིན་པ་ལ་འཇུག་པའི་དོན་ནོ། །ུཏཔ་ལའི་སྒྲ་ཨུཏཔ་ལའི ་ཁྱད་པར་སྔོན་པོ་མ་ཡིན་པ་ལ་སོཊ་པ་མི་སྤོང་བའི་ཡང་སྔོན་པོ་དང་སྔོན་པོ་མ་ཡིན་པ་ལ་འཇུག་པའོ། །ཚོགས་པ་ནི་ཆ་ཤས་ཀྱི་དོན་དག་གིས་ཁྱད་པར་དུ་བྱས་པའོ། །དེ་ལྟ་ན་འོ་ན་དེ་དག་གི་བརྗོད་པར་བྱ་བ་མ་ཡིན་པ་ཁོ་ན་ན་དེ་ཅི་ལྟར ་དེ་དག་གི་གཞི་མཐུན་པ་ཡིན། དེ་ལྟར་ནི་གང་གིས་བརྗོད་པར་བྱ་བ་དེ་ཐ་མི་དད་པ་སྟེ། གང་དག་ཐ་དད་པ་དེ་དག་དེའི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་གཞི་གཅིག་པར་རྟོགས་པར་བྱེད་པར་འགྱུར་རོ། །ཞེས་པའོ། དེ་ལྟར་དེ་དག་གི་དོན་རབ་ཏུ་སྦྱོར་བའོ་ཞེས་དེའི ་དོན་ཉིད་གྱི་ཕྱིར། དེ་ནི་དེ་དག་གི་ཞེས་བརྗོད་པར་བྱའོ། །ཡང་ན་ཡན་ལག་ཐ་དད་པས་ཐ་དད་པར་སྒྲོ་བཏགས་ནས་དེ་དག་གི་ཚོགས་པ་ཁོ་ནའོ་ཞེས་ཐ་སྙད་བསྟན་པར་བྱའོ། །མང་པོ་རྣམས་ཀྱི་སྟེ། དཔེར་ན་རྒྱལ་པོའི་སྐྱེས་བུ་གཟུགས་མཇེས་པ་ཅན ་ཤོག་ཅེས་པ་ལྟ་བུ་སྟེ། རང་གི་དོན་གྱི་སྤྱི་ལ་འཇུག་བཞིན་པའི་དག་གི་ཚིག་རྣམས་ཐམས་ཅད་ཀྱི། ཅིག་ཤེས་རྣམས་ཀྱི་ཡང་དག་གི་དོན་རྗོད་པར་བྱེད་པ་ཉིད་མ་སྤངས་པ་ན་སྦྱར་བར་བྱའོ། །དོན་གཞན་གྱི་རྗོད་པར་བྱེད་པ་སྔར་ཁོ་ནར་རྟོགས་པར་བྱས་ཟིན་ནོ་ཞེས་གསུངས་པ། ་སྔར་ཇི་སྐད་བཤད་པ་བཞིན་ཞེས་པ་ནི་དེ་ནི་སྔོན་པོ་འབའ་ཞིག་འདི་ཨུཏཔ་ལ་འབའ་ཞིག་ཀྱང། མ་ཡིན་ཞེས་པ་ལ་སོགས་པས་སྔོན་པོ་དང་ཨུཏཔ་ལའི་སྒྲ་དག་ནི་ཚོགས་པའི་དོན་གྱི་སོ་སོར་དོན་མེད་པ་ཉིད་དུ་སྟོན་པས། ཚོགས་པའི་དོན་གཞན་མངོན་པར་རྗོད་པར་བྱེད ་ཉིད་དུ་གསུངས་སོ། །བརྗོད་པ་ཡང་ཞེས་པ་སྤྱི་དང་ཁྱད་པར་གྱི་སྒྲ་དག་མེ་འགལ་བ་ན་སྤྱིའི་སྒྲས་ཁྱད་པར་རྣམས་མི་གཏོང་ཞིང་མི་ལེན་པའི་དབང་དུ་བྱས་ནས་ཚིགས་སུ་བཅད་ནས་གསུངས་པ། དེ་ཙམ་འདོད་ཕྱིར་ཞེས་པ་ལ་སོགས་པའོ། །རང་གི་ཁྱད་པར་ཙམ་འདོད་པའི་ཕྱིར ་ཞེས་པའི་དོན་ཏོ། །འདོད་པ་ནི་དེ་ནམས་ལ་ཐེ་ཚོམ་ཟ་བ་རྣམ་པར་གཅོད་པ་དོན་དུ་གཉེར་བའོ། །ཙམ་གྱི་སྒྲ་ནི་ཁྱད་པར་གཞན་འདོད་པ་བསལ་བའི་ཆེད་དུའོ། །དེ་ལྟར་ནི་ཤིང་གི་སྒྲ་ལས་པཱ་ལ་ཤལ་སོགས་པའི་ཡུལ་ཅན་ཁོ་ནའི་འདོད་པ་སྐྱེའི། དུ་མ་པ་ལ་སོགས་པའི་ཡུལ་ཅན་ནི ་མ་ཡིན་ནོ། གལ་ཏེ་སུམ?་པ་ལ་སོགས་པ་བཞིན་དུ་པཱ་ལ་ཤ་ལ་སོགས་པ་རྣམས་ཀྱང་དོར་བར་འགྱུར་ན། དེ་ལ་ཡང་བུམ་པ་ལ་སོགས་པ་བཞིན་དུ་འདོད་པར་མི་འགྱུར་ན། འགྱུར་བ་ཡང་ཏེ། དེའི་ཕྱིར་དོར་བ་མ་ཡིན་ནོ། །གཞི་གང་རྣམས་ལ་འདོད་པའི་རྒྱུ་ཡིན་པ་དེས་དེ་རྣམས ་དེར་བ་ཡིན་ཏེ། དཔེར་ན་གཞལ་བྱ་ཉིད་ཀྱིས་མི་རྟགས་པ་ཉིད་ལ་སོགས་པ་རྣམས་བཞིན། སྤྱིའི་སྒྲ་ཡང་རང་གི་ཁྱད་པར་རྣམས་ལ་འདོད་པའི་རྒྱུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །འོ་ན་ཉེ་བར་བླངས་པ་སྟེ། མ་བཏང་པའི་ཕྱིར་རོ། །ཞེ་ན་གསུངས་པ། བླངས་མ་ཡིན་ཞེས ་པ་ལ་སོགས་པ་སྟེ། བླངས་པ་མ་ཡིན་ཞིང། རྟོགས་པར་བྱས་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །གང་ཞིག་གང་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེས་དེ་རྣམས་རྟོགས་པར་བྱས་པ་མ་ཡིན་ཏེ། དཔེ་དེ་ཁོ་ན་བཞིན། སྤྱིའི་སྒྲ་ཡང་རང་གི་ཁྱད་པར་རྣམས་ལ་ཐེ་ཚོམ་གྱི་རྒྱུའོ་ཞེས་པ ་རྒྱུ་དང་འགལ་ལོ། །མཚུངས་ན་ཡང་དེ་དག་དོན་གཅིག་ཉིད། ཞེས་པ་གང་དུ་སྤྱི་དང་ཁྱད་པར་གྱི་སྒྲ་གཉིས་ཀ་མི་སྤོང་བ་དང་མི་ལེན་པ་དེར་དོན་གཅིག་པ་ཉིད་དེ་གཞི་མཐུན་པ་ཉིད་ཅེས་པའི་དོན་ནོ། །ཇི་ལྟར་སྤྱིའི་སྒྲས་རང་གི་ཁྱད་པར་རྣམས་སྤོང་བ་མ་ཡིན་ཞིང་འདོར་པ་མ་ཡིན་པ ་དེ་ལྟར་ཅིག་ཁྱད་པར་གྱི་སྒྲས་ཀྱང་སྤྱི་ཡིན་ནམ། ཞེས་པའི་དྲི་བ་སྤོང་བར་བྱེད་པ་གསུངས་པ། དུ་མ་ཡིན་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་སྤྱི་དུ་མ་ཡིན་པ་དེ་ལྟ་ཡང། དེའི་ཁྱད་པར་སྒྲས་ལེན་ཏེ་རྟོགས་པར་བྱས་སོ་ཞེས་པའི་དོན་ཏོ། །རྟོགས་པར་བྱེད་པ་ལས་ཐ ་དད་པར་ལེན་པ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཤི་ཤ་པའི་སྒྲས་དོན་གྱི་ཤིང་དང་ས་ལས་གྱུར་པ་དང་རྫས་སུ་ཡོད་བའི་སྤྱི་བླངས་ཀྱི་མདོར་པ་འམ་འབའ་ཞིག་ཏུ་མ་ཟད་པ་བཞིན་ནོ། ཟིའི་ཕྱིར་ཡང་ཁྱད་པར་གྱི་སྒྲས་སྤྱི་རྣམས་ཉེ་བར་ལེན་ཞེ་ན་གསུངས་པ། མི་འཁྲུལ་བས་ཤེས་པར ་གང་གི་ཕྱིར་བྱེ་བྲག་ནི་སྤྱི་ལ་མི་འཁྲུལ་པ་སྟེ། སྤྱི་མེད་ན་བྱེ་བྲག་མེད་པའི་ཕྱིར་རོ། །དེའི་ཕྱིར་ངེས་ཉེ་བར་ལེན་པའོ། །དེ་དག་ཁྱད་པར་དང། ཁྱད་པར་གཞི་ཉིད་འདོད་དུ་བ་ཡིན། ཞེས་པ་ཤིང་ནི་ཤིང་ཤ་པ་ལ་སོགས་ལ་འཁྲུལ་པ་རྣམ་པར་གཙད་པ་ལ་བལྟོས་སོ། ཞེས་དོས?་ཁྱད་པར་དང ་ཁྱད་པར་དུ་བྱ་བའི་དངོས་པོ་ཡོད་དོ། །ཤིང་ཤ་པ་ནི་ཤིང་གི་སྤྱིལ་མི་འཁྲུལ་ཞིང་བལྟོས་པ་མ་ཡིན་ནོ་ཞེས་པས་མེད་དོ། །འཁྲུལ་པ་ཅན་གྱི་ཁྱད་པར་དག་ལ་ནི་ཁྱད་པར་དང་ཁྱད་པར་བྱ་བའི་དངོས་པོ་མཚུངས་པ་སྟེ། དཔེར་ན་སྔོན ་པོ་དང་ཨུཏཔ་ལ་དག་བཞིན་ནོ། །སྤྱི་དང་ཁྱད་པར་གྱི་སྒྲ་དག་ཕན་ཚུན་སྤོང་བ་བཀག་པ་ན། སྤྱིའི་སྒྲ་གཉིས་དག་དང་ཁྱད་གྱི་སྒྲ་གཉིས་དག་ཕན་ཚུན་གྱི་དོན་སྤོང་བ་གྲུབ་པོ་ཞེས་པས་འདི་བསྒྲུབ་པར་བྱ་པ་མ་ཡིན་ཞིང། རྒྱུ་ནི་བསྒྲུབ་པར་བྱ་བའོ་ཞེས་པ་དེའི ་ཕྱིར་དེ་ཁོ་ན་འདྲི་སྟེ། ཡང་འདི་ལ་ཅི་ཞིག་ཅེས་པ་ལ་སོགས་པའོ། །སྦྱི་དག་ནི་རང་གི་སྦྱི་ལ་བལྟོས་པས་ཐ་དད་པའི་ཕྱིར་ལོགས་པར་ཉེ་བར་མ་བླངས་སོ། །ཁྱད་པར་དང་ཁྱད་པར་གཞན་དོན་ཅན་ཞེས་པ་ཤིང་ཉིད་ཀྱི་ཁྱད་པར་ནི་ཤིང་ཤེ་པ་ལ་སོགས་པ་ནི་སྟེ། ཕན་ཚུན ་ལས་ཐ་དད་དོ་ཞེས་བྱས་ནས་སོ། །དེ་ཁོ་ན་སེང་ལྡེང་ལ་སོགས་པ་བལྟོས་བས་ཁྱད་པར་གཞན་ཡང་དོ་ཞེས་པས་ཁྱད་པར་གཞན་ནོ། །འདིར་ནི་ཡུལ་གྱི་ཡུལ་ཅན་ངེས་པར་བསྟན་པ་ལས་སྒྲ་ནི་ཁྱད་པར་དང་ཁྱད་པར་གཞན་ནོ་ཞས་རྣམ་པར་ཤེས་པར་བྱའོ། །ཁྱད་པར ་གྱི་སྒྲ་དང་ཁྱད་པར་གཞན་གྱི་སྒྲའི་དོན་ཞེས་པའི་དོན་ནོ། །འགལ་བའི་ཕྱིར་ན། ཞེས་པ་གཏན་ཚིགས་སོ། །སྤྱིའི་དོན་འཕྲོག་པར་བྱེད་པའི་ཕྱིར་ཞེས་པ་འགལ་བ་ཉིད་ཀྱི་རྒྱུའོ། །རྒྱལ་པོའི་བུ་བཞིན་ཞེས་པ་དཔེ་སྟེ། རྒྱལ་པོའི་བུ་རྣམས་ཀྱི་ཕ་ནོངས་པ་ན། སྤྱིའི་དོན་ནི ་རྒྱལ་སྲིད་དོ། །དེ་དེ་རྣམས་ཀྱིས་ཐམས་ཅད་ཀྱིས་སྟོབས་ཇི་ལྟ་བཞིན་འཕྲོག་པ་ཉིད་ཀྱི་ཕྱིར་འགལ་བ་རྣམས། །དེ་ལས་ཀྱང་ཕན་ཚུན་གྱི་དོན་བཟོད་པ་མ་ཡིན་ཏེ། གང་སྤྱིའི་དོན་འཕྲོག་པ་དེ་རྣམས་ནི་ཕན་ཚུན་འགལ་བ་རྣམས་ཏེ། རྒྱལ་པོའི་བུ་བཞིན། སྤྱིའི་སྒྲ ་རྣམས་ཀྱང་དེ་ལྟ་བུའོ། །རང་བཞིན་ནོ། །གང་རྣམས་འགལ་བ་དེ་ཕན་ཚུན་གྱི་དོན་བཟོད་པ་མ་ཡིན་ཏེ་དེ་ཁོ་ན་བཞིན། ཁྱད་པར་གྱི་སྒྲ་རྣམས་ཀྱང་དེ་ལྟ་བུའོ། །ཁྱབ་བྱེད་དང་འགལ་བའོ། །དཔེར་ན་ཞེས་པ་ལ་སྤྱིའི་དོན་འཕྲོག་པ་ཉིད་སྟན་ཏོ། །རྫས་གཅིག་འབྲག་པར ་བྱེད་པའི་ཕྱིར་ཞེས་པ། སྤྱིའི་དོན་འཕྲོག་པ་ཉིད་ཁོ་ནའི་རྗེས་སུ་བརྗོད་པའོ། །འོ་ན་འདི་ནི་འགལ་བ་ཉིད་ལ་གཏན་ཚིགས་ཡིན་གྱི། ཁྱད་པར་གཞན་སེལ་བ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་དེ་ལས་དེ་རབ་ཏུ་སྦྱར་བ་བརྗོད་ཅེ་ན། དེ་ཡང་དེའི་རྒྱུད་པས་གཏན་ཚིགས་སོ། །ཞེས་པས ་རྐྱེན་མེད། །འགལ་བ་ནི་སྤོང་བའི་གཏན་ཚིགས་སུ་བརྗོད་ལ། དེ་ཡང་སྤྱིའི་དོན་འཕྲོག་པ་ཉིད་ཀྱི་ཕྱིར་རོ། །སྤྱི་གཞན་ས་ལས་གྱུར་པ་ཉིད་ལ་སོགས་པའི་ཁྱད་པར་གང་བུམ་པ་ལ་སོགས་པ་རྣམས་ཡིན་ཅིང་དེ་རྗོད་པར་བྱེད་པའི་སྒྲ་རྣམས་དང་ལྷན་ཅིག་ཤིང་ཤ་བའི ་སྒྲ་དོན་གཅིག་པ་འཕྲོག་པ་ཉིད་མ་ཡིན་གྱི། འོན?་ཅི་ཞེ་ན་ཤིང་གི་སྒྲ་ངང་ངོ། །དེའི་ཕྱིར་སྤོང་བའི་རྒྱུ་མེད་བའོ་ཕྱིར་བལ་བ་མ་ཡིན་ནོ་ཞེས་སེམས་བཞིན་པས་སྨྲས་པ། ཅི་སྟེ་ཞེས་པ་ལ་སོགས་པའོ། །ཤིང་ཤ་པའི་སྤྱི་མི་ཤིང་ཉིད་དོ། །དེ་ལས་གཞན་པ་ཉིད་ཀྱི་ཕྱིར་ས ་ལས་གྱུར་པ་ཉིད་ནི་སྤྱེ་གཞན་ནོ། །དེའི་ཁྱད་པར་ནི་བུམ་པ་ལ་སོགས་པ་སྟེ་དེ་ནི་འབྲེལ་པ་མེད་པ་སྟེ། ཤིང་ཤ་བའི་སྒྲ་དང་འགལ་བ་མེད་པའི་ཕྱིར་ན། དེའི་སྒྲས་ཤིང་ཤ་བའི་སྒྲས་རྫས་གཅིག་འཕྲོག་པ་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར་དེ་ཅིའི་ཕྱིར་སེལ་བར་བྱེད། འགལ་བ་མེད ་པའི་ཕྱིར་འདི་སེལ་བ་མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །སྤྱི་གཞན་ཁྱད་པར་དོན་རྣམས་ནི། ཞེས་པས། དེ་ཁོ་ན་སེལ་བའི་རྒྱུ་འགལ་བ་སྟོན་ཏེ། འགལ་བའི་སྤྱི་ནི་སེལ་བའི་རྒྱུ་ཡིན་ཞིང། འདིར་ཡང་གལ་ཏེ་ཡང་དངོས་སུ་འགལ་བ་མེད་མོད། བརྒྱུད་པས་ནི་ཡོད་པ ་ཁོ་ནའོ། །དེ་སྟན་ཏེ། ཤིང་གི་སྒྲས་ནི་ཞེས་པ་ལ་སོགས་པའོ། །དེས་ཞེས་པ་ལ་སོགས་པ་སྟེ། ཤིང་ཤ་བའི་སྒྲའི་གྲོགས་པོ་ནི་ཤིང་གི་སྒྲ་སྟེ། དེའི་དོན་གྱི་སྦྱིར་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེའི་སྒྲ་རྣམས་ནི་བུམ་པ་ལ་སེགས་པའི་སྒྲ་རྣམས་ཏེ། ས་ལས་གྱུར་པ ་འཕྲོགས་ཉིད་ཀྱི་ཕྱིར་རོ། །དེས་ནི་ཤིང་གི་སྒྲ་དེས་བུམ་པ་ལ་སེགས་བསལ་བར་བྱས་བཞིན་པ་ལ་ནི་ཤིང་ག་བའི་སྒྲས་རྗེས་སུ་ཡི་རང་སྟེ། གྲོགས་པོའི་སྒྲ་བཞིན་ནོ། །དོན་གྱིས་དེ་དེས་ཞེས་པ། ཤི་ཤ་བའི་སྒྲའི་དོན་ནི་ཤིང་ཤ་པའི་སྤྱིའོ། །དེ་ཡང་བུས་པ་ལ་སོགས་བམ་པ་ནི ་པའི་ངོ་བོ་ཉིད་ཀྱི་བུམ་པ་ལ་སོགས་པ་ལས་ལྡོག་པའོ། །དེ་ཉིད་ཀྱི་ཕྱིར་དོན་གྱིས་རྟོགས་པར་བྱ་བའོ། །ཤིང་ཤ་པའི་སྒྲའི་ནི་དེ་ལ་བྱ་བ་མ་ཡིན་མོད། དེ་ལྟ་ན་ཡང་ཤིང་ཤ་བའི་སྒྲ་དེས་བུམ་པ་ལ་སོགས་པ་བསལ་ལོ་ཞེས་རྟོགས་པར་བྱ་སྟེ། དེ་རྟོགས་པས ་དོན་གྱིས་བསལ་བ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཞེས་པ། རིགས་པ་འདིས་ནི་ས་ལས་གྱུར་པའི་སཕྱི་ལས་སྤྱི་གཞན་རྫས་ཉིད་དེ། དེའི་སྤྱི་ཡོད་པ་ཉིད་དང། དེའི་ཁྱད་པར་རྣམས་དང་?་ཡོན་ཏན་རྣམས་དང་ལས་རྣམས་དང། དེ་རྣམས་ཀྱི་འང་ཁྱད་པར་གཟུགས་ལ་སོགས་པ ་རྣམས་དང། འདེགས་པ་ལ་སོགས་པ་རྣམས་ཀྱང་རིམ་པ་ཇི་ལྟ་བར་རང་དང་འགལ་བའི་སྤྱིའི་སྒྲ་ཡིས་སེལ་བ་དང་བྱེ་བྲག་གི་སྒྲ་ཡིས་བཏང་སྙོམས་སུ་བྱེད་པར་འབྲེལ་པ་དང་འབྲེལ་པ་ལས་རིགས་པར་བྱའོ་ཅི་ལྟར་ཞེ་ན་གསུངས་པ། གྲོགས་པོའི་གྲོགས་པོའི་དགྲ?་པོ ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། འདིར་གྲོགས་པོའི་གྲོགས་པོ་ཞེས་གཉིས་རྗོད་པ་ནི་རྒྱུད་པས་གྲོགས་པོར་རྟོགས་བར་བྱེད་བ་ལྷུང་ལེན་པར་རིགས་པར་བྱའོ་གཞན་དུན་གྲོགས་པོ་ཅིག་བྱས་པ་ཁོ་ནས་གྲོགས་པོར་རྟོགས་པས་སོ། །དེ་ལ་ཡོན་ཏན་དང་ལས་ནི་ཤིང་ཤ་པའི་སྒྲས ་རྫས་ཀྱི་སྒྲས་སྲེལ?་བར་བྱེད་བཞིན་པ་ལ་གྲོགས་པོའི་གྲོགས་པོའི་དགྲ་བོ་བཞིན་དུ་རྗེས་སུ་ཡི་རང་བར་བྱེད་དོ། །ཡོན་ཏན་གྱི་བྱེ་བྲག་གཟུགས་ལ་སོགས་པ་རྣམས་དང་ལས་ཀྱི་ཁྱད་པར་འདེགས་པ་ལ་སོགས་པ་རྣམས་ནི་ཤིང་ཤ་པའི་སྒྲ་ཡིས་གྲོགས་པོའི་དགྲ་བོའི་ཕྲོཊ ་པོ་བཞིན་དུ་རྫས་ཀྱི་སྒྲས་གཟུགས་ལ་སོགས་པ་དང་འདེགས་པ་ལ་སོགས་པའི་སྒྲ་རྣམས་ཀྱི་གང་ཡང་རུང་བ་བསལ་བར་བྱ་བཞིན་པ་རྣམས་ལ་བཏང་སྙོམས་སུ་བྱེད་དོ། །འོ་ན་ཤིང་ཤ་པའི་སྒྲ་ཁོ་ནས་བུམ་པ་ལ་སོགས་པ་རྣམས་དངོས་སུ་སེལ་བ་མ་ཡིན་ནམ། དེ་ལྟར ་ནི་ཤིང་ཤ་པའི་སྒྲ་བརྗོད་པ་ཁོ་ན་ལས་དེས་སེལ་བ་རྟགས་པས་སོ་ཞེ་ན་གསུངས་པ། དེ་ལ་ནི། དེ་ན་དངོས་སུ་དེ་སེལ་ཡིན་ཞེས་པ་ལ་སོགས་པ་དངོས་སུ་མི་སེལ་བ་ལ་རིགས་པ་གསུངས་སོ། །མ་གྱུར་ཅིག་ཅེས་པ་ལ་སོགས་པ་གལ་ཏེ་དངོས་སུ་སེལ་ན། སྔོད་པོའི་སྒྲ་བཞིན་དུ་ཤིང་གི ་སྒྲ་དང་མཚུངས་པའི་དོན་ཅན་དུ་འགྱུར་རོ། །དེ་ལྟར་གྱུར་ན་སྐྱོན་ཞིག་ཏུ་འགྱུར་ན་གསུངས་པ། དེ་ལྟར་ཁྱད་པར་གཞན་རྣམས་ནི་ཞེས་པ་ལ་སོགས་པའོ། །དེ་ལྟར་གྱུར་ན་པཱ་ལ་ཤ་ལ་སོགས་པ་རྣམ་ཤིང་གི་སྒྲ་བཞིན་དུ་ཤིང་ཤ་པའི་སྒྲས་ཀྱང་སེལ་བར་མི་འགྱུར་རོ། །ཇི་ལྟར་ཤིང་གི ་སྒྲ་ནི་བུམ་པ་ལ་སོགས་པ་སྤངས་པས་ཤིང་ལེན་པའི་ཕྱིར་པཱ་ལ་ཤི་ལ་སོགས་པ་...་རྣམས་སེལ་བ་མ་ཡིན་པ་དེ་ལྟར་ཤིང་ཤ་པའི་སྒྲས་ཀྱང་མི་སེལ་བར་འགྱུར་རོ། །འདིས་ནི་གང་ཞིག་པཱ་ལ་ཤ་ལ་སོགས ་པ་རྣམས་སྤོང་བདེ་ནི་ཤིང་གི་དོན་ཉེ་བར་འཛིན་པ་མ་ཡིན་ཏེ། བུམ་པ་ལ་སོགས་པའི་སྒྲ་བཞིན། ཤིང་ཤ་པའི་སྒྲ་ཡང་པཱ་ལ་ཤ་ལ་སོགས་པ་རྣམས་སྤོང་ངོ། ཞེས་པ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །འདིར་ཡང་ཐལ་བར་འགྱུར་བ་དང་བཟློག་པས་གཏན་ཚིཊ ་ཀྱི་དོན་མངོན་པར་བསལ་བར་བྱའོ། །ཞུང་དུ་དང་མང་པོའི་དོན་སེལ་བར་བྱེད་པ་ཉིད་ཀྱིས་ཐ་དད་པ་ཉིད་ཀྱི་ཕྱིར་ཞེས་པ། ཤིང་ཤ་པའི་གསལ་བར་བྱ་བ་ཡང་པོ་ཉིད། པཱ་ལ་ཤ་ལ་སོགས་པ་སྤོང་པའི་ཕྱིར་རོ། །ཤིང་གི་སྒྲ་ནི་ཤིན་ཏུ་ཉུང་བ་སྟེ། པཱ་ལ་ཤ་ལ་སོགས་པ ་རྣམས་མི་སྤོང་པའི་ཕྱིར་རོ། །དེའི་ཕྱིར་ཡང་བསལ་བར་བྱ་བ་མི་མཚུངས་པ་ཉིད་ཀྱི་ཕྱིར་ཤིང་ཤ་པའི་སྒྲ་ནི་ཤིང་གི་སྒྲ་དང་མཚུངས་པའི་དོན་ཅན་ཡིན་ནོ། །དེ་ལྟར་ནི་ཤིང་གི་སྒྲའི་དོན་ནི་ཤིང་ཉིད་དོ། །ཤིང་ཤ་པའི་སྒྲའི་ནི་དེ་ཡང་སྟེ། ཤིང་ཤ་པ་ཉིད་ཀྱང་ངོ། །དེའི་ཕྱིར་ངས་ལ ་བར་བྱ་བ་ཉུང་དུ་དང་མང་པོ་ཉིད་ཀྱིས་ནི་ཐ་དད་པ་ཉིད་ཀྱི་ཕྱིར་སྐྱོན་འདི་མ་ཡིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཡང་ཤིང་ཤ་པའི་སྒྲ་དང་ཤིང་གི་སྒྲའི་དོན་ཤིང་ཉིད་ཡིན་པ་དེ་ལྟ་ན་ཡང་ཤིང་ཤ་པའི་སྒྲ་ལ་ཤིང་ཤ་པའི་དོན་དང་ལྡན་པ་ཉིད་ཀྱི་མཚན་ཉིད་ཀྱི ་བྱེ་བྲག་ཡོད་དོ། །དེས་ན་ཤིང་གི་དོན་ཉེ་བར་ལེན་པ་ཡོད་ན་ཡང་བ་ལ་ཤ་ལ་སོགས་པ་མི་སེལ་བར་ཐལ་བར་འགྱུར་བ་མ་ཡིན་ནོ་ཞེ་ན། མི་རིགས་ཏེ་ཞེས་པ་ལ་སོགས་པ། ཇི་ལྟར་ཕ་རོལ་པོས་ཤིང་ཤ་པའི་སྒྲ་དག་ལ་འབྲེས་པའི་དོན་དུ་བརྗོད་པས་དེ་ལྟར་འདིར་ཡང་འགྱུར ་བར་བྱ་དགོས་སོ་ཞེས་པ་བསྡུས་བའི་དོན་ཏོ། །ཡང་གང་ཕ་རོལ་བོའི་ལྟར་འགྱུར་བར་བྱ་དགོས་སོ་ཞེས་པའི་ངེས་བར་འདི་ཅི་ལས་ཞེ་ན། ཅི་ལས་ཀྱང་མ་ཡིན་གྱི། ཇི་ལྟར་ཕ་རོལ་པོས་འཇིག་རྟེན་པའི་གྲགས་པ་རྗེས་སུ་སྲུང་བས་ཏེ། འཇིག་རྟེན་ཆེ ་སྤྱི་དང་ཁྱད་པར་གྱི་སྒྲ་དག་མ་འདྲེས་པའི་དོན་ཅན་ཉིད་ཀྱི་ཕྱིར། ཤིང་ཤ་པ་དང་ཤིང་གི་སྒྲ་དག་ནི་དོན་ཐ་དད་པ་རྣམ་པར་བཞག་པ་དེ་ལྟར་ཁཽ་ཅག་གིས་ཀྱོང?་ཞེས་པ་འདི་ཙམ་ཞིག་བརྗོད་པར་བྱའོ། །གལ་ཏེ། དེ་དེའི་བྱ་བ་མ་ཡིན་ན། འོ་ན་ཅི་ལྟར་ཤིང་ཤ་པའི་སྒྲ་ལས་སེལ ་པ་ཤིན་ཏུ་མང་པོར་རྟོགས་པར་བྱ་ཞེན་གསུངས་པ། དོན་གྱིས་ནི་འགྱུར་ཞེས་པ་ལ་སོགས་པའོ། །ཤིང་ཤ་པའི་སྒྲས་ཤིང་ཤ་བའི་དོན་རྟོགས་པར་བྱས་པ་ན་ཤིང་ཤ་བ་ཉིད་ཀྱང་ངོ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཤུགས་ལས་ཤིང་ཉིད་རྟོགས་ཏེ། དེའི་ཕྱིར་དེས་དོན་གྱིས་བསལ ་བར་བྱ་བཞིན་པ་བུམ་པ་ལ་སོགས་པ་ནི་རྨོངས་པས་སྒྲས་བྱས་པས་སེམས་པར་བྱེད་དོ། །ཡང་ཅི་ལྟར་རྟགས་ཉིད་དུ་མཚུངས་པ་ལ་།དུང་ལ་སོགས་པ་ནི། དངོས་སུ་མེ་ལ་སོགས་པ་ལ་རྫས་ཉིད་ལ་སོགས་པ་རྟོགས་པར་བྱེད། གང་གསུངས་པ། རྟགས་ལས་ནི་གང་རྗེས་སུ་འབྲེལ་པ ་ཅན་དེ་རྣམས་ཀྱང་རྟོགས་པར་བྱ་བའོ། ཞེས་སོ། །ཤིང་ཤ་བའི་སྒྲ་ནི་དངོས་སུ་ཤིང་ཤ་པ་ཉིད་ཁོ་ན་རྟོགས་པར་བྱེད་ཅིང་སྤྱི་གཞན་རྣམས་ནི་ཤུགས་ལས་ཡིན་ནོ། །གཞན་ཡང་རྗེས་སུ་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ལ་བལྟེས་པས་སྒྲ་རང་གི་དོན་རྟོགས ་པའི་རྒྱུ་འདོད་ཅིང། དེ་ཅི་ལྟར་རྫས་སུ་ཡོད་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པ་མ་ཡིན། དེ་མེད་ན་སྒྲ་ཉེ་བར་དམིགས་པ་མ་ཡིན་པས་སོ་ཞེ་ན། སྐྱོན་འདི་མེ་ན། དེ་ལ་ངན་གྱི་འབྲེལ་པ་ནི་སྐྱེས་བུས་བྱས་པ་མི་ཡན་གྱི། འོན་ཀྱང་རང་བཞིན་ལས་ཏེ། དེ་ནི་གང་དང་གང་རང ་བཞིན་ལས་མེད་ན་མི་འབྱུང་བར་གྱུར་པ་དེ་དང་དེ་ཁོ་ན་རྟོགས་པར་བྱེད་དོ། །སྒྲའི་འབྲེལ་པ་ནི་སྐྱེས་བུས་བྱས་པའི་བརྡས་ཉེ་བར་འོངས་པ་སྟེ། རྫས་ཉིད་ལ་སོགས་པ་ལ་ཤིང་གི་སྒྲ་བརྡར་བྱས་པ་ཡང་མ་ཡིན་ན། དེ་ཅི་ལས་དེ་ལ་བལྟོས་པས་རྗེས་སུ་འགྲོ་བ་དང ་ལྡོག་བདག་ཡིན། དེའི་ཕྱིར་དེ་ནི་རྫས་ལ་སོགས་པ་རྣམས་ཀྱི་རྟོགས་པར་བྱེད་པ་པོ་མ་ཡིན་ནོ། །འོ་ན་སྒྲའི་འབྲེལ་པ་ཡང་སྐྱེས་བུས་མ་བྱས་པ་ཁོ་ནར་བརྗོད་པ་འདོད་པ་ན་ནི། དེ་ལ་ངེས་བསྐྱེད་པར་བྱ་བའི་ཁྱད་པར་གཟུང་བ་ན་སྦྱི་གཞན་རྟོགས་པའི་རྒྱུ་ཉིད་དུ་འདོད་པ་ཁོ་ན་ཏེ་དེ ་ཁྱད་པར་མེད་པར་གཟུང་བ་ན་ནི། འཁྲུལ་པའི་ཕྱིར་མི་འདོད་དོ། །ཞེ་ན། དུ་བ་ལ་སོགས་པའི་རྟགས་ལ་ཡང་འདི་མཚུངས་པ་ཁོ་ན་ཏེ། དེ་ཡང་འབར་བ་ཉིད་ལ་སོགས་པའི་སྤྱིའི་ཁྱད་པར་ཅན་དུ་མེ་ལ་སོགས་པ་རྟོགས་པར་ནུས་པ་མ་ཡིན་པས། དེ་ལ་སྒྲ་ཁོ་ན་?? ་བརྩད་པ་ལ་རྗེས་སུ་ཆགས་པ་འདི་ཅི་ཡིན། གལ་ཏེ་ཁྱད་པར་ནི་ཁྱད་པར་གཞན་གྱི་དོན་ཞེས་པ། ཡོན་ཏན་གྱི་ཁྱད་པར་ནི་མངར་བ་དང་སྣུམ་བ་ཉིད་ལ་སོགས་པ་རྣམས་སོ། །དེ་ལ་འདི་རྣམས་ཕན་ཚུན་སེལ་ན་གཞི་མཐུན་པ་ཉིད་དུ་འགྱུར་བ་བྱ་བར་མི་རིགས་ན། དེ་ཡང་ཡོད་དེཊ? ་མི་རིགས་ན། དེ་ཡང་ཡོད་དེ་གཞན་རྣམས་དང་གཞི་མཐུན་པ་ཉིད་ཉེ་བར་དམིགས་སོ། །དེ་ཅི་ལྟར་ཞེས་པ་ཅི་ལྟར་ཡང་རིགས་པ་མ་ཡིན་ནོ་ཞེས་པ་སེམས་པའོ། །འདིས་ནི་གཞི་མཐུན་པ་ཉིད་ཀྱི་ཕྱིར་མ་དང་བ་ལ་སོགས་པ་རྣམས་ཏིལ ་དག?་པོ་བཞིན་དུ། མི་སེལ་བར་རྗེས་དཔགས་ནས་འགལ་བའོ་གཏན་ཚིགས་མ་ངེས་པ་ཉིད་དུ་གསལ་བར་བྱེད་དེ། སེལ་བ་མེད་ན་ཡང་ཡོད་པའི་ཕྱིར་མངར་བ་དང་སྣམ་པ་དང་གྲང་བ་ཉིད་ལ་སོགས་པ་ལ་སེལ་བ་ནི་དང་ཟླ་དང་འགལ་བའི་རྒྱུ་མ་ཡིན་པ་ཉིད་ཏེ། ་དེ་ཡོང་ཀྱང་མ་ཚད་པ་ན་དེ་མེད་པའི་ཕྱིར་རོ་ཞེས་པའོ། །གཞི་མཐུན་པ་ཉིད་ནི་ཅེས་པ་ལ་སོགས་པ་བརྟན་ཡོན་ཏན་ཏན་གྱི་ཁྱད་པར་རྣམས་ཀྱི་གཞི་མཐུན་པ་ཉིད་གང་ཡིན་པ་འདི་ནི་དེའི་རྟེན་དང་མི་འགལ་བའི་ཕྱིར། མངར་བ་ལ་སོགས་པ་རྣམས་ཀྱི་གང་རྟེན་དུ་གྱུར ་པའི་རྫས་དེ་དང་དེ་རྣམས་མི་འགལ་བ་སྟེ་ཡོན་ཏན་རྣམས་ནི་རང་གི་རྟེན་དང་འགལ་བ་མ་ཡིན་པ་སྟེ། རྫས་ཁོ་ནའི་ཡོན་ཏན་མངར་བའོ་དེ་ཁོ་ནའི་ཡོན་ཏན་གྲང་བ་དང་སྣུམ་བ་ཉིད་ལ་སེབས་ཐའི་ཡོན་ཏན་རྣམས་ནི། རོའི་ཡོན་ཏན་གྱི་མ ་ཡིན་ཏེ། དེའི་ཕྱིར་རྫས་དེ་ལ་ཞུགས་པ་རྣམས་རོལ་ཉེ་བར་བདགས་པར་བྱའོ། །འདོགས་པའི་རྒྱུ་མཚན་ནི་དོན་གཅིག་ལ་འཕྲོག་པ་འདུ་བའོ། །བཏགས་པའི་འབྲས་བུ་ནི་མངར་པོ་ཉིད་ནི་སྣུམ་པ་ལ་སོགས་པ་རྣམས་དང་ལྷན་ཅིག་སྤྱོད་པ་ཉིད་དུ་འཆང་བའོ། །དེ་ལས་ཀྱང་ཇི་ལྟར ་དེ་རྣམས་ཀྱི་རྟེན་དངོས་རྫས་ནི་མངར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། མངར་པོར?་རྫས་སོ། །གྲང་བའོ། །ལྕི་བ་ཉིད་དོ་ཞེས་བརྗོད་པར་བྱ་བ་དེ་ལྟར་བཏགས་པའི་རྟེན་མངར་པ་ཞེས་བྱ་བའི་རོ་ཡང་སྣུམ་པ་ཉིད་ལ་སོགས་པའི་ཡོ་ཏན་དང་ལྡན་པའི་ཕྱིར་རོ། །མངར ་པ་ནི་སྣུམ་པའོ། །ལྕི་བཞེས?་བརྗོད་པར་བྱའོ། །དེ་ལྟར་བཏགས་པ་ནི་འདིར་གཞི་མཐུན་པ་ཉིད་དུ་བཏགས་པའོ། ཞེས་བརྗོད་པར་འགྱུར་རོ། །བཏགས་པའི་དོན་གྱིས་དབང་ལས་དངོས་པོར་ན་དེའི་བདག་ཉིད་འགྲུབ་པ་མ་ཡིན་ནོ་ཞེས་པས་ཇི་སྐད་བརྗོད་པའི་སྐྱོན་མེད་དོ། །མ་མཐོང་ཕྱིར ་ན་སེལ་བ་ཉིད། ཉིད་ཀྱི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །མ་མཐོང་པ་ཉིད་ཁོ་ནའི་ཕྱིར་སོལ་བསྟེ། འགལ་བ་ཉིད་ཀྱི་ཕྱིར་ནི་མ་ཡིན་ཞེས་པའི་དོན་ཏོ། །ཇི་ལྟར་བྱས་པ་ཉིད་རྟག་པ་རྣམས་ལ་མ་མཐོང་བའི་ཕྱིར་དེ་སེལ་བར་བྱེད་པ་དེ་ལྟར་ཁྱད་པར་གྱི་སྒྲ་ཁྱད་པར་གཞན་རྣམས ་ལ་མ་མཐོང་བའི་ཕྱིར་དེ་རྣམས་སེལ་ལོ། །ཅིའི་ཕྱིར་མ་མཐོང་ཞེ་ན་ཞེས་པ། ཤིང་ཤ་པའི་སྒྲ་བཱ་ལ་ཤ་ལ་སོགས་པ་ལ་མ་མཐོང་བའི་རྒྱུ་འདྲི་བྱའོ། །རང་བཞིན་པའི་དོན་ལ་ཡང་ཞེས་པ། རྒྱུ་དང་རྐྱེན་གྱི་རང་བཞིན་དང་འབྲེལ་པ་ཉིད་ཀྱིས་ན་རང ་བཞན་པ་སྟེ། སྒྲའི་མཚན་ཉིད་གྱི་དོན་ནོ། །ཞེས་པ་འདེར་དགོངས། གཤིང་ཤ་པ་ལ་སོགས་པའི་སྒྲ་ནི་ཤིད་ཤ་པ་ལ་སོགས་པ་བརྗོད་པར་ཁོ་ན་འདོད་པ་ཁོ་ནས་རབ་ཏུ་སྦྱར་གྱི་པཱ་ལ་ཤ་ལ་སོགས་པ་བརྗོད་པར་འདོད་པས་ནི་མ་ཡིན་ནོ། དེའི་ཕྱིར་ཤིང་བཱ་ལ་ཤ་བརྗོད་པར ་འདོད་པའི་རང་བཞིན་ལ་འབྲེལ་པ་ཉིད་ཀྱི་ཕྱིར་པཱི་ལ་ཤ་ལ་སོགས་པ་རྣམས་ལ་ཤིང་ཤ་པའི་སྒྲའི་སྦྱོར་བར་འགྱུར་བ་མ་ཡིན་ནོ། །དེ་ལས་ཀྱང་དེ་ལ་མ་མཐོང་བ་སྟེ། དེས་ན་རང་བཞིན་པའི་དོན་འདི་ལ་དེ་མ་མཐོང་བ་ཁྱད་པར་གཞན་སེལ་བར་ནུས་པ་དོར་ནས། ་གང་འགལ་པ་ཉིད་དུ་སྤོང་བའི་རྒྱུར་བརྗོད་པ་དེ་ནི་རིགས་པ་ལས་འདས་ནས་བདག་མཚར་བར་སེམས་པའི་སྐྱེས་བུ་ཉིད་དོ་ཞེས་པའི་དོན་ཏོ། །འགལ་བ་ཉིད་ནི་ཉེ་བར་མཚོན་པ་ཙམ་སྟེ། གང་དེའི་ལྷག་པའི་རྒྱུ་གཞན་བཤད་བ་དེ་ཡང་རིག་པར་བྱའོ། །ེ་མ་བདག་ཅེས་སེམས ་པ་གང་ཡིན་པ་དེ་ནི་བདག་མཚར་བ་ཅན་གྱི་སྐྱེས་བུ་སྟེ། དེའི་དངོས་པོ་ནི་བདག་མཚར་བར་སེམས་པའི་སྐྱེས་བུ་ཉིད་དོ། །དེ་ཡང་མངོན་པའི་ང་རྒྱལ་ཉིད་དོ། །དེ་ནི་བདག་མཚར་བར་སེམས་པའི་སྐྱེས་བུའི་སྒྲའི་བ་ནུ་སྤྱོད་པ་ལའོ། །ཡང་གི་སྒྲ་བདག་མཚལ་བར ་སེམས་པའི་སྐྱེས་བུའི་རྟོགས་པའོ་ཞེས་པ་འདི་ལྟར་བརྗོད་པ་འདི་ལ་མི་རིགས་པ་ཅི་ཞིག་ཡིན་ཞེ་ན། ཁྱད་པར་གྱི་དོན་ཅན་གྱི་སྒྲ་རྣམས་ནི་སྤྱིའི་དོན་འཕྲོག་པར་བྱེད་པའི་ཕྱིར་རྒྱལ་པེའི་བུ་བཞིན་དུ་ཕན་ཚུན་འགལ་བ་རྣམས་སོ། །ཞེས་པ་འདི་ཁོ་ན་རེ་ཞིག ་མི་རིགས་ཏོ། དེ་ལྟར་ནི་སྤྱིའི་དོན་འཕྲོག་པར་བྱེད་པ་ཉིད་ནི་འགལ་བ་གཏན་ཚིགས་སུ་ཉེ་བར་བླངས་ཤིང། དེ་ཡང་སྒྲས་རྣམས་ཀྱི་ཁྱད་པར་གྱི་ཡུལ་ལ་སྤྱིའི་དོན་རྟོགས་པར་བྱེད་པའི་མཚན་ཉིད་ཡིན་ལ། རྒྱལ་པོའི་བུ་རྣམས་ནི་དེ་དང ་རིགས་མི་མཐུན་པ་རྒྱལ་སྲིད་རང་གིར་བྱེད་པའི་མཚན་ཉིད་ཅན་ཏེ། གང་ཡོད་ན་རང་ཉིད་རྣམ་པར་རྒྱལ་བ་ན་སྦྱིན་པ་ལ་སོགས་པའི་བྱ་བ་རྣམས་ལ་?་རང་དབང་དུ་འགྱུར་བའོ། །དེ་ལ་གལ་ཏེ་སྒྲ་ལ་སོན་པའི་སྤྱིའི་དོན་ལན་པར ་བྱེད་པ་ཉིད་གཏན་ཚིགས་ཉིད་དུ་ཉེ་བར་ལེན་ན་ནི་དཔེ་གཏན་ཚིགས་དང་བྲལ་བྲར?་འགྱུར་ཞིང། ཅི་སྟེ་རྒྱལ་པོའི་བུ་ལ་སོན་པ་ཡིན་ན་གཏན་ཚིགས་ན་གྲུབ་པ་ཉིད་དོ། །དེ་ལ་སྙུ?་ཙམ་ཞིག་ཐ་མི་དད་པ་ཡིན་གྱི་དོན་ཆུན་ཟད་ཀྱང་མ་ཡིན་ནོ། །དེ་ལས་དོན་གྲུབ ་པ་ཡང་ཡིན་ཏེ། དངོས་པོ་ལ་མི་བལྟོས་པའོ་སྒྲ་ཙམ་ནི་འདོད་པ་ཙམ་ལ་འབྱུང་བ་སྟེ་ཡོད་པ་མ་ཡིན་པས་ཞེས་པའོ། །རྟོགས་པར་བྱ་པའི་དངོས་པོ་ནི་དངོས་པོས་འགྲུབ་སྟེ། ཇི་སྐད་དུ་གསུངས་པ། ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་ཐ་དད་མེད ་པ་ལས། རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱ་བོའི་རྫས་ལ་མེ་བཞིན་ནོ། །རིགས་གཞན་ལས་ནི་རབ་གྲུབ་པ། སྒྲ་ཡི་སྤྱི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་དག་ལ་སོགས། །གོ་ཉིད་ཕྱིར་ན་རྭ་ཅན་བཞིན་ཞེས་སོ། །ཁྱད་པར་གྱི་སྒྲ་འབའ་?་ཞིག་བས་ནི་སྤྱིའི་དོན་ཁྱད་པར ་བྱས་པའི་ཡུལ་ལ་རྟོགས་པར་བྱ་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤྱིའི་སྒྲ་དང་ལྷན་ཅིག་པ་སྟེ། དེ་ལས་ཀྱང་གཉིས་ཀ་དག་གིས་འདུས་ནས་ཁྱད་པར་གྱི་སྒྲ་སྤྱིའི་དོན་ལེན་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དེ་ལས་ཁྱད་པར་གཞན་གྱི་སྒྲ་དང་འགལ་བ་ཡིན་ན་སྤྱིའི་སྒྲ་ཡང་འགྱུར་ན། ་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ནི་མི་རིགས་སོ། །གང་ཡང། དེ་རྣམས་དངོས་སུ་དེ་སེལ་མིན། །སྤྱི་དང་མཚུངས་ཉིད་མ་གྱུར་ཅིག་།གལ་ཏེ་དངོས་སུ་སེལ་ན་ནི་ཤིང་གི་སྒྲ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་བརྗོད་པ་དེ་ཡང་ཡང་དག་པ་མ་ཡིན་པ་ཁོ་ན་ཏེ། ་གང་ལ་སྒྲ་བརྡར་བྱས་པ། དེ་ཁོ་ན་བརྗོད་ཅིང། ཤིང་ཤ་པའི་སྒྲ་ཡང་ཤིང་ཤ་པ་ཁོ་ན་ལ་བརྡར་བྱས་ཀྱི་ཤིང་ལ་ནི་མ་ཡིན་ནོ། །ངེས་ན་གལ་ཏེ་ཡང་བུམ་པ་ལ་སོགས་པ་རྣམས་དེས་དངོས་སུ་སེལ་བ་དེ་ལྟ་ན་ཡང་ཤིང་ཉིད་ཉེ་བར་ཁེ་ན་བ་མ་ཡིན་ནོ། །གང་ཡང་འདི ་ནི་དོན་གྱིས་ཉུང་དུ་དང་ཤིན་ཏུ་མང་བསེལ་བར་འགྱུར་རོ་ཞེས་པ་འདི་ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། ཁྱད་པར་ནི་གཉིས་ཀ་ལ་སོན་པ་ཉིད་ཀྱི་ཕྱིར་དང། རང་གི་དོན་ཡང་ཁྱད་པར་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་ཡང་རུང་བའི་ཁྱད་པར་གྱིས་བརྗོད་པ་ལ་ཡང ་གཉིས་ཀ་ལ་སོན་པའི་ཁྱད་པར་རྟོགས་པར་བྱའོ། །དཔེར་ན་ལྟས་བྱིན་ནི་མཆོད་སྦྱིན་བྱིན་གྱིས་སྤུན་དྲུད་པོ་ཞེས་བརྗོད་པ་ན་མཆོད་སྦྱིན་གྱི་ཡང་སྤྱན་དྲུང་ཉིད་ཡིན་པ་བཞིན་ནོ། །གང་ལྷས་བྱིན་མཆོད་བྱིན་གྱི་སྤུན་དྲུང་དུ་འགྱུར་གྱི། མཆོད་སྦྱིན་ན་མི་ཡིན་ནོ། །ཞེས ་བརྗོད་པ་འདི་ནི་སྲིང་མོད་པ་མ་ཡིན་པས་སོ། །ཇི་ལྟར་ཡང་ཤིང་ཤ་པ་ནི་པཱ་ལ་ཤ་ལ་སོགས་པ་ལས་ཐ་དད་པ་དེ་ལྟར་བུམ་པ་ལ་སོགས་པ་ལས་ཀྱང་སྟེ། དེ་ལས་ཀྱང་ཤིང་ཤ་བ་རྗོད་པ་ཇི་ལྟར་པཱ་ལ་ཤ་ལ་སོགས་པ་གསལ་བ་རྟོགས་བདེ་བཞིན་དུ ་བུམ་བ་ལ་སོགས་པ་བསལ་བ་ཡང་སྟེ། དེའི་ཕྱིར་ཅི་ལས་པཱ་ལ་ཤ་ལ་སོགས་པ་རྣམས་ནི་དེའི་དངོས་སུ་གསལ་བར་བྱ་བ་དང་བུམ་པ་ལ་སོགས་པ་རྣམས་ནི་དོན་གྱིས་སོ་ཞེས་པས་རྣམ་པར་དབྱེ་བ་འདི་ཐོབ་པ་ཡིན། ཡང་ཅིའི་ཕྱིར་སློབ་དཔོན་གྱིས་བདག་ཉིད་མཚར ་བར་སེམས་པའི་སྐྱེས་བུའི་འཇུག་པ་དང། དེར་དོར་ནས་རིགས་པ་ཁོ་ན་དགོད་པར་མཛད་ཅེ་ན། རིགས་པ་དང་བྲལ་བ་མང་བོ་རྗོད་པར་བྱེད་པ་རྣམས་ཀྱིས་ཀྱང་དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་གཞག་པར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་རིགས་པ་ལས་དགོངས་ནས ་བདག་ཉིད་མཚར་བར་སེམས་པའི་སྐྱེས་བུའི་འཇུག་པས་གང་རྣམས་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བ་འདོད་པ་དེ་རྣམས་ཀྱིས་དེ་དོར་ནས་རིགས་པ་ཁོ་ནའི་རྗེས་སུ་འབྲང་བར་བྱའོ་ཞེས་གསལ་བར་བྱ་བའི་དོན་དུའོ། །འོ་ན་དེ་ལྟ་ན་ཞེས་པས་སོགས་པས། སྤྱིའི ་སྒྲ་ནི་ཁྱེད་པར་རྣམས་ལ་མ་མཐོང་བ་ཡོད་ན་ཡང་སེལ་བ་མེད་པའི་ཕྱིར་སེལ་བ་ནི་དེའི་རྒྱུ་ཅན་མ་ཡིན་པ་ཉིད་དུ་སྨྲས་སོ། །མ་ཡིན་གཞན་ལྡན་མཐོང་བའི་ཕྱིར་ཞེས་པས་མ་གྲུབ་པ་ཉིད་གསུངས་སོ།། །།དོན་དང་སྐབས་ལ་སོགས་པ ་རྣམས་ཀྱིས་མཐོང་ཞེས་པའི་སོགས་པའི་སྒྲས་ཡང་དག་པར་འགྲོགས་པ་ལ་སོགས་པ་རྣམས་བཟུང་བར་བྱའོ། །དེ་ལ་དོན་གྱི་ཤུགས་ཀྱིས་སྤྱིའི་སྒྲ་ནི་ཁྱད་པར་རྟོགས་པར་བྱེད་དེ། དཔེར་ན། གཟུགས་མཛེས་པའི་ཆེད་དུ་གཞོན་ནུ་མ་སྦྱིན་པར་བྱའོ་ཞེས་པ ་ལྟ་བུ་སྟེ། ཚིག་མེད་ཀྱང་གཟུགས་མཛེས་པ་ཅན་གྱི་ཆེད་ཁོ་ནར་གཞོན་ནུ་མ་སྦྱིན་པ་གྲུབ་པ་ཁོ་ན་ཏེ། ཚིག་བརྗོད་པའི་ཤུགས་ལས་ཤིན་ཏུ་གཟུགས་མཛེས་པའི་ཆེད་དུ་ཞེས་རྟོགས་པར་བྱའོ།། །།སྐབས ་ཀྱི་ན་གལཱང?་རྫི་ཟ་མ་ཟ་བའི་སྐབས་སུ་སིན་བྷ་བེ་འོན་ཅིག་ཅེས་བརྗོད་པ་ན་ལན་ཚ་ཁོ་ན་ལ་རྟོགས་པར་འགྱུར་རོ། །ཡང་དག་པར་འགྲོགས་བྲས་ནི་པའུ་དང་བཅས་པའི་བཞོན་མ་འོན་ཅི་གཅེས་བརྗོད་པ་ན། བ་ལང་བཞོན་མ་ཁོ་ན་རྟོགས་པ་ལྟ་བུའི་དེ་ལྟར་དེ་སྣང་ཐེ ་ཚོམ་ཡིན་ཞེས་པ་སྤྱིའི་སྒྲ་ཁྱད་པར་རྣམས་ལ་མཐོང་བ་ལ་གཏན་ཚིགས་གསུངས་སོ། །ནག་པོའི་སྒྲ་ནི་མངར་བ་ལ་སོགས་པ་རྣམས་ལ་སྔར་མཐོང་བ་པོའི་དེའི་རྣམ་པ་ཅན་གྱིས་ཐེ་ཚོམ་གྱི་རྒྱུ་ཉིད་མ་ཡིན་ནོ། །འདིས་ནི་གང་ཞིག་རང་གི་ཁྱད་པར་གྱི་རྣམ་པ་ཅན་གྱི་ཐེ ་ཚེ་མ་གྱི་རྒྱུ་ཡིན་པ་དེ་ནི་རང་གི་ཁྱད་པར་རྣམས་ལ་སྔར་མཐོང་བ་ཅན་ཡིན་ཏེ། འགྲེང་བ་ཉིད་བཞིན། སྤྱིའི་སྒྲ་ཡང་དེ་ལྟ་བུ་ཞེས་རང་བཞིན་གསུངས་སོ། །འོ་ན་མཉན་པར་བྱ་བ་ཉིད་ཀྱིས་མ་ངེས་པ་མ་ཡིན་ནམ། དེ་ནི་གང་དུ་ཡང་མཐོང་བ་སྟེ། ཐེ་ཚོམ་གྱི་རྒྱུ་ཡོད་ཞེ་ན། ་འདི་ཡོད་པ་མ་ཡིན་ཏེ། མཉན་པར་བྱ་བ་ཉིད་ཀྱི་རང་གི་ཁྱད་པར་ནི་མཉན་པར་བྱ་བའི་བྱེ་བྲག་གི་བདག་ཉིད་རྣམས་ཁོ་ན་སྟེ། དེ་ལ་ཡང་དེ་མཐོང་བ་ཁོ་ནའོ། །གང་རྣམས་ལ་མ་མཐོང་བ་རྣག་པ་ལ་སོགས་པའི་ཚིག་དོན་རྣམས་ནི་དེའི་ཁྱད་པར་མ་ཡིན་ནོ། །ཞེས་པས ་འདི་བརྩད་པར་བྱ་བ་མ་ཡིན་ནོ། །སྤྱི་ཉིད་ཡོད་ན་ཞེས་པའི་ཁྱད་པར་འདིར་ཡང་ན་ལྟ་བར་བྱ་སྟེ། དེ་ཡང་སྤྱིའི་སྒྲའི་དབང་དུ་བྱས་པ་ལས་འཐོབ་བོ། །ཐེ་ཚོམ་མི་རིགས་ཕྱིར་ཞེ་ན། ཅེས་པ་གལ་ཏེ། དོན་དང་སྐབས་ལ་སོགས་པ་དང་བཅས་པར་གྱུར་ན། ཐེ་ཚོམ་གྱི ་རྒྱུར་མི་འགྱུར་ཏེ། བྱ་རོག་གནས་པ་དང་བཅས་པའི་འགྲེང་བཞིན་ན། ཐེ་ཚོམ་ཡང་ཡོད་དེ། དེའི་ཕྱིར་ཇི་ལྟར་རང་གི་ཁྱད་པར་རྣམས་ལ་ཉེ་བར་དམིགས་པ། སྔོན་མ་ཅན་ཉིད་དེ་ལྟར་དོན་ལ་སོགས་པ་དང་ལྷན་ཅིག་པ་ཉིད་མེད་ཀྱང་ངོ། །ཞེས་པས་གཏན་ཚིཊ ་འགལ་བའོ་ཞེས་སེམས་སོ། །དེས་ལ་འབའ་ཞིག་ལས་དེ་མིན། ཅེས་པ་ལ་སོགས་པ་སྟེ། ཁྱད་པར་དང་ལྷན་ཅིག་པ་ལས་ཐེ་ཚོམ་དུ་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དོན་དང་སྐབས་ལ་སོགས་པ་དང་ལྷན་ཅིག་པའི་སྤྱིའི་སྒྲ་ལས་ཤིང་ཤ་པ་ལ་སོགས་པ ་ཁྱད་པར་ངེས་པ་ལ་དུས་ཕྱིས་འབའ་ཞིག་པ་ལས་ཁྱད་པར་རྣམས་ལ་ཐེ་ཚོམ་ཡིན་ནོ། །འདིས་ནི་དོན་ལ་སོགས་པ་དང་ལྷན་ཅིག་པ་ཉེ་བར་དམིགས་པའི་དུས་ན་ཐེ་ཚོམ་གྱི་རྒྱུ་ཉིད་མི་འགྲུབ་བའི་ཕྱིར། གང་གི་ཚེ་ཡང་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པ་དེའི་ཚེ་དོན་ལ་སོཊ ་པ་དང་ལྷན་ཅིག་པ་ཉིད་དུ་དམ་མ་བཅས་པའི་ཕྱིར་འགལ་བ་ཉིད་མེད་དོ་ཞེས་སྟོན་པར་བྱེད་དོ། །ཁྱད་པར་ལ་འབའ་ཞིག་མེད་ཅེ་ཞེས་པ་འབའ་ཞིག་པ་ནི་ཁྱད་པར་རྣམས་ལ་སྦྱོར་བ་ཉིད་མེད་དོ། དེ་རྗོད་པར་མི་བྱེད་པ་ཉིད་ཀྱི་ཕྱིར་སྒྲ་གཞན་བཞིན་ནོ། །མ་སྦྱར་བ་ཡང་ཐེ་ཚོམ་གྱི ་རྒྱུ་ཉིད་དུ་འཐད་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟ་ན་ཡང་རང་གི་ཁྱད་པར་གྱི་རྣམ་པ་ཅན་གྱི་ཐེ་ཚོམ་གྱི་རྒྱུ་ཉིད་མ་གྲུབ་པོ། །ཉན་ལ་བལྟོས་ནས་མཐོང་བ་ཡིན་ཞེས་པ་ལན་ནོ། །ཡང་ནམ་གྱི་ཚེ་ཉན་པ་པོ་ལ་བལྟོས་པས་སྦྱོར་བ་ཡིན་ཞེ་ན་གསུངས་པ། གང་གི་ཚེ་ནི ་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་ཉན་པ་པོས་ཤིང་གི་རང་བཞིན་ལ་ཐེ་ཚོམ་ཟ་བས། ས་ལས་གྱུར་པ་ཉིད་ལ་སོགས་པ་སྤྱི་རྣམས་ཀྱི་གང་ཡང་རུང་བའི་རང་བཞིན་རྟོགས་པའི་དོན་དུ། དེ་ལས་གཞན་པའི་སྤྱི་བསལ་བས་དོན་དུ་གཉེར་བར་འགྱུར་བ་དེའི་ཚེ། ས་ལས་གྱུར་པ ་ཞེས་པ་ལས་གྱུར་པའི་སྒྲ་འབའ་ཞིག་པའི་སྦྱོར་བ་སྲིད་དོ། །འོན་དེས་པ་ལ་ཞེས་པ་ལ་སོགས་པས་ཐེ་ཚོམ་མི་འཐད་པར་སྟོན་ཏོ། །འདྲི་བ་པོས་ན་ཤིང་ངེས་པ་ཁོ་ན་ཏེ། དེ་ལྟར་ནི་འདི་འདི་ལྟར་འདྲི་སྟེ་ཅི་ཤིང་ནི་ས་ལས་གྱུར་པ་ཡིན་ནམ། འོན་ཏེ་འབྱུང་བ་ཆེན་པོ་ལྔ་ལས ་གྱུར་བ་ཡིན་ཅེས་སོ། །དེ་ལྔར་འདྲི་བ་པོས་ཤིང་དེས་པ་ལས་ཅི་ཞག་ལས་སྤྱིའི་སྒྲ་འབའ་ཞིག་ལས་ཐེ་ཚོམ་ཡིན། དེ་ཁོ་ན་པ་རྟན་ཚིགས་མ་གྲུབ་པ་ཉིད་དོ། །དེ་ངེས་པ་ལ་གཞན་གྱི་ཞེས་པ་ཡང་ན་རྟ་འདྲིས་ཡོས་གླིང་ངེས་པ་ཁོ་ན་ལ། གང་གཞན་སྐབས་དེ་མི་ཤེས ་ཤིང། ས་ལས་གྱུར་པའི་སྒྲ་འབའ་ཞིག་ཐོས་པར་གྱུར་པ་དེའི་ཚེ་ཐེ་ཚོམ་སྐྱེ་སྟེ། སྔར་དོན་ལ་སོགས་པ་དང་ལྷན་ཅིག་པའི་ཁྱད་པར་མཐོང་བའི་ཕྱིར་རོ་ཞེས་སོ། །དེ་ལྟར་དོན་གྱི་སྤྱི་བྱེ་བྲག་ཏུ་རྟོགས་པར་བྱས་ནས། སྒྲའི་སྤྱི་བྱེ་བྲག་ཏུ་རྟོགས་པའི་རྦྱེད?་དུ ་གསུངས་པ། ཇི་ལྟར་ཡང་ཞེས་པ་ལ་སོགས་པའོ། །ཇི་ལྟར་དོན་རྣམས་ལ་དོན་བྱ་བ་ཅི་བྱེད་པའི་གསལ་བའི་ཁྱད་པར་ཉམས་སུ་མྱོང་བའི་སྒོ་ནས་འོངས་པ། བློ་ལ་ལོག་པར་འཇུག་བཞིན་པ་སྤྱིའི་རྣམ་པ། ཐ་སྙད་བྱེད་པ་པོ་རྣམས་ཀྱིས་ཕྱི་རོལ་གྱི་ངོ་བོ་ཉིད་དུ་ཞེན་བཞིན་རེ ་དོན་གཞན་རྣམ་པར་སེལ་བ་ཞེས་བྱ་བའི་སྤྱི་རྟོགས་པར་བྱེད་པ་དེ་བཞིན་དུ་སྒྲ་རྣམས་ལ་དེའི་འབྲས་བུ་ཅན་ཡང་མ་ཡིན་པ་ལས་ལོག་པའི་སྒྲའི་རང་གི་མཚན་ཉིད་ཉམས་སུ་མྱོང་བས་བྱས་པའི་འཁྲུལ་པའི་བག་ཆགས་ཀྱིས ་ཉེ་བར་དྲངས་པ་ལས་སྐྱེས་པ་བློ་ལ་ཡོད་པ། སྤྱིའི་རྣམ་པ། ཐ་སྙད་ཀྱི་རྗེས་སུ་འབྲང་པ་རྣམས་ཀྱིས་ཕྱི་རོལ་གྱི་སྒྲ་ཙམ་རྗེས་སུ་འགྲོ་བ་ཉིད་དུ་ལྷག་པར་ཞེན་པ། སྒྲ་གཞན་རྣམ་པར་གཅོད་པ་ན་ཞེས་བྱ་པ་སྤྱི་རུ་རྣམ་པར་བཞག་པར་བྱའོ། །ཇི་ལྟར་ཞེས་པ་ལ་སོགས་པས་ཚིག ་ལེའུར་བྱས་པའི་དོན་འཆད་དོ། །མ་བྱས་པ་གསལ་བས་ཞེས་པ་རྒྱུ་ལ་གསུམ་པའོ། །མ་བྱས་པ་བསལ་བ་ནི་བྱས་པའི་དངོས་པོར་བརྗོད་པར་བྱ་སྟེ། ལྡོག་པ་ནི་ལྡོག་པ་དང་ལྡན་པ་ལས་གཞན་མ་ཡིན་པ་སོ་ཞེས་བཤད་ཟིན་པས་སོ། །ལྡོག་པ་དང་རྣམ་པར་བསལ ་པ་དང་རྣམ་པར་གཅོད་པ་ཞེས་པ་ནི་རྣམ་གྲངས་ཡིན་པས་སོ། །དེས་ན་འདི་སྐད་བཤད་པར་འགྱུར་ཏེ། མ་བྱས་པ་བསལ་བའི་རྒྱུས་བྱས་པ་ཉིད་བྱས་པའི་དངོས་པོའི་རྒྱུ་ཅན་གང་བྱས་པ་ཉིད་བློ་ལ་སཽར་སྣང་བའི་ཁྱད་པར་ནི་ཇི་ལྟར་དེའི་སྤྱི་ལས་ཏེ་བྱས་པའི་གསལ་བ ་ལ་ཐུན་མོང་པ་ཉིད་ལས་མི་རྟག་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པ་དེ་ལྟར་སྒྲ་གཞན་རྣམ་པར་གཅད་པའི་རྒྱུ་ཡིས་རྣམ་པར་ཤེས་པའི་རྣམ་པའི་ཁྱད་པར་གྱི་ངོ་བོ་ནི་སྒྲ་ལས་རང་གི་སྤྱི་རུ་བརྗོད་པར་བྱ་ཞིང། དེ་ཉིད་ཀྱིས་སྒྲ་དོན་རྟོགས་པར་བྱེད་ཀྱི། རང་གི་མཚན་ཉིད ་ཀྱིས་ནི་མ་ཡིན་ཏེ། དེ་སྔར་མཐོང་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །སྒྲའི་གཅིག་དང་དུ་མ་ཉིད་དུ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། དེ་ལ་ཡང་ཞེས་པ་ལ་སོགས་པའོ། །དེ་ལ་ཡང་སྟེ་སྒྲ་ལ་གཞན་འདི་རིགས་པར་བྱ་སྟེ། གང་དུ་ཨཀྵ་ལ་སོགས་པའི ་སྒྲ་ཐོས་པ་ལ། བརྗོད་པར་བྱ་བ་ཤིང་རྟའི་ཡན་ལག་ལ་སོགས་གལ་ཐེ་ཚོམ་དུ་འགྱུར་ཏེ། སོགས་བ་སྨོས་པ་ལས་བ་རུ་ར་ལ་སོགས་པ་ལའོ། །དེ་ལ་སྒྲ་གཅིག་ཉིད་ཡིན་ནོ། །གཅིག་ནི་དོན་དུ་མ་དང་འབྲེལ་པ་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དུ་རབ་ཏུ་གྲུབ་སྟེ། དེའི་ཕྱིར་གཞལ ་བྱ་ཉིད་བཞིན་དུ་དུ་མ་དང་འབྲེལ་པ་ཅན་ནི་ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་གཅིག་ཅེས་རྟོགས་པར་བྱའོ། །དུ་མ་ལས་དེར་ཐེ་ཚོམ་ལའོ་ཞེས་པ། ཇི་ལྟར་བྷ་ཝ་ཏིའི་སྒྲ་ལ་སོགས་པ་ལ་འདྲ་བ་ཉིད་ལས་ཐེ་ཚོམ་དུ་སྟེ། ཅི་འདི་ཤ་ཏིའི་མཛའ་ཅན་གྱི་བདུན་པའི་གཅིག་གི་ཚིག་ཏུ་གྱུར་པ་ནའི ་གཟུགས་ཡིན་ནམ། འོན་ཏེ་ཏིང་ངའི་མཛའ་འམ། འོན་ཏེ་བོད་པ་ཡིན། དེ་བཞིན་དུ་ཨ་སྱ་ཞེས་བརྗོད་པ་ནི་ཐེ་ཚོམ་སྟེ། ཅི་འདི་དྲུག་པའི་མཛའ་ཅན་གྱི་ཚིག་གམ། འོན་ཏེ་ལོ་ཊའི་སྐྱེས་བུ་བར་པའི་གཅིག་ཚིག་གི་མཛའ་ཅན་ཡིན་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་ལ། སྒྲ ་མཚུངས་ན་ཡང་སྒྲའི་དབྱེ་བ་བལྟ་བར་བྱའོ། །ཅི་ཞིག་ཏུ་ཇི་ལྟ་བུར་ཞེ་ན་གསུངས་པ། དཔེར་ན་ཀ་ཨིརྟ་ཞེས་པ་ལྟ་བུ་སྟེ། འདིར་ནི་འདུས་བ་ན་སྒྲའི་ངོ་བོ་གྱུར་པའི་ཐེ་ཚོམ་སྟེ། ཅི་འདི་དང་པོའི་མཛའ་ཅན་ནམ། འོན་ཏེ་བདུན་པའི་མཛའ་ཅན་ཞེས་ཏེ། གཅིག་མ་ཡིན་པ་ཉིད་ཀྱང ་རབ་ཏུ་གྲུབ་པོ། །དེ་ལྟར་འཇིག་རྟེན་གྱི་དོན་ལ་དང་སྒྲ་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་ཐ་མི་དད་པ་དང་ཐ་དད་པ་ཡང་རིགས་པར་བྱའོ། །ཡང་ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། སྒྲ་དོན་གཞན་རྣམ་པར་བཅད་པས་ཇི་སྐད་བཤད་པའི་རང་གི་དོན་རྗོད་པར་བྱེད་པའོ་ཞེས་པའི ་ཕྱོགས་འདི་ལ། གང་ལས་འདི་ཁས་བླང་བ། ཕྱོགས་བཞི་པོ་རྣམས་ལ་གང་སྔར་བརྗོད་པའི་སྐྱོན་དེ་རྣམས་ཅི་ལྟར་མེད་ཅེས་འདྲི་བའོ། །སྒྲ་གཞན་དོན་ལ་མ་མཐོང་ཕྱིར་ཞེས་པ་སྒྲའི་དོན་སྨོས་པ་ནི་མི་མཐུན་ཕྱོགས་ཉེ་བར་མཚོན་པ་སྟེ། མི་མཐུན་ཕྱོགས་ལ་མ ་མཐོང་བའི་ཕྱིར་ཞེས་པའི་དོན་ནོ། །རང་དོན་ཆ་ཤས་ལ་མཐོང་ཕྱིར། ཞེས་པ་འདིར་རང་རང་གི་དོན་ཡིན་ནོ། །འདི་ཡང་ཅི་ཡིན་ཞེ་ན། བརྗོད་པར་འདོད་པ་དང་ལྡན་པའི་སྐྱེས་བུའི་ཚོགས་པའོ། །དེའི་ཆ་ཤས་ནི་ཡན་ལག་སྟེ། བརྗོད་འདོད་དང་ལྡན་པའི་སྐྱེས་བུའོ། །ཆ ་ཤས་ལའང་ཞེས་པ་བརྗོད་འདོད་ཅན་གྱི་འདི་རྣམ་གྲངས་སོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཡང་ཇི་སྐད་བཤད་པའི་རང་གི་དོན་གྱི་ཆ་ཤས་རྣམས་མཛའ་ཡས་པ་དེ་ལྟ་ན་ཡང་གཅིག་ལ་ཡང་མཐོང་བའི་ཕྱིར་ཞེས་པ་སྟེ། ཡང་གི་སྒྲ་ནི་དུ་མ་ལ ་ཡང་ངོ་ཞེས་གསལ་བར་བྱེད་པའོ། །མཐུན་ཕྱོགས་ལ་ཁྱབ་པ་ན་རྟོགས་པར་བྱེད་པ་ལ་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་ཆ་ཤས་སྨོས་ཏེ་ཁྱབ་པར་བྱེད་པ་མ་ཡིན་ན་ཡང་གོ་བར་བྱེད་པ་ཡིན་ནོ། །སྒྲའི་འབྲེལ་བ་སླ་བ་ཉིད། ཇི་སྐད་བཤད་པའི ་གཏན་ཚིགས་ཀྱི་ཕྱིར་རོ། །འཁྲུལ་པ་ཉིད་ནི་ཡོད་མ་ཡིན། རང་གི་དོན་མེད་ན་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་ཞེས་པ་ལ་སོགས་པས་དོན་ཁོ་ན་གསལ་བར་བྱེད་དོ། །སྒོ་ནི་ཐབས་སོ། །སྒྲ་ནི་རྟགས་ཡིན་པ་ཉིད་ཀྱི་ཕྱིར་དང། དེ་ཡང་རྗེས་སུ ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཀྱིས་འབྲེལ་པའི་སྟོབས་ཀྱིས་གོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ཀྱང་ཞེས་པ་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་ཉེ་བར་བརྗོད་པ་སྟེ། རྟགས་དེ་དང་མཚུངས་པ་ཁོ་ན་ལ་འཇུག་པ་དང། དེ་དང་མི་མཚུངས་པ ་ལ་མི་འཇུག་པ་ཁོ་ནའོ་ཞེས་པ་འདི་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་རང་གི་ངོ་པོའོ། །དེ་ལ་དེ་དང་མཚུངས་པ་ལ་ནི་གདོན་མི་ཟ་བར་མ་ཡིན་ཞེས་པ། ངེས་པ་འདི་ནི་རིགས་མཐུན་པ་ཐམས་ཅད་ལ་འཇུག་པར་བརྗོད་པར་བྱ་བ་མ་ཡིན་པའོ། །ཅིའི་ཕྱིར ་ཞེ་ན་གསུངས་པ། འགའ་ཞིག་ལ་ཞེས་པ་ལ་སོགས་པའོ། །ཤིང་ལ་སོགས་པའི་སྒྲ་ནི་ཤིང་ལ་སོགས་པ་ཐམས་ཅད་ལ་མཐོང་བ་སྲིད་པ་མ་ཡིན་པ་སྟེ། དེ་རྣམས་མཛའ་ཡས་པ་ཉིད་ཀྱི་ཕྱིར་རོ། །འདོད་རྒྱལ་བའི་སྒྲ་རྣམས་ནི་ཐམས་ཅད་དུ་མཐོང་བ་སྲིད ་དེ། དེའི་ཡུལ་གཅིག་ཉིད་ཀྱི་ཕྱིར་རོ་ཞེས་པ་སྟེ་དེའི་ཕྱིར་འགའ་ཞིག་ཏུ་ཞེས་གསུངས་སོ། །དེ་ལྟར་དེར་ཞིག་རྗེས་སུ་འགྲོ་བ་བཤད་པ་སླ་བའོ། །དེ་ལྟར་འགྱུར་མོད་དེ་དང་མི་མཚུངས་པ་རྣམས་མཐལ་ཡས་པ་ཉིད་ཀྱི་ཕྱིར་ལྡོག་པ་བཤད་པ་ཡང་ཐམ་ཅད་དུ་མི་སྲིད ་པའོ་ཞེ་ན། དེའི་ཕྱིར་གསུངས་པ། མི་མཚུངས་པ་ལ་ནི་མཛའ་ཡས་པ་ཉིད་ཡོད་ན་ཡང་ཞེས་པ། གང་ལ་སྒྲའི་དོན་མེད་པ་དེ་རྣམས་མཛའ་ཡས་པ་ཉིད་ཡོད་ནའང་རང་གི་དོན་མེད་ན་སྒྲ་མེད་པའི་མཚན་ཉིད་ཅན་གྱི་ལྡོག་པ་བསྟན་པར་ནུས་ཏེ། མ་མཐོང་བ་ནི ་མེད་པ་ཙམ་ཉིད་ཀྱི་ཕྱིར་རོ། །སྒྲ་དང་དོན་དག་འབྲས་བུ་དང་རྒྱུའི་དངོས་པོར་གྲུབ་པ་ལ་རྒྱུ་དོན་མེད་པ་ན། དེའི་འབྲས་བུ་སྒྲ་མེད་པར་འགྱུར་རོ་ཞེས་པ་འདི་ཙམ་གྱིས་མ་མཐོང་བ་རྟོགས་པར་བྱས་པར་འགྱུར་རོ། །དེ་ལ་རྟེན་མཐོང་བ་མི་དགོས་ཏེ། དེ་མེད་ཀྱང་ལྡོག་པ་ངེས་པའི ་ཕྱིར་རོ། །རྒྱུ་མེད་ན་འབྲས་བུ་སྲིད་པ་མ་ཡིན་པས་ཏེ། དེའི་ཕྱིར་ལྡོག་པ་ཡང་བཤད་པ་སླའོ། །དེ་ཉིད་ཀྱི་ཕྱིར་ཞེས་པ་གང་གི་ཕྱིར་མཐོང་བ་ནི་དེ་དང་མཚུངས་པ་ཐམས་ཅད་ལ་མི་སྲིད་ཅིང། དེ་དང་མཚུངས་པ་མ་ཡིན་པ་ལ་ནི་མ་མཐོང་བ་སྲིད་པ་དེའི་ཕྱིར་རང་དང་འབྲེལ ་པ་ཅན་རྣམས་ལས་ཏེ་རིགས་མཐུན་པ་རྣམས་ལས་གཞན་ལ་ཏེ། མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར། དེ་རྣམ་པར་གཅོད་པ་རྗེས་སུ་དཔག་པའོ་ཞེས་པ། གང་དུ་རང་གི་དོན་མེད་པ་ལ་མ་མཐོང་བ་དེ་ནི་རྣམ་པར་གཅོད་པ་རྣམས་རྗེས་སུ་དཔག་པ་ནི་རྗེས་སུ་དཔག ་པར་རང་གི་དོན་ལ་མངོན་པར་བརྗོད་དོ་ཞེས་བཤད་པར་བྱའོ། །འདིས་ནི་གལ་ཏེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གཉིས་ཀ་དག་ཀྱང་རྗེས་སུ་དཔོག་པ་ལ་ཡན་ལག་ཉིད་ཡིན་པ་དེ་ལྟ་ན་ཡང་ལྡོག་པ་གཙོ་བོ་ཉིད་ཀྱི་ཕྱིར་དེའི་སྒོ་ཁོ་ནས་གོ་བར་བྱེད་པ་ཉིད་དོ་ཞེས་སྟོན ་ཏོ། །རྗེས་སུ་འགྲོ་བའི་སྒོ་ཡིས་ནི་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །གལ་ཏེ་རྗེས་སུ་འགྲོ་པའི་སྒོ་ཁོ་ནས་མངོན་པར་བརྗོད་པར་འདོད་ན། དེ་ལྟར་གྱུར་ན་ཤིང་གི་སྒྲ་དོན་ལ་སོགས་པ་དང་ལྷན་ཅིག་པ་ནི་ཤིང་ཤ་པ་ལ་སོགས་པ་རྣམས་ལ་རྗེས་སུ་འགྲོ ་བ་ཡོང་ངོ་ཞེས་པས། ཤིང་གི་སྒྲོ་འབའ་ཞིག་པ་ལས་དངོས་པོ་གཅིག་ལ་ཤིང་ཤ་བ་ལ་སོགས་པ་སྣང་བར་ཐེ་ཚོམ་མི་འགྱུར་གྱི། འོན་ཀྱང་ངེས་པ་ཁོ་ནར་འགྱུར་རོ། །ཅི་སྟེ་དུ་མ་ལ་མཐོང་བའི་ཕྱིར་ཐེ་ཚོམ་ཡིན་ན། དེ་ལྟ་ན་འོ་ན་དེ་ལ་ཐེ་ཚོམ་ཐ་བ་བཞིན་དུས་ལས ་གྱུར་པ་ཉིད་དང་རྫས་ཉིད་ལ་སོགས་པར་སྣང་བ་ལ་ཡང་ཐེ་ཚོམ་དུ་འགྱུར་ཏེ། ས་ལས་གྱུར་པ་ཉིད་ལ་སོགས་པ་ལ་དུ་མ་ལ་མཐོང་བའི་ཕྱིར་རོ། །ངེས་པ་ནི་མཐོང་སྟེ། གང་གི་ཕྱིར་དུ་མ་ལ་ཡང་འཇུག་བཞིན་པ་ནི། གང་མེད་ན་མི་འགྱུར་བ་དེས་རྟོགས་པར་བྱེད་ཀྱི ་ཅིག་ཤོས་ནི་མ་ཡིན་ནོ། །དེའི་ཕྱིར་ལྡོག་པའི་སྒོ་ནས་རྗེས་སུ་དཔག་པ་སྟེ། འདི་ཁོ་ན་སྟོན་པ་གསུངས་པ། གང་གི་ཕྱིར་ནི་ཞེས་པ་ལ་སོགས་པའོ། །ལྡོག་པའི་སྒོ་ཁོ་ནས་རྟོགས་པར་བྱེད་པའོ། །ཞེས་པ་འདི་གཞུང་གཟུགས་པར་བྱ་བའི་ཆེད་དུ་བར ་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཤེས་བྱའི་སྒྲ་ནི་ཡོད་པ་དང་རྫས་དང་ས་ལས་གྱུར་པ་དང་ཤིང་ཉིད་ཏེ། གཞི་རྣམས་ལ་ཐེ་ཚོམ་གྱི་རྒྱུ་སྟེ། གང་གི་ཕྱིར་དེ་ནི་དེ་རྣམས་མེད་ན་ཡང་མཐོང་བས་སོ། །འདི་ལྟར་དུ་ཕྱི་མ་རྣམས་ལ་ཡང་བརྗོད་པར་བྱའོ། །ཡོད་པའི་སྒྲ་ནི ་རྫས་དང་ས་ལས་གྱུར་བ་དང་ཤིང་ཉིད་དེ་གསུམ་རྣམས་ལའོ། །རྫས་ཀྱི་སྒྲ་ནི་ས་ལས་གྱུར་པ་དང་ཤིང་ཉིད་དེ་གཉིས་དག་ལའོ། །ས་ལས་གྱུར་པའི་སྒྲ་ནི་ཤིང་ཉིད་གཅིག་པུ་ལའོ། །དེས་ལ་གཞན་དུ་ཞེས་པ་ལ་རྒྱུ་མཚན་ནོ་ཞེས་འཇུག་གོ་།གཞན་དུ་ཞེས་པ་ལུགས་དང ་མཐུན་པས་ཏེ། ཤིང་གི་སྒྲ་ནི་ས་ལས་གྱུར་པ་དང། རྫས་དང་ཡོད་པ་དང་ཤེས་བྱ་སྟེ་གཞི་རྣམས་ལ་ངེས་པའི་རྒྱུའོ། །དེ་ལྟར་ནི་དེ་ནི་དེ་རྣམས་ལ་ཡང་མཐོང་ཞིང་དེ་རྣམས་མེད་པ་ལ་ཡང་མ་མཐོང་བས་སོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་བརྗོད་པར་བྱ་སྟེ། ས ་ལས་གྱུར་བའི་སྒྲ་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་རེ་རེས་དམན་པས་རྫས་ཉིད་ལ་སོགས་རྣམས་ལ་ངེས་པའི་རྒྱུར་ཤེས་པར་བྱའོ། །གལ་ཏེ་ཡང་མཐོང་བ་བཞིན་དུ་བསྒྲུབ་པས་རྟོགས་པར་བྱེད་པར་འགྱུར་ན། རིམ་པ་ཇི་ལྟ་བས་བཞི་དང་གསུམ་དང་གཉིས ་དང་གཅིག་གི་དོན་ལ་ངེས་པ་དང། དེ་ལྟར་ལུགས་ལས་ལྡོག་པས་འགྱུར་ཏེ། ཤེས་བྱའི་སྒྲ་ལ་སོགས་པ་རྣམས་ཡོད་པ་ཉིད་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་དེ་མེད་ན་ཡང་མཐོང་བ་ཉིད་ཀྱི་ཕྱིར་ཐེ་ཚོམ་སྟེ། དེའི་ཕྱིར་ལྡོག་པའི་སྒོ་ཁོ་ནས་གོ་བར་བྱེད ་པ་ཉིད་དོ་ཞེས་པའོ། །འབྲེལ་བའི་སྒོ་མ་རྟོགས་པར་ཞེས་པ་ལ་སོགས་པ་སྟེ། འབྲེལ་བ་ནི་མེད་ན་མི་འབྱུང་བའོ། དེ་ཁོ་ན་སྒོ་སྟེ། རྗེས་སུ་དཔོག་པའི་རྒྱུ་མཚན་ནོ། །དེ་ཡོངས་སུ་སྤངས་ནས་སྒྲ་ནི་རྟགས་བཞིན་དུ་རང་གི་དོན་རྟོགས་པའི་ནུས་པ་ཡོད་པ་མ་ཡིན་ཏེ། བཞིན་གྱི་སྒྲ་ནི་དཔེ ་ཉིད་པའོ། །ཇི་ལྟར་དོན་གྱི་བདག་ཉིད་ཀྱིས་རྟགས་ནི་མེད་ན་མི་འབྱུང་བའི་འབྲེལ་པའི་སྒོ་ནས་རྟགས་པར་བྱེད་ཅིང་རང་གི་དོན་ལྡོག་པའི་སྒོ་ནས་རྟོགས་པར་བྱེད་པ་དེ་ལྟར་སྒྲ་ཡང་ངོ་ཞེས་རྟོགས་པར་བྱ་བའི་ཆེད་དུ་བརྟག་བཞིན་ཞེས་པའི་ཚིག་གོ་།དེའི་ཆོས་དུས་ཉིད་ན་ཞེས་པ། ་ཤིང་ཤ་བ་ལ་སོགས་པའི་དབྱིབས་སམ་མེ་ཏོག་ཅན་དང་འབྲས་བུ་ཅན་ཉིད་ལ་སོགས་པའི་དབྱེ་བས་ཤིང་ལ་སོགས་པའི་དོན་ནི་ཆོས་དུ་མ་ཅན་ཉིད་ན་ཡང། རྣམ་པ་ཐམས་ཅད་རྟོགས་པ་མི་སྲིད་པའི་ཕྱིར་རོ་ཞེས་པ། གལ་ཏེ་རྣམ་པ་ཐམས་ཅད་ཀྱིས་མེ་ཏོག་ཅན་དང་འབྲས་བུ་ཅན ་ལ་སོགས་པས་རྟོགས་པར་གྱུར་ན། དེའི་ཚེ་ཇི་སྐད་བཤད་པའི་འབྲེལ་བ་མེད་པར་སྒྲུབ་པ་ཁོ་ནས་རྟོགས་པར་འགྱུར་ན་དེ་ཡང་སྲིད་པ་མ་ཡིན་ཏེ། མེ་ཏོག་ཅན་ཉིད་ལ་སོགས་པའི་བྱེ་བྲག་རྣམས་ལ་འཁྲུལ་པའི་ཕྱིར་རོ། །ཇི་ལྟར་མཐོང་བ་བཞིན་དུ་རྟོགས་པ་ནི་སྒྲུབ་པ་ཡིན་ཏེ། དེའི་ཕྱིར ་སྒྲུབ་པས་རྟོགས་པ་མ་ཡིན་གྱི་འོན་ཀྱང་དོན་གཞན་ལས་ལྡོག་པའི་སྒོ་ནས་སོ། །ཁྱད་པར་མི་བརྗོད་པའི་ཕྱིར་ཞེས་པ། དེ་རྣམས་ཕན་ཚུན་མེད་ན་ཡང་ཡོད་པའི་ཕྱིར་འཁྲུལ་པར་འགྱུར་ཞིང། སྤྱི་བརྗོད་པར་བྱ་བ་ཡིན་ན་མ་ཡིན་ཏེ། དེ་ཐ་མི་དད་པའི་ཕྱིར་དང། དེ་མེད་ན་ཡང་སྒྲ་མེད ་པའི་ཕྱིར་རོ། །གཞན་བཀག་པ་ནི་ཁྱབ་པའི་ཕྱིར། ཞེས་པ་ཁྱབ་པ་ནི་རང་གི་ཁྱད་པར་མི་སྤོང་བའོ། །གཞན་བཀག་པ་ནི་ཇི་སྐད་བཤད་པའི་སྤྱིའོ། །དེ་ཁྱབ་པའི་ཕྱིར་ཏེ། རང་གི་ཁྱད་པར་རྣམས་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ནོ། །གཞན་བཀག་པའི་ཞེས་པ་ཀྲི་ཏིའི་སྦྱོར་བའི ་མཚན་ཉིད་ཅན་གྱི་བྱེད་པ་པོ་ལ་དྲུག་པ་འདིའོ། །དེ་ཁྱད་དོན་དང་ཐ་དད་མེད་ཅེས་པ། གཞན་སེལ་བའི་ཁྱད་པར་བརྗོད་པ་རྣམས་དང་སྟེ། རྫས་ལ་སོགས་པའི་སྒ་རྣམས་དང་ཡོད་པ་ལ་སོགས་པའི་སྒྲ་གཞི་མཐུན་པའོ། །ཞེས་པའི་དོན་ནོ། །སྤྱིའི་སྒྲའི་ནི་ཞེས་པ་ལ་སོགས་པ་སྟེ། སྤྱིའི ་སྒྲའི་གང་བྱ་བ་སྟེ། རྟོགས་པར་བྱ་བའོ། །དེ་ཡང་ཅི་ལྟ་བུ་ཞེ་ན། དོན་གཞན་བསལ་བ་དེ་ནི་རང་གི་དོན་མ་སྤངས་པས་སོ། །འདིས་ནི་ཁྱབ་པར་བྱེད་པ་ཉིད་གསུངས་སོ། །ཇི་ལྟར་རིགས་མངོན་པར་བརྗོད་པ་ན། རིགས་གཞན་རྣམས་ཡོངས་སུ་སྤོང་བ་དེ་ལྟར་དོན་གཞན་སེལ་མངོན་པར ་བརྗོད་པ་ན། རྫས་ཉིད་ལ་སོགས་པའི་ཁྱད་པར་རྣམས་ནི་མ་ཡིན་ཏེ། ཐ་མི་དད་པའི་དངོས་པོའི་ཡོད་པའི་སྒྲ་ལས་རྫས་མ་སྤངས་པ་ཉིད་ལ་སོགས་པའི་རྣམ་པ་ཅན་ནི་བློ་ལ་སོ་སོར་སྣང་བའི་ཕྱིར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ལའོ། །ཞེས ་བའི་སྒྲ་ནི་དེའི་ཕྱིར་གྱི་དོན་ཅན་ནོ། །གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར། ཐ་དད་པའི་དོན་ཅན་རྫས་ལ་སོགས་པའི་སྒྲ་རྣམས་དང་ཡོད་པའི་སྒྲ་བཞི་མཐུན་པ་ཉིད་འཐད་པའོ། །ཅི་ལྟར་བྱས་ནས་ཞེ་ན། ཤེས་པ་གང་འདི་ནི་དངོས་པོའི་རང་བཞིན་འཛིན་པའི ་ཉམས་སུ་མྱོང་བས་བྱས་པའི་བག་ཆགས་ལ་བརྟེན་ནས། ཕྱི་རོལ་གྱི་དོན་གྱི་ཡུལ་ཅན་མ་ཡིན་ཡང་དེའི་ཡུལ་ཅན་བཞིན་དང། འབྲས་བུ་ཐ་མི་དད་པའི་དངོས་པོ་ལས་རབ་ཏུ་སྐྱེས་པའི་ཕྱིར་ཐ་མི་དད་པའི་དོན་འཛིན་པ་ལྟ་བུའི་རྣམ་པར་རྟོག་པ་སྐྱེའོ། །དེ་ལ་གང་དོན ་གྱི་རྣམ་པར་སྣང་བ་ཐ་སྙད་བྱེད་པ་པོ་རྣམས་ཀྱིས་ཕྱི་རོལ་གྱི་དོན་ཉིད་དུ་ལྷག་པར་ཞེན་པ་དེ་ལ་གཞི་མཐུན་པ་ཉིད་དུ་རྣམ་པར་བཞག་གི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ། །བློ་ལ་མི་སྣང་བའི་ཕྱིར་རོ། །ཡོད་པ་མ་ཡིན་པ་ལས་ལོགས་པའི་ངོ་བོར་སོ་སོར་སྣང་བཞིན་པ་དེ་ནི་ཐ་མི ་དད་པའི་ཡོད་པའི་རྣམ་པའི་རྗེས་སུ་སོང་བར་སོ་སོར་སྣང་བཞིན་ཡོད་པ་མ་ཡིན་པ་ལས་ལྡོག་པ་དེ་ཁོ་ན་ནི་ཡང་རྫས་མ་ཡིན་པ་ཉིད་ལ་སོགས་པ་ལས་ཀྱང་ལག་པ་སྟེ་རྫས་ཉིད་ལ་སོགས་པའི་རྣམ་པ་གཉིས་པ་དང་རྗེས་སུ་ལྡན་པ་དང་ཐ་མི་དད་པར་སོ་སོར་སྣང་ངོ། །དེའི ་ཕྱིར་དངོས་པོ་གཅིག་ཡོད་པ་ཉིད་དང་རྫས་ཉིད་དུ་གསལ་བཞིན་པ་ནི་ཡོད་པའི་རྫས་ཞེས་ཡོད་པ་དང་རྫས་ཀྱི་སྒྲ་དག་གིས་བརྗོད་པར་བྱའོ་ཞེས་གཞི་མཐུན་པ་ཉིད་དུ་རྣམ་པར་བཞག་པར་བྱའོ། །དེ་ལྟར་ནི་རང་གི་དོན་ལ་མི་འཁྲུལ་ལོ་ཞེས་པ། ཚོགས་པའི་དོན་ནི་ཁྱད ་པར་དུ་བྱས་པ་སྟེ། གལ་ཏེ་དེ་རྗོད་པར་བྱེད་པར་ཚིག་འགྱུར་ན། དེའི་ཚེད་མེད་ན་ཡང་ཚིག་འཇུག་པའི་ཕྱིར་དེ་རྟོགས་པར་མི་འགྱུར་རོ། །གང་གི་ཕྱིར་ཆོགས་པ་ནི་སྒྲ་གཞན་ཁོ་ན་སྟེ་དེའི་རྗོད་བྱེད་ཡིན་པ་དེའི་ཕྱིར་འཁྲུལ་པ་མ་ཡིན་ནོ། །ཕྱི་མའི་ཡང་ཞེས་བ། རང་དབང ་མེད་ཕྱིར་དེ་ལྡན་མིན་ཞེས་པ་འདི་ལ། །དངོས་སུ་འཇུག་ཕྱིར་ཞེས་པ་དེ་དང་ལྡན་པའི་ཕྱོགས་བཞིན་དུ་ཡོན་ཏན་གྱི་ངོ་བོ་ཕན་བཏགས་པའི་དངོས་པོ་སྒྲས་བརྗོད་པར་བྱ་བ་མ་ཡིན་པས་ཏེ། དེར་ནི་ཡོན་ཏན་གཞན་གྱིས་ཕན་འདོགས་པ་འགལ་བའི་ཕྱིར་དོར་ཞིང། འདིར་ནི ་ཡོད་པ་ཉིད་ལ་སོགས་པའི་ཡོན་ཏན་གཞན་ལ་མ་བལྟོས་པར་ཡོད་པ་མ་ཡིན་པ་བསལ་བའི་དངོས་པོ་ལ་སྒྲ་འཇུག་གོ་།དེ་སྟོན་ཏེ་དོན་གཞན་ཉེ་བར་བླངས་ན་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་གཞན་དབང་ཉིད་ཡིན་པས་ཞེས་པ་སྟེ། གང་ཉེ་བར་བླངས་ནས་རྫས ་ལ་སྒྲ་འཇུག་པ་གཞན་སེལ?་ཞེས་བྱས་རིགས་ལ་སོགས་པ་ལྟར་དོན་གཞན་ཅུང་ཟད་ཅིག་མ་ཡིན་ཏེ། དེའི་ཕྱིར་བར་ཆོད་པ་མེད་པའི་ཕྱིར་ཅི་ཞིག་ལས་གཞན་གྱི་དབང་ཉིད་ཡིན། དེ་ཁོ་ན་ནི་དངོས་པོ་ཡོད་པ་མ་ཡིན་པ་ལས་ལོག་པ་དངོས་སུ་བརྗོད་པར་བྱ ་བ་སྟེ། དེའི་ཕྱིར་དེའི་ཁྱད་པར་གང་ཡིན་པ་དེ་ལ་ཐ་མི་དད་པའི་ཕྱིར་སྤོང་བར་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཏགས་པའི་ཉེས་པ་ཡང་མེད་དེ། གཞན་དུ་ན་གཙོ་བོར་འཇུག་པའི་སྒྲ་ནི་རྫས་ལ་སོགས་པ་རྣམས་ལ་གདགས་པར་བྱ་བ་མ་ཡིན་པས་སོ། །འང་མ་ཡིན ་ཞེས་པ་ལ་སོགས་པ། ཁྱད་པར་ནི་མཛའ་ཡས་པ་ཐུག་པ་མེད་པ་སྟེ། དེའི་ཕྱིར་མ་བརྗོད་པའི་སྐྱོན་མེད་དེ། དེ་ལྡན་ཁྱད་པར་ཁོ་ནར་བརྗོད། །དེ་ཡང་སྔར་ནི་གསལ་བ་ཡིན། ཞེས་པ་འདི་ཡིས་བཤད་པའོ། །ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་སྤྱི་མ ་ཡིན་པའི་སྐྱོན་ཡང་མེད་དེ། གང་བཤད་པ། དེ་ལྡན་དོན་ནི་བུམ་པ་ལ་སོགས་པའང་ཞེས་པ་ལ་སོགས་པས་སོ། །ཅིའི་ཕྱིར་མེད་ཅེ་ན་གསུངས་པ། དོན་གཞན་སེལ་བ་ཙམ་ནི་ཐ་མི་དད་པའི་ཕྱིར་ཞེས་པ་སྟེ། འདིས་ནི་ཐ་དད་མེད་ཕྱིར། ཞེས་པ་འང ་བཀྲལ་བའོ། །ཐ་དད་ཡོད་ན་ནི་མཛའ་ཡས་པ་ཉིད་ཀྱི་སྐྱོན་དུ་འགྱུར་ཞིང། སྤྱི་མེད་པའི་སྐྱོན་དུ་ཡང་ངོ། །གཞན་ནི་གཞན་ལ་མ་འཇུག་པ་ལས་དོན་གཞན་སེལ་བ་ཙམ་ནི་ཐ་མི་དད་བ་སྟེ། དེ་ལས་ཅི་ལས་སྐྱོན་འདིའི་སྐབས་ཡིན། འོ་ན་གང་ཤེས་པའི་སྤྱིའི ་རྣམ་པ་ནི་སྤྱིར་རྣམ་པར་བཞག་ཅིང། དེ་ཡང་ཤེས་པ་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར། གཞན་ལ་མི་འཇུག་པ་སྟེ། ཅི་ལྟར་སྤྱི་ཡིན་ཞེ་ན་གསུངས་པ། རྫས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་སོགས་པ་སྟེ། དེ་རྣམ་པར་ཤེས ་བའི་རྣམ་པ་ཡང་སྤྱིའི་ངོ་བོར་ཡོངས་སུ་མ་གྲུབ་པ་ཉིད་ཀྱི་ཕྱིར་སྤྱི་རྫས་སུ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། འདི་མི་འདོད་པ་མ་ཡིན་པ་ཁོ་ནའོ། །འདི་སྐད་བཤད་པར་འགྱུར་ཏེ། ལོག་པའི་རྣམ་པར་རྟོག་པ་འདི་ཁོ་ན་དོན་རྣམས་ལ་གཅིག་གིས་བདག་ཉིད་དུ ་འཛིན་པ་སྟེ། དངོས་པོར་ན་སྤྱི་ཞེས་བྱ་བ་མེད་པ་ཁོ་ནའོ། །སྐྱེ་བ་འཁྲུལ་པའི་བསམ་པའི་དབང་ལས་སྤྱི་རུ་རྣམ་པ་བཞག་པ་འདི་བྱ་བ་འབའ་ཞིག་གོ་།ཐ་སྙད་བྱད་པ་པོ་འཁྲུལ་པ་རྣམས་ནི་རང་གི་ཤེས་པའི་སྣང་བའི་བྱེ་བྲག་ཁོ་ན་ཕྱི་རོལ་གྱི་གསལ ་བའི་ཁྱད་པར་ལ་རྗེས་སུ་སོང་བ་ལྟ་བུར་སྤྱིར་སེམས་པར་བྱེད་དོ་ཞེས་བྱས་ནས་སོ། །ཞེས་པའོ། །དེ་ཉིད་ཕྱིར་ཞེས་པ། དངོས་སུ་འཇུག་པའི་ཕྱིར་ཏེ། དེ་ལ་ནི་ཡོད་པ་ཉིད་ཀྱི་ཕྱིར་ཁྱད་པར་བྱེད་ཀྱི་ངོ་བོ་བརྗོད་པའི་ཕྱིར་དངོས་པོའི་རང་གི་ངོ་བོའི་པར་དུ་ཆོད་པར་བྱེད་དོ། ་དེ་དང་འབྲེལ་པ་ཅན་གྱི་བུམ་པ་ཉིད་ལ་སོགས་པ་རྣམས་ནི་ཡོད་པ་ཉིད་དང་འབྲེལ་པ་ཅན་མ་ཡིན་ཏེ། རིགས་ལ་རིགས་མེད་པའི་ཕྱིར་རོ། །དེའི་ཕྱིར་དེའི་སྒོ་ནས་དོན་དུ་མ་འདོད་པའི་རྒྱུ་མ་ཡིན་ནོ། །འདི་ལ་ནི་དངོས་སུ་ཡོད་པ་མ་ཡིན་པ་འགོག་པས་རང་གི་དོན་ལ་སྒྲ ་འཇུག་ཅིང། དེའི་ཕྱིར་དེའི་ཁྱད་པར་འདོད་པའི་རྒྱུ་ཉིད་དུ་འཐད་ཏེ། སྤྱི་གཞན་ལྡན་པ་མེད་པར་ཡང་ངོ། །དངོས་སུ་དོན་གཞན་བཀག་པའི་ཕྱིར་ཞེས་པ། དོན་གཞན་འགེགས་པའི་ཐབས་སུ་གྱུར་བ་རང་གི་དོན་རྗོད་པར་བྱེད་པ་ནི་དེ་སྐད་དུ་བཤད་དུ། རང་གི་དོན་དངོས་སུ་བརྗོད ་པར་བྱེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིས་ནི་དེ་ཉིད་ཀྱི་ཕྱིར་ཞེས་པ་འདིའི་དོན་བསྟན་ཏོ། །འདིར་ཡང་དངོས་པོར་ཡོད་བའི་རིགས་གཞན་དང་ལྡན་པ་དགག་པར་བརྗོད་པར་འདོད་ཀྱི། བརྟག་པའི་རིགས་གཞན་དང་དན་པ་ཡང་ནི་མ་ཡིན་ནོ། །དེ་ལྟར་ནི་གང་དོན? ་པའོ་ཞེས་བརྗོད་པ་དེ་ཁོ་ན་དེ་དང་དེ་ལས་ལོག་པ་རྣམ་པ་གཞན་དུ་སོ་སོར་སྣང་བ་ནི་བརྟག་པའི་སྤྱི་གཞན་དང་ལྡན་པར་ཇི་ལྟ་དེ་ལྟར་རྣམ་པར་འབྱེད་པས་སོ། །འདི་ཁོ་ན་རྣམ་པར་གནས་སོ། །ཞེས་པ་ནི་རིགས་ཤིང་ལྡན་ནོ་ཞེས་པའི་དོན་ཏོ། །ཐ་མི་དད་པའི་ཕྱིར་གཅིག་ཉིད ་དེ། དོན་གཞན་སེལ་བ་ནི་བློ་ལ་ཐ་མི་དད་པའི་ངོ་བོ་ཉིད་དུ་སོ་སོར་སྣང་བས་ན། ཐ་སྙད་ཀྱི་རྗེས་སུ་འགྲོ་བ་རྣམས་ཀྱིས་གཅིག་ཉིད་དུ་ལྷག་པར་ཞེན་པའོ་ཞེས་པས་དེ་གཅིག་ཉིད་དུ་རྣམ་པར་གཞག་གོ་།རྟེན་མི་འཆད་པའི་ཕྱིར་རྟག་པ་ཉིད་དེ། རྟེན་ནི་དེའི་དོན་གྱི་བྱ་བ་བྱེད་པ་ཉིད ་གྱིས་དེ་མི་བྱེད་པ་རྣམས་ལས་ལོག་པའི་ཁྱད་པར་རྣམས་ཡིན་ཅིང་དེ་རྣམས་ནི་རང་ཉམས་སུ་མྱོང་བའི་སྒོ་ནས་སྒྲའི་དོན་གྱི་རྒྱུ་མཚན་དུ་འགྱུར་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་རྣམས་ཀྱང་ཆད་པ་མེད་པ་སྟེ། མཛའ་ཡས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་ཇི ་སྙེད་དེའོ་ཞེས་པས་རྟག་པ་ཉིད་དུ་བརྟག་ཡང་འཐད་དོ། །དོན་མཛའ་དག་རྟོགས་པའི་ཕྱིར་ནི་རེ་རེ་ལ་ཡོངས་སུ་རྫོགས་པ་སྟེ། དོན་གཞན་སེལ་བ་ནི་པ་ལ་ཤ་ལ་སོགས་པ་ལ་སོ་སོར་བློ་ཡོངས་སུ་འཇུག་པ་ན་ཐ་སྙད་ཀྱི་རྗེས་སུ་འབྲང་བའི་རྟོགས་པ་པོ་རྣམས་ཀྱིས་ཐམས་ཅད ་ཀྱི་བདག་ཏུ་རྟོགས་སོ་ཞེས་པས་དེའི་རྟོགས་པའི་དོར་རྣམ་པར་བཞག་པར་བྱ་བཞིན་པ་མཛའ་དག་པའི་དོན་ཡོངས་སུ་རྫོགས་པར་མི་འགའ་ལོ། །ཡོན་ཏན་འཕེལ་པའི་ཕྱིར་ཞེས་པ་རིགས་ཀྱི་ཆོས་རྣམ་པར་བཞག་པ་ནི་འདི་ཁོ་ན་ལ་རིགས་པ་ཉིད་ཀྱི་ཕྱིར་རོ། རིགས་དངོས ་པོར་ཡོད་པའི་?་ཕྱོགས་ལ་ནི་ཇི་ལྟར་དེ་མི་འཐད་པ་དེ་ལྟར་སྤྱི་བརྟག་པའི་སྐབས་སུ་རིག་པར་བྱའོ། །གཞན་སེལ་ངེས་པ་ཅི་ལས་ཡིན། ཅེས་པ་རྒྱུ་འགའ་ཞིག་ལས་ཀྱང་མ་ཡིན་ནོ་ཞེས་པའི་དོན་ཏོ། །སྔོན་པོ་ལ་སོགས་པ་རྣམས་ཕན་ཚུན་གྱི་ངོ་བོ་ཡང་དག?་པར ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ལ་སོགས་པ་བཞིན་དུ་དེ་རྣམས་ཀྱང་ཐ་དད་དེ། དེ་ལ་ཐ་དད་པར་མཚུངས་པ་ལ་གཟུགས་སྒྲས་རོ་ལ་སོགས་པ་རྣམས་སེལ་གྱི། ཁ་དོག་གང་ཡང་རུང་བ་བརྗོད་པ་ན་ཁ་དོག་ལྷག་མ་རྣམས་ནི་མ་ཡིན་ཞེས་པ་འདི ་ལ་ངེས་པའི་རྒྱུ་ཅི་ཡང་མེད་དོ། །འདིས་ནི་ཁས་བླངས་དང་འགལ་བ་སྨྲས་སོ། །འོ་ན་ཁྱོད་ལ་ཡང་བརྩད་པ་མཚུངས་པ་མ་ཡིན་ནམ་ཅིའི་ཕྱིར་གཟུགས་ཀྱི་སྒྲ་སྔོན་པོ་ལ་སོགས་པ་ཐམས་ཅད་ལ་འཇུག་ཅིང། ཡང་ཁ་དོག་གང་ཡང་རུང་པ་རྗོད་པ་ན་རོལ་སོགས ་པ་རྣམས་ལ་གཞན་དུ་ལྷག་རྣམས་ལ་མི་འཇུག་ཅེས་པ་དེའི་ཕྱིར་སྨྲས་པ་གང་གི་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་རྫས་སུ་ཡོད་པའི་སྤྱི་གཟུགས་ཉིད་ཐ་མི་དད་པ་དེ་ལ་ནི། དེ་བྱས་པའི་ངེས་པ་སྟེ། གང་ལ་དེ་ཡོད་པ་དེ་ཁོ་ན་ལ་གཟུགས་ཀྱི་སྒྲ་འཇུག་ཅིང། དེ་ཡང ་སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་ཡོད་ཀྱི་རོ་ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་རྫས་སུ་ཡོད་པའི་སྤྱི་ཁས་བླང་བར་བྱའོ་ཞེས་པ་བསམ་པའོ། །འཇིག་རྟེན་གྲགས་པ་བརྩད་མི་བྱ། ཞེས་པའི་དབྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་མངོན་པར་ཞེན ་པར་མི་བྱའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གསུངས་པས་སོ་ཞེས་པ་ལ་སོགས་པ་སྟེ། སྐྱེ་བོའི་དེས་པའི་ཚིག་ནི་འཇིག་རྟེན་གྱི་ཐ་སྙད་དོ། །ཚོགས་པའི་སྒྲ་རྣམས་ནི་ཡོད་པ་འདི་ལ་སོགས་པ་དངོས་པོར་གྱུར་པའི་སྤྱི་རབ་ཏུ་འཇུག་པའི་རྒྱུ་མཚན ་མཚན་རྒྱུར་བྱས་ནས་དེ་ལྡན་པ་འཇུག་མོད། །ཡོད་པ་ཉིད་ལ་སོགས་པ་རྫས་སུ་ཡོད་པའི་སྤྱི་ལ་རྒྱུ་མཚན་གཞན་མེད་པའི་ཕྱིར་ཡོངས་སུ་བཤད་པ་འདོད་རྒྱལ་བའོ་ཞེས་པས་འདི་ལྟར་མངོན་པར་ཞེན་པར་མི་བྱ་སྟེ། དངོས་པོར་གྱུར་པའི་སྤྱི་མི ་རིགས་པའི་ཕྱིར་རོ། །མིང་ཡང་ཞེས་པ་ལ་སོགས་པ། ཐ་སྙད་ཀྱང་རྒྱུག་པར་མི་བྱ་ཞིང་མི་འདའ་བར་བྱའོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཞེས་པ་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་ཤིང་མངོན་པར་བརྗོད་??་པའོ ་ཡང་དག་པའི་དོན་ཅན་ཉིད་དུ་ཞེས་པ། གང་རྣམས་ལ་ཡང་དག་པའི་དོན་དངོས་པོར་གྱུར་པའི་སྤྱིའམ། རབ་ཏུ་འཇུག་པའི་རྒྱུ་མཚན་གྱི་ཡུལ་ཡོད་པ་དེ་རྣམས་དེ་སྐད་དུ་བརྗོད་དེ། དེའི་དངོས་པོ་ནི་ཡང་དག་པའི་དོན་ཅན་ཉིད་དོ། །དེས་བརྩལ ་བར་མི་བྱ་ཞིང་མངོན་པར་ཞེན་པར་མི་བྱ་སྟེ། འདི་ལྟར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ། །འཇིག་རྟེན་བཞིན་ཁོ་ན་རྗེས་སུ་རྟོགས་པར་བྱའོ་ཞེས་པ་ཇི་ལྟར་འཇིག་རྟེན་པ་མངོན་པར་མ་ཞེན་པར་རྗེས་སུ་རྟོགས་པར་བྱེད་པ་དེ་ལྟར་ཁོ་བོ་ཅག་གིས ་ཀྱང་རྗེས་སུ་རྟོགས་པར་བྱའོ། །དེ་ལྟར་འགྱུར་མོད་ཀྱི་དངོས་པོར་ཡོད་པའི་སྤྱི་མེད་པར་འཇིག་རྟེན་ན་ཡང་གཟུགས་ཀྱི་སྒྲ་རོ་ལ་སོགས་པ་རྣམས་ལ་བཞིན་དུ་སྔོན་པོ་ལ་སོགས་པ་རྣམས་ལ་འགྲུབ་པ་མ་ཡིན་པ་ཁོ་ནའོ་ཞེ་ན། དེའི་ཕྱིར་གསུངས་པ། གྲུབ ་པོ་ཞེས་པ་ལ་སོགས་པ་སྟེ། དངོས་པོར་ཡོད་པའི་སྤྱི་མེད་ཀྱང། ཀུན་རྫོབ་ཏུ་ཡོད་པའི་སྤྱི་ཁོ་ན་ལས་གཟུགས་ཀྱི་སྒྲ་འཇིག་རྟེན་ན་སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་གྲུབ་ཀྱི་རོ་ལ་སོགས་པ་རྣམས་ནི་མ་ཡིན་ནོ། དེར་ནི་སྔོན་པོ་ལ་སོགས་པ་ཁོ་ན་ལ་འཇུག ་གི་རོ་ལ་སོགས་པ་རྣམས་ལ་མ་ཡིན་ནོ། །རང་བཞིན་གྱིས་རང་ཉམས་སུ་མྱོང་བའི་སྒོ་ནས་རྣམ་པ་དེ་ལྟ་བུའི་སྤྱིའི་རྣམ་པ་རྣམ་པར་རྟོག་པའི་བློ་ལ་གཏོད་པར་བྱེད་དེ། གང་གིས་འཇིག་རྟེན་དེ་རྣམས་ཁོ་ན་ལ་གཟུགས་ཀྱི་ཐ་སྙད་བྱེད་ཅིང་ཅིག་ཤོས ་ལ་མ་ཡིན་པའོ། །དེ་ལ་འདི་འགྱུར་མོད། གལ་ཏེ་དེ་འཇུག་པའི་རྒྱུ་མཚན་ཀུན་རྫོབ་ཏུ་ཡོད་པའི་སྤྱི་སྔོན་པོ་ལ་སོཊ་པ་ཁོ་ན་ལ་འཇུག་པར་འགྱུར་ན། གཟུགས་ཀྱི་སྒྲ་སྔོན་པོ་ལ་སོགས་པ་ཁོ་ན་ལ་འགྲུབ་པར་འགྱུར་མོད་དེ་ཡང ་མེད་དེ། ཤིན་ཏུ་ཐད་པར་མཚུངས་པ་ལ་སྔོན་པོ་ལ་སོགས་པ་ཁོ་ན་ལ་དེ་འཇུག་གི་རོ་ལ་སོགས་པ་ལ་མ་ཡིན་ནོ་ཞེས་པ་འདི་ཅི་ཞིག་ལས་ཡིན། རོ་ལ་སོགས་པ་ལ་མི་འཇུག་པ་བཞིན་དུ་སར་པོ་ལ་སོགས་པ་ལ ་ཡང་མི་འཇུག་གོ་ཞེ་ན་གསུངས་པ། གཟུགས་ཉིད་ལ་ཡང་འདི་མཚུངས་སོ་ཞེས་པ་ལ་སོགས་པ་སྟེ། ཁྱོད་ལ་ཡང་རྗེས་སུ་སྦྱོར་བ་འདི་མཚུངས་སོ་ཞེས་པའི་དོན་ཏོ། །འདི་ལ་ཡོད་དོ་ཞེས་པ་ལ་སོགས་པས་རྗེས་སུ་སྦྱོར་བ་ཉིད་ཡོངས་སུ་སྤོ་ངའོ? ་རང་བཞིན་ཐ་དད་པ་ཡོད་ན་ཡང་ཞེས་པ། སྔོན་པོ་ལ་སོགས་པ་རྣམས་ལ་རང་བཞིན་ཐ་དད་པ་ཡོད་ན་ཡང་ཞེས་པའི་དོན་ཏོ། །མིག་གཟུང་ཉིད་ལ་བྱ་བ་བྱས་ཞེས་པ་མིག་གཟུང་ཉིད་ལ་ཏེ། ངེས་པའི་རྒྱུར་འདོད་པ་ལ། བྱ་བའི་རྒྱུ་མཚན་ཅན་དུ་གཟུགས་ཀྱི ་སྒྲ་འགྱུར་གྱི། རིགས་ཀྱི་རྒྱུ་མཚན་ཅན་དུ་ནི་མ་ཡིན་ནོ་ཞེས་ཁས་བླངས་པ་ལ་གནོད་པ་ཉིད་དུ་བྱ་བའི་རྒྱུ་མཚན་སྟོན་པར་བྱེད་པ། མིག་གིས་ཞེས་པ་ལ་སོགས་པའོ། །འོ་ན་དེ་ལྟར་ན་གཟུགས་ཉིད་ཀྱིའི་ཕྲོད་པ་འདུ་བ་བྱས་པས་བྱས་པར་འགྱུར་བ་ཡིན་ནམ། སྒྲ་ནི ་རིགས་ཀྱི་རྒྱུ་མཚན་ཅན་ཁོ་ན་ཏེ། དེས་ན་བྱ་བ་བྱས་པའོ་ཞེས་བརྗོད་པར་བྱ་བ་ཅི་རིགས་ཞེ་ན་གསུངས་པ་མིག་གིས་གཟུང་བ་ཉིད་ཐ་མི་དད་ན་ཡང་ཞེས་པ་ལ་སོགས་པའོ། །འདི་ལྟར་དགོངས་ཏེ་ཐ་དད་རྣམས་ལ་ཐ་མི་དད་པ་འཇུག་པ་མི་རིཊ་པའི་ཕྱིར་ན། གཟུགས་ཉིད་ཐ་མི་དད་པའི་རྒྱུའི ་མཚན་དུ་རྟོག་པའོ། གལ་ཏེ་ཡང་སྔོན་པོ་ལ་སོཊ་པ་རྣམས་ལ་མིག་གིས་གཟུང་བྱ་ཉིད་ཐ་མི་དད་པ་འདོད་ན། དེ་ཁོ་ན་ལས་གཟུགས་ཞེས་པའི་མངོན་པར་བརྗོད་པ་ཐ་མི་དད་པར་འགྱུར་མོད། གཟུགས་ཉིད་ཀྱིས་ཅི་ཡིན་ཞེས་པའོ། །ཅི་སྟེ་ཞེས་པ་ལ་སོགས་པ་ལས་བསམ་པ ་འདི་ཡིན་ཏེ། དངོས་པོའི་ནུས་པ་རྣམས་ནི་ཐ་དད་པ་རྣམས་སོ། །དེས་ན་གཟུགས་ཉིད་ནི་མངོན་པར་བརྗོད་པ་ཐ་མི་དད་པ་འཇུག་པའི་རྒྱུ་མཚན་ཏེ། མིག་གིས་གཟུང་བྱ་ཉིད་ནི་གཟུགས་ཉིད་དང་འབྲེལ་བའིའོ་ཞེས་པའོ། །དེ་ལྟར་ན་ཡང་ཞེས ་པ་ལ་སོགས་པས་ཁས་བླངས་དང་འགལ་བ་གསུངས་ཏེ། འཕྲོད་པ་འདུ་བ་ནི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་གཟུགས་ཉིད་འཕྲོད་པ་འདུ་བར་མི་སྨྲའི། འོན་གྱིས ་འཕྲོད་པ་འདུས་པ་ཉིད་མངོན་པར་གསལ་བའོ། །ཞེ་ན། དེའི་ཕྱིར་གསུངས་པ། གཟུགས་ཉིད་མངོན་པར་གསལ་བ་ཞེས་པ་སྟེ། བྱ་བས་བྱས་པར་ཐོང་ངོ་ཞེས་སྒྲིབ་པར་བྱའོ། །འདིས་ཀྱང་ཁས་བླངས་པས་གནོད་པ་གསུངས་ཏེ ་གཟུགས་ཉིད་ལ་སོགས་པ་རྣམས་རང་གི་རྟེན་གྱི་གསལ་བར་བྱ་བ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །མིག་གིས་གཟུང་བར་བྱ་བ་ཉིད་ཀྱང་ཞེས་པ་རང་བཞིན་གྱི་དབྱེ་བ་ཡོད་ན་ཅིའི་ཕྱིར། སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་མིག་གིས་གཟུང་བར་བྱ་བ ་ཉིད་འཇུག་གི་།རོལ་སོཊ་པ་རྣམས་ལ་ཡང་ནི་མ་ཡིན་ནོ་ཞེས་འདི་ལ་ཡང་ངེས་པའི་རྒྱུ་བརྗོད་པར་བྱའོ། །དེའི་ཕྱིར་གདོན་མི་ཟ་བར་ཤིན་ཏུ་རིང་བར་ཡང་ཕྱིན་ནས་རང་བཞིན་ཉིད་ལ་བརྟེན་པར་བྱ་སྟེ། གང་གི་དེ་ཁོ་ན་ལ་མིག་གིས་གཟུང་བར་བྱ་བ་ཉིད་དུ་འགྱུར་གྱི་རོ་ལ ་སོགས་པ་རྣམས་ལ་ནི་མ་ཡིན་པ་འདི་འདྲ་བ་ནི་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ནོ་ཞེས་པའོ། །ཁྱོད་ཀྱིས་ཇི་ལྟ་བ་དེ་ལྟར་ཁོ་བོས་ཀྱང་དོ་ཞེས་པས་རྩོད་པའི་ལན་མཚུངས་པའོ། །རྫས་སོགས་རྣམས་ལའང་ཐལ་བར་འགྱུར་ཞེས་པ། ་གལ་ཏེ་གང་དུ་མི་གིས་གཟུང་བར་བྱ་བ་ཉིད་ཡིན་པ་དེར་གཟུགས་ཉིད་ཡིན་ན། རྫས་ལ་སོགས་པ་རྣམས་པ་ཡང་གཟུགས་ཉིད་དུ་འགྱུར་ཏེ། དེ་རྣམས་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་ཏེ། རྫས་ཉིད་དང་གྲངས་དང་ཚད ་རྣམས་དང་སོ་སོ་པ་ཉིད་དང་ལྡན་པ་དང། རྣམ་པར་དབྱེ་བ་དག་དང། གཞན་ཉིད་དང་གཞན་མིན་པ་ཉིད་དག་དང་ལས་ནི་གཟུགས་ཨཅན་ལ་འཕྲོད་པ་འདུ་བའི་ཕྱིར་མི་གིས་གཟུང་པར་བྱ་བ་རྣམས་སོ་ཞེས་པའི་ཚིག་ལས་སོ། །དཀར ་མིན་སོགས་ལ་ཁྱད་མེད་འགྱུར། ཞེས་པ་ངེས་པའི་རྒྱུ་མིག་གིས་གཟུང་བྱ་ཉིད་ཁྱད་པར་མེད་པའི་ཕྱིར་དང་ངེས་པའི་རྒྱུ་གཞན་མེད་པའི་ཕྱིར། གཟུགས་སོ་ཞེས་པའི་བརྗོད་པའི་རྟོགས་པ་མཚུངས་པའི་ཕྱིར་སྔོན་པོ་དང་སེར་པོ ་ལ་སོགས་པ་ཐ་དད་པར་མི་འགྱུར་རོ། །གལ་ཏེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་སྔོན་པོ་ལ་སོགས་པ་རྣམས་གཟུགས་ཉིད་དུ་ཐ་མི་དད་པར་འདོད་ན། དེ་ལ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར། དེ་བྱེ་བྲག་མེད་པ་ཡོད་ན་ཡང། སྔོན་པོ་ཉིད་བསོགས?་པ་དང ་ལྡན་པ་ལས་བྱེ་བྲག་ཏུ་འགྱུར་ན། མ་ཡིན་ཏེ་དེ་ཁོ་ན་མི་ལྡན་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་རྣམས་ལ་ནི། གང་ལས་སྔོན་པོ་ཉིད་ལ་སོགས་པ་འཕྲོད་པ་འདུ་བ་ངེས་པར་འགྱུར་བ་རྒྱུ་སོ་སོར་ངེས་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་སོ། །ནུས་པ་ཐ་དད་པའི ་རྒྱུ་ཡོད་དོ་ཞེ་ན། དེ་ལ་ཡང་གང་ལས་དེ་འགའ་ཞིག་ཁོ་ན་ལ་འཇུག་གི་གཞན་ཐམས་ཅད་ལ་མ་ཡིན་པའི་རྒྱུ་ཅི་ཞིག་ཡོད་ཅེས་པས་འདི་ནི་ལན་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་ཞེས་པ། གང་གི་ཕྱིར་མིག་གིས་གཟུང་བྱ་ཉིད་ནི་གཟུགས་ཉིད་དང་ལྡན་པའི་ངོར་གཏན ་ཚིགས་ཉིད་དུ་རིགས་པ་མ་ཡིན་པ་དེའི་ཕྱིར་མིག་གིས་གཟུང་བྱ་ཉིད་མེད་པར་ངེས་པར་སྦྱོར་བ་ལས་སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་གཟུགས་ཀྱི་སྒྲ་འཇིག་རྟེན་ན་གྲགས་པའི་རྗེས་སུ་འབྲད་བར་བྱའི་རོ་ལ་སོགས་པ་རྣམས་ལ་ནི་མ་ཡིན་ནོ། །གྲགས་པའི་རྒྱུ་མཚན་ཡང ་ཀུན་རྫོབ་ཏུ་ཡོད་པའི་སྤྱི་ཁོ་ན་སྟེ། རྫས་སུ་ཡོད་བ་ནི་མ་ཡིན་ནོ་ཞེས་པ་དགོངས་པའོ། །སླར་ཡང་དོན་གཞན་ལས་ལྡོག་པའི་སྒྲོ་ཡིས་སྒྲ་རང་གི་དོན་རྟོགས་པར་བྱེད་དེ་ཞེས་པ་འདི་བསྟན་པར་བྱ་བའི་ཆེད་དུ་གསུངས་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པའོ། །རྗེས་འགྲོ་ཉིད ་ལས་འགྲུབ་བར་འགྱུར་ཞེས་པ་དོན་གཞན་ལས་ལྡོག་པ་མི་བལྟོས་པ་ཉིད་ན་རྗེས་འགྲོ་འབའ་ཞིག་པ་ཁོ་ན་ལས་ཁྱད་པར་གྱི་བརྗོད་པར་བྱ་བ་ངེས་པར་འགྱུར་གྱི། རྗེས་སུ་འགྲོ་བ་དང་ལྡོག་པ་ལྷན་ཅིག་པ་དག་ལས་ནི་མ་ཡིན་ནོ། །དེ་ལྟར་འགྱུར་མོད། འགྱུར་དུ་ཆུག ་ཀྱང་དེ་ལ་གནོད་པ་མེད་པ་ཅི་ཡིན་ཞེན་གསུངས་པ། འདོད་པ་ཡང་ཞེས་པ་ལ་སོགས་པའོ། །བྱེད་པ་པོའི་མཆོག་ཏུ་ཐོབ་པར་འདོད་པ་ནི་ཞེས་པ། བྱེད་པ་པོ་ཁོ་ན་ཡི་སྟེ། བྱེད་པ་པོ་མིན་པའི་ནི་མ་ཡིན་ཞིང་བྱེད་པོའི་སྒྲ་ནི་བྱེད་པ་པོ་མིན་པ་རྣམ་པར ་གཅོད་པར་བྱེད་ཅིང་མཆོག་ཏུ་འདོད་པ་རང་གི་དོན་དང་འབྲེལ་པར་བྱེད་དོ། །དེ་བཞིན་དུ་ཤིན་ཏུ་ཐོབ་པར་འདོད་པ་དེ་ཁོ་ན་ཏེ། ཤིན་ཏུ་ཐོབ་པར་འདོད་པ་མིན་པ་ནི་མ་ཡིན་ཤིན་ཏུ་ཐོབ་པར་འདོད་པའི་སྒྲ་ཡང་མཆོག་ཏུ་ཐོབ་འདོད་མིན་པ་རྣམ་པར་བསལ ་ནས་བྱེད་པ་པོའི་སྒྲ་དོན་རང་གི་དོན་དང་སྦྱོར་བར་བྱེད་དོ། །དེ་ལྟར་གཉིས་ཀ་ངེས་པར་གཟུང་བས་ཁྱད་དུ་བྱས་པའི་དོན་ངེས་པའི་ཕྱིར་མངོན་པར་འརྗོད་པ་འབྲས་བུ་དང་བཅས་པ་ཉིད་དོ། །གང་ཡང་རུང་བ་ངེས་པར་གཟུང་བས་ནི་ཇི་ལྟར་ན། སྤྲིན་རྣམས་ཡོད་ན ་ཆར་འབབ་པར་འགྱུར་རོ་ཞེས་པ་ལྟ་བུ་སྟེ། ཡོད་པ་ཁོ་ན་ནི་ཡིན་གྱི། མེད་པ་ན་ནི་མ་ཡིན་གྱི་མི་འགྱུར་བ་ཁོ་ནའོ་ཞེས་པའོ། །དེ་ལྟར་གང་ཡང་རུང་བ་འམ་གཉིས་ཀ་ངེས་པར་གཟུང་བས་མངོན་པར་བརྗོད་པ་འབྲས་བུ་དང་བཅས་པའི་ཕྱིར། ལྡོག་པ་ལས ་ཀྱང་ཁྱད་པར་གྱི་དོན་མངོན་པར་བརྗོད་པ་འདོད་དེ། དེས་ན་དོན་གཞན་ལས་ལྡོག་པ་ལ་མི་བལྟོས་པ་ཉིད་ལ་སྒྲ་མི་འཐོབ་པོ་ཞེས་པའོ། །དེ་ལྟར་ནི་གལ་ཏེ་བྱེད་པ་པོ་མིན་པའི་ཡང་མཆོག་ཏུ་འདོད་པ་ལས་ཡིན་ན། བྱེད་པ་པོའི་སྒྲ་བརྗོད་པ་དོན ་མེད་པར་འགྱུར་ཞིང། དེ་བཞིན་དུ་གལ་ཏེ་མཆོག་ཏུ་འདོད་པ་མ་ཡིན་པ་ཡང་ལས་ཡིན་ན། མཆོག་ཏུ་ཐོབ་པར་འདོད་པ་ཞེས་བརྗོད་པ་འབྲས་བུ་མེད་པར་འགྱུར་རོ། །དེའི་ཕྱིར་དོན་གཞན་ལས་ལྡོག་པའི་སྒོ་ནས་སྒྲས་དོན་རྟོགས་པར་བྱེད་དོ་ཞེས ་ཁས་བླང་བར་བྱའོ། །འོ་ན་ཡང་ཞེས་པ་ལ་སོགས་པ་ནི། དོན་གཞན་མེད་པ་ཙམ་སྒྲའི་དོན་དུ་སྒྲོ་བཏགས་ནས་རྩོད་པར་བྱེད་དོ། །སེལ་བ་སྨྲ་བ་པོ་ལ་དོན་གཞན་ལས་ལྡོག་པ་ཙམ་ལས་གཞན་པའི་བརྗོད་པར་བྱ་བ་ཡོད་པ་མ་ཡིན་ཞིང་དོན ་གཞན་ལས་ལྡོག་པ་ཡང་ལྡོག་པ་འབའ་ཞིག་པ་ཁོ་ནས་བྱ་བའོ། ཞེས་པས་ལྡོག་པ་ཁོ་ན་ལས་རྗོད་པར་བྱེད་པར་འགྱུར་རོ། །སྒྲས་དོན་གཞན་ལས་ལྡོག་པ་ཙམ་བྱ་བ་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན་དོན་གཞན་ལས་ལྡོག་པའི་སྒོ་ནས ་བཏགས་པ་བའི་རང་གི་དོན་རྟོགས་པར་བྱེད་དོ་ཞེས་གསལ་བར་བྱེད་པ་གསུངས་པ། འདི་འདི་ལྟར་འགྱུར་ན་ཞེས་པ་ལ་སོགས་པའོ། །དངོས་པོ་ཡི་ནི་གཙོ་བོར་ཞེས་པ་དངོས་པོ་ཡོད་བ་ཉིད་ཀྱི་སྤྱི་ཞེས་བྱ་བས། སྒྲའི་རྗེས་སུ་འགྲོ་བ་མི་འདོད་དེ ་དེ་མི་རུང་བའི་ཕྱིར་རོ། །དེ་མི་རུང་བར་དངོས་པོར་རྣམས་ལ་མ་ཡིན་ཞེས་པ་ལ་སོགས་པས་སྟོན་ཏོ། །བརྗོད་ཟིན་ཏོ་ཞེས་པ་རབ་ཏུ་བྱེད་པ་གཞན་དུའོ། །འདིར་ཡང་གལ་ཏེ་ཡན་སྦྱིར་འགྱུར་ན་ཞེས་པ་ལ་སོགས་པས ་དང། དེ་བཞིན་དུ་ཁྱད་པར་རྣམས་རང་གི་དབང་པོ་རྣམས་ཀྱིས་ཉེ་བར་དམིགས་ན་ཞེས་པ་ལ་སོགས་པས་ཀྱད་དོ། །རིགས་མེད་པར་ནི་ཞེས་པ་རིགས་དང་བྲལ་བ་སྟེ། དངོས་པོར་ཡོད་པ་དང་བྲལ་བ་ཞེས་པའི་ཐ་ཚིག་གོ། དོན་གཞན་སེལ་བས་ཁྱད་པར ་དུ་བྱས་པའི་དོན་ལ་ཞེས་པ་བརྗོད་པར་འདོད་པ་དང་ལྡན་པའི་སྐྱེས་བུ་ལ་སྟེ། དེ་ནི་སྒྲའི་དོན་གྱི་རྟེན་ནོ་ཞེས་པས་དེ་ཁྱད་པར་དུ་བྱས་པར་བརྗོད་དོ། གང་སྨྲས་པ་ཞེས་པ་ལ་སོགས་པ་སྟེ། དོན་གཞན་མེད་པའི་མཚན་ཉིད་ཅན་གྱི་ཡོད་པས ་ཡིན་པ་ཡང་དག་པར་རྗེས་སུ་འགྲོ་བར་ཁས་བླངས་ནས། བ་ལང་ལ་སོགས་པ་མེད་པ་ལས་ཡོད་པའི་བདག་ཉིད་དུ་རྟོགས་པར་བྱ་བར་མི་རིགས་སོ་ཞེས་པ་འདི་ཙམ་གྱིས་འདི་ཉེ་བར་བཀོད་པའོ། །དོན་གཞན་ལས་ནི་དོན་གཞན་སེལ་བ་རྗེས་སུ ་འགྲོ་བ་རྣམས་པར་ལྡན་པར་བརྗོད་པའི་དེ་མ་ཐག་ཏུ་རྣམ་པར་འཇིག་པ་ཉིད་དུ་བརྗོད་དེ། དེ་མེད་པའི་གསལ་བར་བྱེད་པའོ་ཞེས་པ་དག་གི་ལྷག་མའོ། །གང་འདི་ཁྱེད་ཀྱིས་གསལ་བའི་རིགས་གཅིག་རྗེས་སུ་འགྲོ་བ་གཙོ་བོ་འགྲུབ་པའི་དོན་དུ ་བརྗོད་པ་དེ་ནི་མེད་པར་འགྲུབ་པ་ཡང་གསལ་བར་བྱེད་དེ། ཅིའི་ཕྱིར་ན་གསལ་བ་འདི་ནི་མེད་པ་ཡང་དག་པར་རྗེས་སུ་འགྲོ་བ་ལས་མེད་པ་རྗེས་སུ་ལྡན་པ་ཅན་ཏེ། ས་ལ་སོགས་པ་རྣམས་དང་བ་ལང་ལ་སོགས་པ་རྣམས་ཕན་ཚུན་གྱི་བདག ་ཉིད་རྣམས་ལ་ཡོད་པ་མ་ཡིན་ནོ། །གང་ཞིག་གང་དང་ལྡན་པ་དེའི་འདི་རྣམས་པར་འགྱུར་བ་སྟེ། དཔེར་ན་ཞོ་འོ་མའི་རྣམ་པར་འགྱུར་ཡིན་པ་བཞིན་གསལ་བ་འདི་ཡང་མེད་པ་དང་ལྡན་པ་སྟེ། དེའི་ཕྱིར་གསལ་བ་འདི་ནི་མེད་པའི་རྣམ་པར ་འགྱུར་བའོ་ཞེས་པའོ། །ཞོ་འོ་མ་དང་ལྡན་པ་ཞེས་པ་གྲངས་ཅན་གྱི་ལུགས་ཀྱི་དབང་དུ་བྱས་ནས་བརྗོད་པའོ། །གང་ཞིག་གང་དང་ལྡན་པ་དེ་ནི་དེའི་རྣམ་པར་འགྱུར་བ་སྟེ། དཔེར་ན་ཞོ་འོ་མའི་བཞིན། གསལ་བ་འདི་ཡང་མེད་པ་དང་ལྡན་པའོ། །ཕ་རོལ་པོའི ་འདོད་པས་རང་བཞིན་ནོ། །འདིར་ཡང་མེད་པའི་རྣམ་འགྱུར་རོ་ཞེས་པ་འདིས་མེད་པ་སྔོན་མ་ཅན་ཉིད་དུ་གསལ་བ་བསྒྲུབ་པར་བྱ་བའོ། །ཕྱོགས་སྔ་མ་འདི་ལ་གྲངས་ཅན་གྱི་བརྗོད་པ་གལ་ཏེ་གསལ་བ་ཐམས་ཅད་མེད་པའི་རྣམ་པར་འགྱུར་བར་བསྒྲུབ ་པར་བྱ་བ་ཡིན་ན། དེ་ལྟར་གྱུར་ན་ཐམས་ཅད་ཀྱི་བདག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་མེད་པ་ལས་ཡོད་པའི་བདག་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའོ། །རྣམ་འགྱུར་ཐམས ་ཅད་གྱི་རང་གི་ངོ་བོ་ཉིད་ནི་ཐམས་ཅད་ཀྱི་བདག་ཉིད་དེ། རང་བཞིན་ནི་རྣམ་འགྱུར་གྱི་རང་གི་ངོ་བོར་མཐོང་བའི་ཕྱིར། དེའི་རྣག་གི་ངོ་བོར་དཔག་གོ་།དེ་ལྟར་ནི་འོ་མའི་རྣམ་འགྱུར་ཞོ་ལ་སོགས་པ་རྣམ་དེའི་བདག་ཉིད་རྣམས་ཏེ། དེའི ་བདག་ཉིད་ཀྱི་རང་བཞིན་རྣམས་ཁོ་ན་ནི་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣམ་འགྱུར་རྣམས་སོ། །དེའི་ཕྱིར་རང་བཞིན་ཡང་ཐམས་ཅད་ཀྱི་བདག་ཉིད་དོ། །ཐམས་ཅད་ཀྱི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཡང་ཡོད་པ་ཉིད་དུ་ཐལ་བར་འགྱུར་ཏེ། མེད་པ་ནི ་ཐམས་ཅད་ཀི་བདག་ཉིད་དུ་མ་འཐད་པས་སོ། །དེ་ལས་ཀྱང་ཁྱད་པར་རྣམས་མེད་པ། སྔོན་མ་ཅན་མའོ་ཞེས་པ་གྲུབ་པ་སྒྲུབ་པའོ་ཞེས་པའོ། །ཐམས་ཅད་མེད་པ་དང་ལྡན་ཞེས། ཁས་ལེན་བྱེད་པ་གང་ཡིན་ཞེས་པ། གལ་ཏེ་བ་ལང་ལ་སོགས ་པའི་གསལ་བ་ཐམས་ཅད་མེད་པའི་རྣམ་པར་འགྱུར་བའོ་ཞེས་སྨྲ་ཞིང། གསལ་བ་ཐམས་ཅད་མེད་པ་དང་ལྡན་ན་ཞེས་ཁས་ལེན་པར་བྱེད་པའོ། །གལ་ཏེའི་སྒྲ་ནི་ཁས་བླངས་པ་ཡོངས་སུ་གསལ་བར་བྱེད་པའོ། །དེ་ལྟར་གྲངས་ཅན་ཁས་ལེན་པ ་ཅན། དེའི་དུ་མའི་བདག་ཉིད་ཕྱིར་ཡོད་པ། ང་ཡིན་ཞེས་ཅི་ཞིག་ཅི་ཡིས་འབྲེལ། ཁས་བླངས་པ་དང་ཕྱི་མ་མ་འབྲེལ་ལོ་ཞེས་པའི་དོན་ཏོ། །དེ་ལ་བ་ལང་ལ་སོགས་པ་གཞན་ཅི་ཞིག་ཡིན་ཅེས་པ། ཕན་ཚུན་མེད་པ་ཁོ ་ན་ནི་ཐ་སྙད་པའི་བ་ལང་ལ་སོགས་པ་རྣམས་ཏེ། དེ་ལས་ཐ་དད་པ་གཞན་ནི་མེད་དོ། །ཕན་ཚུན་མེད་པ་ཡང་དངོས་པོ་མ་ཡིན་ཏེ། བཏགས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་དེའི་རང་བཞིན་ཉིད་ལ་ཅི་ལྟར་མེད་པ་ལས་ཡོད་པ་ཉིད་དུ་ཐལ་བར་འགྱུར། ་ཐམས་ཅད་ནི་ཞེས་པ་ལ་སོགས་བ་སྟེ། བ་ལང་ལ་སོགས་པ་རྣམས་མེད་པའི་བདག་ཉིད་དུ་ཁས་ལེན་པ་ལ། དེའི་བདག་ཉིད་ཀྱི་ཕྱིར་མེད་པ་ནི་ཡོད་པའི་བདག་ཉིད་དུ་འཐོབ་པོ་ཞེས་པའི་ལན་རིགས་པ་ནི། མ་ཡིན་པས་ཏེ། ཁས་བླངས་པ ་དང་འགལ་བའི་ཕྱིར་རོ། །གང་ཡང་བརྗོད་པ་ཞེས་པ། དེ་ལ་བརྗོད་པ་ནི་གལ་ཏེ་བ་ལ་སོགས་པའི་གསལ་བ་ཐམས་ཅད་མེད་བའི་རྣམ་འགྱུར་ཡིན་ན་མེད་པ་དང་ཡོད་པ་དག་ལ་རྟོགས་པ་ཐ་མི་དད་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གྱི ་རྟོགས་པ་ནི་རྣམ་འགྱུར་ལ་མཐོང་སྟེ། དཔེར་ན་འཇིམ་པའི་རྟོགས་པ་ཁམ་ཕོར་ལ་བཞིན་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། མེད་པ་རྗེས་སུ་འགྲོ་བ་ལ་ནི་དེའི་རྣམ་པ་ཅན་ཁོ་ནའི་རྟོགས་པར་འགྱུར་གྱི། །བ་ལང་ངོ་རྟའོ་ཞེས་དངོས་པོ ་ཐ་དད་པའི་རྣམ་པ་ཅན་དུ་ནི་མི་འགྱུར་ན། འགྱུར་བ་ཡང་སྟེ། དེའི་ཕྱིར་གསལ་བ་ནི་མེད་པ་རྗེས་སུ་འགྲོ་བ་མ་ཡིན་ནོ། །གང་ཞིག་གང་ལས་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པས་རྟོགས་པར་བྱ་བ་དེ་ནི་དེའི་བདག་ཉིད་མ་ཡིན་ཏེ། དཔེར་ན ་བ་ལང་ལས་ཐ་དད་བའི་རྣམ་པ་ཅན་གྱི་རྟོགས་པས་དེས་པར་བྱ་བའི་རྟ་ནི་བ་ལང་གི་བདག་ཉིད་མ་ཡིན་པ་བཞིན། རྣམ་འགྱུར་རྣམས་ཀྱང་མེད་པའི་རང་བཞིན་ལས་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པས་དེས་པར་བྱ་བའི་ཞེས་པ་ཁྱབ་བྱེད་དང ་འགལ་བའོ། །འདིས་ནི་མེད་པའི་རྗེས་སུ་འགྲོ་བ་ནི་མ་གྲུབ་པ་ཉིད་དུ་སྨྲས་སོ། །འཇིམ་ཁྱད་མེད་ལ་ཁམ་ཕོར་སོགས། བློ་ཐ་དད་པ་གལ་ཏེ་འདོད། ཅེས་པ་འཇིམ་པ་རྣམས་ལས་ཁམ་ཕོར་ལ་སོགས་པ་ཐ་མི་དད་དེ། དེ་ལ་ཐ་མི་དད་པའི་རྣམ་པ་ཅན་གྱི་རྟོགས་པར་ཐལ་བར་འགྱུར་བ་ལ། གལ་ཏེ ་རྟོགས་པ་ཐ་དད་པ་ཐ་དད་པ་འདོད་དེ། འཇིབ་ལ་འདི་བའི་རྟོགས་པ་དང་ཁམ་ཕོར་ལ་སོགས་པའི་རྟོགས་བའོ། །དེ་ལྟར་གྱུར་ན་མེད་ཁད་མེད་ན་ཡང་སྟེ་མེད་བའི་རྒྱུ་ལ་ཐ་དད་མེད་ན་ཡང། བ་ལང་ལ་སོགས་པའི་གསལ་བ་མེད་པ་དང་ལྡན་པ་ལ་འང། ཐ་དང ་བློན་སྟེ། བ་ལང་རྟའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་རྟོགས་པ་ཐ་དད་བ་ཅི་ཡིས་བཟློག། རྣམ་པ་ཅི་ཡིས་ཞེས་པ། དབྱིབས་ཀྱི་ཁྱད་པར་གྱིས་སམ། སྐྱེས་བུའི་དོན་གྱི་དབང་གིས་སོ། །སྒྲའི་ཁྱེད་པར་གོམས་པའི་དབང་ལས་ཞེས་པ། ཐོག་མ་མེད་པར་སྒྲའི་ཐ་སྙད་བརྒྱུད་པ་ན། སྒྲའི་བྱེ་བྲག ་གིས་བྱས་བ་དེའི་རྣམ་པ་ཅན་གྱི་རྟོགས་པ་སྐྱེད་པའི་ཆེད་དུ་གང་བག་ཆགས་ཡིན་པ་དེ་ནི་སྒྲའི་ཁྱད་པར་གོམས་པ་སྟེ། དེའི་དབང་ལས་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པ་སྐྱེ་པར་འགྱུར་རོ། །འདིས་ནི་དེའི་བདག་ཉིད་ཉིད་ན་ཡང་དེ་ལས་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པས ་ངེས་པར་བྱ་བ་ཉིད། ཁམ་ཕོར་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་མ་ངེས་པ་ཉིད་དུ་བཤད་དོ། །དེས་ན་མེད་པ་རྗེས་སུ་འགྲོ་བ་ནི་མ་གྲུབ་པ་ཉིད་དུ་རིགས་པ་མ་ཡིན་ནོ། །གང་ཡོད་པ་ལས་ཐ་མི་དད་ན་དངོས་པོར་ཡོད་བའི་ཕྱིར་མངོན་སུམ་གྱིས་ཡོངས་སུ ་བཅད་པ་བ་ལང་ལ་སོགས་པ་རྣམས་ནི་སྒྲ་གོམས་པའི་དབང་ལས་དེ་ལྟར་ཡོངས་སུ་བཅད་པ་སྟེ། མངོན་སུམ་དུ་བྱས་པའི་དངོས་པོ་ལ་སྒྲའི་བརྡ་བྱ་བར་ནུས་ཀྱིས། རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེ་རྣམས་ཀྱིས་མེད་པ་ཉིད་དུ་འདོད ་པར་བྱ་བ་ལ་ནི་ཅི་ལྟར་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་བས་ངེས་པར་བྱ་བ་ཉིད་ཡིན་ཅེས་པ་འདིའི་ཕྱིར་ན་གསུངས་པ། ཁྱོད་ཀྱི་ཡང་ནི་ཞེས་པ་ལ་སོགས་པའོ། །ཡོན་ཏན་རྣམས་ཀྱི་ངོ་བོ་མཆོག། གང་མཉམ་པའི་གནས་སྐབས་ན། །ཕྱིན་ཅི་མ་ལོག་པའི་རང ་བཞིན་དེ་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར། མཐོང་བའི་ཡུལ་གྱི་དངོས་པོར་ཉེ་བར་མི་འགྲོའོ། །གང་གསལ་བའི་གནས་སྐབས་སུ་དེ་རྣམས་ཀྱི་ངོ་བོ་དེ་ནི། སྒྱུ་མ་བཞིན་དུ་ཤིན་ཏུ་གསོག། རང་བཞིན་གྱིས་སྟོད་པའོ་ཞེས ་པའི་དོན་ཏོ། །དེ་ལས་ཀྱང་ཁྱོད་ཀྱང་དངོས་པོའི་དེ་ཁོ་ན་ཉིད་ཀྱི་རྒྱུ་ཅན་མ་ཡིན་པ་ཁོ་ནར་ཐ་སྙད་ཁས་བླང་བར་བྱའོ། །ཞེས་པས་བརྩད་པ་མཚུངས་སོ། །ལྐོག་ཤལ་ལ་སོགས་མཐོང་ཕྱིར་ཞེས་པ་ལ་སོགས་པ་དེ་ལ་འཇིག་པ་སྨྲ་བ་པ་ཡིས ་བརྗོད་པ། གང་ཞིག་མཐོང་བ་ལས་གང་ཞིག་འཇིག་རྟེན་ན་རྟོགས་པར་འགྱུར་བ་དེ་ཁོ་ན་དེར་འགྱུར་ཏེ། དཔེར་ན་ལྐོག་ཤལ་ལ་སོགས་པ་མཐོང་བ?་ལས་བ་ལང་གི་རྟོགས་པར་འགྱུར་བའི་ལྐོག་ཤལ་ལ་སོགས་པ་ཁོ་ན་ནི་བ་ལང་ཡིན་པ་བཞིན། དོན་གཞན ་ལ་རྟོགས་པ་ཡང་བདག་ཉིད་གཞན་མེད་པ་མཐོང་བ་ལས་ཡིན་ཏེ། དེའི་ཕྱིར་དོན་གཞན་མེད་ཁོ་ན་བདག་ཉིད་གཞན་རྣམས་སོ་ཞེས་པའོ། །འདིས་ནི་གང་མཐོང་བ་ལས་གང་རྟོགས་པར་འགྱུར་བ་དེ་ཁོ་ན་དེར་འགྱུར་ཏེ། དཔེར་ན་ལྐོག་ཤལ་ལ་སོགས ་པ་མཐོང་བ་ལས་བ་ལང་གི་རྟོགས་པར་འགྱུར་བའི་ལྐོག་ཤལ་ལ་སོགས་པ་རྣམས་ཁོ་ན་བ་ལང་ཡིན་པ་བཞིན། བདག་ཉིད་གཞན་རྟོགས་པ་ཡང་བདག་ཉིད་གཞན་མེད་པ་མཐོང་བ་ལས་འགྱུར་རོ་ཞེས་འབྲས་བུ་གསུངས་སོ། །འདི་གྲངས་ཅན་པས ་སླར་སྒྲུབ་པར་བཤད་པ་གལ་ཏེ་ལྐོག་ཤལ་ལ་སོགས་པ་མཐོང་བ་ལས་བ་ལང་གི་རྟོགས་པར་འགྱུར་ན། དེ་ལྟར་གྱུར་ན་བདག་ཉིད་གཞན་མེད་པ་མཐོང་པ་ལས་བདག་ཉིད་གཞན་ལ་རྟོགས་པར་འགྱུར་རོ་ཞེས་?་བརྗོད་པ་དེ་མི་རིགས་ཏེ་ཞེས་སོ། ། ་བདག་ཉིད་གཞན་མེད་པའི་རྒྱུ་མཚན་ཅན་དུ་རྟོགས་པ་ཐམས་ཅད་ཁས་ལེན་ན། ཅི་ལྟར་བ་ལང་གི་རྟོགས་པའི་རྒྱུ་མཚན་ལྐོག་ཤལ་ལ་སོགས་པ་ཉིད་ཡིན་ཞེས་པའི་ཐ་ཚིག་གོ། འདིས་ནི་ཁས་བླངས་པ་ཉམས་པ་སྨྲས་ཏེ། དཔེ་ལ་རང་གི་ཕྱོགས་པ་ཉད? ་བའི་ཕྱིར་རོ། །འགལ་བ་ཞེས་པ་གྲུབ་མཛའ་དད་འགལ་བའི་ཕྱིར་རོ། །ཁྱོད་ཀྱི་འདོད་པས་ཞེས་པ་ཁྱོད་ཀྱིས་ནི་ལྐོག་ཤལ་ལ་སོགས་པ་རྣམས་ཁོ་ན་བ་ངོ་ཞེས་འདོད་པའོ། །ཁོ་ནོ་ཅིག་འདོད་པས་ནི་ཕན་ཚུན་གསལ་བྱ་དེ་ཐ་དད་དེ། བ་ལང་དང་ལྐོག་ཤལ་ལ་སོགས་པ་རྣམས ་ནི་འདི་རྣམས་ལ་གསལ་བར་བྱ་བ་ཐ་དད་པའོ་ཞེས་བྱས་ནས་སོ། །གང་གི་ནི་ཞེས་པ་སེལ་བ་སྨྲ་བའི་འོ། །ཁས་བླངས་ནས་ཞེས་པ་ལ་སོགས་པ་ཁྱོད་ཀྱི་ནི་ལྐོག་ཤལ་ལ་སོགས་པ་ཚོགས་པ་ཁོ་ན་ལ་བ་ལོང་ཞེས་འདོད་དེ། དེའི་ཕྱིར་དེ་ཁས་བླངས་ནས་དཔེ་འདི་རང་གི་འདོད་པ་དང་འགལ་བ ་ཡང་བརྗོད་པའོ། །འདི་སྐད་བཤད་པར་འགྱུར་ཏེ་ཇི་ལྟར་ཁྱོད་ཀྱི་ལྐོག་ཤལ་ལ་སོགས་པ་ཆོགས་པ་མཐོང་བ་ལས་བ་ལང་གི་རྟོགས་བ་ཡིན་པ་དེ་ལྟར་ངེས་ཀྱི་ཡང་བདག་ཉིད་གཞན་མེད་པ་མ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པའོ་ཞེས་པའོ་།སྒྲ་ཐ་དང་བ་ལས་ནི ་ཞེས་བ་ལ་སོགས་པ་ལྐོག་ཤལ་ལ་སོགས་བ་སྒྲའི་ནི་ལྐོག་ཤལ་ལ་སོགས་པ་རྣམས་ལ་ལྐོག་ཤལ་ལ་སོགས་མ་ཡིན་པ་གསལ་བྱ་སྟེ། བ་ལང་གི་སྒྲའི་ཡང་བ་ལང་ལ་བ་ལང་མ་ཡིན་པ་གསལ་བྱའོ། །གང་གི་ཕྱིར་དེ་ལྟར་བསལ་བྱ་ཐ་དད་པ་དེའི་ཕྱིར་ལྐོག་ཤལ་ལ་སོགས ་བ་རྣམས་ལ་ལྐོག་ཤལ་ལ་སོགས་པ་མ་ཡིན་པ་སེལ་བས་ལྐོག་ཤལ་ལ་སོགས་པའི་རྟོགས་པ་དང་བ་ལང་ལ་བ་ལང་མ་ཡིན་པ་རྣམ་པར་གཅོད་པས་བ་ལང་གི་རྟོགས་པའོ། །དེ་ལྟར་ན་འདིར་ཡང་བདག་ཉིད་གཞན་མེད་པ་མཐོང་བ་ཁོ་ན་ལས་བདག་ཉིད་གཞན་བ ་ལང་ལ་རྟོགས་པ་རང་གི་འདོད་པས་སོ་ཞེས་པས། བས་བླངས་པ་ཉམས་པ་མེད་དོ། །དེ་མི་བལྟོས་ཞེས་པ་ལ་སོགས་པ་ནི་གྲངས་ཅན་པས་བདག་ཉིད་གཞན་མེད་པ་མཐོང་བ་ལས་ཀྱང་བདག་ཉིད་གཞན་ལ་རྟོགས་པར་འགྱུར་རོ། །ཞེས་པ་མ་གྲུབ་པ་ཉིད་དུ ་བསྟན་པའི་ཆེད་དུ་བཤད་པའོ། །དེ་ལྟོས་མེད། བདག་ཉིད་གཞན་རྟོགས་པའོ། །ཅིའི་ཕྱིར་ཞེ་ན། དེད་གྱི་སྣ?་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པར་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་སྒྲུབ་པའི་ངོ་བོ་ཁོ་ནས ་བ་ལང་ཞེས་སོ། །རང་གི་རྣམ་པར་རྟོགས་པས་སྤྲུལ་ཞེས་པ་འདི་ནི་རང་གི་རྣམ་པར་རྟོགས་པས་དབྱེ་བར་བྱས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། རང་གི་རྣམ་བར་རྟོག་པའི་དབང་ལས་འདི་ནི་འདི་ལྟར་དུ་བརྗོད་པར་བྱའི། རིགས་པ་ནི ་མ་ཡིན་ནོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། སེལ་བ་མེད་པར་ཞེས་པ་ལ་སོགས་པའོ། །ལྐོག་ཤལ་ལ་སོགས་པ་རྣམས་ལ་ནི་ཞེས་པ་ལ་སོགས་པ་ནི་ཁོ་ནའི་འབྲེལ་པའོ། །ལྐོག་ཤལ་ལ་སོགས་པའི་སྒྲ་ནི་སྤྱིའི་ངོ་བོར་རང་གི་དོན་རྟོགས་པར་བྱེད ་དེ། དེ་ཡང་སྤྱིའི་ངོ་བོ་རྟོགས་པ་ན་དོན་གཞན་མེད་པ་ལ་མི་བལྟོས་པར་མི་འགྱུར་རོ་ཞེས་སྔར་བསྒྲུབས་ཟིན་པ་ཁོ་ནའོ། །འོ་ན་དངོས་པོའི་རང་གི་མཚན་ཉིད་རྟོགས་པ་ནི་དོན་གཞན་མེད་པ་རྟོགས་པ་ལ་མི་བལྟོས་པར་བ་ལད་ཞེས་སྒྲུབ་པ་ཁོ་ནས་འགྱུར་རོ་ཞེ ་ན་གསུངས་པ། རང་གི་ངོ་བོ་ནི་ཞེས་པ་ལ་སོགས་པའོ། །རང་གི་ངོ་བོ་ནི་རང་གི་མཚན་ཉིད་དེ། དེ་རྟོགས་པ་ན་གལ་ཏེ་དོན་གཞན་མེད་པ་བལྟོས་པར་བྱ་བ་མ་ཡིན་མོད། དེ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བརྗོད་པར་བྱ་བ་ཐ་སྙད་པའི་ངོ་བོ་ནི་བ་ལང་ལ ་སོགས་པ་རྣམས་ལ་དོན་གཞན་སེལ་བ་ལ་མི་བལྟོས་པར་རྟོགས་པ་མ་ཡིན་ནོ། །དེ་ཡང་རྣམ་པར་དཔྱད་པའི་ཆེད་དུ་སྐབས་སུ་བྱས་པའོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །གང་བརྗོད་པ་ཞེས་པ། འདི་སྐད་དུ་བརྗོད་དེ། གལ་ཏེ་བདག་ཉིད་གཞན་མེད ་པ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པར་འགྱུར་ན། དང་པོའི་རྟོགས་པ་འཇུག་པ་མེད་པ་ཁོ་ན་སྟེ། ཅིའི་ཕྱིར་ན། དེ་ལ་བདག་ཉིད་གཞན་མེད་པ་མཐོང་བ་མེད་པའི་ཕྱིར་རོ་ཞེས་བའོ། །འདིར་དང་པོའི་རྟོགས་པ་ནི་གང་འཁོར་བར་ཐོག་མར་སྐྱེད། ་སྟེ་དེ་མེད་པའོ། །དེའི་ཚེ་གཞན་གྱི་བདག་ཉིད་མ་མཐོང་བའི་ཕྱིར། བདག་ཉིད་གཞན་ཡང་མ་བཟུང་བས། དེ་མེད་པས་ཉེ་བར་མཚོན་བའི་བདག་ཉིད་གཞན་ཡང་གཟུང་བར་མི་ནུས་སོ་ཞེས་པས་ཁས་བླངས་པ་ཉམས་པའོ། །ཐོག་མ་མེད་ཕྱིར་འདོད་པ་གྲུབ ་ཅེས་པ་འདི་ནི་འདོད་པ་ཁོ་ན་ཏེ་དང་པོའི་རྟོགས་པ་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཕྱིར་ཁས་བླངས་པ་ཉམས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཡང་ཞེས་པ་ལ་སོགས་པས་ཕ་རོལ་པོ་ཁོ་ན་ལ་སྐྱོན་འདི་སླར་ཐལ་བར་འགྱུར་བར་བྱེད་དོ། །རིགས་དང་ལྡན་པ ་ལ་ཁྱབ་པར་ནུས་པ་མ་ཡིན་ཞེས་པ་གལ་ཏེ་ཁྱད་པར་ཐམས་ཅད་ལ་སྒྲ་སྦྱར་བར་ནུས་པ་ཉིད་ན། དེ་ལྟ་ན་རིགས་དང་ལྡན་པའི་དངོས་པོ་སྒྲས་ཁད་པར་ནུས་མོད། དེ་སྲིད་པ་མ་ཡིན་ཏེ། རིགས་དང་ལྡན་པ་རྣམས་མཛའ་ཡས་པ་ཉིད་ཀྱི་ཕྱིར་རོ། །འབྲེལ་བ་མ་བྱས ་བར་སྒྲས་རྟོགས་བར་ནུས་པར་ཡང་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ཀྱི་གཅིག་ཡིན་པ་ཉིད་ཀྱི་ཕྱིར་རིགས་ཀྱིས་ཁྱད་པར་ནུས་སོ། །ཞེ་ན་གསུངས་པ། ཡང་མིན་ཞེས་པ་ལ་སོགས་པ་སྟེ། ཁྱབ་བར་ནུས་པ་ཞེས་དཀྱུས་མ་དང་སྦྲེལ་ལོ། །གལ་ཏེ་རེ་ཞིག་རྟེན་ལས་ཐ ་དང་པའི་རིགས་ནི་རྟེན་མཛའ་དག་ལ་འཇུག་པར་རྟོག་ན། དེའི་ཚེ་གཉིས་ཉིད་ལ་སོགས་པ་བཞིན་དུ་རྟེན་མཐོང་པ་སྔོན་དུ་འགྲོ་བར་དེ་མཐོད་བར་འགྱུར་ན། རྟེན་རྣམས་ནི་མཛའ་ཡས་པའི་ཕྱིར་མཐོང་བ་སྲིད་པ་ཡང་མ་ཡིན་ནོ། །ཅི་སྟེ་རྟེན་སོ་སོ་ལ་བདག ་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཉིད་ཀྱིས་ཕྱིར་རྟེན་གཅིག་མཐོང་ན་ཡང་འཛིན་པར་འདོད་ན་དེའི་ཚེ་ཐ་དད་པར་འགྱུར་རོ། །དེ་ལས་ཀྱང་རྟེན་དང་འདྲ་བར་མཛའ་ཡས་པ་ཉིད་ཀྱི་ཕྱིར་འབྲེལ་བ་མེད་པའོ། །ཅི་སྟེ་རྟེན་ལས་ཐ་མི་དད་ན་དེ་ལྟ་ན ་ཡང་ཁྱད་པར་ལྟ་བུའི་སྐྱོན་ཏེ། ཁྱད་པར་རྣམས་ལས་ཐ་མི་དད་པ་ནི་དེ་ཁོ་ན་བཞིན་དུ་མཛའ་ཡས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རིགས་སྨྲ་བ་ཁོ་ན་ལ་དང་པོའི་རྟོགས་བ་མེད་པར་ཐལ་བར་འགྱུར་རོ། །གང་ཡང་བརྗོད་པ་ཞེས་པ་གལ་ཏེ་བདག་ཉིད་གཞན་མེད་པ ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་བར་འགྱུར་ན། རྟོགས་པ་འཇུག་པ་ཉིད་མེད་དེ། ཅིའི་ཕྱིར་ན་གསལ་བར་བྱ་བ་བདག་ཉིད་གཞན་མཛའ་ཡས་པ་ཉིད་ཀྱི་ཕྱིར་ཏེ། བདག་ཉིད་གཞན་ཐམས་ཅད་མེད་པ་མཐོང་བ་མེད་དོ་ཞེས་པའོ། །འདི་སྐད་བཤད ་པར་འགྱུར་ཏེ། གལ་ཏེ་བདག་ཉིད་གཞན་རྣམས་ཐམས་ཅད་བསལ་བས་རྟོགས་པ་ཡིན་ན་བ་ལང་མ་ཡིན་པའི་དོན་དེ་རྣམས་མཛའ་ཡས་པ་ཉིད་ཀྱི་ཕྱིར་མི་མཐོང་སྟེ། བ་ལན་གི་ཁྱད་པར་བཞིན་ནོ། །དེ་ལས་ཀྱང་དེ་བསལ་བས ་བ་ལང་རྟོགས་པ་མ་ཡིན་ཏེ། དེ་ཁོ་ན་བཞིན་ཞེས་པའོ། །གང་རྣམས་མཛའ་ཡས་པ་དེ་རྣམས་ཐམས་ཅད་མཐོང་བ་མ་ཡིན་ཏེ། བ་ལང་གི་ཁྱད་པར་བཞིན་བསལ་བྱ་རྣམས་ཀྱང་མཛའ་ཡས་པ་ཉིད་དོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །གང་མཛའ་ ་ཡས་པ་ཉིད་ནི་དེ་བསལ་བས་བ་ལང་རྟོགས་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་ཁྱད་པར་རྣམས་མཛའ་ཡས་པ་ཉིད་དེ་གསལ་བས་བ་ལང་རྟོགས་པར་མི་འགྱུར་བ་བཞིན། བ་ཡང་མ་ཡིན་པའི་དོན་རྣམས་ཀྱང་མཛའ་ཡས་པ་ཉིད་དོ། །ཁྱབ་བྱེད་དང་འགལ་བའོ། །དེ ་ལས་ཀྱང་ཁས་བླངས་པ་ཉམས་པའོ། །དེ་ཡང་མི་རིགས་ཏེ། ཅི་ལས་ཞེ་ན། སྤྱི་ཡིས་ངེས་པར་སེལ་བའི་ཕྱིར། ཤིང་མ་ཡིན་དུ་མི་འགྱུར་རོ་ཞེས་པ་འདི་ལྟར་སྤྱིའི་ངོ་བོས་ངེས་པར་སེལ་བའི་ཕྱིར་རོ། །དེ་ནི་གཞན་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཤིང་གི་སྒྲ་དེ ་ནི་རིགས་གཞན་བུམ་པ་ལ་སོགས་པ་རྣམས་རྫས་སོ་སོར་འདི་བུམ་པར་མི་འགྱུར་རོ་ཞེས་པ་འདི་ལྟར་སེལ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་རྣམ་པར་བཅང་བྱར་བརྗོད་པར་འདོད་པས་སྤྱིའི་ཆོས་གཅིག་གིས་སོ། །སྤྱིའི་ཆོས་གཅིག་པོ་གང་རྣམ་པར་བཅད་བྱང་བརྗོད་པར ་འདོད་པ་དེས་ཏེ་རྒྱུར་གྱུར་པ་ཡིས་སེལ་བར་བྱེད་དོ། །ཅིའི་ཕྱིར་སེལ་ཞེ་ན། སྐབས་གཞན་དུ་བསྟན་པའི་ཕྱིར་དེ་ཁོ་ནའི་སྤྱིའི་ཆོས་ཀྱིས་སོ་ཞེས་རྣམ་པར་ཤེས་པར་བྱའོ། །འདི་སྐད་བཤད་པར་འགྱུར་ཏེ། སྤྱིའི་ཆོས་རྣམ་པར་བཅད་བྱར་བརྗོད་པར་འདོད ་བས་ཐོབ་པའི་ཐེ་མི་དང་པའི་ངོ་བོ་རྣམས་ཤིན་ཏུ་མི་འགྱུར་རོ་ཞེས་པ་འདི་ལྟ་བུ་བུམ་པ་ལ་སོགས་པའི་རྣམ་པར་བཅད་པར་བྱ་བ་རྣམས་སེལ་བར་བྱེད་དོ་ཞེས་པའོ། །དེའི་ཕྱིར་ཤིང་མ་ཡིན་པ་ཉིད་ལ་སོགས་པ་ནི་མཛའ་ཡས་པ་ཉིད་དུ་མ་གྲུབ་སྟེ། སྤྱིའི་ངོ ་བོ་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་ཡང་བཤད་པ་ཞེས་པ་ལ་སོགས་པ་སྟེ། སྒྲ་གཞན་དོན་ནི??་མ་མཐོང་ཕྱིར་ཞེས་པ་འདིར་བཤད་དེ། །རིགས་མི་མཐུན་ལ་མ་མཐོང་བ་ཅོམ་གྱིས་རྗེས་སུ་དཔག་པའོ་ཞེས་པའོ། །གང་ཞིག་གང་ལ་མ་མཐོང་བ་དེ་ན་དེ་སེལ་བར་བྱེད་ཅིང། ཤིང་གི་སྒྲ?་ཡང ་རང་གི་དོན་མེད་པའི་རིགས་མི་མཐུན་ལ་མ་མཐོང་བ་སྟེ། རྒྱུ་མེད་ན་འབྲས་བུ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཛའ་ཡས་པ་ཉིད་ཡོད་ན་ཡང་རྗེས་སུ་དཔོག་པ་འཐད་དོ། །ཉེས་པ་འདི་ནི་ཁྱོད་ཉིད་ལ་ཞེས་པ་རྟོགས་པ་འཇུག་པ་མེད་པའི་སྐྱོན། ཅི་ལྟར་ཞེ་ན་གསུངས་པ། གལ་ཏོ་རང ་གི་རིགས་མཐུན་ལ་ཁྱབ་པས་ཞེས་པ་ལ་སོགས་པ་སྟེ། གང་གི་སྒྲུབ་པས་རྟོགས་པར་བྱེད་པ་དེའི་རྗེས་སུ་འགྲོ་བ་གཙོ་བོའོ་ཞེས་པས། རང་གི་རིགས་མཐུན་པ་མཛའ་དག་ལ་ཁྱབ་པར་སྒྲ་ཡིས་འཇུག་པར་བྱ་ན། དེ་ཡང་མི་སྲིད་དེ། རིགས་མཐུན་པ་རྣམས་མཛའ་མེད ་བ་ཉིད་གྱི་ཕྱིར་དང། རིགས་ནི་དེ་རྣམས་དང་ཐ་མི་དད་པའི་ཕྱིར་ཡང་ངོ། །དེའི་ཕྱིར་དཔེར་ན་ཞེས་པ་ལ་སོགས་པ་སྟེ། རྭ་ཅན་ཉིད་ནི་རྟ་ལས་ལྡོག་བཞིན་དུ་བས་རྟ་མ་ཡིན་པ་ཉིད་རྟོགས་པར་བྱེད་དོ། །དེ་ཡང་དངོས་པོར་ཡོད་པའི་སྤྱི་སྨྲ་བ་རྣམས་ཀྱིས་ཀྱང་རྟ་མ་ཡིན་པ ་ཉིད་ཅེས་བྱ་བའི་དངོས་པོར་ཡོད་པའི་སྤྱི་དམ་བཅས་པ་ཅུང་ཟད་ཀྱང་མེད་དོ། །གང་རྣམས་རྟ་མ་ཡིན་པ་བ་ལང་ལ་སོགས་པ་དེ་རྣམས་ཀྱང་རྭ་ཅན་ཉིད་ཀྱིས་སོ་སོར་ཁྱབ་པར་མི་བྱེད་དོ། །གང་རྣམས་དེ་དང་རིགས་མི་མཐུན་པ་རྟ་དེ་རྣམས་ཀྱང་སོ་སོར་མི་སེལ་བ་ཁོ ་ནར་རོ??། དེ་སྟེ་ཡང་དེ་ལས་ཇི་ལྟར་སྤྱི་རིགས་མི་མཐུན་པ་བསྒྲིབས་པའི་ཕྱིར་རྟར་མི་འགྱུར་རོ་ཞེས་ལྡོག་པའི་བློར་འགྱུར་ཞིང། རྟ་ལས་ལོག་པའི་བ་ལང་ལ་སོགས་པ་རྣམས་ལ་སྤྱིའི་རྣམ་པས་རྟས་ཡིན་པའོ་ཞེས་རྗེས་སུ་འཇུག་པའི་བློ་ཡང་ཡིན ་པ། དེ་ལྟར་འདིར་རིགས་པ་སྟེ། སྒྲ་ཡང་རྟགས་དང་ལྡན་པ་ལས་བ་ལང་ལ་སོགས་པའི་སྒྲ་ལས་ཀྱང། བ་ལང་ལ་སོགས་པ་ལ་རྗེས་སུ་འཇུག་པའི་བློ་ཡིན་ཞིང། བ་ལང་མ་ཡིན་པ་ལ་སོགས་པ་རྣམས་ལ་ཡང་ལྡོག་པའི་བློར་འགྱུར་རོ། །འདི ་སྐད་བཤད་པར་འགྱུར་ཏེ། གང་རྟགས་ཡིན་པ་དེ་ནི་སྤྱིར་རིགས་མི་མཐུན་པ་རྣམ་པར་གཅོད་པར་བྱེད་ཅིང་རང་གི་དོན་རྟོགས་པར་བྱེད་དེ། དཔེར་ན་རྭ་ཅན་ཅན་ཉིད་བཞིན་སྒྲ་ཡང་རྟགས་ཡིན་ནོ་ཞེས་པ་རང་བཞིན་ནོ། །གང་ཡང་གལ་ཏེ ་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་བལྟོས་པར་འགྱུར་ན་བདག་ཉིད་གཞན་མེད་པ་ཡང་གཅིག་བུ་སྟེ། དེ་ལས་བདག་ཉིད་གཞན་ཐམས་ཅད་ལ་རྟོགས་པ་གཅིག་ཏུ་ཐལ་བར་འགྱུར་ཞིང་ཐམས་ཅད་ཚུལ་གཅིག་པ་མན? ་གྱི་རྟོགས་པས་རྟོགས་པར་འགྱུར་ཏེ། བྱེ་བྲག་གི་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་དཀར་པོ་ཉིད་ཀྱི་ཁྱད་པར་ཐ་མི་དད་པ་ཉིད་ཀྱི་ཕྱིར། ཀུ་མུད་དང་ཀུན་ད་དང་དུང་ནི་དཀར་པོའོ་ཞེས་བུ་མུ་ད་ལ་སོགས་པ་རྣམས་ཐ་མི་དད་པའི་རྣམ་པ་ཅན་གྱི ་རྟོགས་པས་རྟོགས་པར་བྱ་བ་བཞིན་ནོ། །ཅི་སྟེ་བདག་ཉིད་གཞན་མེད་པ་གཅིག་མ་ཡིན་ན། དེ་ལས་སོ་སོའི་བདག་ཉིད་ལ་རྟོགས་པ་སྣ་ཚོགས་པ་ཉིད་དུ་ཐལ་བར་འགྱུར་ཏེ། སྒྲ་འཇུག་པའི་རྒྱུ་མཚན་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཁ་ད་ནི་དཀར་པ ་མངར་བ་དྲི་ཞིམ་པ་ལ་བསིལ་བའོ་ཞེས་པ་ཇི་ལྟ་བ་བཞིན་ནོ། །འདི་གཉིས་ཀ་མི་འདོད་ཞེས་པ་ཁས་བླངས་པ་ཉམས་པའོ་ཞེས་བརྗོད་པ། དེ་ལ་སླར་སྒྲུབ་གསུངས་པ། བདག་ཉིད་གཞན་མེད་ཁས་བླངས་ནས། གཅིག་དང་དུ་མ་ཉིད་རྟོགས ་པ། རིགས་མིན་ཞེས་པ་སྟེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་དངོས་པོ་ལ་འདི། འགྱུར་རོ་ཞེས་པ་ལྷག་མའོ། །གཅིག་ཉིད་དང་དུ་མ་ཉིད་ནི་དངོས་པོ་པ་སྟེ། དངོས་པོ་ཁོ་ན་ལ་སྲིད་ཀྱིས་དངོས་པོར་མེད་པ་ལ་ནི་མ་ཡིན་ནོ། །དོན་གཞན་མེད་པ་རེ་ཁས་བླངས་ནས ་གཅིག་དང་གཅིག་མ་ཡིན་པ་ཉིད་བརྟག་པར་མི་རིགས་སོ། །གང་ཡང་རིགས་ཀྱི་ཆོས་ནི་རྣམ་གནས་ཕྱིར། ཞེས་པ་འདིར་གཞན་སེལ་བ་གཅིག་ཉིད་དུ་རྣམ་པར་བཞག་པ་དེ་ནི་བློའི་སྣང་བ་ལ་བརྟེན་ནས་ཉེ་བར་བརྟགས་པའོ། །ཁྱོད་ཀྱི་འང་གསལ་མིན ་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་བལྟོས་པར་འགྱུར་ན་བདག་ཉིད་གཞན་མེད་པ་ལ་ཡང་གཅིག་བུ་སྟེ། དེ་ལས་བདག་ཉིད་གཞན་ཐམས་ཅད་ལ་རྟོགས་པ་གཅིག་ཏུ་ཐལ་བར་འགྱུར་ཞིང་ཐམས་ཅད་ཚུལ་གཅིག་པ་མིན ་ནུས་རྣམས་ལ། ཐལ་བར་འགྱུར་བ་མཚུངས་སོ་ཞེས་པ་ལྷག་མའོ། །བསལ་བ་མིན་པ་ནི་ཡོན་ཏན་རྣམས་མཉམ་པའི་གནས་སྐབས་གཙོ་བོ་སྟེ། དེ་ལ་ཆེན་པོ་ལ་སོགས་པ་རྣམ་འགྱུར་གྱི་ནུས་པ་རྣམས་གཅིག་ཉིད་ན། རྒྱུ་ཐ་མི་དད་པ་ཉིད་ཀྱི་ཕྱིར་?? ་འགྱུར་ཐ་དད་པར་མི་འགྱུར་ཞིང། ཐ་དད་པ་ཉིད་ན་གཙོ་བོ་གཅིག་ཉིད་དུ་འགལ་ཏེ་ནུས་པ་རྣམས་ལས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ནུས་པ་དེ་རྣམས་དངོས་པོར་ཡོད་པ་ཁོ་ནའོ་ཞེས་ཁས་བླང་པར་ནུས་པ་ཡང་མ་ཡིན་ཏེ། གཅིག་དང་གཅིག་མིན་ཉིད ་འགལ་བའི་ཕྱིར་རོ། །གང་ཡང་གལ་ཏེ་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པར་འགྱུར་ན། བདག་ཉིད་གཞན་ལ་རྟོགས་པ་ནི་དབང་པོ་ལས་བྱུང་བ་ཡང་ངོ་ཞེས་པས། མེད་པ་ནི་སྒྲ་ལ་སོགས་པ་རྣམས་ལས་གང་ཡང་རུང་བར ་འཐོབ་སྟེ། རྣ་བ་ལ་སོགས་པའི་གཟུང་བྱ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྒྲ་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་མ་ཡིན་ན། དེའི་འཛིན་པ་པོ་དབང་པོ་དྲུག་པ་ཡོད་དོ་ཞེས་པ་འདི་འོངས་ན། འདི་གཉིས་ཀ་ཡང་འདོད་པ་མ་ཡིན་ནོ། །ཞེས་བརྗོད་པ་དེའི་ལན་འདི ་སྟེ། སྒྲའི་བརྗོད་བྱའི་དོན་ལ་འདི། བསམ་བྱ་ཞེས་པ་ལ་སོགས་པའོ། །མངོན་སུམ་གྱི་དོན་ནི་བསྟན་དུ་མེད་པ་ཞེས་པ་སོ་སོ་རང་གིས་རིག་པར་བྱ་བ་བརྗོད་དུ་མེད་པའོ། །བསྟན་པར་བྱ་བའང་རྟོགས་པ་སྟེ། གང་འདི་སྐད་དུ་བདག་ཉིད་གཞན་མེད་པ་ནི ་བདག་ཉིད་གཞན་ནོ་ཞེས་བརྗོད་པ་དེ་ནི་བསྟན་པར་བྱ་ཞིང་བརྗོད་པར་བྱའི་དོན་གྱི་དོར་བཤད་ཀྱི་དབང་པོའི་སྤྱོད་ཡུལ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་མངོན་སུམ་པ་དབང་པོའི་སྤྱོད་ཡུལ་འཕན་པར་རིགས་པ་མ་ཡིན་ཏེ། དེ་བསྟན་དུ་མེད་པ་ཉིད་ཀྱི ་ཕྱིར་རོ། །དེའི་ཕྱིར་ཇི་སྐད་བཤད་པའི་སྐྱོན་བུ་ཐལ་བར་འགྱུར་བ་མེད་དོ། །དམིགས་ཀྱིས་དགར་བ་ཚིག་གི་འདི་ཞེས་པ། དམིགས་ཀྱིས་བཀར་བ་ནི་ལོགས་སུ་བྱེད་པར་བྱས་པའོ། །སླར་ཡང་དག་ལས་དམིགས་ཀྱིས་བཀར་བ་ནི་འདི་ཞེས ་པ་གཞན་སེལ་བའོ། །ཡང་ཅི་ལྟར་ན་ཡན་ལག་རྣམ་པར་ཕྱེ་བ་མེད་པའི་དག་གཅིག་ལས་ཚིག་དམིགས་ཀྱིས་བཀར་བར་ནུས་ཞེ་ན། ཡན་ལག་རབ་ཏུ་བརྟགས་པ་དང་ཚུལ་མཐུན་པའི་བློས་རྣམ་པར་དབྱེ་བར་བྱེད་པའི ་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྣམ་བརྟགས་པའོ་ཞེས་པའོ། །ཅིའི་ཕྱིར་རྣམ་པར་བརྟགས་པ་ལ་ཡིན་ཞེ་ན། ངག་གི་དོན་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་དག་དོན་སོ་སོར་སྤོབས་པའི་མིན་ཅན་ནི། དེ་ཡིས་ཏེ་ཚིག་གི་དོན་གྱིས་ཐོག ་མར་མ་བྱང་བ་རྣམས་ལ་སྐྱེད་དོ། །ཚིག་གི་དོན་མི་ཤེས་པ་ནི་སྔར་བློས་དག་གི་དོན་རྟོགས་པར་བཟོད་པ་མ་ཡིན་ཏེ། དེའི་ཕྱིར་ཆ་ཤས་མེད་པའི་དག་གི་རྟོགས་པའི་ཐབས་ཉིད་ཀྱི་ཕྱིར་ན། རང་བཞིན་དང་རྐྱེན་བཞིན་དུ་རྗོད་པར་བྱེད་པ་ཉིད་དུ། ་མེད་ཀྱང་ཚིག་གི་དོན་བརྟགས་སོ། །དག་གི་དོན་དུ་སྣང་བ་དེ་ནི་ཉན་པ་པོའི་རྒྱུད་ལ་འབྱུང་བ་གང་ཡན་པ་ཡང་དག་ལས་ཉན་པ་པོ་ལ་ཉེ་བར་སྐྱེ་ཞིང། སྨྲ་བ་པོའི་རྒྱུད་ལ་འབྱུང་བ་གང་ཡིན་པ་ཡང་དག་ཀུན་ནས་སློང་བའོ། །དེ་ལ་སྔ་མའི ་དབང་དུ་བྱས་ཏེ་དག་དོན་སྤོབས་པ་ཞེས་བྱ་བ་གང། དེ་ཡིས་དང་པོར་ཉེ་བར་སྐྱེད་ཅེས་སོ། །འདི་སྐད་བརྗོད་དེ། དག་གི་དོན་ཉིད་ནི། དེའི་རབ་ཏུ་སྦྱོར་བ་པོ་ཉིད་ཀྱི་ཕྱིར། དེའི་དོན་དུ་སྨྲ་པ་པོས་ངག་སྦྱར་མོད་ཀྱི། ངག་གི་སྒྲོན་མ་ལས་ཕ་རོལ་པོའི ་ངག་གི་དོན་གྱི་ཡུལ་ཅན་གྱི་སྤོབས་པར་འགྱུར་རོ་ཞེས་པའོ། །གང་ཡང་དག་ཀུན་ནས་སློང་བ་པོ་དག་དེ་ཉིད་དང་དེའི་དོན་ནི་སྒྲའི་དོན་དངོས་དག་གོ?་ཞེས་འདིར་འཆད་པར་འགྱུར་རོ། །དག་གི་དོན་ཉིད་ནི་དེ་ཡིས་གཞལ་བར་བྱ་བ་ཉིད་ཀྱི་ཕྱིར་དེ་ནི་འབྲས ་བུའི་རྟགས་ངག་གིས་རྗེས་སུ་དཔག་པར་བྱ་བ་སྟེ། དུ་བས་མེ་བཞིན་ནོ། །ཚིག་མེད་ཀྱང་ཞེས་པ་རྗོད་པར་བྱེད་པ་ཉིད་དུ་མེད་པའོ། །གང་གི་ཕྱིར་དག་ཁོ་ན་སྒྲ་དངོས་ཏེ། དེ་ཁོ་ན་དོན་དང་འབྲེལ་པའི་ཕྱིར་རྗོད་པར་བྱེད་པ་ཉིད་དོ། །ཚིག་རྣམས་ནི་མ་ཡིན་ཏེ་ཡི་གེ ་བཞིན་དུ་ཐ་སྙད་ཀྱི་ཡན་ལག་དག་གི་དོན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་རོ། །གང་སྨྲས་པ་མེད་ཀྱང་ནང་གི་བ་ཡིན་ནི། སྒྲ་རྣམས་ཡོད་དེ་ཞེས་སེམས་ཏེ། རྟོགས་པ་པོའི་ནུས་མེད་དེ་འཛིན་པའི་ཐབས་ཁོ་ན་དེའོ་ཞེས་སོ། །ཚིག་དེ་དག་ལས་འབྲས་བུའི་དོན་དུ་བསྐར?་བ་ནི་ལུང ་ཇི་ལྟ་བར་རབ་ཏུ་བརྟགས་པས་དོན་རྣམ་པར་བཞག་པར་བྱའོ་ཞེས་པའོ། །གང་གི་ལུང་གང་ཡིན་པ་འགའ་ཞིག་རྣམས་ཀྱིས་བརྗོད་པར་བྱ་བ་ཐ་དད་པའི་ཚིག་གི་དོན་ཅན་ནོ་ཞེས་པ་ལུང་སྟེ། ཕ་རོལ་པོ་རྣམས་ཀྱི་དིད?་དང་གཞན་རྣམས་ཀྱི་འབྲེ་བ་དང་འབབ་ཞིག་རྣམས་ཀྱི་དེ་དང ་ལྡན་པའོ་ཞེས་པའོ། །ཅིའི་ཕྱིར་བཀག་པ་ནི་ཞེས་བརྗོད་པར་བྱ་ཞེན་གསུངས་པ། འབའ་ཞིག་ནི་མི་སྦྱོར་བའི་ཕྱིར་རོ་ཞེས་པ། འཇིག་རྟེན་པའི་སྦྱོར་བ་ལས་སྒྲ་རྣམས་ཀྱི་དོན་ངེས་པར་གཟུང་བར་བྱ་བཞིན། འཇིག་རྟེན་ན་ཡང་ཚིག་འབའ་ཞིག་པའི་སྦྱོར་བ་མེད་དེ། ་གང་དུ་ཡང་བྱ་བའི་ཚིག་གཞན་མཐོས་པ་ཤིང་བླ་ཀྵའོ་ཞེས་པ་དེར་ཡང་ཡོད་དོ་འགྱུར་རོ་དག་ལྷུར་བྱེད་པ། སྐྱེས་བུ་དང་པོ་རབ་ཏུ་མ་སྦྱར་བཞིན་པ་ཡོད་དོ་ཞེས་རྟོགས་པར་བྱའོ། །དེ་སྐད་དུ་ཡང་བཤད་པ། གང་ཡང་འདི་ཅི་ཞེས་དྲིས་ཤིག་།བ་ལང་རྟ་ཞེས ་ཀྱང་བརྗོད་པའི་དྲི་བ་ཁོ་ན་བྱ་བ་སྟེ། དེ་ལ་རབ་ཞུགས་མཐོང་བའི་ཕྱིར་ཞེས་སོ། །ཇི་ལྟ་བུར་མེད་པ་ལ་རབ་ཏུ་བརྟགས་པས་དོན་བརྗོད་པར་བྱ་ཅི་ཞིག་ཡིན་ཞེ་ན་གསུངས་པ། རང་བཞིན་དང་རྐྱེན་བཞིན་དུ་ཞེས་པ། ཚིག་སྨྲ་བ་པོས་ནི། རང་བཞིན་ལ ་སོགས་པའི་དབྱེ་བ་མེད་པའི་ཚིག་དོན་ལ་རབ་ཏུ་སྦྱོར་ཞིང་རང་བཞིན་དང་རྐྱེན་དག་ནི་འབའ་ཞིག་པའི་ཚིག་གི་དོན་ལ་བརྟེན་པར་བྱེད་པོ་སྟེ། འབའ་ཞིག་པ་དག་སྦྱོར་བ་ནི་མེད་དོ། །མ་སྦྱར་བ་དག་ནི་ཡོད་པ་ཉིད་དུ་ངེས་པར་བཟུང་བར་ནུས་པ ་ཡང་མ་ཡིན་ཏེ། དེས་ན་དེ་དག་མེད་པ་ཁོ་ནའོ། །དེ་ལྟ་ཡང་ཇི་ལྟར་དེ་དག་གི་དོན་རབ་ཏུ་བརྟགས་པས་བརྗོད་པར་བྱ་བ་དེ་ལྟར་ཚིག་གིའོ། །འོ་ན་གཞན་གྱིས་རབ་ཏུ་བརྟགས་པ་དེ་ཁོ་ན་ཚིག་དོན་དུ་འགྱུར་མོད། མེད་པའི་དོན་ལ་འབད་པར ་འདིས་ཅི་བྱ་ཞེ་ན་གསུངས་པ། དེ་ཡང་རབ་ཏུ་བརྟགས་པ་ཞེས་པ་ལ་སོགས་པ། ལུང་འདི་ལས་གཞན་པའི་ལུང་རྣམས་ལ་མི་རིགས་པའི་དོན་འཛིན་པ་ཇི་ལྟ་བ་དེ་ལྟར་ཁྱད་པར་རྣམས་ལ་རིགས་སྒྲ ་མིན་ཞེས་པ་ལ་སོགས་པས་བཤད་ཟིན་ཏོ། །དེའི་ཕྱིར་དོན་གཞན་རིགས་པ་དང་ལྡན་པ་གཞན་སེལ་བ་ཞེས་བྱ་བ་འདི་ཉེ་བར་འཕངས་པ་ཡིན་ནོ། །འདི་རིགས་པ་དང་ལྡན་པ་ཡིད་དུ་ཡང་བསྒྲུབས་ཟིན་ཏེ། སྒྲ་དོན་གཞན་ནི་མ ་མཐོང་ཕྱིར་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཚིག་གི་དོན་འཛིན་པའི་ཐབས་ཅན་ཞེས་པ་ཚིག་གི་དོན་བརྟགས་པའི་དགོས་པ་སྟོན་ཏོ། །ཚིག་གི་དོན་འཛིན་པ་གང་གི་ཐབས་ཡིན་པ་དེ་དེ་སྐད་བརྗོད་དོ། །རང་ཉིད་ཁོ་ནས་ཚིག་གི ་དོན་རྣམས་རྗེས་སུ་འཛིན་པ་ལ་སེམས་ཀྱིས་རྣམ་པར་གནས་པའི་ཁྱད་པར་གྱི་ངོ་བོ་ཅན་དབྱེ་བ་མེད་པའི་ངག་གི་དོན་སྣང་བ་སྐྱེ་ཞེས་བྱ་བར་འོས་པ་ཉིད་དོ། །ཤེས་རབ་བཟང་པོའི་སྤོངས་པ་ཅན་སོ་སོར་ངེས་པའི་དབྱེ་བ་ཡོངས་སུ་གཅོད་པའི ་བྱ་བའོ་ཞེས་པ་བྱ་བར་འོས་པ་ཉིད་དོ། །དེ་ལྟར་ནི་འདིས་འདི་ལྟར་འདི་ལྟར་བྱ་བར་འོས་སོ་ཞེས་པ་བྱ་བར་འོས་པའི་གཞི་སྟེ། དེའི་དངོས་པོ་ནི་དེ་སྐད་གྱུར་པའི་བྱ་བ་དེའི་ཡུལ་ཅན་ནོ། །ཇི་ལྟར་བསྒྲུབ་པའི་བྱ་བའི་བར་མཚད་པར་ཤེས ་རབ་དང་སྤོབས་པ་གང་ལ་ཉེ་བར་སྐྱེས་པ་ན། རབ་ཏུ་འཇུག་པ་འམ་བཏང་སྙོམས་སུ་བྱེད་དོ། །དང་པོར་ཞེས་པ་གང་རྣམས་སྒྲ་དོན་གྱི་འབྲེལ་པ་མ་གོམས་པ་དེ་རྣམས་ནི། ཚིག་གི་དོན་འཛིན་པའི་ཐབས་ཅན་དག་གི་དོན་རྟོགས་པར ་བྱེད་དོ། །གང་རྣམས་སྒྲ་དང་དོན་གྱི་འབྲེལ་པ་གོམས་པ་ལས་ངག་གི་དོན་ལ་མཁས་པ་ཉེ་བར་སྐྱེས་པ་དེ་རྣམས་ཀྱི་ཡན་ལག་མེད་པའི་དག་ཁོ་ན་ལས་ཆ་ཤེས་མེད་པའི་དག་གི་དོན་གྱི་ཡུལ་ཅན་གྱི་སྤོབས་པར་འགྱུར་རོ། །གལ་ཏེ ་ཚིག་དང་དེའི་དོན་ཏེ། འདི་གཉིས་ཀ་བརྡ་ལས་བྱུང་བ་ཡིན་ན། འོ་ན་སྒྲ་དང་དོན་དངོས་དག་ཅི་ཞིག་ཡིན་ཞེ་ན་གསུངས་པ། ངག་ཉིད་ཁོ་ན་དང་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་འདི་ཡིན་ཞེ་ན་གསུངས་པ་དེ་ངག་ཐ་མི་དང་པ་ཉིད་ཀྱི་ཕྱིར ་ཞེས་པ། དག་ལ་ཚིག་ལ་སོགས་པ་ཆ་ཤས་སུ་གྱུར་པ་རྣམས་མ་ཡིན་ཞིང། དག་གི་དོན་ལ་ཚིག་གི་དོན་རྣམས་ཀྱང་མ་ཡིན་ཏེ། དེ་རྣམས་རབ་ཏུ་བརྟགས་པ་ཉིད་ཀྱི་ཕྱིར། རང་བཞིན་དང་རྐྱེན་བཞིན་དང། དེ་དག་གི་དོན་བཞིན་ནོ། །གང་གཞན ་ཚིག་ལ་སྒྲ་འཛིན་པར་མངོན་པར་རློམ་ཞིང་ཚིག་གི་དོན་ལ་ཡང་སྒྲའི?་དོན་འཛིན་པར་མངོན་པར་རློམ་པ་ཕྱིན་ཅི་ལོག་པའོ། །དེ་ནི་རབ་ཏུ་བརྟགས་པ་ལས་ཏེ་ལྕགས་ཀྱུ་མེད་པ་ཉིད་ཀྱི་ཕྱིར་ཏེ། རང་དབང་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །རང་དབང ་ཉིད་ཀྱང་དོན་ལ་མི་བལྟོས་པ་ཉིད་ཀྱིས་ཏེ། དེ་ཉིད་ཀྱི་ཕྱིར་ཡང་འདི་ནི་དངོས་པོ་ལས་འདས་ནས་འཇུག་བཞིན་པ་ནི་རྣམ་པར་བཅད་པར་མི་ནུས་སོ། །ཡང་གང་རྣམས་ཞེས་པ་ལ་སོགས་པ་སྟེ། སྤོབས་པ་སྨོས་པ་ནི་དག་ཀུན་ནས་སློང ་བར་བྱེད་པ་ཉེ་བར་མཚོན་པའོ། །དེའི་ཕྱིར་ངེས་བརྗོད་འདོད་ཀྱང་འཕེན་ཏེ། སྤོབས་པ་དང་བརྗོད་འདོད་སྤངས་ནས་ཞེས་པའི་དོན་ཏོ། །དེ་ལས་གཞན་ཕྱི་རོལ་གྱི་དོན་བ་ལང་ལ་སོགས་པའམ། དག་ཕྱི་རོལ་གྱི་དོན་རྣམས་ཀྱི་འབྲེལ་བ་ཕན་ཚུན ་ཕན་འདོགས་པའི་མཚན་ཉིད་ཅན་སྒྲ་དོན་དུ་རྟོགས་པར་བྱེད་པ་དེ་རྣམས་ཀྱི་ཡང་དེ་རྟོགས་པ་ཙམ་སྟེ། རིགས་པ་མེད་པ་དོན་གྱིས་སྟོང་པ་ཞེས་པའི་དོན་ཏོ། །འདིས་ནི་སྤྲོ་བས་པ་དང་བརྗོད་འདུད་ནི་དག་གི་དོན་ཉ་ཞེས་རང?་གི་ཡུགས་གསལ་བར ་བྱེད་དོ། །ཅིའི་རྒྱུས་རྣམ་པར་རྟོགས་པ་ཙམ་ཡིན་ཞེ་ན་གསུངས་པ། ཇི་ལྟར་གོམས་བཞིན་ཞེས་པ་ལ་སོགས་པ་སྟེ། གང་དང་གང་གོམས་པ་ནི་ཇི་ལྟར་བར་གོམས་པའོ། །རང་གི་རྐྱེན་གྱི་རྗེས་བྱེད་པས་ཞེས་པ་རང་གི་རྐྱེན་ནི་རྣམ་པར་ཤེས་པའི ་རྟེན་བག་ཆགས་ཏེ་དེ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་སོ། །ཕ་རོལ་གྱི་དོན་མེད་ཀྱང་གང་ལས་གོམས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དུ་མ་ཅན་སྐྱེ་སྟེ། དེའི་ཕྱིར་ཕྱི་རོལ་གྱི་དོན་ནམ་དེའི་འབྲེལ་པ་ནི་དག་གི་དོན་དུ་འཐད་པ་མ་ཡིན་ནོ། །ཡང་ཡང་དུ་དོན་གོམས ་བ་སྒྲའི་དོན་འཛིན་པ་སྟེ། དེས་བྱས་པ་རྣམ་པར་ཤེས་པ་ལ་ནུས་པའི་ཁྱད་པར་ནི་དོན་གོམས་པའི་བག་ཆགས་ཏེ་དེ་ལ་བལྟོས་པའོ། །དེའི་རྒྱུ་མཚན་ཅན་དོན་བྱ་བ་རྟོགས་པ་ངོ་བོ་སྣ་ཚོགས་པ་སྐྱེའོ། །རྟོགས་པ་བོས་དོན་བྱ་བ་སྤོབས་པ་གང་ཞིག་སྐྱེས་བས ་རྟོགས་པ་དེ་ནི་དོན་བྱ་བ་རྟོགས་པ་ངོ་བོ་སྣ་ཚོགས་སྐྱེ་བའོ། །དག་གི་བག་ཆགས་རབ་ཏུ་སད་བའི་རྒྱུ་མཚན་ཉིད་དུ་བསྟན་པའི་ཆེད་དུ་ངག་ལས་ཞེས་བཤད་དོ། །རང་གི་རྐྱེན་དང་རྗེས་སུ་མཐུན་པ་ཉིད་དུ་ཞེས་པ། གང་ཞིག་གི་བག?་ཆགས་གང་འདྲ་བ་དེའི་དེ་དང ་རྗེས་སུ་མཐུན་པ་ཁོ་ནའི་སྤོབས་པ་ཉེ་བར་སྐྱེའོ། །ཞེས་པའི་དོན་ཏོ། །རྟགས་ལ་སོགས་པ་ཐོས་པ་བཞིན་དུ་ཞེས་པ། རྟག་མེད་ཀྱང་རྟག་གནས་སོ་ཞེས་བརྗོད་པ་ན་རྟག་གིས་སྒྲུབ་པར་བྱེད་པ་གནས་པའི་བྱ་བར་སྣང་བའི་རྟོགས་པ་ཉེ་བར་སྐྱེ་སྟེ། ་སོགས་པའི་སྒྲ་ཡིས་ཆུ་ཀླུང་གི་འགྲམ་ན་བུ་འམ་གྱི་ཤིང་རྟ་ཡོང་ཅེས་པ་ལ་སོགས་པ་གཟུང་ངོ། །དེ་ཁྱད་པར་མེད་ན་ཡང་སྟེ་དག་གི་དོན་ཁྱད་པར་མེད་པ་ལ། དོན་བྱ་བ་རྟོགས་པའི་རྣམ་པར་རྟོགས་བ་སྐྱེ་བོ?་ཞེས་ད་གྱུས་མདང་སྦྲེལ་ལོ། །སྒེག ་བའི་སྙན་དངགས་ཐོས་པ་ལས་ཞེས་པ། མཆུ་དང་འོ་མ་འཛིན་པ་ལ་སོགས་པའི་སྔགས་པའི་དག་ཐོས་པ་ལས། དངོས་པོ་ཐ་མི་དད་ན་ཡང་ཆགས་པ་ཙན་རྣམས་ལ་འདོད་ཆགས་དང་རྗེས་སུ་མཐུན་པའི་རྟོགས་ལྔར་འགྱུར་ཏེ། ཡིད ་དུ་འོང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་རྣམས་ལ་ནི་ཡིད་འགྱུར་བ་དང་རྗེས་སུ་མཐུན་པ་སྟེ། ཡིད་དུ་མི་འོང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །འདི་ང་ག་ལ་ངག་གི་ཡུལ་གྱི་ལ་སྲིད?་པ་ཡང?་མ་ཡིན་ཏེ། ཡུལ་ནི་གཅིག ་གི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ངག་ནི་ངག་དོན་གྱི་རང་གི་ངོ་བོ་ལ་འཁྲུལ་པར་སྟོན་ཅིང། གང་ཞིག་གང་ལས་འཁྲུལ་པ་དེ་ནི་དེ་རྟོགས་པར་བྱེད་པ་མ་ཡིན་ཏེ། མི་རྟག་པ་ཉིད་ལ་ལུས་ཅན་མ་ཡིན་པ་ཉིད་བཞིན། དག་ཀྱང་དག་དོན་གྱི་རང་གི ་ངོ་བོ་ལ་འཁྲུལ་པའོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །འོ་ན་གང་གི་ཡང་སྤོབས་པ་ནི་ངག་གི་དོན་ཞེས་འདོད་པ་མ་ཡིན་ནམ། དེའི་ཡང་དེ་ནི་རྣམ་པར་རྟོགས་པ་ཙམ་མ་ཡིན་ཞིང། སྦོབས་པ་ཐ་མི་དད་ན་ཡང ་སྒེག་པའི་སྙན་དངགས་ཐོས་པ་ལས་ཇི་སྐད་བཤད་པའི་རྟོགས་པ་ཐ་དད་པ་མཐོང་བའི་ཕྱིར་རོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། གང་ངག་གི་ཀུན་ནས་སྐྱེད་པའི་རྟོགས་པ་དག་དོན་གྱི་རང་གི་མསན་ཉིད་ཀྱི་ཡུལ་ཅན་དུ་འདོད ་བའི་ཕ་རོལ་པོ་ཁོ་ན་ལ་སྐྱོན་འདི་སྟོན་གྱི། ཁོ་བོ་ཅག་ལ་ནི། མ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་རང་གི་མཚན་ཉིད་ཡུལ་ཅན་མ་ཡིན་པ་ཉིད་ཀྱི་ཁས་བླངས་པའི་ཕྱིར་རོ། །ད་ནི་སྤོབས་པ་མངོན་སུམ་དང་རྗེས་སུ་དཔག ་བ་དག་གི་ནང་དུ་འདུས་པར་བསྟན་པའི་ཆེད་དུ་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ། ལྷས་བྱིན་པ་དཀར་མོ་མངོན་དུ་དེད་ཅིག་ཞེས་པ་ལ་སོགས་པའི་དག་ལས། གང་ཉན་པོ་ལ་སྤོབས་པ་སྐྱེ་བ་དེ ་ནི་མཆོད་སྦྱིན་བྱིན་གྲོང་ཁྱེར་སྐྱ་སྣར་གྱི་བུར་སོང་ཞིག་ཅེས་པ་ལ་སོགས་པ་དག་གཞན་རྣམས་ཀྱི་དོན་གང་ཡིན་པ་དེ་རྣམས་ལས་ལོག་པའི་དོན་ལ། སྤོབས་པ་སྤྱི་དང་ཁྱད་པར་ལ་འདོད་དོ། །དེ་ལྟར་ན་དག་རྣམས་ཇི ་སྙེད?་པ་དེ་སྙེད་ཁོ་ནའི་སྤོབས་པ་རྣམས་དེའི་དོན་གྱི་ཡུལ་ཅན་ནོ་ཞེས་བརྗོད་པར་འགྱུར་རོ། །འདིས་ནི་སྤོབས་པ་དུ་མ་ཉིད་དུ་སྟོན་ཅིང། སྤོབས་པའི་སྤྱི་དག་ཀུན་ནས་སློང་པའི་རྟོགས་པའི་ཡུལ་ཡོད་དོ་ཞེས་གསལ་བར་བྱེད་དོ། །ཡུལ ་དུ་མའི་གཞི་ཅན་ནི་རྟོགས་པའི་སྤྱིའོ། །འབྲེལ་པ་ཤེས་པའི་ཞེས་པ་གང་སྒྲ་དང་དོན་དག་གི་འབྲེལ་པ་ཤེས་པའོ། །འདིས་ནི་ངག་རྟགས་སོ་ཞེས་དགོངས་པས། གང་ཞིག་སྤྱིའི་ངོ་བོའི་དོན་ལ་འབྲེལ་པ་ཤེས་པའི་རྟགས་ལས་རྟོགས་པར་འགྱུར ་བ་དེ་ནི་རྗེས་སུ་དཔག་པ་སྟེ། དུ་བ་ལས་མེ་ཏོག་པ་བཞིན། སྨྲ་བ་པོའི་སྤོབས་པ་ལས་ཉན་པ་པོའི་སྤོབས་པ་ཡང་དེ་ལྟ་བུའོ་ཞེས་རང་བཞིན་གསུངས་སོ། །གང་ཞིག་དག་ལས་རྟོགས་པ་ནི་ཞེས་པ་ལ་སོགས་པས་མི་གང་རང་རིག་པར་བྱ་བ་ད་ནི་རང་རིག ་པའི་མངོན་སུམ་གྱི་ནང་དུ་འདུ་སྟེ། འདོད་ཆགས་ལ་སོགས་པ་བཞིན། སྤོབས་པ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་ཁོ་ནའོ། །རེ་ཞིག་རིགས་ན་ཞེས་པ་ལ་སོགས་པ་སྟེ། རྒྱུ་མཚན་ཅན་རྣམས་ནི་རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱི་སྒྲ ་རྣམས་སོ། །དེ་རྣམས་ལ་རང་ཉིད་ཇི་ལྟ་བའི་རྒྱུ་མཚན་དང་ལྡན་པའི་དོན་དུ་མ་གཞན་སེལ་བ་སྤྱིའི་ངོ་བོས་མངོན་པར་བརྗོད་པ་སྲིད་དོ། །འདོད་རྒྱལ་བ་དངོས་པོ་གཅིག་ལ་ཉེ་བར་ལྟུང་བ་རྣམས་ལ་ནི་ཅི་ལྟར་ཡིན། དེ་རྣམས་ལ་བརྗོད་པར་བྱ་བ ་སྤྱི་ཡོད་པ་མ་ཡིན་པས་ཏེ། སྤྱི་ནི་དུ་མ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་འདོད་རྒྱལ་བ་རྣམས་སྤྱིའི་དོན་མི་བརྗོད་པའི་ཕྱིར་ཁས་བླངས་པ་ཉམས་པ་སྨྲས་སོ། །འདོད་རྒྱལ་བ་ལའང་ཞེས་པ་ལ་སོགས་པས། ཌིཏ་ཐ་ལ་སོགས་པ་རྣམས ་དུ་མ་ཉིད་དུ་སྟོན་ཅིང། དེ་ལ་ཡང་སྤྱི་ཡོད་དོ་ཞེས་སྒྲུབ་པར་བྱེད་དོ། །འདོད་རྒྱལ་བ་ནི་ཞེས་པ་ལ་སོགས་པ། ཀཱ་ཎ་དང་ཀུཎྜ་ལ་སོགས་པ་ཡོན་ཏན་ཚོགས་པ་བརྗོད་པར་བྱེད་པ་འདོད་རྒྱལ་བ་ཌིཏ་ཐ་ལ་སོགས་པའི་སྒྲའོ། །ཚོགས ་པ་དེའི་ཆ་ཤས་ཀཱ་ཎ་དང་ཀུཎྜ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཐ་དད་པར་སྤྱི་ཡིས་བརྗོད་དོ། །དེའི་ཕྱིར་ཇི་ལྟར་ཤིང་གི་སྒྲ་ཤིང་ཤ་བ་ལ་སོགས་པའི་ཁྱད་པར་རྣམས་ཐ་དད་པར་བརྗོད་ཅིང་སྤྱི་བརྗོད་པ་དེ་ལྟར་ཚོགས་པའི་སྒྲ ་ཌིཏ་ཐ་ལ་སོགས་པའི་སྒྲ་ཡང་ངོ། །དེའི་ཕྱིར་ཁས་བླངས་པ་ཉམས་པ་མ་ཡིན་ནོ། །འོ་ན་ཅི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་གཉིས་ཀ་ཡང་སྤྱི་བརྗོད་པར་བྱེད་པ་དག་ཡིན་ན་རིགས་དང་ཚོགས་པའི་སྒྲ་དག་ལ་ཁྱད་པར་ཅི་ཞིག་ཡོད་དེ། ཅུང་ཟད ་ཀྱང་མ་ཡིན་ནོ་ཞེས་པ་བསམ་པའོ། །ཅུང་ཟད་ཀྱང་མེད་དོ་ཞེས་པ་ཆ་ཤས་འདི་ཙམ་གྱིས་ཁྱད་པར་མེད་པ་ཁོ་ནའོ་ཞེས་པ་དགོངས་པའོ། །རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་པ་ཁོ་ནའོ་ཞེས་པ་སྟེ། གཞན་དུ་ན་འདི་ནི་རིགས་ཀྱི་སྒྲའོ། །འདི་ནི ་ཚོགས་པའི་སྒྲའོ་ཞེས་པ་ཐ་དང་དུ་མི་འགྱུར་རོ། །འོ་ན་ཆ་ཤས་རྣམས་ལ་དངོས་དང་ཉེ་བར་བཏགས་པས་འཇུག་པ་ཉིད་ཀྱིས་ཁྱད་པར་དུ་འགྱུར་བ་མ་ཡིན་ནམ། རིགས་ཀྱི་སྒྲ་ནི་སོ་སོར་ཡན་ལག་རྣམས་ལ་དངོས་སུ་འཇུག་ཅིང། ཚོགས་པའི་སྒྲ་ནི ་ཉེ་བར་བཏགས་པ་སྟེ། ཇི་སྐད་དུ་སྤྱི་བཏགས་པ་རྒྱས་པར། འདི་ནི་རིགས་དང་ཚོགས་པའི་སྒྲ་དག་གི་ཁྱད་པར་ཏེ། རབ་ཏུ་གྲགས་པའི་དབང་ལས་རིགས་ཀྱི་སྒྲ་ནི་སོ་སོར་ཡང་ཚོགས་པ་ཅན་རྣམས་ལ་འཇུག་སྟེ། ཚོགས་པའི་སྒྲ་ནི་སོ་སོར་ཚོགས ་པ་ཅན་རྣམས་ལ་ཉེ་བར་གདགས་པར་བྱའོ། །ཞེ་ན། དེའི་ཕྱིར་གསུངས་པ། རབ་ཏུ་གྲགས་པའི་དབང་ལས་ཞེས་པ་ལ་སོགས་པའོ། །ཕག་པའི་གསལ་བའི་ཡན་ལག་རྣམས་ལ་ཡང་ཕག་པའི་སྒྲ་བཏགས་པ་ལས་འཇུག ་སྟེ། དཔེར་ན་གྲོང་གི་ཕག་བཟའ་བྱ་མིན་ནོ། །ཞེས་བརྗོད་པ་ན་ཆ་ཤེས་ཀྱང་བཟའ་བྱ་མིན་པ་ལྟ་བུའོ། །ཁ་ཅིག་ཏུ་གཙོ་བོར་ཆ་ཤས་རྣམས་ལ་འཇུག་སྟེ། ཇི་སྐད་དུ། བྷ་རི་ཧ་ཧ་རིས་ཡིས་སྨྲས་པ་ཆུ ་སོགས་རྣམས་ལ་ཞེས་པའི་སོགས་པའི་སྒྲས་ས་ལ་སོགས་པ་ཡོངས་སུ་གཟུང་ངོ། །གྲངས་ལ་སོགས་པ་ལ་མི་བལྟོས་པ་ཉིད་ཀྱིས་ན་ཆ་ཤས་རྣམས་ལ་གཙོ་བོར་འཇུག་པ་ཉིད་དུ་སྟོན་ཏོ། །གྲངས་ལ་སོགས་པ་ལ་བལྟོས་པ་དང ་བཅས་པ་ཉིད་ནི་ཀརཥ་པ་ཎ་དཔག་ཚད་དང་གྲུ་བཞི་ལ་སོགས་སྒྲའི་སྒྲ་བཞིན་དུ་ཕྱོགས་གཅིག་ལ་འཇུག་པ་ཉིད་དུ་མི་འགྱུར་རོ། །དེ་ལ་གྲངས་ལ་མི་བལྟོས་པ་ཐིགས་པ་དང་ཁྱོར་གང་ལ་སོགས་པ་སྟེ། གྲངས་ལ་མི་བལྟོས་པ་ཉིད་ཀྱི་ཕྱིར་གཅིག་ལ་ཡང་ཐིགས ་པ་མཇུག་ཅིང་དུ་མ་ལ་ཡང་ངོ། །ཆུའི་སྒྲ་ནི་ཚད་མ་ལ་མི་བལྟོས་བསྟེ། ལྟེ་བ་བརླ་དང་བུས་མོ་ཙམ་ཉིད་ལ་སོགས་པ་ལ་མི་བལྟོས་པའི་ཕྱིར་རོ། །དབྱིབས་ལ་མི་བལྟོས་པ་སྟེ། རིང་པོ་དང་ཟླུམ་པོ་དང་གྲུབ་ཞི་ལ་སོགས་པ་ལ་མི་བལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཁུ་ཚུར་དང ་མདུད་པ་དང་སྣ་རྒྱན་ལ་སོགས་པ་རྣམས་ཀྱི་ཆ་ཤས་ནི་ཁུ་ཚུར་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །ཡན་ལག་ཁྱད་པར་ཅན་ལ་ཞེས་པ་ངེས་པའི་ཡན་ལག་གི་ཁྱད་པར་ཚོགས་པ་རྗོད་པར་བྱེད་པ་བརྒྱ་ལ་སོགས་པའི་སྒྲ་རྣམས་ཡན་ལག་ལ་འཇུག་པ་རྣམས ་མ་ཡིན་ནོ། ཁ་དོག་ཁྱད་པར་ཅན་ལ་ཁྲ་བོ་དང། འདྲེན་མ་ཞེས་པ་ནི་སྔོན་པོའམ་དམར་པོ་ཁྲོ་བོའི་ཡན་ལག་ལ་འཇུག་པ་མ་ཡིན་ནོ། །རེ་རེ་ལ་ཡོངས་སུ་རྫོགས་པ་སྟེ་ཞེས་པ། ཆ་ཤས་རེ་རེ་ལ་གཙོ་བོར་རབ་ཏུ་སྦྱོར་ཞེས་པའི་དོན་ཏོ། །གཙོ་བོ་ཞེས་པ་འདི་ཅི་ལས་ཞེ་ན། ཕྱི་མ་ལ་ཉེ་བར་བཏགས་པ་ཞེས ་པའི་ཚིག་ལས་སོ། གྲོང་གི་སྒྲ་ནི་ཁང་པ་དང་ཞིང་དང་ལམ་དང་ལྕགས་རིས་དང་སབ་མ་དང་སྐྱེས་བུ་ལ་སོགས་པ་ཚོགས་པ་བརྗོད་པར་བྱེད་པ་སྟེ། དེ་ཕྱོགས་གཅིག་སྐྱེས་བུ་ལ་འཇུག་པའོ། །ལུས་གྱི་ལས་ཀྱིས་བདག་གིས་ལས་བཤད་པ་ཞེས་པ་འདིར་ལུས་ཀྱི་སྒྲ་ལག་པ ་དང་རང?་པ་ལ་སོགས་པ་ཚོགས་པ་ལ་འཇུག་བཞིན་པ་ནི་དེའི་ཆ་ཤས་ཁོ་ན་ལ་ཉེ་བར་བཏགས་པའོ། །སྤྱི་བཏགས་པ་རྒྱས་པར་ནི་ཆ་ཤས་རྣམས་ལ་ཉེ་བར་བཏགས་པས་འཇུག་པ་ཉིད་མེད་པ་ཉིད་དུ་མཐོད་དེ་ཞེས་རིགས་ཀྱི་སྒྲ་ལས་ཚོགས་པའི་སྒྲ་ཁྱད་པར་དུ་བྱེད་པ་ཉིད་ཀྱིས་བཤད་དོ། ། ་འདི་ནི་ཕྱོགས་ཙམ་བསྟན་པའོ། །ཡང་འདི་ནི་འདིར་རིགས་དང་ཚོགས་པའི་སྒྲ་དག་གི་ཁྱད་པར་གསལ་བ་སྟེ། ཚོགས་པའི་སྒྲ་ནི་ཚོགས་པ་གཅིག་གིས་མང་དུ་འདུས་པའི་རིགས་མི་མཐུན་དང་རིགས་མཐུན་ཡང་ཐ་མི་དད་པར་བརྗོད་དེ། རིགས་ཀྱི་སྒྲ་ནི་དེའི་རིགས་མཐུན ་པ་ཁོ་ནའི་ཚོགས་པ་དང་ཚོགས་པ་མ་ཡིན་པ་ཡང་ངོ་ཞེས་པའོ། །འོ་ན་གང་འདི་ཉི་མ་ལ་སོགས་པའི་སྒྲ་གསལ་བ་གཅིག་ལ་ཉེ་བར་ལྟུང་བ་དེ་རྣམས་ཅི་ལྟར་སྤྱི་བརྗོད་པ་ཡིན་ཞེ་ན། དེ་ལ་ཡང་ཉི་མ་ལ་སོགས་པ་རྣམས་ཀྱི་གནས་སྐབས་ཐ་དད་པས་ཐ་དད་པའི་ཕྱིར་དུ་མ་ཉིད་ཡོད་དོ་ཞེས ་པས་མི་སྐྱོན་ནོ། །འབྲེལ་པས་བྱས་པ་ཞེས་པ། འབྲེལ་པ་མི་ཤེས་པའི་རྟོགས་པ་པའོ། །ཅི་ལྟར་རྗེས་སུ་དཔག་པ་ཡིན་ཞེས་པ་མ་ཡིན་པ་ཁོ་ནའོ། །འབྲེལ་པ་བསམ་པའོ། །འབྲེལ་པ་མ་བྱས་པའི་སྒྲ་ལས་སྐྱེས་པའི་རྟོགས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། དཔེར ་ན་གང་ཞིག་གི་ཀླ་ཀློའི་སྒྲ་ལས་སྐྱེས་པའི་ཐེ་ཚོམ་བཞིན། འབྲེལ་པ་བྱེད་པའི་དུས་སུ་འདིར་ན?་སའོ་ཞེས་པ་འདི་ལ་ཡང་རྟོགས་པ་ནི་རྣམ་པ་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་ལ་མ་ཡིན་ཞེས་པ་ལ་སོགས་པས་ནི་མ་གྲུབ་པ་ཉིད་དུ ་གསུངས་སོ། །རྟོགས་པས་ཞེས་པ་ལ་སོགས་པས་ནི། འདི་ཁོ་ན་ལ་འཐད་པའོ། །རྟོགས་པས་ཞེས་པ་འབྲེལ་པ་རྟོགས་པས་ཞེས་བྱ་བའི་དོན་ཏོ། །འདི་ནི་སྒྲ་དང་ཞེས་པ་ལ་སོགས་པས་རྟོགས་པ་དེ་སྟོན་ཏོ། །འོ་ན་འདི་སྒྲ་ཡང་ཉེ་བ་མངོན་སུམ་པའི་དངོས་པོའི་སྤྱི ་བརྗོད་པར་བྱེད་པ་མ་ཡིན་ནམ། དེས་ན་ཅི་ཞིག་ལས་ངེས་པ་ན་སའི་འགྲུབ་ཅེ་ན། སྐྱོན་འདི་མེད་དེ་ཇི་ལྟར་འབྲོལ་པ་རྟོགས་པའི་ཤིང་གི་སྒྲ་སྤྱི་རྗོད་པར་བྱེད་པ་ཡང་གང་གི་ཚེ་མདུན་ན་གནས་པའི་པ་ལ་ཤ་ལ་སོགས་པ་ཤིང་འདི་ཆོད་ཅིག་ཅེས་སྦྱོར་བ་དེའི་ཚེ་ཤིང་གི ་བྱེ་བྲག་ཁོ་ན་ལ་འཇུག་པ་དེ་ལྟར་འདི་སྒྲ་ཡང་ངོ། །འོ་ན་ཅི་ཞེ་ན། མིང་བྱེ་བྲག་ཏུ་རྟོགས་པའོ་ཞེས་པ། པ་ན་སའི་སྒྲས་ཡིས་དེ་རིམ་གི་བྱེ་བྲག་ཏུ་རྟོགས་པ་ཙམ་བྱ་བའོ་ཞེས་པའི་དོན་ཏོ། །འདི་ཁོ་ན་གསལ་པར་བྱེད་པ་གསུངས་པ། འབྲེལ་པ་རབ་ཏུ་བསྟན ་པའི་དེ་ནི་ཞེས་པ་ལ་སོགས་པ་སྟེ། ནའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །མིང་ཅན་གང་གི་དོན་ཡིན་པ་དེ་ནི་དེ་སྐད་ཅེས་བརྗོད་དེ། གང་འདིའི་སྦྲི་པ་ན་སའི་དོན་ཅན་དང་པ་ན་སའི་སྒྲ་གཞི་མཐུན་པ་ཉིད་དེ་ནི་འབྲེལ་པ་བསྟན་པའི་དོན་ཅན་ནོ། །འོ་ན་བརྗོད་པར་བྱ་བ་གཅིག་ལ་སྒྲ་དག་འཇུག་པ་ནི་གཞི་མཐུན་པ་ཉིད་དེ། དེའི་ཚེ་ལྔ ་འབྲེལ་པ་མི་ཤེས་པ་ཉིད་ཀྱི་ཕྱིར་པ་ན་སའི་སྒྲའི་དོན་མེད་པ་ཁོ་ན་སྟེ། དེ་ཅི་ལས་གཞི་མཐུན་པ་ཉིད་ཡིན་ཅེ་ན། བརྡར་བྱེད་དུ་འཇུག་པ་པོས་མིང་ཉིད་ཀྱིས་པ་ན་སའི་དོན་ལ་འཇུག་པའི་ཕྱིར་དེའི་ཚེ་འདི་སྒྲའི་དོན་ལ་དེ་ངེས་པར་སྦྱར་ཏེ། དེའི་ཕྱིར་དེ་ལ་དེ་འཇུག་གོ་ཞེས་པས་མི་སྐྱོན་ནོ། །འདིར་འདི་དོན་ཡིན་ཏེ། མིང་དང ་མིང་ཅན་གྱི་འབྲེལ་པ་རྟོགས་པ་ཙམ་གྱི་དོན་ཅན་ཁོ་ན་དེའི་ཚེ་པ་ན་སའི་ཡིན་ཏེ། འདིའི་སྒྲའི་ཡུལ་པ་ན་ས་ལ་མིང་འདི་ངེས་པར་སྦྱར་བའི་ཞེས་པའོ། །ཡང་ཅི་ལྟར་དེ་དང་འབྲེལ་པ་རབ་ཏུ་བསྟན་པར་ནུས། ཇི་ཙམ་གྱིས་འདི་དེ་ལ་འཇུག་པའི་རྒྱུ་མཚན་དངོས་པོར་ཡོད་པ་ཅུང་ཟད་ཀྱང་ཁྱེད་ཀྱིས་འདོད་མ་ཡིན་ནོ་ཞེ་ན་གསུངས་པ། གཉིས་ཀའི་བརྗོད་པར་བྱ ་བའོ་ཞེས་བྱས་ནས་སོ་ཞེས་པ་ཁ་ནས་དང་འདིའི་སྒྲ་གཉིས་ཀ་དག་ཀྱང་རྗོད་བྱེད་དུ་འོས་པའམ། གཉིས་དག་གིས་བརྗོད་པར་ནུས་པའོ་ཞེས་པའི་དོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། སྒྲ་རྣམས་འདོད་པ་ཙམ་གྱིས་འཇུག་པ་ཉིད་ཀྱི་ཕྱིར་དོན་རྣམས་ཐམས་ཅད་ལ་རུང་བ་སྟེ། དེའི་ཕྱིར་འཇུག་པའི་རྒྱུ་མཚན་གཞན་མེད་ཀྱང་འགྲེལ་པ ་བསྟན་པ་བཅུས་སོ། །དེའི་དོན་ཉིད་མ་ཡིན་པའི་ཕྱིར་ནི་མིང་གི་དོན་ཅན་པ་ན་སའི་སྒྲ་ཡིན་ནོ། །ཞེས་པ་ཁ་ནས་དེ་ཡིས་དོན་དང་ལྡན་པ་མ་ཡིན་པ་ཉིད་ཀྱི་ཕྱིར། པ་ན་སའི་སྒྲ་ནི་མིང་བྱེ་བྲག་ཏུ་རྟོགས་པའི་དགོས་པ་ཅན་ནོ་ཞེས་པའི་དོན་ཏོ། །འོ་ན་དེ་ཁོ་ན་ཞེས་པ་ལ་སོགས་པ། འདིའི་སྒྲ་དང་དོན་དག་གི་འབྲེལ་པ་གང ་ཡིན་པ་དེ་ཁོ་ན་སྒྲའི་སྒྲུབ་པའི་ངོ་བོར་བརྗོད་པར་བྱ་བར་འགྱུར་ཞིང། དེ་ལས་ཀྱང་ཁྱད་པར་འདི་ཁོ་ནས། སྒྲ་ལས་བྱུང་བ་རྗེས་སུ་དཔག་པ་ལས་ཚད་མ་གཞན་དུ་འགྱུར་རོ་ཞེས་སེམས་པའོ། །ཚད་མ་གཞན་གྱིས་ཉེ་བར་དམིགས་ནས་ཞེས་པ་མངོན་སུམ་ལ་སོགས་པས་སོ། །ཡང་ཅི་ལྟར་མངོན ་སུམ་གྱིས་འབྲེལ་པ་ཅན་དག་ཉེ་བར་དམིགས། ཇི་ཙམ་དུ་སྒྲ་དང་དོན་དག་ནི་སྤྱིའི་ངོ་བོ་དགོ་ཞེས་བསྒྲུབས་ཟིན་ཅིང། མངོན་སུམ་སྤྱིའི་ཡུལ་ཅན་ཡང་མ་ཡིན་ནོ་ཞེ་ན། ཕ་རོལ་པོའི་འདོད་པས་འདི་སྐད་བཤད་པའོ། །ཡང་ན་ཚད་མ་གཞིན་གྱི་རྗེས་ལ་འབྱུང་བའི་ཤེས་པ་སྟེ། འབྲས་བུ་ལ ་རྒྱུས་ཉེ་བར་བཏགས་པའི་ཕྱིར་ཚད་མ་གཞན་གྱི་སྒྲས་བརྗོད་དོ། ཞེས་པས་མི་སྐྱོན་ནོ། །ཡིད་ཀྱིས་བཏགས་པའོ་ཞེས་པས་འབྲེལ་པ་ཅན་ལས་ཐ་དད་པར་མེད་པ་ཁོ་ན་སྟེ། འབྲེལ་པ་ཅན་དག་ཕ་ན་ཚུན་བལྟོས་པས་དབང་ལས་རྣམ་པར་བརྟགས་པ་འབའ་ཞིག་གོ་།གང་བརྟགས་པ་དེ་ནི་འགའ་ཞིག ་ཏུ་ཡང་དོན་བྱ་བ་ལ་སྤྱད་པ་མ་ཡིན་ཞིང། དོན་བྱ་བའི་དོན་ཅན་ནི་རྟོགས་པ་ལྡན་པ་རྣམས་ཀྱི་རྩོམ་པ་ཐམས་ཅད་དོ་ཞེས་པས་འབྲེལ་པ་རྗེས་སུ་དཔག་པར་འོས་པ་མ་ཡིན་ནོ། །གང་བརྟགས་པ་དེ་ནི་རྗེས་སུ་དཔག་པར་འོས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་འབྲེལ་པ་བཞིན། སྒྲ་དང་དོན་གྱི ་འབྲེལ་པ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་དང། འགལ་བའོ། །འོ་ན་སྤྱི་བརྟགས་པ་ཡིན་ན། ཡང་ན་རྗེས་སུ་དཔག་པར་བྱ་བའོ་ཞེ་ན། དེ་ལ་རང་གི་མཚན་ཉིད་ཁོ་ན་གཞན་གྱི་ངོ་བོས་རྗེས་སུ་དཔག་པར་བྱ་བའོ་ཞེས་པ་འདི་བཤད་ཟིན་ཏོ། །ཅི་སྟེ་ཉེ་བར་འཇལ་བ་ལ་སོགས་པ་ལྟག་མ་ཅི་ལྟར་ཞེས་པ་ལ་སོགས་པའི་སྒྲས་ནི་ཞེས ་གྲགས་པའི་ཉིད་དུ་སྲིད་པ་ལ་སོགས་པ་གཟུང་བར་བྱའོ། །ཕྱོགས་འདིས་ལྷག་མ་གཤད་པ་ཡིན། ཞེས་པ་ཇི་སྐད་བཤད་པའི་ཕྱོགས་འདི་ཁོ་ནས། ཉེ་བར་འཇལ་བ་ལ་སོགས་པ་རྣམས་ཇི་ལྟར་སྲིད་པ་བཞིན་དུ་ཚད་མ་མ་ཡིན་པ་ཉིད་དང། ཚད་མ་གཞན་མ་ཡིན་པ་ཉིད་དུ་བཤད་པར་རིགས་པར་བྱའོ། །ཇི་སྐད ་བཤད་པའི་ཕྱོགས་ཏེ། ཉེ་བར་འཇལ་བའི་དབང་དུ་བྱས་ནས་གསུངས་པ། རེ་ཞིག་ཉེ་བར་འཇལ་བ་ནི་ཞེས་པ་ལ་སོགས་པ་སྟེ། བ་ལང་དང་བ་མེད་ལ་སོགས་པ་རྣམས་ལ་ཞེས་པས་ལུང་སྟོན་ཏོ། །འདྲ་བར་རྟོགས་པའི་དོན་ཅན་ཞེས་པ་འདྲ་བར་ངེས་པའི་རྒྱུ་མཚན་ཞེས་པའི་དོན་ཏོ། །རབ་ཏུ་གྲུབ ་པ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བའོ་ཞེས་པ་འདི་དེའི་མཚན་ཉིད་དོ། །རབ་ཏུ་གྲུབ་པ་ནི་ཚད་མས་དེས་པ་བ་ལང་ལ་སོགས་པ་ཡིན་ཅིང། དེ་དང་ཆོས་མཐུན་པ་ཉིད་དེ་ཆོས་མཚུངས་པ་ཉིད་ནི་རབ་ཏུ་གྲུབ་པ་དང་ཆོས་མཐུན་པ་ཉིད་དོ། །དེ་ལས་བ་ལང་ལ་སོགས་པ་ལ་བལྟོས་པས་བ་མེན་པ?? ་སོགས་པ་འདྲ་བ་ཉིད་སྒྲུབ་པར་བྱེད་ཅིང་འགྲུབ་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའོ། །དེ་ལ་གཞན་ལས་ཐོས་ནས་ཞེས་པ། བ་ལང་ལྟ་བུ་ནི་བ་མེན་ནོ་ཞེས་པ་ལ་སོགས་པ་ཡིད་ཆེས་པའི་ཚིག་ཐོས་པ་སྔོན་མ་ཅན། བརྗོད་པར་འདོད་པའི་རྟེན་ཅན་གྱི་བ་མེན་ལ ་སོགས་པ་འདྲ་བ་ཉིད་རྟོགས་པ་གང་དེ་ནི་སྒྲ་ལས་བྱུང་བ་ཁོ་ན་སྟེ། སྒྲ་ལས་རབ་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཏེ། སྒྲ་ལས་བྱུང་བ་ཡང་རྗོས་སུ་དཔག་པའི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །ཕྱི་རོལ་གྱི་དོན་ལ་ནི་བསླུ་བ་ཉིད་ཀྱི་ཕྱིར་ན་དེ་ཚད་མ་ཉིད་ཁོ ་ན་མེད་དོ་ཞེས་པ་དགོངས་པའོ། །རང་ཉིད་ཀྱིས་ཡིན་ན་ནི་དོན་གཉིས་ཞེས་པ། རང་ཉིད་ཁོ་ནས་བ་འང་དང་བ་མེན་གཉིས་མངོན་སུམ་གྱིས་རྟོགས་ནས། ཡིད་ཀྱིས་འདྲ་བ་ཉིད་དུ་གང་གི་ཚེ་འདི་དག་རྟོགས་པ་དེའི་ཚེ་ཉམས་སུ་མྱོང་བ་ཟིན་པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར། རྟོགས་པ་དེ་དྲན་པ་ལ་སོགས་པ ་བཞིན་དུ་ཚད་མ་ཁོ་ནར་མི་འགྱུར་ན། ཅི་ཞིག་ལས་ཚད་མ་གཞན་དུ་འགྱུར། རྣམ་པ་གཞན་དུ་ན་བ་ལང་མ་ཧེ་མངོན་སུམ་གྱིས་མཐོད་ནས་གང་གི་ཚེ་འདི་ལས་འདི་མི་འདྲ་བའོ་ཞེས་དེ་དག་གི་མི་འདྲ་བར་རྟོག་པ་དེའི་ཚེ་དེ་ཡང་ཚད་མ་གཞན་དུ་འགྱུར་རོ་ཞེས་པ་དགོངས་པའོ། །དེ་ལྟར་རྟོགས་པ་ན་མ་ཡིན་ཞེས་པ། ཚད་མ་མིན ་པས་རྟོགས་བཞིན་པ་ནི། དྲན་པ་ལ་སོགས་པས་རྟོགས་པ་ལྟར་འདྲ་བ་ཉིད་ནི་ཞལ་བྱ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཕྱོགས་ཅན་མིན་གྱིས་སྨྲས་པ་ལུང་གི་བྱས་པའི་འདུ་བྱེད་ལས་དྲན་པ་ལ་བལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ལས་མཚུང་པ་ཞེས་བྱ་བའི་འབྲེལ་པ་རྟོགས་པ་ནི་ཉེ ་བར་འཇལ་བའི་དོན་ནོ་ཞེས་སོ། །བ་ལང་ལྟ་བུ་ཡིན་ནོ་ཞེས་པའི་ལུང་འདིས་བྱས་པའི་འདུ་བྱེད་གང་ཡིན་པ་དྲན་པའི་ཤེས་པའི་རྒྱུ་སྟེ། དེ་ལས་དྲན་པ་གང་ཡིན་པ་དེ་ལ་བལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ལས། གང་མཚུངས་པ་ཞེས་བྱ་བའི་འབྲེལ་པ་རྟོགས་པ་སྟེ། མིང་དང་མིང་ཅན་གྱི ་འབྲེལ་པ་ཡོངས་སུ་གཅོད་པ་དེ་ཉེ་བར་འཇལ་བའི་ཡུལ་ལོ། །འདི་སྐད་བཤད་པར་འགྱུར་ཏེ། དང་པོར་རེ་ཞིག་བ་ལང་ལྟ་བུ་བ་མེན་ནོ་ཞེས་སྒྲས་ཡོངས་སུ་གཅོད་ཅིང། དེ་ལས་བ་མེན་མཐོང་ནས་དྲན་པ་ལ་བལྟོས་པའི་ཆོས་མཐུན་པ་ཤེས་པ་ཁོ་ན་ལས་འདི་དེ་བ་མེན་ནོ། །ཞེས་ཞེ་ན་པར་བྱེད་དོ ་ཞེས་པའོ། །འདི་ཡང་གལ་ཏེ་ཇི་ལྟར་ལུང་ལས་ཡོངས་སུ་བཅད་པ་དེ་ལྟར་མ་མཐོང་བ་ཡང་ཡོངས་སུ་གཅོད་པར་བྱེད་ན་ནི། དེས་ན་དྲན་པ་ཁོ་ན་སྟེ་ཚད་མ་མ་ཡིན་ནོ། །ཅི་སྟེ་འདིའི་ཞེས་ཁྱད་པར་དོ་ཤེས་པ་ལས་ཁྱད་པར་དུ་རྟོགས་པར་བྱེད ་ན་དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་སྟེ་ཚད་མ་གཞན་མ་ཡིན་ནོ། །དེ་ལྟར་ནི་གང་བ་ལང་དང་མཚུངས་པ་དེ་བ་མེན་ནོ་ཞེས་རྣམ་པར་བཞག་པ་ན། འདྲ་བའི་རྟགས་ལས་ཁྱད་པར་རྟོགས་པས་སོ། །འདི་སྐད་བཤད་པར་འགྱུར་ཏེ། མཐོང་བཞིན་པའི་གོང་བུ་ནི་ཆོས་ཅན་ནོ། །འདི་བ་མེན་ནོ་ཞེས ་པའི་མིང་ནི་སྒྲུབ་པར་བྱ་བའི་ཆོས་སོ། །སྒྲ་ཉམས་སུ་མྱོང་བ་མདུན་ན་གནས་པ་དག་ལ་གང་བ་ལང་དང་བ་མིན་འདྲ་བའི་སྤྱི་དེ་ནི་ཕྱོགས་ཀྱི་ཆོས་སོ། །ལུང་ཉམས་སུ་མྱོང་བའི་བློ་ལ་གནས་པའི་བ་མེན་ནི་དཔེ་ལོ་ཞེས་པའོ། །ཐབས་མཛའ་ཡས་པ་ཅན་ཡང་མཚུངས་པ་ཞེས་བྱ་བ་འབྲལ་བ་རྟོགས་པའོ་ཞེས་པག་ཉེ་བར་འཇལ?? ་བ་ཁོ་ན་ལ་དཔེ་དགའ་བ་ཆ་ཞིག་ཡིན་།དཔེར་ན་གང་སྣ་མཐོ་བ་དེ་ནག་པ་སྟེ། གང་རྟ་ལ་ཞོན་པ་དེ་བྱམས་པའོ་ཞེས་པ་ལྟ་བུའོ། །འདི་ཚད་མ་ཡང་མ་ཡིན་ནོ། །རི་ཁྲོད་པས་ན་སྨྲས་པ། ཉེ་བར་འཇལ་བ་ཡང་འདྲ་བ་ཉིད་དུ། ཉེ་བར་མ་གྲུབ་པའི་དོན་ལ་བློ་སྐྱེ་བ་སྟེ། དཔེར་ན་བ་མེན་མཐོང་བ ་བ་ལང་དྲན་པའི་ཞེས་སོ། །དེ་ཡང་གཟང་ཟིན་པའི་ཡུལ་ཅན་ཉིད་ཀྱི་ཕྱིར་དྲན་པ་ལ་སོགས་པ་བཞིན་དུ་ཚད་མ་ཉིད་དུ་མི་མཐད་དོ། །དེ་ལྟར་འགྱུར་མོད་ཀྱི་བཟུང་བ་ཙམ་ཁོ་ན་འཛིན་པར་འགྱུར་བ་ན་ཉེ་བར་འཇལ་བ་ཚད་མ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདྲ་བས་ཁྱད་པར་དུ་བྱ་བའོ། །དེ་ནི་དེ ་ལྟ། སྔར་བཟུང?་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བཟུང་ཟིན་པའི་ཡུལ་ཅན་ཉིད་མ་གྲུབ་པོ་ཞེ་ན། འདི་མི་རིགས་ཏེ། མངོན་སུམ་ཁོ་ན་ལས་དེ་རྟོགས་པའི་ཕྱིར་རོ། །འདྲ་བས་ཁྱད་པར་དུ་བྱས་པ་ཁོ་ནར་དེ་སྔར་ཡང་ཡོངས་སུ་བཅད་པས་སོ། །འདི་དོན་མི་ཟ་བར་ཁས་བླངས་པར་བྱ་བ་སྟེ། རྣམ་པ་གཞན་དུ་གནས?? ་བ་ལང་མཐོང་ནས་ཕྱིས་མ་ཧེ་མཐོང་བའི་ཡང་བ་ལང་ལ་འདྲ་བའི་སློར་འགྱུར་ན་འགྱུར་བ་ཡང་མི་ཡིན་ནོ། །དེའི་ཕྱིར་འདྲ་བས་ཁྱད་པར་དུ་བྱས་པའི་དངོས་པོ་འཛིན་བཞིན་པ་ཡང་ཚད་མ་གཞན་དུ་བརྟག་པའི་ཆད་དུ་ནུས་པ་མ་ཡིན་ནོ། །ཅི་སྟེ་དེ་ལྟ་ན་ཡང་དེ་ཡང་འགའ་ཟམ་ཞིག་གིས ་ཁྱད་པར་དུ་བྱས་པ་འཛིན་ཞེས་པས་ཚད་མ་གཞན་དུ་བརྟག་པར་བྱ་ན། མངོན་སུམ་ལས་ཡོངས་སུ་བཅད་པའི་ཨུཏཔ་ལ་སྔོན་པོའི་རྫས་ལ་གང་དུས་ཕྱིས་འབྱུང་བའི་ཨུཏཔ་ལ་སྔོན་པོ་ཞེས་འཛིན་པ་དེ་ཡང་ཚད་མ་གཞན་དུ་རྟག་པར་བྱ་སྟེ། འདི་ལ་ཡང་དེ་སྔར་ཨུཏཔ་ལ་སྔོན་པོའི་ཞེས་པའི་རྣམ་པ་ཞེས ་མངོན་སུམ་ལས་ཡོངས་སུ་བཅད་པ་མ་ཡིན་པ་ཁོ་ན་སྟེ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་དེ་ན་དབང་པོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་མངོན་སུམ་ཁོ་ནའི་ནང་དུ་འདུས་པར་འགྱུར་ཞིང། ཐ་སྙད་ལ་མཁས་པའི་དབང་པོའི་ཤེས་པ་ཡང་རྣམ་པར་རྟོག་པ་དང་བཅས་པར ་འགྱུར་ཏེ། དེའི་ཕྱིར་འདིར་ཐལ་བར་འགྱུར་རོ་ཞེ་ན། འདི་མི་རིགས་ཏེ། བརྡལ་བལྟོས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུན་བརྡ་མངོན་པར་ནི་ཤེས་པ་ཡང་དེ་ལྟར་ཡོངས་སུ་གཅད་པར་འགྱུར་རོ། །དབང་པོ་ལས་བྱུང་བ་བརྡ་ལ་བལྟོས་པ་ཡང་མ་ཡིན་ཏེ། དངོས་པོའི་རང་བཞིན་ངེས་པར་མི་གནས་པར ་གྱུར་ན་མི་རུང་ངོ། །དེ་ལྟར་ནི་ཨུཏཔ་ལ་སྔོན་པོའི་བདག་ཉིད་ཏུ་གང་དངོས་པོ་རྣམ་པར་གནས་པ་དེ་ཁོ་ན་ལ། འདོད་པ་ལས་སེར་པོའི་སྒྲ་བརྡར་བྱས་པ་ན། འགའ་ཞིག་སྔོན་པོ་ཞེས་ཞེན་ཅིང། ཁ་ཅིག་སེར་པོ་ཞེས་སོ། །དེའི་ཕྱིར་མི་ཤེས་པར་གྱུར་ན། ཅི་ལྟར་དེའི་དངོས་པོ་རྣམ་པར་གནས་པ་ཡིན་ཞེས་པའོ། ། ་དངོས་པོ་ཇི་ལྟ་བའི་བརྡ་ནི་མེད་དེ། དེ་འདོད་པའི་རྗེས་སུ་བྱེད་པའི་ཕྱིར་དང། འདོད་པ་ཡང་དངོས་པོ་ལ་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་གལ་ཏེ་མཐོང་བཞིན་པ་ལས་གཞན་པའི་ལྐོག་གྱུར་ལ་འདི་དང་དེ་འདྲའོ་ཞེས་འདྲ་བ་ཉིད་ཀྱི་བློ་ནི་ཚད་མ་གཞན་རྟོག་ན། མཐོང་བཞིན་པ་ལས་གཞན་པའི ་ལྐོག་གྱུར་ལ་འདི་དང་དེ་མི་འདྲ་བའོ་ཞེས་མི་འདྲ་བ་ཉིད་ཀྱི། བློ་ཡང་ཚད་མ་གཞན་བདུན་པར་ཅིའི་ཕྱིར་བརྟག་པར་བྱ་བ་མ་ཡིན། དངོས་པོ་མེད་པའི་ཚད་མ་ལས་ཕྱི་རོལ་དུ་མ་གྱུར་པ་ཉིད་ཀྱི་ཕྱིར་ཞེ་ན། མ་ཡིན་ཏེ་འདི་ནི་དངོས་པོའི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད། །ཕན་ཚུན ་མེད་པའི་ངོ་བོ་ཉིད་ཀྱིས་ན་མི་འདྲ་བ་བློའི་ཡུལ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཡུལ་ཁོ་ན་སྟེ། དེ་ལས་ཀྱང་དངོས་པོ་མེད་པའི་ཡུལ་ཅན་ཉིད་དུ་འཐོང་ངོ་ཞེ་ན། གལ་ཏེ་དེ་ལྟ་ན་འདྲ་བའི་བློའི་ཡུལ་ལ་ཡང་ཚུལ་འདི་ཡོད་དོ་ཞེས་པས་འདྲ་བའི་བློས་ཡང་དངོས་པོ་མེད་པའི་ཚད་མ་ལས ་ཕྱི་རོལ་དུ་མ་གྱུར་པར་ཐལ་བར་འགྱུར་རོ། །ཅི་སྟེ་འདྲ་བ་ཉིད་ཀྱི་ཁྱད་པར་ལ་མི་བལྟོས་པ་ཁྱད་པར་མེད་པ་ཁོ་ནར་མཐོང་བཞིན་པ་ལ་བལྟོས་པ་སྟོན་མཐོང་བ་ཤེས་པ་ནི་ཉེ་བར་འཇལ་བའོ་ཞེས་རྟོག་ན། དེ་ལ་ན་ཡང་ནག་པ་ཡོངས་སུ་བཅད་དེ། དུས་ཕྱིས་དེའི་བུ་ཡང་རྟོགས་ནས། འདི་ལྟར ་དེ་ནི་འདིའོ་ཕའོ་ཞེས་ཞེན་པར་བྱེད་པ་དེ་ལའང་སྔ་བཟུང་བའི་པའི་ནག་པ་ལ་ཕྱིས་མཐོང་བཞིན་པའི་བུ་ལ་བལྟོས་པའི་ཕ་ཉིད་དུ་རྟོགས་པ་སྲིད་པ་ཁོ་ནའོ། །དེ་བཞིན་དུ་སྐས་ཀྱི་ཕྲེང་བ་ལ་འཛེག་པ་ན། སྤང་ལེབ་དང་པོ་འདས་ཞིང། སྤང་ལེབ་གཉིས་པ་ཐོབ་པ་ན། འདས་ཟིན་པའི་སྤང ་ལེབ་ལ། འདི་ལས་དེ་སྔ་མའོ། །ཞེས་མཐོང་བཞིན་པའི་སྤང་ལེབ་ལ་བལྟོས་པས་རྣམ་པར་ཤེས་པར་འགྱུར་རོ་ཞེས་པས་དེ་ཡང་ཉེ་བར་འཇལ་བ་ཉིད་དུ་འགྱུར་ན། དེ་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ཚད་མ་ཉིད་དུ་མི་རིགས་སོ། །དེ་བཞིན་དུ་ཞེས་པ་ལ་སོགས་པ། གཞན་རྣམས་ཀྱང་སྟེ། གང ་ཚད་མ་གཞན་ཉིད་དུ་བརྟགས་པའི་ཚད་མ་དེ་རྣམས་ཀྱང། རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ལས་མི་གཞན་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་ཉིད་ཡིན་པ་སྤང་བར་བྱ་བ་རྣམས་ཡིན་ནོ། །དེ་ལ་ཞེས་དྲག་པ་ནི། ཞེས་དྲག་ཅིང་བརྗོད་ནས་ངེས་པར་བསྟན་པ་འཇུག་པར་བྱེད་པ ་བརྒྱུད་པས་འོངས་པའི་ཚིག་སྟེ་དཔེར་ན་ནགས་འདི་ན་གནོད་སྦྱིན་གནས་སོ་ཞེས་པ་ལྟ་བུའོ། །འདི་ཡང་བརྗོད་པར་འདོད་པ་ན་སྒྲ་ལས་བྱུང་བ་ལས་ཐ་མི་དད་དེ། ཕྱི་རོལ་གྱི་དོན་ལ་ནི་འདིའི་ཚད་མ་ཉིད་ཁོ་ན་མེད་དོ། །སྲིད་བཞེས་བྱ་བ་གང་དུ་གང་སྲིད་པ་དེ་བཟུང་བ་ལས་སྲིད ་པ་ཅན་དུ་ཡོད་པ་ཉིད་འཛིན་པ་སྟེ། དཔེར་ན་ཁལ་འཛིན་པ་ལས་བྲེ་གང་ཡོད་པ་ཉིད་དུ་གཟུང་བ་ལྟ་བུའོ། །འདི་ཡང་ཚོགས་པ་རྣམ་པར་གཞག་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཡིན་ནོ་ཞེས་པས། ཁ་ལ་འབྲས་བུའི་རྟགས་ཁོ་ན་ལས་འཛིན་པའོ། །དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ནའི་ནང་དུ ་འདུ་བའོ། །དོན་གྱིས་གོ་བ་ལ་སོགས་པ་རྣམས་ནི་སྔར་ཁོ་ནར་སྒྲུབ་པར་བྱས་སོ་ཞེས་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་སྟེ། ཚད་མ་དག་གཉིས་ཁོ་ནའོ་ཞེས་པ་འདི་ནི་གནས་པའོ། །ལེའུ་ལྔ་པའོ།། །།ཚད་མ་གཉིས་སུ་གནས་སོ་ཞེས་བྱ་བ་དང་མ་དག་གོ། ་གཉིས་དག་ཁོ་ནའོ་ཞེས་གང་དམ་བཅས་པ་དེ་སྒྲ་ལས་བྱུང་བ་ལ་སོགས་པ་རྣམས་ཚད་མ་གཞན་ཉིད་བཀག་པས་རྣམ་པས་གནས་སོ་ཞེས་དམ་བཅའ་བརྟན་པར་བྱེད་པ་ཉིད་སྟོན་ཏོ། །དེ་ལ་ཚད་མ་བརྗོད་པའི་དགོས་པ་ནི་སྔར་ཁོ་ནར་བརྗོད་ཟིན་ཏོ། ཚད་མ་ལྟར་སྣང་བ་རྣམས་ཀྱི ་ནི་བརྗོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་ཕྱོགས་སྔ་མ་ཉེ་བར་དགོད་པ་གསུངས་པ། ཅི་སྟེ་ཅིའི་དོན་ཞེས་པ་ལ་སོགས་པའོ། །ཚད་མ་ནི་དངོས་པོ་འདི་ཁོ་ན་ཉིད་རྟོགས་པའི་ཐབས་ཏེ། དེའི་ཕྱིར་དེ་ཉེ་བར་སྟོན་པ་ནི་དོན་དང་ལྡན་བདེ་སྐད་དུ་གང་བཤད་པ། གང་གི་ཕྱིར་གཞལ་བྱ ་རྟོགས་པ་ནི་ཚད་མ་ལ་རག་ལས་ཞེས་སོ། །ཚད་མ་ལྟར་སྣང་བ་ཉེ་བར་བསྟན་པ་ལ་ནི་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བྱ་བ་མ་ཡིན་ནོ་ཞེས་པའོ། །གང་ལ་དགོས་པ་མེད་པ་དེ་བྱ་བ་མ་ཡིན་ཏེ། ཇི་ལྟར་དགོས་པ་མེད་པ་གཞན་འགའ་ཞིག ་བཞན་ཚད་མ་ལྟར་སྣང་བ་ཉེ་བར་བསྟན་པ་ཡང་དགོས་པ་མེད་པའོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ། །སོགས་པའི་སྒྲས་ནི་ཕྱོགས་དང་གཏན་ཚིགས་དང་དཔའ་ཨི་སྐྱོན་རྣམས་བཟུང་ངོ། །ཚད་མ་ལྟར་སྣང་སྨྲ་རྣམས་ཀྱི། ཞེས་པ་ལ་སོགས་པས་མ་གྲུབ་པ་ཉིད་དུ་གསལ་བར ་བྱེད?་དེ?་ཇི་ལྟར་ཡན་ལག་རིགས་པར་སྨྲ་བ་རྣམས་ཀྱི་ཕྱོགས་གྲུ་པར་གྱུར་བདེ་ལྟར། ཚད་མ་ལྟར་སྣང་སྨྲ་རྣམས་ཀྱི་མ་གྱུར་རིག་སྟེ་འགྱུར་བ་མིན་ནོ་ཞེས་པའི་དོན་ཏོ། །སྙམ་ནས་མ་ཚད་ལ་སོགས་རྗོད། དེའི་ཕྱོགས་འགྲུབ་པ་དེས་བར་ཟློག་པའི་དོན་དུའོ་ཞེས་པ་ལྷག ་མའོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པར་གསུངས་བ། ཕྱོགས་འགྲུབ་པ་ངེས་བར་བཟློག་པའི་ཆེད་དུ་མ་ཚད་པ་ཉིད་ལ་སོགས་པ་སྒྲུབ་བྱེད་ཀྱི་སྐྱོན་རྣམས་བཤད་དོ་ཞེས་པའོ། །ངག་ཙམ་ལ་མཁས་པ་དངོས་པོའི་དེ་ཁོ་ཉིད་མི་ཤེས་པ་དེ་རྣམས་སྒྲུབ་བྱེད་ལྟར་སྣང་བ་རྣམས་ཀྱིས ་ཀྱང་བསྒྲུབ་བྱ་འགྲུབ་པར་འགྱུར་རོ་ཞེས་པའི་ཕྱོགས་གང་ཡིན་བདེ་འགྲུབ་པ་བཟློག་པའི་ཆེད་དུ་སྒྲུབ་བར་བྱེད་བའི་སྐྱོན་རྣམས་བཤད་དོ་ཞེས་པའི་ཐ་ཚིག་གོ། དེ་ལྟར་ན་ཚད་མ་ལྟར་སྣང་བ་སྟོན་པའི་དགོས་པ་ནི་ལོག་བར་རྟོགས་བསེལ་བའོ་ཞེས་བརྗོད་པར་འགྱུར་རོ། ། ་དེ་ཕྱིས་ད་སྟོན་པ་ཉིད་ནི། ཞེས་པ་གང་གི་ཕྱིར་མ་ཚད་བ་ཉིད་ལ་སོགས་པ་རྣམས་ཀྱིས་བསྒྲུབ་བྱ་འགྲུབ་པར་མི་འགྱུར་བ་དེའི་ཕྱིར། མ་ཚད་བ་ཉིད་ལ་སོགས་པ་དེ་རྣམས་སྟོན་པ་ནི་རིགས་པའི་ལན་དུ་བརྗོད་པ་ཡིན་ནོ། །དེང་སྣང་བ་ནི་རྗོད་བྱེད་པ་ཉིད་ལ་སོགས་པ་ལྟར ་སྣང་བརྗོད་པར་བྱེད་པ་ནི། ལྟག་ཆོད་དུ་སྟེ། ཞེས་པ་དེ་ལྟར་སྣང་བ་རྗོད་བར་བྱེད་བ་ནི་ལྟག་ཆོད་རྣམས་ཀྱི་ནང་དུ་འདུའོ་ཞེས་སྟོན་ཏོ། །ལན་ལྟར་སྣང། སུན་འབྱིན་པ་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་དེ་སྟོན་པ་རིགས་པའི་ལན་ཡིན་ཞེ་ན་གསུངས་པ། གང་གི་ཕྱིར ་འདི་རྣམས་ཀྱི་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་མ་ཆེད་བ་ཉིད་ལ་སོགས་པ་ལྟར་སྣང་བ་སྟོན་བ། ལན་གྱི་སྐྱོན་ཡིན་ཞེ་ན་གསུངས་བ། འདིས་མ་ཡིན་ཞེས་བ་ལ་སོགས་པའོ། །ཕྲད་མ་ཕྲད་ལ་མི་འདོད་བརྗོད། ཞེས་པ་ཕྲད་པ་དང་ལྷན་ཅིག་པའི་མ་ཕྲད་པ་ནི་ཕྲད་མ་ཕྲད་དོ། །དེ་ཡོད་པ་ལ་གཏན་ཚིགས ་ཀྱི་མི་འདོད་བརྗོད། དུས་གསུམ་པ་ལ་ཡང་མི་འདོད་བརྗོད་ཅིའི་ཕྱིར་ཞེ་ན་གཏན་ཚིགས་ཀྱི་ཞེས་འཇུག་གོ་།དེ་ལ་ཕྲད་དང་མ་ཕྲད་ལ། གཏན་ཚིགས་མི་འདོད་བརྗོད་བ། ཞེས་པ་འདི་ནི་ཕྲད་མ་ཕྲད་མཚུངས་པའི་མཚན་ཉིད་དོ། །ལྷག་མིན་རྟགས་མིན་མཚུངས་པའིའོ། །ཕྲད་མ་ཕྲད་རྟགས་མིན ་ཞེས་བྱ། ཞེས་བ་མཚོན་བྱ་ངེས་བར་སྟོན་པའོ། །དཔེ་བརྗོད་དང་བཅས་བའི་གཏན་ཚིགས་ལ། ཞེས་པ་སྦྱོར་བ་ཡོངས་སུ་རྫོགས་པ་ཉིད་དུ་གསལ་བར་བྱེད་དོ། །བསྒྲུབ་བྱ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་བ་གཏན་ཚིགས་ཀྱང་བསྒྲུབ་བར་བྱ་བར་འཐོབ་བོ་ཞེས་པའོ། །ཅི་ལྟ་བུ་བཞིན་དུ ་ཞེ་ན་གསུངས་པ། ཆུ་བོ་དང་རྒྱ་མཚོའི་ཆུ་ཕྲད་པ་ལ་ཁྱད་པར་མེད་པ་བཞིན་ཞེས་བ། ཕྲད་བདག་ཀྱང་ཡིན་ལ་དེ་ཆུ་བོ་དང་རྒྱ་མཚོའི་ཆུ་དག་ཀྱང་ཞེས་བ་ལས་འཛིན་པ་སྟེ། དེ་དག་ཇི་ལྟར་ཁྱད་བར་མེད་པ་དེ་བཞིན་ནོ། །མ་གྲུབ་པ་དང། ཕྲད་པ་མེད་པའི་ཕྱིར་ཞེས་པ། སྔ་མ་ནི་ཕྲད་བ་ཁས ་བླངས་ནས་ཁྱད་པར་མེད་པ་བརྗོད་པས་གཏན་ཚིགས་ལྟར་སྣང་བར་བརྗོད་ལ། ད་ལྟ་ནི་ཕྲད་བ་མེད་པ་ཁོ་ནའོ་ཞེས་སྟོན་ཏོ། །བསྒྲུབ་པར་བྱ་བ་ཡང་ཡོངས་སུ་མ་གྲུབ་ན། དེ་ཅི་ལྟར་གཏན་ཚིགས་གྲུབ་པ་དང་དད་པར་འགྱུར། ཅི་སྟེ་དྲང?་བ་འགྲུབ་བའི་དེན?་དུ་བསྒྲུབ་བྱ་ཡོངས་སུ་སྒུབ་བར ་འདོད་ན། དེ་ལྟར་གྱུར་ན་འདི་ཅི་ཞིག་གི་གཏན་ཚིགས་ཡིན། གཏན་ཚིགས་ནི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་བའི་ཆེད་དུ་འདོད་པ་ཡིན་ནོ། གལ་ཏེ་དེ་གྲུབ་ན་འདི་ཅི་ཞིག་གི་གཏན་ཚིགས་ཡིན་ཅེས་པ་གཏན་ཚིགས་མེད་པར་ཐལ་པར་འགྱུར་རོ། །ཅི་སྟེ་མ་ཕྲད་པས་ཞེས་པ ་གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཞེས་སྤྲེལ་ལོ། །མ་ཕྲད་བ་རྣམས་ཁྱད་བར་མེད་བ་ཉིད་ཀྱི་ཕྱིར་ཞེས་པ། ཇི་ལྟར་མིག་གིས་གཟུང་བྱ་ཉིད་ལ་སོགས་པ་བསྒྲུབ་བྱ་ལ་མ་ཕྲད་བ་རྣམས་གཏན་ཚིགས་མ་ཡིན་པ་དེ་ལྟར་འདི་ཡང་གཏན་ཚིགས་མ་ཡིན་ནོ་ཞེས་པའོ། །དེ་ལྟ་ན ་ན་ཡང་གཏན་ཚིགས་མེད་པ་ཁོ་ནའོ། །བསྒྲུབ་བྱ་མེད་པལ་ཅི་ཞིག་གི་གཏན་ཚིགས་ཡིན་ཞེས་པ་ཅིའི་ཡང་མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །བསྒྲུབ་བྱ་ལ་བལྟོས་ནས་ནི་འདི་གཏན་ཚིགས་ཉིད་ཡིན་པ་ལ། བསྒྲུབ་བྱ་མེད་ན་དེ་མི་རིགས་པས་སོ། །ཅི་སྟེ ་བསྒྲུབ་པར་བྱ་བ་ལས་གཏན་ཚིགས་བྱིས་ཁོ་ན་ཡིན་ན་དེ་ལྟར་ན་བསྒྲུབ་པར་བྱ་བ་གྲུབ་ན། འདི་ཅི་ཞིག་གིས་གཏན་ཚིགས་ཡིན། གཏན་ཚིགས་དང་གཏན་ཚིགས་དང་ལྡན་པའི་དངོས་པོ་མི་འགྲུབ་པོ་ཞེས་བའོ། །གཏན་ཚིགས་མ་ཚང་བ་ཉིད་ཀྱི་གཟུག་བརྙན་དག་སྟེ། ་ཞེས་པས་གཏན་ཚིགས་མ་ཚང་པ་ཉིད་དུ་རྩད་པ་ལྟར་སྣང་བ་དག་གོ་ཞེས་པའི་དོན་ཏོ། །རྗོད་པར་བྱེད་པ་ལ་བརྗོད་པར་བྱ་བ་ཉེ་བར་གཏགས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་གཏན་ཚིགས་མ་ཆང་བ་ཉིད་ཀྱི་རྩད་བདག་ཁོ་ནར་མི་འགྱུར་ཞེ་ན་གསུངས་པ། མི་རིགས་པས་གཏན་ཚིགས ་ཐམས་ཅད་ལ་སྐུར་པ་འདེབས་བའི་ཕྱིར་ཞེས་པ་འདིར་གཏན་ཚིགས་ཀྱི་སྤྱི་བཟུང་ནས་མི་རིགས་པ་ཉིད་དུ་རྩོད་ཀྱི། ཁྱད་པར་རྩོལ་བ་ལས་བྱུང་བ་ཁོ་ན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཐམས་ཅད་ལ་སྐུར་བ་བཏབ་པ་བྱས་པར་འགྱུར་རོ། །འདི་ལ་རིགས་པ་ཅི་ཡིན་ཞེས་པ་ལ ་སོགས་པའོ། །གང་ཚུལ་གསུམ་པ་ཉི་དེ་ནི་དོན་གྱི་རྟོགས་པར་བྱེད་པ་ཉིད་ཀྱང་མངོན་པར་བརྗོད་པ་ནི་རྟགས་ཀྱི་མཚན་ཉིད་དོ། །དེ་དང་ལྡན་པ་ཡང་གཏན་ཚིགས་མ་ཡིན་པར་འགྱུར་བར་བྱ་ཞེས་པ་འདི་ལ་རིགས་པ་ཅི་ཡང་མེད་དོ་ཞེས་པའི་དོན་ཏོ། །འདི་ཡང་བསྒྲུབ་པར་བྱ་བ་རྣམ་པ་གཉིས ་ཏེ། བསྐྱེད་པར་བྱ་བ་འམ་ཤེས་པར་བྱ་བར་འགྱུར་རོ། །དེ་ལ་བསྐྱེད་པར་བྱ་བ་ནི་བློ་སྟེ་ཤེས་པར་བྱ་བ་ནི་མི་རྟག་པ་ཉིད་དོ། །གཏན་ཚིགས་ཀྱང་རྗོད་པར་བྱེད་པ་འམ་དོན་ནོ། །དེ་ལ་བསྐྱེད་པར་བྱ་བའི་བསྒྲུབ་བྱའི་དབང་དུ་བྱས་ནས་གལ་ཏེ་བརྗོད་ན། ཅི་ལྟར་མ་ཕྲད་པ་དང་ཆོས་མཐུན་པ་ཉིད ་ལས་གཏན་ཚིགས་མ་ཡིན་པར་འགྱུར། མ་ཕྲད་པ་ནི་གཏན་ཚིགས་མ་ཡིན་པ་ཁོ་ན་ལ་འཇུག་པ་མ་ཡིན་པས་ཏེ་འོ་ན་ཅི་ཞེ་ན་གཏན་ཚིགས་ལ་ཡང་ངོ། །དེ་ལྟར་ནི་གཟུགས་ལ་སོགས་པ་རྣམས་བློ་དང་ཕྲད་བ་ཡང་ཡིན་ཞིང། དེ་སྟེ་ཡང་དེའི་སྐྱེད་པར་བྱེད་པ་རྣམས་ཡིན་པས་སོ། ། ་མ་ཕྲད་པའི་ཕྱོགས་ལ་བརྟེན་པ་ལས་ཀྱང། ཕྲད་པར་བྱ་བ་སྒྲུབ་པར་བྱེད་དོ་ཞེས་བཤད་པར་འགྱུར་རོ། །དེ་བཞིན་དུ་བསྒྲུབ་བྱ་ལས་སྔར་ཞེས་པ། སྔར་རྒྱུ་དང་ཕྱི་ནས་བསྒྲུབ་པར་བྱ་བ་བློར་འདོད་ན། དེ་ལ་བསྒྲུབ་པར་བྱ་བ་མེད་ན་འདི་ཅི་ཞིག་གི་གཏན་ཚིགས་ཡིན་ཞེས་གང་བརྗོད་པ་དེ་མི་རིགས་ཏེ། དེ་ལྟར་ནི ་བསྒྲུབ་པར་བྱ་བ་མེད་པ་ཁོ་ན་ལ་གཏན་ཚིགས་ཀྱི་དོན་ཏེ། མི་རྟག་པ་ཉིད་ལ་སོགས་པར་བྱེད་པར་ངེས་པར་སྐྱེས་ཟིན་པ་ན་གཏན་ཚིགས་ཀྱིས་དགོས་པ་ཅི་ཡང་མེད་དོ། །མ་སྐྱེས་པ་ན་གཏན་ཚིགས་ཞེས་པའི་ཐ་སྙད་དུ་མི་འགྱུར་བ་འདི་ཙམ་ཞིག་ཏུ་ནི་འགྱུར་ཏེ། བུམ་སྐྱེས་པ་ན་པའི་ཐ་སྙད་བཞིན་ནོ། ་འདི་ཙམ་གྱིས་སྒྲུབ་བྱེད་མིན་པ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། འབྲས་བུ་སྐྱེད་བར་བྱེད་པ་ནི་ཐ་སྙད་ལ་འབྲེལ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ནུས་པ་ལ་སྟེ། དེ་ཡང་ཡང་ཞེས་པས་འདི་ནི་གཏན་ཚིགས་མ་ཡིན་པ་མ་ཡིན་ནོ། །ཐམས་ཅད་ལ་སྐུར་བ་འདེབས་པའི་སྐྱོན་འབའ་ཞིག་ཏུ་མ་ཟད་ཀྱི། རང་ཉིད་འཇོམས ་པ་ཉིད་ཀྱི་སྐྱོན་ཡང་སྟེ། རང་ཉིད་འཇོམས་པ་འདིའི་དང་ཚུལ་ལོ་ཞེས་བ་བདག་ཉིད་འཇོམས་པའོ། །ཡང་ན་རང་ཉིད་འཇོམས་པ་ནི་བདག་འཇམས་པ་སྟེ། དེ་འདི་ལ་ཡོད་པས་ན་རང་ཉིད་འཇོམས་པ་ཅན་ནོ། །དེའི་དངོས་པོ་ནི་རང་ཉིད་འཇོམས་པ་ཅན་ཉིད་དོ། །དེ་ཁོ་ན་སྐྱོན་ནོ། །ཅིའི་ཕྱིར་འདི་ཡང་སྐྱོན་ཡིན་ཞེ་ན ་གསུངས་པ། དགག་པ་མཆུངས་པ་ཉིད་ཀྱི་ཕྱིར་ཞེས་པ། གལ་ཏེ་སུན་འབྱིན་པ་འདི་སུན་དབྱུང་བྱ་དང་ཕྲད་ནས་སུན་འབྱིན་ན་སུན་དབྱུང་བྱ་ངང་ཁྱད་པར་མེད་པར་འཐོ་བོ་ཞེས་པ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །དེ་བཞིན་དུ་སུན་འབྱིན་པ་འདི་སུན་འབྱུང་བྱ་ལས་སྔར་ཡིན་ན་སུན་དབྱུང་བྱ ་མེད་ན་འདི་ཅི་ཞིག་གི་སུན་འབྱིན་པ་ཡིན་ཞེས་པ་ལ་སོགས་པ་ཐམས་ཅད་འདེ་ལ་ཡང་བརྗོད་པར་བྱའོ། །ད་ལྟར་ཞེས་པ་དེ་མ་ཐག་ཏུ་བརྗོད་པའི་རྣམ་པས་སོ། །བློ་བསྒྲུབ་པར་བྱ་བ་ཡིན་ན་ཞེས་པ། མི་རྟག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་སྒྲ་ལ་དམིགས་པའི་བློ་བསྒྲུབ་པར་བྱ་བ་ཉིད་དུ་གྲང ་གི་ཚེ་བལྟོས་པར་བྱ་བ་དེའི་ཆ་ཚིག་གི་བདག་ཉིད་ཀྱི་གཏན་ཚིགས་བཀག་པའི་ཕྱིར་དང་གཞན་ཡང་མི་སྟོན་པའི་ཕྱིར་གཏན་ཚིགས་མ་ཚང་བར་སྣང་བ་ཉིད་དོ། །དེན་རྟགས་ཡིན་ནམ་གྲུབ་སྣང་བ་དགོ་ཞེས་པ་གང་གི་ཚེ་དོན་གཏན་ཚིགས་ཡིན་ཞིང། བློ་ཁོ་ན་བསྒྲུབ་བྱ་ཡིན་པ ་དེ་འཚེ་ཚིག་མ་བཀག་སྟེ། གཏན་ཚིགས་ཀྱི་གནས་སུ་སྦྱོར་བའི་ཕྱིར་རོ། །དོན་གཏན་ཚིགས་ཡིན་ན་མ་གྲུབ་པ་ལྟར་སྣང་བ་ཉིད་ཏེ། གང?་དམ?་བཅས་པའི་དོན་གྱི་ཆོས་འདི་ནི་མ་གྲུབ་པར་མི་འགྱུར་རོ། །བློ་ནི་དམ་བཅའ་བའི་དོན་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་མི་རྟག་པ་ཉིད་ཀྱིས ་ཁྱད་པར་དུ་བྱས་པའི་སྒྲ་ཡིན་ཞིང། དེའི་ཡང་ཆོས་འདི་འགྱུར་པ་ཁོ་ནའོ་ཞེས་པས་མགྲུབ་པ་ཉིད་མ་ཡིན་ནོ། །ཅི་སྟེ་ཡང་བསྒྲུབ་པར་བྱ་བ་ལས་སྔར་ཕྲད་བ་མེད་པའི་ཕྱིར་དང། གཏན་ཚིགས་ཀྱི་ཐ་སྙད་མེད་པའི་ཕྱིར་མ་གྲུབ་པ་ཉིད་ཁོ་ནར་འགྱུར་རོ་ཞེ་ན་དེའི་ཕྱིར་གསུངས་པ། ཆོས ་རྣམས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པའོ། །གཏན་ཚིགས་གཉིས་ཀྱིས་ཀྱང་ཞེས་པ། ཚིག་གི་བདག་ཉིད་དང་དོན་གྱི་བདག་ཉིད་ཀྱིས་སོ། །མི་རྟག་པ་ཉིད་ལ་སོགས་པ་ཤེས་པར་བྱ་བའི་དོན་བསྒྲུབ་པར་བྱ་བ་ལའོ། །འདིར་ཡང་མ་ཚང་བ་ཉིད་དང་མ་གྲུབ་པ་ཉིད་ལྟར་སྣང་བ་དག་སྟེ། ་རིམ་པ་ཇི་ལྟ་བར་ཚིག་རབ་ཏུ་སྦྱོར་བའི་ཕྱིར་དང་དོན་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ངག་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པའི་ཕྱིར་ཞེས་པ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ངག་ནི་བསྐྱེད་པར་བྱ་བ་དང་སྐྱེད་བར་བྱེད་པའི་དངོས་པོ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི ་དངོས་པོ་ཡིན་ཞིང། དེ་ཡང་མ་ཕྲད་པ་དག་ལ་ཡང་མཐོང་སྟེ། དཔེར་ན་ཆུ་དང་སྤྲིན་བཞིན་དུ་ཐ་དད་པ་དང་ཐ་མི་དད་པའི་དུས་ཅན་ངག་ལ་ཡང་སྟེ། རྗེས་སུ་དཔག་པ་ནི་དུས་གསུམ་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་འདི་མི་རིགས་སོ། །རྟག་པ་ཞེས་བྱས་ཞེས་པ་རྟག་པ་མཚུངས་པའོ། །མི་རྟག་པ་ཉིད ་རྗེས་སུ་འགྲོ་ཕྱིར་རྟག་ཉིད་ཐལ། ཞས་མི་རྟག་པ་ཉིད་རྗེས་སུ་འགྲོ་བ་གཏན་ཚིགས་ལས་རྟག་པ་ཉིད་དུ་ཀུན་ཏུ་འབྲེལ་པར་བྱེད་པ་ཞེས་པའི་དོན་ཏོ། །དེ་རྟག་ཏུ་མི་རྟག་པ་ཉིད་དང་ལྡན་པ་ལྟ?་བ་སྟེ། གནས་སྐབས་འགའ་ཞིག་ཏུ་ཡང་མི་རྟག་པ་མ་ཡིན་པར་འགྱུར་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེན་སྨྲས་པ། མི ་འཕོ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལ་སོགས་པའོ། །ཆེས་རྣམས་ནི་རང་བཞིན་ལ་འཕོ་བ་མ་ཡིན་ཏེ། དཔེར་ན་མེ་ནི་བྲེག་པར་བྱེད་པ་ཉིད་བས་བཞིན་ནོ། །དེའི་ཕྱིར་ཡང་རྟག་པ་ཁོ་ནའོ་ཞེས་པ་སྒྲ་མི་རྟག་པ་ལ་དུས་ཐམས་ཅད་དུ་མི་རྟག་པ་ཉིད་དང་ལྡན་པ་མི་སྲིད་ཞེས་པས། སྒྲ ་རྟག་པ་ཉིད་དུ་དམ་བཅས་པར་འགྱུར་ཏེ། དེ་ལས་ཀྱང་རང་ཚིག་འགལ་བའོ། །དམ་བཅའ་ཨི་སྐྱོན་ལྟར་སྣང་བ་ཞེས་པ་རང་ཚིག་འགལ་བ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེན་གསུངས་པ། མི་རྟག་པ་ཉིད་སྒྲོ་བཏགས་པའི་ཕྱིར་རོ་ཞེས་པ། གང་གི་ཕྱིར་ཕ་རོལ་པོས་ཐ་དད་པར་མི་རྟག་པ་ཉིད་སྒྲེ་འདོགས ་པར་བྱེད་དོ། །འོ་ན་གང་ལ་དངོས་པོའི་རྐྱེན་འདི་ཡིན་པ་མི་རྟག་པ་ཉིད་ཡོད་པ་མ་ཡིན་ནམ། དེས་ན་མི་རྟག་པ་ཉིད་སྒྲོ་བཏགས་པའི་ཕྱིར་རོ་ཞེས་ཅིས་བརྗོད་པར་བྱ་ཞེ་ན་གསུངས་པ། མི་རྟག་པ་ཉིད་ཅེས་པ་ལ་སོགས་པའོ། །གལ་ཏེ་མེད་ན་ཅི་ལྟར་མི་རྟག་པ་ཡིན ་ཅེ་ན་གསུངས་པ། དེ་ཁོ་ན་ཞེས་པའོ། །གལ་ཏེ་མི་རྟག་པ་ཉིད་དོན་གཞན་མེད་ན་དངོས་པོའི་རྐྱེན་འདིས་བརྗོད་པར་བྱ་བ་ཅི་ཡིན་ཞེ་ན་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་དངོས་པོ་དེ་ཁོ་ན་རང་བཞིན་གྲུབ་པ་ན་ཕ་རོལ་གྱི་བྱ་བ་ལ་བལྟོས ་བ་ནི་འབྲས་བུ་ཞེས་བརྗོད་ཅིང། དེའི་གནས་སྐབས་དེ་ཡང་དངོས་པོའི་རྐྱེན་གྱིས་བརྗོད་པ་དེ་བཞིན་དུ་སྒྲའི་འང་ཇི་སྐད་བཤད་པའི་གནས་སྐབས་ནི་དངོས་པོའི་རྐྱེན་གྱིས་བརྗོད་པར་བྱའོ་ཞེས་པའོ། །བརྗོད་པ་ལས་སྔར་ཞེས་པ་ལ་སོགས་པ་རྗོད ་པ་ལས་སྔོན་དུ་རྟགས་མེད་པས། གང་གིས་བསྒྲུབ་བྱ་མེད་པར་ཐལ་བྱེད་པ། །དེ་ནི་མ་བརྗོད་མཚུངས་པའོ། །ཞེས་བྱ་བའི་ལྟག་ཆོད་ཀྱི་ལན་ནོ། །བརྗོད་པར་བྱེད་པ་ལས་སྔར་ཞེས་པ། ཇི་སྲིད་དུ་བརྩལ ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པའི་ཚིག་མི་བརྗོད་པ་དེ་སྲིད་དུ་གཏན་ཚིགས་མེད་དོ། །དེ་ལས་ཀྱང་སྒྲ་མི་རྟག་པ་མ་ཡིན་པར་ཐལ་ལོ་ཞེས་པའོ། །སྒྲ་བཏགས་ནས། སྨྲ་བ་པོའི་དག་གིས། ་ཞེས་པ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་སྨྲ་བ་པོའི་ཚིག་འདིས་སྒྲ་ལ་མི་རྟག་པ་ཉིད་རྗེས་སུ་དཔག་པར་སྒྲོ་བཏགས་ནས། བརྗོད་པ་ལས་སྔར་དེ་མེད་པར་ཐལ་བར་འགྱུར་བར་བྱེད་དེ ་མ་གྲུབ་ལྟར་སྣང། ཅིའི་ཕྱིར་ཞེ་ན་གསུངས་པ། དོན་གྱིས་ནི་ཞེས་པ་ལ་སོགས་པའོ། །སྔ་མ་ཞེས་པ་རང་གི་དོན་གྱི་རྗེས་སུ་དཔག་པའི་དུས་སུའོ། །ང་དེ་མེད་པ་ལས་ཞེས་པ། དོན་མེད་པ་ལས་སོ། །ཡང་ན་ཉུང་ལྟར་སྣང། བརྗོད་པ་ལས་སྔར་སྒྲུབ་བྱེད་དོར། ཞེས་པ་གལ་ཏེ་གཏན ་ཚིགས་བརྗོད་པ་ལས་སྔར་སྒྲུབ་པར་བྱེད་པར་སྒྲོ་བཏགས་ནས་གཏན་ཚིགས་ཀྱི་ཚིག་མེད་པར་རྩོད་པར་བྱེད་ན། དེ་ལྟ་ན་གཏན་ཚིགས་མ་ཚད་བ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེན་གསུངས་པ། སྒྲུབ་པར་བྱེད་པའི་དུས་སུ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་སྒྲུབ་པར་བྱེད་པའི་དུས་ཁོ ་ནར་གཏན་ཚིགས་མི་བརྗོད་པ་ནི་གཏན་ཚིགས་མ་ཚང་བའི་སྒྲུབ་པར་བྱེད་པར་འགྱུར་བ་དེའི་ཕྱིར། སྒྲུབ་པར་བྱེད་པའི་དུས་ལས་གཞན་གྱི་ནོ?་གཏན་ཚིགས་མེད་པའི་ཕྱིར་ན་སྒྲུབ་པར་བྱེད་པ་མ་ཚང་བ་མ་ཡིན་པར་རིགས་སོ། །དེ་ལྟར་འགྱུར་མེད་ཀྱི་གཏན་ཚིགས་ཀྱི་ཚིག ་ལས་སྔ་མ་ཁོ་ནར་འདི་སྒྲུབ་པར་བྱེད་དོ་ཞེ་ན་དེའི་ཕྱིར་གསུངས་པ། འདི་ཡང་མ་ཡིན་ཞེས་པ་ལ་སོགས་པའོ། །མཛའ་དག་གི་དོན་ཅན་ཞེས་པ་མཛའ་དག་བ་སྟེ། ཚུལ་གསུམ་བའི་གཏན་ཚིགས་གང་གི་དོན་ཡིན་པ་དེ་མཛའ་དག་གི་དོན་ཅན་ཏེ། ཚུལ་གསུམ ་བརྗོད་པའི་ཆིག་གོ་།དེ་མེད་པར་རྩོད་པས། ཁྱད་པར་མེད་པར་དཔེ་བརྗོད་སྟོན་པ་གཉིས་ཀྱང་མེད་པར་རྩིད་པར་འགྱུར་ཞེས་པས་དཔེ་བརྗོད་པ་མ་ཚང་བ་ཉིད་ལྟར་སྣང་བ་ཉིད་དུ་ཡང་རིག་པར་བྱའོ། །སྐྱེ་བ་ལས་རྟགས་མེད་ཕྱིར། ཅེས་པ་སྐྱེ་བ་ལས་སྔར་སྒྲ་ལས་རྩོ་ལམ ་ཐག་ཏུ་བྱུང་བ་ཉིད་མེད་དོ་ཞེས་པས་འདི་གཏན་ཚིགས་མ་ཡིན་པ་པ་ཉིད་དུ་རྩོད་པར་བྱེད་དེ། ལན་འདི་ནི་མ་གྲུབ་པ་བསྟན་པ་དང། བཟློག་པ་བསྟེན་པར་འགྱུར་ཏེ། གང་ལས་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མ་གྲུབ་པ་དང། རྩོལ་མི་ཐག་ཏུ་མ་བྱུང་བ་ཉིད་ནི་དེ་ལས ་ལྡོག་པ་བསྟེན་ཏེ་རྩོད་པར་བྱེད་ཅེས་པའི་དོན་ཏོ། །དེ་ལས་ཀྱང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མེད་པར་ཐལ་བར་བྱེད་ཅིང། དེ་ལས་བཟློག་བ་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་གྲུབ་པ་ཉིད་ཀྱི་ཕྱིར་མི་རྟག་པ་ལས་བཟློག་པ་རྟག་པ་ཉིད་ཡོད་བའོ། །འདི་ཁོ་ན་རྣམ་པར ་འབྱེད་པ་གསུངས་པ། སྐྱོ་བ་ལས་སྔར་སྒྲ་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་ཞེས་པ་ལ་སོགས་པའོ། །འདི་ནི་རྣམ་གཉིས་སུ། ཞེས་པ་འདི་ནི། འདོད་ཞེས་པ་འདི་དང་སྦྲེལ་ལོ། །རྣམ་པ་གཉིས་ཉིད་དེ། མ་གྲུབ་པ་ལྟར་སྣང་བ་ཉིད་ཀྱི་ཕྱིར་དང་མ་ངེས་བ་ལྟར་སྣང་བ་ཉིད་ཀྱི ་ཕྱིར་རོ། ཡང་ཅིའི་ཕྱིར་རྣམ་པ་གཉིས་ཡིན་ཞེ་ན་གསུངས་པ། གཉིས་སུ་སྒྲོ་བཏགས་པ་ལས་ཞེས་པའོ། །སྐྱེ་བ་ལས་སྔར་སྒྲུབ་བྱེད་དུ་སྒྲོ་བཏགས་པའི་ཕྱིར་ཏེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་དུ་སྒྲོ་བ་ཏགས?་པ་ལས་སོ། །དེ་ལ་སྒྲོ་འདོགས་པ་སྔ་མ་ལས་མ་གྲུབ་པ ་ལྟར་སྣང་བར་འདོད་ཅིང། ཅིག་ཤོས་ལས་མ་ངེས་པ་ལྟར་སྣང་བར་ཏེ། དོན་གྱིས་གོ་བས་རྟག་པ་ཉིད་དུ་སྒྲོ་འདོགས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་མ་གྲུབ་པ་ལྟར་སྣང་བ་ཡིན་ཞེ་ན་གསུངས་པ། སྐྱེས་པ་ནི་ཞེས་པ་ལ་སོགས་པའོ། །དེ་ལ་འདིས་འགྱུར་མོད། ་སྐྱེས་པ་ཡང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མེད་དོ་ཞེ་ན། དེའི་ཕྱིར་གསུངས་པ། དེ་ནི་དེའི་ཚེ་དོད?་པ་ཡང་དོ་ཞེས་པ་སྒྲ་སྐྱེས་པ་ནའོ། །རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་ནི་ཞེས་པ་ལ་སོགས་པ་སྟེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག ་ཅེས་སྨྲས་པས། དོན་གྱིས་འདི་སྐད་བརྗོད་པར་འགྱུར་ཏོ། རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་རྟག་པའོ་ཞེས་པར། །དེའི་གློ་ལ་སོགས་པས་མ་ངེས་སོ་ཞེས་པ་འདི་ལྟར་མ་ངེས་པ་ལྟར་སྣང་བའོ། །འབྲས་ཉིད་གཞེན་ཉིད་ཆ་ཡིས་ན་ཞེས ་བ་ལ་སོགས་པ་སྟེ། འབྲས་ཉིད་དོ་བྱས་པ་ཉིད་དོ། །ེའི་གཞན་གྱི་ཆ་སྟེ་དབྱེ་བའི་ཆའོ། །དེ་ལྷུར་ལེན་པའི་གཏན་ཚིག་ཀྱིས་བསྒྲུབ་བྱ་མི་འགྲུབ་པར་ཚིག་གང་གིས་སྟོན་པ། དེ་ནི་འབྲས་མཚུངས། གལ་ཏེ་བུམ་པ་ནི་གཞན་གྱིས་བྱས་པ་ཉིད ་ཀྱིས་ཞེས་པ། འཇི་བ་དབྱུག་གྱི་འཁོར་ལོ་དང་སྐུད་པ་ལ་སོགས་པའི་རྒྱུ་ཡིས་སོ། །འདི་སྒྲ་ལས་ཅིར་ཞེས་པ། གང་ལས་དང་འདྲ་བར་མི་རྟག་པར་འགྱུར་བ་དེའི་བྱས་པ་ཉིད་སྒྲ་ལ་ཡོད་པ་ནི་མ་ཡིན་པས་སོ། །དེའི་ཚེ་མ་གྲུབ་པ་ལྟར་སྣང་བའོ ་ཞེས་པ་བུམ་པའི་བྱས་པ་ཉིད་སྒྲ་ལས་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །བུམ་པ་ལ་སོགས་པའི་མི་རྟག་པ་རྣམས་ལས་མེད་ཅེས་པ། བུམ་པ་ལ་སོགས་པའི་མི་རྟག་པ་རྣམས་ཁོ་ན་ལ་ཞེས་ངེས་པར་གཟུང་བར་བལྟ་བར་བྱ་སྟེ། ་ཕྱི་མ་ལ་རྟག་བ་རྣམས་ལ་ཡང་མེད་ཅེས་བརྗོད་པའི་ཕྱིར་རོ། །འགལ་བ་ལྟར་སྣང་བའོ་ཞེས་པ། སྒྲའི་གང་བྱས་པ་ཉིད་དེ་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། ཅེ་སྟེ་འདི་ཁོ་ན་ཞེས་པ་སྒྲའི་བྱས་པ་ཉིད་དོ། །དཔེའི་སྐྱོན་ལྟར་སྣང་བ་འམ་སྟེ། ཅིའི་ཕྱིར་ཞེན ་ཆོས་མཐུན་པ་ཉིད་དུ་ཉེ་བར་བླངས་པ་ཉིད་ཁྱི་ཕྱིར་ཏེ། ཆོས་མཐུན་པ་ཉིད་དུ་ཉེ་བར་བླངས་པའི་བུམ་པ་ལ་བྱས་པ་ཉིད་མེད་དེ། །དེའི་ཕྱིར་དཔེ་སྒྲུབ་བྱེད་དང་བྲལ་བའི་སྐྱོན་ལྟར་སྣང་བའོ། ཡང་ཅིའི་ཕྱིར་ཁྱད་པར་གཟུང་ནས་རྗེས་སུ་དཔག་པ་མི་བྱེད་ཅེ་ན ་གསུངས་པ། དེ་ནི་ཞེས་པ་ལ་སོགས་པའོ། །ཁྱད་པར་ནི་དེན་དང་དེན་ལ་སོ་སོར་ངེས་པ་སྟེ། དེའི་ཕྱིར་གལ་ཏེ་འདི་རྗེས་སུ་དཔག་པ་ལ་ཉེ་བར་ལེན་ན་དེ་ནི་སྤྱིའོ། །རྗེས་སུ་དཔག་པ་མེད་པ་ཁོ་ནར་འགྱུར་ཏེ། གཏན་ཚིགས་ཐམས་ཅད་མེད་པར་འཐོབ ་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་ཡོད་དོ། །དེའི་ཕྱིར་ཁྱད་པར་ཡོངས་སུ་གཟུང་བར་མི་བྱའོ། །དཔེ་དང་མི་མཐུན་ཕྱོགས་དག་གིས་ཞེས་པ་ལ་སོགས་པ་སྟེ། དཔེ་དང་དཔེའི་མི་མཐུན་ཕྱོགས་ནི་དཔེ་དང། མི་མཐུན་ཕྱོགས་དག་སྟེ། ཡན་ལག་གི ་ངོ་བོ་རྣམས་ལ་ཡང་གཅིག་ལྷག་མཐོང་བས་སྟེ། ཡང་དང་ཙག་ངག་གོ་ཞེས་པ་ཇི་ལྟ་བ་བཞིན་ནོ། །དེ་དག་གིས་ཆོས་མཐུན་ཉིད་ཀྱིས་བསྒྲུབ་པར་བྱ་བར་འདོད་པའི་དོན་ལས་བཟློག་པའི་དོན་ཚིག་གང་གིས་སྒྲུབ་སྟེ། སྟོན་པ་དེ་ཆོས་མཐུན་མཚུངས ་པའོ། སྒྲུབ་བྱེད་ཀྱི་སྒྲ་ནི་དངོས་པོ་ལ་སོགས་པ་སྒྲུབ་པར་བྱེད་པ་ཡང་མཐོང་ངོ་ཞེས་པ་དེའི་ཕྱིར་དེ་རྣམ་པར་གཅོད་པའི་ཆེད་དུ་གསུངས་པ། བྱེད་པའི་བྱེད་པ་ཅན་དུ་བྱས་ནས་སོ་ཞེས་པའོ། །དཔེར་ན་ཞེས་པ་དཔེར་བརྗོད་རབ་ཏུ་སྟོན་པའོ། །སྒྲ་མི་རྟག་སྟེ་རྩོལ ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ནམ་མཁའ་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བར་བྱས་པ་ན། ལྟག་ཆོད་སྨྲ་བ་པོས་སྨྲས་པ། གལ་ཏེ་དཔེར་གྱུར་བའི་མི་མཐུན་ཕྱོགས་དང་ཆོས་མཐུན་པ་ཉིད་ལས་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་པ་ཡིན་ན་ངེ་པར་བྱས ་བའི་ནམ་མཁའ་དང་ཆོས་མཐུན་པ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་བར་འགྱུར་ཞེས་པའོ། །དེ་བཞིན་དུ་བུམ་པ་ཆོས་མཐུན་པ་ཉིད་དུ་བྱས་པའི་སྦྱོར་བ་ལ་ལྟག་ཚད་སྨྲ་བ་པོས་སྨྲས་པ། གལ་ཏེ་དཔེར་བྱས་པའི་བུམ་པ་དང་ཆོས་མཐུན་པ ་ཉིད་ཀྱི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལས་སྒྲ་མི་རྟག་པ་ཡིན་ན་དཔེར་བྱས་པའི་མི་མཐུན་ཕྱོགས་ནམ་མཁའ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར། ལུས་ཅན་མ་ཡིན་པ་ཉིད་ལས་རྟག་པའོ་ཞེས་པ་འདི། ཆོས་མཐུན་པ་ཉིད་མཚུངས་པའོ། །སྔ་མ་ལྟ་བུའི ་དཔེ་གཉིས་ལ་བུམ་པ་དང་ཆོས་མི་མཐུན་པར་སྦྱར་བར་བྱའོ་ཞེས་པ་ཇི་ལྟར་ཆོས་མཐུན་པ་མཐུན་པ་ཉིད་ཀྱི་དཔེ་གཉིས་ལ། ནམ་མཁའ་དང་ཆོས་མཐུན་པ་ཉིད་དུ་སྦྱར་བ་དེ་ལྟར་འདི་ཡང་བུམ་པ་དང་ཆོས་མི་མཐུན་པ་ཉིད་ཀྱིས་སྦྱར་བར་བྱའོ། །འདི་ལྟ ་སྟེ། སྒྲ་མི་རྟག་སྟེ་བརྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར། བུམ་པ་ཆོས་མཐུན་པ་ཉིད་དུ་བྱས་པ་ལ། ཕ་རོལ་པོས་སྨྲས་པ། གལ་ཏེ་དཔེར་བྱས་པའི་བུམ་པ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལས་སྒྲ་མི་རྟག་པ་ཡིན་ན། དཔེར་བ་ཉིད་ལས་སྒྲ་མི་རྟག་པ་ཡིན་ན། དཔེར ་གྱུར་བའི་བུམ་པ་དང་ཆོས་མི་མཐུན་པ་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་པར་ཞེས་པ་དང། དེ་བཞིན་དུ་མི་རྟག་སྟེ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ནམ་མཁའ་ཆོས་མི་མཐུན་པ་ཉིད་དུ་བྱས་པ་ལ། དཔེར?་བྱས་པའི་མི་མཐུན་ཕྱོགས་བུམ་པ ་དང་ཆོས་མི་མཐུན་པ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་པར་འགྱུར་རོ་ཞེས་པའོ། །ཡང་ཅིའི་ཕྱིར་ཐུན་མོང་བའི་མ་ངེས་པ་ལྟར་སྣང་བ་ཡིན་ན་གསུངས་པ། སྔ་མའི་ཕྱོགས་ལ་ནི་མ་ཡིན་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཇི་ལྟར་ཕྱི་མའི་ཕྱོགས ་ལ་ལུས་ཅན་མ་ཡིན་པ་ཉིད་ཆོས་མཐུན་པ་ཉིད་དམ་ཆོས་མི་མཐུན་པ་ཉིད་མ་ངེས་པ་ཡིན་པ་དེ་ལྟར་སྔ་མའི་ཕྱོགས་ལ་རྩོལ་མ་ཐུག་ཏུ་བྱུང་བ་ཉིད་མ་ཡིན་ཏེ། དེའི་ཕྱིར་མཚུངས་པ་ཉིད་མེད་པའི་ཕྱིར་འདི་ནི་ཐུན་མོང་གི་མ་ངེས་པ་ལྟར་སྣང་པའོ། ་འགལ་བ་འཁྲུལ་པ་མེད་པ་འདྲ་ཞེས་པ་འགལ་བ་མི་འཁྲུལ་པ་ལྟར་སྣང་བའོ་ཞེས་པའི་དོན་ཏེ། འགལ་བ་མྲི?་འཁྲུལ་པ་དང་མཚུངས་པར་འཇུག་གོ་ཞེས་བྱས་ནས་སོ། །འགལ་བ་མི་འཁྲུལ་པ་ནི་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ནི་མ་ངེས་པ་ཡིན ་པ་ཉིད་ཀྱི་ཕྱིར་ཏེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་མ་ཡིན་ནོ། །རྗེས་སུ་འགྲོ་མེད་ཕྱིར་ཞེས་ཁྱབ་པ་མེད་པའི་ཕྱིར་ཞེས་པའི་དོན་ཏོ། །ཡང་ཅིའི་ཕྱིར་རྗེས་འགྲོ་མེད་པ་ཡིན་ཞེ་ན་གསུངས་པ། མ་ངེས་པར་སྣང་བ་གཉིས་པ་དག་ཀྱང་ཞེས་པ་ལ་སོགས་པ ་སྟེ། དཔེའི་ཚིག་གིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་གྱི་ཁྱབ་པ་བསྟན་པར་བྱ་སྟེ། གཞན་དུ་ན་གཏན་ཚིགས་ལ་ཕན་འདོགས་པར་མི་འགྱུར་རོ། །ཆོས་མཐུན་པ་མཚུངས་པའམ་ཆོས་མི་མཐུན་པ་མཚུངས་པ་ལ་རྗེས་སུ་འགྲོ་བ་དང་ལྡོག ་པ་དག་བསྟན་པ་ཡང་མ་ཡིན་ནོ། །ཇི་ལྟར་ཕྱི་མའི་ཕྱོགས་ལ་ཡིན་པ་དེ་ལྟར་སྔ་མའི་ཕྱོགས་ལ་ཡང་སྟེ། དེས་ན་ཇི་ལྟར་དེང་གྱི་དཔེ་སྐྱོན་ཅན་ཡིན་པ་དེ་ལྟར་ཁྱོད་ཀྱི་ཡང་ངོ་ཞེས་རྩོད་པར་བྱེད་པ་ནི་དཔེ་ལྟར་སྣང་བར་རྩོད་པ་ཡང་སྦྱར་པར་བྱའོ། །རྗེས ་འགྲོ་ཕྱིན་ཅི་ལོག་ཕྱིར་ཡང། དཔེ་ལྟར་སྣང་པར་བརྗོད་པ་ཡང། ཞེས་དཀྱུས་མ་དང་སྒྲེལ་ལོ། །ཡང་ཅི་ལྟར་ན་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཉིད་སྲིད་པར་བྱ་ཞེ་ན་གསུངས་པ། བསྒྲུབ་བྱ་ལ་དཔེ་འདྲེས་པའི་ཕྱིར་ཞེས་པ་འདྲེས་པར་བྱེད་པ་ནི་འདྲེས་པ་སྟེ། ་བསྒྲུབ་པར་བྱེ་བ་ཆོས་མཐུན་པ་ཉིད་ཀྱི་དཔེ་དང་གཅིག་ཏུ་བྱེད་པའོ། །བུམ་པ་ཇི་ལྟ་བ་དེ་ལྟར་སྨྲའོ་ཞེས་པ་དང། ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་ནམ་མཁའ་ཇི་ལྟ་བ་དེ་ལྟར་སྨྲ་མ་ཡིན་ནོ་ཞེས་ནམ་མཁའ་དང་ཆོས་མཐུན་པ་ཉིད་དཀག་པས་བུམ་པ་དང་ཆོས་མཐུན་པ་ཉིད་ཁོ་ནར ་གཞུང་འཛུགས་སོ། །ཕལ་ཆེར་གྱིས་ཞིས་པ་ལ་སོགས་པས་བསྲེ་བའི་རང་གི་ངོ་བོ་སྟོན་ཏེ། ཉེ་བར་སྦྱོར་བ་ནི་བསྲ་བའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་ཉེ་བར་སྦྱོར་བར་བྱེད་ན། དེ་ལས་ཅི་ཞེ་ན་གསུངས་པ། དེ་ལ་འདིར་ཞེས་པ་ལ་སོགས་པའོ། །དེ་ལྟར་འགྱུར་མོད་ཀྱི། རྗེས་སུ ་འགྲོ་བ་ཕྱིན་ཅི་ལོག་པ་ཉིད་ན་ནི་བུམ་པ་ཇི་ལྟ་བ་དེ་བཞིན་དུ་སྒྲ་སྟེ། ནམ་མཁའ་ཇི་ལྟ་བ་དེ་བཞིན་སྒྲ་མ་ཡིན་ནོ་ཞེས་པ་དེ་ལྟར་ཉེ་བར་སྦྱོར་བ་བྱ་བར་མི་ནུས་པ་ཁོ་ནའོ། །དེའི་ཕྱིར་ཉེ་བར་སྦྱོར་དཕྱི་བར་འདོད་པས་ཕྱིན་ཅི་ལོག་ཏུ་རྗེས་སུ་འགྲོ་བ་བྱ་བ་མ་ཡིན་ནོ། །དེས་ན་དེ་ག་ལ་སྲིད ་ཞེ་ན་གསུངས་པ། དེ་ལྟར་ན་ཡང་ནི་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་དེ་ལྟར་བྱས་པ་ན་ཡང་དེ་བཞིན་དུ་ཞེས་ཉེ་བར་བསྡུ་བའམ། དེ་བཞིན་དུ་མ་ཡིན་ཞེས་སྦྱོར་བ་ཁོ་ན་སྟེ། ཅི་ལྟར་ཞེ་ན། ནམ་མཁའ་ལུས་ཅན་མ་ཡི་བརྟག་པ་དེ་བཞིན་དུ་སྒ་སྟེ། དེ་ལྟར་བུམ ་བ་ལུས་ཅན་མི་རྟག་པར་མཐོང་བ་དེ་བཞིན་དུ་སྒྲ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ན་རྗེས་སུ་འགྲོ་པ་ཕྱིན་ཅི་ལོག་ཏུ་བྱས་པ་ན་ཡང་དེ་བཞིན་ཞེས་ཉེ་བར་བསྡུ་བའང་རིགས་པ་ཁོ་ནའོ། །གང་ལས་དེ་ལྟར་སྣང་བ་ཉིད་དུ་འགྱུར་བ་ཅི་ལྟར་ན་སྐྱོན་འདི་སྔ་མའི་ཕྱོགས་ལ ་བསྒྲུབ་པར་ནུས་ཞེ་ན། མཚུངས་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཡང་ཞེས་པ་ལ་སོགས་པ་སྟེ། སྔ་མ་དང་ཕྱི་མའི་ཕྱོགས་དག་མཚུངས་པ་ཉིད་ཀྱི་ཕྱིར། ཇི་ལྟར་ཕྱི་མའི་ཕྱོགས་ལ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་མཚུངས་པ་ཉིད་དུ་ཐལ་བར ་འགྱུར་པའི་ཕྱིར་ན། རྗེས་འགྲོ་ཕྱིན་ཅི་ལོག་ཉིད་དུ་རྩོད་པ་ནི་དཔེ་ལྟར་སྣང་བར་རྩོད་པར་ཡང་འཐད་དོ། །འདི་ཁོ་ན་གསལ་བར་བྱེད་པ་གསུངས་པ། གང་ཕྱིར་དཔེར་སྟོན་བཅེམ་ནི་ཞེས་པ་ལ་སོགས་པའོ། །འཇིག་རྟེན་པ་རྣམས་ཀྱིས་ནི་ཇི་སྲིད ་ཙམ་དུ་དཔེར་བསྟན་པ་བུམ་པ་ལ་སོགས་པ་དེ་སྲིད་ཙམ་དཔེ་ཉིད་དུ་འདོད་དེ། དེའི་ཕྱིར་དེ་སྲིད་ཙམ་དཔེ་ཉིད་ཡིན་ན། སྔ་མ་དང་ཕྱི་མའི་ཕྱོགས་དག་རྗེས་སུ་འགྲོ་བ་བྱིན་ཅི་ལོག་ཏུ་མཚུངས་སོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཕྱོན་བསྔ་མ་བ་ཆོས་གཉིས་དང་སྟེ། བསྒྲུབ ་བར་བྱ་བ་དང་སྒྲུབ་པར་བྱེད་པའི་མཚན་ཉིད་ཅན་དང་ལྡན་པ་དེ་བཞིན་དུ་ཕྱི་མའི་ཕྱོགས་ལ་ཡང་ནམ་མཁའ་ལུས་ཅན་མ་ཡིན་པ་ཉིད་དང་རྟོག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་གཉིས་དང་ངོ། །ལྷན་ཅིག་གྱུར་པ་ཡང་བསྒྲུབ་པར་བྱ་བ་དང། ་སྒྲུབ་པར་བྱེད་པ་དག་དཔེ་ཡིས་བསྟན་པར་བྱའོ། །དེ་ཡང་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ལ་ཡང་དཔེར་བྱས་པ་བུམ་པ་ལ་སོགས་པ་ལ་རབ་ཏུ་སྟོན་པར་ནས་པ་ཁོ་ན་སྟེ། དེའི་ཕྱིར་དཔེ་ལྟར་སྣང་བར་རྩོད་པར་འཐད་དོ་ཞེས་པ་དགོངས་པའོ། ། ་འོ་ན་ཇི་ལྟར་ལྷག་ཆོད་སྨྲ་བ་བོས་སྦྱོར་བས་གཏན་ཚིག་།ཀྱི་མེད་ན་མི་འགྱུར་བ་ཉིད་ཉིད་བར་མི་སྟེན་པ་དེ་ལྟར་ཕྱོགས་སྔ་མ་སྨྲ་བ་པོས་ཀྱང་ངོ། །དིའི་ཕྱིར་འཇིག་རྟེན་པའི་སྦྱོར་འདོད་སུན་འབྱིན་པ་ཁོ་ནར་འདི་དག་རིགས་ཏེ། ཡོངས་སུ ་གནས་པར་མཚུངས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་སུན་འབྱིན་པ་ལྟར་སྣང་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་གསུངས་པ། འདི་ཡང་ཞེས་པ་ལ་སོགས་པའོ། །འདི་སྐད་བསྟན་པར་བྱེད་ཏེ། ཇི་སྐད་སྨྲས་པ་འདི་བདེན་མོད། དེ་ལྟ་ན་ཡང་ངེས ་པ་ཉིད་ཀྱི་གཏན་ཚིགས་ལ་མ་ངེས་བ་ཉིད་ཀྱིས་ངོར་ཟླར་གནས་པ་མི་རིགས་སོ་ཞེས་པ་འདི་ཙམ་ཁོ་ནས་གཉིས་པོ་འདི་ལེན་ལྟར་སྣང་བ་ཉིད་དུ་བཤད་དོ་ཞེས་པའོ། །དེ་བདག་ཉིད་ཏེ་ངེས་པའི་རང་བཞིན་ཉིད་དོ། །དེ ་ལས་ཐ་དད་པ་ནི་བཟློག་པ་ཉིད་ཀྱིས་ཏེ་མ་ངེས་པ་ཉིད་ཀྱི་ཞེས་པའི་དོན་ནོ། །རྒྱུ་དེས་གཉིས་ཀ་འཁྲུལ་པར་སྣང་པ་ཡིན་པར་བརྗོད་པ། སྦྱོར་བ་སྔ་མ་གཏན་ཚིགས་ནི། ངེས་པ་བ་ཉིད་བྱས་པ་མེད། ཅེས་པ་ངེས་པ་བཉིད་དུ་བསྟན་པ་མ་ཡིན་ནོ། ། ་ཞེས་པའི་དོན་ཏོ། །འཇིག་རྟེན་པའི་སྦྱོར་བའི་རྗེས་སུ་འཇུག་པས་ནི། ཞེས་པ་གང་ལས་འཇིག་རྟེན་པའི་སྦྱོར་པ་ཁོ་ན་ལ་དེ་དག་གི་སྐབས་ཡིན་པར་འཇིག་རྟེན་པའི་སྦྱོར་བའི་དོར་བྱས་པས་སོ། །ངེད་ཀྱི་སྦྱོར་བ་ལ་ནི་མ་ཡིན་ཏེ། དེ་ལ་ངེས་པ་ཉིད་དུ་བསྟན ་པ་ཉིད་གྱི་ཕྱིར་རོ་??་མིག་བསམ་སེམས་འདི་མ་ངེས་པ་ལྟར་སྣང་བར་བརྗོད་ཅེ་ན་གསུངས་པ། རྩོལ་མ་ཐག་ཏུ་བྱུང་བའི་གཏན་ཚིགས་ཀྱི་ཞེས་པ་ལ་སོགས་པའོ། །གཏན་ཚིགས་ཅི་ཡིས་ཞེས་ན་གསུངས་པ་ཕྱིན་ཅི་ལོག་གིས་ཞེས་པའོ། ། ་། །ཕྱིན་ཅི་ལོག་པ་ཉིད་ཀྱང། ངེས་པའི་མ་ངེས་པ་ཉིད་དོ། །འདིས་ནི་དེའི་བདག་ལས་ཐ་དད་བས་ཞེས་པ་འདིའི་དོན་ཉེ་བར་བསྟན་ཏོ། །ཇི་ལྟར་ཁོ་བོ་ཅག་གི་སྦྱོར་བ་དེ་ལྟར་སྦྱོར་བ་བྱ་བ་ན་ནི་ཞེས་པའི་དོན་ཏོ། །ཆོས་མཐུན་པ་ཉིད་མཚུངས་པ་ལ་སོགས་པ་རྣམས ་ཞེས་པའི་སོགས་པའི་སྒྲས་ཆོས་ལ་མཐུན་པ་ཉིད་དང་རྣམ་པར་རྟོག་པ་དང་ཁྱད་པར་མཚུངས་པ་ལ་སོགས་པ་རྣམས་གཟུང་བར་བྱའོ། །མི་འབྲེལ་རྣམས་ཁོ་ནའོ་ཞེས་སོ། དེ་སྐྱེད་བར་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཆོས་མཐུན་ཉིད་ལའང་ཁྱད་པར་བརྗོད་ཅེས་པ ་མཚན་ཉིད་དོ། །ཆོས་མཐུན་པ་ཉིད་ལ་ཁྱད་པར་བརྗོད་པ་ཡང་ལྟག་ཆོད་དེ། ཕྲད་དང་མ་ཕྲད་མཚུངས་པ་ལ་སོགས་པ་རྣམས་སུ་མཐར་ཅེས་པ་ཡང་གི་སྒྲའི་དོན་ཏོ། །རྣམ་རྟོག་མཚུངས་ཡིན་ཞེས་པ་མཚོན་བྱའོ། །སྔ་མ་བཞིན་ལ་བུམ་པ་ཆོས་མཐུན་པ་ཉིད་ཀྱིས ་མི་རྟག་པ་ཉིད་དུ་བྱས་པ་ལ་ཞེས་པ་དམ་བཅས་པ་ནའོ། །འདི་ལྟ་སྟེ་མི་རྟག་སྟེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་བུམ་པ་བཞིན་ཞེས་པ་ལ་ལྷག་ཆོད་སྨྲ་བ་བོས་སྨྲས་པ། འདིལ་ཆོས་མཐུན་པ་ཉིད་ཡོད་ན། བུམ་པ་ཁོ་ན་ཆོས་བར་བྱ་བ་དང་མིག་གིས ་གཟུང་བར་བྱ་བས་ཏེ། དེས་ན་བུམ་པ་ཁོ་ན་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་དང་ཆོས་པར་བྱ་བ་ཉིད་ཀྱི་ཕྱིར་ཡང་མི་རྟག་པར་འགྱུར་གྱི། སྒྲ་ནི་མ་ཡིན་ཏེ། སྒྲ་ཁོ་ན་མིག་གིས་གཟུང་བར་བྱ་མ་ཡིན་པ་དང་ཚོས་བར་བྱ་བ་མ་ཡིན་པ་དང་མཉན ་པར་བྱ་བ་ཡིན་གྱི་བུམ་པ་ནི་མ་ཡིན་ཏེ། ངེས་ན་སྒྲ་ཁོ་ན་མིག་གིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་ཉིད་ཀྱི་ཕྱིར་རྟག་པར་འགྱུར་གྱི་བུམ་པ་ནི་མ་ཡིན་ནོ་ཞེས་པ། གང་བསྒྲུབ་པར་བྱ་བ་མི་རྟག་པ་སྟེ། དེ་ལས་བཟློག་པ་རྟག་པ ་ཉིད་དུ་རྟོག་པ་ནི་རྣམ་རྟོག་མཚུངས་པའོ། །དཔེ་བརྗོད་ལས་གཞན་པ་མིང་ཞེས་པ། དཔེ་ནི་བུམ་པ་སྟེ། དེ་ལས་གཞན་ཁམ་ཕོར་ལ་སོགས་པ་ལ་ཡང་དང་ཆུ་ལ་སོགས་པ་ལ་ཡང། བྱས་པ་ཉིད་དུ་མཚུངས་པ་ལ་ཇི་ལྟར་ཆོས ་པར་བྱ་བ་དང་ཆོས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་བྱེ་བྲག་མཐོད་བ་དེ་ལྟར་སྒྲ་དང་བུམ་པ་དག་ལ་ཡང་བྱས་པ་ཉིད་དང་ཆོས་མཐུན་པ་ཉིད་ཡོད་ན་ཡང་རྟག་པ་དང་མི་རྟག་པ་ཉིད་ཀྱི་ཁྱད་པར་དུ་འགྱུར་རོ། འཁྲུལ་པ་ཅན་གྱི་ཁྱད་པར་གྱིས། ཞེས་པ་ཆོས ་པ་མ་ཡིན་པ་ཉིད་ཀྱིས་སོ། །དེ་ནི་བུམ་པ་ལས་སྒྲའི་ཁྱད་པར་དུ་འགྱུར་ཞིང། འཁྲུལ་པ་ཅན་ཡང་སྟེ། མི་རྟག་པ་ལས་གཞན་ལ་ཡང་ཡོད་པའི་ཕྱིར་རོ། །སྤྱི་སྨིན་གྱིས་ཀྱང། ཞེས་པ་ཐུན་མོང་མ་ཡིན་པ་མཉན་པར་བྱ་བ་ཉིད་ལ་སོགས ་པས་སོ། །རྟག་པར་ཐལ་ཕྱིར་དེ་སྣང་ཉིད་ཅེས་གཉིས་ཀ་ལ་སྦྲེལ་བར་བྱའོ། །འདི་སྐད་བཤད་པར་འགྱུར་ཏེ། ཆོས་པར་བྱ་བ་མ་ཡིན་པ་ཉིད་ལ་སོགས་པའི་ཁྱད་པར་གྱིས་སམ། མཉན་པར་བྱ་བ་ཉིད་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཆོས་ཀྱི ་མི་རྟག་པ་ཉིད་དུ་ཐལ་བར་བྱེད་པའི་ཕྱིར་དེ་ལྟར་སྣང་བ་ཉིད་དོ་ཞེས་པའོ། །རང་གི་ཕྱོགས་ལ་མ་གྲུབ་པ་བཞིན་དུ་ཞེས་པ་ནི། སྔ་མའི་ཕྱོགས་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མ་ངེས་པའི་ཆོས་ཉིད་དུ་སྒྲོ་བཏགས་ནས་སོ་སོར་གནས ་ཏེ། ཇི་ལྟར་ངེད་ཀྱི་འཁྲུལ་པ་ཅན་གྱི་ཐུན་མོང་པ་དང་ཐུན་མོང་མ་ཡིན་པའི་ཆོས་དག་གིས་རྟག་པ་ཉིད་འགྲུབ་པ་མེད་པ་དེ་ལྟར་ཁྱོད་ཀྱི་ཡང་ཞེས་པའོ། །དེ་ལྟར་རང་གི་ཕྱོགས་མ་གྲུབ་པ་བཞིན་དུ་ཕ་རོལ་ལ་མ་གྲུབ་པར་སྟོན་པའི་ཕྱིར། སུན ་འབྱིན་པར་མི་འགྱུར་རམ། སྒྲུབ་པར་བྱེད་པ་ཡིན། རང་གི་ཕྱོགས་ཀྱིས་ཞེས་རྟག་པར་བྱའོ། །སྒྲུབ་བྱེད་ཡིན་ན་འགལ་བ་དང་མ་ངེས་པ་ལྟར་སྣང་པའོ་ཞེས་པ། གལ་ཏེ་ཆོས་པར་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་རང་གི་ཕྱོགས་འགྲུབ་པའི ་དོན་ཁོར་ནར་རབ་ཏུ་སྦྱོར་ན། དེ་ལས་འགལ་བ་མི་འཁྲུལ་པ་ཅན་ལྟར་སྣང་བ་ཉིད་དེ། སྟོབས་མཆུངས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ཡང་ཞེས་པ་ལ་སོགས་པ། ཇི་ལྟར་རྫས་མ་ཡིན་པ་དང་ལས་མ་ཡིན་པའི་སྒྲ་བཞིན་ནོ། །མིག་གིས་གཟུང་བྱ་མ་ཡིན་གཉིད ་ཡོད་ན། མངོན་སུམ་ཉིད་ལས་ཞེས་པ། མིག་གིས་གཟུང་བྱ་བ་ཡིན་པ་ཉིད་དང་ལྷན་ཅིག་པ་ཁོ་ནའི་མངོན་སུམ་ཉིད་ནི་གཏན་ཚིགས་ཉིད་དེ། དེ་ལྟར་ཆོས་པར་བྱ་བ་ཉིད་ལ་སོགས་པ་ལྷན་ཅིག་པ་ཁོ་ནའི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི། གཏན་ཚིགས་ཉིད་ཡིན ་གྱི། འབའ་ཞིག་པ་ནི་མ་ཡིན་ཏེ། མངོན་སུམ་ཉིད་བཞིན་དུ་འཁྲུལ་པ་ཅན་ཉིད་ཀྱི་ཕྱིར་ཞེས་པ་དེ་ལྟར་གལ་ཏེ་ཆོས་བར་བྱ་བ་ཉིད་ལ་སོགས་པ་དང་བཅས་པ་གཏན་ཚིགས་ཉིད་སྨྲ་ན། དེའི་ཚེ་རྣམ་པ་འདིས་ཀྱང་མ་ངེས་པ་ལྟར་སྣང་བའོ། །དེ་ཅིའི་ཕྱིར་ཞེ་ན ་གསུངས་པ། འབའ་ཞིག་པ་ནི་ཞེས་པ་ལ་སོགས་པ་སྟེ། མངོན་སུམ་ཉིད་དང་མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དག་གི་འབའ་ཞིག་བདག་གཏན་ཚིཊ་ཉིད་མ་ཡིན་གྱི་ལྷན་ཅིག་པ་ཉིད་དག་ཁོ་ན་གཏན་ཚིགས་སོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་འབའ་ ་ཞིག་པ་ཡང་གཏན་ཚིགས་ཉིད་དོ་ཅེས་པ་ཚོགས་པའི་དོན་ཏོ། །གཅིག་ཉིད་དུ། ཐལ་ཕྱིར་ཁྱད་པར་མེད་པར་བྱེད་ཞེས་པ་མཚན་ཉིད་དོ། །བསྒྲུབ་པར་བྱ་བ་དང་དཔེའི་ཆོས་ཅན་དང། །མི་རྟག་པ་ཉིད་ལ་སོགས་པར་ཆོས་མཐུན་པ་ཉིད་ཀྱིས་གཅིག ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར། གཏན་ཚིགས་ཆོས་གཞན་རྣམས་ཀྱིས་ཀྱང་གང་གཅིག་ཉིད་དུ་བྱེད་པ་དེ་ནི་ཁྱད་པར་མེད་བྱེད་བའོ། མེད་འདི་པ་འདི། འདི་དན་ལྷན་ཅིག་འདིའི་ཁྱད་པར་མེད་པའོ། །ཞེས་མ་བརྗོད་ཅེས་པ་དེའི་ཕྱིར། ཅི་ཞིག་ནི་ཅི ་ཞིག་དང་ལྷན་ཅིག་ཁྱད་པར་མེད་པའོ་ཞེས་མི་ཤེས་ཅེས་པ་དེའི་ཕྱིར། དེ་ཡོངས་སུ་ཤེས་པའི་ཆེད་དུ་གསུངས་པ། ཆོས་མཐུན་པ་ཉིད་ཀྱི་དཔེ་བྱས་པའི་སྐབས་ཉིད་ཀྱི་ཕྱིར་ཞེས་བ་ལ་སོགས་པའོ། །རྣམ་པར་རྟོག་པ་མཚུངས་པ་ལ་ནི། ཆོས་མཐུན་ཉིད ་ལའང་ཁྱད་པར་བརྗོད། ཅེས་པའི་ཚིག་ལས་ཆོས་མཐུན་པ་ཉིད་ཀྱི་དཔེའི་སྐབས་སོ། །གང་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་སྒྲའི་ཆོས་མཐུན་པ་ཉིད་ཀྱི་དཔེ་བུམ་པ་ལ་སོགས་པ་དང་ཆོས་མཐུན་པ་ཉིད་དེ། གཞན་དང་ནི་མ ་ཡིན་ནོ། །དེ་ལྟ་ན་ཡང་ཅི་ཞིག་དང་ལྷན་ཅིག་ཅི་ཞིག་གཅིག་ཉིད་དུ་ཐལ་བར་འགྱུར་བ་མི་ཤེས་སོ་ཞེ་ན། དེའི་ཕྱིར་གསུངས་པ། དོང་ཟླར་སྦྱོར་བའི་མཉན་པ་མེད་པའི་ཕྱིར་ཞེས་པ་ལ་སོགས་པའོ། །བསྒྲུབ་པར་བྱ་བ་ལས་གཞན་ནི་འདིར་རེ་ཞིག་དོང ་ཟླར་སྦྱོར་བ་ཉིད་དུ་རྟོགས་པར་བྱད་ནུས་པ་མ་ཡིན་ཏེ། དེ་མ་ཐོས་པ་ཉིད་ཀྱི་ཕྱིར་རོ། །བསྒྲུབ་པར་བྱ་བ་ཉིད་ཀྱང་སྐབས་ཡིན་པ་ཉིད་ཀྱི་ཕྱིར་ཉེ་བ་ཉིད་དེ། དེའི་ཕྱིར་དེའི་ཞེས་རྟོགས་པར་བྱའོ། །ཁྱད་པར་མེད་པར་ཐལ་བར་འགྱུར་ཞེས་པ་དུ་མའི་དོན་ཅན ་ཉིད་ཀྱི་ཕྱིར་བྱེད་པ་ནི་འདིར་ཐལ་བར་འགྱུར་བའི་དོན་དུ་རྣམ་པར་ཤེས་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་ནི། ཆོས་མཐུན་པ་ཉིད་ཀྱི་དཔེ་དང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཁྱད་པར་མེད་པར་ཐལ་བར་འགྱུར་བར་ ་བྱེད་པ་ནི་ཁྱད་པར་མེད་པ་མཚུངས་པའོ་ཞེས་བཤད་པར་འགྱུར་རོ། །ཅི་ཞིག་གི་ཅི་ཞིག་དང་ལྷན་ཅིག་ཁྱད་པར་མེད་ཅེས་པ། ཅི་བུམ་པ་ཁོ་ན་དང་སྒྲ་ཁྱད་པར་མེད་དམ། འོན་ཏེ་སྣམ་བུ་ལ་སོགས་པ་གཞན་དང་ཡང་ཡིན། ཡང་ན་ཅི་བུམ་པའི་ཆོས ་གཅིག་དང་སྒྲ་ཁྱད་པར་མེད་པའམ། འོན་ཏེ་བུམ་པའི་ཆོས་རྣམས་ཐམས་ཅད་དང་ཡིན་ཞེས་པ་འདིའི་ཕྱིར་གསུངས་པ། ཁྱད་པར་དུ་མ་བྱས་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དང་ངོ་ཞེས་པ། འདིར་ཁྱད་པར་ཉེ་བར་བླངས་བ་ཅུང ་ཟད་ཀྱང་མེད་དེ། དེའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་ཆོས་རྣམས་ཐམས་ཅད་དང། ཕན་ཚུན་ཁྱད་པར་མེད་པར་རིག་པར་བྱའོ། །གལ་ཏེ་བུམ་པ་དང་ཆོས་མཐུན་པ་ཉིད་མཐོང་བ་ལས་གཞན་ཡང་ཁྱད་པར་མེད་པར་བྱ་ན་ཞེས་པ་འདིས་དེའི ་ལུགས་ལ་ཧ་ཅང་ཐལ་པ་སྟོན་པར་བྱེད་དོ། གང་གི་དབང་གིས་ཁྱད་པར་ཐལ་བར་འགྱུར་བའོ། །བུམ་པའི་ཆོས་ཐམས་ཅད་ཞེས་པ་ལ་སོགས་པས་དེ་ཁྱད་པར་མེད་པར་ཐལ་བར་འགྱུར་བའོ། །ཐམས་ཅད་ཀྱི་ཕན་ཚུན་ཆོས་མཐུན་པ་ཉིད་ལས ་ཞེས་པ་བཞལ་བྱ་ཉིད་ལ་སོགས་པ་ལས་འགྲོ་བ་ཐམས་ཅད་གཅིག་ཉིད་དུ་ཐལ་པར་འགྱུར་ཏེ། ཁྱད་པར་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་འདི་ཁྱད་བར་མེད་པར་མཚུངས་པའོ། །ཤིན་ཏུ་དང་པ་མ་ཡིན་པ་ཞེས་པ་ནི། ་རྣམ་རྟོག་མཚུངས་པ་ལ་ནི་དངོས་སུ་ཁྱད་པར་སྟོན་ཅིང། འདིར་ནི་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་སྒོ་ནས་སོ་ཞེས་པ་སྦྱོར་བ་ཙམ་ཐ་དད་ཀྱི་དོན་ནི་མ་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་ཐ་དད་པ་མ་ཡིན་པ་སྟེ། དེའི ་ཕྱིར་དེ་བཞིན་དུ་མ་ངེས་བལྟར་སྣང་བའོ། །ཤིན་ཏུ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་དང་མི་རྟག་པ་ཉིད་ཀྱང་གཉིས་ཀ་ཤིན་ཏུ་ཡོད་པ་མ་ཡིན་པ་ཁོ་ནའོ། །དེ ་ལྟར་ནི་བརྩལ་མ་ཐག་ཏུ་སྐྱེ་བ་ཉིད་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དེ། དེ་ཡང་ཤིན་ཏུ་ཡོང་པ་མ་ཡིན་པ་ཁོ་ན་སྟེ། རྩོལ་བ་ལས་སྔར་མེད་པའི་ཕྱིར་རོ། །མི་རྟག་པ་ཉིད་ཀྱང ་གཏན་ནས་ཡོད་པ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཐ་དད་མེད་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་ཅིག་གཏན་ཚིགས་སོ་ཞེས་པས་མ་གྲུབ་པ་ཉིད་དོ། ། ་འདི་ཡང་མ་གྲུབ་པ་ལྟར་སྣང་བ་སྟེ། ཅིའི་ཕྱིར་ཞེ་ན་གསུངས་པ། སྐྱེ་བ་ལས་སྤང་མེད་པ་ཞེས་པ་ལ་སོགས་པའོ། །སྐྱེ་བ་ལས་སང་མེད་པ་གང་གི་ཡིན་པ་དེ་སྐྱེ་བ་ལས་སྔར་མེད་པའོ། །ཡང་དེ་ཅི་ཞེ་ན་སྐབས་ཉིད་ཀྱི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་སྟེ། དེ ་ནི་རྩོལ་པ་ལས་སྔར་སྐྱེ་བ་མེད་པའོ་ཞེས་པ་འདི་ནི་རབ་ཏུ་གྲགས་པའོ། །དེ་བསྒྲུབ་བྱའི་རང་བཞིན་ཉིད་དུ་སྒྲོ་བཏགས་ནས་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཁྱད་པར་མེད་པར་ཐལ་པར་བྱེད་པའི་ཕྱིར་འདི་ནི་མ་གྲུབ་པ་ལྟར་སྣང་བའོ། །སྐྱེ་བ་ལས ་སྔར་མེད་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་སྒྲོ་བཏགས་པས་བསྒྲུབ་བྱའི་ཆོས་ལས་ཐ་དད་པར་སྟོན་ཏོ། །བསྒྲུབ་བྱའི་ཆོས་ནི་མི་རྟག་པ་ཉིད་དེ། སྔ་མའི་གནས་སྐབས་ལས་ཁྱད་པར་དུ་བྱུང་བའོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་བརྩལ་མ་ཐག་ཏུ་སྐྱེ་བ་འམ་མངོན་པར་གསལ་པ ་ཤེས་པའི་མཚན་ཉིད་ཅན་གྱི་ཆོས་གཞན་ཁོ་ནའོ། །འདིར་ནི་དེ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་གྲུབ་པ་དེས་མི་རྟག་པ་ཉིད་དུ་སྟེ། ཞིག་ནས་མེད་པའི་རྣམ་གྲངས་ཅན་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད་དོ། ། ་གང་གསུངས་པ། གྲུབ་པ་ཡིས་ཞེས་པ་ལ་སོགས་པའོ། །མི་རྟག་པ་བཞིན་དུ་ཆོས་གཞན་སྒྲུབ་པར་བྱེད་པ་ཡང་ཞེས་པ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ཇི་ལྟར་མི་རྟག་པ་ལ་མཐོང་བའི་ཕྱིར་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་དེ་ལྟར་ཆོས་བར ་བྱ་བ་ཉིད་ལ་སོགས་པ་བསྒྲུབ་བྱའི་ཁྱད་པར་དང་འགལ་བ་ཆོས་གཞན་ཡང་སྟེ། དེ་དང་ལྡན་པ་བུམ་པ་ལ་སོགས་པ་ལ་མཐོང་བའི་ཕྱིར་རོ། །དེ་ལས་ཀྱང་བསྒྲུབ་པར་བྱ་བ་དང་ཅིག་ཤོས་ཀྱི་ཆོས་དག་གི་སྒྲུབ་པར་བྱེད་པ་ཉིད་དུ་ཁྱད ་པར་མེད་པའི་ཕྱིར་ཁྱད་པར་མེད་པའོ། །འདི་ཡང་ཞེས་པ་ལ་སོགས་པ། བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་སྟེ་འགལ་བའི་ཆོས་སོ། །དེའི་སྒྲུབ་པར་བྱེད་པ་ནི། བསྒྲུབ་བྱ་ལ་གནོད་པར ་བྱེད་པ་སྒྲུབ་པར་བྱེད་པ་སྟེ། དེའི་དངོས་པོ་ནི་བསྒྲུབ་བྱ་ལ་གནོད་པར་བྱེད་པ་སྒྲུབ་པར་བྱེད་པ་ཉིད་དོ། །འདིར་ནི་དེར་རྩོད་པ་ལ་སྒྲུབ་བྱ་ལ་གནོད་པར་བྱེད་པ་བསྒྲུབ་པར་བྱེད་པ་ཉིད་ཀྱི་སྒྲ་བལྟ་བར་བྱ་སྟེ། འགལ་བའི་གཏན་ཚིགས་སུ་རྩོད ་པར་བྱེད་པ་ཉིད་ཀྱིས་ན་འགལ་བ་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཆོས་པར་བྱ་བ་ལ་སོགས་པ་རྣམས་ལ་ངེས་པ་ལས་ཞེས་པ། ཇི་ལྟར་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ངེས་པ་ཉིད་དེ་དེ་ལྟར ་ཆོས་པ་ལ་སོགས་པ་རྣམས་ལའོ། །དེའི་ཕྱིར་འདི་ནི་འགལ་བ་ལྟར་སྣང་བའོ། །བཤད་པ་ཡང་ཞེས་དེ་མ་ཐག་ཏུ་བཤད་པའི་དོན་ཚིགས་སུ་བཅད་པས་སྡུད་དོ། །བསྒྲུབ་བྱ་གནོད་བྱེད་ཆོས་ལ་ཡང། །མཚུངས་པ་ཉིད་ཀྱིས་ཁྱད་མེད་བྱེད། །རྩོད་པ་ལའོ ་ཞེས་པ་ལྷག་མའོ། །བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པའི་ཆོས་ལ་མཚུངས་པ་ཉིད་ཀྱིས་གཏན་ཚིགས་ཀྱིས་ཁྱད་པར་མེད་པར་བྱེད་དེ། ཐལ་བར་འགྱུར་བར་བྱེད་པའི་གཏན་ཚིགས་ལ་རྩོད་པ་གང་ཡིན་པ། ཇི་ལྟར་གཏན་ཚིགས་འདི་འདོད་པའི ་ཆོས་ལ་སྒྲུབ་པར་བྱེད་པ་ཉིད་ཡིན་པ་དེ་ལྟར་བསྒྲུབ་པར་བྱ་བ་ལ་གནས་པར་བྱེད་པ་ལ་ཡང་ངོ་ཞེས་པ་འདི་ལྟ་བུའི་རྣམ་པ་ཅན་དེ་ནི། གཏན་ཚིགས་སྐྱོན་ལ་འགལ་བར་སྣང་བའི་ཁྱད་པར་མེད་པ་མཚུངས་པའི་ལྟག་ཆོད་དུ་འགྱུར་རོ། །བསྒྲུབ ་པར་བྱ་བ་དང་གཏན་ཚིགས་ཁྱད་པར་མེད་པ་འབའ་ཞིག་ལས་ཡིན་པར་མ་ཟད་ཀྱི་འོ་ན་ཅི་ཞེ་ན་རྣམ་པ་འདིས་ཀྱང་ངོ་ཞེས་གསལ་བར་བྱ་བའི་ཆེད་དུ་ཡང་གི་སྒྲའོ། །སྐྱོན་མེད་ན་ནི། གཏན་ཚིགས་ལ་རྩོལ་པ། དེ?་སུན་འབྱིན་པར་འགྱུར་རོ ་ཞེས་པ་འདི་ཚིགས་བཅད་པའི་འདོད་དོ། །ཡང་ཅི་ཆོས་མཐུན་པ་ཉིད་དང། ཆོས་མི་མཐུན་པ་ཉིད་དང། རྣམ་པར་རྟོག་པ་དང་ཁྱད་པར་མེད་པ་མཚུངས་པ་འདི་རྣམས་ཐམས་ཅད་དུ་ལན་ཏར་སྣང་ང་རྣམས་ཁོ་ནར་འགྱུར་རམ་འོ་ན་ཏེ་འགལ ་ཞིག་ཏུ་ལན་རྣམས་སུ་ཡང་ཡིན་ཞེ་ན་དེའི་ཕྱིར་གསུངས་པ། ལན་རྣམས་འགྱུར་ཞེས་པ་ལ་སོགས་པའོ། །མཛའ་གཅིག་ཏུ་ངེས་པ་དང་ལྡན་པའི་སྔ་མའི་ཕྱོགས་ལའོ། །གལ་ཏེ་འདི་རྣམས་མཛའ་གཅིག་པ་རྣམས་ཀྱིས་སོ་སོར་གནས ་པར་གྱུར་ན། དེའི་ཚེ་འདི་རྣམས་སུན་འབྱིན་པ་ཁོ་ན་རྣམས་སུ་འགྱུར་རོ། །སོ་སོར་གནས་པ་མཚུངས་པའི་ཕྱིར་ན། ད་ལྟར་སྣང་བ་རྣམས་སུ་མ་ཡིན་ནོ། །རྣམ་པ་གཞན་གྱིས་ཀྱང་ལན་རྣམས་སུ་འགྱུར་བར་སྟོན་པ ་གསུངས་པ། ཕྱོགས་སྔ་མ་ལ་ཡང་མ་ངེས་པ་ཉིད་དང་ལྡན་ན། ཞེས་པ་ལ་སོགས་པ་སྟེ། མ་ངེས་པ་དང་ལྡན་པའི་ཕྱོགས་སྔ་མ་ལ། གལ་ཏེ་དེ་སྐད་བརྗོད་པའི་འཁྲུལ་བ་ཆོས་མཐུན་པ་ཉིད་མཚུངས་པ་ལ་སོགས་པ ་དང་དོད་ཟླར་གནས་པར་གྱུར་ན། དེ་ལྟ་ན་སུན་འབྱིན་པ་རྣམས་སུ་འགྱུར་རོ། །འདི་ཉིད་སྟོན་ཏེ། དེའི་ཕྱིར་སུན་འབྱིན་པའི་སྒོ་ནས་སམ་ཞེས་པ་ལ་སོགས་པས་སོ། །དེ་ལ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་མཚུངས་པ་དག ་ལ་ནི་མ་ངེས་པ་དང་ལྡན་པའི་ཕྱོགས་སྔ་མ་ལ་མ་ངེས་པ་དང་ལྡན་པ་ཁོ་ནས་དོད་ཟླར་གནས་པའི་ཕྱིར། སུན་འབྱིན་པའི་སྒོ་ནས་ཐུན་མོང་གི་མ་ངེས་པར་རྩོད་པའི་ཕྱིར་དང། མཛའ་གཅིག་པ་དང་ལྡན་པ་ལ་མཛའ་གཅིག་བས ་དོད་ཟླར་གནས་པའི་ཕྱིར་སྒྲུབ་པར་བྱེད་པའི་སྒོ་ནས་འགལ་བ་དང་མ་ངེས་བར་རྩོད་པ་ལས་སོ། །རྣམ་རྟོག་མཚུངས་པ་ལ་ནི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་མ་ངེས་པ་དང་ལྡན་པའི་ཕྱོགས་སྔ་མ་ལ། ཐུན་མོང་དང་ཐུན ་མོང་མ་ཡིན་པ་དག་གིས་དོད་ཟླར་གནས་པའི་ཕྱིར། སུན་འབྱིན་པའི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མ་ངེས་པར་རྩོད་པ་ལས་དང། མཛའ་གཅིག་པ་དང་ལྡན་པ་ལ་མཛའ་གཅིག་ཏུ་གནས་མ་ཡིན་པས་དོད ་ཟླར་གནས་པ་མ་ཡིན་པས་དོད་ཟླར་གནས་པའི་ཕྱིར་སྒྲུབ་པར་བྱེད་པའི་སྒོ་ནས་འགལ་བ་དང་མ་ངེས་བར་རྩོད་པ་ལས་སོ། །དེ་བཞིན་དུ་ཁྱད་པར་མེད་པ་མཚུངས་བ་དང་པོ་ལ་སྟེ། གསུམ་པ་ལ་ནི་ངེས་པ་དང་ལྡན་པ་ལ་ངེས ་པ་ཉིད་ཀྱིས་དོད་ཟླར་གནས་པའི་ཕྱིར་སུན་འབྱིན་པའི་སྒོ་ནས་བསྒྲུབ་བྱ་ལ་གནོད་པར་རྩོད་པའི་ཕྱིར། འདི་རྣམས་སུན་འབྱིན་པ་ཁོ་ན་རྣམས་སུ་འགྱུར་རོ། །གལ་ཏེ་མཐོང་ལ་གནོད་མེད་ན་ཞེས་པ་བསྒྲུབ་པར་བྱ་བ་ལ་གནོད་པར་རྩོད་པ་ལ་དམིགས ་ཀྱིས་གསལ་བ་གསུངས་སོ། །མཐོང་བ་ནི་ཚད་མས་རབ་ཏུ་གྲུབ་བའོ། །ཇི་ལྟ་བུར་མཐོང་བས་གནོད་པ་ཅི་ཞིག་ཏུ་ཡིན་ཞེ་ན་གསུངས་པ། ཇི་ལྟར་ན་ཞེས་པ་ལ་སོགས་བའོ། །དམ་བཅའ་བའི་སྐྱོན་ཁོ་ན་ལས་ཞེས་པ། གལ་ཏེ ་རྣ་བའི་རྣམ་པར་ཤེས་པས་གྲུབ་པའི་སྒྲའི་རང་གི་མཚན་ཉིད་མེད་ཅེས་དམ་འཆའ་ན། དེའི་ཚེ་མངོན་སུམ་གྱིས་རབ་ཏུ་གྲུབ་པས་གནོད་པའི་ཕྱིར་དམ་བཅའ་བ་མི་འགྲུབ་བོ། །ཅི་སྟེ་མཉན་པར་བྱ་བའི་སྒྲའི་བརྗོད་བྱ་སྒྲ་རུ་མི་འགྱུར་རོ་ཞེས ་བ་དེ་ལྟ་ཡང་གྲགས་པས་གྲུབ་པས་སོ། །གང་ལ་ཞེས་པ་ལ་སོགས་པ་སྟེ། རྡུལ་གཉིས་བ་ཅན་ནི་རྡུལ་སྔོན་མ་ཅན་ཡིན་ཏེ། རགས་པ་ཉིད་ཀྱི་ཕྱིར། བུམ་པ་བཞིན་ཞེས་བྱས་པ་ལ། ཇི་ལྟར་གཏན་ཚིགས་འདིས་རྡུལ་སྔ ་མ་ཅན་ཉིད་དུ་སྒྲུབ་པར་བྱེད་ཅིང། འདི་ལྟར་རགས་པའི་རྡུལ་སྔོན་མ་ཅན་ཉིད་དུ་ཡང་ཞེས་པ་ཤིན་ཏུ་རགས་པ་ལ་བལྟོས་པས་གང་རྡུལ་ཡིན་པ་དེ་རགས་བའི་རྡུལ་ལོ། །དེ་ལྟ་ན་ཡང་རྡུལ་ཕྲ་རབ་རྣམས་རགས ་པ་ཉིད་དུ་ཡང་འགྲུབ་སྟེ། འདིར་ཚད་མ་འགལ་ཞིག་གི་ཀྱང་རྡུལ་ཕྲ་རབ་རྣམས་རགས་པ་ཉིད་དུ་བསྒྲུབ་པར་བྱ་བཞིན་བ་ལ་གནོད་བའང་མ་ཡིན་ནོ། །དེ་ལ་ལན་ཅི་ཡིན་ཞེ་ན་གསུངས་པ། གནོད་བྱེད་མེད་ན་འགལ་བ ་ཉིད་ཅེས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། བསྒྲུབ་བྱ་གནོད་བྱེད་སྒྲུབ་བྱེད་ཕྱིར་ཅེས་པའོ། །ཡང་ཅི་ལྟར་རགས་པ་ཉིད་ལ་རགས་པའི་རྡུལ་སྔོན་མ་ཅན་ཉིད་ཀྱི་ཁྱབ། ཇི་སྲིད་དུ་འདིར་འབྲེལ་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ ་དེ་ལས་ཀྱང་རགས་པར་ཡང་འགྱུར་ཞིང་རགས་པ་མ་ཡིན་པའི་རྡུལ་སྔོན་མ་ཅན་ཡང་ངོ་ཞེས་པས། ཅི་ཞིག་ལས་འགལ་བ་ཉིད་ཡིན་ཞེ་ན། ཇི་ལྟར་འགལ་བ་དེ་ལྟར་བརྗོད་པར་བྱ་སྟེ། ཡན་ལག ་ཅན་གྱི་རྫས་ནི་རྒྱུ་མཚུངས་བའི་ཡུལ་ས་ཅན་ནོ་ཞེས་པའི་གཞུང་ལས་ཇི་སྲིད་དུ་ནམ་མཁའ་ཨི་ཡུལ་ཕྱོགས་ཡན་ལག་གི་རྫས་ཐོབ་པ་དེ་སྲིད་ཁོ་ནར་ཡན་ལག་ཅན་གྱི་རྫས་ཀྱང་སྟེ། དེའི་ཕྱིར་རྡུལ་གཉིས་པ་ཅན་རགས་པ་ཉིད་དུ་འདོད ་པ་པོས། དེ་རྩོམ་པར་བྱེད་པའི་རྡུལ་གཉིས་པ་ཅན་ཡང་མ་ཡིན་ཏེ། དེ་དང་མཚུངས་པའི་ཡུལ་ཕྱོགས་ཅན་ཉིད་ཀྱི་ཕྱིར་རམ། ཡུལ་ཕྱོགས་ཐ་དད་པ་ཉིད་ན་རྡུལ་ཕྲན་ནི་དེའི་ཡན་ལག་ཏུ་མི་འགྱུར་རོ། །དེའི་ཕྱིར་རྡུལ་གཉིས་པ ་ཅན་རགས་པ་ཉིད་དུ་ཁས་ལེན་པ་པོས་གདོན་མི་ཟ་བར་དེའི་ཡན་ལག་ཀྱང་ཁས་བླང་བར་བྱའོ་ཞེས་པས་འགལ་བ་ཉིད་དོ། །དམིགས་པ་མཚུངས་པ་ཞེས་པ་མཚོན་བྱ་སྟེ། ལྷག་མ་མཚན་ཉིད་དོ། །གཏན་ཚིགས་གཞན་གྱིས་ཀྱང ་ཞེས་པའི་ཀྱང་བསྒྲ་ནི་ངེས་པར་གཟུང་བའི་དོན་ཅན་ཏེ། གཏན་ཚིགས་གཞན་ཁོ་ནས་ཞེས་པའི་དོན་ཏོ། །གལ་ཏེ་གློག་ལ་སོགས་པ་ལ་གཞན་ལས་མི་རྟག་བ་ཉིད་འགྲུབ་མོད། དེ་ལས་གང་གི་དེ་མི་རྟག་པའི་གཏན་ཚིགས་སུ ་མི་འགྱུར་བ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལ་ཅི་ཞིག་འོངས་ཞེ་ན་བཤད་པ། དེ་ནི་མ་ཡིན་ཞེས་པ་ལ་སོགས་པ་སྟེ། རྒྱུ་ནི་བྱེད་རྒྱུའོ། །རྒྱུའི་སྒྲས་བསྟན་པ་ལས། བྱེད་བ་ཅན་གྱིས་ཚོས་ཤེས་པར་བྱེད་པའི་རྒྱུ་ལ་སྒྲོ་བཏགས་ནས། ་གང་ཞིག་གང་མེད་ཀྱང་འགྱུར་བ་དེའི་དེ་རྒྱུ་མ་ཡིན་ཏེ། དཔེར་ན་ཆུ་མེའི་བཞིན་མི་རྟག་པ་ཉིད་ཀྱང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མེད་པར་འགྱུར་རོ་ཞེས། རྒྱུ་དང་རྒྱུ་དང་ལྡན་པའི་དངོས་པོའི་ཐ་སྙད་དགག་པའི་ཆེད་དུ་རྒྱུ་དང་འགལ་བ་བཤད་དོ། ། ་འདི་ནི་མི་རྟག་པ་ཉིད་ལ་གཏན་ཚིགས་མ་ཡིན་ཏེ། ཁྱབ་བྱེད་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ། གང་ཞིག་གང་གི་ཁྱབ་པར་བྱེད་པར་མི་འགྱུར་བ་དེ་ནི་དེའི་གཏན་ཚིགས་མ་ཡིན་ཏེ། དཔེར་ན་སེམས་པ་དང་བཅས་པའི་ཉལ་བ་བཞིན། རྩོལ་མ་ཐག་ཏུ་བྱུང ་བ་ཉིད་ཀྱང་མི་རྟག་པ་ཉིད་ཀྱང་མི་རྟག་པ་ཉིད་ཀྱི་ཁྱབ་པར་བྱེད་པ་མ་ཡིན་ནོ་ཁྱབ་བྱེད་མི་དམིགས་པའི་གཟུགས་བརྙན་ནོ། །བསྒྲུབ་བྱར་མ་ངེས་སྒྲོ་བཏགས་ནས་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་བྱའི་གང་མ་ངེས་པ་འཁྲུལ་པ་སྟེ། དེར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི ་གཏན་ཚིགས་ལ་སྒྲོ་བཏགས་ནས། །ཏན་ཚིགས་འཁྲུལ་པ་ཉིད་དུ་རྩོད་པའི་ཕྱིར། དེའི་གཟུགས་བརྙན་ཉིད་མ་ངེས་པ་ལྟར་སྣང་བའི་དོ་ཞེས་པའི་དོན་ཏོ། །བྱེད་བ་ཅན་གྱི་རྒྱུ་ལ་ནི་ཞེས་པ་ལ་སོགས་པས། བྱེད་པའི་ཆོས་གཞན་ཡིན ་ཞིང། ཤེས་པར་བྱེད་པའི་ཆོས་གཞན་ཏེ། དེའི་ཕྱིར་རྒྱུའི་ཐ་སྙད་ཙམ་མཚུངས་པ་ལས་བྱེད་པའི་ཆོས་ཤེས་པར་བྱེད་པ་ལ་མི་འགྱུར་ཞེས་སྟོན་ཅིང། གཏན་ཚིགས་སྔ་མ་དུ་བ་ལ་སོགས་པ་རྣམས་ཀྱིས་མ་ངེས་པར་གསལ་བར་བྱེད་དོ་དེ་ལྟར ་ནི་དུ་བ་ལ་སོགས་པ་མེད་ཀྱང་མེ་ལ་སོགས་པ་རྣམས་འགྱུར་མོད། དེ་སྟེ་ཡང་དེ་རྣམས་ནི་དེ་རྣམས་ཀྱི་གཏན་ཚིགས་རྣམས་སོ། །གཉིས་པ་ལ་ཡང་གཏན་ཚིགས་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་པ་གསུངས་པ། མ་ཁྱབ་ཉིད་ཀྱིས་ཞེས་བྱ་བ ་ལ་སོགས་པའོ། །གཏན་ཚིགས་ཏེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད། མ་ཁྱབ་པ་ཉིད་ཀྱིས། གང་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་མེད་པ་སྟེ། བསྒྲུབ་བྱ་སྟེ། ཆོས་ཅན་སྒྲ་ལ་རྣམ་པར་རྟོག་པར་བྱེད་དེ། དེའི་ཕྱིར ་མ་གྲུབ་པ་ལྟར་སྣང་བའོ། །འོ་ན་བསྒྲུབ་པར་བྱ་བ་གློག་ལ་སོགས་པ་ལ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མེད་པ་ཡོད་པ་ཁོ་ན་མ་ཡིན་ནམ། དེས་ན་རྣམ་པར་རྟོག་པར་བྱེད་ཅེས་ཅིས་བརྗོད་ཅེ་ན་དེའི་ཕྱིར་གསུངས་པ ་སྒྲར་གནས་པས། ཐམས་ཅད་སྒྲུབ་པར་བྱེད་པ་མ་ཡིན་ཞེ་ན། གང་གི་ཕྱིར་སྒྲའི་རྗེས་སུ་སོན་བའི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིས། གློག་ལ་སོགས་པ་རྣམས་ཐམས་ཅད་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་བས་སོ ་ཞེས་བའི་དོན་ཏོ། །ཡང་ཅིའི་ཕྱིར་མ་གྲུབ་པར་སྣང་བ་ཡིན་གྱི་སུན་འབྱིན་པ་ཁོ་ན་ནི་མ་ཡིན་ཞེ་ན། དེའི་ཕྱིར་གསུངས་པ། བསྒྲུབ་བར་བྱ་བ་ཁོ་ན་ལ་མེད་པའི་ཕྱིར་མ་གྲུབ་པར་འགྱུར་རོ་ཞེས་པའོ། །དེ་འགྱུར་མོད་ཀྱི་དེ་ལ་ཡང་མེད་དོ་ཞེ་ན། དེའི ་ཕྱིར་གསུངས་པ། སྒྲ་ལ་གཏན་ཚིགས་དེ་མེད་པ་ཡང་མ་ཡིན་ནོ་ཞེས་པའོ། །ཐེ་ཚོམ་ཞེས་བྱ། ཞེས་པ་ལྟག་ཆོད་ཀྱི་མིང་ངེས་པར་སྟོན་པའོ། །དོན་ཐ་དད་པས་ཞེས་པ་ལ་སོགས་པ་མཚན་ཉིད་དོ། །དོན་ན་རྣམ་པ་གཉིས་ཏེ། དམ་བཅའ་བའི་དོན ་དང་གཏན་ཚིགས་ཀྱི་དོན་ནོ། །དེ་ཐ་དད་ནི་བརྗོད་པར་འདོད་པའི་དོན་ལས་དོན་གཞན་ཉིད་ཏེ་ངེས། གཏན་ཚིགས་ལ་གང། ཐེ་ཚོམ་རྩོད་པ། ཐེ་ཚོམ་དུ་རྗོད་པར་བྱེད་པ་དེ་ཐེ་ཚོམ་མཚུངས་པའི་ལྟག་ཆོད་དོ། །གང་དུ་དམ ་བཅས་པའི་དོན་བརྟགས་པས་སམ་ཞེས་པ། བརྗོད་པར་འདོད་པའི་དམ་བཅའ་ཨི་དོན་གཞན་བརྟགས་བས་སོ། །གཏན་ཚིགས་ཀྱི་དོན་བརྟགས་པས་ཞེས་པ་བརྗོད་པར་འདོད་བའི་གཏན་ཚིགས་ཀྱི་དོན་ལ་གཞན་བའི་གཏན་ཚིགས་ཀྱི་དོན་བརྟགས་ང་སོ། ་རྩོལ་མ་ཐག་པ་ནི་གསལ་བ་དང་སྐྱེ་བ་མཐོང་བའི་ཕྱིར་ཐེ་ཚོམ་ཟའོ་ཞེས་ལ?། སྐྱེ་བའི་དོན་དུ་དམ་བཅའ་ཨི་དོན་བརྟགས་ནས་སུན་འབྱིན་པར་བྱེད་དེ། བརྩལ་མ་ཐག་ཏུ་གསལ་བ་ཡང་མཐོང་སྟེ། དཔེར་ན་རྩ་བའི་ཆུ་ལ་སོགས་པ་རྣམས་ལྟ་དུའོ། །སྐྱེ་བ ་ཡང་བུམ་པ་ལ་སོགས་པ་རྣམས། །དེས་ན་ཅི་འདི་རྩ་བའི་ཆུ་ལ་སོགས་པ་ལྟར་གསལ་བར་བྱ་བ་འམ། འོན་ཏེ་བུམ་པ་ལ་སོགས་པར་ཞེན་བསྐྱེད་བར་བྱ་བ་ཡིན་ཞེས་མ་ངེས་པ་སྟེ། དེའི་ཕྱིར་མི་རིགས་ཞེས་པ་ལ་སོགས་བའོ། །གང་གི་ཕྱིར་དེ་ལྟར ་ཐེ་ཚོམ་ཟ་བ་དེའི་ཕྱིར་ན་རྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་གཏན་ཚིགས་ལས་སྐྱེས་པར་མི་རིགས་སོ་ཞེས་པ་ངག་གི་དོན་ནོ། །བསྒྲུབ་བྱ་སྒྲོ་བཏགས་ན་མ་ངེས། ལྟར་སྣང་ཞེས་པ་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་བསྐྱེད་པར་བྱ་བར་སྒྲོ་བཏགས་ན་ནི་མ་ངེས་པ་ལྟར ་སྣང་བའོ་ཞེས་པའི་དོན་ཏོ། །དེ་ལ་ཡང་ཞེས་པ་བསྐྱེད་བར་བྱ་བ་ལའོ། །ཅིའི་ཕྱིར་ཐེ་ཚོམ་ཟ་ཞེ་ན་བཤད་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་མ་ངེས་པ་ལྟར་སྣང་བ་ཡིན་ཞེ་ན་གསུངས་པ། འཇིག་པ་ཉིད་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་དང། ་གསལ་བར་བྱ་བ་རྣམས་ལ་ཡང་འཇིག་པ་ཉིད་ཡོད་དོ་ཞེས་པ། འཛིག་པ་ཉིད་བསྒྲུབ་པར་བྱ་བ་ལ་རྩ་བ་ཆུ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་ཉིད་མེད་དོ་ཞེས་སྟོན་ཏོ། །སྒྲོ་བཏགས་ན་ཞེས་འཇུག་གོ་ཞེས་པ། བསྒྲུབ་བྱ་སྒྲོ་བཏགས་ཞེས་པ་འདིར ་བཤད་པའི་སྒྲོ་གཏཊ?་པ་སྨོས་པ་འདིར་ཡང་རྗེས་སུ་འཇུག་གོ། གལ་ཏེ་གཏན་ཚིག་སྒྲོ་བཏགས་ནས་ཞེས་པ་ལ་སོགས་པ། བརྩལ་མ་ཐག་ཏུ་ཉེ་བར་དམིགས་པ་པའི་མཚན་ཉིད་ཅན་གཏན་ཚིགས་སུ་བརྗོད་པ་ལ། གལ་ཏེ་བརྩལ་མ་ཐག་ཏུ་སྐྱེ་བར་སྒྲོ་བཏགས་ནས ་སུན་འབྱིན་པར་བྱེད་དེ། བརྩལ་མ་ཐག་པ་ཅན་ཉིད་ཀྱི་ཕྱིར་ཞེས་པས་ཅི་བརྗོད་པར་འགྱུར་ན། བརྩལ་མ་ཐག་ཏུ་སྐྱེ་བའི་ཕྱིར་རོ་ཞེས་པ་སྟེ། སྐྱེ་བ་དེ་ཡང་དེ་ལ་མ་གྲུབ་བོ་ཞེས་པ། དེའི་ཕྱིར་མ་གྲུབ་པ་ལྟར་སྣང་བའོ། ། ་ཅིའི་ཕྱིར་ཞེ་ན་གསུངས་པ། བརྩལ་མ་ཐག་ཉེ་བར་དམིགས་པ་ཞེས་པ་ལ་སོགས་པའོ། །མི་མཐུན་ཕྱོགས་ལ་དོན་གྱིས་ནི། །མི་འདོད་བརྗོད་པ་ཞེས་པ་མཚན་ཉིད་དོ། །ལྷག་མ་མཚོན་བྱའོ། །སྔ་མ་བཞིན་དུ་སྒྲུབ་བྱེད་བྱས་བལ ་སྨྲས་པ། འདི་སྐད་སྨྲ་བའི་ཁྱོད་ཀྱི། དོན་གྱིས་བརྩལ་མ་ཐག་བྱུང་བ་ནི་རྟག་པའོ་ཞེས་བརྗོད་པར་འགྱུར་རོ། །དེ་ལས་ཀྱང་གློག་ལ་སོགས་པ་རྣམས་ཀྱིས་མ་ངེས་པའོ་ཞེས་སོ། །གཞན་བསྒྲུབ་བྱ་ཉིད་ལ་འཁྲུལ་པ། ཞེས་པ་མི་རྟག ་པ་ཉིད་ལས་གཞན་རྟག་པ་ཉིད་དེ། དེ་རྩོལ་མ་ཐག་པ་ཅན་མ་ཡིན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ། གཏན་ཚིགས་འཁྲུལ་པ་སྟེ། མི་རྟག་པ་ཉིད་ལ་བརྩལ་མ་ཐག་ཅན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་མ་ངེས་པ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ་གཏན་ཚིགས་པ་ལ་ཡང་ཡོད་པ་ནི་མ་ཡིན་ཞེས་སོ། །ཡང་ན་ཞེས་པ་རྣམ་པ་གཞན་སྟོན་པའོ། །འདིར་ནི་སྒྲོ་བཏགས་པའི་ངེས་བའི་འཁྲུལ་བ་གང་ཡིན་པ་དེ་གཏན་ཚིགས་ལ་སྒྲོ་བཏགས་ནས་རྩོད་པ་ལས་མ་ངེས་པ་ལྟར་སྣང་བར་འགྱུར་རོ་ཞེས་རིགས་བར་བྱའོ། ། ་ཐལ་འགྱུར་མཚུངས་བ་ཞེས་པ་མཚོན་བྱ་དང། ལྷག་མ་མཚན་ཉིད་དོ། །རབ་ཏུ་གྲུབ་པའི་དཔེ་ལ་ཡང། གཉིས་དག་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གོ་།གང་གིས་གཏན་ཚིགས་ཚོལ་བར་བྱེད་པའོ། །བུམ་པ་ཁོ་ན་རེ་ཤིག་མི་རྟག་བའོ་ཞེས་པ་འདི་ལ་གཏན་ཚིགས ་ཅི་ཞིག་ཅེས་པ་འདི་ནི་ཐལ་འགྱུར་མཚུངས་པའོ། །དཔེ་ལྟར་སྣང་བ་བཞིན་འདི་ཡིན། ཞེས་པ། བསྒྲུབ་བར་བྱ་བ་དང་ལྡན་པ་ཉིད་དུ་གྲུབ་པའི་བུམ་པ་ལ་ཡང་བསྒྲུབ་བྱ་དང་བྲལ་བ་ཉིད་དུ་རྩོད་བའི་ཕྱིར་རོ། །ཡང་འབྲས་བུ་མཚུངས་པ་ལས་འདིའི་ཁྱད་པར་ཅི ་ཞིག་སྟེ། ཇི་ཙམ་དུ་དེར་ཡང་སྒྲའི་འབྲས་བུ་ཉིད་བུམ་པ་ལ་མེད་དོ་ཞེས་རྩོད་པའི་ཕྱིར་དཔེའི་སྐྱོན་ལྟར་སྣང་བར་བརྗོད་པ་ཁོ་ནའོ་ཞེ་ན་དེའི་ཕྱིར་གསུངས་པ། སྔ་མ་ནི་ཞེས་པ་ལ་སོགས་བའོ། །དེར་ནི་སྒྲའི་འབྲས་བུ་ཉིད་བུ་མ་པ་ལ་མེད་དོ་ཞེས་གཏན་ཚིགས ་རྗེས་སུ་འགྲོ་བ་མེད་པས་དཔེའི་སྐྱོན་ལྟར་སྣང་བ་ཉིད་དུ་བཤད་ཅིང། འདིར་ནི་བསྒྲུབ་པར་བྱ་བ་རྗེས་སུ་འགྲོ་བ་མེད་པས། དེ་ལྟར་སྣང་བ་ཉིད་དུའོ་ཞེས་པ་ཁྱད་པར་རོ། །འདི་ནི་ཕྱོགས་ཙམ་ཞེས་པ་ལ་སོགས་པ། འདི་ནི་དེད་ཀྱིས་ལྟག་ཆོད་རྣམས་ལ་ཕྱོགས ་ཙམ་ཉེ་བར་བསྟན་པ་སྟེ། གཏན་ཚིགས་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བའི་ཕྱིར། དེ་རྣམས་ནི་མ་ཚད་བ་ཉིད་ལ་སོགས་པ་ལྟར་སྣང་བ་ཉིད་ཀྱིས་ན་ལན་ལྟར་སྣང་བ་ཉིད་དུ་ཤེས་པའི་དོན་དུའོ། །ཕྱོགས་འདིས་གཞན་རྣམས་ལ་ཡང་མི་རིགས་པའི ་ལན་ཉིད་དུ་རིག་པར་བྱའོ། །མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བ་ཉིད་ཀྱིས་ཞེས་པ། སོགས་པའི་སྒྲ་ཡིས་མ་གྲུབ་པ་ཉིད་ལྟར་སྣང་བ་ཉིད་ལ་སོགས་པ་རྣམས་གཟུང་ངོ། །འཕེལ་བ་དང་འགྲིབ་པ་མཚུངས་པ་ལ་སོགས་པ་རྣམས་ལ་ཞེས་པ་འདིར་ཡང་སོགས་བའི་སྒྲ་བསྒྲཊ ་བྱ་དང། བསྒྲགས་བྱ་མ་ཡིན་བ་དང། འཐད་པ་དང་ཟླ་བོའི་དཔེ་དང་སྐབས་མཚུངས་པ་ལ་སོགས་པ་རྣམས་སོ། །ཡང་ཅི་ལྟར་ཕྱོགས་ཙམ་གྱིས་གཞན་ལ་ཡང་མི་རིགས་པའི་ངོན་ཉིད་དུ་ཤེས་པར་ནུས་ཞེ་ན་གསུངས་པ། འདི་རྣམས་ཁོ་ན་ཞེས་པ་ལ་སོགས་པ་སྟེ། ཙམ་སྨོས ་པས་ནི་སྦྱོར་བའི་ཁྱད་པར་ཁོ་ན་ལས་རབ་ཏུ་དབྱེ་བ་མཛའ་ཡས་བསྐྱེའི?། དོན་གྱི་ཁྱད་པར་ལས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་དོན་ཐ་མི་དད་པ་ཉིད་ཀྱི་ཕྱིར་ནད་དེ་རྣམས་ལ་ཇི་སྐད་བརྗོད་པའི་ཕྱོགས་ཀྱིས། མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བ་ཉིད་ཀྱིས་ན་མི་རིགས ་པའི་ལན་ཉིད་དུ་ཤེས་པར་ནུས་སོ། །དེ་ལ་འཕེལ་བ་མཚུངས་བ་ནི་སྦྱོར་བ་སྔ་མ་བཞིན་བྱས་བ་ལ་ལྟག་ཆོད་སྨྲ་བ་པོས་སྨྲས་པ། གལ་ཏེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་དུ་ཆོས་མཐུན་པ་ལས་ཇི་ལྟར་བུམ་པ་མི་རྟག་པ་དེ་ལྟར་སྒྲ་ཡང་འདོད་ན་བུམ་པ་དང་འདྲ་བ་ཁོ་ནར ་སྒྲ་ཡང་ལུས་ཅན་དུ་འཐོབ་བོ་ཞེས་པའོ། །འདི་ནི་བསྒྲུབ་བར་བྱ་བ་ལ་དཔེའི་ཆོས་འཕེལ་བར་བྱེད་པའི་ཕྱིར་འཕེལ་བ་མཚུངས་བའོ། །ཡང་ན་བུམ་པ་མཉན་བྱ་མ་ཡིན་ཏེ་།དེའི་ཕྱིར་སྒྲ་ཡང་མཉན་བྱ་ཡིན་པར་མི་འགྱུར་རོ། །ཞེས་པ་འདི་ནི་བསྒྲུབ་བྱ་ལ་ཆོས་གཞན ་གཞན་འགྲིབ་པར་བྱེད་པའི་ཕྱིར་འགྲིབ་པ་མཚུངས་པའོ། །བསྒྲགས་པར་འོས་པ་ནི་བསྒྲགས་བྱ་སྟེ། བསྒྲུབ་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་སྒྲུ་བསྒྲགས་བྱ་ཡིན་པ་དེ་ལྟར་བུམ་པ་ཡང་ངོ་ཞེས་པ་བསྒྲགས་བྱ་མཚུངས་པའོ། །ཡང་ན་བུམ་པ་བསྒྲགས་བྱ་མ་ཡིན་པ ་དེ་ལྟར་ན་ཡང་ངོ་ཞེས་པ་བསྒྲགས་བྱ་མ་ཡིན་པ་མཚུངས་པའོ། །གཞི་པོ་འདི་རྣམས་ཀྱང་ཁྱད་པར་མེད་པ་མཚུངས་པ་དང། རྣམ་རྟོག་མཚུངས་པར་ནང་དུ་འདུའོ། །གལ་ཏེ་མི་རྟག་བའི་འཐད་པ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལས་སྒྲ་མི་རྟག་པ་ཡིན། ་རྟག་པའི་འཐད་བ་ལུས་ཅན་མ་ཡིན་པ་ཉིད་ལས་རྟག་པར་འགྱུར་རོ་ཞེས་འཐད་པ་མཚུངས་པ་སྟེ། འདི་ཡང་རྟག་པར་ཆོས་མཐུན་པ་ཉིད་ངམ། མི་རྟག་པར་ཆོས་མཐུན་པ་ཉིད་ཀྱིས་མ་ངེས་པར་དགྲ་ཟླར་གནས་པར ་བྱེད་པའི་ཕྱིར་ཆོས་མཐུན་པ་ཉིད་དང། མི་མཐུན་པ་ཉིད་མཚུངས་པ་དག་གི་ནང་དུ་འདུའོ། །དཔེའི་ཟླ་བོ་མཚུངས་པ་ནི་གལ་ཏེ་མི་རྟག་པ་བསྒྲུབ་བར་བྱ་བ་ལ་བུམ་པ་ལ་སོགས་པའི་དཔེ་ཡོད་དོ་ཞེས་པས་སྒྲ་མི་རྟག་པ་ཡིན་ན། རྟག་པ་བསྒྲུབ ་པར་བྱ་བ་ལ་ཡང་ནམ་མཁའ་ལ་སོགས་པའི་དཔེ་ཡོད་དོ་ཞེས་པས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་དུ་རྟག་བར་འགྱུར་རོ་ཞེས་པའོ། །འདི་ནི་ཆོས་མི་མཐུན་པ་མཚུངས་པའི་ནང་དུ་འདུ་སྟེ། གལ་ཏེ་བུམ་བའི ་ཆོས་མི་མཐུན་པ་ཉིད་དུ་དོང་ཟླར་གནས་པར་བྱེད་ནའོ། །ཅི་སྟེ་ནམ་མཁའ་ཨི་ཆོས་མཐུན་པ་ཉིད་དུ་ཡིན་ན་དེའི་ཆོས་མཐུན་པ་ཉིད་མཚུངས་བར་རོ། །སྐབས་མཚུངས་པ་ནི་འདི་ལྟ་སྟེ། སྔ་མ་བཞིན་བྱས་པ་ལ། རྩོལ་མ་ཐག་ཏུ་བྱུང་བ་ཉིད ་འདི་ཡོད་པ་ལ། སྐབས་འདི་བརྩམས་ན། ཅིས་ན་རྟག་པ་མི་རྟག་པ་ཡིན་ཞེས་པ་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ནི་གསལ་བྱ་དང་བསྐྱེད་བྱ་དག་གི་རྟག་པ་དང་མི་རྟག་བདག་ལ་མཐོང་བའི་ཕྱིར། །དེའི་ཕྱིར་གཏན་ཚིགས་སྐབས་ལས་མི ་འདའ་ཨོ་ཞེས་བ་འདི་ཡང་ཅུང་ཟད་ཙམ་གྱི་ཁྱད་པར་ཐ་དད་པ་སྟེ། ཐེ་ཚོམ་མཚུངས་པར་ནང་དུ་འདུའོ། །དེ་ལྟར་གཞན་ལ་ཡང་ནང་དུ་འདུས་བ་ཤེས་པར་བྱའོ། །འོ་ན་མ་ཚང་བ་ཉིད་ལ་སོགས་ཨ་རྣམས་བརྗོད་པར་བྱ་བའི་ཆོས་མ་ཡིན ་ནམ། དེ་ཅི་ལྟར་རྟག་ཆོད་ཀྱི་ལན་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བར་བཤད་ཅེ་ན། གསུངས་པ། འདིར་གང་ཁོ་བོ་ཅག་གིས་ཞེས་བ་ལ་སོགས་པའོ། །གཞན་དུ་ན་ཞེས་པ་གལ་ཏེ་ཉེ་བར་བཏགས་བ་མ་བྱས་པར་བརྗོད་ན ་ཞེས་པའི་དོན་ཏོ། །གལ་ཏེ་འདི་ལྟར་བརྗོད་ན་སྐྱོན་ཅི་ཞིག་ཏུ་འགྱུར་ཞེན?་གསུངས་པ། དེ་ལྟན་ཡང་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཉེ་བར་སྡུད་བ་རྣམས་ལ་མཚུངས་བར་ཐལ་བར་འགྱུར་པའི་ཕྱིར་ཞེས་པ། ཇི་ལྟར་ཁོ་ནར་འདི་ཁྱོད་ཀྱི་སྒྲུབ་བྱེད་ཡིན་པ་དེ་ལྟར ་ངའི་ཡང་འདི་ལན་ནོ་ཞེས་པ་འདི་ལྟར་སྔ་མ་དང་ཕྱི་མའི་ཕྱོགས་ཐམས་ཅད་ལ་མཚུངས་པ་ཉིད་དུ་འབྱུང་བར་བྱེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་དང་མི་བདེན་ཉིད་ཅེས་པ་ལ་སོགས་པ་སྟེ། དང་གི་སྒྲ་ནི་བསྡུ་བ་ལའོ། །ནིའི་སྒྲ་ནི་ངེས་པར་འཛིན་པ་ལ་སྟེ། ་འདི་ལ་ཁྱད་བར་མཚད་པ་མེད་པ་ཁོ་ན་ལོ། །ཡང་ན་སྐྱོན་གསུམ་ཁོ་ནའོ་ཞེས་རིམ་པ་གཞན་དུ་སྦྱར་བ་ཤེས་པར་བྱའོ། །དེ་ལ་ཕྱིན་ཅི་ལོག་ནི་སྔ་མའི་ཕྱོགས་ལ་རབ་ཏུ་སྦྱར་བའི་འཇིག་ཏན་ཚིགས་མཚན་ཉིད་དང་བྲལ་བའོ། །མི་བདེན་པ་ནི་རྫུན་བསྟེ?། གང ་གི་དོན་ཇི་ལྟར་དམ་བཅས་པ་དེ་ལྟར་མ་ཡིན་པའོ། །འགལ་བ་ནི་གང་གི་དོན་ལྷན་ཅིག་མི་གནས་བའོ། །དེ་ལ་རེའི་ཕྱིན་ཅི་ལོག་ཅེས་པ་ལ་སོགས་པ། སོགས་པའི་སྒྲས་ནི་དེའི་རྣམ་པ་ཅན་གཞན་ཡང་གཟུང་ངོ། །དེ་ལ་གཞི་རྣམས་ཞེས་པ། ཆོས་མཐུན་པ་མཚུངས ་པ་ལ་སོགས་པ་རྣམས་ཀྱིའོ། །མ་ངེས་པ་ཆོས་མཐུན་པ་ཉིད་ལ་སོཊ་པས་ཞེས་པ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་མཚུངས་བདག་གི་ལུས་ཅན་མ་ཡིན་པ་ཉིད་ཀྱིས་དང། རྣམ་པར་རྟོག་པ་དང་ཁྱད་པར་མེད་པ་མཚུངས་པ་དག་གི་ཚོས་བྱ་མ་ཡིན་བ་དང། མིག་གིས ་གཟུང་བྱ་མ་ཡིན་པ་ཉིད་ལ་སོགས་པས་སོ། །ངེས་པ་ལ་ནི་ཞེས་པ་ལ་སོགས་པས་ཐ་མི་དད་པ་སྟོན་ཏོ། །ལྷན་ཅིག་མི་གནས་པའི་ཕྱིར་ཞེས་པ། ངེས་པ་དང་མ་ངེས་པ་དག་ལྷན་ཅིག་གནས་པ་ཡོད་པ་ནི་མ་ཡིན་པས་ཏེ། དེ་ལྟར་ནི་ངེས་པ་ཡོད་ན་མ་ངེས་པ ་ལྡོག་གོ་།རྣམ་པར་རྟོག་པ་མཚུངས་པ་ལ་ནི་འདི་མི་རིགས་ཏེ་ཞེས་པ། རྩོད་པ་སྒྲུབ་པར་ནི་ཆོས་པར་བྱ་བ་ཉིད་མ་ངེས་པ་ཉིད་དུ་བསྟན་པའི་ཆེད་དུ་བཤད་དེ། མི་རྟག་པ་ཉིད་མེད་བར་བརྩལ་མ་ཐག་ཏུ་བྱུང?་བ་ཉིད་མཐོང་བ་མེད་ཏེ། མེ་དང་དུ་བ ་བཞིན་ནོ། །རྗེས་སུ་དཔག་པའི་ཆེད་དུ་དེ་བཤད་དོ། །ཆོས་བྱ་ཉིད་ལ་སོགས་པ་མེད་པར་རླུང་ཡབ་ཀྱི་རླུང་ལ་སོགས་པ་རྣམས་ལ། མི་རྟག་པ་ཉིད་མཐོང་བ་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་འདི་ཕྱིན་ཅི་ལོག་གོ་ཞེས་སོ། །དེ་འདི་མི་རིགས་སོ། །ཅི ་ལྟར་མི་རིགས་ཞེ་ན་གསུངས་པ། ཕ་རོལ་པོས་ནི་ཞེས་པ་ལ་སོགས་པ། ཆོས་བྱ་ཉིད་ལ་སོགས་པས་བུམ་པ་ལ་མི་བརྟག་པ་ཉིད་དུ་བརྗོད་པ་མ་ཡིན་ཞེས་སྦྲེལ་ལོ། །ཅིའི་ཕྱིར་བརྗོད་པ་མ་ཡིན་ཞེ་ན། བུམ་པ་ལ་མི་རྟག་པ་ཉིད་གཉིས ་ཀ་ལ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཞེས་པ་ཆོས་པར་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་རྟག་པ་ཉིད་སྒྲུབ་པར་བྱེད་པ་ལའོ། །དེ་ལྟར་གཞན་གྱི་ཕྱོགས་ལ་མ་ངེས་པ་ཉིད་དུ་བཤད་པར་འགྱུར་རོ་ཞེས་པ་མི་མཐུན་པའི་ཕྱོགས་ལ་ཡང་ཆོས་བྱ་བ ་མ་ཡིན་པ་ཉིད་ལ་སོགས་པ་མཐོང་བའི་ཕྱིར་རོ། །སྔ་མ་ལ་ནི་ཁྱབ་པ་ཉིད་ཅེས་པ། རེ་ཞིག་ཕ་རོལ་པོས་ཆོས་བྱ་ཉིད་ལ་སོགས་པས་མི་རྟག་པ་ཉིད་དུ་བརྗོད་པ་མ་ཡིན་ཞིང། དེ་ལྟར་བརྗོད་པ་ཡོད་ན་ཡང་མ་ངེས་པ་ཉིད་དུ་འདི་ལྟར་བསྟན་པར་འགྱུར ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་བསྒྲུབ་བྱ་ལ་མ་ཁྱབ་པ་ཉིད་དུའོ། །མ་ཁྱབ་པ་གོ་བར་བྱེད་པ་མ་ཡིན་པ་ཡང་མ་ཡིན་ཏེ། ཇི་ལྟར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མི་རྟག་པ་ཉིད་ལ་བཞིན་ནོ། །ཕ་རོལ་པོས་ཤེས་པ་ལ་སོགས་པ་སྟེ། ་རྩོད་པ་སྒྲུབ་པར་བཤད་པ་མཉན་པར་བྱ་བ་ཉིད་ཀྱང་སྒྲ་དང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིའང་ཡོད་པ་ལ་མཐོང་སྟེ། དེ་ལས་ཐལ་བར་འགྱུར་ཡང་འདི་ལས་མཉན་པར་བྱ་བ་མ་ཡིན་པ་ཉིད་རྗེས་སུ་དཔག་པ་ནི་མཐོང་བའི་ནུས་པ་ལས་ལྡོག་གོ ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིའང་ཡོད་པ་འདི་རྟག་པ་ཉིད་དུ་མཐོང་ཞིང། གང་ནུས་པ་ལས་མི་རྟག་པ་ཉིད་རྗེས་སུ་དཔག་པ་ལྡོག་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ཕྱིན་ཅི་ལོག་ཁོ་ནའོ་ཞེས་སོ། །འདི་ཡང་མི་རིགས་ཏེ། གང་གི་ཕྱིར་ཕ་རོལ་པོས་སྒྲ ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མཉན་པར་བྱ་བ་མ་ཡིན་པ་ཉིད་རྗེས་སུ་དཔག་པར་བྱས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་ན། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡོད་ན་ཡང་སྒྲ་ཁོ་ན་རྟག་པར་འགྱུར་རོ་ཞེས་པས་ལན་ཕྱོགས་སྔ ་མ་དང་འབྲེལ་པ་མ་ཡིན་ནོ། །འདི་བདེན་པར་ཞེས་པ་རྩོད་པ་སྒྲུབ་པར་བྱེད་པའོ། །འདིར་མ་ངེས་པ་ཉིད་རྣམ་པ་གཉིས་སུ་རྩོད་དེ། ཆོས་མཐུན་པས་ནི་མི་མཐུན་ཕྱོགས་ལ་ཡང་གཏན་ཚིགས་ཡོད་པ་ཉིད་དུ་རབ་ཏུ་བསྟན་པ་ལས་སམ། ཆོས་མི་མཐུན་པ་ཉིད་ཀྱིས ་བསྒྲུབ་བྱ་ལྡོག་པ་ན་གཏན་ཚིག་ལྡོག་པ་མེད་པར་བསྟན་པ་ལས་སོ། །དེ་ལ་གལ་ཏེ་རེད་ཀྱིས་ཆོས་བྱ་ཉིད་ནི་ཆོས་མཐུན་པ་ཉིད་ཀྱིས་མ་ངེས་པ་ཉིད་དུ་བརྗོད་ན་དེའི་ཚེ་འདི་བདེན་མོད། ཆོས་བྱ་ཉིད་པ་སོགས་པ་མེ་དཔར་མི་མཐོང་བ་ནི་མ་ཡིན་ཞེས་པ་ལ་སོགས ་པའི་ལན་ཕྱོགས་སྔ་མ་དང་འབྲེལ་པ་མ་ཡིན་ནོ། །ཆོས་མཐུན་པ་ཉིད་ཀྱིས་བརྗོད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཆོས་མི་མཐུན་པ་ཉིད་ཀྱིས་ཏེ། ཕ་རོལ་པོས་ཆོས་བྱ་མིན་པ་ཉིད་ལ་སོགས་པས་སྒྲ་རྟག་པ་ཉིད་བརྗོད་དེ། དེ་ལ་བསྒྲུབ་བྱ་མེད་པའི ་གཏན་ཚིགས་མེད་པ་ཉེ་བར་བསྟན་པར་བྱ་ན། ཆོས་པར་བྱ་བ་མ་ཡིན་པ་ཉིད་བསྒྲུབ་བྱ་རྟག་པ་ཉིད་མེད་པ་ལ་མེད་པར་ཡང་མ་ཡིན་ཏེ། དེའི་ཕྱིར་མ་ངེས་པའོ་ཞེ་ན། དེ་མི་རིགས་ཏེ། དེ་འདི་སྐད་དུ་ཆོས་བྱ་ཉིད་ལ་སོགས་པ་མེད་པར་རླུང ་གཡོ་བ་ཀྱི་རླུང་ལ་སོགས་པ་རྣམས་ལ་མི་རྟག་པ་ཉིད་མ་མཐོང་བ་ནི་མ་ཡིན་ཞེས་པས་ཆོས་བྱ་མིན་པ་ཉིད་དང། མི་རྟག་པ་ཉིད་དག་རླུང་གཡོག་ཀྱི་རླུང་ལ་སོགས་པ་རྣམས་ལ་ལྷན་ཅིག་འབྱུང་བ་མཐོང་བའི་ཕྱིར་བསྒྲུབ་བྱས་ལྡོག་པ་ན་།གཏན་ཚིགས ་ལྡོག་བ་མ་ཡིན་ནོ་ཞེས་བྱའི་དོན་ཏོ། །འདི་ལ་སློབ་དཔོན་གྱིས་གསུངས་པ། འདི་གོང་ནས་མ་པ་ལ་སོགས་པའོ། །རྗེས་སུ་འགྲོ་བ་ནི་ཁྱབ་པའོ། །དེའི་ཟློག་པ་ནི་ཆོས་མཐུན་པ་ཉིད་ཀྱིས་གཏན་ཚིགས་ཀྱི་རྗེས་སུ་བསྒྲུབ་པར་བྱ་བས་འགྲོ་བ་དང་ཆོས་མ ་མཐུན་པ་ཉིད་ཀྱིས་ནི་བསྒྲུབ་བྱ་མེད་ན་གཏན་ཚིགས་མེད་པའོ། །རྗེས་སུ་འགྲོ་བའི་རྣམ་གངས་ཀྱིས་གང་གི་དཔེ་གཉིས་པོ་བརྗོད་པར་བྱ་བ་དེ་ཁོ་ནའི་སོ་སོར་སྒྲུབ་པ་འདི་རིགས་ན། དེ་ལྟར་ནི་རྩོད་པ་སྒྲུབ་པར་མ་ཡིན་ཏེ་ཞེས་པ། ་དེར་རྣམ་པ་འདིས་དཔེ་གཉིས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལྟར་མཚན་ཉིད་མ་བརྗོད་པའི་ཕྱིར་རོ། །དེ་དག་གིའམ་དེའི་མི་མཐུན་པའི་ཕྱོགས་དག་གི་འབྲེལ་པ་སྟོན་པ་དཔེའོ་ཞེས་པའི་ཚིག་ལས་ཏེ། མཚན་ཉིད་ཇི་ལྟ་བ་བཞིན་ཡང་སྦྱོར ་བའི་ཕྱིར་རོ། །གང་བཤད་པ་ཞེས་པ། དེར་ནི་འདི་བཤད། གང་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་དག་ལས། རྟག་པ་ཉིད་དུ་རྗེས་སུ་དཔོག་པ། མཉན་པར་བྱ་བ་ཉིད་འགའ་ཞིག་རྟག་པ་ཉིད་དུ་དང་མཉན་བྱ་མ་ཡིན་པ་ཉིད་ཀྱང་ངེས ་པར་མི་རྟག་པ་ཉིད་དུ་མཐོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ཕྱིན་ཅི་ལོག་པའོ་ཞེས་སོ། །དེ་མི་རིགས་པ་ཉིད་དུ་སྟོན་པ་གསུངས་པ། དེ་འདིར་ཞེས་པ་ལ་སོགས་པའོ། །སྒྲ་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར། མཉན་བྱ་མིན ་པ་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ཞེས་ཆོས་མི་མཐུན་པ་ཉིད་ཀྱིས་དཔེ་འདི་ཡོད་པ་ཁོ་ནའོ། །དེ་ལས་ཀྱང་རྟག་པ་ཉིད་གྲུབ་པར་འགྱུར་རོ། །འདི་འདྲ་བས་ནི་ཞེས་པ། འདི་འདྲ་བ་ནི་གང་གིས་གཏན་ཚིགས་ཀྱི་མི ་མཐུན་ཕྱོགས་བསྒྲུབ་བྱའི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་བསྟན་པར་བྱ་བ་ཁྱོད་ཀྱི་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བར་འདོད་པའོ། །དེ་འདྲ་བས་ནི་གློག་རྟག་སྟེ། རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་སྒྲུབ་བྱེད ་དུ་སྤྱན??་མེད་པར་འགྱུར་རོ། །ཅི་ལྟར་ཞེན་གསུངས་པ། རྩོལ་མ་ཐག་ཏུ་མ་བྱུང་བ་ནི་མཐོང་ཞེས་པ་ལ་སོགས་པའོ། །གཏན་ཚིག་མེད་པ་ཁོ་ན་ཕ་རོལ་པོས་བརྩད་པ་ཞེས་པ་སྐྱེ་བ་ལས་སྔར་མེད་པ་བསྒྲུབ་བྱ་ཉིད་དུ་སྒྲ ་འདོད་པའི་ཕྱིར་གཏན་ཚིགས་དང་བསྒྲུབ་བྱ་དག་ཁྱད་པར་མེད་པ་ཉིད་དུ་བརྗོད། ཕ་རོལ་པོས་གཉིས་ཀ་དག་གཏན་ནས་མེད་པ་ཉིད་མ་ཡིན་ཞེས་སོ། །དེ་ལྟར་ན་ཡང་གཏན་ཚིགས་མེད་པ་ཁོན་རྫ་བརྩད་པར་འགྱུར་ཏེ། བསྒྲུབ་བྱ་ལ་སོགས་པར་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཕྱིན་ཅི་ལོག་པ་ཉིད་མེད་པའི ་ཕྱིར་སྐྱོན་གཞན་དུ་བརྗོད་པར་བྱའི་ཕྱིན་ཅི་ལོག་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཕྲད་པ་དང་མ་ཕྲད་པ་གཏན་ཚིགས་མ་ཡིན་པར་མཚུངས་པ་དག་ལ་ཕྱིན་ཅི་ལོག་མེད་པ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་ཉིད་ལས་སྐྱོན་གཞན་དུ་བརྗོད་པར་བྱ་སྟེ། གཏན་ཚིགས་ཐམས་ཅད་བསྐུར་བ་འདེབས ་པའི་ཕྱིར་རོ། །མེད་པ་ཉིད་དུ་རྩོད་པས་ཕྱིར་ན་ཅི་ལོག་ཏུ་མངོན་པར་བརྗོད་པར་འགྱུར་བ་ནི་མ་ཡིན་པས་སོ། །དེ་ལྟར་འགྱུར་མོད་ཀྱི་སྔ་མའི་ཕྱོགས་སྨྲ་བས་ཤེས་པར་བྱེད་པ་གཏན་ཚིགས་སུ་བརྗོད་ཅིང། ཕ་རོལ་གྱིས་བྱེད་པ་པོར་སྒྲོ་བཏགས་ནས་སུན་འབྱིན་ཏོ། ། ་དེའི་ཕྱིར་ཕྱིན་ཅི་ལོག་ཏུ་བརྗོད་དེ། ཤེས་བྱེད་ཀྱི་རྒྱུ་ལས་བཟློག་པར་རྩོད་པའི་ཕྱིར་ཞེ་ན། དེའི་ཕྱིར་གསུངས་པ། འདི་ཡང་མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདི་ཡང་ལྟག་ཆོད་སྨྲ་བ་པོས། དམ་བཅའ་ཨི་དོན་སྐྱེད་པ་ལ་བྱེད་པ་པོའི་རྒྱུ་ལ་སྐྱོན་སྨྲས་པ་མ ་ཡིན་གྱི། འོ་ན་ཅི་ཞེ་ན། ཤེས་པར་བྱེད་པའི་རྒྱུ་ཁོ་ན་ལའོ། །ཅི་ལས་ཞེ་ན། གང་གི་ཕྱིར་དེ་ལ་ཡང་སྟེ་ཤེས་པར་བྱེད་པ་ལ་ཕྲད་པར་བྱ་བ་མ་ཕྲད་པ་ན། སྐྱོན་འབྲེལ་པ་ཁོ་ན་སྟེ། གལ་ཏེ་གཏན་ཚིགས་འདི་ཕྲད་ནས་སྒྲུབ་པར་བྱེད་པ་ན། བསྒྲུབ་བྱ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པས ་གང་བཤད་པའོ། །དམིགས་པ་མཚུངས་པ་ལ་ཡང་ཞེས་པ་ལ་སོགས་པ་ཕྱི་རོལ་པོས་འདི་མི་རྟག་པ་ཉིད་ལ་གཏན་ལགས་མ་ཡིན་ཏེ། གློག་ལས་གོས་པ་མངོན་སུམ་ཉིད་ལ་སོགས་པ་གཞན་ལས་མི་རྟག་པར་འགྲུབ་པའི་ཕྱིར་ཞེས་བརྗོད་པ་ན། རྩོད་པ་བསྒྲུབ་པར་བཤད་པ། འདི་སྐད ་རྩོལ་མ་ཐག་བྱུང་བ་ཉིད་ཁོ་ནས་མི་རྟག་པ་ཉིད་འགྲུབ་ཀྱི་རྣམ་པ་གཞན་དུ་མ་ཡིན་ཞེས་དེང་མི་སྨྲའི། དེ་གལ་ཏེ་ཤེས་པར་བྱེད་པ་གཞན་ཡང་ཡང་ན་དགའ་བར་བྱེད་དོ་ཞེས་པས་འདི་ཕྱིན་ཅི་ལོག་ཡིན་ཏེ། བརྩལ་མ་ཐག་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་པ་ཁོ་ནའོ་ཞེས་བརྗོད་པར་འདོད་པ་ན། བརྩལ་མ ་ཐག་ཏུ་བྱུང་བ་ཉིད་ཁོ་ནའི་ཕྱིར་མི་རྟག་གོ་ཞེས་སྒྲོ་བརྟགས་པའི་ཕྱིར་དུ་ལོ། །འདི་ལ་གསུངས་པ། འདི་ཡང་ཕྱིན་ཅི་ལོག་མ་ཡིན་གྱི་ཞེས་སོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཕ་རོལ་པོས་འདི་ལྟར་ཞེས་པ་ལ་སོགས་པའོ། །གང་གི ་ཕྱིར་ཕ་རོལ་པོས་འདི་ལྟར་མི་རྟག་པ་ཉིད་ལ་གཏན་ཚིགས་གཞན་ཡང་ཡོད་ཞེས་པ་རྩད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཁྲུལ་པར་བསྟན་པས་གཏན་ཚིགས་མ་ཡིན་པ་ཉིད་དུ་བརྗོད་དེ། འདི་མེད་ན་ཡང་བསྒྲུབ་བྱ་འགྲུབ་པའི་ཕྱིར་འདི་གཏན་ཚིགས ་མ་ཡིན་ཞེས་སོ། །དེ་འཁྲུལ་པར་སྟོན་པ་གསུངས་པ། དེ་དེའི་མ་ཡིན་ཞེས་པ་ལ་སོགས་པའོ། །དེ་ལྟར་ན་འདི་ལན་དུ་འགྱུར་ཞེས་པ་གལ་ཏེ་དེ་མ་ཐག་ཏུ་བརྗོད་པའི་རྣམ་པས་གཏན་ཚིགས་མ་ཡིན་པར་བརྗོད་ནའོ། །གཞན་དུ་མ་སྒྲ་མི་རྟག་སྟེ་བརྩལ ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པའི་ཕྱོགས་སྔ་མ་ཉིད་ལས་ཕྱོགས་གཞན་བརྗོད་པར་འགྱུར་ཏེ། གློག་ལ་སོགས་པ་རྣམས་མི་རྟག་སྟེ་མིག་གིས་གཟུང་བྱ་ཉིད་ཀྱི་ཕྱིར་ཞེས་སོ། །དེའི་ཕྱིར་སུན་འབྱིན་པར་སྣང་བ་མེད་པའི་ཕྱིར་ལྟག་ཅོད་ཀྱི་ལན་དུ་མི ་འགྱུར་རོ། །གཉིས་པ་ལ་ཡང་གཏན་ཚིགས་ཕྱིན་ཅི་ལོག་མ་ཡིན་ནོ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་ལ་གཏན་ཚིགས་མ་ཁྱབ་པ་ཉིད་ཁོ་ནར་བརྩད་ཀྱི། ཕྱིན་ཅི་ལོག་ཅུང་ཟད་བཟློག་པའི་གཏན་ཚིགས་གཞན་ཉེ་བར་བཀོད་པ་ནི་མ་ཡིན་ནོ། །ཐེ་ཚོམ་མཚུངས ་པ་ཡང་གང་གིས་གཏན་ཚིགས་ཕྱིན་ཅི་ལོག་ཉིད་ཀྱི། སྐྱོན་དུ་འགྱུར་བ་ཕ་རོལ་པོས་གཏན་ཚིགས་ཕྱིན་ཅི་ལོག་ཏུ་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་བསྒྲུབ་བྱ་དང་གཏན་ཚིགས་སྒྲོ་བཏགས་པ་སྟེ། སྐྱེ་བ་ཅན་ནི་བསྒྲུབ་བྱ་ཉིད་དུ་སྒྲོ་བཏགས་ནས ་དང་བརྩལ་མ་ཐག་ཏུ་བྱུང་བ་ཡང་གཏན་ཚིགས་ཉིད་དུ་སྟེ། དག་ཟླར་གནས་པར་བྱས་པའོ། །དེ་ལྟར་གྱུར་ན་ཅི་ལས་གཏན་ཚིགས་ཕྱིན་ཅི་ལོག་པ་ཉིད་དུ་འགྱུར་བར་འདོད། །དམ་བཅའ་བ་ཕྱིན་ཅི་ལོག་ཏུ་བརྗོད་པའི་ཕྱིར། ལན་ཕྱིན་ཅི་ལོག ་དེ་ལྟར་ནི་སྒྲ་མི་རྟག་གོ་ཞེས་དམ་བཅའ་བ་ན། ཕ་རོལ་པོས་བརྗོད་པ། བསྐྱེད་པར་བྱ་བ་ནི་རྟག་གོ་ཞེས་པ་དེའི་ཕྱིར་གསུངས་པ། དམ་བཅའ་བ་ཕྱིན་ཅི་ལོག་པས་ཀྱང་ཞེས་པ་ལ་སོགས་པའོ། །གལ་ཏེ་དམ་བཅའ་བ་བཟློག་པས་བརྗོད་པ་ན་ཕྱིན་ཅི་ལོག་པ་ཉིད་དུ་རྟོག་ན ་དེ་ལྟར་གྱུར་ན་ཐམས་ཅད་ཕྱིན་ཅི་ལོག་ཉིད་དུ་ཐལ་བར་འགྱུར་ཅིང། དོན་གྱི་གོ་བ་མཚུངས་པ་ལ་སོགས་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། དམ་བཅའ་ཕྱིན་ཅི་ལོག་པ་ཁོ་ནས་དག་ཟླར་གནས་པ་རོ། །དེ་ལས་ཕྱིན་ཅི་ལོག་ཉིད་ཙམ་སྐྱོན་དུ་འགྱུར་རོ།། ་མ་བརྗོད་པ་མཚུངས་པ་ཡང་ཞེས་པ་ལ་སོགས་པ། ལྟག་ཆོད་སྨྲ་པ་པོས་བརྗོད་པ་ལས་སྔར་གཏན་ཚིགས་མེད་པས་བསྒྲུབ་བྱ་མེད་པར་ཐལ་འགྱུར་བྱས་ཏེ། གལ་ཏེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་གཏན་ཚིགས ་འདི་ལས་སྒྲ་མི་རྟག་པ་ཡིན་ན། བརྗོད་པ་ལས་སྔར་གཏན་ཚིགས་མེད་པའི་ཕྱིར་མི་རྟག་པ་མ་ཡིན་ནོ་ཞེས་འཐོབ་སྟེ། དེའི་ཕྱིར་སྔར་རྟག་པར་ཡོད་པ་ཅི་ལྟར་མི་རྟག་པར་བྱེད་ཅེས་སོ། །འདི་ལ་རྩོད་སྒྲུབ་བྱེད་པས ་སྨྲས་པ། འདི་ནི་ཕྱིན་ཅི་ལོག་པ་སྟེ། གང་གི་ཕྱིར་ཤེས་པར་བྱེད་པ་ཞེས་བྱས་ནས་གཏན་ཚིགས་སུ་བརྗོད་ཀྱི། འཇིག་པར་བྱེད་པའོ་ཞེས་ནི་མ་ཡིན་ཞིང། ལྟག་ཆོད་སྨྲ་བ་པོས་ནི་འཇིག་བྱེད་དུ་བྱས་ནས་སུན་འབྱིན་པས་སོ་ཞེས་སོ། །འདི་ལ་གསུངས་པ། འདི་ལ ་གཏན་ཚིགས་ཕྱིན་ཅི་ལོག་མ་ཡིན་ཏེ་ཞེས་སོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཕ་རོལ་པོས་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ལྟག་ཆོད་སྨྲ་བ་པོས་འཇིག་པར་བྱེད་པ་སྒྲ་ལ་གཏན་ཚིགས་སོ། ཞེས་བསམས་ནས་ཚིག་ལས་སྔར་དེ་མེད་པ་ཉིད་དུ་བཤད ་པ་མ་ཡིན་ནོ། །འདི་ཅི་ལྟར་རྟོག་པར་བྱ་ཞེ་ན་གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། ལྟག་ཆོད་སྨྲ་བ་པོས་ནི་གཏན་ཚིགས་བརྗོད་པའི་དུས་སུ་ཡང། སྒྲ་མི་རྟགས་པ་ཉིད་དུ་འདོད་པ་མ་ཡིན་པ་གོ་ན་སྟེ། གལ་ཏེ་འཇིག་པར་བྱེད་པ་དང ་གཏན་ཚིགས་སུ་ཡོངས་སུ་བརྟགས་ནས་དེ་བརྗོད་པ་ལས་སྔར་མེད་པ་ཉིད་དུ་སྨྲས་པར་འགྱུར་ན་དེ་ལྟར་ན་བརྗོད་པའི་དུས་སུ་གཏན་ཚིགས་དེ་ཡོད་དོ་ཞེས་སྒྲ་མི་རྟག་པར་འགྱུར་རོ་ཞེས་པ་འདི་ཕྱིན་ཅི་ལོག་མ་ཡིན་ནོ། །འབྲས་བུ་མཚུངས ་པ་ཡང་ཞེས་པ་ལ་སོགས་པ་སྟེ། གང་སྤྱིའི་རྣམ་པ་དེས་གང་བྱས་པ་དེ་མི་རྟག་གོ་ཞེས་བསྒྲུབ་པར་བྱ་བ་ལ། བུམ་པའི་འབྲས་བུ་ཉིད་ལ་སོགས་པའི་ཁྱད་པར་གྱིས་དོང་ཟླར་གནས་པར་བྱེད་པའི་ཕྱིར་འདི་ཕྱིན་ཅི་ལོག་པའོ་ཞེས་རྩོད་སྒྲུབ་བྱེད་པས ་སེམས་སོ། །དེ་ཡང་མི་རིག་པ་ཏེ། གང་གི་ཕྱིར་གཏན་ཚིགས་ཕྱིན་ཅི་ལོག་ཏུ་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་འབྲས་བུའི་སྤྱི་དེ་ཁོ་ནའི་ནང་དུ་འདུས་པའི་ཁྱད་པར་གང་ཡིན་པ་དེས། །དེའི་ནང་དུ་འདུ་བ་ཁོ་ན་ཕྱིན་ཅི་ལོག་ཏུ་འགྱུར་བ ་ཡང་མ་ཡིན་ནོ། །ཐལ་འགྱུར་དང་དོན་གྱིས་གོ་བ་མཚུངས་པ་ལ་སོགས་པ་ནི་ཡང་དག་པ་མ་ཡིན་མའོ་ཞེས་པ་ལ་སོགས་པའི་སྒྲས་དེའི་རིགས་ཅན་གྷན་བསྡུའོ། །སྒྲ་མི་རྟག་སྟེ་རྒྱུ་མཚན་ཅན་ཉིད་ཀྱི་ཕྱིར་བུམ་པ་བཞིན ་ཞེས་བྱས་པ་ལ། ལྟག་ཆོད་སྨྲ་བ་པོས་སྨྲས་པ། རེ་ཞིག་བུམ་པ་ཁོ་ན་མི་རྟག་ཅེས་པ་འདི་ལ་གཏན་ཚིགས་ཅི་ཞིག་ཅེས་པ་འདི་ལ། རྩོད་སྒྲུབ་བྱད་པས་བཤད་པ་འདི་ནི་ཡང་དག་པ་མ་ཡིན་པའོ་ཞེས་སོ།། ་ཅིའི་ཕྱིར་ན་མཐོང་པའི་དོན་ཡང་གཏན་ཚིགས་ཀྱི་བསྒྲུབ་བྱར་བརྗོད་པས་ནི་མ་ཡིན་ཏེ། བདག་ཉིད་ཀྱིས་མཐོང་བའི་ཡང་སྟེ། རྒྱུ་མཚན་ཅན་གྱི་བུམ་པ་ནི་ཤིན་ཏུ་འབྱུང་བ་མ་ཡིན་ནོ་ཞེས་སོ། །འདི ་ལ་ཁྱད་པར་མེད་པ་སྟོན་པ་གསུངས་པ། འདི་ལ་ཡང་ཕྱིན་ཅི་ལོག་པ་ཞེས་པ་ལ་སོགས་པའོ། །དེ་ལ་ཕྱིན་ཅི་ལོག་ཏུ་བརྗོད་པར་ནུས་པ་ཡིན་ཏེ། མཚན་ཉིད་དང་གལ་བའི་ཕྱིར་རོ། །འགལ་བ་ཡང ་སྟེ་ལྷན་ཅིག་མི་གནས་པ་ཉིད་ཀྱི་ཕྱིར་རོ། །དོན་གྱིས་གོ་བ་མཚུངས་པ་ཡང་དེ་བཞིན་ཞེས་པ་།བདག་མེད་དོ་མ་དམིགས་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ཞེས་བྱས་པ་ལ། ལྟག་ཆོད་སྨྲ་བ་པོས་སྨྲས་པ། དོན་གྱིས་ཉེ་བར་དམིགས ་པ་རྣམས་ཡོད་པ་ཉིད་དུ་འཐོབ་ཅིང། ཉེ་བར་དམིགས་བཞིན་པ་ཡིན་ཡང་མ་གལ་མེའི་འཁོར་ལོ་ལ་སོགས་པ་ཅུང་ཟད་ནི་མེད་པ་ཁོ་ནའོ་ཞེས་པའོ། །འདི་ཡང་དག་པ་མ་ཡིན་པའི་ཞེས་རྩོད་སྒྲུབ་དུ་སྟེ། ཉེ་བར་དམིགས་པ་ནི་ཡོད་པ ་ཉིད་དུ་རྟོགས་སོ་ཞེས་སྒྲོ་བཏགས་པའི་ཕྱིར་རོ་ཞེས་སོ། །འདི་ལ་འདྲེས་པར་སྟོན་པ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །མེད་པ་རྟོག་གོ་ཞེས་པ་འདི་ནི་འགལ་བ་སྟེ་ཞེས་པ་མེད་པ་ཉིད་དང་རྟག་པ་ཉིད་དག་གཅིག་བུ་མི ་གནས་པའི་ཕྱིར་རོ། །འདི་ལ་ཁྱད་པར་མེད་པ་གསུངས་པ། ཕྱིན་ཅི་ལོག་པ་ཡང་འདི་སྟེ་ཡང་དག་པ་མ་ཡིན་པ་ཡང་དོ་ཞེས་པའོ། །ཅི་ལྟར་ཞེ་ན་གསུངས་པ། ཡོད་པའི་དོན་རྟག་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ་གང་གི་ཕྱིར་ཡོད་པ་ཁོ་ནའི་དོན་རྟག་པ་ཉིད། དེའི་ཕྱིར་མེད་པ་ལ་རྟག་པ་ཉིད་ནི་ཕྱིན་ཅི་ལོག་པ་སྟེ། མཚན་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་དང། གང་ཕྱིར་མེད་པ་རྟག་པ་ཉིད་ནི་མི་བདེན་པ་སྟེ། དེའི་ཕྱིར་ཡང ་དག་པ་མ་ཡིན་པའོ། །རྟག་པ་མཚུངས་པ་ཡང་འགལ་བར་བཤད་དེ། ཅི་ལྟར་གྱུར་ཀྱང་མི་རྟག་པ་ཁོ་ན་ཡིན་པ་དེ་རྟག་པར་འགྲུབ་པར་འགྱུར་ཞེས། འདི་ལ་གསུངས་པ། རྟག་པ་མཚུངས་པ་ཡང་ཞེས ་པ་ལ་སོགས་པའོ། །དེ་ལ་ཕྱིན་ཅི་ལོག་པ་ཉིད་དེ། སྔ་མ་བཞིན་དུ་མེད་པ་ཉིད་མེད་ན་རྟག་པ་ཉིད་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཞེས་པ་ནི་གང་གི་ཕྱིར་དེ་ལྟར་ཐམས་ཅད་པ་སྐྱོན་ཐམས་ཅད་སྦྱོར་ཏེ། དེའི་ཕྱིར་ལྟག་ཆོད ་རྣམས་སུ་མ་འདྲེས་པས་ཏེ། ཡུལ་རྣམ་པར་དབྱེ་བས་ཕྱིན་ཅི་ལོག་ལ་སོགས་པའི་སྐྱོན་རྣམས་བརྗོད་པར་ནུས་པ་མ་ཡིན་ནོ། །རིགས་པ་ཕྲར་ཡང་ཞེས་པ་ལ་སོགས་པ་སྟེ། རིགས་པ་ཕྲ་མོར་?? ་ཡཱ་ད་ཡིས་བརྗོད་པའི། ལྟག་ཆོད་རྣམས་མཚན་ཉིད་སྐྱོན་ཅན་ཉིད་དང། ལན་བྱས་པ་ཉིད་རྒྱས་པར། རིགས་པ་རྟག་པར་ཤེས་པར་བྱ། ཅི་སྟེ་མཐོ་རིའི་བུ་ལ་སོགས་པས་བྱས་པའི་ལྟག་ཆོད་རྣམས་ལ་ཅི་ལྟར་མཚན ་ཉིད་དང་ལན་སྐྱོན་ཅན་ཉིད་དུ་ཤེས་པ་བྱ་ཞེ་ན། དེའི་ཕྱིར་གསུངས་པ། ཕྱོགས་དེས་ཞེས་པ་ལ་སོགས་པའོ། །ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་དག་གིས་དགྲ་ཟླར་གནས་པ་ཞེས་པ་འདི་རིགས་པ་ཕྲ་མོར་ལྟག་ཆོད་ཐམས་ཅད ་གྱི་མཚན་ཉིད་དོ། །དགྲ་ཟླར་གནས་ཏེ་གང་གི་ཕྱིན་ཅི་ལོག་པར་གནས་པར་བྱེད་པ་དེ་དོད་ཟླར་གནས་པའི་ཚིགས་སྟེ་ལྟག་ཆོད་དོ། །དེ་ལྟ་ན་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པ་མཚུངས་པ་གཉིས་པོ་དག་ཁོ ་ན་ལྟག་ཆོད་དུ་འགྱུར་རོ་ཞེས་པ་འདིའི་ཕྱིར་གསུངས་པ། དེའི་རྣམ་པར་རྟོག་པ་ལས་ལྟ་ཆོད་མང་པོ་ཉིད་དུ་ཞེས་པ། སྒྲུབ་བྱེད་རྣམས་ལ་དོད་ཟླར་གནས་པ་ནི་སྦྱོར་བའི་དབྱེ་བ་ལས་རྣམ་པ་དུ་མ་སྟེ ་དེས་ན་དེའི་བྱེ་བྲག་དུ་མ་ཅན་ཉིད་ཀྱི་ཕྱིར་ལྟག་ཆོད་རྣམས་མང་པོ་ཉིད་དོ། །དེ་ཡང་མཚན་ཉིད་འདི་ཞེས་པ་ལ་སོགས་པས་མཚན་ཉིད་མ་ཁྱབ་པ་ཉིད་དུ་གསུངས་སོ། །སོགས་པའི་སྒྲས་མི ་སྐྱེ་བ་མཚུངས་པ་ལ་སོགས་པ་རྣམས་གཟུང་བར་བྱའོ། །འདིར་དཔེ་བརྗོད་དང་ཆོས་མཐུན་པ་དང་ཆོས་མི་མཐུན་པས་རྩོད་ཟླར་གནས་པ་སྲིད་པ་མ་ཡིན་པས་ཏེ། གཏན་ཚིགས་མེད ་པ་ཙམ་དུ་རྩོད་པའི་ཕྱིར་རོ། །བ་ལང་ཉིད་ཀྱི་ཕྱིར་བ་ལང་དུ་གྲུབ་པ་བཞིན་གྲུབ་པོ་ཞེས་པ་ཆོས་མཐུན་པ་ཉིད་ཆོས་མི་མཐུན་པ་ཉིད་མཚུངས་པ་དག་གིས་ཡན་ཏེ། ཇི་ལྟར་བ་ལང་ཉིད་ཀྱི་ཕྱིར་བ་ལང་གི་དངོས་པོ་གྲུབ་པ ་ན་ཁྲ་བོ་ཉིད་ལ་སོགས་པ་དང་ཆོས་མི་མཐུན་པ་ཉིད་ལས་དེ་ལྡོག་པ་མ་ཡིན་པ་དེ་བཞིན་དུ་ཆོས་མཐུན་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་དུ་གྲུབ་ན་བུམ་པ་དང་ཆོས་མི་ཐུན་པ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ལྡོག་པ་མ ་ཡིན་ནོ། །ཆོས་མཐུན་པ་ཉིད་མཚུངས་པ་ལ་ནི་བཟློག་པས་སྦྱར་བར་བྱ་སྟེ། ཇི་ལྟར་ཁྲ་བོ་ཉིད་ལ་སོགས་པ་དང་ཆོས་མི་མཐུན་པ་ཉིད་ལས་ཁྱད་པར་གྲུབ་ན། བ་ལང་ཉིད་དུ་ཆོས་མཐུན་པ ་ལས་དེ་ལྡོག་པ་མ་ཡིན་པ་དེ་ལྟར་རྟག་པ་དང། ཆོས་མི་མཐུན་པ་ཉིད་ལས་དབང་པོས་གཟུང་བྱ་ཉིད་ལས་མི་རྟག་པ་ཉིད་གྲུབ་པ་ན། ནམ་མཁའ་ལ་སོགས་པ་དང་ཆོས་མཐུན་པ ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ལས་དེ་ལྡོག་པ་མ་ཡིན་ནོ་ཞེས་པའོ། །འདི་ཡང་ལན་མ་ཡིན་ཏེ། གང་གི་ཕྱིར་འདི་ནི་ཆོས་མཐུན་པ་དང། ཆོས་མི་མཐུན་པ ་དག་ལས་མི་རྟག་པ་ཉིད་འགྲུབ་པར་ཁས་བླངས་ནས་ཁས་བླངས་འགལ་བར་མ་གྱུར་ཅིག་ཅེས་པས་བཟློག་པ་ལས་ལྡོག་པར་བྱེད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདི ་ཁོ་ན་མཚུངས་པར་དགྲ་ཟླར་གནས་པ་ལས་མི་འགྲུབ་པོ་ཞེས་སྨྲས་པའོ། །བཟློག་པ་ལ་མཚུངས་པ་ཉིད་ཀྱི་ཕྱིར་ཡང་ལན་མ་ཡིན་ནོ། །འདི་ལ་ལྟག་ཆོད་སྨྲ་བ་པོས་བརྗོད་པར་ནུས ་ཏེ། གལ་ཏེ་ཁྱེད་ཀྱི་ཆོས་མི་མཐུན་པ་ཉིད་ཆོས་མི་མཐུན་པ་ཉིད་ཙམ་ལས་མི་རྟག་པ་ཉིད་འགྲུབ་ན། དེ་ལྟར་གྱུར་ན་ངའི་ཡང་འགྲུབ་པོ་ཞེས་སོ། །དེའི་ཕྱིར་འདི་ལ་རྣམ་པ་གཞན་དུ་ལན་བརྗོད་པར་བྱའོ། །སོགས་པ་སྨོས་པ་ལས་འཕེལ ་པ་དང་འགྲིབ་པ་མཚུངས་པ་ལ་སོགས་རྣམས་ཀྱི། ཅུང་ཟད་ཆོས་མཐུན་པ་ལས་ཉེ་བར་བསྡུ་བ་འགྲུབ་པའི་ཕྱིར། ཆོས་མི་མཐུན་པ་ལས་དོད་ཟླར་མི་གནས་པ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་བསྡུའོ། །ཅུང་ཟད་ཆོས་མཐུན་པ ་ཉིད་ལས་ཉེ་བར་སྡུད་པ་འགྲུབ་པ་མཐོང་སྟེ། བ་ལང་ཇི་ལྟ་བ་དེ་ལྟར་བ་མེན་ནོ་ཞེ་ལོ། །བ་ལང་གི་ཆོས་རྣམས་ཐམས་ཅད་བ་མེན་ལའམ། བ་མེན་གྱི་ཆོས་རྣམས་བ་ལང་ལ་འཐོབ་པ་མ་ཡིན་ནོ། །དེའི་ཕྱིར་ཐལ་བར་འགྱུར་བ་འདིས་ཡིན་ནོ་ཞེས་པ ་འདི་ལྟ་བུ་ལ་སོགས་པ་རྣམས་ཐམས་ཅད་མི་རིགས་པ་ཉིད་དུ་རིགས་པ་བརྟགས་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་བསྟན་ཆོས་གཞན་དུ་བྱས་པའི་ལྟག་ཆོད་དང་ལན་རྣམས་ལ་ཡང་དག་པའི་ཆེད་དུ་།གང་རིགས་པ་བརྟག་པར ་བསྟན་པ་འདི་ཁོ་ན་ཕྱོགས་ཙམ་སྟེ། དེའི་ཕྱིར་དེ་རྣམས་ཀྱང་ཕྱོགས་འདི་ཁོ་ནས་དགག་པར་བྱའོ། །རིགས་པ་བརྟག་པ་ལ་སོགས་པ་རྣམས་སུ་གཞལ་བྱ་དགག་པ་བྱས་པར་མ་ཟད་ཀྱི། འདི་ཡང་དོན་གྱིས་བྱས ་པའོ་ཞེས་སྟོན་པ་གསུངས་པ། ཐམས་ཅད་ཀྱི་ཡང་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་མངོན་སུམ་གྱི་རྟགས་པར་བྱ་བར་མི་འགྱུར་ཞེ་ན། གསུངས་པ། །དེས་ཡོངས་སུ་བརྟག་པའི་ཚིག་གི་དོན་རྣམས་ཞེས་པ་ལ་སོགས ་པ་སྟེ། གཙོ་བོ་དང་སྐྱེས་བུ་དང་ཕྱོགས་དང་དུས་དང་འཕྲོད་པ་འདུ་བ་ལ་སོགས་པ་རྣམས་མངོན་སུམ་ཡིན་པ་ཉིད་ཀྱིས་ན། རྟོགས་ཀྱིས་ཡོད་པ་ཉིད་དུ་རྣམ་པར་འཇག་པའི་ཕྱིར་རྟོག་གིས་རྟོགས་པར་བྱ་བ་ཉིད་དོ ་བརྟགས་བཟོད་པ་མ་ཡིན་ནོ། །ཞེས་པ་རྣམ་པར་དཔྱད་པར་མི་བཟོད་དོ་ཞེས་པའི་དོན་ཏོ། །ཇི་ལྟར་དཔྱད་བཟོད་པ་མ་ཡིན་པ་དེ་ལྟར་ཡང་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཞེས་པ་གང་གི་རྟོག་གེ་ནི་བརྟག་པར་བཟོད་པ་མ་ཡིན་པ་དེའི་ཕྱིར་དེས་རྟོགས་པར་བྱ་བའི་གཞལ ་བྱ་ཡང་དོན་གྱིས་དགག་པ་འདིར་བྱས་པ་ཁོ་ནར་རིག་པར་བྱའོ་ཞེས་པའོ། །ཚད་མ་དང་གཞལ་བྱ་བྱེད་དཀར་བ་ཉིད་ཀྱིས་ཞེས་པ་ལ་སོགས་པས་སྟན་བཅོས་རྩམ་པ་བཞི་དགོས་པ་ཚད་པ་ཅན་སྟོན་ཏོ། །སྔར་ཚད་མ་འགྲུབ་པ་ནི་དངོས་ཀྱི་དགོས་པར་བརྗོད་ཅིང། འདི ་ནི་བརྒྱུད་པས། །འོ་ན་ཅི་མ་ལོག་པའི་ལམ་ཉེ་བར་སྟོན་པ་ལས། དེ་བཞིན་གཤེགས་པའི་བསྟན་པ་ལ་རྗེས་སུ་འཇུག་པའི་དོན་ཅན་དུ་ཡང་འདི་རྩོམ་པ་འགྱུར་བ་མ་ཡིན་ནམ། དེ་ལྟར་ནི་མིག་དྲི་མ་མེད་པ་ཉིད་དུ་བསྒྲུབས་པ་ན་གཟུགས་ཀྱང་ཕྱིན་ཅི་མ་ལོག་པར་དོན་གྱིས ་ཉེ་བར་བསྟན་པར་འགྱུར་བ་ཇི་ལྟ་བ་དེ་ལྟར་ཚད་མ་བྱེ་བྲག་ཏུ་རྟོགས་པར་བྱས་པ་ན། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ལ་རྗེས་སུ་འཇུག་པའི་ལམ་ཡང་ངོ། །ཞེ་ན་དེའི་ཕྱིར་གསུངས་པ། འདི་ཙམ་གྱིས་ནི་མ་ཡིན་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། གསུངས ་པ། དེའི་ཆོས་ནི་རྟོག་གེའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་སོ། །རྟོག་གེ་སྨོས་པ་ནི་ཐ་སྙད་པའི་ཚད་མའི་ཉེ་བར་མཚོན་པའི་དོན་དུ་སྟེ། འཇིག་རྟེན་ལས་འདས་པ་ཁོ་ནའི་ཚད་མའི་ཡུལ་བཅོམ་ལྡན་འདས་ཀྱི་ཆོས་ནི་སོ་སོ་རང་གིས་རིག་པར ་བྱ་བ་ཡིན་གྱི། ཐ་སྙད་པའི་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །འགལ་ཏེ་དེ་ལྟར་ན་ཅི་ལོག་པ་དེ་རྣམས་ཀྱིས་གལ་ཏེ་ལོག་ཀྱང་ཆོས་ཉིད་མི་རྟག་སམ་ཞེ་ན། དེའི་ཕྱིར་གསུངས་པ། ལོག་པ་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། མ་ལོག་པ་རྣམས་ནི་དེ་ཁོ་ན ་ལ་སྙིང་པོར་ལྟ་བ་ཉིད་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཉན་པར་ཡང་མི་སྤྲོ་ཞིང། ལོག་པ་རྣམས་ནི། དེ་བཞིན་གཤེགས་པའི་བསྟན་པ་ལ་གང་ཆོས་རྣམས་ཀྱི་ཆོས་ཉིད་ཡོངས་སུ་གསལ་བར་བྱས་པ་དེ་ཐོས་པ་དང ་བསམ་པ་དང་ཡང་དག་པར་བསྒོམ་པའི་རིམ་པས་འབད་པ་མེད་པ་ཁོ་ནར་རྟོགས་པར་འགྱུར་རོ། །ཆོས་ཉིད་ནི་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་རང་བཞིན་ཏེ། དེ་ཁོ་ན་ཉིད་ཅེས་པའི་ཐ་ཚིག་གོ་།ཡང་ཅིའི་ཕྱིར་མུ ་སྟེགས་པའི་ལུ། །ཐོས་པར་བྱས་ཀྱང་ཆོས་ཉིད་མི་རྟོགས་ཀྱི། དེ་བཞིན་གཤེགས་པའི་བསྟན་པ་ཐོས་ནས་རྟོགས་ཞེ་ན། གསུངས་པ། པར་ཤིན་ཏུ་རིང་བའི་ཕྱིར་ཞེས་པ་སྟེ། དེ་ཡང་ལེགས་པར་བྱས་པ་དང་ཉེས་པར་བྱས ་པ་ཉིད་ཀྱིས་སོ། །ཐུབ་པའི་དབང་པོའི་བསྟན་པ་ནི་ལེགས་པར་བྱས་པ་སྟེ་དེར་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་བདག་མེད་པ་ཉིད་ལ་སོགས་པའི་རང་བཞིན་རབ་ཏུ་གསལ་བར་བྱེད་པའི་ཕྱིར་དང། མུ་སྟེགས་པའི་ལུགས་ན་ཉེས་པར་བྱས ་ཏེ། བཟློག་པའི་ཕྱིར་རོ། །དེའི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་ལ་བརྟེན་པ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་གྱི་ཅིག་ཤོས་ཀྱི་ནི་མ་ཡིན་ནོ། །བར་ཤིན་ཏུ་རིང་ཁོ་ནར་བསྟན་པའི་ཆེད་དུ་ཚིགས་སུ་བཅད་པ་གསུངས་པ། རྟོག་གེ་ཅམ ་སྟོབས་ཅན་རྣམས་ཞེས་པ་ལ་སོགས་པའོ། །རྟོག་གེ་ཙམ་གྱི་སྐྱབས་ཅན་ནི་མུ་སྟེག་པ་རྣམས་ཏེ། དོན་གང་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་རང་བཞིན་རྟོགས་པ་ལས་འབའ་ཞིག་པ་ཉིད་ཐོབ་པར་འགྱུར་བ་བདག་ལ་སོགས་པ་དེ་རྣམས་རྟོག་གེ ་ཙམ་ལས་རྟོགས་པའི་ཕྱིར་རོ། །འོ་ན་ཁྱེད་ཀྱི་ཡང་བདག་མེད་པ་ཉིད་རྟོག་གེས་རྟོགས་པར་བྱ་བ་ཁོ་ན་སྟེ། དེས་ན་འདི་ལ་ཁྱད་པར་ཅི་ཞེ་ན། གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ་གང་ཕྱིན་ཅི་མ་ལོག་པའི་མཚན ་ཉིད་དེ་མ་བསྟན་པའི་ཕྱིར། མཚན་ཉིད་མ་བསྟན་ཅི་དོ། །རང་གི་སྦྱོར་བ་དང་འགལ་བ་ཡང་སྟེ། རང་ཉིད་ཀྱི་བ་ཁོ་ནའི་སྦྱོར་བ་དང་འགལ་བའོ། །དེ་ལྟར་ནི་གྲངས་ཅན་པ་རྣམས་ཀྱི་ནི། འབྲེལ་པ་གཅིག་ལས་མངོན་སུམ་ལས་ལྷག་མ ་འགྲུབ་པ་རྗེས་སུ་དཔག་པའི་མཚན་ཉིད་དོ། །སྦྱོར་བ་ནི་གཙོ་བོ་ཡོད། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་རོ་ཞེས་པ་ལ་སོགས་པའོ། །རྗེས་སུ་འགྲོ་བ་མཐོང་བ་ནི་གཙོ་བོ་དང་འབྲེལ་པ་ཡོད་པ་ནི་མ་ཡིན་པས་སོ། །བྱེ་བྲག་པ་རྣམས་ཀྱི་ཡང། འདིའི ་འདི་འབྲས་བུ་དང་རྒྱུའོ། །ཞེས་པ་ལ་སོགས་པའི་མཚན་ཉིད་ཀྱི་རྗེས་སུ་དཔག་པའི་རང་གི་ངོ་བོ་བཤད་པ་ནི། དེའི་རྒྱུ་ཉིད་ཀྱི་ཕྱིར་དང་འབྲས་བུ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་གོ་ཞེས་པ་ལ་སོགས་པའི་རང་གི་སྦྱོར་བ་དང་འབྲེལ་པ་ཡང་མ་ཡིན་ཏེ། ཇི་སྐད ་བཤད་པའི་འབྲེལ་པ་རྣམས་ཀྱི་གང་ཡང་རུང་བ་ཡང་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡང་ཅི་ཞིག་ལྟར་ཡང་རང་གི་སྦྱོར་བ་དང་འབྲེལ་པ་དེ་ལྟ་ན་ཡང་སྐྱོན་དང་ལྡན་པ་ཁོ་ནའོ་ཞེས་སྟོན་པ་གསུངས་པ། འདོད་དོན་ལ་སྒྲུབ་པར་བྱེད་པའང་མིན་ཞེས་པའི ་ཇི་ལྟར་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་དོན་དམ་པ་བདུན་ཅུ་པ་ལ་སོགས་པ་རྣམས་སུ་དང་འདིར་ཡང་བསྟན་ཏོ། །ཆེས་རང་ཉམས་པ་རྣམས་ཞེས་པ་ལ་མ་གོལ་བ་ལ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་རྟོག་གེའི་ལམ་གྱིས་ཆོས་ཉིད་རྣམ ་ངེས་པར་བྱེད་པ་དེ་རྣམས་ནི་ཐུབ་དབང་བསྟན་ལས་ཆེས་རིང་ཉམས་པ་ཡིན་ཏེ། དེ་རྟོག་གེའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་འདི་དེ་ལྟར་ཡིན་པ་དེ་ལྟ་ན་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་ནི། གལ་ཏེ་རྣམ་པར་འགྱུར ་བར་འགྲོ་བར་བྱེད་ན་བརྟག་པར་བགྱིས། མུ་སྟེགས་པས་བརྟགས་པའི་ཚིག་གི་དོན་བཞིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། མུ་སྟེགས་པ་རྣམས་ཀྱིས་རྟོག་གེའི་ཡུལ་ཉིད་དུ་ཁས་བླངས་པའི་བདག་ལ་སོགས་པའི་ཚིག་གི་དོན་རྣམས ་རྟོག་གིས་རྣམ་པར་དཔྱད་ན་རྣམ་པར་འགྱུར་ཏེ། བསྟན་བཅོས་སུ་དེ་རྣམས་ཇི་ལྟར་རྣམ་པར་བཞག་པར་བྱས་པ་དེ་ལྟར་མི་གནས་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་རབ་ཏུ་རིག་པར་མཛད་པའི་ཆོས་རྣམས་ཀྱི་རང་བཞིན་ཕྱིན་ཅི ་མ་ལོག་པ་བདག་མེད་པ་ལ་སོགས་པ་ནི། རྣམ་པར་དཔྱད་པ་ན་རྣམ་པར་མི་འགྱུར་ཏེ། ཇི་ལྟར་བསྟན་པ་བཞིན་དུ་ཐ་སྙད་པའི་བདག་ཉིད་ཀྱིས་དེ་ལྟ་ཁོ་ནར་ཉེ་བར་དམིགས་སོ་ཞེས་པའི་དོན་ཏོ། །འདིས་ནི་གལ་ཏེ་ཡང་རྟོག་གོ ་དོན་དམ་པའི་ཡུལ་ཅན་དུ་མི་འགྱུར་བ་དེ་ལྟ་ན་ཡང་།ཇི་ལྟར་གནས་པའི་དངོས་པོ་སྤྱིའི་ཚུལ་གྱིས་གསལ་བར་བྱེད་ཅིང། དེ་ཁོ་ན་ཉིད་རྟོགས་པ་དང་རྗེས་སུ་མཐུན་པར་འགྱུར་རོ། །ཞེས་གསལ་བར་བྱས་སོ། །ཚད་མའི་ཕུང་པོའི་ཞེས་པ་རང་དང་ཕ་རོལ ་པོ་མངོན་པར་འདོད་པའི་ཚད་མ་རྣམས་ཀྱིས་ཕུང་པོ་སྟེ་ཚོགས་པའོ། །རང་མངོན་པར་འདོད་པའི་ཚད་མ་རྣམས་རྣམ་པར་འཇོག་ཅིང་ཕ་རོལ་པོ་མངོན་པར་འདོད་པ་རྣམས་སུན་འབྱིན་པར་བྱེད་དོ་ཞེས་བྱས་ནས་སོ། །དེ་ལ་རང་མངོན་པར་འདོད ་པ་རྣམས་ཀྱི་ཡོན་ཏན་རྣམས་དང། ཕ་རོལ་པོ་རྣམས་ཀྱི་སྐྱོན་རྣམས་ཏེ། དེ་རྣམས་རྒྱས་པ་ནི་ཡོན་ཏན་སྐྱོན་རྒྱས་པའོ། །དེ་རྟོགས་པར་བྱེད་པ་ནི་བརྩད་པ་དང་བཅས་པའི་ལན་གྱི་གཞུང་གི་ཕུང་པའོ། །དེ་གསལ་བར་བྱས་ལས་གང་དགེ ་བ་སྟེ་བསོད་ནམས་བདག་གིས་བསགས་པ་སྟེ། ཉེ་བར་བསོག་པ་ངེས་ཏེ་དགེ་བའོ། །འཇིག་རྟེན་གྱི་རྣམ་ཐར་ཏེ་མྱ་ངན་ལས་འདས་པ་དང། སྐྱེ་བ་ནི་འབྱུང་བ་སྟེ། དེ་དག་གི་ཡོན་ཏན་ཡོན་ཏན་མིན་པ་དག་སྟེ་ཡོན་ཏན་དང་སྐྱོན་དག་གོ་།དེ་ཤེས་པར ་གྱུར་བའི་མཐར་བྱས་ཞི་བའི་ཆེད་དུ་ཤོག་སྟེ་གྱུར་ཅིག་པའོ། །ཐར་པའི་ཡོན་ཏན་ཤེས་པའི་དང། སྐྱེ་བ་ལ་སྐྱོན་ཤེས་པའི་ཡང་ཞེས་འདི་སྒྲུབ་པ་ཡིན་གྱི་རྗེས་སུ་བརྗོད་པ་ནི་མ་ཡིན་ཏེ། གཞན་དུ་ནི་ཉི་ཆེ་བའི་ཡོངས་སུ་བསྔོ་བར་འགྱུར་རོ། །ཐར ་པ་དང་སྐྱེ་བ་དག་གི་ཡོན་ཏན་དང་ཡོན་ཏན་མ་ཡིན་པ་ཤེས་པར་གྱུར་པ་ནི། མཐར་བྱས་ཞི་བ་ཐོབ་པར་གྱུར་ཅིག་ཅེས་པ་དག་གི་དོན་ཏོ། །མཐར་བྱས་ནི་ཕྱིན་ཅི་ལོག་བཞིའི་མཚན་ཉིད་ཅན་ཏེ། གང་ཕྱིར་དེས་ཐར་པའི་གགས་ཉིད་ཀྱིས ་འགྲོ་བ་མཛའ་སྟེ་ཡོངས་མཐར་བྱས་ཏེ། བདག་ལ་སོགས་པའི་ཕྱིན་ཅི་ལོག་གིས་རབ་ཏུ་བསྒོས་པ་ཉིད་ཀྱི་ཕྱིར་རོ། །འཁོར་བའི་སྡུག་བསྔལ་མཛའ་དག་ཟད་པའི་ངོ་བོ་ནི་ལྡོག་པ་སྟེ། དེ་ཞི་བའོ་ཞེས་པའོ།། །།གང་ལ་འཇམ་པའི་དཔལ་འདིས ་རང་ཉིད་ཀྱིས་ནི་རྗེས་སུ་གཟུང་བ་མཛད་ཅིང་བློ་གྲོས་ལྡན། ཕྱོགས་ཀྱི་གླང་པོ་དེ་ཡིས་ཚད་མ་འགྲུབ་པའི་ཚད་དུ་མཛད་པའི་བསྟན་བཅོས་གང་ཡིན་དེ། །ཀུན་ནས་ཕྱེ་སྟེ་རྒྱལ་བའི་དབང་པོའི་བློ་ལྟར་དེ་ཉིད་དོན་ཅན་བཤད་པ་འདི་བྱས་ལས། །བདག ་ལ་དགེ་བ་ཡང་དག་བྱད་གང་དེ་ལས་འགྲོ་བས་དེ་ཁོ་ན་ཉིད་རྟོགས་གྱུར་ཅིག། །།ཅེས་པ་ཡངས་པ་དང་དྲི་མ་མེད་པ་ལྡན་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད། བྱང་ཆུབ་སེམས་དཔའ་ཨི་ཡུལ་པ་སློབ་དཔོན་རྒྱལ་བའི ་དབང་པོའི་གློ་གྲོས་ཀྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཤལོཀ་སྟོང་ཕྲག་དགུ་བའོ་ཞེས་བརྒྱ་དཔེའི་འཇུག་ཏུ་འབྱུང་ངོ། །ཚུལ་འདི་ནི་ཆོས་ཀྱི་རྗེ་ཤོད་སྟོན་ལོ་ཙ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལགས་པར་བཤད་པའི་སྲོལ་ལ་སོགས་པ་ལ ་བརྟེན་ནས་ལེགས་པར་སྦྱང་བ་བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་ཆེར་རྒྱས་པ་དབང་ལོ་ཙྪ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། པཎྜི་ཏ་ལ་མ་བལྟོས་པར། རང་ཉིད་ཀྱི་བརྒྱ་དཔེལ་བལྟས་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པའོ།། །། ་དཔལ་ལྡན་རྒྱལ་བའི་དབང་པོའི་བསྟན་པའི་ཁང་བཟང་ཕན་པ་དེའི་མཛོད་ལྡན་དམ་པའི་སྒོ་འཕར་མཆོག་།དཔལ་ལྡན་ཕྱོགས་ཀྱི་གླང་པོའི་གཞུང་ལུགས་རང་གི་སྡེ་བས་བརྟགས་པའི་རྟོག་གེ་ངན་སེལ་ཞིང་།རྒྱལ་བ་རྒྱལ་དཔོག་རྐད་མིག་གཟེན ་ཟན་སེར་སྐྱ་འཇིག་རྟེན་མིག་གི་རྗེས་སུ་འཇུག་རྣམས་ཀྱི། །རྟོག་གེ་ངན་པ་རྨེག་མེད་བྱེད་དེའི་འགྲེལ་བཤད་མཆོག་འདིར་སྔོན་མེད་བསྒྱུར་ཞིང་ཞུ་ཆེན་བྱས། །གཞུང་འགྲེལ་འགྲེལ་བཤད་བཅས་པ་རྣམས། །ཚིག་བརླིང་དོན་ཡང་གཏང་དཔག ་དཀའ་། །དེ་སླད་ལེགས་པར་རབ་འབད་ཀྱང། །འདི་ལ་འཁྲུལ་མེད་ཤིན་ཏུ་དཀོན། །འཕགས་བློ་མ་ཐོབ་བློ་གྲོས་སྐྱོན། །རྣམ་གཡེང་ལེ་ལོ་སྦྱོར་བའི་སྐྱོན། །མཁས་ལས་མ་ཐོས ་སྐལ་པའི་སྐྱོན། །འདི་ཡིས་སྐྱོན་ལྡན་བཟོད་པར་མཛོད། །བློ་མཆོག་སྦྱོར་བ་རབ་རྒྱས་ཤིང། །བཟུང་བོར་གནས་པའི་དགེ་མཚན་ལྡན། །ལེགས་བཤད་དོན་གཉེར་དུས་སྐབས་ཅན། །དེ་རྣམས ་རིགས་པའི་དགའ་སྟོན་མཛད་།འདིར་འབད་དགེ་བས་འགྲོ་བ་ཀུན། །རིག་བ་དན་པའི་དཔུང་བསགས་ཏེ། །བདུད?་དང་མུ་སྟེགས་ཀུན་བཅོམ་ནས། །རྒྱལ་བའི་དབང་པོ་མྱུར་ཐོབ་ཤོག་། མངྒལཾ་བཀྲ་ཤིས། ་