CLOSE WINDOW

N4556: de kho na nyid bsdus pa'i dka' 'grel
Wyliee-texts based on the ACIP/ALL Input

text in 2 volumes

volume 1 - volume 2 -

ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གཞན་ལས་གཞན་ཞེས་བྱ་བ་ནི་གཞན་ལས་གཞན་ཉིད་དེ་ལྡོག་པའོ།། ་གཞན་ལས་གཞན་པའི་རྒྱུ་འམ་ལྷན་ཅིག་བྱེད་པ་དེས་ཤིང་ལ་སོགས་པའི་དངོས་པོའི་ཁྱད་པར་ངེས་ཏེ། གཞན་ལས་ལྡོག ་པ་དེས་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི། དོན་གཞན་ལ་ནི་ལྡོག་པ་ཡིས། །ཁྱད་པར་ཅན་ཞེས་བྱ་བ་ཨི། །ཐ་ཚིག་འདི་ལ ་ལྡོག་པ་ཡིས། །གསུམ་པའི་དོན་དུ་བཤད་པ་ཡིན། །ཞེས་བྱ་བའོ། །སྒྲ་ཡིས་ཞེས་བྱ་བ་ནི་མིང་གིས་སོ། །བློ་ལ་ཡོད ་པའི་དོན་གང་ཡིན་པ་དེ་ནི་དངོས་སུ་སྒྲ་དག་གིས་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། གང་ཡང་བློ་ལ་ཞེས་བྱ་བ་ལ་སོགས ་པ་སྟེ། འདི་ཞེས་བྱ་བ་ནི་སྒྲའོ། །འདི་དག་གིས་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་ཉིད་ཇི་ལྟར་སྦྱར་བར་བྱ་ཞེ་ན། འདིའི་ལྡོག་པས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་ཐག་ཏུ་ཞེས་བྱ་བ་ནི། དངོས་གང་གཞན་ལས་གཞན་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྟེ། བློ་ལ ་ཡོད་པའི་དོན་དེ་དག་ཀྱང་གཞན་ལས་ལྡོག་པ་ཉིད་དུ་སྣང་བའི་ཕྱིར་རོ། །གལ་ཏེ་སྒྲས་དངོས་པོའི་ཆ་འགའ་ཞིག་ཀྱང་མི་རྟོགས་པ་མ་ཡིན ་ནམ། དེ་ཇི་ལྟར་སློབ་དཔོན་གྱིས་དོན་གཞན་ལས་ལྡོག་པའི་དངོས་པོའི་ཆ་འགའ་ཞིག་རྟོགས་པར་འགྱུར་ཞེས་བཤད་ཅེ་ན། དེའི་ཕྱིར། དོན་གཞན་ལས་ནི་ལྡོག་པ ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གཟུགས་བརྙན་ནི་བློའི་ཆོས་ཡིན་པའི་ཕྱིར་ཇི་ལྟར་དངོས་པོའི་ཆ་ཉིད་དུ་འཐད་ཅེ་ན། དོན་གཞན་ལས་ནི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་ལ་ལྡོག་པའི་དངོས་པོ་མཐོང་བ་རིགས་པའི་ཕྱིར་དང། དོན་གཞན་ལྡོག་པའི་དངོས་པོ་དེ་ལ་འཁྲུལ་པས་དེའི ་བདག་ཉིད་དུ་སྒྲོ་བཏགས་པའི་ཕྱིར་གཟུགས་བརྙན་དེ་ཉིད་ཉེ་བར་བཏགས་ནས་དངོས་པོའི་ཆ་ཞེས་བསྟན་ཏོ། །འདི་ཡང་དོན་གཞན་ལས་ལྡོག་པས་ཞེས་གསུམ ་པའི་དོན་དུ་སྦྱར་བའི་ཕྱིར་རྒྱུའི་དོན་ནམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དོན་གཞན་ལས་ལྡོག་པའི་ཁྱད་པར་བརྗོད་དོ ་ཞེས་བྱ་བ་འདིར། དངོས་གང་གཞན་ལས་གཞན་པ་ཡི། །ཞེས་བྱ་བ་ལ་སོགས་པས་བསྟན་པ་དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །ཞེས་བྱ་བའི ་དོན་ཏོ། །ཡང་ན་འདི་ཐམས་ཅད་དུ་དེ་ལྟ་བུར་གྱུར་པའི་མཚན་ཉིད་གསུམ་པ་ཡིན་ནོ། །ཞེས་སྟོན་པ་ནི་བདག་ཉིད་དེས་ཞེས་བྱ་བའོ། །འོན་ཏེ་དོན་གཞན་ལས་ལྡོག་པའི་ཕྱི ་རོལ་གྱི་དངོས་པོའི་ཆོས་མ་ཡིན་ནམ་དེ་ཇི་ལྟར་གཟུགས་བརྙན་རྟོགས་པའི་རྒྱུའི་དངོས་པོ་འམ། བྱེད་པའི་དངོས་པོར་འགྱུར་ཞེ་ན། དེའི་ཕྱིར། གལ་ཏེ་རིགས་མི་མཐུན ་ལས་དངོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་རིགས་མི་མཐུན་པའི་དངོས་པོ་ལས་ལྡོག་པར་འགྱུར་ན་དེའི་ཚེ་དེ་སྟེ་གཟུགས་བརྙན་བདག་ཉིད་དེ། ་དེ་བཞིན་ཏེ་རིགས་མི་མཐུན་པ་ལས་ལྡོག་པའི་དངོས་པོའི་བདག་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་དོན་གཞན་ལས་ལྡོག་པའི་དངོས་པོ་འམ་བྱེད་པའི་དངོས་པོ་རིགས་པ ་ཡིན་ནོ། །སྙམ་དུ་བསམ་པའོ། །གཞན་གྱི་ངོ་བོའི་ཁྱད་པར་ནི་མི་འདྲའི་ཤེས་པ་བྱེད་པ་མིན་ཞེས་བྱ་བ་ལ་སོགས་པ་ལ། བ་ལང་མིན་པས་ལྡོག་གཞན་ཉིད། །ཅེས་བྱ་བ་ལ་སོགས ་པ་སྨོས་ཏེ། གལ་ཏེ་གཞན་ལས་ལྡོག་པ་མེད་པའི་ངོ་བོ་དངོས་པོའི་ཁྱད་པར་འདོད་པར་གྱུར་ན་དེའི་ཚེ་སུན་འབྱིན་པ་འདི་ཐམས་ཅད་འཐད་པ་ཡིན་ན། ཇི་སྲིད་དུ་གཞན་ལས་ལྡོག་པ་དངོས ་པོའི་ཁྱད་པར་ཉིད་དུ་ཉེ་བར་ལེན་པ་ཡིན་ཏེ། དེས་ན་ཁྱད་པར་ཅན་ཁྱད་པར་དང་རྗེས་སུ་མཐུན་པ་ཉིད་བློར?་འགྱུར་པ་ཉིད་ཡིན་ནོ། །འདི་ལྟར་བ་ལང་མ་ཡིན་པ་ལས་ལྡོག་པའི་བ་ལང་དུ་བརྗོད་བ་གང ་ཡིན་པ་དེ་རྟ་ལ་སོགས་པ་ལས་གཞན་པ་ཉིད་ཀྱི་བ་ལང་གང་ཡིན་པ་ནི་དེའི་རང་བཞིན་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གང་ཡང་ཁྱད་པར་གཞན་སྤངས་པ་ཙམ་གཞན་ཤེས ་པར་འདོད་པ་ལ། འདི་ཐ་དད་པས་བ་ལང་མ་ཡིན་པ་ལས་ལྡོག་པའི་བ་ལང་ཞེས་བརྗོད་པ་དེ་ལྟ་ན་ཡང་དོན་དམ་པར་དེ་བ་ལང་དེའི་བདག་ཉིད་དུ་རྟོགས་པ་ཁོ་ན་ཡིན་ཏེ། དཔེར་ན་གཞན་ཉིད ་བཞིན་ནོ། །གཞན་ཉིད་ཅེས་བྱ་བ་གཞན་པའི་དངོས་པོ་ལས་གཞན་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དངོས་པོ་དེ་དེ?་ལས་གཞན་དུ་འགྲུབ་པར་མི་འགྱུར། །དེ་ནི་ཏེ་དེ་ལས་ཁྱད་པར་གྱི་དངོས་པོ ་ཡིན་ན་ཡང་གཞན་ལས་ལྡོག་པའི་ཁྱད་པར་ཅན་ལ་དངོས་པོའི་བློར་འགྱུར་བ་ཉིད་ཡིན་ནོ། །འདི་སྙམ་དུ་འཇིག་རྟེན་ན་ཁྱད་པར་ཅན་ལ་ཁྱད་པར་ཐ་མི་དད་པར་གྲགས་ཏེ། དཔེར་ན་སྐྱེས་བུ་དང ་དབྱིག་པ་བཞིན་ནོ། །ལྡོག་པ་ཡང་དངོས་པོ་ཡིན་ན། དེས་ན་འདི་ཇི་ལྟར་འདི་དེའི་ཁྱད་པར་དུ་རིག་སྙམ་དུ་སེམས་ན། ཐ་དད་པ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་འགའ་ཞིག་གི་ཁྱད་པར་འགའ་ ་ཡང་རིགས་པ་མ་ཡིན་ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པ་ནི་ཁྱད་པར་ཉིད་དུ་འགྱུར་རོ། །ཕན་འདོགས་པར་བྱེད་པ་ཉིད་དུ་ཁས་ལེན་པར་བྱེད་ན། ཡང་འབྲས་བུའི་དུས་ན་རྒྱུ་མི་གནས་པའི་ཕྱིར་དུས་ཅིག་ཅར ་འབྱུང་བ་མ་ཡིན་པ་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་རིགས་པ་མ་ཡིན་ནོ། །དུས་ཅིག་ཅར་འབྱུང་ན་ཡང་དེའི་ཚེ་བདག་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ཕན་ཚུན་ཕན་འདོགས་པར་བྱེད་པ་མེད ་པས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོའི་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་ཐམས་ཅད་ཡང་རང་གི་ངོ་བོ་ལ་གནས་པ་ཉིད་ཀྱིས་ལྕགས་ཀྱི་ཐུར་མ་དང་མཚུངས་པའི་ཕྱིར། འདི་དག་རྟོག་པར་སྲེ་བར་བྱེད ་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་གལ་ཏེ་ཡང་དོན་དམ་པར་ལྡོག་པ་དང། དེ་དང་ལྡན་པ་ཐ་མི་དད་པ་དེ་ལྟ་ན་ཡང་རྟོག་པ་བཀོད་པའི་ཐ་དད་པ་ལ་བརྟེན་ནས་ཁྱད་པར་དང་ཁྱད་པར་གྱི་དངོས་པོར་འགྱུར་པ་ཡིན་ནོ།། ་གང་ཡང། གང་ཚོགས་ལ་བ་རྣམས་སྒྲ་ཡི། །བརྗོད་བྱ་མིན་ཕྱིར་གསལ་བྱ་མིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་སྣང་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་རྣམས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་སྟེ། འདི་ལྟར་ཁོ་བོ་ཅག་གིས་གསལ་བ ་རྣམས་བརྗོད་པར་བྱ་བ་མ་ཡིན་པར་བརྗོད་པ་གང་ཡིན་པ་དེ་ནི་དོན་དམ་པ་བསམས་པ་ན་ཡིན་གྱི་ཀུན་རྫོབ་ཏུ་ཡང་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི་མ་རྟགས་ན་ཉམས་དགའ་བ་ཉིད་ཀྱིས་གསལ་བ་རྣམས་ཉིད་བརྗོད་པར་བྱ་བ་ཉིད་ཡིན་པར་གྲགས་པའི་ཕྱིར་གཏན་ཚིགས་མ་གྲུབ་པ ་ཡིན་ནོ། །སྣང་བ་ནི་ཕྱི་རོལ་ཏེ་རང་གི་མཚན་ཉིད་ཀྱི་བདག་ཉིད་དོ། །བརྟགས་པ་ནི་རྣམ་པར་རྟོག་པའི་ཤེས་པ་ལ་གསལ་བའི་སྣང་བའོ། །ཅི་སྟེ་དོན་དམ་པར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་གཏན་ཚིགས་ཉིད་དུ་ལེན་པར་བྱེད་ན་དེའི་ཚེ་གསལ་བ་རྣམས་ཀྱི་གསལ་བར་བྱ་བ ་ཉིད་ཀྱང་དོན་དམ་པར་མི་འདོད་པས་དེའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི་དེ་ཉིད་དུ་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་གྲུབ་པ་ཉིད་མཇུག་བསྡུས་པར་བྱེད་དོ། །གང་ཡང་དེའི་ཚེ་ནི་གསལ་བྱ་ཉིད། །དེ་ནི་གསལ་བྱའི་དངོས ་པོ་ཉིད་ཅེས་སྨྲས་པ་དེ་ལ་ཡང་གསལ་བར་བྱ་བ་ཡིན་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་ནི་མ་གྲུབ་པ་དང་མ་ངེས་པ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སེལ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་གསལ་བ་རྣམས་ཀྱི་སེལ་བ་གཏན ་ཟིན་པའི་ཕྱིར་རོ། །སེལ་བ་ཡང་དངོས་པོ་ཉིད་མ་ཡིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལས་ལྡོག་པ་ལ་གཏན་ཚིགས་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གང་ཡང། མེད་པ་རྣམས་ནི་གསལ་བྱ་མིན། །ཞེས་བྱ་བ་ལ་སོགས་པ་སྨྲ་བ་དེ་ལ། ་བསྟན་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་མེད་པའི་ངོ་བོ་ཉིད། དོར་བར་བྱ་བར་འགྱུར་བ་མེད་པ་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུའི་མེད་པ་གསལ་བར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཞེས་ན་དངོས་པོ་གང་ཡིན་པ་དེ་བསྒྲུབ་པའི་ངོ་བོ་ཡིན་པའི་ཕྱིར་མེད་པའི་ངོ་བོས ་དཔེར་པར་གནས་པས་ཤུགས་ཀྱིས་མེད་པ་དེ་བསལ་བར་བྱ་བ་ཉིད་དུ་འདོད་དོ། །འདི་ཉིད་གསལ་པོར་བྱ་བའི་ཕྱིར། གང་ཞིག་གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་སེལ་བ་ན་ཞེས་བྱ་བ་ནི་མེད་པ་དེ་ཉིད་སེལ་བ་ན་དངོས་པོ་ཉིད་དུ་འགྱུར་པ་མ ་ཡིན་ནོ། །འདིར་གཉི་གའི་ཕྱོགས་ལ་གྲུབ་པའི་དཔེ་བསྟན་པའི་སྒོ་ནས་མ་ངེས་པ་ཉིད་བསལ་བའི་ཕྱིར། རང་བཞིན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཁྱེད་ཅག་སྤྱོད་པ་པ་རྣམས་ཀྱིས་ཀྱང་རང་བཞིན་དང་དབང་བྱུག་དང་དུས་ལ་སོགས་པས་དངོས་པོ་རྣམས ་བྱས་པ་ཉིད་དུ་འདོད་དོ། །དེ་འགེགས་པ་ཡིན་ན་ཡང་ཇི་ལྟར་དངོས་པོ་ཉིད་དུ་མི་འགྱུར་བ་བཞིན་དུ་མེད་པ་བསལ་བར་བྱ་བ་ཉིད་ཡིན་ན་མང?་དངོས་པོ་ཉིད་དུ་འགྱུར་བ་མ་ཡིན་པའི་ཕྱིར་མ་ངེས་སོ། །དེ་ལ་མེད་པའི་དངོས་པོ་ཉིད་ཅེས་བྱ་བའི་ངལ་བ་ཆེན་པོར་འགྱུར་ཞེས ་སྨྲས་པ་དེ་ཡང་མ་ངེས་པར་བསྟན་པ་འདི་ཉིད་ཀྱིས་བསལ་བ་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཕྱིར་མེད་པའི་དངོས་པོ་འདི། ཅེས་བྱ་བ་ལ་སོགས་པ་སྟེ། དེ་མ་གྲུབ་ན་ཡོད་པ་མེད་མེད་པའང་གྲུབ་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ། དེ་གྲུབ་ན་ཡང་ཡོད་པ་ཡོད་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ་དངོས་པོ་མེད་པ་དེ་ཇི་སྐད་དུ་བཤད་པའི་རྣམ་པར་གྲུབ་པ་ན་མེད་པའི་ཡོད་པ་གྲུབ་པ་ཉིད་ཡིན་ཏེ། དེ་ནི་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །གང་ཡང་དངོས་པོ་མེད་པ་ཇི་སྐད་དུ་བཤད་པའི་རྣམ་བས་གྲུབ་པ་དེ་ཁོ་ན་མེད་པའོ་ཞེས ་གྲུབ་པ་ཡིན་ནོ། །འདི་ཡང་ལན་གདབ་པ་མཚུངས་པའི་ཕྱིར་འདིར་གསལ་བ་ཡིན་ནོ། །ད་ནི་གོ་རིམས་ཇི་ལྟར་བཞིན་དུ་ལན་གདབ་པའི་ཕྱིར་བཤད་པ། །དེ་ལ་མེད་པའི་མེད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ། དེ་ལ་དངོས་པོ་ཉིད་དུ་འགྱུར་ཞེས་བྱ་བ ་འདི་མི་འདོད་པའི་འགྱུར་བ་མ་ཡིན་ཏེ། འདོད་བའི་ཕྱིར་རོ་འདི་ལྟར་བ་ལང་མ་ཡིན་བའི་ངོ་བོ་བརྟལ་སོགས་པ་ལས་པ་ལང་གི་དངོས་པོའི་ཁྱད་པར་གྱི་ངོ་བོ་ཉིད་མི་འདྲ་བར་འདོད་ཀྱི་མེད་པའི་བདག་ཉིད་ནི་མ་ཡིན་ཏེ། དེས་ན་དངོས་པོ་ཉིད་དུ་འགྱུར་རོ། །བ་ལང་མ་ཡིན་པ ་ལས་ཀྱང་བ་ཡང?་མི་འདྲ་བ་འདོད་པའི་ཕྱིར་པ་ལང་མ་ཡིན་པ་ལང་དུ་ཐལ་བར་མི་འགྱུར་རོ། །གང་ཡང་མེད་པ་ལ་བག་ཆགས་མེད་པའི་ཕྱིར་ཞེས་སྨྲས་པ་དེ་ནི་མ་གྲུབ་བ་དང་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དངོས་པོ་མེད་ཡུལ་ལམ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ།། ་དངོས་མེད་པའི་ཡུལ་ལ་སེམས་པ་མེད་དོ་ཞེས་བྱ་བ་འདི་མ་གྲུབ་སྟེ། འདི་ལྟར་སེམས་པ་ནི་བཏགས་པའི་གཏམ་རྒྱུད་ཀྱི་ཡུལ་དངོས་པོ་མེད་པ་དངོས་པོའི་རྣམ་པར་སྒྲོ་བཏགས་པས་འཇུག་པ་ཡིན་ཏེ། དེ་ཡང་དོན་ལ་རིགས་མཐུན་པའི་རྣམ་པར་རྟོག་པ་མ་འོངས་པ་བསྐྱེད ་བར་བྱ་བའི་ཕྱིར། འཇུག་ཐོགས་ཀྱི་སེམས་ལ་བག་ཆགས་འཇོག་པ་ཉིད་ཡིན་ཏེ། གང་གི་ཕྱིར་ཡང་རྒྱུད་ཡོངས་སུ་སྨིན་པའི་དབང་གིས་སེད་པར་བྱེད་པའི་སྐྱོན་བསྒྲུབས་ནས་རྣམ་པ་དེ་ལྟ་བུའི་སེམས་པ་སྐྱེ་བ་ཡིན་ལ། དེ་སེལ་བ་རྣམས་ཀྱང་ཕན་ཚུན་དུ་ཐ་དད་པ་དང ་ཡོད་པའི་ངོ་བོ་ཉིད་རྟོགས་བའི་དབང་གིས་འབྱུང་བར་འགྱུར་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །ཡན་ལག་གི་དོན་ནི་གོ་སླ་བའི་ཕྱིར་རྣམ་པར་?་མ་ཕྱེའོ། །གང་ཡང། ཁྱེད་ཀྱི་དེའི་རྒྱུ་མཚན་ཅན། །སྒྲ་མི་དབྱེ་བས་རྙེད་པ་ཡིན། །ཞེས་སྨྲས་པ་དེ་ལ་།ཅི་འདྲའི་ཞེས ་བ་པ་ལ་སོགས་པ་སྨོས་ཏེ། ཅི་འདྲའི་ཞེས་བྱ་བ་ནི་གཟུགས་བརྙན་གྱི་བདག་ཉིད་དེ། དེ་ཡང་གཟུགས་བརྙན་གཞན་ལས་ཐ་དད་བར་གསལ་རབ་ཏུ་རིག་པར་བྱ་བ་ཡིན་པས་དེའི་ཕྱིར་རྒྱས་པའི་སྨྲས་པ་གང་ཡིན་པ་དེ་ཐམས་ཅད་འབྲེལ་པ་མེད་པ་ཡིན་ནོ་སྙམ་དུ་བསམ ་པ་ཡིན་ནོ། །སེལ་དག་གོ་བྱ་གོ་བྱེད་མིན། ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་ལན་འདེབས་པ་ནི་དངོས་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་སྤྱིར་ལེན?་པར་བྱེད་ན་དེའི་ཚིག་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གང་གི་ཕྱིར ་གཟུགས་བརྙན་གྱི་བ་དང། ཉིད་ཀྱི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་སེལ་བ་དག་འཁྲུལ་བས་དངོས་པོ་ཉིད་ཀྱི་བརྗོད་བྱར་ངེས་པའི་ཕྱིར་ཀུན་རྫོད་དུ་དངོས་པོ་ཉིད་ཡོད་པ་ཁོ་ནའོ། །ཅིའི་དོན་དམ་པར་དངོས་པོ་མེད་པ་ལ་བརྟེན་ནས་གཏན་ཚིགས་སུ་བརྗོད་པ་ ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་གིས་དོན་དམ་པར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཅུང་ཟད་འདོད་པ་ནི་མ་ཡིན་ནོ། །དེ་ཉིད་སྟོན་པ་ནི་དམ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱད་པར་བྱེད་པ་དང་བྲལ་ཕྱིར། ཞེས་བྱ་བ་ནི ་རང་གི་མཚན་ཉིད་སྐད་ཅིག་མ་ཉིད་ན་ཡང་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པར་བྱེད་པ་ཉིད་མེད་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་ཁོ་བོ་ཅག་དེ་ཁོ་ན་ཉིད་ཀྱི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་བའི་དངོས་པོ་འགེགས་པ་ནི་མ་ཡིན་ནོ། །འོན་ཅི་ཞེ་ན། སེལ ་བདག་གི་སྟེ་དེ་ཁོ་ན་ཉིད་དུ་དངོས་པོ་མེད་པ་ལ་བརྟེན་ནས་སེལ་བ་དག་ནི་ཀུན་རྫོབ་ཉིད་ཀྱིས་གོ་བར་བྱ་བ་དང་གོ་བར་བྱེད་བ་འགེགས་ཀྱིས། ཡང་དག་པ་པ་ནི་མ་ཡིན་ནོ། །དེས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ལ། དམ་བཅའ་བ་གྲུབ་པ་ལ་བསྒྲུབ་པའི་སྐྱོན་དུ ་འགྱུར་བ་ཡང་མ་ཡིན་ནོ། །གཉི་ག་ཡང་ཀུན་རྫོབ་དང་དེ་ཁོ་ན་ཉིད་ལ་བརྟེན་ནས་སྐྱོན་འདི་གཉིས་སུ་འགྱུར་བ་ཡིན་ནོ་ཞེ་ན། དེའི་ཕྱིར་དེའི་གོ་བྱ་གོ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་ན་གཏན་ཚིགས་མ་དེས་པ་ཉིད་ཡིན་ཏེ། རྟོག་པས་སྦྱར་བའི་དོན ་རྒྱལ་པོ་དཀར་ཆེན་ལ་སོགས་པ་དང་དེ་རྗོད་པར་བྱེད་པའི་སྒྲ་དག་ལ། དོན་དམ་པར་དངོས་པོ་ཉིད་མེད་ན་ཡང་ཀུན་རྫོབ་ཏུ་བརྗོད་བྱ་དང་བརྗོད་བྱེད་དུ་མཐོང་བའི་ཕྱིར་རོ། །དེ་སྟོན?་པ་ནི་རྟག་པས་སྦྱར་བ་ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་རྒྱལ་པོ་དཀར་ཆེན ་ལ་སོགས་པ་དེ་ལ་ཡང་དོན་དམ་སྤྱིའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡོད་པ་ཉིད་ཡིན་ཏེ། དེས་ན་དེ་དག་གིས་འཁྲུལ་པ་མ་ཡིན་ནོ། །སྙམ་དུ་དོགས་པ་བསུ་ནས། དེ་དག་བརྗོད་བྱའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱི་ནི་སྤྱི་བརྟག་པར་རྒྱས་པར་བཀག ་ཟིན་པའི་ཕྱིར། དེ་དག་ལ་བརྗོད་པར་བྱ་འམ་རྗོད་པར་བྱེད་པ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་དེས་པ་མ་ཡིན་ནོ། །དེའི་ཞེས་བྱ་བ་ནི་སྤྱིའོ། །རྗེད་བྱད་ཅེས་བྱ་བ་འདིར་ཡང་སྤྱི་ཞེས་རྣལ་མ་དང་སྦྱར་རོ། །འདི་སྙོམ་དུག་ལ་ཏེ་ཡང་དེ་ལ་དངོས་པོར ་གྱུར་པའི་བརྗོད་བྱ་མེད་མོད། རྗོད་པར་བྱེད་ནི་དཀར་ཆེན་ལ་སོགས་པའི་སྒྲ་རང་གི་མཚན་ཉིད་ཡོད་པ་ཉིད་སྙམ་དུ་སེམས་ན་དེའི་ཕྱིར། སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་ལ་ཁྱད་པའི་སྐད་ཅིག་མ་འཇིག་པ་བསྒྲུབ་ཟིན་པའི་ཕྱིར། ?་རང ་གི་མཚན་ཉིད་རྗོད་བར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། སྐད་ཅིག་འཇིག་པ་ཉིད་ཀྱིས་དེ་ལ་བརྡ་བྱེད་པ་མི་སྲིད་པའི་ཕྱིར་དང། ཐ་སྙད་ཀྱི་དུས་སུ་རྗེས་སུ་མོ་འགྲོ་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །དེ་གཉིས ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའོ། །གཟུགས་བརྙན་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཤེས་པ་རྣམ་པ་མེད་པར་ཁས་ལེན་ན་ཡང། རྣམ་པར་ཤེས་པ་དོན་མེད་པ་ལ་དོན་དུ་ཞེན་པའི་ངོ་བོ་ཉིད་རང་ལ་ཡོད་པའི་དེས་པ་གཞན་ཅུང་ཟད་ཅིག་གདོན་མི་ཟ་བར་ཁས་བླང ་བར་བྱ་དགོས་སོ་ཞེས་བསྟན་པ་ནི་ཡིན་ནོ། །དེ་དག་རྣམས་ལ་ཞེས་བྱ་བ་ནི་རྟོག་པས་བཀོད་པའི་དོན་དག་ལའོ། །དེའི་ཞེས་བྱ་བ་ནི་དེའི་ཕྱིར་རམ་དེའི་གཏན་ཚིགས་འཁྲུལ་པ་ཉིད་ནི་དེའི་འཁྲུལ་པ་ཉིད་དོ། །གང་ཞིག་བསྒྲུབ་བའི་ངོ་བོ་ཡང། སྒྲ་ཡི་དོན་དུ་ཁས་མི་ལེན་ཞེས ་བྱ་བ་འདི་ལ་སྒྲུབ་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་མི་འདོད་པར་ཐལ་བར་སྒྲུབ་པ་འདི་བྱེད་པ་ཁོ་བོ་ཅག་ཐམས་ཅད་ཀྱིས་ཐམས་ཅད་དུ་སྒྲུབ་པའི་ངོ་བོ་སྒྲའི་དོན་དུ་ཁས་མི་ལེན་པ་ནི་མ་ཡིན་ནོ། །གང་གི་ཕྱིར་སྒྲ་ལས་དོན་ངེས་པའི་ཤེས་པ་སྐྱེ་བའི ་ཕྱིར་ཀུན་རྫོབ་ཏུ་སྒྲུབ་པའི་ངོ་བོ་སྐྲའི་དོན་དུ་མངོན་པར་འདོད་པ་ཉིད་ཡིན་ལ། དེ་ཁོ་ན་ཉིད་དུ་ནི་སྒྲ་རྣམས་ལ་བརྗོད་པར་བྱ་བ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་པོའི་ངོ་བོ་འགེགས་པ་ཡིན་གྱི། སྒྲུབ་པའི་ངོ་བོ་སྒྲའི་དོན་དུ་འདོད་པའི་ཕྱིར་ཀུན ་?་བ་ནི་མ་ཡིན་ནོ། །རང་དོན་བརྗོད་ན་སྟེ། སྒྲིབ་བའི་ངོ་བོ་ཡིན་ན་གཞན་ལས་ལྡོག་བཤུགས་ཀྱིས་རྟོགས་པའི་ཕྱིར་སྒྲུབ་པ་སྔོན་དུ་འགྲོ་བའི་ལྡོག་པ་ནི་རིགས་པ་ཉིད་ཡིན་ནོ། །གལ་ཏེ་འདི་སྙམ་དུ་བསྒྲུབ་པའི་ངོ་བོ་སྒྲའི་དོན་དུ་ཁས་ལེན་པར་བྱེད་ན། ་འོ་ན་གཏན་ཚིགས་ཀྱི་སློར་མཚན་ཉིད་མཛད་པས་སྒྲུབ་པ་མི་སྲིད་དོ་ཞེས་བསྟན་པ་དེ་ཅི་ལྟར་ཞེ་ན། དེའི་ཕྱིར། སྤྱི་ལ་སོགས་པ་མི་སྲིད་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་སྤྱི་དང་རང་གི་མཚན་ཉིད་ལ་སོགས་པའི་བརྗོད་པར་བྱ་བ་དང་རྗོད ་པར་བྱེད་པ་མི་སྲིད་པའི་ཕྱིར། སྒྲ་རྣམས་དང་རྣམ་པར་རྟོག་པ་རྣམས་དངོས་སུ་ཏེ། དོན་དམ་པར་ཡུལ་མེད་པར་ཉིད་ཀྱི་ཕྱིར་དོན་དམ་པ་ལ་རྟེན་ནས་སློབ་དཔོན་གྱིས་སྒྲུབ་པ་མི་སྲིད་པར་བསྟན་ཏོ། །ཞེས་བྱ་བ་མི་འགལ་ལོ་གལ་ཏེ་གཞན་སེལ་བ་ཙམ་ཞིག་བརྗོད ་བྱ་ཉིད་དུ་ཁས་ལན་ན། ཞེས་བྱ་བ་ལ་སོགས་པ་ལ་ཨུཏཔལ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་མ་ཡིན་པ་དང་ཨུཏཔ་ལ?་མ་ཡིན་པ་ལས་ལྡོག་པའི་དོན་གྱི་རྣམ་པ་གཅིག་ཉིད་གཉི་གའི་ངོ་བོའི་གཟུགས་བརྙན་ཨུཏཔལ་སྔོན་པོའི་སྒྲ་སྐྱེད ་ཀྱི་ཡོད?་པ་ཙམ་ནི་མ་ཡིན་ནོ། །དེའི་ཕྱིར་ཞན་བའི་དབང་ཨུཏཔལ་སྔོན་པོ་ལ་སོགས་སྒྲ་རྣམས་ཀྱི་སྣ་ཚོགས་བའི་དོན་ངེས་པ་ཉིད་ཡིན་པས་དེའི་ངོ་བོར་གཞི་མཐུན་པ་ཉིད་འཐང་བ་ཡིན་ནོ་ཅི་སྟེ་གཞན་སེལ་ལྡན་དངོས་པོས། བརྗོད་བྱ་ཡིན་ཞེས་རྗེད་བྱེད་ན། །ཞེས ་གང་སྨྲས་པ་དེ་ལ། དེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལྡོག་པའི་དངོས་པོ་ལ་ལྡོག་པ་ཞེས་བྱ་བ་གཞན་ཡིན་པར་འགྱུར་ན་དེའི་ཚེ་དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར་ན། ཅི་སྲིད་དུ་ཁོ་བོ་ཅག་གི་གཞན་ལས་ལྡོག ་པའི་དངོས་པོ་ལས་ལྡོག་པ་གཞན་ནི་མ་ཡིན་གྱི་འོན་ཀྱང་ལྡོག་པའི་དངོས་པོ་ཉིད་ཁྱད་པར་གཞན་སྤངས་ཙམ་ཤེས་པར་འདོད་པ་ལ་དེ་སྐད་དུ་བརྗོད་པ་ཡིན་ནོ། །དེས་ན་ཇི་ལྟར་གཙོ་རིགས་བརྗོད་པར་བྱ་བ་ཡིན་ན་དེ་དང་ལྡན་པ་གཞན་གྱིས་དབང་གིས་བརྗོད ་པའི་ཕྱིར་དེར་རྟོགས་པའི་ཁྱད་པར་མ་འཕགས་པས་དེ་དག་དང་ལྷན་ཅིག་ཞི་མཐུན་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བ་བརྗོད་པ་དེ་ལྟར་སེལ་བའི་ཕྱོགས་ལ་མི་འཇུག་སྟེ། གཞན་སེལ་བ་དང་ལྡན་པ་ཐ་དང་ཕ་མ་བརྗོད་པའི་ཕྱིར་རོ། །དེ ་སྟོན་པ་ནི། དེས་ནི་གཞན་དབང་ཉེས་པ་སོགས། །ཞེས་བྱ་བ་ལ་སོགས་པའོ། །དེས་ན་ཤེས་བྱ་བ་ནི་དེའི་ཕྱིར་རོ། །བློ་གྲོས་བཟང་པོས་གསུངས་པ་ཡི། །ཞེས་བྱ་བ་ནི་བློ་གྲོས་རྣམ་པར་དག་བའི་སློབ་དཔོན་ཕྱོགས་ཀྱི་གང་པོས་གསུངས་པའི་གཞན་སེལ་བའི་སྒྲའི ་དོན་ལའོ། །འདི་ལ་རྒྱུ་སྨྲས་པ། ལོགས་མིན་ཕྱིར་ཞེས་བྱ་བ་ལ་གཞན་སལ་བའི་མཚན་ཉིད་ཀྱི་སྒྲའི་དོན་ཏེ་གཞན་སེལ་བའི་དངོས་པོ་ལས་ལོག་ཤིག་པ་མ་ཡིན་པའི་ཕྱིར་ཏེ། ཐ་མི་དད་པའི་ཕྱིར་ཞེས་པའི་ཐ་ཚིག་གོ་ཇི་ལྟར་གཞི་མཐུན་པ་ལ་སོགས་པ་མི ་འགལ་བ་དེ་ལྟར་བསྟན་པའི་ཕྱིར། སྔོན་པོའི་སྒྲ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྔོན་པོ་ཞེས་བརྗོད་པ་ན་སེར་པོ་ལ་སོགས་པ་ལས་ལྡོག་པའི་དངོས་པོར་ངེས་པའི་བུམ་པ་དང་ཁུ་བྱུག་དང་མིག་སྨན་ལ་སོགས་པ་ལ་ཐེ་ཚོམ་ཟ་བཞིན་བའི་ངོ་བོའི ་རྣམ་པར་རྟོག་པའི་གཟུགས་བརྙན་སྐྱེ་ལ་དེ་ཡང་ཨུཏཔ་ལའི་སྒྲས་ཁུ་བ་གལ་སོགས་པ་འམ་རྣམ་པར་བཅད་ནས་ཨུཏཔལ?་མ་ཡིན་པ་ལས་ལྡོག་པའི་ཡུལ་ཅན་དུ་རྣམ་པར་འཇོག་པ་ནི་ངེས་བའི་བདག་ཉིད་དུ་རྟོགས་པ་ཡིན་ནོ། །དེས་ན་ཕན་ཚུན་དེ་ཇི་སྐད ་དུ་བཤད་པའི་བློའི་གཟུགས་བརྙན་ལ་བལྟོས་ནས་རྣམ་པར་བཅད་པར་བྱ་བ་དང་གཅོད་པར་བྱེད་བའི་དངོས་པོ་ཡིན་པའི་ཕྱིར་སྔོན་པོ་དང་ཨུཏཔ་ལའི་སྒྲ་དག་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་མི་འགལ་ལོ། །གཉིགས་ཀྱང་སྔོན་པོ་མ་ཡིན་པ་དང་ཨུཏཔི་ལ་མ ་ཡིན་པ་ལས་ལྡག་པའི་གཟུགས་བརྙན་གྱི་བདག་ཉིད་ཀྱི་དངོས་པོ་གཟིག?་སྟོན་པར་བྱེད་པའི་ཕྱིར་དོན་གཅིག་ལ་འཇུག་པ་ཉིད་ཀྱི་གཞི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ་ཡང་ཉིད་ཀྱི་ཞེས་བྱ་བ་ནི་གནས་པ་མི་རྙེད ་པ་སྟེ། ཐེ་ཚོམ་གྱི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །སྙན་སྒྲོགས་ཞེས་བྱ་བ་ནི་ཁུ་བྱུག་གི་རྣམ་གྲངས་སོ། །ལྷག་མ་ནི་གོ་བར་ཟད་དོ། །འདི་སྙམ་དུ་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གཞི་མཐུན་པ་ལ་སོགས་པ་མི་འགལ་བ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར ་གཞན་གྱི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་བཞག་པ་ཞེས་བྱ་བ་ནི་གཞི་མཐུན་པ་ལ་སོགས་པའི་རྣམ་པར་བཞག་པའོ། །ཇི་ལྟར་འཐད་པར་དཀའ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པའི་སྒྲའི ་དོན་ཡིན་པར་སྨྲ་བའི་ཕྱོགས་ལ་སྔོན་པོ་ལ་སོགས་པའི་སྒྲ་གཅིག་ཉིད་ཀྱིས་ཨུཏཔ་ལ་ལ་སོགས་པའི་རང་གི་མཚན་ཉིད་བརྗོད་པ་ན། ཅི་ཨུཏཔ་ལ་ཡིན་ནམ་འོན་ཏེ་མིག་སྨན་ཞེས་བྱ་བ་དེ་ལྟ་བུ་ཁྱད་པར་གཞན་ལ་མ་ཤེས་པར་འགྱུར་ཏེ། དངོས་པོ་དེའི་བདག ་ཉིད་ཐམས་ཅད་ཀྱིས་བསྟན་པའི་ཕྱིར། གཅིག་ལ་གཅིག་གི་ཚེ་རྟོགས་པ་པོ་གཅིག་ལ་བལྟོས་ནས་ཤེས་པ་དང་མི་ཤེས་པ་ཉིད་འགལ་བའི་ཕྱིར་རོ་དེ་སྟན་པ་ནི། ཅིའི་ཕྱིར་ལྡོག་གཞན་ལ་བློ་མེད། །ཅེས་བྱ་བ་ལ་བློ་མེད་པ་ནི་མི་ཤེས་པ་འམ་བློ་གྲོས ་དམན་པའི་བློ་མེད་པ་སྟེ། ཐེ་ཚོམ་ཕྱིན་ཅི་ལོག་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ཐེ་ཚོམ་དང་ཕྱིན་ཅི་ལོག་མེད་པའི་ཕྱིར། ཨུཏཔ་ལ་ལ་སོགས་པའི་སྒྲ་གཞན་ལ་སྦྱོར་བ་པོ་སྦྱོར་བར་འདོད་པར་མི་འགྱུར་རོ་ཞེས་བྱ་བ་དེ་སྟན་པ་ནི། གང་གི་དོན་དུ་ཞེས ་བྱ་བ་ལ་སོགས་པ་སྟེ། གང་གི་དོན་དུ་ཞེས་བྱ་བ་ནི་བློ་མེད་པ་གང་ཞིག་བཟློག་པའི་དོན་ཏོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་དངོས་པོ་དེ་ཕྱོགས་གཅིག་གིས་བརྗོད་ཀྱི་བདག་ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །དེས་ན་རང་བཞིན་གཞན་བརྗོད་པའི ་ཕྱིར་སྒྲ་གཞན་པ་བཙལ་བར་བྱ་བ་ཉིད་ཡིན་ནོ་སྙམ་ན། དེའི་ཕྱིར་གལ་ཏེ་རྣམ་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཕྱོགས་གཅིག་བརྗོད་པར་འགྱུར་བ་དངོས་པོ་གཅིག་ལ་ཕྱོགས་གཅིག་ཡོད་པ་ནི་མ་ཡིན་ནོ། །གཅིག་དང་དུམ་ཉིད་དག ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང། བྱེད་ཀྱི་དངོས་པོ་ཕྱོགས་གཅིག་པ་ཇི་སྙེད་པ་དེ་སྙེད་བསྟན་པ་ཁོ་ནར་ཟད་པས་གཅིག་དུ་མར་འགྲུབ་པར་འགྱུར་རོ། །འདི་སྙམ་དུ་སྔོན་པོའི་སྒྲས་རྫས་བརྗོད་པ་མ་ཡིན ་ནོ། །འོ་ན་ཅི་ཞེ་ན་སྔོན་པོ་ཞེས་བྱ་བའི་ཡོན་ཏན་ནམ། དེ་དང་འདུ་བའི་སྔོན་པོ་ཉིད་ཀྱི་རིགས་ཡིན་ལ། ཨུཏཔ་ལའི་སྒྲས་ཀྱང་ཨུཏཔལ་ཉིད་ཀྱི་རིགས་ཁོ་ན་བརྗོད་ཀྱིས་རྫས་ནི་མ་ཡིན་ནོ། །དེས་ན་དོན་ཐ་དད་བརྗོད་པའི་ཕྱིར། ཨུཏཔ་ལ་སོགས་པའི་སྒྲ་གཞན་འདོད་བར་རིགས ་བ་ཉིད་དོ་སྙམ་དུ་སེམས་ན། ཨུཏཔ་ལ་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨུཏཔ་ལ་རིགས་གཞན་ཞེས་བྱ་བ་འདི་ནི་གཞན་ཡང་ཡིན་ལ་ཨུཏཔ་ལ་རིགས་ཀྱང་ཡིན་ནོ་ཞེས་བསྡུའོ། །དེས་ནས་ཞེས་བྱ་བ་ནི་ངེས་པར་བྱའོ། །ུཏཔ་ལའི་སྒྲ་ལས་ཤེས་ལྔ་བའི་སྒྲ་ཅན་ནོ།། ་ཕྱོགས་འདི་ལ་གཞི་མཐུན་པ་མི་འཐད་པ་ཚེས་གསལ་བ་ཡིན་ཏེ། བ་ཀུ་ལ་དང་ཨུཏཔ་ལའི་སྒྲ་དག་བཞིན་དུ་དོན་གཅིག་ལ་སྔོན་པོ་དང། ཨུཏཔ་ལའི་སྒྲ་དག་འཇུག་པ་མེད་པའི་ཕྱིར་རོ། །ུཏཔ་ལ་བ་ཀུ་ལ་ཞེས་བྱ་བར་འགྱུར་བ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཡང ་སྔོན་པོའི་སྒྲས་རིགས་དང་ཡོན་ཏན་དང་བྱེ་བྲག་རྗོད་པར་བྱེད་པ་དེ་ལྟ་ན་ཡང་དེའི་སྒོ་ནས་སྔོན་པོའི་ཡོན་ཏན་དང་དེའི་རིགས་དག་དང་འབྲེལ་བའི་རྫས་ཀྱང་དེས་བརྗོད་པ་ཡིན་ལ། དེ་བཞིན་དུ་དེ་ཨུཏཔ་ལའི་སྒྲས་ཀྱང་རིགས་ཀྱི་སྒོ་ནས་རྫས་དེ་ཉིད་དང་བརྗོད་པ་ཡིན ་པས་ངེས་ན་དག་དོན་གཅིག་ལ་འཇུག་པ་སྲིད་པའི་ཕྱིར་གཞི་མཐུན་བར་འགྱུར་བས་བ་ཀུ་ལ་དང་ཨུཏཔ་ལའི་སྒྲ་དག་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ཞེས་བྱ་བའི་ཡོན་ཏན་ཡང་ཡིན་ལ་སྔོན་པོ་ཉིད ་ཞེས་བྱ་བ་དེའི་རིགས་ཀྱང་ཡིན་པས་ཡོན་ཏན་དེའི་རིགས་ཏེ་དེ་དག་དང་འབྲེལ་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ུཏཔ་ལ་སྒྲ་དོན་མེད་པར་འགྱུར་ཞེས་བྱ་བ་ནི་རྫས་དེ་སྔོན་པོའི་སྒྲ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། གང་ཉིད་དེ་དག་ཅེས་བྱ་བ་ལ ་སོགས་པ་སྟེ། དེ་དག་ཅེས་བྱ་བ་ནི་ཡོན་ཏན་དང་དེའི་རིགས་དགོ། འདི་སྙམ་དུ་གལ་ཏེ་ཡང་སྔོན་པོའི་སྒྲ་ཡོན་ཏན་དེའི་རིགས་དང་ལྡན་པའི་རྫས་བརྗོད་པ་དེ་ལྟ་ན་ཡང་སྔོན་པོ་དེ་དོན་གཅིག་ལ་འཇུག་པ་མཐོང་བའི་ཕྱིར་རྟོག་པ་པོའི་བློ་ཨུཏཔ་ལའི་དོན་ལ ་ངེས་པའི་ངོ་བོར་སྐྱེ་བ་མ་ཡིན་ཏེ། ཁུ་བྱུག་ལ་སོགས་པ་ཡང་སྔོན་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དོན་གཞན་དུ་ཐེ་ཚོམ་ཟ་བ་བཅད་པའི་དོན་དུ་ཨུཏཔ་ལའི་སྒྲ་སྦྱོར་བ་དོན་དང་བཅས་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན ་ཏེ། སྐབས་ཀྱི་དོན་མི་ཤེས་པ་ཉིད་ཀྱིས་བརྗོད་པའི་ཕྱིར་རོ། །སྒྲའི་དོན་སྒྲུབ་པ་ཡིན་པའི་ཕྱོགས་ལ་གཞི་མཐུན་པ་ལ་སོགས་པ་མི་འཐད་དོ་ཞེས་བྱ་བ་འདིར་སྐབས་ཡིན་ནོ། །གལ་ཏེ་ཨུཏཔ་ལའི་སྒྲ་ཐེ་ཚོམ་བཅད་པའི་དོན་ཏུ་བརྗོད་ཀྱི་རྫས་རྟོགས་པར་བྱ ་པའི་ཕྱིར་ནི་མ་ཡིན་ན་འོ་ན་སྒྲུབ་པ་སྒྲའི་དོན་དུ་མི་འགྱུར་ཏེ། ཨུཏཔ་ལའི་སྒྲས་འཁྲུལ་པར་སྒྲོ་བཏགས་པའི་རྣམ་པར་གཅད་པ་ཙམ་ཉིད་སྟོན་པར་བྱེད་པའི་ཕྱིར་རོ། །སྔོན་པོའི་སྒྲས་ཨུཏཔལ་སོགས་པའི་རྫས་བརྗོད་ལ་ཡང་རྟོགས་པ་པོ་དེ་ལ་ངེས་པ་མི ་སྐྱེའོ?་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བ་བརྗོད་པ་ཡིན་ནོ། །གང་ལ་ཐེ་ཚོམ་སྐྱེ་བ་དེ་ནི་སྒྲའི་དོན་ཏུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ངེས་པས་ཡུལ་དུ་བྱས་པའི་དངོས་པོ་ལ་ནི་ཐེ་ཚོམ་གྱི་གོ་སྐབས་རྙེད་པ་ཡང་མ་ཡིན ་ཏེ། ངེས་པ་དང་སྒྲོ?་འདོགས་པའི་ཡིད་ནི་གནོད་བར་བྱ་བ་དང་གནོད་བར་བྱེད་བའི་དངོས་པོ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་ཡང་སྔོན་པོ་དང། ཨུཏཔ་ལའི་སྒྲ་དག་ནི་དོན་གཅིག་ལ་འཇུག་པ་མེད་མོད། དེའི་དོན་ཡོན་ཏན་དང་རིགས་དག་ནི་རྫས ་གཅིག་ལ་འཇུག་པ་ཡོད་པ་དེའི་དོན་ཅན་འདི་དག་གཞི་མཐུན་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། འདི་ནི་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ནི་གཟུགས་དང་རོའི་སྒྲ་དག་ཀྱང་གཞི་མཐུན་པར་འགྱུར་ཏེ་།དེའི་དོན་གཟུགས ་དང་རོ་དག་ནི་ས་ལ་སོགས་པའི་རྫས་གཅིག་ལ་འཇུག་པའི་ཕྱིར་རོ། །གཞན་ཡང་ཨུཏཔ་ལ་སྔོན་པོ་ཞེས་བྱ་བའི་དོན་གཅིག་གི་ཡུལ་ཅན་གྱི་བློ་དེར་ཡང་མི་འགྱུར་ཏེ། རྫས་གཅིག་ལ་འདུ་བའི་ཡོན་ཏན་དང་རྫས་ཀྱི་རིགས་དག་ནི་གཉིས་ཀྱིས ་སོ་སོར་བརྗོད་པའི་ཕྱིར་རོ། །དོན་གཅིག་གི་ཡུལ་ཅན་གྱི་ཤེས་པ་མ་སྐྱེས་པ་ན་སྒྲ་དག་གི་གཞི་མཐུན་པ་ཡོད་པ་མ་ཡིན་ནོ། །སྤྲོས་པས་ཆོག་གོ། འདི་སྙམ་དུ་གང་ཁོ་ན་སྔོན་པོའི་ཡོན་ཏན་དང་དེའི་རིགས་དག་དང་འབྲེལ་བའི་དངོས་པོ་དེ་ཉིད་ཨུཏཔ་ལའི་སྒྲས ་བརྗོད་པ་ནི་མ་ཡིན་ནོ། །འོན་ཅི་ཞེ་ན། གཞན་ཉིད་ཡིན་ཏེ་།དེས་ཨུཏཔ་ལའི་སྒྲ་དོན་མེད་པས་མི་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར། ཡོན་ཏན་དེའི་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་ན་ཞེས་བྱ་བ་འདིར་བཅད་དོ། །རྟེན་ནི་ཐ་དད་དུ་ཡང་འགྱུར། ཞེས་བྱ་བ ་ནི། གཞི་ཐ་དད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་ཅི་སྟེ་གལ་ཏེ་ཡང་རྫས་དེ་ཉིད་སྔོན་པོའི་སྒྲས་བརྗོད་ཅིང་ཨུཏཔ་ལ་ནི་སྒྲས་ཀྱང་ཡིན་ལ། སྔོན་པོའི་སྒྲས་ནི་ཨུཏཔ་ལའི་རིགས་དང་འབྲེལ་པའི་ངོ་བོས་རྫས་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔོན ་པོའི་ཡོན་ཏན་དང་དེའི་རིགས་དང་འབྲེལ་བའི་ངོ་བོ་ཉིད་ཀྱིས་ཏེ། དེས་ན་འདིའི་སྔོན་པོ་དང་ཨུཏཔལ་ཉིད་ཀྱིས་རིགས་དང་འབྲེལ་བའི་ངོ་བོ་ཉིད་བརྗོད་པར་འདོད་ནས་ཨུཏཔ་ལའི་སྒྲ་འཇུག་པ་ན་དོན་མེད་པར་མི་འགྱུར་རོ་ཞེས་བྱ་བ་འདི་དོགས་པ་བསུ་ནས་ལན ་འདེབས་བ་ནི་ཅི་སྟེ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཅི་སྟེ་སྔོན་པོ་ཞེས་བྱ་བའི་སྒྲ་ཨུཏཔལ་ཉིད་དང་འབྲལ་བའི་ངོ་བོ་ཉིད་ཀྱིས་ཡོན་ཏན་དང་དེའི་རིགས་དང་འབྲེལ་བའི་རྫས་མི་བརྗོད་ན་ཞེས་འབྲེལ་ཏེ། །དེ་ནི་ཡང་དག་བ་མ་ཡིན་ཏེ། །གང་གིས་སྔོན ་པོ་དང་དེའི་རིགས་དང་འབྲེལ་བའི་ངོ་བོ་ཉིད་བརྗོད་པ་ནི་ཨུཏཔ་ལ་ཉིད་ཀྱི་རིགས་དཔའ་བྲེལ་པའི་ངོ་བོ་ཉིད་ཀྱིས་རྫས་བརྗོད་པར་མི་འགྱུར་བ་སྔོན་པའི་ཡོན་ཏན་དེའི་རིགས་དང་འབྲེལ་བའི་ངོ་བོ་ཉིད་ལས་ཨུཏཔ་ལ་ཉིད་ཀྱིས་རིགས་དང་འབྲེལ་བའི་ངོ་བོ་ཉིད ་གཞན་ཉིད་ནི་མ་ཡིན་ཏེ། ཅི་ཙམ་དུ་རྫས་གཅིག་ལས་འབྲེལ་པ་ཅན་ཉིད་ཀྱི་ངོ་བོ་ཉིད་གོང་ཡང་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་དེ་དག་ཀྱང་གཅིག་ཉིད་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། ངོ་བོ་གཅིག་བརྗོད་པ་ན་ངོ་བོ་གཞན་མ་བརྗོད་བའི་ཕྱིར་རོ། ་གཞན་ཡང་ཁས་བླངས་ནས་ཀྱང་བརྗོད་དེ། ཨུཏཔ་ལ་ཉིད་དང་འབྲེལ་པའི་ངོ་བོ་ཉིད་ནི་སྔོན་པོ་དང་དེའི་རིགས་དང་འབྲེལ་བའི་རང་བཞིན་ལས་གཞན་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཨུཏཔ་ལའི་སྒྱུ་ནི་དོན་མེད་པ་ཉིད་ཡིན་ཏེ། འདི་ལྟར ་ཨུཏཔ་ལ་དང་འབྲེལ་བའི་དངོས་པོའི་ཆི་གང་ཡིན་པ་དེ་ཉིད་སྔོན་པོའི་ཡོན་ཏན་དང་དེའི་རིགས་དག་གཉི་ག་དང་འབྲེལ་གྱི་གཞན་ནི་མ་ཡིན་ནོ། །དེ་ཡང་ཆ་མེད་པའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་སྔོན་པོའི་སྒྲ་ཉེད་ཀྱིས་བརྗོད་ལ་ངེས་པའི་བདག་ཉིད་ཀྱི་སྒྲ་ལས། ་བྱུང་བའི་བློས་ཀྱང་ཡུལ་དུ་བྱས་པའི་ཕྱིར་གང་ཞིག་བརྗོད་པའི་དོན་དུ་ཨུཏཔ་ལའི་སྒྲ་དོན་དང་བཅས་པར་འགྱུར་བ་འདིའི་རང་གི་ངོ་བོ་མ་བརྗོད་པ་གཞན་ཅི་ཞིག་ཡོད། འོད་བྱེད་པས་སྨྲས་པ། ཆ་མེད་པའི་དངོས་པོ་ལ་བདག་ཉིད་ཐམས་ཅད་ཀྱིས་ཡུལ ་དུ་བྱས་ཀྱི་ཡུལ་ཆ་ཤས་ཀྱིས་ནི་མ་ཡིན་ན་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་འཇུག་པ་མ་ཡིན་ཏེ། ཐམས་ཅད་ཀྱི་སྒྲ་ནི་དོན་དུ་མའི་ཡུལ་ཅན་ཡིན་པའི་ཕྱིར་དང། གཅིག་གི་སྒྲ་ནི་ཆ་ཤས་ལ་འཇུག་བའི་ཕྱིར་རོ། །ཞེས་བྱ་བ་འདི་དོགས་པ་བསུ་ནས་ཡིན ་འདེབས་པ་ནི། གལ་ཏེ་ཞེས་བྱ་བའོ། །ཆ་ཤས་ལས་གྲོལ་ཞེས་བྱ་བ་ནི་ཆ་མེད་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །མ་ལུས་ཆའི་རྣམ་རྟོག་ཅེས་བྱ་བ་ནི་བདག་ཉིད་ཐམས་ཅད་ཀྱི་ཡུལ་དུ་བྱས་ཀྱི་ཕྱོགས་གཅིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ ་དེ་ལྟ་བུ་མ་ལུས་པ་དང་ཆ་དག་གིས་རྣམ་པར་རྟོག་པ་ནི་མ་ལུས་པ་ཆའི་རྣམ་རྟོག་གོ། འདི་ནི་དག་གི་དོན་ཡོངས་སུ་མ་ཤེས་ནས་བརྗོད་པ་ཡིན་ཏེ། འདི་ལྟར་དང་པོ་ཉིད་དུ་སྔོན་པོའི་སྒྲས། བདག་ཉིད་ཐམས་ཅད་ཀྱིས་དེ་བསལ། ཞེས་བྱ་བའི ་དོན་འདི་བརྗོད་པར་འདོད་པ་ཡིན་ཏེ། དེའི་དངོས་པོ་ཅི་འདྲ་བ་དེ་འདྲ་བ་ཉིད་བརྗོད་པ་ཡིན་གྱི་གང་ཞིག་བརྗོད་པའི་དོན་དུ་སྔོན་པོའི་སྒྲ་སྦྱོར་བར་བྱེད་པ་དེའི་རང་བཞིན་འགའ་ཞིག་དོར་བ་ནི་མ་ཡིན་ཏེ། དངོས་པོ་དེ་ནི་ཆ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ཚིག་གི ་དོན་ཙམ་ཡིན་ནོ། །དེ་བཞིན་དུ་ཇི་ལྟར་ཨུཏཔ་ལའི་སྒྲ་དོན་མེད་པ་དེ་ལྟར་སྒྲའི་མི་རྟག་པ་ལ་སོགས་པ་གཞན་དག་ཀྱང་སྦྱོར་བ་དེོན་མེད་པར་འགྱུར་རོ། །སྦྱོར་བ་ཡིན་ན་ཡང་རྣམ་གྲངས་པ་ཉིད་དུ་འགྱུར་ཏེ་ཤིང་དང་རྩ་བས་འཐུངས་པ་ལ་སོགས་པའི་སྒྲ་བཞིན་ནོ་ཞེས་པ་བསྒོ་བར་བྱ་བའི ་ཕྱིག། རྣམ་པ་འདི་དག་ཉིད་ཀྱི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པ་ཞེས་བྱ་བ་ནི་སྦྱོར་བའོ། །བརྗོད་ན་ཞེས་བྱ་བ་ནི་སྨྲ་ནའོ། །དེ་ནི་གཞན་དུ་དངོས་པོ་གཅིག་པུ་ལ། །སྒྲའམ་བློ་གཅིག་གིས་ཁྱབ་ན། །གཞན་ཡུལ་མ་ཡིན་དེ་ཡི་ཕྱིར། །རྣམ་གྲངས་པ་ནི་ཉིད་དུ་འགྱུར ་ཞེས་བཤད་དོ། །འདི་སྙམ་དུ་ཁྱེད་ཀྱི་ཕྱོགས་ལ་ཡང་སྐབས་ཅིག་གིས་བརྗོད་པའི་དངོས་པོའི་ཁྱད་པར་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་མེད་པར་ཐལ་བ་དང། སྒྲ་གཞན་མི་འཇུག་པར་ཐལ་བར་ཅིའི་ཕྱིར་མི་འགྱུར་སྙམ་དུ་སེམས་ན། དེའི་ཕྱིར་ཁོ་བོ་ཅག་ནི་ཞེས་བྱ་བ་ལ་སོགས་པ ་སྨོས་སོ། །དེ་དག་གཉིས་ཀྱིས་ཞེས་བྱ་བ་ནི་སྒྲ་དང་ཤེས་པ་དག་གིས་སོ། །ཕྱི་མ་ཞེས་བྱ་བ་ནི་དུས་ཕྱིས་སོ། །ཅི་སྟེ་སྒྲའི་དོན་ཀུན་རྫོབ་བ་ལ་ཡང་ཅིའི་ཕྱིར་གཞི་མཐུན་པ་ལ་སོགས་པ་མེད་པའི་སྐྱོན་འདི་འབྱུང་བར་མི་འགྱུར་ཞེ་ན། དེའི་ཕྱིར། སྒྲ་ཡིས་རྣམ་རྟོག ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོའི་སྒྲས་ཆེས་དང་པོར་སྔོན་པོ་མ་ཡིན་པའི་དངོས་པོ་ལས་ལྡོག་པའི་ཨུཏཔལ་སོགས་པ་ལ་ཡིད་གཉིས་ཀྱིས་ངོ་བོ་ཉིད་ཀྱིས་དེ་དག་མི་སྤོང་བ་ཕྱི་རོལ་གྱི་ཨིངོ་བོར་ཞེན་བའི་རྣམ་པར་རྟོག་བའི་གཟུགས་བརྙན་སྐྱེད་བར་བྱེད་ལ ་ཡང་ཨུཏཔ་ལའི་སྒྲས་དེ་ཉིད་ཨུཏཔ་ལ་མ་ཡིན་པ་ལས་ལྡོག་པའི་ཕྱི་རོལ་གྱི་དངོས་དང་གཅིག་གི་ངོ་བོ་སྒྲོ་འདོགས་པ་སྐྱེའོ། །དེའི་ཕྱིར་རིམ་པ་དེས་སྔོན་པོ་མ་ཡིན་པ་དང་ཨུཏཔལ་མ་ཡིན་པ་ལས་ལྡོག་པའི་ཕྱི་རོལ་དང་གཅིག་གི་ངོ་བོར་ཞེན་པའི་འཁྲུལ་པའི་རྣམ་པར་རྟོག་པའི ་གཟུགས་བརྙན་བསྐྱེད་བའི་ཕྱིར་དེའི་ངོར་བྱས་ནས་ཀུན་རྫོབ་ཏུ་གཞི་མཐུན་པ་ལ་སོགས་པར་རིགས་པ་ཉིད་ཡིན་ནོ། །དེའི་ཕྱིར་དོན་དམ་པར་མི་རིགས་པ་ཡིན་ཞེ་ན། དམ་པའི་དོན་དུ་ཞེས་བྱ་བ་སོགས་པ་སྨོས་སོ། །རྟགས་དང་གྲངས་སོགས་འབྲེལ་པ་ནི།། ་སེལ་བ་ལ་ནི་ཡོད་མ་ཡིན། །ཞེས་གང་སྨྲས་པ་འདི་ནི། རྟགས་དང་གྲངས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་དང་གྲངས་ལ་སོགས་པ་འདི་དག་ནི་དངོས་པོའི་ཆོས་ཉིད་དུ་མ་གྲུབ་སྟེ། རང་དབང་ཅན་མི་འདོད་པས་བཀོད ་པའི་བརྡ་ཙམ་ལས་བྱུང་བའི་ཕྱིར་རོ། །བསལ་བ་རྣམས་ལ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ལས་སེལ་བ་ཡང་ངོ། །སྦྱོར་བ་ནི་གང་ཞིག་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མ?་བྱེད་པ་དོན་དེའི་ཆོས་ཅན་མ་ཡིན་ཏེ། མ་རེ?་གྲང་བ་ཉིད་བཞིན་ནོ། །རྟགས ་དང་གྲང་བ་ལ་སོགས་པ་ཡང་དངོས་པོའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་དོ་ཞེས་བྱ་བ་ནི་ཁྱབ་པ་བྱེད་པ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཛའ་ལ་འགྲམ་པ་དོགས་རྣམས་ཀྱིས། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྟགས་དངོས་བོར་རྟོག་པའི་ཆོས་ཡིན་ན་དེའི་ཚེ་འགྲམ་ཞེས་བྱ་བ་འདི་དངོས་པོ་གཅིག་ལ། འགྲམ་པ་དང་མཛའ་མ་དང་དོགས་ཞེས་བྱ་བའི་རྟགས་གསུམ་དང་ལན་པའི་སྒྲ་འཇུག་པས་དངོས་པོ་གཅིག་ངོ་བོ ་གསུམ་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ལ་ཕོ་དང་མོ་དང་མི་ནང་ཞེས་བྱ་བའི་རང་བཞིན་གསུམ་རིགས་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བའི་ཆོས་དང་ལྡན་པ་ཡང་གཅིག་ཉིད་ན་སྣ་ཚོགས ་ཐམས་ཅད་གཅིག་ཉིད་དུ་འགྱུར་ཏེ། དེ་ལྟ་ཡིན་དང་ལྷན་ཅིག་སྐྱ་བ་དང་འཛིག་པར་ཐལ་བར་འགྱུར་རོ། །གཞན་ཡང་དངོས་པོ་ཐམས་ཅད་སྒྲ་གཅིག་གིས་སམ་སྒྲ་གཞན་གྱིས་རྟགས་གསུམ་སྙོན་པར་མཐོང་བའི་ཕྱིར། དེའི་ཡུལ་ཅན་གྱི་ཤེས་པ་ཐམས ་ཅད་ནོར་བུ་གཟིལ་སོགས་པ་བཞིན་དུ་ཁྲ་བོར་སྣང་བར་ཐལ་བར་འགྱུར་རོ། །ཡང་ཅི་སྟེ་དངོས་པོ་ཐམས་ཅད་རྟགས་གསུམ་དང་ལྡན་པ་ཡིན་ན་ཡང་སྟོན་པ་པོ་ངོ་བོ་གང་ཞིག་བརྗོད་པར་འདོད་པ་དེ་ཙམ་ཞིག་བརྗོད་པར་འདོད་པའི་དབང་གིས་སྣང་བའི་ཤེས་པ ་འབྱུང་བར་འགྱུར་གྱི། ཁྲ་བོར་སྣང་བ་ནི་མ་ཡིན་ནོ་སྙམ་ན། དེའི་ཕྱིར། བརྗོད་འདོད་རྗེས་སུ་བྱེད་ན་ཡང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་འདོད་པའི་རྗེས་སུ་བྱེད་པ་ཉིད་ཡིན་ན་ཡང་སྟེ་།ཤེས་པ་རྣམས་ཀྱིས་ཞེས་བྱ་བ་ལྷག་མའོ། །གལ་ཏེ་བརྗོད་པར? ་འདོད་པས་གཅིག་གི་ངོ་བོ་ལས་སེམས་པ་གཅིག་གི་ངོ་བོར་འགྱུར་རོ། །ཞེས་ཁས་ལེན་པར་བྱེད་ན། དེའི་ཚེ་ཤེས་པ་དེ་དག་དངོས་པོ་གསུམ་གྱི་བདག་ཉིད་ཀྱི་ཡུལ་ཅན་དུ་མི་འགྱུར་ཏེ། དེའི་རྣམ་པས་སྟོང་པའི་ཕྱིར་མིག་གིས་རྣམ་པར་ཤེས་པའི་ཡུལ་དུ་སྒྲ་བཞིན ་ན། །དེའི་དབང་གིས་ཞེས་བྱེ་བ་ནི་བརྗོད་པར་འདོད་པའི་དབང་གིས་སོ། །གང་ཡང་འདི་སྙམ་དུ་འཇིག་པ་དང་སྐྱེ་བ་དང་གནས་པ་དང་རྣམས་ལ་གོ་རིམས་བཞིན་དུ་མོ་དང་ཕོ་དང་མ་ནིང་ཉིད་དུ་རྣམ་པར་གཞག་པ་ཞེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས ་བསྟན་པའི་ཕྱིར་གལ་ཏེ་གནས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་བར་གྱུར་ན་ཞེས་བྱ་བ་འདིར་ག?་དོ། །གལ་ཏེ་གནས་པ་ལ་སོགས་པ་ལ་བརྟེན་པའི་རྟགས་རྣམས་གནས་པ་སྟེ། རྟགས་རྣམ་པར་བཞག་པར་འགྱུར་ན་དེའི་ཚེ་འགྲམ་དང་ཁུ་གུ་རྒྱུར ་ལ་སོགས་པ་བཞིན་དུ་དངོས་པོ་ཐམས་ཅད་ལ་རྣམ་པར་མ་ཕྱེ་བར་རྟགས་གསུམ་དུ་འགྱུར་ཏེ། ཐམས་ཅད་ལ་འགྲམ་ལ་སོགས་པ་བཞིན་དུ་གནས་པ་ལ་སོགས་པ་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འགྲམ་པ་དང་མཛའ་མེ་དང་དོགས་ཞེས་བྱ་བ་ལ་སོགས་པ ་ལ་ཡང་རྟགས་གསུམ་དུ་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མཚན་ཉིད་ཧ་ཅང་ཐལ་བའི་སྐྱོན་ཡིན་ནོ། །འཁྲུལ་པས་མཐོང་བའི་ཕྱིར་ཡང་མ་ཁྱབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རི་བོང་གི་?་སོགས ་པ་མེད་པའི་ངོ་བོ་དག་ལ་གནས་པ་ལ་སོགས་པ་མེད་ན་ཡང་མེད་པ་དང་ཉེ་བར་བརྗོད་པ་མེད་པ་དང་གསོལ་བ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་གིས་རྟགས་གསུམ་སྟོན་པར་མཐོང་བའི་ཕྱིར་རྟགས་ཀྱི་རྣམ་པར་བཞག་པ་མ་ཁྱབ་པ་མ་ཡིན་ནོ། །འདི་ལས་ཀྱང་མ ་ཁྱབ་པ་ཡིན་ཏེ། གནས་པ་ལ་སོགས་པ་དེ་དག་ཉིད་རེ་རོལ་རྟགས་གསུམ་དང་ལྡན་པའི་སྒྲ་འཇུག་པར་མཐོང་བའི་ཕྱིར་ཏེ། འདི་ལྟར་སྐྱེ་བ་ནི་འབྱུང་བ་ལ་བརྗོད་དོ། །འཇིག་པ་ནི་ཉམས་པའོ་བདག་གི་རང་གི་ངོ་བོ་ནི་གནས་པའི་དེ་ལ་སྐྱེ་པ་དང་གནས ་པ་དང་འཇིག་པ་མེད་པའི་ཕྱིར། ཇི་ལྟར་སྐྱེད་པ་དང་འབྱུང་བ་དང་སྐྱེ་པ་ཞེས་བྱ་བ་ལ་སོགས་པ་མོ་དང་ཕོ་དང་མ་ཉིད་གི་རྟགས་ཀྱི་སྒྲ་འཇུག་པར་འགྱུར་རོ། །དེ་བཞིན་དུ་འཇིག་པ་ལ་གནས་པ་དང་སྐྱེ་པ་དག་མེད་པའི་ཕྱིར་ཇི་ལྟར་འཇིག་པ་དང་ཞིག་པ་དང་ཞམས ་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་གིས་བསྟན་པར་འགྱུར། ཡང་གི་སྒྲས་ནི་འཇིག་པ་ཞེས་བྱ་བ་ཡང་རང་གི་སྒྲས་ཇི་ལྟར་སྟོན་ཞེས་སྟོན་པ་ཡིན་ནོ། །དེ་བཞིན་དུ་གནས་པ་ལ་འཇིག་པ་དང་སྐྱེ་བ་མེད་པའི་ཕྱིར་དང། གནས་པ་དང་རང་བཞིན་པ?་སོགས་པའི ་སྒྲ་དག་གིས་གནས་པ་དེ་རྒྱུ་གང་གིས་ཤེས་བརྗོད་པར་བྱ་དགོས་སོ། །ཅི་སྟེ་ཡང་གནས་པ་ལ་སོགས་པ་འདི་དག་ཕན་ཚུན་རྣམ་པར་དབྱེ་བ་མེད་པའི་ངོ་བོ་ཡིན་པའི་ཕྱིར་འདི་དག་རེ་རེ་ལ་རྟགས་གསུམ་དང་ལྡན་པ་ཉིད་དུ་འགྱུར་རོ་སྙམ་ན་།དེའི་ཕྱིར་ཅི་སྟེ་འདི་དག ་དབྱེར་མེད་པའི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་དག་ཕན་ཚུན་དུ་དབྱེ་བ་མེད་པའི་ངོ་བོར་གྱུར་ན་དེའི་ཚེ་དོན་དམ་པར་རྟགས་གཅིག་ཁོ་ནར་འགྱུར་གྱི་རྟགས་གསུམ་ནི་མ་ཡིན་ནོ། །གཞན་དག་ན་རེ་གལ་ཏེ་མོ་ལ་སོགས་པའི་དབྱིང་དང་ཁྱད་པར་རྣམས ་ནི་བ་ལང་ཉིད་ལ་སོགས་པ་བཞིན་ནོ་ཞེས་ཟེར་བ་དེ་ལ། གལ་ཏེ་མོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་སྤྱི་བརྟག་པར་སྤྱི་དན་བྱེ་བྲག་བསལ་ཟིན་པའི་ཕྱིར་རོ། །དེའི་ངོ་བོ་མི་ཉིད་ལ་སོགས་པ་མི་སྲིད་པའི་ཕྱིར་མཚན་ཉིད་མི་སྲིད་པ་ཡིན་ནོ།། ་གཞན་ཡང་སྤྱི་དང་བྱེ་བྲག་དེ་དག་ཉིད་ལ་སྤྱི་དང་བྱེ་བྲག་གཞན་མེད་ན་ཡང་རིགས་དང་ཡོད་པ་དང་སྤྱི་ཞེས་བྱ་བ་ལ་སོགས་པའི་མོ་དང་ཕོ་དང་མ་ནིང་གི་རྟགས་ཀྱི་སྒྲ་འཇུག་པར་མཐོང་བའི་ཕྱིར་མཚན་ཉིད་མ་ཁྱབ་པ་ཡིན་ནོ་ཞེས་སྟོན་པ་ནི། རིགས་དང ་ཡོད་དང་ཞེས་བྱ་བ་ལ་སོགས་པའོ། །སྤྱི་རྣམས་ལ་ཡང་གཞན་པ་ཡི། །སྤྱི་ནི་རིགས་པ་མ་ཡིན་ནོ། །ཞེས་བྱ་བ་ནི་སྤྱི་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་པའི་ཕྱིར་རོ། །འདི་ཡང་བྱེ་བྲག་པའི་གྲུབ་པའི་མཛའ་ལ་བརྟེན་ནས་བརྗོད་པ་ཡིན་གྱི་གང་གི ་ཚེ་བརྡ་སྤྲོད?་པ་པོ་རྣམས་ཀྱི་སྤྱི་ལ་ཡང་སྤྱི་གཞན་ཡོད་དོ་ཞེས་འདོད་དེ། ཇི་སྐད་དུ་།དོན་གྱི་རིགས་ནི་བརྗོད་ན་ཡང། །ཐམས་ཅད་རིགས་ནི་རྗོད་བྱེད་ཡིན། །གང་ཕྱིར་དངོས་རྣམས་བྱ་བ་ཡི། །མཚན་ཉིད་དུ་ནི་གནས་པ་ཡིན། །ཞེས་བཤད་དོ། །བསྟན་བཅོས་གཞན ་དུ་མཐོང་བའི་རིགས་རྣམ་པར་བཞག་པའི་དེས་པ་ནི་བརྡ་སྤྲོད་པ་རྣམས་ཀྱིས་ཁས་བླང་བར་བྱ་བ་མ་ཡིན་ཏེ། རིགས་རྣམས་ཀྱིས་ཤེས་པ་དང་བརྗོད་པའི་རྗེས་སུ་འགྲོ་བའི་བྱ་བའི་འབྲས་བུ་དཔག་པའི་ངོ་བོ་ཡིན་ཏེ། དེ་དག་ལ་དེས་པ་འགའ་ཡང་ཡོད་པ་མ ་ཡིན་ནོ། །དེས་ན་ཇི་སྐད་དུ་བཤད་པའི་འབྲས་བུ་མ་མཐོང་བའི་ཕྱིར་སྤྱི་འི་རྟོན་གྱི་རིགས་ནི་རིགས་མཐུན་པ་ཞེས་བྱ་བའི་སྒྲའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བ་ནི་བྱ་བའི་མཚན་ཉི་ཅན་ཡིན་ཏེ། བརྗོད་པ་དང་ཤེས་པའི་བྱ་བས་རྣམ་པར་བཞག་པའི་མཚན ་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱི་གསལ་བ་ཡང་དེ་འདྲག་དེ་དག་བསལ་བ་ཁོ་ན་ཡིན། ཞེས་དེ་མ་ཐག་པའི་སྐྱོན་ཉིད་ཡིན་ནོ། །ཐུན་མོང་བའི་སྐྱོན་འདི་ཡང་བཤད་པ། མེད་དང་ཞེས་བྱ་བ་ལ་སོགས་པ་སྟེ། རི་བོང་གི་རྭ་ལ་སོགས་པ་མེད་པ ་དག་ལ་རིགས་ཡོད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །དེས་ན་དེ་དག་ལ་མེད་པ་ལ་སོགས་པའི་སྐྲ་སྦྱར་བར་མི་འགྱུར་རོ། །དེ་ལྟ་བས་ན་རྟགས་རྣམ་པར་བཞག་པ་ནི་མ་ཁྱབ་པ་ཅན་ཡིན་ནོ། །དེས་ན་རྟགས་གསུམ་རྣམ་པར ་བཞག་པ་འདི་ནི་འདོད་པས་སྦྱོང་བའི་བརྡ་ཙམ་ལས་བྱུང་བ་ཉིད་ཡིན་ནོ་ཞེས་བྱ་བ་གྲུབ་བོ། །གྲངས་ཀྱང་དངོས་པོར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མེད་པར་བསྟན་པའི་ཕྱིར་གྲངས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གྲངS ་ཀྱང་བརྡ་ལས་བྱུང་བ་ཉིད་ཡིན་གྱི་དངོས་པོ་པ་ནི་མ་ཡིན་ཏེ། བཙུན་མོ་རྣམས་ལ་སོགས་པ་དག་ལ་དངོས་པོ་ཐ་དད་པ་མེད་ཀྱང་བརྗོད་པར་འདོད་པའི་དབང་གིས་ཉེ་བ་?་བརྟོགས་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ ་འདི་ལྟར་མང་པོ་ཉིད་དང་གཅིག་ཉིད་ལ་སོགས་པའི་གྲངས་ནི་དངོས་པོར་གཏོགས་པའི་ཐ་དད་པ་དང་ཐ་མི་དད་པའི་མཚན་ཉིད་ཅན?་ཡིན་ལ། དེ་ལ་ཆུ་རྣམས་དང། བཙུན་མོ་རྣམས་དང། ཕྱེ་མ་རྣམས་དང་།ཚར་བ་རྣམས་ཞེས་བྱ་བ་ལ་སོགས་པ་ལ ་དངོས་པོ་ཐ་དད་པ་མེད་ན་ཡང་མང་པོ་ཉིད་ཀྱི་གྲངས་འཇུག་ཅིང། དེ་བཞིན་དུ་ནགས་དང། ས་ཕུག་དང། འགྲོ་བ་དང། གྲོང་ཁྱེར་དྲུག་ཅེས་བྱ་བ་ལ་སོགས་པ་ལ་དོན་ཐ་དད་པ་ཡོད་ན་ཡང་གཅིག་ཉིད་ཀྱི་གྲངས་སུ་སྟོན་པ་ཡིན་ནོ། །དེའི་ཕྱིར་གཏན་ཚིག ་མ་གྲུབ་པ་མ་ཡིན་ལ། མ་དེས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་ཀྱི་ཆོས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །གལ་ཏེ་བསལ་བ་དང་ཞེས་བྱ་བ་ལ་སོགས་པས ་གཞོན་ནུ་མ་ལེན་གྱི་ལུགས་ཀྱི་གཏན་ཚིགས་མ་དེས་པ་ཉིད་དུ་དགོས་པ་བསུ་བ་སྟེ། དེས་སྨས་བ་བཙུན་མོ་རྣམས་ལ་སོགས་པའི་སྒྲ་རེས་འགའ་རིགས་ལ་སྦྱོར་ལ། རེས་འགའ་ནི་གསལ་བ་ལ་སྦྱོར་ཏེ། དེ་ལ་གང་གི་ཚེ་རིགས་ལ་ཡིན་པ་དེའི་ཚ? ་གསལ་བར་རྟོགས་པའི་གྲངས་བླངས་ནས་འཇུག་སྟེ། གསལ་བ་རྣམས་ཀྱང་བུད་མེད་མང་པོ་ཡིན་ནོ། །གང་གི་ཚེ་གསལ་བ་ལ་སྦྱོར་བ་དེའི་ཚེ་གསལ་བདེའི་ཆ་ཤས། ལག་པ་དང་སྐད་པ་ལ་སོགས་པ་མང་པོ་ཉིད་ཀྱི་གྲངས་བླངས་ནས་འཇུག་གོ ་ནགས་ཀྱི་སྒྲས་དབ?་དང་སང་ལྡེང་དང་པ་ལ་ཤ་ལ་སོགས་པའི་མཚན་ཉིད་ཀྱིས་གསལ་བ་རྣམས་དེ་དང་འདུ་བའི་ཤིང་ཉེད་ཀྱི་རིགས་སུ་གཏོགས་པའི་གྲངས་ཀྱི་ཁྱད་པར་ཅན་སྟོན་པར་བྱེད་པ་ཡིན་ཏེ། དེས་ན་ནགས་ཞེས་གཅིག་གི་ཚིགས? ་འགྱུར་ཏེ། རིགས་སུ་རྟོགས་པའི་གྲངས་གཅིག་གི་ཁྱད་པར་ཅན་གྱི་རྫས་བརྗོད་པའི་ཕྱིར་རོ། །ཡང་ན་རྟ་ལ་སོགས་པའི་གསལ་བ་ལ་བརྟེན་པའི་རིགས་ཉིད་ནགས་ཀྱི་སྒྲས་བརྗོད་དོ། །དེས་ན་གཅིག་གི་ཚིག་ཏུ་འགྱུར་བ་ཡིན་ཏེ་རིགས་གཅིག་ཡིན་པའི ་ཕྱིར་རོ། །ཞེའོ། འོན་ཏེ་རྣམ་པ་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་རྣམ་པ་འདིས་བཤད་དང་བུམ་པ་ཞེས་བྱ་བ་ལ་སོགས་པ་གཅིག་གི་ཚིག་ཐམས་ཅད་ཉམས་པར་འགྱུར་བ་ནི། ཆད་པར་འགྱུར་བ ་སྟེ་ཐམས་ཅད་དུ་རིགས་པ་འདི་མཚུངས་པའི་ཕྱིར་རོ། །འདི་ལྟར་འདི་ལ་ཡང་དེ་ལ་རིགས་དང་གསལ་བ་ལ་གལ་ཏེ་ཤིང་ལ་སོགས་པ་སྦྱོར་རོ། །ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་བརྗོད་པར་ནུས་སོ། །ཅི་སྟེ་ཤིང་ལ་སོགས་པ་གཞན་དུ་བསལ་བ་དང ་ཡན་ལག་རྣམས་ལ་གྲངས་སུ་བརྗོད་པར་འདོད་པ་མེད་པར་འདོད་ན་གལ་ཏེ་དེ་ལྟ་ན་དངོས་པོར་རྟོགས་པའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་བྱེད་པའི་གྲངས་མེད་དེ་བརྗོད་པར་འདོད་པ་ཁོ་ནའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ལྟ ་ཡིན་དང་བརྗོད་པར་འདོད་པ་དེ་ཉིད་བཙུན་མོ་ནམས་ཞེས་བྱ་བ་ལ་སོགས་པ་ལ་མང་པོའི་ཚིག་འདིའི་རྒྱུ་མཚན་ཡིན་ལ་རིག་མོད་ཐ་དད་པ་མེད་ན་ཡང་དངོས་པོ་གཅིག་ཀྱང་མང་པོ་ཉིད་ཀྱི་བརྗོད་པར་འདོད་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། ་གང་ཡང་སྔགས་ཀྱི་སྒྲ་ཡང་གསལ་མང་པོ། །རིགས་དང་གྲངས་ཀྱི་ཁྱད་པར་རམ། །ཞེས་གང་སྨྲས་པ་དེ་ལ་རིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ལ་ནི་གྲངས་ཡོད་པ་མ་ཡིན་ཏེ། དེ་ནི་རྫས?་ལ་བརྟེན་པའི་ཕྱིར་རོ། །ཅི་སྟེ་དེ་ལྟར ་བྱེ་བྲག་པའི་གྲུབ་པའི་མཛའ་ལ་མི་བརྟེན་པ་དེའི་ཚེ་གྲངས་མེད་པ་ན་དེས་ཇི་ལྟར་བ་ལ་སོགས་པའི་གསལ་བ་ཁྱད་པར་ཅན་དུ་འགྲུབ་པར་འགྱུར། འདི་སྙམ་དུ་འབྲེལ་བ་དང་འབྲེལ་བ་ལས་སམ་དེ་དང་འབྲེལ་བ་ལས་འགྲུབ་པ་ཡིན་ཏེ། འདི་ལྟར ་གང་གི་ཚེ་གྲངས་རིགས་དང་ཐ་དད་པ་དེའི་ཚེ་བ་ལ་སོགས་པ་གསལ་བ་རྣམས་གྲངས་གཅིག་ཉིད་དང་འབྲེལ་པའི་རིགས་དང་འབྲེལ་བའི་ཕྱིར། བརྒྱད་པས་དེ་རྡ་བ་ལ་སོགས་པའི་གསལ་བ་ཁྱད་པར་དུ་བྱེད་བ་ཡིན་ནོ། གང་གི་ཚེ་གྲངས་རིགས ་དང་ཐ་མི་དད་པ་ཉིད་ཡིན་པ་དེའི་ཚེ་དངོས་སུ་འབྲེལ་བའི་ཕྱིར། དེས་ཁྱད་པར་དུ་བྱེད་པས་དེའི་ཕྱིར་རིགས་དང་གྲངས་ཀྱི་བྱད་བར་ཅན་དུ་གྲུབ་བོ། །གལ་ཏེ་དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་བས་ལན་འདེབས་པར་བྱེད་དེ་གལ་ཏེ་འབྲེལ་བ་དང་འབྲེལ་བ་ལས་སམ ་དེ་དང་འབྲེལ་བ་ལས་རྡ་བ་ལ་སོགས་པའི་གསལ་བ་རྣམས་ལ་ནགས་ཀྱི་སྒྲ་འཇུག་པ་དེའི་ཚེ་ཤིང་གཅིག་ཀྱང་དེ་ལྟར་ནགས་ཞེས་བརྗོད་པར་འགྱུར་ཏེ། འཇུག་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། །འདི་ལྟར་རྡབ་ལ་སོགས་པ་མང་པོ་རྣམས་ལ་ཡང་རིགས་དང་གྲངས ་དང་འབྲེལ་བ་ཉིད་ལས་ནགས་ཞེས་བརྗོད་ཀྱི་གཞན་ལས་ནི་མ་ཡིན་ནོ། །འབྲེལ་བ་དེ་ལང་ཤིང་གཅིག་ལ་ཡང་ཡོད་པའི་ཕྱིར་ཅིའི་ཕྱིར་དེ་ལྟར་རྗོད་པར་?་བྱེད། ཡང་ན་གསལ་བ་མང་པོ་ལ་བརྟེན་པ་རིགས་ཡིན་ནོ། །ཞེ་ན། དེའི་ཕྱིར་གསལ་བ་མང་པོ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཕྱོགས་འདི་ལ་ཡང་ཤིང་གཅིག་ཀྱང་ནགས་ཞེས་བརྗོད་པར་འགྱུར་ཏེ། འདི་ལྟར་གསལ་བ་མང་པོ་ལ་བརྟེན་པའི་རིགས་ནགས་ཀྱིས་སྒྲས་བརྗོད་པ་གང་ཡིན་པ་དེ་ཉིད་རྡ་བ་ལ་སོགས་པའི་གསལ་གཅིག་ལ་ཡང་གནས་ཏེ། དེ་ལྟར ་ཡིན་དང་རྡ་བའི་བློ་དེའི་རྒྱུ་མཚན་ཐམས་ཅད་དུ་མཚུངས་པའི་ཕྱིར་ཏེ་དེ་ལ་ཤིང་གཅིག་ལ་ཡང་ཅིའི་ཕྱིར་ནགས་ཀྱི་བློར་མི་འགྱུར། རྗེས་སུ་འགྲོ་དང་ལྡོག་པ་ལས། །ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་ཀྱི་དོན་ཉེ་བར་སྡུད་པར་བྱེད་དོ། །དེ་འཁྲུལ་པའི་སྤྱིར ་ཞེས་བྱ་བ་ནི་དོན་དེའི་འཁྲུལ་པའི་ཕྱིར་རོ། །རྟགས་དང་གྲངས་སོགས་འབྲེལ་བ་ནི། །སེལ་བ་ལ་ནི་ཡོད་མ་ཡིན། །ཞེས་བྱ་བ་འདིར་བྱ་བ་དང་དུས་ལ་སོགས་པ་འབྲེལ་པ་བསྟན་བ་ནི། དེ་ལ་བྱ་བ་དུས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དང་བྱ་བ་ལ ་སོགས་པའི་ཆིག་གི་དོན་དང་པོ་ཉིད་དུ་བཀག་པ་ན་བྱ་བ་ལ་སོགས་པ་དང་ལྡན་པ་བསལ་བའི་ཕྱིར་འདི་དག་གི་དངོས་པོའི་ཆོས་ཉིད་ཀྱང་རིགས་པ་མ་ཡིན་ནོ། །བརྡ་ལས་བྱུང་བ་ནི་བརྡ་ཡིས་བྱས་པའོ། །ཡང་ན་འདི་དག་དངོས་པོའི་ཆོས་ཉིད་ཡིན་དུ་ཆུག་མོད། །དེ་ལྟ་ན ་ཡང་གཟུགས་བརྙན་གྱི་བདག་ཉིད་ཀྱིས་སེལ་བ་འཁྲུལ་པས་ཕྱི་རོལ་གྱི་གསལ་བའི་བདག་ཉིད་དུ་ཞེ་ན་པའི་ཕྱིར། ཞེན་པའི་དབང་གི་ཀྱང་གསལ་བའི་སྒོ་ནས་རྟགས་དང་གྲངས་ལ་སོགས་པའི་འབྲེལ་པར་འགྱུར་བ་ཡིན་ལ། དེས་ན། གསལ་བྱ་བསྟན་བྱ་མ ་ཡིན་ཕྱིར། །འདི་དེའི་སྒོ་ནས་ཀྱང་ཡོད་མིན། །ཞེས་གང་སྨྲས་པ་དེ་ནི་མ་ངེས་པ་ཡིན་ནོ། །ཀུན་རྫོབ་ཀྱི་ཕྱོགས་ལ་ཡང་མ་གྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། རྣམ་པ་གཅིག་ཏུ་ཞེས་བྱ་བ་ལ། གསལ་བའི་ཞས་བྱ་བ་ལ་སོགས་པ་སྟེ། སེལ་བར་བརྗོད་ཅེས་བྱ་བ་ལ། སྒྲས་ཅེས ་བྱ་བ་ལྷག་མའོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བས་ན། འོ་འདི་ལ་ཞེས་བྱ་བ་ནི་སེལ་བ་ལའོ། །ཀུན་བཤད་དག་ལ་གཞན་དག་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། བློ་ལ་མངོན་པར་འདོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་བཤད་དག་ལ་གཞན ་ལས་ལྡོག་པ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་མ་གྲུབ་སྟེ། །འདི་ལྟར་ཤེས་པར་འདོད་པའི་དོན་གང་ཞིག་ལ་ཐ་སྙད་འདགས་པ་པོ་རྣམས་ཀྱི་གཉེན་པོ་བོའི་བློ་བསྐྱེད་པའི་ཕྱིར་སྒྲ་སྦྱོར་གྱི་ཞེ་ན་བསམ་ཡིན་ནོ། །དེ་བས་ན་མངོན་པར་འདོད་པའི་དོན་བསྟན ་པ་ན་ཤུགས་ཀྱིས་མི་འདོད་པ་རྣམ་པར་བཅད་པ་རྟོག་པ་ཉིད་ཡིན་ཏེ། འདོད་པ་དང་མི་འདོད་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐམས་ཅད་མངོན་པར་འདོད་པ་ཡིན་ནོ་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམS ་ཅད་དང་པ་ཉིད་དུ་གྱུར་ན་དེའི་ཚེ་སྒྲའི་དོན་སོ་སོར་ངེས་བར་མི་འགྱུར་རོ། །དེ་ལྟ་ཡིན་དང་དོན་འགའ་ཞིག་ཡོངས་སུ་སྤངས་ནས་ཉན་པ་པོ་དོན་འགའ་ཞིག་ལ་རིགས་ཡོད་པ་མ་ཡིན་པ་ཞིག་ལ་སྒྲ་ལས་འཇུག་པ་གང་ཡིན་པ་དེར་མི་འགྱུར་རོ། །དེ་ལྟ་བས་ན་ཐམས ་ཅད་འདོད་པ་ཡིན་ནོ་ཞེས་བྱ་བ་འདི་མི་རིགས་སོ། །དེའི་ཕྱིར་དེ་ལྟ་བས་ན་འཚེད་པ་ལ་སོགས་པའི་སྒྲ་རྣམས་ཤུགས་ཀྱིས་མི་འདོད་པ་གཅོད་པར་རྟེགས་པ་བསལ་རབ་པ་ཉིད་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ཤུགས་ཀྱིས་རྟོགས་པར་བྱ་བ་མི་འདོད ་པ་གཅད་པ་དེ་ཉིད་སྟོན་པ་ཡིན་ནོ། །དེ་ལྟ་བས་ན་འཆེད་དོ། །ཞེས་བྱ་བ་འདི་ནི་བཏང་སྙོམས་སུ་འདུག་པ་དང་གཞན་ཡང་ཟ་བ་འམ་རྒྱན་བོ་འགྱེད་བ་ལ་སོགས་པའི་བྱ་བ་གཞན་མ་ཡིན་པར་དགག་པའི་བདག་ཉིད་ཀྱིས་བསལ་བར་བྱ་བ་ཡོད་དེ་དེས་ན་དེ་ལ་མ་ཡིན ་དགག་པ་ཡི། །ངོ་བོ་ཡོད་པ་མ་ཡིན་ནོ། །ཞེས་གང་སྨྲས་པ་དེ་མ་གྲུབ་པའོ། །མ་ཡིན་དགག་བདག་བསལ་བྱ་བ། ཞེས་བྱ་བ་ནི་དེ་ནི་མ་ཡིན་གང་དགག་པའི་མཚན་ཉིད་ཀྱང་ཡིན་ལ། བསལ་བར་བྱ་བ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །ངེས་པ་གང་དང ་གང་འདོད་པ། །ཞེས་བྱ་བ་ནི་བཏང་སྙོམས་སུ་འདུག་པ་ལ་སོགས་པའི་མ་ཡིན་པར་དགག་པའི་བདག་ཉིད་ཀྱི་བསལ་བར་བྱ་བ་དེ་དང་དེ་ཡོད་དོ་ཞེས་འབྲེལ་ཏོ། །གང་ཡང། འཚེད་དོ་ཞེས་ལ་དགག་མེད་པར། །རང་གི་ངོ་བོར་གནས་པ་ཡིན། །ཞེས་སྨྲས ་པ་དེ་ལ། གཞན་ལ་རང་གི་ཚིག་དང་འགལ་བར་བསྟན་པའི་ཕྱིར། འཚེད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་འདི་ཇི་ལྟར་ཕན་ཚུན་དུ་འགལ་པ་ཡིན་ཞེ་ན། གཞན་གྱི་ངོ་བོ་དགག་པ་འདི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆོད་དོ་ཞེས་བྱ་བ་འདེའི? ་དོན་དུ་རང་གི་ངོ་བོ་ཉིད་ཀྱིས་གནས་སོ་ཞེས་བྱ་བའི་ངེས་པར་གཟུང་བ་འདིས་ངེས་པར་གཟུང་བ་འདིའི་ངོ་བོ་བསྟན་པ་ཡིན་ཏེ། འཆེད?་དོ་ཞེས་བྱ་བ་འདི་གཞན་གྱི་ངོ་བོར་བཀག་ནས་བདག་ཉིད་གནས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་རང་གི་ངོ་བོ ་ཉིད་ཀྱིས་ཞེས་བྱ་བའི་ཁྱད་ཅག་གིས་སྦྱར་བའི་ངེས་པར་གཟུང་བ་འདི་དོན་མེད་པར་འགྱུར་ཏེ། རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་རོ། །འདིར་ནི་སྒྲུབ་བྱ་ཉིད་དུ་ཤེས། །ཞེས་བྱ་བ་ལ་སོགས་པ་གང་སྨོས་པ་དེ་ལ། ཉེ་བར་བརྗོད་མེད་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ་།གལ་ཏེ་ཁྱེད་ཅག་གཞན་སེལ་བ་ཉེ་བར་བརྗོད་པ་མེད་པའི་རང་བཞིན་ཉིད་དུ་འཛིན་དེ་ཇི་ལྟར་གྲུབ་པ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་རྗོད་པར་བྱེད། ནམ་མཁའ་ཨི་ཨུཏཔལ་ལ་སོགས་པ་རྣམས་ལ་གྲུབ་པ་འགའ་ཞིག་ཡོད་པ་ནི་མ་ཡིན་ཏེ། དེ་དག་ནི་ཉེ་བར ་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་ཡང་འདི་དོན་དམ་པར་ཉེ་བར་བརྗོད་པ་མེད་པ་ཡིན་པ་དེ་ལྟ་ན་ཡང་རྟོག་པ་པོ་འཁྲུལ་པས་ཕྱི་རོལ་གྱི་དངོས་པོའི་ངོ་བོ་ཉིད་དུ་ཞེན་པའི་ཕྱིར། སེལ་བའི་ཉེ་བར་བརྗོད་པ་དང ་བཅས་པ་ཉིད་དུ་སྣང་བ་ཡིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ། དེ་ལས་ཅིར་འགྱུར་ཞེས་བྱ་བ་སྟེ། གལ་?་འདི་ཉེ་བར་བརྗོད་པ་ཉིད་དུ་སྣང་བ་དེ་ལྟ་ན་ཡང་འདིར་སྐབས་ཀྱི་དོན་དང་རྗེས་སུ་མཐུན་པ་ཅི་ཞིག་ཐོབ་ཅེས་བྱ་བའོ། །འདིར་གཞན་གྱིས་སྨྲས་བ ་དངོས་པོ་དང། འདི་ནི་ཆོས་མཚུངས་རྟོགས་པར་འགྱུར། །ཞེས་བྱ་བ་སྟེ། དེས་ན་ཇི་ལྟར་དངོས་པོ་གྲུབ་པའི་ངོ་བོར་རྟོགས་པ་དེ་བཞིན་དུ་སལ་བ་ཡང་དངོས་པོ་རྣམས་དང་ཆོས་མཚུངས་པ་ཉིད་དུ་སྣང་སྟེ། གྲུབ་པ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཞེས་བྱ་བའི ་ཚིག་དྲུག་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཁྱེད་ཅག་ཉིད་ཀྱིས་བསྒྲུབ་བྱ་ཉིད་དུ་ཤེས་པ་དང་བྱུང་གྱུར་པ་ལ་སོགས་པའི་ཤེས་པའི་རྒྱུ་མཚན་དུ་བསྟན་པའི་ཕྱིར། རྒྱུ་མཚན་མེད་པར་ཐལ་བར་འགྱུར་རོ། །ཞེས་བྱ་བ་འདི་བརྗོད་པར་མི་བྱའོ། །དེ་བསྟན་པའི་ཕྱིར། དེ་ཕྱིར ་སྒྲུབ་བྱ་ཉིད་ཤེས་དང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རྒྱུ་མཚན་ཞེས་བྱ་བ་ནི་དངོས་པོ་རྣམས་པར་ཆོས་མཚུངས་པ་ཉིད་དུ་ངེས་པའི་རྒྱ་མཚན་ནོ། །སྒྲུབ་པ་སོགས་དོན་གཉེར་གཙང་སྦྲ། །གཞན་སེལ་བརྗོད་པ་མ་ཡིན་ནོ། །ཞེས་གང་སྨས་པ་དེ ་ལ་སྒྲུབ་པ་སོགས་ལ་ཞེས་བྱ་བ་ལ་སོགས་པ་བློས་ཏེ། སྒྲུབ་པ་ལ་སོགས་པའི་དོན་དགག་པ་ལ་སོགས་བ་ལྡོག་པ། ཉིད་ཀྱིས་གནས་པའི་ཕྱིར་དེ་བསྟན་པ་ན་མེད་པ་ལ་སོགས་པ་བརྗོད་པར་འདོད་པ་ཤུགས་ཀྱིས་འགེགས་པའི་ཕྱིར་འདི་ལ་ཡང་ ་གཞན་སེལ་བར་བརྗེད་པ་ཡིན་ན། །དགག་པ་ལ་ཡང་དགག་ལྡན་ན། ཞེས་བྱ་བ་འདི་ལ་ཡང། དེ་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་ཡོད་པ་ཞེས་བྱ་བ་ནི་དགག་པ་བཞི་ཡོད་ནའོ། །དེ་ཅི་འདྲ་བ་ཞིག་རྟོགས་པར་བྱ་བ་ཡིན་ཞེ་ན། དགག་པ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་སྒྲ་ནི་སྒྲུབ་པའི་སྒྲ་དང་འབྲེལ་པར་བྱའོ། །དེའི་ནི་འབྲལ་པ་ཞེས་བྱ་བ་ནི་དགག་པ་དེའི་དགག་པའོ། །དེ་དགག་བྱ་ཕྱིར་ཞེས་བྱ་བ་ནི་དགག་པ་གསུམ་བསྟན་པ་སྒྲུབ་པ་དང་བྲལ་བ་དགག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བཞི ་པ་ཞེས་བྱ་བ་ནི་བཞི་པའོ། །བརྗོད་པར་འདོད་པ་དེ་ལ་ནི་ཞེས་བྱ་བ་ནི་དགག་པ་བཞི་པ་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་དགག་པ་བཞི་པས་སོ། །གཞན་ལས་ལྡོག་པ་རྟོགས་ཞེས་བྱ་བ་ནི་དགག་པ་གསུམ་པས་བསྟན་པའི་དགག་པས་དཔེ་པ ་བསྒྲུབ་པའི་ངོ་བོའི་དོན་གཟུགས་བརྙན་སྟོན་པར་བྱེད་པའི་ཕྱིར་རོ། །འདི་དག་ཉིད་དང་དཔེ་དག་གིས་བསལ་བར་བྱ་བའི་ཕྱིར། འདི་ནི་མི་འཚེད་པ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དེས་དབོན་པའི་ཞེས་བྱ་བ་ནི་སྟང་སྙོམས་སུ་འདུག་པ་ལ་སོགས་པ ་ལས་དབེན་པའོ། །སྒྲུབ་པའི་དག་དང་གཞན་ལས་ལྡོག་པར་མཚུངས། ཞེས་བྱ་བ་ནི་ཇི་ལྟར་འཚེད་དོ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པའི་དག་གིས་ཤུགས་ཀྱིས་བཏང་སྙོམས་སུ་འདུག་པ་ལ་སོགས་པ་ལས་ལྟོག་པ་རྟོག་པ་དེ་བཞིན་དུ་དགག་པ་གཉི ་པ་ལ་ཡང་ཡིན་པའི་འཕྱིར་འཕེལ་ཡང་གཞན་ལ་ལྡག་པར་གྲུབ་པའོ། །བསལ་བར་བྱ་བའི་ཕྱིར་བདག་པ་བཞི་པ་དཔེར་བརྗོད་དོ། །དང་ལ་སོགས་པ་དགག་པ་དང། ལྡན་པ་མེད་ཕྱིར་ཞེས་བྱ་བ་འདི་ལ། དཔལ་སོགས་པ་སྡང་ལ་སོགས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་འམ་གྱི་ནི་རྣམ་པར་རྟོག་པའི་དོན་ཡིན་ལ་ཡང་གི་སྒྲ་ནི་དངོས་པོ་སྲིད་པ་དང་འཇིག་པ་ལ་སོགས་པའོ། །ནིའི་སྒྲ་ནི་ཁྱད་པར་ཡིན་ལ་ཉིད་ནི་ངེས་པར་གཟུང་བའི་ཞེས་བྱ་བ་ལ་སོགས་པ་གཟུང་ངོ། །དེ་ལས་གཞན ་བ་ཞེས་བྱ་བ་ནི་སྡུ་བ་ལ་སོགས་པ་དེ་ལས་གཞན་པའོ། །དེ་ཡིས་ཞེས་བྱ་བ་ནི་དང་ལ་སོགས་པས་སོ། །དག་གི་དོན་ལ་གཞན་ལྡོག་པས། བསྟན་པར་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ། དག་གི་དོན་ལ། ཞེས་བྱ་བ་སོགས་པ་སྨོས་ཏེ། ལྷན་ཅིག་པ་ཞེས་བྱ་བ་ནི་ཕན ་ཚུན་རྒྱུ་དང་འབྲས་བུའི་དངོས་པོས་འབྲེལ་བ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་དངོས་པོ་རྣམས་སོ། །འོན་ཏེ་ཚིག་གི་དོན་གཞན་ཡིན་ལ། དག་གི་དོན་ཡང་གཞན་མ་ཡིན་ནམ་དེ་ཇི་ལྟར་ཚིག་གིས་བསལ་བར་བྱ་བ་གང་ཡིན་པ་དེ་དག་གི་དོན་ཉིད་ཡང ་ཡིན་ནོ། །ཞེས་བརྗོད་ཙ་ན། དེའི་ཕྱིར་དེ་ནི་དག་པས་གཞན་མེད་ཅེས་བྱ་བ་སྨོས་ཏེ། ཚིག་གི་དོན་ལས་མ་རྟོགས་པ་ཆ་མེད་པའི་ཁྲ་བོའི་བདག་ཉིད་དམ། འདྲེས་པའི་ཁ་དོག་དང་མཚུངས་པའི་དག་གི་དོན་ཡོད་པ་ནི་མ་ཡིན་ནོ། །དམིགས་པའི་མཚན་ཉིད་དུ ་གྱུར་པ་དེ་འདྲ་བ་མ་དམིགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ན། །འདི་ཉིད་དཔེར་བརྗོད་པའི་སྒོ་ནས་བསལ་བར་བྱ་བའི་ཕྱིར་ཞག་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་འདི་ལ་ནག་པ་ལ་སོག་པའི་དངོས་པོ་ལས་དོན་གཞན་པ་བློ་ལ་སྨོད ་བ་མ་ཡིན་ཏེ། ནག་པ་ལ་སོགས་པའི་དོན་རྟོགས་པ་ན་ཡང་ཤུགས་ཀྱིས་ནགས་མ་ཡིན་པ་ལ་སོགས་པ་གཅོད་པ་རྟོགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་བྱེད་པ་ལ་སོགས་པ་གཞན་རྣམ་པར་གཅེད་པར་མི་འདོད་པར་གྱུར་ན། དེའི་ཚེ་ནག་པ་ལ ་སོགས་པ་བླངས་པ་དོན་མེད་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་འགག་ཞིག་ལ་འགག་ཞིག་གི་ཐ་སྙད་མེད་པའི་ཕྱིར་འགྲོ་བའི་དག་གི་གཡོ་བ་མེད་པར་འགྱུར་རོ། །གཞན་སེལ་མིན་པའི་སྒྲ་སོགས་ལ། །བརྗོད་བྱ་མཐོང་བ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ་གཞན་སེལ་མིན ་པའི་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དོན་དམ་པར་བྱེད་ཅིག་གིས་འདོད་པའི་རིགས་ལ་སོགས་པའི་མཚན་ཉིད་སྒྲའི་དོན་སྒྲུབ་པའི་ངོ་བོ་ངེས་པ་མ་ཡིན་ཏེ། རིགས་ལ་སོགས་པ་དེ་དག་སྔར་གྱི་བརྟག་པར་རྒྱལ་པོར་བཞག་པའི་ཕྱིར་ནི། །འོ་ན་ཅི་ཞིག ་ངེས་པར་ཅེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་གལ་ཏེ་སེལ་བའི་སྒྲའི་དོན་འགེགས་པའི་བློ་སྐྱེའོ་ཞེས་བྱ་བར་འདོད་ན་འོ་ན་སེལ་བ་སྒྲའི་དོན་དུ་ཁས་བླང་བར་མི་བྱ་སྟེ། དེ་འགེགས་པའི་ཕྱིར་ཞེ་ན། དེའི་ཕྱིར། དེ་ནི་སླུ་ཕྱིར་མིན་ཞེས ་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སེལ་བ་མ་ཡིན་པའི་སྒྲ་ལ་སོགས་པའོ། །སཱུ་ཕྱིར་ཡིན་ཞེས་བྱ་བ་མ་ཡིན་སླུ་བར་བྱེད་པ་ན་སླུ་བྱེད་དམ་འདི་ལ་མི་སླུ་བ་མེད་པས་སླུ་བྱེད་དོ། །ཅིའི་ཕྱིར་ཞེས་ཞེ་ན། དངོས་པོ་དང་འབྲེལ་པ་ཉམས་ཕྱིར་ཏེ། དེ་ལྟ་བུར་གྱུར་པའི་དངོས ་པོ་དང་འབྲེལ་པ་མེད་པའི་ཕྱིར་ལ། སྔར་རིགས་ལ་སོགས་པའི་མཚན་ཉིད་ཀྱི་སྒྲའི་དོན་དངོས་པོ་བཀག་བའི་ཕྱིར་རོ། །འོ་ན་གལ་ཏེ་དེ་ལྟ་ན་གཞན་སེལ་བ་མ་ཡིན་པའི་སྐྲ་ལ་སོགས་པ་ལས་སེལ་བའི་སྒྲའི་དོན་བཀག་པ་ཇི་ལྟར་བློ་སྐྱེ་བ་ཡིན་ཞེ་ན། ་སྒྲ་ལས་བྱུང་བའི་ཤེས་པ་ཀུན། ཞེས་བྱ་བ་སྨོས་ཏེ། སྒྲ་ལས་བྱུང་བའི་ཤེས་པ་འགའ་ཞིག་ནི་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ཀྱི་མཐུ་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་དོན་མངོན་པར་ཞེན་པ་སྐྱེ་བ་ཉིད་ཀྱི ་ཕྱིར་དེའི་དབང་གི་དངོས་པོ་རྣམས་ཡོད་པ་དང་མེད་པར་འགྲུབ་པ་མི་ཡིན་ནོ། །གཞལ་བྱ་ཤེས་བྱའི་སྒྲ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གཞལ་བྱ་ཞེས་བྱའི་སྒྲ་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་བྱ་ལ་སོགས་བའི་སྒྲའི ་བསལ་བ་བྱ་བ་མེད་དོ་ཞེས་གང་ལ་རྗོད་པར་བྱེད། རེ་ཞིག་གལ་ཏེ་དག་ལ་མི་གནས་པ་འབའ་ཞིག་པ་ཚིག་གཞན་དང་འབྲེལ་པ་དང་ཕྲལ་བའི་གཞལ་བྱ་ལ་སོགས་པའི་སྒྲ་ལ་རྟེན་ནས་བརྗོད་དེའི་ཚེ་གྲུབ་པ་ལས་སྒྲུབ་སྟེ། །དོན་མེད་པའི་ཕྱིར་ལ་བཞིག་པ་སྦྱོར་བ ་མེད་པའི་ཕྱིར་རོ། །དེ་སྟོན་པ་ནི་རྟོགས་ལྡན་རྣམས་ཀྱིས་བློ་བུང་དུ་ཞེས་བྱ་བ་ལ་འབའ་ཞིག་ཅེས་བྱ་བ་ནི་སྒྲ་གཞན་དང་འབྲེལ་པའོ། །བློ་བུ་འདུ་ཞེས་བྱ་བ་སྐབས་ལས་གཞན་དུའོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱི་སྒྲ་སྦྱོར་བ་ནི་ཉན་པ་པོའི་སྐྱེ་བོ་རྗེས་སུ ་གཟུང་བར་བྱ་བའི་ཕྱིར་ཡིན་གྱི། ཞེན་པས་ནི་མ་ཡིན་ནོ། །འབའ་ཞིག་པ་སྦྱར་བས་ཉན་པ་པོ་འབའ་ཞིག་ཐེ་ཚོམ་དང་ཕྱིན་ཅི་ལོག་པ་བཟློག་པའི་མཚན་ཉིད་རྗེས་སུ་འཛིན་པ་བྱས་པར་འགྱུར་བ་མ་ཡིན་ནོ། །འདི་ལྟར་གལ་ཏེ་སྟོན་པ་པོ་ཉན་པ་པོ་དོན་འབའ་ཞིག་ལ་ཐེ་ཚོམ་དང ་ཕྱིན་ཅི་ལོག་དག་སྐྱེས་བཟློག་ནས་ཐེ་ཚོམ་མེད་པ་ཤེས་པ་བསྐྱེད་པའི་ཕྱིར་ཡིན་ན། དེ་ལྟ་ན་དེས་འདི་རྗེས་སུ་གཟུང་པོ་བྱས་པར་འགྱུར་གྱི། གཞན་ནི་མ་ཡིན་ནོ། །འབའ་ཞིག་པ་སྦྱར་ལས་དེ་ལྟར་རྗེས་སུ་གཟུང་བར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟ་བསད ་ཐེ་ཚོམ་ལ་སོགས་པ་བཟློག་པ་དང་ངེས་པ་སྐྱེད་པ་ན་ཉན་པ་པོ་རྗེས་སུ་གཟུང་བའི་ཕྱིར་སྒྲ་སྦྱོར་བ་འབྲས་བུ་དང་བཅས་པ་འདི་དག་ལ་གནས་པ་ཉིད་སྦྱོར་བ་ཡིན་ནོ་ཞེས་བྱ་བ་བསྟོན་པ་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེ་ཚོམ་ནི་ཡིད་གཉིས་སོ། །ལ་ལ་ཞིག ་ཞེས་བྱ་བ་ནི་དོན་ལའོ། །དེ་བཟློག་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་དེ་དག་བཟློག་པའི་དོན་དུའོ། །དེ་དག་གི་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱིས་སོ། །དེ་ཞེས་བྱ་བ་ནི་ཤེས་པར་བྱ་བ་ལ་སོགས་པའི་ཚིག་གིས་སོ། །ཅི་སྟེ་དག་ལ ་གནས་པ་ཉིད་ཞེས་བྱ་བ་ལ་སོགས་པའི་སྒྲའི་དབང་དུ་བྱས་ནས་བརྗོད་ན། དེ་ནི་མ་གྲུབ་པོ་ཞེས་སྟོན་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དག་ལ་གནས་པའི་གཞལ་བྱ་ལ་སོགས་པའི་སྒྲས། བློ་གྲོས་བླུན་པ་རྣམས་ཏེ་ཤེས་པ་བླུན་པ ་རྣམས་ཀྱི་དོགས་པའི་གནས་སུ་འདོད་པ་གང་ཡིན་པ་དེ་ཉིད་བཟློག་པས་དེའི་ཕྱིར་གཞལ་བྱ་ལ་སོགས་པའི་སྒྲ་རྣམས་བཟློག་པར་བྱ་བ་མེད་དོ་ཞེས་བྱ་བ་ནི་མེ་གྲུབ་པའོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་བློ་གྲོས་བླུན་པ་རྣམས་ཀྱི་རིགས་པ་ཟློག་པར་ནི ་ཁྱེད་པ་ན་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་ཉན་པ་པོ་ལ་དོགས་པ་ཅུང་ཟད་ཀྱི་དེ་མེད་པོ་ཞེ་ན། འདི་ལ་ཅུང་ཟད་ཅེས་བྱ་བ་ལ་སོགས་ལ་སྨོས་ཏེ། གལ་ཏེ་ཉན་པ་པོ་དོན་གང་ཞིག་ལ་ཐེ་ཚོམ་དུ་མི་འགྱུར་ནི་དེ་ཅིའི་ཕྱིར་གཞན་གྱིས་གདམས་པ་ལ་བལྟོས་པར་འགྱུར ་གཞན་ངོས་པོ་དོན་དུ་གཉེར་བ་འདྲི་བར་བྱེད་ཀྱི་གཞན་དུ་ན་བསྟོན་པར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་ཉན་པ་པོའི་དོགས་པའི་གནས་ཡོད་པ་དེ་ལྟ་ན་ཡང་དེ་སྒྲས་ཟློག་པར་མི་བྱེད་དོ། །སྙམ་ན་ཇི་ལྟར་རང་བཞིན་དུ་གནས་བློ། །ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དེ་སྟེན་ཉན་པ་པོའི་མི་ཤེས་པ་ལ་སོགས་པ་བཟློག་པའི་མཚན་ཉིད་ཀྱི་འདུ་བྱེད་དེ། དག་གང་ལ་དེའི་འདི་བྱེད་ཡོད་པ་མ་ཡིན་པས་དེ་ནི་དེ་འདུ་མི་བྱེད་པའོ། །བརྗོད་ཅེས་བྱ་བ་ནི་སྟོན་པ་པོའོ། །ཇི་ལྟར་རང་བཞིན་དུ་གནས་བློ། ཞེས་བྱ་བ་ནི་བསྙོན་པ་ཉིད་དུ ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒྲ་རྣམས་ནི་ཉན་པ་པོ་འདུ་བྱེད་པའི་དོན་དུ་སྦྱོར་བའི་ཕྱིར་རོ། །ཅི་སྟེ་དག་གང་ལ་གང་ཞིག་བཟློག་བར་བྱ་བ་བློ་གྲོས་མ་ངེས་པའི་དོགས་པའི་གནས་གང་ཞིག་ཡིན་ཞེས་དོགས་པ་ལ། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེ་ཡིས་ཞེས་བྱ་བ་ནི་གཟུགས་ནི་མིག་གི་རྣམ་པར་ཤེས་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དག་འདིས་སོ། །འདུ་བྱ་བ་དེ་མེད་པའི་འདུ་བྱེད་པ་གང་ལ་ཡོད་པའི་འདུ་བྱེད་དོ། །བརྗོད་ཉིད་ཅེས་བྱ་བ་ནི་སྒྲུབ་པ་པོ་ཐ་མལ་བའི་བློ་ཅན་ཇི ་ལྟར་ཞེས་བྱ་བ་བསྙོན་པ་ཉིད་དུ་འགྱུར་བར་བྱེད་ཅེས་བྱ་བའི་དོན་ཏོ། །སློབ་མ་འདུ་བྱེད་པ་ཁོ་ནའི་སྒྲ་རྣམས་སྦྱར་བ་ཡིན་པའི་ཕྱིར་རོ། །འོན་ཏེ་གང་ལ་རྨོངས་པའི་བློ་ཅན་ཡིད་ཉིད་ཀྱིས་གནས་ཡིན་པས་སེལ་བ་དེ་ཅི་ཞིག་ཡིན་ཞེ་ན། ཤེས་པའི་ཤེས ་བྱར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ནི་ཞེས་བྱ་བ་མིག་གི་རྣམ་པར་ཤེས་པའི་ཤེས་པར་བྱ་བ་ནི་གཟུགས་ཡིན་ནོ་ཞེས་བྱ་བའི་དག་འདིས་སོ། །དེ་ལ་ཇི་ལྟར་སྒྲ་བཏགས་པ་དེ་ཡང་གང་ཡིན་ཞེ་ན། མིག་ལ་བརྟེན་པ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། རྣ་བ་ལ་བརྟེན་པའི་ཤེས་པ་རྟག་པས་སྔོན་པོ་ལ་སོགས་པའི་ངོ་བོར་རིགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་གྲངས་ཅན་ལ་སོགས་པའི་བློ་གྲོས་རྨོངས་པས་སྒྲོ་བཏགས་པ་གང་ཡིན་པ་དེ་གཟུགས་ནི་མིག་གི་རྣམ ་པར་ཤེས་པའི་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དག་འདིས་འགེགས་པ་ཡིན་ནོ། །གཟུགས་ནི་མིག་ལ་བརྟེན་པའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་གྱི། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ ་བཞིན་དུ་ཅི་ཆོས་ཐམས་ཅད་སྐད་ཅིག་མ་དང་བདག་མེད་པའི་ངོ་བོར་ཤེས་པར་བྱ་འམ་འོན་ཏེ་མ་ཡིན། ཅི་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་གཟུང་བར་བྱ་བ་འམ་འོན་ཏེ་མ་ཡིན། ཅི་གང་དག་ཤེས་པ་ཡང་མི་སྐྱེད་པའི་ཉེ་བར་བརྗོད་པ་ཐམས་ཅད་ཕྲལ་བའི ་མཚན་ཉིད་ཀྱི་དངོས་པོ་མེད་པ་རྣམས་ཀྱང་ཤེས་བྱ་བ་ཡིན་ནམ་ཞེས་ཐེ་ཚོམ་དུ་གྱུར་པ་ལ་ཆོས་ཐམས་ཅད་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་ངོ་བོར་ཤེས་པར་བྱ་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཐམས་ཅད་མཁྱེན་བའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་ཡིན ་ཞིང། དངོས་པོ་མེད་པ་རྣམས་ཀྱང་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་དོ། །དེ་ལ་ཆོས་རྣམས་ལ་སྐད་ཅིག་མ་ཉིད་ལ་སོགས་པར་ཤེས་བྱ་ཉིད་ལ་སོགས་པའི་ངོ་བོར་སྒྲོ་བཏགས་པ་གང་ཡིན་པ་དེ་བཟློག་པར་བྱ་བ་ཡིན་ནོ། །ཇི་ལྟར་དེ་ཚིག་ཙམ་གྱིས ་བཟློག་པར་ནུས་ཤེ་ན་དེ་འདྲའི་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། དེའི་འདྲའི་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་ངོ་བོས་ཏེ། དེ་ནི་ཚད་མས་གྲུབ་པའི་ཕྱིར་རོ། །ཅི་སྟེ་དངོས་པོ་མེད་པ་ཤེས་བྱ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། མེད་པ་ཡང་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། བདག་ཉིད་འདི་ཡིས་ཞེས་བྱ་བ་ནི་མེད་པའི་ངོ་བོ་སོ། །དངོས་པོ་མེད་པ་རྣམས་ཀྱང་ཅི་ཞིག་ལྟར་བློས་རྣམ་པར་འཇོག་པའི་ཕྱིར་ཤེས་བྱ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་ལ་ཐ་སྙད་དུ་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་ཅི་སྒྲ་རྣམས་མི་རྟག ་ཉིད་ཀྱིས་གཞལ་བྱ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བའི་སྐབས་སུ་གཞལ་བྱ་ཞེས་སྦྱོར་བ་ན། དེ་ལ་སྐབས་མི་ཤེས་པ་གང་ཡིན་པ་རྟོག་པ་པོ་དེ་ཡང་གཞལ་བྱ་འབའ་ཞིག་པའི་སྒྲ་ཐོས་པ་ལས་སྒྲ་ལ་སོགས་པ་དག་པ་ཡིད་གཉིས་དང་བཅས་པའི་ངོ་བོ་ཅི་བློ་ཉི་མེད ་སྐྱེ་བ་ཉིད་ཡིན་ལ། དེ་གལ་ཏེ་འབའ་ཞིག་པའི་སྒྲ་དོན་མེད་པ་ཉིད་ཡིན་ན་དེ་ཇི་ལྟར་དོན་རྟོགས་པར་འགྱུར་ཞེ་ན། དེའི་ཕྱིར་དེ་ལྟར་དག་ལ་གནས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ་འབའ་ཞིག་པའི་སྒྲ་ཐོས་པ་ལས་དོན་རྟོགས་པ་ཉིད་ནི་མ་ཡིན་གྱི། འོན་ཀྱང་དག་དག་ལ་དམིགས་པའི་དོན་དང་ལྡན་པའི་སྒྲ་ནི་འདྲ་བས་བློ་འཁྲུལ་པ་འབའ་ཞིག་པའི་སྒྲ་ཐོས་པ་ལ་དོན་རྟོགས་པར་རློམ་པ་ཡིན་ཏེ། འདི་ལྟར་དག་གང་གཞལ་བྱའི་སྐྱ་དམིགས ་བའི་ཉན་པ་པོ་དེ་དོན་ལ་བློ་དེ་དོན་རབ་ཏུ་མི་གནས་པ་ཡིད་གཉིས་ཀྱིས་ངོ་བོ་ཉེ་བར་སྐྱེ་བ་ཡིན་ནོ། །དེ་ཡང་བུམ་པ་ལ་སོགས་པའི་སྒྲ་དག་ལ་ཡང་མཚུངས་ཏེ། འདི་ལྟར་ཅི་བུམ་བས་ཚུ་ལེན་རྣམ་འོན་ཏེ་སྙིམ་པས་ཡིན་ཞེས་སྦྱོར་བ་ན་སྐབས་མི་ཤེས་པ་དེས་མི ་སྙེད་ཅིག་ལ་ངེས་བུམ་པས་ཤེས་སྦྱོར་བ་མཐོང་བ་དེ་སྙེད་ཀྱི་དོན་ལ་དག་སྔ་མའི་རྗེས་སུ་འབྲེངས་ནས། འདོད་པ་ལྡན་པའི་རྟོགས་པ་སྐྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཇི་ལྟར་བུམ་པ་ལ་སོགས་པའི་སྒྲ་རྣམས་ཁྱད་པར་ཅན་གྱི་དོན་རྗོད་པར་བྱེད་པ་དེ་བཞིན ་དུ་གཞལ་བྱ་ལ་སོགས་པའི་སྒྲ་རྣམས་ཀྱང་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་ཡང་གསལ་བར་རྟོགས་ན་ཡང། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་གང་ཉིད་བརྗོད་པར་འདོད་པ་འདོད་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་གང་ཉིད་བརྗོད་པར་འདོད་པའི་དངོས་པོ་ཉིད་ནི་ཞེན་པའི་དབང་གིས་ཁོ་བོ་ཅག་གིས་སྒྲའི་དོན་ཉིད་དུ་བརྟགས་ཀྱི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དེས་ན་རྟོགས་པ་ན་ཤུགས་ཀྱིས་བརྗོད་པར་མི་འདོད་པ་སེལ་ཏེ་ལྡོག་པ་རྟོགས་ཉིད་ཀྱི་ཕྱིར་སྒྲའི་དོན ་རྣམ་པར་བཞག་པ་ལ་མཁྱབ་པ་མ་ཡིན་ནོ། །བློ་གྲོས་རྨོངས་པའི་དོགས་པའི་གནས་གང་ཡིན་པ་དེ་ཉིད་ཀྱི་དབང་དུ་མཛད་ནས་སློབ་དཔོན་གྱིས་ཤེས་བྱ་མ་ཡིན་པ་བརྟགས་པ་བྱས་ནས་དེ་རྣམ་པར་བཅད་ནས་ཤེས་བྱ་རྗེས་སུ་དཔོག་པར་བྱེད་དོ་ཞེས ་བཤད་དོ། །ཤེས་པའི་རྣམ་པར་བཀག་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་རིག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་མ་ཡིན་ཞེས་བྱ་བ་ལ། བྱ་བར་ཞེས་བྱ་བ་ལྷག་མའོ། །ཇི་ལྟར་ཤེས་པའི་རྣམ་པས་རང་གིས་རིག་པར་བྱ་བ་ཉིད ་དུ་གྲུབ་ཅི་ནི། དམིགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ལ་སོགས་པ་ལ་དོན་མེད་པར་ཡང་དམིགས་པ་མེད་དེ་དོན་གྱིས་རྣམ་པ་ཀུན་འཛིན་པའི་སྒྲོ་བཏགས་པའི་ཤེས་པ་གནག་རྫིའི་བར་དུ་རང་རིག་པ་ཉིད་དུ་མངོན་སུམ་གྱིས ་ཤིན་ཏུ་གསལ་བར་གྲུབ་བོ། །ཡུལ་དང་དུས་གཞན་དུ་གནས་པའི་དོན་རང་གི་ངོ་བོས་རིག་པར་བྱ་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེའོ། དེ་ལ་དེའི་ངོ་བོ་མེད་པའི་ཕྱིར་རོ། །གཞན་གྱི་ངོ་བོས་གཞན་ཡང་དག་པར་རིགས་པར་རིགས་པ་ཡང་མ་ཡིན་ཏེ་ཧ ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གང་གིས་རྟོགས་པའི་ངོ་བོར་མཚུངས་ནས་ཡང་ཡུལ་སོ་སོ་ལ་འདི་ནི་སྔོན་པོའི་རིག་པ་ཡིན་གྱི་ཉེར་པོ་ནི་མ་ཡིན་ནོ་ཞེས་ཤེས་པ་རྣམ་པར་ཕྱེ་ནས་འཇོག་པར་འགྱུར་ཁྱེད་ཀྱིས་ཤེས་པར་བདག་ཉིད་གུ་གཏོར ་པའི་དོན་གྱིས་བྱས་པའི་ཁྱད་པར་འགའ་ཞིག་གི་ཁས་བླང་བར་བྱ་དགོས་གོང་མཆོག་གོ། དེ་ཁས་བླངས་ནས་ཡང་ཤུགས་ཀྱིས་ཤེས་པ་རྣམས་དང་བཅས་པ་ཉིད་དུ་ཁས་བླངས་པར་འགྱུར་རོ། །རྣམ་པ་ལས་མ་གཏོགས་གཞན་རང་བཞིན་གྱི་ཁྱད་པར་ཉིད་དུ་ངོས། ་པར་གཟུང་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཅག་གི་རང་བཞིན་གྱི་ཁྱད་པར་ཞེས་བྱ་བ་དེ་ཉིད་ཁོ་བོ་ཅག་གིས་སྒྲ་གཞན་རྣམས་པ་དང་སྣང་བ་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྗོད་པའི་ཕྱིར་མིང་ལ་རྩོད་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟར་ཞེས་སོགས ་སྐྲ་དགྲ་གིས་ཞེས་བྱ་བ་ལ་སོགས་པའི། །དེ་ལྟར་ཞེས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དེ་ལྟ་ཡིན་གྱི་དེ་ལྟ་བུ་ནི་མ་ཡིན་ནོ་ཞེས་རྣམ་པ་གཞན་སྒྲོ་བཏགས་པ་དེ་ལྟ་བུ་ཞེས་བྱ་བ་སོགས་པའི་སྒྲས་རྣམ་པར་བཅད་པ་གསལ་རབ་ཏུ ་ངེས་པ་ཉིད་ཡིན་པའི་ཕྱིར་སྒྲའི་དོན་རྣམ་པར་བཞག་པ་མ་ཁྱབ་པ་ཅན་ཡིན་ནོ། །དེ་ལྟར་ཀུ་མཱ་ར་རི་ལས་སྨྲས་པའི་སྐྱོན་བསལ་ནས་ད་ནི་འོན་བྱེད་པས་སྨྲས་པ་སེལ་བར་བྱེད་དོ། །དེ་ལ་ཐམས་ཅད་སྒྲ་ཡིས་དོན་གང་ཞིག། རྣམ་པར་བཅས་པར ་བྱ་བར་རྟོག་ཞེས་གང་སྨྲས་པ་དེ་ལ། ཐ་སྙད་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིན་དུ་འབའ་ཞིག་པའི་ཐམས་ཅད་ཀྱི་སྒྲ་མི་སྦྱོར་བའི་ཕྱིར་རྟག་ཏུ་དག་ལ་གནས་པ་ཉིད་ལ་སྦྱོར་བས་བློ་གྲོས་རྨོངས ་པའི་དོགས་པའི་གནས་གང་ཡིན་པ་དེ་ཉིད་བཟློག་པར་བྱ་བ་ཡིན་ནོ། །བསྒྲུབ་པར་འདོད་པ་ཡིན་ཞེས་བྱ་བ་ནི་བརྗོད་པར་འདོད་པའོ། །བརྗོད་པར་འདོད་པའི་དོན་དེ་ཡང་གང་ཡིན་ཞེ་ན། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཆ་ཤས་བསམ་པར ་བྱ་བ་ཡང་གང་ཞིག་ཡིན་ཞེ་ན། ཕྱི་རོལ་པ་ཞེས་བྱ་བ་ལ་སོགས་པའི་གཅིག་སོགས་ཐམས་ཅད་མིན་ཞེ་ན། ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤེས་ཐམས་ཅད་དགག་པ་ནི་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐ་སྙད་ལ་སྦྱོར་བའི་དག་ལ་གནས་པའི་སྒྲ ་དེ་ཐམས་ཅད་ཆ་ཤས་ཐམས་ཅད་དགག་པར་བརྗོད་པར་འདོད་ན། དེའི་ཚེ་རང་གི་དོན་སེལ་བར་འགྱུར་ན། གང་གི་ཕྱིར་བློ་གྲོས་རྨོངས་པའི་དོགས་པའི་གནས་གང་ཡིན་པ་དེ་ཉིད་དགག་པར་བྱ་བ་ཡིན་པའི་ཕྱིར་རང་གི་དོན་ལ་བསྐུར་བར་དེབས་པ་ཉིད་ཀྱི་སྐྱེན ་ཐལ་བར་གལ་གྱུར་དེ་བཞིན་གཉིས་ལ་སོགས་པའི་སྒྲ་དག་ལ་ཡང་བརྗོད་པར་བྱའོ། །གང་ཡང་དེ་ཅི་དངོས་པོ་འམ་དངོས་པོ་མེད་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། སེལ་བའི་དངོས་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་དངོས་པོ་མ ་ཡིན་ཞེ་ན། འདི་ནི་ཇི་ལྟར་ངོས་པ་བཞིན། ཞེས་བྱ་བ་ལ་སོགས་པ་མོས་སྟེ་། འདི་ནི་འཁྲུལ་པས་ཕྱི་རོལ་ཉིད་དུ་མངོན་པར་ཞེན་ལ། འདི་དེ་ལྟར་གནས་པ་ཡང་མ་ཡིན་པས་དེའི་ཕྱིར་ཕྱི་རོལ་གྱི་ངོ་བོ་ཉིད་དུ་མེད་པའི་ཕྱིར་དངོས་པོ་མ་ཡིན་ནོ། །ཡང་ཅིའི་ཕྱིར ་དངོས་པོ་མེད་པ་མ་ཡིན་ཞེ་ན། དངོས་པོར་ཞེན་ཕྱིར་མེད་པ་མིན། ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་དངོས་པོ་ཉིད་དུ་ངེས་པའི་ཕྱིར་གཅིག་ཏུ་དངོས་པོ་མེད་པ་ཡིན་ནོ། །ཞེས་ཀྱང་བརྗོད་པར་མི་ནུས་སོ། །ཡང་ཅིའི་ཕྱིར་ཐ་དད་པ་ཉིད་ལ་སོགས་པའི་མཚན་ཉིད ་མ་ཡིན་ཞེ་ན། ཐ་དད་ཐ་མ་དད་ཅེས་བྱ་བ་ལ་སོགས་པ་སྨོས་ཁུན་བཙམ་ནི་མ་ཡིན་ནོ། །དེ་ཉིད་དེ་ཕྱིར་ཅི་བླང་གི་ཡུལ་ཅན་།སོགས་པའི་སྒྲས་རྟེན་ཉིད་ལ་སོགས་པ་གཟུང་ངོ། །འདི་དག་ནི་དངོས་པོར་རྟོགས་པའི་ཆོས་ཡིན་ན་ཇི་ལྟར་རྟོག་པའི་གཟོ་བོས ་བྱས་པའི་ལུས་ཅན་གྱི་སེལ་བ་གནང་བ་རྙེད་པར་འགྱུར་གང་ཡང་སེལ་བ་ནི་བྱ་བའི་ངོ་བོ་ཡིན་པའི་ཕྱིར་ཡུལ་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་དེ་ནི་མ་གྲུབ་ཏེ། སྒྲའི་བརྗོད་པར་བྱ་བའི་སེལ་བ་ནི་གཟུགས་བརྙན་གྱི་བདག་ཉིད་ཡིན་པའི་ཕྱིར་དག་གཟུགས ་བརྙན་དེ་ཡང་ཕྱི་རོལ་གྱི་དངོས་པོའི་ངོ་བོར་ཞེན་པའི་ཕྱིར་ཁུན་བཙམ་ནི་མ་ཡིན་ནོ། །དེ་ཉིད་དེ་ཕྱིར་ཅི་བླང་གི་ཡུལ་ཅན་ཡིན་ནམ་འོན་ཏེ་བ་ལང་མ་ཡིན་པའི་ཡུལ་ཅན་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་གཉིས་འཐད་པ་མ་ཡིན་ཏེ། དེ་ནི་བ་ལང་གི་ཡུལ་ཅན་ཉིད་ཀྱིས ་བསྒྲུབ་པའི་ངོ་བོ་ཞེན་པའི་ཕྱིར་རོ། །གང་གིས་འདི་ལ་བསལ་བྱ་བ། སུ་ཡིས་བ་ལང་བ་མིན་རྟགས་ཞེས་སྨྲས་པ་དེ་ལ་སྒྲ་ཡིས་དངོས་སུ་དོན་གཞན་པ། ཞེས་བྱ་བ་ལ་སོགས་པ་མོས་སྟེ། གལ་ཏེ་གཞན་ལས་ལྡོག་པ་ཉིད་གཙོ་བོར་སྒྲས་བསྟན་པར་བྱ་བ ་ཡིན་ན་དེའི་ཚེ་འདིར་འགྱུར་ན། ཇི་སྲིད་དུ་དོན་གྱི་གཟུགས་བརྙན་གྱི་བདག་ཉིད་ཡིན་ཏེ། གང་ཅུང་ཟད་བརྗོད་པ་དེ་ནི། ཇི་སྐད་དུ་དད་པ་ཁོ་ནང་སྒྲ་ཡིས་ནི། །དོན་གྱིས་གཟུགས་བརྙེན་བྱེད་པ་ཡིན། །དེ་རྟོགས་ན་ཡང་ཤུགས་ཀྱིས་ནི། །གཞན་ལས་ལྡོག་པ་རྟོགས་པ ་ཡིན། ཞེས་ཇི་སྐད་དུ་བཤད་པའི་གྲུབ་པའི་མཛའ་མངོན་པར་མི་ཤེས་པས་ཡིན་ནོ་བསྡུས་པའི་དོན་ཏོ། །ལྷག་མ་ནི་དོན་གྱི་བར་ཟོད། །ཐ་དད་ལ་སོགས་པའི་རྣམ་པར་རྟོག་པ་ནི་དངོས་པོ་ཉིད་དུ་བསལ་ཟིན་ཏོ། །གཞན་སེལ་བ་ནི་འདི་བརྗོད་བྱེའམ། ཞེས་བྱ་བ ་ལ་སོགས་པ་གང་སྨྲས་པ་དེ་ལ། གཞན་སེལ་བ་ཡི་བརྗོད་བྱ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གཞན་སེལ་བའི་བརྗོད་པར་བྱ་བའི་རྣམ་པར་རྟོག་པ་གལ་ཏེ་གཞན་སེལ་བའི་སྒྲའི་དབང་དུ་བྱས་ནས་བྱེད་ན། དེའི་ཚེ་འདི་སྒྲུབ ་པའི་ངོ་བོ་ཉིད་ཀྱིས་སྒྲ་དེ་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་མི་འདོད་པ་ཐོབ་པར་རིགས་པ་མ་ཡིན་ཏེ། འདི་ལྟར་ཅི་སྒྲུབ་པ་སྒྲའི་དོན་དམ་འོན་ཏེ་གཞན་སེལ་བ་ཡིན་ཞེས་བྱ་བའི་སྐབས་སུ་གཞན་སེལ་བ་སྒྲའི་དོན་ཡིན་ནས་བརྗོད་པ་ན་རྟོགས་པ་པོ ་ཇི་སྐད་དུ་བཤད་པའི་གཟུགས་བརྙན་གྱི་མཚན་ཉིད་ཀྱི་སེལ་བ་ངེས་པ་སྐྱེ་བ་ཡིན་ལ། ཤུགས་ཀྱི་སྒྲུབ་པ་སྒྲ་དོན་ཡིན་པ་བཀག་པ་ཡིན་ནོ། །ཅི་སྟེ་བུམ་པ་ལ་སོག་པའི་སྒྲའི་དབང་དུ་བྱས་ནས་ཡིན་མེད་ལས་ཡང་ཇི་སྐད་དུ་བཤད་པའི་གཟུགས་བརྙན་གྱི ་མཚན་ཉིད་སེལ་བ་དངོས་སུ་བུམ་པ་ལ་སོགས་པའི་སྒྲ་དག་གིས་བསྐྱེད་པར་བྱ་བ་ཡིན་བའི་ཕྱིར་སྒྲིབ་པའི་ངོ་བོ་ཉིད་དེ་དག་གིས་བསྙན་ལ་ཤུགས་ཀྱིས་ནི་གཞན་ལས་ལྡོག་པ་རྟོག་པའི་ཕྱིར་མི་འདོད་པར་འགྱུར་བ་མ་ཡིན་པའི་ཕྱིར་ལ་ཐུག་པ་མང་བའི ་སྐྱོན་ཡང་མེད་དེ་ཤུགས་ཀྱིས་གཞན་ལས་ལྡོག་པ་རྟོགས་པའི་ཕྱིར་ཏེ། བརྗོད་པར་བྱ་བ་ཉིད་ཀྱིས་ནི་མ་ཡིན། །བརྗོད་པར་བྱ་བ་མ་ཡིན་པའི་ཕྱོགས་ན་ཁས་མ་བླངས་པའི་ཕྱིར་དེའི་ཕྱོགས་ལ་ཡང་བའི་སྐྱོན་གྱི་གོ་སྐབས་མེད་དོ་ཞེས་སྦྱིན་པ ་ནོ། བརྗོད་བྱ་མིར་ཕྱོགས་ཞེས་བྱ་བ་སྨྲས་སོ། །གཞན་ཡང་ཉེ་བར་བརྗོད་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ། རྟག་པ་གཅིག་པུ་ཞེས་བྱ་བ་ལ་སོགས་པ་ལ། རྟག་པ་གཅིག་པུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་གཅིག་ཉིད་ལ་སོགས་པ་ཉེ་བར་བརྗོད་པར་བྱས་པར་འགྱུར་ན་དེའི་ཚེ ་ཁྱེད་ཅག་བཞེད་གང་དུ་བྱེད་པ་ཉིད་དུ་འགྱུར་ན། གང་གི་ཚེ་འཁྲུལ་པའི་རྟོགས་པ་པོའི་ངོ་བོ་སློབ་དཔོན་གྱི་འདི་བརྟགས་པ་ཉིད་དུ་བརྗོད་པ་དེའི་ཚེ་ཇི་ལྟར་ན་མཁས་པ། རྣམས་བཤད་གང་དུ་བྱེད་པ་འཇུག་པར་འགྱུར། འོན་ཀྱང་བརྗོད་པར་འདོད་པ་མི ་ཤེས་པར་སུན་འབྱིན་པ་ཁྱེད་ཅག་ལ་མཁས་པ་རྣམས་ཤིན་ཏུ་བཞད་གང་ཀྱི་གནས་སུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་གང་དག་དགའ་ལྡན་པ། དེ་དག་འབའ་ཞིག་ཁོ་ན་ལ། །ཞེས་བྱ་བ་ལ་སོགས་པ་ལ། །ངེས་པར་གཟུང་བའི་ཤུགས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། གང་དུ་དགག་པའི་སྦྱོར་བ་དེར་གཞན་ལས་ལྡོག་པའི་ཆ་རྟོགས་པ་འབའ་ཞིག་ཏུ་མ་ཟད་གང་དུར་གག་པ་སྦྱོར་བ་མེད་པ་དེར་ཡང་རྟོགས་པ་ཉིད་ཡིན་ནོ་ཞེས་དང་གི་བདག་ཉིད་ཁོ་ན་རྟོགས་སོ་ཞེས་ངེས་པར་གཟུང་བ་བྱེད་པ་ན། ཁྱད་ཅག་གི་རང་གི་ཚིག་ཉིད་ཀྱིས ་འདི་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ངེས་པར་གཟུང་བ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་གང་དུ་རང་གི་དཔག་ཉིད་ཁོ་ན་རྟོགས་པ་དེར་ངེས་པར་གཟུང་བའི་ཤུགས་ཀྱིས་གཞན་སེལ་བ་ཡང་རྟོགས་སོ་ཞེས་གསལ་རབ་ཏུ་ངེས་པ་ཡིན་ནོ། །འོ་ན་ཞེས་ ་བྱ་བ་ལ་སོགས་པ་གཞན་དེ?་གསལ་བའི་སྒྲའི་དོན་དུ་རྣམ་པར་གཞག་པ་ཁྱབ་པ་ཡིན་པར་སྟོན་པ་ཡིན་ཏེ། འདི་ལྟར་མོ་གཤམ་གྱི་བུ་ལ་སོགས་པའི་སྒྲ་གང་ཞིག། ཕྱི་རོལ་གྱི་བུམ་པ་སོགས་པའི་དངོས་པོ་གཞན་ལས་ལྡོག་པའི་སེལ་བ་ལ་བརྟེན་པ ་མེད་པ་དེ་ཅིས་གནས་ནས་སེལ་བ་བརྗོད་པར་བྱ་བ་ཡིན་པར་བརྗོད། གདོན་མི་ཟ་བར་སེལ་བ་ནི་དངོས་པོ་ལ་གནས་པར་གྱུར་པར་བརྗོད་པར་བྱ་དགོས་ཏེ། དེ་ནི་གཞན་སེལ་བའི་དངོས་པོ་དང་ཐ་མི་དད་པའི་ཕྱིར། །མེད་པ་རྣམས་ལ་ཞེས་བྱ་བ་ལ་སོགས ་པས་ལན་འདེབས་པར་བྱེད་དོ། །མོ་གཤག་ཐམ་གྱི་བུ་ལ་སོགས་པ་མེད་པ་རྣམས་ལ་རང་བཞིན་གྱི་ངོ་བོ་འགའ་ཞིག་མེད་པའི་ཕྱིར། དེའི་ཡུལ་ཅན་གྱི་སྒྲ་རྣམ་རིགས་ལ་སོགས་བརྗོད་པར་བྱེད་པ་ཉིད་དུ་དོགས་པར་མི་བྱ་སྟེ། དངོས་པོ་ལ་འཇུག ་པའི་སྒྲ་རྣམས་ནི་ཅིའི་ངོ་བོ་བརྗོད་པ་ཡིན་ནམ། འོན་ཏེ་གཟུགས་བརྙན་ཡིན་ཞེས་དོགས་པར་འགྱུར་གྱི། མེད་པ་ནི་དངོས་པོས་དཔེར་པའི་མཚོན་ཉིད་ཅན་ཡིན་པའི་ཕྱིར་དེ་ལ་འཇུག་པའི་སྒྲ་རྣམས་ཇི་ལྟར་དངོས་པོ་ཡུལ་ཅན་ཉིད་ཉིད་དེ་དོགས ་པར་འགྱུར། དའི་ཕྱིར་དེ་ལ་སྒྲ་རྣམས་ནི་གཟུགས་བརྙན་ཙམ་སྐྱེད་པའི་ཕྱིར་ཡུལ་མེད་པ་ཉིད་དུ་གསལ་རབ་ཏུ་ངེས་པའི་ཕྱིར་དོགས་པའི་གནས་མང་ངོ། །དེ་ཉིད་སྟོན་པ་ནི། དོན་གྱིས་སྟོང་པ་ཞེས་བྱ་བ་ལ་སོགས་པའོ། །སྒྲ་རྣམས་ཀྱི་ཞེས་བྱ ་བ་ནི་མོ་གཤམ་གྱི་བུ་ལ་སོགས་པའི་སྒྲ་དག་གིས་སོ། །ཡང་གང་དག་པས་པོའི་ཡུལ་ཅིན་ཀྱི་སྒྲ་དེ་དག་གཟུགས་བརྙན་ཅི་མ་ཐོད་པར་བྱེད་པ་བསྒྲུབ་པའི་ཕྱིར་ཚད་མས་འགོད་པར་བྱེད་པ་ནི། ཐེ་ཚོམ་དང་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་བརྡ ་ལ་བསྟུས་པ་དང་བཅས་པ་དེ་དག་དོན་གྱིས་སྟོང་པའི་མངོན་པར་བརྗོད་པས་བསྒོམ་པའི་བག་ཆགས་ཙམ་གྱི་སྤྲུལ་པའི་རྣམ་པར་རྟོགས་པའི་གཟུགས་བརྙན་ཙམ་གྱི་དོན་བསལ་བར་བྱེད་པ་ཡིན་ཏེ། དཔེར་ན་མགོ་ཤམ་གྱི་བུ་ལ་སོགས་པའི་སྒྲོ་བཏགས ་པའི་དོན་རྗོད་པར་བྱེད་པ་རྣམས་བཞིན་ནོ། །ཐེ་ཚོམ་དང་རྩོད་པའི་གཞིར་གྱུར་པའི་བུམ་པ་ལ་སོགས་པའི་སྒྲ་རྣམས་ཀྱང་བརྡ་ལ་བལྟོས་ས་བཅས་པ་ཡིན་ནོ་ཞེས་བྱ་བ་ན་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་བ་ཉིད་ཀྱིས་རང་གི་ཕྱོགས ་བསྒྲུབས་ནས། གཞན་གྱི་ཕྱོགས་དགག་པའི་དོན་དུ་ཚད་མ་དགོད་པའི་ཕྱིར་སྒྲ་རྣམས་གཞན་གྱིས་ཁས་བླངས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པའི་རང་གི་མཚན་ཉིད་དོ། །སོགས་པའི་སྒྲས་ནི་རིགས་ལ་སོགས་པ་གཟུང་དོ། །དེའི ་ཕྱིར་ཞེས་བྱ་བ་ནི་བརྡ་ལ་བལྟོས་པ་དང་བཅས་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་བརྟགས་པའི་དོན་བརྗོད་པ་བཞིན་ནོ། །གཏན་ཚིགས་གཉི་ག་ཡང་མ་ངེས་པ་ཉིད་སྦྱངས་པའི་ཕྱིར། ཐ་དད་པ་ལ་སོགས་འདི་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་བརྡ་བྱ་བ་མི་ནུས་པའི་ཕྱིར་དང་གཞན་ལ་བརྟེན་པ་མ་ཡིན་པའི་ཕྱིར་རོ་ཞེས་སྔར་རང་གི་མཚན་ཉིད་ལ་བརྡ་མི་སྲིད་པ་དང་བརྗོད་ན་མེད་པ་བསྒྲུབས་ཟིན་པའི་ཕྱིར་རོ། །ངེས་ན་སྟེ་དེའི་ཕྱིར་གཏན་ཚིགས་གཉིས་ས་ཡང་མི་མཐུན་པའི་ཕྱོགས ་ལ་ལྡོག་པ་ལ་ཐེ་ཚོམ་ཟབ་མ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་དག་གཏན་ཚིགས་དང་པོ་མ་ངེས་པ་ཉིད་དུ་སྟོན་པ་ཡིན་ཏེ། ཇི་ལྟར་རང་གི་མཚན་ཉིད་ལ་སོགས་པ་ལ་བརྡ་མ་སྲིད་པ་དང་དོ་མེད་པ་དེ་བཞིན་དུ་གཞན་སེལ་བའི་ཕྱོགས་ལ ་ཡང་མཚུངས་ཏེ། དེ་ལྟ་ཡིན་དང་བརྡ་མི་སྲིད་པའི་ཕྱིར་སྒྲ་རྣམས་དེ་ཙམ་གསལ་བར་བྱེད་པ་ཉིད་དུ་ཡང་མི་རིགས་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་བརྡའོ། །ཇི་ལྟར་འབྲས་བུར་བཅས་ཞེས་བྱ་བ་ལ་སྲིད་པ་ཞེས་བྱ་བ་ལྷག་མའོ། །ཡང་ཇི་ལྟ ་དེ་ལ་བརྡ་མི་སྲིད་པ་ཡིན་ཞེ་ན། འཆད་པ་པོ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ནིའི་སྒྲ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གཟུགས་བརྙེན་གྱི་བདག་ཉིད་ཀྱིས་སེལ་བ་རྡའི་ཡུལ་གང་ཡིན་པ་དེ་འཆད་པ་པོ་དང་ཉན་པ་པོ་གཉིས་ལ་ཅིག་ཅར་གྲུབ་བོ། ཅིའི་ཕྱིར་ཞེ་ན ་ཤེས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱི་ཤེས་པ་ནི་སོ་སོར་རང་གིས་རིག་པར་བྱ་བ་ཉིད་ཡིན་ཡིན་ཏེ། གཞན་གྱི་ཤས་པ་ནི་ཚུ་རོལ་མཐོང་བ་གཞན་བ་གཞན་གྱིས་རིག་པར་བྱ་བ་ཡིན་ནོ། །དོན་དམ་པར་ཤེས་པ་ལས་ཐ་མི་དད་པ ་གཟུགས་བརྙན་གྱིས་བདག་ཉིད་ནི་སེལ་བ་ཡིན་ཏེ། དེ་ཏ་ཡིན་དང་འཆད་པ་པོ་དང་ཉན་པོ་གཉིས་ཀ་ལ་ཡང་བརྡའི་ཡུལ་གྱི་དོན་གཅིག་པོ་འགའ་ཞིག་མ་གྲུབ་པའི་ཕྱིར། གང་དུ་བརྡ་བྱེད་པ་འམ་འཛིན་པ་ཡིན་ནོ། །དོན་དམ་པ་ཤེས་པ་ལས་ཐ་མི་དད་པ ་བྱ་བར་ནུས་པ་མ་ཡིན་ལ་ཉན་པ་པོས་གཟུང་བར་ནུས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་རང་གི་རྣམ་པར་ཤེས་པ་པོ་ཡོད་པའི་དོན་གྱི་གཟུགས་བརྙན་ཉན་པ་པོས་རྟོགས་རིག་པ་མ་ཡིན་ལ། གང་ཡང་འཆད་པ་པས ་རིག་པ་དེ་ནི་ཉན་པ་པོས་མ་ཡིན་ཏེ། རང་རང་གི་སྣང་བ་རིག་པའི་ཕྱིར་རོ། །དོན་མེད་པ་ཉིད་དུ་བསྟན་པའི་ཕྱིར། བརྡའི་དུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆད་པ་པོ་འམ་ཉན་པ་པོ་བརྡའི་དུས་སུ་གཟུགས་བརྙན་ཉམས་སུ་མྱོང་བ་དེ་ཐ་སྙད་ཀྱི་དུས་སུ ་ཉམས་སུ་མྱོང་བ་ཡིན་ཏེ། དེ་ནི་སྐད་ཅིག་གིས་འཇིག་པ་ཉིད་ཀྱིས་འགགས་ནས་རིང་དུ་ལོང་པའི་ཕྱིར་རོ། །གང་ཡང་ཏ་སྙད་ཀྱི་དུས་སུ་ཉམས་སུ་མྱོང་བ་དེ་བརྡའི་དུས་སུ་མཐོང་བ་མ་ཡིན་ཏེ། དེའི་ཚེ་ན་གཞན་ཉིད་དུ་ཉམས་སུ་མྱོང ་པའི་ཕྱིར་རོ། །གཞན་དུ་བརྡ་བྱས་ནས་གཞན་གྱི་ཐ་སྙད་དུ་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རང་དང་རང་གི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། གང་གིས་དེ་ལ་བརྡ་མི་སྲིད་པའི་སྐྱོན་གྱིས ་ཀླན་ཀ་བྱེད་པ་དོན་དམ་པར་ཤེས་པའི་རྣམ་པ་ཡང་སྒྲ་རྣམས་ཀྱི་བརྗོད་པར་བྱ་བའི་དོན་ཉིད་དུ་འདོད་པ་མ་ཡིན་ཏེ། དེའི་ཕྱིར་སྒྲ་ལས་བྱུང་བའི་ཐ་སྙད་འདི་ཐམས་ཅད་རང་གི་སྣང་བའི་ངོ་བོར་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བ ་བ་བཞིན་དུ་འཁྲུལ་པར་འདོད་དེ། དོན་གྱིས་སྟོང་པའི་བརྗོད་བའི་བག་ཆགས་སང་པ་ལས་སྒྲ་ལས་དོན་ངེས་པའི་རྣམ་པར་རྟོག་པ་ཙམ་སྐྱེ་བ་ཁོ་ནར་ཟད་བའི་ཕྱིར། སྐྱེད་པས་གཟུགས་བརྙན་དེ་བསྐྱེད་པའི་ཕྱིར་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ ་ཡིན་ནོ་ཞེས་བརྗོད་ཀྱི་བརྗོད་པ་ཉིད་ཀྱིས་ནི་མ་ཡིན་ནོ་དེ་ལ་གལ་ཏེ་ཡང་འཆད་པ་པོ་དང་ཉན་པ་པོ་དག་གིས་དོན་དམ་པར་རང་རང་གི་སྣང་བ་རིག་པ་དེ་ལྟ་ཡང་རབ་རིབ་ཅན་གཉིས་བཞིན་དུ་འཁྲུལ་པའི་ས་བོན་མཚུངས་པའི་ཕྱིར་འཆད་པའོ ་དང་ཉན་པ་པོ་དེ་དག་ཀྱང་ཕྱི་རོལ་གྱི་དོན་ཞེན་པ་ཉིད་དུ་མཚུངས་སོ། །འདི་ལྟར་འཆད་པ་པོ་འདི་སྙམ་དུ་པས་རྟོགས་པའི་དོན་དམ་པར་རང་རང་གི་སྨང་བ་རིག་པ་དེ་ལྟ་ཡང་རབ་རིབ་ཅན་གཉིས་བཞིན་དུ་འཁྲུལ་པའི་ས་བོན་མཚུངས་པའི་ཕྱིར་འཆད་པ་པོ ་ཇི་ལྟར་འཆད་པ་པོ་དང་ཉན་པོ་པོ་འདི་དག་ཕན་ཚུན་དུ་དོན་གཅིག་ཏུ་ཞེན་པ་ཉིད་དུ་ཤེས་ཞེ་ན། མ་ཡིན་ཏེ། གལ་ཏེ་དོན་དམ་པར་མི་ཤེས་པ་དེ་ལྟ་ན་ཡང་འཁྲུལ་པའི་ས་བོན་མཚུངས་པའི་ཕྱིར་དོན་དམ་པར་རང་གི་སྣང་བའི་དོན་བྱས་ནས་ཀྱང ་རབ་རིབ་ཅན་གཉིས་བཞིན་དུ་ཏ་སྙད་འདི་འཁྲུལ་པ་ཉིད་དུ་ཡོད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །དེས་ན་དོན་གཅིག་ཏུ་ཞེན་པའི་དབང་གིས་བརྡ་བྱེད་པར་འཐད་པ་ཉིད་དོ། །འདིར་དཔེ་སྨྲས་པ་དཔེར་ན་རབ་རིབ་ཀྱི་ཉམས་ཞེས་བྱ་བ་ལ་སོགས་པ་སྟེ། རང་དང ་མཚུངས་པས་ཞེས་བྱ་བ་ནི་བདག་དང་འདྲ་བས་ཏེ། རབ་རིབ་ཅན་གཞན་དང་ཞེས་བྱ་བའི་དོན་ཏོ། །བརྡ་དོན་མེད་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཁྱབ་པར་བྱེད་པ་འདི་ཞེས་བྱ་བ་སྟེ། བརྡ་དག་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱད་པར་བྱེད་པ་ཉིད་ཀྱི་འཆད ་པ་པོ་དང་ཉན་པ་པོ་དག་གིས་ངེས་པའི་དོན་གྱི་གཟུགས་བརྙན་དེ་ཞེན་པའི་དབང་གིས་འདོད་ཀྱི། དོན་དམ་པ་ནི་མ་ཡིན་ཏེ། ཐ་སྙད་ཀྱི་དུས་སུ་ཡང་འཆད་པ་པོ་དང་ཉན་པ་པོ་དག་སྔར་དང་ཕྱིས་མཐོང་བའི་དོན་དག། གཅིག་ཏུ་མངོན་པར་ཞེན་པའི ་ཕྱིར་རོ། །ཡང་ཅིའི་ཕྱིར་དོན་དམ་པ་ཉིད་དུ་མི་འདོད་ཅེ་ན། སྒྲ་ཡིས་སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་སྒྲའི་དོན་བརྟག་པ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ལ་ཚད་མའི་རང་གི་ངོ་བོ་དང ་འབྲས་བུ་དང་སྤྱོད་ཡུལ་དང་རྣམ་གྲངས་ལ་གཞན་དག་གིས་ལོག་པར་རྟོགས་པ་རྣམ་པར་བཞི་ཡོད་དེ། དེ་དག་བསལ་བའི་སྒོ་ནས་ཚད་མའི་མཚན་ཉིད་གསལ་བར་བསྟན་པའི་དོན་དུ་གསལ་བའི་མཚན་ཉིད་དང་ལྡན་པའི་ཚད་མ་གཉིས ་ཀྱིས་གཏན་ལ་ཕབ་ཅེས་བྱ་བ་དེ་བསྒྲུབ་པར་བྱ་བའི་ཕྱིར་།མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱིས་ཞེས་བྱ་བ་ནི་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱི་སོ། །ཁྱབ་པར་བསྒྲུབ་བྱའི་ཕྱིར་ཞེས་བྱ་བ་ནི་ཡོན་ཏན་དང་རྫས་དང་བྱ་བ་དང་རིགས་དང་འདུ་བ་ལ་སོགས་བའི་ཁྱད་པར་གྲུབ་པའི་ཁྱད་པར་གྲུབ་པར་བྱ་བ་ཕྱིར་རོ། །འདི་ལྟ་བུ་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དེ་ལ་མངོན་སུམ་གྱི་རང་གི་ངོ་ལོག་པར་རྟོགས་པ་ནི་རྟོགས་པ་དང་བཅས་པ་འམ་མིག་ལ་སོགས་པ་ཤེས་པ་མེད་པའི་རང་བཞིན་གྱིས་མངོན་སུམ ་ནི་ཚད་མའོ་ཞེས་བྱ་བ་སྟེ། དེ་གསལ་བའི་སྒོ་ནས་དེའི་མཚན་ཉིད་བཤད་པ་མངོན་སུམ་རྟོག་བྲལ་མ་འཁྲུལ་པ་ཞེས་བྱ་བ་སྟེ། དེ་ལ་ཤེས་པའི་རྟོག་པ་དང་བྲལ་བ་འམ་མ་འཁྲུལ་པ་ཉིད་རྗེས་སུ་བརྗོད་ནས་མངོན་སུམ་ཉིད ་དུ་གྲུབ་པར་བྱེད་དེ། །ཐམས་ཅད་དུ་མཚོན་པར་བྱ་བ་ནི། བསྒྲུབ་པའི་བྱ་བ་ཡིན་པའི་ཕྱིར་ཏེ། དཔེར་ན་གང་གཡོ་བ་དེ་ནི་མྱ་ངན་འཆད་པའི་ན་ནི། ཞེས་བྱ་བ་ལྟ་བུའོ། །འདིར་མངོན་སུམ་ནི་མཚོན་པར་བྱ་བ་ཡིན་ཏེ། དེའི་མཚན་ཉིད་བསྟན་པའི་སྐབས་ཡིན་པའི་ཕྱིར ་རོ། །གང་གིས་དེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བར་འགྱུར་བ་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་སྐབས་ནི་མ་ཡིན་ནོ། །རྟོག་པ་བཀག་པས་ཤེས་པ་ཤེས་ཀྱིས་ཐོབ་པའི་ཕྱིར། དཔེར་ན་བེའུ་མེད་པའི་བཞེན་མ་འོན་ཅིག་ཅེས་བྱ་བས ་བེའུ་བཀག་པས་པ་ལང་བཞོན་མ་རྟོག་པ་ལྟ་བུ་ཡིན་པས་དེའི་ཕྱིར་ཤེས་པ་ཞེས་བརྗོད་དོ། །ཡང་འདིར་རྟོག་པ་ཡང་གང་ལ་མངོན་པ་འདོད་ཅིང་གང་དང་བྲལ་བའི་ཤེས་པ་མངོན་སུམ་ཡིན་ཞེ་ན། རྟོག་པ་མངོན་པར་བརྗོད་ཅན་གྱི། ཤེས་པ་ཞེས ་བྱ་བ་སྨོས་ཏེ། ཅི་སྟེ་བརྟག་པའི་རྒྱུ་ཉིད་ལ་སོགས་པའི་བདག་ཉིད་གང་ལ་བདེ་བྱེད་བདག་པོ་ལ་སོགས་པས་རྒྱས་པར་སུན་འབྱིན་པ་བརྗོད་པ་དེ་ཡང་ཅི་གཟུང་བར་བྱ་བ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། ཉེ་བར་བཏགས་པ་ཡི། རྒྱུ་ཉིད་ལ་སོགས ་བདག་ཉིད་མིན་ཞེས་བྱ་བ་ལ། གཟུང་བར་བྱ་བ་ཞེས་བྱ་བ་ལྷག་མའོ། །དེས་ན་དེ་ལ་བརྟེན་པའི་གཞན་གྱིས་བརྗོད་པའི་སྐྱོན་གང་དག་ཡིན་པ་དེ་དག་དེའི་ཕྱོགས་ཁས་མ་བླངས་པའི་ཕྱིར་མི་འཇུག་གོ་ཞེས་བསྟན་པ་ཡིན་ནོ། །བརྟགས་པ་ནི་ཐ་སྙད་དུ ་དུ་བྱས་པའོ། །དེའི་རྒྱུ་ཉིད་ནི་རིགས་ལ་སོགས་པ་རྣམས་ཡིན་ནོ། །ཞེས་རིགས་པར་བྱ་སྟེ། གང་གིས་ཕྱིར་རིགས་ལ་སོགས་པའི་ཁྱད་པར་མེད་པར་ཐ་སྙད་ཡོད་པ་མ་ཡིན་ནོ། །སོགས་པའི་སྒྲས་སྒྲ་དང་འདྲེས་པ་དང། སེམས་རྩིད་བ་དང་ཞིབ་པའི་རྒྱུ་རྟོག ་པ་དང་དཔྱོད་པ་དང། དེ་བཞིན་དུ་གཟུང་བར་པ?་འཛིན་པའི་རྟོག་པ་ཞེས་པས་དེ་ལྟ་བུ་ལ་སོགས་པ་གཟུང་བར་བྱའོ། །མངོན་པར་བརྗོད་པ་ནི་སྨྲ་བར་བྱེད་པའི་སྒྲའོ། །དེ་ལ་ཅིའི་རྣམ་པ་ཡིན་ཏེ། སྣང་བ་གང་ལ་འདི་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཞེས་པ་འདི་འདུ་བ་གང་ལས་འགྲུབ ་ཅེ་ན། སྒྲ་དོན་ཞེས་བྱ་བ་ལ་སོགས་ལ་སྨོས་ཏེ། ཤིང་ཞེས་པ་སོགས་པ་ཡིས། །གང་ཞིག་བརྗོད་དང་མི་ལྡན་ཡང། །ཞེས་སྦྲེལ་ཡང་བྱ་བའམ། ཡང་ན་ཤིང་ན་བྱ་སོགས་ངོ་བོ་ཡིས། །སྒྲ་དོན་སྦྱོར་བར་འདུ་བ་ཡིས། །ཞེས་སྔ་མ་དག་སྤྲེལ་པར་བྱའོ། །འདིས་ནི་མངོན་སུམ ་ཉིད་ཀྱི་རྟོགས་པ་གྲུབ་པར་བརྟན་པ་ཡིན་ཏེ། རྣམ་པར་རྟོག་པ་ནི་སྲོག་ཆགས་ཐམས་ཅད་ཀྱིས་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རོ། །འདི་ལྟར་བྱིས་པའི་བར་དུ་འདི་ལྟར་བྱ་བའི་རྒྱུ་ཉིད་དུ་གྲུབ་པ་ཞེས་སྟོན་པ་ནི། འདས་པའི་སྲིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདས ་པའི་སྲིད་པ་ནི་ལས་པའི་སྐྱེ་བའོ། །དེར་མིང་དང་དོན་གོམས་བ་ནི་སྒྲ་དོན་བྱང་བའོ། །དེས་བསྒོས་པའི་བག་ཆགས་ནི་ནུས་པ་སྟེ། དེའི་རྗེས་སུ་འགྲོ་བ་རྗེས་སུ་འཇུག་པ་གང་གི་ཕྱིར་བྱས་པ་ལ་ཡང་ཡོད་དེ། འདས?་པའི་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདས ་ཡིན་ནོ། །རྟོག་པ་གང་ཞིག་དང་ལྡན་པས་འདི་ལྟར་བྱ་བ་སྟེ། འཛུམ་པ་དང་དུ་བ་དང་ནུ་མ་མཐུང་བ་དང་དགའ་བ་ལ་སོགས་པའི་མཚན་ཉིད་དག་ལ། སྒྲིན་པོར་ཏེ་གྲིམས་པར་འགྱུར་བ་ཡིན་ཏེ། འབྲས་བུར་འགྱུར་བ་འདིས་ཇི་སྐད་དུ་བཤད་པའི་རྟོག་པ་བྱིས་པ་ལ་ཡང་རྗེས་སུ ་དཔག་པར་བྱ་བ་ཁོ་ན་སྟེ། ཇི་སྐད་དུ། འདི་ལྟར་བྱ་ཉིད་འཇིག་རྟེན་ན། ཐམས་ཅད་སྒྲ་ལ་བརྟེན་པ་ཡིན། བྱིས་པ་ལ་ཡང་སྔོན་བསྒོས་པའི། །འདུ་བྱེད་གང་ཞིག་རབ་ཏུ་རྟོགས། །ཞེས་བཤད་པ་ལྟ་བུའོ། །ཡི་གེ་དང་རྣམ་པར་མ་བྱེད་པའི་རྣམ་པ་ཅན་དེ་ཡང་སྒྲའི ་ཁྱད་པར་ཅན་ནང་ཙམ་དུ་ཡོངས་སུ་གསལ་བ་ཕྱི་རོལ་གྱི་དོན་ལྟ་བུར་ཏེ་སྟོན་པ་གང་གི་ཕྱིར་བརྡ་འཛིན་པ་ལ་མཁས་པར་འགྱུར་བ་དེ་ཡང་དེ་དག་ལ་ཉེ་བར་སྐྱེ་བ་ཡིན་ནོ། །སེམས་ཀྱི་དཔྱོད་སོགས་ཞེས་བྱ་བ་ལ་སོགས་པ་སླར་ཡང་རྟོག་པ་མངོན་སུམ་གྱི ་གྲུབ་པ་ཉིད་བསྟན་ཏོ། །དེ་ལ་ཡང་ཞེས་བྱ་ཨ་ལ་སོགས་པས་སྒྲའི་བ་སྙད་ཅེས་བྱ་བའི་འབྲས་བུའི་རྟགས་ལས་ཀྱང་གྲུབ་པར་བཤད་དེ། གང་གི་ཕྱིར་སྔར་སྒྲ་དོན་རྣམ་པར་བཞག་པ་དེ་ཁོ་ན་ཉིད་དུ་ཡོད་པས་བཀག་པ་དང་འཁྲུལ་པ་ཡིན་ནོ ་ཞེས་ཀྱང་རྣམ་པར་བཞག་པ་ཡིན་ནོ། །གལ་ཏེ་རྟོག་པ་འདི་མེད་པར་གྱུར་ན་དེའི་ཚེ་སྒྲའི་དོན་རྣམ་པར་བཞག་པ་དེ་འདི་འདྲའི་འཁྲུལ་པར་ཡང་མི་འགྱུར་རོ། །དེའི་བསམ་པའི་དབང་གིས་དེ་རྣམ་པར་བཞག་པའི་ཕྱིར་དང་ཕྱི་རོལ་གྱི་རང་གི་མཚན་ཉིད་ལ ་སོགས་པ་གཞན་དག་ཀྱང་བརྗོད་པ་ཉིད་དུ་མི་རིག་པ་ནི་བསྒྲུབས་ཟིན་པའི་ཕྱིར་རོ། །འོན་ཏེ་གཞན་དག་ཀྱང་མངོན་པར་བརྗོད་པ་ཅན་གྱི་ཤེས་པ་རྟོགས་པར་བརྗོད་པ་འབའ་ཞིག་ཏུ་མ་ཟད་འོད་ཀྱང་རིགས་དང་ཡོན་ཏན་དང་བྱ་བ་ལ་སོགས་པ་དང་འབྲལ ་བར་རུང་བ་ཡང་ཡིན་ན། ཅིའི་ཕྱིར་མི་གཟུང་ཞེ་ན། རིགས་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སྣང་ཕྱིར་ན་ཞེས་བྱ་བ་ནི་རིགས་ལ་སོགས་པ་ཞེས་འབྲེལ་ཏོ། །འདི་ཡང་རིགས་ལ་སོགས་པ་ཁས་བླངས་ནས་ལན་གདབ་པ་བཤད་པ་ཡིན་ནོ།། ་རིགས་ལ་སོགས་པ་མི་འདོད་པས་ཞེས་བྱ་བ་ལ་སོགས་བས་མི་སྣང་བ་དེ་ཉིད་སྒྲུབ་པར་བྱེད་དོ། །ཆུ་དང་འོ་མ་ལ་སོགས་བཞིན། །ཞེས་བྱ་བ་ནི་དཔེར་ན་ཆུད་པའོ་མ་ལ་སོགས་པ་འདྲེས་པར་གྱུར་ལ་རྣམ་པར་ཕྱེ་ནས་མི་སྣང་བའི་ཕྱིར་རྣམ་པར་བཞག་པ་མི་ནུས་པ ་དེ་བཞིན་དུ་རིགས་ལ་སོགས་པ་རྣམས་འབྲེལ་པ་ཡོད་པ་ཡིན་ན་ཡང་རྟེན་ལས་རྣམ་པར་བྱེ་ནས་མི་སྣང་བའི་ཕྱིར་རྟེན་དེ་དང་ལྷན་ཅིག་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །འོ་ན་གལ་ཏེ་རིགས་ལ་སོགས་པ་དག་སྦྱོར་བ་རྟོགས་པ་ཉིད་དུ་མི་རིགས་པ་ཡིན་ན། དེ་ཇི ་ལྟར་མཚན་ཉིད་མཛད་པས། མིང་དང་རིགས་སོགས་དང་འབྲེལ་པས། རྟོགས་པ་ཞེས་བཤད་ཅེ་ན། བླང་བར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དོར་བར་བྱ་བ་ནི་རིགས་ལ་སོགས་པ་དང་སྦྱོར་བར་གཞོན་དག་ལ་གྲགས་པའི་རྟོག་པའོ། །བླང་བར ་བྱ་བ་ནི་རང་ལ་གྲགས་པ་སྟེ་མིང་དང་སྦྱོར་བའི་རྟོགས་པའོ་ཞེས་བསྟན་པའི་ཕྱིར་རྟོག་པ་རྣམ་གཉིས་བསྟན་ཏོ། །ཇི་ལྟར་རྟོགས་པར་བྱ་ཞེ་ན། ཤད་པ། གཉི་སུ་བཤད་པའི་ཕྱིར་ཏེ། གང་གི་ཕྱིར་མིང་དང་རིགས་ལ་སོགས་པ་སྟེ། དེ་དག་སྦྱོར་བ་ཞེས་བྱ་བ་དེ་ལྟ་བུའི་སྡེ་ཚན ་གཉིས་བཤད་དེ། དེ་ལྟ་མ་ཡིན་ན་མང་ལ་སོགས་པ་སྦྱར་བ་འམ་ཡང་ན་རིགས་ལ་སོགས་པ་དང་སྦྱོར་བ་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །འདི་ཡོངས་སུ་འགྲང་བ་ཡང་མ་ཡིན་ཏེ། སོགས་པའི་སྒྲ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྟོག་པ་ནི་ཤེས་པའི་ཆོས ་ཡིན་ལ། མངོན་སུམ་གྱི་དབང་དུ་བྱས་པའི་ཕྱིར་དེ་དང་བྲལ་བའི་བསྟན་པའི་སྐབས་ཡིན་གྱི། དོན་གྱི་ཆོས་དང་བྲལ་བར་བསྟན་པ་ནི་མ་ཡིན་པ་ཡིན་ན་ནང་དང་རིགས་ལ་སོགས་པ་ནི་མིང་དང་རིགས་ལ་སོགས་པ་དེ་དང་ལྡན་པ་སྦྱོར་བ་གང་ཡིན་པ་དེ་ནི་དོན་གྱི་ཆོས་ཡིན་གྱི་ཤེས ་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་མཚན་ཉིད་བྱེད་པ་སྐབས་མ་ཡིན་བརྗོད་པ་པོར་བྱེད་པ་ཡིན་ཞེས་བྱ་བའི་རྒོལ་བའི་དོགས་པ་གསུམ་ནས། མིང་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། དེ་མ་ཐག་པ་ནི་བར་མཆོད་པའོ། །རྒྱུ་མཚན་ནི་དེའི་རྒྱུ་གང་ཡིན་པ་སྟེ། དེ་ཡང་མངོན་པ་བརྗོད་པར་འཇུག་པའི ་ཤེས་པ་ཡིན་ལ། དེ་ཡང་དངོས་པོ་གཉིས་ཉིད་མཚམས་སྦྱོར་བའི་རྣམ་པར་བསྐྱེད་པ་ལས་དེ་ལྟར་སྦྱོར་རོ་ཞེས་བསྟན་པ་ཡིན་གྱི། འགའ་ཞིག་ཅུང་ཟད་སྦྱོར་བ་ནི་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །དེ་བླངས་པ་ནི་རྣམ་པ་གཉིས་ཀྱིས་ཏེ། མིང་ལ ་སོགས་པ་སྦྱོར་བ་གང་ལས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །བཞིན་དད་པ་ཡིན་ན་ཡང་གོ་བ་བྱེད་པའི་ཕྱིར་འབྲུ་མང་པོ་འམ། རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་ཏེ། ཉེ་བར་བཏགས་པའི་བགོས་པ་ཡང་དེ་ལས་གཞན་པའི་རྒྱུ་ལས་ཁྱད་པར་ཅན་གྱི་འབྲས་བུ་བྱེད ་པའི་རང་བཞིན་བརྗོད་པར་བྱ་བའི་དོན་དུའོ། །རྣམ་པ་གཅིག་ཏུ་ན་འདས་སྦྱོར་བར་བྱེད་པས་ན་སྦྱོར་པ་སྟེ། མིང་དང་རིགས་ལ་སོགས་པ་སྦྱོར་བའོ་ཞེས་བསྡུས་པ་བྱས་ནས་མངོན་པར་བརྗོད་པ་ཅན་ཉིད་རྟོགས་པར་བསྟན་པའི་ཕྱིར་སྐྱོན་མེད་དོ་ཞེས་སྟོན་པ་ནི་ཡང་ན་མིང་དང་རིག?་སོགས ་ཀུན་ཞེས་བྱ་བ་ལ་སོགས་པའོ། །ཡང?་ན་རང་གཞུང་ཞེས་བྱ་བ་ལ་སོགས་པས་ལན་གཞན་བཤད་དོ། །གལ་ཏེ་དེ་ལྟ་ན་སློབ་དཔོན་གྱི་འབྲེལ་པར?་གཞུང་ཇི་ལྟར་དྲང། འདི་ལྟ་སྟེ་དཔེར་ན་འདོད་རྒྱལ་བའི་སྒྲ་དག་ལ་མིང་གི་ཁྱད་པར་ཅན་དོན་བརྗོད་པ་ནི་ཁོ་བོ་ཞེS ་བྱ་ལྟ་བུ་དང་རིགས་ཀྱི་སྒྲ་དག་ལ་རིགས་ཀྱིས་ཏེ་ཞེས་བྱ་བ་དང། ཡོན་ཏན་གྱི་སྒྲ་དག་ལ་ཡོན་ཏན་གྱིས་ཏེ་དཀར་པོ་ཞེས་བྱ་བ་ལྟ་བུ་དང། བྱ་བའི་སྒྲ་དག་ལ་བྱ་བས་ཏེ་འཚེད་པ་ཞེས་བྱ་བ་ལྟ་བུ་དང་རྫས་དག་ལ་རྫས་ཀྱིས་ཏེ། རྭ་ཅན་དང་དབྱུག་པ་ཅན་ཞེས་བྱ་བ་ལྟ ་བུ་ཞེས་བྱ་བའི་གཞུང་འདིས་རིགས་ལ་སོགས་པའི་ཁྱད་པར་དང་ལྡན་པའི་དོན་བརྗོད་བ་ན་ལོགས་ཤིག་ཏུ་བརྗོད་དོ། །ཞེ་ན། དེའི་ཕྱིར་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ཏུ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་སྒྲ་དག་ལ་ཡང་ངོ། །འདི་སྐད་དུ་བསྟན ་པ་ཡིན་ཏེ། ཇི་ལྟར་འདོད་རྒྱལ་བའི་སྒྲ་སྦྱར་བ་དག་ལ་མིང་གི་ཁྱད་པར་ཅན་གྱི་དོན་བརྗོད་པ་དེ་བཞིན་དུ་བ་ལང་ཞེས་བྱ་བ་ལ་སོགས་པའི་རིགས་ལ་སོགས་པའི་སྒྲ་དག་ལས་ཡང་མིང་མི་ཁྱད་པར་ཅན་གྱི་དོན་བརྗོད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གཞུང་ཐམས་ཅད་དུ་སྦྱར ་བར་བྱའོ། །འོ་ན་ཇི་ལྟར་རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱིས་ཞེས་བྱ་བའི་གསུམ་པའི་མཛའ་ཅན་གཞན་འདི་སྦྱོར་བར་ཡིན་ཞེ་ན། འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ཞེས་བྱ་བས་རིགས་ཀྱིས་ཏེ་བྱེད་པར་གྱུར་པས་མིང་གི་ཁྱད་པར་ཅན་གྱི་དོན ་བརྗོད་པ་དེ་བཞིན་དུ་ཡོན་ཏན་ལ་སོགས་པ་དག་གིས་ཡིན་ནོ། །དེ་བཞིན་དུ་རིགས་ལ་སོགས་པ་དག་གིས་བྱེད་པའི་རྣམ་པར་དབྱེ་བ་དང་འབྲེལ་བའི་ཕྱིར་འབྲས་བུ་དང་བཅས་པ་ཉིད་དུ་བསྒྲུབS་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མིང་དང་རིགས་།སོགས་སྦྱོར་བ་ཡིས། མདོ་འདིར་ཇི ་ལྟར་འབྲེལ་བར་བྱ་ཞེ་ན། མིང་དང་རིགས་ལ་སོགས་རྣམས་ཀྱིས། ཞེས་བྱ་བ་སྨོས་ཏེ། སྦྱོར་བ་ཞེས་བྱ་བ་ལྷག་མའོ།། །འདི་ཞེས་བྱ་བ་འདིས་ནི་བསྡུ་བའི་དོན་གྱིས་ཐོབ་པའི་རྟོགས་པ་ཉིད་བསྟན་ཏེ། རིགས་ལ་སོགས་པ་དག་གིས་སྦྱོར་བ་ནི་རིགས་ལ་སོགS ་པ་སྦྱོར་བ་ཡིན་ལ། མིང་དང་རིགས་ལ་སོགས་སྦྱོར་བ་འདི་ནི་མིང་དང་རིགས་ལ་སོགས་པ་སྦྱོར་བ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྡུ་བའི་དོན་གྱིས་གནས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་འདོད་རྒྱལ་བའི་སྒྲ་དག་ལ། འཇུག་པའི་རྒྱུ་མཚན་རིགས་ལ་སོགས་པ་མེད་པའི ་ཕྱིར་རྣམ་པར་བཞག་པ་མ་ཁྱབ་པ་ཅན་དུ་འགྱུར་རོ་ཞེས་དོགས་པ་བསུ་ནས་འདོད་རྒྱལ་གྲ་ཡིས་?་བརྗོད་བྱ་ལ། ཞེས་བྱ་བ་སྔོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། གང་ཡང་ཁོ་བོ་ལ་སོགས་པའི་སྒྲ་དེ་དག་འདོད་རྒྱལ་བའི་སྒྲ་ཉིད་དུ་གྲགས་པ་དེ་དག་ཀྱང་སྐྱེ་བ་གནས ་ཙམ་ནས་འཆི་བའི་བར་དུ་རྗེས་སུ་འཇུག་པ་སྐད་ཅིག་རེ་རེའི་དབྱེ་བས་ཐ་དད་པ་ཐུན་མོངས་མ་ཡིན་པའི་དངོས་པོ་ཐ་དད་པར་གོ་བར་མི་ནུས་པ་རྣམས་དུས་ཀྱི་ཁྱད་པར་མཚམས་བཅད་པའི་དངོས་པོ་དང་ལྡན་པའི་རིགས་བརྗོད་པ་ཉིད་ཀྱིས་ལེན་པར་བྱེད་དེ། གཞན་དུ ་?་བྱིས་པ་ལ་སོགས་པའི་གནས་སྐབས་ཀྱིས་ཁྱད་པར་ཡོངས་སུ་བཅད་པའི་དངོས་པོ་ཆའི་ཡུལ་ཅན་ཉིད་ཀྱི་ཡོད་པ་ཇི་ལྟར་རྒན་པོ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་སྟོན་པར་འགྱུར་གང་དག་གི་ལྟར་ན་ལུས་སྐད་ཅིག་མ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དུས་གཞན་དུ ་གནས་པ་ཡིན་ནོ་ཞེས་ལྟ་བ་དེ་དག་གིས་ལྟར་ན་ཡང་དུས་ཇི་ལྟ་བ་བཞིན་དུ་བསམ་པའི་ཡན་ལག་དང་འབྲེལ་པའི་ཕྱིར་གནས་སྐབས་ཐ་དད་པ་དག་ཏུ་རྫས་གཞན་དང་གཞན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཡོངས་སུ་འགྱུར་བའི་ལྟ་བ་ལ་ཡང་གང་ཞིག་གནས་སྐབས་ཀྱི ་ཁྱད་པར་དང་འབྲེལ་བའི་དངོས་པོ་དེ་ཞི་སྒྲའི་བརྗོད་བྱ་ཉིད་དུ་དམ་བཅའ་སྟེ། དེ་ལྟ་ཡིན་དང་གནས་སྐབས་གཞན་ལ་བརྟེན་པ་ན་དངོས་པོ་དེ་ཉིད་སྒྲ་དེས་བརྗོད་པར་མི་འགྱུར་རོ། །དཔེར་ན་འོ་མ་ལས་དེས་པའི་བརྗོད་པ་ཅན་གྱིས་བརྗོད་པའི་ནུས་པའི་འོ་མའི་སྒྲ་ཞོལ་མི ་འཇུག་པ་དེ་བཞིན་དུ་ལུས་ལ་ཡང་གནས་སྐབས་གཞན་དུ་འཇུག་པར་མི་འགྱུར་བའི་ཕྱིར་གདོན་མི་ཟ་བར་རིགས་ཁས་བླངས་པར་བྱའོ། །ཅི་སྟེ་རིགས་དངོས་པོར་འགྱུར་བ་མེད་མོང་དེ་ལྟ་ན་ཡང་མ་ཁྱབ་པར་རྣམ་པར་བཞག་པ་མ་ཡིན་ཏེ། འདི་ལྟར་ཐ་དད ་པ་དེ་དག་ཉིད་བརྗོད་པར་མི་འདོད་པ་ལས་ཐ་དད་པ་ནི་སྤྱི་ཡིན་པས་ཐ་དད་པ་ཉིད་ཐམས་ཅད་དུ་རིགས་ཀྱི་སྒྲས་ལེན་པར་བྱེད་པའི་ཕྱིར་འདོད་རྒྱལ་བའི་སྒྲ་ཡང་རིགས་རྗོད་པར་བྱེད་པ་ཡིན་ནོ། །དེ་སྐད་དུ་ཡང། རིགས་ནི་ཚིག་གི་དོན་ཡིན་ན། རིགས ་སམ་རིགས་ལྡན་ཁྱད་པར་ནི། སྒྲ་ཡིས་བྱེད་ཅེས་གང་གི་ཕྱིར། །དེ་ཕྱིར་དེ་དག་རིགས་བརྗོད་བྱེད། །ཅེས་བཤད་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་མཚན་ཉིད་མཛད་པས་འདོད་རྒྱལ་བའི་སྒྲ་རྣམས་རིགས་ཀྱི་སྒྲ་དག་ལས་ལོགས་ཤིག་ཏུ་བསྟན་ཅེ་ན། རབ་ཏུ་གྲགS ་ཕྱིར་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་ན་བ་ལང་ལ་སོགས་པའི་སྒྲ་རྣམས་ནི་རིགས་བརྗོད་པ་ཉིད་དུ་གྲགས་ལ། དཔུང་རྒྱན་བཟང་ལ་སོགས་བ་ནི་མིང་གི་སྒྲ་ཉིད་དུ་གྲགས་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་དོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་དག ་རྩོད་པར་བྱེད་ལ་བདེན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་ལྟར་འདི་ཙམ་ཞེས་བྱ་བ་ནི་མིང་དང་རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱིས་སྒྲའི་ཁྱད་པར་དག་གིས་རྣམ་པ་ལྔ་ཡིན་ནོ། །གལ་ཏེ་རང་གི་ལུགས་ལ་གྲགས་པ་ཉིད་ཀྱི ་རྟོགས་པ་མངོན་པར་འདོད་པ་མ་ཡིན་ནམ། འོ་ན་ཅིའི་ཕྱིར་གཞན་དག་དོན་གྱིས་སྟོང་པའི་སྒྲས་ཁྱད་པར་ཅན་གྱི་དོན་བརྗོད་བྱེད་ཅེས་བྱ་བའི་གཞུང་འདིས་སློབ་དཔོན་གྱི་རང་གི་གཞུང་ལ་གྲགས་པའི་རྟོགས་པ་ཕྱིས་ལོགས་ཤིག་ཏུ་བརྗོད་ཅེ་ན། རིག་སོགས ་དེ་དག་ཀྱང་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། དོན་དམ་པར་ཁྲོ་བོ་ལ་སོགས་པའི་གསལ་བ་ལས་མ་གཏོགས་པའི་རིགས་ལ་སོགས་པ་ཡོད་པ་མ་ཡིན་ཏེ། འདི་དག་ནི་ཀུན་རྫོབ་དུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟོན་པའི་དོན་དུ་མཚན་ཉིད་མཛད ་པས་འདི་བརྗོད་ཀྱི་རྟགས་པ་གཞན་ལོགས་ཤིག་ཏུ་བསྟན་པ་ནི་མ་ཡིན་ནོ་ཞེས་བྱའོ། །གཞན་དག་ཅེས་བྱ་བ་ནི་སངས་རྒྱས་པའོ། །དོན་གྱིས་སྟོང་པ་ཞེས་བྱ་བ་ནི་རིགས་ལ་སོགས་པ་བལྟོས་པ་མེད་པའི་གཞན་སེལ་བ་ཙམ་གྱི་སྦྱོར་ཡུལ་ཅན་གྱི་སྒྲས ་ཞེས་བྱ་བ་ནི་སློབ་དཔོན་གྱི་གཞུང་གི་དོན་ཡིན་ནོ། །བེ?་བཅོག་གི་ནི་མངོན་པར་རྗོད་པ་ཅན་གྱི་ཤེས་པ་ནི་རྟོགས་པར་ཁས་བླངས་འབའ་ཞིག་ཏུ་མ་ཟད་གཞན་དག་གིས་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་བགོས་ཏེ་གཞན་དུ་ན་འགྲོ་བའི་ཐ་སྙད་མེད་པ་ཉིད་དུ་འགྱུར་རོ་ཞེས་བསྟན ་པའི་ཕྱིར། གང་ཡང་རིགས་སོགས་སྦྱོར་བ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་དང་ཡོན་ཏན་དང་རྫས་སྦྱོར་བའི་རྟོགས་པ་གཞན་གྱིས་ཁས་བླངས་པ་ན་ཡང་མི་སྦྱོར་བ་ཉིད་རྟོགས་པ་ཡིན་ཏེ། འདི་ལྟར་དེ་ལ་རིགས་ལ་སོགས་པ་རྣམ་པ་བཅད་པའི ་དངོས་པོ་མིང་ཉིད་ཀྱིས་ཁྱད་པར་དུར་བྱས་པ་བཟུང་སྟེ། གཞན་དུ་ན་རང་དབང་དུ་དངོས་པོ་དུ་མ་འཛིན་པ་དེ་བཞིན་དུ་སྦྱོར་བ་མེད་པའི་ཕྱིར་ཇི་ལྟར་རྟོག་པར་འགྱུར། དེ་ལྟར་ཡིན་དང་འགྲོ་བ་ལྐུག་པ་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དབྱུང་པ་དང་ལྡན་པའི ་སྐྱེས་བུར་མཐོང་བ་ན་ཡང་ཇི་སྲིད་དུ་མིང་གི་ཁྱད་པར་ནི་དྲན་པ་དེ་སྲིད་དུ་དབྱུག་པ་ཅན་ཞེས་བྱ་བར་མི་བྱེད་དོ། །གང་གི་ཕྱིར་དེ་ལྟར་སྦྱོར་བ་ཐམས་ཅད་ལ་སྒྲ་སྦྱོར་བས་ཁྱབ་པའོ་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་བ་ལང་ངོ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་ལ ་རིགས་ཀྱི་ཁྱད་པར་དུ་བྱས་པའི་དོན་བརྗོད་པ་ཡིན་ནོ་ཞེས་གང་བརྗོད་པའི་ཚིག་འདི་འབྲས་བུ་དང་བཅས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་མིང་མེད་ན་ཇི་ལྟར་བརྗོད་དོ་ཞེས་བྱ་བར་འགྱུར་རོ། །བརྗོད་པའི་བྱ་བ་ནི་སྒྲའི་ཆོས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས ་པས་གདོགས་པ་གྲུབ་པ་འཇུག་སྡུད་པར་བྱེད་དོ། །ཡང་ན་མཚན་ཉིད་མཛད་པའི་གྲུབ་པའི་ངོ་བོ་རྟོག་པ་རྣམས་བསྟན་པའི་དགོངས་པ་བཤད་པ་འདི་དག་ཐམས་ཅད་ཅེས་བྱ་བ་ནི་བླང་བར་བྱ་བ་དང་བོར་བར་བྱ་བའི་ཡུལ་སྟོན་པའོ། །རིགས་ལ་སོགས་པ་སྦྱོར ་བ་ནི་མི་སྦྱོར་བ་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་མིང་དང་རིགས་ལ་སོགས་བརྗོད་པ། ཞེས་བྱ་བ་ནི་བྱས་ཞེས་བྱ་བ་དང་འབྲེལ་ཏེ། །རང་དང་གཞན་གྱི་ལུགས་སྟོན་པ་ནི་བླང་བྱ་དང་དོར་བྱའི་ཡུལ་བསྟན་པའི་དོན་དུའོ། །འོ་ན་རིགས་པའི ་སྤོའི་གཞུང་ཇི་ལྟར་དྲང་ཞེ་ན། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཤེས་པ་གང་ཞིག་གཟུགས་ལ་སོགས་པའི་དོན་ལ་ཁྱད་པར་བརྗེད་པར་བྱེད་པ་ཐ་མི་དད་པ་ཉེ་བར་བཏགས་པས་རྟོགས་པ་མེད་པ་དབང་པོ་དང་དབང་པོ་ལ ་བརྟེན་ནས་འཇུག་པ་དེ་ནི་མངོན་སུམ་མོ་ཞེས་བྱ་བ་འདི་ནི་རིགས་པའི་སྒོའི་གཞུང་ཡིན་ནོ། །ཁྱད་པར་ནི་རིགས་ལ་སོགས་པའོ། །རྗོད་པར་བྱེད་པ་ནི་མིང་ངོ། །དེ་དག་ནི་ཐ་མི་དད་པར་ཉེ་བར་བཏགས་པ་ནི་རིགས་ལ་སོགས་པ་དང་ལྡན་པ་དག་དང་མིང་དག་གོ། ཐ་མི་དད ་པར་ཉེ་བར་གཏགས་པ་ནི་མཚོན་པ་སྟེ། གང་ལ་ཐ་དད་དུ?་འཛིན་པ་འདིའི་བ་ལང་ཉིད་འདིའི་མིང་འདིའོ་?་ཞེས་བྱ་བ་འདི་ལ་ཡང་རྟོག་པར་འདོད་པ་?་ནའོ། །འོན་ཏེ་འདིར་རྟོགས་པ་ཤེས་པའི་ཞེས་མ་བརྗོད་པ་མ་ཡིན་ནམ། དེ་ལྟར་ཇི་སྐད་དུ་བཤད ་པའི་རྣམ་པར་རྟོག་པ་ལས་རྙེད་ཅེ་ན། ཤེས་པ་ཞེས་བྱར་འབྲེལ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། རྟོག་པ་ལས་བཟློག་པའི་ཤེས་པ་མངོན་སུམ་ཉིད་དུ་བསྟན་པ་ན། རྟོག་པ་ཤེས་པའི་ཆོས་ཉིད་དུ་བསྟན་པ་ཡིན་ཏེ། དེ་ལྟར ་ཡིན་དང་དོན་འདི་ཡིན་ཏེ། ཤེས་པ་གང་ཞིག་མིང་ལ་སོགས་པ་དང་ཐ་མི་དད་པ་དང་རྟགS་པའི་སྒོ་ནས་རྟོགས་པ་མེད་པ་དེ་ནི་མངོན་སུམ་ཡིན་ལ། རྣམ་པ་དེ་ལྟ་བུའི?་རྟོག་པའི་ཤེས་པ་གང་ཡིན་དེ་ནི་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་པ་ཤུགས་ཀྱིས་མངོན་པར་རྗོད་པ་ཅན ་གྱིས་ཤེས་པ་ནི་རྟོག་པ་ཡིན་ནོ་ཞེས་མངོན་སུམ་ལས་བཟློག་པ་ཉིད་དུ་གྲུབ་པོ། །དེ་ལྟར་ན་བདག་དང་གཞན་གྱིས་གཞུང་བསྡུས་ཏེ་བསྟན་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སློབ་དཔོན་གྱིས་རང་གཞུང་བརྗོད་པ་འབའ་ཞིག་མཛད་པ་ཡིན་ནོ་ཞེས་སྟོན་པ ་ནི་ཡང་ན་གང་གིས་ཞེས་བྱ་པའི་ཐ་དད་ཁྱད་པར་དེ་ལྡོག་པ་ཞེས་བྱ་བའི་དོན་ཏེ། དེའི་མ་རྗོད་པར་བྱེད་པ་ཡིན་གྱི་རིགས་ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཐ་མི་དད་པ་བརྟགས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་མངོན་པར་བརྗོད་བ་ཅན་གྱི་རྟོགས་པ ་ནི་ཤེས་པ་ཡིན་ལ། དེ་ཡང་ཆོས་ཅན་མ་ཡིན་ནམ་?་གིས་དེའི་ཆོས་ཉིད་ཀྱང་དེ་འགེགས་པར་བྱེད་པ་དེ་ལྟར་འབྲེལ་པ་མེད་པ་བརྗོད་པའི་ཕྱིར་ཆོས་ཅན་གཞན་དུས་ལ་བར་འགྱུར་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་མངོན་སུམ་རྟོགས་པ་དང་བྲལ་བ་ཡིན་ན། དེ་ཇི ་ལྟར་མངོན་སུམ་གྱི་སྒྲས་བརྗོད་ཅེས་རྟོག་པ་དང་བྲལ་བའི་དོན་བརྗོད་པར་བྱ་བ་མ་ཡིན་པའི་དོན་ཡིན་ནོ་སྙམ་དུ་བསམས་ནས་བྷྲ?་ཏྲེ་དང་བྷྲ་ར་བྷྲ་ཛ་ལ་སོགས་པ་གཞན་ཀླན་ཀ་བྱེད་དོ་ཞེས་གྲགས་ཏེ། འདི་ཐམས་ཅད་ཀྱང་གསལ་བ་ཡིན་ནོ་ཞེས་སྦྱར་བར་བྱ་བའི་ཕྱིར། དེ་ལྟར ་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་དགག་པ་ཞེས་བྱ་བ་ནི་གང་ལ་རྟོག་པ་འདི་མེད་པ་དོན?་མངོན་སུམ་ཡིན་ནོ། །ཞེས་བྱ་བའི་གཞུང་འདིས་མཚན་ཉིད་མཛད་པ་དེའི་བདག་ཉིད་འགེགས་པར་མཛད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་རྟོག་པཱི ་བདག་ཉིད་ཤེས་པ་གང་ལ་མེད་པ་ཞེས་བྱ་བའི་དོན་ཡིན་གྱི་བརྟེན་པ་འགོགས་པ་ནི་མ་ཡིན་པའི་ཕྱིར་རེ་ཞིག་དེད་པོར་ཀླན་ཀ་མ་ཡིན་ནོ། །གཉིས་པ་ཡང་ཀླན་ཀ་མ་ཡིན་པ་ཉིད་དེ་རྟོག་པ་དང་བྲེལ་པའི་དོན་བརྗོད་པར་བྱ་བ་ནི་ཡིན་པའི་དོན་དུ་བརྗོད་པ ་ནི་མ་ཡིན་ནོ་འོ་ན་ཅི་ཞེ་ན་རྟོག་པ་མེད་པའི་དོན་ཡིན་ནོ། །གལ་ཏེ་ཡང་རྟོག་པ་མེད་པས་ཞེས་བྱ་བའི་ཤེས་པ་མངོན་པར་ཞེན་པའི་དོང་བྱས་ནས་སྒྲས་བརྗོད་པ་དེ་ལྟ་ན་ཡང་གཟུགས་ལ་སོགས་པ་བཞིན་དུ་རྟོག་པ་དང་བཅས་པར་འགྱུར་བ་མ་ཡིན་པའི་ཕྱིར ་འདི་ནི་ཅི་ཡང་མ་ཡིན་ནོ། །འདི་སྙམ་དུ་ཇི་སྐད་དུ་བཤད་པའི་རྟོག་པ་དེ་ལྟ་བུ་ཡིན་པ་ནི་བླ་སྟེ་ཤེས་པ་ཅི་ལྟར་རྟོག་པ་དང་བྲལ་བར་འགྱུར་ཞེ་ན། མངོན་སུམ་རྟོག་པ་དང་བྲལ་བར་ཞེས་བྱ་བ་སྨོས་ཏེ། འདིས་ནི་རང་རིག་པའི་མངོན་སུམ་གྱིས་རྟོག་པ་དང་བྲལ ་བར་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་སྙམ་དུ་གཞན་པ་སྤངས་པའི་རྣམ་པར་རྟོག་པས་འདི་ཉིད་མདུན་ན་གནས་པ་སྔོན་ལ་སོགས་པ་རྟོགས་པ་ཡིན་ནོ་སྙམ་དུ་སེམས་ན། སེམས་ན་རྣམ་པར་རྟོག་པ་འདི་ཉིད་མི་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གལ་ཏེ་རྣམ་པར་རྟོག་པ་དེ་ཉིད་དོན་དེ་རྟོག་པར་བྱེད་པ་ཡིན་ན་དེའི་ཚེ་འདས་པ་ལ་སོགས་པ་དོན་བརྗོད་པར་བྱེད་པ་འགགས་པས་སྔོན་པོ་ལ་སོགས་པ་དེ་ཉིད་མིང་དང་སྦྱོར་བར་བྱེད་དེ་གཅིག་ལ་བརྗོད་པས་གཉིས ་དང་འདྲས་བར་རྟོག་པ་མེད་པའི་ཕྱིར་འདས་པ་ལ་སོགས་པའི་བརྗོད་པ་འགགས་པ་ཞེས་བཤད་དོ། །མངོན་དུ་གྱུར་པ་དེའི་མིང་ནི་དེ་མིང་ངོ། །དེ་སྦྱོར་བ་ན་བསྲེ་བ་སྟེ་དེར་འགྱུར་བ་ནི་ཐོབ་པ་སྟེ་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། འདི ་སྙམ་དུ་རྣམ་པར་རྟོག་པ་གཞན་ཉིད་དེའི་ཚེ་དོན་དེ་རྟོགས་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུར་ཅིའི་ཕྱིར་ཤེས་པར་མི་བྱེད་སྙམ་ན་དེའི་མིང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྣམ་པར་རྟོག་པ་གཉིས་གཅིག་ཅར་འབྱུང་བ་དམ་བཅའ་ན་གོ ་རིམས་བཞིན་དུ་མངོན་སུམ་དང་འགལ་བ་དང་ཁས་བླངས་པ་དང་འགལ་བར་བཤད་དོ། །གཉིས་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ཞེས་བྱ་བ་ལྷག་མའོ། །རྣམ་རྟོག་ཅེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །རྣམ་པ་རྟོག་པ་ལྷན་ཅིག་ཏུ་འགྱུར་བ་ཉིད་མ ་གྲུབ་པ་སྙམ་དུ་རེས་འགའ་ཕ་རོལ་པོ་སྨྲ་བ་དེའི་ཕྱིར་དེའི་དོགS་པ་བསུ་ནས། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རིམ་གྱི་སྐྱེ་བ་ཡིན་ཇི་ལྟར་དེ་ཅིག་ཅར་རིག་པར་འགྱུར་ཞེ་ན། མགལ་མེ་བཞིན་དུ་མགྱོགས་པར་འབྱུང་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། མགལ་མེ་ལྟ་བུ་ནི་མགལ་མེ་བཞིན་ཏེ། དཔེར་ན་མགལ་མེ་ལ་མྱུར་དུ་སྐོར་བའི་ཕྱིར་ཅིག་ཅར་འཁོར་ལོའི་རྣམ་པར་ཤེས་ཏེ། དེ་ལ་ལྟ་བ་རྣམས་སྦྱོར་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་རྣམས་མགྱོགས་པར་འབྱུང་བའི ་ཕྱིར་ཅིག་ཅར་འབྱུང་བར་རློམ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་མགལ་མེའི་སྒྲས་ཡུལ་ཅན་གྱི་ཤེས་པ་ལ་ཡུལ་ཉེ་བར་བཏགས་པའི་ཕྱིར་དེའི་ཡུལ་ཅན་གྱི་ཤེས་པ་བརྗོད་ལ། གཞན་ནི་སྔ་མ་བཞིན་ནོ། །མ་ཡིན་ཞེས་བྱ་བ་ནི་ཕྱོགས་སྔ་མ་སྤོང ་པར་བྱེད་པ་ཡིན་ནོ། །འདི་སྙམ་དུ་སེམས་ཏེ། འདིར་ཅིག་ཅར་འབྱུང་བསྒྲུབ་པར་བྱེད་པའི་སྐབས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་བློ་རྟོག་པ་དང་བྲལ་བར་འགྲུབ་པའི་སྐབས་ཡིན་ནོ། །དེ་ཡང་ཡིད་བཞིན་དུ་སོང་བ་ལ་ཡང་མངོན་དུ་གྱུར་པའི་དངོས་པོ་ཉམས་སུ་མྱོང ་པའི་དུས་དེའི་མིང་དང་བསྲས་བའི་རྣམ་པར་རྟོག་པ་དམིགས་པའི་མཚན་ཉིད་ཀྱིས་གྱུར་པ་མ་དམིགས་པས་འགྲུབ་པ་ཞེས་བྱ་བ་འདི་ལ་སྐྱོན་ཅུང་ཟད་མ་བརྗོད་དེ་འདི་ལྟར་གལ་ཏེ་ཉེད་པ་རིམ་གྱིས་རིག་པར་བྱ་བ་ཡིན་གྱི་རྣམ་པར་རྟོག་པ་ནི་རིག་པར་བྱ་བ་མ ་ཡིན་ནོ་ཞེས་བྱ་བའི་སྐབས་ལ་གནོད་པ་མེད་དོ། །ཅིག་ཅར་འབྱུང་བར་རློམ་པ་འདི་ཡང་འཁྲུལ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ནི་རློམ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པ་མ་ཡིན་ཞེས་སྐབས་དང་སྦར་བར་བྱའོ། །དེའི་རློམ ་བ་ཞེས་བྱ་བ་ནི་ཅིག་ཅར་འབྱུང་བ་དེའི་རློམ་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གནོད་པར་བྱེད་པའི་ཚད་མའི་དབང་གིས་འཁྲུལ་པར་རྣམ་པར་བཞག་ལ་གང་གིས་འཁྲུལ་པར་འགྱུར་བ་འདི་ལ་གནོད་པ་བྱེད་པའི་ཚད་མ་ཡོད་པ་ཡང་མ་ཡིན་ནོ། །ཇི་ལྟར་མེད ་ཅེ་ནི?། དེ་ནི་བར་མེད་པར་གསལ་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ནི་སྟེ་མངོན་དུ་གྱུར་པའི་དོན་རིགས་པ་བར་མེད་པ་སྟེ་ཡུལ་གཞན་ལ་ཡེངས་པའི་སེམས་དང་དུས་མཚུངས་པར་གསལ་བར་ཉམས་སུ་མྱོང་བ་དེ་ཡིད་སྣང་བའི་དོན་རྣམ་པར་ཤེས་པ་ནི་མངོན་སུམ་དུ ་བརྗོད་པའི་ཕྱིར་ག་ལས་འཁྲུལ་པ་ཡིན་ཅིག་ཅར་འབྱུང་བ་འཁྲུལ་པ་ཉིད་དུ་རྣམ་པར་བཞག་པ་ལ་གྲུབ་པར་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སླར་ཡང་གནོད་པར་བྱེད་པ་ཉིད་ཡོད་དོ་ཞེས་བསྟན་པའི་ཕྱིར་གར་མཁན་ཞེས་བྱ་བ ་ལ་གོར་བ་སྨོས་པ་ཏེ། བློ་རེ་བློ་སྔས་བར་དུ་བཅན་ཕན་ཡང་གར་མཁན་ལ་སོགས་པའི་གནས་སྐབས་ན་བར་མཆོད་པ་ཉིད་དུ་སྣང་སྟེ་འདི་ལྟར་གང་ཁོ་ནའི་ཚིག་གམ?་མཁན་མཐོང་བ་དེ་ཁོ་ནའི་ཆེ་ཀྲུ་ལ་སོགས་པའི་སྒྲ་ཐོས་པ་དང། གདུང་ལ་སོགས་པའི་རོ་མྱོང ་པ་དང་སྣ་འུག་ཏུ་ཆུད་བའི་མེ་ཏོག་ལ་སོགས་པའི། དྲི་སྣོམ་པ་དང་རླུང་གཡབ་ལ་སོགས་པའི་རེག་བྱ་ལ་རེག་པ་དང། གོས་དང་བརྒྱན་སྦྱིན་པ་ལ་སོགས་པ་སེམས་པར་ཡང་བྱེད་དེ། དེ་ལྟ་ཡིན་དང་མང་པོ་དག་གིས་བར་དུ་ཆོད་ན་ཡང་མགྱོགས ་པར་འབྱུང་བའི་སྟོབས་ཀྱི་བློ་རྣམས་ཅིག་ཅར་འབྱུང་བ་འཁྲུལ་པ་སྐྱེ་བ་དེའི་ཚེ་ལྡུག་མ་དང་ཏཱ་ལ་དང་མཚོ་དང་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལ་ཤེས་པ་རེ་རེ་བར་དུ་ཆོད་པའི་ཕྱིར་ཡི་གེ་ཐོས་པ་རྣམས་ཤིན་ཏུ་མྱུར་བར་འཇུག་པ་ཡོད་པའི་ཕྱིར་ཡེ ་གེ་ཅིག་ཅར་སྣང་བར་འགྱུར་ལ། དེ་ལྟ་ཡིན་དང་མཚེ་དང་རོ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཐོས་པ་ན་ཐོས་པ་ཐ་དད་པའི་རྟོག་པ་ཐ་དད་པར་མི་འགྱུར་རོ། །གཞན་ཡང་རིགས་མི་མཐུན་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་པར་མཆོད་པའི་རྣམ་པ་དུ ་མའི་རྟེན་སེམས་པའི་ངོ་བོའི་རྣམ་པར་རྟོག་པ་ལ་འབའ་ཞིག་སྐྱེ་བ་ན་མགྱོགས་པར་འཇུག་པ་ཡོད་པའི་ཕྱིར་རིམ་གྱིས་ངེས་པར་མི་འགྱུར་ཏེ། བློ་ཐམས་ཅད་སྐད་ཅིག་མ་ཉིད་ཀྱིས་ཡུན་རིང་དུ་མི་གནས་པའི་ཕྱིར་མགྱོགས་པར་འཇུག་པ་ཡོད་པS ་དོན་འགལ་ཡང་རིམ་པ་དང་ལྡན་པར་རྟོགས་པར་མི་འགྱུར་རོ། །སྒྲ་ལ་སོགས་པའི་བློ་བཞིན་དུ་ཞེས་བྱ་བ་ནི་གར?་མཁན་ལ་བལྟ་བའི་གནས་སྐབས་ན་སྒྲ་ལ་སོགས་པ་རིག་པ་བཞིན་ནོ། །གང་ཡང་མགལ་མེ་བཞིན་ནོ་ཞེས་བྱ་བའི་དཔེ་འདི་ནི་བསྒྲུབ ་བྱས་སྟོང་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མགལ་མེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་ནི་རིམ་པ་དང་ལྡན་པར་མཐོང་བར་སྦྱོར་བ་སྐྱེ་བའི་ཡིད་ཀྱིས་འཁྲུལ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཅིག་ཅར་དབང་པོ་ལས་སྐྱེས་པའི ་འཁོར་ལོའི་རྣམ་པ་ཅན་གྱི་འཁྲུལ་པ་ཚོགས་པའི་ཁྱད་པར་གྱི་སྟོབས་ཀྱིས་གཅིག་ཉིད་སྐྱེ་བ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར་རོ། །རྣམ་པར་རྟོག་པ་རྗེས་སུ་འབྲེལ་པ་ལ་གསལ་བར་སྣང་བ་ཉིད་རིགས་པ་མ་ཡིན་ཏེ། འདི་ལྟར་སྦྱོར་བར་བྱེད་པ་ནི་དྲན་པ་ཉིད་ཀྱིས་བྱེད ་ཀྱི། དབང་པོའི་ཤེས་པས་ནི་མ་ཡིན་ཏེ། དེ་ནི་དངོས་པོ་ཉེ་བའི་སྟོབས་ཀྱིས་འབྱུང་བས་འདས་པའི་དོན་འཛིན་པའི་ནུས་པ་དག་རྣ་བའི་ཕྱིར་རོ། །དྲན་པ་འདི་ཡུལ་གང་ཡིན་པ་དེ་ནི་གསལ་བ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། ཞིག་པའི་ཕྱིར་རོ། །དེ་ལྟ་བས་ན་མིག་གསལ་བར་སྣང་བར ་ཐལ་བར་འགྱུར་བའི་ཕྱིར་འདི་ཡིད་ཀྱི་འཁྲུལ་པ་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཞེ་ན། དབང་པོ་ལས་སྐྱེས་པ་སྟེ། དེའི་ཕྱིར་དཔེ་བསྒྲུབ་བྱས་སྟོང་པ་ཡིན་ནོ། །དེ་ལྟར་མངོན་སུམ་གྱི་བློ་རྟོག་པ་དང་བྲལ་བར་བསྒྲུབས་ནས་ད་ནི་རྗེས་སུ་དཔག་པས་སྒྲུབ་པར་བྱེད་པ་ནི། ་ཡང་ན་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ནི་གང་ཞིག་གང་གི་ངོ་བོར་རྣམ་པར་བཞག་པའི་རྒྱུ་མཚན་མེད་པ་དེ་ནི་ཐ་སྙད་འདོགས་པ་པོ་རྟོག་པ་དང་ལྡན་པ་རྣམས་ཀྱིས་དེ་ལྟར་རྣམ་པར་བཞག་པར་བྱ་བ་མ་ཡིན་ཏེ། དཔེར་ན་བ་ལང་དུ་ཐ་སྙད་གདགས་པའི་རྒྱུ་མཚན་དུ་གྱུར ་པའི་ལྐོག་ཤལ་ལ་སོགས་པ་མེད་པ་རྟ་དང་པ་ལ་བ་འང་ཉིད་བཞིན་ནོ། །སྔོན་པོ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཡུལ་གྱི་སྟོབས་ལུས་བྱུང་བའི་མངོན་སུམ་ལ་ཡང་རྣམ་པར་རྟོག་པ་བཞག་པའི་རྒྱུ་མཚན་ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་ཡོད་པ་མ་ཡིན ་ནོ་ཞེས་བྱ་བའི་རྒྱུ་མི་དམིགས་པའོ་།ཆོས་མི་མཐུན་པ་ནི་ཁྭ་པོ་དང་ཁུ་ཡུལ་སོགས་པའོ། །རྣམ་པ་ཐམས་ཅད་དུ་ཐམས་ཅད་རྣམ་པར་འཇོག་པར་ཐལ་བར་འགྱུར་བ་དང། རྣམ་པར་འཇོག་ན་ཡང་རྟོག་པ་སྔོན་དུ་གཏོང་བ་ཉིད་མ་ཡིན་པར་ཐལ་བར་འགྱུར་བ་ནི ་གནོད་པ་ཅན་གྱི་ཚད་མའོ། །ཞེས་བྱ་བ་ནི་སྤྱིའི་དེ་ནི་ཏོ། །དད་པ་ནི་རྟ་དཀར་པོའོ། །རེགས་ལ་སོགས་པ་བཀག་པའི་ཕྱིར་ཞེས་བྱ་ཨུབ་ནི་ཁྱད་པར་ཞེས་བྱ་བ་ལྷག་མའོ། །རིགས་ལ་སོགས་པ་དངོས་པོར་གྱུར་པ་ཡོད་ཀྱང་བླ་སྟེ། །དེ་ལྟ་ན་ཡང་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར ་ཐ་དད་དུ་ནི་མ་བཅད་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཁྱད་པ་ཉིད་དུ་མངོན་པར་འདོད་པའི་གཟུགས་ལ་སོགས་པ་ལས་ཞེས་ཁོང་ནས་དྲང་ངོ། །གལ་ཏེ་རིགས་ཐ་དད་དུ་མ་བཅད་པ་དེ་ལྟ་ན་ཡང་ཅིའི་ཕྱིར་ཁྱད་པར་དུ་མི་འགྱུར་ཞེ་ན། དེ་ལྟར་ཁྱད་པར་ཡོད་མ་ཡིན་ཞེས་བྱ་བ ་སྨོས་ཏེ་དེ་ལྟར་ཞེས་བྱ་བ་ནི་ཐ་དང་དུམ་བཅད་ནའོ། །དེ་ལྟ་བས་ན་ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་ཡོད་པ་ཡང་མ་ཡིན་ནོ། །ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །འདི་སྙམ་དུ་རིགས་ལ་སོགས་པ་ཁྱད་པར་མ ་ཡིན་མོང། སྒྲའི་རང་བཞིན་ཉིད་ཁྱད་པར་དུ་འགྱུར་བ་ཡིན་ནོ་སྙམ་དུ་སེམས་ན། སྒྲའི་རང་གི་མཚན་ཉིད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་ལ་བརྡ་བྱེད་པ་མ་ཡིན་ལ་སྒྲ་རང་གི་མཚན་ཉིད་ལ་ཡང་མ་ཡིན་ཏེ། དེ་དག་ནི་ཐ་སྙད་ཀྱི་དུས་སུ་རྗེས་སུ་མི ་འགྲོ་བའི་ཕྱིར་རོ། །རང་གི་མཚན་ཉིད་ལས་མ་གཏོགས་པ་སྒྲའི་རང་གི་ངོ་བོ་གཞན་ཡོད་པ་མ་ཡིན་ལ། བརྡ་མ་བྱས་པའི་དོན་ལ་སྒྲ་སྦྱང་བར་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་སྦྱར་བ་མེད་པའི་རྣམ་པར་རྟོག་པ་ཡང་མེད་དེ། དེ་ལྟ་བས ་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་ནི་སྒྲོ་བཏགས་པ་ཉིད་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །འདི་སྙམ་དུ་འོ་ན་མངོན་སུམ་གྱི་སྒྲོ་བཏགས་པ་ཉིད་ཀྱི་དོན་རྟོག་པ་ནི་རྟོགས་པ་དང་བཅས་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། མངོན་སུམ་གྱིས་ནི ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་མེད་པ་ལས་ཞེས་བྱ་བ་ནི་དེ་ཡང་བཟློག་པ་ཡིན་ཕྱིར་ཞེས་བྱ་བ་དང་འབྲེལ་ཏོ། །དེ་སྟེ་རང་གི་མཚན་ཉིད་མེད་པ་ལས་དེ་ཡང་སྟེ་མངོན་སུམ་ལྡོག་པ་ཡིན་ཏེ། མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། གང་གི་ཆར་གི་མཚན་ཉིད ་མེད་ཅན། ཆོད་པ་ལ་སོགས་པ། སྲིད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་ཡུལ་དང་དུས་ཀྱིས་བསྐལ་པ་ལ་སོགས་པའོ། །གཞན་ལ་བརྟེན་མིན་ཞེས་བྱ་བ་ལ་སོགས་པས་ཚད་མ་གཞན་ཡང་འཚོད་དེ། །སྔོན་པོ་ལ་སོགས་པའི་བདག ་ཉིད་ཀྱི་རང་བཞིན་ལ་བརྡ་མི་ནུས་པ་ནི་བརྡ་བྱ་བར་མི་ནུས་པའོ། །ཇི་ལྟར་ཞེས་འདྲི་ན་རྒྱུ་བཤད་པ། གཞན་ལ་བརྟེན་མིན་ཞེས་བྱ་བ་སྟེ། གཞན་ལ་བརྟན་མིན་ནི་ཐུན་མོང་མ་ཡིན་པ་སྟེ། ཐ་སྙད་ཀྱི་དུས་སུ་མི་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། བརྡ་ནི ་ཐ་སྙད་ཀྱི་དོན་དུ་ཡིན་པའི་ཕྱིར་འདི་ལ་སྒྲ་བརྡར་བྱེད་པ་མ་ཡིན་ནོ། །གཞན་ཡང་བརྡ་འདི་ཡུལ་དུ་བྱས་པ་མ་ཡིན་ནམ་ཡུལ་དུ་མ་བྱས་པ་ལ་ཡིན། རེ་ཞིག་མངོན་སུམ་མ་སྐྱེས་པ་ནི་སྔོན་པོ་ལ་སོགས་པའི་བདག་ཉིད་ཡུལ་དུ་བྱེད་པ་མ་ཡིན་ལ། སྐྱེས ་པ་ན་ཡང་བརྗོད་པ་བླངས་ནས་སྦྱོར་བ་མ་ཡིན་ཏེ། སྐྱེ་པའི་དུས་དང་མངོན་པར་བརྗོད་པ་འཛིན་པའི་དུས་ན་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཡུལ་མ་ཡིན་ལ་མངོན་སུམ་ཡུལ་ཅན་ཡང་མ་ཡིན་པའི་ཕྱིར། གང་གིས་གང་དུ་སྦྱོར་བར་བྱེད། ཅེས་བྱ་བ ་འདི་ལས་ཀྱང་སྔོན་པོ་ལ་སོགས་པའི་བདག་ཉིད་ལས་བརྡ་བྱ་བར་མི་ནུས་སོ། །དེ་དག་ཅེས་བྱ་བ་ནི་སྔོན་པ་ལ་སོགས་བློ། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། ཞེས་བྱ་བ་ནི་བརྗོད་པ་དང་མི་ལྡན་པའོ། །དེ་ལ་སྦྱོར་བ་ནི་གང་ཞིག་གང་ལ་བརྔམ ་བཟུང་བ་དེ་ནི་དེ་ལ་རྟག་པ་དང་བཅས་པར་འགྱུར་པ་མ་ཡིན་ཏེ། དྲི་ལ་མིག་གི་རྣམ་པར་ཤེས་པ་བཞིན་ནོ། །མངོན་སུམ་གྱིས་ཀྱང་སྔོན་པོ་ལ་སོགས་པའི་བདག་ཉིད་ལ་བརྡ་གཟུང་བ་མ་ཡིན་ནོ། །ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། ་འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཅེར་བུ་བ་ལེགས་པའི་བློ་གྲོས་ཀྱི་ལུགས་ཀྱི་གཏན་ཚིགས་དང་པོ་མ་གྲུབ་པར་རྟོགས་པར་བྱེད་པ་ཡིན་ཏེ། དེ་ནི་དངོས་པོ་ཐམས་ཅད་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱིས་གཉི་གའི་ངོ་བོར་བརྗོད་ལ། སྤྱིའི་ངོ་བོ་ཡང་གཉིས་ཏེ ་ཁྱད་པར་རྣམ་པར་ཆད་པ་ནི་དཔེར་ན་བ་ལང་ཉིད་ལ་སོགས་པ་བཞིན་ནོ། །རྣམ་པར་མ་ཆད་པ་ནི་དཔེར་ན་ཡོད་པ་དང་དངོས་པོ་ཉིད་ལ་སོགས་པ་བཞིན་ནོ། །དེ་ལ་མཆད་པ་གཅིག་གི་ངོ་བོ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་ལྟ་བ་ཅི་མ་གྱི་མངོན་སུམ་གྱི་སྤྱོད་ཡུལ ་ཡིན་ལ་ཅིག་ཤོས་ནི་རྟོག་པ་དང་བཅས་པའོ་ཞེས་བྱ་བ་འདི་ནི་དེ་དག་གི་ལུགས་ཡིན་ནོ། །གཞོན་ནུ་མ་ལེན་གྱིས་ནི་ལྟ་བའི་ཤེས་པ་རྟོག་པ་མེད་པ་གསལ་བ་རང་གི་མཆན་ཉིད་ཀྱི་ཡུལ་ཅན་ཡིན་ལ། སྤྱིའི་ཡུལ་ཅན་ནི་རྟོག་པ་དང་བཅས་པའི་མངོན་སུམ ་དུ་བརྗོད་དོ། །འདིར་ལེགས་པའི་བློ་གྲོས་དང་གཞོན་ནུ་མ་ལེན་ལ་སོགས་པས་མངོན་པར་འདོད་པའི་ལྟ་བ་ཙམ་གྱིས་མངོན་སུམ་དགག་པའི་ཕྱིར། གལ་ཏེ་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ ་སྨྲས་པ་ལ། དབང་པོའི་མདུན་ན་གནས་པའི་དོན་ཙམ་པོ་དེ་ཅི་རང་གི་ངོ་བོས་དོན་གཞན་མེད་པས་ཁྱད་པར་དུ་བྱས་པ་འཛིན་ནས། འོན་ཏེ་མ་ཡིན་ཞེས་བྱ་བ་འདི་དྲི་བར་བྱའོ། །གལ་ཏེ་འདི་མ་ཡིན་ནོ་ཞེས་སྨྲ་ན། འདིར་བརྗོད་པ། གལ་ཏེ་དོན་གཞན་རྣམས་གཅོད་པའི་ངོ་བོས ་འཛིན་པ་མ་ཡིན་ན་བརྗོད་པར་འདོད་པའི་དོན་གཞན་གང་ཡིན་པ་དེ་ལས་རྣམ་པར་བཅད་པ་དེ་ལ་ཡོད་པ་མ་ཡིན་ནོ། །བརྗོད་པར་འདོད་པའི་དོན་ལ་གནས་པའི་ངོ་བོ་གང་ཡིན་པ་སྟེ། རང་བཞིན་ཁྱད་པར་ཅན་གྱི་དོན་དེ་གལ་ཏེ་མི་འཛིན་པར་འདོད་ན། དེའི་ཚེ་དོན་ཙམ ་འཛིན་པར་འགྱུར་བ་འམ། དོན་ཙམ་གང་ཡིན་པ་དེ་ནི་དོན་གཞན་མི་སྲིད་པར་རང་བཞིན་དང་བྲལ་པ་དེ་ཉིད་འཛིན་པར་འགྱུར་བ་འམ། ཅི་སྟེ་དེ་ཡང་མི་འཛིན་པ་དེའི་ཚེ་འཛིན་པར་མི་འགྱུར་མི་འཛིན་པ་ཁོ་ནར་འགྱུར་རོ། །བུམ ་པ་བཞིན་ཞེས་བྱ་བ་ནི་དཔེར་བརྗོད་པའོ། །དེ་ཉིད་ཚིགས་སུ་བཅད་པ་གཞན་གྱིས་བསྟན་པའི་ཕྱིར་གལ་ཏེ་བུམ་པ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ལྡོག་པའི་མཚམས་ཀྱིས་བྱས་པའི་བུམ་པ་མེད་པའི་ངོ་བོས་གལ་ཏེ་བུམ་པ་དེ་མི་འཛིན་ན་དེའི་ཚེ ་བུམ་པ་ཙམ་ཞིག་འཛིན་པའི་དངུལ་དང་ཟངས་མ་ལ་སོགས་པའི་ཁྱད་པར་འགའ་ཞིག་གིས་ཁྱད་པར་དུ་མ་བྱས་པའི་བུམ་པ་ཙམ་ཞིག་འཛིན་པར་འགྱུར་བ་འམ། །ཅི་སྟེ་བུམ་པ་ཙམ་ཡང་འཛིན་པར་མི་འགྱུར་བ་དེའི་ཚེ་མངོན་པར་འདོད་པ་འགའ་ ་ཞིག་ཀྱང་མི་འཛིན་པར་འགྱུར་བས་བུམ་པ་འཛིན་པར་མི་འགྱུར་གྲང་དེ་བཞིན་དུ་ཁྱད་པར་མ་བཟུང་བའི་དཔེ་དོན་འདི་ལ་དོན་ཙམ་འཛིན་པ་འམ་མི་འཛིན་པར་འགྱུར་ཞེས་བྱ་བར་ངེས་སོ། །ཅི་སྟེ་ཕྱོགས་དང་པོ་ཡིན། འདིར་སྨྲས་པ། གཟུང་བར་བྱ་བ་གཞན ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་དབང་པོའི་ཤེས་པ་གཞན་ལ་མེད་པའི་རང་གི་ངོ་བོ་ཁྱད་དུ་བྱས་པའི་དོན་འཛིན་པར་འདོད་ན་དེའི་ཚེ་རྟོག་པ་དང་བཅས་པ་ཉིད་དུ་འགྱུར་ཏེ། ངོ་བོ་འགའ་ཞིགས་གིས་ཁྱད་པར་དུ་བྱས་པའི་དོན་འཛིན་པའི་ཕྱིར་འདི་ནི་ཤིང་ངོ་ཞེས་བྱ་བ་ལ ་སོགས་པའི་ཤེས་པ་བཞིན་ནོ། །འདི་སྙམ་དུ་གང་ཞིག་རང་གིས་ངོ་བོས་ཁྱད་པར་ཅན་དུ་གཟུང་བར་བྱ་བ་དོན་ཙམ་ཞེས་བྱ་བ་ཅུང་ཟད་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཁྱོད་ཀྱི་ཁྱད་པར་དུ་མངོན་པར་འདོད་པ་ཁྱད་པར་ཅན་གྱི་ངོ་བོ་གང་ཡིན་པ་དེ་ཉིད་ཡོད ་བ་ཡང་ཡིན་ལ་འཛིན་པ་ཡིན་ནོ་སྙམ་ན་དེའི་ཕྱིར་ཕྱི་ཡིས་རེག་པ་མ་ཡིན་པའི་ཁྱད་པར་འགའ་ཡང་ཡོད་མ་ཡིན། ཞེས་བྱ་བ་སྨོས་ཏེ། འགའ་ཞིག་ཡོད་པ་ཞེས་བྱ་བས་བརྗེད་པ་དོན་ཙམ་ཞེས་བྱ་བ་སྤྱིར་བརྗོད་དེ། གང་ཞིག་བཟུང་བར་བྱ་བ་དེ་ལ་བལྟོས ་པ་མེད་པའི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཁྱོད་ཀྱིས་ལུགས་ཀྱི་གལ་ཏེ་སྤྱི་དེ་ཡོད་ན་ཡང་འཛིན་པའི་དུས་སུ་དེ་ལ་མི་རེག་གོ། ཞེ་ན་གལ་ཏེ་འཛིན་ཚེ་དེ་མ་རེག། དངོས་པོར་མེད་ཕྱིར་གཟུང་བྱའམ། ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡོད་པ་ཞེས་བྱ་བའི ་ཕྱིར་དེ་འཛིན་པའི་དུས་ན་དབང་པོའི་ཤེས་པས་མི་རེག་གི་ཁྱད་པར་ཙམ་ཉིད་འཛིན་པ་དེའི་ཚེ་ཁྱད་པར་ཙམ་འཛིན་པ་དེ་ནི་ཡོད་པ་ཞེས་བྱ་བའི་དངོས་པོ་དང་བྲལ་བར་རང་བཞིན་གྱིས་སྟོང་པ་རང་བཞིན་གྱི་མེད་པར་འགྱུར་པའི་ཕྱིར་དབང་པོའི་ཤེས་པའི་གཟུང ་བར་བྱ་བར་མི་འགྱུར་རོ། །དངོས་པོ་མེད་ཕྱིར་ཏེ་དངོས་པོ་དང་བྲལ་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན་ནོ་ཞེས་བྱ་བའོ། །དེ་ལྟ་བས་ན་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་བློ་ཡིན་ཞིང་ཡང་རྟོགS་པ་ཡང་མ་ཡིན་ནོ་ཞེས་ཚད་མས་གནོད་པ་ཁས་ལེན་པ་ན་ཁྱོད ་ཀྱི་འདི་གཟུ་ལུམས་ཡིན་ནོ་ཞེས་མཇུག་སྡུད་པ་ཡིན་ནོ། །འདི་ཉིད་ལ་འཐད་པ་བཤད་པ། ཁྱད་པར་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིག་པ་དང་འབྲེལ་པ་མེད་པར་དེ་དང་ལྡན་པར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་ཁྱད་པར་དང་འབྲེལ་པའི་ཡང ་ཁྱད་པར་ཅན་ཡང་རིགས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བས་ན་གང་ཞིག་ཁྱད་པར་དང་འབྲེལ་པ་འཛིན་པ་དེ་ནི་རྟོག་པ་དང་བཅས་པ་ཞེས་བྱའོ། །སྦྱོར་བ་ནི་རྩོད་པའི་གཞིར་གྱུར་བའི་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་ཤེས ་པ་ནི་རྟོགས་པ་དང་བཅས་པ་ཡིན་ཏེ། ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་འདི་བུམ་པའོ་སྙམ་པ་ལ་སོགས་པའི་ཤེས་པ་བཞིན་ནོ། །རིགས་མཐུན་རིགས་མི་མཐུན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེའི་ཕྱིར་འདིར་གལ་ཏེ་ཐ ་དད་པའི་ཁྱད་པར་དང་འབྲེལ་པ་ལས་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་ན། དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། འདི་ལྟར་གང་གིས་དེ་དང་འབྲེལ་པ་གཟུངས་བ་ལས་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་ཤེས་པར ་འགྱུར་བ་དང་སངས་རྒྱས་པ་ལ་ཁྱད་པར་ཞེས་བྱ་བ་ཅུང་ཟད་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་ལྡོག་པའི་དོན་ཙམ་འཛིན་པས་ཁྱད་པར་གྱི་ཡུལ་ཅན་གྱི་ཤེས་པ་འཛིན་པར་འདོད་པ་དེ་ཁས?་ལེན་པ་ཡིན་ནོ།། ་འོ་ན་འདི་ནི་ཁྱད་པར་ཡིན་ནོ། །འདི་ནི་ཁྱད་པར་ཅན་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དང་ཐ་དད་པ་ཇི་ལྟར་ཡིན་ཞེ་ན། ཐ་དད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་ནི་རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་ལྡོག་པ་ཡིན་ལ་དེ་ཡང་ལོག ་པ་ལས་གཞན་མ་ཡིན་ནོ། །དངོས་པོ་ཉིད་ཁྱད་པར་གཞན་སྤངས་ནས་དེ་ཙམ་ཤེས་པར་འདོད་པ་ནས་དེ་སྐད་ཅེས་བྱའོ། །འདི་སྙམ་དུ་གལ་ཏེ་རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་ཐ་དད་པའི་དངོས་པོ་འཛིན་ན་འོ་ན་འཛིན་པ་ངེས་པར་རྟོགས་པ་དང ་བཅས་པར་འགྱུར་ཏེ། འདི་ཐ་དད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་འདིའི་ཡུལ་དུ་འགྱུར་གལ་ཏེ་གཞན་གྱི་རྣམ་པས་འཇུག་པར་འགྱུར་ན། གཞན་གྱི་རྣམ་པས་འཇུག་པ་ནི་དེའི་ཡུལ་ཅན་དུ་རིགས་པ་མ་ཡིན་ཏེ ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཞེས་དོགས་པ་བསུ་ནས། ད་ནི་ཐ་དད་ཅེས་སྒྲ་དང། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་ཇི་ལྟར་ཐ་དད་ཅེས་བརྗོད་ཅེ་ན། རང་བཞིན་ལས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ལས་གཞན་པ་དངོས་པོ་མ་ལུས་པ་གང ་དག་ཡིན་པ་དེ་དག་ལས་ལྡོག་པ་ཐ་དད་པ་གཟུང་བ་ན་ཐུན་མོང་མ་ཡིན་པའི་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བའི་ཕྱིར་ཕྱིས་ཐ་དད་པར་ངེས་པའི་སྒྲའི་རྣམ་པའི་རྗེས་སུ་བྱེད་པ་ཐ་དད་པ་ཞེས་བརྗོད་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་པ་ཡིན་ནོ། །གང་གིས་ཐ་དད་པ་ཞེས་མིང ་སྦྱོར་བ་མ་གཟུང་བ་ནི་མི་འཛིན་པར་འགྱུར་བ་དངོས་པོ་བརྗོད་པའི་རང་བཞིན་ནམ་དེ་དང་ལྡན་པའི་བདག་ཉིད་ཀྱང་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །ཅི་སྟེ་དོགས་པའི་དབང་གིས་ཁྱད་པར་དུ་བྱས་པའི་ཁྱད་པར་ཅན་གྱི་ཡུལ་ཅན་ཉིད ་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་ན། ཁྱད་པར་དོན་གཞན་དང་འབྲེལ་བ་མེད་པའི་ཕྱིར། དེའི་ཚེ་ཡང་རང་ཉིད་ཀྱིས་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་གྱི་སྤྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་ངོ་བོ་ནི་གཉིས ་ཏེ། ཁྱད་པར་གྱི་རྣམ་པར་བཅད་པའི་ངོ་བོ་དང་རྣམ་པར་མ་བཅད་པའི་ངོ་བོ་འོ། །དེ་ལ་རྣམ་པར་མ་བཅད་པའི་ངོ་བོ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་མེད་པའི་ཤེས་པའི་གཟུང་བར་བྱ་བར་འདོད་དོ། །དེ་ལ་ཡོད་ནི་སྤྱི་ལའོ། །འདི་དང་རྣམ་པར་རྟོག་པ་ནི་ཤེས་པས་གཟུང ་བར་བྱ་བ་འདི་དང་མཚུངས་སོ། །ཇི་ལྟར་ཞེ་ན། ཅི་དེ་ཁྱད་པར་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཁྱད་པར་ལས་ཁྱད་པར་ཅན་དེ་ལྡོག་པའི་ཕྱིར་རྟོགས་ཏེ་དེ་ལྟ་མ་ཡིན་ཏེ་གལ་ཏེ་དེས་མི་ལྡོག་ན་ནི་སྤྱི་ཉིད་དུ་མི་འགྱུར་རོ། །དེ་ལྟ་ཡིན་དང་སྤྱི་འདི་ཁྱད ་པར་ལས་ལྡོག་པར་འཛིན་པའི་ཤེས་པ་རྟོགས་པ་དང་བཅས་པར་འགྱུར་ཏེ། ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཁྱེད་ཀྱི་ལུགས་ཀྱིས་འགྱུར་བ་ཡང་མ་ཡིན་ཏེ། དེ་བས་ན་རང་ཉིད་ཀྱིས་མ་ངེས་པ་ཡིན་ནོ། །འདིར་ལེགས་པའི་བློ་གྲོས་དེ་ཉིད་ཀྱི་རང་ཉིད་ཀྱིས ་དོགས་པ་བསུ་ནས་ཕྱིས་གཏན་ཚིགས་མ་དེས་པ་ཉིད་ཀྱིས་ལེན་འདེབས་པར་བྱེད་པར་གྲག་གོ། །དེ་ཉིད་སྟོན་པ་ནི། གལ་ཏེ་ཁྱད་པར་མེད་ཅེས་བྱ་བ་ལ་སོགས་པའོ། །གང་ཞིག་རང་གི་ངོ་བོའི་ཁྱད་པར་ཅན་གཟུང་བ་ན་རྟོག་པ་དང་བཅོས་པའི་ཤེས་པའི ་སྤྱོད་ཡུལ་དུ་འགྱུར་བ་ཁྱད་པར་དག་ལས་མ་གཏོགས་པའི་རང་གི་ངོ་བོ་སྤྱི་ཞེས་བྱ་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི་འོན་ཀྱང་ཁྱད་པར་མེད་པར་གཟུང་བའི་ཐ་དད་པ་ཉིད་སྤྱི་ཞེས་བྱ་བའོ། །སོ་སོར་ཞེས་པའི་རང་གི་ངོ་བོ་ལ་བལྟོས་པ་མེད་པར་རྟོགS་?་ནི་སྤྱིའི་སྒྲ ་བརྗོད་ཁྱད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་ཡིན་དང་དག་གིས་ཏིང་ངེ་འཛིན་པར་བྱེད་པ་རྟོག་དང་བཅས་པར་འགྱུར་བ་ཁྱད་པར་དེ་ལས་སྤྱི་ཁྱད་པ་རང་ན་ཉིད་ག?་ལས་ཡིན། འོན་ཇི་ལྟར་སྤྱི་དང་ཁྱད་པར་དག་?་འཆོས་པ་ཉིད་དུ་རྣམ་པར་བཞིག? ་ན། མ་འདྲ་བ་དང་མཚུངས་པ་ཨི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་དེ་དག་ཉིད་འདྲ་བ་དང་མི་འདྲ་བ་ཉིད་ཀྱིས་ཤེས་པར་བྱ་པ་པོ་རིམས་བཞིན་དུ་སྤྱི་དང་ཁྱད་པར་ཉམས་སུ་མྱོང་བ་བརྗོད་པ་ཉམས་སུ་མྱོང་ནས་སྤྱི་དང་ཁྱད་པར་གྱི་ཐ་?དང་གཡུལ་ཐ་དད་པ ་རྟོགས་པར་བྱེད་དེ། །གལ་ཏེ་འདྲ་བ་དང་མི་འདྲ་བའི་ཞེས་བྱ་བ་ལ་སོགས་བས་ལན་འདེབས་པར་བྱེད་དོ། །ཐ་དད་པ་ཞེས་བྱ་བ་ནི་མ་འདྲེས་པའོ། །སྤྱི་ཡང་གཞན་ཉིད་ཡིན་ལ། ཁྱད་པར་ཡང་གཞན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། སྤྱི་ཁྱད་པར་བས་ཁྱད་པར་ཅན་ཡིན་ནོ ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། དེ་བཞིན་དུ་ཁྱད་པར་ཡང་ཅི་ལས་ཁྱད་པར་ཅན་ཉིད་ཡིན་ནོ། །གཉི་ག་ཡང་ཕན་ཚུན་རང་གི་ངོ་བོས་དབེན་པས་ཐ་དད་པའི་ཕྱིར་རོ། །མ་འཆོལ?་བར་གནས་ཞེས་བྱ་བ་ནི་མ་འདྲེས་བར་གྱུར་བའོ། །ཇི་སྐད་དུ་ལེགས་པའི ་བློ་གྲོས་དེ་ཉིད་ཀྱིས་ཡོད་པ་ལ་སོགས་པའི་སྤྱིའི་རང་བཞིན་དང་ལྡན་པ་ཉིད་ཀྱིས་ཁྱད་པར་མངོན་སུམ་དུ་བྱེད་ཀྱི་རྣམ་པ་གཞན་དུ་མ་ཡིན་ཏེ། དེའི་ཕྱིར་ཁྱད་པར་རྣམ་པར་རྟོག་པའི་ཡུལ་ཉིད་ཀྱི་ངོ་བོར་རིགས་ཀྱི་སྤྱི་ནི་ཁྱད་པར་མ་ལུས་པ་ལས་བལྟོས་པ་མེད ་པར་མངོན་སུམ་དུ་བྱ་བར་ནུས་པའི་ཕྱིར་འདི་རྟོག་པ་མེད་པའི་ཡུལ་ཉིད་དུ་འགལ་བ་མང་ངོ་ཞེས་བཤད་པ་ལྟ་བུ་སྟེ། འདིར་མ་འཆོལ་བར་གནས་པར་མི་འགྱུར་རོ། །ཐ་དད་པ་ཡང་མ་ཡིན་ལ་དབྱེར་མེད་པ་ཡང་མ་ཡིན་པར་འདོད་དོ་ཞེ་ན། འཕན་ཚུན་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་རྣམས་ནི་རང་བཞིན་གཅིག་དགག་པ་རང་བཞིན་གཞན་སྒྲུབ་པ་མེད་ན་མི་འབྱུང་བའི་ཕྱིར་ཕུང་པོ་གཞན་ཡོད་པ་མ་ཡིན་ནོ། །གཞན་ཡང་ཁྱད་པར་མེད་པ་གཟུང་བ་དང་ཐ་དད་པ་ཞེས་བྱ་བ་ཕན ་ཚུན་འགལ་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ཁྱད་པར་བདག་ཉིད་མ་གཏོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་དག་ལས་ཁྱད་པར་གཞན་མ་ཡིན་ལ། ཁྱད་པར་དེ་ཡང་སྤྱི་འཛིན་པའི་ཤེས་པས་མ་རིག་ན་ཇི་ལྟར་ཐ་དད་པ་དག་དེས་འཛིན་ ་པར་འགྱུར་མ་བཟུང་ན་ནི་དངོས་པོ་ཐ་མི་དད་པའི་ཕྱིར་དེ་དག་ཀྱང་མི་འཛིན་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྡེ་འཛིན་པ་ཞེས་བྱ་བར་འདོད་ན་དེའི་ཆ་དེའི་ངོ་བོས་རེག་ན་སྟེ། ཐ་དད་པའི་ངོ་བོས་རེག་ན། བཟུང་ན་གཟུང་བ་དང་ཐ་མི་དད་པའི་ཕྱིར་བཟུང་བའི་རང ་གི་ངོ་བོ་བཞིན་དུ་ཁྱད་པར་ཡང་བཟུང་བ་ཉིད་ཡིན་པའི་ཕྱིར་ཐ་དད་པ་འདི་དག་ལ་སྤྱི་དང་ཁྱད་པར་ཉིད་དུ་མངོན་པར་འདོད་པའི་ཤེས་པ་གང་ཡིན་པ་དེ་རྣམ་པར་རྟོག་པར་འགྱུར་རོ། །གཞན་ཡང་སྤྱིའི་ཁྱད་པར་དང་ཐ་མ་དད་པའི་ཕྱིར་ཏེ་དེ་ལས་ཁྱད་པར་ཅན་ཉིད་དུ་མ་གྱུར ་མོད་དེ་ལྡན་ཡང་རི་བོང་གི་དྲ་ལ་སོགས་པ་ཉེ་བར་བརྗོད་པ་མེད་པ་ལས། དེ་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་རྣམ་པར་རྟག་པའི་ཤེས་པའི་གཟུང་བར་བྱ་བར་འགྱུར་བ་མ་ཡིན་ཏེ། དེ་ལྟ་བས་ནམ?་དེས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཕྱིར་ཉེ་བར་བརྗོད ་བྱེད་ལས། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་སྤྱི་དེ་དངོས་པོ་མེད་པ་ལས་ཁྱད་པར་ཡོད་པ་མ་ཡིན་ལ་འདྲ་བ་ཡང་མ་ཡིན་ཏེ། འདི་ལྟར་མེད་པ་གང་ཡིན་པ་དེ་ནི་ཅི་ཡང་མ་ཡིན་པར་བརྟག་པ?་བ་དེ་ཡང་སྤྱི་ལས་ཁྱེད་པར་ཅན་ཉིད་མ་ཡིན་ལ ་མཚུངས་པ་ཡང་མ་ཡིན་ཏེ་དངོས་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་སྟོང་བ་ཞེས་དེ་སྤྱི་ལས་ཁྱད་པར་ཅན་དུ་འགྱུར་ན་དེ་ཡང་དངོས་པོ་ཉིད་དུ་འགྱུར་ཏེ། དངོས་པོ་མེད་པ་ལ་ནི་ཁྱད་པར་དུ་བརྗོད་པའི་རང་བཞིན་སྲིད་པ ་མ་ཡིན་ནོ། །ཁྱད་པར་དུ་བརྗོད་པའི་རང་བཞིན་མེད་པར་ཡང། ཁྱད་པར་ཅན་དུ་བརྗོད་པར་མི་ནུས་ཤིང། དངོས་པོ་ཉིད་དུ་ཉལ་བར་འགྱུར་པའི་ཕྱིར་རོ། །དངོས་པོ་མེད་པ་ལ་ནི་སྤྱིའི་ངོ་བོ་འགའ་ཞིག་ཡོད་པ་མ་ཡིན་ལ། སྤྱིའི་ངོ་བོ་མེད་པར་ཡང་མཆུངས་པར ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་སྟོང་པ་སྤྱིའི་སྡོད་མཚམས་སུ་བྱས་ནས་མཚུངས་པ་འམ་ཁྱད་པར་ཉིད་དུ་རིགས་པ་མ་ཡིན་ཏེ། འདི་ལྟར་གང་ཞིག་འདི་ལྡོག་མཚམས་སུ་བྱས་ནས་མཚུངས་པ་འམ་ཁྱད་པར་ཅན ་དུ་འགྱུར་བ་དེས་ན་དེ་ཡང་ལྡོག་མཚམས་དང་མཚུངས་པ་དད་མི་འདྲ་བར་སྣང་བར་འགྱུར་རོ། །གལ་ཏེ་ལྡོག་མཚམས་དེ་ངེས་མཚུངས་པ་འམ་མི་འདྲ་བར་སྣང་བར་མ་གྱུར་ན། ཅིག་ཤོས་ལྡོག་མཚམས་དང་ལྡན་པ་ཡང་མཚུངས་པ་འམ་མི་འདྲ་བར་སྣང་བར ་མི་འགྱུར་རོ། གཞན་ཡང་མེད་པར་ཞེས་བྱ་བ་དངོས་པོ་ལས་ཐ་དད་པ་འགའ་ཡང་ཡོད་པ་མ་ཡིན་གྱི། དངོས་པོ་ཉིད་དངོས་པོ་གཞན་མ་ཡིན་པའི་ཕྱིར་དངོས་པོ་མེད་པར་བརྗོད་པ་ཡིན་ནོ། །དེས་ན་འདི་དག་ལས་ཁྱད་པར་ཅན་ཡིན་ཞེས་ལེགས་པའི་བློ་གྲོས་ཀྱིས་སྙམ་པ ་དེ་ཐམས་ཅད་ཞེ་ལ་བཞག་ནས་དངོས་པོས་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་གང་ཞིག་དངོས་པོ་ལས་ཁྱད་པར་ཅན་ཉིད་ཡིན་པ་དེ་ནི་ཅུང་ཟད་ཀྱང་གཞན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དེ་ཉིད་ཡིན་ཏེ། དེའི་བདག་ཉིད་མ་ཡིན་པ་མཚན་ཉིད ་ཐ་དད་པ་ཞེས་བྱ་བའི་ཐ་ཚིག་གོ། སྤྱི་དེ་ཡང་རི་བོད་གི་རྭ་ལ་སོགས་པ་མེད་པ་མཚུངས་བ་ཉིད་ཡིན་ཏེ། འདི་ལྟར་རི་བོང་གི་རྭ་ལ་སོགས་པ་དོན་གྱི་བྱ་བ་བྱེད་པ་ཐམས་ཅད་དང་བྲལ་པའི་མཚན་ཉིད་མེད་པ་ཡིན་ལ། སྤྱི་འདི་ལྟར་མི་འདོད་པའི་ཕྱིར ་འདི་དེ་ལས་ཁྱད་པར་ཅན་ཡིན་པར་གསལ་རབ་པ་ཡིན་ནོ། །དེ་བས་དང་མེད་པ་ལས་ཀྱང་ཁྱད་པར་ཅན་དུ་འགྱུར་པ་མེད་པ་དངོས་པོ་ཉིད་དུ་ཐལ་བར་ཡང་མི་འགྱུར་བའི་ཕྱིར་འདི་ཕྱི་ཡང་མ་ཡིན་ནོ། །གང་ཡང་མེད་པ་ཞེས་པ་གཞན་ནི་མ་ཡིན་གྱི་ཞེས་བྱ་བ་ལ ་སོགས་པ་དེ་?། །དེས་རང་གིས་སྨྲས་བའི་དོན་རྣམ་པར་མ་བཅད་པ་ཡིན་ཏེ། འདི་ལྟར་དངོས་པོ་ཉིད་དངོས་པོ་གཞན་མ་ཡིན་ནོ་ཞེས་སྨྲས་བ་ནི་དངོས་པོ་གཞན་ལས་ཁྱད་པར་ཅན་དུ་བསྟན་པ་ཡིན་ཏེ། དེ་ལས་ལྡོག་པར་བརྗོད་པའི་ཕྱིར་རོ། །འདི་ནི་རྨོངས་པའི ་རྣམ་པར་རོས་པ་ཡིན་པས་ཧ་ཅང་ཐལ་བར་འགྱུར་བས་ཆོག། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཚད་མའི་འབྲས་བུ་ཉེ་བར་སྡུད་པ་ཡིན་ནོ། །དང་པོར་ཡོད་པའི་ལྟ་བ་པོ་ཞེས་བྱ་བ་ལ་སོགས་པས་གཞོན་ནུ་མ་ལེན་གྱི་ལུགས་བསྟན་པའི་སྐོས་ནས་གང ་ཞིག་གང་གིས་ངོ་བོ་རྣམ་པར་བཞག་པའི་རྒྱུ་མཚན་མེད་དོ། །ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་སྦྱོར་བ་ལ་ཕྱོགས་ཀྱི་ཕྱོགས་གཅིག་མ་གྲུབ་པའི་དོགས་པ་བསུ་བ་ཡིན་ནོ། །འདི་ལྟར་མངོན་སུམ་ཐམས་ཅད་ཕྱོགས་སུ་བྱས་པ་དེ་ལ་མངོན ་སུམ་ཞེས་བྱ་བའི་ཆོས་ཅན་ཐམས་ཅད་རྟོག་པ་དང་བཅས་པ་ཉིད་དུ་རྣམ་པར་བཞག་པའི་རྒྱུ་མཚན་ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་མེད་དོ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་ན་གཞན་དག་སེམས་སོ།། བྱིས་དང་ལྐུག་སོགས་བློ་འདྲ་བ། ཞེས་པའི ་ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་ཡོད་པའི་ཕྱིར་རོ། །ཅི་སྟེ་ལྟ་བའི་ཤེས་པ་ཉིད་ཕྱོགས་སུ་བྱས་ནས་གཏན་ཚིགས་སུ་བརྗོད་ན། དེའི་ཆེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་སྙམ་དུ་གཞན་དག་སེམས་སོ། །བྱིས་དང་ལྐུག་སོགས་བློ་འདྲ་བ། ཞེས་བྱ་བ་ནི་བྱིས ་མའི་ཤེས་པ་དང་འདྲ་ཞིང་ལུགས་པ་ལ་སོགས་པའི་ཤེས་པ་དང་འདྲའོ། །སོགས་པའི་སྒྲས་བརྒྱལ་བ་ལ་སོགས་པ་གཟུང་ངོ། །འདྲ་བ་ནི་མངོན་པར་བརྗོད་པའི་ཁྱད་པར་དང་བྲལ་བ་ཙམ་དུའོ། །དག་པའི་དངོས་པོ་ཡང་སྤྱི་གཉིས་ཀྱིས་དཔེན་པའི་ཕྱིར་རོ། ་དེ་ཉིད་ཚིགས་སུ་བཅད་པ་གཉིས་པས་གསལ་བར་བྱེད་པ་ནི་ཁྱད་པར་ཅན་མ་ཡིན་ཞེས་བྱ་བ་སྨོས་ཏེ། ཁྱད་པར་ནི་ཉི་ཚེ་བའི་སྤྱི་སྟེ་པ་ལང་ཉིད་ལ་སོགས་པའོ། །སྤྱི་ཞེས་བྱ་བ་ནི་སྤྱི་ཆེན་པོ་སྟེ། དངོས་པོ་ཉིད་ལ་སོགས་པའོ་དེ་དག་ནི་གཞིར་གྱུར་པ་ཞེས་བྱ ་པ་འདིས་ནི་དག་པའི་དངོས་པོ་བསྟན་ཏོ། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཀྱི་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་དེ་ཉིད་གསལ་བར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དག་པའི་དངོས་པོ་འཛིན་པའི་དུས་ཕྱིས་སོ། །བློ་གང་གིས ་དངོས་པོ་ངེས་པའི་རིགས་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་སོ། །དེ་ཡང་མངོན་སུམ་ཉིད་དུ་འདོག་ཅེས་བྱ་བ་དང། རིགས་ལ་སོགས་པ་ཞེས་བྱ་བ་འདིས་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་དོན་འཛིན་པ་བསྟན་ཏེ། འདིས་ནི་མ་གཏོགས་པའི་དོན་གཏོགས་པ ་པོ་ཉིད་དང། གཏན་ཚིགས་ཀྱང་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་སྐད་ཅིག་མ་གསུམ་པ་ལ་སོགས་པར་རོ། །དེ་དང་འབྲེལ་པའི་རྗེས་འཕྲེངས་པ། ཞེས་བྱ་བ་ནི་དབང་པོ་དེ་དང་འབྲེལ་པའི་རྗེས་སུ་འབྲེངས་པས་སོ། །ཇི་སྙེད་ཅེས་བྱ་བ་ལ། མ་རྟོགས ་པའི་མ་རྟོགས་པ་ཞེས་བྱ་བ་ལྷག་མའོ། །འདི་སྙམ་དུ་གསལ་ཏེ་དང་པོར་དབང་པོའི་བྱེད་པ་དང་ལྡན་པའི་དུས་སུ་རིགས་ལ་སོགས་པའི་ཆོས་དང་ལྡན་པའི་དངོས་པོ་ཐམས་ཅད་མི་སྣང་ན་འོ་ན་དེ་དུས་བྱིས་ཁྱད་སྣང་བར་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ་སྙམ ་དུ་སེམས་ན། སྣང་བ་ནས་ནི་ཁྱིམ་ཕུགས་སུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བ་ཞེས་བྱ་བ་ནི་འོད་ཀྱིས་གསལ་བ་ལས་ཏེ། ཞུགས་པའི་མདོ་ལ་ཞེས་བྱ་བ་དང་སྦྱར་རོ། །དབང་པོ་ཡིས། མི་རྟོགས་པ་ནི་མ་ཡིན་ནམ། ཞེས་བྱ་བ་ལ། འོན་ཀྱང་རྟོགས་པ་ཁོ་ན ་ཞེས་བྱ་བ་དྲི་བར་བལྟ་བར་བྱའོ། །དེ་ལྟར་དཔེ་བསྒྲུབས་ནས་དཔེའི་དོན་ལ་ཉེ་བར་བསྡུ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཁྱིམ་ཕུགས་སུ་སྣང་བ་ཙམ་རྟོགས་ན་ཕྱིས་སྔོན་པོ་ལ་སོགས་པ་བྱེ་བྲག་ཏུ་རྟོགས་པ་དེ་བཞིན་དུ་སྔར་རང་གིS་ངོ་པོས་ཤེS ་ནས་ཕྱིས་རིགས་ལ་སོགས་པའི་མཆོད་ཀྱི་མངོན་སུམ་དང་ལྡན་པར་འགྱུར་བའི་ཕྱིར་སྐྱོན་མེད་དོ། །འོ་ན་དེ་ལྟར་ན་གལ་ཏེ་ལྟ་བའི་ཤེས་པ་ལས་ཕྱིས་ཡང་ནས་ཡང་དུ་ཇི་སྙེད་རྟོགས་པ་དེ་ཚད་མ་ཉིད་ཡིན་ན་དེའི་ཚེ་གལ་ཏེ་ལྟ་བའི་ཤེས་པས་འགའ་ཞིག་གིས་བལྟས་ནས་ཕྱིས ་མིག་བཙུམས་ཏེ་རིགས་ལ་སོགས་པའི་ཆོས་ཀྱི་རྣམ་པར་རྟོགས་པ་བྱེད་པ་དེ་འདི་སྔ་ན་མེད་པའི་རྟོག་པ་ཡོད་པའི་ཕྱིར་དེ་ཡང་མངོན་སུམ་ཉིད་དུ་འགྱུར་ཞེ་ན། གལ་ཏེ་འགའ་ཞིག་བལྟས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བལྟས་ནས་ཞེས་བྱ་བ་ནི་ལྟ་བའི་ཤེས་པས་ཤེS ་ནས་སོ། །མིག་ཅེས་བྱ་བ་ནི་བཙུམས་ཞེས་བྱ་བ་དང་སྦྱར་རོ། །འབྲེལ་པའི་རྗེས་སུ་མི་འབྲལ་ཕྱིར། ཞེས་བྱ་བ་ནི་དབང་པོ་དང་འབྲེལ་པའི་སྒོ་ནས་མ་སྐྱེས་པའི་ཕྱིར་རོ། །ཇི་སྐད་དུ། གུ་མཱ་ར་རི་ལ་ནི་དེ་ཉིད་ཀྱིས། དེ་ལྟར་རྣམ་རྟོག་ལམ་དུ་མཚུངས་ན་ཡང། །གང་དུ་དབང་པོ་དང ་འབྲེལ་འབྲས་བུ་རྗེས་སུ་འབྲང། །དེ་ནི་མངོན་སུམ་དེ་བཞིན་འཇིག་རྟེན་ན། འདི་ནི་མཚན་ཉིད་མེད་ཀྱང་རབ་ཏུ་གྲགས་པ་ཡིན། ཞེས་སྨྲས་པ་བཞིན་ནོ། །དེ་ནི་མི་རིགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། འཛིན་ན་ཡང་ཞེས་བྱ་བ་ཡང་གི་སྒྲ ་ནི་ཁས་ལེན་པ་མ་ཡིན་ཏེ། རེ་ཞིག་འགའ་ཞིག་གི་ཆེ་རིགས་ལ་སོགས་པ་གསལ་བའི་ཕྱིར་དེ་དག་ནི་མེད་པ་ཉིད་ཡིན་པའི་ཕྱིར་དེ་འཛིན་པ་ཚད་མ་ཉིད་དུ་གོག་ལས་འགྱུར། ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་དེ་གཟུང་བ་ན་ལྟ་བའི་ཤེས་པ་ལས་དུས་ཕྱིས་འབྱུང་བའི ་ཤེས་པ་རྣམས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རྟོག་པ་མེད་པ་ཉིད་ཡིན་ཏེ། རིགས་ལ་སོགས་པ་རྣམས་རང་གི་མཚན་ཉིད་ལས་ཐ་མི་དད་པར་ཁས་བླངས་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་རང་གི་མཚན་ཉིད་འཛིན་པ་དེ་ནི ་རྟོག་པ་མེད་པ་ཡིན་ཏེ། བལྟ་བའི་ཤེས་པ་བཞིན་ནོ། །མངོན་སུམ་ཉིད་དུ་མངོན་པར་འདོད་པའི་ཤེས་པ་ཕྱི་མ་ཡོད་རང་གིས་མཚན་ཉིད་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཏེ། འདི་ནི་ཐལ་བར་སྒྲུབ་པར་བྱེད་པ་ཡིན་ནོ་གཏན་ཚིགས་མ་ངེས་པ་ཡང ་མ་ཡིན་ཏེ། གང་གིས་ཕྱིར་རང་གི་མཚན་ཉིད་འདི་ནི་བརྗོད་བྱ་མ་ཡིན་ནོ་ཞེས་སྔར་གཞན་སེལ་བར་བསྒྲུབས་ཟིན་ཏོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །འདི་སྙམ་དུ་རིགས་ཙམ་ཡུལ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ ་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། རིགས་ཙམ་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཁྱད་པར་གཅིག་ཏུ་ཐ་དད་པ་ཉིད་དུ་འགྱུར་ཏེ་ཞེས་བྱ་བ་ལ་ཁྱད་པར་ཅན་ལས་ཞེས་བྱ་བ་ལྷག་མའོ། །གཞན་གྱིས་འདི་འདོད་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཁྱད་པར་དང་ཁྱད་པར་ཅན་གཅིག་ཏུ་ཏ་དད ་པ་ཉིད་དུ་ཅི་ལྟར་ནི་འདོད་ཅེ་ན། ཇི་སྐད་མོས་ཅེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱིས་ཞེས་བྱ་བ་ལྷག་མའོ། །དེ་གང་ཡིན་ཞེ་ན། གལ་ཏེ་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་མོས་སྟེ། རྣམ་གྲངས་ཀྱི་ཏ་དད་པ་ཡང་ཁས་ལེན་པའི་ཕྱིར་གཅིག་ཏུ་ཞེས་པ་ཤད་དོ། །འདི་ལྟར་དེ་ནི ་རིགས་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པའི་རང་བཞིན་དུ་འདོད་ཀྱི་གཅིག་ཏུ་ཐ་དད་པ་མ་ཡིན་ལ་ཐ་མི་དད་པ་ཡང་མ་ཡིན་ནོ། །ཇི་སྐད་དུ་ཡང། བློ་ཐ་དད་ཕྱིར་གཟུགས་ལ་སོགས། །གཅིག་ཏུ་ཐལ་བར་འགྱུར་བའམ། །གཅིག་དང་དུ་མ་ཉིད་འདོད་མིན། །ངོ་བོ་ཡོད་སོགས ་ཐ་དད་ཕྱིར། ཞེས་བཤད་དོ། །ཡང་སྨྲས་པ། རིགས་འདི་གསལ་བདག་ལས་འདི། གཞན་ཉིད་དུ་ནི་གནས་པ་མིན། ཞེས་སོ་གཞན་ཉིད་ཅེས་བྱ་བ་ནི་ཕ་རོལ་ཉིད་དོ། །རང་དང་རྗེས་མཐུན་ཞེས་བྱ་བ་ནི་ཁྱད་པར་གྱི་རང་གི་ངོ་བོ་སྒྱུད་པའོ། །གང་གི་ཕྱིར་ཉེ་བར་བསྒྱུར་པའི ་ཁྱད་པར་ཅན་འཛིན་པར་བྱེད་པ་ནི་ཁྱད་པར་ཞེས་བྱ་སྟེ། གཞན་དུ་ན་ཁྱད་པར་དུ་མི་འཐད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་སྐད་དུ། གང་གསོ་རང་བློས་ཁྱད་པར་ཅན། སྒྱུར་བྱེད་དེ་ནི་ཁྱད་པར་ཡིན། །ཞེས་བཤད་པ་བཞིན་ནོ། །ཡང་ཅི་ཏེ། ཤེས་ཤེས་པ་ཕྱི ་མ་རྣམས་ནི་རང་དང་སྤྱིའི་མཚན་ཉིད་ཀྱིས་ཡུལ་ཅན་ཉིད་ཀྱིས་གཉི་གཡུལ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཙམ་འབའ་ཞིག་ཡུལ་ཉིད་དུ་མ་གྲུབ་པོ་སྙམ་ན། ཤེས་པ་གཅིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་གཅིག་རང་གི་མཚན་ཉིད་དང་སྤྱིའི ་མཚན་ཉིད་དག་གི་རིགས་པར་བྱེད་པར་རིགས་པ་མ་ཡིན་ཏེ། འདི་ལྟར་ཤེས་པ་གཅིག་པོ་དེ་རྟོགས་པ་དང་བཅས་པ་ཡིན་ནམ་རྟོག་པ་མེད་པ་ཡིན་གྲང། དེ་ལ་རྟོག་པ་དང་བཅས་པ་ཡིན་ན་སྔ་མ་སྟེ་སྔར་བཤད་པའི་རང་གི་མཚན་ཉིད་རིག་པ་དེ་ཤེས་པར་མི་འགྱུར་རོ། །གཞན་དངོས ་ལ་ཞེས་བྱ་བ་ནི་རྟོག་པ་མེད་པའི་ཕྱོགས་ལའོ། །ཕྱི་མའི་ཞེས་བྱ་བ་ནི་སྤྱིའི་བདག་ཉིད་རིག་པར་མི་འགྱུར་རོ། །དེ་ལྟར་རེ་ཞིག་རང་གི་མཚན་ཉིད་ཡུལ་ཡིན་པའི་ཕྱིར་ཤེས་པ་ཕྱི་མ་རྣམས་རྟོག་པ་དང་བཅས་པ་ཉིད་དུ་མི་འགྱུར་བར་བསྒྲུབས་ནས། ད་ནི་རྟོག་པ་དང་བཅས་པ་ཉིད་ཡིན་དུ ་ཆུ་ག་མོད་དེ་ལྟ་ན་ཡང་གཟུང་ཟིན་པ་འཛིན་པའི་ཕྱིར་དེ་དག་ཚད་མ་ཉིད་དུ་རིཌ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཅིག་ཏུ་གཞན་ཉིད་མེད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རིགས་ལ་སོགས་པ་གཅིག་ཏུ་བསལ་བ་ལས་གཞན་ཉིད་དུ་མི་འདོད་དེ ་ཇི་སྐད་དུ། རིགས་སོགས་གསལ་བ་དག་ལས་ནི། གཞན་ཉིད་དུ་ནི་གནས་པ་མིན། །ཞེས་བཤད་པ་ལྟ་བུའོ། །དེ་ལྟ་ཡིན་དང་དང་པོའི་ཉིད་ཀྱིས་ལྟ་བའི་ཤེས་པས་རིགས་ལ་སོགས་པ་གཟུང་བའི་ཕྱིར་དྲན་པའི་ཤེས་པ་བཞིན་དུ་བཟུང་ཟིན་པའི་དོན་འཛིན་པའི་ཕྱིར་ཕྱིས ་རིགས་ལ་སོགས་པའི་ཆོས་ངེས་པའི་ཤེས་པ་ནི་ཚད་མ་མ་ཡིན་པ་ཉིད་དུ་རིགས་སོ། །སྦྱོར་པ་ནི་གང་བཟུང་ཟིན་པ་འཛིན་པའི་ཤེས་པ་ནི་དེ་ཚད་མ་མ་ཡིན་ཏེ། དྲན་པ་བཞིན་ནོ། །མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ཡང་བཟུང་ཟིན་པའི་འཛིན་པ་ཡིན་ནོ་ཞེས་བྱ ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་སོ། །དེའི་ཕྱིར་འདིར་གལ་ཏེ་སྒྲོ་བཏགས་པའི་ཡུལ་རྣམ་པ་དཔྱོད་པས་བཟུང་ཟིན་པ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་ནོ། །དེའི་སེ་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅི་སྟེ་ཅི་ཞིག་ལྟ་བ་བཟུང་ཟིན་པའི་ཕྱིར་ཞེས་བྱ་བའི་གཏན ་ཚིགས་ཀྱི་དོན་ཡིན་ན་དེའི་ཚེ་རྗེས་སུ་དཔག་པས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྤྱིའི་ངོ་བོ་ཞེས་བྱ་བ་ལ་སོཌ་པ་སྨོས་ཏེ། འདི་ལྟར་དང་པོར་བལྟ་བའི་ཤེས་པས་འདྲེས་པའི་ངོ་བོར་རྟོགས་ཀྱི་ངེས་པའི་ངོ་བོས་ནི་མ་ཡིན་ནོ། །ཕྱི་མ་ཕྱི་མ་ནི་ངེས་པའི་ཚད་མ་ཡིན་ཏེ་རྗེས ་སུ་དཔག་པ་བཞིན་དུ་སྒྲོ་འདོགས་རྣམ་པར་དཔྱོད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་མངོན་སུམ་གྱིས་བཟུང་ཟིན་པའི་སྒྲ་ལ་སོགས་པའི་ཆོས་ཅན་ལ་བྱས་པ་ལ་སོགས་པའི་རྟགས་ཀྱིས་མི་རྟག་པ་ཉིད་ངེས་པ་ན་ཚད་མར་འགྱུར ་བདེ་བཞིན་དུ་ངེས་པར་སྒྲོ་འདོགས་པ་རྣམ་པར་དཔྱོད་པའི་ཡུལ་ཅན་དུ་འགྱུར་བ་ཡིན་ཏེ། འདི་ལྟར་ངེས་པ་སྒྲོ་འདོགས་པ་རྣམ་པར་དཔྱོད་པའི་ཡུལ་ཅན་ཡིན་ནོ། ཞེས་བྱ་བ་འདི་ལ་ཁྱེད་ཅག་དང་ཡང་རྩོད་པ་མེད་དེ། ཅི་སྐད་དུ་ངེས་པ་དང་ནི་སྒྲོ་འདོགས་ཡིད། ་གནོད་བྱེད་གནོད་བྱེད་ངོ་བོའི་ཕྱིར། །འདིར་ནི་སྒྲོ་འདོགས་བདེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་བཤད་པ་བཞིན་ནོ། །མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། སྒྲོ་འདོགས་པ་ཞུགས་པ་རྣམ་པར་གཅོད་པས་རྗེས་སུ་དཔག་པ་ཚད ་མ་ཡིན་གྱི། སྒྲོ་བཏགས་པའི་ཡུལ་རྣམ་པར་གཅོད་པ་ཙམ་གྱིས་ནི་མ་ཡིན་ཏེ། དྲན་པ་ཡང་ཆད་མར་ཐལ་བར་འགྱུར་བའི་ཕྱིར་རོ། །མངོན་སུམ་གྱི་རྗེས་ཐོགས་སུ་འབྱུང་བའི་བ་ལང་དཀར་པོ་འགྲོ་བར་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོགས་པ་སྒྲོ་འདོགS ་ཞུགས་པ་བཟློག་པ་དེ་ནི་ཡོད་པ་མ་ཡིན་ཏེ། བ་ལང་དུ་སྒྲོ་འདོགས་པ་མ་སྐྱེས་པའི་ཕྱིར་རོ། །ཇི་ལྟར་མ་སྐྱེས་ཤེ་ན་མངོན་སུམ་གྱི་ནི་མཇུག་ཐོགས་སུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་ཡང་དག་པར་མི་རིགས་པ་སྐྱེ་བ་མེད་པའི་ཕྱིར་དམིགས ་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པར་སྒྲོ་བཏགས་པ་མ་སྐྱེས་པ་ཉིད་དུ་གྲུབ་པོ། །དེ་ལྟ་དེ་ཞིག་འདི་ཐམས་ཅད་རིགས་ལ་སོགས་པ་ཁས་བླངས་ནས་བརྗོད་ལ། ད?་ནི་རིགས་ལ་སོགས་པའི་དོན་དམ་པར་ཡོད་པ་ཉིད་མ་ཡིན་ན་དེའི་ཡུལ་ཅན ་ཡིན་པ་ཉིད་ཀྱི་མངོན་སུམ་རྟོག་པ་དང་བཅས་པ་ཉིད་དུག?་ལས་འགྱུར་ཞེས་བསྟན་པའི་ཕྱིར། གང་གིS་རྣམ་པར་རྟོག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ལ་སོགས་པ་བསལ་བདག་ལས་རེས་འགའ་ཐ་དད་པ་འམ། ཐ་མི་དད་པའམ། ཐ་དད་པ་དང ་ཐ་མི་དད་པ་ཉིད་ཀྱིས་གཉི་གའི་བདག་ཉིད་གཅིག་ཡིན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྗེས་འགྲོ་མེད་ཕྱིར་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དངོས་པོ་དུ་མ་ལ་རྗེས་སུ་འཇུག་པའི་ངོ་བོ་ནི་སྤྱིར་བརྗོད་ལ། གང་གིས་དེ་དག་ཉིད་སྤྱིར་འགྱུར་བ་གསལ་པ་འདི་དག་ཕན་ཚུན ་རྗེས་སུ་འཇུག་པ་ནི་མ་ཡིན་ནོ། །རྗེས་སུ་འཇུག་ན་ཡང་སྣ་ཚོགས་ངོ་བོ་གཅིག་ཏུ་འགྱུར་བའི་ཕྱིར་སྤྱི་ཉིད་མེད་པར་ཐལ་བར་འགྱུར་ཏེ། དེའི་རྟེན་ནི་དུ་མ་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། ཐ་དད་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ། །ཐ་དད་ལས་ཞེས་བྱ་བ ་ནི། བསལ་བ་ལས་སོ། །མི་སྣང་བ་ནི་མངོན་སུམ་དུ་འགྱུར་བ་ཡང་མ་ཡིན་ཏེ། འདི་སྐད་དུ། བསལ་བ་རྣམས་ནི་རྗེས་མི་འགྲོ། རྗེས་འགྲོ་གཞན་ནི་སྣང་བ་མེད། །ཤེས་དང་ཐ་དད་མ་ཡིན་པ། །ཇི་ལྟར་འདོད་གཞན་འབྲང་བར་འགྱུར། །ཞེས་བཤད་པ་བཞིན་ནོ། །ཕྱོགས་གསུམ ་པ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་རོ། །གང་དག་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་དེ་དག་གི་གཅིག་དགག་དེ་ནི་གཞན་བསྒྲུབ་པ་མེད་ན་མི་འབྱུང་བ་ཡིན་ཏེ། དེ་ཉིད་དང་གཞན་དག་ནི་ཕན་ཚུན་སྤངས་ནས་གནས་པའི་ཕྱིར ་དང། གང་ཡང་རུང་བའི་ངོ་བོ་རྣམ་པར་བཅད་ནས་གང་ཡང་རུང་བ་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ལྟ་བས་ན་ཕུང་པོ་གསུམ་པ་སྲིད་པ་མ་ཡིན་ནོ། །གལ་ཏེ་མངོན་སུམ་རྟོག་པ་མེད་པ་ཡིན་ན། ཇི་ལྟར་དེས་ཐ་སྙད་དུ་བྱེད། འདི་ལྟར་འདི་ནི་བདེ་བསྒྲུབ་པར་བྱེད་པའོ།། ་འདི་ནི་སྡུག་བསྔལ་སྒྲུབ་པར་བྱེད་པ་ཞེས་བྱ་བ་གལ་ཏེ་ངེས་པ་དེ་ཚེ་དེ་དག་ཐོབ་པ་དང་སྤངས་པའི་དོན་དུ་འཇུག་པར་འགྱུར་རོ། །གཞན་ཡང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཀྱང་མེད་པར་འགྱུར་ཏེ། འདི་ལྟར་རྗེས་སུ་དཔག་པའི་དུས་གདོན་མི་ཟ་བར་ཆོས་བས་ཅན་ནམ་ཆོས ་ཚད་མ་གཞན་གྱིས་ངེས་པར་བཟུང་བར་བྱ་དགོས་ལ་དེ་ཡང་མ་ངེས་པའི་བདག་ཉིད་ཀྱིས་མངོན་སུམ་གྱིས་ནི་ངེས་པར་བཟུང་བར་བྱ་བར་མི་ནུས་ལ་རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཚད་མ་གཞན་ཡང་ཡོད་པ ་མ་ཡིན་པའི་ཕྱིར་ཐ་སྙད་ཐམས་ཅད་ཆད་པར་ཐལ་བར་འགྱུར་ན་དེ་ལྟ་ན་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འཇུག་པའི་རྟགས་ལས་རྟོགས་པ་མེད་པའོ་ཞེས་བྱ་བ་འདི་དམ་བཅས་པ་འདི་རྗེས་སུ་དཔག་པས་གནོད་པ་ཡིན ་ཏེ། །ཞེས་གང་བརྩོད་པར་བྱེད་པ་དེ་ལ། དེའི་ཕྱིར་རྣམ་དག་སྐྱེད་ནུས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྒོ་ནས་ཞེས་བྱ་བ་རྣམ་པར་རྟོགས་པའི་སྒོ་ནས་སོ། །རྟོག་པ་མེད་ཀྱང་ངེས་པའི་རྒྱུ་ཡིན་པ་ཉིད་ཀྱི་ཐ་སྙད་ཐམས་ཅད་ཀྱི་ཡན་ལག་ཏུ་འགྱུར་པ་ཡིན ་ཏེ་འདི་ལྟར་མངོན་སུམ་རྟོག་པ་དང་བྲལ་བ་ཡང་རིགས་མཐུན་པ་དང་མི་མཐུན་པ་ལས་ལོག་པའི་མེ་ལ་སོགས་པའི་དོན་དེ་རྣམ་པར་སྣང་བ་སྐྱེ་བ་ལས་རྣམ་པར་བཅད་པ་སྐྱེ་པ་ཡིན་ཏེ། དེ་ཡང་ངེས་པའི་ངོ་བོར་རྣམ་པར་གནས་པའི་དངོས་པོ་འཛིན ་པའི་ཕྱིར་དང་རིགས་མི་མཐུན་པ་ལས་ལྡོག་པའི་དངོས་པོའི་རྣམ་པའི་རྗེས་སུ་བྱེད་པའི་ཕྱིར་དངོས་པོ་དེ་ཉིད་ལ་འདི་ནི་མ་ཡིན་གྱི་ཤིང་མྱ་ངོན་མེད་ཀྱི་མེ་ཏོག་ཁ་འབུས་པོ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བའི་བསྒྲུབ་པ་དང་དགག་པའི་རྣམ་པ་དག ་སྐྱེ་བ་ཡིན་ནོ། །རྣམ་པར་རྟོག་པ་དེ་དག་ཀྱང་བརྒྱུད་ནས་དངོས་པོ་དང་འབྲེལ་བའི་ཕྱིར་མི་བསླུ་བ་ཉིད་ཡིན་ན་ཡང་ཚད་མ་ཉིད་དུ་མི་འདོད་དེ། སྣང་བ་དང་རྣམ་པར་རྟགས་པ་དག་གཅིག་ཏུ་ཞེན་ནས་འཇུག་པས་དངོས་པོའི་ངོ་བོ་མ་གཏོགས་པ་རྟོགས་པ་མེད ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ཉིད་ཀྱིས་རྒྱུ་ཡིན་པའི་ཕྱིར། རྣམ་པ་གསུམ་པ་མེད་པར་སྟོན་པའི་ཡང་རྒྱུ་མཚན་དུ་འགྱུར་བ་ཡིན་ནོ། །འདི་ལྟར་དེ་གང་ལ་འཇུག་པ་དེ་སྣང་བའི་ཕྱིར་དེ་ཡོངས་སུ་གཅོད་ལ། འདིར་དེ་ལས་གཞན་མ་དམིགས་པས་དེའི ་ཕྱིར་དེ་རྣམ་པར་གཅོད་ལ་དངོས་པོ་ཐམས་ཅད་ཀྱང་རྣམ་པ་དང་དེ་ལས་གཞན་པ་ཕུང་པོ་གཉིས་སུ་རྣམ་པར་བཞག་པའི་ཕྱིར་རྣམ་པ་གཞན་མེད་པར་སྟོན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་མངོན་སུམ་གྱིས་སྒྲ་ལ་སོགས་པའི་ཆོས་ཅན་བཟུང་ཟིན་པའི་ཕྱིར ་དེ་ཁས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་འཇུག་པ་ནི་ཚད་མ་ཉིད་དུ་མི་འགྱུར་རོ་ཞེ་ན། སྐྱོན་འདི་ནི་མེད་དེ། །མངོན་སུམ་སྐྱེས་ན་ཡང་ཚ་གང་ལ་ཞེན་པ་སྐྱེད་པར་བྱེད་པའི་ཆ་དེ་ཉིད་ལ་ཐ་སྙད་དུ་རུང་བར་བཟུང་བར་བྱེད་ཀྱི། གང་དུ་འཁྲུལ་པའི་རྒྱུ་མཚན་གྱི་དབང་གིས་སྒྲོ་བཏགས་པ་འཇུག ་པའི་ཕྱིར་བཞེན་པ་སྐྱེད་པར་ནུས་པ་ནི་མ་ཡིན་ཏེ། དེ་ནི་ཐ་སྙད་དུ་མི་རུང་བའི་ཕྱིར་གཟུང་ན་ཡང་མ་གཟུང་བ་དང་མཚུངས་པའི་ཕྱིར་དེ་ལ་སྒྲོ་བཏགས་པ་ཞུགས་པ་རྣམ་པར་བཅད་པའི་དོན་དུ་རྗེས་སུ་འཇུག་པ་ནི་ཚད་མ་ཉིད་དུ་འགྱུར་གྱི། མངོན་སུམ་གྱི་མཇུག་ཐོགས་སུ ་འབྱུང་བའི་རྣམ་པར་རྟོག་པ་ནི་མ་ཡིན་ཏེ། དེ་ལ་སྒྲ་བཏགས་པ་ཞུགས་པ་གཅོད་པ་མེད་པའི་ཕྱིར་རོ། །ཡང་རྒྱུ་ཅིའི་ཕྱིར་ཐམས་ཅད་ལས་ལྡོག་པའི་དངོས་པོའི་ངོ་བོ་ཉམས་སུ་མྱོང་བ་སྐྱེད་པ་ན་ཡང་དེ་ཁོ་ན་ལྟར་དྲན་པའི་ངེས་པ་མི་འབྱུང་ཞེ་ན། རྒྱུ་གཞན་ལ་བལྟོས ་པའི་ཕྱིར་ཏེ། འདི་ལྟར་ཉམས་སུ་མྱོང་ཞེས་ཏེ་ངེས་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ལྟར་གོམས་པ་དང་དོན་དུ་གཉེར་བ་དང། གཡེང་བག་ལ་སོགས་པའི་རྒྱུ་གཞན་ལ་བལྟོས་པའི་ཕྱིར་རོ། །ཇི་ལྟར་སྐྱེད་པར་བྱེད་པ་དང་འདོན་པར་བྱེད་པར་ཁྱད་པར་མེད་ན་ཡང་ཕ་འོང་བ་མཐོང ་ནས་བདག་གིས་ཕའོ་སྙམ་དུ་ངེས་ཀྱིས་མཁན་པོའོ་སྙམ་དུ་མ་ཡིན་པ་བཞིན་ནོ། །འདིར་དངོས་པོ་རྣམ་པར་འབྱེད་པ་ལ་སོགས་པ་རྣམ་པར་རྟོག་པ་སྐྱེད་པའི་སྒོ་ནས་ཀྱང་ཐ་སྙད་ཀྱི་ཡན་ལག་ཉིད་འཇིག་པར་བྱེད་པ་གང་ཡིན་པའི་ཚད་མ་སྟེ་སྟོན་པ་ནི། །རྟོག་མེད་རྟོག ་པ་སྐྱེད་ནུས་མིན།། ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོའི་རྣམ་པར་ཤེས་པ་ནི་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ཏེ། ཡུལ་ཐ་དད་པའི་ཕྱིར་གཟུགས་དང་རེག་པ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། །རྟོག་པ་མེད་པའི་ཡང ་ཕྱིར་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། །ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིའི་དཔེ་ནི་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །རྟོག་པ་མེད་པའི་ཕྱིར་ཞེས་བྱ་བའི་འདི་མིག་ལ་སོགས་པ་བཞིན་ནོ་ཞེས་བྱ་བ ་ཡིན་ནོ། །དེས་འདིར་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དོ། །གཏན་ཚིགས་གཉི་ག་ཡང་མ་ངེས་པ་ཡིན་ཏེ། གཏན་ཚིགས་བསྒྲུབ་བྱ་ལས་ལྡོག་པ་དང་ལྷན་ཅིག་འགལ་བ་མ་བསྟན་པའི་ཕྱིར་རོ། །འདི་དག་ཅེས་བྱ་བ་ནི་གཏན ་ཚིགས་དག་གོང་ཡུལ་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་འདིས་ནི་ཡུལ་དང་བཅས་པ་ཉིད་ཡིན་ན་ཡང་རྣམ་པར་རྟོག་པའི་ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པར་བསྟན་ཏོ། །དོན་དམ་པར་རྣམ་པར་རྟོག་པ་ཡུལ་མེད་པ ་ཡིན་པ་དེའི་ཚེ་ཡང་མ་གྲུབ་པ་ཉིད་གསལ་རག་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་སྒྱུར་ལ་སོགས་བློ་རྣམས་ནི། །ཞེས་བྱ་བ་ལ་སོགས་པའི་ཤེས་པ་བཞིན་ཞེས་བྱ་བའི་དཔེ་འདི་བསྒྲུབ་པར་བྱ་བ ་མཚངས་པར་བསྟན་ཏོ། །གཟུགས་དང་སྒྲ་ལ་སོགས་པའི་ཤེས་པ་རྣམས་ཕན་ཚུན་མཚུངས་པ་དེ་མ་ཐོག་པའི་རྐྱེན་གྱི་ངོ་བོས་རྒྱུ་ཡོད་པའི་ཕྱིར་རོ། །ཡང་ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མི་མཐུན་པའི་ཕྱོགས་ལ་ཡོད་པར་བསྟན ་པའི་སྒོ་ནས་གཏན་ཚིགས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། འདི་ལ་མེ་དང་དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་ཡུལ་ཐ་དད་པ་ཞེས་བྱ་བའི་གཏན་ཚིགས་འདི་ལའོ། །ཇི་ལྟར་མེ་ལ་སོགས་པའི་རྟགས་ཅན་གྱི་དུ་བ་ལ་སོགས ་པ་རྟགས་ཀྱི་བློ་ཡུལ་འདོད་པ་ཡིན་ཡང་རྒྱུ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་བའི་ཕྱི་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །དེ་ལྟར་མངོན་སུམ་རྟོག་པ་དང་བྲལ་བ་ཉིད་དུ་བསྒྲུབས་ན། ས་འཁྲུལ་པ་སྤྲོས་པའི་དགོས་པ་བསྟན་པའི་ཕྱིར ་མ་འཁྲུལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་མ་འཁྲུལ་པ་ཉིད་ནི་མི་བསླུ་བ་ཉིད་དུ་བལྟ་བར་བྱའོ། །དངོས་པོ་ཇི་ལྟར་གནས་པའི་རྣམ་པ་དམིགས་པ་ཉིད་ཀྱི་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་དམིགས་པ་མ་གྲུབ ་པའི་ཕྱིར་ལ། ལུགས་གཉི་ག་ལ་བརྟེན་པས་འདོད་པའི་མངོན་སུམ་གྱི་མཚན་ཉིད་མ་ཁྱབ་པ་ཉིད་དུ་འགྱུར་རོ། །མི་སླུ་བ་ཉིད་ཀྱང་མངོན་པར་འདོད་པའི་བྱ་བ་བྱེད་པར་ནུས་པའི་དོན་ཐོབ་པར་ནུས་པ་ཡིན་གྱི། ཐོབ་པ་ཉིད་ནི་མ་ཡིན་ཏེ། གེགས་བྱེད་པ་ལ་སོགས ་པ་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མ་འཁྲུལ་པ་སྨོས་པ་ཉིད་ཀྱིས་ཆོ་ག་མོད། །རྟོག་པ་དང་བྲལ་བ་སྨོས་པས་ཅི་ཞིག་བྱ་ཞེ་ན། རྣམ་པར་རྟོག་པ་རྗེས་སུ་དཔག་པ་ཡང་མངོན་སུམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཁ་ཅིག་ཡིད་ཀྱི་འདོད། །ཅེས་བྱ་བ ་ནི་དེའི་དོན་དུ་མ་འཁྲུལ་པ་སྨོས་པ་ཉིད་དུ་མི་རིགས་སོ་ཞེས་བྱ་བ་ནི་དེ་དག་གིས་བསམ་པའོ། །འོན་ཏེ་ཡིད་ཀྱི་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་མ་འཁྲུལ་པ་སྨོས་པར་བྱ་དགོས་པ་ཁོ་ན་སྟེ། འདིར་དབང་པོའི་ཤེས་པ་ཁོ་ནའི་མངོན་སུམ་གྱི་མཚན་ཉིད་རྩོམ་པར ་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣལ་འབྱོར་པའི་ཤེས་པ་ལ་སོགས་པ་ཡིས་ཀྱི་ཡང་ཡིན་ཏེ། དེ་རྨི་ལམ་གྱི་མཐར་ཡང་གསལ་བར་སྣང་བའི་ཕྱིར་རྟོག་པ་མེད་པ་ཡང་ཡོད་ཀྱི་མ་འཁྲུལ་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་དེ་བཟློག་པའི་དོན་དུ་མ་འཁྲུལ་བ་སྨྲོས ་པ་རིགས་པ་ཉིད་ཡིན་ནོ། འདི་ནི་བདེ་ན་མེད་ཀྱི་འོན་ཀྱང་དབང་པྤོའི་འཁྲུལ་པ་ཡང་སྲིད་དེ། དེས་ན་འདི་དག་གིས་ཕྱོགས་འདི་རིགས་པ་མ་ཡིན་ནོ། །དབང་པོ་ལས་སྐྱེས་པ་ཉིད་བསྒྲུབ་པའི་ཕྱིར་དེ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱུང་པོ་ཡོད་ན་ཡོད་པའི ་ཕྱིར་ལ་དབང་པོ་འགྱུར་ན་ཡང་ག་ཆོད་པའི་མཚན་ཉིད་ཀྱི་རྣམ་པར་འགྱུར་བ་ཉམས་པའི་མཚན་ཉིད་དམིགས་པའི་ཕྱི་དེ་ལས་གཞན་པའི་དབང་པོའི་བློ་བཞིན་དུ་སྐད་ཤད་འཛིངས་པ་ལ་སོགས་པའི་བློ་འདི་དབང་ལས་སྐྱེས་པ་ཡིན་ནོ། །གཞན་ཡང་གལ ་ཏེ་ཡིད་ཀྱི་འཁྲུལ་བར་འགྱུར་ན་དེའི་ཚེ་ཡིད་ཀྱི་འཁྲུལ་པ་བཞིན་དུ་དབང་པོའི་བསླད་པ་མ་ལོགས་པར་ཡང་རྒྱུ་ལས་ལྡོག་པར་འགྱུར་རོ། །སྤྲུལ་ལ་སོགས་པ་འཁྲུལ་པ་བཞིན་ཞེས་བྱ་བ་ནི། དཔེའོ། །གསལ་བར་སྣང་བར་འགྱུར་ཞེས་བྱ་བ་འདི་ནི་ཐལ་བར་ ་འགྱུར་བ་གཞན་ཡིན་ཏེ། རྣམ་རྟོག་རྗེས་སུ་འབྲེལ་པ་ལ། །དོན་གསལ་སྣང་བ་མ་ཡིན་ཏེ། །དེ་ནི་སྤྱིའི་རྣམ་པ་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །དེ་ཡོད་པ་ན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་སྔོན་གྱི་དོགས་པ་བསུ་བ་ཡིན་ཏེ། འདི་གལ་ཏེ ་དངོས་སུ་ཡོད་ན་ཡོད་པ་ཉིད་གཏན་ཚིགས་ཡིན་ན་དེའི་ཚེ་གཏན་ཚིགས་གང་ཡང་རུང་བ་མ་གྲུབ་པོ། །གཞན་ལ་འཁྲུལ་པ་དབང་པོ་ལས་དངོས་སུ་སྐྱེས་པར་མ་གྲུབ་སྟེ། དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཅིས་སྤྱིར་དེ་ཡོད་ན་ཡོད་པ་ཉིད། གཏན་ཚིགS ་ཡིན་ན་དེའི་ཚེ་མ་དེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་སུ་གྱུར་པ་དྲན་པའི་བློ་ལ་ཡང་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཡོད་པའི་ཕྱིར་རོ། །གང་ཡང་དེ་འགྱུར་ན་འགྱུར་བ་ཉིད་དེ་ཡང་དངོས་སུ་མ་གྲུབ་ལ་བརྒྱུད་ནས་ལེན་ན་ཡང་མ་ངེས་པ་ཉིད་ཡིན་ནོ། །གང་གི ་ཕྱིར་འདི་བོང་བུ་དང་རྟ་ལས་སྐྱེས་པའི་དྲེའུ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུ་བར་ཆོད་ན་ཡང་དེའི་རྣམ་པར་འགྱུར་བ་ཕྱིས་བོང་བུའི་ངོ་བོའི་རྣམ་པའི་རྗེས་སུ་བྱེད་པར་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་འདིས་པ་དངོས་སུ་སྐྱེ་བར་མ་གྲུབ་བོ། །ཡིད་ཀྱི ་འཁྲུལ་པ་རྣམ་པར་དཔྱད་པ་ལས་ལྡོག་གོ་ཞེས་བྱ་བ་འདི་ཡང་དངོས་པོའི་སྤྱི་བློ་དག་གིས་མ་ངེས་པ་ཉིད་ཡིན་ནོ། །ཁྱེད་ཅག་གིས་རིགས་པས་སྤྱི་མེད་པར་རྟོགས་ཀྱང་བུམ་པ་ལ་སོགས་པའི་དངོས་པོ་ལ་འམ་དངོས་པོ་ཞེས་བྱ་བའི་སྤྱི་ཡང་རུང་སྟེ་སྤྱིའི་རྣམ་པ ་ཅན་གྱི་རྣམ་པར་རྟོག་པ་ལྡོག་པ་མ་ཡིན་ནོ། །ཅི་སྟེ་རིགས་པས་རྣམ་པར་བཅད་པས་ཅིའི་བློ་འདི་དག་རང་གི་མཚན་ཉིད་ལ་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ལྡོག་པ་ཁོ་ནའོ་སྙམ་དུ་སེམས་ན་འདི་ཡང་ལན་མ་ཡིན་ཏེ། ཟླ་བ་གཉིས་ལ་སོགS ་པའི་བློ་ལ་ཡང་རི། །?་པས་རྣམ་པར་དཔྱད་པ་ལས་འདི་དག་རང་གི་མཚན་ཉིད་ལ་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས?་ལྡོག་པ་ཁོ་ནའོ། །དེ་ཙམ་གྱིས་ནི་ཡིད་ཀྱི་འཁྲུལ་པར་འགྱུར་བ་ནི་མ་ཡིན་ནོ། །འདི་དག་གི་ཡོད་པ་ལྡོག་པ་མ་ཡིན་ནོ་ཞེ་ན། དེ་ནི ་སྤྱིའི་བློ་དག་དང་མཚུངས་སྟེ། དེ་དག་ཀྱང་རང་གི་ངོ་བོས་ལྡོག་པ་མ་ཡིན་ནོ། །དེ་ཡོད་པ་ན་ཡོད་པ་ཉིད། ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མ་གྲུབ་པ་མ་ཡིན་གྱི་འོན་ཀྱང་གྲུབ་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། མ་འཁྲུལ་པ་ཟླ་བ་གཅིག་གི་ཤེས་པས་བར་དུ ་བཅད་པར་མ་གྲུབ་པའི་ཕྱིར་ཏེ། བར་དུ་གཅོད་པ་དེ་དམིགས་སུ་རུང་བ་ལས་མི་དམིགས་པའི་ཕྱིར་རོ། །འདི་ཉིད་གཞན་དུ་ཞེས་བྱ་བ་ལ་སོགས་པ་གསལ་བར་བྱེད་དོ། །བར་ཆད་མེད་པ་ནི་ཟླ་བ་གཉིས་ལ་སོགས་པ་ཞེས་བྱ་བ་དང་སྤྲེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར ་དེ་འགྱུར་བ་ན་འགྱུར་བ་ཉིད་ཀྱང་འཁྲུལ་པ་མ་ཡིན་ནོ། །གང་གིས་དེའུ་ལ་སོགས་པ་བདག་གིས་འཁྲུལ་པར་འགྱུར་བ་དེ་ཡང་བར་ཆོད་པ་ཡོད་པ་མ་ཡིན་ནོ། །དངོས་པོའི་སྤྱིའི་བློ་རྣམས་ཀྱང་གང་གི་ཚེ་འདོད་པས་དཔྱོད་པར་བྱེད་པ་དེའི་ཚེ་ལྡོག་པ་ཡོད་པ་ཉིད་ཡིན་གྱི ་སྐྲ་ཤད་འཛིངས་པ་ལ་སོགས་པའི་བློ་རྣམས་ནི་འདོད་པས་ལོག་པ་སྲིད་པ་མ་ཡིན་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །ཅི་ཞེ་ན་རེ་ཞིག་མིག་གཙུམས་པ་ནི་འདོད་པའི་དབང་པོའི་ཤེས་པ་ཡང་འདོད་པས་མིག་བཙུམས་པ་ན་འདོད་པའི་དབང་གིས་ལྡོག་མ་ཡོད ་པ་ཡིན་ནོ། །ཞེ་ན། མ་ཡིན་ཏོ། འདོད་པ་ལོག་པའི་དེ་མ་ཐག་ཏུ་མིག་གིས་རྣམ་པར་ཤེས་པ་ལྡོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རེ་ཞིག་མིག་གཙུམས་པ་ན་ནི་འདོད་པའི་དབང་གིས་བྱུང་ལ། དེ་ལས་མིག་ལོག་པ་ན་དེའི་ཤེས་པ་ལྡོག་པ་ཡིན་ནོ། །ཡིད་ཀྱི་འཁྲུལ ་པ་ནི་དངོས་སུ་འདོད་པའི་དབང་གིས་ལྡོག་པའི་ཕྱིར་མཚུངས་པ་མ་ཡིན་ནོ། །འདི་དེ་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་མིག་ཕྱེ་བ་ན་བལྟ་བར་མི་འདོད་ན་ཡང་དོན་མཐོང་བ་ཉིད་ཡིན་ཏེ། དེའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་འདོད་པས ་དངོས་སུ་ནུས་པ་མ་ཡིན་ནོ། །རང་གི་སྡེ་པ་ཁ་ཅིག་མ་འཁྲུལ་པ་སྨོས་པར་མི་འདོད་ད་དུང་སེར་པོ་ལ་སོགས་པའི་ཤེས་པ་འབྲུལ་བ་ཡང་མངོན་སུམ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་ནི་རྟགS་ལས་མ་སྐྱེས་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ལ། མི་བསླུ་བའི་ཕྱིར་ཚད་མ་ཡང་ཡིན ་ཏེ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱིས་གླང་པོས་མཚན་ཉིད་དུ་མ་འཁྲུལ་པ་སྨོས་པ་མ་མཛད་དོ། །འཁྲུལ་དང་ཀུན་རྫོབ་ཤེས་པ་དང། རྗེས་དཔག་ཅེས་བྱ་བ་ལ་སོགས་པས་མངོན་སུམ་ལྟར་སྣང་བ་བསྟན་པའི་ཕྱིར། རྟོག་པ་དང་བྲལ ་ཞིང་མི་བསླུ་བ་ཞེས་བྱ་བའི་རྣམ་པ་དེ་ལྟ་བུ་སློབ་དཔོན་མཚན་ཉིད་དུ་བཞེད་པ་ཡིན་ནོ། །རབ་རིབ་བཅས་ཞེས་བྱ་བའི་རབ་རིབ་ཀྱི་སྒྲ་འདི་ནི་མི་ཤེས་པའི་རྣམ་གྲངས་ཡིན་ཏེ། རྨོངས་པ་རྣམས་ཀྱིས་རབ་རིབ་འཇོམས་ཞེས་བྱ་བ་བཞིན་ནོ། །རབ་རབ་ལས་བྱུང་བ་ནི ་རབ་རིབ་ཅན་དེ་བསླུ་བ་ཞེས་བྱ་བའི་དོན་ཏོ། །དོན་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ་།རྣམ་པ་གཉིས་ཀྱི་ཚད་མར་འགྱུར་བ་ཡིན་ཏེ། སྣར་བ་ཇི་ལྟ་བ་བཞིན་དུ་མི་བསླུ་བ་འམ་ཞེན་པ་ཇི་ལྟ་བ་བཞིན་དུ་ཡིན་།དེ་ལ་འདིར་སྣང་བ་ཇི་ལྟ་བ་བཞིན ་དུ་མི་བསླུ་བ་ནི་མ་ཡིན་ཏེ། དེའི་སེར་པོར་སྣང་བ་དེ་ལྟ་བུར་མ་འཐོབ་པའི་ཕྱིར་རོ། །ཞེན་པ་ཇི་ལྟ་བ་བཞིན་དུ་མི་བསླུ་བ་ཡང་མ་ཡིན་ཏེ། ཁྱད་པར་ཅན་གྱིས་དོན་བྱ་བ་བྱེད་པ་ཉིད་ཀྱིས་སེར་པོ་ཉིད་དུ་ཞེན་པའི་ཕྱིར་རོ། །དེའི་ངོ་བོ་དོན་བྱེད་པ་ཐོབ་པ་མ་ཡིན ་ལ། མ་ཞེན་པའི་དོན་ལ་མི་བསླུ་བ་ཉིད་ཀྱིས་ཀྱང་ཚད་མ་ཉིད་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། སྐྲ་ཤད་ལ་སོགས་པའི་ཤེས་པ་ལ་ཡང་སྣང་བ་ལ་སོཌ་བ་མ་ཞེན་པ་ཐོབ་པའི་ཕྱི་རོ། །ཡང་གལ་ཏེ་ཞེན་པའི་ཁ་དོག་དེ་མ་ཐོབ་ཀྱང་དབྱིབས་ནི་ཐོབ ་པ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར་ཁ་དོག་ལས་ནི་ཐ་དད་པའི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །གལ་ཏེ་རྣམ་པ་ཞེས་བྱ་བ་ལ་སོགས་པ་ཀླགས་ཏེ་བསྟན་ཏོ། །དོན་བྱེད་པ་ལ་མི་བསླུ་བ་ཉིད་ཙམ་གྱིས་རྣམ་པ་ལམ་བལྟོས་པར་ཚད་མ ་ཉིད་དུ་བརྟག་པར་མི་བྱ་སྟེ་ཡུལ་གྱི་རྣམས་ལ་ཚད་མམ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར། །དེའི་ངོ་བོ་ཞེས་པ་བ་ནི་ཤེས་པ་རང་སྣང་བ་དེའི་ངོ་བོའོ། །སོགས་པའི་སྒྲས་ནི་ཇི་ལྟར་དོན་གྱི་རྣམ་པ་དཀར་པོ་ལ་སོགས་པ་ཉིན་དུ་སྐྱེ་བ་དེའི་ངོ་བོའི་ཡུལ ་དེ་གཞལ་བྱ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་སློབ་དཔོན་གྱི་ཚིག་དང་འགལ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དོན་བྱེད་པ་ལ་མི་བསླུ་བ་ནི་སྔར་གྱི་དོན་ཉམས་སུ་མྱོང་བའི་བག་ཆགས་ཡོངས་སུ་སྨིན་པའི་ཚད་མ་གཞན་ལས་བྱུང་བ་ཡིན་ནོ། །ཞེས་བྱ་བར་ངེས་པར་བྱའོ། །དུད་སེར་པོར ་ཤེས་པའི་བག་ཆགས་ཡོངས་སུ་ཤེས་པའི་རྒྱུ་ནི་དུང་དཀར་པོ་ཉིད་ཡིན་ཏེ། དེའི་བདག་པོས་དེ་ཡོངས་སུ་སྨིན་པའི་ཕྱིར། །བག་ཆགས་ཡོངས་སུ་སྨིན་པའི་རྒྱུ་ལས་མི་བསླུ་བ་གང་ཞིག་ཀུན་ནས་བསླར་བ་དེ་ལ་དེ་སྐད་ཅེས་བྱའོ། །བདེ་བ་ལ་སོགས་པ་རྣམས་ཀྱི་རང་རིག་པ་རྣམS ་ཇི་ལྟར་མངོན་སུམ་ཡིན་ཞེ་ན། ཡིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །རིགས་པ་གང་ཞེས་བྱ་བ་ནི་བརྡ་མི་ནུས་ལ་སོགས་པའོ། །འདིར་གལ་ཏེ་ཡང་ཡིད་ཀྱི་རིགས་པ་མ་བརྗོད་པ་དེ་ལྟ་ན་ཡང་དབང་པོའི་ཤེས་པ་ལ་བརྡ་མི་ནུས་པའི་རིགས་པ་གང་ཡིན་པ ་དེ། དེ་ལ་ཡང་མཚུངས་བ་འམ་ཡང་ན། འདི་ལ་རྣལ་འབྱོར་པའི་ཤེས་པ་ཡང་ཡིད་ཡིན་ལ་དེ་ཡང་འཆད་པར་འགྱུར་རོ། །ལུང་ལ་གྲགས་པ་ཡིན་པའི་ཕྱིར་འདིར་ཡིད་ཀྱི་མཚན་ཉིད་མ་བྱས་ལ། ཚད་མས་གནོད་པ་མེད་པ་ནི་སློབ་དཔོན་གྱིས་བསྒྲུབས་ཟིན ་པའི་ཕྱིར་ཡང་ཁོ་བོ་ཅག་གིས་བསྒྲུབ་པར་མི་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་རིག་བྱེད་པ་ཡང་མ་ཡིན་ན་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་པའི་ལུགས་ཀྱིས་དོགས་པ་བསུ་བ་ཡིན་ཏེ། རང་རིག་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཕྱི་རོལ་གྱི་དོན ་རིག་པར་བྱེད་པ་མ་ཡིན་པ་ནི་ཤེས་པའི་རང་བཞིན་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་གི་གྲུབ་པའི་མཛའ་ནི་བདག་ཅག་ལ་འདུ་བའི་ཤེས་པ་རིག་པར་བྱ་བ་ཡིན་ནོ། །ཞེས་བྱ་བའོ། །ཕྱི་རོལ་དངོས་པོ་ཞེས་བྱ་བ་ལ་སོགས་པས་འགེགས་པར་བྱེད་དེ། འདིས ་ནི་དམ་བཅའ་བ་མངོན་སུམ་དང་འགལ་བ་བཤད་དོ། །གང་གི་ཕྱིར་ཕྱིའི་དངོས་པོ་དམིགས་པའི་ཤེས་པ་དང་དུས་མཉམ་དུ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དེའི་ཚེ་གང་གིས་ན་དོན་གཅིག་ལ་སྟོན་པའི་ཤེས་པས་རིག་པར་བྱ་བར་འགྱུར། རེ་ཞིག་ཕྱི་རོལ་ལས ་དམིགས་པའི་མིག་ལ་སོགས་པའི་ཤེས་པ་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། དེའི་དམིགས་པ་ནི་ཕྱི་རོལ་ཡིན་པའི་ཕྱིར་དང། བདེ་བ་ལ་སོགས་པ་ནི་ནང་དུ་རིག་པར་བྱ་བ་ཡིན་པའི་ཕྱིར་དང། ཡིད་ཀྱི་ཤེས་པས་རིག་པར་བྱ་བ་ཉིད་དུ་འདོད་པའི་ཕྱིར་རོ། ་དེའི་དུས་ན་ཡིད་ཀྱི་ཤེས་པ་སྲིད་པ་ཡང་མ་ཡིན་ཏེ། ཤེས་པ་རྣམས་ནི་རིམ་གྱིས་སྐྱེ་བ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་ཡང་ཤེས་པ་རྣམས་ཀྱི་སྐྱེ་པར?་རིམ་གྱིས་བར་ཁས་བླངས་ཀྱིས་གནས་པ་ནི་མ་ཡིན་ནོ་སྙམ་ན། འདི་ཡང་ཡང་དག་པ་མ་ཡིན་ཏེ། ་སྐྱེས་དང་ལྡན་པ་ཐམས་ཅད་སྐད་ཅིག་མ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །མགྱོགས་པར་འཇུག་པས་ཅིག་ཅར་བར་འཕྲུལ་པ་གང་ཡིན་པ་དེ་ཡང་སྔར་གལ་གཉིད་དོ། །གཞན་ཡང་གང་བ་དང་སོགས་པ་རྣམ་པར་རྟོག་པའི་ཡུལ་ཉིད་ཡིན་ན། དགལ་པ་དང ་ཡོངས་སུ་གདུང་བ་ལ་སོགས་པའི་ངོ་བོས་གསལ་པར་སྣང་བར་ཡང་མི་འགྱུར་ཏེ། ཡིད་ཀྱི་ཤེས་རབ་རིག་པར་བྱ་བ་ཉིད་དུ་ཁས་ལེན་པའི་ཕྱིར་དང། དེ་ཡང་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །རྣམ་རྟོག་རྗེས་སུ་འབྲེལ་པ་ལ་དོན་གསལ་སྣང་བ་ཡོད་པ ་མ་ཡིན་ནོ། །ཁོ་བོ་ཅག་གི་ནི་རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན་གྱི་དབང་པོའི་ཤེས་པས་བསྐྱེད་པ་ཉིད་མངོན་སུམ་དུ་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་བདེ་བ་ལ་སོགས་པས་གཟུང་བར་བྱ་བ་ཡིན་ན་སྔོན་པོ་ལ་སོགས་པ་བཞིན ་དུ་རྣམ་པར་ཆད་པར་སྣང་བར་འགྱུར་ན། སིམ་པ་ལ་སོགས་པའི་ངོ་བོ་ཤེས་པ་ལས་རྣམ་པ་ཆད་པར་དམིགས་པ་ཡང་མ་ཡིན་ནོ། །སིམ་པ་ལ་སོགས་པའི་ངོ་བོ་ཤེས་པ་ལས་ཐ་མི་དད་པར་འཛིན་པ་འཁྲུལ་པ་ཡིན་ཞེ་ན། འོ་ན་དེ་ལྟ་ན་བདེ་བ་ལ ་སོགས་པའི་བདག་ཉིད་ཡང་དག་པར་རིག་པའི་ངོ་བོ་ཡོད་པ་གྲུབ་སྟེ། སིམ་པ་ལ་སོགས་པའི་ངོ་བོ་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པའི་ཤེས་པ་དེའི་ངོ་བོ་ཡིན་ཞེ་ན་ནི་བདེ་བ་ལ་སོགས་པའི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ཐ་དད་པར ་མ་གྲུབ་པས་འཁྲུལ་པར་མི་འགྲུབ་པའི་ཕྱིར་རོ། །སིམ་པ་ནི་རྗེས་སུ་མཐུན་པའོ། །དེ་ལས་ལྡོག་པ་ནི་སིམ་པ་མ་ཡིན་པའོ། །སོགས་པའི་སྒྲས་བཏང་སྙོམས་བཟུང་ངོ། །གལ་ཏེ་རང་གི་རྒྱུད་ལ་སྐྱེ་བའི་མཚན་ཉིད་ཀྱི་བདེ་བ་ལ་སོགས་པའི་ཡོད་པ་གང་ཡིན་པ་དེ་ཉིད་དེ་དག་གི་ཉམས་སུ་མྱོང་བ ་ཡིན་ནོ། །ཞེས་ནི་ཁས་མི་ལེན་གྱི། འོན་ཀྱང་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་ཡིན་ན་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱིས་གཞན་གྱི་བདེ་བ་ལ་སོགས་པ་འཛིན་པ་ན་དེ་ཉམས་སུ་མྱོང་བ་བཞིན་དུད་པ་ལ་སོགས་པའི་གནས་སྐབས་མཚུངས་པར་འགྱུར་རོ། །རྒྱུད་ཐ་དད་དུ་འཇུག་པའི ་ཕྱིར། གནས་སྐབས་མཚུངས་པ་ཞེས་བརྗོད་པར་མི་བྱ་སྟེ་།རང་གི་རྒྱུད་ལ་འཇུག་པ་ནི་དེ་དག་གི་ཉམས་སུ་མྱོང་པར་བས་མི་ལེན་ནོ། །འོ་ན་ཅི་ཞེ་ན་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་ཡིན་ལ། དེ་ཡང་རྒྱུད་གཞན་འཛིན་པ་དག་ལ་ཡང་ཡོད་པའི་ཕྱིར། མཚུངས་པར་ཐལ་བར་འགྱུར་རོ། །ཅི་སྟེ་བདེ་བ་ལ་སོགས་པ ་རྣམས་ཀྱི་རྣམ་པ་གཉི་ག་ཉམས་སུ་མྱོང་བར་ཁས་ལེན་པར་བྱེད་ན། དེའི་ཚེ་རང་གི་རྒྱུད་ལ་འཇུག་པ་ཉིད་དུ་ཉམས་སུ་མྱོང་བ་ན་བདེ་བ་ལ་སོགས་པ་བདག་ཉིད་རིག་པར་གྲུབ་པ་ཉིད་དོ། །ཇི་ལྟར་ནི་རང་གི་རྒྱུད་ལ་འཇུག་པ་ཉིད་ཀྱི་རྒྱུ་མཚན་རྒྱུ་དག་གཞན་ལ་འཇུག་པ་ལས་ཁྱད ་པར་ཅན་ཡིན་ནོ། །གལ་ཏེ་རང་རིག་པའི་ངོ་བོ་ཡིན་ན་འོ་ན་གང་དག་གི་ལྟར་ན་རྣལ་འབྱོར་པ་?་པ་སྤྱོད་པ་ལས་སོགS་པ་དེ་དག་གི་ལྟར་ནི་ཇི་ལྟར་དེ་དག་གིས་ཐལ་པར་འགྱུར་བ་ཡིན་ཞེ་ན། གཞན་གྱི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པ་རྣམས་བཞིན་དུ་གཞན་དག་གིས་ལྟར་ན་དོན་དམ ་པར་རྗེས་སུ་དཔག་པ་ཡུལ་མེད་པ་ཅན་ནི་མ་ཡིན་ཏེ། དེ་ལྟ་བས་དང་གཞན་གྱི་སྡུག་བསྔལ་རྗེས་སུ་དཔག་ནི་རྗེས་སུ་དཔོག་པ་པོ་དང་ཡང་རིམ་སུ་མྱོང་བ་མཚུངས་པར་འགྱུར། །བདེ་སྤྱོད་བདག་པོ་ན་རེ་བདེ་བ་ལ་སོགས་པ་ནི་ཤེས་པའི་རང་བཞིན་མ་ཡིན་ཏེ། ཤེས་པ་ཞེས་ཐ་སྙད་དུ་མ་བྱས་པའི་ཕྱིར ་བུམ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །གལ་ཏེ་བརྡོ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད། གལ་ཏེ་བརྡ་གཞན་ཉིད་ཀྱིས་རང་བཞིན་གཞན་དུ་འགྱུར་ན། དེ་ལྟ་ན་གང་གི་ཚེ་ཤེས་པ་ཡིན་ན་ཡང་འགའ་ཞིག་གིས་ཤེས་པ་མ་ཡིན་ཞེས་བརྡ་བྱས་པ་དེའི་ཚེ་སེམས་པ་བློ ་?་ཞེས་ཐ་སྙད་དུ་བྱས་པ་མེད་པའི་ཕྱིར་ཕྱེད་ཅག་ལ་ཤེས་པ་ཡང་ཤེས་པ་མ་ཡིན་པར་འགྱུར་རོ་ཅི་སྟེ་གསལ་པའི་བདག་ཉིད་ཀྱི་ཤེས་པ་གསལ་བར་ཉམས་སུ་མྱོང་བའི་ཤེས་པ་མ་ཡིན་པར་མི་འགྱུར་ན། །ད་ལྟ་ན་འདི་ཐམས་ཅད་བདེ་བ་ལ་སོགས་པ ་ལ་ཡང་མཚུངས་ལ། གཏན་ཚིགས་ཀྱང་འདི་ཉིད་ཀྱིས་འཁྲུལ་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །འཆད་པར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པར་གྲུབ་བར་རོ། །ཚད་མའི་འབྲས་བུ་ལོག་པར་རྟོག་པ་གསལ་བའི་ཕྱིར། འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། ཕྱི་རོལ་གྱི་དོན་གྱི་གཞལ་བྱ་ལ་ཡུལ་རྟོག་པ་ནི་ཚད་མའི་འབྲས་བུ་ཡིན་ལ། འདྲ་བ་ནི་ཚད་མ་ཡིན་ནོ། །རང་རིག་པ་ལ་ཡང་འདི་རྣམ་པ་ཇི་ལྟ་བ་བཞིན་དུ་སྣང་བའི་ཕྱིར་ཤེས་པའི་བདག་ཉིད་ཀྱི་གཞལ་བྱ་ལ་བ་རིག་པ་ནི་འབྲས་བུ་ཡིན་ལ། རུངས་འདི ་ནི་ཚད་མ་ཡིན་ནོ། །བྱ་བ་དང་བཅས་པའི་ཤས་པ་ཉེ་བར་བླངས་ནས་གང་གིས་དེའི་བདག་ཉིད་རིག་པར་བྱེད་ཀྱི་བུམ་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་འདྲ་བའི་རུང་བ་ཉིད་དེ་ནི་ཤེས་པ་ཁོ་ནའི་ཡིན་ནོ། །རྒྱུར་གྱུར་པའི་རུང་བ་ཉིད་ཀྱིས་ཤེས་པ ་བདག་ཉིད་གསལ་བ་ཉིད་དུ་མཚོན་པའི་ཕྱིར་རུང་བ་ཉིད་ཀྱིས་རང་རིག་པ་ཚད་མ་ཡིན་ནོ། །དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། རང་བདག་རིག་པ་དེ་དུང་ཉིད། དེ་ཕྱིར་དུང་ཉིད་དེ་ཚད་བདག། གཞལ་བྱ་རང་རིག་འབྲས་བུ་ཡིན། ཞེས་བཤད་དོ། །ཇི་ལྟར ་སེང་ལྡེང་བཅད་གྱུར་ན། ཞེས་བྱ་བ་ལ་སོགས་པས་ཀུམཱ་ར་རི་ལའི་ཀླན་ཀའི་དོགས་པ་བསུ་བ་ཡིན་ཏེ། ཚད་མའི་འབྲས་བུ་ཐ་དད་པར་སྨ་བ་རྣམས་ལ་སངས་རྒྱས་པས་གལ་ཏེ་ཚད་མ་དང་འབྲས་བུ་དག་ཐ་དད་པར་ཁས་ལེན་དེའི་ཚེ་ཚད་མ་དང་འབྲས ་བུ་དག་དུ་ལ་ཐ་དད་པར་གྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། གཅོད་པར་བྱེད་པ་སྟ་རེ་སེང་ལྡེང་ལ་བབ་བ་ལས་པ་ལ་ཤ་འཆད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཚད་མ་དང་འབྲས་བུ་དག་ཡུལ་གཅིག་པའི་ཕྱིར་ཐ་མི་དད་པ་ཡིན་ནོ། །ཞེ་བསྡུའོ།། ་འདིར་ཀུ་མཱ་རི་ལས། གང་ཞིག་ཡུལ་གཅིག་འདོད་པ་ན། ཚད་མ་འབྲས་བུ་ཉིད་སྨྲ་པ། །དེ་ལ་བསྒྲུབ་བྱ་བསྒྲུབ་བྱེད་དག། ཐ་དད་འཇིག་རྟེན་པ་ཡིས་གནོད། །ཇི་ལྟར་གནོད་བྱེད་སེང་ལྡེང་ལ། །བབས་ས་པ་ལ་ཤ་མི་ཚད། །དེ་བཞིན་འཇིག་རྟེན་ན་སྡོད་དང། སྟ་རེ་ལྷན་ཅིག་གཅིག་མ ་ཡིན། །ཞེས་སྨྲས་སོ། །འདིས་གཅོད་པར་བྱེད་པས་ན་གཅོད་པའོ། །མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་བཤད་དོ། །འདི་ནི་སྔོན་པོ་?་འཇིག་པ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་ཡུལ་རྟོགས་པ་རྣམ་པར་འཇོག་པའི་རྒྱུ་མཚན་ནི་དོན་དང་འདྲ་བ་ཉིད་ཡིན་གྱི་གཞན ་ནི་མ་ཡིན་ནོ་ཞེས་རྣམ་པར་བཞག་པར་བྱ་བ་དང་འཇོག་པར་བྱེད་པའི་ངོ་བོས་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་རྣམ་པར་བཞག་གི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ནི་མ་ཡིན་ནོ། །གང་གི་ཕྱིར་དོན་དམ་པར་བྱེད་པ་པོ་དང་བྱེད་པ་ལ་སོགས་པའི ་དངོས་པོ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་སྐད་ཅིག་མ་ཉིད་ཀྱིས་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །ཤེས་པ་ཡུལ་གྱི་རྣམ་པར་སྐྱེ་བ་ན་ཡུལ་ཡོངས་སུ་གཅོད་བཞིན་པ་ན་བྱ་བ་དང་བཅས་པ་ལྟ་བུར་སྣང་སྟེ། དོན་ལ་ཤེས་པའི་ཤེས་པར་བྱེད་པའི་བྱ་བ་ནི་འདི་ཉིད ་ཡན་གྱི་མེད་ན་མི་འབྱུང་བ་ཙམ་ནི་མ་ཡིན་ནོ། །གང་གིས་ཤེས་པ་ཉིད་ཚད་མར་འགྱུར་བ་མྱུ་གུ་ལ་སོགས་པ་ས་བོན་ལ་སོགས་པ་མེད་ན་མི་འབྱུང་བར་གྱུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཤེས་པ་རྣམ་པ་དང་བཅས་པ་ཉིད་ཚད་མ་ཡིན་གྱི། རྣམ་པ་མེད་པ་ནི་མ་ཡིན ་ནི་ཞེས་རྣམ་པར་བཞག་པ་ཚད་མ་ཉིད་ཀྱིས་བསྟན་པར་བྱ་བ་ཡིན་ལ། རྣམ་པར་འཇོག་པ་ཡང་དེའི་རྗེས་སུ་ལ་ཐོབ་པའི་རྣམ་པར་རྟོག་པས་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་རྟོག་པ་ཐ་དད་པ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ན་གྲགས་པ་ཉིད་ཀྱིས་གནོད་པ་བཤད ་དོ།། གཞུ་ལ་སོགས་པ་བཞིན་ཞེས་བྱ་བ་ནི་གཞུ་འབིགས་སོ། །གཞུས་འབིགས་སོ། །གཞུ་ལ་བརྟེན་ནས་མདས་འབིགས་སོ། །ཞེས་ཇི་ལྟར་གཞུ་གཅིག་ལ་བྱེད་པ་པ་ལ་སོགས་པ་གདགས་པ་མི་འགལ་བ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ། །སྟེངས་ཤིང་ལ་སོགས ་པ་གཅད་དོ་ཞེས་བརྗོད་པ་ན་བཅད་པར་བྱ་བའི་རྫས་ལ་ཞུགས་པ་ཉིད་གནས་པ་ཡིན་ནོ། །ཞུགས་པ་དེ་ཡང་སྟ་རེའི་བདག་ཉིད་དུ་རྟོགས་པའི་ཆོས་ཡིན་པའི་ཕྱིར་དོན་རྣམ་པར་གཅོད་པ་དང་ལྷན་ཅིག་གཅིག་ཡིན་པའི་ཕྱིར་འགལ་བ་མེད།། ་རྣམ་པར་བཞག་པ་གྲུབ་པ་ཞེས་བྱ་བ་ལ་སོགས་པས་དེ་སྔོན་པ་ཡིན་ནོ། །ཇི་ལྟར་ཀུ་མཱ་ར་རི་ལས། །ཡོངས་སུ་བཅོད་པའི་འབྲས་བུ་ཡིས། །ཞེས་བྱ་བ་ལ་སོགས་པས་སྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོས་ཚད་མའི་འབྲས་བུ་རྣམ་པ་བཞག་པ ་བྱས་པ་དེ་བཞིན་དུ་ཁོ་བོ་ཅག་ལ་ཡང་མི་འགལ་བ་ཉིད་དོ། །ཇི་སྐད་དུ་སློབ་དཔོན་གྱི་དེ་ལ་ཡང་མིག་ལ་སོགས་པ་དེའི་རྒྱུ་ལ་མངོན་སུམ་ཉིད་དུ་བཏགས་པ་འགལ་བ་མེད་དེ་ཞེས་བཤད། །གདོན་མི་ཟ་བར་ཐོག་མར་རྣམ་པར་བཞག་པའི་སྒོ་ནS ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པར་རྣམ་པར་བཞག་པ་བྱ་དགོས་སོ་ཞེས་བྱ་བ་འདི་ཙམ་ཞིག་སྨྲ་བ་ཡིན་ནོ། །རིག་པ་ཐ་དད་པ་ཡུལ་ཐ་དད་པས་རྣམ་པར་མ་བཞག་པར་ངེས་པར་འཇུག་པར་མི་རིགས་ལ། རིག་པ་ཐ་དད་པར་རྣམ་པར་འཇོག་ན་ཡང་འདྲ ་བ་ཉིད་རྒྱུ་མཚན་ཡིན་པའི་ཕྱིར་ཤུགས་ཀྱི་འདྲ་བསྒྲུབ་བྱེད་དམ་པ་ཉིད་དུ་ཐོབ་པོ། ཤེས་པ་ནི་འདྲ་བ་ཉིད་ཀྱི་འཇུག་པར་བྱེད་པ་ཡིན་ལ། འཇུག་པར་བྱེད་ན་ཡང་ཚད་མ་ཉིད་དུ་འཇུག་པར་འདོད་པས་དཔྱད་པར་བྱའི། ཞེན་པས་ནི་མ་ཡིན་ནོ། །ཇི་སྐད་དུ་དོན ་བྱེད་པ་དོན་དུ་ཉེ་བ་རྟོག་པ་དང་ལྡན་པ་ཐམས་ཅད་ཚད་མ་འམ་ཚད་མ་མ་ཡིན་པ་ཚོལ་གྱིས་ཤེས་བཤད་པ་བཞིན་ནོ། དེའི་ཤེས་པ་ཆ་གང་གིས་འཇུག་པར་འགྱུར་པ་དེ་ཉིད་བསྟན་པར་བྱའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ངོ་བོས་ཚད་མ ་རྣམ་པར་འཇོག་ན་འཇུག་པར་བྱེད་པའི་ཡན་ལག་འདྲ་བ་ཉིད་རྟོགས་ཏེ། དེ་ལྟ་ཡིན་དང་སྐྱེ་བའི་སྒོ་ནས་ཆེད་མ་རྣམ་པར་འཇོག་པ་འབྲས་བུ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་སློབ་དཔོན་གྱིས་དེའི་སྒོ་ནས་ཚད་མ་རྣམ་པ་འཇོག་པ་ནི་འཇུག ་པའི་ལན་ལག་མ་ཡིན་ནོ་སྙམ་དུ་དགོངས་ནས་འདིས་ཉེ་བར་བཏགས་ལ་བརྟེན་པ་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་བཞག་པ་གྲུབ་ན། དེ་རྣམ་པ་གཞན་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོས་རྟོག་པ་དེ་ལྟ་ན་ཡང་སྐྱོན་མེད་པ་ཉིད་དོ་ཞེས་བྱའོ།། ་ཚད་མའི་ཤེས་པ་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ར་རི་ལའི་འབྲས་བུ་རྣམ་པར་འཇིག་པ་ཉིད་སྟོན་ཏོ། །འཇུག་པའི་ཞེས་བྱ་བ་ནི་རབ་ཏུ་འཇུག་པ་སྟེ། །མིག་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་གཞན་ཡིན་ནོ་ཞེས་བྱ་བའི་དོར་པ ་དང་བླད་པ་དང་བཏང་སྙོམས་ཀྱི་མཚན་ཉིད་ཀྱི་བློའོ། །གཞན་འདི་ཡང་ཀུ་མཱ་ར་རི་ལ་ཉིད་ཀྱིས་སྨྲས་པ་ཡིན་ཏེ། རང་རིག་པ་ནི་བཀག་པའི་ཕྱིར་ཆད་མའི་འབྲས་བུ་ཉིད་དུ་མི་རིགS་ལ། ཡུལ་གྱི་རྣམ་པ་ཅན་ཡང་ཚན་མ་ཡིན་ན་ཚད་མ་དང་འབྲས ་བུ་དག་ཡུལ་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་ཏེ། འདི་ལྟར་ཡུལ་གྱི་རྣམ་པ་ནི་ཕྱི་རོལ་གྱི་ཡུལ་ཡིན་ལ། རང་རིག་པ་ནི་ཤེས་པས་རང་རིག་ངོ་བོས་ཡུལ་ཡིན་ནོ་ཞེས་བྱ་བའོ། །ཐམས་ཅད་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར ་བྱེད་དེ་དམིགས་པ་མངོན་སུམ་མ་ཡིན་ན། དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་བྱ་བས་དོན་ཐམས་ཅད་མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རང་རིག་པ་དགག་པར་མི་ནུས་ལ། ཡུལ་ཐ་དད་པ་ཉིད་དུ་ཐལ་བར ་འགྱུར་བ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་དེའི་འབྲས་བུ་ཡིན་པའི་ཕྱིར་རང་རིག་པ་ཡིན་ཡང་དོན་རིག་པར་འདོད་ལ། རང་རིག་པ་པནི་དེ་དང་འདྲ་བའི་ཕྱིར་དེའི་རང་བཞིན་ཉིད་ནི་མ་ཡིན་པས་འགལ་བ་མེད་དོ།། ་ཆད་?་ལས་ཞེས་བྱ་བ་ལ་སོགས་པ་ནི་བདེ་བྱེད་བདག་པོ་ཚད་མ་བྱེད་པ་ཡིན་ཏེ། ཚད་མིན་བདག་ལས་ཐ་དད་པའི་ཕྱིར་བྱ་བ་བྱེད་པ་ཡིན་ཏེ། བྱེད་ལ་པོ་ཡིན་པའི་ཕྱིར་སྟེའུ་ལ་སོགས་པ་བཞིན་ནོ་ཞེ་ན། དོན་མེད་ཅེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དེ་དོན་མེད་ནི་ ་སྒྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་བའི་ཕྱིར་རོ། །གང་ཕྱིར་ཡོངས་སུ་གཅོད་པས་ཞེས་བྱ་བ་ལ་སོགས་པས། བསྐྱེད་པར་བྱ་བའི་འབྲས་བུ་གཞན་ཡང་སྨས་པ་ཡིན་ནོ། །ནའི་སྒྲ་ནི་གཏན་ཚིགས་སོ།། སྟེའུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་དཔེ་ཡང་བསྒྲུབ ་བྱ་མ་ཚད་བ་ཡིན་ཏེ། གཅོད་པ་དང་ལྷན་ཅིག་ཀྱིད་དུ་བསྟན་ཟིན་བའི་ཕྱིར་རོ། །བྱེད་པ་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ཡང་སྐྱེད་བར་བྱེད་བ་ཉིད་དུ་བརྗོད་པར་འདོད་ན་ཡང་གཏན་ཚིགས་མ་གྲུབ་སྟེ། སྒྲུབ་པར་བྱེད་པ་ནི་རྣམ་པར་འཇོག་པར་བྱེད་པ་ཉིད་འདོད་པའི་ཕྱིར་རོ། ། ་འཇོག་པར་བྱེད་པ་ཉིད་བརྗོད་པར་འདོད་ན་ཡང་མ་ངེས་པ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །སྤྱིར་བརྗོད་པར་འདོད་ན་ཡང་མ་དེས་པ་ཡིན་ཏེ། འགལ་བ་ཉེ་བར་མ་བསྟན་བའི་ཕྱིར་རོ། །གལ་ཏེ་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་གྱུར་ན་དེའི་ཆེ་ཡུལ་དང་འདྲ་བ ་ཚད་མ་ཉིད་དུ་འགྱུར་ན་ཇི་སྲིད་དུ་གཟུང་བར་བྱ་བའི་ཡུལ་དང་མཚུངས་བའི་རྣམ་པར་མཚུངས་བའི་རང་བཞིན་གྱི་ཤེས་པ་སྐྱེ་བ་མ་ཡིན་ཏེ། གཟུང་བར་བྱ་བ་དེ་ལས་རིགས་བཞིན་ཡིན་པའི་ཕྱིར། གཟུགས་དང་རོ་དག་བཞིན་ནོ་ཞེས་བཤད་པ་ནི། གལ་ཏེ ་ཤེས་པ་གཟུང་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཁོ་བོ་ཅག་རྣམ་པར་ཤེས་པ་སྨྲ་བ་རིགས་བའི་རྗེས་སུ་འབྲང་བ་རྣམས་ཀྱིས་འདི་འདོད་པ་ཉིད་ཡིན་ཕྱིར་ཆད་པ་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་གང་ཅུང་ཟད་ཁྱེད་ཅག་གིས་བརྗོད་པའི་གཟུང་བར་བྱས ་པའི་སུན་འབྱིན་པ་མི་གསོལ་བ་འདི་ནི་ཁོ་བོ་ཅག་གིས་གཟུང་བར་བྱ་བ་རྣམ་པར་དཔྱད་བའི་དོན་དུ་སྒྲུབ་པར་བྱེད་པ་གསལ་བོར་བརྗོད་དོ། །གཟུང་བར་བྱ་བ་ལ་འཛིན་པ་ནི་མངོན་པར་ཞེན་པ་སྟེ་རྣམ་པར་དེ་བྱེད་པ་ནི་སེལ་བའོ། །སྒྲུབ་པར་བྱེད ་པ་གསལ་པོ་དེ་ཡང་གང་ཞེ་ན། བདག་ཉིད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་རིགས་མི་མཐུན་བ་ཇི་སྙེད་ཅིག་ལས་ལྡོག་པ་དེ་སྙེད་ཅིག་ཁོ་ན་ལས་ཤེས་པ་ཡང་ཡིན་པ་ཞེས་བྱ་བ་འདི་ནི་བདག་ཉིད་ཐམས་ཅད་ཀྱིས་འདྲའོ། །དངོས་པོ་ཅུང ་ཟད་ཙམ་ལས་ལྡོག་པ་ནི་ཤ་ཆས་ཀྱིས་མཚུངས་པའོ། །འོ་ན་ཇི་ལྟར་འདི་ཚད་མ་ཉིད་དོན་དང་འདྲ་བར་བརྗོད་ཅེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་འདྲ་བ་ཡོད་བའམ་རྣམ་པའོ། །ཡུལ་དང་འདྲ་བའི་རྣམ་པ་དེ་གང་ལ་ཡོད་པ་དེ་ནི་རྣམ་བཅས་སོ། །གཟུང་བ ་ལས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལས་སོ། །གཟུགས་བརྙན་ཞེས་བྱ་བ་ནི་ཤེས་བའི་རྣམ་བའོ། །དེ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ནི་ཡུལ་དང་འདྲ་བའི་ཕྱིར་རོ། །བཏགས་ནས་ཞེས་བྱ་བ་ནི་ཉེ་བར་བཏགས་ནས་སོ། །རིག་བྱེད་ཉིད་དུ་འགྱུར་ཞེས་བྱ་བ་ནི་དོན་གྱི་ཞེས་བྱ་བ་ལྷག ་མའོ། །སྟོན་པ་ནི་རྟེན། །ཡུལ་ལ་ལོག་པར་རྟོག་པ་ན་སྤྱི་དངོས་པོར་གྱུར་བ་བཀག་པའི་ཕྱིར་ལ། དངོས་བའི་ཡུལ་ཅན་དུ་འདོད་བའི་མངོན་སུམ་ཡང་རང་གི་མཚན་ཉིད་ལས་གཞན་པའི་ཡུལ་ཡོད་པ་མ་ཡིན་ཞེས་བྱ་བའི་ཤུགས་ཀྱིས་བསྟན་པའི་ཕྱིར་ལོགས་ཤིག་ཏུ ་བསལ་བ་མ་བྱས་སོ། །གང་དག་འདི་མངོན་སུམ་གྱི་མཚན་ཉིད་དུ་མི་རིགས་ཏེ། ཚད་མའི་མཚན་ཉིད་བྱེད་བ་ནི་ཅི་ནས་ཀྱང་དེའི་ངོ་བོས་མཚོན་བའི་ཕྱིར་དེ་ལས་གཞན་དག་འཇུག་པར་འགྱུར་རོ་སྙམ་པས་ཡིན་གྱིས་ཞེན་བས་ནི་མ་ཡིན་ནོ། །རྟོག་པ་དང་བྲལ་བ་ཉིད་ལ་སོགས་པ ་མཚོན་བ་ནི་འཇིག་རྟེན་འཇུག་པ་དང་ལྡོག་བར་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཡང་དག་མ་ཡིན་ཏེ། །གང་གིས་མཚན་ཉིད་གཞན་དུ་བྱེད་པར་འགྱུར་བ་རང་གི་འདོད་པ་དངོས་པོ་རྣམས་ཀྱི་རང་བཞིན་རྣམ་པར་བཞག་པར་འགྱུར་བ་མ་ཡིན་གྱི་འོན་ཀྱང་ཇི ་ལྟ་བ་བཞིན་དུ་བཞག་པ་ཉིད་ཀྱི་དངོས་བོའི་རང་བཞིན་རྗེས་སུ་བརྗོད་ནས་གྲགས་པ་དང་མ་གྲགས་བའི་རང་བཞིན་གྱི་ཁྱད་པར་བསྟན་པར་འདོད་བས་དཔེར་ནས་ནི་སྲ་བ་ཉིད་ལྟ་བུར་དེ་རིག་པ་མཚན་ཉིད་བྱེད་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་སྲིད་པའི་སྐྱོན ་གྱིས་སུན་ཕྱུང་བར་འགྱུར་རོ། །མངོན་སུམ་གྱི་མཚོན་པར་བྱེད་བའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མི་འཁྲུལ་བ་དག་ལས་གཞན་ཡས་པ་མ་ཡིན་ཏེ། འདི་ལྟར་དེ་ལ་གདོན་མི་ཟ་བར་མ་འཁྲུལ་བར་ཁས་བླང་བར་བྱ་དགོས་ཏེ་།ཚད་མ་ཡིན་པའི་ཕྱིར་རོ། ། ་རྟོག་པ་དང་བྲལ་བ་ཡང་ཡིན་ཏེ། དངོས་སུ་རང་གི་མཚན་ཉིད་ཡུལ་ཅན་ཡིན་པའི་ཕྱིར་དང་རང་གི་མཚན་ཉིད་ལ་ཡང་བརྡ་མི་ནུས་པ་ཉིད་ཀྱིས་ཏེ་རིག་པ་ནི་མངོན་པར་བརྗོད་པ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་རིགས ་པའི་རྗེས་སུ་འགྲོ་བ་ཉིད་ཀྱི་མཚན་ཉིད་འདི་བརྗོད་པ་བསྟན་པ་ཡིན་ནོ། །རྟོག་བ་དང་ལྡན་པ་རྣམས་མཚན་ཉིད་འདི་ལས་འཇུག་པ་དང་ལྡོག་པ་དག་ཏུ་མི་འགྱུར་བ་ཡང་མ་ཡིན་ཏེ། འདི་ལྟར་བུམ་པའི་འདེགས་པ་དང་སྤྱི་དང་གྲངས་ལ་སོགས་བའི་ཤེས་པར་འདོ?་ཤེས་པའི ་ཞེས་པ་དང་དེ་བཞིན་དུ་དངུལ་སེར་པོ་ལ་སོགས་བའི་ཤེས་པ་གཞན་དག་གིས་མངོན་སུམ་ཉིད་དུ་བཏགས་པ་ནི་ཅི་རིགས་སུ་རྟོག་པ་དང་བཅས་པ་ཉིད་དང་འཁྲུལ་པ་ཉིད་ཀྱིས་མངོན་སུམ་ཡིན་པར་དེས་པར་བཟུང་ན་དེའི་ཡུལ་ཅན་ཉིད་དུ་ཉེ་བར་བཏགས་བའི་གྲངས་ལ ་སོགས་པའི་དངོས་པོ་ཉིད་དུ་མངོན་པར་ཞེན་པ་ལས་ལྡོག་པར་བྱེད་དོ། །གང་ཡང་བསྟན་པར་བྱ་བ་མ་ཡིན་བའི་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་དེ་ཉིད་དངོས་པོ་སྙམ་དུ་ཞེན་ནས་དེ་ལ་འཇུག་པར་བྱེད་དེ། ཇི་ལྟར་མངོན་སུམ་རྟོག་པ་མེད་པ་ཡིན་ཡང་འཇུག་པར ་བྱེད་པ་ཉིད་ཡིན་པང་དེ་ལྟར་ནི་དང་པོ་ཉིད་དུ་བསྟན་ཟིན་ཏོ། །གལ་ཏེ་དེ་ལྟར་ན་རྟོག་པ་དང་བྲལ་བའི་མཚན་ཉིད་ཅིག་ཉིད་ཅིག་ཉིད་བྱ་བར་རིགས་ཀྱི་མ་འཁྲུལ་བ་མ་ཡིན་ཏེ། འདི་ལྟར་འཇུག་པ་ལས་སྔར་རབ་ཏུ་གྲགས་པ་གང་ཡིན་པ་དེ་ཉིད་འཇུག་པར་འདོད་པ་རྣམས་ཀྱིས་མཚན ་ཉིད་དུ་བྱ་བར་རིགས་ཀྱི་མ་གྲོགས་པ་ནམ?་ཡིན་ཏེ། དེ་ནི་མེད་པ་དང་མཚུངས་པའི་ཕྱིར་རོ། །མ་འཁྲུལ་པ་ཉིད་དུ་ངེས་པ་ནི་དོན་བྱ་བ་ལམ?་བསླུ་བ་ལས་སྔར་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཚུ་རོལ་མཐོང་བ་རྣམས་ཀྱིས་དེའི་འབྲས་བུ་རྟོགས་པ་མེད་པར་ཤེས ་པའི་དོན་ཇི་ལྟ་བ་ཉིད་ཤེས་པར་མི་ནུས་ཏེ་དེ་དག་གི་དངོས་པོའི་ནུས་པ་ནི་རྟག་ཏུ་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་དང། དོན་ཇི་ལྟ་བ་བཞིན་དུ་ཇི་ལྟར་ཉེ་བར་བཏགས་པའི་དོན་ཐོབ་པར་ནུས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དུས ་ཕྱིར་དོན་ཇི་ལྟ་བུ་བཞིན་དུ་ངེས་པར་གཟུང་ན་ཡང་འབྲས་བུ་དང་བཅས་པ་མ་ཡིན་ཏེ། དེ་ལ་ཡང་མི་འཇུག་པའི་ཕྱིར་རོ་ཞེ་ན་དེ་ནི་ཀླན་ཀ་མ་ཡིན་ཏེ། ཇི་ལྟར་སྐྲ?་ཤད་འཇིངས?་བ་ལ་སོགས་པའི་བློ་རྣམས་ཀྱང་ཆད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཧ་ཅང་ཁྱབ་པའི་སྐྱོན་དུ་འགྱུར ་དུ་འོང་བ་དེའི་ཕྱིར་གདོན་མི་ཟ་བར་མ་འཁྲུལ་པར་སྨོས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །གང་ཡང་འཇུག་པ་ལས་སྔར་མི་དེས་བའི་རྒྱུ་ནི་ཚུ་རོལ་མཐོང་བ་ཉིད་ཡིན་པར་བརྗོད་པ་དེ་ཡང་མ་ངེས་པ་ཉིད་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱི་འགལ་ཞིག་ཏུ་མ་ངེས་པར ་འགྱུར་དུ་དོགས་སོ་ཞེས་བྱ་བ་གང་ཡིན་པ་འདི་ལས་སུ་ཞིག་གིས་གེགས་བྱས་དེ་ལྟ་ན་ནི་དེ་དག་གིས་ཅུང་ཟད་ཀྱང་མི་ངས་སོ་ཞེས་བྱ་བར་འགྱུར་ལ། དེ་ལྟ་ཡིན་དང་དེ་དག་སེམས་པ་མེད་པ་ཅན་ཉིད་དུ་འགྱུར་རོ། །གང་གི་ཕྱིར་གོམས་པའི་སྟོབས་ཀྱིས་སྐྱེས་བའི་ཤེས ་པའི་བག་ཆགས་འཇུག་པའི་ཕྱུགས་ཀྱི་ཕྲུག་ཁྲུ་དག་ཀྱང་འདི་ནི་བདེ་བའི་སྒྲུབ་པར་བྱེད་བ་ཡིན་ནོ། །འདི་ནི་བདེ་བ་མ་ཡིན་པའོ་སྙམ་དུ་འཇུག་པ་ལས་སྔར་དེས་ནས་གཡང་ས་ལ་སོགས་པ་སློང་བ་དང་ནུམ་ལ་སོགས་པ་ལེན་པར་བྱེད་པར་མཐོང་པ་ཉིད་དོ། །འདི་ལྟར ་ཡང་དག་པ་མ་ཡིན་པ་གོམས་པའི་འདོད་པ་དང་མྱ་ངན་དང་འཇིགས་པ་ལ་སོགས་པའི་སེམས་ཅན་རྣམས་ཀྱང་གོམས་པ་ཆོས་མཐུན་པ་ལ་སོགས་པ་དྲན་པ་ལ་བལྟོས་པ་མེད་པར་ཤེས་པ་གསལ་བར་སྣང་བ་སྐྱེས་པའི་ནུས་པ་དམིགས་པ་ཅིང་ངོ། །གང་དུ་གོམས ་པ་མེད་པ་དེར་ནི་དེ་དག་གྱིས་ནུས་པ་འབྲས་བུ་དཔག་པར་བྱ་བ་ཉིད་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ། །འདིས་ནི་དུ་བ་ལ་སོགས་པའི་རྟགས་དེས་པ་ཡང་བཤད་པ་ཡིན་ནོ། །གང་གི་ཕྱིར་དེ་ལ་ཡང་དེ་དང?་དེ་མ་ཡིན་བའི་འབྲས་བུ་དུ་བ་ལ་སོགས?་བའི་འབྲས་བུ་དུ་བ? ་སོགས་པའི་རང་བཞིན་གྱི་ཕན་ཚུན་ཤིན་ཏུ་དབེན་པའི་རང་བཞིན་དཔེན་བའི་ཕྱིར་རོ། །དེས་དབེན་པར་ངེས་བའི་རྒྱུ་ཡང་གོམས་པ་ལ་སོགས་པ་ཡིན་བའི་ཕྱིར་རྟགས་དེས་པ་སྲིད་པས་དེས་ནི་རྗེས་སུ་དཔག་པ་མི་སང་ངོ། །ལོན་ཏེ་ཐོག་མར་འཇུག་པ ་ཡོད་ན་གོམས་པ་གྲུབ་པར་འགྱུར་བ་མ་ཡིན་ནམ། གང་གི་ཕྱིར་དེ་ཉིད་ཇི་ལྟར་འགྱུར་བ་བརྗོད་བར་བྱ་དགོས་སོ་ཞེ་ན། སྨྲས་པ་ཐེ་ཚོམ་ལས་སོ། །མངོན་སུམ་ཐེ་ཚོམ་གྱི་རྒྱུའི་ན?་ཇི་ལྟ་བ་དེ་ལ་ཚད་མ་ཉིད་ཡིན་ཞེ་ན། དེས་པའི་རྒྱུ་ཡང་ཇི་ལྟར ་ཚད་མ་ཉིད་ཡིན། ངེས་བ་བསྐྱེད་བར་བྱེད་བས་དོན་དུ་གཉེར་བ་རྣམས་དེ་ལ་འཇུག་པར་བྱེད་བའི་ཕྱིར་རོ་ཞེ་ན། འདི་ནི་ཐེ་ཚོམ་གྱི་རྒྱུ་ལ་ཡང་མཚུངས་སོ། །གལ་ཏེ་དེ་ཡང་དེ་ལ་རྟོགས་པ་དོན་དུ་གཉེར་བ་དོན་གྱི་རྣམ་པ་ལས་བཟློག་པ་ངེས་པ་དེ་ལྟ་ན་ཡང་མངོན་སུམ ་དེ་རྣམ་པ་དེས་འཇུག་བར་བྱེད་བ་མ་ཡིན་ཏེ། དེ་ལྟར་ངེས་བའི་དོན་དོན་དུ་མི་གཉེར་བའི་ཕྱིར་རོ། །ཟློག་པར་བྱེད་པ་ཡང་མ་ཡིན་ཏེ། རྟོགས་པ་དོན་དུ་གཉེར་བའི་དོན་ངེས་པའི་རྒྱུ་ཉིད་ཀྱིས་དོན་དུ་གཉེར་བ་འཇུག་བའི་ཕྱིར་རོ། །དེ་ལྟར་མ་ཡིན་ཏེ་ཐེ་ཚོམ་གྱི་རྒྱུ་ཡིན་ན། མངོན ་སུམ་ལས་དོན་དུ་གཉེར་ན་འཇུག་པར་ཡང་མི་འགྱུར་ལ་ལྡོག་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ཐོབ་ན་དེ་ལྟ་ཡང་མ་ཡིན་གྱི། འོན་ཀྱང་དོན་དུ་གཉེར་བ་རྣམས་ལ་དོན་མེད་པར་འབྱུང་བ་མི་སྲིད་པ་ཡིན་ཏེ། དོན་དུ་གཉེར་བ་ཉིད་ཀྱིས་འཇུག་བ་སྟོབས་དང་ལྡན་པ་ཡིན་ནོ། ། ་འདིས་ནི་མངོན་སུམ་དེས་པའི་རྒྱུ་ཡིན་པ་ལས་འདི་ཁྱད་པར་འགའ་ཡང་མེད་དོ། །གང་དུ་མཛའ་གཅིག་ཏུ་རྟོགས་པའི་དོན་ལས་བཟློག་པའི་རྣམ་པ་དེས་བའི་རྒྱུ་ཉིད་དམ། དེས་པ་མི་སྐྱེད་བ་དེར་ནི་དེས་རྣམ་པ་ཐམས་ཅད་དུ་དོན་དུ་གཉེར་བ་མི་འཇུག་པའི་ཕྱིར་ཚད ་མ་མ་ཡིན་པ་བརྗོད་པར་རིགས་ཀྱི་གཞན་དུ་ནི་མ་ཡིན་ཏེ། ཧ་ཅང་བས་ཆོག་གོ། དེ་ཁོན་ཉིད་བསྡུས་བའི་དཀའ་འགྲེལ་ལས་མངོན་སུམ་གྱི་མཚན་ཉིད་བརྟག་པ་སྟེ། ཉི་ཤུ་གཉིས་པའོ། ད་ནི་རྫས་སུ་དཔག་བའི་མཚན་ཉིད ་བཤད་པ། རང་གཞན་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་དཔག་པ་ནི་རང་གི་དོན་དང་གཞན་གྱི་དོན་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་རང་གི་དོན་ནི་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་བའི་ཕྱོགས་ལ་ཡོད་པ་ཉིད་དང། མི་མཐུན་པའི་ཕྱོགས་ཐམས་ཅད ་ལས་ལྡོག་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཚུལ་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པ་སྟེ། དེའི་བདག་ཉིད་དུ་རིག་པར་བྱའོ། །གཞན་གྱི་དོན་ནི་ཇི་སྐད་དུ་བཤད་པའི་ཚུལ་གསུམ་པའི་རྟགས་གསལ་བར་བྱེད་པ་སྟེ། ཚིག ་གི་བདག་ཉིད་དུ་བལྟ་བར་བྱའོ། །ཡང་ན་རྗེས་སུ་དཔག་པ་ལྟང་སྣང་བའི་མཚན་ཉིད་གང་ཡིན་པ་མ་བསྟན་པས་དེའི་ཕྱིར། ཚུལ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྟག་སྟེ་བྱས་བའི་ཕྱིར་ལུས་ཅན་ཡིན་པའི་ཕྱིར་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ཚུལ་རེ་རེ་བ་ཡིན ་ཏེ། གོ་རིམས་བཞིན་དུ་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་བའི་གྱོགས་ལ་ཡོད་པ་ཉིད་དང། མི་མཐུན་པའི་ཕྱོགས་ལ་ལྡོག་པ་ཙམ་ཡོད་པའི་ཕྱིར་རོ། །དེ་ལ་ཚུལ་གཉིས་པ་ནི་སྒྲ་མི་རྟག་སྟེ། མིག་གིས་བཟུང་བར་བྱ་བ་ཡིན་པའི་ཕྱིར་མཉན་པར་བྱ་བ་ཡིན་བའི་ཕྱིར་ལུས ་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། གོ་རིམས་བཞིན་དུ་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་བའི་ཕྱོགས་ལ་ཡོད་པ་ཉིད་དང། མི་མཐུན་བའི་ཕྱོགས་ལས་ལྡོག་པ་ཙམ་མེད་པའི་ཕྱིར་རོ། །དེ་སྐད་དུ། སྒྲ་ནི་རྟག་སྟེ་བྱས་བའི་ཕྱིར། ལུས་ཅན་གཞལ་བྱ་མ་ཡིན་ཕྱིར། །མི་རྟག ་མིག་གིས་བཟུང་བྱའི་ཕྱིར། །ལུས་ཅན་མ་ཡིན་མཉམ་བྱའི་ཕྱིར། །ཞེས་བཤད་དོ། །གཞན་དུ་ཞེས་བྱ་བ་ལ་སོགས་པ་སྣོད་ཀྱི་རྗེའི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ་དེས་སྨྲས་པ། གཞན་དུ་མི་འཐད་བ་ཉིད་གཏན་ཚིགས་བཟང་པོ་ཡིན་གྱི་མཚན་ཉིད་གསུམ་བ་ནི་མ་ཡིན ་ཏེ་འདི་ལྟར་གཞན་དུ་མི་འཐད་པ་ཉིད་མེད་ན་དེའི་བུ་ཉིད་ལ་སོགས་པ་ཡན་ལག་གསུམ་པ་ཅན་གཏན་ཚིགས་བཟང་པོར་མ་མཐོང་སྟེ། དེ་ལྟ་བས་ན་མཚན་ཉིད་གསུམ་པ་ཅན་གྱི་གཏན་ཚིགས་གིས་ནི་དོན་མེད་པ་སྟེ་ནུས་པ་མེད་པ་ཡིན་ནོ། །གཞན་དུ་ཞེས་བྱ་བ་སྟེ་གཏན ་ཚིགས་བསྒྲུབ་བྱ་མེད་ན་ནི་འཐོང་བ་སྟེ། བསྒྲུབ་བྱ་ཁོ?་ན་ལ་ཡོད་པ་ཞེས་བྱ་བའི་དོན་ཏོ། །གང་ལ་གཞན་དུ་མི་འཐད་པ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་རྗེས་སུ་འགྲོ་བ་དང་ལྡོག་པར་བསྟན་བའི་སྒོ་ནས་གཞན་དུ་མི་འཐད་པ་ཉིད་ཅེས་བྱ་བའི་གཏན་ཚིགས་མཚན་ཉིད ་གཅིག་པ་ཉིད་དུ་སྒྲུབ་པར་བྱེད་དོ། །གཞན་དུ་མི་འཐད་པ་ཉིད་ཀྱི་མཚན་ཉིད་གཅིག་གང་ལ་ཡོད་པ་དེ་ནི་མཚན་ཉིད་གཅིག་སྟེ། དེ་ཉིད་འཇིག་རྟེན་པ་འམ་ཡོངས་སུ་རྟོག་པ་པོ་རྣམས་ཀྱིས་གཏན་ཚིགས་སུ་འདོད་ཀྱི་གཞན་ནི་མ་ཡིན་ནོ།། ་ཤུགས་ཀྱིས་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་གསུམ་པོ་འདི་ཉིད་བྱིས་འཕེན་པའི་ཕྱིར་མཚན་ཉིད་བཞི་པ་ཡང་ཡིན་ལ་རག་པའམ་ཡང་མཚན་ཉིད་བཞི་པ་མ་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་ཏུ་མཚན་ཉིད་གཅིག་པ་ཅན་ནམ། མཚན་ཉིད་གཉིས་པ ་འམ། མཚན་ཉིད་གསུམ་པར་ཡང་རིགས་ཏེ། འདི་ལྟར་གཞན་དུ་མི་འཐད་པ་ཉིད་ཀྱི་མཚན་ཉིད་གཅིག་པོ་དེས་མཚན་ཉིད་གཅིག་ཅེས་བསྟན་ལ། གཞན་དུ་མི་འཐད་པ་?་ལྷན་ཅིག་བའི་རིགས་མཐུན་པ་ལ་གྲུབ་པ་དང་རིགས་མི་མཐུན་པ་ལས་ལྡོག་པ ་མངོན་པར་དཔྱད་ནས་མཚན་ཉིད་གཉིས་པའོ། །གཉི་ག་གཞན་དུ་མི་འཐད་པ་ཉིད་དང། རིགས་མཐུན་པ་ལ་འཇུག་པ་ཉིད་དང། བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཞེས་བྱ་བའི་མཚན་ཉིད་གསུམ་པ་ཡིན་གྱི། ཕྱོགས་ཀྱི་ཆོས་ལ་སོགས་པའི་མཚན ་ཉིད་གསུམ་དང་ལྡན་པས་ནི་གཏན་ཚིགས་མཚན་ཉིད་གསུམ་དུ་མི་འདོད་དེ། དེ་ནི་ཡང་དག་བའི་ཤེས་པ་ལ་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་གཙོ་བོ་ཡིན་པའི་ཕྱིར་གཞན་དུ་མི་འཐད་པ་ཉིད་ཅེས་བྱ་བས་མཚན་ཉིད་གཅིག་པ་ཉིད་དུ་བསྟན་གྱི་ཕྱོགས ་ཀྱི་ཆོས་ལ་སོགས་པ་ནི་མ་ཡིན་ཏེ། དེ་དག་ནི་གཙོ་བོ་མ་ཡིན་པའི་ཕྱིར་རོམ། ཅུང་ཟད་ཀྱང་མི་བྱེད་བའི་ཕྱིར་རོ་ཞེས་བྱ་བ་བསྟན་བའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་པའི་ཕྱིར་ཚུལ་གསུམ་པ་ཉིད་གཏན་ཚིགས ་བཟང་པོར་རིགས་པ་མ་ཡིན་ནམ་ཞེ་ན། ཚུལ་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་མི་སྲིད་པའི་ཡན་ལག་གཅིག་གང་ལ་ཡོད་བ་དེ་ནི་དེ་ལྟ་བུ་ཡིན་ལ། དེ་དག་ཀྱང་ཡིན་གཏན་ཚིགས་ཀྱང་ཡིན་པས་གཞན་དུ་མི་སྲིད་བའི་ཡན་ལག་གཅིག་གི་གཏན ་ཚིགས་སོ། །གང་ལ་གཞན་དུ་ཞེས་བྱ་བ་ལ་སོགས་པས་ཇི་སྐད་དུ་བཤད་བའི་དོན་ཉིད་མཇུག་སྡུད་པར་བྱེད་པ་ཡིན་ནོ། །དཔེ་གཉིས་ཞེས་བྱ་བ་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པའི་མཚན་ཉིད་དག་གོ། རྒྱུ་མ་ཡིན་ཞེས་བྱ་བ་ནི་བསྒྲུབ་བྱ་?་པའོ། །གང་ལ་གཞན་དུ་མི་འཐད་ཡོད། དེ་ལ ་གསུམ་གྱི་ཅི་ཞིག་བྱ་ཞེས་བྱ་བའི་འཇུག་ཐོགས་སུ། གང་ལ་གཞན་དུ་མི་འཐད་མེད། །དེ་ལ་གསུམ་གྱིས་ཅི་ཞིག་ཕན། །ཞེས་བྱ་བ་འདིའི་ཕྱེད་གདོན་པར་བྱའོ། །ཚུལ་གསུམ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་མེད་པར་བསྟན་པའི་ཕྱིར། དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ ་སྨོས་སོ་དེ་ལ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་ཀྱི་མཚན་ཉིད་གཅིག་བསྒྲུབ་པའི་ཕྱིར་སྒྲས་ནས་དཔེར་བརྗོད་པ་སྟོན་ཏེ། དངོས་པོ་དང་དངོས་པོ་མེད་པ་ནི་ཅི་ལྟར་ཡོད་པའི་བདག་ཉིད་ཡིན་ཏེ། ཇི་ལྟར་ཡང་དམིགས་པའི་ཕྱིར་རོ། །འདི་ལ་ཆོས་མཐུན་པ་དང་མི་མཐུན་པའི་དེས ་དག་ལས་ཕྱི་རོལ་ཏུ་གྱར་བའི་སྦྱོར་བ་བདག་ཉིད་དམ་དོན་གྱི་བདག་ཉིད་ཡོད་པ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པའི་ཚོགས་ཐམས་ཅད་ཕྱོགས་སུ་བྱས་པའི་ཕྱིར་རོ། །དེ་ལས་མ་གཏོགས་པ་གཞན་མེད་པའི་ཕྱིར་དང་ཕྱོགས་ཀྱི་ཆོས་གཞན་དུ་མི་འཕང་པས་ལྡོག་པ་མེད་པའི ་ཕྱིར་འདི་ནི་མཚན་ཉིད་གཅིག་པ་ཡིན་ནོ། །ཇི་ལྟར་ཡང་ཞེས་བྱ་བ་ནི། ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཁ་གཅིག་གིས་ཞེས་བྱ་བའི་དོན་ཏོ། །ཡོད་བདག་ཉིད་ཅེས་བྱ་བ་འདིར་ཡང་ཇི་ལྟར་ཡང་ཞེས་སྦྲེལ་བར་བྱའོ། །དེས་ན་དོན་འདི་ཡིན་ཏེ། ཇི་ལྟར་ཡང་ཡོད་པ་ཡིན་ཏེ། ཇི་ལྟར་ཡང ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ད་ནི་གཏན་ཚིགས་ཀྱི་མཚན་ཉིད་གཉིས་པའི་དཔེར་བརྗོད་པ་གཞན་བསྟན་པའི་ཕྱིར། བཤད་པ། ཟླ་བ་རི་བོང་ཅན་མ་ཡིན་པ་འམ། རི་བོད་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སོ།། འཇིག་རྟེན་ན་བརྡ་རབ་ཏུ་གྲགས་པའི་བླ་བ་བསྟན་པའི ་ཕྱིར་རམ། ཟླ་བ་གཉིད་དུ་ཐ་སྙད་དུ་བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ་ཆོས་མི་མཐུན་པ་ནི་བོང་བ་ལ་སོགས་པའོ། །མཚན་ཉིད་གཉིས་པ་གཞན་འདི་ཡང་བརྗོད་པར་བྱ་སྟེ། བདག་གིས་ཉམས་སུ་མྱོང་བ་འདི་ནི་སྦྲང་བུ་འདིས་བྱས་པ་ཡིན་ཏེ། སྦྲང་བུ་བབས་པའི་རིག་པས ་འབྱུང་བརྙེད་བ་ཅན་ཡིན་པའི་ཕྱིར་རོ། །སྦྲང་བུ་ཏྲཻ་ལ་ཏ་ཀ་བབས་བའི་རེག་པས་འབྱུང་བརྙེད་པ་སྟེ་སྐྱེ་བ་གང་ལ་ཡོད་པ་ཞེས་བྱ་བའི་དོན་ཏོ། །སྤྱི་བརྗོད་པར་འདོད་པ་ན་གཞན་གྱི་ཚིག་གི་དོན་དུ་བལྟ་བར་བྱའོ། །མིག་ནི་ཡོད་བའི་གཟུགས་འཛིན་བའི་སྒྲུབ་བྱེད ་དམ་བའི་ནུས་པ་ཅན་ཡིན་ཏེ། ཉམས་པ་མེད་ཅིང་གཟུགས་བལྟ་བར་འདོད་པ་ན་རྟོག་པ་སྔོན་དུ་གཏོང་བར་བྱེད་པ་ཉིད་ཀྱིས་བྱ་བ་བྱེད་བའི་ཕྱིར་དང་གཟུགས་ཡོངས་སུ་གཅོད་པའི་ཕྱིར་ཏེ། ཆོས་མི་མཐུན་པ་ནི་རྣ་བ་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་གཟུགས་སོ།། འདིར་གཏན ་ཚིགས་གསུམ་གལ་ཡང་མཐུན་བའི་ཕྱོགས་མེད་བའི་ཕྱིར་ཚུལ་གཉིས་པ་ཡིན་ནོ། །བདག་དང་བུམ་པ་ལ་སོགས་པ་ཇི་ལྟར་ཡང་མེད་པའི་བདག་ཉིད་ཡིན་ཏེ། ཇི་ལྟར་མ་དམིགས་པའི་བོད་བུའི་རྭ་བཞིན་ནོ། །འདི་ལ་ཆོས་མི་མཐུན་བའི་དཔེ་ཡོད་པ་མ་ཡིན་ནོ། །བུམ་པ་ལ ་སོགས་པའི་དངོས་པོ་ཆོས་ཐམས་ཅད་ནི་ཆོས་ཅན་ནོ། །ཇི་ལྟར་ཡང་མེད་པའི་བདག་ཉིད་ཡིན་ཏེ་ཞེས་བྱ་བ་ནི་དམ་བཅའ་ཨོ་མེད་པ་ཡང་ཆོས་མཐུན་བའི་དཔེ་ཉིད་དུ་བཀོད་པའོ། །གང་ལ་བསྒྲུབ་བྱ་རྣམ་པར་བཅད་པ་སྔོན་དུ་འགྲོ་བ་ཅན་གྱི་སྒྲུབ་པར་བྱེད་པ་རྣམ་པར་གཅོད་པས་སྟོན ་པར་འགྱུར་བ་དངོས་པོ་དང་དངོས་པོ་མེད་པ་ལས་མ་གཏོགས་པ་གསུམ་པ་ཡོད་པ་ནི་མ་ཡིན་ནོ།། ཡང་ན་བུང་བུའི་རྭ་ལ་སོགས་པ་ནི་ཇི་ལྟར་ཡང་ཡོད་པའི་བདག་ཉིད་ཡིན་ཏེ། ཇི་ལྟར་ཡང་དམིགས་པའི་ཕྱིར་བདག་དང་བུམ་པ་ལ་སོགས་པ་བཞིན་ནོ། །འདིར་ཡང་རིག ་པ་སྔ་མ་ཉིད་ཀྱི་ཆོས་མི་མཐུན་བའི་དཔེ་མེད་པ་སྦྱར་བར་བྱའོ། །ཁྱིམ་འདི་ན་ཁྱོད་ཀྱི་ཕ་ཡོད་པར་ཤེས་པར་བྱ་སྟེ། ཁྱོད་ཀྱི་བའི་སྒྲ་ཐོས་པའི་ཕྱིར་རོ། །འདི་ལ་ཆོས་མཐུན་བའི་དཔེ་མེད་བའི་ཕྱིར་ཚུལ་གཉིས་པ་ཡིན་ནོ། །ཞེས་གྲག་གོ་།དཔེར་ན་ཕྱོགས་ཀྱི་ཆོས་མེད་ན་ཡང ་དུ་བ་ལ་སོགས་བའི་རྟགས་བཞིན་དུ་སྒྲ་དང་སྒྲོན་མ་ལ་སོགས་པ་ཤེས་པར་བྱེད་པ་ཉིད་དུ་མཐོང་ངོ། །སྒྲ་དང་སྒྲོན་མ་ལ་སོགས་པ་ནི་བུམ་པ་ལ་སོགས་པའི་དོན་དུ་རྟོགས་པའི་ཆོས་མ་ཡིན་ལ། ཡང་སྒྲལ་སོགས་པ་ལས་དོན་རྟོགས་བའི་ཆོས་མ་ཡིན་ལ ་ཡང་སྒྲ་ལ་སོགས་པ་ལས་གཞན་བའི་ཕྱིར་མི་མཐུན་བའི་ཕྱོགས་ལ་མེད་པ་དང་གཞན་དུ་མི་འཐང་བ་ཉིད་ཅེས་བྱ་བ་གཏན་ཚིགས་ཚུལ་གཉིས་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་བས་ལན་འདེབས་བར་བྱེད་དེ་དེ་ལ་གཏན་ཚིགས་བསྒྲུབ་བར་བྱ་བ་དང་མེད་ན་མི་འབྱུང ་བ་ཉིད་ཆོས་ཅན་གྱི་ཁྱད་པར་ཡོངས་སུ་མ་བཟུང་བས་དེའི་སྒོ་ནས་སམ། ཆོས་ཅན་གྱི་ཁྱད་པར་ཡོངས་སུ་བཟུང་བས་ཏེ། ཁྱད་པར་གྱི་སྒོ་ནས་ཡིན། ཁྱད་པར་གྱི་ཡིན་ན་ཡང་ཤེས་པར་འདོད་པའི་བྱེ་བྲག་སྟེ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡིན་ནམ་དཔེའི་ཆོས་ཅན ་ལ་ཡིན་ཞེས་བྱ་བའི་ཕྱོགས་གསུམ་སྲིད་དོ། །དེ་ལ་ཆོས་དང་པོ་ལ་སྐྱོན་བཤད་པ་ནི། དེ་ནི་སྤྱིའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ཕྱོགས་ཀྱི་ཆོས་མེད་ན་མི་འབྱུང་བ་ཙམ་གྱིས་མིག་གིས་བཟུང་བར་བྱ་བ་ཉིད་ནི་ཆོས་ཅན་སྒྲ་ལ་མི་རྟག་པ་ཉིད་གོ་བར་བྱེད་བ་མ ་མཐོང་བའི་ཕྱིར་ཕྱོགས་དང་པོ་མི་རིགས་སོ། །བརྗོད་བར་འདོད་པ་གྲུབ་མི་བརྟེན། ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བརྗོད་བར་འདོད་པ་གྲུབ་པ་བརྟེན་པ་མ་ཡིན་ནོ། ཞེས་བྱ་བའི་ལྟར་ཞེ་ན། གཞན་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་བྱ་བ་ནི་མིག་གིས ་གཟུང་བར་བྱ་བ་ཉིད་དོ། །དེ་ནི་ཤེས་བྱ་བ་ནི་འཇིག་པའོ། །སྒྲུབ་བྱེད་ནི་གོ་བར་བྱེད་བའོ། །ཅི་སྟེ་ཇི་སྐད་དུ་བཤད་བའི་སྐྱོན་དུ་འགྱུར་ན་མི་རུང་ངོ་སྙམ་པས་གཏན་ཚིགས་དེ་བསྒྲུབ་བར་བྱ་བའི་ཆོས་ཅན་ལ་བརྟེན་བ་དེ་ལྟར་ཡིན་ན་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་མཚན་ཉིད ་ཚུལ་གསུམ་པོ་དེ་ཉིད་ཁྱེད་ཅག་གི་ལྟ་བ་ལ་ཡང་འགྱུར་རོ། །ཇི་ལྟར་ཞེ་ན། གཞན་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་རྗེས་སུ་འགྲོ་བ་ནི་མཐུན་པའི་ཕྱོགས་ལ་ཡོད་པའོ། །ལྡོག་པ་ནི་མི་མཐུན་པའི་ཕྱོགས་ལ་མེད་པའོ། །བརྟེན་པས་ན་བརྟེན་བ་སྟེ། ཡོངས ་སུ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། སློབ་དཔོན་གྱིས་ཞེས་བྱ་བ་འདིག་ནི་དེའི་ལུགས་དང་མི་འགལ་བར་སྟོན་པར་བྱེད་དོ། །གཟུང་ཉ་ཞེས་བྱ་བ་ལ་གཟུང་བར་བྱ་བ་ནི་བསྒྲུབ་བར་བྱ་བའི་ཆོས་ཏེ་ཕྱོགས་ཆོས་ཞེས་བྱ་བའི་ཐ་ཚིག་གོ། ཅི་སྟེ་ཞེས་བྱ ་བས་ཕྱོགས་གཉིས་པ་ལ་བཤད་པ། ཅི་སྟེ་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ་གཏན་ཚིགས་ཀྱི་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཉིད་གང་ཡིན་པ་དེ་ཉིད་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ནོ། །ཇི་སྐད་དུ་གཞན་བདག་དཔེ་ལ་གཏན་ཚིགས་ནི་བསྒྲུབ ་བྱ་མེད་བར་མི་མཐོང་འདོད། ཁོ་བོས་ཆོས་ཅན་ལ་འདི་ནི། །མེད་ན་མི་སྲིད་བ་ཉིད་ནི། །དོན་གྱིས་གོ་བས་དེས་བཟུང་ནས། །དགེ་སློང་བ་ཡིས་རྗེས་དཔག་པས། །དེད་ཀྱི་རྗེས་དཔག་མི་ཡི་ནི། །སེངྒེ་བཞིན་དུ་གཞན་དུ་འདོད། །ཆོས་ཅན་ཞེས་བྱ་བ་ནི་བསྒྲུབ་པའི་བྱ་བའི ་ཆོས་ཅན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་བར་བྱ་བའི་ཆོས་འདི་མི་སྲིད་བའི་དང་ཚུལ་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་ལྟན་བསྒྲུབ་བྱའི་ཆོས་ཅན་ལ་ཚད་མ་གད་ཁོ་ནས་གཏན་ཚིགས་བསྒྲུབ་བྱ་མེད་ན་མི་འབྱུང་བ་གྲུབ་པ་དེ་ཁོ་ན་ལས་བསྒྲུབ་བྱ་ཡང ་འགྲུབ་པའི་ཕྱིར་གཏན་ཚིགས་དོན་མེད་དོ། །ཅི་སྟེ་བསྒྲུབ་བྱ་མ་གྲུབ་པ་དེའི་ཚེ་གཏན་ཚིགས་ཀྱང་མ་གྲུབ་པ་ཉིད་དེ། གང་གི་ཕྱིར་གཏན་ཚིགས་ཀྱི་མཚན་ཉིད་ནི་སྒྲུབ་པར་བྱེད་བའི་ཆོས་ཅན་ལ་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་ཡིན་ལ་མེད་ན་མི་འབྱུང་བ་ཉིད་དེ་ཡང ་བསྒྲུབ་བྱ་མ་གྲུབ་ཟིན་བའི་ཕྱིར་གཏན་ཚིགས་མི་འགྲུབ་སྟེ། མེད་ན་མི་འབྱུང་བ་ཉིད་ནི་གཉིག་གྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །ཚད་མ་གཞན་ལས་བསྒྲུབ་བྱ་གྲུབ་པ་ན་གཏན་ཚིགས་འགྲུབ་བོ་ཞེ་ན། དེའི་ཚེ་གཏན་ཚིགས་ཀྱིས་ཅི་ཞིག་བྱ ་སྟེ། བསྒྲུབ་བྱ་གྲུབ་ཟིན་བའི་ཕྱིར་རོ། །གཏན་ཚིགས་ལས་བསྒྲུབ་པར་བྱ་བ་དེས་པར་བྱ་བ་ཡིན་ན་ཕན་ཚུན་བརྟེན་པའི་སྐྱོན་དུ་ཡང་འགྱུར་རོ། །ཇི་ལྟར་ཞེ་ན། གཉིས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་བྱ་འགྲུབ་པ་ནི་གཏན་ཚིགས་གྲུབ་པ་སྔོན་དུ ་འགྲོ་བ་ཅན་ཡིན་ཏེ། གཏན་ཚིགས་ནི་དེའི་དོན་དུ་ཡིན་པའི་ཕྱིར་ལ་བསྒྲུབ་བྱ་མེད་ན་ནི་མི་འབྱུར་བའི་མཚན་ཉིད་ཅན་གྱི་གཏན་ཚིགས་འགྲུབ་བ་ཡང་བསྒྲུབ་བྱ་གྲུབ་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཕན་ཚུན་བརྟེན་པ་ཉིད་དུ་གསལ་ལོ། །ཕྱོགས་གསུམ་པ ་ལ་དཔེ་ལ་ཡང་ཞེས་བྱ་བ་སྨོས་ཏེ། དཔེ་ལ་སྟེ་བསྒྲུབ་བྱའི་ཆོས་ཅན་ལས་ཐ་དད་པའི་དཔེའི་ཆོས་ཅན་ཞེས་བྱ་བའི་དོན་ཏོ། །དེ་གྲུབ་ཅེས་བྱ་བ་ནི་གཏན་ཚིགས་གྲུབ་ནའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་གལ་ཏེ་བསྒྲུབ་བྱ་ཆོས་ཅན་ལས་མ་གཏོགས་པ་ཉིད་ཀྱི་དཔེའི་ཆོས་ཅན་གཞན ་ཞིག་ལ་གཏན་ཚིགས་མེད་ན་མི་འབྱུང་བ་ཉིད་འདོད་ཀྱི། བསྒྲུབ་པར་བྱ་བའི་ཆོས་ཅན་དང་ལྷན་ཅིག་ཐམས་ཅད་ཉེ་བར་སྡུད་པ་ནི་མ་ཡིན་ན། དེ་ཇི་ལྟར་བསྒྲུབ་བྱའི་ཆོས་ཅན་ལ་གཏན་ཚིགས་ལས་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། དེའི་ཐམས་ཅད ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་གང་ཡང་ཞེས་བྱ་བ་ལ་སོགས་པས་དཔེར་བརྗོད་པ་རྣམས་སུན་འབྱིན་པར་བྱེད་དེ། ཇི་ལྟར་ཡང་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སྨྲས་བ་གང་ཡིན་པ་འདི་ནི་དོན་མེད་པ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཡུལ་མེད་པའི་ཕྱིར་ཏེ། ་གྲུབ་པ་ལ་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གྲུབ་པའི་ཡུལ་ལ་ནི་གཏན་ཚིགས་མི་འདོད་དོ། །འོ་ན་ཅི་ཞེ་ན་ཐེ་ཚོམ་ལ་སྟེ། འདི་ལྟར་གཏན་ཚིགས་ཐེ་ཚོམ་ལ་བརྗོད་བའི་ཕྱིར་བསལ་བ་བཞིན་དུ་གྲུབ་པ་ཡང་གཏན་ཚིགས་ཀྱི་རྟེན་མ་ཡིན་པ་ཉིད་དེ། བསྒྲུབ་བྱ་གྲུབ་ཟིན་པའི ་ཕྱིར་རོ། །ཅི་སྟེ་ཡང་འདེ་ལ་ཡང་གཏན་ཚིགས་ཀྱི་ཡུལ་ཐེ་ཚོམ་ཉིད་ཡོད་པ་ཡིན་ནོ་སྙམ་ན། དེའི་ཕྱིར་དངོས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དངོས་པོར་ཇི་ལྟར་ཡང་ཡོད་པ་ཉིད་ཐམས་ཅད་ཀྱིས་དེས་པ་ཉིད་ཡིན་པ་དེའི་ཚེ་དངོས་པོ་ནི་ཇི་ལྟར་ཡོད་པའི་བདག་ཉིད ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཅིའི་ཕྱིར་རྗོད་པར་བྱེད། དེའི་བདག་ཉིད་ཅེས་བྱ་བ་ནི་ཡོད་པའི་བདག་ཉིད་དོ། །དངོས་པོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དངོས་པོ་མེད་པ་ཡང་གཞལ་བྱ་ལ་སོགས་པའི་ངོ་བོས་ཡོད་བའི་བདག་ཉིད་དུ་ངེས་པའི་ཕྱིར་གཏན་ཚིགས་དོན་མེད་དོ། །ཅི་སྟེ་གྲངས ་ཅན་ལ་སོགས་པ་མ་གྲུབ་སྟེ་འདི་ཕྱིར་བསྒྲུབ་བར་བྱའོ་ཞེ་ན། རྣམ་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་སུ་ན་གཅིག་ཏུ་སྨྲ་བ་ནི་གྲངས་ཅན་བའོ། །སྨྲ་བ་དེ་ལ་གནས་པའི་གྲངས་ཅན་བ་དག་གིས་བདག་ཉིད་དེ་རང་བཞིན་འགའ་ཞིག་གིས་ཡོད་པའི་བདག་ཉིད་དུ་སྟོན ་པ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། རྣམ་འགྱུར་བདག་སོགས་བྱེ་བྲག་གིས། །ཞེས་བྱ་བ་སྨོས་ཏེ། རྣམ་པར་འགྱུར་བའི་བདག་ནི་རྣམ་པར་འགྱུར་བའི་རང་བཞིན་ནོ། །སོགས་པའི་སྒྲས་ནི་རང་བཞིན་ཏེ་མ་འདྲེས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས ་པའི་རང་བཞིན་དང་ཕན་ཚུན་རང་བཞིན་ལས་ཐ་དད་པའི་སྐྱེས་བུ་གཟུང་ངོ། །གང་ཡང་ཞེས་བྱ་བ་ནི་དབུ་མ་པ་རྣམས་སོ། །དེ་དག་ཀྱང་དེ་ཁོ་ན་ཉིད་དུ་ཞེས་བྱ་བའི་ཁྱད་པར་དང་བཅས་པའི་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ལ་བརྟེན་གྱི། རྣམ་པ་ཐམས་ཅད་དུ་ནི ་མ་ཡིན་ཏེ། མཐོང་བ་ཇི་ལྟ་བ་བཞིན་དུ་སྐྱེ་བ་ལ་སོགས་པ་ཁས་ལེན་པའི་ཕྱིར་རོ། །དེ་ཉིད་?་ཞེས་བྱ་བ་ནི་རིགས་གཉིས་སོ། །སོགས་པའི་སྒྲས་དོན་དམ་པ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ། །ཐམས་ཅད་ཀྱིས་དངོས་པོ་ཇི་ལྟར་ཡང་ཡོད་པའི་བདག་ཉིད་དུ་ངེས་སོ། །ཞེས ་བྱ་བ་འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་ཏེ་དེ་ལྟ་མིན་ན་ཏེ་མི་འདོད་ན་ཇི་ལྟར་ཡང་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ཡང་མི་འགྲུབ་བོ། །སྔར་མི་གྲུབ་པ་ལ་བསྒྲུབ་བའི་སྐྱོན་སྨྲས་ལ་དང་ལྟ་ནི་མ་གྲུབ་པ་ཉིད་བཤད་དོ། །ཅི་ལྟ་ཐ་སྙད་སྒྲུབ་ན་དེའི་ཚེ ་གང་དུ་སྔར་ཐ་སྙད་དུ་བྱས་པ་དེར་དཔེར་གྲུབ་པ་ཡིན་པའི་ཕྱིར་ཚུལ་གསུམ་པ་ཉིད་དུ་འགྱུར་བ་ལ་དེ་ལྟ་མ་ཡིན་ཏེ་དཔེ་མེད་པ་ཡིན་ན། ཐ་སྙད་དེ་ཡང་འགྲུབ་པར་མི་འགྱུར་རོ་སྦྱོར་བ་གཉིས་པ་ལ་སྐྱོན་བཤད་པའི་ཕྱིར། ཟླ་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲམ ་ཟེའི་ཁྱེའུ་ཞེས་བྱ་བ་ནི་སྐྱེས་བུ་ཞིག་ལའོ། །གལ་ཏེ་ཟླ་བ་བསྒྲུབ་པར་བྱ་བའི་ཕྱིར། ཚུལ་གསུམ་བའི་གཏན་ཚིགས་སྲིད་པ་ཡིན་ན།འོ་ན་ཇི་ལྟར་སློབ་དཔོན་གྱིས་དཔེར་ན་རི་བོང་ཅན་གྱི་ཟླ་བ་མ་ཡིན་ཏེ་ཡོད་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུར་གང་ལ་ཡང་ཐུན་མོང་མ་ཡིན ་བའི་ཕྱིར་རྗེས་སུ་དཔག་བ་མེད་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་བྱ་བའི་གཞུང་འདིས་རི་བོད?་ཅན་ཟླ་བ་མ་ཡིན་པར་དམ་འཆའ་བ་གང་ཡིན་པ་དེ་ལ་ཟླ་བ་ཉིད་དུ་བསྒྲུབ་བའི་ཕྱིར་འཇིག་རྟེན་གྱི་རྗེས་སུ་དཔག ་བ་མེད་པར་བཤད་ཅེས་དོགས་པ་བསུ?་ནས་རབ་ཏུ་གྲགས་པ་ཞེས་སྨོས་སོ། །དངོས་པོའི་ངོ་བོ་ལ་བརྟེན་ཏེ། ཞེས་བྱ་བ་ནི་དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་འདི་ལ་ཐུན་མོང་མ་ཡིན་པར་བཤད་ཀྱི་གྲགས་པ་མཚན་ཉིད་ཀྱི་གཏན་ཚིགས་ལ་ནི་མ་ཡིན་ཏེ། འདི་ནི་འདོད་པའི ་རྗེས་སུ་བྱེད་བའི་ཕྱིར་རྗེས་སུ་འགྲོ་བ་ཡོད་པ་ཉིད་དོ། །གང་གི་ཕྱིར་གྲགས་པ་ཐམས་ཅད་ལ་བསྙོན་པའི་ལོག་པར་རྟོག་པའི་གྲགས་པའི་མཚན་ཉིད་ཀྱིས་རྟགས་ཉིད་ཀྱི་ཟླ་བ་ཉིད་དུ་རྟོགས་པར་མི་ནུས་ལ། གང་གིས་རི་བོང་ཅན་ཟླ་བ་ཉིད་དུ་རྟོགས་པར་གྱུར་པ་དངོས་པོའི་སྟོབས ་ཀྱིས་ཞུགས་པའི་གཏན་ཚིགས་གཞན་ཡང་ཡོད་པ་མ་ཡིན་ཏེ། ཟླ་བ་ལ་སོགས་པ་ཐ་སྙད་ནི་འདི་འདོད་པ་ཙམ་གྱི་རྗེས་སུ་བྱེད་བ་ཉིད་དངོས་པོའི་ཆོས་མ་ཡིན་པའི་ཕྱིར་རོ། །དེ་ལ་རྗེས་སུ་དཔག་པ་དཔེ་མེད་པ་ཉིད་དུ་བཤད་དེ། ཇི་སྐད་དུ། རི་བོང་ཅན་ཟླར་མི་འདོད་པ། དེ་གྲགས ་གང་ཡིན་འདོད་པར་འགྱུར། །དེ་ལྟར་དེ་ལ་དཔེ་མེད་དེ། །དེ་ནི་ཐུན་མོང་མ་ཡིན་འདོད། །ཅེས་བཤད་པ་ལྟ་བུའོ། །ཁ་ཅིག་ལས་ཟླ་བ་ཡིན་པ་བསྒྲུབ་གཏན་ཚིགས་ལ་ཞེས་འདོན་ཏེ། དེར་འདི་ལྟར་སྦྲེལ་བར་བྱི་སྟེ། ཕྱོགས་སྔ་མ་སྨྲ་བས་རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི ་ཕྱིར་ཞེས་བྱ་བའི་གཏན་ཚིགས་སྨྲས་པ་གང་ཡིན་པ་ཟླ་བ་མ་ཡིན་པ་བསྒྲུབ་པའི་གཏན་ཚིགས་ཕྱོགས་སྔ་མ་སྨྲ་བས་སྨྲས་པ་དེ་ལ་ཞུགས་པས་ཕྱོགས་ཕྱི་མ་སྨྲ་བས་ཟླ་བ་ཉིད་དུ་བསྒྲུབ་པའི་ཕྱིར་སློབ་དཔོན་གྱིས་གང་ལ་ཡང་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི ་ཕྱིར་རྗེས་སུ་དཔག་པ་མེད་པས་ཞེས་བྱ་བ་ལ་སོགས་པས་གྲགས་པ་ལ་སྙམ་གཏོགས་པའི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་ལ་བརྟེན་ནས་དེ་རྗེས་སུ་དཔག་པ་མེད་པའི་རྒྱུ་ཐུན་མོང་བ་ཉིད་དུ་བཤད་དོ། །གཏན་ཚིགས་གསུམ་པ་ལ་ཡང་སྦྲང་བུ་འདི་ཡིས་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གཏན་ཚིགས་དང་དམ་བཅའ་དག་སྟེ། དམ་བཅའ་བ་ནི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟར་འདིར་ཉམས་སུ་མྱོང་བའི་རྒྱུ་ཁྱད་པར་ཅན་གྱི་སྦྲད?་བུ་བསྒྲུབ་བར་བྱ་བ་ཉིད ་དུ་འདོད་པ་དེ་ཉིད་སྒྲ་གཞན་གྱིས་གཏན་ཚིགས་ཉིད་དུ་བསྟན་བའི་ཕྱིར་གཏན་ཚིགས་དང་དམ་བཅའ་བདག་ཁྱད་པར་མེད་དོ་གང་གི་ཚེ་བབས་པ་ཞེས་བྱ་བའི་ཁྱད་པར་མི་ལེན་གྱི་སྐྱེ་བ་ཐོབ་བའི་ཕྱིར་ཞེས་བྱ་བ་སྤྱིར་གཏན་ཚིགས་སུ་བརྗོད་པ ་དེའི་ཚེད་མ་བཅའ་བའི་ཕྱོགས་གཅིག་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན། འདི་ལ་བབས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྲང་བུ་གཞན་གྱིས་བྱས་བའི་ཚོར་བས་འཁྲུལ་པར་འགྱུར་དུ་འོང་བའི་ཕྱིར་གདོན་མི་ཟ་བར་ཁྱད་པར་བྱ་དགོས་སོ། །ཅི་སྟེ་རྒྱུ་དང་འབྲས་བུའི་ཐ ་སྙད་རྗེས་པ་དེ་ལ་བསྒྲུབ་པ་དེ་ལྟར་ཡིན་ན་གཏན་ཚིགས་ཚུལ་གསུམ་པར་འགྱུར་ཏེ་རྒྱུ་དང་འབྲས་བུར་རབ་ཏུ་གྲགས་བའི་མེ་དང་དུ་བ་ལ་སོགས་པ་དཔེ་ཉིད་དུ་ཡོད་པའི་ཕྱིར་རོ། །མིག་ནི་གཟུགས་འཛིན་བྱ་བ་ལ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། ཆོས་ཅན་རང་བཞིན ་མིག་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་སྒྲུབ་བྱེད་མི་རིགས། །ཞེས་བྱ་བར་བཅད་དོ། །མ་གྲུབ་ལ་སོགས་ཞེས་བྱ་བ་ལ་སོགས་བའི་སྒྲས་འཁྲུལ་བ་དང་འགལ་བ་དག་བཟུང་ངོ། །ཡོད་པ་བསྒྲུབ་བར་བྱ་བ་ཡིན་ན་གཏན་ཚིགས་ཐམས་ཅད་སྐྱོན་གྱི་རིགས་གསུམ ་ལས་མེ་འདའ་སྟེ་འདི་ལྟར་ཡོད་བའི་ཆོས་གཏན་ཚིགས་ཡིན་ནམ་གྲུབ་ལ། གཉི་གའི་ཆོས་ཡིན་ནམ་ངེས་པ་ཡིན་ཞིང། མེད་པའི་ཆོས་ཡིན་ན་འགལ་བ་ཉིད་ཡིན་ཏེ། ཇི་སྐད་དུ་མ་གྲུབ་ཨ་ལ་ཡོད་ཆོས་མེད། །གཉི་ག་ལ་བརྟན་འཁྲུལ་པ་དང། །མེད་བའི་ཆོས་ནི་འགལ ་ཡིན་ལ། །ཇི་ལྟར་ཡོད་དེ་བསྒྲུབ་བྱ་ཡིན། །ཞེས་བཤད་པ་བཞིན་ནོ། །ཅི་སྟེ་ཆོས་ཅན་མིག་ལ་མིན་ལ་མིག་གི་རྣམ་པར་ཤེས་པ་སྐྱེད་བའི་ནུས་པ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་ཡང་ནུས་པ་དང་ཡོད་པ་ལ་སོགས་པ་རྣམ་གྲངས་ཡིན་པའི་ཕྱིར་དེ་བསྒྲུབ་པ་ན་ཡོད་པ་བསྒྲུབ་པར ་ཐལ་བར་འགྱུར་རོ། །ཐ་དད་ན་ཡང་དེ་ནི་དབང་པོ་ལས་འདས་པ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་གཟུགས་འཛིན་བའི་ཕྱིར་ཞེས་བྱ་བ་འདི་ཡང་ཕྱོགས་ཆོས་མེད་པའི་ཕྱིར་མ་གྲུབ་པར་བལྟ་བར་བྱའོ། །འོ་ན་ཇི་ལྟར ་ཁྱེད་ཅག་ལ་ཡང་མིག་ལ་སོགས་པ་འགྲུབ་པར་འགྱུར་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་ཞེས་བྱ་བ་ནི་མིག་བཙུམས་པའི་གནས་སྐབས་ནའོ། །ཁོ་བོ་ཅག་གི་མིག་ལ་སོགས་པ་འདི་ལྟ་བུ་ཞིག་གོ་ཞེས་གྲུབ་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་ཤེས ་པ་གཟུགས་ལ་སོགས་པ་འགའ་ཞིག་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་བར་མཐོང་བ་དེ་ནི་རྒྱུ་གཞན་ལ་བལྟོས་པ་དང་དེ་ཙམ་གྱིས་མི་འབྱུང་བར་བསྒྲུབ་པར་བྱ་བ་ཡིན་པས་ཤེས་པ་དེ་ཉིད་ཆོས་ཅན་ཡིན་པའི་ཕྱིར་མ་གྲུབ་པ་ལ་སོགས་པའི་སྐྱོན་མེད་དོ། །རྒྱུ་གཞན ་གང་ཡིན་པ་དེ་ཡང་མིག་ཅེས་ཐ་སྙད་འདོགས་ལ། གྲུབ་བའི་མཛའ་ལ་བརྟེན་ན་ནི་ཐ་སྙད་ཐ་དད་དོ། །འདི་སྙམ་དུ་ཇི་སྐད་དུ་བཤད་པའི་ཆུལ་གྱིས་རྣམ་པར་ཤེས་བའི་ཆོས་ཅན་ཡིན་དུ་ཆུག་མོད་དེ་ལྟན་ཡང་གཏན་ཚིགས་ཚུལ་གཉིས་བ་ཉིད་དོ་སྙམ་དུ་སེམས་ན། དེ་ལ་དཔེ་ནི་རང ་རྒྱུ་ལས། །ཞེས་བྱ་བ་སྨོས་ཏེ། རང་གིས་རྒྱུ་ལས་ངེས་པ་སྟེ་རང་གི་རྒྱུ་དང་འབྲེལ་པར་འབྱུང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུར་གྱུར་བའི་རང་གི་རྒྱུ་ལས་རག་ལས་བའི་སྐྱེ་བ་ཅན་མྱུ་གུ་ལ་སོགས་པ་རེས་འགའ་བ་དཔེ་ཉིད་དུ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། སྦྱོར་པ་ཡང་འདི ་ལྟར་བྱ་སྟེ། གང་དག་གང་ཉེན་ཡང་རང་འགའ་བ་ཡིན་པ་དེ་དག་ནི་དེ་ཙམ་གྱིས་འབྱུང་བ་མ་ཡིན་པ་དང་རྒྱུ་གཞན་ལ་བསྟོས་པ་དང་བཅས་པ་ཡིན་ཏེ་དཔེར་ནས་ལ་སོགས་པ་ཡོད་ན་ཡང་ས་བོན་ཉེ་བ་དང་མི་ཉེ་བ་དག་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་མྱུ་གུ་ལ་སོགས་པ་བཞིན ་ན། །གཟུགས་ལ་སོགས་པ་ཡོད་ན་ཡང་བཙུམས་པ་དང་མ་བཙུམས་པའི་གནས་སྐབས་ན་མིག་གི་རྣམ་པར་ཤེས་བ་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་དགག་པ་ལ་ཁྱད་པར་བྱེད་པ་འགལ་བ་དམིགས་པ་ཡིན། བསྒྲུབ་པ་ལ་ནི་རང་གཞན་གྱིས་གཏན་ཚིགས་སོ། །ཡང་ན ་བདག་དང་བུམ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་བུམ་པ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་གྲུབ་པ་ལ་བསྒྲུབ་བ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ་རྣམ་པ་འགའ་ཞིག་གི་མེད་པ་ཉིད་དུ་གྲུབ་བའི་ཕྱིར། འོན་ཏེ་མ་གྲུབ་ན་དམིགས་པའི་ཕྱིར་རོ་ཞེས་བྱ་བའི ་གཏན་ཚིགས་འདི་ཡང་མ་གྲུབ་བའི་ཕྱིར་གཏན་ཚིགས་མ་གྲུབ་བོ་ཞེས་ཇི་ལྟར་ཡོད་བའི་བདག་ཉིད་དུ་བསྒྲུབ་བའི་གཏན་ཚིགས་ལ་སྨྲས་པ་སུན་འབྱིན་པ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་ཆོས་མི ་མཐུན་པའི་དཔེ་མེད་དོ་ཞེས་གང་སྨྲས་པ་འདི་ལ་ཡང་ཆོས་མི་མཐུན་པའི་དཔེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ངོ་བོ་གང་གི་བུམ་པ་ལ་སོགས་པ་དམིགས་པའི་ངོ་བོར་དེས་དེ་དག་ཡོད་པའི་བདག་ཉིད་དུ་འདོད་པ་དེའི་ཚེད་དག་གི་རང་བཞིན་ཆོས་མིན་ཐུན་པའི་དཔེ་ཉིད ་དུ་འགྱུར་ཏེ། རང་བཞིན་དེ་ལ་མི་དམིགས་བའི་གཏན་ཚིགས་ལྡོག་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་ཡང་ཞེས་བྱ་བའི་སྦྱོར་བ་འདི་ལ་ཡང་འདོད་པ་གྲུབ་པ་ལ་སོགས་པ་མཚུངས་སོ། །བདག་མེད་དག་ལ་ཞེས་བྱ་བ་ནི་དངོས་པོ་མེད་པ་དག་ལའོ། །དེ་བཞིན་ཞེས་བྱ་བ་ནི་རང་བཞིན ་ཆོས་མི་མཐུན་པ་སྲིད་པས་སོ། །ཆོས་མི་མཐུན་པ་འཐོབ་ཅེས་བྱ་བ་ནི་ཆོས་མི་མཐུན་པ་སྟེ་བསྒྲུབ་བྱ་ལྡོག་པའི་མཚན་ཉིད་ལ་བསྒྲུབ་བྱ་མེད་པས་ཀྱང་ཁྱབ་བོ། །ཁྱོད་ཀྱི་ཕ་འདི་ཁྱིམ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། བའི་སྐད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ ་ཞེས་བྱ་བ་ནི་ཕ་དང་འབྲེལ་བ་ནི་ཡུལ་ཕྱོགས་གཞན་འགའ་ཞིག་ཏུ་ཉམས་སུ་མ་མྱོང་བ་ན་གཏན་ཚིགས་མ་གྲུབ་པར་འགྱུར་རོ། །གང་དུ་ཞེས་བྱ་བ་ལ་སོགས་པས་ཚུལ་གསུམ་པ་དེ་ཉིད་སྟོན་པ་ཡིན་ཏེ། སྒྲ་ཕྱི་རོལ་གྱི་དོན་ལ་བལྟོས་ནས་གཞན་དུ་མི་འཐད་བ ་ཉིད་མ་གྲུབ་བའི་ཕྱིར་དེ་ལ་རྟག་ཉིད་མ་ཡིན་ཏེ། དེ་ནི་འདོད་བཙམ་གྱིས་འཇུག་པའི་ཕྱིར་རོ། །ཇི་སྟེ་བློ་ལ་གནས་པའི་དོན་ལ་བལྟོས་ནས། ཡིན་ན་དེའི་ཚེད་དུ་བ་བཞིན་དུ་ཚུལ་གསུམ་པ་ཉིད་ཡོད་པ་ཁོ་ན་སྟེ། གང་གི་ཕྱིར་བརྗོད་པར་འདོད་པ་མངོན་དུ་མ་གྱུར་ན་སྒྲ་མི་སྦྱོར ་བའི་ཕྱིར། དེའི་འབྲས་བུ་ཡིན་པས་དུ་བ་དང་མེ་བཞིན་དུ་གོ་བར་བྱེད་བ་འདོད་ཀྱི། རྗོད་བར་བྱེད་པའི་དངོས་ནི་མ་ཡིན་ནོ། །སྟོན་པ་ནི་དུ་བ་བཞིན་དུ་རྟགས་ཀྱི་གོ་ནས་ཤེས་པར་བྱེད་པར་མི་འདོད་དོ། །འོ་ན་ཅི་ཞེ་ན། བུམ་པ་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་བསྐྱེད་བར་རུང་བར? ་བསྐྱེད་བས་ཤེས་པར་བྱེད་བ་གྲགས་ཀྱི་རྟགས་ཉིད་ནི་མ་ཡིན་པའི་ཕྱིར་རྟགས་སུ་མ་གྱུར་པ་དེའི་ཕྱོགས་ཀྱི་ཆོས་ལ་སོགས་པ་བསམ་པར་མི་རིགས་ཤེས། །གཞན་དུ་ན་མིག་ལ་སོགས་པ་རྣམས་ལ་ཡང་རྩད་པར་བྱ་བར་འགྱུར་རོ། །གཞན་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་ནི ་སྐྱབས་ཀྱི་དོན་མཇུག་སྡུད་བར་བྱེད་པ་ཡིན་ནོ། །གང་གི་ཕྱིར་མིག་གིས་གཟུང་བར་བྱ་བ་ཉིད་མི་རྟག་པ་མེད་ན་མི་འབྱུང་བ་ཡིན་ན་ཡང་སྒྲ་ལ་དེ་མི་རྟག་བསྒྲུབ་པར་བྱེད་བ་མ་ཡིན་ནོ། །གང་གི་ཕྱིར་གདོན་མི་ཟ་བར་ཐམས་ཅད་དུ་ཕྱོགས་ཀྱི་ཆོས་ལ་བརྟེན་པར་བྱ་བ་ཡིན་ནོ། །དེའི ་ཕྱོགས་ཀྱི་ཆོས་ལ་བརྟེན་པའི་ཕྱིར་ཚུལ་གཅིག་ལ་ཉིད་དུ་བསྟན་པ་རྣམས་ནི་ཚུལ་གཉིས་པ་ཉིད་དུ་གདོན་མི་ཟ་ལ། ཚུལ་གཉིས་པ་ཉིད་དུ་བརྗོད་པ་ནི་ཚུལ་གསུམ་པ་ཉིད་ཡིན་ཏེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་དེ་ཉིད་ལས་ཏེ། དེའི་ཕྱིར་གཏན་ཚིགས་མཚན་ཉིད་གཅིག་པ་ཅན་ནི ་དོན་མེད་པ་ཡིན་ནོ། །གཞན་མི་འཐད་པ་ཉིད་ཀྱིས་ཕྱོགས་ཀྱི་ཆོས་ལ་སོགས་པ་འཕེན་པ་ཡིན་ཏེ། དེའི་ཕྱིར་དེ་དག་གི་མཚན་ཉིད་རང་དབང་དུ་ལོགས་ཤིག་ཏུ་མེད་དོ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། གང་གི་ཕྱིར་སྒྲ་དང་མར་མེ་སོགས་དངོས་ལ། གཞན་དུ་མི་འཐད་པ ་ཉིད་ཀྱིས། །ཕྱོགས་ཀྱི་ཆོས་ནི་མེད་ན་ཡང། །ཤེས་པར་བྱེད་པ་ཉིད་དཱུང་མཐོང། ཞེས་ཕྱོགས་ཀྱི་ཆོས་མེད་པར་ཡང་གཞན་དུ་མི་འཐད་པ་ཉིད་ཡོད་པར་རང་ཉིད་ཀྱིས་སྨྲས་པ་ཡིན་ནོ། །མིག་གིས་བཟུང་བར་བྱ་བ་ཉིད་མི་རྟག་པ་ཉིད་ལས་གཞན་དུ་མི་འཐད་བ་ཉིད་ཡིན ་ན་ཡང་འདི་ལ་ཕྱོགས་ཀྱི་ཆོས་མེད་པའི་ཕྱིར་མ་དེས་པ་ཉིད་དོ། །གང་ཡང་དེའི་བུ་ཡིན་ཕྱིར་དེ་སྔོ་བསངས། །སྣང་བའི་སྡོ་བསངས་ཅིག་ཤོས་བཞིན། །དེ་ལྟར་ཚུལ་གསུམ་ལྡན་ནའང་འདི། །དེས་བར་འཇུག་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ་དེའི་བུ་ཉིད་སོགས་གཏན་ཚིགས ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བུ་ཡང་ཡིན་ལ་སྔོ་བསངས་ཡང་མ་ཡིན་པ་ཞེས་བྱ་བ་འདི་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་འདི་མཚན་ཉིད་གསུམ་ལ་མ་ཡིན་པའི་ཕྱིར་དཔེ་མ་གྲུབ་པ་ཡིན་ནོ། །འདི་སྙམ ་དུ་འགལ་བ་ཡོད་པ་མ་ཡིན་ཏེ། གལ་ཏེ་རྒྱུ་མི་དད་པ་ཡིན་ན་ཡང་འབྲས་བུ་ཐ་དད་པར་འགྱུར་ན་རྒྱུ་མེད་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་དེའི་བུ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བ་ལ་སོགས་པའི་ལས་ཀྱི་ཁྱད་པར ་དང་གྲང་བ་དང་དྲོ་བའི་ཟས་ལ་སོགས་པའི་གནས་སྐབས་ཐ་དད་བ་ལས་གཞན་དུ་གྱུར་བ་སྟེ་དགར་ཤམ་ལ་སོགས་པ་ཉིད་སྲིད་པའི་ཕྱིར་འགལ་བ་ག་ལས་ཡིན་ཏེ། རྒྱུ་ཐ་དད་པར་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་བྱས་པ ་ཉིད་དུ་རང་བཞིན་གྱི་གཏན་ཚིགས་མ་ཡིན་ཏེ། བྱས་པ་དེ་ནི་མི་རྟག་པ་ཉིད་སྤངས་ནས་གཞན་དུ་མེད་པ་བཞིན་དུ་དེའི?་བུ་ལ་རང་བཞིན་གཞན་མེད་པ་མ་ཡིན་ཏེ། འདི་ལྟར་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འགའ་ཞིག་ལ་ལྟོས་ནས་དེའི་བུ་ཞེས་ཐ་སྙད་དུ་བྱས་གྱི་སྔོ ་བསངས་ཉིད་ནི་མ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་མ་གྲུབ་པའི་ཕྱིར་རོ། །མི་དམིགས་པ་ཡང་མ་ཡིན་ཏེ། གྲུབ་པ་ཡུལ་ཡིན་པའི་ཕྱིར་རོ། །འགལ་བ་མེད་བའི་ཕྱིར་སྔོ་བསངས་ལས་གཞན་བའི་ཁ་དོག་མེད་པ་མ་གྲུབ་བོ། ། ་དེ་དག་ལས་མ་གཏོགས་བའི་རྟགས་ཀྱང་ཡོད་པ་མ་ཡིན་ཏེ། གཞན་དུ་འབྲེལ་བ་མེད་པའི་ཕྱིར་རོ། །འབྲེལ་བ་མེད་པར་ཡང་གོ་བར་བྱེད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་གཏན་ཚིགས་མ་ཡིན་ལ་མཚན་ཉིད་གསུམ་པ་ཡང་མ ་ཡིན་པའི་ཕྱིར་ག་ལས་འཁྲུལ་བ་ཡིན། སྣང་བ་མ་མཐོང་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་བ་མི་དམིགས་པ་དམིགས་པའོ། །འོན་ཏེ་མ་འཁྲུལ་པ་ཉིད་ཅེས་བྱ་བ་ལ་སོགས་པས་མཚན་ཉིད་མ་ཁྱབ་བའི་སྐྱོན་འཆང་དེ་དཔེར་ན་ཟླ་བ་ཤར་བ་ལས་ཀུ་མུ་ཏ་ཁ་བྱེ ་པ་དང་རྒྱ་མཚོ་འཕེལ་བར་རྗེས་སུ་དཔོག་བ་དང་སོགས་པ་སྨོས་ཉི་མ་འཆར་བ་ལས་པདྨ་བ་བྱེ་བའོ། །ཉི་མ་ཤང་བ་ལས་རིལ་སོགས་པའི་ཕ་རོལ་ཕྱོགས་སུ་གྲིབ་མ་རྗེས་སུ་དཔོག་པ་དང། དེ་བཞིན་དུ་མུན་པར་རིང་མོ་ནས་འགལ་དུ་མ་ཡོག་པ་ཚིག་བའི་དུམ ་བུ་མཐོང་ནས་དུ་བ་རྟོགས་པ་དང། དེ་བཞིན་དུ་རྒྱུ་སྐར་སྨིན་དྲུག་ཤར་བ་ལས་རྒྱུ་སྐར་སྣར་མཉེ་བར་རྟོགས་པར་བྱེད་དེ། འདི་ལྟར་ཐ་སྐར་ནས་བརྩམས་ནས་འདོན་པའི་རིམ་པ་ཇི་ལྟ་བ་བཞིན་དུ་རྒྱུ་སྐར་རྣམས་འཆར་རོ་ཞེས་གྲགས་སོ། །འདི་ཐམས་ཅད་གཏན་ཚིགས ་གསུམ་གྱི་ཁོངས་སུ་མ་འདུས་པའི་ཕྱིར་ཏེ། ཅིའི་ཕྱིར། དེ་དག་པལས་ནི་མ་གཏོགས་པ། །འཁྲུལ་པ་མེད་པ་ཡོད་མ་ཡིན། །ཞེས་ཅི་སྟེ་རྗོད་པར་བྱེད་ཅེན། །འདིར་ལན་བཤད་པ་ནི། དེ་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་གང་གི་ཕྱིར་ཁ་བྱ་བ་ལ་སོགས་པ་དེ་དག་ཀུ་མུ་ཏ་ཁ? ་བྱེ་བ་ལ་སོགས་པ་དེ་དག་བྱུང་བ་ནི་སྐྱེས་པའོ། །ཅི་ལྟ་བུའི་ཁྱད་པར་ཅན་ཡིན་ཞེ་ན། ཟླ་བ་འཆར་བ་དང་ཉི་མ་དང་འགལ་དུམ་དེ་དག་དང་དུས་གཅིག་པའོ། །རྒྱུའི་ཆོས་དེ་འདྲ་བའི་གཏན་ཚིགས་ཀྱི་ཡུལ་རྗེས་སུ་དཔོག་པར་འདོད་དོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཀུ་མུ་ཏ་ཁ་བྱེ་བ་ལ་སོགས ་པ་དང་དུས་མཉམ་དུ་སྐྱེས་པའི་ཟླ་བ་འཆར་བ་ལ་སོགས་པའི་རྒྱུ་གང་ཡིན་པ་དེ་ཁོ་ན་ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་ལྷན་ཅིག་བྱེད་བའི་རྒྱུར་འགྱུར་བའི་ཕྱིར། ཟླ་བ་འཆར་བ་ལ་སོགས་པ་དེ་དག་དེ་ལྟ་བུར་གྱུར་བའི་རང་གི་རྒྱུ་རྗེས་སུ་དཔོག་པར་བྱེད་པ་ན་ཤུགས་ཀྱིས་དུས་མཉམ་དུ ་འབྱུང་བའི་ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་ཡང་རྗེས་སུ་དཔོག་བར་བྱེད་ཀྱི་དངོས་སུ་ནི་མ་ཡིན་པའི་ཕྱིར་རྣམ་པ་དེ་ལྟ་བུར་ནི་འབྲས་བུའི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། གལ་ཏེ་འབྲེལ་པ་མེད་པས་ཀྱང་དེ་ལྟར་གོ་བར ་བྱེད་པ་ཡིན་ན་དེའི་ཚེ་གང་ཅི་ཡང་རུང་བ་གོ་བར་བྱེད་བར་འགྱུར་ཏེ་འབྲེལ་བ་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལ་ཡང་འབྲེལ་པར་བརྗོད་ལ། དེ་ཡང་ཇི་སྐད་དུ་བཤད་བའི་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཁོ་ནའོ། །འོ་ན་སྨིན་དྲུག་འཆར་བ་སྣང་མ་ཉེ་བ་དང ་འབྲེལ་བ་ཅི་ཡོད་ཅེ་ན། སྐར་མ་སྨིན་དྲུག་འཆར་བའི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཐོར་བྱེད་ནི་རླུང་ངོ། །འདིར་ཡང་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རྒྱུའི་ཆོས་རྗེས་སུ་དཔག་བས་དབོག་བར་བྱེད་པ་ཡིན་ཏེ། ཇི་སྐད་དུ་ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ ་སོགས་པ་རེས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔག་པས་ཏེ། །དུ་བས་བུད་ཤིང་འགྱུར་བ་བཞིན། ཞེས་བཤད་པ་ལྟ་བུའོ། །ཡང་གཞུགས་བརྙན་ལས་གཟུགས་རྟོགས་པ་གང་ཡིན་པ་དེ་གང་གི་ཡང་ཁོངས་སུམ་འདུས་ཏེ། གཟུགས་བརྙན་དེ་དངོས་པོ་མེད ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མཚན་ཉིད་མ་ཁྱབ་པ་ཅན་ཡིན་ནོ་སྙམ་དུ་དོགས་པ་ལ། གཟུགས་བརྙན་ཞེས་བྱ་བའི་རྟགས་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ན་ལྷན་ཅིག་ཞེས་བྱ་བ་ལ་སོགས་པས་མེད?་པར་བྱེད་པའི་བསམ་?་?་པར་བྱེད་པ་ཡིན ་ཏེ། གཏན་ཚིགས་དངོས་པོ་མེད་པ་ཉིད་ཡིན་ཏེ། གཅིག་ན་ལྷན་ཅིག་གཉིས་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཕྱོགས་གང་ཁོ་ནར་མེ་ལོང་གི་གཟུགས་མཐོང་བ་དེ་ཁོ་ནར་གཟུགས་བརྙན་ཡང་ཡིན་ཏེ། ཐོགས་པ་དང་བཅས་པའི་ཕྱིར་ཕྱོགས་གཅིག་ཏུ་གཟུགས་གཉིས ་ལྷན་ཅིག་འབྱུང་བའི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་ཉིད་ཡིན་ན་གཅིག་ཞ་གཟུགས་གཉིས་ལྷན་ཅིག་ཡོད་པར་མི་འགྱུར་བ་ཞིག་ན་ཡོད་པ་ཡང་མ་ཡིན་ཏེ། དེ་བས་ན་འདི་ནི་འཁྲུལ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་གཅིག་ན་ལྷན་ཅིག་གཉིས་ཡོད་ཕྱིར ་ཞེས་བྱ་བ་ལ་གཉིས་གང་ཞེ་ན། མེ་ལོང་ངོས་དང་ཟླ་བའི་གཟུགས་བརྙན་ནོ། །མེ་ལོང་གི་ངོས་ནི་ཡུལ་གཞན་ཁོན་ན་ཡིན་ལ། ནང་རྣམ?་གནས་པའི་ཟླ་བའི་གཟུགས་བརྙན་ནི་གཞན་ཁོ་ནར་མཐོང་སྟེ། ཁྲོན་པའི་ཆུ་བཞིན་ནོ། །དར་སྐྱེས་པ་ཡང་ཅིའི་ཕྱིར་གཞན་དུ་དམིགས ་བར་འགྱུར་ཏེ། དེའི་ཕྱིར་གཟུགས་བརྙན་ཞེས་བྱ་བ་དངོས་པོར་གྱུར་བ་ཅུང་ཟད་ཀྱང་མེད་ལ། ཆོས་རྣམས་ཀྱིས་ནུས་པའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་གང་ཞིག་དེ་ལྟར་མཐོང་བ་དེ་ནི་ཚོགས་པ་དེའི་མཐུ་དེའང་བ་ཡིན་ནོ། །གལ་ཏེ་ཡང་ཞེས་བྱ་བ ་ལ་སོགས་བསལ་བ་འདེབས་པར་བྱེད་དེ། འདིར་ཤེས་པ་ཉིད་དེ་ལྟ་བུར་གྱུར་བའི་འབྲས་བུའི་རྟགས་སུ་མངོན་པར་འདོད་ཀྱི་གཟུགས་བརྙན་ཞེས་བྱ་བའི་ཕྱིའམ་དངོས་པོ་ནི་མ་ཡིན་ནོ། །ཡང་ཚུལ་གསུམ་པའི་རྟགས་བརྫགས་གཞན་གྱི་དོན་ཡིན་ནོ། །ཇི་ལྟར ་རྗོད་པར་བྱེད། གང་གི་ཕྱིར་གཞན་དག་གིས་ཕྱོགས་དང་ངེ?་བར་སྦྱོར་བ་དང་མཇུག་བསྡུ་བརྗོད་པར་གཞན་གྱི་རྗེས་སུ་དཔག་པར་བསྒྲུབ་པ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར། གཞན་གྱིས་དམ་བཅའ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་?་སོ། །སྒྲུབ་བྱེད་པ་ནི ་ལག་མ་གྱུར་ཞེས་བྱ་བ་ལ་སོགས་པས་ལ་ནི་འདེབས་ཏེ། སྒྲུབ་བྱེད་ནི་གྲུབ་པ་སྟེ་གཞལ་བྱ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡན་ལག་ཏུ་གྱུར་པ་མི་རྒྱུ་སྟེ་དེ་བཀག?་པ་ནི་སྒྲུབ་བྱེད་ཡན་ལག་ཏུ་མ་གྱུར་པའོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་ལ་ཡན་ལག་ཏུ་མ་གྱུར་བའི ་ཕྱིར། ཉེ་བར་སྦྱོར་བ་མ་ཡིན་ཏེ། སྦྱར་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ཏེ་སྦྱོར་བ་མིན་བ་རྒྱུད་གྱུར་པ་མ་ཡིན་པར་འཆད་ན་དམ་འཆའ་བའ་ཨི་དོན་གྱིས་ཕྱོགས་ཀྱི་གཅིག་ཏུ་འགྱུར་རོ་ཇི་ལྟར་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ་ཞེན། འབྲལ་པ ་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་མེད་པ་སྟོན་པ་ནི་བསྒྲུབ་པར་བྱ་བ་ཉིད་བརྗོད་བའི་ཕྱིར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲ་རྣམས་དོན་དང་ལྷན་ཅིག་འབྲེལ་བ་མེད་པའི་ཕྱིར་རེ་ཞིག་དངོས་སུ་སྦྱོར་བ་མ་ཡིན་ལ། གཏན་ཚིགས་བརྗོད་པ ་བཞིན་དུ་ནུས་པ་སྟོན་པའི་ཕྱིར་བརྒྱུད་པས་ཀྱང་མ་ཡིན་ཏེ། ཇི་སྐད་དུ་ཕྱོགས་ཀྱི་ཚིག་དེ་སྨྲ་བ་ཡིས། །བསམ་པ་རིག་པར་བྱེད་པ་ལ། །ཚད་མེད་པས་ཐེ་ཚོམ་དག་།སྐྱེ་ཕྱིར་རྗེས་སུ་སྒྲུབ་བྱེད་མིན། །བསྒྲུབ་བར་བྱ་བ་བརྗོད་པ་ཡིས། བརྒྱུད་པ་ཡིས་ཀྱང་ནུས?་པ་མེད་ཅེས ་བཤད་པ་བཞིན་ནོ། །ཁ་ཅིག་ཡན་ལག་ཏུ་མ་གྱུར་ཀྱང་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་བའི་ཆོས་དག་གིས་ཡུལ?་ཉེ་བར་བསྟན་པའི་དོན་དུ་དཔེ་བརྗོད་པ་བཞིན་དུ་དམ་བཅའ་བ་རབ་ཏུ་སྦྱར་བ་ཡིན་ཏེ། གང་ཕྱིར་ལྷག་མ་ཚུལ་གཉིས་པའོ། །དཔེ་ཡིས་བསྟན་པར་བྱ་བ ་ཡིན། །ཞེས་བཤད་པའི་ཕྱིར། དཔེའི་ཚིག་ལོགས་ཤིག་ཏུ་ཡན་ལག་ཏུ་གྱུར་པ་ན?་ཡིན་ཡང་ཕྱོགས་ཀྱི་ཆོས་མ་བཏོགས་པ་ལྷག་མཚུལ་གཉིས་བསྙན་པར་བྱ་བའི་དོན་དུ་སྦྱར་བར་བྱ་བ་ཡིན་ནོ། །སྙམ་དུ་སེམས་པ་དེ་དག་ལ། །ཇི་ལྟར་དཔེའི་ཚིག་ཅེས་བྱ་བ་ལ ་སོགས་པ་སྨོས་ཏེ། ལུང་བསྒོ་བ་ནི། འདི་ལྟར་གྱིས་ཤིག། སྒྲ་མི་རྟག་པ་སྒྲུབས་ཤིག་པའོ། །སོགས་པའི་སྒྲས་གཞན་གསོལ་བ་འདེབས་པའི་ཚིག་གཟུང་ངོ། །དེ་ལྟ་བུར་གྱུར་བའི་ཚིག་ཀྱང་སྦྱོར་བ་བསྟན་བའི་དོན་དུ་བསྟན་པར་བྱ་བས?་གྱུར་རོ།། ་འདི་དག་མེད་པར་ཡང་སྐབས་མ་ཡིན་པ་སྒྲུབ་པར་བྱེད་པ་འཇུག་པ་མི་སྲིད་དོ་ཞེས་བྱ་བའོ། །འབྲས་བུ་མེད་ཅེས་བྱ་བ་ནི་དེ་དག་མེད་པར་ཡང་བསྒྲུབ་པར་བྱ་བ་རྟོགས་པའི་ཕྱིར་ཏེ། འདི་ལྟར་གང་དང་གང་བྱས་པ་ཡིན་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ལ། སྒྲ་ཡང་བྱས་པས་ཞེས་བྱ་བ ་དེ་ཙམ་ཞིག་བརྗོད་པ་ནད་མ་བཅའ་བ་བརྗོད་པ་མེད་པར་ཡང་སྒྲ་མི་རྟག་གོ་ཞེས་རྟོགས་པར་འགྱུར་རོ། །འོ་ན་ཇི་ལྟར་མཐུན་བའི་ཕྱོགས་ལ་སོགས་པ་རྣམ་པར་འཇོག་སྟེ། འདི་ལྟར་མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དོན་མཐུན་པའོ་ཞེས་བྱ་བ་དང། ཤུགས ་ཀྱིས་དེ་མེད་བའི་མཐུན་པའི་ཕྱོགས་བརྗོད་དེ། དམ་བཅའ་བ་མ་བསྟན་ན་ཚུལ་གསུམ་ཡོད་ཀྱང་དེ་འཕེན་པའི་རྒྱུ་མཚན་དེ་མཐུན་པའི་ཕྱོགས་པ་བརྟན་པའི་རྒྱུ་མེད་དོ་ཞེས་བྱ་བ་ཐམས་ཅད་བརྡས་ནས་འཐོར་བར་བྱེད་པར་འགྱུར་རོ། །སྒྲུབ་བར་བྱེད་བ་ཞེས་བྱ་བ་ལ་སོགས ་པས་ལན་འདེབས་པར་བྱེད་དོ། །གནག་རྫི་ལ་སོགས་པ་མཐུན་བའི་ཕྱོགས་ལ་སོགས་པའི་ཐ་སྙད་ལ་མི་མཁས་པ་རྣམས་ཀྱང། གང་ན་དུ་བ་ཡོད་པ་དེ་ན་མ་ཡོད་ལ་འདི་ན་ཡང་དུ་བ་ཡོད་པས་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་བཟུང་སྟེ། ་མཐུན་པའི་ཕྱོགས་ལ་སོགས་པའི་ཐ་སྙད་མེད་པར་ཡང་མེ་རྟོགས་པ་ཁོ་ནའོ། །དེ་ལྟ་བས་ན་སྒྲུབ་བར་བྱེད་བའི་དུས་ན་མཐུན་པའི་ཕྱོགས་ལ་སོགས་པའི་རྣམ་པར་བཞག་པ་ཡོད་པ་མ་ཡིན་ནོ། །འོ་ན་མཐུན་པའི་ཕྱོགས་ལ་སོགས་པའི་ཐ་སྙད་གང་ན་ཡང་ཅེན་བསྟན་བཅོས ་ཤེས་བྱ་བ་སྨོས་ཏེ། ཡང་ན་སྒྲུབ་པར་བྱེད་བ་བརྗོད་པའི་དུས་ན་ཡང་དེའི་རྣམ་པར་བཞག་པ་བྱེད་པ་འགལ་བ་མེད་པ་ཡིན་ནོ་ཞེས་སྟོན་པ་ནི་ཡང་ན་སྐབས་ཀྱི་དོན་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཡང་སྒྲུབ་པར་བྱེད་བ་བརྗོད་བའི་དུས་ན་དམ་བཅའ་བ་སྦྱོར་བ་མེད་པ་དེ་ལྟ ་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བརྟེན་ནས་སྐབས་སུ་བབ་པའི་དོན་བསྒྲུབ་བྱ་རྣམ་པར་འཇོག་པ་མི་འགལ་བ་ཉིད་དོ། །སྒྲུབ་པར་བྱེད་བའི་དུས་ན་སྐབས་སུ་བབ་པ་ཉིད་ཀྱི་དོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་གཞན་གྱི་སྟེ་དམ་བཅའ་བ། ་སྦྱོང་བར་སྨྲ་བར་རྣམས་ཀྱིས་རྒོལ་བས་སྒྲུབ་པར་བྱེད་པ་སྐབས་མིན་ཏེ། སྐབས་སུ་མ་བབ་པ་ཉིད་སྨྲ་བ་མ་ཡིན་ནོ། །ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་སྐབས་སུ་བབ་བ་ཡིན་པ་དེ་ལྟ་ན་ཡང་སྐབས་སུ་བབ་པའི་ཆོས་ཅན་ལ་བརྟེན་ནས་རྣམ་པར་བཞག་པ ་དེ་བྱེད་པ་ནི་ཇི་ལྟར་བྱ་བ་ཡིན་ཞེ་ན། ཤེས་པར་འདོད་པའི་ཞེས་བྱ་བ་སྨོས་ཏེ། གོ་བར་ཟད་དོ། །དཔེར་བརྗོད་པ་ལ་བལྟོས་ནས་དེ་ལྟར་ཞེས་ཉེ་བར་སྡུད་པ་འམ་དེ་ལྟ་མ་ཡིན་ནོ། །ཞེས་བསྒྲུབ་པར་བྱ་བ་ཉེ་བར་སྦྱོར་བ་ནི་ཉེ་བར་བརྗོད་པའི་མཚན་ཉིད་དོ། །དེ་ལ་སློབ་དཔོན་ཕྱོགས་ཀྱི ་གླང་པོའི་ཞལ་སྔ་ནས་ཀྱིས་ཉེ་བར་སྦྱོར་བ་བརྗོད་པ་ནི་སྒྲུབ་པར་བྱེད་བ་མ་ཡིན་ནོ། །བརྗོད་ཟིན་པའི་གཏན་ཚིགས་ཀྱི་དོན་གསལ་བར་བྱེད་པའི་ཕྱིར་གཏན་ཚིགས་བརྗོད་པ་གཉིས་པ་བཞིན་ནོ་ཞེས་ཚད་མ་མཛད་པ་ལ། དངོས་པོ་རྣམ་པར་འབྱེད་པ་ལ་སོགས་པ་དག་གཏན ་ཚིགས་མ་གྲུབ་བར་བྱ་བའི་དོན་དུ་དམ་བཅའ་བའི་མཇུག་ཐོགས་སུ་འབྱུང་བ་གཏན་ཚིགས་བརྗོད་པས་ཕྱོགས་ཀྱི་ཆོས་ཉིད་གསལ་བར་བྱེད་པ་ཡིན་ཏེ། རྒྱུ་ཙམ་བརྗོད་པའི་ཕྱིར་རོ། །སྒྲ་མི་རྟག་པ་ཡིན་ཏེ་བྱས་བའི་ཕྱིར་ཏེ། བྱས་པ་ཉིད་དེ་ཡང་ཅི་སྒྲ་ལ་ཡོད་དམ་མེད་སྙམ ་པ་ལ། དེ་ཡོད་པ་ཉིད་དུ་ཉེ་བར་སྦྱོར་བ་ལས་རྟོགས་པ་ཡིན་ནོ། །ཡང་ན་གཟུགས་བརྙན་གྱི་དོན་དུ་ཉེ་བར་སྦྱོར་བ་ཡིན་ཏེ། ཐོག་མར་གཏན་ཚིགས་བརྗོད་པས་བྱས་པ་ཉིད་ཁྱད་པར་མེད་པར་སྒྲ་ལ་བསྟན་ལ་དཔེ་ལ་བསྟན་བའི་བྱས་པ་དེ་བསྒྲུབ་བྱ་མེད་ན་མི་འབྱུང་བ ་ཉིད་ནི་ཉེ་བར་སྦྱོར་བས་བཟླས་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ལ་ཡང་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བས་འདྲ་བར་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ཁྱད་པར་གསལ་བར་བྱ་བའི་ཕྱིར་ཟློས་པ་མ་ཡིན་ནོ་ཞེས་ཟེར་རོ། །འདིར་བཤད་པ་ནི། དམ་བཅའ་བརྗོད་པ་ཞེས་བྱ་བ་ལ ་སོགས་པ་སྟེ། ཡོད་པ་བསྒྲུབ་པར་བྱ་དོན་དུ། །ཞེས་བྱ་བ་ནི་གཏན་ཚིགས་བསྒྲུབ་བྱའི་ཆོས་ཅན་ལ་ཞེས་བྱ་བ་ལྷག་མའོ། །འདི་ལ་དོན་ནི་འདི་ཡིན་ཏེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་དམ་བཅའ་བའི་སྦྱོར་བ་བཀག་པའི་ཕྱིར། དེའི་དེ་མ་ཐག? ་ཏུ་འབྱུང་བའི་བྱས་པ་ཉིད་ལ་སོགས་བའི་རྒྱུ་མཚན་བརྗོད་པ་མེད་པ་ཁོ་ན། དེ་བས་དང་རྒྱུ་མཚན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཉེ་བར་སྦྱར་བ་བརྗོད་པར་མི་བྱ་བ་ཉིད་དོ། །ཡང་ཕྱོགས་ཀྱི་ཆོས་གསལ་བར་བྱ་བའི་ཕྱིར་ཉེ་བར་སྦྱར་རྗོད་པར་བྱེད་པ་དེའི་ཚེ་རྒྱུ་མཚན ་བརྗོད་པའི་འབྲས་བུ་གཞན་བརྗོད་པར་བྱ་དགོས་སོ། །དེ་ལ་འདི་སྙམ་དུ་རྒྱུ་མཚན་ཉིད་དུ་རྟོགས་པ་འབྲས་བུ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། རེ་ཞིག་དེ་ཉིད་རྟོགས་པས་ཅི་ཞིག་བྱ། །གང་གི་ཕྱིར་གཞན་དུ་ཡང་བསྒྲུབ་པར་བྱ་བ་འགྲུབ་པའི་འགྱུར་ཁོ ་ན་ཞེས་བསྟན་ཟིན་ཏོ། །དེ་ལྟ་བས་ན་ཕྱོགས་ཀྱི་ཆོས་བསྟན་པ་ལས་མ་གཏོགས་པར་གཏན་ཚིགས་བརྗོད་པའི་འབྲས་བུ་གཞན་བརྗོད་བར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་དང་པོར་གཏན་ཚིགས་བརྗོད་པ་དེ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་ཡིན་ལ་དེ་བསྟར ་པར་བྱ་བའི་ཕྱིར། ཉེ་བར་སྦྱར་བ་ལེན་པར་བྱེད་པ་ན་ཟློས་པ་ཉིད་དུ་བསལ་བ་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ག་ལས་ཡིན། གཟུགས་བརྙན་ཡང་དོན་མེད་པ་ཉིད་ཡིན་ཏེ། གང་གི་ཕྱིར་ཕྱོགས་ཀྱི་ཆོས་ཙམ་སྟེ་གཏན་ཚིགས་བརྗོད་པས་སྔར ་བསྟན་ཞིང་དེ་ལ་བསྒྲུབ་པའི་ཆོས་ཀྱི་ཁྱད་བར་བསྟན་པ་ནི་བརྗོད་པར་འདོད་པའི་དོན་གྲུབ་པའི་ཕྱིར་བརྗོད་པ་ཟློས་པར་འགྱུར་བའི་ཕྱིར་འདི་ལ་ཡང་གཏན་ཚིགས་མ་གྲུབ་པ་ཉིད་ག་ལས་ཡིན་དེ་ལ་གཏན་ཚིགས་སྟན་ནས་དམ་བཅའ་བ་ཡང་བརྗོད་པ་ནི་མཇུག་སྡུད་པའོ ་ཞེས་བྱ་བ་ནི་མཇུག་སྡུད་བའི་མཚན་ཉིད་དོ། །གཏན་ཚིགས་བསྟན་ནས་ཞེས་བྱ་བ་ནི། དེའི་ཕྱིར་མི་རྟག་ཅེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་ཞེས་བྱ་བ་འདིས་གཏན་ཚིགས་ཀྱི་ནུས་པ་དཔེར་བརྗོད་པ་གྲུབ་པར་བསྟན་ནས། དམ་བཅའ་བའི་དོན་ཡང་རྗོད་པར་བྱེད ་པ་གང་ཡིན་པ་དེ་ནི་མཇུག་སྡུད་པ་སྟེ། དམ་བཅད་བ་དང་གཏན་ཚིགས་དང་དཔེར་གཉེ?་བར་སྦྱོར་བ་དོན་གཅིག་པ་ཉིད་དུ་འདིས་ཤེས་པར་བྱེད་འབྲེལ་པར་བྱེད་པས་ན་མཇུག་སྡུད་དོ། །དེ་ལ་རེ་ཞིག་དམ་བཅའ་བ་སྦྱོར་བ་ཉིད་མེད་ན། གང་ལས་དེ་རྗེས་སུ་བརྗོད་པའི་བདག་ཉིད་ཀྱིས ་མཇུག་སྡུད་པ་ཡིན་པས་དེའི་ཕྱིར་མཇུག་སྡུད་པར་བྱེད་པའི་ཡན་ལག་མ་ཡིན་ནོ། །དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱི་མཇུག་སྡོད་པ་ཟློས་པ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ་ཞེས་ནོ་ཞེས་སྨྲས་པ་དེ་ལ། འོད་བྱེད་པ་ལ་སོགས་པ་ན་རེ། འདིར ་ཟློས་པ་མ་ཡིན་ཏེ་གང་གི་ཕྱིར་དམ་བཅའ་བ་ནི་བསྒྲུབ་བྱ་སྟོན་པ་ཡིན་ལ། མཇུག་སྡུད་པ་ནི་གྲུབ་སྟོན་པ་ཡིན་ནོ། །ཡང་གི་སྒྲ་ནི་འདྲ་བ་ལ་ཡིན་ཏེ། དེས་ན་དམ་བཅའ་བ་དང་འདྲ་བ་བརྗོད་པ་ཡིན་ནོ་ཞེས་སྟན་པ་ཡིན་ནོ། །མཇུག་སྡུད་བ་མེད་པར་ནི་གྲུབ་པ་ཡོད་པ ་མ་ཡིན་ཏེ། འདི་ལྟར་དེ་མེད་ན་དེ་ལས་གཞན་བའི་ཡན་ལག་རྣམས་བརྗོད་ན་མང་ཅི་སྒྲ་མི་སྙན་པ་ཡིན་ནམ་སྙམ་བའི་དོགས་པ་མི་ལྡོག་གོ། དེའི་ཕྱིར་དོགས་པ་དེ་ཟློག་བའི་ཕྱིར་མཇུག་སྡུད་པ་ལོགས་ཤིག་ཏུ་བརྗོད་པར་བྱའོ་ཞེས་ཟེར་རོ། །དེས་ན་འདིར་ཚུལ་གསུམ ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་མི་རྟག་པ་ཉིད་དུ་བསྟན་པ་མེད་ན་མི་འབྱུང་བའི་བྱས་པ་ཉིད་ཆོས་ཅན་སྒྲ་ལས་ངེས་པ་ན་འདིར་བཟློག་པའི་དགོས་པ་ག་ལས་ཡིན་མ་འབར་བའི་ཚོགས་ཡོངས་སུ་གནས་པར་ངེས་པའི་བདག་ཉིད་ཀྱི་ས་ཕྱོགས་ན་སེམས ་རང་བཞིན་དུ་གནས་པ་གྲང་བ་ཡོད་པར་དོགས་པར་བྱ་བར་རིག་པར་མ་ཡིན་ལ། དེ་ཡང་རིགས་པ་མེད་པར་ཚིག་ཙམ་གྱི་མཇུག་སྡུད་པ་ལས་ལྡོག་པ་ཡང་མ་ཡིན་ནོ། །གནས་མ་བུ་པ་ན་རེ། སིལ་བུར་གྱུར་བའི་ཚིགས་རྣམས་ཀྱིས། །དོན་གཅིག་སྟོན་པ་མ ་ཡིན་ཏེ། །དེའི་ཕྱིར་འབྲེལ་བ་གྲུབ་དོན་དུ། །མཇུག་སྡུད་ལོགས་ཤིག་བརྗོད་པར་བྱ། །ཞེས་ཟེར་ཏེ། འདི་ལ་འབྲེལ་པ་ཅན་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་བསྒྲུབ་བྱ་དང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་སྟོན་པ་ན། དོན་གྱིས་སྒོ་ནས ་འབྲེལ་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པའི་གཏན་ཚིགས་དག་གིས་དོན་གཅིག་ཤུགས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་སྟོན་པ་ཡིན་ནོ། །གལ་ཏེ་ཚིག་རྣམས་སིལ་བུ་ཡིན་པ་དེ་ལྟ་ན་ཡང་འབྲེལ་པ་ཉིད་ཀྱི་དོན ་གཅིག་ལ་ཉེ་བར་སྡུད་པའི་ཕྱིར་འབྲེལ་བ་གྲུབ་པར་བྱ་བའི་དོན་དུ་མཇུག་སྡུད་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །ཁ་ཅིག་ཅེས་བྱ་བ་ནི་གཞོན་ནུ་མ་ལེན་ལ་སོགས་པའོ། །དེ་དག་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ་ཁྱད་པར་དུ་མཐོང་བ་དང་སྤྱིར་མཐོང་བའོ་ཞེས ་རྗོད་པར་བྱེད་དོ། །དེ་ལ་ཁྱད་པར་དུ་མཐོང་བ་གང་ཞེ་ན། གང་དག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་འདི་ཡིན་ཏེ། ཐོག་མར་ཆོས་ཀྱི་བྱེ་བྲག་འགའ་ཞིག་ཏུ་མེ་དང་དུ་བའི་ཁྱད་པར་དག་མངོན་སུམ་གྱིས་བཟུང་ནས་དུས་གཞན་དུ་ཐག་རིང་པོར་སོང་ནས ་གང་གི་ཚེ་ཡང་དང་ཡང་དུ་དུ་བའི་ཁྱད་པར་དེ་ཉིད་མཐོང་ནས་སྔར་ཡོངས་སུ་བཟུང་བའི་ཕྱིར་མ་དེ་ཉིད་རྗེས་སུ་དཔོག་པར་བྱེད་པ་དེ་ནི་ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་ཡིན་ཏེ། སྔར་མངོན་སུམ་གྱིས་གཟུང་བའི་ཁྱད་པར་ཡུལ་ཡིན་པའི་ཕྱིར་རོ། །བཟུང ་ཟིན་པ་ནི་འཛིན་པའི་ཕྱིར་ཚད་མ་མ་ཡིན་པའང་མ་ཡིན་ཏེ། གང་གི་ཕྱིར་ཇི་མེ་དེ་ཡོད་དམ་ཤི་ཞེས་ཐེ་ཚོམ་ཟློག་པར་བྱེད་པ་ལྷག་ཡོད་པའི་ཕྱིར་ཞེས་བྱ་བ་ནི་བསྡུས་བའི་དོན་ཏོ། །ཡང་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འབྲེལ་བ་མངོན་སུམ་གྱིས་མཐོང ་ནས་ཞེས་བྱ་བ་ལ་འབྲེལ་བ་གང་ཡིན་ཞེ་ན། འདིར་བརྗོད་པ་རི་ཁྲོད་རྗེས་རྗེས་སུ་དཔག་པའི་མཚན་ཉིད་སྨྲས་པ། རྗེས་སུ་དཔག་པ་ནི་འབྲེལ་བ་ཞེས་ཕྱོགས་གཅིག་མཐོང་བ་ལས་གཞན་ཕྱོགས་གཅིག་ཉེ་བར་མ་ཡན་པར་ཤེས་པའོ། །དེ་ནི་རྣམ་པ་གཉིས ་ཏེ་འབྲེལ་བ་མངོན་སུམ་གྱིས་མཐོང་བ་དང། འབྲེལ་པ་སྤྱིར་མཐོང་བའོ། །འབྲེལ་པ་མངོན་སུམ་གྱིས་མཐོང་བ་ནི་དཔེར་ན་དུ་བའི་རྣམ་པ་མཐོང་བ་ལས་མེའི་རྣམ་པ་ཤེས་པ་ལྟ་བུའོ། །འབྲེལ་བ་སྤྱིར་མཐོང་བ་ཡང་དཔེར་ན་ལྷས་བྱིན་འགྲོ་བ་སྔོན་དུ་སོང་བ ་ཅན་ཡུལ་གཞན་དུ་དམིགས་ནས་ཉི་མ་འགྲོ་བ་དྲན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་གཞོན་ནུ་མ་ལེན་འབྲེལ་པ་མངོན་སུམ་གྱིས་མཐོང་བ་རྗེས་སུ་དཔག་པ་ནི་འཆད་པར་འདོད་ནས། འབྲེལ་པ་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་མངོན་སུམ་མཐོང་བའི་རྗེས་སུ་དཔག ་པ་འདི་ལྟ་བུ་ཡིན་ནོ་ཞེས་འབྲེལ་ཏེ། གང་གི་ཕྱིར་སྔ་མ་འདས་མ་ཐག་པའི་ཚིགས་སུ་བཅད་པར་དེ་ལྟ་བས་ན་དེ་ལྟར་སྨྲའོ་ཞེས་བྱ་བ་སྐབས་ཡིན་པའི་ཕྱིར་རོ། །གང་དག་ཅེས་བྱ་བ་ནི་མེ་དང་དུ་བའི་ཁྱད་པར་ཡུལ་ཏུ་གྱུར་བ་གང་དག་སྟེ། སྐྱེས་བུ་མེ་དང་དུ་བ་དེ་དག་བ་ལང ་གི་ལྕི་བའི་བུད་ཤིང་ལས་བྱུང་བའི་ཕྱིར། བ་ལང་གི་ལྕི་བའི་བུད་ཤིང་གི་ཁྱད་པར་གྱི་བློར་བྱས་ཏེ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་མ་དང་དུ་བ་འདི་དག་ནི་རི་ལ་སོགས་པའི་ཡུལ་གྱི་ཁྱད་པར་ན་གནས་པའི་ཕྱིར། རི་ལ་སོགས་པའི་ཁྱད་པར་གྱི་བློར་བྱས་པ་ཡིན་ནོ། །མི་དང ་དུ་བ་གང་དག་ལ་བ་ལང་གི་ལྕི་བའི་བུད་ཤིང་ཡོད་པ་དེ་དག་ནི་ལྕི་བའི་བུད་ཤིང་ཅན་ནོ། །ཡུལ་དེ་གང་དག་ལ་ཡོད་པ་དེ་དག་ནི་ཡུལ་ལོ། །དེ་དག་ནི་བ་ལང་གི་ལྕི་བའི་བུད་ཤིང་ཅན་ཡང་ཡིན་ལ་དེའི་ཡུལ་ཅན་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་ཉིད་ཁྱད ་བར་ཏེ། གང་དག་ལ་དེ་དག་ལ་སོགས་པ་སར་རྫ་ར་ས་ས་ལ་དངོས་པ་ཀེ་ལ་སོགས་པ་ཀྱེ་ཁྱེ་ལ་སོགས་པའི་ཁྱད་པར་རྣམས་སོ། །དེའི་ཡུལ་ཅན་གྱི་ཁྱད་པར་བ་ལང་གི་ལྕི་བ་བུད་ཤིང་ལ་སོགས་པ་དེ་དག་སྟེ། དེ་བློ་ཞེས་བདུན་པ་སྦྱོར་བའི་རྣམ་པར་དབྱེ་བས་བསྡུ ་བ་ཡིན་ནོ། །རྟོག་པ་པོ་གང་གིས་དེ་ལྟ་བུར་གྱུར་བའི་མངོན་སུམ་གྱི་བློ་བྱས་བ་སྟེ་བསྐྱེད་པ་ནི་ཡུལ་དེ་ན་གནས་པའི་དུ་བའི་རྟགས་དེ་ཉིད་ཀྱིས་གང་གི་ཚེ་མེ་དེ་ཉིད་དུས་གཞན་དུ་རྟོགས་ཞེས་འབྲེལ་ཏེ། དེའི་ཚེ་རྟོགས་པ་དེ་མངོན་སུམ་གྱི་བདག་ཉིད་ལས་ཚད་མ ་ཉིད་ཡིན་ཏེ། ཚད་མ་གཞན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྔ་མའི་རྟོགས་པའི་རྒྱུའི་ཕྱིར་མེ་དེ་ཉིད་རྟོགས་སོ་ཞེས་འབྲེལ་ཏེ། ཅི་མེ་དེ་ཡོད་དམ་འོན་ཏེ་ཤི་ཞེས་བྱ་བ་དེ་ལྟ་བུའི་ཐེ་ཚུམ་གང་ལ་ཡོད་པའི་དངོས་པོ་དེ་ནི་དེ་ལྟ་བུ་ཡིན་ཏེ། དེ་ནི་དེ་ཡང་ཡིན ་ལ་འདོས་པོ་ཡང་ཡིན་པའི་ཕྱིར་དེ་ལྟ་བུ་དེ་རྟོགས་པ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཇི་སྐད་དུ་བཤད་པའི་འབྲེལ་པ་མངོན་སུམ་གྱིས་མཐོང་བའི་རྗེས་སུ་དཔག་པ་འདི་ནི་ཁྱད་པར་དུ་མཐོང་བའི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ ་དེ་ལྟར་འབིགས་བྱེད་ན་གནས་པ་སྨྲའོ། །སྤྱིར་མཐོང་བ་བཤད་པ་ནི་མེ་དང་དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་འབྲལ་པ་ནི་བཤད་པ་བྱེད་པས་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལ་ཡུལ་གཞན་དུ་ཕྱིན་པས་ཉི་མ་འགྲོ་བར་དྲན་པ་དཔེར་བརྗོད་པ་དེ་ལ་ཀླན ་ཀ་འདི་ཡོད་དེ། འོན་ཏེ་གང་གི་ཕྱིར་མེ་གཞན་ལ་དུ་བ་གཞན་གྱིས་སྤྱིའི་ཆོས་ལ་བརྟེན་ནས་རྗེས་སུ་དཔོག་པར་བྱེད་པ་དེའི་ཚེ་མེ་དང་དུ་བ་དག་ལས་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ཡིན་ན་ཅིའི་ཕྱིར་བཤད་པ་བྱེད་པས་མེ་དང་དུ་བ་བློ་ལ་གསལ་བ་ཉིད་ཀྱིས་ཉེ ་བར་དོར་ནས་ཉི་མ་ཁོ་ན་སྤྱིར་མཐོང་བའི་དཔེར་བརྗོད་ཅེས་བྱ་བའི་ཀླན་ཀ་འདི་དོགས་པ་བསུ་ནས་ཀུ་མཱ་རི་ལས་བཤད་པ་བྱེད་པའི་དོགས་པ་བརྗོད་པའི་ཕྱིར་མེ་དང་དུ་བ་གཞན་ཞེས་བྱ་བ་སྨོས་ཏེ། སྤྱི་ཡིས་འཇལ་བ་སྟེ་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལ་མེ་དང ་དུ་བ་ཉིད་ཀྱིས་དཔེར་བརྗོད་པ་བརྗོད་པར་བྱ་བ་ལ། བཤད་པ་བྱེད་པས་ཉི་མ་དཔེར་བརྗོད་པ་བྱས་པ་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་ཉི་མའི་འགྲོ་བ་མངོན་སུམ་མ་ཡིན་པའི་ཕྱིར་གཅིག་ཏུ་སྟེ་མཛའ་གཅིག་ཏུ་ཉེ་མའི་འགྲོ་བ་ལ་སྤྱིར་མཐོང་བའི་རྗེས་སུ་དཔག ་པ་ཁོ་ན་ཡིན་གྱི། ཁྱད་པར་དུ་མཐོང་བ་ནི་མ་ཡིན་ནོ། །སྙམ་དུ་བསམས་ནས་ཡུལ་མ་འདྲེས་པ་བསྟན་པའི་དོན་དུ་ཉི་མ་ཉིད་དཔེར་བརྗོད་པ་ཉིད་སྨྲས་ཀྱི། དུ་བ་དང་མེ་དག་ལ་སྤྱིར་མཐོང་བའི་རྗེས་སུ་དཔག་པ་མེད་པས་ནི་མ་ཡིན་ནོ།། དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ ་སོགས་པས་སྐྱོན་བཤད་དོ། །ཁྱབ་པ་ཞེས་བྱ་བ་ནི་དུ་བ་དང་མེ་ལ་སོགས་པ་དངོས་པོ་མཛའ་དག་ལ་ཁྱབ་པའོ། །སྐད་ཅིག་མ་ཉིད་ཡིན་ན་ཡང་རྒྱུན་ཅིག་ཡིན་པའི་ཕྱིར་གཅིག་ཉིད་ཡིན་ནོ།། ཞེ་ན་བཏགས་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་བཏགས་བའི་གཅིག་ཉིད་ཡིན ་ཏེ་དོན་དམ་པ་ནི་མ་ཡིན་ཏེ། དོན་དམ་པར་ནི་ཅུང་ཟད་ཀྱང་གནས་པ་མེད་དོ། །དེ་ལྟ་ཡིན་དང་ཡུལ་དེ་ན་གནས་པ་དེ་ཉིད་ཀྱིས་ཞེས་བྱ་བ་འདི་མི་རིགས་ལ། བཏགས་པ་དངོས་པོ་ཉིད་ཀྱང་མ་ཡིན་ཏེ། དེའི་ཕྱིར་ཐེ་ཚོམ་ཟ་བ་ཡོད་གའི་དངོས་པོ་རྟོགས་པའི་ཕྱིར་ཞེས་བྱ་བ་འབྲེལ་བམེད་པ ་ཡིན་ནོ། །ཅི་སྟེ་ཡང་རྟོགས་པ་སྒྲོ་བཏགས་པའི་གཅིག་ཉིད་ལ་བརྟེན་ནས་ཁྱད་པར་དུ་མཐོང་བར་བརྗོད་ཀྱི། ཡང་དག་པ་ནི་མ་ཡིན་ནོ་སྙམ་ནས་ཁྱེད་ཀྱི་ཚད་མེས་ཡུལ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་གལ་ཏ་ཡང་བསལ་བ་ནི་འཇིག་ལ། རིགས་ནི་མི་འཇིག་པར ་འདོད་དེ། དེ་ལྟར་ཡང་དག་པའི་གཅིག་ཉིད་དུ་འགྱུར་གྱི་ཡུལ་མེད་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་ན། གསལ་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བྱ་ཉིད་ནི་རིགས་སོ། །གལ་ཏེ་ཞེས་བྱ་བ་ནི་ཁས་ལེན་ནའོ། །རིགས་དང་གསལ་བ་དག་གཞན་གྱིས ་གཅིག་ཉིད་དུ་འདོད་པའི་ཕྱིར་བསལ་བ་ཞིག་པ་རིགས་གནས་པར་ག་ལས་འགྱུར། དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་བའི་ཕྱིར་གཅིག་ཏུ་དེ་དག་ཐ་དད་པར་ཁས་བླང་བར་བྱ་དགོས་པར་འགྱུར་རོ། །ཡོད་ན་ཞེས་བྱ་བ་འདི་ནི་ཁས་བླངས་ནས་བརྗོད་པ་ཉིད་ཡིན་ཏེ། རེ་ཞིག ་གཅིག་གི་ཆེ་རིགས་རྒྱས་པར་བཀག་བའི་ཕྱིར་དེ་ཡོད་པ་ཉིད་དུ་གལ་འགྱུར་ཡོད་ན་ཡང་དེ་བདེན་ན་དེ་ཡང་སྐད་ཅིག་མ་ཉིད་དུ་འགྱུར་ཏེ། ཁྱབ་པར་བྱེད་བའི་སྐད་ཅིག་མ་འཇིག་པ་བསྒྲུབས་ཟིན་པའི་ཕྱིར་རོ། །གཞན་ཡང་གང་གི་རྗེས་སུ་དཔག་པས་ཡོངས་སུ་བཅད ་དེ་སླར་ཡང་རྟགས་དེ་ཉིད་ལས་མེ་དེ་ཉིད་ཡོངས་སུ་གཅོད་པ་དེའི་ཚེ་ཡང་གང་གིས་མངོན་སུམ་གྱིས་མཐོང་བ་ཞེས་བྱ་བ་ཁྱད་པར་དུ་འདོད་པ་ཁྱད་པར་དུ་མཐོང་བ་ཅིའི་ཕྱིར་མི་འདོད། རྟོགས་ཟིན་པའི་དོན་རྟོགས་པ་པོ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེ་ནི་མངོན་སུམ ་གྱིས་མཐོང་བ་ལ་ཡང་མཚུངས་སོ། །བར་དུ་འཇུག་པའི་ཐེ་ཚོམ་ལྡོག་པར་བྱེད་བའི་མངོན་སུམ་གྱིས་མཐོང་བ་ལས་བླ་ལྷག་པ་ཡོད་དོ་ཞེ་ན་མ་ཡིན་ཏེ། རྗེས་སུ་དཔག་བས་མཐོང་བ་ལས་བླ་ལྷག་པར་ཡོད་པར་མཚུངས་ཏེ། དེ་ལྟ་བས་ན་ཐམས་ཅད་དུ་སྤྱིར་མཐོང་བ ་ཉིད་ཡིན་གྱི། སྐད་ཅིག་གིས་འཇིག་པའི་དངོས་པོ་རྣམས་ལ་རྗེས་སུ་དཔག་པ་ཁྱད་པར་མཐོང་བ་ཞེས་བྱ་བ་ཅུང་ཟད་མེད་དོ། །ལྟ་བ་ངན་པ་ཁ་ཅིག་ཅེས་བྱ་བ་ནི་ཕུང་བུ་ལ་སོགས་པའོ། །རྗོད་པར་བྱེད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན ་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་སོ། །འདིས་ནི་རང་གི་ཚིག་དང་འགལ་བ་བཤད་པ་ཡིན་ཏེ། འདི་ལྟར་ཚོགས་གིས་??་ལས་བརྗོད་པར་འདོད་པ་རྟོགས་པར་བྱེད་དོ་སྙམ་དུ་བསམས་ནས་གཞན་པ་རང་གི་བསམས་པ་རིག་པར་བྱ་བའི་ཕྱིར། ཐ་སྙད་དུ ་རྗེས་སུ་དཔག་པ་ཚད་མ་ཉིད་དུ་བསྟན་པ་དང། དེ་ཚད་མ་མ་ཡིན་ནོ་ཞེས་སྨྲ་བ་ནི་དེ་ཉིད་འགེགས་བའི་ཕྱིར་ཕན་ཚུན་འགལ་བ་ཡིན་ནོ། །འདིའི་སུན་འབྱིན་པ་ཕྱིས་གསལ་བར་བྱེད་པར་འགྱུར་རོ། །དེ་ལ་རེ་ཞིག་ཚུ་རོལ་མཛོས་?་ཚད་མ་འགད་བ་ནི་རང་གི་དོན་གྱི ་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ཏེ། ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ལོག་པའི་ཤེས་པ་བཞིན་ནོ། །མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་དེ་བསགས་པ་ཡིན་བའི་ཕྱིར་མ་ལ་ཆ་དང་སྟན་ལ་སོགས་བའི་ཡན་ལག་བཞིན་ནོ ་ཞེས་བྱ་བ་འདི་འདོད་པ་ལ་གནོད་པ་བྱེད་པའི་ཚུལ་གསུམ་པ་ཡིན་པའི་ཕྱིར་རོ། །ལོག་པའི་ཤེས་པ་བཞིན་དུ་འདིའི་བསྐྱེད་པར་བྱ་བ་སྟེ་ཚུལ་གསུམ་པའི་རྟགས་ལས་བྱུང་བ་ཡིན་ནོ། །འདིར་ཚུལ་གསུམ་པ་ཉིད་ཀྱང་རྗེས་སུ་དཔག་བའི་རྒྱུ་མ་ཡིན་ཏེ། རྗེས ་སུ་དཔག་པ་མ་ཡིན་པ་ཡོད་པའི་ཕྱིར་ཚུལ་གཉིས་པ་བཞིན་ནོ། །གཞན་ཡང་ཐམས་ཅད་དུ་སྒྲུབ་པར་བྱེད་བ་ནི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། བརྗོད་པར་འདོད་བའི་བསྒྲུབ་བྱའི་ཆོས་ནི་ཆོས་ཅན་གྱི་ཁྱད་པར་མ་ཡིན་ཏེ། འདིའི་ཚོགས་བའི་ཕྱོགས་གཅིག ་ཡིན་བའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་བཞིན་ནོ། །འདི་ནི་རྗེས་སུ་དཔག་པ་ཐམས་ཅད་རྗེས་སུ་དཔག་པ་མ་ཡིན་པར་བསྒྲུབས་པ་ཡིན་ནོ། །ཐམས་ཅད་རྗེས་སུ་དཔག་པ་ཁྱད་པར་དང་འགལ་བ་ཡང་ཡིན་ཏེ་དཔེར་ན་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས ་བྱ་བའི་སྦྱོར་བ་ལ་ཁ་ཅིག་ཁྱད་པར་དང་འགལ་བ་སྟོན་པར་བྱེད་དེ། ཇི་ལྟར་གཏན་ཚིགས་འདི་མི་རྟག་པ་སྒྲུབ་པར་བྱེད་པ་དེ་བཞིན་དུ་ནམ་མཁའ་ཨི་ཡོན་ཏན་མ་ཡིན་པ་ཉིད་ཀྱང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཐམས་ཅད་དུ་འགལ་བ་མི་འཁྲུལ་བ་ཅན་ཡང་སྲིད་པ? ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ། བྱས་བའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའི་སྦྱོར་བ་ལ་ཁ་ཅིག་སྒྲ་ནི་རྟག་སྟེ་མཉན་མར་བྱ་བ་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་ནོ་ཞེས་བྱ་བས་འགལ་བ་མི་འཁྲུལ་བ་ཅན་དུ་འཆད་དོ། །དེ་ལྟ་བུ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་འགྲེལ་བཤད ་ལས་དཔེར་བརྗོད་པར་སྤྲོས་པར་བལྟ་བར་བྱའོ། །དེ་བཞིན་དུ་རྗེས་སེངྒེས་སྨྲས་པ། ཡུལ་དང་དུས་དང་གནས་སྐབས་ཀྱི་བྱེ་བྲག་གིས་དངོས་པོ་རྣམས་ཀྱི་ནུས་པ་ཐ་དད་པ་ཡིན་ཏེ། དེའི་ཕྱིར་རྗེས་སུ་དཔག་བའི་ཁོངས་སུ་འདུ་བར་ངེས་པར་བྱ་མི་ནུས་ཏེ། ལྟས་སུ་བྱིན་ནི་ཁུར? ་ཁུར་བར་ནུས་པ་མ་ཡིན་ཏེ་ལྷས་བྱིན་ཡིན་པའི་ཕྱིར་བྱིས་པའི་གནས་སྐབས་ཀྱི་ལྷས་བྱིན་བཞིན་ནོ་ཞེས་དེ་ལྟར་རྗེས་སུ་དཔག་པ་ལས་ངེས་པར་ནུས་པ་མ་ཡིན་ནོ། །འདིར་གནས་སྐབས་ཀྱི་བྱེ་བྲག་གིས་ནུས་བའི་བྱེ་བྲག་སྲིད་བའི་ཕྱིར་འཁྲུལ་བ་ཡིན་ནོ། །དེ་བཞིན་དུ ་ཡུལ་གྱི་བྱེ་བྲག་གིས་སྐྱུ་རུ་ར་དང་ཡུང་བ་ལ་སོགས་པ་རྣམས་ཀྱིས་རོ་དང་ནུས་པ་དང་སྨིན་པར་བྱེད་བའི་བྱེ་བྲག་མཐོང་སྟེ། གནས་དེ་ལ་སྐྱུ་རུ་རའི་འབྲས་བུ་ཐམས་ཅད་བསྐལ་བ་ཡིན་ཏེ། ཟོས་པའི་སྐྱུ་རུ་ར་བཞིན་ནོ་ཞེས་ནི་བྱ་བར་ནུས་པ་མ་ཡིན་ནོ།། དེ་བཞིན་དུ་དུས་ཀྱི་བྱེ ་བྲག་གི་ཁྲོན་པའི་ཆུ་ལ་སོགས་པ་རྣམས་གྲང་བ་དང་དྲོ་བའི་བྱེ་བྲག་ཡོད་དེ། དེ་ལ་ཆུ་ཐམས་ཅད་གྲང་བ་ཡིན་ནོ་ཞེས་ངེས་པར་བྱ་བར་མི་ནུས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་བའོ། །ཡུལ་དང་དུས་དང་གནས་སྐབས་ཀྱི། །ཞེས་བྱ་བ་ནི། ཐ་དད་ཞེས་བྱ་བ་ལྟོས ་ནས་དྲུག་པའོ། །དངོས་རྣམས་ཞེས་བྱ་བ་འགྲུབ་པ་ལ་བལྟོས་སོ། །དེ་བཞིན་དུ་མེ་ནི་རྩཝ་ལ་སོགས་པ་ངེས་པར་སྲེག་པར་ནུས་པ་ཡིན་ལ། འདི་སྤྱིར་ལ་ནུས་པ་ཉམས་ཏེ། དེ་ལ་འདི་ལྟར་སྤྲིན་ནི་མེད?་བསྲེག་པར་བྱ་བ་ཡིན་ཏེ། སའི་རང་བཞིན་ཡིན་པའི་ཕྱིར་རྩཝ་ལ་སོགས་པ ་བཞིན་ནོ། །རྗེས་སུ་དཔག་པར་བྱ་བར་མི་ནུས་སོ་དེ་བཞིན་དུ་གཞན་གྱི་དོན་རྟོགས་བའི་དོན་ཡང་རྐྱེས་མཁས་པ་གཞན་དག་གིས་རྣམ་པ་གཞན་དུ་རྟོགས་པའི་ཕྱིར་མཐར་ཐུག་པ་མེད་དོ། །ཡང་གཞན་གྱིས་སྨྲས་པ། གཞན་གྱི་དོན་གྱི ་རྗེས་སུ་དཔག་པ་ནི་སྨྲ་བ་པོ་ལ་བལྟོས་ནས་རྗེས་སུ་བརྗོད་པའི་ཕྱིར་ཚད་མ་མ་ཡིན་ལ་ཉན་པ་པོ་ལ་བལྟོས་ནས་ནི་རང་གི་དོན་ཉིད་ཡིན་ཏེ། ཐོས་པའི་སྒོ་ནས་དོན་དེ་རྟོགས་པར་འགྱུར་བ་འམ་མཐོང་བའི་སྒོ་ནས་ཞེས་བྱ་བ་འདི་ལ་ཁྱད་པར་ཅི་ཡོད་ཇི་ལྟར་ལྟ་བའི ་དབང་པོའི་བྱ་བ་ཡོད་ན་གཞན་གྱི་དོན་གྱི་ཐ་སྙད་དུ་མི་འགྱུར་བ་དེ་བཞིན་དུ་ཉན་པའི་དབང་པོའི་བྱ་བ་ཡོད་ན་ཡང་མི་འགྱུར་རོ་འདིས་ལྟ་བར་བྱེད་བས་ན་ལྟ་བ་ནི་མིག་གི་དབང་པོའོ། །རིག་པ་ནི་ཤེས་པའོ?་རང་བཞིན་དུ་ཚིག་ཉན་པ་པོ་ལ་བལྟོས་ནས་གཞན་གྱི ་དོན་གྱི་རྗེས་སུ་དཔག་པ་མ་ཡིན་ཏེ་ཉན་པ་པོའི་རྒྱུད་ལ་འཇུག་པའི་ཤེས་པ་རྒྱུ་ཉིད་ཡིན་པའི་ཕྱིར་རམ་ཤེས་པར་བྱེད་པ་ཡིན་པའི་ཕྱིར་དབང་པོ་བཞིན་ནོ་ཞེས་བྱ་བའོ། །ཉན་པ་བརྒྱུད་ཀྱིས་ཤེས་པ་ཉིད་དང་ཤེས་པར་བྱེད་པ་ཉིད་ཞེས་ཟླས་ཕྱེ་ནས་གཏན་ཚིགས ་གཉིས་བསྟན་ཏོ་དཔེར་ན་དབང་པོ་ཇི་བཞིན་ནོ། །ཞེས་བྱ་བའི་དཔེར་སྟོན་པའོ། །འདིར་ནི་སྦྱོར་བ་གཞན་ཡིན་ཏེ། ཉན་པ་པོ་ལ་བལྟོས་ནས་ཚིག་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་མ་ཡིན་ཏེ། རྗེས་སུ་དཔག་པར་བྱ་བ་དངོས་སུ་གསལ་བའི་ཕྱིར?་མེད་ན་མི་འབྱུང ་བའི་འབྲེལ་བ་ཤེས་པ་བཞིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་དངོས་སུ་རྗེས་སུ་དཔག་པ་གསལ་བའི་ཕྱིར་རོ། །གང་གི་ཕྱིར་དངོས་སུ་རྗེས་སུ་དཔག་པར་བྱ་བ་བསལ་བ་དེའི་ཕྱིར་ཉན་པ་པོ་ལ་བལྟོས་ནས་ཚིག་ཚད་མ་མ་ཡིན་ཏེ། མེད་ན་མི་འགྱུར་བའི་འབྲེལ་བ་ཤེས ་པ་བཞིན་ནོ་ཞེས་བྱ་བ་ནི་དག་གི་དོན་ནོ། །མེད་ན་མི་འབྱུང་བའི་བསྒྲུབ་བྱས་སྒྲུབ་བར་བྱེད་བའི་འབྲེལ་བ་དེ་ཉིད་དམ། མེད་ན་མི་འབྱུང་བའི་འབྲེལ་བ་བསྒྲུབ་པར་བྱ་བས་རྟག་གང་ཞིག་གིས་ཤེས་པ་དེ་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་གཞན་གྱི་བྱེད་པ་ལ་བལྟོས་ནས་འདི་གཞན ་གྱི་དོན་དུ་བརྗོད་པ་ཡིན་ན། དེ་ཡང་མི་རིགས་ཏེ། རང་གི་དོན་ཡང་གཞན་གྱི་དོན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། གཞན་ཉིད་ནི་བལྟོས་པ་ཡིན་པའི་ཕྱིར་ཕ་རོལ་དང་ཚུ་རོལ་བཞིན་ནོ། །རྟགས་ཀྱི་ཚུལ་གསུམ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་བར་བྱེད་དེ། དེ་ལ་སྦྱོར་བ་དང ་པོ་ལ་ཚུལ་གསུམ་བའི་རྟག་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་འགལ་བ་ཉིད་དུ་འཆད་དོ། །མཚན་ཉིད་མི་སླུ་བ་ཞེས་བྱ་བ་ཉིད་མི་བསླུ་བ་ཉིད་འདིས་མཚོན་བར་བྱེད་བའི་ཕྱིར་ཏེ། འདི་ལྟར་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་ཤེས་པ་གང ་ཡིན་པ་དེ་ནི་བརྒྱུད་ནས་དངོས་པོ་དང་འབྲེལ་བ་ཉིད་དེ། དེའི་ཕྱིར་མི་སླུ་བར་བྱེད་བ་ཡིན་ཏེ། མངོན་སུམ་བཞིན་ནོ། །ཇི་སྐད་དུ། དེ་ལྟར་རྟགས་ཅན་རྟགས་བློ་དང། །བརྒྱུད་པ་ཡིས་ནི་དངོས་པོ་དང། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །ཞེས་བཤད་པ ་བཞིན་ནོ། །དེའི་མཚན་ཉིད་ཞེས་བྱ་བ་ནི་མི་བསླུ་བའི་མཚན་ཉིད་དེ། ཚད་མ་བསླུབ་མེད་ཅན་གྱི། །ཤེས་བ་ཞེས་བཤད་པ་བཞིན་ནོ། །དེ་ཚད་མར་སྨྲ་བས་མངོན་སུམ་ལས་ཀྱང་ཚད་མར་རྣམ་པར་བཞག་པའི་རྒྱུ་མཚན་མི་བསླུ་བ་ལས་གཞན་བསྟན་པར་མི་ནུས་ལ། དེ་ཡང་ཚུལ ་གསུམ་གྱི་རྟགས་ཀྱིས་བསྐྱེད་བ་ལ་ཡང་ཡོད་པའི་ཕྱིར། ཅིའི་ཕྱིར་ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་དེ་ཉིད་ལས་མི་བསླུ་བའི་རྒྱུ་ཚད་མ་ཉིད་འགེགས་པར་བྱེད། འདིས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་དོན་གྱི་འགལ་བར་བསྟན་ཏེ། འདི་ལྟར་གང་དུ་ཚུལ་གསུམ ་བའི་རྟག་སྔོན་དུ་འགྲོ་བ་ཅན་དེ་མི་བསླུ་བ་ཉིད་ཡིན་ལ་གང་དུ་མི་བསླུ་བ་ཉིད་ཡིན་པ་དེར་ནི་ཚད་མ་ཉིད་ཡིན་ཏེ། ཚད་མ་དང་ཚད་མ་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པའི་ཕྱིར་ཤུགས་ཀྱིས་གཏན་ཚིགས་འགལ་བར་བསྟན་ཏོ། །འདོད ་ལ་གཅོད་བཞེས་བྱ་བ་ལ་སོགས་བས་དཔེ་སྒྲུབ་བྱ་མཚང་བ་ཉིད་དུ་བཤད་དོ། །གང་གི་ཕྱིར་རྒོལ་བའི་འདོད་པ་ལས་ཟློག་བསྒྲུབ་བར་བྱེད་པའི་ཕྱིར་དེ་ཡང་ཚད་མ་ཉིད་ཡིན་ནོ། །འདི་ལྟར་གལ་ཏེ་བསྒྲུབ་བྱ་གཞན་ལ་བལྟོས་ནས་ཐམས་ཅད་དུ་ཐམས་ཅད་ཚད་མ་མ་ཡིན་པ་ཉིད་དུ ་རྣམ་པར་འཇོག་པར་འགྱུར་ན་མངོན་སུམ་ལ་ཡང་ཐལ་བར་འགྱུར་རོ། །ཕྱོགས་སྔ་མ་ལ་བལྟོས་ནས་དེ་ལོག་པའི་ཤེས་པར་བརྗོད་ཀྱི། དངོས་པོ་གནས་པས་ནི་མ་ཡིན་ནོ། །སྔ་མ་སྟེ་དང་པོ་སྨྲ་པའི་ཕྱོགས་ནི་ཕྱོགས་སྔ་མ་སྟེ། དེ་ལ་བལྟོས་ནས་ཞེས ་ཚིག་རྣམ་པར་སྦྱར་རོ། །གང་དག་མིག་ལ་སོགས་པ་བེགས་དབྱུང་དུ་མེད་པ་གཅིག་གི་དོན་བྱེད་པ་ཉིད་དུ་འདོད་དེ་དེའི་བསམ་པ་ལ་བལྟོས་ནས་ལོག་པའི་ཤེས་པར་བརྗོད་ཀྱི། མིག་ལ་སོགས་པ་རྣམས་མི་རྟག་པ་དུ་བའི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ ་ཉིད་དུ་གྲུབ་པའི་ཕྱིར་འགལ་བ་ཞེས་བྱ་སྟེ། ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་ལ་ཚད་མ་ཡིན་པ་འགའ་ཡང་མེད་པའི་ཕྱིར་ལ། ཚད་མ་ནི་འདོད་པ་ལ་གནོད་པ་བྱེད་པའི་ཤེས་པ་འདི་ཉིད་ལ་སོགས་ཡོད་པའི་ཕྱིར་རོ། འོན་ཏེ་འཇིག་རྟེན་རྒྱང་ཕན་པ་ལ་འགལ་བ ་བསྒྲུབ་བར་བྱ་ལ། དཔེ་མ་གྲུབ་པ་ཉིད་མ་ཡིན་ནམ། གཞན་དག་ཞི་འདོད་པ་ལ་གནོད་པ་སྐྱེད་པའི་ཚད་མར་འདོད་པ་ནི་མ་ཡིན་ནོ། །གང་ཡང་རུང་བ་ལ་མ་གྲུབ་པ་ནི་དཔེར་འགྱུར་བ་མ་ཡིན་ཏེ། རྒོལ་བ་གཉིས་ཀ་ལ་ངེས་པ་གང་ཡིན་པ་དེ་ཉིད་སྒྲུབ་པ་དང་སུན་འབྱིན་པ་ཡིན་ནོ ་ཞེས་བྱ་བའི་རིགས་པས་སོ་ཞེ་ན། བརྗོད་པ་གལ་ཏེ་ཡང་འདིར་གཞན་གྱི་ཚིག་ཚད་མ་ཉིད་དུ་མི་འདོད་པ་དེ་ལྟ་ན་ཡང་མི་བསླུ་བ་ཉིད་ནི་བསྙོན་པར་མི་ནུས་པའི་ཕྱིར་འདོད་པ་ཉིད་ཡིན་ལ། དེ་འདོད་བས་ཤུགས་ཀྱིས་དེ་ཚད་མ་ཡང་དངོས་པོ་གནས་པས་ཁས་བླང་བར་བྱ་དགོས་སོ།། ་དངོས་པོའི་སྟོབས་ཀྱིས་ཞུགས་པས་འགལ་བར་བརྗོད་ཀྱི། གཞན་གྱིས་ཁས་བླངས་པའི་དོར་བྱས་ནས་ནི་མ་ཡིན་ནོ། །ཡང་གཏན་ཚིགས་འགལ་བ་སྟོན་པར་བྱེད་པའི་ཕྱིར་འགལ་བ་ཡིན་ནོ། །དེ་ལ་འཕལ་བའི་གཏན་ཚིགས་ནི་གང་མི་བསླུ་བ་དེ་ནི་ཚད་མ་ཡིན་ཏེ། མངོན ་སུམ་བཞིན་ནོ། །ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་བའི་ཤེས་པ་ཡང་མི་བསླུ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རང་བཞིན་མེད་པ་དང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་མ་གྲུབ་པ་ཡང་མ་ཡིན་པ་མངོན་སུམ་ཚད་མ་མ་ཡིན་པ་ཉིད་དུ་ཐལ ་བར་འགྱུར་བའི་ཕྱི་མ་ངེས་པ་ཡང་མ་ཡིན་ནོ། །བསྒྲུབ་བྱ་མེད་པ་ཉིད་ཅེས་བྱ་བ་ནི་འདི་ལ་བསྒྲུབ་བྱ་ཡོད་པ་མ་ཡིན་པས་བསྒྲུབ་བྱ་མེད་པའོ། །དེའི་དངོས་པོ་ནི་བསྒྲུབ་བྱ་མེད་པ་ཉིད་དེ། བསྒྲུབ་བྱ་མ་ཚང་བ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་པ་ཞེས་བྱ་བ་ནི། རྟགས་ཀྱི་ཚུལ་གསུམ་ཚུལ་གཉིས ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། གཏན་ཚིགས་མ་གྲུབ་ཉིད་ཞེས་བྱ་བའི་རྗེས་སུ་དཔག་པ་མ་ཡིན་པ་ལ་འགའ་ཡང་མེད་པའི་ཕྱིར་རོ། །རྣམ་པ་འདི་གཉིས་ཀྱིས་ཞེས་བྱ་བ་ནི་ཚུལ་གསུམ་པའི་རྟགས་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །རྗེས་སུ་དཔག་པ་དང་འགལ་བ ་ཞེས་བྱ་བ་ལ་སོགས་པ་ལ་ལན་བཤད?་པ་ནི། དེ་བདག་དེ་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པའོ། །དེ་འདྲ་བ་ཞེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་བ་ལའོ། །བདག་དང་རྒྱུ་དག་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་རང་བཞིན་རྒྱུ་དང་མེད་པར་དེ་རྟགས་སུ་མི་འགྱུར ་ཏེ། རང་བཞིན་མེད་པ་ཉིད་དང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བརྗོད་པར་འདོད་པའི་བསྒྲུབ་པར་བྱ་བའི་ཆོས་ནི་ཆོས་ཅན་གྱི་ཁྱད་པར་མ་ཡིན་ནོ་ཞེས་གང་སྨྲས་བ་དེ་ལ་གལ་ཏེ་བསྒྲུབ་བྱའི་ཆོས་ཆོས་ཅན་གྱི་ཁྱད་པར་མ་ཡིན་པ་དེའི་ཆེ་ཚིགས་པ་ཉིད་མེད་པའི་ཕྱིར ་ཏེ། དེ་ལྟ་ཡིན་དང་ཚེགས་བའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བའི་གང་ན་ཚིགས་འདི་མ་གྲུབ་པར་འགྱུར་རོ། །གང་ཡང་ཐམས་ཅད་དུ་རྗེས་སུ་དཔག་པ་ཁྱད་པར་དང་འགལ་བ་ཡིན་ནོ་ཞེས་སྨྲས་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་བསྒྲུབ་བར་བྱ་བ་ལས་ཟློག་པ ་བསྒྲུབ་པའི་ཕྱིར་འགལ་བར་འདོད་ཀྱི། ཁྱད་པར་བསྒྲུབ་བར་འདོད་པ་ནི་མ་ཡིན་ནོ། །དངོས་པོ་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ནི་འགལ་བ་མི་འཁྲུལ་པ་ཅན་སྲིད་པ་ཡང་མ་ཡིན་ཏེ། ཆོས་ཅན་གཅིག་ལ་ཕན་ཚུན་འགལ་བའི་ཆོས་གཉིས་སུ་ཐལ་བར ་འགྱུར་བའི་ཕྱིར་རོ། །ཡུལ་དང་དུས་དང་གནས་སྐབས་ཀྱི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། མཚན་ཉིད་ལ་ནི་གོམས་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་གཏན་ལ་ཕབ་བའི་རྟགས་ནི་གོ་བར་བྱེད་པར་འདོད་ཀྱི་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ། ? ་བ་ལ་སོགས་པའི་ངོ་བོར་ཐེ་ཚོམ་ཟ་བའི་དུ་བ་ནི་མེ་ངེས་པར་བྱེད་པ་མ་ཡིན་ནོ། །རྟགས་ངེས་པ་ཉིད་ཇི་ལྟར་ཞེ་ན། གོམས་པ་ལས་སོ། །ཇི་ལྟར་ནོར་བུའི་གཟུགས་ལ་སོགས་པ་ལ་རིགས་པ་བཞིན་ཏེ། འདི་ལྟར་གོམས་པ་ན་དུ་བ་ལ་སོགས ་པ་དེའི་མཚོན་ཉིད་རླངས་པ་ལ་སོགས་པ་དག་ལས་རྣམ་པར་འབྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་ནས་འཇུག་པ་དག་ནི་མེ་ཐོབ་པར་འགྱུར་བ་ཉིད་ཡིན་ནོ། །དེ་ལྟ་བས་ན་གང་གི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བའི་རྟགས་ནི་འཁྲུལ་པ་མེད་དོ། །དེས་ན་གནས ་སྐབས་ལ་སོགས་པ་བྱེ་བྲག་གིས་ཐ་དད་བ་རྣམས་ཀྱིས་འགྲུབ་པ་རྙེད་པར་དཀའ་བ་མ་ཡིན་ནོ། །ཤིན་ཏུ་རྣམ་པར་ཕྱེ་བའི་རྟགས་ལས་ངེས་བའི་དོན་ནི་གཞན་དུ་བྱ་བར་མི་ནུས་ལ། ཤིན་ཏུ་རྣམ་པར་གཏན་ལ་ཕབ་པའི་དུགས་དཔག་པའི་མེ་ནི་རྣམ་པ་གཞན་གྱིས ་ངོ་བོས་བྱ་བར་ནུས་པ་མ་ཡིན་ཏེ། གཅིག་ལ་རང་བཞིན་འགལ་བ་གཉིས་མི་རུང་བའི་ཕྱིར་རོ། །གང་ཡང་ལྷས་བྱིན་ནི་ཁུར་བུ་ཁུར་བར་ནུས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་དང་གང་ཡང། སྤྲིན་ནི་མེས་ཚིག་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་པ་དེ་ནི་རྟགས་ཉིད་ནི་མ་ཡིན་ཏེ། ་དེ་ལ་ཚུལ་གསུམ་ཉིད་མེད་པའི་ཕྱིར་རོ། །མ་མཐོང་བ་ཙམ་གྱིས་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་བྱ་བ་མི་ནུས་ཏེ། མི་མཐུན་ཕྱོགས་ལས་མ་མཐོང་བ། །ཙམ་གྱིས་ལྡོག་པ་ཉིད་ཀྱང་མིན། །ཞེས་གང་བཤད་པ་ཡིན་ནོ། །འོན་ཅི་ཞེ་ན་དེའི་བདག ་ཉིད་དང་དེ་ལས་བྱུང་བའི་འབྲེལ་བ་ངེས་པ་ལས་མེད་ན་མི་འབྱུང་བ་ངེས་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་ཏེ། །མ་མཐོང་ལས་མིན་མཐོང་ལས་མིན། །ཞེས་གང་བཤད་པ་ཡིན་ནོ། །འདི་ལ ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་བ་ཡང་ཡོད་པ་མ་ཡིན་ནོ། །འདི་སྙམ་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་རྟགས་འཁྲུལ་བ་མེད་དོ་ཞེས་བྱ་བ་འདི་ཉིད་ག་ལས། འདི་ལ་རིགས་པ་ཡོད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། རྒྱུ་དང་རང་བཞིན་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རྟགས་ནི་རྣམ་པ་གཉིས་ཉིད་དེ། འདི་ལྟ་སྟེ་རང་བཞིན་དང་འབྲས་བུའོ། །མི་དམིགས་པ་ནི་རང་བཞིན་གྱི་ཁོངས་སུ་འདུས་སོ།། འདི་ནས་བཙམས་ཏེ། དེ་ཡང་གང་གི་འཁྲུལ་བར་འགྱུར་བ་རང་བཞིན་དང་རྒྱུ་ཞེས་བྱ་བའི་རྟགས་ཅན་མེད་པར་རྟགས་དེ་དག་སྲིད་པ་ཡོད ་པ་མ་ཡིན་ནོ། ཅིའི་ཕྱིར་མི་སྲིད་ན་ཞེན་སྨྲས་པ། ཐ་དང་རྒྱུ་མཚན་མེད་བར་འགྱུར་ཏེ། ཐ་དད་པ་དང་རྒྱུ་མཚན་མེད་པ་དང་མ་ཐོབ་སྟེ། རང་བཞིན་གྱི་གཏན་ཚིགས་ཐ་དད་བ་སྟེ། རང་བཞིན་མ་ཡིན་བར་འགྱུར་ལ། །འབྲས་བུའི་གཏན་ཚིགས་ནི་རྒྱུ་མཚན་མེད་པ་སྟེ་རྒྱུ་མེད་པ་ཉིད ་དུ་འགྱུར་རོ། །རང་བཞིན་དང་འབྲས་བུ་ལས་མ་གཏོགས་པའི་རྟགས་གཞན་ནི་མི་འདོད་དེ། གཞན་དུ་འབྲེལ་པ་མེད་པས་མེད་ན་མི་འབྱུང་བས་མི་རུང་བའི་ཕྱིར་རོ། །དེ་དག་མེད་ན་ཞེས་བྱ་བ་ནི་རང་བཞིན་དང་འབྲས་བུ་དག་སྟེ། འདི་ནི་གཉིས་ཀྱི་ཚིག་གི་མཛའ་ཅན ་ཡིན་ནོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ། ཚུལ་གསུམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གཞན་གྱི་རྗེས་སུ་དཔག་པར་བཤད་པ་གང་ཡིན་པ་དེ་ནི་ཉན་པ་པོ་ལ་བལྟོས་ནས་ཡིན་ཏེ། དེས་ན་སྨྲ་བ་པོ་ལ ་བལྟོས་ནས་འབྱུང་བའི་སྐྱོན་སྐྱོན་དུ་མི་འགྱུར་རོ། ཉན་པ་བོ་ལ་བལྟོས་ནས་ཀྱང་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་བའི་ཕྱིར་ཉེ་བར་བརྟགས་ནས་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རམ། བརྡ་ལས་རྗེས་སུ་དཔག་པ་ཉིད་དུ་བཤད་དེ། ནུས་པ་སྟོན་པར་བྱེད་པ་ཉིད་ལ་རྗེས་སུ་དཔག ་པའི་མིང་སྦྱོར་བའི་ཕྱིར་རོ། །དེས་ན་དབང་པོ་དང་མེད་ན་མི་འབྱུང་བའི་འབྲེལ་པ་ཤེས་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་ཏེ། དེ་དག་ལ་ནུས་པ་སྟོན་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཐོང་བའི་རྩ་བ་ཅན ་གྱི་རིག་པ་ལ་འདི་ལས་འདི་ཉིད་ཁྱད་པར་ཡིན་ཏེ། འདི་ལྟར་མཐོང་བའི་ཤེས་པས་དངོས་སུ་དུ་བ་ལ་སོགས་པའི་རྟགས་རྟོགས་ཀྱི། ཉན་པའི་ཤེས་པས་ནི་མ་ཡིན་ནོ། །དས་དངོས་སུ་སྒྲ་ཉིད་འཛིན་གྱི། །སྒྲ་ནི་?་བཞིན་དུ་ཕྱི་རོལ་གྱི་དོན་གྱིས་རྟགས་པ་ཡིན་ཏེ། བརྗོད་པར་འདོད་པ ་དང་འབྲེལ་པ་ནི་ཕྱི་རོལ་དང་འབྲེལ་བར་མ་གྲུབ་བའི་ཕྱིར་རོ། །དེ་ནི་དུ་བ་ལ་སོགས་བའི་རྟགས་སྟོན་པར་བྱེད་བ་ཉིད་ཀྱིས་བརྡའི་དབང་གིས་དེ་ལྟར་ངེས་བའི་རྣམ་པར་རྟོག་པ་བསྐྱེད་བའི་ཕྱིར་ཕྱི་རོལ་གྱི་དོན་ལ་བལྟོས་ནས་གཞན་གྱི་དོན་ཞེས་བརྗོད་པ ་འབའ་ཞིག་ཏུ་ཟད་ཀྱི་བརྗོད་པར་འདོད་པ་གོ་བར་བྱ་བ་ལ་ནི་ཉན་པ་པོ་ལ་བལྟོས་ནས་རང་གི་དོན་ཉིད་ཡིན་ཏེ། འདི་ལྟར་དེའི་འབྲས་བུ་ཡིན་པའི་ཕྱིར་དུ་བ་བཞིན་དུ་བརྗོད་པར་འདོད་པ་གོ་བར་བྱེད་བ་འདོད་ཀྱི། རྗོད་པར་བྱེད་པ་ཉིད་ཀྱིས་མ་ནི་ཡིན་ཏེ། དེ་ལས་ཤེས་པའི་དོན་རྟོགས་བའི ་ཕྱིར་རོ། །བརྗོད་པ་དོན་མེད་དེ་ཞེས་བྱ་བ་ནི། རྗེས་སུ་དཔག་པ་ཚད་མ་ཡིན་བྱ་བ་འདིའོ། །འདི་ལྟར་རྟོགས་བར་བྱ་བ་འགའ་ཞིག་ཁྱོད་ཀྱི་ཚིག་ལས་བརྗོད་པར་འདོད་པ་མ་ཡིན་ཏེ། འདིས་ནི་རང་གི་ཚིག་དང་འགལ་བ་བཤད་པ་འདི་ཡང་སྔར་བཤད་པ་ཉིད་ཡིན་ནོ། །དབང་པོས་སྨྲས་བ། ་འཇིག་རྟེན་ལ་རབ་ཏུ་གྲགས་བའི་རྗེས་སུ་དཔག་པ་ནི་ཚུ་རོལ་མཛེས་པ་རྣམས་ཀྱིས་ཀྱང་འདོད་པ་ཉིད་ཡིན་ལ་ཁ་ཅིག་འཇིག་རྟེན་པའི་ལམ་ལས་འདས་ནས་རྗེས་སུ་དཔག་པ་སྨྲ་བ་གང་ཡིན་པ་དེ་འགེགས་པ་ཡིན་ནོ་ཞེས་བྱ་བ་འདི་དོགས་པ་བསུ་ནས་སུན་དབྱུང་བའི་ཕྱིར ་འཇིག་རྟེན་བའི་རྟགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཞན་མ་ཡིན་ཞེས་བྱ་བ་ནི་གཏན་ཚིགས་སོགས་རྟོགས་ཞེས་བྱ་བ་དང་འབྲེལ་ཏོ། །འབྲས་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་རང་བཞིན་བཟུང་ལ། དེ་བཞིན་དུ་གཏན་ཚིགས་ལ་སོགས་པ ་འདིར་ཡང་རང་བཞིན་བཟུང་བ་ཁོ་ནའོ། །མང་པོའི་ཚིག་ནི་བསལ་བ་ཐ་དད་བས་སོ། །དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་བའི་རྟགས་གང་ཁོ་ན་ལས་འཇིག་རྟེན་དོན་རྟོགས་པར་འགྱུར་བ་དེ་ཉིད་ཁོ་བོ་ཅག་གིས་རྟགས་སུ་བརྗོད་དེ་དེ་ཁས་བླངས་བ་ན་གང་ཞིག་རྗེས ་སུ་དཔག་པ་ཉིད་འགེགས་བར་འགྱུར་བ་ཅི་ཞིག་དོར་བར་འགྱུར་ཅི་སྟེ་ཡང་ཁོ་བོ་ཅག་རྗེས་སུ་དཔག་པ་ཅུང་ཟད་ཞིག་འདོད་པ་ནི་མ་ཡིན་ཏེ། འོན་ཀྱང་གཞན་གྱིས་དེ་ཚད་མ་ཉིད་དུ་འདོད་པ་དེ་ལས་བླངས་པའི་ཕྱིར་ཁོ་བོའི་དོན་མེད་པར་མི་འགྱུར་རོ་སྙམ་ན་འདིར་སྨྲས་བ། ་ཚད་མ་མིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་གྱི་དེ་ཚད་མར་ཁས་བླངས་སོ་ཞེས་བྱ་བའི་ངེས་པ་འདི་ག་ལས་འབྱུང་གཞན་གྱིས་ཁས་བླངས་པ་མངོན་སུམ་མ་ཡིན་ལ། གང་གིས་ངེས་བར་འགྱུར་བ་ཁྱེད་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེས་པ་དེ་ལྟན་ཡང་ཚད་མ་མ་ཡིན ་པ་གཞན་གྱིས་ཁས་བླངས་པ་དེ་ཅིའི་ཕྱིར་གཞན་རྟོགས་པར་བྱེད་དེ། འདི་ཞེན་པ་ཉིད་ནི་མ་ཡིན་ནོ། །ཅི་སྟེ་ཡང་སྒྲའི་ལག་པ་ནས་རལ་གྲི་ཕྲོགས་ཏེ་དེ་ཉིད་ཀྱིས་དགྲ་བོ་དེ་གསོང་བ་དེ་བཞིན་དུ་གཞན་གྱིས་ཚང་མ་ཉིད་དུ་ཁས་བླངས་པ་གང་ཡིན་པ་དེ་ཉིད་བཟུང་ནས་གཞན་སེལ་བར་བྱེད་དོ ་སྙམ་དུ་དོགས་པ་བསུ་ནས་ཚད་མ་མིན་པས་བྱས་པ་ཡི། ཞེས་བྱ་བ་སྨོས་ཏེ། འདི་སྐད་བསྟན་པ་ཡིན་ཏེ། གལ་ཏེ་རྨོངས་བས་གཞན་གྱིས་ཚད་མ་མ་ཡིན་པ་ཉིད་ཚད་མར་བྱས་ནས་བཟུང་བའི་ཚད་མ་མ་ཡིན་པ་དེས་ཇི་ལྟར་གཞན་གྱིས་ཡང་དག་བའི་ཤེས་པ་སྐྱེད་པར་ནུས་ཏེ། ་ཚད་མ་ནི་ཡང་དག་པའི་ཤེས་པ་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །རྨོངས་པས་རལ་གྲིའི་སྙམ་ནས་བཟུང་བའི་གཅེད་བྱེད་གང་རུང་བས་གཞན་གཅོད་པར་ནུས་པ་མ་ཡིན་པའི་ཕྱིར་དཔེ་མཚུངས་པ་མ་ཡིན་ནོ། །དེ་ཁོ་ཉིད་ཀྱི་འབྲེལ་བཤད་ལས་གནས་མ་བུ་བས་།འོན་ཏེ ་ཚད་མ་མ་ཡིན་པས་ཅིའི་ཕྱིར་གཞན་རྟོགས་པར་བྱེད་དོ། །གཉི་ག་ལ་ཡང་གྲུབ་པ་ནི་གྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་མི་རིགས་ཏེ། གང་གི་ཕྱིར་ཚིག་གི་བདག་ཉིད་ཀྱི་རྗེས་སུ་དཔག་པ་སྨྲ་བ་བོ་དག་ལ་ཚད་མ་ཡིན་ལ། ཡང་སྨྲ་བ་པོ་དེས་གཞན་རྟོགས་བར་བྱེད་པ་ཡང་མ ་ཡིན་ཏེ། འབད་བ་ནི་གཞན་དོན་རྟོགས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་གདོན་མི་ཟ་བར་གཉི་ག་གྲུབ་པས་དགོས་པ་མེད་དོ་ཞེས་ཟེར་བའི་དོགས་བ། ཚིག་གིས་བདག་ཉིད་རྗེས་སུ་དཔག་ཞེས་བྱ་བ་ལ་སོགས་པས་བསུའོ། །དེ་ཡིས་ཞེས་བྱ་བ་ནི་ཚིག་གིས་བདག་ཉིད་ཀྱིས་སོ།། ་འདི་ནི་ཞེས་བྱ་བ་ནི་སྨྲ་བ་དེའོ?། །མི་ཤེས་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ་ཚིག་ནི་སྨྲ་བ་བོ་ལ་བལྟོས་ནས་ནུས་པ་སྟོན་པ་མ་ཡིན་བའི་ཕྱིར་ཚད་མ་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མི་ཤེས་པའི་དོན་བསལ་བར་མི་བྱེད་བ་ལས་སོ། །འདི་ལ་ནུས་པ་སྟོན ་བ་ཉིད་ཀྱང་ཡོད་དེ་བྱེད་ཀྱི་རྗེས་སུ་དཔག་པ་ནི་ནུས་བསྟོན་པ་མ་ཡིན་པས་འདི་ནི་མཚུངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཉི་ག་ལ་གྲུབ་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་རིགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཐམས་ཅད་དུ་ཚད་མ་ཉིད་དུ་རིགས་དེ་མངོན ་སུམ་བཞིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་རྗེས་སུ་དཔག་པ་བརྟག་པ་སྟེ་ཉི་ཤུ་གསུམ་པའོ།། །།ད་ནི་ཚད་མ་གཉིས་ཀྱིས་ངེས་པ་བསྒྲུབ་པའི་དོན་དུ་གྲངས་ལས་ལོག་པར་རྟོག་པ ་བསལ་བ་ནི། ཅི་སྟེ་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཚད་མའི་མཚན་ཉིད་མ་ཁྱབ་བའི་སྐྱོན་དང། ཚང་མ་གཉིས་ཀྱིས་གཏན་ལ་ཕབ་ཅེས་བྱ་བ་འདི་ལ་གཉིས་སུ་རྗེས་བར་བཟུང་བར་འབྲས་བུ་མེད་པ་ཉིད་དུ་བཤད་དོ། །སྨྲས་པ་ཞེས་བྱ་བ་ལ་སོགས་པས ་ལན་འདེབས་པར་བྱེད་པ་ཡིན་ཏེ། འདིའི་ཁོངས་སུ་གཏོགས་ཕྱིར་ཞེས་བྱ་བ་ནི་ཚད་མ་གཉིས་པོ་འདི་ཉིད་ཀྱིའོ། །ཇི་སྐད་བསྟན་པ་ཡིན་ཏེ། ཚད་མ་གཉིས་ལས་གཞན་ལ་ཚད་མའི་མཚན་ཉིད་མི་བསླུ་བ་ཉིད་མེད་པ་ཡིན་ལ། ཡོད་ན་ཡང་འདི་ཉིད་ཀྱི་ཁོངས ་སུ་འདུས་བའི་ཕྱིར་ཚད་མ་གཞན་ཞེས་ལོགས་ཤིག་ཏུ་མི་བརྗོད་དོ། །དེ་ལ་ཇི་ལྟར་གཞན་དག་ཚད་མ་མ་ཡིན་པའམ། ཚད་མ་ཡིན་ནའང?་འདི་དག་གི་གང་དུ་ཇི་ལྟར་འདུ་བཞེས་བྱ་བ་འདི་གཉིས་སྒྲུབ་པར་བྱེད་དེ། དེ་ལ་སྒྲ་ལས་བྱུང་བ་དང། ཉེ་བར་འཇལ་བ་དང། ་དོན་གྱིས་གོ་བ་དང། རིགས་པ་དང། མ་དམིགས་པ་དང་སྲིད་པ་དང་ཞེས་གྲགས་པ་དང། སྙམ་དུ་སེམས་པ་ཞེས་བྱ་བ་ཚད་མ་གཞན་དག་གིས་ཁས་བླངས་པ་དེ་ལ། རྒྱུ་ལས་བྱུང་པའི་དབང་དུ་བྱས་ནས། གཞན་གྱི་ལྐོག་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། དེ་ལ་རི་ཁྲོད་རྗེན་རེ་སྒྲ་ལས་བྱུང་བའི་མཚན་ཉིད་ནི་སྒྲའི་ཤེས་པ་ལས་བསྐལ་བའི་དོན་ཤེས་པ་ནི་སྒྲ་ལས་བྱུང་བ་ཡིན་ནོ་ཞེས་ཟེར་ཏེ། སྒྲ་རང་གི་མཚན་ཉིད་འཛིན་པ་ལས་དུས་ཕྱིས་ལྐོག་ཏུ་གྱུར་པའི་དོན་ལ་སྐྱེ་བ་གང་ཡིན་པ་དེ་ནི་སྒྲ་ལས་འོངས་པའི་ཕྱིར་སྒྲ ་ལས་བྱུང་བ་ཡིན་ནོ། །དེ་ནི་རྣམ་པ་གཉིས་ཏེ། སྐྱེས་བུས་མ་བྱས་བའི་སྒྲས་བསྐྱེད་པ་དང། ཡིད་ཆེས་པའི་སྐྱེས་བུའི་ཚིག་གིས་བསྐྱེད་པའོ། །འདི་ཡང་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་མངོན་སུམ་ལས་ཐ་དད་པ་ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ་ཚུལ་གསུམ་པ་ཉིད་མེད་བའི་ཕྱིར་རོ། །འདི་ལྟར་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་རྗེས་སུ་དཔག་པར་བྱ་བར་འདོད་ཀྱི། འབའ་ཞིག་པ་མ་ཡིན་ལ་ཆོས་ཙམ་ཡང་མ་ཡིན་ཏེ། ཇི་སྲིད་དུ་དེའི་ཆོས་ཉིད་ཀྱིས་ཆོས་ཅན་གྱི་ཡུལ་ཅན་གྱི་རྟགས་ངེས་བར་མ་བཟུང ་བ་དེ་སྲིད་དུ་རྗེས་སུ་དཔག་པ་འཇུག་པ་སྲིད་བ་མ་ཡིན་ཏེ། ཇི་སྲིད་དུ་ཕྱོགས་ཀྱི་ཆོས་མ་བཟུང་བ་དེ་སྲིད་དུ་རྗེས་སུ་དཔག་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་ཕྱོགས་ཀྱིས་ཆོས་དེ་ཉིད་གང་ཡང་བཟུང་བར་མི་བལྟར་ཞེ་ན། འདི་ལ་ཞེས་བྱ་བ་སྨོས་ཏེ། གང་ཡང་སྒྲ་འདི ་ལ་ཤིང་ལ་སོགས་པའི་ཆོས་ཅན་བཏགས་པ་དེ་ཉིད་གཞལ་བྱ་ཡིན་ཏེ། དེ་ཉིད་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདིར་ཆོས་ཅན་ཉིད་གཞལ་བྱ་ཡིན་གྱི། ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ག?། ཆོས་ཅན་དེ་ཉིད་མ་བཟུང་ན ་སྟེ། མ་ངེས་ན་ཇི་ལྟར་དེའི་ཆོས་ངེས་པ་ཡིན། གཞན་ཡང་གལ་ཏེ་ཆོས་ཅན་འདི་ཕྱོགས་ཀྱི་ངེས་པ་ལས་སྔར་ཤེས་པ་དེའི་ཚེ་ཕྱོགས་ཀྱིས་ཆོས་ལ་སོགས་པ་ངེས་པའི་འབད་པ་འབྲས་བུ་མེད་དེ། འབད་པ་ཐམས་ཅད་ནི་ཆོས་ཅན་རྟོགས་པར་བྱ་བའི་དོན་དུ་ཡིན་ན། དེ་རྟོགས ་ན་དེ་ཕྱོགས་ཀྱི་ཆོས་ལ་སོགས་པ་ངེས་པའི་འབར་པས་ཅི་ཞིག་བྱ། འདི་ཡང་ཁས་བླངས་ནས་བརྗོད་པ་ཡིན་ཏེ། སྒྲ་ནི་ཤིང་ལ་སོགས་པ་ཆོས་ཅན་གྱི་ཆོས་མ་ཡིན་ཏེ། སྨྲ་བ་པོའི་ཡུལ་དུ་ངེས་པར་བཟུང་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་རེ་ཞིག་ཕྱོགས་ཀྱི་ཆོས་ཉིད་མེད་པར ་བསྟེན་ནས། ད་ནི་རྗེས་སུ་འགྲོ་བ་མེད་པ་བསྟན་པའི་ཕྱིར་གཞལ་བྱས་སྒྲ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པར་རྟོགས་པ་ནི་གཏན་ལ་ཕབ་པའོ། །བྱ་བས་ཞེས་བྱ་བ་ནི་སྲིད་པ་སྟེ་ཡོད་པས་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་པ་ཡིན་ཏེ། ཡོད་པ་ཉིད་རྗེས་སུ ་སུ་འགྲོ་བར་བྱེད་པ་ཡིན་གྱི་ཡོད་པ་མ་ཡིན་པ་ནི་མ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར། གང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གང་ན་དུ་བ་ཡོད་པ་དེ་ན་གདོན་མི་ཟ་བར་མེ་ཡོད་པ་དེའི་ཕྱིར་མེ་འདི་དུ་བའི་རྗེས་སུ་འགྲོ ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྒྲ་དོན་དང་རྗེས་སུ་འགྲོ་བ་མེད་དོ། །ཇི་ལྟར་མེད་ཅེས་བྱ་བ་བསྟན་པའི་ཕྱིར། རེ་ཞིག་ཞེས་བྱ་བ་སྨོས་ཏེ། རེ་ཞིག་སྒྲས་ནོན་པའི་ཡུལ་དེར་དོན་ཡོད་པ་མ་ཡིན་ཏེ། འདི་ལྟར་ཤིང་ཏོག་?་གོ་ལ་སོགས་པའི་སྒྲ་གྲོང་ཁྱེར་དམར་བུ་ཅན་ལ ་སོགས་པ་གཞན་དུ་ཐོས་ན་ཡང་ཡུལ་དེ་ན་ཤིང་རྟོག་འབྲོག?་སོགས་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྒྲ་ཡི་དུས་ན་ཡང་གདོན་མི་ཟ་བར་དོན་ཡོད་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོ་དི་ཡི་པ་དང་མང་པོས་བཀུར་བ་ལ་སོགས་པའི་ཀླད་ལྟ་རབ་ཡིན་ལ་བྱུང་ཟིན་པ་དང ་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་དོན་གྱིས་སྒྲ་རྗེས་སུ་འགྲོ་བར་བྱེད་པ་ག་ལས་ཡིན། ཅི་སྟེ་སྒྲ་རྣམས་ནི་རྟག་པའི་ཕྱིར་དུས་ཐམས་ཅད་དུ་གནས་པས་དོན་དང་ལྷན་ཅིག་དུས་ཐ་དད་པ་མ་ཡིན་ལ་ཡུལ་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། ཡུལ་ཐམས ་ཅད་ནོན་པར་གནས་པས་ཁྱབ་པའི་ཕྱིར་རོ། །དེ་ལྟ་བས་ན་རྟེག་པ་དང་ཁྱབ་པའི་ཕྱིར། སྒྲ་རྣམས་དོན་གྱི་རྗེས་སུ་འགྲོ་བ་ཡོད་དོ་ཞེས་བྱ་བར་འདོད་ན། དེ་ནི་མ་ཡིན་ཏེ་རྟག་པ་དང་ཁྱབ་པ་ཉིད་ནི་སྒྲ་ཐམས་ཅད་ལ་མཚུངས་པའི་ཕྱིར་སོ་སོར་ངེས་པའི་སྒྲ་སོ་སོར ་ངེས་པའི་དོན་བརྗོད་པར་མི་འགྱུར་རོ། །འོ་ན་ཅི་ཞེ་ན། སྒྲ་གང་ཡང་རུང་བ་འགའ་ཞིག་གིས་དོན་ཐམས་ཅད་བརྗོད་པ་ཉིད་དུ་འགྱུར་རོ། །དེས་དོན་དང་ལྷན་ཅིག་ཡུལ་ཡམ་དུས་ཐམས་ཅད་དུ་སྒྲ་དེ་མཐོང་པའི་ཕྱིར་ལྡོག་པ་དེ་བསྒྲུབ་བྱ་མེད་ན་སྒྲུབ་བྱེད་མི་འགྱུར་བ་དེ་མ། ་རྟོགས་པའི་ཕྱིར་ཏེ་མི་དམིགས་པའི་ཕྱིར་རྟག་པ་དང། ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བས་མཇུག་བསྡུས་ནས་ཚད་མ་སྟོན་པར་བྱེད་པ་ཡིན་ཏེ། སྒྲ་ལས་བྱུང་བ་རྗེས་དཔག་མིན། ཞེས་བྱ་བ་ནི་བསྒྲུབ་བྱ་སྟོན་པའོ། །མངོན་སུམ་བཞིན་དུ ་ཞེས་བྱ་བ་ནི་དཔེའོ། །ཚུལ་གསུམ་ཉིད་དང་བྲལ་བས་ན། ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་འདྲའི་ཡུལ་ནི་སྤངས་ཕྱིར་རོ། །ཞེས་བྱ་བ་ནི་གཏན་ཚིགས་སྒྲུབ་བྱེད་དོ། །དུ་བ་ལ་སོགས་པའི་རྟགས་ལས་བྱུང་བའི་རྗེས་སུ་དཔག་པའི་ཡུལ་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན ་ཀྱི་འདྲ་བར་འདྲ་བའི་ཡུལ་དེ་སྤངས་པའི་ཕྱིར་ཏེ། བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ཚུལ་གསུམ་དང་བྲལ་བའི་ཕྱིར་རྗེས་སུ་དཔག་པ་ལས་གཞན་ཉིད་ཡིན་དུ་ཆུག་མོད། ཇི་ལྟར་སྒྲ་འདི་ཚད་མ་ཡིན་ཞེ་ན། མེ་ལས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེ ་ཚོམ་ཕྱིན་ཅི་ལོ་གདང་བྲལ་བའི་ཕྱིར་མི་གཡོ་བ་ནི་ངེས་པ་ཡིན་ཏེ། གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར། ཚད་མ་ཡིན་ཏེ་མངོན་སུམ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་སྐད་དུ་ཡང་རི་ཁྲོད་རྗེ་ན་དེ་མཐོ་རིས་འདོད་པས་མཆོད་སྦྱིན་བྱའོ་ཞེས་བྱ་བའི་ཚིག་འདི་ལས་མཐོ་རིས ་འགྱུར་དམ་མི་འབྱུང་སྙམ་པའི་ཐེ་ཚོམ་གྱི་རྟོགས་པ་མ་ཡིན་ཏེ། ངེས་པའི་ཤེས་པ་འདི་ནི་ལོག་པར་མི་འགྱུར་རོ། །གང་ཞིག་སྐྱེད་ནས་ཞིག་པ་དེས། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་དེ་ནི་ལོག་པའི་ཤེས་པ་ཡིན་ནོ། །འདི་ནི་ཡུལ་གཞན་དང་དུས་གཞན་དང་སྐྱེས་བུ་གཞན་ལ་ཕྱིན་ཅི ་ལོག་མ་ཡིན་པ་དེའི་ཕྱིར་དེ་བཞིན་དུ་ཡིན་ནོ། །གང་ཡང་འཇིག་རྟེན་པའི་ཚིག་དེ་ཡིད་ཆེས་པའི་སྐྱེས་བུ་ལས་སམ། དབང་པོའི་ཡུལ་ཡིན་ནོ་ཞེ་ན་ནི་དེ་བཞིན་དུ་ཡིན་པ་ཉིད་དོ། །ཅི་སྟེ་ཡིས་ཆེས་པ་མ་ཡིན་པ་ལས་སམ?། དབང་པོའི་ཡུལ་མ་ཡིན་པའི་སྐྱེས་བུ་དེའི་བློ་ལས་འབྱུང ་པ་ནི་ཚད་མ་མ་ཡིན་ཏེ། སྐྱེས་བུ་ཙམ་ནི་ཤེས་པར་མི་ནུས་སོ་ཞེས་ཟེར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་ཡང་བྱེད་པ་པོ་མེད་པའི་རང་ལས་ཞེས་བྱ་བ་ལ་སོགས་པའི་སྒྲ་ལས་འབྱུང་བའི་མཚན་ཉིད་དད་པ་དེ་ལ་མཚན་ཉིད་མི་སྲིད་པའི་སྐྱོན་འཆད་པ་ཡིན་ནོ། །བྱེད་པ ་པོ་མེད་པའི་ཚིག་ནི་སྲིད་པ་ཉིད་མ་ཡིན་ཏེ། ཁྱད་པར་བྱེད་པའི་སྐད་ཅིག་མ་འཇིག་པ་བསྒྲུབས་ཟིན་པའི་ཕྱིར་རམ་འཆད་པར་འགྱུར་བའི་རིགས་པའོ། །སྲིད་པ་ཡིན་ན་ཡང་དེའི་དོན་དང་ལྡན་པ་ཉིད་མི་སྲིད་དེ། དེའི་ཕྱིར་བྱེད་པ་པོ་མེད་པའི་ཚིག་ལས་ལྐོག་ཏུ་གྱུར་པའི་དོན་ཤེས་པ ་ཞེས་བྱ་བ་གང་ཡིན་པ་དེ་གཉི་ག་ཡང་མི་སྲིད་པའི་ཕྱིར་ཚད་མའི་མཚན་ཉིད་མི་སྲིད་པ་ཡིན་ནོ། །ཡང་ཇི་ལྟར་བྱེད་པ་པོ་མེད་ཅེ་ན། ནུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བྱེད་པ་པོ་མེད་པའི་དག་ཏུ་འགྱུར་ན་ཤེས་པ་སྐྱེད ་པར་བྱེད་པ་ལ་ནུས་པར་འགྱུར་པ་འམ། རེས་འགའ་མི་ནུས་པ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །ཕྱོགས་དང་པོ་ལ་ནུས་པའི་རང་བཞིན་དེ་རྗེས་སུ་འཇུག་པ་ཉིད་རྟག་ཏུ་དེ་ལས་བྱུང་བའི་ཤེས་པར་འགྱུར་རོ། །དེ་ལ་སྦྱོར་བ་ནི་གང་ཞིག་གང་བྱ་བ་ལ་ནུས་པ ་ཐོགས་པ་མེད་པ་དེ་ནི་དེ་བྱེད་པ་ཉིད་ཡིན་ཏེ། རྒྱུ་ཚོགས་པ་ཐ་མ་བཞིན་ནོ། །བྱེད་པ་པོ་མེད་པའི་ཚིག་ཀྱང་ཤེས་པ་སྐྱེད་པ་ལ་དུས་ཐམས་ཅད་དུ་ནུས་པ་ཐོགས་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་གཏན་ཚིགས་སོ། །ཡང་ན་གང་གིས ་རྒྱུ་མཚང་བ་མེད་པ་དེ་ནི་འབྱུང་བ་ཉིད་ཡིན་ཏེ། རྒྱུ་མ་ཚང་བ་མེད་པའི་མྱུ་གུ་བཞིན་ནོ། །སྐྱེས་བུས་མ་བྱས་པ་ལས་བྱུང་བའི་ཤེས་པ་ཡང་རྒྱུ་མ་ཚང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཕྱོགས་གཉིས་པ་ལ་ཡང་ནུས་པ་མེད་པའི ་རང་བཞིན་དེ་དུས་ཐམས་ཅད་དུ་རྗེས་སུ་འཇུག་པའི་ཕྱིར་ནམ་ཡང་དེ་ལས་བྱུང་བའི་ཤེས་པར་མི་འགྱུར་ཏེ། རྒྱུ་མ་ཚང་བའི་མྱུ་གུ་བཞིན་ནོ། །ཇི་ལྟར་དོན་དང་ལྡན་པ་ཉིད་མི་འཐད་ཅེ་ན། ཇི་ལྟར་ལོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིན་ཅི་ལོག་གི ་དོན་ཅན་ན་མ་བདེན་པའི་དོན་ཅན་ཉིད་ཀྱིས་ཏེ་རྒྱུ་རྣམ་པ་གཉིས་ཀྱི་དོན་དང་ལྡན་པ་ཡིན་ཏེ། ཕུང་པོ་གསུམ་པ་མེད་པའི་ཕྱིར་རོ། །དོན་དང་ལྡན་པ་རྣམ་པ་གཉིས་པོ་དེའི་རྒྱུ་ཡང་ཡོན་ཏན་དང་སྐྱོན་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས ་ངེས་ཏེ། འདི་ལྟར་ཇི་ལྟར་འདོད་ཆགས་ལ་སོགས་པའི་ཉེས་པ་དང་ལྡན་པའི་སྐྱེས་བུ་ནི་བརྫུན་དུ་སྨྲ་བ་མཐོང་ལ། དེ་བཞིན་དུ་བརྩེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ནི་བདེན་པ་སྨྲ་བར་མཐོང་སྟེ། ཡང་དག་པ་ཉིད་དང་ལྡོག་པ་ཉིད་ཀྱི་རྒྱུ་ཡོན་ཏན་དང ་ཉེས་པ་དེ་དག་གི་རྟེན་ནི་སྐྱེས་བུ་ཡིན་ནོ། །དེ་ལྟར་ཡིན་དང་སྐྱེས་བུ་ལོག་ན་ཡོན་ཏན་དང་ཉེས་པ་ལྡོག་ལ། ཡོན་ཏན་དང་ལྡན་པ་ལོག་ན་ཡང་དག་པ་ཉིད་ལོག་པ་ཉིད་ཀྱང་མེད་དེ། དེ་མེད་ན་རྣམ་པ་གཞན་མེད་པའི་ཕྱིར་སྐྱེས་བུས་མ་བྱས་པའི་ཚིག་དོན་མེད་པ ་ཉིད་དུ་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །རྒྱུ་མེད་པར་ནི་འབྲས་བུ་སྲིད་པ་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་བས་ན་ཡུལ་དང་དུས་དང་རྫས་ལ་སོགས་པ་ངེས་པར་མི་འགྱུར་རོ་འདི་ནི་ཐལ་བ་སྒྲུབ་པར་བྱེད་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟ ་མ་ཡིན་ཏེ་རང་རྒྱུད་ཀྱིས་སྒྲུབ་པར་བྱེད་ན་མཐོང་བ་དང་འགལ་བར་འགྱུར་ཏེ། འདི་ལྟར་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱ། ཞེས་བྱ་བ་ལ་སོགས་པའི་དག་ལས་དོན་རྟོགས་པར་འགྱུར་བ་ཉིད་དམིགས་པ་ཡིན་ཏེ། མཐོང་བ་ནི་སྐྱོན་པར་ནུས་པ་མ་ཡིན་ལ། ་བྱེད་པ་པོ་མེད་པ་ཉིད་ནི་གཉི་ག་ལ་གྲུབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡང་ཡིན་ནོ། །འདིར་གཉིག་ཡང་ཐལ་བ་སྒྲུབ་པར་བྱེད་པ་བལྟ་བར་བྱ་སྟེ། འདི་ལྟར་གལ་ཏེ་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་དོན་མེད་པ་ཉིད་དུ་ལས ་བླང་བར་བྱ་དགོས་ཏེ། དོན་དང་ལྡན་པའི་རྒྱུ་སྐྱེས་བུ་མེད་པའི་ཕྱིར་རོ། །དོན་མེད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་སྐྱེས་བུས་བྱས་པ་ཉིད་ཡིན་ནོ་ཞེས་ཐལ་བར་འགྱུར་བས་བསྟན་ཏོ། །ཐལ་བར་སྒྲུབ་པར་བྱེད་པ་འདི་ཉིད་སྒྲུབ་པ་པོའི་དོན་དུ་མཐོང་བ་དང་མི་འགལ ་བར་བསྟན་པའི་ཕྱིར་དོགས་པ་སྔོན་དུ་བསུ་ནས་དོན་རྟོགས་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གལ་ཏེ་མིན་ཞེས་བྱ་བ་ནི་དོན་མེད་པ་ཞེ་བྱ་པ་མ?་དང་སྦྲེལ་ལོ། །དེ་ལྟ་ཡིན་ན་དམ་བཅའ་བ་མཐོང་བ་དང་འགལ་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་རིག་བྱེད་ལས་རིག་བྱེད་ཀྱི ་དོན་རྟོགས་པ་ཉེ་བར་བསྟན་པ་མེད་པར་འབྱུང་བར་འགྱུར་ན་མཐོང་བ་དང་འགལ་བ་བདེན་པར་འགྱུར་ན། གང་གི་ཕྱིར་འདི་དོན་རྟོགས་པར་བསྟན་པ་ལས་བརྡའི་དབང་གིས་འགྱུར་གྱི། བརྡ་ལ་མ་བལྟོས་པའི་རིག་བྱེད་འབའ་ཞིག་ལས་ནི་མ་ཡིན་ཏེ། འདི་ལྟར་རིག་བྱེད་ཀྱི ་དོན་དཔྱོད་པ་པ་ལ་སོགས་པའི་རང་གིས་འདོད་པས་བརྗོད་པར་མཐོང་གི་དོན་གྱིས་རང་བཞིན་སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ནོ།། འདིའི་བར་གྱི་རྩ་བ་བཙལ་བར་བྱའོ།། །།དེ་ལ ་འདི་སྙམ་དུ་སྐྱེས་བུ་སྔ་ན་མེད་པའི་དོན་རང་གི་འདོད་པས་བརྗོད་པ་ནི་མ་ཡིན་ནོ།། འོ་ན་ཅི་ཞེ་ན། དོན་གྱིས་རང་བཞིན་དུ་རྣམ་པར་གནས་པ་གང་ཡིན་པ་དེ་ཉིད་སྐྱེས་བུས་གསལ་བར་བྱེད་པས་ངེས་ན་མཐོང་བ་དང་དགའ་བར་འགྱུར་རོ་སྙམ་ན། འོ་ན་གལ་ཏེ་དེ ་ལྟ་ན་རིམ་བྱེད་འདི་རང་བཞིན་གྱིས་ཡང་དག་པའི་དོན་གསལ་བར་བྱེད་པའི་ནུས་པ་གནས་པ་དེའི་ཚེ་བརྡ་མི་ཤེས་པས་ཀྱང་རིག་བྱེད་ཀྱི་ཚིག་དེ་ལས་དོན་རྟོགས་པར་འགྱུར་རོ། །བརྡ་ལ་བལྟོས་ནས་རིག་བྱེད་རྟོགས་པའི་རྒྱུ་ཡིན་གྱི་འབའ་ཞིག་བ་ནི་མ་ཡིན་ནོ་ཞེ་ན། ་དེ་ནི་མ་ཡིན་ཏེ། རང་བཞིན་གྱིས་དོན་རྟོས་པའི་རྒྱུ་སྒྲོན་མ་ལ་སོགས་པའི་སྒྲ་ལ་བལྟོས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་བརྡ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་དོན་རྟོགས་པར་ནུས་པར་འགྱུར་གྱི། རང་བཞིན་འབྲེལ་པ་ནི་མ་ཡིན་ནོ། །གཞན་ཡང་བརྡ ་དང་ལྷན་ཅིག་པ་ལས་དོན་རྟོགས་པ་ཡིན་དུ་ཆུག་མང། དེ་ལྟ་ན་ཡང་སྐྱོན་ཡོད་དོ་ཞེས་བསྟན་པའི་བརྡ་གཞེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔྱོད་པ་བས་སྦྱར་བའི་བརྡ་ལས། ངེས་པར་སྦྱོར་བར་བྱེད་པས་བཀོད་པའི་བརྡ་ནི་བརྡ་གཞན་ཡིན་ལ། དེ་ཡོད་ན ་རྣལ་མའི་དོན་ལས་དོན་གཞན་སྒྲ་དེ་ལས་རྟོགས་པར་མི་འགྱུར་ཏོ། སྒྲོན་མ་ནི་གསལ་བར་བྱ་བ་མ་ཡིན་པའི་དྲི་དང་རོ་ལ་སོགས་པ་བརྡའི་དབང་གིས་གསལ་བར་ནུས་པ་མ་ཡིན་ནོ། །བརྡའི་དབང་གིས་དོན་གཞན་ལ་འཇུག་པ་ཡིན་དུ་ཟིན་པ ་ད་ལྟ་ན་ཡང་ཚད་མ་ཉིད་ནི་འགྲུབ་པར་མི་འགྱུར་ཞེས་སྒྲུབ་པར་བྱེད་པ་ནི། ནུས་པ་དེ་ནི་ཞེས་བྱ་བའོ། །གང་སྟེ་གང་གི་ཚེ་སྐྱེས་བུའི་འདོད་པའི་དབང་གིས་སྒྲ་དོན་གཞན་ལ་ཡང་འཇུག་པ་དེའི་ཚེ་འཚོལ་བའི་ཕྱིར་ཡང་དག་པའི་དོན་གསལ ་བར་བྱེད་པའི་ནུས་པའི་ངེས་པར་མི་ནུས་པའི་ཕྱིར་ཇི་ལྟར་དེ་ལས་འདོད་པའི་དོན་རྟོགས་པར་འགྱུར་ཡང་ན་རྣམ་པ་གཞན་དུ་བཤད་པར་བྱ་སྟེ། གང་འདི་རང་བཞིན་གྱིས་ཡང་དག་པའི་དོན་གསལ་བར་ནུས་བདེ་རེས་འགའ་དོན་གཅིག་ལ་ངེས་པར་འགྱུར ་པའམ། དོན་དུ་མ་ངེས་པར་འགྱུར་ཞེས་བྱ་བ་གཉིས་སོ། །དེ་ལ་དོན་གཅིག་ལ་ངེས་པའི་ཕྱོགས་ལ་སྐྱོན་བཤད་པ་ནི་བརྡ་གཞན་ཡོད་པ་ཞེས་བྱ་བའོ། །གཉིས་པ་ལ་ཡང་ནུས་པ་དེ་ནི་རྣམ་པར་ཤེས་པར་བྱ་བར་ནུས་པ་ཡང་མ་ཡིན་ནོ་ཞེས ་བྱ་བ་སྨོས་ཏེ། འཆོལ་པའི་ཕྱིར་སྙམ་དུ་བསམ་ས་པ་ཡིན་ནོ། །ཇི་སྐད་དུ། ཚིགས་རྣམས་དོན་གཅིག་ལ་ངེས་ན། །དོན་གཞན་རྟོགས་པར་མི་འགྱུར་རོ། །དོན་དུ་མ་དང་མངོན་འབྲེལ་ན། །འགལ་བ་གསལ་བར་བྱེད་པ་སྲིད། །ཅེས་བཤད ་བ་ཡིན་ནོ། །དེ་ལྟར་སྒྲ་ལས་བྱུང་བའི་མཚན་ཉིད་དང་པོ་མི་སྲིད་དོ་ཞེས་བསྟན་ནས་མི་གཡོའི་ཤེས་པ་སྐྱེ་བའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་འདི་མཇུག་བསྡུ་བའི་སྒོ་ནས་མ་གྲུབ་པར་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་གང་གི་ཚེ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དོན་རྟོགས་པ་ཉིད་མི་སྲིད་པ་དེའི་ཚེ་དེ་མི་གཡོ་བ་ཉིད་དུ་ག་ལས་འགྱུར་གང་ཡང་རིག་བྱེད་ཀྱི་ཚིག་ལས་དོན་རྟོགས་པ་འདིར ་འགྱུར་བ་དེ་ནི་བརྡ་ལས་བྱུང་བ་ཉིད་དུ་རིགས་སོ་ཞེས་འདི་ནི་བསྟན་པ་ལས་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་དང་པོ་ཉིད་དུ་བསྟན་ཟིན་ཏོ། །འདི་ཡང་བརྡ་ལས་བྱུང་བ་ཉིད་དུ་རིགས་ཏེ་གང་གི་ཕྱིར་རིག་བྱེད་ཀྱི་ཚིག་འདི་སྐྱེས་བུའི ་ཚིག་ལས་ཏེ་སྐྱེས་བུས་བྱས་པ་ཉིད་ལས་ཐ་དད་པ་མ་ཡིན་ཏེ། སྐྱེས་བུས་བྱས་པའི་ཚིག་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ཡང་ག་ལས་ཤེ་ན། རིགས་པ་ཤེས་པས་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། དེ་དག་གིས ་ཞེས་བྱ་བ་ནི་རིགས་བྱེད་དང་སྐྱེས་བུས་བྱས་བདག་གིས་ཏེ། རྣམ་པ་ཐམས་ཅད་དུ་སྐྱེས་བུ་དག་གིས་བྱེད་པར་ནུས་པའི་ཕྱིར་རིག་བྱེད་ནི་འཇིག་རྟེན་པ་ལས་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །ཐོས་པ་ལས་ཞེས་བྱ་བ་ནི་གཞན་གང་དུ་བྱེད་པ ་ཡིན་ནོ། །ཡང་ན་གཉིས་པ་ལ་ཡང་ཡིད་ཆེས་པས་བསྟན་པས་ཞེས་བྱ་བ་འདི་ལ་སྒྲ་ལས་བྱུང་བའི་མཚན་ཉིད་མི་སྲིད་ཀྱི་མཚན་ཉིད་ཀྱི་སྐྱོན་འཆད་པ་ནི། ཡིད་ཆེས་ཁས་མི་ལེན་ཞེས་བྱ་བ་ལ་སོགས་པ་སྟེ། དཔྱོད་པ་པ་རྣམས་ཀྱིས་ཉེས་པ་ཟད་པའི་སྐྱེས་བུ ་ཁས་མི་ལེན་པའི་ཕྱིར། ཡིད་ཆེས་པ་ཁས་མི་ལེན་པས་དེའི་ཚིག་ཚད་མ་ཉིད་དུ་ག་ལས་འགྱུར་མི་བཟོད་ཞེས་བྱ་བ་ནི་མི་རིགས་པ་སྟ་མི་སྲིད་དོ། ཞེས་བྱ་བའི་ཐ་ཚིག་གོ་ཡང་ཡིད་ཆེས་པ་འདོད་དེ་ཡིད་ཆེས་པ་དེ་འདོད་པ་དེའི་ཚེ་འདི་ནི་འདིའོ་ཞེས་རྭ་ནས ་བཟུང་ནས་ཡིད་ཆེས་པ་འདི་མི་ངེས་པའི་ཕྱིར་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །གཞན་གྱི་སྐྱོན་དང་ཡོན་ཏན་ངེས་པར་བྱ་བ་ལ་ཆད་མ་ཡོད་པ་ནི་མ་ཡིན་ཏེ། དེ་དག་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །ལུས་དང་ངག་གི་ཐ་སྙད་ཁང་བློ་སྔོན་དུ་བཏང་ནས་གཞན ་དུ་བྱེད་པའི་ཕྱིར་མ་འཚལ་བར་ཚུར་ལོ་མཐོང་བ་རྣམས་ཀྱིས་དེ་དག་ངེས་པར་མི་འཛིན་པའི་ཕྱིར་རོ། །ཅི་སྟེ་ཡང་སྐྱེས་བུ་གང་ཞིག་ཉེས་པ་མ་ཟད་པ་ཡིན་ན་ཡང་ཚིག་ལམ་ཕལ་ཆེར་མི་བསླུ་བར་མཐོང་བའི་ཉེས་པ་མ་ཟང་བ་དེ་ཁོ་བོ་ཅག་གིས་ཡིད ་ཆེས་པར་འདོད་དོ། །དེ་ལྟ་བས་ན་ཡིད་ཆེས་པའི་ཚིག་གཟུང་བར་བྱ་བ་ཡིན་ཏེ། དེ་བས་ན་སྒྲའི་མཚན་ཉིད་ལ་མི་སྲིད་པ་སྲིད་དོ་སྙམ་ན་འདི་ཡང་ཡང་དག་པ་མ་ཡིན་ཏེ། གཅིག་ཏུ་མི་བསླུ་བ་ཙམ་དུ་དམིགས་པའི་ཕྱིར་ཐམས་ཅད་དུ་དེ་ལྟ་བུ་ཡིན་པར་ངེས་པ་ནི ་རིག་པ་མ་ཡིན་ཏེ། འཁྲུལ་བ་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་མ་འཁྲུལ་པའི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་རེ་ཞིག་སྒྲ་ལས་བྱུང་བའི་མཚན་ཉིད་རྣམ་པ་གཉི་ག་ཡང་ཁྱད་བར་དུ་སུན་འབྱིན་བ་བསྟན་ནས། སྦྱིར་སུན?་འབྱིན་འཆད་པནི། གང་གིས་དེ་དག་ཅེས་བྱ་བ་ལ་སོགས ་པ་སྟེ། གང་གིས་དངོས་པོ་དེ་དག་ལ་རྟོགས་པར་བྱེད་པའི་ཚིག་འདི་དག་ཚང་མ་ཉིད་དུ་འགྱུར་བའི་ཚིག་རྣམས་བརྗོད་པར་བྱ་བའི་དངོས་པོ་དང་ལྷན་ཅིག་དེའི་བདག་ཉིད་དམ་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལ་རེ་ཞིག་དེའི་བདག་ཉིད་ཀྱི ་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་མ་ཡིན་ཏེ། དབང་པོ་ཐ་དད་པས་འཛིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་དེ་ལ་དབང་པོ་ཐ་དད་པས་གཟུང་བ་ནི་དབང་པོ་ཐ་དད་པས་གཟུང་བ་སྟེ། འདི་ལྟར་སྒྲ་ནི་རྣ་བའི་དབང་པོས་གཟུང་བར་བྱ་བ་ཡིན་ལ། དོན་ནི་མིག་ལ ་སོགས་པས་སོ། །སོགས་པའི་སྒྲས་ནི་དུས་དད་ཡུལ་དང་སྣང་བ་དང་རྒྱུད་ཐ་དད་པ་གཟུང་ངོ། །གཞོན་ནུ་མ་ལེན་ན་རེ། །དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་མ་ངེས་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་གཟུགས་གཅིག་ལ་མང ་པོ་དག་ལྟ་བ་དེའི་ཚེ་དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་གཟུངས་ཐ་དད་པར་འགྱུར་རོ། །ཅི་སྟེ་ཡང་མིག་གིས་དབང་པོར་རིགས་ཐ་མི་དད་པའི་ཕྱིར་འདིར་དབང་པོ་གཅིག་གིས་གཟུང་བར་བྱ་བ་ཉིད་ཡིན་ནོ་སྙམ་ན་འོ་ན་དེ་ལྟ་རྣ་ཡོད་པ་དབང་པོ་དུ་མས ་གཟུང་བར་བྱ་བ་ཉིད་ཡིན་ན་དབང་པོའི་རི་གིས་ཐ་མི་དད་པའི་ཕྱིར་དབང་པོ་ཐ་མི་དད་བས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་གཅིག་ཉིད་དུ་གྲུབ་སྟེ། དེ་ལྟར་བས་ན་བློ་ཐ་དད་པ་དང་ཐ་མི་དད་པ་དག་ལས་དངོས་པོ་ཐ་དད་པར་དང་?་ཐ་མི་དད་པ་རྣམ་པར་བཞག་གི་དབང་པོ ་ཐ་དད་པ་དང་ཐ་མི་དད་པ་དག་ལས་ནི་མ་ཡིན་ཞེས་ཟེར་ཏེ། ཇི་སྐད་དུ། ཐ་དད་ལུས་གནས་གཟུང་བྱའི་ཕྱིར། །གཟུགས་ཐ་དད་སར་འགྱུར་འདི་བས། །དབང་པོ་དུ་མས་བཟུང་བྱ་ཉིད། །ཐ་དད་ཉིད་དུ་འགྱུར་བ་མིན། །རིགས་དབྱེར་མེད་ཕྱིར་གཅིག་ཅེ་ན། །དེ་ནི་དབང་པོ་ཉིད་དུ ་མཚུངས། །དེ་ཕྱིར་བློ་མཚུངས?་གཅིག་ཡིན་གྱི། །དབང་པོ་ཐ་དད་པ་མ་ཡིན། །ཞེས་བཤད་དོ། །དེ་ཡང་ཡང་དག་མ་ཡིན་ཏེ་།བློ་ཐ་དད་པས་ཐ་དད་པ་བསྒྲུབ་པར་བྱ་བ་ཡིན་ན་ཡང་མཚུངས་པའི་ཕྱིར་ཏེ། འདི་ལྟར་འདི་ལ་ཡང་དེ་སྐད་དུ་བརྗོད་པར་ནུས་ཏེ། བློ་ཐ་དད་པའི་ཕྱིར་དངོས ་པོ་ཐ་དད་དོ་ཞེས་བྱ་བ་འདི་ནི་མ་ངེས་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་མང་པོ་དག་གཟུགས་གཅིག་ལྟ་བ་དེའི་ཚེ་མིག་གི་རྣམ་པར་ཤེས་པ་དུ་མ་བསྐྱེད་པའི་ཕྱིར་བློ་ཐ་དད་པ་ཡོད་པ་ཉིད་ཡིན་ལ། དེའི་ཆེ་གཟུགས་ཐ་དད་པ་ནི་ཡོད་པ་ཡང་མ་ཡིན ་ནོ། །ཅི་སྟེ་མིག་གི་རྣམ་པར་ཤེས་པའི་རིགས་ཐ་མི་དད་པའི་ཕྱིར་གཅིག་ཉིད་དུ་རྟོག་ན། དེ་ལྟ་ན་འོ་ན་གཟུགས་དང་རོལ་སོགས་པ་ཡང་གཅིག་ཉིད་དུ་འགྱུར་ཏེ། བློ་ཐ་དད་པ་དེ་ཡོད་ན་ཡང་རྣམ་པར་ཤེས་པའི་རིགས་ཐ་མི་དད་པའི་ཕྱིར་ཏེ། དེ་ལྟ་ཡིན ་དང་གཟུགས་ལ་སོགས་ལ་ཡང་འགྱུར་ཕྱིས། །བློ་ཐ་དད་ཕྱིར་གཅིག་ཉིད་མིན། །ཞེས་གང་སྨྲས་པ་དེ་དང་འགལ་ལོ། །དེ་ལྟ་བས་ན་འདི་ནི་ལྟག་ཆོད་ཡིན་ནོ། །ཅི་སྟེ་རང་གི་མཚན་ཉིད་ཐ་དད་པ་ཡིན་ན་ཡང་གཅིག་དང་དུ་མའི་ངོ་ཤེས་བའི་རྒྱུ་ཡིན་པ་ཉིད་ཀྱི་འཇིག ་རྟེན་ན་ཐ་དད་པ་དང་ཐ་མི་དད་པའི་ཐ་སྙད་རབ་ཏུ་གྲུབ་པ་ཇི་ལྟར་བ་དེ་འདྲ་བ་བློ་ཐ་དད་པ་དད་ཐ་མི་དད་པའི་རྒྱུ་ཉིད་དུ་ལེན་པར་བྱེད་ན་ཐམས་ཅད་དབང་པོ་ལ་ཡང་མཚུངས་ཏེ་སྤྲོས་པས་ཆོ་གོ། དེ་ལས་བྱུང་མིན་ཞེས་བྱ་བ་ནི། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ ་པ་ཡང་མེད་དོ། འཁྲུལ་པའི་ཕྱིར་ཏེ། དོན་མེད་ན་ཡང་བརྗོད་པར་འདོད་པ་ཙམ་ལས་འབྱུང་བའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་མ་གཏོགས་པའི་མ་འཁྲུལ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་སྒྲ་ཕྱི་རོལ་གྱི་དོན་མཚན་ཉིད་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཇི་ལྟར། སྒྲ་ལས་བྱུང་བ་རྗེས་དཔག་ལས། ཚད་མ་གཞན་མིན་དེ་ལྟར་དེ། །བྱས་པ་སོགས་བཞིན་རང་གི་དོན། །གཞན་སེ་ལ་བ་ཡིས་བརྗོད་པ་ཡིན། །ཞེས་བཤད་ཅེས། བྱ་བ་འདིའི་དོགས་པ་བསུ་ནས། ཇི་ལྟར་རྗེས་སུ ་དཔག་པའི་ཁོངས་སུ་འདུས་པར་འདོད་པ་དེ་ལྟར་བསྟན་པའི་ཕྱིར་དེའི་ཕྱིར་མ་ལུས་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ལུས་པ་དག་ལས་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་བ་ཉིད་དུ་མངོན་པར་འདོད་པ་དག་ལས་སོ། །བརྗོད་པར་འདོད་པ་དེ་ཡང་དེའི་འབྲས་བུའི་ཡིན ་པའི་ཕྱིར་ཚིག་ལས་རྟོགས་ཀྱི། བརྗོད་པར་བྱ་བ་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་རང་གི་རྒྱུད་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཚིག་གི་རྒྱུ་བརྗོད་པ་འདོད་པ་ཡིན་པར་ངེས་ཏེ། གཞན་སེལ་བ་ཡིས་བརྗོད་པ་ཡིན་ཞེས་གང་སྨྲས་པ་དེར་ནི་བརྗོད་པ་གསལ་བར ་བྱེད་བ་ཉིད་ཡིན་ཏེ། ཤེས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་སྐད་དུ་ཡང་འདིའི་འབྲེལ་པ་ལས་དེ་ནི་བྱེས་པ་ལ་སོགས་བ་བཞིན་དོན་གཞན་རྣམ་པ་བཅད་ནས་གསལ་བར་བྱེད་དོ་ཞེས་བཤད་དོ། །གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་བྱས་པ་ལ་སོག ་པ་བཞིན་ནོ་ཞེས་བྱ་བའི་དཔེ་བསྒྲུབ་བྱ་མ་ཚང་བར་འགྱུར་རོ། །བྱས་པ་ལ་སོགས་པ་ལ་ནི་བརྗོད་པར་སྲིད་པ་མ་ཡིན་ཏེ། དེ་ནི་སྒྲའི་ཆོས་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང། གཞན་སེལ་བ་ཡིས་བརྗོད་པའི་ཕྱིར། །ཞེས་བྱ་བའི་གཏན་ཚིགས་ཐུན་མོང་མ་ཡིན་པར་འགྱུར་རོ། །འོན་ཏེ་སྒྲ ་བརྗོད་པར་འདོད་པ་ལ་ཡང་ཚད་མ་ཉིད་དུ་རིགས་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་བརྗོད་བར་འདོད་པ་ཁྱད་པར་ལ་ཚད་མ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འཁྲུལ་པ་ནི་གཞན་བརྗོད་པར་འདོད་པ་ལ་ཚིག་གཞན་དུ་མཐོང་བའི་ཕྱིར་རོ། །བརྗོད་པར་འདོད་པའི་སྤྱི ་ལ་ཡང་མ་ཡིན་ཏེ། འབྲས་བུ་མེད་བའི་ཕྱིར་རོ། །བརྗོད་པར་འདོད་པ་ཙམ་རྣམ་པར་ཤེས་པ་ནི་གང་དུ་ཡང་ཐ་སྙད་ཀྱི་ཡན་ལག་ཏུ་འགྱུར་བ་མ་ཡིན་ཏེ། དེ་ལས་དོན་གྱི་ཁྱད་པར་མི་ངེས་པའི་ཕྱིར་རོ་ཞེས་བྱ་བ་འདི་དོགས་པར་བྱས་ནས་འཁྲུལ་བ་ཞེས་བྱ་བ་ལ་སོགS ་ལས་རེ་ཞིག་བརྗོད་པར་འདོང་པའི་ཁྱད་པར་ལ་ཚང་མ་ཉིད་དུ་སྟོན་ཏེ། འཁྲུལ་དང་མ་འཁྲུལ་ཞེས་བྱ་བ་ལ་སོགས་པ་གདོན་མི་ཟ་བར་འཁྲུལ་བར་དང་མ་འཁྲུལ་བས་སྦྱོར་བ་དག་ནི་མི་འདྲ་བར་ཁས་བླང་བར་བྱ་དགོས་ཏེ་དེ་ལྟ་མ་ཡིན་ན་རྒྱུའི་ཐ་དད་པ་ཐ་དད་བ་བྱེད ་པ་མ་ཡིན་པར་འགྱུར་རོ། །དེ་ཡང་མི་འདྲ་བ་ལ་མཁས་པའི་སྐྱེས་བུས་སྐབས་ལ་སོགས་པ་ལས་ངེས་པར་བྱེད་པ་ཉིད་ཡིན་ཏེ། སྐབས་ནི་གནས་སྐབས་སོ། །སོགས་པའི་སྒྲས་འཁྲུག་པ་དང་བཞིན་དང་བ་ལ་སོགས་པ་གཟུང་དེ། །ཇི་ལྟར་ཚིག་རྣམས་མི་འདྲ? ་བ་ཡིན་ཞེ་ན། རྒྱུ་རྣམས་མི་འདྲ་བ་ཉིད་ཀྱིས་ན་ཞེས་བྱ་བ་སྨོས་ཏེ། རྒྱུ་ཐ་དད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་བས་ན་ཤིན་ཏུ་རྣམ་པར་སྐྱེ་པའི་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་པའི་ཕྱིར་བརྗོད་པར་འདོད་པའི་ཁྱད་པར་ལ་ཚད ་མར་འགྱུར་བ་ཉིད་ཡིན་ནོ། །ཡང་གང་དག་རྟགས་སུ་གྱུར་པའི་ཚིག་དེ་དག་ལ་ཁྱད་པར་ངེས་པར་འཛིན་པར་མི་ནུས་པ་དེ་དག་གི་ཉིས་པ་འདི་ཡིན་གྱི་རྟགས་ཀྱི་ནི་མ་ཡིན་ནོ། །རྟོགས་ནི་ཡོད་པ་ཙམ་གྱིས་གོ་བར་བྱེད་པར་འདོད་ཀྱི་འོ་ན་ཅི་ཞེ་ན་ངེས་པས་སོ། །དེ ་ལྟ་བས་ན་འདི་ནི་རྟོགས་པའོ་སྐྱོན་ཡིན་ཏེ། དེ་ལྟ་མ་ཡིན་ན་ལ་ལར་རླངས་པ་ལ་སོགས་པར་ཐེ་ཚོམ་ཟ་བར་དུ་བ་གཞན་དུ་སྲིད་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་པས་དེས་ནི་ཡང་མ་བསྒྲུབ་པར་བྱ་བ་ལ་རྟགས་སུ་མི་འགྱུར་རོ། །གཞན་ཡང་གང་གི་ཚེ་སྒྲའི་ཐ་སྙད ་འདི་ཐམས་ཅད་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་རང་གི་སྣང་བའི་དོར་མ་འཁྲུལ་བ་ཉིད་དུ་འདོད་པ་དེའི། ཇི་ལྟར་བརྗོད་པར་འདོད་པའི་ཁྱད་པར་ལ་འཁྲུལ་པ་བསྟན་པའི་ཕྱིར། ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ། བརྗོད་པར་འདོད ་པའི་ཁྱད་པར་དེ་ལ་དོན་དམ་པར་ཚད་མ་ཉིད་དུ་ཁས་མ་བླངས་བའི་ཕྱིར་རོ། །དེ་སྐད་དུ་ཡང་?་བརྡལ་བལྟོས་པ་ཡིན་པ་སྟེ། །གལ་བ་ཞེ་ལ་གཞག་ནས་ནི། །རྗེས་སུ་དཔོག་བར་བསྟན་གྱི། །དེ་ཉིད་ལ་ནི་བལྟོས་ནས་མིན། །ཞེས་བཤད་དོ། །བརྗོད་པར་འདོད་པའི་སྤྱི་བསྒྲུབ ་པ་ལ་ཡང་ཚད་མ་ཉིད་དུ་བསྟན་བའི་ཕྱིར། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཡང་སྟེ་འཁྲུལ་པ་དང་མ་འཁྲུལ་བས་སྦྱར་བ་ཐམས་ཅད་ཀྱི་བརྗོད་པར་འདོད་པའི་སྤྱི་ལ་རྫས་སུ་དཔག་པ་ཉིད་ཡིན་པ་འགལ་བ་མེད་དོ། །མཛའ་གཅིག་པ་ནི་ཡོད་པའི་ཕྱིར་ག?་འཁྲུལ ་པ་མེད་པའི་ཕྱིར་རོ། །ཡིད་བཞིན་ནོར་བུ་ཇི་བཞིན་དུ། །སྐྱེས་བུ་དེ་ནི་ཉེ་ཙམ་གྱིས། །རྩིག་པ་ལ་སོགས་པ་ལས་ཀྱང། །ཇི་ལྟར་འདོད་པ་བསྟན་པ་འབྱུང། །ཞེས་ཁས་བླངས་པའི་འཁྲུལ་པར་དོགས་པ་ཡང་མི་བྱ་སྟེ་གང་གི་ཕྱིར་དེ་ལ་ཡང་བརྗོད་པར་འདོད་པ་ཉིད་ཚིག་གི་རྒྱུ་ཡིན ་ཏེ། སྔོན་གྱི་སྨོན་ལམ་གྱིས་བསྒོས་བའི་འདུ་བྱེད་ཀྱི་སྟོབས་ཉིད་ཀྱིས་དེར་གསུང་འཇུག་པའི་ཕྱིར་རོ། །འདི་ལྟར་གཞུང་གོམས་པ་འདོན་པའི་དུས་ན་གཞན་རྟོགས་པར་བྱེད་པ་ན་ཡང་ཚིག་དང་གོམས་བ་འདོར་པ་ལ་སོགས་པའི་བྱ་བ་འཇུག་པའི་ཕྱིར་ཏེ། སྔར་གྱི ་བསམ་པ་ནི་དེ་དག་གི་རྒྱུ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གནག་རྫི་འབུམ་པ་ལ་སོགས་པར་ཡང་དུ་བ་དམིགས་པའི་ཕྱིར་དུ་བ་ལ་སོགས་པའི་རྟགས་ཀྱང་འཁྲུལ་བ་ཉིད་དུ་བརྩད་པར་བྱ་བར་འགྱུར་རོ། །དེ་ལྟ་བས་ན་འབྲས་བུའི་རྟགས་ཐམས་ཅད་ལ་ཡུལ་དང ་དུས་ལ་སོགས་པ་ལ་བལྟོས་བས་འཁྲུལ་པ་སྲིད་པ་མ་ཡིན་ནོ་ཞེས་བྱ་བར་མཛའ་གཅིག་ཏུ་ཡོད་པ་ཉིད་དོ། །སྲོག་དང་ལྡན་པ་ལ་སོགས་པ་གྲུབ་པར་བྱ་བའི་དོན་དུ་འཇུག་པའི་ཕྱིར་འབྲས་བུ་མེད་པ་ཡང་མ་ཡིན་ཏེ་འབྲས་བུ་དང་བཅས་པ་སྲིད་བའི་ཕྱིར་རོ།། ་སོགས་པའི་སྒྲས་རྒྱུའི་སྐྱོན་ལ་སོགས་པ་གཟུང་ངོ། །སྒྲ་བརྗོད་པར་འདོད་པས་ཚད་མ་ཡིན་དུ་ཆུག་མོད། །གང་གི་ཚུལ་གསུམ་པ་ཉིད་ཡོད་པས་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་ཚད་མ་གཞན་མ་ཡིན་པར་འགྱུར་བ་ཚུལ་གསུམ་ཉིད་ཇི་ལྟ་བུ་ཡིན་ཏེ། འདི ་ལྟར་འདི་ལ་ཆོས་ཅན་ནི་གང་ཡིན། བསྒྲུབ་པར་བྱ་བ་ནི་གང། འབྲེལ་པ་ཇི་ལྟར་གྲུབ་ཅེ་ན། །བསམ་པ་རྟོགས་པར་བྱ་བ་ལ། །ཞེས་བྱ་བ་སྨོས་ཏེ། གོང་དུ་སྨྲ་བ་མཐོང་བ་ལ་སྐྱེས་བུ་ནི་ཆོས་ཅན་ནོ་བརྗོད་པར་འདོད་པ་དེ་ནི་བསྒྲུབ་པར་བྱ་བའོ། །འབྲེལ་པ་ནི་སྔར་རང་གི་རྒྱུ་ལས ་གྲུབ་གོ། གང་དུ་སྨྲ་བ་པོ་མཐོང་བ་དེ་ནི་ས་ཕྱོགས་ཆོས་ཅན་ནོ། །སྐྱེས་བུའི་ཁྱད་པར་བསྒྲུབ་པར་བྱ་བ་སྟེ་འདི་ལྟར་ས་ཕྱོགས་ཀྱང་སྒྲའི་རྒྱུ་ཉིད་ཡིན་ཏེ། རི་སུལ་ལ་སོགས་པར་གཞན་འདྲ་བའི་སྒྲ་བོས་བའི་ཕྱིར། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་བས་ཕྱི་རོལ ་གྱི་དོན་ལ་བལྟོས་ནས་རྗེས་སུ་དཔག་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཚུལ་གསུམ་པ་དང་བྲལ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱིས་འབྲས་བུ་མེད་པ་ཉིད་དུ་བཤད་དོ། །བརྗོད་པར་འདོད་པ་ལ་བལྟོས་ནས་ནི་མ་གྲུབ་པ་ཉིད་དུ་གང ་དུ་འདི་དག་ཅེས་བྱ་བ་ལ་སོགས་པ་བཤད་དེ། དེ་ལ་སྒྲ་ཚུལ་གསུམ་པ་ཉིད་དུ་བསྟན་པའི་ཕྱིར་རོ། །སྒྲ་ལས་བྱུང་བ་རྣམ་པར་དཔྱད་པའོ། །ཉེ་བར་འཇལ་བའི་དབང་དུ་བྱས་ནས་གྲོང་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ?་མེན་ཅི་འདྲ་?་ཇི་སྐད་དུ ་དྲིས་ཕན་པ་ལང་ཅི་འདྲ་བ་དེ་འདྲ་བ་དེ་འདྲ་བ་ནི་བ་མེན་ནོ་ཞེས་བྱ་བའི་ཚིག་གང་ཡིན། པ་དེ། ཚིག་འདི་ཉེ་བར་འཇལ་བ་ཉིད་དུ་དཔྱོད་པ་པ་རྒན་པོ་རྣམས་ལ་གྲགས་པ་ལས། རི་ཁྲོད་རྗེས་རི་ཁྲོད་པས་བྱས་པར་བཤད་ལ། འདི་སྒྲའི་ཁོངས་སུ་འདས་པའི་ཕྱིར་ཉེ་བར་ལ་བ་འདི་འདྲ ་བ་ལོགས་ཤིག་ཏུ་ཚད་མ་ཉིད་དུ་མ་འཐང་ངོ་སྙམ་དུ་བསམས་ནས། རྣམ་པ་གཞན་དུ་ཉེ་བར་འཇལ་བ་དཔེར?་ན་བ་མན་མཐོང་བ་ན་བ་ལང་དྲན་པ་ཡིན་ནོ་ཞེས་བྱ་བའི་གཞུང་འདིས་ཉེ་བར་འཇལ་བ་ཡང་བསྐལ་པའི་དོན་ལ་འདྲ་བའི་བློ་སྐྱེད་པར་བྱེད་པ་ལ་བརྗོད་དོ། །འདི་ཉིད ་བཤད་བར་འདོད་ནས། བ་ལང་མཐོང་ནས་ཤེས་བྱ་བ་ལ་སོགས་པ་སྨྲོས་སོ། །གང་གི་ཚེ་བ་ལང་མཐོང་ནས་ཕྱིས་འཕྲོག་ན་ཡོད་པའི་བ་མེན?་མཐོང་སྟེ། ཁྱད་པར་ཅི་ལྟ་བུ་ཞེ་ན། ཡན་ལག་ཕལ་ཆེར་མཚུངས་པ་སྟོན་པའི་ཕྱིར། ཡན་ལག་ཕལ་ཆེར་མཚུངས་བསྟེན ་པ། མགྲིན་པ་ཟླུམ་པ་ནི་ལྐོག་ཤེལ་ལ་སོགས་པ་དང་བྲལ་བའོ། །དེའི་ཚེ་དད་པོ་བ་མེན་གྱི་གང་གི་ངོ་བོ་ཙམ་གྱིས་རྣམ་པར་རྟོག་པ་མེད་པའི་ལྟ་བའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ན་དེ་ཤིག་མངོན་སུམ་ཡིན་ལ་གང་ཡང་ཕྱུགས་འདི་ནོ་བ་ལང་དང་འདྲ་བ་ཡིན་ནོ ་ཞེས་བྱ་བ་དེ་ལྟ་བུའི་རྣམ་བའི་ཁྱད་པར་གིས་སྣཾ་པར་རྟོག་པར་བྱེད་པ་དེ་ཡང་མངོན་སུམ་ཉིད་ཡིན་ཏེ། དབང་པོའི་བྱེད་པས་བསྐྱེད་པའི་ཕྱིར་རོ། །འདི་སྙམ་དུ་དྲན་པའི་སྟོབས་ཀྱིས་འདྲ་བ་མེད་པར་རྟོག་པར་བྱེད་ཀྱི་དབང་པོའི་བྱེད་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོགས ་པ་བསུམས། དེ་ལ་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངལ་ཡང་གལ་ཏེ་དེ་དག་གི་འདྲ་བ་འཛིན་པའི་ཤེས་པ་དྲན་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་ཇི་ལྟ་ན་ཡང་བ་མེད་ལ་གནས་པ་ཉིད་ཀྱིས་ཉེ་བའི་ཕྱིར་འདྲ་བ་དབང་པོའི་སྦྱོར་ཡུལ་ཡིན་ཏེ་ཉེ་བ་ནི་ཉེ་བ་ཉིད ་ཀྱི་ཕྱིར་རོ། །པ་མེན་གནས་པས་ཞེས་བྱ་བ་ནི་ཉེ་བ་ཉིད་ལ་གཏན་ཚིགས་ཡིན་ཏེ། གང་གི་ཕྱིར་འདྲ་བ་བ་མེན་ལ་གནས་པ་ཡིན་པ་དེའི་ཕྱིར་འདི་ཉེ་བ་ཉིད་ཡིན་ནོ། །འོན་ཏེ་འདྲ་བ་ནི་གཉིས་ལ་གནས་པའི་ཕྱིར་ཇི་ལྟར་བ་མེན་གཅིག་ལ་འདི་འཛིན་པར་རིགས་པ་ཡིན་ཞེ་ན། ་འདྲ་བ་ཡིན་སྤྱི་བཞིན་དུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དང་མཚུངས་པར་འཇུག་པའི་ཕྱིར་སྤྱི་བཞིན་ནོ། །གལ་ཏེ་ཡང་འདྲ་བ་ཉིད་ལ་གནས་པ་དེ་ལྟ་ན་ཡང་སྤྱི་བཞིན་དུ་རེ་རེ་ལ་ཡོངས་སུ་རྫོགས་པའི་ཕྱིར་འགྲན་བླའི་བ་ལང་ལ་སོགས་པ་མ་མཐོང་ན་ཡང་ཉེ་བ ་ཉིད་ཀྱི་ཕྱིར་གཅིག་ལ་ཡང་དམིགས་པ་ཉིད་ཡིན་ནོ། །འདི་སྙམ་དུ་གལ་ཏེ། འདྲ་བ་དངོས་པོ་ཉིད་དུ་ན་དེའི་ཚེ་དམིགས་བ་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་དངོས་པོ་ཉིད་དེ་ཉིད་མི་འགྲུབ་སྙམ་དུ་སེམས་མ་འདྲ་བ་དངོས་པོ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ལ་སོགས་པའི ་རྭ་ལ་སོགས་པའི་ཡན་ལག་ཕལ་ཆེད་མཚུངས་པའི་བ་མེན་ལ་སོགས་པའི་རིགས་གཞན་གྱིས་གསལ་བ་གཅིག་ལ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པ་ནི་འདྲ་བ་ཡིན་ནོ། །འབྲེལ་པ་ཡང་འབྲེལ་བ་ཅན་དག་ལས་ཤིན་ཏུ་ཐ་དད་པ་མ་ཡིན་ཏེ། འབྲེལ་པ་ལ་སོགས་པའི ་ཤེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རིགས་མཐུན་པའི་ཡན་ལག་ཐམས་ཅད་མཚུངས་པ་ཡིན་པའི་ཕྱིར་འདྲ་བ་མེད་དོ་ཞེས་ཤེས་པར་བྱ་བའི་དོན་དུ་རིགས་གཞན་སྨོས་པ་ཡིན་ནོ། །ད་ནི་ཉེ་བར་འཇལ་བའི་རང་གི་ངོ་བོ་བསྟན་པའི་ཕྱིར། གནས་སྐབས་དེ་ན་ཞེས་བྱ་བ ་སྨོས་ཏེ། མཐོང་བའི་ཕྱུགས་འདི་དང་འདྲ་བ་ནི་པ་ལང་ངོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའི་ཚད་མ་ཡིན་ནོ། །འདིའི་གཞལ་བྱ་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་གི་ཕྱིར་ཉེ་བར་འཇལ་བ?་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་དེའི་ཕྱིར་གང་ཞིག་བ་མནལ་སོགས་པ་འདྲ་བའི་ཁྱད་པར་ཅན་པ་ལང་ལ་སོགས་པ་དྲན་བ་དེ་ནི་ཉེ་པར་འཇལ་བའི་གཞལ་བྱ་ཡིན་པ་འམ་ཡང་ན་བ་ལ་དེ་ལ་སོགས་པ་ལ་བརྟེན་པའི་འདྲ ་བཅོམ་ཡིན་ནོ། །འོན་ཏེ་མངོན་སུམ་འདྲ་བ་དམིགས་ཤིང་བ་ལང་ཡང་དྲན་པས་ཡུལ་དུ་བྱས་པ་ཉིད་མ་ཡིན་ནམ་དེའི་ཕྱིར། གང་ཞིག་རྟོག་པས་ཉེ་བར་འཇལ་བ་ཚད་མ་ཉིད་དུ་འགྱུར་བ་གཞལ་བར་བྱ་བ་ལྷག་མ་གཞན་ཅི་ཡོད་ཅེ་ན། འདྲ་བ་མངོན ་སུམ་ཉིད་ཀྱིས་ནི། ཞེས་བྱ་བ་སྨོས་ཆེ?་གལ་ཏེ་ཡང་འདྲ་བ་ཡང་མངོན་སུམ་གྱིས་བཟུང་ཞིང་བ་ལང་ཡང་དྲེན་པས་ཡུལ་དུ་བྱས་པ་དེ་ལྟ་ན་ཡང་འདྲ་བའི་ཁྱད་པར་ཅན་གྱི་བ་ལང་གི་གྲོང?་བུ་གཞན་ལས་ཏེ་མངོན་སུམ་དང་དྲན་པ་ལས་མི་འགྲུབ་པའི་ཕྱིར་དེ་ཚོགས ་པ་ལ་ཉེ་བར་འཇལ་བ་ཚད་མ་ཉིད་ཡིན་ནོ། །འདི་ཉིད་ལ་དཔེ་བཤད་པ་ནི་དཔེར་ན་ཞེས་བྱ་བ་སྟེ། དཔེར་ན་ས་ཕྱོགས་ཆོས་ཅན་མངོན་སུམ་ཡིན་ཞིང་དྲན་པས་ཀྱང་རེ?་བཟུང་ཕན?་ཡོད?་མའི་ཁྱད་པར་ཅན་གྱིས་ཕྱོགས་ལ་སོགས་པའི་ཡུལ་ཅན་མེད་པའི་ཕྱིར ་རྗེས་སུ་དཔག་པ་ཚད་མ་མ་ཡིན་པ་མ་ཡིན་གྱི། འོན་ཀྱང་ཚད་མ་ཉིད་ཡིན་པ་དེ་བཞིན་དུ་ཉེ་པར་འཇལ་བ་ཡང་ཡིན་ནོ། །ཅི་སྟེ་ཡང་འཇལ་བ་ཚད་མ་ཉིད་ཡིན་དུ་ཆུག་མེད་དེ་ཡང་ཇི་ལྟར་མངོན་སུམ་ལ་སོགས་པ་ལས་ཚད་མ་ལོགས་ཤིག་པ་ཡིན་ཞེ་ན། རྣམ ་ཤེས་དེ་ནི་ཞེས་བྱ་བ་སྨོས་སོ། །རེ་ཞིག་མངོན་སུམ་ཉིད་དུ་རིག་བ་མ་ཡིན་ཏེ། དབང་པོ་དང་དོན་འབྲེལ་པ་ལས་མ་སྐྱེས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ཆུལ་གསུམ་པ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་འདི་འདྲ་བ་ཕྱོགས་ཆོས་སུ་རྟོགས་པའམ་མཐོང་བཞིན ་པའི་བ་ལང?་ལ་སོགས་པ་ཡིན་གྲངས་འདྲ་བ་དེ་ཡང་རྟག་པ་ཉིད་དུ་རྟོགས་པ་ན་བ་ཡང་དུ་།གཏོགས་པ་རྟོག་པའམ་བ་མེན་དུ་རྟོགས་པ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་བ་ལང་ལ་སོགས་པའི་གཞལ་བར་གནས་པའི་འདྲ་བ་རྟགས་ཉིད་མ་ཡོན་ཏེ། དེ་ནི་བ ་མན་མཐོང་བ་ལས་སྔར་མ་བཟུང་བའི་ཕྱིར་རོ། །མ་བཟུང་བ་ཡང་རྟགས་ཉིད་དུ་རིགས་པ་མ་ཡིན་ཏེ། །ཧ་ཅང?་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་བ་མེན་ལ་གནས་པའི་འདྲ་བ་རྟགས་ཉིད་དུ་འགྱུར་ཏེ། དེ་དེ་ལ་བཟུང་བའི་ཕྱིར་རོ་ཞེན་?་ན་བཟུང་བ་ན་ཡོད་བ་ལང་རྗེས་སུ་དཔག་པར ་བྱེད་བ་མ་ཡིན་ཏེ། གཞི་ཐ་དད་པའི་ཕྱིར་མདོག་གི་དག་པོ་ལ་སོགས་པ་བཞིན་ན། །འོ་ན་བ་མེན་མཐོང་བ་ལས་ཕྱིས་བ་ལང་འཛིན་པའི་ཕྱིར་དེ་ལ་གཞན་པ་རྟགས་སུ་འགྱུར་ར་ཞེ་ན། དམ་བཅའ་བའི་དོན་གྱིས་ཞེས་བྱ་བ་སྨོས་ཏེ། འདྲ་བ་གཞལ་བྱ་ཡིན་པའི་ཕྱིར་དེ་ཉིད་རྟགས་སུ་མི། ་རིགས་སོ། །འོན་པ་མེན་རྟགས་སུ་འགྱུར་རོ་ཞེ་ན། འབྲེལ་པ་མེད་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལ་ཡང་གཞི་ཐ་དད་པའི་ཕྱིར་བ་མེད་ཡང་རྟགས་ཉིད་མ་ཡིན་ནོ། །འོ་ན་ཉེ་བར་འཇལ་བ་ཚད་མ་ཉིད་དུ་མ་གྱུར་མེད་ཅེ་ན། མ་རྟོགས་དོན་གྱི་ཞེས་བྱ་བ་སྨོས་ཏེ། སྔར་བ་ལང་གི་བ་ཡིན་འདྲ་བའི?་ཁྱེར ་པར་མ་བཟུང་བའི་ཕྱིར་འདྲ་བའི་ཁྱད་པར་མི་ཤེས་པའི་བ་ཡང་བསལ་བར་བྱེད་པ་ཡོད་པ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་རིགས་སོ། །གཞལ་བྱའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། བཞལ་བྱ་མེད་པའི་ཕྱིར་ཚད་མ་དྲུག་ལས་མ་གཏོགས་པའི་ཚད་མ་བཞིན་དུ་? ་བར་འཇལ་བ་ཚད་མ་ཡིན་ནོ། །ཡན་ལག་ཕལ་ཆེར་འདྲ་བ་དང་ལྡན་པའི་བདག་ཉིད་ཀྱི་འདྲ་བའི་གཞལ་བྱ་ཡོད་པ་ཡིན་ཏེ། དེའི་ཚེ་གཏན་ཚིགས་མ་གྲུབ་པོ་ཞེ་ན། དེ་ནིས་ཡིན་ཏེ། སྤྱི་བརྟག་པར་སྤྱི་རྣམས་བཀག་ཟིན་པའི་ཕྱིར་ཕལ་ཆེ་བདེ་དག་བྱང་མ་ཡིན་ལ། དེ་དག་དང་ལྡན་པ ་ཡང་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། འདི་སྙམ་དུ་སྤྱི་རྟོགས་པར་བྱེད་པའི་ཚད་མ་ཡོད་པ་ཉིད་ཡིན་ཏེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། དེ་ལ་ཚོད་མ་ནི་འདི་ཡིན་ཏེ། སྤྱིད་དངོས་པོ་ཉིད་དང་དེ་ཡང་མངོན་སུམ་གྱིས་བཟུང་བར་བྱ་བ ་ཡིན་ནོ་ཞེས་བྱ་བ་དམ་བཅའ་བ་གཉིས་སོ། །མེད་པར་གཞལ་བྱ་ལས་གཞན་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། དངོས་པོ་མེད་པའི་གཞལ་བྱ་ལས་གཞན་བྱ་གཞན་བྱ་གཞན་གང་ཡིན་པ་དེའི་རང་བཞིན་ཡིན་པའི་ཕྱིར་དོ་ཞེས་བྱ་བའི་དོན་ཏེ། ཐུན་མོང་མིན་པའི་དངོས་པོ་བཞིན་ཞེས་བྱ་བ་ནི་ ་དཔེ་སྟེ། ཐུན་མོང་མ་ཡིན་པའི་དངོས་པོ་ནི་རང་གི་མཚན་ཉིད་དོ། །སྤྱི་དོན་ཞེས་བྱ་བ་ལ་སོགས་པས་ནི་སྐྱོན་འཆད་དེ། སྤྱིའི་དོན་ཞེས་བྱ་བའི་དོན་གྱི་སྒྲ་ནི་གཞལ་བྱའི་ཚིག་གོ། །དམ་བཅའ་བ་གཉིས་བ་ལ་ཡང་སྤྱི་རང་བཞིན་མེད་པར་སྨྲ་བའི་སངས་རྒྱས་རྣམས་ལ་སྤྱིའི་དངོས་པོ ་མེད་པ་ལས་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་ལ། དངོས་པོའི་མཚན་ཉིད་ཀྱི་བསྒྲུབ་བྱ་དང་པོ་ལ་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། འདི་ལྟར་དངོས་པོ་མེད་པ་ལས་གཞན་དངོས་པོ་ཡིན་ཏེ། དངོས་པོ་ནི་དངོས་པོ་མེད ་པ་རྣམ་པར་གནོད་པའི་མཚན་ཉིད་ཡིན་པའི་ཕྱིར་དེ་ཉིད་སྒྲ་གཞན་གྱིས་གཏན་ཚིགས་ཉིད་དུ་ཉེ་བར་བླངས་ཤིང་དེ་ཉིད་ཀྱང་བསྒྲུབ་བྱ་ཡིན་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་ནོ། གཞན་ཡང་དྲན་པའི་རང་བཞིན་ཡིན་པའི་ཕྱིར་ཉེ་བར་འཇལ་བ་ཚད་མ ་མ་ཡིན་པའམ་ཡང་ན་དྲན་པ་གཞན་ཡིན་ནོ། །དེ་ལ་དྲན་པའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར། དེ་ལ་འདི་ལྟར་ཞེས་བ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་ཞེས་བྱ་བའི་དངོས་པོ་ངོ་བོ་ཉིད་ཀིས་ཡོད་པ་ཡིན་ན་ཡང་བ་མེན་གྱི་ཡན་ལག་ཁ་ཅིག་བ་ལང་དུ་གཏོགས་པའི་ཡན ་ལག་དང་ལྷན་ཅིག་མཚུངས་པར་རྟོགས་པའི་རྒྱུད་བ་ཡིན་ཏེ། མཚུངས་པར་རྟོགས་པའི་རྒྱུ་ཡན་ལག་དག་ལས་མ་གཏོགས་པ་འདྲ་བ་ཞེས་བྱ་བའི་དོན་གཞན་དུ་གྱུར་པ་ཡོད་པ་ནི་མ་ཡིན་ཏེ། དེ་དག་ལས་དོན་གཞན་དུ་གྱུར་བ་བློ་ལ་མི་སྣང་བའི་ཕྱིར་རོ།། དེ་ལྟ་བས་ན་བ་མེན ་མཐོང་བ་ལ་བ་ལ་ཡང་དུ་གཏོགས་པའི་ཡན་ལག་དག་ལ་ཕལ་ཅེར་མཐོང་བའི་སྟོབས་ཀྱིས་དྲན་བཻ་ངོ་བོར་ཤེས་པ་དེ་སྐྱེ་བ་ཡིན་གྱི་འདྲ་བར་བརྗོད་པའི་དངོས་བོའའཛིན་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྟ་ལ་སོགས་པ་ལ་ཡང་ཡན་ལག་ཕལ་ཆེ་འདྲ་བ་དང་ལྡན་པ་ཡོད་བའི ་ཕྱིར་དེ་ལ་ཡང་བ་མེན་མཐོང་བ་འམ?་བ་ལང་གི་བློ་བཞིན་ཅིའི་ཕྱིར་མི་འཇུག་འདི་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ་གཉིས་ཡང་འདྲ་བ་ཡོད་པའི་ཕྱིར། གཞན་དུ་ཞེས་བྱ་བ་ནི་གལ་ཏེ་ལན་ཅིས་མ་ཡིན་པར་མཐོང་བར་འགྱུར་ན་དྲན་པ་ཉིད་ལནི་སྐྱོན་འདི་མེད་དོ། །སྔར ་ལན་ཅིག་མ་ཡིན་པར་མཐོང་བ་གང་ཡིན་པ་དེ་ཁོ་ན་ལ་དྲན་པར་འགྱུར་བ་ཡིན་ཏེ་དྲན་པས་སད་པའི་རྒྱུ་རྣམས་ནི་ནུམ་པ་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། འདི་སྙམ་དུ་དྲན་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཅིའི་ཕྱིར་དྲན་པ་ཉིད་ཚད་མ་མ་ཡིན་ཞེ་ན། དེའི་ཕྱིར་འདི་ནི་?་བྱ་བ་ལ་སོགས ་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་དྲན་པའོ། །འདྲ་བ་དངོས་པོ་ཉིད་དུ་ཁས་བླངས་ནས་གཞན་གྱི་ལུགས་ཉིད་ཀྱིས་ཉེ་བར་འཇལ་བ་ཚད་མ་ཉིད་ཡིན་པར་བསྟེན་བ་ནི། འདྲ་བ་དངོས་པོ་ཡིན་ལ་རག། ཅེས་བྱ་བ་ལ་སོགས་པ་སྟེ་འདྲ་བ་དངོས་པོ་ཡིན་པ་དང་བ་ལང་ལ་ཡང་སྤྱི་བཞིན་དུ་བདག ་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཡིན་ལ་དག་མོད། དེ་ལྟ་ན་ཡང་བ་མེན་མཐོང་བ་ལས་བསྔལ?་བ་འང?་མདུན་ན་གནས་བར་འཛིན་པ་ན། དེ་ལ་ཐ་མི་དད་པའི་ཕྱིར་མདུན་ན་གནས་པའི་དྲ་བ་དེ་ཡང་གཟུང་བ་ཉིད་ཡིན་ཏེ་བ་ལང་གི་རང་གི་ངོ་བོ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཐ་མི་དད་པར་མི ་འགྲུབ་སྟེ། དེ་ལྟ་ཡིན་དང་གཟུང་ཟིན་པ་འཛིན་པས་དྲན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །ཅི་སྟེ་ཡང་དང་པོར་འབྲབ་ཡོད་པ་ཙམ་གྱིས་བཟུང་བ་ཉིད་ཡིན་ཏེ། བ་ལང་འདི་བ་མེན་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཚུལ་འདིས་བཟུང་བ་ནི་མ་ཡིན་ལ་ཉེ་བར་འཇལ་བ་ནི་རྣམ་པ་འདིས ་ངེས་པ་ཡིན་ཏེ། དེའི་ཕྱིར་དྲན་པའི་ངོ་བོ་ཉིད་མ་གྲུབ་པ་ཡིན་ནོ་སྙམ་ན། གལ་ཏེ་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བ་མེན་དང་འདྲ་བ་ཞེས་བྱ་བ་དི་མིང་འདིས་ཁྱད་པར་ཅན་གྱི་བ་ལང་གི་རྫས་བ་མེན་མཐོང་པ་ལམ་སྔར་མ་བཟུང་ལ། རང་གི་ངོ་བོས་ནི་འཛིན་པ་ཉིད་ཡིན་ཏེ། དེའི ་རང་བཞིན་གང་ཡིན་པ་དེ་ནི་འཛིན་བ་ཞེས་བྱ་བའི་ཐ་ཚིག་གོ། རང་བཞིན་དེ་ཡང་གང་ཡིན་ཞེན། འདིའི་བདག་གང་གཟུང་བ་ཉིད་དུ་བརྗོད་པ་ཡིན་ཞེས་བྱ་བ་སྨོས་ཏེ་བ་ལང་གི་གོང་དུའི་རང་བཞིན་གང་ཡིན་པ་དེ་ནི་བདག་ཉིད་བརྗོད་དོ་རང་གི་ངོ་བོས་ཏེ། རང་བཞིན་གྱི་མཚན་ཉིད་དེས་བཟུང་བ་ཡིན་ནོ ་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་གཟུང་བ་ཡིན་ན་དེ་ལས་ཅིར་འགྱུར་ཞེ་ན། ཡོངས་སུ་ཤེས་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གང་གིས་དངོས་པོ་བཟུང་ཡང་སྔར་མིང་དེ་མི་འཛིན་པ་ན་མི་འཛིན་པར་འགྱུར་བ་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ལ་མིང་ཡོད་པ་མ་ཡིན ་ལ་ཁྱད་པར་དུ་མངོན་སུམ་ངེས་པའི་བདག་ཉིད་དུ་སྨྲ་བ་རྣམས་ལ་མ་བཟུང་ངོ་ཞེས་བྱ་བ་དེ་ལྟ་བུ་བརྗོད་པར་མི་རིགས་སོ། །གཞན་ཡང་འདི་དང་མཚུངས་སོ་ཞེས་ཤེས་པའི་ཕྱིར་འདི་ཙམ་གྱིས་ཤན་གྱིས་ཚད་མ་གཞན་རྟོགས་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ། །འདི ་ལྟར་མངོན་གསུམ་རྗེས་དཔག་སྒྲ་ལས་བྱུང། །ཉེ་བར་འཇལ་བ་དང་ལྷན་ཅིག། དོན་གྱིས་གོ་རང་དངོས་མེད་དག། འདི་དག་བསྒྲུབ་བྱ་སྒྲུབ་བྱེད་ཡིན། །ཞེས་བྱ་བས་ཚད་མ་རྣམས་གྲངས་ཡོངས་སུ་ཆད་པར་མི་འགྱུར་རོ་ཧ་ཅང་ཐལ་པར་འགྱུར་བ་དེ་ཉིད ་བསྟན་པའི་ཕྱིར། ཤིང་གི་ཕྲེད་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་གྲོག་མོ་ལ་སོགས་པའི་ཕྲེང་བ་བཟུང་ངོ། །ཤིང་གི་ཕྲེང་བ་ལ་སོགས་པའི་མཐོང་བའི་དུས་སུ་ཤིང་དང་པོ་འཛིན་པ་ལས་འདི་ནི་ཤིང་དང་པོའོ་སྙམ་པའི་ངེས་པར་མི་སྐྱེ ་ལ་ཤིང་གཉིས་པ་དམིགས་པ་ན་ནི་ཡལ་ལ་ཅན་དང་པོ་ལ། །འདི་ནི་ཡལ་ག་ཅན་དང་པོའི་སྙམ་དུ་ངེས་པ་འདི་སྐྱེ་བ་གང་ཡིན་པ་དེ་ཚད་མ་གཞན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདྲ་བ་ལ་སོགས་པ་ལ་བལྟོས་པ་མེད་པའི་ཕྱིར་རོ། །འདྲ་བ་ལ་སོགས་པ་ལ་བལྟོས་པ་མེད་པའི་ཕྱིར་རོ། །འདྲ་བ་ལ་མི་བལྟོས་པའི་ཕྱིར་ཉེ་བར ་འཇལ་བ་མ་ཡིན་ལ། དབང་པོའི་བྱེད་པ་ལ་མི་བལྟོས་པའི་ཕྱིར་མངོན་སུམ་མ་ཡིན་ཞིང། རྟགས་ལ་བལྟོས་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ལ་སྒྲལ་མི་བལྟོས་པའི་ཕྱིར་སྒྲ་ལས་བྱུང་བ་མ་ཡིན་ཞིང། མཐོང་བ་དང་ཐོས་པའི་དོན་གཞན་དུ་མི ་འཐད་པ་ལ་མི་བལྟོས་པའི་ཕྱིར་དོན་གྱིས་གོ་བ་མ་ཡིན་ལ། ཚད་མ་དང་གཞལ་བྱ་ལོག་པ་ལ་མི་བལྟོས་བའི་ཕྱིར་དངོས་པོ་མེད་པ་ལ་ཡིན་ནོ། །དེ་བཞིན་དུ་འདི་ལས་འདི་སྔ་འདི་ཕྱིར་ཞིང། །འདི་ཚེ་རིང་དག་ཐུང་བ་ཞེས། །དེ་ལྟ་བུ་སོགས་ཤེས་པ་ལ། ཚང ་མ་ཐུག་པ་མེད་དར་འགྱུར། །ཞེས་བརྗོད་པར་བྱའོ། །དྲན་པ་ཡིན་པས་བཟུང་ཞིང་པ་འཛིན་པའི་ཕྱིར་འདི་ཚང་མ་གཞན་མ་ཡིན་ནོ་ཞེ་ན། གཟུང་ཟིན་པ་འཛིན་པ་ཉིད་ནི་ཉེ་བར་འཇལ་བ་རྣམས་ལ་ཡང་མཚུངས་སོ། །ཉེ་བར་འཇལ་བ་རྣམས་ཞེས་བྱ་བ་ནི་གསལ་བ་ཐ་དད་པས ་མད་པའི་ཚིག་གོ། །གཞན་ཡང་ཇི་ལྟར་བ་མེན་མཐོང་བ་ལས་བ་ལང་ལ་ཆོས་མཐུན་པ་ཉིད་ཀྱི་ཤེས་པ་ཚད་མ་གཞན་དུ་རྣམ་པར་འཇོག་པ་དེ་བཞིན་དུ་བ་མེན་མཐོང་བ་ལས་རྟ་ལ་སོགས་པ་མི་འདྲ་བའི་ཤེས་པ་ལ་ཡང་ཅིའི་ཕྱིར་ཚད་མ་གཞན་དུ་རྣམ་པར་མི་འཇོག། དངོས ་པོ་མེད་པའི་ཚད་མའི་ཁོངས་སུ་འདུས་པའི་ཕྱིར་ཚད་མ་གཞན་མ་ཡིན་ནོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ལ་དམིགས་པའི་ཕྱིར་ཏེ། དངོས་པོ་མེད་པའི་ཡུལ་ནི་མེད་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་མི་འདྲ་བ་ནི་འདྲ་བ་མེད་པ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ ་མེད་པའི་ཁོངས་སུ་འདུས་པ་ཡིན་སྙམ་དུ་སེམས་ན། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་མེད་པ་ཉིད་ཡིན་ཏེ། གལ་ཏེ་མེད་པའི་ངོ་བོ་གཞན་མ་རྣམ་པར་འཇོག་པ་དེའི་ཚེ་འདྲ་བའི་བློ་དག་ལ་སྟེ་ཉེ་བར་འཇལ་བར་འདོད་པ་དེ་དག་ལས་འདྲ་བའི་གཞལ་བྱ་དེ ་མཚུངས་ཏེ་འདྲ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་ལྟར་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མི་འདྲ་བའི་ཤེས་པ་དེ་ལ་འདྲ་བ་དང་བྲལ་བར་རྟོགས་བ་དེ་བཞིན་དུ་འདྲ་བའི་ཤེས་པ་ཡང་ཡན་ལག་ཐམས་ཅད་མཚུངས་པ་དང་ལྡན་པར་རྟོགས་པའི་ཕྱིར་མི་འདྲ་བའི་ཤེས་པ་བཞིན་དུ ་དངོས་པོ་མེད་པའི་ཁོངས་སུ་གཏོགས་པར་འགྱུར་རོ། །འདི་ཉིད་ལ་འཐད་པ་བཤད་པ་ནི་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། །གང་གིས་ཞེས་བྱ་བ་ནི་རྒྱུ་བསྟན་པ་སྟེ། གང་གིས་ཏེ་གང་གི་ཕྱིར་མི་འདྲ་བའི་ཤེས་པ་ལ་ཡན་ལག་ཕལ་མཚུངས ་པ་དང་ལྡན་བར་རྟོགས་ཀྱི་ཡན་ལག་ཐམས་ཅད་མཚུངས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་ཡང་ཕན་ཚུན་མེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་ཡན་ལག་ཐམས་ཅད་མཚུངས་པ་དང་ལྡན་པར་གྱུར་ན། དེའི་ཚེ་བ་མེན་དེ་ཉིད་དུ་སྟེ་བ་ལང་ཉིད་དུ་ཐལ་བར་འགྱུར་རོ། །ཁ ་ཅིག་ཅེས་བྱ་བ་ནི་རིགས་པ་ཅན་རྣམས་སོ། །དེ་དག་ནི་ཉེ་བར་འཇལ་བའི་མཚན་ཉིད་སྐད་དུ་རབ་ཏུ་གྲུབ་བའི་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་ནི། ཉེ་བར་འཇལ་བ་ཞེས་ཟེར་ཏེ། གྲུབ་པའི་ཆོས་མཐུན་པའམ། གྲུབ་པས་ཆོས་མཐུན་པའི་གྲུབ་པ་གང་ལ་ཡོད་པའི་ཆོས་མཐུན་པ་ནི་? ་མིན་ནོ། །དེའི་ཕྱིར་དེ་ལ་བརྟེན་ནས་བསྒྲུབ་བྱའི་ནི་དེ་དང་དེ་མིང་ཅན་འབྲེལ་བ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བ་ཡིན་ནོ། །དེ་བཞིན་དུ་ལུང་གིས་བསྒོས་པའི་འདུ་བྱེད་ཀྱི་དྲན་པ་ལ་བལྟོས་པའི་ཤེས་པས་བརྗོད་པ་དང་འབྲེལ་པ་རྟོགས་པ་ནི་ཉེ་བར་འཇལ་བའོ་ཞེའོ། །དོན་འདི་ཉིད་གཞན་གྱིས ་གཞན་དུ་འཆད་དེ། བ་མེན་ནི་པ་ལང་དང་འདྲའོ་ཞེས་བྱ་བའི་བསྒྲེ་པའི་དག་ནི་ལུང་ཡིན་ལ་དེས་བསྒོས་པའི་འདུ་བྱེད་ཅེས་བྱ་བ་གང་ཡིན་པ་དེ་ནི་ཡོན་ཏན་ཏེ། དེས་ན་འབྲོག་དུ་བ་མེན་མཐོང་བ་ལས། བསྒྲེ་བའི་དག་ལས་དྲན་བ་གང་ཡིན་པ་སྐྱེ་བ་ཡིན་ནོ།། ་དེ་ལ་བལྟོས་ནས་ཆོས་མཐུན་པའི་ཤེས་པ་གང་ཡིན་པ་དེ་སྐད་ཅེས་བྱའོ། །བརྗོད་བ་ནི་མིང་སྟེ། སྒྲ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ལྷན་ཅིག་པའི་དོན་འབྲེལ་པ་རྟོག་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའོ་ཞེས་བྱ་བ་དོན་མཚུངས་པ་འདི་ཡིན་ནོ། །དེ་ལ་ཡང་ཞེས ་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། དེ་ལ་སྟེ་བསྒྲེ་བའི་དག་ཐོས་པའི་དུས་ནི་མིང་དང་མིང་ཅན་འབྲེལ་པ་རྟོགས་པ་ལས་སྔར་སྐྱེས་པའི་ཕྱིར་ཕྱིས་སྐྱེས་བ་བཞིན་བ་ན་བཟུང་ཟིན་པ་འཛིན་བའི་ཕྱིར། དྲན་པ་བཞིན་དུ་ཚད་མ་མ་ཡིན་ནོ། །འདི་སྙམ་དུ ་བཟུང་ཟིན་པ་འཛིན་པ་ཡང་ཡིན་ལ་ཚང་མར་ཡང་འགྱུར་རོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཡོད་ཅེ་ན། བྱེད་པའི་དོན་དང་མི་ལྡན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བྱེད་བའི་དོན་འདི་མ་གྲུབ་པའི་ལས་ལ་འཇུག་པས་སྒྲུབ་བྱེད་དམ་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་སྔར ་མིང་དང་མི་འབྲེལ་པ་རྟོགས་པ་མ་སྐྱེས་པ་ཉིད་ཡིན་ཏེ། དེ་བས་ན་བཟུང་ཟིན་པ་འཛིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན་ཅི་སྟེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དང་པོ་མིང་དང་འབྲེལ་བ་རྟོགས་པ་དེ་སྐྱེ་བར་མི་འགྱུར་བ་དེའི་ཚེ་གང་གིས ་བ་མིན་འདིའི་མིང་སྔར་བདག་གིས་ཐོས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པའི་རྟོགས་པ་སྐྱེ་བར་མི་འགྱུར་རོ། །འདི་ཉིད་ལ་འཐད་པ་བཤད་པ་ནི་འདི་ལྟར་ཞེས་བྱ་བའོ། །གནས་མ་བུ་བས་སྨྲས་པ་ལུང་ལས་སྤྱིར་རྟོགས་པ་ཁྱད་པར་གཏོགས་ཁོ་ན་ཉེ་བ་འཇལ་བ་ལས ་ཡིན་ནོ་ཞེས་བྱ་བ་གལ་ཏེ་ཉེ་བར་འཇལ་བ་མཁོ་བར་ཞེས་བྱ་བས་འདིའི་ལུགས་ཀྱིས་དགོགས་པ་བསུ་བ་ཡིན་ནོ། །ཉེ་བར་འཇལ་བ་སྟེ་བསྒྲེ་བའི་དག་ཉེ་བར་མཁོ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་འདི་ཉིད་ཚིགས་སུ་བཅད་གཉིས་བས་སྟོན་པ་ནི་དེ་ཡེ་ཞེས་བྱ ་བ་སྟེ། ཁྱད་པར་ཡུལ་ཅན་ནི་བ་མེན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མི་རིགས་ཞེས་བྱ་བ་མི་རིགས་འདི་ནི་རིགས་བྱང་དེ་དང་འབྲེལ་ལོ། །འདིར་མིང་དང་འབྲེལ་བ་རྟོགས་པ་ན་དེའི་སྟེང་གི་དོན་གཞན་རྟོགས་པར་རིགས་པ་མ་ཡིན་ཏེ། ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་བ་དེ་ཉིད་བཤད་པའི་ཕྱིར་ལག་རྒྱན་ཞེས་བྱ་བ་སྨོས་ཏེ། ལག་རྒྱན་ནི་གདུ་བུ་ཞེས་བྱ་བའི་རྒྱན་ཏེ། དེ་མཚར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལག་རྒྱན་མཚར་པོ་ཅན་གང་ཡིན་པ་དེ་ནི་ལྷས་བྱིན ་ཞེས་བསྟན་ལ་ཁ་ཅིག་དུས་གཞན་དུ་དཔུང་རྒྱན་མཚར་པོ་ཅན་གྱི་སྒྲ་དེ་ལ་མཛེས་པའི་རྩོད་པན་གྱི་མཆོད་སྦྱིན་རྟོགས་པ་ནི་མ་ཡིན་ནོ། །ཅོད་པན་ནི་དབུ་རྒྱན་ནོ། །ད་ནི་མཛེས་པ་ཡང་ཡིན་ལ་ཅོ་དེ་པ་ན་ཡང་ཡིན་པས་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། དེ་ལྟ་བས་ན་ཡ་ཅང ་ཐལ་བར་འགྱུར་དུ་འོང་བས་རྣམ་པར་རྟོག་པས་སྒྲོ་བརྟགས་པའི་དོན་གང་ལ་ཕྱི་རོལ་གྱི་དོན་དུ་ཞེན་པའི་བློས་མིང་དེ་ཐ་དད་བཟུང་ཟིན་པ་ཡིན་ནོ། །བ་མེན་དམིགས་པ་ན་ཡང་དེ་ཉིད་ལ་མིང་དེ་རྟོགས་པ་ཡིན་གྱི། ཕྱི་རོལ་རང་གི་མཚན་ཉིད་ཀྱི་བ་མིན་དུ་བརྗོད་པ་ལེན་མ་ཡིན་ནོ ་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ཉིད་སྤྱི་ཞེས་ཐ་སྙད་དུ་བྱེད་ཀྱི་གཞན་གྱིས་ཀུན་ཏུ་བརྟགས་པ་ནི་མ་ཡིན་ཏེ། དེ་ནི་བསལ་ཟིན་པའི་ཕྱིར་རོ་འོན་ཇི་ལྟར་ཕྱི་རོལ་རང་གི་མཚན་ཉིད་དུ་རློམ་ཞེས་ན། སྣང་བ་རྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་རང་གི་མཚན་ཉིད་ལ ་སྒྲ་ལ་སོགས་པ་འཇུག་པ་ལ་འགལ་བ་ཅི་ཡོད་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྒྲའི་དོན་བརྟགས་པར་རྒྱས་པར་སྒྲ་དང་རྣམ་པར་རྟོག་པ་རྣམས་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་པ་བསལ་ཟིན་ཏེ། དེ་ལྟ་བས་ན་རྟོག་པས་སྒྲོ་བཏགས་པ ་ཉིད་སྒྲའི་དོན་ཡིན་ནོ། །ཡང་ན་སྒྲ་དང་རྟོགས་པ་དེ་དག་གིས་སྤྱོད་ཡུལ་རང་གི་མཚན་ཉིད་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་ཉེ་བར་འཇལ་བ་ཚད་མ་གཞན་མ་ཡིན་ནོ། །ཇི་ལྟར་ཚུལ་གསུམ་བའི་རྟགས་ཀྱིས་བསྐྱེད་པ་མེད་པར་འདི་རྗེས་སུ་དཔག་པའི་ཁོངས་སུ་འདུ ་ཞེས་དོགས་པ་བསུ་ནས་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པ་ཉིད་བསྟན་པའི་ཕྱིར། འདིའི་ཚུལ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་དང་འདྲ་བ་ནི་གཏན་ཚིགས་སོ། །བ་མེན་སྒྲའི་སྤྱོད་ཡུལ་ཅན་ནི་བསྒྲུབ་བྱའི་ཆོས་སོ། །བརྡ་འཛིན་པའི་དུས་ན་རྣམ་པར་རྟོག་པའི ་བློ་ལ་སྣང་བའི་བློ་ལ་གནས་པའི་བ་མེན་ནི་དཔེའོ། །སྣང་བཞིན་པའི་བ་མན་ནི་ཆོས་ཅན་ནོ། །འདི་སྙམ་དུ་བཞིན་ནི་ཟ་བར་འདྲའོ་ཞེས་བྱ་བའི་བདྲ་དུས་དེ་བ་མེན་བློ་ལ་མི་གནས་པ་ཡིན་ཏེ། དེ་ལྟ་ཡིན་དང་དཔེ་མ་གྲུབ་པའི་ནོ་སྙམ་དུ་སེམས་ན་བློ་ལ་གནས་པོའང་ཞེས་བྱ་བ་འཆང་གུ་སྒྲའི་དོན་ནི་མིག་གི་སྤྱོད་ཡུལ་མ་ཡིན་པ་འབའ་ ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །གལ་ཏེ་བློ་ལ་བ་ལང་གི་འདྲ་བ་ཉིད་རྗེས་སུ་འཇུག་པ་ཅུང་ཟད་ཀྱང་མི་སྣང་བར་འགྱུར་བ་དེའི་ཚེ་འདི་ལ་བ་ལང་དང་འདྲའོ་ཞེས་བྱ་བའི་བརྡ་ཅི་ལ་བརྟེན་ནས་བྱེད་།བརྡ་ཡང་བྱེད་དེ་དེའི་ཕྱིར་བློ་ལ་གནས་པའི་བ་ལང་དང་འདྲ་བའི་རྗེས་སུ་འཇུག་པའི་རྣམ ་པ་འགའ་ཞིག་བརྡའི་དུས་ན་སྣང་ངོ་ཞེས་ཁས་བླང་བར་བྱ་དགོས་སོ། །དེ་ལྟར་རེ་ཞིག་ཉེ་བར་འཇལ་བའི་གཞལ་བྱ་དང་སྒྲ་དང་དོན་གྱི་འབྲེལ་བ་ཡིན་པར་ཁས་བླངས་ནས་བཟུང་ཟིན་པའི་འཛིན་པ་དང་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་འདི་ཚད་མ་མ་ཡིན་ནོ་ཞེས་བསྒྲུབས་ནས། ་ང་ནི་འབྲེལ་པ་ཅན་ལས་མ་གཏོགས་པའི་འབྲལ་བ་གཞན་ཡོད་པ་མ་ཡིན་ལ། འབྲེལ་པ་ཅན་དེ་དག་ཀྱང་ཚད་མ་གཞན་གྱིས་བཟུང་ཟིན་ཏེ། འདི་ལྟར་བརྡའི་དུས་ན་སྒྲ་སྣང་བའི་ཤེས་པས་བཟུང་ལ་ཕྱིས་མདུན་ན་གནས་པའི་པ་མིན་མིང་གིས་བཟུང་སྟེ། གང་གིས་ཉེ་བར ་འཇལ་བ་ཚད་མ་ཉིན་འགྱུར་བ་དེ་དག་ལས་གཞན་པའི་གཞལ་བྱ་ཅི་ཞིག་ཡོད་འདི་བསྟན་པའི་ཕྱིར། འབྲེལ་པ་ཅན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་བཟུང་ཟིན་པ་འཛིན་པའི་ཕྱིར་ཡང་ཚད་མ་མ་ཡིན་པ་ཉིད་དུ་བཤད་དོ། །བསྒྲུབས་ཟིན་ཏོ་ཞེས་བྱ་བ་ན་ལས ་གྱི་ཚིག་གི་དོན་བརྟག་པ་རོ། །གལ་ཏེ་འདི་སྙམ་དུ་རྣམ་ལ་སོགས་པའི་ཤེས་པ་སོ་སོར་འབྲེལ་པ་ཅན་བཟུང་ལ་དེ་དག་སྦྱོར་བ་ནི་ཉེ་བར་འཇལ་བས་བྱེད་དེ། དེ་ལྟ་བས་ན་ཉེ་བར་སྦྱར་བ་ནི་སྦྱོར་བས་ཚད་མར་འགྱུར་རོ་སྙམ་དུ་སེམས་ན། ལེགས་ཤིག་ཅེས་བྱ་བ་ལ་སོགས་པ་སྨྲས་སོ ་དྲི་ཞིམ་མངར་བ་ལ་སོགས་བཞིན། །ཞེས་བྱ་བ་ནི་བདུན་པའི་དོན་ལ་འདྲ་བ་ཡིན་ནོ། །ཇི་ལྟར་དངོས་པོ་ཉམས་སུ་མྱོང་བཞིན་པ་གང་ཡིན་པ་དེ་ནི་མངར་བ་ཡིན་ལ་འདི་ནི་དྲི་ཞིམ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཡུལ་བཟུང་ཟིན་བ་སྦྱོར་བའི་བདག་ཉིད་ཀྱི་ཤེས་པ་ནི་ཚད་མ་མ་ཡིན ་པ་དེ་བཞིན་དུ་འདི་ཡང་འགྱུར་བའི་ས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། དེའི་ཕྱིར་ནི་དེ་ལྟ་བས་ན། མིང་དང་སྦྱོར་བའི་རིག་པ་ནི་མང་དང་འབྲེལ་པའི་ཤེས་པ་སྟེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་དྲན་པ་ལས་འདས་པ་མ་ཡིན་ནོ། །འདི་སྙམ་དུ་འབྲེལ་པ་ནི་གང་དུ་ཡང་ཆོས ་མཐུན་པའི་སྒོ་ནས་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་སུ་མིང་ཅན་བསྟན་ནས་འདི་ནི་བ་ལང་ངོ་ཞེས་དེ་ལྟར་བྱེད་པར་མཐོང་གི། ཡུལ་ལྐོག་ཏུ་གྱུར་པ་ལ་ནི་མ་ཡིན་སྙམ་དུ་སེམས་ན། མཛའ་ཡས་ཞེས་བྱ་བ་ལ་སོགས་པ་སྨྱོས་ཏེ། ཀུན་བཤད་དང་ལྡན་པ་རིགས་པ་ནི། ཞེས་བྱ ་བ་ནི་མིང་འབྲེལ་པའི་ཤེས་པའོ། །མིའི་བདག་པོ་སོགས་ལ་ཞེས་བྱ་པ་ནི་རྒྱལ་པོ་ལ་སོགས་པ་ལའོ། །ཐབས་མཛའ་ཡས་པ་བསྐྱེད་པ་ད་ཉིད་བསྟན་པའི་དོན་ཏུ་དཔེ་བརྗོད་པ་བཤད་པ་ནི། དེ་དག་ནང་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་ཁ་ཅིག་གིས་འགའ་ཞིག ་ལ་ནུ་བོ་བྱ་བ་འདི་སོངས་ཤིག། རྟ་དང་གླང་པོ་ལ་ཞོན་པའི་སྐྱེས་པུ་མང་པོ་དང་ལྷན་ཅིག་འགྲོ་བའི་མིའི་བདག་པོ་ལ་བལྟོས་ཤིག་ཅེས་སྨྲས་པ་དང་ངེས་དེ་ལ་དེ་དག་གི་ནང་ནས་མེའི་བདག་པོ་གང་ཡིན་ཞེས་སྨྲས་སོ། །ངེས་གདུགས་དཀར་པོས་ཉི་མའི་འོད་ཟེར་སྐྱོབ་པ་གང་ཡིན་པ ་དེ་ནི་དེ་དག་གི་ནང་ནས་མིའི་བདག་པོ་ཡིན་ནོ་ཞེས་སྨྲས་སོ། །དེས་གདམས་པ་དེ་བཟུང་ནས་སེང་སྟེ་མཐོང་ནས། །ཇི་སྐད་དུ་བཤད་པའི་ཁྱད་པར་དུ་བྱས་པའི་རྒྱལ་པོ་དེ་ལ། །འདིའི་མིང་ནི་མིའི་བདག་པོ་ཡིན་ནོ་ཞེས་བློ་སྐྱེ་བ་གང་ཡིན་པ་དེ་ཡང་ཁྱེད་ཀྱི་ལུགས་ཀྱི་ཚོད་མ་གཞན་དུ་འགྱུར ་རོ་ཅིའི?་ཕྱིར་ཞེ་ན། ཆོས་མཐུན་པ་ལ་སོགས་པ་ལ་བལྟོས་པ་མེད་པའི་ཕྱིར་ཏེ། འདིས་ནི་ཚད་མ་བཞིའི་ཁོངས་སུ་མ་འདུས་པར་བསྟན་པ་ཡིན་ནོ། །གནས་མ་བུ་པས་རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་གཞལ་བྱ་མེད་པའི་ཕྱིར་ཆད་མ་གཉིས་ཁོ་ནའོ་ཞེས་བྱ་བ་འདི་གཞིག ་པའི་ཕྱིར་ཚང་མ་བྱེད་པ་ནི་མངོན་སུམ་ནི་རྗེས་སུ་དཔག་པ་ལས་མ་གཏོགས་པ་ཚད་མ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་ནོ། །རྗེས་སུ་དཔག་པ་ཡང་མངོན་སུ་ངན་ལས་མ་གཏོགས་ལ་ཚད་མི་གཞན ་གཉིས་བ་དང་པོ་ཆས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་མངོན་སུམ་བཞིན་ནོ། །དེ་བཞིན་དུ་རང་གི་མཚན་ཉིད་ནི་སྤྱིའི་མཚན་ཉིད་ལས་མ་གཏོགས་པའི་གཞལ་བྱ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་སྤྱིའི་མཚན་ཉིད་བཞིན། །སྤྱིའི་མཚན ་ཉིད་ཀྱང་རང་གི་མཚན་ཉིད་ལས་མ་གཏོགས་པའི་གཞལ་བྱ་གཞན་གཉིས་པོ་དད་བཅས་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་རང་གི་མཚན་ཉིད་བཞིན་ནོ། །ངེས་སྟོན་པའི་གཞན་དག་རྗེས་སུ་དཔག་པ་ལས་ཤེས་བྱ་སྟེ་ལྡན་པའི་བྲེལ་པ་སྟེ། གཉིས་པ་དང ་བཅས་པ་ཞེས་བྱ་བ་ཐ་ཚིག་གོ། །འདི་ནི་ཉེ་བར་མཚོན་པ་སྟེ། གཞལ་བྱ་གཞན་སྒྲུབ་པར་བྱེད་པ་ལ་ཡང་དག་པར་བྱའོ། །གཏན་ཚིགས་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་ལ་གནོད་པ་བྱེད་པ་ལ་བསྟན་པའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་གིས་འབྲེལ་པ་མ་བསྟན་པ་མ་ངེས ་པ་ཡིན་ཏེ། གཏན་ཚིགས་ཐམས་ཅད་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་?་བའི་ཕྱིར་རོ། །གཞན་ཡང་མངོན་སུམ་དང་རྗེས་སུ་དཔག་པ་དང་ཉེ་བར་འཇམ་བ་དང་སྒྲ་ལས་བྱུང་བ་སྟེ་ཚད་མ་བཞི་ཡིན་ནོ་ཞེས་བྱ་བའི་གྲངས་ངེས་པ་བསལ་བ་ཡིན་ཏོ། །རྣམ་པ་འདིས་ཚད་མ ་གཞན་སྲིད་པའི་ཕྱིར་རོ། །འདི་ལྟར་ཇི་སྐད་དུ་བརྗོད་པར་ནུས་ཏེ། མངོན་སུམ་ནི་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང། སྒྲ་ལས་བྱུང་བའི་བརྗོད་པ་ལ་མ་གཏོགས་པ་ཚད་མ་གཞན་གཉིས་པ་དང་བས་པ་ཡིན་ཏེ་ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་ནོ། །གང་ཡང་སྤྱི་དང ་ཁྱད་པར་དང། སྤྱི་དང་ཁྱད་པར་དང་ལྡན་པ་ཞེས་བྱ་བ་གཞལ་བྱ་རྣམ་པ་གསུམ་འདོད་པ་དེ་ཡང་བསལ་བ་ཡིན་པ་རྣམ་པ་འདི་གཉིས་ཀྱིས་གཞལ་བྱ་གཞལ་སྒྲུབ་པར་བྱེད་པ་སྲིད་པའི་ཕྱིར་རོ། །འདི་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ནི་ཁོ་བོ་ཅག་གི་མཐང་འགྱུར་བས་སྤྱོད ་པས་ཆོག་གོ། །ཉེ་བར་བཞལ་བ་རྣམ་པར་དཔྱད་པའོ།། །།དོན་གྱིས་གོ་བའི་དབང་དུ་བྱས་ནས། གང་དུ་ཆད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་དུས་ལ་སོགས་པ་གོང་དུ་མངོན་སུམ་དང་རྗེས་སུ་དཔག་པ་དང། ཉེ་བར་འཇལ་བ་དང། སྒྲ་ལས་བྱུང ་པ་དང། དོན་གྱིས་གོ་བ་དང། དངོས་པོ་མེད་པ་ནི་མཚོ་དེ་ཉིད་ཀྱི་ཆད་པ་དྲུག་པོ་རྣམས་ཀྱིས་ཡོངས་སུ་བཅད་པའི་དོན་གཞན་དུ་མི་འཐད་པ་ཡིན་ཏེ། གལ་ཏེ་དེ་ལྟ་བུར་གྱུར་པའི་དོན་དུ་མ་གྱུར་པ་ཡང་དེ་ལྟ་བུ་ཡིན་པས་སྐྱོན་ཏུ་གྱུར་པའི་ཡུལ་རྟོགས་པ་གང་ཡིན་པ་དེ་ནི་དོན་གྱིས་ཤོ་བཱ ་ཆད་པ་ཡིན་ནོ། །བརྗོད་ཅེས་བྱ་བ་ནི་རི་ཁྲོད་རྫས་ཏེ། ཇི་སྐད་དུ་མཐོང་བའམ་ཐོས་པའི་དོན་གཞན་དུ་མི་འཐད་པའི་ཕྱིར་མ་མཐོང་བ་རྟོགས་པ་སྟེ?། འདི་ལྟ་སྟེ་དཔེར་ན་ལྟའི་བྱིན་མ་ཤེལ་ཁྱིམ་དུ་མ་མཐོང་བས་ཕྱི་རོལ་ན་ཡོད་པར་རྟོག་པ་ལྟ་བུའོ་ཞེས་བཤད་པ་ལྟ་བུའོ། །མཐོང ་བ་ནི་སྒྲ་ལས་བྱུང་བ་ལས་མ་གཏོགས་པའི་ཚད་མ་ལྔས་རྟོགས་པའོ། །ཐོས་པ་ནི་སྒྲ་ལས་བྱུང་བའི་ཚད་མས་རྟོགས་པའོ། །དེ་ལ་ཆད་མ་དྲུག་སྔོན་དུ་འགྲོ་བ་ཅན་གྱི་དོ་གྱིས་ལས་རིམས་བཞིན་དུ་དཔེར་བརྗོད་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་ལ་སྨོས་ཏེ། དེ་ལ་མངོན་སུམ་སྔོན་དུ་འགྲོ་བ་ཅན ་གྱི་དོན་གྱིས་གོ་བ་ན་དཔེར་ན་མངོན་སུམ་གྱིས་སྲོག་པར་ཉམས་སུ་མྱོང་བའི་མིའི་སྲེག་པའི་ནུས་པ་རྟོགས་བ་ལྟ་བུའོ། །རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ནི་དཔེར་ན་ཡུལ་གཞན་དུ་ཕྱིན་པས། རྗེས་སུ་དཔག་པའི་འགྲོ་བ་ལས་ཉི་མ་འགྲོ་བའི་ནུས་པ་དང་ལྡན་པར་རྟོགས་པའི་ལྟ་བུའོ། །ཐམས ་ཅད་དུ་དངོས་པོ་ཐམས་ཅད་ཀྱི་ནུས་པ་རྣམས་ཀྱང་འབྲས་བུ་ལས་དོན་གྱིས་གོ་བས་སྒྲུབ་པར་བྱེད་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཡང་དོན་གྱིས་གོ་བ་ཡིན་ཏེ། རེས་འགའ་གང་གི་ཚོ་མངོན་སུམ་གྱིས་འབྲས་བུ་དམིགས་ནས་རྒྱུའི་ནུས་པ་རྟོགས་པ་ནི་?་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད ་ཡིན་ལ། གང་གི་ཚེ་རྗེས་སུ་དཔག་པ་ལ་སོགས་པ་ལས་འབྲས་བུ་རྟོགས་ནས་རྒྱུའི་ནུས་པ་རྟོགས་པ་དེའི་ཚེ་རྗེས་སུ་དཔག་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱི་འབྲས་བུ་དོན་གྱི་གོ་བར་འགྱུར་རོ་འབྲས་བུའི་གཞན་དུ་མི་ཚད་མ་གསལ?་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུའི་ནུས་པ ་དང་པོ་ཉིད་དུ་བཟུང་ཟིན་ཏོ་ཞེས་ནི་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་ནུས་པ་དེ་དག་ཐམས་ཅད་ཐམས་ཅད་དུ་སྔོན་མེད་པ་རྟོགས་ཏེ་དེན་རྟོགས་ཟིན་པའི་དོན་རྟོགས་པ་ཉིད་མེད་པའི་ཕྱིར་ཚད་མར་འགྱུར་བ་ཉིད་ཡིན་ནོ། །དེ་ལ་འདི་སྙམ་དུ་ནུས་པ་རྣམས ་ནི་འབྲས་བུའི་རྟགས་གྱི་རྗེས་སུ་དཔག་པར་བྱ་བ་ཡིན་གྱི་དོན་གྱིས་གོ་བའི་ཚད་མའི་གོ་བར་བྱ་བ་ནི་མ་ཡིན་ནོ་སྙམ་ན་འབྲེལ་པར་ཟུང་བ་བྱེད་པར་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འབྲེལ་པ་བཟུང་བ་མེད་པར་གོ་བར་བྱེད་པ་དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ།། ་འབྲེལ་པ་འཛིན་པ་མེད་པ་དེ་ཉིད་བསྟན་པའི་ཕྱིར་གང་གིས་འདི་ལ་ཞེས་བྱ་བ་སྨྲོས་ཏེ། ནུས་པ་འདི་དག་གི་འབྲས་བུ་དང་ལྷན་ཅིག་འབྲེལ་པ་རྗེས་སུ་དཔག་པའི་དུས་ལས་སྔར་ཚང་བ་ལ་སོགས་དང་མེ་དང་དུ་དེ་བཞིན་དུ་བཟུང་བ་ཡང་མ་ཡིན་ཏེ། དབང་པོ་ལས་འདས ་པའི་ཕྱིར་རོ། །འདིས་ནི་རྗེས་སུ་འགྲོ་བ་མེད་པ་བརྗོད་དོ། དེ་ལྟ་རྗེས་སུ་དཔག་པའི་དུས་འབྲལ་པ་འཛིན་པ་ཡང་མ་ཡིན་ཏེ། དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་ཏེ། འདིས་ནི་ཕྱོགས་ཀྱི་ཆོས་མེད་པར་བཤད་དོ། །རྒྱུ་ལ་བརྟན་པའི་ནུས་པ་རྣམས་ནི་འབྲས་བུའི་ཆོས་སུ་རིགས་པ ་མ་ཡིན་ནོ། །གཞན་ཡང་གང་གི་ཚེ་སྣང་བ་ལ་སོགས་པར་རྟོགས་བའི་ནུས་པ་ཕྱོགས་སུ་བྱེད་པ་དེའི་ཚེ་རྣམ་པ་ལ་སོགས་པའི་ནུས་པ་ཕྱོགས་སུ་བྱས་པ་ལ་ནུས་པ་བསྒྲུབ་བའི་ཕྱིར་གཏན་ཚིགས་ཇི་སྙེད་སྦྱར་བའི་གཏན་ཚིགས་དེ་ཐམས་ཅད་པ་ནི་མ་གྲུབ ་པར་འགྱུར་ཏེ། རྟེན་དུ་གྱུར་པའི་ནུས་པ་རྣམས་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུའི་དོན་གྱིས་གོ་བས་གྲུབ་པར་བྱེད་པ་ཡིན་གྱི་ནུས་པ་ཐམས་ཅད་རྗེས་སུ་དཔག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལ་སྒྲ་ལས་བྱུང་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱི་གོས་ནི་དཔེར་ན ་བཅུད་ཀྱིས་ལེན་མ་གྲུབ་པའི་ལྷས་ཕྱིན་ཆེན་པོ་ཉིན་པར་ཟིན་མི་ཟ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཚིག་ཐོས་པ་ལས་ཤུགས་ཀྱིས་མཚན་མོ་ཟའོ་ཞེས་བྱ་བ་དེ་ཏ་བུ་ལ་སོགས་པའི་དོན་རྟོགས་པ་ལྟ་བའོ། །འདི་སྙམ་དུ་ཆེན་པོ་ཉིན་པ་དེ་དྲ་ཞེས་བྱ་བའི་རིག ་འདི་ཉིད་ཀྱི་དོན་མཚན་མོ་ཟའོ་ཞེས་བྱ་བ་འདི་ཡིན་པར་རྟོགས་སོ་ཞེས་འདོད་ན་དེའི་ཕྱིར་ཉིན་མོའི་རིག་ལ་ཞེས་བྱ་བ་སྨོས་ཏེ། དག་གི་དོན་འདི་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ལྟ་སྟེ། འདྲེས་པ་དང་ཐ་དང་པའོ། །དེ་ལ་འདྲེས་པ་ན་ཚིགས་རྣམས་ཕན་ཚུན་འོ་མ་དང་ཆུ ་བཞིན་དུ་དབྱེར་མེད་པའོ། །ཐ་དད་པ་ནི་གཅད་པར་བྱ་བ་དང་གཅོད་པར་བྱེད་པའི་ངོ་བོས་གནས་སོ། །ཡང་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་འབྲེལ་པ་ངེས་པ་ནི་འདྲེས་པའོ། །ཐ་དད་པ་ནི་རིགས་མི་མཐུན་པ་ལས་ལྡོག་པའོ། །ངག་གི་དོན་རྣམ་པ་འདི་གཉིས་ཀ་ཡང ་སྲིད་པ་མ་ཡིན་ཏེ། འདི་ལྟར་ཉིན་པོ་ལ་སོགས་པའི་ཚིག་དོན་གང་ཡིན་པ་དེ་ནི་ཉིན་མོ་ལ་སོགས་པ་སྟེ། མཚན་མོ་ཟ་བའི་དོན་དང་དེ་དག་གི་འདྲེས་པའི་ངོ་བོ་ཡོད་པ་མ་ཡིན་ཏེ། ཤིན་ཏུ་མི་འདྲ་བའི་ཕྱིར་རོ། །ཐ་དད་པ་ནི་ངོ་བོ་ཡང་མ་ཡིན་ཏེ། ཉིན་མོ་འདོགས་པའི་ཚིག་རྣམས ་ནི་མཚན་མོ་ལ་སོགས་པ་རྣམ་པར་བཅད་ནས་འཇུག་པའི་ཕྱིར་རོ། །ཅི་སྟེ་མཚན་མོ་ཟན་ཟའོ་ཞེས་བྱ་བ་འདི་ཉིན་མོ་ལ་སོགས་པའི་དག་གི་དོན་གཞན་གཉིས་པ་ཡིན་ནོ་ཞེས་བྱ་བར་འདོད་ན། །ཉོན་མོ་ལ་སོགས་པས་ཟ་བ་བཀག་པ་ཉི་ན་ཉེ་བར་ཟད་པའི་ཕྱིར་གཞན་མཚན་མ ་ཟ་བ་དེ་ཉིད་བསྟན་པར་བྱ་བར་མི་ནུས་པའི་ཕྱིར་དོན་གཉིས་པོ་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མཚན་མ་ཟའོ་ཞེས་བྱ་བ་འདི་ནི་དག་གཞན་གྱི་དོན་ཡིན་ནོ། །བློ་ལས་གནས་པ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ཉིད་མ་ཡིན་པར་སྟོན་པ་ཡིན་ནོ། །ལུང་ཅན་ཉིད་མིན་ཡང་ཞེས་བྱ་བ ་ནི་སྒྲ་ལས་བྱུང་བ་ཉིད་མོ་ཡིན་ཡང་སྟེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྒྲ་ལས་བྱུང་བ་ཉིད་མེད་པར་བསྒྲུབས་ཟིན་པའི་ཕྱིར་རོ། །གང་ཞིག་མངོན་སུམ་ལ་སོགས་པ་གང་ཡང་རུང་བ་ཚད་མར་འགྱུར་བའི་མཚན་མོ་ཟབ་ཞེས་བྱ་བའི་དག་གང་ཡིན་པ་དེའི་རྟོགས་པར་བྱེད་པའི་དང ་དེ་འཛིན་པར་བྱེད་པའི་ཆད་མ་བརྗོད་པར་བྱའོ། །འགྱུར་བ་ཡང་མ་ཡིན་པ་དེ་ལྟ་བས་ན?་འདི་ཚད་མ་གཞན་ཉིད་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་མངོན་སུམ་ལ་སོགས་པ་གང་ཡང་རུང་བ་ཉིད་ཡིན་པ་དེ་ཉིད་སེལ་བར་བྱེད་པ་ནི། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མཚན? ་མོ་ཟ་བའི་དག་མ་བརྗོད་པ་ནི་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ཏེ། མ་ཐོས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །འདི་ལྟར་གང་གིས་འབྲེལ་པར་འགྱུར་བ་མཚན་མོ་ཟ་བའི་ཚིག་འདི་ཉིད་ཉིན་མོའི་ཚིག་དེ་དང་འགར ་ཡང་ལྷན་ཅིག་མ་མཐོང་ལ། རྟགས་གཞན་མང་ཡོད་པ་མ་ཡིན་ནོ། །ཅི་སྟེ་འབྲེལ་པ་མ་དམིགས་ན་ཡང་འདི་རྟགས་ཉིད་དུ་འགྱུར་རོ་སྙམ་ན་གལ་ཏེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འབྲེལ་བ་མ་གྲུབ་བར་རྟགས་ཉིད་དུ་འགྱུར་ན་དེའི་ཚེ་ཉིན་མོའི་ཚིག་བརྗོད་པ་ལས་དག་ཐམས་ཅད་རྟོགས་པར་འགྱུར་གྱི་མཚན ་མོ་ཟ་བའི་དགེ་ཁོ་ན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འབྲེལ་པ་དང་བྲལ་བ་ཉིད་ཡིན་ན་དག་གཞན་ལས་མཚན་མོ་ཟ་བའི་དག་ཁྱད་པར་མེད་དེ་འབྲེལ་པ་མེད་པའི་ཕྱིར་ཏེ། དག་ཐམས་ཅད་ཁྱད་པར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་འཇལ་བ་སྔོན་དུ་འགྲོ་བ་ཅན་བཤད ་པ་ནི། བ་མེན་དང་འདྲ་ཞེས་བྱ་བ་ལ་སོགས་པ་སྟེ། བ་མིན་དང་འདྲ་བའི་བ་ལང་གི་གོང་བུ་ཉེ་བར་འཇལ་བའི་ཤེས་པས་གཟུང་བར་བྱ་བའི་ནུས་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའི་སྟོབས་ཀྱིས་བྱུང་བ་གང་ཡིན་པ་དེས་དོན་གྱིས་གོ་བ་འཇལ་བར་བྱེད་དོ། །དོན་གྱིས་གོ ་བ་སྔོན་དུ་འགྲོ་བ་ཅེན་བཤད་པ་ནི། བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པ་ནི་རྗོད་པར་བྱེད་པ་སྟེ། དོན་སྟོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲའི་དེ་བཞིན་དུ་སྟེ་རྗོད་བར་བྱེད་པའི་ནུས་པ་མེད་བར་མི་འགྲུབ་པའི་ཕྱིར་དེ་ལྟར་རྗོད་པར་བྱེད་པའི་ནུས་པ་རྟོགས་ཕན་སྟེ། ་ཤེས་ན་དེ་ནི་གོ་སྐབས་གཞན་མེད་ཕྱིར་སྟེ། རྗོད་བར་བྱེད་པའི་ནུས་པ་དེ་སྒྲ་རྟག་བ་མེད་པར་གོ་སྐབས་གཞན་མེད་པའི་ཕྱིར་ཡང་དོན་གྱིས་གོ་བ་གཞན་གྱི་སྒྲ་མི་རྟག་བར་ངེས་སོ། །ཡང་ཇི་ལྟར་མི་རྟག་པ་མེད་པར་བརྗོད་བར་མི་འགྲུབ་ཅེ་ན། མི་རྟག་ཅེས་བྱ་བ་ལ་སོགས་པ་སྨོས ་ཏེ། འདི་ལྟར་གལ་ཏེ་བརྡའི་དུས་སུ་མཐོང་བ་ཐ་སྙད་ཀྱི་དུས་སུ་རྗེས་སུ་འཇུག་པར་མི་འགྱུར་བ་དེའི་ཚེ་བ་རྡ་བྱེད་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ནི་ཐ་སྙད་ཀྱི་དོན་དུ་ཡིན་བའི་ཕྱིར་རོ། །ཕྱིས་ཐ་སྙད་ཀྱི་དུས་སུ་འཇུག་བའི་སྒྲ་ནི་དེ་དང་ལྷན་ཅིག་སྔར་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །རྣམ ་པ་གཅིག་ཏུ་ན་དེ་ནི་གཞན་དུ་མ་རྟོགས་ཕྱིར་ཞེས་བྱ་སྟེ་ཐ་སྙད་ཀྱི་དུས་སུ་འབྱུང་བའི་སྒྲ་དེའི་བརྡའི་དུས་སུ་མཐོང་པའི་སྒྲ་ལས་གཞན་དུ་མ་གཏོགས་ཏེ་ཐ་མི་དད་པར་ངེས་པའི་ཕྱིར་རོ། །ཇི་ལྟར་ཐ་མི་དད་པར་ངེས་ཤེ་ན། མི་རྟག་ཅེས་བྱ་བ་སྨོས་སོ། །དངོས་པོ་མེད་པ་སྔོན་དུ་འགྲོ ་བའི་དོན་གྱིས་གོ་བ་ནི་ཚང་མ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མོངས་སུམ་ལ་སོགས་པའི་ཚད་མ་མེད་བར་དེ་ལྡོག་པས་ངེས་པ་སྟེ་གཏན་ལ་ཕབ་པའི་ནག་པ་མེད་པ་གང་ཡིན་པ་དེས་ཁྱད་པར་དུ་བྱས་པའི་ཁྱིམ་ཡོད་པའི་ཕྱིར་ཁྱིམ་འདི་ན་ནག་པ་མེད་པ ་དེས་ན་ནག་པ་མ་ཤི་བ་ནི་ཕྱི་རོལ་ན་ཡོད་པར་གྲུབ་པ་སྟེ། ཕྱི་རོལ་ན་ནག་པ་ཡོད་པ་ཞེས་བྱ་བ་གང་ཡིན་པ་དེ་ལྟ་བུ་ནི་ངེས་པ་བཤད་པ་འདི་འདིར་ཁྲོད་རྗེས་བརྗོད་དེ་དེ་ལས་གཞན་བའི་དོན་གྱིས་གོ་བ་རྣམས་མཚོན་བའི་དོན་དུ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་དཔེར་ན་ལྟས ་བྱིན་གསོན་ལ་ཁྱིམ་ལམ་མཐོང་བས་ཕྱི་རོལ་ན་ཡོད་པར་རྟོགས་པ་བཞིན་ནོ་ཞེས་བྱ་བའི་འདི་ནི་དངོས་པོ་མེད་པ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བའི་དཔེར་བརྗོད་པའོ། །རྟོག་གེ་པ་ཕལ་ཆེར་འདི་རྗེས་སུ་དཔག་པ་ཉིད་དུ་འདོད་བའི་ཕྱིར་དེ་བསལ་བའི་དོན་དུ་འདི་ནི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཕྱོགས་ཀྱི་ཆོས་ལ་སོགས་པ་འདི་བལྟོས་པ་མ་ཡིན་ཏེ། རྒྱུ་མ་ཡིན་པ་ངེས་ན་འདི་རྗེས་སུ་དཔག་པ་ལས་ཐ་དད་པ་ཡིན་ཏེ། མངོན་སུམ་བཞིན་ནོ། །འདི་ལྟར་ཕྱིའི་ཡུལ་གྱི་ཁྱད་པར་དུ་བྱས་པའི་དོན་ནག་པ་ལ་སོགས་པའམ་ནག་པ་ལ ་སོགས་པས་ཁྱད་པར་དུ་བྱས་པའི་ཕྱི་རོལ་གྱི་ཡུལ་ཕྱོགས་ཡིན་པར་འགྱུར། གཞལ་བྱ་རྣམ་བ་གཉིས་ཡིན་པ་ན་ཁྱིམ་ན་ནག་པ་ལ་སོགས་པའི་དོན་མེད་པ་གང་ཡིན་པ་དེ་ཇི་ལྟར་གཞི་ཐ་དད་པ་ཡིན་ན་ཕྱོགས་ཆོས་སུ་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ་ཞེས་དགོངས་པའོ། །གཞན ་ཡང་ཁྱིམ་ན་མེད་པ་ཕྱོགས་ཀྱི་ཆོས་ཉིད་དུ་རྟོགས་པ་ན་རེས་འགའ་ལྷས་བྱིན་གསོན་པོ་ཁྱིམ་ན་མེད་པ་གང་ཡིན་བ་དེ་རྟོག་པར་བྱེད་དམ་སྦྱིར་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །དེ་ཡང་ཕྱོགས་དང་པོ་ལ་སྐྱོན་བཤད་པ་ནི། གསོན་བོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རིག་ཅེས་བྱ་བ་ནི ་ལྷས་སྦྱིན་གསོན་བོ་དེ་རིག་པ་ངེས་པ་དེ་ནི་ལྷས་བྱིན་ཕྱི་རོལ་ན་ཡོད་པ་མ་རྟོགས་པར་འགྱུར་བ་མ་ཡིན་ནོ། །འདི་ནི་གཏན་ཚིགས་མ་གྲུབ་བ་ཉིད་དམ། གྲུབ་ན་ཡང་གྲུབ་པ་ལ་སྒྲུབ་པ་ཉིད་དུ་བ་གོངས་ཕྱོགས་གཉིས་པ་ལ་ཡང་གཏན་ཚིགས་མ ་ངེས་བ་ཉིད་ཡིན་ཏེ། ལྷས་བྱིན་ལ་སོགས་པ་མ་ཤི་བ་རྣམས་ལ་ཡང་དེ་དག་ཁྱིམ་ན་མེད་པ་མཐོང་བའི་ཕྱིར་ཞེས་བྱ་བ་བསྟན་པའི་ཕྱིར་ཡོད་བ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་ཉིད་ཅེས་བྱ་བ་ནི་མ་ཤི་བའོ། །དེ་ལྟར་དོན་གྱིས་གོ་བ་རྣམ་པ་དྲུག་ལས ་བཞིས་ནི་གཞལ་བྱ་ངེས་པར་ནུས་པ་ཡིན་ལ་གཅིག་གི་སྒྲ་མི་རྟག་པ་ཡིན་ཞིང་གཞན་གྱིས་ནི་ཕྱི་རོལ་ན་གནས་པའི་རྫས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། འདི་རེ་ཞིག་མཚན་ཉིད་རིགས་བ་མ་ཡིན་ཏེ། འདི་ལྟར་མ་མཐོང་བདེ་མེད་པར་མཐོང ་བ་དང་ཐོས་པ་ལ་སོགས་པའི་དོན་གཞན་དུ་མི་འཐང་བའི་ཕྱིར་མ་མཐོང་བ་རྟོག་པ་ཡིན་ནོ། །དེ་ལ་འདི་དཔྱད་པར་བྱ་སྟེ། ཅི་མ་མཐོང་བ་དེ་དང་ལྷན་ཅིག་མཐོང་བ་དང་ཐོས་པའི་དོན་འབྲེལ་བར་མཐོང་?་མ་འོན་ཏེ་མ་ཡིན་གལ་ཏེ་མཐོང་ན་རྗེས་སུ་དཔག་པ་ཐལ་བར་འགྱུར་ཏེ། འབྲེལ་པ ་མཐོང་བའི་ཐབས་ཅན་ཡིན་པའི་ཕྱིར་རོ། །ཅི་སྟེ་མ་གྲུབ་ན་འོན་དེ་ལྟ་ན་མེས་སྲེག་བར་བྱེད་བ་བཞིན་དུ་སྲེག་བར་བྱེད་པ་མ་ཡིན་བར་ཡང་བརྟག་པར་བྱ་སྟེ། འབྲེལ་པ་མཐོང་བར་ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་མེས་སྲེག་པར་བྱེད་པ་མ་ཡིན་པ་ཉིད་དུ་མཐོང་བའི་ཕྱིར་སྲེག་པར ་བྱེད་པ་མ་ཡིན་པ་ཉིད་དུ་བརྟག་པར་མི་བྱའོ་ཞེས་བྱ་བར་འདོད་ན་དེ་ལྟ་ན་འོན་སྲེད་པར་བྱེད་པ་ཡང་བརྟག་པར་མི་བྱ་སྟེ་སྟེ་འགའ་ཡང་དེ་དང་ལྡན་གི་མ་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་འབརླ་པ་གྲུབ་པ་ན་མེད་པའི་ཕྱིར་རོ། །ཅི་སྟེ་མེས་སྲེད་པར་བྱེད་པ་མ་ཡིན་པ་ཉིད་ཏུ་མཐོང་བཻ་ཕྱིར་སྲེག་པར ་བྱེད་པ་མ་ཡིན་པ་ཉིད་དུ་བརྟག་པར་མི་བྱའོ་ཞེས་བྱ་བར་འདོད་ན་དེ་ལྟ་ན་འོ་ན་སྲེག་པར་བྱེད་བ་ཡང་བརྟག་པར་མི་བྱ་སྟེ་འགའ་ཡང་དེ་དང་ལྟན?་གི་མ་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་འབྲེལ་པ་གྲུབ་པ་ན་མེད་ན་ནི་འབྱུང་བའི་འབྲེལ་པ་མཐོང་ནས་འདི་ལ་བ་གཉིས་བརྟགས་པར ་རིགས་སོ། །དེ་ལྟར་བརྟག་པ་ན་འབྲེལ་པ་མཐོང་བའི་ཐབས་ཅན་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་ཀྱི་ཁོངས་སུ་འདུས་པར་འགྱུར་རོ། །དཔེར་བརྗོད་པ་རྣམས་ཀྱང་རིགས་པ་མ་ཡིན་ཏེ། དེ་ལ་རེ་ཞིག་མངོན་སུམ་ལ་སོགས་པ་གྲུབ་པའི་དོན་གྱིས་ནུས་པ་དོན་གྱིས་གོ་བ་ཞེས་རྟོགས་པ ་བྱེད་དོ། །ཞེས་བྱ་བ་འདི་ལ་ཐུན་མོང་དུ་སུན་འབྱིན་པ་བཤད་པ་ནི། དེ་ལ་ནུས་བ་ཅན་སྤངས་པའི། །ཞེས་བྱ་བ་ལ་སོགས་པ་སྟེ། དག་གི་ཕྱིར་ནུས་པ་ནི་དངོས་པོ་ལས་གཞན་མ་ཡིན་པ་།དངོས་པོའི་ནུས་པ་དེ་ཡང་མངོན་སུམ་ཉིད་ཡིན་པའི་ཕྱིར་བཟུང་བྱིན་པ་འཛིན་པས་འཆད་པ ་མ་ཡིན་ཏེ། མངོན་སུམ་གྱིས་གཟུང་བ་ཉིད་ནི་ཉེ་བར་མཚོན་པའོ། །གང་ཞིག་སྲེག་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བ་ཁྱད་པར་དུ་སུན་འབྱིན་བ་བཤད་དོ། །མ་ནོར་ཐེ་ཚོམ་མེད་བྱས་ནས་ཞེས་བྱ་བ་འདི་ནི་བྱ་བའི་ཁྱད་བད ་ཅན་ཡིན་ནོ། །ཅི་སྟེ་ནུས་པ་ཐ་དད་པར་ཁས་ལེན་བར་བྱེད་ན་དེའི་ཚེ་ནུས་པ་ཁོ་ན་འབྲས་བུ་དག་ལ་ཉེ་བར་སྦྱོར་བ་ཡིན་པའི་ཕྱིར་དངོས་པོ་རྒྱུ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་དངོས་བོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཉེ་དངོས་པོ་ཉིད་ཀྱི་མཆན་ཉིད་ནི་དོན་བྱ་བ་བྱེད ་པ་ཡིན་བའི་ཕྱིར་རོ། །ཅི་སྟེ་དངོས་བོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ན་མི་རུང་ངོ་སྙམ་ནས་ཉེ་བར་སྦྱོར་བ་ཁས་ལེན་པར་བྱེད་པ་ན་ནུས་པ་ཐ་དད་དེ་ལོགས་ཤིག་མ་ཡིན་ནོ། །ཅིའི་ཕྱིར་ཞེས་གང་གི་ཕྱིར་དོན་བྱེད་བར་ནུས་པའི་རང་བཞིན་གྱི ་ངོ་བོ་གང་ཡིན་པའི་ནུས་པ་དེ་ཉིད་ནི་གཞན་ནུས་པའི་མཚན་ཉིད་ཐ་དད་པ་མ་ཡིན་ནོ། །གང་ཡང་དངོས་བོའི་ནུས་པ་ཞེས་ཐ་དད་དུ་བསྟན་བ་དེ་ནི་ཁྱད་པར་གཞན་སྤངས་ནས་དེ་ཙམ་ཞིག་ཤེས་བར་འདོད་བ་ལས་དངོས་པོ་ཉིད་དེ་སྐད་དུ་བརྗོད་པ་ཡིན་ནོ། །འདི་སྙམ་དུ་ནུས་པའི་མཚན ་ཉིད་ནི་དོན་བྱ་བ་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་གཞན་ཁོ་ནའོ་སྙམ་དུ་སེམས་ན། མཚན་ཉིད་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པའི་མཚན་ཉིད་གཞན་བསྒྲུབ་པ་ལ་ཚད་མ་གང་ཞིག་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་མེད་པ་ལས་ནུས་པ་འདི་ཁྱད་པར ་དུ་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་ཤེས་པ་ངེས་དགོས་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ངོ་བོ་དང་ལྡན་པའི་དངོས་པོའི་རང་བཞིན་ཉིད་བས་དོན་བྱ་བ་གྲུབ་པའི་ཕྱིར། །ཇི་སྐད་དུ་དོན་བྱེད་ནུས་བ་མ་ཡིན་པ་དེ་དོན་གཉེར་བས་བརྟགས་ཅི་ཕན།། ་མ་ནིང་གཟུགས་བཟང་གི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅེས་ན། །ཞེས་བཤད་པ་བལྟ་བུའོ། །འདི་སྙམ་དུ་ནུས་པའི་མཚན་ཉིད་གཞན་ཡེད་བ་ཉིད་དེ་འདི་ལྟ་སྟེ། ནུས་བའི་ནི་རྟག་ཏུ་འབྲས་བུ་གཞན་དུ་མི་འཐད་བ་གོ་བར་བྱ་བའི་ངོ་བོ་གང ་ཡིན་པ་དེ་ནུས་བ་ཡིན་པའི་ཕྱིར་ནུས་བའི་མཚན་ཉིད་ནི་འབྲས་བུ་ལས་རྗེས་སུ་དཔག་བར་བྱ་བ་ཉིད་ཡིན་ནོ་སྙམ་དུ་སེམས?་ན། ནུས་བའི་མཚན་ཉིད་འདི་ནི་རིགས་པ་མ་ཡིན། དིའི་ཕྱིར་ཞེ་ན། འབྲས་བུ་གཞན་དུ་སྲིད་པའི་ཕྱིར་རོ། །ཐ་དད་པའི་ནུས་པ་མེད་པར་བཞིན་དུ ་ཡང་འབྲས་བུ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདི་ནི་དངོས་ལས་འགྱུར་བ་ཡིན་ཞེས་བྱ་བ་སྨོས་ཏེ། མིང་གི་ཕྱིར་འབྲས་བུའི་དེ་ནི་དངོས་པོ་ལས་ཏེ་རང་བཞིན་ལས་འགྱུར་བ་སྟེ་འབྱུང་བ་ཡིན་བའི་ཕྱིར་རྣམ་གཞན་དུ་པ་དེ་འབྲས་བུ་ཡིད་བ་ཉིད་སྲིད་བའི་ཕྱིན་བུ་དངོས ་པའི་ནུས་པ་བརྟགས་བས་ཅི་ཞིག་བྱ་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། ཆུ་ལ་སོགས་བ་ཞེས་བྱ་བ་ལ་སོགས་བ་སྨོས་སོ། །འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་གི་དངོས་བ་དང་ནུས་བོ་གཅིག་སྨཏུ་ཐ་དད་པས་ཁས་ལེན་བ་བྱ་ཕན་གྱིན། རི་དག་བྱོད་བ་ཡིན། ? ་ཞེ་ན་ཐ་དད་པ་དང་ཐ་མི་དད་པ་གཉིས་བའི་བདག་ཉིད་ཡིན་སྙམ་དུ་སེམས་མའི་ཡང་མི་རིག་སོ། །ཅིའི་ཕྱིར་ཞེན་བཤད་པ་འགལ་བའི་ཕྱིན་གལ་ཏེ་ཐ་དད་པ་ཡིན་ན་ཇི་ལྟར་དེ་ཉིད་ཉ་མི་བྱས་ཉིད་ཡིན། འོན་ཏེ་རྟ་མི་རབ་ཡིན་མ་ཇི་ལྟར་ཐ་དང། པོ་ཉི་ཡིད་ཏེ། ལེའུ ་འདི་ནི་འགལ་བ་ཡིན་ནོ། །གང་ཞིག་ཕན་ཚུན་སྤངས་ཏེ་གནས་བའི་མཚན་ཉིད་ཀྱི་ཆོས་དག་ཆོས་ཅན་གཅིག་ལ་ཅིག་ཅར་ལས་ལེན་པ་འདི་ཉིད་གཞན་ཡིན། །གང་དེའི་འགྱུར་བ་མ་ཡིན་ཏེ། བདག་གཞན་ཞིན་ཞེས་བྱ་བ་ཉིན་བསྟན་ཟིན་ཏོ། །ནས་པ་གཉི་གོང་སྲ ་ཉིད་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་ནུས་པ་དེ་གཉི་གའི་བདག་ཉིད་ཡིན་པ་མངོན་སུམ་ཉིད་ཡིན་ཏེ། གང་གི་ཕྱིར་ནུས་པར་དངོས་པོ་ལས་གཞན་མ་ཡིན་ན་ཡང་གང་གིས་མངོན་སུམ་མ་ཡིན་པར་འགྱུར་བ་གཅིག་ཏུ་གཞན་ཉིད་པ་ཡིན་ནོ། །དེ་ལྟ་ཡིན་དང་ནུས་པ་ནི་རྟག་ཏུ་བས? ་བུ་གོ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་འདི་འགལ་བ་ཡིན་ནོ། །གཞན་ཡང་དངོས་པོ་རྣམས་ཀྱི་ནུས་པ་ཀུན། །བྲས་བུ་དོན་གྱིས་གོ་ལས་བསྒྲུབ། །ཅེས་བྱ་བ་ལ་སོགས་གང?་ནུས་?་རྗེས་སུ་དཔག། པར་བྱ་བ་འདི་རིག་བ་སུལ་བར་བྱེད་གུ་དེ་ཁོ་ལོ་གལ་འཐད་པ་པ་མི་འགྱུར་ཏེ། ཅིའི་ཕྱིར ་ཞེ་ན། གང་གིས་ཏེ་གང་གི་ཕྱིར་འདིའི་སྟེ་མངོན་སུམ་གྱི་ཡུལ་ལ་ཁོ་བོ་ཅག་རྗེས་སུ་དཔག་བར་མི་འདོན་དེ། རྗེས་སུ་དཔག་པ་ནི་ལྐོག་ཏུ་གྱུར་པ་རྟོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་མ་གྲུབ་བ་ལ་སྒྲུབ་བ་ཉིད་དུ་བཤད་དོ། །སྣ་ཚོགས་ནུས་པ་ཕྱོགས་བྱས་ན་རེ་གཤེ་བ་གང ་སྨྲས་བ་འདི་ལ་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་ཡོད་བ་ལ་སྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་སྡེར་བསྟན་ཟིན་པ་ཉིད་མ་ཡིན་རྣམ། དེས་ན་ཇི་ལྟར་ཡོད་བགོ་བར་བྱ་བར་བརྗོད་རྩེ་ན། སྒྲལ་སོགས་སོ་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དངོས་སུ་ཡོད་པར ་བསྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཆོས་ཅན་རྣ་བ་ལ་སོགས་བའི་ཤེས་བ་ལ་རྒྱུ་གཞན་ལ་བལྟོས་བ་དང་བཅོས་ལྔ་ཉིད་བསྒྲུབ་བར་བྱ་བ་ཡིན་ཏེ། དེའི་རྒྱུ་སྟེ་རྣ་བ་ལ་སོགས་པའི་ཤེས་པའི་རྒྱུ་གཞན་ཡིད་ལ་བྱེད་གལ་སོགས་པ་ཡོད་ན་ཡང་རྣབ་ལ་སོགས་པའི་ཞེས་པ་མེད ་བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་ཡོད་ན་ཡང་དེས་འགའ་འབྱུང་བ་དེ་ནི་རྒྱུ་གཞན་ལ་བལྟོས་པ་དང་བཅས་པ་ཡིན་ཏེ། དཔེར་ནས་ལ་སོགས་པ་ཡོད་ན་ཡང་རེས་འགའ་འབྱུང་བའི་མྱུ་གུ་བཞིན་ནོ། །ཡིད་ལ་བྱེད་པ་ལ་སོགས་བ་ཡོད་ན་ཡང་རྔ་བའི་རྣམས་ཤེས་པའི་ཁག་འགྲུབ་པ ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས། །རྒྱུ་གཞན་པ་བལྟོས་བ་དང་བཅས་པ་དེ་བསྒྲུབས་པ་ན་རྒྱུ་གཞན་གང་ཡིན་པ་དེ་ནི་རྣ་བ་ལ་སོགས་པ་གྲུབ་བོ་ཞེས་བྱ་བའི་རྣམ་པའི་དེ་ཡིད་ལ་གོ་བར་བྱ་བ་ཡིན་ཞེས་བརྗོད་ཀྱི་དངོས་སུ་ནི་མ་ཡིན་པས་སྐྱོན་མེད་དོ། །ཉི་མ་འགྲོ་བར ་རྗེས་དཔག་པ་ལས། །ཞེས་གང་སྨྲས་པ་དེ་ལ། ཉི་མ་ཡུལ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རྗེས་སུ་དཔག་བའི་ཁོངས་སུ་འདུས་བར་བྱ་བཤད་དོ། །འདི་ལྟར་གང་དང་གང་ཡུལ་གཞན་དུ་ཕྱིན་པར་དམིགས་པ་ཡིན་རང་གི་ཚེ་ལ་ལེན་བས་རི་ཡུང་ལག་སླངས་? ་བ་ཡིན་ཏེ་དཔེར་ན་མེ་ལྕེ་ལ་སོགས་པ་ཡུལ་གཞན་དུ་ཕྱིན་པ་བཞིན་ནོ། །ཉི་མ་ཡང་ཡུལ་གཞན་དུ་ཕྱིན་པ་བཞིན་ནོ་ཞེས་བྱ་བ་འདི་རང་བཞིན་གྱི་གཏན་ཚིགས་སོ། །འདི་མ་ངེས་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་བསྟན་བའི་བདག་ཉིད་གཅིག་པོ་འདི ་ནི་ཡུལ་གཞན་དུ་ཕྱིན་པར་རིགས་པ་མ་ཡིན་ཏེ། སྔ་མའི་ཡུལ་དུ་ངེས་བའི་རང་བཞིན་ཡོངས་སུ་མདོར་བའི་ཕྱིར་ལ། དོར་ན་ཡང་ཉི་མ་སྔ་ན་མེད་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་ཉིད་དུ་གནོད་པར་བྱེད་བར་ཚད་མའོ། །འདི་སྙམ་དུ་ནུས་པར་སྒྲུབ་པར་བྱ་བ་ལ་དོན་གྱི་གོ ་བ་འདི་དཔེར་བརྗོད་པ་ཡིན་གྱི་སྒྱེ་བ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་དོན་གྱིས་གོ་བ་འདི་རྗེས་སུ་དཔག་པའི་ཁོངས་སུ་འདུས་པར་བརྗོད་སྙམ་དུ་སེམས་ན། ནུས་པ་གཞན་ནི་བསལ་བ་ཡིན། ཞེས་བྱ་བ་སྨོས་སོ། །ལྷས་བྱིན་ཚོན་པོ་ཞེས་བྱ་བ་ལ་སོགས་པ་ཐོབ་བའི་དོན ་གྱིས་གོ་བ་དཔེར་བརྗོད་པ་ལ་ཚོན་པོ་ཉིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་སྒྲའི་ཚད་མ་སྔོན་དུ་འགྲོ་བ་མ་གྲུབ་བ་ཉིད་དུ་བཤད་དོ། །འདི་སྙམ་དུ་ཚིག་གིས་དོན་རྟོགས་པ་ལ་བལྟོས་ནས་ཚིག་གཞན་འཕེན་བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་འབའ་ཞིག་པ ་ཉིད་ཀྱིས་སོ། །དེ་ཡང་མངོན་སུམ་གྱིས་གྲུབ་བའི་ནོ་ཞེས་བསྟན་བ་ནི་གལ་ཏེ་དོན་རྟོགས་བལྟོས་མེད་པ་ཞེས་བྱ་བ་སྟེ་དོན་རྟོགས་བ་ལ་མི་བལྟོས་པ་ནི་དོན་རྟོགས་བལྟོས་མེད་པ་དེ་ཚིག་གོ། །གལ་ཏེ་དག་ཙམ་འབའ་ཞིག་པ་ངེས་དོན་དང་བཅས་པའི་ཚིག་གཞན་འཕེན་པ་དེའི་ཚེ ་འདི་ཚིག་གཞན་འཕེན་བ་ཡིན་ནོ། །མཚན་མོ་ཟ་བའི་ཚིག་ལས་ཚིག་གཞན་ཐ་དད་པ་འཕེན་བར་འགྱུར་ཏེ། འབྲེལ་བ་དང་བྲལ་བ་ཉིད་དུ་ཁྱད་བར་མེད་བའི་ཕྱིར་རོ། །འབྲེལ་བའི་ཕྱིར། དོན་ནི་དོན་གཞན་འཕེན་པར་བྱེད། ཞེས་བྱ་བ་དོན་རྟོགས་བ་ལ་བསྟོས་བ་ལ་སྨྱོན་མེད། ཅིའི་ཞེས་བྱ ་བ་ལ་སོགས་བས་གཞན་གྱི་བསམ་པ་དོགས་པར་བྱེད་དེ། ཅི་སྟེ་ཧ་ཅང་ཐལ་བར་གྱུར་ན་མི་རུང་ངོ་སྙམ་པས་གཞན་གྱིས་ཁས་བླངས་བའི་ངོ་བོས་མི་རིགས་པའི་དོན་རྟོགས་པ་ཡང་འཕངས་ནས་དོན་རྟོགས་པར་འདོད་དེ། སྨྲ་བ་པོ་གཞན་ཡིད་ཆེས་པ་ཉིད་དུ་བས་ལོན་བའི ་ཕྱིར་རོ། ཡང་ན་ཚད་མ་གཞན་གྱིས་ཏེ། ལྟས་བྱིན་ཚོན་བོ་ཉིན་པར་ཟན་མི་ཟའོ་ཞེས་མངོན་སུམ་ལ་སོགས་པས་ཤེས་སོ། །འདི་ལ་ལན་འདེབས་པར་བྱེད་པ་ནི། དོན་རྟོགས་ཡིན་ལ་རག་ཅེས་བྱ་བ་ལ་སོགས་པ་སྟེ། ཉིན་མོ་ཟ་བ་དང་བྲལ་བའི་ཁྱད་པར་ཅན་གྱི་ཚོན་པོ་ཉིད་དེ་ལས་མཚན་མོ་ཟ་བའི་དོན ་རྟོགས་པ་ཡིན་ལ་རག་མྱོང་།བློ་ལ་གནས་སུ་བའི་ཚིག་གཞན་ནི་གོ་བར་བྱེད་པ་ཉིད་མ་ཡིན་ནོ། དེ་ལྟ་ཡིན་ན་རྗེས་སུ་དཔག་པ་ཁོ་ནའི་ཁོངས་སུ་འདུས་པའི་ཕྱིར་ཚང་མ་གཞན་ཉིད་དུ་མི་འགྱུར་སྙམ་དུ་དགོངས་པའོ། །ཁོངས་སུ་འདུ་བ་དེ་ཉིད་བསྟན་བའི་ཕྱིར། མཚན་མོ་ཟ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་འདོད་པ་ནི་བརྗོད་པར་འདོད་པའོ། །སྐྱེས་བུའི་ཁྱེད་པར་ཅན་མཚན་མོ་ཟ་བའི་ཁྱད་པར་ཅན་ཏེ་ཕྱོགས་ཉིན་མོ་ཟབ་དང་བྲལ་ལ་འཚོ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལས་གཞན་དེའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་ན་དེ་པ་སྟེ། འདི་ནི་འབྲས་བུའི་གཏན་ཚིགས་སོ། །ཇི་ལྟར་འདི་ང་རྒྱུ་དང་འབྲས་བུའི་དངོས་པོ ་འགྲུབ་ཅེ་ན། རྗེས་སུ་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དུ་བ་དང་མི་དག་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་ཚོ་བ་ཉིད་དང་ཟབ་དག་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པ་དེའི་ཕྱིར་ཚོ་བ་ཉིད་ཀྱིས་དངོས་པོ་ལས་འབྲས་བུ་ཉིད་དང་འབྲེལ་བ་ཉིད་ཀྱི་བྱིར་ཟ་བའི་དངོས་པོར་གཏོགས་བར་རིགས་ཀྱི་འབྲེལ་པ ་མེད་པའི་ཚིག་ལས་ཚིག་གཞན་རྟོགས་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཏ་ཅང་ཐལ་བར་འགྱུར་བ་དེ་ཉིད་བསྟན་པའི་དོན་དུ་འབྲེལ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཐམས་ཅད་ཀྱིས་སྟོང་པ་སྟེ་བྲལ་བའི་ཆིག་ཇི་ལྟ་རྟོགS ་ཏེ། མ་ཡིན་པ་ཁོ་ནའོ། དེ་སྟེ་མ་ཡིན་ཏེ་གལ་ཏེ་?་གྲེལ་ཐམས་ཅད་ཀྱིས་སྟོང་ཡང་རྟོགས་པར་བྱེད་མའི་ཚེ་གང་གི་ཕྱིར་ལ་ལར་བུམ་པ་ལ་སོགས་པའི་དངོས་བོ་ཅིག་ལས་སྣམ་བུ་ལ་སོགས་པ་ཐམས་ཅད་རྟོགས་བར་འགྱུར་བ་དེ་ལྟར་ཡང་མ་ཡིན་ཏེ་ལྟ་བསན་འབྲེལ་བ་ལས་རྟོགས་པར་ཁས་བླང་ཤོས། །འདི་ལྟར་ཤེS ་བྱ་བ་ལ་སོགས་བས་ཧ་ཅང་ཐལ་བར་འགྱུར་བ་ཉིད་བསྒྲུབ་བར་བྱེད། འབྲེལ་བ་ཡོང་ཀྱང་ཞེས་བྱ་བ་ནི་ཁས་བླངས་པ་ཡིན་ནོ། །རེ་ཞིག་ཆིག་ཚིག་གཞན་དང་ནམ་ཡང་འབྲེལ་བ་ཡོད་པ་མ་ཡིན་ལ་འབྲེལ་པ་མ་གཟུང་པ་ཡང་མ་ཡིན་མེད་བ་དང་འདྲ་བ་ཉིད་དོ། །ལྷ་ཡིན་བ་སྒྲེལ་བ་མ་གཟུང་བར་རྟོགས་པ་ཡིན་ཚད་མ་མ ་ཡིན་བར་འགྱུར་རོ། །འབྲེལ་པ་མེད་པར་རྟོགས་སོ་ཞེ་ན་ནི། ཐམས་ཅད་ཐམས་ཅད་ལས་རྟོགས་པར་འགྱུར་རོ་ཞེས་བྱ་བའི་ཧ་ཅང་ཐལ་བར་འགྱུར་བ་མི་བློག་བ་ཉིད། །གལ་ཏེ་འབྲེལ་བ་ཞེས་བྱ་བ་ལ་སོགས་བས་གཞན་གྱི་ཚིག་སྐབས་རྟོགས་པར་བྱེད་དོ། །དེ་ལ་གཞན་གྱིས་སྒྲས་པ ་འབྲེལ་བ་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རྒྱལ་པོའི་བཀའ་ཡིན་པ་འགའ་ཞིག་ཏུ་ཟད་ཀྱི། འདི་ལ་རིགས་བ་འགའ་ཡང་ཐོང་བ་མ་ཡིན་ཏེ། འདི་ལྟར་འབྲེལ་བ་ཚད་མ་ཉིད་ངོ་ཞེས་བྱ་བ་རྒྱལ་བོའི་འགའ་ཡིན་པར་མ་བྱུང་ན་འོན་ཇི་ལྟར་འབྲེལ་བ་མེད་པར་ཏོ་འབྲོལ་བ་སྤངས་ནས་མངོན ་སུམ་ཚད་མ་ཉིད་ཡིན་བ་ཞེས་བྱ་བ་བརྗོད་དགོས་སོ། དེའི་ཚན་རྟེ་ཞེས་བྱ་བ་སྟེ། འོན་ཏེ་བྲེལ་བ་མེད་བ་ཡང་གལ་ཏེ་རྟོགས་བར་འགྱུར་ན་དེའི་ཚེ་ཧ་ཅང་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ། ཁྱེད་ཅག་གིས་ལན་ཅུང་ཟད་ཀྱང་མ་བཏག་གོ་གང་ཡང་འབྲེལ་བ་མེད་ཡིན་ན།། ་ཏར་མངོན་སུམ་ཚད་མ་ཉིད། །ཅེས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཉིད་ཡིན་ཏེ། འདི་ལྟར་འབྲེལ་བ་མེད་པ་སུ་ཞིག་གིས་ཀྱང་མངོན་སུམ་ཚད་མ་ཉིད་དུ་ལས་མ་བླངས་སོ། །འོ་ན་ཅི་ཞེ་ན། མངོན་སུམ་ལ་ཡང་ཚད་མ་ཉིད་དུ་འབྲལ་བ་ཁོ་ན་ལས་རྣམ་པར་འཇོག་བ་ཡིན་ནོ།། འདི་ཉིད ་ལ་འཐད་པ་བཤད་པ་ནི། མི་བསླུ་བ་ནི་ཚད་མ་ཉིད་ཅེས་བྱ་བ་སྟེ། ཐོབ་བས་ནུས་པ་ནི་མི་བསླུ་བ་སྟེ་ཚད་མ་ཉིད་དོ། །མི་བསླུ་བ་དེ་ཡང་ངེས་པར་མངོན་སུམ་ལ་ཇི་ལྟར་རིགས་ཤེ་ན། གལ་ཏེ་དེ་ལས་དོན་གཞན་གྱིས་བདག་ཉིད་ཐོབ་བར་གྱུར་ནའོ། །དེ་ལྟ་མ་ཡིན་ན་ཉེས་བ་ཅི་ཡོད་ཅེ་ན ་དེ་རྒྱུ་མིན་པའམ་ཞེས་བྱ་བ་སྨོས་ཏེ་དོན་དེ་རྒྱུ་གང་ལ་ཡོད་བ་དེ་ནི་དེ་ལྟ་བུ་ཡིན་ལ་དེ་རྒྱུར་མེད་པ་ནིང་རྒྱུ་མ་ཡིན་པ་སྟེ། གཞན་གྱི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིགས་གོ། །དེའི་རྒྱུ་ཅན་མ་ཡིན་པའི་མངོན་སུམ་དེ་ལས་སམ། རྒྱུ་ཐམས་ཅད་དང་བྲལ་བའི་རྒྱུ་མེད་པ་ལས་དེ་ལ་མི་བསླུ ་བ་སྟེ། དོན་ལ་མི་བསླུ་བ་དེས་བར་མི་འགྱུར་རོ། །འོ་ན་ཅི་ཞེན་མཛའ་དག་ལ་སྟེ་དོན་ཐམས་ཅད་ལ་མི་བསླུ་བར་འགྱུར་རོ་ཞེས་བྱ་བ་འདིར་ཡང་ཐལ་བར་འགྱུར་བར་མཚུངས་བ་ཡིན་ནོ། །ཡང་ན་ལྷས་བྱིན་ཚོན་པོ་ཉིན་པར་ཟང་མི་ཟ་ཞེས་བྱ་བའི་སུ་འགྲོ་བའི་ཚིག་འབྲས་བུའི ་རྟགས་འདི་བདག་ཉིད་ཀྱི་རྒྱུ་བརྗོད་པར་འདོད་བའི་ཁྱད་བར་རྒྱུའི་ཆོས་རྗེས་སུ་དཔག་པས་དུ་བས་བུད་ཤིང་གི་འགྱུར་བ་བཞིན་དུ་རྗེས་སུ་དཔག་པར་བྱེད་པའི་ཤུགས་ཀྱིས་མཚན་མོ་ཟའོ་ཞེས་བྱ་བའི་ལྡོག་བའི་ཚིག་འདི་ཡང་གོ་བར་བྱེད་ཀྱིས་དངོས་སུ་ནི་མ་ཡིན་ནོ་ཞེས་བསྟན་པའི ་ཕྱིར་ཡང་ན་གཉིས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་རྒྱུའི་ཆོས་རྗེས་སུ་དཔག་པས་ཏེ། དངོས་སུ་ན་མ་ཡིན་ནོ། །ཡང་གི་ཕྱིར་གང་ལ་ལྡོག་པའི་དག་ཀྱང་སྣང་བ་རྗེས་སུ་འགྲོ་བའི་དག་ལས་དེ་འདྲ་བའི་བརྗོད་པ་རྟོགས་ཏེ། གཞན་དུ་ནག་ལ་ཏེ་མཚན ་མ་ཟ་བར་བརྗོད་པར་འདོད་པ་ལ་མི་གནས་པ་འགྱུར་ཞེས་ཟ་བདག་གམ་ཅེས་འབའ་ཞིག་རྟོགས་པར་འདོད་བ་ཡིན་ན། དེའི་ཚེ་ལྷས་བྱིན་མི་ཟའོ། །ཞེས་བྱ་བ་ཁོ་ན་སྨྲ་བར་འགྱུར་གྱི་ཉིན་པར་དང་མཚན་མོ་ནི་མ་ཡིན་ནོ། །ལྡོག་པ་རྟོག་པ་ནི་ལྡོག་པའི་དག་རྟོགས ་པའོ། །བ་མེན་དང་འདྲ་བ་ལང་ལས། དེ་ཡིས་ཤེས་པ་འཛིན་ནུས་ཉིད། །ཅེས་བྱ་བ་ཡིན་ལ། ཉེ་བར་འཇལ་བའི་ཚང་མ་ཞེས་བྱ་བ་སྨོས་སོ། །ཡང་ན་ཉེ་བར་ལ་ཇལ་བའི་ཚསིད་མ་ཡིན་དུ་ཆུག་མོད་དེ་ལྷན་ཡང་ཉེ་བར་འཇལ་བ་མདོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་པ་ནི་གཟུང་ཟིན ་ཕ་འཛིན་པའི་ཕྱིར་ལོག་སེ་ཤག་ཏུ་ཚད་མ་ཉིད་དུ་མི་རིགས་ཏེ། ཐ་དད་བའི་ནས་པའི་མཚན་ཉིད་ཀྱི་གཞལ་བྱ་ནི་མེད་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། ཉེ་བར་འཇལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རྟོགས་བྱའི་ཕྱིར་ཞེས་བྱ་བའི་ནུས་པ་རྟོགས་པའི་དོན ་དུའོ། །ལྷག་མ་ནི་གོ་བར་ཟད་ངོ། །བརྗོད་པ་གཞན་དུ་མི་འགྲུབ་ཕྱིར། ཞེས་བྱ་བ་ལ་སོགས་པས་དོན་གྱིས་གོ་བསྔོན་དུ་འགྲོ་བའི་དོན་གྱིས་གོ་བའི་དཔེར་བརྗོད་པ་མ་དེས་པ་ཉིད་དུ་འཆད་པ་ནི་གཞན་ཉིད་མིན་ཞེས་བྱ་བ་ལ་སོགས་པ་སྟེ། །ལྟ་དག་ཡོ་བ་དང་མིག་བརྔ་ལ་སོགས་པ་མི ་རྟགས་པ་ལ་མགནོན་གྱིས་གོ་བ་མི་འགལ་བ་དེ་བཞིན་དུ་སྒྲུ་རྣམས་གྒཞན་མ་ཡིན་པ་དང་བྲལ་ན་ཡང་འགལ་བ་མེད་པ་ཉིད་ཡིན་པས་དཔེར་བརྗོད་པ་ནི་མ་དེས་པ་ཉིད་ཡིན་ནོ། །དེ་ལ་དེ་ཞན་ཉིད་ནི་མི་རྟག་པའོ། །གཞན་མ་ཡིན་པ་ནི་གཞན་ཉིད་མེན་པ་སྟེ་རྟག་པ་ཉིད་ཅེས་བྱ་བའི་ཐ་ཚིག་འདྲོ་ཏེ་དེ་ཡང ་མི་རྟག་པ་དང་བརྡ་དང་ཐ་སྙད་ལ། །རྗེས་སུ་འཇུག་པ་དང་ལྡན་མིན། ཞེས་སྨྲས་པ་འདི་ལ་ཇི་ལྟར་གཡོ་བ་མཚུངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་རང་གི་མཚན་ཉིད་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་དེ་ལྟ་ན་ཡང་རང ་གི་མཚན་ཉིད་འབའ་ཞིག་རང་བཞིན་གྱིས་བརྒྱུད་ནས་ཐ་མི་དད་པའི་རྣམ་པ་ཅན་འཁྲུལ་པའི་ངོ་ཤེས་པའི་ཤེས་པའི་རྒྱུར་འགྱུར་བ་ན་གཅིག་ཉིད་དུ་གཟུང་བ་རྣམས་བརྡའི་དབང་གིས་རྟོགས་པར་བྱེད་པ་ཉིད་ཡིན་ནོ། །ཇི་ལྟར་གཡོ་བ་ཞེས་བྱ་བ་ལ་རྟོགས་པར་བྱེད་ཅེས ་བྱ་བ་ལྷག་མའོ། །གཞན་དག་གིས་ཇི་ལྟར་གཡོ་བ་ཞེས་བྱ་བའི་དཔེ་འདི་བསྒྲུབ་བྱ་མཆད་པ་ཡིན་པར་བསྟན་པའི་ཕྱིར། མངོན་སུམ་རྫས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ངོ་ཤེས་པས་ཡི་གེ་རྣམས་ཁོ་བོ་ཅག་རྟག་པར་འདོད་པ་དེ་བཞིན་དུ་ལག་པ་ལ ་སོགས་པའི་ལས་ཀྱང་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱ་མི་རྟག་པས་སྟོང་པའི་ཕྱིར་འཁྲུལ་པ་ཉིད་ཡིན་ནོ། །གལ་ཏེ་རྟག་པ་ཡིན་པ་དེ་ལྟ་ན་ལག་པ་ལ་སོགས་པའི་ལས་རྣམས་ཅིའི་ཕྱིར་རྟག་ཏུ་དམིགས་པ་འབྱུང་བར་མི་འགྱུར་ཞེ་ན། འདིར་སྨྲས་པ། འདི་དག་གསལ་བྱེ ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །འདི་དག་ཅེས་བྱ་བ་ནི་བྱ་བ་རྣམས་ཏེ། རྟག་ཏུ་མི་དམིགས་པ་ཉིད་དོ། །ཇི་ལྟར་ཁྱེད་པ་སྐྱེད་པར་བྱེད་པ་མེད་པའི་ཕྱིར་རྟག་ཏུ་དམིགས་པར་མི་འགྱུར་བ་དེ་བཞིན་དུ་ཁོ་བོ་ཅག་ལ་གསལ་བར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ལན ་ད་ཚུང་སོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལྟར་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། འདིར་རྟོག་པ་གཉིས་ཏེ་བྱ་བ་གང་དག་གསལ་བར་བྱ་བར་འདོད་པ་དེ་དག་རང་བཞིན་གྱིས་ཤེས་པ་བསྐྱེད་པར་ནུས་པ་ཞིག་ཡམ?་འོན་ཏེ་མ་ཡིན་ངལ་ནུས་པ ་ཡིན་ན་རྟག་ཏུ་སྟེ། ཐམས་ཅད་དུ་དེ་ལས་བྱུང་བའི་ཤེས་པར་འགྱུར་ཏེ། དེ་དག་གིས་ནུས་པའི་རང་བཞིན་རྟག་པ་ཉིད་ཀྱིས་སུས་ཀྱང་གེགས་མ་བྱས་པའི་ཕྱིར་ཏེ། བོགས་དབྱུང་དུ་མེད་པ་ནི་ཁྱད་པར་དུ་མ་བྱས་པས་གེགས་བྱ་པར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་མི་ནུས་པ་ཡིན་ན་དེའི་ཆེད་དང ་བྲལ་ན་སྟེ་ནུས་པ་དང་བྲལ་ན་དེ་ལས་བྱུང་བའི་ཤེས་པ་ཉིད་དུ་མི་འགྱུར་བའི་ཕྱིར་གསལ་བྱེད་ཀྱི་ནུས་པས་ཅི་ཞིག་བྱ་དེ་ལྟ་པས་ན་རྟག་པ་ཉིད་དུ་འདོད་པའི་བྱ་བས་དེ་དག་གིས་གསལ་བྱེད་ཉིད་དུ་ཡོངས་སུ་བརྟགས་པའི་རྒྱུ་དག་ཇི་ལྟར་ཡང་འབྲེལ་པ་མ་ཡིན་ལ། མི་རྟག་ལ་རྣམས་ནི ་བསལ་བར་བྱེད་པ་ལས་སྔ་ན་མེད་པ་སྐྱེ་བ་ཡིན་པའི་ཕྱིར་དེ་ལ་གསལ་བར་བྱེད་པར་རིགས་སོ། །གང་ཡང་དེ་དག་ངོ་བོ་ཤེས་པ་ཡིས། །ཡི་གེ་བཞིན་དུ་རྟག་པར་འདོད། །ཅེས་སྨྲས་པ་འདི་ལ། རྟག་པའི་དོན་ལ་ཞེས་བྱ་བ་སྨོས་ཏེ། རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉིད ་ཏུ་བཀོད་པའི་ཤེས་པ་གང་ཡིན་པ་དེ་ནི་སྔར་བསྟན་པའི་དངོས་པོ་བརྟག་པར་བསལ་བྲིང་ཏོ། །ཚད་མ་མེད་པར་ངེས་པ་ཡིས། །ནག་པ་མེད་པའི་ཁྱད་པར་ཅན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ལ་ནག་པའི་ཁྱིམ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གཞན་དུ ་ཞེས་བྱ་བ་ནི་ནག་པ་ཁྱིམ་ན་མེད་པ་ཕྱི་རོལ་ན་ཡོད་པ་མེད་པར་ཡང་འགྱུར་པ་སྟེ། འདིས་ནི་མ་ངེས་པར་བསྟན་ཏོ། །ཅི་སྟེ་ལྷས་ཕྱིན་གསོན་པོ་ཁྱིམ་ན་མེད་པ་གང་ཡིན་པ་དེ་དོན་གྱིས་གོ་བའི་དཔེར་བརྗོད་པ་འདིར་གཏན་ཚིགས་ཉིད་དུ་བརྗོད་ཀྱི། མེད་པ་ཙམ་ནི་མ་ཡིན་ཞེ ་ན། དེ་ལྟར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ལྷས་བྱིན་གསོན་པ་དེ་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་གཏན་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་པར་འགྱུར་རོ། །ངེས་པ་མེད་པའི་རྒྱུ་བཤད་པ་ནི། །ནག་པ་ཁྱིམ་ན་ཞེས་བྱ་བ་ནི་དེའི་སྟེ་ནག་པའི་གསོན་པ་ལ་ངེས་པར་བྱེད་པའི་ཚད་མ་མེད ་པའི་ཕྱིར་ཆུ་རོལ་མཐོང་བ་ཐེ་ཚོམ་ཟ་བ་ཁོ་ནའོ། །ཡང་ཅི་སྟེ་གལ་ཏེ་ཚུ་རོལ་མཐོང་པ་ལ་ནག་པ་གསོན་པར་བྱེད་པའི་མངོན་སུམ་གྱི་ཚད་མ་མེད་མོད་ཀྱི་རྗེས་སུ་དཔག་པ་ལ་སོགས་པ་ནི་ཡོད་པ་ཉིད་དོ་སྙམ་ན། ཇི་སྟེ་སྐད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ལ ་སོགས་པ་ཡིས་ཞེས་བྱ་བ་ནི་ངེས་བརྗོད་པའི་སྒྲ་ཐོས་པའམ་དེའི་དུས་ན་ཡིད་ཆེས་པས་རྩིག་པ་ལ་སོགས་པས་ཆོད་པ་དེ་མཐོང་ནས་ལྟས་བྱིན་གསོན་ནོ་ཞེས་སྨྲས་བའོ། །མངོན་སུམ་ལ་སོགས་པ་ལོག་པའི་ངོ་བོ་དངོས་པོ་མེད་པའི་ཚད་མ་ལས། ཁྱིམ་ན་སྟེ་ཁང་པ་ན་ནག་པ་མེད ་པར་ངེས་པ་ན་གསོན་པའི་ཁྱད་པར་ཅན་གྱི་ནག་པ་མེད་པ་གྲུབ་པའི་ཕྱིར་དངོས་པོ་མེད་པས་ཀུན་ནས་བསླང་པའི་དོན་གྱིས་གོ་པ་འདི་ཚད་མ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་ལན་འདེབས་པར་བྱེད་དོ། །འདི་ནི་རྗེས་སུ་དཔག ་པའི་ཁོངས་སུ་འདུས་པ་བཤད་པ་ཡིན་ཏེ། འདི་ལྟར་ནག་པ་ནི་ཆོས་ཅན་ནོ། །དེ་ཕྱི་རོལ་ན་ཡོད་པ་ནི་བསྒྲུབ་བྱའོ། །གསོན་པ་ནི་ཁྱིམ་ན་མེད་པ་ནི་གཏན་ཚིགས་སོ། །ཡང་ན་ཁྱིམ་ན་མེད་པ་ན་གསོན་པ་ནི་གཏན་ཚིགས་སུ་བྱའོ། །ཁྱིམ་གྱི་དཔར་བ་ན་གནས་པའི་སྐྱེས་བུ ་ནི་ཆོས་མཐུན་པའི་དཔེའོ། །བྱིན་ན་གནས་པ་ནི་ཆོས་མི་མཐུན་པའི་དཔེའོ། །ཁྱིམ་ནི་ཁང་པའོ། །ཁྱབ་པ་ནི་དཔེ་དག་ལས་ངེས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་རེ་ཞིག་ཁྱིམ་ན་མད་པ་ཉིད་ནི་སྣང་བ་མི་དམིགས་པས་ངེས་ལ། གསོན་པ་ནི་གཞན ་གྱིས་ཁས་བླངས་པ་ལས་གྲུབ་བོ། །དོན་དམ་པར་ནི་གཏན་ཚིགས་ཐེ་ཚོམ་ཟ་བ་ཡིན་ཏེ་གསོན་པ་ཉིད་དུ་ངེས་པར་བྱེད་པའི་ཚང་མ་ཅུང་ཟད་ཡོད་པ་མ་ཡིན་ནོ། །སྒྲ་ལ་སོགས་པ་ཡོད་པ་ཉིད་དོ་ཞེས་བསྟན་པ་མ་ཡིན་ནམ་ཞེན་།འོན་ཏེ་དེ་ལྟ་ན་སྦྲ་ལ་སོགས་པ་གང་ཁོ་ན་ལས ་གསོན་པར་ངེས་པ་དེ་ཉིད་ལས་ཕྱི་རོལ་ན་ཡོད་པ་གྲུབ་པའི་ཕྱིར་དོན་གྱིས་གོ་བས་ཅི་ཞིག་བྱ། དེ་ལྟ་བས་ན་གཞན་གྱིས་ཁས་བླངས་པ་ལས་གཏན་ཚིགས་གྲུབ་པར་ཁས་བླངས་ནས་རྗེས་སུ་དཔག་པའི་ཁོངས་སུ་འདུས་པར་བསྟན་པོ། །དོན་གྱིས་གོ་བ་རྣམ་པར་དཔྱད ་པའོ། །དངོས་པོ་མེད་པའི་དབང་དུ་བྱས་ནས་དངོས་པོའི་ངོ་བོ་གང་ཞིག་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱོད་པ་པ་རྣམས་ཀྱིས་ཡོད་པ་དང་མེད་པའི་མཚན་ཉིད་ཅན་གྱི་དངོས་པོ་དང་དངོས་པོ་མེད་པ་དག་ནི་དངོས་པོ་ཉིད་ཡིན་ཏེ། དངོས་པོ་ཐམས་ཅད་ཡོད་པ་དང་མེད་པའི ་ངོ་བོས་གཉིས་ཀྱི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ཁས་བླངས་སོ། །དེ་ལ་ཡོད་པ་དང་མེད་པའི་ངོ་བོས་གཉི་གའི་བདག་ཉིད་ཀྱིས་དངོས་པོ་རྣམ་པར་གནས་པ་དངོས་པོའི་རང་གི་ངོ་བོ་དེ་ལ་སྟེ་དངོས་པོའི་ཆ་མེད་པའི་ངོ་བོ་ལ་ཚད་མ་ལྔ་པ་སྟེ་དོན་གྱིས་གོ་བའི་མཐར་ཐུག་པ་མི་སྐྱེའོ། ཅིའི ་དོན་དུ་ཞེ་ན། དངོས་ཡོད་རྟོགས་པར་བྱ་བའི་ཕྱིར་ཏེ། དངོས་པོའི་ཡོད་པའི་ཆ་རྟོགས་པར་བྱ་བའི་དོན་དུའོ། །དེ་ལ་དངོས་པོ་མེད་པའི་ཆའི་གཞལ་བྱ་ལ། དངོས་པོ་མེད་པ་ཚད་མ་ཉིད་ཡིན་ནོ། །འདིས་ནི་འདིའི་ཡུལ་འབའ་ཞིག་བསྟན་གྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །འོ་ན་འདིའི་རང་གི་ངོ་བོ་ཅི་འདྲ་བ་ཡིན་ཞེ ་ན། མངོན་སུམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ལ་སོགས་པ་དོན་གྱི་སོགས་པའི་མཐར་ཐུག་པ་ན་སྐྱེས་པ་ནི་དངོས་པོ་མེད་པའི་ཚད་མར་འདོད་དོ། །དངོས་པོ་མེད་པའི་ཚད་མ་ཞེས་བྱ་བ་ནི་དྲུག་པ་དེའི་སྐྱེས་བུ་འམ། ལས་འཛིན་པ་ཡིན་ནོ། །ཁ་ཅིག་ཏུ་ཚད་མ་ལས་དངོས་མེད་ཅེས ་འདོན་པ་དེར?་ནི་དམིགས་ཀྱིས་དགར་བའི་བདུན་པ་རིགས་གཅིག་གི་ཚིག་ཡིན་ཏེ། ཚད་མ་རྣམས་ཀྱི་ནང་ནས་དངོས་པོ་མེད་པའི་ཚད་མ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་རི་ཁྲོད་རྗེས་དངོས་པོ་མེད་པ་ཡང་དངོས་པོ་མེད་པའི་ཚད་མ་སྟེ། མེད་པ་ཞེས་བྱ་བ་འདིའི་དོན་གྱིས་ཉེ་བ་མ་ཡིན་པའོ་ཞེས ་བཤད་དོ། །ཡང་མ་སྐྱེས་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དེ་དག་ཡོངས་སུ་མ་གྱུར་བ་འམ། དངོས་གཞན་རྣམ་པར་ཤེས་པ་ཡིན་ཞེས་བྱ་བ་སྨོས་ཏེ། མངོན་སུམ་ལ་སོགས་པ་མ་སྐྱེས་པ་དེ་དགག་པར་བྱ་བ་མངོན་པར་འདོད་པའི་བུམ་པ་ལ་སོགས་པའི་དངོས་པོ་ཤེས་པའི་ངོ་བོས་ཡོངས་སུ་མ་གྱུར་པ ་དངོས་པོ་གནས་པའི་བདག་ཉིད་དུ་བརྗོད་པའམ་བུམ་པས་ལ་སོགས་པ་དབེན་པའི་ས་ཕྱོགས་ཀྱི་ཤེས་པ་ཡིན་ནོ། །འོན་ཏེ་དངོས་པོ་མེད་བ་ཞེས་བྱ་བ་དངོས་པོ་དང་བྲལ་བ་ལ་བརྗོད་པ་མ་ཡིན་ནམ། དེས་ན་འདི་ཇི་ལྟར་དངོས་པོ་ཉིད་ཡིན་དངོས་པོ་དང་བྲལ་བའི?་ནི་དངོས་པོར་འགྱུར་བ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས། ་དངོས་པོ་མེད་པ་དངོས་པོ་ཉིད་དུ་གྲུབ་པའི་ཕྱིར། དངོས་མེད་ཚད་མས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དངོས་པོ་མེད་པའི་ཚད་མ་དངོས་པོར་མ་གྱུར་ན། དེ་ལྟ་ན་ནི་འདི་ནུས་པ་ཐམས་ཅད་ཀྱིས་སྟོང་པས་དེས་ན་དངོས་བ་མེད་བ་ཞེས་རྟོགས་པར་མི་འགྱུར་བ་དང། སྔ་ན་མེད་པ་ལ་སོགས་པའི་བྱེ་བྲག ་གིས་དངོས་པོ་མེད་པ་རྣམ་པ་བཞིར་ཡང་མི་འགྱུར་བ་ཞིག་ན། དེ་ལྟ་ན་ཡང་མ་ཡིན་སྟེར་ན་ཏ། དེ་ལྟ་བས་ན་དངོས་པོ་མེད་པ་རྟོགས་པ་རྣམ་པ་གཞན་དུ་མི་འཐད་པ་དང་རྣམ་པར་ཞིར་དབྱེ་བའི་འཇིག་རྟེན་གྱི་ཐ་སྙད་གཞན་དུ་མི་འཐད་པས་དངོས་པོ་མེད་པ་ནི་དངོས་པོ་ཉིད་ཡིན་ནོ། །ཁ་ཅིག་ནི་འདི་གཉིས་ནི ་དངོས་པོ་མེད་པའི་ཚང་མའོ་ཞེའོ་གཞན་དག་ནི་རྣམ་པ་གཞིར་དབྱེ་བ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །ཚད་མ་ཡང་འདི་ལྟར་བྱེད་དེ། དངོས་པོ་མེད་པ་ནི་དངོས་པོ་མེད་པ་ཉིད་ཡིན་ཏེ། དབྱེ་བར་བྱ་བ་ཡིན་པའི་ཕྱིར། བུམ་པ་ལ ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །ཇི་ལྟར་འདི་རྣམ་པ་བཞིར་དབྱེ་བ་དེ་ལྟར་བསྟན་པའི་ཕྱིར། ཞོ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་རྟེན་ན་འོ་མ་དང་ས་ལ་སོགས་པའི་རྒྱུ་ལ་ཞོ་དང་བུམ་པ་ལ་སོགས་པའི་མཆན་ཉིད་ཀྱི་འབྲས་བུ་མེད་དོ་ཞེས་བྱ་བ་དེ་ལྟ་བུ ་རྟོགས་པ་གང་ཡིན་པ་དེ་ནི་སྔོན་མེད་པ་ཞེས་བྱ་སྟེ། གལ་ཏེ་སྔ་ན་མེད་པ་མེད་པར་གྱུར་ན་འམ?་ལ་སོགས་པ་ལ་འབྲས་བུ་ཞོ་ལ་སོགས་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཞོ་ལ་འོ་མར་བརྗོད་པ་མེད་པ་ཉིད་གང་ཡིན་པ་འདི་ནི་ཞིག་ནས་མེད་པ་ཡིན་ཏེ་།དེ་ལྟ་མ་ཡིན་ན་ཞོ་འོ ་མ་ཉིད་དུ་འགྱུར་རོ། །བ་ལང་ལ་སོགས་པ་ལ་རྟལ་སོགས་པ་མེད་པ་ནི་གཅིག་ལ་གཅིག་མོང་པར་བརྗོད་དོ། གང་གི་ཕྱིར་དེ་ལ་བ་?་ལ་སོགས་པའི་གཞན་གྱི་ངོ་བོ་རྟ་ལ་སོགས་པའི་རང་བཞིན་མེད་དེ་དེ་ལྟ་པས་ན་དེ་གཉིས་ནི་གཅིག་ལ་གཅིག་མེད་པར་བརྗོད་དོ།། ་དེ་ལྟ་མ་ཡིན་ཏེ་གལ་ཏེ་གཅིག་ལ་གཅིག་མེད་པ་མེད་པར་མ་གྱུར་ན་བ་ལང་ལ་སོགས་པ་ལ་རྟ་ལ་སོགས་པ་ཡོད་པར་འགྱུར་རོ། །རི་བོང་གི་མགོ་བོའི་ཡན་ལག་སྦོམ་པ་འཕེལ་བ་དང་སྲ་བ་དག་དང་བྲལ་བའི་རི་བོང་གི་རྭ་ལ་སོགས་པའི་ངོ་བོས་ཤིན་ཏུ་མེད་པ་ནི་གཏན ་ནས་མེད་པ་ཞེས་བྱའོ། །འདིར་གལ་ཏེ་ཡང་དངོས་པོ་ལ་བརྟེན་ནས་གཅིག་ལ་གཅིག་མེད་པ་ཡིན་པ་དེ་ལྟ་ན་ཡང་འཇིག་རྟེན་གྱི་གྲགས་པས་གཏན་ནས་མེད་པ་ཞེས་བརྗོད་ཀྱི། ཕལ་ཆེ་བ་འཇིག་རྟེན་ན་གཤི་མཐུན་པའི་ཐ་སྙད་ཀྱིས་གཅིག་ལ་གཅིག་མེད་པའི་ཐ་སྙད་དུ ་བྱེད་དེ། དཔེར་ན་འདི་ནི་བ་ལང་ཡིན་གྱི་རྟ་ནི་མ་ཡིན་ནོ་ཤེས་བྱའི་འདྲིའི་རི་བོང་ཡིན་གྱི་རྭ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །གལ་ཏེ་གཅིག་ལ་གཅིག་མེད་པ་མེད་པར་འགྱུར་ན་རི་བོང་ལ་རྭ་ཡོད་པ་ཉིད་དུ་འགྱུར་རོ། །དེ་སྐད་དུ་ཡང་གཞོན་ནུ་མ་ལེན་གྱིས། །གལ་ཏེ་འདི་ནི་ཚང་མ་མིན ་འོ་མ་ཞོ་ཉིད་དུ་འགྱུར་ཏེ། །ཞོ་ནི་འོ་མར་བུམ་སྣམ་བུར། །རི་བོང་ལ་རྭ་ས་སོགས་ལ། །སེམས་ཅན་དག་ནི་ལུས་ཅན་དང། །ཆུ་ལ་དྲི་དང་མེ་ལ་རོ། །རླུང་ལ་དེ་དག་དང་བཅས་གཟུགས། །མཁའ་ལ་དེ་དག་དང་བཅས་རག། ཅེས་སྨྲས་ཏེ། དེ་ལ་སེམས་ཅན་ནི་དག་གོ། ལུས་ཅན་ནི་སྲ་བའོ། །དེ་དག ་དད་གཟུགས་ཞེས་བྱ་བ་ནི་དྲི་དང་རོ་དེ་དག་གཟུགས་དང་བཅས་པ་རླུང་ལ་ཡོད་པར་འགྱུར་བའོ། །དེ་དག་དང་བཅས་རེག་ཅེས་བྱ་བ་ནི་གཟུགས་དང་རོ་དང་བྲི་དེ་དག་རེག་པ་དད་བཅས་པ་ནི་མཁའ་ལ་སྟེ་ནམ་མཁའ་ལ་ཡོད་པར་འགྱུར་རོ། །གལ་ཏེ་དངོས་པོ་མེད་པ་སྔ་ན་མེད་པ་ལ་སོགས ་པ་བྱེ་བྲག་གིས་ཐ་དད་པར་མ་གྱུར་ན་འཇིག་རྟེན་ན་རྒྱུ་ལ་སོགས་པའི་བྱེ་བྲག་གི་ཐ་སྙད་དུ་བྱེད་པར་མི་འགྱུར་རོ། །དཔེར་ན་གང་ཞིག་ཞོ་དོན་དུ་གཉེར་བ་འོ་མ་ལེན་པར་བྱེད་ཀྱི་འོ་མ་དོན་དུ་གཉེར་བ་ཞོ་ལེན་བ་ནི་མ་ཡིན་ནོ། །དེ་བཞིན་དུ་བ་ལང་དོན་དུ་གཉེར་བ་རྟ་མི་ལེན་ཞིང ་རྟ་དོན་དུ་གཉེར་བ་པ་ལང་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྒྱུ་ལ་སོགས་པའི་བྱེ་བྲག་ཐ་སྙད་དུ་བྱེད་དོ། །ཅི་སྟེ་ཡང་གལ་ཏེ་འདི་རྣམ་པ་བཞིར་གྱུར་པ་དེ་ལྟ་ན་ཡང་དངོས་པོ་ཉིད་དུ་འགྱུར་བར་བྱ་དགོས་སོ། །ཞེས་བྱ་བ་ག་ལས་ཡིན། དབྱེ་འདི་དངོས་མེད་ལ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་ལ་ནི་ཐ་དད་པར་རིགས་པ་མ་ཡིན་ཏེ། དེ་ན་དངོས་པོ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་མེད་པ་ནི་དངོས་པོ་ཡིན་ནོ། །འདིའི་དངོས་པོ་ཉིད་ཅི་འདྲ་བ་ཡིན་ཞེ་ན། འབྲས་བུ་ལ་སོགས་ཞེས་བྱ་བ་སྨོས་ཏེ་འོ་མ་ལ ་སོགས་པའི་རྒྱུའི་དངོས་པོ་གང་ཡིན་པ་དེ་ཉིད་ཞོ་ལ་སོགས་པའི་འབྲས་བུའི་དངོས་པོ་མེད་པ་ཉིད་ཡིན་ལ། ཞོལ་སོགས་པ་འབྲས་བུའི་དངོས་པོ་གང་ཡིན་པ་དེ་ཉིད་འོ་མ་ལ་སོགས་པ་རྒྱུའི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་དངོས་པོ་མེད་པའི་དངོས་པོ་ཉིད་ཡིན་ནོ། །ཡང ་འདིའི་དངོས་པོ་ཉིད་རྗེས་སུ་དཔག་པས་གྲུབ་པར་བྱ་བའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་ན་དངོས་པོ་ཞེས་བྱ་བ་ནི་ཕྱོགས་སོ་རྗེས་སུ་འཇུག་པ་དང་ལྡོག་པའི་བློའི་བཟུང་བར་བྱ་བ་ཡིན་པའི་ཕྱིར་དང་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་གཉིས་སོ ་བ་ལང་སོགས་བཞིན་ཞེས་བྱ་བ་ནི་དཔེའོ། །དེ་ལས་རྗེས་སུ་འཇུག་པའི་བློ་ནི་བཞི་ཆར་ལ་མེད་པ་ཞེས་བྱ་བའི་གཅིག་གིས་རྣམ་པ་ཅན་གྱི་ཤེས་པའོ། །ལྡོག་པའི་བློ་ནི་འདི་ལྡན་མེད་པ་ཡིན་གྱི་ཞི་ནས་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་དད་པའི་རྣམ ་པའི་ཤེས་པའོ། །དེ་ལ་གཞོན་ནུ་མ་ལེན་གྱིས་དངོས་པོ་མེད་པ་རྣམ་པ་གསུམ་བརྗོད་དེ་བདག་ཡོངས་སུ་མ་གྱུར་པ་ནི་གཅིག་གོ། དངོས་པོའི་ཁྱད་པར་གཞན་ཤེས་པ་ནི་གཉིས་པ་སྟེ། དེ་བདག་ཡོངས་སུ་མ་གྱུར་པའི་འམ། དངོས་གཞན་རྣམ་པར་ཤེས་པ་ཡིས། །ཞེས་བཤད ་པའི་ཕྱིར་རོ། །ཚད་མ་ལོག་པ་ཙམ་གྱིས་བདག་ཉིད་ནི་གསུམ་པ་སྟེ་མཚན་ཉིད་གསུམ་གྱིས་བསྐྱེད་བྱ་གང། །བློ་དེ་རྗེས་སུ་དཔག་པར་འདོད། །སྐྱེ་བ་མེད་པའི་ངོ་བོ་ནི། །གང་ཡང་རྒྱུ་ལས་རག་ལམ་ནི། ཞེས་བཤད་པའི་ཕྱིར་རོ། དེ་ལ་དངོས་པོ་མེད་པ་གསུམ་པ་འདི་ལ་ཀླ་ནས་འདིངས ་པ་ལ་ལན་གདབ་པར་བྱ་བའི་ཕྱིར། དངོས་མེད་ཇི་ལྟར་ཚད་མ་ཡིན་ཞེས་བྱ་བ་སྨོས་སོ། ཅི་སྟེ་ཇི་ལྟར་མངོན་སུམ་ལ་སོགས་པ་སྐྱེས་པ་དངོས་པོ་མེད་པའི་ཚད་མར་བརྗོད་ཅེ་ན། འདི་ལ་བརྗོད་ཅེ་ན། འདི་ལ་བརྗོད་པ། འདི་ལ་གཞལ་བྱ་འང?་ཅི་འདྲ་ཞིག་ཅེས་བྱ་བ་བརྗོད་པར་བྱ་དགོས་སོ། །འདིར་ཅི་ཞིག ་བརྗོད་པར་བྱ། །དངོས་པོ་མེད་པའི་ངོ་བོ་ཉིད་གཞར?་བྱ་ཡིན་ནོ་ཞེ་ན། འོན་ཏེ་དེ་ལྟ་ན་གཞལ་?་ཇི་ལྟ་བུར་གྱུར་བ་ཚད་མ་ཡང་དེ་ལྟ་བུར་གྱུར་པ་ཉིད་ཡིན་ནོ་ཞེས་འདོད་པར་གྱིས་ཤིག་།དེའི་ཕྱིར་དངོས་མེད་ཇི་ལྟར་ཚད་མ་ཡིན་།ཅི་སྟེ་རྗོད་པར་བྱེད་དེ། ཚད་མ་དང་མི་འདྲ་བ་ནི་རིགས་པ་མ་ཡིན་ནོ།། ་དངོས་པོ་མེད་པ་ཚད?་པ་ཡིན་ལ་རག་མེད་དོ། །འདི་ཇི་ལྟར་མངོན་སུམ་ལ་སོགས་པ་ལས་ཐ་དད་པ་ཡིན་ཞེ་ན་ཚད་མ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ལ་སོགས་པའི་ཚད་མའི་དངོས་པོ་མེད་དེའི?་ཚད་མ་ནི་མངོན་སུམ་ལ་སོགས་པ་ཐ་དད་པ ་ཡིན་ཏེ། དངོས་པོ་མེད་པའི་སྒྲའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར། གཞལ་བྱ་དངོས་པོ་མེད་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་དངོས་པོ་མེད་པར་བརྗོད་པའི་གཞལ་བྱིན་ཆོས་?་བའི་རང་དང་རྗེས་སུ་མཐུན་པའི་ཚད་མའི་གཞལ་བྱ་ཉིད་ནི་བསྒྲུབ་བར་བྱ་བའོ། །གཞལ་བྱ་ཡིན་པའི་ཕྱིར ་ཤེས་བྱ་བ་ནི་གཏན་ཚིགས་སོ། །དངོས་པོར་བརྗོད་པའི་གཞལ་བྱ་ནི་དཔེའོ། །རང་དང་རྗེས་སུ་མཐུན་པའི་ཚད་མ་གང་ཡིན་པ་དེ་ལས་བྱུང་བའི་མངོན་སུམ་ལ་སོགས་པ་ལས་གཞན་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེས་འདིར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིས་ནི་བདག ་ཉིད་ཡོངས་སུ་མ་གྱུར་པ་འམ་ཞེས་བྱ་བའི་དངོས་པོ་མེད་པའི་མཚན་ཉིད་དང་པ་མི་སྲིད་པར་སྟོན་ཏོ། །འདི་ལྟར་མ་ཡིན་པར་འཇུག་པ་ལས་ཡོངས་སུ་འགྱུར་བ་ལས་བཟློག་པར་ཡོངས་སུ་འགྱུར་པ་མ་ཡིན་པ་རེས་འགའ་བ་མཚན་ཉིད་དུ་འདོད་པོ། །དེ་ལྟ་མ་ཡིན་ཏེ་གལ་དེ་མ་ཡིན ་པར་འཇུག་པས་རེས་འགའ་བར་འདོད་པ་མ་ཡིན་ན་དེའི་ཚེ་ཐམས་ཅད་དུ་དངོས་པོ་མེད་པ་ཉིད་རྟོགས་པར་འགྱུར་རོ། །ཡོངས་སུ་འགྱུར་བ་མ་ཡིན་པ་དེ་ཡང་ཇི་སྐད་དུ་བཤད་པའི་བདག་ལ་མི་སྲིད་པའོ། །གང་གི་ཕྱིར་རྟག་པའི་སེམས་ཅན་གྱི་ཡོངས་སུ་འགྱུར་བ་བསལ་ཟིན་པ་དེའི་ཕྱིར ་མ་ཡིན་པར་འཇུག་པས་དེ་ལས་ལྡོག་པའི་ཡོངས་སུ་གྱུར་པ་མ་ཡིན་པ་ལ་བརྟེན་པ་རག་ལ་འགྱུར། དེ་ལ་ཡོད་པ་ནི་བདག་གོ། འདི་ནི་རྟག་པ་ཡང་ཡིན་ལ་སེམས་ཅན་ཡང་ཡིན་པས་རྟག་པའི་སེམས་ཅན་ནོ། །ཡང་ན་རྟག་པའི་སེམས་ཅན་དེ་ཡོད་པ་ག་ལ་ཡོད་པ་དེ་ལ་དེ་སྐད ་ཅེས་བྱ་སྟེ། རྟག་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལས་བཟློག་པའི་དངོས་པོ་ནི། ཞེས་བྱ་བ་ནི་ཡོངས་སུ་འགྱུར་བ་དེའི་ལྡོག་པ་ཡོངས་སུ་འགྱུར་བ་མ་ཡིན་པ་དེ་རས་འགའ་བར་རིགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐམས་ཅད་དུ་འགྱུར་ཏེ། བདག་བརྟག་པ་དང་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར ་ཅི་སྟེ་ཡོངས་སུ་འགྱུར་བ་མ་ཡིན་པ་ཡོངས་སུ་འགྱུར་བ་ལས་བཟློག་པའི་བདག་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡོངས་སུ་འགྱུར་བ་བཀག་པ་ཙམ་གྱི་བདག་ཉིད་དེ། དེ་ནས་མཚན་ཉིད་མི་སྲིད་པར་མི་འགྱུར་ཞེས་བྱ་བར་འདོད་ན་འདིར་སྨྲས་པ་གལ་ཏེ་འཕེན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྟེ ་ཡོངས་སུ་འགྱུར་བ་འཕེན་པ་སྟེ། དགག་པ་དེ་ཉིད་ཙམ་དེ་ཁོ་ནའི་བདག་ཉིད་ཀྱི་རང་བཞིན་ཡོངས་སུ་མི་འགྱུར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འོད་ནི་ཞེས་བྱ་བ་ནི་ལྡོག་པའི་བདག་ཉིད་ཡོངས་སུ་མི་འགྱུར་པའོ། །བདག་ནི་རྟག་པ་དང་གཅིག་པུའི་?་ཡིན་པའི་ཕྱིར་ཡོངས་སུ་འགྱུར་བ ་མེད་པའི་ཕྱིར་རོ། །མི་འགྱུར་མོད་ཅེས་པས་བླངས་ནས་ཡོངས་སུ་མི་འགྱུར་པའི་མཚན་ཉིད་ཧ་ཅང་ཁྱབ་པའི་སྐྱོན་བཤད་པ་ནི་མི་འཁྲུལ་བ་ཉིད་ཅེས་བྱ་བ་སྟེ། ཧ་ཅང་ཁྱབ་པ་ཉིད་དོ། །རྒྱལ་ལ་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ཆོད་པ་དང་རྒྱ་པ ་ཀྱི་ཕྱོགས་པ་ལ་སོགས་པའི་གནས་སྐབས་གཟུང་ངོ། །དེ་ཡོད་ན་ཡང་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་ཤེས་པ་ངོ་བོའི་ཡོངས་སུ་མི་འགྱུར་བའི་བདག་གི་རྫས་ཡོད་ན་ཡོད། །ཅི་སྟེ་དམིགས་པའི་རྐྱེན་ལས་མ་གཏོགས་པའི་རྐྱེན་གཞན་ཡོད་པ་ན་བུམ་པ ་ལ་སོགས་པའི་ཤེས་པས་དབེན་པའི་ས་ཕྱོགས་ཀྱི་ཤེས་པ་ཉིད་ཡོངས་སུ་མི་འགྱུར་བར་འདོད་དེ། བུམ་པ་ལ་སོགས་པའི་ཤེས་པའི་ངོ་བོས་ཡོངས་སུ་མི་འགྱུར་བའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་བདག་གོ་།འདི་ཞེས་བྱ་བ་ནི་ཡོངས་སུ་མི་འགྱུར་པའོ། །དེ་ལྟ་ཡིན་ན། དངོས ་གཞན་རྣམ་པར་ཤེས་པ་ཡིན། ཞེས་བྱ་བ་ཕྱོགས་གཉིས་ལས་འདི་ཁྱད་པར་མ་བརྗོད་པར་འགྱུར་རོ། །དེ་ལྟ་ཡིན་དང་ཕྱོགས་གཉིས་བསྟན་པ་དོན་གང་པར་འགྱུར་རོ། །དངོས་གཞན་ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་མཚན་ཉིད་གཉིས་པ་འཁྲུལ་པ ་ཉིད་དུ་བཤད་དོ་མ་མཐོང་བ་ཡང་ཞེས་བྱ་བ་ནི་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བའོ། །དངོས་མེད་གཉིས་པ་ཞེས་བྱ་བའི། དངོས་པོ་གཞན་རྣམ་པར་ཤེས་པ་ཡིན། ཞེས་བྱ་བ་དེ་ལས་སོ། །ཡང་ན་ཅི་སྟེ་མ་མཐོང་བ་ཐམས་ཅད་ཀྱི་བསྒྲུབ་པར་བྱ་བ་མེད་པ་ཡིན ་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་མཚུངས་རུང་བའི་ངོ་བོ་ཅན་ཏེ་བུམ་པ་ལ་སོགས་པའི་ས་ཕྱོགས་དམིགས་པ་དེ་དང་མཚུངས་པའི་རུང་བའི་ངོ་བོ་ཉིད་དེ། རུང་བ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དམིགས་པའི་མཚན་ཉིད་དུ་གྱུར་བ་ཞེས་བྱ་བའི་? ་ཚིག་གོ། དེ་ཡིས་དབེན་པ་ཤེས་པ་ན། ཞེས་བྱ་བ་ནི་བུམ་པ་ལ་སོགས་པས་དབེན་པའི་ས་ཕྱོགས་ཤེས་པ་ནའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པས་ལན་འབེབས་པར་བྱེད་དེ། བལྟ་བར་ནུས་པ་དམིགས་པའི་མཚན་ཉིད་དུ་འགྱུར་པའི་དངོས་པོ་སྣང་པ་རྣམ་པ་གང་ལ ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ལ། འདི་ནི་བལྟ་བར་ནུས་པའི་དངོས་པོ་སྣང་བ་ཡང་ཡིན་ལ། མངོན་སུམ་ཡང་ཡིན་ནོ་ཞེས་བྱ་བ་ནི་ལས་འཛིན་པའོ། །གཞན་དག་གིས་མིན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཀྱིས་ཏེ། གང་གི་ཕྱིར་དེ་དག་གི་ཡུལ་ནི་ལྐོག་ཏུ་གྱུར་པའི་དོན ་ཉིད་ཡིན་ནོ། །དེ་དག་ལྡོག་པ་ན་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་ལྐོག་ཏུ་གྱུར་པ་ལྡོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་དག་ལྡོག་པ་ནི་འཁྲུལ་པ་ཅན་ཡིན་ནོ། །དེ་ལྟ་ཡིན་དང་མངོན་སུམ་ལ་སོགས་མ་སྐྱེས་པ། ཞེས་བྱ་བ་འདི་ལ་སོགས་པ་སྨོས་པ་དོན་མེད་པར ་འགྱུར་རོ། །གཞན་ཡང་གལ་ཏེ་དེ་ལས་གཞན་པའི་དངོས་པོ་ཤེས་པར་ངེས་པར་གྱུར་ན་དེ་ལྟ་ན་ཅིའི་ཤོས་མེད་བ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ན་ཡོད་པ་ཙམ་གྱིས་དེ་ལས་དངོས་པོ་མེད་པ་གྲུབ་ན་སྐྱེས་བུ ་གཅིག་ལས་སྐྱེས་པའི་ཤེས་པ་དེ་ལས་ཀྱང་སྐྱེས་བུ་ཐམས་ཅད་ཀྱིས་དངོས་པོ་མེད་པ་གྲུབ་པར་ཐལ་བར་འགྱུར་རོ། །དེ་ལ་དབྱེད་བ་པ་གང་གིས་བློ་མངོན་སུམ་མ་ཡིན་པར་ཁས་ལེན་པ་ངེས་དངོས་པོ་གཞན་ལ་ཤེས་པ་འདི་སྐྱེ་བར་ཇི་ལྟར་ཤེས་པར་འགྱུར་ཏེ་མི་འགྱུར ་བ་ཁོ་ནའོ། །གལ་ཏེ་དོན་གྱིས་གོ་བ་ལས་ཞེས་བྱ་བ་ནི་ཤེས་ཞེས་སྐབས་དང་སྦྱར་རོ། །ཇི་སྐད་དུ་དོན་མ་ཤེས་པ་ན་བློ་མི་འགྲུབ་པའི་ཕྱིར་དོན་ཤེས་པའི་རྟགས་ལས་བློ་རྗེས་སུ་དཔག་པར་བྱེད་དོ། །ཞེས་བཤད་པ་ལྟ་བུའོ། །དེ་ལ་རྟགས་ཀྱི་ཚིག་ནི་གཞན་དུ་མི་འཐད་པ་རྗོད་པར་བྱེད ་པ་ཡིན་ཏེ། །དོན་ཤེས་པ་གཞན་དུ་མི་འཐད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། རྗེས་སུ་དཔག་པར་བྱེད་དེ་འཇལ་བར་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ་འོ་ན་གལ་ཏེ་དོན་གྱིས་གོ་བ་དེ་ཡང་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་དེ་ཡང་གང་ལས་རྟོགས་ཞེས་བརྗོད་པར་བྱའོ། །དོན་གྱིས་གོ་བ ་?་ཞེ་ན། དེ་ལྟ་ཡིན་ན་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་གལ་ཏེ་དངོས་པོ་མེད་པ་དངོས་པོ་ཉིད་དུ་ཁས་ལེན་ན་དེའི་ཚེ་ཇི་ལྟར་དངོས་པོ་མེད་པའི་ཚད་མ་དངོས་པོ་ཡིན་པ་དེ་བཞིན་དུ་དངོས་པོ་མིང་པའི་གཞལ་བྱ་ཡང་ཡིན་པས་དེའི་ཕྱིར་དངོས་པོ་མེད་པ་དངོས་པོ་ཉིད་ཡིན་པའི་ ་ཕྱིར་མངོན་སུམ་ཉིད་དུ་ཅིའི་ཕྱིར་ཁས་ལེན་པར་མི་བྱེད་དེ་གང་གིས་དེ་རྟོགས་པར་བྱ་བའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བ་ཚད་མ་གཞན་དུ་རྟོགས་པར་བྱེད་ཇི་སྐད་དུ་འབྲས་བུ་ལ་སོགས་པ་དངོས་མེད་པ་རྒྱུ་ལ་སོགས་པའི་དངོས་པོ་ཡིན་ཞེས ་བཤད་པ་ལ། འབྲས་བུ་ལ་སོགས་དངོས་མེད་པ། ཞེས་བྱ་བ་ལ་སོགས་པས་མངོན་སུམ་གྱི་ཁོངས་སུ་འདས་པ་དེ་ཉིད་སྒྲུབ་པར་བྱེད་དོ། །གཞན་གྱི་དབེན་པའི་བདག་ཉིད་ཀྱི་རྒྱུ་ལ་སོགས་པའི་དངོས་པོ་དེ་ཡང་འབྲས་བུ་ལ་སོགས་པས་དབེན་པའི་རང་བཞིན ་མངོན་སུམ་ཉིད་ཡིན་པའི་ཕྱིར་གང་གིས་ཚད་མ་གཞན་དུ་འགྱུར་བ་དངོས་པོ་མེད་པའི་གཞལ་བྱ་བ་ནི་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་དད་པའི་གཞལ་བྱ་མད་པ་དེ་ནི་དེ་ལས་ཚད་མ་གཞན་མ་ཡིན་ཏེ་ཚད་མ་བདུན་པ་བཞིན་ནོ། །དངོས ་པོ་མེད་པ་ལ་ཡང་མངོན་སུམ་གྱི་གཞལ་བྱ་ལས་ཐ་དད་པའི་གཞལ་བྱ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དམིགས་པའོ། །འདི་ལ་གཞན་གྱིས་གཏན་ཚིགས་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་རང་དངོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གལ་ཏེ་དངོས་པོ ་གཅིག་གིས་བདག་ཉིད་ཁོ་ནར་གྱུར་ན་མེད་པ་གཞལ་བྱར་འགྱུར་ཏེ། གང་གི་ཕྱིར་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་དག་གིས་གོ་རིམས་བཞིན་དུ་ཡོད་པ་དད་མེད་པའི་བདག་ཉིད་ཀྱིས་དངོས་པོ་གཉིས་ཀའི་བདག་ཉིད་དུ་གནས་པ་དེ་ལ་ངོ་བོ་སྟེར་རེ་བཞིན་ཅུང་ཟད་ཅིག་ཚད་མ ་འགའ་ཞིག་གིས་ཤེས་པར་བྱེད་ཀྱི་ཐམས་ཅད་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །དེ་ཉིད་སྟོན་པ་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ་གང་གི་ཚེ་དངོས་པོའི་ཆ་འཛིན་པ་དེའི་ཚེ་མངོན་སུམ་ལ་སོགས་པ་ལྟའི་བྱ་བ་ཡིན་གྱི་དངོས་པོ་མེད་པ་ནི་མ་ཡིན་དངོས་པོ་མེད་པའི་ཆ་འཛིན་པར ་འདོད་པ་ན་དེ་མ་སྐྱེས་པའི་བྱ་བ་ཡིན་ཏེ། མངོན་སུམ་ལ་སོགས་པ་དེ་དག་མ་སྐྱེས་པ་སྟེ། དངོས་པོ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ་གལ་ཏེ་གཅིག་གཉི་གའི་བདག་ཉིད་དུ་གྱུར་ན་གཏན་ཚིགས་མ་གྲུབ་པར་འགྱུར་ན། གང་གི་ཕྱིར་གཅིག་གཉི་གའི་བདག་ཉིད་ན་ནི་འགལ་བ་ཡིན་ནོ། །ཞེས ་བསྟན་པའི་ཕྱིར་དངོས་རྣམས་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱིས་ངོ་བོས་དངོས་པོ་གཞན་ལས་ལྡོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ངོ་བོས་ཏེ་དེ་ལྟ་ཡིན་དང་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཉིད་དེ་རང་བཞིན་ཉིད་དངོས་པོ་གཞན་ལས་ལྡོག་པར་དམིགས་ཏེ། ་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །བདག་ཉིད་གང་གིས་ལྡོག་པ་ངེས་དངོས་པོ་དེ་ཡོད་པ་ཉིད་ཡིན་གྱི་མེད་པ་ནི་མ་ཡིན་ནོ། །དངོས་པོ་དེ་ཡང་ལྡོག་པའི་བདག་ཉིད་ངེས་མངོན་སུམ་ཡིན་པའི་ཕྱིར་གཉིས་པའི་ངོ་བོས་དམིགས་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་གཉི་གའི་བདག་ཉིད་དུ་དམ་བཅའ་ ་བ་ལ་མངོན་སུམ་དང་འགལ་བར་བསྟན་ནས་ད་ནི་རྗེས་སུ་དཔག་པ་དང་འགལ་བར་བསྟན་པའི་ཕྱིར་དོན་བྱེད་ནུས་པ་ཞེས་བྱ་བ་སྨོས་ཏེ་གང་ཞིག་དོན་གྱི་བྱ་བ་བྱ་བ་པ་ནི་དེ་ནི་ཡོད་པ་ཡིན་ཏེ། ཡོད་པར་མངོན་པར་འདོད་པའི་དངོས་པོ་བཞིན་ནོ། །ཡོད་པར་འདོད་པའི་དངོས་པོ་ཡང་དོན་གྱི་བྱ་བ་བྱེད ་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཡང་ཕན་ཚུན་འགལ་བ་དེ་དག་ནི་དངོས་པོ་གཅིག་ལ་འདུ་བ་མ་ཡིན་ཏེ། དཔེར་ན་གྲིབ་མ་དང་ཉི་མ་དག་གམ། གྲང་བ་དང་དྲོ་བ་དག་བཞིན་ནོ། །ཡོད་པ་དང་མེད་པའི་ངོ་བོ་དག་ཀྱང་ཕན་ཚུན་འགལ་བ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར ་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་རང་བསྒྲུབ་བྱ་ལ་ནུས། །ཞེས་བྱ་བ་ལ་སོགས་པས་གཞན་དག་གཏན་ཚིགས་མ་གྲུབ་པར་སྟོན་པར་བྱེད་པ་ཡིན་ཏེ། འདི་ལྟར་ཡང་ན་དངོས་པོ་གཅིག་རང་གི་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་ལ་ནུས་པ་ལ་གཞན་གྱི་བསྒྲུབ་པར་བྱ་བ་ལ་ནི་མི ་ནུས་ཏེ། དེ་ལྟ་བས་དང་དོན་གྱི་བྱ་བ་མེད་པའི་མཚན་ཉིད་ཀྱིས་གཏན་ཚིགས་ནི་མ་གྲུབ་པ་ཡིན་ནོ། །གཞན་གྱིས་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་ལ་བལྟོས་ནས་དངོས་པོའི་དོན་གྱི་བྱ་བ་བྱེད་པ་ཉིད་མ་གྲུབ་ལ། ཡོད་པ་དང་མེད་པའི་ངོ་བོ་དག་ནི་ཕན་ཚུན་འགལ་བ་ཡང་མ་ཡིན་ཏེ། བལྟོས་བ ་མེད་པའི་ཕྱིར་འདི་ལྟར་རང་གི་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་ལ་བལྟོས་ནས་ཡོད་བ་བརྗོད་ལ་གཞན་གྱི་བསྒྲུབ་པར་བྱ་བ་ལ་བལྟོས་ནས་ནི་མེད་པ་ཞེས་བྱའོ། །གལ་ཏེ་རང་གི་བསྒྲུབ་བྱ་ཉིད་ལ་བལྟོས་ནས་ཀྱང་མེད་པ་ཉིད་དུ་བརྗོད་པར་གྱུར་ན་ནི་ཕན་ཚུན་འགལ་པར་འགྱུར་རོ། །འདིར་ལྡན?་སྨྲས་པ་ནི་དེ་ཉིད ་ལས་ཞེས་བྱ་བ་སྟེ། རང་གི་བསྒྲུབ་བར་བྱ་བ་ལ་ནུས་པའི་དངོས་པོའི་དངོས?་པོའི་ངོ་བོས་གང་ཡིན་པ་དེ་ཉིད་གཞན་གྱི་བསྒྲུབ་བར་བྱ་བ་ལ་མི་ནུས་པ་ཡིན་གྱི་གཞན་མ་ཡིན་ནོ། །བལྟོས་པའི་བྱེ་བྲག་གིས་སྒྲ་ཐ་དད་པས་དངོས་པོ་ཐ་དད་པ་ནི་མ་ཡིན་ཏེ། དེ་ནི་ཆ་མེད་བ ་ཡིན་པའི་ཕྱིར་རོ། །དེ་ཉིད་ལས་ཞེས་བྱ་བ་ནི་དེའི་ཕྱི་རོལ?་གྱི་དོན་ཏེ། གཉིས་ཉིད་ཀྱི་ངོ་བོ་ཅིག་ལ་ཡོད་པ་མ་ཡིན་ནོ། །ཅི་སྟེ་གཞན་གྱི་བསྒྲུབ་པར་བྱ་བའི་དོན་བྱེད་པར་མི་ནུས་པ་ནི་གཞན་གྱི་ཡིན་གྱི། དེ་ཉིད་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་ནུས་མེད་གཞན་ལས་ཞེས་བྱ་བ་སྨོས་ཏེ། དེ་ལྟ་ནའོ ་ན་དོན་བྱེད་པར་ནུས་པ་གང་ཡིན་པ་དེ་ནི་དངོས་པོ་གཅིག་གོ་།གང་ཡང་དོན་བྱེད་མི་ནུས་པ་དེ་ནི་གཉིས་པའི་ཡིན་ནོ་ཞེས་བྱ་བ་ཁྱེད་ཅིག་གིས་དངོས་པོ་གཉིས་ཉིད་བསྟན་པ་འབའ་ཞིག་ཏུ་ཟད་ཀྱི་ཅིག་གཉི་གའི་བདག་ཉིད་ནི་མ་ཡིན་ནོ། །ཚད་མ་འོག་པ་ཙམ་གྱི་བདག་ཉིད་ཀྱི་དངོས ་པོ་མེད་པའི་མཚན་ཉིད་གསུམ་པ་ལ་སུན་འབྱིན་པ་བཤད་པ་ནི། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་ཁས་བླངས་ཞེས་བྱ་བ་ནི་དེ་བདག་ཡོངས་སུ་འགྱུར་བ་འམ། དངོས་པོ་གཞན་རྣམ་བར་ཤེས་པ་ཡིན་ཞེས་སྨྲས་པའི་ཕྱིར་རོ། །སླར་ཡང་དེ་ནི་དངོས་མེད་པར་ཞེས ་བྱ་བ་ནི། ཚད་མ་འང་དེ་ལྟར་འདོད་པར་གྱིས་ཞེས་སྨྲས་པའི་ཕྱིར་རོ། །ཚད་མའི་མཚན་ཉིད་ནི་ཡུལ་རྟོགས་པ་ཡིན་པའི་ཕྱིར་དངོས་པོ་མེད་པའི་ཚད་མ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འཚད་པར་འགྱུར་བའི་བསམ་པའོ། །བསམ་པ་དེ་ཉིད་བསྟན་པའི་ཕྱིར། ངོ་བོ་མེད་ཅེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཚད་མ་ཉིད་དོ། །གང་ཞིག་གཞལ་བྱ་རྟོགས་པའི་ངོ་བོ་མ་ཡིན་པ་དེ་ནི་ཚད་མ་མ་ཡིན་ཏེ་བུམ་པ་ལ་སོགས་པ་བཞིན་ནོ། །དངོས་པོ་མེད་པ་ཡང་གཞལ་བྱ་རྟོགས་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས ་པའོ། །འདི་སྙམ་དུ་མིག་ལ་སོགས་པ་གཞལ་བྱ་རྟོགས་པའི་ངོ་བོ་མ་ཡིན་ཡང་གཞལ་བྱ་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་བརྗོད་པ་དེ་བཞིན་དུ་དངོས་པོ་མེད་པ་ཡང་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། གལ་ཏེ་དེ་ཡི་རྒྱུ་ཡིན་པའི་ཕྱིར་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མའི་རྒྱུ་ཡིན་པའི་ཕྱིར་ཉེ་བར་བརྟགས་ནས་ཚད་མར་རྟོགས་པ་ནི་རིགས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མེད་པའི་མཚན་ཉིད་ནི་ཐམས་ཅད་དུ་ནུས་པ་དང་བྲལ་བ་ཡིན་པའི་ཕྱིར་རྒྱུ་ཉིད་སྲིད་བར་རིགས་པ་མ་ཡིན་ལ་སྲིད་ན་ཡང་མེད་པ་ཉིད་ཉམས ་པར་ཐལ་བར་འགྱུར་བའི་ཕྱི་དང་དེ་ཁྱད་པར་མེད་པའི་ཕྱིར་དེ་ལས་བྱུང་བའི་ཤེས་པ་ལྡོག་པ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་མ་གྲུབ་པ་ནི་འདོད་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །དངོས་པོ་མེད་པ་དེ་ཡང་ཇི ་ལྟར་གྲུབ་པ་བརྗོད་པར་བྱ་དགོས་སོ། །རེ་ཞིག་དེ་རང་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ། གཞལ་བྱ་མེད་པ་ཡང་རང་ཉིད་ཀྱིས་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་དངོས་པོ་མེད་པའི་ཚད་མ་རྟག་པ་དོན་མེད་པར་འགྱུར་ཏེ། དེ་ནི་གཞལ་བྱ་དངོས་པོ་མེད་པ་གྲུབ ་པར་བྱ་བའི་དོན་དུ་ཡིན་ལ་གཞལ་བྱ་དངོས་པོ་མེད་པ་དེ་ཡང་དངོས་པོ་མེད་པའི་ཚད་མ་བཞིན་དུ་རང་ཉིད་ལ་གྲུབ་པའི་ཕྱིར་རོ། །དེ་རང་རིགས་བས་གྲུབ་པ་ཡང་མ་ཡིན་ཏེ། ཤེས་པའི་ངོ་བོས་དབེན་པ་འདི་ཇི་ལྟར་རང་རིག་པས་རྟོགས་པར་འགྱུར་ཏེ། ཤེས་པའི་བདག་ཉིད་ངེས་རྟོགS ་པའི་ཕྱིར་རོ། །ཅི་སྟེ་དེའི་ཡུལ་ཅན་གྱི་ཚད་མ་མེད་པ་གཞན་ལ་དེ་གྲུབ་བས་དེའི་ཡུལ་ཙན་གྱི་ཚད་མ་མེད་པ་དེ་ཡང་ཇི་ལྟར་གྲུབ་དེ་ཡང་གཞན་ལས་གྲུབ་ན་ཐུག་པ་མེད་པར་འགྱུར་ཏེ། ཇི་སྐད་དུ། གཞན་དུ་མི་དམིགས་པ་ལས་ནི། །དོན་གྱི་མེད་པ་ཉིད་རྟོགས་ན་དམིགས་པ་མེད ་པའི་ཉིད་ཀྱང་ནི། །གཞན་གྱིས་ཡིན་པས་ཐུག་པ་མེད། ཅེས་བཤད་བ་བཞིན་ནོ། །ཅི་སྟེ་ཐུག་པ་མེད་པར་འགྱུར་དུ་འོང་བས་གཞལ་བྱ་མེད་པས་དེ་གྲུབ་པར་ཁས་ལེན་པར་བྱེད་ན་དེ་ལྟ་ཡིན་ན་ཕན་ཚུན་བརྟེན་པ་ཉིད་དུ་འགྱུར་ཏེ། འདི་ལྟར་གཞལ་བྱ་དངོས་པོ་མེད་པ་ལས་ཚད་མ་དངོས་པོ་མེད་པ ་གྲུབ་ལ། །དེ་གྲུབ་པ་ན་ཡང་གཞལ་བྱ་དངོས་པོ་མེད་པ་གྲུབ་པོ་ཞེས་བྱ་བ་འདི་ལ་ཕན་ཚུན་བརྟེན་པའི་ཉེས་པ་འཇུག་བ་བསལ་རབ་པ་ཉིད་དོ། །དེས་ན་འདི་ནི་འབྱུང་བར་འདོད་པའི་?་མ་མིག་དུ་ཞུགས་པ་ཡིན་ནོ། །དེ་ལྟ་བས་ན་གཅིག་དམིགས་བ་ཉིད་གཞན་མི་དམིགས་པ་ཡིན་པའི་ཕྱིར་དངོས་པོ་མེད་པ ་ཞེས་བྱ་བ་མངོན་སུམ་ལ་སོགས་ཤིག་པའི་ཚད་མ་མ་ཡིན་ནོ། །འདི་སྙམ་དུ་གཅིག་དམིགས་པ་དེ་ཡང་ཇི་ལྟར་གྲུབ། དེ་ཡང་དངོས་པོ་མེད་པ་ཡིན་པའི་ཕྱིར་ཐལ་བར་འགྱུར་བ་མཚུངས་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གཅིག་མཐོང་བ་དེ་ཡང་རང་ཉིད་ཀྱིས་ཏེ་རང་དབང་ཅན་དུ་གྲུབ་ཀྱི་གཞན་ལས་མ་ཡིན་པའི་ཕྱིར་ཐུག་པ་མེད་པ་ལ་སོགས་པའི་ཐལ་བར་མི་འགྱུར་རོ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོས་ཏེ་རང་བཞི་གྱིས་བེམས་པོ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་བློ་གཞན་གྱིས་གྲུབ ་པ་ལ་ཅི་ཞིག་སྡང་ཞེ་ན། སྟགས་སམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ནི་བློ་རྟགས་ཀྱིས་རྟོགས་པར་བྱ་བ་ཡིན་པར་འདོད་དེ། རྟགས་དེ་ཡང་དོན་ཤེས་པའི་བྱ་བའི་བྱ་བའི་ངོ་བོ་འམ་དབང་པོ་དང་དོན་དམ་ཡུལ་གསལ་བ་ཞེས་བྱ་བ་ལ་སོགས་པའོ། །ཁ་ཅིག་ནི་བློ ་གཞན་གྱི་མངོན་སུམ་མ་ཡིན་པར་འདོད་པར་འདོད་ཀྱི་རང་རིག་པའི་ངོ་བོ་ནི་མ་ཡིན་ཏེ། རང་གི་བདག་ཉིད་ལ་བྱེད་ཕ་འགལ་བའི་ཕྱིར་རོ། །ཁ་ཅིག་ན་རེ་ཤེས་པ་གཞན་དུ་མི་འཐད་པ་སྟེ། གལ་ཏེ་བློ་མེད་པར་གྱུར་ན་ཤེས་པའི་དོན་གྱིས་འགྲུབ་སྟེ། དེ་ནི་རང་བཞིན ་བེམས་པོའི་ངོ་བོའི་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་གསུམ་བ་བཤད་པ་འདི་ལ་སྟེ། རྟགས་ལ་སོགས་པ་གསུམ་པོ་འདི་ནི་རྟོགས་ལ་སོགས་པ་དེ་ཡ་དག?་ལས་གྲུབ་ཅེས་རེ་རེ་ལ་ཡང་བརྒལ་ཞིང་བརྟག་པ་གང་ཡིན་པ་དེ་ཡོད་པ་ན་ཐུག་པ་མེད་པ་མད ་པོར་འགྱུར་རོ། །འདི་ལྟར་བློ་མ་གྲུབ་པ་ན་རྟགས་ལ་སོགས་པ་གསུམ་པ་དེ་ཡང་མི་འགྲུབ་པའི་ཕྱིར་ཏེ། ཡང་གཞན་ལས་གྲུབ་པར་ཁས་བླང་བར་བྱ་དགོས་ལ་དེ་ལ་ཡང་རྟགས་ལ་སོགས་པ་གཞན་ལ་བརྟེན་ས་པ་ཐམས་ཅད་དུ་བརྒལ་ཞིང་བརྟགས་པ་ན་ཡང ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་གཅིག་དམིགས་པས་གཞན་མེད་པས་རྟོགས་ཏེ། ཡུལ་དད་དུས་དོར་དགག་པར་བྱ་བ་ལ་རུང་བའི་བདག་ཉིད་དུ་མཚུངས་པ་ཉིད་དགག་པར་བྱ་སྟེ། གཞན་དག་དེར?་དགག་པར་མི་ནུས་པའི་ཕྱིར་རོ། །དེའི་བདག་ཉིད་དགག་པ ་ལ་ནི་ཐམས་ཅད་ཀྱིས་དགག་པར་བྱ་བ་ཡིན་ཏེ། ཐམས་ཅད་ནི་མཐོང་བ་ལས་གཞན་ཉིད་དུ་རྣམ་པར་གནས་པའི་ཕྱིར་ཏེ། དེ་དག་གཞན་གྱིས་བདག་ཡིན་པའི་ཕྱིར་རོ། །འོན་ཏེ་གང་གི་ནམ་མཁའ་ལ་ཟླ་བ་མེད་པར་ངེས་པ་ངེས་པ་དེའི་ཚེ་གང་གི་གཅིག་དམིགས་པ་ལS ་གཞན་མེད་པར་གྲུབ་པ་ཞེས་བྱ་བར་བརྗོད་པ་དེ་ལ་གཅིག་དམིགས་པ་ནི་མ་ཡིན་ནོ། །གང་ཞིག་ཟླ་བས་དབེན་པར་མཐོང་བ་ནམ་མཁའ་ཞེས་བྱ་བར་དོན་དམ་པར་ཅུང་ཟད་ཡོད་པ་ནི་མ་ཡིན་ལ། གང་ཡང་གཞན་གྱི་དངོས་པོ་ཡོད་པར་བརྟགས་པ་དེ་ཡང་དབང་པོ ་ལས་འདས་པ་ཡིན་ནོ། །གང་ཡང་ཕྱོགས་འགའ་ཞིག་ཏུ་སྒྲ་མེད་པར་ངེས་པ་དེ་གང་ཞིག་དམིགས་པ་ལས་ཡིན། རེ་ཞིག་ས་ཕྱོགས་དམིགས་པ་ལས་སོ། །ཞེས་ནི་བརྗོད་པར་མི་བྱ་སྟེ། དེ་ནི?་སྒྲ་དང་རུང་བའི་རང་བཞིན་དུ་མ་མཚུངས་པའི་ཕྱིར་རོ། །དེ་ལྟར་ས་ཕྱོགས་མི་མངོན་སུམ་གྱི ་ཡིན་ལ་སྒྲ་ནི་ཉན་པས་ཡིན་ནོ། །རུང་བ་ཉིད་དུ་མཚུངས་པའི་རང་བཞིན་ཡང་ཕན་ཚུན་བལྟོས་ནས་གཞན་ཉིད་དུ་འདོད་དེ། ཕན་ཚུན་བལྟོས་པའི་གཞན་ཉིད་ནི་ཤེས་པ་གཅིག་ལ་འདྲེས་པའི་ཞེས་བཤད་པའི་ཕྱིར་རོ། །དུས་དམིགས་པ་ལས་སོ་ཞེས་ཀྱང་བརྗོད ་པར་མི་བྱ་སྟེ། གང་ཞིག་དམིགས་པར་འགྱུར་བ་དངོས་པོ་ལས་ཐ་དད་པའི་དུས་ཡོད་པ་མ་ཡིན་ལ། གཞན་གྱིས་འདོད་པ་གང་ཡིན་པ་དེ་ཡང་དབང་པོ་ལས་འདས་པ་ཡིན་ནོ། །སྣང་བ་དང་ནི་མུན་པའི་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། །ཕུང་པོ་ཞེས ་བྱ་བ་ནི་རིགས་པ་ཞེས་བྱ་བ་དེ་དང་འབྲེལ་ཏོ། །གང་གི་ཕྱིར་སྣང་བ་དང་མུན་པའི་ཕུང་པོ་དེ་ཉིད་ནམ་མཁའ་ཨོ་སྙམ་དུ་རྟོགས་པ་པོས་རྟོགས་ཀྱི་གཞན་ནི་མ་ཡིན་ཏེ། འདི་ལྟར་ཉིན་མོ་འམ་མཚན་མོ་ཡང་རུང་ནམ་མཁའ་འདི་ནི་མཐོན་ཀ་ཆེན་པོ་དང་འདྲའོ། །ཡང་ན་འདི་སྤྲིན ་དང་འདྲའོ་སྙམ་དུ་རྟོགས་ཀྱི། ནམ་མཁའ་ལ་གཞན་གྱིས་ཀུན་ཏུ་བརྟགས་པའི་ཁ་དོག་དང་དབྱིབས་ལ་སོགས་པ་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཞན་ཞེས་བྱ་བ་ནི་སྣང་བ་དང་མུན་པའི་ཕུང་པོ་ལས་མ་གཏོགས་པའི་གཞན་གྱིས་ཀུན་ཏུ་བརྟགས་པའི ་ནམ་མཁའ་མེད་པའི་ཕྱིར་ལ། ཡོད་ན་ཡང་དབང་པོ་ལས་འདས་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱིས་དབེན་པ་ཡང་འབྲས་བུ་ཉན་པའི་ཤེས་པ་མ་དམིགས་པས་རྟོགས་ཏེ། མི་དམིགས་པ་དེ་ཡང་མིག་ལ་སོགས་པའི་ཤེས་པ་གཞན ་ཡང་དག་པར་རིགས་།པ་ལས་གྲུབ་པའི་ཕྱིར་འདི་ལ་ཡང་ཤེས་པ་གཞན་རིགས་པའི་མཚན་ཉིད་ཀྱིས་གཅིག་དམིགས་པ་ཡོད་པ་ཉིད་ཡིན་ནོ། །གང་གིས་འབྲས་བུ་ཡོད་པ་དེ་ལྡོག་ན་དེ་ཡང་ལྡོག་པར་བྱེད་པ་འབྲས་བུ་ཡོད་པས་སྒྲ་ཡོད་པ་ལ་ཁྱབ་པ ་ཡང་མ་ཡིན་ནོ། །གང་གི་ཕྱིར་རྒྱུ་རྣམས་ནི་གདོན་མི་ཟ་བར་དེ་དང་ལྡན་པ་མ་ཡིན་ནོ། །རྒྱུ་ཡོད་པ་ཐམས་ཅད་འབྲས་བུ་ཡོད་པས་ཁྱབ་?་ངེས་ནི་?་དོ། །འོ་ན་ཅི་ཞེ་ན། ནུས་པ་དེ་ཐོགས་པ་མེད་པའི་མཚན་ཉིད་ཀྱི་ཁྱད་པར་ཅན་ཁོ་ན་ཡིན་ལ། ་།དེ་ཉིད་འདིར་འགེགས་པར་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཕྱོགས་འབའ་ཞིག་དམིགས་པ་ལས་བུམ་པ་མེད་པར་གྲུབ་པ་གང་ཡིན་པ་དེ་ལ་ཡང་བུམ་པ་མི་དམིགས་པ་ཞེས་བྱ་བ་འབྲས་བུ་མི་དམིགས་པ་ཉིད་ཡིན་ཏེ ་གང་གི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་བུམ་པ་མེད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ཡང་གང་ཡིན་ཞེ་ན། །ནུས་པ་ཐོགས་བསད་པ་ཉིད་གང ་ཡིན་པའོ། །གང་གི་ཕྱིར་རང་བཞིན་ཡོད་ན་མངོན་སུམ་ཁོ་ནར་འགྱུར་བཞེས་བྱ་བས་དམིགས་པའི་མཚན་ཉིད་ཀྱི་རང་བཞིན་གྱི་ཁྱད་པར་བརྗོད་དོ་གཞན་དུ་ན་འདི་ལ་ཡང་བུམ་པ་དམིགས་བས་བུམ་པ་ཡོད་པ་ལ་མ་ཁྱབ་བར་འགྱུར་ལ། དེ་ལྟ་ཡིན་པར་ཁྱབ ་བྱེད་མ་ཡིན་པ་སོག་པ་ན་ཁྱབ་བྱ་མ་ཡིན་པ་མི་ལྡོག་པས་དེ་བས་ན་བུམ་པ་མེད་པར་གྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་རང་བཞིན་མི་དམིགས་པ་ཐམས་ཅད་ནི་མེད་པའི་ཐ་སྙད་ཀྱི་གཏན་ཚིགས་ཡིན་ལ་དོན་དམ་པར་ནི་འབྲས་བུ་མི་དམིགས་པ་ཉིད་དུ་བལྟ་བར ་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་སྒྲས་བརྗོད་པར་བྱ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་འཆད་དོ། །དེ་ལྟར་ཞེས་བྱ་བ་ནི་དེའི་ཕྱིར་གཅིག་མཐོང་གང་ཡིན་པ། །དེ་ཉིད་གཞན་མ་མཐོང་བར་བརྗོད། ཅེས་བྱ་བ་ལ་སོགས་པས་སོ།། ་ཁོང་སུ་འདུས་ཀྱང་གནོད་པ་མེད། ཅེས་བྱ་བའི་དངོས་པོ་མེད་པ་མངོན་སུམ་གྱི་ཁོངས་སུ་གཏོགས་ན་ཡང་དངོས་པོ་མེད་པའི་སྒྲའི་བརྗོད་པར་བྱ་ཡིན་པ་ནི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གཏན་ཚིག་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པར་བསྟན་ཏོ། །རྗེས ་མཐུན་དེ་འདྲ་ཡིན་ལ་དག་ཅེས་བྱ་བ་ནི་གཞན་དམིགས་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་དངོས་པོའོ། །གང་ཡང?་ཁ་ཅིག་དངོས་པོ་མེད་པ་ཙམ་དམིགས་པའི་ཤེས་པ་མངོན་སུམ་འགལ་བ་ལ་སོགས་པ་འགའ་ཞིག་གིས་ཁོངས་སུ་འདུས་མ་ཡིན་ཏེ། འདིའི་དམིགས ་པ་ནི་དངོས་པོ་དང་བྲལ་པ་ཙམ་ཡིན་པའི་ཕྱིར་དང། མངོན་སུམ་ལ་སོགས་པ་ཡང་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདི་ཚད་མ་ཉིད་མ་ཡིན་པ་ཡང་མ་ཡིན་ཏེ་མི་བསླུ་བའི་ཕྱིར་རོ། །དངོས་པོ་རྣམས་རྗེས་སུ་འགྲོ་བ་མེད་པར་འཇིགས་པར་འདོད་པ་ཁྱོད་ཅག་གིས་དངོས་པོ ་དང་བྲལ་བ་མི་འདོད་པ་ནི་མ་ཡིན་ནོ། །ཞེས་རྩོད་པར་བྱེད་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། རྣམ་པར་རྟོག་པ་ངེས་ཡུལ་དང་དུས་ལ་སོགས་པའི་ཁྱད་པར་དང་བྲལ་བའི་དངོས་པོ་མེད་པ་ཙམ་དམིགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡུལ་།སོགས་པ་འགའ་ཞིག་ཏུ ་བུམ་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཆུལ་གྱིས་ཁྱད་པར་དང་བཅས་པ་ཉིད་ཡིན་ནོ། །དེ་ཡང་འབའ་ཞིག་པ་ཉིད་ཀྱི་ཡུལ་སོགས་པ་འཛིན་པར་ནུས་པའི་ཕྱིར་དེ་ལྟར་འགྱུར་བས་འདི་ལོགས་ཤིག་ཏུ་ཚད་མ་ཉིད་མ་ཡིན་ཏེ། ཡུལ་ལ་སོགས་པ་འབའ་ཞིག་དེ་ལྟར་བཟུང ་བ་ནི་དེ་ལྟར་རྣམ་པར་རྟོག་པའི་ཕྱིར་རོ། །ཁྱད་པར་མེད་པ་འཛིན་པའི་ཤེས་པ་ཚད་མ་ཉིད་དུ་རིགས་པ་མ་ཡིན་ཏེ། དངོས་པོ་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་དང། དོན་བྱེད་པ་དོན་དུ་གཉེར་པ་ཚད་མ་སེམས་པ་ཡང་དངོས་པོ་ལ་བརྟེན་པ་ཡིན་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ།། ་དངོས་པོ་མེད་པ་རྣམ་པར་དཔྱད་པའོ།། །།རིགས་པ་གཞན་དེ་ཡོད་ན་ཡོད་པ་དང་མི་དམིགས་པའི་དབང་དུ་བྱས་ན་དེ་ཡོད་པ་ན་འདི་འབྱུང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།དེ་ཡོད་ན་ཡོད་པ་ཉིད་ཀྱིས་དེའི་འབྲས་བུ་ཉིད་དུ་རྟོགས་པ་གང ་ཡིན་པ་འདི་ནི་རིགས་པ་ཡིན་ཏེ་།འདི་ཡང་རྟོག་པ་དང་བཅས་པའི་ཕྱིར་མངོན་སུམ་མ་ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དཔེ་མེད་པའི་ཕྱིར་རོ། །འདི་ལྟར་དཔེ་ལ་ཡང་དེ་ཡོད་ན་ཡོད་པ་ཉིད་ལས་འབྲས་བུ་ཉིད་དུ་རྟོགས་ཏེ། དེ་ལ་ཡང་དེས་བཙལ་བར་བྱ་བ་ཡིན་ལ། དེ་ལ ་ཡང་གཞན་ཡིན་པས་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འདི་ནི་ཚད་མ་གཞན་ཉིད་ཡིན་ནོ་ཞེས་སྨན་དཔྱད་པ་སྟེ་སྨན་པ་ལ་ཟེར་རོ། །དེ་བཞིན་དུ་དམིགས་པ་ལ་སོགས་མེད་པ་ཉིད་དུ་རྟོགས་པ་གང་ཡིན་པ་འདི་ནི་མི་དམིགས་པ་ཡིན་ཏེ། འདི་ཡང་ཚད་མ་གཞན་ཉིད་ཡིན་པ་ལ་སྔ ་མ་བཞིན་དུ་རིགས་པ་བརྗོད་པར་བྱའོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། རྒྱུ་འབྲས་དང་དངོས་པོ་མེད་པ་ཡིན་པས་རྒྱུ་འབྲས་ཉིད་དང་དངོས་པོ་མེད་པ་དག་སྟེ་དེ་དགྲ་རྟོན་པ་ཞེས་ཚིག་རྣམ་པར་སྦྱར་ཏེ་བསྡུའོ། །དེ་ལ་རྒྱུ་དང་འབྲས་བུ་རྟོགས་པ་ནི ་རིགས་པ་ཡིན་ལ། དངོས་པོ་མེད་པ་རྟོགས་པ་ནི་མི་དམིགས་པ་ཡིན་ནོ་ཞེས་གོ་རིམས་བཞིན་དུ་འབྲེལ་ཏོ། །རིགས་པ་དང་མི་དམིགས་པ་འདི་དག་ནི་ཚད་མ་གཉིས་ལ་ཡང་བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱེད་བདག་བྱེ་བྲག་མེད་དོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་དེ་ཡོད་ན་ཡོད་པ། ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ་རེ་ཞིག་རིགས་པ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་བྱེ་བྲག་མེད་དེ། འདི་ལྟར་དེ་ཡོད་ན་ཡོད་པ་ནི་གཏན་ཚིགས་སོ། །རྒྱུ་དང་འབྲས་བུ་ཉིད་ནི་བསྒྲུབ་པར་བྱ་བའོ། །དེ་དག་ཐ་དད་དུ་དམིགས་པ་ཡང་མ་ཡིན་ཏེ། རྣམ་གྲངས་པ་ཡིན་པའི་ཕྱིར། ་ཤིང་དང་རྩ་བས་འཐུང་བཞིན་ནོ། །མི་དམིགས་པ་ལ་ཡང་བྱེ་བྲག་མེད་དེ། འདི་ལྟར་གལ་ཏེ་དམིགས་པ་ལོག་པ་ཙམ་བརྗོད་པར་འདོད་པ་དེའི་ཚེ་དེ་ཡང་མ་གྲུབ་པའི་ཕྱིར། སྔ་མ་བཞིན་དུ་ཐུག་པ་མེད་པ་ལ་སོགས་པའི་སྐྱོན་བརྗོད་པར་བྱའོ། །ཅི་སྟེ་གཞན་དམིགས་པ ་ཉིད་མི་དམིགས་པ་ཡིན་པ་དེའི་ཆོས་ད་བ་མི་དམིགས་བ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ལ། འདིས་ཀྱང་དངོས་པོ་མེད་པ་བསྒྲུབ་བར་བྱ་བ་མ་ཡིན་ཏེ། དེ་ནི་མངོན་སུམ་ཉིད་ཀྱི་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྣང་བ་མི་དམིགས་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་སྟེ ་འདི་དག་ལས་རྒྱུ་དང་འབྲས་བུ་ཉིད་དང་མེད་པ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཡང་ཡོད་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ལ་དྲེའི་ངོ་བོའི་ཐ་སྙད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་དེ་དག་གི་ངོ་བོ་ནི་དེའི་ངོ་བོ་ཡིན་ལ་དེ་ལ་ཐ ་སྙད་གང་ཡིན་པ་དེ་ནི་དེའི་ངོ་བོའི་ཐ་སྙད་དེ་ཤེས་པ་དང་བརྗོད་འཇུག་པའི་མཚན་ཉིད་རྗེས་སུ་བསྒྲུབ་པའོ། །རྨོངས་པ་ལ་དེར་?་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་གང་དག་གི་མཇུག་ཐོགས་སུ་ངེས་པར་དམིགས་པའི་རང་བཞིན་དེ་དག་ནི་དེའི་འབྲས་བུའི་ཐ་སྙད་དུ་རུང་བ་ཡིན་ཏེ། དཔེར་ན ་བརྡའི་དུས་སུ་ཉམས་སུ་མྱོང་བའི་རྫ་མཁན་ལ་སོགས་པའི་བྱ་བའི་མཇུག་ཐོགས་སུ་དམིགས་པའི་བུམ་པ་ལ་ལ་སོགས་པའི་རང་བཞིན་ནོ། །དེ་བཞིན་དུ་སྒྲ་རྣམས་ཀྱང་རྐན་ལ་སོགས་པའི་བྱ་བའི་མཇུག་ཐོགས་སུ་ངེས་པར་དམིགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས།། ་དེ་བཞིན་དུ་མི་དམིགས་པ་ལ་ཡང་ཐ་སྙད་བསྒྲུབ་བར་བྱ་བ་སྦྱོར་བ་ནི་གང་དག་དམིགས་པའི་མཚན་ཉིད་དུ་འགྱུར་བར་མངོན་པར་འདོད་པ་གང་དག་ནི་དམིགས་པ་?། །དག་ནི་དེ་མེད་པའི་ཐ་སྙད་དུ་སྦྱར་རུང་བ་ཡིན་ཏེ། དཔེར་ནར་མེད་པའི་ཐ་སྙད་དུ་རུང་བའི་རི་བོང་གི་མགོ་བོ་ལ་སོགས་པ་བཞིན་ནོ། །དེའི ་རྟེན་བུ་འདོད་པའི་ཁྲ་བོ་ལ་སོགས་པ་ལ་ཡང་བཞིན་གྱིས་མངོན་པར་འདོད་པའི་སྤྱི་ལ་སོགས་པའི་དངོས་པོ་དམིགས་པའི་མཚན་ཉིད་དུ་གྱུར་བར་མངོན་པར་འདོད་པ་མ་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་དམིགས་པའོ། །དེས་དབེན་པའི་ཁྲ་བོ་ལ་སོགས་པ་དམིགས་པའི་ཕྱིར་མ་གྲུབ་པ་མ ་ཡིན་ལ། གཏན་ཚིག་མ་ངེས་པ་ཡང་མ་ཡིན་ཏེ། མངོན་པར་གསལ་བ་འགེགས་པར་འགྱུར་བའི་ཕྱིར་དང་དངོས་པོའི་ཐ་སྙད་འདི་དེ་ཙམ་གྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །དེ་ལ་སྲིད་པའི་མཚན་ཉིད་ནི་ཚོགས་པ་ཡོད་པ་རྟོགས་པ་ན་ ་ཚོགས་པ་ཅན་རྟོག་པ་གང་ཡིན་པ་སྟེ། དཔེར་ན་སྟོང་ཡོད་པར་ཤེས་པ་ན་བརྒྱ་ལ་སོགས་པ་ཡོད་པར་རྟོགས་པ་ལྟ་བུའོ། །འདི་ཡང་དཔེ་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ། །འདི་ལ་སུན་འབྱིན་པ་བཤད་པ་ནི། ཚོགས་པ་རྣམ་པར་བཞག་པ་ཡི་ཞེས་བྱ་བ་ལ་སོགས་པ་སྟེ། ་གང་གི་ཕྱིར་ཚོགས་པ་ཅན་ལས་གཞན་པའི་ཚོགས་པ་མེད་པའི་ཕྱིར་ཚོགས་པ་རྣམ་པར་བཞག་བའི་རྒྱུ་ནི་ཚོགས་པ་ཅན་ཡིན་ནོ། །དེ་ལྟ་བས་ན་སྟོང་ལས་བརྒྱ་ལ་སོགས་པ་སྲིད་པར་རྟོགས་པ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཉིད་ཡིན་ནོ། །གཞན་དག་གིས་ནི་ཞེས་གྲགས་པ་ལ་སོགས་པ ་ཡང་ཆད་མ་གཞན་དུ་འདོད་དེ། དེ་ལ་སྨྲ་བ་པོས་བསྟན་པའི་གྲགས་པ་རྒྱུད་པ་ནི་ཞེས་གྲགས་པ་སྟེ། དཔེར་ན་ཤིང་ལྗོན་པ་འདི་ལ་གནོད་སྦྱིན་གནས་སོ་ཞེས་བྱ་བ་ལྟ་བུའོ། །ཡུལ་དང་དུས་ངེས་པ་མེད་པར་བློ་བུར་དུ་ཡོད་པ་དང་མེད་བསྟོན་པར་བྱེད་བའི་ཤེས་པ་ནི་སྙམ་དུ་ཤེས་པ་སྟེ ་དཔེར་ན་གཞོན་ནུ་མ་དག་འདི་སྙམ་དུ་དང་བདག་གི་མིང་པོ་འོད་དོ་སྙམ་པ་ལ་དེ་ཡང་དེ་ཁོ་ན་ལྟར་འོངས་པར་གྲགས་པ་ལྟ་བུ་སྟེ་དེ་ལྟར་ན་ཚད་མ་ཡིན་ནོ། །འདི་སུན་དབྱུང་བའི་ཕྱིར་ཞེས་གྲགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་ངོ་ཤེས་པ་ལ་སོགས་པ ་གཟུང་སྟེ། དེ་དག་འགའ་ཞིག་གིས་ཚད་མ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་རྨི་ལམ་གྱི་མཐོང་ཡང་དེས་འགའ་བདེན་པ་ཉིད་དུ་མཐོང་བའི་ཕྱིར་ཚད་མ་གཞན་ཉིད་དུ་འགྱུར་རོ། །དེ་ལྟར་རྒྱས་པར་ཚད་མ་གཞན་དགག་པར་བྱས་ནས་མདོར་བསྡུས་ནས་བྱ ་པའི་ཕྱིར་རྣམ་པ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་རྣམ་པ་གཉིས་ཉིད་དེ། མངོན་སུམ་དང་ལྐོག་ཏུ་གྱུར་པའོ། །འོན་ཏེ་མངོན་སུམ་ཡང་ཡིན་ལ་མངོན་སུམ་མ་ཡིན་པ་ཡང་ཡིན་པ་དང། མངོན་སུམ་ཡང་མ་ཡིན་ལ་མངོན་སུམ་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱ་བ་གཞན ་ཡང་ཡོད་པ་མ་ཡིན་ནམ་ཞེན་གཉི་ག་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ལ་ཕན་ཚུན་མི་མཐུན་པའི་ཆོས་སུམ་འདྲེས་པར་རིགས་པ་ནི་མ་ཡིན་ཏེ། བདག་ཉིད་ཉམས་པར་ཐལ་བར་འགྱུར་པའི་ཕྱིར་རོ། །འདི་ལྟར་དངོས་སུ་རྟགས་ལ་སོགས་པས་ཆོད་པ་མེད་པར་ཇི་ལྟ་བར་གཟུང་བའི ་དོན་དེས་པའི་རྒྱུ་ཁྱད་པར་ཅན་གྱི་ཤེས་པ་སྐྱེད་བར་བྱེད་པའི་དོན་ནི་མངོན་སུམ་ཞེས་བྱའོ། །དེ་ལྟར་བྱས་ན་སྒྲ་སྐད་ཅིག་མགོ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་མ་ཡིན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་གྲུབ་བོ། །གང་གིས་རྣམ་པར་ཤེས་བསྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པ་དག་གིས ་མངོན་སུམ་དང་མངོན་སུམ་མ་ཡིན་པའི་རང་བཞིན་དུ་འགྱུར་བ་དངོས་པོ་གཅིག་ལ་གཅིག་བྱེད་པ་དང་མི་བྱེད་པར་?་བ་ཡང་མ་ཡིན་ནོ། །གཉིས་ཀ་མ་ཡིན་པའི་རང་བཞིན་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་གཅིག་གི་རང་བཞིན་དགག་པ་ནི་རང་བཞིན་གཞན་བསྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི ་ཕྱིར་རོ། །?་ནི་གཅིག་ལ་བྱེད་པ་དང་མི་བྱེད་པར་འགལ་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལ་གཟུགས་དང་དོ་བཞིན་ནོ། །གཅིག་དང་དུ་མ?་ལའང་དེ་བཞིན་ཏེ། དཔར་ན་མིག་དང་རྣ་བའི་རྣམ་པར་ཤེས་པ་དག་ལ་གཟུགས་བཞིན་ནོ། །དེའི་ཕྱིར། གཅིག་ཉིད་ཤེས་པ་གཅིག་ལ་ནི་ཞེས་བཤད་དོ། །དེ ་ལྟ་བས་ན་དོན་ནི་རྣམ་པ་གཉིས་ཉིད་དོ། །དེ་ལ་སྒྲ་ལས་བྱུང་བ་ལ་སོགས་པ་ཚང་མ་ཡིན་ན་མངོན་སུམ་པའི་དོན་ལ་ཡིན་ནམ་ལྐོག་ཏུ་གྱུར་བ་ལ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །དེ་ལ་རེ་ཞིག་དང་པོ་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེན་མངོན་སུམ་གྱི་ཁོངས་སུ་འདུས་པར་འགྱུར་བའི་ཕྱིར་ཏེ། སྒྲ་ལས་བྱུང་བ ་ལ་སོགས་པའི་ཡུལ་དོན་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་མངོན་སུམ་གྱིས་རྟོགས་ན་ཡང་དུས་གྱིས་ཡང་དང་དག་གིས་རྟོགས་སོ་ཞེ་ན། དེའི་ཕྱིར་ཡང་དྲན་པ་བཞིན་དོན་མེད་ཅེས་སྨོས་ཏེ། བཟུང་ཟིན་པ་འཛིན་པའི་ཕྱིར་དྲན་པ་བཞིན་དུ་ཚང་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང ་དོན་ལྐོག་ཏུ་གྱུར་བའི་དོན་གྱི་ཡུལ་ཅན་ཡིན་པ་ན་དངོས་སུ་ཡིན་པའམ་གཞན་ལ་བརྟེན་ནས་ཏེ་བར་དུ་ཆོད་པ་ཡིན། དེ་ལ་རེ་ཞིག་དངོས་སུ་ནི་མ་ཡིན་ཏེ། དེ་མངོན་སུམ་པའི་དོན་བཞིན་དུ་ལྐོག་ཏུ་གྱུར་བ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །?་རྟར་དག་ཕྱིར་དངོས་སུ་ཤེས་བསྐྱེད་པར་མི་བྱེད་པ་དེ་ཉིད ་ཀྱི་ཕྱི་བའི་ད་ལྐོག་ཏུ་གྱུར་བ་ཞེས་བྱའོ། །གལ་ཏེ་དངོས་སུ་ཤེས་པ་བསྐྱེད་ན་ཇི་ལྟར་འདི་ལྐོག་ཏུ་གྱུར་བ་ཡིན་ཞེས་བརྗོད་པར་བྱའོ། །གཞན་ལ་བརྟན་པར་ལྐོག་ཏུ་གྱུར་བའི་སྐྱོན་རྟོགས་པ་འབྲེལ་པ་ལས་སམ་མ་འབྲེལ་བ་ལས་ཡིན། ཁྱད་པར་སྣང་བ་ལས་སམ་ཁྱད་པར་མི་སྣང་བ་ལས་ཡིན་ཞེས ་བྱ་བ་ཕྱོགས་བཞིར་འགྱུར་རོ། །ཁྱད་པར་སྣང་བ་ཞེས་བྱ་བ་ནི་དཔེར་ན་དུ་བའི་སྤྱི་ལས་རྩཝ་དང་ལོ་མ་ལ་སོགས་པ་མེའི་ཁྱད་པར་རྟོག་པ་ལྟ་བུའོ། །ཁྱད་པར་མི་སྣང་བ་ནི་དཔེར་ན་དུབ་ལས་རིགས་མི་མཐུན་པ་ལས་ལོག་པའི་མེ་ཙམ་རྟོགས་པ་ལྟ་བུའོ། །དེ་ལ་འབྲེལ ་པ་མེད་པ་ལས་རྟོགས་ན་དེས་པ་མེད་པར་འགྱུར་ཏེ། གང་ཅི་རུང་བ་ལས་དངོས་པོ་ཐམས་ཅད་རྟགས་པར་འགྱུར་རོ། །ཅི་སྟེ་ཐ་དང་བ་སྣང་བ་དེའི་ཚེ་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་ཁྱབ་པ་མི་འཐད་པར་འགྱུར་ཏེ་ཁྱད་པར་གྱིས་རྗེས་འགྲོ་མི་རུང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་མ་དེས་པ ་ཉིད་དུ་འགྱུར་རོ། །ཅི་སྟེ་ཁྱད་པར་མེད་པ་སྣང་བ་དེའི་ཆེ་རྗེས་སུ་དཔག་པ་ཉིད་ཀྱི་གོངས་སུ་འདུས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ང་ཡང་ལྐོག་ཏུ་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཁྱད་པར་མ་དེས་པ་ཞེས་བྱ་བ་ནི་ཁྱད་པར་སྣང་བས་སྟོང་པ་རིགས་མི་མཐུན་པ་ལས་ལོག་པའི་དོན་ཅམ ་མ་ངེས་པ་སྟེ། དཔེར་ན་དུབ་ལས་མེ་ཅམ་རྟོགས་པ་ལྟ་བུའོ། །དེ་ལྟ་བུར་གྱུར་པ་ཡན་གསལ་རབ་ཏུ་རྗེས་སུ་དཔག་པ་ཡིན་ཏེ། འབྲེལ་བ་མཐོང་བའི་ཐབས་ཅན་ཡིན་པའི་ཕྱིར་དུ་བས་མེ་རྟོགས་པ་བཞིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་བཀའ་འགྲེལ་ལས་ཚད་མ་གཞན་པ་རྟགས་པ་སྟེ ་ཉི་ཤུ་བཞི་བའོ།། །།གཞན་གྱི་བདག་ཉིད་ཆ་ཤས་ནི། །ཕྲ་རབ་ཀྱིས་ཀྱང་མ་འདྲེས་པ། །ཞེས་བྱ་བ་དེ་བསྒྲུབ་པར་བྱ་བའི་དོན་དུ་རྒོལ་བ་དགོད་པ་སྔོན་དུ་འགྲོ་བ་ཅན་བཤད་པ་ནི། གང་ཆོ་ཞེས་བྱ་བ་ལ་སོགས་བའོ། །དོན་བྱེད་ནུས་པ་གང་ཡིན་ཡོད། ། ་གཞན་ནི་ཡོད་པ་མིན་པར་བརྗོད། །དེ་དག་གཅིག་ལ་འཇུག་པ་ནི། །རིགས་པ་མ་ཡིན་འགལ་བའི་ཕྱིར། །ཞེས་གང་སྨྲས་པ་དེ་ལ་ངོ་ཚ་མེད་པ་པ་དག་རྩོང་པར་བྱེད་དེ། དངོས་པོ་ཐམས་ཅད་ཅི་དང་ཁྱད་པར་གྱི་བདག་ཉིད་ཀྱིས་དུ་མའི་བདག་ཉིད་ཡིན་ཏེ་དཔེར་ན་ཁྲ་བོར་སྣང་བའི ་ནོར་བུ་ལྟ་བུའོ། །གང་གིས་གཅིག་ལ་འཇུག་པ་ནི། །རིགས་པ་མ་ཡིན་ཞེས་བརྗོད་པ་དེའི་ཡོད་པ་ལ་སོགས་པ་ཇི་ལྟར་འགལ་སོགས་པའི་སྒྲས་ནི་བྱེད་པ་དང་མི་བྱེད་པ་དད་གཅིག་དད་དུ་མ་ཉིད་ལ་སོགས་པ་གཟུང་ངོ། །གལ་ཏེ་ཡང་རྩོད་པ་འདི། གལ་ཏེ་རང་བསྒྲུབ་བྱ ་ལ་ནུས། ཞེས་བྱ་བ་ལ་སོགས་པས་ལན་བཏབ་ཟིན་པ་དེ་ལྟ་ན་ཡང་རྒྱས་པར་བསྟན་པར་བྱ་བའི་ཕྱིར་རམ། བརྩོད་པ་གཞན་བསྟན་པར་བྱ་བའི་དོན་དུ་ཡང་བརྗོད་དོ། །དེ་ལ་སྤྱི་དང་ཁྱད་པར་གྱི་བདག་ཉིད་བསྒྲུབ་བར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་ཁ་ཡང་བའི་སྦྱོར་བ་གཉིས ་པ་ཤད་པ་ནི། དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཞེས་བྱ་བ་ནི་ཅུང་ཟད་བརྗོད་པར་འདོད་བའི་དངོས་པོ་བུམ་པ་ལ་སོགས་པའོ། །གལ་ཏེ་བུམ་པ་ལ་སོགས་པའི་དངོས་པོ་དེ་སྣམ་བུ་ལ་སོགས་པ་དངོས་པོ་གཞན་དང་མི་མཚུངས་པར་གྱུར་ན་སྟེ། གལ་ཏེ་དེ་ལས ་ལྡོག་པར་གྱུར་ན་དེའི་ཚེ་དེའི་ནམ་མཁའ་ཨི་མེ་ཏོག་ལས་ཁྱད་པར་མེད་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་དངོས་པོ་གཞན་ལས་ལྡོག་བའི་ཕྱིར་རོ། །དངོས་པོ་གཞན་ལས་ལྡོག་པ་ནི་ནམ་མཁའ་ཨི་མེ་ཏོག་སྤངས་ནས་གོ་སྐབས་སྲིད་པ་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་དེ་ནམ་མཁའ་ཨི་མེ ་ཏོག་དང་མི་མཚུངས་པ་ཉིད་འདོད་པ་ན་དངོས་པོ་གཞན་དང་དེ་མཚུངས་པའི་དངོས་པོ་ཞེས་བྱ་བ་ཉིད་སྤྱིར་ཁས་བླང་བར་བྱ་དགོས་པའི་ཕྱིར་ཅི་ཡིན་པར་གྲུབ་བོ། །འོ་ན་ཇི་ལྟར་ཁྱད་པར་གྱི་བདག་ཉིད་ཡིན་ཞེ་ན། འདིར་བརྗོད་པ་མི་འདྲ་བ་དང་བྲལ་ཞེ་ན། དེ་ལས་ཐ་དད་མི་འགྲུབ་བོ། །གལ ་ཏེ་བུམ་པ་ལ་སོགས་པའི་དངོས་པོ་དེ་ཉིད་སྣམ་བུ་ལ་སོགས་པའི་ངོ་བོ་དང་མི་འདྲ་བ་ཉིད་དེ་དང་བྲལ་བར་གྱུར་ན་སྟེ། གལ་ཏེ་བུམ་པ་ལ་སོགས་པ་དེ་དང་མི་འདྲ་བར་གྱུར་ན་ཞེས་བྱ་བའི་ཐ་ཚིགས་སོ། །དེའི་ཕྱིར་འདིན་བུམ་པའོ?། །འདི་ནི་སྣམ་བུའོ། །ཞེས་བུམ་པ་ལ་སོགས་པ་ལ་སྣམ ་བུ་ལ་སོགས་པ་ལས་ཐ་དད་དུ་གྲུབ་པར་མ་འགྱུར་ཏེ། རང་རང་གི་ངོ་བོ་བཞིན་ནོ། །ཐ་དད་པ་ཡང་ཡིན་ཏེ། དེ་ལྟ་བས་ན་ཁྱད་པར་གྱི་བདག་ཉིད་དུ་ཡང་གྲུབ་བོ། །མངོན་པར་འདོད་པའི་དངོས་པོ་ནི། ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གཉིས་པོ་འདི་ཉིད་ཀྱི་དོན་རྒྱས་པར་སྒྲུབ་བར་བྱེད་དོ། །རྣམ་པ ་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཅིའི་བདག་ཉིད་དུ་སྒྲུབ་པར་བྱེད་པའི་འཐད་པ་གཞན་བཤད་དོ་། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་གལ་ཏེ་དངོས་པོ་དངོས་པོ་གཞན་དད་མི་མཚུངས་པར་གྱུར་ན་དེའི་ཚེ་ཅིའི་ཕྱིར་དངོས་པོ་དངོས་པོ་ཞེས་བྱ་བའི་ཐ་མ་དད་པའི་བློ་བུམ་པ ་ལ་སོགས་པ་ཁོ་ནར་པ་འགྱུར་གྱི་བྱ་རོག་གི་སོ་ལ་སོགས་པ་ལ་ནི་མ་ཡིན་ཞེས་བྱ་བ་དེ་ལ་རྒྱུ་བརྗོད་པར་བྱ་དགོས་སོ། །འདྲ་བ་ཉིད་རྒྱུ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ཉིད་ཅི་ཡིན་པའི་ཕྱིར་སྤྱི་གྲུབ་སྟེ། འདྲ་བ་ཉིད་སྤྱིའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །བུམ་པ ་ལ་སོགས་པ་ཁོ་ན་ལ་རྗེས་སུ་འགྲོ་བ་ཅན་གྱིས་ནུས་པ་ཡོད་ཀྱི། བྱ་རོག་གི་སོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བའི་ནུས་པའི་རང་བཞིན་དེ་རྒྱུ་ཡིན་ནོ་ཞེ་ན། དེ་ཡན་འདི་ཉིད་ཀྱིས་ཏེ། འདྲ་བས་བརྗོད་པ་ཡིན་ཏེ་ཞེས་བཤད་པ་ཡིན་ནོ། །འདི་ལ་ཡང ་འདྲ་བ་བཞིན་དུ་ལན་མཚུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ཉིད་སྤྱིའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་བུམ་པ་ལ་སོགས་པ་ཐམས་ཅད་དངོས་པོའི་ངོ་བོས་ཕན་ཚུན་དུ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཐ་དད་པར་བསྒྲུབ་པར་བྱ་བའི ་དོན་དུ། གལ་ཏེ་ལྡོག་མཚམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་མཚམས་དངོས་དག་ལས་ཞེས་བྱ་བ་ནི་སྣམ་བུ་ལ་སོགས་པ་དོན་རྒན?་ལས་སོ། །གལ་ཏེ་བུམ་པ་ལ་སོགས་པ་མི་འདྲ་བ་དང་བྲམ་བར་གྱུར་ན་དེའི་ཚེ་ཐ་མི་དད་བའི་ཕྱིར་དེ་དག་ལས་ཏེ། སྣམ ་བུ་ལ་སོགས་པ་ལས་བུམ་པ་ལ་སོགས་པ་ཐ་དད་དུ་མི་འགྱུར་ཏེ། བདག་གི་རང་གི་ངོ་བོ་བཞིན་དུ་ཐ་མི་དད་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བུམ་པ་ལ་སོགས་པ་དེ་དག་ལས་བུམ་པ་ལ་སོགས་བའི་རང་བཞིན་གང་ཡིན་པ་དེ་ཉིད་མི་འདྲ་བ་ཉིད་དུ་བརྗོད་ཀྱི ་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་ལ་སོགས་པ་རྣམས་མི་འདྲ་བ་ཉིད་ཡིན་ན་ཡང་སྣམ་བུ་ལ་སོགས་པ་ལས་ཐ་དད་པ་མེད་དོ་ཞེས་བྱ་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ཏེ། ཐ་དད་པ་དང་མི་འདྲ་བ་ཉིད་ནི་རྣམ་གྲངས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་སྤྱི ་དང་ཁྱད་པར་གྱི་བདག་ཉིད་དུ་བསྒྲུབས་ནས་སྤྱི་དང་ཁྱད་པར་དེ་དག་མ་འཆོལ་བས་ཐ་སྙད་ཀྱི་རྒྱུ་ཉིད་དུ་བསྒྲུབ་པའི་ཕྱིར། དེ་ལྟར་དེ་ཡིས་དངོས་གཅིག་ཀྱང། །ཞེས་བྱ་བ་སྨོས་ཏེ། འདི་དོན་དམ་པར་ནི་འདི་ཡིན་ཏེ། ནོར་བུ་གཟི་བཞིན་དུ་གཅིག་གིས་དངོས་པོ་ཉིད ་རྣམ་པ་དུ་མ་ཅན་ཡིན་ལ། རྣམ་པ་དེ་དག་ཀྱང་ཁ་ཅིག་ནི་རྗེས་སུ་འཇུག་པའི་བློས་གཟུང་བར་བྱ་བ་ཡིན་པ་ཁ་ཅིག་ནི་ལྡོག་པར་བློས་གཟུང་བར་བྱ་བ་ཡིན་ནོ། །དེ་ལ་གང་དག་རྗེས་སུ་འཇུག་པའི་བློས་གཟུང་བར་བྱ་བ་དེ་དག་ནི་རྗེས་སུ་འཇུག་པ་ཉིད་ཀྱིས་སྤྱི་ཞེས་བསྒྲགས་ལ། དེ་ལས ་གཞན་བཟློག་པའི་བློས་གཟུང་བར་བྱ་བ་གང་དག་ཡིན་པ་དེ་དག་ནི་ལྡོག་པའི་ཕྱིར་ཁྱད་པར་ཞེས་བརྟག་གོ་དེ་ལ་རྗེས་སུ་འཇུག་པའི་བློ་ནི་དངོས་པོ་དངོས་པ་ཞེས་བྱ་བ་ལ་སོགས་པ་ཐ་མི་དད་པའི་རྣམ་པ་ཅན་དག་གོ། ལྡོག་པའི་བློ་ནི་འདི་ནི་བུམ་པ་ཡིན་གྱི། སྣམ་བུ་ནི་མ་ཡིན་ནོ ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐ་དད་པའི་རྣམ་པ་ཅན་དག་གོ། དེའི་ཕྱིར་འདི་ལ་ལན་འདེབས་པར་བྱེད་པ་ནི། སྤྱི་དང་ཁྱད་པར་ཕན་ཚུན་དུ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྤྱི་གང་ཡིན་པ་དེ་ཉིད་ཁྱད་པར་ཡིན་ནམ་འོན་ཏེ་སྤྱི་ཡང་གཞན་ཡིན་ལ་ཁྱད་པར་ཡང་གཞན་ཡིན་ཞེས་བྱ་བའི་ཕྱོཌ་གཉིས་སོ ་དེ་ལ་ཕྱོགས་དང་པོ་ལ་སྤྱི་དང་ཁྱད་པར་དག་གཅིག་གི་རང་བཞིན་གཅིག་ཡིན་ན་འཆོལ་བ་ཉིད་དུ་འགྱུར་ལ་ད་ལྟ་ཡིན་དང་འདི་ནི་སྤྱིའོ་འདི་ནི་ཁྱད་བར་རོ་ཞེས་བྱ་བའི་རྣམ་པར་དབྱེ་བ་མེད་པའི་ཕྱིར་དོན་དམ་པར་དངོས་པོ་གཅིག་གཉིས་ཀྱི་ངོ་བོར་འཐད་པར་མི་འགྱུར་རོ། །ཅི་སྟེ ་འཚལ་པར་གྱུར་ན་མི་རུན་ངོ་སྙམ་པས་ཕྱོགས་གཉིས་པ་ལ་བརྟེན་པར་བྱེད་བ་དེའི་ཚེ་གཅིག་གི་རང་བཞིན་གཅིག་མ་ཡིན་པར་ཁས་ལེན་པར་བྱེད་ན་དུམ་ཉིད་དུ་སྟེ། སྤྱི་དང་ཁྱད་པར་དག་རང་བཞིན་ཐ་དད་པར་ཐལ་བར་འགྱུར་གྱི་དེ་ལྟ་ན་ནི་འདི་དག་མ་འཆོལ་བ་ཉིད་དུ་ནི ་འགྱུར་རོ། །གལ་ཏེ་འདི་དག་དུ་མ་ཉིད་དུ་འགྱུར་ན། དེ་ལྟ་བས་དང་དེ་ལྟ་བུ་ཡིན་ན་ཡང་སྟེ་དུམ་ཉིད་ཡིན་ཡང་དངོས་པོ་གཉིད་གྲུབ་པ་ཁོ་ནར་ཟད་བའི་ཕྱིར་དངོས་པོ་གཅིག་གཉིས་ཀྱི་ངོ་བོར་ནི་རིགས་པ་མ་ཡིན་ནོ། །ཡང་ཅི་སྟེ་གལ་ཏེ་སྤྱི་དང་ཁྱད་པར་དག་ཕན་ཚུན་གྱི་རང་བཞིན་གྱིས་དཔེན་པར་གྱུར ་པ་དེ་ལྟ་ན་ཡང་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱི་དངོས་པོ་ནི་ཐ་མི་དད་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་ཕན་ཚུན་འགལ་བ་ཡིན་ཏེ། འདི་ལྟར་དངོས་པོ་གཅིག་ལས་སྤྱི་དང་ཁྱད་པར་དག་ཐ་མི་དད་པར་ཁས་ལེན་པར་བྱེད་པ་ན་ཇི་ལྟར་འདི་དག་ཕན་ཚུན་གྱི་རང་བཞིན་གྱིས་དབེན་པ་གྱུད་པར ་འགྱུར་གཅི་ལས་ཐ་མི་དད་པ་ན་དངོས་པོ་གཅིག་གི་རང་བཞིན་དུ་དེ་དག་ཀྱང་ཐ་མི་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྤྱི་དང་ཁྱད་པར་དག་གི་རང་བཞིན་ཕན་ཚུན་དཔེན་པར་ཁས་ལེན་ན་དེ་དག་གིས་ཐ་མི་དད་བའི་དངོས་པོ་གཅིག་གྲུབ་པར་མི་འགྱུར་ཏེ། ་དེ་དག་ལས་ཐ་མི་དད་པའི་ཕྱིར་གཅིག་ཉིད་དུ་མངོན་པར་འདོད་པ་དེ་ཡང་སྤྱི་དང་ཁྱད་བར་གྱི་ངོ་བོ་བཞིན་དུ་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་གཅིག་གཉིས་ཀའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ། །གླ་ཏེ་རང་བཞིན ་གཅིག་ཅེས་བྱ་བ་ལ་སོགས་པས་ལེགས་པའི་བློ་གྲོས་ཀྱི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། འདིར་དེས་རྩོད་པ་བཀོད་པ་སྔོན་དུ་འགྲོ་བ་ཅན་གྱི་ལན་བཏབ་པ་སྨྲས་པ་གྲག་སྟེ་འོན་ཏེ་སྤྱི་དང་ཁྱད་པར་དག་ཕན་ཚུན་རང་བཞིན་དང་བྲལ་བར་ཁས་ལེན་པར་མི ་བྱེད་ན་འཆོལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། སྐྱོན་འདི་ནི་མེད་དེ། དེ་དག་རང་བཞིན་ཐ་དད་བ་ཡིན་ན་ཡང་བརྡ་ལས་བྱུང་བའི་ཆོས་ཐ་དད་པ་འདི་གྲུབ་པར་འགྱུར་ཏེ། བྱེད་པ་པོའི་ནུས་པ་བཞིན་ནོ། །ཇི་ལྟར་སྤྲིན་གློག་འབྱིན་ཏོ། །སྤྲིན་ལས་གློག་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ ་ཐ་དད་པའི་བདག་ཉིད་ཀྱི་བྱེད་པ་པོའི་ནུས་པ་རྣམས་དམིགས་པ་ཡིན་ནོ། །རྫས་ཀྱི་རང་བཞིན་དང་ཐ་མི་དད་པས་འཆོལ་པ་ཉིད་ཡིན་ན་ཡང་དེ་ཁས་ལེན་པ་ན་བསྟན་བཅོས་དང་འཇིག་རྟེན་དུ་འགལ་པར་གོར་མ་ཆག་གོ། གཞན་ཡང་མཐོང་བ་ལ་མི་འཐད་པ། ཞེས་བྱ་བ ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཅི་དང་ཁྱད་པར་དག་དངོས་པོ་གཅིག་ཉིད་ཡིན་ན་ཡང་འཇིག་རྟེན་གྱིས་མ་འཆོལ་བར་ཐ་དད་པའི་ཐ་སྙད་དམིགས་པ་ཉིད་ཡིན་ནོ། །འཇིག་རྟེན་ཐ་དད་པས་ཐ་སྙད་འཇུག་པ་ནི་འཇིག་རྟེན་ཐ་སྙད་འཇུག་པ་སྟེ། བདག་ཉིད་གཅིག་པོ་གང་གིས་རྗེས་སུ ་འཇུག་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །སྦྱོར་བ་ནི་གང་ཞིག་དངོས་པོ་གཅིག་ལ་ཐ་དད་བའི་ཐ་སྙད་ཡིན་པ་དེ་ནི་ཆོས་ཐ་དད་བའི་རྒྱུ་མཚན་ཅན་ཡིན་ཏེ། བྱེད་པ་པོའི་ནུས་པ་རྣམས་བཞིན་ནོ། །སྤྱི་དང་ཁྱད་པར་གྱི་མཚན་ཉིད་འདི་ཡང་དངོས་པོ་གཅིག་ལ་ཐ་དད་པའི་ཐ་སྙད་ཡིན་ནོ ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ལན་འདེབས་པར་བྱེད་དེ། འདིས་ནི་གཏན་ཚིག་འགལ་བ་ཉིད་དུ་བསྟན་ཏེ། འདོད་པ་ལས་བཟློག་པ་བསྒྲུབ་པར་བྱེད་བའི་ཕྱིར་རོ། །འདི་ལྟར་འདིར་གོལ་བས་དོན་དམ་བར་ཆོས་ཐ་དད་བར ་བསྒྲུབ་པར་འདོད་ལམ་བརྟགས་པའི་ཆོས་ཐ་དད་པ་དེ་ཡང་གྲུབ་པ་མ་ཡིན་ཏེ། དངོས་པོ་གཅིག་གི་བདག་ཉིད་དུ་ཁས་མི་ལེན་པའི་ཕྱིར་ལ་དངོས་པོ་གཅིག་པོ་དེ་ནི་ཐ་དད་འགལ་བའི་ཕྱིར་རོ། །གང་གི་ཕྱིར་ཐ་དད་པ་ཞེས་བྱ་བ་ནི་སྣ་ཚོགས་པ་ཉིད་ལ་བརྗོད་ལ་གང ་ཡང་སྣ་ཚོགས་པ་དེ་ཅི་ལྟར་གཅིག་ཏུ་འགྱུར། དཔེ་བསྒྲུབ་བར་བྱ་བས་སྟོང་བ་འབའ་ཞིག་ཏུ་མ་ཟད། འོན་ཀྱང་གཏན་ཚིགས་ལེ་བསྒྲུབ་བྱ་ལས་བཟློག་པས་ཁྱབ་བོ་ཞེས་བསྟན་པའི་ཕྱིར། ནུས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་གལ་ཏེ་ཡང་ཐ ་དང་བ་ཞེས་བྱ་བ་ནི་སྣ་ཚོགས་པ་ཉིད་དུ་བརྗོད་མེད། གང་གིས་དེ་བཟློག་པ་བསྒྲུབ་པར་བྱེད་བས་འགལ་བར་འགྱུར་བ་དངོས་པོ་གཅིག་པོ་དེ་ཉིད་སྣ་ཚོགས་པར་འགྱུར་བ་ཇི་ལྟར་འགལ་སྙམ་ན། དངོས་པོ་གཅིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དེ་ཞིང་ཅེས་བྱ ་བ་ནི་དེ་ཉིད་དུ་བརྗོད་བ་དེ་ནི་གཅིག་ཅེས་བྱ་སྟེ། དཔེར་ན་སེམས་པ་ཅན་སྐྱེས་བུ་གཉིས་བཞིན་ནོ། །དངོས་པོ་ཡིན་ན་དེ་ཉིད་བཀག་ན་གཞན་ཉིད་ཡིན་ཏེ། དཔེར་ན་འབྱུང་བ་དང་སེམས་པ་ཅན་གཉིས་བཞིན་ནོ། །དེ་ལྟ་ཡིན་དང་སྒྲུབ་པ་དགག་པ་དང་གཅིག་ལ་མི་རུང་བའི་ཕྱིར་དེའི ་དངོས་པོ་དན། དེ་མ་ཡིན་པའི་དངོས་པོའི་མཚན་ཉིད་ཀྱི་གཅིག་དང་དུམ་དག་ཕན་ཚུན་འགལ་བའི་ཕྱིར་གཅིག་གི་ཐ་དད་པ་ནི་བཏགས་པ་ཉིད་ཡིན་ནོ། །ཇི་ལྟར་དངོས་པོ་དང་དེ་མ་ཡིན་བའི་དངོས་པོ་འགལ་བ་ཡིན་ཞེ་ན། རང་བཞིན་གནས་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ་འདི་སྙམ་དུ་ཆོས་ཐ་དད་པ་བརྟགས་པའི་རྒྱུ་མཚན་ཅི་ཡིན། འདི་གདོན་མི་ཟ་བར་རྒྱུ་མཚན་ཐ་དད་པ་བརྟགས་བའི་རྒྱུ་མཚན་ཅི་ཡིན། འདི་གདོན་མི་ཟ་བར་རྒྱུ་མཚན་ཐ་དད་བར་འགྱུར་བར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་རྣམ་པར་བཞག་པ་འཁྲུགས་པར་འགྱུར་རོ། །དེ་ལྟ་ཡིན་དང་ཐ ་དད་པའི་རྒྱུ་མཚན་གང་ཡིན་པ་དེ་ཉིད་ཁོ་བོ་ཅག་གི་དོན་དམ་བའི་ཆོས་ཐ་དད་པ་ཡིན་ནོ་སྙམ་དུ་སེམས་ན། རིགས་མཐུན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་རིགས་མཐུན་ལ་དང་རིགས་མི་མཐུན་པ་ཡང་ཡིན་ལ། དུ་མ་ཡང ་ཡིན་ནོ་ཞེས་བྱ་བ་ནི་ལས་འཛིན་པའོ། །དེ་ལྟ་བས་ན་ལྡོག་པ་ཡང་ཡིན་ལ་དངོས་པོ་མ་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །དངོས་པོ་གཅིག་པོ་དེ་རིགས་མཐུན་པ་དང་རིགས་མི་མཐུན་པ་དེ་ལས་ལྡོག་པ་དེ་ནི་ཆོས་ཐ་དད་པ་རྣམ་པར་བཞག་པའི་རྒྱུ་མཚན་ཡིན་ནོ། །དེ་ལྟ་བས ་ན་གར་གི་ཕྱིར་བརྟགས་པའི་དུ་མ་སྲིད་པ་དེའི་ཕྱིར་དངོས་པོ་གཅིག་པ་ཡང་དག་པའི་གཉིས་ཀྱི་ངོ་བོ་ཉིད་འཐད་པ་མ་ཡིན་ནོ། །ཡང་གི་སྒྲས་ནི་སྤྱིར་ཆོས་ཐ་དད་པ་སྔོན་དུ་འགྲོ་བ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་བསྟན་པ་ཡིན་ནོ། །འདི་སྙམ་དུ་མིའི་སེང་གེ་ལ་སོགས་པ ་དག་གིས་མ་དེས་པ་ཡིན་ཏེ། འདི་ལྟར་མིའི་སེང་གེ་ལ་སོགས་པ་རང་བཞིན་གཅིག་ཡིན་ཡང་ཡང་དག་བའི་གཉིས་ཀྱི་ངོ་བོ་ཉིད་མི་འགལ་བར་དམིགས་པ་ཁོ་ནའོ། །སྙམ་དུ་སེམ་ན། གང་ཡང་མིའི་སེང་གེ་ལ་སོགས་ཞེས་བྱ་བ་སྨོས་ཏེ། སོགས་བའི་སྒྲས་ནི་ནོར་བུ ་གཟི་ལ་སོགས་པ་བཟུང་ངོ། །དེ་ཞེས་བྱ་བ་ནི་མིའི་སེང་གེའོ། །འདུས་པ་ནི་ཚོགས་པའོ། །འདི་ལ་གཟུགས་ཡོད་པས་ན་གཟུགས་དང་ལྡན་བའོ། །གཅིག་གི་གཟུགས་དང་ལྡན་ཞེས་ཚིག་རྣམ་པར་སྦྱར་རོ། །འདིས་ནི་ཕྱིར་རྒོལ་བ་ལ་དཔེ་མ་གྲུབ་པར་བསྟན་ཏེ། སངས་རྒྱས ་བ་ལ་མིའི་སེང་གེ་ཡན་ལག་ཅན་གཅིག་བསྒྲུབ་བ་མ་ཡིན་ཏེ། རྡུལ་ཕྲ་རབ་དུ་མ་ཚོགས་པ་ཡིན་པའི་ཕྱིར་རོ། །དེ་ལ་གཅིག་ཉིད་དགག་པ་ལ་ཚད་མ་བཤད་པ་གང་སྣ་ཚོགས་པ་དེ་ནི་གཅིག་མ་ཡིན་ཏེ། རིན་པོ་ཆེའི་རིགས་དུ་མའི་ཚོགས་པ་བཞིན་ནོ། །མིའི་སེང་གེ ་ཡང་སྣ་ཚོགས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའམ། ཁྱད་པར་བྱེད་པ་འགལ་བ་དམིགས་བའོ། གཅིག་ཡིན་ན་གཉིས་ཀྱི་ངོ་བོ་ཉིད་ཀྱི་རྒྱུ་མཚན་སྣ་ཚོགས་སུ་སྣང་བ་མི་འཐད་པ་ནི་གནོད་པར་བྱེད་བའི་ཚད་མ་སྟེ། ཐ་དད་པར་རྣམ་པར་བཞག་བའི་རྒྱུ ་མཚན་ནི་སྣང་བ་ཐ་དད་པ་ཡིན་པའི་ཕྱིར་རོ། །ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པར་ཐལ་བར་འགྱུར་བ་ཡང་གནོད་པ་ཙམ་གྱི་ཚད་མའོ། །བསྒྲིབས་པ་དང་མ་བསྒྲིབས་?་པ་འགལ་བའི་ཆོས་དང་ལྡན་པ་དག་གཅིག་ལ་ཅིག་ཅར་རིགས་པ་མ་ཡིན་ནོ།། ་གལ་ཏེ་རྡུལ་ཕྲ་རབ་དུ་མ་འདུས་པ་ཙམ་མིའི་སེང་གེ་ཡིན་ན། འོ་ན་ཇི་ལྟར་གཉིས་ཀྱི་ངོ་བོ་དང་ལྡན་པའི་གཅིག་གི་དངོས་པོར་དེས་པའི་ཤེས་པ་ཡིན་ཞེ་ན། རྡུལ་ཕྲན་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དང་སེང་གེ་དག་གི་ཆ་ཡིན་པ་དེ་དག་དང་ལྡན་པ་སྟེ་སྣང་བར ་བྱས་པའི་?་ཤེས་པ་གང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཚེ་རྡུལ་ཕྲ་རབ་དེ་ཉིད་རང་བཞིན་གྱིས་དེ་ལྟ་བུར་གྱུར་པའི་ངོ་ཤེས་པའི་རྒྱུར་གྱུར་པ་དེའི་ཚེ་ཡན་ལག་ཅན་གཞན་བརྟགས་པས་ཅི་ཞིག་བྱ། དེ་དག་གི་དེ་འདྲ་བའི་རང་བཞིན་དེ་ཡང་གང་ལས་བྱུང་ཞེ་ན། བཤད ་པ། ཁྱད་པར་ཅན་གྱི་རྐྱེན་བྱུང་ཕྱིར། །རྒྱུ་ཁྱད་བར་ཅན་ལས་སྐྱེས་བའི་ཕྱིར་རོ། །དེ་ལ་ཁྱད་པར་ཅན་ནི་སྦྱོར་བ་དང་འགྲོ་བའི་ཁྱད་པར་འགྲུབ་པར་བྱེད་པའི་ལས་དང་རིགས་མཐུན་པའི་ལས་བྱུང་བའི་ནུར་ནུར་བོ་ལ་སོགས་པའོ། །མིའི་སེང་གེ་རྣམ་པར་དཔྱོད་པ་འདི་ཉིད་ཀྱིས ་ནོར་བུ་གཞི་ལ་སོགས་པ་ཡང་བཤད་པའི་ཕྱིར་རོ། །དེ་དག་གི་སུན་འབྱིན་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །ཐམས་ཅད་དངོས་པོའི་ངོ་བོ་ཡིས། །ཕན་ཚུན་ཐ་དད་པ་མ་ཡིན། ཞེས་གང་སྨྲས་པ་འདི་ལ། དོན་བྱེད་པར་ནི་ནུས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན ་བྱེད་ནུས་པའི་ངོ་བོ་གང་ཡིན་པ་དེ་ཉིད་དངོས་པོ་ཞེས་བྱའི་གཞན་ནི་མ་ཡིན་ནོ། །གལ་ཏེ་དེ་ཐམས་ཅད་ཐམས་ཅད་ཀྱི་བྱ་བ་བྱེད་པར་འགྱུར་ཏེ། སྐྱེད་པར་བྱེད་པ་ཐམས་ཅད་དེ་ཉིད་ཀྱི་ངོ་བོར་འདོད་པ་ད་ཡང་ཐམས་ཅད་ལ་ཁྱད ་པར་མེད་པའི་ཕྱིར། གང་ཅུང་ཟད་འབྲས་བུ་གང་ཅི་ཡང་རུང་བ་ལས་སྐྱེ་བར་འགྱུར་རོ། །ཅི་སྔོན་པོ་དང་སེར་པོ་ལ་སོགས་པ་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་ནམ། འོན་ཏེ་གཞན་ཡིན། གལ་ཏེ་དེ་ཉིད་ཡིན་ན་དེའི་ཚེ་དེ་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར། དཀར་པོ་དང ་སེར་པོ་ལ་སོགས་པ་ཡང་སྔོན་པོས་བསྒྲུབ་པར་བྱ་བའི་གོས་ཁ་བསྒྱུར་བ་ལ་སོགས་པའི་དོན་གྱི་བྱ་བ་བྱེས་པར་འགྱུར་རོ། །གཞན་ཡང་རང་བཞིན་གཉིས་པ་མེད་པའི་ཕྱིར་གཅིག་ཉིད་ཡོད་པའི་ཕྱིར་འགྲོ་བ་ཐམས་ཅད་དངོས ་པོ་གཅིག་ཏུ་འགྱུར་བས་གཅིག་དུ་མའི་རྣམ་པ་ཅན་ཡིན་ནོ། །ཞེས་བྱ་བའི་དམ་བཅའ་བ་ཉམས་པར་འགྱུར་རོ། །ཅི་སྟེ་དངོས་པོ་ཉིད་སྔོན་པོ་ལ་སོགས་པ་ལས་གཞན་ཉིད་ཡིན་ཏེ། གཟིགས་ཟན་གྱིས་འདོད་བའི་ཡོད་པ་བཞིན་ནོ། །དཔེར་ན་གཟེགས་ཟན་ཏེ ་གཟེགས་མ་ཟ་བར་འདོད་པའི་ཇི་ལྟར་ཡོད་པ་ཞེས་བྱ་བ་ཐ་དད་བའི་དངོས་པོ་ཉིད་ཅེས་བྱ་བ་ཡིན་ན། དེ་ལྟ་ན་ཡང་གཅིག་ལ་དུམ་ཉིད་མི་རིགས་པས་གསལ་རབ་པ་ཡིན་ཏེ། གཅིག་ཏུ་ཐ་དད་པའི་ཕྱིར་རོ། །གཞན་ཡང་གང་དག་འགལ་བའི་ཆོས་དང་ལྡན་པ་དེ ་དག་ནི་ཐ་དད་པ་ཡིན་ཏེ། གྲང་བ་དང་ཚ་བ་དག་ལྟ་བུའོ་།སྤྱི་དང་ཁྱད་པར་དག་ལ་ཡང་འགལ་བའི་ཆོས་དང་ལྡན་པ་ཡོད། རྗེས་སུ་འགྲོ་བ་དང་རྣམ་པ་གཞན་གྱི་ནོ་བོ་ཡིན་པའི་ཕྱིར་དེ་དག་ཐ་དད་བར་གསལ་ལོ། །གལ་ཏེ་རྣམ་པ་གཞན་གྱི་ངོ་བོ་དང་རྗེས་སུ ་འགྲོ་བ་འགལ་བའི་ཆོས་དང་ལྡན་པ་ཡིན་ན་ཡང་ཐ་དད་དུ་མི་འདོང་པ་དེའི་ཚེ་གང་ཡང་འདི་སྔོན་པོ་དང་སེར་པོ་དག་གི་ཅི་ཞིག་ལྟར་ཁྱད་པར་གྱི་ངོ་བོས་ཐ་དད་པ་འདོད་པ་དེར་མི་འགྱུར་ཏེ། བློ་ཐ་དད་ཕྱིར་གཟུགས་ལ་སོགས། གཅིག་ཏུ་ཐལ་བར ་འགྱུར་པའང་མིན། ཞེས་བཤད་པའི་ཕྱིར། ཀུ་མཱ་ར་རི་ལས། སྔོན་པོ་ལ་སོགས་པ་ཐ་དད་དུ་བརྗོད་པའི་ཕྱིར་རོ། །དཔེར་ན་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ར་རེ་ལའི་ལུགས་ཀྱིས་ཡང་མ་དེས་པ་ཉིད་དུ་སྟོན་པ་ཡིན་ཏེ། ཁ་དོག ་ལ་ལྔ་པ་ནི་ཁ་དོག་སྣ་ཚོགས་བའོ། །དེ་ཇི་ལྟར་སྔོན་པོ་ཞེས་བྱ་བ་འམ། སེར་པོ་ཞེས་བྱ་བ་འམ། དམར་པོ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་འདོད་པའི་འཟུགས?་འཛིན་ཏེ་གཟུགས་དེས་པ་དེ་བཞིན་དུ་ངོ་བོ་དུ་མའི་དངོས་པོ་སྣ་ཚོགས་པ་རང་དང་གཞན་གྱི ་ངོ་བོ་དག་གིས་སམ། སྤྱི་དང་ཁྱད་པར་གྱི་ངོ་བོ་དག་གིས་ཡོད་པ་དང་མེད་པའི་བདག་ཉིད་གཉིས་ཀྱི་བདག་ཉིད་དུ་འདོད་པའི་དབང་གིས་ཐ་དད་དུ་ངེས་པ་ཡིན་ནོ། །གང་གི་ཚེ་ཐ་དད་དུ་ངེས་པར་གཟུང་བར་འདོད་པ་དེའི་ཚེ། དེ་ངེས་བར་འཛིན་པར་བྱེད་ལ་གང་གི་ཚེ་ཐ་མི་དག ་པ་སྟེ་སྤྱི་ངེས་པར་བཟང་བར་འདོད་པ་དེའི་ཆེ་ངེས་པར་འཛིན་པར་བྱེད་དོ། །གང་གི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དངོས་པོ་གཅིག་པར་སྐད་ཅིག་གིས་རྟོགས་པ་དེའི་ཚིག་ཞང་དང་གཞན་མ་ཡིན་པའི་ཐ་དད་པ་ལ་སོགས་པའི་རྩད་པ་འཇིགས་སྟེ། ངེས་པར་མི་འཛིན་ཞེས་བྱ ་བའི་དོན་ཏེ། ཁྲ་བོའི་དངོས་པོ་མངོན་སུམ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །དེ་ལ་གཞན་དང་གཞན་མ་ཡིན་པ་ལ་སོགས་པའི་རྩོད་པ་ནི་འདི་ཡིན་ཏེ། ཐ་དད་པ་དག་ལས་གཞན་མ་ཡིན་པའི་ཕྱིར་སྤྱི་ཡང་གོང་བུ་བཞིན་དུ་རང་གི་ངོ་བོ་ཐ་དད་པར་ཐལ་བར་འགྱུར་བ་འམ། སྤྱི་ལས་ཐ ་མི་དད་པའི་ཕྱིར། ཐ་དད་པ་རྣམས་ཀྱང་ཅི་བཞིན་དུ་ཐ་མི་དད་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་ཐ་དད་པ་དང་ཐ་མི་དད་པའི་སྤྱི་དང་ཁྱད་པར་དག་ཇི་ལྟར་འགལ་བར་འགྱུར་བ་དང་སོགས་པའི་སྒྲས་གཅིག་དང་དུ་མ་ཕན་ཚུན་འགལ་བ་དག་དང་དེ་བཞིན་དུ་དེ་ཉིད་སྤྱིའོ། །དེ ་ཉིད་ཁྱད་པར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གཟུང་བར་བྱའོ། །དེ་ལྟ་ན་ཐམས་ཅད་དུ་ཁྲ་བོ་རྟགས་པར་འགྱུར་གྱི་རིམ་དང་གཅིག་ཅར་དག་གིས་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། ངོ་བོ་དུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་མ་མ་ཅིག་ཅར་གྱིས་འདིར་སྤྱི་དང ་ཁྱད་པར་ལ་སོགས་པའི་ངོ་བོ་རྣམ་པར་འཇོག་པ་གང་ཡིན་པ་དེ་ནི་བརྗོད་པར་འདོད་པའི་དབང་གིས་སོ། །གང་གི་ཚེ་ཅིག་ཅར་སྤྱི་དང་ཁྱད་པར་གྱི་ངོ་བོའམ་ཡོད་པ་དང་མེད་པའི་ངོ་བོར་བརྗོད་བར་འདོད་ན་དེ་འདིའི་ངོ་བོར་རྣམ་པར་བཞག་གོ། ཅི་སྟེ་རིམ་གྱིས་ཡོད་བའི་ངོ་བོ་དང་མེད ་བའི་ངོ་བོའམ་ཅི་དང་ཁྱད་པར་གྱིས་བརྗོད་པར་འདོད་ན་དེའི་ཚེ་འདི་དེའི་ངོ་བོར་རྣམ་པར་བཞག་གོ། དེའི་ངོ་བོ་ཐམས་ཅད་ནི་འདོད་པས་རིམ་དང་རིམ་པ་ཡིན་པ་དག་གིས་བསྟན་ཏེ། རིན་པོ་ཆེ་སྣ་ཚོགས་པའི་མཛོད་ན་མ?་ཏ་དང་པདྨ་དཀར་པོ་ལ་སོགས་པ་བཞིན་ནོ། །ཡང་རིམ་དང་རིམ ་མ་ཡིན་པ་ལས་མ་གཏོགས་པ་རྣམས་གཞན་གྱིས་ཅིའི་ཕྱིར་མི་སྟོན་ཅེ་ན། ཚིག་རྣམས་རྣམ་པ་གཞན་ཡོད་མིན། ཞེས་བྱ་བ་སྨོས་ཏེ། རིམ་དང་ཅིག་ཅར་གྱིས་འཇུག་པ་དག་ལས་ཞེས་བྱ་བ་ལ་བལྟོས་བར་བྱའོ། །རྣམ་པ་ནི་ཚུལ་ལོ། །དེ་ལྟར་མ་ཡིན ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་བར་བྱེད་དེ། གཅིག་སྣ་ཚོགས་པ་ནི་ཕན་ཚུན་འགལ་བ་ཡིན་ནོ་ཞེས་བྱ་བ་འདི་ནི། སྣ་ཚོགས་གང་དེ་གཅིག་མ་ཡིན་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །གང་གི་ཕྱིར་སྣ་ཚོགས་པ་ཞེས་བྱ་བས་དུ་མ་ཉིད་བརྗོད་ལ་། ་གཅིག་ཉིད་དང་དུ་མ་ཉིད་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ནོ། །དེ་ལྟ་བས་ན་གཅིག་ལ་ཡང་དག་བའི་རྣམ་པ་མང་པོ་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡོད་པ་དེ་ལྟ་ན་ཡང་གཅིག་ཉིད་དུ་གཉིད་མ་དུ་ཡང་བསྟན་པ་ཡིན་ནོ། །འདི་ལྟར་དངོས་པོ་གཞན་དེ ་སྙེད་ཅིག་སྐྱེས་པ་ཡིན་པའི་ཕྱིར་ཡང་དག་པ་ཉིད་དུ་བསྟན་པར་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི་གཅིག་དུ་མ་ཉིད་ནི་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །གང་ཡང་དངོས་པ་ལས་ནི་ལྡོག་པ་ཡི། །མེད་པ་སྤངས་ནས་གོ་སྐབས་གཞན། །ཞེས་བྱ་བ་ལ་སོགས་པ་སྨྲས ་པ་དེ་ལ། དངོས་པོ་གཅིག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ནམ་མཁའ་ཨི་མེ་ཏོག་དང་ཁྱད་པར་མེད་པ་བསྒྲུབ་པར་བྱ་བ་ལ་དངོས་པ་ཙམ་ལས་ལྡོག་པ་གཏན་ཚིགས་ཉིད་དུ་བྱེད་མ་དེའི་ཚེ་གཏན་ཚིཌ་མ་གྲུབ་སྟེ། སྣམ་བུ་ནི་དངོས་པོ་ཙམ་ལས་ལོག་པར་གྲུབ ་པ་མ་ཡིན་ནོ། །འོན་ཅི་ཞེ་ན། རང་རང་གི་ངོ་བོ་མ་གཏོགས་པའི་དངོས་པོའི་ཁྱད་པར་གཞན་ལས་སོ། །ཅི་སྟེ་དངོས་པོའི་ཁྱད་པར་ལས་ལྡོག་པ་གཏན་ཚིགས་ཉིད་དུ་ཁས་ལེན་ན། དེའི་ཆ་གཏན་ཚིཌ་མ་དེས་པ་ཡིན་པ་སྟེ། འདི་ལྟར་བུམ་པ་ལ་སོགས་པའི་དངོས་པོ་ལས ་ལྡོག་པའི་སྣམ་དུ་ལ་སོགས་པ་དེའི་བདག་ཉིད་དང་བྲལ་བར་བསྒྲུབ་པར་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི། ཐམས་ཅད་དང་རང་བཞིན་མེད་བ་ནི་མ་ཡིན་ཏེ། དེ་ཡང་དོན་བྱ་བ་བྱེད་པ་ཡིན་པའི་ཕྱིར། །གཅིག་གིས་ནུས་པའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་བསམ ་ངེས་པ་དེ་ཉིད་སྒྲུབ་པར་བྱེད་དེ། གལ་ཏེ་དོན་བྱེད་པར་ནུས་པའི་མཚན་ཉིད་ཀྱི་དངོས་པོ་ཉིད་ཅེས་བྱ་བ་རྗེས་སུ་འགྲོ་བ་ཅན་དུ་གྱུར་ན་དེ་ལས་ལྡོག་པར་རང་བཞིན་མེད་པ་ཉིད་དུ་འགྱུར་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། །ཇི་སྲིད་དུ་སྔོན་པོ་ལ་སོགས་པ་གཅིག་གི་ངོ་བོ་གང ་ཡིན་པ་དེ་དཀར་པོ་ལ་སོགས་གཞན་དག་ལ་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་སྔོན་པོ་ལ་སོགས་པའི། །དངོས་ཉིད་རྗེས་སུ་འགྲོ་བར་འདོད། །ཅེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་ཏོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་ཐ་དད་པའི་ཕྱིར་དང། དམིགས་པ་སྣང་བ་ཐ་དད་པའི་ཕྱིར་རོ། །དམིགས་པ ་ནི་ཤེས་པའོ། །དེའི་སྣང་བ་ནི་རྣམ་པའོ། །སོགས་པའི་སྒྲས་སྐྱེ་བ་དང་གནས་པ་དང་འགག་པ་ལ་སོགས་པ་བཟུང་ངོ། །དེ་ལྟ་བས་ན་དེ་?་འབྲེལ་བའི་གཏན་ཚིགས་ཀྱིས་དངོས་པོ་དེའི་བདག་ཉིད་ལ་ཡིན་པ་ཞེས་བྱ་བ་ཉིད་སྒྲུབ་པར་རིགས་ཀྱི། ཁྱད་པར་མེད་པས་དངོས་པོ་མེད་པ་དང་ཁྱད ་པར་མེད་པ་བསྒྲུབ་པ་རི་རིགས་པ་ནི་མ་ཡིན་ནོ། །གང་ལས་ཤེན་དེ་ལ་ཡང་དངོས་པོའི་མཚན་ཉིད་དོན་བྱེད་པ་ཡོད་པའི་ཕྱིར་རོ། །འོན་ཏེ་ཤིན་ཏུ་ཐ་དད་པ་ཡིན་ན་ཇི་ལྟར་དངོས་པོ་དངོས་པོ་ཞེས་བྱ་བའི་རྗེས་སུ་འགྲོ་བའི་ཤེས་པར་འགྱུར་ཡང་གལ་ཏེ་འདྲ་བ་མེད་བར་གྱུར་ན་ཇི་ལྟར་དངོས་པོ་ནམ ་མཁའ་མེ་ཏོག་ལས་ཐ་དད་པར་འགྲུབ་པར་འགྱུར་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་མེད་པ་ལས་ལྡོག་པ་ཞེས་བྱ་བ་ལ་ནུས་པ་མེད་པ་ནི་མོ་ཤམ་གྱི་བུ་ལ་སོགས་པའོ། །དེ་དག་ལས་དེའི་བདག་ཉིད་མ་ཡིན་པས་ལྡོག་གོ། གང་གི་ཕྱིར་བཏགས་པའི་འདྲ་བ་ཉིད ་ཡོད་པ་དེའི་ཕྱིར། དངོས་པོ་དངོས་པོ་གཞན་མི་མཚུངས། ཞེས་གང་སྨྲས་པ་དེ་མ་གྲུབ་བོ། །བདག་ཉིད་གང་གིས་ཞེས་བྱ་བ་ལ་སོགས་པས་ལེགས་པའི་བློ་གྲོས་ཀྱི་རྩོད་པ་དོགས་པར་བྱེད་དེ། དེས་སྨྲས ་པ། གལ་ཏེ་དངོས་པོ་བདག་ཉིད་གང་གིས་རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་རྫོག་པའི་བདག་ཉིད་ཀྱིས་དངོས་པོ་དེ་རིགས་མཐུན་པ་དང་??་འདྲ་བར་གྱུར་ན། དེའི་ཚེ་རིགས་མི་མཐུན་པ་དང་ཡང་བཏབ? ་ཉིད་དུ་ཤེས་པར་འགྱུར་ཏེ། དེའི་བདག་ཉིད་ཁྱད་པར?་མེད་པའི་ཕྱིར་རོ། །ཤེས་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རང་བཞིན་གང་གིས་རིགས་མཐུན་པ་དང་མི་མཚུངས་པར་འགྱུར་བ་དང་རང་བཞིན་གང་གིས་དེ་དང་འདྲ་བར་ཡང་འགྱུར་པ་རང་བཞིན་དེ་དག་ཐ་དད ་པར་འདོད་པར་བྱའོ། །གན་ཏེ་རིགས་མཐུན་པ་ཡིན་ན་ཇི་ལྟར་དེ་དག་མི་མཚུངས་པར་འགྱུར་ཅི་སྟེ་དེ་དང་མི་མཚུངས་པ་ཡིན་ན་ཇི་ལྟར་རིགས་མཐུན་པ་ཡིན། དེ་ལྟ་བས་ན་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ་ཞེ་ན། སྐྱོན་འདི་ནི་མེད་དེ། གང་གི་ཕྱིར་གཞན་གྱི་དངོས་པོ་ཐམས་ཅད་སྤྱི་དང ་ཁྱད་པར་གྱི་བདག་ཉིད་དུ་འདོད་དེ། དེ་ལྟ་བས་ན་དངོས་པོ་ཉིད་ལ་སོགས་པའི་སྤྱིས་ཐམས་ཅད་རིགས་མཐུན་པ་ཞེས་བརྗོད་ལ་དེ་ཉིད་ཁྱད་པར་གྱི་ངོ་བོས་ནི་རིགས་མི་མཐུན་པར་འདོད་བའི་ཕྱིར་དེ་ལ་བལྟོས་ན་ཡང་མི་མཚུངས་པ་ཞེས་བརྗོད་པའི་ཕྱིར་སྐྱོན་མེད་དོ། །མཐུན་པ་དང ་གཞན་གྱི་དངོས་པོ་ཞེས་བྱ་བ་ལ། འདི་ནི་མཐུན་པ་ཡང་ཡིན་ལ་གཞན་ཡང་ཡིན་པས་མཐུན་པ་དང་གཞན་པའི་དངོས་པོ་སྟེ་གཞན་ཞེས་བྱ་བ་ནི་མི་མཚུངས་བའོ། །ལྷག་མ་ནི་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །གཅིག་ཏུ་རྟོགས་བའི་རྒྱུ་ཞེས་བྱ་བ་ལ་སོགས་བས་ལན་འདེབས་བར ་བྱེད་དེ། རང་བཞིན་དེ་ཉིད་ཀྱིས་མཚུངས་པ་ཞེས་བརྗོད་དེ། གཅིག་རྟོགས་བའི་ཤེས་པ་རྒྱུ་ཡིན་བའི་ཕྱིར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གང་དག་གཅིག་ཏུ་རྟོགས་པ་ལ་རྒྱུའི་དངོས་པོར་མི་འགྱུར་བ། དེ་དག་ཉིད་ནི་མི་མཚུངས་བ། ་ཞེས་ཐ་སྙད་དུ་བྱ་བ་གང་དག་འགྱུར་བ་དེ་དག་ནི་མཚུངས་པ་ཞེས་བྱའོ། །ཡང་ཅིའི་ཕྱིར་ཐམས་ཅད་གཅིག་ཏུ་རྟོག་པ་དེའི་རྒྱུར་མི་འགྱུར་ཏེ་ཐ་དད་པར་ཁྱད་པར་མེད་པའི་ཕྱིར་རོ་ཞེས་དོགས་པ་ལ། འགའ་ཞིག་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་མ་ནི ་སྲེག་པར་བྱེད་པའམ་དྲ་བ་ཡིན་གྱི་ཆུ་ནི་མ་ཡིན་ནོ། །ཞེས་རང་བཞིན་ནི་བརྒལ་ཞིང་བརྟག་པར་འོངས་པ་ནི་མ་ཡིན་ནོ། །འདིའི་རང་བཞིན་འདི་ག་ལས་བྱུང་བ་ཡིན་ཞེས་དེ་སྐད་དུ་བརྗོད་པར་རིགས་ཏེ། རྒྱུ་མེད་པ་ཉིད་ཡིན་ན་བལྟོས་པ་མེད་པ་དེས་པར་མི་རུང་བས་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། ་དེ་ལྟ་བས་ན་རང་གི་རྒྱུ་ལས་ཞེས་བརྗོད་པར་བྱ་ལ། དེ་ཡང་ག་ལས་ཤེ་ན་ནི་རྒྱུའི་རྒྱུད་པ་ཐོག་མ་མེད་པ་ཅན་ཡིན་ནོ། །དབང་པོ་ནི་དབང་པོའོ། །བདུད་རྩི་ནི་སླེ་དྲེས་སོ། །སོགས་པའི་སྒྲ་རེ་རེ་དང་སྦྱར་བར་བྱའོ། །དཔེར་ན་སླེ་དྲེས་ལ་སོགས་པ་རིགས་ལ་སོགས་པ་ཞེས་དང་ཡུལ་དང་དབང་པོ་དང་སྣང་བ་དང་ཡིད ་ལ་བྱེད་པ་ལ་སོགས་པ་ཡང་ཁྱད་པར་ཅན་གྱི་ཤེས་པ་སྐྱེད་པ་ལ་ནུས་ཀྱི་གཞན་དག་ལ་ནི་མ་ཡིན་པ་དེ་བཞིན་དུ་གཅིག་ཏུ་རྟོག་པ་ལ་ཡང་འབའ་ཞིག་ཁོ་ན་ནུས་པ་དེས་པ་ཡིན་ནོ། །ཡང་ན་དབང་པོའི་སྒྲས་བ་རུང་བརྗོད་ལ། སོགས་པའི་སྒྲ་ཚོགས་པ་དང་སྦྱར་བར་བྱའོ། །གལ་ཏེ་སྔོན་པོ་སོགས་ལས་ཞེས་བྱ་བ ་ལ་སོགས་པས་དཔེ་མ་གྲུབ་པར་དོགས་པ་ཡིན་ཏེ། གལ་ཏེ་མིག་སྔོན་པོ་ལ་སོགས་པ་ལས་ལྡོག་པའི་ངོ་བོ་བསྟན་པར་འདོད་ཀྱི་རྗེས་སུ་འཇུག་པ་བསྟེན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་གཟུང་བས་བསྟན་ཏོ། །དེའི་ཚེ་མིག་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེད་པར་བྱེད་པར་མི་འགྱུར་རོ། །དེ་སྐད ་བར་བྱེད་པའི་རང་བཞིན་ལས་ལྡོག་བའི་ཕྱིར་རོ། །གང་ཞིག་གང་སྐྱེད་པར་བྱེད་པའི་རང་བཞིན་ལས་ལྡོག་པ་དེ་ན་རེ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེད་པར་བྱེད་པའི་སྔོན་པོ་ལ་སོགས་པ་ལས་ལྡོག་བའི་རྣ་བ་ནི་སྔོན་པོ་ལ་སོགས་པའི་ཤེས་པ་དེ་སྐྱེད་པར་བྱེད་པ་མ་ཡིན ་པའོ། །མིག་ཀྱང་སྔོན་པོ་ལ་སོགས་པའི་ཤེས་པ་བསྐྱེད་བའི་སྔོན་པོ་ལ་སྔོན་པོ་ལ་སོགས་པ་ལས་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པར་ཐལ་བར་འགྱུར་བའོ། །དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་ལྡོག་པ་ཡིན་ནོ། །གང་ཞིག་གང་སྐྱེད་པར་བྱེད་བ་དེ་ནི་སྐྱོང་བའི་རང་བཞིན་པས་ལྡོག་པ་མ་ཡིན ་ཏེ། དཔེར་ན་སྔོན་པོའི་ཤེས་བ་སྐྱེད་པར་བྱེད་བའི་སྔོན་པོའི་རང་གི་རང་བཞིན་ལས་མི་ལྡོག་པ་བཞིན་ནོ། །མི་ཀྱང་སྔོན་པོའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་སྔོན་པོ་ལ་སོགས་པ་ཡང་ཕྱོགས་སུ་བྱས་ནས་བརྗོད་པར་བྱའོ། །དེ་ལྟབས?་ན་དངོས་པོ་རྣམས ་ཀྱི་རྗེས་འགྲོ་བ་ཡོད་པའི་ཕྱིར་ཐལ་བ་ལས་བཟློག་པའི་སྒོ་ནས་དཔེ་མ་གྲུབ་པ་ཉིད་དུ་བཤད་དོ། དི་སྟེ་ཡང་དེ་ལས་ལྡོག་པར་འགྱུར་ལ་དེ་སྐྱེད་པར་བྱེད་པ་ཡིན་མོད་དེའི་ཕྱིར་ཐལ་བར་བསྒྲུབ་པ་མ་དེས་པ་ཡིན་ནོ་སྙམ་ནས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ལ་སོགས་པ་ཡང་སྔོན?་པོ་ལ ་སོགས་པའི་ཤེས་པ་སྐྱེད་པར་བྱེད་པ་དེ་ཉིད་དུ་ཐལ་བ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་སྟེ། ཐ་དད་པར་ཁྱད་པར་མེད་པའི་ཕྱིར་རོ། །མིག་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་གང་ཡིན་པའི་ཐ་དད་པ་དེས་རྣ་བ་ལ་སོགས་པ་ཡང་མིག་ལ་སོགས ་པ་དང་མཆུངས་བའི་ཕྱིར་ཅི་ལྟར་མིག་སྔོན་པོ་ལ་སོགས་པ་ལས་ལྡོག་པ་དེ་བཞིན་དུན་པ་ཡང་ཡིན་ཞེས་བྱ་བའི་ཐ་ཚིག་གོ། མིག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད། གལ་ཏེ་ཁྱད་པར་མེད་པར་དེ་སྐྱེད་པར་བྱེད་པའི་རང་བཞིན་ལས་ལྡོག་པ་ཙམ ་གཏན་ཚིཌ་ཉིད་དུ་བརྗོད་པ་དེའི་ཚ་གཏན་ཚིཌ་མ་གྲུབ་པ་ཡིན་ཏེ། མིག་ལ་སོགས་པ་སྔོན་པོ་ལ་སོགས་པའི་ཤེས་པ་བསྐྱེད་བའི་རང་བཞིན་ལས་ཁྱད་པར་མེད་པར་ལྡོག་པར་མ་གྲུབ་བོ། །གང་གི་ཕྱིར་མིག་ལ་སོགས་པ་དེ་དག་གི་རང་བཞིན་གང་ཡིན་པ་དེ་ཡང་སྐྱེད ་པར་བྱེད་བར་འདོད་དེ། དེ་ཁོ་ནས་འབྲས་བུ་དེ་བྱ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་དེས་ལ་ཅི་ཞིག་ཡོད་དེ་གཞན་ཡང་བྱེད་ལ་དེ་ཡང་བྱེད་པ་ལ་འགལ་བ་མ་མཐོང། །གལ་ཏེ་ཡང་ཁྱད་པར་མེད་པར་ལྡོག་པར་འགྱུར་ན་དེའི་ཚེ་རང་གི་རང་བཞིན་ལས་ཀྱང་ལྡོག ་བར་འགྱུར་ཏེ། དེ་ལྟ་ཡིན་དང་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་དངོས་པོ་རྣམས་རང་གི་ངོ་བོ་ལས་ལྡོག་པར་རིགས་པ་མ་ཡིན་ནོ། །ཇི་ལྟ་རང་གྒི་རང་བཞིན་སྤངས་ནས་མིག་ལ་སོགས་པ་གཞན་གྱི་སྐྱེད་པར་བྱེད་པ་བས་ལྡོག་པ་དེ་གཏན་ཚིཌ་ཉིད་དུ ་འདོད་ན་དེའི་ཚེ་གཏན་ཚིགས་མ་དེས་པ་ཉིད་ཡིན་ཏེ་འདི་སྟོར་རང་བཞིན་གཞན་ལས་ལྡོག་པ་དེའི་རང་བཞིན་དུ་མི་འགྱུར་ཕྱིར་སྐྱེད་པར་བྱེད་བ་ཡིན་ནོ། །ཐམས་ཅད་རང་གི་ངོ་བོས་སྐྱེད་པར་བྱེད་པ་ཡིན་གྱི་གཞན་གྱི་ངོ་བོས་ནི་མ་ཡིན་ནོ། །བདག་ཉིད་ཀྱི་རང་བཞིན་གང་གིས་འདི ་སྐྱེད་པར་བྱེད་པའི་ཞེས་འདོད་པ་དེ་ལས་ལྡོག་པས་ཇི་ལྟར་སྐྱེད་བར་བྱེད་པ་མ་ཡིན་པར་འགྱུར་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཅི་སྟེ་མ་ཡིན་པར་འཇུག་པས་དེའི་རང་བཞིན་མ་ཡིན་པ་ཉིད་དུ་བསྒྲུབ་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དངོས ་པོ་རྣམས་ཀྱི་རང་བཞིན་ནི་ཕན་ཚུན་དཔེན་པ་ཉིད་དུ་འདོད་པའི་ཕྱིར་རོ། །དེ་སྐྱེད་ངོ་བོ་མིན་ཞེས་བྱ་བ་འདི་ནི་དེ་ཡང་ཡིན་ལ་སྐྱེད་པ་ཡང་ཡིན་པས་དེ་བསྐྱེད་པས་ཏེ། གཟུགས་ལ་སོགས་པའོ། །དེའི་རང་གི་ངོ་བོ་ནི་རང་བཞིན་ནོ། །དེ་གང་ལ་ཡོད་པ་དེ་ནི་སྐྱེད་ངོ་བོ་མིན་ཏེ་དངོས་པོ་ནི་དེ་ཉིད་དོ།། ་གཞན་དོ་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་དང་བྲམ་པ་ཞེས་བྱ་བའི་ཐ་ཚིག་གོ། རྣམ་པ་གཅིག་ཏུ་ན་དེ་ཡང་ཡིན་ལ་སྐྱེད་པར་བྱེད་པ་ཡང་ཡིན་པས་དེ་སྐྱེད་དོ། །དེ་ནི་དེ་སྐྱེད་པར་བྱེད་པ་ཡང་ཡིན་ལ་ངོ་བོ་ཡང་ཡིན་ནོ་ཞེས་ལས་འཛིན་པར་བྱས་ལ་དགག་པོ་དང་ཚེག་གསུམ་གྱི་འབྲུ་མང་པོ་བར ་བྱའོ། །ཡང་གང་གི་དེ་ཉིད་འབྲས་བུ་དེ་ལ་ངེས་པར་འགྱུར་བ་འབྲས་བུ་གཅིག་བྱ་བ་ལ་མིག་ལ་སོགས་པ་ཕན་ཚུན་མ་འཆོལ་བའི་སྐྱེད་པར་བྱེད་པའི་རང་བཞིན་དེ་ཉིད་གང་ལས་འོངས་སྙམ་དུ་དོགས་པ་ལ་དེ་ལ་ངེས་པ་ཞེས་བྱ་བ་སྨོས་ཏེ།།གཞན་དུ་ཐ་དད་ཁྱད་མེད་ཕྱིར། །རྣ་བ་ལ་སོཌ ་ཀྱང་དེ་ཡི། །སྐྱེད་པས་བྱེད་པས་ཅིས་མི་འདོད། །ཅེས་གང་སྨྲས་པ་དེ་ནི་འདིས་བསལ་བ་ཡིན་ནོ། །དེ་ལྟ་བས་ན་ཐ་དད་ན་ཡང་རང་གི་ངོ་བོ་ངེས་པ་ལ་འགའ་ཞིག་སྐྱེད་པར་བྱེད་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །ཡང་གལ་ཏེ་རང་བཞིན་གཅིག་རྗེས་སུ ་འགྲོ་བས་ཐ་དད་ཀྱང་མིག་ལ་སོགས་པ་སྐྱེད་པར་བྱེད་པར་འགྱུར་བ་དེའི་ཚེ་དེ་དག་གི་སྐྱེད་བར་བྱེད་བའི་རང་བཞིན་གཅིག་པོ་དེ་རྒྱུ་གཅིག་ལ་ཡང་ཡོད་པའི་ཕྱིར། གཅིག་པོ་དེ་ཉིད་ལས་འབྲས་བུ་སྐྱེད་པར་འགྱུར་རོ། །དེ་ལྟ་ཡིན་དང་ལྷན་ཅིག་བྱེད་བའི་རྒྱུ་ལྷག་མངོན་མེད་པར་ཐལ་བར ་འགྱུར་རོ་ཅི་སྟེ་ཁྱད་པར་གཞན་མ་ཚང་བའི་ཕྱིར་གཅིག་ལས་འབྲས་བུ་སྐྱེ་བ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཁྱད་པར་གང་དག་ཡིན་པ་དེ་དག་མཚང་བ་མེད་པར་འདོད་དེ། དེ་དག་ནུས་པ་མ་ཡིན་པའི་ཕྱིར། །ཅིའི་ཕྱིར་ཞེ་ན། ཐ་དད་པའི་ཕྱིར་ཏེ་ནུས་པར་མངོན་པར་འདོད་པའི་རྗེས་སུ་འགྲོ ་བ་ཅན་གྱི་རང་བཞིན་ལས་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། ནུས་པ་མེད་པ་མ་ཚང་བས་མི་སྐྱེད་པར་རིགས་པ་ཡང་མ་ཡིན་ཏེ། འགའ་ཞིག་ཀྱང་མི་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཅི་སྟེ། ཁོ་བ་ཅག་གིས་སྤྱི་དང་ཁྱད་པར་ཕན་ཚུན་ཤིན་ཏུ་ཐ་དད་བར་མི་འདོད་པ ་དེ་བས་ན་ཐ་དད་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་སྙམ་ན། ཇི་ལྟར་ཐ་དད་ན་ཡང་མཚད་ཡིན། ཞེས་བྱ་བ་སྨོས་ཏེ། ཁྱད་པར་རྣམས་ཅི་ལས་ཐ་མི་དད་པར་ཁས་ལེན་ན། འོ་ན་ཁྱད་པར་གཞན་མཚང་བའི་ཕྱིར་གཅིག་སྐྱེད ་པར་བྱེད་བ་མ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་སྤྱི་དེ་མཚང་བ་མེད་པར་གནས་ན་དེ་དང་ཐ་མི་དད་པའི་ཁྱད་པར་རྣམས་ཀྱང་མ་ཚད་བར་མ་གྲུབ་བའི་ཕྱིར་རོ། །གང་ཞིག་གང་དང་གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་པ་དེ་ནི་དེའི་རང་བཞིན་དུ་རིགས་པ་མ ་ནོ། །གཞན་ཡང་ཐལ་བར་འགྱུར་བ་འདི་ནི་ཁྱེད་ཅག་ལ་ཡང་མཚུངས་པ་ཉིད་ཡིན་ཏེ། རྗེས་སུ་འགྲོ་བ་ཁྱད་པར་མེད་པའི་ཕྱིར། ཐམས་ཅད་ཐམས་ཅད་སྐྱེད་བར་བྱེད་པ་ཅིའི་ཕྱིར་མ་ཡིན། ཇི་ལྟར་བྱེད་ལ་རྗེས་སུ་འགྲོ་བ་ཁྱད་པར་མངོན་ཡང་ཐམས་ཅད་ཐམས་ཅད་ཀྱི ་སྐྱེད་བར་བྱེད་བ་མ་ཡིན་པ་དེ་བཞིན་དུ་ཁོ་བོ་ཅག་ལ་ཡང་ཡིན་པ་དེའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །གཞན་ཡང་ཐ་དད་པར་ཁྱད་པར་མེད་ན་ཡང་འགའ་ཞིག་སྐྱེད་པར་བྱེད་པ་ཡིན་གྱི་གཞན་མ་ཡིན་པའི་ཕྱིར་སྐྱེད་པར་བྱེད་པའི་རང་བཞིན་ངེས་པ་གཅིག་ཉིད་དུ་འགྱུར ་ཏེ། གཅིག་གི་རང་བཞིན་གང་ཡིན་པ་དེ་གཞན་གྱིས་ཡིན་པའི་ཕྱིར་རོ། །དེ་ལ་ཡིན་ན་ཅུང་ཟད་ཀྱང་འགལ་བ་མེད་དོ། །གང་གི་ཕྱིར་རྗེས་སུ་འགྲོ་བའི་གཅིག་ཉིད་སྐྱེད་བར་བྱེད་པ་ཡིན་པ་དེའི་ཚེ་གཅིག་འབྲས་བུ་གཅིག་ལ་སྐྱེད་པར་བྱེད་པ་ཉིད་དང་སྐྱེད་པར་བྱེད་པ་མ་ཡིན་པ ་ཞེས་བྱ་བ་སྒྲུབ་པ་དང་དགག་པ་ཇི་ལྟར་རྟེན་གཅིག་པ་ནི། རྟེན་ཐ་དད་བ་ལ་ནི་འགལ་?་དེའི་ཕྱིར་གཅིག་པ་ཞེས་བཤད་དོ། །ཡང་ཅི་སྟེ་གང་གིས་གཅིག་ཅིག་ལ་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པ་འགལ་བར་འགྱུར་ཁོ་བོ་ཅག་གིས་གཅིག་ཏུ་རྗེས་སུ་འགྲོ་བ་ཉིད་ནི་མི་འདོད་དོ། ་འོ་ན་ཅི་ཞེ་ན། འདི་ལ་ཐ་དད་པ་ལས་ཡིན་ཏེ་?་ན་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ཉིད་མ་འགལ་ལོ་སྙམ་ན། ཐ་དད་བའི་ཡིན་ལ་རག་མོད་ཅི་སྐྱེད་བར་བྱེད་བའི་རང་བཞིན་ཐ་དད་མེད་སྐྱེད་པར་བྱེད་བའི་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་འདི་ཉིད་?་ནམ། འོན་ཏེ་གཞན་ཡིན་ཞེས་བྱ་བ་བརྗོད་པར ་བྱའོ། །རེ་ཞིག་དེ་ཉིད་དམ?་ཡིན་ཏེ། དངོས་པོ་རང་གི་ངོ་བོ་ལས་ལྡོག་པར་རིགས་པ་ནི་མ་ཡིན་ཏེ། རང་བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཐ་དད་པ་ཡིན་ན་སྐྱེད་པར་བྱེད་པའི་རང་བཞིན་མ་ཚང་བ་མེད་པ་དེ་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དུ་ཡང་རིགས་ཡང་མ་ཡིན་ཏེ། ཧ་ཅང ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ན་དེ་ཉིད་རང་གི་ཡོང?་ལས་ཐ་དད་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་གཅིག་སྐྱེད་པར་བྱེད་པ་དང། སྐྱེད་པར་བྱེད་པ་མ་ཡིན་པ་འཕལ་བ་མ་བསལ་བ་ཁོ་ན་སྟེ། འདི་ལྟར་ཐ་ངད་བའི་ཕྱིར་གཅིག་པོ་དེ་བྱེད་པ་པོ་མ་ཡིན་པར་ཡང་འགྱུར་རོ།། ་འོན་ཏེ་གཞན་རྗེས་སུ་འགྲོ་བ་མེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཉིད་རྗེས་སུ་འགྲོ་བ་ཡིན་ནོ། །ཞེ་ན་དེ་ལྟ་ཡིན་དང་གཅིག་སྐྱེད་པར་བྱེད་པ་དང་སྐྱེད་པར་བྱེད་པ་མ་ཡིན་པ་འགལ་པ་དེ་ཉིད་སོན་འདུག་པ་ཡིན་ནོ། །རྗེས་སུ་འཇུག་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་སྟེ། སྐྱེད་པར་བྱེད་པ་ཉིད་ཀྱི་རང་བཞིན་ལ ་བརྗོད་ཀྱི་གཞན་ལ་མངོན་དུ་ཕྱོགས་པ་ནི་མི་ཡིན་ནོ། །གཞན་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཁྱད་བར་ཉིད་ལས་འབྲས་བུ་གྲུབ་པ་དེ་དག་ཁོ་ན་མཚན་ཉིད་དུ་རིགས་ཀྱི། སྤྱི་ནི་མ་ཡིན་ནོ། །དངོས་པོ་ཉིད་ཀྱིས་མཚན་ཉིད་ནི་དོན་བྱ་བ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཅི ་སྤྱི་རང་གི་མཚན་ཉིད་ལས་ཐ་དད་པ་ཡིན་ནམ། འོན་ཏེ་ཐ་མི་དད་པ་ཡིན་ཞེས་དོན་བྱེད་པ་དོན་དུ་གཉེར་བ་དེ་ལ་ཐ་དད་པ་དང་ཐ་མི་དད་པའི་བསམ་པས་ཅི་ཞིག་བྱ། གང་གི་ཕྱིར་།དོན་བྱེད་པར་རུང་བའི་རང་བཞིན་གང་ཁོ་ན་མངོན་པར་འདོད་པས་དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ ་འཇུག་པ་དོན་དུ་གཉེར་བ་རྣམས་ཀྱིས་ཐ་དད་པ་དང་ཐ་མི་དད་པ་དེར་བརྟགས་པ་ཉིད་བསམ་པར་བྱ་བ་ཉིད་ཡིན་གྱི་ཞེན་པས་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་མ་བརྟགས་པའི་ཐ་དད་པ་མི་དད་པ་དག་མི་འདོད་པ་དག་མི་འདོད་པ་དེའི་ཚེ། དོན་བྱེད་པར་རུང་བ་དེའི་བདག་ཉིད་ཀྱིས ་ཏེ་རང་གི་ངོ་བོ་ཐ་དད་པ་དོན་དམ། བར་ཡོད་པ་ཉིད་དང། ལྡོག་པས་ཏེ་རྣམས་པར་རྟོག་པའི་བློ་ལ་སྣང་བའི་ངོ་བོར་བྱས་ནས་མཚུངས་པ་ཉིད་དུ་རྣམ་པར་བཞག་སྟེ། དེའི་དངོས་པོ་དེས་པ་ཡིན་ནོ་ཞེས་བྱ་བ་ལ་རྩེད་པ་མེད་པ་ཁོ་ནའོ། །དི་ཙམ་ཉིད་ཀྱིས་ཀྱང་དོན་བྱེད་པ་དོན་བྱ ་གཉེར་བའི་ཐ་དད་པ་དང་སྤྱིའི་བསམ་པ་ཡོངས་སུ་རྫོགས་པའི་ཕྱིར་དོན་བྱ་བ་མི་བྱེད་བའི་སྤྱི་ཐ་དད་པ་དང་ཐ་མི་དད་པ་བསམ་པས་ཅི་ཞིག་བྱ་ཡང་སྤྱི་སྟེ་དངོས་པོ་ཉིད་སྤྱིའི་ཡིན་ལ་རག་མོའི་ལྡོག་པ་བརྟགས་པས་ཅི་ཞིག་བྱ་སྙམ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ། གལ་ཏེ ་བུམ་པ་ལ་སོགས་པ་སྣམ་བུ་ལ་སོགས་པ་ལ་རྗེས་སུ་འགྲོ་བར་འགྱུར་བ་དེའི་ཚེ་སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པ་དོན་དུ་གཉེར་བ་སྣམ་བུ་ལ་སོགས་པ་ལ་ཡང་འཇུག ་པར་འགྱུར་པའི་ཕྱིར་འཇུག་པ་འཚོལ་བར་ཐལ་བར་འགྱུར་རོ། །སོགས་པའི་སྒྲས་སྐྱེ་བ་དང་འགག་པ་ལ་སོགས་པ་མཚུངས་པར་ཐལ་བར་འགྱུར་བའོ། །ཅི་སྟེ་བདེ་བར་གཤེགས་པ་རྣམས་བཞིན་དུ་གཞན་དག་གིས་ཀྱང་དེའི་ཕྱིར་གང་དང་གང་ལས་དོན། ལྡག་པ་དེ་ཡི་རྒྱུ་ཅན ་གྱི། །རིགས་དབྱེ་དེའི་ཁྱད་པར་ནི། །རྟོགས་འགྱུར་བ་དག་རབ་ཏུ་བྱེད། །ཅེས་བྱ་བ་འདི་འདོད་པ་དེ་ལ། །བཤད་པ་རྟོགས་པས་བཀོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་པ་ཞེས་བྱ་བ་ནི་ཐ་དད་པའོ། །གང་ཚེ་གསེར་ཕོང་ཞེས་བྱ་བ་ལ་སོགས་པས་གཞོན་ནུ་མ་ལེན ་གྱིས་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ་དངོས་པོ་ཐམས་ཅད་སྐྱེ་བ་དང་གནས་པ་དང་འཇིག་པའི་རང་བཞིན་ཡིན་པའི་ཕྱིར་གསུམ་གྱི་བདག་ཉིད་ཡིན་ཏེ། གཅིག་ལས་ཀྱང་དགའ་བ་ལ་སོགས་པ་འབྲས་བུ་གསུམ་མཐོང་བའི་ཕྱིར་རོ། །འདི་ལྟར་གང ་གི་ཚེ་གསེར་ཕོར་བཅག་ནས་གང་དུ་བུར་བྱས་པ་དེའི་ཆེ། གསེར་ཕོར་དོན་དུ་གཉེར་བ་མྱ་ངན་སྐྱེ་ལ། གདུ་བུ་དོན་དུ་གཉེར་བ་དགའ་བ་སྐྱེ་ཞིང་གསེར་དོན་དུ་གཉེར་བ་ནི་པར་མར་གནས་སོ། །གལ་ཏེ་དངོས་པོ་གཅིག་གི་ངོ་བོར་གྱུར་ན། དེའི་ཚེ་གཅིག་གི་རྣམ་པ་ཅན་གྱི ་བློར་འགྱུར་གྱི་གསུམ་གྱི་རྣམ་པ་ཅན་འདི་ནི་ཡིན་ནོ། །གསེར་ཕོར་ནི་སྣོད་ཀྱི་ཁྱད་པར་ཡིན་ལ། གདུ་བུ་ནི་རྒྱན་གྱི་ཁྱད་པར་ཡིན་ནོ། །འདི་སྙམ་དུ་གལ་ཏེ་གསུམ་གྱི་བདག་ཉིད་དོ་ཞེས་བྱ་བ་བསྒྲུབ་པ་དེའི་ཚེ་འཇིག་པ་ལ་སོགས་པའི་ངོ་བོས་གསུམ་གྱི་བདག་ཉིད་དོ། །ཞེས་བྱ ་པ་འདི་ག་ལས་ཤེ་ན། འཇིག་པ་མེད་ན་མྱ་ངན་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཅི་ནི་རྟག་པ་ཉིད། །ཅེས་བྱ་བ་ནི་གང་གི་ཕྱིར་གནས་པ་མེད་ན་བར་མར་གནས་པ་མེད་ན་མི་འབྱུང་བ་ངེས་གསེར་གྱི་སྤྱི་རྟག་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་ལྟར་དེ་ཡང་ཞེས་བྱ་བ་ལ་སོགས ་པས་ལན་འདེབས་པར་བྱེད་དེ། རྟེན་མི་མཚུངས་པ་ཡིན་ཕྱིར་རོ་ཞེས་བྱ་བ་འདི་ནི་བཤད་པར་བྱ་བའི་ཚིག་ཡིན་ནོ། །འདི་འཆད་པ་ནི། གང་ཕྱིར་སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དངོས་པོ་གཅིག་ཀྱང་སྐྱེ་བ་ལ་སོགས་པའི་རང་བཞིན་གྱིས་གསུམ་གྱི་བདག་ཉིད་དུ་འགྱུར་ན་དེའི་ཚེ་ཕན་ཚུན ་འགལ་བའི་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཅིག་ཅར་འབྱུང་བར་འགྱུར་ལ། འགལ་བ་དག་ནི་གཅིག་ལ་ཅིག་ཅར་ཡོད་པར་རིགས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་འགལ་བ་ཉིད་དུ་མི་འགྱུར་རོ། །འོ་ན་ཇི་ལྟར་བློ་གསུམ་སྐྱེ་བར་རིགས་ཤེ་ན། ཇི་ལྟར་རིགས་པ་དེ་ལྟར་བསྟན་པའི་ཕྱིར། ་སྐད་ཅིག་འཇིགས་ཅེས་བྱ་བ་སྨོས་ཏེ། གསེར་པོར་གྱི་བདག་ཉིད་ཀྱི་དངོས་པོ་ནི་གསེར་གྱི་པོར་པའི་དངོས་པོའོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། གསེར་གྱི་བདག་ཉིད་དེ་རང་བཞིན་དེ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་རང་ཉིད་ལས་ཏེ། རང་གི་དང་གིས་འཇིག་པ་ན་དེ་དོན་དུ་གཉེར་བ ་འགའ་ཞིག་ལ་མྱ་ངན་སྐྱེའོ། །སྔ་ན་མེད་པའི་གང་དུ?་བུ་ཞེས་བྱ་བའི་ངོ་བོ་དེའི་བདག་ཉིད་དེ་གསེར་གྱི་བདག་ཉིད་སྐྱེ་བ་འབྱུང་བ་ན་གང་དུ་བུ་འདོད་པ་འགའ་ཞིག་དགའ་བསྐྱེ་བར་འགྱུར་གྱི། །གསེར་གྱི་བདག་ཉིད་ཀྱི་བསྟན་པ་འགའ་ཡང་ཡོད་པ་ནི་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དག་ནི་རྗེས་སུ་འགྲོ ་བ་མེད་པའི་ཕྱིར་རོ། །འོ་ན་གལ་ཏེ་དེ་ལྟ་ན་བར་མར་གནས་པའི་བློ་ཇི་ལྟར་ཞེ་ན། གང་ཚེ་རྨོངས་པའི་ཞེས་པ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྨོངས་པའི་བློ་ཅན་གྱིས་གསེར་གྱི་བདག་ཉིད་དེ་།གསེར་གྱི་རང་བཞིན་གྱི་གསེར་པོར་དང། གང་དུ་བུ་ཞེས་བྱ་བའི་དངོས་པོ་དག་རིམ་གྱིས་མཐོང་སྟེ། །རང ་བཞིན་དབེན་པར་མཐོད་ན་ཡང་འདྲ་བ་གཞན་བྱུང་བས་འཁྲུལ་པས་རྣམ་པར་དབྱེ་བར་ནི་ནུས་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདྲ་བ་གཞན་གྱི་ངོ་བོ་འཁྲུལ་པའི་རྒྱུ་མཚན་གྱིས་འཁྲུལ་པ་ན་གནས་སྐབས་གཉི་ག་ལ་ཡང་གསེར་བསྟན་པ་ཉིད་དུ་སེམས་སོ། །འདྲ་བ་གཞན་ངོ་བོས་ཞེས་བྱ་བ་ནི་གསེར ་མ་ཡིན་པ་ལས་ལྡོག་པ་ཙམ་དུ་ཆོས་མཐུན་པས། འདྲ་བ་གཞན་གྱི་?་སྐྱེ་བ་ནི་འདྲ་བ་གཞན་གྱི་ངོ་བོའོ།། །ཡང་ཇི་ལྟར་འདྲ་བ་གཞན་གྱི་ངོ་བོས་འཁྲུལ་པ་བསྟན་པར་རློམ་པ་ཡིན་གྱི། དངོས་པོ་ཉི་དེ་ལྟ་བུ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བརྗོད་པར་བྱ་ཞེ་ན། གསེར་བསྟན་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གལ་ཏེ་གསང་བསྟན་པ་ཉིད་དུ་གྱུར་ན་དེའི་ཚེ་དེ་དང་ཐ་མི་དད་པའི་གདུ་བུ་ལ་སོགས་པ་ཡང་གསེར་ཕོང་ལ་སོགས་པའི་གནས་སྐབས་སུ་མཐོང་བར་འགྱུར་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་གང་དུ་བུ་ནི་གསེར་ཕྱི་གྱི་གནས ་སྐབས་ལ་མ་མཐོང་ལ་དམིགས་པའི་མཚན་ཉིད་དུ་གྱུར་པའི་གསེར་ཕོར་ཡང་གདུ་བུའི་གནས་སྐབས་སུ་མ་མཐོང་བ་དེའི་ཚེ། དེ་དག་ཕན་ཚུན་ཐ་དད་པ་ཡིན་ནོ། །དེ་ལྟ་ཡིན་དང་དེ་དག་ལས་ཐ་མི་དད་པའི་ཕྱིར་དེའི་རང་གི་ངོ་བོ་བཞིན་དུ་གསེར་ཡང་ཐ་དད་པར་འགྱུར་རོ། །ཞེས་དཔྱད་ནས། གཞན ་དུ་གཅིག་ཉིད་མིན། །ཞེས་བྱ་བ་སྨོས་ཏེ། གང་ཡང་ལྡོག་མཚམས་དངོས་པོ་ལས། ཞེས་བྱ་བ་ལ་སོགས་པས་ཐ་དད་པ་བསྒྲུབ་པ་བརྗོད་པ་དེ་ལ་གྲུབ་པ་ལས་སྒྲུབ་པའི་ཕྱིར་སུན་འབྱིན་པ་བརྗོད་པར་མི་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་བཀའ་འབྲེལ་ལས་འབྱུང་བ་བརྟག་པ་སྟེ་ཉི་ཤུ་ལྔ ་པའོ།། །།མི་འཕོ་ཞེས་བྱ་བ་དེ་བསྒྲུབ་པའི་དོན་དུ་སངས་རྒྱས་པ་དག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟན་པའི་འགའ་ཡང་ཡོད་མ་ཡིན། ཞེས་བྱ་བ་འདི་ལ་འདི་སྐད་ཅེས་བརྒལ་ཏེ། འོན་ཏེ། །བརྟན་པ་འགའ་ཡང་ཡོད་མ་ཡིན། །ཞེས་བྱ་བ་འདི་ལྟར་བརྗོད་དེ། གང་གི་ཕྱིར་ཆོས ་སྐྱོབས་ལ་སོགས་པ་སངས་རྒྱས་པ་ཁ་ཅིག་གིས་ཀྱང་གནས་སྐབས་ཐ་དད་པའི་ཕྱིར་གསེར་བརྟན་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ཆོས་མཆུངས་པས་དངོས་པོ་དུས་གསུམ་དུ་གནས་པར་འདོད་དོ། །འདི་ཉིད་ཚིགས་སུ་བཅད་པ་གཉིས་པས་སྟོན་ཏོ། །དེ་ལ་དངོས་པོ་གཞན ་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་ཆོས་སྐྱོབ་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་དངོས་པོ་གཞན་དུ་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི་རྫས་ནི་མ་ཡིན་ནོ་ཞེས་ཟབ་ཞེས་གྲག་སྟེ་།དཔེར་ན་གསེར་གྱི་རྫས་ཀྱི་གདུ་བུ་དང་དཔུང་རྒྱན་དང་རྣ་ཆལ་སོགས་པར་བརྗོད་པའི་རྒྱུ་མཚན་གྱི ་ཡོན་ཏན་གཞན་དུ་འགྱུར་གྱི་ཁ་དོག་ནི་མ་ཡིན་པར་བཞིན་དུ་ཆོས་སྐྱེ་བ་མ་འོངས་པའི་སོཌ་པའི་དངོས་པོ་གཞན་དུ་འགྱུར་བ་ཉིད་ཡིན་ཏེ། འདི་ལྟར་ཆོས་རྣམས་མ་འོངས་པའི་དངོས་པོ་ཡོངས་སུ་སྤངས་ནས་ད་ལྟར་བའི་དངོས་པོར་འགྱུར་བ་དང། ད་ལྟར་བྱུང་བའི་དངོས་པོ་ཡོངས་སུ་སྤངས་ན་ཀྱང་འདས ་པའི་དངོས་པོར་འགྱུར་གི། རྫས་གཞན་དུ་འགྱུར་བ་ཉིད་ནི་མ་ཡིན་ཏེ། རྫས་ནི་གཞན་ཐམས་ཅད་དུ་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མ་འོངས་པ་ཡང་གཞན་ཡིན་ལ། ད་ལྟར་བྱུང་བ་ཡང་གཞན་ཡིན་ཞིང་འདས་པ་ཡང་གཞན་ཡིན་ནོ་ཞེས་བྱ་བ་ཐལ་བར་འགྱུར་རོ། ་གང་གིས་བདག་པ་ལ་སོགས་པའི་བརྗོད་པ་དང་ཤེས་པ་འཇུག་པ་ངེས་དངོས་པོ་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་འདོད། །མཚན་ཉིད་གཞན་དུ་འགྱུར་བ་སྨྲ་བ་ནི་བཙུན་པ་དབྱངས་སྒོགས་ཡིན་ཏེ། དེ་ནི་རེ་ཆོས་དུས་རྣམས་སུ་འཇུག་པ་ན་འདས་པ་འདས་པའི་མཚན་ཉིད་དང་ལྡན་པ ་མ་འོངས་པ་དང་ད་ལྟར་བྱུང་བ་དག་གི་མཚན་ཉིད་དང་ཡང་ལྡན་ཏེ། དཔེར་ན་སྐྱེས་བུ་བུད་མེད་གཅིག་ལ་ཆགས་པ་ལྷག་པ་ལ་ཆགས་པ་དང་བྲལ་བ་མ་ཡིན་པའི་བཞིན་ནོ། །དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་དག་ལ་ཡང་བརྗོད་པར་བྱའོ། །འདི་ནི་འདས་པ་ལ་སོགས་པའི་མཚན ་ཉིད་འཇུག་པ་འཐབ་པ་ལ་བལྟས་ནས་ཐ་སྙད་དུ་བྱེད་པའི་ཕྱིར། སྔ་མ་ལས་ཐ་དད་པར་སྨྲ་བར་གྲག་གོ། གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ན་བཙུན་པ་དབྱིག་པ་ཤེས་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་གནས་སྐབས་དང་གནས་སྐབས་སུ་ཕྱིན་ནས་གནས་སྐབས ་གཞན་གྱི་སྒོ་ནས་གཞན་ལ་གཞན་དུ་སྟན་གྱི་རྫས་ཀྱི་སྒོ་ནས་ནི་མ་ཡིན་ཏེ། རྫས་ནི་དུས་སུ་མཚང་དུ་ཐ་མི་དད་པའི་ཕྱིར་རོ། །དཔེར་ན་འཆི?་བའི་རི་ལུ་གཅིག་ལ་གཅིག་གི་ཤོད་མིག་ཏུ་བཞག་ན་གཅིག་ཅེས་བྱ་ལ། བརྒྱའི་ཤོད་མིག་ཏུ་བཞག་ན་བརྒྱ། སྟོང་གི་ཤོད་མིག་ཏུ་བཞག ་ན་སྟོང་མིན་པ་དེ་བཞིན་དུ། དངོས་པོ་བྱེད་པའི་གནས་སྐབས་ན་ད་ལྟར་ཡིན་པ་དེ་ཞིག་པ་ན་འདས་པ་ཡིན་པ་དེ་མ་ཐོབ་པ་ནི་མ་འོངས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་ཀྱག་སྟེ། །འདི་ཡང་གནས་སྐབས་ལ་བལྟོས་ནས་ཐ་སྙད་དུ་གྱ་ཡིན་ཏེ། དཔེར་ན་འཇིམ་པའི་གོང་དུ་བཞིན་ནོ། །དེའི་རང་བཞིན ་གཞན་དུ་འགྱུར་བ་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་གནས་སྐབས་ཀྱི་ཁྱད་པར་འབྲེལ་བའི་ཕྱིར་གངས་གསལ་བར་བྱེད་པའི་མིང་གཞན་འབྱུང་བ་ཡིན་ནོ། །གཞན་གཞན་དུ་འགྱུར་བ་སྨྲ་བ་ནི་བཙུན་པ་སངས་རྒྱས་ལྷ་ཡིན་ཏེ། དེ་ན་རེ་ཆོས་དུས་གསུམ ་འཇུག་པ་ལ་སྔ་མ་དང་ཕྱི་མ་ལ་བལྟོས་ནས་གཞན་དང་གཞན་ཞེས་བརྗོད་དོ། །དཔེར་ན་བུད་མེད་གཅིག་ལ་མ་ཞེས་ཀྱང་བྱ། བུ་མོ་ཞེས་ཀྱང་བྱ་བ་བཞིན་ནོ། །ཞེས་ཟེར་རོ་ཞེས་གྲག་སྟེ། འདི་ནི་སྔ་མ་དང་ཕྱི་མ་བལྟོས་ནས་ཐ་སྙད་དུ་བྱེད་པ་ཡིན་ནོ། །གང་ལ་སྔ་མ་ཁོ་ནའང་ཡོད་པ ་ཕྱི་མ་མེད་པ་དེ་ནི་མ་འོངས་པ་ཡིན་ནོ། །གང་ལ་སྔ་མ་དང་ཕྱི་མ་ཡང་ཡོད་པ་དེ་ནི་ད་ཉར?་འབྱུང་བ་ཡིན་ནོ། །གང་ལ་ཕྱི་མ་ཁོ་ན་ཡོད་ཀྱི་སྔ་མ་མེད་པ་དེ་ནི་འདས་པ་ཡིན་ནོ། །དེ་ལྟར་ན་དངོས་བོ་དང་མཚན་ཉིད་དང་གནས་སྐབས་དང་གཞན་ཏེ། གཞན་ལ་སོགས་པའི་མིང་ཅན ་ཐམས་ཅད་ཡོད་པར་སྨྲ་བ་རྣམ་པ་བཞིན་ནོ། །དེ་ལ་དང་པོ་ནི་ཡོངས་སུ་འགྱུར་བར་སྨྲ་བའི་ཕྱིར་གྲངས་ཅན་གྱི་ལུགས་ལས་ཐ་དད་པ་མ་ཡིན་ཏེ། དེ་འགོག་པ་གང་ཡིན་པ་འདི་ལ་ཡང་ལྟ་བར་བྱ་སྟེ། འདི་ལྟར་སྔ་མའི་རང་བཞིན་ཡོངས་སུ་མ་དོར་བས་སམ། ཡོངས་སུ་དོར? ་ནས་ཡོངས་སུ་འགྱུར་བ་ཡིན་གྲང། གལ་ཏེ་ཡོངས་སུ་མདོད?་ནས་ཡིན་པ་དེའི་ཚེ་དུས་འཚོལ་བར་འགྱུར་རོ། །ཅི་སྟེ་ཡོངས་སུ་དོར་ནས་ཡིན་ན་དེའི་ཚེ་རྟག་ཏུ་ཡོད་པ་ཉིད་དུ་འགལ་ལོ། །རྒོལ་བ་གཉིས་པ་ཡང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཕྱིར་དུས ་འཚོལ་བར་འགྱུར་ཏེ། སྐྱེས་བུ་དོན་གཞན་དུ་འགྱུར་བའི་ཆགས་པ་མངོན་དུ་གྱུར་པའི་ཕྱིར་ཆགས་པ་ཞེས་བྱ་ལ། ལྡན་པ་ཙམ་གྱིས་ནི་མ་ཆགས་པ་ཡང་ཡིན་གྱི་ཆོས་ཀྱི་མཚན་ཉིད་མངོན་དུ་གྱུར་པའམ། ཐོབ་པའི་མཚན་ཉིད་ཀྱི་ལྡན་པ་ཡོངས་ནི་མ་ཡིན ་ནོ། །མཚན་ཉིད་ན་ཐོབ་པ་བཞིན་དུ་གནོན་ཉིད་དུ་ཐལ་བར་འགྱུར་བ་དང་ད་ད་དེའི་ཕྱིར། དཔེ་ལས་བྱུང་བའི་དོན་དང་མཚུངས་པ་མ་ཡིན་ནོ། །གསུམ་པ་བྱ་བའི་སྒོ་ནས་དུས་རྣམ་པར་བཞག་པའང་རྒྱས་པར་ཀུན་བྱིན་པ་འཆད་པར་འགྱུར་རོ། །བཞི་པ་ལ་ཡིད་དུས་གཅིག་ཉིད ་འདུས?་གསུམ་ཉིད་དུ་འགྱུར་ཏེ། འདི་ལྟར་འདས་པའི་དུས་ལ་སྔ་མ་དང་ཕྱི་མའི་སྐད་ཅིག་མ་དག་ནི་འདས་པ་དང་མ་འོངས་པ་ཡིན་ལ། དབུས་ཀྱི་སྐད་ཅིག་མ་ནི་ད་ལྟར་བྱུང་བ་ཡིན་ནོ། །འདི་དག་གི་སུན་འབྱིན་པའི་ལ་འདི་ནི་གསལ་བའི་ཕྱིར་གསུམ་པ་ཉིད་ནས་བརྩམས་ནས་སླར་ཡང་དུས ་གསུམ་བརྟགས་པ་ཙམ་མོ། །གསེར་གྱིས་དཔེས་གྲུབ་པའི་མཛའ་ཉེ་བར་བསྟན་པ་ཙམ་བྱས་ཀྱིས། ཆོས་སྐྱོབ་ཀྱི་ལྟ་བ་ཁོ་ན་འདོད་པ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་གང་ཕྱིར་དུས་ཀྱིས་རྣམ་དབྱེ་འདི་བྱ་བའི་སྒོ་ནས་རབ་ཏུ་བརྟམས་ཤེས་འཕད་པར་འགྱུར་རོ། །འདི་ལྟར་བྱ་བའི་སྒོ་ནས ་རྣམ་པར་འཇོག་པ་ཆོས་སྐྱོབ་ཀྱི་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དབྱིག་པ་ཤེས་ཀྱི་ཡིན་ནོ། །དེ་ལ་གལ་ཏེ་འདས་པ་དང་མ་འོངས་པ་མེད་པར་གྱུར་ན་རྒྱལ་བ་མང་པོས་བཀུར་བ་བྱུང་བར་གྱུར་རོ། །འཁོར་ཞེས་བསྒྱུར་བའི་རྒྱལ་པོ་དུ་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་འདས་པ ་དང་མ་འོངས་པ་དག་གིས་ཤེས་པ་དམིགས་པ་མེད་པར་འགྱུར་རོ། །དེ་ལྟ་ཡིན་དང་རྣམ་པར་ཤེས་པ་ཉིད་དུ་མི་འགྱུར་ཏེ། དམིགས་པ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་དངོས་པོ་སོ་སོར་ངེས་པ་རིག་པའི་བདག་ཉིད་ནི་རྣམ་པར་ཤེས་པ་ཡིན་ལ། ་ཤེས་པར་བྱ་བ་མེད་ན་འདིས་ཅུང་ཟད་ཀྱང་མི་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ཉིད་མ་ཡིན་པར་འགྱུར་རོ། །གཞན་ཡང། །བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེ་བོ་ཞེས་གསུངས་པ་ལ། གཉིས་གང་ཞེ་ན། མིག་དང ་གཟུགས་ལ་སོགས་པ་ན་ཡིད་དང་ཆོས་ཞེས་བྱ་བའི་བར་ཡིན་ཏེ། འདས་པ་དང་མ་འོངས་པ་དག་མེད་ན་ད་ལ་དམིགས་པའི་རྣམ་པར་ཤེས་པ་གཉིས་ལ་བརྟེན་པར་མི་འགྱུར་བའི་ཕྱིར་ལུང་དང་འགལ་ལོ། །གཞན་ཡང་གལ་ཏེ་དེ་ཡོད་པ་མ་ཡིན་པ་སྟེ། ཡོད་པས་སྟོང་པར ་གྱུར་ན་འབྲས་བུ་སྐྱེ་བའི་དུས་ན་རྣམ་པར་སྨིན་པའི་ཕྱིར་རྒྱུ་མེད་པའི་ཕྱིར་ལས་འདས་པ་འབྲས་བུ་འབྱིན་པར་མི་འགྱུར་རོ། །མེད་པ་ལས་ནི་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་པ་ཡང་མ་ཡིན་ཏེ། མེད་པའི་མཚན་ཉིད་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་རོ། །གཞན་ཡང ་རྒྱལ་པོ་ང་ལས་ནུ་བྱུང་བར་གྱུར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་དང་དེ་བཞིན་གཤེགས་པ་བྱམས་པ་འབྱུང་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་རྣམ་པྲ་ཕྱེ་ནས་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་འདས་པ་ལ་སོགས་པར་ཁྱད་པ་མི ་འགྱུར་རོ། །མེད་པ་ལ་ནི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། དེ་ལྟ་བསམ?་རྒྱལ་པོ་དགའ་བའི་དཔལ་ལ་སོགས་པ་འདས་པ་དང་མ་ལོང་པའི་དངོས་པོ་རྣམས་རྫས་དགག་པའི་ངོ་བོ་རྣམ་ཡིན་ཏེ། དུས་ཀྱིས་བསྡུས་པའི་གཟུགས་ལ་སོགས་པ་ཉིད་དུ་བསྟན་པའི་ཕྱིར ་ད་ལྟ་དཱུང་བཞིན་ནོ། བཅོམ་ལྡན་དགེ་སློང་ག་གལ་ཏེགས་པའི་གཟུཌ་?། །ཡོད་པར་སུ?་གྱུར་ན་འཕཌ་པ་ཉན་ཐོས་?་ལྡན་འདས་པའི་གཟུངS་?་ལྟར་ཡང་མི་འགུར་?་གནད་?་ཕྱིར་འདས?་པའི་གཟུཌ་ཡོད་?་ཕྱིར་?་ཉན་ཐོས་པ་དང་ལྡན་པ་འདས་པའི་གཟུང་ལ་མི་ལྟ་བའི་ཞེས་བྱ་བ་རྒྱ་བར་དང་དེ་བཞིན་དུ་ཟུགས་གང་ཅུང་ཟད་འདས ་དང་མ་འོངས་པ་ལ་སོགས་པ་ཐམས་ཅད་བསྡུས་ནས་གཟུགས་ཀྱི་བུང་པོ་ཞེས་བྱ་བའི་གྲངས་སུ་དགྲོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཀྱིས་བསྡུས་པ་གང་དག་ལ་ཡོད་པ་དེ་དག་ནི་དུས་ཀྱིས་བསྡུས་པ་སྟེ་གཟུགས་ལ་སོགས་པའོ། །སོགས་པའི་སྒྲས་ཚོད ་པ་ལ་སོགས་པ་གཟུང་ངོ། །དེ་དག་གི་ངོ་བོ་ནི་གཟུགས་ལ་སོགས་པ་ཉིད་དེ་འདིར་ཡང་སོགས་པའི་སྒྲས་སྡུག་བསྔལ་དང་ཀུན་འབྱུང་དང་མི་རྟག་པ་དང་བདག་མེད་པ་ལ་སོག་པ་ཉི་དུ་ཉེ་བར་བསྟན་པའི་དག་ཟུང་ངོ། །ཡང་ཅི་སྟེ་འོན་ནམ་མཁའ་བཞིན་གཏག་ཏུ་གནས ་པའི་ཕྱིར་ཇི་ལྟར་འདས་པ་ལ་སོགས་པ་རྣམ་པར་བཞག་སྙམ་ན། དུས་ཐ་དད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཅི་ཕྱིར་བྱ་བ་ཐོབ་པ་ནི་དེ་ལྟར་ཞེས་བྱ་བ་ལ། བྱ་བ་ཞིག་པ་ནི་འདས་པ་ཡིན་ཞིང་བྱ་བ་མ་ཐོབ་པ་ནི་མ་འོངས་པ་ཡིན་པའི་ཕྱིར་བྱ་བའི་སྒོ་ནས་དུས་རྣམ ་པར་བཞག་གོ། ཡང་འདི་བྱ་བ་ཅི་ལ་འདོད། གལ་ཏེ་དཔེར་ན་གང་གི་ཕྱིར་མིག་གིས་མཐོང་ངོ། །རྣས་ཐོས་སོ། །སྣམ་ཚོར། །ལྕེ་མ་མྱོང་ངོ་ཞེས་བྱ་བ་ལ་སོགས་པ་རིག་ལ་སོགས་པ་ལྔ་རྣམས་ཀྱི་ལྟ་བ་ལ་དང། རྣམ་པར་ཤེས་པར་བྱེད་པའི་ཕྱི་རྣམ་པར་ཤེས ་པའི་ཡང་ཤེས་པ་པོ་ཉིད་དང་གཟུགས་ལ་སོགས་པ་ཡང་དབང་པོའི་སྤྱོད་ཡུལ་ཡིན་པ་ལྟར་མཐོང་བ་ལ་སོགས་པའི་མཚན་ཉིད་ཀྱིས་བྱ་བ་ཡིན་ནོ། །དེ་ལྟར་ཡིན་ན་ད་ལྟར་བྱུང་བའི་མིག་དེ་དང་མཚུངས་པ་གཉིད་ལོག་པའི་གནས་སྐབས་ན་བྱ་བ་མེད་པའི་ཕྱིར་ད་ལྟར་བྱུང་བ ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་བྱ་བའི་མཚན་ཉིད་ནི་འབྲས་བུ་འབྱིན་པ་དང་འཛིན་པ་སྟེ། དཔེར་ན་མིག་གི་སྐྱེ་བ་ལ་སོགས་པའི་ཆོས་ལྷན་ཅིག་འབྱུང་བ་རྣམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ། མཇུག་ཐོགས་སུ་བྱུང་བའི་མིག་གི་དབང་པོ་ནི་སྐྱེས་བུ་བྱེད་པའི་འབྲ་བུ་དང་བདག ་པོའི་འབྲས་བུ་དང་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་རང་བཞིན་ནོ། །འདི་ནི་འབྲས་བུ་སྐྱེད་?་བ་བྱེད་ཕྱིར་?་བྱིན་པར་བྱེད་པ་ཡིན་ལ། རྒྱུའི་དངོས་པོར་གནས་པའི་ཕྱི་འཛིན་པ་ཡིན་པས་མིག་དང་དེ་ལྟར་བྱུང་བ་ཞེས་བྱའོ་ཞེས་ན། འོ་ན་དེ་ལྟར་ན་སྐལ་བ་མཉམ་པ་དང་ཀུན་ཏུ ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་འདས་པ་དང་མ་འོངས་པ་རྣམས་ཀྱང་འབྲས་བུ་འབྱིན་པར་ཁས་ལེན་པའི་ཕྱིར་ད་ལྟར་བྱུང་བ་ཉིད་དུ་ཐལ་བར་འགྱུར་རོ། །ཅེ་སྟེ་འབྲས་བུ་འབྱིན་པ་དང་འཛིན་པའི་མཚན་ཉིད་ཀྱི་བྱ་བ་ཐ་དད་ལ་ཡོད་པར་འདོད་ན། དེ་ལྟ་ན་ཡང་སྣལ་པ ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ་ཡང་ད་ལྟ་བར་ཐལ་བར་འགྱུར་ནས་འཇིགས་ནས། སློབ་དཔོན་འདུ་ན་བཟང་གིས་སྨྲས་པ་འདྲས་འཕེན་པའི་ནུས་པ་ཆོས་རྣམས་ཀྱིས་བྱ་བར་བརྗོད་ཀྱི་འབྲ་བུ་སྐྱེད་པ་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ ་རྣམས་ལ་ནི་འབྲས་བུ་འཕེན་པ་ཡོད་པ་ཡང་མ་ཡིན་ཏེ། ད་ལྟར་བའི་གནས་སྐབས་ན་འཕངས་སུ་ཟིན་པའི་ཕྱིར་རོ་འཕངས་ཟིན་པ་ཡང་པ་ན་པར་རིགས་པ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་གྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདས་པ་རྣམས་ལ་བྱ་བ་སྲིད་པ་མ་ཡིན་པའི་ཕྱིར ་མཚན་ཉིད་འཚོལ་བར་འགྱུར་བ་མ་ཡིན་ནོ་ཞེའོ། །དེ་དག་གི་ནི་ཞེས་བྱ་བ་ལ་སོགས་པས་?་འདེབས་པར་བྱེད་དེ། བྱ་བ་དེ་ཆོས་ལས་གཞན་ན་མ་གཞན་མ་ཡིན་པ་ཞེས་བྱ་བ་དེ་དག་གིས་ཁས་བླང་བར་བྱ་དགོས་ཏེ། གཞན་དང་གཞན་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་གཅིག་དགག་པ་ནི་གཞན་བསྒྲུབ་པ་མང་ན་མི་འབྱུང་བ་ཡིན་པའི་ཕྱིར་དངོས་པོའི་གོ་སྐབས་གཞན་ཡོད་པ་མ་ཡིན་ནོ། །དེ་ལ་གལ་ཏེ་གཞན་ཡིན་པ་དེའི་ཚེར་ལྟར་བྱུང་བའི་སྔར་དང་ཕྱིས་ཀྱི་གནས ་སྐབས་དག་རང་བཞིན་མང་བ་ཉིད་དུ་འགྱུར་ཏེ། རྒྱུ་ཉིད་དང་འདུས་བྱས་ཉིད་ལ་སོགས་པའི་ཕྱིར་ནི་གཏན་ཚིགས། །བྱ་བ་བཞིན་དུ་ནི་དཔེའོ། །སོགས་པའི་སྒྲས་ནི་དངོས་པོ་ཉིད་ལ་སོགས་པ་གཟུང་ངོ། །དེ་ལྔ་མ་ཡིན་ན་གལ་ཏེ་སྔ་མ་དང་ཕྱི་མ་རང་བཞིན་མེད་པ་ཉིད་དུ ་མ་གྱུར་ན། དེའི་ཚེ་རང་བཞིན་ཐམས་ཅད་དུ་གནས་པའི་ཕྱིར་འདུས་བྱས་ཐམས་ཅད་རྟགས་པ་ཉིད་དུ་འགྱུར་རོ། །དུས་ཐམས་ཅད་དུ་ཡོད་པ་ལས་མ་བཏགས་པའི་རྟགས་པའི་མཚན་ཉིད་ཡོད་པ་ཡང་མ་ཡིན་ཏེ། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས ་རྟག་ཅེས་བརྗོད་དོ། །ཅེས་གང་བཤད་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་རྟོག་པ་དང་ནུས་པ་དང་རྒྱུ་ཉིད་དང་འདུས་བྱས་ཉིད་ལ་སོགས་པའི་གཏན་ཚིགས་ཇི་ལྟར་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་དང་འགལ་བ་ཡིན་ཞེ་ན། རྟག་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ ་པ་སྨོས་ཏེ། སྔར་ཞེས་བྱ་བ་ནི་བརྟན་པའི་དངོས་པོ་རྟག་པར་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རྟག་པ་ལས་འདུས་བྱས་ཉིད་སྲིད་པ་མ་ཡིན་ཞེས་གསལ་བར་ངེས་པར་བྱའོ། །གཞན་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་མ ་གཏོགས་པའི་བྱ་བ་རྗོད་པར་བྱེད་ན་གྲུབ་པའི་མཛའ་དང་འགལ་ཏེ་འདི་ལྟར་བཅོམ་ལྡན་ཀྱིས་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་འདི་ལྟ་སྟེ་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་སྟེ་བྱ་བ་གཞན་མ་ཡིན་པར་ཁས་ལེན ་བར་བྱེད་པ་དེའི་ཚེ་ཆོས་ཀྱི་རང་གི་ངོ་བོ་བཞིན་དུ་དེ་ལས་ཐ་མི་དད་བའི་ཕྱིར་དེ་ཡང་དུས་ཐམས་ཅད་པར་འགྱུར་ཏེ། དེ་ལྟ་ཡིན་དང་བྱ་བ་ཞིག་པ་ནི་འདས་པ་དང་དེ་ཐོབ་པ་ནི་ཇི་ལྟར་བྱུང་བ་ཡིན་ཞིང་དེ་མཐོང་བ་ན་མ་འོངས་པ་ཞེས་བྱ་བའི་དབང་གིས་དུས ་ལ་སོགས་པའི་རྣམ་པར་དབྱེ་བ་འདིར་མི་འགྱུར་རོ། །གལ་ཏེ་གང་གི་ཕྱིར་བྱ་བ་འདིའི་རྣམ་པར་དབྱེ་བས་ཞིག་པ་དང་ཐོབ་པ་དང་མ་ཐོབ་པ་དག་ཏུ་འགྱུར་བ་དེའི་ཚེ་དུས་ཀྱི་རྣམ་པར་དབྱེ་བ་འདིར་འགྱུར་ན། དེ་དག་གི་རྣམ་པར་ཕྱེ་ནས་ཡོད་པ་མ་ཡིན་པ་སྟེ། རྟག་ཏུ་གནས་པས་གཅིག་གི་ངོ་བོ་རྣམ་པར ་དབྱེ་བ་མེད་པའི་ཕྱིར་རོ། །གཞན་ཡང་བྱ་བ་ལས་ཐ་མི་དད་པའི་ཕྱིར་ཆོས་ཀྱང་བྱ་བ་བཞིན་དུ་སྔ་མ་དང་ཕྱི་མའི་མཛའ་སྟོང་པའི་ཡོད་པ་དང་ལྡན་པར་འགྱུར་རོ། །སྔོན་དང་ཕྱི་མ་རྣམ་པར་དཔྱོད་པ་ནི། །སྔ་མ་དང་ཕྱི་མའི་མཛའ་སྟོང་པའོ། །དེ་ནི་དབུས་ཙམ་ཡང་ཡིན་ལ་ཡོད་པ་ཡང་ཡིན་ཞེས་རིག་རྣམ་པར་སྦྱར་རོ།། ་དེ་འདི་ལ་ཡོད་པས་དེ་དང་ལྡན་པའོ། །བྱ་བ་རྟག་ཏུ་ཞེས་བྱ་བ་ལ་སོགས་པས་ཕན་ཚུན་འགལ་བ་ཁས་བླངས་པའི་སྒོ་ནས་བཞད་གང་དུ་བྱེད་པ་ཡིན་ནོ། །འོ་ན་དེ་ལྟ་ན་གཞུགས་ལ་སོགས་པའི་ཆོས་རྟག་ཏུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཐལ་བར་འགྱུར་ཏེ་བྱ་བ་ལས་ཐ་མི་དད་པའི་ཕྱིར་རོ་ཞེ་ན། ཆོས་ནི་རྟག ་ཏུ་ཡོད་པར་བརྗོད། ཅེས་བྱ་བ་སྨོས་ཏེ། དེ་ལྟ་ན་ཡང་ཆོས་ལས་བྱ་བ་གཞན་ཉིད་དུ་ཐལ་པར་འགྱུར་རོ་ཞེ་ན། །བཤད་པར་བྱ་བ་ཡང་ཆོས་ལས་གཞན་མ་ཡིན་ལྷན་དབང་ཕྱུག་ལ་སོགས་པ་སྟེ། དེ་དག་ནི་རིགས་པ་དང་མི་རིགས་པ་དཔྱོད་པ་མེད་པར་རང་དབང་དུ་འཇུག་སྟེ། དེ་དག་ནི་འདོད་པ་ཇི་ལྟ་བ ་བཞིན་དུ་རང?་དབང་དུ་འཇུག་པའི་ཕྱིར་རིགས་པ་དང་མི་རིགས་པས་ལྟ་བར་མི་བྱེད་དེ། འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་བྱ་བ་གཞན་གྱིས་མ་འོངས་པ་ལ་སོགས་པ་ཉི་དུ་འདོད་ན། །འོ་ན་བྱ་བའི་སྒོ་ནས་དུས་རྣམས་རྣམ་པྲ་བཞག་གོ། ཞེས་བརྗོད་པར་མི་བྱ་སྟེ། འཁྲུལ་པའི་ཕྱིར་དེ་ཙ་སྟེ་བྱ ་བ་རང་གི་ངོ་བོ་ཡོད་པ་ལ་ལྟོས་ནས་མ་འོངས་པ་ཡོད་པ་ཉིད་དུ་རྣམ་པར་འཇིག་པ་དེ་བཞིན་དུ་དངོས་པོ་རྣམས་ཀྱང་མ་འོངས་པ་ལ་སོགས་པ་ཉིད་དུ་ན་གྱུར་པའི་ཕྱིར་བྱ་བ་བརྟགས་པས་ཅི་ཞིག་བྱ། ཡང་འཁྲུལ་པའི་སྐྱོན་དུ་འགྱུར་ན་མི་རུང་ངོ་སྙམ་པས་བྱ་བ་ལ་ཡང་བྱ་བ་ཁས་ལེན་པར་བྱེད་པ་དེའི་ཚེ ་དེ་ལ་ཡོད་ཐ་དད་པ་ལ་སོགས་པ་བསམ་པའི་བརྒལ་ཞིང་བརྟག་པ་མཚུངས་པ་དང། ཐུག་པ་མེད་པའི་ཉེས་པ་ཡོད་དོ། །གཞན་མ་ཡིན་པ་ཉིད་ཡིན་ན་ཡང་བྱ་བ་དུས་ཐམས་ཅད་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་ཆོས་ཀྱིས་རང་གི་ངོ་བོ་བཞིན་ནོ་ཞེས་གང་སྨྲས་པ་འདི་ལ། བཏུན་པ་འདུ་ ་བཟང་གིས་སྨྲས་པ་རང་གི་ངོ་བོ་ལས་ཐ་མི་དད་ཀྱང་ཆོས་ཁྱད་པར་དུ་བྱེད་པར་མཐོང་སྟེ་དཔེར་ན་ས་ལ་སོགས་པ་རྣམས་ཀྱི་ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་བཞིན་ནོ། །དཔེར་ན་དེ་དག་ནི་དོན་ཇི་ལྟ་བ་བཞིན་དུ་ཁྱད་པར་མེད་ཀྱང་ཐོགས་པ་དང་བཅས་པ་དང་ཐོགས ་པ་མེད་པར་བསྟན་དུ་ཡོད་པ་དང་བསྟན་བུ་མེད་པ་ཞེས་བྱ་བའི་བར་རང་གི་ངོ་བོ་ལས་ཐ་མི་དད་པའི་ཆོས་ཀྱིས་ཁྱད་པར་དུ་བྱེད་པ་རྟོགས་པ་དེ་བཞིན་དུ་བྱ་བས་ཕྱིར་ཆོས་ཡིན་ནོ། ཞེས་བྱ་བ་འདི་ནི་སྐབས་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། འདི་ལྟར་འདིར་དངོས་པོ་ལས་བྱ་བ་ཐ་མི་དད ་པར་ཁས་བླངས་པ་ན་གཅིག་གི་བདག་ཉིད་དུ་གྱུར་པའི་དངོས་པོའི་བྱ་བ་ཁྱད་པར་མེད་པའི་ཕྱིར་དེའི་དབང་གིས་དུས་ཀྱི་རྣམ་པར་དབྱེ་བ་འདི་མི་འཐད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་སྐབས་ཡིན་ནོ། །ས་ལ་སོགས་པ་ནི་ཕན་ཚུན་རང་གི་མཚད་ཉིད་ཐ་དད་པའི་ཕྱིར་ཐ་དད་པ་ཡིན་ཞེས་བྱ་བའི་ཏེ་ཏེ ་གང་གི་ཕྱིར་ལ་ལ་ནི་ཐོགས་པ་དང་བཅས་པར་འགྱུར་ལ་དཔེར་ན་ཚོར་བ་ལ་སོགས་པ་ལྟ་བུར་ཁ་གཅིག་ནི་ཐོགས་པ་མེད་པ་ཉིད་ཡིན་གྱི་ཐོགས་པ་དང་བཅས་པ་གང་ཡིན་པ་དེ་ཁོ་ན་ཐོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་ཆོས་གང་ཞིག་རེས་འགའ་ཐོགས་པ ་དང་བཅས་པ་ཉིད་ལ་སོགས་པ་དང་བཅས་པར་འགྱུར་པས་ས་ལ་སོགས་པ་དངོས་པོའི་བདག་ཉིད་རྗེས་སུ་འགྲོ་བ་ཅིག་པོ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་ཆ་ཤས་མེད་པ་ཉི་དེ་ལྟར་ཏེ་རིགས་མཐུན་པ་དང་རིག་མི་མཐུན་པ་ལས་ལྡོག་པར་བསྟན་པ་ཡིན་ཏེ་རང་གི ་དཔེ་ལས་ཐ་མི་དད་པའི་ཆོས་པ་ཅིག་ཐ་དང་པར་བྱེད་པར་རིགས་པ་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་ལས་ཐ་མི་དད་པའི་ཆོས་ཐ་དད་དུ་བྱེད་པར་གྱུར་ན་ཇི་ལྟར་གཟུགས་ཀྱི་ཐོགས་པ་དང་བཅས་པ། ཞེས་ཐ་དད་པའི་ཐ་སྙད་ཡིན་ཞེ་ན། གཟུགས་ཀྱི་དེ་ཞེས་བྱ་བའི་སྒྲ། ཞེས་བྱ་བ་ལ་སོགས ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པ་ཉིད་དོ། སྒ་ཞེས་བྱ་བ་ནི་གཟུགས་ཀྱི་ཐོགས་པ་དང་བཅས་པ་ཞེས་བྱ་བའི་ངོས་སོ། །ཁྱད་པར་གཞན་མི་འཕན་པ་ཡིས་ཞེས་བྱ་བ་ནི་ཁྱད་པར་གཞན་སྤངས་ནས་ཞེས་བྱ་བའི་དོན་ཏོ། །དེ་ཏར་བརྗོད་ཅེས་བྱ་བ་ནི་ཐ་དད་པ་ལྟ་བུའོ། །འདི་ལ་དཔེ ་བཤད་པ་ནི་སེམས་ཀྱི་བག་ཚཌ་ཀྱང་ཡང་ཡིན། ཞེས་བྱ་བ་རྟག་ཀྱང་ཡང་ཞེས་བྱ་བའི་ཚིག་ཕྲད་གཉིས་ཚོགས་ནས་ལྟ་བུའི་དོན་དུ་བལྟ་བར་བྱའོ། །ཡང་དེ་ཉིད་ཀྱིས་སྨྲས་པ་ཁྱབ་ཆོས་ལས་གཞན་མ་ཡིན་ཏེ། དེས་ཐ་དད་དུ་རང་བཞིན་དམིགས་པའི་ཕྱིར་རོ། །ཆོས་ཙམ་ཡང་མ ་ཡིན་ཏེ། རང་བཞིན་ཡོད་ན་ཡང་རེས་འགའ་མེད་པའི་ཕྱིར་རོ། །མེད་པ་ཡང་མེད་ཡིན་ཏེ། ཁྱད་པར་ཡིན་པའི་ཕྱིར་དང་བྱ་བ་ཡང་སྔར་མེད་པའི་ཕྱིར་རྒྱུན་བཞིན་ནོ། །དཔེར་ན་ཆོས་པར་མེད་པར་འབྱུང་བ་ནི་རྒྱུན་ཞེས་བྱ་བ་ལ། འདི་ཆོས་ལས་ཐ་དད་པ་ཡང་མ་ཡིན་ཏེ། དེ་དང་མ་ཕྱེ་བར ་བཟུང་བར་བྱ་བའི་ཕྱིར་རོ། །ཆོས་ཙམ་ཡང་མ་ཡིན་ཏེ། སྐད་ཅིག་གཅིག་ཉིད་ཀྱང་རྒྱུན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ་འབྲས་བུ་ཡོད་པའི་ཕྱིར་རོ། །ཞེས་ཀྱིས་ལྟ་བུའོ། །ཡང་བསད་པ་འབྲས་བཱུང་གྱུར་ན་ལ་མངོན་འདོད་ཅིང་རྒྱུན་དེའང་གཅོད་ཡོད་མ་ཡིན་བྱ་བའི་སྒོ་ན་དུས་གྲུབ་བ། དེ་ལྟར་རགས ་པས་རྟོགས་པར་གྱིས། །ལྕེའོ་འདིར་སྨྲེས་པ་ཅི་སྟེ། རྒྱུན་ལ་སོཌ་ཞེས་བྱ་བ་ལ་སོཌ་ངལ་རྒྱུན་ལ་བསོད་པ་བཞིན་ཤེས་བྱ་བའི་སོགས་པའི་སྒྲས་ཚོགས་པ་ལ་སོགས་པ་གཟུང་ངོ། །ཇི་ལྟར་རྒྱུན་ཅན་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། གང་ཟག་དང་རྒྱུ་རང་བཞིན་མེད་པ་དེ་བཞིན་དུ་བྱ་བ་ཡང་རང ་བཞིན་མེད་པར་འགྱུར་རོ། །རང་བཞིན་ཞིག་ཡིན་ན་ནི་གདོན་མི་ཟ་བར་དེ་ཉིད་དམ་གཞན་དུ་འགྱུར་བ་ཡིན་ཏེ། དེ་ལྟ་ཡིན་དང་བྱ་བ་དེ་བརྟགས་པ་ཡིན་པའི་ཕྱིར་རྒྱུན་བཞིན་དུ་འབྲས་བུ་འགའ་ལ་ཡང་ཉེ་བར་སྦྱོར་བ་མ་ཡིན་ནོ། །བརྟགས་པའི་རྒྱུ་ནི་འབྲས་བུ་འགའ་ཞིག་ལ་ཡང ་ཉེ་བར་སྦྱོར་བ་ཡོད་པ་མ་ཡིན་ཏེ། དེ་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་ལ་འབྲས་བུ་སྐྱེ་བ་ནི་རང་བཞིན་དང་འབྲེལ་བའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུན་ཅན་གྱི་རང་བཞིན་གྱིས་དངོས་པོའི་རང་བཞིན་ཉིད་དོན་བྱེད་པར་ནུས་པ་ཡིན་གྱི། རྒྱུན་བརྟགས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བྱ་བ་བརྟགས་སུ་ཡོད་པ ་ཡིན་པའི་ཕྱིར་སྔ་མ་བཞིན་དུ་ཕྱེས་ཀྱང་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་དེའི་དབང་གིས་དུས་གསུམ་རྣམ་པར་བཞག་ན་ཡང་བརྟགས་པ་ཉི་དུ་འགྱུར་གྱི་ཡང་དྲག་པ་ནི་མ་ཡིན་ནོ། །ཡང་ཅི་སྟེ་བྱ་བ་བརྟགས་སུ་ཡོད་པ་དང། ངེས་བྱས་པའི་དུས་རྣམས་པར་བཞག་པ་ཡང་བརྟགས་སུ་ཡོད ་པ་ཡིན་ལ་རག་མོང། དེ་ལས་སྐྱོན་ཅིར་འགྱུར། བྱ་བར་བརྗོད་པ་ཞེས་བྱ་བ་སྨོས་ཏེ་འབྲས་བུ་འཕན་པའི་ནུས་པ་ནི་ཆོས་རྣམས་ཀྱི་བྱ་བ་ཡིན་ནོ། །ཞེས་བྱ་བར་ཁྱེད་ཅག་གིས་བརྗོད་ལ། འབྲས་བུ་འཕེན་པའི་ནུས་པ་ལ་གང་ཡིན་པ་སྟེ་དངོས་པོའི་རང་གི་མཚན་ཉིད ་ལས་གཞན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་སྒྲིལ་སྤྱོད་ཡུལ་མ་ཡིན་ཏེ། ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་ལ་རང་གི་མཚན་ཉིད་ལ་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ནུས་པ་ཉིད་དངོས་པོའི་ཡིན་གྱི་གཞན་མ་ཡིན་པའི་ཕྱིར་ཇི་ལྟར་ནུས ་པ་དེ་ཐ་སྙད་དུ་ཡོད་པར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །ཞེས་བྱ་བའི་ཐ་ཚིག་?་དང་དེའི་དབང་གིས་དུས་རྣམ་པར་བཞག་པ་དེ་ཁོ་ན་ཉིད་དུ་འདོད་པར་བྱ་བ་དགོས་སྙམ་དུ་བསམ་པ་ཡིན་ནོ། །གཞན་ཡང་གང་མེད་ལ་སོགས་པའི་ངོ་བོ་བསྲག་པ་དང་འཚོད་པ་ལ་སོགས་པ ་དོན་བྱ་བ་བྱེད་པར་དམིགས་པ་ཉིད་ཅི་འདས་པ་དང་མ་འོངས་པའི་གནས་སྐབས་ཡིན་ནམ། འོན་ཏེ་གཞན་ཡིན། གལ་ཏེ་དེ་ཉིད་ཡིན་ན་ཁྱད་པར་མེད་པའི་དངོས་པོ་གཅིག་ལ་གང་གིས་གོ་རིམས་བཞིན་དུ་མ་འོངས་པ་དང། འདས་པ་དང་ད་ལྟར་རྣམ་པ་འཇོག་པར་འགྱུར ་བ་ཇི་ལྟར་མི་བྱེད་པ་ལ་སོགས་པའི་ཆོས་ཕན་ཚུན་འགལ་བའི་ཆོས་ཡོད་པར་འགྱུར། གལ་ཏེ་འགལ་བའི་ཆོས་དང་ལྡ་པ་ཡང་གཅིག་ཏུ་གྱུར་ན། འོ་ན་དེ་ཐ་དད་པར་རྣམ་པར་མི་བཞིའོ། །དེ་ལྟར་ཡིན་དང་འགྲོ་བ་ཐམས་ཅད་གཅིག་ཉིད་དུ་འགྱུར་ལ། གཅིག་ཉིད་ཡིན་ན ་ཡང་ལྷན་ཅིག་སྐྱེ་བ་ལ་སོགས་པ་འཐལ་བར་འགྱུར་རོ། །ཡང་ཅི་སྟེ་གནས་སྐབས་སྤངས་པ་དང་ཡོངས་སུ་འཛིན་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་དུ། །རྣམས་སུ་དངོས་པོ་ཁྱད་པར་མེད་དོ་ཞེས་རྟོག་ན་དེ་ལྟ་ན་ཡང་ཅིག་གནས་སྐབས་དེ་དག་དངོས་པོ་ལས་ཐ་དད་པ་ཡིན་ནམ ་འོན་ཏེ་ཐ་མི་དད་པ་ཡིན་ཞེས་བྱ་བ་བརྗོད་པར་བྱ་དགོས་སོ། །ཕ་རོལ་པོས་མ་ཡིན་ཞེས་བྱ་བ་སྨོས་ཏེ། དངོས་པོ་ལས་ཐ་དད་པ་ཡིན་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དངོས་པོ་བྱེད་པོ་མི་ཐོབ་ཕྱིར་ཏེ། བྱེད་པ་པོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གནས་སྐབས ་དེ་དག་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་འབྲས་བུ་ལ་ནུས་པ་གྲུབ་པའི་ཕྱིར་རོ། །འདིར་སྐྱོན་བཤད་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་ཇི་ལྟར་གནས་སྐབས་དངོས་པོ་ལས་ཐ་མི་དད་པར་ཤེས་པར་འགྱུར་རྟོགས་པར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །གང་གི་ཕྱིར་གནས་སྐབས ་ནི་མ་གྱུར་བ་ལས་བྱུང་ཞིང་བྱུང་བ་ནས་ཀྱང་འཇིག་པར་འགྱུར་བ་དེ་ལྟ་དངོས་པོ་ནི་མི་འདོད?། ཐམས་ཅད་དུ་ཡོད་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དེའི་བདག་ཉིད་དེ་དག་ནི་མ་བྱུང་བ་ལས་བྱུང་བ་དང་བྱུང་ནས་ཀྱང་འཇིག་པར་ཇི་ལྟར་རིགས་པ་ཡིན། མ་ཡིན་པ་ཁོ་ན་སྟེ། ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་དེའི་བདག་ཉིད་ཡིན་ན་དེ་དག་ཀྱང་རྟག་ཏུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དངོས་པོའི་རང་བཞིན་དེ་ལས་ཐ་མི་དད་པའི་ཕྱིར་རོ། །དངོས་པོ་ཡིན་ན་ཡང་མ་བྱུང་བ་ལ་སོགས་པ་ཐལ་བར་འགྱུར་ཏེ། གནས་སྐབས་ཀྱི་རང ་ཞིན་བཞིན་ནོ། །གནས་སྐབས་ཐ་དད་པ་ཡོངས་སུ་བརྟགས་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་འགལ་བའི་ཆོས་དང་ལྡན་པ་མ་སྤངས་པ་ཁོ་ན་ཡིན་ཏེ། འདི་ལྟར་དབུས་ཀྱི་གནས་སྐབས་ཀྱི་དངོས་པོ་ཅི་རང་གི་ངོ་བོས་བྱེད་པ་ཡིན་ནམ། འོན་ཏེ་གཞན་གྱི་ངོ་བོས་ཡིན། གལ་ཏེ་རང་གི་ངོ་བོས་ཡིན ་ན། ངོ་བོ་དེ་ཉིད་འདས་པ་དང་མ་འོངས་པའི་གནས་སྐབས་གཞན་དག་ལ་ཡང་ཡོད་པའི་ཕྱིར་འདིའི་བྱེད་པའི་རང་བཞིན་མི་བྱེད་པ་དང་བྱེད་བ་ཞིག་པ་ཇི་ལྟར་འབྱུང་ཅི་སྟེ་གཞན་གྱི་ངོ་བོས་ཡིན་ན་དེའི་ཚེ། ཡང་འདིའི་བྱེད་པ་པོ་མ་ཡིན་པ་ཐོབ་པར་འགྱུར་བས་དངོས་པོ་མེད་བའི་ཉིད་དུ་ཐལ་བར ་འགྱུར་རོ། །དེ་ལྟར་རེ་ཞིག་མེ་ལ་སོགས་པའི་རང་བཞིན་དེ་ཉིད་འདས་པ་དང་མ་འོངས་པ་ལ་སོགས་པའི་གནས་སྐབས་སུ་མི་རིགས་སོ། །འོན་ཏེ་གཞན་ཡིན་ན་ཕྱོགས་འདི་ལ་གཅིག་ལ་བྱེད་པ་དང་མི་བྱེད་པ་ལ་སོགས་པ་ཕན་ཚུན་འགལ་བའི་ཆོས་འཚོལ་བ་ལ་སོགས་པའི་སྐྱོན་དུ་མ་འགྱུར་ཏེ ་དངོས་པོ་ཐ་དད་པའི་ཕྱིར་རོ། །འོན་ཀྱང་སྲེག་པ་དང་འཆོད་པ་ལ་སོགས་པའི་འབྲས་བུ་ལ་རུང་བའི་མེ་ལ་སོགས་པའི་དངོས་པོ་གང་ཡིན་པ་དེ་མ་བྱུང་བ་ལས་བྱུང་ཞིང་བུང་ནས་ཀྱང་འཇིག་པར་འགྱུར་བའི་ཕྱིར་དེའི་ཚེ་ཡོད་པ་ཉིད་དུ་ཁས་ལེན་པ་དང་འགལ་བར་འགྱུར་ཏེ། རྗེས་སུ་འགྲོ་བ་མེད་པའི ་ཕྱིར་རོ། །གལ་ཏེ་ཡང་འདི་སྙམ་དུ་འབྲས་བུ་ལ་བྱུང་བ་ཉིད་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་བ་དེ་ལྟ་ན་ཡང་འདས་པ་དང་མ་འོངས་པའི་གནས་སྐབས་ཀྱི་འབྲས་བུ་ལ་རུང་བ་མ་ཡིན་པའི་དངོས་པོ་ཡོད་པ་ཉིད་ཡིན་ལ་དེ་ལྟ་ཡིན ་དང་རྟག་ཏུ་ཡོད་པ་ཉིད་དུ་ཁས་བླངས་པ་དང་འགལ་བ་མ་ཡིན་ནོ་སྙམ་དུ་སེམས་ན། དོན་བྱེད་ནུས་པ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཅེས་བྱ་བ་ནི་དོན་བྱེད་ནུས་པའོ། །དེ་དག་ལ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་གནས་སྐབས་དག་ལའོ། །གང་ཡོད་ཅེས་བྱ་བ་ནི་འབྲས ་པུས་རུང་བ་མ་ཡིན་པའོ། །ཡང་ཅི་སྟེ་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ་འབྲས་བུ་ལ་རུང་བ་ཉིད་དུ་འདོད་དེ་།དེ་བས་དང་དེ་ལས་འབྲས་བུ་མི་འབྱུང་ཤེས་བྱ་བ་འདི་མ་གྲུབ་པ་ཡིན་ནོ་སྙམ་ན་མ་བྱུང་བ་ལས་ཞེས་བྱ་བ་སྨོས་ཏེ། རེས་འགའ་བ་ནི་ཉིད་ཀྱིས་ཀྱང་ཞེས་བྱ ་བ་ནི། གཞན་བཞིན་གསལ་བར་ད་ལྟར་འགྱུར། ཞེས་བྱ་བ་དང་སྤྲེལ་བར་བྱའོ། །གཞན་བཞིན་ཞེས་བྱ་བ་ནི་རྩོད་པའི་གཞིར་མ་གྱུར་པའི་ད་ལྟར་པ་བཞིན་ནོ་གཏན་ཚིགས་འདི་རྗེས་སུ་འགྲོ་བ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དོན་གང་ཡིན་པ་དེ་ནི ་ད་ལྟར་ཞེས་བྱ་བ་ལ་གང་ཡང་རེས་འགའ་བ་ནི་གདོན་མི་ཟ་བར་རྒྱུ་དང་རྐྱེན་དག་གིས་བསྐྱེད་པ་ཡིན་ནོ།། ་།འདི་ལྟར་རྒྱུ་མེད་པ་ལ་ནི་གོ་སྐབས་གཉིས་ཡོད་དེ། རྟག་ཏུ་ཡོད་པའམ་མེད་པ་ཉིད། གཞན་ལ་མི་བལྟོས་པའི་ཕྱིར། །དེ་ལྟ་བས་ན་གང་ངེས་འགའ་བ་ཡིན་པ་དེ་ནི་གདོན་མི་ཟ་བར་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་ལ་གང་ཡང་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཡོད་པ་དེ་ནི་གདོན་ནུས་པ ་ད་ལྟར་བྱུང་བ་ཡིན་པའི་ཕྱིར་ད་ལྟར་བྱུང་བས་རེས་འགའ་བ་ཉིད་ལ་ཁྱབ་པར་གྲུབ་པོ། །གཞན་ཡང་གལ་ཏེ་འདས་པ་དང་མ་འོངས་པ་རྫས་ཡོད་པ་ཡིན་པ་དེའི་ཚེ་འདུས་བྱས་ཐམས་ཅད་རྟག་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟ་ཡིན་དང་གཟུགས་ལ་སོགས་པ་སོ་སོར་རྟགས་པའི་འགྲུས ་པ་བ་སོཌ་པ་ལས་ཁྱད་པར་དུ་མི་འགྱུར་རོ། །ཅི་སྟེ་གཟུགས་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་འདུས་བྱས་ཉིད་ཡིན་གྱི་ནམ་མཁའ་ལ་སོགས་པ་ནི་མ་ཡིན་ཏེ་གཟུགས་ལ་སོགས་པ་ལས་སོ་སོར་བརྟགས་པའི་འགོག་པ་མི་འདྲ་བར་འགྱུར་རོ། །ཞེས་བྱ་བར་གཞན་དག་གིས ་འདོད་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཞེས་བྱ་བ་བཞི་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ། །དེ་ལ་སྐྱེ་བས་སྐྱེད་པར་བྱེད། གནས་པས་གནས་པར་བྱའོ། །རྒ་བས་རྒས་པར་བྱེད་དོ། །མི་རྟག་པས་འཇིག་པར་བྱེད་དོ་ཞེས་བྱ་བ་འདི་དག་གི་བྱ་བ་ནི་སྐྱེད ་པ་ལ་སོགས་པ་འདི་དག་ཡིན་ནོ། །དེ་ལ་རེ་ཞིག་སྐྱེ་བ་ནི་ཁྱད་པར་གང་ཞིག་སྐྱེད་པར་བྱེད་པ་ན་གཟུགས་ལ་སོགས་པའི་སྐྱེད་པར་བྱེད་པ་ཞེས་བརྗོད་པ། ཅི་གཟུགས་ལ་སོགས་པ་དེ་ལ་གཞན་ཏེ་ཐ་དད་པ་འམ་འོན་ཏེ་གཞན་ལ་ཡིན་པ་སྟེ་ཐ་མི་དད་པའི་ཁྱད་པར་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བ་ཕྱོགས་སོ ་རྣམ་པ་གཉིས་སོ། །དེ་ལ་ཞིག་བ་ཐ་མི་དད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་འདི་སྐྱེ་བའི་བྱ་བ་ལས་སྔར་ཡང་གྲུབ་པའི་ཕྱིར་བྱ་བར་མི་ནུས་ཏེ། གྲུབ་པའི་འདུས་ཕྱིས་བཞིན་ནོ། །གྲུབ་ཟིན་པ་ནི་བྱ་པར་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱད་པར་ཐ་དད་པར་བྱེད་པ་ཡང་མ་ཡིན་ཏེ ་ཐ་དད་ན་ནི་གཟུགས་ལ་སོགས་པ་འདིའི་ཁྱད་པར་འདི་ཞེས་བྱ་བའི་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ་འདི་ལྟར་དེ་རེ་ཞིག་དེའི་བདག?་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་མེད། ཐ་དད་པར་ཁས་བླས་པའི་ཕྱིར་རམ། ཁས་མི་ལེན་ན་ཡང་སྔར་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས ་བྱུང་བའི་མཚན་ཉིད་ཀྱང་མེད་དེ། སྐྱེ་བ་ཉིད་ལས་དེ་བྱུང་བའི་ཕྱིར་རོ། །འབྲེལ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། རྟེན་དང་བརྟེན་པ་ཉིད་ལ་སོགས་པ་ནི་དེ་ལས་བྱུང་བའི་ཁོངས་སུ་འདུས་པའི་ཕྱིར་རོ། །ཡང་དེ་ལས་བྱུང་བར་ཁས་ལེན་ན། དེ་ཙམ་ལས་བྱུང་བའི་ཁྱད་པར་ནི་རྟག་ཏུ་སྐྱེ་བར་ཐལ་བར ་འགྱུར་པའི་ཕྱིར་རོ། །ད་ནི་སྐྱེ་བ་ཅི་ཞིག་བྱེད་པར་འགྱུར། སྐྱེ་བ་ལ་བལྟོས་ནས་སྐྱེད་པར་བྱེད་པ་ཡིན་ཞེ་ན། ཕན་འདོགས་པར་མི་བྱེད་པའི་སྐྱེ་བ་ལས་ལྟོས་པ་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། ཕན་འདོགས་པར་བྱེད་ན་ཡང་ཕན་པ་དེ་ཁྱད་པར་བཞིན་དུ་དེ་ཉིད ་གཞན་ཉིད་ཀྱིས་བསམས་པ་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཐ་དད་པ་ཡིན་ན་འབྲེལ་བ་མི་འགྲུབ་བོ། །གཞན་ཡང་ཁྱད་པར་དེ་ལྟར་མེད་པའི་ཕྱིར་འབྲས་བུ་མེད་པར་ཁས་བླངས་པར་འགྱུར་རོ། །དེ་བཞིན་དུ་རྒ་བས་གཞན་དུ ་འགྱུར་པར་བྱེད་ལ། གནས་པས་གནས་པ་དང། མི་རྟག་པས་འཇིག་པར་བྱེད་པ་ན་གཞན་དུ་འགྱུར་བ་ཉིད་ལ་སོགས་པ་འདི་དག་ནི་གཞན་དང་གཞན་མ་ཡིན་པར་རྣམ་པར་བརྟགས་པ་ན་སྐྱོན་གང་ཡིན་པ་དེ་དག་ནི་སྐྱེ་བ་བཞིན་དུ་རྒ་བ་ལ་སོགས་པ་ལ་ཡང་བརྗོད་པར ་བྱའོ། །རང་གི་འབྲས་བུ་ལས་རིགས་ལ་སོགས་པ་ཡོད་པ་ཉིད་གང་ཡིན་པ་དེ་ནུས་པའི་རང་བཞིན་ངེས་པའི་ཕྱིར་འདོད་དེ། དེ་དག་ནི་ནུས་པའི་རང་བཞིན་དེ་ཡང་ཐམས་ཅད་དུ་ཡོད་པའི་ཕྱིར་འབྲས་བུ་རྩོམ་པ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུ་དང་རྐྱེན་མཚན་པ་ཡང་མ་ཡིན ་ཏེ། དེ་དག་ཡང་རྟག་ཏུ་གནས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདས་པ་དང་མ་འོངས་པའི་གནས་སྐབས་དག་ཏུ་སྐྱེ་བ་ལ་སོགས་པས་བསྐྱེད་པ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར་དུས་གཅིག་ཉིད་ལ་དུས་དཔག་ཏུ་མེད་པ་ཐལ་བར་འགྱུར་རོ། །གཞན་ཡང་འདས་པ་དང་མ་འོངས་པ ་དྲག་སྐད་ཅིག་མ་ཉིད་ཡིན་ནམ། སྒང?་ཅིག་མ་མ་ཡིན་པ་ཉིད་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་གལ་ཏེ་དང་པོ་སྟེ་སྐད་ཅིག་མ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་དུས་དཔག་ཏུ་མེད་པར་འགྱུར་བ་སོན་འདུག་པ་ཡིན་ནོ། །དེ་ལ་སྐད་ཅིག་གང་ཞེས་བྱ་བ་དེ་ཉིད་སྟོན་པ ་ཡིན་ནོ། །ཅི་སྟེ་སྐད་ཅིག་མ་མ་ཡིན་ཞེས་བྱ་བའི་ཕྱོགས་ཡིན་ན་དེ་ལྟ་ཡིན་ན་གྲུབ་པའི་མཛའ་དང་ལ་གལ་ཏེ་དང་པོ་སྟེ་སྐད་ཅིག་མ་ཞེས་བྱ་བའི་ཐ་ཚིག། དེའི་ཚེ་དུས་དཔག་ཏུ་མེད་པར་འགྱུར་བ་སོན་འདུག་པ་ཡིན་ནོ། །དེ་ལ་སྐད་ཅིག་གང་ཞེ་བྱ་བ་དེ་ཉིད་སྟོན་པ ་མཛའ་དང་འགལ་བ་འབའ་ཞིག་ཏུ་མ་ཟད་།དམ་བཅའ་བ་རྗེས་སུ་དཔག་པ་དང་ཡང་འགལ་བ་ཡིན་ཏེ། དེ་ལྟར་གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ཏེ། ད་ལྟར་བཞིན་ནོ། །འདས་པ་དང་མ་འོངས་པ་དག་ཀྱང་ཡོད་པ་ཡིན་ནོ། །ཞེས་ངེས་པའི་ཕྱིར་སྐད་ཅིག་མ་འཇིག ་པར་འགྱུར་རོ། །གཏན་ཚིག་འདིའི་འབྲེལ་པ་སྐད་ཅིག་མ་འཇིག་པ་བརྟགས་པར་བསྒྲུབས་ཟིན་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །འདི་ལྟར་ཡོད་པའི་མཚན་ཉིད་ནི་དོན་བྱ་བ་བྱེད་པ་ཡིན་ཏེ། སྐད་ཅིག་མ་མ་ཡིན་པ་ཡང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །དོན ་བྱེད་པ་ལོག་ན་དེའི་མཚན་ཉིད་ཅན་གྱི་ཡོད་པར་ལྡོག་པའི་ཕྱིར་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་ཀྱིས་ཡོད་པ་ལ་ཁྱབ་པོ། །གཞན་ཡང་འདས་པ་དང་མ་འོངས་པ་འདི་དག་དོན་བྱེད་པར་ནུས་པ་ཞིག་གམ་མི་ནུས་པ་ཞིག་ཅེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །གལ་ཏེ་ནུས་ན ་དེའི་ཚེ་ནུས་པ་ཡོད་པ་དེ་ལྟ་པར་འགྱུར་ཏེ་རྩོད་པའི་གཞིར་མ་གྱུར་པའི་ད་ལྟར་བཞིན་ནོ། །སྦྱོར་བ་ནི་གང་དག་གང་དོན་བྱ་བ་བྱེད་པར་ནུས་པ་དེ་དག་ནི་ད་ལྟར་ཡིན་ཏེ། རྩོད་པའི་གཞིར་མ་གྱུར་པའི་ད་ལྟར་བཞིན་ནོ། །འདས་པ་ལ་སོགས་པ་ཡང་དོན་བྱེད་པར་ནུས་པ་ཡིན་ནོ། །ཞེས་བྱ་བ་ནི ་རང་གཞིན་གྱི་གཏན་ཚིགས་ཀྱི་ཐལ་བར་འགྱུར་བའོ། །འདི་མ་ངེས་པ་ཡང་མི་ཡིན་ཏེ། འདི་ལྟར་ད་ལྟར་བ་ལོག་པ་ན་ཞིག་པ་དང་ས་སྐྱེས་པ་རྣམས་མ་ནུས་པ་ཐམས་ཅད་དང་འབྲལ་བར་འགྱུར་ཏེ། ནམ་མཁའ་ཨི་པད་མོ་བཞིན་ནོ། །སྦྱོར་བ་ནི་གང་དག་ད་ལྟར་བྱུང་བ་ཡང་ཡིན་པ་དེ་དག་ནི ་འགའ་ཞིག་ཏུ་ནུས་པར་ཡང་མི་འགྱུར་ཏེ། ནམ་མཁའ་པད་མོ་བཞིན་ནོ། །འདས་པ་ལ་སོགས་པ་རྣམས་ཀྱང་དང་ལྟར་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདུས་མ་བྱས་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག ་པ་རྣམས་ཀྱི་མ་ངེས་པར་འགྱུར་བ་ཡང་མ་ཡིན་ཏེ་དེ་དག་ཀྱང་ཕྱོགས་སུ་བྱས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་མ་ངེས་པ་ཉིད་དུ་བརྟགས་པའི་རྒྱུ་མཚན་མ་ཡིན་ནོ། །འདི་ལྟར་གང་དངོས་པོ་རྣམས་ཀྱི་སོ་སོར་ངེས་པའི་དོན་བྱེད་པའི་ནུས་པ་དེ་ནི་རྐྱེན་ལས་བྱུང་བ་ཡིན་ནོ་ཞེས་བ་དཔེར་བྱ་སྟེ། དེ་ལྟ་མ ་ཡིན་ཏེ་གལ་ཏེ་རྒྱུ་མེད་པར་གྱུར་ན། དེའི་ཆེ་ངེས་པའི་རྒྱུ་མེད་པའི་ཕྱིར་དངོས་པོ་རྣམས་ཀྱི་ནུས་པ་སོ་སོ་ངེས་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་ཐམས་ཅད་འབྲས་བུ་ཐམས་ཅད་ལ་ཉེ་བར་སྦྱོར་བར་འགྱུར་རོ། །དེ་ལྟ་བས་ན་ནམ་མཁའ་ལ་སོགས་པ་མ་བྱས་པའི་ནུས་པ་ངེས་པར་མི་རིགས ་པའི་ཕྱིར་དེ་དག་ནི་མ་ངེས་པ་ཉིད་དུ་བརྟག་པའི་རྒྱུ་མཚན་མ་ཡིན་ནོ། །གཏན་ཚིགས་དང་པོ་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡང་མ་ཡིན་ཏེ་ཇི་ལྟར་ངེས་པའི་དོན་བྱ་བ་ལ་ནུས་པ་གང་ཡིན་པ་དེའི་སྐྱེ་བ་གང་ཡིན་པ་འདི་ནི་རྒྱུ་དང་བརྐྱེན་གྱིས་བསྐྱེད ་པ་ཡིན་ལ་དེ་ཉིད་ད་ལྟར་བའི་མཚན་ཉིད་ཡིན་ནོ། །དེ་ལྟར་བྱུང་བའི་མངོན་ཉིད་མ་ཚངས་བ་མེད་པ་འདི་ཡང་འདས་པ་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རྒྱུ་མཚན་གཞན་མེད་པས་ཅིའི་ཕྱིར་དེ་ལྟར་བྱུང་བར་ཐལ་བར་མི་འགྱུར། །གཞན་ཡང་གང་གི་ལྟར་ན་འདས་པ་དང་མ ་འོངས་པ་རྫས་ཡོད་པ་དེའི་ལྟར་ན་འབྲས་བུ་ཡང་རྟག་ཏུ་ཡོད་པའི་ཕྱིར་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱ་བའི་དོན་དུ་འབད་པ་འབྲས་བུ་མེད་པར་འགྱུར་ཏེ། འདི་བསྒྲུབ་བར་བྱ་བ་ལ་འབྲས་བུ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདི་དང་རྒུལ་ཞུགས་དང་ངེས་པ་ལ་སོགས་པའི ་མཚན་ཉིད་མི་གཡོ་བ་ཅི་ཞིག་ལ་ནུས་པར་འགྱུར་སྐྱེ་བ་ལ་ནུས་པ་ཡིན་ནོ། ཞེས་འོ་ན་སྐྱེ་བ་མ་བྱུང་བ་ལས་བྱུང་བ་ཡིན་ནོ། །ཞེས་བྱ་བར་གྲུབ་བོ། །ཅི་སྟེ་དེ་ཡང་ཡོད་ན་དེ་ནི་གང་ཞིག་གང་དུ་ནུས་པ་ཡིན། ད་ལྟར་བྱེད་པ་ལ་ནུས་པ་ཡིན་ནོ་ཞེས་ན། ད་ལྟ་ལ་བྱེད་པ་ཞེས་བྱ་བ་འདི་ཅིའི་ཡིན ་ཡུལ་གཞན་དུ་འགུགས་པ་ཡིན་ཞེ་ན། འོ་ན་དངོས་པོ་རྟོགས་པར་ཐལ་བར་འགྱུར་ཏེ། ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཚོར་བ་ལ་སོགས་པའི་གཟུགས་ཅན་མ་ཡིན་པ་རྣམས་ལ་བྱེད་པ་མེད་པའི་ཕྱི་འགུགས་པར་འགྱུར། གང་ཡང་དེ་འགུགས་པ་དེ་ཡང་མ་བྱུང་བ་ལས ་བྱུང་བ་ཡིན་ནོ་ཞེས་བྱ་བར་གྲུབ་གོ་མཐོ་རིས་ནི། རི་རབ་ཀྱི་སྟེང་ལ་སོགས་པའོ། །བྱང་གྲོལ་ནི་ཐར་པ་སྟེ་དེ་དག་ཐོབ་པ་ནི་འབྲེལ་པའོ། །དེ་ལ་འབད་པ་ནི་བརྟུལ་ཞུགས་དང་ངེས་པ་ལ་སོགས་པའོ། །ཅི་སྟེ་དོན་བྱེད་པར་མི་ནུས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་གཉིས་པ་ལ་བརྟེན ་ན། འོན་དེ་ལྟར་ན་དོན་བྱེད་ནུས་པས་སྟོང་པ་དེ་ཉིད་ཀྱི་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན་དུ་མེད་པ་ཉིད་དུ་འགྱུར་ཏེ། མེད་པ་ཉིད་ཀྱི་མཚན་ཉིད་ནི་དོན་བྱེད་ནུས་པ་ཐམས་ཅད་དབེན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འདས་པ་དད་མ་འོངས་པ་དག་གིས་མེད་པར་བསྒྲུབ་པར་བྱེད་པའི ་ཚད་མ་བརྗོད་ནས། ཡོད་པ་སྒྲུབ་བར་བྱེད་པའི་ཚད་མ་དག་གི་པའི་ཕྱིར་མེད་པའི་ཚོན་གྱིས་ཞེས་བྱ་བ་ལ་སོགས་པར་སྨོས་ཏེ། སྔར་བཤད་པའི་བསྡུས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རྣམས་ནི་གཞི་མ་གྲུབ་པ་ཡིན་ཏེ། འདས་པ་ལ་སོགས་པའི་ཆོས་ཅན་མ་གྲུབ་པའི་ཕྱི་རོ། །ཇི་སྐད་དུ་མ་གྲུབ་པ་ལ་ཡོད ་ཆོས་མེད། །ཅེས་བཤད་པ་ལྟ་བུའོ། །གལ་ཏེ་གྲུབ་པར་གྱུར་པ་དེ་ལྟ་ན་ཡང་བལྟར་བྱུང་བ་ཉིད་དུ་རུབ་པའི་ཕྱིར་ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་གྲུབ་པས་གཏན་ཚིགས་འགལ་བ་དག་ཡིན་ནོ། །ད་ནི་འདས་པ་དང་མ་འོངས་པའི་གཟུགས་ལ་སོགས་པ་དུས ་ཀྱིས་བསྡུས་པ་ཉིད་དུ་བསྟན་ཏེ། རི་བོང་གི་རྭ་ལ་སོགས་པ་གཏན་མེད་པ་ནི་འདས་པ་འམ། མ་འོངས་པ་རྣམ་པར་འཇོག་པ་མ་ཡིན་ནོ་ཞེ་ན། ངོ་བོ་གང་ཞིག་ཞེས་བྱ་བ་ལ་སོར་བ་སྨོས་ཏེ། གོ་བར་ཟད་དོ། །འོ་ནི་ལྟར་གར་ཇུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་རྣམས ་བསྟན་ཅེ་ན། འདས་སོགས་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེ་ཞེས་བྱ་བ་ནི་སྐབས་དེའོ། །འོ་ན་ཇི་ལྟར་རྣམ་པར་ཤེས་པ། །ཉིད་ལ་བརྟེན་པར་གསུངས་ཤད་ན། དེ་ཉིད་གཟུགས་པས་ཨུཞེས་བྱ་བ་སྨོས་ཏེ། ་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའོ། །དམིགས་པ་དང་བཅས་པ་གང་ཡིན་པ་དེ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་གཉིས་ལ་བརྟེན་པ་གསུངས ་སོ། །ཅི་སྟེ་རྣམ་པར་ཤེས་པར་དམིགས་པ་མེད་པ་ཡང་ཡོད་དོ། །ཞེས་ཇི་ལྟར་ངེས་པར་བྱ་ཞེ་ན། རྟག་པའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་གཙོ་བོ་དང་དུས་ལ་སོགས་པ་གཞན་གྱིས་ཀུན ་ཏུ་བརྟག་པ་བཟུང་ངོ། །བློ་ནི་འདི་དག་སྒྲ་ལ་དམིགས་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་བསམ་པར་མི་བྱ་སྟེ། སྒྲ་དང་མི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྒྲ་འམ་མི་ལྡན་པའི་འདུ་བྱེད་ཀྱི་ཁྱད་པར་གྱི་མིང་ནི་དབང་ལ་སོགས་པ་དེའི་རྣམ་བརྟགས་པ་ཉིད་དང་སྲིད་པ་གཟུགས་ཀྱི་རྒྱུ་ཉིད་ལ་སོགས་པའི་ ་བློ་ངེས་ངེས་པར་བྱ་བའི་རྣམ་པ་གང་དེ་དང་བྲལ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་རྒྱུ་མཚན་ལ་སོགས་པ་གཞན་གྱིས་ཁས་བླངས་པའི་དོན་གྱི་གཟུགས་བརྙན་ཀྱི་རང་བཞིན་གཟུང་ངོ། །གལ་ཏེ་ཤེས་པ་ཡུལ་མེད་པ་ཡང་ཡོད་ན་དེ་ཇི་ལྟར་ཤེས་བ་ཞེས ་ཐ་སྙད་དུ་བྱེད་།དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་བརྗོད་ལ། ཤེས་པར་བྱ་བ་མེད་ན་ཡང་ཅི་ཞིག་རྣམ་པར་ཤེས་པས་རྣམ་པར་ཤེས་པར་འགྱུར་ཞེ་ན། རྟོག་པའི་རྗེས་སུ་འགྲོ་ཙམ་གྱིས། །ཞེས་བྱ་བ་སྨོས་སོ། །རྟོག་པའི་རྗེས་སུ་འགྲོ་བ་ཡང་རྟོགས་པར ་བྱ་བར་མེད་པར་མི་སྲིད་དོ་ཞེ་ན། འདིའི་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་འདིའི་རྟོགས་པ་རྗེས་སུ་འབྲང་བ་དེ་ཡང་ངོ། །ཅི་ཞིག་བརྗོད་ཅེ་ན། བམས་པོ་མ་ཡིན་པའི་ངོ་བོ་གང་ཡིན་པ་དེའོ། །གསལ་བར་བྱ་བའི་དངོས་པོ་གཞན་མེད་པའི་ཕྱིར་དང། གསལ་བར་བྱེད་པ་གཞན་དང ་བྲལ་བའི་ཕྱིར་ནམ་པའི་དཀྱིལ་ན་ཡོད་པའི་སྣང་བ་བཞིན་དུ་གསལ་བ་སྨོས་པའི་ཕྱིར་རྟོགས་པའི་ངོ་བོ་དེ་ཡིན་ནོ་ཞེས་བྱ་བར་བརྗོད་དོ། །ཇི་ལྟར་འདས་པའི་ལས་འབྲས་བུ་འབྱིན་བ་ཡིན་ཞེས་བྱ་བ་འདི་ལ་འབྲས་བུ་འབྱིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས ་པའི་བརྒྱུད་ནས་འབྲས་བུ་བསྐྱེད་པའི་ནུས་པ་གྲུབ་པའོ། །གལ་ཏེ་དེ་ལྟར་ན་ཇི་ལྟར་ན་བཅོམ་ལྡན་འདས་ཀྱིས་ཟད་པ་དང་འགགས་པ་དང་ཡོངས་སུ་གྱུར་པའི་ལས་གང་ཡིན་པ་དེ་ནི་ཡོད་དེ་ཞེས་གསུངས་ཤེ་ན། སེམས་ཀྱི་རྒྱུད་ལ་ཞེས་བྱ་བ་སྨོས་ཏེ། ཉེར ་པ་རྟགས་ནས་ཞེས་བྱ་བ་ནི་ཕལ་པའོ། །ཇི་ལྟར་རྒྱུའི་རྫས་ལས་བྱུང་བའི་དབྱེ་གལ་སོགས་པའི་འབྲས་བུའི་རྒྱུན་ཡོད་ན་ཞིག་ན་ཡང་རྒྱུའི་རྫས་མ་ཞིག་གོ་ཞེས་བརྗོད་པ་དེ་བཞིན་དུ་ལས་རྣམས་ཀྱང་ཡིན་ནོ། །ཉེ་བར་བརྟགས་ནས་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན་རེ་ལྟར ་ཞེས་བྱ་བ་སྨོས་ཏེ། ?་འདས་པ་མེད་དེ་ཞེས་གསུངས་ན། རྒྱུ་དང་འབྲས་བུ་བསྐྱེད་པའི་ནུས་པ་འདས་པའི་ལས་དེས་བསྒོམ་པ་གང་ཡིན་པ་དེ་ཡང་མེད་པ་ཉིད་དུ་གོ་བར་འགྱུར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལས་ཡོད་ཞེས་གསུངས། །དེ་ལྟ་མ་ཡིན་ཏེ་གལ་ཏེ་འདས་པ་རང ་གི་ངོ་བོས་ཡོད་པར་གྱུར་ན་དེའི་ཚེ་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས། མིག་སྐྱེ་བ་ན་ཡང་གང་ནས་ཀྱང་མ་འོངས། འགག་བན་ཡང་གང་དུ་ཡང་མ་སོང་ཞེས་མིག་མ་བྱུང་པ་ལས་བྱུང་དང་བྱུང་ནས་ཀྱང་འཇིག་པར་འགྱུར་རོ། །ཞེས་གསུངས་པ་ཇི་ལྟར་དྲང་བར་བྱ། དེ་ལྟར་བྱུང་བའི་དུས་ནམ ་བྱུང་བ་ལས་བྱུང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དུས་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་ཏེ། དེ་དག་ཉིད་དུས་གཏམ་གཞི་དང། ཞེས་བཤད་པའི་ཕྱིར་རོ། །ཇི་སྟེ་རང་གི་བདག་ཉིད་མ་བྱུང་བ་ལས་བྱུང་བ་ཉིད་ཡིན་པ་དེའི་ཚེ་མིག་མ་འོངས་པ་མེད་དོ་ཞེས་བྱ་བར་གྲུབ་བོ། །གཞན ་ཡང་རྟག་ཏུ་གནས་པ་ཉིད་ཡིན་ན་འདུས་བྱས་རྣམས་ཀྱི་རྒྱུ་དང་འབྲས་བུ་དག་མེད་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་དང་དེ་མེད་པའི་ཕྱིར་འགོག་པ་དང་ལམ་ཡང་མེད་ལ། དེ་ལྟ་ཡིན་དང་བདེན་པ་བཞི་མེད་པའི་ཕྱིར་ཡོངས་སུ་ཤེས་པ་དང་སྤང་པ་དང་སྒོམ་པ་ཡང་མི་འཐད་པར ་འགྱུར་རོ། །དེ་མེད་པས་ཀྱང་འབྲས་བུ་གནས་པ་རྣམས་དང་ཞུགས་པའི་གང་ཟག་རྣམས་མེད་པའི་ཕྱིར་གསུང་རབ་མཛའ་དག་དང་འགལ་བས་འདས་པ་ལ་སོགས་པའི་དངོས་པོ་ཡོད་པར་བརྟགས་པ་ནི་ལེགས་པ་མ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་འདས་པ་དང་མ་འོངས་པའི ་ཤེས་པ་རྣམ་པར་དབྱེ་བ་ཇི་ལྟ་བུ་ཞེ་ན། འདིར་སྨྲས་པ། དངོས་སམ་ཞེས་བྱ་བ་ལ་སོགས་པ་སྟེ། འདས་པའི་དོན་ལ་བལྟོས་ནས་འབྲས་བུར་འགྱུར་ལ། མ་འོངས་པ་ལ་བལྟོས་ནས་རྒྱུར་འགྱུར་རོ། །དེ་ཉིད་དུ་ན་ཡུལ་མེད་ཀྱང། །ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཅན་གྱི་ཤེས་པས ་རང་གི་མཚན་ཉིད་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །རྣམ་རྟོག་རྗེས་འདྲེལ་པ་བདག་ཉིད་ཀྱི་ཞེས་བྱ་བ་ནི་རྟོག་པ་དང་བཅས་བ་ཞེས་བྱ་བའི་དོན་ཏོ། །དེས་ན་ནི་དེའི་ཕྱིར་རོ། །རྒྱུ་དང་འབྲས་བུ་དག་གིས་རྒྱུན་འབྱུང་བ་དང་འབྱུང་བར་འགྱུར་པ་ལ་བརྟེན་ནས་ཡོངས་སུ་མ་དག་པའི་རྣལ་འབྱོར་བ་རྣམས་འདས་བ ་ལ་སོགས་པ་སྟོན་པ་ལ་འཇུག་གོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ནི་དག་པ་འཇིག་རྟེན་པའི་ཤེས་པ་ཡང་ངའ་བ་མ་ཡིན་ཏེ། རྟག་ཏུ་མཉམ་པར་བཞག་པས་མ་རིག་པ་ཐམས་ཅད་སྤངས་པའི་ཕྱིར་ལ། རྣམ་པར་རྟོག་པ་ཡང་མ་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྟོག་པ་འདི ་ནི་རང་ཉིད་ཀྱིས་མ་རིག་པའི་ངོ་བོར་འགྱུར། གང་ཕྱིར་རང་གི་རྣམ་པ་ནི། །ཕྱི་རོལ་ངོ་བོས་སྒྲོ་བཏགས་འཇུག། ཅེས་གསུངས་པ་ཡིན་ནོ། །སྔོན་གྱི་སྨོན་ལམ་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཐོབ་པའི་ཡིད་བཞིན་ནོར་བུ་ལྟ་བུ་སྐུ་ཅན་དེའི་བསྟན་པ་ནི་ལྷུན ་གྱིས་གྲུབ་པར་འཇུག་པ་ཡིན་ནོ། །དེ་ཁོ་ན་ཉིད་སྡུད་པའི་དཀའ་འགྲེལ་ལས་དུས་གསུམ་པ་བརྟག་པ་སྟེ། ཉི་ཤུ་རྩ་དྲུག་པའོ།། །།ཐོག་མ་དང་མཛའ་མ་མེད་པ་ཞེས་བྱ་བ་དེ་བསྒྲུབ་བར་བྱ་བའི་ཕྱིར། རྒོལ་བ་བཀོད་པ་སྔོན་དུ་འགྲོ་བ་ཅན་གལ་ཏེ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འགལ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བདག་སྔར་བཀག་པའི་ཕྱིར་མེད་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་མ་ཡིན་ཏེ། རྣམ་པར་ཤེས་པ་ལ་སོགས་པ་ཡང་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དུས་གསུམ་རྟག་པར་རྗེས་སུ་འགྲོ་བ་བཀག་པའི་ཕྱིར་ཡང་རྗེས་སུ་འགྲོ་བ་མེད་དོ།། ་འོན་ཏེ་ལུས་ལ་སོགས་པ་འཇིག་རྟེན་ཕ་རོལ་པོར་མི་འགྱུར་རམ་ཞེ་ན། ལུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་གཟུང་ངོ། །གཞན་ཡང་ཁས་ནི་མ་བླངས་སོ། །ཞེས་བྱ་བ་ནི་བདག་གོ། དེ་ལྟ་བས་ན་འཇིག ་རྟེན་རྒྱད?་ཕན་པའི་ཕྱོགས་འདི་རྗེས་སུ་མཐུན་པ་ཡིན་པར་གྲུབ་བོ། །འདི་ལྟར་འཇིག་རྟེན་ཕ་རོལ་པོ་མེད་པའི་ཕྱིར་འཇིག་རྟེན་ཕ་རོལ་མེད་དོ། །ཞེས་བྱ་བ་དང། དེ་བཞིན་དུ་དེ་ཁོ་ན་ཉིད་ས་དང་ཆུ་དང་མེ་དང་རླུང། ཞེས་བྱ་བ་བཞི་པོ་འདི་དག་ཡིན་ལ། དེ་དག་ལས་ནི་སེམས་པ ་ཅན་ནོ་ཞེས་བྱ་བ་འདི་ནི་དེའི་མདོའི་དོན་ཡིན་ནོ། །དེ་ལ་འབྲེལ་པ་བྱེད་པ་ཁ་ཅིག་ནི། དེ་དག་ལས་སེམས་པ་ཅན་སྐྱེ་བ་ཡིན་པར་སྨྲ་ལ་གཞན་དག་ནི་མངོན་པར་གསལ་བ་ཡིན་པར་སྨྲའོ། །དེའི་ཕྱིར་བསྐྱེད་པའམ་གསལ་བར་བྱེད། ཅེས་ཕྱོགས་གཉིས་བཤད་དོ། །ཚྭ་ནི ་སྐྱུར་པོའོ། །ཆང་ཞེས་བྱ་བ་ནི་མྱོས་པ་སྐྱེད་པར་བྱེད་པའི་ནུས་པའོ། །སོགས་པའི་སྒྲས་བརྒྱལ་བ་ལ་སོགས་པ་སྐྱེད་པའི་ནུས་པ་གཟུང་ངོ། །འོན་ཏེ་མིག་ལ་སོགས་པ་དང་གཟུགས་ལ་སོགས་པའི་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདི ་ཤིན་ཏུ་གྲགས་པ་མ་ཡིན་ནམ། དེའི་ཕྱིར་དེ་དག་ཁོ་ན་ལས་རྣམ་པར་ཤེས་པ་སྐྱེ་ཞེས་ཇི་སྐད་དུ་བརྗོད་ཅེ་ན། ས་ལ་སོགས་པའི་བཀོད་པའི་ཞེས་བྱ་བ་སྨོས་ཏེ། དེ་སྐད་དུ་ཡང་དེ་ཚོགས་པ་ལ་ལུས་དང་དབང་པོ་དང་ཡུལ་གྱི་ཐ་སྙད་འདོགས་སོ་ཞེས་བྱ་བ་ནི་དེ་དག་གི་མདོ་ཡིན་ནོ། །འབྱུང ་བ་ཆེན་པོ་ལས་མ་གཏོགས་པའི་དབང་པོ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེའི་གནས་ལུགས་ཀྱི་ཁྱད་པར་ཉིད་ལ་དེ་བཏགས་པའི་ཕྱིར་ལ། བཀོད་པ་ཞེས་བྱ་བ་བཀོད་པ་ཅན་ལས་གཞན་ཡང་ཡོད་པ་མ་ཡིན་ནོ། །འབྱུང་བ་ཆེན་པོ་བཞི་པོ་འདི་ཡང་མངོན་སུམ་གྱིས་གྲུབ་སྟེ་དེ ་ཁོ་ན་ཉིད་མངོན་སུམ་གྱིས་གྲུབ་པ་འདི་ལས་གཞན་ཡང་ཡོད་པ་མ་ཡིན་ནོ། །གང་གིས་འཇིག་རྟེན་ཕ་རོལ་ལ་སོགས་པ་གཞན་འགྲུབ་པར་འགྱུར་བ་མངོན་སུམ་ལས་གཞན་པའི་ཚད་མ་ཡོད་པ་ཡང་མ་ཡིན་ནོ། །གཞན་ཡང་གལ་ཏེ་འདས་པའི་ལུས་ཆག་ནས་པའི་སེམས་སྐྱེ ་བའི་དང་པོའི་སེམས་ལ་དང། འཆི་བའི་སེམས་ལས་འབྱུང་བར་འགྱུར་བའི་སེམས་ལ་རྒྱུའི་དངོས་པོར་གྱུར་ན་དེའི་ཚེ་སེམས་རྒྱུན་མི་འཚད་པའི་ཕྱིར་འཇིག་རྟེན་ཕ་རོལ་རྟག་པར་འགྱུར་ན་འདི་ལྟར་རེ་ཞིག་རྩོད་པའི་གཞིར་གྱུར་པའི་སེམས་དང་པོ་འདི་དག་གི་རྒྱུ་དང་འབྲས ་བུ་ཡོད་པ་མ་ཡིན་ཏེ། ལུས་ཐ་དད་པ་ལ་གནས་པའི་ཕྱིར་རྟ་དང་བ་ལང་ལ་གནས་པའི་རྣམ་པར་ཤེས་པ་དག་བཞིན་ནོ། །ཡང་ན་སྐྱེ་བའི་བློ་རྣམས་ནི་ཆོས་ཅན་ནོ། །འདས་པའི་ལུས་ལ་གནས་པའི་ཐ་མའི་རྣམ་པར་ཤེས་པའི་བསྐྱེད་པར་བྱ་བ་ཉིད་དགག་པ། ་ནི་དེའི་བསྒྲུབ་པར་བྱ་བའོ། །ཤེས་པ་ཡིན་ཕྱིར་ཞེས་བྱ་བའི་སྤྱི་ནི་གཏན་ཚིགས་སོ། །རྒྱུད་གཞན་ལ་གནས་པའི་བློ་དག་ནི་དཔེའོ། །སྦྱོར་བ་ནི་འདི་ལྟར་བྱ་སྟེ། གང་རྣམ་པར་ཤེས་པ་ཡིན་པ་དེ་ནི་བརྗོད་པར་འདོད་པའི་འདས་པའི་ལུས་ལ་གནས་པའི་ཐ་མའི ་ཤེས་པའི་བསྐྱེད་པར་བྱ་བ་མ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར། རྒྱུད་གཞན་ལ་གནས་པའི་ཤེས་པ་བཞིན་ནོ། །བརྗོད་པར་འདོད་པའི་ལུས་ལ་གནས་པའི་སྐྱེ་བའི་བློ་འདི་དག་ཀྱང་ཤེས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། བརྗོད་པར་འདོད་པའི་རྣམ་པར ་ཤེས་པའི་བསྐྱེད་པར་བྱ་བ་དང་འགལ་བ་བརྗོད་པར་འདོད་པའི་ཤེས་པས་བསྐྱེད་པར་བྱ་བ་ཉིད་ཀྱི་ཤེས་པ་ཉིད་ལ་ཁྱབ་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་འདས་པའི་སྐྱེ་བ་བཀག་བ་བྱས་ནས། ད་ནི་མ་འོངས་པའི་སྐྱེ་བ་དགག་པའི་ཕྱིར། ཆགས་དང་བཅས ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པ་དང་བཅས་པའི་འཆི་བའི་སེམས་གཞན་དང་མཚམས་སྦྱོར་པ་མ་ཡིན་ནོ། །འཆི་བའི་སེམས་ཡིན་པའི་ཕྱིར། །དགྲ་བཅོམ་པ་ཐ་མའི་སེམས་བཞིན་ནོ། །ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །དཔེར་ན་ཉོན་མོངས ་བྲལ་བ་ཞེས་བྱ་བ་ནི་འཆི་བའི་ཤེས་པའོ། །འོ་ན་ཤེས་པ་གང་ལས་སྐྱེ་ཞེ་ན། དེའི་ཕྱིར་འབྱུང་རྫུབ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་ལུས་ཉིད་ལས་ཞེས་བྱ་བ་ནི་མདོ་སྟེ། ལ་བཅས་དང་རྟ་མཆོག་གཉིས་ཟེར་རོ། །འོན་ཏེ་ལུས་མ་གྲུབ་པ་ཡང་ནུར་ནུར་པོ་ལ་སོགS ་པའི་གནས་སྐབས་སུ་བརྒྱ་ལ་བའི་རྣམ་པར་ཤེས་པ་ཡོད་པ་ཉིད་ཡིན་ཏེ། དེ་ཡང་ཁྱེད་ཅག་ལ་འདས་པའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ཉིད་དུ་གྲུབ་སྟེ། དེའི་ཕྱིར་ཇི་ལྟར་ལུས་ཁོ་ན་ལས་ངེས་བ་ཡིན་ཞེ་ན། ནུར་ནུར་པོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཤེས་པ་བསྐྱེད་པའི་རྒྱུ་ནི་དབང་པོ་དང་དོན་དག་ཡིན་ཏེ། ཤེས་པ་ནི་དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་ལ། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་ཡང་དབང་པོ་དང་དོན་དག་མེད་པའི་ཕྱིར་ཇི་ལྟར་ཤེས་པ་དེའི་འབྲས་བུར་འགྱུར་ཞེས་བྱ་བའི་རྒྱུ་མི་དམིགས ་པས་བརྒྱལ་བའི་གནས་སྐབས་ན་རྣམ་པར་ཤེས་པ་མེད་པར་གྲུབ་པོ། ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རྣམ་པར་ཤེས་པ་ནུས་པའི་ངོ་བོས་ཡོད་དོ་ཞེས་རྟག་པར་རིགས་པ་ཡང་མ་ཡིན་ཏེ། དེའི་ཚེ་ཤེས་པའི་རྟེན་རིགས་པ་ཅན་གྱིས་བརྟགས་པའི་བདག་གམ་རྣམ་པར་ཞེS ་པའི་རྒྱུན་མེད་པའི་ཕྱིར་རོ། །ནུས་པ་རྟེན་མེད་པ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་ཤུགས་ཀྱིས་དེའི་ཚེ་ལུས་ཉིད་རྟེན་ཡིན་ནོ། །གཞན་ཤེས་པའི་རྟེན་གྱི་བདག་སྟེ། ཤེས་པའི་རྟེན་གྱི་རང་བཞིན་ཤེས་པའི་རྒྱུན་ནམ། བདག་ནི་དེའི་ཚེ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན ་དང་ཐ་མར་རེ་འཆི་བའི་གནས་སྐབས་སུ་རྟེན་ལུས་ལོག་པ་ན་ཇི་ལྟར་རྟེན་མེད་པའི་རྣམ་པར་ཤེས་པ་གནས་ཏེ། དེའི་ཕྱིར་མ་འོངས་པའི་སྐྱེ་བ་མེད་པར་གྲུབ་བོ། །ཡང་ཅི་སྟེ་འཆི་བའི་དེ་མ་ཐག་ཏུ་བྱུང་བའི་སྲིད་པ་བར་མདོའི་ལུས་ལ་བརྟེན་ནས་སེམས་འཇུག་པར་འགྱུར་རོ། །སྙེ ་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། འཆི་བའི་དེ་མ་ཐག་ཏུ་ལུས་གཞན་སྐྱེ་བར་མ་མཐོང་པ། །མ་མཐོང་བ་ཡོད་པ་ཉིད་དུ་ངེས་པར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་མད་པའི་ཐ་སྙེད་ཀྱི་ཡུལ་ཡིན་པོའི་ཕྱིར་རོ། །རྒྱུད་གཅིག་ལ་གནས་པའི་སེམས་ལུས་གཞན་ལ་བརྟེན་པར་དགོས ་པ་ཡང་མ་ཡིན་ཏེ། རྟ་དང་གླང་པོ་ལ་སོགས་པའི་སེམས་བཞིན་དུ། རྒྱུད་གཅིག་པ་འགྲེལ་བ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་ལུས་ཐ་དད་པ་ལ་འཇུག་པའི་ཤེས་པ་དེ་ནི་རྒྱུད་གཅིག་དང་འབྲེལ་པ་མ་ཡིན་ཏེ། དཔེར་ན་རྟ་དང་གླང་པོའི་སེམས ་བཞིན་ནོ། །སྲིད་པ་བར་མ་དང་འཆི་བའི་སྲིད་པ་དག་གི་སེམས་ཀྱང་ལུས་ཐ་དད་པ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ། །དེ་ལྟར་ཡང་མ་ཡིན་ནོ་དེའི་ཕྱིར་བཟློག་པ་ཡིན་ནོ་གང་ཞིག་རྒྱུད་གཅིག་དང་འབྲེལ་པ ་དེ་ནི་ལུས་ཐ་དད་པ་ལ་འཇུག་པ་མ་ཡིན་ཏེ། དཔེར་ན་གླང་པོའི་སེམས་རྟའི་ལུས་ལ་མི་བརྟེན་པ་བཞིན་ནོ། །སྲོག་ཆགས་རྣམས་ཀྱི་སེམས་ཀྱང་རྒྱུད་གཅིག་དང་འབྲེལ་བ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། ལུས་ཐ་དད་པ་ལ་འཇུག་པ་ཉིད་དང་འགལ་བ ་ལུས་ཐ་མི་དད་པ་ལ་འཇུག་པ་ཉིད་ཀྱིས་རྒྱུད་གཅིག་དང་འབྲེལ་པ་ཉིད་ལ་ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། ཐོག་མ་ནི་སྐྱེ་བའོ། །མཛའ་ནི་འཇིག་པའོ། །གང་ལ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་པ་འདི་ནི་ཐོག་མཛའ་མེད་པའོ། །སྐྱེས་བུ ་ཞེས་བྱ་བ་ནི་བདག་གོ། ཡང་ན་མེད་པ་ཉིད་ཁས་ལོང་ཞེས་བྱ་བ་འདིས་ནི་འཇིག་རྟེན་ཕ་རོལ་མེད་པའི་ཕྱིར། འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་མདོ་འདི་བསྟན་པ་ཡིན་ནོ། །དེས་འདིར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གང་ཞིག་ཁྱད་ཅག་དགག་པ ་བྱེད་པ། འཇིག་རྟེན་ཕ་རོལ་ཞེས་བྱ་བ་འདི་ཅི་ཞིག། ཅི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་བཞི་པོ་ཉེ་བར་ལེན་པ་དང་ཉེ་བར་བླང་བ་ཉིད་ཀྱིས་རྒྱུད་པ་འབྲས་བུར་གྱུར་བ་ལས་གཞན་ཡིན་ནས། འོན་ཏེ་དེ་ཉིད་ཡོན། རེ་ཞིག་ཕྱོགས་དད་པོ་ནི་མ་ཡིན་ཏེ། དེ་ཁས་མི ་ལེན་པའི་ཕྱིར་རོ། །གང་ཞིག་ཁས་བླང་བར་བྱ་བ་ཉེ་བར་ལེན་བ་དང་ཉེ་བར་བླང་བར་འགྱུར་བའི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུན་ལས་གཞན་པའི་འཇིག་རྟེན་ཕ་རོལ་ཞེས་བྱ་བ་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཐོག་མ་དད་ཐ་མ་མེད་པའི་ཤེས་བལ་སོགས་པའི་རྒྱུན་དེ་ལོ་བརྒྱལ་སོགས་པར་ཆད་པའི་ངོ་བོ ་དེས་དང་གཟུང་ནས་སྐབས་འགའ་ཞིག་ཉིད་འཇིག་རྟེན་ཕྱི་མ་དང་སྔ་མ་དད་འདི་ཞེས་ཀྱང་རྣམ་པར་བཞག་གོ། ཇི་ལྟར་ཁྱེད་ཀྱིས་མཐོང་བ་ཙམ་གྱི་བདེ་བ་ལ་མངོན་པར་ཆགས་པའི་ཕྱིར་དབང་པོ་དང་ཡུལ་འདི་དག་ཉིད་ཡུལ་གཞན་ལ་སོགས་པ་འཇིག་རྟེན་ཕ་རོལ་ལ་སོགས་པ་ཉིད ་དུ་བརྟགས་ཏེ། ཇི་སྐད་དུ། ཇི་སྲིད་དང་དཔོ?་དང་སྤྱོད་ཡུལ། །དེ་ཉིད་གཅིག་ཉིད་སྐྱེས་བུ་ཡིན། །དེ་བཞིན་དུ་ཡང་བཤད་པ་ཡུལ་གཞན་ནམ། དུས་གཞན་ནམ་གནས་སྐབས་གཞན་ནི་འཇིག་རྟེན་ཕ་རོལ་ཡིན་ནོ་ཞེས་སྨྲས་པ་ལྟ་བུའོ། །གལ་ཏེ་རྒྱུ་དང་འབྲས་བུར་གྱུར་པའི་རྣམ་པར་ཤེས་པ ་ལ་སོགས་པའི་རྒྱུན་ལས་ཐ་དད་པའི་འཇིག་རྟེན་ཕ་རོལ་འགེགས་པར་བྱེད་ན། དེའི་ཚེ་གྲུབ་པ་ལས་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པར་བྱེད་པ་དོན་མེད་པར་འགྱུར་ཏེ། དེ་ལྟ་བུར་གྱུར་བའི་འཇིག་རྟེན་ཕ་རོལ་ཁས་མ་བླངས་པའི་ཕྱིར་རོ། །འོན་ཏེ་རྒྱུན་དངོས་པོ་མེད་པའི་ཕྱིར། དེར ་རྣམ་པར་བཞག་པའི་གནས་སྐབས་ཀྱི་ཁྱད་པར་གང་ཡིན་པ་དེ་ཡང་དངོས་པོ་མེད་པ་ཉིད་མ་ཡིན་ནམ། དེ་ལྟ་ཡིན་དང་དེ་རྒྱུན་དེ་ལ་གནས་སྐབས་ཀྱི་ཁྱད་པར་རྣམ་པར་བཞག་པའི་འཇིག་རྟེན་ཕ་རོལ་འདི་ཡང་དོན་དམ་པར་བྱེད་པར་མི་འགྱུར་རོ་ཞེ་ན། སྐྱོན་འདི་ནི ་མེད་དེ། རྒྱུན་གྱིས་སྒྲས་ནི་དངོས་པོར་གྱུར་པའི་སྐད་ཅིག་མ་རྒྱུན་ཅན་རྣམས་ཚོགས་ཆུད་བར་བྱ་བའི་ཕྱིར་མཛའ་དག་གིས་ཅིག་ཅར་བསྟན་པ་ཡིན་ཏེ། ནགས་ལ་སོགས་པའི་སྒྲས་རྡ་བ་ལ་སོགས་པ་བཞིན་ནོ། །འོ་ན་ཅི་ལྟར། ཅི་སྟེ་རྒྱུ་ལ་སོགས་པ་བཞིན་། ་ཞེས་བྱ་བའི་སྐབས་འདིར་སྔར་རྒྱུན་དངོས་པོ་མེད་པ་ཉིད་དུ་བསྟན་ཅེ་ན། གཅིག་པུ་ཉིད་དུ་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ཉིད་དུ་བརྟགས་པའི་རྒྱུན་གང་ཡིན་པ་དེ་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་དངོས་པོ་མེད་པ་ཉིད་དུ་མངོན་པར་འདོད་དེ། ནམ་མཁའ་ཨི་མེ ་ཏོག་གི་ཕྲད་པ་བཞིན་ནོ། །དེའི་གནས་སྐབས་ཀྱི་ཁྱད་པར་ལ་ཁོ་བོ་ཅག་འཇིག་རྟེན་ཕ་རོལ་དུ་རྣམ་པར་བཞག་པར་བྱེད་པ་ཡིན་ནོ། །ཅི་སྟེ་འཇིག་རྟེན་ཕ་རོལ་གྱི་མིང་ཅན་ཤེས་པ་ལ་སོགས་པའི་རྒྱུན་འདི་དགག་པར་བྱེད་པ་དེའི་ཚེ་རེ་ཞིག་དེའི་རང་གི་ངོ་བོ་དགག་པའི་སྒོ་ནས་འཇིག་རྟེན ་ཕ་རོལ་དགག་བར་བྱ་བར་མི་ནུས་ཏེ། མཐོང་བ་ནི་བསྙོན་པར་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཐོག་མ་དང་ཐ་མ་མེད་པའི་ཆོས་དགག་པའི་སྒོ་ནས་ཏེ། ཐོག་མ་དང་ཐ་མ་མེད་ཕ་དེ་ཡང་ཇི་ལྟར་འགྲུབ་པར་འགྱུར། གལ་ཏེ་ཐོག་མ་མེད་པ་ཉིད་དུ་འདོད་པ་གང་ཡིན་པ་དེ་རྒྱུ་མེད་པར ་འགྱུར་པ་འམ། ཤེས་པ་རྟག་པ་ཅན་གྱི་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བའམ་ཡང་ན་རང་ཉིད་ཀྱིས་རྟག་པའམ། འབྱུང་བ་ཙམ་གྱིས་བསྐྱེད་པའམ། རྒྱུད་གཞན་གྱི་ཤེས་པའི་རྒྱུད་ཅན་ཡིན་ཞེས་བྱ་བར་ཕྱོགས་ལྔའོ། །གལ་ཏེ་སེམས་ཐམས་ཅད་རང་གི་རྒྱུད་ལ་གནས་པའི ་ཤེས་བ་སྔ་མ་སྔ་མའི་རྒྱུ་ཅན་དུ་གྱུར་ན་དེའི་ཚེ་སེམས་ཀྱི་རྒྱུན་ཐོག་མ་མེད་པ་ཅན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསམས་ནས་ཕྱོགས་འདི་རྣམས་ཉེ་བར་བཀོད་དོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ་བལྟོས་པའི་དངོས་པོ་རྣམས་ནི་རེས་འགའ་བར་འགྱུར་བ་ཡིན་ལ། གང་རྒྱུ་མེད་པ་དེ་ནི་ཅུང་ཟད་ཀྱང་མི་བལྟོས་པས་ཅིའི་ཕྱིར་མཚང་བར་འགྱུར། ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པར་ཐལ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིར་རོ། །རྒྱུ་མ་ཚང་བའི་ཕྱིར་འབྲས་བུ ་རྣམས་མེད་པ་ཉིད་ཡིན་ཏེ། རྒྱུ་མ་ཚང་བ་གང་ཡིན་པ་དེ་ཅིའི་ཕྱིར་མི་འགྱུར་ཞེས་བརྗོད་པར་བྱ་དགོས་སོ། །ཕྱོགས་གསུམ་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་མེད་ཕྱིར་ཏེ་རྟག་ཏུ་ཡོད་པ་དེ་ཉིད་མེད་པའི་ཕྱིར་རོ། །རྣམ་ཤེས་རྟག་བ་ཞེས་བྱ་བ་ལ་སོགས་པས་དེ་མེད ་པ་དེ་ཉིད་སྟོན་པར་བྱེད་པ། ཡིན་ཏེ། འདིས་ནི་དམ་བཅའ་བ་མངོན་སུམ་དང་འགལ་བར་བཤད་དོ། །ས་དང་ཞེས་བྱ་བ་ལ་སོགས་པས་ཕྱོགས་བཞི་པ་སེལ་བར་བྱེད་དེ་ས་ནི་སའོ། །རྟག་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བའི་ཕྱོགས་བཞིན་དུ ་འདིར་ཡང་སྐྱོན་མཚུངས་ཏེ། འདི་ལྟར་གཞན་གྱི་འབྱུང་བ་ཆེན་པོ་བཞི་བརྟན་པའི་ངོ་བོར་འདོད་ལ། ལྷན་ཅིག་བྱེད་པའི་རྒྱུ་ལ་བལྟོས་ནས། རིམ་གྱིས་རྟག་པ་ལས་སྐྱེ་བ། ཞེས་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། རྟག་པ་ནི་ཕན་འདོགས་པ་ལ་བལྟོས་པ་མ་ཡིན་ནོ་ཞེས་ཕལ ་ཆེར་དཔྱད་ཟིན་པའི་ཕྱིར་རོ། །ཡང་ཇི་སྐད་དུ་བཤད་པའི་སྐྱོན་གྱིས་འཇིགས་ནས་གཞན་དག་གི་ཚུ་རོལ་མཛེས་པ་རྣམས་ཀྱིས་ཀྱང་འབྱུང་བ་ཆེན་པོ་བཞི་པོ་འདི་སྐད་ཅིག་མ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ་ཡང་སྐྱོན་ཅན་ཉིད་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི ་ལྟར་རེ་ཞིག་གང་གིས་དེའི་ཐ་སྙད་གྲུབ་པར་འགྱུར་བ་ལུས་དང་བློ་དག་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ལ་ཚད་མ་ཅུང་ཟད་ཀྱང་མདོ། །སྦྱོར་བ་ནི་གང་དུ་དངོས་པོ་གང་ཞིག་གྲུབ་པར་བྱ་བའི་ཕྱིར་ཚད་མ་ཅུང་ཟད་ཀྱང་མེད་པ་དེ་ནི་དར་རྟོག་པ་དང་ལྡན་པས་ཐ་སྙད་བྱ་བ ་མ་ཡིན་ཏེ། མེ་ལ་གྲང་བའི་ཐ་སྙད་བཞིན་ནོ། །ལུས་དང་བློ་དག་ལ་ཡང་རྒྱུ་དང་འབྲས་བུ་གྲུབ་པར་བྱ་བའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་རྒྱུ་དང་འབྲས་བུའི་སྒྲུབ ་པར་བྱེད་པ་ནི་མངོན་སུམ་དང་མི་དམིགས་པ་ཡིན་ནོ། །དེ་ཡང་ཁྱད་པར་ཅན་གྱི་རྗེས་སུ་འགྲོ་བའམ། ལྡོག་པ་ཉིད་ལས་ངེས་པ་ཡིན་གྱི། མཐོང་བ་དང་མ་མཐོང་བ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་ལས་འབྲས་བུ་ངེས་པར་བྱ་བ་ལ་གང་དག་དམིགས ་ན་དམིགས་པའི་མཚན་ཉིད་དུ་གྱུར་པ་སྔ་མ་དམིགས་པ་ན་དམིགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་རྟེན་པར་བྱེད་དེ། དེ་ལྟ་མ་ཡིན་ཏེ། གལ་ཏེ་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་བ་ཞེས་བྱ་བ་དེ་ལྟ་བུ་ལ་མི་བལྟོས་པ་དེའི་ཆ་དེ་ལ་འབྲས་བུ་དང་པོ ་ནས་ཡོད་པའམ་ཡུལ་གཞན་ནས་འོངས་པའམ། གང་དག་རྒྱུ་ལས་སྔར་གནས་པའི་རྩིག་པ་དད་དེ་ལྡེ་ལ་སོགས་པ་དེ་དག་རྒྱུ་ཡིན་པ་མ་བཀག་པར་འགྱུར་རོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་ཉེ་བར་བསྟན་པས་ནི་དེ་བཀག་པར་འགྱུར་ཏེ། དེ་དེ་ལས ་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ལྟར་དེ་ཞིག་རྗེས་སུ་འགྲོ་བ་ལས་འབྲས་བུ་ངེས་པ་ཡིན་ནོ། །ལྡོག་པ་ལས་ཀྱང་འབྲས་བུ་ངེས་པར་བྱ་བ་ནི་དེ་ལས་གཞན་པའི་ནུས་པའི་རྒྱུ་དག་ཡོད་ན་ཡང་གར་ཞིག་གཅིག་མེད་ན་མི་འབྱུང་བ་ཞེས་དེ་ལྟ་བུ་ལ་བརྟེན་པར་བྱ་སྟེ། དེ་ལྟ་མ་ཡིན་ཏེ ་དེ་མེད་ན་མི་འབྱུང་བ་ཞེས་བྱ་བ་འབའ་ཞིག་ཉེ་བར་བསྟན་པས་ནི་འདིར་དེའི་ནུས་པ་ལ་ཐེ་ཚོམ་ཟ་བ་ཉིད་དུ་འགྱུར་ཏེ། དེ་ལ་ནུས་པ་གཞན་ཡང་འོད?་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདི་ལྟར་སྲིད་པ་ཡིན་ཏེ། དེ་ལ་ནུས་པ་ནི་གཞན་ཉིད་ཡིན་ཏེ། དེ་མེད་པས་དེ་མི་འགྱུར་བ་ཡིན ་ནོ། །གང་ཡང་འདི་ལྡོག་པ་ན་འདི་ལྡོག་པ་དམིགས་པ་དེན་འདོད་རྒྱལ་བའི་མི་བསླུ་བ་ཡིན་ཏེ། མ་བག་མར་ལེན་པར་འོངས་པའི་ཡུལ་དུ་སྐྱེ་བའི་འབྲོག་མ་བག་མར་ལེན་བ་མེད་པའི་ཡུལ་གཞན་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ནུས་པ་ཡོད་ཀྱང་ཞེས་བྱ་བར ་ཁྱད་པར་དུ་བྱ་བ་ཡིན་ཏེ། དེ་ལྟར་ན་དེ་ཉིད་རྒྱུ་ཉིད་དུ་ངེས་ཏེ། དེ་ལྡོག་པའི་དུས་སུ་བྱེད་པའི་ཕྱིར་རོ། །ཕན་མི་འདོགས་པ་ནི་ལྡོག་པའི་རྗེས་སུ་བྱེད་པ་འགའ་ཡང་མེད་དེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་བདག་གིས་ཐེ་ཚོམ ་མེད་པར་རྒྱུ་དང་འབྲས་བུ་ཉིད་དུ་ངེས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་དག་ལ་འདི་འདྲ་བའི་རྗེས་སུ་འགྲོ་བ་འམ། ལྡོག་བ་ངེས་པ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་རང་གི་ལུས་དད་བློ་དག་རྗེས་སུ་འགྲོ་བ་ངེས་པར་ནུས་པ་མ་ཡིན་ཏེ། མངལ་ལ ་སོགས་པར་སྐྱེ་བ་ལས་སྔར་འབྲས་བུ་འགའ་ཞིག་དམིགས་པ་མེད་པའི་ཕྱིར་ལ། སེམས་མེད་པར་དམིགས་པར་འགྱུར་བ་ཡང་མ་ཡིན་ཏེ། གཞན་གྱི་ལུས་ལ་ཡང་སེམས་དམིགས་པའི་མཚན་ཉིད་དུ་མ་གྱུར་པའི་ཕྱིར་སྔ་མ་དང་ཕྱི་མ་འཛིན་བ་མེད་པས་དེའི་ ་ཕྱིར་རྗེས་སུ་འགྲོ་བ་ངེས་པ་མ་ཡིན་ནོ། །ལྡོག་པ་ཡང་ངེས་པ་མ་ཡིན་ཏེ། དེ་ལ་ཡང་རེ་ཞིག་དང་གི་ལུས་ལྡོག་པས་བློ་ལྡོག་པ་ཉིད་དུ་ཤེས་བར་ནུས་པ་ཡང་མ་ཡིན་ཏེ། རང་ཉིད་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་རོ། །གཞན་གྱི་བློ་ལོག་པས་དེ ་དང་འབྲེལ་པའི་བློ་ལྡོག་བར་ངེས་པར་ནུས་པ་ཡང་མ་ཡིན་ཏེ། དེའི་བློ་དམིགས་པའི་མཚན་ཉིད་དུ་མ་གྱུར་པ་ཉིད་ཀྱིས་ལུས་ལོག་ན་ཡང་བློ་ལྡོག་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྩིག་པ་ལ་སོགས་པ་ལ་ལུས་ལྡོག་ཀྱ་བློ་ལྡོག་བར་ངེས་བ་མ་ཡིན་ཏེ། དེ ་ཡོད་པ་དམིགས་པའི་མཚན་ཉིད་དུ་མ་གྱུར་པ་ཉིད་ཀྱི་ཐེ་ཚོམ་ཟ་པའི་ཕྱིར་རོ། །གཡོ་བ་ལ་སོགས་པའི་འབྲས་བུ་མ་མཐོང་བའི་ཕྱིར་ཡང་མེད་པར་ངེས་པར་རིགས་པ་མ་ཡིན་ཏེ། རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ནོ། །གཞན་ཡང་སྤྱི་ལུས་ཀྱི་ཁྱད་པར ་འཛིན་པའི་རྒྱུ་སྲེད་པ་ཕྱིན་ཅི་ལོག་གི་མཚན་ཉིད་རང་གི་རྒྱུ་མེད་པའི་ཕྱིར་རྩེགས་པ་ལ་སོགས་པ་དེ་ལ་བློ་མེད་པ་ཡིན་ནམ། འོན་ཏེ་ལུས་ལྡོག་པ་ལས་ཡིན་ཞེས་ཐེ་ཚོམ་ཟའོ། །དེ་ལྟ་བསན་གཏན་ཚིགས་མ་གྲུབ་བ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད ་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང། རྟོགས་པ་དང་ལྡན་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཁྱེད་ལ་ལུས་བློའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཞིག་ཡོད་ཅེ་ན་མ་ཡིན་ཏེ། ཚད་མ་ཡོད་བ ་ཉིད་དེ། དེ་སྐད་དུ་ཡང་ཡིད་ཀྱི་བློའི་རྒྱུ་ལུས་མ་ཡིན་ནོ་ཞེས་བྱ་བ་འདི་ལ། ཡིད་ཀྱི་བློ་ནི་རང་དབང་ཅན་ཞེས་བྱ་བ་ལ་སོགས་པས་ཚད་མ་སྟོན་པར་འགྱུར་རོ། །དེ་ཉིད་སྲིད་པ་གཞན་དུ་མཚམས་སྦྱོར་བ་ལ་བདག་པོ་ཡིན་པའི་ཕྱིར་ལུས་ལ་མི་བརྟེན་པ་ཉིད་དུ་གྲུབ་བ་ན་འཇིག་རྟེན ་ཕ་རོལ་གྲུབ་བོ། །གཞན་ཡང་ཡིད་ཀྱི་བློའི་རྒྱུ་ལུས་ཡིན་པ་ན་ཡན་ལག་ཅན་གྱི་ངོ་བོ་གཅིག་ཡིན་ནམ། རྡུལ་ཕྲ་རབ་དུ་མ་འདུས་པའི་བདག་ཉིད་དམ། ཡང་ན་དབང་པོ་དང་བཅས་པ་འམ། དབང་པོ་མེད་པ་འམ། ཅི་ཉེ་བར་ལེན་པའི་རྒྱུ་འམ། འོན་ཏེ་ལྷན་ཅིག་བྱེད་པའི་རྒྱུ་ནི་ནོ་ཞེས ་ནམ་པར་བརྟག་གོ། དེ་ལས་རེ་ཞིག་ཡན་ལག་ཅན་གཅིག་རིགས་བ་མ་ཡིན་ཏེ། དེ་ནི་སྔར་བཀག་ཟིན་པའི་ཕྱིར་དང། འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ལ་རང་བཞིན་བཞི་རིགས་པ་མ་ཡིན་ཏེ། དུ་མའི་ཐ་དྡ་ཚད་མང་ཐལ་བར་འགྱུར་བའི ་ཕྱིར་རོ། །དེ་ལྟ་བས་ན་རྡུལ་ཕྲ་རབ་དུ་མ་འདུས་པའི་བདག་ཉིད་དུ་ཐས་བང་བར་བྱའོ། རྡུལ་ཕྲ་རབ་དེ་དག་ཀྱང་རེ་རེ་རྒྱུ་ཡིན་ནམ། མཚོགས་པ་རྒྱུ་ཡིན་གྲང། རེ་ཞིག་རེ་རེ་ནི་མ་ཡིན་ཏེ། ས་བོན་དེ་རེ་མྱུ་གུ་བསྐྱེད་པ་བཞིན་རྡུལ་ཕྲ་རབ་རེ་རེ་རྣམ་པར་རྟོག་པ་སྐྱེ་བར་ཐལ་བར་འགྱུར་བའི ་ཕྱིར་རོ། །ཚོགས་པ་ཡང་མ་ཡིན་ཏེ། སྣ་ཚོགས་པའི་ཡན་ལག་གཅིག་མ་ཚང་ན་ཡང་མི་སྐྱེ་བར་འགྱུར་བའི་ཕྱིར་ཏེ། ས་ལ་སོགས་པ་གང་ཡང་པ་མ་ཚང་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །ཚོགས་པ་ལ་རག་ལས་པའི་འབྲས་བུ་ནི་གང་ཡང་རུང་བ་མེད་པ་ནི་འགྱུར་བ་མ་ཡིན་ཏེ། དེ་ལ ་དག་ལས་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཇི་ལྟར་ཡོད་པ་བཞིན་པ་ཐམས་ཅད་ཀྱང་སེམས་ཀྱི་རྒྱུར་རྟོག་།པར་བྱེད་ན། འོ་ན་དེ་ལྟ་ན་ལུས་ཀྱི་ཡན་ལག་ཚད་བ་དང་མཚང་བ་ལས་བྱུང་བའི་རྣམ་པར་རྟོག་པ་དེ་དག་ཐ་དད་བར་འགྱུར་ཏེ། རྒྱུ་ཐ་དད་པའི ་ཕྱིར་རོ། །དེ་ལྟ་མ་ཡིན་ན་འབྲས་བུ་འི?་ཐ་དད་བརྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡན་ལག་མ་ཚང་པ་མེད་བ་ལས་ཕྱིས་ཡན་ལག་མ་ཚང་བར་གྱུར་པ་ན་ཡིད་ཀྱི་བློ་འགའ་ཞིག་ཁྱད་པར་དུ་འགྱུར་བ་ནི་ཡོད་པ་མ་ཡིན་ཏེ། ཐོས་པ་ལ་སོགས་པའི་ལེགས་པར་བྱས ་པ་ནི་དེའི་ཆེ་ཡང་མཚང་བ་མེད་པར་འཇུག་པའི་ཕྱིར་རོ། །གླང་པོ་ལ་སོགས་པའི་ལུས་ལ་གནས་པའི་ཡིད་ཀྱི་བློ་ཁྱད་པར་དུ་འཕགས་བར་འགྱུར་གྱི་མིའོ་བློ་ནི་མ་ཡིན་ནོ། །གང་ཡང་ལུས་ཆུང་བའི་མིའི་སྐྱེ་བ་དེ་དག་བློ་དམན་པ་དང། ལུས་ཆེན་ནི་བློ་གསལ་བར ་འགྱུར་ཏེ། རྒྱུ་ཆུང་བ་དང་ཁྱད་པར་དུ་འཕགས་པ་ལས་འབྲས་བུ་ཆུང་བ་དང་ཁྱད་པར་དུ་འཕགས་པར་མཐོང་བའི་ཕྱིར་རོ། །གང་ཞིག་ཐ་དད་པར་མི་འགྱུར་བ་དེ་ནི་དེའི་འབྲས་བུ་ཡིན་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་འབྲས་བུའི་ཐ་དད་བ་ཡང ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དབང་པོ་དང་བཅས་བཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། འདི་ལྟར་ཡིད་ཀྱི་བློ་དབང་པོ་རེ་རེ་ལས་སམ། ཚོགས་པ་ལས་ཡིན་གྲང། རེ་ཞིག་རེ་རེ་ལས་ནི་མ་ཡིན་ཏེ། དབང་པོ་རེ་རེ་ཉམས་ན་ཡང་ཡིད ་ཀྱི་བློ་མཚད་བ་མེད་པའི་ཕྱིར་རོ། །འདི་ལྟར་ཉམས་བྱེད་ཅེས་བྱ་བ་ལ་སོགས་པའི་ནད་ལ་སོགས་པས་ལུས་ཀྱི་དབང་པོ་ལ་སོགས་པ་ལ་གནོད་ཀྱང་ཡིད་ཀྱི་བློ་མཚང་བ་མེད་པ་ཉིད་དུ་ཡོད་པར་ཉམས་སུ་མྱོང་ངོ། །གང་འགྱུར་ན་ཡང་གང་མི་འགྱུར་བ་དེ་ནི་དེའི་འབྲས་བུར ་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་སོ་སོར་ངེས་པའི་དོན་འཛིན་པ་དང་རྟོག་པ་མེད་པ་དང་དོན་ཉེ་བ་ལ་བལྟོས་ནས་འཇུག་བ་དང་ངེས་འགའ་བར་འགྱུར་ཏེ། རྒྱུ་ཐ་མི་དད་བའི་ཕྱིར ་དང་?་ཅིག་ཅར་དུ་མ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཚོགས་བ་ལས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དབང་པོ་གཅིག་མེད་པ་ན་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ་ལྷན་ཅིག་བྱེད་པ་གཅིག་མེད་པ་ན་མྱུ་གུ་ལ་སོགས་པ་ཉམས་པ་བཞིན ་ནོ། །དབང་པོ་མེད་པ་ཞེས་བྱ་བའི་ཕྱོགས་ཀྱང་?་ཡིན་ཏེ། ལུས་ལ་བཅང་མའི་ལག་པ་ལ་སོགས་པ་ཡང་དེའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱད་པར་ཅན་རྒྱུ་ཉིད་ཡིན་ན་དབང་པོ་དང་བཅས་པ་ཉིད་འདོད་པར་འགྱུར་ཏེ། བཟང་པོ་དང་བཅས་པ ་ལས་གཞན་ཁྱོད་པར་ཅན་བསྟན་པར་ནུས་པ་མ་ཡིན་ནོ། །ཉེ་བར་ལེན་པའི་རྒྱུ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ་འདི་ལྟར་འབྲས་བུར་གཏོགས་པའི་ཁྱད་པར་མཛའ་དག་གི་རྗེས་སུ་འགྲོ་བའི་རང་བཞིན་གྱི་རྒྱུ་གང་ཞིག་རྟོག་ཏུ་བདག་ཉིད་ཡོད་པ་ཉེ་བའི? ་ཕྱིར་དེ་ལ་ཕན་འདོགས་པར་བྱེད་པ་གང་ཞིག་འགྱུར་བར་མ་བྱས་པར་འབྲས་བུ་འགྱུར་བར་མི་ནུས་པའི་རྒྱུའི་ཁྱད་པར་དེ་ཉིད་ཉེ་བར་ལེན་བ་ཉིད་དུ་གྲགས་ཏེ། དཔེར་ན་འཛིན་པའི་བདག་ཉིད་ཀྱི་སོགས་པ་སྔ་མ་སྔ་མ་ལུས་པའི་?་ཅན་གྱི་འབྲས་བུའི་རིགས?་པ ་ཕྱི་མ་ཕྱི་མའི་ཉེ་བར་ལེན་པར་འདོད་བ་ཉིད་བཞིན་ནོ། །གང་ཞིག་གང་རྣམ་པར་འགྱུར་བར་བྱེད་འདོད་པ་དེ་དེའི་ཉེ་བར་ལེན་བ་རྣམ་པར་འགྱུར་བར་བྱས་པ་ཉིད་ཀྱིས་དེ་རྣམ་པར་འགྱུར་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ནུས་པ་ཐོགས་པ་མེད་པའི་ཉེ་བར་ལེན་པ་སྔ་མ་ཡོད་ན་དེའི ་འབྲས་བུ་ཕྱིས་སྐྱེ་བར་འདོད་པ་གང་གིས་གནོད་པར་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་སྐྱེ་བར་འདོད་པའི་འབྲས་བུ་བུམ་པ་ལ་སོགས་པ་ཕྱི་མ་འཇི་བའི་བདག་ཉིད་སྔ་མ་ལ་གེགས་མ་བྱས་བར་ནུས་པ་མེད་པའི་སྐད་ཅིག་བསྐྱེད་པའི་ཕྱིར་འགྱུར་བ་དབྱེད་པར ་ནུས་པ་མ་ཡིན་ནོ། །ཐམས་ཅད་དུ་འགྱུར་བར་བྱེད་པའི་ཚུལ་ནི་འདི་ཉིད་ཡིན་ཏེ། ཉེ་བར་ལེན་པའི་སྐད་ཅིག་ཕྱི་མ་ནུས་པ་མེད་པ་ཉིད་དུ་སྐྱེད་པའོ། །གཞན་དུ་ན་དངོས་སུ་ནི་འགལ་བ་འགའ་ཡང་སྲིད་པ་མ་ཡིན་ནོ། །གལ་ཏེ་རྒྱུའི་འགྱུར་བ་བྱེད་བ་བཞིན་དུ་འབྲས་བུ་ཡང་དངོས ་སུ་རྣམ་པར་འགྱུར་བ་བྱེད་པར་འགྱུར་གྱི་ཉེ་བར་ལེན་པ་འགྱུར་བར་བྱེད་པའི་སྒོ་ནས་ནི་མ་ཡིན་ནོ། །གང་ཡང་སྒྲོན་མ་ལ་སོགས་པའི་དབང་དུ་བྱས་ནས་དེའི་འོང་ཡུལ་གཞན་དུ་འཇུག་པའི་བར་དུ་སྒྲིབ་གཡོགས་ཀྱིས་འགྱུར་བར་བྱེད་པ་དེ་ནི་དེའི་དངོས་ཀྱི་ཉེ་བར་ལེན་པའི ་རྒྱུ་སྒྲོན་མ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འོད་ཀྱི་སྐད་ཅིག་སྔ་མ་སྔ་མ་སྟེ། དེ་ཉིད་ནུས་པ་མེད་པའི་སྐད་ཅིག་གཞན་སྐྱེད་པའི་མཚན་ཉིད་ཀྱི་འགྱུར་བ་བསྒྲུབ་པའི་ཕྱིར་སྒྲིབ་གཡོགས་ཀྱིས་འོད་ཉམས་པར་བྱེད། ཡང་དངོས་པོ་གང་ཞིག་གི་དབང་དུ་བྱས་ནས་གང་འགྱུར ་བར་བྱེད་པ་དེ་ནི་དེའི་ཉེ་བར་ལེན་པ་མ་ཡིན་ཏེ། དཔེར་ན་པ་མེན་གྱི་དབང་དུ་བྱས་ནས་པ་ལང་རྣམ་པར་འགྱུར་བ་བཞིན་ནོ། །མི་འདོད་པ་སྤྱོད་པ་ལ་སོགས་པས་ཡིད་མི་བདེ་བ་ལ་སོགས་པའི་མཚན་ཉིད་ཀྱི་འགྱུར་བ་སྒྲུབ་པར་བྱེད་པའི་ཡིད་ཀྱི་བློ་ཡང་ལུས་ཀྱི་དབང་དུ་བྱས ་བ?་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འོན་ཏེ་ཟས་དང་གཉིད་ལ་སོགས་བས་ལུས་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ན་འདོད་ཆགས་ལ་སོགས་པའི་མཚན་ཉིད་ཀྱི་ཡིད་ཀྱི་བློའི་རྣམ་པར་འགྱུར་བསྒྲུབ་པར་བྱེད་པར་མཐོང་བ་ཁོ་བོ? ་གལ་ཏེ་མཐོང་མོད་དེ་ལས་ཅིར་འགྱུར། དེ་ཙམ་གྱིས་ནི་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ཏེ། འདི་ལྟར་གང་ཞིག་རྣམ་པར་མི་འགྱུར་ན་ཡང་གང་རྣམ་པར་འགྱུར་བར་བྱེད་པ་དེ་ནི་དེའི་ཉེ་བར་ལེན་པ་མ་ཡིན་ནོ། །ཞེས་བྱ་བ་དེ་ཙམ་ཞིག་འདིར ་བརྗོད་པར་འདོད་པ་ཡིན་ནོ། གནས་སྐབས་འགལ་ཞིག་ཏུ་མི་འདོད་པ་སྤྱོད་པ་ལ་སོགས་པས་ལུས་རྣམ་པར་འགྱུར་བར་བྱེད་པ་མེད་པར་ཡང་བློ་འགྱུར་བར་བྱེད་པར་སྲིད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ག་ལས་ཡིན་དེ་འགའ་དེ་ལྟ་བུར་གྱུར་པས་དེའི་རྣམ་པར ་འགྱུར་བའི་རྗེས་སུ་བྱད་པའི་ཕྱིར་པའི་ཉེ་བར་ལེན་པ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ་།ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཡུལ་ཡང་ཉེ་བར་ལེན་པ་ཉིད་དུ་འགྱུར་ཏེ། འདི་ལྟར་ལྟག་དང་ཁྲལ་སོགས་པའི་འཇིགས་སུ་རུང་བའི་ཡུལ་མཐོང་བ་ལ་སོགས ་པའི་སྟོབས་ཀྱིས་ཀྱང་རེས་འགའ་སྔར་མའི་ཡིད་རྨུགས་པའི་མཚན་ཉིད་ཀྱི་ཡིད་ཀྱི་འགྱུར་བ་འགྱུང་བ་ཁོ་ནའོ། །དེ་ཙམ་གྱིས་ནི་ཡིད་ཀྱི་བློ་དེ་དེ་ལ་བརྟེན་པར་འགྱུར་བ་ཡང་མ་ཡིན་ནོ། །འདོད་པ་དང་མྱ་ངན་ལ་སོགས་པའི་རྣམ་པར་སྤྱད་པས་ཀྱང་ཡིད ་ཉམས་ལན་ལུས་རྣམ་པར་འགྱུར་བ་མཐོང་བའི་ཕྱིར་དེ་ལུས་ཀྱི་ཡང་ཉེ་བར་ལེན་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་ངེས་པར་དངོས་སུ་གང་ཞིག་གང་འགྱུར་བའི་རྗེས་སུ་བྱེད་བ་དེ་ནི་དེའི་ཉེ་བར་ལེན་པར་རིགས་པ་ཡིན་ཞིང་འདོད་ཆགས་ལ་སོགས ་པའི་མཚན་ཉིད་ཀྱི་རྣམ་པར་འགྱུར་བ་ངེས་པར་ལུས་ཡོངས་སུ་རྒྱས་པ་ལ་སོགས་པ་ལས་འགྱུར་བ་མ་ཡིན་ཏེ། སོ་སོར་རྟོག་པ་དང་ལྡན་པ་འགའ་ཞིག་ལུས་ཡོངས་སུ་རྒྱས་ན་ཡང་དེ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་བཞིན་མ་ཡིན་པ་མང་དུ་ཡིད་ལ ་བྱེད་པའི་གང་ཟག་ལུས་ཤིན་ཏུ་རིག་པ་འམ་དུད་འགྲོར་གཏོགས་པ་འགའ་ཞིག་ལུས་ཤིན་ཏུ་ཉམས་ཆུང་ཡང་འདོད་ཆགས་ལ་སོགས་པ་ཤས་ཆེན་པོར་མཐོང་བའི་ཕྱིར། །གང་མེད་ན་ཡང་དེ་ཡོད་པ་དེ་ནི་དེའི་འབྲས་བུར་རིགས་པ་མ་ཡིན་ཏེ། ཉ? ་ཅད་ཐལ་བར་འགྱུར་བའི་ཕྱིར་རོ། །ལུས་ལས་དངོས་སུ་འདོད་ཆགས་ལ་སོགས་པ་སྲིད་པ་ཡང་མ་ཡིན་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པས་བར་དུ་གཅོད་པའི་ཕྱིར་རོ། །འདི་ལྟར་ལུས་རྒྱས་ན་ནང་གི་རེག་བྱའི་ཡུལ་གྱི་སྐད་ཅིག་གིས་བསྐྱེད་པའི་བདེ་བ་ལ་སོགས ་པ་ཉམས་སུ་མྱོང་ལ། དེ་ལས་བདག་དང་བདེ་བ་ལ་སོགས་པ་དེ་དང་དེ་སྒྲུབ་པར་བྱེད་པ་ལས་སྲེད་པ་དང་ལྡན་པ་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་དང་ལྡན་པའི་ཡིད་ཅན་འདི་ནི་བདག་ལ་ཕན་འདོགས་པ་འམ། གནོད་པ་བྱེད་པ་ཡིན་ཞེས་བདག་ལ་ཕན་པ་དང་གནོད་པར་རྣམ་པར ་རྟོག་གོ། དེ་ལས་དེ་ལ་ཡོངས་སུ་དགའ་བ་དང་ཡིད་བདེ་?་ལ་སོགས་པ་འབྱུང་ལ། དེ་ལས་བདེ་བ་ལ་སོགས་པའི་ཡུལ་ཅན་འདི་མངོན་པར་ཤེས་པ་ལ་སོགས་པ་སྐྱེའོ། །ཞེས་བྱ་བ་འདི་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྟོགས་པ་ཉིད་ཡིན་ཏེ། ཡིད་བདེ་བ་ལ ་སོགས་པ་སྲིད་བ་ཉིད་ན་འདོད་ཆགས་ལ་སོགས་པ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་རྒྱས་པ་ལ་སོགས་པ་ནི་དངོས་སུ་ཡིད་ཀྱི་བློ་འགྱུར་བར་བྱེད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དངོས་སུ་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ལུས་དེའི་ལྷན་ཅིག་བྱེད་པ་ཡང་མ ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །མྱུ་གུ་བ་སོགས་པ་ལ་ས་བོན་ལ་སོགས་པའི་ཕན་འདོགས་པ་རྣམས་དངོས་སུ་ལྷན་ཅིག་བྱེད་པ་ཉིད་དུ་གྲགས་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །ད་ལྟ་བས་ན་རིགས་མཐུན་པའི་ས་བོར ་སད་ནས་འཇུག་པ་ཅན་ཉིད་ཀྱི་འདོད་ཆགས་ལ་སོགས་པ་དང། ལུས་རྒྱས་པ་དང་ལང་ཚོ་དང་དུས་ལ་སོགས་པ་ནི་སོ་སོར་རྟོག་པ་གོམས་པ་དང་བལ་བ་འགའ་ཞིག་གི་དེ་བག་ཆགས་བསད་པའི་རྒྱུ་ཡིན་ནོ། །ལུས་རང་གི་ཉེ་བར་ལེན་པས་འཇུག ་པའི་ཡིད་ཀྱི་བློ་ངེས་འགའ་དངོས་སུ་ཕན་འདོགས་པར་བྱེད་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ལུས་ལྡོག་ན་ཡང་དེ་ལྡོག་བ་གྲུབ་པར་མི་འགྱུར་ཏེ། དཔེར་ན་མེ་ལོག་ཀྱང་བུམ་པ་ལ་སོགས་པ་མི་ལྡོག་པ་བཞིན་ཏེ། རང་གི་ཉེ་བར་ལེན་པ་མ་ལོག་? ་ཕྱིར་མི་འདོད་པར་འགྱུར་བ་མ་ཡིན་ནོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་པའི་ཕྱོགས་ལ་ཡོན་པའི་ཕྱིར་རོ། །དེའི་ཕྱིར་ལུས་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཞིང ་ལྷན་ཅིག་བྱེད་པའི་རྒྱུ་ཡང་མ་ཡིན་པའི་ཕྱིར་ཡིད་ཀྱང་བློ་སྔ་མ་སྔ་མའི་བློའི་སྟོབས་ཀྱིས་བྱུང་བ་ཅན་ཡིན་པར་གྲུབ་པོ། །འདི་སྙམ་དུ་གང་དག་ལྷན་ཅིག་གནས་པར་ངེས་པ་དེ་དག་ནི་ཉེ་བར་ལེན་པ་དང་ཉེ་བར་བླང་བར་བྱ་བར་འགྱུར་བདག་ཡིན་ཏེ། མར་མེ་དང ་འོད་དག་བཞིན་ནོ། །ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་ཀྱང་ལྷན་ཅིག་གནས་པ་ངེས་པ་ཡོད་པ་ཡིན་ནོ་ཞེས་བྱ་བའི?་རང་བཞིན་གྱི་གཏན་ཚིགས་སོ། །དེའི་ཕྱིར་འདི་ནི་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ཏེ། གཟུགས་མེད་པའི་ཁམས་ན ་ལུས་ཀྱང་ཡིད་ཀྱི་བློའི་གནས་སྐབས་ཁས་ལེན་པའི་ཕྱིར་རོ། །འདོད་པ་གྲུབ་པ་ཡང་མ་ཡིན་ཏེ། ཡིད་ཀྱི་བློ་ཡང་ལུས་ཀྱི་ཉེ་བར་ལེན་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མར?་ངེས་པ་ཡང་མ་ཡིན་ཏེ། རྒྱུ་ཐ་མི་དད་པས་ཀྱང་ལྷན་ཅིག་གནས་པ་སྲིད་པའི ་ཕྱིར་མེད་དང་ཟངས་ཀྱི་ཞུ་བ་ཉིད་བཞིན་ཏེ། འདི་ལྟར་མེ་ལྷན་ཅིག་བྱེད་པ་ཅན་གྱི་ཟངས་ཞུ་བར་རྩོམ་གྱི་འགའ་ཞིག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འདི་ལས་ཡང་ལུས་ཀྱི་ཉེ་བར་ལེན་པ་ནུར་ནུར་པོ་ལ་སོགས་པ་ཡོད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་བྱེད་པ ་ཅན་གྱི་ལུས་རྩོམ་པས་དེའི་ཕྱིར་དེ་དག་ལྷན་ཅིག་གནས་པ་ཡིན་གྱི་ཉེ་བར་ལེན་པ་དང་ཉེ་བར་བླང་པའི་དངོས་པོ་ནི་མ་ཡིན་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །ཡང་ཅི་སྟེ་གལ་ཏེ་ཡང་དུས་ཕྱི་མའི་ཡིད་ཀྱང་བློ་སྔ་མ་སྔ་མའི་སྟོབས་ཀྱིས་འབྱུང་བ་དེ་ལྟ་ན ་ཡང་ལུས་དུས་དང་བོར་བྱུང་བ་གང་ཡིན་པ་དེའི་ཉེ་བར་ལེན་པ་ཉིད་ཡིན་པས་དེའི་ཕྱིར་ཐོག་མ་མེད་པ་ཉིད་དུ་མ་གྲུབ་པོ་སྙམ་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། རྟོག་པ་འདིའི་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །གནོད?་པར ་བྱེད་པ་ཡང་མེད་དོ་ཞེ་ན། མ་ཡིན་ཏེ། གནོད་པར་བྱེད་པ་ཡོད་པ་ཉིད་དེ། དེ་ལྟར་ཡིད་ཀྱི་བློ་ལན་ཅིག་ལུས་ལས་བྱུང་ལ་ཕྱིས་རིགས་མཐུན་པ་ལས་བྱུང་བ་འགྱུར་ན་དེའི་ཚེ་དུས་ཕྱིས་ཐམས་ཅད་དུ་ཡིད་ཀྱི་རྣམ་པར་ཤེས་པ་སྔ་མ་སྔ་མ་ཁོ་ན་ལས་འབྱུང་བར་འགྱུར་གྱི། མིག་གི ་རྣམ་པར་ཤེས་པ་ལ་སོགས་པ་རིགས་མི་མཐུན་པ་ལས་བྱུང་བ་ནི་མ་ཡིན་པར་འགྱུར་རོ། །དུ་བ་ལེ་ལས་ལན་ཅིག་བྱུང་ནས་ཕྱིས་རིགས་མི་མཐུན་པ་གཞན་ཡང་བྱུང་བ་ནི་མ་ཡིན་ནོ། །དུས་ཕྱིས་ཡིད་ཀྱི་བློ་ཡིད་ཀྱི་རྣམ་པར་ཤེས་པ་ལས་བྱུང་བ་ཁོ་ནར་ཉམས་སུ་མྱོང ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ངེས་པ་ལས་བྱུང་བ་ཅན་ཡིན་ནོ། །གང་ཞིག་གང་ལས་དང་པོར་སྐྱེ་བ་བསྒྲུབ་པར་དམིགས་པ་དེ་ནི་དེ་ལས་གཞན་ལས་འབྱུང་བར་འོངས་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དང ་པོར་ཡིད་གྱི་བློ་མིག་ལ་སོགས་པའི་རྣམ་པར་ཤེས་བ་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ངེས་པ་སྐྱེ་བར་ཉམས་སུ་མྱོང་བས་དེའི་ཕྱིར་མ་ངེས་པའི་རྣམ་པར་ཤེས་པ་ཙམ་ལས་བྱུང་བར་གྲུབ་བོ། །གཞན་ཡང་གལ་ཏེ་ལུས་དུས་དང་པོ་ཉིད་དུ་ཡིད་ཀྱི་པོའི་ཉེ་བར་ལེན་པའི་རྒྱུ ་ཡིན་ལ་དུས་ཕྱིས་མ་ཡིན་པ་དེའི་ཚེ་ཅིའི་ཕྱིར་དེ་ལུས་ལ་མི་བལྟོས་པར་འཇུག་པར་མི་འགྱུར། དེ་ནི་ཕན་མི་འདོགས་པའི་ལུས་ལ་འགའ་ཡང་བལྟོས་པར་རིགས་པ་མ་ཡིན་ནོ། །ཁྱེད་ཅག་གང་གི་ལྟར་ན་བློ་ནི་བློ་གཞན་སྔོན་དུ་འགྲོ་བ་ཅན་ཡིན་པ་དེའི་ལྟར་ན་ཡང་ཅིའི ་ཕྱིར་དེ་འགའ་ཞིག་མི་འཇུག་ཅེ་ན། འཇུག་པ་ཉིད་མོ་ཡིན་ནམ། དཔེར་ན་གཟུགས་མེད་པའི་ཁམས་ན་ལྟ་བུའོ། །གང་གཟུགས་ལ་ཆགས་པ་དང་ལྡན་པ་དེ་ནི་དེ་ལ་བལྟོས་ནས་འཇུག་པ་ཡིན་པའི་ཕྱིར་རྩོད་པ་མེད་པ་ཉིད་དོ། །ཅི་སྟེ་ལུས་ཀྱང་དུས་ཕྱིས་ཕན་འདོགས ་བར་བྱེད་པ་ཁས་ལེན་བར་བྱེད་པ་དེའི་ཚེ་རྣམ་པར་ཤེས་པའི་རྒྱུན་ཏུ་མི་སྐྱེ་བ་ཐལ་བར་འགྱུར་ཏེ། རྣམ་པར་ཤེས་པའི་ཉེ་བར་ལེན་པར་གྱུར་བ་མ་ཚད་བ་མེད་པའི་ལུས་གཞན་ཡང་དེ་སྐྱེད་པ་ཉིད་དུ་གནས་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་གང་ཞིག་ལུས ་གང་ཁོ་ན་ལས་སྐྱེ་པ་དེ་ནི་དེ་ལས་བཞན་པའི་ཤེས་པ་སོ་སོ་སོ་སོར་བསྐྱེད་པའི་ཕྱིར་སྲོག་ཆགས་གཅིག་གི་སྐད་ཅིག་རེ་རེ་ལ་རྣམ་པར་ཤེས་པའི་རྒྱ་ན་དཔག་ཏུ་མེད་པ་སྐྱེ་བར་འགྱུར་ལ། །དེ་ལྟར་ཉམས་སུ་མྱོང་བ་ཡོད་པ་ཡང་མ་ཡིན་ནོ། །ཡང་ན་ཅི་སྟེ ་དུས་ཕྱིས་ལུས་ཉེ་བར་ལེན་པའི་རྒྱུ་ཉིད་ཀྱིས་ལོགས་ཤིག་ཏུ་ཕན་འདོགས་པར་བྱེད་པར་མི་འདོད། འོ་ན་ཅི་ཞེ་ན། རྒྱུན་གྱིས་རང་གི་ཉེ་བར་ལེན་པ་ལས་ཡིད་ཀྱི་བློ་རྣམས་འཇུག་པ་ཕྱི་མ་ཕྱི་མའི་འབྲས་བུ་སྐྱེད་བ་ལ་ལུས་ལྷག་ཅིག་བྱེད་པ་ཡིན་པས་དེའི་ཕྱིར་དེ་ལུས ་ལ་མི་བལྟོས་པར་འཇུག་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་དེ་ཡང་མི་བདེན་ཏེ། གང་ཞིག་གང་གི་ཇི་ལྟར་སྐྱེད་པར་བྱེད་པ་ཉིད་དུ་གྲགས་པ་དི?་ནི་དེ་སྐྱེད་པར་བྱེད་ཀྱི། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར་སྣང་བ་ལ་སོགས་པ་མིག་གི་རྣམ ་པར་ཤེས་པ་མ་ཉམས་པ་ལ་དམིགས་པའི་ངོ་བོ་སྐྱེད་པར་བྱེད་པ་ཉིད་དུ་ཉམས་སུ་མྱོང་ན་ཡང་དེ་རྣམ་པ་གཞན་དུ་སྐྱེད་བར་བྱེད་བ་མ་ཡིན་ནོ། །གཟུང་བར་བྱ་བའི་མཚན་ཉིད་ལ། །གཟུངས་བྱ་ལས་གཞན་སྐྱེས་བྱེད་མིན། །གཟུགས་སོགས་བློ་ཡི་དངོས་སུ་ནི། །ཕན་འདོགས ་ཡིན་གྱི་གཞན་དུ་མིན། །ཞེས་གང་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འབྲས་བུ་རྒྱུས་བྱས་པའི་རང་བཞིན་ཐ་མི་དད་པ་དང་ཐ་དད་པའི་རྣམ་པར་བཞག་པར་མི་འགྱུར་ཏེ། དེར་གཏོགས་པའི་ཕན་འདོགས་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །ད་ལྟ་ཡིན་དང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ།། ་དུ་ས་དང་བོར་ལུས་རྣམ་པར་ཤེས་པ་ལ་དངོས་སུ་སྐྱེད་པར་བྱེད་པ་ལས་མ་གཏོགས་པ་གཞན་ཉེ་བར་ལེན་པ་ཉིད་དུ་ཁྱོད་ཀྱིས་གཟུང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་སུ་ཕན་འདོགས་པ་ཉིད་ཡིན་ལ། དེ་?་དུས་ཕྱིས་ཀྱང་ཡོད་པའི་ཕྱིར། ཅིའི་ཕྱིར་ཉེ་བ་ལེན ་པའི་རྒྱུ་མ་ཡིན་པར་འགྱུར། དེ་ལྟར་མ་ཡིན་ན་སྔར་ཡང་མི་འགྱུར་ཏེ། ཕྱིས་དང་ཁྱད་པར་མེད་པའི་ཕྱིར་རོ་དུས། ཕྱིས་ཀྱང་རྣམ་བར་ཤེས་པ་སྔ་མ་ལྷན་ཅིག་བྱེད་བ་ཅན་གྱི་ལུས་ཉིད་བློ་ཕྱི་མ་ཕྱི་མའི་ཉེ་བར་ལེན་པར་འགྱུར་རོ། །ཞེས་ཀྱང་བརྗོད་པར་མི་ནུས་ཏེ ་ཉེ་བར་ལེན་བ་ཉིད་ནི་སྔར་རྒྱས་པར་བཀག་ཟིན་པའི་ཕྱིར་དང། སྐྱེ་པའི་དང་བོའི་བློ་ཡང་བློ་གཞན་སྔོན་དུ་འགྱུར་བ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འབྱུང་བརྟག་པའི་ཕྱོགས་ལ། ལུས་ལས་བློ་ན་ལྟེན་ཅིག་བྱུང། །ཕྱི་ནས་རང་གི་རིགས་ལས་ངེས།། །གལ་ཏེ ་ལུས་ནུས་ཡིན་ཞེ་ན། །མ་ཚང་བ་ནི་ག་ལས་ཡིན། །ཞེས་གང་བཤད་པའི་སློབ་དཔོན་གྱིས་སུན་འབྱིན་པ་འདི་ཆེས་རིགས་པ་ཡིན་ནོ། །དེ་ལྟ་བས་ན་ཡིད་ཀྱི་བློ་ཐོག་མ་མང་པ་ཉིད་དུ་གྲུབ་བ་ཡིན་ནོ། །ཡང་ན་བློ་ཐམས་ཅད་ཐོགས་མེད་པར་གྲུབ་སྟེ། འདི་ལྟར་དང་པོའི་བློ ་འབྱུང་བ་ན་དབང་པོའི་བློ་འམ་ཡིད་ཀྱི་བློ་ཞིག་ཡིན། རེ་ཞིག་ཕྱོགས་དང་བོ་ནི་མ་ཡིན་ཏེ། གཉིད་ལོག་པ་དང་བརྒྱལ་བ་དད་སེམས་མེད་པ་རྣམས་ཀྱི་དབང་པོ་ཡོད་ན་ཡང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་མེད་པས་དབང་ཕོའི་བློ་མི་སྐྱེ་བའི་ཕྱིར་རོ། །དེས་ན་དབང་པོ ་འབའ་ཞིག་དབང་པོའི་བློའི་རྒྱུ་མ་ཡིན་གྱི་འོན་ཀྱང་ཡིད་ལ་བྱེད་པའི་ཁྱད་པར་ལ་བལྟོས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་ངེས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པས་རྟོགས་པར་བྱ་བའི་ཕྱིར་རོ། །གང་ཞིག་གང་ལས་ཆེས་དང་པོར་སྐྱེད ་བ་ཉིད་དུ་ངེས་བ་དེ་ནི་དེ་ལས་གཞན་ལས་ཆེས་དང་པོ་སྐྱེད་པར་བྱེད་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། མེ་མ་ཡིན་པ་ལས་དུ་བ་བཞིན་ནོ། །དང་པོར་མིག་གི་བློ་སྐྱེ་བ་ན་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ལ་བལྟོས་པ་དང་བཅས་པ་ཉིད་སྐྱེ་བས ་དེ་ལྟ་བས་ན་དབང་པོ་འབའ་ཞིག་འདིའི་ན་མ་ཡང་རྒྱུ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བ་ནི་གནོད་པར་བྱེད་པའི་ཚད་མའོ། །ཡིད་ཀྱི་བློ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ་དེ་དབང་པོས་མ་དམིགས་པའི་དོན་ལ་རང ་དབང་དུ་འཇུག་པ་ནི་མ་ཡིན་ཏེ། ལོང་བ་དང་འོན་པ་ལ་སོགས་བ་མེ་དབར་ཐལ་བར་འགྱུར་བའི་ཕྱིར་རོ། །འཇུག་མོ་ཡང་ཅི་སྟེ་རྟོག་པ་དད་བཅས་པའམ་འོན་ཏེ་རྟོག་པ་མེད་པ་ཡིན་ཞེས་བྱ་བར་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། འདི་ ་ལྟར་རྣམ་པར་རྟོག་པ་འཇུག་པ་ན་ཐམས་ཅད་རྗོད་པར་བྱེད་པ་སྒྲའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་དུ་འཇུག་སྟེ། རྟག་ཏུ་ནང་དུ་བཅོད་པའི་རྣམ་པ་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །རྣམ་པར་རྟོག་པའི་བརྗོད་པའི་སྒྲའི་རྣམ་པ་ཉིད་དེ ་ཡང་བརྡ་བསྟན་པའི་དབང་གིས་སམ། ཡང་ན་སྒྲའི་ངོ་བོ་ཤེས་པའི་བདག་ཉིད་ཀྱི་ཆོས་ཡིན་པའི་ཕྱིར་རྟོག་པའི་ངོ་བོ་བཞིན་དུ་ཇོད་པར་བྱེད་པའི་བདག་ཉིད་ཡིན་ནམ། སྒྲ་དང་བཅས་པའི་དོན་བཟུང་བ་ལས་ཡིན་ཞེས་བྱ་བ་དག་བརྟག་གོ། དེ་ལ་རེ་ཞིག་བརྡ ་བཟུང་བ་ལས་ཞེས་བྱ་བའི་ཕྱོགས་ནི་མ་ཡིན་ཏེ། སྔར་བརྡ་མ་བཟུང་བའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། འདི་ལྟར་སྒྲ་རི་བདག་ཉིད་ནི་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་ཀྱི་རང་བཞིན་དང། སྤྱིའི་མཚན་ཉིད་ཀྱི་རང་བཞིན་ནོ། །དེ་ལ་དེ་ཞིག་རང ་གི་མཚན་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དེའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་ཤེས་པ་རྟོག་པ་དང་བཅས་པ་ཉིད་མ་ཡིན་ནོ། །འདི་ཤེས་པའི་བདག་ཉིད་དུ་རྟོག་པའི་ཆོས་ཀྱང་མ་ཡིན་ཏེ། སྔོན་པོ་ལ་སོགས་པ ་བཞིན་དུ་ཕྱི་རོལ་གྱི་ངོ་བོར་སྣང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྔོན་པོ་ལ་སོགས་པ་ཡང་ཤེས་པའི་ཆོས་ཉིད་དུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བས་དང་སྣ་ཚོགས་རྣམ་པར་ཤེས་པ་དང་ཉིད་དུ་འགྱུར་གྱི་འབྱུང་བ་ཡོངས་སུ་འགྱུར་བའི ་ངོ་བོ་ནི་མ་ཡིན་ནོ། །འོན་ཏེ་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པའི་བདག་ཉིད་དུ་རྟོག་པ་ཉིད་ཀྱིས་ཆོས་ཕྱི་རོལ་གྱི་ངོ་བོར་སྣང་བ་མ་ཡིན་ནམ། དེའི་ཕྱི་རོལ་གྱི་ངོ་བོར་སྣང་བའི་ཕྱིར་ཤེས་པའི་ཆོས་སུ ་མི་འགྱུར་རོ་ཞེས་ཅི་སྟེ་འདོད་ཅེ་ན། དེའི་ནི་བདེན་མོད་ཀྱི་ཕྱི་རོལ་གྱི་དོན་གྱིས་བསྒྱུར་པ་ཉིད་ཀྱིས་ཤེས་པ་དེ་ལྟར་སྣང་བའི་ཕྱིར་ཤེས་པ་འདི་བདག་ཉིད་དུ་རྟོགས་པའི་དེ་རྣམ་པར་བཞག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕྱི་རོལ་ཉིད་ཀྱི་ཞེས་བྱ་སྟེ། དེ་ཉིད་དེའི་བདག་ཉིད་ཡིན་པའི་ཕྱིར་ལ ་ཤེས་པ་ནི་དོན་དེས་ཉེ་བར་སྒྱུར་བར་བྱས་པ་ཉིད་ཀྱིས་བློ་བུར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་གི་མཚན་ཉིད་ཀྱིས་རང་བཞིན་གྱི་སྒྲའི་བདག་ཉིད་ནི་རྗོད་པར་བྱེད་པ་མ་ཡིན་ལ། འདི་ཤེས་པའི་བདག་ཉིད་ཀྱི་ཆོས་ཀྱང་མ་ཡིན་ནོ། །གལ་ཏེ་ཡང་སྤྱིའི་མཚན་ཉིད ་ཀྱི་རང་བཞིན་ནི་རྗོད་པར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་འདི་ཤེས་པའི་བདག་ཉིད་ཀྱི་ཆོས་ནི་མ་ཡིན་ཏེ། རྣ་བས་དེས་པར་བྱ་བའི་ཕྱི་རོལ་རང་གི་མཚོན་ཉིད་ཁོ་ན་ལ་དེ་སྦྱོར་བའི་ཕྱིར་ཤེས་པའི་བདག་ཉིད་ལ་ནི་མ་ཡིན་ནོ། །གཞན་དུ་གཏོགས་པའི་སྤྱི་ནི་ཤེས་པ ་གཞན་ལ་སྦྱོར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་བ་ལང་ཉིད་རྟ་ལ་སོགས་པ་ལ་ཡང་སྦྱོར་བར་འགྱུར་རོ། །སྒྲ་རང་གི་མཚན་ཉིད་ཀྱི་ཆོས་ཅན་མ་གཟུང་ན་ཆོས་དེ་རྗོད་པར་བྱེད་པའི་བདག་ཉིད་དུ་སྦྱོར་བར་ནུས་པ་ཡང་མ་ཡིན་ཏེ། ཆོས ་རྣམས་ནི་ཆོས་ཅན་གྱི་གཞན་གྱི་དབང་ཡིན་པ་ཉིད་ཀྱིས་རང་དགར་མི་འཛིན་པའི་ཕྱིར་རོ། །རྣམ་པར་རྟོག་པས་རང་གི་མཚན་ཉིད་ཀྱི་ཆོས་ཅན་འཛིན་པར་ནུས་པ་ཡང་མ་ཡིན་ཏེ། དེའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་རྟོག་པ ་རྣམས་ནི་ཐོག་མ་མེད་པའི་རང་གི་མཚན་ཉིད་ཉམས་སུ་མྱོང་བས་བསྒོས་པའི་བག་ཆགས་སར་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །སྒྲ་དང་བཅས་པའི་དོན་འཛིན་པ་ལས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དོན་ལ་སྒྲ་ཡོད་པ་འམ། དེའི་བདག ་ཉིད་ནི་མ་ཡིན་ཏེ། མ་བྱུང་བ་ཡང་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་དང། ཇི་ལྟར་འདོད་པ་བཞིན་དུ་དོན་དག་ལ་སྦྱོར་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྟག་པ་ལ་སོགས་པའི་ངོ་བོས་དོན་ལ་ཁྱད་པར་མེད་ན་ཡང་རྣམ་པར་རྟོག ་པ་རྣམ་པ་ཐམས་ཅད་ཅག་ཅར་རྟོགས་བར་བྱེད་པ་མ་ཡིན་ཏེ། རྣམ་པ་གཞན་རྣམ་པར་བཅད་པའི་སྒོ་ནས་སོ་སོར་ངེས་པའི་རྣམ་པ་ཅིག་བཟུང་བ་ཉིད་ཀྱིས་རྣམ་པར་རྟོག་པ་སྐྱེ་པའི་ཕྱིར་རོ། །དེའི་ཕྱིར་ཡང་གཅིག་གི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ལ་རྒྱུ ་བརྗོད་པར་བྱ་དགོས་ལ། དེ་ནི་གོམས་པ་ལས་གཞན་བརྗོད་པར་མི་ནུས་ཏེ། རོ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་ནོ། །དེ་ལྟ་ཡིན་དང་རྣམ་པར་རྟོག་པ་ནི་སྔར་གོམས་པའི་དབང་གི་སྐྱེ་བའི་ཕྱིར་རྣམ་པར་རྟོག་པ་ལ་སོགས་པའི་བློ་ཐོག ་མ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཡང་རྟོག་པ་མེད་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་ནམ་ཡང་རྣམ་པར་རྟོག་པའི་བློ་སྐྱེ་བར་འགྱུར་བ་མ་ཡིན་ནོ།། བརྡའི་དབང་གིས་དུས་ཕྱིས་སྐྱེ་པ་ཡིན་ནོ་ཞེས་ན། རྟོག་པ་མེད་པའི ་ཤེས་པ་ལ་གནས་པའི་སྐྱེ་བརྡ་བྱ་བར་མི་ནུས་པའི་ཕྱིར་ཏེ། འདི་ལྟར་ཇི་སྲིད་སྒྲའི་སྤྱི་འམ་དོན་གྱི་སྤྱི་བློ་ལ་མི་སྣང་བ་དེ་སྲིད་དུ་བརྡ་བྱ་བར་ནུས་པ་མ་ཡིན་ཞིང། རྟོག་པ་མེད་པའི་ཤེས་པ་ལ་སྤྱི་སྣང་བ་ཡང་མ་ཡིན་ལ། གང་ཡང་རང་གི་མཚན་ཉིད་སྣང་བ ་དེའམ་དེས་བརྡ་བྱེད་པ་ཡང་མ་ཡིན་ཏེ། དེའི་ཐ་སྙད་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །བརྡའི་དུས་ན་མཐོང་བའི་རང་གི་མཚན་ཉིད་ཐ་སྙད་ཀྱི་དུས་སུ་ཡོད་པ་སྲིད་པ་ཡང་མ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ལ་བརྡ་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་བརྡ་བྱེད་པ་ལས ་སྔར་གདོན་མི་ཟ་བར་རྣམ་པར་རྟོག་པ་ཁས་བླང་བར་བྱ་དོགས་ལ། དེ་ཡང་གོམས་པ་མེད་པར་མི་འགྲུབ་པའི་ཕྱིར་ཐོག་མ་མེད་པ་ཉིད་དུ་གྲུབ་བོ། །གཞན་ཡང་གལ་ཏེ་སྐྱེ་བའི་དང་པོར་བྱུང་བའི་བློ་སྐྱེ་བ་སྔ་མ་ལ་གོམས་པས་བསྒོས་པའི་བག་ཆགས ་ཀྱི་རྗེས་སུ་འགྲོ་བར་མི་འདོད་པ་དེའི་ཚེ། དེ་གང་གིས་བདེ་བ་སྒྲུབ་པར་བྱེད་པ་ནུ་མ་ལ་སོགས་པའི་འཚོལ་བ་དང། དེ་མ་རྙེད་བ་ན་དུ་ཕར་རྩོམ་ལ། རྙེད་ན་ཡང་དམ་ཐག་ཏུ་དུ་བ་བཏང་ནས་ཐ་སྙད་ལ་སོགས་པའི་བྱ་བ་བྱེད་པ་དེར་སྐྱེས་པའི་བྱིས་པ་དང ་དུད་འགྲོར་སོང་བ་ཡང་འདི་ནི་བདེ་བའི་སྒྲུབ་པར་བྱེད་བའོ། །འདི་ནི་སྡུག་བསྔལ་གྱིའོ་ཞེས་ཞེན་པ་ཇི་ལྟར་འགྱུར། འདི་རེས་འགའ་ནུམ་ལ་སོགས་པ་བཀྲེས་པས་ཉེན་པ་ཉེ་བར་ཞི་བ་ལ་སོགས་པའི་རྒྱུ་ཉིད་དུ་ཉམས་སུ་མ་མྱོང་ལ། གང་གིས་དེར ་སྐྱེས་པའི་སྤྲེའུ་ལ་སོགས་པའི་ཕྲུག་གུ་གཡང་དུ་ལྷུང་བ་ལས་བྱུང་བའི་སྡུག་བསྔལ་དྲན་ནས་འཇིགས་ཏེ་མ་ལ་ཤིན་ཏུ་འཐུམས་པར་བྱེད་ཅིང་གཡངས་ལ་སོགས་པའི་གནས་ཀྱང་འདོར་བར་བྱེད་པ་གཡང་དུ་ལྷུང་བ་ལ་སོགས་པ་གནོད་པའི་རྒྱུ་ཉིད་དུ་ཉམས་སུ་མྱོང་བ་ཡང་མ་ཡིན ་ནོ། །འདོད་པ་དང་མི་འདོད་པའི་སྒྲུབ་པར་བྱེད་པའི་འབྲས་བུ་ཉམས་སུམ་མྱོང་བ་དེ་དག་ནི་འདོར་བ་འམ་ལེན་པར་བྱེད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཁ་བ་ལེན་གྱིས་ལྕགས་འདྲེན་པའི་དཔེ་ཡང་མི་རིགས་པ་ཉིད་དེ་དེ་རྒྱུ་མེད་པ་ཉིད་དུ་ཉམས་སུ་མྱོང་བ་ཡང་མ་ཡིན ་དུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་དང་བཅས་པ་ཉིད་ཡིན་ན་ཡང་ཇི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པའི་ཁབ་ལེན་དེའི་རྒྱུ་ཉིད་དུ་བསྟན་པ་དེའི་སྤོང་བ་དང་ལེན་པའི་རྗེས་སུ་སྒྲུབ་པའི་རྒྱུར་བརྗོད་བར་བྱའོ། །གོམས་པ་མ་གཏོགས་པ་འདི ་བསྟན་པར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་བྱིས་པ་རྣམས་ཀྱིས་འདོད་པ་དང་མི་འདོད་པ་ལེན་པ་དང་སྤོང་བའི་མཚན་ཉིད་ཀྱི་ཐ་སྙད་འདི་གོམས་པ་སྔ་མས་བྱས་པ་ཉིད་ཡིན་ནོ། །ཞེས་བྱ་བར་གྲུབ་སྟེ། བློ་ཐོག་མ་མེད་པ་ཞེས་བྱ་བར་དགོངས་པའོ། །དེ་སྐད་དུ་ཡང། ཡིད་ཀྱི ་བློ་ན་རང?་དབང་ཅན། ཞེས་བྱ་བ་ལ་སོགས་པ་དང། གཞན་ཡང་ནུ་མ་འཐུང་བ་ལ་སོགས་པ། ཞེས་བྱ་བ་ལ་སོགས་པ་ཐུན་མོང་གི་སུན་འབྱིན་པ་འཆང་པར་འགྱུར་བའི་ཕྱིར་སྤྲོས་པས་ཆོག་གོ། གཞན་ཡང་དེ་དག་གི་སྟེ་ཚུ་རོལ་མཛེས་པ་པ་རྣམས་ཀྱི་སྐད་ཅིག་མ་ཉིད་དུ ་ཁས་བླངས་ན་རང་གི་ཁས་བླངས་པ་སྟེ་རང་གི་གྲུབ་པའི་མཛའ་དང་འགལ་བར་འགྱུར་ཏེ། འབྱུང་བ་རྣམས་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་རིགས་པས་འོངས་པ་ཉིད་ཀྱི་ཕྱིར་སྐད་ཅིག་མ་ཉིད་དུ་ཁས་ལེན་པ་དེའི་ཚ་འོ་ན་རྣམ་པར་རིག་པ་ཙམ་ཉིད ་ཀྱི?་ཚུལ་མཆོག་ཏུ་སྦྱར་བ་ཁས་བླང་བར་གྱིས་ཤིག། དེ་ལ་ཡང་ཁས་ལེན་པའི་རྒྱུ་རིགས་པས་འོངས་པ་ཉིད་མཚུངས་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། དེ་དག་ཡན་ལག་ཅན་བདག་མིན། ཞེས་བྱ་བ་ལ་སོགས་པ་སྤོས་ཏེ། དེ་དག་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་རྣམས་སོ།། ་འཆད་པར་འགྱུར་ཞེས་བྱ་བ་ནི་དེ་མ་ཐག་ཏུ་ཕྱི་རོལ་གྱི་དོན་རྟག་པར་རོ། །གལ་ཏེ་འབྱུང་བ་དག་མེད་ན་འོ་ན་ཇི་ལྟར་དེ་དག་སྣང་ཞེ་ན། ཕྱི་རོལ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གཞན་ལས་མིན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་གཞན་དུ ་ཕྱི་རོལ་ཞེས་བྱ་བའི་ཐ་ཚིག། འོ་ན་ཇི་ལྟར་ས་ལ་སོགས་པའི་ཐ་སྙད་འཇིག་རྟེན་དང་བསྟན་བཅོས་དག་ལ་ཡིན་ཞེ་ན། རྣམ་ཤེས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྱུང་བ་དག་མེད་ན་འོ་ན་ཅི་ཞིག་ཤེས་པའི་རྒྱུ་ཡིན་ཞེ་ན། དེ་ཚེ་དེ་ལས་ཞེས་བྱ་བ ་སྨོས་ཏེ། ཤེས་པ་དེ་ལས་གཞན་ནི་འབྱུང་བ་ཆེན་པོ་བཞིའོ། །དེ་ལྟར་རེ་ཞིག་དང་པོའི་སེམས་འབྱུང་བ་ཙམ་ལས་བྱུང་བ་མ་ཡིན་ནོ་ཞེས་བསྟན་ནས། དེ་ནི་གཞན་གྱི་ཤེས་པ་ཙམ་ལས་སྐྱེས། ཞེས་བྱ་བའི་ཕྱོགས་འདི་བསལ་བར་བྱ་བའི་ཕྱིར། རྒྱུད་གཞན་གྱི་མ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ལ་སོགས་པ་དང་འབྲེལ་བའི་རྒྱུད་གཞན་གྱི་སེམས་ཉེ་བར་པའམ། ལྷན་ཅིག་བྱེད་པ་ཡིན། རེ་ཞིག་ཉེ་བར་ལེན་པའི་རྒྱུ་ནི་མ་ཡིན་ཏེ། བུའི་ཤེས་པའི་རྒྱུད་ལ་ཡང་ཕ་དང་མའི་ཐོབ་པ་ལ་སོགས་པའི་འདུ་བྱེད་ལས་ཁྱད་པ་དེ ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དཔེར་ན་ཕ་མ་ཉིད་ཀྱི་དང་པོ་དང་ཕྱི་མའི་བློ་དག་ལ་བཞིན་ནོ། །གང་གི་ཕྱིར་སྐད་ཅིག་ཕྱི་མ་དག་ལ་སྐད་ཅིག་སྔ་མའི་འདུ་བྱེད་རྗེས་སུ་འཇུག་པ་གང་ཡིན་པ་འདི་ཉེ་བར་ལེན་པ་དང་ཉེ་བར་བླང་བའི་ཆོས་རྣམ་པར་བཞོག་པ་ཡིན ་ཏེ། རང་གི་རྒྱུད་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ངེས་པའི་ཕྱིར་རོ། །ཅི་སྟེ་དཔེར་ན་སྒྲོན་མ་གཅིག་ལས་སྒྲོན་མ་གཞན་སྐྱེད་པ་ན་རས་ལ་སོགས་པའི་མཚན་ཉིད་ཀྱི་སྔ་མའི་སྒྲོན་མའི་འདུ་བྱེད་ཀྱིས་སྒྲོན་མ་ཕྱི་མའི་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་ནོ།། ་འོ་ན་ཅི་ཞེ་ན། འདྲུ་བྱེད་པའི་སྒྲོན་མ་ཙམ་སྐྱེ་པ་ཡིན་ནོ། །བུད་ཤིང་དང་བཅས་པ་ལ་སོགས་པ་གཞན་ལ་སྒྲོན་མ་གཞན་དེ་ཁྱད་པར་ཅན་ཡིན་པ་དེ་བཞིན་དུ་བུའི་བློ་ཡང་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་སྒྲོན་མ་ལ་སོགས་པའི་འདུ ་བྱེད་རེ་ཞིག་རང་གི་རྟེན་ལ་ཡང་རྒྱུན་རྗེས་སུ་མི་འཇུག་སྟེ། དེ་ནི་མི་བརྟེན་པའི་ཕྱིར་རོ། །འདི་ལྟར་བུད་ཤིང་འགྲིབ་པ་ན་སྒྲོན་མ་དེ་ཉིད་ཆུང་བར་མཐོང་ལ། དེ་ལྟར་ཐོས་པ་ལ་སོགས་པའི་འདུ་བྱེད་མི་བརྟེན་པ་ནི་མ་ཡིན་ཏེ། དེ་ནི་དུས་ཡུན་རིང་དུ་གནས་པའི་ཕྱིར་རོ། །དེ་ནི་སྒྲོན་མ ་ལ་སོགས་པ་བཞིན་དུ་འདུ་བྱད་མེད་པའི་བློ་ཙམ་འབྱུང་བར་མི་རིགས་སོ། །གཞན་ཡང་སྒྲོན་མ་ལ་སོགས་པ་ལ་ཆས་མང་བ་དང་ཉུང་བའི་རྡུལ་ཕྲ་རབ་བསགས་པ་སྐྱེ་བའི་ཕྱིར་ཁྱད་པར་དང་ཁྱད་པར་མེད་པ་བརྟགས་པ་ཡིན་གྱི། དངོས་པོའི་སྐད་ཅིག་གཅིག་པོ་དེ ་ལ་ཁྱད་པར་དང་ཁྱད་པར་མེད་པ་ཡོད་པ་མ་ཡིན་ནོ། །འདིར་དངོས་པོ་སྐད་ཅིག་གཅིག་ལ་ནི་མའི་བློ་ཐོས་པ་ལ་སོགས་པའི་འདུ་བྱེད་ཀྱི་ཁྱད་པར་དུ་འཇུག་ལ་བུའི་བློ་ནི་ཁྱད་པར་མེད་པར་འཇུག་པའི་ཕྱིར། གང་ཞིག་གང་དང་མཚུངས་པ་ཡིན་ནོ། །གཞན་ཡང་ཉ ་བར་ལེན་པའི་རྒྱུ་ཉིད་ཡིན་ན་ཐལ་བར་འགྱུར་བ་འདི་བརྗོད་ཀྱི་སྒྲོན་མ་གཞན་ནི་སྒྲོན་མ་གཞན་གྱི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཏེ། རྒྱུ་ཐ་དད་པའི་ཕྱིར་དེ་ནི་ཅི་ཡང་མ་ཡིན་ནོ། །གཞན་ཡང་ཡང་དག་དྲོད་གཤེར་ལས་སྐྱེས་པ་མ་ཉིད་མེད་པ་དེ་དག་ནི་བློ་ཅི་ལྟར ་བློ་གཞན་ལས་སྐྱེས་པ་ཡིན་ཞར་ལ་འོངས་བས་ཆོག་གོ། ཅི་སྟེ་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེའི་ཕྱིར་ཐོག་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཚད་མ་བྱེད་དེ། སྦྱོར་བ་ནི་རྣམ་པར་ཤེས ་པ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་བཞིའི་རང་བཞིན་གྱི་དངོས་པོ་དེ་ནི་རང་གི་ཉེ་བར་ལེན་པའི་སྟོབས་ཀྱིས་བྱུང་བ་ཡིན་ཏེ། རྣམ་པར་ཤེས་པ་ལ་སོགས་པ་ཡིན་པའི་ཕྱིར། ལང་ཚོ་ལ་སོགས་པའི་གནས་སྐབས་དག་ཏུ་ཕུང་པོ་བཞི་པོ་དེ ་དག་ཉིད་ཡིན་ནོ། །སྐྱེ་བ་དང་པོའི་སེམས་ལ་སོགས་པའི་ཚོགས་ཀྱང་རྣམ་པར་ཤེས་པ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལ་དང་པོའི་ཤེས་པ་ཞེས་བྱ་བ་སྨོས་པ་ནི་མཚོན་པ་སྟེ། ཚོར་བ་ལ་སོགས ་པ་ཡང་བཟུང་བར་བྱའོ། །བསྒྲུབ་པར་བྱ་བ་ལས་ཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་སྨྲས་པ་ནི། གཞན་དུ་རྒྱུ་གཞན་ཞེས་བྱ་བ་ལ་སོགས་པ་སྟེ་ཡིད་རྟག་པ་དང། དུས་དང་ཕྱོགས་དང། དབང་ཕྱུག་ལ་སོགས་པ་གཞན་དག་སྔར ་སྤངས་པའི་ཕྱིར་དང། རང་གི་ཉེ་བར་ལེན་བ་ཁས་མི་ལེན་པ་ན་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ངེས་པའི་ཚེས་འདིར་མི་འགྱུར་ཏེ། བློ་བུར་བའི་རང་བཞིན་ནི་ངེས་པར་བྱེད་པ་མེད་བས་སོ་སོར་ངེས ་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་མེད་པ་ཉིད་ཡིན་ན་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་དེས་པ་མི་འཐད་པ་དང། རེས་འགའ་བ་ཉིད་མི་འཐད་པ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་འདས་པའི་སྐྱེ་བ་བསྒྲུབས་ནས། མ་འོངས་པ་བསྒྲུབ་པའི ་ཕྱིར་ཚང་མ་བྱེད་པ་ནི་འཆི་བའི་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གང་འདོད་ཆགས་དང་བཅས་པའི་སེམས་ཡིན་པ་དེ་ནི་རང་གི་ཉེ་བར་བླང་བར་བྱ་བའི་སེམས་གཞན་བསྐྱེད་བར་ནུས་པ་ཡིན་ཏེ། ཚོགས་པ་དང་བཅས་པའི་ཕྱིར་སྔར་གྱི་གནས ་སྐབས་ཀྱི་སེམས་བཞིན་ནོ། །འཆི་བའི་སེམས་ཀྱང་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གང་འདོད་ཆགས་ལ་སོགས་པའི་གཉེན་པོ་བདག་མེད་པ་མཐོང་བ་དང ་བྲལ་པའི་སེམས་དེ་ནི་ཐམས་ཅད་འདོད་ཆགས་དང་བཅས་པ་ཉིད་ཡིན་ཏེ། གཉེན་པོ་དང་བྲལ་བའི་ཕྱིར་འདོད་པ་ལ་གཟོ་བའི་སེམས་བཞིན་ནོ། །མ་དེས་པ་ཡང་མ་ཡིན་ཏེ། སེམས་གཞན་སྐྱེ་བའི་རྒྱུ་ནི་དེ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱུ་མ་ཆེད ་བ་མི་འཐད་པ་ནི་གནོད་པར་བྱེད་པའི་ཚད་མའོ། །དེ་ཉིད་བསྟན་པ་ནི་དེ་འཛིན་ངོ་བོ་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་འཛིན་ཞེས་བྱ་བ་ནི་ངོ་བོ་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། གཞན་གྱི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གཉི་ག ་ལ་ཡང་དཔེ་བསྒྲུབ་བྱ་མཚན་པ་ཉིད་དུ་རྩོད་པར་བྱེད་དེ། འདི་ལྟར་རང་གི་ཉེ་བར་ལེན་པ་ལས་བྱུང་བ་ཉིད་དང་རང་གི་ཉེ་བར་བླངས་པ་སྐྱེད་བར་ནུས་པ་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །གང་གི་ལྟར་ན་རྣམ་པར་ཤེས་པ་རྟག་ཏུ་ལུས་ཉིད་ལས་སྐྱེའོ་ཞེས་ལྟ་བ ་དེའི་ལྟར་ན་གང་དུ་ཡང་ཇི་སྐད་བཤད་པའི་བསྒྲུབ་བྱའི་ཆོས་དང་ལྡན་པའི་དཔེ་མ་གྲུབ་པའི་ཕྱིར་ཇི་ལྟར་དེ་ལྟར་བའི་རྣམ་ཤེས་བཞིན་ནོ། །སྔར་གྱི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བའི་དཔེ་འདི་གཉིས་ཉེ་བར་བཀོད་པ་ཡིན། སྐྱོན་འདི་ནི ་མེད་དོ་སེམས་རྣམས་ནི། ཅིག་ཅར་འབྱུང་བར་ཐལ་བར་འགྱུར། །ཞེས་བྱ་བ་འདིས་དང་པོ་ཉིད་དུ་ལུས་རྒྱུ་ཉིད་ཡིན་པ་བཀག?་ཟིན་ཏོ། །བལྟོས་པར་བྱ་བའི་ལྷན་ཅིག་བྱེད་པའི་རྒྱུ་ཐ་དད་པ་མེད་པའི་ཕྱིར་ཏེ། རྟག་པ་བལྟོས་པར་མི་འཐད་པའི་སྤྱིར་རོ།། ་མི་རྟག་པའི་ཕྱོགས་ལ་ཡང་སྔར་བཤད་པ་དང་ད་ལྟའི་སུན་འབྱིན་པ་ཉིད་ཡིན་ནོ། །ཁས་བླངས་པ་ཙམ་གྱིས་ཚད་མས་གྲུབ་པ་ཡང་མ་གྲུབ་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་འགའ་ཡོད ་འགའ་ཞིག་གི་ཡང་སྒྲུབ་པར་བྱེད་པར་མི་འགྱུར་ཏེ། ཅི་སྐད་དུ། མི་འདོད་སྐྱོན་ཀུན་མ་ཡིན་ནོ། །ཞེས་བཤད་པ་བཞིན་ནོ། །གཞན་ཡང་གང་གི་ཚེ་གཟོ་བའི་སེམས་ཀྱི་དེ་མ་ཐག་ཏུ་དྲན་པ་དང་དེ་བཞིན་དུ་མི་སྡུག་དེ་ལ་སོགས་པའི་སེམས ་ལས་འདོད་ཆགས་སྐྱེ་བར་དེས་པ་ཡིན་ཏེ། འདི་ལྟར་དེ་ནི་གཟུགས་མཛེས་པ་ཞེས་བྱ་བ་དང། དར་ལ་བབ་པ་ཞེས་བྱ་བ་དང། རྐེད་པ་ཕྲ་བ་ཞེས་བྱ་བ་དང། གཡོ་མེད་པ་ཞེས་བྱ་བ་དང། བསྒོ་བ་ཉན་པ་ཞེས་བྱ་བ་ལ་སོགས་པ་སྡུག་བར་སེམས ་པའི་ཆགས་པ་ཅན་རྣམས་ལ་འདོད་ཆགས་སྐྱེའོ། །དེ་བཞིན་དུ་བདག་ལ་གནོད་པར་བྱས་སོ། །གནོད་པར་བྱེད་པར་འགྱུར་རོ། །འདི་བདག་ལ་གནོད་པ་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་སེམས་ལས་ཞེ་སྡང་འབྱུང་བར་ངེས་སོ། །མངོན་སུམ་ཙམ ་སྨྲ་བས་ཁྱད་པར་དུ་དེ་ཇི་ལྟར་བསྙོན་པར་ནུས་དེ་བཞིན་དུ་སྔར་བྱུང་བའི་ཐོས་པ་དང་གཟོ་ལ་སོགས་པ་གོམས་པའི་ཁྱད་པར་དན་འཕེལ་བ་དང་འགྲིབ་བདག་གིས་བློ་ཕྱི་མ་འཕེལ་བ་དང་འགྲིབ་བར་མཐོང་ངོ། །དེ་བཞིན་དུ་དོན ་གཞན་ལ་ཡོངས་པས་ཡིད་ལ་བྱེད་པ་མི་མཐུན་པས་དོན་གཞན་མི་འཛིན་པར་མཐོང་བའི་ཕྱིར་ཤེས་པའི་རྒྱུ་ཤེས་པ་ཉིད་རིགས་པ་དང་ལྡན་པ་ཡིན་པའི་ཕྱིར་བརྩད་པར་བྱ་བ་མ་ཡིན་ནོ། །འབྱུང་བ་རྣམས་ནི་མ་ཡིན་ཏེ། རིགས་པ་དང་འགལ་བའི ་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་ཉིད་ཤེས་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར། །རྩོད་པའི་གཞིར་སེམས་དག་ཅེས་བྱ་བ་སོགས་པའི་སྦྱོར་བ་དང་པོ་ལ། ཐ་དད་ལུས་ལ་གནས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། རེ་ཞིག ་གལ་ཏེ་འཇུག་པ་རྟེན་དང་བརྟེན་པའི་མཚན་ཉིད་དུ་མངོན་བར་འདོད་ན་ལྟུང་བ་མེད་པའི་ཆོས་ཅན་གྱི་སེམས་དེ་ནི་ལུས་ལ་ཤིན་ཏུ་ཡང་མ་གྲུབ་སྟེ། །དེའི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་ཡང་སེམས་ལུས་ཅན་མ་ཡིན་པ་ཉིད་ཀྱིས་མི་ལྟུང་བའི་ཆོས ་ཅན་ཡིན་པའི་ཕྱིར་རོ། །ལྟུང་བ་མེད་པའི་ཆོས་ཅན་ཡང་བརྟན་བར་རིག་པ་མ་ཡིན་ཏེ། ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། ། འོ་ན་ཚུལ་སོགས་པའི་ཅི་ཞིག་བྱེད་ན་བརྟེན་པར་འགྱུར་ཞེ་ན། ཆུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན ་གྱིས་ལུས་ཅན་རང་གི་ཉེ་བར་ལེན་པའི་ཡུལ་ཡོངས་སུ་སྤངས་ནས་སྐྱེ་བ་ཉེ་བར་ལེན་པའི་ཡུལ་དུ་སྐྱེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར། ལྟུང་བའི་གེགས་བྱེད་པས་རྟེན་དུ་རྣམ་པར་བཞག་གི། ལུས་ཅན་མ་ཡིན་པ་ནི་དེ་ལྟར་རྣམ་པར་བཞག། ་བར་ནུས་པ་མ་ཡིན་ནོ། །ཅི་སྟེ་དེའི་བདག་ཉིད་ཀྱིས་མཚན་ཉིད་འཇུག་པར་མངོན་བར་འདོད་ན་དེ་ཡང་མ་གྲུབ་བོ། །ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ཁྱེད་ཅག་གིས་རྣམ་པར་ཤེས་པ་ལུས་ཀྱི་བདག་ཉིད་ཡིན་ནོ། །ཞེས་ནི་བརྗོད་བར ་རིགས་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དེད་ཅག་ལ་ནི་རགས་ཏེ། ལུས་ནི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅིའི་ཕྱིར་མི་རིགས་ཤེ་ན། དེའི་བདག་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་? ་ཞེས་འདི་ལྟར་ལུས་བཟུང་བ་ན་གཞན་གྱི་འདོད་ཆགས་ལ་སོགས་པ་ཡང་འཛིན་པར་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །དུག་གི་ནུས་པས་མ་དེས་པ་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །སེམས་པ་ཅན་ནི་མངོན་སུམ་མ་ཡིན ་པ་ཉིད་ནི་མ་ཡིན་ཏེ། བདག་ཉིད་ཀྱིས་ཀྱང་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གང་དག་གཉི་གས་དེས་པ་དང་གཅིག་གིས་དེས་པ་དེ་དག་ནི་ཐ་དད་པ་ཡིན་ཏེ། དཔེར་ན་ཕོ་གཟེར་དང་ཟློས་གར་བཞིན་ནོ། །ལུས་དང་སེམས ་ཀྱང་གཉི་ག་དང་གཅིག་གི་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རང་ཉིད་ཅེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །གལ་ཏེ་དེ་ལྟ་ན་གཏན་ཚིགས་འདི་ཉིད་ཀྱིས་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་སྤོང་བར་བྱེད་པ་བཟློག་པར་དཀའ་ ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ཤེས་པ་གཉིས་མེད་ཅེས་བྱ་བ་སྨོས་ཏེ། གཏན་ཚིགས་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་གཉི་གས་དེས་པ་ཉིད་ནི་རྣམ་པར་ཤེས་པར་སྨྲ་བ་ལ་མ་གྲུབ་སྟེ། ཐམས་ཅད་དུ་རང ་གི་སྣང་བ་ཁོ་ན་རིགས་པའི་ཕྱིར་རབ་རིབ་ཅན་གཉིས་ཀྱི་ས་ཟླ་བ་གཉིས་མཐོང་བ་བཞིན་ནོ། །གཞན་ཡང་སྐད་ཅིག་གཞན་སྦྱོང་པའི་དུས་ན་སེམས་པ་མེད་པར་སྐྱེ་བའི་དེ་མ་ཐག་ཏུ་འཇིག་པར་མཚོན་ཏེ། དེ་ལྟ་ཡིན་དང་ལུས་དེའི་ངོ་བོ་ཉིད་དུ ་ཁས་ལེན་ན་སྐད་ཅིག་མ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་རེ་ཞིག་འཇུག་པ་དེའི་བདག་ཉིད་ཀྱི་མཚན་ཉིད་དུ་མ་གྲུབ་བོ། །ཅི་སྟེ་འཇུག་པ་དེ་ལས་བྱུང་བའི་མཚན་ཉིད་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལས་བྱུང་བ་དེ་ཡང་དཔེར་ན་མིག་ ་ལ་སོགས་པའི་རྣམ་པར་ཤེས་པ་མིག་ལ་སོགས་པ་ལ་བརྟེན་པ་ལྟར་དེ་ལ་བརྟེན་པའི་སྒོ་ནས་སམ། དཔེར་ན་དུ་བ་མེ་ལ་མི་འཁྲུལ་བ་བཞིན་དུ་དེ་ལ་མི་འཁྲུལ་བ་ལས་ཡིན་ཏེ། དེའི་ཕྱིར་འདི་ལ་འཇུག་པ་རྣམ་པ་གཉི་ག་ཡང་མ ་གྲུབ་སྟེ། འདི་ལྟར་ཡིན་གྱི་བློ་དབང་བའི་བློ་བཞིན་དུ་ལུས་ལ་བརྟེན་པ་མ་ཡིན་ཏེ། དངོས་སུ་ངེས་པར་འགྱུར་བའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །དེ་མིང་ན་མི་འབྱུང་བ་ཡང་མ་ཡིན་ཏེ། གཟུགས་མེད་པའི་ཁམས་སུ་ལུས་མེད་པར་ཡང་ཡོད་པར་བས ་ལེན་པའི་ཕྱིར་རོ། །གཏན་ཚིགས་གྲུབ་པར་ཁས་བླངས་པ་དེ་ལྟ་ན་ཡང་གཏན་ཚིགས་མ་དེས་པ་ཉིད་དུ་བཤད་པ་དེ་ལ་བརྟེན་ནས་འབྱུང་བ་འམ། དེ་དང་འཁྲུལ་པ་མེད་པའི་ཕྱིར་ཞེས་བྱ་?་འདི་ལྟར་ལུས་ཐ་དད་པ་ལ་འཇུག་པ་དང་སེམས། ་གཞན་དང་མཚམས་སྦྱོར་བ་འགལ་བ་མེད་པའི་ཕྱིར་རོ། །དཔེར་ན་འཆི་བའི་སྐད་ཅིག་མས་སྔ་མའི་གནས་སྐབས་གསོན་པའི་གནས་སྐབས་ན་འབྱུང་བའི་རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བར་བྱེད་པ་དེ་བཞིན་དུ་ལུས་སྐད་ཅིག་མ་ཡིད ་ཡིན་པའི་ཕྱིར་ལུས་ཐ་དད་ལ་ཡང་འཇུག་པ་ཡང་ཡིན་པའི་ཕྱིར་གཏན་ཚིགས་མ་དེས་བ་ཡིན་ནོ། །ཡང་རྒྱུད་གཅིག་པ་ཉིད་ཀྱི་ལུས་ཐ་མི་དད་པའི་ཕྱིར་ཐ་མི་དད་པའི་ལུས་ལ་འཇུག་པ་ཉིད་དུ་རྟོག་ན་དེའི་ཚེ་སྲིད་པ་བར་མའི་ལུས་ལ་ཡང་མཚུངས ་སོ་འདི་ལྟར་སྐྱེ་མཆེད་ལྔའི་མཚན་ཉིད་ཀྱི་རྒྱུན་ཆེ་འདིའི་ལུས་དང་ཕྱི་མའི་ལུས་ཞེས་བྱ་བ་འདིའི་གནས་སྐབས་ཐ་དད་པ་ཉིད་ཡིན་ཏེ། བྱིས་པ་དང་རྒད་པོའི་གནས་སྐབས་ཀྱི་དབྱེ་བ་བཞིན་ནོ། །སྦྱོར་བ་གཉིས་པ་ལ་ཡང་ཤེས་པ་ཡིན་པའི་ཕྱིར་ཞེས ་བྱ་བའི་གཏན་ཚིགས་འདི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མ་བསྟན་པའི་ཕྱིར། །མ་དེས་པ་ཉིད་དུ་གསལ་བས་མ་བརྗོད་དོ། །ཆགས་དང་བཅས་པའི་འཆི་ཀའི་སེམས། །ཞེས་བྱ་བ་ལ་སོགས་བས་སྦྱོར་བ་གསུམ ་པའི་དབང་དུ་བྱས་ནས། །ཟག་པ་ཟད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་སེམས་གཞན་དང་མཚམས་སྦྱོར་བ་མེད་པ་དེ་ནི་མཚམས་མི་སྦྱོར་བའོ། །འདིས་ནི་བསྒྲུབ་བྱའི་ཆོས་ཅན་གྱི་དཔེ་གང་ཡང་རུང་བ་ལ་མ་གྲུབ་པ་བཤད་དེ། འདི་ལྟར་ཚུ་རོལ་མཛེས་པ ་བས། །དགྲ་བཅོམ་པ་ཡི་འཆི་བའི་སེམས། །སེམས་གཞན་དང་མཚམས་མི་སྦྱོར་རོ། །ཞེས་བྱ་བར་གང་ལས་དེས། །ཅི་སྟེ་ཡང་སངས་རྒྱས་པའི་གྲུབ་པའི་མཛའ་ཁས་བླངས་པ་ལས་སྟེ། བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་བར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས ་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བས་མཚམས་མི་སྦྱོར་བར་གྲུབ་བོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། གཞན་གྱིས་གྲུབ་པའི་མཛའ་ཚད་མ་ཉིད་དུ་མ་བཟུང་བའི་ཕྱིར་རོ། །འཇིག་རྟེན་རྒྱང་བན་པ་ཚད་མ་ཉིད་དུ་ཡོངས་སུ་མ་བཟུང་བ་དེ་ལས ་ཇི་ལྟར་དེས་ཏེ། འཇིག་རྟེན་ཕ་རོལ་ཡང་དེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཚད་མ་གཞན་ཁོ་ན་ལས་རྟོགས་ན་འོ་ན་དེ་ཉིད་ཅིའི་ཕྱིར་སྒྲུབ་བར་བྱེད་བར་མི་བརྗོད་གོ་བར་བྱེད་པ་མ་ཡིན་པ་རྨོངས་པས་བསྟན་པ་ཉེ་བར་བཀོད་པས་ཅི་ཞིག་བྱ་སྟེ། གང་གིས་དེ་བརྗོད ་པར་མི་བྱ་བ་དེ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གྲུབ་པའི་མཛའ་ལ་བརྟེན་ན་ཡང་སངས་རྒྱས་པ་འགའ་ཞིག་ལ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པའི་དཔེ་མ་གྲུབ་བོ་ཞེས་བྱ་བ་བསྟན་པའི་ཕྱིར་རོ། །གང་དག་འདི་ལ་བློ་བཟང་འགའ་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་འདི་ལ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་གསུང་རབ་ལའོ། །བློ་བཟང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བདག་གོ། འགའ་ཞེས་བྱ་བ་ནི་དབུ་མ་བ་རྣམས་སོ། །དེ་དག་ནི་སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་འདས་པར་སྨྲ་སྟེ། འཁོར་བ་དང་མྱ་ངན་ལས ་འདས་པ་དག་ལ་མི་གནས་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ཀྱང། སངས་རྒྱས་ཀྱི་ཐེག་པ་གཅིག་གི་མཐར་ཐུག་པ་སྨྲ་སྟེ། ཐེག་པ་འདི་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ་ཞེས་གྱི་བ?་གསུངས་པའི་ཕྱིར་རོ། །དེ་ལྟར ་དཔེའི་ཉེས་པ་བསྟན་ནས། སྒྲུབ་པར་བྱེད་པའི་སྐྱོན་མ་དེས་པ་ཉིད་ནི་གནོད་པ་ཅན་ཡང་མ་བརྗོད་ཕྱིར། ཞེས་བྱ་བ་སྨོས་ཏེ། གནོད་པ་ཅན་ཡང་མ་བརྗོད་ཕྱིར། །ཞེས་བྱ་བ་ནི། ཟློག་པ་ལ་ནི་ཐེ་ཚོམ་ཟ། །ཞེས་བྱ་བ་འདི་གཏན་ཚིགས་ཡིན་ལ། ་རིགས་མ་མཐུན་པ་ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་པ་ཅན་གྱི་གཏན་ཚིགས་ཡིན་ནོ། །རིགས་མི་མཐུན་པ་ལ་ཡོད་པ་ནི་རིགས་མི་མཐུན་པ་ལ་ཡོད་པའོ། །གང་ཞེ་ན་གཏན་ཚིགས་སོ་ཞེས་བྱ་བར་གོའོ། །འདི་ནི་དོགས་པ་ཡང་ཡིན་ལ་རིགས་མི་མཐུན ་པ་ལ་ཡོད་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱོར་རོ། །མི་འཆི་བ་ཉིད་དུ་ཐལ་བར་འགྱུར་བ་གནོད་པ་ཅན་གྱི་ཚད་མ་ཡིན་ཏེ། དོན་དམ་པར་བདག་ལ་སོགས་པ་འགའ་ཡང་འཆི་བར་མི་འགྱུར་བའི་ཕྱིར་ཏེ། རྒྱུན་མི་འདྲ་བའི་ཁྱད་པར་སྐྱེ་བ་ན་སྐལ ་པ་མཉམ་པར་བརྗོད་པའི་ཁྱད་པར་ཅན་གྱི་རིགས་མི་མཐུན་པའི་གནས་སྐབས་ཀྱི་ཁྱད་པར་ཞིག་པའི་ཕྱིར་འཇིག་རྟེན་ན་བསྟན་བཅོས་དེ་ལ་དེ་སྐད་དུ་ཐ་སྙད་བྱེད་པ་འབའ་ཞིག་ཏུ་ཟད་དོ། །ནུར་ནུར་སོགས་ལས་ཤེས་ཡོད་པ་ཞེས་བྱ་བ་འདི ་ཡང་གཟུ་ལུམས་ཡིན། ཞེས་གང་སྨྲས་པ་དེ་ལ། ནུར་ནུར་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་ཐམས་ཅད་དབང་པོ་དང་དོན་གྱི་སྟོབས་ཀྱིས་སྐྱེ་བར་འགྱུར་ན་དེའི་ཚེ་གཟུ་ལུམས་སུ་འགྱུར་ན་འདི་ལྟར་རྨི་ལམ་ལ་སོགས ་པའི་གནས་སྐབས་ན་མིག་ལ་སོགས་པའི་དབང་པོ་དང་གཟུགས་ལ་སོགས་པའི་དོན་མེད་པར་ཡང་སྔོན་པོ་ལ་སོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རིག་པ་ཡིན་ན། དེ་དེའི་ཚེ་ལུས་ཀྱི་དབང་པོ་ལ་བརྟན་པ་ཡིན་ནོ་ཞེས་ཀྱང ་བརྗོད་པར་མི་ནུས་ཏེ། སྔོན་པོ་ལ་སོགས་པར་སྣང་བའི་ཕྱིར་རོ། །ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་རེག་བྱ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་ཐམས་ཅད་དོན་རྟོགས་པའི་ངོ་བོ་མ་ཡིན་ནོ་ཞེས་བསྟན་ཏེ། དེའི་ཕྱིར་བརྒྱལ ་བའི་གནས་སྐབས་ན་ཡང་རྣམ་པར་ཤེས་པ་ཡོད་པ་མི་འགལ་ལོ། །ཡང་ཅི་སྟེ་རྣམ་པར་ཤེས་པ་ནུས་པའི་ངོ་བོས་ཡོད་པ་མི་འགལ་ལ། རང་གི་ངོ་བོས་ནི་འགལ་པ་ཡིན་ནོ་སྙམ་ན། དེ་ཚེ་བློ་ནི་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གཉིད་ལོག་པ་དང ་བརྒྱལ་བ་དང་ར་རོའི་གནས་སྐབས་ན་སེམས་མེད་དོ་ཞེས་དེས་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པར་གྱུར་ན་འགལ་བར་འགྱུར་རོ། །དེས་པར་བྱེད་པའི་ཚད་མ་རང་རིག་པ་མ་དམིགས་པ་ཡོད་དོ་ཞེས་ན། རང་རིག་པ་མི་དམིགས་པ་གང་ལས་གྲུབ ་གནས་སྐབས་དེར་རིག་པ་མང་པའི་དེས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་བརྒྱལ་བ་ལ་སོགས་པའི་གནས་སྐབས་དེ་དག་ཏུ་ཁྱོད་ལ་ང་ལ་སེམས་རིག་པ་མེད་དོ། །ཞེས་དེ་ལྟ་བུའི་རིག་པ་འཇུག་པ་དེའི་ཚེ། དེ་ལྟར་འཇུག་པའི་དེས་པ་དེ་ཉིད་ཀྱིས་སེམས ་དང། བཅས་པ་ཉིད་དུ་གྲུབ་པོ། །ཇི་སྟེ་ཡང་གལ་ཏེ་རྨི་ལམ་ལ་སོགས་པའི་གནས་སྐབས་ན་སེམས་ཡོད་པར་གྱུར་ན། ཅིའི་ཕྱིར་སྐྱེས་བུ་གཉིད་སད་པ་ལ་སོགས་པ་དྲན་པར་མི་འགྱུར་རོ། །སོགས་པའི་སྒྲས་ནི་བརྒྱལ་བ་ལས་སངས་པ་དང་ར་རོ་བ་ལས ་སངས་པ་རྣམས་བཟུང་ངོ། །ཉམས་སུ་མྱོང་བ་མེད་པར་གྲུབ་པར་བྱ་བའི་ཕྱིར་དྲན་པ་སྟེ་རྒྱུ་མ་ཡིན་ཏེ། གལ་ཏེ་ཉམས་སུ་མྱོང་བ་ཞེས་བྱ་བ་དེ་ཙམ་གྱི་དྲན་པ་སྐྱེ་བར་འགྱུར་ན་གང་གི་ཕྱིར་ཉམས་སུ་མྱོང་བ་ཡོད་ན་ཡང་གོམས་པ་གསལ་བ་དང་དོན་དུ ་གཉེར་པ་ལ་སོགས་པ་མ་ཚང་བའི་ཕྱིར་དྲན་པར་མི་འགྱུར་ཏེ། དཔེར་ན་སྐྱེས་མ་ཐག་པ་ལ་སོགས་པའི་གནས་སྐབས་སུ་མྱོང་བའི་སེམས་བཞིན་ནོ། །འོ་ན་ཡོད་པ་ཉིད་ལ་ཡང་ཁྱོད་ལ་ཚད་མ་ཅི་ཡང་གལ་ཏེ་དྲན་པ་མི་འཇུག་ན་ཡང་ཐེ་ཚོམ་? ་ཞེས་རྩོད་པར་བྱེད་ན་དེ་ལྟ་ན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། །དེ་དག་ལ་ཞེས་བྱ་བ་ནི་གཉིད་ལ་སོགས་པའི་གནས་སྐབས་ནའོ། །དེ་ལ་གོང་དུ་བསྟན་པའི་གཏན་ཚིགས་ནི་སྐྱེས་བུ་གཉིད་སང་པ་ལ ་སོགས་པའི་རྣམ་པར་ཤེས་པ་ནི་རང་གི་ཉེ་བར་ལེན་པའི་སྟོབས་ཀྱིས་བྱུང་བ་ཡིན་ཏེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར་གཟོ་བ་ལ་སོགས་པའི་དེ་མ་ཐག་ཏུ་བྱུང་བའི་དྲན་པ་ལ་སོགས་པ་བཞིན་ནོ། །གཏན་ཚིགས་འདི་མ་ངེས་པ་ཡང་མ ་ཡིན་ཏེ། རྒྱུ་གཞན་སྔར་བཀག་པས་འབྲེལ་བ་བསྒྲུབས་ཟིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གཉིད་ལ་སོགས་པའི་གནས་སྐབས་ན། སེམས་མེད་བར་གྱུར་ན་དེའི་ཚེ་འཆི་བ་ཉིད་དུ་འགྱུར་རོ་ཅི་སྟེ་དེ་ལ་དེ་ལྟ་བུར་གྱུར་བའི་རྣམ་པར་ཤེས་པ་ཅན་གྱི་ལུས་དེ ་ཡང་རྣམ་པར་ཤེས་པ་རྒྱུ་མེད་པར་སྐྱེ་བར་འདོད་ན། དེའི་ཚེ་དེ་སྐྱེ་བར་འདོད་ན་ནི་འཆི་བ་མེད་པར་འགྱུར་ཏེ། ཤི་བ་ལ་ཡང་རྣམ་པར་ཤེས་པ་ཡང་སྐྱེ་བས་ཐལ་བར་འགྱུར་བའི་ཕྱིར་ཏེ། གཉིད་སད་པ་བཞིན་ནོ། །ཡིད་ཀྱི་བློ་ཁོ་ན་སྐྱེ་བ་གཞན་དུ་མཚམས་སྦྱོར་བར ་ནུས་པ་ཡིན་ཏེ། དེ་སྐད་དུ་ཡང། འཆང་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོས་སྐྱེ་བ་ནི། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་བཤད་དོ། །དེའི་ཕྱིར་ཡིད་ཀྱི་བློ་ནི་བློ་སྔ་མ་ཙམ་ལ་བརྟེན་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ་ཡིད་ཀྱི་བློ་ནི་རང་དབང་ཅན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བལྟོས་པ་མེད་པ་ཉིད་ནི་རང་དབང་ཅན་ལ་གཏན་ཚིགས་སོ། །ཡིད་ཀྱི་བློ་འདི་ནི་ཐམས་ཅད་དུ། རང་གི་ཉེ་བར་ལེན་པའི་རྒྱུ་ཙམ་ལས་བྱུང་བ་ཡིན་ཏེ། རང་གི་ཉེ་བར་ལེན་པ་ལས་མ་གཏོགས་པའི་མིག ་ལ་སོགས་པའི་རྒྱུ་གཞན་ལ་བལྟོས་པའི་ཕྱིར་རྨི་ལམ་གྱིས་གནས་སྐབས་བཞིན་ནོ། །འདི་ལྟར་ཞེས་བྱ་བ་འདིས་ནི་གཏན་ཚིགས་མ་གྲུབ་བ་ཉིད་སལ་བ་ཡིན་ནོ། །དེའི་བྱ་བ་མེད་ན་ཡང་ཡོད་པའི་ཕྱིར་ཞེས་བྱ་བའི་དབང་པོ་དང་དོན་དེ་དག་གི་བྱ་བ་མེད་ན་ཡང ་ཞེས་བྱ་བའི་ཐ་ཚིག་གོ། གང་གི་ཕྱིར་བྱ་བ་མེད་ཀྱང་གང་བྱུང་བ་དེ་ན། དེའི་རྒྱུར་རིགས་པ་མ་ཡིན་ནོ་འདི་སྙམ་དུ་དེ་མེད་ན་ཡང་ཡོད་པའི་ཕྱིར་ནམ་པའི་ཨུཏཔ་ལ་ལ་སོགས་པཻ་རྣམ་པར་རྟོག་པ་དབང་པོ་དང་དོན་ལ་མི་བལྟོས་པ་ཡིན་དུ་ཆུག་མོད། །གང་གིས ་གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལམ་གྲུབ་པར་མི་འགྱུར་བ་མིག་མ་ཉམས་པ་སྔོན་པོ་ལ་སོགས་པ་མདུན་ན་གནས་པའི་བརྒྱུད་པ་ལ་འདི་ནི་སྔོན་བོའོ། །སྙམ་དུ་རྣམ་པར་རྟོག་པ་འཇུག་པ་དེ་ཇི་ལྟར་དབང་པོ་དང་དོན་དག་ལ་བལྟོས་པ་མེད་པ་ཡིན་སྙམ་དུ ་སེམས་ན། དེ་དག་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། །དེ་དག་ཅེས་བྱ་བ་ནི་དབང་པོ་དང་དོན་དག་གོ། དོན་མེད་བ་ནི་དོན་གྱིས་སྟོད་པའོ། །སྣང་བ་ནི་རྣམ་པ་སྟེ། དོན་ལ་སོགས་པ་ཞེན་པའི་རྣམ་པར་རྟོག་པ་གང་ཡིན་པ་ནམ་མཁའ་ཨི་ཨུཏཔལ ་ལ་སོགས་པའི་དོན་མེད་པར་སྣང་བའི་རྣམ་པར་རྟོག་པ་དེ་མཚུངས་ཏེ། ཡུལ་འདི་ཡང་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། སྒྲའི་རྣམ་པར་འཇུག་པའི་རྣམ་པར་རྟོག་པ་ཐམས་ཅད་ནི་སྒྲའི་དོན་སྣང་བ་ཡིན་གྱི། དེར་དངོས་པོའི་ངོ་བོ་སྣང་བ་ནི་མ་ཡིན་ཏེ། དངོས ་པོའི་ངོ་བོ་ལ་སྒྲ་མི་འཇུག་པའི་ཕྱིར་ཏེ། དེ་ལ་དེར་བརྡ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱས་པར་སྒྲའི་དོན་བརྟག་པར་བསྟན་ཟིན་ཏོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་གཏན་ཚིགས་འགལ་བ་ཡང་མ་ཡིན་ལ། མ་དེས་པ་ཡང་མ་ཡིན་ཏེ། རང་གི་ཉེ་བར ་ལེན་པ་ལས་མ་བྱུང་བ་ཡིན་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལུས་ལ་བརྟེན་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་འགྱུར་རོ་ཞེས་དོགས་པ་བསུ་ནས། བ་ལང་གང་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པགས་ནད་ཅེས་བྱ་བ་ལ་སོགས་པའི་ནད་ཀྱིས ་གནོད་པ་མ་ལུས་པར་རྣམ་པར་འགྱུར་ཡང་ཡིད་ཀྱི་བློ་མི་འགྱུར་བའི་ཕྱིར་ཡིད་ཀྱི་བློ་འདི་ལུས་ལ་བརྟེན་པ་མ་ཡིན་ནོ། །གང་འགྱུར་བས་གང་དངོས་སུ་ངེས་བར་མི་འགྱུར་བ་དེ་ནི་དེ་ལ་བརྟེན་པ་མ་ཡིན་ཏེ། དཔེར་ན་བ་ལང་འགྱུར་བས་རྟ་མི་འགྱུར་བ་བཞིན་ནོ།། ་པགས་ནང་ཀྱི་གནས་སྐབས་ན་ཡང་ལུས་འགྱུར་བས་ཡིད་ཀྱི་བློ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྱབ་པར་བྱེད་པར་མི་དམིགས་པའོ། །མིག་ལ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པས་དེ་ལ་བརྟེན་པ་ཉིད་ལ་དངོས་སུ་འགྱུར་ན་འགྱུར་བ་ཉིད་ཀྱིས་ཁྱད ་བར་སྟོན་བར་བྱེད་པ་ཡིན་ཏེ། འདིར་ཁྱད་པར་བྱེད་བ་དེ་མེད་པའི་ཕྱིར། བློ་ལུས་ལ་མི་བརྟེན་པ་ཉིད་དུ་གྲུབ་བོ། །དེས་ན་དེའི་ཕྱིར་ལུས་ལོག་ན་ཡང་མི་ལྡོག་པར་འདོད་པའི་ཕྱིར་འགལ་བ་མེད་དོ། །གང་ཞིག་གང་ལ་བརྟེན་པ་མ་ཡིན་པ་དེ་ནི་དེ ་ནི་དེ་ལོག་པ་ན་དེ་དེས་པར་ལྡོག་པ་མ་ཡིན་ཏེ། དཔེར་ན་བ་ལང་ལོག་ཕན་བ་མེད་ངེས་པར་ལྡོག་པ་མ་ཡིན་པ་བཞིན་ནོ། །ཡིད་ཀྱི་བློ་ཡང་ལུས་པ་བརྟེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་བར་བྱེད་པ་མི་དམིགས་པའོ། །དེ་མ་ཐག་ཏུ་བྱུང་བའི་གལ་ཏེ་ལུས། ་གཞན་ལ་བརྟེན་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གང་སྨྲས་པ་དེ་ལ། གང་གི་ཕྱིར་ཡིད་བློ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསམ་པ་ནི་འདི་ཡིན་ཏེ། འདིར་འཇིག་རྟེན་ཕ་རོལ་བསྒྲུབ་པར་འདོད་ལ། དེ་ཇི་ལྟར ་སྒྲུབ་ཅེ་ན། གལ་ཏོ་བློ་ཐོག་མ་དང་ཐ་མ་མེད་པ་རུང་བར་གྱུར་ན་དེ་འགྲུབ་པ་ཡིན་ཏེ། འདི་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་ལ་འཇིག་རྟེན་ཕ་རོལ་དུ་གདགས་པའི་ཕྱིར་རོ། །ལུས་ནི་མ་ཡིན་ཏ་གཟུགས་མེད་པའི་ཁམས་ན་ལུས་མེད ་ན་ཡང་འཇིག་རྟེན་ཕ་རོལ་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་སེམས་ཀྱི་རྒྱུད་ཐོག་མ་དང་ཐ་མ་མེད་པ་ཉིད་དུ་གྲུབ་ན་འཇིག་རྟེན་ཕ་རོལ་ཞེས་བྱ་བ་གྲུབ་པ་ཡིན་ཏེ། ལུས་གཞན་གྲུབ་པར་བྱ་བའི་ཕྱིར་འབད་པ་མི་དགོས་སོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་མེད ་པའི་ཕྱིར་རོ། །དེ་ནི་མ་མཐོང་བ་ཙམ་གྱིས་དགག་པར་ནུས་པ་མ་ཡིན་ཏེ། འདི་ལྟར་མིག་དམན་པ་ཁྱེད་ཅག་ལ་རིགས་ཀྱི་ཁྱད་པར་དང་གོམས་པ་ལ་སོགས་པ་མ་ཚང་པའི་ཕྱིར་དུ་བ་ཕྲ་མོ་ནི་མཐོང་བ་བཞིན་དུ་ལུས་དེ་ཡོད་ན་ཡང་མི་མཐོང་བར་ཡང ་འགྱུར་བའི་ཕྱིར་མ་དམིགས་པ་ཙམ་གྱིས་དགག་པར་གྲུབ་པ་མ་ཡིན་ནོ། །འདི་ལྟར་སྲིད་པ་བར་མ་ནི་རིགས་མཐུན་ལ་མིག་དག་པས་མདོ་འབར་བརྗོད་དེ། དེ་ཉིད་ཀྱི་ཕྱིར་གྲངས་ཅན་གྱིས་ཀུན་ཏུ་བརྟགས་པའི་ཁུར་ཁྱེར་བའི་ལུས་ཅན་མི་སྤོངས་སོ། །སྔོན་དུས་ཀྱིས་སྲིད་པ ་ཡང་ཡུལ་གྱིས་བསྐལ་པའི་ཕྱིར་དམིགས་པར་མི་འགྱུར་ཏེ། ཆེས་རིང་བར་སྐྱེ་བའི་ཕྱིར་རམ། རང་བཞིན་གྱིས་བསྐལ་བའི་ཕྱིར་ཤ་ཟ་ལ་སོགས་པའི་ལུས་བཞིན་ནོ་མ་བསྐལ་ན་ཡང་ཚུ་རོལ་མཐོང་པ་རྣམས་ཀྱིས་སྲོག་ཆགས་འདི་ནི་ཕྱེ་མ་ལེབ་ཀྱི་བདག་ཉིད་དུ་སོང་ངོ་ཞེས་ངེས་པར་མི་ནས ་པའི་ཕྱིར་ནུས་པ་བསམ་གྱིས་མི་ཁྱབ་པའི་སྨན་གྱི་སྦྱོར་བས་བསྒྱུར་པའི་ལུས་བཞིན་ནོ། །འོ་ན་ཇི་ལྟར་ལུས་ཐ་དད་པ་ལ་བརྟེན་པའི་ཤེས་བ་རྒྱུད་གཅིག་དང་འབྲེལ་པར་བརྗོད་ཅེ་ན། ཐ་དད་ལུས་ལ་ཞེས་བྱ་བ་སྨོས་ཏེ། དེ་ཡི་ཁྱད་བར་རྗེས་བྱེད་ཕྱིར། །ཞེས་བྱ་བ་ནི་ཚེ་འདིའི་རྣམ ་པར་ཤེས་པ་སྐྱེ་བ་གཞན་དུ་འཇུག་པོའི་ཤེས་པ་དེའི་ཁྱད་པར་གང་ཡིན་པ་དེའི་རྗེས་སུ་བྱེད་བ་ཡིན་ཏེ། དེ་སྐད་དུ། སྐྱེས་བུ་རྣམས་ཀྱི་དགེ་དང་མི་དགེ་ལས། །གོམས་པའི་སྦྱོར་བས་དེ་ཡི་བདག་ཏུ་འགྱུར། །གང་ཕྱིར་འབད་པ་མེད་པས་ལུས་མེད་པར། །སྐྱེ་བ་གཞན་དུ་རྨི་ལམ་བཞིན ་དུ་དཔྱོད། །དེ་ལས་ཚུ་རོལ་མཛེས་པ་བས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱིས་ལུས་དག་ཐ་དད་པའི་ཕྱིར་དེ་ལ་ཡོད་པའི་སེམས་དེ་དག་རྒྱུད་ཅིག་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་མངལ་ལ་སོགས་པར་རྩོད་པའི་ཡུལ་དུ་གྱུར་བའི་དང་པོའི་རྣམ་པར་ཤེས་པ ་རྒྱུད་གཅིག་པ་ཞེས་བྱ་བ་མ་ཡིན་ཏེ། ལུས་ཐ་དད་པའི་ཕྱིར་མ་ཧེ་དང་ཕག་པ་ལ་སོགས་པའི་ཤེས་པ་བཞིན་ནོ་ཞེས་གང་སྨྲས་པ་དེ་ནི་འདིས་བསལ་བ་ཡིན་ནོ། །གཞན་ཡང་འདི་ལས་ཀྱང་འཇིག་རྟེན་ཕ་རོལ་གྲུབ་སྟེ་གང་དང་གང་རྣམ་པར་རྟོག་པ་ཡིན་པ་དེ་ནི་སྒྲ་ཉམས་སུ་མྱོང ་བ་གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། རྣམ་པར་རྟོག་པ་ཡིན་པའི་ཕྱིར་ལས་ཚོ་ལ་སོགས་པའི་གནས་སྐབས་སུ་འབྱུང་བའི་རྣམ་པར་རྟོག་པ་བཞིན་ནོ། །སྐྱེས་མ་ཐག་པའི་ནུ་མ་འཐུང་བར་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བ་ནི་རང ་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་འདི་གཞི་མ་གྲུབ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་དུ་པ་དང་ནུ་མ་འཐུང་བ་ལ་སོགས་པའི་འབྲས་བུས་སྐྱེས་མ་ཐག་པའི་ནུ་མ་འཐུང་བ་ལ་སོགས་པར་མངོན་པར་འདོད་པ་ལ་སོགས་པའི་ཆོས་ཅན་གྲུབ་འོ། །རྣམ་པར ་རྟོག་པ་ནི་ནུས་པའི་ཁྱད་པར་ལ་སོགས་པའི་ངོ་བོས་ཡོད་པ་མ་ཡིན་ཏེ། འདི་ལྟར་དུ་བ་དང་ནུམ་འཐུང་བ་ལ་སོགས་པ་ཡོད་པར་རིགས་པ་མ་ཡིན་ལ་རང་གི་ངོ་བོ་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ཡང་ཐམས་ཅད་རྟོག་པའི ་བདག་ཅེས་བྱའོ། །ནུ་མ་འཐུང་བར་འདོད་པ་ལ་སོགས་པ་ཐམས་ཅད་ནི་རྣམ་པར་རྟོག་པའི་བདག་ཉིད་དོ། །རྣམ་པར་རྟོག་པའི་རང་བཞིན་ཡིན་ཏེ་དོན་དུ་གཉེར་པ་ལ་སོགས་པའི་རྣམ་པ་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །མ་དེས་པ་དང་མ་ཡིན་ནོ། །ཞེས ་བསྟན་པའི་ཕྱིར། དེ་ཡང་མིང་དང་རྗེས་འབྲེལ་ཅན། །ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་རྣམ་བར་རྟོག་པ་སྟེ། གང་གི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་ནི་སྒྲའི་རྣམ་པས་འཇུག་པའི་ཕྱིར་རྗེས་སུ་འབྲེལ་བ་ཡིན་ལ། རྣམ་པར་རྟོག་པ་མིང་དང་རྗེས་སུ་འབྲེལ ་པ་དེ་ཡང་བརྡ་གོམས་པ་མེད་པར་མི་འབྱུང་ངོ་ཞེས་ཁོ་བོ་ཅག་གིས་སྔར་རྒྱས་པར་བསྟན་ཟིན་ཏོ། །ཡང་ཅི་སྟེ་མིང་དང་རྗེས་སུ་འབྲེལ་པ་གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་འདི་འདོད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ་འཇིག་རྟེན་འདིར་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་གྱི་ལྡོག་བ་སྒྲུབ་པར་བྱེད་པ་ཡིན་ནོ་སྙམ་ན་མིང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ། ཡང་བསྟན་པ་ཡིན་ཏེ། སྐྱེས་མ་ཐག་པའི་འཇིག་རྟེན་འདིའི་གོམས་པ་ནི་ཚད་མ་དང་གྲགས ་པས་གནོད་པ་ཡིན་ཏེ། དམ་བཅའ་བའི་དོན་ལ་གནོད་པའི་གཏན་ཚིགས་ནི་འགལ་བ་ཉིད་དུ་རིགས་པ་མ་ཡིན་ཏེ། གནོད་པ་མེད་ན་འགལ་བ་ཡིན། །ཞེས་བྱ་བའི་རིགས་པས་སོ། །མིང་གི་ངོ་བོ་ཞེས་བྱ་བ་ནི་མིང་གི་རང་བཞིན་སྨྲ་བར་བྱེད་པའི་རང་བཞིན་ཏེ། བློའི ་སྣང་བ་ཡིན་ཡང་ཕྱི་རོལ་གྱི་སྒྲར་ཞེན་པའོ། །དེ་དག་ཅེས་བྱ་བ་ནི་སྐྱེས་མ་ཐག་པ་དག་གིའོ། །དེ་ནི་ཆད་པ་ཞེས་བྱ་བ་ནི་མངོན་པར་འདོད་པ་ལ་སོགས་པ་དེ་དག་ཆད་པ་ནི་ཆད་པའོ། །དེས་མའི་མྱོང་བ་ཞེས་བྱ་བ་ལ་སོགས་པས་ཇི་སྐད་དུ་བཤད་པའི་ཚད ་མའི་དོན་མཇུག་སྡུད་པར་བྱེད་དེ། དེས་ཞེས་བྱ་བ་ནི་དེའི་ཕྱིར་གྱིས་དོན་ཏོ། །མིང་གི་ཐ་སྙད་ཅེས་བྱ་བ་ལ་སོགས་པས་ཚད་མའི་འབྲས་བུ་སྟོན་པ་ཡིན་ཏེ། མིང་ནི་སྒྲའོ། །ཐ་སྙད་ནི་འདྲིས་པ་སྟེ་ཉམས་སུ་མྱོང་བ་ཞེས་བྱ་བའི་ཐ་ཚིག་གོ། དེས་བསྒོས་པའི་བག་ཆགས ་གང་ཡིན་པ་དེའི་ཡོངས་སུ་སྨིན་པ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་བ་ལ་འཇུག་པ་རྙེད་པ་དེ་ལས་བྱུང་བ་ཞེས་བྱ་བ་ནི་སྐྱེ་བའི་རིམ་པའོ། །དེ་དག་གི་ཅེས་བྱ་བ་ནི་སྐྱེས་མ་ཐག་པ་རྣམས་ཀྱིའོ། །གལ་ཏེ་དེ་དག་མིང་གོམས་པའི། །ཞེས་བྱ་བ་ལ་སོགས་པས་གཞན ་གྱི་ཐལ་བའི་སྒྲུབ་?་བྱེད་པའི་དོགས་པ་བསུ་བ་ཡིན་ཏེ། གལ་ཏེ་རྣམ་པར་རྟོག་པ་སྔར་གྱིས་བརྡ་གོམས་པ་ལས་འཇུག་པ་དེའི་ཚེ་གྱིས་པ་དང་ཁྱེའུ་སྔར་གྱི་བརྡ་དྲན་བར་ཐལ་བར་འགྱུར་རོ། །གོམས་པའི་རྗེས་སུ་འཇུག་པ་ནི་བྲན་པ་མེད་པར་རིགས་པ་མ་ཡིན་ཏེ། སྐད ་ལ་བྱང་བ་བཞིན་དུ་ངག་གསལ་བོར་འཇུག་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །དེ་ལྟ་ཡིན་དང་བརྡ་བྱེད་པ་དོན་མེད་པར་འགྱུར་ན། དེ་ལྟ་བུ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དྲན་པ་མེད་པའི་ཕྱིར་དང་ཚིག་གསལ་པོར་མི་འཇུག་པའི་ཕྱིར་གོམས་པ་སྔ་མ་སྔོན་དུ་འགྲོ་བ ་ཅན་ཉིད་དུ་མི་འགལ་བས་ཐལ་བ་ལས་ཟློག་པས་ཆོས་ཀྱི་རང་གི་ངོ་བོ་སེལ་བའི་སྒོ་ནས་དམ་བཅའ་བའི་ཉེས་པ་བཤད་དོ། །ཉེ་བར་གནོད་པ་གསལ་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ཐལ་བར་འགྱུར་བ་དང། ཐལ་བ་ལས་བཟློག་པའི་གཏན་ཚིགས ་མ་ངེས་པ་ཉིད་དུ་བསྟན་ཏེ། གང་གིས་དྲན་པ་ལ་སོགས་པ་འཇུག་པར་བྱེད་པ་འམ། དེ་ལྡོག་པ་ན་ལྡོག་པར་འགྱུར་བ་ཐམས་ཅད་དུ་སྔོན་གོམས་པ་ལ་དྲན་པ་ལ་སོགས་པས་ཁྱབ་པ་ནི་མ་ཡིན་ཏེ། འདི་ལྟར་སྔར་གོམས་པ་ཉམས་སུ་མྱོང་བར་ཡང་འགྱུར་ལ ་དྲན་པར་ཡང་མི་འགྱུར་ཏེ། དཔེར་འདུས་པའི་ནང་ཀྱི་གནས་སྐབས་བཞིན་ནོ། །དེ་བཞིན་དུ་རྨི་ལམ་ན་ཡང་གོམས་བ་སྔ་མ་རྗེས་སུ་འཇུག་པ་ཡིན་ལ་དྲན་བར་ཡང་མ་ཡིན་ནོ། །འདུས་པའི་ནད་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །གནོད་པ་གསལ་པོ་ཞེས་བྱ་བ་ནི་མངལ་ ་དུ་གནས་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་བག་ཆགས་ཡོངས་སུ་སྨིན་པའོ། །འཁྲུལ་པ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ཇི་ལྟ་བས་བཞིན་དུ་སོ་སོར་ངེས་པའི་ཡུལ་དང་དུས་དང་རང་བཞིན་ལ་སོགས་པའི་ཁྱད་པར་གྱི་ངོ་བོས་མི་འཇུག ་པའི་ཕྱིར་རོ། །དེ་ལ་ཆུ་རོལ་མཛེས་?་པས་སྐྱེ་བ་དྲན་པ་གྲུབ་པ་མ་ཡིན་ཏེ། གྲོང་གཅིག་ཏུ་ཕྱིན་པ་ཐམས་ཅད་ཀྱིས་དྲན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ནི་འདིས་བསལ་པ་ཡིན་ཏེ། འདི་ལྔར་གྲོང་གཅིག་ཏུ་ཕྱིན་པ་རྣམས་ཀྱང་ཐམས་ཅད་ཀྱིས་དྲན་པ་མ་ཡིན ་ཏེ་དག་པའི་ཕྱིར་དེ་ལ་དེ་དག་གི་ནང་ནས་གང་དག་ཁ་ཅིག་བློ་དམན་པ་དེ་དག་རྗེད་ངས་པར་འགྱུར་བ་ཁོ་ནའོ། །དེ་དག་གི་ཞེས་བྱ་བ་?་ཚིག་རྣམས་ཀྱིའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཐལ་བ་ལས་བཟློག་པའི་གཏན་ཚིགས་ཕྱོགས་ཀྱི་ཕྱོགས ་གཅིག་ལ་མ་གྲུབ་པ་ཉིད་དུ་འཆད་དོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པའོ། །གཞན་ཡང་འཇིག་རྟེན་ཕ་རོལ་གྲུབ་པར་བྱ་བའི་ཕྱིར་འཐད་པ་གཞན་བཤད་པ་ནི། འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱོར་བ་ནི་འདོད་ཆགས ་དང། ཞེ་སྡང་དང་ཕྲག་དོག་དང། རྒྱགས་པ་དང་བརྒྱལ་ལ་སོགས་པ་དང་དེ་བཞིན་དུ་ཤེས་རབ་དད་སྙིང་རྗེ་དང། བྱམས་པ་ལ་སོགས་པ་དང། བཟའ་ཨི་གནས་ལ་སོགས་པ་གང་གསལ་བ་དེ་ནི་གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་སྐྱེ་བ་འདི་ལ ་སྔར་མི་གསལ་བ་གོམས་པའི་དབང་གིས་ཇི་སྐད་དུ་བཤད་པའི་ཡོན་ཏན་ཅན་གྱི་སྐྱེས་བུ་མཐོང་བ་བཞིན་ནོ། །འདི་ལ་དང་པོ་སྐྱེ་བ་འདིར་འཇིག་རྟེན་འདི་ལ་གོམས་པར་བ་མཐོང་བའི་སྐྱེས་བུ་འགའ་ཞིག་ཀྱང་དེ་དང་དེ་ལ་གོམས་པ་དེ་ཡོད་པ་ཡིན་ནོ་ཞེས་བྱ ་བ་ནི་འབྲས་བུའི་གཏན་ཚིགས་སོ། །རྗེས་སུ་འགྲེལ་པ་དང་ཟློག་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། རྗེས་སུ་འགྲོ་བ་དང་ལྡོག་པ་ལས་གསལ་པོར་བྱུང་བ་ཡོངས་སུ་ངེས་ཞེས་སྨོས་སོ།། ་འཇིག་རྟེན་འདིར་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་གྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ་ཞེན་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་གསལ་པོ་གང་དག་དང་པོར་བྱུང་བ་དེ་དག་ནི་འདི་ལ་གོམས་པ་དང་བྲལ་བའི་ཕྱིར་འཇིག་རྟེན་འདིར་གོམས་པ་སྔོན་དུ་འགྲོ་བ་ཉིད་དུ་སྒྲུབ་པར་བྱེ་དང ་མི་རིགས་ལ། རྒྱུ་མེད་པ་ཉིད་དུ་ཡང་མི་རིགས་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་གལ་ཏེ་སྲིད་པ་གཞན་ཡོད་པར་མ་གྱུར་ན་འདོད་ཆགས་ལ་སོགས་པ་དེ་དག་གི་སྐྱེ་བ་སྟེ་འབྱུང་བའི་རྒྱུ་གང་ཞིག་ཡིན་པར་འགྱུར་།དེའི་སྐྱེ་བ་གཞན་ཉིད་དུ་གོ་མཉམས་པ་ཁ་ན་རྒྱུ་ཡན་པཱ་ཕྱར ་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་གྲུབ་བོ། །དམིགས་པ་ཡང་རྒྱུ་མ་ཡིན་ཏེ། དམིགས་པ་ཡོད་ན་ཡང་འདོད་ཆགས་ལ་སོགས་པ་དག་ནི་རེས་འགའ་མི་སྡུག་པ་ལ་སོགས་པའི་སོ་སོར་རྟོག་པ་མངོན་མི་སྐྱེ་བའི་ཕྱིར་རོ། །མི་སྡུག་པ་ལ་སོགས་པ་ལ་དམིགས་པ་འདོད་ཆགས་ལ་? ་གཉེན་པོར་སོགས་པའི་གཉེན་པོར་གྱུར་པའི་ཤེས་རབ་ནི་སོ་སོར་བརྟགས་པ་སྟེ་དམིགས་པ་མེད་ན་ཡང་འདོད་ཆགས་ལ་སོགས་པའི་སྐྱེ་བར་མཐོང་བའི་ཕྱིར་དམིགས་པའི་དབང་གིས་དེ་ཡོད་པར་རིགས་པ་མ་ཡིན་ནོ། །འདི་ལྟར་འདས་པ་དང་མ་འོངས་པའི་ཡུལ་ལ་ཡང་ཀུན་ཏུ་རྟོག ་པའི་དབང་གིས་བདེ་བ་ལ་སོགས་པའི་ཕྱིན་ཅི་ལོག་ཤིན་ཏུ་འཕེལ་བའི་སྐྱེས་བུ་སོ་སོར་རྟོག་པ་ལོག་ན་འདོད་ཆགས་ལ་སོགས་པ་དེ་དག་གིས་སྟོབས་འཕེལ་བར་མཐོང་སྟེ། གང་ཡོད་པ་དང་མེད་པ་ན་གང་ཡོད་པ་དང་མེད་པ་ལས་བཟློག་པ་དེ་ནི་དེའི་རྒྱུར་རིགས་པ་མ ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལས་ཀྱང་དམིགས་པའི་དབང་གིས་འདོད་ཆགས་ལ་སོགས་པ་འཇུག་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་དམིགས་པ་ཇི་ལྟ་བ་བཞིན?་དུ་འཇུག་པར་འགྱུར་བ་དེ་ལྟ་ཡིན་ན། དམིགས་པའི་དབང་གིས་འཇུག་པར ་འགྱུར་བ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །དེ་ལྟར་འཇུག་པ་ཡང་མ་ཡི་ནོ། །འོ་ན་ཅི་ཞེ་ན། བུད་མེད་ལ་སོགས་པ་ལ་བདག་དང་བདག་གི་དང་རྟག་པ་དང་བདེ་བ་ལ་སོགས་པའི་རྣམ་པ་གཞན་མི་བྱེད་པ་ཉིད་སྒྲོ་བཏགས་ནས ་འཇུག་པ་ཡིན་ཏེ། ཡུལ་རྣམས་ནི་སྡུག་བ་ལ་སོགས་པའི་ངོ་བོ་ཡང་མ་ཡིན་ནོ། །གང་ཞིག་གང་གི་རྣམ་པས་སྟོང་པ་དེ་ནི་དེའི་དམིགས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་པ་ལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ནི་དེའི་ཕྱིར་རོ། །འདོད་ཆགས ་ལ་སོགས་པ་ནི་སྤྲོ་བཏགས་པའི་ཡུལ་ཅན་པ་ཉིད་ཀྱིས་དམིགས་པ་མེད་པ་ཉིད་ཡིན་ནོ། །དེ་ལྟར་ཡིན་དང་དང་པོ་སྡེ། སྐྱེ་པ་འདིའི་དང་པོར་བྱུང་བ་འདོད་ཆགས་པ་གང་ཡིན་པ་དེ་དག་རིགས་མཐུན་པ་གོམས་པའི་དབང་གིས་འཇུག་པ་ཡིན་ནོ་ཞེས་བྱ་བར་གྲུབ ་བོ། །འོ་ན་གལ་ཏེ་ཡུལ་རྒྱུ་མ་ཡིན་ན་ཇི་ལྟར་ཡུལ་ཉེ་བ་ན་འདོད་ཆགས་ལ་སོགས་པ་སྐྱེ་བར་མཐོང་ཞེ་ན། ཡུལ་ནི་ཉེ་བར་གྱུར་པ་དང། ཞེས་བྱ་པ་ལ་སོགས་པ་སྨོས་ཏེ། རིམ་པ་ནི་འདི་ཡིན་ཏེ། ཡུལ་ཉེ་བ་ན་དབང་པོ་ལས་བྱུང་བའི་བདེ་བསྐྱེ་ལ། བདེ་བ ་དེ་ལས་སོ་སོར་རྟོག་པ་མེད་པ་ན་བདག་ལ་སོགས་པ་ཕྱིན་ཅི་ལོག་གི་མཚན་ཉིད་ཀྱི་ཚུལ་བཞིན་མ་ཡིན་པ། ཡིད་ལ་བྱེད་པ་ལ་གནས་པ་རྣམས་སྔར་གྱི་འདོད་ཆགས་ལ་སོགས་པས་བསྒོམ་པའི་བག་ཆགས་ཡོངས་སུ་སྨིན་པར་འགྱུར་ལ་དེ་ལས ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཇུག་པའི་ཕྱིར་ཡུལ་དངོས་སུ་རྒྱུ་མ་ཡིན་ནོ། །འདི་སྙམ་དུ་རང་གི་གྲུབ་པའི་མཛའ་བརྗེད་པ་ཙམ་འབའ་ཞིག་ཏུ་ཟད་ཀྱི་འདི་ལ་རིགས་པ་འགལ་ཞིག་ཡོད་པ་ནི་མ་ཡིན་ནོ་སྙམ་ན། ཀུན་ལ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེའི་ཞེས་བྱ་བ་ནི་ཡུལ་གྱིའོ། །ཤེས་པ་བཞིན་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་འཛིན་པར་བྱེད་པའི་རྣམ་པ་བཞིན་ནོ། །དེ་ལ་ཞེས་བྱ་བ་ནི་ཡུལ་ལོ། །གཅིག་ཅེས་བྱ་བ་ནི་གཅིག་གི་རྣམ་པ་ཅན་ནོ། །དེ་ལ་གཅིག་གི་རྣམ་པ་ཅན་གྱི་ཉོན་མོངས ་པ་འཇུག་པ་མ་ཡིན་ཏེ། འདི་ལྟར་བུད་མེད་ཀྱི་གཟུགས་གཅིག་ལ་ཁ་ཅིག་ཆགས་ལ། ལ་ལ་ནི་ཞེ་སྡང་ཁ་ཅིག་ནི་ཕྲག་དོག་ཅེས་བྱ་བ་རྣམ་པ་དུ་མ་འཇུག་པར་མཐོང་ངོ། །འདི་སྙམ་དུ་ཆེ་འདིའི་ཐོག་མའི་འདོད་པ་གསལ་སོགས་པ་སྔ་མ་གོམས་པ་ལས ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་དག་འཁྲིག་པ་ལ་སོགས་པ་ཀུན་ཏུ་སྤྱོད་པ་ལ་སོགས་པ་མཐོང་བ་ལས་སམ། གཞན་གྱིས་ཉེ་བར་བསྟན་པ་ལས་སོ་སྙམ་ན། གཞན་དག་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གི་འཇུག་པ་ནི་ཀུན་ཏུ་སྤྱོད་པ་ཞེས ་བྱ་བའི་ཐ་ཚིག་གོ། འཁྲུལ་པ་དེ་ཉིད་བྱུང་མཛའ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །བྱུང་བའི་མཛའ་ནི་འཁྲིག་པ་ལ་སོགས་པ་ཀུན་ཏུ་སྤྱོད་པའོ། །སྐལ་པ་མཉམ་པ་ནི་འགྲོ་བ་འདྲ་བ་སྟེ། ཕག་ལ་སོགས་པ་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས ་བྱའོ། །དེ་དག་དང་ལྷན་ཅིག་ཕྲད་པ་ནི་སྦྱོར་བའོ། །རྣམ་པར་འགྱུར་པ་ནི་ལོག་པར་འཇུག་པ་སྟེ། འཁྲིག་པ་ཀུན་ཏུ་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་ལ་སོགས་པ་རྣམས་ནི་གོམས་པའི་སྟོབས་ཉིད་ཀྱིས་རང་གི་དང་གིས་འཇུག་པ་ཡིན་ནོ་ཞེས་བྱ་བ ་འདི་ནི་གདོན་མི་ཟ་བར་ངེས་པར་བྱའོ། །འདི་ལྟར་ཤེས་རབ་དང་ཚུལ་ཁྲིམས་ལ་སོགས་པ་གང་དག་འཁོར་བར་མའི་སུ་བ་འཁོར་བར་མ་གོམས་པ་དེ་དག་རང་གི་ངང་གིས་འབད་པ་མེད་པར་འཇུག་པར་མི་འགྱུར་རོ། །མྱོས་སོགས་བཞིན་ཞེས་བྱ་བ་མི་ཆོས་མིན་ཐུན་པའི ་དཔེ་སྟེ། མྱོས་པ་ནི་དྲེགས་པའོ། །དེ་ལྟ་མ་ཡིན་ན་མྱོས་པ་ལ་སོགས་པ་བཞིན་དུ་ཤེས་དཔལ་སོགས་བ་ཡང་རང་གི་དང་གིས་འཇུག་པར་འགྱུར་རོ། །ཁ་ཅིག་ན་རེ་བདག་ན་ལས་འདོད་ཆགས་སོ། །མཁྲིས་པ་ལས་ཞེ་སྤང?་ངོ། །རླུང་ལས་ནི་རྨོངས་པ་ཞེས་ཟེར་བ ་དེ་ལ། འོན་ཏེ་བད་ཀན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བར་ཀན་ནི་བང?་ཀན་གྱི་?་ངོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་སོ་སོར་རྟོག་པ་ཡོད་བ་ན། དེ་ཡོད་ཀྱང་དེ་མི་འགྱུར་ཕྱིར་ཞེས་བྱས་ལ་སོགས་པས་དཔེར་ན་ཡུལ་ལ་འཁྲུལ་པ་བརྗོད་པ་བཞིན་ནོ།། ་གཞན་ཡང་བད་ཀན་ལ་སོགས་པ་འཕེལ་བ་དང་འགྲིབ་པ་དག་གི་འདོད་ཆགས་ལ་སོགས་པ་འཕེལ་བ་དང་འགྲིབ་ལང་འགྱུར་པ་མ་ཡིན་ལ། གང་ཞིག་ཐ་དད་པས་གང་ཐ་དད་པར་མི་འགྱུར་བ་དེ་ནི་དེའི་འབྲས་བུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར ་པའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་ཅན་ཡང་ཞེ་སྡང་ཤས་ཆེ་བར་མཐོང་གི་འདོད་ཆགས་དྲག་པོ་ནི་མ་ཡིན་ལ། མཁྲིས་པའི་རྒྱུ་ཅན་ཡང་འདོད་ཆགས་བོང་བར་མཐོང་གི་ཞེ་སྡང་ལ་སོགས་པ་ཤས་ཆེ་བ་ནི་མ་ཡིན་ནོ་ཞེས་འཚལ་བར་མཐོང་ངོ། །གང་མེད་ཀྱང་གང ་ཡོད་པ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ཞིང་གནས་སྐབས་གད་དུ་ཆགས་པ་ཅན་དུ་མཐོང་བ་དེའི་གནས་སྐབས་སུ་ཞེ་སྡང་ཡང་ཡིན་པས་དེའི་ཕྱིར་ཡང་འཁྲུལ་པས་འདོད་ཆགས་ལ་སོགས་པ་ནི་བད་ཀན་ལ་སོགས་པའི་ཆོས་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བས་ནི་མཇུག ་སྡུད་པ་ཡིན་ནོ། །གང་གོམས་བ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་གང་ལ་སོན་པ་སྔོན་དུ་འགྲོ་བ་ནི་གང་གོམས་པར་སྔོན་དུ་འགྲོ་བ་སྟེ། གང་དག་ལ་རྒྱུ་སྔ་མ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལ་གོམས་པ་སྔོན་འགྲོ་འདི། །ཅེས་བྱ་བ་ལ་སོགས་པས་གཞན་གྱི་ཀླན། ་ཀ་དོགས་པར་བྱེད་པ་ཡིན་ནོ། །དེ་ལ་ཀླན་ཀ་ནི་འདི་ཡིན་ཏེ། དང་པོར་བྱུང་བ་དག་འཇིག་རྟེན་འདི་ལ་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་བསྒྲུབ་པར་བྱ་བ་ཡིན་ནམ། འཇིག་རྟེན་ཕ་རོལ་དུ་གོམས་པ་སྔོན་དུ་འགྲོ་བ་ཉིད་དམ། དེ་གྲུབ་པ་ན་ཤུགས་ཀྱིས་འཇིག་རྟེན ་ཕ་རོལ་ཏུ་གོམས་བ་སྔོན་དུ་སོང་བ་ཅན་ཉིད་ཀྱི་འདོད་པ་གྲུབ་པར་འགྱུར་བ་ཁྱད་པར་མེད་པར་གོམས་པ་སྔོན་དུ་སོང་བ་ཙམ་བསྒྲུབ་པར་བྱ་བ་ཡིན་ཞེས་བྱ་བ་ཕྱོགས་གསུམ་མོ། །དེ་ལ་ཕྱོགས་དང་པོ་ལ་མཐོང་བ་དང་འདོད་པས་གནོད་དེ། འདོད་ཆགས་ལ་སོགS ་པ་དང་པོར་བྱུང་པ་འདོད་ཆགས་ལ་སོགས་པ་རྣམས་ནི་ཚེ?་འདི་ལ་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་མ་མཐོང་ལ་འཇིག་རྟེན་ཕ་རོལ་སྨྲ་བ་འདོད་པ་ཡང་མ་ཡིན་པས་མཐོང་བ་དང་འདོད་པ་དག་གིས་གནོད་དོ། །ཕྱོགས་གཉིས་པ་ལ་ཡང་དཔེ་བསྒྲུབ་པར ་བྱ་བ་མ་ཚང་པ་ཡིན་ནོ། །འཇིག་རྟེན་རྒྱད་པན་ལ་ལས་འཇིག་རྟེན་ཕ་རོལ་གོམས་པ་སྔོན་དུ་སོང་བ་ཉིད་དང་ལྡན་པ་དཔེ་འགར་ཡང་ཡོད་པ་མ་ཡིན་ནོ། །ཕྱོགས་གསུམ་པ་ལ་ཡང་གཏན་ཚིགས་འགལ་བ་ཡིན་ཏེ། དེ་བཞིན་ནི་དཔེ་བཞིན་དུ་སྟེ། སྲིད་པ་གཞན ་དུ་གོམས་བ་སྔོན་དུ་སོང་བ་ཉིད་ཀྱི་འདོད་པ་མེད་པར་སྒྲུབ་པར་བྱེད་པའི་ཕྱིར་རོ། །སྤྱི་ཙམ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་ཕྱོགས་གསུམ་པ་ཁོ་ན་མངོན་པར་འདོད་པ། གཏན་ཚིགས་འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་གང་གིས་འཇིག་རྟེན་ཕ ་རོལ་ཏུ་གོམས་པ་སྔོན་དུ་སོང་བ་ཉིད་འདི་ཟློག་པར་བྱེད་པ་འདོད་ཆགས་ལ་སོགས་པ་འདི་སྲིད་པ་གཞན་དུ་གོམས་པ་མངོན་དུ་སོང་བ་དེ་དང་འགལ་བ་འགལ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཞེས་ཐ་དད་དུ་རྣམ་པར་གཞག་པ་བྱས་པ ་འདི་ནི་རྣམ་པར་གཞག་པ་ཙམ་ཡིན་ཏེ། བྱིས་པ་དང་ལང་ཚོའི་བྱེ་བྲག་བཞིན་ནོ། །རྣམ་པ་འདིས་ཐོག་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་འདི་ལ་མངོན་པར་ཞེན་པར་མི་བྱའོ། །ད་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། །འཇིག་རྟེན་རྒྱད་པ་ན་བ་བརྟག་པ་སྟེ་ཉི་ཤུ་རྩ་བདུན ་པའོ།། །དེ་ནི་གཟུགས་བརྙན་ལ་སོགས་པ་ལྟ་བུ་ཡིན་ཞེས་བྱ་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁྱད་པར་བསྒྲུབས་པར་བྱ་བའི་ཕྱིར་། རྣམ་པར་ཤེས་པ་སྨྲ་བ་ཉེ་བར་འགོར་ངོ། །དེ་ལ་ཁམས་གསུམ་པ ་འདི་ནི་རྣམ་པར་རིག་པ་ཙམ་ཉིད་དོ། །རྣམ་པར་ཤེས་པ་དེ་ཡང་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ལ་སེམས་ཅན་རེ་རེའི་རྒྱུར་ཐ་དང་པའི་ཕྱིར་མཛའ་མེད་པ་དང་མ་དག་པ་ཡིན་པ་བསྒྲིབ་པ་སྤངས་པ་རྣམས་ཀྱི་ནི་དགའ་དང་སྐད་ཅིག་རེ་རེ་ལ ་ཐ་དད་པར་སྲོག་ཆགས་ཐམས་ཅད་ལ་སྐྱེ་བ་ཡིན་གྱི། ཇི་ལྟར་གསང་བར་སྨྲ་བ་ལྟར་མི་འགྱུར་བ་གཅིག་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་པའི་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ལུགས་ཡིན་ནོ། །དེ་ལ་ས་ལ་སོགས་པའི་རང ་བཞིན་གྱི་གཟུང་བར་བྱ་བའི་ཕྱི་རོལ་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་མེད་ན་འཛིན་པར་བྱེད་པ་ཡང་མེད་པའི་ཕྱིར་རམ། རྒྱུད་གཞན་ཡོད་ན་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་མི་འཐད་པའི་ཕྱིར་རྣམ་པ་གཉིས་ཀྱི་རྣམ་པར་རིག་པ་ཙམ་དུ་འདོད་དོ། །དོ་ལ་སྦྱོར་བ ་?་ནི་གང་དང་གང་ཤེས་པ་ཡིན་པ་དེ་དང་དེ་ནི་གཟུང་པ་དང་འཛིན་པ་གཉིས་དང་བྲལ་བ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་གཟུགས་བརྙན་གྱི་ཤེས་པ་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་རང་བཞིན་དུ་གནས་པའི་མིག་ལ་སོགས་པའི་ཤེས ་པ་འདི་ཡང་ཤེས་པ་བཞིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་འདི་ཁྱབ་པ་མེད་པ་ཡིན་པར་བསམ་པར་མི་བྱ་སྟེ། འདི་ལྟ་རེ་ཞིག་འདིའི་གཟུང་བར་བྱ་བས་ལ་སོགས་པའི་ཕྱི་རོལ་གྱི་དོན་ནི་ཡོད་པ་མ་ཡིན་ཏེ། དེ་ནི ་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་?་དང་དུ་པའི་རང་བཞིན་མ་ཡིན་པ་དེ་ནི་རྟོག་པ་དང་ལྡན་པས་ཡོད་པ་ཉིད་དུ་གཟུང་བར་བྱ་བ་མ་ཡིན་ཏེ་དཔེར་ན་ནམ་མཁའ་ཨི་ཨུཏཔལ་བཞིན་ནོ། །གཞན་གྱི་མངོན་པར ་འདོད་པའི་ས་ལ་སོགས་པ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་བ་མི་དམིགས་བའོ། །ཕུང་པོ་གཞན་གསུམ་པ་མེད་པས་གཅིག་དང་དུ་མ་དག་གིས་ཡོད་པ་ལ་ཁྱབ་པའི་ཕྱིར་ཁྱབ་པར་བྱ་བ་དང་བྱེད་པའི ་དངོས་པོས་མི་འཐད་པ་ནི་ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མ་ཡིན་པའི་ཕྱིར་དེ་མ་ཐག་པའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །འདིར་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་བསྟན ་པ་དང། གང་ཡང་འབྱུང་བ་ཉིད་ཀྱང་ཡོད་མིན་ཞེས། རིགས་པའི་མཆོག་འདི་འདོད་པར་གྱིས་ཤི་གཅེས་བཤད་པའི་དམ་བཅའ་བ་མངོན་སུམ་ལ་སོགས་པ་དང་འགལ་བར་བསྟན་པ་དང། གཏན་ཚིགས་དང་པོ་ཁྱད་པ་མེད་པ་ཉིད་དུ་བསྟན་པར ་འདོད་ནས། གཞན་གྱིས་གལ་ཏེ་ཤེས་པ་མ་གཏོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་རེ་།རྣམ་པར་ཆད་དང་ཞེས་བྱ་བ་འདིས་ཤེས་པ་ལས་ཐ་དད་པའི་གཟུང་བར་བྱ་བ་གྲུབ་པ་ཉིད་དུ་སྟོན་ཏོ། །རྣམས་གསལ་བར་ཞེས་བྱ་བ་འདིས་ནི་མངོན་སུམ་ཉིད་དུ ་བསྟན་ཏོ། །འདི་ཉིད་ཐལ་བར་འགྱུར་བའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེའི་དེ་ལྟར་བྱ་བ་ལ་སོགས་པ་སྨོས་སོ། །ཕྱི་རོལ་དོན་འདི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་ལ་ཕྱི་རོལ་གྱི་དོན་མངོན་སུམ་གྱིས་གྲུབ་པ་ཡིན་ན། རྡུལ་ཕྲ་རབ་ཐ ་དད་པ་དུ་མ་འམ། དེ་དག་གིས་བརྩམས་པའི་ཡན་ལག་ཅན་རགས་པ་གཅིག་གམ། མ་བརྩམས་པ་ནས་བྱ་བའི་ཕྱོགས་རྣམས་སུ་འགྱུར་བ་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཆ་མེད་པའི་ལུས་ཅན་གྱི་རྡུལ་ཕྲ་རབ་དུ་མའི་ཤེས་པ་སོ་སོར ་རིག་པ་མེད་པའི་ཕྱིར་དང། རྟག་ཏུ་ཤེས་པ་རགས་པའི་རྣམ་པ་ཅན་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །ཡང་ན་ཤེས་པ་དེ་དག་རིག་པ་མེད་པའི་ཕྱིར་རོ། །ཞེས་བདུན་པའི་མཛའ་ཅན་དུ་སྟོན་ལ་བསྡུ་བར་བྱའོ། །སྦྱོར་བ་ནི་གང་ཞིག་མངོན་སུམ་དུ་མངོན་པར ་འདོད་པའི་ཤེས་བ་ལ་རང་གི་རྣམ་པས་མི་སྣང་བ་རེ་ནི་མངོན་སུམ་ཉིད་དུ་བཟུང་བར་བྱ་བ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ཨི་པདྨ་བཞིན་ནོ། །མངོན་སུམ་མངོན་པར་འདོད་པའི་ཤེས་པ་ལས་རྡུལ་ཕྲ་རབ་དུ་མའི་ལུས་ཅན་གྱིས་རིགས་པའི་རྣམ་པ་དང་ལྡན་པ་སྣང་བ ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བར་བྱེད་པ་མི་དམིགས་བ་སྟེ། རང་གི་རྣམ་པ་སྣང་བ་ཉིད་ཀྱིས་མངོན་སུམ་ཉིད་བ་ཁྱབ་པའི་ཕྱིར་རོ། །ཁྱབ་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར་།ཆའི་དབྱེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཅི་སྟེ་ཚོགས་ཁོ་ན་སྐྱེ་བ་དང་འཇིག་གོ ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་པའི་ཕྱིར་ངེས་ན་རྡུལ་ཕྲ་རབ་རེ་རེ་སྣང་བ་མ་ཡིན་ནོ་སྙམ་དུ་སེམས་ཏེ། ཇི་སྐད་དུ། བཙུན་པ་དགེ་སྲུངས་ཀྱིས་རྡུལ་ཕྲན་རྣམས་ཀྱི་རང་དབང་དུ། རེ་རེ་འབྱུང་བ་ཡོད་མ་ཡིན། །འདི་ཡི་ཕྱིར་ཡང་རྡུལ་ཕྲན་རྣམས། །རེ་རེ་སྣང་བ་མ ་ཡིན་ནོ། །ཞེས་གང་སྨྲ་བ་དེ་ནི་ལན་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་དག་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གནས་སྐབས་དེ་རྣམས་སུ་ཞེས་བྱ་བ་ནི་ལྷན་ཅིག་པའི་གནས་སྐབས་སུའོ། །གཞན་ཡང་གལ་ཏེ་རྡུལ་ཕྲ་རབ་རྣམས་ཆ་མེད་བ་ཡིན་ན། འོ་ན་ལུས ་ཅན་ཞེས་བརྗོད་པར་མི་བྱ་བའི་ཕྱིར་དམ་བཅའ་བ་རང་གི་ཚིག་དང་འགལ་བར་འཆད་པ་ནི་དེ་དག་ཕྲ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ངོ་བོ་སྟེ་རང་བཞིན་གང་གི་ཕྲ་བའི་མཐར་ཐུག་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ་འདི་སྐད་དུ ་བསྟན་པ་ཡིན་ཏེ། གལ་ཏེ་ཕྲ་བའི་ཡན་ལག་གི་རྣམ་པར་དབྱེ་བས་ཕྲ་བའི་རང་བཞིན་མ་ཡིན་པར་མི་འགྱུར་ན་སྟེ། གལ་ཏེ་ཆ་མེད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཚོར་བ་ལ་སོགས་པ་བཞིན་དུ་ཡུལ་ཅན་དུ་གྲུབ་པར་མི་འགྱུར་ཏེ། ཁྱད་པར ་མེད་པའི་ཕྱིར་རོ། །འདྲ་བའི་སྐད་ཅིག་ཅེས་བྱ་བ་ལ་སོགས་པས་བཙུན་པ་དགེ་སྲུངས་ཀྱི་ལན་འདོགས་པར་བྱེད་དེ། དེ་ན་རེ། དཔེར་ན་འདྲ་བའི་སྐད་ཅིག་གཞན་དང་གཞན་སྐྱེ་བའི་ཕྱིར་འཁྲུལ་པས་མངོན་སུམ་གྱིས་བཟུང་ན་ཡང་སྒྲ་ལ་སོགས་པ ་ལ་རྟག་པ་ཉིད་དུ་འཁྲུལ་པ་དེ་བཞིན་དུ་རིགས་མཐུན་པའི་རྡུལ་ཕྲ་རབ་ཡུལ་བར་མེད་པ་རྣམ་ཅིག་ཅར་འཛིན་པ་ན་རགས་པའི་སྙམ་པའི་ཡིད་ཀྱི་འཁྲུལ་པ་འབྱུང་ངོ། །དེ་ལྟ་ཡིན་དང། ཆ་མེད་ལུས་ཅན་རྡུལ་དུ་མའི། །ཤེས་པ་རིག་པ་མེད་ཕྱིར་རོ།། ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །རང་གི་བྱ་བའི་སྟོབས་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དོ། །རང་གི་བྱ་བའི་སྟོབས་ཉིད་ཀྱིས། །ཞེས་བྱ་བ་ནི། རྟག་དང་ལུང་གིས་བྱ་བ་ལ། །བལྟོས་པ་མེད་པར་ཞེས་ངེས ་པར་གཟུང་བས་བསྟན་ཏོ། །འདི་ལྟར་མངོན་སུམ་ཁྱད་པར་མེད་པར་སྐྱེ་ན་ཡང་ཇི་ལྟ་ཡོངས་སུ་བཟུང་བའི་རྣམ་པའི་ཆེ་གང་ཁོ་ན་ལ་རྟོག་པ་སྐྱེད་པར་བྱེད་པ་དེ་ཉིད་དུ་འདོད་དེ། ཐ་སྙད་རུང་བ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་སྐྱེད་པར་བྱེད་པ་མེད་པ་དེ་ནི་བཟུང་དུ ་ཟིན་ཀྱང་མ་བཟུང་བ་དང་མཚུངས་པ་ཡིན་ནོ། །དེ་ལྟ་ཡིན་དང་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། འདི་ལྟར་ཤེས་པ་རག་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་འདི་ལ་མངོན་སུམ་དུ་མངོན་པར་འདོད་པའི་ཤེས་པ་ལ་རྟོག་པའི་རྒྱུར་མི་སྣང་བའི་ཕྱིར་རོ་ཞེས་བྱ ་བའི་དོན་འདི་མངོན་པར་འདོད་པ་མ་ཡིན་ནོ། །གང་ཡང་རགས་པའོ་སྙམ་པ་ཉིད་ཀྱི་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་འདི་ཚད་མས་གྲུབ་པ་ཡིན་ན་འཁྲུལ་པར་རྣམ་པར་བཞག་པར་འགྱུར་ཏེ། དཔེར་ན་སྐད་ཅིག་མ་ཉིད་ཚད་མས་གྲུབ་པའི་ཕྱིར ་རྟག་པ་ཉིད་དུ་འཛིན་པ་འཁྲུལ་པ་ཉིད་དུ་རྣམ་པར་བཞག་པ་ཡིན་ནོ། །དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་ནི་ཚད་མས་གྲུབ་པ་མ་ཡིན་ཏེ། །དེ་དག་ཉིད་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །རགས་པ་འདི་ཡིད་ཀྱིས་འཁྲུལ་པ་ཡང་མ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར་རོ། །རྣམ་པར་རྟོག་པ ་རྗེས་སུ་འབྲེལ་པ་ནི་གསལ་བའི་རྣམ་པ་ཅན་དུ་རིགས་པ་མ་ཡིན་ཏེ།། སྤྱིའི་རྣམ་པ་ཅན་ནི་གསལ་བ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་སྤྱིའི་རྣམ་པ་མེད་པར་ཡང་རིགས་བ་མ་ཡིན་ནོ། །འདི་སྙམ་དུ་མི་རྟག་པ་ཉིད་ལ་སོགས་པ་བཞིན་དུ་རྡུལ་ཕྲ་རབ་རྣམས་ཀྱང་ཚད་མས ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་གང་དང་གང་རགས་པ་ཡིན་པ་དེ་དང་དེ་ནི་ཕྲ་མོ་འདུས་པའི་བདག་ཉིད་ཡིན་ཏེ། རི་ལ་སོགས་པ་བཞིན་ནོ། །མིག་གི་བཟུང་བར་བྱ་བ་ཕྱི་རོལ་གྱི་ཡན་ལག་ཅན་ཡང་རགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མིག་གིས ་བཟུང་བར་བྱ་བ་སྨོས་པ་ནི་མིག་གིས་བཟུང་བར་བྱ་བ་མ་ཡིན་པ་རྡུལ་ཕྲ་རབ་གཉིས་འབྱར་བ་ལ་སོགས་པ་རྣམ་པར་བཅད་པའི་དོན་དུའོ་དེའི་ཕྱིར་འདིར་གལ་ཏེ་རགས་པའི་ཕྱིར་ཞེས་བྱ་བའི་དངོས་པོའི་ཆོས་ལ་བརྟེན་ནས་དོན་དམ་པའི་རགས་པ་ཉིད་གཏན ་ཚིགས་སུ་བརྗོད་ན་དེའི་ཚེ་ཕྱིར་རྒོལ་བ་ལ་བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་ཅན་གཉི་གལ་ཡང་རགས་པ་ཉིད་ཅེས་བྱ་བ་མ་གྲུབ་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་དང་དཔེ་ཡང་སྒྲུབ་པར་བྱེད་པ་མ་ཚང་བ་ཡིན་ནོ། །ཅི་སྟེ་གནག་རྗི་ལ ་སོགས་པའི་བར་ལ་གྲགས་པ་མ་བརྟགས་ན་ཉམས་དགའ་བ་ཡུལ་ལ་ཁྱབ་པར་སྣང་བའི་ངོ་བོ་གང་ཡིན་པ་དེ་རགས་པ་ཉིད་དུ་བརྗོད་ན་དེའི་ཚེ་རྨི་ལམ་ལ་སོགས་པའི་ཤེས་པ་འཁྲུལ་པ་ཡང་རྡུལ་ཕྲ་རབ་བསགས་པ་མེད་ཀྱང་དེ་ལྟར་སྣང་བའི་ངོ་ ་བོ་ཡོད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཅི་སྟེ་མ་འཁྲུལ་པ་ཉིད་ཡིན་པ་ན་ཞེས་ཁྱད་པར་ཁས་ལེན་པར་བྱེད་པ་དེའི་ཚེ་རྣམ་པར་ཤེས་པར་སྨྲ་བ་ལ། ཇི་སྲིད་དུ་རང་བཞིན་དུ་གནས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པའི ་རྣམ་པར་རྨི་ལམ་ལ་སོགས་པའི་ཤས་པ་ལས་ཁྱད་པར་བྱེ་བྲག་མ་བསྒྲུབས་པ་དེ་སྲིད་དུ་གང་དུ་མ་འཁྲུལ་པ་ཉིད་དུ་མི་གྲུབ་པའི་ཕྱིར་ཁྱད་པར་ཡང་མ་གྲུབ་བོ། །འདི་སྙམ་དུ་རང་བཞིན་དུ་གནས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྨི་ལམ་ལ ་སོགས་པའི་རྣམ་པར་ཤེས་པ་ལས་དོན་བྱ་བ་བྱེད་པ་ལ་མི་བསླུ་བས་ཁྱད་པར་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ནི་དེ་ལ་དོན་བྱ་བ་བྱེད་པ་ལ་མི་བསླུ་བ་ཞེས་བྱ་བ་འདི་ཅི་ཞིག། གལ་ཏེ་ཕྱི་རོལ་གྱི་དོན་ཐོབ་པ་ཡིན་ན་མ་གྲུབ་བོ། །ཕྱི་རོལ་གྱི་དོན་གྲུབ་པར་བྱ་བའི ་ཕྱིར་ཏེ་དེ་ཉིད་བསྒྲུབ་པར་བྱ་བ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །ཅི་སྟེ་མངོན་པར་འདོད་པའི་དོན་བྱེད་པར་སྣང་བའི་ཤེས་པ་ཉིད་དོན་བྱེད་པ་ལ་མི་བསླུ་བ་ཡིན་པ་དེའི་ཚེ་གཞན་དུ་ཡང་སྟེ་ཕྱི་རོལ་གྱི་དོན་ཉིད་དམིགས་པ་མེད་པར་ཡང་འདི་སྲིད་པའི ་ཕྱིར་།དེ་ལྟར་ན་ཡང་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཇི་ལྟར་གཞན་དུ་ཡང་སྲིད་ཅེ་ན། རྒྱུ་ཡི་ནུས་པ་ངེས་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་སོ། །རྒྱུའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན ་གྱིས་ནུས་པའི་ཁྱད་པར་ངེས་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ཁ་ཅིག་ཁོ་ན་ཤེས་པ་འགའ་ཞིག་སྐྱོད་པར་ནུས་ཀྱི་ཐམས་ཅད་ཀྱི་ཐམས་ཅད་ནི་མ་ཡིན་ཏེ། དཔེར་ན་ཁྱེད་ཅག་གིས་ཕྱིའི་དོན་བཞིན་ནོ་ཞེས་བྱ་བ་དེ་ཉིད་ལས ་ངེས་པ་གྲུབ་བོ། །རྡུལ་ཕྲན་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་ཨི་གོས་ཅན་ལེགས་པའི་བློ་གྲོས་ཀྱི་ཤེས་པ་རིག་པ་མེད་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པར་སྟོན་པ་ཡིན་ཏེ། དེ་ནི་འདི་སྐད་དུ་ཟེར་ཏེ། དངོས་པོ་ཐམས ་ཅད་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཡིན་པའི་ཕྱིར་རྡུལ་ཕྲ་རབ་རྣམས་ནི་འདྲ་བ་དང་མི་འདྲ་བའི་ངོ་བོ་གཉིས་ཡིན་ནོ། །དེ་ལ་འདྲ་བའི་ངོ་བོ་གང་ཡིན་པ་དེ་ནི་དབང་པོས་བཟུང་བར་བྱ་བ་ཡིན་གྱི། མི་འདྲ་བ་ནི་མ་ཡིན་ནོ། །དེ་བས་དང་གཅིག་གིས་རྣམ་པ་ཅན ་གྱི་ཤེས་པོ་ནི་རྡུལ་ཕྲ་རབ་དག་ལ་མི་འགལ་བའི་ཕྱིར་རྡུལ་ཕྲ་རབ་རྣམས་མངོན་སུ་མི་གྱིས་གྲུབ་པ་ཡིན་ནོ་ཞེའོ། །འཁྲུགས་པ་ཞེས་བྱ་བ་ནི་མི་གནས་པ་སྟེ། ངོ་བོ་གཅིག་ངེས་པ་མེད་པའི་ཕྱིར་རོ། །འོན་ཏེ་དངོས་པོ་གཉིས་ཀྱི་ངོ་བོ་ཉིད་དོ་ཞེས་ངེས་པའི་ངོ་བོར་སྨྲས་པ ་ཉིད་མ་ཡིན་ནམ་ཞེ་ན། སྨྲས་པ་ནི་བདེན་མོད་ཀྱི། མི་རིགས་པར་སྨྲས་སོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་ངོ་བོ་གཉིས་ལས་གཞན་མ་ཡིན་པའི་ཕྱིར། དངོས་པོ་གཉིས་ཉིད་དུ་འགྱུར་ཏེ། ངོ་བོ་གཉིས ་ཡིན་པ་འབའ་ཞིག་ཏུ་ཟད་དེ། ཕན་ཚུན་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གཅིག་ལ་ངོ་བོ་གཉིས་ཉིད་རིགས་པ་མ་ཡིན་ནོ། །ངོ་བོ་གཉིས་ཕན་ཚུན་བདག་ཉིད་ཡིན་ན་ཡང་དངོས་པོས་གཅིག་གི་རང་གི་ངོ་བོ་བཞིན་དུ་ངོ་བོ་གཉིས་དངོས་གཅིག་ལས་ཐ་མི་དད་པའི ་ཕྱིར་ཇི་ལྟར་གཅིག་གཉིས་ཀྱི་ངོ་བོ་ཉིད་དུ་འགྱུར་གཞན་ཡང་སྤྱིའི་ངོ་བོ་དང་ཐ་མི་དད་པའི་ཕྱིར་ཁྱད་པར་གྱི་ངོ་བོ་དམིགས་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་འདྲ་བའི་ངོ་བོ་ནི་དབང་པོའི་ཤེས་པའི་སྤྱོད་ཡུལ་ཡིན་ལ། མི་འདྲ་པའི་རྣལ་འབྱོར་གྱི་མངོན་སུམ་དུ་འདོད་ཞེས ་བྱ་བ་ནི་མེ་འཆོལ་བ་རྣམ་པར་བཞག་པ་འདིར་མི་འགྱུར་རོ། །གཞན་ཡང་གཅིག་གཉིས་ཀྱི་ངོ་བོ་ཡིན་ནོ་ཞེས་བྱ་བ་འདི་ཕན་ཚུན་འགལ་བ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཕན་ཚུན་འགལ་བ་ངོ་བོ་གཉིས་ཀྱིས་བདག་ཉིད་གཅིག་ཡིན་ཞེས་བྱ་བ་གང་ཡིན་པ་འདི་ནི་ཆེས་ཆེར་འགལ་བ་ཡིན་ནོ ་ཞེས་བསྟན་པའི་ཕྱིར། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདྲ་བ་དང་མི་འདྲ་པའི་ངོ་བོ་ཕན་ཆུན་སྤངས་ཏེ་གནས་པའི་མཚན་ཉིད་དེའི་བདག་ཉིད་དེ་ཇི་ལྟར་གཅིག་ཏུ་འགྱུར་གལ་ཏེ་རིག་བྱེད་ཕྱིར་ཞེས་བྱ་བ་ལ་སོགས་པས་གཞོན་ནུ་མ་ལེན་གྱི་ལུགས་རྫོགས་པར་བྱེད་དེ ་དེ་ན་རེ། དངོས་པོས་གཅིག་ལ་ཕན་ཚུན་འགལ་བའི་རྣམ་པ་རྣམས་མི་སྲིད་དོ་ཞེས་བྱ་བ་དེ་ལྟ་བུ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིག་ཕྱིར་ཏེ་རྒྱུའི་ཕྱིར་རོ། །འདི་ལྟར་དངོས་པོས་གཅིག་གིས་རྣམ་པ་གཅིག་ཏུ་འགྱུར་བར་བྱ་དགོས་སོ་ཞེས་བྱ་བ་འདི་རྒྱལ་པོའི་བཀའ་ ་ནི་མ་ཡིན་ནོ། །འོན་ཀྱང་གལ་ཏེ་ཇི་ལྟར་དམིགས་པ་དེ་དེ་ལྟར་ཁས་བླང་བར་བྱ་དགོས་ཏེ། དངོས་པོ་རྣམ་པར་འཇོག་པའི་རྒྱུ་མཚན་ནི་ཤེས་པ་ཡིན་པའི་ཕྱིར་རོ། །གཅིག་དང་དུ་མའི་རྣམ་པ་ཡང་ཡོད་པ་དང་གཟུགས་ལ་སོགས་པའི་བྱེ་བྲག་གིས་ཤས་པར་འགྱུར་བ་དམིགས ་ཏེ། དེའི་ཕྱིར་དེ་ཁོ་ན་ལྟར་རྣམ་པར་བཞག་པ་ཡིན་ནོ་ཞེས་ཟེར་རོ། །དེ་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལྟ་ན་རྣམ་པར་ཤེས་པ་འགའ་ཡང་འཁྲུལ་པར་མི་འགྱུར་ལ་དད་པའི་ཐ་སྙད་ཀྱང་ཆད་པར་འགྱུར་རོ། །ཅི་སྟེ་གནོད་པའི་ཕྱིར་འགའ་ཞིག་འཁྲུལ ་པ་ཉིད་དུ་འགྱུར་ན་དངོས་པོ་གཅིག་ལ་གནོད་པའི་རྣམ་པར་ཤེས་པ་དུ་མ་ཇི་ལྟར་མ་འཁྲུལ་པར་འགྱུར་དེ་ལྟར་རེ་ཞིག་རྡུལ་ཕྲ་རབ་རྣམས་མངོན་སུམ་གྱིས་མ་གྲུབ་ལ། རྗེས་སུ་དཔག་པས་ཀྱང་མ་གྲུབ་པའི་ཕྱིར་ཕྱི་རོལ་གྱི་དོན་ལ་བསྙོན་པ་ལ་དམ་བཅའ་བ་མངོན་སུམ་དང ་འགལ་བ་མ་ཡིན་ལ་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ།། །ད་ནི་གཞན་གྱིས་གཅིག་དང་དུ་མའི་རང་བཞིན་མ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྡུལ་ཕྲན་ཚད་མས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་འབྱར་བ་དང་ནི་ཞེས་བྱ་བ་ལ་སོགས་པས་ན་འདེབས་པར་བྱེད་དེ། སྦྱོར་བ་ནི་གང་ཞིག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་ནི་མེད་པའི་ཐ་སྙད་དུ་རུང་བ་ཡིན་ཏེ། ནམ་མཁའ་ཨི་པདམོ་བཞིན་ནོ། །གཞན་གྱིས་མངོན་པར་འདོད་པའི་རྡུལ་ཕྲ་རབ་དག་ཀྱང་ཅིག་དང་དུ་མའི ་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། འདི་ལྟར་རེ་ཞིག་རྡུལ་ཕྲ་རབ་རྣམ་པ་གཅིག་ཉིད་དུ་མ་གྲུབ་སྟེ། བསགས་པའི་ངོ་བོའི་རི་ལ་སོགས་པ་ལ་ཕྱོགས་ཆའི་དབྱེ་བ ་ཡོད་པའི་ཕྱིར་རོ། །རི་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱི་བསགས་པ་གཞན་དུ་མི་འཐད་པས་ཕྱོགས་ཆའི་དབྱེ་བ་དེ་ཉིད་དུ་ཐལ་བར་འགྱུར་བའི་སྒོ་ནས་རེ་ཞིག་གཅིག་ཉིད་དགག་བ་བཤད་པ་ནི། འབྱར་བ་དང་ནི་བསྐོར་བའམ། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཁ་ཅིག་ན་རེ། རྡུལ་ཕྲ་རབ ་རྣམས་ཕན་ཚུན་འབྱར་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་རྟག་ཏུ་བར་དང་བཅས་པ་ཉིད་ཡིན་ཏེ། ནི་རེ་གོ་ཞེས་ཟེར་རོ། །གཞན་དག་ནི་བར་མེད་པ་ཉིད་ལ་རེག་པར་འདུ་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཕྱོགས་གསུམ་པོ་དེ་ལ་ཡང། མང་པོས་བསྐོར་བའི་དབུས་ན་གནས་པའི་རྡུལ་ཕྲ་རབ ་ལ་གལ་ཏེ་ཕྱོགས་ཆའི་བྱེ་བྲག་མེད་བར་གྱུར་ན་དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་ཚོགས་བཞིན་དུ་རྒྱས་པར་མི་འགྱུར་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དབུས་ན་གནས་པའི་རྡུལ་ཕྲ་རབ་ངོ་བོ་གང་ཁོ་ནས་རྡུལ་ཕྲ་རབ་གཅིག་ལ་བལྟས་པའི་ངོ་བོ་དེ ་ཉིད་ཀྱིས་རྡུལ་ཕྲ་རབ་གཞན་ལ་ཡང་བལྟས་པར་གྱུར་ན་དེའི་ཚེ་བསྐོར་བའི་རྡུལ་ཕྲ་རབ་རྣམས་ཡུལ་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རྒྱས་པར་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་རྡུལ་ཕྲ་རབ་གཅིག་གི་ངོ་བོ་ལ་བལྟས?་པའི་རང་བཞིན་དེ་ནི་ཡུལ་གཅིག་པ་ཡིན་ཏེ། དཔེར ་ན་དེ་ཉིད་ཤར་གྱི་ཡུལ་ན་གནས་པའི་རྡུལ་ཕྲ་རབ་གཅིག་ལ་བལྟས་པ་ལྟ་བཱུམ། ཤར་གྱི་ཁང་བཟང་ལྟ་བུའོ། །བསྐོར་ནས་གནས་པའི་རྡུལ་ཕྲ་རབ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཀྱི་ངོ་བོ་གཅིག་ལ་བལྟས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན ་ཏེ། དེས་ན་རྒྱས་པར་མི་འགྱུར་རོ། །ཅི་སྟེ་ངོ་བོ་གཞན་གྱིས་བལྟས་ན་དེའི་ཚེ་ཕྱོགས་ཆའི་དབྱེ་བ་ཡོད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་གཅིག་ཉིད་དུ་མི་འགྱུར་རོ། །བཙུན་པ་དགེ་སྲུངས་ན་རེ། དཔེར་ན་རང་བཞིན་གཅིག་ལ་ཡོད་པ་མ་ཡིན་པ་དང་རྫས་མ་ཡིན་པ་ལས ་ལྡོག་པའི་སྤྱི་དུ་མ་བརྟགས་པ་ཡིན་གྱི་དེ་ཁོ་ན་ཉིད་མ་ཡིན་པ་དེ་ལྟར་འདིར་ཡང་རྡུལ་ཕྲ་རབ་དུ་མའི་བར་ན་གནས་པའི་ཕྱིར་དུ་མ་ཉིད་དུ་བརྟགས་པ་ཡིན་གྱི། ཡང་དག་པའི་དོན་ནི་མ་ཡིན་ནོ། །འདི་ལྟར་གཟགས་ཟན་ལ་སོགས་པས་བརྟགས་པའི་ཕྱོགས་ཀྱི་དངོས་པོ་ཞེས ་བྱ་བ་ཡོད་པ་མ་ཡིན་ཏེ། དེ་ནི་གཅིག་ཡིན་པའི་ཕྱིར་ཤར་ལ་སོགས་པའི་ཤེས་པ་དུ་མའི་ངོ་བོར་མི་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ཉིད་ཤར་དང་ནུབ་ཏུ་གནས་པ་ན་ཕྱོགས་ཀྱི་སྤྲས་བརྗོད་བ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་བས་དང་ཕྱོགས་ཆའི་བྱེ་བྲག་དང ་ལྡན་པའི་ཕྱིར་ཞེས་བྱ་བ་མང་པོ་དག་གིས་བསྐོར་བ་ཉིད་ལ་བསྟན་པ་ཡིན་པ་འབའ་ཞིག་ཏུ་ཟད་ཀྱི་ཆ་ཤས་དང་བཅས་པ་ཉིད་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཆ་ཤས་མེད་པའི་ཕྱིར་སེམས་བཞིན་དུ་རྡུལ་ཕྲ་རབ་རྣམས་དོན་དམ་པར་སྟོང ་དང་འོག་གི་ཆ་ཡོད་པ་མ་ཡིན་པའི་ཕྱིར་མང་པོ་དག་གིས་བསྐོར་བ་ཉིད་དུ་ཡང་མི་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་བཞིན་ནོ། །ད་ལྟ་ཡིན་དང་སྐོར་བར་བྱེད་པའི་རྡུལ་ཕྲ་རབ་རྣམས་དོན་དམ་པར་མེད་པའི་ཕྱིར་གང་གིས་ཡུལ་གྱིས་བྱས་པའི ་གཅིག་ཉིད་དུ་རྟོགས་པར་བྱེད་པ་ཇི་ལྟར་དེའི་སྒོ་ནས་དུ་མའི་དབུས་ན་གནས་པ་ཉིད་ཡིན་ཅི་སྟེ་དོན་དམ་པར་སྟེང་འོག་གི་ཆ་ཡོད་པ་མ་ཡིན་ཡང་དབུས་མ་ལ་མང་པོས་ཡོངས་སུ་བསྐོར་བར་གྱུར་ན་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཡང་འགྱུར་རོ། །དེ་ལྟ་བས་དང ་རྡུལ་ཕྲ་རབ་བཞིན་དུ་སེམས་ལ་སོགས་པ་རྣམས་ཀྱང་ཡུལ་ན་གནས་པ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེ་ན་ནི་རྡུལ་ཕྲ་རབ་རྣམས་ཀྱང་མི་འགྱུར་རོ། །དེ་ལྟར་ན་སེམས་ལ་སོགས་པ་བཞིན་དུ་རྒྱས་པར་མི་འགྱུར་རོ་ཞེས་བྱ་བར་ངེས་སོ། །འདི་སྙམ་དུ་དཔེར་ན་དེ་ལྟར་བའི ་སེམས་ཀྱི་སྐད་ཅིག་འདས་པ་དང་མ་འོངས་བའི་སེམས་ཀྱི་སྐད་ཅིག་དག་དང་དུས་ཀྱིས་བྱས་པའི་བར་མེད་པ་ཉིད་ཡོད་ཅིང། ཡང་དེ་ལྟར་བའི་སེམས་ཀྱི་སྐད་ཅིག་མ་དང་ཡུད་ཙམ་ལ་སོགས་པ་བཞིན་དུ་ཆ་དང་བཅས་བ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ ་རྣམས་མང་པོས་བསྐོར་བ་ཡིན་ན་ཡང་ཡུལ་གྱིས་བྱས་པའི་ཆ་དང་བཅས་པ་ཉིད་དུ་འགྱུར་བ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་བ་མ་ཡིན་ཏེ། ད་ལྟར་བྱུང་བའ་སེམས་ཀྱི་སྐད་ཅིག་སྔ་མ་དང་ཕྱི་མ་དག་དང་དོན་དམ་པར་བར་མེད་པ་ཉིད་ཡོད་པ་མ་ཡིན ་ཏེ། དེའི་ཚེ་དེ་དག་མེད་པའི་ཕྱིར་རོ། །མེད་པ་དང་ལྷན་ཅིག་སྔ་མ་དང་ཕྱི་མ་ཡང་དག་པར་རིགས་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་དག་ལ་རྒྱུ་དང་འབྲས་བུའི་ངོ་བོ་མེད་པའི་ཕྱིར་སྔར་དང་ཕྱིས་མེད་པ་བཞིན་དུ་དེའི་སྒོ་ནས་སྔ་མ་དང་ཕྱི་མའི་སྐད་ཅིག་དག་གིས་ཡོད་པ་བརྟགས ་པས་ཀུན་ནས་བསླང་བ་འབའ་ཞིག་ཏུ་ཟད་དོ་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་སྔ་མ་དང་ཕྱི་མའི་ཡུལ་གྱིས་བྱས་པའི་ཀུན་བརྟགས་པ་མ་ཡིན་ཏེ། རྒྱས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རེ་ཞིག་དངོས་པོ་རྣམས་ཀྱི་རྒྱུ་མེད་པ་ཉིད་ནི་རིགས་པ་དང་ལྡན་པ ་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བའི་ཕྱིར་རོ། །གང་ཡང་དངོས་པོ་རྣམས་ཀུན་རྫོབ་ཉིད་དུ་ཁས་ལེན་པ་དེས་ཀྱང་གདོན་མི་ཟ་བར་དངོས་པོ་ཐམས་ཅད་རྒྱུ་དང་བཅས་པ་ཉིད་དུ་འདོད་དགོས་སོ། །རྒྱུ་དང་བཅས་པ་ཉིད་ཡིན་ནོ། རེ་ཞིག་རྒྱུ་དང་འབྲས་བུ་དག་ནི་དུས ་མཚུངས་བར་རིགས་པ་མ་ཡིན་ཏེ། འབྲས་བུ་སྐྱེ་བ་ལས་རྒྱུ་མེད་པ་ཉིད་ཀྱིས་མི་ནུས་པའི་ཕྱིར་ལ། ཕྱིས་འབྲས་བུ་སྐྱེ་བ་ན་ཡང་རྒྱུ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་གདོན་མི་ཟ་བར་རྒྱུ་ཐམས་ཅད་སྔར་མོང?་བར་ཁས་བླང་བར་བྱ་དགོས་ཏེ། ཅི་སྐད་དུ་མེད་བ་སྔར་ནུས ་མེད་ཕྱིར་དང། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེའི་ཕྱིར་རང་བློ་ཅན་དོན་མིན། །ཞེས་བཤད་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་དངོས་པོ་ཐམས་ཅད་རིགས་པས་རྣམ་པར་བཞག་པའི་ཆ་མེད་པ་ཉིད་ཡིན་ན་ཡང་གལ་ཏེ་ཆ་དང་བཅས ་བ་ཉིད་དུ་མ་གྱུར་ན་ཡུལ་དང་དུས་ཀྱིས་བྱས་པའི་སྔ་མ་དང་ཕྱི་མ་དག་ཏུ་ཇི་ལྟར་འགྱུར་ཞེས་རྒོལ་ན་ཅི་སྟེ་ཆ་དང་བཅས་པ་ཉིད་མ་ཡིན་ན་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་དུས་ཀྱིས་བྱས་པའི་སྔ་མ་དང་ཕྱི་མ་དག་ཏུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ ་ཞེས་བསྟན་ཟིན་ཏོ། །ལུས་ཅན་གྱིས་བྱས་པའི་ཁྱད་པར་ཡང་ངོ་ཞེ་ན་མ་ཡིན་ཏེ་དེ་ཉིད་མ་གྲུབ་སྟེ། ཆ་ཤས་དང་བཅས་པ་ཉིད་ཡིན་ན་རྣམ་གྲངས་ཀྱི་ཆ་དང་བཅས་པ་ཉིད་དུ་འགྱུར་བ་ཁོ་ནར་ཟད་ཀྱི་ཁྱད་པར་གཞན་མེད་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །དེ་ལྟ་པོས་ན ་དངོས་པོ་ཐམས་ཅད་ཀྱི་དུས་ཀྱིས་བྱས་པའི་སྔ་མ་དང་ཕྱི་མ་རིགས་པ་མ་ཡིན་ན་འགའ་ཞིག་ལ་ཡུལ་གྱིས་བྱས་པའི་སྔ་མ་དང་ཕྱི་མ་ལྷག་པར་གཞན་གང་ཡིན་པ་དེ་ཆད་དུ་བཅས་པ་ཉིད་མེད་ན་མི་སྲིད་པའི་ཕྱིར། གང་ལ་ཕྱོགས་ཆ་ཐ་དད ་ཡོད། །དེ་ནི་གཅིག་ཏུ་མ་རུང་ངོ། །ཞེས་བཤད་པ་ཡང་རིག་པ་ཡིན་ཏེ། སྤྲོས་པས་ཆོག་གོ། །དེ་ལ་ཁ་ཅིག་ན་རེ། འོ་ན་ཤིན་ཏུ་ཕྲ་བའི་ཆ་དེ་དག་ཉིད་རྡུལ་ཕྲ་རབ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཆས་རྟོག་པ་ན་ཡང་ཆ་ཉིད་རྡུལ་ཕྲ་རབ་ཏུ་འགྱུར་ཏེ། འོན་ཀྱང་ཐུག་པ་མེད་པ་ཉིད་དུ ་འགྱུར་གྱི་ཆ་ཤས་དང་བཅས་པ་ཉིད་དུ། ཐལ་བ་ནི་མ་ཡིན་ནོ། །རྡུལ་ཕྲད?་བ་རྣམས་བརྟགས་སུ་ཡོད་པ་ཉིད་དུ་བསྒྲུབ་པར་ནུས་པ་མ་ཡིན་ལ། ཅི་སྟེ་བརྟགས་སུ་ཡོད་པ་དེ་ལྟ་ན་ཡང། ངེས་པར་གདགས་པའི་ཉེ་བར་ལེན་པ་ཁས་བླང་པར་བྱ་དགོས་ཏེ། བཏགས་པའི་ཉེ་བར ་ལེན་པ་གང་ཡིན་པ་དེ་ཉིད་རྡུལ་ཕྲ་རབ་ཏུ་འགྱུར་རོ། །ཅི་སྟེ་རྡུལ་ཕྲ་རབ་རྣམས་ཀྱང་མེད་པ་ཉིད་དུ་བསྒྲུབ་པ་དེ་ལྟ་ན་ཡང་ཕྱོགས་ཆའི་དབྱེ་བ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གཏན་མེད་པའི་བོང་བུའི་ར་ལ་སོགས་པ་ལ་ཤར་ལ་སོགས་པའི་ཕྱོགས ་ཆའི་དབྱེ་པ་དང་ལྡན་བར་འགྱུར་བ་ཡང་མ་ཡིན་ལ། འདི་ཐལ་བ་བསྒྲུབས་པ་ཡང་མ་ཡིན་ཏེ། ཕྱོགས་ཆའི་དབྱེ་བ་ཁས་མ་བླངས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལ་ལན་འདེབས་བ་ནི་གཞན་གྱིས་ཆའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྨྲ་བས་གདོན་མི་ཟ་བར་མཐར ་ཐུག་པའི་ངོ་བོའི་དངོས་པོ་ཅུང་ཟད་ཅིག་རྡུལ་ཕྲ་རབ་ཉིད་དུ་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ཏེ། ཐུག་པ་མེད་པ་ཉིད་ཡིན་ན་ངོ་བོ་ངེས་པར་མ་བཟུང་བའི་ཕྱིར་རང་ཉིད་ཀྱིས་ཉེ་བར་བརྗོད་པ་མེད་པ་ཉིད་དུ་བསྟན་པར་འགྱུར་ཏེ། དེ་ལྟ་ཡིན་དང་གཞན་གྱིས་འདོད་པ ་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ངེས་པའི་ངོ་བོ་ཁྱོད་ཀྱིས་རྡུལ་ཕྲ་རབ་ཉིད་དུ་རྣམ་པར་བཞག་པ་གང་ཡིན་པ་དེ་ཉིད་ལ་མ་བརྟེན་པར་ཐུག་པ་མེད་པའི་རྣམ་པར་རྟོག་པ་ཡིན་ཏེ། གང་གི་ཚེ་སྤྱོད་པར་བྱེད་པ་དེའི་ཚེ་ཇི་ལྟར་ཐུག་པ་མེད་པར་འགྱུར། ་འོན་ཀྱང་ཐུག་པ་མེད་པས་རང་གིས་ཁས་བླངས་པ་དང་འགལ་བར་བྱས་པར་འགྱུར་གྱི། གཞན་ལ་མི་འདོད་པ་ཅུང་ཟད་བསྒྲུབས་པ་ནི་མ་ཡིན་ཏེ། འདི་ཙམ་ཉིད་ཀྱིས་གཞན་གྱིས་འདོད་པ་གྲུབ་པའི་ཕྱིར་རོ། །འདི་ནི་ཐལ་བར་བསྒྲུབ་པ་ཡིན་ལ། གཏན་ཚིགས་མ་གྲུབ ་པ་ཡང་མ་ཡིན་ཏེ། འདི་ལྟར་གཞན་གྱིས་རྡུལ་ཕྲ་རབ་རྣམས་འབྱར་བ་ཉིད་དང་བར་མེད་པ་ཉིད་དང། དེ་བཞིན་དུ་བར་དང་བཅས་པ་མང་པོས་ཡོངས་སུ་བསྐོར་བ་ཡིན་ནོ་ཞེས་ཁས་བླངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་རྒྱས་པར་འགྱུར་དེ་ལྟ་ན་གལ་ཏེ་ཡང ་ཕྱོགས་མའི་དབྱེ་བ་བརྗོད་པར་མི་བྱ་བར་ཁས་བླངས་?་དེ་ལྟ་ན་ཡང་འབྱར་བ་ལ་སོགས་པའི་ཆོས་ཁས་བླངས་པའི་སྟོབས་ཉིད་ལས་འོངས་པ་ཡིན་ནོ། །སྟེང་འོག་གི་?་ལ་སོགས་པའི་ཕྱོགས་ཀྱི་དབྱེ་བ་མེད་ན་འབྱར་བ་ལ་སོགས་པའི་ཕྱོགས་གསུམ ་རིགས་པ་མ་ཡིན་ཏེ། སེམས་ལ་སོགས་པ་བཞིན་ནོ་ཞེས་བཤད་ཟིན་ཏོ། །གང་ཡང་རྡུལ་ཕྲ་རབ་བཏག་སུ་ཡོད་པ་ཡིན་ན་གདོན་མི་ཟ་བར་ཉེ་བར་ལེན་པས་ཁས་བླང་པར་བྱ་དགོས་ལ་ཉེ་བར་ལེན་པ་གང་ཡིན་པ་དེ་ཉིད་རྡུལ་ཕྲ་རབ་ཏུ་འགྱུར་རོ་ཞེས་སྨས་པ ་དེ་ལ། འདིར་ལོག་པའི་བསྟན་བཅོས་ཐོས་པ་དང་བསམས་པ་ལས་བསྒོམས་པའི་བག་ཆགས་ཡོངས་སུ་སྨིན་པ་དང། སྐར་ཁུང་ལ་སོགས་པའི་རྡུལ་སྣང་བའི་འཁྲུལ་བའི་བློའི་རྒྱུ་མཚན་ཡོད་པ་ཉིད་དོ། །བཏགས་པ་གང་ཡིན་པ་དེ་ཉིད་རྒྱུར་རིགས་པ་མ ་ཡིན་ཏེ། བཏགས་སུ་ཡོད་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བདག་ཏུ་གདགས་པའི་རྒྱུ་བདག་ཉིད་ཡིན་པར་འགྱུར་གྱི། ཕུང་པོ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་རྡུལ་ཕྲ་རབ་བཞིན་དུ་བདག་གདགས་པར་ཡང་མི་འགྱུར་རོ། །དེ་ལྟར ་རེ་ཞིག་རྡུལ་ཕྲ་རབ་རྣམས་གཅིག་ཉིད་དུ་མ་གྲུབ་བོ། །དེ་མ་གྲུབ་པས་ན་དུ་མ་ཉིད་ཀྱང་མ་གྲུབ་སྟེ་དེ་ནི་བསགས་པའི་བདག་ཉིད་ཡིན་པའི་ཕྱིར། རྡུལ་ཕྲ་རབ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པའི་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་།དེ་ལྟར་རེ་ཞིག་ཕྱི་རོལ ་གྱི་དོན་དུ་མའི་རང་བཞིན་དང་བྲལ་བ་ཉིད་དུ་བསྒྲུབས་ནས་དེ་ནི་གཅིག་གི་རང་བཞིན་དང་བྲལ་བ་ཉིད་དུ་བསྒྲུབ་པའི་ཕྱིར། རྡུལ་ཕྲན་མི་རིགས་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་དག་རགས་པ་རྡུལ་ཕྲ་རབ་རྣམས་ཀྱིས ་མ་བརྩམས་པར་འདོད་པ་དེ་དག་གི་ལྟར་ན་འདི་ཡང་རྡུལ་ཕྲ་རབ་བཞིན་དུ་གཅིག་ཏུ་མི་རིགས་ཏེ། ཕྱོགས་ཆ་ཐ་དད་པའི་ཕྱིར་དང། ལག་པ་ལ་སོགས་པ་གཡོ་བ་ན་ཐམས་ཅད་གཡོ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི ་ལན་མང་དུ་དཔྱད་བས་གསལ་བའི་ཕྱིར་ལོགས་ཤིག་ཏུ་སུན་འབྱིན་བ་མ་?་དོ། །དེའི་ཕྱིར་དེ་ལྟར་ཕྱི་རོལ་གྱི་དོན་མེད་པའི་ཐ་སྙད་དུ་བསྒྲུབས་པ་ན་གཅིག་དང་དུ་མའི་རང་བཞིན་དུ་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ ་གཏན་ཚིགས་མ་གྲུབ་པ་མ་ཡིན་པའི་ཕྱིར་ཕྱི་རོལ་བ་ལ་སོགས་པའི་གཟུང་བར་བྱ་བ་མེད་པའི་ཐ་སྙད་དུ་གྲུབ་བོ། །དེ་མེད་ན་དེ་ལ་བལྟོས་ནས་བཏགས་པའི་ཤེས་པའི་འཛིན་པར་བྱེད་པ་ཡང་མེད་པའི་ཕྱིར་རྣམ་པར་རིག་པ་ཅན་ཉིད་དུ་གྲུབ་བོ།། ་དེའི་ཕྱིར་དེ་ལྟར་ཕྱི་རོལ་གྱི་དོན་མི་འཐད་པའི་ཕྱིར་རྣམ་པར་རྟོག་པ་ཙམ་དུ་བསྟན་ནས་ད་ནི་གཟུང་པ་དང་འཛིན་པའི་མཚན་ཉིད་འགལ་བ་ཉིད་དུ་བསྟན་པའི་ཕྱིར། རྣམ་པ་མེད་དང་རྣམ་བཅས་ཞེས་བྱ་པ་ལ་སོགས་བ་སྨོས་ཏེ། རྣམས ་མེད་པ་འམ་རྣམ་པ་དང་བཅས་པ་འམ། གཞན་གྱིས་རྣམ་པས་ཀྱང་ཕྱི་རོལ་གྱི་དོན་འཛིན་པར་རིགས་པ་མ་ཡིན་ལ། རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་རྒྱུ་གཞན་ཡོད་ན་ཡང་ཤེས་པ་ནི་བདག་ཉིད ་རིག་པ་ཙམ་ཁོ་ན་ཡིན་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་བོ། །ཁ་ཅིག་ནི་ཤེས་པ་གཞན་གྱི་རྣམ་པ་ཅན་ཡང་དོན་གཞན་གྱི་རྣམ་པར་རིག་པར་འདོད་དེ། དཔེར་ན་དཀར་པོའི་རྣམ་པ་ཅན་གྱི་ཤེས་པ་ཡང་དུད་སེར་བོར ་འཛིན་པ་ཡིན་ནོ། །ཞེས་གྲག་པ་ལྟ་བུའོ། །ཅི་སྐད་དུ་ཀུ་མཱ་རཱ་རི་ལས། སྐྱེ་བ་གཅིག་པོ་དེ་ལ་ནི། །ཡུལ་དུ་གཞན་གྱི་བདག་ཉིད་ཀྱིས། །ཕྱི་རོལ་ཐམས་ཅད་དུ་དམིགས་ཏེ། །དེའི་ཚེ་དུས་གཞན་དུ་ཡང་ཡིན། ཞེས་སྨྲས་པའི་ཕྱིར་ཕྱོགས ་གསུམ་པོ་དོགས་པར་བྱས་སོ། །འོན་ཏེ་བདག་རིག་པ་ལ་ཡང་རྣམ་པ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཅིའི་ཕྱིར་འཇུག་པར་མི་འགྱུར་ཞེ་ན། རྣམ་ཤེས་འབེམས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བ་དང་འཛིན་པའི་ངོ་བོས ་བདག་ཉིད་རིག་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ནམ་མཁའ་ཨི་དཀྱིལ་འཁོར་དུ་གནས་པའི་སྣང་བ་བཞིན་དུ་རང་ཉིད་རང་བཞིན་གྱིས་གསལ་བ་ཡིན་ནོ། །ཡང་ཅིའི་ཕྱིར་གཟུང་བ་དང་འཛིན་པའི་ངོ་བོར་མི་འདོད་ཅེ་ན་གཅིག་པ་ཚ་མེད ་རང་བཞིན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསུམ་གྱི་རང་བཞིན་ནི་རིག་བྱ་དང་རིག་བྱེད་དང། རིག་པའི་བྱེ་བྲག་གིས་སོ། །ཡང་ཅི་སྟེ་ཕྱི་རོལ་གྱི་བདག་ཉིད་རིག་པ་བཞིན་དུ་བཟུང་བ་དང་འཛིན་པའི་ངོ་བོ་མེད་ན་ཡབ་རིག་པར།། ་འགྱུར་རོ་སྙམ་ན། དེའི་རང་བཞིན་གཞན་ལ་མེད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་དངོས་པོ་རྣམས་ལ་མེད་པ་ལ་སོགས་པ་ལ་ལྡོག་པའི་ཡོད་པ་ལ་སོགས་པའི་ངོ་བོ་གཅིག་ཡིན་པ་དེ་ལྟ་ན་ཡང་དེ་དངོས་པོ་རེ་རེ་ལ་དོན ་དམ་པར་ཐ་དད་པའི་ཕྱིར་གཅིག་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེ་ན། དམ་པའི་དོན་དུ་ཞེས་བྱ་བ་སྨོས་སོ། །གལ་ཏེ་འདི་སྙམ་དུ་ཕྱི་རོལ་གྱི་དོན་ཤེས་པ་ལས་ཐ་དད་པ་དེ་ལྟ་ན་ཡང་ཤེས་པ་བཞིན་དུ་རིག་པར་འགྱུར་རོ་སྙམ་དུ་སེམས་ན་རྟོགས ་པའི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་རང་རིག་བ་བསྒྲུབས་ནས། དེ་ནི་ཇི་ལྟར་རྣམ་པ་མེད་པའི་ཤེས་པས་ཕྱི་རོལ་རིག་པར་མི་རིགས་པ་དེ་ལྟར་བསྒྲུབ་པའི་ཕྱིར་ཤེས་པ་རྣམ་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་གཟུགས་བརྙན་ནི་ཤེས་པའི་རྣམ་པའོ། །འདྲ་བས་ན་ཞེས་བྱ་བ་ནི་དོན་དང་འདྲ་བ་ལས་སོ། །གདགས་པ་ཞེས་བྱ་བ་ནི་དངོས་མ་ཡིན་པའོ། །འདི་ཡང་ཞེས་བྱ་བ་ནི་དེ་དང་འདྲ་བས་ཉེ་བར་བཏགས་པས་དངོས་མ་ཡིན་པའོ། །ཡང་ཅི་སྟེ ་དཔེར་ན་རལ་གྲིས་གླང་རོལ་སོགས་པ་གསོང་བ་དང་ཡང་ཇི་ལྟར་མོས་བུའི་ཤིང་སྲེག་པར་བྱེད་ལ་རལ་གྲིལ་སོགས་པ་དེ་དགེ་གློང་བོ་ལ་སོགས་པའི་ངོ་བོ་ཡང་མ་ཡིན་པ་དེ་བཞིན་དུ་ཤེས་པ་ཡུལ་གྱི་རྣམ་པར་མ་ཐོབ་ཀྱང་ཡུལ་ཡོངས་སུ་གཅོད་པར་འགྱུར་རོ། ་སྙམ་ན་བརྒྱལ་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་བ་ཡིན་ནོ། །འདི་ཞེས་བྱ་བ་ཤེས་པ་འདིའོ། །སོགས་པའི་སྒྲས་ནི་དཔེར་ན་སྒྲོན་མ་ལ་སོགས་པ་སྔོན་པོ་ལ་སོགས་པ་གསལ་བར་བྱེད་པ་ལ་སོགས་པ་བཟུང་ངོ། །འདི་མི་མཚུངས་ཏེ་ཞེས་བྱ་བ་ལ་སོགས ་པས་ལན་བཤད་པ་ཡིན་ཏེ། རལ་གྲི་ལ་སོགས་པ་ནི་གླང་པོ་ལ་སོགས་པའི་སྐྱེད་པར་བྱེད་པ་ཡིན་པས་ན་གཅོད་པར་བྱེད་པ་ལ་སོགས་པ་ཉིད་དུ་གྲགས་ཏེ། རལ་གྲི་ལ་སོགས་པའི་སོས་བརྒྱབ་པ་ན་གླང་པོ་ཁྱད་པར་ཅན་གྱི་ཚིགས་ཐ་དད་པ་སྐྱེ་པ་དང། དེ་བཞིན་དུ ་མེ་དང་ཕྲད་པ་ལས་བུད་ཤིང་སོལ་བ་ལ་སོགས་པའི་ངོ་བོར་སྐྱེ་ལ་དེ་བཞིན་དུ་བུམ་པ་ལ་སོགས་པ་ཡང་སྣང་བའི་དབང་གིས་ཤེས་པ་སྐྱེད་པར་རུང་བ་ཉིད་དུ་འགྱུར་བ་དེ་ལྟར་ཤེས་པས་ཡུལ་ལ་ཕན་པ་འགའ་ཞིག་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་ཡུལ་ཉིད་ཀྱིས ་རྣམ་པར་ཤེས་པའི་ཁྱད་པར་བསྐྱེད་པར་བྱ་བ་ཡིན་པའི་ཇི་ལྟར་ཅུང་ཟད་ཀྱང་མི་བྱེད་པ་དེའི་རིག་པར་བྱེད་པར་འགྱུར་འདི་མིག་ལ་སོགས་པ་རིག་པར་བྱེད་པར་ཡང་འགྱུར་དུ་འོངས་པས་ཤེས་པ་དེའི་འབྲས་བུ་ཉིད་དེའི་རིག་པར་བྱེད་པར་བརྟགས་པར་རིགས ་པ་ཡང་མ་ཡིན། །བཙུན་པ་དགེ་སྲུང་ནར། རྣམ་པར་ཤེས་པའི་ཡུལ་གྱི་རྣམ་པ་མ་ཐོབ་ན་ཡང་ཡུལ་རྟོགས་པར་བྱེད་པ་ཡིན་ཏེ། དེ་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཇི་ལྟར་ཡོངས་སུ་གཅོད་ཅིང་ཅི་དང་འདྲ་བར་ཡོངས་སུ་གཅོད་ཅེས་དོགས ་པར་བྱ་བ་མ་ཡིན་ཞེས་ཟེར་རོ། །ཡང་སྨྲས་པ། གལ་ཏེ་ཇི་ལྟར་དེ་འཛིན་བྱེད། དེ་ཡོངས་སུ་གཅོད་པའི་མཚན་ཉིད་ཀྱི་ཤེས་པ་དེ་ཕྱིར་ཇི་ལྟར་དང། ཅི་འདྲ་བར་ཞེས་དོགས་མི་བྱ། ཞེའོ་དེའི་ཕྱིར་འདི་ལ་གང་ཚེ་བཟུང་བྱ་ཤེས་པ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པའི་དོན ་ཡོངས་སུ་གཅོད་པའི་བདག་ཉིད་དུ་གྲུབ་པ་ན་འདི་ཐམས་ཅད་དུ་འགྱུར་ན་དེ་ཉིད་གྲུབ་པ་མ་ཡིན་ཏེ། འདི་ལྟར་ཞེས་པ་ནི་ཡོད་པ་ཙམ་གྱིས་ཡོངས་སུ་གཅོད་པ་མ་ཡིན་ཏེ། ཐམས་ཅད་ཡོངས་སུ་གཅོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་འབྲས་བུ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། མིག་ལ ་སོགས་པ་ཡང་གཅོད་པར་འགྱུར་བའི་ཕྱིར་རོ། །གང་གིས་དེ་དང་འདྲ་བས་ཀྱང་དེས་རིག་པ་བཏགས་པར་འགྱུར་པ་རྣམས་དང་བཅས་པ་ཉིད་ཀྱིས་ཀྱང་མ་ཡིན་ནོ། །དེ་ལྟ་བས་ན་གཟུང་བར་བྱ་བ་ཡོངས་སུ་གཅོད་པ་གང་ཡིན་དེ་གལ་ཏེ་ཤེས་པའི་ངོ་བོར་གྱུར་བ་དེ་ལྟ་ན་ཤེས་པ ་དོན་ཡོངས་སུ་གཅོད་པའི་ངོ་བོར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་ཤེས་པ་དོན་ཡོངས་སུ་གཅོད་པའི་ངོ་བོ་ཉིད་ཡིན་ཞེས་བྱ་བ་གསལ་པོར་བརྗོད་པར་གྱིས་ཤིག། དེ་ལྟ་ཡིན་དང་དོན་ཡོངས་སུ་གཅོད་པ་ལས་མ་གཏགས་པའི་ཤེས་པའི་བདག་ཉིད་ཐ་མི་དད་པར་གྲུབ་པའི་ཕྱིར ་རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་བོ། །འོད་སྙམ་དུ་གང་གིས་དོན་ཁོ་ན་ཡོངས་སུ་གཅོད་ལ། དེ་ཡང་འདི་ལྟ་བུ་ཞིག་གོ་ཞེས་བསྟན་པར་མི་ནུས་པ་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེ་ལྟར་དོན་རིག་མ་བསྟན་པར་ཞེས་བྱ་བ་སྨོས་ཏེ། འགྱུར་རོ་ཞེས་བྱ་བ་ལྷག་མའོ། །གལ་ཏེ ་ཡང་ཐུན་མོང་མ་ཡིན་པའི་དངོས་པོ་ཐམས་ཅད་བསྟན་པར་མི་ནུས་པ་དེ་ལྟ་ན་ཡང་བཏགས་པའི་ཀུན་རྫོབ་ཏུ་སྨྲས་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་གཟུགས་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཡང་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟར་ངེས་པར་མ་བཟུང་བའི ་ངོ་བོས་ཤེས་པ་དོན་རིག་པར་བྱེད་པ་ཡིན་པའི་ཕྱིར་ཚལ་པོར་ཐེ་ཚོམ་མི་ཟ་བར་བསྟན་པར་འགྱུར། །དེ་ལྟ་བས་ན་རྣམ་པར་མ་དཔྱད་པའི་ངོ་བོས་དངོས་པོ་རྣམ་པར་འཇིག་པ་ན་དངོས་པོ་རྣམས་ལེགས་པར་རྣམ་པར་བཞག་པ་ཡིན་པའི་ཕྱིར་འདི་ནི་ཅི་ཡང་མ ་ཡིན་ནོ། །འདི་སྙམ་དུ་བཅད་པར་བྱ་བ་དོན་མེད་པ་ནགས་འདི་གང་གིས་ཡོངས་སུ་གཅོད་པར་བྱེད་པར་འགྱུར་སྙམ་དུ་སེམས་ན། དེ་ནི་གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་དེ་གསལ་བའི་བདག་ཉིད་དུ་ཡོངས་སུ་གཅོད་པ་ཞེས་བརྗོད་དེ། ་དཔེར་ན་བདེ་བ་ལ་སོགས་པ་ཉིད་ཀྱིས་སེམས་པ་ཉིད་ཅེས་བྱ་བ་བཞིན་ནོ། །བདེ་བའི་ཞེས་བྱ་བ་ཐ་དད་དུ་བསྟན་པ་ཙམ་གྱིས་སིམ་པ་ཉིད་དེ་ལ་གཞན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟ་བས་ན་གལ་ཏེ་ཡང་སྔོན་པོའི་ཡོངས་སུ་གཅོད་པ་ཡིན་གྱི་སེར་པོའི་མ་ཡིན་ཞེས་ཐ་དད ་པ་ལྟ་བུར་བསྟན་པ་དེ་ལྟ་ན་ཡང་དེ་ནི་རང་བཞིན་ཉིད་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ངོ་བོར་གསལ་བཞིན་པ་ཉིད་དེ་སྐད་དུ་བརྗོད་དེ། ཤེས་པ་ནི་རང་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་གང་གི་མཐུས་དེ་སྐད་ཅེས་བརྗོད་པར་བྱ་བར་རང་རིག ་པའི་དོན་འདི་ཅི་ཞིག་ཅེ་ན། རང་གི་ངོ་བོ་རིག་བྱ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དོན་རྟོགས་བྱ་ཕྱིར་བྱ་ཕྱིར་རྩོལ། །ཞེས་བྱ་བ་ལ་སོགས་པས་རང་རིག་ངོ་བོ་རིག་པར་བྱ་བ་ལ་བལྟོས་པ་མེད་ཞེས་བྱ་བ་འདི་ལ་གཞོན་ནུ་མ་ལེན་གྱི་ཀླན་ཀ་དོགས་པར་བྱེད་པ ་ཡིན་ཏེ། དེ་ན་རེ། གལ་ཏེ་ཡང་ཤེས་པ་གསལ་བའི་བདག་ཉིད་ཡིན་པ་དེ་ལྟ་ན་ཡང་བདག་ཉིད་གསལ་བར་བྱ་བའི་གཞན་ལ་བལྟོས་པ་མེད་པ་ཡིན་གྱི་རང་གི་བདག་ཉིད་རྟོགས་པ་དེ་ཤེས་པ་ནི་མ་ཡིན་ཏེ། དེ་ནི་དོན་གསལ་བ་ཉིད་བྱ་བ་དང་ལྡན་པའི་ཕྱིར་རོ།། ་གཅིག་ལ་བྱ་བ་དད་ལྡན་པ་དེ་ཡོངས་སུ་མ་སྤངས་པར་དེ་ཉིད་ཀྱི་ཚེ་གཞན་དུ་བྱ་བ་དང་ལྡན་པ་རིགས་པ་མ་ཡིན་ནོ། །འདིར་སྒྲོན་མས་འཁྲུལ་པ་ཉིད་དུ་དོགས་ནས་ཕྱོགས་གཞན་བཤད་པ་ནི་འདི་འདྲ་པ་ཉིད་ཅེས་བྱ་བ་ལ་སོགས་པའོ། །བདག་ཉིད་གསལ་བ ་མེད་ན་འདིའི་ཕྱི་རོལ་གསལ་བ་ཉིད་ཀྱང་ཇི་ལྟར་རྣམ་པར་བཞག་ཅེ་ན་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བདག་ཉིད་གསལ་བ་མེད་ན་ཡང་མིག་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་གསལ་བ་ཉིད་དུ་རྣམ་པར་བཞག ་པ་དེ་བཞིན་དུ་འདིར་ཡང་སྟེ་ཤེས་པ་ལ་ཡང་འགྱུར་རོ། །འདི་སྙམ་དུ་བདག་ཉིད་ཀྱི་ཉེ་བ་ཡོངས་སུ་སྤངས་ནས་ཅིའི་ཕྱིར་ཕྱི་རོལ་ཁོ་ན་གསལ་བར་བྱེད་སྙམ་དུ་སེམས་ན། ཕྱི་རོལ་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་བདག་གསལ་བ་ལ་ནུས་པ་མེད་ཅེ་ན། ་དངོས་པོ་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ། མེ་ནི་སྲེག་བྱེད་ནམ་མཁའ་ཨི་མིན། །འདི་ལ་བརྒལ་དུ་ཅི་ཞིག་ཡོད། ཅེས་བཤད་པ་ཡིན་ནོ་ཞེས་ཟེར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་བར་བྱེད་པ་ཡིན་ཏེ། གང་ཡང་དོན་རྟོགས་བྱ་ཕྱིར་རྩོལ། ཞེས་གང ་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ཏེ། དོན་རིག་པ་ནི་ཤེས་པ་ལས་གཞན་མ་ཡིན་ཏེ། །དི་ལྟར་རིག་པ་དང་དམིགས་པ་དང་དོན་རྣམ་པར་རིག་པ་ཞེས་ཤེས་པ་ཉིད་རྣམ་གྲངས་དེ་དག་གིས་བརྗོད་པ་ཡིན་ནོ། །དེ་ལ་ནི་དོན་རིག་པ་ལའོ། །དེའི་བདག་ཉིད་དུ་གྱུར ་ན་ནོ་ཤེས་པའི་བདག་ཉིད་དུ་གྱུར་པ་ནའོ། །གང་གིས་དོན་རག་པ་ལ་བྱ་བ་དང་བཅས་པ་ཞེས་བྱ་བར་འགྱུར་བ་ན་བདག་ཉིད་ལས་ཐ་དད་པ་ཤེས་པ་དོན་རིག་པའི་བདག་ཉིད་ཀྱི་བྱ་བར་འགྱུར་བ་གནང་ཅི་འདྲ་བ་ཞིག་ཡིན་བདག་ཉིད་ལ་བྱ་བ་དང་ལྡན་པར་རིག་པ་མ ་ཡིན་ནོ། །འདི་སྙམ་དུ་གང་གིས་ཤེས་པ་དང་དོན་རིག་པ་དང་དོན་རིག་པ་དག་རྣམ་གྲངས་པ་ཉིད་དུ་འགྱུར་བ་ཇི་ལྟར་དོན་རིག་པ་ཤེས་པའི་བདག་ཉིད་ཡིན་སྙམ་དུ་སེམས་ན། དོན་ནི་ཉམས་མོང་ངོ་བོ་ཉིད། ཅེས་བྱ་བ་ལ་སོགས་པ་སྨོན་ཏེ། འདི་ནི་དོན་ཉམས་སུ་མྱོང་བའི་ངོ་བོ་སྟེ། རང ་བཞིན་ལས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་ཅི་ལྟར་ཤེས་པ་དེ་ལ་བྱ་བ་དང་བཅས་པར་འགྱུར། མེད་པ་རི་བོང་གི་རྭ་ལས་སོགས་པ་ལ་བྱ་བ་འགའ་ཞིག་རིགས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་དེའི་དོན་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་ངོ་བོ་སྟེ་རང་བཞིན་གལ་ཏེ ་ཤེས་པ་ལ་ཐ་དད་པར་གྱུར་ན་དེའི་ཚེ་ཤེས་པ་ལ?་དོན་ཉམས་སུ་མྱོང་བར་དོན་ཉམས་སུ་མྱོང་བའི་བདག། འདི་འདྲ་བ་ཉིད་གསལ་བ་ཉིད། ཅེས་གང་བཤད་པ་དེ་རིགས་པ་ཉིད་དུ་འགྱུར་རོ། །རེས་འགའ་གཞན་འདོན་བཞིན་པ་དག། ཤེས་པ་དོན་ཉམས་མྱོང་བ་ལས། །ཐ་དད ་ཁས་ལེན་བྱེད་ན་ཡང། དེ་ཡང་མེད་ཅེས་བྱ་བ་སྨོས་ཏེ། དེ་ནི་ཤེས་པ་ལས་ཐ་དད་པ་ཉིད་ཀྱི་ཉམས་སུ་མྱོང་བའོ། །ཁས་བླངས་ན་ནི་ཤེས་པའི་བདག་རིག་པ་དང་བྲལ་བའི་མཚན་ཉིད་ཁས་བླངས་པའོ། །དེ་ཡོངས་སུ་ངོར་བར་ཐལ་བར་འགྱུར་བ་ནི་ཤེས ་པ་ཉམས་སུ་མྱོང་བ་ལས་ཐ་དད་པར་ཁས་ལེན་ན་རང་གཅིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་ཤེས་པ་དོན་ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་གསལ་བ་ཉིད་དུ་མི་འདོད་དོ། །འོ་ན་ཅི་ཞེ་ན། ཉམས་སུ་མྱོང་བའི་བདག་ཉིད་གསལ་བ་ཡིན་པ་འབའ་ཞིག ་གི་ཕྱིར་རོ་ཞེས་འཆད་པ་ནི། དེ་རང་ལས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཤེས་པ་དེ་ཉམས་སུ་མྱོང་བའི་བདག་ཉིད་ཁོ་ནར་སྐྱེ་བ་ཡིན་གྱི། དོན་ཉམས་སུ་མྱོང་བའི་བདག་ཉིད་མ་ཡིན་པ་དེ་ལྟར་ན་ཡང་འདི་ནི་སྔོན་པོའི་རིག་པ་ཡིན་གྱི། སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བ་ལ ་སོགས་པ་ཐ་དད་དུ་དོན་རིག་པ་གྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་གྲུབ་པར་མི་འགྱུར་ཞེ་ན། ཇི་ལྟར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་ཞེས་བྱ་བ་ནི་རྣམ་པ་དང་ལྡན་པའི་ཕྱིར་རོལ་གྱི་དོན་ཡིན་ལ་བློ་ནི་རྣམ་པ་མེད་པ་ཡིན་ཞེས་བྱ་བ་གང་གི་ལྟ་བ ་ཡིན་པའི་རྣམ་པ་མེད་པའི་ཤེས་པ་སྨྲ་བ་ལའོ། །དེ་དོན་ཉམས་སུ་མྱོང་བའི་བདག། འདི་འདྲ་བ་ཉིད་གསལ་བ་ཉིད། །ཅེས་གང་སྨྲས་པ་འདི་ལ། །གལ་ཏེ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་བེམས་པོའི་ངོ་བོ་ཉིད་ཀྱིས་བདག་ཉིད་རིག་པར་བྱེད ་པ་མ་ཡིན་པ་དེའི་ཆེད་རང་ལས་མངོན་སུམ་མ་ཡིན་པ་ན་དོན་ཉམས་སུ་མྱོང་བ་ཡང་མངོན་སུམ་མ་ཡིན་པ་ཉིད་དུ་ཡང་མི་འཐད་དོ། །འདི་སྙམ་དུ་གལ་ཏེ་ཤེས་པ་མངོན་སུམ་མ་ཡིན་ན་ཅིའི་ཕྱིར་དོན་ཉམས་སུ་མྱོང་བ་ཡང་མངོན་སུམ་དུ་འགྱུར་གཟུགས་མངོན ་སུམ་མ་ཡིན་པས་ནི་སྒྲ་ཡང་མངོན་སུམ་མ་ཡིན་པ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། ཤེས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཉམས་སུ་མྱོང་བ་མ་གཏོགས་པར་གཞན་གྱི་ངོ་བོ་ངེས་པར་གཟུང་བ་ཡོད་པ་མ་ཡིན་ནོ།། ་གཞན་ཉིད་དུ་ངེས་པ་སྔོན་དུ་འགྲོ་བ་དེས་པར་གཟུང་བར་ཐ་སྙད་བྱེད་ན་ཅི་ལྟར་རང་དང་གཞན་དག་སླུ་བར་བྱེད་ཤེས་པ་དེའི་ད་བོ་མ་གྲུབ་པ་ན་དེའི་དོན་ཉམས་སུ་མྱོང་བ་གཞན་གང་ཞི་གྲུབ་པ་ཡིན་ཏེ། འགའ་ཡང་མ་ཡིན་ནོ། །ཡང་ཅི་སྟེ་ཤེས་པ་གཞན་གྱིས་དེ ་གྲུབ་པར་འགྱུར་རོ་སྙམ་ན། རང་གིས་མ་མྱོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲུབ་པ་ནི་ཤེས་པ་སྟེ་མ་གྲུབ་བོ། །གསལ་བ་མ་གྲུབ་པ་ནི་གསལ་བ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །འདི་ལྟར་རེ་ཞིག་བདག་ཉིད་དོན་ཉམས་སུ་མྱོང་བའི་དུས་ན་གྲུབ་པ་མ་ཡིན ་ཏེ། དེའི་གསལ་བ་ཉམས་སུ་མྱོང་བའི་རང་བཞིན་དེའི་དུས་ན་མ་གྲུབ་པའི་ཕྱིར་རོ། །གང་གི་ཚེ་འགྲུབ་པར་འགྱུར་བ་བརྗོད་པར་བྱ་དགོས་སོ། །དེའི་ཤེས་པའི་ཤེས་པ་སྐྱེས་པ་ན་སྟེ། རང་གི་ཤེས་པའི་ཤེས་པ་སྐྱེ་པའི་དུས་སུ་འགྲུབ་པར་འགྱུར་ཞེ་ན། དེ་ནི ་ལགས་པར་སྨྲས་པ་ཡིན་ཏེ། གང་ཞི་རང་ཉམས་སུ་མྱོང་བའི་དུས་ན་མ་གྲུབ་པ་དེ་ཇི་ལྟར་གཞན་ཉམས་སུ་མྱོང་བའི་དུས་ན་གྲུབ་པར་འགྱུར་གལ་ཏེ་ཐུག་པ་མེད་པར་མི་འགྱུར་ན་གྲུབ་པར་འགྱུར་བ་ཞིག་ནི་དེ་ནི་བཟློག་པར་དཀའ་ཨོ་ཞེས་བསྟན་པའི་ཕྱིར ་རོ། །དེའི་ཡང་ཉམས་མྱོང་མ་གྲུབ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་བ་ནི་དོན་ཤེས་པ་གཉིས་པའོ། །དང་པོ་ཞེས་བྱ་བ་ནི་དོན་ཉམས་སུ་མྱོང་བའོ། །མ་གྲུབ་པ་ཉིད་ཅེས་བྱ་བ་ནི་འདི་ལ་གྲུབ་པ་མེད་པས་མ་གྲུབ་པ་སྟེ། དེའི་དངོས ་པོ་ནི་མ་གྲུབ་པ་ཉིད་དོ། །གཞན་ཡང་གལ་ཏེ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་ཁས་ལེན་པར་བྱེད་པ་དེའི་ཚེ་ཤེས་པ་གཞན་དེ་ལ་ཡང་བདག་ལ་ཤེས་པའི་སྐྱེས་སོ་ཞེས་དྲན་པ་སྐྱེ་པ་ཉིད་ཡིན་ལ་དེ་ཡང་གཞན་གྱིས་ཉམས་སུ་མྱོང་བར་བརྗོད ་པར་བྱ་སྟེ། ཉམས་སུ་མྱོང་བ་ལ་ནི་དྲན་པ་སྐྱོ་བར་རིགས་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ལས་མེད་པ་སུ་ཞིག་ཤེས་པའི་ཕྲེང་བ་འདི་དག་སྐྱེད་པར་བྱེད་ཅེས་བྱ་བར་བརྗོད་པར་བྱ་དགོས་སོ། །རེ་ཞིག་དོན་ནི་མ་ཡིན་ཏེ། དེ་ནི་རྩ་བའི་ཤེས་པའི་ཡུལ་ཡིན་པའི ་ཕྱིར་རོ། །དབང་པོ་དང་སྣང་བདག་ཀྱང་མ་ཡིན་ཏེ། དེ་དག་ནི་དབང་པོའི་ཤེས་པ་ཉིད་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །རྒྱུ་མཚན་མེད་པ་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བློ་སྔ་མ་དེ ་ཉིད་བློ་ཕྱི་མ་ཕྱི་མ་སྐྱེས་པར་བྱེད་དོ་ཞེ་ན། དེ་བཞིན་ཡུལ་གཞན་ལ་འཕོ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་ཡུལ་གཞན་ལ་འཕོ་བར་མི་འགྱུར་ཏེ། འདི་ལྟར་བློ་སྔ་མ་སྔ་མ་ཤེས་པ་ཕྱི་མ་ཕྱི་མའི་ཡུལ་གྱི་ངོ་བོས་ཉེ་བར་ལེན ་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཉེ་བ་ཉིད་དུ། རྣམ་པར་བཞག་པའི་ཉེ་བར་བརྗོད་པ་དེ་འདྲ་བ་སྤངས་ནས་ཇི་ལྟར་མི་ཉེ་བའི་དོན་འཛིན་བར་བྱེད་བ་ཡིན་དོན་ཉེན་ཡང། དེ་ལ་འགགས་བྱེད་བར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་མི་ཉེ་བ་ཉིད་ཡིན་པའི ་ཕྱིར་རོ། །གལ་ཏེ་མི་ཉེ་ཡང་གེགས་བྱེད་པ་ཡིན་པ་དེའི་ཚ་ནམ་ཡང་འགའ་ལ་ཡང་བློ་ཉམས་སུ་མྱོང་བར་མི་འགྱུར་རོ། །དོན་གང་ཞིག་མི་ཉེ་བའི་གནས་སྐབས་དེ་ནི་འགའ་ཡང་ཡོད་བ་མ་ཡིན་པའི་ཕྱིར་དོན་མི་ཉ་བ་ཡིན་ནོ་ཞེས་བྱ ་བའི་དྲན་པ་ཡང་འཆད་པར་འགྱུར་ཏེ། ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །གཞན་ཡང་གང་དག་འདས་བ་ལ་སོགས་པའི་རྣམ་པར་རྟོག་པའི་ཡུལ་ཉ་བ་མེད་པར་འབྱུང་བ་དེ་དག་ལ་འཕོ་བའི་རྒྱུ་མེད་པའི་ཕྱིར་རྣམ་པར་རྟོག་པའི ་རྒྱུད་པ་འཁོར་བ་ཇི་སྲིད་པར་གནས་པའི་ཕྱིས་སུས་ཀྱང་དོན་ཤེས་པར་མི་འགྱུར་རོ། །དོན་གཞན་ལ་འཕོ་བ་མི་འཐད་པ་ཡིན་དུ་ཆུག་མོད། ད་ལྟ་ན་ཡང་མཛའ་ཤེས་པ་གང་ཡིན་པ་དེས་སུ་ཞིག་ཉམས་སུ་མྱོང་བར་བྱེད་ཅེས་བྱ་བ ་བརྗོད་པར་བྱ་དགོས་སོ། །ཡང་ཅི་སྟེ་བློ་ཕྱི་མ་འདི་ཉིད་དོན་གཞན་འཛིན་པའི་བློ་སྔ་མ་དང་དོན་གཉི་ག་འཛིན་པ་ཡིན་ནོ་སྙམ་ན། འདི་ལྟར་སྒྲའི་ཤེས་པའི་འཇུག་ཐོགས་སུ་གཟུགས་འཛིན་པའི་ཤེས་པ་འབྱུང་བ་དེའི་ཚིག་གཟུགས་འཛིན ་པའི་ཤེས་པ་དེ་ལ་སྒྲའི་ཤེས་པ་སྣང་བའི་ཕྱིར་དེ་ལ་སྣང་བའི་སྒྲ་ཡང་སྣང་བར་འགྱུར་རོ། །གང་གི་ལྟར་ན་ཤེས་པ་རྣམ་པ་མེད་པ་དེའི་ལྟར་ན་ཡང་སྒྲ་འཛིན་པ་མེད་པར་འཛིན་པར་བྱེད་པར་འཛིན་པར་མི་རིགས་ཏེ། དབྱུག་པ་འཛིན་པ་མེད་པར ་དེ་འཛིན་པར་བྱེད་པའི་དབྱུག་པ་ཅན་མི་འཛིན་པར་རིགས་སོ་ཞེས་བྱ་བས་གཟུགས་འཛིན་པའི་རྣམ་པར་ཤེས་པ་ལ་སྒྲ་ཡང་སྣང་བར་འགྱུར་རོ། །དེ་བཞིན་དུ་བསམ་པའི་ཤེས་པ་ལ་ཡང་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཡི་གེ་ཨ་ལ་སོགས་པའི ་ཡུལ་ཅན་གྱི་མངོན་པར་བརྗོད་པ་གཉིས་གཅིག་ལ་རིམ་མ་ཡིན་པར་འགྱུར་རོ། །འདི་ལྟར་གང་གི་ཚལ་གེ་ཨི་སེམས་པའི་དེ་མ་ཐག་ཏུ་ཡི་གེ་ཨ་སེམས་པར་བྱེད་པ་དེའི་ཚེ་དེའི་ཡི་གེ་ཨ་སེམས་པར་བྱེད་པའི་ཤེས་པ་ཨི་འཛིན་པར་བྱེད་པ་ཡང་སེམས ་བར་བྱེད་པའི་ཕྱིར་རང་གི་ཤེས་པ་ལ་སྣང་བའི་ཡི་གེ་ཨིའི་བརྗོད་པ་ཡི་གེ་ཨའི་བརྗོད་པའི་ཤེས་པ་ལ་ཡང་སྣང་བར་འགྱུར་རོ། །གཞན་ཡང་དངོས་པོ་ཐམས་ཅད་ལ་ལན་གཉིས་སུ་སྣང་བར་འགྱུར་ཏེ། རང་གི་ཤེས་པའི་དུས་སུ་དབང་གི་ཤེས་པའི་དུས་སུ ་སྣང་བའི་ཕྱིར་རོ། །དེ་ལྟར་སྣང་བ་ཡང་ཡོད་པ་མ་ཡིན་པའི་ཕྱིར་བློ་ཕྱི་མས་གཉིས་འཛིན་པ་ནི་མ་རིགས་པས་སྨྲས་པ་ཡིན་ནོ། །ཡང་ཅི་སྟེ་མའི་ཤེས་པ་གཅིག་པོ་དེ་ཉམས་སུ་མ་མྱོང་བ་དང་མ་དྲན་པར་འགྱུར་མོད། སྐྱོན་ཅིར་འགྱུར་སྙམ་ན། སྤྱོད་ཡུལ ་གཞན་དུ་འཕོ་བ་ཅན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་རིག་པ་ཁས་མི་ལེན་པའི་ཕྱིར་རང་ལས་མ་ཡིན་ལ། ཐུག་པ་མེད་པའི་ཉེས་པས་གཞན་ལས་ཀྱང་མ་ཡིན་ནོ། །འདིའི་མཛའ་མ་གྲུབ་པ་ན་སྔ་མ་སྔ་མ་ཡང་མ་གྲུབ་སྟེ། དམིགས་པ་མངོན་སུམ ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དོན་ཡང་མ་གྲུབ་བའི་ཕྱིར་ནམ་ཡང་འགའ་ཡང་དམིགས་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་འགྲོ་བ་མཛའ་དག་ལོང་བ་ཉིད་དུ་འགྱུར་རོ། །ཅི་སྟེ་ཇི་སྐད་བཤད་པའི་ཉེས་པས་འཇིགས་ནས་ཐ་མ་རང་ལས་ཏེ་རང་རིག་པས ་ཁས་ལེན་པར་བྱེད་ན་དེའི་ཚེ། དེ་ཁོ་ན་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རང་རིག་པ་ཡིན་ལ་རག་མོད། སྦྱོར་བ་ནི་གང་ཞིག་ཤེས་པ་ཡིན་པ་དེ་ནི་བདག་ཉིད་རིགས་པ་ལས་གཞན་གྱིས་བྱེད་པ་ལ་བལྟོས་པ་མ་ཡིན ་ཏེ། ཤེས་པ་ཡིན་པའི་ཕྱིར་མཛའ་ཨི་ཤེས་པ་བཞིན་ནོ། །རྩོད་པའི་གཞིར་གྱུར་བ་ཡང་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་མ་ཡིན་ན་གང་ཞིག་རང་ལས་མ་གྲུབ་པ་དེ་ནི་བུམ་པ་ལ་སོགས་པ་བཞིན་དུ་བེབས་པོའི་ངོ་བོ་ཉིད་ཀྱིས་ཤེས་པ་ཉེས ་བར་འགྱུར་རོ་ཞེས་བྱ་བ་ནི་གནོད་པ་ཅན་གྱི་ཚད་མའོ། །མིག་ལ་སོགས་པ་གསལ་བྱེད་པར་རྣམ་པར་བཞག་པ་མཐོང་བ་ལྟར་ཞེས་བྱ་བ་འདི་ལ། མིག་ནི་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ནི་གཟུགས་ཀྱི་ཡུལ་ཅན་གྱིས་ཤེས་བསྐྱེད་པ་ན་གཟུགས ་ཀྱི་གསལ་བར་བྱེད་པ་བརྗོད་ཀྱི། རྣམ་པར་ཤེས་པ་ནི་གཟུགས་ལ་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ཏེ། གཟུགས་ཉི་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་པ་ནི་གསལ་བར་བྱེད་པར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན ་ནི་དེའི་ཕྱིར་རོ། །མཚུངས་པ་ནི་འདྲ་བའོ། །གང་ཞིག་རིག་པ་ཞེས་བྱ་བ་ལ་སོགས་པས་སྔོན་པོའི་རྣམ་པ་རང་དེའི་བོ་དག་ཐ་མི་དད་པར་བསྒྲུབ་བར་བྱ་བའི་ཕྱིར། ཤེས་པ་རྣམ་པ་མེད་པར་སྨྲས་པ་ལ་ཚང་མ་བྱེད་པ་ཡིན་ཏེ། གང་ནི་རིག་པ་སྟེ་གང་ཞིག་རིག་པ་ན ་གང་རིག་པ་དེ་ཉིད་ངེས་པར་གཞན་མ་ཡིན་ཏེ། ཇི་ལྟ་བས་ན་དང་ངོ་བོའི་གང་ཞིག་སྒྲས་བརྗོད་པར་བྱ་བའི་ཐ་མི་དད་བ་ཉིད་དུ་ངེས་པ་དེ་ནི་གཅིག་ཏུ་གང་གི་སྒྲ?་གཉིས་པའི་བརྗོད་པར་བྱ་བ་ཡིན་ནོ། །ཡང་ན་བཟློག་ནས་?་མི་དད་པ་ནི་བསྒྲུབ་པར་བྱ་བའོ།། ་འདི་སྐད་དུ་བསྟན་པ་ཡིན་ཏེ། གང་ཞིག་གར་འོས་ལོགས་ཤི་མ་ཡིན་པར་རིག་པ་ཏིང་ངེ་ནི་དེ་ལས་ཐ་མི་དད་པ་ཡིན་ཏེ། དཔེར་ན་སྔོན་པོའི་བློ་རང་གི་རང་བཞིན་ཡིན་པ་ལྟ་བུ་འམ། །ཡང་ར་བ་རིབ་ཅན་གྱི་ཤེས་པ་ལ་སྣང་བའི་ཟླ་བ་དེ་ཟླ་བ་གཉིས་པ་བཞིན་ནོ། ་རིག་པ་འདི་ལ་ཡང་སྔོན་པོའི་བློ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ལ་ཆོས་ཉེ་བསྡུ་པའོ། །ཆོས་ཅན་འདི་ལ་སྔོན་པོའི་རྣམ་པ་དང་དེའི་བློ་དེ་དག་ཐ་མི་དད་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། ཇི་སྐད་དུ་བཤད་པའི་ལྷན་ཅིག་དམིགས་པ་དེས་པ་ནི་གཏན་ཚིགས་སོ། །སློབ་དཔོན་གྱིས་ལྷན ་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་བྱ་བའི་སྤྱོད་པ་ལ་གཏན་ཚིགས་ཀྱི་དོན་འདི་འདྲ་བར་འདོད་དོ། །དེ་ལ་བཙུན་པ་དགེ་སྲུངས་ན་ཏེ། གཏན་ཚིགས་འདིའི་འགལ་གང་གི་ཕྱིར། །འཇིག་རྟེན་འདི་ན་ལྷན་ཅིག་སྐྲ། །གཞན་མེད་པར་ནི་གང་ཡང་མེད། །གལ་ཏེ་ལྷན་ཅིག་རིག ་ཡོད་ན། །དེའི་ཕྱིར་གཏན་ཚིགས་འདི་འགལ་ལོ། །ཞེས་ཟེར་བ་དེ་ནི་ཡང་དག་པ་མ་ཡིན་ཏེ། གང་ཞིག་མི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་དེ་ནི་གཏན་ཚིགས་འགལ་བ་ཡིན་ལ་འདི་མི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་ཏེ། མཐུན་བའི་ཕྱོགས་ལ་ཡང་ཡོད ་པའི་ཕྱིར་རོ། །འདི་ལྟར་ཟླ་བ་གཉིས་ལྷན་ཅིག་དམིགས་པར་འཇིག་རྟེན་ན་མངོན་པར་འདོད་མེད་ཀྱི། དེ་དག་དོན་དམ་པར་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་སྨྲ་བ་ཁོ་བོས་ཟླ་བ་གཉིས་དམིགས་སོ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་ཡང་ཤེས་པ ་ལས་ཐ་མི་དད་ཀྱང་ཕྱི་རོལ་ལྟ་བུར་སྣང་བའི་རྣམ་པ་གཉིས་པར་བྱས་ནས་བརྟགས་པའི་ཐ་དད་པའི་རྒྱུ་མཚོན་ཅན་གྱི་ལྷན་ཅིག་པའི་སྒྲ་སྦྱོར་བ་ཡིན་ནོ། །གང་ལས་གཏན་ཚིགས་འགལ་བར་འགྱུར་བ་གང་གིས་ལྷན་ཅིག་པའི་སྒྲ་སྦྱོར་བ་ཙམ་གྱིས་དངོས་པ་དང་འབྲེལ ་པའི་རྟགས་གཞན་ཉིད་དུ་འགྱུར་བ་སྒྲ་ལས་བྱུང་བའི་ཐ་སྙད་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་ནི་མ་ཡིན་ནོ། །ཡང་དེ་ཉིད་ན་རེ། གལ་ཏེ་ལྷན་ཅིག་གི་སྒྲ་དོན་གཅིག་ཡིན་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། འདི་ལྟར་གང་དང་ཟླ་བ་དང་རྒྱུད་ལ་ལྟ་བ་དག ་ལ་ལྟ་བ་བོ་གཅིག་ཁོ་ནས་དམིགས་པ་འམ། སྔོན་པོ་ལ་སོགས་པ་ལ་ཡང་སྔོན་པོ་དང་དེ་དམིགས་པ་དག་ཅིག་ཁོ་ན་ལས་དམིགས་པ་མ་ཡིན་ཏེ། འདི་ལྟར་སྔོན་པོ་དམིགས་ན་ཡང་རྒྱུད་གཞན་དུ་གཏོགས་པ་འདི་དམིགས་པ་རྣམས་མ་དམིགས་པའི་ཕྱིར་རོ། །ཡང་གང ་གི་ཚེ་སྲོག་ཆགས་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཐམས་ཅད་མཁྱེན་བས་སེམས་པ་དེའི་ཚེ་ཇི་ལྟར་གཅིག་ཁོ་ནས་དམིགས་པར་འགྲུབ་པར་འགྱུར་གཞན་ཡང་གཞན་གྱིས་དམིགས་པ་བཀག་པ་ན་གཅིག་གིས་དམིགས་པ་ངེས་པར་གྲུབ ་བར་གྱུར་ན། གཞན་གྱིས་དམིགས་པ་དགག་བ་སྲིད་པ་ཡང་མ་ཡིན་ཏེ། རང་བཞིན་གྱིས་བསྐལ་བ་ནི་བསྒྲུབ་པ་དང་དགག་པར་མི་རིགས་པའི་ཕྱིར་རོ། །ཡང་ལྷན་ཅིག་པའི་སྒྲ་དུས་གཅིག་ལ་བརྗོད་པར་འདོད་པ་དེའི་ཚེ། དུས་གཅིག་བརྗོད་བར་འདོད་པ་ཡིས། །སངས ་རྒྱས་མཁྱེན་པར་བྱ་སེམས་དང། །སེམས་དང་སེམས་ལས་བྱུང་རྣམས་ཀྱིས། །ཀུན་ཏུ་གཏན་ཚིགས་མ་དེའོ?། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་པར་བྱ་བའི་རྒྱུད་གཞན་གྱི་སེམས་གང་ཡིན་པ་དེ་དང་སངས་རྒྱས་ཀྱི་ཡེ་ཤེས་འདི་ལྷན་ཅིག ་དམིགས་པ་ངེས་པ་ཡིན་པ་ན་ཡང་སྣ་ཚོགས་པ་ཉིད་ཡིན་པ་དང་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ལྷན་ཅིག་དམིགས་པ་དེས་པ་ཡིན་ན་ཡང་གཅིག་ཉིད་མ་ཡིན་པས་དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་ཟེར་བ་དེ་ཐམས་ཅད་ཡང ་དག་པ་མ་ཡིན་ཏེ། འདིར་གཅིག་ཁོ་ནས་དམིགས་པ་ནི་གཅིག་དམིགས་པ་ཞེས་བྱ་བའི་དོན་འདི་མངོན་པར་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་པ་དང་ཤེས་བྱ་དག་ནི་ཕན་ཚུན་གཅིག་ཉིད་དུ་དམིགས་པ་ཡིན་གྱི་ལོགས་ཤིག་ཏུ་ནི་མ་ཡིན་ནོ་ཞེས ་བྱ་བ་ཡིན་ཏེ། ཤེས་པ་དམིགས་པ་གང་ཡིན་པ་དེ་ཁོ་ན་ཞེས་ཤེས་བྱ་དམིགས་པ་ཡིན་ལ། ཤེས་བྱ་དམིགས་པ་གང་ཡིན་པ་དེ་ཁོ་ན་ཤེས་པ་དམིགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གང་ཞིག་ཤེས་བྱ་དམིགས་པའི་བདག་ཉིད་ཤེས་བྱ་དམིགས་པ་མ ་ཡིན་པ་དང་གང་ཞིག་ཤེས་པ་དམིགས་པའི་བདག་ཉིད་མ་ཡིན་པ་གར་དང་ཟླ་བ་དང་གྱང་ལ་ལྟ་བ་དག་ལ་ཤེས་པ་དམིགས་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་གང་ལས་མ་གྲུབ་པ་ཉིད་ཡིན། ཐེ་ཚོམ་ཟ་བ་ཡང་མ་ཡིན་ཏེ། འདི་ལྟར་ཤེས ་པའི་བདག་ཉིད་རིག་པ་གང་ཡིན་པ་དེ་ཉིད་ཀྱི་དོན་ཡིན་ནོ་ཞེས་ཕྱི་རོལ་གྱི་དོན་སྨྲ་བ་གཞན་གྱིས་ཀྱང་ཁས་བླངས་པ་ཡིན་ནོ། །འདིས་ནི་གཅིག་ཁོ་ན་དམིགས་པ་ཞེས་དེ་ལྟར་བརྟགས་ནས་མ་གྲུབ་པར་སྨྲས་ལ། གང་ཡིན་པ་དེའི་ཕྱོགས་ཁས་མ་བླངས་པ་ཉིད་ཀྱིས ་གསལ་པར་ལྟ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་གཞན་གྱི་རྒྱུད་ལ་འཇུག་པའི་སེམས་ཀྱི་སྐད་ཅིག་ངེས་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་དེ་ནི་སྒྲིབ་པ་ཐམས་ཅད་སྤངས་པས་གཟུང་བ་དང་འཛིན་བའི་དྲི་མ་དང་བྲལ་བའི་ཕྱིར་རོ།། ་ཇི་སྐད་དུ། དེ་ལ་བཟུང་བྱ་མེད་ཅིང་འཛིན་པ་ཡོད་མ་ཡིན། །དེ་ཕྱིར་ཤེས་པ་གཞན་གྱིས་བཟུང་བྱ་ན་ཡང་སྟོང། །ཞེས་བཤད་པ་ལྟ་བུ་སྟེ་ཕྱིན་ཅི་མ་ལོག་པ་བསྒྲུབ་པ་ནི་བདག་པོ་ཙམ་གྱིས་ཡིན་ནོ། །ཇི་སྐད་དུ། སྔོན་གྱི་སྨོན་ལམ་གྱིས་བསྒོས་པས་རྟག་ཏུ་གཞན་གྱི ་བྱ་བ་ལ་ལྷུན་གྱིས་གྲུབ་པར་འཇུག་གོ་ཞེས་བཤད་པ་ལྟ་བུའོ། །འོན་ཏེ་སློབ་དཔོན་ཆོས་ཀྱི་གྲགས་པས་ཡུལ་ཤེས་པའི་རྒྱུ་ཉིད་ཀྱིས་ཉེ་བ་ན་སྔར་དམིགས་ལ། ཕྱིས་རིག་པའོ་ཞེ་ན་ཞེས་དེ་ལྟར་ཕྱོགས་སྔ་མ་བསྟན་ནས། འདིར་ལྷན་ཅིག་པའི་སྒྲ་ནི་དུས་གཅིག་པའི་དོན ་དུ་བསྟན་གྱི། ཐ་མི་དད་པའི་དོན་ནི་མ་ཡིན་ཏེ། དུས་གཅིག་བརྗོད་པར་འདོད་པ་ན་གཞན་ལ་དུས་ཐ་དང་དུ་བསྟན་པར་རིགས་ཀྱི་ཐ་མི་དང་ནན?་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དུས་ཐ་དང་པ་ལ་དངོས་པོ་ཐ་དད་པས་ཁྱབ་པའི་ཕྱིར་རོ། །དུས་ཐ་དང་དུ་བསྟན་པ་ནི། དམིགས་པ ་སྣ་ཚོགས་ཉིད་དུ་བསྟན་པའི་དོན་ཉིད་དུ་ཆེས་རིགས་ཏེ། ཁྱབ་པར་བྱ་བ་ཁྱབ་པར་བྱེད་པ་ལ་མི་འཁྲུལ་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཁྱེན་པར་བྱ་བའི་སེམས་ཀྱིས་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། འདི་ལྟ་དེ་ལ་ལྷན་ཅིག་དམིགས་པ་ངེས་པ་ཡོད་པ་མ ་ཡིན་ཏེ། ཐམས་ཅད་ཀྱི་རང་རང་སོ་སོར་རིག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཀྱང་འཁྲུལ་པ་མ་ཡིན་ཏེ། དེ་དག་ཀྱང་སོ་སོར་བདག་ཉིད་རིགས་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱིས་གཞན་གྱི ་སེམས་མཁྱེན་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་མ་ངེས་པ་ཉིད་མ་ཡིན་ཏེ། ངེས་པར་ལྡོག་བའི་ཕྱིར་རོ། །གང་དག་ཕན་ཚུན་དམིགས་པ་སྣ་ཚོགས་པ་ཉིད་སྲིད་པ་གང་ཡིན་པ་དེ་ནི་ངེས་པར་ལྡོག་པ་ཡིན་གྱི་དམིགས་པ་དང། རྒྱུད་གཞན་དང། ་དུས་ཐ་དད་པས་རང་གིས་མཚན་ཉིད་སྣ་ཚོགས་པ་ཉིད་ནི་མ་ཡིན་ནོ། །དེས་ན་དོན་འདིར་འགྱུར་ཏེ། གང་དམིགས་བ་ཁོན་ན་གང་དམིགས་ཀྱི་གཞན་དུ་ཡང་མ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དམིགས་པ་ཁོ་ན་རྒྱུད་གཞན་དུ་གཏོགས་བའི་སེམས ་དམིགས་པ་མ་ཡིན་ལ། རྒྱུད་གཞན་དུ་གཏགས་པའི་སེམས་དམིགས་པ་ཁོ་ན་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་དམིགས་པ་ཡང་མ་ཡིན་གྱི། འོན་ཀྱང་གཞན་དུ་ནི་མ་ཡིན་ཏེ། རང་རང་གི་སེམས་སོ་སོར་རིག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཟུགས ་དང་སྣང་བ་དག་གིས་འཁྲུལ་བ་ཡང་མ་ཡིན་ཏེ། སྣང་བ་འབའ་ཞིག་ཀྱང་མཐོང་བའི་ཕྱིར་ལ། སྣང་བ་དང་བྲལ་བའི་གཟུགས་ཀྱང་སྲོག་ཆགས་ཀྱི་བྱེ་བྲག་འགའ་ཞིག་གིས་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་མི་མཐུན་བའི་ཕྱོགས་ལ་ཡོད་བའང་མི་སྲིད ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཡང་མི་མཐུན་པའི་ཕྱོགས་ལ་ཡོད་པར་མ་དེས་ཀྱང་ཐེ་ཚོམ་ཟ་བ་ནི་ཡིན་ནོ། །དེ་ལྟ་ཡིན་དང་གཏན་ཚིགས་མ་ངེས་པ་ཁོ་ན་ཡིན་ཏེ། མི་མཐུན་བའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི ་ཕྱིར་རོ། །འདི་ལྟར་ཡུལ་དང་ཡུལ་ཅན་གྱི་ངོ་བོས་ངེས་བའི་ཕྱིར་བཞན་དུ་ཡང་ལྷན་ཅིག་དམིགས་པ་དེས་པ་སྲིད་པ་ཁོ་ན་སྟེ། གང་གི་ཕྱིར་ཤེས་པ་ནི་འཛིན་པར་བྱེད་པ་ཉིད་ཀྱི་རང་བཞིན་ཡིན་ཏེ། དེའི་ཆོས་ནི་ཡུལ་འཛིན་པ་ཡིན་པའི་ཕྱིར་རོ། །ཡུལ ་ཡང་དེའི་བཟུང་བར་བྱ་བ་ཉིད་ཀྱི་རང་བཞིན་ཡིན་ཏེ། དེ་དག་ནི་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རྟག་ཏུ་ལྷན་ཅིག་འབྱུང་བ་ཉིད་ཡིན་ནོ། །ལྷན་ཅིག་འབྱུང་བར་ཁྱད་པར་མེད་ན་ཡང་མིག་ལ་སོགས་པ་ཡུལ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ཏེ། ་རྣམ་པ་དེ་ལྟ་བུའི་རང་བཞིན་མེད་པའི་ཕྱིར་རོ། །འདི་ལྟར་ཚོགས་པས་སྔོན་པོ་ལ་སོགས་པའི་ཡུལ་ཅན་གྱི་ངས་པའི་ངོ་བོ་ཉིད་ཀྱི་ཤེས་པ་བསྐྱེད་པར་བྱ་བ་ཡིན་གྱི། མིག་ལ་སོགས་པར་ངེས་པའི་ངོ་བོ་ནི་མ་ཡིན་ལ། སྔོན་པོ་ལ་སོགས་པ་ཡང་དེས་ངེས་པའི་ངོ་བོ་སྐྱེད ་ཀྱི། མིག་ལ་སོགས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ཏེ། འཛིན་བྱེད་ཤེས་བྱ་ལས་གཞན་མེད། །དབང་བློ་ཡུལ་མེད?་པར་མེད་དེ། །དེ་ལྟ་ཡིན་དང་ལྷན་ཅིག་རིག། སྔོ་དང་དེ་བློ་གཅིག་མ་ཡིན། །ཚོགས་པས་སྡམ་ཉིད་ཀྱིས་ནི། །སྣང་བ་དང་བཅས་གཟུགས་ལྡན ་བའི། །ཤེས་བཅས་ཡུལ་གྱི་སྐད་ཅིག་བྱེད། །དེས་ན་ལྷན་ཅིག་རིག་པར་འགྱུར། །ཞེས་ཀྱང་བཤད་དོ། །འདིར་སྨྲས་པ། ཤེས་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏོ། །འབྲེལ་བ་མེད་པར་ཐ་དད་པར་ལྷན་ཅིག་དམིགས་པར་ངེས་པར་རིགས་པ་མ་ཡིན་ཏེ། དེ་? ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་ཐ་དད་པ་རིག་པ་ལ་འབྲེལ་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་འབྲེལ་བ་ཡིན་པ་ན་དེའི་བདག་ཉིད་དམ?་དེ་ལས་བྱུང་བ་ཡིན་གྲང་བ་རེ་ཞིག་འདི་ལ་དེའི་གདག་ཉིད་ནི་གཞན་གྱིས་འདོད་པ་མ་ཡིན་ཏེ། དེ་ཉིད་བསྒྲུབ ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། ལྷན་ཅིག་རིག་པའི་ལྷན་ཅིག་འབྱུང་བ་དག་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་དང། མིག་ལ་སོགས་པ་རྣམས་ཀྱང་དམིགས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཚོགས་པ་སྔ་མའི་དབང ་གིས་ཅིག་ཆར?་བ་ཙམ་གྱིས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡང་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་དང། མིག་ལ་སོགས་པ་རྣམས་ཀྱང་ཕན་ཚུན་ཡུལ་དང་ཡུལ་ཅན་གྱི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཚོགས་པ ་སོ་སོར་ངེས་བས་ཡུལ་དང་ཡུལ་ཅན་གི་ངོ་བོར་སྐྱེད་བའི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་རིགས་པ་མ་ཡིན་ཏེ། རྣམ་པར་དཔྱད་པ་ཉིད་ཀྱིས་ཡུལ་དང་ཡུལ་ཅན་ཉིད་མ་གྲུབ་བའི་ཕྱིར་རོ། །འབྲེལ་པ་གྲུབ་ན་ཡུལ་དང་ཡུལ ་ཅན་རིགས་ན། གང་གི་ཕྱིར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་བཞག་པ་ན་འབྲེལ་བ་དེ་ཉིད་རྣམ་པར་དཔྱད་པར་བྱ་བ་ཡིན་ནོ། །གང་ལས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་གྲུབ་པར་འགྱུར་བ་དེའི་བདག་ཉིད་དང་དེ ་ལས་བྱུང་བ་ལས་མ་གཏེགས་པ་འབྲེལ་པ་གཞན་ཡོད་པ་ནི་མ་ཡིན་ལ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་ཡུལ་དང་ཡུལ་ཅན་གྱི་དངོས་པོར་རིགས་པ་ཡང་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་ཐ་དད་པ་ལ་ཇི་ལྟར ་ཡང་ལྷན་ཅིག་དམིགས་པ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཐེ་ཚོམ་ཟའི་མ་གྲུབ་པ་ག་ལ་ཡིན་རྣམ་པ་དང་བཅས་པ་ཉིད་དུ་བསྒྲུབ་བར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་གཉིས་བཤད་པ་ནི། རིག་པ་འདི་དག་ཅེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་དང་རང་རིག་པ་ཡིན་པ་དེ་དང་དེ་ནི་ཤེས་པ་ལས་དོན་གཞན་དུ་གྱུར་པའི་ཡུལ་ཅན་མ་ཡིན་ཏེ། བདག་ཉིད་རིག་པ་བཞིན་ནོ། །སྔོན་པོ་ལ་སོགས་པའི་རྣམ་པ་འདི་ཡང་རིག་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ ་སྡེ། དོན་གཞན་གྱི་ཡུལ་ཅན་ཉིད་དང་འགལ་བ་དོན་གཞན་དུ་གྱུར་བ་མ་ཡིན་བའི་ཡུལ་ཅན་ཉིད་ཀྱིས་རིག་པ་ལ་ཁྱབ་པའི་ཕྱིར་རོ། །ཁྱབ་པ་དེ་ཉིད་བསྒྲུབ་པའི་ཕྱིར་རང་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད ་ནི་བྱ་བ་མེད་པ་ཡིན་པའི་ཕྱིར་དོན་དམ་པ་འགའ་ཞིག་གིས་འཛིན་པ་ནི་མ་ཡིན་གྱི་གསལ་བའི་བདག་ཉིད་ཡིན་པས་དེ་ལྟར་སྣང་བ་རྣམ་པར་ཤེས་བའི་བདག་ཉིད་འཛིན་པར་བྱེད་པར་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དེ ་ལྟར་ཤེས་པ་དངོས་སུ་དོན་འཛིན་བར་བྱེད་པར་རིགས་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །དེའི་བདག་ཉིད་གང་ཡིན་པ་དེ་ནི་གཞན་གྱི་མ་ཡིན་ནོ། །འདི་སྙམ་དུ་ཤེས་པའི་དངོས་སུ་རིག་པ་ཅི་འདྲ་འདྲ་བ་དེ་?་དོན ་གྱི་ཡིན་པར་ནི་མི་འདོད་དོ། །འོ་ན་ཅི་ཞེ་ན། རང་སྣང་བ་སྐྱེད་པར་བྱེད་པ་ཉིད་དོན་རིག་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་གལ་ཏེ་དངོས་སུ་རིག་པ་གཏན་ཚིགས་ལེན་པར་བྱེད་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ལ་ཡང་ཅི་སྟེ་ཇི་ཞིག་ལྟར་རིག་པའི་སྒྲས ་བརྗོད་པར་བྱ་བ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་པ་དེ་ལྟན་ཡང་རྣམ་པ་དེ་ལྟ་བུ་ལས་འདོད་བ་སྒྲུབ་པ་ཡིན་ཏེ། གོའི་སྒྲར་མཚུངས་ཕས་དག་ལ་སོགས་པ་རྣམས་རྭ་ཅན་དུ་གྲུབ་པ་ནི་མ་ཡིན་ནོ། །ཡང་ཤེས་པ་ལ་ཡོད་བའི་སྔོན་པོའི་ལ་སོགས་པའི་རྣམ་པའི་ཆོས ་ཅན་ལ་བརྟེན་ནས་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ་རྣམ་པ་གཉིས་ཀ་ཡང་གཏན་ཚིགས་སུ་འདོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཇི་སྐད་དུ། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། དེ་ཡི་རྣམ་པ་རིག་བ་ཉིད། །དེ་ནི་ཐ་མི་དང་གྲུབ་ན། གྲུབ་པ་སྒྲུབ་པ་ཉིད ་དུ་འགྱུར། །ཞེས་བཤད་པ་ལྟེ་བུའོ་སྙམ་དུ་སེམས་པ་འདི་ཐམས་ཅད་བཙུན་པ་དགེ་སྲུངས་བའི་དོགས་པ་བསུ་ནས། དོན་གྱི་རྣམ་པའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དོན་གྱི་རྣམ་པ་སྟེ་དོན་དང་འདྲ་བ་ཡང་ཡིན་ལ། གཟུགས་བརྙན་ཏེ་སྣང ་བ་ཡང་ཡིན་པས། དོན་གྱི་རྣམ་པའི་གཟུགས་བརྙན་ནོ། །འདི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་རྣམ་པ་གཉིས་ཏེ། གང་གི་ཕྱིར་རྣམ་པ་མེད་བར་སྨྲ་བ་ལ་ལྟ་བ་ཡིན་པ་དེས་ན་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །ཉེ་བར་བཏགས་ནས་དོན་གཞན་རིག་པ་ཡང་ཡོད་བ་མ ་ཡིན་ཏེ། གདགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །དེ་ལྟ་རེ་ཞིག་རྣམ་པ་མེད་པའི་ཤེས་པས་ཕྱི་རོལ་གྱི་དོན་ཤེས་པ་མ་ཡིན་ནོ་ཞེས་བསྟན་ནས་ཕྱོགས་གཉིས་པ་ལ་བརྟེན་ནས་རྣམ་པ་དང་བཅས་པ་ཞེས་བྱ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འོ་ན་འདྲ་བ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་དེའི་དབང་གིས་དོན་རྣམ་པར་འཇོག་པར་འགྱུར་བ་ཡང་དག་བའི་རྣམ་པར་རིག་པ་མ་ཡིན་ལ། བརྫུན་བའི་རྣམ་བས་དོན་རིག་པར་འགྱུར་བ་ཡང་མ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ནི་འཁྲུལ་བའི་ཤེས་པ་ལ་ཡང་ཡོད་པའི ་ཕྱིར་རོ། །ཇི་ལྟར་རྣམ་པ་རྣམས་བརྫུན་པ་ཉིད་ཡིན་ཞེ་ནི། ཤེས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟན་ཁྲ་བོ་མཐོང་བ་ན་ཤེས་པ་གཅིག་ལས་ཐ་མི་དད་པའི་ཕྱིར་ཤེས་པའི་རང་བཞིན་བཞིན་དུ་རྣམ་པ་རྣམས་ཀྱང་དུ་མ་ཉིད་དུ་མི་འགྱུར ་རོ། །དེ་བཞིན་དུ་རྣམ་པ་ལས་ཐ་མི་དད་པའི་ཕྱིར་ཤེས་པ་ཡང་དུ་མ་ཉིད་དུ་འགྱུར་རོ། །གང་དག་རིགས་འདྲ་བའི་ཤེས་པ་རྣམས་ཀྱང་རྣམ་པའི་གྲངས་བཞིན་དུ་མེད་པོར་སྟན་ཁྲ་བོ་ལ་སོགས་པ་ལ་རིགས་མི་འདྲ་བའི་གཟུགས་དང་སྒྲ་ལ་སོགས་པའི་ཤེས་པ ་བཞིན་དུ་ཅིག་ཅར་སྐྱེ་བས། དེ་ལྟ་ཡིན་དང་ཐལ་བར་འགྱུར་བ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལྟར་ན་ཡང་སྟན་ཁྲ་བོ་ལ་ཇི་ལྟར་སྔོན་པོ་ལ་སོགས་བའི་རྣམ་པ་མང་པོ་རིག་པ་དེ་ལྟར་དཀར་པོ་ལ་སོགས་པའི་རྣམ་པ་གཅིག་ལ་ཡང་ཚུ་རོལ ་དང་དབུས་དང་ཕ་རོལ་གྱི་ཆའི་ངོ་བོ་རྣམ་པ་མང་པོ་ཡིན་པའི་ཕྱིར་དེའི་བདག་ཉིད་དོ་ལ་ཡང་ཤེས་པ་རྣམ་པ་དུ་བའི་བདག་ཉིད་དུ་འགྱུར་རོ། །འདོད་པ་ཁོ་ནའོ་ཞེ་ན། ད་ནི་གཅིག་པ་ཇི་ལྟ་བུ་ཞིག་ཡིན་པ་བརྗོད་པར་བྱའོ། །རྡུལ་ཕྲ་རབ་ཆ་མེད་པའི་ཡུལ་ཅན་གང ་ཡིན་པའོ་ཞེ་ན་ད་ནི་ཉམས་སུ་མྱོང་བ་དེ་ད་འགལ་ཏེ། གང་དུ་ཡང་རྡུལ་ཕྲ་རབ་ཆ་མེད་བའི་ངོ་བོར་སྣང་བར་མི་མངོན་ནོ།།གང་གིས་དེ་བདེན་པ་ཉིད་དུ་གྲུབ་པ་དབྱེ?་བའི་ཕྱིར་ཤེས་པ་དུ་མ་བརྟགས་པ་ལེགས་པར་གྱུར་བ་གཡུལ་ཅན་མ་ཡིན་པའི་ཤེས་པ་ལ ་ཡུལ་གྱིས་བྱས་བའི་སྔ་མ་དང་ཕྱི་མར་གནས་པ་རིག་པ་མ་ཡིན་ནི་ཡུལ་ལ་ཁྱབ་པ་དང་ལྡན་པར་སྣང་བ་ཡང་བརྫུན་པ་ཉེད་ཡིན་ན་ཇི་ལྟར་རྣམ་པ་ནམས་བདེན་པར་འགྱུར། ཡུལ་ལ་ཁྱབ་པར་གནས་པའི་སྔོན་པོ་ལ་སོགས་པར་སྣང་བ་ལས་མ་གཏོགས ་བའི་སྔོན་པོ་ལ་སོགས་པའི་ཤེས་པའི་རྣམ་པ་གཞན་རིག་པ་ནི་མ་ཡིན་ཏེ། དེས་ན་ཤེས་པ་དུ་མ་བརྟགས་པ་དོན་མེད་པ་ཉིད་དོ། །སྐྱོན་གཞན་ཡང་བཤད་པ་ནི། བདག་ཉིད་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། མི་ཤེས་པ་ནི་བེམས་པོའི་ངོ་བོ་ཉིད་དོ། ། ་སོགས་པའི་སྒྲས་འདོད་ཆགས་དང་བཅས་པ་མ་ཡིན་པ་དང། ཞེ་སྡང་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་བཟུང་ངོ། །གཞན་གྱི་རྣམ་པ་ཞེས་བྱ་བའི་ཕྱོགས་གསུམ་པ་འདི་ལ་བརྟེན་ནས། གལ་ཏེ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང ་ཅི་སྟེ་ཤེས་པ་འགའ་ཞིག་གང་གིས་བསྐྱེད་པ་དེ་ནི་དེ་ཉིད་རིག་པར་འགྱུར་ཏེ། དེས་ན་ཐམས་ཅད་རིག་པར་མི་འགྱུར་རོ་སྙམ་ན། རྒྱུ་ཡང་ངེས་པར་བྱེད་པར་མི་འགྱུར། མིག་ལ་སོགས་པ་ཡང་རིག་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་བསམས་པ ་ཡིན་ནོ། །ཇི་ལྟར་ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་པས་བཙུན་པ་དགེ་སྲུངས་ཀྱི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། དེ་ན་རེ། ཇི་ལྟར་རྣམ་པར་ཤེས་པར་སྨྲ་བ་ཁྱད་ཅག་གི། རྣམ་པར་ཤེས་པ་དོན་དམ་པར་རྣམ་པ་མང་བ་ཡིན་ཏེ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས ་དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་པའི་ཕྱིར་རོ། །ཡང་རྣམ་པ་ཡང་རིག་པར་འདོད་པ་དེ་བཞིན་དུ་ཕྱི་རོལ་ལ་ཡང་ཡིན་ནོ་ཞེས་ཟེར་རོ། །འདིར་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པ་མ་ཡིན་པ་ནི་དངོས་སུ་རིག་པ ་ཡོད་པ་མ་ཡིན་ཏེ། འདི་ལྟར་གསལ་བའི་བདག་ཉིད་ཐུན་མོང་མ་ཡིན་པ་ང་རྒྱལ་གྱི་གཞི་སིམ་པ་ལ་སོགས་པའི་ངོ་བོས་སྣང་བ་གང་ཡིན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་བཞིན་བདག་ཉིད་དེ་ཉིད་དེ་དག་གི་དངོས་སུ་རིག་པ་ཡིན་ལ་ཤེས ་པའི་བདག་ཉིད་དེ་ལས་གཞན་དེ་ཡང་དག་པ་མ་ཡིན་པའི་རྣམ་པ་རྣམས་ཀྱི་རིག་པ་དེ་ནི་དངོས་སུ་རིག་པ་མ་ཡིན་ཏེ། དེ་དག་ཡང་དག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བཏགས་པ་ཡང་མ་ཡིན་ཏེ། གདགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །འདི་ལྟར་ཚོགས་པ་གཅིག་ལ ་རག་ལས་པ་ཉིད་དམ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དང། སོགས་པའི་སྒྲས་འདྲ་བ་སྟེ། འདི་དག་གདགས་པའི་རྒྱུ་མཚན་དུ་འགྱུར་ན། ཡང་དག་པ་མ་ཡིན་པ་ལ་ནི་འདི་ཐམས་ཅད་ཡོད་པ་མ་ཡིན་ལ། ཉེ་བར་བཏགས་པའི་རྒྱུ་མཚན་གཞན་ཡང་སེར་དེ། མ་རིག་པའི ་དབང་གིས་ཡུལ་མེད་པ་ཉིད་དུ་ཡང་དག་པ་མ་ཡིན་པའི་རྣམ་བསྟོན་པར་བྱེད་བའི་ཤེས་པ་འཁྲུལ་པ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །འོ་ན་འཁྲུལ་པ་དེ་ཉིད་མེད་པའི་རྣམ་པ་རིག་པའི་གདགས་པའི་རྒྱུ་མཚན་དུ་འགྱུར་རོ་ཞེ་ན། འདིར་སྨྲས་པ། ?་སྟེ ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནི་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་རྣམ་པའི་ཡུལ་ཅན་དུ་བསྟན་པའོ། །འདི་ལྟར་དོན་དམ་པར་ཡང་དག་པ་མ་ཡིན་པའི་རྣམ་པ་རིག་པར་བྱ་བ་ཡོད་པ་མ་ཡིན་ཏེ། དེ་རིག་པས། རིག་པར་བྱ་བ་ཉིད་དུ་ཁས་ལེན་ན་ཡང ་དག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་དེ་ཉིད་ན་རེ། སངས་རྒྱས་ཀྱི་ནི་ཡེ་ཤེས་ལའང། །དེ་ནི་རྣམ་བཅས་རྣམས་མེད་དང། །དུས་མཚུངས་དུས་མི་མཚུངས་སྐྱེ་ཞེས། །བསམ་པ་ཅི་ཡི་ཕྱིར་མི་འཇུག། ཞེས་སོ། དཔེར་ན་རྣམ་པ་དང་བཅས་པས་དོན ་འཛིན་པར་བྱེད་པ་རིག་པ་མ་ཡིན་ནོ་ཞེས་སེམས་པར་བྱེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་དོན་འཛིན་པ་ལ་ཅིའི་ཕྱིར་མི་དཔྱོད་ཅེས་ཟེར་རོ། །འདིར་དེ་ནི་རྣམ་བཅས་ཞེས་བྱ་བ་ལ་སོགས་པའི་སྨོས་ཏེ། གང་གིས་འདི་ལ་ཡང་སེམས་པར་བྱེད ་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ནི་དེའི་འཛིན་པར་མི་འདོད་དོ། །གང་གི་ཕྱིར་དེ་ནི་སྒྲིབས་པ་ཐམས་ཅད་དང་བྲལ་བའི་ཕྱིར། གཟུང་བ་དེ་དང་འཛིན་པའི་རྣམ་རྟོག་ཡོད་པ་མ་ཡིན་ནོ་ཞེས་འདོད་དོ། གལ་ཏེ་ཡང་ཕྱི་རོལ་གྱི་དོན་འབྱུང་བར་བྱ་བ་མེད་པ་དེ་ལྟན ་ཡང་རྒྱུད་གཞན་ལ་གནས་བའི་སེམས་གཞན་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་གཟུང་བར་བྱ་བར་མི་འགྱུར་ཞེ་ན། འདི་ལ་གཞན་གྱི་འདོད་ཆགས་ཞེས་བྱེ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་རྒྱུད་ལ་ཡོད་པའི་འདོད་ཆགS ་ལ་སོགས་པ་རིག་པ་ནི་འདྲ་བ་ཉིད་སྟོན་པར་ལྷུར་ལེན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། །དེ་ལྟ་ཡིན་དང་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་འདྲ་བ་ཉིད་ཡིན་ན་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱང་ཆགས་པར་འགྱུར་ལ། ་དེ་ལྟ་ཡིན་ན་ཉོན་མོངས་པའི་སྒྲིབ་པ་མ་སྤངས་པར་འགྱུར་བའི་ཕྱིར་སྒྲིབ་པ་ཡོད་པར་འགྱུར་རོ། །དམིགས་པས་སྤྱོད་པ་ན་དམིགས་པ་ཅན་ཏེ། དེ་དག་གི་ལྟ་བ་ནི་གཞུང་ལུགས་སོ། །ཡང་ན་བཅོམ་ལྡན་འདས་ཀྱི་ལྟ་བ་ལ་དམིགས་པ་ཅན་དུ་ཁས་ལེན་བན?་ཞེས་བྱ་བའི་དོན ་འདི་ཡིན་ནོ། །ཡང་ཕྱོགས་གཅིག་གིས་འདྲ་བ་དེ་ལྟ་ན་ཡང་གཉིས་ཀྱི་རྣམ་པ་མ་སྤངས་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཡོད་པར་འགྱུར་ཏེ། བཟུང་བར་བྱ་བའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །འདི་ལྟར་གཅིག་ལ་ཡང་དག་པའི་ངོ་བོ་གཉིས་རིགས་པ་མ་ཡིན་པའི་ཕྱིར་དེ་ནི ་གདོན་མི་ཟ་བར་འཁྲུལ་བ་ཉིད་དུ་རྣམ་པར་བཞག་པར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་འཁྲུལ་པའི་ས་བོན་གནས་ངན་ལེན་མ་སྤངས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་མ་སྤངས་པ་ཁོ་ནར་འགྱུར་རོ། །འོ་ན་གལ་ཏེ་ཅུང་ཟད་ཀྱང་མི་ཤེས་ན་ཐམས་ཅད་མཁྱེན་པར ་ཇི་ལྟར་འགྱུར་ཞེ་ན། དཔག་བསམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་གཟིགས་ཞེས་བྱ་བ་ནི་འདི་ལ་གཟིགས་པ་སྟེ་དམིགས་པ་ཡོད་པ་མ་ཡིན་པས་ན་མ་གཟིགས་པའོ། །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པར་དཔག་བསམ་ཤིང་ལྟར་སྐལ ་བ་ཇི་ལྟ་བ་བཞིན་དུ་འགྲོ་བ་མཛའ་དག་གི་དོན་སྒྲུབ་པར་བྱེད་བའི་ཕྱིར་ཐམས་ཅད་མཁྱེན་པར་བརྗོད་ཀྱི། དམིགས་པའི་སྟོབས་ཀྱིས་ནི་མ་ཡིན་ཏེ། རང་བཞིན་གཞན་རྣམ་པ་ཐམས་ཅད་དུ་དམིགས་པར་མི་རུང་བའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་གྱི་དོན་འགེགས་པར ་བྱེད་པའི་ཚད་མ་བརྗོད་ནས། གཞན་གྱི་སྨྲས་པ་དེའི་སྒྲུབ་པར་བྱེད་བའི་ཚད་མ་བསལ་བའི་ཕྱིར་བློ་རྣམས་ཞེས་བྱ་བ་ལས་སོགས་པ་སྨོས་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་མངོན་སུམ་གྱིས་སམ། རྗེས་སུ་དཔག་པས་གྲུབ་པར་འགྱུར། །ཚད་མ་གཞན་ཡོད་ན་ཡང ་འདིར་འདུས་པའི་ཕྱིར་རོ། །དེ་ལ་རེ་ཞིག་མངོན་སུམ་གྱིས་ནི་མ་ཡིན་ཏེ། འདི་ལྟར་མངོན་སུམ་དུ་མངོན་པར་འདོད་པའི་ཤེས་པ་རྣམ་པ་མེད་པས་དོན་འཛིན་པར་འགྱུར་རམ། རྣམ་པ་དང་བཅས་པས་ཡིན་གྲང། རེ་ཞིག་རྣམ་པ་མེད་པས་ནི་མ་ཡིན་ཏེ། ཉེ་བའི་རྒྱུ ་མཚན་མེད་པའི་ཕྱིར་རོ། །བློ་དཀར་པོ་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ན་བློ་ཅི་ལྟར་དོན་དེའི་ཉམས་སུ་མྱོང་བར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་སྔར་བསྟན་ཟིན་ཏོ། །ཅི་སྟེ་རྣམ་པ་དང་བཅས་པས་ཡིན་ན་དེའི་ཚེ། སྔོན་པོ་ལ་སོགས་པའི ་རྣམ་པ་གཅིག་པུ་ཤེས་པར་གཏོགས་པ་དམིགས་པའི་ཕྱིར་ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་གྱི་མངོན་སུམ་ནི་མ་ཡིན་ནོ། །འདི་ལྟར་གཅིག་ནི་ཤེས་པའི་གཟུགས་བརྙན་ལ། གཞན་ནི་གཏོང་བར་བྱེད་བ་སྔོན་པོ་གཉིས་ནི་ནམ་ཡང་རིག ་པ་མེད་དོ། །དེ་ལྟར་རེ་ཞིག་མངོན་སུམ་གྱིས་མ་གྲུབ་བོ། །འོ་ན་རྗེས་སུ་དཔག་པས་གྲུབ་པ་ལ་རག་མོད་ཅེ་ན། འདི་ལ་བཙུན་པ་དགེ་སྲུངས་ཚད་མ་བྱེད་པ་ནི་གང་ཞིག་མི་བསླུ་བ་ཉིད་ན་ཤེས་པའི་རྣམ་པ་ཡིན་པ་དེ་ནི་རྣམ་པ་དེ་ལྟ་བུའི་དངོས་པོ་གཞན་གྱིས ་བསྐྱེད་པ་ཡིན་ཏེ། དཔེར་ན་འཛིན་པའི་རྣམ་པ་བཞིན་ནོ། །དབང་པོ་མ་བསླང་པའི་སྔོན་པོ་ལ་སོགས་པ་སྣང་བའི་ཁྱད་པར་གྱི་མི་བསླུ་བ་འདི་ཡང་ཤེས་པའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལྟར་འདི་དོཌ་པ་བསུན་ནས་སྔོན་པོ་ལ་སོཌ་པ་ཞེས་བྱ་བ་ལ་སོཌ་པ་སྨོས ་ཏེ། མི་བསླུ་བ་ཉིད་ཀྱིས་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་བའི་མཚན་ཉིད་ཀྱི་གསུམ་པའོ། །མི་བསླུ་བ་ཉིད་ཀྱིས་ཉེ་བར་མཚོན་པའི་ཤེས་པའི་རྣམ་པ་གང་དག་ཡིན་པ་དེ་དག་རྒྱུ་དེ་ཤེས་པའི་རྣམ་པ་རིགས་མཐུན་པ་ལས་སྐྱེས་པར་བསྒྲུབ་པར་བྱའོ། །ཤེས ་པ་བཞིན་ཏེ་འཛིན་པའི་རྣམ་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྱི་རོལ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། དེ་ལ་གལ་ཏེ་ཕྱི་རོལ་གྱི་དོན་ཐོབ་པའམ། དེ་ཐོབ་པར་ནུས་པའི་མི་བསླུ་བ་ཉིད་གཏན་ཚིགས་ཀྱི་ཁྱད་བར་དུ་འདོད་པ ་དེའི་ཚེ་ཕྱི་རོལ་གྱི་དོན་ལ་བསྙོན་པའི་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་དེ་མ་གྲུབ་པའི་ཕྱིར་གཏན་ཚིགས་གང་ཡང་རུང་བ་ལ་གྲུབ་པ་ཡིན་ནོ།། ཅི་སྟེ་མངོན་པར་འདོད་པའི་དོན་བྱེད་བར་སྣང་བའི་ཤེས་པའི་རྒྱུ་ཉིད་མི་བསླུ་བ་ཉིད་དུ་འདོད་པ་དེའི་ཚེ་བཟློག ་པ་ལ་གནོད་པ་ཅན་གྱི་ཚད་མ་མ་བསྟན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་བཟློག་པ་ལ་ཐེ་ཚོམ་ཟ་བས་གཏན་ཚིགས་མ་ངེས་པ་ཡིན་ཏེ། དམིགས་པ་མེད་པའི་ཤེས་པ་ལ་ཡང་རྣམ་པ་དེ་ལྟ་བུའི་མི་བསླུ་བ་ཉིད་མི་འགལ་བའི་ཕྱིར་རོ། །མི་འགལ་བ་ཉིད་དུ ་སྒྲུབ་པའི་དོན་དུ་དཔེར་ན་ཆུ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གཞན་ཡང་དམིགས་པ་མེད་པ་ཉིད་ཡིན་ན་ཡང་རྗེས་སུ་དཔག་པ་ལ་མི་བསླུ་ཉིད་ཡོད་པས་མི་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པའི་ཕྱིར་གཞལ་བྱ་ལ་སོགས་པ་བཞིན་དུ་གཏན་ཚིགས ་ཐུན་མོང་གི་མ་ངེས་པ་ཉིད་དུ་གསོལ་ལོ། །འདི་སྙམ་དུ་རྗེས་སུ་དཔག་པ་རྣམ་པར་རྟོག་པའི་དམིགས་པ་མེད་པ་ཉིད་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། མེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་གང་གིས་རྣམ་པས་སྟོད་པ ་དེ་ནི་དེའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་གཟུགས་ཀྱི་ཤེས་པ་སྒྲའི་ཡུལ་ཅན་མ་ཡིན་པ་བཞིན་ནོ། །རྗེས་སུ་དཔག་པའི་ཤེས་པ་ཡང་ཕྱི་རོལ་གྱི་རྣམ་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཏན ་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་མེ་ལ་སོགས་པ་གསལ་བ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པའི་ཤེས་པའི་རྣམ་པ་དེ་དང་འདྲ་བ་སྟེ་མཚུངས་པ་མ་ཡིན་ཏེ། དེ་ནི་མི་གསལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་སོ་སོར་ངེས ་པའི་རྩ་དང་ལ་མའི་མེ་ལ་སོགས་པའི་ཁྱད་པར་གྱི་ངོ་བོས་མངོན་སུམ་གྱི་ཤེས་པ་ལ་སྣང་བ་དེ་ལྟར་རྗེས་སུ་དཔག་པའི་ཤེས་པ་ལ་ཡང་སྣང་བར་འགྱུར་རོ། །འདི་ལྟར་སོ་སོར་ངེས་པའི་ངོ་བོ་སྤངས་ནས་གོ་བར་བྱེད་བའི་རྗེས་སུ་འཇུག་པའི ་སྤྱིའི་ངོ་བོས་རྗེས་སུ་དཔག་པ་ལ་ལྐོག་ཏུ་གྱུར་པའི་མེ་ལ་སོགས་པ་སྣང་ལ་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱིས་ཕན་ཚུན་འགལ་བ་གཉིས་གཅིག་ལ་རིགས་པ་ཡང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །གཏན་ཚིགས་འགལ་བ་ཡང་མ ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་དེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞལ་བྱ་ཉིད་སོགས་ཞེས་བྱ་བ་ལ་སོགས་པས་འོད་བྱེད་པའི་ཚད་མ་དག་དོགས་པར་བྱེད་པ་ཡིན་ཏེ། དེ་ན ་དེ། གང་འདི་སྔོན་པོ་ལ་སོགས་པ་ཡུལ་རྣམ་པར་ཆད་པར་སྣང་བ་དེ་ནི་ཉམས་སུ་མྱོང་བ་ལས་ཆད་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་དང། མི་རྟག་པའི་ཕྱིར་དང། འབྲས་བུ་ཡིན་པའི་ཕྱིར་དང། རྒྱེན་ཡིན་པའི་ཕྱིར་དང། རྒྱུ་དང་ལྡན་པའི་ཕྱིར་རྒྱུད ་གཞན་གྱི་སེམས་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་ཐམས་ཅད་ལ་འཁྲུལ་པ་སྟེ་མ་ངེས་པ་ཡིན་ཏེ། ནང་དུ་ཉམས་སུ་མྱོང་བ་ཡང་གཞལ་བྱ་ཉིད་ལ་སོགས་པ་སྲིད་བའི་ཕྱིར་རོ། །བཞིན་དུ་རི?་ཅན་ལ་སོགས་པའི་ཤེས་པ་ལ་ཡང་སྣང ་བའི་ཟླ་བ་གཉིས་ལ་སོགས་པས་ཀྱང་མ་ངེས་པ་ཡིན་ཏེ། ཟླ་བ་ལ་སོགས་བའོ་སྙམ་བའི་རྣམ་པར་རྟོག་བའི་ཡུལ་ཉིད་ཀྱིས་ཟླ་བ་གཉིས་ལ་སོགས་པ་གཞལ་བྱ་ཉིད་དུ་བལྟ་བར་བྱའི་ཤེས་པ་གང་ལ་དེ་དག་སྣང་བ་དེ་ལ་བལྟོས་ནས་ནི་?་ཡིན་ཏེ། ་དེ་དག་ལ་དོན་དུ་ཞེན་པ་མེད་པའི་ཕྱིར་རོ། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་ཞེ་ན་པ་མེད་ཕྱིར་རོ། །ཞེས་གང་བཤད་པ་ཡིན་ནོ། །འདི་ལ་ཕྱི་རོལ་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ར་རི་ལའི་ལུགས་ཀྱིས་འཁྲུལ་པའི་ཡུལ་མ་གྲུབ་པར་དོགས་པར་བྱེད ་དེ། དེ་ན་རེ། འདིར་སེར་པོ་དང་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ལ་འཁྲུལ་བའི་ཡུལ་ཉིད་དུ་ཉེ་བར་བཀོད་པ་ལ་ཕྱི་རོལ་གྱི་དུང་ལ་སོགས་བའི་དོན་ཉིད་སེར་པོ་ལ་སོགས་པའི་ངོ་བོ་དམིགས་ཏེ། དེའི་ཕྱིར་འཁྲུལ་པར་མི་འགྱུར་རོ་ཞེས་ཟེར་རོ། ། ་འདིར་སྨྲས་པ། སྣང་བཞིན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཤེས་པ་གང་ལ་རྣམ་པ་གང་ཁོ་ན་སྣང་བ་དེ་ཁོ་ན་དེས་རིག་གོ། ཞེས་བྱ་བར་རིགས་ཀྱི། དེ་ལྟ་མ་ཡིན་ན་ཤེས་པ་ཐམས་ཅད་ཐམས་ཅད་ཀྱི་ཡུལ ་ཅན་དུ་འགྱུར་རོ། །དེ་ལྟ་བས་ནི་སྣང་བས་རིགས་ལ་ཁྱབ་ལ། །སེར་པོའི་རྣམ་པ་ཅན་གྱི་ཤེས་པ་ལ་དཀར་པོའི་རྣམ་པ་སྣང་བ་ཡང་མ་ཡིན་ཏེ། སྣང་བར་མངོན་པར་འདོད་པ་མ་དམིགས་པའི་ཕྱིར་ཁྱབ་བར་བྱེད་པ་སྣང་བ་ལོག་པ་ན་ཁྱབ་པར་བྱ་བ་རིག་པ་ཡང་ལྡོག་པ་ཡིན་ནོ། །སྦྱོར ་པ་ནི་གང་ཞིག་རྣམ་པ་གང་ལ་མི་སྣང་བ་དེ་ནི་ངེས་རིག་པར་བྱ་བ་མ་ཡིན་ཏེ། དཔེར་ན་སྒྲའི་ཤེས་པ་གཟུགས་བཞིན་ནོ། །དུད་དཀར་པོའི་ངོ་བོ་ཡང་སེར་པོའི་རྣམ་པ་ཅན་གྱི་ཤེས་པ་ལ་མི་སྣང་ངོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ཡང་རིག་ལ་ཞེས་བྱ་བ ་འདིས་ནི་རང་གི་ཚིག་དང་འགལ་བར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ན་ཞེས་ཧ་ཅང་ཐལ་བར་འགྱུར་བས་རང་རིག་པ་སྒྲུབ་པར་བྱེད་དེ། དེས་ན་རྒྱལ་དཔོག་པས་བློ་མངོན་སུམ་མ་ཡིན་པ་དང་རྣམ་པ་མེད་པའོ་ཞེས་འདོད་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ནོ། །དེའི་ཕྱིར་ཞེས ་བྱ་བ་ལ་སོགས་པ་མཇུག་སྤུད་པར་བྱེད་དོ། །རྟོགས་པར་བྱེད་པ་ན་དོན་ཉིད་རྣམ་པ་གཞན་དུ་ཡོད་པ་བདོག་བར་བྱེད་དོ་ཞེས་འབྲེལ་ཏོ། །འདིས་ཀྱང་ཀུ་མཱ་ར་རི་ལས་སྨྲས་པ་བཀག་པ་ཡིན་ནོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ཀུན་མཱ་ར་རི་ལ་ཉིད་ཀྱི་ཚད་མའི་ཕྲེང་བ་ཆད་པ ་ཡིན་ཏེ། གང་ཞིག་གཟུགས་འཛིན་པར་བྱེད་བའི་ཤེས་པ་དེ་ནི་གཟུགས་དེ་ལས་ཐ་དད་པ་ཡིན་ཏེ། གཟུགས་དེ་རིག་པ་ན་དེ་མི་རིག་པའི་ཕྱིར་རོལ་སོགས་པ་འཛིན་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་གཟུགས་ལ་སོགས་པའི་བཟུང་བར་བྱ་བའི་འཛིན་པ་ལས་ཐ་དད་པ་ཡིན ་ཏེ། འདི་ལྟ་སྟེ་གང་གི་ཕྱིར་འཛིན་པ་དེ་རྟོག་པ་མི་རྟོག་པའི་ཕྱིར་ཏེ། རོ་ལ་སོགས་པ་འཛིན་པ་བཞིན། །ཡང་ན་གཉིས་པོ་ནི་གཟུགས་ལ་སོགས་པ་དང་དེ་འཛིན་པའོ། །ཕན་ཚུན་ཐ་དད་པ་ཡིན་ཏེ། གང་ཡང་རུང་བ་རྣམ་པར་རྟོག་པ་ན་གཞན་མི་རྟོག་པའི་ཕྱིར་རོ་དང ་གཟུགས་ལ་སོགས་པ་བཞིན་ནོ། །ཡང་ན་གཅིག་ཏུ་མི་ཤེས་པའི་ཕྱིར་རྒྱུད་གཞན་གྱིས་སེམས་བཞིན་ནོ། །ཡང་ན་ཤེས་པ་ནི་རང་གི་ཆ་འཛིན་པ་མ་ཡིན་ཏེ། ཤེས་པ་ལས་སྐྱེས་བའི་ཕྱིར་བག་ཆགས་ཞེས་བྱ་བའི་ཤེས་པའི་ནུས་པ་བཞིན་ནོ། །དེ་བཞིན་དུ་ཤེས་པའི ་གཟུང་བའི་ཆ་དགས་པ་ཡང་བརྗོད་པར་བྱའོ། །འདི་ལྟ་སྟེ་དཔེར་ཤེས་པའི་ཆ་ནི་ཤེས་པའི་གཟུང་བར་བྱ་བ་མ་ཡིན་ཏེ། ཤེས་པ་ལས་སྐྱེས་པའི་ནུས་པ་བག་ཆགས་བཞིན་ནོ། །ཇི་ལྟར་དེ་མ་ཐག་པའི་གཏན་ཚིགས་གཉིས་པོ་འདི་ལ་བསྒྲུབ ་བྱའི་ཆོས་དང་ལྡན་པའི་དཔེ་གྲུབ་ཅེ་ན། བག་ཆགས་གཉིས་དང་བྲལ་བ་ཡིན། ཞེས་བྱ་བ་སྨོས་ཏེ། གཉིས་དང་ནི་གཟུང་བ་དང་འཛིན་པ་དང་ངོ། །ཡང་སྦྱོར་བ་གཞན་ནི་ནག་བའི་ཤེས་པ་ནི་ནག་པའི་ཤེས་པ་ལས་བྱུང་བའི་ཤེས་པའི་ཆ་རྟོག་པར་བྱེད་པ་མ་ཡིན ་ཏེ། ཤེས་པ་ཡིན་བའི་ཕྱིར་ཇི་ལྟར་དེའི་ནག་པའི་ཤེས་པ་ལས་བྱུང་བའི་ཤེས་པའི་བྱམས་མའི་བུ་ལ་སོགས་པ་ལུས་གཞན་ལས་སྐྱེས་པའི་ཤེས་པ་བཞིན་ནོ། །དེ་ཕྱིར་འདི་ལ་སོ་སོ་རུ། །ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པར་བྱེད་དེ། སོ་སོར་རིག་པ་མེད་པའི ་ཕྱིར། ཞེས་བྱ་བ་ནི་སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་རོ། །དམིགས་པ་མངོན་སུམ་མ་ཡིན་ན། དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་དང་རིག་པ་སྒྲུབ་པས་བསྟན་ཟིན་ཅིང། སྔོན་པོ་དང་དེའི་བློ་དག་ཐ་མི་དད་པ་ཉིད་དུ་བསྒྲུབས་ཟིན ་པའི་ཕྱིར། གཅིག་གི་ངོ་བོར་ཡོངས་སུ་མི་ཤེས་པའི་མཐར་ཐུག་བའི་གཏན་ཚིགས་རྣམས་མ་གྲུབ་བོ། །དེ་ནི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པས་གཞན་དག་གྲུབ་བ་ཉིད་དུ་སྟོན་པ་ཡིན་ནོ། །ཕྱི་རོལ་གྱི་དོན་ནི་རྣམ་པ་དང་ལྡན་པ་མ་ཡིན་ཏེ། དེ་ནི་ཕྱི་རོལ་ཡུལ་དང་འབྲེལ།། ་མངོན་སུམ་དུ་ནི་དམིགས་པར་འགྱུར། ཞེས་བྱ་བའི་གཞུང་འདིས་བཤད་པ་བྱེད་པ་རི་ཁྲོད་བས། འཛིན་པ་ཉམས་སུ་མྱོང་བ་མེད་ན་ཡང་གཟུང་བ་རིག་པ་ཡིན་ནོ། །ཞེས་བསྟན་ཏོ། །དེ་ལྟ་ཡིན་དང། དེ་རིག་པ་ནི་མི་རིག་ཕྱིར། ཞེས་བྱ་བ་འདི་གྲུབ་བོ། །གཏན ་ཚིགས་གཉིས་པ་ལ་སོགས་པ་རྣམས་ཇི་ལྟར་གྲུབ་ཅེ་ན། དེའི་ཕྱིར་དེ་ཚེ་བདག་གིས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བ་མི་དྲན་ན་ཡང་འཛིན་པ་དྲན་བར་མཐོང་ངོ། །ཡང་གལ་ཏེ་འཛིན་པ་དེ་ལས་གཅིག་ཏུ་བཟུང་བར་བྱ་བ་ཐ་དད་པར་གྱུར་པ་དེའི་ཚེ ་འཛིན་པ་བཞིན་དུ་གཟུང་བ་ལ་ཡང་དྲན་པར་འགྱུར་བ་ཞིག་ན། འགྱུར་བ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་གཟུང་བ་དང། འདིར་བདག་ཐ་དད་དོ། །འདི་སྙམ་དུ་གཟུང་བ་ལ་ཡང་དྲན་པར་འགྱུར་བ་ཡིན་ནོ་སྙམ་ན་འཛིན་པ་དྲན་པ་ཡོད ་པ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེར་ནི་ཞེས་བྱ་བ་ནི་འཛིན་པ་དྲན་པ་ཡོད་པའི་ཚེའོ། །དེ་ཉིད་འཛིན་པ་ཉིད་འཛིན་པ་ཡིན་གྱི་གཟུང་བ་ནི་མ་ཡིན་ནོ་ཞེས་ཉིད་ཀྱི་སྒྲ་རིམ་པ་བཞིན་དུའོ། །རྗེས་སུ་འགྲོ་ལྡོག་ལས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དྲན་པ་དག ་སྟེ་ཡོད་པ་དང་མེད་པ་ལས་སོ། །འདི་ལྟར་འཛིན་པ་དྲན་པ་མེད་པར་གཟུང་བ་དྲན་པ་མེད་དོ། །དམིགས་པ་རབ་ཏུ་མ་གྲུབ་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་ནི་ཕྱི་རོལ་ཡུལ་འབྲེལ་བའི། །མངོན་སུམ་དུ་ནི་དམིགས་པར་འགྱུར། །ཞེས ་བྱ་བ་འདི་མ་ངེས་པ་ཉིད་དུ་འཆད་པ་ནི། །དེ་བཞིན་མིག་ནད་ཅན་རྣམས་ཀྱིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བར་ངེས་བ་ཞེས་བྱ་བ་འདིར་དཔྱད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་བདེན་པར་མངོན་པར་འདོད་པའི་སེར་པོ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་དང ་འབྲེལ་བ་གསལ་བར་དམིགས་པ་དེ་བཞིན་དུ་མིག་སེར་གྱིས་ཉམས་པའི་མིག་ཅན་ལ་ཡང་དམིགས་པར་མཐོང་ངོ། །གལ་ཏེ་མཐོང་མོད་དེ་ལས་ཅིར་འགྱུར་ཞེ་ན། བཤད་པ་འཛིན་པའི་ཆ་ལས་རིག་པ་མ་ཡིན། ཞེས་བྱ་བར་བཤད་དོ། །འཛིན་པའི་ཆ་ལས་ཞེས་བྱ་བ ་ལ། །བཏོན་ནས་ཤེས་ཁོང་ནས་དབྱུང་ངོ། །རིག་པར་མི་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །དེས་ན་དོན་འདིར་འགྱུར་ཏེ། རབ་རིབ་ཅན་ལ་སོགས་པས་དམིགས་པའི་སེར་པོ་ལ་སོགས་པ་དེ་ཡང་འཛིན་པ་ལས་བཏོན་ནས་ལོགས་ཤིག་ཏུ་རིག་པར་བྱ་བ་མ་ཡིན ་ལ་ཡང་ཕྱི་རོལ་གྱི་ཡུལ་དང་འབྲེལ་པར་ཡང་དམིགས་ཏེ། དེ་ལྟ་བས་ན་འདི་ནི་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་ནི་གཞན་ཡང་ཡིན། ཞེས་བྱ་བ་ནི་བདེན་པར་མངོན་པར་འདོད་པའི་སེར་པོ་ལ་སོགས་པ་ཡང་ངོ། །འདིས་ནི་རྣམ་བར་ཆད་པ་གསལ་བ་སྣང་བ་ཙམ ་གྱིས་གཉི་ག་ཡང་མཚུངས་པར་བསྒྲུབས་པ་ཡིན་ནོ། །དེའི་ཚེ་བདག་གིས་ཞེས་བྱ་བ་འདི་ལ་ཁྱད་པར་མ་བཟུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འཛིན་པ་དང་དྲན་ན་བཟུང་བ་མི་དྲན་པར་མི་གྲུབ་པར་བཤད་དོ། །འདི་སྙམ་དུ་གལ ་ཏེ་གཟུང་བ་ལ་དྲན་པ་དེ་ཡིན་ན་ཅིའི་ཕྱིར་ཁྱད་པར་མ་གཟུང་བར་འགྱུར། འདི་ལྟར་གཟུང་བ་དེ་རིགས་མཐུན་པ་དང་རིགས་མི་མཐུན་པ་ཐམས་ཅད་ལས་ཐ་དད་པ་དེ་ཁོ་ན་བཞིན་དུ་དེ་དྲན་ན་དེ་ལྟ་ན་དེ་དེའི་ཡུལ་ཅན་དུ་འགྱུར་གྱི། གཞན་དུ་ཁྱད་པར་དེ་མ ་གཟུང་ན་ཇི་ལྟར་དེའི་ཡུལ་ཅན་དུ་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་ན། ཀུན་ལས་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རེ་ཞིག་རྣམ་པར་རྟོག་པ་ནི། ཇི་ལྟ་བ་བཞིན་དུ་གནས་པའི་དངོས་པོ ་འཛིན་པར་ནུས་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་བའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ལས་གང་ཁོ་ན་ལ་དོན་དུ་གཉེར་བ་ལ་སོགས་པ་ངེས་པའི་རྒྱུ་ཡོད་པ་དེ་ལ་དེའི་རྣམ་པ་ཅན་གྱི་དྲན་པའི་ཤེས་པ་དོན་དམ ་བར་ཡུལ་མེད་པ་ཉིད་དུ་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པའི་ཕྱིར་ཐམས་ཅད་འཁྲུལ་པ་ཁོ་ནར་སྐྱེ་བ་འབའ་ཞིག་ཏུ་ཐད་དོ། །དེ་ནི་ཞེན་པའི་དབང་གིས་ཡུལ་དུ་གཞག་གི་དོན་དམ་པར་ནི་མ་ཡིན་ནོ་དྲན་པ་ཡང་གཟུང་བར་ཞེན་པ ་འབའ་ཞིག་ལ་ཡོད་པར་མ་ཟེང་གང་གིས་དྲན་པ་གཞན་ལས་ཁྱད་པར་དུ་འགྱུར་བ་རྣམ་པ་དེ་ལྟ་བུའི་གོམས་པ་གསལ་བ་གཞན་མྱུར་བ་དང་ཆེས་མྱུར་བ་ལ་སོགས་པའི་རྒྱུ་མེད་པའི་ཕྱིར་ཁྱད་པར་མ་བཟུང་བ་ཡིན་ནོ། །འདི་སྙམ་དུ་འདིར་གཟུང་བར ་ཞེན་པ་ལ་ཇི་ལྟར་དྲན་པ་ཡོད་པར་ངེས་པར་བྱ་སྙམ་དུ་སེམས་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དྲན་པ་དེ་ཁྱད་པར་མ་གཟུང་བའོ་ཞེས་མ་ཞེན་པ་དེའི་ཚེ་ཅི་ཞིག་གཟུང་ཞེས་བྱ་བ་དེ་ལྟ་བུ་ཡང་སྤྱིའི་རྣམ་པ་གཟུང་བ་རྟོགས ་བས་འཇུག་པར་མི་འགྱུར་རོ། །གང་གིས་གཟུང་བའི་ངོ་བོ་དང་བྲལ་བའོ་འཛིན་པ་སྐྱེས་པ་དྲན་པར་འགྱུར་ཞེས་བརྗོད་པ་འབའ་ཞིག་ལ་གཟུང་བའི་རྣམ་པ་དང་བྲལ་བའི་ལུས་ཅན་གྱི་འཛིན་པ་ཤེལ་གོང་དག་བ་ལྟ་བུར་དྲན་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན ་དེ་དྲན་པ་ན་མི་དྲན་པར་མ་གྲུབ་བོ། །གང་ཡང་ཤེས་པ་ལས་སྐྱེས་པའི་ཕྱིར་རོ། །ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཕྱི་མ་འདི་དག་ནི་དུང་ལ་སེར་པོ་ལ་སོགས་པའི་ཤེས་པས་འཁྲུལ་པ་ཡིན་ཏེ། འདི་ལྟར་དུང་ལ་སེར་པོ་ལ་སོགས ་པའི་ཤེས་པ་ཤེས་པ་ལས་སྐྱེས་པ་ཡིན་ན་རང་གི་ཆ་སེར་པོ་ལ་སོགས་པའི་རྣམ་པ་འཛིན་པ་དང་ཡང་ཇི་ལྟར་ཤེས་པ་ཡིན་ཡང་ཤེས་པའི་ཆ་སེར་པོ་ལ་སོགས་པའི་བཟུང་བར་བྱ་བརྟོགས་པ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་ཡིན་པའི་ཕྱིར་གཏན་ཚིགས ་འཁྲུལ་པ་ཡིན་ནོ། །དུང་ལ་སེར་པོ་ལ་སོགས་བའི་ཤེས་པ་དམིགས་པ་མེད་པ་ཉིད་དུ་ཡང་སྒྲུབས་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་དུ་གཏོགས་པའི་སེར་པོ་ལ་སོགས་པའི་རྣམ་པར་རིག་པའི་ཕྱིར་དང་རང་རིག་པ་བསྒྲུབ་བོ་ཞེས་བྱ་བ་འདི་ཡང་བསྒྲུབས་ཟིན ་ཏོ། །ཕྱོགས་འདི་ཡིན་ཞེས་བྱ་བ་ནི་གཞན་དུ་ཕྱི་རོལ་གྱི་དོན་བསྒྲུབ་པའི་ཕྱིར་ཉེ་བར་བཀོད་པ་ལ་འདི་ནི་ཉེས་པའི་ཕྱོགས་ཡིན་ནོ། །གཞན་གྱིས་ཇི་ལྟར་གཉིས་སུ་མེད་པ་བསྒྲུབ་བྱ་ཉིད་དུ་འདོད་ཅི་སྣང་བཞིན་བའི་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པའི་ངོ་བོ ་ཉམས་སུ་མྱོང་བ་གྲུབ་པ་མེད་པའི་ཕྱིར་ཡིན་ན་འདི་ཇི་ལྟར་འཐད་པ་ཡིན་།དེ་ལྟར་ཡིན་ན་ཐམས་ཅད་མེད་པར་འགྱུར་བར་གང་སྨྲས་པ་འདིར་བརྗོད་པར་བྱ་སྟེ་།ཐམས་ཅད་མེད་པ་མ་ཡིན་ཏེ། རང་ལས་ཐ་དད་པའི་བཟུང་བར་བྱ་བ་ས་ལ་སོགས་པ ་རང་གི་མཚན་ཉིད་མེད་པའི་ཕྱིར་ལ། རྒྱུད་གཞན་ནི་བཟུང་བར་བྱ་བའི་དོར་མེད་པའི་ཕྱིར་གཟུང་བའི་རྣམ་པར་སྟོང་པ་ཡིན་ལ་དེ་ལ་བལྟོས་པའི་རྣམ་པར་ཤེས་པར་བྱེད?་པས་རྣམ་པར་ཤེས་པ་ཡིད་པའི་ཕྱིར་ཤེས་པའི་བྱེད་པ་པོ་ཉིད་དུ་རབ་ཏུ་བརྟགས་པ་གང ་ཡིན་པ་དེ་མེད་པའི་ཕྱིར་འཛིན་པའི་རྣམ་པས་སྟོང་པ་ཡིན་གྱི། རྣམ་པར་ཤེས་པའི་རང་གི་མཚན་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་སྐད་དུ་ཡང། སོ་སོར་ལ་སོགས་གང་ཤེས་ལས། །ཕྱི ་རོལ་ལྟ་བུར་སྣང་བ་དེ། །མི་བདེན་དེ་ཕྱིར་ཕྱི་རོལ་གྱི། །ཤེས་བྱ་དེ་ཉིད་དུ་ཡོད་མིན། །རིག་པའི་བྱེད་པོའི་ངོ་བོ་ཉིད། །དེ་ལ་བལྟོས་པར་འདོད་པ་གང། །དེ་ནི་མི་བདེན་དེ་ལྟར་ན། །རིག་པ་གཉིས་མེད་ངེས་པར་བྱ་ཞེས་གང་བཤད་པ་ཡིན་ནོ། །དེ ་ལྟ་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་གྱིས་པའི་གཞུང་མཚན་ཉིད་སྟོང་པ་ཉིད་ཉེ་བར་གཟུང་ནས་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོས་སྟོང་ངོ་ཞེས་བྱ་བ་འདི་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་ལྟར་ན་གང་དང ་གང་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་རྩ་བའི་གཏན་ཚིགས་ཀྱི་སྦྱོར་བ་ལ་བསྒྲུབ་བྱ་དང་གཏན་ཚིགས་ཀྱི་ཁྱབ་པ་བསྒྲུབས་ནས་མཇུག་སྡུད་པ་ནི་དེ་ཕྱིར་རྩོད་པའི་གཞིར་གྱུར་ཡིད། ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྩོད་པའི་གཞིའི ་ཁྱད་པར་གྱིས་ནི་འདིར་སྐྱོན་མེད་པའི་མིག་ལ་སོགས་པའི་ཁྱད་བར་འདི་བསྒྲུབ་བྱའི་ཆོས་ཅན་དུ་བསྟན་གྱི། ཐམས་ཅད་ཀྱི་སྤྱི་ནི་མ་ཡིན་ནོ། །ཤེས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། དེས་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས ་ཉིད་མ་ཡིན་ནོ། །རིག་བྱ་བྱེད་པོ་དང་བྲལ་ཕྱིར། ཞེས་བྱ་བ་གཉིས་སུ་མེད་པའི་ཁྱད་པར་ཡིན་ནོ། །རིག་བྱ་དང་རིག་བྱེད་གཉིས་དང་བྲལ་བས་གཉིས་མེད་པར་འདོན་ཀྱི་ཐམས་ཅད་དུ་མེད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་བརྙན་ཞེས་བྱ་བ་ནི་ཡུལ་ཅན ་ལ་ཡུལ་བཏགས་བའི་ཕྱིར་གཟུགས་བརྙན་གྱི་ཤེས་པ་ནི་གཟུགས་བརྙན་གྱི་སྒྲས་བརྗོད་དོ། །ཡང་ན་བདུན་པའི་མཛའ་ཅན་གྱིས་ལྡན་པར་བྱ་སྟེ། དེས་ན་ཤེས་པ་ཉིད་ཤུགས་ཀྱི་བརྟེན་པར་འགྱུར་བ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏོ། ་ཁྱད་པར་གཞན་སྤངས་ནས་རང་གི་ངོ་བོ་ཉིད་དེ་ལྟར་བའི་ཕྱིར་ཏེ། ཤེས་པ་པོ་ཉིད་དུ་ནི་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །གཟུགས་བརྙན་ལ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་དག་དཔེ་བསྒྲུབ་བྱ་མཚང་བ་ཉིད ་དུ་སྟོན་ཏེ། གང་གིས་ཕྱིར་མིག་གི་འོད་ཟེར་དག་མེ་ལོང་ལ་སོགས་པའི་ངོས་ལ་གཏུགས་ནས་ལོག་པ་ན་རང་གི་བྱད་ལ་སོགས་པ་དང་འབྲེལ་བ་ཡིན་ལ། དེ་ལས་དེ་དག་དེ་ལྟ་བུར་བྱད་ལ་སོགས་པ་རྟོགས་པའི་རྒྱུར་འགྱུར་བ་ཡིན་ནོ། །དེས་ན་རང་གི་བྱད་ལ་སོགས་པ་ཉིད ་དེ་ལྟར་མེ་ལོང་ལ་སོགས་པའི་ནང་དུ་ཆུད་པ་ལ་སོགས་པའི་ངོ་བོས་སྣང་བ་ཡིན་ནོ། །དེ་ལྟ་ཡིན་ངང་གཟུགས་བརྙན་གྱི་ཤེས་པ་ལ་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བར་མ་གྲུབ་བོ། །དེ་ལྟར་རང་བཞིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རང་གི ་བྱད་ལ་སོགས་པ་དེ་ལྟར་མཐོང་བ་ནི་མ་ཡིན་ཏེ། རང་གི་ཁྱད་ལ་སོགས་པ་དེ་མངོན་སུམ་དུ་ཕྱོགས་པར་མཐོང་བའི་ཕྱིར་དང། ཡུལ་དང་ཚད་དང་ཁ་དོག་ལ་སོགས་པ་ཐ་དད་པས་མཐོང་བའི་ཕྱིར། དེ་ལྟར་རང་བཞིན་ལ་སོགས་མཐོང་མིན་ཞེས་འབྲེལ་ཏོ། །དངོས་པོ ་གཞན་བཞིན་ནོ་ཞེས་བྱ་བ་ནི་སྒྲ་ལ་སོགས་པའི་དངོས་པོ་བཞིན་ནོ། །ཇི་སྐད་དུ་ཡང་བསྟན་པ་ཡིན་ཏེ། གལ་ཏེ་ཤེས་པ་ཁྱད་ལ་སོགས་པ་འཛིན་པར་འགྱུར་ན་དེའི་ཚེ་ཇི་ལྟར་དེའི་བྱད་ལ་སོགས་པ་རྣམ་པར་གནས་པ་དེ་ཁོ་ན་ལྟུང་འཛིན་པར་འགྱུར་ཏེ། གཞན་གྱི་རྣམ ་བ་ཅན་གྱི་ཤེས་པའི་བཟུང་བར་བྱ་བ་གཞན་དུ་རིག་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ལྷོ་ཕྱོགས་སུ་ཁ་བལྟས་ནས་གནས་པ་མྲ་ལྡོང་གིས་ངོས་ལ་ལྟ་བ་ན་རང་གི་བྱད་ལ་ནང་དུ་བལྟས་པར་མཐོང་ངོ། །དེ་བཞིན་དུ་མེ་ལོང་ཤིན་ཏུ ་ཆུང་བའི་ངོ་བོ་ལ་རང་གི་བྱད་ཤིན་ཏུ་ཆེན་པོ་ཡང་གཟུགས་བརྙན་ཤིང་ཏུ་ཆུང་བར་དམིགས་ལ་དེ་བཞིན་དུ་མེ་ལོང་གི་ངོས་དང་འབྲེལ་པ་ནི་ཁྲོན་པར་གཏིང་དུ་ཞུགས་པ་ལྟ་བུར་སྣང་སྟེ་དེའི་ཚེ་མེ་ལོང་གི་ངོས་ཀྱང་དེ་སྙེད་ཟབ་པ་མ་ཡིན་ལ་བདག་ཉིད་བྱད་དེ་དང་འབྲེལ་པ ་ཡང་མ་ཡིན་ནོ། །དེ་བཞིན་དུ་མཚོ་ཆུ་དྲི་མ་མེད་བའི་འགྲམ་ན་གནས་བའི་ཤིང་དང་རི་ལ་སོགས་བའི་གཟུགས་བརྙན་ཤིང་དང་རིའི་རྩེ་མོ་ཐུར་དུ་བལྟས་པ་དམིགས་ན་དེ་ལྟར་དེ་དག་གནས་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟ་ཡིན་གྱི་ཤེས ་པ་ན་རང་གི་བྱད་ལ་སོགས་པ་འཛིན་པ་མ་ཡིན་ཏེ། དེ་དང་མི་འདྲ་བའི་ཕྱིར་སྒྲའི་ཤེས་པ་བཞིན་ནོ། །བཙུན་པ་དགེ་སྲུངས་ན་རོ། བློ་ཙམ་ཉིད་ནི་བསྒྲུབ་བྱ་ལ། །ཤེས་ཕྱིར་ལ་སོགས་སྒྲུབ་བྱེད་གང། །རིགས་མི་མཐུན་དང་མི་འགལ་ཕྱིར། །ཐམས་ཅད་ལྷག ་ལྡན་ཡིན་པར་བརྗོད། ཅེས་ཟེར་ཏེ་དེ་ལ་རྣམ་ཤེས་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་བཅས་རྣམ་པ་མེད་པ་དང། ཞེས་བྱ་བ་ལ་སོགས་པས་དང་པོ་ཉིད་དུ་ཁྱབ་བ་བསྒྲུབས་ཟིན་པའི་ཕྱིར། གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །སློབ་དཔོན ་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། དམིགས་བའི་རྐྱེན་རྣམ་པར་བཞག་པར་བྱ་བའི་ཕྱིར། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་གསུངས་ཏེ། འདིས ་ནི་བཟུང་བའི་ཆ་ལ་ཡུལ་དུ་རྣམ་པར་བཞག་བར་བསྟན་ཏོ། །གཞན་ཡང། ཡང་ན་ནུས་པ་འཇོག་ཕྱིར་རིམ་གྱིས་ཀྱང། དོན་དུ་སྣང་བ་ད་ནི་རང་དང་མཐུན་པའི་འབྲས་བུ་སྐྱེད་པར་བྱེད་བའི་ནུས་པ་རྣམ་པར་ཤེས་པའི་རྟེན་ཅན་བྱེད་པས་མི་འགལ་ལོ ་ཞེས་བྱ་བ་སྟེ། འདིས་ན་དོན་གཞན་མ་ཡིན་པའི་ཤེས་པ་ལ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་བའི་རྒྱུ་མཚན་ནུས་པ་འཇོག་བའི་ཕྱིར། སོ་སོར་སྣང་བ་དེ་རྒྱུ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ལ་བཙུན་པ་དེ་ཉིད་ཀྱིས། གལ ་ཏེ་དབང་བའི་རྣམ་རིག་ནི། །གཟུང་བའི་ཆ་ནི་རྒྱུར་གྱུར་ནའང། །དེ་ནི་དེ་ལྟར་མི་སྣང་བས། །དབང་པོ་བཞིན་དུ་དེ་ཡུལ་མིན། །ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་སྨྲས་པ་འདི་ལ། མཇུག་ཐོགས་ཤེས་ལ་ཞེས་བྱ་བ་ལ་སོགས་ག?་སྨོས ་ཏེ་?་མཇུག་ཐོགས་ཤེས་པ་ནུས་པ་ལ་གཞི་ཐ་དད་པའི་བདུན་པ་གཉིས་སོ། །འཇུག་ཐོགས་ཤེས་ལ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཀུན་གཞི་ཞེས་བྱ་བ་ལ་ནུས་པ་གང་ཡིན་པ་རྣམ་པ་དེ་ལྟ་བུའི་དོན་སྣང་བས་བསྒྲུབས་པ་དེ་ཁོ་ན་ཉིད་དུ་མི་འདོད ་དོ། །གང་གི་ཕྱིར་སློབ་དཔོན་གྱིས་རྡུལ་ཕྲ་རབ་ལ་སོགས་པ་ལས་མ་གཏོགས་པའི་དམིགས་པ་རིགས་པ་མ་ཡིན་ནོ་ཞེས་རྒྱས་པར་བསྟན་ནས་ཐམས་ཅད་དུ་དམིགས་བའི་རྐྱེན་བཀག་ནས་གྲགས་པས་གནོད་པ་དང། དེ་བཞིན་དུ་མོད་ལས་དམིགས ་པ་དང། བདག་པོ་དང་མཚུངས་བ་དེ་མ་ཐག་པ་དང། རྒྱུའི་རྐྱེན་གྱིས་མཚན་ཉིད་ཀྱི་རྐྱེན་བཞིའོ། །ཞེས་གསུངས་པའི་ཕྱིར་ཁས་བླངས་པས་གནོད་པར་ཡང་འགྱུར་ན་མི་རུང་ངོ་སྙམ་པས་མི་འགལ་བར་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་དང་བསྟན་བཅོས ་སུ་རྣམ་པ་ཇི་ལྟ་བུའི་དམིགས་པའི་རྐྱེན་མངོན་པར་འདོད་པ་དེ་ལྟར་ཀུན་རྫོབ་ཏུ་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་གང་ནི་ཤེས་པ་ཐམས་ཅད་དམིགས་པ་མེད་པ་ཡིན་ནོ།། །།དེ་ཁོ་ན་ཉིད་བསྡུས ་པའི་དཀལ་འགྲེལ་ལས་ཕྱི་རོལ་གྱི་དོན་བརྟག་པ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།རང་དབང་ཐོས་ལ་མ་ཞེན་ཅིང། ཞེས་བྱ་བ་འདི་བསྒྲུབ་བའི་དོན་དུ་གཞན་དག་ཅེས་བྱ་བ་ལ་སོགས ་པ་སྨོས་ཏེ། གཞན་དག་ཅེས་བྱ་བ་ནི་རྒྱལ་དཔོག་ཕ་རྣམས་སོ།། །དེ་དག་ནི་འདི་སྐད་དུ་ཟེར་ཏེ། སྐུལ་བར་བྱེད་པ་ཉིད་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་རྣམ་པར་བཞག་པའི་རྒྱུ་མཚན་ཡིན་ཏེ། སྲོག་ཆགས་ཐམས་ཅད ་ཀྱི་སྣང་པར་གྱུར་བ། ཐུན་མོང་གི་མིག་ལྟ་བུར་རྩམ་པར་བཞག་གོ་།གདོན་མི་ཟ་བར་དེ་ཉིད་ཆོས་དང་ཆོས་མ་ཡིན་པ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱི་ཚད་མ་ཉིད་དུ་བརྟེན་པར་བྱའོ། །གཞན་སྐྱེས་དུས་བྱས ་བའི་ཚིག་ལ་སོགས་པ་ནི་མ་ཡིན་ནོ། །འདི་ལྟར་འདོད་ཆགས་ལ་སོགས་པ་དང་མ་རིག་པ་དང་ལྡན་པའི་སེམས་ཅན་གྱི་སྐྱེས་བུའི་ཚིག་ནི་དབང་པོ་ལས་འདས་པ་ཕྱིན་ཅི་མ་ལོག་པའི་དོན་རྟོགས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཚིག་ངེས་ཆོས་ལ་སོགས ་པ་རྟོགས་པར་ནུས་པ་མ་ཡིན་ལ། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་རྟོགས་པར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཆོས་དང་ཆོས་མ་ཡིན་པ་དག་གི་མཚན་ཉིད་ནི་འདོད་པ་དང་མི་འདོད ་པ་སྒྲུབ་པར་བྱེད་པར་རུང་བ་ཡིན་ནོ། །ཇི་སྐད་དུ་རི་ཁྲོད་བས་བྱས་པའི་བཤད་པ་ལས་ལཌ་བར་བྱེད་བ་གང་ཡིན་པ་དེ་ཁོ་ན་ཆོས་ཀྱི་སྒྲས་བརྗོད་དོ། །ཇི་ལྟར་ཤེས་ཤེ་ན། གང་མཆོད་སྦྱིན་ཉམས་སུ་ལེན་པའི་སྐྱེས་བུ་དེ་ནི་ཆོས་བྱེད་ཡིན་ནོ་ཞེས་བརྗོད་དོ། །གང་གི་བྱེད་པ་པོ་གང་ཡིན ་པ་དེ་ནི་དེས་བརྗོད་དོ། །དཔེར་ན་འཚེད་པ་ཡོད་པ་བཅའ་བ་པོ་བཞིན་ནོ། ཞེས་བཤད་པ་བཞིན་ནོ། །དེས་ན་གང་ཞིག་སྐྱེས་བུ་ལ་ལེགས་པར་བསྒྲུབ་པ་དེ་ཁོ་ན་ཆོས་ཀྱི་སྒྲས་བརྗོད་དོ། །དེའི་ཕྱིར་འདིས་ནི་རྫས་ལ་སོགས་པ ་འདོད་པའི་དོན་སྒྲུབ་པར་བྱེད་པར་རུང་བ་ཉིད་ཆོས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་མཆོད་སྦྱིན་གྱི་སྒྲུབ་རྫས་དང་ཡོན་ཏན་དང་ལས་ལེགས་པར་སྒྲུབ་པར་བྱེད་པའི་ཁྱད་བར་རྣམས་བརྗོད་དེ། དེ་ལ་ཆོས་ཀྱི་སྒྲ་འཇུག་པར་བསྟན་ཏོ། །གལ་ཏེ་ཡང་རྫས་ལ་སོགས ་བ་དེ་དག་རང་གིས་ངོ་བོས་མངོན་སུམ་ཡིན་གྱི་ལེགས་པར་བསྒྲུབ་བ་ཉིད་ཀྱིས་ནི་མ་ཡིན་ལ། དེའི་ངོ་བོས་དེ་དག་ཆོས་ཉིད་དུ་འདོད་ཀྱི་རང་གི་ངོ་བོ་ཙམ་ནི་མ་ཡིན་ནོ། །ཇི་སྐད་དུ། ལགས་པ་སྐྱེས་བུའི་ཡིད་འོང་སྟེ། དེ་རྫས་ལས་དང་ཡོན་ཏན་གྱི ་སྐུལ་བའི་མཚན་ཉིད་ཀྱིས་བསྒྲུབ་བྱ། དེ་ཕྱིར་དེ་དག་ལ་ཆོས་ཉིད། །འདི་དག་དབང་པོའི་ཡུལ་ཅན་ན། །དེ་ཡིས་ངོ་བོས་ཆོས་མ་ཡིན། །འདི་དག་ལེགས་པར་སྒྲུབ་བྱེད་པ། །རྟག་ཏུ་རིག་བྱེད་ཀྱིས་རྟོགས་འགྱུར། །དེ་ཡི་ངོ་བོ་ཉིད་ཀྱིས་ཆོས། །དེའི་ཕྱིར ་དང་པོའི་སྤྱོད་ཡུལ་མིན། ཞེས་པ་བཞིན་ནོ། །དེའི་ངོ་བོ་ཉིད་ཀྱིས་ཞེས་བྱ་ནི་ལེགས་པར་བསྒྲུབ་པའི་ངོ་བོས་སོ། །དེ་ལྟ་བས་ན་རུང་བ་ཉིད་ནི་ཆོས་ཡིན་ནོ་ཞེས་བྱ་བར་གནས་སོ། །ཆོས་ལས་བཟློག་པས་ཤུགས་ཀྱིས་ཆོས་མ་ཡིན་པ་ཡང་མི་འདོད་བའི་དོན་བསྒྲུབ་པར་རུང་བ་ཞེས་གསལ་བར་ངེས་པར་བྱའོ།། ་རུང་བ་ཉིད་ཚུ་རོལ་མཐོང་བས་མངོན་དུ་བྱ་བར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་རྟག་ཏུ་འབྲས་བུས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་ནུས་པ་ནི། །འབྲས་བུ་དོན་གྱི་གོ་བས་བསྒྲུབ། །ཅེས་གང་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚུ་རོལ་མཐོང་བ་ཉིད་ཉམས་པར ་འགྱུར་རོ། །རྣལ་འབྱོར་བའི་མངོན་སུམ་གྱིས་ཀྱང་དབང་པོ་ལས་འདས་པ་ཡུལ་དུ་བྱེད་མ་ཡིན་ཏེ། མངོན་སུམ་ཡིན་པའི་ཕྱིར་མངོན་སུམ་གཞན་བཞིན་ནོ། །རྗེས་སུ་དཔག་པས་ཆོས་དང་ཆོས་མ་ཡིན་པ་རྟོགས་པར་བྱེད་པར་རིགས་པ་ཡང་མ་ཡིན་ཏེ། འབྲེལ་བ་གྲུབ་པ ་ཉིད་ཀྱིས་དངོས་པོ་ངེས་ཡོངས་སུ་གཅོད་པའི་ཕྱིར་ལ་།ཆོས་ཀྱང་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ཆོས་རྟོགས་པར་བྱ་བ་ལ་ཉེ་བར་འཇལ་བ་ཡང་ནུས་པ་མ་ཡིན་ཏེ། འདི་ལྟར་ཉེ་བར་འདྲལ་བ་ནི་བསྐལ་བ་ལ་འདྲ་བའི་བློ་བསྐྱེད་བར་བྱེད་པ་ཡིན་ཏེ། དཔེར་ན་བ་མེན་མཐོང་བ་ན་བ་ལང ་དྲན་པ་བཞིན་ནོ། །གང་ལས་འདྲ་བ་ལས་དེ་རྟགས་པར་འགྱུར་བ་ཆོས་དང་འདྲ་བ་འགའ་ཞིག་རྟོགས་པར་འགྱུར་བ་ནི་མ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པ་རྟོགས་པར་འགྱུར་ལ་།དོན་གྱིས་གོ་བ་ཡང་མ་ནུས་པ་མ་ཡིན་ཏེ། འདི་ལྟར་མཐོང་བ་དང་ཐོས་པའི་དོན་གཞན་དུ་མི་འཐད་པའི ་ཕྱིར་དོན་གཞན་རྟོགས་པ་ནི་དོན་གྱིས་གོ་བ་ཡིན་ལ། གང་ལས་འདི་རྟོགས་བར་འགྱུར་བ་ཆོས་མེད་པར་དོན་མི་འཐད་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཚད་མ་མེད་པའི་དངོས་པོ་མེད་པ་ཡང་མེད་པ་ཞེས་བྱ་བའི་དོན་འདི་བསྒྲུབ་པར་བྱ་བའི་ཕྱིར་ནུས་ཀྱི་སྒྲུབ་པ་ལ་ནི་མ་ཡིན་ནོ།། ་དེ་ལྟ་བས་ན་དངོས་པོ་མེད་བའི་ཁར་ཞུགས་པའི་ཚེས་དང་ཆོས་མ་ཡིན་པ་དག་གལ་ཏེ་སྐུལ་བར་བྱེད་པས་གདོན་མི་ཟ་བར་མི་ནུས་ན་དེ་ཉིད་ཀྱིས་ཟོས་པར་འགྱུར་བའི་ཕྱིར་སྐུལ་བར་བྱེད་བའི་མཚན་ཉིད་ཀྱི་དོན་གྱི་ཆོས་ལ་སོཌ་བ་དབང་པོ་ལ་སོགས་པ་མེ་མཚོན་གྱི། སྐུལ་བར ་བྱེད་བས་བྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་བ་དང་ཕྲ་བ་དང། ཆོད་བ་དང་བསྐལ་པ་ཞེས་བྱ་བ་དེ་ལྟ་བུའི་རིགས་ཅན་གྱི་དོན་རྟོགས་པར་ནུས་ཀྱི། གཞན་དབང་པོས་ནི་ནམ་ཡང་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་སྐུལ་བར་བྱེད་བ་ཚད་མར ་བྱའོ། །སྐུལ་བར་བྱང་བ་ཞེས་བྱ་བ་ནི་བྱ་བ་ལ་འཇུག་པར་བྱེད་པ་དང་ལྡོག་པར་བྱེད་བའི་དག་ལ་བརྗོད་དེ། འདི་ལྟ་སྟེ་དཔེར་ན་མཐོ་རིས་འདོད་པ་སྦྱིན་སྲེག་གི་མཆོད་སྦྱིན་བྱའོ་ཞེས་བྱ་བ་ནི་འཇུག་བར་བྱེད་བའོ། །འབྱུང་པོ་རྣམས་པ་འཚེ་བར་མི་བྱའི ་ཞེས་བྱ་བ་ནི་ལྡོག་པར་བྱེད་པའོ། །དེ་ཡང་ཚད་མ་ཡིན་པ་ན་གང་འདི་ཁྱེད་ཅག་གིས་ཁམས་གསུམ་པོ་ནི་རྣམ་པར་རིག་པ་ཙམ་མོ་ཞེས་དམ་བཅས་བའི་དོན་དེ་རིགས་པ་མ་ཡིན་ནོ། །གང་ལས་ཤེ་ན། ཐོས་པས་གནོད་པའི་ཕྱིར་རོ། །ཐོས་པ་རིམ་བྱེད་ཀྱིས་གནོད་བོའི ་ཕྱིར་རོ། །སེམས་ལས་མ་གཏོགས་པའི་མེའི་སྦྱིན་སྲེག་ལ་སོགས་པ་བསྟན་པའི་ཕྱིར་དང། བདག་ཉིད་ཀྱང་སེམས་ལས་ཐ་དང་དུ་གནས་Fཔའི་ཕྱིར་རོ། །སེམས་ཙམ་གྱི་ཚུལ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་སྐད་ཅིག་མ་དང་བདག་མེད་པ་དང། ཐམས་ཅད ་མཁྱེན་བ་དང་འདོད་ཆགས་དང་བྲལ་བ་ལ་སོགས་བའི་དམ་བཅའ་བ་ལ་ཡང་གནོད་པ་ཁོ་ན་སྟེ་།དེ་དང་འགལ་བའི་དོན་ཡོངས་སུ་གསལ་བས་གནས་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་ཚད་མ་ཉིད་དུ་གྲུབ་པར་གྱུར་ན་འདི་ཐམས་ཅད་ལ་གནོད་པར་འགྱུར་རོ་སྙམ ་དུ་སེམས་ན་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིན་ཅི་མ་ལོག་པའི་ཤེས་པ་ནི་ཚད་མ་ཡིན་ལ། དེའི་རྒྱུ་ཡིན་བའི་ཕྱིར་དེ་ཡང་ཚད་མ་ཞེས་བྱའོ། །ཇི་ལྟར་ཞེ་ན། སྐྱེས་བུས་མ་བྱས་བས་ཞེས་བྱ་བ་སྨོས་ཏེ། སྐྱེས་བུས་མ་བྱས་བ་ཉིད་ཀྱི་ཕྱིར་རོ། །འདིས་ནི ་ནི་ཕྱིན་ཅི་ལོག་གི་རྒྱུ་འདོད་ཆགས་ལ་སོགས་པའི་ཉེས་བའི་ཚོགས་མེད་པས་ཕྱིན་ཅི་མ་ལོག་པའི་ཤེས་པའི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་ལོག་པ་ཉིད་ཀྱི་རྒྱུ་འདོད་ཆགས་ལ་སོགས་པའི་ཉེས་པ་དང་ལྡན་པ་དང་བྲལ་བ་དེ་ནི་ཕྱིན་ཅི་མ ་ལོག་བའི་ཤེས་པའི་རྒྱུ་ཡིན་ཏེ། དཔེར་ན་མིག་རབ་རིབ་ལ་སོགས་པས་མ་བསླང་པ་བཞིན་ནོ། །རིག་བྱེད་ཀྱང་སྐྱེས་བུ་མ་བྱས་པའི་ཕྱིར་ལོག་པ་ཉིད་ཀྱི་རྒྱུ་འདོད་ཆགས་ལ་སོགས་མའི་ཉེས་པའང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཆགས་སོ། །ཆོས་མི་མཐུན་བའི་དེ? ་སྒོ་ནས་མ་དེས་པ་སྤང་བར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་སྒྲུབ་བར་བྱེད་པ་མེད་པ་དང། བསྒྲུབ་པར་བྱ་བ་མེད་པའི་ཁྱབ་པ་བསྟན་ཏོ། །འདི་ལྟར་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་རྣམས་གང་ལ་ཉེས་པ་དེ་ཉིད་ལ་རང་གི་འབྲས་བུ་ལོག ་བ་ཉིད་ཉེ་བར་གནས་པར་བྱེད་ཀྱི། གཞན་ནི་མ་ཡིན་ཏེ། རྒྱུ་མེད་པར་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །འབྱུང་ན་ཡང་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་མེད་པར་འབྱུང་བ་ནི་དེའི་འབྲས་བུ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ ་དེ་ལྟ་བས་ན་ལོག་པ་ཉིད་དང་ཉེས་པ་དག་གི་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་བའི་ཕྱིར་རྒྱུ་མེད་པར་འཐལ་བར་འགྱུར་བནི་ལོག་པ་ཉིད་ཀྱི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡིན་པའི་ཕྱིར་མ་དེས་བ་ཉིད་མ་ཡིན་ནོ། སྦྱོར་བ་ནི་གང་ལ་གང་གི་རྒྱུ་མེད་པ་དེ་ནི་རང ་འགྱུར་བ་མ་ཡིན་ཏེ། དཔེར་ན་ཆུ་ལ་རྒྱུ་བ་མེད་པའི་དུ་བ་བཞིན་ནོ། །ཐོས་པ་ལ་ཡང་ཕྱིན་ཅི་ལོག་གི་རྒྱུ་རྨོངས་བ་ལ་སོགས་པའི་སྐྱོན་གྱི་ཚོགས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་བའི་ཕྱིར་ཉེས ་པ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་རྣམས་ནི་སྐྱེས་བུ་ལ་བརྟེན་པ་ཡིན་ཏེ། དེའི་ཆོས་ཡིན་པའི་ཕྱིར་དེ་ཇི་ལྟར་དེ་དག་རང་གི་རྟེན་མེད་བར་འབྱུང་བར་འགྱུར། འགྱུར་ན་ཡང་རྟེན་མེད་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་བརྟེན་པའི་ཆོས་ནི ་འདི་ཡིན་ཏེ། རྟེན་གྱི་རྗེས་སུ་བྱེད་བ་ཉིད་གང་ཡིན་བའོ། །ཉེས་པའི་རྟེན་ཡང་བྱེད་པ་པོའི་སྐྱེས་བུ་ཡིན་ཏེ། དེ་ཡང་རིག་བྱེད་ལ་སོགས་པའི་ཕྱིར་གང་གིས་གཏན་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་བར་ཡང་འགྱུར་བ་ཉེ་བའི་དོགས་པ་ག་ལས་ཡིན། འདི་སྙམ་དུ་ཉེས་བའི ་རྟེན་གྱི་བྱེད་པ་པོ་མེད་པར་ཡང་ཇི་ལྟར་གྲུབ་སྙམ་དུ་སེམས་ན། དེའི་ཕྱིར་དེ་འཛིན་པར་བྱེད་པའི་ཚད་མ་ལྔ་ལྡོག་པས་དེ་མེད་པར་སྟོན་པ་ནི་རེ་ཞིག་བྱེད་པ་བ་ཞེས་བྱ་བ་ལ་སོགས་བ་སྟེ། རེ་ཞིག་རིག་བྱེད་ཀྱི་བྱེད་པ་པོ་མངོན་སུམ་གྱིས་གྲུང་བ་མ ་ཡིན་ཏེ། འདི་ལྟར་དེ་ནི་འདི་ཡིན་ནོ་ཞེས་?་ནས་བཟུང་ནས་བསྟན་པར་ནུས་པ་མ་ཡིན་ཏེ། དེ་ལྟར་མ་དམིགས་བའི་ཕྱིར་རོ། །བྱེད་པ་པོ་བྱུང་བར་གྱུར་ཏོ། །ཞེས་དེ་ལྟར་བརྟག་པར་བྱ་བ་ཡིན་ན་དེ་ཡང་མ་མཐོང་བ་ན་ནམ་ཞིག་བྱུང་བར་གྱུར་ཏོ་ཞེས་འདོད་པ་གང ་ཡིན་པ་དེ་ནི་ཚད་མ་མད?་པ་ཅན་ཞེས་བྱ་བ་ལྷག་མའོ། །རྗེས་སུ་དཔག་པས་ཀྱང་མ་གྲུབ་?་ཞེས་བསྟན་པའི་ཕྱིར། སྔོན་དུ་འབྲེལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱད་ལ་སྨོས་པ་རྣམས་ཀྱིས་རིག་བྱེད་ཀྱི་བསྐྱེད་བར་བྱ་བ་དང་སྐྱེད་བར་བྱེད་པའི ་དངོས་པོའི་མཚན་ཉིད་ཀྱི་བྱེད་པ་པོའི་འབྲེལ་པ་གང་ཞིག་དེ་ལྟར་སྔར་མ་མཐོང་བས་བྱེད་པ་རེ་ནི་མི་ཤེས་པའི་རྒྱུ་ཅན་ཡིན་ཏེ། ཤེས་པར་བྱེད་བའི་ཚད་མ་མེད་བའི་ཕྱིར་རོ། །འགའ་ཞིགས་མ་མཐོང་བའི་མེ་དང་ལྷན་ཅིག་དུ་བའི་འབྲེལ་བ་གཟུང་བར་ནུས ་པ་མ་གིན་ཏེ། དེ་སྟབས་ན་རྗེས་སུ་དཔག་བ་དང་བྲལ་ཡང་དེ་ནི་བྱེད་པ་པོ་རྟོག་པར་བྱེད་དོ། །ཡང་གི་སྒྲས་མངོན་སུམ་དང་བྲལ་བ་འབའ་ཞིག་ཏུ་མ་ཟད་བའོ། །སྒྲ་ལས་བྱུང་བའི་ཚད་མ་དགག་པ་ནི་དེ་གྲུབ་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་ཀྱང ་ལས་མ་གཏོགས་བའི་མ་བྱས་པ་མང་པའི་ཕྱིར་?་ཞིག་མ་བྱས་པ་ནི་ཡོད་པ་མ་ཡིན་ནོ། །བྱས་པ་ཡན་མེད་དེ་དེ་ནི་རང་ཉིད་ཚད་མ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ལུང་བྱས་པ་ཡིན་པ་ན། །རིག་བྱེད་དང་འབྲེལ་པ་དྲང་སྲོང་ཤེད་པ་ལ་སོགས་པའི་སྐྱེས་བུ་བྱེད ་པ་པོ་ཡིན་པའམ། དེ་དང་མ་འབྲེལ་བའི་ཤཱཀྱ་ཐུབ་པ་ལ་སོགས་པས་བྱས་པ་ཡིན་གྲང་ཕྱོགས་དང་པོའི་དབང་དུ་བྱས་ནས། ཤེད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་རིག་བྱེད་ཀྱིས་ཏེ། འདིས་ནི་རང་ལས་ཚེ་དམའ? ་དངོས་པོར་བསྟན་ཏོ། །ཕྱོགས་གཉིས་པ་ལ་ཡང་སྐྱོན་བཤད་པ་ནི། འབྲེལ་པ་མེད་ཅིང་ཞེས་བྱ་བ་སྟེ། འབྲེལ་བ་མེད་པ་ནི་རིག་བྱེད་དང་སྟེ། དེ་ལ་མི་དབང་བའི་ཕྱིར་རོ། །རིག་བྱེད་བྱེད་བ་པོའི་ལུང་ནི་རིག་བྱེད་བྱེད་བ་སྟོན་བའོ། །བྱེད་པོ་གཞན་ཅན་ཞེས་བྱ་བ་ནི་འབྲེལ་བ་མེད་པའི ་སྐྱེས་བུའི་བྱེད་པ་པོ་ཅན་ནོ། །ཉེ་བར་འཇལ་བ་མེད་པར་འཆད་པ་ནི། གལ་ཏེ་རིག་བྱེད་ཅེས་བྱ་བ་ལ་སོགས་པའོ། །དོན་གྱིས་གོ་བ་མེད་པར་འཆད་པ་ན། གལ་ཏེ་རིག་བྱེད་བྱེད་མེད་པར། །ཞེས་བྱ་བ་སྟེ་གཞལ་བྱ་ཞེས་བྱ་ཞེས་བྱ་བ་ནི་ཚད་མ་དྲུག་གིས་ཡོངས་སུ་བཅད་པའོ།། ་དེ་མེད་ན་ཞེས་བྱ་བ་ནི་བྱེད་པ་པའོ། །ཅུང་ཟད་ཅེས་བྱ་བ་ནི་གཞལ་བྱའོ། །དེ་ཡོད་ན་ཞེས་བྱ་བ་ནི་བྱེད་པ་པོའོ། །ཚད་མ་སོགས་ཞེས་བྱ་བའི་སོགས་བའི་སྒྲས་ཆོས་ལ་སོགས་པ་རྣམ་པར་བཞག་གོ། དངོས་པོ་མེད་པས་ཞེས་བྱ་བ་ནི་དངོས་པོ་མེད་བའི་ཚད་མས་མེད་དོ ་ཞེས་བྱ་བ་དེ་ལྟ་བུ་གོ་སྟེ། དེའི་ཡུལ་ནི་དགག་པ་ཡིན་པའི་ཕྱིར་རོ། །ཡང་ན་དངོས་པོ་མེད་པར་རང་གི་ངོ་བོར་དེ་མེད་དོ་ཞེས་བྱ་བ་དེ་ལྟ་བུར་རྟོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་མེད་ཚེད་མས་གནོད་ཕྱིར་རོ། །ཞེས་བྱ་བ་ནི་ཚད་མ་རྣམས་ཀྱིས་མེད་བ་སྟེ་ལྡོག་པ་ནི་དངོས་པོ་མེད ་པའི་ཚང་མ་ཞེས་བྱ་བའི་ཐ་ཚིག། དེས་ན་གནོད་པའི་ཕྱིར་རིག་བྱེད་ཀྱི་བྱེད་པ་པོ་མེད་དོ་ཞེས་བྱ་བར་གྲུབ་བོ། །འདི་སྙམ་དུ་གལ་ཏེ་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབས་ནས་དེ་ལས་ཚད་མ་ཉིད་དུ་བསྒྲུབ་ན། ཨའི་འོ་ན་རིག་བྱེད་གཞན་ལས་ཚད་མ་ཉིད་དུ ་འགྱུར་ཏེ། འདི་ལྟར་འདི་ཇི་སྲིད་དུ་སྐྱེས་བུས་བྱས་བ་ཉིད་དུ་སྒྲུབ་པར་མི་ཕྱེད་པ་དེ་སྲིད་དུ་རིག་བྱེད་ཚད་མ་ཉིད་དུ་རྟོགས་པར་མི་འགྱུར་རོ་སྙམ་དུ་དོགས་པ་ལ། །ཚད་མ་མིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འདི་སྐད་དུ་སྟོན་ཏེ། ཁོ་བོ་ཅག ་གིས་ཚད་མ་ཉིད་དུ་མ་གྲུབ་བསྒྲུབ་བའི་ངོ་བོས་སྒྲུབ་པར་བྱེད་པ་ནི་མི་ཡིན་ཏེ། འོ་ན་རི་ཞེ་ན། གཞན་གྱིས་ཚད་མ་ལ་ཡིན་པར་ཐལ་བར་འགྱུར་བ་གང་ཡིན་པ་དེ་ཟློག་པར་བྱེད་པ་ཡིན་ནོ། །དམིགས་ཀྱིས་བསལ་བ་བཀག་པ་ནི་སྤྱིར་བཏང་བ་ལ ་མི་གནོད་པར་རང་ཉིད་ཀྱིས་གྲུབ་པར་གནས་སོ། །གང་ལས་དེ་གྲུབ་པར་བྱེད་པའི་སྒོ་ནས་ཤུགས་ཀྱིས་གཞན་ལས་ཚད་མར་ཐལ་བར་འགྱུར་བ་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་སྐྱེས་བུས་བྱས་པ་ལྡོག་པ་ཙམ ་གྱི་མཚན་ཉིད་ཀྱིས་དངོས་པོ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མི་སྒྲུབ་ན་འོན་ཅི་ལྟར་རང་ཉིད་གྲུབ་པར་འགྱུར་ཞེ་ན། །སྐྱེས་བུས་མ་བྱས་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གཞན་གྱིས་ཕྱོགས་བསལ་ན་ཡང་ཚང་མས། རང་གི་ཕྱོགས་མ་བསྒྲུབས ་བ་མ་ཡིན་ནམ་གང་གིས་རིག་བྱེད་སྨྲ་བས་དོན་བྱས་པར་འགྱུར་བ་ཇི་ལྟར་དེ་གྲུབ་པ་ཡིན་ཞེ་ན། གང་དག་དངོས་པོར་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཙོ་བོ་དང་ནི་རྡུལ་ཕྲན་བཞིན། །ཞེས་བྱ་བ་འདི་འཆད་པ་ནི། །གཙོ་བོའི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བྱེ་བྲག་པས་གྲངས་ཅན་གྱིས་ཉེ་བར་བཀོད་བའི་འགྲོ་བའི་རྒྱུ་གཙོ་བོ་ཡིན་པའི་སྒྲུབ་བར་བྱེད་པ་གསལ་བ་དེ་ལྟན་ཡང་གཏན་ཚིགས་གཞན་ཁོ་ནས་འགྲོ་བརྡུལ་ཕྲ་རབ་ཀྱིས་ཁྱབ་བ་བསྒྲུབ་པར་བྱ་དགོས་སོ། །དེ ་བཞིན་དུ་འདི་ལ་ཡང་འགྱུར་རོ། ཞེ་ན། དངོས་པོའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་ཕྱོགས་ནི་སྐྱེས་བུ་བྱས་པའོ། །དེ་བཟློག་པ་ནི་དངོས་པོ་མེད་པའི་ཕྱོགས་ཏེ། ཕན་ཚུན་སྤངས་ཏེ་གནས་བའི་མཚོན་ཉིད་དང་ནི་གཅིག་པ ་དགག་པ་ནི་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། དངོས་པོ་མེད་པ་རང་ཉིད་ཀྱིས་གྲུབ་བོ་སྙམ་དུ་བསམས་པའོ། །དེ་བཞིན་དུ་རིག་བྱེད་ཀྱི་སྔོན་དང་ཕྱི་མའི་མཛའ་སྐྱེ་བ་དང་འཇིག་པའི་མཚན་ཉིད་དག་བསྒྲུབ་བར་བྱ་བའི་ཕྱིར། སངས ་རྒྱས་པས་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་བསལ་བཙམ་གྱིས་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དང། མཛའ་གཉིས་ཀྱིས་སྟོང་པ་བསྒྲུབ་པ་ན་འདོད་པ་གྲུབ་པའི་ཕྱིར་རིག་བྱེད་སྨྲ་བ་བྱ་བ་རྫོགས་པ་ཡིན་ནོ། །འོན་ཏེ་དེའི་སྒྲུབ་བྱེད་གས་མས ་ནས་ཡང་རིག་བྱེད་ཀྱི་རྟག་པ་ཉིད་བསྒྲུབ་བའི་ངོ་བོ་འབད་པ་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་ནམ། དེའི་ཕྱིར་རིག་བྱེད་ཀྱི་རྟག་པ་ཉིད་མི་སྒྲུབ་ན་ཇི་ལྟར་རིག་བྱེད་སྨྲ་བའི་དོན་བྱས་པར་འགྱུར་ཞེ་ན། དངོས་པོའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་སྔ་མ་གཉིས་ནི ་སྔ་མ་དང་ཕྱི་མའི་མཛའ་སྒྲུབ་པར་བྱེད་བའོ། །ཅི་ནས་ཀྱང་ཕྱོགས་སྔ་མ་གཉིས་སུན་ཕྱུང་ན་རྟག་པ་ཉིད་རང་ཉིད་ཀྱིས་གྲུབ་པར་འགྱུར་བ་དེ་སྟོན་པ་ནི་རིག་བྱེད་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྟག་པ་ནི་སྔོན་དང་ཕྱི་མའི་མཛའ་གཉིས་དང་ཕན་ཚུན་སྤངས་ཏེ་གནས ་པའི་མཚན་ཉིད་ཡིན་པའི་ཕྱིར་ལ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་ནི་གཅིག་དགག་པ་གཞན་ཡོད་པ་མེད་ན་མི་འབྱུང་བའི་ཕྱིར་ཞེས་བཤད་ཟིན་ཏོ། །གལ་ཏེ་མེད་པ་བརྟག་པ་ཡིན་པ་དེ་ལྟན་འོན་རྟག་པ་ཉིད་དངོས་པོའི་ཆོས་སུ་མི་འགྱུར་ཞེ་ན། ་གང་ཕྱིར་རིག་ཕྱེད་དང་པོར་ནི། །ཞེས་བྱ་བ་སྨས་ཏེ། འདིས་ནི་ཆོས་འདིའི་དངོས་པའི་ཆོས་རིག་བྱེད་ཀྱི་བདག་ཉིད་དུ་གཏོགས་པ་ཉིད་ཡིན་ན་ཞེས་སྟོད་པར་བྱེད་དོ། །ད་ལྟར་ན་དངོས་པོར་གྱུར་བའི་ཕྱིར་འོན་མི་རྟག་པ་ཉིད་བསྒྲུབ་བར་བྱ་བར་འགྱུར་ཞེས་བཞན ་གྱི་ཚིག་གི་གོ་སྐབས་དོགས་པར་བྱེད་པ་ནི། དེ་འདོད་ཤེས་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཤེས་བྱ་བ་ནི་ཚད་མས་ཤེས་པར་བྱ་བ་སྟེ། བསྒྲུབ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་ཅེས་བྱ་བ་མ་བྱས་པ་དང་མི་འཇིག་པ་གཉིས་སོ། །རང་གི་ངོ་བོའི ་སྒྲུབ་བར་བྱེད་པ་ནི་རང་གི་བསྒྲུབ་བ་སྟེ། དངོས་པོ་མེད་པ་ཡང་དངོས་པོ་ཉིད་དུ་འགལ་བ་མེད་པའི་ཕྱིར་རོ། །མ་བྱས་པ་དང་མི་འཇིགས་པའི་མཚན་ཉིད་ཡིན་ན་ཡང་རྟག་པ་ནི་དངོས་པོ་མེད་པ་མ་ཡིན་ནོ་སྙམ་དུ་བསམས་བ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཚད་མ་རྣམ་པ ་ལྔ་ལོག་པས་རིག་བྱེད་ཀྱི་བྱེད་པ་པོ་མེད་པར་གྲུབ་པས་གང་ཞིག་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་དང་ལྡན་པ་དང་བྲལ་ཞེས་བྱ་བའི་གཏན་ཚིགས་འོད་མ་གྲུབ་བ་མ་ཡིན་ལ་།འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མི་མཐུན་པའི་ ་ཕྱོགས་ལ་མེད་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་པས་རིག་བྱེད་ཚད་མ་ཉིད་དུ་གྲུབ་པ་ཡིན་ནོ། །ང་ནི་གཞན་གྱི་རིག་བྱེད་ཆད་མ་མ་ཡིན་པ་ཉིད་དུ་སྒྲུབ་པར་བྱེད་པ་?་གཉིས་རྒྱས་པར་སུན་འབྱིན་པ་ཙམ་མོ། །དེ་ལ་སྒྲུབ་པར་བྱེད་པ་གཉིས་ནི ་འདི་ཡིན་ཏེ། གང་དབང་པོའི་ཡུལ་ཅན་དང་བསལ་མ་ཐག་ཏུ་བྱུང་བ་དེ་ནི་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །སྒྲ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དག་གོ། སྤྱིར་སྒྲ་མི་རྟག་པ་ཉིད་དུ་གྲུབ་པ་ན་ཤུགས་ཀྱིས་རིགས་བྱེད་ཀྱང ་མི་རྟག་པ་ཉིད་དུ་གྲུབ་བས་འམ་པོ་ཆེའི་སྐྱེས་བུའི་ཚིག་བཞིན་དུ་ལོག་པ་ཉིད་དུ་གྲུབ་པར་འགྱུར་རོ་ཞེས་ཕ་རོལ་སངས་རྒྱས་པ་ལ་སོགས་པའི་བསམ་པ་ཡིན་ནོ། །འདིར་སྒྲ་ལ་སོགས་པའི་ཚད་མ་དམ་བཅའ་བ་ལ་བཀོད?་པ་རྒྱས་པར་སྟོན་པ་ཡིན་ཏེ། དེ་ལ་རེ ་ཞིག་སྒྲའི་ཚད་མས་གནོད་པ་ནི་གང་ཞིག་རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ལས་བྱུང་བ་ནི་རིག་བྱེད་ཅན་ཏེ། མེའི་སྦྱིན་སྲེག་ལས་མཐོ་རིས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེའི་སྟོབས་ཀྱིས་ཕྱོགས་ཟློག་པར་བྱེད་དེ། དེ་གནོད་པའི ་ཕྱིར་རོ། །ཇི་སྐད་དུ་འདིའི་སྐུལ་བར་བྱེད་པ་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་གྱི་ཤེས་པ་བསྐྱེད་པར་བྱེད་པ་མ་ཡིན་ལ་འདི་ནི་ལོག་པ་ཡིན་ནོ་ཞེས་བྱ་བའི་ཕྱིན་ཅི་ལོག་ཀྱང་མ་ཡིན་ཏེ། དུས་གཞན་དང་སྐྱེས་བུ་གཞན་དང་ཡུལ་གཞན་དང་གནས་སྐབས་གཞན་ལ ་ཡང་གནོད་པ་མེད་པའི་ཤེས་པར་འགྱུར་བ་ཡིན་ནོ། །གང་ཡང་ཤེས་པ་གཞན་ཕྱི་ཅི་ལོག་ཏུ་མཐོང་ནས་འདིར་ཡང་ཕྱིན་ཅི་ལོག་ཏུ་བྱེད་པའི་རྗེས་སུ་དཔག་པ་ལས་བྱུང་བའི་ཤེས་པ་སྐྱེས་པ་དེ་ཡང་མངོན་སུམ་འདིས་གནོད་པ་ན་འགེགས་པ་ཡིན་ནོ། །འོན་ཏེ ་སྟོབས་མཚུངས་པ་དག་ཇི་ལྟར་གཅིག་གིས་ཅིག་ཤོས་ལ་གནོད་པ་ཡིན་།ཅི་སྟེ་སྟོབས་མཚུངས་ཀྱང་གནོད་ན། འོ་ན་རྗེས་སུ་དཔག་པས་ཅིག་ཤེས་ལ། ཅིའི་ཕྱིར་མི་གནོད་ཅེ་ན། རིག་བྱེད་ཅན་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་ཇི་ལྟར་རྗེས་སུ་དཔག ་པ་ལ་ངེས་གནོད་ཅེ་ན། གང་ཕྱིར་བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རིག་བྱེད་ཀྱི་ཚིག་ལ་ནི་མངོན་སུམ་གྱི་ཤེས་པ་ཡིན་གྱི། རྗེས་སུ་དཔག་པ་ནི་མངོན་སུམ་དང་འགལ་བས་ཚད་མར་མི་འགྱུར་རོ་ཞེས་ཟེར་རོ། །གང་གིས་དེ་མངོན་སུམ་དང་མཆུངས་པ་ཉིད་ཡིན ་པ་ཇི་ལྟར་རྗེས་སུ་དཔག་པ་ལས་ལུང་སྟོབས་དེ་དང་ལྡན་པ་ཉིད་ཡིན་ཞེ་ན། ལུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཡིན་པ་ལ་ཞེས་བྱ་བ་ནི་ཟོར་ཡང་བ་ལ་བལྟོས་ཏེ་ཡུལ་གྱི་བདུན་པ་ཡིན་ནོ། །རྗེས་སུ་དཔག་པ་དེ་ལྟ་མིན། ཞེས་བྱ་བ་དེ་ནི་དཔེ་ལ་ལྟོས་པའི ་ཕྱིར་དང། ཉེས་པ་ཡོད་པའི་ཕྱིར་ཏེ། ཉེས་པ་མངོན་སུམ་དང་མཚུངས་པའི་རིགས་བྱེད་ལས་བྱུང་བའི་ཤེས་པས་གནོད་པའི་ཕྱིར་རོ། །འོན་ཏེ་གཉི་ག་ལ་གྲུབ་པ་གང་ཡིན་པ་དེ་ཁོ་ན་སུན་འབྱིན་པ་མ་ཡིན་ནམ། སངས་རྒྱས་པ་ལ་ནི་ལུང་ཚད་མ་ཡང་མ་ཡིན ་ཏེ། ཚད་མ་ནི་གཉིས་ཁོ་ནའོ་ཞེས་ངེས་པར་གཟུང་བའི་ཕྱིར་རོ། །དེ་ཇི་ལྟར་ཚད་མ་ཉིད་དུ་མ་གྲུབ་པའི་ལུང་གིས་སངས་རྒྱས་བ་ལ་གནོད་པ་བྱེད་ཅེས་དོགས་པ་ལ། རིག་བྱེད་དོན་རྟོགས་ཞེས་བྱ་པ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་སེམས་ཏེ་གང་གིས་ཁས ་བླངས་པ་ཙམ་གྱིས་མ་གྲུབ་པའི་ལུང་ཚད་མ་ཉིད་དུ་འགྱུར་བ་འདོད་པ་ཙམ་གྱིས་དངོས་པོ་གྲུབ་པ་དང་མ་གྲུབ་པར་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཚད་མའི་སྟོབས་ཀྱིས་ཏེ། གང་གྲུབ་པ་དེ་ནི་གཉི་ག་ལ་ཡང་གྲུབ་པ་ཡིན་ཏེ། མེ་ལ་སྦྱིན་སྲེག་ལ་སོགས་པའི ་དག་ལས་བྱུང་བའི་ཤེས་པ་འདི་ནི་ཆེས་བསྟན་པ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཇི་ལྟར་ཚད་མ་མ་ཡིན་ནོ་ཞེས་བརྗོད་པར་ནུས་ཏེ། ཁྱེད་ཀྱི་འདི་ནི་ཚིག་ཙམ་རིགས་པ་དང་བྲལ་བ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །མི་འདོད་པ ་ཞེས་བྱ་བ་ནི་འཇིག་རྟེན་པའོ། །འདོད་པ་ཞེས་བྱ་བ་ནི་འཇིག་རྟེན་འདོད་པ་ཉིད་དོ། །རིང་ན་གནས་པ་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པ་ལ་སོགས་པའི་རིག་བྱེད་ལ་ཏེ། དེ་འཛིན་བ་ལ་སོགས་པའི་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །མངོན་སྦྱོར་དེ་འབྲེལ་དགོས ་པ་ཅན། ཞེས་བྱ་བ་ནི་རིག་བྱེད་དེ་ལ་མངོན་པར་སྦྱོར་བ་སྟེ། བརྗོད་པ་དགོས་པ་སྐྱེས་བུའི་དོན་མཆོད་སྦྱིན་ལ་སོགས་པའི་མཚན་ཉིད་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཚངས་ལྷ་སྡང་བ་ཞེས་བྱ་བ་ནི་རིག་བྱེད་ལ་སྡང་པའོ།། ་ཡང་ན་དེ་ལས་བྱང་བའི་ཤེས་པ་ནི་ཚངས་པའོ། །རྣམ་པ་གཅིག་ཏུ་ན་ལུང་གིས་གནོད་པར་མ་གྱུར་མོད། དེ་ལྟ་ན་ཡང་དམ་བཅའ་བའི་དོན་མངོན་སུམ་ལ་སོགས་པ་སུན་ཕྱུང་བ་ཉིད་ཡིན་ཏེ། ཚང་མས་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་མངོན་སུམ་གྱིས་གནོད་པ་བཤད་དོ། །འདི་ལྟར་དུས་ཐམས་ཅད་དུ་དེ་ཉིད་འདི་ཡིན་ནོ་སྙམ་པའི་ངོ་ཤེས་པའི་ཤེས་པར་བྱ་བའི་ཕྱིར་རོ། །ངོ་ཤེས་ཞེས་བྱ་བའི་མངོན་སུམ་ལས་མི་རྟག་པ་ཉིད་དུ་གྲུབ་བོ། །ཡུལ ་ཐམས་ཅད་དུ་ངོ་ཤེས་པའི་ཕྱིར་ཁྱབ་པ་ཉིད་ཀྱང་གྲུབ་པས་སུ་ཞིག་གིས་རྟགས་པ་དང་ཁྱབ་བདག་གིས་བཟློག་པ་ངེས་པར་འགྱུར་ཏེ། གང་ཞིག་གིས་ཀྱང་མ་ཡིན་ནོ་ཁྱབ་བདག་ཉིད་ནི་ཁྱབ་པ་དང་བདག་ཉིད་དོ། །ཕྱིན་ཅི་ལོག་དག་ནི་མི་རྟག་པ་ཉིད་དང་ཁྱབ ་བྱེད་མ་ཡིན་པ་ཉིད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པར་བྱེད་དོ། །དུས་ཀུན་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་དེ་ལྟར་བྱུང་བ་རྣམས་ལའོ། །འདིའི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གིའོ། །མེ་ལྕེ?་ལ་སོགས་ཞེས་བྱ་བ་ལ་སོགས་པས་ངོ་ཤེས་པ་འཁྲུལ ་པ་ཅན་ཉིད་དུ་དོགས་པར་བྱེད་དོ། །སོགས་པའི་སྒྲས་ཆད་ནས་ཡང་འབྱུང་པའི་སྐྲ་དང་སེན་མོ་དང་རྩ་དང་ཆུ་བོའི་རྒྱུན་ལ་སོགས་པ་བཟུང་སྟེ། གང་གི་ཕྱིར་དེ་ལ་ཡང་སྒྲ་འདི་དག་ནི་དེ་ཉིད་ཡིན་ནོ། རྩཝ་འདི་དག་ནི་དེ་དག་ཉིད་ཡིན་ནོ། །ཆུ་བོའི་རྒྱུན་དེ་ཉིད ་ཡིན་ནོ་ཞེས་ངོ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་དེ་ལ་མེ་ཉིད་ལ་སོགས་པའི་སྤྱི་ངོ་ཤེས་པར་བྱེད་དོ། དེ་ཡང་རྟགས་པར་འདོད་པ་ཉིད་ཀྱི་ཕྱིར་གང་ལས་?་པ་ཡིན། གང་ཡང་གསལ་བའི་ངོ་བོ་མ་རྟག་པས ་དེ་ནི་ངོ་ཤེས་པ་ཉིད་མེད་པའི་ཕྱིར། དེ་ལྟ་ནའང་ག་ལས་འཁྲུལ་པ་ཡིན་ནོ། །ཆ་འགའ་ཞིག་ལ་ཞེས་བྱ་བ་ནི་དམན་པ་དང་ཆེས་དང་ཆེས་ཆེར་དམན་པ་ལ་སོགས་པ་ལའོ། །ཁྱད་པར་འགའ་ཞིག་གིས་ཞེས་བྱ་བ་ནི་དམན་པ་ཉིད་དང་སྟེང་དུ་འགྲོ་བ་ལ་སོགས་པས་སོ། །ཇི་ལྟར་རྟོགས ་ཉེ་ན་ཐ་དད་བློས་ངེས་བས་ཞེས་བྱ་བ་སྨོས་ཏེ། བློ་ཐ་དད་པས་འདིར་རྟོགས་སོ་ཞེས་བྱ་བའི་དོན་འདི་ཡིན་ཏེ། བློ་ཐ་དད་པ་འདི་སྤངས་པ་ཡིན་ཞེས་བྱ་བའི་དོན་ཏོ།། རྗེས་སུ་དཔག་པས་གནོད་པ་བཤད་པ་ནི་ཡུལ་དང་དུས་ཞེས་བྱ་བ་ལ་སོགས་པ་སྟེ། བ་ལང་གི་སྒྲའི་གསལ ་བ་དག་ལ་བློ་རྣམས་ཡུལ་དང་དུས་མྱུང་བ་དང། དལ་བ་དང། བར་མ་ལ་སོགས་པར་སྣང་བའི་ཁྱད་པར་ཐ་དད་པ་གང་དག་ཡིན་པ་དེ་དག་ནི་དོན་གཅིག་གི་ཡུལ་ཅན་ཡིན་པའམ། སྣ་ཚོགས་པའི་དོན་གྱི་ཡུལ་ཅན་མ་ཡིན་ཏེ། བ་ལང་དེ་སྙམ་པའི་རྣམ་པ་འཛིན ་པར་སྐྱེས་པའི་ཕྱིར། དེ་ལྟར་སྐྱེས་པའི་བ་ལང་གི་བློ་བཞིན་ནོ། །ཡང་ན་གང་དང་གང་བ་ལང་གི་སྒྲའི་ཡུལ་ཅན་གྱི་བློ་ཡིན་པ་དེ་དང་དེ་ནི་ད་ལྟར་གྱི་བ་ལང་གི་སྒྲའི་ཡུལ་ཅན་ཡིན་ཏེ། དེར་སྐྱེས་པའི་བ་ལང་གི་སྒྲའི་ཡུལ་ཅན་བཞིན་ནོ། །ཁེར་ཙང་གི་བ ་ལང་གི་སྒྲའི་བློ་ཡང་བ་ལང་གི་སྒྲའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྣམ་པ་གཅིག་ཏུ་ན་དེ་ལྟའི་བ་ལང་གི་སྒྲའི་བློ་ནི་ཆོས་ཅན་ནོ། །ཁང་ཙང་གི་བ་ལང་གི་སྒྲའི་ཡུལ་ཅན་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་སོ།། བ་ལང་གི ་སྒྲེའི་ཡུལ་ཅན་ཡིན་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཁར་ཙང་གི་བ་ལང་གི་སྒྲའི་བློ་ནི་དཔེའོ། །འདི་ཉིད་འཆད་པ་ནི། ཡང་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ཞེས་བྱ་བ་ནི་ད་ལྟར་གྱི་བློའོ། །དེ་ཞེས་བྱ་བ་ནི་ཁར་ཅང་གི་བ་ལང་གི་སྒྲ་ཡིས་ཤེས ་པས་དམིགས་པའི་བ་ལང་གི་སྒྲའོ། །གཏན་ཚིགས་དེ་ཕྱིར་ཞེས་བྱ་བ་ནི་བ་ལང་གི་སྒྲའི་ཡུལ་ཅན་པའི་ཕྱིར་རོ། །ཡང་ན་ཁར་ཙང་དང་དེ་རིང་གི་བློ་གཉིས་གཡུལ་གཅིག་པ་ཡིན་ཏེ། བ་ལང་གི་སྒྲའི་ཡུལ་ཅན་ཡིན་པའི་ཕྱིར་བ་ལང་གི་སྒྲ་གཅིག་གི་བློ་དེ ་བཞིན་ནོ། །དེ་ཉིད་ན་ཡང་གཉི་ག་ཞེས་བྱ་བས་སྟོན་ཏེ། གཏན་ཚིགས་སྐབས་ཡིན་པའི་ཕྱིར་ཤེས་པར་སླབས་མ་བཤད་དོ། །དེ་ཡང་ན་ཡུལ་ལ་སོགས་པའི་ཁྱད་པར་ཐ་དད་པའི་བ་ལང་ཉིད་ཀྱི་མཐག?་དག་ནི་བ་ལང་གི་བློ་གཅིག་གིས་བསྐྱེད ་བར་བྱ་བ་ཡིན་ཏེ། བ་ལང་གི་བློ་ཡིན་པའི་ཕྱིར་བ་ལང་གཅིག་གི་བློ་བཞིན་ནོ། །སྔར་ནི་བ་ལང་གི་སྒྲའི་ཡུལ་ཅན་གྱི་བློ་ནི་ཆོས་དང་ཆོས་ཅན་ལ་ཡུལ་གཅིག་པ་ཡང་བསྒྲུབ་བྱ་ཡིན་ལ། ད་ལྟར་གྱི་བ་ལང་ཉིད་ཀྱི་ཡུལ་ཅན་གྱི་བློ་ཆོས་ཅན་ཡིན་ཞིང། བ ་ལའི་ག་སྒྲ་གཅིག་གིས་བསྐྱེད་བར་བྱ་བ་ཉིད་ནི་བསྒྲུབ་བྱ་ཡིན་ནོ། །ཞེས་བྱ་བ་ནི་ཁྱད་པར་རོ། །འདི་ལ་ཁང་ཙང་བརྗོད་པ་ཡོད་པས་ཁང་ཙང་བརྗོད་པ་སྟེ། འདི་ཡང་ཆོས་ཅན་སྟོན་པའོ། །དེ་ཡང་འཇུག་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །ལྷག་མ་ནི་གོ་སླའོ། །བ་ལང ་ཞེས་བྱའི་དང་ཐོས་སྒྲ་ཞེས་བྱ་བ་ནི་ཆོས་ཅན་སྟོན་པའོ། །དེ་ནི་ཁར་ཙང་ཡང་ཐོམ་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །སླར་བསྟན་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བ་ལང་གི་སྒྲའི་ཤེས་པ་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་རྗོད་པར་བྱེད་པའི་སྒྲ་ཇི་སྙེད་བཞེས་བྱ་བ་འདི་ནི་ཆོས་ཅན ་སྟོན་པའོ། །དེ་ནི་དུས་རིང?་བརྟེན་ནི་བསྒྲུབ་བྱའི་ཆོས་སོ། །འབྲེལ་བ་ཉམས་མྱོང་བ་བལྟོས་པའི་ཤེས་བྱ་ཤེས་བ་འཇུག?་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འབྲེལ་པ་ཉམས་མྱོང་ལ་བལྟོས་བ་ཞེས་བྱ་བ་ནི་འབྲེལ་པ་ཉམས་སུ་མྱོང་བ་ལ་བལྟོས་པ་ཡང་ཡོད་ལ་ཤེས་བྱ་ལ ་ཤེས་པ་འཇུག་པའི་ཇ?་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་བརྟེན་པར་ཤེས་པར་བྱ་བ་ལ་བརྟན་པ་ཉིད་ཀྱི་ཁྱད་པར་ནི་དུས་རིང་བརྟན་ནས་བྱ་བ་སྟེ། འདིར་དུས་བསྟན་པས་བརྟེན་པ་ཉིད་དུ་འདོད་ཀྱི་རི་ལ་སོགས་པ་བཞིན་དུ་ཡུལ་བརྟན་པས་ནི་མ ་ཡིན་ནོ་ཞེས་ཁྱད་པར་གྱིས་བསྟན་ཏོ། །དུ་བ་སྤྱིའི་ཆ་བཞིན་ཞེས་བྱ་བ་ནི་དཔེ་སྟེ་རང་གི་མཚན་ཉིད་རྗེས་སུ་མི་འགྲོ་བའི་ཕྱིར་རྟགས་མ་ཡིན་པས་སྤྱིའི་ཆ་ཁོ་ན་དཔེ་ཡིན་ནོ། །མི་བརྟན་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལྡོག་པ་སྟོན་པའོ། །དེ་ཆ་རྒྱུ་མཚན་ཅན་ཉིད་ཕྱིར་ཞེས ་བྱ་བ་ལ་དེ་ཚེནི་དུས་དེ་ཙམ་མོ། །ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བའི་རྒྱུ་མཚན་ཉིད་འབྲེལ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ།། །འོན་ཏེ་ཚུལ་འདིས་བུམ་པ་ལ་སོགས་པ་རྣམས་ཀྱང་གཅིག་ཉིད་དུ་བརྗོད་པར་ནུས་པ་མ་ཡིན་ནམ། ཡུལ ་དང་དུས་ལ་སོགས་པ་ཐ་དད་པའི་བུམ་པ་ལ་སོགས་པ་གསལ་བའི་བློ་ཐམས་ཅད་མཚུངས་པའི་ཡུལ་ཅན་ཡིན་པའམ། སྣ་ཚོགས་པའི་དོན་གྱི་ཡུལ་ཅན་མ་ཡིན་ཏེ། བུམ་པའི་སྙམ་དུ་བློ་སྐྱེ་བའི་ཕྱིར་ད་ལྟར་སྐྱེས་བའི་བུམ་པའི་བློ་བཞིན་ནོ། །ཞེས་བྱ་བ་དེ་ལྟ ་བུ་ལ་སོགས་པའོ། །བུམ་པ་ལ་སོགས་པ་གཅིག་ཉིད་དུ་འདོད་པའམ་མཐོང་བ་འམ་མ་ཡིན་ཏེ། དེ་ལྟ་བས་ན་གཏན་ཚིགས་དེ་ཐམས་ཅད་འཁྲུལ་པ་ཡིན་ནོ་སྙམ་དུ་དོགས་པ་ལ་རིཌ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རིཌ་ལས་ཏེ་རིཌ་ཀྱི་ངོ་བོས་བུམ་པ་ལ་སོགས་པ་གཅིག་ཉིད་དུ་ཐལ ་བར་འགྱུར་བས་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ནི་འདིའི་རིགས་ཤེས་བྱའི་ཆ་རྟག་ཅིང་ཅིག་ཤོས་འཇོག་པར་འདོད། །ཅེས་སྨྲས་པ་ཡིན་ནོ། །ཅི་སྡེ་གསལ་བའི་ངོ་བོ་རྣམ་གཅིག་ཉིད་དུ་ཐལ་བར་འགྱུར་བས་བསྒྲུབས་ན་དེའི་ཆེ ་ཡང་འཁྲུལ་བ་མེད་དོ། །དམ་བཅའ་བ་ནི་མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་རོ། །གང་གི་ཕྱིར་གནོད་པ་མེད་པའི་ཡུལ་ཅན་ཡིན་ན་ཞེས་འདི་ལ་གཏན་ཚིགས་ཐམས་ཅད་ཁྱད་པར་དང་བཅས་པར་མངོན་པར་འདོད་དེ། དེའི་ཕྱིར་ག་ལས ་འཁྲུལ་པ་ཡིན་སྙམ་དུ་བསམས་པའོ། །མཐང་བ་དང་འགལ་ཞེས་བྱ་བ་ལ་དམ་བཅའ་བ་ཞེས་བྱ་པ་ལྷག་མའོ། །ལྷག་མ་ནི་གོ་བར་ཟད་དོ། །གཞན་ཡང་སྒྲ་མི་རྟག་པ་ཉིད་དུ་དམ་བཅའ་བ་རྗེས?་སུ་དཔག་པ་དང་དོན་གྱི་གོ་བ་དག་གིས་གནོད་པར་སྟོན་ཏོ། ། ་དེ་ལ་འདི་ནི་རྗེས་སུ་དཔག་པ་ཡིན་ཏེ་།གང་དག་གི་འབྲེལ་པ་བཅོས་མ་མ་ཡིན་པ་དེ་དག་ནི། བཅོས་མ་མ་ཡིན་པ་སྟེ། དཔེར་ན་ནམ་མཁའ་དང་རྡུལ་ཕྲ་རབ་བཞིན་ནོ། །སྒྲའི་རིགས་ཀྱི་མིང་ཅན་གྱི་དོན་བརྗོད་པར་བྱ་བ་དང་རྗེད་པར་བྱེད་ཀྱིས་དངོས་པོའི་མཚན་ཉིད ་ཀྱི་འབྲེལ་པ་ཡང་མ་བཅོས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་པ་སྤང་པའི་ཕྱིར། བཅོས་མ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོས་མ་ཉིད་ནི་འབྲེལ་པ་ཞེས་བྱ་བ་ལ་བལྟས་པར་བྱའོ། །གལ་ཏེ་འབྲེལ་པ་བཅོས་མར ་གྱུར་ན། དེའི་ཚེ་སྦྱོར་བ་མེད་པའི་ཕྱིར་ཏེ་།སྒྲའི་སྦྱོར་བ་ཞིག་པའི་ཕྱིར་སྒྲ་ཡང་འཇིག་པས་ཐམས་ཅད་དུ་ཡོད་པ་སྟེ་སྦྱོར་བ་ཐམས་ཅད་དུ་རྗེས་སུ་འགྲོ་བར་མི་འགྱུར་རོ། །གོ?་ལས་ཞེ་ན། དེ་ནི་གསལ་བ་གཅིག་གི་མཐར་ཐུག་པའི་ཕྱིར་ཏེ། བ་ལང་གི ་གསལ་བ་གཅིག་ནི་མཐར་ཐུག་པའི་ཕྱིར་རོ། །དེ་ལ་དོན་གྱིས་གོ་བ་ནི་གང་དག་བ་ལང་གི་གསལ་བ་གཅིག་ལ་ཡ་མངོན་སུམ་དུ་ཕྱོགས་པའི་སྤྱི་དུ་མ་གནས་པ་ན་པ་ལ་རིག་སྒྲ་ལས་ངེས་པར་བཟུང་བའི་བ་ལང་ཉིད་རྟོགས་པས་ནི་སྒྲ་རྟག ་པ་ཉིད་མེད་པར་ཐང་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། ས་བྱུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱིས་གོ་བ་འདི་སྒྲ་ལས་བྱུང་པའི་ཚད་མ་སྔོན་དུ་འགྲོ་?་བཅན་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མཇུག་སྡུད་པར་བྱེད་དེ། རྟག་པ་དང་ཞེས ་བྱ་བ་ནི་རིགས་ཀྱིས་མིང་ཅན་གྱི་དོན་དང་ངོ། །རྟག་ཏུ་སྟེ་དུས་ཐམས་ཅད་དུ་འབྲེལ་པའི་ཕྱིར་ཏེ། དཔེར་ན་རྡུལ་ཕྲ་རབ?་རྣམས་རྟག་པའི་ནམ་མཁའ་བཞིན་ནོ། །དོན་གྱི་གོ་བའམ་ངེས་པ་ཉིད་སྡང་བའི་ཕྱིར། དུ་མའི་སྤྱི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཇི་སྐད་དུ་བཤད་པ་ལས་སྒྲ་རྟག་པ་ལ་ལན་མང་དུ་བརྗོད་ཅིང་སྔར་ཐོས་པ་ན་བ་ལང་གཞན་དང་གཞན་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དབ?་གི་སྤྱི་བརྗོད་པ་ཉིད་རྟོགས་པར་འགྱུར་ཏེ། དེའི་ཕྱིར་ཡང་རྟག་པ་ཡིན་ནོ་ཞེས་བཤད་དོ། །གསལ་བ་རང ་གི་རྒྱུ་མཚན་ཅན། ཞེས་བྱ་བ་ནི་བདག་ཉིད་ཇི་ལྟ་བའི་ཁྱད་པར་ཐ་དད་པ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཐ་དད་པ་རྟོགས་པའི་རྒྱུ་མཚན་ནི་ཐ་དད་པ་ཉིད་དེ། དེས་ན་བདག་?་དེ་?་ཐ་དད་པ་ཉིད་གང་དག་ལ་ཡོད་པ་དེ་དག་ནི་རང་གི་རྒྱུ་མཚན་ཅན ་ཏེ། སྤངས་ནས་ཞེས་འབྲེལ་ཏོ། །འདི་སྙམ་དུ་གལ་ཏེ་ཡུན་རིང་མོས་རྟོགས་པ་དེ་ལྟ་ན་ཡང་ཇི་ལྟར་སྒྲའི་དུས་ཐམས་ཅད་དུ་ཡོད་པ་ཉིད་གྲུབ་སྙམ་དུ་སེམས་ན་།དེ་སྙེད་དུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྙེད་པའི་དུས་ནི་ཐ་དད་པའི་རང་གི་དོན་རྟོགས་པར་བྱེད་པའི ་དུས་སོ། །འོན་ཏེ་བུམ་པ་ལ་སོགས་པ་དུས་དེ་སྙེད་དུ་བསྟན་པ་རྣམས་ཀྱང་ཐོབ་ལ་སོགས་པ་དག་གིས་ཕྱིས་འཇིག་པ་དེ་བཞིན་དུ་སྒྲ་ཡང་འགྱུར་བ་ཡིན་ནོ། །ཞེ་ན་སླར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སླར་ཡང་ཞེས་བྱ་བ་ནི་ནས་སོ། །དཔེར་ན་བུམ་པ་ལ་སོགས ་པ་མཚོན་ཚ་ལ་སོགས་པས་གཅོད་པ་འམ་རྙིངས་པས་འཇིག་པ་དེ་ལྟར་སྒྲ་ལ་རྒྱུ་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། ལུས་ཅན་མ་ཡིན་པའི་ཕྱིར་ཏེ་ཡུལ་བ་ལ་སོགས་པ་རྣམས་བྱང་ལུས་ཅན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །རིགས་ལས་བུམ་སོགས ་གཅིག་གྱུར་ན་།།གྲུབ་པ་སྒྲུབ་པ་ཡིན་པར་འདོད། །གལ་ཏེ་ཕྱོགས་འདིས་གསལ་བ་རྣམས། །གཅིག་ཏུ་འགྱུར་བ་བྱེད་བ་ན། །དེ་ཚ་ཚད་མ་ཐམས་ཅད་ཀྱིས། མཐོང་བ་དང་འགལ་བརྗོད་པར་བྱ། །ཞེས་གང་སྨྲས་པ་དེ་ནི་འདི་ལ་ཡང་མཚུངས་ཏེ། རིགས་ལS་བ ་སོགས་གཅིག་གྱུར་ན།། གྲུབ་པ་སྒྲུབ་པ་ཡིན་པར་འདོད། ཅེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །འདི་ལྟར་ཡུལ་དང་དུས་དང་སྦྱོར་བ་པོ་ཐ་དད་པའོ་ཕྱིར་བ་ལང་ལ་སོགས་པའི་གསལ་བ་བཞིན་དུ་ག་ལ་སོགས་པའི་ཡི་གེའི་གསལ ་པ་མང་པོ་ཡིན་ཏེ། བ་ལང་ཉིད་ལ་སོགས་པ་བཞིན་དུ་དེའི་གཉེན་ཅན་གྱི་ག་ལ་སོགས་པ་ཡང་སྤྱིར་འདོད་པའི་ཕྱིར་ཐམས་ཅད་མཚུངས་སོ་ཞེས་དོགས་པ་བསུ་ནས་?་ཡུལ་དང་དུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཤེས་པར་བརྗོད་པའི་མངོན ་སུམ་ལས་གསལ་བ་རྣམས་གཅིག་ཉིད་དུ་གྲུབ་པོ། །མངོན་སུམ་དང་འགལ་ན་རྗེས་སུ་དཔག་པར་ཚད་མར་འགྱུར་བ་མ་ཡིན་ཏེ། མངོན་སུམ་ནི་ཚད་མ་ཐམས་ཅད་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་བ་སེམས་པ་ཡིན་ནོ་།?་ཏེ་མྱུར་བ་དང་དལ་བ་དང་བར་མ ་ལ་སོགས་པའི་རྟོགས་པ་ཐ་དད་པའི་ཕྱིར་གསལ་བ་རྣམས་ཐ་དད་པ་ཉིད་དུ་གྲུབ་པ་མ་ཡིན་ནམ། དེ་ཇི་ལྟར་ངོ་ཤེས་གསལ་བར་ཡོད། ཅེས་བརྗོད་ཅེ་ན། མྱུར་བ་ལ་སོགས་ཐ་དད་ཀྱང་ཞེས་བྱ་བ་སྨོས་ཏེ། རྣ་མཆད་པར་ཞེས་བྱ་བ་ནི་ཐ་དད་པའོ།། ་གྲུབ་པ་ཞེས་བྱ་བ་ནི་མ་བརྟག་པའོ། །གའི་གསལ་བ་ནི་ཡི་གེ་གའི་གསལ་བ་སྟེ། དོ་ཤེས་པ་གཅིག་ཏུ་བྱས་པའི་ཕྱིར་གའི་གསལ་བ་གཞན་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་འདིར་གཉིད་ལ་སོགས་པའི་རིགས་ཁོ་ན་ཤེས ་པ་ཡིན་གྱི། གསལ་བ་ནི་མ་ཡིན་པ་མ་ཡིན་ནམ། །དེ་ཇི་ལྟར་གསལ་བ་ལ་ངོ་ཤེས་པར་འགྱུར་ཞེ་ན། ཤིན་ཏུ་ཐ་དད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་བློ་ཡིས་མ་རྟོགས་ཕྱིར། །ཡི་གེ་ག་ལས་གཞན་ནི་ག་གཞན་ཏེ། །དེ་ལ་བློ་དེས་མ་རྟོགS ་ཕྱིར་ཏེ། མ་བཟུང་བའི་ཕྱིར་རོ། །ཀུན་ཏུ་བརྟགས་པའི་གཉིད་བཞིན། ཞེས་བྱ་བ་ནི་སྤྱི་རྣམས་ཀྱི་སྤྱི་མེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་པའི་ཕྱིར་རོ། །ཡི་གེའི་ཕྱིར་ཡང་འདི་བསྒྲུབ་བྱ་ཞེས་བྱ་བ་ནི་གཉིད་དགག་པ་ཞེས་བྱ ་བ་ལྷག་མའོ། །དེ་ལ་སྦྱོར་བ་ནི་གང་དང་གང་ཡི་གེ་ཡིན་པ་དེ་ནི་ཤིན་ཏུ་ཐ་དད་པའི་གཉིད་ཀྱི་རྟེན་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་ཡི་གེ་ཁ་ལ་སོགས་པ་བཞིན་ནོ། །ཡི་གེ་ག་འདི་ཡང་ཡི་གེ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱད་པར་དམིགས ་པ་སྟེ། གཉིད་གྱི་རྟེན་དང་འགལ་བས་ཡི་གེ་ལ་ཁྱབ་པའི་ཕྱིར་རོ། །འདིར་དམ་བཅའ་བ་མཐོང་བ་དང་འགལ་བ་མ་ཡིན་ནོ་ཞེས་བྱ་བ་འཆད་པ་ནི་ལྡོག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། །ལྡོག་པ་ནི་ཐ་དད་པའོ། །མཐོང་བ་ནི་མངོན་སུམ་མོ། །འདི་སྙམ་དུ་སངS ་རྒྱས་པ་ལ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་བློ་གཅིག་ཉིད་ནི་གཞན་སེལ་བའི་རྒྱུ་མཚན་དུ་འདོད་ཀྱི་ཐ་དད་པའི་གཉིད་ཀྱི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་ཐ་དད་པའི་ག་ཉིད་བཀག་ན་ཡང་བློ་གཅིག་གི་དབང་གི་ཡི་གེ་གཅིག་ཉིད་དུ་མི་འགྲུབ ་སྟེ། དེ་ནི་གཞན་སེལ་བའི་རྒྱུ་ཅན་ཡིན་པའི་ཕྱིར་རོ་ཞེས་དོགས་པ་ལ། གཉིས་ཀ་ལས་གྲུབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་གཉི་ག་ལ་གྲུབ་པའི་ཡི་གེའི་བདག་ཉིད་ཡོངས་སུ་སྤངས་ནས་བརྟགས་པའི་གཞེན་སེལ་བའི་རྟག་པ་ཉིད་དང་གཅིག་བུ་དང་ཁྱབ་པ ་ཉིད་ལ་སོགས་པ་བརྗོད་པར་བྱེད་དེ། རིགས་ཀྱི་ཆོས་གནས་པའི་ཕྱིར་རོ་ཞེས་བཤད་པའི་ཕྱིར་རོ། །གང་ཁོ་ན་གཉི་ག་ལ་གྲུབ་པ་དེ་ཁོ་ན་བརྟགས་པར་རིགས་ཏེ། གཞན་དུ་ན་མ་མཐོང་བ་རྟོག་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ཡི་གེ་གཅིག་ཡིན་པའི་ཕྱིར ་ངོ་ཤེས་པའི་བློ་གཅིག་ཉེ་བར་སྐྱེ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མྱུར་བ་དང་པ་དང་དལ་བ་དང་བར་མ་ལ་སོགས་པའི་ཁྱད་པར་གྱི་བློ་ཇི་ལྟར་འགྱུར་ཞེ་ན། གསལ་བར་བྱེད་བ་ཐ་དད་ལས་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བར་བྱེད་བ་ནི་རླུང་ལས་བྱུང་བའི་ལྡན་པ་དང ་རྣམ་པར་དབྱེ་བདག་གོ། འོན་ཏེ་རླུང་རྣ་བའི་ཡུལ་མ་ཡིན་པའི་ཕྱིར་དེའི་ལྡན་པ་དང་རྣམ་པར་དབྱེ་བ་ཡང་རྣམ་པའི་ཡུལ་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་གསལ་བར་བྱེད་པ་མ་གཟུང་བས་གསལ་བར་བྱེད་བ་འཛིན་པར་འགྱུར། སྣང་བ་མ་གཟུང་བར་དེའི་གསལ ་པར་བྱ་བ་བུམ་པ་ལ་སོགས་པ་འཛིན་པར་རིགས་པ་མ་ཡིན་ནོ་སྙམ་དུ་བསམས་ནས་རྩོད་བར་བྱེད་པ་ནི་གང་གི་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་ཞེས་བྱ་བ་ནི་བརྡ་སྤྲོད་པ་ལ་སོགས་པ་གང་གི་དེ་ལྟར་ན་དབྱངས་ཀྱི་བདག་ཉིད་ཀྱི་སྒྲ་གསལ་བར་བྱེད་པ་ཡིན་གྱི་རླུང་ལས ་བྱུང་བའི་ལྡན་བ་དང་རྣམ་པར་དབྱེ་བའི་བདག་ཉིད་མ་ཡིན་པ་དེའི་ལྟར་ན་གསལ་བྱ་དང་གསལ་བྱེད་གཉིས་སྣང་བའི་བཟུང་བར་བྱ་བ་ཡིན་པའི་ཕྱིར་གཅིག་གི་བློ་དང་ཁྱད་པར་གྱི་བློ་སྟེ་བློ་གཉིས་སུ་འགྱུར་རོ། །ཁྱེད་སྤྱོད་པ་པ་ལ་རླུང་ལས་བྱུང་བའི་ལྡན་པ་དང་རྣམ་པར ་དབྱེ་པའི་བདག་ཉིད་རྣམས་ཀྱིས་ཁྱད་པར་གྱི་བློ་འབྱུང་བར་ཇི་ལྟར་འགྱུར་ག་ལས་ཤེ་ན་།སྒྲ་ཙམ་རྣམས་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལྷག་མའོ། །གང་ཆོ་སྒྲ་ཙམ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ།། དེ་ནི་སྟེ་སྒྲ་ཙམ་ནི ་དེ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་སྒྲ་དང་འབྲེལ་པའི་ཕྱིར་རྟོགས་པ་སྟེ་འཛིན་པ་ཡིན་པར་ཁ་ཅིག་བརྗོད་པར་བྱེད་དོ། །གལ་ཏེ་ཡང་སྒྲ་ཙམ་འབའ་ཞིག་རྣམས་བཟུང་བར་བྱ་བ་མ་ཡིན་པ་དེ་ལྟ་ན་ཡང་སྒྲ་དང་འབྲེལ་པ་འཛིན་པ་ནི་ཡོད་པའི ་ཕྱིར་བློ་གཉིས་སུ་འགྱུར་བ་མ་ཡིང་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་བསམ་པའོ། །ཡང་ན་དེ་དག་ཅེས་བྱ་བ་འདིས་ནི་མི་འཛིན་པའི་ཕྱོགས་ལ་ཡང་བློ་གཉིས་སྒྲུབ་པར་བྱེད་དོ། །དེ་དག་ཅེས་བྱ་བ་ནི་ལྡན་པ་དང་རྣམ་པར་དབྱེ་བའི་བདག་ཉིད་ཀྱི་སྒྲ་ཙམ་རྣམས་སོ།། ་ཇི་ལྟར་མ་བཟུང་བར་བྱེད་པས་གསལ་བྱའི་བློར་འགྱུར་ཞེ་ན། དེ་ཡི་དབང་གིས་སྒྲ་ལས་བློ་།ཞེས་བྱ་བ་སྨོས་ཏེ། སྒྲ་ཙམ་གྱི་དབང་གིས་ཏེ། དེ་ཡོད་པ་ཙམ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་རང་གི་ངོ་བོ་ཙམ་འཛིན་དུ་ཆུག་མོད་ཆེན་པོ་ལ་སོགས་པའི ་ཁྱད་པར་འཛིན་པར་ཇི་ལྟར་འགྱུར་ཞེ་ན་དེ་ཡང་འདུ་བྱེད་རྗེད་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྒྲ་ཙམ་ཆེན་པོ་དག་གི་རྣ་བ་ལ་འདུ་བྱེད་པ་ཆེན་པོ་བྱེད་པ་དེའི་ཚེ་སྒྲ་ལ་ཆེན་པོ་ཉིད་དུ་རྟོགས་ལ་གང་གི་ཚེ་ཆུང་དུས་ཆུང་དུ་ཡིན་པ་དེའི་ཚེ་ཆུང ་བ་ཉིད་དོ། །ཞེས་བྱ་བ་དེ་ལྟ་བུའི་འདུ་བྱེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་གོང་ནས་གོང་དུ་ཐ་དད་པ་ཡང་སྦྱར་བར་བྱའོ། །འོན་ཏེ་གང་ཆེན་པོ་ལ་སོགས་པ་འཛིན་པ་དེ་ཁྱོད་ཀྱི་ལུགས་ཀྱིས་གསལ་བར་བྱེད་པ་ལ་གནས་པ་ཉིད་ཡིན་གྱི་གསལ་བར་བྱ་བ་ལ ་གནས་པ་ནི་མ་ཡིན་པ་མ་ཡིན་ནམ། དེ་ཡང་གསལ་བར་བྱེད་པ་མལ་བཟུང་བས་མེ་འཛིན་པ་ཉིད་ཀྱི་ཕྱིར་དེ་ཇི་ལྟར་གསལ་བར་བྱེད་པ་ལ་གནས་པ་མ་བཟུང་བར་སྒྲ་ལ་ཆེན་པོ་ལ་སོགས་པ་སྒྲོ་འདོགས་པར་བྱེད་དེ་།ཆུ་ལ་སོགས་པ་ཡུལ་དུ་མ་བྱས་པར ་སྨིག་རྒྱུ་ལ་སོགས་པ་ལ་སྒྲོ་འདོགས་པར་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། དཔེར་ན་མངར་བ་ཁ་བ་དང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མ་བྲིས་པའི་ངོ་བོ་མ་ཡིན་པ་བཟུང་བ་ཉིད་དུ་མཁྲིས་པའི་སྐྱོན་གྱིས་མངར་བ་ལ་སོགས་པའི་ཡུལ ་ལ་ཁ་བ་ལ་སོགས་པའི་ངོ་བོར་འཛིན་བ་དང་ཡང་ན་ཇི་ལྟར་མྱུར་དུ་འགྲོ་བ་དང་གྲུར་ཞུགས་པ་འཁོར་བས་བསྒྲོས་པའི་འཁྲུལ་པ་ཅན་རི་ལ་སོགས་པ་འགྲོ་བ་དང་འཁོར་བར་མཐོང་བ་དང། ཇི་ལྟར་སྦས་པའི་ཞིག་གིས་མིག་བྱུགས་པས་གདུང་མ་སྦྲུལ་གྱི་ངོ་བོར་མཐོང ་སྟེ། ཇི་ལྟར་གསལ་བར་ཆུང་བ་དང་ཆེ་བ་དག་གིས་དེ་ལ་བརྟེན་པའི་གསལ་བ་ལ་བརྟེན་པའི་སྤྱི་ཆུང་པ་དང་ཆེ་བ་དག་གིས་རྟོགས་པ་ཡིན་ནོ། །ཡོད་པ་ཞེས་བྱ་བ་ནི་སྤྱི་ཆེན་པོའོ། །ཆུང་བ་ནི་བ་ལང་ཉིད་ལ་སོགས་པའོ། །དེ་ལྟ་བུ་མ་ཡིན་ན་རྟག་ཏུ་ཐམས ་ཅད་དུ་འགྲོ་བ་ཉིད་ཀྱི་ཐམས་ཅད་དུ་མཚུངས་པའི་ཕྱིར་སྤྱིའི་ཆུང་དུ་དང་ཆེན་པོ་ཉིད་སུ་ཞིག་གིས་བྱས་པར་འགྱུར་དེ་ལྟ་བས་ན་ཇི་ལྟར་མཁྲིས་པ་ལ་སོགས་པ་རྒྱུ་མཚན་མེད་པར་མངར་བ་ལ་སོགས་པ་དེ་དག་ཁ་བ་ལ་སོགས་པའི་ངོ་བོར་འཛིན་པ་དེ་ ་བཞིན་དུ་གསལ་བར་བྱེད་པ་ལ་གནས་པ་ཆེན་པོ་ལ་སོགས་པ་མ་བཟུང་བར་སྒྲ་ལ་ཆེན་པོ་ལ་སོགས་པར་འཁྲུལ་པར་འགྱུར་རོ། །མ་རྟོགས་ནས་ཞེས་བྱ་བ་ནི་འཁྲུལ་པའི་བྱ་བ་ལ་བལྟོས་ནས་བྱེད་པ་པོ་མཆུངས་པ་ཉིད་དོ། །དེ་ལྟ་མ་ཡིན་ན ་ཀའི་རྐྱེན་དུ་མི་འགྱུར་རོ། །ཅི་སྟེ་གང་དག་སྒྲ་ལ་སོགས་པའི་ཆུང་དུ་དང་ཆེན་པོ་ལ་སོགས་པའི་བློ་དེ་གཞན་གྱི་རྒྱུ་མཚན་ཅན་ཡིན་གྱིས་ཆེན་པོ་ལ་སོགས་པ་ཐ་དད་པ་ཡོད་པའི་ཕྱིར་རང་གི་ངོ་བོས་ནི་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། ་རང་ལས་ཐུང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་རིང་བ་དང་འབར་བ་དང་སྟེང་དུ་འདོན་པ་དང། རྗེས་སུ་འདོན་པ་དང་འབྲིང་དུ་འདོན་པ་དང། དྲག་སྐྱེས་ལ་སོགས་པ་ཡོངས་སུ་བཟུང་ངོ། །རྟག་པར་སྨྲ་བ་འགལ་ལོ་ཞེས་བྱ་བ ་ནི་ངོ་ཤེས་པས་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྒྲ་ནི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་མངོན་པར་གསལ་བ་མ་གྲུབ་པ་དོགས་པར་བྱེད་དོ། སྒྲའི་མངོན་པར་གསལ་བ་དེ་ཡིན་ན། རླུང་ལས་བྱུང་བའི་ལྡན་པ་དང ་རྣམ་པར་དབྱེ་བདག་གིས་སྒྲ་ལེགས་པར་བྱས་པ་ལས་སམ། དབང་པོ་ལེགས་པར་བྱས་པ་ལས་སམ་སྒྲ་དང་དབང་པོ་གཉིས་ཀ་ལེགས་པར་བྱས་པ་ལས་ཡིན་གྲང། དེ་ལ་གལ་ཏེ་སྒྲ་ལེགས་པར་བྱེད་པ་ཡིན་ན་དེའི་ཚེ་གྲོང་ཁྱེར་དམར་བུ་ཅན་ལ་སོགས ་པ་ཡུལ་གཅིག་ཏུ་ལགས་པར་བྱས་པ་ཡུལ་ཐམས་ཅད་ན་གནས་པ་རྣམས་ཀྱིས་ཅིག་ཙར་འཛིན་པར་འགྱུར་ཏེ། དེ་ནི་ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར་རོ། །ཡང་ཅི་སྟེ་ཡུལ་གཅིག་ཏུ་ལེགས་པར་བྱས་པ་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ་སྙམ་ན་ཆ་ཤད ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ནི་ཆ་ཤས་མེད་པ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཁྱབ་པ་ཉིད་ཡིན་ན་ཡང་ཆ་ཤེས་མེད་པས་ཕྱོགས་གཅིག་གིས་འདུ་བྱེད་པར་འགྱུར་ཅི་སྟེ་ཡང་ཆ་ཤས་མེད་པ་ཡིན་ན་ཡང་རྟན་ཐ་དད་པའི ་ཕྱིར་ཐ་དད་པར་ལེགས་པར་བྱེད་པར་འགྱུར་རོ་སྙམ་ན། བརྟེན་པའི་བྱེ་བྲག་དག་གིས་ཀྱང། །ཞེས་བྱ་བ་སྨོས་ཏེ། ཁྱབ་པའི་ཕྱིར་སྒྲ་ནི་རྟེན་མེད་པ་ཡིན་ནོ། །འོན་ཏེ་སྒྲ་ནམ་མཁའ་ཨི་ཡོན་ཏན་ཡིན་པའི་ཕྱིར་དང་ཡོན་ཏན་ཡང་ཡོན་ཏན་ཅན་ལ་བརྟེན་པའི་ཕྱིར་སྒྲའི་ནམ་མཁའ་ཡོད ་པ་ཡིན་ནོ་ཞེ་ན་།འོན་ཏེ་ནམ་མཁའ་རྟེན་ཡིན་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་དེ་ཡང་ཆ་ཤས་མེད་པའི་ཕྱིར་རྟེན་གྱི་ཕྱོགས་ཐ་དད་པས་ལེགས་པར་བྱེད་པ་ཐ་དད་པ་མ་ཡིན་ནོ། །འོན་ཏེ་གལ་ཏེ་ཡང་ནམ་མཁའ་ཆ་ཤས་མེད་པ་ཡིན་པ་དེ་ལྟ་ན ་ཡང་ལྡན་པ་ཐ་དད་པའི་ཕྱིར་བུམ་པའི་ནམ་མཁའ་ལ་སོགས་པ་བཞིན་དུ་རྣ་བའི་ཁུར་བུའི་མཐར་ཐུག་པར་ཡོངས་སུ་བཅད་པའི་ནམ་མཁར་ཐ་དད་པར་འགྱུར་བ་ཡིན་ནོ་ཞེ་ན། སྒྲ་མ་ལུས་པ་རྟོགས་ཕྱིར་ཡང་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཅིག་ལེགས་པར་བྱས་མ ་འགྱུར་།ཞེས་འབྲེལ་ཏོ། །སྒྲ་ནི་ཆ་ཤས་མེད་པ་ཉིད་རྟོགས་ཏེ། ཨོནམ་མཁའ་ཨི་ཕྱོགས་གཅིག་ལེགས་པར་བྱས་པ་ཡིན་ན་དེ་ཡང་རྟོགས་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ཉིད་མཇུག་དུད་པའི་ཕྱིར། ཕྱོགས་གཅིག་ལེགས་པར་བྱས་པ་ན། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ་།ནམ་མཁའ་ཁྱབ་པར་གནས་པའི་སྒྲ་དེའི་ཕྱོགས་གཅིག་གིས་ལེགས་པར་བྱས་པ་ནི། མཛའ་དག་ཤེས་པར་ནུས་པ་མ་ཡིན་ནོ། །དབང་པོ་ལེགས་པར་བྱེད་པའི་ཕྱོགས་ལ་སུན་འབྱིན་པ་བཤད་པ་ནི། ནམ་མཁའ་རྣ་བ་ཡིན་ཕྱོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་།གང་དག ་གི་ལྟར་ནམ་མཁའ་ལ་རྣ་བར་ཡིན་ནོ་སྙམ་པའི་ཕྱོགས་དེའི་ལྟར་ན་ཡང་ནམ་མཁའ་ནི་གཅིག་ཡིན་པའི་ཕྱིར་དང་ཁྱབ་པ་ཡིན་པའི་ཕྱིར་སྒྲ་ཐམས་ཅད་དང་ཕྲད་པར་མཚུངས་པའི་ཕྱིར་སྒྲ་ཐག་རིང་པོ་ན་གནས་པ་ཡང་འཛིན་པར་འགྱུར་ལ་སྲོག་ཆགས་ཐམས་ཅད་ཀྱི་རྣ་བ་ཡང ་གཅིག་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་གང་གི་ཚེ་གཅིག་ཐོས་པ་དེ་ཉིད་ཀྱི་ཚེ་ཐམས་ཅད་ཀྱིས་ཀྱང་ཐོས་པར་འགྱུར་ཏེ། རྣ་བ་ཐ་མི་དད་པའི་ཕྱིར་རོ། །གཅིག་གིས་མ་ཐོས་པ་ན་ཐམས་ཅད་ཀྱིས་མི་ཐོས་པའི་སྐྱོན་ཡང་བརྗོད་པར་བྱའོ། །འདི་སྙམ་དུ་ཆོས་དང་ཆོས་མ་ཡིན་པས ་མངོན་པར་འདུ་བྱས་པའི་རྣ་བའི་བུགས་ཡོངས་སུ་བཅད་པའི་ནམ་མཁའ་རྣ་བ་ཡིན་ཏེ། དེའི་ཕྱིར་གང་ལས་ཁྱབ་པའི་ཕྱིར་ཕྲད་པར་མཚུངས་པ་ཉིད་དང་དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱི་རྣ་བ་ཡང་གཅིག་ཉིད་དུ་མཚུངས་པར་འགྱུར་བ་རྣ་བའི་བུ་གའི་དབུས་ཀྱིས་ནམ་མཁའ་ ་ལ་རྣ་བར་རྣམ་པར་བཞག་པའི་ཕྱིར་སྐྱོན་གཉིས་པ་འདི་ཡང་གཞི་མེད་པ་ཡིན་ནོ་སྙམ་དུ་སེམས་ན་།འདིར་བཤད་པ་ནི། དེ་ནི་ཆ་ཤས་མེད་པའི་ཕྱིར་ཞེས་བྱ་བ་སྟེ། གང་གིས་ནམ་མཁའ་ཨི་ཕྱོགས་འགའ་ཞིག་ཁོ་ན་རྣ་བར་འགྱུར་བ་ཆེ་ཤས་མེད་པ་ལ་དོན་དམ་པར་ཕྱོགས ་གཅིག་ཡོད་པ་མ་ཡིན་ནོ། །རྣམ་གཞག་གཉིས་ནི་ཕྲད་པར་མི་མཚུངས་པའི་རྣམ་བཞག་པ་དང། རྣ་བ་དུ་མ་ཉིད་དུ་རྣམ་པར་བཞག་པའོ། །ཡང་ན་སྒྲ་འཛིན་པ་མི་འཛིན་པའི་རྣམ་པར་བཞག་པ་གཉིས་སོ། །གཞན་ཡང་ལན་ཅིག་སྟེ་ཕྱོགས་གཅིག་རྣ་བ་ལེགས་པར ་བྱས་ན་སྒྲ་ཐམས་ཅད་རྟོགས་པར་འགྱུར་ཏེ་འཛིན་པར་འགྱུར་རོ། །དེ་ནི་སྒྲ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་ལ། སྒྲ་དེ་དག་ཐམས་ཅད་ཀྱི་ཁྱབ་པ་ཉིད་ཀྱི་རུང་བའི་ཡུལ་ཉིད་དུ་ཐ་མ་དད་པའི་ཕྱིར་རོ། །འདི་སྙམ་དུ་གང་གིས་རྟོགས་པར་བྱ་བའི་དོན་དུ་སྨྲ་བ་པོ་ཉན་པ་པོའི ་རྣ་བ་ལེགས་པར་བྱེད་པའི་སྒྲ་དེ་ཁོ་ན་རྣ་བ་དེས་འཛིན་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་སེམས་ན། བུམ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟོགས་པར་མི་འགྱུར་གྱི། འོན་ཀྱང་རྟོགས་པ་ཁོ་ན་སྟེ། ཡུལ་རུང་བར་མཚུངས་བ་ཉིད་ཀྱི་ཕྱིར་རོ ་སྙམ་དུ་བསམ་པ་ཡིན་ནོ། །འདི་ཉིད་ཅེས་བྱ་བ་ནི་སྒྲ་ཐམས་ཅད་འཛིན་པའོ། །ཇི་ལྟར་ཞེ་ན་ཡུལ་མཚུངས་པར་ནི་འཇུག་པའི་ཕྱིར། ལེགས་བྱས་ཁྱད་པར་མེད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། སྒྲ་ཐམས་ཅད་ཀྱང་ཁྱབ་པ་ཉིད་ཀྱིས་ནམ་མཁའ་ལ་གནས་པར་མཚུངས ་ལ་དེ་ལྟ་བས་ན་འདི་དག་གི་ལེགས་པར་བྱས་པ་ཡང་ཁྱད་པར་མེད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་འཛིན་པར་ཐལ་བར་འགྱུར་རོ། །ཁ་ཅིག་ཏུ་ལེགས་བྱས་པ་ནི་ཁྱད་མེད་ཕྱིར་།ཞེས་འདོན་པ་དེར་ནི་ནའི་སྒྲ་རྒྱུའི་དོན་ཏེ། །ཁྱད་པར་མེད་པའི་ཕྱིར་ཞེས་བྱ ་བ་དང་པོ་ལ་སོགས་པ་ཡིན་པའི་ཕྱིར་གསུམ་པའི་མཛའ་ཅན་ཡིན་པས་ཏེ་ས་ཨིན་ནོ། །དེ་ལྟ་ཡིན་དང་དོན་དང་ཡིན་ཏེ། གང་གི་སྒྲ་རྣམས་ཁྱད་པར་མེད་པར་ལེགས་པར་བྱས་པ་ཡིན་ཏེ། ཡུལ་མཚུངས་པར་འཇུག་པའི་ཕྱིར་རོ། །དེའི་ཕྱིར་སྒྲ་ཐམས་ཅད ་འཛིན་པར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ལེགས་པར་བྱས་པ་ཁྱད་པར་མེད་པར་དེ་ལྟ་ན་ཡང་ཉན་པ་པོ་སྒྲ་གང་ཁོ་ན་ཐོབ་པར་འདོད་པར་དེ་ཁོ་ན་འཛིན་གྱི་གནས་ནི་གཞན་ནི་མ་ཡིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ། བསྟན་པའི་རླུང་ནི་ཡོངས་བཀག་པ་ཞེས་བྱ་བ་ལ ་སོགས་པ་སྟེ། རླུང་གི་རྣམ་པ་གཉིས་ཏེ། བརྟེན་པ་དར་བརྟན་པ་མ་ཡིན་པའོ། །དེ་ལ་བརྟན་པ་གང་ཡིན་པ་དེ་ནི་མུན་རུ་མ་བཞིན་དུ་སྒྲ་སྒྲིབ་བར་གནས་ཏེ། དེ་ནི་སྨྲ་བ་བོའི་དབང་པས་ཀུན་ནས་བསླང་བའི་རླུང་གིས་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད ་བར་བྱང་ལ་ལྡན་པ་དང་རྣམ་པར་དབྱེ་བ་དེ་དག་གིས་ཀྱང་བརྟན་པའི་རླུང་དེ་འགགས་པར་བྱེད་དེ། དེ་ཉིད་སྒྲ་ཡི་ལེགས་པར་བྱས་པ་ཡིན་ནི་གྱི། རང་གི་མཚན་ཉིད་རྒྱས་པ་ལ་སོགས་པ་གཞན་ནི་མ་ཡིན་ཏེ། དེ་ནི་རྟགས་པ་ཉིད་ཀྱི་ངོ་བོ་གཅིག་ཡིན ་པའི་ཕྱིར་རོ། །དེ་ལས་ཅིང་འགྱུར་ཞེ་ན། སྒྲིབ་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ། འདོད་ཅེས་བྱ་བ་ནི་འཇིག་རྟེན་དང་བསྟན་བཅོས་དག་ལའོ། །དཔེར་ན་བུམ་པ་ལ་སོགས་པའི་མུན་པ་བསལ་བ་ན་མངོན་པར་མི་འདོད་པའི་མདུན་ན་གནས་པ་དེ་ཡང་དམིགས་བར ་འགྱུར་བར་མཐོང་སྟེ། རུང་བའི་ཡུལ་ལ་གནས་པའི་ཕྱིར་རོ། །དེ་ལ་གལ་ཏེ་སྒྲ་ལེགས་བྱས། །ཐམས་ཅད་ཀྱིས་ནི་རྟོགས་པར་འགྱུར། ཞེས་གང་སྨྲས་པ་དེ་ལ་སྐྱོན་མེད་དོ། །གང་གི་ཕྱིར་སྒྲ་གཅིག་པ་ཡིན་ན་ཡང་སྐྱེས་བུ་འགའ་ཞིག་ལ་ལེགས་པར་མ་བྱས ་པ་དང། ལ་ལ་ལ་ལེགས་བར་བྱས་པ་ཡིན་ཏེ། དཔེར་ན་བུད་མེད་གཅིག་བལྟོས་པ་ཐ་དད་པའི་ཕྱིར་མ་ཡང་ཡིན་ལ་བུ་མོ་ཡང་ཡིན་པ་བཞིན་ནོ་ཞེ་ན། སྒྲ་གཅིག་ཡིན་ནི་ཞེས་བྱ་བ་སྨོས་ཏེ། སྒྲ་གཅིག་ཉིད་ཡིན་ན་ལེགས་པར་བྱས་པ་དང་ལེགས་པར་མ་བྱས་པའི ་གནས་སྐབས་གཉིས་རྣམ་གྲངས་མེད་པར་མི་འགྱུར་ཏེ། གནས་སྐབས་རྣམས་ནི་གནས་སྐབས་ཅན་ལས་ཐ་མི་དད་པའི་ཕྱིར་གནས་སྐབས་ཅན་གྱི་རང་གི་ངོ་བོ་བཞིན་དུ་གནས་སྐབས་དག་ཀྱང་གཅིག་ཉིད་དུ་འགྱུར་རོ། །གང་ཡང་བུད་མེད་གཅིག་།མ་དང་བུ་མོར ་ཡང་བརྗོད་པར་ཞེས་བྱ་བ་དེ་ལ་ནི་སྒྲ་འབའ་ཞིག་ཉིད་ཐ་དད་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །འདི་ལ་ནི་ཐ་སྙད་ཅམ་ཐ་དད་པ་ཡིན་ཏེ། སྒྲ་སྐྱེས་བུ་ཐམས་ཅད་ཀྱིས་གཟུང་དུ་རུང་བ་ཉིད་དུ་ཁྱད་པར་མེད་པར་གནས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འཛིན ་པ་དང་མི་འཛིན་པ་དག་ཏུ་མི་འགྱུར་ལ་ཐ་སྙད་རྣམས་གཞན་དུ་ཡིན་པ་ཙམ་གྱི་དོན་བྱེད་པར་ངེས་པའི་རང་བཞིན་ཉམས་པར་རིགས་པ་ཡང་མ་ཡིན་ནོ། །ཅི་སྟེ་དེའི་རང་བཞིན་ནི་སོ་སོར་ངེས་པའི་སྐྱེས་བུས་བཟུང་བར་བྱ་བ་ཉིད་ཡིན་པ་དེས་ན ་སྐྱེས་པའི་ནུས་པ་ཐ་དད་པའི་ཕྱིར་འཛིན་པ་དང་མི་འཛིན་པ་དག་མི་འགལ་ལོ་ཞེ་ན། གང་གིས་གཅིག་གིས་ཚེ་མ་གཟུང་བའི་སྐྱེས་བུ་དེས་ན་མ་ཡང་འཛིན་པར་མི་འགྱུར་ལ། དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟ་བས་ན་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་དུ་འོང? ་བས། ལེགས་པར་བྱས་པ་དང་ལེགས་པར་མ་བྱས་པ་དག་ལས་སྒྲའི་གནས་སྐབས་གང་ཡང་རུང་བ་གཅིག་གིས་ཁས་བླང་བར་བྱའོ། །དེ་ལས་ནིར་འགྱུར་ཞེ་ན། གནས་སྐབས་གཅིག་ནི་ཁས་ལེན་ན་།ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་གཉིས་ཀ་ལེགས་པར་བྱེད་པའི་ཕྱོགས་ལ་ཉེས་པ་བཤད་པ་ནི། གཉི་ག་ལེགས་པར་ཞེས་བྱ་བ་ལ་སོགས་པ་སྟེ་།སྒྲ་དང་དབང་པོའི་ལེགས་པར་བྱས་པ་ལ་སྐྱོན་བརྗོད་པ་གང་དག་ཡིན་པ་དེ་དག་ནི་གཉི་ག་ལེགས་པར་བྱས་པ་ལ་ཡང་འགྱུར་རོ། །དེའི་ཕྱིར ་ཞེས་བྱ་བ་ནི་མཇུག་སྡུད་པའོ། །བཤད་པ་བྱེད་པས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། བཤད་པ་བྱེད་པས་ཞེས་བྱ་བ་ནི་ཇི་སྐད་དུ་གང་གི་ལྟར་ན་རྣ་བ་ལ་མངོན་པར་གསལ་བར་བྱེད་པ་དེའི་ལྟར་ན་ཡང་ཉེས་པ་འདི་མེད་དེ། ལྡན ་བ་དང་རྣམ་པར་དབྱེ་བ་དག་ནི་ཐག་རིང་པོ་ན་ཡོད་པའི་རྣ་བའི་བུ་ག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། དེས་ན་ཐག་རིང་བུའི་རྣ་བ་གང་ཡིན་པ་དེས་མི་དམིགས་པ་ཡིན་ནོ་ཞེས་བཤད་དོ། །དེའི་དབྱེ་བས་ཞེས་བྱ་བ་ནི་རྣ་བའི་བུ་གའི་རྣ་བ་ཐ་དད ་པས་སོ། །ཐོས་པ་ཐ་དད་པ་ནི་རྟོགས་པ་ཐ་དད་པའོ། །འོན་ཏེ་ཇི་ལྟར་གཞན་ལེགས་པར་བྱས་པ་གཞན་མངོན་པར་བསལ་བར་འགྱུར་ཞེ་ན། དཔེར་ན་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྒྲོན་མ་ལ་སོགས་པ་མིག་ལ་ཕན་འདོགས་པས ་བུམ་པ་ལ་སོགས་པ་མངོན་པར་གསལ་བར་བྱེད་པར་འགྱུར་པ་དེ་བཞིན་དུ་སྒྲ་རྣ་ལེགས་བྱས་ཕྱིར་ཏེ། རྣ་བ་ལེགས་པར་བྱེད་པའི་ཕྱིར་སྒྲའི་མངོན་པར་གསལ་བར་བྱེད་པར་འགྱུར་རོ། །འོན་ཏེ་སྒྲ་ཙམ་གྱིས་རྣམ་པ་གང་གིས་གྲུབ་པའི་རྣ་བ་ལེགས་པར་བྱེད ་ཅེས་བྱ་བ་འདི་བརྗོད་པར་བྱ་དགོས་སོ་ཞེ་ན། དེའི་ཕྱིར་རྣམ་པ་གང་གིས་ཞེས་བྱ་བ་སྨོས་སོ། །སྐྱེ་བ་ཡང་མཚུངས་པའི་ཕྱིར་བརྒལ་ཞིང་བརྟགས་པ་ཞེས་བྱ་བ་ལྷག་མའོ། །སྒྲ་རང་གི་རྒྱུ་དག་ལས་སྐྱེ་བ་ཡང་བརྒལ་ཞིང་བརྟགས་པ་མཚུངས ་པ་ཡིན་ཏེ་།དེ་ལ་ཡང་སྒྲ་དང་རྣ་བ་རླུང་ལས་བྱུང་བའི་ལྡན་པ་དང་རྣམ་པར་དབྱེ་བའི་བདག་ཉིད་ཀྱི་སྒྲ་ཙམ་གྱི་རྣམ་པ་གང་གིས་སམ། རྣམ་པ་གཞན་གྱིས་ཇི་ལྟར་བྱེད་ཅེས་བྱ་བ་འདི་ཡང་བརྗོད་པར་ནུས་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལ་ཡང་ནུས་པ་ནི་དབང་པོ་ལས་འདས་པ་ཡིན ་ཏེ། དེ་ལ་ཡང་སྒྲ་རྣམས་སྐྱེད་པར་བྱེད་པ་ན་ཇི་ལྟར་སྒྲའི་རྒྱུ་སྐྱེད་པར་བྱེད་པའི་ནུས་པ་དབང་པོ་ལས་འདས་པ་ཡིན་པ་དེ་བཞིན་དུ་མངོན་པར་གསལ་བ་ལ་ཡང་ཡིན་པས་བརྒལ་ཞིང་བརྟགས་པ་མཚུངས་སོ། །གལ་ཏེ་ནུས་པ་དབང་པོ་ལས་འདས་པ་ཡིན་ན་ཇི་ལྟར་རྟོགས་པ ་བྱ་ཞེ་ན། ནུས་པ་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེད་པར་བྱེད་པའི་ནུས་པ་ཡིན་ཡང་རུང་མངོན་པར་གསལ་བར་བྱེད་པའི་ནུས་པ་ཡིན་ཡང་རུང་སྟེ། ནུས་པ་ཇི་སྙེད་པ་དེ་ཐམས་ཅད་ནི་དམ་པ་ཐམས་ཅད་དུ་རྟག་ཏུ་འབྲས་བུས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ།། ་དེ་ལྟ་བས་ན་དེ་ནི་བརྒལ་ཞིང་བརྟགས་པར་འོས་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གང་ལས་ད་གེ་བར་འགྱུར་བ་འབྲས་བུ་དེ་ཡང་གང་ཡིན་ཞེ་ན། དེ་ཡོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ན་ནི་སྒྲ་ཙམ་ཡོད་ནའོ། །དེ་ཡོད་པ་ནི་སྒྲ་འཛིན་པ་གང་ཡིན་པ ་དེ་ཉིད་དེ་ལ་སྟེ་སྒྲའི་ནུས་པ་དེ་ལ་ཚད་མ་ཡིན་ཏེ། སྒྲ་འཛིན་པའི་འབྲས་བུས་ནུས་པ་གོ་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཙམ་སྨོས་པས་ནི་སྐྱེ་བ་སེལ་ཏོ། །དེས་ན་ཞེས་བྱ་བ་མཇུག་སྡུད་པར་བྱེད་དེ། དེ་ལྟ་བས་ན་སྒྲ་ཙམ་འདི་དག་ནི་དབང་པོ་ལས་འདས་པའི་ནུས ་པས་རྣ་བའི་དབང་པོའི་ནུས་པ་དབང་པོ་ལས་འདས་པ་སྐྱེད་པར་བྱེད་པ་ན་མངོན་པར་གསལ་བོའི་རྒྱུར་འགྱུར་ཏེ་།སྒྲ་རྣམས་ཀྱི་ཞེས་བྱ་བ་ལ་བལྟོས་པར་བྱའོ། །ཡང་ན་ཅིའི་ཕྱིར་སྒྲ་ཅན་སྐྱེད་པར་བྱེད་པའི་རྒྱུ་ཉིད་དུ་ཤེས་པར་མི་བྱེད་ཅེ་ན། གང་དག་ཅེས་བྱ་བ་ལ་སོགས ་པ་སྨོས་ཏེ། གང་དག་ནི་སངས་རྒྱས་པ་རྣམས་སོ། །རྣ་བས་སྒྲ་མ་ཕྲད་པ་དང་སྐྱེས་པ་འཛིན་ཏེ། འདི་ནི་མ་ཕྲད་པ་ཡང་ཡིན་ལ་སྐྱེས་པ་ཡང་ཡིན་པས་མ་ཕྲད་པ་དང་སྐྱེས་པ་སྟེ། མིག་དང་རྣ་བ་དང་ཡིད་རྣམས་ནི་ཡུལ་དང་མ་ཕྲད་པ་དང། སྒྲ་རྣམས་ནི་ཟིན་པ ་དང་མ་ཡིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་པའི་ཕྱིར་རོ། །དེ་དག་གི་ལུགས་ཀྱིས་རིང་བ་དང་ཆོད་པ་དང་ཉེ་བ་ན་གནས་བའི་སྒྲ་རྣམས་རྣ་བ་དང་མ་ཕྲད་པར་མཚུངས་པའི་ཕྱིར། ཉེ་བ་དང་རིང་བ་ན་གནས ་པའི་སྐྱེས་བུ་དག་གིས་འཛིན་པ་དང་མི་འཛིན་པ་མཚུངས་པ་དག་ཏུ་འགྱུར་རོ། །ཉེ་བ་ན་གནས་པས་ཅི་འདྲ་བ་འཛིན་པ་དེ་འདྲ་བ་ཐག་རིང་པོ་ན་གནས་པས་ཀྱང་འཛིན་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གང་ཞིག་སྔར་ནི་ཉེ་བ་ན་གནས་པས་འཛིན་ལ་ཕྱས? ་ཐག་རིང་བ་ན་གནས་པས་འཛིན་པ་ཞེས་བྱ་བའི་རིམ་གྱིས་འཛིན་པར་ཡང་མི་འགྱུར་རོ། །གང་ཞིག་ཉེ་བ་ན་གནས་པས་གསལ་བར་ཐས་?་ངང་བན་གནས་པས་ཞན་པར་ཐོས་པས་ཞེས་བྱ་བའི་ཆེས་ཆེར་གསལ་བ་དང་ཞན་པ་ལ་སོགས་པའི་ཐོས་པ་ཐ་དད་པར ་ཡང་མི་འགྱུར་རོ། །དེ་བཞིན་དུ་གོང་ནས་གོང་གི་བྱེ་བྲག་ལ་ཡང་སྦྱར་བར་བྱའོ། །འོན་ཏེ་སྦྱོར་བ་གང་གི་ལྟར་ན་སྒྲ་ཕྱེད་པ་དང་མ་སྐྱེས་པ་རྣ་བས་འཛིན་པ་དེའི་ལྟར་ན་ལང་ཐལ་བར་འགྱུར་བ་འདི་ཉིད་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཞེ་ན། དེའི་ཕྱིར་ཁྱད་པར ་བསྟན་པའི་དོན་དུ་རྩོམ་པ་ནི། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོས་པ་སྨོས་པ་ནི་རྟོག་གེ་པ་མ་ཡིན་པ་ཉིད་དུ་སྟོན་པ་ལྷུར་ལེན་པ་ཡིན་ཏེ་འདིས་ཀྱང་ཚིག་གི་ཟུར་གྱིས་རང་གི་ཕྱོགས་ཁྱད་པར་དུ་འཕགས་པར་སྨྲས་པ་ཡིན་ནོ། །རྟོག་པ ་གང་ཞེ་ན། འབང་རྩོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །འབང་རྩོལ་ནི་རྐན་ལ་སོགས་པའི་བྱེད་པའི་བྱ་བའོ། །དེ་བཅུག་པས་ནི་བསྐུལ་བའོ། །གསུས་བ་ན་གནས་པའི་རླུང་ནི་ལྟེ་བའི་ཕྱོགས་ནས་ལངས་བྲང་དུ་རྒྱལ་ཏེ། མགྲིན་པར་བསྡུས་ནས་སྤྱི ་བོར་བསྡམས་ནས་ཁ་ནས་རྒྱུས་ཏེ་འགྲོ་བར་བྱེད་དོ། །འདི་ཉིད་སྟོན་པ་ནི་དེ་ནི་རྐན་ཞེས་བྱ་བ་ལ་སོགས་པའོ། །རླུང་དེ་འབྱུང་བ་ན་རྐན་ལ་སོགས་པའོ། །རླུང་དེ་འབྱུང་བ་ན་རྐན་ལ་སོགས་པའི་ལྡན་པ་དང་རྣམ་པར་དབྱེ་བ་སྟོན་ཅིང་འགྲོ་བ་ན་ལང་དེ་ནམ་མཁའ་ཇི་སྲིད་པར་མི་འགྲོའོ། །འོ་ན་ཅི་ཞེ་ན། ་?་བས་ཇི་སྲིད་དུའོ། །དེ་ནི་ཤུགས་ཇི་སྲིད་དུ་དེ་དང་རྗེས་སུ་མཐུན་པ་ཉིད་དུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། ག་ལས་ཤེ་ན། ཤུགས་དང་ལྡན་པའི་ཕྱིར་རོ། །རླུང་འགྲོ་བ་དེ་ཡང་བདག་ཉིད་ཀྱིས་ལན་ལག་རྣམས་དང་བརྟེན་པའི་རླུང་སྟེ་མི་འགྱུར་བའི་རླུང་གིས ་གདོན་མི་ཟ་བ་དང་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་རྣ་བའི་བུ་གར་ཕྱིན་ནས་རྣ་བ་ལ་ནུས་པ་སྐྱེད་པར་བྱེད་དོ། །དེ་ཡོད་པ་ན་དེ་རླུང་ལས་བྱུང་བའི་ལྡན་པ་ཡོད་པ་ན་སྒྲ་རྟོགས་པའི་ཕྱིར་སྒྲའི་ལེགས་པར་བྱས་པ་མི་སྣང་བར་འདོད་དེ། དཔེར་ན ་སྒྲ་སྒྲ་གཞན་དག་གིས་སམ། སྒྲ་ཙམ་གྱིས་སྐྱེད་པར་མ་མཐོང་ཡང་ཁྱེད་ཅག་འདོད་པ་དེ་བཞིན་དུ་ལེགས་པར་བྱས་པ་ཡང་ཡིན་ཏེ། ཇི་སྐད་དུ་བཤད་པ་ལས་རྩོལ་བས་བསྐུལ་བའི་རླུང་རྣམས་བརྟན་པའི་རླུང་གཞན་གནོད་པ་ན་ཕྱོགས་ཐམས་ཅད་དུ་ལྡན ་པ་དང་རྣམ་པར་དབྱེ་བསྐྱེད་པར་བྱེད་ཅིང་ཤུགས་ཇི་སྲིད་དུ་གནས་ཏེ། རླུང་དེ་དག་ཀྱང་མངོན་སུམ་མ་ཡིན་པའི་ཕྱིར་ལྡན་པ་དང་རྣམ་པར་དབྱེ་བ་མི་དམིགས་ལ། དེ་དག་འཇིག་ན་ནི་མ་ཡིན་ན་ཞེས་བཤད་པ་བཞིན་ནོ། །འོན་ཏེ་དེ་ལྟ་ན་སྐྱེ་བའི་ཕྱོགས་ལས ་ལེགས་པར་བྱས་པའི་ཕྱོགས་ཀྱི་ཁྱད་པར་བརྗོད་པར་འགྱུར་རོ་ཞེ་ན། དེ་ཁྱད་པར་ཡོད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཁྱད་པར་ནི་ལེགས་པར་བྱ་བའི་ཁྱད་པར་དེ་སྒྲ་འཛིན་པའི་ཁྱད་པར་ལས་རྟོགས་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་དང་རིང་བ་ན་གནས ་པ་རྣམས་ཀྱིས་འཛིན་པ་དང་མི་འཛིན་པ་མཚུངས་པ་དག་ཏུ་མི་འགྱུར་ཏེ། སྐྱེས་བུ་ཐ་དད་པས་ལེགས་པར་བྱ་བ་ཐ་དད་པའི་ཕྱིར་རོ། །ཇི་ལྟར་རྟིག་པ་ལ་སོགས་པས་བསྒྲིབས་པ་ནི་སྒྲ་མི་འཛིན་པ་ཡིན་ཞེ་ན། རྩིག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གལ་ཏེ་ཡང་སྒྲ་ཐོགས་པ་མེད་པ་དེ་ལྟ་ན་ཡང་རླུང་དང་རྩིག་པ་ལས་ཅན་ཡིན་པ་ནི། ཐོགས་པའི་ཕྱིར་རྣ་བའི་ཡུལ་དུ་མི་འོང་བས་རྣ་བ་ལ་ལེགས་པར་བྱས་པ་སྐྱེ་བར་མི་འགྱུར་རོ། །དེས་ནི་བསྒྲིབས་པ་ཐོས་པར་མི་འགྱུར་རོ ་གང་དག་གི་ལྟར་ནམ་ཕྲད་པ་འཛིན་པ་དེ་དག་གི་ལྟར་ན་ཡང་སྐྱོན་འདི་ཉིད་ཡིན་ནོ། །འོ་ན་ཅི་ལྟར་ཆེས་དང་ཆེས་ཆེར་གསལ་བ་དང། དམན་པ་?་པ་ཐ་དད་པར་ཇི་ལྟར་འགྱུར་ཞེ་ན། གསལ་བར་འཇུག་པ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་འཐད་པ་ཉིད་ཡིན་ནོ་ཞེས་སྐབས་དང་སྦྱར་བར་བྱའོ། །འཇིག་པ་ཤུགས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་འཇིག་པའི་བྱེ་བྲག་དང་ཤུགས་ཀྱི་བྱེ་བྲག་རིགས་པ་དག་ཡིན་ནོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ལ་སྦྱར་བར་བྱའོ། །ཡང་ན་དེ་དག ་ནི་འཇིག་པ་ཡང་ཡིན་ལ་ཤུགས་ཀྱི་བྱེ་བྲག་ཀྱང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱོར་རོ། །རྣམ་པ་གཅིག་ཏུ་ན་འཇིགས་པ་དང་ཤུགས་ཀྱི་བྱེ་བྲག་ཅན་གྱི་རླུང་ཞེས་འབྲུ་མང་པོ་པའོ། །དེ་ལྟ་ཡིན་དང་ལེགས་པར་བྱས་བའི་རིམ་པ་གསལ་བ་དང་གཞན་པ་ལ་སོགས་པའི ་རྒྱུ་མཚན་ཉིད་འཐད་པ་ཡིན་ནོ་ཞེས་སྦྲེལ་བར་བྱའོ། །དེའི་ལེགས་པར་བྱས་པའི་རིམ་པ་འཐད་པ་ཡིན་ཏེ། རླུང་རིམ་གྱིས་འཇུག་པའི་ཕྱིར་རོ། །གསལ་བ་ཉིད་ཀྱང་འཐད་པ་ཡིན་ཏེ། ཤུགས་ཀྱི་བྱེ་བྲག་དང་ལྡན་པའི་ཕྱིར་རོ། །དམན་པ་ཡང་ཡིན་ཏེ། འཇིག ་པའི་ཕྱིར་རོ། །སོགས་པའི་སྒྲ་གོང་ནས་གོང་གི་ཁྱད་པར་ཡང་སྦྱར་བར་བྱའོ། །འཐད་དེ་ནམ་མཁའ་རྣ་བ་ཡིན་ནོ་ཕྱོགས་ལ་ཁྱབ་ཕྱིར་རིང་ན་གནས་ན་ཡང། ཞེས་བྱ་བ་ལ་སོགས་པས་རྣ་བ་ལེགས་པར་བྱས་པ་ལ་སྐྱོན་མང་པོ་དག་སྔར་བསྟན་པ་མ་ཡིན་ནམ། ་དེ་ཇི་ལྟར་བཤད་པ་བྱེད་པས་ལན་སྨྲས་པ། རྣ་བ་ལེགས་པར་བྱས་པ་ཡིན། ཞེས་བརྗོད་ཅེ་ན། གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་དེ་ཁས་མ་བླངས་པ་ཉིད་ཀྱི་ཕྱིར་དེའི་ཕྱོགས་ལ་ཡོད་པའི་སྐྱོན་འཇུག་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ་ནམ་མཁའ་ཆ་ཤས་མེད་མིན་ཏེ། ཞེས་བྱ་བ་ཁས་ལེན་པར་བྱེད་པ་ཞེས་འབྲེལ་ཏོ། །ག་ལས་ཤིན། རྒྱལ་བ་གྲངས་ཅན་གྱིས་བཀག་ཕྱིར་།རྒྱལ་བ་པ་སྟེ་མཆོད་འོས་པ་རྣམས་དང་གྲངས་ཅན་པ་རྣམས་ཀྱིས། ནམ་མཁའ་ཆ་ཤས་མེད་པ་བཀག་པའི་ཕྱིར་རོ།། ་སྤྱོད་བ་པ་རྣམས་ཀྱིས་ནི་གཞན་གྱི་གྲུབ་མཛའ་ལ་གྲགས་པས་ཐ་སྙད་དུ་བྱེད་པ་ཡང་མ་ཡིན་ཏེ། རིགས་པས་མ་གྲུབ་པ་གང་ཡིན་པ་དེ་དག་ནི་ཁས་ལེན་པར་མི་བྱེད་དེ། ད་ལྟ་མ་ཡིན་དང་རྒྱལ་བ་དང་གྲངས་ཅན་ལ་གྲགས་པའི་རྣ་བ་ནམ་མཁའ་ཨི་བདག་ཉིད་དུ་ཁས་ལེན་པའི ་ཕྱིར་སྐྱོན་མེད་དོ། །ཡང་ན་དངོས་པོ་གཞན་དུ་འགྱུར་ཞེས་བྱ་བ་ནི་རྣ་འབྲུག་གི་མིང་ཅན་ནོ། །འབྲས་བུ་དོན་གྱིས་རྟོགས་པར་བྱ་བ། ཞེས་བྱ་བ་ནི་སྒྲ་འཛིན་པ་གཞན་དུ་མི་འཐད་པས་གོ་བར་བྱའོ། །དེ་ལྟ་མ་ཡིན་ན་སྤྱོད་པ་ཉིད་ཉམས?་པར་འགྱུར་རོ། །ཡང་ན་ཚ་མེད་པའི་ནམ ་མཁའ་རྣ་བ་ཡིན་པའི་ཕྱོགས་ལ་ཡང་ཉེས་པ་མེད་དེ་ཞེས་བསྟན་པའི་ཕྱིར། གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་ཁྱབ་པ་ཉིད་དང་གཅིག་ཉིད་ཅེས་བྱ་བ་ནི་རྣ་བ་ཞེས་བྱ་བ་ལྷག་མའོ། །དེ་ལྟ་ན་ཡང་སྐྱེས་བུ་གང་གི་སྒྲ་ཙམ་དག་གི་རྟེན་ལ་སྟེ་རྣ ་འབྲུག་ལ་ལེགས་པར་བྱས་པ་དེ་ཡིན་པར་འགྱུར་བ་དེ་ཉིད་སྒྲ་རྟོགས་པར་བྱེད་ཀྱི་གཞན་ནི་མ་ཡིན་ནོ། །འདིས་ནི་རྟན་ལེགས་པར་བྱས་པ་ཉིད་བརྗོད་ཀྱི་རྣ་བ་ནི་མ་ཡིན་ཏེ། རྟེན་དེ་ཡང་སྐྱེས་བུ་སོ་སོ་ལ་ཐ་དད་པའི་ཕྱིར་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར ་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྣ་བ་ལེགས་པར་བྱེད་པ་ཡིན་ན་ཡིན་ན་ཡང་ཉེས་པ་མེད་དོ་ཞེས་སྟོན་པར་བྱེད་པ་ནི། ཅི་སྟེ་ཡང་ཞེས་བྱ་བ་སྟེ། རྟེན་ནི་རྣ་འབྲུག་སྟེ། དེ་ལེགས་པར་བྱས་པའི་སྒོ་ནས་རྣ་བ་ལ་ལེགས་པར་བྱས་པ་ཡིན་གྱི་འབའ་ཞིག་པ་ནི་མ་ཡིན་ནོ།། ་དེས་ན་ལེགས་པར་མ་བྱས་པའི་ཕྱིར་།འོན་པ་དང་ཐག་རིང་པོ་ན་གནས་པ་དང། སེམས་སྤངས་པ་དང་གཉིད་ལོག་པ་དང། རྒྱལ་བ་རྣམས་ཀྱི་རྣ་བསམ་ཐོས་ཏེ། རྣ་ཁུང་ལེགས་པར་མ་བྱས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟེན་གྱི་ངོ་ལ་ཞེས་བྱ་བ ་ནི་བདུན་པའི་དོན་ལ་ཏ་སིའི་སྐྱོན་ཡིན་ནོ། །གལ་ཏེ་སྒྲ་ཙམ་དག་གི་རྟེན་ནམ། དེའི་ཡུལ་ཀྱི་དབང་པོ་ལེགས་པར་བྱས་པ་མ་ཡོད་ནམ་།ཅིའི་ཕྱིར་གང་རུང་བར་དམིགས་པ་ཡོད་པ་ན་སྲོག་ཆགས་ཀྱི་ཚོགས་ཐམས་ཅད་ཀྱི་དབང་པོ་རྟེན་ལེགས་པར་བྱེད་པར ་མི་འགྱུར་ཞེ་ན། རྣ་བའི་ཡུལ་དུ་ཕྱིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སྒྲ་ཅེ་མ་རྟེན་ལེགས་པར་བྱེད་དམ་དེའི་ཡུལ་དུ་དབང་པོ་ལེགས་པར་བྱེད་ཀྱང་རུང་སྟེ། དེ་ལྟ་ན་ཡང་ཕྲད་པ་ཉིད་ཡིན་པ་ན་ལེགས་པར་བྱེད་པའི་རྟེན ་གྱི་དངོས་པོ་ལ་ལེགས་པར་བྱེད་པ་ཡིན་གྱི་མ་ཕྲད་པ་ལ་ནི་མ་ཡིན་པའི་ཕྱིར་སྐྱེས་བུ་ཐམས་ཅད་ཀྱི་རྟེན་ལ་སོགས་པའི་ལེགས་པར་བྱེད་པ་མ་ཡིན་ནོ། །རྣ་བ་ལེགས་པར་བྱེད་པ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། རྟེན་ལེགས་པར་བྱེད་པ་ཡང་མི་འགྱུར ་བ་ཉིད་དོ། །ཁ་ཅིག་ཏུ་ཡང་ན་རྣ་བར་མ་ཕྱིན་?་ཞེས་འདོན་པ་དེར་ནི་རྟེན་ལེགས་པར་བྱེད་པའི་སྒོ་ནས་རྣ་བ་ལེགས་པར་བྱེད་པ་ལ་བརྟེན་ནས་ལན་སྡར་བཤད་ཟིན་ལ། ད་ནི་རྟེན་ལེགས་པར་བྱེད་པའི་སྒོ་ནས་རྣ་བ་ལེགས་པར་བྱེད་པར་མ་གྱུར་མོད ་དེ་ལྟ་ན་ཡང་ཉེས་པ་མེད་དེ། འདི་ལྟར་རླུང་རྣ་འབྲུག་དི་རྩ་བར་ཕྱིན་པ་རྣ་བ་ལེགས་པར་བྱ་བར་ནུས་ཀྱི་མ་ཕྱིན་པ་ནི་མ་ཡིན་པས་དེའི་ཕྱིར་ཕྱོགས་གཞན་བརྗོད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་མཇུག་སྡུད་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་དེ་མ ་ཐག་ཏུ་བརྗོད་པའི་ཕྱོགས་སུ་མཆར་ལ་ཡང་གཞན་གྱིས་ཀླ་ནག་དོགས་པར་བྱེད་དེ། རྣ་བ་གཅིག་ལ་ལེགས་པར་བྱས་པ་དང། ལེགས་པར་མ་བྱས་པ་ཕན་ཚུན་འགལ་བའི་ཆོས་གའི་ས་མི་རུང་བའི་ཕྱིར་གཅིག་ལ་ལེགས་པར་བྱས་པས་ཐ་མི་དད་པའི ་ཕྱིར་ལུས་ཐམས་པ་དེ་ལ་ལེགས་པར་བྱས་པ་ཉིད་ཡིན་པས་དབང་པོ་གཅིག་ཏུ་སྨ་བ་ལ་འོན་པ་ལ་སོགས་པའི་རྣ་བ་ཡང་རྟོགས་པར་བྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡིན་དང་འོན་འདལ་སོགས་པར་རྣམ་པར་བཞག་པར་མི་འགྱུར་རོ། །སྐྱེས ་བུའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། སྐྱེས་བུ་ནི་བདག་སྟེ་ཐམས་ཅད་དུ་སོང་བ་ཡིན་ན་ཡང་ཆོས་མ་ཡིན་པ་དང་ཆོས་མ་ཡིན་བས་ཡོངས་སུ་གཟུར་བའི་ལུས་ཉིད་ལ་ཤེས་པ་སྐྱེད་པར་སྤྱོད་མ་བདག་གིས་འདོད་དོ། །དེས ་ན་གཙོ་བོ་ལུས་ཡུལ་གཞན་ཕྱིར་ཏེ། ཡུལ་ཐ་དད་པའི་ཕྱིར་ཐམས་ཅད་དུ་སོང་བའི་རྣ་བ་ཡང་ལེགས་པར་བྱེད་པར་མི་འཐད་དོ། །དེས་ན་ཇི་སྐད་དུ་མ་བཤད་པའི་ཉེས་པའི་གོ་སྐབས་མེད་དོ། །ཁ་ཅིག་ཏུ་ལེགས་བྱས་དེ་འདིར་འཐད་མ་ཡིན། ཞེས་འདོན་པ་དེར་ནི་ལེགས ་བྱས་དེ་ཞེས་འབྲེལ་ཏོ། །འོན་ཏེ་བདག་ཐམས་ཅད་དུ་སོང་བའི་ཕྱིར་སྒྲ་ཐམས་ཅད་དུ་འཛིན་པར་ཐལ་བར་འགྱུར་བ་མི་བཟློག་པ་ཉིད་མ་ཡིན་ནམ་ཞེ་ན། བདག་ལས་ཕྱོགས་གཅིག་མེད་ཅེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་པ་དེ་ལྟ་ན ་ཡང་ཆོས་ལ་སོགས་པས་དབང་དུ་བྱས་པའི་ལུས་ལ་བརྟེན་པའི་བདག་སྒྲ་འཛིན་པ་ཡིན་ཏེ། དེས་ན་སྐྱོན་མེད་དོ། །ཡང་ན་ཅི་ལྟར་ཐ་མི་དད་པའི་བདག་དང་རྣ་བ་ལ་འཛིན་པ་དང་མི་འཛིན་པ་དང་ལེགས་པར་བྱས་པ་དང་ལེགས་པར་མ་བྱས་པའི་ཆ་ཡོད་ཅེ་ན་མ ་ཡིན་ཏེ། དཔེར་ན་ནམ་མཁའ་ཆ་ཤས་མེད་པ་ཡིན་ན་ཡང་ལྡན་པ་ཅན་གྱི་དངོས་པོ་ཐ་དད་པའི་ཕྱིར་བུམ་པའི་ནམ་མཁའ་ཆས་བཟངས་ཀྱི་ནམ་མཁའ་ཞེས་ཐ་དད་པ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སྤྱིར་ཁྱབ་པ་དང་ཆ་ཤས་མེད་པའི་རྣ་བ་ལྡན ་པ་ཅན་ཐ་དད་པའི་ཐ་དད་པའི་ཕྱིར་འོངས་པ་ལ་སོགས་པ་རྣམ་པར་འཇོག་པ་ཡིན་ནོ་ཞེས་སྟོན་པ་ནི། གཏན་ཚིགས་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཉིད་ཀྱིས་ཞེས་བྱ་བ་ནི་ལྡན་པ་ཅན་ཐ་དད་པའི་གཏན་ཚོགས་ཀྱིས་སོ། །གལ་ཏེ་ལྡན་པ་ཐ་དད་པ ་དེ་ལྟ་ན་ཡང་ཅིའི་ཕྱིར་འགའ་ཞིག་ཁོ་ན་འོན་པར་འགྱུར་ཞེ་ན། ཆོས་དང་ཆོས་མི་མ་ཞེས་བྱ་བ་སྨོས་ཏེ། །བ?་དེ་ཉིད་སྐྱེས་བུ་གཞན་གྱི་ལོངས་སྤྱད་པ་ཙན་མ་ཡིན་ནོ། །ཀ་ལས་ཤེ་ན། ཆོས་དང་ཆོས་མ་ཡིན་?་དག་གིས་དབང་དུ་བྱས་པའི་ཕྱིར་རོ། །འདི་ཉིད ་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། གྱི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གྲོང་?་སོགས་པ་རྗེ་བ?་འགའ་ཞིག་གྲོང་ལ་སོགས་པ་དེར་གནས་ཏེ་འདུག་ན་ཡང་རྒྱལ་བས་དབང་ཕྲལ་ཏེ་ཕྲོགས?་པ་ནི་གྲོ་བ་དེ་ཉིད་དུ་ལོངས་སྤྱོད་མི་རྙེད་བ་དེ? ་བཞིན་དུ་གཞན་ལ་སྟེ་སྐྱེས་བུ་གཞན་ལ་ཐོས་ཀྱང་འོན་པས་ཐོས་པ་མ་ཡིན་ནོ། །འོན་ཏེ་རྣ་བ་དང་སྒྲ་དང་ནམ་མཁའ་སུམ་ཆར་ཆ་ཤས་མེད་པའི་ཕྱིར་དང་ཁྱབ་པའི་ཕྱིར་ཕྱོགས་གཅིག་འཇུག་པ་མེད་པ་མ་ཡིན་ནམ། དེ་ཅི་ལྟར་ཕྱོགས་གཅིག ་ཏུ་འཇུག་པ་ཉིད་ཀྱི་འཛིན་པ་དང་མི་འཛིན་པ་ལ་སོགས་པའི་དེས་བའི་རྣམ་པར་དབྱེ་བ་རྙེད་པར་འགྱུར་ཞེ་ན། རྣ་བ་སྒྲ་དང་རྟེན་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་དང་སྒྲ་དང་སྒྲའི་ནམ་མཁའ་སྟེ་རྟེན་ཞེས་བྱ་བ་ནི་རྣ་བ་སྒྲ་དང་རྟེན་དག་གོ། ཆ་ཤས ་རང་ཉིད་ཀྱིས་ཡོད་མིན། ཞེས་བྱ་བ་ནི་ལྡན་པ་ཅན། དད་པའི་ཉེ་བར་བརྟགས་ནས་ནི་ཡོད་པ་ཉིད་ཡིན་པའི་ཕྱིར་རང་ཉིད་ཀྱིས་ཞེས་བཤད་དོ། །དེ་ལྟར་འདི་ལ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་འཇུག་པ་ཉིད་ཀྱིས་ངེས་པར་འཛིན་པ་ལ་སོགས་པའོ། །ཅི་ལྟེར ་ཞེ་ན། གསལ་བར་བྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་ཤས་དང་ཡུལ་ཐ་དད་པ་རྟེན་གྱི་མིང་ཅན་གྱི་རྣ་འབྲུག་སྟེ། དེ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ་ནི་ཆ་ཤས་དང་ཡུལ་ཐ་དད་པ་ཉིད་དོ། །རིགས་ཀྱང་ཐ་དད ་ཅེས་བྱ་བ་ནི་རྐན་ལ་སོགས་ཕ་རྒྱུའི་ཚོགས་པ་ཐ་དད་པའི་ཕྱིར་རོ། །གང་ཡང། རྣ་བ་ལན་ཅིག་ལེགས་བྱས་ན། སྒྲ་རྣམས་ཐམས་ཅད་རྟོགས་པར་འགྱུར། །ཞེས་བྱ་བ་འདི་ལ་ལན་བཤད་པ་ནི། །གཞན་གྱི་དོན་དུ་བསྐུལ་པའི་རླུང། །ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། གཞན་གྱི་དོན་དུ་ཞེས་བྱ་བ་ནི་ཡི་གེ་གཞན་གྲུབ་པར་བྱ་བའི་དོན་དུའོ། །ཡི་གེ་གཞན་ལེགས་བྱེད་ནུས་པ་ཞེས་བྱ་བ་ནི་ཡི་གེ་གཞན་རྟོགས་པར་བྱ་བའི་དོན་དུ་གང་ཞིག་རྣ་བའི་འདུ་བྱེད་པ་ལ་ཡི་གེ་གཞན་ལེགས་པར་བྱེད་པའི ་སྒྲས་བརྗོད་ཀྱི། ཡེ་གེ་ལེགས་པར་བྱེད་པ་ཉིད་ནི་མ་ཡིན་ཏེ། རྣ་བ་ལེགས་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་མི་བྱེད་ཅེས་བྱ་བ་དེ་ནི་རྣ་བ་ལ་ལེགས་པར་བྱེད་པའི་སྒོ་ནས་ཡི་གེ་གཞན་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི ་ཕྱིར་རླུང་ཁོ་ན་ལ་ངེས་པ་འདི་ཡིན་ཞེ་ན། རྐན་ལ་སོགས་ཞེས་བྱ་བ་སྨོས་ཏེ། རྐན་ལ་སོགས་པའི་ལྡན་པ་ཐ་དད་པའི་ཕྱིར་གསལ་བར་བྱེད་པའི་རླུང་གི་སྒྲ་ཙམ་ཐ་དད་པ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཡི་གེ་གཞན་མིན་ཞེས་བྱ་བ་ནི་བྱེད་བ་ཞེས་བྱ་བ་ཁ་སྐད་དོ།། ་སྒྲ་ཙམ་གཞན་འཕེན་པ་ནི་བསྐུལ་པ་སྟེ། སྒྲ་ཙམ་གཞན་བྱེད་པ་སྟེ་རྒན་ལ་སོགས་པའི་ལྡན་པ་དང་གཞི་མཐུན་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །སྐྱེད་དང་གསལ་བ་ལ་ཞེས་ནི་བདུན་པའི་མཛའ་ཅན་ཏེ། སྒྲའི་སྐྱེ་བ་དང་མངོན་པར་གསལ་བ་ལ ་འབད་རྩོལ་དང་བརྗོད་པར་འདོད་པའི་ནུས་པ་ཐ་དད་པར་མཚུངས་སོ། །ག་ལས་ཤེ་ན། འབྲས་བུ་གཞན་དུ་མི་འཐད་པས་གོ་བར་བྱ་བ་ཡིན་པའི་ཕྱིར་ཏེ། གཉིས་ཀ་ལ་ཡང་འབྲས་བུ་དོན་གྱིས་གོ་བའི་བྱ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། དེ ་ལྟར་རེ་ཞིག་གོ་རིམས་བཞིན་དུ་གྲུབ་པའི་མཛའ་གཞན་གྱིས་རྟོགས་པ་དང་རང་གི་གྲུབ་པའི་མཛའ་རྟོགས་པ་རྣ་འབྲུག་གི་མཚན་ཉིད་ཅན་གྱི་ནམ་མཁའ་རྣ་བར་ཁས་བླངས་ནས་དེ་ལེགས་པར་བྱེད་པའི་སྒོ་ནས་སྒྲ་མངོན་པར་གསལ་བ་ལ་སྐྱོན་མེད་དོ་ཞེས ་བསྟན་ནས། ང་ནི་རིག་བྱེད་ལ་གྲགས་པའི་ཕྱོགས་ཀྱི་མཚན་ཉིད་ཅན་གྱི་རྣ་བ་ལ་བརྟེན་ནས་དེ་ལེགས་པར་བྱེད་པའི་བྱེ་བྲག་གིས་སྒྲ་མངོན་པར་གསལ་བ་ལ་སྐྱོན་མེད་པར་བསྟན་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ཕྱོགས་སུ་ཞེས ་བྱ་བ་ནི་ཕྱོགས་ཉིད་རྣ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཕྱོགས་རྣ་བ་ཉིད་དུ་ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རྣ་བ་ནམ་མཁའ་ཨི་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་རྣ་བ་ཕྱོགས་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ཡང་རིག་བྱེད་ལས་མ་བཤད་དེ། དེ་ཇི ་ལྟར་རྙེད་ཅེ་ན། རྣ་བ་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲ་རང་བཞིན་དེ་རང་གི་ངོ་བོ་ཉིད་ལ་ཐིམ་པ་ནི་འཇིག་པ་སྟེ་།འཇིག་པའི་དུས་ན་སྲོག་ཆགས་རྣམས་ཀྱི་མིག་ལ་སོགས་པ་རང་གི་རང་བཞིན་ལ་ཐིམ་པར་འགྱུར་བར་གྲགས་སོ། །དེ་ལ་འཇིགས ་བ་ན་ཕྱུགས་ཀྱི་དབང་དུ་བྱས་ནས་རིག་པ་བྱེད་ལས་འདིའི་མིག་ཉི་མ་ལ་འགྲོ་ལ་རྣ་བ་ཕྱོགས་ལའོ་ཞེས་བཤད་པ་དེ་འདིར་ཡང་འགྲོའོ་ཞེས་བཤད་དོ། །འགྲོ་ཞེས་བྱ་བས་གང་ཞིག་གང་ལས་འོངས་པ་དེ་ནི་དེར་འགྲོའོ་ཞེས་བྱ་བའི་དོན ་ཏེ། དེས་ན་གལ་ཏེ་ཡང་རྣ་བ་ནི་ཕྱོགས་སོ་ཞེས་དངོས་སུ་མ་བརྗོད་པ་དེ་ལྟ་ན་ཡང་རྣ་བ་ཕྱོགས་ལ་འགྲོའོ་ཞེས་བྱ་བའི་ཚིགས་འདིས་ཤུགས་ཀྱི་བརྗོད་པ་ཁོ་ནའོ། །ཇི་ལྟར་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་རྣ་བ་ཕྱོགས ་ལ་ཞེས་བཤད་པའི་ཕྱིར་རྣ་བ་རང་བཞིན་ལ་འགྲོ་བ་ཉིད་སྟོན་པ་ལྷུར་ལེན་པ་ཡིན་ཏེ། བྱེད་པ་པོ་རྣ་བ་ནི་རང་བཞིན་དུ་གྱུར་བ་ཕྱོགས་ལ་འགྲོའོ་ཞེས་བྱ་བའི་དོན་ཏེ། ཇི་ལྟར་ཞེ་ན། མིག་ལ་སོགས་པ་བཞིན་ཞེས་བྱ་བ་སྨོས་སོ། །འདི་ཉིད་རྣམ ་པར་འགྲེལ་བ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འདིའི་མི་གཉི་མ་ལ་འགྲོའོ་ཞེས་བརྗོད་པས་རྣམ་པར་ཤེས་པ་ཉི་མའི་རང་བཞིན་དུ་བརྗོད་པ་ཡིན་ཏེ། མིག་གི་ཞེས་བྱ་བ་ཁོང་ནས་དབྱུང་ངོ། །རྣ་བ་ཕྱོགས་ལ་ཞེས་བྱ་བའི་ཚིག ་འདིས་དེ་བཞིན་དུ་རྣ་བ་ནི་ཕྱོགས་ཀྱི་བདག་ཉིད་དུ་བརྗིད་དོ་ཞེས་ཚིགས་རྣམས་དེ་ལྟར་འབྲེལ་བར་བྱའོ། །རྣམ་ཤེས་ཉི་མའི་རང་བཞིན་ཏེ། ཉི་མའི་བདག་ཉིད་དུ་ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཕྱོགས་དེ་ཅི་འདྲ་བ་ཡིན་ཞེ་ན། ཕྱོགས ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ཏུ་འགྲོ་བ་ཉིད་ཀྱི་འབྲེལ་པ་ནི་ནམ་མཁའ་ཇི་སྲིད་པར་དུ་གནས་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་འོན་པ་ལ་སོགས་པ་རྣམ་པར་བཞག་པར་མི་འགྱུར་ཏེ། ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །ཞེ་ན། རྣ་བའི་བུ་གས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཐམས་ཅད་ཀྱིས་ཕྱོགས་རྣ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣ་འབྲུག་གི་མཐར་ཐུག་པར་ཡོངས་སུ་བཤད་པའོ། །འོན་ཏེ་དེ་ནི་ཆ་ཤེས་མེད་པ་ཡིན་པའི་ཕྱིར་ཇི་ལྟར་ཆའི་རྣམ་པར་དབྱེ་བ་དམིགས ་ཤེ་ན། ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ནམ་མཁའ་ལྡན་པ་ཅན་ཐ་དད་པའི་སྒོ་ནས་ཆ་ཤས་རྟོག་པ་དེ་བཞིན་དུ་ཕྱོགས་ལ་ཡང་འགྱུར་རོ། །འོ་ན་ནམ་མཁའ་རྣ་བའི་ཕྱོགས་ལས་འདི་ཁྱད་པར་ཅི་ཡོད་ཅེ་ན། ལུང་ལས་ཁྱད་པར་འགྱུར་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་ཞེས ་བྱ་བ་ནི་འཇུག་བསྡུ་བའི་སྒོ་ནས་འོན་བ་ལ་སོགས་པའི་རྣམ་པར་བཞག་པ་སྟོན་པ་ཡིན་ནོ། །ཡུལ་ལེགས་པར་བྱེད་པའི་ཕྱོགས་ལས་ཡང་ཉེས་བ་མེད་དོ་ཞེས་བསྟན་པའི་ཕྱིར་ཡུལ་ཡང་ཞེས་བྱ་བ་སྨོས་ཏེ། དེ་ལ་གལ་ཏེ་སྒྲ་ལེགས་བྱས། །ཐམས་ཅད་ཀྱིས་ནི་རྟོགས་པར་འགྱུར།། ་ཤེས་གང་སྨྲས་པ་དེ་ལ་སྐྱོན་མེད་དོ། །ག་ལས་ཤེ་ན། །ཡུལ་གྱི་ནུས་པ་ཐ་དད་པའི་ཕྱིར་རོ། །ཡུལ་ལེགས་པར་བྱེད་པའི་རླུང་ཉེ་བ་དང་རིང་བ་དག་གིས་ལེགས་པར་བྱེད་བ་ཐ་དད་པའི་ཕྱིར་ནུས་པ་ཐ་དད་པ་ཡིན་ནོ། །འོན་ཏེ་རྟག་པ་དང་ཐམས་ཅད་དུ་སོང་ཉིད་ཀྱིས ་འདི་སྐྱེས་བུ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་འཛིན་པ་དང་མི་འཛིན་པ་མཚུངས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཇི་ལྟར་ཡུལ་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་རླུང་དག་གིས་ཡུལ་ལེགས་པར་བྱེད་པ་ཡིན་གྱི་ཡུལ་ཉིད་ནི་མ་ཡིན་ཞེས་ཇི ་ལྟར་རྟོགས་པར་བྱ་ཞེ་ན། སྒྲའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་ཤེས་པས་སྒྲ་ཁྱབ་པ་དང་གཅིག་བུ་ཉིད་དུ་གྲུབ་པའི་ཕྱིར་སྒྲ་སྐྱེ་བ་མ་ཡིན་ཏེ། དེའི་ཕྱིར་ཤུགས་ཀྱིས་སྒྲའི་སྐྱེ་བ་ཡང་རྟགས་པ་ཡིན་ནོ་ཞེས་བྱ་བར་གོའོ། །འོན་ཏེ་ས་བོན་དང་མྱུ་གུ་ལ ་སོགས་པ་བཞིན་དུ་དེ་ཡོད་ན་ཡོད་པ་ཉིད་ཀྱི་སྒྲན་རྣམས་སྒྲ་ཙམ་གྱི་འབྲས་བུ་ཉིད་ཡིན་པར་གྲུབ་སྟེ། དཔེར་ན་ས་བོན་ལ་སོགས་པ་ཡོད་ན་མྱུ་གུ་ལ་སོགས་པ་དམིགས་པའི་ཕྱིར་དེ་དག་དེའི་འབྲས་བུ་ཉིད་ཡིན་པ་དེ་བཞིན་དུ་སྒྲ་ཙམ་ཡོད་ཨ་སྒྲ་རྣམས ་དམིགས་པ་ཡོད་པ་མ་ཡིན་ནམ་འབྲས་བུའི་ཐ་སྙད་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་ཅིའི་ཕྱིར་དེ་འབྲས་བུ་ཉིད་དུ་མི་འགྱུར་ཞེ་ན། འདི་ལ་དེ་ཡོད་ན་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རྣ་བ་ཡོད་ན་སྒྲ་དམིགས་པ་ཡོད་དེ། དེ་ཡོད་ན་ཡོད ་བ་དེ་ལས་རྣ་བ་སྒྲལ་སྐྱེད་པར་བྱེད་པའི་ནུས་པ་རྗེས་སུ་དཔོག་པར་བྱེད་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཛིན་པའི་ནུས་པ་ཡིན་པ་དེ་བཞིན་དུ་འདེ་ལ་ཡང་དེ་ཡོད་ན་ཡོད་པ་ཉིད་ནི་སྒྲ་རྣམས་ཀྱི་ནུས་པ་ཡོད་པ་ཙམ་རྟོགས་པ་ཡིན་གྱི། སྐྱེད་པར་བྱེད ་པའི་ནུས་པ་རྟོགས་པར་བྱེད་པ་ནི་མ་ཡིན་ནོ། །དེ་ནི་ནུས་པ་ཙམ་ལ་འབྲེལ་གྱི་ནུས་པའི་ཁྱད་པར་ལ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་འདིའི་ནུས་པའི་ཁྱད་པར་བསྒྲུབ་ན་འཁྲུལ་བ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་ཇི་ལྟར་ལེགས་པར་བྱེད ་པའི་ནུས་བའི་ཁྱད་པར་རྟོགས་ཤེ་ན། དེ་རུ་བློ་ནི་ཡང་དག་བསྡུས། ང་ཞེས་བྱ་བ་སྨོས་ཏེ། ངོ་ཤེས་པས་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་གཞན་དུ་མི་འཐད་བས་ལེགས་པར་བྱ་བའི་ཁྱད་པར་དེ་ལ་བཤད་བ་བྱེད་པས་བློ་ཉེ་བར་བསྡུས་པ་ཡིན་གྱི། དེ་ཡོད་ན ་ཡོད་པ་ཙམ་གྱིས་ལེགས་པར་བྱེད་པའི་ནུས་པ་རྗེས་སུ་དཔོག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉི་ག་ལེགས་པར་བྱས་པའི་ཕྱོགས་?། གཉི་ག་ལེགས་པར་བྱས་ན་ཡང། དེ་དེ་ལ་བརྗོད་སྐྱོན་དུ་འགྱུར། ཞེས་གང་སྨྲས་པ་དེ་ལ། གཉི ་ག་ལེགས་པར་བྱས་ཕྱོགས་ལ། །ཁྱེད་ཀྱི་ཉེས་པ་གཉིས་ལོག་པ་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཉིས་ག་ཀ་ལ་ཡང་ཉེད་པ་གཉིས་སྔར་བསྟན་པ་གང་ཡིན་པ་དེ་ནི་ལོག་པ་སྟེ་དོན་མེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་གང་གིས་ཕྱིར་ཏེ་རྣ་བ་ལེགས་པར་བྱས་པའམ། སྒྲ་ལེགས་པར་བྱས་པ་གང་ཡང་རུང་བ་མཚད་པའི་ཕྱིར་སྒྲ་རྟོགས་པ་མ་ཡིན་ཏེ། འདི་ལྟར་སྒྲ་ལེགས་པར་བྱས་ན་ཡང་དོན་པ་ལ་རྣ་བ་ལེགས་པར་བྱས་པས་མཚར ་བའི་ཕྱིར་སྒྲ་མི་འཛིན་ལ། མ་འོན་བ་ཡང་མངོན་པར་གསལ་བར་མ་བྱས་པའི་སྒྲིམ་འཛིན་ཏོ། །ཁ་ཅིག་ཉེས་པ་གཉིས་བརྗོད་ལས་པ་ཡིན། ཞེས་འདོན་ཏེ་དེ་ཡང་གོ་སླའོ། །གལ་ཏེ་སྒྲ་ཐམས་ཅད་དུ་སོང་བ་ཡིན་ན། ཇི་ལྟར་འདི་བུམ་པ་ལ་སོགས ་པ་བཞིན་དུ་ཡུལ་རྣམ་པར་ཆད་པ་སྣ་ཚོགས་པ་ཉིད་དུ་དམིགས་ཏེ། འདི་ལྟར་སྒྲ་ཐམས་ཅད་དུ་སོང་བའི་ཕྱིར་རྣམ་པར་མཆད་པའི་ངོ་བོས་ཐམས་ཅད་དུ་རྟོགས་པ་རིགས་ལ། ཐམས་ཅད་དུ་སོང་བ་ལ་ནི་ཉེ་བ་དང་ཐག་རིང་བའི་ཐ་དད་བ་རིགས་པ་མ་ཡིན?་དེ་ནི་ཐམས ་ཅད་ན་གནས་པའི་ཕྱིར་ཡུལ་འགའ་ཞིག་ནས་འོངས་པ་ཡང་རིགས་པ་མ་ཡིན་བཞིང། རྟག་པ་ནི་ཆེས་ཆེར་རིང་བ་དང་ཐུང་བ་དང་དམན་པ་ལ་སོགས་པའི་རང་བཞིན་ཐ་དད་པ་དང་དུས་ཐ་དད་པ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཡུལ་དང་དུས་བ་? ་བཞིན་ཐ་དད་དུ་ཡོད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་སྒྲ་ཐ་དད་དང་མི་རྟག་པར་གྲུབ་པའི་ཕྱིར་དེ་ཇི་ལྟར། སྒྲ་ཡི་སྐྱེ་བ་བཀག་པའི་ཕྱིར། །གཞན་དུ་མི་འཐད་པ་ཡིན་ན། ཁྱད་པར་ལེགས་པར་བྱས་པའི་ཕྱིར། །སྒྲ་ཙམ་དག་ལས་སྐྱེ་བར་དེས། །ཞེས་བརྗོད་ཅེ ་ན། འདིར་སྨྲས་པ་ནི། དཔེར་ན་ཉི་མ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡུལ་ཐ་དད་དུ་ཡོད་པ་ཉིད་མ་ངེས་པ་ཉིད་དུ་བསྟོན་ཏོ། །འོན་ཏེ་ཆུ་ལ་སོགས་པ་རྟེན་ཐ་དད་པ་ཉི་མ་དུ་མ་ཉིད་དུ་རྨོངས་པའི་རྒྱུ་ཡོད་པ་ཉིད་མ་ཡིན་ནམ། འདི་ལ་ནི་འཁྲུལ་པའི་རྒྱུ་? ་ཟད་ཀྱང་ཡོད་བ་མ་ཡིན་ཏེ། གང་གི་ཕྱིར་འཁྲུལ་བའི་རྒྱུ་མེད་པ་ན་ཞེས་བྱ་བ་འདིར་ནི་ཁྱད་པར་དང་བཅས་པ་གཏན་ཚིགས་སུ་མངོན་པར་འདོད་དེ། དེ་ཇི་ལྟར་གཏན་ཚིགས་འཁྲུལ་བ་ཉིད་ཡིན་ཞེ་ན། གསལ་བྱེད་སྒྲ་ཙམ་ཞེས་བྱ་བ་སྨོས་ཏེ། འདི་ལ་ཡང་གསལ་བར ་བྱེད་པའི་སྒྲ་ཙམ་ཐ་དད་པའི་འཁྲུལ་བའི་རྒྱུ་མཚན་ཡོད་པའི་ཕྱིར་མཚུངས་སོ་གསལ་བྱེད་སྒྲ་ཙམ་རག་ལས་ཕྱིར་ཞེས་བྱ་བ་ནི་སྒྲ་འཛིན་པ་ཞེས་བྱ་བ་ལྷག་མའོ། །དེའི་ཡུལ་དུ་ཞེས་བྱ་བ་ནི་སྒྲ་ཙམ་གྱི་ཡུལ་ལོ། །དེ་ཞེས་བྱ་བ་ནི་སྒྲའོ་དཔེར་ན་གསལ་བར་བྱེད་པའི ་སྒྲ་ཙམ་རྣམ་པར་ཆད་པ་ཁོགས་པའི་ལོགས་པའི་སྒྲའི་འཁྲུལ་པའི་རྒྱུར་འགྱུར་བ་དེ་བཞིན་དུ་བསྒྲེ་བའི་ཕྱིར། བར་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་སྒྲའོ། །དེར་ཞེས་བྱ་བ་ནི་ནམ་མཁའ་ཕྱོགས་སུའོ། །ཐོས་པ་ནི་སྒྲ་ཞེས་བྱ་བ་ལྷག་མའོ། །བར་དུམ? ་ཁྱབ་བའི་ཕྱིར་སྒྲ་ཙན་དག་གིས་ཞེས་བྱ་བ་ལས་བལྟོས་བར་བྱའོ། །དེ་དག་ཅེས་བྱ་བ་ནི་སྒྲ་ཙམ་དག་གོ། དེ་དག་གང་དང་གང་ལས་བྱུང། །ཞེས་བྱ་བ་ནི་ཙམ་རྣམས་སོ། །འོན་ཏེ་ཉི་མ་གཅིག་ཡིན་ན་ཡང་ཡུལ་རྣམ་བར་ཆད་ནས་འཛིན་པ་མ་གྲུབ ་བ་མ་ཡིན་ནམ། འདི་ལྟར་མིག་གིས་སྣོད་ཐ་དད་དུ་སོ་སོ་སོ་སོར་ཐ་དད་བར་ཉི་མ་ལ་སོགས་བའི་གཟུགས་བརྙན་ཡོངས་སུ་གཅོད་ཀྱི་ཉི་མ་ནི་མ་ཡིན་ནོ། །ཁྱེད་ཅག་ལ་ནི་གཟུགས་བརྙན་དོན་གཞན་དུ་མི་འདོད་པས་གཟུགས་བརྙན་དུ་མི་འཛིན་པ་ན་རྒྱུ་མཚན ་ཅུང་ཟད་ཀྱང་མ་མཐོང་དོགས་དེ་ལྟར་སེམས་པ་ན་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། སྨྲས་པ་ཞེས་བྱེ་བ་ལ་སོགས་པ་སྨོས་ཏེ། སྨྲས་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །ཅིག་ཅར་ཞེས་བྱ་བ་ནི་ཅིག་ཅར་གྱིས་སོ། །འདིར་ལན་བཤད་བའི་དང་སྨྲས་པ་ཞེས་བྱ་བ་སྨོས ་ཏེ། ཆུའི་ཡུལ་དུ་གནས་བའི་ཉི་མའི་འོད་གཡོ་བའི་ཆོས་ཅན་གྱིས་མིག་གིས་འོང་སྣོད་སོ་སོ་ལ་བཟློག་པ་སྟེ། ཕྱིར་བཟློག་པ་ན་ཉི་མ་སྟེ་ཉི་མའི་དཀྱིལ་འཁོར་རང་གི་ཡུལ་ན་གནས་པ་ཉིད་དུ་འཛིན་ཏོ། །སྣོད་ཇི་བཞིན་དུ་ནི་སྣོད་ཇི་སྙེད་པར་ངོ། །དེ་བས་ན ་ལུས་ཐ་དད་དུ་སྣང་བའི་ཕྱིར་དེའི་ཚེ་འདི་དུམ་ཉིད་ག་ལས་ཡིན་ཏེ། མ་ཡིན་པ་ཉིད་དོ། །མིག་གི་འཇུག་པ་ཐ་དད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །མིག་གི་འཇུག་བའི་དབང་གིས་མིག་ཐ་དད་ཀྱང་ཐ་དད་པ་ལྟ་བུར་འཛིན་ཏོ་ཞེས་བསྟན་བའི་ཕྱིར། ཇི་ལྟར ་སོར་མོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅུང་ཟད་ནི་བག་ཙམ་སྟེ་སོར་མོས་མིག་མནན་པ་ན་སྟེ། གཅིང་བ་ན་ཇི་ལྟར་དངོས་པོ་གཅིག་ཡིན་ཡང་སོ་སོར་ཏེ་སྣ་ཚོགས་པ་ཉིད་དུ་མཐོང་ངོ། །ག་ལས་ཤེ་ན། མིག་གི་འཇུག་པ་ཐ་དད་པའི་ཕྱིར་རོ། །དེ་ཁོ ་ན་བཞིན་དུ་ཁོ་བོ་ཅག་གིས་སྒྲ་གཅིག་ཡིན་ན་ཡང་ཐ་དད་དུ་འཛིན་པའི་ཕྱིར་སྐྱོན་མེད་དོ། །གཞན་དག་ཅེས་བྱ་བ་ནི། དཔེར་ན་ཉི་མ་ཆུ་སོགས་སུ། །གཅིག་ཀྱང་ཅིག་ཅང་སྣ་ཚོགས་དག། ཅེས་འཁྲུལ་བའི་ཡུལ་ཉིད་དུ་བསྟན་པའི་གཏན་ཚིགས་འདི ་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་ན། གཟུགས་བརྙན་དོན་གཞན་འདོད་པ་དག་རྩོད་པར་བྱེད་དོ། །གལ་ཏེ་ཉི་མ་དེ་ཉིད་མཐོང་གི་གཟུགས་བརྙན་ནི་མ་ཡིན་ན། ཅིའི་ཕྱིར་འདི་སྟེང་དུ་མཐོང་བར་མི་འགྱུར། གལ་ཏེ་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངོ་བོ་འཛིན་པ་ཡིན་ན་དེ་ལྟ ་ན་དེ་མཐོང་བར་འགྱུར་གྱི་གཞན་དུ་ནི་མོ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང་གལ་ཏེ་ཁྲོན་པ་ལ་སོགས་པ་དེར་གཟུགས་བརྙན་སྐྱེས་པར་མ་གྱུར་ན་ཉི་མ་ལ་སོགས་པ་གཏིང་དམའ་བར་ཞུགས་པ་ཇི་ལྟར་འཛིན་བར་འགྱུར། དེར་ཉི་མ་ལ ་སོགས་པ་དེ་ལྟར་གནས་ཕ་ནི་མ་ཡིན་ནོ། །གཞན་ཡང་ཤང་དུ་ཁ་བལྟས་པ་མེ་ཡོད་ལ་ལྟ་བ་ན་ཇི་ལྟར་ནུབ་ཏུ་ཁ་བལྟས་བར་འགྱུར་དེའི་ཚེ་རྒྱབ་ཏུ་བལྟས་པའི་གདོད་བ་ཉེ་བར་སྐྱེ་བ་མཐོང་བ་ནི་མ་ཡིན་ནོ། །ཆུ་དང་ཉི་མ་ཞེས་བྱ་བ་ལ་སོགས་བས་ལན་འདེབས་པར ་བྱེད་དོ། །འདི་སྙམ་དུ་སེམས་ཏེ། གལ་ཏེ་དབང་པོ་ཕྱི་རོལ་ཏུ་སོང་བ་ན་ཉི་མ་རྟོགས་བར་བྱེད་ན། དེའི་ཕྱིར་སྟེང་དུ་གནས་པ་ཉིད་དུ་མཐོང་བ་འདིར་འགྱུར་གྱི་།འོག་ཏུ་ཞེས་བྱ་བར་ནི་མ་ཡིན་ནོ། །གང་གི་ཕྱིར་ཆོས་དང་ཆོས་མ་ཡིན་པས་དབང་དུ་བྱས་བའི་ལུས་ཉིད་ཀྱི ་དབང་བོ་དེས་འཛིན་པར་བྱེད་པར་འདོད་ཀྱི། སྟེང་ན་གནས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་དབང་པོས་དེ་ཉིད་དམ། ཡང་ན་ཕྱི་རོལ་དུ་དོན་ཏེ། རྟོགས་བྱེད་དེས་འདི་ལུས་པ་འདི་རྟོགས་བྱེད་དེ་ལྟར་འགྱུར་བ་ཡིན། འདི་ལྟར་རིམ་པ་ནི་འདི་ཡིན་ཏེ། ་གང་དག་ཆུ་སྣོད་དུ་ཆུ་དང་ཉི་མ་མཐོང་བ་དེ་དག་གི་ཆུ་དང་ཉི་མ་ལྟ་བའི་མིག་གཅིག་ཉིད་སྟེར་དང་འོག་གི་ཆ་རྣམ་པ་གཉིས་ཀྱིས་འཇུག་གོ། དེ་ལ་སྟེང་གི་ཆར་གསལ་བའི་ཉི་མ་བདག་གིས་དེ་སྐྱེས་བུ་མི་འཛིན་ཏོ། །གཡས་ཤེ་ན། རྟེན་ཡོན་པོར་གནས་པའི་ཕྱིར་ཏེ། དེའི ་ཚེ་མིག་གི་དབང་པོ་རྟེན་དྲང་པོར་མི་གནས་པའི་ཕྱིར་རོ། །རྒྱུད་བས་འཇུག་བའི་ཉི་མའི་འོད་ཟེར་གྱིས་བསྐྱེད་བའི་ཉི་མ་ལ་སོགས་ནས་འཇུག་པ་སྟེ་རྒྱུར་འགྱུར་བས་རྟོགས་ཏེ། འདི་ལྟར་ཉི་མའི་འོད་ཟེར་གྱིས་འོད་དག་གི་འཇུག་བ་བསྐྱེད་ལ། འཇུག་པ་ནི་མིག་གིས ་སོ། །མིག་དག་གིས་སོ་ཞེས་བྱ་བ་འདི་ནི་ཉི་མའི་བརྒྱུད་ནས་བསྐྱེད་པ་ཡིན་ནོ། །འོད་བདག་ནི་ཉི་མའོ། །སྟེང་ནས་ཏེ་གོང་ན་གནས་པའི་ཉི་མའི་འོག་ཉིད་དེ་འོག་ཕྱོགས་ན་གནས་པ་ལྟ་བུར་རློམ་མོ། །གང་ཞིག་ཅེན་དག་གོ། འོག་གི་ཉི་མ་གཞན་ཉིད་ནི ་མ་ཡིན་ནོ། །ག་ལས་ཤེ་ན། དེ་གཅིག་ཕྱིར་ཏེ། ཉི་མ་དེ་ནི་ཐ་མི་དད་པའི་ཕྱིར་རོ། །གཞན་དག་ནི་མིག་ཅིའོ། །དེ་ལྟ་བས་ན་དེ་མ་ཐག་ཏུ་བཤད་པའི་མིག་འཇུག་པའི་དབང་པོ་ནས་ཁྲོན་པ་ལ་སོགས་པ་དང་ཆུ་ལ་སོགས་པའི་སྣོད་ཐ་དད་པར་ཉི་མ་མཚམས་དང ་བཅས་བར་མཐོང་སྟེ། གཞན་དུ་ན་ཇི་ལྟར་ཐ་མི་དད་པ་ཐ་དད་དུ་འཛིན་པར་འགྱུར། ཇི་སྐད་དུ། ཤར་བལྟས་མེ་ལོང་ལྟ་བ་ན། ནུབ་དུ་བལྟས་པས་ཇི་ལྟར་འགྱུར། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར ་མིག་གི་འོད་ཟེར་གྱིས་བྱད་ཁྱེད་ནས་མེ་ལོང་ལ་སོགས་པའི་ཡུལ་གྱི་བར་དུ་ཕྱིན་པའི་འཇུག་པ་དེ་ནི་མདུན་ན་གནས་པ་ཞེས་བྱའོ། །དེ་དག་ཀྱང་ཡུལ་དེར་གཏུགས་དེ་ལོག་པ་ན་རང་གི་གདོང་ཇི་ལྟར་གནས་པར་འོང་བ་དེ་ཡང་ཕྱིར་ལོག་པ་ཡིན་ནོ། །དེ་ལ ་མདུན་ན་གནས་པར་འཇུག་པའི་གདོང་གིས་ཕྱིར་ལོག་པར་འཇུག་པ་ནི་བདག་ཕྱིར་ལོག་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་བདག་གིས་ཕྱིར་ལོག་པར་འཇུག་པ་སྐྱེད་པའི་གདོང་དུ་འགྲོ་སྟེ། འཁྲུལ་པས་ཕྱིར་ལོག་པའི་གདོང་མཐོང་ངོ་སྙམ་དུ་རློམ་པ་ཡིན་ཏེ། མིག ་གི་འཇུག་པ་སྣ་ཚོགས་པ་ཉིད་འཁྲུལ་པའི་ས་བོན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཟུགས་བརྙན་སྐྱེ་བར་ཁས་བླངས་ནས་ལན་གདབ་པའི་ཕྱིར། དུ་མའི་ཡུལ་དུ་འཇུག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་རྙན་དོན་གཞན་འགྱུར་བ་ཡིན་ན ་ཡང་གཟུགས་དེ་དག་སྣ་ཚོགས་པ་ཉིད་ནི་ཡོད་པ་མ་ཡིན་ནོ། །ག་ལས་ཤེ་ན། མཚུངས་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། བློ་གཅིག་གིས་ཡོངས་སུ་བཅད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ཡང་བློ་གཅིག་གིས་རྟོགས་པར་བྱ་བ ་ཡིན་པའི་ཕྱིར་གཅིག་ཉིད་དུ་གྲུབ་བོ། །དེའི་ཕྱིར་ཡུལ་ཐ་དད་པར་རིག་པར་བྱ་བ་ཡང་སྣ་ཚོགས་པ་ཉིད་དུ་ག་ལས་འགྱུར། འོན་ཏེ་གང་གི་ཕྱིར་ཡུལ་ཐ་དད་པས་རིག་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཐ་དད་པ་ཉིད་དུ་གྲུབ་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་གཅིག་གིས་གནོད་ཅེ་ན། ་ཡུལ་གྱི་དབྱེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་བྱེད་ཡིན་ཞེས་བྱ་བ་ནི་མངོན་སུམ་ནི་ཚད་མ་ཐམས་ཅད་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ། །སྙམ་དུ་བསམས་པ་ཡིན་ནོ། །ཡུལ་དང་དུས་ཐ་དད་བས་རིག་པར་བྱ་བ་ཉིད་འཁྲུལ་པ་ཡིན་པའི་ཕྱིར་ཚད་མ་ཉིད་མ ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དཔེར་ན་ལྷས་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་སྒྲ་ཡང་ཐ་དད་མིན། ཞེས་བྱ་བ་ནི་ཡུལ་དང་དུས་ལས་ཞེས་བྱ་བ་ཁ་སྐང་ངོ། །དེ་ལྟར་ཡུལ་འཁྲུལ་པའི་སྒོ་ནས་གཉི་ག་ཡང་འཁྲུལ་པ་ཡིན་པར་བསྟན་ནས། ད་ནི ་དུས་ཐ་དད་པས་འཁྲུལ་པ་ཡིན་བའི་སྒོ་ནས་ཡུལ་དང་དུས་ཐ་དད་དམིགས་པ་དགེ་གཉི་ག་ཡང་འཁྲུལ་པར་འཆད་དེ། ངོ་ཤེས་བའི་ཤེས་པ་ལས་གཅིག་ཉིད་དུ་ཤེས་པ་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ནོ། །ཡུལ་གྱིས་མིན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན ་དུ་དུས་ཀྱིས་ཀྱང་ཐ་དད་པ་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །གཅིག་འཁྲུལ་བའི་སྒོ་ནས་གཞན་ཡང་འཁྲུལ་པར་སྟོན་པ་ཡིན་ནོ། །གལ་ཏེ་རིམ་གྱིས་ཞེས་བྱ་བ་ལ་སོགས་པས་དཔེ་མི་འདྲ་བ་ཉེད་དུ་དོགས་པར་བྱེད་དེ། འདི་ལྟར་ལྟ་བྱིན་ཡུལ་དང་དུས་ཐ་དད་བས ་དམིགས་ན་ཡང་ཐ་དད་པ་མ་ཡིན་པ་གང་ཡིན་དེར་ནི་མི་འགལ་བའི་རྒྱུ་རིམ་པར་ཡོད་པ་ཡིན་ལ། སྒྲ་ལ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་དེའི་ཕྱིར་དཔེ་དང་དོན་མི་འདྲ་བ་ཡིན་ནོ། །འདི་ལ་ཡང་མི་འགལ་བའི་རྒྱུ་སྨྲས་པ་ནི། ཁྱབ་བའི་ཕྱིར་ཡང་བལྟ་བར་གྱིས ་ཞེས་བྱ་བ་སྟེ། མི་འགལ་ཞེས་འབྲེལ་ཏོ། །སྒྲ་ཙམ་རྣམ་པར་དུ་མ་ཁྱབ་བའི་ཕྱིར་ཞེས་སྔར་བསྟན་པ་དེ་ཡང་གི་སྒྲས་ཡང་བསྟན་ཏོ། །ཅིའི་ཕྱིར་ཁྱབ་པ་ཉིད་དུ་ཁས་ལེན་པར་བྱེད་ཅན། ཆོས་གང་ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཕྱོགས་ཐ་དད་པ་དག་ལ་ཐ ་མི་དང་བའི་སྒྲ་འཛིན་པར་གྲུབ་པར་བྱ་བའི་དོན་དུ་ཆོས་གང་འཐད་པ་དེ་ཉིད་གཞན་དུ་མི་འཐད་བས་ཁས་བླང་བར་བྱ་བ་ཡིན་ལ་འདིར་ཡང་སྒྲ་རྟག་པ་རང་ཁྱབ་པ་མེད་པར་ཡུལ་དང་དུས་ཐམས་ཅད་འཛིན་པ་གྲུབ་པར་མི་འགྱུར་བས་དེའི་ཕྱིར་སྒྲའི ་རྟག་པ་དང་ཁྱབ་པ་ཉིད་གཞན་དུ་མི་འཐད་པས་གྲུབ་བོ། །རང་བཞིན་ཐ་དད་པར་བྱ་བ་ཉིད་ཀྱང་འཁྲུལ་བ་ཉིད་དུ་བསྟན་བའི་ཕྱིར། དཔེར་ན་ས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་སྒྲར་རྟོགས་པ་གསལ་བ་དང་མི་གསལ ་པའི་ཐ་དད་པ་གཏན་ཚིགས་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གང་ཞིག་སྒྲ་རྟག་པར་འདོད་པ་དེ་ཇི་ལྟར་དེའི་རང་བཞིན་ཐ་དད་པ་གཞན་གྱི་ཁྱད་པར་དུ་སྨྲ་བར་བྱེད། ཅི་སྟེ་གསལ་བ་དང་མི་གསལ་བ་ལ་སོགས་པའི་རྣམ་པ ་ཅན་དེའི་ཡུལ་ཅན་གྱི་བློ་གཏན་ཚིགས་ཉིད་དུ་བརྗོད་ན། དེ་ནི་རང་བཞིན་ཐ་དད་པ་མེད་བར་མི་སྲིད་བའི་ཕྱིར་དེ་དི་ཚོ་གཏན་ཚིགས་མ་དེས་པ་ཡིན་ཏེ། དཔེར་ན་ས་ཆེན་པོ་བརྐོས་ནས་ནམ་མཁའ་སྟེ། ནམ་མཁའ་ཨི་སྣང་བ་ལ་རང་ཉིད་ཀྱིས་ཆེན་པོ་ལ་སོགས་པ་མེད་ན ་ཡང་དེ་ལ་བརྟེན་པ་ཉིད་ཀྱིས་ཆེན་པོ་ཉིད་ལབ་སོན་པའི་ཤེས་པ་སྐྱེ་བ་དེ་བཞིན་དུ་སྒྲ་ཡང་ཤིན་ཏུ་མ་བྱས་པ་ཡིན་ན་ཡང་གསལ་བར་བྱེད་བའི་སྒྲ་ཙམ་ཐ་དད་པའི་ཕྱིར་རྣམ་པ་དེ་ལྟ་བུའི་རང་བཞིན་ཐ་དད་བ་མེད་ན་ཡང་བློ་ཐ་དད་བ་འདི་འབྱུང་བ་ཡིན་ནོ། ་དེ་ཉིད་བཤད་པ་ནི་དེས་འདིར་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཡང་འདི་ནི་གཞན་གྱི་ཁྱད་པར་ཡིན་གྱི་རང་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྒྲ་འཇུག་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འདི་བསྟན་ཏེ། བློ་? ་ལ་ཡོད་པ་ཉིད་ཀྱི་གསལ་བ་དང་མི་གསལ་བ་དག་སྒྲ་ལ་སྒྲོ་བཏགས་ནས་འཁུལ་བ་ཡིན་གྱི་སྒུ་རང་ཉིད་ཀྱིས་རིགས་པ་ལ་སོགས་པ་སྲིད་པ་མ་ཡིན་ཏེ། དེ་ནི་དེ་ཤེས་བས་གཅིག་ཉིད་དུ་གྲུབ་བའི་ཕྱིར་རོ། །ཡང་ཅི་སྟེ་གལ་ཏེ་ཡུལ་དེ་ལྟར་རང་བཞིན ་ཐ་དད་བར་མ་གྱུར་ན་བློ་ཡང་ག་ལས་འགྱུར་སྙམ་ན། བུམ་པ་ལ་སོགས་ལ་ཡང་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཇི་ལྟར་བུམ་པ་ལ་སོགས་པ་ལ་རང་བཞིན་ཐ་དད་བ་མེད་ན་ཡང་གསལ་བར་བྱིད་བ་ཐ་དད་བའི་ཕྱིར་བློ་གསལ་བ་དང་ཞབ་པ་ལ་སོགས་པ་ཐ་དད ་པར་འགྱུར་བ་དེ་གཞན་དུ་སྒྲ་ཡང་རང་ལས་རང་བཞིན་ཐ་དད་བ་མེད་ན་ཡང་གསལ་བར་བྱེད་བའི་སྒྲ་ཙམ་ཐ་དད་བའི་ཕྱིར་རིང་བོ་ལ་སོགས་པ་ཐ་དད་པར་འགྱུར་རོ་ཞེས་བྱ་བ་ལ་སྐྱོན་མེད་དོ། །གཞན་ཡང་སྒྲ་རྟོགས་བར་བྱེད་བའི་ནུས་པ་གཞན་དུ་མི་འཐད་བས་སྒྲ་མི ་རྟག་པ་ཉིད་དམ་བཅང་པའི་གནོད་པ་བསྟན་བའི་ཕྱིར་དོན་དང་འབྲེལ་བ་མཐོང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་འོན་གྱི་གོ་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོལ?་ཡིན་ཏེ། འདི་ལྟར་སྒྲ་ལས་བྱུང་བའི་ཤེས་པ་གཞན་དུ་མི་འཐད་པས་སྒྲའི་རྗོད་པར་བྱེད ་བའི་ནུས་པ་གྲུབ་བོ། །ནུས་པ་དེ་ཡང་སྒྲ་རྟག་པ་མེད་པར་མི་འཐད་བའི་ཕྱིར་དོན་གྱིས་གོ་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ཡིན་ནོ། །དེ་ཉིད་རྒྱས་པར་སྟོན་བར་བྱེད་དེ། རེ་ཞིག་འབྲེལ་པ་མ་གཟུང་བར་སྒྲ་ཡོད་པ་ཙམ་གྱིས་རྗོད་བྱེད་དུ་འགྱུར་བ་མ ་ཡིན་ནོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་གལ་ཏེ་དོན་དང་འབྲེལ་པ་མ་མཐོང་ཡང་རྗོད་བྱེད་དུ་འགྱུར་ན་དེའི་ཚེ་སྡང་མེད་པ་ཡང་སྟེ་དང་པོ་ཐོས་པ་རྒྱ་གར་གྱི་གླིང་ན་གནས་པའི་བ་ལང་གི་སྒྲ་ཡང་རང་གི་དོན་གསལ་བར་བྱེད་པར་འགྱུར་རོ། །འོ་ན་ཏེ་འདི་ཐམས ་ཅད་ལ་རྩོད་བ་མེད་པའི་ཕྱིར་གྲུབ་བ་ལ་སྒྲུབ་བ་མ་ཡིན་ནམ་།འབྲེལ་བ་མི་ཤེས་པའི་སྒྲ་ནི་རྗོད་པར་བྱེད་བར་འགའ་ཡང་འདོད་པ་མ་ཡིན་ཏེ། རྟག་པ་དེ་ཇི་ལྟར་འབྲེལ་བ་ཤེས་པའི་དས་རྟོགས་པར་འགྱུར། ཞེ་ན། འདིའི་འབྲེལ་བ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། སྒྲ་དང་དོན་མདུན་དུ་བཞག་ནས་དེ་དག་གི་འབྲེལ་པ་བྱེད་ཅིང་བྱས་ནས་ཀྱང་དེ་ལས་དུས་ཕྱིས་དོན་ཤེས་པར་བྱེད་ལ། སྒྲ་ནི་བརྗོད་མཐག་ཏུ་འཇིག་པའི་ཕྱིར་འདི་མི་རིགས་སོ། །འདི་ཉིད་འཆད་བ་ནི་མི་རྟག་བ་ནི་འཐད་མ་ཡིན། ཞེས་བྱ་བའོ། །ཅི་སྟེ་དུས ་དེ་ཙམ་ཉིད་དུ་གནས་པ་ཡིན་ན་ཨའི་འོན་དུས་གཞན་དུ་གནས་པ་ཡང་མི་ཟློག་པ་ཉིད་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །ཇི་སྐད་དུ། དེ་སྙེད་དུས་སུ་བསྟན་པ་འདི། །སུ་ཞིག་ཕྱི་ནས་འཇིག་པར་བྱེད། ཅེས་བཤད་པ་ལྟ་བུའོ། །ཡང ་ཅི་སྟེ་འབྲེལ་བའི་དུས་ཀྱི་བར་དུ་གནས་ལ་ཕྱིས་རང་ཉིད་ཀྱིས་འཇིག་ག་སྙམ་ན། གཞན་ལ་འབྲེལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་ནི་བརྡའི་དུས་ན་ཡོད་པའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཅི་སྟེ་ཞེས་བྱ་བས་གཞན་གྱི་བསམ་པ ་རྟོགས་པར་བྱེད་པ་ཡིན་ཏེ། གཞན་འགའ་ཞིག་ཀྱང་ཞེས་བྱ་བ་ནི་སྦྱོར་བའི་འདུས་ན་ཡོད་པ་ནི་བརྡའེ?་དུས་ན་ཡོད་པའི་སྒྲ་བཞིན་དུ་རང་བཞིན་གྱི་རྗོད་པར་བྱེད་པར་འགྱུར་བ་ཉིད་དོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། རྒྱུ་མཚན་མེད་པར་སྒྲ་འདི་ནི ་དོན་འདིའི་རྗོད་པར་བྱེད་པ་ཡིན་ནོ་ཞེས་ངེས་པ་མེད་པའི་ཕྱིར་རོ། །འོན་ཏེ་ངེས་པ་མེད་དོ་ཞེས་ཇི་ལྟར་བརྗོད། འདི་ལྡར་ག་ལས་དོན་རྟོག་བར་འགྱུར་བ་དེ་ཉིད་རང་བཞིན་གྱིས་དོན་རྟོཌ་བར་བྱེད་ཞེས་གསལ་བོ་ཉིད་དུ་དེས་པར་བྱེད་པ་མ་ཡིན་ནམ་ཞེ་ན། ག་ལས་ཞེས་བྱ་བ་ལ་སོགས ་བ་སྨོས་ཏེ། འདི་ནི་དོན་གྱི་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ངེས་བ་འདི་ཉན་པ་པོ་རྣམས་ལ་འགྱུར་བ་བདེན་ཏེ། དེ་དག་ལས་དོན་རྟོགས་པ་སྐྱེ་བའི་ཕྱིར་རོ། །སྦྱོར་བ་བོ་རྣམས་ལ་ནི་འདི་རྙེད་པར་དཀའ་སྟེ། འདི་དག་ནི་སྒྲ་དེ་ལས་དོན་རྟོགས ་པར་བྱེད་པ་མ་ཡིན་ནོ། །དེ་དག་ནི་གཞན་གྱིས་རྟོགས་པར་བྱ་བ་ཁོ་ནའི་ཕྱིར་སྒྲ་སྦྱོར་བ་ཡིན་ན། དེ་གང་ལས་སྨྲ་བ་པ་རྣམས་ཀྱི་ངེས་པ་འཐད་པ་ཡིན་།དེ་ཉིད་སྟོན་པར་བྱེད་པ་ནི། འདི་མི་ཤེས་བས་ཞེས་བྱ་བ་ལ་སོགས་བའོ། །དེའི ་ཕྱིར་དེ་ལྟར་ན་མི་ཤེས་པའི་ཕྱོགས་ལ་ཉེས་པ་འདི་ཡིན་ནོ། །ཤེས་བའི་ཕྱོགས་ལ་ཡང་འདི་དེས་སྔར་ངེས་པར་ཤེས་བའི་ཕྱིར་འདི་བསྟན་བའི་སྟོབས་ཀྱིས་འོངས་པ་ཡིན་ནོ་ཞེས་བསྟན་བའི་ཕྱིར། གལ་ཏེ་ཤེས་ན་ཞེས་བྱ་བ་ལ་སོགས་པ ་སྨོས་སོ། །འོན་ཏེ་ཇི་ལྟར་སྒྲོན་མེ་ལ་སོགས་པའི་འོད་ཟེར་སར་བ་ཡིན་ཡང་དོན་གསལ་བར་བྱེད་པ་དེ་བཞིན་དུ་སྒྲ་ཡང་འདྲ་བར་བྱེད་བར་འགྱུར་རོ་ཞེ་ན། མངོན་སུམ་ལྷག་མ་ཡིན་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ་སྒྲོན་མ་མངོན་སུམ་གྱིས་ལྷག་མ་ཉིད་ནི་ཡན་ལག་གོ ་དངོས་པོ་སྟེ། དེ་ནི་གུལ་ལེཌ་པར་བྱས་བས་སམ་དབང་པོ་ལེཌ་བར་བྱས་བས་མངོན་སུམ་གྱི་ཤེས་པའི་ཡན་ལག་ཏུ་འགྲོ་བ་ན་གསར་བ་ཡིན་ཡང་གསལ་བར་བྱེད་པར་འགྱུར་ལ་སྒྲ་ནི་དངོས་སུ་དབང་པོ་ལས་འདས་པའི་དོན་སྟོན་པའི་ཕྱིར་གཙོ་བོ་ཡིན་ཏེ། དེའི་ཕྱིར་མི་འདྲའོ། ། ་ཡང་ན་མངོན་སུམ་གྱི་ཡན་ལག་གང་ཡིན་པ་དེ་འབྲེལ་པ་ཤེས་པ་ལ་བལྟོས་པ་མེད་པ་ཡང་གསལ་བར་བྱེད་དེ་མིག་ཡིན་ནོ། །སྒྲོན་མ་ཡང་མངོན་སུམ་གྱི་ཡན་ལག་ཡིན་ཏེ། དེ་ལྟ་བས་ན་གསར་བ་ཡིན་ཡང་གསལ་བར་བྱེད་པ་ཡིན་ལ། སྒྲ་ནི་ལྐོག ་ཏུ་གྱུར་བའི་ཡུལ་ཅན་ཡིན་པའི་ཕྱིར། མངོན་སུམ་གྱི་ཡན་ལག་མ་ཡིན་པས་མི་མཆུངས་སོ། །འོན་ཏེ་ཡན་སྒྲ་གཞན་གསར་བ་ཡིན་ཡང་སྔ་མ་དང་འདྲ་བའི་རྗེས་སུ་འབྲངས་ནས་སྤྱོད་པར་བྱེད་པར་འགྱུར་བ་མ་ཡིན ་ནམ་ཞེན?། འདྲ་བ་ཉིད་ནི་མ་རྟོགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་མ་རྟོགས་པར་དེའི་སྒོ་ནས་རྗོད་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། ། ་གཞན་ཡང་འདྲ་བ་རྟོགས་པར་ཞེས་བྱ་བ་རེ་ཞིག་ལྟ་ཞིག། འདྲ་བ་ཉིད་མི་སྲིད་དོ་ཞེས་བསྟན་པའི་ཕྱིར། གཅིག་པ་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་གིས་རྗོད་པར་བྱེད་པ་གྲུབ་ན། དེ་དད་འདྲ་བའི་ཕྱིར་ཅིག་ཤོས་དེ་ལྟ ་བུ་ཁོ་ནའོ་ཞེས་བྱ་བར་བརྟག་པར་བྱས་ན། དེ་ཡང་སྲིད་བ་མ་ཡིན་ཏེ། སྒྲ་ཐམས་ཅད་དོན་དང་འབྲེལ་བ་ཉིད་དུ་མ་རྟོགས་བའི་ཕྱིར་རོ། །ཡང་ཅི་སྟེ་སྔར་བརྡའི་དུས་སུ་མཐོང་བ་གང་ཡིན་པ་དེ་ཉིད་དོན་དང་ལྡན་པ་ཉིད་ཡིན་ཏེ། དེས་ན་ཅིག་ཤོས་དང་འདྲ ་བར་འགྱུར་རོ་ཞེ་ན། དེ་ཚེ་ཙམ་ལོང་ཁོམ་ག?་ལས། །ཞེས་བྱ་བ་སྨོས་ཏེ། སྔར་མཐོང་བའི་སྒྲ་དེ་སྲིད་དུ་གནས་པའི་ལོང་ཁོམ་ག་ལས་ཏེ། དེ་ནི་བརྗོད་མ་ཐག་ཏུ་འཇིག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བརྗོད་མ་ཐག་ཏུ་འཇིག་པ་དེ་ལྟ་ན་ཡང་ཅིའི་ཕྱིར་དོན་དང་ལྡན་པར་མི་འགྱུར ་ཞེན། གཉིས་སམ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ནས་ཡང་དུ་འབྱུང་པར་མཐོང་བ་ནི་སྒྲ་དང་དོན་གྱིས་འབྲེལ་བ་ཤེས་བ་ཡིན་གྱི་ལན་ཅིག་དམིགས་པ་ནི་མ་ཡིན་ནོ། །ཅི་སྟེ་རིགས་མཐུན་པ་གཞན་འཛིན་པན་དེ་ཉིད་དོན་དང་བཅས་པར་འགྱུར་རོ། །ཞེས་བརྗོད་ན ་དེ་ནི་མི་རིགས་ཏེ་དེའི་ཕྱིར། །སྒྲ་གཞན་མ་རྟོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་པོ་གང་དག་སྒྲ་གཞན་མ་རྟོགས་པ་དེ་དག་ཐོས་བའི་དུས་ན་འདི་དོན་རྟོགས་པར་བྱེད་བ་མ་ཡིན་ཏེ། དེའི་ཚེ་ཐ་དད་བའི་རྟེན་ཅན་གྱི་འདྲ་བ་མེད་བའི་ཕྱིར་རོ། །ཡང་དེ་ཉིད་སྒྲ་གཞན ་མ་རྟོགS་པའི་རྟོགས་པ་དེ་དག་གི་དོན་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། ཇི་ལྟར་གཅིག་ལ་བྱེད་བ་དང་མི་བྱེད་པ་ཕན་ཚུན་འགལ་བ་དག་ཏུ་འགྱུར། །གཞན་ཐོས་པ་ལ་ཞེས་བྱ་བ་ནི་གཞན་རིས་མཐུན་བའི་སྒྲའི་ཡུལ་ཅན་གྱི་ཐོས་པ་རྟོགས ་པ་པོ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་རེ་ཞིག་རྗོད་པར་བྱེད་པ་ཉིད་གཞན་དུ་མི་འཐད་བས་སྒྲ་རྟག་པ་ཉིད་དུ་བསྒྲུབས་ནས། ད་ནི་འབྲེལ་བ་བྱེད་པ་གཞན་དུ་མི་འཐད་པ་བསྒྲུབ་བའི་ཕྱིར། རེ་ཞིག་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དད་པོར་བརྗོད ་ལ་དེ་ལས་འབྲེལ་བ་བྱེད་ཅིང་དེ་ལས་ཐ་སྙད་དུ་བྱེད་ཞེས་བྱ་བའི་རིམ་པ་འདིས་ཐ་སྙད་བརྗོད་མ་ཐག་ཏུ་འཇིག་པའི་རིམ་ཅན་མ་ཡིན་པ་ལ་ཇི་ལྟར་འགྱུར་ཞིག་བ་ལ་འབྲེལ་བར་བྱ་བར་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ངེས་རྟོག་པ་ཡོད་པ་ཡང་མ་ཡིན་ཏེ། ཐ་སྙད་ཀྱི ་དུས་སུ་མི་འགྲོ་བའི་ཕྱིར་དང། བརྡ་ཡང་ཐ་སྙད་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། གང་ལ་འབྲལ་པ་ཡོད་པ་མ་ཡིན་པ་འདི་ནི་མ་འབྲེལ་བ་སྟེ། མ་འབྲེལ་བའི་ཕྱིར་རེ་ཞིག་སྔ་མ་སྟེ་བརྡའི་དུས་ན་ཡོད་པའི ་ནི་དོན་མེད་པ་ཡིན་ནོ། །འོན་ནི་ཐ་སྙད་ཀྱི་དུས་ན་ཡོད་པ་དོན་དང་བཅས་པར་འགྱུར་རོ་ཞེ་ན། ཕྱི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་གལ་ཏེ་རིམ་ཅན་མ་ཡིན་པ་རིམ་གྱིས་བརྗོད་བ་ལ་སོགས་པ་མི་འཐད་ན་འོ་ན་ཅིག་ཅ་རབ་ཡིན་ལ་རག་མོད་ཅེ་ན། སྒྲ་བརྗོད་པ་དང་ཞེས་བྱ་བ ་ལ་སོགས་བ་སྨོས་ཏེ། སྒྲ་བརྗོད་པ་དང་འབྲེལ་བ་བྱེད་བ་དང་འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བ་གསུམ་པོ་འདི་དག་ནི་བྱ་བ་ཡིན་ནོ། །རང་གི་ངོ་བོ་ཉིད་ཀྱིས་རིམ་པ་དང་ལྡན་པ་དེ་དག་ནི་ཅིག་ཅར་བྱ་བར་ནུས་པ་མ་ཡིན་ཅིག་ཅར་མ་ཡིན་བར་ཡང་འབྲེལ་བ་བྱེད་བར་མི་འཐད་དོ། ་རིམ་པ་ལ་སྡོད་ན་ནི་སྒ?་ངེས་པར་དུས་གཞན་དུ་གནས་པར་ཁས་བླངས་པར་འགྱུར་རོ། །ཡུལ་དང་དུས་སོགས་ཞེས་བྱ་བས་མཇུག་སྡུད་པར་བྱེད། སོགས་པའི་སྒྲས་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་གཟུང་ངོ། །སྔོན་དུ་ཞེས་བྱ་བ་ནི་སྒྲ་གཞན་མ་ཐོས ་ཕྱིར་ཞེས་བྱ་བ་དང་སྦྲེལ་བར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ་སྔར་བརྗའི་དུས་སུ་དོན་དང་ལྡན་པའི་སྒྲ་གཞན་མ་ཐོས་པའི་རྒྱུའི་ཕྱིར། །ཁྱེད་ཀྱི་ལུགས་ཀྱིས་ཡུལ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཐ་སྙད་དུ་བྱེད་པ་པོ་རྣམས་འབྲེལ་བ་མ་བྱས་བའི་སྒྲ་གཅིག ་ཀྱང་གྲུབ་པར་འགྱུར་བ་མ་ཡིན་ནོ། །དེ་ལྟ་བས་ན་འབྲེལ་པ་མ་བྱས་བར་ཁས་བླངས་བར་བྱའོ། །ད་ནི་འབྲེལ་བ་བརྗོད་པ་གཞན་དུ་མི་འཐད་བས་སྒྲ་རྟག་པ་ཉིད་ཡིན་ནོ། །ཞེས་བསྟན་པའི་ཕྱིར་འབྲེལ་བ་བྱེད་བ་སྐྱོན་གང་ཡིན་པ་དེ་བརྗོད་བ་ལ་ཡང་ཡིན་ནོ། །ཞེས་བསྒེ?་བ་ནི། ་འདིའི་འབྲེལ་བ་བརྗོད་ན་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཞེས་རྟོག་ན། ཞིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞིག་པ་ནི་འདས་པའོ། །མེད་པ་ནི་མ་འོངས་པ་སྟེ་དེ་དག་ན་མེད་བའི་ཕྱིར་འབྲེལ་བ་བརྗོད་པ་སྲིད་བ་མ་ཡིན་ནོ། །དེ་ལྟ་བྱུང་བ་ཡང་དེ་དེ་ནི་བརྗོད ་མ་ཐག་ཏུ་འཇིག་པ་ཉིད་ཀྱིས་གང་ལས་དུས་དེ་སྙེད་པ་ཡིན་དེ་ཉིད་སྟོན་པ་ནི། སྨྲ་བ་པོ་ཉན་བའི་ཞེས་བྱ་བ་ལ་སོགས་པ་སྟེ། སྨྲ་བ་པོས་སྔར་ཐོས་བའི་སྒྲ་ཉན་པ་པོ་ལ་བསྟན་བར་ནུས་པ་མ་ཡིན་ཏེ། དེ་ནི་སྔར་འགགས་ཟིན་བའི་ཕྱིར་རོ། །གང་ཡང་སྟོན་པར ་བྱེད་བའི་དོན་དང་ལྡན་པ་དེ་ཡང་བསྟན་བར་བྱ་བར་མི་ནུས་ཏེ། དེ་ལ་སྡར་འབྲེལ་བ་མ་བྱས་བའི་ཕྱིར་རོ། །འདྲ་བར་བརྗོད་ཅེས་བྱ་བ་དེ་ཅམ་ཞིག་སྲིད་བ་ཡིན་ལ་དེ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཚེ་ན་འདྲ་བའི་སྒྲ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་གང ་ཅི་ཡང་རུང་བས་འདྲ་བར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་དང་ལྡན་པ་ཡིན་ལ་དེ་ཡང་མི་འཐད་དོ། །གལ་ཏེ་ཉན་པ་པོས་དོན་དང་ལྡན་པའི་སྒྲ་འགའ་ཞིག་དམིགས་བར་གྱུར་ན་དེའི་ཚེ་དེ་དང་འདྲ་བར་འཐད་བར་འགྱུར་ཏེ། འདི་གང་གི་ཕྱིར་སྡར་བརྡའི ་དུས་སུ་དོན་དང་ལྡན་བར་འཛིན་པ་མེད་བའི་ཕྱིར་འདི་རིགས་པ་མ་ཡིན་ནོ། །འོ་ན་བརྗོད་བཞིན་པ་གང་ཡིན་པ་དེ་དོན་དང་ལྡན་བར་འགྱུར་རོ་ཞེ་ན། རང་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་བརྗོད་བཞིན་པ་ན་ཡང་དོན་དང་ལྡན་པ་མ་ཡིན་ཏེ། དེ་ལ་སྔར་འབྲེལ་པ་མ ་བྱས་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །སྨྲ་བ་པོ་ཞེས་བྱ་བ་ལ་སོགས་པས་གང་གི་ཚེ་སྨྲ་བ་པོ་ཡང་རིམ་གྱིས་ཉན་པ་པོར་འགྱུར་བ་དེའི་ཆེ་དེ་ལ་ཡང་སྔ་མར་ཐོས་བའི་སྒྲ་ནི་དོན་ལྡན་པ་ཞེས་བྱ་བ་ལ་སོགས་པའི་ཉེས་བའི་ཚོགས་དེ་དག་ཉིད་འཐོབ་པ་ཡིན་ནོ ་ཞེས་སྟོན་པ་ཡིན་ནོ། །དེའི་ཕྱིར་འདིས་ནི་སྨྲ་བ་པོ་ཐམས་ཅད་ཀྱི་སྒྲ་དོན་དང་ལྡན་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་མཇུག་སྡུད་བ་ཡིན་ནོ། །བརྗོད་བྱ་རྗོད་བྱེད་ཅེས་བྱ་བ་ལ་སོགས་བས་གཞན་གྱི་ཕྱོགས་སྔ་མའི་དོགས ་བ་བསུ་བ་ཡིན་ཏེ། བརྗོད་པར་བྱ་བ་དང་རྗོད་བར་བྱེད་བ་དག་གོ། ཕན་ཚུན་གོ་རིམས་བཞིན་དུ་བརྗོད་བྱ་རྗོད་བྱ་རྗོད་བྱེད་ཀྱི་ནུས་བ་རང་བཞིན་དུ་གྱུར་བ་ཡོད་པ་ཉིད་མ་ཡིན་ནོ། །འོ་ན་ཇི་ལྟར་སྒྲ་ལས་རྟོགས་བ་སྐྱེ་བར་འགྱུར་ཞེ་ན། གལ་ཏེ་མི་གི་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་ཞིག་གང་དུ་བརྡ་ལ་བལྟོས་ཏེ་རྒྱུའི་དངོས་པོ་ཡིན་པ་དེ་ནི་རང་བཞིན་མ་ཡིན་ཏེ། དཔེར་ན་མིག་གི་བརྡ་ལས་བྱུང་བ་ཡིན་ནོ། །སྒྲའི་རྟོགས་པས་རྒྱུའི་དངོས་པོ་ཡང་བརྡ་ལ་བལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བར་བྱེད་པ་འགལ་བ་དམིགས་པའོ། །འདིས་ཀྱང ་རྟག་པ་ཉིད་དུ་དམ་བཅའ་བའི་གནོད་བ་རྒྱས་པར་བཤད་པ་ས་འཇིགས་པར་བྱེད་བ་ཡིན་ནོ། །བརྡ་ནི་ཞེས་བྱ་བ་ལ་སོགས་བས་ལན་འདེབས་པར་བྱེད་དེ། །འདི་འདིའི་མིང་ཡིན་ནོ་ཞེས་བྱ་བ་ནི་བརྡ་སྟེ། དེ་སྐྱེས་བུ་སོ་སོ་ཏེ་མི་སོ་སོ་ལ་བྱེད་དམ། སྐྱེས་བུ་ཕྱོ་སོའོ་བརྗོད་བའི ་འབྲེལ་བ་སོ་སོ་ལ་འམ། ཡང་ན་འགྲོ་བའི་དང་པོ་སྟེ་འགྲོ་བ་ཆགས་བའི་དུས་སུ་བྱེད་པ་པོ་དབང་ཕྱུགས་ལ་སོགས་པ་ལན་ཅིག་སྟེ་དུས་གཅིག་གིས་བྱེད་ཅེས་བྱ་བ་རྣམ་པར་རྟོག་པ་གསུམ་མོ། །འབྲེལ་པ་རེ་རེའི་ཞེས་བྱ་བ་ལ། སྒྲ་དང་དོན་དག་གི་འབྲེལ་བ་བྱེད་པ་ན་ཡང ་རེས་འགའ་སེམས་ཅན་རེ་རེ་ལ་ཐ་དང་པའམ། ཡང་ན་གཅིག་ཁོ་ན་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་གཉིས་སོ། །གཅིག་ཉིད་ཀྱི་ཕྱོགས་ལ་རིགས་བཞིན་དུ་ཡུལ་དང་དུས་ཐ་དད་དུ་རྗེས་སུ་འགྲོ་བའི་ཕྱིར་བྱས་བར་མི་འགྱུར་ཏེ། རྟག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་?་ཚིག་གོ། ་ཅི་སྟེ་སེམས་ཅན་སོ་སོ་ལ་ཐ་དད་བ་དེའི་ཚེ་སེམས་ཅན་རེ་རེ་བློ་ཐ་དད་པར་འགྱུར་ཏེ། ཤེས་པ་ཐ་དད་པའི་རྒྱུ་མཚན་ནི་ཞེས་བྱ་ཐ་དད་པ་ཡིན་པ་དེའི་ཚེ་གདོན་མི་ཟ་བར་བློ་ཐ་དང་པར་འགྱུར་བར་བྱ་དགོས་ཏེ། དེ་ལྟ་ཡིན་དང་ཐ་སྙད་ཆད་བར་འགྱུར་རོ་ཞེས་བསྟན ་ཐ་དང་པར་མི་འགྱུར་ཏེ། ཐ་མི་དད་པར་ཞེན་པ་ཉིད་ཀྱིས་ཐ་སྙད་དུ་བྱེད་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་འབྲེལ་བ་སེམས་ཅན་རེ་རེ་ལ་ཐ་དད་པ་ཡིན་པ་དེའི་ཚེ་གདོན་མི་ཟ་བར་བློ་ཐ་དང་པར་འགྱུར་བར་བྱ་དགོས་ཏེ། དེ་ལྟ་ཡིན་དང་ཐ་སྙད་ཆད་བར་འགྱུར་རོ་ཞེས་བསྟན ་པའི་ཕྱིར། སྨྲ་པོ་ཉན་པོའི་བློ་ཞེས་བྱ་བ་སྨོས་ཏེ། ཐ་དད་ཕྱིར་ནི་ཞེས་བྱ་བ་ལ་ཡུལ་གྱི་ཞེས་བྱ་བ་ཁོང་ནས་དབྱུང་ངོ། །དེས་ན་དོན་འདིར་འགྱུར་ཏེ། སྨྲ་བ་པོ་དང་ཉན་པ་པོའི་བློའི་ཡུལ་གང་ཡིན་པ་དེ་ཐ་དད་བའི་ཕྱིར་དོན་གཅིག་ཏུ་ཞེས་པས་ཐ་སྙད་དུ་བྱེད་པ ་པར་མི་འགྱུར། །ཇི་ལྟར་ཞེ་ན་སྨྲ་བ་བོའི་བློ་ལ་ཞེས་བྱ་བ་སྨོས་སོ། །བརྡ་ནི་སྐྱེས་བུ་སོ་སོ་ལའམ་ཞེས་གང་སྨྲས་པ་འདི་ལས་སུན་འབྱིན་པ་བརྗོད་པ་ནི། ཉན་པ་པོ་ལ་ཞེས་བྱ་བ་རྒྱས་པར་རོ། །ཉན་པ་ལ་ཕྱེད་མིན་ཞེས་བྱ་བ་ནི་དེ་ནི་ཞིག་ཟིན་པའི་ཕྱིར་རོ། །སྟོན་བྱེད་དེ་ཡང ་མ་མཐོང་ངོ། །ཞེས་བྱ་བ་ནི་དེ་ནི་སྔར་མ་མཐོང་བའི་ཕྱིར་རོ། །བུམ་པ་སོགས་ལ་ཞེས་བྱ་བ་ནི་ཧ་ཅང་ཐལ་བར་འགྱུར་བ་བསྟན་པས་སུན་འབྱིན་པ་མ་ངེས་པ་ཉིད་དུ་འདོགས་པར་བྱེད་པ་སྟེ་བུམ་པ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར ་པ་མཚུངས་ཏེ། འདི་ལྟར་བུམ་པ་དོན་བྱེད་པར་ནུས་པ་མཐོང་བ་གང་ཡིན་པ་དེ་ནི་བྱ་བར་ནུས་པ་མ་ཡིན་ཏེ། དེ་ནི་གྲུབ་པ་ཉིད་ཀྱིས་ཞིག་པའི་ཕྱིར་རོ། །གང་ཡང་ད་ལྟར་བྱེད་བའི་དོན་བྱེད་བར་ནུས་པར་མཐོང་བ་ཡང་ཡིན་ཏེ། དེ་ན་མ་གྲུབ་བའོ་ཕྱིར་རོ། །ལན་སྨྲས་བ ་ནི་མ་ཡིན་སྤྱི་ནི་མ་གྲུབ་ཕྱིར། །ཞེས་བྱ་བ་སྟེ། མ་ཡིན་ཞེས་བྱ་ནི་ཕྱོགས་སྔ་མ་སྤོང་བ་ཡིན་ནོ་གང་ལས་ཤེ་ན། སྤྱི་བསྒྲུབས་ཟིན་པའི་ཕྱིར། །དེའི་སྒོ་ནས་ནུས་བ་གྲུབ་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན། །འདི་ཉིད་གསལ་བར་བྱ་བའི་ཕྱིར། །གལ་ཏེ ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་ཆུ་འཛིན་པ་ལ་སོགས་པ་ལ་ནུས་པར་མཐོང་བའི་བུམ་པ་ནི་གསལ་བར་བྱ་བར་ནུས་བ་མ་ཡིན་ཏེ། གྲུབ་ནས་ཞིག་པའི་ཕྱིར་རོ། །གང་ཡང་ད་ལྟར་ཡོད་པ་དེའི་དོན་བྱེད་པར་ནུས་པ་མ་བཀག་བ ་དེ་ལྟ་ན་ཡང་གསལ་བ་ཐམས་ཅད་ལ་རྣམ་པའི་སྒོ་ནས་དོན་བྱེད་བར་ནུས་པར་གྲུབ་བར་འགྱུར་རོ། །ཇི་ལྟར་ཞེ་ན་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་རྣམ་པ་ལའོ། །ཁ་ཅིག་ཏུ། དེ་ལྟ་ཐོག་མ་དང་ལྡན་མེད། །ཅེས་འདོན ་པ་དེའི་དོན་ནི་འདི་ཡིན་ཏེ། ཆུ་འཛིན་པ་ལ་སོགས་པའི་ནུས་པ་དེ་ལ་ཐོག་མ་དང་ལྡན་པ་ཡོད་དེ་རྣམ་པ་ནི་རྟག་པ་ཡིན་པའི་ཕྱིར་དང། དེ་ཡང་རྟེན་དང་ཤིན་ཏུ་ཐ་མི་དད་བའི་ཕྱིར་རོ། །ཇི་སྐད་དུ་རིགས་ལ་སོགས་པ་གསལ་བ་ལས། །དེ་ལ་གཞན་ཉིད ་དུ་གནས་མིན། །ཞེས་བཤད་པ་བཞིན་ནོ། །འོ་ན་འབྲེལ་བ་ཡང་རྣམ་བའི་སྒོ་ནས་ཐོག་མ་མེད་བ་ཉིད་དུ་འགྱུར་རོ་ཞེ་ན་འདི་ནི་མི་རིགས་ཏེ། དེའི་ཕྱིར་ཁྱོད་ཀྱི་འབྲེལ་པ་ཐོག་མ་ཅན། །ཞེས་བྱ་བ་སྨོས་སོ། །གཞན་ཡང་གལ་ཏེ་དེའི་ཡང་སྟེ་སྒྲ་དང་དོན་གྱིས ་འབྲེལ་པའི་ཕྱིར་རྟག་པར་ཁས་ལེན་པ་དེ་ལྟ་ན་རྟག་པ་ཞེས་བྱ་བའི་དངོས་པོ་ཡོད་པའི་ཕྱིར་ཁོ་བོ་ཅག་གི་འདོད་པ་གྲུབ་བོ། །སྐབས་སུ་བབ་པའི་སྒྲ་ཉིད་ནི་མི་འགྲུབ་བོ། །རྣམ་པ་གཉིས་ནི་མི་སྲིད་དོ། །ཞེས་བྱ་བ་སྨོས་ཏེ། རྣམ་པ་གཉིས་ནི་འབྲེལ་པ་དང། དེའི་སྤྱིའོ། །རྣམ་པ་གཅིག ་ཁོ་ན་ཡོད་ཀྱི་སྤྱི་ནི་མ་ཡིན་ཏེ། དེ་ནི་གསལ་བ་དུ་མའི་མཐར་ཐུག་བའི་ཕྱིར་དང། །འབྲེལ་པ་ཡང་གཅིག་ཡིན་པའི་ཕྱིར་རོ། །ཇི་ལྟར་འབྲེལ་བ་གཅིག་ཡིན་ཞེ་ན། འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་ལས་མ་གཏོགས་པའི་འབྲེལ་བ་ཡོད་པ་མ་ཡིན་ནོ།། ་གལ་ཏེ་དེ་ལྟ་ཡིན་ན་དེ་ལས་ཅིར་འགྱུར་ཞེ་ན། འདིའི་ཐ་དད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་བ་ནི་དུམ་ཉིད་དོ། །ཅིའི་ཕྱིར་མི་མཐོང་ཞེས་བྱ་བ་འདི་ལ་རྒྱུ་སྨོས་བ་ནི། །དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་རྟག་ཏུ་འབྲས་བུས་རྗེས་སུ་དཔག་པར་བྱ་བ ་ཡིན་ཏེ། ཇི་སྐད་དུ། དངོས་པོ་རྣམས་ཀྱི་ནུས་པ་ནི། །འབྲས་བུ་དོན་གྱིས་གོ་བས་བསྒྲུབ། ཅེས་བཤད་པ་བཞིན་ནོ། །དེའི་ཕྱིར་འདི་འབྲས་བུ་ཐ་དད་པོའི་རྗེས་སུ་འཇུག་སྟེ། རྗེས་སུ་འབྲེང་བ་བཞིན་ནོ། །བདག་ཉིད་ལ་ཡོད་པའི་ཐ་དད་པ་ཤེས་པར་བྱ་བའི་དོན་ཏོ་འབྲས ་བུ་ཐ་དད་པ་མཐོང་བ་མེད་པར་ནུས་པ་ཐ་དད་པར་ཤེས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་ནི་འབྲས་བུ་ཐ་དད་པ་ཡོད་པ་ཡང་མ་ཡིན་ཏེ། འདི་ལྟར་དེའི་འབྲས་བུ་ནི་རྟོགས་པ་ཉིད་ཡིན་ལ། དེ་ཡང་སྒྲ་ལ་དམིགས་པའམ། དོན་ལ་ཡིན་གྲང། རེ ་ཞིག་དང་པོ་ན་ཐ་དད་པ་མ་ཡིན་ཏེ་།སྒྲ་ནི་རྟག་ཏུ་དོ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །དོན་ལ་དམིགས་པ་ཡང་མ་ཡིན་ཏེ། ལན་བརྒྱུར་བརྗོད་ཀྱང་བ་ལང་གི་སྒྲ་ལ་སོགས་པ་ལས་གཞན་དང་འདྲ་བའི་རྟོགས་པ་སྐྱེ་བ་མ་ཡིན་ནོ། །ཀླགས་ཏེ་བཤད་པ་ནི། གཞན ་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་སྟེ། དོན་རྟོགས་པ་གཞན་དུ་མི་འཐད་པས་བརྗོད་པར་བྱ་བ་དང་རྗོད་པར་བྱོད་པའི་ནུས་པ་རྟོགས་ལ། ནུས་པ་ཉིད་ཀྱིས་བརྗོད་པར་འདོད་པའི་དོན་གྲུབ་པའི་ཕྱིར་ནུས་པ་དུ་མ་རྟོགས་པ་དོན་མེད་དོ། །གཞན་དུ་མི་འཐད་པའི་ནུས ་བ་ཐ་དད་བ་རྗེས་སུ་དཔག་པར་མི་ནུས་ཏེ། དེ་ནི་ནུས་པ་ཙམ་ཉིད་ལ་མཐུ་ཡོད་པའི་ཕྱིར་རོ། །འདི་ལས་ཀྱང་འབྲེལ་བ་བྱེད་པར་རིགས་པ་མ་ཡིན་ཏེ། དེས་ན་འབྲེལ་བ་རྟག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྲེལ་བ་རྗོད་བའི་དུས་སུ ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདི་ནི་བ་ལང་སྟེ་རྐང་བས་རིག་པར་མི་བྱའོ་ཞེས་སྨྲས་བ་དཔེ?། སྐྱེས་བུ་འགའ་ཞིག་གིས་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་གཟུང་ནས་འབྲལ་བ་སྔོན་དུ་འགྲོ་བ་ཅན་གྱིས་དོན་རྟོགས་པ་ཡིན་ལ་གཞན་དག་འབྲལ ་བ་མི་ཤེས་པ་ནི་རང་གི་ངོ་བོ་ཉིད་ཤེས་ཀྱི་དོན་མ་ཡིན་ནོ། །དེ་ལ་གལ་ཏེ་འབྲེལ་བ་དངོས་པོར་གྱུར་བ་མ་ཡིན་ན་དེའི་ཚེ་སྐྱེས་བུ་ཐམས་ཅད་ཐ་སྙད་ལ་བྱང་ཡང་དོན་དེས་པར་འཛིན་པར་མི་འགྱུར་རོ། །གཅིག་ལ་ཡོད་པ་དང་མེད་པ་ཕན་ཚུན་འགལ་བ་དག་རིགས་པ་མ ་ཡིན་ཏེ། དེ་ལྟ་བས་ན་འབྲེལ་བ་རྟག་ཏུ་གནས་པ་ཉིད་ཡིན་ནོ། །གལ་ཏེ་འབྲེལ་པ་རྟག་ཏུ་གནས་པ་ཡིན་ན། ཅིའི་ཕྱིར་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་དོན་རྟོགས་བར་མི་འགྱུར་སྙམ་བའི་རྩོད་པའི་དོགས་པ་བསུ་ནས་རྒྱས་བར་ལན་གདབ་བར་བྱ་བའི་ཕྱིར། ་གལ་ཏེ་ཡོད?་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་ཡིན་ཞེས་བྱ་བ་ནི་ཧ་ཅང་ཐལ་བར་འགྱུར་བ་ཟློག་པར་བྱེད་བ་ཡིན་ནོ། །ག་ལས་ཤེན་དེ་ལ་ལ་མ་གཟུང་བའི་ཕྱིར་རོ། །གལ་ཏེ་མ་གཟུང་བ་དེ་ལྟ་ན་ཡང་ཅིའི་ཕྱིར་རང་གི་འབྲས་བུ་སྐྱེད ་པར་མི་བྱེད། གཡུལ་གྱི་སེར་གལ་སོགས་པའི་ནང་དུ་ཞུགས་བའི་ཕྱིར་ས་བོན་ལ་སོགས་བ་བདག་ཉིད་ཀྱི་འབྲེས་བུ་མི་སྤོང་?་ཞེ་ན། འབྲེལ་བ་རང་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པར་བྱེད་བའི་ཆོས་ནི་གཞན་ཡིན་ལ་སྐྱེད་བར་བྱེད ་བར་ཡང་གཞན་ཡིན་ཏེ། སྒྲ་ནི་དུ་བ་བཞིན་དུ་དོན་ཤེས་པར་བྱེད་བ་ཡིན་གྱི། ས་བོན་ལ་སོགས་པ་བཞིན་དུ་སྐྱེད་བར་བྱེད་བ་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འོན་ཏེ་ཇི་ལྟར་ཡོད་པ་དང་མེད་པའི་ཕན་ཚུན་འགལ་བའི་ཕྱིར་གཅིག་ལ་མི་རིགས་པ ་དེ་བཞིན་དུ་འཛིན་པ་དང་མི་འཛིན་པ་ནག་ཀྱང་མ་ཡིན་ནམ། ཅི་སྟེ་འདི་དག་མི་འགལ་ན། །དེ་ནི་ཡོད་པ་དང་མེད་པ་དག་ལ་ཅི་ཞིག་སྡང་ཞེ་ན། །ལ་ལར་དོན་ནི་ཡོད་ན་ཡང། །ཞིས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་གཅིག་ལ་ཕན་ཚུན་འགལ་བའི་ཆོས་ཞེན་པ་འགའ་ ་ཕྱིར་ཆོས་ཅན་གཞན་ལ་ནི་མ་ཡིན་ནོ། །འཛིན་པ་དང་མི་འཛིན་པ་དག་ཀྱང་སྐྱེས་བུ་ཐ་དད་པས་ཆོས་ཅན་ཐ་དད་བའི་རྟེན་ཅན་ཡིན་པའི་ཕྱིར་མི་འགལ་གྱི། ཡོད་པ་དང་མེད་པ་དག་མི་མ་ཡིན་ཏེ། དེ་དག་གི་རྟེན་ཆོས་གཅིག་ཉིད་དུ་འདོད་པ་ལ་ཕྱིར་རོ། །ཞེས་བྱ་བ ་ནི་བསྡུས་པའི་དོན་ཏོ། །འོན་ཏེ་འཛིན་པ་དང་མི་འཛིན་པའི་ཕྱོགས་ལ་ཡང་ཤུགས་ཀྱིས་ཡོད་པ་དང་མེད་པར་དག་གཞི་གཅིག་ལ་ཕན་ཚུན་འགལ་བ་ཁྱེད་ལ་འབྱུང་བར་འགྱུར་བ་མ་ཡིན་ནམ། འདི་ལྟར་དངོས་པོ་ཡོད་པ་དང་མེད་པ་དག་གིས་འཛིན་བདག་ལ་ཁྱབ ་སྟེ། དེ་དག་ནི་དེའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡུལ་རུང་བར་མཚུངས་པ་ཅན་གྱི་སྐྱེས་བུ་གཉིས་གཅིག་ཁོ་ནས་མཐོང་གི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་བརྗོད་པར་བྱ་དགོས་སོ་ཞེ་ན། ལོད་དང་མ་ལོང་ཞེས་བྱ་བ་ལ་སོགས ་བ་སྨོས་ཏེ། དཔེར་ན་ལོང་བ་དང་ཅིག་ཤོས་དག་གི་དྲུང་ན་གནས་པའི་གཟུགས་མིག་མ་ཚད་བ་མེད་པ་ཁོ་ནས་དམིགས་ཀྱི་ཅིག་ཤོས་ཀྱིས་ནི་མ་ཡིན་ཏེ། དེ་དག་ལ་དཀར་པོ་ལ་སོགས་པ་དེ་ཡོད་པ་དད་མེད་པར་འགྱུར་བ་ནི་མ་ཡིན་པ་དེ་བཞིན་དུ་འབྲེལ་པ་ལ་ཡང ་ཡིན་ནོ། །འདི་ལ་གྱུ་ཅི་ཞིག་ཡོད་སྙམ་དུ་རྟོག་པ་བཟློག་བའི་ཕྱིར་འཐད་པ་སྨྲས་པ་ནི། མི་ཡི་ནུས་དང་ནུས་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཉིད་འཆད་དེ་དོན་ཡོད་ཁོ་ན་དམིགས་པའི་རྒྱུན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེས་བུ་ལ་ཡོད ་པའི་ནུས་པ་ཡང་ཡིན་ནོ། །དེས་ན་དོན་ཡོད་ན་ཡང་སྐྱེས་བུ་འགའ་ཞིག་ལ་ནུས་པ་ཡོད་པའི་ཕྱིར་མི་འཛིན་པ་འགལ་བ་མེད་པས་མི་འཛིན་པ་ལ་དོན་མེད་པས་མ་ཁྱབ་བོ། །གལ་ཏེ་དེ་ལྟ་ན་འབྲེལ་པ་ཡོད་ན་ཡང་སྐྱེས་བུ་རྣམས་ཀྱི་ནུས་པ་དང་ནུས་ལ་མེད་པ ་ཐ་དད་བའི་ཕྱིར་སྒྲ་ལས་དོན་འཛིན་པ་དང་མི་འཛིན་པ་དག་ཏུ་འགྱུར་བའི་ཕྱིར་ཐམས་ཅད་མཚུངས་སོ་ཞེ་ན། འབྲེལ་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་རྟོགས་པ་ནི་འབྲེལ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་བའི་ཕྱིར་རོ།། ་སྙམ་དུ་བས་ལས་པ་ཡིན་ནོ། །གཞན་ཞེས་བྱ་བ་ནི་རྒྱུ་དང་འབྲེལ་ལོ། །མཐོང་བའི་ཞེས་བྱ་བ་ནི་སྒྲ་དང་དོན་རྟོགས་པ་སྟེ། ཞེས་བྱ་བ་འདི་ལ་བལྟོས་ནས་འདི་དྲུག་པ་ཡིན་ནོ། །འབྲེལ་བ་ལས་ཞེས་བྱ་བ་ནི་གཞན་ལ་བལྟོས་ནས་ལྔ་བའོ། །འདིར་ཞེས་བྱ་བ་ནི་སྒྲ་དང ་དོན་གྱི་ཐ་སྙད་ལའོ། །གཞན་དག་ནི་མི་རྣམས་ཀྱི་ནུས་པ་དང་ནུས་པ་མེད་པ་འདིར་རྒྱུ་ཐ་དད་པའི་ཕྱིར་འགལ་བ་མེད་པས་ཞེས་བྱ་བ་འདི་ཉིད་ལ་འཐད་བའི་ངོ་བོར་སྨྲས་ན་རྗོད་བར་བྱེད་དོ། །འབྲེལ་བ་ལས་ཞེས་བྱ་བ་ནི་སྐྱེས་བུའི་ནུས་བ་ལས་ཞེས་བྱ་བའི་དོན་ཏོ།། ་འདི་ནི་ཞེས་བྱ་བ་ནི་དཀར་པོ་ལའོ། །དཔེ་ལས་བྱུང་བའི་དོན་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་ཁོ་ན་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ཐ་སྙད་དུ་བྱེད་བས་ན་ཐ་སྙད་དེ་སྒྲ་དང་དོན་གྱི་འབྲེལ་བའོ། །དེ་དམིགས་བ་ནི་ཡོངས་སུ་ཤེས་བའོ། །དེ་ནི་དབང ་བོ་དང་མཚུངས་ཏེ། འདི་ལྟར་གང་དག་ལ་དབང་པོ་དེ་ཡོད་པ་དེ་དག་ཁོ་ནས་དོན་རྟོགས་ཀྱི་གང་དག་ལ་མེད་པ་དེ་དག་ནི་དོན་ཡོད་ན་མི་དམིགས་སོ། །དེ་བཞིན་དུ་གང་དག་ལ་འབྲེལ་བ་ཡོངས་སུ་ཤེས་པ་ཡོད་བ་དེ་དག་སྒྲ་དང་དོན་རྟོགས་ཀྱི། ། ་གང་དག་མེད་པ་དེ་དག་ནི་འབྲེལ་པ་ཡོད་ན་ཡང་མི་དམིཌ་པའི་ཕྱིར་ཐམས་ཅད་མཚུངས་སོ། །གཞན་ཡང་ཐོག་མར་འབྲེལ་བའི་བྱེད་པ་པོ་གང་ཡིན་བ་དེ་ལ་སུ་ཞིག་གིས་འབྲེལ་བསླབས་ཞེས་བྱ་བ་འདི་མང་དུ་བརྗོད་བར་བྱ་དགོས་སོ། །རང་ཉིད་ཀྱིས ་སོ་ཞེ་ན་མ་ཡིན་ཏེ་།དེ་ཁོ་ན་བཞིན་དུ་གཞན་དག་ལ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་གཞན་ལས་ཡིན་ན་དེ་ཡང་གང་ལས་ཡིན། དེའི་ཡང་གཞན་ལས་ཡིན་ནོ། །ཞེ་ན་འོ་ན་དེ་ལྟར་ན་ཐོག་མ་མེད་པའི་ཕྱིར་སུས་ཀྱང་བྱེད་བ་མ་ཡིན་ནོ ་ཞེས་སྟོན་པ་ནི་མི་ཤེས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་སྒྲ་དང་དོན་གྱི་འབྲེལ་བ་ཡིན་པ་དེ་ནི་རྒེན་པོའི་ཐ་སྙད་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། འབྲེལ་བ་ཡིན་པའི་ཕྱིར། ད་ལྟར་བའི་འབྲེལ་པ་བཞིན་ནོ། །རྩོག་པའི་གཞིར་གྱུར ་བ་ཡང་འཕྲེལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་རེ་ཞིག་སྐྱེས་བུས་སོ་སོ་ལ་བརྡ་མི་སྲིད་དོ་ཞེས་བསྟན་ཟིན་ཏོ། །ད་ནི་བརྗོད་བ་རེ་རེ་ལ་ཞེས་སྨོས་བ་གང་ཡིན་པ་དེ་བསལ་བར་བྱ་བའི་ཕྱིར། །བརྗོད་པར་རེ་ཞེས་བྱ་བ་ལ་སོགས ་པ་གོས་ཏེ། སྙད་བའི་ཕྱིར་རོ་ཞེས་བྱ་བ་ནི་ཐ་སྙད་འཇུག་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྔར་བརྡ་མ་བྱས་པའི་ཕྱིར་ཐ་སྙད་འཇུག་བར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ད་ནི་འགྲོ་བའི་དང་པོར་ཞེས་གང་སྨྲས་བ་དེ་དགག་བའི་ཕྱིར་འབྱིན་བའི་དང? ་པོ་ཞེས་བྱ་བ་སྨོས་ཏེ། དེ་འདྲའི་ཞེས་བྱ་བ་ནི་སྒྲ་དང་དོན་གྱི་འབྲེལ་བས་སྟོང་བའི་བྱིན་པ་དང་?་བའི་བདག་ཉིད་དོ། །འདི་འདྲའི་མིན་ཞེས་བྱ་བ་ནི་ཐམས་ཅད་རྒྱུན་ཆད་པའི་བདག་ཉིད་དེ། དེ་ལ་ཚད་མ་མེད་བའི་ཕྱིར་རོ། །འོ་ན་ཇི་ལྟར་འཇིག་རྟེན་ན ་འཇིགས་པ་ལ་སོགས་བའི་ཐ་སྙད་རབ་ཏུ་གྲགས་པ་ཡིན་ཞེ་ན། འཇིག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་བའི་དོན་དུ་ཞེས་བྱ་བ་ནི་ཐམས་ཅད་རྒྱུན་ཆེད་བའི་བདག་ཉིད་དེ། ཀུན་ཏུ་བརྟགས་བ་ནི་མི་དགག་གོ་ཞེས་བསམ་བར་བྱེའོ ་ཤེས་མ་ཡིན་ཞེས་བྱ་བ་ནི་འཇིག་རྟན་གྱིས་སོ། །དེ་སྐད་སྟོན་བ་ནི་ལས་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཡང་ཅིའི་ཕྱིར་དོན་དམ་པར་མི་འདོད་ཅེ་ན་ཐམས་ཅད་ཞིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པ་དེན་དམ་བ་བ་ཡིན་དུ་ཆུག་མེད་དེ ་ལྟར་ན་ཡང་དེའི་ཆ་དྲན་པ་དང་ཤེས་རབ་ལ་སོགས་བའི་འདུ་བྱེད་ཉམས་བའི་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་འགའ་ཡང་མེད་པའི་ཕྱིར་འབྲེལ་བ་བྱེད་བར་རིགས་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཞིག་འབྲེལ་བ་ཞེས་བྱ་བ་ལ་སོཌ་པ་སྨོས་ཏེ། མི་རིག ་ཞེས་བྱ་བ་ནི་དེ་ནི་རྒྱས་པར་བཀག་ཟིན་པའི་ཕྱིར་རོ། །གོ་རིམས་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་དོགས་པར་བྱེད་དེ། །ཡི་གེའི་གོ་རིམས་ཉིད་ཚིག་ཏུ་འདོད་ཀྱི་གསལ་བ་ནི་མ་ཡིན་ནོ།། དེ་ཡང་སྐྱེས་བུའི་འདོད་པ་ལང་ག་ལས ་བའི་ཕྱིར་མི་རྟག་པ་ཉིད་ཡིན་ལ། དེའི་ཕྱིར་ཡི་གེ་རྣམས་ཀྱང་མི་རྟག་པར་འགྱུར་ཏེ། གོ་རིམས་ནི་ཡི་གེ་དག་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གང་ཕྱིར་ཚིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡི་གེའི་བདག་གི་ཚིག ་ཉིད་རྗོད་པར་བྱེད་པར་འདོད་དེ། གང་གི་ཕྱིར་ཚིག་གི་བློ་ནི་ཡི་གེའི་རིམ་པས་བྱས་ཀྱི་གསལ་སངས་བྱས་པ་ནི་མ་ཡིན་ལ། རིམ་པ་དེ་ཡང་སྐྱེས་བུས་བྱས་པ་ཡིན་ནོ་འདི་ཉིད་རྣམ་པར་འགྲེལ་བ་ནི། ཁྱེད་དང?་ཡི་གེ་ཀུན་འགྲོའི་ཕྱིར། ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཁྱེད་ལ་སྟེ་ཁྱེད་ཅག་དཔྱོད་པ་པ་རྣམས་ཀྱིས་ལྟར་ན་ཡི་གེ་དེ་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར། རིམ་པ་ཡུལ་གྱིས་བྱས་པ་མ་ཡིན་ཞིང་དུས་ཀྱིས་བྱས་པ་ཡང་མ་ཡིན་ཏེ། དེ་དག་ནི་རྟག་པ་ཡིན་པའི་ཕྱིར་རོ། །དེ་ལྟ ་བས་ན་གསལ་བར་བྱེད་པའི་སྒྲ་ཙམ་གྱིས་བྱས་པ་ཡིན་ལ། དེ་ཡང་མི་རྟག་པའི་ཕྱིར་དེས་བྱས་པ་ཡང་མི་རྟག་པ་ཉིད་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སྦྱོར་བ་ནི་གང་མི་རྟག་པས་བྱས་པ་དེ་ནི་མི་རྟག་པ་ཡིན་ཏེ། བུམ་པ་ལ་སོགས་པ ་བཞིན་ནོ། །ཡི་གེའི་རིམ་པ་ཡང་མི་རྟག་པས་བྱས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་སྐྱེས་བུའི་བརྗོད་པར་འདོད་པའི་དབང་གིས་བྱུང་བ་དེ་ནི་རྟོག་པ་དང་ལྡན་པས་སྐྱེས་བུས་བྱས་པ་ཉིད་དུ་ཐ་སྙད་བྱ་སྟེ། དཔེར་ན་ལག་པ ་གཡོ་བ་དང། མིག་འཛུམས་པ་ལ་སོགས་པ་བཞིན་ནོ། །ཡི་གེ་རྣམས་ཀྱི་རིམ་པ་ཡང་སྐྱེས་བུའི་འདོད་པས་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་རང་བཞིན་ནོ། །ཡང་ཇི་སྟེ་རིམ་པ་མེད་པ་ཡང་ཡི་གེ་རྣམས་ཉིད་རྣམས་ཡོངས་སུ་བཅད་པས་དོན་རྟགས ་པར་བྱེད་པར་འགྱུར་རོ་སྙམ་ན་དེའི་ཕྱིར། རིམ་པ་མེད་པ་སྔོན་བྱེད་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པ་མེད་པར་ནི་ཡི་གེ་རྣམས་དོན་རྟོགས་པའི་རྒྱུར་མ་མཐོང་སྟེ། དེ་ལྟ་བས་ན་དེ་དག་གི་རིམ་པ་གདོན་མི་ཟ་བར་ཁས་ལེང?་བར་བྱའོ། །དེ་ལྟན ་སྤྱོད་པ་ཁྱེད་ཅག་ལ་རིམ་པ་ཉིད་ཚིག་དང་བརྗོད་པ་ཉིད་དུ་ཐལ་བར་འགྱུར་གྱི། ཡི་གེ་ཡན་གར་བ་རྣམས་ནི་མ་ཡིན་ཏེ་རིམ་པ་དེ་ཡང་མི་རྟག་པའི་ཕྱིར་བརྗོད་པར་བྱེད་པ་ཡང་མི་རྟག་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་སྒྲ་རྟག་པ་ཉིད་དུ་བརྟགས་པ་དོན་མེད་དོ། །འདི ་ལྟར་བརྗོད་པར་འདོད་པའི་སྒྲ་རྟག་པ་ཉིད་དུ་བསྒྲུབས་བར་འདོད་ཀྱི་གཞན་ནི་མ་ཡིན་ནོ། །དེ་བས་ན་ཁྱེད་ཅག་གི་ཡི་གེ་རྟག་པ་ཉིད་དུ་སྒྲུབ་བར་བྱེད་པ་གང་ཡིན་པ་དེ་སྐབས་སུ་མི་མཁོ་བ་འབའ་ཞིག་ཏུ་ཟད་དོ། །དེ་ནི་རྗོད་བྱེད་མ་ཡིན་བའི་ཕྱིར་རོ། །གང་ཡང་རྗོད་པར ་བྱེད་བ་དེའི་རིམ་བའི་ངོ་བོ་དེ་ནི་རྟག་པ་ཉིད་དུ་ཁས་བླངས་བའི་ཕྱིར་རྩོམ་པ་ཐམས་ཅད་འབྲས་བུ་མེད་པ་ཡིན་ནོ།། བརྡ་སྤྲོད་པ་བ་གང་དག་གི་ལྟར་ན། ཡི་གེ་ལས་གསལ་བའི་ཐ་དད་པ་ཞེས་བྱ་བ་ཆ་ཤས་མེད་བའི་ཚིག་སྟེ། བརྗོད་པར་འདོད་པ་དེ་དག་གི ་ལྟར་ན་ཡང་སྒྲ་རྟག་པ་ཉིད་བརྟགས་པ་འདི་དོན་མེད་པ་ཡིན་ཏེ། གསལ་བ་ཞེས་བྱ་བའི་དངོས་པོ་དེ་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །འདིར་ལན་སྨས་པ་ནི་རེ་ཞིག་ཅེས་བྱ་བ་ལ་སོགས་ཏེ། གོ་རིམས་ཡོད་པ་ནི་གོ་རིམས་ཅན་ཏེ། གོ་རིམས་ཅན་དེ ་ཙམ་ཁོ་བོ་ཅག་ལ་འཛིན་པར་བྱེད་བ་ཉིད་དུ་ཐལ་བར་མི་འགྱུར་ཏེ། འཁྲུལ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་བསྟན་བའི་ཕྱིར་དངོས་པོ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཞན་གྱི་རྟེན་ཅན་ཞེས་བྱ་བ་ནོར་བུ་དང ་མུ་ཏིག་ལ་སོགས་པའི་རྟེན་ཅན་ཏེ། ཡི་གེའི་རྟེན་གྱི་གོ་རིམས་ཉིད་འབའ་ཞིག་རྗོད་པར་བྱེད་འདོད་པ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན། །དེ་དག་གི་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཞན་དུ་ཞེས་བྱ་བ་ནི་རང་དབང་གིས་རྗོད་པར་བྱེད་པ་ཉིད་དུ ་ཞེས་དགོངས་པའོ། །དེ་ལྟ་མ་ཡིན་ན་དོན་དམ་བར་ཆོས་དང་ཆོས་ཅན་དད་པར་མི་འགྱུར་ལ། །དེ་ཡང་འདོད་བ་ཡིན་ནོ། །འོ་ན་ཅི་ཞིག་རྗོད་པར་བྱེད་ཅེ་ན། དེ་ནས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་ཁྱད་པར་ཅན་གྱི ་རིམ་པས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རིམ་པ་ཙམ་རྗོད་བར་བྱེད་བ་མ་ཡིན་ལ། ཡི་གེའི་རྟེན་ཅན་ཡང་མ་ཡིན་ཞིང་ཡི་གེ་ཙམ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེན་ཡི་གེ་ཉིད་ཀྱི་རིམ་པ་དང་ལྡན་བརྗོད་བར་བྱེད་པ་ཡིན་པ་དེས་ན་རིམ་པ་ནི་རྗོད་པར་བྱེད་པ་ཉིད ་ལ་གཙོ་བོ་ཡིན་ཏེ། དེ་དང་ལྡན་པ་ཉིད་ཀྱིས་རྟོགས་བཞིན་པ་དེ་ནི་སེལ་བ་ཡིན་བའི་ཕྱིར་རོ། །འོ་ན་གང་ཞེ་ན། ཡི་གེ་རྣམས་ཡིན་ཏེ། དེ་དག་ནི་ཆོས་ཅན་ཡིན་བས་རྟོགས་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །མི་རྟག་ཕྱིར་ཞེས་གཏན་ཚིགས་གཉིས་གང་སྨས་པ་དེ ་མ་གྲུབ་པར་སྟོན་པ་ནི་རིམ་པ་འབྲས་བུ་ཉིད་མིན་ཏེ། ཞེས་བྱ་བ་སྨོས་སོ། །སྔར་གྲུབ་ཡོངས་སུ་འཛིན་བའི་ཕྱིར། །ཞེས་བྱ་བ་ནི་རྣམ་པར་གནས་པ་ཉིད་ཀྱི་རིམ་པ་ཉེ་བར་ལེན་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་སྨྲ་བོ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འབྲེལ་པ་བཞིན་དུ་རིམ་པ་ཡང་ཐོག་མ་མེད་བ་ཡིན་ནོ། །དེས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །དེ་ལྟ་བས་ན་རིལ་སོགས་པ་བཞིན་དུ་རིམ་པ་འདི་གཅིག་གི་ངོ་བོར་མི་བྱེད་ན་ན་ཡང་རྒན་བའི་ཐ་སྙད་ཉིད་ཡིན་པའི་ཕྱིར ་རྟག་པ་ཉིད་དུ་ངེས་པར་བྱའོ། །དེའི་ཕྱིར་འདིས་ནི་རིམ་བའི་ཐ་སྙད་རྟག་པ་ཉིད་དུ་བསྟན་པ་ཡིན་གྱི། རིལ་སོགས་པ་བཞིན་དུ་གཅིག་གི་ངོ་བོ་རྟག་པ་ཉིད་ནི་མ་ཡིན་ནོ། གལ་ཏེ་དེ་ལྟ་ན་རིམ་པ་བཞིན་དུ་ཡི་གེ་རྣམས་ཀྱི་ཐ་སྙད་ཀྱང་རྟག་པ་ཉིད་དུ་ཅིའི ་ཕྱིར་མི་འདོད་ཅེ་ན?་ཡིག?་དུ་མར་ཞེས་བྱ་བ་སྨོས་ཏེ། ཡི་གེ་རྣམས་རིམ་པ་བཞིན་དུ་དུ་མར་གནས་ཏེ། རྟག་པ་ཉིད་ཡིན་ན་ཡང་ཐ་སྙད་རྟག་པ་ཉིད་ཀྱིས་དོན་རྟོགས་པའི་ཐ་སྙད་འགྲུབ་པ་མ་ཡིན་ནོ། །ཇི་ལྟར་མི་འགྲུབ་ཅེ་ན་ཡི་གེ་རྟག་པར་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཡི་གེ་གཅིག་གི་ངོ་བོར་གནས་པ་རྟག་པ་ཉིད་ཀྱིས་ཡི་གེ་རྣམས་རྟག་པར་འགྲུབ་པ་དེ་ལྟ་ཡིན་ན། སྐྱེས་བུ་བརྒྱད་པས་ཐ་སྙད་ཡོད་པའི་ཕྱིར་རིམ་བར་འབྱུང་སྟེ། རིམ་པའི་བདག་ཉིད་ཐོབ་པར་འབྱུང་བ་ཡིན་ཏེ། དཔེར་ན ་བུམ་པ་ལ་སོགས་བའི་བཀོད་པ་རྡུལ་བྲ་རབ་ཀྱི་རྒྱུ་མཚན་ཅན་ཡིན་པ་བཞིན་ནོ། །ཁ་ཅིག་ཏུ་རིམ་སོགས་ཤེས་འདོན་པ་དེ་རིམ་སོགས་པའི་སྒྲས་འབྲེལ་བ་དང་དོ་ཤེས་པ་ལ་སོགས་པ་བཟུང་ངོ་ཅི་སྟེ་རྟག་པ་ཉིད་མེད་པར་ཡི་གེ་དང་རྡུལ་ཕྲ ་རབ་དག་གཉི་གའི་ཡང་བཀྲོང་བ་ཅིའི་ཕྱིར་མི་སྲིད་ཅེ་ན། དེ་མེད་ཅེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ཅེས་བྱ་བ་ནི་ཡི་གེ་དང་རྡུལ་ཕྲ་རབ་གཉི་གའི་ཡང་ཅིག་གི་རང་བཞིན་དུ་གནས་པའི་རྟག་པ་ཉིད་མེད་པའོ། །འོན་ཏེ་བུམ་པ་ལ་སོགས ་པ་ལ་རྩོམ་པར་བྱེད་བའི་རྡུལ་ཕྲ་རབ་ཡོད་བ་བཞིན་དུ་ཡི་གེ་རྣམས་ལ་ཡང་ཆ་ཕྲ་མོ་ཡོད་པ་ཡིན་ཏེ། ཇི་སྐད་དུ། ཡི་གེ་རྣམས་ལ་ཡང་ཡི་གེའི་ཆ་བཞི་པ་ཡོད་དོ་ཞེས་བཤད་པ་མ་ཡིན་ནམ་དེ་ཇི་ལྟར་ཡི་གེ་རྣམས་གཅིག་གི་རང་བཞིན་དུ་གནས ་པའི་རྟག་པ་ཉིད་དུ་བརྗོད་པར་བྱེད་ཅེ་ན། ཉེས་པ་དེ་ནི་མེད་དོ། །ཇི་ལྟར་ཡི་གེའི་ཆ་ཡོད་པ་མ་ཡིན་ནོ་ཞེས་གསལ་བ་སུམ་ཕྱུང་བར་འདི་བསྟན་ཟིན་ཏོ། །གཞན་ཡང་གལ་ཏེ་གཅིག་གི་རང་བཞིན་རྟག་པ་ཉིད་ཀྱིས་ཡི་གེ་རྣམས་རྟག་པར་འགྱུར་ན ་དེའི་ཚེ་སྨྲ་བ་པོ་ཐམས་ཅད་ལ་གཞན་གྱིས་རབ་ཏུ་དཔྱད་བའི་སྒྲ་དག་བདག་གིས་བརྗོད་དོ་ཞེས་བྱ་བའི་བརྗོད་པར་འདོད་པ་འདིར་མི་འགྱུར་བ་ཞིག་ན་འགྱུར་བ་ཡང་ཡིན་ཏེ། དེ་ལྟ་བས་ན་ཡི་གེ་རྟག་པ་མེད་པ་མི་རིགས་སོ་ཞེས་བསྟན་བའི་ཕྱིར། གཞན་གྱིས ་བརྗོད་བར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གལ་ཏེ་ཡི་གེ་ག་ལ་སོགས་པའི་རིམ་པ་དོན་དམ་པར་རྟག་པ་མ་ཡིན་ཞིང་གསལ་བར་བྱེད་བའི་སྒྲ་ཙམ་ཡང་མ་ཡིན་ལ། དེ་དག་སྐུལ་བར་བྱེད་པའི་རྐན་ལ་སོགས་པའི་ལྡན་པ་དང་རྣམ་པར་འབྱེད་བ་ཡང་རྟག་པ ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་འདི་དག་མི་ཉན་པའི་ཕྱིར་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་མཚོན་པར་བྱ་བར་ནུས། མ་མཚོན་ན་དེ་དག་གིས་སྒྲ་དང་དོན་གྱི་ཐ་སྙད་སོ་སོར་ངེས་པར་བྱ་བ་ནུས་པ་ཡང་མ་ཡིན་ཏེ། ཧ་ཅང ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་འབྲེལ་བ་བྱེད་བ་ཉིད་ལ་སྐྱོན་བརྗོད་པ་གང་ཡིན་པ་དེ་ཐམས་ཅད་མངོན་བར་གསལ་བའི་ཕྱོགས་ལ་ཡང་མཚུངས་པ་ཡིན་ཏེ། ཇི་ལྟར་གང་དག་ཡི་གེ་རྣམས་ཀྱི་མངོན་པར་གསལ་བར་བྱེད་ཅིང་མཐོང ་བའི་སྒྲ་ཙམ་དེ་དག་རེ་ཞིག་སྨྲ་བ་བོས་སྐུལ་བར་ནུས་བ་མ་ཡིན་ཏེ། དེ་དག་ནི་ཞིག་པའི་ཕྱིར། །གང་ཡང་སྐུལ་བར་བྱེད་བ་དེ་དག་ནི་མངོན?་བར་གསལ་བར་བྱེད་བ་མ་མཐོང་ངོ། །དེ་བཞིན་དུ་གང་དག་རྐན་ལ་སོགས་པའི་ལྡན་པ་དང་རྣམ་པར་དབྱེ ་བ་ལས་སྒྲ་ཙམ་སྐུལ་བར་བྱེད་བ་མཐོང་བ་དེ་དག་ན་བྱི་བར་ནུས་པ་མ་ཡིན་ལ་གང་ཡང་གསར་དུ་བྱེད་བ་དེ་དག་ནི་སྐུལ་བར་བྱེད་བ་མ་མཐོང་དེ་ལྟ་ཡིན་དང་རིམ་གྱིས་མངོན་པར་བསལ་བའི་ཡི་གེ་རྣམས་དོན་ཐ་དད་པ་རྟོགས་བའི་རྒྱུར་ཅི་ལྟར ་འགྱུར་ཞེས་བྱ་བའི་འདི་ཐམས་ཅད་རྟོགས་པར་བྱས་ནས་ལན་འདབ་བའི་ཕྱིར། ཇི་ལྟར་བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བུམ་པ་ལ་སོགས་པ་མི་རྟག་པ་ཉིད་ཡིན་ན་ཡང་རིགས་ལ་བརྟེན་ནས་ཐ་སྙད་བསྒྲུབས་པ་དེ་བཞིན་དུ་གོ ་རིམས་ལ་སོགས་པ་མི་རྟག་པ་ཉིད་ཡིན་ཡང་ཐ་སྙད་དུ་འགྱུར་རོ། །ཇི་ལྟར་ཞེ་ན་རེ་ཞིག་རྐན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་རྐན་ལ་སོགས་པའི་གནས་ཀྱིས་རིགས་རྣམས་ནི་སྐྱེས་བུ་ཐམས་ཅད་དང་འདུ་བའི་རྐན་ལ་སོགས་པ་དང ་ལྡན་པའི་ཕྱིར་སྐྱེས་བུ་ཐམས་ཅད་ལ་རྣམ་པར་གནས་པ་ཡིན་ནོ། །སྨྲ་བ་པོ་ཡང་རྐན་ལ་སོགས་པའི་རིགས་དེ་དག་གིས་རྐན་ལ་སོགས་པའི་མཚོན་ནས་ཏེ། ངེས་པར་བཟུང་ནས་ཕྱིས་སྒྲ་ཙམ་སྟེ། གསལ་བར་བྱེད་བའི་རླུང་རྣམས་རྗོད་པར་བྱེད་བ་སྐུལ ་བར་བྱེད། ཁྱད་པར་མ་བཟུང་བར་ཁྱད་བར་ཅན་གྱི་བློར་མི་འགྱུར་རོ་ཞེས་བྱ་བའི་རིགས་བས་སོ། །སྒྲ་ཙམ་དེ་དག་གལ་ཏེ་ཡང་མི་རྟག་པ་ཡིན་པ་དེ་ལྟ་ན་ཡང་བ་ལང་དང་རྟ་ལ་སོགས་བའི་རིགས་བཞིན་དུ་ཇི་སྲིད་དུ་སྟེ། ཡི་གེ་ཇི་སྙེད་པ་དེ་སྙེད་ཀྱི་རིགས་ཡོད་པ ་ཡིན་ཏེ། དེ་དག་ཉིད་གསལ་བས་གྲོགས་བྱས་བ་ན་སྒྲ་མངོན་པར་གསལ་བའི་རྒྱུར་འགྱུར་བ་ཡིན་ཏེ། ཡང་ན་སྒྲ་ཙམ་གྱི་གསལ་པ་ཉིད་རིགས་ཀྱིས་གྲོགས་བྱས་པ་ན། ཡི་གེ་དང་རྗེས་སུ་མཐུན་པའི་ངོ་བོས་གསལ་བར་བྱ་བའི་ཕྱིར་འཇུག་པ་ཡིན་ནོ ་ཞེས་བྱ་བ་ནི་ཕྱོགས་གཞན་ཡིན་ནོ། །འོན་ཏེ་གལ་ཏེ་ཡང་སྒྲ་ཙམ་རྣམས་ཀྱིས་རིགས་ཐ་དད་པ་ཡོད་པ་དེ་ལྟ་ན་ཡང་སྒྲ་ཙམ་དེ་དག་གིས་མཚོན་བ་ན་ཡང་རིག་པ་མེད་བར་ཡི་གེ་མངོན་པར་གསལ་བའི་གོ་རིམས་བསྒྲུབ་པར་ནུས་པ་མ་ཡིན་ཏེ། ་འདི་ལྟར་དེ་དག་རིགས་ཀྱི་ཁྱད་པར་ཐ་དད་མ་ཡིན་ཡང་རང་ལས་རིམ་པ་ཡོད་པ་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །དེ་ཇི་ལྟར་ཡི་གེ་རྣམས་ཀྱིས་རིམ་པ་གསལ་བར་བྱེད་བའི་རིམ་པས་བྱས་ཞེས་དོགས་བ་བསུ་ནས་དེ་ལ་སྒྲ་ཙམ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སྒྲ་ཙམ་རྣམས་ཀྱི་གོ་རིམས་རང་ལས་མ་ཡིན་པ་དེ་ལྟ་ན་ཡང་དེ་དག་གིས་རྐན་ལ་སོགས་བའི་ལྡན་པ་དང་རྣམ་པར་དབྱེ་བ་རྣམས་ནི་གོ་རིམས་བསྒྲུབ་བར་བྱེད་པ་ཡིན་ཏེ་།རྐན་ལ་སོགས་བའི་ལྡན་པ་ལ་སོགས ་པའི་རིམ་པ་དང། སྒྲ་ཙམ་གྱི་རིམ་པ་གཉི་ག་རང་གི་རྟེན་ལ་འདུ་བའི་རིགས་ཀྱི་སྒོ་ནས་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་རང་གིས་དེ་ལྟར་མཚོན་བ་ན་ཐ་སྙད་ཀྱི་ཡན་ལག་ཏུ་འགྱུར་བས་གོ་རིམས་མི་རྟག་པ་ཡིན་ན་ཡང་རིགས་ཀྱིས་རྟག་པ ་ཉིད་དུ་མཚོན་འར་ནུས་ཤེ་ན། ཇི་ལྟར་བསྐོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བསྐོར་བ་དང་གཡབས་པ་ལ་སོགས་པ་ནི་གར་ལ་སོགས་པའི་བྱ་བའི་ཁྱད་པར་ཡིན་ཏེ། སོགས་པའི་སྒྲས་གྲོག་མོ་ལ་སོགས་པ་གཟུང་སྟེ་ཇི་ལྟར ་དེ་དག་གི་གོ་རིམས་རྗེས་སུ་འཇུག་པའི་ཆའི་རིགས་ལ་སོགས་བྱས་མཚོན་པ་ནི་ཐ་སྙད་ཀྱི་ཡན་ལག་ཡིན་ཏེ། འདིར་ཡང་སོགས་པའི་སྒྲས་གྲོག་མོ་ལ་སོགས་པའི་རིགས་བཟུང་ངོ། །དེ་བཞིན་དུ་རྐན་ལ་སོགས་བའི་སྒྲ་ཙམ་གྱི ་ཡི་གེ་ལ་བརྟེན་པའི་རིམ་པ་རྗེས་སུ་འཇུག་པ་རྐན་ལ་སོགས་པའི་རིགས་ཀྱིས་མཚོན་བ་ན་ཐ་སྙད་ཀྱི་དོན་དུ་བྱེད་བ་ཡིན་ནོ་ཞེས་སྦྱར་རོ། །རྐན་སོགས་སྒྲ་ཙམ་ཡིག་རྟེན་འགྱུར། ཞེས་བྱ་བ་ནི་རྐན་ལ་སོགས་པ་དང། སྒྲ་ཙམ་ཡང་ཡི་གེ་ཞེས་བྱ་བ ་ནི་ཚིག་རྣམ་པར་སྦྱར?་བའི་བསྡུ?་ཡིན་ཏེ། དེ་ལ་བརྟེན་བའི་ཕྱིར་དེ་སྐད་ཅེས?་བྱའོ། །?་ནི་རྒན་ལ་སོགས་པའི་ལྡན་པ་ལ་སོགས་པའི་རིམ་པ་སྒྲ་ཙམ་བརྗོད་བའི་རྒྱུ་དང་རང་གི་རིགས་ཉེ་བར་མཚོན་བ་དང་སྒྲ་ཙམ་གྱི་རིམ་པ་ཡང་རྐན་ལ་སོགས་པའི ་ལྡན་པ་དང་དབྱེ་བའི་རིམ་པ་སྔོན་དུ་འགྲོ་བ་ཅན་རང་གི་རིགས་ཉེ་བར་མཚོན་པ་ན་ཡི་གེ་མངོན་པར་གསལ་བའི་རིམ་པ་དང། དེ་ཡང་དོན་རྟགས་བའི་རྒྱུ་མཚོན་ཡིན་ནོ་ཞེས་བསྟན་བ་ཡིན་ནོ། །ཁ་ཅིག་ཆ་ཞེས་འདོན་བདེར་ནི་འདི་ལྟར་སྦྱར་བར་བྱ ་སྟེ། དཔེར་ན་བསྐོར་བ་ལ་སོགས་པའི་བྱ་བའི་ཡན་ལག་རིམ་པ་དང་ལྡན་པ་རིགས་སམ་དེ་ལས་གཞན་པའི་ཆོས་འགའ་ཞིག་གིས་ཉེ་བར་མཚོན་བ་ན་ཐ་སྙད་ཀྱི་རྒྱུར་འགྱུར་བ་དེ་བཞིན་དུ་རྐན་ལ་སོགས་པ་ལ་བརྟེན་པའི་རིམ་པ་རྗེས་སུ་འཇུག་པའི ་ཐ་སྙད་ཀྱི་ཡན་ལག་ཀྱང་ཡིན་ནོ། །ཁ་ཅིག་ཏུ། རིམ་པ་རྗེས་སུ་དྲན་འགྱུར་ཏེ། དེ་ལྟར་ཞེས་འདོན་བདེར་ནི་འདི་ལྟར་སྦྱར་བར་བྱ་སྟེ། ཇི་ལྟར་གཡབས་བ་ལ་སོགས་པའི་ཆའི་རིགས་ལ་སོགས་བ་དེ་ལྟར་རྐན་ལ་སོགས་པའི་?་ཡི་གེ་ལ ་བརྟེན་པ་རྐན་ལ་སོགས་པའི་སྒྲ་ཙམ་གྱི་ཡུལ་ཅན་ཀོན?་ལ་སོགས་པའི་རིགས་མཚོན་ནས་རིམ་པ་རྗེས་སུ་དྲན་བར་འགྱུར་བ་ཡིན་ནོ། །ཡང་སྒྲ་ཙམ་རྣམས་ཀྱི་གོ་རིམས་རྐན་ལ་སོགས་པའི་ལྡན་པ་དང་རྣམ?་པར་ཕྱི་མའི་རིམ་པས་བྱས་པ་མ་ཡིན་གྱི་འོན་ཀྱང ་རང་ཉིད་ཀྱིས་ཡིན་ཏེ། ཆ་ཤས་དང་བཅས་པའི་ཕྱིར་རོ་ཞེས་བསྟན་བའི་ཕྱིར་ཡང་ན་ཕྲ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་རྣམས་ཀྱི་ཞེས་བྱ་བ་ནི་སྒྲ་ཙམ་རྣམས་ཀྱིའོ། །དེ་དག་གི་རིམ་པ་དང་ལྡན་པ་རྩོམ་པར་བྱེད་བའི་ཆ་ཕྲ་མོ་གང་དག་ཡིན ་པ་དེ་དག་གིས་ཐ་སྙད་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་དེ་དག་ལ་རིགས་ཀྱི་རང་བཞིན་གྱི་ཆོས་རྟག་པ་ཉིད་ལ་སོགས་པ་སོ་སོར་དེས་པ་སྟེ་མངོན་པར་གསོལ་བའི་རྒྱུ་རྣམས་དེས་པར་དཔྱད་པར་སྟེ། ངེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལས་ཅི་ཞིག་འགྲུབ ་པར་འགྱུར་ཞེ་ན། དེའི་དབང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱབ་པ་ཉིད་ཡིན་ན་ཡང་རིམ་པ་བཞིན་དུ་སྒྲ་ཙམ་གྱི་དབང་གིས་ཡི་གེ་རྣམས་རིམ་པ་དང་ལྡན་པའི་སྙམ་དུ་སྣང་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྐབས་ཀྱི་དོན་?། །ཁ་སྡུད་པར ་བྱད་དེ། སྒྲ་ཙམ་གྱིས་ཡོན་ཏན་ནི། རིམ་པ་དང་གསལ་བ་དང་ཞན་པ་དང་ཕྱོགས་གཅིག་ཏུ་འཇུག་པ་ལ་སོགས་བའོ། །རྟག་པ་ཉིད་དུ་རྣམ་གནས་པ། ཞེས་བྱ་བ་ནི་རིགས་ཀྱི་སྒོ་ནས་སོ། །རྗེས་སུ་བྱེད་བ་ནི་རྗེས་སུ་འཇུག་པའོ། །དེ་ལྟར་གལ་ཏེ་རྟག་པ་དང་ཐམས་ཅད་དུ་སོང ་བ་དག་གི་ཕྱིར་ཡི་གེ་རྣམས་ཀྱི་རིམ་པ་ལ་སོགས་པ་རང་ལས་ཡོད་པ་མ་ཡིན་དེ། དེ་སྐད་དུ་ཡང་གསལ་བར་བྱེད་པའི་སྒྲ་ཙམ་ཡོད་པར་འདི་དག་ཡི་གེ་ལ་དོན་རྟོགས་བའི་ཡན་ལག་ཡིན་ནོ་ཞེས་རྒྱས་པར་བསྟན་ཟིན་ཏོ། །ད་ནི་ཡང་མ་དུས་སུ་གཏོགས ་ཉིད་ཀྱི་སྒྲ་ཙམ་གྱི་ཁྱད་པར་ཅན་རྣམ་པར་དབྱེ་བའི་ཆ་དག་ནི་ཡི་གེ་རྣམས་འཛིན་པ་ན་རྟོག་པའི་ཡན་ལག་ཡིན་ནོ་ཞེས་ཕྱོགས་གཞན་བསྟེན་བའི་ཕྱིར། ཡི་གེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ཙམ་སྟེ་གསལ་པར་བྱེད་བའི་རླུང་རྣམས་ཁྱད ་པར་ཏེ་བྱེ་བྲག་ཏུ་གྱུར་བ་དུས་རྣམ་པར་དབྱོ་བ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འོན་ཏེ་དུས་སྨྲ་བ་རྣམས་ཀྱི་དུས་གཅིག་དང་ཁྱབ་པ་དང་རྟག་པ་ཉིད་དུ་འདོད་པ་མ་ཡིན་ནམ། ཇི་སྐད་དུ་བྱ་བ་ལས་ནི་ཐ་དད་པའི། །བྱ་བ་དང་ལྡན་པ་ཡི་ཆད། །རྟག་པ་གཅིག་ཏུ ་ཁྱབ་བའི་རྫས། །དུས་སུ་ཁ་ཅིག་རྗོད་བར་བྱེད། ཅེས་བཤད་པ་བཞིན་ཏེ། དེའི་ཕྱིར་ཇི་ལྟར་རྣམ་པར་དབྱེ་བར་རིགས་ཤེ་ན། དུས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་དབྱེ་བ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ནི་རིམ་པ་གཞན་ཡིན་པའི་ཕྱིར ་གཅིག་ན་ཡང་ཁྱབ་ན་ཡང་ཞེས་བྱ་བ་འདིར་སྤྲེལ་པར་བྱའོ། །ཇི་ལྟར་རྣམ་པར་བྱེ་བ་ཡིན་ཞེ་ན། དངོས་པོར་ཀུན་ལ་ཡི་གེ་བཞིན། ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། དཔེར་ནག་ལ་སོགས་པའི་ཡི་གེ་རྟག་པ་གཅིག་ཏུ་ཡིན་ཡང་གང་གི་ཚེ་སྒྲ་ཙམ ་གྱི་ཁྱད་པར་འབའ་ཞིག་གིས་ཡུལ་འབའ་ཞིག་ཏུ་གསལ་བར་བྱེད་པ་དེའི་ཚེ་ཡུལ་སོགས་པ་རྣམ་པར་ཕྱེ་ནས་རྣམ་པར་དབྱེ་བ་རྟོགས་བར་འགྱུར་ལ་དུས་ཀྱང་དེ་བཞིན་ནོ། །གལ་ཏེ་ཡང་འདི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་པ་དེ་ལྟན་ཡང་གང་གི་ཚོགས་པའི ་ཁྱད་པར་འགའ་ཞིག་གིས་དངོས་པོ་འགའ་ཞིག་ལ་གསལ་བར་བྱེད་བ་དེའི་ཚེ་རྣམ་པར་དབྱེ་བ་འཛིན་པ་ཡིན་ལ། གང་གི་ཚེ་ཡི་གེ་རྣམས་ལ་གསལ་བར་བྱེད་བ་དེའི་ཚེ་དོན་རྟོགས་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །འོན་གལ་ཏེ་རྣམ་པར་བྱེ་བ་ཡིན་ན་དེ་ཇི ་ལྟར་རྟག་པ་དང་ཁྱབ་པ་ཉིད་རྟོགས་ཤེ་ན། གཞན་དག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྕུག་མ་དང་མེ་ཏོག་ལ་སོགས་པས་གཞན་དག་ལ་ཡང་ཡོད་པའི་ཕྱིར་ཡོད་པ་བཞིན་དུ་དེ་རྟག་པ་དང་ཁྱབ་པ་ཉིད་དུ་གྲུབ་སྟེ། རྟག་པ་སྨོས་པ་ནི་ཉེ་བར་མཚོན་པ ་ཡི་ནོས?་དེའི་ཕྱིར་ཚིག་གི་ཞེས་བྱ་བ་ལ་སོགས་པ་རང་གི་ཕྱོགས་གྲུབ་བར་མཇུག་སྡུད་བར་བྱེད་པ་ཡིན་ནོ། །འདི་འདྲ་འགའ་ཡང་ཞེས་བྱ་བ་ནི་གོ་རིམས་ལ་སོགས་པའི་ངོ་བོའོ། །འོ་ན་གལ་ཏེ་གེ་རིམས་ནི་དུས་ཀྱི་ཆོས་སམ་གསལ་ཡང་བྱེད་བའི་སྒྲ་ཙམ་གྱི ་ཆོས་ཡིན་གྱི་དོན་དམ་པར་ཡི་གེའི་ཆོས་ནི་མ་ཡིན་ནོ། དེ་ཇི་ལྟར་འདི་རྟོག་བའི་ཡན་ལག་ཉིད་ཡིན་ཏེ། གཞན་གྱི་ཆོས་ནི་གཞན་གྱིར་གྱུར་བ་མ་ཡིན་ཞེ་ན། གཞན་གྱི་ཆོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྗོད་ཅེས་བྱ་བ་ནི། ?་ཞུགས་མ་?་འགྲོ ་བ་ནི། ཞེས་བྱ་བ་ལ་སོགས་པ་སྟེ། གྲུར་ཞུགས་པའི་ཚིག་ནི་བཞོན་པ་ལ་ཞོན་པ་ཐམས་ཅད་མཚོན་པ་ཡིན་ནོ། །རྟའི་ཤུགས་ལ་སོགས་པ་བཞིན་ཞེས་བྱ་བ་ནི་དཔེར་ན་རྟ་ལ་སོགས་པ་ལ་ཡོད་པའི་ཤུགས་དེ་ལ་ཞོན་བའི་སྐྱེས་བུ་ཡུལ་གཞན་དུ་ཕྱིན་པ་དང། ཤིང ་ལྗོན་པ་ལ་སོགས་པར་འགྲོ་བར་ཤེས་པའི་ཡན་ལག་ཏུ་འགྱུར་བ་དེ་བཞིན་སྒྲ་ཙམ་ལ་ཡོད་བའི་གོ་རིམས་ཀྱང་ཡི་གེས་དོན་རྟོགས་པར་བྱེད་པའི་ཡན་ལག་ཡིན་ནོ། །དེ་ལྟེར་རྒྱས་པར་སྒྲ་མི་རྟག་པ་ཉིད་དུ་དམ་བཅའ་བ་ལ་དོན་གྱིས་གོ་བའི་ཚད་མས་གནོད ་པ་ཉིད་དུ་བསྒྲུབས་ནས་མཇུག་སྡུ་བའི་ཕྱིར། ཐམས་ཅད་རྟག་པ་ཉིད་ལ་ནི། ཞེས་བྱ་བ་ལ་སོགས་པ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་འདིར་མཇུག་སྡུད་པར་བལྟ་བར་བྱའོ། །ཐམས་ཅད་ཅེས་བྱ་བ་ནི་རྟོགས་པ་གཞན་དུ་མ་འཐད་པས་ཡི་གེ་རྟག་པ་ཉིད ་དུ་གྲུབ་པ་འབའ་ཞིག་ཏུ་མ་ཟད་འོ་ན་ཅི་ཞེ་ན། རྐན་ལ་སོགས་པ་དང་སྒྲ་ཙམ་ལ་སོགས་པ་ཡང་ཡིན་ནོ། །ཇི་སྐད་དུ་བཤད་པ་ལས་བརྗོད་པ་ཙམ་ཉིད་ན་འཇིག་པ་ན་ཁྱེད་ལ་གཞན་གྱིས་སྒྲས་གཞན་གྱི་དོན་རྟོགས་པར་མི་ནུས་ཏེ། དེས་ན་གཞན་གྱི་དོན་བརྗོད་པར་མི ་འགྱུར་རོ། །འོན་ཏེ་མི་འཇིག་ན་དེའི་ཕྱིར་སྔར་མང་དུ་དམིགས་པས་དོན་རྟོགས། །ཞེས་བྱ་བར་རིགས་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །དམ་བཅའ་བ་ལ་རང་གི་ཚིག་དང་ཁས་བླངས་པ་དང། ལུང་དང་གྲགས་པས་གནོད་པ་ཡང་བསྟན་པའི་ཕྱིར། རང་གི་ཚིག་ཅེས ་བྱ་བ་ལ་སོགས་པ་རྒྱས་པར་སྨོས་ཏེ། སོགས་པའི་སྒྲས་ཁས་བླངས་པ་དང་འགལ་བ་ལ་སོགས་པ་བཟུང་ངོ། །བསྟན་ཟིན་ཏེ་ཞེས་བྱ་བ་ནི་དོན་དང་འབྲེལ་བ་མ་མཐོང་བའོ། །སྒྲ་ནི་རྗོད་བྱེད་དུ་མི་འགྱུར་ཞེས་བྱ་བ་ལ་སོགས་པས། །དེས་ན་དོན་རྟོགས་པའི་ཞེས ་བྱ་བ་ནི་དོན་རྟོགས་པ་སྟེ་དོན་ཤེས་པས་ཐོབ་པ་སྟེ་གྲུབ་པ་ནི་དོན་རྟོགས་ཐོབ་པའོ། །དོན་རྟོགས་པ་གཞན་དུ་མི་འཐད་པར་གྲུབ་པས་རྟག་བའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ། ཁས་བླངས་པས་གནོད་པ་བཤད་པ་ནི། དོན་གྱི་རྗོད་བྱེད་ནུས་པ་ནི་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྒྲུབ་པ་ན་ཞེས་བྱ་བ་ནི་སྒྲུབ་བར་བྱེད་པ་རྗོད་པ་ཞེས་བྱ་བ་ཤུགས་ཀྱིས་ཐོབ་སྟེ། དེ་ལྟ་མ་ཡིན་ན་གཞན་ལ་བསྒྲུབ་བར་མི་ནུས་བའི་ཕྱིར་རོ། །ལུང་གིས་གནོད་པ་སྨྲས་པ། བསྟན་བཅོས་སོ་སོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་རྣམས ་ཀྱིས་དོན་རྟོགས་པའི་ནུས་པ་གང་དག་ཡིན་པ་དེ་དག་གི་དམ་བཅའ་ལ་གནོད་པའི་ཕྱིར་ཞེས་ཁ་བསྐོད་དོ། །གྲགས་བས་གནོད་པ་བཤད་པ་ནི། སྔར་བཤད་བའི་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་བཤད་པའི་རིགས་པ་ནི་དེ་མ་ཐག་ཏུ་བཤད་པའི་ཚིགས་སུ་བཅད ་པའོ། །འདི་ལྟར་གནོད་པར་བྱ་སྟེ། འཇིག་རྟེན་ཀུན་གྱིས་དེས་བཟུང་བའོ། །དོན་རྟོགས་པ་ཡི་ནུས་རྣམས་ཀྱིས། །རྒོལ་བ་ཀུན་གྱི་འཇིག་རྟེན་གྱི། གྲགས་བས་འཇིག་པ་ལ་གནོད་དོ། །ཞེས་བྱ་བ་ཡིན་ནོ། །རྗེས་སུ་དཔག་པ་ལ་སོགས་པ་དང་འགལ་བ་སྔར་བཤད་པ་དྲན ་པར་བྱ་བའི་ཕྱིར། སྔར་བཤད་གཏན་ཚིགས་ཤེས་པ་ལ་སོགས་པ་སྨོས་ཏེ། སྔར་བཤད་གཏན་ཚིགས་ནི། ཡུལ་དང་དུས་སོགས་ཐ་དད་བའོ། །བ་ལང་སྒྲའི་གསལ་བའི་བློ། །ཐམས་ཅད་མཚུངས་པའི་ཡུལ་ཅན་ནམ། །སྣ་ཚོགས་དོན་གྱི་ཡུལ་ཅན་ཡིན། །པ ་ལང་སྙམ་དུ་སྐྱེས་བའི་ཕྱིར། །དེ་ལྟར་སྐྱེས་བའི་བློ་བཞིན་ནོ། །ཞེས་བྱ་བ་ཚོཌ་ཀྱིས་དང། གཞན་ཡང་རྣ་བ་ལས་བྱུང་བའི། །དོ་ཤེས་བ་ཡིས་སྒྲ་རྟག་དང། །ཁྱབ་པ་ཉིད་དུ་གནས་ན་དེ། །ཕྱིན་ཅི་ལོག་ཏུ་སུ་ཞིག་དེས། །ཞེས་བྱ་བ་འདིས་སོ། །ལྷག་མ་ཕྱོགས་ཀྱིས་སྐྱོན་དང་གཏན་ཚིགས ་ཀྱི་སྐྱོན་འགའ་ཞིག་བསྟན་པར་འདོད་ནས་དེ་འཇིག་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ལ་འཇུག་པའི་རྣམ་པར་རྟོག་པ་གྲུབ་པའི་མཛའ་ཐ་དད་བས?་འཆད་དེ། དེ་གྲངས་ཅན་རྣམས་ཀྱིས་སྒྲ་དང་རྡུལ་དང་སུན་བ་དང་སྙིང་སྟོབས་ཀྱིས་རང་བཞིན ་ཡིན་པའི་ཕྱིར་ཡོན་ཏན་གསུམ་དུ་འདོད་དེ། །ནམ་མཁའ་ཨི་གོས་ཅན་དག་གིས་ནི་གང་ཟག་སྟེ། གང་ཟག་ནི་རྡུལ་ཕྲ་རབ་ཙམ་ལ་བརྗོད་དེ། །དེ་དག་གི་འདི་ནི་གང་ཟག་ཅན་ཏེ། དེའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། གཟེགས་ཟན་བདག་གིས་ན། ནམ་མཁའ་ ་ཡོན་ཏན་དུ་འདོད་དོ། །འཇིག་རྟེན་པ་རྣམས་ཀྱིས་ནི། ཡི་གེ་ལས་ཐ་དད་བའི་སྒྲ་ཙམ་གྱི་བདག་ཉིད་དུ་སྟེ། ཇི་སྐད་དུ་སྙིམ་པར་ལྷུང་གི་བཤད་པ་ན་ལས་ཡང་ན་འཇིག་རྟེན་ན་ཚིག་གི་དོན་རྟོགས་པའི་སྒྲ་ཙམ་ནི་སྒྲ་ཡིན་ནོ་ཞེས་བཤད་པ་བཞིན་ནོ། །སློབ ་བྱེད་པ་རྣམས་ཀྱིས་ནི་རྗོད་པར་བྱེད་པ་མ་ཡིན་པའི་རླུང་གི་ངོ་བོ་སྟེ། ཇི་སྐད་དུ་རླུང་གི་སྒྲར་འགྱུར་ཞེས་བཤད་པ་ལྟ་བུའོ། །བརྡ་སྒྲོད་པ་པ་རྣམས་ཀྱིས་ནི། །ཚིག་གསལ་བའི་བདག་ཉིད་དམ་དག་གསལ་བའི་བདག་ཉིད་དུ་འདོད་དོ། །ཇི་སྐད་དུ། མཛའ་ཡི ་སྒྲ་དང་ལྷན་ཅིག་ཏུ། སྒྲ་ཙམ་གྱིས་བསྐོས་ས་བོན་གྱིས། །ཡོངས་སུ་སྨིན་པར་འགྱུར་བ་ཡི། །བློ་ལ་སྒྲ་ནི་ངེས་པར་བཟུང། །ཞེས་བཤད་པ་ལྟ་བུའོ། །འབིགས་བྱེད་ན་གནས་?་ནི། འདྲ་སྟེ་མཚུངས་པར་འདོད་དོ། །སངས་རྒྱས་?་རྣམས་ཀྱིས་ནི། །གཞན ་ལས་ལྡོག་པ་སྟེ། གཞན་སེལ་བ་ཞེས་བརྗོད་པར་བྱེད་པ་གང་འདོད་པ་དེ་ལ། གལ་ཏེ་གྲངས་ཅན་ལ་སོགས་པས་འདོད་པའི་སྒྲ་དེ་དག་མི་རྟག་པ་ཉིད་དུ་བསྒྲུབ་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ཏེ། རང་གི་ངོ་བོར་བསྟན་བྱ་བ། །ཞེས ་བྱ་བ་འདིས་གྲུབ་པ་ངོ་བོར་བཀག་བའི་ཕྱིར་རོ། །སྤྱོད་པ་པ་རྣམས་ཀྱིས་འདི་འདྲ་བའི་སྒྲ་རྟག་པ་ཉིད་དུ་བསྒྲུབ་པར་འདོད་པ་ཡང་མ་ཡིན་ནོ། །གཞན་ཡང་ཁུ?་བོ་ཅག་ལ་ཡོན་ཏན་གསུམ་ལ་སོགས་པའི་བདག་ཉིད་ཀྱི་ཁྱད་པར་གྱི་སྒྲ་ཆོས་ཅན་མ་གྲུབ་པའི ་ཁྱད་པར་མ་གྲུབ་པ་ཉིད་ཀྱི་ཕྱོགས་ཀྱི་སྐྱོན་ཡིན་ལ། གཏན་ཚིགས་ཀྱང་གཞིས་གྲུབ་པའི་སྐྱོན་ཡིན་ཏེ། རྣམ་པ་དེ་ལྟ་བུའི་ཆོས་ཅན་མ་གྲུབ་བའི་ཕྱིར་རོ། །ཅི་སྟེ་ཞེས་བྱ་བ་ནི་ཅི་སྟེ་དང་ཅག་དཔྱོད་ཕ་པ་རྣམས་ཀྱིས་མངོན་པར་འདོད་པའི་ག་ལ་སོགས ་བའི་ཡི་གེ་ཉིད་སྒྲ་ཡིན་གྱི་ཐ་དད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདིར་འགྱུར་ན། དེ་ལྟ་ཡིན་ན་སངས་རྒྱས་པ་ལ་སོགས་པ་ལ་ཁྱད་བར་མ་གྲུབ་པ་ཉིད་ཀྱི་དམ་བཅའ་པའི་སྐྱོན་དང་གཞི་མ་གྲུབ་བའི་གཏན་ཚིགས་ཀྱི་སྐྱོན་འདི་གཉིས་འབྱུང་བར་འགྱུར་རོ ་ཅི་སྟེ་སྒྲ་ཙམ་བརྗོད་པར་གྱུར་ན་སྟེ། བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་དུ་ཞེས་བྱ་བ་ལྟག་མའོ། །དེ་ལྟ་ཡིན་དང་སྒྲ་ཉིད་ཀྱི་སྤྱི་ཁྱེད་ཅིག་སྟེ་ཁྱེད་ལ་མི་རྟག་ཉིད་དེ་ཐོབ་པོ་ཞེས་ཁོང་ནས་འབྱུང་ངོ། །འདི་ལྟར་ཙམ་གྱིས་སྒྲས ་ཁྱད་བར་ཐམས་ཅད་དོར་བར་བྱས་ན་སྤྱི་ལས་གཞན་པའི་སྒྲ་ཙམ་གཞན་ཅི་ཞིག་ཏུ་འགྱུར་དེ་ལྟ་བས་ན་ཤུགས་ཀྱིས་ཁྱེད་ཅག་གིས་སྒྲ་ཉིད་མི་རྟག་བ་ཉིད་དུ་དམ་བཅས་པར་འགྱུར་རོ། །དེ་ལྟར་གྱུར་མེད་ཅེན་མ་ཡིན་ཏེ། དེ་ཡང་ཐམས་ཅད་རྟག་པར་འདོད། ཅེས ་བྱ་བ་སོགས་པ་སྨོས་ཏེ། དེ་སྐད་དུ་ཡོད་?་གཞན་སེལ་བར་སྨྲ་བ་སངས་རྒྱས་པ་རྣམས་ཀྱིས་ཀྱང་རིགས་ཀྱི་ཆོས་གནས་པའི་ཕྱིར་རོ། །ཞེས་བཤད་དོ། །འདིས་ནི་ཁས་བླངས་པས་གནོད་པར་བཤད་དོ། །དེ་ཉིད་སྟོན་པ་ནི་གང་ཅུང་ཟད་གྲུབ་པའི་མཛའ་ཨི ་རྗེས་སུ་འབྲེལ་ནས་སྤྱི་རྣམ་པར་འཇོག་པ་དེ་ཐམས་ཅད་ནི་རྒོལ་བ་ཐམས་ཅད་ཀྱི་བརྟག་པར་འདོད་དེ། དེ་ལྟ་མ་ཡིན་ན་གསལ་བ་བཞིན་དུ་གཞན་དང་གཞན་སྐྱེ་བས་གསལ་པ་གཞན་ལམ་ཁྱབ་པའི་ཕྱིར། དེའི་སྒྱིའི་རང་བཞིན་ཉིད་ཉམས་པར་འགྱུར་རོ། །དེ ་ལྟར་རེ་ཞིག་བསྒྲུབ་བྱའི་ཆོས་ཅན་གྱི་རྣམ་པར་རྟོགས་པས་ཕྱོགས་ཀྱི་ཉེས་པ་བསྟན་ནས་དེ་ནི་བསྒྲུབ་བྱའི་ཆོས་ཀྱི་རྣམ་པར་རྟོག་པའི་སྒོ་ནས་བསྟན་པར་འདོད་ནས། གལ་ཏེ་གཏན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཏན་ནས་རྗེས་སུ ་འགྲོ་བ་མེད་པར་འཇིག་པའི་མཚན་ཉིད་ཀྱི་འཇིག་པ་ཉིད་གང་ཡིན་པ་དེ་མི་རྟག་པ་ཉིད་དུ་བསྒྲུབ་པར་འདོད་པ་དེའི་ཚེ་ཁོ་བོ་ཅག་ལ་ཁྱད་པར་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ཏེ། འདི་ལྟར་དཔྱོད་པ་པ་རྣམས་ནི། སེར་སྐྱ་པ་དག་བཞིན་དུ་རྗེས་སུ་འགྲོ་བ ་མེད་པར་འཇིག་པ་ཉིད་ཀྱི་ཁྱད་པར་མ་གྲུབ་པ་སྟེ་བུམ་པ་ལ་སོགས་པ་རྣམས་ཞིག་ན་ཡང་ནུས་པའི་ངོ་བོས་གནས་པའི་ཕྱིར་རོ། །སྒྲོན་མ་ལ་སོགས་པ་ཡང་དེའི་ཚ་ཆ་ཤས་ཕྲ་མོ་རྣམས་ཡུལ་གཞན་དུ་ཕྲ་ཞིང་ཕྲ་བ་འགྲོའོ་ཞེས་འདོད་པའི་ཕྱིར་རོ། །ཅི་སྟེ་ཇི་ཞིང ་ལྟར་མི་རྟག་པ་བསྟན་པ་ཉིད་དུ་བསྒྲུབ་པར་འདོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡིན་ལ་དེ་བཞིན་དུ་རྟག་པ་རྣམས་ལ་ཡང་མངོན་པར་གསལ་བ་དང་མངོན་པར་མི་གསལ་བའི་གནས་སྐབས་ལ་བརྟེན་ནས་སྤྱི་རྟག་པ་ཉིད་དུ་བསྟན་པ་ཁོ་ནའོ། །དེ་ལྟར་རེ ་ཞིག་སྒྲ་མི་རྟག་པ་ཡིན་ནོ་ཞེས་བྱ་པའི་དམ་བཅའ་བ་ནི་རྒྱས་པར་སུན་ཕྱུང་ནས་དེ་ནི་དབང་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་སྐྱོན་བསྟེན་པའི་ཕྱིར་དབང་པོ་འབའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོས ་བཟུང་པོ་འབའ་ཞིག་ནི་འབྲས་བུ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དང་བྲལ་པ་སྟེ། ཁྱད་པར་མེད་པ་དེ་གཏན་ཚིགས་ཡིན་ན་སྔར་བསྒྲུབས་པའི་རིགས་དེ་ཕྱིས་གཏན་ཚིགས་མ་ངེས་པར་འགྱུར་ཏེ། ལྡོག་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཕྱིར ་རྒོལ་པས་རིགས་ཁས་བླངས་པའི་ཕྱིར་ལྡོག་པ་མ་གྲུབ་པ་དེ་ལྟ་ན་ཡང་སངས་རྒྱས་པ་ལ་སོགས་པས་རིགས་ཁས་མ་བླངས་པའི་ཕྱིར་གྲུབ་པ་ཉིད་ཡིན་ཏེ་དེའི་ཕྱིར་ཇི་ལྟར་མ་ངེས་པ་ཡིན་ཞེ་ན། དཔེར་ན་ཕྱིར་རྒོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉི ་ག་ལ་ངེས་པ་གང་ཡིན་པ་དེ་ནི་དེ་ཉིད་སྒྲུབ་པ་དང་སུན་འབྱིན་པ་ཡིན་ནོ་ཞེས་བྱ་བའི་རིགས་པ་ལས་སོ། །ཇི་ལྟར་ཕྱོགས་ཀྱི་ཆོས་གང་ཡང་རུང་བ་ལ་མ་གྲུབ་ན་གཏན་ཚིགས་སྐྱོན་ཅན་དུ་འགྱུར་པ་དེ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་གང་ཡང་རུང་བ ་ལ་མ་གྲུབ་པ་ན་སྐྱོན་ཅན་ཉིད་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་གྲུབ་ན་ཡང་ཞེས་ཚིག་རྣམ་པར་བསྒྱུར་ལ་གཉིས་ཀྱི་ཚིག་སྦྱར་བར་བྱའོ། །དེ་ལྟར་ན་གལ་ཏེ་གཉི་ག་ལ་གྲུབ་པ་གང་ཡིན་པ་དེ་ཉིད་སྒྲུབ་པ་འམ་སུན་འབྱིན་པ་ཡིན་ན། དེ་ཇི་ལྟར ་སངས་རྒྱས་པ་ལ་མ་གྲུབ་པའི་རིགས་ཀྱིས་འཁྲུལ་པར་བརྗོད་པ་ཡིན་ཞེ་ན། དེ་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སྒྲུབ་པར་བྱེད་པ་སྨྲ་བ་སངས་རྒྱས་པ་ལ་རིགས་མི་མཐུན་པའི་ཕྱོགས་ཉིད་དུ་མ་གྲུབ་བ་དེ་ལྟ་ན་ཡང་དོགས་ལ?་མི ་ལྡོག་སྟེ། དེ་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་བསྒྲུབ་པར་བྱ་བ་དད་སྒྲུབ་པར་བྱེད་པ་དག་གི་རྣམ་པར་རྟོག་བ ་གཞན་གྱིས་སུན་འབྱིན་པ་ནི་དབང་པོས་གཟུང་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་མི་རྟག་པ་ཉིད་གཟུང་ངོ། །དེ་ལ་དབང་པོས་བཟུང་བར་བྱ་བ་ཉིད་ལ་སོགས་པ་ཅིའི་བདག་ཉིད་ཡིན་ཞེས་དཔྱད་པར་བྱ་སྟེ། སྤྱི་གསལ་བ་ལས་ཐ་དད ་པ་ཡིན་ནམ། འོན་ཏེ་ཐ་དད་པ་ཡིན་གྲང། དེ་ལ་ཐ་མི་དད་པའི་ཕྱོགས་ལ་ཡང་ཐ་དད་པ་དང་ཐ་མི་དད་པ་གསལ་བར་བྱེད་དེ། ཅི་དེ་ཐ་དད་ན་ཡང་གོང་བུ་སོ་སོ་ལ་ཐ་དད་པའམ། འོན་ཏེ་ཐ་མི་དད་པ་ཡིན་ཏེ། གཅིག་ཅེས་བྱ་པའི་ཐ་ཚིག་གོ། དེ་ལ་ཐ་མི་དད་པའི ་ཕྱོགས་ལ་དབང་པོས་བཟུང་བར་བྱ་བ་ཉིད་ཀྱི་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་ཡིན་ཏེ། གསལ་བ་ལ་ཐ་མི་དད་པའི་ཕྱིར་དེའི་ཕྱིར་རང་གི་ངོ་བོ་བཞིན་དུ་དེ་གསལ་བ་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཐ་དད་པའི་ཕྱོགས་ལ་ཡང་དཔྱོད་པ་བ་ཐ ་དད་པར་མི་འདོད་པའི་ཕྱིར། གསལ་བ་རེ་རེ་དང་ཐ་དད་པའམ་ཐ་མི་དད་པ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་ཀྱི་སྐྱོན་མ་བརྗོད་དེ། ཐ་དད་དུ་གྲུབ་པ་ན་དེའི་གོ་སྐབས་ཡོད་པའི་ཕྱིར་རོ། །མི་རྟག་པ ་ཉིད་ཀྱང་ཐ་དད་པའི་ཕྱོགས་ལ་མཐུན་པའི་ཕྱོགས་བསྒྲུབ་བྱ་དང་བྲལ་བ་ཡིན་ཏེ། དཔེ་བསྒྲུབ་བྱ་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། ཐ་མི་དད་པའི་ཕྱོགས་ལ་ཡང་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་ཡིན་ཏེ། གསལ་བ་གསལ་བ་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ།། ་ད་ནི་བཙལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཉིད་འཆད་པ་ནི་བཙལ་མ་ཐག་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། བཙལ་བའི་མཇུག་ཐོགས་སུ་དམིགས་པ་ཉིད་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དུ་བརྗོད་ལ་དེ་ནི་མི་མཐུན་པའི ་ཕྱོགས་ལ་ཡང་འཇུག་པའི་ཕྱིར་མ་ངེས་པས་བྱས་པ་དང་མི་རྟག་པ་ཉེད་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འདི་ལྟར་སངས་རྒྱས་པ་རྣམས་ཀྱིས་སོ་སོར་བརྟགས་པའི་འགོག་པ་དད་ན་མཁའ་ཞེས་བྱ་བ་འདུས་མ་བྱས་གསུམ་པོ་དངོས་པོ་སྐད་ཅིག་ལས་ཐ་དད་པ་མ་བྱས་པ་དང ་རྟག་པར་འདོད་དེ། དེ་ལ་གཏན་ཚིགས་འདི་འདུག་གོ། །ཞེས་བསྟན་པའི་ཕྱིར་བློ་སྔོན་འགྲོ་བའི་ཞེས་བྱ་བ་སྨོས་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱི་བློ་སྔོན་དུ་འགྲོ་བའི་འཇིག་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པའི་འགོག་པའོ། །གང་ཡང་བློ་སྔོན་དུ་འགྲོ་བ་ཅན ་མ་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །ཞེས་བྱ་བའི་དེ་ནི་སངས་རྒྱས་པའི་གཞུང་ལུགས་ཡིན་པར་གྲག་གོ། དེ་དག་གི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་རྣམས་ཀྱིའོ། །གཉིས་ཞེས་བྱ་བ་ནི་སོ་སོར་བརྟགས་པ་དང་སོ་སོར་བརྟགས་པ་མ་ཡིན ་པའི་འགོག་པ་དག་གོ་།མ་བྱས་པར་ཡང་ཞེས་བྱ་བའི་ཡང་གི་སྒྲ་ལས་རྟགས་པ་ཡང་ངོ། །ཇི་ལྟར་འདི་དག་གི་མ་བྱས་པ་ཉིད་དང། རྟག་པ་ཉིད་དག་དད་ཡང་ཇི་ལྟར་དེ་ལ་གཏན་ཚིགས་འཇུག་པ་དེ་ལྟར་གཞན་གྱི་ལུགས་ཀྱིས་བསྒྲུབ་པའི་ཕྱིར། དེ་དག་ཅེས་བྱ ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་སངས་རྒྱས་པ་རྣམས་སོ། །འོན་ཏེ་མེས་བུས་ཤིང་དད་དབྱུག་པས་བུམ་པ་ཞེས་བྱ་བའི་འཇིག་པའི་རྒྱུ་དག་མཐོང་བ་མ་ཡིན་ནམ། དེའི་ཕྱིར་འདི་ལྟར་རྒྱུ་མེད་པ་ཉིད་ཡིན་ཞེ་ན། མེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་དེ་ལ་མེ་ལ་སོགས་པ་ནི་སོལ་བ་ལ་སོགས་པའི་དངོས་པོ་གཞན་གྱི་རྒྱུ་ཉིད་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ངེས་ཀྱི་འཇིག་པའི་ནི་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །འོ་ན་གལ་ཏེ་རང་བཞིན་གྱིས་འཇིག་པ་ཡིན་ན་ཅིའི་ཕྱིར་མེ་ལ་སོགས ་པ་དང་ཕྲད་པ་ལས་སྔར་ཡང་དམིགས་པར་མི་འགྱུར་ཞེ་ན། འདྲ་བའི་རྒྱུན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་གཞན་དང་གཞན་འབྱུང་པས་བསླུས་པའི་ཞན་པ་རྣམས་ཀྱིས་མི་ངེས་ལ་རྒྱུན་མི་འདྲ་བར་འབྱུང་པས་ནི་ངེས་པ་ཡིན་ནོ། །མི་མཐུན་པའི་རྒྱུ་ནི ་ཐོབ་ལ་སོགས་བའོ། །མི་མཐུན་པའི་འབྲས་བུ་ནི་གྱོ་མོ་ལ་སོགས་པའོ། །གནས་སྐབས་འདིར་འཇིག་པར་རིགས་པ་ཉིད་དུ་གསལ་བར་འགྱུར་རོ་ལོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །མི་འདྲ་བའི་རྒྱུན་ཞེས་བྱ་བ་ནི ་མི་མཐུན་པའོ། །རྒྱུ་གང་ལས་ཞེས་བྱ་བ་ནི་བཞི་མཐུན་པ་ཉིད་དོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་རྒྱུས་སོ། །གང་ལས་ཞེས་བྱ་བ་བསྟན་པར་བྱ་བ་གང་ཡིན་པ་དེ་ནི་མངོན་པར་གསལ་བ་ཞེས་བྱ་བ་ཕྱི་མ་དང་འབྲེལ་ཏོ། །གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཉིད་བསྟན ་པའི་ཕྱིར་གང་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་འགོག་པ་རྣམ་པ་གཉིས་སོ། །ཐོ་བ་བརྡེགས་པ་ལ་སོགས་བརྩོད་པའི་མཇུག་ཐོགས་སུ་ཤེས་པ་དམིགས་པ་ནི་ཐོ་བ་བརྡེགས་པ་ལ་སོགས་པའི་བཙལ་མ་ཐག་ཏུ་བྱུང་བ་ཞེས་བྱའོ། །གསུམ་གྱིས ་ཞེས་སྨྲས་པ་དེ་ལ་གཉིས་ཀྱིས་འཁྲུལ་པ་བསྟན་ནས། གསུམ་པ་ནམ་མཁས་ཀྱང་འཁྲུལ་པར་བསྟན་པའི་ཕྱིར་ནམ་མཁའ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཙལ་བ་ཡིས་ཞེས་བྱ་བ་ནི་ས་ལ་སོགས་པ་དེ་རྐོ་བ་ལ་སོགས་བ་བྱེད་པར་གྱུར་པས་བཙལ་བ ་ཡིས་སོ། །དེ་ལ་ཞེས་བྱ་བ་ནི་སྒྲ་ལའོ། །མཐོང་བ་ནི་བཙལ་མ་ཐག་ཏུ་བྱུང་བའི་ཤེས་པའོ། །དེ་ལྟར་གཏན་ཚིགས་ཀྱི་སྐྱོན་བརྗོད་ནས་དཔེའི་སྐྱོན་བརྗོད་པར་འདོད་ནས། མཐུན་པའི་ཕྱོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུན་པའི་ཕྱོགས་ནི་དཔེ་སྟེ། དེ་ཅི་ཐོས ་པའི་དོན་ཡིན་པར་འདོད་དམ། འོན་ཏེ་བསལ་བ་ཡིན་གྲང། གལ་ཏེ་ཐོས་པའི་དོན་ཡིན་པ་དེའི་ཚེ་བསྒྲུབ་བྱ་མཚང་པའི་དཔེའི་ཉེས་པ་ཡིན་ཏེ། འདི་ལྟར་ཐོས་པ་ནི་སྒྲའོ། །དེའི་དོན་ནི་བརྗོད་བྱ་སྟེ། དེ་ཡང་བུམ་པ་ལ་སོགས་པའི་སྤྱིའི་ཡིན་ལ། དེ་ཡང་རྒོལ ་བ་ཐམས་ཅད་མི་རྟག་པ་ཉིད་དུ་འདོད་པའི་ཕྱིར་།དེ་ལ་མི་རྟག་པ་ཉིད་ཀྱི་བསྒྲུབ་པར་བྱ་བའི་ཆོས་སུ་འགྲོ་བ་མ་ཡིན་ནོ། །ཁ་ཅིག་ཏུ་རིགས་ཀྱི་དོན་ལ་ཞེས་འདོན་པ་དེར་ནི་ལས་འཛིན་པའི་བསྡུ་བ་བྱ་སྟེ། དོན་ནི་འདྲ་བ་ཉིད་དོ། །ཅི་སྟེ་ཕྱོགས་གཉིས ་པ་ཡིན་ན་དེའི་ཚེ་ཡང་དཔེ་ཉིད་དུ་འདོད་པའི་གསལ་བ་དེ་རིགས་ལས་གཞན་ནམ་གཞན་མ་ཡིན་པར་བརྟག་པར་བྱ་སྟེ། ཅི་གསལ་བ་དེ་རིགས་ལས་གཞན་ཡིན་ནམ། འོན་ཏེ་གཞན་མ་ཡིན། གལ་ཏེ་གཞན་ཡིན་པ་དེའི་དཔྱོད་བ་བ?་ལ་དཔེའི་ཆོས་ཅན་མ་གྲུབ་སྟེ ་དཔྱོད་པ་པ་ནི་བྱེ་བྲག་པ་ལ་སོགས་པ་བཞིན་དུ་མཛའ་གཅིག་ཏུ་རིགས་གསལ་བ་ལས་དེད་ལ་གཞན་དུ་མི་འདོད་དོ། །ཇི་སྐད་དུ། རིགས་ལ་སོགས་པ་གསལ་བ་ལས། །དེད་ལ་གཞན་ཉིད་གནས་པ་མེད། ཅེས་སྨྲས་བ་ལྟ་བུའོ། །འོན་ཏེ་གཞོན་མ་ཡིན་པའི ་ཕྱོགས་ཡིན་པ་དེའི་ཚེ་གཞན་སངས་རྒྱས་པ་ལ་དཔེའི་ཆོས་ཅན་མ་གྲུབ་སྟེ་།གཞན་གྱིས་གསལ་བ་ལས་གཞན་མ་ཡིན་པའི་རིགས་བ་མི་འདོད་དོ། །ཅི་སྟེ་ཐ་དད་པ་ཐ་མི་དད་པའི་རྣམ་པར་རྟོག་པ་སྤངས་ནས་བུམ་པ་དཔེ་ཉིད་དུ་ལེན་པར་བྱེད་ན་དེའི་ཚེ་ཡང་ཁོ ་བ་ཅག་ལ་དཔེ་བསྒྲུབ་བྱས་སྟོང་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཁྱད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་བུམ་པའི་དངོས་བོའོ། །ཇི་ལྟར་ཞེ་ན། འདིའི་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།བུམ་པའི་དངོས་པོ་འདིའི་རིགས་ཀྱི་མིང་ཅན་གྱི་ཆ ་རྣམས་ནི་རྟག་ལ། ཅིག་ཤོས་གསལ་བའི་མིང་ཅན་རྣམས་ནི་འཇིག་པ་སྟེ་འགྱུར་བ་ཅན་ནོ་འདི་སྙམ་དུ་ཇི་ལྟར་ཕན་ཚུན་འགལ་བའི་རང་བཞིན་གཉིས་རིགས་པ་ཡིན་སྙམ་དུ་སེམས་ན་དངོས་པོ་གཅིག་འདྲེན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན ་ཡང་བསྒྲུབ་བྱའི་ཆོས་རྣམ་པར་རྟོགས་པའི་སྒོ་ནས་དཔེའི་སྐྱོན་བརྗོད་པར་འདོད་ནས་དེ་ལྟར་མི་རྟག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་།གལ་ཏེ་རྗེས་སུ་འགྲོ་བ་མེད་པར་འཇིག་པའི་མཚན་ཉིད་ཀྱི་མི་རྟག་པ་ཉིད་བསྒྲུབ་བྱ་ཉིད་དུ་འདོད་པ་དེའི་ཚེ་ཁོ་བོ ་ཅག་དཔྱོད་པ་ལ་དཔེ་བསྒྲུབ་བྱ་མཚང་བ་ཡིན་ཏེ། ཁོ་བོ་ཅག་གིས་ནི་དངོས་པོ་རྣམས་ཀྱི་འཇིག་པ་བསྟན་ནས་ཆད་པར་མི་འདོད་དེ་ནུས་པའི་ངོ་བོར་གནས་པའི་ཕྱིར་རོ། གལ་ཏེ་ཡང་འཇིག་པ་ཞེས་པ་སྤྱིའི་སྒྲ་ཡིན་པ་དེ་ལྟ་ན་ཡང་སྐབས་ཀྱི་རྗེས་སུ་འགྲོ ་བ་མེད་པར་འཇིག་པའི་བདག་ཉིད་ཀྱི་དོན་གྱི་ཡུལ་འདི་ལ་འཇུག་པར་ཤེས་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་དུ་ཐལ་བར་འགྱུར་བར་རིགས། འོན་ཏེ་གལ་ཏེ་གཏན་ནས་འཇིག་པ་ཉིད། །མི་རྟག་ཉིད་དུ་བརྗོད་པ་ན། །ཞེས ་བྱ་བ་ལ་སོགས་པས་མི་རྟག་པ་ཉིད་རྣམ་པར་བརྟགས་ཟིན་མ་ཡིན་ནམ། དེ་ཅིའི་ཕྱིར་ཡང་རྟོག་པར་བྱེད་ཅེ་ན། བདེན་ཏེ། དེར་ནི་ཕྱོགས་ཀྱི་སྐྱོན་བསྟན་པའི་དོན་དུ་ཡིན་ལ། དེ་ལྟ་ནི་དཔེའི་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །ཡང་རྗེས་སུ་འགྲོད་མེད་པར་འཇིག་པའི་མཚན ་ཉིད་ཀྱི་མི་རྟག་པ་ཉིད་འདོད་མོད་ཀྱི། འོན་ཀྱང་གསལ་བ་དང་མི་གསལ་བའི་མཚན་ཉིད་གཞན་ཉིད་ཡིན་ནོ་ཞེ་ན། འདིར་སྨྲས་པ། གཞན་ཡིན་ཞེས་བྱ་པ་སྟེ། མི་རྟག་པ་ཉིད་ཅེས་བྱ་བ་འབྲེལ་ཏོ། །ཁྱེད་ལ་ཞེས་བྱ་བ་ནི་བསྒྲུབ་བྱས་སྟོང་ཞེས་བྱ་བ་དང་སྦྱར་བར ་བྱའོ། །དེ་ལ་ཡང་དཔེའི་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །ཁྱེད་ཅག་སངས་རྒྱས་པ་རྣམས་ཀྱིས་ནི་གྲངས་ཅན་བཞིན་དུ་རྗེས་སུ་འགྲོ་བ་དང་བཅས་པའི་འཇིག་པ་མི་འདོད་དེ། དེ་ལྟ་བས་ན་ཁྱེད་ཀྱི་ཕྱོགས་ལ་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་སྒྲ་མི་རྟག ་པ་ཉིད་དུ་བསྒྲུབ་པ་ལ་སྐྱོན་གྱི་ལམ་འདི་མཁས་པ་རྣམས་ལ་བཤད་པ་ཡིན་ལ། གཞན་ཡང་ཤེས་རབ་ཅན་རྣམས་ཀྱིས་རང་ཉིད་ཀྱིས་རྟག་པར་བྱའོ། །གལ་ཏེ་ཚིག་དོན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཀླན་ཀའོ་དོགས་པ་བསྡུས་པ་ཡིན་ཏེ། ཁྱད ་པར་ཅན་གྱི་སྒྲུབ་པར་བྱེད་པ་རྣམ་པར་ཆར་པའི་ཁྱད་པར་བསྒྲུབ་པ་དང་དགག་པའི་མཚན་ཉིད་ཀྱི་དག་དོན་ཏེ། དེ་ཉིད་ལ་བསྐུར་བར་བྱེད་པ་ནི་ཚད་མ་ཡིན་གྱི་དངོས་པོ་ལ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་རིག་བྱེད་ཚད་མ་ཉིད་དུ་བསྒྲུབ་པར་བྱ་ལ་ཚིག ་གི་དོན་དང་།དེ་དག་གི་འབྲེལ་པ་གསུམ་པོ་རྟག་པ་ཉིད་དུ་བསྒྲུབ་པ་གང་ཡིན་པ་དེ་ནི་སྐབས་སུ་ཉེ་བར་མཁོ་བ་མ་ཡིན་ནོ། །གཞན་ཡང་གང་དང་གང་དག་གི་དོན་རྟོགས་པ་དེ་ནི་བརྡ་ལས་བྱུང་བ་ཅན་ཡིན་ཏེ། དཔེར་ན་ཨ་ཨེ་ཨོ། །ཞེས་བྱ་བའི་དག ་ལས་ཡོན་ཏན་འཕེལ་བ་ལ་སོགས་པའི་བློ་བཞིན་ནོ། །སྐུལ་བར་བྱེད་པའི་དག་ལས་བྱུང་བ་ཡང་དག་གི་དོན་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ཉིད་སྟོན་པ་ནི་སྐྱེས་བུ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ་ཡོན་ཏན ་འཕེལ་སྩོགས་བློ་བཞིན་ནི་བདུན་པའི་དོན་ལ་འདྲ་བ་ཡིན་ནོ། །འདི་ཉིད་བསྒྲུབ་པའི་ཕྱིར། །རྒྱུ་མཚན་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཆན་མེད་པ་ཡིན་ཡང་སྟེ་རག་ལས་པ་མེད་པ་ཡིན་ན་ཡང་མཆོད་སྦྱིན་བྱེད་པ་མེད་པ་རྣམས་ཀྱིས་ལྕགས་ཀྱུ ་མེད་པ་རང་ཉིད་ཀྱི་བརྟགས་པས་འཚོ་བའི་དོན་དུ། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་བྱ་བ་ལ་སོགས་པ་རིག་བྱེད་ཀྱི་དག་གི་དོན་བརྟགས་པ་ཡིན་ནོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །གཞན་ཡང་དག་འདུས་པའི་ངོ་བོ་ཡིན་པ་དེ་ནི་སྐྱེས་བུས་བྱས ་པ་ཡིན་ཏེ། དཔེར་ན་ཟློས་གར་གྱི་སྒྲུབ་ལ་སོགས་པའི་གཏམ་རྒྱུད་བཞིན་ནོ། །རིག་བྱེད་ཀྱང་ཚིག་འདུས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་ཡིན་དང་སྐྱེས་བུས་བྱས་པའི་ཕྱིར། ལམ་པོ་ཆེའི་སྐྱེས་བུའི་དག་བཞིན་དུ་རིག་བྱེད་ཚད་མ ་མ་ཡིན་པར་འགྱུར་རོ། །ཡིད་ཆེས་པས་བྱས་པའི་ཕྱིར་སྐྱེས་བུས་བྱས་པ་ཡིན་ན་ཡང་ཚད་མར་འགྱུར་རོ་ཞེས་ན། འདིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲེལ་པ་མི་བྱེད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཉན་པ་པོ་ལ་འབྲེལ་བྱེད་ན། སྨྲ ་པ་པ་ཡིས་།བརྟོགས་འགྱུར། ཞེས་བྱ་བ་ལ་སོགས་བས་ཚིག་དང་ཚིག་གི་དོན་གང་གི་འབྲེལ་པ་མི་རིགས་པ་བརྗོད་པ་གང་ཡིན་པ་དེ་ཉིད་ཀྱིས་རིག་བྱེད་ཀྱི་ཚིག་རྟག་པ་ཉིད་དུ་བརྗོད་པར་བྱའོ། །སྐྱེས་བུ་རྣམས་ཀྱི་བརྡ་ལས་ནི། ཡོན་ཏན་འཕེལ་སོགས་བློ་བཞིན ་དུ་ཞེས་བྱ་བ་འདི་ངེས་པ་ཉིད་དུ་སྟོན་པ་ནི། བརྡ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྟེ། ཨ་དང་ཨི་ལ་སོགས་པ་མཐོང་བའི་དོན་དེ་ལ་བརྡ་ལས་ཡོན་ཏན་ལ་སོགས་པའི་ཐ་སྙད་རྟོགས་པ་སྲིད་པ་ཡིན་གྱི། རིག་བྱེད་ལས་ནི་མ་ཡིན་ཏེ། མཐོ་རིས་ལ་སོགས ་པ་དབང་པོ་ལས་འདས་པ་ཉིད་ཀྱིས་བརྡ་བྱ་བར་མི་ནུས་པའི་ཕྱིར་རོ། །འོ་ན་དེ་ལྟ་ན་འདི་དོན་མེད་པར་འགྱུར་རོ་ཞེ་ན། འདི་ཡང་དོན་མེད་མ་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་རིག་བྱེད་དོ། །འདུས་པ་ཡིན་པའི་ཕྱིར། ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་གཞན་གྱིས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་འདུས་པ་ཉིད་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་བྷ་ར་ཏ་འདོན་པར་བྱེད་པ་ལ་ཡང་དེ་སྐད་དུ་བརྗོད་པར་ནུས་པ་མ་ཡིན་ནམ། གང ་བྷ་ར་ཏ་འདོན་པར་བྱེད་པ་དེ་ཐམས་ཅད་ནི་བླ་མ་འདོན་པར་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། བྷ་ར་ཏ་འདོན་པ་ཡིན་པའི་ཕྱིར་ད་ལྟར་བ་བཞིན་ནོ་ཞེས་དེ་སྐད་དུ་བརྗོད་པར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དེ་བཞིན་དུ་སྒྲུབ་བྱེད་གཞན་ཡང་མ་ངེས་པ་ཡིན་ནོ ་ཞེས་དོགས་པ་བསུ་ནས། བྷ་ར་ཏ་ཡང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཐལ་བར་འགྱུར་བའོ། །འོན་ཀྱང་དེ་ལ་བྱེད་པ་པོ་རྒྱས་པ་དྲན་ཞེས་བྱ་བ་བྱེད་པ་པོ་དྲན་པ་དེས་དམ་བཅའ་པའི་དོན་ལ་གནོད་པའི་ཕྱིར་ཐལ་པར་འགྱུར་བ་མ་ཡིན་ནོ། །རིག་བྱེད ་ལ་ནི་དྲན་པ་མེད་དེ་བྱེད་པ་པོ་ཞེས་བྱ་བ་ལྷག་མའོ། །འོན་ཏེ་རིག་བྱེད་ལ་ཡང་བྱེད་པ་པོ་དྲན་པ་ཉིད་མ་ཡིན་ནམ། འདི་ལྟར་དྲང་སྲོང་མེ་ཁྲོས་ངེས་བརྗོད་ཀྱི་རིག་བྱེད་བྱས་ལ་སྙན་ཚིག་གི་རིག་བྱེད་པ་ནི་སྙན་དགས་ཀྱི་རིག་བྱེད་དོ། །ལེགས་ལྡན་ལ་མཚུངས ་པའི་བློ་ཅན་དྲང་སྲོང་ཕུག་རོན་འཇུག་གིས་བྱས་པ་ནི་སྲིད་སྣང་གི་རིག་བྱེད་དོ། །སྙན་དགས་ཀྱི་རིག་བྱེད་བྱས་པ་འམ་ཡང་ན་ཉི་མའི་གཉེན་གྱིས་བྱས་པ་ཡིན་ནོ་ཞེ་ན། དེའི་ཕྱིར། གང་དེ་དོན་བརྗོད་རྒྱུ་མཚན་ཅན། ཞེས་བྱ་བ་སྨོས་ཏེ། གང་ཡང་རིག ་བྱེད་བྱེད་པ་པོ་དྲན་པ་དེ་ནི་དོན་བརྗོད་པའི་རྒྱུ་མཚན་ཅན་ཡིན་ནོ། །དོན་གཞན་བརྗོད་པ་ལྷུར་ལེན་པ་ནི། །དོན་བརྗོད་པ་སྟེ་དེ་རྒྱུ་མཚན་དུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལྟར་བྱས་ཞེས་བྱ་བ་བྱེད་པའི་དོན་ལྷུར་ལེན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དྲད ་པའི་དོན་ཡིན་ཏེ། བྱས་ཏེ་དྲན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཇི་ལྟར་དེས་ཤེ་ན། འདས་དང་མ་འོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་གཉིས་ནི་གོ་བར་ཟད་དོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ལ་སོགས་པ་སྐབས་སུ་བབ་པའི་དོན་མཛའ་དག་མཇུག ་བསྡུས་ནས་ཚད་མ་བྱེད་པ་ཡིན་ཏེ། གང་ཞིག་གང་ལ་བྱེད་པ་པོར་གྱུར་པའི་སྨྲ་བ་བོ་ལ་བལྟོས་པ་མེད་པར་ཤེས་པ་སྐྱེད་པ་དེ་ནི་དེ་ལ་བརྡུན་པར་མི་འགྱུར་ཏེ། དཔེར་ན་ཚིག་གི་དོན་ལ་ཚིག་བཞིན་ནོ། །རིག་བྱེད་ཀྱི་ཚིག་ཀྱང་བྱེད་བ་པོར་གྱུར་པའི་སྐྱེས་བུ་སྨྲ་བ་པོ་ལ་བལྟོས ་པ་མེད་པར་རང་གི་དོན་ལ་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་མེད་པ་འགལ་བ་དམིགས་པ་ཡིན་ཏེ། བྱེད་པ་པོར་གྱུར་པའི་སྐྱེས་བུ་ལ་བལྟོས་པ་དང་བཅས་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་བརྫུན་པ་ལ་ཁྱབ་པའི་ཕྱིར་ལ། དེ་དང་འགལ་པ ་སྨྲ་བ་པོ་ལ་ལྟོས་པ་མེད་པ་ཉིད་དོ། །ཚིག་བློ་བཞིན་ཞེས་བྱ་བ་ལ། འདི་ནི་ཚིག་རྣམས་ཀྱིས་མི་བསླུ་བའི་ཤེས་པའི་རྒྱུ་མཚན་ཉིད་སྟོན་པ་ལྟར་ལེན་པ་ཡིན་གྱི་ཚིག་གི་བློ་དཔེ་ཉིད་དུ་མངོན་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཚིག་རྣམས་ཉིད་ཡིན་ཏེ། འདི ་ལྟར་སྒྲའི་བདག་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་ལ། དེ་མི་བསླུ་བའི་ཤེས་པ་སྐྱེད་པའི་རྒྱུ་མཚན་ཉིད་ཀྱིས་བརྫུན་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། དེ་ལྟ་བུར་གྱུར་པ་ཉིད་ཀྱི་དཔེའི་ཆོས་ཅན་རིག་པ་ཡིན་གྱི། དེ་ལྟ་མ་ཡིན་ན་དཔེ་བསྒྲུབ་བྱ་མ་ཆང ་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་སྦྱོར་བ་གཞན་ནི་གང་ཞིག་རྟག་པའི་དག་ལས་སྐྱེས་པའི་དག་ལས་སྐྱེས་པའི་ཤེས་པ་དེ་ནི་དོན་ཇི་ལྟ་བ་ཉིད་ཀྱིས་ཡང་དག་པ་ཡིན་ཀྱིས་ཡང་དག་པ་ཡིན་ཏེ། དཔེར་ན་དག་གི་རང་བཞིན་གྱི་ཡུལ་ཅན་བཞིན་ནོ། །མེ་ལ་སྦྱིན་སྲེག་བྱས་པ་ལ་སོགས་པས་མཐོ་རིས ་ལ་སོགས་པ་འགྲུབ་པར་ངེས་པ་ཡང་རྟག་པའི་དག་གིས་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྔར་རྒྱས་པར་ཐོས་བ་བརྟག་པར་བསྒྲུབས་ཟིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །བསྒྲུབ་པས་ཞེས་བྱ་བ་ལ་སོགས་པ་ ་ནི་དང་པོ་ཉིད་དུ་བཤད་ཟིན་ཏོ། །དེ་བཞིན་དུ་སྦྱོར་བ་གཞན་དག་ནི་གང་ཞིག་ཡིད་ཆེས་པ་མ་ཡིན་བསམ་བྱས་པའི་ཚིག་གི་བསྐྱེད་པའི་ཤེས་པ་དང། གང་ཡང་ཡུལ་དང་དུས་དང་སྐྱེས་བུའི་གནས་སྐབས་ཀྱི་ཁྱད་པར་ལ་སོགས ་པ་ལ་བསླུ་བ་དང་བྲལ་བ་དེ་ནི་ཚད་མ་ཡིན་ཏེ། དཔེར་ན་ཡིད་ཆེས་པའི་ཚིག་གིས་བསྐྱེད་པའི་ཤེས་པ་བཞིན་ནོ། །སྐུལ་བར་བྱེད་པའི་ཚིག་གིས་བསྐྱེད་པའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དག་གོ་།གཏན་ཚིགས་དང ་པོ་མ་གྲུབ་པ་མ་ཡིན་ཏེ། སྐྱེས་བུས་མ་བྱས་པར་རྒྱ་ཆེར་བསྒྲུབས་ཟིན་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། མཐོ་རིས་འདོད་པས་མཆོད་སྦྱིན་བྱའོ། །ཞེས་བྱ་བའི་ཚིག་ལས་ཐེ་ཚོམ་རྟོགས་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་བཤད་པ་ལྟ ་བུ་སྟེ། ཐེ་ཚོམ་མེད་པར་རྟོགས་ན་འདི་ལོག་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །གང་དག་བསྐྱེད་ནས་འཇིག་པ་འདི་དེ་ལྟར་པ་ཡིན་ནོ་སྙམ་པའི་ལོག་པའི་ཤེས་པ་འདི་ནི་ཡུལ་གཞན་ནམ་དུས་གཞན་ནམ། སྐྱེས་བུ་གཞན་ལ་ཕྱིན་ཅི་ལོག་ཏུ་འགྱུར་པ་མ་ཡིན་པས ་དེ་ལྟ་བས་ན་ཕྱིན་ཅི་ལོག་མ་ཡིན་ནོ། །དེའི་ཕྱིར་སྣང་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་བ་ཆོས་ལ་སོགས་པ་རྣམ་པར་བཞག་པའི་རྒྱུ་རིག་བྱེད་ནི་རིང་ཉིད་ལས་ཚད་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལྟ་ཡིན་དང་སངས་རྒྱས་པ་ལ་སོགས ་པ་དག་གིས་གང་སྨྲས་པའི་སེམས་ཅན་ལ་སོགས་པའི་ཚུལ་དེ་ནི་རིགས་པ་མ་ཡིན་ནོ། ཞེས་བྱ་བར་གནས་སོ། །གལ་ཏེ་ཐམས་ཅད་དུ་ཐུན་མོང་བའི་རིག་བྱེད་སྣང་བ་བཞིན་དུ་རང་ཉིད་ལས་ཚད་མ་མ་ཡིན་ནམ། ཅིའི་ཕྱིར་དེ་ལ་སངས་རྒྱས་པ་ལ་སོགས ་པ་ཁ་ཅིག་ལོག་པར་རྟོག་པར་འགྱུར་དེ་དག་ལ་དེ་ཚད་མ་མ་ཡིན་པར་རིགས་པ་མ་ཡིན་ནོ་ཞེས་དགོས་པ་བསུ་ནས། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཆེས་གསལ་བའི་འོད་ཟེར་གྱི་ཚོགས་ཀྱི་རབ་རིབ་ཀྱི་རྒྱུན་མཛའ་དག་སེལ་བར་བྱེད ་པའི་ཉི་མ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བའི་མིག་ལྟ་བུ་ཀུན་ནས་སྣང་ཡང་རང་གི་ལས་ཀྱི་ཉེས་པ་དང་རྗེས་སུ་མཐུན་པས་བསྐྱེད་པའི་ཆོས་མི་གསལ་བའི་མིག་ནས་གྱི་བུམ་པ་ལ་སོགས་པའི་མཐོང་བའི་ལམ་དུ་གཟུགས་མི་འཇུག་པ་དེ་བཞིན་དུ་ཆོས་མ་ཡིན་པས ་བློའི་མིག་བསླད་པ་ཤཱཀྱའི་ཕུལ་སོགས་པ་རིག་བྱེད་འཇིག་རྟེན་མཛའ་དག་གི་མིག་གཅིག་པུར་གནས་ན་ཡང་འགལ་བ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེས་གྲགས་སྟེ། ལོའི་སྒྲ་ནི་མ་རངས་པ་སྟོན་པར་བྱེད་པ་ཡིན་ནོ། །དེ་ཉིད་གསལ་བར་བྱེད་པ་ནི་གཉིས ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྟེ། སྲིན་བུའི་ཡི་གེ་ཞེས་བྱ་བ་ནི་བྱ་རོག་དང་ཏ་ལ་ཙམ་དུ་ཡང་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་གང་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་དང་བྲེལ་པ་དེ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་རེ ་ཞིག་གཏན་ཚིགས་གྲུབ་པ་ཉིད་དུ་ཁས་བླངས་ནས་མ་ངེས་པ་བསྟན་པའི་ཕྱིར་བྱེད་པ་པོ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།འདི་དག་ཅེས་བྱ་བ་ནི་ཐོས་པའོ། །ཇི་ལྟར་འདོད་ཆགས་ལ་སོགས་པ་དང་ལྡན་པ་བརྫུན་དུ་སྨྲ་བར་མཐོང་བའི་ཕྱིར་རྗེས་སུ་འགྲོ ་བ་དང་ལྡོག་པ་དག་ལ་ས་ཚིག་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་ཡིན་པར་གཏན་ལ་ཕབ་པ་དེ་བཞིན་དུ་བརྩེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་བདེན་པར་སྨྲ་བར་མཐོང་བའི་ཕྱིར་བརྩེ་བ་ལ་སོགས་པ་ཡོན་ཏན་ཡང་བདེན་པ་ཉིད་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་ལོག་པ་ཉིད ་བཞིན་དུ་རྒྱུ་ལོག་པས་བདེན་པ་ཉིད་ཀྱང་ལྡོག་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཡིན་ན་ཡང་བདེན་པའི་དོན་ཅན་དུ་མི་འགྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཡང་ཇི་ལྟར་ཡོན་ཏན་ལྡན་བར་ངེས་ཤེས་ཡོན་ཏན་ཡོད་དམ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། ཁྱེད་ཀྱིས་ཉེས་པ་མེད་པའི་རྒྱུར་བརྗོད་པ་གང་ཡིན་པ་དེ་ཉིད་ཀྱི་འདན?་པ་ཉིད་ཀྱི་རྒྱུ་ཡོན་ཏན་མེད་པ་ལ་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུས་ནས་རྒྱུ་མི་དམིགས་པའི་སྒོ་ནས་བདེན་པ་ཉིད་དང་ལོག་པ་ཉིད་དག་མེད་པར ་ཐལ་བ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལ་ཤེས་རབ་ལ་སོགས་པ་ནི་བདེན་པ་ཉིད་ཀྱི་རྒྱུའོ། །ལོག་པ་ཉིད་གྱི་རྒྱུ་ནི་བརྩེ་བ་མེད་པ་ལ་སོགས་པའི་ཞེས་གོ་རིམ་བཞིན་དུ་སྦྱར་རོ། །དེ་གཉིས་ཞེས་བྱ་བ་ནི་བདེན་པ་ཉིད་དང་ལོག་པ་ཉིད་དག་གོ། ་གཉིས་མེད་པ་ནི་ཐལ་བར་འགྱུར་བ་གང་ཞིག་ཏུ་འགྱུར་བ་དེ་སྟོན་པ་ནི་དེས་ན་དོན་མེད་ཐོབ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་སྟེ། ཁུར་བ་དྲུག་རང་སེའུ་བཅུ། ཞེས་བྱ་བ་ལ་སོགས་པའི་སྨྱོན་པའི་སྨྱོན་ཚིག་བཞིན་དུ་ཁྱེད་ཅག་སངས་རྒྱས་པ་ལ་རིག་བྱེད་དོན་མེད ་པར་སྒྲུབ་པར་བྱེད་པ་ནི་དམ་བཅའ་བ་ལ་མཐོང་བས་གནོད་པར་འགྱུར་ཏེ། འདི་ལྟར་མོལ་སྦྱིན་སྲེད་བྱས་པ་ལས་མཐོ་རིགས་སུ་འགྱུར་རོ་ཞེས་བྱ་བའི་དག་འདི་ལས་དོན་རྟོགས་པར་མངོན་སུམ་དུ་ཉམས་སུ་མྱོང་ན་དེ་ཇི་ལྟར་སྤྲང་བར་བྱེད་ཅེས་དོགས་པ་བསུ་ནས ་གཞན་གྱི་ཚིག་གི་གོ་སྐབས་སྤོང་བར་བྱེད་པ་ནི། འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་རང་རྒྱུད་ཀྱིས་རིས་བྱེད་དོན་མེད་པ་ཅན་བསྒྲུབ་པར་བྱ་བ་ཡིན་ན་དམ་བཅའ་བ་ལ་གནོད་པར་འགྱུར་ན་གང་གི་ཕྱིར་འདི་ནི་ཐལ་བསྒྲུབ་པར་བྱེད་པ ་ཡིན་ལ་དེ་ལ་ཐལ་བར་འགྱུར་བ་ལ་ནི། དམ་བཅའ་བ་ལ་གནོད་པ་སྲིད་པ་ཡང་མ་ཡིན་ཏེ། དེ་ལ་དམ་བཅའ་བར་བྱ་བ་མེད་པའི་ཕྱིར་རོ། །ཁྱབ་པར་བྱེད་པའི་ཆོས་ལོག་ན་ཡང་ཁྱབ་པར་བྱ་བ་ལྡོག་པར་མི་འདོད་པ་གཞན་དག་ཉིད་ལ་མི་འདོད་པ་ཐོག་ཏུ་བབ ་པས་ཚིག་འགལ་བར་སྟོན་པ་འབའ་ཞིག་ཏུ་ཟད་ངོ། །འདི་ལ་མཐོང་བས་གནོད་པ་ཉིད་ཀྱང་མེད་དེ། འདི་ལྟར་སྐྱེས་བུས་བཤད་པའི་དབང་གིས་དོན་མེད་པ་ཅན་གྱི་རིག་བྱེད་ལ་སོགས་པ་ལ་རྟོག་པ་འདིར་འགྱུར་བ་ཡིན་ཏེ། དཔེར་ན་མེ་ལ་སྦྱིན་སྲེག་བྱས་པ ་པ་ལས་མཐོ་རིས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་རིག་བྱེད་ཀྱིས་དག་འདིས་བྷ་ར་ཏ་དང་ལྷ་མོ་ལ་སོགས་པའི་སྤྱོད་པ་བརྗོད་པ་ཡིན་ནོ་ཞེས་མི་ཤེས་པ་ཁ་ཅིག་གིས་བཤད་པས་ཕྱིས་དེའི་ཚིག་དེ་ལས་དོན་དེ་རྟོགས་པར་འགྱུར་བ་ཁོ་ན་ཡིན་ན་དེ་ནི་དོན་དེས ་དོན་དང་ལྡན་པ་ཡང་མ་ཡིན་པ་དེ་བཞིན་དུ་རང་བཞིན་གྱིས་དོན་མེད་པའི་རིག་བྱེད་ལས་ཀྱང་དོན་རྟོགས་པ་འདིར་འགྱུར་བ་ཡིན་པའི་ཕྱིར་དམ་བཅའ་བ་ལ་མཐོང་པས་གནོད་པ་ག་ལས་ཡིན་གཞན་ཡང་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་ཁོ་ན་ལྡོག་གི་ཡོན་ཏན་ནི་མ་ཡིན ་དུ་ཆུག་མོད་དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་ཉིད་མི་ཟློག་གོ་ཞེས་བསྟན་པའི་ཕྱིར་སྐྱོན་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་རྣམས་ཀྱི་བདེན་པ་ཉིད་དང་ལོག་པ་ཉིད་ལས་མ་གཏོགས་པའི་ཆུ་པོ་གཞན་ཞིག་ཡོད་པར་མ་གྱུར་ན་དེའི་ཚེ་བུང ་པོ་གཅིག་མེད་པར་ཕུང་པོ་གཉིས་པ་ཡོད་པ་མེད་ན་མི་འབྱུང་བར་འགྱུར་རོ། །གང་གི་ཚེ་གཞན་ཕུང་པོ་གསུམ་པོ་དོན་མེད་པ་ཡང་ཡོད་པ་དེའི་ཚེ་ལོག་པ་ཉིད་ལྡོག་པས་བདེན་པ་ཉིད་དུ་ངེས་པ་ཡིན་ཏེ། གཞན་ཕུང་པོ་གསུམ་པ་དོན་མེད་པ་མི་ཟློག་པའི་ཕྱིར་རོ་གལ ་ཏེ་འདི་སྙམ་དུ་རིག་བྱེད་ལ་བརྩེ་བ་ལ་སོགས་པ་ཡོན་ཏན་གྱི་རྒྱུ་ཅན་གྱི་བདེན་པ་ཉིད་ཁས་བླངས་པར་གྱུར་ན། དེའི་ཚེ་ཡོན་ཏན་རྣམས་ནི་སྐྱེས་བུ་ལ་བརྟེན་པ་ཉིད་ཀྱིས་སྐྱེས་བུ་ལྡོག་པས་ན་ལྡོག་པ་ཉིད་བཞིན་དུ་བདེན་པ་ཉིད་ཀྱང་ལྡོག་པར་འགྱུར་ན་གང ་གི་ཕྱིར་དགེ?་བྱེད་ནི་གང་ལས་ཚད་མ་ཡིན་པའི་ཕྱིར་རང་བཞིན་གྱིས་བདེན་པའི་དོན་ཅན་གྱི་ཤེས་པའི་རྒྱུ་ཉིད་ཡིན་གྱི་ཡོན་ཏན་གྱིས་བྱས་པ་ནི་མ་ཡིན་ནོ། །དེས་ན་གཏན་ཚིགས་མ་ངེས་པ་མ་ཡིན་ལ། རིག་བྱེད་དོན་མེད་པ་ཅན་དུ་ཐལ་པ་ཡང་མ་ཡིན་ནོ་ཞེས ་བྱ་བའི་གཞན་གྱི་ལན་གྱི་འདི་དོགས་པར་བྱས་ནས་ལན་བཤད་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྟེ་།ཇི་ལྟར་རིག་བྱེད་འདི་རང་བཞིན་གྱིས་བདེན་པའི་དོན་ཅན་མ་ཡིན་པ་དེ་ལྟ་ན་ལོག་པ་ཉིད་ཀྱང་སྲིད་པ་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཁོ་ནའོ ་ཞེས་བྱ་བ་བསམས་པའོ། །འདི་ཡང་ཐམས་ཅད་དུ་ནི་རང་བཞིན་ག་ཡིས། ཤེས་རྒྱུ་ཡིན་ན་ཅིག་ཅར་དུ། །དེ་ལས་བྱུང་བའི་ཤེས་པར་འགྱུར། རྒྱུ་མ་ཚང་བ་མེད་ཕྱིར་རོ། །ཞེས་ཕྱིས་འཆད་པར་འགྱུར་རོ། །ཇི་ལྟར་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་སྦྱོར་བ་ནི་གང་ཞིག་གང་གི ་ཚེ་རྒྱུ་མ་ཚད་པ་མེད་པ་དེ་ནི་དེའི་ཚེ་འབྱུང་བ་ཁོ་ན་ཡིན་ཏེ། དཔེར་ན་མངོན་པར་འདོད་པའི་གནས་སྐབས་ཀྱི་མེ་ལ་སྦྱིན་སྲེག་ལ་སོགས་པའི་ཚིག་ལས་བྱུང་བའི་ཤེས་པ་བཞིན་ནོ། །རིག་བྱེད་ཀྱི་རྒྱུ་ཅན་གྱི་ཤེས་པ་ཐམས་ཅད་གནས ་སྐད་ས?་ཐམས་ཅད་རྒྱུ་མ་ཚད་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཤེས་པ་གཅིག་བཅད་པར་ཐལ་བར་འགྱུར་བའི་ཕྱོགས་ལ་ཡང་སྐྱེན་གཞན་བཤད་པ་ནི་དེའི་རྗེས་ལ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ལྟར་ཤེས་པ་མཛའ་དག ་ཅིག་ཅར་བསྐྱེད་ནས་དུས་བྱིས་རིག་བྱེད་ཤེས་པ་སྐྱེད་པར་བྱེད་པའི་ནུས་པར་ལས་ཉམས་པ་ཡིན་ན་དེའི་ཚེ་ནུས་པའི་བདག་ཉིད་དུ་གྱུར་བ་ཟད་པའི་ཕྱིར་རིག་བྱེད་ཉམས་པར་འགྱུར་རོ། །ཅི་སྟེ་མི་ཉམས་ན་དེའི་ཚེ་དུས་ཕྱིས་ཀྱང་ཤེས་པ་སྐྱེད་པར་ཐལ་བར་འགྱུར་བའི ་ཕྱིར་རྟག་པ་ན་ཅི་ཞིག་ལྟར་ན་ཡང་དོན་བྱེད་པར་ནུས་པ་མ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གང་རྒྱུ་མ་ཚད་པ་མེད་པ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་དོགས་པར་བྱེད་དེ་བཤད་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་བརྡལ་སོགས ་པ་བཟུང་ངོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་བཤད་པ་ལ་སོགས་པ་ལའོ། །དེ་ལྟར་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལས་ནུས་པའི་རང་བཞིན་བསྐྱེད་པར་འདོད་ནས་ནུས་པ་མེད་པ་ནི་གཞན་ལ་བལྟོས་ཀྱིས་གར་ནུས་པ་དེའི་རང ་ནི་ཅུང་ཟད་ཀྱང་མ་ཚད་པ་མེད་པའི་ཕྱིར་དེའི་བལྟོས་པ་ཅི་འདྲ་བ་ཞིག་ཡིན་ཅི་སྟེ་སྔར་ནུས་པ་མེད་པ་ལྷན་ཅིག་བྱེད་པའི་རྒྱུ་དང་ལྡན་པའི་ཕྱིར་ཕྱིས་ནུས་པར་འགྱུར་ཞེས་ཁས་ལེན་པར་བྱེད་ན་དེའི་ཚེ་ཁྱེད་ཅག་གིས་རིག་བྱེད་ལ་རྟག་པར་རབ་དོར་ཅིག་།ཅི་ལྟར ་ཞེ་ན། གལ་ཏེ་དང་པོ་ནུས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་ཐ་མི་དད་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཐ་དད་ན་ཡང་འབྲེལ་པ་མེད་པའི་ཕྱིར་རིག་བྱེད་བྱེད་པ་པོ་མ་ཡིན་པར་ཐལ་བར་འགྱུར་ཏེ། ནུས་པ་ཉིད་ལས་འབྲས་བུ་སྐྱེ་བའི་ཕྱིར ་ཞེས་བརྗོད་པར་བྱའོ། །ཤེས་རྒྱུ་ཞེས་བྱ་བ་ནི་ཤེས་པའི་རྒྱུར་འགྱུར་བའི་རིག་བྱེད་གང་ཡིན་པ་དེ་སྐྱེས་པ་ལ་བརྟེན་ནས་སྐྱེ་བ་འམ་རིག་བྱེད་རང་བཞིན་སྐྱེས་བུ་ལ་བརྟེན་ནས་སྐྱེ་བ་དེ་ཡང་རིག་བྱེད་དང་ཐ་མི་དད་པའི་ཕྱིར་དེ་ཡང་སྐྱེ་བ་ཁོ་ནའོ། །གཞན་ཡང་གཞན ་ལ་བལྟོས་ན་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་སྐྱེས་བུས་མ་བྱས་པ་ཉིད་དུ་བརྟགས་པ་ཡང་དོན་མེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཇི་སྲིད་སྒྲོན་གྱུར་ཞེས་བྱ་བ་སྨོས་ཏེ། དོན་ཇི་ལྟར་བཞིན་དུ་ཤེས་པར་བྱ་བའི་ཕྱིར་འདི་སྐྱེས ་བུས་མ་བྱས་པ་ཉིད་དུ་བརྟགས་ལ་དེ་བརྟགས་ན་ཡང་སྐྱེས་བུ་ལ་བལྟོས་པ་མེད་པར་དེའི་ཤེས་པ་སྐྱེད་པར་བྱེད་པར་མི་ནུས་པའི་ཕྱིར་དེ་བརྟགས་པ་དོན་མེད་པ་ཡིན་ནོ། །འཆད་པ་པོ་ཚད་མར་གྱུར་བའི་སྐྱེས་བུ་ཉིད་དོན་ཇི་ལྟ་བ་བཞིན་ཤེས་པའི་རྒྱུ་ཡིན ་གྱི་དེ་ནི་གྲུབ་ཟིན་པ་ཉེ་བར་འཇིག་པའི་སྐྱེས་བུས་མ་བྱས་པས་ཅི་ཞིག་བྱ་ཅི་སྟེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་པ་དང་སྐྱེས་བུས་མ་བྱས་པ་ཉིད་བརྟག་པ་ཡང་དོན་མེད་པར་འགྱུར་དུ་འོང་བས་རིག་བྱེད་ཐམས་ཅད་དུ་ནུས་པར་ཁས་ལེན་པར་བྱེད་ན་དེའི་ཚེ ་སྔ་མ་བཞིན་དུ་སྐྱོན་དུ་ཐལ་བར་འགྱུར་ཞེས་སྟོན་པ་ནི་གལ་ཏེ་ཀུན་ཏུ་འདི་ནུས་ན། ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་སྐྱེས་བུ་ལ་བལྟོས་པ་ན་སྐྱེས་བུས་མ་བྱས་བ་དོན་མེད་པ་མ་ཡིན་ཏེ། འདི་ལྟར་ཇི་ལྟར་གནས་པའི་དོན་ཉིད་སྐྱེས་བུ་དག ་གིས་གསལ་བར་བྱེད་ཀྱི་སྔ་མ་མེད་པ་བྱེད་པ་ནི་མ་ཡིན་ནོ། །སྔ་མ་མེད་པ་བྱེད་པ་ཡིན་ན་འདི་དག་རང་དབང་ཅན་དུ་ཁས་ལེན་པར་འགྱུར་རོ། །དེ་ལྟ་ཡིན་དད་འདོད་ཆགས་ལ་སོགས་པས་བསླད་པར་ཐོས་པ་ཕྱིན་ཅི་ལོག་གི་དོན་དུ་འགོད ་པར་བྱེད་པ་སུ་ཞིག་གིས་གེགས་བྱེད་པར་འགྱུར། །སྐྱེས་བུས་འཆད་པར་བྱེད་ན་ཡང་སྐྱོན་དེ་ཉིད་མཚུངས་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རང་དབང་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་གང་ཞིག་རིག་བྱེད་ཀྱི་དོན་འཆད ་པར་བྱེད་པ་རིག་བྱེད་ཀྱི་དོན་དབང་པོ་ལས་འདས་པར་རང་དབང་དུ་ཡོངས་སུ་ཤེས་པའི་སྐྱེས་བུ་འགའ་ཞིག་ཁས་བླངས་བཞི་མ་ཡིན་ཏེ། འདི་ལྟར་འདི་རིག་བྱེད་ཀྱི་དོན་ཡོངས་སུ་ཤེས་པའི་སྒོ་ནས་དབང་པོ་ལས་འདས་པའི་དོན་མཐོང ་བ་ཉིད་ཡིན་གྱི་རང་དབང་དུ་ནི་མ་ཡིན་ལ་རིག་བྱེད་ཀྱི་དོན་ཡངས་སུ་ཤེས་པ་ཡང་དབང་པོ་ལས་འདས་པའི་དོན་མཐོང་བ་མེད་པར་མ་ཡིན་པའི་ཕྱིར་གསལ་རབ་ཏུ་ཕན་ཚུན་བརྟེན་པ་ཉིད་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྐྱེས་བུ་གཅིག་ཀྱང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་སྐུལ་བར་བྱེད་པ་ཡོད་པ་མ་ཡིན་པས་སྐུལ་བྱེད་མེད་པའི་ཤེས་པ་སྟེ་སྐུལ་བར་བྱེད་པ་ལ་མི་བལྟོས་པ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་རྒྱུ་སྨྲས་པ་ནི་གང་ཕྱིར་ཞེས་བྱ་བའོ། །འདི་ཡང་ཇི་ལྟར་ཞེ་ན། འདི་ལྟར ་རྟག་པའི་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི། དེའི་ཕྱིར་དབང་པོ་ལས་འདས་དོན། །དངོས་སུ་མཐོང་བ་པོ་ཡང་མིན། །ཚིག་ནི་རྟག་པ་ཉིད་ཀྱིས་ནི། གང་གིས་མཐོང་བ་དེས་མཐོང་ངོ། །ཞེས་བཤད་དོ། །འདི་སྙམ་དུ་རིག་བྱེད་རང་ཉིད་སྐྱེས་བུའི ་བྱ་བ་ལ་མ་བལྟོས་པར་སྐྱེས་བུ་འདི་ལ་རང་གི་དོན་སྟོན་པར་འགྱུར་ཏེ། དེའི་ཕྱིར་ཕན་ཚུན་བརྟེན་པར་ཐལ་བར་འགྱུར་བ་མི་འཇུག་གོ་སྣམ་དུ་སེམས་ན་གང་གི་ཚེ་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རིག་བྱེད་ནི་དབང་པོ་ཐོས་པ་ན་བརྡ་མི ་ཤེས་པ་ལ་རང་ཉིད་རང་གི་དོན་རྟོགས་པར་བྱེད་པ་མ་ཡིན་ནོ། །ཅི་ཞིག་བྱེད་ཅེ་ན། ལོང་བ་འཁར་བ་ཐོག་པ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོང་བ་འཁར་བ་ཐོས་པ་ནི་བཟུང་པ་སྟེ། དེ་དང་འདྲའོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་བལྟོས་པ་ལ་སྐྱོན་ཅི ་ཡོད་ཅེ་ན། ད་ནི་དེ་ཡིས་དྲངས་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།དེ་ཞེས་བྱ་བ་ནི་རིག་བྱེད་དོ། །དེ་ཡིས་ཞེས་བྱ་ནི་སྐྱེས་བུའི་བཤད་པས་སོ། །ལམ་ལོག་པར་ནི་ལྷུང?་བར་འགྱུར། ཞེས་བྱ་བ་ནི་བྱིན་ཅི་ལོག་གི་དོན་གསལ་བར་བྱེད་པའི་ཕྱིར་རོ། །གང་ཡང་དེའི་ཕྱིར ་འཇིག་རྟེན་ཐཾས་ཅད་ཀྱི་མིག་གཅིག་སྣང་བ་འདྲའི་རིག་བྱེད་ལ། ལོང་བར་རྟོགས་པར་མི་བྱའོ། །ཞེས་སྨྲས་པ་དེ་མི་འཐད་དོ། །རང་དབང་ཅན་ཞེས་བྱ་བ་ལ་སོགས་པ་སྐབས་ཀྱི་དོན་མཇུག་སྡུད་བར་བྱེད་པ་ཡིན་ཏེ། ནུས་པ་ནི་སྐྱེས་པུ་ལ་བལྟོས་ནས་ཤེས་པ་སྐྱེད་པར་བྱེད་པ ་ཉིད་དུ་མི་རིགས་སོ་ཞེས་བསྟན་ཟིན་ཏོ། །སྐྱེས་བུ་ལ་ལྟོས་ནས་ནུས་པ་ཡང་སྐྱེད་པར་བྱེད་པ་ཉིད་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་སྐྱེས་བུ་ལ་བལྟོས་པའི་ཕྱིར་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་ན་ཡང་གསལ་བར་འདིའི་ཚད་མ་ཉིད་སྲིད་པ་མ་ཡིན་ཞེས་ཚིག་གི་དོན་སྦྱར་བ ་བྱའོ། །ཡང་གི་སྒྲ་ནི་རིམ་པ་གཞན་དུ་སྟེ། ཤེས་པ་སྐྱེད་པར་བྱེད་པ་ན་ཡང་ཞེས་བྱ་བའི་མཇུག་ཏུ་བལྟ་བར་བྱའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། །ཇི་བཞིན་དོན་རྟོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡི་ཚད་མ་བརྟག་མི་ལེགས། །ཞེས་བྱ་བའི་ནི། ་ད་ནི་དེ་ཡིན་དྲངས་བ་ན། ལམ་ལོག་པར་ནི་ལྷུང་བར་འགྱུར། །ཞེས་བྱ་བ་འདིས་སྔར་མི་ལེགས་པ་བསྟན་ཟིན་པའི་ཕྱིར་རོ། །དེ་ལྟར་ཡིན་དང་རིག་བྱེད་ཚད་མར་གནས་པ་ན། སློབ་དཔོན་སློབ་མའི་བརྒྱུད་པ་ནི། །ཐོག་མ་མེད་པ་རྟོགས་པ་ཡང། །སྐྱོན་མེད་ཉིད་དུ ་དུ་འགྱུར་བ་ཡིན། །ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གནས་ཞེས་བྱ་བ་འདིར་དགག་པའི་ཚིག་གདན་པར་བྱའོ། །ཇི་ལྟར་མི་རིགས་ཤེ་ན། གང་ཕྱིར་དེ་དག་ལས་ཞེས་བྱ་བ་སྨོས་སོ ་གལ་ཏེ་ལོང་བ་བརྒྱུད་པར་གྱུར་པ་ཡིན་པ་ན་དེ་ལས་ཅིར་འགྱུར་ཞེ་ན། ལོང་བས་ལོང་བ་ཁྲིད་བ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རི་ཁྲོད་པའི་བཤད་པ་ལས། གཟུགས་ཀྱི་ཁྱད་པར་དག་ལ་དམུས་ལོང་རྣམས་ཀྱི་ཚིག་བཞིན་དུ་དེ ་ལྟ་བུའི་རིགས་ཅན་གྱི་དོན་ལ་སྐྱེས་བུའི་ཚིག་ཚད་མར་འགྱུར་བ་མ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་སློབ་དཔོན་དང་སློབ་མའི་འབྲེལ་པ་ཐོག་མ་མེད་པ་ཉིད་དུ་གྲུབ་པར་ཁས་བླངས་ནས་སྐྱོན་བཤད་ལ་ད་ནི་དེ་ཡང་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར་རིག་བྱེད་དེ ་ཉིད་ཤེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་མེད་ཅེས་བྱ་བ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་ཕྱིན་ཅི་མ་ལོག་པའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཚད་མ་ཉིད ་དུ་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བདེན་པཱི་དོན་?་ན་གྱི་སྒྲ་དོན་གྱི་འབྲེལ་པ་བརྟག་པ་ཙམ་གྱིས་སོ། །དེ་ཡང་སྐྱེས་བུས་མ་བྱས་ན་ཡང་འགྱུར་བ་ཡིན་ནོ་སྙམ་དུ་སེམས་ན། འདི་ཡང་མ་ངེས་པ་ཉིད་ཡིན་ཏེ། སྐྱེས་བུས་མ་བྱས་པས་བདེན་པའི་དོན་ཅན་དུ་འགྱུར ་བར་བྱ་དགོས་སོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ངེས་པའི་རྒྱུ་ཅི་ཞིག་ཡོད། ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་སྐྱོན་ཅན་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡང་ན་བདེན་དོན་འབྲེལ་བརྟག་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བདེན་དོན་ཡང་ཡིན ་ལ་འབྲེལ་པ་བརྟགས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །འབྲེལ་བ་བརྟགས་པ་ཡིན་ན་ཡང་གལ་ཏེ་འདི་དོན་རྟོགས་པའི་རྒྱུར་མི་འགྱུར་བ་དེའི་ཚེ་དེ་བརྟགས་པ་དོན་མེད་པ་ཡིན་ནོ། །དོན་རྟོགས་པར་བྱེད་པ་སྐྱེད་པར་བྱེད་པ་ཉིད་ལས་མ་གཏོང་པ ་བ་དེའི་ངོ་བོ་གཞན་ཡོད་པ་ནི་མ་ཡིན་ནོ། །འབྲེལ་བའི་བྱ་བ་ནི་འདི་ཙམ་ཉིད་ཡིན་ཏེ། རྟོགས་པ་སྐྱེད་པར་བྱེད་པ་གང་ཡིན་པའོ། །དེ་མི་བྱེད་ན་ཇི་ལྟར་འབྲེལ་བར་འགྱུར། འདི་ཡོད་པ་ཙམ་གྱིས་དོན་རྟོགས་པའི་རྒྱུ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་པ་ཡོད་ནའོ། ་དེ་ལྟ་མ་ཡིན་ན་འབྲེལ་བ་མ་བཟུང་བ་ལ་ཡང་དེ་ལས་རྟོགས་པར་འགྱུར་རོ། །འདི་སུས་ཀྱང་ཤེས་པར་ནུས་པ་ཡང་མ་ཡིན་པ་འབྲེལ་པ་ཅན་མཐོ་རིས་ལ་སོགས་པ་དབང་པོ་ལས་འདས་པ་ཉིད་ཀྱིས་དེ་ཡང་དབང་པོ་ལས་འདས་པ་ཡིན་པའི ་ཕྱིར་རོ། །འོ་ན་དབང་པོ་ལས་འདས་པའི་དོན་མཐོང་བས་ཤེས་པར་འགྱུར་རོ་ཞེ་ན། སྐྱེས་བུ་འདི་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་དེ་ཡི་དབང་པོ་ལས་འདས་དོན། །དངོས་སུ་མཐོང་བ་ཡོད་མ་ཡིན། ཚིག་ནི་རྟག་པ་ཉིད་ཀྱིས་ནི། གང ་གིས་མཐོང་བ་ངེས་མཐོང་ངོ། །ཞེས་བཤད་དེ། ལྒོག་མིན་མཐོང་ཞེས་བྱ་བ་ནི་དབང་པོའི་དོན་མཐོང་བའོ། །ཐོས་པ་རང་ཉིས་སྨྲ་བར་འགྱུར་རོ་ཞེ་ན། འདི་ནི་བདག་གི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །བྲམ་ཟེ་ཁྱོད་ཚུར་ཤོག་བདག་གིས་དོན་འདི་ཡིན ་བར་ཟུང་ཞིག་ཅེས་པོས་ནས་སྙིང་རྗེ་ཆེས་ཆེར་འཕེལ་བས་བསོད་ནམས་ལ་སེམས་གཅིག་ཏུ་འདུད་པ་ཅན་གཞན་ལ་ཕན་པའི་མཐར་ཐུག་པའི་བདེན་པར་སྨྲ་བ་བཞིན་དུ། རིག་བྱེད་རང་ཉིད་བྲམ་ཟེ་རྣམས་ཀྱི་དོན་དུ་རང་གི་དོན་སྟོན་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་སྐྱེས་བུ ་རྣམས་རང་ཉིད་རྟོགས་པར་བྱེད་པར་འགྱུར་རོ་ཞེ་ན། སྐྱེས་བུ་བརྟགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་མ་ཡིན་པ་དེ་ཉིད་སྟོན་པ་ནི། ཇི་ལྟར་དེ་ཞེས་བྱ་བ་ལ་སོགས་པའོ། །ཅི་ནས་ཀྱང་མ་འཆོལ་བའི་དོན་ཤེས་པར་བྱ་བ་ཡིན་པའི་ཕྱིར་འཚལ་བའི ་རྒྱུ་སྐྱེས་བུ་སྤོང་བ་ཡིན་ནོ། །དེ་ལ་ཇི་ལྟར་སྐྱེས་བུ་དག་གིས་རང་ཉིད་ཀྱིས་སྦྱར་བའི་སྒྲ་དག་འཆོལ་བར་འགྱུར་བ་དེ་བཞིན་དུ་དེ་དག་གིས་ཉེ་བར་བརྟགས་པའི་དོན་ཡང་ཡིན་པའི་ཕྱིར་འདི་ལ་ཁྱད་པར་ཅི་ཡོད་དེ། དོགས་པ་ཞེས་བྱ་བ་ནི་དོགས་པར་བྱའོ།། ་དེར་ཞེས་བྱ་བ་ནི་བྱིན་ཅི་ལོག་གོ། སྔར་རིག་བྱེད་ཚད་མ་མ་ཡིན་པའི་ཕྱིར་སློབ་དཔོན་དང་སློབ་མའི་བརྒྱུད་པ་རྟགས་པ་དོན་མེད་དོ་ཞེས་བསྟན་ཟིན་ལ། ད་ནི་འབྲེལ་བ་བརྟགས་པའི་སྒོ་ནས་ཚད་མ་ཡིན་དུ་ཆུག་མོད། སློབ་དཔོན་དང་སློབ་མ ་གཉི་གའི་བརྒྱུད་པ་བརྟགས་པ་དོན་མེད་དོ། །ཞེས་སྟོན་པ་ནི་རིག་བྱེད་ཚད་མར་གནས་ན་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྐྱེས་བུས་བརྟགས་པ་ལའང། །ཅིའི་ཕྱིར་དོགས་པ་དེར་མི་འགྱུར། །ཞེས་གང་སྨྲས་པ ་འདི་ལ་གཞན་དག་དོགས་པ་མི་རིགས་པར་སྟོན་པ་ནི། འོན་ཏེ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་།ཡིད་གཉིས་ནི་ཐེ་ཚོམ་མོ། །སོགས་པའི་སྒྲས་ནི་ཕྱིན་ཅི་ལོག་གཟུང་ངོ། །ཇི་སྐད་དུ་རི་ཁྲོད་པའི་བཤད་པ་ལས། མཐོ་རིས་ ་འདོད་པས་མཆོད་སྦྱིན་བྱའོ། །ཞེས་བྱ་བའི་ཚིག་འདི་ལས་མཐོ་རིས་འབྱུང་ངམ། མི་འབྱུང་སྙམ་པའི་ཐེ་ཚོམ་རྟོགས་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་དང་ངེས་པར་རྟོགས་པ་ན་འདི་ལོག་པར་མི་འགྱུར་ལ་དེ་ནི་དེ་ལྟ་མ་ཡིན་ནོ ་སྙམ་དུ་བསྐྱེད་ནས་འཇིག་བ་གང་ཡིན་པ་དེ་ནི་ལོག་པའི་ཤེས་པ་ཡིན་ཞིང་འདི་ནི་ཡུལ་གཞན་དང་དུས་གཞན་དང་སྐྱེས་བུ་གཞན་ལ་ཕྱིན་ཅི་མ་ལོག་པ་ཡིན་ནོ་དེའི་ཕྱིར་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །གཞན་དུ་ན་མངོན་སུམ་དུ་མེ་སྟག་འཕྲོ ་པའི་ཚོགས་ཀྱིས་རྒྱུན་པར་དུ་ཁྱབ་ཅིང་རྒྱས་པའི་མེའི་ཕུང་པོ་ཁྱེད་ཅག་གིས་ཉམས་སུ་མྱོང་ན་ཡང་ཅིའི་ཕྱིར་ཐེ་ཚོམ་གྱི་དཔྱད་ཐག་གཡོ་བའི་ཡིད་དུ་འགྱུར་ད་ལྟ་ཡིན་དང་ཁྱོད་ལ་འགའ་ཡང་ཚད་མར་མི་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །སྦྱོར་བ་ནི ་གང་ཞིག་ཐེ་ཚོམ་དང་ཕྱིན་ཅི་ལོག་དང་བྲལ་བའི་ཤེས་པ་དེ་ནི་རྟོགས་པ་དང་ལྡན་པའི་ཚད་མའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་མེ་ལ་འཁྲུལ་པ་མེད་པ་ཅན་གྱི་གཙོ་བོ་སྲེག་པ་ལ་སོགས་པ་དོན་དུ་གཉེར་བ་དེ་ངེས་བའི་རྒྱུའི་ཤེས་པ་བཞིན་ནོ། །མེ་ལ་སྦྱིན ་སྲོག་ལ་སོགས་པའི་དག་ལས་བྱུང་བའི་ཤེས་པ་ཡང་ཐེ་ཆམ་དང་ཕྱིན་ཅི་ལོག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཏེ། ཅི་ནས་ཚད་མར་འགྱུར་བ་མིན། །ཞེས་བྱ་བ་འདི་དང་སྦྲེལ་ལོ། །དེ་བྱེད་བ་ན་ཞེས་བྱ་བ་ནི་བླའོ། །དེ་མིན་ཞེས ་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ་གལ་ཏེ་རེ་ཞིག་རྟོག་པ་དང་ལྡན་བའི་ཐེ་ཚོམ་ལ་སོགས་པ་དང་བྲལ་བའི་ཤེས་པ་རིག་བྱེད་ཀྱི་ཚིག་ལས་འབྱུང་བ་ཡིན་ནོ་ཞེས་གཏན་ཚིགས་ཀྱི་དོན་ཡིན་ན་དེའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། འདི ་ལྟར་རྟོག་པ་དང་ལྡན་བ་མ་ལ་སྦྱིན་སྲེག་བྱས་བ་ལས་གཞན་མཐོ་རིས་སུ་སྐྱེའོ་ཞེས་བྱ་བ་དེ་ལས་གཞན་གྱི་ཚིག་ཕྱིན་ཅི་ལོག་ལ་སོགས་པ་བཞིན་དུ་སྦྱིན་སྲེག་གིས་མཐོ་རིས་སུ་སྐྱེའོ་ཞེས་བྱ་བ་དེ་ལས་ཀྱང་ཐེ་ཚོམ་མཚུངས་བ་ཉིད་ཡིན་ཏེ། དབང་པོ ་ལས་འདས་པའི་དོན་ལ་ཡོད་པ་དང་མེད་པ་དང་མེད?་པར་ངེས་པའི་རྒྱུ་མེད་བའི་ཕྱིར་ལ་?་ལ་མི་སླུ་བ་ནི་གཉི་ག་ལ་ཡང་མ་དམིགས་པའི་ཕྱིར་རོ། །ཕྱིན་ཅི་ལོག་གང་གཞན་བཞིན་ནོ། །ཞེས་བྱ་བ་ནི་བདུན་བའི་མཛའ་ཅན་ཡིན་བའི་ཕྱིར་བཞིན་རྐྱེན་ཡིན་ནོ། །ཅི་སྟེ ་ཡང་རིག་བྱེད་ཀྱི་རིག་ཉིད་ལས་ངེས་པར་འགྱུར་ཏེ་དེའི་ཕྱིར་རྒྱུ་གཞན་བཅོལ་བས་ཅི་ཞིག་བྱ་སྙམ་ན་དེའི་ཕྱིར་གཞན་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་འདྲ་ཞེས་བྱ་བ་ནི་རིག་བྱེད་ཀྱི་དོན་ལས་ཕྱིན་ཅི་ལོག་གི་དོན་ཞེན?་པའི་ངེས་པའོ། །གཞན་ལས་ཞེས ་བྱ་བ་ནི་སྐྱེས་བུས་བྱས་པ་ལས་སོ་ཅིས་མི་འགྱུར་ཏེ་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་ཡིན་དང་དེ་ཡང་ཆད་མར་འགྱུར་ཏེ། གཉི་ག་ལ་ཡང་དེའི་ཚེ་གནོད་བ་མ་དམིགས་པར་བྱེད་བར་མེད་བའི་ཕྱིར་རོ། །ཅི་སྟེ་རྟོག་པ་དང་ལྡན་པ་ཐོས་པ་པ་རྣམས་ཀྱིས་? ་པ་གཡོ་བ་མེད་པ་ཉིད་སྐྱེ་བས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་ཞེ་ན། སྐྱེ་མོད་དེ་ལྟ་ན་ཡང་གལ་ཏེ་མ་ཐུབ་པར་མ་གྱུར་ན་མ་ངེས་པ་ནི་མི་ཟློག་གོ?། ཞེས་བསྟན་པའི་ཕྱིར་དང་བའི་དབང་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་ཞེས་བྱ་བ་ནི་སངས ་རྒྱས་བ་ལ་སོགས་པ་རྣམས་ཀྱིའོ། གཞན་ལས་ཞེས་བྱ་བ་ནི་སྲོག་ཆགས་གསོད་བ་དང་ལྡན་བའི་མཆོད་སྦྱིན་ལས་ངན་སོང་གི་སྡུག་བསྔལ་འབྱུང་ངོ་ཞེས་བྱ་བའི་དག་ལས་སོ། །དེ་ཞེས་བྱ་བ་ནི་གཡོ་བ་མེད་བའི་བློའོ། །འདི་ཉིད་སྟོན་པ་ནི་? ་ངན་སོང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྟེ་།གོ་བར་ཟད་དོ། །ཡང་སྐྱེས་བུས་མ་བྱས་པ་ཉིད་ཀྱི་མ་ངེས་པ་སྟན་པ་ནི་གལ་ཏེ་སྐྱེས་བུའི་འདོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། །འདོད་བ་དར་དབང་ཅན་ཡིན་པའི་ཕྱིར ་རིབ་བྱེད་ལ་རག་ལས་བའི་བརྡ་ལས་བལྟོས་བ་དང་བཅས་བ་རང་གདོན་གསལ་བར་བྱེད་བ་འདོད་བའི་དོན་གསལ་བར་བྱེད་བར་མི་འགྱུར་ཏེ། ངེས་པ་མེད་བའི་ཕྱིར་རོ། །གང་གི་ཚེ་དེ་?་བལྟོས་བ་མེད་པའི་ཕྱིར་རིག་བྱེད་ཀྱི་དོན་གསལ་བར་བྱེད་བ་དེའི་? ་ཚད་མར་རིགས་ཏེ། སྐྱེས་བུའི་བཤད་པ་ཁྱད་པར་དུ་བཤད་ནས། ཆོས་མྱུར་བར་རང་གི་དོན་རྟོགས་པ་སྐྱེས་པར་བྱེད་བའི་ཕྱིར་རོ། །གཞན་དུ་འཆད་?་ཡང་མིག་ལ་སོགས་པ་བཞིན་དུ་རང་བཞིན་གྱིས་རང་གི་དོན་བསལ་བར་བྱེད་པ་མི ་འདོར་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་བའི་དོན་ཏོ། །བཤད་པ་བྱན་ཞེས་བྱ་བ་ནི་རྣམ་པར་བཤད་ནའོ། །མྱུར་དུ་ཞེས་བྱ་བ་ནི་མགྱོགས་པར་ཏེ་སྐད་ཅིག་གིས་ཞེས་བྱ་བའི་ཐ་ཚིག་གོ། སྐྱེས་བུའི་འདོད་པ་དེ་ནི་ཕྱིན་ཅི་ལོག་ཡིན་ནོ། །རིག་བྱེད་སྐྱེས་བུའི་མ་བྱས་པ་ཉིད་ཀྱིས་རང ་བཞིན་གྱིས་དོན་དང་འབྲེལ་བ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདོད་པ་མི་འགྲུབ་པའི་ཕྱིར་མ་ངེས་པ་ཉིད་སྒྲུབ་པར་བྱེད་བ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ལ་ཡོད་པ་ནི་རང་བཞིན་ཅན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །ཚེད་མར་གྱུར ་པའི་སྐྱེས་བུས་བྱས་བ་ཉིད་ཚང་མའི་རྒྱུད་ཁས་བླངས་པར་བྱའི་རྨོངས་པ་ཉིད་དུ་སྟོན་བར་བྱེད་པའི་མ་བྱས་པ་ཉིད་ཀྱིས་ཅི་ཞིག་བྱ་ཞེས་བསྟན་པའི་ཕྱིར། གཞན་ཡང་རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོན་མེད་བྱེད་པ་པོ་སོགས་པ་ཞེས་བྱ་བའི ་སྒྲས་སྐྱོན་མེད་བའི་འཆད་པ་པོ་གཟུང་དོ་ཡང་ན་སྐྱོན་མང་པར་བྱས་པ་དང་འཆད?་བ་ཡང་ཇི་ལྟར་ཚད་མ་ཉིད་དུ་གྲུབ་པར་འགྱུར་ཞེ་ན། འདི་ལྟར་ཤེས་རབ་བརྩེ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རི་ཁྲོད་རྫས་འཇིག་རྟེན་པའི་ཚིག་གར ་ཡིན་པ་དེ་ཡང་གལ་ཏེ་ཡིད་ཆེས་པའི་སྐྱེས་བུ་ལས་དབང་བའི་ཡུལ་ཉིད་ཡིན་ན་དེ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་བཤད་པ་བཞིན་ནོ། །ཚིག་མཆོག་ཅེས་བྱ་བ་ནི་བཟང་པོའོ། །ཡང་སྐྱེས་བུས་མ་བྱས་པ་ཉིད་མ་ངེས་པ་ཉིད་དུ་བསྟེན་བའི་ཕྱིར་སྐྱེས་བུས ་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུའི་ཉེས་ཉེ་བར་ལེན་པ་ཉིད་ལས་དོན་དག་ལ་ཤེས་པ་འཁྲུལ་པ་མ་ཡིན་ཏེ། ནགས་ཀྱི་མེ་ལ་སོགས་པ་དེ་དང་བྲལ་བ་རྣམས་ཀྱང་ཨུཏཔལ་སྔོན་པོ་ལ་སོགས་པ་ལ་ཕྱིན་ཅི་ལོག་གི་ཤེས་པ་སྐྱེད་པར ་བྱེད་བའི་ཕྱིར་རོ། །ཆགས་ཀྱི་མེ་ནི་ནགས་ན་ཡོད་པའི་མིའོ། །དེ་ཡང་རང་ཉིད་འོད་མ་ལ་སོགས་བ་དུད་པ་ལས་བྱུང་བ་གང་ཡིན་པ་དེ་འདིར་འཁྲུལ་པའི་ཡུལ་ཉིད་དུ་བལྟ་བར་བྱའོ། གང་གཙུབས་ཤིང་གཙུབས་པའི་སྐྱེས་བུས་བྱས་པ་དེ་ལ་སྐྱེས་བུ་མ་བྱས་བ་མི་སྲིད་བའི་ཕྱིར ་དེས་གཏན་ཚིགས་འཁྲུལ་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སོགས་པའི་སྒྲས་ནི་མིག་རྒྱུ་ལ་སོགས་པ་གཟུང་ངོ། །ལོག་པའི་ཤེས་པའི་རྒྱུ་ཡིན་པ་དེ་ཉིད་སྟོན་པ་ནི། མེའི་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་དེ་ཡང་ཁོ་བོ་ཅག་གིས་སྐྱེས་བུས ་མ་བྱས་པ་ཉིད་?་ཞིག་རྒྱུ་ཉིད་དུ་མི་བརྗོད་ཀྱི་འོ་ན་ཅི་ཞེ་ན། མ་བྱས་པ་ཡིན་ན་ཞེས་ཁྱད་པར་དད་བཅས་པ་ཉིད་ཡིན་པ་འམ། ཡང་ན་སྐྱེས་བུས་མ་བྱས་པ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། དེའི་ཕྱིར་མ་བྱས་བའི་ནགས་ཀྱི་མེས་འཁྲུལ་པ་མ་ཡིན་ནོ ་སྙམ་དུ་སེམས་པའི་གཞན་ལན་དོགས་པར་བྱས་པའི་ཕྱིར་གལ་ཏེ་མེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རྒྱུ་ནི་ལོག་པའི་ཤེས་པའི་རྒྱུའོ། །དོན་རྣམས་ཀྱི་ནི་བྱས་ཉིད་ཅི་།ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གཏན ་ཚིགས་མི་མཐུན་པའི་ཕྱོགས་ལས་རྣམ་པར་སྦྱོད་པར་བྱེད་བ་གང་ཡིན་པ་དེ་ཁྱད་པར་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་གལ་ཏེ་གང་ཡང་རུང་བའི་བྱེད་ཀྱིས་ཁྱད་པར་དུ་བྱས་པའི་གཏན་ཚིགས་མཛའ་གཅིག་ཏུ་གྱུར་བ་ཉིད་ཡིན་ན་དེའི་ཚེ་གཏན་ཚིགས་འགའ་ཡང ་མ་ངེས་པར་མི་འགྱུར་ཏེ། འདོད་པ་དང་འབྲེལ་པ་ཉིད་ཀྱིས་ཐམས་ཅད་དུ་ཁྱད་པར་རྙེད་པར་བླ་བའི་ཕྱིར་རོ། །རིག་བྱེད་ཀྱི་ཁྱད་པར་མ་བྱས་པ་ཉིད་ནི་ལོག་པའི་ཤེས་པའི་རྒྱུ་ཉིད་ཟློག་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་བྱས་པ་ཉིད ་ལོག་པའི་ཤེས་བའི་རྒྱུ་ཉིད་དུ་གྲུབ་པར་གྱུར་ན། དེའི་ཚེ་ཟློག་པ་ན་དེ་ཡང་བཟློག་པར་འགྱུར་རོ། །གཞན་དག་རེས་འགའ་གྲུབ་པ་ཉིད་དོ་ཞེས་རྗོད་བར་བྱེད་ན། དེ་ལྟ་ཡིན་ན་དུ་བ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱས་བ་ལོག ་པའི་ཤེས་བའི་རྒྱུ་ཡིན་ན་དེའི་ཆེ་མ་བྱས་བ་ཡང་དག་པའི་ཤེས་བའི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་ཐོབ་སྟེ། ཕན་ཚུན་འགལ་བའི་ཡང་དག་པ་དང་ལོག་པའི་ཤེས་པ་དག་ནི་རྒྱུ་གཅིག་ཏུ་མི་འཐད་བའི་ཕྱིར་རོ། །དྲོ་བའི་རེག་བའི་རྒྱུ་མེ་ནི་གྲང་བའི་རྒྱུ་ཉིད ་དུ་རིགས་པ་མ་ཡིན་ཏེ། དེ་ལྟ་ཡིན་དང་བྱས་བའི་ཕྱིར་དུ་མ་མེ་ལ་ཅི་ལྟ་བ་བཞིན་དུ་རྟོགས་པའི་རྒྱུར་མི་འགྱུར་རོ། །ཡང་ཅི་སྟེ་བྱས་པ་ཉིད་ལོག་པའི་ཤེས་པ་ཁོ་ནའི་རྒྱུ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་ངེས་བར་བཟུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱས་པ་ཁོ་ན་ལོག ་བའི་ཤེས་པའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་པའི་གཞན་གྱི་རྒྱུ་ཅན་འགེགས་པར་བྱེད་པ་ཡིན་གྱི་བྱས་བ་ཡང་དག་པའི་ཤེས་པའི་རྒྱུ་ཡིན་པ་འགེགས་པ་ནི་མ་ཡིན་ནོ། །གང་གིས་ཡང་དག་པའི་ཤེས་པ་དང་ལོག་པའི་རྒྱུ་དག་ཕན་ཚུན་འགལ་བའི་ཕྱིར ་ཤུགས་ཀྱིས་བྱས་བ་ལས་བཟློག་པ་ཡང་དག་བའི་རྒྱུ་ཉིད་དུ་འགྱུར་བ་བྱས་པ་ཐམས་ཅད་ཁྱད་བར་མེད་བར་ལོག་བའི་རྒྱུ་ཉིད་དུ་འདོད་བ་ནི་མ་ཡིན་གྱི་འོན་ཀྱང་བྱས་པ་རྣམ་པ་མང་པོ་ཐ་དང་པའི་ཕྱིར་ན་ཅུང་ཟད་ཅིག་ནི་ལོག་པའི་ཤེས་པའི་རྒྱུ་ཡིན་ཏེ། དཔེར་ན ་མི་སེང་ལ་སོགས་པ་ལྟ་བུའོ། །ཅུང་ཟད་ཅིག་ནི་ཡང་དག་བའི་ཤེས་བའི་རྒྱུ་ཡིན་ཏེ། དཔེར་ན་དབང་པོ་ལ་སོགས་པའི་ཚོགས་པ་མ་ཉམས་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་གྲང་བའི་རེག་པ་ལ་ཁ་བ་ལ་སོགས་པས་བྱས་བའི་རྒྱུ་འགའ་ཞིག་དམིགས་པའི ་ཕྱིར། ཤུགས་ཀྱིས་གྲང་བ་དང་འགལ་བའི་དྲོ་བའི་རེག་པ་ལ་མ་བྱས་བའི་རྒྱུ་ཉིད་དུ་རྟག་པར་བྱ་བར་འགྱུར་ན་དེ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་བྱས་པ་ཡང་དག་བའི་ཤེས་པ་ལ་རྒྱུ་ཉིད་མ་བཀག་བའི་ཕྱིར་དུ་བ་ཡང་དག་པའི་རྒྱུ་མཚན་དུ་འགྱུར་རོ་སྙམ ་པའི་དོགས་པ་འདི་བསུ་ནས་དེ་ལྟར་སྐྱེས་བུས་མ་བྱས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱས་པ་ཡང་དག་པ་དང་ལོག་པ་ཉིད་གཉི་གའི་རྒྱུ་མཚོན་ཡིན་ན་དེ་ལོག་པ་ན་ལོག་པ་དང་ཡང་དག་བའི་ཤེས་པ་གཉིས་ལྡོག་པར་བྱེད་བའི ་ཕྱིར་རིག་བྱེད་མ་བྱས་པ་ཉིད་ཀྱིས་ཡང་དག་བའི་ཤེས་བའི་རྒྱུར་གནས་བ་མ་ཡིན་ཏེ། དེ་དེ་ལ་རྒྱུ་མཚན་མ་ཡིན་བའི་ཕྱིར་རོ། །དེ་ལྟ་ཡིན་དང་ཁྱད་བར་དོན་མེད་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཡང་ཅི་སྟེ་སྐྱེས་བུས་མ་བྱས་པ་ཞེས་བྱ་བ་འདིས་ཇི ་སྐད་དུ་བཤད་བའི་གཏན་ཚིགས་རྗེས་སུ་འགྲོ་བ་དང་ལྡོག་པ་སྟོན་བ་མ་ཡིན་ཏོ། །འོ་ན་ཅི་ཞེ་ན། འདི་ནི་ལྡོག་པ་ཅན་གྱི་སྦྱོར་བ་ཉིད་ཡིན་ཏེ། འདི་ལྟར་གཏན་ཚིགས་ལས་བཟློག་པ་བྱས་པ་ཉིད་ཀྱིས་བསྒྲུབ་བྱ་ལས་བཟློག་པ་ལོག་པ་ཉིད་ལ་ཁྱབ་བ ་ཡིན་ཏེ། སྐྱེས་བུས་མ་བྱས་པ་ཁོ་ན་ལ་ལོག་པ་ཉིད་མཐོང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་གང་དུ་ལོག་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་དང་འགལ་བ་མ་བྱས་པ་ཉིད་ཡོད་པ་དེ་དང་འགལ་བའི་ལོག་པ་ཉིད་ཀྱི་ཁྱབ་པར་བྱེད་པ་བྱས་པ་ཉིད་ལྡོག་པ་ན་ཁྱབ་བར ་བྱ་བ་ལོག་པ་ཉིད་ཀྱང་ཤུགས་ཀྱིས་ལྡོག་པ་གྲུབ་བའི་ཕྱིར་རྗེས་སུ་འགྲོ་བ་མེད་ན་ཡང་ཤུགས་ཀྱིས་མ་བྱས་པ་བདེན་བའི་དོན་ཅན་དུ་འགྱུར་བའི་ཕྱིར་རྗེས་སུ་འགྲོ་བ་དོན་བསྟན་པ་དོན་མེད་པ་ཡིན་ནོ། །སྙམ་ན་གལ་ཏེ་བཟློག་བའི་ཁྱབ་པར་བྱ་བ་དང་ཁྱབ་པར ་བྱེད་བའི་དངོས་པོ་གྲུབ་བར་གྱུར་ན། དེ་ལྟ་བུ་དེ་ཡང་བདེན་ན། དེ་ཅི་གྲུབ་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་བསྒྲུབ་བྱའི་མི་མཐུན་བའི་ཕྱོགས་ལ་གཏན་ཚིགས་གནོད་པ་ཅན་གྱི་ཚད་མ་ཡོད་པར་གྱུར་ན་དེའི་ཚེ་མི་མཐུན་པའི་ཕྱོགས་ཀྱིས་ཁྱབ་པར་འགྱུར་བ་ཞིག ་ན། དེ་ཡང་ཡོད་བ་མ་ཡིན་ནོ། །མི་དམིགས་པ་ཙམ་གྱིས་མེད་པ་གྲུབ་པ་ཡང་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འདི་སྙམ་དུ་མ་བྱས་པ་དང་འགལ་བའི་བྱས་པ་ལ་ལོག་པ་ཉིད་མཐོང་བའི་ཕྱིར་ཤུགས་ཀྱིས་མ་བྱས་པ་ལ་དེ་མེད་པར་གྲུབ་པར་འགྱུར་རོ་སྙམ་དུ ་སེམས་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། གཅིག་ཏུ་མཐོང་བ་གཞན་དུ་ངེས་པ་མེད་པར་བྱ་བར་ནུས་པ་མ་ཡིན་ཏེ། གཅིག་ཀྱང་འགལ་བའི་ཁྱབ་པར་བྱེད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འདི་ལྟར་མི་རྟག་པ་གཅིག་ཉིད་བཅལ་མ་ཐག་ཏུ་འབྱུང་བ་དང་ཅིག ་ཤོས་འགལ་བདག་ལ་ཁྱབ་པར་མཐོང་སྟེ། མི་རྟག་པ་ཉིད་རྩོལ་བ་ལས་བྱུང་བ་ལ་མཐོང་ཞེས་ཏེ། རྩོལ་བ་ལས་བྱུང་བ་མ་ཡིན་པ་ལ་དེ་མེད་པར་མི་འགྱུར་རོ། །གཞན་ཡང་དེ་ལ་མཐོང་བ་ཞེས་བྱ་བ་དེ་ཙམ་གྱིས། གལ་ཏེ་ལོག་བ་ཉིད ་ལ་བྱས་པ་ཉིད་ཀྱིས་ཁྱབ་པར་གྱུར་ན་ལ་ལར་བདེན་པ་ཉིད་ཀྱང་སྐྱེས་བུས་བྱས་པར་མཐོང་བའི་ཕྱིར་དེ་ཡང་དེས་ཁྱབ་པར་འགྱུར་ཏེ། དེ་ལྟ་ཡིན་དང་བྱས་པ་ཉིད་ལོག་པ་ན་ལོག་པ་ཉིད་དུ་བདེན་པ་ཡང་ལྡོག་པས་སྐྱེས་བུས་མ་བྱས་བའི་ཕྱིར་བདེན་པའི་དོན ་ཅན་དུ་འགྲུབ་པར་འགྱུར་བ་མ་ཡིན་ཏེ། སྤྲོས་པས་ཆོག་གོ་།དེ་ལྟར་རེ་ཞིག་ལོག་པ་ཉིད་ཀྱི་རྒྱུ་ཉིས་པ་དང་ལྡན་པ་དང་བྲལ་བ་དེ་ནི་ལོག་པའི་ཤེས་བའི་རྒྱུ་མ་ཡིན་ཞེས་བྱ་བའི་གཏན་ཚིགས་དང་སྐྱེས་བུས་མ་བྱས་པ་དང་ངེས་མཚོན་པའི་སྐྱེས་བུས ་མ་བྱས་པ་ཉིད་དམ། རང་གི་སྒྲས་གཟུང་བ་ཉིད་རྒྱས་པར་མ་དེས་པ་ཉིད་དུ་བསྟན་ནས། མ་གྲུབ་པ་ཉིད་དུ་བསྟན་པར་འདོད་དེ་མཇུག་བསྡུ་བར་བྱ་བའི་ཕྱིར་དེས་ན་སྐྱེས་བུས་མ་བྱས་ཉིད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུས་མ་སྐྱེས་བ་ཉིད་དང་གསོལ ་བ་དང་རྟག་པ་ཉིད་ཅེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ཉིད་གསལ་རྟག་ཉིད་དེ། དེ་དག་གིས་སྒྲུབ་བྱེད་ཅེས་བསྡུའོ། །དེས་བསྒྲུབ་པར་བྱེད་པས་ན་སྒྲུབ་བྱེད་དེ་གཏན་ཚིགས་སོ། །དེ་ཡང་རྣམ་པ་སྣ་ཚོགས་པ་སྔར་བཤད་པའོ། །དེ་ནི་ཡོད་པ་ན་ཞེས་བྱ ་བ་ནི་སྐྱེས་བུས་མ་བྱས་པ་ལ་སོགས་པ་ཡོད་པ་ནའོ། །འདི་ཞེས་བྱ་བ་ནི་རིག་བྱེད་དོ། །མི་འཐད་ཅེས་བྱ་བ་ནི་མི་རིགས་པར་རོ། །རྒྱས་པར་ཞེས་བྱ་བ་ནི་རྣམ་པར་ཕྱེ་ནས་སོ། །འདི་སྤོང་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་བ་ལ་སོགས་པ་སུན ་འབྱིན་པ་སྟེ། དེ་ཡོད་ན་ཡང་མངོན་པར་འདོད་བའི་འདོན་མི་འགྲུབ་པའི་ཕྱིར་རོ། །ཞེས་བསྟན་ཟིན་བའི་ཕྱིར་རོ། །དེ་སུན་འབྱིན་བར་བྱེད་ན་ཡང་སྐབས་སུ་ཉེ་བར་མི་མཁོ་བ་བྱེད་བར་འགྱུར་རོ། །འདི་ཉིད་སྟོན་པ་ནི་འདིར་ནི་ཐོས་པ་ཅི་བཞིན་ཞེས་བྱ་བ་ལ ་ལ་སོགས་པ་སྟེ་བློ་ཉིད་མཐོང་བ་ཡིན་པས་བློས་མཐོང་བའོ། །དེ་ཕྲ་བའི་བློས་མཐོང་བ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མངོན་པར་རློམ་པ་ནི། གང་ལ་རློམ་པ་ཡོད་པ་དེ་ནི་མངོན་པར་རློམ་པ་སྟེ་དེའི་ཕྱིར་དེའི་དངོས་པོ་ནི་མངོན་པར་རློམ་པ་ཅན་ན།། ་དེ་ནི་ལྔ་བོས་མ་གཏོགས་བའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཆད་མ་རྣམས་ནི་ལོག་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྩ་བའི་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ནོ། །ཁྱབ་པར་བྱེད་པའི་རང་བཞིན་ནམ། ་རྒྱུ་ལྡོག་བ་ན་ཁྱབ་པར་བྱ་བ་འམ་འབྲས་བུ་ལྡོག་པར་བྱེད་དེ། དེ་དག་དེར་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་འབྲེལ་བའི་ཕྱིར་ལ། དེ་མེད་པར་ཡང་ཡོད་པ་ནི་འབྲས་བུ་དང་ཁྱབ་པར་བྱ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཚད་མ་དེ་དག་དངོས་པོ་དེ་ཐམས་ཅད་ལ ་ཁྱབ་བར་བྱེད་བ་དང་རྒྱུ་ཉིད་དག་ཏུ་སྲིད་པ་ཡང་མ་ཡིན་ཏེ། འདི་ལྟར་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བའི་དངོས་པོ་ཚད་མ་མེད་པར་ཡོད་པའི་ཕྱིར་ངེས་ཁྱབ་པ་མ་ཡིན་ལ། ཚད་མ་རྒྱུ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཚད་མ་ཉིད་གཞལ་བྱའི་འབྲས ་བུ་ཡིན་བའི་ཕྱིར་འབྲས་བུ་ལྡོག་པ་ན་རྒྱུ་ཙམ་ལྡོག་པ་མ་ཡིན་ཏེ། འཁྲུལ་བར་མཐོང་བའི་ཕྱིར་རོ། །རྒྱུ་མ་ཡིན་པ་དང་ཁྱབ་བར་བྱེད་པ་མ་ཡིན་པ་དག་ནི་ཟློག་པར་བྱེད་བ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གཞལ ་བྱར་བྱ་བ་ཙམ་མེད་པར་བསྒྲུབ་བར་བྱ་བ་ལས་ཚད་མ་ཙམ་མེད་པ་ནི་འཁྲུལ་བ་ཡིན་ན་ཞེས་བྱ་བར་གནས་སོ། །འཁྲུལ་བ་དེ་ཉིད་མི་མཐུན་བའི་ཕྱོགས་ལ་ཡོད་བར་བསྟན་བའི་སྒོ་ནས་བསལ་བར་བྱ་བའི་ཕྱིར། དེས་ན་ཐོས་བའི་བྱེད་པ་པོ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ལྔ་བོ་རྣམས་ཀྱིས་མ་རྟོགས་ཀྱང། །ཞེས་བྱ་བ་ནི་ཐོས་པའི་བྱེད་པ་པོ་ཞེས་བྱ་བ་ཆོད་བ་དང་འབྲེལ་ཏོ། །བྱེད་པ་པོ་མི་ཤེས་པའི་སྲུང་བརྒྱུད་ལ་སོགས་པ་གང་དག་ཡིན་པ ་དེ་འགལ་དེ་སྐད་ཅེས་བྱ་ལ་དེའི་འོག་ཏུ་སྲུང་ལ་སོགས་པ་ལས་འཛིན་པའི་བསྡུ་བའོ། །དེའི་ཕྱིར་དྲུག་པའི་མཛའ་ཅན་ལ་བཞིན་ཞེས་བྱའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་ཀྱི་འཁྲུལ་པའི ་ཡུལ་མ་གྲུབ་པ་འདི་དུ་དགོས་པར་བྱེད་དེ། དེ་དག་ཅེས་བྱ་བ་ནི་སྒྲུབ་བརྒྱུད་ལ་སོགས་པའོ། །ཐོས་པ་ཡང་དེ་གཞན་ཅེས་མ་ཡིན་ཞེས་བྱ་བ་ན་རིག་བྱེད་ཀྱང་དེ་ཁོ་ན་བཞིན་དོན་རྣམ་པར་ཕྱེ་བ་དང་དོན་དང་བཅས་པ་དག་གིས་ཅིའི ་ཕྱིར་བྱེད་པ་པའི་རྗེས་སུ་དཔོག་པར་མི་བྱེད་དེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཚན་མ་མེད་པར་མ་གྲུབ་བོ། །གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ཆད་མ་ལོག་པ་འམ། བདག་ཉིད་ཚད་མ་ལོག་པར་གཏན་ཚིགས་སུ་ལེན་པར་བྱེད་ཅེས ་?་བ་ཕྱོགས་གཉིས་སོ། །དེ་ལ་ཕྱོགས་དང་པོ་ལ་གཏན་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ལ་གཉིས་པ་ལ་ཡང་མ་ངེས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་རིག ་བྱེད་ཀྱི་བྱེད་པ་པོ་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་སོ་ཞེས་བྱ་བ་དེ་ལྟ་བུའོ། །འདི་ལྟ་བུར་ཞེས་བྱ་བ་ལ་སོགས་པས་སྐྱེས་བུ་གཞན་ལ་ཡོད་པའི་ལང་ཚོ་ལ་སོགས་པའི་ཀུན་ཏུ་རྟོག་པ་དག་གིས་འཁྲུལ་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །དེ ་ཞིག་ཁྱད་བ་པོ་མ་མཐོང་ན་ཞེས་གང་སྨྲས་པ་འདི་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་འདོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱེད་པ་པོ་གང་ཡང་རུང་བ་མ་མཐོང་བ་ཞེས་ཁས་ལེན་པར་བྱེད་པ་དེའི་ཚེ། འདོན་པར་བྱེད་པ ་པོ་མཐོང་བའི་ཕྱིར་མ་གྲུབ་པ་ཉིད་གསལ་རབ་ཏུ་འཇུག་པ་ཡིན་ནོ། །ཅི་སྟེ་དང་པོའི་བྱེད་པ་པོ་མ་མཐོང་ངོ་ཞེས་བྱ་བར་འདོད་ན། དེའི་ཚེ་ཡང་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ཏེ། རེས་འགའ་འགའ་ཞིག་གིས་མཐོང་བར་འགྱུར་ཏེ་ཞེས་བྱ་བ་སྲིད ་པའི་ཕྱིར་རོ། །ཡང་ཅི་སྟེ་འདོན་བཔ་པོ་བྱེད་པ་པོར་ནི་མ་གྲུབ་བོ། །འོ་ན་ཅི་ཞེ་ན། གསལ་བར་བྱེད་པ་ཡིན་ནོ་སྙམ་ན། དེ་དག་གསལ་བྱེད་རིགས་མིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་དོན་པར་བྱེད་པ་རྣམས་སོ། །ཇི་ལྟར་རྟག་པ་རྣམས་ལ་གསལ་མི་སྲིད ་པར་ལྟར་ནི་འཆད་པར་འགྱུར་རོ། །བུམ་པ་ལ་སོགས་པ་མི་རྟག་པ་ཡང་ཇི་ལྟར་གསལ་བར་བྱེད་ཅེ་ན། བདེན་ཏེ། དེ་ལ་ཡང་གསལ་བར་བྱེད་པ་འགའ་ཡང་མི་སྲིད་དོ། །འོན་ཇི་ལྟར་སྒྲོན་མེ་ལ་སོགས་པ་གསལ་བར་བྱེད་པ་ཉིད་དུ་གྲགས་ཤེ་ན་མ་ཡིན་ཏེ། དེ་ལ་སྒྲོན་མ་ལ ་སོགས་པ་རྣམ་པར་ཤེས་པ་སྐྱེད་པར་རུང་བའི་བུམ་པ་བསྐྱེད་པ་ན་སྐྱེད་པར་བྱེད་པ་ཉིད་ཁྱད་པར་ཅན་གྱི་སྐྱེད་པར་བྱེད་བའི་རང་བཞིན་གསལ་བར་བྱ་བའི་ཕྱིར་འཇིག་རྟེན་ན་གསལ་བར་བྱེད་པ་ཞེས་གྲགས་ཀྱི་དེ་བཞིན་དུ་འདིར་རིག་བྱེད་ཀྱི་གསལ་བར་བྱེད་པ་འགའ་ཞིག་སྲིད ་པ་མ་ཡིན་ཏེ། དེའི་རང་བཞིན་ན་སྔ་མ་རང་ཕྱི་མ་དོར་བ་དང་མ་སྐྱེས་པའི་ཕྱིར་རོ། །རྟག་པ་གསལ་བར་བྱེད་བ་མ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདི་བྱེད་པ་པོ་ལས་ཁྱད་པར་མེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དམིགས་པར་འགྱུར་བའི་རང་བཞིན་རྣམས་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ཅུང་ཟད་ཀྱང་མི་བྱེད་པ་ནི་གསལ་བར་བྱེད་བར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅུང་ཟད་བྱེད་ན་ཡང་འདི་སྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་བར་འགྱུར་ཏེ། བསྐྱེད་པར་བྱ་བའི་ཁྱད་པར་གྱི་རང་འབཞིན་གཞན་སྐྱེད་བའི ་མཚན་ཉིད་ཡིན་པའི་ཕྱིར་རོ་དམིགས་པར་འགྱུར་བའི་རང་བཞིན་རྣམས། །ཞེས་བྱ་བ་ནི་རིགས་བྱེད་རྣམས་སོ། །ཅི་སྟེ་ཡང་དམིགས་བའི་རང་བཞིན་གྱི་རིག་བྱེད་རྣམས་སྔར་ཡང་གནས་པ་ཉིད་ཡིན་ན་དེ་ཇི་ལྟར་དེ་དག་?་བྱེད་བའི་སྒོ་ནས་འབྱུང་བ་ཡིན་སྙམ་ན། ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་དམིགས་པའི་རང་བཞིན་གྱི་རིག་བྱེད་རྣམས་སོ། །དེས་ན་རིག་བྱེད་ཅེས་བྱ་བ་ལ་སོགས་བས་ཚད་མ་བྱེད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་བྱེད་པ་ཡང་ན་འབྱུང་བ་དེ་ནི་དེའི་འབྲས་བུའི་ཐ་སྙད ་ལ་སོགས་པར་རུང་བ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པའི་བྱེད་པ་ཡོད་ན་འབྱུང་བའི་མྱུ་གུ་ལ་སོགས་པ་ནི་དེའི་འབྲས་བུ་ཡིན་པ་བཞིན་ནོ། །དམིགས་པའི་རང་བཞིན་གྱི་རིག་བྱེད་ཀྱང་འདོན་པ་པོའི་བྱེད་པ་ཡོད་ན་བྱུང་བ་ཡིན་ནོ ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྤོང་བ་དང་ལེན་པའི་མཚན་ཉིད་རྗེས་སུ་བསྒྲུབ་པ་ནི་ཐ་སྙད་དོ། །སོགས་པའི་སྒྲས་བརྗོད་པ་དང་ཤེས་པ་གཟུང་ངོ་གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། སྔར་ཡང་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ་མ་ངེས་པ་ཡང་མ་ཡིན་ཏེ། འབྲས་བུའི་ཐ་སྙད་ཀྱི་རྒྱུ་མཚན་གཞན་མང་པའི་ཕྱིར་རོ། །སྔོན་དུ་འབྲེལ་པ་མ་མཐོང་བ་ཞེས་བ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་གསལ་བྱེད་རིམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དང་གང་གསལ ་བྱེད་རིམ་པ་ཅན་ཡིན་པ་དེ་དང་དེ་ནི་སྐྱེས་བུས་བྱས་པ་ཡིན་ཏེ། དཔེར་ན་ཟློས་གང་གྱི་སྒྲུང་བརྒྱུད་ལ་སོགས་པ་བཞིན་ནོ། །རིག་བྱེད་གང་གསལ་བར་བྱེད་པ་རིམ་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ ་ནི་མ་ཡིན་ཏེ། ཡི་གེ་རྣམས་རིམ་གྱིས་སྣང་བའི་ཕྱིར་རོ་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཞན་དུ་ཞེས་བྱ་བ་ནི་གལ་ཏེ་སྐྱེས་བུས་བྱས་པ་ཉིད་དུ་མི་འགྱུར་གྱི་འོན་ཀྱང་རྟག་པ་ཉིད་དང་ཁྱབ་པ ་ཉིད་དུ་བརྗོད་པ་དེའི་ཚེ་རིམ་ཅན་དུ་མི་འགྱུར་ཏེ། འདི་ལྟར་ཏེ་ཞིག་ས་བོན་དང་མྱུ་གུ་དང་ལྕུག་མ་ལ་སོགས་པ་བཞིན་དུ་དུས་ཀྱི་བྱས་པའི་རིམ་པ་རིགས་པ་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་ཐམས་ཅད་དུས་མཚུངས་པའི་ཕྱིར་རོ། །གྲོག་མ་ལ་སོགས་པའི་? ་བཞིན་དུ་ཡུལ་གྱིས་བྱས་པ་མ་ཡིན་ཏེ། ཁྱབ་པ་ཉིད་ཀྱིས་ཐམས་ཅད་ནམ་མཁའ་ཨི་ཡུལ་གཅིག་ཏུ་གནས་པའི་ཕྱིར་རོ། །མངོན་པར་གསལ་བས་བྱས་པ་ཡང་མ་ཡིན་ཏེ་ཁྱབ་པར་འབོགས་དབྱུང་དུ་མེད་པ་ཉིད་ཀྱིས་རྟག་པ་ལ་གསལ་བར་མི་རུང་བའི་ཕྱིར་རོ། ་དེ་གྲུབ་དོན་དུ་བྱས་པ་དང་མ་བྱས་ལུང་ཡང་ངེད་ལ་མེད། ཅེས་གང་སྨྲས་པ་འདི་ལ། ལུང་དང་ཞེས་བྱ་བ་སྨོས་ཏེ། བཀག་སྟེ་ཞེས་བྱ་བ་ནི་ཆད་མ་བརྟག་པར་རོ། །དེ་དག་ཅེས་བྱ་བ་ནི་ལུང་དང་ཉེ་བར་འཇལ་བདག། དོན་གྱིས་གོ་རྣམས་སོ། །ཚད་མ་མིན་པ་བཟློག ་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ལ་ཚད་མ་མིན་ཉིད་ལྡོག་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དེ་དངོས་པོ་ཉིད་ཡིན་ཞེ་ན། ཐོས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུས་མ་བྱས་པ་ཉིད་ཅེས་བྱ་བ་འདིས་ཐོས ་པ་རང་དབང་ཅན་དུ་བརྗོད་དོ། །སྐྱེས་བུའི་བྱེད་པ་ལ་བལྟོས་པ་མེད་པའི་ཐོས་པ་ནི་རང་བཞིན་ཉིད་ཀྱིས་ཚད་ཡིན་ནོ། །ཞེས་བསམས་ནས་སྦྱོར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐྱེས་བུས་བྱས་པ་ཉིད་ལོག་པ་ཙམ་བརྗོད་པ་ན་ཁྱད་པར་ཅི་ཞིག་བསྟན་པར་འགྱུར ་གང་གི་ལྟར་ན་དོན་དམ་པར་ཆོས་ཅན་ཐ་དད་པ་དེ་ཡང་སྐྱེས་བུམ་མ་བྱས་པ་ཉིད་དངོས་པོའི་ཆོས་ཡིན་ནོ། །དོན་དམ་པར་ནི་དངོས་པོའི་རང་བཞིན་ཉིད་ཁྱད་པར་གཞན་སྤངས་ནས་ཤེས་པར་འདོད་པ་ན་དེ་སྐད་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། དངོས་བདག་ཉིད་ཅེས ་བྱ་བ་སྟེ་དེ་ལྟའི་ཞེས་བྱ་བ་ནི་རང་དབང་ཅན་ནོ། །དངོས་པོའི་ཕྱོགས་ནི་སྒྲུབ་དོན་དུ། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དངོས་པོའི་ཕྱོགས་ནི་གྲུབ་བྱའི་ཕྱིར། ཞེས་བྱ་བ་སོགས་པ་སྨོས་ཏེ། དངོས་པོ་གང་ཞིག་གཏན་ལ་དབབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད ་པ་གང་ཞིག་ཉེ་བར་བླངས་པ་དེ་བཀག་པ་ན་དངོས་པོ་དེ་ལ་དེ་ལས་ངེས་པར་མི་འགྱུར་རོ་ཞེས་བྱ་བ་དེ་ཙམ་དུ་འགྱུར་གྱི་དངོས་པོ་ལྡོག་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཚད་མ་ལོག་ཀྱང་གཞལ་བྱ་མི་ལྡོག་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །དེ་ལ་རྒྱུ་དང་ཁྱུག་?་བྱེད་པ ་ཉིད་དག་མཚད་བའི་ཕྱིར་རོ། །བཀག་བ་ཞེས་བྱ་བ་ནི་སྤངས་བའོ། །ཕྱོགས་གཉིས་ཀ་ཡང་འགྲུབ་པ་མེད་དོ་ཞེས་པ་འདི་ཙམ་ཞིག་བརྗོད་པར་རིགས་ཏེ། འདིར་ཞེས་བྱ་བའི་སྒྲ་ཞིག་ཁོར་ནས་དབྱུང་སྟེ་དེ་ཡང་འགྲུབ་བྱེད་ཅེས་བྱ་བ་འདིའི་རྗེས་ཐོགས་སུ ་བལྟ་བར་བྱའོ། །འདི་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ལུས་ཅན་ཞེས་བྱ་བ་སྨོས་ཏེ་ཇི་ལྟར་རྟག་པར་སྨྲ་བས་སྒྲ་དངོས་པོར་གྱུར་བའི་རྟག་པ་ཉིད་དུ་བསྒྲུབ་པར་འདོད་པས་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ནམ ་མཁའ་བཞིན་ནོ་ཞེས་སྦྱོར་བ་བཀོད་པ་ལ། ཕྱིར་རྒོལ་བས་ལུས་ཅན་མ་ཡིན་པའི་ཕྱིར་སྒྲ་རྟག་པར་རིགས་པ་མ་ཡིན་ཏེ། བདེ་བ་ལ་སོགས་བསམ་དེས་པའི་ཕྱིར་དེ་ཅན་གྱིས་དངོས་པར་འགྱུར་བའི་རྟག་པ་ཉིད་ཀྱི་སྒྲུབ་པར་བྱེད་པ་བཀག་ན་ཡང ་སྒ་ཡི་རྟག་པ་ཉིད་དུ་གྲུབ་པ་མ་ཡིན་པ་དེ་བཞིན་དུ་འདི་མ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །ཇི་ལྟར་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྟེ། བརྗོད་ན་ཡང་ཞེས་བྱ་བའི་མཇུག་ཏུ་བལྟ་བར་བྱའོ། །སྒྲ་ཞེས་བྱ་བ་འདིའི་རྗེས་ལ། རྟག་པ་གྲུབ་པ་ཞེས་བྱ་བ་འདི་ཁ་བསྐང་བར ་བྱའོ། །ཡང་ན་འཇིགས་པ་བཞིན་དུ་ཕྱོགས་གཅིག་སྦྱར་བར་བལྟ་བར་བྱའོ། །གཞན་གྱིས་སྔོན་དང་ཕྱི་མའི་མཛའ་། །ཞེས་བྱ་བ་ལ་སོགས་པ་ལ་།ངེས་ན་གཞན་གྱིས་སྔ་ཕྱིའི་མཛའ་། ཞེས་བྱ་བ་ལ་སོགས་པ་སྟོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དོན་? ་མིན་ཞེས་བྱ་བ་ནི་རང་གི་ཕྱོགས་མ་གྲུབ་བའི་ཕྱིར་རོ། །མ་བྱས་པ་དང་འཇིག་མེད་གྱིས། རྟག་པ་ཉིད་དུ་བརྗོད་པར་འདོད། །ཅེས་བྱ་བ་ལ་སོགས་པ་གང་སྨྲས་བ་འདི་ལ་གལ་ཏེ་དགག་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་རྣམ་པར་རྟོག་པ་གཉིས་ཏེ། རས ་འགའ་མེད་པར་དགག་པའི་ངོ་བོའི་མ་བྱས་པ་དང་འཇིག་པ་དག་ངག་གིས་སམ། མ་ཡིན་བའི་དགག་བའི་ངོ་བོ་དག་གིས་རྟག་པ་ཉིད་དུ་འདོད། དེ་ལ་ཕྱོགས་དང་པོ་ལ་ནམ་མཁའ་ཨི་པདྨ་ལ་སོགས་པས་མ་ངེས་པའི་ཕྱིར་རིག་བྱེད་ཀྱི་ངེས་པོར་གྱུར་བའི་རྟག་པ ་ཉིད་གྲུབ་པ་མ་ཡིན་ཏེ། འདི་ལྟར་ནམ་མཁའ་ཨི་པདྨ་ལ་བྱས་པ་དང་འཇིག་པ་ཉིད་བཀག་ན་ཡང་དངོས་པོར་གྱུར་བའི་རྟག་པ་ཉིད་མ་གྲུབ་པ་དེ་བཞིན་དུ་རིག་བྱེད་ལ་ཡང་ཡིན་བའི་ཕྱིར་གཏན་ཚིགས་མ་དེས་པ་ཡིན་ནོ། །དེ་ལྟ་ཡིན་དང་ནམ་མཁའ་ཨི་མེ་ཏོག་བཞིན་དུ་ཚད ་ལ་ཉིད་དུ་ཡང་མི་འགྱུར་རོ། །མ་གྲུབ་པར་མང་བསྟན་པའི་ཕྱིར། བྱས་པ་ཉིད་དང་འཇིག་པ་ཉིད་ཅེས་བྱ་བྲ་ལ་སྨོས་ཏེ། དགག་པ་ཞེས་བྱ་བས་ནི་སུན་ཕྱུང་བའོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ནའོ་ན་དེ་དག་དངོས་པའི་བདག་ཉིད ་གྱིས་རང་གི་སྒྲུབ་བྱེད་ལ་བལྟོས་མིན། ཞེས་བྱ་བ་འདི་བརྗོད་པར་མི་བྱའོ། །དེ་སྟོན་པ་ནི་མ་ཡིན་དགག། ཅེས་བྱ་བ་ལ་སོགས་པ་སྟེ། གོ་བར་ཟད་དོ། དེ་བཞིར་རིག་བྱེད་ཚིག་གིས་དོན། །ལོག་པར་རྗེས་སུ་དཔག་པས་བརྗོད། །ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཚུལ ་གསུཾ་ཞེས་བྱ་བ་ལ་སོཌ་བ་སྨོས་ཏེ། གསལ་བྱས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་རྟག་པར་རང་བཞིན་དང། འབྲས་བུ་དང། མི་དམིགས་པ་ལས་བྱུང་བ་དེ་ནི་དགག་པར་མི་ནུས་ཏེ། འདི་ནི་དངོས་པོ་དང་འབྲེལ་བའི་ཕྱིར་རོ། །དངོས་པོའི་རང་བཞིན་ནི་སུས་ཀྱང་རྣམ་པ་གཞན་དུ་བྱ ་བར་མི་ནུས་ཏེ། །དེ་མཚན་ཉིད་ནི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར་རོ། །རང་བཞིན་གཞན་བྱེད་པ་ནི་དེ་ལ་ཅུང་ཟད་ཀྱང་བྱས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཚད་མས་གྲུབ་པའི་དངོས་པོ་གང་ཡིན་པ་དེ་ལ་སུས་ཀྱང་གནོད་པ ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མའི་མཚན་ཉིད་དང་ལྡན་པ་ལ་གནོད་ན་དེའི་མཚན་ཉིད་སུན་འབྱུང་བར་འགྱུར་བ་ཐམས་ཅད་ཡིད་བརྟན་པ་མེད་བའི་ཕྱིར་འགར་ཡང་ཚད་མར་མི་འགྱུར་རོ། །འདི་ཉིད་སྟོན་པ་ནི་སྐྱེས་བུས་གང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད ་དུ། སེམས་ཞེས་བྱ་བ་དང་དེ་ཉིད་བདག་ཉིད་དོ་ཞེས་རང་བཞིན་གྱིས་འཇིག་པ་མེད་པས་མི་འཇིག་པར་སྨྲའོ། །ཞེས་བྱ་བ་དང་ཡང་སྨྲས་བ་ཀྱེ་བདག་ནི་འདི་ནི་འཇིག་པ་མེད་པ་རྒྱུན་མི་འཆད་པའི་ཆོས་ཅན་ནོ། ཞེས་བཤད་པ་ལྟ་བུའོ། །འཇིག་པ་མེད་པས་ན་མི ་འཇིག་པ་སྟེ། རྟག་པར་བྱེད་པའི་དོན་ཏོ། །ཀྱེའི་ཞེས་བྱ་བ་ནི་བོད་པའི་ཚིག་གོ་།རིགས་སོགས་ཞེས་བྱ་བའི་སོགས་དེའི་སྒྲས་ཡོན་ཏན་དང། རྫས་པ་ལ་སོགས་པ་གཟུང་ངོ། །རིགས་ལ་སོགས་པ་དེ་ཡང་ཇི་ལྟར་ཚད་མས་གནོད་པ་དེ་ལྟར་ཚིག་གི་དོན་དྲུག ་རྟག་པར་སྒྲུབས་ཟིན་ལ། གང་ཡང་བདག་ལ་གནོད་པའི་འབྲེལ་པ་ཤེས་པ་ཅན་གྱི་རྗེས་སུ་དཔག་པ་དེ་ཡང་བདག་མེད་པའི་གནས་སྐབས་སུ་བསྒྲུབས་ཟིན་ཏོ། །འོན་ཏེ་རིག་བྱེད་ཀྱང་ཚད་མ་མ་ཡིན་ནམ། དེ་ཇི་ལྟར་རྗེས་སུ ་དཔག་པས་གནོད་པར་འགྱུར་ཅི་སྟེ་ཚད་མ་ལ་ཡང་གནོད་པར་འགྱུར་ན། རྗེས་སུ་དཔག་པ་ལ་ཡང་ངེས་ཅིའི་ཕྱིར་གནོད་པར་མི་འགྱུར་ཞེས་དོགས་པ་ལ་དངོས་པོ་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་རྗེས་སུ ་དཔག་པའོ། །སྒྲ་ནི་འདོད་པ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་གཞལ་བྱའི་དངོས་པོ་ལ་འབྲེལ་པ་ཡོད་པ་མ་ཡིན་པས་དེ་དེ་ལ་ཚད་མ་མ་ཡིན་ལ། རྗེས་སུ་དཔག་པ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པའི་རྟགས་ཀྱིས་སྐྱེ་བ ་ན་དངོས་པོ་དེ་ལས་འབྲེལ་བའི་ཕྱིར་དེ་ཉིད་ཚད་མ་ཡིན་ཏེ། དེའི་ཕྱིར་གནོད་པར་བྱེད་པ་ཡིན་ནོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའོ། །ཅི་སྟེ་འབྲེལ་པ་མེད་ཀྱང་སྒྲ་དངོས་པོ་ལ་ཚད་མར་འགྱུར་ན་དེའི་ཚེ་ཧ་ཅང་ཐལ་བར ་འགྱུར་རོ་ཞེས་སྟོན་པ་ནི། སྐྱེས་བུའི་ངག་ལས་ཞེས་བྱ་བ་སྟེ། མེའི་སྦྱིན་སྲེག་ལས་མཐོ་རིས་སུ་མི་འགྱུར་རོ་ཞེས་བྱ་བའི་ཚིག་ཅིའི་ཕྱིར་ཚད་མར་མི་འགྱུར་ཏེ། གཉིས་ཀ་ལ་ཡང་འབྲེལ་པ་མེད་པ་ཉིད་དུ་ཁྱད་པར་མེད་བའི་ཕྱིར་རོ། །ཁྱད ་པར་མེད་པར་དེ་ཉིད་བསྟན་པའི་ཕྱིར། དཔེ་ལ་བལྟོས་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་སྟེ་ཡང་གལ་ཏེ་དེའི་ཆེ་ཉིས་པ་མ་དམིགས་པ་དེ་ལྟ་ན་ཡང་སྐྱེས་བུ་ལ་བརྟན་པ་ཉིད་ཀྱི་སྲིད་པ་ཡིན་ནོ་ཞེས་བྱ་བ་དེ་ནི་རིག་བྱེད་ལ ་ཡང་མཚུངས་ཏེ། འདི་ལྟར་ཇི་ལྟར་ནའི་རང་བཞིན་བདེན་པའི་དོན་ཅན་ཡིན་པ་དེ་ལྟར་ལོག་པ་ཉིད་ཀྱང་སྲིད་པའི་ཕྱིར་ཁྱད་པར་འགའ་ཡང་མེད་དོ། །ང་ལ་ནི་ཚད་མ་མ་ཡིན་ཞེས་ད་ལྟར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ནི་མེ་ལ་སྦྱིན་སྲེག ་བྱས་པས་མཐོ་རིས་སུ་མི་སྐྱེའོ་ཞེས་བྱ་བ་ལ་སོགས་པའི་ངག་སྐྱེས་བུས་བྱས་པ་ལ་ཡང་བརྗོད་པར་ནུས་པ་མ་ཡིན་ནོ། །ཞེས་སྟོན་པ་ནི་སྒྲ་ཡིས་དོན་རྟོགས་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲས་དོན་རྟོགས་བ་ན་ཡང་མཁས་པས་ཞེ་སྡང་ཙམ་གྱིས་མེའི ་སྦྱིན་སྲིག་གིས་མཐོ་རིས་སུ་མི་སྐྱེའོ་ཞེས་བྱ་བ་འདི་མིང་ཅན་དེ་སྐྱེས་བུས་བྱས་པ་ན་ང་ལ་སྟེ་དཔྱོད་པ་པ་རྣམས་ལ་ཚང་མ་མ་ཡིན་ནོ་ཞེས་དེ་ལྟར་བརྗོད་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །འདིས་ན་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་གཉིས་ཀྱིན ་ཤིན་ཏུ་ལྐོག་ཏུ་མ་གྱུར་པའི་དོན་ལ་རྟོགས་པའི་རྒྱུ་མཚན་མཚུངས་པ་ཉིད་དུ་བསྟན་ཏོ་དེ་ལྟ་ཡིན་དང་རྟོགས་པའི་རྒྱུ་མཚན་མཚུངས་པ་ཉིད་ཡིན་ན་སྐྱེས་བུས་མ་བྱས་བ་ཁོ་ན་ཚད་མ་ཡིན་གྱི་ཅིག་ཤོས་ན་མི་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་རིགས་པ་དང ་བྲལ་བ་ཡིན་ནོ། །ཉེས་པ་རྣམས་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར་དེ་ལ་ལོག་པ་ཉིད་དུ་རྟོགས་ཀྱི་སྐྱེས་བུས་མ་བྱས་པ་ལིན་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། སྐྱེས་བུས་མ་བྱས་པ་དག་ལ་ཡང་རང་བཞིན་གྱིས་ལོག་པའི་དོན་ཤེས་པའི་རྒྱུ་ཉིད་སྲེད ་པ་ཡིན་པའི་ཕྱིར་རོ། །དོན་དེ་ཉིད་སྟོན་པ་ནི། དེ་ལྟར་སྒྲ་ཀུན་ཞེས་བྱ་བ་སྟེ། ཀུན་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པའོ། །གཅིག་ཉིད་ལ་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ལའོ། །སྡང་བ་གཉིས་པ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ ་གང་སྨྲས་པ་དེ་ལ། དེ་མ་ཐག་བརྗོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་ཐག་ཏུ་བརྗོད་པ་ནི་སྒྲ་འདོད་པ་ཙམ་གྱིས་འཇུག་པ་ཉིད་ཀྱི་དངོས་པོ་ལ་འབྲེལ་པ་མེད་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཤེས་རབ་ཅན་དག་ཅེས་བྱ་བ་ནི་བདེ ་བར་གཤེགས་པ་པ་རྣམས་སོ། །གང་ཡང་བཤད་པ་བྱེད་པས་རིག་བྱེད་ཀྱི་དག་ལས་ཤེས་པ་ནི་མངོན་སུམ་ཡིན་ལ་རྗེས་སུ་དཔག་པ་ནི་མངོན་སུམ་དང་འགལ་ན་ནི་ཚང་མར་འགྱུར་བ་མ་ཡིན་ནོ་ཞེས་བཤད་དོ། །གང་ཡང་འདི་སྐད་དུ་སྒུར་བར་བྱེད་ནི་བྱུང་བ་དང ་འབྱུང་བ་དང། འབྱུང་བར་འགྱུར་བ་དང་ཕྲ་བ་དང་ཆོད་པ་དང། སྐལ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དོན་རྟོགས་པར་ནུས་ཀྱི་གཞན་དབང་པོས་?་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཐམས་ཅད་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ ་སྐྱེས་བུས་བྱས་པའི་ཆག?་ལ་འདི་ཐམས་ཅད་མཚུངས་བའི་ཕྱིར་རོ། །འཛིན་དང་འདོན་དང་འཆད་བའི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ལོག་པའི་རྗེས་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ལོག་པའི་རྗེས་སུ་ཆགས་པ་ལས་སྐྱེས་པ་ཡང་ཡིན་ལ ་རང་བྱེད་སེམས་པ་ཡང་ཡིན་ནོ་ཞེས་བསྡུ་བ་བྱས་ལ་?་པར?་པས་ཤེས་ཕྱས་གསུམ་པའི་བསྡུ་བའོ། །སེམས་པ?་མོད་ལ་སེམས་པའོ། །ལོག་བའི་རྗེས་སུ་ཆགས་པས་?་བ་ཡོད་ན་ཡང་མངོན་པར་མི་འགྱུར་ཏེ་?་ན་བར་?་བ་ལ་སོགས ་པ་རྣམས་ཀྱིས་མ་ཕག?་མར་ལེན་པ་ལ་སོགས་པ་ལྟ་བུ་ཡིན་པའི་ཕྱིར་ངོ?་མཚར་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་རྣ་བ་ལས་བྱུང་བའི་ངོ་ཤེས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གར་སྨས?་པ་དེ་ལ། ངོ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་གྱི་མཚན ་ཉིད་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཡིན་ལ། ངོ་ཤེས་པ་ན་རྟོག་པ་དང་བྲལ་བ་མ་ཡིན་ཏེ། དེ་ཉིད་འདི་ཡིན་ནོ་སྙམ་དུ་སྒྲའི་རྣམ་པ་དང་ལྡན་པར་འཇུག་པའི་ཕྱིར་དེ། །མ་འཁྲུལ་བ་ཡང་མ་ཡིན་ཏེ། སྔར་མཐོང་བ་དང་དེ་ལྟར་སྐྱེས་པ་དག་ཅིག་ཏུ་མཚམས ་སྦྱོར་བའི་ཕྱིར་རོ། །སྔར་མཐོང་བ་གང་ཡིན་པ་དེ་ཉིད་ཕྱིས་མཐོང་བ་ཡང་མ་ཡིན་ཏེ། རིམ་ཅན་མ་ཡིན་པ་ལས་ཤེས་?་རིམ་ཅན་དུ་མི་འཐད་པའི་ཕྱིར་རོ། །འགའ་ཞིག་ལས་འབྱུང་བའི་ཆོས་ཅན་གྱི་འབྲས་བུ་རེས་འགའ་མི་འགྱུར་བ་གང་ཡིན་པ་དེ་ནི ་དེ་མཆད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རྒྱུ་མ་ཚང་བ་མེད་པ་ཡིན་ན་ཅིའི་ཕྱིར་འབྲས་བུ་སྡོད་པར་འགྱུར་རྟག་པ་ནི་ཕན་གདགས་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་ངེས་འགའ་བལྟོས་པར་འགྱུར་བ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་ལས་བྱུང་བའི་ཤེས་པ་ཅིག ་ཅར་བར་འགྱུར་རོ། སྦྱོར་བ་ནི་གང་ཞིག་གང་གི་ཚེ་རྒྱུ་མ་ཚང་བ་མེད་པ་དེ་ནི་དེའི་ཚེ་འབྱུང་བ་ཉིད་ཡིན་ཏེ། དཔེར་ན་མིག་ལ་སོགས་པ་རྒྱུའི་ཆོགས་པ་མཛའ་དག་གི་མཛའ་ཨི་གནས་སྐབས་ཅན་གྱི་མིག་གི་རྣམ་པར་ཤེས་པ་བཞིན་ནོ། །བ་ལང་ལ་སོགས ་པའི་སྒྲ་ལས་བྱུང་བའི་ཤེས་པ་ཡང་གནས་སྐབས་ཐམས་ཅད་དུ་རྒྱུ་མཚང་བ་མེད་པ་ཉིད་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་འཁྲུལ་པའི་ཕྱིར་དང་རྟོག་པ་དང་བཅས་པའི་ཕྱིར་ངོ་ཤེས་པ་མངོན་སུམ་ཉིད་དུ་མ་གྲུབ་བོ་ཞེས་དང ་པོ་ཉིད་དུ་བསྟན་པའི་དངོས་པོ་རྟག་པར་བསྟན་ཟིན་ཏོ། །ཐམས་ཅད་དུ་རང་གི་ངོ་བོས་ངོ་ཤེས་བ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ནི་ཚོ་དང་རི་སྐེགས་ལ་སོགས་པ་དག་གིས་སྒྲ་སྒྲོགས་པ་དེ་དག་ལ་འདི ་ནི་རི་སྐེགས་ཀྱི་སྒྲའོ། །འདི་ནི་ནི་ཅོའི?་སྒྲའོ་ཞེས་ཕན་ཚུན་ཡུལ་ཐ་དད་པའི་ཕྱིར་ཐ་དད་པའི་ཤེས་པར་འགྱུར་བས་ཐམས་ཅད་དུ་ངོ་ཤེས་པ་གྲུབ་པ་མ་ཡིན་ནོ། །ཡང་ཅི་སྟེ་གསལ་བར་བྱེད་པ་ཐ་དད་པས་ནི་ནི་ཅོ་ལ་སོགས་པའི་སྒྲ་ལ་ཕན་ཚུན་དུ་ལྡོག་པའི་ཤེས་པ ་འདི་སྐྱེའེ་སྙམ་པ་འདི་ཡང་མི་འཐད་དེ། གསལ་བར་བྱེད་བ་སེལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་འཆད་པ་ནི་གལ་ཏེ་གསལ་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་ལྡོག་པའི་ངོ་བོའི་ཤེས་པའོ། །གཞན་ཡང་གལ་ཏེ་སྒྲ་རྣམས་ཀྱི་ཐ་དད་པ ་གྲུབ་ན་ཡང་གསལ་བྱེད་ཀྱིས་བྱས་པ་འམ་ཐ་དད་པ་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་པ་དེའི་ཚེ་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ་ཞེས་ཧ་ཅང་ཐལ་བར་འགྱུར་བ་བསྟན་པའི་ཕྱིར། ཁྱེད་ལ་རིགས་པ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད ་ཞེས་བྱ་བ་ནི་སྣ་ཚོགས་པའོ། །དེ་ལྟར་འགྱུར་མོད་ཅེ་ན། དེའི་ཕྱིར་ཁྱེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་གསལ་བྱེད་པའི་འོང་འདི་ནི་གསལ་བར་བྱའོ་ཞེས་བྱ་བའི་ཐ་དད་པའི་རྒྱུ་མཚན་གྱི་ཐ་སྙད་དུ་མི་འགྱུར་ཏེ་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་འདི་དག? ་ནི་སྐྱེས་བུས་བྱས་པ་ཡིན་ལ་བདག་ཅག་རིག་བྱེད་ལྷས་?་བར་བྱས་སོ། ཞེས་བྱ་བ་ལ་སོགས་པ་འདི་དག་ནི་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་ཁྱེད་ཅག་ལ་ངོ་ཤེས་པའི་མཐར་ཐུག་བའི་རྣམ་པར་བཞག་པར་མི་འགྱུར་ཏེ། ཁྱད་པར ་མེད་པའི་ཕྱིར་རོ། །གསལ་བྱེད་རིམ་པ་ཞེས་བྱ་བ་ལ་སོགས་པས་གཞན་དག་འཇིག་རྟེན་པ་དང་རིག་བྱེད་པ་དང་པར་བཞག་པ་སྟོན་པ་ཡིན་ནོ། །གསལ་བྱེད་རིམ་པས་གནས་པའི་ཕྱིར་ཞེས་བྱ་བ་ནི་ངེས་པའི་ཕྱིར། །ཁ་ཅིག་ནི་བདག་ཅག་ལྷས་ཞི་བར ་བྱས་སོ་ཞེས་བྱ་བ་ལ་སོགས་པ་རིམ་པ་རེས་ས་ཉིད་རྟོགས་པར་བྱེད་དེ་དེའི་ཕྱིར་རིམ་པ་དེས་པ་དང་ལྡན་པ་དེ་དག་སྐྱེས་བུས་མ་བྱས་པར་འདོད་ལ་ཤུགས་ཀྱིས་བཟློག་པ་ནི་སྐྱེས་བུས་བྱས་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། རྐན་སོགས་ཞེས་བྱ་བ ་ལ་སོགས་པས་སུན་འབྱིན་པར་བྱེད་དེ། རིམ་པ་ངེས་པ་དང་ལྡན་པར་མ་གྲུབ་སྟེ། གསལ་བར་བྱེད་པའི་རིམ་པ་ངེས་པའི་ཕྱིར་དེ་འདོད་ལ་རྐན་ལ་སོགས་པ་གསལ་བར་བྱེད་པའི་རིམ་པ་དེ་ཡང་སྐྱེས་བུའི་འདོད་པ་ལ་རག་ལས་ནས་འཇུག་པའི ་ཕྱིར་མ་ངེས་པ་ཡིད་ལ་སྐྱེས་བུའི་འདོད་པ་ཡང་རང་དགའ་བ་ཡིན་བའི་ཕྱིར་ཏེ། གང་ལ་འདོད་པ་རང་དབང་ཅན། དེ་ལ་ངེས་པ་ཞེས་བྱ་གང། ཞེས་གང་བཤད་པ་ཡིན་ནོ། །དེ་ལྟ་ཡིན་དང་བདག་ཅག་ལྷས་ཞི་བར་བྱས་སོ་ཞེས་བྱ་བ་ལ་སོགས་པའི ་རིམ་པ་འདི་ཉིད་དུས་ཐམས་ཅད་དུ་བྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་རོ་བྱ་བ་འདི་ལ་ངེས་པ་གང་ཞིག་ཡིན། ཚད་མ་མེད་པའི་རེས་འགའ་རིམ་པ་གཞན་དུ་ཡང་སྲིད་པ་ཡིན་ནོ། །མེ་ལྕེ་ལ་སོགས་སྐད་ཅིག་མ། །ཡིན་ཡང་ངོ་ཤེས་ཞེས་བྱ་བ་ལ་སོགས ་པ་གང་སྨྲས་པ་དེ་ལ་མ་ཉིད་ལ་སོགས་ཞེས་བྱ་བ་སྨོས་སོ། །འདི་ཐམས་ཅད་ཡི་གེ་རྣམས་ལ་ཡང་བརྟག་པར་ནུས་སོ་ཞེས་བསྟན་པའི་ཕྱིར་སྐད་ཅིག་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ཞེས་བྱ་བ་ནི་གཞན་ལྡོག་པའི་མཚན་ཉིད་དོ། །ཡུལ ་དང་དུས་སོགས་ཐ་དད་པའི། །བ་ལང་སྒྲ་ཡི་གསལ་བའི་བློ། །ཞེས་བྱ་བ་ལ་སོགས་པ་དེ་ལ་སྨྲ་གཅིག་གྲུབ་པར་བྱ་བའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་སྒྲ་གཅིག་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་རྗེས་སུ་དཔག་པའི་སྦྱོར་བ་སྨྲས་པ་དེ་དག ་ཐམས་ཅད་ལ་བསྒྲུབ་བྱ་ལ་བཟློག་པ་ལས་གཏན་ཚིགས་གནོད་པ་ཅན་གྱི་ཚད་མ་མ་བསྟན་པའི་ཕྱིར་ཐམས་ཅད་མ་ངེས་པ་ཉིད་ཡིན་ནོ། །འདི་འདྲ་གང་དེ་བསྟན་པར་མཐོང། །དུ་བའི་སྤྱི་ཡི་ཆ་བཞིན་ནོ། །ཞེས་གང་སྨྲས་པའི་དཔེ་འདི་བསྒྲུབ་བྱ་མཚང་བ་ཉིད ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དུ་བའི་སྤྱི་ཡི་ཆ་ཡང་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཉིད་རིག་མི་མཐུན་པ་ལས་ལྡོག་པའི་སྤྱན་ནི་རྟགས་ཤེས་བྱའི་གཞན་ནི་མ་ཡིན་ཏེ། དེ་ཡང་མི་རྟག་པ་ཉིད་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱ་མ་ཚང་བ ་མ་ཡིན་ནོ། །རིགས་ལས་བུམ་སོགས་གཅིག་གྱུར་ན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་ཡི་གེ་རྣམས་ལ་ཡང་ལན་མཚུངས་སོ་ཞེས་སྟོན་པ་ནི། རིགས་ལ་སོགས་པ་གཅིག་ཉིད་འགྱུར། །ཞེས་བྱ་བ་ལ་སོགས་ཏེ། ཡུལ་དང་དུས་སོགས་ཐ་དད ་པའི་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལྔས་གལ་ཏེ་གཞན་སེལ་བའི་མཚན་ཉིད་ཀྱིས་སྤྱི་གཅིག་ཉིད་དུ་སྒྲུབ་པར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཐམས་ཅད་དེ་མ་ཡིན་པ་ལས་ལྡོག་པའི་ངོ་བོའི་སྤྱི་བློ་གཅིག་གིས་ཞེན་པའི་དབང་གིས ་གཅིག་ཏུ་འདོད་པའི་ཕྱིར་རོ། །ཅི་སྟེ་གསལ་བ་རང་གི་མཚན་ཉིད་གཅིག་ཉིད་དུ་སྒྲུབ་ན་དེའི་ཚེ་ཁྱབ་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གནོད་པའི་ཕྱིར་གཏན་ཚིགས་རྣམས་མ་དེས་པ་ཡིན་ནོ། །དབང་ཕྱུག་སོགས་རྣམས་ཀྱིས་ཞེས་བྱ་བ ་ལ་དབང་པོ་ནི་དབང་པོ་སྟེ་དེ་ལ་ཡོད་པ་ནི་དབང་པོ་ལས་བྱུང་བ་སྟེ། མངོན་སུམ་ཞེས་བྱ་བའི་ཐ་ཚིག་གོ། སོགས་བའི་སྒྲས་རྗེས་སུ་དཔག་པ་གཟུང་སྟེ། མང་པོའི་ཆོག་ནི་གསལ་བར་ཐ་དད་པ་ལ་བལྟོས་པས་ཡིན་ནོ། །ཇི་ལྟར་མངོན་སུམ་གྱིས་ཐ་དད་དུ ་རྟོགས་ཤེ་ན། གང་ཕྱིར་སྡུག་དང་མི་སྡུག་སོགས། །ཞེས་བྱ་བ་སྨོས་ཏེ། སྡུག་པ་ནི་རྗེས་སུ་མཐུན་པ་ཡིན་ལ་ལྡོག་པ་ནི་མི་སྡུག་པའོ། །རྗེས་སུ་དཔག་པས་ཀྱང་གནོད་པར་སྟོན་པ་ནི། །བློ་རྣམས་ཞེས་བྱ་བ་ལ?་སོགས་པས་ཏེ། དོན་འདི ་ནི་ཁར་ཚང་དེ་རིང་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་པར་འགྱུར་རོ། །སྦྱོར་བ་ནི་གང་དང་གང་སྣང་བ་ཐ་དད་པའི་བློ་དེ་དག་ཐམས་ཅད་ནི་ཡུལ་གཅིག་པ་མ་ཡིན་ཏེ། དཔེར་ན་རོ་དང་གཟུགས་ལ་སོགས་པའི་ཡུལ་ཅན ་བཞིན་ནོ། །ཡུལ་དང་དུས་ལ་སོགས་པ་ཐ་དང?་པའི་བ་ལང་གི་སྒྲའི་གསལ་པའི་བློ་རྣམས་ཀྱི་སྣང་བ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་བའོ། །འདིའི་མ་གྲུབ་པ་ཉིད་སྤང་པའི་ཕྱིར། དྲུག་སྐྱེས་ཞེས་བྱ་བ་ལ་སོགས ་པ་སྨོས་སོ། །བློ་རྣམས་རིམ་ཅན་དུ་འབྱུང་ཕྱིར། །མྱུ་གུ་སོགས་བཞིན་ཐ་དད་གྲུབ། །ཅེས་བྱ་བའི་དོན་ལ་ཚང་མ་བྱ་བའི་ཕྱིར། ཁར་ཚང་དེ་རིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དག་གང་རིམ་གྱིས་འབྱུང་བའི་ཤེས་པ་དེ་དག་ནི་ཡུལ ་གཅིག་པ་མ་ཡིན་ཏེ། དཔེར་ན་རོ་དད་གཟུགས་ལ་སོགས་པའི་ཤེས་པ་རིམ་གྱིས་འབྱུང་བ་བཞིན་ནོ། །ཁར་ཚང་དང་?་རང་གི་བ་ལང་གི་སྒྲའི་ཡུལ་ཅན་གྱི་ཤེས་པ་འདི་དག་ཀྱང་རིམ་གྱིས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ ་དམིགས་པའོ། །གཞན་དུ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གཉིས་པའི་ཡང་མ་ངེས་པ་ཉིད་སྤོང་པར་བྱེད་པ་ཡིན་ཏེ། བློ་རྣམས་ཐམས་ཅད་ཅེས་བྱ་བ་ནི་རོ་དང་གཟུགས་ལ་སོགས་པའི་བློ་རྣམས་ཕན་ཚུན་དམིགས་པ་ཐ་མི་དད་པ་ཉིད ་དུ་ཐལ་བར་འགྱུར་བ་ནི་སྣང་བ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གནོད་པ་ཅན་གྱི་ཚད་མ་ཡིན་ལ་རིམ?་ཀྱིས་འབྱུང་པའང་འགལ་བ་ཡིན། ཞེས་བྱ་བ་ནི། རིམ་གྱིས་འབྱུང་ཕྱིར་ཞེས་བྱ་བ་འདིའི་གནོད་པ་ཅན་གྱི་ཆེད་མ་ཡིན་ནོ། །འབྲེལ་པ་བཅོས ་མ་ཉིད་ཡིན་ཡང། ཞེས་བྱ་པ་ལ་སོགས་པ་གང་སྨྲས་བ་དེ་ལ། དངོས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་སླའོ། །ཡང་ཅིའི་ཕྱིར། འཇིག་རྟེན་པ་ཡིས་ཞེས་བརྗོད་ཅན། དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་ཕྱིར་ཞེས་བྱ་བ་འདིས ་ནི་དེའི་བདག་ཉིད་ཀྱི་མཆན་ཉིད་ཀྱི་འབྲེལ་པ་བཀག་པ་ཡིན་ནོ།། །དེ་ལས་བྱུང་བ་མ་ཡིན་ཕྱིར། ཞེས་བྱ་བ་འདིས་ནི་དེ་ལས་བྱུང་པའི་མཚན་ཉིད་བཀག་པ་ཡིན་ནོ། །འདི་དག་ལས་གཞན་པའི་འབྲེལ་པ་ཡང་མེད་ལ། འབྲེལ་པ་མེད་པར་ཡང་སྒྲ་དོན་རྟོགས་པར ་བྱེད་པ་ཉིད་དུ་ངེས་པར་འགྱུར་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་སྒྲ་དང་དོན་དག་གིས་འབྲེལ་པ་ནི་སྒྲོ་བཏགས་པ་ཡིན་ནོ་ཞེས་དད་པོ་ཉིད་དུ་གཞན་སེལ་བ་བསམ་པར་བསྟན་ཟིན་ཏོ། །དེའི་ཕྱིར་མ་བཅོས་པ་ན་སྒྲ་ཞེས ་བྱ་པ་ལ་སོགས་པའི་སྦྱོར་བ་ལ་གཏན་ཚིགས་དཔེ་དག་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། བ་ལང་ཉིད་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ཉིད་རྟག་བསལ་བ་ཡིན་ཞེས་བྱ་བ་འདིས་ནི་རྟག་ཏུ་ཞེས་བྱ་བ་འདིས་མ་གྲུབ་པ་ཉིད་དུ་བཤད་དོ། །འབྲེལ ་པ་བརྟག་པར་བསལ་བ་ཡིན། །བྱ་བ་འདིས་རྟག་པ་དང་འབྲེལ་ཕྱིར་ཞེས་བྱ་བ་འདི་མ་གྲུབ་པར་བཤད་དོ། །རྡུལ་ཕྲན་ནམ་མཁའ་སོགས་ཀྱང་སྤངས། །ཞེས་བྱ་བ་འདིས་ནི་རྡུལ་ཕྲན་རྣམས་དང་ནམ་མཁའ་བཞིན། །ཞེས་བྱ་བ་འདི་མགྲོས?་པར་བཤད་དོ། །བསལ ་ཞེས་བྱ་བ་ནི་སུན་ཕྱུང་བ་སྟེ། ཚིག་གི་དོན་དྲུག་བརྟག་པར་བྱའོ། །ངེས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། མ་ཡིན་ཞེས་བྱ་བ་དགག་པའོ། །དུ་མའི་སྤྱི་ལ་མངོན་ཕྱོགས་པ་ཞེས་བྱ་བ་ལ་སོགས་པ་ལ། དམིགས་གཟུང་བ་ལང་ཉིད ་བརྗེད་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཇི་ལྟར་འཁྲུལ་པ་ཉིད་དུ་གྲུབ་ཅེ་ན་།སྐད་ཅིག་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲོས་སོ། །ཇི་ལྟར་བུམ་སོགས་རྙིངས་པ་འམ། མཚོན་ཆ་སོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བམ་པ་ལ་སོགས ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་བྱ་བ་འདི་ཡང་བསྟན་ཟིན་ཞེས་བྱ་བ་ནི་བསྟན་པའི་དངོས་པོ་རྟག་པར་འཇིག་བརྒྱུ་མེད་པ་ཉིད་དུ་བསྟན་པས་སོ། །ཇི་ལྟར་བུམ་པ་ལ་སོགས་པ་ལ་ཡང་འཇིག་པའི་རྒྱུ་མེད་པའི་ཕྱིར ་དེ་སྒྲ་ལ་ཅིའི་ཕྱིར་འབྱུང་བར་འགྱུར་ཏེ། འཇིག་པའི་རྒྱུ་ཞེས་སྐབས་དང་སྦྱར་རོ། །འདིས་ནི་གྲུབ་པ་ལ་སྒྲུབ་པ་དང་ཆོས་མི་མཐུན་པའི་དཔེ་ཡང་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ་ཡུལ་དང་དུས་དང་སྦྱོར་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཤེས་པ་ནི ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་?་ངོ། ག་ཉིད་ཡང་དག་ཅེས་བྱ་བ་ལ་སོགས་པའི་སྦྱོར་བས་གྲུབ་པ་ཉིད་ཀྱི་སྐྱོན་ནི་གང་ལས་ཐ་དད་པའི་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཅེས་བྱ་བ་ནི་མིན་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཡང་ཅི ་སྟེ་གཞན་སེལ་བའི་བདག་ཉིད་ཀྱི་ཡང་རྟེན་དུ་མི་འགྱུར་རོ་སྙམ་སྟེ། དེ་ལྟར་དེ་རྣམས་འདིས་བསྒྲུབ་པ་ཡིན་ཏེ། ངེས་ན་གྲུབ་པ་ལ་སྒྲུབ་པར་མི་འགྱུར་ཏེ། ཁྱེད་ཀྱི་གཞན་སེལ་བའི་རྟེན་དེ་ག་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས ་སྔ་མ་སྤོང་པ་ཡིན་ཏེ། དེ་ལྟར་སྒྲུབ་པ་ལ་གཏན་ཚིགས་རྣམ་གྲུབ་པར་འགྱུར་ཏེ། འདི་ལྟར་གཞན་སེལ་བ་ཞེས་བྱ་བ་དགག་པའི་དངོས་པོ་ལས་མ་གཏོགས་པ་གཞན་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ་།འོ་ན་ཅི་ཞེ་ན། ག་ལ་སོགས་པ་གསལ་བའི་ངོ་བོ་རིགས ་མི་མཐུན་པ་ལས་ལྡོག་པ་དེ་ཉིད་ཡིན་ཏེ། ཁྱད་པར་གཞན་སྤངས་ནས་དེ་ཙམ་ཤེས་པར་འདོད་པ་ལ་གཞན་ལས་ལྡོག་པ་དང་གཞན་སེལ་བ་ཞེས་བྱ་བ་སོགས་པའི་རྣམ་གྲངས་རྣམས་ཀྱིས་བརྗོད་པ་ཡིན་ནོ། །དེ་ཆོས་ཅན་གྱི་རང་གི་ངོ་བོ་མེད་པར་བསྒྲུབ་པར་བྱ ་བ་ལ། ག་ལས་གཞན་པའི་བློ་མ་བརྗོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཆོས་ཅན་གང་གི་ཆོས་སུ་འགྱུར། །གང་གི་ཡང་མ་ཡིན་ནོ། །གང་ཡང་གཞན་གྱིས་ཀུན་ཏུ་བརྟགས་པའི་ག་ཉིད་བཞིན་ནོ། །ཞེས་དཔེར་བྱེད་པ་དེ་ཡང་ཆོས་ཅན་མ་གྲུབ་ཡིན་ནོ་ཞེས ་བསྟན་པའི་ཕྱིར་དངོས་པོ་པ་ཡིས་རྗེས་དཔག་ཀུན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་ལ་སོགས་པས་ཞེས་བྱ་བའི་སོགས་པའི་སྒྲས་གཏན་ཚིགས་ལ་སོགས་པ་གཟུང་ངོ། །གཞན་ཡང་མ་བརྗོད་ན་ཡ་བརྒོལ་བས་འདོད་པས་ཡུལ་དུ་བྱས་པ་གང་ཡིན་པ་དེ་ཁོ ་ན་བསྒྲུབ་བྱུར་འདོད་ལ་འདིར་ཁྱེད་ཅག་གིས་ག་ཉིད་དགག་པ་ཙམ་བསྒྲུབ་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐབས་འདིས་ག་གཅིག་ཉིད་དུ་བསྟན་པར་འདོད་པ་ཡིན་ལ་དམ་བཅའ་བ་འདི་ལ་མངོན་སུམ་ལ་སོགས་པས་གནོད་པ་སྔར་བསྟན་པ་ཡིན་ནོ་ཞེས་བསྟན ་པའི་ཕྱིར་ཁྱད་ཀྱིས་འབད་པ་ཞེས་བྱ་བ་ལ་སྨོས་ཏེ། འདི་དག་ཅེས་བྱ་བ་ནི་ཐ་དད་པའི་གཉིད་ཀྱི་རྟེན་དགག་པའོ། །མངོན་སུམ་གྱིས་གནོད་པའང་ཞེས་བྱ་བའི་ཡང་གི་སྒྲ་རྗེས་སུ་དཔག་པས་གནོད་པ་གཟུང་ངོ། །བརྗོད་པ་ཞེས་བྱ་བ་ནི། གང་ཕྱིར་སྡུག་དང་མི་སྡུག་སོགས ་ཞེས་བྱ་བ་ལ་སོགས་པས་བསྟན་པའོ། །གཉིས་ལ་གྲུབ་པའི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཁར་ཅང་དི་རིང་ལ་སོགས་ག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་བརྗོད་པ་ཞེས་བརྟགས་དང་རྣམ་པར་དབྱེ་བ་ཡོངས་སུ་བསྒྱུར་ལ་སྦྲེལ་བར་བྱའོ། །དེའི ་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་སྒྲ་ཐ་དད་དུ་གྲུབ་པའི་ཕྱིར་ཡི་གེ་གཅིག་གཉིས་ལ་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར་བརྟགས་པའི་གཞན་སེལ་བརྟག་པ་ཉིད་དུ་བརྟགས་པ་ཡིན་ཏེ། མཚུངས་པར་རྟོག་པའི་ཤེས་པས་ཅིག་ཉིད་དུ་ཞེན་པའི་ཕྱིར་རོ། །གང ་ཚེ་སྒྲ་ཙམ་ལེགས་བྱས་པའི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་སྒྲ་ནི་ཉེ་བར་དམིགས་དུས་སུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣ་བ་ལ་ལེགས་པར་བྱེད་པའི་རླུང་རྣམས་ཚད་མ་འགའ་ཞིག་གིས་གྲུབ་པར་གྱུར?་ན་དེའི་ཚེ་སྒྲ་ཙམ་གྱིས་རྣ་བ་ལེགས་པར་བྱས ་པ་ཡིན་ནོ་ཞེས་བརྗོད་པར་བྱ་བར་འགྱུར་ན། དེ་དག་གྲུབ་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་དང་འབྲེལ་པ་སྟེ་དེ་སྒྲ་དང་འབྲེལ་པས་སྒྲ་ཙམ་དེ་རྟོགས་པ་མངོན་སུམ་ཡིན་ནོ་ཞེས་བྱ་བ་འདི་ནི་བརྟགས་པ་ཙམ་ཡིན་ནོ། །དཔེར་ན་མངར་བ་ཁ་བ་དང། །དཀར་པོ་སེར་པོའི་ངོ་བོར ་འཛིན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། མངར་བ་ལ་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་དེ་ཡི་དབང་གི་སྒྲ་ལ་བློ། །ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ནོ། །གཞན་གྱི་རྣམ་པ་ཅན་གྱི་ཤེས་པ་གཞན་གྱི་ཡུལ་ཅན་དུ ་རིག་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཅི་སྟེ་གལ་ཏེ་སྒྲའི་ཤེས་པ་དེའི་ཡུལ་མ་ཡིན་ན། དེ་ཇི་ལྟར་ཡུལ་མེད་པ་ཉིད་ཡིན་ཞེ་ན། མྱུར་དང་དལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མྱུར་བ་དང་དལ་བ་དང་བར་མའི་རྣམ་པར་ཤེས་པ་སྐྱེ་ལ་སྒྲ ་ལ་ནི་མྱུར་བ་ལ་སོགས་པའི་རྣམ་པ་ཡོད་པ་མ་ཡིན་ཏེ། དེ་ནི་རྟག་པ་དང་ཁ་ཕྲ་བ་ཉིད་ཀྱིས་འོ་ཅིག་ཉིད་ཡིན་པའི་ཕྱིར། གང་ཞིག་སྣང་བར་འགྱུར་བ་མྱུར་བ་ལ་སོགས་པའི་རྣམ་པ་དང་ལྡན་པའི་དོན་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་རྣམ་པའི་རྗེས་སུ་བྱེད ་པའི་དོན་མེད་པའི་ཕྱིར་འདི་ཡུལ་མེད་པ་ཉིད་ཡིན་ནོ། །འདི་སྙམ་དུ་སྒྲ་དེ་ཉིད་མྱུར་བ་ལ་སོགས་པའི་ངོ་བོས་རྣམ་པ་གཞན་དུ་སྣང་བ་དེའི་དམིགས་པར་འགྱུར་ཏེ། ཇི་སྐད་དུ། ཡུལ་དང་དུས་གཞན་བདག་ཉིད་ཀྱི། ཕྱི་རོལ་རྣམ་ཀུན་དམིགས་པ་ཡིན། །ཞེས་ཇི་སྐད་དུ་བཤད ་པ་བཞིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ་དོན་དེ་ཉིད་ནི་ཞེས་བྱ་བ་སོགས་པ་སྨོས་ཏེ། འགལ་ཞེས་བྱ་བ་ནི་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་ཆོས་ཅན་གཅིག་ལ་མི་རུང་བའི་ཕྱིར་རོ། །གཞན་ཡང་ཤེས་པ ་འདི་ཐམས་ཅད་འཁྲུལ་པའི་ཡིན་པའི་ཕྱིར། རྣམ་པ་མེད་པའི་ཕྱོགས་དང་རྣམ་པ་དང་བཅས་པའི་ཕྱོགས་ལ་ཡང་ཡུལ་མེད་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣམ་པ་མེད་པའི་ཤེས་པ་ལ་ཞེས་བྱ་བ་སོགས་པ་སྨོས་ཏེ། ཤེས་པ་རྣམ་པ་མེད་པར་སྨྲ་བའི་སྔོན ་པོ་ལ་སོགས་པའི་རྣམ་པ་ནི་དོན་དུ་གཏོགས་པ་ཉིད་ཉམས་སུ་མྱོང་བ་ཡིན་གྱི་ཇི་ལྟར་འཁྲུལ་པའི་ཤེས་པ་ལ་སེར་པོ་ལ་སོགས་པ་སྣང་བ་དེ་ལྟར་དུད་ལ་སོགས་པའི་དོན་གནས་པ་ནི་མ་ཡིན་པའི་ཕྱིར་འདི་ཡུལ་མེད་པ་ཉིད་གསལ་རབ་དོད་ཉིད་དོ?་འོན་ཏེ་སེར་པོ ་ལ་སོགས་པའི་རྣམ་པ་གལ་ཏེ་དོན་དུ་གཏོགས་པ་མ་ཡིན་པ་དེའི་ཚེ་གདོན་མི་ཟ་བར་དེ་ཤེས་པར་གཏོགས་པར་འགྱུར་དགོས་ཏེ། དེ་ལྟ་མ་ཡིན་ཏེ་གཉི་ག་ལ་ཡང་མངོན་ཇི་ལྟར་ཉམས་སུ་མྱོང་བར་འགྱུར། དེ་ལྟར་ཡིན་དང་ཤེས་པར་གཏོགས་པ་ཡིན་ན་ཇི་ལྟར་ཤེས་པ་རྣམ་པ་མེད་པ ་ཞེས་བརྗོད་པར་བྱ་ཞེ་ན། འདི་ནི་བདེན་མོད་ཀྱི་འོན་ཀྱང་ཤེས་པ་རྣམ་པ་མེད་པར་སྨྲ་བའི་ཕྱོགས་ཁས་བླངས་ནས་ཤེས་པའི་ཡུལ་མེད་པ་འདི་བརྗོད་དོ། །གང་ཞིག་ཤེས་པ་རྣམ་པ་མེད་པར་འདོད་པ་དེ་ཉིད་ལ་འདིར་ལན་བརྗོད་པར་བྱའོ། །ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ ་ཡང་དོན་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་ལས་དོན་ཉམས་སུ་མྱོང་བར་འཇོག་སྟེ། འཁྲུལ་པའི་ཤེས་པ་ལ་དོན་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་ཡིན་ནོ། །རྣམ་པ་དང་བཅས་པ་དང་རྣམ་པ་དག་ལས་གཞན ་པའི་རྣམ་པའི་ཡུལ་འཛིན་པའི་ཤེས་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་འཁྲུལ་པའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །འདི་ལ་འཁྲུལ་པའི་རྒྱུ་མཚན་ཡང་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསལ་བྱེད་ཡོད་པར་རིགས་མ་ཡིན། ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བར་བྱེད་པ་ཐ་དད་པ་ནི་སྒྲ་ཙམ་སྒྲ་ལ་ཐ་དད་འཁྲུལ་པའི་རྒྱུ་མཚན་དུ་བརྗོད་ལ་རྟག་པ་ལ་ནི་གསལ་བར་བྱེད་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེ་ལ་དེ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །ཁྱད་པར་ཅུང་ཟད་ཀྱང་མི་བྱེད་བདེ་ནི་གསལ་བར་བྱེད་པ་རིག?་བ་མ་ཡིན་ཏེ? ་ཅད་ཐལ་བར་འགྱུར་བའི་ཕྱིར། དེ་ལྟ་ན་གང་སུ་ཡང་རུང་བ་གསལ་བར་བྱེད་པ་དེ་འགྱུར་རོ?་དེབས་ན་གཟའ་བར་བྱེད་པའི་ལོགས་པར་བྱེད་པའི་རྫས་བྱེད་པའི་ཕྱིར་སྒྲ་ཙམ་སྟེ་སྒྲ་ལ་བློ་ཐ་དད་པར་རིགས་པ་མ་ཡིན་ནོ། །དཔེར་ན་སྒྲོན་མ་ལ་སོགས་པ་མིག་གི་ཕན་འདོགས་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ ་གང་སྨྲས་པ་དེ་ལ་ཚིགས་སུ་བཅད་པ་གཅིག་གིས་ཚིགས་བཅད་པ་སྔ་མ་འདིའ?་དོན་ཉེ་པར་བཀོད་ནས་ཚིགས་སུ་བཅད་པ་གཉིས་པ་ལ་སོགས་པས་སུན་ད་བྱུང་བའི་ཕྱིར། ཇི་ལྟར་བུམ་སོགས་ཞེས་བྱ་བ་ལ་སོགས་པ་སྨོབ?་ཏེ། རྣ་བ་ལེགས་པར་བྱས་སུ་ཟིན་ན ་ཡང། །ཅི་སྒྲ་རང་བཞིན་གྱི་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་ནུས་སམ། འོན་ཏེ་མི་ནུས་ཞེས་བྱ་བ་འདི་བརྗོད་པར་བྱ་དགོས་སོ། །ཕྱོགས་དང་པོ་རྣ་བ་ལེགས་པར་བྱས་པ་ལ་སྔར་ཡང་དམིགས་པར་ཐལ་བར་འགྱུར་རོ། །འདི་ཉིད ་འཆེ་བ་ནི། རྣ་བ་ལེགས་པར་མ་བྱས་ནའང། ཞེས་བྱ་བ་ལ་སོགས་པ་ནི་སྨོས་ཏེ། དེ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་སྐྲིའོ། །སྦྱོར་བ་ནི་གང་རྒྱུ་མ་ཚང་པ་མེད་པ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བརྗོད་པར་བྱ་ལ། རྣ་བ་ལེགས་པར་བྱས ་པ་དོན་མེད་པར་ཡང་འགྱུར་རོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ། རྣ་བ་སོགས་པར་བྱས་ན་ཡང་སྒྲ་དམིགས་པར་མི་འགྱུར་ཏེ། སྒྲ་ཐམས་ཅད་ཀྱི་ཚེ་མི་རུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཕྱོགས་འདི་ལ་ཡང་རྣ་བ་ལེགས་པར་བྱས་པ་དོན་མེད་པ་ཉིད་ཡིན་ནོ། ་སྦྱོར་བ་ནི་གང་དག་གང་སྐྱེས་པར་བྱེད་པར་མི་རུང་བའི་གནས་སྐབས་ལས་ཁྱད་པར་མེད་པ་དེ་ནི་དེ་བྱེད་པ་མ་ཡིན་ཏེ། དཔེར་ན་ཀ་ཏྲ་བས་སཱ་ལུའི་མྱུ་གུ་མི་བྱེད་པ་བཞིན་ནོ། །རྣ་བ་ལེགས་པར་བྱས་ན་ཡང་སྒྲ་ཤེས་པར་སྐྱེད་པར་མི་རུང་བའི་གནས་སྐབས ་ལས་ཁྱད་པར་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། འགྱུར་ན་ཡང་ཞེས་བྱ་བ་སྟེ། རུང་བ་ཉིད་ཀྱིས་འབྲེལ་པ་གང་ལ་ཡོད་པ་དེ་ནི་རུང་བ་ཉིད་དང་ལྡན་པའོ། །གལ་ཏེ་སྒྲ་ཤེས་པ ་སྐྱེད་པ་ལ་རྒྱུ་ཡིན་པར་འདོད་པར་གྱུར་ན། དེའི་ཚེ་དེ་དེ་ལ་རུང་དམ་མི་རུང་བ་ཉིད་དུ་རྣམ་པར་རྟོག་པ་འཇུག་པར་འགྱུར་བ་མ་ཡིན་ནམ། གང་གི་ཕྱིར་ལགས་པར་བྱས་པའི་རྣ་བ་ཉིད་སྒྲ་དམིགས་པ་ལ་རྒྱུ་ཡིན་པར་འདོད་ཀྱི་སྒྲ་ནི་མ་ཡིན་ནོ། །དེས་ན་ཇི་སླད? ་བཤད་པའི་ཐལ་བར་འགྱུར་བའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱ་བ་འདི་དོགས་པར་བྱས་ན་ལན་གདབ་པར་བྱ་བའི་ཕྱིར་སྒྲ་ནི་ཤེས་བྱ་མིན་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་རོ་ལ་སོགས་པ་བཞིན་དུ་སྒྲ་ཉེ་བར་མིན། ཁོ་བའི་ཕྱིར་ཤེས་པ་དེས ་ཤེས་པར་བྱ་བ་ཉིད་དུ་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་ཤེས་པ་གང་ལ་ཉེ་བར་མཁོ་བར་མ་གྱུར་པ་དེ་ནི་ཤེས་པ་དེས་ཤེས་པར་བྱ་བ་མ་ཡིན་ཏེ། དཔེར་ན་རྣ་བའི་ཤེས་པ་ལ་རོལ་སོགས་པ་བཞིན་ནོ། །སྒྲ་ཡང་རྣ་བའི་རྣམ་པར་ཤེས་པ་ཉེ་བར་མཁོ་བ་མ་ཡིན་ནོ།། ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་མ་ངེས་པ་ཡང་མ་ཡིན་ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་ཤེས་བྱ་ཉིད་ཡིན་ན། ངེས་པ་མང་པའི་ཕྱིར་རོ་ལ་སོགས་པ་ཡང་རྣ་བའི་རྣམ་པར་ཤེས་པའི་ཤེས་བྱ་ཉིད་དུ་ཐལ་བར་འགྱུར ་བའི་ཕྱིར་རོ། །འོན་ཏེ་རང་གི་རྒྱུ་ངེས་པར་བྱེད་པ་ཡིན་པའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་བ་མ་ཡིན་ནམ། འདི་ལྟར་ལེགས་པར་བྱ་བའི་རྣ་བ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་དག་ལས་ཤེས་པ་སྐྱེ་བ་ན་སྒྲ་རྟོགས་པའི་བདག་ཉིད་ལ ་ནར་སྐྱེའི་རོ་རྟོགས་པའི་བདག་ཉིད་དུ་ནི་མ་ཡིན་ནོ། །རྒྱུའི་ནུས་པ་སོ་སོར་ངེས་པའི་ཕྱིར་རོ། །སྒྲ་རྒྱུ་ཉིད་དུ་ཁས་ལེན་ན་ཡང་གདོན་མི་ཟ་བར་རྒྱུའི་ནུས་པ་སོ་སོར་ངེས་པ་ཁས་བླང་པར་བྱ་དགོས་ཏེ། འདི་ལྟར་ཐམས་ཅད་གྱུ་ཉིད་དུ་མཚུངས་ན་ཡང་ཅིའི་ཕྱིར ་ཤེས་པ་སྒྲ་རྟོགས་པའི་བདག་ཉིད་ཁོ་ནར་འབྱུང་གི་རྣ་བ་ལ་སོགས་པ་རྟོགས་པའི་བདག་ཉིད་དུ་ནི་མ་ཡིན་ཞེས་རྒོལ་ན། རྒྱུའི་ནུས་པ་སོ་སོར་ངེས་པའི་སྒོ་ནས་ལན་བརྗོད་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་འདི་ཐམས་ཅད་དཔྱད་ནས་ངེས་ཉིད་སྤང་པར་བྱ་བའི་ཕྱིར ་ལེགས་བྱས་རྣ་བ་ལ་སོགས་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཕྱོགས་འདི་མི་འཐད་པ་དེ་ལྟར་ཕྱིས། །སྒྲ་དང་ཤེས་པའི་འབྲེལ་བ་གང། །ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ་ལེགས་བྱས་རྣ་བ་ལ་སོགས་པ། ཞེས་བྱ་བའི ་སོགས་པའི་སྒྲས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་གཟུང་ངོ། །ཞེས་བྱ་བ་ནི་ཁས་ལེན་པའོ། །གལ་ཏེ་སྒྲ་རྒྱུ་མ་ཡིན་པ་དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཁོ་ན་སྟེ?། །འདི་ལྟར་ཅི་སྒྲ་འདི་རང་བཞིན་གྱི་ཤེས་པ་ངེས་ཤེས་པར་བྱ་བའི་རང་བཞིན ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །ཕྱོགས་དང་གོ་ལ་སྐྱོན་བཤད་པ་ནི། ཤེས་དེ་ཤེས་བྱའི་ངོ་བོ་ཅན། ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སྒྲ་ཤེས་པ་ངེས་ཤེས་པར་བྱ་བའི་རང་བཞིན་ཡིན་ན་དེའི་ཆེ། ་སྒྲའི་ངོ་བོ་བཞིན་དུ་དེའི་རྣམ་པར་ཤེས་པ་ཡང་དུས་ཐམས་ཅད་དུ་རྟག་པ་ཉིད་དུ་འགྱུར་ཏེ། དེའི་ཤེས་བྱའི་རང་བཞིན་རྗེས་སུ་འཇུག་པའི་ཕྱིར་རོ། །དབྱུག་པ་དང་འབྲེལ་པའི་རང་བཞིན་གྱི་ལྷས་བྱིན་རྗེས་སུ་འཇུག་པ་ན་དབྱིག་པ་རྗེས་སུ་འཇུག ་པར་མི་འགྱུར་བ་ནི་མ་ཡིན་ནོ། །ཤེས་དང་ཤེས་བྱའི་རང་བཞིན་ནི། །ཞེས་བྱ་བ་ལ་ནའི་སྒྲ་ནི་གང་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཤེས་པ་དང་ཤེས་བྱ་དག་གིས་རང་བཞིན་ལུ་གུ་རྒྱུད་བཞིན་དུ་སྦྲེལ་བ་དེའི་ཕྱིར་གཅིག་ཡོད་པ་ན་གཉིས་པ་ཡང ་ཡོད་པར་འགྱུར་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་གྲུབ་པོ། །དེ་ལྟ་ཡིན་མོད་ཅེ་ཉེས་ཤེ་ན། ལེགས་བྱས་རྣ་བས་བསྐྱེད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་བྱས་རྣ་བས་བསྐྱེད་བྱ་བ། །གང་ཕྱིར་ཤེས་པ་དང་འབྲེལ་པའི།། ་ཞེས་བྱ་བར་སྒྲ་རྗེས་སུ་འཇུག། ཅེས་བྱ་བ་ཁོང་ནས་དབྱུང་བར་བྱའོ་གང་གི་ཕྱིར་ལེགས་པར་བྱས་པའི་རྣ་བས་བསྐྱེད་པར་བྱས་པའི་ཤེས་པ་དང་འབྲེལ་པའི་སྒྲ་ཐམས་ཅད་དུ་རྗེས་སུ་འཇུག་པ་དེའི་ཕྱིར་རྣ་བ་ལེགས་པར་མ་བྱས་ཀྱང་དེའི་ཤེས་པར ་འགྱུར་བའི་ཕྱིར། རྣ་བ་ལེགས་པར་བྱས་པ་དོན་མེད་དོ། །ཕྱོགས་གཉིས་པ་ལ་ཡང་སྐྱེན་འཆད་པ་ནི། སྒྲ་དེའི་ཤེས་བྱའི་བདག་མ་ཡིན། ཞེས་བྱ་བ་ལ་སོགས་པ་སྟེ། གོ་བར་ཟད་དོ། །འདི་ཐམས་ཅད་ནི་དེས་ཕན་གདགས་པར་བྱ་བ་མ་ཡིན་པའི ་ཤེས་པ་ཡང་དེ་རྟོགས་པའི་རང་བཞིན་དུ་ཁས་བླངས་ནས་བརྗོད་ལ། ད་ནི་ཤེས་པའི་དེ་རྟོགས་པའི་རང་བཞིན་འབྲེལ་པ་མེད་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲ་དང་འབྲེལ་པ་ཤེས་པ་གང། །ཞེས་བྱ་བ་སྨོས་ཏེ། དངོས་པོ ་རྣམས་ཀྱི་འབྲེལ་པ་ནི་རྣམ་པ་གཉིས་ཁོ་ན་སྟེ། དེའི་བདག་ཉིད་དང་དེ་ལས་བྱུང་བའོ། །གཞན་དུ་ནི་ཕན་འདོགས་པ་མེད་པའི་ཕྱིར་རོ། །ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མ་ཡིན་པ་དག་ནི་འབྲེལ་པ་ཡིན་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར ་བའི་ཕྱིར་རོ། །འབྲེལ་པ་དེ་རྣམ་པ་གཉིས་ཅར་ཡང་ཤེས་པ་དང་སྒྲ་དག་ལ་མེད་པའི་ཕྱིར། ཇི་ལྟར་འབྲེལ་པ་མེད་པར་དེ་རྟོགས་པའི་རང་བཞིན་གྱི་ཤེས་པར་འགྱུར་ཏེ། གཞན་དུ་ཧ་ཅང་ཐལ་བར་འགྱུར་རོ། །ཡང་ཅི་སྟེ་འབྲེལ་པ་མེད་པར་ཡང་དེའི་རྣམ་པར་སྐྱེ་བས་དེའི ་ཤེས་པ་དེ་རྟོགས་པའི་རང་བཞིན་དུ་རྣམ་པར་བཞག་གོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཤེས་པ་རྣམ་པ་མེད་པར་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་དཔྱོད་པ་པ་རྣམས་ཀྱིས་ནི་ཤེས་པ་རྣམ་པ་དང་བཅས་པར་ཁས་ལེན་པ་མ་ཡིན་ནོ། །ཁས་ལེན་དུ་ཆུག་མོད་དེ་ལྟ ་ན་ཡང་རིགས་པ་མ་ཡིན་ཏེ། སྒྲ་ལྐོག་ཏུ་གྱུར་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཡང་སྒྲ་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་གྱི། མངོན་སུམ་པ་ཉིད་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར། ཤེས་པ་དེ་ནི་དེའི་རྣམ་པ་ཅན ་ཡིན་ནོ་ཞེས་བྱ་བ་དེ་ཉིད་དུ་ཡང་གྲུབ་པར་མི་འགྱུར་རོ། །འབྲས་བུ་ལྡོག་པ་ལས་ཀྱང་མ་གྲུབ་པར་མ་ཡིན་ཏེ། དེ་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འདི་སྙམ་དུ་ཤེས་པར་བཅས་པར་སྨྲ་བ་གང་དག་གི་ལྟར་ན་སྐྱེད་པར་བྱེད་པ་ཁོ་ན་ཡུལ ་ཡིན་པ་དེ་དག་གི་ལྟར་ན་ཡང་དོན་ཐམས་ཅད་ཀྱི་ཚེ་ལྐོག་ཏུ་གྱུར་བ་ཡིན་པའི་ཕྱིར་ཤེས་པ་དོན་གྱི་རྣམ་པ་ཅན་ཉིད་དུ་ཇི་ལྟར་རྟོགས་སྙམ་དུ་སེམས་ན། བདེན་ཏེ་འོན་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་འབྲས་བུ་རྟོགས་པ་ལས་རྒྱུ་གཞན་ངེས་པ་དང ་ཤེས་པ་དེའི་སྔོན་པའི་རྣམ་པ་ཐ་དད་པར་བྱེད་པ་ཉིད་ཀྱིས་ངེས་པ་གང་ཡིན་པ་འདི་ནི་དེའི་ཐབས་ཡིན་ཏེ། འདི་ལྟར་མིག་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ནི་ཤེས་པ་ཐམས་ཅད་ལ་མཚུངས་པའི་ཕྱིར་ཤེས་པའི་སྔོན་པོ་ལ་སོགས་པའི་ཐ་དད་པ་ནི་དེས་བྱས་པ་མ་ཡིན་ ་བོའི་ཕྱིར་ཤུགས་ཀྱིས་ལྡོག་པ་ལས་རྒྱུ་གཞན་རྗེས་སུ་དཔོག་པ་?་ཡིན་པ་དེའི་ཐ་དད་པ་འདི་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བར་ངེས་ཏེ་དེའི་རྣམ་པ་འདི་ངས་བྱས་པའི་ཕྱིར་ཤེས་པས་བཟུང་བ་ཡིན་ནོ་ཞེས་རྣམ་པར་བཞག་ལ་ཐམས་ཅད་འདི ་ཡང་ཁྱེད་ཅག་ལ་ཡོད་པ་མ་ཡིན་ཏེ། དེ་རྒྱུ་ཉིད་དུ་ཁས་མི་ལེན་པའི་ཕྱིར་རོ། །འདི་སྙམ་དུ་མིག་ལ་སོགས་པ་ཡང་ཐམས་ཅད་ཀྱི་ཚེ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཤེས་པ་ཐམས་ཅད་ལ་ཁྱད་པར་མེད་པ་ཉིད་ཅི་ལྟར་ངེས་སྙམ་དུ་སེམས་ན། འདི་ནི་བདེན་མོད་ཀྱི་བསམ་པ ་འདི་ནི་རྣམ་པར་སྨྲ་བ་ཡིན་ཏེ། རྣམ་པར་ཤེས་པར་སྨྲ་བ་དེ་ནི་དེ་རྨི་ལམ་ལ་སོགས་པ་བཞིན་དུ་ཤེས་པའི་ཁྱད་པར་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བྱས་པར་བརྗོད་ཀྱི་ཕྱི་རོལ་གྱིས་བྱས་པ་ནི་མ་ཡིན་ནོ། །འོན་ཀྱང་ཕྱི་རོལ་གྱི་དོན་ཡོད་ན་འདི་ཐམས་ཅད་བརྗོད ་དེ། དེ་ལྟ་མ་ཡིན་ན་འབྲས་བུ་ལྡོག་ན་ཡང་ཇི་ལྟར་ཕྱི་རོལ་གྱི་དོན་འགྲུབ་པར་འགྱུར་ཞེས་བྱ་བ་འདི་ཉིད་བཅད་པར་བྱ་བ་ཡིན་ནོ། །རྒྱུ་ཙམ་ཡོད་པ་ཉིད་དུ་གྲུབ་པར་འགྱུར་གྱི་ཕྱི་རོལ་ནི་མ་ཡིན་ཏེ། རྒྱུ་དེ་ཡང་རྨི་ལམ་ལ་སོགས་པའི་ནང་དུ་ཡང་སྲིད་པའི་ཕྱིར་ཏེ། སྨོས ་པས་ཆོག་གོ། ཡང་ཅི་སྟེ་སྒྲ་སྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་པ་དེ་ལྟ་ན་སྐྱོན་ཡོད་དོ་ཞེས་བསྟན་པའི་ཕྱིར། དེ་ལས་བྱུང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་དེ་ལས་བྱུང་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སུ་མཇུག་སྡུད་པར་བྱེད་དོ།། ་ཡང་ན་མིན་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱོགས་ལའོ། །དེ་ལྟར་ངེས་པར་ཞེས་བྱ་བ་ནི། ཤེས་པ་རྟག་ཏུ་ཡོད་པ་དང་མེད་པའི་མཚན་ཉིད་ཡིན་པ་ནའོ། །དེ་ལྟར་རེ་ཞིག་རྣ་བ་ལེགས་པར་བྱས་པ་ཁས་བླངས་ནས་ཡུལ་སྐྱེད་པར་བྱེད་པ་དང་སྐྱེད་པར་བྱེད་པ ་མ་ཡིན་པའི་རང་བཞིན་བསམ་པས་རྣ་བ་ལེགས་པར་བྱས་པ་དོན་མེད་པ་བསྟན་ཏོ། །ད་ནི་རྣ་བ་ལེགས་པར་བྱས་པ་ཉིད་མི་སྲིད་པ་བསྟན་པའི་ཕྱིར། ལེགས་བྱས་རེས་འགའ་བ་ཡིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལེགས་པར་བྱས་པ་རིས ་འགའ་བ་ཡིན་པར་གྱུར་ན་ད་ལྟ་ན་ལེགས་པར་བྱས་པའི་འབྲས་བུ་ཤེས་པ་ཡང་རེས་འགའ་བར་རིགས་ཏེ་གཞན་དུ་ནི་རྒྱུ་རྟག་ཏུ་མ་ཚང་པ་མེད་པར་གནས་པ་ན་ཅིའི་ཕྱིར་དེའི་འབྲས་བུ་རེས་འགའ་འགྱུར་རྟག་པའི་རྣ་བ་ལེགས་པར་བྱེད་པ་རེས་འགའ་བར་རིགས་པ་ཡང ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལེགས་བྱས་ནུས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣ་བ་ལ་སོགས་པའི་ལེགས་པར་བྱེད་པ་ནི། འབྲས་བུ་ཤེས་པས་ངེས་པར་བྱས་པ་ཡིན་ལ། འབྲས་བུ་ངེས་པར་བྱ་བ་ཡིན་པ་ན་ལེགས་པར་བྱས་པ་ནུས་པའི ་བདག་ཉིད་ཁོ་ནར་འགྱུར་ཏེ། ནུས་པ་ཉིད་འབྲས་བུས་ངེས་པར་བྱས་པ་ཡིན་པའི་ཕྱིར་རོ། །ནུས་པ་དེ་ཡང་རྣ་བའི་བདག་ཉིད་ཡིན་གྱི་ཐ་དད་པ་ནི་མ་ཡིན་ཏེ། དེ་ཉིད་ལས་འབྲས་བུ་སྐྱེ་པའི་ཕྱིར་རྣ་བ་བྱེད་པ་པོ་མ་ཡིན་པར་ཐལ་བའི་ཕྱིར་དང། འབྲེལ་པ་མ་གྲུབ་པའི་ཕྱིར་རོ།། ་ནུས་པ་ཡོད་ན་དེ་ལས་བྱུང་བའི་ཤེས་པ་རྟག་ཏུ་ཡོད་པར་འགྱུར་ལ། ཅི་སྟེ་མེད་པར་གྱུར་ན་དེའི་ཚེ་དེ་ལས་བྱུང་བའི་ཤེས་པ་ནམ་ཡང་འབྱུང་བའི་ཤེས་པ་ནམ་ཡང་འབྱུང་བར་མི་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ཤེས་པ་རེས་འགའ་བར་མི་འགྱུར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་རེས་འགའ་བ་རྣ་བའི ་ནུས་པའི་མཆན་ཉིད་ཀྱི་ལེགས་པར་བྱ་བ་ཇི་ལྟར་སྟོན་པར་བྱེད་དེ་མ་ཡིན་པ་ཉིད་དོ། །ཡང་ཅི་སྟེ་འབྲས་བུ་ཤེས་པས་རྗེས་སུ་དཔག་པར་བྱ་བའི་ནུས་པ་རང་བཞིན་དུ་གྱུར་བ་ཉིད་ནི་མ་ཡིན་ནོ། །འོན་ཅི་ཞེ་ན། སྒྲ་ཙམ་རྣམས་ཀྱིས་རྣ་བའི་སྔ་ན་མེད་པའི་ནུས་པ་རེས་འགའ་ ་བར་བྱེད་པ་ཡིན་ལ། དེ་ཉིད་ཤེས་པས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་རས་འགའ་བ་ནུས་པ་སྟོན་པར་བྱེད་པ་འཐད་པ་ཡིན་ནོ་སྙམ་ན། རྣ་བ་ལ་ནུས་སྐྱེད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་དུ་གྱུར་པ་འམ་།ཐ་དད་པ་འམ་ཐ ་དང་པ་དང་ཐ་མི་དད་པའི་ནུས་པ་བྱེད་ཅེས་བྱ་བ་ཕྱོགས་གསུམ་མོ། །ཕྱོགས་དང་པོ་ལ་ནུས་པའི་རང་གི་ངོ་བོ་བཞིན་དུ་རྣ་བ་གཉིས་གའི་བདག་ཉིད་ཀྱང་མི་རྟག་པ་ཉིད་དུ་འགྱུར་རོ། །གང་ལས་ཤེ་ན། སྐྱེས་ཕྱིར་དེ་འབྱུང་བའི་ཕྱིར་རོ། །ཡང་ཅི་སྟེ་རྣ་བ་ནུས་པ་ལས ་གཞན་མ་ཡིན་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣ་བ་ནུ་པ་ལས་གཞན་ཡིན་པ་ཉིད་དོ་སྙམ་ན་ཆེས་བླུན་པའི་སྤྱོད་པ་འདི་ལ་ལྟོས་ཤིག་།ཇི་ལྟར་རང་བཞིན་གཅིག་འབྱར་བ་ན་དེ་ཉིད་ཀྱི་ཚེ་བཞན་རིང་བར་འགྱུར་ཏེ། ་ཐ་མི་དད་པའི་མཚན་ཉིད་ཕན་ཚུན་རང་བཞིན་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ། །ཆུ་དང་འོ་མ་ཡུལ་ཐག་རིང་བར་གནས་པ་ན་དེ་དང་འབྱར་བ་ཉམས་སུ་མྱོང་བ་ནི་མ་ཡིན་པའི་ཕྱིར་ཕྱོགས་འདི་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ཉེས་བ་མེད་པར་བསྟན་པའི་ཕྱིར ་དངོས་དང་ཐ་དད་མེད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རང་གི་ངོ་བོ་བཞིན་དུ་ལེགས་པར་བྱས་པ་ཡང་རྟག་པ་ཉིད་དུ་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་སྐྱོན་གཞན་འདི་ཡང་ཡིན་ནོ་ཞེས་འཆད་པ་ནི། ངེས་ན་ངེས་བསྐྱེད་བྱའི་ཞེས ་བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་གཉིས་པ་ལ་ཡང་ཉེས་པ་བསྟན་པ་ནི་ཐ་དད་ན་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ནུས་པ་དངོས་པོ་ལས་ཐ་དད་པ་ཉིད་དུ་ཁས་ལེན་པ་ན་འདི་དེའི་ནུས་བ་ཞེས་འབྲེལ་པ་ཉིད་དུ་མི་འགྱུར་ཏེ། ཕན་གདགས་པར་བྱ་བ་མ་ཡིན་པ ་ནི་གཞན་གྱི་དབང་དུ་མི་རུང་བའི་ཕྱིར་རོ། །རྣ་བ་ནུས་པ་བྱེད་པ་མ་ཡིན་ཏེ། སྒྲ་ལ་སོགས་པའི་གསལ་བར་བྱེད་པ་ཉིད་ཕན་འདོགས་པར་བྱེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །ཅི་སྟེ་རྣ་བ་ཡང་ཕན་འདོགས་པར་བྱེད་པ་ཉིད་ཡིན་ན་དེ་བཞིན་དུ་ནུས་པ་ལ་ཕན་འདོགས་པར ་བྱེད་པའི་ནུས་པ་ཡང་རྣ་བ་ལས་ཐ་དད་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་ན་ནུས་པ་རྣམས་ཀྱིས་བརྒྱུད་པ་མ་གྲུབ་པའི་ཕྱིར་སྐབས་ཀྱི་དོན་གྲུབ་པ་མ་ཡིན་ནོ། །གཞན་ཡང་ནུས་པ་ཁོ་ན་ལས་འབྲས་བུ་སྐྱེ་པའི་ཕྱིར་རྣ་བ་བྱེད་པ་པོ་ཉིད་དུ་མི་འགྱུར་ཏེ། དེ་ལྟ ་ཡིན་དང་དངོས་པོ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །ཅི་སྟེ་ནུས་པ་ལས་ཕན་འདོགས་པར་བྱེད་པའི་ནུས་པ་ཐ་མི་དད་པར་ཁས་ལེན་པར་བྱེད་ན། ད་ནི་དང་པོའི་ནུས་པ་ཐ་མི་དད་པ་ལ་ཅི་ཞིག་ཞེ་སྡང་གཞན་ཡང་ནུས་བརྟག་ཏུ་སྐྱེ་བར་ཐལ་བར་འགྱུར་ཏེ། ་དེའི་རྒྱུ་རྣ་བ་རྟག་པ་ཉིད་ཀྱི་ཕྱིར་རོ། །ཕན་གདགས་པར་བྱ་བ་མ་ཡིན་པ་ཡང་ལྷན་ཅིག་བྱེད་པ་ལ་བལྟོས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཕྱོགས་གསུམ་པ་ལ། ཐ་དད་ཐ་མི་དད་སྤངས་པའི་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསལ་ཟིང་ཞེས་བྱ་བ་ནི་གང་ཟག ་ལ་སོགས་པ་དགག་པ་རྣམས་སུ་སྟེ། གཅིག་ཉིད་གཅིག་གི་ཚེ་བསྒྲུབ་པ་དང་དགག་པར་མི་རུང་བའི་ཕྱིར་རོ། །འདི་ལྟར་ཐ་དད་པ་དང་ཐ་མི་དད་པ་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་དག་ལས་གཅིག་གི་རང་བཞིན་རྣམ་པར་བཅད་པ་ཉིད་ཀྱིས་གཞན་ཡོངས ་སུ་གཅོད་པ་ཡིན་པའི་ཕྱིར་རོ། །གང་ཞིག་གང་བདག་ཉིད་རྣམ་པར་བཅད་པ་མེད་པར་རང་བཞིན་ཡོངས་སུ་མི་གཅོད་པ་དེ་ནི་ཡོངས་སུ་བཅད་ནས་གནས་པའི་ཕྱིར་ཏེ། དཔེར་ན་དངོས་པོ་དང་དངོས་པོ་མེད་པ་དག་ལས་གང་ཡང་རུང་བ་བཞིན་ནོ། །གང་ཡང ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིན་དེ་དག་ནི་རང་བཞིན་གཅིག་དགག་ལ་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་གཞན་ཉིད་བཀག་པ་ན་ཤུགས་ཀྱིས་དེའི་བདག་ཉིད་སྒྲུབ་པས་དེ་ཡང་དེ་ཉིད་ཀྱི་ཚེ་དགག་པར་མི་རིགས་ཏེ། གཞན་ཉིད་ཀྱང ་མ་བཀག་པར་ཐལ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུའི་སྐྱོན་ཕྱོགས་གཉི་ག་ལ་ཡང་བརྗོད་པར་བྱའོ། །གཉི་ག་ལེགས་པར་བྱས་ཕྱོགས་ལ། །ཁྱེད་ཀྱི་གཉིས་བརྗོད་ལོགས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ལ་དེ་ཉིད་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། རང ་བཞིན་གྱིས་ཤེས་པ་སྐྱེད་པར་རུང་བ་དང་མི་རུང་བའི་བཞིན་རྣམ་པར་བརྟགས་པའི་སྒོ་ནས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །རིམ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ལུ་ཏ་དང་སྟེང་དུ་འདོན་པ་ལ་སོགས་པ་གཟུང་ངོ།། ་གང་དག་སྒྲ་འདི་མ་ཕྲད་དང། སྐྱེ་བ་རྣ་བས་འཛིན་པར་བྱེད། ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་མ་ཕྲད་ཙམ་མཚུངས་ཀྱང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམས་ཅད་དང་མ་ཕྲད་པ་དེ་ལྟ་ན་རང་དངོས་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི ་ཕྱིར་ཡུལ་ཐམས་ཅད་འཛིན་པར་མི་འགྱུར་ཏེ། དཔེར་ན་ཁབ་ལོང་ཞེས་བྱ་བའི་རྡོ་བ་མ་ཕྲད་པའི་ལྕགས་ལེན་ན་ཡང་མ་ཕྲད་པ་ཐམས་ཅད་མི་ལེན་པ་བཞིན་ནོ། །གལ་ཏེ་ཁབ་ལོང་ཞེས་བྱ་བ་ལ་སོགས་པས་བདེ་བྱེད་བདག་པོའི་ལུགS ་ཀྱིས་དཔེ་མ་གྲུབ་པ་ཉིད་དུ་དོགས་པ་ཡིན་ཏེ། དེ་ན་རེ། དེ་ལ་ཡང་ནོར་བུ་ཁབ་ལོང་གི་འོད་རེག་པའི་དབང་གིས་ལྕགས་ལེན་པ་ཡིན་གྱི་དེ་ལྟ་མ་ཡིན་ན་ཡུལ་ཐམས་ཅད་ན་གནས་པའི་ལྕགས་ལེན་པར་འགྱུར་རོ། །གལ་ཏེ་ཡང་སྒྲོན་མ་ལ་སོགS ་པའི་འོང་བཞིན་དུ་དེའི་འོང་མ་དམིགས་པ་དེ་ལྟ་ན་ཡང་ཆོད་པ་དང་རིང་བ་ལེན་པར་མ་མཐོང་བའི་ཕྱིར་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །འོང་འདི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མི་སྤང?་བ་མི་དམིགས་པས་ཡོད་པའི་ཐ་སྙད ་འགེགས་པར་བྱེད་པ་ཡིན་ནོ། །གང་གྱང་ཡུལ་ཐམས་ཅད་ན་གནས་པའི་ལྕགས་རྣམས་ལེན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བའི་ཐལ་བསྒྲུབ་པར་བྱེད་པ་སྨྲས་པ་དེའི་ལན་གདབ་པའི་ཕྱིར། འོད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁབ ་ལོང་གི་འོད་དེ་ཤིང་ལ་སོགས་པ་ཕྲད་པ་ཐམས་ཅད་ཅིའི་ཕྱིར་མི་ལེན་ཞེས་བྱ་བ་ནི་ཕྲད་པའི་ཕྱོགས་ལ་ཡང་ཐལ་བར་འགྱུར་བ་མཚུངས་སོ། །དངོས་པོ་རྣམས་ཀྱི་རང་བཞིན་སོ་སོར་ངེས་པའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན་མ་ཕྲད་པའི་ཕྱོགས ་ལ་ཡང་གིས་ན་དེ་ལ་མི་འདོད་པ་དངོས་པོ་རྣམས་ཀྱི་རང་བཞིན་སོ་སོར་ངེས་པ་ཉིད་སུས་ཕྲོགས། དེ་ལྟ་བས་ན་མ་མཐོང་བའི་འོད་རྟོག་པ་དོན་མེད་པ་ཡིན་ནོ། །དེ་ལ་རིང་དང་ཉེ་བར་གནས་པའོ། །འཛིན་དང་མི་འཛིན་མཚུངས་པར་འགྱུར་རོ། །ཞེས་གང་སྨྲས ་བདེ་ལ། རེང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་གྱིས་འཛིན་པར་མ་གྲུབ་སྟེ། སྒྲ་སྦྱོར་བའི་དེ་མ་ཐག་ཏུ་ཐམས་ཅད་ཀྱི་ཤེས་པ་ཅིག་ཅར་སྐྱེ་བའི་ཕྱིར་རོ། །གསལ་གཞན་ལ་སོགས་འབྱུང་བའང་མིན། །ཞེས་གང་སྨྲས་པ་དེ་ལ། ཇི་ལྟར་ཉེ་རིང་? ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཟུགས་མ་ཕྲད་པ་དང་མ་ཁྱད་པ་འཛིན་པ་ན་གསལ་བ་དང་མི་གསལ་བར་མཐོང་བ་དེ་བཞིན་དུ་སྒྲ་ཡང་མ་ཁྱབ་པ་དང་མ་ཕྲད་པ་འཛིན་པ་ན་གསལ་བ་དང་ཞན་པ་ལ་སོགས་པ་རིག་པར་འགྱུར་རོ། །འོན ་ཏེ་གཞན་ལ་གཟུགས་ཀྱང་མ་ཕྲད་པར་འཛིན་པར་མ་གྲུབ་པ་མ་ཡིན་ནམ། དེ་ཇི་ལྟར་དཔེ་ཉིད་དུ་བརྗོད་ཅེ་ན། ཉེས་པ་འདི་ནི་མེད་དེ། གལ་ཏེ་ཡང་གཞན་ལ་ཚིག་ཙམ་གྱིས་གྲུབ་པ་དེ་ལྟ་ན་ཡང་ཚད་མས་གྲུབ་པ་གང་ཡིན་པ་དེ་ནི་གཉི་ག་ལ་ཡང ་གྲུབ་པ་ཡིན་ནོ། །འདི་ལ་ཡང་ཚད་མ་གང་ཡིན་ཞེ་ན། ཉེ་བ་དང་བསྐལ་བ་དག་དུས་མཚུངས་པར་འཛིན་པའོ། །གང་འགྲོ་བ་དང་ལྡན་པ་དེ་ནི་ཉེ་བར་མྱུར་དུ་ཕྱིན་ཅིང་བསྐལ་པར་ཡུན་རིང་པོ་ནས་ཕྱིན་ཏེ། དཔེར་ན་ལྷས་བྱིན་གྲོང་ནས་གཞན་དུ་འགྲོ་བ་ལྟ་བུའོ། །ཤིང ་གི་ཡལ་ག་དང་ཟླ་བ་ཡང་དུས་མཚུངས་པར་མིག་ཕྱེ་བའི་དེ་མ་ཐག་ཏུ་འཛིན་པར་མཐོང་ངོ། །དེ་ལྟ་བས་ན་མིག་ནི་མ་ཕྲད་པར་འཛིན་པ་ཡིན་ནོ་ཞེས་བྱ་བར་གོའོ། །འདི་འོད་བྱེད་པ་ན་རེ། ཤེས་པ་མྱུར་དུ་སྐྱེ་བས་དུས་ཐ་དད་དུ་མི་འཛིན་པའི་ཕྱིར་ལོག་པའི་ཤེS ་པ་ཉིད་ཡིན་ཏེ། ཨུཏཔ་ལའི་འདབ་མ་བརྒྱ་འབིགས་པ་བཞིན་ནོ་ཞེས་ཟེར་ཏེ། དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་ལྟ་ན་མཚོ་དང་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་རིམ་པར་ཞེན་པར་མི་འགྱུར་ཏེ། མགྱོགས་པར་འབྱུང་བར་མཚུངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང ་རྟོགས་པ་ཐ་དད་པར་མི་འགྱུར་རོ། །བློ་ཐམས་ཅད་ལ་ཡང་མགྱོགས་པར་འབྱུང་བ་ཡོད་པའི་ཕྱིར་ནམ་ཡང་རིམ་ཅན་དུ་འཛིན་པར་མི་འགྱུར་རོ་ཞེས་བྱ་བ་འདི་རྒྱས་པར་དཔྱད་ཟིན་ཏོ། །ཡང་དེ་ཉིད་ན་རེ། གལ་ཏེ་ཡང་མིག་མ་ཕྲད་པར་འཛིན་པར་གྱུར་ན ་དེའི་ཚེ་རྩེགས་པ་ལ་སོགས་པ་སྒྲིབ་པའི་ནུས་པ་མེད་པའི་ཕྱིར་སྒྲིབ་པ་མི་འཐད་པ་དང། གང་ཡང་ཐག་ཤིན་ཏུ་རིང་བ་མ་འཛིན་ལ་ཉེ་བར་འཛིན་པ་དེར་ཡང་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་སྙམ་དུ་དོན་གང་ཁོ་ན་མིག་གི་ཡུལ་དུ་འགྱུར་བ་དེ ་ཁོ་ན་དམིགས་ལ། གང་མི་འགྱུར་བ་དེ་མི་དམིག་ལས?་སོ་སྙམ་དུ་སེམས་ན། དེ་ཡང?་དེ་ལྟར་མ་ཡིན་ཏེ། འབྲེལ་པ་མེད་པར་ཡུལ་དུ་འགྱུར་བ་ཉིད་མི་འཐད་པའི་ཕྱིར་ཏེ། འབྲེལ་པ་མེད་པར་ཡུལ་གྱི་དངོས་པོ་ཡིན་པ་འདི་ཡང་ཅི་ཞིག་ཡིན། ་གང་ཞིག་ཁྱེད་ཅག་གིས་ཡུལ་གྱི་དངོས་པོ་ཞེས་བརྗོད་པ་དེ་ནི་འདྲག་པ་ཞེས་བརྗོད་པ་འབའ་ཞིག་ཏུ་ཟད་པས་ཁྱད་པར་འགའ་ཡང་མེད་དོ་ཞེས་ཟེར་རོ། །དེ་ནི་ཡང་དག་མ་ཡིན་ཏེ། །གང་གི་ཕྱིར་ཁོ་བོ་ཅག་གིས་རྒྱུའི་དངོས་པོ་ཡུལ་གྱི་ངོ་བོ་བརྗོད་ཀྱི་འབྲེལ་པ་ནི་མ ་ཡིན་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་གཟུངས་ལ་སོགས་པའི་ཡུལ་ལྷན་ཅིག་བྱེད་པ་ཉིད་དུ་སྟོན་པ་ན་ཡུལ་གྱི་དངོས་པོ་ཞེས་བརྗོད་ཀྱི་དེ་དང་ལྷན་ཅིག་འདྲེས་པ་ནི་མ་ཡིན་ནོ། །ལྷན་ཅིག་བྱེད་པའི་དོན་ཡང་རྣམ་པ་གཉིས་ཏེ། ཕན་ཚུན་དུ་ཕན་པ་བྱེད ་པ་སྟེ། དཔེར་ན་སྣང་བ་ནས་གྲིབ་ཁང་དུ་ཞུགས?་པ་ལྟ་བུ་འམ། དོན་གཅིག་ལ་བྱེད་པ་སྟེ་དཔེར་ན་མིག་ཕྱེ་བ་ཙམ་གྱིས་གཟུགས་འཛིན་པ་ལྟ་བུ་ཡིན་ནི། གཉི་ག་ལྟར་ན་ཡང་རྣམ་པར་ཤེས་པའི་རྒྱུའི་ཁྱད་པར་ཉིད་ཡུལ་དུ་བརྗོད་ཀྱི་འབྲེལ་པ་ནི་མ་ཡིན་ནོ།། ་རྒྱུའི་ཁྱད་པར་སོ་སོར་ངེས་པ་དེ་ཉིད་འབྲེལ་པ་མེད་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། རང་གི་རྒྱུའི་ནུས་པ་ལས་ངེས་པར་འགྲུབ་པའི་ཕྱིར་རོ། །གང་གིས་ཁ་ཅིག་ཉིད་ཤེས་པ་སྐྱེད་པར་བྱེད་པར་འགྱུར་གྱི་།གཞན་ནི་མ་ཡིན་པ་འདི་ལ་རང་གི་རྒྱུ་ལས་སྐྱེ་པ་ན་ལྟེ་བུར? ་གྱུར་པ་ཁོ་ན་སྐྱེ་བ་ཡིན་ཏེ། དངོས་པོ་ཐམས་ཅད་ནི་རྒྱུ་ཐ་དད་པས་རང་བཞིན་ཐ་དད་པ་ཡིན་པའི་ཕྱིར་རོ། །དཔེར་ན་ཁྱེད་ཅག་ལ་འབྲེལ་པར་འདྲ་བཞིན་དུ་ཡང་ཅིའི་ཕྱིར་མིག་གི་གཟུགས་ཁོ་ན་དམིགས་ཀྱི་རོ་ནི་མ་ཡིན། དེ་དང་མ་འབྲེལ་པའི་ཕྱིར་མི་དམིགས་སོ ་ཞེས་འབྲེལ་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཏེ་ཡུལ་ཐ་མི་དད་པའི་ཕྱིར་རོ། །གང་གིས་ཡུལ་ཐ་མི་དད་པ་དང་མིག་གིས་གཟུགས་ཉིད་འཛིན་གྱི་དེའི་ཡུལ་ན་གནས་ན་ཡང་རོ་ནི་མ་ཡིན་པ་ངེས་པར་བྱེད་པའི་རྒྱུ་གཞན་ཅུང་ཟད་ནི་ཡོད་པ་མ་ཡིན་ལ། ཡུལ་ཤིན་ཏུ་? ་བན་གནས་པ་ཡང་མ་ཡིན་ནོ་རང་གི་རྒྱུ་ངེས་པར་བྱེད་པ་ཡིན་ནོ་ཞེ་ན། འདི་ནི་མ་ཕྲད་པའི་ཕྱོགས་ལ་ཡང་མཚུངས་པའི་ཕྱིར་ཏེ་སྤྲོས་པས་ཆོག་གོ། སྣང་བ་ཐ་དང་བློ་རྣམས་ནི། ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཀླན་ཀ་དོགས་པར་བྱེད་པ་ཡིན་ཏེ། ཇི་ལྟར་སྣང ་བ་ཐ་དད་པའི་བློ་རྣམས་ཡུལ་གཅིག་པར་འགྱུར་ཏེ། དེ་ལྟ་ན་ནི་རོ་དང་གཟུགས་ལ་སོགས་པའི་བླ་རྣམས་ཀྱིས་དམིགས་པ་ཡང་གཅིག་ཏུ་འགྱུར་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །ལན་འཆད་པ་ནི། ཕྱི་རོལ་དོན་སྨྲ་བའི་ཞེས་བྱ་བ་ལ་སོགས་པ་སྟེ་གཟུགས་བློ་ནི ་གཟུགས་ཀྱི་ཡུལ་ཅན་གྱི་བློ་རྣམས་སོ། །ཉེ་བ་དང་རིང་བ་ལ་སོགས་པའི་བྱེ་བྲག་གིས་གསལ་བ་ལ་སོགས་པར་སྣང་བའི་ཕྱིར་ཇི་ལྟར་ཡུལ་གཅིག་པ་ཉིད་དུ་འགྱུར་ཞེས་བྱ་བའི་ཀླན་ཀ་འདི་མཚུངས་སོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་གང་དག་རྣམ་པ་ནི་ཡུལ ་དུ་གཏོགས་པ་ཉིད་ཡིན་གྱི་རྣམ་པར་ཤེས་པར་གཏོགས་པ་ནི་མ་ཡིན་པར་བརྗོད་པ་དག་ལ་ཀླན་ཀ་འདི་ཡིན་གྱི་ཡང་རྣམ་པར་ཤེས་པར་སྨྲ་བ་གང་དག་ཡིན་པ་དེ་དག་གི་ལྟར་ན་ཤེས་པ་ཐམས་ཅད་ཡུལ་མེད་པ་ཡིན་ཞིང་བདག་རིགས་པ་གསལ་བ་ལ་སོགས ་པའི་རྣམ་པ་ཐ་དད་པ་དང་ལྡན་པ་ཐ་དད་པ་ཉིད་དུ་སྐྱེ་བས་དེ་དག་ལ་ནི་ཀླན་ཀ་འདི་མེད་དོ་ཡང་གང་དག་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཤེས་པ་རྣམ་པ་དང་བཅས་པ་ཡིན་ནོ། ཞེས་བྱ་བའི་ཕྱོགས་ཡིན་པ་དེ་དག་གི་ལྟར་ན་བདག་ཉིད་ཀྱི་ཡུལ་དང་འདྲ་བར་ཁས་མི་ལེན ་པའི་ཕྱིར་དང་ཆ་འགའ་ཞིག་གིས་འདྲ་བའི་ཕྱིར་སྣང་བ་ཐ་དད་པའི་བློ་རྣམས་ཡུལ་གཅིག་ཉིད་དུ་མི་འགལ་བའི་ཕྱིར་ཀླན་ཀ་མེད་དོ། །འོ་ན་སྨྲ་ཕྲད་ནས་འཛིན་པ་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཡོད་ལ་མ་ཕྲད་པར་འཛིན་པ་ལ་ཡང་སྒྲུབ་པར་བྱེད་པ་ཅི་ཡོད་ཅེས ་འདྲིན། ཕྲད་ནས་འཛིན་པའི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བའི་ནང་གི་སྒྲ་གཞན་དུ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །དཔེར་ན་རྣ་བ་འབྲུག་པར་བྱེད་པའི་བྱའོ་གཤོག་པའི་སྒྲ་རྣམ་པར་ཆད་པར་དམིགས་པ་དེ་བཞིན་དུ། འབྲུག་ལ་སོགས ་པའི་སྒྲ་ཡང་ཕོ་ལོང་བརྡབས་པའི་ཚུལ་གྱི་སོང་ནས་རྣ་པའི་ཡུལ་དུ་འོངས་པ་ཉིད་འཛིན་པའི་ཕྱིར་མཚུངས་པ་ཉིད་དུ་འཛིན་པར་འགྱུར་རོ། །རང་གི་རྒྱུ་དང་ལྡན་པ་དང་འདུ་བའི་ཡུལ་གྱིས་དབང་གིས་འདི་རྣམ་པར་ཆད་པར་འཁྲུལ་པ ་ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། དེ་དག་རྣ་བས་མི་འཛིན་པའི་ཕྱིར་རོ། །ཤེས་པ་ནི་འགའ་ཞིག་ཏུ་ཡུལ་དུ་གྱུར་པའི་དངོས་པོའི་རྣམ་པ་སྒྲོ་བཏགས་ནས་སྐྱེད་པ་མ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་གཟུགས་ལ་རོ་དང་འདྲ་བ་སྒྲོ་འདོགས ་པར་བྱེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྲད་ནས་འཛིན་པ་ལ་གནོད་པར་བྱེད་པའི་ཚད་མ་བརྗོད་ནས་མ་ཕྲད་པར་འཛིན་པ་ལ་སྒྲུབ་པར་བྱེད་པ་འཆད་པ་ནི་དེ་ལྟར་ཆད་དོ་སྙམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་དེའི་ཕྱིར་རོ། །རེག་སོགས ་བཞིན་དུ་གཞན་དུ་མིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ། དཔེར་ན་རེག་པའི་དབང་པོ་རྣམ་པར་ཆད་པར་མི་འཛིན་པ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གང་གི་ལྟར་ན་ཞེས་བྱ་བ་ལ་སོགས་པས་དཔེ་སྒྲུབ་བྱ་མ་ཚང་བ་ཉིད་དུ་དོགས ་པ་བསུང་ས་ལན་འདེབས་པ་ཡིན་ནོ། །འདིར་འོ་བྱེད་པ་དང་གཞོན་ནུ་མ་ལེན་ལ་སོགས་པ་རྣམས་ཚད་མ་བྱེད་པ་ནི་མིག་དང་རྣ་བ་ནི་ཕྲད་ནས་འཛིན་པ་ཡིན་ཏེ། ཕྱི་རོལ་གྱི་དབང་པོ་ཡིན་པའི་ཕྱིར་སྣ་ལ་སོགས་པ་བཞིན་ནོ། །ཕྱི་རོལ་གྱི་དབང་པོ་ནི་ནང་གི་ཡིད ་འཛིན་པའི་དབང་པོའི་གཟུང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་དབང་པོའི་དོན་ཡིན་པའི་ཕྱིར་དྲི་དང་རོ་བཞིན་ནོ། །དེ་བཞིན་དུ་གཟུགས་དང་སྒྲ་ཤེས་པ་དག་ནི་ཕྲད་ནས་འཛིན་པའི་ཕྱིའི་དབང་པོའི་བཟུང་བར་བའི་ཡུལ་དམིགས་པར་བྱེད་པ་ཡིན་ཏེ། ཕྱིའི་དབང་པོའི ་དོན་དམིགས་པར་བྱེད་པའི་ཕྱིར་དྲི་དང་རོའི་ཤེས་པ་བཞིན་ནོ་ཞིའོ། །འདིར་སུན་འབྱིན་པ་འཆད་པ་ནི་གང་ཡང་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ། །དེ་ལྟ་བས་ན་ཐོས་པ་བ། ཞེས་བྱ་བ་ལ་སོགས་པ་ལ། ལྡན་དད་ཞེས་བྱ་པ་ལ་སོགས་པ་སྨོས་ཏེ། སྔར་ཞེས་བྱ ་པ་ནི་ཚིག་གི་དོན་དྲུག་བརྟག་པར་རོ། །འོ་ན་ཐ་མི་དད་པར་འགྱུར་ཞེ་ན། རླུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་རྣམས་ཁོ་ན་ལྡན་པ་དང་བྲལ་བར་སྐྱེ་བ་ན་ལྡན་པ་དང་རྣམ་པར་དབྱེ་བ་ཐ་མི་དད་པར་བརྗོད་ཀྱི་སྐད་ཅིག་མ་མ་ཡིན་པ་ནི་རིམ་གྱིས་ཀྱང་ལྡན ་པ་དང་བྲལ་བར་རིགས་པ་མ་ཡིན་ཏེ། དེ་དག་ནི་རང་བཞིན་གཅིག་ཡིན་པའི་ཕྱིར་རོ། །རྣ་བའི་ནམ་མཁར་ཕྱིན་པ་ན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རྣ་བའི་ཞེས་བྱ་བ་ལ་སོགS་པ་སྨོས་ཏེ། འདི་ཕྱོགས?་ཉིས་ཏེ་རླུང་འདི་རེས་འགའ་དམིགས་པའི་རང་བཞིན་དུ་གྱུར་པ་འི ་མི་དམིགས་པའི་རང་བཞིན་དུ་གྱུར་པ་ཞིག་ཡིན་གྲང། ཕྱོགས་དང་པོ་སྒྲ་རིཌ་པའི་དུས་སུ་ལྕགས་གིས་བསྣུན་པ་བཞིན་དུ་རླུང་ཡང་རྟོགས་ཏེ་དམིགས་པར་འགྱུར་རོ། །ཡང་ཅི་སྟེ་རྣམ་པར་ཤེས་པ་གཉིས་ཅིག་ཅར་བར་མི་འབྱུང་བའི་ཕྱིར་སྒྲ་རྣམ་པར་གསལ་བ་སྟེ། སྒྲ་དམིགས་པ་ཉིད་ཡིན་ཏེ། ་རླུང་དེ་མྱོང་བ་སྟེ་དམིགས་པའི་གེགས་བྱེད་པ་ཡིན་ནོ་སྙམ་ན། འདི་ནི་སྒྲ་དམིགས་པའི་དུས་ན་ལྕག་གིས་བསྣུན་པ་དང་རླུང་གཞན་མྱོང་བར་བརྗོད་པར་རིགས་པ་མ་ཡིན་ཏེ། ཇི་ལྟར་སྒྲ་དམིགས་པའི་དུས་ན་རླུང་ཡབ་ལ་སོགས་པས་བྱས་པའི་རླུང་གཞན་དག ་ལྕག་གིས་བསྣུན་པ་ཉམས་སུ་མྱོང་བར་འགྱུར་བ་དེ་བཞིན་དུ་རྣ་བའི་ཡུལ་དུ་ཕྱིན་པའི་དྲུག་གི་རེག་བྱ་ཡང་རིག་པར་འགྱུར་རོ། །འདིས་ནི་ཤེས་བ་ཅིག་ཅར་མི་སྐྱེ་བར་དམ་བཅས་པ་ལ་མངོན་སུམ་དང་འགལ་བར་བཤད་དོ། །མྱུར་བར་འབྱུང་བའི་སྟོབས་ཀྱིས་ཅིག ་ཅར་འཛིན་པ་ཉིད་དུ་འཁྲུལ་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །རིམ་གྱིས་འབྱུང་ན་ཡང་མགྱོགས་པས་བྱས་པའི་ཅིག་ཅར་བར་འཁྲུལ་པ་ཡིན་ལ་རག་མོད། དེ་ལྟ་ན་ཡང་འདིར་ལན་སྐབས་སུ་ཉེ་བར་མི་ཁོ་བའི་ཕྱིར་ ་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་སྟོན་པ་ནི། རིམ་གྱིས་འབྱུང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རྣམ་པར་ཤེས་པ་མ་གྱོགས་པར་འབྱུང་བའི་ཕྱིར་ཅིག་ཅར་བར་འཁྲུལ་བ་ཡིན་ནོ་ཞེས་བྱ་བར་འགྱུར་གྱི། དམིགས་པའི་མཚན ་ཉིད་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་མི་དམིགས་པ་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། འདི་ལྟར་འདིར་རྣམ་པ་ཐམས་ཅད་དུ་རིམ་གྱིས་སམ། །ཅིག་ཅར་གྱིས་རྣ་བའི་ཡུལ་དུ་ཕྱིན་པའི་རླུང་མ་དམིགས་པ་ཉིད་ཡིན་ཏེ། དེ་ལྟ་བས་ན་མགྱོགས་པས་བྱས་པའི་རྣམ་པར ་ཤེས་པ་ལ་གི་རྩར་འཁྲུལ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་ཅུང་ཟད་ཀྱང་ལན་མ་ཡིན་ཏེ། གསོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཉིས་པ་འཚད་དེ། གཟེགས་ཟན་པ་ནི་བྱེ་བྲག་པ་རྣམས་སོ། །དེ་དག་གི་ལྟར་ན་རླུང་ནི ་རེག་པའི་རྟགས་ཅན་ཡིན་ལ། བཤད་པ་བྱེད་པ་རི་ཁྲོད་པས་ཀྱང། །མངོན་སུམ་མ་ཡིན་པའི་རླུང་གི་རླུང་དང་ལྡན་པ་དང་རྣམ་པར་དབྱེ་བ་རྣམས་རྣ་བུག་གི་ཕྱོགས་ནས་འབྱུང་བ་ན་མི་དམིགས་པ་ཡིན་ནོ་ཞེས་ཟེར་རོ། །འདིར་ཉེས་པ་བཤད་པ་ནི། །དེ་ཡི ་རིག?་ཐོབས་སུ་ཡིས་བྱས། །ཞེས་བྱ་བ་སྟེ། རེག་པ་ནི་རེག་བྱའོ། །རེག་བྱ་བབ་པ་ནི་རེག་བྱ་ཐོབ་པར་གྱུར་བ་སྟེ། མྱོང་བར་ཐལ་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རླུང་དེ་རེག་པར་ཐལ་བར་འགྱུར་པ་གང་ཡིན་པ་འདི་བཤད་པ་བྱེད ་པ་བྱས་པ་དེ་ཇི་ལྟར་འདི་ལྟར་རླུང་སྒྲར་འགྱུར་རོ། །ཞེས་བྱ་བ་དེ་ལྟར་སྨྲ་བའི་བསླབ་པ་བྱེད་པ་དག་ལ། བཤད་པ་བྱེད་པ་ན་རེ་སྒྲ་རླུང་ལས་བྱུང་བ་ཡིན་ན་རླུང་གི་བཀོད་པའི་ཁྱད་པར་ཡིན་ཏེ། དཔེར་ན་སྣམ་བུ་སྣལ་མའི་རང་བཞིན་གྱི་ཆ་ཤས་བཞིན ་དུ་འདིའི་རླུང་གི་ཆེ?་ཤས་དེ་དག་སྒྲོ་ལ་ཡོད་པར་རྟོག་པར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ཏེ། གལ་ཏེ་དེ་ལྟ་ཡིན་ན་མཐོང་བས་དམིགས་པར་འགྱུར་ན་སྒྲོར་གཏོགས་པའི་རླུང་གིས་ཆ་ཤས་རྣམས་ནི་མཐོང་བ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དབང་པོ ་ལས་འདས་པ་ཉིད་ཁས་བླངས་ན་ཡང་སྐྱོན་གཞན་འཆང་བ་ནི་ཡང་ན་རླུང་ནི་དབང་འདས་བླ། །ཞེས་བྱ་བ་ལ་སོགས་པ་སྟེ། རླུང་དེ་དང་ལྡན་པ་ནི་དེ་འབྲེལ་པ་སྟེ་ས་དང་ཆུ་དང་མེའི་མིང་ཅན་གྱི་འབྱུང་བ་གསུམ་པོ་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དོར་གཏད ་པ་ནི་དེར་གྱུར་པ་སྟེ། དེ་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ་།གཉིས་ལ་བརྟེན་ཞེས་བྱ་བ་ལ་སོགས་པ་གཉིས་པའི་བསྡུ་བ་ཡིན་ལ། དེ་ཡང་རེག་བྱ་ཞེས་བྱ་བ་འདི་དང་གཞི་མཐུན་པ་ཡིན་ནོ། །གྲང་བ་དང་དྲོ་བ་དང་ཅིག་ཤོས་ཀྱི་རེག་བྱ་དེའི་རང་བཞིན་རིག་པ་སྟེ ་ཚོར་བར་འགྱུར་རོ། །གཞན་བཞིན་ནོ་ཞེས་བྱ་བ་ནི་སྒྲ་ལས་གསལ་བར་བྱེད་པར་མངོན་པར་འདོད་པ་ལྟེ་བའི་རླུང་ལ་གནས་པ་ལས་གཞན་བཞིན་ཏེ། དྲུག་པའི་མཛའ་ཅན་གྱི་རང་བཞིན་ནོ། །དཔེར་ན་དགུན་གྱི་དུས་སུ་ཁ་བའི་ཚོགས་དང་འབྲེལ་པའི་བུ ་ཡུག་གི་རླུང་ལྟ་བུ་དང་ཡང་ཇི་ལྟར་སྔ་དྲོའི་ཉི་མའི་འོད་ཟེར་གྱི་ཚོགས་འཕྲོས་པས་ཕྱོགས་མ་ལུས་བར་ཁྱབ་བར་འཇུག་པའི་སོ་གའི་དུས་ཀྱི་རླུང་ལྟ་བུ་དང། དེ་བཞིན་དུ་གྲང་བ་དང་ཅིག་ཤོས་མ་ཡིན་པའི་ཁ་བའི་དུས་འཇུག་པའི་རླུང་གི་རེག ་བྱ་གྲང་བ་ལ་སོགས་པ་རིག་པར་འགྱུར་བ་དེ་བཞིན་དུ་འདི་ཡང་འགྱུར་རོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ལན་དོགས་པར་བྱེད་དེ། དེ་དང་ཞེས་བྱ་བ་ནི་རླུང་དང་ངོ། །མི་ལྡན་ཞེས་བྱ་བ་ནི་མ་འབྲེལ་བ་སྟེ། རྣ་འབྲུག་ལ་ཞེས་འབྲེལ ་ཏོ། །ལྷག་མ་ནི་གོ་བར་ཟད་དོ། །ཡང་ན་རིག་བྱེད་རྗེས་འབྲེངས་ནས། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། སུན་འབྱིན་པ་མཚུངས་པས་དེའི་ཕྱིར་འདི་ཉིད་ལ་བསྒྲ་བར་བྱ་བའི་ཕྱིར་རོ། །གང་དག་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ ་བ་ཆ་མེད་པའི་ནམ་མཁའ་ཨི་བདག་ཉིད་ཡིན་པའི་ཕྱོགས་ལ་ལེགས་པར་བྱས་པ་དོན་མེད་པ་དང་ལེགས་པར་བྱེད་པ་མི་འཐད་པ་ཞེས་བྱ་བ་ལ་སོགས་པའི་སྐྱོན་སྔར་བཤད་པ་གང་དག་ཡིན་པ་དེ་དག་རྣ་བ་མ་ཡིན་པའི་ཕྱོགས་ལ་ཡང་མཚུངས་པའི་ཕྱིར ་སུན་འབྱིན་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །གལ་ཏེ་ཡང་ཁྱབ་པ་དང་གཅིག་ཉིད་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ནམ་མཁའ་ཨི་ཁྱབ་དང་ཕྱོགས་གཅིག་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་པའི་ཞེས་བྱ་བ་ནི་ལེགས ་པར་མ་བྱས་པ་ལ་བརྟེན་པའོ། །ཆ་མེད་པ་ལ་ནི་རྣམ་པར་དབྱེ་བ་འདི་རིགས་པ་མ་ཡིན་ཏེ། ཆ་ཤེས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བརྟགས་པ་པའི་རྣམ་པར་དབྱེ་བ་ལ་ནི་དོན་བྱ་བ་འཇུག་པ་དང་མི་འཇུག་པ་མི་འགལ་ཏེ། གང ་གི་ཕྱིར་སྒྲོ་བཏགས་པའི་དོན་གྱི་རྗེས་སུ་བྱེད་པ་ནི་དོན་བྱེད་པ་མ་ཡིན་ཏེ། དེ་དག་ནི་དངོས་པོ་དང་འབྲེལ་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྟེན་གཅིག་ལ་གལ་ཏེ་དབང་པོ་ལེགས་པར་བྱས་པ་ལ། དེ་ཡང་རྟོགས་པར་བྱེད་པའི་རང་བཞིན་ཡིན་ཏེ ་དེ་རྟེན་གཞན་ལ་དེ་ཉིད་དོན་དམ་པ་ཡིན་པའི་ཕྱིར་ཐམས་ཅད་དུ་དེ་ལ་ལེགས་པར་བྱས་པ་དང་རྟོགས་པར་བྱེད་པར་འགྱུར་རོ། །དེས་ན་སྐྱེས་བུའི་ལུས་ཀྱི་ཕྱོགས་གཅིག་ལ། །ཞེས་བྱ་བ་ལས་སོགས་པ་སྨྲས་པ་གང་ཡིན་པ་དེ་ཐམས་ཅད་བསལ་བ ་ཡིན་ཏེ། གཅིག་ལ་དོན་དམ་པར་དབྱེ་བ་མི་རུང་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། སྐྱེས་བུའི་ལུས་ཀྱི་ཕྱོགས་གཅིག་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙོ་བོའི་ཡུལ་གཞན་ཞེས་བྱ་བ་ལ། གཙོ་བོ་ནི་ལུས་སོ། །ཡུལ་གཞན་ནི་ནམ་མཁའ་ཨི་ཡུལ ་ཐ་དད་དུ་འཇུག་པའོ། །དེ་ལྟར་སྨྲས་པ་མི་འཐད་དོ། །ཞེས་བྱ་བ་ནི་གཅིག་ལ་རྣམ་པར་དབྱེ་བ་མི་རུང་བའི་ཕྱིར་རོ། །གནས་མ་ཡིན་ཞེས་བྱ་བ་ནི་མི་གནས་པའོ། །ཁྱད་པར་མེད་པ་ཉིད་སྟོན་པ་ནི། །ཁྱད་པར་མ་སྐྱེས་ཞེས་བྱ་བའི་སོགས་པ་སྨོས་ཏེ། ཅི་སྟེ ་ཡང་ཆོས་དང་ཆོས་མ་ཡིན་པ་དག་གིས་དབང་དུ་བྱས་པའི་ཕྱིར་ཁྱད་པར་ཡོད་པ་ཉིད་དོ་སྙམ་ན་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་ཉིད་བལྟོས་པ་མེད་པའི་གཏན་ཚིགས་ཡིན་ལ། དེ་ཡང་དབང་དུ་མ་བྱས་པ་ཡིན་ནོ།། ་ཡང་ན་བལྟོས་པ་མེད་པ་ཡིན་ཡང་དབང་དུ་གྱུར་པ་ཅིའི་ཕྱིར་མི་འགྱུར་ཞེ་ན། ནམ་པའི་ཆོས་དང་ཆོས་མིན་གྱིས་ཞེས་བྱ་བ་ལ་སོགས་སྨོས་ཏེ། བལྟོས་པ་མེད་པ་ཉིད་ཀྱིས་ཕན་གདགས་པར་བྱས་པ་མ་ཡིན་པ་ཉིད་དུ་བརྗོད་ལ། གང་ཡང་ཕན་གདགས་པར་བྱ་བ་མ་ཡིན་པ ་དེ་ནི་འགའ་ཞིག་གི་དབང་དུ་བྱས་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནམ་སོ་སོར་བརྟགས་ཡིན་གྱིས་འགོག་པ་བཞིན་ནོ། །རྣ་བ་ཡང་ཕན་གདགས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །རྟག་ཕྱིར་ཞེས་བྱ་བ་འདིས་གཏན་ཚིགས་མ་གྲུབ ་པ་བསལ་བ་ཡིན་ན་ལན་གདགས་བྱ་མིན་ན། །འདི་ཡི་དབང་དུ་བྱས་འདི་ཅི། །ཞེས་བྱ་བ་འདི་ནི་མ་ངེས་པ་ཉིད་གསལ་བ་ཡིན་ནོ། །འོན་ཏེ་ཕན་གདགས་པར་བྱ་བ་མ་ཡིན་པ་ཡང་དབང་དུ་བྱས་པར་མཐོང་བ་མ་ཡིན་ནམ། ཇི་ལྟར་སྔར་ཡོངས་མི་སྤྱོད་པའི་རྣ་བ་ཕྱིས་སྔགས་པ་དང ་ཕྱིས་སྨན་ལ་སོགས་པའི་ནུས་པས་ལོངས་སྤྱད་པར་བྱ་བར་འགྱུར་ཏེ། དེ་ལྟ་ཡིན་དང་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེ་ན། དེ་ལ་ལན་བཤད་པ་ནི། སྔས་དང་སྨན་སོགས་ནུས་པར་རིགས། །ཞེས་ཕྱག་ལ་སོགས་པ་སྨོས་ཏེ། །སོགས་པའི་སྒྲས་རྣམས་འཁྲུས་པ་ལ་སོགས་པ ་གཟུང་ངོ། །ཇི་ལྟར་སྦྱར་བྱར་འགྱུར་ཞེས་བྱ་བ་གལ་ཏེ། དེ་ལྟར་ཕན་གདགས་པར་བྱ་བ་མ་ཡིན་པར་གྱུར་ན་ཞེས་བྱ་བ་ཞག་ཁ་སྦྱར་རོ། །འོན་ཏེ་ཕན་གདགས་པར་བྱ་བ་མ་ཡིན་ན་ཡང་ཁྱད་པར་སྐྱེ་བ་ཙམ་གྱིས་དབང་དུ་བྱས་པར་འགྱུར་རོ་ཞེ་ན། རྟག་ཕྱིར་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ་འོན་ན་དེ་ལྟར་ན་རྟེན་མི་རྟག་པའི་ཕྱིར་དེ་ལེགས་པར་བྱེད་པའི་སྒོ་ནས་རྣ་བརྟག་པ་ཡང་དབང་དུ་བྱེད་པར་འགྱུར་རོ་ཞེ་ན། རྟེན་མི་རྟག་པ་ཉིད་ཡིན་ཡང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་ཡིན་ཡང་ཞེས་བྱ་བ་ནི་དུས་གཞན་ན་འཇིག་པའི་ཕྱིར་རོ།། །། ་དེ་ཡང་འཇིག་པའི་བར་དུ་ངོ་བོ་གཅིག་ཡིན་པའི་ཕྱིར་རྟག་པ་ལ་ཁྱད་པར་བསྐྱེད་པ་མི་སྲིད་པའི་ཕྱིར་ལེགས་པར་བྱས་པ་ག་ལས་ཡིན། བོགས་དབྱུང་བར་ཁས་བླངས་ནས་སྐྱོན་འཆད་པ་ནི། དེ་ལ་ཐོགས་ནི་ཡོད་པ་རེག། འདི་ནི་ཞེས་བྱ་བ་ནི་བོགས་སོ། །གལ་ཏེ་ཡོད་པ་མ ་ཡིན་པ་དེ་ལྟ་ན་ཡང་རྟེན་དང་འབྲེལ་བའི་ཕྱིར་དེ་ལ་ཡང་འགྱུར་རོ་ཞེ་ན། རྟེན་དང་འབྲེལ་པ་ཡོད་མིན་ཏེ། ཞེས་བྱ་བ་ལ་སོགས་སྨོས་སོ། །ནམ་མཁའ་ཆ་ཤས་མེད་མིན་ཏེ། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ནམ་མཁའ་ཆ་དང ་བཅས་པ་ཡིན་ན་ཡང་གལ་ཏེ་རྟག་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་ནམ་མཁའ་ཆ་མེད་པ་རྟག་པའི་ཕྱོགས་ལ་སུན་འབྱིན་པ་གང་ཡིན་པ་དེ་ཐམས་ཅད་མཚུངས་སོ་ཞེས་བསྒྲེ་བ་ནི་ནམ་མཁའ་ཆ་ཤེས་དང་ལྡན་ཡང། ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དབང་དང ་བྲལ་བ་ན། ཡུལ་དེར་གནས་པར་གྱུར་ན་ཡང། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གལ་ཏེ་དེ་ཡི་སྐད་ཅིག་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །གསལ་བར་བྱེད་པའི་རླུང་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ ་གང་ཚེ་སྒྲ་དང་རྣ་བ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཚེ་ཞེས་བྱ་བ་ནི་རྒྱུ་གང་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་མ་ཐག་ཏུ་བརྗོད་པའི་རྣམ་པས་རྟག་པ་ལ་ཁྱད་པར་བྱར་མེད་པའི་ཕྱིར་ལེགས་པར་བྱེད་པ་འཐད་པ་མ་ཡིན་ཏེ། དེའི་ཕྱི་རླུང་ལ་སོགས ་པ་ལས། ནུས་པ་ངེས་པ་འཐད་མ་ཡིན། །ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཅི་ལྟར་འདི་ལེགས་པར་བྱས་པ་མི་འཐད་པ་དེ་ལྟར་རེ་ཞིག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཐ་དད་ཐ་མི་དད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་པར་བྱས་པར ་འགྱུར་བ་ཐ་དད་པ་འམ། ཐ་མི་དད་པ་ཡིན་ཞེས་བྱ་བ་ཕྱོགས་གཉིས་ཏེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཕྱོགས་དང་པོ་རྣ་བ་དང་སྒྲ་དག་གིས་ལེགས་པར་བྱེད་པ་མ་འགྲུབ་པར་ཐལ་བར་འགྱུར་ཏེ། དོན་གཞན་བྱེད་པའི་ཕྱིར་རོ། །བུམ་པ་བྱེད་པ ་ན་སྣམ་བུ་ལེགས་པར་བྱེད་པ་མ་ཡིན་ལ། གང་གིས་དེ་དང་འབྲེལ་པའི་ལེགས་པར་བྱེད་པའི་སྒོ་ནས་དེ་དག་ལེགས་པར་བྱས་པར་འགྱུར་བ་དེའི་ལེགས་པར་བྱས་པའི་དག་དང་ལན་ཅིག་འབྲེལ་པ་གྲུབ་པ་ཡང་མ་ཡིན་ནོ། །འདི་ལྟར་ཐ་དད་དུ་ཁས་ལེན ་པའི་ཕྱིར་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་མེད་ལ། ཐ་དད་པར་འབྲེལ་པར་འགྱུར་ན་ཡང་རྒྱུ་དང་འབྲས་བུའི་མཚན་ཉིད་ཁོ་ན་ཡིན་ཏེ། གཞན་ལ་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཡིན་ཏེ་རྒྱུ་དང་འབྲས་བུ་ཉིད་ན་ལེགས་པར་བྱས་པ་ཐམས་ཅད་དུ ་འགྱུར་ཏེ། རྒྱུ་རྣ་བ་དང་སྒྲའི་བདག་ཉིད་དུ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་སྐྱོན་འཆད་པ་ནི། ཐ་མི་དད་པ་ཡི་ཕྱོགས་ལ་ཡང། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་རྣ་བ་དང་སྒྲའི་རང་གི་ངོ་བོ་ལྟར་རོ། །འདི་ནི་ཞེས ་བྱ་བ་ནི་ལེགས་པར་བྱས་པའོ། །དེ་ལྟ་ཡིན་དང་རྟག་པའི་ཕྱིར་འདི་སུས་ཀྱང་ལེགས་པར་བྱེད་པ་མ་ཡིན་ཏེ། དེ་ལ་སྟེ་ལེགས་པར་བྱས་པ་ལས་རྣམ་པར་ཤེས་པ་བསྐྱེད་པར་འདོད་ན་ཡང་ཤེས་པ་རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སྐྱོན་ཡིན ་ནོ། །དེ་ཕྱིར་རླུང་ལས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པ་ཡིན་ནོ། །དེའི་ཕྱིར་བསལ་བ་ཞེས་བྱ་བ་ལ་སོགས་པ་སྒྲ་མི་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་ལ་ཚད་མ་འགོད་པར་བྱེད་དོ། །སྦྱོར་བ་ནི་གང་རེས་འགའ་བ་དེ་ནི་སྐྱེ་བ་དང་ལྡན་པའི་རྒྱུས་བསྐྱེད་པར་བྱ ་བ་ཡིན་ཏེ། དཔེར་ན་བུམ་པའི་བསལ་བའི་ཡུལ་ཅན་གྱི་ཤེས་པ་བཞིན་ནོ། །སྒྲའི་ཤེས་པ་ཡང་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞན་གྱི་གཏན་ཚིགས་སོ། །རྟག་ཏུ་དེའི་ཤེས་པ་མི་རིགས་པའི་ཕྱིར་མ་གྲུབ་པ་མ་ཡིན་ལ། །མངོན་པར་གསལ་བ་བསལ ་ཟིན་པའི་ཕྱིར་མ་ངེས་པ་མ་ཡིན་ཞིང། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །འབྲས་བུ་འདི་ཞེས་བྱ་བ་ནི། །གཟུང་བར་བྱ་བ་སྐྱེད་པ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲས་བུ་འདི་ལ་ཡོད་ཅེས་རྣམ་པར་སྦྱར་ཏེ། ལྷག་མ་ནི་དོན ་གོ་བར་ཟད་དོ། །ཕྱོགས་རྣ་བ་ཡིན་པའི་ཕྱོགས་ལ་དང་པོ་ཉིད་དུ་སུན་འབྱིན་པ་བཤད་ཟིན་པའི་ཕྱིར་ཡང་མི་བརྗོད་དེ་ཉིད་ཀྱི་ཕྱིར་སྔར་བཤད་པའི་སུན་འབྱིན་དེ་ཉིད་དྲན་པར་བྱ་བའི་ཕྱིར། ནམ་མཁའ་ཆ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཡང ་ལེགས་པར་བྱེད་པ་ན། དེ་ཕྱིར་གཅིག་ཉིད་ལེགས་པར་བྱེད། ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཡུལ་ཡང་ལེགས་པར་བྱེད་པ་ན། ཞེས་བྱ་བ་སྨོས་ཏེ། མིན་ཞེས་བྱ་བ་ནི་ཡུལ་ཡང་ལེག་པར་བྱེད་པ་ན་ངེས་གཅིག་ཉིད ་ལེགས་བར་བྱས་ཞེས་བྱ་བ་དེ་མ་ཡིན་ནོ། །གང་ལས་ཤེ་ན། བཀག་ཕྱིར་ཏེ། གསལ་བའི་ཕྱིར་ཏེ་ལེགས་པར་བྱེད་པ་ཞེས་བྱ་ལྷག་མའོ། །འདི་ལྟར་ལེགས་པར་བྱས་པ་ཐ་དད་པ་དང་ཐ་མི་དད་པ་ནི་སྔར་བསལ་ཟིན་ཏོ། །འདི་ལས་ཀྱང་ཡུལ་ལེགས ་བར་བྱས་པ་མ་ཡིན་ཏེ། ག་ལས་ཤེ་ན། ཆུས་པ་དེས་ཕྱིར་ཡང་ཞེས་བྱ་བའི་ཡང་གི་སྒྲ་མངོན་པར་བསྟན་པར་བལྟ་བར་བྱའོ། །ཡང་ན་དོན་འདི་ཡིན་ཏེ། དེའི་ཕྱིར་འཆད་པར་འགྱུར་བའི་ནུས་པ་ངེས་པའི་ཕྱིར་ཡུལ་ལེགས་པར་བྱེད་པ་རིགས་པ་མ་ཡིན་ནོ། ། ་ནུས་པ་ངེས་པ་དེ་ཉིད་སྟོན་པ་ནི། །ཤེས་པ་སྐྱེད་པར་མི་རུང་ན། །ཞེས་བྱ་བ་ལ་སོགས་པ་སྟེ། རེས་འགའ་སྒྲ་འདི་རང་བཞིན་གྱིས་ཤེས་པ་སྐྱེད་པར་རུང་བ་ཡིན་ནམ། མ་ཡིན་ཞེས་བྱ་བའི་ཕྱོགས་གཉིས་སོ། །ཕྱོགས་དང་པོ་ལ་ནམ་ཡང་སུས་ཀྱང་རྟོགས ་པར་མི་འགྱུར་རོ། །གཉིས་པ་ལ་ཡང་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཆོས་རྟོགས་པར་འགྱུར་ཏེ། ངོ་བོ་ཉིད་ཅིག་ཡིན་པའི་ཕྱིར་རོ། །དེས་ན་ལེགས་པར་བྱེད་པར་མི་ནུས་སོ། །འདི་སྙམ་དུ་ནུས་པ་ཡང་འགལ་བའི་རྐྱེན་གྱི་སྟོབས་ཀྱིས་རེས་འགའ་རྣམ ་པར་ཤེས་པ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་ནུས་པ་མེད་པ་ཡང་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བསྒོས་པའི་ནུས་པ་ཡོད་ན་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་འོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ཉམས་པར་མི་བྱེད་དམ་སྐྱེད ་པར་མི་བྱེད་པ་ནི་འགལ་བ་འམ། ལྷན་ཅིག་བྱེད་པར་རིག་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཉམས་པ་དང་སྐྱེད་པར་ཁས་ལེན་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །ཇི་ལྟར་ཡུལ་ཕྱོགས་ལ་སོགས་པའི་ཞེས་བྱ་བ ་ལ་སོགས་པ་གང་སྨྲས་པ་དེ་ལ་འདི་ནི་འགའ་ཞིག་ཁོ་ན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྐྱེ་བའི་ཕྱོགས་ལ་སྐྱོན་འདི་མེད་དེ། གང་གི་ཕྱིར་རང་གི་རྒྱུ་ལས་སོ་སོར་ངེས་པའི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་ཉིད་ཉེ་བར་སྐྱེ་བ་ཡིན་ཏེ། དེས་ན་ཐམས་ཅད་ཀྱིས ་ཐམས་ཅད་ཀྱི་ཚེ་རྟོགས་པ་མ་ཡིན་ནོ། །གལ་ཏེ་ལེགས་པར་བྱས་པ་སྲིད་པ་ཡིན་ན། གང་གི་ལྟར་ན་སྒྲ་ལེགས་པར་བྱས་པ་དེ་ལྟར་ན་སྐྱོན་འདི་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱིས་ཤེས་པ་བསྐྱེད་པར ་ནུས་པར་ཁས་ལེན་པ་ནི་ཐག་རིང་པོ་ན་གནས་ན་ཡང་འཛིན་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་འབའ་ཞིག་ཏུ་མ་ཟད་ལེགས་པར་བྱས་པའི་ཕྱོགས་ལ་ཡང་སྐྱོན་ཉིད་ཡིན་པས་དེའི་ཕྱིར་ཕྱོགས་གཞན་བསྟན་པ་ཡིན་ནོ། །རིང་ན་གནས་པས་ཅི་མ་ཡིན། །ཞེས ་བྱ་བ་ནི་ཐོས་པས་ཞེས་འབྲེལ་ཏེ། འོན་ཀྱང་ཐོས་པ་ཁོ་ན་ཡིན་ནོ་ཞེས་བྱ་རྟོག་གི་དྲི་བར་བསྟན་ཏོ། །འདི་ཉིད་གསལ་བར་བྱེད་པ་ནི། །ཉེ་བར་གནས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ཡི་སྐྱེ་བ་བཀག་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཁྱད་པར ་ཅན་སྐྱེ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལེགས་པར་བྱས་པ་སྐྱེ་བ་ཡིན་ན་དེའི་ཚེ་སྒྲ་ཡང་སྐྱེ་བར་ཐལ་བར་འགྱུར་ཏེ། དེ་ལེགས་པར་བྱས་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་ན་ལེགས་པར་བྱས་པ་ཉིད་ལས་ཤེས་པ་བསྐྱེད་པའི་ཕྱིར། །སྒྲ ་བྱེད་པ་པོ་མ་ཡིན་པས་ཤེས་བྱ་མ་ཡིན་པ་ཉིད་དུ་ཐལ་ལོ། །དེ་ལྟ་ཡིན་དང་སྒྲ་ཡང་སྐྱེ་བ་ཡིན་ནོ་ཞེས་ཁས་བླང་དགོས་སོ། །ཡང་ཅི་སྟེ་ཇི་ལྟར་ཁྱེད་ཅག་གིས་སོ་སོར་ངེས་པའི་ཤེས་པ་བསྐྱེད་པར་ནུས་པའི་སྒྲ་སྐྱེ་བ་དེ་བཞིན་དུ་ཁོ་བོ་ཅག་གི་ལེགས་པར་བྱས ་པས་ཡང་སོ་སོར་ངེས་པར་འགྱུར་བའི་ཕྱིར་དེས་ན་རིང་བ་གནས་པ་རྣམས་ཀྱིས་མི་རྟོགས་པ་ཡིན་ནོ་སྙམ་དུ་འདི་ལ་བཤད་པ་ནི་དུས་གཅིག་ཚེ་ན་སྒྲ་ལེགས་བྱས། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སོ་སོར་ངེས་པའི་སྐྱེས་བུའི་རྒྱུ་ལ་ཤེས་པ་བསྐྱེད་པའི ་ནུས་པ་བྱེད་པ་དེ་ལྟ་ན་ཡང་སྐྱོན་ཅན་ཉིད་བཞི་པར་སྟོན་ཏེ། འདི་ལྟར་གལ་ཏེ་ཤེས་པ་བསྐྱེད་པར་རུང་བའི་ཤེས་པ་མི་སྤོང་བ་དེའི་ཚེ་ཐམས་ཅད་ཀྱི་ཚེ་ཤེས་པ་སྐྱེད་པར་ཐལ་བར་འགྱུར་ལ། ཅི་སྟེ་སྤོད་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར ་འགྱུར་རོ། །དེས་ན་སྟེ་དེའི་ཕྱིར་སྐྱེས་བར་འགྱུར་རོ། །ཞེས་ཁས་བླང་བར་བྱའོ། །གཉིས་གང་གིས་?་བྱས་ཕྱོགས་ལ། ཞེས་བྱ་བ་ལ་སོགས་པར་སྨྲས་པ་དེ་ལ་གཉིས་ལེགས་པར་ཕྱོགས་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གི་ལྟར་ན་སྐྱེ་བ་ཡིན་པའི་ཕྱོགས་དེ་དག་གིས་གང་ཡང་རུང་བ་མ་ཚད་པར་རིགས་པ་ཡིན་གྱི་ལེགས ་པར་བྱས་པ་སྨྲ་བའི་ཕྱོགས་ལ་ནི་མ་ཡིན་ཏེ། དེ་དག་གི་ལྟར་ན་སྔ་མའི་ལེགས་པར་བྱས་པའི་རང་བཞིན་རྟག་ཏུ་རྗེས་སུ་འཇུག་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་རྗེས་སུ་འཇུག་པ་དེ་ཉིད་སྟོན་པ་ཡིན་ནོ་འཕོ་འགྱུར་ཕྱིར་ཞེས་བྱ་བ་ནི་མི ་རྟག་པ་ཉིད་དུ་ཐལ་བར་འགྱུར་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཐོས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཐོས་པ་ནི་ཐམས་ཅད་ཐོས་པ་ཡིན་གྱི། ཐམས་ཅད་ཐོས་པ་ནི་མ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། ལས་ལ་ཡང་ཞེས་བྱ་བས ་བསྡུ་བ་བཀག་པའི་ཕྱིར་རོ་ཅི་སྟེ་ཡང་སོ་སོར་ངེས་པའི་སྐྱེས་བུ་རྣམས་ཀྱིས་ཐོས་པར་རུང་བ་རྣ་བ་དང་ཡི་གེ་ལེགས་པར་བྱས་པ་ཡིན་ཏེ། དེས་ན་ཐམས་ཅད་ཀྱིས་ཐོས་པ་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡི་གེ་གཞན་རྟོགས་པ་པོ་གང ་དག་ཡིན་པ་དེ་དག་གིས་སྒྲ་ཐོས་པར་མི་འགྱུར་རོ་འདི་ཉིད་བསྟན་པའི་ཕྱིར། རྣ་བ་ཡི་གེ་ལེགས་བྱས་དག། ཅེས་བྱ་བ་ལ་སོགས་པ་སྨྱོས་ཏེ། སྐྱེས་བུས་ངེས་པ་རྣམས་ཀྱིས་ཐོབ་པར་རུང་བ་ཞེས་བསྡུ་སྟེ། དེ་དག་ནི་གཞན ་ཡང་ཡིན་ལ་ཡི་གེའི་རྟོགས་པ་པོ་ཡང་ཡིན་པ་ནི་ཡི་གེ་གཞན་རྟོགས་པ་པོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་ཡང་གང་དག་ཡི་གེ་གཞན་རྟོགས་པ་པོ་དེ་དག་གི་ཤེས་པ་བསྐྱེད་པར་རུང་བ་སྒྲ་དང་རྣ་བ་དག་གིས་ལེགས་པར་བྱེད ་པ་གཞན་ཡང་འགྱུར་བ་ཉིད་དོ་སྙམ་ན་ཞེས་བྱ་བ་འདི་དོགས་པ་བསུ་ནས་ལན་འདེབས་པ་ནི་གལ་ཏེ་ཡི་གེ་དེ་སྐྱེས་བུས་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་དག་དང་སྐྱེས་བུ་ཞེས་བསྡུ་བར་བྱའོ། །ཡི་གེ་དེ་དག་ཀྱང་གང་ཞེ་ན། རྟོགས་པ་པོ་གཞན་དག་གིས་བཟུང་བ་གང་དག ་ཡིན་པའི། །སྐྱེས་བུ་ཡང་དེ་དག་ཉིད་དེ་རྟོགས་པ་པོ་གང་དག་ཡིན་པའོ། །དེ་དག་གི་རྣམ་པར་ཤེས་པ་དེ་ལ་རུང་བ་ཞེས་བསྡུའོ། །དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་རྣ་བ་དེ་དང་དང་སྒྲ་སྔར་ལེགས་པར་བྱས་པ་དེ་དག་ཉིད་ཀྱིའོ། །དེ་དག་ཀྱང་ཞེས་བྱ་བ་ནི་སྔ ་མའི་ཡི་གེ་དང་སྐྱེས་བུ་དེ་དག་ཀྱང་ངོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ག་ལ་སོགས་པའི་ཡི་གེ་ཕྱིས་གཞན་དག་གིས་ཐོས་པ་དེའི་ཚེ་ཡང་གང་དག་གིས་སྔར་ཐོས་པ་དེ་བཞིན་དུ་དག་གིས་ཀྱང་ཐོས་པར་འགྱུར་ཏེ། སྔ་མའི་རང་བཞིན་རྗེས་སུ་འཇུག་པའི་ཕྱིར ་རོ་ཞེས་བྱ་བའོ། །ཅི་སྟེ་རྗེས་སུ་མི་འཇུག་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བར་བསྟན་པའི་ཕྱིར་ལྡོག་ན་རྣ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །དཔེར་ན་ཉི་མ་ཆུ་སོགས་སུ། །ཞེས་བྱ་བ་བ་ལ་སོགས་པ་གང ་སྨྲས་པ་དེ་ལ་ཆུ་ལ་སོགས་པ་ཉི་མ་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཡིན་ནོ་ཞེས་ཁྱད་པར་མེད་པ་སྔར་བསྟན་ཟིན་པ། དེ་ལྟ་ན་ཡང་སླར་ཡང་རྣམ་པ་མེད་པ་དང་རྣམ་པ་དང། ་བཅས་པའི་ཕྱོགས་གཉི་ག་ཡང་གཟུགས་བརྙན་གྱི་བློ་ཁྱད་པར་དུ་སྟོན་ཏེ། དེ་ལ་ཕྱོགས་དང་པོའི་དབང་དུ་བྱས་ནས་གང་ཕྱིར་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་དཔྱོད་པ་པ་རྣམས ་ཀྱིས་ལྟར་ན་རྣམ་པར་ཤེས་པ་རྣམ་པ་མེད་པ་ཡིན་ལ། ཕྱི་རོལ་གྱི་དོན་རྣམ་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་ཡིན་དང་གང་ཞིག་ཆུའི་ནང་ན་གནས་པའི་ངོ་བོར་མཐོང་བ་འདི ་ནི་རེ་ཞིག་ཤེས་བའི་རྣམ་པ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་ཁོ་ན་རྣམ་པ་དང་ལྡན་པར་ཁས་ལེན་པའི་ཕྱིར་རོ། །གཟུགས་བརྙན་དེ་དན་གཞན་དུ་ཁས་ལེན་པ་ཡང་མ་ཡིན་ཏེ། ཉི་མ་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་དེ་ལྟར་སྣང་བར ་འགྱུར་བ་ཉི་མ་ཆུའི་ནང་ན་གནས་པ་ཡང་མ་ཡིན་ཏེ། དེ་ནི་ནམ་མཁའ་ཨི་ཡུལ་དུ་གནས་པ་ཡིན་པའི་ཕྱིར་རོ། འཁྲུལ་པས་དེ་ལྟར་སྣང་བ་ཡིན་ནོ་ཞེ་ན་འོ་ན་དེ་ལྟ་ན་ཤེས་པ་དེ་ཉི་མ་ལ་དམིགས་པ་མ་ཡིན་ཏེ། ཉི་མ་ལ་ཆུའི་ནང་ན་གནས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དོན་གྱི ་རང་བཞིན་གང་ཞིག་དེའི་ཤེས་པ་ལ་མི་སྣང་བ་ནི་དེའི་དོན་གྱི་ངོ་བོ་དང་བྲལ་བའི་ཕྱིར་དེའི་ཤེས་པའི་དམིགས་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །སྦྱོར་བ་ནི་གང་ཞིག་ཤེས་པ་གང་ལ་སྣང་བ་མ་ཡིན་པའི་རང་བཞིན་དེ་ནི་ཤེས་པ་དེའི་ཡུལ་མ་ཡིན་ཏེ་རྣ་བའི་ཤེས་པའི ་གཟུགས་བཞིན་ནོ། །ཉི་མ་ཡང་གཟུགས་བརྙན་གྱི་ཤེས་པ་ལ་སྣང་བའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་བྱེད་བ་མི་དམིགས་པའོ།། གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། ཉི་མ་ལ་ཆུའི་ནང་ན་ཡོད་པའི་ངོ་བོ་མེད་པའི་ཕྱིར་རོ། །མ་དེས་པ་ཡང ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་ན་ཡང་ཅི་ཡང་རུང་བས་དམིགས་པར་འགྱུར་རོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །ཅི་སྟེ་ཡང་ཉི་མ་དེ་ཉིད་ཡུལ་ལ་སོགས་པའི་བྱེ་བྲག་གིས་གཞན་ཉིད་དུ་རྟོགས་པ ་འབའ་ཞིག་ཏུ་ཟད་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་སྙམ་ན་དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་འདི་ནི་སྤྱི་རྟོལ་ཅན་གྱི་རྟོག་གེ་བ་ཁྱེད་ཅག་ལས་གཞན་སུ་ཞིག་གིས་བརྗོད་པར་འོས། །འདི་ལྟར་དེ་ཉིད་ཅེས་བྱ་བ་འདིས་ནི་རང་གི་དེའི་ངོ་བོ་བསྒྲུབ ་པ་བརྗོད་ལ་གཞན་ཞེས་བྱ་བ་འདིས་ནི་དེ་བཀག་པ་ཡིན་ན། དེ་ཅི་ལྟར་གཅིག་གི་ཚེ་ཕན་ཚུན་འགལ་བ་བསྒྲུབ་པ་དང་དགག་པ་གཉིས་རིག་པ་ཡིན་གལ་ཏེ་ཡང་གཞན་དུ་རྟོགས་ན་ཡང་དེ་ཉིད་ཡིན་པར་གྱུར་ན་སྣ་ཚོགས་པ་ཐམས་ཅད་གཅིག ་ཉིད་དུ་འགྱུར་ཏེ། དེ་ལྟ་ཡིན་དད་ལྟན་ཅིག་སྐྱེ་བ་དང་འཇིག་པར་འགྱུར་བ་དང། ཤེས་པ་ཐམས་ཅད་ཀྱང་ཡུལ་གཅིག་པར་འགྱུར་རོ། །དེའི་ཕྱིར་ཇི་ལྟར་ཡུལ་དང་དུས་ལ་སོགས་པ་ཐ་དད་པ་དང་ལྡན་པའི་དོན་འདི་ཉིད་གལ་ཏེ་དེ་ཁོ་ན་ལྟར་འགྱུར་ན། དེ་ལྟ་ན་དེ་ཁོ་ན ་རྟོགས་པར་འགྱུར་བའི་ཕྱིར་མ་གྲུབ་པ་ག་ལས་ཡིན། ཕྱོགས་གཉིས་པ་རྣམ་པ་དང་བཅས་པ་ལ་ཡང་རང་གི་རྣམ་པ་རིག་པ་ན་ཕྱི་རོལ་གྱི་དོན་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བའི་ཕྱིར་ཕྱི་རོལ་རིག་པར་བརྗོད་ཀྱི། མི་འདྲ་བ་ཉམས་སུ་མྱོང་བ་ལས ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །འདི་གཟུགས་བརྙན་གྱི་བློ་ཉི་མའི་རྣམ་པ་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཟུགས་བརྙན་གྱི་?་ཉི་མའི་ཤེས་པ་དང་ཁྱད་པར་མེད་པར ་མ་འཁྲུལ་བར་འགྱུར་རོ། །ཆུ་ལ་ཉི་མའི་འོད་ཟེར་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་བརྒྱུད་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་ཡིན་ཞེས་བྱ་བ་ནི་བདག་གོ། སྟེང་དུ་འཇུག་ཅེས་བྱ་བ་ནི་ཉི་མ་སྟེང་དུ་གནས་པ་ཞེས་བྱ་བའི་དོན་ཏེ། ། ་སེམས་ཞེས་བྱ་བ་ནི་བདག་གོ། འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་བདག་གིས་བརྒྱུད་ནས་གཏོད་པའི་སྟེང་ན་གནས་པའི་ཉི་མ་ལོག་པར་རྟོག་པ་མ་ཡིན་ན་ཅིའི་ཕྱིར་ལོག་པ་ཉིད་དུ་མཐོང་གི་སྟེང་དུ་མ་ཡིན་གལ་ཏེ་ཇི་ལྟར་གནས་པ་འཛིན་པ་དེ་ལྟན་དེ་ཉིད་རྟོགས ་བར་འགྱུར་གྱི། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟར་དེར་གནས་པས་འཇུག་ཕྱིར། ལོག་པར་འཇུག་པས་བརྟད་པ་ཡི་ཞེས་བྱ་བྱ་ལ་སོགས་པ་གང་སྨྲས་པ་དེ་ལ་དེ་ན་གནས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་རྒྱུ་བཤད་པ་ནི། ་གཟུགས་བརྙན་ཅན་གྱི་རྣམ་ཤེས་དེ། ཞེས་བྱ་བ་ལ་སོགས་པའོ། །དེ་དང་མི་འདྲ་བར་སྣང་ཕྱིར། །ཞེས་བྱ་བ་ནི་དངོས་པོའི་རྐྱེན་བསྟན་པ་སྟེ། དེ་དང་མི་འདྲ་བར་སྣང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་འབྲུ་མང་པོ་ཡང་ཡིན་ནོ། །སྦྱོར་བ་ནི། གང་?་གང་མི ་འདྲ་བར་སྣང་བའི་ཤེས་པ་དེ་ནི་དེ་ལ་དམིགས་པ་མ་ཡིན་ཏེ། རོལ་སོགས་པའི་ཤེས་པའི་སྒྲ་ལ་མི་དམིགས་པ་འམ། སྒྲའི་ཤེས་པ་རོལ་མི་དམིགས་པ་བཞིན་ནོ། །གཟུགས་བརྙན་གྱི་བློ་དག་ནི་བྱང་ལ་སོགས་པ་དང་མི་འདྲ་བ་སྣང ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །འདིའི་མ་གྲུབ་བ་ཉིད་ཡང་སྤང་བའི་ཕྱིར། །གང་ཕྱིར་མེ་ལོང་ཆུ་དུ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལོང་ཆུང་དུ་ལ་བྱད་ཆེན་པོའི་གདོང་ཤིན་ཏུ་ཆུང་བར་སྣང་ལ། ཤིང་ལ ་སོགས་པ་ཡང་ཆུར་བྱིང་བ་དང་ཡལ་ག་ལ་སོགས་པ་ཟུར་དུ་བལྟས་པར་རྟོགས་སོ། །དེ་བཞིན་དུ་བྱང་ཕྱིར་ལོག་པ་དང་ཆུ་ལ་སོགས་པ་གཏིང་དུ་ཞུགས་པར་དམིགས་ཏེ། དེ་ལྟར་བྱང་ལ་སོགས་པའི་གཟུགས་གནས་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་རལ་གྲི་ལ ་སོགས་པའི་རྟེན་གྱི་བྱེ་བྲག་གིས་གཟུགས་བརྙན་རིང་པོ་ལ་སོགས་པའི་བྱེ་བྲག་གི་རྣམ་པར་སྣང་སྟེ། དེ་བཞིན་དུ་གཟུགས་བརྙན་རིང་པོ་ལ་སོགས་བའི་བྱེ་བྲག་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་ན་ཤེས་པའི་དེ་དང་མི་འདྲ་བར་སྣང་བ་ཉིད་མ་གྲུབ་པ་མ ་ཡིན་ནོ། །མ་ངེས་པ་སྤང་བའི་ཕྱིར། མི་མཐུན་པ་ནི་སྣང་བ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཐམས་ཅད་ཀྱི་ཡུལ་ཐམས་ཅད་ཡིན་པར་ཐལ་བ་ནི་གནོད་པ་ཅན་གྱི་ཚད་མའོ། །ཇི་ལྟར་སོར་མོས་ཅུང་ཟད་མནན། །ཞེས་བྱ་བ་ལ་སོགས་པ་གང ་སྨྲས་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། དེ་ཡང་ཡུལ་མེད་པ་ཡིན་པའི་ཕྱིར་རོ། །དུ་མའི་ཡུལ་དུ་འཇུག་པ་ཡི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འདིར་ནི་གཟུགས་བརྙན་འབྱུང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས ་བརྙན་དངོས་པོ་ཉིད་ཡིན་པ་ནི། ལུས་ཅན་ཐ་དད་མིན་ཡུལ་ཕྱིར། །ཞེས་བྱ་བ་ལ་སོགས་པས་སྡར་བ་ཀག?་ཟིན་ཏོ། །གཟུགས་བརྙན་དངོས་པར་ཡོད་པ་ཡིན་དུ་ཆུག་མོད་དེ་ལྟན་ཡང་དེ་མཚུངས་པའི་བློའི་རྟོག་པར་བྱ་བ་ཉིད་དུ་མ་གྲུབ་བོ་ཞེས་བསྟན་པའི ་ཕྱིར། དུ་མའི་ཡུལ་དུ་འཇུག་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་བའི་སྒྲས་རིང་བ་ལ་སོགས་པའི་བྱེ་བྲག་ཡོངས་སུ་གཟུང་ངོ། །ཡང་ཅི་སྟེ་རིགས་པ་ལ་སོགས་པའི་བྱེ་བྲག་ཡོད་ན་ཡང་སྔོན་པོ་ལ་སོགས་པ་འབའ་ཞིག་གིས་ཆོས་མཚུངས་པའི་ཕྱིར་བློ་མཚུངས་པའི ་རྟོགས་པར་བྱ་བ་ཉིད་ཡོད་པ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡང་དོན་དམ་པའི་གཅིག་ཉིད་གྲུབ་པ་མ་ཡིན་ལ་བརྟགས་པ་ཉིད་དུ་འགྱུར་གྱི་དེ་ལ་ཡང་གྲུབ་པ་ལ་ཡང་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཡང་ཡུལ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་ན་ཡང་དོན་དམ་པར་གཅིག་ཉིད་དུ་འགྱུར་ན་དེའི ་ཚེ་བྲམ་ཟེ་དང་གདོལ་བ་གཉིས་ཀྱང་མི་ཉིད་དུ་མཚུངས་པའི་ཕྱིར་གཅིག་ཉིད་དུ་འགྱུར་བ་དང། དེ་བཞིན་དུ་བུད་མེད་ཉིད་དུ་འདྲ་བསམ་དང། ཁྱེད་རང་གི་ཆུང་མ་དང། རང་གི་ཁ་དང། བཤད་བའི་ལམ་ཡང་སའི་རང་བཞིན་ཡིན་པའི་ཕྱིར་གཅིག་ཉིད་དུ་འགྱུར་རོ། །སྣ་ཚོགས ་ཐམས་ཅད་དངོས་པོ་ཉིད་ཡིན་པའི་ཕྱིར་ལྷན་ཅིག་སྐྱེ་བ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་བ་ཡང་བཟློག་པར་དཀའ་བ་ཉིད་དོ། །གང་ཡང་འདི་སྐད་དུ་བཤད་པ་ལས། ཅི་སྟེ་ཡང་གཅིག་ཡིན་ན་ཡུལ་དུ་མར་ཅིག་ཅར་མཐོང་བ་མི་འཐད་དོ་སྙམ་ན་ལྷ་རྣམས་དགའ་ ་བ་ཉི་མ་ལ་ལྟོས་ཤིག་གང་གཅིག་ཡིན་ན་ཡུལ་དུ་མར་གནས་པ་ལྟ་བུར་མངོན་ཏེ། ཐག་རིང་བའི་ཕྱིར་འདིའི་ཡུལ་ལ་ངེས་པར་མི་ཟིན་ཏེ། དེས་ན་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ལ་ཡང་འཁྲུལ་པའི་ཕྱིར་ཡུལ་ངེས་པར་མ་ཟིན་ན་ཞེས་བཤད་དོ། །འདིར་བཤད་པ་ནི ་ཉི་མ་བདག་གི་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མའི་དཀྱིལ་འཁོར་གཉིས་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར་མེད་པར་ངེས་པས་བདག་ཉིད་དུ་གྲུབ་པའི་སྒོ་ནས་ཉི་མ་བདག་གི་སྟེང་ན་གནས་སོ་སྙམ་པ་འདི་འཁྲུལ་པའི་ཤེས ་པར་ངེས་པར་བཟུང་སྟེ། གང་གི་ཡུལ་ཐ་དད་པས་ཐ་དད་པ་ཉིད་འཁྲུལ་བར་འགྱུར་བ་དེ་ལྟར་སྒྲ་གཅིག་པ་ཉིད་དུ་གྲུབ་པ་ནི་མ་ཡིན་ནོ། །གཅིག་ཉིད་དུ་གྲུབ་པ་ན་དེ་བཞིན་དུ་ཐ་དད་པ་ཉིད་འཁྲུལ་བར་འགྱུར་ན་དེ་ཉིད་མ་གྲུབ་པའི་ཕྱིར་འདི་ནི་ཅི་ཡང་མ ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་འདི་ཡིན་བས་ཉི་མའི་དཀྱིལ་འཁོར་རོ་ཞེས་བྱ་བ་དེ་ནི་སྔར་བཤད་ཟིན་ཏོ། །འོན་ཏེ་ངོ་ཤེས་པས་སྒ?་ཡང་གཅིག་པ་ཉིད་དུ་གྲུབ་པ་མ་ཡིན་ནམ་ཞེ་ན། དེ་ལྟར་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་ཤེས་པ ་ཚད་མ་ཉིད་མ་ཡིན་པར་སྔར་བསྟན་ཟིན་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །ཅིག་ཅར་བས་དུམ་ཉིད་དུ་གྲུབ་པར་སྟོན་པ་ནི་གང་ཆ་སྨྲ་བ་པོ་མང་པོ། །ཞེས་བྱ་བ་ལ་སོགས་པ་སྟེ་གསལ་བར་ཞེས་བྱ་བ་ནི་མྱུར་བ་དང་བར་མ་དང་བ་ལ་སོགས་པའི ་བྱེ་བྲག་གིས་སོ་སོར་སྣང་བའི་ཕྱིར་རོ། །རིམ་གྱིས་ཀྱང་བསྟན་བའི་ཕྱིར། རིམ་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་འབའ་ཞིག་ཅེས་བྱ་བ་ནི་དེའི་ཚེ་ཡང་དྲུག་སྐྱེས་ལ་སོགས་པའི་བྱེ་བྲག་གིས་བསལ་བར་སྣང་བ་ཐ་དད་པའི་ཕྱིར ་འདི་ནི་གསལ་བར་བྱེད་པ་ཐ་དད་པ་ནི་མ་ཡིན་ཏེ། དེ་སྔར་བསལ་ཟིན་པའི་ཕྱིར་རོ། །རྟགས་ལས་ཀྱང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལས་ཀྱང་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་གང་ཞིག་གང་གི་ཚེ་མི་འབྱུང་བ་དེའི་ཚེ་རྒྱུ་མཚང་བ་མེད་པ་མ་ཡིན་ཏེ། ་དཔེར་ན་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་བ་ལ་སོགས་པའི་རྐྱེན་གྱིས་ཚིགས་ཡོད་ན་ཡང་མིག་མཆོད་བ་ལ་མིག་གི་རྣམ་པར་ཤེས་པ་མི་འབྱུང་བ་བཞིན་ནོ། །ཡི་གེ་གཅིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་བའི་དུས་ན་ཡང་དུས་ཕྱིས་འབྱུང་བ་དེ ་ལས་བྱུང་བ་ཉིད་དུ་མངོན་པར་འདོད་པའི་རྣམ་པར་ཤེས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་ཁྱད་པར་བྱེད་བ་མི་དམིགས་པའོ། །རྒྱུ་མཚན་བ་མེད་པ་ལ་འབྱུང་བར་འགྱུར་བས་ཁྱབ་པའི་ཕྱིར་ལ་དེ་ཡང་འདི་ལ་མེད་དོ། །འོན་ཏེ་སྤྱིར་རྒྱུ་མ་ཚང་བ་མེད་པ་ཙམ་དགག་པ་སྒྲུབ ་ན་གྲུབ་བ་ལ་སྒྲུབ་པ་ཉིད་ཡིན་ཏེ། འདི་ལྟར་སྒྲ་རྟག་པ་རྒྱུ་ཉིད་ཡིན་ན་ཡང་ལྷན་ཅིག་བྱེད་པའི་རྒྱུ་མཚད་བའི་ཕྱིར་གཞན་གྱིས་དུས་ཕྱིས་འབྱུང་བའི་ཤེས་པ་རྣམས་མི་སྐྱེད་བར་འདོད་པ་ཁོ་ནའོ། །ཅི་སྟེ་སྒྲ་ཞེས་བྱ་བའི་རྒྱུའི་ཁྱད་པར་གྱིས་རྒྱུ་མཚང་བ་མེད ་བ་གང་ཡིན་པ་དེ་དགག་པ་བསྒྲུབ་ན་དེའི་ཚེ་གཏན་ཚིགས་མ་དེས་པ་དང་དཔེ་ཡང་བསྒྲུབ་པར་བྱ་བ་མཚང་བ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་སྒྲའི་རྒྱུ་མཚན་བའི་ཕྱིར་མི་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མིག་མ་ཚང་པ་ལས་སོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། སྤྱིར་བསྒྲུབ་པར་བྱ་བ ་ཡིན་ལ། གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན། །འདི་ལྟར་གལ་ཏེ་རྟག་པ་རྒྱུ་གཞན་ལ་བལྟོས་པ་སྲིད་པར་གྱུར་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པར་འགྱུར་ན། གང་གི་ཚེ་དེ་ཉིད་སྲིད་པ་མ་ཡིན་ཏེ། དེ་ནི་དེས་པན་གདགས་པར་བྱས་པ་མ་ཡིན་པའི་ཕྱིར་རོ། །ཕན་འདོགས་ན་ལྟོས ་བར་འགྱུར་གྱི་དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ལྟོས་པ་མེད་པའི་སྒྲ་རྒྱུ་ཉིད་དུ་ཁས་ལེན་པན་དེ་ལས་བྱུང་བའི་ཤེས་པ་ཐམས་ཅད་རྒྱུ་མ་ཚང་ཉིད་མེད་པ་ཡིན་པའི་ཕྱིར་རྟག་ཏུ་འབྱུང་བར་འགྱུར་རོ། །དེ་མེད་པ་ན་དེ་མི་འབྱུང་བའི་ཤེས་པ་སྒྲ་དེ་ཉིད ་མཆང་བ་མེད་པ་ཉིད་དུ་སྟོན་པར་བྱེད་པའི་ཕྱིར་ཇི་ལྟར་གྲུབ་པ་ལ་སྒྲུབ་པ་ཡིན་ཁྱད་པར་དུ་རྒྱུ་མཆང་བ་བསྒྲུབ་ན་ཡང་དེས་པ་ཉིད་མ་ཡིན་ལ་དཔེ་བསྒྲུབ་པར་བྱ་བ་མཚང་བ་ཡང་མ་ཡིན་ཏེ། འདི་ལྟར་འདིར་དོན་འདི་བརྗོད་པར་འདོད་པ་ཡིན་ཏེ། གང་ཞིག ་ཡོད་ཀྱང་གང་མི་འབྱུང་བ་དེ་ནི་ཡང་དག་པར་དེའི་རྒྱུ་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་སྐྲ་ཡོད་ཀྱང་མི་འབྱུང་བ་བཞིན་ནོ། །ཡི་གེ་ལ་སོགས་པ་སྒྲའི་རང་གི་ངོ་བོ་ཁྱད་པར་ཡོད་ན་ཡང་དེ་ལས་འབྱུང་བར་འདོད་བའི་ཤེས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ ་མི་དམིགས་པའོ། །འདི་ཡང་རྟག་པ་ལ་ལྟོས་པ་མི་འཐད་པ་ནི་ལྡོག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །ལྗང་ན་ཡོད་པའི་ས་བོན་ལ་སོགས་པས་འཁྲུལ་པ་ཡང་མ་ཡིན་ཏེ། དེ་ནི་མྱུར་གུ་ལ་གཙོ་བོའི་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། སྤྲོས་པས་ཆོག་གི། སྒྲ་ཙམ ་གསལ་བྱེད་རག་ལས་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྔར་སྨྲད་པ་དེ་ནི་ཞར་ལ་སུན་ཕྱུང་ནས་རྟག་པ་རྣམས་ཀྱི་གསལ་བར་བྱེད་པ་ཡོད་ན་ཡང་ཕྱོགས་འདི་སྐྱོན་ཉིད་ཡིན་ནི་ཞེས་བསྟན་པར་འདོད་ནས་སུན་དབྱུང་བའི་ཕྱིར། སྒྲ་ཙམ་གསལ་བྱེད་ལ་རག ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་གསལ་བར་བྱེད་པ་ལ་དག་ལས་ནས་འཛིན་པ་ན་དེ་རིའི་ཕྱིར་ཇི་ལྟར་འདི་ནམ་མཁའ་ཇི་སྲིད་བར་གནས་པ་དེ་བཞིན་དུ་མི་འཛིན། དེ་ལྟར་ན་དེ་འཛིན་པར་འགྱུར་གྱི། གཞན་དུ་ཧ་ཅང་ཐལ ་བར་འགྱུར་བའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །སྒྲ་ནམ་མཁའ་ཇི་སྙེད་པར་འཛིན་པ་ཡང་མ་ཡིན་ལ། དེ་ནི་སྒྲ་ཙམ་གྱི་དོར་བྱས་ནས་སྒྲ་ཐོས་པར་ཡང་རིག་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐོས་པ་འདི་གང་ཡིན་པའི་སྒྲ་དེ་ཉིད་ལ་རྗེས་སུ་བྱེད་པར་རིགས་པ་ཡིན་པ ་དེ་ལྟན་དེའི་འདི་གྲུབ་པར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་ལ་སོགས་པ་བཞིན་དུ་བདག་ཉིད་ཐམས་ཅད་ཀྱིས་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ཕྱིར་ཨེཞེས་བྱ་བ་ནི་དེ་ལྟ་བས་ནའོ། །འདི་ཐམས་ཅད་ཀྱང་བརྟག་པ་ཉིད ་ཀྱི་གསལ་བར་བྱེད་བ་ཁས་བླངས་ནས་བརྗོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་སྐད་བརྗོད་པ་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་མི་རུང་ཕྱིར་ཞེས་བྱ་བ་ནི། ཐ་དད་མི་དད་ཀྱིས་སོ། །ཡུལ་གྱིས་དབྱེ་བས་ཐ་དང་ཉིད་ཅེས་བྱ་བ་ལ་སོགས ་པ་ལ་དེ་ཉིད་འདི་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དཔེར་ན་ལྷས་བྱིན་གཅིག་རིམ་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ལ་ལ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ནི་ཡུལ་གཞན་དུ་སྐྱེ་བ་ཉིད་འགྲོ་བ ་ཡིན་གྱི་རྟག་པ་ནི་མ་ཡིན་ཏེ། ཡུལ་གཅིག་ན་གནས་པའི་རང་བཞིན་མ་བཏང་བར་ཡུལ་གཞན་དུ་འགྲོ་བར་མི་རུང་བའི་ཕྱིར་རོ། །བཏང་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། སྔ་མའི་ཡུལ་དང་མ་བྲལ་བའི།། ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་ས་ནི་ཆར་རྐོས་ན། ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་དངོས་པོ་ཉིད་དུ་མ་གྲུབ་བའི་ཕྱིར་མངོན་པར་གསལ་བར་རིགས་པ་མ་ཡིན་ཏེ། རེག་བྱ་མེད་པ་ཙམ་ཉིད་ལ་དེ ་གདགས་པའི་ཕྱིར་རོ། །འདི་ལྟར་སྨྲ་བ་པོ་མུན་དུ་བདུ་ཐོགས་པར་བྱེད་པ་མ་མྱོང་བ་ན་ནམ་མཁའ་ཉིད་ཡིན་ཀྱི། འདི་ནི་ཅུ་བཞིག་ཡོད་པ་ནི་མ་ཡིན་ནོ་ཞེས་འགྱུར་བ་ཡིན་ནོ། །གང་དག་གི་ལྟར་ན་ནམ་མཁའ་དངོས་པོར་ཡོད་པ་དེ་དག་ག་ལྟར་ན་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར ་ཇི་ལྟར་ནམ་མཁའ་ཨི་བློ་འགྱུར། དེ་ཉིད་ཀྱི་ཕྱིར་ལྐོག་གྱུར་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་ས་བརྐོས་པ་ན་ཅི་ཞིག་དམིགས་ཤེ་ན། ཞེས་བྱ་བ་སྨོས་ཏེ། ནམ་མཁའ་དངོས་པོ་ཉིད་ཡིན་ན་ཡང་མངོན་པར་གསལ་བར་རིགས་པ་མ་ཡིན་ནོ་ཞེས ་བསྟན་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་འགྱུར་ཞེས་བྱ་བ་ནི་རིང་པོ་ལ་སོགས་པའི་སྒྲ་ཙམ་གྱི་ཆོས་སུའོ། །དེ་ཡང་ཞེས་བྱ་བ་ནི་སྒྲ་ཙམ་གྱི་གསལ་བར་བྱེད་པ་ཉིད་དོ། །དོན་དང་འབྲེལ་བ་མ་མཐོང་བའི། །ཞེས་བྱ་བ་ལ་སོགས་པ་སྨྲས་བ ་དེ་ལ་མཚུངས་བ་ཉིད་དུ་རྟོག་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསྡུས་བའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཁྱེད་ཅག་གི་དོན་དམ་པ་བའི་སྒྲ་དང་དོན་གདག་གི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་མེད་པར་ཐལ་བར་འགྱུར་བར་བྱེད་ན་དེའི ་ཚེ་གྲུབ་བ་ལ་སྒྲུབ་བ་ཡིན་ཏེ། འདི་ལྟར་རིགས་དང་རང་གི་མཚན་ཉིད་ལ་སོགས་པའི་བཇོད་པར་བྱ་བ་དང་རྗོད་བར་བྱེད་བ་ཉིད་རྒྱས་བར་སྒྲའི་དོན་བརྟག་པར་བསལ་ཟིན་ཏོ། །ཅི་སྟེ་ཀུན་རྫོབ་ཏུ་ཡང་ཡིན་ན་དེའི་ཚེ་མ་ངེས་བ་ཉིད་ཡིན་ཏེ། འདི་ལྟར་ཤིན་ཏུ ་ཐ་དད་བ་ཡིན་ན་ཡང་དོན་འགའ་ཞི་རང་བཞིན་གྱིས་རྣམ་པ་གཅིག་ཏུ་རྟོག་བའི་ཤེས་པའི་རྒྱུ་ཉིད་དུ་བསྒྲུབས་ན་ཀུན་རྫོབ་ཀྱི་སྒྲ་དང་དོན་དག་གིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་བའི་དངོས་པོ་བསྒྲུབས་བར་འགྱུར་རོ་ཞེས་དང་པོ་ཉིད་དུ་གཞན་སེལ་བ ་བསམ་བར་བསྟན་ཟིན་ཏོ། །དེ་ལྟ་བས་ན་སེལ་བ་སྒྲའི་དོན་དུ་སྨྲ་བའི་སངས་རྒྱས་བ་རྣམས་ལ་བརྗོད་པ་འདི་ཐམས་ཅད་ཤིན་ཏུ་གསོག་ཡིན་བས་གཏིང་མ་ཚུགས་པ་འབའ་ཞིག་ཏུ་ཟད་བའི་ཕྱིར་ཀུན་རྫོབ་ཏུ་བརྗོད་པར་བྱེད་བ་ཉིད་འཐད་པར་འཆད་པ་ནི ་སྒྲ་ལས་བྱུང་བའི་ཤེས་པ་འདི། །ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་བློ་རང་གི་སྣང་བའི་སྒྲོ་ནས་གཞན་གྱི་ངོ་བོ་སྒྲིབ?་བར་བྱེད་བ་ན་དོན་ཅི་ལྟ་བ་བཞིན་དུ་མི་སྣང་བའི་ཕྱིར་རྣམ་པར་རྟོག་པ་ཅན་གྱི་བློ་དེ་ཕུན་རཟོབ་ཡིན་ལ། དེས་རྣམ་པར་བཞག ་པའི་ངོ་བོ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱའོ། །དེ་ཉིད་ཀྱང་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། དེའི་ཕྱིར་དེས་རྣམ་པར་བཞག་པའི་ཕྱིར་སྒྲ་དང་དོན་དག་གིས་བརྗོད་པར་བྱ་བ་དང། ?་པར་བྱེད་པ་ཉིད་ཀུན་རྫོབ་ཉིད་དུ་གནས་པ་ཡིན་གྱི། དོན་དམ་པ?་ནི་མ་ཡིན་ཏེ། དེ་མེད ་པའི་ཕྱིར་དང། འཕྲུལ་པའི་?་ཐམས་ཅད་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་རོ། ཅི་འདོན་དམ་?་གཅིག་པ་ཉིད་ཡིན་ན་ཡང་སྒྲ་རྣམས་ཇི་ལྟར་སྒྲུབ་པར་དགག་བའི་མཚན་ཉིད་ཀྱི་ཐ་སྙད་སྒྲ་བཏབས་པའི་དབང་གིས་སྒྲུབ་པར་ཕྱིར་སྙམ་ན། འདི་ལྟར་ཞེས ་དུ་བདག་ཉིད་ལ་མངོན་སུམ་དང་དམིགས་པ་དག་གིས་ངེས་པའི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིར་བ་དང་ངལ་བའི་བྱེ་བྲག་ལ་སོགས་པའི་བྱེ་བྲག་གིས་བློ་ཐ་དད་པའི་ཕྱིར་རོ་ཞེས་སྦྱར་བར་བྱའོ། །མྱུར་བ་ལ་སོགས་པའི་བྱེ་བྲག་འདི་གསལ ་བར་བྱེད་པས་བྱས་པ་ཡང་མ་ཡིན་ཏེ། གསལ་བ་བཀག་པའི་ཕྱིར་རོ། །དེའི་གསལ་བ་ཞེས་བྱ་བ་ནི་རྟག་བའི་གསལ་བའོ། །སྤྱིའི་དབང་གི་ཐ་སྙད་ཀྱི་ཡན་ལག་ཉིད་ཀྱང་མ་ཡིན་ཏེ། དེ་ནི་བཀག་ཟིན་པའི་ཕྱིར་དན། མ་རྟོགས་པའི་ཕྱིར་རོ། ། ་སྤྱི་ནི་ཐ་སྙད་ཀྱི་ཡན་ལག་ཉིད་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཐ་སྙད་དུ་འགྱུར་བའི་ཕྱིར་རོ། །བརྡ་ནི་དགག་པ་ལ་སོགས་པའི། །ཞེས་བྱ་བའི་སོགས་པའི་སྒྲས་སྒྲུབ་པར་བྱེད་པ་དང་རྗེས་སུ་གནང་བ་དང་དོན་དུ་གཉེར་བ་ལ་སོགས་པ་བཟུང་ངོ་དེ་དག་གི ་?་གྲལ་བ་སྟེ། རྟོགས་པ་དེའི་ཡན་ལག་སྟེ། རྒྱུར་ལག་བརྡ་ལ་སོགས་པ་འདི་འགྱུར་རོ། །དེ་བཞིན་དུ་སྒྲ་ཡང་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །དེའི་ཕྱིར་སྒྲ་དོན་གྱིས་འབྲེལ་པ། །རྟག་པ་ཉིད་དུ་ཁས་བླང་གིས། ཞེས་གང་སྨྲས་པ་དེ་ལ། །སྒྲ་འདི་དག ་ནི་ཕྱི་རོལ་དོན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རྟག་པ་འམ། མི་རྟག་པར་འགྱུར་བ་སྒྲ་དང་དོན་དག་གི་འབྲེལ་པ་དངོས་པོ་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྒྲ་རྣམས་ཕྱི་རོལ་གྱི་དོན་རྟོགས་པར་བྱེད་བ་མ་ཡིན་ཏེ། དེ་དང་ལྷན་ཅིག་འབྲེལ་པ་མེད་པའི ་ཕྱིར་རོ་ཞེས་སྡར་སྒྲའི་དོན་བརྟག་པར་བཤད་ཟིན་ཏོ།། འབྲེལ་བ་མེད་བར་ཡང་སྟན་པར་བྱེད་པ་ན་ཧ་ཅང་ཐལ་བར་འགྱུར་རོ། །འོ་ན་དེ་ལྟ་ན་ཅི་ཞིག་སྟོན་པར་བྱེད་ཅེ་ན་བརྗོད་པར་འདོད་པ་སྟོན་པ་ཡིན། ཞེས་བྱ་བ་སྨོས་ཏེ། བརྗོད་བར་འདོད་པ་ཡང་བརྗོད་པར ་བྱ་བ་ཉིད་ཀྱིས་སྟོན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟགས་ཀྱིས་སྟོན་པར་བྱེད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྟོན་པ་ཡིན་ཞེས་བཤད་དོ། །འདི་ལྟར་སྒྲ་བརྗོད་པ་ལས་དོན་དེས་བའི་རྣམ་པར་རྟོག་པ་སྐྱེའི། བརྗོད་པར་འདོད་པ་དེས་པ་ནི་མ་ཡིན་ལ། སྒྲའི ་ཤེས་པས་མ་ངེས་པ་གང་ཡིན་པ་དེ་ཡང་ཇི་ལྟར་སྒྲའི་དོན་ཡོད་ནོ། གལ་ཏེ་དེ་ལྟ་ན་གང་གི་རྟགས་ཀྱིས་དེ་སྟོན་པར་བྱེད་པ་བརྗོད་པར་འདོད་པར་དེ་ལྟན་ཅིག་དོ་དང་འབྲེལ་བ་གང་ཡིན་ཞེ་ན། དེ་དག་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྣམས་བརྗོད་པར ་འདོད་པ་དེའི་འབྲས་བུ་ཉིད་དུ་བདག་ཉིད་ལ་མངོན་སུམ་དང་མི་དམིགས་བདག་གིས་ངེས་བའི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་འབྲེལ་པ་ཡིན་ནོ། །ལེན་དེ་ལྟར་ན་བརྡ་དོན་མེད་དེ། མངོན་དུམ་དང་མི་དམིགས་པ་ཁོན་ལས་རྒྱུ་དང་འབྲས་བུ་དངོས་པོ་ངེས་པ ་ཉིད་ཀྱི་ཕྱིར་རོ་ཞེ་ན། གང་གིས་རྒྱུ་དང་འབྲས་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སེམས་ཏེ་གལ་ཏེ་ཡང་བརྗོད་པར་འདོད་པ་ཙམ་དུ་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོ་ངེས་ཀྱི་བརྗོད་པར་འདོད་པའི་ཁྱད་པར་དེ་བ་ནི་གཞན་གྱི་རྒྱུད་ལས་བརྡ ་ལས་མ་གཏོགས་པ་ངེས་པར་མི་ནུས་པས་དེའི་ཕྱིར་དེ་ངེས་པར་བྱ་བའི་ཕྱིར་བརྡ་བྱེད་དོ་།འོན་ཏེ་བརྡ་ལས་ཀྱང་ཅི་ལྟར་འདི་ངེས་པར་ནུས་ཏེ། འདི་ལྟར་བརྡའི་དུས་ན་གཞན་གྱི་བརྗོད་པར་འདོད་པའི་ཁྱད་པར་སྲིད་པར་འགྱུར་ན་དེའི་ཚེ་དེ་ལ་བརྡ་འདི་བྱས་པར ་ཕྱིས་ཐ་སྙད་ཀྱི་དུས་ན་བརྗོད་པར་འདོད་བའི་ཁྱད་པར་རྟོགས་པའི་རྒྱུར་འགྱུར་ན་གང་གི་ཕྱིར་ཐབས་དེ་ཉིད་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་སྒྲ་བརྗོད་ནས་བརྡ་བྱེད་ལ་དེ་ལྟ་ཡིན་དང་སྒྲ་དེ་ཉིད་ལས་བརྗོད་པར་འདོད་བའི་ཁྱད་པར་རྟོགས་པ་ན ་ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་བརྡའི་དབང་གིས་སྒྲ་བརྗོད་པར་འདོད་པའི་ཁྱད་པར་གསལ་བར་བྱེད་པ་ཡིན་ལ། སྒྲ་ཡང་བརྗོད་པར་འདོད་པའི་ཁྱད་པར་རྟོགས་པ་མེད་པར་སྒྲ་ལས་མ་ཡིན་པའི་ཕྱིར་ཕན་ཚུན་བརྟན་པ་ཉིད་དུ་གསལ་བའོ་ཞེ་ན། ་སྐྱེན་འདི་ནི་མེད་དེ་སྒྲའི་ཐ་སྙད་འདི་ཐམས་ཅད་རང་གི་སྣང་བའི་རྗེས་སུ་བྱེད་པ་ཉིད་དུ་འདོད་དེ། འཁྲུལ་བའི་རབ་རིབ་ཅན་གཉིས་ཀྱི་ཟླ་བ་གཉིས་ཀྱི་ཐ་སྙད་ལྟ་བུ་ཡིན་པ་དེའི་ཚེ་བརྩད་དུ་ཅི་ཞིག་ཡོད། ཐམས་ཅད་དུ་སྒྲ་ཉིད་ཐམས་ཅད་བརྗོད་པར་འདོད ་པའི་ཁྱད་པར་རྟོགས་བའི་རྒྱུད་ཉིད་ཀྱང་མ་ཡིན་ཏེ། གཞན་དུ་ཡང་ལ་ལས་ར་ནས་བཟུང་ནས་སམ། སྐབས་ལ་སོགས་བས་དོན་གྱི་ཁྱད་པར་སྟོན་པས་རང་གི་བརྗོད་པར་འདོད་བའི་ཁྱད་པར་རིགས་ནས་རྡ་བྱེད་བའི་ཕན་ཚུན་བརྟེན་པ་ཉིད་མ་ཡིན་ནོ། །གཞན་ཡང་བྱེད་ཅིག་བསྒྲུབ་བར ་སྨྲ་བ་ལ་ཡང་ཀླན་ཀ་མཚུངས་ཏེ། གཞན་གྱི་རྟོགས་པ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་སྨྲ་བ་བོ་དང་ཉན་པ་པོ་དག་དོན་གཅིག་རྟོགS་པར་ངེས་པ་མེད་པར་བརྡ་རིགས་པ་ཡིན། དེ་ལྟ་བས་ན་འདི་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ཁོ་བོ་ཅག་གིར་ཡང་འགྱུར་རོ། །འདི་སྙམ ་དུ་སྒྲ་བརྗོད་པར་འདོད་པ་ལ་བརྡ་མ་བྱས་པའི་ཕྱིར་དེ་ཇི་ལྟར་བརྡ་ལས་དེ་དང་ལྷན་ཅིག་འབྲེལ་པ་དེས་པར་བྱེད། གཞན་ལ་བརྡ་བྱས་བས་ནི་དོན་གཞན་གསལ་བར་བྱེད་བར་འགྱུར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་ན་སྐྱོན་འདི་ནི་མེད་དོ། ་འདིར་སྒྲས་བརྗོད་པར་འདོད་པ་ལ་ཡོངས་སུ་གསལ་བ་ལ་དོན་གྱི་རྣམ་པ་ཕྱི་རོལ་གྱི་ངོ་བོ་ཉིད་ངེས་པར་བྱས་པ་གང་ཡིན་པ་དེ་འདིར་འདོད་དོ། །དེ་དོན་དམ་པར་བརྗོད་པར་འདོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་འདིར་བརྗོད་པར་འདོད་པའི་ཁྱད་དུ་འདོད་ཅིང། ་དེ་ཉིད་ལ་བརྡ་བྱེད་པ་ཡིན་གྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ། །དེ་ཉིད་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། དེ་ལས་དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་བརྗོད་པར་འདོད་པ་འབའ་ཞིག་སྒྲས་བརྗོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་གལ་ཏེ་བརྗོད་པར་འདོད་པ་ལ ་ཡོངས་སུ་གསལ་བ་ལ་དོན་གྱི་རྣམ་པས་སྒྲའི་འབྲེལ་བ་རྒྱུ་དང་འབྲས་བུའི་མཚན་ཉིད་ཁོ་ན་དེ་ཇི་ལྟར་ཡིན་ན་སློབ་དཔོན་གྱིས་དེ་དང་དེར་སྒྲ་དང་དོན་གྱི་འབྲེལ་བ་བརྡ་ལས་བྱུང་བའམ་བརྡ་ཡིན་བར་སྲུངས་ཤེ་ན། བརྗོད་པར་འདོད་ལ་གསལ་དོན་དང། ཞེས་བྱ་བ་ལ་སོགS ་པ་སྨོས་ཏེ། བརྡ་ཡོད་ན་ཉན་པ་པོའི་ཤེས་བ་སྐྱེ་བར་འགྱུར་བའི་ཕྱིར་བརྡ་ལས་བྱུང་བ་ཡིན་ནོ། །བདག་ཉིད་ལ་སོགས་པ་ཡིན་པ་ཉིད་ཀྱི་ཕྱིར་ཐག་ཅེས་བྱ་བ་ནི་སྐྱོན་སྦྱིན་པར་བྱའོ། །གལ་ཏེ་ཡང་དང་ཡོད་པའི་སྒྲ་ནི་དོན་བརྗོད་པའི་ཚིག་ཏུ་བཟུང?་བར་བྱ་བ་ཡིན་ལ། ་དེ་ལྟ་ན་འདི་དོན་དམ་པར་ཡོད་པ་དང་སྐྱེ་བ་ཐ་མི་དད་པའི་ཕྱིར་དེ་ཉིད་བརྗོད་བར་འདོད་པ་ཡོད་པ་ཡིན་ནོ། །སྨྲ་བ་པོའི་རྒྱུད་ལ་ཡང་བརྡའི་སྒོ་ནས་གསལ་བར་བྱེད་པའི་ཕྱིར་ཉེ་བར་བཏགས་ནས་བརྡ་ཡིན་པར་བརྗོད་དེ། དེ་ནི་སོ་སོར་ངེས་བའི་དུས་སུ་འཇུག་པ ་ཉིད་ཀྱིས་དེའི་དུས་སུ་མི་སྲིད་པའི་ཕྱིར་རོ། །འོན་ཏེ་གལ་ཏེ་དོན་དམ་པར་དངོས་པོར་གྱུར་བའི་འབྲེལ་བ་མེད་ཅེས་བསྟན་པ་མ་ཡིན་ནམ། འོ་ན་ཇི་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་འགྱུར་ཞེ་ན། རྒྱུ་?་འབྲས་བུར་གྱུར་པའི་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེ་དག་ཉིད་ནི་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་གྱུར་པའི་དངོས་པོའོ། །དེ་སྐད་ཅེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་བས་ཚིགས་ཆུང་བར་བྱ་བའི་དོན་དུའོ། །དེ་ལྟ་ན་ཡང་སྐྱེས་བུ་དང་སྦྱོར་བ་རེ་རེ་ལ་དེ་དག་ཐ་དད་པའི་ཕྱིར ་ཇི་ལྟར་སྨྲ་བ་པོ་དང་ཉེན་པ་པོ་དག་གི་འབྲེལ་པ་ཐ་མི་དད་པར་རྟོགས། འདི་ལྟར་སྨྲ་བ་པོ་འདི་སྙམ་དུ་བརྡའི་དུས་སུ་བདག་གིས་བཟུང་བ་གང་ཡིན་པའི་སྒྲ་འམ་དོན་དེ་ཉིད་ཀྱིས་དོན་རྟགས་པར་བྱའི་སྙམ་དུ་སེམས་ལ། དེ་བཞིན་དུ་ཉན་པ་པོ་ཡང ་འདི་སྙམ་དུ་དེ་ཉིད་ཀྱིས་དོན་དེ་ཉིད་རྟོགས་པར་བྱེད་དོ་སྙམ་སྟེ། དེ་མ་ཡིན་ན་བློ་ཐ་དད་པ་ལ་གནས་པ་དག་ཇི་ལྟར་ཐ་སྙད་དུ་བྱེད་པར་འགྱུར་ཞེ་ན། དེ་དག་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པས་ཞེས་བྱ་བ་ནི་འཁྲུལ་པས་སོ། །རྟོགས་ཞེས་བྱ་བ་ནི་འཛིན་པའོ། །འདི་ནི་བརྡ་དང་ཐ་སྙད ་དག་གིས་ཕྱིན་པ་སྟེ་ནོན་པ་ཡང་ཡིན་ལ་དུས་ཀྱང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེར་ཁྱད་པར་ནི་རྒྱུ་དང་འབྲས་བུའི་ངོ་བོ་ཅིག་གིས་ཞེས་བྱ་བ་ལྷག་མའོ། །ཡང་དོན་དམ་པར་འབྲེལ་པ་གཅིག ་ཉིད་དུ་ཅིའི་ཕྱིར་མི་འདོད་གང་གིས་བརྟགས་པ་ཁོ་ན་འདོད་ཅེ་ན། འདི་ལ་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་བ་ཡོད་ན་ཐ་དད་པ་རྣམས་ལ་ཡོད་དམ་ཐ་མི་དད་པ་རྣམས་ལ་ཡོད་གྲང། རེ་ཞིག་ཐ་དད་པ་རྣམས་ལ་ནི་མེད་དེ་ཐམས ་ཅད་རང་གི་བདག་ཉིད་ལ་གནས་པ་ཉིད་ཀྱིས་མ་འཆོལ་པའི་ཕྱིར་རོ། །ཐ་མི་དད་ན་ཡང་དངོས་པོ་དེ་གཅིག་ཁོ་ན་ཡིན་པའི་ཕྱིར་གང་ཞིག་གང་དང་ལྷན་ཅིག་འབྲེལ་པར་འགྱུར། །དེའི་ཕྱིར་མ་འབྲེལ་པ་ཉིད་དུ་འགྱུར་རོ། །གང་དུ་བརྡའི་མཚན་ཉིད་ཀྱིས ་འབྲེལ་བའི་བརྡ་ནི་སྐྱེས་བུ་སོ་སོ་ལ་འམ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་དེ་ལ་གྲུབ་པ་ལ་སྒྲུབ་བ་ཉིད་དུ་བསྟན་པའི་ཕྱིར། བརྡ་ནི་སྐྱེས་བུ་སོ་སོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་མི་འདོད་པའི་ཐོག་ཏུ་གཏོང་བ་ནི་སུན་འབྱིན ་པ་ཞེས་བྱ་ལ། སངས་རྒྱས་བ་དག་གིས་བདག་སྒྲ་དོན་བདག་གི་འབྲེལ་པ་དངོས་པོ་བར་ནི་མི་འདོད་དེ། དེ་ནི་སྐྱེས་བུའི་ཆོས་ཡིན་པའི་ཕྱིར་རོ། །དེ་སུན་འབྱིན་པ་ན་ཡང་འདོད་པ་ཉམས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གཞན་གྱི ་ཆོས་གཞན་གྱི་འབྲེལ་བར་འགྱུར་བ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །བརྗོད་པར་རེ་རེ་ཉིད་ལ་འམ། འགྲོ་བའི་དང་པོར་ལན་ཅིག་ཅིག། ཅེས་བྱ་བ་ལ་སོགས་པའི་ཕྱོགས་གཉིས་སྨྲས་པ་གང་ཡིན་པ་དེ་ཡང ་ཁས་མ་བླངས་པའི་ཕྱིར་སུན་འབྱིན་པ་མ་ཡིན་ནོ། །བརྗོད་པ་རེ་རེ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ལྟའི་ཞེས་བྱ་བ་ནི་འབྲེལ་བའོ། །གཞན་གྱིས་ཞེས་བྱ་བ་ནི་སངས་རྒྱས་པས་སོ། །དབང་ཕྱུག་ལ་སོགས་པ་ཞེས་བྱ་བ་ནི་དབང་ཕྱུག་དང་ཚངས ་པ་ལ་སོགས་པའོ། །འབྲེལ་པ་རེ་རེ་ཐ་དད་དམ། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རེ་རེའི་འབྲེལ་པ་གང་ཡིན་དེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་ཕྱོགས་གཉིས་པ་ཉིད་ཡིན་ལ་བློ་ཐ་དད་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། ཐ་དད་ཀྱང ་འདྲ་བར་རྟོག་པའི་རྒྱུ་ཉིད་མི་འགལ་བའི་ཕྱིར། གལ་ཏེ་ཐ་དང་བློ་ཐ་དང། ཅེས་གང་སྨྲས་པ་དེ་ནི་མ་ངེས་པ་ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་ལ་སྐད་ཅིག་མ་འཇིག་པ་མ་གྲུབ་པའི་ཕྱིར། ཐ་དད་སྐད་ཅིག་གིས་འཇིག་ཕྱིར། ཞེས་ཇི་ལྟར་བརྗོད་ཅེ་ན། རིམ་གྱིས ་ཀྱང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་བ་ནི་འབྲེལ་བའི་རིམ་པ་བརྗོད་དེ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་དེ་དག་རིམ་མི་འགྱུར། །ཞེས་བྱ་བ་ནི་བློ་རྣམས་ཞེས་བྱ་བ་དང་སྦྱར་རོ། །འདི་ཡང་ཟློག་པ་ལ་གནོད་པ་ཅན་གྱི་ཚད ་མ་ཡིན་ཏེ། སྦྱོར་བ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །སྨྲ་བོ་ཉན་བའི་བློ་ཐ་དད། །ཕྱིར་ན་ཐ་སྙད་འཇིག་ཕར་འགྱུར། །ཞེས་བྱ་བ་ལ་སོགས་ལ། མང་གོ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་སྐད་ཅིག་མ་མང་པོ་དག་གིས ་མཐོང་ན་ཡང་ཐ་དད་པ་མ་ཡིན་པ་དེ་བཞིན་དུ། མང་པོ་རྣམས་བརྡ་བྱེད་ན་ཡང་འབྲེལ་པ་ཐ་དད་པ་མ་ཡིན་ན་གཉིས་ལྟ་སྨོས་ཀྱང་ཅི་དགོས། ཐམས་ཅད་འདྲ་བར་རྟོགས་པ་ལ་གནས་པ་ཉིད་ཀྱིས་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཕྱིར་སྨྲ་བ་པོ་དང ་ཉན་པ་པོ་དག་ལ་འབྲེལ་པ་གཞན་ཡོད་པ་མ་ཡིན་ནོ། །བུམ་པ་སོགས་ལ་མཆུངས་ཤེ་ན། མ་ཡིན་སྦྱི་ནི་རབ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། བུམ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ?་པོ་ཉིད་དུ་ཞེས་བྱ་བ་ནི་སྟེ? ་རྟག་པར་རོ། །ཡང་འདི་ཉིད་དུ་བསྡུས་ནས་བསལ་བར་བྱ་བའི་ཕྱིར་འབྱུང་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་པོ་རྣམས་ཉི་མ་ལ་སོགས་བའི་གཟའ་རྣམས་གྱི་མགུ་ལ་ཆིང་བཞིན་དུ། ཁྱེད་ཅག་སྤྱོད་པ་པ་རྣམས་ཀྱིས ་རིགས་ཐ་དད་པར་མི་འདོད་ལ་ལྟ་རུང་བ་ཉིད་ཡིན་བ་ན་སྣང་བ་ཡང་མ་ཡིན་ཞིང་ཐ་མི་དད་པ་ཡང་མ་ཡིན་ཏེ། རིགས་ཀྱི་རང་གི་ངོ་བོ་བཞིན་དུ་བུམ་པ་ལ་སོགས་པ་དེ་དག་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །ཅི་སྟེ་ཡང་ཐ་དད་པར་ཁས་ལེན་ན་དེའི ་ཚ་འབྲེལ་པ་མེད་པའི་ཉེས་པ་དང་ཐ་དད་པ་རྣམས་ཀྱི་འབྲེལ་པ་ནི་དེ་ལས་བྱུང་བའི་མཚན་ཉིད་ཁོ་ནར་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ལས་བྱུང་བ་ཡིན་ན་རིགས་མི་རྟག་པ་ཉིད་དུ་འགྱུར་ཏེ། སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །ལ་ལར་རྟག་པ ་ཉིད་ཅེས་འདོན་པ་དེར་ནི་དོན་འདི་ཡིན་ཏེ། གལ་ཏེ་བུམ་པ་ལ་སོགས་པ་རིགས་དེ་ལས་སྐྱེ་བར་ཁས་ལེན་པར་བྱེད་ན་དེའི་ཚེ་བུམ་པ་ལ་སོགས་པ་རྟག་པ་ཉིད་དུ་འགྱུར་ཏེ། རྒྱུ་ཉེ་བའི་ཕྱིར་རྟག་ཏུ་སྐྱེ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན ་ཏོ། །གཉི་གའི་རང་བཞིན་ཡིན་པའི་ཕྱོགས་ལ་གཉི་གའི་ཕྱོགས་ལས་འབྱུང་བའི་སྐྱོན་དང་གཅིག་ཉིད་ཉམས་པ་ཐལ་བར་འགྱུར་བ་ཡིན་ཏེ། དངོས་པོ་གཅིག་ལ་རང་བཞིན་གཉིས་མི་འཐད་པའི་ཕྱིར་རོ། །དེ་ལྟ་ནའང་དངོས་པོ་གཅིག་ཉིད་དུ་ཁས ་བླངས་པར་འགྱུར་གྱི་གཅིག་གཉི་གའི་བདག་ཉིད་ནི་མ་ཡིན་ནོ། །གཉི་ག་མ་ཡིན་པའི་ཕྱོགས་ལ་དངོས་པོ་ཉིད་ཉམས་པར་ཐལ་བར་འགྱུར་བ་དང་གཅིག་ལ་སྒྲུབ་པ་དང་དགག་པ་མི་རུང་བའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ། །ཉེས་པ་འདི་དག ་ཅེས་བྱ་བ་ནི་འབྲེལ་བ་མ་གྲུབ་པ་དང་མི་རྟག་པ་ཉིད་ལ་སོགས་པ་ཐལ་བར་འགྱུར་བའི་མཚན་ཉིད་དོ། །ཆུ་འཛིན་ལ་སོགས་པ་འབྲས་བུ་རྟག་གཉིད་དུ་འགྱུར་བ་ཡང་སྐྱོན་བླ་རྟག་པ་ཡིན་ནོ་འབྲེལ་པ་ནུས་པ་ཉིད་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་གང་སྨྲས ་པ་དེ་ལ། འབྲེལ་པའང་ནུས་པ་ཉིད་ཡིན་ལ། ཞེས་བྱ་བ་ལ་སོགས་པ་སྟེ། མི་འདོད་ཅེ་ན་འདི་བྱ་བ་ནི་གཉི་ག་དང་གཉི་ག་མ་ཡིན་པའི་རང་བཞིན་གྱི་མཚན་ཉིད་ལ་སྔ་མ་བཞིན་དུ་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་བརྗོད་བའི་དུས་སུ་ཡང། ཞེས་བྱ་བ་ལ་སོགས་པ་གང་སྨྲས ་པ་དེ་ལ་འབྲེལ་པ་བརྗོད་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་འདྲ་བ་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་དེ་འདྲ་བའི་འབྲེལ་པ་ཡོད་པ་དེའི་ཕྱིར་ཁ་ཅིག་རྟོགས་སོ་ཞེས་རིགས་པ་ཡིན་ཏེ། དེ་ནི་སོ་སོར་དེས་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་གནས་པའི ་ཕྱིར་རོ། །ཁྱེད་ཅག་གི་འབྲེལ་བ་ལ་ཐམས་ཅད་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། ཁྱེད་ཅག་གིས་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་འབྲེལ་པ་ནི་ནུས་པའི་མཚན་ཉིད་དུ་འདོད་ལ་སྐྱེད་པར་བྱེད་པའི་ངོ་བོ་ཡང་ནུས་པ་ཞེས་བྱའོ། །དེ་ཡང་རྟག་པ་དང་གཅིག་པུའི་རང་བཞིན ་དང་དོན་རྟོགས་པ་སྐྱོད་པར་བྱེད་པ་ལ་ངེས་པས་འདོད་དོ། །དེ་ལྟ་ན་དོན་རྟོགས་པ་ལ་ངེས་པ་ཡིན་ན་སྐྱེས་བུ་ཅུང?་ཟད་ཀྱི་མཚམས་དང་བྲལ་བ་མཚམས་མེད་པར་འདོད་དམ། འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །ཕྱོགས་དང་པོ་ལ་ཐམས་ཅད་ལ་ཐམས་ཅད་ཅིག་ཅར ་དོན་རྟོགས་པར་ཐལ་བར་འགྱུར་རོ། །ཕྱོགས་གཉིས་པ་ལ་ཡང་སོ་སོར་ངེས་པའི་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་དེས་པའི་རྒྱུ་བརྗོད་པར་བྱ་སྟེ། དངོས་པོ་བྱས་པ་རྣམས་ནི་སོ་སོར་ངེས་པའི་འབྲས་བུ་སྐྱེད་པར་བྱེད་བའི་རང་བཞིན་ངེས་པ་ནི་རང་གི་རྒྱུ་དང ་རྐྱེན་རྣམས་ཡིན་པར་རིགས་ཏེ། རྟག་པ་རྣམས་ནི་མ་ཡིན་ནོ་སྙམ་དུ་བྲས་མས་པ་ཡིན་ནོ། །འདི་སྙམ་དུ་རྟག་པ་རྣམས་ཀྱང་གང་གིས་སོ་སོར་ངེས་པའི་འབྲས་བུ་སྐྱེད་པར་བྱེད་ཀྱི་ཐམས་ཅད་མ་ཡིན་པ་དེ་འདྲ་བ་དེ་ནི་རང་བཞིན་ཉིད་ཡིན་ཏེ། རང་བཞིན་ནི ་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ་སྙམ་དུ་སེམས་ན་འོ་ན་ད་ལྟ་ན་གལ་ཏེ་དེའི་རང་བཞིན་འདི་རང་ཉིད་ཀྱིས་མ་ཡིན་གྱི་གཞན་ལ་བལྟོས་པ་མེད་པ་ཡིན་ན་དེའི་ཚེ་བརྡ་འཛིན་པ་ལས་སྔ་རོལ་ཏུ་དང་བརྡ་བརྗོད་པའི་སོ་སོར་ངེས་པའི་རྟོགས་པ་པོ་དེའི་ཤེས་པ ་ཐམས་ཅད་ཀྱི་ཆེ་འཇུག་པར་འགྱུར་ཏེ། དེའི་ཤེས་པ་སྐྱེད་པར་བྱེད་པ་ལ་དེས་པའི་ནུས་བ་ཐམས་ཅད་ཀྱིས་ཚེ་གནས་པའི་ཕྱིར་རོ། །ཡང་ཅི་སྟེ་ཤེས་པར་བྱེད་པ་ཡིན་པའི་ཕྱིར་འབྲེལ་བའི་མཚན་ཉིད་ཀྱི་ནུས་པ་ཤེས་ན་དེས་བ་བསྐྱེད་པར་བྱེད་པ་ཡིན ་གྱི་མ་ཤེས་པར་ནི་མ་ཡིན་ནོ། །དེས་ན་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་སྙམ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གལ་ཏེ་ཤེས་པ་དང་མི་ཤེས་པའི་གནས་སྐབས་གཉིས་ཕན་ཚུན་ཐ་དད་པར་འདོད་ན་དེའི་ཚེ་རྟག་པ་ཉམས་ལ་ཅི་སྟེ་ཐ་མི་དད་ན་དེའི་ཚེ་ཤེས་པ་དབ? ་མི་ཤེས་པའི་རང་བཞིན་གཉིས་ཀྱིས་རྣམ་པར་དབྱེ་བ་མི་འཐད་དེ། དངོས་པོ་གཅིག་སྐྱེས་བུ་ཅིག་ལ་བལྟོས་ནས་ཤེས་བ་དང་མ་ཤེས་པ་ཕན་ཚུན་འགལ་བའི་རང་བཞིན་གཉིས་རིགས་པ་ནི་མ་ཡིན་ནོ། །གཞན་ཡང་ནུས་པ་རྟོགས་པར་བྱེད་བའི་ཐབས་ཡོད་ན ་ཤེས་པ་ཅིང?་དུ་འགྱུར་ན་གང་གི་ཕྱིར་དེ་སྲིད་པ་མ་ཡིན་ནོ་སྙམ་དུ་སེམས་ན། འདྲི་བ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་བའོ། །གལ་ཏེ་དོན་གྱི་གོ་བས་ཞེས་བྱ་བ་ལ་སོགས་པས་རེ་ཞིག་རྒྱས་བར་གཞན་གྱི་ལེན་གྱི་དོགས་པ་བསུ་བ་ཡིན་ཏེ། འདི ་ལྟར་གཞོན་ནུ་མ་ལེན་གྱིས། །འབྲེལ་བ་རྟོགས་བའི་ཐབས་འདི་སྨྲས་ཏེ། གང་གི་ཕྱིར་རེ་ཞིག་དང་པོར་མངོན་སུམ་གྱི་སྒྲ་དང་འབྲེལ་པ་འཆད་པར་བྱེད་བའི་སྨྲ་བ་པོ་དང་བརྗོད་པར་བྱ་བའི་དངོས་པོ་མཐོང་ལ་དེ་ནས་ཕྱིས་གཡོ་བའི་མཚན་ཉིད་རྟགས་ཀྱིས ་རྗེས་སུ་དཔགས་པས་ཉན་པ་པོ་རྟོག་པ་ཉིད་མཐོང་སྟེ་ངེས་པར་བྱེད་དོ། །ཞེས་བྱ་བའི་དོན་ཏེ། །བྱད་པ་ནི་བྱེད་པ་པོས་བྱས་པའི་གཡོགས་རྗེས་སུ་དཔག་བ་ཉིད་དུ་བརྗོད་དོ། །དེའི་འོག་ཏུ་དོན་གྱིས་གོ་བས་གཉིས་ལ་བརྟེན་བའི་ནུས་པ་རྟོགས་ཏེ་དོན་གྱིས ་གོ་བས་དངོས་སུ་མི་རྟོགས་པ་དེའི་ཕྱིར་དོན་གྱིས་གོ་བོས་རྟོགས་སོ་ཞེས་བསྟན་ཏེ། །ཚང་མ་གསུམ་པ་ཞེས་བྱ་བ་ནི་མངོན་སུ་མེ་དང་རྗེས་སུ་དཔག་པ་དང། དོན་གྱི་གོ་བའི་མཚན་ཉིད་ཅན་ཀྱི་ཚད་མ་གསུམ་གང་ཞིག་རྟོགས་པར་བྱ་བའི་དོན་དུ་ཡོད་པ་དེ ་ལ་དེ་སྐད་ཅེས་བྱའོ། །གཞན་དུ་མི་འཐང་ཁོ་ནའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། འདིས་ནི་དོན་གྱི་གོ་བ་མ་དེས་བ་ཉིད་དུ་བསྟན་པ་ཡིན་ཏེ། འབྲེལ་པ་རྟག་པ་མེད་ན་ཡང་རྟོག་པ་སྲིད་པར་བསྟན་ཟིན་བའི་ཕྱིར་རོ། །།སྒྲུབ་བར་བྱེད་བའི་ཚད་མ་མེད་པའི ་ཕྱིར་རྟག་པར་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཚད་མས་གནོད་པའི་ཕྱིར་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་ནུས་བརྟག་པ་ཉིད་ཕྱོགས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དོག་བརྡ་ལ་བལྟོས་ནས་དོན་གསལ་བར་བྱེད་པ་དེ་དག་ནི་འབྲེལ་བ་རྟག ་བ་དང་ལྡན་བ་མ་ཡིན་ཏེ། དཔེར་ན་ག་འབིལ་སོགས་པའི་སྒྲ་རྣམས་བཞིན་ནོ། །འཇིག་རྟེན་བ་དང་རིག་བྱེད་ཀྱི་གོའི་ལ་སོགས་པའི་སྒྲ་རྣམས་ཀྱང་བརྡལ་བལྟོས་ནས་དོན་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། བལྟོས ་བ་དང་བཅས་པ་ཉིད་ལ་ནི་འབྲས་བུ་རྟག་པ་དང་ལྡན་པ་ཉིད་དང་འགལ་བ་མི་རྟག་པའི་འབྲེལ་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་བའི་ཕྱིར་རོ། །ཚད་མ་འདི་ཡང་འཆད་བར་འགྱུར་རོ། །འདིར་ནི་དེའི་ཁྱབ་པ་ཙམ་ཞིག་སྒྲུབ་བར་བྱེད་པ་ཡིན་ཏེ། འདི་ལྟར་སྒྲ ་རྣམས་ནི་དོན་རྟོགས་པའི་མཚན་ཉིད་ཀྱི་འབྲེལ་པས་འབྲེལ་པ་རྟག་པ་དང་ལྡན་པར་འདོད་ལ། ནུས་པ་དེ་ཡང་རྟག་པའི་ཕྱིར་ཕན་གདགས་པར་བྱ་བ་མ་ཡིན་པས་བརྡ་ལ་སོགས་པས་འབའ་ཞིག་ལ་ཡང་བལྟོས་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་དེ་ལས་བྱུང་བཱི ་སྒྲའི་དོན་རྟོགས་པ་ཐམས་ཅད་ཀྱི་ཚེ་འགྱུར་རོ། །གཞན་ཡང་ནུས་པ་དེ་དོན་གཅིག་ལ་ངེས་པ་ཡིན་ནམ་དོན་དུ་མ་དེས་པ་ཡོན་དོན་དུ་མ་ལ་ངེས་པའི་ཕྱོགས་དེ་ལས་ཡང་ཅི་སྒྲ་འདིའི་ངེས་བ་དོན་དུ་མ་གསལ་བར་བྱེད་པ་གཅིག་ཉིད་ཡིན་ནམ། འོན་ཏེ་དུ་མ་ཡིན ་ཞེས་རྣམ་པར་རྟོག་གོ། དེ་ལ་ཕྱོགས་དང་པོ་ལ་ཡུལ་དང་དུས་ལ་སོགས་པ་ཐ་དད་པས་བརྡ་གཞན་བྱེད་པ་ན་སྒྲ་དོན་གཞན་རྟོགས་པར་བྱེད་པ་གང་ཡིན་པ་འདི་མཐོང་སྟེ། དཔེར་ན་ཀ་ལི་དང་མ་རི་ལ་སོགས་བའི་སྒྲ་རྣམས་འགྲོ་ལྡིང་བ་དང་འཕགས ་པའི་ཡུལ་བདག་ལ་གོ་རིམས་བཞིན་དུ་དུས་ཀྱི་ཆ་དང་ཆར་འབབ་པ་དང་ཉེ་བར་འཚེ་བ་ལ་སོགས་བརྗོད་པར་བྱེད་པ་ཅན་གྱི་སྒྲ་ལས་དོན་གཞན་རྟོགས་པར་བྱེད་པ་ཉིད་དུ་མཐོང་བ་གང་ཡིན་པ་དེར་འབྱུང་བ་སྟེ་ནུས་པ་ངེས་པའི་ཕྱིར་མིག་ལ ་སོགས་པ་བཞིན་ནོ། །མིག་ནི་བརྡའི་དབང་གིས་རོལ་སོགས་པའི་དོན་དུ་སྦྱོར་བར་འོས་པ་མ་ཡིན་ནོ། །ཕྱོགས་གཉིས་པ་ལ་ཡང་སྒྲ་གཅིག་ལས་ཅིག་ཅང་སྐྱེས་བུ་ཐམས་ཅད་ལ་དོན་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་རོ། །དེ་ཉིད་སྟོན་པ་ནི་གལ་ཏེ་སྣ་ཚོགས ་དོན་གསལ་ཕྱིར། ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་ལ་སྐྱོན་གཞན་འཆང་པ་ནི། དོན་ནི་གསལ་བར་བྱེད་ནུས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཞེས་བྱ་བ་ནི་ནུས་པ་དོན་རྟོགས་པ་ཡིན་ནོ། །མིགཡོ་ཞེས་བྱ་བ་ནི་རྟག་པ་སྟེ་འདི་ཡང་ཕན་གདགས་པར ་བྱ་བ་མ་ཡིན་པ་ཉིད་ལ་གཏན་ཚིགས་ཡིན་ནོ། །བརྡ་བལྟོས་པ་དང་བཅས་པ་ཉིད་ཁས་བླངས་ནས་ཀྱང་ཉེས་པ་གཞན་འཆང་པ་ནི་དོན་ནི་གསལ་བར་བྱེད་བའི་རྒྱུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་མ་འཆོལ་བར་ཤེས་པ་ཡིན་ནོ་སྙམ་པས་ཁྱེད ་ཀྱིས་འཚོལ་པའི་རྒྱུ་སྐྱེས་བུ་བཀག་པ་ཡིན་ཏེ། དེ་ལ་ཇི་ལྟར་ལ་ལར་དེ་དག་གི་དོན་ཐམས་ཅད་ཐུན་མོང་བའི་སྒྲ་རྣམས་བསྲེ་བར་བྱེད་པ་དེ་བཞིན་དུ་རིག་བྱེད་ཐམས་ཅད་ཀྱང་ལ་ལར་དེ་དག་གི་འདོད་པའི་དབང་གིས་བརྡོ་བྱས་པ་ན་ཅིའི་ཕྱིར་འཚོལ་བར ་མི་འགྱུར་ཏེ། སྐྱེས་བུ་དེ་དག་ནི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འདི་ལྟར་བརྡ་ནི་འདོད་པའི་དབང་གིས་ཡིན་ལ་དེ་ཡང་དེ་ཁོ་ན་ཉིད་མི་ཤེས་པ་དེ་དག་རང་དབང་དུ་འཇུག་པ་ན་གང་ཞིག་ངེས་པར་འགྱུར། དེའི་ཕྱིར་འདོད་པ་ལས་འབྱུང་བའི་རང ་དབང་གི་བརྡ་ཡང་རང་དབང་ཅན་གྱིས་འགྲེས་པ་བཞིན་དུ་ཅིའི་ཕྱིར་འགལ་བའི་དོན་སྤོང་བར་བྱེད་ནུས་པ་དོན་དུ་མ་གསལ་བར་བྱེད་པའི་ཕྱོགས་ཁས་བླངས་ནས་སྐྱོན་གཞན་འཆང་བ་ནི། སྣ་ཚོགས་དོན་ནི་གསལ་བྱེད་ལས། ཞེས་བྱ་བ་ལ་སོགS ་པ་སྟེ། གལ་ཏེ་ཡང་སྒྲ་རྣམས་པ་དོན་དུ་མ་རྟོན་པར་བྱེད་བའི་ནུས་པ་ཡོད་ཀྱི་དོན་རྣམས་ལ་དོན་གྱི་བྱ་བ་ཐམས་ཅད་བྱེད་པ་ཉིད་མེད་དེ་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པའི་ཕྱིར་རོ། །དེ་ལྟས་མ་ཡིན་ན་འགའ་ཡང་གནོད་པ་འམ་མི་གནོད་པར་མི་འགྱུར་རོ། །དེ་ལྟ་ཡིན་དང ་སོ་སོར་ངེས་པའི་དོན་བྱ་བ་བྱེད་པར་སྒྲུབ་པར་བྱེད་བའི་དོན་ལ་དོན་ཐམས་ཅད་དང་ཐུན་མོང་པའི་?་འདོད་བའི་དོན་གྱི་ཡུལ་ཅན་ཉིད་ཀྱི་བརྡ་བྱེད་བས་བྱེད་དོ་ཞེས་བྱ་བ་འདི་ག་ལས་རྙེད་པ་ཡིན་ནོ། །དེ་ལྟ་བས་ན་ལོག་པ་ཉིད་སྲིད་པའི་ཕྱིར་རྟག་པར་བརྟགས་པ་དོན་མེད ་པ་ཉིད་ཡིན་ནོ། །གཞན་ཡང་འདིའི་དོན་མེད་པ་ཉིད་བསྟན་བའི་ཕྱིར་བརྡ་ལ་བལྟོས་པ་ཡིན་པས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྲེལ་པ་ཡོད་པ་ཙམ་གྱིས་དོན་རྟོགས་པའི་རྒྱུར་གྱུར་ན་དེའི་ཚེ་བརྡ་མི་ཤེས་པ་ལ་ཡང་འགྱུར་བའི་ཕྱིར་གདོན ་མི་ཟ་བར་དེ་ནི་བརྡ་ལ་བལྟོས་པ་ཉིད་དུ་འདོད་པར་བྱའོ། །དེའི་ཕྱིར་བརྡ་ཡང་དོན་རྟོགས་པའི་རྒྱུ་ཉིད་དུ་ཁས་ལེན་པར་བྱེད་པ་ནི་གཞན་དག་གིས་གུས་པ་ཉེ་བར་འཇོག་པའི་རྟོགས་པའི་འབྲེལ་བ་དེ་ཅིའི་ཕྱིར་རྒྱུ་མེད་པར་རྒྱས་པར་བྱེད། འདི་ལྟར་འབྲེལ་བའི ་བྱ་བ་ནི་འདི་ཙམ་ཞིག་ཡིན་ཏེ། དོན་རྟོགས་པ་སྐྱེད་པར་བྱེད་པ་གང་ཡིན་པའོ། །གལ་ཏེ་བརྡ་བྱེད་པ་ཡིན་ན་དེའི་ཚེ་གཞན་འབྲེལ་པ་རྟག་པ་བརྟགས་པས་ཅི་ཞིག་བྱ་ཁྱད་པར་བོགས་དབྱུང་དུ་མེད་པ་དེ་ནི་འགའ་ཞག་ལ་ཡང་བལྟོས་པ་མ་ཡིན་ནོ་ཞེས་ལན ་བརྒྱར་དཔྱད་ཟིན་ཏོ། །ནུས་པ་མ་མཐོང་བ་རྒྱུ་ཉིད་དུ་རྟོག་ན་སྐྱེ་མ་ཨ་རུ་ར་དང་ཕྲད་ནས་ལྕས་འཁྲུ་བར་བྱས་སོ་ཞེས་ཅིའི་ཕྱིར་རྟོག་པར་མི་བྱེད། འདི་ལྟར་ཞེས་བྱ་བ་ལ་སོགས་པས་འབྲེལ་པའི་བྱ་བ་དེ་ཉིད་མ་གྲུབ་པར་སྟོན་པ་ཡིན་ནོ། །དེ་ལས ་ཞེས་བྱ་བ་ནི་བརྡ་ལས་སོ། །བརྒྱུད་པ་འདིའི་དོན་མེད་དོ། །ཞེས་བྱ་བ་ནི་ནུས་པ་མཐོང་བ་རྒྱུ་ཉིད་དུ་རྟོག་མཐུག་པ་མེད་པའི་སྐྲན་ཡོད་པའི་ཕྱིར་ཏེ་འདི་ལྟར་འབྲེལ་བ་རྟོགས་ན་ཡང་གཞན་ཡང་ནུས་པ་མཐོང་བའི་རྒྱུ་གཞན་ཅིའི་ཕྱིར་རྟོག་པར ་མི་བྱེད་དེ་ནུས་པ་མ་མཐོང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ཡང་ཡིན་པའི་ཕྱིར་བརྒྱུད་པ་དོན་?དལ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ལྟར་གནོད་པར་བྱེད་པའི་ཚད་མའི་ཁྱབ་བ་བསྒྲུབ་ནས་སྐྱེས་བུའི་འདོད ་ཙམ་ལས་བྱུང་བའི། ཞེས་བྱ་བ་ལ་སོགས་པས་དོན་གྱིས་གོ་བ་སྔར་མ་ངེས་པ་ཉིད་དུ་བསྟན་པ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །འབྲེལ་པ་མི་འགྲུབ་བོ་ཞེས་བྱ་བ་ནི་རྟག་པ་ཞེས་བྱ་བ་ལྷག་མའོ། །དེ་ལྟར་བྱས་ན་མི་ཤེས་པ་དག་ཐམས་ཅད་ལ་། ་སྔ་མ་སྔ་མ་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པས་གང་འདི་ལ་སྨྲས་པ་དེ་ལ་ཕན་ཚུན་འགལ་བ་སྨྲས་པ་ཡིན་ནོ། །ཞེས་སྟོན་པ་ནི། རྣམ་པ་གཞན་དུ་འཐད་པ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམས་ཅད་མི་ཤེས་པ་ཉིད་ཡིན་ནའོ? ་ན་ཇི་ལྟར་སྔ་མ་སྔ་མས་མི་ཤེས་པའི་ཕྱིར་འབྲེལ་པ་གྲུབ་པར་འགྱུར། ལོང་བ་རྒྱུད་པ་ནི་གཞན་དག་ལ་གཟུགས་ཀྱིས་ཁྱད་པར་འདོམས་པར་བྱ་བའི་ཕྱིར་ནུས་པ་མ་ཡིན་ནོ། །ཇི་སྐད་དུ་རི་ཁྲོད་རྗེས། །གཟུགས་ཀྱི་ཁྱད་པར་དག་ལ་ལོང་བ ་རྣམས་ཀྱི་ཆིག་བཞིན་དུ་དེ་ལྟ་བུའི་རིགས་ཅན་གྱི་དོན་དག་ལ་སྐྱེས་བུའི་ཚིག་ཚད་མ་ཉིད་དུ་ཉེ་བར་འགྲོ་བ་མ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །འདི་སྙམ་དུ་མངོན་སུམ་གྱིས་མ་མཐོང་བའི་ཕྱིར་ཐམས་ཅད་མི་མཐོང་བའི་ཕྱིར་བརྗོད་ཀྱིས་རྣམ་པ ་ཐམས་ཅད་དུ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་ནི་མ་ཡིན་ཏེ། སྒྲའི་ཐ་སྙད་གཞན་དུ་མི་འཐད་བའི་ཚད་མས་སྔ་མ་སྔ་མའི་རྒན་པོ་དག་ལས་མི་ཤེས་པ་ཉིད་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན་དེ་མིང་ལྟ་མ་ཡིན་ཏེ། གང་གི་ཕྱིར་གཞན་དུ་ཡང ་བརྡ་ལས་སྒྲའི་སྒོ་ནས་ཐ་སྙད་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །མ་བསྟན་པ་མ་ཡིན་མོད་ཀྱི་དེ་ལྟན་ཅི་འདི་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན་དུ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོགས་པ་ཡིན། ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། འདི་ལྟར་དོན་གྱིས་གོ་བས་འབྲེལ་བ་ཙམ་ཡོད་པ་ཉིད་དུ་རྟོགས་ཀྱིས་ཁྱད་པར་ནི་མ་ཡིན་ཏེ། དེ་དང་ལྷན་ཅིག་འབྲེལ་པ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ལས་དོན་གྱིས་གོ་བས་ཐ་དད་པ་མ་ཡིན་ནོ། ། ་འདི་སྙམ་དུ་སྒྲ་མི་རྟག་པ་ནི་དོན་རྟོགས་པར་བྱེད་པའི་རྒྱུ་ཉིད་དུ་མ་མཐོང་ལ་རིགས་པ་ཡང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་ཤུགས་ཀྱིས་བརྟག་པ་གྲུབ་པར་འགྱུར་རོ་སྙམ་དུ་སེམས་ན། འདི་ནི་རྟག་པ་ལ་ཡང་མཚུངས་བ་དང་མ་གྲུབ་པ་ཡིན་ནོ། །འདི་ལྟར ་འབྲེལ་པ་རྟག་པ་ལ་ཡང་དོན་བརྟོགས་བའི་རྒྱུ་ཉིད་དུ་མ་མཐོང་བའི་ཕྱིར་མཚུངས་ལ། ལག་བརྡ་ལ་སོགས་པ་མི་རྟག་པ་ཉིད་ལ་ཡང་རྟོགས་པར་བྱེད་པ་ཉིད་མཐོང་བའི་ཕྱིར་མ་མཐོང་བ་ཉིད་མ་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་མི་རིགས་པ་ཉིད་ཀྱང་མ་གྲུབ་བོ། །རྟག་པ ་ནི་རིམས་དང་ཅིག་ཅར་དག་གི་དོན་བྱེད་པ་འགལ་བའི་ཕྱིར་དེ་ཉིད་རིགས་པ་མ་ཡིན་པ་འདི་ནི་གྱི་ནའོ། །དེ་ལྟར་དོན་གྱིས་གོ་བསམ་ངེས་པ་ཉིད་མཇུག་བསྡུས་ནས་གནོད་པར་བྱེད་བའི་ཚད་མ་མཇུག་སྡུད་བར་བྱེད་པ་ནི་དེས་ན་བ་ལང་རྟ་སོགས་ཀྱི། ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །རྟག་པའི་འབྲེལ་ལྡན་ཞེས་བྱ་བ་ལ། མིན་ཞེས་བྱ་བ་དང་སྦྱར་རོ། །སྦྱོར་བ་དགོང་པ་ནི་དང་པོ་ཉིད་དུ་བསྟན་ཟིན་ཏོ། །འོན་ཏེ་ག་བི་ལ་སོགས་པའི་སྒྲ་རྣམས་ལེགས་པར་བྱས་པ་མ་ཡིན་པའི་ཕྱིར་གཞན ་གྱིས་རྗོད་པར་བྱེད་པ་ཉིད་མི་འདོད་པ་མ་ཡིན་ནམ། དེའི་ཕྱིར་དཔེ་མ་གྲུབ་པ་ཉིད་ཡིན་ནོ། །དེ་སྐད་དུ་ཡང་གཞོན་ནུ་མ་ལེན་གྱིས། དེད་ལ་གོ་ཡི་སྒྲ་གནས་ན། །དེ་མི་ནུས་བྱུང་ཅན་བྱས་བའོ། །ག་ཡི་སོགས་ལ་རྩ་བའི་སྨྲ། །རྗེས་འབྲང་གོ་ཡི་བློ་བཞིན་ནོ། ། ་ཞེས་བཤད་དོ། །འདིའི་དོན་ནི་འདི་ཡིན་ཏེ། རྗོད་པར་བྱེད་པ་གོའི་སྒྲ་ལེགས་པར་སྦྱར་བ་ཡོད་ནག་འབི་ལ་སོགས་པ་ལེགས་པར་མ་བྱས་པ་སྦྱར་བ་ལས་བ་ལང་གི་བློར་འགྱུར་བ་ཡིན་ནོ། །ཞེས་བརྗོད་ཀྱི་དེ་ཉིད་ལ་བྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ ་ན། རྩ་བ་སྟེ་གཙོ་བོ་ལ་ལེགས་པར་བྱས་པའི་གོའི་སྒྲ་རྗེས་སུ་འབྲངས་ནས་དེ་ལ་ནུས་པ་མེད་པ་ལས་བྱུང་བ་ཅན་གྱིས་བྱས་བའི་ཞེས་བྱ་བ་དང། ག་བིའི་ལ་སོགས་པ་ལས་ཞེས་བྱ་བ་ནི་གཞི་མཐུན་པ་ཉིད་དུ་སྦྲེལ་ཏོ། །ལེགས་པར ་བྱས་པའི་གོའུ་སྒྲ་དེ་ལ་སྐྱེས་བུས་བརྗོད་པ་ཉིད་དུ་མི་ནུས་པ་ནི་དེ་མི་ནུས་པའོ། །དེ་ལས་བྱུང་བ་རྐན་ལ་སོགས་པའི་བྱ་བ་གང་ཡིན་པ་ནི་མི་གསལ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེས་བྱེད་དུ་བཅུག་པ་ནི་?་བའི་ལ་སོགས་པའི་སྒྲ་ཡིན་ཏེ། བཟུང་བར ་བྱ་བ་སྐྱེས་བུ་ནི་ག་བའི་ལ་སོགས་པའི་སྒྲས་བརྗོད་པ་ན་བྱ་བ་དེ་ནི་འཛུད་པར་བྱེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །དེ་བཞིན་དུ་བར་རི་ཧ་རིན་རེ། ཇི་ལྟར་བྱིས་པ་སློབ་པ་ནི། ། མར་མི་གསལ་ཨ?་མར་བརྗོད། །དེ་ཤེས་པ་ལ་དྲ་ཡིས་ནི། །གསལ་བར ་ངེས་པ་ཐོབ་པར་འགྱུར། །དེ་ལྟར་ལེགས་སྦྱར་སྦྱར་བྱས་ལ། །གང་ཞིག་སྒྲ་སྙམས་རབ་སྦྱར་བ། །དེ་ཡིས་ལེགས་སྦྱར་གྱིས་ཆོད་པའི། །དོན་འགའ་ཞིག་ནི་རྗེས་དཔག་བྱེད། །ཅེས་བརྗོད་དོ། །དེའི་ཕྱིར་གོའི་སྒྲ་ནི་རུང་གནས་ན། ཞེས་བྱ་བ་ལ ་སོགས་པ་འདི་སྨོས་སོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཉ་བ་ལ་སོགས་པ་ཞེས་བྱ་བ་ནི་ཉ་ཤོར་བ་ལ་སོགས་པའོ། །སོགས་པའི་སྒྲས་ཀླ་ཀློ་ལ་སོགས་པ་གཟུང་ངོ། །འདི་ལ་དེ་དག་ནི་སླར་ལ་ལེགས་པར་སྦྱར་བའི ་སྒྲ་ཉིད་ཀྱིས་དོན་སྟོན་པར་བྱེད་པ་ན་མགོ་རྨོངས་པར་འགྱུར་ཏེ། དེ་ལྟ་བས་ན་རྩ་བའི་སྒྲའི་རྗེས་སུ་འབྲངས་ནས་དོན་རྟོགས་པར་བྱེད་པ་མ་ཡིན་ནོ། །ཡང་ན་ཡུལ་འཇིག་པ་དང་རིགས། །ཆད་པའི་ངོ་བོའི་འཇིག་པར་འགྱུར། །ཞེས་བྱ་བ་ལ་སོགས ་པ་གང་སྨྲས་པ་དེས། ཡུལ་འཇིག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སེམས་ཏེ་ཁོ་བོ་ཅག་གིས་ཐམས་ཅད་རྒྱུན་ཆད་པའི་བདག་ཉིད་འཇིག་པ་ཡིན་པར་མ་བརྗོད་ལ། འབྱིན་པ་དང་སྡུད་བའི་བདག་ཉིད་ཀྱི་ཐོག་མ་མེད་པའི་སྐྱེས་བུ་ཡང་མ ་ཡིན་ནོ། །འོ་ན་ཡང་ཅི་ཞེ་ན། འགྲོ་བ་ཐམས་ཅད་ཐོག་མ་མེད་པའི་ཐ་སྙད་དང་ལྡན་ཏེ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པའི་མཐར་ཐུག་པའི་སྒྲ་ལས་བྱུང་བ་འཇུག་པ་ཡིན་ནོ་སྙམ་མོ། །འོན་ཀྱང་ཁྱེད་ཅག་ནི་ཡུལ་འཇིག་པ་ལ་སོགས་པའི་ངོ་བོ་འཇིག ་བར་བརྗོད་ལ་གང་ཡང་སངས་རྒྱས་བ་རྣམས་ཀྱིས་མེ་དང་ཆུ་དང་རླུང་དག་གིས་འཇིག་བའི་རང་བཞིན་གྱིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པའི་བར་དང། འོག་གི་མཚམས་ནི་རླུང་གི་དཀྱིལ་འཁོར་དང། སྟེང་དུ་གོ་རིམས་བཞིན་དུ་བསམ་གཏན་དང ་པོ་དང་གཉིས་པ་དང་གསུམ་པའི་མཐར་ཐུག་པ་འདི་ཚད་མས་མི་གནོད་པའི་ཕྱིར་གནོད་པ་མེད་པ་ཡིན་ལ་དགག་པར་མི་ནུས་བའི་ཕྱིར་ཚངས་པ་ལ་སོགས་པ་ལ་ཡང་དོགས་པ་ཡིན་ནོ། །འཇིག་པ་དེ་གཉིག་ལ་ཡང་རིག་བྱེད་འཇིག་བར་སྲིད་དེ། ཕྱིན་ཅི་ལོག་གི་དོན ་རྟོགས་པ་ན་ཡང་རིག་བྱེད་འདི་གཞན་ཉིད་ཡིན་ནོ། །འདྲ་བ་ཉིད་དེ་སྣང་འགྱུར་བ། ཞེས་བྱ་བ་ནི་ཁྱེད་ཀྱིས་ཇི་སྲིད་དུ་གནོད་པ་ཅན་གྱི་ཚད་མ་བརྗོད་པ་དེ་སྲིད་དུ་དོགས་པ་ལྡོག་པར་འགྱུར་རོ། །འདི་སྙམ་དུ་གནོད་པ་ཅན་གྱི་ཚད་མ་འདི་ཡོད་པ་ཁོ་ན་སྟེ། འདི་ལྟར་རེ་ཞིག་དེ ་ལྟར་ཡུལ་ཐམས་ཅད་དུ་སྐྱེས་བུ་རྣམས་ཀྱིས་རིག་བྱེད་འདོན་པ་ལ་སོགས་པ་གཞན་དུ་བྱ་བ་ནུས་པ་མ་ཡིན་ཏེ། དེའི་ཕྱིར་དུས་གཞན་དུ་ཡང་དེ་ལྟར་འབྱུང་ངོ། །འབྱུང་བར་འགྱུར་རོ་ཞེས་ངེས་པས་དེའི་ཕྱིར་དོགས་པ་འདི་བསུ་ནས་རྣམ་པ་གཞན་དུ་བྱེད་འདོད་ཀྱང།། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་དུ་བྱེད་པར་འདོད་པ་ན་རིག་བྱེད་ཀྱི་སྒྲ་གཞན་དུ་འཇུག་པར་མི་འགྱུར་བ་དང་གཞན་དུ་བྱེད་པར་འདོད་པ་ཡང་སྐྱེད་པར་མི་ནུས་པ་ཡིན་ན་དེའི་ཚེ་སྐྱེས་བུ་རྣམས་ཀྱི་རིག་བྱེད་འདོན་པ་ལ་སོགས་པ་གཞན་དུ་བྱ ་པར་མི་ནུས་པར་གྲུབ་པར་འགྱུར་ན་དེ་ལ་ཡང་སྐྱེས་བུ་ཐམས་ཅད་ཀྱི་མི་འགྲུབ་སྟེ་མ་མཐོང་བ་ཙམ་ཚད་མ་མ་ཡིན་པའི་ཕྱིར་དང་སྐྱེས་བུ་དག་ཀྱང་ཁྱད་པར་དུ་འཕགས་པར་སྣང་བའི་ཕྱིར་རོ། །གང་གི་བདག་ཅག་ལ་ལྷས་ལེགས་བར་བྱེད་དོ་ཞེས་བྱ་བ་ལ ་སོགས་པའི་རིག་བྱེད་ཀྱི་དག་འདོན་པ་གཞན་དུ་ཡང་བྱ་བར་ནུས་ཤིང་དོན་ཡང་བཤད་པར་ནུས་ཏེ། འདི་ལྟར་སྤྱོད་པ་བ་དང་དེས་ཚིག་ལ་སོགས་པས་རིག་བྱེད་ཀྱི་དོན་རྣམ་པ་མང་པོ་བྱེད་པར་མཐོང་སྟེ། དེ་ལྟ་བསན་དོགས་པ ་ལྡོག་པ་མ་ཡིན་ནོ། །རིམ་པ་འབྲས་བུ་ཉིད་མིན་ཏེ། ཞེས་བྱ་བ་ལ་སོགས་པའི་ལན་བརྗོད་པ་ལ་དེ་ཕྱིར་སྐྱེས་བུ་ཐམས་ཅད་ཀྱིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་རྣམས་དང་དག་རྣམས་དང་ཡི་གེ་རྣམས་ཡིན་པས་དེ་སྐད་དུ་བརྗོད་ལ། དེ་དག་གི ་རིམ་པ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །དོན་མེད་པ་ཡི་གཞུང་ཙམ་ལ། ཞེས་བྱ་བ་ནི་ཁྱོད་ཀྱི་བྱས་པ་ཉམས་ཞེས་བྱ་བ་དང་སྦྱར་རོ། །གཞུང་འགའ་ཞིག་ལ་དོན་ཡོད་པ་མ་ཡིན་པ་འདི་སེའུ་བཅུ་ལ་སོགས་བའི་དག་བཞིན་དུ་དོན་མེད་བའོ། །ཡང་ན་སངས ་རྒྱས་བ་ལ་སོགས་པའི་གྲུབ་བའི་མཛའ་ལས་རིག་བྱེད་དང་འགལ་བའི་དོན་མེད་པའོ། །འདི་ནི་དོན་མེད་པ་ཡང་ཡིན་ལ་གཞུང་ཙམ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། ཙམ་གྱི་སྒྲས་ནི་ཁྱབ་པ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་རིག་བྱེད་ལྟར ་རོ། །བྱས་ཞེས་བྱ་བ་ནི་བྱེད་བ་ལའོ། །འདི་ནི་ངེས་པ་མ་ཡིན་ཞེས་བྱ་བ་ནི་ངེས་པ་མེད་ཅིང་ངེས་པ་དེང་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ་ཇི་ལྟར་འོད་གཞན་གྱིས་བརྗོད་པ། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ ་དེ་ལ། གཞན་གྱིས་བརྗོད་བདག་གི་བརྗོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཀྱི་བྱེ་བྲག་ཇི་བཞིན་ནོ། །ཞེས་བྱ་བ་ནི་བདུན་པའི་དོན་ཡིན་ནོ། །འདིས་ནི་གཅིག་ཏུ་གཏོགས་པ་ནི་མི་མཐུན་བའི་ཕྱོགས་ལ་སྲིང་བར་བསྟན་བསམ་ངེས་པ་ཉིད་དུ ་བསྟན་པ་ཡིན་ན། །གལ་ཏེ་འདི་སྙམ་དུ་འཁྲུལ་པ་ཉིད་དུ་ཇི་ལྟར་གྲུབ་ཅེ་ན། དབྱངས་ལ་སོགས་དང་མི་འདྲའི་ཕྱིར། །ཞེས་བྱ་བ་ལ་སོགས་ལ་སྨོས་ཏེ། དབྱངས་ལ་སོགས་ཞེས་བྱ་བ་ནི་རིང་པོ་ལ་སོགས་པའི་སྒྲས་མྱུར་བ་དང་དལ་བ་ལ་སོགས ་པ་གཟུང་ངོ། །འདི་ནི་གསལ་བྱེད་ཆོས་མ་ཡིན། །ཞེས་བྱ་བ་ནི་དབྱངས་ལ་སོགས་པའོ། །གང་ལས་ཤེ་ན། །དབྱངས་ལ་སོགས་པ་དེ་ནི་ཡི་གེའི་བདག་ཉིད་དུ་མཐོང་བའི་ཕྱིར་ཏེ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་མཆན་མ་ཞེས་བྱ་བ་ནི་ཡི་གེ་ཐ་དད་བ་དེའི ་མཚན་མ་སྟེ། མཚན་མ་གཞན་ནི་ཁྱེད་ལ་མེད། །ཅེས་བྱ་བ་འདིས་དེ་ཅིའི་ཕྱིར་འགགས་པ་སྨོས་ཤིག། དེ་ལྟར་བུམ་པ་ལ་སོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། རིགས་ཀྱི་བུམ་པ་ལ་སོགས་པའི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡང་ཞེས་བྱ་བ་ནི ་སྤྱི་བརྟག་པར་རོ། །དོན་མེད་པས་ན་ཞེས་བྱ་བ་ནི་རིགས་ཏེ་མི་བདེན་པ་ཉིད་ཀྱིས་སོ། །ཡོད་པ་ཡིན་ཡང་ཕན་གཏགས་པར་བྱ་བ་མ་ཡིན་པའི་རིགས་དེ་བུམ་པ་ལ་སོགས་པ་མཚན་ཉིད་ཀྱི་གསལ་བ་དང་འབྲེལ་བ་མི་རུང་བའི་ཕྱིར་དེས་ཐ་སྙད་ཉེ་བར ་མཚོན་བ་རིགས་པ་མ་ཡིན་ནོ། །དེས་ན་རིགས་ཀྱི་སྒོ་ནས་ཉེ་བར་བཏགས་པ་གང་ཡིན་པ་འདི་ཐམས་ཅད་འབྲལ་བ་མེད་པ་ཡིན་ནོ་ཞེས་སྟོན་པ་ནི་དེ་ཕྱིར་རྐན་ལ་སོགས་པའི་རིགས། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་གི་སྒྲ་མངོན་གསལ་རྒྱུ།། ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རིགས་ཁས་བླངས་ནས་སུན་འབྱིན་བའི་ཆད་པ་ནི། གཞན་ཡང་སྒྲའི་མངོན་གསལ་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་ཕྲད་ཀྱི་ཚོགས་འདི་ཡང་དག་ཉེ་བར་བཀོད་པ་ལ་བལྟ་བར་བྱའོ། །དེ་ལྟར་ཞེས ་བྱ་བ་ནི་རྒྱུའོ། །དེས་ན་དོན་འདི་ཡིན་ཏེ། གང་གི་ཕྱིར་རིགས་ཐ་དད་པ་རྣམས་ནི་སྒྲ་མངོན་པར་གསལ་བའི་རྒྱུ་གནས་ཏེ། དེས་ན་གསལ་བར་བྱེད་པ་རྟག་ཏུ་གནས་པའི་ཕྱིར་སྒྲ་ཡང་རྟག་ཏུ་དམིགས་པར་འགྱུར་རོ། །དེ་ལྟ་ཡིན་དང་གསལ་བའི ་རིམ་པ་མེད་པའི་ཕྱིར་དེའི་བདག་ཉིད་ཀྱི་སྒྲའི་རིམ་པ་ཡང་རིགས་པ་མ་ཡིན་ནོ། །དེ་དང་ལྡན་པའི་གསལ་བ་ཞེས་གང་སྨྲས་པ་དེ་ལ་རིགས་དང་གསལ་བ་དང་འབྲེལ་བ་ཁས་བླངས་ནས་སྐྱོན་འཆད་བ་ནི་གསལ་བ་དང་འབྲེལ་ངོ་བོ་ཡིད།། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་བ་ནི་གཉིས་ལ་གནས་པའི་ཕྱིར་དང་རིགས་རྣམས་ཀྱང་རྟག་པ་ཉིད་དུ་ཁས་ལེན་པའི་ཕྱིར་དེ་དང་འབྲེལ་པའི་རང་བཞིན་གསལ་བ་རྣམས་ཀྱང་རྟག་པ་ཉིད་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་རིགས་རྣམས་དེ་དག ་འབྲེལ་བའི་རང་བཞིན་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་གསལ་བ་རྣམས་མི་རྟག་པར་ཁས་བླངས་པའི་ཕྱིར་དེ་དང་འབྲེལ་བའི་རང་བཞིན་གྱི་རིགས་ཀྱང་མི་རྟག་པ་ཉིད་དུ་འགྱུར་རོ། །གལ་ཏེ་དེ་དང་འབྲེལ་བའི་རིགས་རྣམས་ཀྱང་མི་རྟག་པ་ཉིད་དུ་འགྱུར་ན་དེ་ལྟ་ན་དེ ་རང?་འབྲེལ་བའི་རང་བཞིན་གྱི་གསལ་བ་རྣམས་མི་རྟག་པ་ཉིད་དུ་གྲུབ་པར་འགྱུར་གྱི་གཞན་དུ་ན་འབྲེལ་པ་གཉིས་པ་མཚང་བ་མེད་པ་ཡིན་པ་ན་གཞན་མཚང་བར་རིགས་པ་མ་ཡིན་ཏེ། དེ་དང་འབྲེལ་བའི་རང་བཞིན་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱན? ་གཞན་སྔར་བཤད་པ་དྲན་པར་བྱ་བའི་ཕྱིར། མངོན་པར་གསལ་བ་མི་འཐད་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་ཀྱི་ཞེས་བྱ་བ་ནི་དྲུག་པའི་མཛའ་ཅན་ནོ། །དུས་ཀྱང་གཅིག་དང་ཁྱབ་དང་རྟག། ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དུས་ཀྱང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ཚིག་གི་དོན་དྲུག་བརྟག་པར་རོ། །འགའ་ཞིག་གིས་ནི་གསལ་བྱས་ཡིན། །ཞེས་བྱ་བ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །ཡོད་ན་ཡང་རྟག་པའི་གསལ་ཟིན་པའི་ཕྱིར་རོ། །གཞན་དང་ཁྱད་པར་མེད ་ཕྱིར་ཞེས་བྱ་བ་ནི་གཞན་ལས་ཁྱད་པར་མེད་པ་ནི་གཞན་དང་ཁྱད་པར་མེད་པ་སྟེ། དེ་ལྟར་ས་བོན་དང་མྱུ་གུ་དང་ལྕུག་མ་ལ་སོགས་པ་ལ་དུས་ཀྱི་བདག་ཉིད་གང་ཞིག་གསལ་བར་བྱེད་བ་དེའི་ཕྱིར་དེ་ནི་ཡི་གེ་དག་ལ་གསལ་བར་བྱེད་པའི་དུས་ཀྱི་ཁྱད་པར ་འགའ་ཡང་ཡོད་པ་མ་ཡིན་ཏེ། གཅིག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་དུ་མེད་ཕྱིར་འདིར་རྟག་ཉིད། །ཅེས་བྱ་བ་ནི་ཡོད་པ་ཉིད་མི་རུང་བའི་ཕྱིར་རོ་སྙམ་དུ་བ་སེམས་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་དེ་ལྟ་བས ་ནའོ། །མི་རིགས་སོ་ཞེས་བྱ་བ་ནི་དུས་མེད་པའི་ཕྱིར་རོ། །གཞན་གྱི་ཆོས་ཀྱང་ཡིན་ལག་ཏུ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེའི་ཕྱིར་གཞན་གྱི་ཆོས་རྟག་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་ནི་གོ་བར་ཟད་དོ། །དོན་གྱི་གོ་བ་སུན་ཕྱུང་ཟིན། །ཞེས་བྱ་བ་ནི་དོན་གྱི ་གོ་བ་གསལ་ཟིན་པ་ཡིན་ནོ། །འདི་ལྟར་ལག་བརྡ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པས་འཁྲུལ་པ་དང་གནད་བར་བྱེད་བའི་ཚད་མ་བརྗོད་པའི་ཕྱིར་རོ། །མི་རྟགས་རྣམས་ལ་དོན་རྟོགས་པའི། །རྒྱུ་ཉིད་བསྒྲུབས་ཟིན་ཞེས་བྱ་བ་ནི། །མཚུངས་པ་ཉིད་དུ་རྟོགས་པ་ལ། །ཤིན ་ཏུ་ཐ་དད་ཞེས་བྱ་བ་ལ་སོགས་པས་སོ། །འདི་ལྟར་ཚིག་སོ་སོ་ལ་ཐ་དད་པའི་ཕྱིར་ཁྱད་པར་གྱི་གོ་རིམས་ཅན་གྱི་ཡི་གེ་མི་རྟག་པ་རྣམས་ཉིད་མཚོ་དང་རོ་ལ་སོགས་པ་ལ་རྟོགས་པ་ཐ་དད་པའི་རྒྱུ་མཚན་དུ་རིགས་ཀྱིས་རྟག་པ་ནི་མ་ཡིན་ཏེ། དེ་དག་ནི་ཐམས་ཅད་དུ ་ངོ་བོ་ཅིག་ཡིན་པའི་ཕྱིར་རོ། །དེ་དག་ལས་གོ་རིམས་དོན་གཞན་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར། གང་ཞིག་བརྗོད་པར་འདོད་གང་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞིག་འདིར་བསྡུས་བའི་དོན་ནི་འདི་ཡིན་ཏེ། སྨྲ་བ་བོའོ་རྒྱུད་ལ་ཡི་གེ་རི་དེ ་ཀུན་ནས་སློང་བའི་ཤེས་པ་སྔ་མའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པར་བྱ་བ་ཡིན་ཞིང་དེ་དག་ལས་ཡི་གེ་རྣམས་རིམ་པ་དང་ལྡན་པར་འབྱུང་སྟེ། དེས་ཉན་པ་པོའི་རྒྱུ་ལས་ཡི་གེ་སྔ་མ་སྔ་མ་འཛིན་བའི་ཤེས་པ་ལྷན་ཅིག་བྱེད་བ་ཅན་རང་གི་ཡུལ ་ཅན་གྱི་ཤེས་པ་རིམ་པ་དང་ལྡན་པར་དངོས་སུ་སྐྱེད་པ་བྱེད་དོ། །དེའི་འོག་ཏུ་བདག་གིས་ཡུལ་ཅན་རིམ་གྱིས་འབྱུང་བའི་དྲན་པ་རྒྱུད་ནས་སྐྱེད་པར་བྱེད་དེ། དེ་ལྟ་ཡིན་དང་སྨྲ་བར་པོའི་རྒྱུད་ལ་ཡོད་པའི་རང་ཀུན་ནས་སློང་བའི་ཤེས་པ་ལ་བལྟོས་པ་དང། གང ་དེ་དག་གི་བསྐྱེད་པ་ཉན་པ་པོའི་རྒྱུད་ལ་ཡོད་པ་ལ་ཡང་བལྟོས་ནས་རྒྱུ་ཉིད་གང་ཡིན་པ་དེ་ཉིད་དེ་དག་གི་གོ་རིམས་ཡིན་གྱི་གཞན་ནི་མ་ཡིན་ཏེ། ཚིགས་སོ་ལ་ཚིག་རྣམས་རང་བཞིན་ཐ་དད་བའི་ཕྱིར་རྒྱུ་དང་འབྲས་བུ་ཐ་དད་པས་མཆོ་དང་རོ་ཞེས་བྱ་བ་ལ་སོགས ་པ་ལ་རྟོགས་པ་ཐ་དད་པར་རིགས་ཀྱི་རྟག་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་ཐམས་ཅད་དུ་ནི་ཐམས་ཅད་ཀྱི་ཚེ་ངོ་བོ་གཅིག་ཁོ་ན་ཡིན་པའི་ཕྱིར་རོ། །དེ་དག་ལས་གོ་རིམས་དོན་གཞན་དུ་གྱུར་བར་འདོད་པ་ཡང་མ་ཡིན་ཏེ། དོན་གཞན་དུ་གྱུར་བ་ཉིད་ཡིན་ན་ཡང ་འབྲེལ་བ་མ་གྲུབ་བའི་ཕྱིར་ཞེས་བྱ་བར་དགོངས་པའོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཡི་གེ་གང་ཞིག་སྐྱེ་བར་འགྱུར་ཏེ། ཞེས་སྦྱར་ཏེ་ཇི་ལྟར་ངོ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་རལ་སོགས་པའི་རྗེས་ལ་སྣ་རུ་ལ་སོགས་པ་བཞིན་ནོ། །གང་ལས་ཤེ་ན། གང་གི་བརྗོད ་པར་འདོད་པ་ལས་བྱུང་བའི་བརྗོད་པར་འདོད་པ་ལ་ཏེ། དེའི་ཕྱིར་ཡི་གེ་རལ་སོགས་པའི་བརྗོད་བར་འདོད་པ་ནི་གང་གི་རྗོད་པར་འདོད་པའོ། །དེ་ལས་བྱུང་བའི་བརྗོད་པར་འདོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་སྨྲ་བ་བོའི་རྒྱུད་ལ ་ཡི་གེ་སྔ་མ་སྔ་མ་ཀུན། ནས་སློང་བར་བརྗོད་བར་འདོད་པ་ལས་བྱུང་བའི་ཕྱི་མ་ཕྱི་མའི་བརྗོད་བར་འདོད་བ་གཞན་དེ་ལས་ཕྱི་མ་ཕྱི་མའི་ཡི་གེ་སྐྱེ་བ་གང་ཡིན་པ་དེ་དྲན་པར་བྱེད་ཅེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །དེ་ལྟར་རེ་ཞིག་སྨྲ་བ་བོའི་རྒྱུད་ལ་ཡོད ་བའི་ཡི་གེ་ཀུན་ནས་སློང་བའི་ཤེས་བའི་རིམ་པ་ལས་ཡི་གེ་རྣམས་ཀྱི་སྐྱེ་བའི་རིམ་པ་འབྲས་བུ་ཉིད་དུ་བསྟན་ཏོ། །ང་ནི་ཉན་པ་པོའི་རྒྱུད་ལ་ཡོད་བའི་ཤེས་པ་ལ་རྒྱུ་ཉིད་དུ་སྟོན་པ་ནི། །དེའི་ཞེས་བྱ་བ་སྟེ། གང་ཞིག་ཅེས་བསྟན་པ་དང་སྦྱར་ཏེ། དེའི་ཐོས་པ་སྐྱེའོ ་ཞེས་འབྲེལ་ལོ། །དེ་མ་ཐག་ཅེས་བྱ་བ་ནི་བར་མཆོད་པས་སོ། །དེ་ལྟར་ཉན་པ་པོའི་ཤེས་བའི་རྒྱུ་ཉིད་དུ་བསྟན་ནས། ད་ནི་དྲན་པའི་རྒྱུ་ཉིད་དུ་སྟོན་པ་ནི། དེ་ནི་ཞེས་བྱ་བ་སྟེ་ཡི་གེ་ཕྱི་མ་ཕྱི་མའི། །?་ན་ཏེ་སྔ་མ་སྔ་མ་དྲན་པ་ལ་ལྟོས་ནས་ཉམས་སུ་མྱོང་བའི ་ཤེས་པ་ལ་ཕྱིས་ཏེ་དུས་ཕྱིས་བདག་ལ་སྟེ་རང་གི་ཡུལ་ལ་དྲན་པར་བྱེད་དོ། །ཅི་འདྲ་ཞེ་ན། ཡི་གེ་སྔ་མ་སྔ་མ་རྟོགས་བྱུང་བའི་ཕྱིར་པའོ། །ཡི་གེ་སྔ་མ་སྔ་མ་རྟོགས་པ་སྟེ། ཉམས་སུ་ལམྱོང་བ་ནི་ཡི་གེ་སྔ་མ་སྔ་མ་རྟོགས་པའོ། །དེ་ལས་བྱུང་བའི་?་རིག་པ ་སྟེ་ཉམས་སུ་མྱོང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧ་ཅང་མྱུར་དུ་ཐོས་མིན་ཞེས་བྱ་བ་ནི་མྱུར་དུ་ཐོས་པ་ནི་དྲན་པ་སྐྱེད་པར་བྱེད་བའི་ནུས་པའི་ཕྱིར་རོ། །ཀུན་སློང་དང་འཛིན་པ་ཞེས་ཟླས་དབྱེ་ལ། ཡི་གེ་དེ་དག་གམ་ཀུན་སློང་དང་འཛིན་པ་དེ་དག་སྟེ་ཕྱིས་ཤེས་པའི་སྒྲ་དང ་ལས་འཛིན་པའོ། །འདི་བྱེད་པའི་ཚིག་གཉིས་པའི་མཛའ་ཅན་ཡིན་ནོ། །རྟེན་གྱི་སྒྲ་ནི་ལས་ཀྱི་ཚིག་སྟེ་དེ་དག་ལྡན་པའི་ཕྱིར་རོ། །རྒྱུ་ཉིད་དུ་བསྐྱེད་བྱ་ཞེས་ཇི་ལྟར་འཐད་པར་སྦྱར་ཏེ། ཀུན་ནས་སློང་བའི་ཤེས་པ་ལ་བསྐྱེད་པར་བྱ་བར་འཛིན་བའི་ཕྱིར་ཉམས་སུ་མྱོང ་བ་དན་པའི་ཤེས་པ་ལ་བལྟོས་ནས་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་གོ་རིམས་དོན་གཞན་དུ་གྱུར་བ་བསལ་ནས། བར་སྤྲོད་པ་བསྒྲ་བཏགས་པའི་སྒྲ་ཙམ་དག་ལས་དོན་གཞན་དུ་གྱུར་བརྗོད་པར་བྱེད་བའི་སྒྲའི་བདག་ཉིད་ཀྱི་གསལ་བ་ཡང་དགག་པར ་འདོད་ནས། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གསལ་བའི་བདག་ཉིད་འདི་ཅི་མངོན་སུམ་གྱིས་མ་གྲུབ་བམ། འོན་ཏེ་མི་སྣང་བའི་རྗེས་སུ་དཔག་པས་གྲུབ་དེ་ལ་ཡང་ཙི་རྟག་པ་ཡིན་ནམ། འོན་ཏེ་ཇི་ལྟར་བྱེ་བྲག་ཏུ་སྨྲ་བའི་འགའ་ཞིག་གིས ་བརྟགས་པ་བཞིན་དུ་མི་རྟག་པ་ཡིན་ནོ། དེ་བཞིན་དུ་ཆ་ཤས་མེད་པ་འགའ་ཞིག་གམ། འོན་ཏེ་ཆ་ཤས་དང་བཅས་པ་ཡིན་ཞེས་བརྟག་གོ། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །སྣང་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཡི་གེ་དག་ལས་ཐ་དད་པའི་ཚེ་མེད་པ་གཞན་སྒྲའི་བདག་ཉིད་ཉན་པ་པོའི་སེམས་ལ་སྣང་བར་མངོན་པར་ནི་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་བ་མ་དམིགས་པ་དེ་ལས་སླར་ལ་འདི་མེད་པ་ཉིད་?་གྲུབ་པར་འགྱུར་རོ། །ཅི་སྟེ་ཕྱོགས་གཉིས་པ ་ཡིན་ན་དེ་ལ་ཡང་དངོས་པོའི་ཆོས་གཏན་ཚིགས་སུ་འགྱུར་རིམ། དངོས་པོ་མེད་པའི་ཆོས་སམ། གཉི་གའི་ཆོས་འབའ་ཞིག་གཏན་ཚིགས་སུ་འགྱུར་ཞེས་རྣམ་པར་བརྟག་གོ། ཕྱོགས་དང་པོ་ལ་གསལ་བ་ཞེས་བྱ་བའི་ཆོས་ཅན་གྱི་ཆོས་ཞིག་གཏན་ཆིག ་ཡིན་ནམ་ཚོས་ཅན་གཞན་ཀྱི་ཆོས་ཡིན་གྲང། དེ་ལ་གསལ་ཞེས་བྱ་བའི་ཆོས་ཅན་དེ་ཉིད་མ་གྲུབ་པའི་ཕྱིར་དེའི་ཆོས་ཀྱང་མ་གྲུབ་པས་རེ་ཞིག་དེའི་ཆོས་གཏན་ཚིགས་མ་ཡིན་ནོ། །གཞན་གྱི་ཆོས་ཀྱང་གཏན་ཚིགས་མ་ཡིན་ཏེ། ཕྱོགས་ཆོས་མེད ་པའི་དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་མིག་གིས་བཟུང་བར་བྱ་བ་ཉིད་ལྟ་བུའོ། །དངོས་པོ་མེད་པའི་ཆོས་ཀྱང་གཏན་ཚིགས་མ་ཡིན་ཏེ། དེ་ནི་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་བ་ཉིད་ཡིན་པའི་ཕྱིར་རོ། །གཉི་གའི་ཆོས་ཀྱང་གཏན་ཚིགས་སུ་མི་འགྱུར་ཏེ། དེ་ནི་འཁྲུལ ་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་རང་བཞིན་གྱི་གཏན་ཚིགས་ཀྱིས་གྲུབ་པ་འམ། འབྲས་བུའི་གཏན་ཚིགས་ཀྱིས་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་མ་ཡིན་ཏེ། དེ་ནི་དབང་པོ་ཡིས་འདས་པ་ཉིད་ཡིན་པས་དེའི་རང་བཞིན་མི་འགྲུབ་པའི་ཕྱིར་རོ། །གྲུབ་ན་ནི་གཏན ་ཚིགས་འཚོལ་པའི་འབད་པ་དོན་མེད་པར་འགྱུར་ཏེ། དེའི་རང་བཞིན་གྲུབ་པ་ཉིད་ཀྱི་ཕྱིར་དང། འབད་པ་ནི་གྲུབ་པ་དོན་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། དབང་པོ་ལས་འདས་པ་དང་ལྷན་ཅིག་གི་རྒྱུ་དང་འབྲས་བུའི་དངོས་པོ་མ་གྲུབ་པའི་ཕྱིར་རོ།། ་ཡང་ན་ཅི་སྟེ་ཇི་ལྟར་རྣ་བ་ལ་སོགས་པའི་ཤེས་པ་རེས་འགའ་བ་ཉིད་ཀྱིས་རྒྱུ་གཞན་ལ་བལྟོས་པ་དང་བཅས་པ་ཉིད་དུ་གྲུབ་པ་ན་ཤུགས་ཀྱིས་རྣ་བ་ལ་སོགས་པའི་དབང་པོ་གྲུབ་པར་འགྱུར་བ་དེ་བཞིན་དུ་འདི་ལ་ཡང་དོན་རྟོགས་པ་ཆོས་ཅན་དུ་བྱས་ནས་ཡི་གེ ་ཁྱད་པར་མེད་པ་དང་ཡང་མཚོ་དང་རོ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཐ་དད་པ་རྟོགས་པའི་ཕྱིར་གསལ་བ་ཞེས་བྱ་བའི་རྒྱུ་གཞན་བརྟགས་པར་བྱའོ་སྙམ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ཡི་གེ་རྣམས་ལ་ཁྱད་པར་མེད་པ་མ་གྲུབ་པའི་ཕྱིར་རོ། །འདི་ནི་ད་ལྟ ་ཉིད་དུ་བསྟན་ཟིན་ཏེ་རྒྱུ་དང་འབྲས་བུ་ཐ་དད་པའི་ཕྱིར་ཚིག་སོ་སོ་ལ་ཐ་དད་པ་ན་ཡི་གེ་རྣམས་ཉིད་དོན་རྟོགས་པ་ལ་ནུས་པ་ཡིན་ནོ། །དེའི་ཕྱིར་དེ་བརྟགས་པ་དོན་མེད་དོ། །ཞེས་བྱ་བ་ནི་དེ་ལྟར་རྗེས་སུ་དཔག་པར་བྱ་བ་ཉིད་ལ་སྐྱོན་བརྗོད་པར་བྱའོ་ཞེས་བྱ་བར་དགོངས ་པའོ། །ཅི་སྟེ་ཡང་འདི་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཏན་དུ་མི་སྣང་བ་ཉིད་ཡིན་ནོ་སྙམ་ན། འདི་ནི་མི་སྣང་བ་ཉིད་ན། ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྟགས་མ་ཤེས་པ་ཤེས་པར་བྱེད་པར་མི་འགྱུར་བ་དེ་བཞིན་དུ་འདི་ཡང་འགྱུར་ཏེ་མི་ཤེས་པའི་ཕྱིར་རོ། །ཅི་སྟེ་ཡོད ་པ་ཙམ་གྱི་མིག་ལ་སོགས་པའི་དབང་པོ་བཞིན་དུ་མི་ཤེས་ཀྱི་དོན་རྟོགས་པའི་རྒྱུར་འགྱུར་ན་འོ་ན་དེ་ལྟ་ན་དེ་ལས་བྱུང་བའི་ཤེས་པ་ཐམས་ཅད་ཀྱི་ཚེ་འགྱུར་ཏེ། དེ་བཞིན་དུ་བརྡ་འཛིན་པ་ལ་སོགས་པ་མེད་པར་དེ་ལས་བྱུང་བའི་ཤེས་པ་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱི ་ཕྱིར་བརྡ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་ལ་འཐད་པ་སྨྲས་པ་ནི། །འདི་ལྟར་ཞེས་བྱ་བའོ། །ཡང་ཅི་སྟེ་བརྡ་མངོན་པར་གསལ་བ་?་འདིའི་དོན་རྟོགས་པའི་རྒྱུར་འདོད་ཀྱི་ཡོད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ན་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་མི ་འགྱུར་རོ་སྙམ་ད་བརྡ་ཙམ་སྒྲ་དང་ཡི་གེས་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་མཐོང་ཕྱིར་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་དང་སྣང་དུ་མི་རུང་བ་ཉིད་དུ་འདོད་པའི་ཕྱིར་རོ། །དེ་ཉིད་ཤེས་པ་གསལ་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་སྙམ་དུ་སྣང ་བཞིན་པ་མི་མངོན་ནི་ཞེས་བྱ་བ་འདི་མ་གྲུབ་སྟེ། འདི་ལྟར་ཡི་གེ་སྔ་མ་སྔ་མས་སྒོམ་པའི་འདུ་བྱེད་ལེགས་པར་བྱས་པ་ཐོབ་པའི་བློ་ལ་སྒྲ་ཆ་མེད་པར་སྣང་བ་ཉིད་ཡིན་ནོ་སྙམ་དུ་སེམས་ན་སྒྲ་ཙམ་གྱིས་བསྒོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐོབ་པ་སྐྱེས ་པའོ། །བློ་སྔམས་བསྒོས་པའི་ལེགས་པར་བྱས་པ་ཡོངས་སུ་སྨིན་པའི་བློ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུ་མཚན་མེད་ཅེས་བྱ་བ་ནི། །ཡི་གེ་རྣམས་ཉིད་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་ཕྱིས་སྡེ?་བར་བྱེད་པའི་དྲན་པའི་ཤེས་པ་ངེས་པར་བྱེད ་པ་ཡིན་ནི་ཞེས་བྱ་བར་དགོངས་སོ། །འདི་ལྟར་ཡི་གེ་རྟོགས་པ་ལས་ཕྱིས་སྒྲའི་བདག་ཉིད་ཆ་མེད་པ་གཞན་ཉེ་བར་མཚོན་པ་ཉིད་མ་ཡིན་ལ། སྨྲ་བ་པོ་བདག་ཉིད་ཀྱིས་རྟོགས་པ་ཡང་མ་ཡིན་གལ་ཏེ་འགྱུར་ན་ལེགས་པར་འདོད་པའི ་རྨོངས་པའི་བློ་ཅན་གྱི་ལེགས་པ་ཉིད་དུ་འབྱུང་བ་ཁོ་ནང་ཟད་ཀྱི་ཕྱིར་མཛའ་ཨི་བློ་ལ་ཆ་ཡོངས་སུ་རྫོགས་པའི་སྒྲ་སྣང་བའི་ཕྱིར་རྨི་ལམ་བཞིན་དུ་སྤྱོད་དོ། །དེ་ལྟར་རེ་ཞིག་རྟག་པའི་ཕྱོགས་ལ་སུན་འབྱིན་པ་བསྟན་ཏོ། །ད་ནི་རྟག་པ་དང་མི་རྟག་པཱི ་ཕྱོགས་ལ་ཡང་སུན་འདི་ན་པ་ཆ་མེད་པའི་ཕྱོགས་ལ་འཆད་པ་ནི། གང་དག་རིམ་པ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་འབྲས་བུ་ཚིགས་བརྗོད་བས་དག་གི་གསལ་བ་མི་རྟག་པ་ཡིན་པའི་ཕྱིར་བསྐྱེད་པར་བྱ་བ་ཉིད་དུ་ཁས་ལེན་ཏོ། །ཆ་མེད་པ? ་ལ་ཞེས་བྱ་བ་ནི་ཆ་མེད་པའི་དངོས་པོ་ལའོ། །ངོ་བོ་གཅིག་ལས་དབྱེར་མེད་ཕྱིར། ཞེས་བྱ་བ་ནི་སྐྱེ་བ་འམ། གསལ་བའི་ངོ་བོ་གཅིག་ལས་མ་སྐྱེས?་པ་དང་?་གསལ་བར་མངོན་པར་འདོད་པའི་ངོ་བོ་ཡང་ཕྱི་རོལ་ཏུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །དེ་དག་སྟེ་རིགས་དང་? ་གསལ་བ་གཉིས་ཐམས་ཅད་དུ་འབྱུང་བར་འགྱུར་རོ། །དེ་ལྟ་ཡིན་དང་ཡི་གེ་ལྷག་པ་ལ་སོགས་པ་སྦྱོར་བ་དོན་མེད་པར་འགྱུར་རོ། །ཆ་ཤས་དང་བཅས་པའི་ཕྱོགས་ལ་?་སུན་འབྱིན་པ་ནི་ཇི་ལྟར་ཡི་གེ་རྣམས་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། གསལ་པའི་ཆ ་ཤས་དེ་དག་སོ་སོར་དོན་མེད་པའམ། དོན་དང་བཅས་བ་ཡིན་གྲང། ཕྱོགས་དང་པོ་ལ་རིམ་ཅན་དུ་འགྱུར་བའི་ཕྱིར་ཡི་གེ་ཆ་ཤེས་བཞིན་དུ་སྟོན་པར་བྱེད་པ་མ་ཡིན་པར་ཐལ་པ་དང། དེའི་ངོ་བོ་མ་ཡིན་ན་རྗོད་པར་བྱེད་བ་ཉིད་རྟག་པར་འགྱུར་ཏེ། འདི་ལྟར་དོན་དང ་ལྡན་པའི་བདག་ཉིད་ནི་དག་ཏུ་བརྗོད་ལ་རང་ཉིད་ཀྱིས་དོན་བྱེད་པའི་ཆ་ཤས་དེ་དག་ཀྱང་དེ་དག་ལྔ་དེའི་བདག་ཉིད་མ་ཡིན་པ་བརྟོག་ན་སྒྲོ་བཏགས་པར་འགྱུར་ཏེ། བྲམ་ཟེའི་ཁྱེའུ་ལ་སོགས་པ་ལས་དྲུག་ལ་སོགས་པ་གཞན་བཞིན་ནོ། །།རྗོད?་པར་བྱེད ་པ་ཉིད་དུ་རྟོགས་ན་ཡང་ཡི་གེའི་ཡན་ལག་ཉིད་རྗོད་པར་བྱེད་ལ་རག་མོད། །ཅིའི་ཕྱིར་མ་མཐོང་བའི་གསལ་བའི་ཆ་ཤས་རྟོག་པར་བྱེད། ཅི་སྟེ་དོན་དང་བཅས་པ་ཉིད་ཡིན་ན་དེའི་ཚེ་དུ་མ་བརྟགས་པ་དོན་མེད་པ་ཡིན་ཏེ། ད་ནི་ཡོངས་སུ་རྫོགས་པ་སྒྲའི་ངོ་བོ ་དག་ཅེས་བྱ་བ་ལ། གལ་ཏེ་ཡན་ལག་རེ་རེ་དོན་དང་ལྡན་པར་གྱུར་ན་དེའི་ཚེ་དེ་དག་ཉིད་དག་ཏུ་བརྗོད་པའི་ཕྱིར་གཅིག་ཡན་ལག་དུ་མའི་བདག་ཉིད་དུ་གྲུབ་པར་མི་འགྱུར་རོ། །ཡན་ལག་གཅིག་རྟོག་པ་ན་ཡང་དག་གི་དོན་རྟོགས་པར་ཐལ་བར་འགྱུར་རོ། །ཇི་སྐད་དུ། དེ་རེ་དོན་བཅས ་ཉིད་ན་ཡང། །དུ་མ་ཉིད་རྟོགས་དོན་མེད་ལ། །ཆ་ཤེས་གཅིག་རྟོགས་པས་ཀྱང། །ངག་གི་དོན་དག་རྟོགས་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །ཆ་མེད་པ་ལ་རིམ་པ་ཡིས། །གསལ་དང་སྐྱེ་བ་འཐད་མ་ཡིན། ཞེས་གང་སྨྲས་པ་འདིའི་གཞན་གྱི་ལེན་གྱི་དོགས་པ་བསུ ་བ་ནི་སྒྲ་ཙམ་ཞིག་གིས་ལན་གཅིག་ཏུ། ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཡང་སྒྲ་གཅིག་གིས་རིགས་སམ། །གསལ་བ་བདག་ཉིད་ཐམས་ཅད་ཀྱིས་བསྐྱེད་པ་འམ། གསལ་བར་བྱས་པ་དེ་ལྟ་ན་ཡང་ཕྱི་རོལ་གྱི་སྒྲ་སྦྱོར་བ་དོན་མེད་བ་མ་ཡིན་ཏེ། དེ་ནི་གསལ་བ་གསལ་བར་བྱ་བའི་དོན་དུ ་ཡིན་པའི་ཕྱིར་རོ། །འདི་ལྟར་ཚིགས་སུ་བཅད་པ་གཅིག་ཡང་ནས་ཡང་དུ་བཟླས་པ་ན་གསལ་བར་འགྱུར་གྱི་ལན་གཅིག་བརྗོད་བས་ནི་མ་ཡིན་ནོ། །ཡང་བཟླས་པས་དེའི་ཁྱད་པར་གཞན་བྱེད་པ་ཡང་མ་ཡིན་པ་ལ་ཡང་བཟླས་པ་དོན་མེད་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་འདི་ལ་ཡང་ཕྱིས་ཀྱི ་སྒྲ་དོན་མེད་པར་མི་འགྱུར་རོ། །འདི་ཉིད་སྟོན་པ་ནི། གང་ཕྱིར་ཞེས་བྱ་བའོ། །རྟོགས་པར་དཀའ་ཞེས་བྱ་བ་ནི་ངེས་པར་གཟུང་བར་མི་ནུས་པའོ། །ཀྭ་ཡེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཀྭ་ཡེ་ཞེས་བྱ་བ་ནི་ཐོང་པ་ཉིད་དེ་དང་པོ་བརྗོད་པ་ཡི་གེ་འམ། གཞན ་ཏ་དེའི་ཁོངས་སུ་གཏོགས་པའི་གཅིག་པོ་འགའ་ཞིག་ཡང་ནས་ཡང་དུ་བཟླས་པས་ཅིའི་ཕྱིར་གསལ་བར་མི་བྱེད། དེས་བྱས་པ་ནི་གསལ་བར་མ་བྱས་པར་མི་འགྱུར་ཏེ་འདི་ལྟར་ཐམས་ཅད་ཀྱི་ཚད་མ་གཅིག་ཡིན་པའི་ཕྱིར་དེའི་གསལ་བ་བཟླས་པ་ཅམ?་གྱི་ཡི་གེ་ཕྱི་མ ་ཕྱི་མ་བརྗོད་པ་ཡིན་ནོ། །འདས་པ་དེ་བས་གཅིག་ཉིད་ཀྱིས་ཡང་ནས་ཡང་དུ་བཟླས་པར་བྱ་བར་ནུས་པའི་ཕྱིར་ཡི་གེ་ལྷག་མ་བརྗོད?་པ་དོན་མེད་དོ། །ཡི་གེ་ཕྱིར་ཕྱི་མ་ཡང་མ་ཡིན་ཏེ། ནུས་པ་ཐ་?་ཉིད་དུ་ཁས་བླངས་ནས་ཆ་ཤས་མེད་པའི་ཁྱད་པར་གཞན་བརྗོད་བར ་མི་ནུས་པའི་ཕྱིར་དང་ཁྱད་པར་གཞན་གྱི་རྒྱུ་མེད་པས་ནུས་པ་ཐ་དད་པ་བརྟགས་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མིན་ནམ་ཞེས་བྱ་བ་ནི་བོད་པའོ། །མངོན་པར་གསལ་བ་ཡིན་ན་འདི་ཐམས་ཅད་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་།ཡུལ་དང་དབང་པོ ་ལེགས་བྱས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཡི་གེ་དག་ལ་རྣམ་པར་ཤེས་པ་བསྐྱེད་པར་རུང་བ་དང་མི་རུང་བའི་རང་བཞིན་བརྟགས་པས་ཡུལ་དང་དབང་པོ་ལེགས་པར་བྱས་པའི་ངོ་བོའི་མངོན་པར་གསལ་བས་སུན་ཕྱུང་བ་དེ་བཞིན ་དུ་འདིར་ཡང་སུན་དབྱུང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྣང་བའི་ཞེས་བྱ་བ་ནི་གསལ་བར་སྣང་བ་ལ་ཡང་སྟེ་ཁས་བླང་བ་ན་བརྩོན་པ་འདི་ཡིན་ནོ། །འདི་སྐད་དུ་བསྟན་པ་འདི་ཡིན་ཏེ། གལ་ཏེ་ཡི་གེ་ལས་ཐ་དད་པའི་གསལ་བ་ཞེས་བྱ་བ་སྒྲའི་བདག་ཉིད་ག་ཞེན་སྣང་པར་གྱུར་ན་དེ་ལས་འདིའི་མངོན ་པར་གསལ་བ་སྲིད་པར་འགྱུར་ཏེ་མངོན་པར་གསལ་པ་ནི་དམིགས་པའི་མཐར་ཐུག་པའི་ཕྱིར་རོ། །དེ་ལས་འདི་མངོན་པར་གསལ་པ་སྲིད་པར་འགྱུར་ཏེ། གང་གི་ཕྱིར་སྣང་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ།། སྣང་དུ་ཆུག་མོད། །དེ་ལྟར་ཡང་རང་བཞིན་གྱི་དམིགས ་པར་འགྱུར་བ་འམ། མི་དམིགས་པར་འགྱུར་བའི་རང་བཞིན་གསལ་བ་ཡང་མངོན་པར་མི་རིགས་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་ནས་གསལ་བ་མེད་པ་ཡང་དོན་རྟོགས་པ་བསྐྱེད་པའི་རིམ་པ་སྟོན་པ་ཡིན་ནོ། །འོན་ཏེ་ཡི་གེ་རྣམས ་ནི་རིམ་པ་དང་ལྡན་པ་ཡིན་ལ་ཡན་ལག་རྣམས་ཀྱང་རིམ་གྱིས་ཉམས་སུ་མྱོང་ཞིང། ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་ཡང་དྲན་ལ་མ་ཡིན་ནམ། དེ་ཇི་ལྟར་གསལ་བ་མེད་པར་ཡི་གེ་མཛའ་དང་སྣང་བའི་དྲིན་པའི་ཤེས་པ་ཅི་རིགས་པ་ཡིན། ཤེས་པ ་རིམ་པ་ཅན་མ་ཡིན་པ་ལ་ཡི་གེ་རྣམས་རིམ་ཅན་དུ་སྣང་བ་ཡང་རིགས་པ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས། ཐ་མའི་ཡི་གེ་རྣམས་ཞེས་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འདི་བསྟན་ཏེ་དང་པོ་ནི་ཉམས་སུ་མྱོང་བའོ། །དེའི་འོག་ཏུ་དེ་མ་ཐག ་ཏུ་བྱུང་བའི་འདུ་བྱེད་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་དྲན་པ་སྐྱེ་ལ། དེ་ནས་འདུ་བྱེད་དང་ལས་དུས་ཕྱིས་ཅིག་ཅར་ཡི་གེ་མཛའ་དག་ངེས་པའི་ཚོགས་པ་དྲན་པའི་ཤེས་པ་གཞན་སྐྱེ་སྟེ་ཇི་ལྟར་མཐོང་བ་བཞིན་དུ་ཞེན་པའི་ཕྱིར་རོ། །འདི་ཡང་རྒོལ་བ་ཐམས་ཅད་ལ་གྲུབ་པ་ཡིན་གྱི ་བདག་ཁོ་ནས་བརྟགས་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། རིམ་གྱིས་ཤེས་པ་ཡིན་ན་ཡང་ཞེས་བྱ་བ་སྟེ། འདི་དག་ཅེས་བྱ་བ་ནི་ཚོགས་པའི་ཤེས་པའོ། །འདི་ཡང་རིགས་པ་དང་ལྡན་པའི་ཕྱིར་ཁས་བླངས་པ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཁས་མི་ལེན་ན་ཞེས་བྱ་བ་ལ་སོགས ་པའོ། གལ་ཏེ་ཉམས་སུ་མྱོང་བའི་རིམ་པ་ཇི་ལྟེ་བ་བཞིན་དུ་དྲན་པ་ཐམས་ཅད་སྐྱེ་ན། །དེའི་ཚེ་རིམ་གྱིས་ཉམས་སུ་མྱོང་བའི་བརྒྱ་ལ་སོགས་པ་ལ། ཅིག་ཅར་བརྒྱ་ལ་སོགས་པའི་རྣམ་པར་རྟོགས་པར་མི་འགྱུར་རོ། །བརྒྱ་དང་བྱེ་བ་ལ་སོགས་པའི་རྣམ་པར་རྟོགས ་པ་རྣམས་ཀྱང་སྐྱེ་བའི་དུས་ཐ་དད་པར་མི་འགྱུར་རོ། །དེས་ན་ཞེས་བྱ་བ་མཇུག་སྡུད་པར་བྱེད་དེ། གལ་ཏེ་དེ་ལྟ་ན་ཚོགས་པའི་ཤེས་པ་ཁོ་ན་དོན་རྟོགས་པའི་རྒྱུར་འགྱུར་གྱི་ཡི་གེ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་རོ། །དེ་ཡང ་རིགས་ཕམ་ཡིན་ཏེ། གང་གི་ཕྱིར་སྒྲ་ལས་མཇུག་ཐོགས་སུ་དོན་རྟོགས་པར་འགྱུར་བ་ཞེས་བྱ་བ་འདི་ནི་བྱིས་པའི་བར་གྱིས་རྟོགས་པ་ཡིན་ནོ་ཞེས་དོགས་ནས། དེ་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོགས་པའི་ཤེས་པ་དེ་ལ་གནས ་པའོ། །འཇིག་རྟེན་པ་རྣམས་ཀྱིས་ཞེས་བྱ་བ་ནི་རང་གི་དོན་ལ་དེ་ལ་ཕན་པའི་རྐྱེན་ཡིན་ནོ། །འོ་ན་དེ་ལྟ་ན་ཡང་དེ་དག་ནི་འགགས་ནས་རིང་དུ་ལོན་པའི་ཕྱིར་གཏན་ནས་མེད་པ་ཉིད་མ་ཡིན་ནམ། ཇི་ལྟར་དེ་ལ་གནས་པར་འགྱུར། ཞེས་དོགས་པ་ལ། རྣམ་པ་དང ་ལྡན་ཤེས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་རྣམ་པ་མེད་པ་ལ་མི་རིགས་ཤེ་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་དང་མཛའ་ཨི་ཡི་གེ་ལ་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་གསལ་བར་སྨྲ་བ་ལ་ཚོགས་པའི་ཤེས ་བ་བརྗོད་པ་ན་གཞོན་ནུ་མ་ཡིན་གྱིས་སྨྲས་པ་དེ་ནི་གཙོ་བོ་གཅིག་གིས་ལུགས་ལ་འཐད་ཀྱི། ཁྱེད་ཅག་དཔྱོད་པ་པ་ཤེས་པ་རྣམ་པ་མེད་པར་སྨྲ་བ་ལ་ནི་མ་ཡིན་པ་དེས་ན་དེ་ལྟར་བསྟན་པ་ཡིན་ནོ། །འོན་ཏེ་དཔྱོད་པ་པ་རྣམས་ལ་ཡང་འཐད་པ་ཉིད ་མ་ཡིན་ནམ། གང་གིས་སྣང་པར་མི་འགྱུར་བ་དེ་དག་གི་ལུགས་ཀྱིས་ཡི་གེ་རྣམས་འཇིག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གསལ་བ་ཡོད་ན་བསྒྲིབས་པ་ཉིད་ཡིན་ནོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན ་འདེབས་པ་ཡིན་ཏེ། གལ་ཏེ་ཡི་གེ་དེ་དག་ཉིད་སྔར་ཉམས་སུ་མྱོང་བ་ན་ཕྱིས་གསལ་བ་རྣམས་བསྒྲིབས་པ་ཚོགས་པའི་ཤེས་པས་འཛིན་པར་འགྱུར་ན། དེའི་ཚེ་ཉམས་སུ་མྱོང་བའི་ཤེས་པ་བཞིན་དུ་གསལ་བར་སྣང་བར་འགྱུར་ཏེ། རྣམ་པ་ནི་ཕྱི་རོལ་ཏུ ་རྟོགས་པའི་ཕྱིར་དང། དེ་ཡང་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གསལ་བ་བསྒྲིབས་ནི་ཇི་ལྟར་སྣང་བར་འགྱུར་ཏེ་གསལ་བ་ནི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། གཞན་ཡང་གལ་ཏེ་འདས་པ་གནས་པ་སྲིད་པ་ཡིན་ན་དེའི་ཚེ་ཅི ་དེ་ཁོ་ན་སྣང་དམ། འོན་ཏེ་ཤེས་པ་ཁོ་ན་དེ་ལྟར་སྐྱེ་བ་ཞེས་བྱ་བ་དེར་འགྱུར་ཏེ། གང་གི་ཕྱིར་འདས་པ་གནས་པ་མེད་པ་ཉིད་ཀྱི་ཕྱིར་དེ་སྣང་པར་མི་རིགས་སོ་ཞེས་སྟོན་པ་ནི། གནས་པ་སྔར་ནི་བསལ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྟེ། སྔར་ཞེས་བྱ་བ ་ནི་དུས་གསུམ་བརྟག་པར་རོ། །འདི་ཉིད་ལ་གནོད་པ་ཅན་གྱི་ཚད་མ་བཤད་པ་ནི། །དེ་དག་གནས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཉམས་སུ་མྱོང་བའི་ཤེས་པའི་དུས་ན་དྲན་པ་སྐྱེ་བར་ཐལ་བ་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །རྒྱུ་གཅིག་ཕྱིར་ཞེས ་བྱ་ནི་རྒྱུ་ཐ་མི་དད་པའི་ཕྱིར་རོ། །འདིར་སྒྲ་པ་དག་རྩོད་པར་བྱེད་དེ། །གལ་ཏེ་གསལ་བ་ཞེས་བྱ་བ་སྒྲའི་བདག་ཉིད་གཅིག་མེད་ན། ད་ཇི་ལྟར་བ་ལང་གི་སྒྲ་བ་ལང་ཞེས་བྱ་བའི་གཅིག་གི་རྣམ་པ་ཅན་གྱི་བློར་འགྱུར་ཞེ་ན། བ་ལང་ཞེས་བྱ་བའི་བློ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། འདི་ལ་བློ་གཅིག་ཡོད་བས་ན་བློ་གཅིག་ཡིན་ལ་དེའི་དངོས་པོ་ནི་དེ་ཉིད་དོ། །དེ་གཟུང་དོན་གཅིག་ཉིད་དག་གིས། ཞེས་བྱ་བ་ནི་བློ་གཅིག་པོ་དེས་གཟུང་བ་ནི་དེ་བཟུང་བ་ཡིན་ལ། དོན་དེ་དགོས་ལ་གཅིག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་བཟུང ་དང་དོན་གཅིག་ཅེས་ཟློས་དབྱེའོ། །དེ་དག་གི་དངོས་པོ་ནི་དེ་འཛིན་དོན་གཅིག། ཉིད་དེ་དག་གིས་གཅིག་ཏུ་བརྗོད་དོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། བློ་གཅིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་དང། ལྐོག་ཤལ་ལ་སོགས་པའི་དོན་གཅིག་གསལ་བར་བྱེད་པའི་ཕྱིར ་པ་ལང་གི་སྒྲ་གཅིག་ཏུ་བརྗོད་པ་ཡིན་ནོ། །ཐམས་ཅད་ལ་བློ་གཅིག་པ་ཉིད་མ་གྲུབ་བོ་ཞེས་སྟོན་པ་ནི་བ་ལང་སྒྲ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་བློ་གཅིག་པའོ། །མྱུར་ཕྱིར་ནི་མགྱོགས་པར་བརྗོད་པའི་ཕྱིར་རོ། །བར་མཚམས་བྱུང་བ་ནི་བར་ཆོད་ཤིན་ཏུ ་མཐུང་པ་ཉིད་དོ། །ལྟས་བྱིན་ལ་སོགས་པའི་ཚིག་ནི་ཡི་གེ་སོ་སོ་ལ་དབྱངས་དང་བཅས་པ་རྣམ་པར་ཆད་པས་གསལ་བར་ཐ་དད་དུ་གཏོགས་བ་ཡིན་པའི་ཕྱིར་བློ་གཅིག་པ་ཉིད་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་བོ། །དོན་གྱི་བློ་འདི་ཡི་གེས་བསླད། །ཞེས་བྱ་བ ་ལ་སོགས་པ་སྦྱོར་བར་བྱེད་དེ། བློ་གང་ཞིག་རྣམ་པར་ཤེས་པ་གང་གི་མཇུག་ཐོགས་སུ་འབྱུང་བ་དེ་ནི་རྒྱུད་ནས་དེ་ནི་ཀུན་ནས་བསླང་བ་ཡིན་ཏེ། དཔེར་ན་དུ་བ་ལ་སོགས་པའི་རྟགས་ཀྱིས་ཤེས་པའི་མཇུག་ཐོགས་སུ་བྱུང་བའི་མེ་ལ་སོགས་པའི་རྟགས་ཅན་གྱི་བློ ་བཞིན་ནོ། །དོན་གྱི་བློ་ཡང་ཡི་གེའི་མཇུག་ཐོགས་སུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིར་འབྲས་བུ་ཉིད་ཀྱི་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་བསྒྲུབ?་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་དོ། །འདིའི་མ་གྲུབ་པ་ཉིད་སྤང་པའི་ཕྱིར། ་དོན་གྱི་བློ་ནི་ཡི་གེ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཡི་གེ་དག་ལས་ཐ་དད་པའི་སྒྲའི་བདག་ཉིད་དེ་སྣང་བའི་ཤེས་པ་གང་ཡིན་པ་དེ་ནི་མཇུག་ཐོགས་སུ་འབྱུང་བའི་རིགས་པར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡི་གེའི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་འབྱུང ་བས་ཡིན་ནོ། །དེས་ནི་གཏན་ཚིགས་མ་གྲུབ་བས་ཡིན་ནོ། །འདིས་ཀྱང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་ལས་མེད་པའི་ཐ་སྙད་ཀྱང་བསྟན་པ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྲས་བུའི་ཐ་སྙད་ཀྱི་ཡན་ལག། ཅེས་བྱ་བ ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཉིད་ཀྱི་ཐ་སྙད་ཀྱི་ཡན་ལག་ནི་རྒྱུའོ། །དེ་ཡང་གང་ཞེ་ན། རྗེས་སུ་འགྲོ་དང་ལྡོག་པ་དག། ཅེས་བྱ་བ་དང་བཞི་མཐུན་པར་སྦྱར་རོ། །དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་འདིར་འབྲས་བུ་ཉིད་ཀྱི་ཐ་སྙད་ཀྱི་ཡན་ལག་ཡིན་གྱི་གཞན ་ཀྱི་ནི་མ་ཡིན་ནོ་།ངེས་ན་འབྲས་བུ་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་གཞན་མེད་པ་ནི་གནོད་པ་ཅན་གྱི་ཚད་མ་ཡིན་པའི་ཕྱིར་ཁྱབ་པ་གྲུབ་བོ། །འདི་སྙམ་དུ་གསལ་བ་བརྗོད་པར་བྱེད་པ་ཉིད་དུ་མ་གྱུར་མེད་ཡི་གེ་རྣམས་ཁོ་ན་རྟག་པ་ཉིད་ཡིན་པ་རྗོད་པར་བྱད་པར་འགྱུར ་ལ་རྟག་པ་དེ་དག་ཀྱང་མངོན་སུམ་ལ་སོགས་པའི་ཚད་མས་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། ཡི་གེ་མི་རྟག་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོར་ཤེས་རྗེས་དཔག་གཉིས་ཞེས་བྱ་བ་ནི་ད་ཤེས་བྱ་དང་རྗེས་དཔག་གཉིས་སོ། །ལ་ལར་ངོ་ཤེས་རྗེས་དཔག ་ཅེས་འདོན་པ་དེར་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེ་བ་བྱའོ། །ཡང་ན་ལྡན་པའི་སྒྲ་མི་མངོན་པར་བྱས་ལ་ཁྱད་པར་གྱི་བསྡུ་བ་བྱའོ། །རང་གི་ཚིག་ལ་སོགས་དང་འགལ་།ཞེས་བྱ་བ་ལ་སོགས་པ་ལ། རང་གི་ཚིག་ལ་སོགས་འགལ་བ། །ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་དག་ཐམས་ཅད་ཅེས་བྱ་བ་ནི་རང་གི་ཚིག་ལ་སོགས་པ་དཔེ་འགལ་བའོ། །གོ་རིམས་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་རིམ་གྱིས་ཐོས་པ་དང་དྲན་པ་གཟུང་ངོ། །འདི་ལྟར་རྟག་པའི་ཕྱིར་གོ་རིམས་དུས་ཀྱིས་བྱས་པ་མ་ཡིན ་ལ་ཁྱབ་པའི་ཕྱིར་ཡུལ་གྱིས་བྱས་པ་ཡང་མ་ཡིན་ཞིང། མངོན་པར་གསལ་བས་ཟིན་པའི་ཕྱིར་མངོན་པར་བསལ་བས་བྱས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་རྟག་པ་རྣམས་ཤེས་པ་བསྐྱེད་པ་ལ་ཡང་ཉེ་བར་འགྲོ་བ་ཡོད་པ་མ་ཡིན་ཞེས་རྣམ་པ་མང་དུ་བཤད་ཟིན ་ཏོ། །སྒྲ་ནི་གང་ཡིན་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཆོས་ཅན་ཐ་དད་རྣམ་བརྟགས་པས་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་སོ་སོར་སྣང་བའི་དབང་གིས་ཆོས་ཅན་དུ་གྲུབ་པ་གང་ཡིན་པ་དེ་ཁོ་ན་ཁྱད་པར་དཔྱད ་པའི་རྟེན་ཡིན་གྱི། རང་གི་འདོད་པས་བརྟགས་པ་ནི་མ་ཡིན་ཏེ། དེ་དག་རྩོད་པ་མེད་པའི་ཕྱིར་རོ། །རང་གི་འདོད་པས་བཀོད་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་རྟོག་པར་བྱེད་པ་འགའ་ཞིག་བཟློག་པ་ནི་མ་ཡིན་ནོ། །སྣང་བཞིན་ཞེས་བྱ་བ་ནི་སྣང་བཞིན་པའི་འོ།། ་འདི་ཉིད་བསྟན་པ་ནི། ཉ་ལ་སོགས་ཀྱི་ཤེས་པ་ལའང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །ཆོས་ཅན་ཁྱད་པར་མེད་པར་བསྟན་པ་ལ་ཁྱད་པར་གྱི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་ཆོད་ཡིན་ཞེས་བསྟན་པའི་ཕྱིར་།དེའི་ཕྱིར་ཁྱད་པར་མེད ་པར་བསྟན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ནག?་པ་ཡིན་ལ་རང་ཅིའི་རྣམ་པའི་མཚན་ཉིད་ཀྱི་རྟག་པའི་དོན་དང་འབྲེལ་པས་དེ་སྐོད་ཅེས་བྱའོ། །དེས་བསྐྱེད་པའི་བློ་གང་ཡིན་པ་དེ་གལ་ཏེ་ཕྱོགས་ཡིན་ན་དེའི་ཚེ་གཞན་སངས་རྒྱས་པ་ལ་མ་གྲུབ ་པ་ཡིན་ནོ། །གལ་ཏེ་གཏན་ནས་འཇིག་པ་ཉིད་མི་རྟག་པ་ཉིད་དུ་བརྗོད་ཕན་ཞེས་གང་སྨྲས་པ་དེ་ལ་དེ་ཡི་གནས་སྐབས་རྟག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་གང་ཞིག་འདོད་པ་ཡིན། །ཞེས་བྱ་བ་ནི་གནས་སྐབས་ནི་གནས་སྐབས ་ཅན་ལས་ཐ་མི་དད་པའི་ཕྱིར་ལྡོག་པ་ན་ཤུགས་ཀྱིས་དེ་ཡང་ལྡོག་པ་ཡིན་ཏེ། གཞན་དུ་ན་གང་ཞིག་གང་དང་གྲུབ་པ་དང་བདེ་བ་གཅིག་པ་ཡིན་པ་དེ་ཇི་ལྟར་དེའི་རང་བཞིན་དུ་རིགས་སྙམ་དུ་བསམ་པ་ཡིན་ནོ། །དབང་པོས་བཟུང་བ་ཉིད་འབའ་ཞིག། ་ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་དབང་པོ་འབའ་ཞིག་གིས་གཟུང་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །སྔར་ཞེས་བྱ་བ་ནི་སྤྱི་བརྟག་པར་རོ། །གལ་ཏེ་རིགས་ཀྱི་འཁྲུལ་པ་མ་ཡིན་བདེ་ལྟ་ན་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡང་མ་ངེས་པར་ ་དེ་ནས་སོ་ནི་སྣུམ་མོ། །དེ་ནས་ནི་སྨན་གྱི་ཕྱེ་མའོ། །དེ་ནས་ནི་སྨན་གྱི་ཁུ་བ་གཞུག་བར་བྱ་སྟེ། གང་གི་ཕྱིར་བཀྲུ་སྨན་དྲག་པོ་མས་བཏང་བའི་སྦྱོར་བ་འདི་ནི་སྦྱོར་བའི་ཆོ་ག་གཅིག་ཏུ་བསྲེས་པ་ཡིན་ནོ་ཞེས ་དྲང་སྲོང་དག་གིས་བཤད་དོ། །གན་རྒྱལ་བཞག་ནས་བཏང་མ་ཐག་།སྔས་ཀྱིས་བསྟེན་ཏེ་མས་བཏང་ལ། ཡིད་ནི་གཞན་དུ་མ་ཡེངས་པས། ཞེས་བྱ་བ་ལ། གན་རྐྱལ་དུ་བཞག་ནས་སྔས་ཀྱིས་བསྟེན་ཏེ། བཀྲུ་སྨན་དྲག་པོ་མས་བཏད་མ་ཐག་འདས ་པའི་དུས་གཞན་གང་དུ་ཡང་མ་སངས་པར་མས་བཏང་བ་དྲག་པོའི་ནུས་པས་ལུས་ལ་ཁྱབ་པར་བྱ་བའི་ཕྱིར། ནི་དུ?་ཧ་དེ་ལ་མ་ཡེངས་པར་བྱ་སྟེ། གང་འདི་ད་ལ་བཀྲུ་སྨན་དག་པོ་མས་བཏང་བ་དེ་ཇི་ཙམ་ན་སླར་འབྱུང་བར་འགྱུར་ཞིག་གུ་ཞེས་བསམ ་པར་བྱའོ། །འཁྲུ་བ་ཙོག་བུས་བཏང་བར་བྱ། ཞེས་བྱ་བ་ལ་དེའི་རྗེས་ཐོགས་ལ་འཁྲུ་བ་འབྱུང་བར་འགྱུར་ཞིང་བཀྲུ་སྨན་དྲག་པོས་ཕྱིར་འབྱུང་ཉེ་བར་ཕྱོགས་པར་གྱུར་ན། ཙོག་པུས་དུགས་ལ། བཀྲུ་སྨན་དྲག་པོའི་ཤུགས་བཏང་ཞིང་དོར་བར་བྱའོ ་འོང་དུས་དམ་པ་ཡུད་ཙམ་སྟེ། དེ་ལས་གཞན་དུ་འཆི་བྱེད་ཡིན། ཞེས་བྱ་བ་ལ། བཀྲུ་སྨན་དྲག་པོ་མས་བཏང་བ་དེ་ཕྱིར་འོང་ཞིང་འབྱུང་བའི་དུས་ཀྱི་དམ་པའི་མ་མཆོག་ནི་ཡུད་རྩམ་སྟེ། ཆུ་ཚོད་གཉིས་ཀྱི་ནད་ཡིན་པ་ལས། དེ་ལས་གཞན་ཞིང་འདས ་པའི་དུས་སུ་སྡོད་པར་བྱེད་ན། ནི་དུ་ཧས?་འཆི་བར་འགྱུར་བར་བྱེད་པ་ཡིན་ནོ། །དེ་ལ་བཅོས་པའི་ཐབས་གྱུར་སྣམ། །ཐལ་སྨན་པ་གཅིག་ཁུ་སྐྱུར་སྦྱར། །སྦྱར་བས་སྣམ་དྲོ་རྣོ་བ་ཡི། །མས་བཏང་གཞན་དག་བཏང་བར་བྱ། །ཡང་ན་སྨན་གྱི་རེད ་བུ་དང། །སྡངས་ཤིང་དུགས་ལ་སོགས་པ་བྱ། ཞེས་བྱ་བ་ལ། བཀྲུ་སྨན་དྲག་པོ་མས་བཏང་བ་དེ་ཕྱིར་འོང་བར་མ་གྱུར་པ་ལ་བཅོས་ཤིང་གོས་པའི་ཐབས་ནི་མྱུར་ཞིང་རིངས་བར་མས་བཏང་བ་སྔ་མ་ལས་གཞན་པ་སྣམ་པ་དང་རྣོ་བ་དང ་ངོ་བོའི་མཚན་ཉིད་ཅན་དང། དེ་བཞིན་དུ་ཐུར་དུ་འབྱིན་པར་བྱེད་པའི་སྣུམ་དང། ཐལ་སྨན་རྣོན་པོ་དང། བ་གཅིན་ལ་སོགས་པ་དང་སྦྱར་བདག་ཀྱང་གཞུག་པར་བྱ་ཞིང་བཏང་བར་བྱའོ། །ཡང་ན་དེ་མྱུར་དུ་འཁྲུ་བར་བྱ་བའི་ཕྱིར་སྨན་གྱི་རེང་བུ་མྱུར་དུ་གཞུག་པར་བྱའོ། །དེ་ལ་སྨན ་གྱི་རེང་བུ་ནི་པོ་སོན་ཆའི་འབྲས་བུ་ལས་བྱས་པའོ། །དེ་བཞིན་དུ་སྡངས་ཞིང་སྐྲག་པར་བྱ་བ་དང། དུགས་ལ་སོགས་པའི་རྣམ་པ་ཡང་མྱུར་དུ་དབྱུང་བར་བྱ་བའི་ཕྱིར་བྱའོ། །རང་ཉིད་འོང?་བར་འགྱུར་ན་ནི། མས་བཏང་གཉིས་པ་བཏང་བའམ། །ལན་གསུམ ་ལན་བཞིའི་པར་དུ་སྟེ། ཇི་སྲིད་ལེགས་པར་གྱུར་པར་བཏང། ཞེས་བྱ་བ་ལ། དེ་རང་ཉིད་འོང་ཞིང་མས་བཏང་བ་གཅིག་སླར་ལོག་པར་གྱུར་ན། མས་བཏང་བ་གཉིས་པ་བྱ་བ་དང། དེ་བཞིན་དུ་ལན་གསུམ་པ་འམ། ལན་བཞི་བའི་བར་དུ་ཡང་བཏང ་བར་བྱའོ། །ཡང་ཇི་སྲིད་ལེགས་པར་འཁྲུ་བར་འགྱུར་བའི་བར་དུ་བཏང་སྟེ། གྲངས་ངེས་པར་ཆད་པ་མེད་དེ། མས་བཏང་བ་དེ་དག་ཙམ་དུ་མ་ཟད་ཀྱི་བཀྲུ་སྨན་དྲག་པོ་ལེགས་པར་འབྱུང་བའི་མཚན་ཉིད་བསྐྱེད་པར་བྱའི་ཕྱིར་མང་པོ་ཡང་བཏང ་བར་བྱ་བ་ཡིན་ནོ། །དེ་ཡི་སྦྱོར་སོགས་བཀྲུ་སྨན་དང། འདྲ་བར་ཤེས་བྱ། ཞེས་བྱ་བ་ལ། བཀྲུ?་སྨན་དྲག་པོས་མས་བཏང་བ་དེའི་རྗེས་ལ་བཀྲུ་སྨན་གྱི་སྦྱོར་བ་ལེགས་པ་དང། སྦྱོར་བ་ཉེས་པ་དང། སྦྱོར་བ་དྲགས་པོ་ལ་སོགས་པའི་མཚན་ཉིད་ཇི་ལྟ་པ་བཞིན་དུ་བཀྲུ ་སྨན་དྲག་པོ་མས་བཏང་བའི་སྦྱོར་བ་འདི་ལ་ཡང་དེ་དང་འདྲ་པར་ཤེས་པར་བྱའོ། །སྦྱོར་བ་ཉེས་པ་ལས་སྙིང་དང་སྟོབས་དག་པ་དང། ཡིག་འཆུས་པ་ལ་སོགས་པ་ཡིན་ལ། སྦྱོར་བ་ལེགས་པ་ལས་ཇི་སྐད་བཤད་པའི་སྐྱོན་མེད་པ་ལ་སོགས་པའོ། ་སྦྱོར་བ་དྲགས་པ་ནི་བད་ཀན་དད། མཁྲིས་པ་དང། བཤད་གཅི་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །སྦྱོར་ལེགས་ན། ཆུ་དྲོན་འཇམ་པོས་བཀྲུས་ནས་ནི། །ཤ་ཁུ་འབྲས་ཆན་ཉུང་ཟད་སྦྱིན། ཞེས་བྱ་བ་ལ་ཡང་དག་པའི་སྦྱོར་བ་འམ། ་རང་བཞིན་མེད་པ་ཉིད་ཀྱི་དོན་མེད་པ་ཡིན་པའི་ཕྱིར་རོ། །འོ་ན་ད་ནི་འཇིག་པའི་ཤེས་པའི་རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན། གྱོ་མོ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་བའི་ཚོགས་ནི་སྣང་བ་འདུས་པའོ། །སོགས་པའི་སྒྲས་ནི་འོད་ལ་སོགས་པའི་ཚོགས ་བཟུང་ངོ། །ཁྱད་མེད་རྟག་མིན་མི་རྟག་མིན། །དངོས་ཏེ་དེང་ལ་མི་འགྲུབ་བོ། །ཞེས་གང་སྨྲས་པ་དེ་ལ་དོན་གྱི་རང་གི་ངོ་བོ་གཅིག། ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་མི་རྟག་པ་ཉིད་དཔྱད་བྱ་ཞེས་བྱ་བ་ལ་སོགས་པ་ལ། དེའི་གནས་སྐབས་དོར་ཙམ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་གནས་སྐབས་བཀག་པ་ཉིད་མི་རྟག་པར་བསྒྲུབ་པར་འདོད་དེ། དེ་ལ་ཡང་སྒྲོན་མ་ལ་སོགས་དཔེར་བརྗོད་པ་ནི་བསྒྲུབ་བྱ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་གང་ལས་དཔེ་བསྒྲུབ་བྱ་མེད་པ་ཡིན་ན། སྐད་ཅིག་རེ་རེ་ཞེས་བྱ་བ་ལ་སོགས ་པས་གཞན་གྱི་ལུགས་ཀྱི་སྒྲོན་མ་ལ་སོགས་པ་ལ་ཡང་དཔེ་བསྒྲུབ་བྱ་མཚད་པ་ཉིད་དུ་དོགས་པར་བྱེད་དེ། ད་ལ་མེ་ལྕེ་ལ་སོགས་པའི་ཆ་ཤས་རྣམས་མྱུར་བ་མྱུར་པར་ཡུལ་གཞན་དུ་འགྲོ་བ་ཡིན་གྱི། སྐད་ཅིག་རེ་རེ་ལ་འཇུག་པའི་དང་ཅན་ནི་མ ་ཡིན་ནོ། །ཅི་སྟེ་ཐམས་ཅད་ཅིག་ཅར་ཅིའི་ཕྱིར་མི་འགྲོ་ཞེ་ན། ཡན་ལག་ཕྱི་མས་ལམ་བཀག་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་འགྲོ་ན་དེ་དང་ཉེ་བ་དང་གནས་པའི་རྩཝ་དང་རས་བལ་ལ་སོགས་པའི་ཅིའི་ཕྱིར་སྲེག་པར་མི་བྱེད་ཅེ་ན། ་དེས་ན་འདི་དག་འགྲོ་ན་ཡང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུས་པའི་གནས་སྐབས་ཉིད་ན་ནུས་པ་རྙེད་པ་ཡིན་ཀྱི་སིལ་བུའི་གནས་སྐབས་ན་ནི་མ་ཡིན་ནོ་སྙམ་དུ་བསམས་པ་མ་ཡིན་ནོ་འདི་ནི་བརྟགས་པ་ཙམ་ཞེས་བྱ་བ་ལ་སོགས་པས ་ལན་འདེབས་པར་བྱེད་དེ་བརྟགས་པ་འདི་ཡང་དཔེ་བསྒྲུབ་པར་བྱ་བ་མཚང་བ་ཡིན་ཏེ། འདི་ལྟར་དེའི་གནས་སྐབས་དགག་པ་ཙམ་གྱིས་མི་རྟག་པ་ཉིད་དུ་འདོད་དེ་ཞེས་བརྗོད་ལ་སྒྲོན་མ་ལ་སོགས་པ་ལ་དེའི་གནས་སྐབས་ཉིད་མེད་པའི་ཕྱིར་གང་ལས་བསྒྲུབ ་བར་བྱ་བ་མ་ཚང་བ་ཉིད་ཡིན། དེ་ལྟ་ན་ཡང་ཁས་བླངས་པས་ཉེས་པ་འཆད་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ནུས་པ་མ་ཉམས་པའི་ཞེས་བྱ་བ་ནི་མེ་ལྕེ་ལ་སོགས་པའི་ཡན་ལག་རྣམས་སོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཉམས་པའི་གནས་སྐབས་བཞིན་ཏེ། ཁྱད་པར་མེད ་པའི་ཕྱིར་རོ། །ཅི་སྟེ་ཁྱད་པར་ཁས་ལེན་པར་བྱེད་ན་དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་བཟློག་པར་དཀའ་ཨོ་ཞེས་བྱ་བ་ནི་གཞན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། གོ་བར་ཟད་དོ། །འབྲེལ་པ་མི་བྱེད་པར་རིགས་ཕྱིར། །དག་ནི་རྟག་པ་ཉིད་བརྗོད་བྱ། ཞེས་གང་སྨྲས ་པ་དེ་ལ། འབྲེལ་པ་མི་བྱེད་རིགས་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། གང་ཞིག་ཁྱོད་ཀྱིས་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཁྱེད་ཀྱི་ལུགས་ཀྱིས་དག་ནི་སྲིད་པ་མོ་ཡིན་ནོ་སྙམ་དུ་སེམས་པ་ན། དག་རྣམ་པར་དཔྱད་པར་བྱ་བའི་ཕྱིར་ཇི་ལྟར་དག་ནི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། རེས་འགལ་ཁྱད་པར་མེད་པའི་ཡི་གེ་ཙམ་ཉིད་དག་ཏུ་འགྱུར་རམ། ཡང་ན་ཡི་གེ་ཉིད་ཁྱད་པར་ཅན་གྱི་རིམ་པས་འཇུག་པས་དག་ཡིན་ནམ། རྣམ་པ་གཅིག་ཏུ་ན་གསལ་བ། ཞེས་བྱ་བའི་ཡི་གེ་དག་ལས་ཐ་དད་པ་དག་ཉིད་ཡིན་ཞེས་བྱ་བ་ཕྱོགས ་རྣམ་པ་གསུམ་མོ། །དེ་ལ་ཕྱོགས་དང་པོ་ལ་སྐྱོན་འཆད་པ་ནི་རིམ་པས་སྟོང་པའི་ཡི་གེ་ལ་སོགས་ཞེས་བྱ་བ་ལ་སོགས་པའོ། །ཕྱོགས་གཉིས་པ་ལ་ཡང། འདི་དག་ལ་ནི་རིམ་པའང་མེད། ཅེས་བྱ་བ་སྨོས་ཏེ། འདི་ལྟར་དངོས་པོ་རྣམས་ཀྱི་རིམ་པ་ནི་རྣམ་པ་གཉིས། གྲོག་མ ་དང་ཡི་གེ་འབྲུ་ལ་སོགས་པ་བཞིན་དུ་ཡུལ་གྱིས་བྱས་པའམ། དུས་ཀྱིས་བྱས་བ་སྟེ། དཔེར་ན་ས་བོན་དང་ཆུ་དང་མྱུ་གུ་དང་སྡོང་བུ་དང་མེ་ཏོག་དང། འབྲས་བུ་ལ་སོགས་པ་ལྟ་བུ་ཡིན། རེ་ཞིག་ཡི་གེ་རྣམས་ཀྱི་རིམ་པ་དང་པོ་སྲིད་པ་མ་ཡིན་ཏེ། ཁྱབ་པའི་ཕྱིར་ཏེ ་ཡི་གེ་རྣམས་ནི་ཐམས་ཅད་དུ་སོང་བ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་བཞིན་དུ་ཡུལ་ཐམས་ཅད་དུ་ཁྱབ་པར་གནས་པ་ལ་ནི། ཡུལ་རྣམ་པར་ཆད་པས་བྱས་པའི་རིམ་པ་རིགས་པ་མ་ཡིན་ཏེ། ཐམས་ཅད་ནམ་མཁའ་ཨི་ཡུལ་གཅིག་ཏུ་གནས་པའི་?་ཕྱིར་རོ། །རྟག་པ ་ཉིད་ཀྱིས་ཐམས་ཅད་དུས་མཚུངས་པའི་ཕྱིར་དུས་ཀྱིས་བྱས་པ་ཡང་མ་ཡིན་ན་གཞན་ཡང་རིམ་པ་སྐྱེས་བུས་བྱས་བ་ཡིན་ནམ། རང་བཞིན་གྱིས་བྱུང་བ་ཡིན། །རེ་ཞིག་སྐྱེས་བུས་བྱས་པ་ནི་མི་འདོད་དེ། རིག་བྱེད་སྐྱེས་བུས་མ་བྱས་པའི་ཕྱིར་རོ། ་ཅི་སྟེ་རང་བཞིན་གྱིས་ཁྱད་པ་ཡིན་ན་དེའི་ཚེ་རྟག་ཏུ་འཚོ་ཞེས་བྱ་བ་ཁོ་ནར་འགྱུར་གྱི་ནམ་ཡ་?་ཞེས་བྱ་བ་ནི་མ་ཡིན་ནོ། །ངོ་ཤེས་བས་ཡི་གེ་རྣམས་རྟག་པ་གཅིག་བུ་ཉིད་དུ་གྲུབ་པའི་ཕྱིར་ཡི་གེ་རྣམས་ཚིགས་སོ་སོ་ལ་ཐ་དད་བར་ཁས་ལན་པས་མཚོན ་ཏེ། དེ་ལྟ་མ་ཡིན་ན་ངོ་ཤེས་པར་འཁྲུལ་བ་ཉིད་དུ་འགྱུར་རོ། །ཡང་ཅི་སྟེ་འོ་ན་དག་གི་རིམ་པ་མངོན་པར་གསལ་བར་འགྱུར་རོ་སྙམ་ན་གསལ་བའི་རིམ་?་དག་མིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་གི་སྦྲ་ལས་ཡི་གེ་ལས་ཐ་དད་པའི་གསལ་བ་ཞེས ་བྱ་བ་ཡང་དག་པ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། དེ་ནི་དཔྱོད་པ་རྣམས་ཀྱིས་བསལ་ཟིན་པའི་ཕྱིར་སྙམ་དུ་བསམས་བ་ཡིན་ནོ། །རྟག་པའི་གསལ་བ་བཀག་ཕྱིར་ཞེས་བྱ་བ་ནི་རྟག་པའི་གསལ་བ་ནི་བཀའ་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མཐོང་དོན ་ཐ་སྙད་དུ་བྱེད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཇི་ལྟར་སྤེལ་ལ་སོགས་པ་སྨྲ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པས་བཀོད་པའི་དོན་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་?། སྐྱེས་བུས་འཕྲལ་བྱས་བ་སྟེ་སྔ་ན ་མེད་པར་རང་ཤེས་ཀྱིས་བྱས་པ་བུ་མོ་དཀར་མོ་ཆེན་མོ་ལ་སོགས་པའི་གཏམ་རྒྱུད་གང་ཡིན་པ་དེ་ཉིད་ཀྱི་ངོ་བོ་སྟེ་རང་བཞིན་ཟློས་གར་དང་?་རྒྱུད་ལ་སོགས་པ་གང་དག་ལ་ཡོད་པ་དེ་དག་ལ་གོ?་སྐད་ཅེས་བྱའོ། །དེ་དག་ལ་སྒྲ་དང་དོན་ཞེས ་བྱ་བའི་ནུས་པའི་མཚན་ཉིད་ཅན་གྱི་བརྗོད་པར་འདོད་པའི་འབྲེས་པ་བརྟག་པ་ཡོད་པ་ཡང་མ་ཡིན་པ་དེ་བཞིན་དུ་རིག་བྱེད་ལ་ཡང་སྲིད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་པ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས ་ཀྱི་དཔེ་མ་གྲུབ་པ་ཉིད་དོགས་པ་ཡིན་ཏེ། འཕུལ་ལ་བྱས་པའི་གཏན་རྒྱུད་ལ་སོགས་པ་དེ་ལ་ཡང་རླུངས?་བ་རྟག་པ་ཉིད་དུ་འདོད་པ་ཁོ་ན་སྟེ། འོན་ཀྱང་མེད་པའི་དོན་ལ་ངེས་པར་སྦྱོར་བ་སྐྱེས་བུས་བྱས་པ་གང་ཡིན་པ་དེ་ནི་མི་རྟག་སྟེ། དེའི་དབང་གིས་ནུས་པ་ལ་མི ་རྟག་པ་ཉིད་རྟོགས་པའི་འཁྲུལ་པ་ཡིན་ནོ། །དེ་ལྟ་བས་ན་དཔེ་མ་གྲུབ་པ་ཡིན་ནོ་ཞེ་ན། དེ་ལ་ཕྱི་རོལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཕྱི་རོལ་ཞེས་བྱ་བ་ནི་བུ་མོ་དཀར་མོ་ཆེན་མོ་ལ་སོགས་པའི་དོན་ནོ། །གང་ཕྱིར་མཐོ་རིས་མཆོང ་སྦྱིན་སོགས། །དབང་འདུས། འབྲེལ་པ་སུ་ཡིས་མཐོང། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དབང་པོ་ལས་འདས་དོན་འབྲེལ་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རིག་བྱེད་ཀི་དོན་ཤེས་པར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེས་བུ་ལ ་བརྟེན་པའི་བཤད་པ་ཉིད་ལས་ཤེས་ཁྱེད་ཅག་རང་ཉིད་ཀྱིས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །འདི་ལྟར་རེ་ཞིག་དོན་ལ་བརྟེན་པའི་ནུས་པ་འདི་ཐམས་ཅད་རང་བཞིན་གྱིས་དབང་པོ་ལས་འདས་པ་ཡིན་ཏེ། དེ་ལྟ་ཡིན་དང་ནུས་པ་དབང་པོ་ལས་འདས་པ ་ཡིན་པ་ནི་སྒྲའི་ངེས་པར་སྦྱོར་བ་སྐྱེས་བུས་བྱས་པ་མ་ཡིན་ལ། ཐམས་ཅད་མངོན་པར་མི་ཤེས་པ་ཡིན་པའི་ཕྱིར་ལོང་བ་རྣམས་ཀྱིས་ཚིག་ལས་གཟུགས་ཀྱི་ཁྱད་པར་རྟོགས་པ་དེ་བཞིན་དུ་དེའི་རྟོགས་པ་རྒན་པོ་དག་ལས་འབྱུང ་བ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་ཤུགས་ཀྱིས་དོན་རྟོགས་པ་འདི་སྐྱེས་བུའི་བཤད་པ་ཉིད་ལས་རྣམ་པར་གནས་པ་ཡིན་ཏེ། གོ་སྐབས་གཞན་མང་པའི་ཕྱིར་རོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །འོན་ཏེ ་བརྒལ་ཞིང་བརྟག་པ་འདི། ཞེས་བྱ་བ་ལ་སོགས་པས་གཞན་དག་རྩོད་པར་བྱེད་དོ། །འོན་ཏེ་འདི་ནི་སྐྱེས་བུས་བྱས་པའི་ལུང་དག་ལ་ཡང་མཚུངས་ཏེ། འདི་ལྟར་ད་ལྟར་བ་རྣམས་ཀྱི་སྤྱི་ལྐོག ་ཏུ་གྱུར་པའི་སྟོན་པ་པོ་སངས་རྒྱས་ལ་སོགས་པའི་དོན་ཚིག་རྣམས་ཀྱི་དོན་བསམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དམ། འོན་ཀྱང་ཕྱིན་ཅི་ལོག་ཏུ་ཡིན་ཞེས་བྱ་བའོ། །མ་ཡིན་དེ་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། དེ་ལ་ཞེས ་བྱ་བ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་དོར་བར་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་སྐྱེས་བུས་ཉེ་བར་བསྟན་པ་ལ་སྟེ། འདི་ལྟར་དེ་ལ་རིགས་པ་ཉིད་རྗེས་སུ་མྱོང་བར་བྱེད་པའི་བློ་བཟང་བདེ་བར་གཤེགས་པ་དག་རབ་ཏུ་འཇུག་གིས། གྲགས་པ ་ཙམ་གྱིས་ནི་མ་ཡིན་ནོ། །དད་པས་ཞེས་བྱ་བ་ནི་མངོན་པར་ཡིད་ཆེས་པ་སྟེ་རིགས་པ་སེམས་པ་ལས་སྐྱེས་པའི་ངེས་པའི་ཞེས་བྱ་བའི་ཐ་ཚིག་གོ། ཚད་མས་གྲུབ་པའི་དོན་ཁོ་ན་ལ་ཡིད་མངོན་པར་ཆེས་པར་རིག་པའི་ཕྱིར་གཞན་དུ་ནི་མ་ཡིན་ཏེ་དེ་ལ་ཐེ་ཚོམ་མ་ལོག ་པའི་ཕྱིར་ཏེ། དོན་མེད་པའི་ཐེ་ཚོམ་མ་ལོག་པའི་ཕྱིར་རོ། །དོན་ལ་ཐེ་ཚོམ་གྱིས་ཞེས་བྱ་བ་ནི་སྔ་ན་མེད་པའི་མཐོ་རིས་དང་ལྟ་ལ་སོགས་པ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཏོ། འདི་ལྟར་དེ་ལ་སྐྱེས་བུས་བྱས་པའི་ཚིག་ལ་སྐྱེས་བུ་རང་ཉིད་ཀྱི་བསམ་པ་བརྟན་པ་ཕྱིན་ཅི་ལོག་པཱི ་གདམས་ངག་སྲིད་པའི་ཕྱིར་རོ། །ཉན་པ་པོའི་རྒྱུད་པ་ཡང་རྒྱུན་མ་ཆད་པ་ན་གདམས་ངག་ཡང་དག་པ་སྲིད་པ་ཡིན་གྱི་དེ་ལྟར་སྐྱེས་བུས་མ་བྱས་པ་ལ་ནི་མ་ཡིན་ཏེ། དེ་ལ་སྟོན་པ་པོ་མེད་པའི་ཕྱིར་རོ། །གཞན་ཡང་སྟོན་བ་པོ་བརྩེ་བས་འཇིག་རྟེན་གྱིས་ཤེས་པར་བྱ་བའི་ཕྱིར ་སྨྲ་བ་ན་འཇིག་རྟེན་གྱི་བརྡ་ཉིད་ཀྱི་རྗེས་སུ་འབྲེངས་ནས་སྨྲ་བས། དེའི་ཕྱིར་འཇིག་རྟེན་ལ་གྲགས་པ་ལས་ཀྱང་དོན་དེ་འགྲུབ་པར་འགྱུར་གྱི་དེ་ལ་འདོད་པ་མེད་པའི་ཕྱིར་སྐྱེས་བུས་མ་བྱས་པས་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཁྱེད་ཅག་ལུང་གང་ཡང་རུང་བས་འཇུག ་པར་མི་འགྱུར་ཏེ། ཐམས་ཅད་དུ་ཐེ་ཚོམ་ཟ་བར་མཚུངས་པའི་ཕྱིར་རོ། །ཞེས་བྱ་བའི་ཀླན་ཀ་འདི་བསལ་བར་བྱ་བའི་ཕྱིར། མངོན་སུམ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ཐེ་ཚོམ་ཟ་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མངོན་པར་འདོད་པའི ་དོན་དེ་ལྟ་བུ་ཡིན་པ་མི་འགལ་བ་ངེས་འཇུག་པ་ན་མཛེས་པ་ཡིན་གྱི་གང་དེ་ལྟ་བུ་མ་ཡིན་པའི་མི་སྣང་བ་དེ་ལ་ཚད་མའི་སྟོབས་ཀྱིས་ནི་མ་ཡིན་ཏེ། དོན་དུ་མི་འགྱུར་བའི་ཐེ་ཚོམ་ཙམ་སྐྱེ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རིག་བྱེད་ལ་ཡང་རིགས་པ་འདིས་འཇུག་པར་འགྱུར་རོ་ཞེ་ན། ་རིག་བྱེད་སྒྲ་ལ་དེ་ལྟ་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལས་རྟོགས་ཞེས་བྱ་བ་ནི་རང་ཉིད་ཀྱི་ཚད་མར་གྱུར་བ་ཞེས་བྱ་བའི་དོན་ཏོ། །དེས་ན་ཚད་མས་བརྟགས་ནས་དེ་ལ་འཇུག་པར་རིགས་པ་མ་ཡིན་ཏེ། གཞན་ལས་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེས ་ནི་ཡུལ་གཉིས་རྣམ་པར་དག་པ་སྲིད་པ་ཡང་མ་ཡིན་ཏེ། འདི་ལྟར་རིག་བྱེད་དུ་སྔ་མ་དང་ཕྱི་མའི་ངོ་བོ་འཆི་འཕོ་བ་དང་སྐྱེ་བའི་ངོ་བོ་ཅན་གྱི་གང་ཟག་ནི་རིམ་གྱིས་བྱེད་པ་པོ་ཡིན་གྱི། ལས་དང་འབྲས་བུ་ལ་ལོངས་སྤྱོད་པ་ཡིན་ནོ་ཞེས་རིག་བྱེད་ལས་འདོན་པ་ཡིན་ལ་དེ ་ཡང་རིགས་པ་མ་ཡིན་ནོ་ཞེས་བདག་བརྟག་པར་བཤད་ཟིན་ཏོ། །དེ་བཞིན་དུ་དངོས་པོ་འགའ་ཞིག་རྟག་པ་ཉིད་དུ་འདོན་པ་དེ་ཡང་བརྟན་པའི་དངོས་པོ་རྟག་པར་མི་རིགས་པ་ཉིད་དུ་བསྟན་ཟིན་ཏོ། །དེ་བཞིན་དུ་སྤྱི་ལ་སོགས་པ་མངོན་སུམ་མ་ཡིན་པ་ཡང་མངོན་སུམ་ཉིད་དུ ་འདོད་པ་དང། དེ་བཞིན་དུ་རིམ་གྱིས་སྐྱེ་བ་དད་གནས་པ་དང་འཇིག་པ་རྣམས་དངོས་པོ་ལ་མི་སྲིད་པ་ཡང་བསྟན་པ་དང། དེ་བཞིན་དུ་ཁྱད་པར་དུ་བྱར་མེད་པ་སྦར་བྱེད་པ་ངོ་མོ་ཡིན་པ་གཞན་ལ་བལྟོས་ནས་སྐྱེད་པར་བྱེད་པ་ཉིད་དང། དེ་བཞིན་དུ་གྲུབ་ཟིན་པ་བྱ་བ་མ་ཡིན ་བ་ཡང་གཞན་ལ་བརྟེན་ནས་གནས་པ་བསྟན་པ་དང། དེ་བཞིན་དུ་རྒྱུས་འཇིག་པ་ཞེས་བྱ་བ་ལ་སོགས་པ་ཚད་མ་དང་འགལ་བ་རྣམ་པ་མང་པོ་དམིགས་ན། དེ་ཇི་ལྟར་དེ་ལྟ་བུར་གྱུར་པའི་ལུང་གི་རྟོག་པ་དད་ལྡན་པ་འཇུག་པར་འགྱུར། གང་ཡང་གཞོན་ནུ་མ་ལེན ་གྱིས། འབྲེལ་པ་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་གཞན་སྨྲས་པ་དེ་ནི་འཕྲལ་ལ་བྱས་པའི་གཏམ་རྒྱུད་ཀྱི་ངོ་བོ་ཟློས་གར་ལ་སོགས། །པས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཕྲལ་བཅས་དོན་ཅན་གཏམ་རྒྱུད་ཆོས། །ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རྟགས་པའི་དོན་གཏམ་རྒྱུད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་ནི་འཕྲལ་བྱས་པའི་དོན་ཡང་ཡིན་ལ་གཏམ་རྒྱུད་ཀྱང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ཆོས་ནི་འདོད་པས་བཀོད་པའི་དོན་ཉིད་དོ། །དེས ་ཅི་ཞིག་བརྗོད་པ་ཡིན་ཞེ་ན། སྒྲ་དོན་ཐོག་མ་མེད་རྟོགས་པ། །ཞེས་བྱ་བ་སྨོས་ཏེ་སྒྲ་ནི་ཡི་གེའི་རང་བཞིན་ནོ། །དེའི་དོན་ནི་ཅི་སྟེ་དེ་དག་ཐོག་མ་མེད་པ་ཡིན་པའི་ཕྱིར་ནུས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཐོག་མ་མེད་པ་ཉིད་ཡིན་ཏེ། ནུས་པ་ལས་དངོས་པོ་ཐ་མི ་དང་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་བཞིན་དུ་འབྲེལ་པ་བྱེད་པའི་ཐབས་མེད་པའི་ཕྱིར་འབྲེལ་པ་མི་བྱེད་པར་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བྱེད་པའི་ཐབས་དང་བྲལ་བ་དེ་ནི་དེ་བྱེད་པ་མ་ཡིན་ཏེ། དཔེར་ན་འཇི་བ་དང་དབྱུག་གུ་དང ་འཁོར་ལ་དང་ཆུ་དང་སྐུད་པ་ལ་སོགས་པའི་རྒྱུའི་ཚོགས་པ་མེད་པའི་རྫ་མཁན་གྱི་བུམ་པ་བཞིན་ནོ། སྐྱེས་བུས་ཐམས་ཅད་ཀྱང་འབྲེལ་པ་བྱེད་པའི་ཐབས་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ ་ཡིན་ནོ། །ཉན་པ་པོ་ལ་འབྲེལ་པ་མེད་ན། སྨྲ་བ་པོ་ཡིས་གང་ཞིག་རྟོགས། །ཞེས་བྱ་བ་ལ་སོགས་པས་སྐྱེས་བུས་ཐམས་ཅད་ཐབས་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རྒྱུ་བཞིན་དུ་འབྲེལ་པ་བརྗོད་པ་མེད་པར་རྗེས་སུ་དཔག་པས ་འགལ་བར་འགྱུར་རོ། །ཞེ་ན་མ་བསྟན་པའི་རྗེས་སུ་དཔག་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བསྟན་པའི་རྗེས་སུ་དཔོག་པའི་གཏན་ཚིག་ཐབས་དང་བྲལ་བའི་ཕྱིར་ཞེས་བྱ་བ་འདི་མ་གྲུབ་བ་ཡིན་ནོ། །རྒན་པོ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས ་མ་གྲུབ་པ་དེ་ཉིད་སྟོན་པ་ཡིན་ཏེ། གང་?་རྒན་པོ་རྣམས་ཀྱི་འབྲེལ་པ་རྟོགས་པ་ཡང་ནས་ཡང་དུ་མཐོང་བ་དེ་ཉིད་འབྲེལ་པ་སྟོན་པའི་ཐབས་ཡིན་ནོ། །གང་གི་ཕྱིར་མ་རྟོགས་པར་ནི་གཞན་ལ་སྟོན་པར་ནུས་པ་མ་ཡིན་ནོ། རྟོགས་པ་ལས་ཞེས ་བྱ་བ་ནི་འབྲེལ་པ་རྟོགས་པ་ལའོ། །དེ་ནི་ཉམས་ཞེས་བྱ་བ་ནི་ཐབས་ཉམས་པའོ། །དེ་ལྟར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། རེ་ཞིག་སྒྲ་དོན་ཐུག?་མ་མེད། །ཅེས་བྱ་བ་ལ་སོགས་པས་གང་སྨྲས་པ་དེ་ལ་གལ་ཏེ་སྒྲ་དང་དོན་དག་གི་ཐོག་མ་མེད་པ་ཉིད་རྟག ་པ་ཉིད་དུ་མངོན་པར་འདོན་ན་དེ་མ་གྲུབ་སྟེ། ཁྱབ་པར་བྱེད་པའི་སྐད་ཅིག་མ་འཇིག་པར་བསྒྲུབས་ཟིན་པའི་ཕྱིར་རོ། །ཅི་སྟེ་རྒྱུ་དང་འབྲས་བུ་བརྒྱུད་པ་ཡིན་ན་མེའི་ཚེ་མ་ངེས་པ་ཉིད་ད?་འགལ་བ་ཉིད་ཡིན་ཏེ། འབྲེལ་པ་ཅན་དག་ལས་འབྲེལ་པ་ཐ་མི་དད་པའི་ཕྱིར་དེ་དང་མི་འདྲ་བ ་མི་རྟག་པ་ཉིད་དུ་ལ་བར་འགྱུར་བའི་ཕྱིར་རོ། །ཐབས་དང་བལ་བ་ཉིད་ཀྱིས་ནི། ཞེས་གང་སྨྲས་པ་དེ་ཡང་མ་གྲུབ་སྟེ། གང་གི་ཕྱིར་ཐ་དད་ན་ཡང་?་ཁ་ཅིག་རང་བཞིན་གྱི་མིག་ལ་སོགས་པ་བཞིན་དུ་རྣམ་པ་གཅིག་ཏུ་རྟོག་པ་སྐྱེས་པར་བྱེད་པ་ལ་ནུས་པ་ཡིན་ནོ་ཞེས་བསྟན་ཟིན ་ཏེ། དེ་ལྟ་ཡིན་དང་སྨྲ་བ་ལ་དང་ཉན་པ་པོ་དག་གི་དོན་གཅིག་ཏུ་ངེས་པའི་ཤེས་པ་འབྲེལ་པ་འཛིན་པ་ཐབས་ཡིན་ཞེས་དགོངས་པའོ། །གང་ཡང་རྒན་པོ་རྣམས་ཀྱིས་ཡང་ནས་ཡང་དུ་རྟོགས་བཞིན་པ་ནི་ཐབས་ཡིན་ཞེས་སྨྲས་པ་དེ་ལ་ཡང་རྒན་པོ་དག་ལས་དོན་རྟོགས་མི་མ་།དེ ་དག་ཀྱང་ནི་རང་ཉིད་ལས། །མི་ཤེས་གནས་ཏེ་ཞེས་བསྟན་ཟིན་ཏོ། །དེ་ལྟ་མིན་ན་ཉམས་ཞེས་བྱ་བ་ནི་གལ་ཏེ་རྒན་པ་རང་ཉིད་མི་ཤེས་པ་ཡིན་ན་ཡང་འབྲེལ་བ་རྟོགས་པར་བྱེད་དོ་ཞེས་འདོན་ན་དེའི་ཚེ་མཐོང་བ་དང་འགལ་ཏེ། ལང་བ་གཟུགས་མཐོང་བར་དམ་འཆར་བཞིན་ཞེས་བྱ་བའི ་དོན་ཏོ། །འདུས་པ་ཉིད་ལའང་འདི་འདྲ་བའོ། །སྒྲུབ་བྱེད་བཞིན་ན་བརྗོད་པར་བྱ། ཞེས་གང་སྨྲས་པ་འདི་ལ། ཐམས་ཅད་བསྡུས་པའི་ཁྱབ་པ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་བསྡུས་པའི་ཁྱབ་པ་གྲུབ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ ་ནི་དེ་ཉིད་དོ། །འདིས་ནི་འདི་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཉིད་ཡིན་པར་བསྟན་ཏེ། གཞན་ལ་ནི་ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་རང་བཞིན་གཞན་དུ་བྱ་བར་མི་ནུས་པ་དེ་ཉིད་ཀྱི་ཕྱིར་དངོས་པོའི་སྟོབས་ཀྱིས་ ་ཞུགས་པའི་རྗེས་དཔག་པ་ཟློག་བསྒྲུབ་པར་བྱེད་པ་མི་སྲིད་ལ་ཕན་ཚུན་འགལ་བའི་རང་བཞིན་གཉིས་གཅིག་ལ་སྲིད་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་བ་དེ ་ཉིད་བསྟན་བའི་ཕྱིར། །དོན་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་འདུས་པ་ཉིད་དུ་བསྟན་ཏེ། ཡི་གེ་རྣམས་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་འདི་ཐམས་ཅད་མི་འཐོད་དོ་ཞེས་བསྟན་ཟིན་ཏོ། །ངེས་ན་ཁྱབ་པ་གྲུབ་པ་འོན་ཏེ་རིག་བྱེད ་འདོན་བར་བརྗོད་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིའི་ཁྱབ་པ་ཐམས་ཅད་ཉེ་བར་བསྡུས་ནས་གྲུབ་པ་མ་ཡིན་ནམ། འདི་ལྟར་རིག་བྱེད་རྣམས་ཀྱི་བྱེད་པ་པོ་ནི་ནམ་ཡང་དམིགས་པ་མ་ཡི་ནོ་ཞེ་ན། རིག་བྱང?་འདོན་པའི་བརྗོད་བྱ་ལ་།ཞེས་བྱ ་ལ་སོགས་བ་སྨོས་ཏེ། དེ་ལྟར་ཁྱབ་པ་ངེས་མ་ཡིན། ཞེས་བྱ་བ་ནི་འདུས་པ་ཉིད་བཞན་དུའོ། །གང་གི་ཕྱིར་འདུས་པ་ཉིད་ཀྱི་བསྒྲུབ་བྱ་ལས་ཟློག་པ་ལ་ཐེ་ཚོམ་ཟབ་མ་ཡིན་གྱི་འདི་ནི་ཐེ་ཚོམ་ཟ་བ་ཡིན་ནོ། །འདི་ཉིད་སྟོན་བ་ནི་རྣམ་པ་དེ་ལྟ་ཞེས་བྱ་བ་ལ་སོག ་པ་སྟེ་རྣམ་པ་དེ་ལྟ་ཞེས་བྱ་བ་ནི། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱ་བ་ལ་སོགས་བའོ། །རྣམ་པ་དེ་ལྟ་བུའི་ཡི་གེའི་རིམ་པ་གལ་ཏེ་སྐྱེས་བུ་ཐམས་ཅད་ཀྱིས་བྱ་བར་ནུས་པ་མེད་བར་ངེས་པར་བྱ་བ་ཡིན་ན་དེའི་ཁྱབ་པ་ངེས་བར་འགྱུར་རོ། །གང་གི་ཕྱིར ་ཐམས་ཅད་མཁྱེན་པ་མ་ཡིན་བས་དེ་ཉིད་ངེས་བར་ནུས་པ་མ་ཡིན་ནོ་ཞེ་ན། སྐྱེས་བུ་མ་ལུས་པ་ཡི་ཆོས། །ཞེས་བྱ་བ་ལ་སོགས་པ་སྨས་ཏེ། འདོ་ནི་ཞེས་བྱ་བ་ནི་ངེས་པ་ངེས་པའོ། །འོན་ཏེ་ཆོས་ལ་སོགས་པའི་ཉེ་བར་བསྟན་བ་ལ་གླགས་ལྟ་བ་ཉིད་ལ ་སོགས་པ་རིག་བྱེད་ཀྱི་ཆོས་རྣམས་ནི་སྐྱེས་བུས་བྱས་བའི་ཆོས་མ་མཐོང་བའི་ཕྱིར་རིག་བྱེད་སྐྱེས་བུས་བྱས་པ་མི་སྲིད་པ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་ཐེ་ཚོམ་བའི་མ་གྲུབ་པར་འགྱུར་ཞེས་དོགས་པ་ལ། རིག་བྱེད་སྐྱེས་བུས་ཞེས་བྱ་ལ་སོགས་བ་ཟློས་ཏེ་འདི ་སྙམ་དུ་གལ་ཏོ་མཐོང་བ་ཙམ་ནི་ཚད་མ་མ་ཡིན་པའི་ཕྱིར་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཁོ་ན་སྟེ། རེས་འགའ་ལ་ལར་སྐྱེས་བུས་རྣམས་རྣམ་པ་དེ་ལྟ་བུའི་རིག་བྱེད་ཀྱི་ཆོས་རྣམས་ཀྱི་བྱེད་པ་པོར་འགྱུར་བ་ཡིན་ནོ་སྙམ་ན། མ་མཐོང་བ་ཙམ་ནི་གྲུབ་པ་ཡང་མ་ཡིན་ཏེ། རིག་བྱེད་ཀྱི་འདོད ་པས་ལོག་པར་གཡེམ་པ་ནི་འདོད་པ་ལོག་པར་སྤྱོད་པ་སྟེ་མ་ལ་སོགས་པ་འགྲོ་བ་ཞེས་བྱ་པའི་འཚིག་གོ་།དེའི་ཉེ་བར་བསྟན་པ་ནི་ཁ་ལང་ཅན་གྱི་མཆོད་སྦྱིན་ལས་ཇི་སྐད་མཚོད་སྦྱིན་བྱེད་བ་ནི་ཆུ་བ་སོག་བར་བྱའོ། །རྩ་གཅད་དོ། །མའི་ནང་དུ་ཉལ་བོ་ལ་འགྲོའི་སྲིད་མོའི་གན་དུ་འབྲོད ་རུས་གཅིག་པའི་?་འབྲའོ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལྟ་བུ་སྟེ། མཆོད་སྦྱིན་ནི་མཆོད་སྦྱིན་བྱེད་པའི་ཚེའོ། །རྟའི་མཆོད་སྦྱིན་ལ་སོགས་པར་ཡང་སྲོག་ཆགས་གསོད་པ་ཉེ་བར་བསྟན་ཏེ། ཇི་སྐད་དུ། རྟ་གསོད་པ་ཡིས་མཆོད་པའི་ཕྱིར། །དབུས་མའི་ཞལ་ལ་ཕྱུགས་རྣམས་ནི། །ལྔ་བརྒྱ ་བདུན་བཅུ་རྩ་བདུན་གྱི། །ཕྱུགས་རྣམས་བསད་བར་བྱ་བ་ཡིན། །ཞེས་སྨྲས་པ་ལྟ་བུའོ། །བརྫུན་ནི་བརྫུན་གྱི་ཚིག་ཡིན་ལ། །དེ་ཡང་རྒྱལ་པོ་བཞང་གང་ལྡན་དང་བུད་མེད་དང། །བག་མ་ཕན་པའི་ཚེ་དང་གསོད་པ་དང། །ནོར་བུ་འཕྲོག་ཚེ་བརྫུན་བྱས་གནོད་མོ་དེ། །བརྫུན་ལྔས་ལྷུང་བར་འགྱུར ་བ་ཡིན། །ཞེས་སྨྲ། ཞེས་བསྟན་བ་ཡིན་ནོ། །དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་སྨྲ་བ་ནི་བརྗོད་པའོ། །དེ་བཞིན་ཞེས་བྱ་བ་ནི་སྡུད་པའོ། །རིག་བྱེད་ཀྱི་ཆོས་མེད་པ་ལ་སོགས་པ་ལ་ཡང་མཐོང་ཞེས་འབྲེལ་ཏོ། །སྨྲ་དཀའ་བ་ནི་བརྗོད་བར་དཀའ་བའོ། །སྨད་པ་ནི་ཡི་དུ་མི ་འོང་བ་ཉིད་དོ། །རིང་བ་ནི་ཆོད་པ་སྟེ། ཤོག་དབང་པོ་རྟ་བཟང་དག་དང་ཅིག་ཅེས་བྱ་བ་བཞིན་ཏེ། འདིར་ཤོག་ཅེས་བྱ་བ་ཆོད་པའང་དང་འབྲེལ་ཏེ། ཤོག་ཅིག་ཅེས་བྱ་བའི་ཐ་ཚིག་གོ། མི་སྙན་ཞེས་བྱ་བརྩུབ་བའོ། །སོགས་པའི་སྒྲས་ཚིག་ཆད་པ་དང་ཀླུ་རྟ ་དང། སྟོང་པ་ལ་སོགས་པ་བཟུང་ངོ། །དུག་སེལ་འབྱོར་བ་ཞེས་བྱ་བ་ནི་དུག་སེལ་བ་ལ་འབྱོར་བ་སྟེ། ནུས་པའི་མཐུ་ཡོད་བ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་དུག་སེལ་བ་དང་འབྱོར་པ་ཞེས་བྱ་བར་བསྡུ་བ་བྱ་པ་སྟེ། འབྱེར་པ་ནི་རྣམ་པར་འབྱོར་པ་སྟེ་དབང་ཕྱུག་ཅེས་བྱ་བའི་དོན་ཏོ། །སོགས་བའི་སྒྲས ་འབྱུང་པོ་དང། །གཟའ་ལ་སོགས་པས་ཟིན་པ་དང། དབང་དུ་བྱེད་པ་དང་མངོན་སྤྱོད་ལ་སོགས་པ་གཟུང་ངོ། །བདེན་ཞེས་བྱ་བ་ནི་མི་བསླུ་བའོ། །མཁའ་ལྡིང་སོགས་ཀྱི་ཞེས་བྱ་བའི་སོགས་པའི་སྒྲས་སངས་རྒྱས་པ་ལ་སོགས་སྔགས་ཟློ་བར ་བཟུང་ངོ། །བྷ་ར་ཏ་ཡང་ད་ལྟར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་རྣམ་པ་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་རྗེས་སུ་དཔག་ཅེས་བྱ་བ་ནི་བདེ་བར་གཤེགས་པའི་གསུང་རབ་འདོན་པ་ནི་སྔར་བརྗོད་པའི་རིགས་མཐུན་པ་མངོན་དུ་འགྲོ་བ? ་ཅན་ཡིན་ཏེ། བདེ་བར་གཤེགས་པ་འདོན་པར་བརྗོད་པར་བྱ་བའི་ཕྱིར་ད་ལྟར་བའི་འདོན་པར་བྱེད་པ་བཞིན་ནོ། །འོན་དེ་ལྟ་ན་ཇི་ལྟར་བདེ་བར་གཤེགས་པའི་གསུང་རབ་ཡིན་པར་གྲུབ་པར་འགྱུར་ཞེ་ན། དེས་གསལ་ངོ་བོ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས། །ཏེ་བདེ་བར ་གཤེགས་པ་དེས་མངོན་པར་གསལ་བའི་ངོ་བོ་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལ་ཡང་བདེ་བར་གཤེགས་པ་བྱེད་པ་པོ་དྲན་པ་གང་ཡིན་པ་དེ་ནི་དོན་བརྗོད་པའི་རྒྱུ་མཚན་དུ་བཤད་པར་ནུས་ཏེ། འདི་ལྟར་འདིར ་ཡང་བྱེད་བ་དྲན་པའི་དོན་དུ་ཅིའི་ཕྱིར་འཚད་པར་མི་བྱེད། འདི་སྙམ་དུ་གང་གིས་དེ་ལྟར་བསྒྲུབ་པར་བྱ་བ་སངས་རྒྱས་པ་དེ་ལྟར་བསྒྲུབ་པར་འདོད་པ་ནི་མ་ཡིན་སྙམ་དུ་སེམས་ན། རིགས་པ་མཚུངས་ན་ཅིས་མི་འདོད། །ཅེས་བྱ་བ་སྨྲོས་ཏེ། གལ་ཏེ ་དོན་འདི་རིགས་པ་དང་ལྡན་པར་གྱུར་ན་དེའི་འདི་ཅི་ཕྱིར་སངས་རྒྱས་པ་ཁས་ལེན་པར་མི་འགྱུར། །གང་གི་ཕྱིར་རིགས་པས་འཐད་པའི་དོན་ནི་རྟོག་པ་དང་ལྡན་པས་ཁས་མི་བླང་བར་མི་འགྱུར་ཏེ། སངས་རྒྱས་ཕ་རྟོག་པ་དང་མ་ལྡན་པ་བས་མི ་ལེན་དུ་ཆུག་མེད། དེ་ལྟ་ནའང་ཁོ་བ་ཅག་ཁྱད་ལ་རིགས་པ་ཉིད་ཀྱིས་འཇུག་བར་མི་འགྱུར་རོ། །ཞེས་སྨྲའོ། །འདི་ཉིད་དེའི་ཚིག་གིས་བསྟན་པར་བྱ་བའི་ཕྱིར། ཐམས་དུ་ནི་སྐྱེས་བུ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་འདི་ཡིས་ཞེས་བྱ་བ་ནི་ཐམས ་ཅད་དུ་སྐྱེས་བུ་རྣམས་ཞེས་བྱ་བའི་དེ་མ་ཐག་ཏུ་བཤད་པས་སོ། །འདི་སྙམ་དུ་ཐམས་ཅད་སྐྱེས་བུས་མ་བྱས་པ་ཉི་དུ་རག་མོད་སྙམ་དུ་སེམས་ན། དེས་ན་སྐྱེས་བུས་མ་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་དང་སྐྱེས་བུས་མ་བྱས་པ་ཉིད་བདེན་པའི་དོན ་ཅན་དུ་འགྲུབ་པར་མི་འགྱུར་ཏེ། བདེ་བར་གཤེགས་པ་ལ་སོགས་པའི་ཚིག་གིས་མ་ངེས་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་རིག་བྱེད་ཀྱི་དོན་ལས་ལྡོག་པའི་བདག་མེད་ལ་སོགས་པ་ཁྱོད་ལ་ཚད་མ་མ་ཡིན་པར་འཐད་པ་བདེ་བར་གཤེགས ་པ་ལ་སོགས་པའི་གསུང་རབ་དེ་དག་ལས་བསྟན་པ་དེ་བཞིན་དུ་རིག་བྱེད་ལས་ཡང་སྲིད་པར་འགྱུར་རོ། །དེ་ལྟར་རེ་ཞིག་མ་ངེས་པ་ཉིད་དུ་བསྟན་ནས་ད་ནི་འདོད་པ་ལ་གནོད་པ་ཉིད་ཀྱི་ཕྱིར་འདི་ཉིད་དུ་བསྟན་པའི་དོན་དུ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་དེ་ལྟན་ཡང་འདི་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་འདོད་པ་ཡིན་ལ་དེ་ཡང་མི་འགྲུབ་བོ། །འོ་ན་ཅི་ཞེ་ན། འདིར་མི་འདོད་བའི་ཐོག་མ་མེད་པ་ཉིད་འགྲུབ་པར་འགྱུར་རོ། །འདི་སྙམ་དུ་ཐོག་མ་མེད་པ་ཉིད་གྲུབ་པ་ན་ཤུགས་ཀྱིས་མ་བྱས་པ་ཉིད་དུ་འགྲུབ་པ་ཁོ་ན་སྟེ། ་གང་གི་ཕྱིར་བྱས་པ་ནི་ཐོག་མ་མེད་པ་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མ་མེད་པ་དེ་ལས་གལ་ཏེ་མ་བྱས་པ་ཉིད་དུ་གྱུར་ན་དེའི་ཚེ་བར་སིག་པ་ལ་སོགས་པའི་ཐ་སྙད་ཀྱང་འགྱུར་རོ། །འདི་ཉིད་སྟོན་པ་ནི། འདི ་པ་མི་འགྱུར་ཏེ་།བདེ་བར་གཤེགས་པ་ལ་སོགས་པའི་ཚིག་གིས་མ་ངོས་པ་ཉིད་ཀྱི་ཕྱི་རོ་སྙམ་དུ་བསམས་པ་ཡི་ནོ། །འདི་ལར་རིག་བྱེད་ཀྱི་དོན་ལས་ལྡོག་པའི་བདག་མེད་ལ་སོགས་པའི་ཐ་སྙད་ཀྱང་འགྱུར་རོ། །འདི་ཉིད་སྟོན་པ་ནི། འདི ་ལྟར་ཞེས་བྱ་བའོ། །གཞན་?་བརྟེན་ཞེས་བྱ་བ་ནི་སྐྱེས་བུ་གཞན་གྱི་འདུ་བྱེད་པས་འཇུག་པ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་འདུས་བྱས་པས་བྱུང་ཅན། །ཞེས་བྱ་བ་ནི་གཞན་གྱི་འདུས་བྱས་པས་བྱུང་བ་དེ་དག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང ་ན་འདི་ལ་གཞན་གྱི་འདུ་བྱེད་པ་ལས་བྱུང་བའི་དང་ཚུལ་ཡོད་པས་ན་གཞན་གྱི་འདུས་བྱས་པ་ལས་བྱུང་བའོ། །དེ་ལས་རང་གི་དོན་བརྗོད་པའི་དོན་བུ་ཡི་གེའི་སྐྱོན་སྦྱིན་པར་བྱའོ། །འདི་ལྟར་རེ་ཞིག་གང་དག་རང་གི་སྣང་བ་བཀོད་པའི་བརྡའི་གྲུབ་པའི་མཛའ་ ་ཅན་དེ་དག་ཀྱང་ཇི་ལྟར་ཐོས་པའི་དོན་གྱི་རྣམ་པར་རྟོགས་པའི་དབང་གིས་འཇུག་པའི་ཕྱིར་དང་བོ་ཉིད་དུ་ཇི་ལྟར་མཐོང་བར་འཇུག་པའི་འཇིག་རྟེན་གྱི་ཐ་སྙད་རྣམས་ཀྱང་གཞན་གྱི་འདུ་བྱེད་པའི་སྟོབས་ཁོ་ནས་འཇུག་ཐམས་ཅད་སྐྱེས་བུས་མ་བྱས ་པ་ཉིད་ཡིན་ལ་རབ་མོད་ཅེ་ན། དེ་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདྲའི་ཞེས་བྱ་བ་ནི་ལོག་པའི་དོན་སྲིད་པའོ། །འདས་དང་མ་འོངས་དུས་དུས་དག་ནི། །ཞེས་བྱ་བ་ལ་སོགས་པ་ལ། དུས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཐམས་ཅད་ལ་བྱེད་བའི་ནུས་པ་མེད་བར ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་ཡིན་ལ་དེ་ཡང་མ་བསྟན་བའི་ཕྱིར་གཏན་ཚིགས་ཐམས་ཅད་བསྒྲུབ་བར་བྱ་བ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་ཡི་ནོ། །སྔར་བཞིན་ཞེས་བྱ་བ་ནི་རིག་བྱེད་འདོན་པར་བརྗོད ་པར་བྱ་བ་ཉིད་ཀྱི་སྒྲུབ་པར་བྱེད་པ་བཞིན་ནོ། །དབེ་ནི་སྒྲུབ་བྱས་སྟོང་ཞེས་བྱ་བ་ནི་ད་ལྟར་གྱི་དུ་སུ་མཐོང་བ་བཞིན་ནོ། །ཐ་མལ་བའི་མི་བཞིན་ནོ་ཞེས་བྱ་བ་དེ་དག་བསྒྲུབ་བྱས་སྟོང་བ་ཡིན་ནོ། །དེ་ལྟར་ཡིན་དང་རིག་བྱེད་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་བསྟན་ལ་ཞེས་བྱ་བར ་ལ་སོགས་པ་སྨོས་ཏེ། ཆོས་ཅན་དང་ནི་དཔེ་དག་ལ། །ཞེས་བྱ་བ་ནི་བསྒྲུབ་བྱ་དང་ཆོས་ཅན་དཔེ་ཆོས་ཅན་ཞེས་བྱ་བའི་དོན་ཏོ། །རི་སྐད་དུ་།རྟག་པའི་དག་ལས་བྱུང་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རྟག་པའི་ངག་ལས་བྱུང་ཉིད་ནི། །ཞེས་བྱ་བ་ལ་སོགས ་བ་སྨོས་ཏེ། འདི་ཡང་བཅད་ཚིགས་མ་གྲུབ་པ་དང་དཔེ་བསྒྲུབ་བྱས་སྟོང་པ་ནི་སྔ་མ་བཞིན་ནོ། །ཆོས་ཙམ་དང་ནི་དཔེ་ཆོས་ཅན་ཞེས་བྱ་བའི་དོན་ཏོ། །རི་སྐ?་།རྟག་པའི་དམ་ལས་བྱུང་ཉིད་ཕྱིར། །ཞེས་བྱ་བ་ལ་བལྡོས་ནས་བདུན་པ་ཡིན་ནོ། །དག་ལས་བྱུང་ཉིད་ཀྱི་ཞེས་བྱ་བ་ནི་མ་གྲུབ་པ་ལ ་བལྟོས་ནས་གྲུབ་པ་ཡིན་ནོ། །གཏན་ཚིགས་ཕྱི་མ་རྣམས་ལ་ཞེས་བྱ་བ་ནི་སྐྱོན་དང་བྲལ་བའི་རྒྱུས་བསྐྱེད་ཕྱིར། །ཞེས་བྱ་བ་ལ་སོགས་པའི་གཏེན་ཚིགས་རྣམས་ལའོ། །ཡིད་མི་ཆེས་པས་བྱས་པའི་ཚིག་གིས་བསྐྱེད་པའི་ཕྱིར་དང། གནོད་པ་མེད་པ་འཕྱིར་ཞེས་བྱ ་བའི་གཏན་ཚིགས་འདི་དག་ངེས་བར་མ་གྲུབ་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐད་ཅིག་འཇིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་རྟག་པ་ཉིད་རང་གི་ངོ་བོས་གནོད་དོ་ཞེས་འབྲེལ་ཏོ། །འདི་སྐ་དུ་བསྟན་པ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེ་སུ་དཔག ་པས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་བསྒྲུབ་པ་ན། གང་འདི་ཐོས་པ་རྟག་པ་ཉིད་དུ་ཁས་ལེན་པ་དེ་ནི་གསལ་བར་གནོད་པ་ཡིན་ནོ། །རང་གི་ངོ་བོ་སྨོས་པ་ནི་བརྗོད་པར་བྱ་བ་གསལ་བའི་དོན་དུའོ། །དེའི་ཕྱིར་དེས་བྱས་བློ་གང་ལས། །ཞེས་བྱ་བ་ནི ་གང་ལས་ཀྱང་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡིད་མི་ཆེས་བས་བྱས་པའི་ཚིག་གིས་སྐྱེད་པའི་ཕྱིར་ཞེས་བྱ་བ་འདི་གཞན་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །གནོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ངེས་པར་རང་གི་ངོ་བོ་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི ་ཕྱིར། །ཐོས་པར་སྐྱེས་བུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ནི་འཇིག་པར་མི་འགྱུར་ཏེ། མི་འཇིག་གོ་།སྐྱེ་བདག་འདི་མི་འཇིག་པ་ཡིན་ནོ་ཞེས་རིག་བྱེད་ལས་འདོན་ཏོ། །སྐྱེས་བུ་འདི་ནི་བདག་སྟེ་སྔར་གོང་དུ་བདག་མེད་པ་གྲུབ་པ་ལ་གནོད་པ་བསྟན་ཏེ། དེའི་ཕྱིར ་འདི་ངེས་པར་མ་གྲུབ་པ་ཉིད་ཡིན་ནོ། །འོན་ཏེ་སྐུལ་བར་བྱེད་པ་ནི་བྱ་བ་ལ་འཇུག་པའི་ཚིག་ལ་བརྗོད་ཞེས་བཤད་པའི་ཕྱིར་རིག་བྱེད་ཀྱི་ཕྱོགས་གཅིག་གི་ཁྱབ་བ་ཉིད་བསྐུལ་བར་བྱེད་པ་ཞེས་བྱའོ། །རིག་བྱེད་ཐམས་ཅད་ནི་མ་ཡིན་ཏེ། འདིར་སྐུལ་བར་བྱེད་པས་བསྐྱེད ་པའི་བློ་ཕྱོགས་སུ་བྱ་སྟེ། དེ་ལྟ་ཡིན་དང་དོན་གཞན་གྱི་རེག་བྱེད་ལ་གནོད་ན་ཡང་སྐུལ་བར་བྱེད་པ་ལ་གནོད་བ་མ་ཡིན་པའི་ཕྱིར་བསྟན་ཚིགས་གྲུབ་པ་ཉིད་ཡིན་ནོ་ཞེན་སྐྱོན་འདི་མེད་དེ་སྐུལ་བར་བྱེད་པ་སྨོས་བས་འགའ་ཞིག་ཏུ་རིག་བྱེད་ཀྱི་ཚིག་ཐམས་ཅད་བརྗོད་གྱིས ་ཐམས་ཅད་དུ་འཇུག་པར་བྱེད་པ་ཉིད་མ་ཡིན་ཏེ། འདི་ལྟར་འབྱུང་སོ?་རྣམས་ལ་འཚེ་བར་མི་བྱའོ་ཞེས་བྱ་བའི་ཚིག་འདི་སྐུལ་བར་བྱེད་པར་མི་འགྱུར་ཏེ། འཇུག་པར་བྱེད་པ་མ་ཡིན་བའི་ཕྱིར་རོ། །གང་བཤད་པ་ལས་འདི་ལ་དོན་དེའི་འདོན་མ་ཡིན་པ་གཉིག་སྐུལ་བ? ་བྱེད་པ་མཚོན་པ་ཡིན་ནོ་ཞེས་བྱ་བ་གང་སྨྲས་བ་དེ་ཡང་འགལ་པ་ཡིན་ཏེ། གང་གི་ངེས་དོན་མེད་པ་མཚོན་བ་ཞེས་བྱ་བར་འགྱུར་བསྐུལ་བར་བྱེད་པ་དོན་མེད་པ་ལ་འཇུག་པར་བྱེད་པ་ནི་ཞེས་བྱ་བ་ནི་མ་ཡིན་ནོ། །གཞན་ཡང་བཤད་པ་ལS ་གཞན་འདི་ཡང་བཤད། སྐྱེས་བུས་བྱས་པའི་ཚིག་ལས་བྱུང་བའི་ཤེས་པ་འགའ་ཞིག་འཁྲུལ་པ་ཡིན་གྱི་།རིག་བྱེད་ནི་མ་ཡིན་ཏེ། ལོག་པ་ཉིད་ལ་ནི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་ལ་སྐུལ་བ་ཁོ་ན་ཆོས་དང་ཆོས་མ་ཡིན་བ་ལ་སོགས ་པ་རྣམ་བར་བཞག་པའི་རྒྱུ་མཚན་ཏེ་སྣང་བར་གྱུར་པ་སྲོག་ཆགས་ཐམས་ཅད་ཀྱི་ཐུན་མོང་གི་མིག་ལྟ་བུར་གནས་བས་སོ། །གཞན་སྐྱེས་བུས་བསྟན་བའི་ཚིག་ལ་སོགས་པ་ནི་མ་ཡིན་ནོ། །གྲུབ་པས་ཀྱང་འདི་ལྟར་རྒྱུ་ཉིད་གྲུབ་པར་བྱེ་དོ་ཅེས་བཤ་?་གང་གི ་ཚོ་བྱེད་བ་པོ་མེད་བ་དང་རྟག་པའི་སྐྱེས་བུའི་ཡུལ་གྱི་རིག་བྱེད་ཀྱི་ཚིག་གི་གནོད་པ་གསལ་བར་མཐོང་བ་དེའི་ཚེ་མེའི་སྦྱིན་སྲེག་གིས་མཐོ་རིས་སུ་འགྱུར་བ་ལ་སོགས་པ་ལ་ཡང་གནོད་པར་དོགས་པ་བཟློག་པར་དཀའ་བར་གསལ་བ་དེ་ཞིག་ཐེ་ཚོམ ་ཟ་པའི་མ་གྲུབ་བ་ཉིད་སྔར་བསྟན་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བའི་མ་གྲུབ་བ་ཉིད་ཡང་བསྟན་པར་བྱ་བའི་ཕྱིར་རོ་།ལག་མཐིལ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཡུལ་དང་དུས་དང་སྐྱེས་བུ་གཞན་ལའོ། །དེ་ལ་འདི་ནི་ཡུལ་གཞན ་དང་དུས་གཞན་དང་སྐྱེས་བུ་གཞན་ལ་ལྡོག་བ་མ་ཡིན་བས་དེའི་ཕྱིར་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་འདི་ཉིད་ཀྱིས་སུན་ཕྱུང་བ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་དེ་ལ། སྐྱེས་བུས་མི་ཤེས་ཞེས་བྱ་བ་ལ་སོགས ་བསློས་ཏེ་ངོ་བོ་ནི་རང་བཞིན་ནོ། །དོན་ནི་བརྗོད་བར་བྱ་བ་སྟེ། འདི་ལ་སྐྱེས་བུས་མི་ཤེས་པའི་ངོ་བོ་དང་དོད་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་ཅི་ཡི་གེ་འདི་ཉིད་ཡིན་ནམ། འོན་ཏེ་གཞན་ཡིན། ཡི་གེའི་རིམ་པའི་ཁྱད་པར་འདི་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ངོ་བོ ་མི་ཤེས་ཏེ། རང་དང་གཞན་ལས་ངེས་པ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་དོན་ལ་ཡང་མ་ངེས་པ་བལྟ་བར་བྱའོ། །དེ་ལྟ་ཡིན་དང་མུན་པ་ཡིན་ཏེ། ངེས་པ་མེད་པར་སྣང་བར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་བ་ལང་ཅན་གྱི་མཆོད་སྤྱིན་ལ་སོགས་པ ་ལ་པར་སིག་པ་སོགས་པ་བཞིན་ནོ། །སྔོན་གྱི་སྡིག་པ་གོམས་པའི་བག་ཆགས་ནི་དེའི་རྒྱུ་མཐུན་བའི་ནུས་པ་ལ་སོགས་པའི་བསྟན་བཅོས་འཇུག་པར་འགྱུར་རོ། །དང་པོ་ཉིད་དུ་ཆོས་དང་ཆོས་མ་ཡིན་པ་དོན་དུ་གཉེར་བའི་རྟོག་བ་དང་ལྡན་བའི་སྐྱེས་བུ་རྣམས་ཀྱི་གདོན ་ནི་ཟ་བར་སྐུལ་བར་བྱེད་པ་ཉིད་ཚད་མ་ཉིད་དུ་བསྟན་བར་བྱ་བརྟེ་རེ་ཞིག་རིགས་བས་གནོད་པའི་ཕྱིར་སྐུལ་པ་ཡང་རིགས་བས་གནོད་པ་ཟློག་བར་དཀའ་བ་ཉིད་སྲིད་བ་ཡིན་ནོ། །འདི་ལྟར་གཞོན་ནུ་མ་ལེན་གྱིས། །མ་བྱས་བ་ཉིད་ཅེས་གང་སྨྲོས་བ་དེ་ལ། དེའི་ཕྱིར་ཆོས ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་སྨོས་པ་ནི་ཉེ་བར་མཚོན་པ་སྟེ་ཆོས་མ་ཡིན་པ་ཡང་བཟུང་བར་བྱའོ། །དེ་ལྟ་ན་འོ་ན་ཆོས་ལ་སོགས་པའི་རྣམ་བར་བཞག་པའི་རྟེན་གང་ཡིན་ཞེ་ན་།དེའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་གི་མུན་པ ་ནི་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ་ཡེ་ཤེས་ཀྱི་སྣང་བས་ནང་གི་མུན་བའི་ལུང་པོ་འཇིག་བ་སྟེ་གང་གི་སེལ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་གཡེམ་པའི་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་གཙང་བ་རྣམས་ཏེ། ཕྱུགས་གསོད ་པ་དོད་འདོད་པ་ལ་ལོག་བར་གཡེམ་པ་ལ་སོགས་པའི་དྲི་མས་མ་གོས་པ་རྣམས་ཞེས་བྱ་བའི་དོན་ཏོ། །སྟོན་མཛད་སྐྱེས་བུ་འདོད་པར་གྱིས། །ཞེས་བྱ་བ་ནི་དེ་ལྟ་ན་ནི་སྐྱེས་བུས་མ་བྱས་པ་ཉིད་དེ་བཏགས་པ་དོན་དང་བཅས་པ་ཉི་དུ་འགྱུར་རོ་སྙམ་དུ་བསམས ་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མི་ཤེས་བའི་དོན་ལ་དེ་དོན་མེད་པ་ཁོ་ནར་འགྱུར་རོ། །འདིས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། །ཁྱོད་གྱིས་ཐོས་པ་ཚད་མ་ཉིད་དུ་ཁས་རླངས་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་མེད་བར་མི་རིགས་པས་དེ་ལྟ་བས་ན་འདི་གནོན ་མི་ཟ་བར་ཁས་བླངས་བར་བྱ་བ་ཡིན་ཏེ། གཞན་དུ་ན་ཚང་མ་ཉིད་དུ་མི་འགྲུབ་བོ། །ཞེས་བསྟན་པའི་ཕྱིར་རོ། །འདི་ཡང་འདི་སྐད་དུ། །བསྟན་པ་ཉིད་ཡིན་ཏེ། ཚད་མས་འཐད་པའི་ཚིག་ཆོས་ལ་སོགས་པ་ལ་བརྟེན་པ་མཆོག་ཡིན་ལ་རག ་མོད། དེ་ལྟ་ན་ཡང་སྐྱེས་བུས་མ་བྱས་པ་རྟག་པས་ཅི་ཞིག་བྱ་།གང་ཡང་ཆོས་ལ་སོགས་པ་རྣལ་འབྱོར་གྱི་མངོན་སུམ་གྱིས་ཀྱང་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་ལྷག་མ་དང་ལྡན་པ་ཡིན་ཏེ། རྣལ་འབྱོར་པ་རྗེ་སུ་དཔག་པ་ནི་ཕྱིས་བསྒྲུབ ་པར་འགྱུར་བའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་ཐོས་པ་བརྟག་པ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཡང་རང་དབང་ཐོབ་ལ་མ་ཞེན་པ་ཉིད་རྣམ་པ་གཞན་གྱིས་སྒྲུབ་པར་བྱེད་པ ་ཉིད་ཡིན་ཏེ། འདི་ལྟར་རྒྱལ་དཔོག་པ་རྣམས་ནི་ཅི་ནས་ཀྱང་ཐོས་བ་ཚད་མ་ཉིད་དུ་བྱའོ་སྙམ་པ་ན་སྤྱིར་ཚད་མ་ཐམས་ཅད་རང་ལས་ཚད་མ་ཉིད་ཡིན་ལ་ཚད་མ་ཡིན་པ་ནི་གཞན་ལ་སོ། །ཞེས་ཟེར་རོ། །གཞན་ལས་ཚད་མ་ཉིད་ན་ཐུག་པ་མེད་པ་ལ་སོགས ་པའི་སྐྱོན་དུ་ཐལ་བའི་ཕྱིར་ཚད་མ་དང་ཅིག་ཤོས་ཀྱི་རྣམ་བར་གཞག་པ་རྒྱུན་ཆད་པར་འགྱུར་རོ། །འདི་ལྟར་ཕྱོགས་བཞིར་འགྱུར་པ་ཡིན་ཏེ་།རེས་འགའ་ཚད་མ་དང་ཚད་མ་མ་ཡིན་པ་གཉི་ག་རང་ཉིད་ལས་ཞེས་བྱ་བ་ནི་དང་པོའོ། །གཉིས་པ་ནི་རོས་དགའ་ ་གཞན་ཉིད་ལས་ཞས་བྱ་བའོ། །གསུམ་བ་ནི་ཚད་མ་ཉིད་ནི་གཞན་ལས་ཡིན་ལ་ཚང་མམ་ཡིན་བ་ནི་རང་ལས་ཞེས་བྱའོ། །བཞི་པ་ནི་འདི་ག་ལས་བཟློག་པའོ། །དེ་འདེ?་ཞིག་ཕྱོགས་དད་བོ་ནི་མ་ཡིན་ཏེ། འདི་ལྟར་དེ་གཉིག་གསོལ་བ་གཅིག་ལ་བརྟེན་པ་ཡིན་ནམ་གསླ ་བ་ཐ་དང་པ་ལ་བརྟེན་པ་ཡིན་རེ་ཞིག་གསལ་བ་གཅིག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཚང་མ་དང། ཅིག་ཤེས་ཀྱི་ཆོས་སྲིད་པ་མ་ཡིན་ཏེ། འགལ་བའི་ཕྱི་རོ། །གསལ་བ་ཐ་དད་པ་ལ་ཡང་མ་ཡིན་ཏེ། ས་པའི་རྒྱུ་མེད་བའི་ཕུང་དང། ངེས་པའི་མྱུ?་མེད་བ་ལ ་ཡང་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་བཞག་པ་མ་འདྲེས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཉི་གཡང་རང་དབང་ཅན་ཡིན་པའི་ཕྱིར་འདི་ནི་ཚད་མའོ། །འདི་ནི་ཚད་མ་མ་ཡིན་པའི་ཞེས་བྱ་བ་ངེས་བར་མི་འགྱུར་རོ་རྟོག་བ་མཚུངས་བས་གཉི ་གཡང་ཐ་དད་པ་བསྒྲུབས་པའི་ཕྱིར་དང་གཞན་ངེས་པར་འཛིན་པའི་རྒྱུ་ཁས་མ་བླངས་བའི་ཕྱིར་རོ། །རྣམ་བར་ཕྱེ་ནས་ཡོང་སུ་མི་ཤེས་བའི་ཕྱིར་འདི་ནི་ཚད་མ་ཡིན་ལ་འདི་ནི་ཚད་མ་མ་ཡི་ནོ་ཞལ་རྣམ་བར་བཞག་པར་མི་འགྱུང། །ཕྱོགས་གཉིས་པ་ཡང་མ་ཡིན་ཏོ་།དང་པོ་གཉི་གའི ་རང་བཞིན་དང་བྲལ་པའི་ཤེས་པ་ནི་རང་བཞིན་མེད་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕན་ཚུན་སྤངས་ཏེ་།གནས་པའི་མཚན་ཉིད་ཀྱི་ཚད་མ་དང་ཅིག་ཤོས་དག་མེད་པ་ལ་འདིའི་ངོ་བོ་གཞན་ངེས་པར་ནུས་པ་མ་ཡིན་བའི་ཕྱིར་འདི་ཐེ་ཚོམ་མེད་བར་ཉེ་བར་བརྗོད་བ་མེད་པ ་ཉིད་དུ་འགྱུར་རོ། །ཡང་བཤད་བ་རེ་ཞིག་འགལ་ཕྱིར་རང་ལས་ནི། །གཉིས་མེད་གཞན་ལས་ཀྱང་མ་ཡིན། །དེ་ལྟར་ཤེས་པའི་ངོ་བོ་ནི། །རང་བཞིན་མེད་བ་ཉིད་དུ་མཐལ། །ཤེས་བའི་གསལ་བ་ཐ་དད་པས། །རིག་བྱེད་དང་ནི་འགལ་བར་འགྱུར། །འདི་ལྟར་འདི་ནི་བལྟོས་མེད་ན། ཅི་ཞིག ་གང་རུང་ངས་མི་བྱེད། །ཅེའོ། །ཕྱོགས་གསུམ་པ་ཡང་མ་ཡིན་ཏེ། ཐུག་པ་མེད་པའི་སྐྱོན་དུ་འགྱུང་བའི་ཕྱིར་ཏེ། འདི་ལྟ་རོ་གི་ཚད་མ་གྱུར་པ་གཞན་ལས་ཚད་མ་ཉི་དུ་འདོད་པ་ཡང་མ་ཡིན་ཏེ། དེ་ནི་རང་ཉིད་ཚད་མ་ཡིན་པའི་ཕི་རོ། །ཚང་མར་གྱུར་བ་ལས་ཀྱང་མ་ཡིན། ་དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པས་གཞན་ལ་ཚད་མ་ཉི་དུ་འདོད་པ་ན་ཐུག་པ་མེད་བར་ཐལ་བར་འགྱུར་བའི་ཕྱི་རོ། །དེ་ལྟ་ཡིན་དང་ཚད་མའི་གསལ་བ་གཅིག་རྣམ་པར་བཞག་པར་བྱ་བའི་ཕྱིར་ཚད་མར་བརྒྱུད་པའི་རྗེ་སུ་འབྲངས་པས་སྐྱེས་བུའི་ཚེ་མཛའ་ལག་དག ་པར་འགྱུར་རོ། །དེ་ལྟ་བས་ན་གོ་སྐབས་གཞན་མེད་བའི་ཕྱིར་ཚད་མ་ཐམས་ཅད་ཀྱི་ཚད་མ་ནི་རང་ལས་ཡིན་ལ། ཚང་མ་མ་ཡིན་བ་ཉིད་ནི་གཞན་ལས་ཞེས་གཟུང་བར་བྱའོ། །དེ་ལ་སྦྱོར་བ་ནི་གང་དག་གང་གི་རང་བཞིན་དུ་ངེས་པ་དེ་དག་ནི་དེ་ལས་གཞན་བལྟོས་པ་མ་ཡིན་ཏེ། ་ན་ནམ་མཁའ་ལུས་ཙན་མ་ཡིན་པར་བྱ་བ་བཞི་ནོ། །རྩོད་བའི་གཞིར་གྱུར་པའི་རྣམ་བར་ཤེས་བ་ལ་སོགས་པ་ཡང་ཚད་མ་ཉིད་དུ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བར་བྱེད་པ་འགལ་བ་དམིགས་བའོ། །འདི་མ་ངེས་བ་ཡང་མ་ཡིན་ཏེ། ར་ལས ་མེད་པའི་ཆོས་ནི་གཞན་གྱི་བྱ་བར་མི་ནུས་པའི་ཕྱིར་ནམ་མཁའ་ཨི་ལུས་ཅན་ཉིད་བཞིན་ཏེ། རང་ལས་ནུས་པ་མེད་པ་ནི། གཞན་གྱིས་བྱ་བར་ནུས་མ་ཡིན། །ཞེས་གང་བཤད་བ་ཡིན་ནོ། །འདིར་ཚད་མ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པས་དམ་བཅའ་བའི་དོན་གེ་ཏོག ་ཡིན་པ་སྲིད་པ་ན་རྣམ་པར་དཔྱད་བའི་སྒོ་ནས་སུན་འབྱིན་པ་རྩོམ་པ་ཡིན་ཏེ། དོན་གང་ཡིན་པར་འདོད་ཅེས་འདྲི་བ་ལ་གཞན་གྱིས་གཞལ་བྱ་རྟོགས་ལ་སོགས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་བ་ཙམ་ཡིན་ན་དེའི་ཚེ་གཞལ་བར་བྱ་བ་རྟོགས་དོག? ་ཚོད་མ་ཡོངས་སུ་གཅོད་པར་བྱེད་པ་ལ་ནུས་བའི་རང་བཞིན་ཅན་ཡིན་ཏེ་ཤེས་པ་ནི་དོན་ཅིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་མིག་ལ་སོགས་པ་ཡིན་ན་དེའི་ཚེ་དེ་དག་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་པར་བྱེད་པ་དང་སྐུལ་བར་བྱེད་པ་ལ་ཡང་དབང་བོ་ལས ་འདས་བའི་དོན་རྟོགས་བར་རང་ཉིད་ཀྱི་ནུས་བ་ཡིན་ཞེས་བྱ་བ་འདི་ནི་སོགས་བའི་སྒྲས་བཟུང་བར་བྱའོ། །འདི་ཉིད་ལ་རེ་ཞིག་གཞན་དག་འཐང་པ་ཚིང་བ་ནི། རང་ཉིད་ཀྱིས་མེད་ཅེས་བྱ་བ་ལ་སོགས་པའོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར། །བལྟོས་མེད་གཅིག་བུ ་ཁོ་ན་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚང་མ་ཉིད་ཀྱིས་ཞེས་བྱ་བ་ནི་ཚང་མ་རྣམ་བར་བཞག་པར་མི་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ནི་ཚད་མ་ཉིད་དོ། །ཁྱབ་པར་བྱེད་པ་འོག་ན་ཁྱབ་བར་བྱ་བ་མི་གནས་པའི་ཕྱིར་རོ། །འདི་སྙམ་དུ་འཇིག་པར་འགྱུར་མོད་སྐྱོན་ནི་ཅི ་ཞིག་ཡོད་ཅེ་ན། རིགས་པ་སྨྲ་བ་ནི་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། རྩ་བ་ནི་ཚད་མ་ཉིད་དེ་དེ་ཡང་བལྟོས་པ་དང་བཅས་པ་ཉིད་ཀྱིས་འཕྲོག་བར་བྱེད། དེ་ནི་དེའི་ཁྱབ་བར་བྱེད་པ་དང་འགལ་བའི་ཕྱིར་རོ། །འདི་ལྟར་ལྟོས་པ་མེད་པ་ཉིད་ཀྱི་ཚེད་མ་ཉིད་ལ་ཁྱབ་ལ ་དེ་ཡང་ཇི་ལྟར་རང་གིས་ཁྱབ་པར་བྱེད་པ་དང་འགལ་བ་བལྟོས་པ་དང་བཅས་པ་ཉིད་ཡོད་པ་ན་གནས་པ་རྙེད་པར་འགྱུར་གང་གི་ཞེས་བྱ་བ་ལ་སོགས་བས་ཚད་མ་ཉིད་ལ་བལྟོས་པ་མེད་བ་ཉིད་ཀྱིས་ཁྱབ་པར་སྟོན་པར་བྱེད་པ་ཡིན་ཏེ། གང་གི་ཞེས་བྱ་བ ་ནི་གང་གི་ཕྱིར་གྱི་དོན་ཏེ། ཇི་ལྟར་འཇོག་པར་བྱེད་ཅེ་ན། བལྟོས་པ་ངང་བཅས་ཞེས་སྨོས་ཏེ། རྣམ་པར་བཞག་བྱ་མིན་ཞེས་བྱ་བ་ནི་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐུག་པ་མེད་པ་ཡིན་པ་ལ་རག་མོད་ཅི་ཉེས་ཤེ་ན། ཐུག་པ་མེད་བའི་གཏན་ཚིགས ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུག་པ་མེད་པ་སྟེ་མ་ངེས་པའི་གཏན་ཚིགས་ཀང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐ་དུ་བསྟན་པ་ཡིན་ཏེ། ཤེས་པར་བྱེད་པ་ཤེས་པ་ནི་ཤེས་བར་བྱ་བའི་དོན་ཤེས་བར་བྱེད་ཀྱི་ཡོད་བ་ཙམ་གྱིས་ནི་མ་ཡི་ནོ། །དེ་ལྟ་ཡིན ་དང་རེ་ཞིག་རྒོལ་བ་རང་ཉིད་མ་རྟོགས་པ་ཇི་ལྟར་གཞན་རྟོགས་པར་བྱ་བའི་དོན་དུ་གྲུབ་པར་བྱེད་པ་ལེན་པར་བྱེད། དེ་ལྟའི་དོན་ནི་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་བརྩོམ་པར་བྱེད་དེ། དེ་ལ་རང་བཞིན་ཞེས་བྱ་བའི་དོན་ཅི་ཡིན་པར་འདོད། ཅི་རྟག་པ་ཉིད་ཀྱིས ་རྒྱུ་མེད་པའི་ཕྱིར་རང་བཞིན་ཅན་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན་ན་ཡང་རང་གི་རྒྱུ་དག་ལས་ཤེས་པ་རྣམས་ཀྱིས་རང་བཞིན་ཅན་གྲུབ་བའི་དུས་ཁོ་ནར་འབྱུང་བ་ཡིན་གྱི་དུས་ཕྱིས་རྒྱུ་གཞན་གྱི་བྱས་པ་མ་ཡིན་པའི་ཕྱིར་རང་བཞིན་ཅན་ཡིན་ཞེས་བྱ་བར ་རྣམས་རྟོགས་པ་གཉིས་པས་སོ། །དེ་ལ་རེ་ཞིག་རྣམ་པར་རྟོག་བ་དང་པོ་ནི་མ་ཡིན་ཏེ། དེ་ཐ་དད་པ་ཡིན་ནམ། ཐ་མི་དད་པ་ཡིན། ཡང་ན་གཉིས་ག་འམ། གཉི་ག་མ་ཡིན་པའི་རང་བཞིན་ཅན་ཡིན་ཞེས་བྱ་བར་ཕྱོགས་རྣམ་པ་བཞིའོ། །དེ་ལ་དེ་ཞིག་དང་པོ་ནི་མ ་ཡིན་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་དང་།དངོས་པོ་མེད་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་བས་དངོས་བོ་ཐམས་ཅད་ཀྱི་ནུས་བ་ཉིད་ནི་ཐ་མི་དད་བ་ཡིན་ཞེས་རྣམ་པ་མེད་དུ་བསྟན་ཟིན་པའི་ཕྱིར་རོ། །འདི་ཉིད་བསྟན་པར་བྱ་བ་འཕྱིར? ་འདོད་པའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འབྲས་བུ་བྱེད་བའི་རྒྱུ་ནི་ནུས་པ་ཡིན་ཏེ། རང་བཞིན་དེ་ཡང་དངོས་པོའི་བདག་ཉིད་དུ་མེད་པ་ན་དངོས་བོ་དེ་བྱེད་པ་བོར་མི་འགྱུར་རོ། །དེ་ལྟ་ཡིན་དང་འདི་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་སྙམ ་དུ་བསམ་པ་ཡིན་ནོ། །ཅི་སྟེ་ཐ་མི་དད་ངོ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་རང་བཞིན་ཅན་དུ་མི་འགྱུར་ཏེ། དོན་རྒྱུའི་སྟོབས་ཀྱིས་འབྱུང་བ་ཉིད་ཀྱི་མི་རྟག་པ་ཉིད་ཀྱི་ཕྱིར་དེ་དང་ཐ་མི་དད་པའི་ནུས་པ་རྣམས་ཀྱང་རྒྱུའི་སྟོབས་ཀྱིས་བྱུང་བ་ཉིད་ཀྱི་མི། ་རག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་པ་ཉིད་ཀྱི་ཕྱིར་ཐ་མི་དད་བ་རིམ་འགྱུར་རོ། །དེ་ཉིད་ནི་རང་རྒྱུད་སྟོབས་ལས་བྱུང་བ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་བའོ། །གཞན་ཡང་ཚད་མ་རྣམས་ལས་ནུས་བ་ཐ་མི ་དང་པའི་ཕྱིར་རོ། །ནུས་བའི་རང་གི་ངོ་བོ་བཞིན་དུ་རྟག་པ་ཉི་དང་རྒྱུ་མེད་བ་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། ནུས་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་ཡིན་དང་སྐྱོན་ཅི་ཡོད་ཅེ་ན། རྒྱུ་མེད་གཞན་ལ་མ་བལྟོས་ཕྱིར། །ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་ཉིད་ཡིན་ན་རྟག་ཏུ་མེད་བའམ། ཡོད་པ་ཡིན་ལ། རྟག་བ་ཉིད་ཡིན་ན་ནི་རྟག་ཏུ་ཡོད་པ་མ་བརྗོད་ཀྱང་གྲུབ་པ་ཉིད་ཀྱི་ཕྱིར་མང་བསྟན་ཏོ། །ཐལ་བར་འགྱུར་བ་གཞན་ཡང་བཤད་པ་ནི་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ ་རེལ་རག་ལས་པས་ཞེས་བྱ་བ་ནི་ཚད་མ་ལ་རག་ལས་པའོ། །འདིས་ནི་དམ་བཅའ་བ་མངོན་སུམ་དང་རྗེ་སུ་དཔག་པའི་དོན་དང་འགལ་བར་བསྟན་པ་ཡིན་ཏེ། འདི་ལྟར་ཚད་མ་རྣམས་ཀྱིས་རང་བཞིན་རེས་འགའ་བར་མངོན་སུམ་ཉིད་ཀྱི་གྲུབ་པ་ཡིན ་ལ་འབྲས་བུ་རིམ་ཅན་དཔོག་པའི་རྗེས་སུ་དབག་པས་ཀྱང་ཡིན་ཏེ། དེ་ལྟ་ཡིན་ཏེ། དེ་ལྟ་ཡིན་དང་དེ་རྟག་པ་ཉི་དུ་ཁས་ལེན་པ་ལ་ཚད་མ་ཉིད་ཀྱིས་རབ་ཏུ་གནོད་པ་ཡིན། ། ཚད་མ་རྣམས་ཀྱི་རང་བཞིན་ནི། །ཞེས་བྱ་བ་ལ་སོགས་པས་གཞན་དག་ཇི་སྐ་དུ་བཤད་པའི་ཐལ ་བར་འགྱུར་བ་གཉིས་མི་འཇུག་པར་སྒྲུབ་པར་བྱེད་པའི་ཐབས་དོགས་བར་བྱེ་དེ། གང་གི་ཚེ་གསལ་བར་བྱེད་པ་རྣམས་ཀྱིས་ཚད་མའི་རང་གི་ངོ་བོ་གསལ་བར་བྱས་པ་དེའི་ཚེ་དེ་དམིགས་བར་འགྱུར་གྱི། གཞན་དུ་ནི་མ་ཡིན་བས་དེའི་ཕྱིར་རྟག་བ་ཉིད་ཡིན་ན་ཡང ་ཐམས་ཅད་དུ་དམིགས་བར་ཐལ་བར་མི་འགྱུང་ལ་འབྲས་བུ་རྟག་ཏུ་ཡོད་པར་ཐལ་བར་འགྱུང་བའང་མ་ཡི་ནོ། །རྒྱུ་གཞན་ལ་བལྟོས་བ་ཉིད་འབྲས་བུ་རྩོམ་པ་ཉི་དུ་ཁས་ལེན་བའི་ཕྱིར་འབའ་ཞིག་པ་ནི་མ་ཡིན་ཏེ། དེང། ན་རྒྱུ་གཟན་ཉེ་བ་དང་མི་ཉེ་བ་དག ་ལས་འབྲས་བུ་རེས་འགའ་བ་ཉི་དུ་འགྱུང་བ་ཡིན་ནོ་སྙམ་དུ་བསམས་པ་ཡི་ནོ། །རྟག་པའི་དངོས་པོའི་ཞེས་བྱ་བ་ལ། སོགས་པས་ལན་འདེབས་བར་བྱེད་དེ། གསལ་བ་དང་རྒྱུ་གཞན་ལ་བལྟོས་བ་ནི་གསལ་བ་དང་རྒྱུ་གཞན་ལ་བལྟོས་བ་དག་གོ། སྔར ་ཐོས་པ་བརྟག་པར་རྒྱས་པར་རྟག་པའི་གསལ་བ་བཀག་ཟིན་ལ། རྒྱུ་གཞན་ལ་བལྟོས་པ་ཡང་ཕན་གདགས་པར་བྱ་བ་མ་ཡིན་པ་ལ་རིགས་པ་མ་ཡིན་ནོ། །ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་དེའི་ངོ་བོ་དང། ཞེས་བྱ་བ་ལ་ཚད་མ་དག་གིས་ངོ་བོ་དང་འབྲས་བུ་སྟེ། ་ངོ་བོ་ནི་རང་བཞིན་ནོ། །གཉི་གའི་ཕྱོགས་ནི་འགལ་བའི་ཕྱིར་དང་ཇི་སྐད་དུ་བཤད་པའི་ཕྱོགས་གཉི་ག་ལ་ཡོད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རིགས་པ་མ་ཡིན་ནོ། །གཉི་ག་མ་ཡིན་པའི་ཕྱོགས་ཀྱང་མ་ཡིན་ཏེ། ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ ་དེ་དག་ནི་གཅིག་དགག་པ་གཞན་བསྒྲུབ་བ་མེད་ན་མི་འབྱུང་བ་ཡིན་པའི་ཕྱི་རོ། །དེ་ཉིད་ཀྱི་ཚེ་དགག་པ་ནི་རིགས་པ་མ་ཡིན་ཏེ། གཅིག་ལ་སྒྲུབ་བ་དང་དགག་པ་དག་འགལ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་སུན་འབྱིན་བ་ཤིན་ཏུ་གསལ་བའི་ཕྱིར་མ ་བརྗོད་དོ། །ད་ནི་ཕྱོགས་ཕྱི་མ་གསུམ་ཁས་བླངས་ནས་སུན་འབྱིན་བ་འཆད་པ་ནི་དངོས་པོ་ནུས་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ལོགས་ཤིག་ནི་ཐ་དད་བའི་ཕྱོགས་སོ། །གཉི་གའི་བདག་ཉིད་སྨོས་པ་ནི་ཉེ་བར་མཚོན་བ་སྟེ། གཉིག་མ་ཡིན་བའི་བདག་ཉིད་ཀྱི ་ཕྱོགས་ཀྱང་ཁས་བླང་བར་བྱའོ། །ཡང་མེད་ལ་ཡང་གཉི་གའི་ངོ་བོ་དགག་བའི་རང་བཞིན་ཉིད་ཀྱིས་གཉི་གའི་བདག་ཉིད་སྤྱོད་བ་ཉིད་དོ། །ཕྱོགས་གསུམ་བ་འདི་ལ་ཡང་ཤེས་པ་ནུས་བ་རྟག་པ་དང་འབྲེལ་བའི་ཕྱིར་རྟག་བ་ཉིད་འགྱུར ་ཇི་ལྟར་ཞེ་ན། གཞན་དུ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། དེ་ལྟ་མ་ཡིན་ཏེ་གལ་ཏེ་ནུས་བ་དང་འབྲེལ་པའི་ཤེས་བ་མི་རྟག་བ་ཉིད་དུ་འགྱུར་ན་དེའི་ཚེ་ནུས་པ་རྟག་བ་ཉིད་དུ་མི་འགྱུར་རོ། །གང་ལས་ཤེ་ན་།ངོ་བོ་གཅིག་རྗེས་སུ་འགྲོ་བ་མེད་བའི་ཕྱིར་ཏེ། རང་བཞིན་གཅིག ་རྗེས་སུ་འཇུག་བ་མེད་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ངོ་བོ་གཅིག་རྗེས་སུ་འགྲོ་བ་མེད་པ་ད་ཉིད་སྟོན་བ་ནི་གང་ཕྱིར་ནུས་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་པ་མི་རྟག་པ་ཡིན་མ་ནུས་པ་དེའི་ཤེས་བ་དང་འབྲེལ་བ་མ་འབྲེལ་པའི་རང་བཞིན་གཉི་སུ་འགྱུར ་ལ་གཅིག་ལ་ཕན་ཆུན་འགལ་བའི་རང་གཉིས་ཡོད་བའི་དག་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་བར་ཐལ་བར་འགྱུར་བའི་ཕྱིར་དང། ཐ་དད་བའི་ཐ་སྙད་རྒྱུན་ཆད་བར་འགྱུར་བའི་ཕྱི་རོ། །རྣམ་བ་རྟོག་བ་གཉིས་བའི་དབང་དུ་བྱས་ནས་ཅི་སྟེ་ཞེས་བ་བ་ལ ་སོགས་བ་སྨོས་ཏེ། ངེས་འདིར་ཞེས་བྱ་བ་ལ་སོགས་པ་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱི་སྐྱོན་འཆད་དོ། །འདི་ལྟར་བརྟན་པ་དང་མ་བརྟན་བའི་རང་བཞིན་ཐ་དད་བས་དངོས་བོའི་རྣམ་པ་གཉིས་ག་ཡང་ཆ་མེད་བའི་ཕྱིར་བདག་ཉིད་ཀྱིས་ཡོང་སུ་རྫོགས་བས་དུས་ཕྱིས་རྐྱེན་གཞ? ་གྱི་བདག་ཉིད་དུ་བྱེད་པའི་ནུས་པ་མེད་བར་མི་ནུས་ལ། བྱེད་ན་ཡང་དོན་གཞན་བྱེད་པ་ཉིད་འགྱུར་གྱི་རང་གི་ངོ་བོར་གྱུར་བའི་ནུས་བ་བྱེད་པར་ནི་མ་ཡིན་ནོ། །ནུས་པ་དངོས་པོའི་རང་བཞིན་དུ་ཁས་མི་ལེན་ན་ཡང་དངོས་པོ་བྱེད་པ་པོ་ཉིད་མ་ཡིན་པར་ཐལ་བར ་འགྱུར་རོ། །ཞེས་བཤད་ཟིན་ཏོ། །འདི་སྙམ་དུ་ཆ་མེད་བའི་དངོས་བའི་ནུས་བ་དུས་ཕྱིས་མི་བྱེད་མེད། །ཆ་དད་བཅས་བ་ཅིའི་ཕྱིར་མ་ཡིན་སྙམ་དུ་སེམས་པ་ལ། གང་ཕྱིར་འགལ་བའི་ཆོས་དང ་ལྡན་པའོ། །མི་བརྟན་པའི་དངོས་པོ་ལ་ཁྱད་པར་སུན་འབྱིན་པ་ནི་།དོན་ཀུན་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་།འབྲས་བུ་དག་ལ་ཞེས་བྱ་བའི་དོན་ངེས་པ་ལ་སོགས་པ་?་ལྷག་མ་ནི་གོ་པར་ཟ་དོ། །གལ་ཏེ་འདི་སྙམ་དུ་ཁྱེད་ཅག་ལ་རྩོད་པ་མེད་ན ་དོན་ཇི་ལྟར་གཞན་ལS་ཚད་མ་ཉིད་དུ་ཁས་ལེན་པར་?་སྙཾ་དུ་སེམས་ན། ན། དེའི་ཕྱིར་འདི་ལ་བློ་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལས་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བའི་འབྲས་བུ་མི་བསླུ་བ་ལ་མི་བལྟོས་པའི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཉམས་མྱོང ་བ་ཙམ་ལ་སོ། །རྟོགས་པར་ཞེས་བྱ་བ་ནི་ངས་པར་རོ། །འདི་སྙམ་དུ་ནུས་པ་ནི་ཤེས་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཤེས་པ་བཟུང་བ་ན་དེ་ཡང་འཛིན་པར་བྱེད་པ་ཉིད་ཡིན་ཏེ། དེ་ཇི་ལྟར་རྟོགས་པར་བྱེད་པ་མི་ནུས་སྙམ་དུ་སེམས་ན། ཇི་ལྟར་གནས་པའི་ཞེས་བྱ་བ་ལ་སོགS ་སུ་སྨོས་ཏེ། རྟོགས་པ་དང་ཐོབ་བ་དག་ནི་རྟོགས་པ་ཐོབ་པ་དག་སྟེ་།ཇི་ལྟར་གནས་པའི་ཤེས་བྱའི་དངོས་པོའི་རྟོགས་པ་དང་ཐོབ་པ་གང་དག་ཡིན་པ་དེ་ལ་དེའི་ཡུལ་ཅན་གྱི་ནུས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འབའ་ཞིག་ལས་ཞེས་བྱ་བ་ནི་མི་བསླུ་དང་རྒྱུའི་ཡིང་ཡོངS ་སུ་ཤེས་པ་ལ་བལྟོས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མི་ནུས་ཤེ་ན་།གང་གི་གསལ་སྣང་རྣམ་བ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྲ་ཤང་ལ་སོགས་པ་མཐོང་བ་ལ། ཞེས་ཚིག་རྣམ་བང་སྦྱ་རོ། །འབའ་ཞིག་ལས་ཞེས་བྱ་བ་ནི་མི་བསླུ་དང་རྒྱུའི་ཡིད་ཡོངS ་ཏེ། ཡང་ནུས་པ་ཉམས་སུ་མྱོང་བ་དེ་ལྟ་ན་ཡང་ཚད་མ་མ་ཡིན་བ་དང་འདྲ་བའི་ཕྱིར་འཁྲུལ་བས་དུག་ལ་སོགས་བའི་ནུས་པ་བཞིན་དུ་རིས་བར་མི་ནུས་པ་ལ་གོམ་པ་ལ་སོགས་པ་གཞན་ལ་ཡང་བལྟོས་བའི་ཕྱིར་ཉམས་སུ་མྱོང་བ་འབའ་ཞིག་ངེས་པའི་སྒྱུ་མ་ཡིན་ཏེ ་ཆོས་གང་ལས་འཁྲུལ་པའི་རྒྱུ་མཚན་གྱིས་ཡོན་ཏན་གཞན་སྒྲོ་མི་འདོགས་པར་དེ་ཁོ་ནར་ངེས་པ་ཡིན་ནོ། །འོ་ན་གང་ལས་དེ་ངེས་བར་བྱ་བ་ཡིན་ཞེ་ན། དེ་ཕྱིར་དོན་བྱེད་ཅེས་བྱ་བ་ལ་སོགས་བ་ལ་སོགས་བ་སྨོས་ཏེ་།གཞན་ཡང་ཞེས་བྱ་བ་ནི་རྒྱུའི་ཤེས་པའོ། །འདི་ནི་ཞེས་ནི་དུས་པའོ ་བྱེད་བའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་གཞན་ལ་བལྟོས་པ་ཞེས་འབྲེལ་ཏོ། །ངེས་པ་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར་རོ། །དོ་བསྐྱེད་ངར་བྱ་བའི་དོན་དུ་རྒྱུ་གཞན་ལས་བལྟོས་བ་རིགས་ཀྱི་།དེ་བྱ་བའི་དོན་དུ་ནི་མ་ཡིན་ཏེ་ངེའི་བརྟེན་ནི་ནུས་བ་སྔ་མ་ཡིན་བའི ་ཕྱིར་རོ། །ནུས་བ་ཡང་དངོས་བོ་གྲུབ་པ་དང་ལྷན་ཅིག་གྲུབ་བ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་ཞེS་བྱ་བ་ལ་སོཌ་བ་དང་དུག་ལ་སོཌ་བའི་ཞོན་ཞེS་བྱ་བ་ནི་དཔེ་བསྟན་པ་ཡིན་ནོ། །དེ་ལས་གཞན་མཚུངས་མཐོང་ཕྱིར་དང། །ཞེས་བྱ་བ་ནི་དུག་ལ་སོགས་པ་དེས་ལས་གཞན? ་དོད་ཀྲ་དང་བཏུང་བ་ལ་སོགས་པ་སྟེ་།དེ་དང་མཚུངས་པ་ཉིད་འདྲ་བ་ཉིད་མཐོང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །འབྲས་བུ་མཇུག་ཐོགས་སུ་མེད་ཕྱིར། །ཞེས་བྱ་བ་ལ་འབྲས་བུ་ནི་རྒྱལ་བ་ལ་སོགས་པའོ། །དེ་འཇུག་ཐོགས་ཉིད་དུ་མེད་པའི་ཕྱིར་ཞེས་ཚིག་རྣམ་པར་སྦྱར་ཏེ་མཇུག ་ཐོགས་སུ་འབྲས་བུ་མེད་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་རྣམ་པར་མ་ངེས་ན། ཞེས་བྱ་བ་ནི་དུག་ལ་སོགས་པའི་བདག་ཉིད་རྣམ་བར་མ་ངེས་ནའོ། །དེའི་བདག་ཉིད་དུ་ཞེས་བྱ་བ་ནི་དུག་ལ་སོགས་བའི་རང་བཞིན་དུའོ། །དེ་ནས་ངེས་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ཤེས ་བྱའི་དངོས་པོ་རྟོགས་པ་དང་ཐོབ་པ་ངེས་བའོ། །དམ་བཅའ་བ་རང་གི་ཚིག་དང་ཡང་འགལ་བར་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ་ཇི་ལྟར་གཞན་ལS་གྲུབ་མ་ཡིན། ཞེས་བྱ་བ་ནི་གྲུབ་པ་ཁོ་ན་སྟེ་དོན་གྱིས་གོ་བ་ནི་ཚད་མ་གཞན་ཡིན་ནོ་སྙམ་དུ་བསམ།? ་པ་ཡིན་ནོ། །དེ་ཉིད་འཇིག་པ་ཁོ་ནར་འགྱུར། །ཞེས་བྱ་བ་སྟེ་མ་ངེས་པ་ཉིད་དུ་བསྟར་མ་པའི་ཕྱིར་རང་གི་རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་གསལ་བར་བྱ་བའི་ཕྱིར་།དེའི་?་བཞིན་ཞེས་བྱ་བ་ལ་སོགས་བ་སྨོས་སོ། འདི་སྙམ་དུ་གལ་ཏེ་ཤེས་པ་ཡི? ་བལྟོས་ནས་ཚད་མ་ཉིད་དུ་གྲུབ་པར་བྱེད་པ་དེའི་ཚེ་ཁོ་བོ་ཅག་ལ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་རེ་ཞིག་ཤེས་པ་དོན་གྱི་གོ་བས་གྲུབ་བར་འདོད་དེ། དུས་བ་དེའི་ངོ་བོ་ཚང་མ་ཉིད་སྨོས་ཀྱང་ཅི་དགོས་དོན་ངེས་པའི་མཚན་ཉིད་ཀྱིས་འབྲས་བུ་བྱ་བ་ལ ་ཤེས་པའི་ཕྱིར་བལྟོས་བ་མེད་བ་ཡིན་བས་དེ་རང་ལས་ཞེས་བརྗོད་ཕ་ང?་ནི་ཡང་ངག་པ་མ་ཡིན་ཏེ། ཚད་མར་ངེས་པ་མེད་པར་རང་གི་དོན་ངེས་པ་ཉིད་མི་སྲིད་པའི་ཕྱི་རོ་ཐེ་ཚོམS་ལ་སོགས་བས་ཡུལ་དུ་བྱས་པ་ཡང་ཇི་ལྟར་རང་གི་འབྲས་བུལ་བལྟོས་པ་མང ་བ་ཡིན། ཚད་མ་གཞེན་གྱི་བཟུང་བ་ལ་བལྟོས་ན་ཡང་ཇི་ལྟར་རང་གི་ཕྱོགས་ལ་ཡང་ཐུགས་མེད་པར་མི་འགྱུར་ཏེ། དེ་ལྟར་ན་འདི་ནི་གྱི་ནའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་དེ་ཡི་ངོ་བོར་ངེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དཱི་མི་ངེས་པ་ཉིད ་དུ་སྟོན་པ་ཡིན་ཏེ། དེ་བཞིན་མི་བསླུའི་ནུས་པ་ཡང། །ཞེས་བྱ་བ་ནི་གཞན་ལས་ངེས་ཞེས་བྱ་བ་དང་སྦྱར་རོ། །གཉི་ག་མཚུངས་ཞེས་བྱ་བ་ནི་ཚད་མ་དང་ཚད་མ་མ་ཡིན་བའོ། །བཟློག་བ་ལས་ཞེས་བྱ་བ་ནི་ཚད་མ་ཉིད་མ་ཡིན་པ་ལས་སོ། །གང་ཡང་ནུས་པ་རྣམS ་ནི་རྟོགས་པའི་ཕྱིར་རང་བཞིན་མ་ཡིན་ལ་།དུས་ཕྱིས་རྒྱུ་གཞན་ལ་མི་བལྟོས་པའི་ཕྱིར་རང་གི་རྒྱུ་ངག་ཁོ་ན་ལས་སྐྱེ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་རྣམས་ཀྱི་ནུས་པ་ཡང་མ་ངོས་བའོ། །དེ་ཡང་ནུས་པ་རྣམས་ནི་རང་ཁོ་ན་ལS་སྐྱེ་བའི་ཕྱིར་འདི་ངག་ནི་རང ་བཞིན་ཅན་ཡིན་ནོ། །འདི་ལྟར་བདག་ཉིད་ལ་རྒྱུ་རྣམས་ཀྱི་ངོ་བོ་ཡོང་པ་གང་ཡིན་པ་དེ་ཁོ་ན་དེ་དག་གི་འབྲས་བུ་ལ་བྱེད་པ་ཡིན་ཏོ། དཔེར་ན་འཇི་བའི་དུམ་བུས་བསྐྱེད་པར་བྱ་བའི་བུམ་པ་ལ་གཟུགS་ལ་སོགས་བ་རང་གི་ཡོན་ཏན་གྱི་སྒོ་ཁོ་ནམས་རྩམ་བར་བྱེད་པ་བཞི་ནོ། །ཆུས་སོཌ ་པ་འཛིན་པའི་ནུས་པ་ནི་བདག་ལ་ཡོང་པ་མ་ཡིན་པའི་ཕྱིར་དེ་དག་གིས་བུམ་བ་ལ་བྱེད་པ་མ་ཡིན་གྱི་དེའི་དེ་ནི་རང་ཉིད་ཀྱི་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ལ་ཡང་དབང་པོ་དེ་དོན་ལ་སོགས་བ་དེའི་རྒྱུ་རྣམས་གྱིས་བདག་ཉིད་ལ་བྱེ་པའི་ཕྱིར་དོན་ཡོང་སུ་གཅོད་པའི་ནུས ་བ་བྱེད་པ་མ་ཡིན་གྱི། དེའི་དེ་ནི་རང་ཁོ་ན་ལས་ཡིན་བའི་ཕྱིར་ངེས་ན་ནུས་པ་རང་བཞིན་ཅན་ཡི་ནོ་ཞེས་རློམ་པ་དེ་ནི་བ་ཅོལ་ཙམ་ཡིན་ཏེ། རིགས་པ་འདི་ཚད་མ་མ་ཡིན་དེ་ཉིད་ཀྱང་རང་ཉིད་ལས་ཡིན་པར་ཉལ་བར་འགྱུར་བའི་ཕྱིར་གྲེ་འདི་ལྟར་དེ་ནི་ཕྱིན་ཅི་ལོག་དོན་འོང་སུ ་གཅོད་པའི་མཚན་ཉིད་ཅན་ཡིན་ལ་མིག་ལ་སོགས་པ་རྣམས་ནི་རྣམ་བ་དེ་ལྟ་བུའི་ནུས་པ་དང་ལྡན་པ་ཡང་མ་ཡིན་ནོ། །གཞན་ཡང་གལ་ཏེ་བདག་ཉིད་ལ་ཡོད་པ་མ་ཡིན་པའི་ངོ་བོའི་རྒྱུ་དག་གིས་འདྲས་བུ་ལ་མི་བྱེད་བ་དེའི་ཚེ་དབང་པོ་ལ་སོགས་བ་བདག ་ཉིད་ལ་མོད་བ་མ་ཡིན་པ་ཞེས་བྱ་བའི་ངོ་བོ་ཉིད་ཇི་ལྟར་ཤེས་པ་ལ་བྱེད་ཡང་ཡོད་པ་མ་ཡིན་པ་དེ་ཡང་དེ་དག་གིས་བྱེད་ན་ཡོངས་སུ་གཅོད་པའི་ནུས་བ་ཅིའི་ཕྱིར་བྱེད་པར་མི་འགྱུར། །དེ་དག་དེ་བྱེད་པ་ལ་གེགས་བྱེད་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ།། ་གཞན་ཡང་རེ་ཞིག་གལ་ཏེ་དངོས་པོ་ལས་ནུས་པ་ཐ་མི་དད་པར་ཁས་ལེན་པར་བྱེད་ན། དེའི་ཚེ་དངོས་པའོ་རང་གི་ངོ་བོ་བཞིན་དུ་དེ་དག་ཀྱང་བདག་ཉིད་གནས་བ་རྒྱུ་ལ་རག་པ་ཉིད་ཡིན་པའི་ཕྱིར་གང་ལས་འདི་དག་རང་བཞིན་ཅན་ཡིན་འོན་ཏེ་ཐ་དད་པ་ཡིན་ན་དེའི་ཚེང་ཉིད་ཀྱིས་འབྱུང་བའི ་ཕྱིར་དེ་དག་རང་གི་རྟེན་དང་འབྲེལ་པ་གྲུབ་པར་མི་འགྱུར་ཏེ། དེ་དག་ནི་ད་ལ་ཕན་འདོགས་པར་བྱེད་པ་ཡང་མ་ཡིན་པའི་ཕྱིར་ཕན་འདོགས་པར་མ་བྱེད་པ་ཡང་རྟེན་དུ་རིགས་པ་མ་ལེན་ཏེ། ཧ་ཅང་ཐལ་བང་འགྱུང་བའི་ཕྱི་རོ། །གཞན་ཡང་རྒྱུ་མཚན་མེད་པར་རང་དབང་ཉིད་ཀྱིས་གྱུར་པ ་ཡིན་ན་ཡང་ཡུལ་དང་རུས་ངེས་པ་ལ་བལྟོས་པར་མི་འགྱུར་ཏེ་འདི་ལྟར་ཞིག་ཏུ་ཅུང་ཟད་རག་ལས་པའམ། དག་མ་ལས་འདི་ནི་དེལ་བལྟས་པ་མེད་པའམ་ཡང་ན་མ་ཡིན་ཏེ། གང་རང་རག་མ་ལས་བ་དང་དགའ་འཇུག་པ་དེ་ཅིའི་ཕྱིར་ངེས་འགའ་ཞིག་ཏུ་ལྡོག་པར ་འགྱུར་དེ་ལྟ་ཡིན་དང་དངོས་པོ་རྣམས་སོ་སོར་ངེས་བའི་ནུས་པ་དང་ལྡན་བར་མི་འགྱུར་ལ་གཞན་དུ་ནུ་ཐང་ཐམས་ཅད་ལ་ཉེ་བར་སྦྱོར་བང་འགྱུར་རོ། །གཞན་དག་ནི་འབྲས་བུ་ཡོད་པར་ལྟ་བ་ལ་བརྟེན་ནས། ཚད་མ་ཀུན་གྱིས་ཚད་མ་ཉིད་ཅེས་བྱ་བ་ལ་སོགས་པ་འང་བརྗོད་འདི་ལྟར་འབྲས་བུ་སྙེད? ་པར་ངེས་པའི་ཕྱིར་དངོས་པོ་ཡོད་པ་རྣམས་ཁོ་ན་རྒྱུ་དག་གིས་བྱེད་ཀྱི་མེད་པ་ནམ་མཁའ་ཨི་མེ་ཏོག་ལ་སོགས་པའམ་ཁྱེ་མ་རྣམས་ལ་ཏི་ལ་མང་ནི་གང་དུ་ཡང་བྱ་བར་ནུས་བ་མ་ཡིན་ཏེ། མེད་པ་སྐྱེན་མེད་པར་ཁྱེད་པར་མེད་ཡི་ཕྱིར་ཐམས་ཅད་ཐམས་ཅད་ཀྱི་ཚེ་ཐམས་ཅད་སྐྱེ་བར་འགྱུར། སྙམ་དུ་སེམས་པ ་དེ་ནི་རིགས་ཏེ། རྒྱ་དོན་མེད་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ནེ་ཞིག་ཁྱོད་ཀྱི་ལུགས་ཀྱིས་ཅུང་ཟད་ཀྱང་མེད་བ་བྱེད་བ་མ་ཡིན་ལ། ཡོད་པ་ཡང་བལྟོས་པ་ཐ་དང་བྲལ་པའི་ཕྱིང་ཅུང་ཟད་ཀྱང་བྱར་ཡོད་པ་མ་ཡིན་བས་ཅི་ཞིག་བྱེད་པ་ན་དེའི་བྱེད་པ་པོར་འགྱུང་དེ་བས་ན་རྒྱ་དང་འབྲས་བུ ་ཉིད་མེད་པར་འགྱུར་རོ། །གལ་ཏེ་ཡོད་པ་མངོན་བར་གསལ་བར་བྱེད་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལ་ཡང་ཡོད་པ་དང་མེད་བ་ཉིད་བྱེད་པ་འགལ་བའི་ཕྱིར། །འདི་ལྟར་དེ་ལ་ཡང་ཅི་སྟེ་ཡོང་བ་བྱེད་མ། འོན་ཨེ་མེད་པ་བྱེད་ཅེས་རྣམ་པར་རྟོག་བ་འདི་གཉིས་འཇུག་བ་ཡིན་ཏེ་ཅི་སྟེ་ཡོད་པ་བྱེད་མ། འོན ་ཏེ་མེད་བ་བྱེད། དེ་ལ་ཕྱོགས་དང་པོ་ལ་ནི། བྱད་པར་མེད་པའི་ཕྱིར་བྱེད་པ་མི་འཐ་དོ་ཞེས་བསྟན་ཟིན་ཏོ། །དེ་ལ་ཡང་མངོན་པར་གསལ་བ་ལ་བརྟན་ནས་ཐུག་པ་མེད་པར་ཐལ་བང་འགྱུ་རོ། །ཕྱོཌ་གཉིས་པ་ཡང་མ་ཡིན་ཏེ་མེད་པ་བྱེད་པ་ཁས་མེ་ལེན་པའི་ཕྱི་རོ། །ཁོས་ཡན་ན་ཡང་དངོས་པོ་མཌ? ་པ་བྱེད་པར་ཐལ་བར་འགྱུར་བའི་ཕྱི་རོ། །གཞན་ཡང་དངོས་པོ་ལས་དོན་གཞན་དུ་གྱུར་བ་མ་ཡིན་བ་བྱེད་གྲང། གལ་ཏེ་དོན་གཞན་དུ་གྱུར་བ་བྱེད་ན་དེའི་ཆོ་དངོས་པོ་ལ་ཅུང་ཟད་ཀྱང་བྱས་པར་མི་འགྱུ་རོ། །གཞན་བྱེད་པ་ན་གཞན ་བྱས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱི་རོ། །དེ་ནདང་འབྲེལ་པའི་མདོན་བར་གསལ་བ་གཞན་བྱེ་དོ་ཞེས་ན། མ་ཡིན་ཏེ། ཕན་གདགས་པར་བྱ་བམ་ཡིན་བ་ཉིད་ཀྱིས་དེ་དང་འབྲེལ་བ་མ་གྲུབ་པའི་ཕྱི་རོ། །ཕན་འདོགས་པར་བྱེད་བར་ལས་ལེན་ན་དེ་ཡང་དོན ་གཞན་ཡིན་ན་ན་ཐུག་པ་མེད་བར་ཐལ་བར་འགྱུར་བའི་ཕྱིར་འབྲེལ་བ་མ་གྲུབ་ལ། དོན་གཞན་མ་ཡིན་ན་ཡང་རྱུ་རྣམས་དོན་མེད་པར་ཐལ་པར་འགྱུར་ཏེ། རྟེན་དུ་གྱུར་པའི་དངོས་པོ་ལས་ཕན་འདགས་པར་བྱེད་བའི་རང་བཞིན་གྱི་མངོན་པར་གསལ་བ་སྐྱེད་པར་བྱེད་པའི་ཕྱིར་དང ་དངོས་བོའི་མདོན་པར་གསལ་བའི་རྒྱུ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་རྟག་ཏུ་མངོན་པར་གསལ་བར་ཐལ་བང་འགྱུར་བའི་ཕྱི་རོ། །ཕན་འདོགས་པར་བྱ་བ་མ་ཡིན་པ་གཞན་ལ་ལྟོས་བང་ཡང་རིགས་བ་མ་ཡི་ནོ་ཞེས་རྣམ་པ་མེད་དུ་བསྟན་ཟིན་ཏོ། །ཅི་སྟེ་དོན་གཞན་དུ་མི་ ་འགྱུར་བ་མ་ཡིན་པའི་མངོན་པར་གསལ་བ་བྱེད་པའི་ཕྱོགས་དེ་ཡང་རིགས་བ་མ་ཡིན་ཏེ། ཁྱད་པར་དུ་བྱང་མེད་བའི་ཕྱིར་རོ། །འདི་ལྟར་དོན་གཞན་དུ་གྱུར་བ་མ་ཡིན་པ་བྱེད་དོ་ཞེས་བྱ་བས་དངོས་པོའི་རང་བཞིན་བྱེད་དོ་ཞེས་བསྟན་པ་ཡིན་ལ། དེ ་ཡང་ཡོད་པ་ཉིད་ཀྱིས་བལྟོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་བྱེད་པར་མི་རིགས་སོ་ཞེས་བྱ་བ་འདི་ཉིད་བསམ་པར་བྱ་བ་ཡིན་ནོ། །གཞན་ཡང་མངོན་པར་གསལ་བ་བཞིན་དུ་ཐ་མི་དད་པའི་ཕྱིར་དངོས་པོ་ཡང་མེད་པར་བྱེད་པར་འགྱུར་བ་འམ་དངོས་པོའི་རང་གི ་ངོ་བོ་བཞིན་དུ་མངོན་པར་གསལ་བ་ཡང་ཡོད་པ་ཉིད་བྱེད་པར་ཐལ་བར་འགྱུར་ལ་དེ་ཡང་རིག་པ་མ་ཡིན་ཏེ། བོགས་དབྱུངས་དུ་མེད་པའི་ཕྱིར་དང། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། ཡོད་པའི་དོན་གྱི་ཡུལ་ལ་ཡང་རྒྱུའི་བྱ་བ་འདོད ་པ་ནི་རྒྱུ་རྣམས་ཀྱི་འབྲས་བུ་བྱེད་པ་ལྡོག་པ་མེད་པར་ཐལ་བར་འགྱུར་ཏེ། དེར་ཅི་ཞིག་དམིགས་ནས་རྒྱུ་རྣམས་ལྡོག་པར་འབྱུང། འབྲས་བུ་ཡོད་པའོ་ཞེ་ན། མ་ཡིན་ཏེ། ཁྱེད་ཀྱི་ལུགས་ཀྱིས་དེ་ནི་སྔར་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་བསན་གང་གིས་རྒྱུ་ཡོད་པ་ནི་མེད ་པ་ཉིད་དུ་སྐྱེའོ་དེ་སྐྱེད་པར་བྱེད་བའི་རྒྱུ་མེད་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་ནི་མ་ཡིན་ནོ། །དེས་ན་རྒྱུའི་ནུས་པས་སོ་སོར་དེས་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་འགྱུར་རོ། །དངོས་པོ་ཐམས་ཅད?་སྐྱེད་བའི་ནུས་པ་ཡོད་པ་མཁས་བླང་བར་བྱ་བ་མ་ཡིན ་ཏེ། དངོས་པོ་རྣམས་ཀྱི་ནུས་པ་ནི་ཐོག་མ་མེད་པའི་རང་གི་རྒྱུ་བརྒྱུད་པས་ངེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་ཡང་ཚད་མ་མེད་པ་གཞན་གྱི་བྱ་བར་མི་ནུས་པའི་ཕྱིར་དེར་ད་ལས་ཡིན་པར་བརྗོད་ན། འོ་ན་ཚད་མ་མ་ཡིན་པ་ཡང་རིགས་པའི་ཉིད་ཀྱིས་རང་ཉིད་ལས་ཡིན ་པར་འགྱུར་བའི་ཕྱིར་འདི་ནི་གྱི་ནའོ?། གང་ཡང་ཚད་མ་ཉིད་ཅེས་བྱ་བ་རྣམ་པར་ཤེས་བའི་དོན་ཡོངས་སུ་གཅོད་པ་བསྐྱེད་པའི་ནུས་པ་ཡིན་ལ། །ནུས་པ་ཡང་རྣམ་པར་ཤེས་པ་སྐད་ཅིག་མ་ལ་བརྟན་པའི་ཕྱིར་ཡོད་པར་བྱ་བ་ནུས་པ་མ་ཡིན་ཏེ་དུས་གསུམ་རྡུ་ཡང་དེ་བྱེད་པ ་མི་འཐད་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་རྣམ་པར་ཤེས་པ་སྐྱེས་པ་ལས་སྔར་བྱེད་པ་མ་ཡིན་ཏེ། བརྟེན་པ་ཡིན་བའི་ཕྱིར་རོ། །བརྟེན་པ་རྟེན་མེད་པར་བྱེད་པར་རིགས་པ་མ་ཡིན་ཏེ། རྩིག་པ་མེད་པར་རི་མོ་བཞིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྷན་ཅིག ་ཏུ་བྱེད་པར་ཡང་རིམ་པ་མ་ཡིན་ཏེ། རྟེན་མེད་པའི་ཕྱིར་རོ། །རྟེན་དང་བརྟེན་པ་རྩིག་པར་རི་མོ་དག་ནི་ཅིག་ཅར་རྩོམ་པ་མ་ཡིན་ལ་དུས་དེ་ཙམ་དུ་གནས་པ་མེད་པའི་སྒོ་ནས་དེ་ཉིད་སྐད་ཅིག་མ་ཡིན་པའི་ཕྱིར་སྐྱེས་པ་ན་རྣམ་པར་ཤེས་པ་ཕྱིས་བྱེད་པ་ཡང་མ་ཡིན་ཏེ། དེས ་ན་ཚད་མ་ཐམས་ཅད་རང་ལ་ཚད་མར་བརྗོད་པར་བྱའོ་སྙམ་དུ་སེམས་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟ་རེ་ཞིག་དོན་ཡོངས་སུ་གཅོད་པ་སྐྱེད་པར་བྱེད་པའི་ནུས་པ་ཚད་མ་ཉིད་ཡིན་ན་ཞེས་གང་སྨྲས་པ་དེ་ནི་འབྲེལ་པ་མེད་པ་ཡིན་ཏེ། དོན་ཡོངས་སུ་གཅོད་པ་ནི་ཤེས་བའི་རྣམ་གྲངས ་ཡིན་པའི་ཕྱིར་རོ། །ནུས་པ་ཤེས་པ་དེ་ཉིད་ལ་བརྟེན་པ་ཡིན་ན་དེ་སྐྱེད་པར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང། དུས་མཉམ་པའི་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་བའི་ཕྱིར་རོ། །གང་ཡང་བརྟེན་པ་ཡིན་པའི་ཕྱིར་ལྷན་ཅིག་དང་སྔར་བྱེད ་བ་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་མི་རིགས་ཏེ། ཐ་མི་དད་པས་བརྟེན་པ་ཉིད་མ་གྲུབ་པའི་ཕྱིར་རོ། །ཁྱད་པར་ཅན་གྱི་དོན་བྱ་བ་བྱེད་བའི་དངོས་པོའི་རང་བཞིན་ཉིད་དེའི་དངོས་པོ་ཙམ་ཤེས་པར་འདོད་པ་ན་ནུས་པ་ཞེས་ཐ་སྙད་དུ་བྱའི། དོན་གཞན་ནི་མ་ཡིན་ཏེ། དོན་གཞན་ཡིན་ན ་དངོས་པོ་བྱེད་པ་པོ་མ་ཡིན་པར་ཐལ་བ་དང་འབྲེལ་པ་ཡོད་མ་གྲུབ་བོ་ཞེས་འདི་ནི་རྣམ་པ་མང་དུ་དཔྱད?་ཟིན་ཏོ། །དེ་ལྟ་བས་ན་རྣམ་པར་ཤེས་པའི་ནུས་པ་རང་བཞིན་དུ་གྱུར་པ་ནི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རྣམ་པར་ཤེས་བའི་རང་གི་ངོ་བོ་བཞིན་དུ་རྣམ་པར་ཤེས་པ་ལས ་སྔར་མེད་པས་དེ་ཁོ་ན་བྱེད་དོ་ཞེས་བྱ་བར་འགལ་བ་མེད་དོ། །རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེའ་ས?་ཞེས་བྱ་བ་ཡོད་པ་རིགས་པ་ཁོ་ན་སྟེ། དངོས་པོར་གྱུར་པའི་ཆོས་ནི་དངོས་པོ་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་ཡིན་པའི་ཕྱིར་རོ། །ནུས་པ་དངོས་པོ་ལས་ཐ་དད་པ་ཡིན་དུ་ཆུག་མོན ་དེ་ལྟར་ན་ཡང་ཡོད་པ་དང་མེད་པའི་རྟེན་མི་འཐད་བའི་ཕྱིར་བརྟེན་པ་ཉིད་མ་གྲུབ་སྟེ། འདི་ལྟར་རེ་ཞིག་ཡོད་པ་ནི་རྟེན་མ་ཡིན་ཏེ་བདག་ཉིད་ཐམས་ཅད་ཀྱིས་གྲུབ་པས་བལྟོས་པ་མེད་པའི་ཕྱིར་རོ། །དེ་ནི་དེའི་རྟེན་དུ་ཡང་རིགས་པ་མ་ཡིན་ཏེ་དེ་ནི་ཅུང ་ཟད་ཀྱང་མི་བྱེད་པའི་ཕྱིར་འབིགས་བྱེད་དང་གངས་ཅན་བཞིན་ནོ། །དེས་གནས་པ་བྱེད་དོ་ཞེ་ན། མཚན་ཉིད་དེ་གནས་པ་པོ་ལས་ཐ་མི་དད་པའི་ཕྱིར་ཏེ། གནས་བའི་རང་བཞིན་ཉིད་དེ་ལྟར་ཁྱད་པར་གཞན་སྤངས་པའི་སྒོ་ནས་བརྗོད་ཀྱི་རྟེན་ཞེས་གནས་པ་པོའི་མཚན ་ཉིད་བྱེད་པ་ན་མ་ཡིན་པའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ། །གནས་པ་པོ་ལས་གནས་པ་ཐ་དད་པ་ཡིན་ན་ཡང་དོན་གཞན་དུ་གྱུར་པའི་གནས་པ་བྱེད་བའི་ཕྱིར་གནས་པར་བྱེད་པ་པོ་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ། །གཞན་བྱེད་པ་ན་གཞན་ལ་ཅུང་ཟད་ཀྱང ་བྱས་པ་ཞེས་བྱ་བ་མ་ཡིན་པའི་ཕྱིར་རྣམ་པ་གཉི་ག་ལྟར་ན་ཡང་གནས་པར་བྱེད་པ་པོ་ནི་ཅུང་ཟད་ཀྱང་མི་བྱེད་པ་ཉིད་དོ། །གལ་ཏེ་དེ་དང་འབྲེལ་པའི་དངོས་པོ་བྱེད་དོ་ཞེ་ན། མ་ཡིན་ཏེ་གནས་པར་བྱ་བ་དང་གནས་པར་བྱེད་པ་གཉིས་བཞིན་དུ་གནས་པ་དང་ལྡན ་པར་གནས་པ་པོ་དག་ལྷན་ཅིག་འབྲེལ་པ་མ་གྲུབ་བའི་ཕྱིར་དང། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། ཞེས་བྱ་བ་འདི་ནི་ཕལ་ཆེར་དཔྱད་ཟིན་ཏོ། །གཞན་ཡང་གལ་ཏེ་དངོས་པོའི་གནས་པར་བྱེད་པ་གནས་པ་ལས་དོན་གཞན་དུ་གྱུར་པ་ཁས ་ལེན་པར་བྱེད་པ་དེའི་ཚེ་གནས་པར་བྱེད་པའི་གནས་པར་ཡོད་པའི་ཕྱིར་དངོས་པོ་འགའ་ཞིག་ཀྱང་འཇིག་པར་མི་འགྱུར་ལ་གནས་པ་ཡོད་ན་ཡང་འཇིག་པའི་རྒྱུའི་དབང་གིས་འཇིག་པར་འགྱུར་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། དེ་ཡང་ཅུང་ཟད ་ཀྱང་མི་བྱེད་པ་ཉིད་ཀྱི་ཕྱིར་འཇིག་པར་བྱེད་པ་ཉིད་དུ་མི་རིགས་སོ། །འདི་ལྟར་དེ་ལ་ཡང་ཅི་དངོས་པོ་ལས་དོན་གཞན་དུ་གྱུར་པའི་འཇིག་པ་འཇིག་བའི་རྒྱུས་བྱེད་དམ། འོན་ཏེ་དངོས་པོ་ཉིད་ཡིན་ཞེས་བྱ་བའི་རྣམ་པར་རྟོགས་པ་འདི་ཉིད་ཁོ་ན་འཇུག་པ་ཡིན། རེ་ཞིག ་དངོས་པོ་ཉིད་བྱེད་པ་ནི་མ་ཡིན་ཏེ། དེ་ནི་གྲུབ་ཟིན་པའི་ཕྱིར་རོ། །གཞན་བྱེད་ན་ཡང་དངོས་པོ་ལ་ཅུང་ཟད་ཀྱང་?་པའི་ཕྱིར་དངོས་པོ་དེའི་གནས་སྐབས་ཁོ་ན་ཡིན་པའི་ཕྱིར་འཇིག་པ་མེད་པས་འཇིག་པའི་རྒྱུ་ཅུང་ཟད་མི་བྱེད་དོ། །ཞེས་རྒྱས་པར་བསྟན་པའི་དངོས་པོ་བརྟག་པར ་གཏན་ལ་ཕབ་ཟིན་ཏོ། །གཞན་ཡང་དངོས་པོ་རང་བཞིན་གྱི་བརྟན་པའི་རང་བཞིན་ཡིན་ན་མ། མི་བརྟན་པའི་རང་བཞིན་ཡིན་གྲང་།དེ་ལ་གལ་ཏེ་དངོས་པོ་མི་བརྟན་པའི་བདག་ཉིད་དུ་རང་གི་རྒྱུ་ལས་སྐྱེས་པ་ཡིན་ན་དེའི་ཚེ་ངེས་རང་གི་ངོ་བོ་གྲུབ་པ་ལས་ཕྱིས་རང་ཉིད་གནས ་པར་བྱ་བ་མ་ཡིན་པའི་ཕྱིར་དེ་ནི་འཇིག་པ་དང་གནས་པའི་རྒྱུ་གཉི་གས་ཀྱང་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ནོ། །ཅི་སྟེ་རང་བཞིན་གྱི་བརྟན་པའི་ངོ་བོ་ཉིད་ཡིན་པ་དེ་ལྟ་ན་ཡང་དེའི་རང་བཞིན་གཞན་ཉིད་མི་སྲིད་པའི་ཕྱིར་འཇིག་པར་བྱེད་པ་འགའ་ཡང་ཡོད་པ་མ ་ཡིན་ནོ། །རང་ཉིད་གནས་པ་ཡིན་པའི་ཕྱིར་གནས་པར་བྱེད་པ་ཡང་ཡོད་པ་མ་ཡིན་པས་གནས་པ་དང་འཇིག་པའི་རྒྱུ་གཉི་ག་ལྟར་ཡང་ཅུང་ཟད་བྱེད་པ་མ་ཡིན་ནོ། །མེད་པ་རྟེན་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དེ་ནི་རང་བཞིན་ཐམས་ཅད་དང་བྲལ་བ་ཉིད་ཀྱིས ་བརྟེན་པ་ཉིད་དང་བྱ་བ་དག་མི་སྲིད་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་ཡིན་པའི་ཕྱིར་ནུས་པ་བརྟེན་པ་ཉིད་དུ་མ་གྲུབ་བོ། །གྲུབ་ན་ཡང་མ་དེས་པ་ཉིད་ཡིན་ཏེ། གཟུགས་ལ་སོགས་པ་བརྟེན་པ་རྣམས་ཀྱང་བུམ་པ་དང་ལྷན་ཅིག་སྐྱེ་བར་མཐོང་བའི་ཕྱིར ་དང་ཚད་མ་མ་ཡིན་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་ཚད་མ་མ་ཡིན་པ་ཡང་བཟློག་པའི་དོན་ཡོངས་སུ་གཅོད་པ་སྐྱེད་པར་བྱེད་པའི་ནུས་པ་ཡིན་ལ་རྣམ་པར་ཤེས་པ་ལ་བརྟན་པའི་ནུས་པ་ཡང་དུས་སུམ་ཆར་དུ་ཡང་མི་བྱེད་པའི་ཕྱིར་ཚད་མ་ཉིད་གཞན ་མཚད་མ་མ་ཡིན་པའི་བདག་ཉིད་ཀྱི་ནུས་པ་ཡང་གཉིས་ཁོ་ན་ལས་ཡིན་པར་འགྱུར་རོ། །གཞན་ཡང་གལ་ཏེ་དུས་སུམ་ཚར་དུ་ཡང་ཤེས་པའི་ནུས་པ་སྐྱེ་བར་མི་འགྱུར་བ་དེའི་ཚེ་རྣམ་པར་ཤེས་པ་ནུས་པ་ཐམས་ཅད་ཀྱི་སྟོང་པར་འགྱུར་ཏེ། གང་གི་ཆོས་འགའ་ཞིག་དུས་གསུམ་དུ་ཡང་མི ་སྐྱེ་བ་དེ་ནི་ཇི་ལྟར་དེའི་ཡིན་པར་འགྱུར་ཏེ། དཔེར་ན། ནམ་མཁའ་ཨི་ལུས་ཅན་ཉིད་བཞིན་ནོ། །གང་གིས་རྣམ་པར་ཤེས་པ་འདི་དག་དུས་གསུམ་ཅར་དུ་ཡང་མ་སྒྲུབས་པ་ཡིན་ན་ཡང་དེ་དང་ལྷན་ཅིག་འབྲེལ་པ་ཉམས་སུ་མྱོང་བར་འགྱུར་བ་ཞེས་བྱ་བ་ནུས་པ་དང ་གི་ངོ་མཚར་བའི་མིག་འཕྲུལ་འདི་སུ་ཞིག་གིས་བསླབས་གལ་ཏེ་འདི་ལ་ངོ་མཚར་ཆེན་པོ་ཅི་ཞིག་ཡོད་།རྟག་པའི་ཕྱིར་ཉམས་སུ་མྱོང་བ་ཡིན་ནོ། །ཞེ་ན་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་ཐམས་ཅད་ནུས་པ་ཐམས་ཅད་དང་ལྡན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་འདི་དག། ་ཤེས་པ་ཁོ་ནའི་ཡིན་པར་འགྱུར་བ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་དག་མ་ལས་པའི་ཆོས་ནི་སོ་སོར་དེས་པའི་དངོས་པོ་དང་ལྡན་པ་ལ་རྒྱུ་དེས་པ་འགའ་ཞིག་ཀྱང་མ་མཐོནཱོ། །དེ་ལྟ་ཡིན་དང་རྒྱུ་མཚན་མེད་པའི་ཕྱིར་འདི་ཐམས་ཅད་ཀྱི་ཡིན་པར་འགྱུར་རོ་ཞེས་འདི་ནི ་བསྟན་ཟིན་ཏོ། དེ་དག་གི་ཅུང་ཟད་ཀྱང་མི་ཕྱེད་པ་ནི་འགའ་ཞིག་གི་རྟེན་དུ་རིགས་པ་ཡང་མ་ཡིན་ཏེ། རྟག་པ་ཉིད་ཀྱི་རང་བཞིན་གྱི་ཁྱད་པར་འགའ་ཞིག་བྱད་མེད་པའི་ཕྱིར་ཏེ་སྤྲོས་པས་ཆོ་གོ། ཡང་རྣམ་པ་གཞན་གྱི་དམ་བཅའ་བའི་དོན་བརྟག་པར་བྱ་བའི་ཕྱིར ་ཚད་མ་ཀུན་གྱི་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། རང་ལས་ཚད་མ་ཉིད་ཡིན་ཏེ། ཞེས་བྱ་བ་འདིས་ནི་དོན་འདི་མངོན་པར་འདོད་པ་ཡིན་ཏེ། རང་ཉིད་ཀྱིས་ཏེ་རྒྱུ་གཞན་ལ་མ་བལྟོས་པའི་དུས་ཕྱིས་སྐྱེས་པ་རྣམས་ཀྱིས ་འཇུག་པ་སྟེ་རྒྱུའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཇི་སྐད་དུ་བཤད་པའི་སྐྱོན་གྱི་གོ་སྐབས་མེད་དོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་ཚད་མ་རྣམས་ཀྱི་རང་གི་འབྲས་བུ་རང་ལས་ཡོད་པའི་ཚད་མ་ཉིད་དེས་པ་ཡིན་ནམ། དོན་དེས་པ་ཡིན་རང་གི་འབྲས་བུ་བྱ་བ ་འདི་རྒྱུ་ལ་བལྟོས་པ་མ་ཡིན་ནོ། །འོ་ན་དེ་དག་གང་ལ་བལྟོས་ཤེ་ན། །བདག་ཉིད་ཐོབ་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིར་དངོས་པོ་རྣམས་ཀྱི་བདག་ཉིད་ཐོབ་པ་རྒྱུ་ལ་བལྟོས་པ་ཉིད་དུ་བསྟན་ནས། ཤེས་པ་ལ་ཡང་སྦྱར་བའི་ཕྱིར། དེ་ལྟ་བས་ན་སྐྱེ་བ་ཙམ། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རང་ཉིས་ཀྱི་ཡོན་ཏན་ལ་ཞེས་བྱ་བ་ནི་ངེས་པ་སྐྱེད་པ་ལ་བལྟོས་ནས་གནས་བཞིའི་བདུན་པ་ཡིན་ནོ་འདི་སྐད་དུ་ཤེས་པ་རྣམས་ཀྱི་རང་ལ་ཡོད་པའི་ཡོན་ཏན་ཕྱིན་ཅི་མ་ལོག་པ་རྟོགས་པའི་བདག་ཉི་དང་རྣམ་པར་དག་པའི་རྒྱུས་བསྐྱེད་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ ་སོགས་པ་གང་དག་ཡིན་པ་དེ་དག་ངེས་པ་བསྐྱེད་པར་བྱ་བ་ལ་འདི་དག་རྒྱུ་རྣམས་ལ་བལྟོས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་འོ་ན་ཇི་ལྟར་ད་དག་དེ་ལ་རྒྱུའི་དངོས་པོར་འགྱུར་ཞེ་ན། ཚད་མ་ཡིན་དོན་རྣམས་དེས་པ། །ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཚད་མ་ཉིད་པ་དོན་དེ་གཞལ་བྱ་ཡིན་པས་ཚད་མ་ཉིད་དོན་དག་གོ། དེ་དག་གི་ངེས་པ་སྟེ། དེ་བསྐྱེད་པ་ལ་ཞེས་འབྲེལ་ཏོ། །དོན་དེས་པ་ནི་ལྟ་བའི་ཤེས་པ་ལ་བལྟོས་ནས་བརྗོད་གཞན་དག་ནི་རང་ཉིད་ངེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འཇུག་སྟེ ་ཞེས་བྱ་བ་ནི་རྒྱུའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །བུམ་པ་སྐྱེ་ལ་ཞེས་བྱ་བ་ལ་སོགས་པས་བུམ་སོགས་བཞིན་ཞེས་བྱ་བའི་དཔེ་སྟོན་པ་ཡིན་ནོ། །དེ་ལྟར་དམ་བཅའ་བའི་དོན་མི་འགལ་བར་བསྒྲུབས་ནས་དེའི་ངོ་བོ་ངེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིའི་ཁྱབ ་པ་བསྒྲུབ་པར་བྱ་བའི་ཕྱིར་།དེ་ལྟར་མཐར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མཛའ་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ཀྱི་ཕྱིན་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་ཚད་མའོ། ཅིའི་ཕྱིར་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཞེ་ན། ཚད་མ་གཞན་ལ་རག་ལས་ནས། ཞེས་བྱ་བ་ལ་སོགས་པ་སྨོས ་སོ།། འདི་ཉིད་སྟོན་པ་ཅི་རྩ་བ་ཅན་གྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩ་བ་ནི་དང་པོའི་ཤེས་པའོ། །དེ་གང་ལ་ཡོད་པ་ནི་རྩ་བོ་ཅན་ཏེ་དེ་དང་འདུ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཞན་ལས་ཚད་མ་ཉིད་ནི་རེས་འགའ་དོན་བྱེད་པ་ལ་མི་བསླུ་བའི་ཤེས་པ་ལས་སམ་རྒྱུའི་ཡོན་ཏན་ཡོངས་སུ་ཤེས ་པ་ལས་ཡིན་ཀྱང་།དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་དང་པོའི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཅི་སྟེ་དོན་བྱ་བ་ལ་མི་བསླུ་བའི་ཞེས་པ་རང་ལས་ཚད་མར་འདོད་དེ། དེས་ན་ཐུག་པ་མེད་པར་མི་འགྱུར་རོ་སྙམ་ན། གལ་ཏེ་འགའ་ཞིག ་ཅེས་བྱ་བ་ལ་སོགས་པ་སྤོས་ཏེ། ཕྱོགས་གཉིས་པ་ལ་ཡང་ཐུག་པ་མེད་པའི་སྐྱོན་བསྟན་པར་བྱ་བའི་ཕྱིར་རོ། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།ཡོན་ཏན་ལ་རག་ལས་ཞེས་བྱ་བ་ནི་རྒྱུའི་ཡོན་ཏན་ཡོངས་སུ་ཤེས་པ་ལ་རག་ལས་པ་ནི་ཆད་མ ་ཉིད་དོ། །ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པའི?་ཐ་སྙད་དུ་རུང་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །དེ་ལ་ཡང་ཞེས་བྱ་བ་ནི་ཡོན་ཏན་ཡོངས་སུ་གཅོད་པའི་ཚད་མ་ལའོ། །གཞན་གྱིས་ཡོངས་སུ་གཅད་པ་ཡི། །ཡོན་ཏན་རག་ལས་ཞེས་བྱ་བ་ནི་ཚད་མ་གཞན་གྱིས་ཡོངས་སུ་བཅད ་པའི་ཡོན་ཏན་གང་ཡིན་པ་དེ་ངེས་པ་ལ་རག་ལས་པའི་ཚད་མ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་དཔེ་བཤད་པ་ནི། དང་པོ་བཞིན་དུ་ཞེས་བྱ་བའོ། །ཇི་ལྟར་དང་པོའི་ཤེས་པ་ལ་ཚད་མ་གཞན་གྱིས་ཡོངས་སུ་བཅད་པའི་ཡོན་ཏན་ལ་རག་པས་པ་ཚད་མ་ཉིད་ཡིན་པ་དེ ་བཞིན་དུ་གཞན་ལའང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མ་བཞིན་ཞེས་བྱ་བ་ནི་མི་བསླུ་པ་ཚད་མ་ཉིད་དུ་ངེས་པ་བཞིན་ནོ། །དེ་དང་དེར་ཞེས་བྱ་བ་ནི་སྔ་མ་སྔ་མའི་ཡོན་ཏན་གྱིས་ཤེས་པ་ལའོ། །ཅི་སྟེ་ཐུག་པ་མེད་པས་འཇིགས་ནས་ཡོན་ཏན་གྱི་ཤེས་པ་རང་ཡིན་ལས་ཚད་མ ་ཉིད་ཡིན་པར་ཁས་ལེན་པར་བྱེད་པ་དེའི་ཚེ་དོན་གྱིས་རྣམ་པར་ཤེས་པ་ལ་ཡང་ཅི་ཞིག་སྔར་གང་གིས་དེ་གཞན་ལས་ཚད་མ་ཉིད་དུ་འདོད་ཀྱི་རང་ལས་མ་ཡིན་པའི་རྒྱུ་ཅུང་ཟད་ཀྱང་མཐོང་ངོ། །དེ་ལྟ་བུ་ནི་མཛའ་མ་མཐོང་བའི་བྱ་བཞིན་དུ་ཤིན་ཏུ་རིང་བར་སོང་ན་ཡང ་ཡང་དེ་ཉིད་དུ་འོང་དགོས་པས་མི་དགོས་པས་མི་གནས་པའི་ཕྱོགས་ལེན་པས་ཆོ་གོ་འདི་ཉིད་སྟོན་པ་ནི་ཅི་སྟེ་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་ལ་རག་ལས་པ་ནི་ཡོན་ཏན་དེས་པ་ལ་རག་ལས་པའི་ཚད་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྙམ་དུ་མི་བསླུ་བ ་དང་ཡོན་ཏན་ཤེས་པ་དག་ནི་རྩ་བའི་ཤེས་པ་ལས་ཁྱད་པར་ཡོད་དེ། དེ་ནས་དེ་དག་རང་ཉིད་ལས་ཚད་མ་ཡིན་གྱི། གཞན་མི་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་གང་གིས་མཐུ་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་རང་ལས་ཚད་མ་ཉིད་མ་ཡིན་ན། དེ་ལྟ ་ན་ཞེས་པས་ཐམས་ཅད་ཚད་མར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ཀུན་ལ་སྤྱིར་བཏང་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིར་བཏང་བ་ནི་སྤྱིར་བརྗོད་པ་སྟེ་དེ་ལ་ཡོད་པས་སྤྱིར་བཏང་བ་ཅན་ནོ། །གནོད་པ་སྟེ་དོན་རྣམ་པ་གཞན་དུ་འཛིན་པ་དང་རྒྱུ་སུན་ཕྱུང་བའི་ཤེས་པ་ཡིན་པས ་གནོད་པ་དང་རྒྱུ་སུན་ཕྱུང་པའི་ཤེས་པ་དག་གོ་འོན་ཏེ་ཚད་མ་ནི་སྤྱིར་བཏང་བ་ཅན་དུ་གནས་པ་མ་ཡིན་ནམ་ཇི་ལྟར་སེལ་བར་བྱེད་གལ་ཏེ་གནོད་པར་བརྒྱུ་སུན་ཕྱུང་བའི་ཤེས་པ་དག་གིས་ཚད་མ་ཡིན་པར་རྟོགས་པར་སྟོན་པར་བྱེད་ན། དེ་ཡང་དེ་དག་གིས་དོན་རྟོགས་པར་བྱེད ་པ་ན་གཞན་ལས་ཡིན་པར་འགྱུར་རོ། །འདི་ལྟར་འདོད་པ་ཁོ་ནའོ་ཞེ་ན། དེ་ལྟ་ན་ཚད་མ་ཉིད་དུ་འདི་ལ་ཡང་?་དག་པ་མེད་པར་འགྱུར་རོ། །ཞེ་ན་དེའི་ཕྱིར། འདི་ནི་གཞན་ལ་རག་ལས་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཚད་མ་ཡིན་པ་ཚད་མ་ཡིན་པ་ལས་འགྱུར་ན་ཐུག་པ་མེད་པར་འགྱུར་ན ་བ་གང་གི་ཕྱིར་རིགས་མི་འདྲ་བ་ལས་ཚད་མ་མ་ཡིན་པར་འདོད་ལ། དེ་ཡང་རང་ཉིད་ལས་གནས་པའི་ཕྱིར་ཐུག་པ་གང་ལས་ཡིན་འདི་ཉིད་སྟོན་པ་ནི་ཇི་ལྟར་ཚད་མ་དག་གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་མི་མཐུན་པ་ནི་ཚད་མ་མ་ཡིན་ནོ། །འདི་ཡང་རྩ་བ ་བརྟན་པར་གནས་པ་ཉིད་ཅེས་བྱ་བ་འདི་དང་སྦྱར་རོ། །གཞན་གྱི་རྒྱུ་ཅན་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པ་སྟེ། ཚད་མའི་མཚན་ཉིད་གྱི་གཞན་གི་རྒྱུ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྟ་བ་བརྟན་པར་གནས་པ་ཉིད་ཅེས་བྱ་བ་ནི་བསྟན་པ་སྟེ་།ཐུག་པ་མེད་པ ་ལ་སོགས་པའི་སྐྱོན་གྱིས་མི་གཡོས་པའི་རྩ་བ་གནས་པ་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ལ་དེའི་དངོས་པོ་ནི་དེ་ཉིད་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཡང་གནོད་པར་བྱེད་པའི་ཤེས་པ་ལ་མི་བལྟོས་པའི་ཚད་མ་ཉིད་ཡིན་པ་དེ་ལྟ་ན་ཡང་གནོད་པ་མེད་པ་ཉིད་དུ་རྟོགས་པ་ཁོ་ནས་གནས ་ཚད་མ་མ་ཡིན་པ་ཉིད་བསྒྲུབ་པར་ནུས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱི་རེ་ཞིག་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེལ་བར་བྱེད་ཅེས་པ་ནི་སྤོང་པ་སྟོ་།ཚད་མ་ཉིད་ཡིན་པ་འགེགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་འདི་སྙམ་དུ་གཞོད་པ་བྱེད་པའི་ཤེས་པ་ལ་ཡང་དང་པོའི ་ཤེས་པ་བཞིན་དུ་གཅོད་པར་བྱེད་པ་གཞན་སྲིད་པ་?་ཏེ་གང་གིས་འདིའི་གནོད་བྱེད་མེད་གཉིས་པས་པར་འགྱུར་བ་དེ་ཇི་ལྟར་དེ་?་གནད་པར་བྱེད་པ་གཞན་བལྟོས་པ་ལྡོག་པ་ཡིན་སྙམ་དུ་སེམས་ན། དེའི་ཕྱིར་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གང་ལ་ལར་? ་བྱ་པའི་དོན་གཞན་དུ་ངེས་པར་འཛིན་པའི་མཚན་ཉིད་ཀྱི་གནོད་པར་བྱེད་པའི་ཤེས་པ་ལ་དོགས་པ་སྐྱེ་བ་ཞེས་བྱ་བ་ནི་སྐྱེས་བུའོ། །སྔ་མ་དང་ཞེས་བྱ་བ་ནི་དང་པོའི་ཤེས་པ་དང་དོ་དེ་ཞེས་བྱ་བ་ནི་གནོད་པ་ལ་བལྟོས་པའོ། །ཉུང་དུས་ཞེ་བྱ་བ་ནི་འབད་པ་ཞེས་བྱ་བ་ལྷག་མའི། །ཇི ་ལྟར་ལྡོག་ཅེ་ན། གལ་ཏེ་འདིའི་གཟན་ཚོལ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གལ་ཏེ་ངེས་བར་དཔྱད་བས་གནོད་པ་བྱེད་པའི་པ་ལ་ཡང་གནོད་པར་བྱེད་གཞན་སྐྱེ་བར་འབྱུང་བ་དེའི་ཚེ་བར་མ་གསུམ་བས་གནོད་པའི་ཕྱིར་དང་པོ་ཁོ་ན་ཚད་མར་འགྱུར་རོ། །ཅི་སྟེ་མི་སྐྱེ་ན་རྩ་པའི་རྒྱུ་མེད་པའི་ཕྱིར་དེའི་སྟོབས་དང ་ལྡན་པ་འདི་གཉིས་པ་དེ་ཉིད་ཀྱིས་དང་པོ་ལ་གནོད་པར་འགྱུར་བའི་ཕྱིར་ངེས་དེའི་ཚད་མ་ཉིད་སོལ་བར་འགྱུར་བ་ཡིན་ནོ། །སྤོང་མི་བྱེད་ཅེས་བྱ་བ་ནི་འདའ་པར་ནི་བྱེད་པའོ། །འདི་སུ་ཞིག་ཅེ་ན། སྐྱེས་བུ་ཞེས་བྱ་བ་ལྷག་མའོ། །ཅི་སྟེ་གང་གི་ཚེ་ཡོངས་སུ་རྟོག་པར་བྱེད་པའི་ཤེས་པ་གསུམ་དུ ་དེས་པར་འགྱུར་བ་ཤེས་པ་གསུམ་པ་ལ་ཡང་ཤེས་པ་གཉིས་པ་བཞིན་དུ་གཅོད་པར་བྱེད་པ་ལ་བལྟོས་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་དེ་ལྟར་གནོད་པ་མ་སྐྱེས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པར་བྱེད་པ་མ་སྐྱེས་པ་མ་བྱུང་བ་གང་ལ་ཡོད་པ་ནི་རྟོགས ་པའིའོ། །ཅིའི་ཕྱིར་དོགས་པར་མི་བྱ་ཞེ་ན། གནོད་པར་བྱེད་པ་ལས་སྐྱེས་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉམས་པ་ནི་འཇིག་པ་སྟེ། དེ་?་ཉིད་ལས་ཉམས་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཞེས་བྱ་བ་ལ་སོགས་པའི་འདི་ཉིད་ཡིད་ཆེས་པའི་གྱི་གིས་སྒྲུབ་པར་བྱེད་པ་ཡིན་ཏོ། །ནོར? ་ལྷའི་བུ་ཞེས་བྱ་བ་ནི། བྱ་བ་འཇུག་གིས་སོ། །ཀུན་ཏི་ལས་སྐྱེས་པ་ནི་ཀུན་ཏིའི་བུ་སྟེ་སྲིད་སྒྲུབ་བོ། །དེ་ལྟ་ན་གལ་ཏེ་དང་པོའི་ཤེས་པ་ལ་ཡང་གནོད་པའི་དོགས་པར་མི་འགྱུར་ཏེ། དེ་ལྟ་ཡིན་དང་ཤེས་པ་ཐམས་ཅད་ཀྱང་ཚད་མར་ཐལ་བར་འགྱུར་རོ་ཞེས་དོགས་པ་ལ་།དེས་ན་གང་དུ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། གང་འཇི་སྲིད་དུ་གནོད་པ་དེ་སྲིད་དུ་གནོད་པ་དཔྱོད་པ་མ་སྐྱེས་བ་ན་ཡང་དེའི་བདག་ཉིད་ལ་སྟེ་བློ་དེ་ལ་དེ་མེད་དེ་ཞེས་རྟོགས་སོ་ཞེས་ཁོར་ནས་དབྱུང་ངོ། །གང་དུ་གནོད་པ་ཇི་ཙམ་ཞིག་སྲིད་ཅེས་བྱ་བ་འདི་བསྟན་པའི་ཕྱིར། ཡུལ་དུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།ཡུལ་དང་དུ་ས་དང ་སྐྱེས་བུ་དང་གནས་སྐབས་གང་ཡིན་པ་དེ་ལ་དེ་སྐད་ཅེས་དེ་དག་གི་ཐ་དད་པ་ཞེས་བསྡུའོ། །ཡུལ་ལ་སོགས་པའི་ཐ་དད་འདི་ཡང་འགའ་ཞིག་ལ་འགའ་ཞིག་གནོད་པར་བྱེད་པ་ཡིན་གི་ཐམས་ཅད་ཐམས་ཅད་ལ་ནི་མ་ཡིན་ནེ?། །ཐམས་ཅད་ཐམས་ཅད་ཀྱི་དོགས་པ་མེད་དོ་ཞེས་བསྟན་པའི་ཕྱིར ་ཡུལ་ཐག་རིང་བོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ལ་བར་ཞེས་བྱ་བ་ནི་རྨིག་རྒྱུ་ལ་སོགས་པ་ལའོ། །གཞན་དུ་དོགས་ཞེས་བྱ་བ་ནི་གཞན་དུ་ཆུ་ལ་སོགས་པ་དོགས་པའོ། །དྲུས?་དུ་ཕྲིན་པ་ཙམ་ཞེས་བྱ་བ་ནི་གནོད་པའི་མཚམས་ཞེས་བྱས་དང་སྦྱར་རོ། །འདི་སྐད་དུ་བསྟན་པ་ཡིན ་ཏེ། གང་ལ་ཡུལ་ཐག་རིང་བ་ཉིད་འཁྲུལ་བའི་རྒྱུ་མཚན་མིན་པ་དེ་གནོད་པར་བྱེད་པ་ཡོད་པ་དང་མེད་པ་དེས་པར་བྱ་བའི་ཕྱིར་དྲུང་དུ་འགྲོ་བ་ཙམ་ཉིད་ལ་བལྟོས་པར་བྱ་བ་ཡིན་གྱི་དེ་ལ་དུས་ལ་སོགས་པའི་བལྟོས་པར་མི་བྱ་སྟེ། དེ་ལ་དེ་འཁྲུལ་བའི་རྒྱུ་མཚན་མ་ཡིན་པའི ་ཕྱིར་རོ། འདིར་དཔེ་བརྗོད་པ་འཚད་པ་ནི་སྨིག་རྒྱུ་ལ་སོགས་བློ་བཞིན་ནོ། །ཞེས་བྱ་བ་སྟེ། སྨིག་རྒྱུ་ལ་སོགས་པའི་བློ་ནི་སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཁྲུལ་པའོ། །སོགས་པའི་སྒྲས་ཆུད་དུ་ལ་ཆེན་པོ་ཉིད་ཀྱི་བློ་དང་དཔེར་ན་ཐག་རིང་པོའི་མྱ་ངན་ཆེན་པོ་ལ་ཆུང་དུའི་བློ་སྟེ་དེ་ལྟ ་བུ་ལ་སོགས་པ་བཟུང་བར་བྱའོ། །དེ་ཡང་དྲུང་དུ་ཕྱིན་པ་རྣམས་ལ་དུས་ལ་སོགས་པ་ལ་བལྟོས་པ་ཡོད་པ་མ་ཡིན། །དེ་བཞིན་དུ་དུས་ལ་སོགས་པ་ལ་ཡང་གང་ལ་འཁྲུལ་པའི་རྒྱུ་མཚན་སྲིད་པ་གང་ཡིན་པ་དེ་ཉིད་ལ་བལྟོས་པར་བྱ་པ་ཡིན་གྱི་གཞན་མ་ཡིན་ནོ། །འདི ་དཔེའི་སྒོ་ནས་སྟོན་ཏེ། དེ་ལ་དུས་ཀྱི་ཁྱད་པར་གྱི་དབང་དུ་བྱས་ནས་དེ་ལྟར་དམིག?་གིས་དུས་དག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གང་ལ་དམག་དང་འབྲེལ་པ་ཡོད་པ་ད་ལ་དེ་སྐད་ཅེས་བྱའོ། སྐྱེས་བུའི་ཁྱད་པར་གྱི་དབང་དུ་བྱས་ནས་དེ་བཞིན་ཟླ་བ་གཉིས་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ་རབ་རིབ་ཅན་ལ་སོགས་པའི་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ལ་སྐྱེས་བུ་གཞན་ལ་དྲིས་པ་ཉིས་ལས་རྣམ་པ་གཞན་ཁོ་ནར་དེས་ཀྱི་དེ་ལ་དུས་ལ་སོགས་པ་ལ་བལྟོས་པ་ནི་ཡོད་པ་མ་ཡིན་ནོ། །གནས་སྐབས་ཐ་དད ་པའི་དབང་དུ་བྱས་ནས། ཆགས་སྡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་གནས་སྐབས་མེད་པའི་ཕྱིར་རོ། །བུ་ལོན་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཀྱང་བརྟག་པ་བྱེད་པ་གེས་པ་གསུམ་ཁོན་ལ ་བལྟོས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གཞན་ཡང་གལ་ཏེ་མངོན་སུམ་ལ་སོགས་པས་གཞན་ལས་ཚད་མར་གྲུབ་ཀྱི་སྒྲ་ལས་བྱུང་བ་མ་ཡིན་པ་དེ་ལྟ་ན་ཡང་ཁོ་བོ་ཅིག་ཕྱོགས་གྲུབ་པ་ཁོ་ན་སྟེ། འདི་ལྟར་རྩོམ་?་འདི་ཐམས་ཅད་ཀྱི་འབྲས་བུ་ནི་སྐུལ་བར་བྱེད་པ་ཚད་མ་ཉིད་དུ ་བསྟན་པ་ཡིན་ལ་སྒྲ་ལས་བྱུང་བའི་ཚད་མ་ཡང་རང་ལས་ཚད་མར་གྱུར་བ་ན་སྐུལ་བར་བྱེད་པ་ཚད་མ་ཉིད་དུ་གྲུབ་པའི་ཕྱིར་ཁོ་བོ་ཅན་གཞན་?་ཆེད་མ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་ཁོ་བོ་ཅིག་འབད་པས་ཅི་ཞིག་བྱ་སྙམ་དུ་སེམས་ན། སྒྲ་ལས་བྱུང་བའི་ཚད་མ ་རང་ལས་ཚད་མ་ཉིད་དུ་བསྟན་པའི་ཕྱིར་ཉམས་པ་བརྗོད་པ་པོ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ལས་བྱུང་བའི་ཤེས་པའི་ཚད་མ་ནི་རྣམ་པ་གཉིས་ཏེ། རྟག་པའི་དག་གིས་བསྐྱེད་པ་དང། ཡིད་ལ་གནས་པའི་དག་གི་རྒྱུ་ལ་ཡོད་པའོ། །དེ་ལ་རྣམ་པ་གཉིས ་པ་འདི་ལ་རྒྱུ་མི་ཕྱུང་བ་ཉིད་སྟོན་པ་ཡིན་ཏེ། རེ་ཞིག་རྟག་པའི་དག་གང་ཡིན་པ་དྲ་ལ་ཉན་པ་པོ་དང་སྨྲ་བ་པོས་བྱས་པའི་ཉེས་པ་སྲིད་པ་མ་ཡིན་ཏེ། རྟག་ཏུ་རིག་པའི་བླ་མ་དག་གིས་དེའི་དོན་དུ་བཅུག་པ་པོ་རྣམས་དང་འདོན་པ་པོ་རྣམས་ཀྱིས་བསྐྱངས་པའི་ཕྱིར་རོ། །གང ་ཡང་ཡིད་ཆེས་?་སྨྲས་པ་དེ་ལ་ཡང་བརྩེ་བ་ལ་སོགས་པའི་ཡོན་ཏན་དག་གི་ཉེས་པ་རྣམས་བཀག་པའི་ཕྱིར། །རྣམ་པ་གཞན་གྱིས་ཀྱང་དག་རྟག་པ་ཉིད་སུན་མ་ཕྱུང་བ་ཉིད་དུ་བསྟན་པའི་ཕྱིར། ཡང་ན་བྱེད་པ་མེད་?་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་ནི་འདོད་ཆགས་ལ་སོགས ་པ་སྟེ། སྐྱེས་བུའི་ཆོས་ཡིན་པ་འི་ཕྱིར་བྱེད་པ་པོ་ཉིད་ལ་བརྟེན་ཏེ། དེ་དག་ཇི་ལྟར་བརྟེན་པ་པོ་ལས་པ་ན་སྐྱེས་བུས་མ་བྱས་པའི་ངག་དག་ལས་གནས་པར་འགྱུར་ཏེ། དེ་ལ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བརྟེན་པའི་ཆོས་ནི་འདི་ཡིན་ཏེ། རྟེན་གྱི་རྗེས་སུ་བྱེད་པ་གང་ཡིན་པའོ།། ་འོན་ཏེ་ཡོན་ཏན་དག་གི་ཉེས་པ་རྣམས་གསལ་བའི་ཕྱིར་ཡིད་ཆེས་པའི་ཚིག་ཚད་མ་ཉིད་དུ་ཁས་ལེན་ན་ཡོན་ཏན་དག་ལས་ཚད་མ་ཉིད་ཡིན་པར་ཁས་བླངས་པར་འགྱུར་རོ། །ད་ལྟ་ཡིན་དང་འདི་ལ་ཡང་ཐུག་པ་མེད་པར་འགྱུར་རོ་ཞེས་དོགས་པ་ལ། དེ་ལ་སྐྱོན་མེད་ཅེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྐྱོན་མེད་པ་དང་ཡོན་ཏན་གྱི་བདག་ཉིད་ཀྱི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅིག་བྱའོ། །དེ་ལྟར་བསྟན་ཞེས་བྱ་བ་ནི། གལ་ཏེ་དེ་ལྟར་མངོན་སུམ་སོགས། །ཚད་མ་ཡན་ཏན་ལ་རག་ལས། །ཞེས་བྱ་བ་ལ་སོགས་པའོ། །དེ་བས་ལ་ཞེས་བྱ་བ་ནི་ཡོན་ཏན་བསལ་བའོ།། ་ཉེས་པ་མེད་པ་མཚོན་པའི་ཞེས་བྱ་བ་ཉེས་པ་དང་བྲལ་བའོ། །ཡོན་ཏན་རྣམས་ཀྱི་བྱ་བ་ནི་ཉེས་པ་དགག་པ་ཙམ་ཡིན་གྱི་ཚད་མ་བྱེད་པ་ལ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་ཉེས་པ་མེད་པར་དེས་པ་ལ་ཚད་མ་ཉིད་དུ་ཁས་ལེན་ན་ཡང་ཐུག་པ་མེད་པར་ཡིན་ནོ་ཤེས ་བྱ་བའི་གཞན་གྱི་ལགས་པ་བསུ་བའི་ཕྱིར་ཡོན་ཏན་དག་ལས་ཉེས་མེད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཉེས་པ་མེད་པ་ནི་ཡོན་ཏན་ཡོངས་སུ་ཤེས་པས་དེས་པ་ཡོན་ལ་ཡོན་ཏན་ཡོངས་སུ་ཤེས་པ་ཡང་སླར་ཡང་ཉེས་པ་མེད་པས་ཚད་མ་ཉིད་དུ་ངེས་ལ། དེ་ལ་ཡང ་ཉེས་པ་མེད་པ་ནི་ཡོན་ཏན་ཡོངས་སུ་ཤེས་ལ་དེ་ལྟར་ན་ཡང་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་བཞག་པ་ཐམས་ཅད་ཉམས་པ་ཐུག་པ་མེད་པའི་གནས་པས་དེ་ཉིད་སོན་འདུག་པ་ཡིན་ནོ། །སྐྱོན་འདི་མེད་ཞེས་བྱ་བས་ལན་འདེབས་པར་བྱེད་དེ་དག་ཡོད་ན་ཞེས་བྱ་བ་ནི་ཡོན་ཏན་རྣམས་ཡོད་ནའོ། ་གལ་ཏེ་སྐྱེ་བར་མི་འགྱུར་མོད། །དེ་ལས་ཅིར་འགྱུར་ཞེ་ན། དེ་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། ཚད་མ་ཉིད་ནི་གསལ་བ་མིན་ཞེས་བྱ་བ་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། མི་ཤེས་ཉིད་ཕྱིར་རོ། །ཡོན་ཏན་གྱི་བཀག་པའི་ཕྱིར་ཉེས་བ་རྣམས་མེད་པ་ཡོན་ལས་མི་ཤེས་པ་ཉིད་ཡིན་ནོ། །མ་བསལ་བ ་ཡི་དབང་པོ་ནི་ཞེས་བྱ་བ་ནི་མ་བསལ་བའི་ཕྱིར་གྲུབ་པ་ཡིན་ཏེ། སྤྱིར་བཏང་བ་དམིགས་ཀྱིས་བསལ་བ་དང་བྲལ་བ་ན་རང་བཞིན་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདིར་ཡང་ཞེས་བྱ་བ་ནི། ཡིད་ཆེས་པ་དག་ལ་སྟེ། ཡང་གི་སྒྲ་ནི་སྐྱེས་བུས་མ་བྱས་པ་འབའ་ ་ཞིག་ཏུ་མ་ཟད་ཅེས་བྱའོ། །གལ་ཏེ་འགའ་ཞིག་ཏུ་སྐྱེས་བུས་བྱས་པའི་དག་ལ་ཉེས་པ་མི་འབྱུང་བ་དེ་ལྟར་ཡང་སྲིད་པ་ཁོ་ན་ཡིན་ཏེ། དེ་དག་ནི་དེ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ཡིན་དང་ཇི་ཏར་ཡོན་ཏན་རྣམས་ཡོད་པ་ཙམ་གྱིས་ཉེ་བཟློག་པར་ནུས་པ་མ་ཡིན་ནམ། དེ་ཇི་ལྟར་མི ་ཤེས་པའི་ཕྱིར་དེ་རྣམས་ཀྱི་ཚད་མ་ཉིད་ནི་བསལ་བ་མིན། ཞེས་བྱ་བ་འདི་ཇི་ལྟར་བརྗོད་ཅེས་དོགས་ནས། ཉེས་པ་ཡོད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་ཁོ་བོ་ཅིག་ས་གདོན་མི་ཟ་བར་སྐྱེས་བུས་བྱས་པའི་ཚིག་ཚད་མ་ཉིད་དུ་བསྒྲུབས་པ་ནི་མ་ཡིན ་མོད་ཀྱི། འོན་ཀྱང་འདིར་རྩོམ་པ་འདི་ཐད་ཅད་རིག་བྱེད་ཚད་མ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་ཡིན་ལ་དེ་ལ་གལ་ཏེ་སྐྱེས་བུས་བྱས་པའི་ཚི་ཚད་མ་ཡིན་པ་ཉིད་དུ་གྱུར་པ་དེ་ལྟར་ཡང་རིག་བྱེད་ལ་ཚད་མ་ཅུན་ཟད་ཀྱང་མེད་དེ། ཉེས་པའི་དོགས་པ་མེད་པ་ཉིད་ཀྱི་ཚད་མ་ཉིད་དུ་གྲུབ ་པའི་ཕྱིར་སྙམ་དུ་སོགས་སོ། །དེས་ན་བལྟོས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་ཇི་སྐད་དུ་བཤད་པ་ལས་དེ་ལྟ་བས་ན་རིག་བྱེད་ནི་ཚད་མ་མ་ཡིན་ཏེ། བལྟོས་པ་མེད་པའི་ཕྱིར་རོ། །དེ་ལྟར་སྐྱེན་གཞན་རྣམ་སྐྱེས་བུ་གཞན་ལ་བལྟོས་པར་བྱས་པ་མ་ཡིན་ཏེ། འདི་དག་ནི་རང་ཉིད་ཀྱིས ་རྟོགས་པ་ཡིན་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཅི་ཚད་མ་གཞན་གྱིས་ཡོངས་སུ་བཅད་པའི་དོན་ལ་འཇུག་པར་འདོད་དམ། འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་གལ་ཏེ་མི་འདོད་ཞེས་བྱ་བའི་ཕྱོགས་གཉིས་པ་ཡིན་ན། དེའི་ཚེ་རིག་བྱེད་རང་ལས ་ཚད་མ་གྲུབ་པ་ཡིན་བསྟན་པ་ནི། རིག་བྱེད་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་དོན་མི་ལ་སྦྱིན་?་བྱས་པས་མཐོ་རིས་སུ་འགྱུར་ཞེས་བྱ་བ་ལ་སོགས་པའོ། །ཙད་མ་གཞན་གྱིས་ཞེས་བྱ་ནི་རིག་བྱེད་ལས་བཞད་?་སུམ་ལ་སོགས་?་འདྲེལ་བ ་ནི་ཡུལ་གཅིག་པ་ཉིད་དུ་འབྲེལ་པ་སྟེ་དེ་བཀག་པ་ནི་མ་འབྲེལ་བའོ། །དེ་ཉིད་ཅེས་བྱ་བ་ནི་མ་འབྲེལ་པས་སོ། །འདི་ཞེས་བྱ་བ་ནི་རིག་བྱེད་དོ། །གལ་ཏེ་འཇུག་པར་འདོད་དོ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་གཟུང་བྲིན་པ་འཛིན་པའི་ཕྱིར་དུས་ཀྱིས་བྱུང་བའི་ཤེས་པ་ཚད་མ་ཉིད་དུ་མི ་འགྱུར་རོ་ཞེས་བསྟན་པའི་དོ། དུ་གཞན་དུ་ཟློས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གཞན་དུ་ཏེ་གལ་ཏེ་ཚེ་མ་གཞན་གྱི་རྟོགས་པའི་དོན་ལ་ཡང་ཚད་མ་འཇུག་པར་འདོད་ན། དེའི་ཚེ་དེ་ནི་གཞན་གྱིས་གསལ་བར་བྱེད་པའི་ཕྱིར་ཟློས་པ་ཟློས་པ་ཉིད་ཡིན་པས་དྲན་པ་ལ་སོགས་པ ་བཞིན་དུ་ཚད་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་གང་ཚད་མ་མ་ཡིན་པ་དེ་ནི་ཚད་མ་དང་མ་འབྲེལ་པ་ལ་བལྟོས་པ་མ་ཡིན་པའི་ཕྱིར་ཚད་མ་ཐམས་ཅད་ནི་རང་ལས་ཚད་མ་ཉིད་དུ་གྲུབ་པ་ཡིན་སྙམ་དུ་བསམས་པ་ཡིན་ནོ། །འདི་ཉིད་སྟོན་པ་ནི། གཞན ་ལ་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རིག་བྱེད་ལས་གཞན་མངོན་སུམ་ལ་སོགས་པ་ལ་ཡང་ངོ། །དོན་མཚུངས་ཅན་རྣམས་ཞེས་བྱ་བ་ནི་ཡུལ་གཅིག་ལ་རྣམས་སོ། །གཅིག་ཉིད་ཁོ་ན་ཞེས་བྱ་བ་ནི་དང་པོ་སྟེ་གཞན་དག་ནི་ཟློས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དུས་ཕྱིས ་འབྱུང་བའི་ཤེས་པ་དེ་དག་ལས་དང་པོ་ནི་ཚད་མ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། དེ་དག་གཟུང་ཟིན་པའི་ཡུལ་ཅན་ཉིད་ཀྱི་རང་བཞིན་ཚད་མ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་མུན་པ་ལ་སོགས་པའི་ཕྱོགས་སུ་དང་པོའི་ཤེས་པས་གཟུང་ཟིན་པའི་དོན་ཡང་སྣང་བ་གསལ ་བའི་གནས་སྐབས་ན་ཚད་མ་ཕྱི་མ་ཕྱི་མ་ཡོངས་སུ་གཅོད་པར་མཐོང་བ་ཉིད་མ་ཡིན་ནམ་ཞེས་དོགས་པ་ལ་གང་ལ་ཡང། ཞེས་པ་ང་ལ་སོགས་པ་སྨོས་ཏེ། དོན་དེས་པར་མ་བཟུང་བའི་ཕྱིར་ཤེས་པ་སྔ་མ་ཚད་མ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང ་གལ་ཏེ་ཚད་མ་གཞན་དང་འབྲེལ་པ་ཚད་མ་ཉིད་ཡིན་ན་དེ་ལྟ་ན་ལན་ཅིག་སྐྱེས་ནས་ཞིག་པའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་དང་ཉེན་རྣ་བའི་བློ་ཚད་མ་ཉིད་དུ་མི་འགྱུར་ཏེ། དེའི་ཡུལ་ལ་ཚད་མ་གཞན་མི་འཇུག་པའི་ཕྱིར་རོ། །ཞེས་སྟོན་པ་ནི་ལྷན་ཅིག་སྐྱེས་ནས་ཞེས ་བྱ་བ་ལ་སོགས་པ་སྟེ། མིག་ལ་སོགས་པ་འབྲེལ་མེད་པའི་ཞེས་བྱ་བ་ནི་ཡུལ་གཅིག་པ་ཉིད་དུ་ཡང་འབྲེལ་པའི་སྦྱོར་བ་ནི་གང་ཞིག་ཚད་མ་གཞན་དང་འབྲེལ་བ་ལ་བལྟོས་པ་མེད་པ་དེ་ནི་རང་ཉིད་ལས་ཚད་མ་ཡིན་ཏེ། དཔེར་ན་རྣ་བའི་ཤེས ་པ་དང་ལྷན་ཅིས་སྐྱེས་ནས་ཞིག་པའི་ཡུལ་ཅན་གྱི་ཤེས་པ་བཞིན་ནོ། །རིག་བྱེད་ཀྱི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ཡང་ཚད་མ་གཞན་དང་འབྲེལ་བ་ལ་བལྟོས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ནི་རྣ་བའི་ཞེས་བྱ་བ་ལ་སོགས་པས་དཔེ ་སྲུབ་པར་བྱེད་པ་མཚད་པ་མེད་པ་ཉིད་དུ་དོགས་པར་བྱེད་དེ། དེ་ལྟར་སྒྲ་གཅིག་ལ་མང་པོ་ཉན་པའི་བློ་ཉིད་ནི་ཉན་པའི་ཤེས་པ་གཞན་འཇུག་པའི་ཕྱིར་ཚད་མ་གཞན་དང་འབྲེལ་བ་ལ་བལྟོས་ནས་ཡང་དག་པ་ཉིད་དུ་དེས་པ་ཡིན་ནོ་ཞེ་ན། རིག་བྱེད་ལ་ཡང་ཞེས་བྱ་བ་ལ་སོགས་པས ་ལན་འདེ་བ་པར་བྱེད་དེ། དེས་བསྐྱེད་པའི་རྣམ་ཤེས་གཞན་དང་འབྲེལ་ཕྱིར་ཞེས་བྱ་བ་ནི་རིག་བྱེད་ཀྱིས་བསྐྱེད་པའི་ཤེས་པ་གཞན་དང་འབྲེལ་པའི་ཕྱིར་རོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་རྣ་བའི་བློ་དང་རིག་བྱེད་ཀྱི་དོན་གྱི་བློ་དག་ལའོ། །འདི་སྐད་དུ་སྟན་པ་ཡིན་ཏེ་ཚད་མ ་གཞན་དང་འབྲེལ་བ་ལ་བལྟོས་པ་མེད་པའི་ཕྱིར་ཞེས་བྱ་བ་འདི་མ་སྒྲུབ་པར་བྱེད་པ་གཞན་གྱིས་སྐྱེད་པར་བྱེད་པའི་ཚད་མ་གཞན་རྗོད་པར་བྱེད་པ་ཡིན་གྱི་སྒྲུབ་པར་བྱེད་པ་གཅིགས་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། དེས་ན་ཁྱད་པར་དང་བཅས་པའི་གཏན་ཚིགས ་ཡིན་པའི་ཕྱིར་དཔེ་སྒྲུབ་པར་བྱེད་པ་མ་ཚད་པ་ཉེད་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱུ་གཞན་གྱིས་བྱས་ཞེས་བྱ་བ་ནི་འདི་རྒྱུ་གཞན་ཡང་ཡིན་ལ་ཤེས་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེའི་མི་བསླུ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་སྒྲུབ་པར་བྱེད་པ་གཅིག་གིས? ་བསྒྲུབ་པར་བྱ་བའི་ཚད་མ་གཞན་འཇུག་པ་ཙམ་གྱིས་ཀྱང་གཞན་ལས་ཚད་མ་ཉིད་དུ་འདོད་པ་དེའི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་སྙམ་དུ་བསམས་ནས་ཇི་ལྟར་དབང་པོ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་རྟགས་པ་ཞེས་བྱ་བ་འདི་ནི་རྣ་བའི་ཤེས་པ ་གཞན་དང་འབྲེལ་ཕྱིར་ཚད་མ་ཉིད་ཅན་ཞེས་སྨྲས་པའི་ཕྱིར་རོ། །ཇི་ལྟར་བྱེད་ལ་བརྗོད་པར་བྱ་བ་ཡིན་ཞེ་ན། དེའི་ཕྱིར་འདི་ལྟར་ཚིག་ནི་གཅིག་པུ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟན་པར་ཞེས་བྱ་བ་ཐེ་ཚོ་དང་ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར་རོ། །རྣམ ་ཤེས་ཡུལ་གཞན་སོགས་པ་ཤེས་ཀྱི་ཤེས་སོགས་པའི་སྒྲས་སྐྱེས་བུ་གཞན་ལ་སོགས་པའི་ཤེས་པ་གཟུང་ངོ། །གཏན་ཚིགས་འདི་མ་གྲུབ་པ་ཡིན་ནོ་ཞེས་བསྟོན་པར་བྱ་བའི་ཕྱིར། སྒྲ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་མངོན་སུམ་གྱིས ་སྒྲུབ་པར་བྱ་བ་མ་ཡིན་ཏེ། རིག་བྱེད་ཀྱི་དོན་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། གཅད་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་རྣམས་ཀྱི་ཞེས་བྱ་བ་ནི་རིག་བྱེད་ཀྱི་ཞེས་བྱ་བ་ནི་ལྷག་མའོ། །ཡང་ན་སྐབས ་ཀྱི་ཁྱད་པར་རྟོགས་པ་ཡིན་ནོ། །འདི་སྙམ་དུ་མངོན་སུམ་གྱི་ཚད་མ་ཉིད་དུ་རྗེས་སུ་དཔག་པའི་བསྒྲུབ་པར་བྱ་བ་ཁོ་ནའོ་སྙམ་དུ་སེམས་ན། ཚད་མ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་དེའི་ཡང་རྗེས་སུ་དཔག་པ་གཞན་གྱི་བསྒྲུབ ་པར་བྱ་བ་ཡིན་ན་ཐག་པ་མེད་པར་འགྱུར་རོ། །ཅི་སྟེ་རྗེས་སུ་དཔག་པ་ཞེས་བྱ་བའི་སྒྲུབ་པར་བྱེད་པའི་ཚད་མ་ཉིད་གཞན་གྱི་བསྒྲུབ་པར་བྱ་བ་མ་ཡིན་ན། དེའི་ཚེ་མངོན་སུམ་ལ་སོགས་པ་དེའི་བསྒྲུབ་པར་བྱ་བ་དེ་ཡང་བསྒྲུབ་བྱར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །མངོན ་སུམ་ལ་སོགས་ཚད་མ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་པའི་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྒྲུབ་པ་བྱེད་པ་ཡིན་ཏེ། གལ་ཏེ་ཚད་མ་རྣམས་ཚད་མ་གཞན་ལ་བལྟོས་པར་མ་གྱུར་ན་མངོན་སུམ་ལ་སོགས་པ་ཚད་མའི་སྙམ་པའི་དེས་པ་འདིར? ་མི་འགྱུར་ཏེ། དེ་ལྟ་ཡིན་དང་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཚད་མ་འཛིན་པ་ལས་སྡ་རོལ་ཞེས་བྱ་བ་ལ་སོགས་པས་ཅན་འདེབས་པར་བྱེད་དེ། འདི་སྐད་བསྟན་པ་ཡིན་ཏེ་གལ་ཏེ་ཡང་ཚད་མ་རང་གི་ངོ་བོས་དེས་པ་ལ་ཚད་མ་གཞན་ལ་བལྟོས་པ ་དེ་ལྟ་ན་ཡང་ཐ་སྙད་རྒྱུན་ཆད་པར་མི་འགྱུར་ཏེ། དོན་ཡོངས་སུ་གཅོད་པ་ལ་ཆད་མ་གཞན་ལ་མི་བལྟོས་པའི་ཕྱིར་རོ། །གལ་ཏེ་དོན་ཡོངས་སུ་གཅོད་པ་ཡིན་ན་དེའི་ཚེ་དེ་ཙམ་ཁོ་ནས་ཐ་སྙད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རང་གི་ངོ ་བོ་ལ་དེས་པ་དང་མ་དེས་པ་དཔྱད་པས་ཅི་ཞིག་བྱ་འདི་ནི་དོན་ངེས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། ། ཡན་ལག་གི་དོན་བརྗོད་པར་བྱ་སྟེ་འཛིན་པ་ལས་སྔ་རོལ་ཞེས་བྱ་བ་ནི་འདི་ཚད་མའོ་སྙམ་པའི་དེས་པ་དེ་ལ་སྔོན ་རོལ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོས་ཞེས་བྱ་བ་ནི་དོན་ཡོངས་སུ་གཅོད་པའི་བདག་ཉིད་ཀྱིས་སོ། །བལྟོས་མེད་ཅེས་བྱ་བ་ནི་རང་གི་དོན་ཡོངས་སུ་གཅོད་པ་ལ་ཚད་མ་གཞན་ལ་བལྟོས་པ་མེད། ཅེས་བྱ་བཱི་དོན་ཏོ། །དེ་ནི་རང་གི་དོན་རྟོགས་པ་ལ་སྟེ། ་དེས་པ་ལས་དུས་ཕྱིས་ཀྱི་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མ་རྣམས་ཀྱིས་འཇལ་བར་བྱེད་པ་ཡིན་ཏེ། ཇི་སྐད་དུ་དོན་མ་ཤེས་པར་འགའ་ཞི་གིས་ཀྱང་བློ་དམིགས་པ་མ་ཡིན་ཏེ། ཤེས་ན་རྗེས་སུ་དཔག་པས་རྟོགས་པ་ཡིན་ནོ་ཞེས་ཟེར་བ་བཞིན་ནོ། །འདི ་སྙམ་དུ་བློ་མ་རྟོགས་པར་རང་གི་དོན་ཡོངས་སུ་གཅོད་པ་ཉིད་རིགས་པ་ཡིན་ཏེ། ཇི་སྐད་དུ། དམིགས་པ་མངོན་སུམ་མ་ཡིན་ན། དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་བཤད་པ་ཡིན་ནོ་ཞེས་འདོགས་པ་ལ། ཇི་ལྟར་རིགས་པ་མ་ཡིན་པའི། ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །གལ་ཏེ་དེ་ལྷན་ཚད་མ་མ་ཡིན་པ་ཡང་ཚུལ་འདིས་རང་ཉིད་ལས་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། ཚད་མ་མིན་པའི་པའང་རང་དོན་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་མ་ཡིན་པ་ནི་ཚད་མ་ལྟར་སྣང་བའི ་ཕྱིར་དེ་ཡོད་པ་ཙམ་གྱིས་རང་གི་དེ་?་ལོག་པ་ཉིད་དུ་ཡོངས་སུ་གཅོག་པ་ཡིན་ཏེ་དེ་ལྟ་བས་ན་ལོག་པ་ཉིད་དོ། །ལོག་པའི་དོན་ལ་ཡོངས་སུ་སྤོང་བ་ཉིད་འདིའི་ཚད་མ་གཞན་མེད་པར་འཛིན་པར་ནི་ནས་པའི་ཕྱིར་དེ་གཞན་ལས་ཡིན་པར་རྣམ་པར་བཞག་གོ། ་འོན་ཏེ་ཚད་མ་ལ་ཡང་མཚུངས་པ་མ་ཡིན་ནམ། འདི་ལྟར་དེ་ཡང་རན་གི་དོན་ལ་ལར་ཚད་མ་མ་ཡིན་པ་ལྟར་སྣང་བ་ཡིན་ནོ་ཞེ་ན། དེའི་ཕྱིར་དོན་གྱི་དེ་བཞིན་མིན་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་ཞེས་བྱ་བ་ནི་ཚད་མ་མ་ཡིན་པས་སོ། །འཛིན ་ཞེས་བྱ་བ་ནི་བཟུང་བའོ། །དེ་ཉིད་བཞིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་ཇི་ལྟར་ཚད་མས་དེ་བཞིན་ཉིད་འཛིན་འཛིན་པ་དེ་ལྟར་དོག་པ་ཉིད་ཚད་མ་མ་ཡིན་པས་མི་མཚུངས་ཏེ། འདི་ལྟར་སྐྱེས་པའི་གནས་སྐབས་ཁོ་ན ་ཚད་མའོ་སྙམ་དུ་དེས་ཀྱི་ཚད་མ་མ་ཡིན་པའི་སྙམ་དུ་ནི་མ་ཡིན་ཏེ། དེ་ནི་རྟག་ཏུ་ཚད་མ་ལྟ་བུར་སྣང་བའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །དེ་ཡན་ཞེས་བྱ་བ་ལ་སོགས་པས་གཞན་ལས་ཚད་མ་མ་ཡིན་པ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །ཡང་རྒྱ?་ནི ་སྐྱོན་ཅན་ལས་ཞེས་བྱ་བ་ནི་བློ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཙན་ཉིད་ཞེས་བྱ་བ་ནི་རྣམ་པ་གཞན་གྱི་ངོ་བོའི་ཡུལ་དང་རྒྱུ་སྐྱོན་ཅན་གྱི་ཡུལ་ལོ། །གལ་ཏེ་འདི་སྙམ་དུ་བོ་འདི་དག་གི་ཡང་དག་པ་ཉིད་དུ་གཟུང་བར་གྱུར་བ་དེའི་ཚ་འདི་དག་གིས་ལོག་པ་ཉིད་འཛིན ་པར་འགྱུར་ལ། དེ་དག་ཀྱང་ཡང་དག་པ་ཉིད་དུ་བཟུང་བར་བྱ་བའི་ཕྱིར་ཚད་མ་གཞན་ལ་བལྟོས་པ་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་ན། དེའི་སྐྱེ་བའི་གནས་སྐབས་ལ་སོགས་པ་སྟེ་འདི་ཞེས་བྱ་བ་ནི་རྣམ་པ་གཞན་ཉིད་ཀྱི་ཤེས་པ་དང་རྒྱུ ་སྐྱོན་དང་བཅས་པའི་ཤེས་པ་སྡེ་དེས་ན་ཐུག་པ་མེད་པར་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེས་ན་སངས་རྒྱས་པ་ལ་སོགས་པས་རིག་བྱེད་ཀྱི་ཚིག་ནི་ལོག་པའི་དོན་ཅན་ཡིན་ཏེ། ཚིག་ཡིན་པའི་ཕྱིར་མི་ནི་གྲང་ངོ། །ཞེས་བྱ་བ་ལ་སོགས་པའི་སྐྱེས་བུའི་ཆིག ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་གང་བརྗོད་པ་དེ་ནི་མ་དེས་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། །དེས་ན་གང་དུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དུ་ཡང་ཞེས་བྱ་བ་ནི་སྐུལ་བར་བྱེད་པ་ལ་སོགས་པའོ། །འདི་གཉིས་ཞེས་བྱ་བ ་ནི་རྣམ་པ་གཞན་གྱི་ཤེས་པ་དང་རྒྱུ་རྐྱེན་གཞན་གྱི་ཤེས་པའོ། །ཆོས་མཐུན་པ་ཙམ་ཞེས་བྱ་བ་ནི་མི་བདེན་པའི་དོན་དང་སྐྱེས་བུའི་ཚིག་གི་ཆིག་ཉིད་ལ་སོགས་པས་མཚུངས་པ་ཉིད་དོ། །ཅིའི་ཕྱིར་བརྗོད་པར་མི་བྱ་ཞེ་ན། འདི ་ལ་འཐད་པ་བཤད་པ་ནི། །དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ་གལ་ཏེ་ཚད་མ་མ་ཡིན་པ་དང་ཆོས་མཚུངས་པ་ཙམ་གྱིས་ཚད་མ་མ་ཡིན་པར་གྱུར་ན་དེའི་ཚེ་ཚད་མ་ཐམས་ཅད་ཚང་མ་མ་ཡིན་པར་ཐལ་བར་འགྱུར་ཏེ། འདི་ལྟར་ཐམས་ཅད་ལ་དངོས ་པོ་ཉིད་ལ་སོགས་པས་ཆོས་མཚུངས་པ་ཉིད་བརྗོད་པར་ནུས་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཇི་ལྟར་བདག་ཉིད་ལ་གནོད་པ་ཡིན་ཞེ་ན། གཞན་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་ཡང་ཞེས་བྱ་བ་ནི་དཔྱོད་པ་པ?་ལའོ།། ་གཟུགས་བརྙན་གྱི་ཞེས་བྱ་བ་ནི་དཔེར་ན་གཟུགས་ཀྱི་དེ་མ་ཐག་ཏུ་གཟུགས་བརྙན་འབྱུང་བ་དེ་བཞིན་དུ་སངས་རྒྱས་བས་བཀོད་པའི་སྒྲུབ་གང་བྱེད་པའི་དེ་མ་ཐག་ཏུ་དཔྱོད་པ་པའི་མི་མཐུན་པའི་སྒྲུབ་པར་བྱེད་པ་འབྱུང་བ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ། །འདི་ལྟར་རིག་བྱེད་ཀྱི་ཚིག་ནི་བརྫུན་མ་ཡིན་ཏེ་ཆིག་ཡིན་པ་ཉིད་ལ་སོགས་པའི་ཕྱིར་མི་དྲོ་བ་དང་འོད་གསལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྐྱེས་བུའི་ཚིག་བཞིན་ཞེས་བྱ་བ་འདི་བརྗོད་པར་ནུས་པ་ཡིན་ནོ། །དེས་ནི་རྣམ་པ་དེ་ལྟ་བུའི་མི ་མཐུན་པའི་ཚད་མས་བཀག་པའི་ཕྱིར་ནི་གནོད་པའི་ཕྱིར་རོ། །སངས་རྒྱས་ལ་སོགས་པས་སྐུ་ལ?་བྱེད་པ་ནི་ཡན་དག་པ་ཇི་ལྟ་བ་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་སྐུལ་བར་སྐྱེད་པ་བཀོད་པ་གང་ཡིན་པ་འདིས་ནི་སྐུལ་བར་བྱེད་པ་ལ་གནོད་པར་མི ་ནུས་སོ། །གང་ལས་ཤེ་ན། སྤང?་བཏང་བ་ཅན་གྱི་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །སྤྱིར་བཏང་བའི་ཚད་མ་ཉིད་ཚད་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ལ་དེའི་དངོས་པོ་ནི་དེ་ཉིད་དོ། །འདི་ལ་བརྗོད་པར་བྱ་བ་སྟེ་གར?་ཞེས་བྱ་བ་ལ་སོགས་པས ་བདག་ཉིད་ཐོབ་པར་བྱ་བའི་ཕྱིར། ཞེས་བྱ་བ་ནས་བརྩམས་ནས་གོ་རིམས་བཞིན་དུ་སུན་འབྱིན་པ་བརྗོད་པ་རྩོམ་མོ། །རྒྱུ་མཚན་དང་བཅས་ཞེས་བྱ་བ་ནི་དངོས་པོ་ལ་བརྟེན་པ་སྟེ། མོད་པ་ལ་བྱ་བ་མི་རུང་བའི་ཕྱིར་རོ།། ་སྙམ་དུ་བསམས་པ་ཡིན་ནོ། །རྣམ་པར་བཞག་པ་འདི་ཡང་གང་ཞེ་ན། བདག་ཉིད་ཐོབ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་སྟེ་ཤེས་པ་ལ་ཡང་ཅིའི་ཕྱིར་མི་རིགས་ཤེ་ན། ?་སྐྱེས་མ་ཐག་ཏུ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མེད་པའི་བྱ་བ་ཅི་འདྲ་ཞིག་།ཅེས་བྱ་བ་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །མེད་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རོ། །སྙམ་དུ་བསམས་པ་ཡིན་ནོ།། ་ཡོད་ན་ཡང་དངོས་པོ་ཐམས་ཅད་ནི་བྱ་བ་མེད་པ་ཡིན་པས་དེའི་ཕྱིར་བྱ་བ་གྲུབ་པར་མི་འགྱུར་རོ། །གང་དུ་བྱ་བ་བྱེད་པར་འགྱུར་ན་ཤེས་པ་ལ་བྱ་བ་ཅུང་ཟད་ཡོད་པ་ནི་མ་ཡིན་ནོ་རང་གི་དོན་ཡོངས་སུ་གཅོད་པའི་བདག་ཉིད་ཁོ་ན་བྱེད ་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ནི་ཤེས་པའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །བདག་ཉིད་ལས་བདག་ཉིད་ཁོ་ནས་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ལེགས་པར་བཤད་པ་ཡིན་ནོ། །འདི་ནི་ཚད་མ་ཡིན་ནོ ་སྙམ་པའི་དེས་པ་བསྐྱེད་པ་ནི་རང་གི་འབྲས་བུ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ལ་ལར་མ་དེས་པའི་ཕྱིར་དང། ཕྱིན་ཅི་ལོག་མཐང་བའི་ཕྱིར་རོ། །འདིས་ནི་འདི་ལ་ཡང་དམ་བཅའ་བའི་དོན་ལ་མངོན་སུམ་ལ་སོགས་པ ་?་འགལ་བར་བསྟན་པ་ཡིན་ཏེ། འདི་ལྟར་དམིགས་པའི་མཚན་ཉིད་དུ་གྱུར་བ་དམིགས་པ་གཞན་དམིགས་པའི་བདག་ཉིད་ཀྱི་མངོན་སུམ་དང་ཉེ་བར་བརྗོད་པ་མོད་པའི་བྱ་བ་མེད་པའི་དེས་པའི་རྗེས་སུ་དཔག་པས ་ཀྱང་གྲུབ་སྟེ་ནམ་མཁའ་ཨི་པདྨ་བཞིན་ནོ། །ཁྱོད་ཀྱང་འདོད་ཅེས་བྱ་བ་འདིས་ནི་རང་གི་ཚིག་དང་འགལ་བར་སྟོན་པ་ཡིན་ནོ། །དེ་ཉིད་ནི་གང་ཕྱིར་རྒྱུ་རྣམས་ཀྱི་བྱ་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། འདི་ལྟར་ཡོད་པ་དང་འབྲེལ ་པ་ན་སྐྱེས་བུའི་དབང་པོའི་བློ་སྐྱེ་བ་དེ་ནི་མངོན་སུམ་མོ་ཞེས་བྱ་བའི་མདོ་འདི་ལ་སྐྱེ་བ་སྨོས་པ་འབྲས་བུ་དང་བཅས་པའི་དོན་དུ་ཀུ་མཱ་ད་རི་ལས་བྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བཞིན་པའི་བློ་ཅི་ནས་ཀྱང་ཚད་མ་ཉིད་འགྱུར་རོ་ཞེས་བསྟོན་པའི་ཕྱིར་སྐྱེ་བ་སྐྱེས་པ ་ཡིན་ནོ་རྒྱུ་ཅིའི་ཕྱིར་ཞེ་ན་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་ཤེས་པའོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་དོགས་པར་བྱེད་པ་ཡིན་ཏེ། དེ་སྐད་དུ་ཡང་གཞན་དུ་ཀུ་མཱ་ར་རི་ལས་བློ་རྣམས་རྟག་པ་ཉིད་དད་གཅིག་པ་ཉིད་དུ་བརྗོད་དེ ་ཇི་སྐད་དུ་ངེས་ཀྱི་རྟག་པ་ཉིད་དང་ནི། །གཅིག་པ་ཉིད་དུ་འདོད་པ་ཡིན། པའོ?་ཡང་སེམས་ཅན་རང་བཞིན་ཕྱིར། །ཐ་དད་ཡུལ་ལ་བརྟེན་པ་ཡིན། །ཞེས་སྨྲས་པ་བཞིན་ནོ། །ཕྱོགས་འདི་ལ་ཡང་དམ་བཅའ་བ་ཁས་བླངས་པ་དང་འགལ་བ་ཡང་ཡིན་ཏེ། འདི་ལྟར་བློ་རྣམས་སྐད ་ཅིག་མ་ཉིད་དུ་ཁས་བླངས་པ་ཡིན་ཏེ། ཇི་སྐད་བཤད་པ་ལས་དེ་ནི་སྐད་ཅིག་མ་ཡིན་ཏེ། བློ་གཞན་གྱི་དུས་སུ་གནས་པར་མི་འགྱུར་རོ་ཞེས་བཤད་པ་དང་དེ་བཞིན་དུ་འདི་ནི་སྐད་ཅིག་ཀྱང་གནས་པ་མ་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རང་གི་ཚིགས་དང་གལ་བ་ཡང་ཡིན་ནོ།། ་རིགས་པས་གནོད་པ་བསྟན་པ་ནི་གང་ཕྱིར་དངོས་ཀུན་ཞེས་བྱ་བ་ལ་སོགས་པའོ། །རྟག་པ་ཉིད་དུ་བས་བླངས་པ་ནི་རྒྱུ་ལ་བལྟོས་པ་ཉིད་མི་རིགས་སོ་ཞེས་སྟོན་པ་ན་རྟག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བདག་ཉིད་ཀྱི་ངོ་བོ་ཐོབ་པར་འདོད་པས་བསྐྱེད་པར་བྱ་བ་ནི ་རྒྱུ་གཞན་ལ་བལྟོས་པ་ཉིད་ཡིན་ནོ། །རྟག་པ་ཉིད་ཀྱི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་ནི་གང་ཞིག་ལ་བལྟོས་པ་ཡིན་དེས་ན་བརྗོད་པར་ནུས་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་སྦྱོར་བ་དགོས་པའི་ཕྱིར་རྗེས་སུ་དཔག་པས་གནོད་པ་ཉིད་སྟོན་པ་ཡིན་ནོ། །ཤེས་པ་སྐད་ཅིག་ཅེས་བྱ་བ ་ལ་སོགས་བ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཁས་བླངས་ནས་མངོན་སུམ་ལ་སོགས་པས་གནོད་པ་སྟོན་པ་ཡིན་ཏེ། གལ་ཏེ་ཚད་མ་རང་ཉི་ལས་ངེས་པ་སྐྱེད་པར་བྱེད་པ་དེའི་ཆེ་ཚད་མ་ལ་ཐེ་ཚོམ་ལ་སོགས་པ་འབྱུང་བར་མི་འགྱུར་རོ། །སོགས་པའི་སྒྲས་ཕྱིན་ཅི་ལོག་དེ་མངོན ་སུམ་དུ་འགྲོ་བ་ཅན་གྱི་འོག་ལ་བ་དང་ཕྱིན་ཅི་ལོག་གི་འཇུག་པ་དང་ཕན་ཚུན་འགལ་བའི་མཚན་ཉི་བྱེད་པ་དང། བསླུ་བ་བཟུང་ངོ། །དེ་ལྟ་ཡིན་དང་ཐེ་ཚོམ་ལ་སོགས་པ་ཚད་མའི་འཇུག་ཐོགས་ཀྱི་ངེས་པ་ལས་བཟློག་པའི་རྣམ་པར་རིག་པའི་ཕྱི་དེས་དབེན་པའི ་ས་ཕྱོགས་དམིགས་པས་རུང་བ་ཆུད་པས་བཞིན་དུ་མངོན་སུམ་ཉིད་ཀྱིས་གྲུབ་པའི་ཡིན་ནོ། །དེ་ལྟ་ཡིན་པས་ཡོད་པའི་དམ་བཅའ་བ་ནི་མངོན་སུམ་དང་འགལ་བ་ཡིན་ནོ། །གང་ཕྱི་དེ་ལ་ཚད་མ་ཉིད་ཅེས་བྱ་བ་ལ་སོགས་པས་མངོན་སུམ་འགལ་བ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ ་དེ་ཞེས་བྱ་བ་ནི་ཚད་མ་ཉིད་དུ་ངེས་པའོ། །དེའི་ཕྱིར་དེ་ལ་བཞི་མེད་པ་ཡིན་ཞེ་ན། ངེས་པ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་གང་ལས་ཤེ་ན། འདི་ལྟར་སྒྲོ་འདོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོས་པ་ནི་སྒྲོ་འདོག་པ་ལས་བཟློག་པའི་རྣམ་པ ་ཅན་ཡིན་པའི་ཕྱིར་རོ། །དེའི་ཡུལ་མ་བསལ་བར་བདག་ཉིད་གནས་པར་འགྱུར་བ་མ་ཡིན་ཏེ། དྲོ་བའི་རེག་པ་གྲིང་བ་བཞིན་ནོ། །དེས་ཡུལ་དུ་བྱས་པའི་ཡུལ་ལ་ཕྱིན་ཅི་ལོག་པས་འཇུག་པ་ཡིན། དེ་ལྟ་ཡིན་དང་སྐུལ་བྱེད་བློ། །ཞེས་བྱ་བ་ལ་སོགས ་པས་རང་གི་ཚིག་དང་འགལ་པ་ཡང་སྟོན་ཏེ། རྒྱུ་བྱུང་ཡིན་རྒྱུ་ལས་བྱུང་བ་ཉིད་དེ། སོགས་པའི་སྒྲས་ཡིད་ཆེ་བ་མ་ཡིན་པའི་ཚིག་གིས་པ་སྐྱེད་པར་བྱ་བའི་ཕྱིར་གནོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཟུང་ངོ།། ་འདི་ལྟར་བསྐུལ་བས་བསྐྱེད་པའི་ཤེས་པ་ནི་ཚད་མ་ཡིན་ཏེ། སྐྱོན་བྲལ་བའི། །རྒྱུ་ཡིས་བསྐྱེད་ཕྱིར་རྟགས་དང་ནི། །ཡིད་ཆེས་ཚིག་དང་དབང་པོ་བཞིན། །དེ་བཞིན་ཡིད་མི་ཆོས་མ་བྱས། ཚིག་གིས་བསྐྱེད་ཕྱིར་དུ་འདུས་སོགས་ཐ་དད ་སོགས་པ་དོན་ཕྱིར། ཞེས་བྱ་བས་སྐུལ་བར་བྱེད་བའི་བློ་ཚད་མ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་བ་སྨྲ་བ་ན་སྒྲུབ་པར་བྱེད་པ་གཞན་ལ་ཚད་མ་ཉིད་དུ་ངེས་པར་བསྟན་པ་ཡིན་ལ། ཚད་མ་ཀུན་གྱི་ཚད་མ་ཉིད། །རང་ལས་ཡིད་ཆེས་གཟུང་བར་གྱིས་ཞེས་ཀྱང་བརྗོད ་པས་བཀག་པའི་ཕྱིར་ཚིག་ཕན་ཚུན་འགལ་བ་ཡིན་ནོ། །རང་ལས་ཚད་མ་ཉིད་གྲུབ་ཀྱང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་དོགས་པར་བྱེད་པ་ཡིན་ནོ། །ཅི་སྟེ་ཡང་ཁོ་བོ་ཅག་གིས་སྐུལ་བར་བྱེད་པས་བསྐྱེད་པའི་བློ་རྣམས་ཚད་མ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པར ་བརྗོད་པ་མེ་ཡིན་ནོ། །འོ་ན་མི་ཞེ་ན། དེ་ལ་གཞན་གྱི་ཚད་མ་མ་ཡིན་པར་སྤྲོ་འདོགས་པ་གང་ཡིན་པ་དེ་དགག་པར་བྱ་བའི་ཕྱིར་རོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ནོ། །གང་ལས་ཞེ་ན། དྲེགས་པ་མི་སྲིད་པའི་ཕྱིར་ཏེ། །ངེས་པ་དང་ནི་སྒྲོ་འདོགས་ཡིད། གནོད་བྱ་བ་དང་བྱེད་ངོ་བོའི་ཕྱིར།། ་ཞེས་ཀྱང་བཤད་དོ། །དེའི་ཕྱིར་གང་གི་དེ་གཏོག་པའི་དོན་དུ་ཁྱེད་ཅག་གིས་སྒྲུབ་པར་བྱེད་པའི་སྦྱོར་བའི་དལ་པ་འབྲས་བུ་དང་བཅས་པར་འགྱུར་བ་ངེས་པ་སྐྱེས་པ་ལ་ཚད་མ་མ་ཡིན་པ་ཉིད་ཀྱི་དོགས་པ་འདི་གང་ལས་ཡིན་ནོ། །འདི་ལ་དང་འཆད་པ་ནི་མཐོ་ཡོད་ཞེས་བྱ་བ་ལ་སོགས་པ་སྟེ། ་རྟོག་པ་པོ་གང་གིས་དེའི་བདག་ཉིད་དེ་མཐོ་ཡོད་ཉིད་དུ་ངེས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པ་གཞན་ཞེས་བྱ་བ་ནི་ལྗོན་ཤིང་དང་སྐྱེས་བུ་ཉིད་ལ་སོགས་པའོ། །གལ་ཏེ་དེ་ལྟ་ན་དོགས་པ་མེད་པ་ཚད་མ་ལ་སྒྲུབ་པར་བྱེད་པའི་སྦྱོར་བ་ཇི་ལྟར་ཟློག་པར་བྱ་བར་ནུས་ཤེ་ན་གང་ཕྱིར་དངོས་པོ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་གང་ལས་ངེས་པ་ནི་གང་གི་ཕྱིར་ངོ་བོ་ངེས་པའོ། །བཟློག་པའི་དོགས་པ་ཞེས་བྱ་ནི་དེའི་ངོ་བོ་ལས་བཟློག་པའི་རང་བཞིན་གྱི་དོགས་པ་ཞེས་བྱ་བའི་དོན་ཏོ། །རང་ཉིད་ཀྱིས་ནི་ཞེས་བྱ་བ་ནི་དེའི་ངོ་བོས་ངེས་པ་ལས་སོ། །འདི་ཉིད་ལ་དང་བསྟན་པ་ནི ་ཇི་ལྟར་དུ་བཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ཉིད་རྣམ་བཅོད་པ་ཞེས་བྱ་བ་ནི་མི་ལ་སོགས་པ་མེད་པ་ཉིད་རྣམ་པར་གཅོད་པའོ། །ཚད་མ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པར་བྱེད་དོ། །འདི་ཉིད་བློ་ལྷག་གི་རྒྱུ་བཤད་པའི་ཕྱི། གལ་ཏེ་ཚད་མ་ཡིན་པ ་གཉིས་ཤེས་བྱ་བ་སྨོས་ཏེ། ཚད་མ་མ་ཡིན་པ་གཉིས་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་བདག་ཉིད་དོ་གང་ཞིག་ཅེས་བྱ་བ་ལ་སོགས་པས་འགལ་བས་ཁྱབ་པ་དམིགས་པའི་ཐལ་བར་འགྱུར་བསྟན་པ་ན་རང་གི་ཚིགས་དང་འགལ་བ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། ངེས་པ་དང་འགལ་བའི ་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་གིས་དེ་ཡུལ་དུ་བྱས་པའི་དངོས་པོ་ཉིད་ལ་ཁྱབ་པའི་ཕྱིར་དེ་ལ་ངེས་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །ཇི་ལྟར་གཏོར་ཟན་ཞེས་བྱ་བ་ལ་སོགས་པས་རྗེས་སུ་དཔག་པ་དང་འགལ་བ་དང་རང་གི་ཕྱོགས་གྲུབ་པ་ཡང་སྟོན་པ་ཡིན་ནོ། །སྦྱོར་བ་ནི་གང་དག་ཐེ ་ཚོམ་དང་ཕྱིན་ཅི་ལོག་གི་ཡུལ་དུ་བྱས་པའི་བདག་ཉིད་དེ་དག་ནི་གཞན་ལས་ངེས་པར་བྱ་བའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། མཐོ་ཡོར་ལ་སོགས་པ་བཞིན་ནོ། །ཁ་ཅིག་གིས་ལྟར་ན་ཚད་མ་ཉིད་ཀྱང་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཡུལ་དུ་བྱས་པའི་བདག་ཉིད་ཡིན་ནོ ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏོར་ཟན་དང་དུ་བ་དང་རྒྱུས་བསྐྱེད་པའི་སྐྱོན་ལ་སོགས་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་བའོ། །དེ་དག་གི་ཤེས་པས་ཞེས་བསྡུའོ། །འདི་དག་གང་ཡང་གོ་རིམས་བཞིན་དུ་མཐོ་ཡོད་པ་སྤྲེལ་ཏེ་འདིས་ནི་ཏན་ཚིགས་ཀྱིས་ཁྱབ་པ ་བསྟན་པ་ཡིན་ནོ། །ད་ནི་ཕྱོགས་ཀྱི་ཆོས་བསྟན་པའི་སྒོ་ནས་མ་གྲུབ་པ་སྤང་པའི་ཕྱིར། །དེ་བཞིན་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །གྱུར་པ་ཞེས་བྱ་བ་ནི་ངེས་པ་སྟེ། ཚད་མ་དེ་ཡིས་ཞེས་བྱ་བ་ལྷག་མའོ། །འདི་ལྟར་བསྐུལ ་བར་བྱེད་པས་བསྐྱེད་པའི་བློ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཡུལ་ཅན་ཉིད་དུ་བསྟན་ཟིན་ཏོ། །དེ་བཞིན་ཞེས་བྱ་བ་ནི་མཐོ་ཡོད?་ལ་སོགས་པ་བཞིན་ཚད་མ་ཉི་དེ་གཞན་ལས་ནི་ངེས་པ་ཡིན་ཞེས་བྱ་བ་ནི་སད་མའི་འབྲས་བུ་ཉེ་བར་སྟོན་པའོ། །རང་ལས་ཚད་མ་ཉིད་གྲུབ་ན། དེ་ནི ་གནོད་པ་སེལ་བྱེད་པར། ཞེས་སྨྲས་པ་དེ་ནི་མི་རིགས་ཏེ་དོགས་པ་མི་སྲིད་པའི་ཕྱིར་རོ་ཞེས་བསྟན་ཟོན་ཏོ། །ད་ནི་ཚད་མ་ཡིན་པ་ཉིད་ཀྱི་དོགས་པ་ཟློག་པའི་དོན་དུ་སྒྲུབ་པར་བྱེད་དུ་ཆག་མོད། དེ་ལྟ་ན་ཡང་ཁྱེད་ཀྱིས་ལུགS་ཀྱིས་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི ་ཕྱིར། འདི་ནི་ཁྱེད་ཀྱི་ཕྱོགས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་སྒྲུབ་པ་སྒྲའི་དོན་ཡིན་པར་སྨྲ་པ་རྣམས་ཀྱིས་ལྟར་ན་དག་གང་ཁོ་ན་ལ་དགག་པ་སྦྱོར་བ་དེ་ཁོ་ན་ལ་གཞན་རྣམ་པར་གཅོད་པ་རྟོགས་ཀྱིས་གཞན་དུ ་ནི་སྒྲུབ་པ་ཁོ་ནའོ་ཞེས་བྱ་བའི་ཕྱོགས་འདི་ཡིན་ནོ། །འདིར་སྐུལ་བར་བྱེད་པས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པའི་དགལ་དགག་པའི་སྦྱོར་བ་ཡོད་པ་མ་ཡིན་ན་དེ་ཇི་ལྟར་འདིས་ཚད་མ་མ་ཡིན་པ་ཉི་འགགས་པར་འགྱུར་དེ་བཞིན་དུ་ཚད་མའི་ཡུལ་ལ ་རྒལ་པོ་རྣམས་ཀྱི་བློ་ཐ་དད་པར་མི་འགྱུར་རོ། །དེ་ཉིད་ཇི་ལྟར་གྲུབ་ཅེ་ན། གང་གི་ལ་ལས་ཞེས་བྱ་བ་སྨོས་ཏེ། ལ་ལས་ཞེས་བྱ་བ་ནི་དཔྱད་པ་ལ་རྣམས་གྱི་སོ། །གཞན་གྱི་ཞེས་བྱ་བས་ནི་སངས་རྒྱས་པ་རྣམས་ཀྱིས་ཏེ། དེ་དག་གཅུང་ཟད་རང་ལས་ཆད ་མ་ཉིད་དུ་འདོད་དོ། །དཔེར་ན་རང་རིག་པའི་མངོན་སུམ་དང་རྣམ་འབྱོར་བའི་ཤེས་པ་དང་?་དོན་བྱེད་པའི་ཤེས་པ་དང་རྗེས་སུ་དཔག་པ་དང་གོམ་པ་དང་ལྡན་པའི་མངོན་སུམ་ལྟ་བུ་སྟེ། དེས་ན་འཁྲུལ་པའི་རྒྱུ་སྤངས་པའི་ཕྱིར་གོམས་པའི་སྟོབས་ཀྱིས ་རབ་ཉིད་ལས་ངེས་པ་ཡིན་ནོ། །ཅུང་ཟད་ཅིག་ནི་གཞན་ལ་སྟེ་དཔེར་ན་རྩོད་པའི་གཞིར་གྱུར་པའི་སྐུལ་པར་བྱེད་པ་ལས་བྱུང་བའི་ཤེས་པ་དང་འབྲུལ་པའི་རྒྱུ་མཚན་མ་སྤངས་པའི་མངོན་སུམ་ལྟ་བུ་སྟེ། གོམས་པ་དང་དོན་བྱེད་པའི་ཤེས་པ་དག་མཐོང་པའི་ཕྱིར་རོ ་གལ་ཏེ་དེ་ལྟ་ན་རྗེས་སུ་དཔག་པ་ལ་སོགས་པ་ལ་ཁྱེད་ཀྱི་ལུགས་ཀྱི་རྣམ་པར་རྩོད་པར་མི་འགྱུར་ཏེ་དེ་ནི་རང་ཁོ་ན་ལས་ཚངས་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་བ་ཅིག་ནི་རྗེས་སུ་དཔག་པ་ཚུལ་གསུམ་པའི་རྟགས་ཀྱིས་རྒྱུ་ཅན་དུ་འདོད། །ལ་ལ་ནི་ཚུལ ་གཉིས་ལས་བྱུང་བའོ། །ཁ་ཅིག་ནི་ཚུལ་གཅིག་གི་རྟགས་ལས་བྱུང་བ་སྟེ། དེའི་མཚན་ཉིད་བྱེད་པ་དོན་མེད་དོ། །དེ་བཞིན་དུ་འཇིག་རྟེན་རྒྱང་ཕན་པ་ལ་དེ་ཚད་མ་ཉིད་དུ་སྒྲུབ་པར་མི་བྱ་སྟེ་རང་ཉིད་ཀྱིས་ཚད་མ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བྱ་བར་ཚུལ ་ཞེ་ན། སྐྱོན་འདི་མེད་དོ། །གང་གི་ཕྱིར་རྗེས་སུ་དཔགས་པ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པའི་འབྲེལ་པའི་རྟགས་ངེས་པ་ལས་སྐྱེས་པའི་ཕྱིར་དོན་བྱེད་པ་ལ་མི་བསླུ་བ་བྱེད་པ་ན་ཡང་རྒྱུད་ནས་དེ་ལྟ་བུའི་དངོས་པོ་འདྲ་འབྲེལ་པས་སྐྱེད་པ་ཉིད་ཀྱིས་དོན་དེ ་ལ་མི་འཁྲུལ་པ་ཉིད་དུ་ངེས་པའི་ཕྱིར་རང་ལས་ཚད་མ་ཞེས་བྱའོ། །དེ་སྐྱེས་པའི་རྒྱུའི་རྟགས་ཀྱི་ངོ་བོ་བློ་ཡོངས་སུ་མི་ཤེས་པའི་ཕྱི་རྒལ་བ་རྣམས་རྗེས་སུ་དཔག་པ་མ་སྐྱེས་པ་ཁོ་ན་ལ་ཕན་ཚུན་རྩོད་པར་བྱེད་ཀྱི་སྐྱེས་པ་ནི་མ་ཡིན་ཏེ། དེའི་རང་གི་ངོ་བོ་མ་ངེས་པའི་ཕྱིར་རོ ་དེ་ཉིད་ཀྱི་ཕྱིར་སློབ་དཔོན་བདག་གིས་ཕྱིན་ཅི་མ་ལོག་པའི་རྟགས་ཀྱིས་རང་གི་ངོ་བོ་ངེས་པར་བཟུང་བའི་ཕྱིར་ཅི་ནས་ཀྱང་རྗེས་སུ་དཔག་པ་སྐྱེ་བར་འགྱུར་བར་བྱའོ་སྙམ་ན་དེ་བསྐྱེད་པའི་རྒྱུའི་གཏན་ཚིགས་ཀྱི་རང་གི་ངོ་བོ་སྟོན་པའི་མཚན་ཉིད་བྱེད་པ་ཡིན་ནོ། །གང་ཡང ་འཇིག་རྟེན་རྒྱད་པ་ན་པ་ལ་རྗེས་སུ་དཔག་པ་ཚད་མ་ཉིད་དུ་བསྒྲུབ་པར་མི་བྱའོ་ཞེས་བརྩད་པ་དེ་ཡང་མི་རིགས་ཏེ། ཁོ་བོ་ཅག་གི་རྗེས་སུ་དཔག་པ་ཚད་མ་ཉིད་དུ་སྒྲུབས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཐ་སྙད་འདི་ལྟར་ལོག་པའི་དོན་ཅན་ཡི་བསྟན་བཅོས་ཐོས་པ ་པས་རྨོངས་པའི་འཇིག་རྟེན་རྒྱད་འཕན་པ་རྗེས་སུ་དཔག་པ་ཚད་མ་ཉིད་དུ་གྲུབ་པ་ན་ཡང་གྲངས་ཅན་བཞིན་དུ་ཟུག་པ་དེ་ཐ་སྙད་འཇུག་པར་མི་བྱེད་པ་དེ་ལ་ཡུལ་ཉེ་བར་བསྟན་པས་ཡུལ་ཅན་གྱིས་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ཏེ། གང་ཞིག་གང་ལས་སྐྱེས་པ་དེ་ནི་དེ་ཐོབ ་པར་བྱེད་པའི་ནུས་པ་དད་ལྡན་པ་ཡིན་ཏེ་རང་གི་དོན་ལ་མངོན་སུམ་བཞིན་ནོ། །དེ་དང་འབྲེལ་བའི་རྟགས་མཐོང་བའི་སྒོ་ནས་བྱུང་བའི་རྟགས་ལས་བྱུང་བའི་ཤེས་པ་འདི་ཡང་རྗེས་སུ་དཔག་པར་བྱ་བ་ལས་བྱུང་བ་ཡིན་ནོ་ཞེས་དེ་ལྟར་བརྡའི་ཡུལ་བསྟན་པས་འཇལ ་འཇུག་པར་བྱེད་པའི་ཕྱིར་རོ། །འདི་ལྟར་མངོན་སུམ་ལ་མ་འཁྲུལ་པའི་རྒྱུ་མཚན་འདིས་ཚད་མ་ཉིད་ཀྱི་ཐ་སྙད་དུ་བྱེད་ལ་དེ་ལས་བྱུང་བ་ལས་གཞན་མ་འཁྲུས་པ་ཅི་ཞིག་ཡོད་དེ། ཇི་སྐད་དུ། མངོན་སུམ་ཡང་ན་དོན་མེད་ན། མི་འབྱུང་བ་ལས་ཚད་མ་ཉིད་འབྲེལ ་བ་ཡི་ནི་རང་བཞིན་དེའི། །རྒྱུ་ཡིན་པས་ན་གཉིས་ཀ་མཚུངས། །ཞེས་བཤད་པ་བཞིན་ནོ། །དེ་ལྟ་བས་ན་ཇི་ལྟར་གྲངས་ཅན་པ་རྩ་མཚོག་རྩེ་ལ་གླང་པོ་མེད་པར་ངེས་ཀྱང་བསྟན་བཅོས་ཐོས་པའི་རྨོངས་པ་ལས་མེད་པའི་ཐ་སྙད ་དུ་འཇུག་པར་མི་བྱེད་པ་དེ་བཞིན་དུ་འཇིག་རྟེན་རྒྱང་ཕན་པ་འདི་ཡང་ཡིན་ནོ། །གང་གིས་འདིར་ཡང་རྗེས་སུ་དབག་པ་བཞིན་དུ་ཚད་མ་ཉིད་ཀྱི་ཐ་སྙད་བསྒྲུབ་པར་བྱའོ། །ཞེས་བྱ་བར་འགྱུར་བར་སྐུལ་བར་བྱེད་པའི་བློ་ཚད་མ་ཉིད་དུ་གྲུབ་པ་ཡང་མ་ཡིན་ཏོ། །དེ་ལ་འབྲེལ་པ་མ ་གྲུབ་པའི་ཕྱིར་ཚད་མ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་པས་དེའི་ཕྱིར་མཚུངས་པ་མ་ཡིན་ནོ། །འདི་སྙམ་དུ་བློ་ཐ་དད་པ་ཡིན་མོང། རང་ལས་ཚད་མ་ཡིན་པ་སྟེ་ཇི་ལྟར་རིགས་པ་མ་ཡིན་སྙམ་དུ་སེམས་ན། གང་ཕྱིར་རྩོད་པ་འཁྲུལ་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས ་ནི་ངེས་པ་དང་འགལ་བའི་འཁྲུལ་པའི་འབྲས་བུ་རྩོད་པ་དམིགས་པའི་ཕྱིར་ངེས་པ་མེད་པར་སྒྲུབ་པར་སྟོན་པ་ནི་རང་ལས་ཚད་མ་ཉིད་དུ་དམ་བཅའ་རྗེས་སུ་དཔག་པ་དང་འགལ་བ་ཉིད་དུ་སྟོན་པ་ཡིན་ནོ། །གཞན་ཡང་ངེས་པ་དང་འགལ་བའི་འཁྲུལ་པའི་འབྲས་བུ་དམིགས ་པ་སྟོན་པ་ནི། ཚད་མ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བསླུ་བ་ངེས་པ་དང་འགལ་བའི་འཁྲུལ་པ་གཞན་ཡང་ངེས་པ་དང་འགལ་བའི་འཁྲུལ་པའི་འབྲས་བུ་ཉིད་དུ་རྟོགས་པ་རང་ལས་ཚད་མ་ཉིད་དུ་ཁས་ལེ་ནས་ན་མི་འགྱུར་ཏེ། ངེས་པས་འཁྲུལ་པའི ་རྒྱུ་བསལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་པ་ཞེས་བྱ་བ་ནི་སླུ་བ་ལ་རྟེན་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོ་རྩོད་པར་བྱེད་པ་ཡིན་ཏེ། ཚད་མ་མ་ཡིན་པ་ལས་འཇུག་པ་ནི་བསླུ་བར་འགྱུར་ཏེ། ཚད་མ་མ་ཡིན་པ་དེ་ཡིས་གཞན་ལས་ངེས ་པའི་ཁས་བླངས་པ་ཉིད་ཡིན་ནོ། །གང་ཡང་ཚད་མ་མ་ཡིན་པ་དེ་ལས་འཇུག་པ་ནི་བསླུ་བ་ཡིན་ཏེ། དེ་ནི་རང་ཉིད་ལས་ཚད་མ་ཡིན་འདོད་པའི་ཕྱིར་ཇི་ལྟར་རང་ལས་ཚད་མ་ཉིད་དུ་དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ཞེ་ན་བསམ ་བ་མ་ཤེས་ཕྱིར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་བརྗོད་པར་འདོད་པ་ནི་འདི་ཡིན་ཏེ། གལ་ཏེ་ཁྱེད་ཅག་ཚད་མ་ཐམས་ཅད་ཚད་མ་ཉིད་ཡིན་པར་ཁས་ཡིན་པ་དེའི་ཚེ་ཚད་མ་ཉིད་དུ་ངེས་པས་བསྐྱེད་པས་ཚད་མ་ལ་ཁྱབ་པོ་ཞེས་ཁས་བླངས་པར་འགྱུར་རོ།། ་དེ་ལྟར་ན་ཚད་མ་མ་ཡིན་དང་གང་ཁོ་ན་ཚད་མའི་ཁྱབ་པར་བྱེད་པའི་ཚད་མ་ཉིད་དུ་ངེས་པས་མ་བསྐྱེད་པ་དེ་ལས་ཤུགས་ཀྱི་ཚད་མ་མ་ཡིན་པ་ཉི་གནས་པ་ཡིན་ཏེ། ཚད་མ་དད་ཚད་མ་མ་ཡིན་པ་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཚད་མ་མི ་ཡིན་པ་ཡང་ཤུགས་ཀྱིས་དེ་ཁོ་ན་ལས་ཡིན་པར་འགྱུར་ཏེ་སླུ་བ་དང་རྒྱུའི་སྐྱོན་ཤེས་པ་ལ་བལྟོས་པ་མེད་པ་ཡིན་པའི་ཕྱིར་དང་ཚད་མ་ཉིད་དུ་ངེས་པ་མ་སྐྱེས་པ་ཁོ་ན་ཚད་མ་མ་ཡིན་པར་ངེས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང། འདིའི་ངེས་པ་གནོད་བྱེད་ཀྱི་ཤེས ་པ་གཞན་ལས་འདོད་པ་ཡིན། །ཞེས་གང་སྨྲས་པ་དེ་མི་འཐད་དོ། །དེ་ལྟ་ཡིན་དང་སྐྱེས་པའི་དེ་མ་ཐག་ཉིད་དུ་ཚད་མའི་ངེས་པ་སྐྱེད་པ་དང་མི་སྐྱེད་པ་དག་གིས་ཚད་མ་དང་ཅིག་ཤོས་གཉིས་ངེས་པའི་ཕྱི་ཚད་མ་མ་ཡིན་པ་ཡོངས་སུ་ངེས་པ་ལས་རྟོགས་པ་དང་ལྡན་པ ་སུ་ཡང་འཇུག་པར་མི་སྲིད་པའི་ཕྱིར་བསླུ་བ་སྲིད་པར་ག་ལ་འགྱུར། དེ་རྟོགས་ཕྱིར་ཤེས་བྱ་བ་ནི་བསླུ་བར་རྟོགས་པའི་ཕྱིར་ངེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་དམ་བཅའ་བའི་སྐྱོན་བསྟན་པའི་སྒོ་ནས་གཏན་ཚིགས་ཀྱི་སྐྱོན་ཉིད་དུ་ལྟ་བར་བྱའོ། །དམ ་བཅའ་བའི་སྐྱོན་ནི་མ་ཡིན་ཏེ། དེ་ལྟ་ཡིན་དང་དེ་ནས་བཅའ་བ་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པའི་ཕྱིར་དེའི་སྐྱོན་བརྗོད་པ་ནི་ཀྱོ་ན་མིན་བརྗོད་པ་ཡིན་ཏེ་ཕྱིར་རྒོལ་བ་ཚད་བཅད་པའི་གནས་སུ་འགྱུར་རོ། །བུམ་པ་ལ་སོགས་པ་གཞན་ནི་ཞེས་པའི་དཔེ་མ་གྲུབ་པར ་བསྟན་པར་བྱ་བའི་ཕྱིར་སྐྱ་བ་ལས་ནི་མ་གཏོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་སྐྱེ་བའི་དུས་ཕྱིས་རྫ་མཁོན་ལ་སོགས་པ་ལ་བལྟོས་པ་མེད་པའི་སྦྲང་རྩི་ཆུ་འཛིན་པ་ལ་སོགས་པའི་དོན་བྱ་བ་བྱེད་པ་ལ་སོགས་པའི་བུམ་པ་ཉིད་མཐོང ་བ་ཉིད་མ་ཡིན་ནམ་དེ་ཇི་ལྟར་དེ་དག་སྐྱེ་བ་ལས་མ་གཏོགས་པའི་དུས་སུ་ཡོད་པ་ཡིན་ཞེ་ན། དེ་དག་དུས་ཕྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ཉེར་ལེན་ནི་རིགས་མཐུན་པའི་སྐད་ཅིག་སྔ་མ་སྔ་མའོ། །སོགས་པའི་སྦྲས་དེ་འཛིན ་བའི་སྐྱེས་བུ་ལ་སོགས་པ་བཟུང་ངོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དུས་ཕྱིས་རང་ཉིད་ཉེ་བར་ལེན་པ་ལ་སོགས་པ་ལ་བལྟོས་ན་འཇུག་པ་ལ་བུམ་པ་ལ་སོགས་པའི་མཚན་ཉིད་གཞན་མཐོང་གི། །སྐྱེ་བའི་དུས་ཕྱིས་གནས་པ་ནི་འགལ་ཡང་གྲུབ་པ་མ་ཡིན་ཏེ། ་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དང་པོའི་ཤེས་པའི་ཞེས་བྱ་བ་ལ་སོགས་པ་ལ། གཞན་ལམ་ཚད་མར་གནས་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་ཞེས་བྱ་བ་ལ་སོགས་པ་ཕ་རོལ་པོ་རྩོད་པར་བྱེད་པ་ལ་སྨྲས་པ ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་མི་སླུ་བར་བྱེད་པའི་ཤེས་པ་ནི་ཚད་མ་ཡིན་པར་བརྗོད་དེ། ཚད་མ་བསླུ་བ་མེད་ཅན་གྱིས་ཤེས་པ་ཞེས་བཤད་པའི་ཕྱིར་རོ། །མི་བསླུ་བ་དེ་ཡང་དོན་བྱེད་པའི་མཚན་ཉིད་ཅན ་ཁོ་ན་ཡིན་ཏེ། ཚད་མ་བསམ་པ་ནི་དེའི་དོན་དུ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་དོན་བྱེད་པ་དོན་དུ་གཉེར་བ་རྣམས་ཚང་མར་ཚད་མ་མ་ཡིན་པའི་ཚུལ་གྱི་ཞེན་པས་ནི་མ་ཡིན་ནོ། །དོན་བྱེད་པ་དེ་ཡང་བཅོད་དང་སྲེག་པ་ལ་སོགས་པར ་སྣང་བའི་ཤེས་པ་སྐྱེད་པའི་མཚན་ཉིད་ཅན་ཏེ་དེ་སྐྱེས་པ་ཉིད་དོན་བྱེད་པ་དོན་དུ་གཉིར་བ་འཇུག་པའི་རེ་བ་ལྟོག་པའི་ཕྱིར་རོ། །དོན་བྱེད་པའི་ཤེས་པ་དེ་ཡང་རང་རིག་པའམ་མངོན་སུམ་གྱིས་རང་ཉིད་ཀྱིས་འབྱུང་བ་ཡིན་ཏེ། གསལ་བ་ཉམས་སུ་མྱོང་བའི་ཕྱིར ་དེ་མ་ཐག་ཏུ་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱོད་པའི་ཤེས་པ་སྐྱེ་བས་ངེས་པའི་ཕྱིར་དང་ཉིད་ལས་ཡིན་པར་གྲུབ་པ་ཡིན་གྱི་གང་གིས་དོན་བྱེད་པར་སྣང་བའི་ཤེས་པ་གཞན་སྐྱེད་པའི་རྗེས་སུ་འབྲེལ་པ་ན་ཐུག་པ་མེད་པར་འགྱུར་བ་སྐྱེས་བུས་དེའི ་སྒྲུབ་པར་སྐྱེ་བའི་འབྲས་བུ་གཞན་འདོད་པ་ཡིད་མ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ན་ངོམས་པ་ལ་སོགས་པའི་འབྲས་བུ་མངོན་པར་འོད་དེ། དེ་ཡང་ཚིམ་པ་དང་ཡོངས་སུ་གདུང་བ་མེད་པ་ལ་སོགས་པའི་ཤེས་པ་འབྱུང་བ་ཉིད་ལས་མངོན་པར་གྲུབ་པོ་ཞེས་བྱ་བ ་དེ་ཙམ་གྱིས་སྐྱེ་བོ་རྣམས་ཡོངས་སུ་མགུ་ན་ལྡོག་པར་འགྱུར་བའི་ཕྱིར་དེ་རང་ལས་འདོད་པ་གྲུབ་པ་ཡིན་ཞེས་བརྗོད། །དེ་ཡང་དེའི་རྒྱུར་གྱུར་པའི་ཤེས་པ་མགོན་སུམ་འགྲོ་བ་ཅན་དེའི་དེ་ཐོབ་པའི་ནུས་པ་ཚད་མ་ཞེས་བྱ་བ་ལ་ནུས་པ་དེ་ཡང་མ་གོམས་པའི་ཕྱིར ་འབྲས་བུ་མི་ཤེས་དག་ངེས་པར་བཟུང་བར་མི་ནུས་པའི་ཕྱིར་ཕྱིས་ཀྱི་འབྲས་བུ་ཤེས་པ་འཇུག་པར་ངེས་པ་ན་བྱེད་པའི་ཕྱིར་དང་པོ་གཞན་ལས་ཚད་མ་ཉིད་དུ་རྗོད་དོ། །གཞན་ཡང་རྣམ་པ་གཞན་གྱིས་ཀྱང་ཐུག་པ་མེད་པ་སྤང་པའི་ཕྱིར། དང་པོ་དངོས་མེད་ཡུལ ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དང་པོ་ཐོག་མའི་ཤེས་པ་དངོས་པོ་མེད་པ་ལ་འཇུག་པར་གྱུར་ན། དེའི་ཚེ་ཕྱིས་འབྱུང་བའི་འབྲས་བུའི་ཤེས་པ་སྐྱེ་བར་མི་འགྱུར་ཏེ། རྒྱུ་མེད་པའི་ཕྱིར་ལ་དོན་ལ་དོན་བྱེད་པའི་ཤེས་པ་ནི་དངོས་པོ་དང་འབྲེལ་པ་ཡིན ་པའི་ཕྱིར་རོ། །མེ་མ་ཡིན་པ་འཛིན་པའི་ཤེས་པ་ལས་མྱ་ངན་འཚང་གི་མེ་ཏོག་ལ་སོགས་པ་ལས་མེར་ངེས་པ་ཉིད་ཀྱིས་འཇུག་པ་ལས་བཅོ་བ་དང་སྲེག་པ་ལ་སོགས་པར་སྣང་བའི་ཤེས་པ་སྐྱེ་བ་མ་ཡིན་ན་ཡང་འདི་མེ་ཁོ་ན་ཡིན་ནོ། །གང་ལས་ཤེ་ན་མེའི་མཚན ་ཉིད་ནི་གཙོ་བོ་དང་སྲེག་པ་ལ་སོགས་པའི་འབྲས་བུ་བསྐྱེད་པའི་རྒྱུ་ཉིད་ཙམ་ཡིན་ནོ། །དེའི་ཕྱིར་ཇི་སྲིད་ཅེས་བྱ་བ་ནི་འདི་ལམ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །འོན་ཏེ་དོན་བྱེད་པའི་ཤེས་པ་བཞིན་དུ་དང་པོའི་ཤེས་པ་ཡང་མེའི་དངོས་པོ་སྐྱེད་པ་ཉིད་མ ་ཡིན་ནམ། དེས་ཅིའི་ཕྱིར་དེ་ཉིད་དུ་ཚད་མ་མ་ཡིན་པ་ཉིད་དུ་དོགས་ཀྱིས་ཕྱི་མ་ལ་ནི་མ་ཡིན་ཞེས་དོགས་པ་ལ་རྗེས་ཐོགས་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོའི་ཤེས་པ་ལ་ནི་འཁྲུལ་པའི་རྒྱུ་ཡོད་དེ། །འདི་ལྟར་དེའི་མཇུག་ཐོགས་སུ་བཙོ་བོ་ལ་སོགས་ ་པའི་འབྲས་བུ་མ་བྱུང་བ་དང། འཁྲུལ་པའི་ཤེས་པ་དང་ཆོས་མཐུན་པ་དང་བློ་མི་གསལ་བ་དང། སོགས་པའི་སྒྲས་མ་གུས་པ་དང། མ་གོམས་པ་ཞེས་བྱ་བ་ལ་སོགས་པ་བཟུང་ངོ། །འབྲས་བུའི་ཤེས་པ་ལ་ནི་འཁྲུལ་པའི་རྒྱུ ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རང་པས་ངེས་པ་ཡིན་ནོ། །ཤེས་པ་དང་པོ་ལ་ཡང་གོམས་པ་ལ་སོགས་པས་འཁྲུལ་པའི་རྒྱུ་མཚན་བསལ་པ་དེ་ནི་རང་ཉིད་ལས་ཚད་མ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གོམས་པས་འཇུག་ཞེས་བྱ་བ་ལ་སོགS ་པ་སྨོས་ཏེ། གོམས་པའི་སྟོབས་ཀྱིས་དཔེར་ན་རྣལ་འབྱོར་པ་རྣམས་སམ་ནོར་བུ་དང། དེ་དང་འདྲ་བ་ལ་སོགས་པ་ལ་དེ་རིགས་པ་རྣམས་འཁྲུལ་པའི་རྒྱུ་མཚན་ཐག་རིང་དུ་བ་ལས་ཇི་ལྟ་བ་སྤངས་པའི་རྣམ་པར་ཤེས་པ་གསལ་བར་སྣང་བ་སྐྱེ་བ་ཡིན་ལ།། ་དེ་བཞིན་དུ་གཞན་ལ་ཡང་གོམས་པའི་སྟོབས་ཀྱིས་གསལ་རབ་ཏུ་སྣང་བ་ཉིད་ཀྱིས་འཁྲུལ་པར་དོགས་པ་གསལ་བ་ཅན་སྐྱེ་བ་ན་བར་མཆོད་པར་རིགས་མཐུན་པ་ཐུན་མོང་བའི་རྣམ་པར་ངེས་པ་ཅན་གྱིས་རྣམ་པར་གཅོད་པའི་ཤེས་པ་སྐྱེ་བ་ནི་དེའི་ཡུལ ་རིགས་མི་མཐུན་པ་ལས་ལྡོག་པར་ངོས་པའི་ཕྱིར་དེ་རང་ཉིད་ལས་ཚད་མ་ཡིན་པར་བརྗོད་དོ། །གང་ཡང་གོམས་པ་དང་ལྡན་པས་འཇུག་པ་ན་དེ་འདི?་བའི་མཚན་ཉིད་ཀྱིས་རྟགས་པས་མཐོང་བའི་ཕྱིར་རྗེས་སུ་དང་མཁན་ལས་དོན་ཐོབ་པའི་སྐྱེས་པའི་མཚོན ་ཉིད་ཀྱིས་ཚད་མ་ཉིད་ངེས་པའི་ཕྱིར་ཐམས་ཅད་དུ་གཞན་ལས་ཚད་མ་ཉིད་དུ་ངེས་པར་བྱའི། །ལ་ལར་རང་ལས་ངོས་པ་ནི་ས?་ཡིན་ནོ་སྙམ་དུ་སེམས་པ་སྟེ་ཁོ་བོ་ཅག་གི་མགོ་སྟེ། འདི་ལྟར་མི་འདས་པའི་དེ་དང་འདྲ་བའི་མཚན་ཉིད་ཀྱི་རྟོགས་པ ་ངེས་པ་ཉིད་གང་ལས་བྱུང་ཞེས་བྱ་བ་བརྗོད་པར་བྱ་དགོས། །གལ་ཏེ་གོམས་པ་ལས་སོ་ཞེ་ན། འོ་ན་དེ་ལྟ་ན་འཁྲུལ་པའི་ཕྱིར་གལ་ཏེ་གོམ་པའི་སྟོབས་ཀྱིས་རིགས་མི་མཐུན་པའི་རྣམ་དེ་རྣམ་པར་བསོད་པས་རིགས་མཐུན་པ་ཐུན་མོང་གཉིས་པའི་འདྲ ་བ་ཉིད་ངེས་པར་བྱེད་ཀྱི་གང་གི་དེ་ཉམས་སུ་མྱོང་ཞིང་ལ་འཁྲུལ་པའི་རྒྱུ་དང་བྲལ་བ་ན་ཡང་མ་ངེས་པ་ཞེས་བྱ་བར་འགྱུར་བ་ཚད་མ་ཉིད་ལ་ཅི་ཞིག་སྣང་གཞན་ཡང་འདྲ་བ་ཞེས་བྱ་བ་འདི་ཅི་ཞིག། གལ་ཏེ་རྟོགས་པའི་ངོ་བོའི་ན་ན་དེ་ལོག་པའི་ཤེས་པ་ལ་ཡང་ཡོད་པའི ་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །ཅི་སྟེ་དམར་བའི་རྣམ་པར་སྣང་བ་ཡིན་ན། དེ་ནི་ཨ་ཤྭ་ཀའི་མེ་ཏོག་ལ་སོགས་པར་འཛིན་པའི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་འཁྲུལ་པ་ཉིད་རོལ?་པ་ཡིན་ནོ། །ཅི་སྟེ་མེ་ཏོག་ལ་སོགས་པའི་དངོས་པའི་འབྲས་བུ་ཡིད་ཡིན་ནོ་ཞེ་ན ་ནི་དེ་ཇི་ལྟར་ངེས་པ་བརྗོད་པར་བྱ་དགོས་སོ། །དེ་བསྒྲུབ་པར་བྱེ་བའི་དོན་དུ་རྟགས་གཞན་གྱིས་རྗེས་སུ་འབྲང་པར་བྱེད་ན་ཐུས་པ་མེད་པར་འགྱུར་རོ། །ཡང་ཅི་སྟེ་རྟགས་གྱིས་རྗེས་སུ་བགྲེང་བ་དེ་ཡང་གོམས་པའི་སྟོབས་ཁོན་པས་མངོན་སུམ་གྱི་རང་ཉིད་ལྟས་གྲུབ་པོ ་སྙམ་ན་དེ་ལྟ་ན་གལ་ཏེ་གོམས་པའི་ནུས་པ་འདྲ་བའི་ཁས་ལེན་པར་བྱེད་པ་དེའི་རྟགས་ཉིད་གྱི་རྗེས་སུ་འཕྲེང?་པ་མེད་པར་ནུས་པ་ངེས་པ་ཡང་གོམས་པ་ཉིད་ལས་འབྱུང་ངོ་ཞེས་ཅིའི་ཕྱིར་ཁས་ལེན་པར་མི་བྱེད་གཞན་ཡང་གལ་ཏེ་ཉིད་བལྟས་པ་ཉིད་གྲུབ ་ན་དེའི་ཁྱབ་པའི་རྗེས་སུ་འབྲང་བ་དོན་མེད་དོ། །དེའི་འབྲས་བུ་ཉིད་དུ་ངེས་པ་ཉིད་ཀྱིས་རྗེས་སུ་དཔག་པའི་ཤེས་པ་བཞིན་དུ་དོན་དེ་ཐོབ་པར་ནུས་པ་གྲུབ་པའི་ཕྱིར། །ཅི་སྟེ་རྗེས་དཔག་པའི་ཤེས་པ་དངོས་པོ་དང་འབྲེལ་པའི་རྟགས་པ་སི་སྐྱེའི་ཕྱིར་རྒྱུད་ནས ་དངོས་པོའི་འབྲས་བུ་ཉིད་དུ་རང་ལས་ཚང་མ་ཉིད་བྱིན་གྱི། འདྲ་བའི་སྟོབས་ཀྱིས་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐུག་པ་མེད་པ་ལས་འགྱུར་རོ། །དེ་བཞིན་དུ་འདིར?་ཡང་དང་ཁྲོན་པས་མེད་མ་ཉིད་འགྱུར་ཏེ། འདི་ལྟར་གང་ལ་ཕྱོགས་ཆོས་བསན་ཡང་བརྒྱ་བྱ་? ་བྱ་བའི་དོན་རྟོགས་པ་པོ་དཔེའི་ཆོས་ཅན་ལ་ཁྱབ་པའི་རྗེས་སུ་འབྲང་བར་བྱེད་དེ་དཔེར་ན་བྱས་པ་དང་མི་རྟག་པ་བཞིན་ནོ་འདིར་ཤེས་པ་ཡོད་པའི་འབྲས་བུ་ངེས་པ་ཉིད་ཀྱིས་དོན་དེ་ལ་མི་འཁྲུལ་པ་ཉིད་ཀྱིས་དེ་ཐོབ་པའི་ནུས་པ་གྲུབ་པ་ཡིན་གྱི་མེ་དང་འབྲས་པའི ་རྟགས་ཀྱི་ནི་མ་ཡིན་ནོ། །གལ་ཏེ་ད་ལྟ་སློབ་དཔོན་གྱིས་འཇིག་རྟེན་རྒྱང་པན་པའི་དབང་དུ་མཛད་ནས་དེ་ཤེས་པའི་འགལ་བ་འགའ་ཞིག་གི་འཇུག་པ་ལ་བསླུ་བ་དང་མི་བསླུ་བ་དག་དམིགས་ནས་ཇི་ལྟར་ཉེ་བར་བསྟན་པ་ལ ་འཇུག་པའི་མ་འཁྲུལ་པའི་བྱ་བའི་ཕྱིར་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་དེའི་མཚན་ཉིད་ལ་ཁྱབ་པར་སྨྲ་བར་བྱེད་པ་ན། ཇི་ལྟར་ཆོས་མཐུན་པ་མཐོང་བ་ལས་དེ་ལྟར་རབ་ཏུ་བསྒྲུབ་པ་དེ་ནི་རྗེས་སུ་དཔག་པར་བྱ་བ་ལས་མ་འདས་སོ ་ཞེས་ཇི་ལྟར་གསུངས་ཤེ་ན་སྐྱོན་དེ་མེད་དོ་རང་གཞན་གྱི་རྒྱུད་ལ་འཇུག་པའི་ཉམས་སུ་མྱོང་བའི་ཡུལ་ཅན་གྱི་བློའི་དབང་དུ་བྱས་ནས་འདི་གསུངས་པ་ཡིན་ཏེ། ཡུལ་ཉམས་སུ་མྱོང་བ་ལས་མ་གཏོགས་པ་ཞེས་བཤད་པའི་ཕྱིར་རོ། །གཞན་དུ་གལ་ཏེ་འདྲ་བ་ལས་ཐམས ་ཅད་ཚད་མ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཆེ་ཡུལ་ཉམས་སུ་མྱོང་བ་ལས་མ་གཏོགས་པ་ཞེས་བྱ་བའི་དགག་པ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་གོམས་པའི་སྟོབས་ལས་འཁྲུལ་པའི་རྒྱུ་མཚན་སྤངས་པར་སྐྱེ་བ་གང་ཡིན་པ་དེར་རང་ཉིད་ཚད་མ་ཡིན་ནོ་ཞེས་བྱ ་བར་གནས་སོ་ཇི་ལྟར་དང་པོའི་ཤེས་པ་ན་དེའི་མི་བསླུ་བ་ལ་བལྟོས་པ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རིགས་མི་མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་མཚན་མ་ཉིད་ཉམས་སུ་མྱོང་ཡང་འཁྲུལ་པའི་རྒྱུ་སྲིད་པའི་ཕྱིར་ངེས་པར་མི་ནུས་པ ་དེར་ནི་དོན་བྱེད་པ་སྣང་བའི་ཤེས་པ་གཞན་ལས་ངེས་པ་ཡིན་ཏེ། དེ་ཙམ་ཉིད་ཀྱིས་སྐྱེས་བུའི་མངོན་པར་འདོད་པའི་དོན་གྲུབ་པས་རེ་བ་ཆད་པའི་ཕྱིར་མི་བསླུ་བས་ཀྱང་མི་བསླུ་བ་གཞན་དེ་ཁོ་ན་བཞིན་དུ་སྟེ་དང་པོའི་ཤེས་པ་བཞིན་དུ་བལྟོས་པར་བྱ་བ་མ་ཡིན་ནོ།། ་གལ་ཏེ་འགའ་ཞིག་རང་ཉིད་ལས་ཞེས་བྱ་བ་ལ་སོགས་པ་ལ། འཁྲུལ་པའི་རྒྱུ་ནི་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་ཐེ་ཚོམ་མེད་པའི་དོན་མེད་མི་འབྱུང་བ་ཉིད་དུ་མ་ངེས་པའི་དོན་ཚད་མའི་ནུས་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་རྗེས་སུ ་དཔག་པ་བཞིན་དུ་ཚད་མར་མི་འགྱུར་ཏེ། ཇི་ལྟར་རྗེས་སུ་དཔག་པ་དོན་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་ན་ཚད་མར་མི་འདོད་པ་དེ་བཞིན་དུ་མངོན་སུམ་ཡང་མི་འགྱུར་ཞེ་ན་སྐྱོན་འདི་མེད་དེ། གང་གི་ཕྱིར་རྗེས་སུ་དཔག་པ་བཞིན་དུ་མངོན་སུམ་དོན་མེད་ན་མི་འབྱུང་བའི་བདག་ཉིད་སྟོན ་ཕན་ཚད་མ་ཉིད་དུ་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྣང་བཞིན་པའི་དོན་ངེས་པར་བྱེད་པ་ན་སྟེ། འདི་ལྟར་དོན་བྱེད་པ་དོན་དུ་གཉེར་བ་མངོན་པར་འདོད་པའི་དོན་ཐོབ་པར་བྱེད་པའི་ཕྱིར་ཚད་མར་བརྗོད་ཀྱི་ཡུལ་སྐྱེས་བུ་གཏོང་བར་བྱེད་པ་འམ་སྐྱེས་བུའི་ཡུལ་འགུགས ་པར་བྱེད་པ་ནི་དེ་ཐོབ་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་སྐྱེས་བུ་འཇུག་པར་བྱེད་པ་ཡིན་ནོ། །སྐྱེས་བུ་དེ་ཡང་ལག་པ་ནས་བཟུང་ནས་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇུག་པའི་ཡུལ་ཉེ་བར་བསྟོན་པ་ལས་ཡིན་ལ། ཉེ་བར་སྟོན་པ་དེ་ཡང་སྣང་བཞིན་པའི་དོན ་ངེས་པར་བྱེད་པ་ལས་ཡིན་གྱི། །གཞན་ནི་མ་ཡིན་ནོ། །གང་ཡང་ཐེ་ཚོམ་ཟ་བ་དེར་གདོན་མི་ཟ་བར་སྣང་བཞིན་པའི་རྣམ་པ་ངེས་པ་ཡོད་པ་ཡིན་ཏེ། དེ་མ་ངེས་ན་དེ་རྣམ་པར་དཔྱོད་པ་མི་རུང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་དེ་ཙམ་གྱི་མངོན་སུམ་གྱིས་བྱ་བ་ཡོངས་སུ་རྫོགས ་པ་ཡིན་ལ་ཕྱིས་འབྱུང་བའི་དོན་མེད་ན་མི་འབྱུང་ལ་ཐེ་ཚོམ་ཟ་བས་ནི་མངོན་སུམ་གྱི་བྱ་བ་ལ་མི་གནོད་པའི་ཕྱིར་ཐེ་ཚོམ་ཡོད་ན་ཡང་མངོན་སུམ་མ་ཚད་མ་ཉིད་དུ་འགྱུར་བ་ཁོ་ནའོ། །གང་ཡང་སྣང་བའི་དངོས་པོ་དང་འགལ་བའི་རྣམ་པ་ངེས་པ་དང་ལྡན་པ་སྐྱེ་བ་དེར ་ནི་ཚད་མ་མ་ཡིན་ཏེ། དེ་ལྟ་ན་སྨིག་རྒྱུ་འཛིན་པའི་ཤེས་པ་རྒྱུ་ངེས་པ་དང་ལྡན་པ་ལྟ་བུ་སྟེ། ཇི་སྐད་དུ་བཤད་པའི་ཚད་མའི་བྱ་བ་མེད་པའི་ཕྱིར་རོ། །གང་ཡང། དུད་ལ་སེར་པོར་ཤེས་པ་དང། ནོར་བུའི་འོད་ལ་ནོར་བུར་ཤེས་པ་དེ་ཡང་ཚད་མ་མ་ཡིན་པ ་ཉིད་དོ། །དེ་ལ་དོན་ལ་ཇི་ལྟ་བ་བཞིན་སྣང་བ་དང་ངེས་པ་དག་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་འཛི་པ་དང་མི་འཛིན་པ་ནི་སྣང་བའི་དབང་གིས་ཡིན་གྱི་དོན་ལ་མི་བསླུ་བ་ཙམ་ལས་ནི་མ་ཡིན་ནོ། །འདི་ལ་ཡུལ་དང་དུས་དང་རང་བཞིན་དང་གནས ་སྐབས་ཇི་ལྟ་བ་བཞིན་དུ་སྣང་བ་ཡོད་པ་མ་ཡིན་ལ། ཡུལ་དང་དུས་དག་ཀྱང་དངོས་པོའི་རང་བཞིན་ཐ་དད་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་ཡུལ་དང་དུས་དེ་ཉིད་དུ་འགྱུར་བ་དེ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐ་དད་པའི་ཐ་སྙད་རྒྱུན ་ཆད་མེད་པར་འགྱུར་རོ། །རྗེས་སུ་དཔག་པ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པ་ཉིད་ཀྱི་སྤྱིའི་ཡུལ་ཅན་ཡིན་པས་དངོས་པོ་མི་སྣང་བའི་དབང་གིས་དངོས་པོའི་ཡུལ་ཅན་དུ་རྣམ་པར་བཞག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ངེས་པའི་དབང་གིས་ཏེ། ཇི་སྐད་དུ། ་ངེས་པ་རྣམས་ཀྱི་མ་ངེས་གང། །དེ་ནི་དེ་དག་ཇི་ལྟར་ཡུལ། ཞེས་བཤད་པ་ལྟ་བུའོ། །དེ་ལྟ་ཡིན་དང་རྗེས་སུ་དཔག་པ་ནི་དེར་སྟང?་བས་སྟོང་ཡང་མེད་ན་མི་འབྱུང་བའི་དོན་མགོང་བའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་བརྒྱུད་ནས་དངོས་པོ་དང་འདྲེ་ལགས་ཆད་མ ་ཉིད་ཡིན་པའི་ཕྱིར་གདོན་མི་ཟ་བར་དེ་ལ་མེད་ན་མི་འབྱུང་བ་ངེས་པ་བལྟོས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་སྐྱེ་བ་མི་སྲིད་པའི་ཕྱིར་རྗེས་སུ་དཔག་པ་མངོན་སུམ་དང་མཚུངས་པ་ཡིན་ནོ། །འོན་ཏེ་རྣམ་པར་ཤེས་པ་དེ། ཞེས་བྱ་བ་ལ་སོགས ་པས་གཞན་གྱི་གཞན་ལས་ཚད་མ་ཉིད་ཡིན་ན་ཕན་ཚུན་བརྟེན་པ་ཉིད་སྟོན་པ་ཡིན་ཏེ། འདི་ལྟར་རྟོག་པ་མངོན་དུ་གཏོང་བ་རྣམས་ཚད་མ་ཉིད་ངེས་པ་ན་འཇུག་པ་འཇུག་པ་ན་ཡང་ཚད་མ་ཉི་ངེས་པའི་ཕྱི་ཕན་ཚུན་བརྟེན་པས་ཇི་ལྟར་རྟོག་པ་དང་ལྡན ་བ་འདོད་པའི་དོན་མ་ངེས་ན་འཇུག་པར་འགྱུར་ཞེ་ན། བརྗོད་པ་ཞེས་བྱ་བ་ལ་སོགས་འཇུག་པ་ནི་རྣམ་པ་གཉིས་ཏེ། དོན་བྱེད་པའི་དོན་ཅན་དང། ཚོད་མར་ངེས་པའི་དོན་ཅན་ནོ། །དེ་འཇུག་པ་དད་པོ་ན་ཐེ་ཚོམ་ཡོད་ན་ཡང་ཇི་ལྟར་འགྱུར་བ་དེ་ཏར་བསྟན ་ཟིན་ཏེ། མངོན་སུམ་སྣང་བར་ངེས་པར་བྱེད་པ་ཙམ་ཉིད་ཀྱིས་འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟ་ན་ལྡོག་པ་དང་ལྡན་པ་ཉམས་པར་ཐལ་བར་མི་འགྱུར་ཏེ་དོན་དེ་ལ་ཐེ་ཚོམ་ཟ་བས་ཀྱང་ཞིང་པ་ལ་སོགས་པ་བཞིན་དུ་འཇུག་པ་མཐོང ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ་རྟོག་པ་མངོན་དུ་གཏོང་བས་ཞིང་པ་ལ་སོགས་པ་ཐབས་ངེས་པས་འཇུག་གོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། ཐབས་ནི་ཐབས་ལས་བྱུང་བ་ལ་བལྟོས་པའི་ཕྱིར་ཐབས་བྱུང་བ་མ་ངེས་པར་དེ་ངེས་པ་མི་རུང་བའི་ཕྱིར་རོ ་འཇུག་པ་གཉིས་པ་ལ་ཡང་དེ་ཚད་མ་ཉིད་དུ་ཐེ་ཚོམ་ཟ་བ་ཡོད་ན་ཡང་ཆེས་རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ལ་དེའི་ཚད་མ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་གང་གི་ཕྱིར་དེ་ཚད་མ་ཉིད་ངེས་པ་ལ་ཐེ་ཚོམ་གྱིས་འཇུག་པ་ཉིད་ཀྱི་ཕྱིར་སྐྱེས ་བུ་དེ་ཐབས་ངེས་པ་ཉིད་ཡིན་ནོ། །དེ་ལྟ་ན་ཐབས་ཀྱི་ཡུལ་ཐེ་ཚོམ་མེད་པའི་ཕྱིར་འཇུག་པར་རིགས་པ་ཉིད་ཡིན་ནོ། །ཇི་ལྟར་དེས་ཐབས་དེ་ངེས་པ་ཡིན་ཞེ་ན། དེ་ལྟར་ཐེ་ཚོམ་གྱིས་འཇུག་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཉིད་ཡང་ཐེ་ཚོམ་གྱིས ་འཇུག་ན་ཡང་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་བར་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །དོན་བྱེད་སྣང་བའི་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པས་གཞན་དག་དོན་བྱེད་པའི་ཤེས་པ་ལས་གཞན་དག་དོན་བྱེད་པའི་ཤེས་པ་ལས་ཚད་མ་ཉིད་དུ་ངེས་པ་མ ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་ཐུག་པ་མེད་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་རྒྱུ་ནི་དངོས་པོ་ཡང། །ཞེས་བྱ་བ་ནི་དོན་བྱེད་པའི་ཤེས་པའི་རྒྱུ་སྟེ་ཅི་ཕྱིར་ཚད་མ་ཉིད་མ་ཡིན་ཞེས་འབྲེལ་ཏོ། །དེ་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ་རེ་ཞིག་གལ་ཏེ་ཕྱི་རོལ་གྱི་དོན་དུ་སྨྲ་བའི་སངས་རྒྱས་པ་ལ་རྩོད་པ་བྱེད་ན་དེ་མ་གྲུབ་པོ་ཞེས་ཚིགས་སུ་བཅད་པ་དང་པོས་བསྟན་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་དེས་དོན་ལ་མི་བསླུ་བའི་ཕྱིར་ཚད་མ་རུ་འདོད་ཀྱི་དོན་བྱེད་པའི་ཤེས་པ་ལ་མི་བསླུ་བའི ་ཕྱིར་ནི་མ་ཡིན་ནོ། །རྨི་ལམ་ལ་དོན་ལ། མི་བསླུ་བ་ཡོད་པ་ཡང་མ་ཡིན་ཏེ། རྨི་ལམ་གྱི་གནས་སྐབས་ཐམས་ཅད་འཁྲུལ་པ་ཉིད་དུ་ཐམས་ཅད་ལ་བརྩོད་པ་མེད་པའི་ཕྱིར་རོ། །དེར་ཤེས་པ་ཐམས་ཅད་དོན་མེད་པ་ཁོ་ནར་སྐྱེ་བའི་ཕྱིར་ཡུལ་མེད་པ ་ཉིད་ཡིན་ཏེ། དེ་ནས་སད་པེའི་གནས་སྐབས་ན་འབྱུང་བའི་ཤེས་པ་ལ་ཚད་མའི་མཚན་ཉིད་འཇུག་པའི་ཕྱིར། །གཞན་གྱི་འཁྲུལ་པ་མེད་རིགས་སོ། །སྙམ་དུ་བསམ་པ་ཡིན་ནོ། །གཞན་ཡང་འཇུག་པ་སྔོན་དུ་འགྲོ་བ་ཅན་མ་ཡིན ་པ་དང། མི་རྟན་པ་དང་འཁྲུལ་པ་རྨི་ལམ་དོན་དུ་བྱེད་པའི་ཤེས་པ་དེ་ལས་བཟློག་པ་སད་པའི་གནས་སྐབས་ཡིན་པའི་ཕྱིར་རྣམ་པ་དེ་ལྟ་བུའི་ཚད་མ་ཉིད་རྨི་ལམ་གྱི་མ་ངེས་པ་གང་ལས་ཡིན་ཅི་སྟེ་རྣལ་འབྱོར་སྤྱོད་པ་པ་ལ་རྩོད་པ་བྱེད་ན་ཡང་དེ་ལས ་ཡང་འདི་ནི་མངོན་སུམ་ལ་མི་ཉེ་བར་མི་མཁོ་སྟེ། འདི་ལྟར་ཚད་མ་བསླུ་བ་མེད་ཅན་གྱི་ཤེས་པ་ཞེས་བྱ་བ་འདི་ཐ་སྙད་པའི་ཚད་མའི་མཚན་ཉིད་ཡིན་པས་དེ་ལས་དོན་བྱེད་པར་སྣང་བའི་ཤེས་པ་རིག་པ་ཉིད་མི་བསླུ་བ་ཡིན་ཏེ། དེ་ལྟར་སྐྱེ་བ་ན་འཇིག ་རྟེན་དེ་ཐ་སྙད་དུ་བྱེད་པའི་ཕྱིར་ཏེ་དོན་དུ་གཉེར་བ་འཇུག་པ་ནི་དེའི་དོན་དུ་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་འཇིག་རྟེན་ན་ཐ་སྙད་ཐམས་ཅད་དོན་དམ་པ་པ་ཉིད་དུ་མངོན་པར་ཞེན་པའི་ཕྱིར་ཐ་སྙད་པའི་ཤེས་པ་དེ་ཡང་སད་པའི་གནས་སྐབས་ན་ཡོད་པ་ཉིད་ཡིན ་གྱི་རྨི་ལམ་གྱི་གནས་སྐབས་ཀྱི་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་སད་པའི་ཤེས་པ་ཡིན་པ་ན། ཞེས་བྱ་བའི་ཁྱད་པ་ལ་བརྟེན་པའི་ཕྱི་ཅིག་ཤོས་ཀྱིས་འཁྲུལ་པ་ཡིན་ནོ། །འདི་སྙེད་དེ་རྣམ་པ་ཐམས་ཅད་སྣང་བ་མཚུངས་ན་ཡང་འདི་ནི་སད་པའི་གནས་སྐབས ་འདི་ནི་རྨི་ལཾ་གྱི་གནས་སྐབས་སོ་ཞེས་བྱ་བའི་ཐ་དད་པའི་ངེས་པ་འདི་ཇི་ལྟར་ཡིན་སྙམ་དུ་སེམས་ནི། དེའི་ཕྱིར་རང་རིག་པའི་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །བརྒྱ་ལ་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ཀླན་ཀ་དོགས་པར་བྱེད་གལ་ཏེ ་གཞན་ལས་ཚད་མ་ཉིད་དུ་ངེས་ན་དེའི་ཚེ་ཚད་མ་གཞན་གྱི་གཞལ་བར་བྱ་བ་ཡིན་པའི་ཕྱིར་དེ་གཞལ་བྱ་ཉིད་དུ་འགྱུར་ན། ཚད་མ་ཉིད་གཞལ་བྱང་རིགས་པ་ཡང་མ་ཡིན་ཏེ། འགལ་བའི་ཕྱིར་ཞེས་རྒོལ་ན། དེ་ན་འགལ་བ་མེད་པ་ཡིན། །ཞེས་བྱ་བས་ལན ་འདེབས་ཏེ། དེ་ནི་ཞེས་བྱ་བ་ནི་འདི་ནའོ། །བལྟོས་པ་ཐ་དད་ཕྱིར་རྒྱུ་དང་འབྲས་བུ་དང་མ་དང་བུ་མོའི་ཐ་སྙད་བཞིན་དུ་མི་འགལ་ལོ། །འདི་ཉིད་སྟོན་པ་ནི་དེའི་བཟུང་བྱའི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་པ་དེ་བཟུང་བར་བྱའི་དངོས་པོ་གང་ཡིན་པ་དེ་ལ་བལྟོས་ནས་ཚད ་མ་ཁོ་ན་ཡིན་གྱི་གཞལ་བྱ་ནི་མ་ཡིན་ལ། རྣམ་པར་འཇོག་པའི་ཚད་མ་གཞན་ལ་བལྟོས་ནས་ནི་གཞལ་བྱ་ཁོ་ན་ཡིན་གྱི་ཚད་མ་ནི་མ་ཡིན་པའི་ཕྱིར་འཚོལ་བའི་ཉེས་པ་མེད། རྒྱུ་དང་འབྲས་བུ་ཉིད་སོགས་བཞིན། །ཞེས་བྱ་བ་ནི་བལྟོས་ས་ཐ་དད་ས་མ་འཚོལ་བ ་བཞིན་ནོ། །དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་མཇུག?་སྡུས་པར་བྱེད་དོ། །གཞན་ལ་ནི་འདོད་པ་ལྡོག་ཕྱིར་ཞེས་བྱ་བ་ནི་གཞན་ཡང་ཡིན་ལ་འདོད་པ་ཡང་ཡིན་ནོ། །ཞེས་ཚིག་རྣམ་པར་སྦྱར་བའམ། །གཞན་ཡང་དེ་མི་བསླུ་བ་གཞན་ལ་འདོད་པ་ནི་གཞན་པ་འདོད་པ་སྟེ། ་དེ་ཟློག་པ་ཞེས་བསྡུའོ། །གཞན་ཡང་ཚད་མི་བསླུ་བ་མེད་ཅན་གྱིས་ཤེས་པ་ཤེས་བྱ་བ་འདིས་དོན་བྱེད་པ་ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་འབྲས་བུའི་རྒྱུའི་ཤེས་པའི་མཚན་ཉིད་བརྗོད་པ་ཡིན་ཏེ། དེ་ལྟ་ཡིན་དང་འབྲས་བུའི་ཤེས་པའི་མཚན་ཉིད་མི་འཇུག ་པའི་ཕྱིར་རོ། །དེ་ཇི་ལྟར་ཚང་མ་ཉིད་དུ་ངེས་ཞེས་བྱ་བའི་རྩོད་ལ་འདི་གོ་སྐབས་ཇི་ལྟར་ཡོད། །འདི་ལྟར་མྱུ་གུའི་རྒྱུ་ས་བོན་ནོ་ཞེས་བྱ་བའི་དེའི་མཚན་ཉིད་ཡིན་པ་ན། ཇི་ལྟར་མྱུ་གུའི་ས་བོན་ཉིད་ཡིན་ཞེས་ཇི་ལྟར་མཁས་པ་རྣམས་པ་འཐད་པ་འབྱུང་བར་འགྱུར ་ཇི་ལྟར་ས་བོན་དེ་ཡོད་པ་ན་རྒྱུ་གུ་མཐོང་བའི་ཕྱིར་རྟོགས་པར་འགྱུར་བ་དེ་བཞིན་དུ་ཚད་མ་?་ཡོད་ན་དོན་བྱ་བའི་མཚན་ཉིད་ཀྱིས་མཐོང་བའི་ཕྱིར། ཤེས་པའི་བདག་ཉིད་ཀྱིས་འབྲས་བུ་རང་ཉིད་ལས་རང་རིགས་པས་གྲུབ་པའི་ཕྱིར་གང་ལས་ཐུག ་པ་མེད་པར་ཐལ་བར་འགྱུར་བ་འབྲས་བུ་དེ་ཚད་མ་གཞན་གྱི་རྟོགས་པ་མ་ཡིན་ལ། ཤེས་པའི་རང་གི་ངོ་བོ་ལས་འཁྲུལ་པ་སྲིད་པ་ཡང་མ་ཡིན་པར་དེ་མ་ངེས་ན་རང་རིག་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་འདི་ནི་གྱི་ནའོ། །ལ་ནི་རྒྱུ་རྣམ་པར་དག ་པའི་སྒོ་ནས་ཚད་མ་ཉིད་དུ་ངེས་ན་ཐུག་པ་མེད་པའི་སྐྱོན། །རྣམ་པར་ཤེས་པ་སྐྱེས་པ་ན། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཕྱོགས་སྔ་མ་ཉེ་བར་བཀོད་ནས། འདིར་བློ་བཟང་ཞེས་བྱ་བས་ལན་འདེབས་པར ་བྱེད་པ་ཡིན་ནོ། །ཤེས་པ་ནི་རྣམ་པ་གཉིས་ཏེ། ཉེ་བའི་ཡུལ་ཅན་དང་བསྐལ་པའི་ཡུལ་ཅན་ནོ། །དེ་ལ་རེ་ཞིག་ཉེ་བའི་ཡུལ་ཅན་གང་ཡིན་པ་དེ་ནི་རྒྱུའི་ཡུལ་ཅན་ངེས་པར་བཟུང་བ་ལས་ཚད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་བྱེད་པ་ལ་མི་བསླུ་བའི་ཤེས་པ ་ལས་ཏེ། འདི་ལྟར་དེ་ལ་ཇི་སྲིད་དོན་བྱེད་པ་ལ་མི་བསླུ་བ་ལས་ཡང་དག་པ་ཉིད་དུ་མ་ངེས་པ་དེ་སྲིད་རྒྱུའི་ཡོན་ཏན་ངེས་པར་འཛིན་པ་སྲིད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཡང་དག་པ་ཉིད་དུ་ངེས་པ་ནི་དུས་ཕྱིར་འབྱུང་བའི་རྒྱུའི་ཡོན་ཏན་ངེས་པར་འཛིན་བཅུང ་ཟད་ཀྱང་མི་བྱེད་པ་ཉིད་དོ། །གང་ཡང་བསྐལ་བའི་དོན་གྱིས་ཤེས་པ་ནི་དེའི་རྒྱུའི་ཡོན་ཏན་ངེས་པ་ལས་ཚད་མ་ཉིད་དུ་ངེས་པའི་ཡོན་ཏན་ཞེས་བསྟན་པའི་ཕྱིར། བསྐལ་པའི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐལ་བའི་ཡུལ་ཅན་གསེར་གྱི་དུང ་འཛིན་པའི་ཤེས་པ་རྣམ་པར་དག་པའི་རྒྱུས་བསྐྱེད་པ་གང་ཡིན་པ་དེ་ནི་དེ་ཡིས་སྐྱེད་པ་ཉིད་ཀྱི་ཕྱིར་ཏེ། རྣམ་པར་དག་པའི་རྒྱུས་སྐྱེད་པའི་ཕྱིར་ཉེ་བའི་ཡུལ་ཅན་གྱི་དཀར་པོར་འཛིན་པའི་ཤེས་པ་བཞིན་དུ་ཚད་མ་ཉིད་དུ་ངེས་པ་ཡིན་པ་ཡིན་ནོ། །སྦྱོར་བ ་ནི་གང་ཞིག་རྒྱུ་རྣམ་པར་དག་པས་བསྐྱེད་པ་དེ་ནི་ཚད་མ་ཡིན་ཏེ། དཔེར་ན་ཉེ་བའི་དོན་གྱི་དུང་དཀར་པོར་འཛིན་པའི་ཤེས་པ་བཞིན་ནོ། །ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་གྱི་སེར་པོའི་རྣམ་པ་ཅན་གྱི་དུར་ལ་སོགས་པའི་ཤེས་པ་འདི་ཡང་རྣམ ་པར་དག་པའི་རྒྱུས་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འོན་ཏེ་གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ནམ་མོ། །དོན་ལ་མི་བསླུ་བ་མེད་པར་རྒྱུ་དག་པར་ངེས་པར་གཟུང་བར་མི་ནུས་ཏེ། དབང་པོ་རྣམས་ནི་དབང་པོ་ལས་འདས ་པ་ཡིན་པའི་ཕྱིར་རོ། །དོན་ལ་མི་བསླུ་བ་ལ་བལྟོས་ན་ཡང་དེ་ཉིད་ལས་ཚད་མ་ཉིད་དུ་ངེས་པའི་ཕྱིར་རྒྱུའི་ཡོན་ཏན་ངེས་པར་བཟུང་བ་དོན་མེད་པ་ཁོ་ནར་འགྱུར་ཏེ་།དེ་ནི་ཚད་མ་ཉིད་དུ་ངེས་པ་ལ་དུས་ཕྱིས་ངེས་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་གཅིག་གི་ཚེ་ཉེ་བར ་ཡུལ་ཅན་གྱི་རྣམ་པར་ཤེས་པ་དོན་བྱེད་པ་ལ་མི་བསླུ་བ་ཡོན་ཏན་དང་ལྡན་པ་ཉིད་དུ་ངེས་ནས་རྣམ་པ་གཞན་དུ་བསྐལ་བ་དང་ལྡན་པའི་ཡུལ་ཅན་གྱིས་ཤེས་པ་ལ་ཡང་མི་བསླུ་བ་མེད་པར་དུས་གཞན་དུ་ཡོན་ཏན་དང་ལྡན་པ་ཉིད་དུ་ངེས་པའི་ཕྱིར་རོ་སྙམ་ན། དེ་ནི ་ཡང་དག་པ་མ་ཡིན་ཏོ། སྐད་ཅིག་གིས་འཇིག་པའི་དངོས་པོ་རྣམས་ནི་ངོ་བོ་གཅིག་ཉིད་ཀྱིས་འཇུག་པ་སྲིད་པ་མ་ཡིན་ཏེ། རྐྱེན་གཞན་དང་གཞན་ཉེ་བར་སྦྱར་བས་སྐད་ཅིག་རེ་རེ་ནུས་པ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་ཐམས་ཅད་དོགས་པ་བར་བྱས་ནས། ཇི་ལྟར ་མདུན་ན་ཞེས་བྱ་བ་སྨོས་ཏེ། འདིས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། གང་གིས་གཏན་ཚིགས་མ་གྲུབ་པར་འགྱུར་བ་སྐད་ཅིག་རེ་རེ་ལ་རྐྱེན་གཞན་དང་གཞན་ཉེ་བར་སྦྱོར་བས་ནུས་པ་ཐ་དད་པ་སྲིད་པའི་ཕྱིར་ཁོ་བོ་ཅག་གིས་དུས་གཞན་དུ་འབྱུང་བའི་བསྐལ ་པའི་ཡུལ་ཅན་གྱི་ཤེས་པའི་རྒྱུ་ཡོངས་སུ་དག་པས་ཚད་མ་ཉིད་དུ་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཁོ་ནའི་ཚེ་ཉེ་པའི་ཡུལ་ཅན་གྱི་ཤེས་པ་དུང་དཀར་པོས་འཛིན་པ་དཀར་པོས་བསྒྲུབ་པར་བྱ་བའི་དོན་ཐོབ་པས་རྒྱུ་དག་ངེས་པ་དེ་ཁོ་ནའི་ཚ་བསྐལ་བའི ་ཡུལ་ན་གནས་པའི་གསེར་གྱི་རང་བཞིན་གྱི་དུང་ལ་སེར་པོའི་རྣམ་པ་ཅན་གྱི་བློ་གང་ཡིན་པ་སྐྱེ་བ་དེ་ནི་ཡོངས་སུ་དག་པ་ལས་ཚད་མ་ཉིད་དུ་ངེས་པར་བྱེད་པ་ཡིན་གྱི། ཉེ་བའི་དོན་ཅན་གྱི་ཡུལ་ཅན་གྱི་ཤེས་པ་དོན་བྱེད་པ་ལ་བསུ་བར་འགྱུར་དུ་འདེབས ་དེའི་གནས་སྐབས་ཉིད་ན་རྒྱུ་རྣམ་པ་གཞན་ཉིད་དུ་སྲིད་པ་ནི་མ་ཡིན་ནོ། །འདི་ཡང་ཁྱེད་ཅག་དཔྱོད་པ་པ་རྣམས་ཀྱི་འདོད་པ་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཕྱི་བསྟན་པའི་ཕྱི་བཤད་པ་བྱེད་པས། བཀྲེས་སོགས་ཀྱིས་ཞེས་བྱ་བ་སྨོས་ཏེ། འདིས་ནི་དམ་བཅའ་བ་ལ་རང་གི་ ་ཚིག་དང་འགལ་བ་ཡང་བསྟན་པ་ཡིན་ཏེ། འདི་ལྟར། བཤད་པ་བྱེད་བས་གང་གི་བཀྲེས་པ་ལ་སོགས་པས་ཡི་དམ་དབང་པོའམ་ཕྲད་པ་ལ་སོགས་པས་ཕྱི་རོལ་གྱི་དོན་རྣམས་ཡིན་ཏེ། དེ་ལས་ལོག་པའི་ཤེས་པ་ཡིན་ལ་མ་ཉམས ་པ་དག་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །དབང་པོ་དང་ཡིད་དང་དོན་ཉེ་བ་ནི་ཤེས་པའི་རྒྱུ་ཡིན་ཏེ། དེ་མེད་ན་ཤེས་པ་མེད་པའི་ཕྱིར་རོ། །དེ་ལ་ཡོད་པའི་སྐྱོན་ལོག་པའི་ཤེས་པ་རྒྱུ་ཡིན་ལ་སྐྱོན་དང་བཅས་པ་ལ་ཤེས་པ་ལོག་པར་འགྱུར་པ་ཡིན་ཏེ། སྐྱོན་དང ་བྲལ་བ་ན་ཡང་དག་པའི་རྟོགས་པ་སྐྱེ་བའི་ཕྱིར་རོ། །འདི་ལྟར་སྐྱོན་དང་བཅས་པ་དང་སྐྱོན་མེད་པར་རྟོགས་ཤེ་ན། འབད་པས་བརྩམས་པ་ན་ཡང་ཚད་མ་མེད་པའི་ཕྱིར་གལ་ཏེ་སྐྱོན་མ་རྟོགས་ན་ཁོ་བོ་ཅག་སྐྱོན་མེད་དོ་སྙམ་དུ་སེམས་ཞེས་བྱ་བ་རྒྱས་པར ་སྨྲ་བ་སྟེ། གཞུང་འདིས་བཤད་པ་བྱེད་པས་རྒྱུ་ཡོངས་སུ་དག་བའི་ཤེས་པ་ལས་ཚད་མ་ཉིད་དུ་ངེས་པ་གསལ་རབ་ཏུ་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འབད་པས་བཙལ་བ་ཞེས་བྱ་བ་འདིས་ཅི་ཞིག་བསྟན་པར་འགྱུར་དེ་ལྟ་ཡིན་དང་རང་ལས་ཚད་མ་ཉིད་དུ་དམ ་བཅས་པ་དང་འགལ་བ་ཡིན་ནོ། །མི་བསླུ་བའི་ཡོན་ཏན་ཤེས་པ་དག་གང་གིས་ཁྱད་པར་ཅན་དུ་བརྗོད་ཅེས་གང་སྨྲས་པ་དེ་ལ་མི་བསླུ་བ་ལ་སྔར་བཤད་ཟིན་ཏོ། །ཡོན་ཏན་གྱི་ཤེས་པ་ལ་སྐྱོན་ཅན་དུ་རྒྱུ་ཡོས་བསྐྱེད་པ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་དང་པོ་ཞེས་བྱ་བ་ནི་དོན་གྱི་ཤེས་པ་སྟེ། དེའི་རྒྱུ་དག་པའི་ཤེས་པ་ལས་ཐོག་མར་བྱུང་བའི་ཕྱིར་རོ། །དང་པོའི་དོན་ཚད་མ་ཉིད་དུ་ཞེས་བྱ་བ་ནི་ཚད་མ་ཉིད་དུ་ངེས་པའོ། །ངེས་ཞེས་བྱ་ཨ་ནི་དེའི་ཕྱིར་གྱི་དོན་ཏོ། །དེ་ལྟར་དོན་བྱེད་ཅེས་པ་ལས་ཞེས་བྱ་བ་ལ་སོགས་པས་འཇུག ་བ་སུན་བྱུང་བ་ཉིད་མ་ཡིན་པར་སྟོན་ཏེ། དོན་བྱེད་མ་བྱས་ཡུལ་ཅན་ཞེས་བྱ་བ་ཅི་གང་གིས་དོན་བྱེད་པ་མ་བྱས་བ་དེ་ལ་དེ་སྐད་ཅེས་བྱའོ། བརྗོད་བྱ་མིན་ཞེས་བྱ་བ་ནི་བརྗོད་པར་མི་བྱ་བ་ཉིད་དེ་སྨད་པར་མི་བྱ་བ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཚད་མ་ཉིད་དུ་ངེས་པ་སྔོན་དུ ་འགྲོ་བ་ཅན་ཡིན་ནོ་སྙམ་དུ་སེམས་པའོ། །དེ་ཕྱིར་ཀུན་ལ་སྤྱིར་བཏང་པས་རང་ལས་ཚད་མ་ཉིད་དུ་གནས། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཚིགས་སུ་བཅད་པ་དང་པོས་གཞན་གྱི་ཕྱོགས་རྗེས་སུ་བརྗོད་དེ་གཉི་པ་ལ་སོགས ་པས་སུན་འབྱིན་པ་ཡིན་ཏེ། གལ་ཏེ་ཁྱོད་ཀྱིས་གནོད་པར་བྱེད་བ་ལ་སོགས་པའི་ཤེས་པ་ཚད་མ་མ་ཡིན་ལ། ཉིད་དུ་བརྗོད་ན་དེ་ལྟ་ན་ནི་གནོད་པར་བྱེད་པ་ལ་སོགས་པའི་ཤེས་པ་མེད་པའི་ཕྱིར་ཚད་མ་ཉིད་དུ་ངེས་པར་ཁས་བླངས་པར་འགྱུར་རོ། །དེ་ལྟ་ཡིན་དང་ཚད་མ་ཉིད ་གཞན་ཁོ་ན་ལས་ཡིན་པར་བསྟན་པར་འགྱུར་ཏེ། དངོས་པོ་མེད་པ་ཡང་ཚད་མ་གཞན་ཉིད་དུ་འདོད་པའི་ཕྱིར་རོ། །ཁོ་བོ་ཅག་གི་ཕྱོགས་ལ་ནི་མི་བསྲེགས་པའི་མིང་ཅན་རྗེས་སུ་དཔག་པའི་ཁོངས་སུ་གཏགས་པའི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །གཞན་ཡང་སྤྱིར་བཏང་བ ་དང་དམིགས་ཀྱིས་བསལ་བདག་གིས་ཡུལ་ནི་བརྟགས་པའི་སྒྲའི་དོན་ཡིན་པ་ཉིད་ཀྱི་རྣམ་པར་མི་གནས་པའི་ཕྱིར་དངོས་པོ་བསམ་པ་ལ་དབང་དུ་བྱས་པ་མ་ཡིན་པ་ཉིད་ལ་དངོས་པོ་གང་གི་དེ་རང་གི་ངོ་བོ་ལ་གནས་པ་ཉིད་ཀྱིས་རང་བཞིན་གཞན་ལ ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དེ་ཉེ་བར་བཀོད་པ་ནི་ཁྱེད་ཅག་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་ཡུལ་མངོན་པར་མི་ཤེས་པ་ཁོ་ན་གསལ་བར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །འདི་ལྟར་ཁྱེད་ཉིད་ཀྱི་བརྗོད་པའི་འཐད་པས་ཕྲིན་ཅི་ཡིན་པའི་ཡང་སྙིང? ་བཏང་བ་དང་དམིགས་ཀྱིས་གསལ་བ་བརྟག་པར་ནུས་སོ་ཞེས་སྟོན་པ་ནི། རིགས་པ་འདི་ཉིད་ཁོ་ན་ཡི། ཞེས་བྱ་བ་ལ་སོགས་པ་སྟེ། གང་ཡང་ཀུན་ན?་རང་ལས། དེ་ལྟར་རྟགས་པས?་བདག་ཉིད་ལས། བློ་ནི་ཚད་མ་མིན་ཉིད་ཐོབ། །དོན་བཞན་ཉིད་དང་རྒྱ་བྱུང་བའི། །སྐོད? ་གྱིས་ཤེས་པས་གསལ་བ་ཡིན། །ཞེས་སྨོས་ཏེ། ཕྱོགས་འདིས་ཚད་མ་མ་ཡིན་པ་རང་ལས་ཡིན་པར་བརྗོད་པར་ནུས་སོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་རྟོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ནི་ཚད་ཉིད་མིན་ཐོབ་འགྱུར། ཞེས་བྱ་བ་ལ་ཡིན་ཞིང? ་དགག་པའི་ཚིག་གདོན་པར་བྱའོ། །ཇི་བཞིན་དོན་ཤེས་ཏེ་དོན་ལ་མི་བསླུ་བའི་ཤེས་པ་དང་རྒྱུ་ལས་བྱུང་བའི་ཡོན་ཏན་གྱི་ཤེས་པ་སྟེ་རྒྱུད་ཀུན་ནས་བླངས་པའི་ཡོན་ཏན་ཤེས་པ་ཞེས་གཅིག་ཏུ་བསྡུས་པའི་ཟླས་དབྱེ་བའོ། །འདི་ནི ་གཞན་ལ་རག་ལས་ཀྱང། ཞེས་བྱ་བ་ལ་སོགས་པ་ལ། ཚད་མིན་གཞན་ལ་རག་ལས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་ཚད་མ་མ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཚད་མའོ། །ཇི་ལྟར་མིན་གནས་ཤེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་རེ་ཞིག་དོན་གཞན་ངེས་འཛིན་པ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ཕྱིར་གནོད་ཕྱིར་ཤེས་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་ཞེས་བྱ་བའི་ཚད་ལ་བལྟོས་པར་བྱ་བ་ཡིན་པའི་ཕྱིར་འདིའི་བལྟོས་པ་མེད་པ་ཉིད་ཀྱི་ཚད་མ་མ ་གྲུབ་པའོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པས་ཐུག་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། གལ་ཏེ་ཐུག་པ་མེད་པས་འཇིགས་ནས་ལ་ལང་གནོད་པ་མེད་པ་ཉིད་ཡང་ཚད་མ་ཉིད་དུ་འདོད་པ་དེ་བཞིན་དུ་ཤེས་པ་དང་པོ་ཡང་གནོད་པར་བྱེད་པ་ལ་མི་བལྟོས ་པར་འགྱུར་ལ། དེ་ལྟ་ཡིན་དར་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་འགྱུར་རོ། །དེ་ལ་ཡང་སྔ་མ་དང་ལྷན་ཅིག་དོགས་པ་སྐྱེ་བའི་གནོད་པ་ནི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གལ་ཏེ་གནོད་བྱེད་ཤེས་པ་འདི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ ་གནོད་པར་བྱེད་བའི་ཤེས་པ་ལ་བལྟོས་པ་མེད་པར་ཚད་མའི་ངོ་བོ་ཡིན་ན། གང་གིས་དེ་ལ་ཡང་སྔ་མ་སྔ་མ་དང་ལྷན་ཅིག་རྟོགས་པ་སྐྱེ་བའི་གནོད་པ་ནི་ལ་ལར་བལྟོས་བར་ཡང་འགྱུར་ཏེ། ཞེས་བརྗོད་པ་དེ་དེ་ལ་གནོད་པའི་བདག་ཉིད་ཡིད་དེ་ལྟ་ཡིན་དང ་འདི་ལ་གནོད་བྱེད་བལྟོས་མེད་པའི། །ཚད་མ་ཉིད་ནི་དགོས་པ་ཡིན། །ཞེས་བྱ་བ་འདི་ཕན་ཚུན་འགལ་བ་བརྗོད་པ་ཡིན་ནོ། །འདི་ལ་བལྟོས་པ་མེད་ཅེས་བྱ་བ་འདིས་ནི་ངེས་པས་ཡུལ་དུ་བྱས་པ་བརྗོད་པ་ཡིན་ལ། གང་ལ་ངེས་པ་ཡོད་པ་དེར་ནི ་དོགས་པ་མི་སྲིད་དོ། །ངོས་པ་སྒྲོ་འདོགས་པའི་ཡིད་ནི་གནོད་བྱེད་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་དོགས་པ་ཡང་ཆ་གཉིས་ག་ལ་དམིགས་པ་ཉིད་ཀྱིས་སྒྲོ་བཏགས་པའི་རྣམ་པར་འཇུག་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་རྗེས་མཐུན་འབད་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ ་རང་ལས་ཚང་མའི་ཕྱོགས་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གལ་ཏེ་རང་ཉིད་ལས་ཚད་མ་ཉིད་དུ་ངེས་པས་ཚད་མ་ཉིད་ལ་ཁྱབ་པའི་ཕྱིར་ཤུགས་ཀྱིས་དུ་ཡང་མ་ངེས་པ་དེར་ཚད་མ་མ་ཡིན་པ་ཉི་དུ་གནས་པའི་ཕྱིར་གནོད་པ་ཡོད་པ་འབད་པ་མེད་པར་ཡང ་ངེས་པའི་ཕྱིར་ཡོད་པར་གྲུབ་པར་བྱ་བའི་འབད་པ་དོན་མེད་དོ། །དེ་ལྟ་ཡིན་དང་རྟོག་པ་དང་ལྡན་པ་ཤེས་པ་གཅིག་ལ་ཡང་བལྟོས་པའི་གོ་སྐབས་ན་གསུམ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་དེ་ལྟར་རྟོགས་པ་དང་ལྡན་པ། ཤེས་པ་གསུམ་པོ་སྤོང་མི་བྱེད། ཅེས་བྱ་བ་འདི ་ཡང་མ་འབྲེལ་པ་བརྗོད་པ་ཡིན་ཞེས་སྟོན་པ་ནི་དེའི་ཕྱིར་འདི་ལ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་མི་དམིགས་པ་ཙམ་གྱིས་གནོད་པར་བྱེད་པར་ངེས་པར་མི་ནུས་ཏེ། རིང་བ་དང་ཕྲ་བ་དང་ཆོད་པ་འགའ་ཞིག་ཡོད་ན་ཡང་མི་དམིགས་པའི་ཕྱིར་གནོད ་པར་བྱེད་པ་མེད་པས་མི་དམིགས་པ་ལ་མ་ཁྱབ་པའི་ཕྱིར་རོ། །དེས་ན་གནོད་པ་མེད་པར་བྱ་བའི་ཕྱིར་འབད་པ་བྱེད་པ་ཡིན་ནོ། །སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་རྟོགས་པ་དང་ལྡན་པའི་ཤེས་པ་གསུམ་གྱིས་ངེས་པ་དོར་བྱ་བ་ཡིན་ནོ། །ཤེས་པ་དད་པོ་བཞིན་དུ་གཞན ་ལ་ཡང་གནོད་པ་དོགས་པར་མ་གྱུར་པའི་ཕྱིར་རོ། །གང་གི་གསུམ་དུ་ངེས་པར་འགྱུར་བ་ཇི་སྲིད་དུ་འབྲས་བུའི་ཤེས་པ་མ་སྐྱེས་པ་དེ་སྲིད་དུ་གནོད་པའི་དོགས་པ་གང་གིས་ཟློག་པར་བྱེད། མངོན་པར་ཞེན་པ་ཅི་མ་གྱིས་ཚད་མ་མེད་པར་རྟོགས་པ་དང་ལྡན ་པ་དོགས་པ་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་གང་གིས་ཤེས་པ་ཅུང་ཟད་ཅིག་སྨྲ་བར་བྱ་བ་དངོས་གནས་པས་ཚད་མ་སེམས་པ་ཚིག་དོར་གྱི་ཐ་སྙད་ཀྱི་སྐབས་ནི་མ་ཡིན་ནོ། །ཡང་གལ་ཏེ་ཤེས་པ་གསུམ་ཚུན་ཚད་ཙམ་གྱིས་ཚད་མ་ཉི་དུ་གནས་པར ་འགྱུར་ན། ཀྱེ་པའོ་ན་གང་དག་གི་མིག་ཇི་སྲིད་འཚོའི་བར་དུ་མིག་སེར་གྱིས་ཉམས་པའི་ཤེས་པ་དེས་སེར་པོའི་རྣམ་པ་ཁོ་ནར་སྐྱེ་བ་དེ་དག་གི་ཤེས་པ་དེ་ཚད་མར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ཚད་མ་མ་ཡིན་ན་རྟོག་པ་དང་ལྡན་བའི་ཤེས ་པ་གསུམ་གྱིས་ཕྱིས་ཅིའི་ཕྱིར་གནོད་པར་བྱེད་པ་སྐྱེ་བར་འགྱུར་མ་སྐྱེས་པའི་ཕྱིར་མེད་དོ་ཞེས་བྱ་བར་ངེས་པ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་དོགས་པ་ལ་དག་པའི་རྒྱུ་ནི་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་པའི་རྒྱུ་ནི་ཤིང་དྲུང་ནའི་མེ་ཏོག་གི་ཁུ་བས ་བསྐུས་པས་དེ་དེ་མེད་པའི་ཕྱིར་གནོད་པ་སྐྱེ་བ་མ་ཡིན་ནོ། །ཡང་ན་རྒྱུ་མཚན་གཞན་གྱིས་ནི། །ཞེས་བྱ་བ་ནི་ཇི་ལྟར་མྱ་ངམ་གྱི་སྨིག་རྒྱུའི་ཚོགས་ལ་ཚུར་འཁྲུལ་པ་སྐྱེས་བུ་དྲུང་དུ་མ་ཕྱིན་པའི་ཆུའི་རང་བཞིན་གྱིས་དབེན་པའི་མྱ་ངམ་གྱི་སྟང་སྣང་བའི ་ཤེས་པ་མི་སྐྱེས་པ་ལྟ་བུའོ། །གང་ཞིག་རྨོངས་པས་རྟོགས་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། དེས་ན་དོགས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཇི་ལྟར་རྒྱུ་ཡོངས་སུ་དག་པ་དང་མི་བསླུ་བའི་ཤེས་པ་གཉིས་ཀྱི་དོགས་པ་དེ་ནི་བསྟན་ཟིན་ཏོ།། ་དེ་སྐད་དུ་ཡང་ནོར་ལྷའི་བུས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་ནི་བདག་ཉིད་གུས་པས་སྨྲ་བ་བདག་གིར་བྱེད་བ་གསལ་བར་བྱེད་པ་འབའ་ཞིག་ཏུ་ཟད་ཀྱི་དངོས་པོ་གནས་པ་ནི་མ་ཡིན་ནོ། །རིགས་པ་དང་ནི་མི་ལྡན་བའི་ཚིག་ཙམ་ལས་བསམ ་བ་ལས་མ་འདས་པའི་རྟོག་པ་དང་ལྡན་པའི་གཞན་དེའི་རང་བཞིན་ངེས་པ་སྐྱེ་བ་མ་ཡིན་ཏེ། འདི་ལྟར་ནོར་ལྷའི་བུའི་ཚིག་བསམ་པ་གཞན་གྱིས་གནས་པའི་ཕྱིར་འགལ་བ་མེད་དོ་ཞེས་བསྟན་པའི་ཕྱི་གུ?་འདིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་འདིར་ཡང་སྟེ་རྟག་པ་དང་མི་བསླུ་བ་མཐོང་བ་དག་ལའོ། །ཁྱོད་ལྟ་བུ་དེ་བཞིན་མི་བསླུ་བས་ཀྱང་ནི་སླར་ཡང་མི་བསླུ་བ་ལ་བལྟོས་ཞེས་བྱ་བ་དེ་ལྟ་བུར་དོགས་པར་བྱེད་པ་གང་ཡིན་པ་དེ་ལ། མ་སྐྱེས་པ་ཡིས་ཏེ་ཁྱབ་འབྲུག་གིས་ཐེ་ཚོམ་གྱི་བདག་ཉིད? ་སྨད་པ་ཡིན་ནོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །དེས་ན་གང་དུ་ལ་ལར་ནི། །གནོད་པ་ཇི་སྙེད་ཇི་སྲིད་པ། །ཞེས་བྱ་བ་ལ་སོགས་པ་ལ། ཡུལ་དུས་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རང་གི་ཚིག་དང་འགལ་བར་སྟོན་པ་ཡིན་ཏེ་འདི་ལྟར་ཡུལ་དང་དུས ་དང་སྐྱེས་བུ་དང་གནས་སྐབས་ལ་བལྟོས་ནས་ཚད་མ་ཉིད་དུ་རྟོག་པར་བྱེད་ན། གཞན་ཁོ་ན་ལས་ཤེས་གསལ་རབ་ཏུ་བསྟན་པ་ཡིན་ནོ། །གང་གི་ཕྱིར་ཡུལ་དང་དུས་ལ་སོགས་པ་ལ་ཚད་མ་གཞན་ལས་གནོད་པ་མེད་པར་ངེས་ཏེ་འདི་ལྟར་རང་ལས་ཆད་མ ་ཉིད་དུ་ཁོས་ལེན་པ་ན་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་གདོན་མི་ཟ་བར་ཁྱོད་ཀྱིས་གང་དུ་གནོད་པ་དེ་ཉིད་རང་ལས་ཆད་མ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་ལ་གནོད་པ་མེད་པ་དེ་ཡང་འཁྲུལ་པའི་ཕྱིར་མི ་དམིགས་བ་ཙམ་གྱིས་ངེས་པར་མི་ནུས་པས་ཤུགས་ཀྱིས་མཚན་ཉིད་དུ་གྱུར་པ་མི་དམིགས་པས་ངེས་ཏེ་དེ་ཉིད་ལ་གནོད་པ་མེད་པས་ཁྱབ་པའི་ཕྱིར་རོ། །མི་དམིགས་པའི་མཚན་ཉིད་དུ་གྱུར་བ་མི་དམིགས་པ་དེ་ཡང་བསླུ་བའི་ཤེས་པ་ལས་གཞན་དུ་མི ་དམིགས་བའི་ཚད་མ་གཞན་ཁོ་ན་ལས་ཚད་མ་ཉིད་དུ་ངེས་པར་ཁས་བླངས་པར་འགྱུར། །དུ་ལོན་ལ་སོགས་ཐ་སྙད་ལའང། ཞེས་བྱ་བ་ལ་སོགས་པ་ལ། བུ་ལོན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་རྣམ་པར་བཞག་པ་དངོས་པོའི་རང ་བཞིན་དང་འབྲེལ་བའི་གནས་སྐབས་ཡིན་པ་ན་འདོད་པ་ཙམ་གྱིས་སྦྱར་བའི་བརྡ་དང་འབྲེལ་པའི་ཚིག་དར་གྱི་བདག་ཉིད་ཀྱི་བུ་ལོན་ལ་སོགས་པའི་ཐ་སྙད་དཔེར་བརྗོད་པ་གང་ཡིན་པ་དེ་ནི་ཁྱེད་ཅག་སྐབས་མངོན་པར་མི་ཤེས་པ་ཉིད་གསལ་བར ་བྱ་བ་འབའ་ཞིག་ཏུ་ཟོད། །དེ་ཉིད་ཕྱིར་ན་ལྷ་རྣམས་ལའང། །བདེན་པ་གསུམ་དུ་བརྗོད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྣམས་ཀྱི་ནི་བདེན་གསུམ་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོས་ཞེས་བྱ་བ་ནི་ཐོག་མའི་ཚིག་ལས ་ཏེ། ངེས་པ་མེད་ན་གཞན་ལ་ཏེ། དུས་ཕྱིས་འབྱུང་བའི་ཚིག་གཉིས་ལས་འདི་ངེས་པར་མི་འགྱུར་ཏེ་ཁྱད་པར་མེད་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། གང་གིས་ཕྱི་མའི་ཞེས་བྱ་བ་ལ་སོགས་པ་སྟེ་ཕྱི་མ་ཡིན་ཞེས་བྱ་བ ་ནི་དུས་ཕྱིས་འབྱུང་བའོ། །ཡིད་མི་ཆེས་ཞེས་བྱ་བ་ནི་མ་ངེས་ནའོ་གཞན་གཉིས་དེ་ལས་ཞེས་བྱ་བ་ནི་དེ་ལས་གཞན་དུས་ཕྱིས་འབྱུང་བ་གཉིས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་ཞིག་ཚིག་གཅིག་དག?་གཉིས་ལས་ལོག་པ་ཉིད་སྒྲ་ལ་ནི་གསུམ་པ་ཡང་དེ?་ཕྱིར་ནི་སྨྲ་སྟེ་གང ་གིས་གསུམ་པ་ལ་འདི་དེ་ཆོས་པ་སྐྱེ་བར་འགྱུར་བ་དེའི་ཚེ་དེ་ལ་སུ་ཞིག་གོགས་བྱེད་དེས་ན་རང་ལས་ཚད་མ་མ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ཕྱིར་སྔར་བཤད་རིགས་པ་ཡིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པ་ཡི་རིགས་པ་ནི། །འདི་ལྟར ་གནོད་པ་མེད་པའི་ཕྱིར། །ཁྱེད་ཀྱིས་ཚད་མ་ཉིད་དུ་བརྗོད། །གནོད་བྱེད་ལ་ཡང་དངོས་མེད་བ། །ཞེས་བྱ་བའི་ཚད་མ་གཞན་འདོད་ཀྱིས། ཞེས་བྱ་བ་ལ་སོགས་པས་བསྟན་པའོ། །རྟག་པ་འམ་ཡིད་ཆེས་པས་བྱས་པས། ཞེས་བྱ་བ་ལ་སོགས་པ ་ལ། ཁོ་བོ་ཅག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཏེ་ཐོས་པ་བརྟག་པའམ་ཚིག་བརྟག་པར་རྒྱས་པར་བཀག་ཟིན་པའི་ཕྱིར་རོ། །དེ་མ་གྲུབ་པས་གང་ལས་ཚད་མ་ཉི་དུ་སེམས་པ་འཇུག་པར་འགྱུར། ཡིད་ཆེས་པ་ནི་རང་ཉིད་ཁས་མི ་ལེན་པས་དེས་བྱས་པའི་དག་ཀྱང་མ་གྲུབ་པ་ཉིད་ཡིན་ཏེ་འདི་ལྟར་ལོག་པའི་རྒྱུ་འདོད་ཆགས་ལ་སོགས་པའི་སྐྱོན་མ་ལུས་པ་སྤངས་པ་གང་ཡིན་པ་དེ་ཉིད་ཡིད་ཆེས་པར་རིགས་ཀྱི་གཞན་དུ་ན་ལོག་པའི་རྒྱུ་འདོད་ཆགས་ལ་སོགས་པའི་སྐྱོན ་དག་དང་ལྡན་པའི་སེམས་ཅན་ཇི་ལྟར་ཡིད་ཆེས་པ་ཉིད་གྲུབ་པར་འགྱུར། གང་གིས་ཁྱེད་ཅག་གི་ལྟར་ན་ཡིད་ཆེས་པའི་ཚིག་ཚད་མར་འགྱུར་བ་ཁྱེད་ཅག་གི་ཉོན་མོངས་པའི་དྲ་བ་མ་ལུས་པ་སྤངས་པའི་སྐྱེས་བུ་འགའ་ཞིག་ཁས་ལེན་པ ་ནི་མ་ཡིན་ནོ། །གཞན་ཡང་ཡིད་ཆེས་པ་ཡོད་དུ་ཆུག་མོད། དེ་ལྟ་ན་ཡང་དེའི་ཚིག་མ་གྲུབ་པ་ཁོ་ནའོ་ཞེས་སྟོན་པ་ནི་ཡིད་ཆེས་གྱུར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ཆེས་པ་ངེས་པར་མ་བཟུང་བར་ཚིག་འདིའི་ཡིན་ནོ་ཞེས་བྱ་བ་ལྟ་བུར་ངེས་པར་བཟུང་བར་མི ་ནུས་ལ་ཡིད་ཆེས་པས་ངེས་པར་བཟུང་བ་ཡང་སྲིད་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་སྐྱོན་མ་ལུས་པ་ཟད་པ་དང། དབང་པོ་ལས་འདས་པའི་དོན་མཐོང་བ་གང་ཡིན་པ་དེ་གལ་ཏེ་ཡིད་ཆེས་པར་ངེས་པར་འཛིན་པར་བྱེད་པ་དེ་ལྟ་ན་ཡང་དེའི་ཚིག་ནི་ཅུང་ཟད་ཀྱང་མི ་བྱེད་བ་ཁོ་ན་སྟེ་རང་ཉིད་དོན་ཐམས་ཅད་མངོན་སུམ་དུ་མཐོང་བ་ཉིད་ཀྱིས་དེའི་ཚིག་ལས་མི་འཇུག་པའི་ཕྱིར་རོ། །དེས་ན་དེའི་ངེས་པར་བཟུང་བའི་དོན་མེད་པ་ཡིན་ནོ། །གང་ཡང་གཞན་ཚུ་རོལ་མཐོང་བ་དེ་ནི་ཡིད་ཆེས་པ་ངེས་པར་འཛིན་པར་མི་ནུས་པའི་ཕྱིར་འདི་དེའི་ཚིག ་དེ་ལས་དོན་རྟོགས་པ་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ། །གང་དག་རིགས་པའི་བླ་མ་རྣམས། ཞེས་བྱ་བ་ལ་སོགས་པ་ལ། རང་ལས་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་ངེས་པར་འབྱུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་རང ་ལས་ངེས་པ་སྐྱེ་བར་མི་འགྱུར་ན་དེའི་ཚེ་རང་ལས་ཚད་མ་ཉིད་དུ་སྨྲ་བ་ཉམས་པར་འགྱུར་རོ། །དེའི་ཕྱིར་ཡོན་ཏན་བཀག་པ་ལ། ཞེས་བྱ་བ་ལ་སོགས་པ་ལ། དག་ནི་སུན་བྱུང་བ་མིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོན་ཏན་ཡིས་ཉེས་པ་རྣམས ་བསལ་བའི་ཕྱིར་ཡོན་ཏན་དང་ལྡན་པའི་ཚིག་ཉེས་པ་རྣམས་ཀྱིས་སུན་ཕྱུང་བ་དེ་ལྟ་ན་ཡང་གཞན་གྱི་རྒྱུད་ལ་འཇུག་པའི་ཡོན་ཏན་རྣམས་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་དེས་ངེས་པས་ཡོན་ཏན་དང་ལྡན་པའི་ཚིག་ཀྱང་དེས་པར་མི་ནུས་ལ་མ་ངེས་པ ་ནི་རང་ལས་ཚད་པ་ཉིད་དུ་ངེས་པ་ཡང་མ་ཡིན་ནོ། །ཡང་ན་བྱེད་པ་པོ་མེད་པ་ན་སྐྱོན་མེད་དེ་དག་མི་འགྱུར་ཞེས་བྱ་བ་འདི་ལ་ཚིག་གསུམ་བྱས་པ་ཉིད་ནི། ཞེས་བྱ་བ་པ་སོགས་པ་སྨོས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ཐོས་པ་བརྟག་པར། །དེ་ལས་སྐྱོན་མེད་ཡོན ་དག། ཅེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་དག་ལས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བསྟན་ཞེས་བྱ་བ་འདིས་ནི། འདིར་ཡང་བློ་བཟང་རྣམས་ཀྱིས་ནི། ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སོ། །ཉེས་པ་མེད་པས་མཚོན ་པའི་ཚིག་ནི་རང་ལས་ཚད་མ་ཡིན། ཞེས་གང་སྨྲས་པ་དེ་ཡང་མི་རིགས་ཏེ་ཡོན་ཏན་རྣམས་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་ཏེ་ཡོངས་སུ་མི་ཤེས་ན་ཡོན་ཏན་གྱི་ངོ་བོའི་བདག་ཉིད་ཀྱི་སྐྱོན་མེད་པ་མཚོན་པར་མི་ནུས་པ་ཉིད་ཀྱི་ཕྱི་རོ། །འདི་ཉིད་སྟོན་པ ་ནི། །སྐྱོན་མེད་ཉེ་བར་མཚོན་པ་ཡིན། ཞེས་བྱ་བ་སྟེ། འདིས་མཚོན་པར་བྱེད་པས་ན་མཚོན་པ་ཡིན་ལ། མི་མཚོན་པ་ནི་མཚོན་པ་མ་ཡིན་པ་སྟེ། མཚོན་པར་བྱེད་པ་མ་ལེན་ཞེས་བྱ་བའི་དོན་ཏོ། །མི་ཤེས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ལ། མི་ཤེས་པ ་ཡང་མཚན་ཉིད་མ་ཡིན་ནོ་ཞེས་སྟོན་པ་ནི། གང་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་སྐྲོན་མེད་པ་མཚན་ཉི་པ་ནི་དེ་ཆུག་མེད་དོ། །དེ་ལྟ་ན་ཡང་རང་གི་ཚིག་དང་འགལ་བར་ཐལ་བ་འགྱུར་བའི་ཕྱིར་སྐྱོན་ཅན་འདི་ཡིན་ཏེ། འདི་ལྟར་གལ་ཏེ་སྐྱོན་མེད་པས ་ཚང་མ་ཉིད་དུ་མཚོན་ན་དེའི་ཚིག་གཞན་ལས་ཚད་མ་ཉིད་གསལ་རབ་ཏུ་བརྗོད་པར་འགྱུར་ལ་དེ་ལྟ་ན་ཡང་རང་ལས་ཚད་མ་ཉིད་ཡིན་ཞེས་བྱ་བའི་ཚིག་འདི་འགལ་བར་འགྱུར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། དངོས་མེད་ཚད་མས་ཞེས་བྱ་བ་ལ་སོགས ་པའོ། །གལ་ཏེ་སྐྱོན་མེད་དངོས་མེད་པ། ཞེས་བྱབ་ཨའི་ཚད་མས་གལ་ཏེ་ངེས་པར་འགྱུར་ན། དེའི་འདི་མཚོན་ཉིད་དུ་མི་འགྱུར་ཏེ། མ་ངེས་པ་མཚ་ཉི་དུ་མི་རུང་བའི་ཕྱིར་རོ། །དངོས་པོ་མེད་པར་ངེས་པར་བྱེད་པ་འདི་ཡང་ཚད་མ་མེད་པའི་ཕྱིར་རོ།། ་འདི་ལྟ་ཡིན་རང་གཞན་ལ་སྟེ་དངོས་པོ་མེད་པ་ཞེས་བྱ་བ་ལས་ཚད་མ་ཉིད་དུ་གསལ་རབ་ཏུ་བརྗོད་པར་འགྱུར་རོ། །དེ་དག་མེད་ན་སྐྱེས་བུའི་སྐྱོན། །ཡུལ་ཅན་ཤེས་པ་སྐྱེ་མི་འགྱུར། །ཞེས་གར་སྨྲས་པ་དེ་ལ། དེ་དག་ཡོད་ན། ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གལ་ཏེ་ཡོན་ཏན་དག་ཡོད་པ་ན་སྐྱོན་གྱི་ཡུལ་ཅན་གྱི་ཤེས་པ་མི་སྐྱེ་ན་གཞན་གྱི་རྒྱུད་ལ་མི་འཇུག་པའི་ཡོན་ཏན་རྣམས་ནི་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར་ཡོངས་སུ་མ་ཤེས་ན་སྐྱོན་མེད་པ་ངེས་པར་མི་འགྱུར་ཏེ། སྐྱོན་མེད་པ་ཡོན་ཏན ་གྱི་དངོས་པོའི་བདག་ཉིད་ཡིན་པའི་ཕྱིར་རོ། །བུམ་པས་དབེན་པའི་ས་ཕྱོགས་ལ་ཡོངས་སུ་མ་ཤེས་པར་ནི་བུམ་པ་མེད་པར་ངེས་པར་ཤེས་པར་མི་ནུས་སོ། །འདི་ཉིད་སྟོན་པ་ནི། ཞེས་སྡང་གཏི་མུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བར་ནི ་སྐྱོན་རྣམས། །གང་ཡང་གཞོན་ནུ་མ་ལེན་གྱིས། །ཡོན་ཏན་ཤེས་པ་ཉིད་ཀྱིས་འདིར། །དེ་ཚེ་བྱ་བ་བྱེད་མ་ཡིན། །སྐྱོན་མེད་ན་ནི་ཡོད་པ་ཙམ། ཕན་འདོགས་བྱེད་པར་ཤེས་པར་བྱ། །ཞེས་ཟེར་ཏེ། འདི་ནི་ཡོན་ཏན་ཤེས་པ་ཞེས་བྱ་བ་ལ་སོགས་པས ་དོགས་པར་བྱེད་དེ། །དེ་ལ་ཕན་འདོགས་ཅེས་བྱ་བ་ནི་ཀྱོང་མེད་པར་ངེས་པ་ལ་ཕན་འདོགས་པའོ། །དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་སྟེ། གལ་ཏེ་ཡོན་ཏན་རྣམས་ཡོད་པ་ཙམ་གྱིས་སྐྱོན ་མེད་པར་ངེས་པར་བྱེད་པའི་ཕྱིར་འཇུག་པའི་འགྱུར་ན། དེའི་ཚངས་པས་དེ་དག་ལ་གནོད་པའི་ཕྱི་ཡིད་ཆེས་པར་འདོད་པའི་ཕྱིར་སྐྱེས་བུ་འབའ་ཞིག་ལ་སྐྱོན་མེད་པ་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་ཏུ་མི་འགྱུར་ན་དེ་ལྟ་ཡང་མ་ཡིན་ནོ། །དེས་ན་ནི ་དེའི་ཕྱིར་རོ། །ཇི་སྲིད་དུ་ཡོན་ཏན་དང་ལྡན་པ་ངེས་པ་མ་སྐྱེས་པ་དེ་སྲིད་དུ་སྐྱོན་མེད་པའི་ཡུལ་ཅན་གྱི་ཐེ་ཚོམ་དང་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱི་ཡོན་ཏན་རྣམས་ནི་ཡོད་པ་ཙམ་གྱིས་བྱ་བ་ལ་འཇུག་པར་བྱེད་པ་མ་ཡིན་ནོ། །ཅི་སྟེ་ཡང་ཡོན་ཏན་ན ་རྣམས་ཀྱི་བྱ་བ་སྐྱོན་མེད་པར་ངེས་པར་བྱ་བའི་ཕྱིར་ཡིན་པར་མ་གྱུར་མོད། །དེ་ལྟ་ན་ཡང་སྐྱོན་མེད་པས་མ་ངེས་པ་ཉིད་ལས་ཚོད་མ་ཉིད་དུ་འགྱུར་སྙམ་ན་དེ་ཡང་རིགས་པ་མ་ཡིན་ཏེ། སྔ་མ་བཞིན་དུ་ཡིད་ཆེས་པར་འདོད་པའི་སྨྲ་བ་པོ་དེ་ལ་མི་མཐུན་པ་མེད ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཚིག་དང་ལས་ཚད་མ་ཉིད་དུ་ངེས་པ་ན་སྨྲ་བ་པོ་དེ་ལ་ཅི་འདི་བདེན་པར་སྨྲ་བ་ཡིན་ནམ་ཡང་ན་མ་ཡིན་པ་ཁོ་ན་ཞེས་མི་མཐུན་པར་རིགས་པ་མ་ཡིན་ནོ། །འདིར་ལོག་པའི་སྒྲས་ནི་ཐེ་ཚོམ་བསྡུ་སྟེ། ཐེ་ཚོམ ་ཡང་གཉི་གའི་ཆ་ལ་བརྟེན་པ་ཉིད་ཀྱིས་ཕྱིན་ཅི་ལོག་སྲིད་པའི་ཕྱིར་རོ། །གང་ཡང་ཀུ་མཱ་ར་རི་ལས། །དེ་ལྟ་བས་ན་ཡོན་ཏན་ལས། །སྐྱོན་རྣམས་མེད་པ་དེ་མེད་པས། །ཚད་མ་མིན་པར་གཉིས་མེད། །དེས་ན་སྤྱིར་བཏང་མི་སེལ་ཏོ། །ཞེས་བྱ་བ་ལ་སོགས་གཞན ་འདིར་སྨྲས་པ་དེ་ཡང་སྐྱོན་མེད་པར་མ་ངེས་པ་ནི་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་སྐྱོན་མེད་པར་མི་ཤེས་ཕྱིར། ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཐེ་ཚོམ་དང་ཕྱིན་ཅི་ལོག་དམིགས་ཀྱིས་བསལ་བར་འགྱུར་བ་དག་དང་བྲལ་བའི་ཤེས་པ་འགྲུབ ་པར་འགྱུར་ན་དེའི་ཚེ་ཚད་མ་ཉིད་དུ་འགྱུར་གྱི། དམིགས་ཀྱིས་བསལ་བའི་ཡུལ་ལ་ཇི་ལྟར་སྤྱིར་བཏང་བར་འཇུག་པར་འགྱུར། ཐེ་ཚོམ་དང་ཕྱིན་ཅི་ལོག་དེ་ངག་ཀྱང་ཉེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་པར་མ་ངེས་ན་དེ་དག་མེད་པར་ངེས་པ་ཡང ་མི་འཐད་དོ། །ཅི་སྟེ་ཚད་མ་མིན་པར་གཉིས་མེད་པར། །ཞེས་བྱ་བ་ནི་ཐེ་ཚོམ་དང་ཕྱིན་ཅི་ལག་མེད་པ་ཉིད་དུའོ། །མི་མཐུན་པ་དེ་ཉིད་སྟོན་པ་ནི། ཅི་འདིའི་ཚིག་འདི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྐྱོན་མེད་པ་ལ་སོགས་པ་ཡོད་པ་ཙམ་གྱིས་ཚད་མར ་མ་ངེས་པར་ཐལ་བར་འགྱུར་བ་མི་རིགས་སོ་ཞེས་བསྟན་ཟིན་ཏོ། །དེ་ནི་དེ་དག་ཡོད་ན་ངེས་པ་ལ་བལྟོས་ནས་གཞན་ལས་ཚད་མ་ཉིད་དུ་ཐུག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་འདི་གཉིས་རྒྱས་པར་བསྟན་པའི་ཕྱིར། དེས་ན་སྐྱོན་མེད་ཅེས་བྱ ་བ་ལ་སོགས་པ་སྨོས་ཏེ། སྐྱོན་མེད་པ་དང་ཚད་མ་མིན་པ་མེད་དེ། ཚོད་མ་མ་ཡིན་པ་གཉིས་མེད་པ་དང་ཡོན་ཏན་དག་ལས་གདོན་མི་ཟ་བར་རྟོགས་པར་ངེས་པ་ཞེས་བྱ་བ་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་གང་ཚད་མ་ཉིད་དུ་ངེས་པ་མི་རུང་བའི ་ཕྱིར་རོ། །ཞེས་བསྟན་ཟིན་པའི་ཕྱིར་རོ། །གལ་ཏེ་ཁས་བླང་བར་བྱ་བ་ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པ་གསུམ་པོ་དག་ལས་རྟོགས་པ་འདི་ཚད་མའི་ཡན་ལག་ཉིད་དུ་འདོད་པ་ན་ཅི་ཚད་མའི་མ ་ཡིན་ནམ། འོན་ཏེ་ཚད་མ་ཞེས་བྱ་བ་རྣམ་པར་རྟོགས་པ་གཉིས་སོ། །གལ་ཏེ་རྣམ་པར་རྟོག་པ་དང་པོ་ཡིན་པ་དེའི་ཚོམ་ངེས་པའི་ཡན་ལག་ཏུ་འགྱུར་བ་མ་ཡིན་ཏེ། རང་ཉིད་ཚད་མ་མ་ཡིན་པའི་ཕྱིར་རོ་ཚད་མ་མ་ཡིན་པ་ཉིད་བཟུང་བ་ནི་དངོས་སུ་ཐ་སྙད་ངེས་པའི ་ཡན་ལག་མ་ཡིན་ནོ། ཅི་སྟེ་ཕྱོགས་གཉིས་པ་ཡིན་པ་ན་དེའི་ཚེ་བརྗོད་པར་འདོད་པའི་ཤེས་པ་དེ་དག་གཞན་ལས་ཚད་མ་ཉིད་དང་ཐུག་པ་མེད་པའི་སྐྱོན་དུ་ཡང་ཐལ་བར་འགྱུར་རོ། །ཐུག་པ་མེད་པ་ཉིད་བསྟན་པར་འདོད་ནས་རྟོགས་པ་དེ་ཚད་མའི་བདག་ཅེས་བྱ ་བ་ལ་སོགས་པ་དྲི་བར་བྱེད་དོ། །དེ་ཡང་ཞེས་བྱ་བ་ནི་ནོད་པར་བྱེད་པའི་ཤེས་པ་མེའོ། །ཅི་སྟེ་ཉེས་པ་འདི་འདིར་ཡང་རྗེས་སུ་འཇུག་པ་ཡིན་ཞེ་ན། ཚད་མ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །འདིའི་མང་ཞེས་བྱ་བ་ནི་གནོད་པར ་བྱེད་པའི་ཤེས་པ་མེད་པའོ། །གཞན་ཡང། དེ་ལྟ་བས་ན་ཡོན་ཏན་ལས། སྐྱོན་རྣམས་མེད་པ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་རིགས་པས་གལ་ཏེ་ཐམས་ཅད་དུ་ཚད་མ་ཉིད་དུ་ངེས་ན་དེའི་ཚེ་ཚད་མ་ཐམས་ཅད་གཞན་ལས་ཡིན་པར་ཁས་བླངས་པ ་དང་ཐུག་པ་མེད་པར་འགྱུར་རོ། །དེ་སྟོན་པ་ནི། དེ་ལྟ་བས་ན་ཡོན་ཏན་ལས། །ཞེས་བྱ་བ་ལ་སོགས་པ་སྟེ་སྔར་བསྟན་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ཡོན་ཏན་རྣམས་ནི་ཚུ་རོལ་མཐོང་བ་རྣམས་ཀྱི་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་དེ་མ་ངེས་ན་སྐྱོན ་མེད་པར་ཡང་མི་ངེས་པའི་ཕྱིར་ཚད་མ་མ་ཡིན་པ་གཉིས་མེད་པ་ཡང་མི་ངེས་པས་ཡོན་ཏན་དག་ལས་ཚད་མ་ཉིད་འགྲུབ་པ་མ་ཡིན་ནོ། །ཅི་སྟེ་དེ་དག་ནི་ཡོད་པ་ཙམ་གྱིས་ཕན་འདོགས་པར་བྱེད་པ་ཡིན་ན། དེའི་བློ་མི་མཐུན་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ ་སོགས་པའི་སྐྱོན་གྱི་ཚོགས་ཐམས་ཅད་དུ་ཐལ་བར་འགྱུར་རོ། །གཞན་ཡང། དེ་ལྟ་བས་ན་ཡོན་ཏན་ལས། སྐྱོན་རྣམས་མེད་པ་ཞེས་བྱ་བ་ལ་སོགས་པ་ཚང་མའི་དེས་པའི་ཡན་ལག་ཉིད་དུ་བརྗོད་པ་ཚད་མ་མ་ཡིན་པ་གཉིས ་མེད་པ་དང་སྐྱོན་མེད་པ་ཞེས་བྱ་བ་འདི་གཉིས་པོ་གང་ཡིན་པ་དེ་ཅི་མེད་པར་དགག་པ་ཙམ་དུ་འདོད་དམ། འོན་ཏེ་མ་ཡིན་པར་དགག་པའི་བདག་ཉིད་ཡིན་ཞེས་བྱ་བ་བརྟག་པ་གཉིས་སོ། །ཕྱོགས་དང་པོ་ལ་ཉེས་པ་འཆད་པ་ནི། སྐྱོན་མེད་ཅེས་བྱ་བ་ལ ་སོགས་པ་སྟེ། གལ་ཏེ་མེད་པར་དགག་པ་ཙམ་དུ་འདོད་ན་དེའི་ཚེ་དེ་གྲུབ་པ་ཉིད་དུ་མི་འགྱུར་རོ། །འདི་ལྟར་དེ་རང་ལས་གྲུབ་པ་མ་འོན་ཏེ་གཞན་ལས་གྲུབ། རང་ལས་གྲུབ་པ་ཡིན་ན་ཡང་རང་ཉིད་གསལ་བའི་བདག་གིས་སམ། ངེས་པ་སྐྱེད་པར་བྱེད་བ་ལས ་ཡིན། གཞན་ལས་ཡིན་ན་ཡང་རེས་འགའ་དམིགས་པ་ལས་སམ། འོན་ཏེ་མ་དམིགས་པ་ལས་ཡིན་ཞེས་བྱ་བའི་ཕྱོགས་རྣམས་སོ། །རེ་ཞིག་རང་ལས་གསལ་བའི་བདག་ཉིད་ཀྱིས་གྲུབ་པ་ནི་རིགས་པ་མ་ཡིན་ཏེ། དེ་ནི་དངོས་པོ་མེད་པའི་བདག་ཉིད ་ཡིན་པའི་ཕྱིར་དང་གསལ་བའི་བདག་ཉིད་ཀྱང་དངོས་པོའི་ཆོས་ཡིན་པའི་ཕྱིར།། ཤེས་པ་ཁོ་ན་གསལ་པའི་བདག་ཉིད་དུ་རང་རིག་པ་གྲུབ་ཀྱི་དངོས་པོའི་རང་བཞིན་བཀག་པ་ཙམ་གྱི་མཚན་ཉིད་ཀྱི་མེད་པ་ནི་མ་ཡིན་ནོ། །དེ་ནི་ངེས་པ་སྐྱེད་པར་བྱེད་པ ་ལས་རང་ལས་གྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་སྐྱེད་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །སྐྱེད་པར་བྱེད་པ་ཉིད་ཡིན་ན་ཡང་དངོས་པོའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱི་དང་དེ་ནི ་སོགས་འབྱུང་དུ་མེད་པ་ཉིད་ཀྱིས་ལྷན་ཅིག་བྱེད་པ་ལས་མི་བལྟོས་པའི་ཕྱིར་དེ་ཡོད་པ་ཙམ་ན་འབྱུང་བའི་འབྲས་བུ་ལྡོག་པ་མེད་པར་ཐལ་བ་འགྱུར་བའི་ཡང་ཕྱིར་རོ། །གཞན་ལས་དེ་དམིགས་པ་ལས་དེ་གྲུབ་པར་འཐད་པ་མ་ཡིན་ནོ། །གང་ལས་ཤེ་ན་དངོས་པོ ་མེད་པའི་ཕྱིར་ཏེ། དངོས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ལ། དམིགས་པ་ནི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །མ་དམིགས་པ་ལས་ཀྱང་དེ་མ་གྲུབ་པ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་བ་དམིགས་པ་ཡང་དངོས་པོ ་མེད་པའི་བདག་ཉིད་ཡིན་པར་ཇི་ལྟར་གྲུབ་ཅེས་དེ་ལ་ཡང་རང་དམ་གཞན་ལས་ཞེས་བྱ་བའི་བསམ་པ་འདི་འཇུག་པ་ཉིད་དོ། །རེ་ཞིག་རང་ལས་ནི་མ་ཡིན་ཏེ། ཇི་སྐད་དུ་བཤད་བའི་སྐྱོན་དུ་ཐལ་བར་འགྱུར་རོ། །གཞན་ལས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པའི་སྐྱོན་དུ ་འགྱུར་བའི་ཕྱིར་རོ། །ཐུག་པ་མེད་པ་དེ་ཉིད་སྟོན་པ་ནི། སྐྱོན་དང་ཚད་མིན་གཉིས་མེད་པ། །ཞེས་བྱ་བ་ལ་སོགས་པ་སྟེ། སྐྱོན་དང་ཚད་མ་མ་ཡིན་པ་གཉིས་ཏེ་དེ་དག་མེད་པ་ཞེས་བསྡུའོ། །གཉིས་པ་མ་ཡིན་པར་དགག་པ་ལ་ཡང་སྐྱོན་འཆད་པ་ནི། དེ་ཡང་མ་ཡིན ་དགག་བདག་ཉིད། ཅེས་བྱ་བ་ལ་སོགས་པ་སྟེ། མ་ཡིན་པར་འཇུག་པས་སྐྱོན་མེད་པ་ནི་ཡོན་ཏན་བདག་ཉིད་ཁོ་ནར་འགྱུར་ལ། དེ་ལྟ་བས་ན་ཡོངས་སུ་ཤེས་པ་ཡང་ཡོན་ཏན་ཤེས་པའི་བདག་ཉིད་དུ་འགྱུར་ན་དེ་ཡང་མི་འདོད་དོ། །ཡོན་ཏན་ཤེས་པ་ཉིད་ཀྱིས ་འདིར། དེ་ཚེ་བྱ་བ་བྱེད་མ་ཡིན། ཞེས་སྨྲས་པའི་ཕྱིར་རོ། །ཚད་མ་མ་ཡིན་པ་གཉིས་མེད་པ་ཡང་མ་ཡིན་པར་དགག་པའི་ཕྱོགས་ལ་ཚད་མའི་བདག་ཉིད་ཁོ་ན་གནས་ལ། དེ་ལྟ་ཡིན་དང་ཚད་མ་མ་ཡིན་པ་གཉིས་མེད་པ་ཤེས་ན་ཡང་བརྗོད་པར་འདོད་པའི ་ཚད་མའི་རང་གི་ངོ་བོར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཚད་མ་མིན་པ་གཉིས་མེད་པ། དེས་ན་སྤྱིར་བཏང་མི་སེལ་ཏེ། ཞེས་བྱ་བ་མི་འཐད། འབྲེལ་མེད་པའི་ཕྱིར་རོ། །འདི་ལྟར་དེ་ཉིད་ཚད་མ་ཉིད་དུ་ངེས་པའི་ཕྱིར་དེ་ཚད་མ་ཉིད་ངེས་པར་བྱེད་དོ་ཞེས་རྟགས་དང ་རྟགས་ཅན་གྱི་ངོ་བོའི་ཚིག་གི་དོན་འབྲེལ་པ་མེད་པར་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །གཞན་ཡང་རྟགས་དང་རྟགས་ཅན་ཐ་མི་དད་པའི་ཕྱིར་དེ་ལས་ཐ་དད་པ་ཡིན་ལ་ཚད་མ་མ་ཡིན་པ་གཉིས་མེད་པའི་ཤེས་པ་དང་ཚད་མ་མ་ཡིན་པ་གཉིས ་མི་ཤེས་པ་ལས་ཐ་དད་པར་འགྱུར་ཏེ་།མ་ཡིན་པར་དགག་པའི་བདག་ཉིད་ཡིན་ལ་དེ་ལས་ཐ་དད་པ་ལས་རིགས་པ་ཡོད་པ་མ་ཡིན་ཏེ། གོ་སྐབས་གཞན་མེད་པའི་ཕྱི་རོ། །ཡང་ན་ཚད་མིན་གཉིས་མེད་པ། ཞེས་བྱ་བ་ལ་སོགས ་པས་ཚད་མ་མ་ཡིན་པ་གཉིས་མེད་པར་གྲུབ་པར་ཁས་བླངས་ནས་གཞན་གྱིས་ལུགས་ཉིད་ཀྱིས་གཞན་ལས་ཚད་མ་ཉིད་སྟོན་པ་ཡིན་ནོ། །གཞན་དུ་མི་འཐད་པས་ཤེ་ན། ཞེས་བྱ་བ་ན་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་ལས་གཞན་པའི་ཤེས་པ་ནི་རང་ལས ་ཚད་མ་ཉིད་མ་གཏོགས་པར་གོ་སྐབས་གཞན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་ཡོན་ཏན་ལས། ཞེས་བྱ་བ་ལ་སོགས་པས་བརྗོད་པའི་རིགས་པ་མ་ངེས་པ་ཉིད་དུ་བསྟན་བའི་ཕྱིར་ཁྱེད་ལ་རིགས་པས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ ་ནི་དེའོ། །དེ་ཅི་ཞིག་བརྗོད་པར་ནུས་ཤེ་ན། དེས་ན་སྐྱོན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་བཞིན་ཞེས་བྱ་བ་ནི་བདུན་པའི་མཛའ་ཅན་གྱི་རང་བཞིན་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཚད་མ་མ་ཡིན་པའོ། །ལྷག་མ་ནི་གོ་བར་ཟད་དོ། །ཉེས་པ་ཡོད་དམ ་མེད་ཅེས་པ། ཞེས་བྱ་བ་ལ་སོགས་པ་ལ། ཉེས་པ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་སྨོས། ཐོས་པ་བརྟག་པར་རིག་བྱེད་ཀྱི་བྱེད་པ་པོ་བསྒྲུབས་པའི་ཕྱིར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་མ་གྲུབ་དེས་ན་རྟོགས་པ་དང་ལྡན་པ་ཁོ་བོ་ཅིག་ལ་རིག་བྱེད་ལ་ཉེས་པའི ་རྟོག་པ་མེད་པ་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཁོ་ནའོ། །དེས་ན་བལྟོས་པ་མེད་པའི་ཕྱིར། རིག་བྱེད་ཚད་མ་འགའ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་འདི་ལ་ངེས་ན་བལྟོས་པ་མེད་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞེས་བྱ་བ་ནི་རིག ་བྱེད་དོ། །རིག་བྱེད་དོན་ལ་ཚད་གཞན་གྱིས། ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཤེས་པ་མ་བསླུ་བའམ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་བྱེད་པ་ལ་མི་བསླུ་བའི་ཤེས་པ་དང། རྒྱུ་དག་པོའི་ཤེས་པ་འདི་གཉིས་རིག་བྱེད་ལས་ཚད་མ་ཉིད་དུ་ངེས ་བའི་རྒྱུད་ཁས་མི་ལེན་ན་དེའི་ཚེ་ངེས་པའི་རྒྱུད་མ་ཚང་བའི་ཕྱིར་རིག་བྱེད་ཚད་མ་ཉིད་དུ་ངེས་པར་མི་འགྱུར་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །གཞན་ལ་ཡང་ནི་འབྲེལ་པ་ཉིད་ཅེས་བྱ་བ་ལ་འདི་ལ། གཞན་ལ་ཡང་དེ་ལྟར་གྱུར་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་ལྟར་གྱུར་པའི་ཞེས་བྱ་བ་ནི་མི་བསླུ་བ་དང། ཡོན་ཏན་ཡོངས་སུ་ཤེས་པ་ཉིད་དོ། །འདི་ཡང་ཐུག་པ་མེད་པའི་སྐྱོན་ནི་དང་པོ་ཉིད་དུ་བསལ་ཟིན་ཏེ། དེས་ན་ནི་དེའི་ཕྱིར་རོ། །གང་ཞིག་ཚད་མ་ཡིན་པ་དེ་ནི་ཚད་མ་གཞན་དང་འབྲེལ་བ་ལ་བལྟོས་བ ་མ་ཡིན་ནོ་ཞེས་བྱ་བ་འདི་མ་ངེས་ཡིན་ཏེ། ངེས་པར་བྱ་བའི་དོན་དུ་ཚད་མ་གཞན་ལ་བལྟོས་པའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། དེ་ཡི་ཚད་མ་ཉིད་གནས་ན། ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་གང་ལ་ཚད་མ་ཕྱི་མས་ཀྱང། ཡོངས་སུ་གཅོད་འགྱུར་དེ་ལ་ཡང། ཞེས ་བྱ་བ་ལ་སོགས་པ་དེ་ཡང་བསལ་བ་ཡིན་ཏེ། གཞན་ལས་ཚད་མ་ཉིད་དུ་ངེས་པ་ན་ཤེས་པ་སྔ་མའི་དོན་ཐོབ་པར་ནུས་པའི་མཚན་ཉིད་ཀྱིས་ཚད་མ་ཉིད་དུ་ཉེ་བར་འགྲོ་བ་མ་ཡིན་ནོ། །ཡན་ལག་སྐྱེས་ནས་འཇིག་པ་ཡི། །དོན་ལ་ཚད་མ་ཉིད་མི་འགྱུར། །ཞེས་བྱ་བ་འདི ་ལ། ལན་ཅིག་སྐྱེས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ཚད་མ་ཉིད་དོ། །བཤད་པའི་རིམ་པ་ཉིད་བསྟན་པའི་ཕྱིར། གལ་ཏོ་རྣམ་ཤེས་རྒྱ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་དངོས་སུ་ཐོབ་པ། ཞེས་བྱ་བ་ནི་དེའི་ཚེད་ལས་ངེས་ཤེས ་སྐབས་དང་འབྲེལ་པར་བྱའོ། །འོན་ཏེ་དོན་བྱེད་པའི་ཤེས་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དེ་ལས་ཤེས་པ་སྔ་མ་ཚད་མ་ཉིད་མི་རིགས་པ་མི་ཡིན་ནམ་འདི་ལྟར་ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར་ཆུའི་ཡུལ་ཅན་གྱི་རྫས་མེད་པའི་ཕྱིར་ཆུའི་ཡུལ་ཅན་གྱི་རྟོག་པ་མེད་པའི་ཤེས་པ ་ནི་གཟུགས་ཙམ་འཛིན་པ་ཡིན་ལ་ཁྲུས་པ་སོགས་པའི་དོན་བྱེད་པའི་ཤེས་པ་ནི་རིག་བྱ་ཙམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཇི་ལྟར་གཞན་ལ་དམིགས་པའི་ཤེས་པ་གཞན་གྱི་ཡུལ་ཅན་གྱི་ཤེས་པ་ཆོད་མ་ཉིད་ཤེས་བསྒྲུབ་པར་བྱེད་དེ་ཧ་ཅང་ཐལ་བར ་འགྱུར་བའི་ཕྱིར་རོ་ཞེ་ན་སྐྱོན་འདི་ནི་མེད་དེ། འདུས་པ་ཡོད་པའི་ཡུལ་གཉིས་མེད་ན་མི་འབྱུང་བའི་ཕྱིར་གཞན་ལ་དམིགས་པའི་ཤེས་པ་ཡང་གཞན་གྱི་ཡུལ་ཅན་གྱི་ཤེས་པ་ཚད་མ་ཉིད་དུ་སྒྲུབ་པར་འགྱུར་གྱི་གཟུགས་དང ་རེག་པ་དེ་གཉིས་ཐ་དད་དུ་འཇུག་པ་ནི་མ་ཡིན་ཏེ། ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རོ། །དེ་ལ་སྔར་གྱི་གཟུགས་ཀྱི་ཤེས་པ་དེ་ནི་དོན་མེད་པ་ལ་ཡང་དོན་གྱི་ངོ་བོས་འཇུག་པར་མཐོང་བའི་ཕྱིར་དུས་ཕྱིས་འབྱུང་བ་དེའི་ཡུལ་མེད་ན་མི་འབྱུང་བའི ་རེག་པ་འཛིན་པའི་ཤེས་པ་ལས་དེའི་ངེས་པ་སྐྱེ་བ་ལྟོས་པ་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཡང་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་ཤེས་པ་སྔ་མས་བཟུང་བའི་གཟུགས་མེད་ན་མི་འབྱུང་བའི་རེག་པ་ཕྱིས་ཀྱི་ཤེས་པ་འཇུག་པས་ཡུལ་དུ་མ་བྱས ་པའི་ཕྱིར་ཇི་ལྟར་དེ་ལས་དེས་པ་ཡིན་ཞེ་ན་སྐྱོན་འདི་ནི་མེད་དེ་གཟུགས་ལ་སོག་པའི་སྐད་ཅིག་ཕྱི་མ་རྣམས་ཤེས་བ་སྔ་མ་གཟུང་བའི་གཟུགས་ལ་སོགས་པའི་སྐད་ཅིག་དང་དོན་བྱེད་པར་ཁྱད་པར་འདོད་པ་ན་གྲུབ་པ་དང་བདེ་བ་ཐ་མི་དད་པའི ་ཕྱིར་གཅིག་ཉིད་དུ་ཐ་སྙད་དུ་བྱེད་ཀྱི་ཚུ་རོལ་མཐོང་བ་རྣམས་སྐད་ཅིག་མས་ཐ་སྙད་དུ་བྱེད་པ་ནི་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཤེས་པ་སྔ་མས་ཡོངས་སུ་བཅད་པའི་གཟུགས་ལ་སོགས་པའི་དོན་མེད་ན། མི་འབྱུང་བའི་ཕྱིར་ཤེས་པ་ཕྱི་མའི་ཡུལ་ཅན ་ཡིན་པ་ཉིད་ཐ་དད་པའི་ཐ་སྙད་ཡོད་ན་ཡང་དེ་ལས་ངེས་པ་མི་འགལ་ལོ། །མིག་ལ་སོགས་དང་འབྲེལ་མེད་པའི། །རྣ་བློའང་ཚད་མར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རྣ་བའི་བློ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས ་པའི་བློ་གཞན་དག་དང་འབྲེལ་པ་མི་འགྲུབ་པ་ཉིད་དེ། འདི་ལྟར་པི་ཝང་ལ་སོགས་པའི་སྒྲ་དང་དེ་དང་འབྲེལ་པའི་གཟུགས་པ་ཚོགས་ལ་སོགས་པ་གཅིག་ལ་རག་ལས་པའི་ཕྱིར་དུ་བས་དུད་ཤིང་གི་འགྱུར་བ་དག་བཞིན་དུ་ཕན་ཚུ་མེད་ན་མི་འབྱུང་བའི་མཚན ་ཉིད་ཀྱི་འབྲེལ་པ་ཡོད་པ་ཉིད་ཡིན་ནོ། །རྒྱུན་གྱིས་འཇུག་པ་ལ་བལྟོས་ཀྱང་སྔ་མ་སྔ་མའི་ཚོགས་པ་ཕྱི་མ་ཕྱི་མ་གཞན་གྱི་རྒྱུ་ཡིན་བའི་ཕྱིར་དངོས་སུ་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཡོད་པ་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་དེ་འཛིན་པའི་ཤེས་པ་ཡང་དེའི་སྒོ་ནས ་བརྒྱུད་ནས་འབྲེལ་པ་ཡོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟ་བས་ན་རྣ་བའི་བློ་ཚད་མར་གྱུར་པ་ཉིད་ཡིན་ཏེ། དེ་ལས་གཞན་པའི་མིག་ལ་སོགས་པའི་བློ་རྣམས་དང་ཇི་སྐད་དུ་བཤད་པའི་འབྲེལ་པ་ཡོད་པའི་ཕྱིར་རོ། །འདི་ལྟར་ཐག་རིང་པོར་པི་ཝང་ལ་སོགས་པའི་སྒྲ་ཐོས ་ལས་གླིང་བུ་ལ་སོགས་པའི་སྒྲ་དང་ཆོས་མཐུན་པའི་ཕྱིར་དེ་དོན་དུ་གཉེར་པའི་སྐྱེས་བུ་ཐེ་ཚོམ་སྐྱེས་ཏེ་འཇུག་པ་?་པི་ཝང་གི་གཟུགས་མཐོང་བ་ལས་ཅི་འདི་པི་ཝང་གི་སྒྲ་ཡིན་ན། འོན་ཏེ་གླིང་བུ་དང་གླུ་ལ་སོགས་པའི་སྒྲ་ཡིན་ཞེས་སྔར་ཐེ་ཚོམ་སྐྱེས ་པ་གང་ཡིན་པ་དེ་ལྡོག་པ་ཡིན་ནོ། །ཡུལ་གང་དུ་རྫ་རྔ་ལ་སོགས་པའི་སྒྲ་སྙན་པ་ཐོས་པ་ལས་འཇུག་པ་དོན་ཏེ་རྟོགས་པར་མི་འགྱུར་བ་དེར་ནི་བསླུ་བའི་ཕྱིར་ཚད་མ་མ་ཡིན་ནོ། །བསྒྲུབ་བྱེད་གཞན་གྱིས་བསྐྱེད་པའི་བློ། །གཉིས་གལ་ཡང་ཡོད་མ་ཡིན། །ཞེས་བྱ ་པ་ལ་སོགས་པ་ལ། འདིར་ནི་སྒྲུབ་པར་བྱེད་གཞན་གྱིས། ཞེས་བྱས་ལ་སོགས་པ་སྨོས་ཏེ། འདི་ཞེས་པ་ནི་མི་ཝང་ལ་སོགས་པའི་གཟུགས་འཛིན་པའོ། །ཇི་ལྟར་དབང་པོ་གཅིག་རག་ལས། །ཤེས་པ་གཞན་དང་འབྲེལ་ལ་ཡི། །ཞེས་བྱ་བ་ལ་སོགས ་པ་ལ། དེ་ལྟར་དབང་པོ་དུ་མ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། མི་སྣང་ངོ་ཞེས་བྱ་བ་ནི་དབང་པོ་གཞན་ལས་དག་ལས་པའི་ཤེས་པ་གཞན་དང་འབྲེལ་པའོ། །འདི་ཇི་ལྟར་མངོན་སུམ་ལ་རྒྱུད་བཏགས་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དབང་པོ་ལས་བྱུང། ཞེས་བྱ་བ་ནི་གཟུགས་ཀྱི་ཡུམ་ཅན་ནི་གྱི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཞེས་བྱ་བ་ནི་དུས་ཕྱིར་འབྱུང་བའོ། །འདི་ལྟར་ཚིག་ནི་གཅིག་པུ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། ཚིག་ནི་གཅིག ་བུ་ཁོ་ན་ཡི། །ཞེས་བྱ་བ་སྨོས་ཏེ། འདི་ནི་དོན་ལ་མི་བསླུ་བ་མ་གྲུབ་པ་ཉིད་དུ་བསྟན་ཏེ། འདི་ལྟར་མཐོ་རིས་འདོད་པས་མེ་ལ་སྦྱིན་བསྲེག་བྱ་བའི་དག་འདི་ལས་རྟོག་པ་དང་ལྡན་པའི་ངེས་པའི་རྒྱུ་མེད་པའི་ཕྱི་ངེས་པ་མི་སྐྱེ་བས ་ཡུལ་དང་དུས་ལ་སོགས་པ་ལ་མི་བསླུ་བ་གྲུབ་པ་མ་ཡིན་ནོ། །ཐམས་ཅད་དུ་སྐྱེས་བུས་གཞན་ལ་མི་བསླུ་བ་རྙེད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མཐོ་རིས་སོགས་ལ་བྲམ་ཟེ་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ངེས་ཚིག་བྱེད་པ་རྣམས ་ཀྱིས་མི་ལས་ཕུང་དུ་བྱུང་བའི་སྐྱེས་བུའི་ཁྱད་པར་གནས་པའི་རི་རབ་རིའི་རྩེ་མོ་ལ་སོགས་པའི་ཡུལ་གྱི་ཁྱད་པར་མི་ལས་ཕུལ་དུ་བྱུང་བའི་བདེ་བའི་རྟེན་ཕུན་སུམ་ཚོགས་པ་ཡུམས?་ཕྱུད་པ་ནི་མཐོ་རིས་ཡིན་ནོ་ཞེས་རྗོད་པར་བྱེད་ལ། སྤྱི་དེ་བ་པ་རྣམས་ན ་རི་མི་རྣམས་ཀྱི་དགའ་བའི་ཁྱད་པར་ཉིད་མཐོ་རིས་ཡིན་ནོ་ཞེས་བྱའོ། །མཆོད་སྦྱིན་ལ་ཡང་བློ་མི་མཐུན་བ་སྣང་སྟེ། སྔོན་གྱི་བསྐལ་པ་ལག་ཆོད་སྦྱིན་པ་གང་གིས་མཆོད་སྦྱིན་བྱེད་པ་གཟན་ལས་བྱས་པའི་ཕྱུགས་ཀྱིས་སོ་ཞེས་ཐོས་ལ། བརྩེ་བ་མེད་པ ་ངན་པའི་བདག་ཉིད་ཅན་གཞན་དག་གིས་ནི་སྲོག་ཆགས་ཀྱི་ཁྱད་པར་ཉིད་ཕྱུགས་ཡིན་ནོ་ཞེས་བརྗོད་པར་བྱེད་དོ། །དེ་ཕྱིར་བརྟན་པར་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་ལ་བསྐུལ་བས་བསྐྱེད་པའི་ཤེས་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར ་ཞེས་བྱ་བ་ནི་ཐོས་པ་བརྟག་པའོ། །གཞན་དང་མཚུངས་པའི་ཕྱིར། ཞེས་བྱ་བ་ནི་མེའི་སྦྱིན་སྲེག་ལས་མཐོ་རིས་སུ་འགྱུར་ཞེས་བྱ་བ་ནི། སྐྱེས་བུས་བྱས་པའི་ཚིག་ལས་བྱུང་བའི་རྟོགས་པ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཁྱད་ཅག་གིས ་ཇི་ལྟར་སྐུལ་བར་བྱེད་པ་ལས་བྱུང་བའི་བློ་ཡུལ་ལ་སོགས་པ་ལ་སྨྲ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཚིག་ཙམ་ཡིན་ནོ་ཞེས་སྟོན་པ་ནི། སྐུལ་བར་བྱེད་པ་ལས་བྱུང་བློ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲ་རྣམས་ཀྱི་ཚད་མ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་མངོན་སུམ་གྱི ་ཡང་ཚད་མ་ཉིད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་འདོད་པའི་ཐོག་ཏུ་གཏོང་བ་ནི་བར་འགྱུར་བར་རྗོད་ལ་གང་གིས་ཐལ་འགྱུར་བ་བྱ་བར་འགྱུར་བ་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཚད་མ་ཉིད་དུ་གྲུབ་པར་མི་འདོད་པ་ཡང་མ་ཡིན་ནོ། །ཇི་ལྟར་འདིར་རྗེས་སུ་དཔག་པས་མངོན་སུམ ་ཚད་མ་ཉིད་དུ་བསྒྲུབ་པར་བྱ་བ་དེ་ལྟར་སྔར་བཤད་ཟིན་ལ། །དེ་ཉིད་དྲན་པར་བྱེད་པ་ནི་དག་པའི་རྒྱུ་ཡི་བསྐྱེད་ཕྱིར་ཞེས་པ་སྟེ། དེ་ལས་གཞན་བཞིན་ཞེས་བྱ་བ་ནི་ཡུལ་ཉེ་བར་འཛིན་པའི་མངོན་སུམ་བཞིན་ནོ། །ཚད་མ་རྣམས་ཀྱི་ཚད་མ་བཞིན་གཞན་དག་གང་ཞིག་བསྒྲུབ་བྱ ་ཞིང། །ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ལ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དོན་བྱེད་པའི་ཤེས་པ་ལ་འཁྲུལ་པ་མེད་པ་དེ་ལྟར་ནི་སྨྲ་བ་དངོས་པོ་ལ་མི་བསླུ་བ་ཚད་མ་ཉིད་དུ་བརྗོད་པ་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་ཏོ། །ངེས་ན་དོན་བྱེད་པ་ལ ་མི་བསླུ་བའི་ཤེས་པ་ཚང་མ་ཉིད་དུ་གྲུབ་པ་ཡིན་ན་ཐུག་པ་མེད་པར་མི་འགྱུར་རོ། །རྗེས་སུ་དཔག་བས་ཀྱང་སྒྲུབ་བ་ན་ཐུག་པ་མེད་པར་མི་འགྱུར་རོ་ཞེས་བྱ་བར་བདག་དང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་སྟེ་རང་བཞིན་དང་འབྲས་བུ་ཡིན་པས་དེ་སྐད་ཅེས་བྱའོ། །མིང་དེ ་རྟགས་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱོར་རོ། །འཁྲུལ་པ་མེད་པར་ངེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་འབྲེལ་པའི་རང་བཞིན་དང་འབྲས་བུ་ཞེས་བྱ་བའི་རྟགས ་ངེས་བའི་སྟོབས་ཀྱིས་སྐྱེ་བའི་རྗེས་སུ་དཔག་པ་ནི་འཁྲུལ་བའི་རྒྱུ་མེད་པའི་ཕྱིར་རང་ཉིད་ལས་ཚད་མ་མ་ཡིན་པས་ཐུག་པ་མེད་པ་མ་ཡིན་ནོ། །ཅི་སྟེ་སྒྲུབ་བྱེད་ཚང་མ་ཉིད། ཅེས་བྱ་བ་ལ་སོགས་པ་ལ། ལ་ལར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གོམས་པ་ལ་སོགས ་པའི་ངེས་པའི་རྒྱུ་མེད་པའི་ཕྱིར་ལ་ལང་དེ་ཕྱོགས་དང་པོ་ལ་འཁྲུལ་པ་སྐྱེ་བའི་ཕྱིར་དེའི་རང་ལས་ཚང་མ་ཉིད་གྲུབ་པ་མ་ཡིན་ནོ། །ཚར་བར་འཛིན་པ་ལས་སྔ་རོལ། །རང་གི་ངོ་བོས་རབ་ཏུ་གནས། །ཤེས་བྱ་བ་ལ་སོགས་པ་ལ། མི་གསལ་གསལ་བ་ཉིད་ཡིན་པས། ཤེས་བྱ་བ ་ལ་སོགས་པ་སྨོས་ཏེ། དོན་གང་ལ་མི་གསལ་བ་གསལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གདོན་མི་ཟ་བར་ཤེས་པ་ཤེས་པར་བྱ་དགོས་ཏེ། དེ་མ་ཤེས་ན་ཐམས་ཅད་མི་ཤེས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་དོན་གསལ ་བ་ཁོ་ན་ཤེས་པ་ཞེས་བྱའ?་གཞན་ནི་མ་ཡིན་ཏེ། གསལ་བ་དེ་ཡང་ལྐོག་ཏུ་གྱུར་པ་ཡིན་ན་དོན་ཡང་ལྐོག་ཏུ་གྱུར་པ་ཉིད་དུ་ཐལ་བར་འགྱུར་ཏེ། མི་གསལ་བ་གསལ་བ་ཉིད་ཀྱི་ཕྱིར་དཔེར་ན་གཞན་གྱི་རྒྱུད་ལ་ཡོད་པའི་མངོན་སུམ་གྱི་ཡུལ་གྱི་དོན་བཞིན་ནོ། །སྦྱོར་བ ་ནི་དངོས་པོ་གང་ཞིག་གང་མི་གསལ་བ་གསལ་བ་དེ་ནི་དེའི་མངོན་སུམ་མ་ཡིན་ཏེ། དཔེར་ན་རྒྱད་གཞན་ལ་ཡོད་པའི་མངོན་སུམ་གྱིས་ཡུལ་དུ་བྱས་པའི་གཞན་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་འགའ་ཞིག་གི་ཤེས་པ་ཡང་མི་གསལ་བ་གསལ་བ ་ཡིན་ནོ་ཞེས་བྱ་བ་ན་ཁྱབ་བྱེད་འགལ་བ་དམིགས་པའོ། །གཏན་ཚིགས་མ་དེས་པ་ཡང་མ་ཡིན་ཏེ། དེ་དངོས་པོ་དེ་གསལ་བར་སྐྱེ་བ་ཙམ་གྱིས་མངོན་སུམ་ཉིད་ཡིན་ན་ཐམས་ཅད་མངོན་སུམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟ་བས ་ན་བཟློག་པ་ཡིན་ནོ། །ཇི་ལྟར་རིགས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་སེམས་པོའི་ངོ་བོའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་བ་རྣམས་ནི་ཡུལ་བཞིན་དུ་བེམས་པོའི་ངོ་བོ་ཡིན་པའི་ཕྱིར་དངོས་སུ་ཡུལ་འཛིན་པ་མ་ཡིན་གྱི ་རྣམ་པར་ཤེས་པ་ལ་རྒྱུའི་ངོ་བོར་འགྱུར་བ་ཙམ་གྱིས་དེ་དག་ཡུལ་འཛིན་པར་བརྟགས་པ་འབའ་ཞིག་ཏུ་ཟད་པས་མི་ཤེས་པ་དེ་དག་ཉིད་ཀྱིས་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པས་ཡུལ་འཛིན་བ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་གང་གིས་མི ་ཤེས་ཀྱང་མིག་ལ་སོགས་པ་བཞིན་དུ་འཛིན་པ་ཞེས་བྱ་བར་འགྱུར་བ་རྣམ་པར་ཤེས་པ་ཡུལ་ལ་ཅུང་ཞིག་བྱེད་པ་ནི་མ་ཡིན་ནོ། །མངོན་པར་གསལ་བར་བྱེད་དོ་ཞེ་ན། མ་ཡིན་ཏེ། ཤེས་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །མངོན་པར་གསལ་བ་དང། ་དམིགས་པ་དང་ཡོངས་སུ་གཅོད་པ་དང། ཡང་དག་པར་རིག་བ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རྣམ་གྲངས་ཀྱིས་རྗོད་ཀྱི་དོན་གཞན་ནི་མ་ཡིན་ནོ། །རང་གི་བདག་ཉིད་ལ་བྱེད་པར་རིགས་པ་ཡང་མ་ཡིན་ཏེ།། རང་གི་བདག་ཉིད་ལ་བྱེད་པ་འགལ་པའི་ཕྱིར་དང་སྐྱེས ་པ་དང་མ་སྐྱེས་བའི་གནས་སྐབས་དག་ནི་ཡོད་པ་དང་མེད་པ་ཡིན་པའི་ཕྱིར། །འདི་ལྟར་ཤེས་པ་སྐྱེ་པའི་བདག་ཉིད་བྱེད་དམ་མ་སྐྱེས་པ་བྱེད་གྲང། རེ་ཞིག་སྐྱེས་བ་ནི་མ་ཡིན་ཏེ། དེའི་བདག་ཉིད་ཡིན་ན་ཡང་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཏེ། གང་ཞིག་གང ་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་མ་ཡིན་པ་དེ་ནི་དེའི་རང་བཞིན་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱེས་པའི་རང་བཞིན་ཡང་བྱེད་པར་མི་རིགས་ཏེ། ཁྱད་པར་དུ་བྱར་མེད་པའི་ཕྱིར་དང་རྒྱུན་མི་འཆད་པར་བྱེད་པར་ཐལ་པར་འགྱུར ་པའི་ཕྱིར་རོ། །མ་སྐྱེས་བ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ་མེད་པའི་ཕྱིར་རོ། །མེད་པ་ལ་བྱ་བ་རིགས་པ་མ་ཡིན་ཏེ། དེ་ནི་ནུས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བྱ་བ་མི་བྱེད་ན་ནི་བྱེད་པ་ཉིད་ཉམས་པར་ཐལ ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་ཡོད་པའི་མཆན་ཉིད་ཡིན་ཏེ། དོན་བྱ་བ་བྱེད་པ་ཉིད་གང་ཡིན་པའོ། །དེ་ལྟ་བས་ན་དཔེ་དཔེ་དོན་དང་མཚུངས་པ་མ་ཡིན་དེ་ཕྱིར་འདི་ནི་ཚད་མ་ལ། ཞེས་བྱ་བ་ལ་སོགས་པ་ལ། དེས་ན་འདིར་ནི་ཚད་མ་ལ། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། གལ་ཏེ་ཤེས་པ་རབ་རིག་པས་རང་ཉིད་ལས་སྒྲུབ་ན། འོ་ན་ཤེས་པ་རང་ཉིད་ལས་ཚད་མར་གྲུབ་པ་མ་ཡིན་ནམ་ཞེས་པ་དོགས་པ་གསུམ་ནས། འདིར་ནི་འདི་ཙམ་དུ་འགྱུར་ཏེ། ཞེས་བྱ་བ་སློགས་པ་སྨོས་ཏེ། ཉམས་སུ་མྱོང་བ་ཞེས་བྱ་བ་ཙམ་གྱིས ་བདག་ཉིད་ཐམས་ཅད་ཀྱིས་ངེས་པ་སྐྱེ་བ་མ་ཡིན་ཏེ་དེས་པ་སྐྱེ་བ་ནི་རྒྱུ་གཞན་ལ་བལྟོས་པའི་ཕྱིར་རོ་ཞེས་མང་དུ་བསྟན་ཟིན་ཏོ། །དེས་ན་ཞེས་པའི་དོན་ཐོབ་པར་འདོད་པ་རང་རིག་པས་བཟུང་ན་ཡང་འཁྲུལ་པའི་རྒྱུ་ཚད་མ་མ་ཡིན་པ་དང་འདྲ་བའི་གོམ ་བ་མེད་པ་ལ་སོགས་པ་སྲིད་པའི་ཕྱིར་དེས་པ་མ་སྐྱེས་པས་མ་ངེས་པ་ཡིན་ནོ་ཞེས་བརྗོད་དེ། དེས་པ་དང་མ་ངེས་པ་དག་ཐ་དད་པའི་ཕྱིར་རོ། །སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་གཞན་ལས་ཚད་མ་ཉིད་དུ་འདོད་དོ་ཞེས་བྱ་བ ་ལ་སོགས་པ་འགལ་བ་མེད་དོ། །ཇི་སྐད་དུ། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། ཅེས་བཤད་པ་བཞིན་ནོ། །དེ་བཞིན་དོན་དུ་ཞེས་བྱ་བ་ནི་ཚད་མ་ཉིད་དུའོ། །ཚད་མ་མིན་པའང་རང་དོན་ལ། །ཞེས་བྱ་བ་ལ་སོགས་པ་ལ། །ཇི་ལྟར་ཤེས་པ་ལ ་སོགས་པ་ལས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པ་ལ་ཡོད་པ་ནི་གོམས་པ་སྟེ། ཇི་ལྟར་གོམས་པའི་སྟོབས་ཀྱིས་ཚད་མ་ཉིད་ཐམས་ཅད་དུ་རང་ཉིད་ངེས་པས་སོ་ཞེས་བརྗོད་པ་དེ་བཞིན་དུ་ལོག་པ་ཉིད་ཀྱང་འགའ་ཞིག་ཏུ་རང་ཉིད་ལ་ངེས་པར་བྱེད་བ ་ཡིན་ནོ། །དེ་ལྟར་ཡང་རབ་རིབ་ཅན་ལ་སོགས་པས་འགའ་ཞིག་གོམས་པའི་སྟོབས་ཀྱིས་སྐྲ་ཤད་འཛིངས་པ་ལ་སོགས་པའི་ཤེས་པ་སྐྱེས་པའི་དེ་མ་ཐག་ཁོ་ནང་ལོག་པ་ཉིད་ངེས་པར་བྱེད་པ་མཐོང་བ་ཁོ་ནའོ། །དེར་ཡང་དོན་གཞན་དངོས་ལ་བློ། །ཡང་ན་རྒྱུ ་ནི་སྐྱོན་ཅན་ལ། ཞེས་བྱ་བ་ལ་སོགས་པ་ལ། གནོད་དང་ཞེས་བྱ་བ་ལ་སོགས་པ་སྟེ་བཤད་པ་ཡིན་ཞེས་བྱ་བ་ནི་འདི་ལྟར་གནོད་པ་མེད་པའི་ཕྱིར་རོ། །ཁྱེད་ཀྱིས་ཚད་མ་ནིད་དུ་བརྗོད། །གནོད་མེད་ལའང་དངོས་མེད་པ། །ཞེས་བྱའི་ཚད་མ་གཞན་འདོད་ཀྱིས། ཞེས་བྱ ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །སྐྱེ་བའི་གནས་སྐབས་ཉིད་ན་འདི། །ཚད་མ་ཉིད་ཅིས་བྱ་བར་ངེས། ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་པའི་གནས་སྐབས་ཉིད་ན་འདི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་གནས་སྐབས ་འདི་ན་ཅི་བདག་ཉིད་ཀྱིས་ཚད་མ་ཞེས་ངེས་སམ། འོན་ཏེ་ལྷན་ཅིག་ཏུ་འབྱུང་བའི་ཤེས་པ་གཞན་གྱིས་སམ། །ཡང་ན་དུས་ཕྱིས་འབྱུང་བ་ཡིན་ཞེས་བྱ་བའི་ཕྱོགས་གསུམ་མོ། །དེ་ལ་རེ་ཞིག་བདག་ཉིད་ཀྱིས་ནི་མ་ཡིན་ཏེ། ཤེས་པ་ཐད་ནི་བདག་ཉིད་ལ་རྟོགS་པ་མེད་པ ་ཡིན་པའི་ཕྱིར་ཚད་མའོ་སྙམ་དུ་འཛིན་པས་ནི་འཐད་དོ། །གཞན་གྱི་ཤེས་པས་རང་རིག་པར་འདོད་པ་ཡང་མ་ཡིན་ཏེ། བློ་རྟག་ཏུ་ལྐོག་ཏུ་གྱུར་པར་ཁས་ལེན་པའི་ཕྱིར་རོ། །དུས་མཚུངས་པར་འབྱུང་བའི་ཤེས་པ་གཞན་གྱིས་ཀྱང་མ་ཡིན་ཏེ། རྣམ་པར་ཤེས་པ་གཉིས་ཅིག་ཅར་མི་འབྱུང་བའི ་ཕྱིར་རོ། །དུས་ཕྱིས་འབྱུང་བས་ཀྱང་མ་ཡིན་ཏེ། ཤེས་པ་གཞན་ཡང་མ་གྲུབ་པ་ནི་ངེས་བཟུང་པར་བྱ་བའི་ཤེས་པ་ཡང་མི་གསལ་བ་གསལ་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེ་ཡང་ཤེས་པ་གཞན་གྱིས་བསྒྲུབ་པར་འདོད་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན ་གང་དཱུང་ལོག་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རིག་བྱེད་ལའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས་རྒྱས་པ་རྣམས་ཀྱི་ནི་ཆོས་མཐུན་པ་ཙམ་རིགས་བྱེད་ལ་གནོད་པར་བྱེད་པའི་ཚད་མར་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་བཤད་པའི་བདག་དང་སྤྱིའི་ཚིག་གི ་དོན་ལ་ཚད་མས་གནོད་པའི་ཕྱིར་ཏེ། དེ་ཡང་བདག་བརྟག་པ་ལ་སོགས་པར་བསྟན་ཟིན་ཏོ། །གཞན་ཡང་ཐོས་པ་བརྟག་པར་རིག་བྱེད་སྐྱེས་བུས་ཕྱག་བ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་དང། སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་ཡང་ནགས་ཀྱིས་མེ་ལ་སོགས་པ་བཞིན་དུ་ལོག ་བ་ཉིད་ཀྱི་རྒྱུ་སྲིད་པའི་ཕྱིར། འདིར་ཚད་མ་མ་ཡིན་པ་ཉིད་དུ་སྲིད་པ་ཡིན་ནོ་ཞེས་དེ་ལྟར་བརྫད་ཀྱི་ཆོས་མཐུན་པ་ཙམ་གྱིས་ནི་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་སྲིད་པོ་དེ་ལྟ་ན་ཡང་སྲིད་པ་ཙམ་གྱིས་འདི་ཇི་ལྟར་ཚད་མ་མ་ཡིན་པ་ཉིད་དུ་འགྲུབ་པར་འགྱུར་སྙམ་དུ་ཞེས་ན་སྐྱོན ་མཐད་པ་ལས་སྐྱོན་འདེགས་པ་བྱེ་བྲེག་ཡོང་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དག་གང་ལ་སྐྱོན་འདོགས་པ་དེ་ནིདེ་ལྟ་བུ་ཡིན་པ་ལ་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཉི་ག་ཡང་ཚད་མ་ཉིད་ཡོད་པའི་ཐ་སྙད་དགག་པར་རུང་ཐ་ཉིད་དུ་མཚུངས་པའི་ཕྱིར། དེའི་ཕྱིར་དེ་ཡི ་རིག་བྱེད་ལ་ཡང། ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །བུས་དང་བཤད་པ་ཉིད་འདོད་ཀྱིར?་ཞེས་བྱ་བ་ལ། འདི་ནི་བྱས་པ་ཡང་ཡིན་ལ་བཤད་པ་ཡིན་པས་དེ་སྐད་ཅེས་བྱ་སྟེ་བཤད་པ་ནི་འཆད་པ་པོའོ། །སྐྱོན་མེད་པའི་སྐྱེས་བུ་དག་གིས་བྱས་པ་དང་འཆད? ་བ་ཞེས་གསུམ་པའི་བསྡུ་བ་ཡིན་ཏེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ནི་དེས་པ་ཡང་ཡིན་ལ་སྐྱོན་མེད་པས་བྱས་པ་དང་འཆད་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་འདོད་པར་གྱིས་ཤིག་སྟེ། རིག་བྱེད་ཚད་མ་ཉིད་དུ་གྲུབ་པའི་ཕྱིར་ཞེས་སྦྱར་རོ། །དེ་ལྟ ་ཡིན་དང་དེ་ལྟར་འདོད་པ་ན་གཞན་ལས་ཚད་མ་ཉིད་དུ་འགྱུར་ལ་མི་འདོད་ན་ནི་ཚད་མ་མ་ཡིན་པ་ཉིད་དུ་སྙམ་དུ་བསམས་པ་ཡིན་ནོ་དེས་ན་སྐྱོན་མེད་པས་བྱས་དད། བཤད་པ་ཉིད་དུ་ངེས་འདོད་ཀྱིས། ཞེས་བྱ་བ་འདི་ལ་གཞོན་ནུ་མ་ལེན་གྱིས་ལན་དོགས་པར་བྱེད་པ་ནི་ཇི ་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་འཆད་པ་པོ་ནི་སུ་ཞིག་ཡིན། སུ་ཞིག་དྲན་པ་དང་ཡིད་གཞུངས་པ་ཉམ་ཆུང་བ་ཡིན། གང་གང་ཞིག་གྲང་གི་ཐད་ནས་ལགས། སུ་ཞིག་དབྱངས་ཀྱི་སྟེང་དུ་གནོད་པ་ལ་སོགས་པ་ཆུ་བ་འམ་གཞན་དུ་བྱེད་པ་ཡིན་སུ ་ཞིག་ཚིག་མ་ཡིན་པ་ཚིག་ཉིད་དུ་བཅད་ནས་འདོན་པར་བྱེད་ཅེས་བྱ་བ་དེ་ལྟར་བརྩོན་འགྲུས་པ་རྩམས་པའི་རིག་བྱེད་འདོན་པར་བྱེད་པའི་གླགས་འཚོལ་བར་བྱེད་པ་ཡོད་པ་ན། རིག་བྱེད་འདོན་པར་བྱེད་པ་ཉོན་མོངས་དེ་ཇི་ལྟར་རིག་བྱེད་གུས་པར་མི་འདོན་དེ་ལྟ ་ཡིན་དང་རིག་བྱེད་འདི་ལ་ཚད་མ་ཡིན་པ་ཉིད་ཀྱིས་དོགས་མེད་པའི་ཕྱིར་དེས་ན་སྐྱོན་མེད་པར་བྱས་དང། བཤད་པ་ཉིད་དུ་ངེས་འདོད་ཀྱིས་།ཅིའི་ཕྱིར་བརྗོད་སྙམ་དུ་བསམས་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་རིག་བྱེད་འདོན་བདག་པའི་བློ་ཅན་རྣམS་ཀྱང་གཞན ་གྱི་རིག་བྱེད་ཤིག་པ་ན་སྙོམ་ལས་ཏེ་ལེ་ལོ་ལས་མི་སྨྲ་བ་དེའི་ཚེ་ཆ་བྱད་ཙམ་དུ་འགྱུར་པའི་ཕྱིར་རིག་བྱེད་འདི་བཞན་ཉིད་དུ་སྲིད་བ་ཡིན་ནོ། །གང་གི་ཕྱིར་འདོད་ཆགས་ལ་སོགས་བའི་སེམས་དང་ལྡན་པའི་རིག་བྱེད་འཇིགས་པའི་སྐྱེས་བུ་རྣམས་ཉམས་པར་བྱེད་བ་སྟེ ་ལྡོག་པར་བྱེད་པའི་བློ་རྣམ་པར་དག་པ་རྣམས་ཀྱིས་རིག་བྱེད་འདི་རྟག་ཏུ་སྲུང་བར་བྱེད་པའི་ཕྱིར་དེ་ཇི་ལྟར་བདག་ཉིད་ཀྱི་རང་བཞིན་སྤོང་བར་བྱེད་འདི་སྙམ་དུ་གལ་ཏེ་ཡང་དེ་དག་གིས་རིག་བྱེད་རྟག་ཏུ་སྲུངས་པ་དེ་ལྟ་ན་ཡང་འཇིགས་པ་ཆེན་པར་འདི་འཆང་བ་ནི ་ཕྱིས་རྣམ་པ་གཞན་དུ་ཡང་སྲིད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་འགྲོ་བ་ཐཾས་ཅད་ནམ་དུ་ཡང། ཞེས་པ་ལ་སོགས་པ་སྨོས་སོ། །དེ་ནི་དེ་ལྟ་མ་ཡིན་ཏེ་ཞེས་པ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལྟ་ན་འདོན་པ་ཙམ་འབའ་ཞིག་མཚུངས་པ་ཉིད་དུ་བསྟན་པ་ཡིན་གྱི ་དོན་རྟོགས་བའི་ཐབས་མ་ཡིན་ནོ། །དེ་ལྟ་ཡིན་དང་དེའི་དོན་དུ་གདོན་མི་ཟ་བར་འདི་སྐྱོན་མེད་པས་བྱས་པ་དང་བཤད་པ་ཉིད་དུ་འདོད་པར་བྱ་བ་ཉིད་དོ། །འདོད་པ་ཅམ་གྱིས་ཉམས་ཆུང་བ་མ་མཐོང་བ་ཙམ་གྱིས་ཐཾས་ཅད་མཁྱེན་པ་མ་ཡིན་པས་ཡུལ་ལ་སོགས་པ་ཐམས་ཅད་དུ ་ངེས་པར་ནུས་པ་མ་ཡིན་ནོ་ཞེས་བསྟན་པ་ནི་གང་གིས་མངོན་སུམ་མཁྱེན་པ་ལ། ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་ལ་འཐད་པར་འཆད་པ་ནི། གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདོན་པ་མཚུངས་པ་དེ་ཉིད་དུ་འགྱུར་ན་དེའི་ཚེ་ཡུལ་ལ་སོགས་པ ་འགའ་ཞིག་དུ་འདོན་པ་ལ་སྐྱེས་བུ་རྣམས་ཀྱི་རློ་མི་མཐུན་པ་སྟེ། ཐེ་ཚོམ་ཟ་བར་མི་འགྱུར་རོ། །འགྲོ་བ་ཐཾས་ཅད་ནམ་དུ་ཡང། ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་འགྲོ་བ་འདི་འདྲ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་ནི་ཐམས་ཅད་ཀྱི་ཚེ་འགྲོ་པ་འདི་འདྲ་པ་ཁོ ་ནའོ་ཞེས་བྱ་བ་འདི་ལ་སྒྲུབ་བར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ཡང་སངས་རྒྱས་པ་རྣམས་ཀྱིས། །འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣང་ཟད་པ། །ཞེས་འཇིག་པའི་བསྐལ་པ་བརྗོད་པ་དང། གང་དྲན་པར་བྱེད་པ་རྣམས་ཀྱིS ་འདི་ནི་ཀུན་ནས་མུན་པར་གྱུར། །དེས་པ་མ་ཡིན་མཚོན་པ་མིན། །བརྟག་བྱ་མ་ཡིན་ཤེས་བྱ་མིན། གཉིད་སྟུག་ལྟ་བུར་གྱུར་པ་ཡིན། །ཞེས་བརྗོད་པའི་འཇིག་པ་འདི་གཉི་ག་ལ་ཡང་གནོད་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡང་ཡོད་པ་མ་ཡིན་ན་གང་གིས་ཐཾS་ཅད་ཀྱི་ཚེ་འགྲོ ་བ་འདི་འདྲ་བ་ཉིད་དུ་གྲུབ་པར་གྱུར་བ་ཡིན། མ་མཐོང་བ་ཙམ་གྱིས་དངོས་པོ་རྣམས་མེད་པ་ཉིད་དུ་གྲུབ་པ་ཡང་མ་ཡིན་ཏེ་དངོས་པོ་ཡོད་པ་ཉིད་ན་ཡང་ལ་ལར་མི་མཐོང་བའི་ཕྱིར་དངོས་པོ་མེད་པས་མ་མཐོང་བ་ཙམ་ལ་ཁྱབ་བ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་རྟག་ཏུ་རང་གི་དོན་དང་རང་གི ་ཡུལ་ཅན་གྱི་དེས་པ་སྐྱེ་བ་ཡིན་ཏེ། རིག་བྱེད་རང་ལས་ཚད་མ་ཉིད་ཡིན་བའི་སྒོ་ནས་རྨོངས་པ་མེད་པའི་ཕྱིར་དང་རྟག་པའི་ཕྱིར་དང་རང་བཞིན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །ཁྱེད་ཅག་གི་ལུགས་ཀྱིས་རྣམས་གཉི་ག་ལྟར་ཡང་འཇིག་པ་མི་སྲིད ་པས་དེའི་ཕྱིར་བྱེད་འདོན་པར་བྱེད་པ་རྣམས་ཀྱིས་འདི་སྲུང་བར་བྱེད་པ་འབྲས་བུ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་སྟོན་པ་ནི། རང་ལས་ཚད་མ་རང་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སྐྱེས་ཕྲུག་གུ་ནི་བྲམ་ཟེའི་བྱིས་པའོ། །དེ་ལྟར་རེ་ཞིག་དང་ལས་ཚད་མ་མ་ཡིན་བའི ་ཕྱིར་འདིའི་འཇིགས་པ་མི་སྲིད་དོ་ཞེས་བསྟན་ཟིན་ཏོ། དེ་ནི་རྟག་པའི་ཕྱིར་མི་སྲིད་དོ་ཞེས་བྱ་བ་འདི་བསྟན་པར་འདོད་ནས་འདྲི་བ་ནི་རྡོ་རྗེ་བས་ལྷག། ཅེས་བྱ་བ་ལ་སོགས་བའོ། །མངོན་གསལ་གཞན་ཉིད་ཡིན་ཞེ་ན། ཞེས་བྱ་བ་ནི་འཇིགས་པ་ནི་ཞེས་བྱ་བ་དང་སྦྱར་རོ། །དེ་ནི་ཞེས ་བྱ་བ་ནི་མངོན་པར་གསལ་བའོ། །འདི་ནི་ཞེས་བྱ་བ་ནི་རིག་བྱེད་ཀྱིའོ། །དེའི་ཕྱིར་དབང་འདས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །ནང་གི་མུན་པ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། དེའི་ཚོགས་ནི་འདུས་པ་སྟེ། དེ་གང་གིས་རྣམ་པར ་གསལ་བ་དེ་ལ་དེ་སྐད་ཅེས་བྱའོ། །དམ་བཅའ་པའི་དོན་ཐཾས་ཅད་རྣམ་དབྱེ་ཤེས་པ་ནི་འཆད་པའོ། །བྱེད་པ་པོ་ཞེས་བྱ་བ་ནི་རིག་བྱེད་ཀྱིས་ཞེས་བྱ་བ་ལྷག་མའོ། །དེ་ལྟ་ནས་ན་དེ་ལྟར་དམ་བཅའ་བའི་དོན་ཐཾས་ཅད་དུ་ཚད་མས་གནོད་པ་ཉིད་དང་དེ་ཡོད་ན་ཡོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན ་ཚིགས་འདི་ཡང་མ་ངེས་པ་ཉིད་དུ་བསྒྲུབ་ཟིན་ཏོ། །རང་གི་ཕྱོགས་གྲུབ་པར་བྱ་བའི་ཕྱིར་ཆད་མ་ཉིད་ན་གང་ཞིག་ཐེ་ཚོམ་དང་ཕྱིན་ཅི་ལོག་གིས་ཡུལ་དུ་བྱས་པ་ཞེས་བྱ་བ་ལ་སོགས་བས་བསྟན་པ་ཡིན་ཞེས་བྱ་བ་ནི་སྡུད་པའི་དོན་ཏོ། །གང་ཡང་ཕྱོགས་བཞི་བཀོད་ནས་ཕྱོགས ་གསུམ་པ་ལ་སྐྱོན་བརྗོད་པར་བྱས་པ་དེ་ལ་ཡང་སངས་རྒྱས་པ་ལ་ཉམས་པ་ཅུང་ཟད་ཀྱང་མེད་དེ་གང་གི་ཕྱིར་སངས་རྒྱས་བ་རྣམས་ཀྱིས་བཞི་པ་འདི་དག་ལས་གང་རུང་བ་ཟིག་འདོད་བ་མ་ཡིན་ཏེ། དེས་པ་མེད་པའི་ཕྱོགས་འདོད་པ་ཉིད་ཀྱིས་ཕྱིར་རོ། །འདི་ལྟར་ཅུང་ཟད ་ཅིག་ནི་རང་ལས་ཡིན་ལ་ཅུང་ཟད་ཅིག་ནི་གཞན་ལས་ཡིན་ནོ་ཞེས་བྱ་བ་འདི་གཉི་ག་ཡང་སྔར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་བཞི་ཉེ་བར་བཀོད་པ་ཡང་དགས་པ་མ་ཡན་ཏེ་ཕྱོགས་ལྔ་པ་ངེས་པ་མེད་པ་ཡང་ཡོད་པའི་ཕྱིར་རོ་གཞན་དག་གིས་དམ་བཅས་བའི་དོན་རྣམས ་གཞན་དུ་ཡང་རྗོད་པར་བྱེད་དེ་རྟོག་པའི་བྱེད་པའི་བདག་ཉིད་ཅེས་བྱ་བ་ནི་ཚད་མ་ཡིན་ལ། དེ་ཡང་ཤེས་པ་རྣམས་ཀྱི་རང་བཞིན་ཁོ་ན་ཡིན་གྱི་ཡོན་ཏན་གྱིས་ཁྱབ་པ་ནི་མ་ཡིན་ནོ། །ཡོན་ཏན་མེད་ན་ཡང་ཕྱིན་ཅི་ལོ་གི་ཤེས་པ་ལ་རྟོགས་པའི་བདག་ཉིད་ཡོང་བའི་ཕྱིར་རོ། །དེའི་ཕྱིར་རང་ལས་ཚད ་མ་ཉིད། ཅེས་བྱ་བ་ལ། ཡོན་ཏན་རྣམས་ཀྱིས་ནི་སྐྱོན་སེལ་བ་ཁོ་ན་བྱས་པས་ངེས་དེ་སང་བར་བྱ་བའི་ཕྱིར་ཚད་མ་ཉིད་ནི་ཡོན་ཏན་ལ་བལྟོས་ཀྱི་བདག་ཉིད་ཐོབ་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་དེ་ནི་ཡང་དག་པ་མ་ཡིན་ཏེ་གང་གི་ཕྱིར་རྟོགས་པའི་བདག་ཉིད་ཁོ་ན་ཚད་མ་ཉིད་དུ་རིགS ་པ་མ་ཡིན་ཏེ་ཕྱིན་ཅི་འོག་གི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་རོ། །རྟོགས་པའི་ཁྱད་པར་ཚད་མ་ཉིད་ཡིན་ཞེ་ན། འོ་ན་དེ་ཡང་ཤེས་པ་རྣམས་ཀྱི་རང་བཞིན་ཁོ་ན་ཡིན་གྱི་ཡོན་ཏན་གྱིས་བས་པ་ནི་མ་ཡིན་ཏེ་ཡོན་ཏན་མེད་ན་ཡང་ཕྱིན་ཅི་ལོག་གི་ཤེས་པ་ལ་ཡོང་པའི་ཕྱིར་རོ་ཞེས་བརྗོད ་པར་མི་བྱའོ། །འདི་ལྟར་གལ་ཏེ་རྟོགས་པའི་ཁྱད་པར་ཚད་མ་ཉིད་དུ་འདོད་པར་གྱུར་ན་དེའི་ཆ་དེ་ཉིད་ཡོན་ཏན་གྱིས་བྱས་པ་ཉིད་ཡིན་ན་འཁྲུལ་བསྟན་པར་རིགས་ཀྱི་གཞན་ནི་མ་ཡིན་ནོ། །བཟློག་པའི་ཤེས་པ་ལ་ཡང་བཟློག་པའི་ཕྱིར་ཞེས་བྱ་བ་འདིས་རྟོགས་པའི་ཁྱད་པར་ཡོན་ཏན ་གྱིས་བྱས་པ་ཉིད་ཡིན་ན་འཁྲུལ་པར་བསྟན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རྟོགས་པའི་ཕྱིར་རོ། །གཞན་གྱིས་རྟོགས་པའི་སྤྱི་ནི་ཡོན་ཏན་གྱིས་བྱས་པར་འདོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟོགས་པའི་ཁྱད་པར་རོ། །ཡོན་ཏན་གྱིས་བྱས་པ་ཉིད་ཡིན་ནམ?་བྲུལ ་བར་བསྟན་པར་ནུས་པ་ཡང་མ་ཡིན་ལ་གང་གིས་དེ་བཀག་པས་ཁྱེད་ཅག་གི་རང་ལས་ཡིན་པ་རྣམ་པར་བཞག་པ་ཁོ་བོ་ཅག་གི་ཡོན་ཏན་གྱིས་བྱས་པ་ཉིད་ཀྱིས་གཞན་ལས་ཚད་མ་ཉིད་དུ་འདོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལ་ལ་? ་རྟོགས་པའི་ཁྱད་བར་འདི་ཉམས་སུ་མྱོང་ཡང་འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་དེས་པ་སྐྱེད་པར་མི་བྱེད་པས་དེ་ངེས་པར་བྱེད་པའི་ཕྱིར་གཞན་ལས་ཤེས་པ་རྣམ་པར་བཞག་གོ། གཞན ་ཡང་རྟོག་པའི་བདག་ཉིད་ཅེས་བྱ་བ་ཚད་མ་ཉིད་ཡིན་པ་ལ་ཡང་བརྟག་པར་ནུས་པ་ཁོ་ན་ཡིན་ལ་དེ་ཡང་ཤེས་པ་རྣམས་ཀྱིས་རང་བཞིན་གྱི་སྐྱོན་གྱིས་བྱས་པ་ནི་མ་ཡིན་ཏེ། སྐྱོན་མེད་ནའང་ཡང་དག་བའི་ཤེས་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་རང་ལས་ཚད ་མ་མ་ཡིན་ཉིད་།ཅེས་བྱ་ལ་སྐྱོན་རྣམས་ཀྱིས་ནི་ཡོན་ཏན་སེལ་བ་ཉིད་བྱེད་དེ། ངས་ན་གསལ་པ་བའི་ཕྱིར་ཚད་མ་ཡིན་པ་ཉིད་ནི་སྐྱོན་ལ་བལྟོས་ཀྱི། བདག་ཉིད་ཐོབ་པར་བྱ་བའི་ཕྱིར་ནི་མ་ཡིན་པ་དེ་ལྟ་བས་ན་འདི་ནི་གྱི་ནའོ། །ུཾ་པེ་ཀ་ན་རེ་རྟོག་པའི་བདག་ཉིད་ཅེས ་བྱ་བ་ཤེས་པ་རྣམས་ཀྱི་ཆད་མ་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་ལ་མི་བསླུ་བ་ཉིད་དེ་འདི་ལྟར་རྟོགས་པའི་བདག་ཉིད་ཡོད་ན་ཡང་གང་ལ་དོན་ལ་མི་བསླུ་བ་ཉིད་མེད་པ་དེ་ནི་ཚད་ན་ཉིད་མ་ཡིན་ཏེ་དཔེར་ན་ཉ་ཕྱིས་ལ་དངུལ་གྱི་ཤེས་པ་བཞིན་ནོ། །གང་ལ་རྟོགས་པའི ་བདག་ཉིད་མེད་ན་ཡང་དོན་ལ་མི་བསླུ་བ་ཉིད་ཡོད་པ་དེར་ནི་ཚད་མ་ཉིད་ཡིན་ཏེ། དཔེར་ན་མི་ལ་དུ་བ་བཞིན་ནོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མི་བསླུ་བ་ཉིད་དུ་གྲུབ་པོ་དེ་ཡང་ཤེས་པ་རྣམས་ཀྱི་བདག་ཉིད་ཀྱི་རྒྱུ་ལས་ཉེ་བར་སྐྱེའི་ཚོགས་པ་གཞན ་ལས་ནི་མ་ཡིན་བ་དེས་ན་དེའི་ཕྱིར་ཚད་མ་རྣམས་རང་ལས་ཚད་མ་ཉིད་དུ་བརྗོད་དོ། རང་གི་སྒྲ་ནི་བདག་གི་བརྗོད་བའི་ཕྱིར་དེ་དག་ཉིད་ཀྱི་རྒྱུ་ལས་ཞེས་བྱ་བའི་དོན་ཏོ། །རང་ཉིད་བྱེད་པར་ནུས་པ་ནི། གཞན་གྱིས་བྱ་བར་ནུས་མ་ཡིན། ཞེས་བྱ་བ་ཕྱེད་ཕྱི་མས ་ཚོགས་པ་གཞན་ལས་བྱུང་བ་བཀག་པ་བསྟན་པ་ཡིན་ནོ། །རང་ལས་བྱ་བར་མི་ནུས་ན་རྣམ་པར་ཤེས་པའི་ཚོགས་པ་གཞན་མ་རྟོགས་པ་གཞན་གྱིས་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་རྣམ་པར་ཤེས་པའི་རྒྱུ་གཞན་རྣམས་ནི་ཆད་མ་དང་ཚད་མ་མ ་ཡིན་པའི་ཐུན་མོང་པ་ཡིན་ཏེ། དེ་ཇི་ལྟར་རྒྱུ་ཙམ་དུ་གནས་པ་ན་ཚད་མ་ཉིད་དུ་འགྱུར་དེ་ལྟ་བས་ན་ཚད་མ་ཉིད་ནི་ཚོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཡིན་གྱིས་ཤེས་པ་ཙམ་གྱིས་བསྐྱེད་པར་བྱ་བ་ནི་མ་ཡིན་ནོ། ཚོགས་པ་གཞན་དེ་ཡང་ཡོན་ཏན་དང་ལྡན་པ་གཅིག་པ་ཉིད་ཀྱིས་དབང ་པོ་ལ་སོགས་པ་ཡིན་ཏེ། ཇི་སྐད་དུ། དབང་པོ་ལ་སོགས་ཡོན་ཏན་དཔག?། འདིའི་རྒྱུ་ཡིན་བཤད་པ་བཞིན་ནོ། །སྒྲ་ལ་ཡང་ཡིད་ཆེས་བར་བྱས་པ་ཉིད་ཀྱི་རྒྱུའི་ཡོན་ཏན་གྱིS་ཐ་སྙད་དེས་པ་ཡིན་ལ་རིག་བྱེད་ལ་ཡང་དེ་མེད་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་ཐལ་པར་འགྱུར་རོ ་སྙམ་དུ་སེམས་ན། སྐྱོན་འདི་ནི་མེད་ཚོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཡང་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་ཡོན་ཏན་རྣམས་གྲུབ་པའི་སྒོ་ནས་ཚད་མ་ཞེས་བྱ་བའི་འབྲས་བུ་བསྐྱེད་པ་ལ་བྱ་བ་རྟོགས་པ་སྲིད་པ་མ་ཡིན་ཏེ་དབང་པོ་ལ་སོགས་པའི་ངོ་བོ་ཁོ་མ་གཞན་ལ་བལྟོས་པ ་མེད་པར་དོན་ལ་མི་བསླུ་བའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ལ་མིག་སྨན་ལ་སོགས་པ་རྣམས་ནི་སྐྱོན་དང་བྲལ་པར་བྱེད་པ་ལ་བྱ་བ་དང་ལྡན་པ་ཡིན་གྱི་ཡོན་ཏན་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་ཡང་དབང་པོ་ལ་སོགས་པའི་རང་གི་རོ་ལས་ཚད་མ་མ་ཡིན་པའང་ཡོད་པས་ཐཾས་ཅད་ཚད་མ ་བསྐྱེད་པར་ཐལ་བར་འགྱུར་ཏེ་རྒྱུ་མཚང་བའི་ཕྱིར་རོ་སྙམ་ནི། དེ་ནི་ཡོད་པ་མ་ཡིན་ནོ། །སྐྱོན་ཡོད་ན་ཡང་ཚོགས་པ་གཞན་ལས་མི་མཐུན་པའི་འབྲས་བུ་སྐྱེ་བར་འགྱུར་རོ། །འདི་སྙམ་དུ་ཅིའི་ཕྱིར་བཟློག་པ་ཞེས་པར་མི་བྱེད། དབང་པོ་ལ་སོགས་པའི་རང་གི་ངོ་བོ་ཉིད་གཞན་ལ་བལྟོས་པ་མེད ་པར་འཁྲུལ་པའི་ཤེས་པ་སྐྱེད་བར་བྱེད་ལ་ཡོན་ཏན་ཡིན་ན་ཡང་ཚོགས་པ་གཞན་གྱི་དོན་ལ་མི་བསླུ་བའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ནི་བདེན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཚུལ་གསུམ་པའི་རྗེས་སུ་དཔག་པ་ལ་སོགS ་པ་ཚད་ཉིད་དུ་སྐྱེད་པར་བྱེད་བར་མཐོང་བས་མངོན་སུམ་ལ་ཡང་འདྲ་བའི་ཕྱིར་དེ་ཉིད་སྐྱེད་པར་བྱེད་པར་བརྟགས་པ་ཡིན་ནོ། །ཕྱིན་ཅི་ལོག་གི་ཤེས་པའི་ངོ་བོ་འབྲས་བུ་ནི་དབང་པོ་ལ་སོགས་པའི་རང་གི་ངོ་བོ་ལས་མི་སྐྱེ་བ་ནི་ཚོགས་པ་གཞན་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་ཁ་ན་མ་ཐོ་ ་བ་མེད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ཐཾས་ཅད་ཁ་ན་མཐོ་པ་མེད་པ་མ་ཡིན་ཏེ། འདི་ལྟ་རེ་ཞིག་ཞེས་པ་ནི་ཚད་མ་ཉིད་ནི་དོན་ལ་མི་སླུ་བ་ཉི་ཡིན་ན་ལ་དེའི་དེ་ཡང་བདག་ཉིད་ཀྱི་རྒྱུ་ལ་ཉེ་བར་སྐྱེའོ་ཞེས་གང་སྨྲས་པ་འདི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། གང་གི་ཕྱིར ་ཚད་མ་བསླུ་བ་མེད་ཅན་གྱི། ཤེས་པ་ཞེས་བཤད་པའི་ཕྱིར་ཁོ་བོ་ཅག་དོན་ལ་མི་བསླུ་བ་ཉིད་ཅེས་བྱ་བ་ཤེས་པའི་ཚད་མ་ཉིད་དུ་འདོད་པ་ཁོ་ན་ཡིན་ལ་འོན་ཀྱང་ཤེས་བ་ཞེས་ཁྱད་པར་ཉེ་བར་བཟུང་བའི་ཕྱིར་ཤེས་པའི་རང་བཞིན་མ་ཡིན་པའི་དུ་བ་ལ་སོགས་པ་དངོS ་སུ་ཚད་མ་ཉིད་?་འདོད་པའི་ཕྱིར་དེ་ལ་མི་བསླུ་བ་ཉིད་ཙམ་ཚད་མ་ཉིད་དུ་གྲུབ་སྟེ། བླང་པར་བྱ་བ་དང་དོར་བར་བྱ་བའི་ཕྱིར་དངོས་པོ་འཇུག?་པ་ལ་ཤེས་པ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །འདི་ལྟར་དུ་པལ་སོགས་པ་མེད་ན་མི་འབྱུང་བ་ཡིན་ནའང་ཇི་སྲིད་དུ་རྣམ་པར་ཤེས་པ་མི ་བསྐྱེད་པ་དེ་སྲིད་དུ་སྐྱེས་བུ་དོན་ལ་འཇུག་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་ཤེས་པ་ནི་འཇུག་པ་བར་མཆོད་པའི་བྱེད་པ་པོ་ཡིན་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ཏེ། བློ་ནི་ཚད་མ་ཉིད་བླང་དང་དོར་བྱའི་དངོས་ལ། འཇུག་པ་དེ་གཙོ་ཉིད་ཕྱིར་རོ། །ཞེས་གང་བཤད་པ་ཡིན་ནོ། །མི ་བསླུ་བ་ཉིད་ཀྱི་ཤེས་པ་དེ་ཡང་དོན་ཐོབ་པར་ནུས་པའི་མཚན་ཉིད་ཡིན་གྱི། དོན་ཐོབ་པ་ཉིད་ནི་མ་ཡིན་ཏེ། གེགས་ལ་སོགས་པ་སྲིད་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་ནུས་པ་ནི་བདག་ཉིད་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་གང་གིས་དེ་འགེགས་པར་འགྱུར་བ་དེ་དོན་གཞན་ལS ་སྐྱེ་བར་འདོད་པ་སུ་ཞིག་ཡིན་ཏེ་གྲུབ་པ་ན་མ་གྲུབ་པའི་ཆོས་ནི་དེའི་རང་བཞིན་དུ་?་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཚད་མའི་བདག་ཉིད་དུ་གྱུར་པ་ཡིན་ན་ཡང་འཁྲུལ་པའི་རྒྱུ་ཡོད་པའི་ཕྱིར་དེའི་འབྲས་བུ་མ་རྟོགས་པས་ངེས ་པར་མི་ནུབ་པའི་ཕྱིར་དོན་བྱེད་བའི་ཤེས་པར་བརྗོད་པའི་འབྲས་བུ་གཞན་ལས་ངེས་པར་བྱེད་དོ། །ངེས་ན་དེས་པ་ལས་བལྟོས་ནས་གཞན་ལས་ཚད་མ་ཞེས་བྱའོ། །སྐྱེད་པར་བྱེད་པ་ལ་བལྟོས་ནས་ནི་མ་ཡིན་ཏེ། དེས་ན་རྒྱུ་གཞན་ལས་སྐྱེ་བ་འགེགས་པ་དོན་མེད་དེ། ་རྩོད་པ་མེད་པའི་ཕྱིར་རོ། །ཁྱེད་ཅག་གིས་ཀྱང་ནུས་པ་དེས་པ་ནི་གཞན་ལས་ཡིན་པར་འདོད་པ་ཁོ་ན་སྟེ། ཇི་སྐད་དུ། དངོས་པོ་ཀུན་ཀྱི་ནུས་པ་རྣམས་འབྲས་བུའི་དོན་གྱིས་གྲུབ་པར་བྱེད་ཅེས་བཤད་པ་བཞིན་ནོ། །གང་ཡང། རང་ལས་མེད་པའི་ནུས་པ་ནི། །གཞན་གྱིས་བྱ་བར་ནུས་མ་ཡིན། ཞེས་བྱ་བ་འདི ་ཚོགས་བ་གཞན་ལས་བྱུང་བ་དགག་པར་བྱ་བའི་ཕྱིར། གཏན་ཚིགས་བརྗོད་པ་དེ་ནི་ཚད་མ་མ་ཡིན་པ་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་ཡང་རང་ཉིད་ལས་ཚད་མར་ཐལ་བར་འགྱུར་ལ། ཡང་ན་དེ་གཏན་ཚིགས་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །ཡང་ན་ཡོན་ཏན་རྣམས་དང་གྲུབ་པའི་སྒོ་ནས ་ཚད་མའི་འབྲས་བུ་སྐྱེད་པ་ལ་བྱ་བ་རྟོགས་པ་སྲིད་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ཡང་མི་གསལ་བའི་དོན་ཅན་ལོང་བའི་ཚིག་ཡིན་ཏེ། བསྒྲུབ་པའི་སྒོ་ནས་བྱ་བ་རྟོགས་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན་པ་མི་ཤེས་ཏེ། གལ་ཏེ་རེ་ཞིག་རིག་བྱེད་ཀྱི་ངག་འདི་བྱའོ་ཞེས་བྱ་བའི་འབྲས་བུ་བསྐྱེད ་པར་བྱ་བའི་ཕྱིར་བློ་སྔོན་དུ་གཏོང་པའི་འཇུག་པ་དེ་ནི་དབང་པོ་ལ་སོགས་པ་ལ་ཡང་ཡོད་པ་མ་ཡིན་ཏེ་དངོས་པོ་ཐམས་ཅད་ནི་སྐད་ཅིག་མ་ཉིད་ཀྱིས་གཡོ་བ་དང་བྱ་བ་དག་མི་སྲིད་པའི་ཕྱིར་དངོས་པོ་རྣམས་ལ་རྟོག་པ་སྔོན་དུ་གཏོང་བ་ཉིད་ཡོད་པ་མ་ཡིན་དེ་ལྟ་ཡིན་དང་དབང་པོ་ལ་སོགས ་པ་ལ་ཡང་སྒྲུབ་པའི་སྒོ་ནས་བྱ་བ་མི་སྲིད་པའི་ཕྱིར་རྒྱུ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་སྐྱེད་པར་བྱེད་པའི་བྱ་བ་དང་ལྡན་པ་མེད་ན་ཡང་དབང་པོ་ལ་སོགས་པ་ཡོད་པ་ཙམ་གྱིས་འབྲས་བུ་སྐྱེད་པ་ལ་འཇུག་པ་ཡིན་པས་རྒྱུ་ཉིད་དུ་འདོད་ལ། འདི་ནི་ཡོན་ཏན་དག་ལ་ཡང་མཚུངས་ཏེ་རྒྱུ་རྣམས་ཀྱི་འབྲས་བུ ་བསྐྱེད་པ་ལ་ངེས་པར་ཡོད་པ་ཉེ་བ་ལས་མ་རྟོགས་པ་བྱ་བ་གཞན་རྟོགས་པ་སྲིད་བ་ནི་མ་ཡིན་ནོ། །ཅི་སྟེ་ཡོན་ཏན་ཡོད་ན་སྐྱོན་ལྡོག་པ་ན་ཚད་མ་ཉིད་སྐྱེའོ་ཞེས་བྱ་བ་འདི་ལ་སྐྱོན་རྣམས་སྒྲུབ་པའི་སྒོ་ནས་ཚད་མ་མ་ཡིན་པར་འཇུག་པ་ལ་བྱ་བ་བྱེད་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་ཚང་མ་མ ་ཡིན་པ་ཡང་རང་ལས་ཡིན་པར་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སྐྱོན་རྣམས་ཡོན་ཏན་མ་གསལ་བར་དངོས་སུ་ཚད་མ་མ་ཡིན་པ་ལོ་འཇུག་བ་ན་མཚོན་པ་ནི་མ་ཡིན་ཏེ། དེ་ལྟ་བས་མེད་ཡོད་ན་ཡོད་པའི་རྗེས་སུ་བྱེད་པ་ལས་མ་གཏོགས་གཞན་རྒྱུ་དང་འབྲས་བུའི་དངོས་པོ ་སྲིད་པ་མ་ཡིན་པའི་ཕྱིར་སྐྱོན་བཞིན་དུ་ཡོན་ཏན་རྣམས་ལ་ཡང་རྒྱུ་ཉིད་མཚུངས་པ་ཡིན་ནོ། །གང་ཡང་དབང་པོ་ལ་སོགས་པའི་ངོ་བོ་ཁོ་ན་གཞན་ལ་བལྟོས་པ་མེད་པར་དོན་ལ་མི་བསླུ་བའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ ་མ་ཡིན་ཏེ། རྒྱུ་མ་ཚང་པ་མེད་པ་ཉིད་ཀྱི་རྟོགས་པའི་ངོ་བོ་བཞིན་དུ་ཤེས་པ་ཐཾས་ཅད་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཤེས་པ་རྣམས་ཀྱི་རྟོགས་པའི་ངོ་བོ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་འབྲེལ་པ་ན་སྐྱོན་ལ་སོགས་པ་ཡོད་ན་ཡང་རྒྱུ་མ་ཚད་པ་མེད་པ་ཉིད་ཀྱིས ་ཤེས་པ་ཐཾས་ཅད་ལས་འགྱུར་བ་བཞིན་དུ་དོན་ལ་མི་བསླུ་བ་ཉིད་ཀྱང་འགྱུར་རོ། །འདི་སྙམ་དུ་སྐྱོན་རྣམས་ཀྱིས་ཚད་?་མ་ཡིན་པ་ཉིད་རྙེད་པ་ན་རྒྱུ་མ་ཚད་བ་མེད་པའི་ཚད་མ་ཡང་ཉེ་བར་སྐྱེ་བ་ན་ཡིན་ཏེ། ཤེས་པ་གཅིག་ལ་ཚད་མ་དང་ཅིག་ཤོས་འགལ་བ་དག་མི་རུང་བའི ་ཕྱིར་རོ། །འགལ་བ་མེད་པའི་རྟོགས་པའི་ངོ་ནི་ཐམས་ཅད་ལ་ཡོད་པ་ཉིད་ཡིན་ནོ། །གལ་ཏེ?་དེ་ལྟ་ན་དབང་པོའི་ངོ་ཉིད་གཞན་ལ་མ་བལྟོས་པའི་རྒྱུར་གྲུབ་པ་མ་ཡིན་ཏེ། དེ་མཚང་བ་མེད་པ་ཡིན་ན་ཡང་ཚད་མར་བརྗོད་པའི་འབྲས་བུ་མི་སྐྱེ་བའི་ཕྱིར་རོ། །གཞན་ལ་བལྟོས་པ ་མེད་པ་ནི་རེ་འགའ་སྐྱེད་པར་བྱེད་པ་ཉིད་རིགས་པ་མ་ཡིན་ལ་གང་ཞིག་གང་ཡོད་ན་ཡང་མི་འབྱུང་བ་དེ་ནི་དེ་ཙམ་གྱི་རྒྱུ་ཅན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རེ་ཞིག་ཁྱེད་ཅག་གིས་གལ་ཏེ་ཚད་མ་ཉིད་དུ་རྒྱུ་མ་ཚང་བ་མེད་པ་ཡིན་ན་ཅིའི ་ཕྱིར་སྐྱོན་ཡོད་ན་ཡང་སྐྱེད་པར་མི་བྱེད་པས་བྱ་བ་འདི་བརྗོད་པར་རིགས་སོ། རང་དང་འགལ་བའི་སྐྱོན་ཉེ་བ་ཉིད་ཀྱི་ཕྱིར་ཞེན་ཚད་མ་མ་ཡིན་པ་ལ་ཡང་མཚུངས་ཏེ། དེ་ཡང་དེའི་ཚེ་རང་དང་འགལ་བའི་རྒྱུ་དབང་པོ་ལ་སོགས་པ་ཉེ་བའི་ཕྱིར་སྐྱེ་བར་མི་འགྱུར་རོ། །གཞན་ཡང ་གལ་ཏེ་འགལ་བའི་རྒྱུའི་སྐྱོན་གཞན་ལས་ཚད་མ་ཉིད་མི་སྐྱེ་པར་འདོད་པར་འགྱུར་ན་རང་གི་རྒྱུ་ཉིད་ནུས་པ་ཉམས་པ་ཡིན་ན་དེའི་ཚེ་ཅིའི་ཕྱིར་བཏང་སྙོམས་སུ་བྱེད་གལ་ཏེ་རང་གི་འབྲས་བུ་སྐྱེད་པར་མི་འདོད་ཀྱང་བཙན་ཐབས་སུ་སྐྱེད་པར་བྱེད་པ་དེ་ལྟན་ནི་དེས་ན་བདག་ཉིད ་ཀྱི་ནུས་པ་ཉམས་?་གསལ་བར་འགྱུར་རོ། །སྐྱོན་གྱི་ནུས་པ་ཉམས་པར་བྱས་པའི་ཕྱིར་བཏང་སྙོམས་སུ་བྱེད་པ་ཡིན་ཞེ་ན། མ་ཡིན་ཏེ། ཚད་མ་མ་ཡིན་པའི་རྒྱུ་ཡང་དབང་པོ་དག་གིས་ནུས་པ་ཉམས་པར་བྱས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ཁྱད་པར་མེད་པའི་ཕྱིར་དང། ཤེས་པ་ཡང་མི་སྐྱེ་པར ་ཐལ་བར་འགྱུར་པའི་ཕྱིར་རོ། །འདི་ལྟར་ཇི་ལྟར་སྐྱོན་གྱི་ནུས་པ་ཉམས་པ་ཉིད་ཀྱི་ཕྱིར་དབང་པོས་ཚད་མ་ཉིད་སྐྱེད་པར་མི་བྱེད་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་སྐྱེད་པར་མི་བྱེད་དེ། ནུས་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཚད་མ་ཉིད་རྣམ་པར་ཤེས་པའི་རྒྱུ་ཙམ་གྱིས་བསྐྱེད་པར་བྱ་བར་འགྲུབ་པར ་མི་འགྱུར་ཏེ། དེ་སྐྱེད་ན་ཡང་མི་སྐྱེ་བའི་ཕྱིར་རོ། །གང་ཞིག་གང་སྐྱེ་པ་ན་ཡང་དེས་པར་མི་སྐྱེ་བ་དེ་ནི་དེ་དང་ལྷན་ཅིག་རྒྱུ་གཅིག་པ་མ་ཡིན་ཏེ། དཔེར་ན་ཀོ་ཏྲ་བའི་མྱུ་གུ་སྐྱེ་བ་ན་སཱ་ལུའི་མྱུ་གུ་མི་སྐྱེ་བ་བཞིན་ནོ། །རྣམ་པར་ཤེས་པ་སྐྱེས་ན་ཡང་ཚད་མ་ཉིད་ངེས་པར་སྐྱེ་བ་མ་ཡིན་ཞེས་བྱ ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་བའོ། །འགའ་ཞིག་གི་དེའི་རང་བཞིན་མ་ཉམས་ན་བདག་ཉིད་དུ་གྱུར་པ་ཉམས་པར་བྱ་བར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟ་ཡིན་དང། རང་ལས་དམིགས་པ་ཐམས་ཅད་ཀྱི། །ཚད་མ་ཉིད་ཅེས་གཟུང་བར་གྱིས། །རང་ལས་ཡོད་པའི་ནུས་པ་ནི། །གཞན་གྱིས་གཞོན ་པར་ནུས་མ་ཡིན། ཞེས་བྱ་བ་དེ་ལྟ་བཱུང་འདོན་པར་ནུས་པར་མ་ཡིན་ནོ། །འདི་སྙམ་དུ་དབང་པོ་ལ་སོགས་པ་ཙམ་ཚད་མ་ཉིད་ཀྱི་རྒྱུར་མི་འདོད་དེ། འོ་ན་ཅི་ཞེ་ན། ཁྱད་པར་ཉིད་དེ་སྐྱོན་དང་བྲལ་བ་གང་ཡིན་པའོ། །དེ་ནི་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ ་ན་ཡོན་ཏན་དང་ལྡན་པའི་དབང་པོ་ལ་སོགས་པའི་ཚོགས་པ་གཞན་ཁོ་ན་ཚད་མ་ཉིད་ཀྱི་རྒྱུ་ཡིན་ནོ། །ཞེས་བྱ་བར་འགྱུར་ཏེ་ལྟོ་ན་དང་ལྷན་ཅིག་པ་ཉིད་ལ་སྐྱོན་དང་བྲལ་པ་ཉིད་ཡོད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཚོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཉིད་དུ་མ་གྲུབ་བོ་ཞེས་བརྗོད་པར་མི་བྱའོ། །ཡོན་ཏན ་གྱི་བྱ་བ་ནི་སྐྱོན་དང་བྲལ་བ་ཉིད་ལ་ཡིན་གྱི་ཚད་མ་བསྐྱེད་པ་ལ་ནི་མ་ཡིན་ནོ་ཞེ་ན། བྲལ་བ་ནི་མེད་པ་ཉིད་ཀྱི་ཕྱིར་དེ་ལ་འགའ་ཞིག་རིགས་པ་མ་ཡིན་ཏེ། མ་སྐྱེས་པའི་རང་བཞིན་རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་ལ་བྱ་བ་འགའ་ཞིག་སྲིད་པ་ནི་མ་ཡིན་ནོ། །གང་ཡང་རྗེས་སུ ་འགྲོ་བ་དང་ལྡོག་བ་དག་ལས་རྣམ་པར་ཤེས་པ་བསྐྱེད་པ། ཁོ་ན་ཚུལ་གསུམ་པའི་རྗེས་སུ་དཔག་པ་ལ་སོགས་ལ་ཚད་མ་ཉིད་སྐྱེད་པར་བྱེད་པ་མཐོང་ངོ།། ཞེས་བྱ་བའི་ད་ལ་ཡང་མ་གྲུབ་སྟེ། ཚུལ་གསུམ་བ་ཉིད་འབའ་ཞིག་རྗེས་སུ་དཔག་པའི་སྐྱེད་པར་བྱེད ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟོགས་པ་བོ་ལ་ཡོད་པའི་མི་རྨོངས་པར་དྲན་པའི་འདུ་བྱེད་ལ་སོགས་པའི་ཡོན་ཏན་ཡང་ཡིན་ཏེ། ཇི་ལྟར་ཚུལ་གསུམ་ཡོད་ན་ཡང་འབྲེལ་པ་དྲན་པའི་འདུ་བྱེད་ཉམས་པ་དང་འབྲེལ་བ་མ་རྟོགས་པའི་གྲུབ་པ་པོ་ལ་རྗེས་སུ་དཔག་བ་མི་སྐྱེ་བས་དེའི་ཕྱིར ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་རྣམ་པར་ཤེས་བ་སྐྱེད་པ་ཁོ་ན་འཚང་མ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་མ་གྲུབ་སྟེ། དེས་ན་བཟློག་པ་བཟློག་པར་དཀའ་བ་ཉིད་དུ་དེ་རྣམ་པར་གནས་སོ། །གང་ཡང་ཕྱིན་ཅི་འོག་གི་ཤེས་པའི་འབྲས་བུ་ནི་དབང་པོ་ལ་སོགས་བའི ་རང་བཞིན་ལས་སྐྱེ་བ་མ་ཡིན་ནོ་ཞེས་སྨྲ་བ་དེ་ཡང་ཆེས་གཟུ་ལུམས་ཡིན་ཏེ་ཕྱིན་ཅི་ལོག་གི་ཤེས་པ་ནི་དབང་པོ་ལས་མ་བལྟོས་པར་ཡང་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། རང་བཞིན་གང་ཞིག་གང་ལས་མི་སྐྱེ་བ་དེ་ནི་དེ་ལ་བལྟོས་པར་རིགས་པ་མ་ཡིན་ཏེ། ཧ ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། རབ་རིབ་ཅན་ལ་སོགས་པའི་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ནི་དབང་པོ་ལས་མ་རྟོགས་པར་སྐྱེ་བ་ཡང་མ་ཡིན་ནོ། །གཞན་ཡང་གལ་ཏེ་དོན་ལ་མི་བསླུ་བ་ཉིད་ཚད་མ་ཉིད་དུ་བརྗོད་པ་དེའི་ཚེ་གང་གིས་དེ་ལ་ཁྱེད་ཅག་ཚུ་རོལ་མཐོང་བ་རྣམS ་ཀྱི་ཚད་མ་ཉིད་ཀྱི་ཐ་སྙད་དུ་འགྱུར་པ་བསྐུལ་བ་ལས་བྱུང་བའི་བློ་ཇི་ལྟར་དོན་ལ་མི་བསླུ་བ་ཉིད་དུ་རྟོགས་པར་འགྱུར་བ་དེའི་འབྲས་བུ་མ་རྟོགས་པ་དག་གིས་ནི་དེའི་ནུས་པ་ངེས་པར་བཟུང་བར་ནུས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་ཡིན་དང་རིག ་བྱེད་གང་ཁོ་ནའི་ཚད་མ་ཉིད་བརྟན་པར་བྱེད་པར་འདོད་པས་ཚིག་གི་དྲ་བ་འདི་ཐམས་ཅད་ཉེ་བར་འགོད་པར་བྱེད་པས་དེ་ཉིད་ཀྱི་དེ་མ་གྲུབ་པའི་ཕྱིར་འདི་ནི་འབྲས་ཐུག་པོ་ཆེ་དོན་དུ་གཉེར་བ་ཕུབ་མ་རྡུང་བར་བྱེད་པ་འབའ་ཞིག་ཏུ་ཟད་པ་ཡིན་པས་ཧ་ཅང་ཐལ ་བར་འགྱུར་བས་ཆོ་གོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འབྲེལ་ལས་ཚད་མ་བརྟག་པ་སྟེ་སུམ་ཅུ་པའོ།། །།འགྲོ་ཕན་མཛད་པ་བཞེད་པ་ཡིས། །བསྐལ་པ་གྲངས་མེད་མི་ཉུང་བར། །ཐུགས་རྗེ་ཆེན་པོའི་བདག་གྱུར་ལ། །རྟེན་ཅིང་འབྲེལ་འབྱུང་གསུང་བ་ཡི། །ཐམས་ཅད་མཁྱེན ་པ་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ནས། །དེ་ཁོ་ན་ཉིད་བསྡུས་པ་བྱ། ཞེས་བྱ་བ་འདིས་ཐམས་ཅད་མཁྱེན་པ་སྟོན་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁྱད་པར་བསྟན་པ་གང་ཡིན་པ་དེ་བསྒྲུབ་པར་བྱ་བའི་དོན་དུ་སྐབས་དགོད་པར་བྱ་བའི་ཕྱིར་དེ་ལྟར་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། དེ་ལྟར་དེ་མ་ཐག་ཏུ་བཤད་པའི་རིགས་པས་གང་གི་ཚེ། ཚད་མ་ཐམས་ཅད་རང་ཉིད་ལས་ཚད་མ་མ་ཡིན་ནོ་ཞེས་གནས་ཏེ། དེས་ན་འབད་བ་མེད་པ་ཉིད་དུ་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་གྲུབ་པར་བྱེད་པའི་ཕྱིར་ཏེ་འགྲུབ་པར་བྱ་བའི་དོན ་དུ་ལོགས་ཤིག་ཏུ་འབད་པ་གཞན་མི་བྱའོ། །འདི་སྙམ་དུ། ཇི་ལྟར་འབད་བ་མེད་པར་གྲུབ་པར་འགྱུར་སྙམ་དུ་སེམས་ན་།རིག་བྱེད་ཀྱི་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ཡང་ཞེས་བྱ་བ་ནི་སྐྱེས་བུའོ། །ལས་ཞེས་བྱ་བ་ནི་བྱེད་པ་པོ་སྐྱེས་བུ་ལས་སོ་།དེ་ལས་ཞེས་བྱ ་བ་ནི་རིག་བྱེད་ལ་སྟེ། ཚད་མ་ཉིད་ཅེས་བྱ་བ་འདི་ལ་བལྟོས་ནས་གནས་བཞིའི་བདུན་པ་ཡིན་ནོ། །ཚད་མ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དབང་པོ་ལས་འདས་པའི་དོན་སྟོན་པར་བྱེད་བ་ཉིད་དོ། །འདི་ཡང་གཞན་གྱི་ལུགས་ལ་བལྟོས་ནས་བརྗོད་བ་ཡིན་ནོ། །འདི་སྐད་བསྟན་པ ་ཡིན་ཏེ། གལ་ཏེ་གང་ཁྱེད་ཅག་གིས་གདོན་མི་ཟ་བར་རིག་བྱེད་ཚད་མ་ཉིད་དུ་ཁས་ལེན་པར་བྱེད་ན། དེའི་ཚེ་འདི་བྱེད་པ་པའི་སྐྱེས་བུ་ཉིད་ལས་ཚད་མ་ཉིད་དུ་རིགས་ཀྱི་རང་ལས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་སྔར་བསྟན་ཟིན་ཏོ། །རིག་བྱེད་ཀྱི་བྱེད་པ་པོ་དེ་ཡང་གལ་ཏེ་དབང་པོ་ལས ་འདས་པའི་དོན་མཐོང་བ་དེའི་ཚེ་བྱེད་པ་པོ་དེ་ལས་ཀྱང་འདི་ཚད་མ་ཉིད་དུ་རིགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་བྱེད་བ་པོ་ཕྱིན་ཅི་ལོག་པ་དང་ཐེ་ཚོམ་ལ་སོགས་པ་དང་ལྡན་ན་སྨྱོན་པ་ལ་སོགས་པའི་ཚིག་བཞིན་དུ་རིག་བྱེད་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེས ་ན་ནི་དེའི་ཕྱིར་རོ། །རིག་བྱེད་ཀྱི་བྱེད་པ་པོ་འདི་སྔར་ཐོས་པ་བརྟག་པར་བསྒྲུབས་ཟིན་པའི་དབང་པོ་ལས་འདས་པའི་དོན་མཐོང་བ་གང་ཡིན་པ་དེ་ནི་ཤུགས་ཀྱིས་གཞན་སྤྱོད་པ་པ་རྣམས་ཀྱིས་ཀྱང་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར་དེ་སྤང ་བར་མི་བྱའོ། །འདི་ལྟར་སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པའི་སྐྱོན་གྱི་རབ་རིབ་ཀྱི་བློའི་མིག་ཉམས་པ་ཡིན་གྱི་དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད་ཡོད་ཕ་མ་ཡིན་ནོ་ཞེས་རྟོགས་ནས་དེས་བྱས་པའི་ལུང་རྣམས་ལ་ཚད་མ་ཉིད་ཀྱི་རེ་བ་མི ་གནས་པས་ཆོས་དང་ཆོས་མ་ཡིན་པ་དོན་དུ་གཉེར་བའི་སྐྱེས་བུ་ནི་མཛའ་མ་མཐོང་བའི་བྱ་བཞིན་དུ་རིག་བྱེད་ཉིད་ཚད་མར་འདོད་པར་བྱེད་དོ་སྙམ་དུ་བསམས་ནས་སམ་ཡང་ན་རང་གི་ཡོན་ཏན་གྱིས་འཕོངས་པས་མོས་པ་བཅོམ་པ་ཉིད་ཀྱིས་རྒྱལ་དཔོག་པ་རྣམS ་ཀྱི་དབང་པོ་ལས་འདས་པའི་དོན་མཐོང་བ་སྤོང་བར་བྱེད་པ་ཡིན་ནོ། །འདི་ལྟར་སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པ་དང་རིག་པས་དེ་ཁས་ལེན་པའི་ཐབས་དང་བྲལ་བའི་ཕྱིར་བརླང་བ་ཡིན་ཏེ། དེ་ལྟ་བས་ན་དབང་པོ་ལས་འདས་པའི་དོན་མཐོང་བ་འབའ་ཡང ་ཡོད་པ་མ་ཡིན་པས་དེའི་ཕྱིར་བསྐུལ་བས་མཚོན་པ་ཉིད་ཀྱི་དོན་ཆོས་ཡིན་གྱི་དབང་པོ་ལ་སོགས་པས་མཚོན་པ་ནི་མ་ཡིན་ནོ། །སྐུལ་པར་བྱེད་པ་ནི་བྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་བ་དང་ཕྲ་བ་དང་ཚོད་བ་དང་བསྐལ་པ་ཞེས་བ་བ་དེ་ལྟ་བུའི་རིགས་ཅན་གྱི་དོན ་རྟོགས་པར་ནུས་ཀི་གཞན་དབང་པོ་ལ་སོགས་པསྣི་ནམ་ཨང་མ་ཡིན་ནོ། འདིར་ཚ་མ་བྱེད་པ་ནི་གང་ཞིག་ཚད་མ་ལྔ་དང་བྲལ་པའི་རང་བཞིན་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའ་རང་བཞིན་དེན་མཁས་པ་རྣམས་ཀྱི་མེད་པའི་སྤྱོད་ཡུལ་དུ་འཇུག ་པ་ཡིན་ཏེ། དཔེར་ན་ནམ་མཁའ་ཨི་པདྨ་ལྟ་བུའོ། །ཐམས་ཅད་མཐོང་བའི་སྐྱེས་བུ་ཡང་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱེད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཏེ། ཐ་སྙད་དུ་བྱང་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི ་ཕྱིར་རོ། །མེད་པ་ནི་དངོས་པོ་མེད་པ་ཉིད་ཀྱི་ཚད་མས་གྲུབ་པ་ཡིན་ནོ། །འོན་ཏེ་གཞལ་བྱའི་དངོས་པོ་ཐམས་ཅད་ནི་འདི་ཙམ་ཉིད་ཡིན་ཏེ། འདི་ལྟ་སྟེ་གཟུགས་ལ་སོགས་པ་ཡུལ་ལྔ་པོ་རྣམས་སོ། །དེ་དག་ཀྱང་སྐྱེས་བུ་རྣམས་ཀྱིས་ཤེས་པར་འཇིག་རྟེན་ན་ཤིན་ཏུ་གྲགས་པ་ཉིད་ཀྱི་ཕྱིར་དེས་ན ་དམ་བཅའ་པ་ལ་གྲགས་པས་གནོད་པ་མ་ཡིན་ན་མ་ཞེས་དོགས་པ་ལ། འདི་ལ་ཆོས་ཉིད་དགག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་སྟེ་རིག་བྱེད་ཚད་མ་ཉིད་དུ་གྲུབ་པ་ལས་ཆོས་དང་ཆོས་མ་ཡིན་པའི་བདག་ཉིད་སྣ་ཚོགས་ཡོངས་སུ་ཤེས་པ་པོ་དགག་པ་ཙམ་བརྗེད་པར་འདོད ་ཀྱི་སྒྲའི་བརྗོད་པར་འདོད་པ་ཙམ་ཡོངས་སུ་ཤེས་པ་པོ་ཉིད་དགག་པ་ནི་མ་ཡིན་ནོ། །དེས་ན་ཆོས་དང་ཆོས་མ་ཡིན་པ་ལས་མ་གཏོགས་པའི་དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པ་ལ་བལྟོས་ནས་སྐྱེས་བུ་འགའ་ཞིག་ལ་འཇིག་རྟེན་གྱི་ཐམས་ཅད་མཁྱེན་པའི་ཐ་སྙད་གང་ཡིན ་པ་སྲིད་པ་ཉིད་ཀྱི་ཕྱིར་དེ་ཁོ་བོ་ཅག་གིས་འགེགས་པར་བྱེད་པ་ནི་མ་ཡིན་ཏེ། དེས་ན་གྲགས་པས་གནོད་པས་སྲིད་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཁྱེད་ཅག་སངས་རྒྱས་པ་རྣམས་ཀྱི་ཆོས་དང་ཆོས་མ་ཡིན་པ་ཤེས་པ་ལས་མ་བར?་རྟོགS ་པའི་སྐྱེས་བུ་གཞན་ལ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བ་སྟན་པའི་ཕྱིར་ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐབས་ཀྱི་ཐམས་ཅད་ཅེས་བརྗོད་པ་དེ། ཡང་ཅི་ཞིག་ཡིན་ཞེ་ན་ཞེས་སྟོན་པ་ནི་དོན་ལའང། ཞེས ་བྱ་བ་ལ་སོགས་པ་སྟེ། དེས་ན་བྱ་ཀ་ར་ཎ་ལས་མེ་ནི་རྟག་གོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱིས་སྐྱོན་དང་རབ་ཏུ་བྱུང་བ་ལ་སོགས་པ་བསྒྲུབ་བྱ་བསྒྲུབ་པར་བྱེད་པ་ནི་དོན་ལ་མི་སྲིད་པའི་ཕྱིར་ཤུགས་ཀྱིས་དོན་དེ་སྒྲུབ་པར་བྱེད་པའི་སྒྲ་ལས་རྟོགས་པ་ཡིན་ནོ་ཞེS ་བརྡ་སྤྲོད་བ་པ་རྣམས་ཀྱིས་བརྗོད་བི?་དེ་བཞིན་དུ་ཁྱེད་ཅག་གིས་ཀྱང་དོན་ཐམས་ཅད་སུས་ཀྱང་མི་ཤེས་པར་མི་ནུས་པའི་ཕྱིར་རང་གི་གྲུབ་པའི་མཛའ་ལ་འདོན་པའི་ཐམས་ཅད་ཀྱི་ཚོགས་གང་ཡིན་པ་དེ་རང་གི་ངོ་བོ་གཙོ་བོ་ཉིད་ལ་གང་སྒྲ་ཐམས་ཅད་མཁྱེན་པ ་ནི་ཞེས་དེ་ལྟར་བརྗོད་པ་དེའི་ཚེ་མིང་ལ་སྟེ་ཐ་སྙད་ལས་ཡིན་ལ་དག་སྟེ་ཡིན་དུ་ཆུག?་མོད་གང་གི་ཕྱིར་དེ་ལྟར་འདོད་པར་མི་བྱེད་པ་ན་འགའ་ཞིག་ལ་འགའ་ཞིག་འགེགས་པ་དྲི་མ་ཡིན་ཏེ། མིང་ནི་ཡང་རང་དབང་གི་འདོད་པ་ཙམ་གྱིས ་འགྱུར་བ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ་ཅི་སྟེ་ཡང་ཆོས་དང་ཆོས་མ་ཡིན་པ་?་ལས་གཞན་པ་ཏིལ་དང་ཆུ་དང། མར་ལ་སོགས་པས་ཐམས་ཅད་ཉིད་དུ་བརྗོད་པར་འདོད་པ་གང་ཡིན་པ་དེ་ཐམས་ཅད་ཀྱིས་ཡུལ་དུ་བྱས་པའི་ཡོད་པ་དེས་ཐམས་ཅད་མཁྱེན ་པ་ཉིད་དུ་འདོད་པ་དེ་ལྟ་ན་ཡང་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །གཞན་ཡང་སྤྱིའི་རྣམ་པར་གྲོལ་པ་མཛའ་དག་མ་རྡོར་བསྡུས་ནས་ཡོངས་སུ་ཤེས་པ་ལས་ཐམས་ཅད་མཁེན་པར་འདོད་དམ་འོན་ཏེ?་ཁྱད་པར་གྱི་རྣམ་པས་རྒྱས་པར་ཡོངས་སུ་ཤེས་པ་ལས་ཡིན་བྲང།? ་དེ་ལ་ཕྱོགས་དང་པོ་ལ་གྲུབ་པ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི་ཡང་ན་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་འགྲོ་བ་ཐམས་ཅད་གཅིག་ལ་གཅིག་མེད་པ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དངོས་པོ་མེད་པའི་རང་བཞིན་ལ་སྒྲུབ་པའི་ངོ་བོ ་ཉིད་དུ་གནས་བའི་ཕྱིར་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་ཁོ་བོ་ཅག་གིས་འགྲོ་བ་ཐམས་ཅད་ལས་ཁྱབ་པའི་དངོས་པ་དང་དངོས་པོ་མེད་པའི་ངོ་བོའི་རང་བཞིན་གྱི་སྤྱིའི་ཆོས་གང་ཡིན་པ་འདི་ནི་བརྗོད་དེ་དེ་འགྲོ་བ་ཐཾས་ཅད་ཡོངས་སུ་ཤེས་པའི་ཕྱིར་གལ་ཏེ་ཐམས་ཅད ་མཁྱེན་པ་སྒྲུབ་པར་བྱེད་པ་དེ་ལྟ་ན་ཡང་འདོད་པ་ཁོ་ན། སྟེ་འདི་ཙམ་གྱིས་ནི་འགའ་ཞིག་ཆོས་ཤེས་པ་ཉིད་དུ་འགྲུབ་པ་མ་ཡིན་ནོ། །དེ་ལྟར་མདོར་བསྡུས་ནས། ཞེས་བྱ་བ་ནི་འགྲོ་བའི་དངོས་པོ་དངོས་པོ་མེད་པའི་ངོ་བོ་ཉིད་མདོར་བསྡུས་པ་སྟེ་འདིར་མདོར་བསྡུས་པར་བྱེད་པའི ་ཕྱིར་རོ། །དེ་བཞིན་དུ་གཞལ་བྱ་ཉིད་ལ་སོགས་པའི་སྤྱིའི་ཆོས་ཀྱི་ཤེས་ན་ཡང་གྲུབ་བ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཡང་གང་དག་གིས་རང་རང་གི་བསྟན་བཅོས་སུ་དངོས་པོ་ཅི་སྟེ་སྐད་ཅིག་ཐམས་ཅད་དུ་ངེས་པར་བཟུང་ནས་བསྟན་པ་དཔེར་ན་སངས་རྒྱས་བ་རྣམས་ཀྱིས ་ཕུང་པོ་ལྔ་དང། བྱེ་བྲག་པ་རྣམས་ཀྱིས་ཚིག་གི་དོན་དྲུག་དང་རིགས་པ་ཅན་རྣམས་ཀྱིས་ཚད་མ་དང་གཞལ་བྱ་ལ་སོགས་པ་བཅུ་དྲུག་དང་གྲངས་ཅན་གྱིས་རང་བཞིན་དང་ཆེན་པོ་ལ་སོགས་པ་ཉིད་ཤུ་རྩ་ལྔ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད ་རིག་པར་བྱེད་དོ་སྙམ་ན། དེ་ལྟ་མ་ཧ་ཅང་ཐལ་བར་འགྱུར། །གཞུང་དེའི་དོན་ཤེས་པ་དང་འདོན་པར་བྱེད་པ་གང་དང་གང་ཡིན་པ་དེ་དག་ཀྱང་ཐམས་ཅད་མཁྱེན་པར་འགྱུར་རོ། །ཡང་ཅི་སྟེ་གང་ཞིག་མངོན་སུམ་དང། རྗེས་སུ་དཔག་དང། སྒྲ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བ་དང། ་དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་རྣམས་ཀྱི་བདག་ཉིད་ཇ་ལྟ་བ་བཞིན་དུ་འདི་དག་གི་ཡུལ་དྲུག་རྣམ་པར་ཕྱེ་ནས་ཡོང་སྐུ་ཤེས་པ་དེ་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེ་ན། འདི་ལ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་མངོན་སུམ་ནི་གཟུགས་ལ་སོགས་པ་ལྔའི་ཡུལ་ཅན་དུ་ངེས ་པའི་ཕྱིར་ཆོས་དང་ཆས་མ་ཡིན་པའི་ཡུལ་ཅན་མ་ཡིན་ལ་རྗེས་སུ་དཔག་པ་མངོན་སུམ་གྱི་བཟུང་བའི་རྟཌ་དང་བྲེལ་བའི་རྟཌ་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དེའི་ཡུལ་ཅན་ཡང་མ་ཡིན་ཏེ་ཆོས་ལ་སོགས་པ་ནི་དབང་པོ་ལས་འདས་པ་ཉིད་ཀྱིས་ཀྱང་འབྲེལ་པ་བཟུང་བར་མི་ནུས ་པའི་ཕྱིར་རོ། །གལ་ཏེ་ཡང་སྒྲ་ལས་བྱུང་བ་ཐམས་ཅད་ལོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པ་དེ་ལྟ་ན་ཡང་ཤེས་པ་དེས་དབང་པོ་ལས་འདས་པའི་དོན་མཐོང་བར་འོས་པ་མ་ཡིན་ཏེ། དེས་ཤེས་པ་དེ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་མངོན་སུམ་མ་ཡིན་པའི་ཕྱིར་རོ།། ་མངོན་སུམ་མ་ཡིན་པའི་ཤེས་པ་དང་ལྡན་པའི་སྐྱེས་བུ་དངོས་སུ་མཐོང་བར་རིགས་པ་མ་ཡིན་ནོ། །ཉེ་བར་འཇལ་བ་ཡང་འདྲ་བ་དང་དེའི་ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་ཡུལ་ཅན་མ་ཡིན་ཏེ་ཇི་སྐད་དུ་།དེའི་ཕྱིར་འདྲ་བས ་ཁྱད་པར་དུ། །བྱས་པས་དྲན་པ་གང་ཡིན་པའམ། དེ་ལ་བརྟེན་པའི་འདྲ་བས་ཏེས་ཉེ་བར་འཇལ་བའི་གཞལ་བྱ་ཡིན། ཞེས་བཤད་མ་བཞིན་ནོ། །དོན་གྱིས་གོ་བ་ཡང་མཐོང་བ་དང་ཐོས་པའི་དོན་གཞན་དུ་མི་འཐད་པའི་བརྟགས་པའི་དོན་གཞན་གྱི་ཡུལ་ཅན་ཡིན་ལ ་འདི་ནི་ཆོས་ལ་སོགས་པའི་ཡུལ་ཅན་མ་ཡིན་ཏེ། གང་ཞིག་ཆོས་ལ་སོགས་པ་མེད་བར་མི་འཐད་བའི་མཐོང་བ་དང་ཐོས་པའི་དོན་དེ་ནི་འགའ་ཡོད་པ་མ་ཡིན་ནོ། །ཡང་ན་དོན་གྱིས་གོ་བའི་ཆོས་ལ་སོགས་པའི་ཡུལ་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང ་དེ་ནི་མངོན་སུམ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར། དེ་དང་ལྡན་པ་ནི་ཆོས་པ་སོགས་པ་དངོས་སུ་མཐོང་བར་འགྲུབ་བ་མ་ཡིན་ནོ། །དངོས་པོ་མེད་པ་ནི་གཞལ་བྱ་མེད་བའི་ཡུལ་ཅན་ཡིན་པའི་ཕྱིར་ཆོས་ལ་སོགས་པའི་ཡུལ་ཅན་དུ་རིགས་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་མདོར ་བསྡུས་པའི་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་ན་གྲུབ་པ་ལ་སྒྲུབ་བ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ད་ནི་སངས་རྒྱས་པ་འགྲོ་བ་མ་ལུས་པ་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲུབ་པར་བྱེད་ན་ཉེས་པ་འཆད་པ་ནི། གང་ཞིག་དོན་ཀུན་ཞེས་བྱ་བ་ལ་སོགས ་བ་སྟེ་དོན་མེད་ཅེས་བྱ་བ་ནི་འབྲས་བུ་མེད་པ་ཡིན་ཏེ། སྐྱེས་བུའི་དོན་འགྲུབ་པ་ལ་ཉེ་བར་མི་ཁོ་བའི་ཕྱིར་རོ། །ལོག་པ་ཡིན་ཞེས་བྱ་བ་ནི་མི་སྲིད་བའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དེ་བཞིན་མ་ཡིན་བའོ། །འདི་ཡི་མི་སྲིད་པའི་ཡུལ་ཅན་དེ་ཉིད་སྟོན་པ་ནི ་ལུས་པོ་གཅིག་པོ་ཁོ་ན་ཡིས། ཞེས་བྱ་བ་ལ་སོགས་པ་སྟེ་ལུས་གཅིག་གི་ཁོངས་སུ་གཏོགས་པའི་རྡུལ་ཕྲ་རབ་མ་ལུས་པའི་རབ་ཏུ་དབྱེ་བ་ཡོངས་སུ་ཤེས་པ་ཉིད་ཀྱི་སྐྱེས་བུ་ཡང་རེ་ཞིག་མི་སྲིད་ན། འགྲོ་བ་མ་ལུས་བར་གཏོགས་པའི་ཕྲ་བ་ལ་སོགས་པའི་ཁྱད ་བར་ཡོངས་སུ་ཤེས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་རྟོགས་པར་བྱེད་བའི་དོན་མེད་པ་ཉིད་བསྟན་བར་བྱ་བའི་ཕྱིར། ཡན་ལག་གསལ་བ་མ་ལུས་པ། ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། ཡན་ལག་ནི་ལག་པ་ལ་སོགས་པ་ཡིན་ལ་གསལ་བ་ང?་ཡང ་?་དང་སེང་ལྡེར་དང་བ་ལ་ཤ་ལ་སོགས་པ་ཞེས་བྱ་བ་ནི་ཡན་ལག་དང་གསལ་བ་དག་སྟེ་དེ་དག་ནི་ཡན་ལག་དང་གསལ་བ་ཡང་ཡིན་པ་མ་ལུས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་གི་རྡུལ་ཕྲ་རབ་དང་སྒྲ་དང་འདབ་མ་ལ་སོགས་པའི་མཚན ་ཉིད་རྒྱས་པར་ཤེས་པའི་ཕྱིར་དེ་སྐད་ཅེས་བྱ་ལ། དེའི་སྒྲུབ་བར་བྱེད་པ་སྟོན་པ་ནི་མི་སྲིད་པ་ཉིད་ཀྱིས་དེ་ནི་དོན་མེད་པ་ཡིན་ཏེ་ཆོས་དང་ཆོས་མ་ཡིན་པའི་ཡུལ་ཅན་མ་ཡིན་པ་ཉིད་ཀྱིས་སྐྱེས་བུའི་དོན་ལ་ཉེ་བར་མེ་ཁོ་དའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ཉིད་དཔེའི་སྒོ་ནས་བསྟན ་པའི་ཕྱིར་ཇི་ལྟར་མིག་དངོས་རྣམS་ཀུན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་ནི་ཅི་རིགས་སུ་དམ་བཅའ་བ་གྲུབ་པ་ལ་སྒྲུབ་པ་དང་གྲགས་པས་གནོད་པ་བསྟན་པ་ཡིན་ནོ། །གང་དུ་རྩོད་པ་དང་སྒྲུབ་བར་བྱེད་པ་གང་ལ་སྐྱེས་བུའི་དོན་ལ་ཉེ་བར་?་སྟེ་སྟོན་པ་ནི། རང་ཆོས་ཞེས་བྱ་བ་ལ ་སོགས་པ་སྟེ། འདི་ནི་རང་གི་ཡང་ཡིན་ལ་ཆོས་དང་ཆོས་མ་ཡིན་པར་ཤེས་པ་ཡང་ཡིན་བས་དེ་སྐད་ཅེས་བྱ་ལ། དེའི་སྒྲུབ་བ་དང་དགག་?། ཞེས་ཚིག་རྣམ་པར་སྦྱར་ཏེ་འདི་ཡང་བདུན་པ་ཡིན་ནོ། །དེས་བྱས་པའི་ལུང་བཟུང་བར་བྱ་བ་དང་དོར་བར་བྱ་བ་ཉིད་དུ ་སྒྲུབ་བར་བྱེད་དོ་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་གལ་ཏེ་སྒྲུབ་པར་བྱེད་བ་སྨྲ་པས་རང་གི་སྟོན་པ་ཆོས་དང་ཆོས་མ་ཡིན་པ་ཤེས་པ་ཉིད་དུ་སྒྲུབ་པར་བྱེད་བའི་ཚེ་དེ་བསྒྲུབས་བ་ན། དེས་བྱས་བའི་ལུས་བཟུང་བར་བྱ་བ་ཉིད་དུ་གྲུབ་ལ་ཀུན ་འབྱིན་པ་སྨྲ་བས་ཀྱང་གཞན་གྱིས་ཁས་བླངས་པའི་རང་གི་ཆོས་དང་ཆོས་མ་མིན་པ་ཙམ་ཤེས་པ་འགེགས་པར་བྱེད་པའི་ཚེ་དེ་བཀག་བར?་ཆོས་དང་ཆོས་མ་ཡིན་པ་སུན་འབྱིན་བས་བྱས་པའི་ལུང་དོར་བྱ་ཉིད་དུ་གྲུབ་བར་འགྱུར་རོ། །གང་ཡང་ཆོས་དང་ཆོས་མ་ཡིན ་བའི་ཡུལ་ཅན་གྱི་བསམས་པ་བཏང་བས་ན་རང་དང་གཞན་ལས་གྲུབ་པའི་ཐམས་ཅད་མཁྱེན་པ་འགྲོ་བ་མཛའ་དག་ལ་ཡོད་པའི་ཕྲ་བ་ལ་སོཌ་པཱི་ཁྱད་བ?་?་ཤེས་པ་དང་སྒྲུབ་པར་བྱེད་པའི་ཕྱིར་གྲངས་ཅན་རང་སངས་རྒྱས་པ་ལ་སོགས་པ་རྣམས་ཀྱི་གཞུང ་དགོད་བ་དྲང་རྩོད་པ་གང་ལ་རྩོན་བར་བྱེད་པ་དེ་ནི་ཀུན་ནས་ཉོན་མོངས་བའི་འབྲས་བུ་ཅན་ཡིན་པ་འབའ་ཞིག་ཏུ་ཟད་དེ། འགྲོ་བ་མཛའ་དག་ལ་ཡོད་པའི་ཕྲ་བ་ལ་སོགས་པའི་ཁྱེད་བར་ཤེས་པ་དང་མི་ཤེས་པ་གྲུབ་པར་བྱེད་པ་ལ་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པ་ཡིན་ལ་གཞུང ་རྩོད་དག་པ། ཞེས་བྱ་བ་འདིར་ནི་བརྩོན་པ་ལ་བལྟོས་ནས་གནས་བཞིའི་བདུན་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཆོས་ལ་སོགས་པ་ཡོངས་སུ་ཤེས་བའི་སྐྱེས་བུ་འགའ་ཡང་མེད་ན་དེའི་ཚེ་འཇིག་རྟེན་ན་ཇི་ལྟར་བསོད་ནམས་དང་བསོད་ནམས ་མ་ཡིན་པ་རྟོགས་པར་འགྱུར་སྙམ་དུ་དོགས་པ་ལ་ཚད་མ་བྱེད་པ་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་ཉིད་འབའ་ཞིག་གིས་རྟོགས་འགྱུར། །ཞེས་བྱ་བ་ནི་ལུང་ཙམ་གྱིས་རྟོགས་པར་བྱ་བ་འདི?་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །གལ་ཏེ་ཡང་ལུང་གི་སྒྲ་སྦྱིར་བརྗོད ་པ་ནི་དེ་ལྟ་ན་ཤུགས་ཀྱིས་སྐྱེས་བུས་བྱས་པའི་ལུང་གི་མཐར་ཐུག་པ་ཉིད་དུ་བལྟ་བར་བྱའོ། འདི་ཙམ་གྱིས་ནི་ཞེས་བྱ་བ་ནི་ཆོས་པར་ཤེས་པ་ཉིད་བཀག་པ་ཙམ་གྱིས་སོ། །སྐུལ་བར་བྱེད་བས་མཚོན་པའི་དོན་ཆོས་ཡིན་ནོ་ཞེས་བྱ་བའི་སྦྱོད་པ་པའི་ཕྱོགས་འདི་གྲུབ ་ན་ཡང་ཁོ་བོ་ཅག་གིས་སློབ་ཡང་འཆད་པར་འགྱུར་བའི་ཐམས་ཅད་མཁྱེན་པ་སེལ་བ་ལ་འགད?་བ་བྱེད་བ་གང་ཡིན་པ་དེ་ནི་མངོན་པར་འདོད་པའི་འབྲས་བུ་ཐོབ་ཟིན་པར་གྱུར་བའི་ཕྱིར་འབྲས་བུ་ཐོབ་པ་ནི་རོལ་སོགས་པ་བཞིན་དུ་འབྲས་བུ་མེད་པ་ཉིད ་དེ་?་གང་ཡང་སངས་རྒྱས་རྣམས་ཀྱི་ཆོས་ཤེས་པ་དངོས་པོ་མེད་བའི་ཚད་མས་བཅོམ་པ་ན་ཐམས་ཅད་མཁྱེན་པར་བསྒྲུབ་པར་བྱ་བའི་ཕྱིར། འབང་བ་དེ་ཡང་འདོད་པའི་འབྲས་བུ་མེད་པའི་ཕྱིར་འབྲས་བུ་ཐུག་བོ་ཆེ་དོན་དུ་གཉེར་པ་ཕུབ་མ་རྡུབ་བ་བཞིན ་དུ་དལ་བ་ཙམ་འབྲས་བུ་ཉིད་ཡིན་པ་ཁོ་ནར་ཟོད། །དཔེར་ན་ཤུན་ཕྲགས་ཀྱི་ནང་གི་འབྲས་ཡོངས་སུ་སྤངས་ནས་འབྲས་ཐུག་པ་ཆེ་དོན་དུ་?་བ་ཕུབ་མ་རྡུང?་བ་འབའ་ཞིག་བྱེད་པ་དེ་བཞིན་དུ་སངས་རྒྱས་ལ་སོགས་པ་རང་ལས་གཙོར་བོར་གྱུར་པའི་ཆོས་དང་ཆོS? ་མ་ཡིན་པ་ཡོངས་སུ་སྤངས་ནས་ཉེ་བར་མི་མཁོ་བའི་འགྲོ་བ་མ་ལུས་ཕྲབ?་ལ་སོགས་བའི་ཁྱད་པར་ཤེས་པ་སྒྲུབ་བར་བྱེད་བ་ཞེས་བྱ་བ་འདི་ནོ་ཕུབ་མ་རྡུང?་བ་དང་ཆོས་མཚུངས་སོ། །རྩ་བ་བཅད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་རྩ་བ་ནི་གཙོ་བོ་སྟེ། ཆོས་དང ་ཆོས་མ་ཡིན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་ཤེས་པ་རྣམ་པར་བཅད་པ་གང་དག་ལ་ཡང་དེ་དག་ལ་དེ་སྐད་ཅེས་བྱ་ལ། དེའི་དངོས་པོ་ནི་དེ་ཉིད་དོ། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་བའི་སངས་རྒྱས་བ་འདི་དག་གི་མངོན་པར་འདོད་པའི་འབྲས་བུ་མ་གྲུབ་པ་འདའ་ཞིག་ཏུ་མ ་ཟད་འོན་ཀྱང་མི་འདོད་པ་ཐོབ་པར་འགྱུར་བ་ཡང་ཡིན་ནོ་ཞེས་སྟོན་པ་ནི་དངོས་སུ་མངོན་སུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་བདེ་བར་གཤེགས་པ་ལ་སོགས་པ་ནི་དངོས་པོའི་ཚོགས་མཛའ་དག་གི་དེ་ཁོ་ན་ཉིད་སྟོན་པའི་ཕྱིར་ཐམས་ཅད་མཁྱེན ་བའི་དངོས་བོ་རྗེས་སུ་དཔག་པ་ཡིན་པས་དམ་བཅའ་བ་རྗེས་སུ་དཔག་བས་གནོད་པ་ཉིད་དང། གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ནི་ངེས་བརྗོད་དང་མཆོད་སྦྱིན་དང། སྙན་དག་གི་མིང་ཅན་རྣམས་སོ ་ཉེ་བའི་རིག་བྱེད་ནི་ཚེའི་རིག་བྱེད་དང་འཕོངས་དཔྱད་ཀྱི་རིག་བྱེད་ལ་སོགས་པའོ། །ཡན་ལག་ནི་རིག་བྱེད་ཀྱི་ཡན་ལག་དྲུག་སྟེ། བསླབ་པ་དང་རྟོགས་བ་དང། བྱཱ་ཀ་ར་ཎ་དང། སྡེབ་སྦྱོ་དང་ངེས་ཚིག་དང། སྐར་མ་ཤེས་པའོ། །ཉིད་ལག་ནི་དེའི་ཡན་ལག་དང་སྐད་ཀྱི་དབྱིངས ་ལ་སོགས་པའོ། །སོགས་བའི་སྒྲས་དེའི་འཁོར་བཤད་པ་ལ་སོགས་པ་བཟུང་ངོ། །འདི་དག་གི་དོན་ནི་བརྗོད་བྱ་ཡིན་ལ་དེ་སྟོན་པ་ནི་རྗོད་བར་བྱེད་བའི་ཚི་?་རིག་བྱེད་ལ་སོགས་པས་བསྟན་པའི་དོན་སྟོན་བར་བྱེད་པ་གང་ཡིན་བ་དེ་ལྟ་བུར་གྱུར་བའི་དག་དེ་སངས་རྒྱས ་བ་ལ་སོཌ་བ་མ་མཐོང་ངོ་ཞེས་བྱ་བའི་དོན་ནོ། །དངོས་དོའི་ཚོཌ་རྣམས་མ་ལུས་པ་སྟོན་པར་བྱེད་བའི་བསྟན་བཅོས་བྱེད་པ་འབའ་ཞིག་ནི་མ་མཐོང་སྟེ། བསྟན་བཅོས་ཐམས་ཅད་བརྗོད་བར་བྱ་བ་ཐ་དད་བ་ཉིད་ཀྱི་ཕྱིར་རོ། །ཡང་ཅི་སྟེ་དངོས་པོ་ཅུང་ཟད་ཅིག་སྟོན ་པ་མཐོང་བའི་ཕྱིར་སངས་རྒྱས་པ་ལ་སོགས་བའི་གཞུང་དུ་མ་བསྟན་ཀྱང་དོན་གཞན་ཤེས་པ་ཉིད་དུ་རྗེས་སུ་དཔོག་བར་བྱེད་དོ། །ཤེས་བའི་ནུས་པ་མཐོང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་སྐྱོན་གྱི་གནས་སྐབས་སོན་འདུག་པ་ཡིན་ནོ་སྙམ་སྟེ། རང་གཞུང་དུ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་གི་གཞུང་དག་ཏུ་མ་བསྟན་ཀྱང་སྟེ། མ་བརྗོད་ཀྱང་དོན་གང་ཡིན་པ་དེ་དག་གིས་ཤེས་པ་ཞེས་ད་ལྟར་རྗེས་སུ་དཔག་པའི་སྟོབས་ཀྱི་འདོད་པ་དེའི་ཚེ་རང་གིས་བརྟགས་བའི་གཏམ་རྒྱུད་བྱེད་བའི་སྙན་དང་གས ་མཁན་རྣམས་ཀྱང་ཡོངས་སུ་ཤེས་བའི་ནུབ་པ་མཐོང་བའི་ཕྱིར་ཐམས་ཅད་མཁྱེན་བར་བརྟག་པར་བྱ་བར་འགྱུར་ཏེ། ཁྱད་པར་མེད་བས་དེའི་ཕྱིར་གཏན་ཚིགས་མ་དེས་པ་ཡིན་ནོ། །འདི་སྙམ་དུ་སངས་རྒྱས་བ་ལ་སོགས་པ་དབང་པོ་ལས་འདས་བའི་དོན་སྟོན་པར ་མཐོང་གི་སྙན་དག་མཁན་རྣམས་ནི་མ་ཡིན་དེས་ན་དེ་དག་ཉིད་དབང་པོ་ལས་འདས་པའི་དོན་མཐོང་བར་རྗེས་སུ་དཔག་བར་བྱེད་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་གང་ལས་དབང་པོ་ལས་འདས་བའི་དོན་ལ་ལུས་པ་ཡོངས་སུ་ཤེས་པའི་ནུས་པ་མེད ་པ་དེ་ལ་དབང་པོ་ལས་འདས་པའི་དོན་ཅུང་ཟད་ཤས་བར་མི་འགྱུར་ཏེ། ཁྱད་པར་མེད་བའི་ཕྱིར་རོ། །དེས་ན་དབང་པོ་ལས་འདས་བའི་དོན་ཤེས་པ་ན་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་ཡིན་པའི་ཕྱིར་སྙན་དངགས་མཁན་རྣམས་ཀྱིས་འཁྲུལ་བ་མ་ཡིན་ནོ ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། འགལ་བ་ཉེ་བར་སྟོན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མང་པོ་ནི་དེ་ལ་གུས་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་བརྟགས་པ་སྟེ། བསྒྲུབ་བར་བྱ་བའི་བདེ་བར་གཤེགས་པ་དང་སེར་སྐྱ་དང། ་གཟེངས་ཟན?་དང། རྐང་མིག་ལ་སོགས་པ་དེ་དག་ལ་འདིར་སུ་ཞིག་གཅིག་ཉིད་ཐམས་ཅད་ཐཾས་ཅད་མཁྱེན་པ་ཉིད་དུ་ངེས་པར་འཛིན་ཏེ་གཏན་ལ་འབེབས་བར་བྱེད་དེ། ཐམས་ཅད་ལ་ཐམས་ཅད་མཁྱེན་པར་ངེས་པར་བྱེད་བའི་རྒྱུའི་དབང་པོ་ལས་འདས་པའི་སྟོན་པ་པོ་ཉིད་མཚུངས ་པའི་ཕྱིར་རོ། །ཐམས་ཅད་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་ངེས་པར་འཛིན་པར་རིགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཕན་ཚུན་འགལ་བའི་དོན་སྟོན་པ་པོ་ཡིན་བའི་ཕྱིར་རོ། །ཕན་ཚུན་འགལ་བའི་དོན་སྟོན་པ་རྣམས་ནི་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་རིགས་པ་མ་ཡིན་ཏེ་དངོས? ་པོ་རྣམས་གཅིག་གི་ངོ་བོ་ཉིད་ཡིན་པས་ཕན་ཚུན་འགལ་བ་དུ་མའི་རང་བཞིན་དང་འདྲེ་བ་མེད་བའི་ཕྱིར་རོ། །བདེ་བར་གཤེགས་པ་གཅིག་ཏུ་ངེས་པར་བཟུང་བ་བྱ་བ་ཡིན་ཞེ་ནོ། གལ་ཏེ་བདེ་བར་གཤེགས་པ་ཞེས་བྱ་བ་ལ་སོགས་སྨོས་སོ། །འོ་ན་གཉིག་ཡང་ཐམས་ཅད་ཐམ་ཅད ་མཁྱེན་པ་ཉིད་ཡིན་མོད་ཅེ་ན། འོན་ཏེ་གཉེ་ག་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཅི་སྟེ་གང་གི་ཚེ་ཆོག་རེས་འགའ་བདེན་བའི་དོན་ཅན་དམིགས་པ་དེ་ཉིད་དངོས་པོ་མཛའ་དག་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པར་རྗེས་སུ་དཔག་པར་བྱའོ་སྙམ་ནས། ་རྒྱལ་བ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་དང་སངས་རྒྱས་ལ་སོགས་པའི་ཡུལ་ཅན་ཐམས་ཅད་ནི་རྩིས་ལ་སོགས་པའི་ཕྱོགས་གཅིག་ལ་ལར་མི་བསླུ་བའི་ཚིག་མཐོང་བ་ཁོ་ན་སྟེ་མང་དུ་སྨྲ་བ་ལ་བདེན་པའི་དོན་ཅན་འགའ་ཞིག་ཏུ་མི་འགྱུར་བ་ནི་མ ་ཡིན་ཏེ། ཇི་སྐད་དུ་སྐྱེས་བུ་མང་དུ་སྨྲ་བ་ལ། བདེན་དོན་ཅན། གཅིག་མེད་པ་མིན། ཞེས་བཤད་པ་བཞིན་ནོ། །དེ་ལྟ་ཡིན་དང་རྒྱུ་མཚུངས་པ་ཉིད་ཀྱི་བྱད་བར་ངེས་པར་བཟུང་བཱི་ཕྱིར་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ཏེ། ཕན་ཚུན་འགལ་བའི་དོན་སྟོན་བའི ་ཕྱིར་ཞེས་སྔར་བཤད་ཟིན་བའི་ཕྱིར་རོ། །ཅི་སྟེ་ཡང་གང་གི་ཚིག་ཚད་མ་ཐམས་ཅད་ཀྱིས་རྣམ་པར་དབྱད་པ་ན་མནོས་པར་མི་ནུས་པ་དེ་ཉིད་ཐམས་ཅད་མཁྱེན་པར་འགྱུར་རོ་སྙམ་ན། རང་གི་ཕྱོགས་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དཔེར་ན་བདེ་བར་གཤེགས ་བ་ནི་དོན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དངོས་སུ་མཁྱེན་པ་ཅན་ཡིན་ཏེ། མཐོས་པ་དང་རྗེས་སུ་མི་དཔོག་པའི་ཕྱིན་ཅི་མ་ལོག་པའི་དོན་སྟོན་པ་པོ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་མངོན་སུམ་གྱིས་རྟོག་པ་སྟེ་དེ་སྟོན་པ་བཞིན་ཞེས་བྱ་བའི་གཏན་ཚིགས་གང ་ཞིག་བདེ་བར་གཤེགས་པའི་སྲས་རྣམས་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཉེ་བར་བླང་བ་འདི་ཉིད་ནམ་མཁའ་ཨི་གོས་ཅན་རྣམས་ཀྱི་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་བར་བྱ་བའི་ཕྱིར་ཉེ་བར་གནས་ཏེ། དེ་ལྟ་བས ་ན་ཐེ་ཚོམ་ཟ་བ་སོ་ན་འདུག་བ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་ནམ་མཁའ་ཨི་གོས་ཅན་རྣམས་ཀྱིས་སྒྲུབ་བར་བྱེད་བ་བཀོད་པ་ལ་ཤཱཀྱའི་བུ་རྣམས་གྱིས་དེས་ཉེ་བར་བསྟན་པར་འགྱུར་བར་སྨྲ་བ་ལ་སོགས་པ ་རྣམས་མི་རུང་བའི་ཕྱིར་འདི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་སྐྱོན་གང་དག་ལེན་པར་བྱེད་བ་དེ་དག་ནི་ཤཱཀྱའི་བུ་རྣམས་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲུབ་པར་བྱེད་པ་བརྐོད་པ་ལ། རྒྱལ་བ་པ་རྣམས་ཀྱིས་ཀྱང་འདི་མི་ཐམས ་ཅད་མཁྱེན་པ་མ་ཡིན་ཏེ། དེ་ཉེ་བར་བསྟན་པའི་སྐད་ཅིག་མ་འཇིག་པ་ལ་སོགས་པ་རྣམས་མི་རུང་བའི་ཕྱིར་རོ་ཞེས་ཉེ་བར་ལེན་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་ཇི་ལྟར་གཟུགས་ཉེ་བ་ཐག་ཏུ་གཟུཌ་བརྙན་འཆར་བ་དེ་ལྟར་འདི་དག་གི་སྒྲུབ་པ་དང་སུན་འབྱིན ་བའི་དེ་མ་ཐག་ཏུ་ཕན་ཚུན་དགྲར་གྱུར་བའི་སྒྲུབ་པ་དང་སུན་འབྱིན་པ་རྣམས་ཉེ་བར་གནས་བའི་ཕྱིར་རོ། །དེ་ཇི་ལྟར་གཟུགས་བརྙན་འཆར་བ་ཉིད་ཀྱིས་ཟིན་པའི་མ་གནས་པའི་སྒྲུབ་བ་དང་སུན་འབྱིན་པ་འདི་རྣམས་ཀྱིས་འགའ་ཞིག་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་བྱ ་བ་ཡིན་འདི་སྙམ་དུ་གང་ཞིག་དོན་དམ་བར་སུས་ཀྱང་སུན་འབྱུང་བར་བྱ་བར་མི་ནུས་པ་ཁོ་ན་ཐམས་ཅད་མཁྱེན་པ་ཉིད་དུ་ཤེས་པར་བྱའོ་སྙམ་དུ་སེམས་ན་དེ་ལྟར་ཀུན་མཁྱེན། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཉིད་ཁྱད་པར་དུ་འཕཌ་པར་བྱ་བའི ་ཕྱིར་ཇི་ལྟར་ནེའུ་ལ། ཞེས་བྱ་བ་ལ་སོགས་པ་སྨྲོས་སོ། །དེ་ཡང་རིགས་བ་འགའ་ཞིག་པོ་འདི་གང་ཡིན་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨས་ཏེ་ཤེས་བྱ་ཉིད་ལ་སོགས་པའི་གཏན་ཚིགས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐུན ་མོང་དང་ཉིད་དུ་ཤིན་ཏུ་གྲགས་པ་ཡིན་ཞིང་གནོད་ཕྱིར་དུ་འགྱུར་བར་དེ་ནི་གཏན་དུ་མི་སྲིད་པའི་ཕྱིར་བརྟགས་པ་དང་ལྡན་པས་ཁས་བླང་བར་མི་བྱ་སྟེ། འདི་ལྟར་བདེ་བར་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཤེས་བྱ་ཉིད་དང་གཞག ་བྱ་ཉིད་དང་དངོས་པོ་ཉིད་དང། ཡོད་པ་དང། སྨྲ་བ་ཉིད་དང། སྐྱེས་བུ་ཉིད་ལ་སོགས་པའི་ཕྱིར་ལམ་?་ཆེའི་མི་བཞིན་ནོ་ཞེས་བྱ་བ་འདི་ཡང་བརྗོད་པར་ནུས་པ་ཡིན་ནོ། །འདི་དག་མ་དེས་པ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། དེ་ལྟར་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་བའི་ཕྱིར་ཐམས་ཅད ་མཁྱེན་པར་འོད་དོ། །དངོས་ཐམས་ཅད་ཡོངས་སུ་ཤེས་པ་དེ་ཡང་ནམ་ཞིག་དབང་པོའི་ཤེས་པས་སམ། ཡིད་ཀྱི་ཤེས་པས་ཡིན་གྲང། རེ་ཞིག་དབང་བོའི་ཤེས་པས་ནི་མ་ཡིན་ཏེ། དེ་ནི་སོར་ངེས་པའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དོན་མ་ལུས་པའི་ཡུལ་ཅན་དུ་རིགས་པ་མ ་ཡིན་པའི་ཕྱིར་ཏེ། འདི་ལྟར་མིག་ལ་སོགས་བའི་རྣམ་པར་ཤེས་པ་སོ་སོར་ངེས་པའི་ཡུལ་འཛིན་པའི་རང་བཞིན་གྱི་རྒྱུ་དབང་པོ་རྣམས་ཀྱིས་བསྐྱེད་པ་ཡིན་ཏེ། དེ་ལ་ཡིན་དང་འཇིག་རྟེན་རང་གི་ཡུལ་གྱི་མཚམས་ལས་མ་འདས་པ་ཉིད་ཤིན་ཏུ་གྲགས་པའི་ཕྱིར། འདི་དག་གིས ་དོན་མ་ལུས་པ་འཛིན་པ་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དབང་པོ་དུ་མ་དོན་མེད་པར་ཐལ་པར་འགྱུར་རོ། །དེ་ལྟ་ཡིན་དང་ཤེས་པ་གཅིག་གིས་ཐོ་དང་པའི་དབང་པོ་བཟུང་བར་བྱ་བ་ཡིན་ན་ཡང་གཟུགས་དང་རོལ་སོགས་པ་ཆོས་ཐམས་ཅད་ཤེས་སོ་ཞེས་དེ་ལྟར་སངས་རྒྱས་བདག་གིས ་བརྟགས་པ་ཡིན་ཏེ། གཅིག་གིས་ཐམས་ཅད་ཤེས་པ་སྟེ། གཅིག་གིས་ཐམས་ཅད་མཐོང་བ་ཡིན། ཞེས་བཤད་པའི་ཕྱིར་རོ། །སངས་རྒྱས་པ་སྨྲ་བ་པོ་དེ་ནི་མིག་གིས་ཏེ་བྱེད་པར་འགྱུར་བ་དེའི་སྒོ་ནས་འཇུག་པའི་ཤེས་བས་རོ་ལ་སོགས་པའི་ཆོས་ཐམས་ཅད་རྟོགས་སོ་ཞེས་བྱ་བར་འགྱུར་ལ ་འདི་ལ་བརྗོད་བར་ནུས་པ་མ་ཡིན་ནོ། །གལ་ཏེ་ཤེས་པ་གཅིག་གིས་ཅིག་ཅར་དོན་མ་ལུས་པ་འཛིན་པར་མ་གྱུར་མོད་དུ་མས་འཛིན་པར་འགྱུར་རོ་ཞེ་ན། འདི་ལྟར་ཅིག་ཅར་རྣམ་པར་ཤེས་པ་དུ་མ་མི་སྲིད་བའི་ཕྱིར་རོ། །སྲིད་དུ་ཆུག་ན་ཡང་དངོས་པོ་ཐམས་ཅད་འཛིན་པ་ཡོད་པ་མ ་ཏེ། ཐམས་ཅད་ཀྱི་གཞན་གྱི་སེམས་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་དང། རིང་བ་དང། ཕྲ་བ་དང། ཆོད་པ་ལ་སོགས་པའི་ཡུལ་དུ་མ་གྱུར་བའི་དོན་ནི་ངེས་བཟུང་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་ད་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ ་རྣམས་རིགས་མི་མཐུན་པའི་དོན་འཛིན་པར་མ་མཐོང་བ་དེ་ལྟ་ན་ཡང་དུས་གཞན་དུ་རེས་འགའ་འགའ་ཞིག་རིགས་མི་མཐུན་པའི་དོན་བཟུང་བར་གྱུར་ཏོ་ཞེས་བྱ་བར་སྲིད་པ་ཡིན་ནོ་སྙམ་དུ་སེམས་ན། གང་གི་རིགས་ཅན་ཚད་མ་ཡིན། ། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་སོ་སོར་ངེས་བ་ནི་རྒྱུ་དང་འབྲེལ་བའི་དོན་གྱིས་གློ་བུར་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་རྒྱུ་དང་འབྲེལ་བའི་བདག་ཉིད་ཐོབ ་པའི་རྣམ་པ་དེ་ལྟ་བུ་ནི་ཇི་ལྟར་རྣམ་པ་གཞན་ཉིད་དུ་སྲིད། དུ་བའི་རྒྱུ་དང་འབྲེལ་བའི་བདག་ཉིད་དུ་གནས་པའི་དུ?་ནི་གཞན་ལས་འབྱུང་བ་སྲིད་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡིད་ཀྱི་ཤེས་པས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། འདི་ལྟར ་གལ་ཏེ་ཡང་དེ་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པ་དེ་ལྟ་ན་ཡང་དེ་ལ་རང་དབང་དུ་དོན་འཛིན་པའི་བྱ་བ་ཡོད་པ་མ་ཡིན་ཏེ། འོན་པ་དང་ལོང་བ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཡིན་ན་དབང་པོའི་ཤེས་པས་ཡོངས་སུ་གཟུང་བའི ་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རིང་བ་དང་ཕྲ་བ་དང། ཆོད་པ་དང། གཞན་གྱི་སེམས་ལ་སོགས་པའི་དབང་པོའི་ཤེས་པའི་ཡུལ་དུ་མ་བྱས་པ་ཡང་དེས་ཡོངས་སུ་གཅོད་པར་འགྱུར་རོ་འདི་སྙམ་དུ་གོམས་པ་ལས་ཤེས་རབ་ལ་སོགས་པ་སྐྱེས་བུ ་རེ་རེ་ལ་གང་ནས་གོང་དུ་ཐ་དད་པར་མཐོང་བའི་ཕྱིར་རོ། །ཤིན་ཏུ་རབ་ཀྱི་མཐར་ཐུག་པར་ཡང་སྲིད་པ་ཡིན་ནི་སྙམ་དུ་སེམས་ན། འདིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་གོམས་ན་ཡང་དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད་དུ ་དམིགས་པ་མ་ཡིན་ནོ། །འདི་ལྟར་སྐྱེས?་བུ་ཤིན་ཏུ་ཤེས་རབ་ཅན་ཡང་ཞིབ་པར་མོའི་བློས་རྟོགས་པར་བྱ་བ་ཡིན་པས་ཕྲ་བའི་དོན་དམིགས་པར་ནུས་ཀྱང་རང་གི་རིགས་ཏེ་མིའི་རིགས་སུ་འབྱུང་བ་ལྷའི་མིག་མ་ཡིན་པ་ལ་སོགས་པའི་མཚན་ཉིད་ཅན ་གྱི་རང་བཞིན་ལས་མ་འདས་པར་འཇུག་པ་ན་གོམས་པ་ལས་སྐྱེས་བུ་ཕུལ་དུ་བྱུང་བར་མཐོང་གི། ལྷའི་མིག་ལ་སོགས་པ་དང་ལྡན་པ་འགའ་ཞིག་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ངེས་པ་མི་ལས་རྣམ་པར་འདས་པའི་ལྷའི་མིག་ཤིན་ཏུ་རྣམ ་པར་དག་པས་སེམས་ཅན་བདེ་འགྲོར་འགྲོ་བ་ཡང་མཐོང་ཞིང་ངན་འགྲོར་འགྲོ་བ་ཡང་མཐོང་ངོ་ཞེས་སངས་རྒྱས་པ་རྣམས་ཀྱིས་སྨྲས་པར་གྲགས་པ་གང་ཡིན་པ་དེ་མི་འཐོད་སྙམ་དུ་བསམས་པ་ཡིན་ནོ། །བློ་ཐམས་ཅད་གོམས་པ་ལ་སོགས་པ་རྣམས་ཀྱིས་ཁྱད ་པར་དུ་འགྱུར་དུ་ཆུག་མེད། དེ་ལྟ་ན་ཡང་འདི་དག་རང་གི་ཡུལ་གྱི་མཚམས་ལས་མ་འདས་པ་ཡིན་པ་ན་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་རྒྱས་པར་བསྟན་པའི་ཕྱིར་རྣ་བས་རྟོགས་བྱ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིང་བ་དང་ཕྲ་བ་དག་ལ་དམིགས ་པ་སྟེ། ཤེས་པ་དེ་དག་གིས། ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་བའི་མཚན་ཉིད་ཀྱི་གསུམ་པའོ། །ལ་ལ་ལར་རིང་དང་ཕྲ་ཚོགས་དམིགས་པའི་ཕྱིར། །ཞེས་འདོན་པ་དེར་ནི་གཏན་ཚིགས་ཀྱང་ལྔ་བར་བྱའོ། །མིག་གིས་ཀྱང་སྒྲ་ལ་སོགས་པ་མཐོང་བར་བྱེད་པ ་མ་ཡིན་ནོ་ཞེས་བ་སྦྱར་རོ། །དེ་ཙམ་གྱིས་དབང་པོའི་བློ་རྣམས་རང་གི་ཡུལ་གྱི་མཚམས་ལས་མི་འདའ་བར་བསྟན་ཏོ། །ད་ནི་ཡིད་ཀྱིས་ཤེས་པ་ཡང་ཤེས་པར་བྱ་བའི་ཡུལ་ལས་འདས་པ་ཉིད་ལས་ཁྱད་པར་དུ་འཕགས་པ་མཐོང་ངོ་ཞེས་སྟོན་པ་ནི ་དེ་ལྟར་བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་གསལ་བར་བྱ་བའི་ཕྱིར། བྱ་ཀ་ར་ཎི་སྒྲ་ཤེས་ན་།ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐར་མའི་བསྟན་བཅོས་ཤེས་བའི་ཕྱིར་རྒྱུ་སྐར་ཤེས་བྱའོ། །རིག་བྱེད་དང་སྔོན་བྱུང་བ་ལ་སོགས་པ ་ཤེས་པ་ལ་ཏེ། དེ་དག་གི་ཁྱད་བར་དུ་འཕགས་པ་དེ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྔོན་མེད་པའི་སྒྲས་ཆོས་དང་ཆོམ་མ་ཡིན་པ་བརྗོད་པའོ། །གཞན་ཡང་རང་གི་ཡུལ་གྱི་མཚམས་ལས་མ་འདས་པར་ཡང་ཁྱད་པར་དུ་འཕགས་པ ་འགྱུར་བ་ནི་ཤིན་ཏུ་རབ་ཀྱི་མཐར་ཐུག་པར་འགྲོ་བར་མ་ཡིན་གྱི་འོན་ཀྱང་ཅུང་ཟད་ཙམ་གྱིས་ཡུལ་གྱི་མཚམས་སུ་སྣང་བ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། མཁའ་ལ་ཁྲུ་བཅུ་ཞེས་བྱ་བ་ལ་སོགས་པས་འཆད་དེ། འདི་ལྟར ་གལ་ཏེ་བད་ཀན་ཤས་ཆེ་བའི་ལུས་ཅན་ཁ་གཅིག་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་མཆོད་བར་ནུས་པ་ཕྱིས་གོམས་པའི་རིམས་གྱིས་ལུས་ཡང་བ་ཐོབ་པ་ཅན་ནམ་མཁའ་ཨི་ཁྲུ་བཅུའི་བར་དུ་མཆོད་པར་འགྱུར་བ་དེ་ལྟན་ཡང་དེ་དག་དཔག་ཚད་གཅིག་ཏུ ་ནི་འབད་པར་བྱས་ཀྱང་ནམ་མཁའ་ལ་མཆོད་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །ཡུལ་དུ་བྱུང་སྟེ་ཁྱད་པར་འཕགས་བའི་ཤེས་པ་སྟེ་རང་དུ་སོང་བས་ཞེས་བྱ་བ་ནི་བྱེད་བའི་གསུམ་པའོ། །འདི་ཉིད ་གསལ་བར་བྱ་བའི་ཕྱིར། ཁང་མིག་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ནི་འཇིག་རྟེན་གྱི་དབྱིབས་ཀྱི་ཁྱད་པར་དེ་ཇི་ལྟར་བྷ་ར་ཏའི་འཇིག་རྟེན་ལ་བྷ་ར་ཏའི་འཇིག་རྟེན་གྱི་དབྱིབས་ཞེས་བརྗོད་པ་བཞིན་ནོ། །འདི་ལ་གཞན་དག་གིས་ཀྱང ་ཁོ་བོ་ཅིག་ལག་ནས་འདྲེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟ་དང་ཆོ་ལོའི་ངོ་ཤེས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཞོན་པ་ཞེས་བྱ་བ་ནི་ཤིང་རྟའོ། །འདི་ལྟར་ཐོས་ཏེ། རྐང་ཞེས་བྱ་བ་ནི་རྒྱལ་པོ་བྱུང་བར་གྱུར་ཏོ། །དེས་ཆོ་ལོ་དེར་ཐབས་མི་ཤེས་པས ་རྒྱལ་སྲིད་མཛའ་དག་ཆོ་ལོའི་སྐུགས་ལ་ཤོར་བར་གྱུར་ལ་དེའི་བཙུན་མོ་འདུལ་བྱེད་མ་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེ་རྒྱལ་སྲིད་མ་ལུས་པ་ཤོར་བས་འདུལ་བྱེད་མ་འབའ་ཞིག་དང་ལྷན་ཅིག་ནས་སུ་སོང་ངོ། །དེར་སོང་ནས་ཀྱང་དེའི་གནམ་སྐོས ་ཀྱི་དབང་གིས་བཙུན་མོ་དེ་དང་བྲལ་བར་གྱུར་ཏེ་དེས་སྡུག་པ་དང་བྲལ་བའི་མྱ་ངན་ཤིན་ཏུ་ཚ་བ་སྐྱེས་ནས་མཆི་མའི་སྤྲིན་འཐིབས་པའི་གདོད་གི་བསམ་པའི་རྒྱ་མཚོར་ཞུགས་པ་ན་ལུས་ཤིན་ཏུ་རིང་བར་གྱུར་ཏེ། དེ་དེར་འཁྱམས་བ་ལས་དེ་ཞིག ་རྒྱལ་པོ་དུས་འདུབ་ཀྱི་གཡོག་ཏུ་གནས་ཏེ་ངོ་མི་ཤེས་པར་གནས་པར་གྱུར་ཏོ། །བཙུན་མོ་དེ་ཡང་རེ་ཤིག་ན་སྟེ་ཕའི་ཁྱིམ་དུ་ཕྱིན་ཏེ། དེའི་ཕ་ཡང་དེའི་ཁྱོ་དེར་འོད་བར་བྱ་བའི་ཕྱིར་འདུལ་བྱེད་མས་ཁྱིམ་ཐབ་འདམ་པར་བྱེད་དོ་ཞེས་གྲགས་སོ། །ཇི་ལྟར་འདུལ་བྱེད་མ་ཁྱིམ་ཐབ་འདམ་མོ ་ཞེས་བྱ་བ་རྒྱལ་བ་དུས་འདབ་ཀྱི་ཐོས་ལ། དེ་ཐོས་ནས་ཁ་ལོ་སྒྱུར་བ་རྐང་དང་དེར་འགྲོ་བ་བརྩམས་སོ། །དུས་འདབ་ཀྱི་ནི་ཆོ་ལོའི་དེར་ཤེས་ཀྱི་བརྡ་བརྟག་པ་ནི་མི་ཤེས་སོ། །རྐང་གིས་ནི་བརྡ་བརྟགས་པ་ཤེས་ཀྱི་ཚ་ལོའི་དོར་ནི་མི་ཤེས་སོ། །དུས་འདབ་ཀྱི་འདི་ཇི་ལྟར་བརྡའ་བརྟགས ་བ་ཡིན་ནོ་སྙམ་དུ་ཤེས་ཏེ་དེ་ཤེས་ན་དེས་རྐང་ལ་བརྡ་བརྟགས་པ་སློབས་ཤིག་ཅེས་སྨྲས་སོ། །རྐང་གིས་ཀྱང་གལ་ཏེ་ཁོ་བོ་ལ་ཆོ་ལོའི་དོར་ཐབས་སློབ་པ་དེ་ལྟ་ན་བསླབ་བར་བགྱིའོ་ཞེས་སྨྲས་སོ། །དེ་ནས་དུས་འདབ་ཀྱིས། །ཀུན་གྱིས་ཐམས་ཅད་མི་ཤེས་ལ། །ཞེས་བྱ་བ་ལ་སོགས ་པ་འདི་སྨྲས་སོ། །དེ་ནས་རྒྱལ་པོ་རྐང་གིས་ཚ་ལོའི་དོར་ཐབས་སུ་དུས་འདབ་ལ་བསླབས་ནས་སླར་ཡང་རྒྱལ་སྲིད་ལས་རྒྱལ་ཏེ་སླར་ཁུགས་སོ་ཞེས་གཏམ་དུ་གྲགས་སོ། །གཞན་ཡང་ཐམས་ཅད་མཁྱེན་པ་ཉིད་གདོན་མི་ཟ་བར་འདས་པ་དང་མ་འོངས་བའི་དངོས་པོ་ཤེས་པར་བྱ ་དགོས་སོ། །དེ་ལྟར་མ་ཡིན་ཏེ་དེ་ལྟར་བྱུང་བ་ཙམ་ཞིག་ཤེས་ན་ཕྱོགས་གཅིག་ཤེས་པར་འགྱུར་གྱི་ཐམས་ཅད་ཤེས་པ་ནི་མ་ཡིན་ནོ། །མ་འོངས་པ་ལ་སོགས་པ་ཡོངས་སུ་ཤེས་པ་སྲིད་པ་ཡང་མ་ཡིན་ནོ། །ཞེས་བསྟན་བའི་ཕྱིར། མ་འོངས་པ་ལ་ཞེས་བྱ་བ་ལ་སོགས ་པ་སྟེ། མངོན་སུམ་ནི་དབང་པོའི་ནུས་བའི་སྟོབས་ཀྱིས་འབྱུང་བའི་ཕྱིར་དང་མ་འོངས་པ་ཡང་དངོས་པོ་མེད་པ་ཡིན་པའི་ཕྱིར་དེ་ལ་མངོན་སུམ་གྱི་བྱ་བ་ཡོད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་རྟགས་མེད་པའི་ཕྱིར་རོ། །འགའ་ཞིག་ཏུ་མ་འོངས་པའི་དངོས་པོ ་དང་འབྲེལ་པའི་རྟགས་ཡོད་པ་ནི་མ་ཡིན་ཏེ། མ་འོངས་པ་ནི་མེད་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དཔེ་བཟུང་ངོ། །མ་འོངས་པ་སྨོས་པ་ནི་ཉེ་བར་མཚོན་པ་འདས་པ་ཡང་སྨོས་པར་བལྟ་བར་བྱའོ། །གང་གི་ཕྱིར་དེ་ལ་ཡང་དངོས་པོ་མེད་པ་ཉིད་ཀྱིས་མངོན་སུམ ་གྱི་བྱེད་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་གཞལ་བྱ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱི་ཚོགས་ཀྱི་ཁྱབ་པར་བསྒྲུབ་བོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བས་སྔར་བཤད་པའི ་གཏན་ཚིགས་འདིའི་ཁྱད་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གཏན་ཚིགས་རྣམས་ཀྱི་ཁྱབ་པ་བསྟན་ནས་མཇུག་སྡུད་པའི་ཕྱིར་དེ་ཕྱིར་དབང?་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་ཚིག་རྟག་པས་ཐམས་ཅད་མཐོང་བ་ཡིན་ཏེ་འདི་ལྟར་གསེར ་ཐུབ་དང་འོད་སྲུང་ལ་སོགས་པས་བྱས་བའི་ཚིག་ལས་ཤཱཀྱ་ཐུབ་པས་མཐོང་བ་དེ་ལས་ཀྱང་གཞན་གྱིས་ཡིན་ནོ་སྙམ་དུ་སེམས་ན་འདི་ལ་གང་ཞིག་འདི་མི་བཟོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་ནི་རྟག་པ་ཉིད་ཀྱིས་ནི། །གང་གིས་མཐོང་བ་ངེས ་མཐོང་ངོ། །ཞེས་དེ་མ་ཐག་ཏུ་སྨྲས་པ་འདི་མི་བཟོད་པ་ནི་འདི་སྙམ་དུ་སེམས་ཏེ་སངས་རྒྱས་ལ་སོགས་པ་རྟག་པའི་ཚིག་གིས་ཐམས་ཅད་མཐོང་བ་ནི་མ་ཡིན་གྱི་འོན་ཀྱང་སྐྱེས་དུ་གཞན་གྱིས་བྱས་པ་སྟེ། འདི་ལྟ་སྟེ་དཔེར་ན་གསེར་ཐུབ་དང་འོད་སྲུངས་ལ ་སོགས་པས་བྱས་བའི་ལུང་གིས་ཤཱཀྱ་ཐུབ་པས་སོ་སྙམ་དེ་སྐད་དུ་སྨྲ་བ་འདིའི་དེའི་ཚིག་ཚད་མ་མ་ཡིན་པར་བརྗོད་བར་བྱ་སྟེ། དེའི་སྟེ་སྐྱེས་བུ་གཞན་དེའི་ཚིག་སྟེ་མཐོང་བར་མངོན་པར་འདོད་བའི་སྐྱེས་བུ་ཚིག་དེ་དང་མཚུངས་པའི་རྒྱུའི་ཕྱི་རོལ་དུ?་བྱེད་པའི ་སྐྱེས་བུ་ཡང་ཚད་མ་མ་ཡིན་པ་ཉིད་བརྗོད་པར་བྱའོ་ཞེས་སྐབས་དང་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། སྔར་བཤད་པ་སྟེ་ཞེས་བྱ་བ་ཉིད་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་སོ། །འོན་ཏེ་སངས་རྒྱས་ཀྱི་རྒྱུད་པ་ཐོག་མ་མེད་ལ། དེས་བྱས་པའི་གྲུབ་མཛའ་ ་ཡང་ཐོག་མ་མེད་པ་མ་ཡིན་མ་དེ་ལྟ་ཡིན་དང་རིག་བྱེད་དང་ལྡན་བའི་སྐྱེས་བུའི་བརྒྱུད་པ་དང་རིག་བྱེད་བཞིན་དུ་འདི་དག་ཐོག་མ་མེད་པའི་ཕྱིར་སྐྱོན་མེད་པ་ཁོ་ནའོ་ཞེ་ན། བྱེད་པ་པོ་དང་བྱས་བའི་ཚིག། ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཉིད་བསྟན ་པར་བྱ་བའི་ཕྱིར། གཞན་ལ་བལྟོས་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཟས་གཅང་གི་སྲས་དང་ངེས་བྱས་བའི་ཚིགས་ཚད་མ་མ་ཡིན་པ་དེ་བཞིན་དུ་གསེར་ཐུབ་དང་འོད་སྲུངས་ལ་སོགས་པ་གཞན་དག་དང་ངེས་བྱས་བའི་ཚིག་ཀྱང་ངོ་ཞེས་བྱའོ། །དེ་ལྟ་ཡིན་དང་འདྲ ་བའི་གང་ཟག་རྣམས་དང་དེའི་ཚིག་རྣམས་ཐོག་མ་མེད་པ་ཉིད་དུ་བརྟགས་ན་ཡང་ཚད་མ་མ་ཡིན་པ་དེ་ལས་ཁྱད་པར་དུ་འཕགས་པ་?་བར་གྱུར་བ་མ་ཡིན་ཏེ། ཚད་མ་མ་ཡིན་པའི་གོ་འཕང་ཉིད་ལ་གནས་པའི་ཕྱིར་རོ། །དེ་ལ་གལྟེ་ཐོག་མ་མེད་པ་ཙམ་གྱིས་སངས་རྒྱས་པ ་པ་ལ་སོགས་པར་རིག་བྱེད་འདོན་པ་དང་འདྲ་བར་བརྗོད་པ་དེ་ལྟ་ན་ཡང་ཐོག་མ་མེད་པ་ཉིད་ལས་ཚད་མ་མེད་བ་ཉིད་དུ་གྲུབ་པར་མི་འགྱུར་ཏེ་ཚད་མེ་དང་ཚད་མ་མ་ཡིན་པ་གཉིས་ཀ་ཐོག་མ་མེད་པ་ཉིད་དུ་མི་འགལ་བའི་ཕྱིར་རོ། །རིག་བྱེད་འདོན་པ་དང་སངས་རྒྱས་པ་ལ་སོགས ་པ་རྣམས་གོ་རིམས་བཞིན་དུ་ཚད་མ་དང་ཚད་མ་མ་ཡིན་པ་ཉིད་དུ་ཐོག་མ་མེད་པ་ཉིད་དུ་འགྱུར་པ་འབའ་ཞིག་ཏུ་ཟད་ཀྱི་གཉི་ག་ཐོག་མ་མེད་པའི་ཕྱིར་ཚད་མ་ཉིད་དུ་གྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདི་ཉིད་དཔེའི་སྒོ་ནས་གསལ་བར་བྱ ་བའི་ཕྱིར་གང་དག་ཚད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་དང་དེར་སྣང་བ་དག་གི་ཡོན་ཏན་དང་སྐྱོན་ཞེས་ཚིག་རྣམ་པར་སྦྱར་རོ། །ད་ནི་དངོས་པོའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་མ་གྲུབ་པ་ཉིད་སྤང་བའི་སྒོ་ནས་?་མཁྱེན་པ་མེད་པར་བསྒྲུབ་པ་ན ་རིལ་བྱེད་དེ་ལས་ཁྱད་བར་དུ་སྟོན་པ་ནི་གང་དགེ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚུངས་པར་བརྗོད་པ་ཞེས་བྱ་བ་ནི་ཡང་དག་པར་རྟོགས་པར་ནི་རྒྱུ་ཉིད་དུ་གཉི་ག་ཡང་མཚུངས་པའི་ཕྱིར་རིག་བྱེད་རྟག་པའི་སྒོ་ནས་ཐམས་ཅད་མཁྱེན་བའི་ཚིག་གི་སྒོ་ནས ་ཀྱང་རུང་སྟེ་དབང་པོ་ལས་འདས་པའི་དོན་རྟོགས་པའི་ཕྱིར་འགལ་བ་མེད་དོ་ཞེས་གང་དག་དེ་ལྟར་བརྗོད་པ་ལ་དེ་ལྟར་བསྒྲུབ་པ་དེ་དག་ལ་རིག་བྱེད་ཀྱི་ཁྱབ་པར་སྨྱ་བ་ཡིན་ཏེ། འདི་ལྟར་མཐོང་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང། སྒྲ་དང་ཉེ་བར་?་བ་དང ་དོན་གྱིས་གོ་བ་དག་གི་ནང་ནས་ཚད་མ་གཅིག་གིས་ཀྱང་འགྲུབ་པ་མ་ཡིན་ཏེ། དེ་ལྟར་དངོས་པོ་མེད་པའི་ཚད་མས་ཟིན་པའི་ཡུལ་གྱི་མེད་པ་དེ་དང་ཚད་མར་གྱུར་བའི་རིག་བྱེད་གནག་རྗིའི་ཆུང་མའི་བར་ལ་སོགས་པ་ལ་གྲགས་པ་མཚུངས ་བར་འགྱུར་སྙམ་དུ་བསམས། ད་ནི་རེ་ཞིག་མིག་སོགས་ཀྱིས། ཞེས་བྱ་བ་ལ་སོགས་པས་འདི་མངོན་སུམ་ལ་སོགས་པའི་ཚད་མ་ལྔས་གྲུབ་པ་སེལ་བར་བྱེད་དོ། །རེ་ཞིག་ཁོ་བོ་ཅག་ལ་སོགས་པ་ཚུ་རོལ་མཐོང་བ་རྣམས་ཀྱིས་མངོན་སུམ་གྱིས་ཐམས་ཅད་མཁྱེན་ལ ་མཐོང་བ་མ་ཡིན་ཏེ་འདི་ལྟར་ཚུ་རོལ་མཐོང་བའི་མངོན་སུམ་ནི་རྣམ་པ་གསུམ་སྟེ། དབང་པོ་དང་ཡིད་དང། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པའོ། །གསུམ་པོ་འདི་ཐམས་ཅད་ཀྱིས་ཀྱང་ཐམས་ཅད་མཁྱེན?་པ་རྟོགས་པར་ནུས་པ་མ་ཡིན་ཏེ། དེའི་ཡུལ་ཅན ་མ་ཡིན་པའི་ཕྱིར་རོ། །དབང་པོའི་ཤེས་པའི་ཡུལ་ནི་སོ་སོར་ངེས་པའི་གཟུགས་ལ་སོགས་པ་ལྔ་ཡིན་ཏེ། དེ་ལྟར་ན་ངེས་གཞན་གྱི་རྒྱུད་ལ་འདུ་བའི་བློའི་ཚིས་?་ཡུལ་དུ་བྱེད་བ་མ་ཡིན་ནོ། །ཡིད་ཀྱིས་ཀྱང་མ་ཡིན་ཏེ། དེའི་ནི་དབང་པོའི་ཤེས་པས་ཡོངས་སུ་གཟུང་བའི ་ཡུལ་གྱི་དེ་མ་ཐག་པའི་ཡུལ་འཛིན་པ་ཉིད་ཀྱིས་དབང་པོའི་ཤེས་པ་བཞིན་དུ་སོར་ངེས་པའི་གཟུགས་ལ་སོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རང་རིག་པས་ཀྱང་མ་ཡིན་ཏེ་དེའི་ཡུལ་ནི་རང་གི་རྒྱུད་ལ་ཡོད་པའི་ད་ལྟ་བའི་སེམས་དང ་སེམས་ལས་བྱུང་བས་ཡིན་པས་དེས་གཞན་གྱི་རྒྱུད་ལ་ཡོད་པ་ཡང་མ་འོངས་པ་ལ་སོགས་པའི་སེམས་ཀྱི་ཆོས་རིག་པར་བྱེད་མི་ནུས་སོ། །རྣལ་འབྱོར་པའི་ཤེས་པ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེས་འཛིན་པ་དང་མི་འཛིན་པའི་བསམས ་བ་མི་འཇུག་གོ། རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ནི་བདེ་བར་གཤེགས་པ་རྣམས་ཀྱིས་རྟཌ་རྣམ་པ་གསུམ་ལ་བརྟེན་པར་འདོད། དེ་ལ་འདིར་བསྒྲུབ་བྱ་སྒྲུབ་པར་བྱེད་བའི་དབང་དུ་བྱས་བའི་ཕྱིར་ཞིག་མི་དམིགས་པ་ཉིད་ཀྱི་དབང་དུ་བྱས་བ ་མ་ཡིན་ནོ། །འབྲས་བུ་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རང་བཞིན་གྱིས་བསྐལ་བའི་ཐམས་ཅད་མཁྱེན་པ་དང་ལྷན་ཅིག་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་མི་འགྲུབ་བའི་ཕྱིར་རོ། །རང་བཞིན་གྱིས་གཏན ་ཚིགས་ཀྱང་ཐམས་ཅད་མཐོང་བ་ཡོད་པར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་མངོན་སུམ་མ་ཡིན་པ་ཉིད་ནི་དེ་དང་ཐ་མི་དད་པའི་རང་བཞིན་བཟུང་བར་མི་ནུས་པའི་ཕྱིར་རོ། །དེ་ལྟ་བས་ན་མཐོང་བ་དང་གྲགས་པའི་རྟགས་སུ་གྱུར་པ་གང་ཞིག་ཐམས་ཅད་མཁྱེན་པའི་རྗེས་སུ་དཔོག་པར ་བྱེད་བའི་ཕྱོགས་གཅིག་གི་ཕྱོགས་ཀྱི་ཆོས་དེ་ནི་ངེས་པར་དཔྱད་ན་ཡོད་པ་མ་ཡིན་ནོ། །གཞན་ཡང་ཐམས་ཅད་མཁྱེན་པ་ཡོད་པར་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཐམས་ཅད་སྐྱོན་གྱི་རིགས་གསུམ་ལས་མི་འདའ་སྟེ། མ་གྲུབ་པ་དང། འགལ་བ་དང། མ་ངེས་པ་ཉིད་དོ། །འདི ་ལྟར་གཏན་ཚིགས་སུ་སྟོན་པ་ན་དངོས་པོའི་ཆོས་ཞིག་བརྗོད་དམ། དངོས་པོ་མེད་པའི་ཆོས་སམ། འོན་ཏེ་གཉི་གའི་ཆོས་ཞེས་བྱ་བ་རྣམ་པ་གསུམ་མོ། །དེ་ལ་ཆོས་ཅན་ཐམས་ཅད་མཁྱེན་པ་ལ་དངོས་པོའི་ཆོས་ཕྱིར་རྒོལ་བ་ལ་གྲུབ་པ་སྲིད་པ་མ་ཡིན་ཏེ། ཆོས་ཅན་དེ་ཉིད ་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱིས་མ་གྲུབ་བའི་ཕྱིར་རམ་གྲུབ་ན་ཡང་རྩོད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་དེ་ལ་དངོས་པོའི་ཆོས་འདོད་པའི་རྒོལ་བ་དེ་ཇི་ལྟར་དངོས་པོ་ཉིད་དུ་མི་འདོད། རྟེན་མེད་པའི་ཆོས་ཙམ་བཟུང་བར་མི་ནུས་པ་ཉིད་ཀྱི ་ཕྱིར་རོ། །དངོས་པོ་མེད་བའི་ཆོས་ཀྱང་ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་སུ་རིགས་པ་མ་ཡིན་ཏེ། དེ་ནི་དངོས་པོ་ལས་བཟློག་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་འགལ་བའི་ཕྱིར་རོ། །གཉི་གའི་ཆོས་ཀྱང་མ་ཡིན་ཏེ། དེ་ནི་མ་ངེས་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར ་དངོས་པོ་དང་དངོས་མེད་བའི་དོ་བའི་ཆོས་ནི་བསྒྲུབ་པར་བྱ་བའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བའི་མི་མཐུན་བའི་ཕྱོགས་རྣམ་པར་བཅད་པས་ཐོབ་པར་བྱ་བ་དངོས་པོ་ལ་མ་འཁྲུལ་བའི་མཚན་ཉིད་ཀྱི་གཏན་ཚིགས་ཉིད་དུ་ཇི་ལྟར་ཉམས་སུ་མྱོང་བར་འགྱུར་དེ་ལྟ་བས ་ན་རྗེས་སུ་དཔོག་པར་བྱེད་པ་རྟགས་སུ་གྱུར་བ་ཕྱོགས་རྣམས་པ་སུམ་ཆར་ཡང་མེད་པའི་ཕྱིར་རྗེས་སུ་དཔག་པ་ལས་ཐམས་ཅད་མཁྱེན་པ་གྲུབ་པ་མ་ཡིན་ནོ་སྒྲ་ལས་བྱུང་བས་ཀྱང་ཐམས་ཅད་མཁྱེན་པ་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། ་ཀུན་མཁྱེན་སྒྲུབ་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། སྒྲ་ལས་བསྐལ་བའི་དོན་ལ་ཤེས་པ་སྐྱེས་པ་གང་ཡིན་པ་ནི་སྒྲ་ལས་བྱུང་བའོ། །དེ་ཡང་རྣམ་པ་གཉིས་ཏེ། རྟག་པའི་སྒྲ་ལས་བྱུང་བ་དང། སྐྱེས་བུས་བྱས་བའི་སྒྲའི་རྒྱུ་ཅན་ནོ། །དེ་ལ་ཐམས་ཅད་མཁྱེན་པ་སྟོན་པར་བྱེད་པའི ་རྣམ་པ་དེ་ལྟ་བུའི་ལུང་རྟག་པ་མེད་པའི་ཕྱིར་རེ་ཞིག་དང་པོ་ནི་སྲིད་པ་མ་ཡིན་ནོ། །གང་ཡང་གསང་བ་ལ་སོགས་པར་བདེན་བའི་དག་ཅན་བདེན་པའི་ཀུན་ཏུ་རྟོག་པ་ཅན་བདེན་བའི་འདོད་པ་ཅན་གང་ཡིན་པ་དེ་བཙལ་བྱ་ཞིང་དེས་ཤེས་པར་འདོད་པར་བྱའོ་ཞེས་བྱ ་བ་དེ་ལྟ་བུ་ལ་སོགས་པ་འདོན་པ་དེ་ཡང་དྲང་བའི་དོན་དུ་བལྟ་བར་བྱའོ། །གང་ཡང་སྐྱེས་བུས་བྱས་པའི་ཚིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི་ཞེས་མཐོང་བ་དེ་ཡང་ཚད་མ་མ་ཡིན་བའི་ཕྱིར་ཇི་ལྟར ་མི་བདེན་པ་དེ་ཡིད་ཆེས་པར་འགྱུར་འདི་སྙམ་དུ་གང་ཅི་ཡང་རུང་བའི་ཚིག་ལས་ཁོ་བོ་ཅིགས་ཐམས་ཅད་མཁྱེན་པ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་སྟེ། དེ་བཟིན་གཤེགས་པས་མི་མཁྱེན་པ། །ཅུང་ཟད་ཀྱང་མོད་ཞེས་བྱ་བ་ལ ་སོགས་པའི་བཅོམ་ལྡན་འདས་དེ་ཉིད་ཀྱིས་གསུངས་པའི་ཚིག་གི་སྟེ། དེ་བསན་དེའི་ཚིག་ཉིད་ཀྱིས་རྟོགས་པ་ཡིན་ནོ་སྙམ་དུ་སེམས་ན། ཅི་སྟེ་དེའི་ཚིག་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་ཡིན་ན་ཕན་ཚུན་བསྟེན་བའི་སྐྱོན་དུ?་འགྱུར། །ཇི་ལྟར་ཞེན་ཐམས་ཅད ་མཁྱེན་པ་བསྟན་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་སྲིད་དུ་འདི་ཐམས་ཅད་མཁྱེན་པས་གསུངས་བ་ཡིན་ནོ་ཞེས་དེ་ལྟར་མ་རྟོགས་པ་དེ་སྲིད་དུ་དེའི་ཚིག་ཚད་མ་ཉིད་དུ་ངེས་པར་མི་འགྱུར་ལ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་བ་ཡང་ཚིག་དེ་ཉིད་ལས ་ཡིན་པའི་ཕྱིར་ཕན་ཚུན་བརྟེན་པ་ཉིད་དུ་གསལ་ལོ། རྩ་བ་གཞན་གྲུབ་བ་མ་རྟོཌ་པར། །ཞེས་བྱ་བ་ནི་ངེས་པར་བྱེད་པའི་རྒྱུ་གཞན་མེད་པར་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་དེ་ཉིད་ཉན་ཐོས་ཤར་རིའི་བུ་ལ་སོགས་པའི་ཚིག་ལས་ཐམས་ཅད་མཁྱེན་པ་ངེས་པར ་བྱེད། གང་གི་ཕྱིར་ངེས་ཤཱཀྱའི་རིགས་ཀྱི་རྒྱལ་པོ་འདི་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་སྨོས་པ་ཡིན་ནོ་སྙམ་ན། འདིར་སྨྲས་པ། ཀུན་མཁྱེན་མ་ཡིན་པས། །ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་སངས་རྒྱས་པ་རྣམས་རང་གི་ཚིག་ཁོ་ནས་ཐམས་མཁྱེན་པ་སྟོན་བར་བྱེད་ཀྱི་གཞན ་གྱི་ཚིག་ལས་སྟོན་པར་བྱེད་པ་ཚད་མའི་དངོས་པོར་མ་བསྒྲུབས་པའི་གཞན་གྱི་ཚིག་ནི་རང་གི་ཚིག་ལས་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རྨོངས་པ་ལས་མ་རྟོགས་པའི་རྒྱུ་ཅུང་ཟད་ཀྱང་མ་མཐོང་ངོ། །ཅི་སྟེ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བྱུང ་ཞིང་འགྱུར་བར་ཡང་འགྱུར་ཏེ། དེ་ལྟ་ཡིན་དང་གཅིག་དེ་ལས་གཞན་པའི་ཚིག་ལས་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་བྱེད་ལ་གཞན་ལས་གཞན་གྱི་ཚིག་ལ་སོགས་ཞེས་བྱ་བར་འདོད་ན། འདིར་སྨྲས་པ་ནི། ཐམས་ཅད་མཁྱེན་པ་གཅིག་བསྒྲུབ་ཕྱིར། ཞེས་བྱ་བ་ལ་སོགས ་པ་སྟེ། ཐམས་ཅད་མཁྱེན་པ་གཅིག་བསྒྲུབ་པའི་ཕྱིར་ཐམས་ཅད་མཁྱེན་པ་བརྒྱུད་པའི་རྗེས་སུ་འབྲང་བ་ན་སྐྱེས་བུའི་ཚེ་མཛའ་དག་ཟད་ན་ཡང་ཚུ་རོལ་མཐོང་བ་ལ་ཐམས་ཅད་མཁྱེན་བའི་ངེས་པ་སྐྱེ་བ་མི་སྲིད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་བརྟག་པར་བྱ་བར་ཐལ ་བར་འགྱུར་རོ།། གཞན་ཡང་གང་དག་ལ་ཐམས་ཅད་མཁྱེན་པ་མི་ཉེ་བ་ནི་རྟོགས་པར་མི་ནུས་སོ་ཞེས་བྱ་བར་རེ་ཞིག་ལྟ་ཞོག་འོན་ཀྱང་ཐམས་ཅད་མཁྱེན་པ་རིག་པ་མ་ཡིན་པས་དེའི་དུས་ན་ཉེ་བ་ཡང་ཤེས་པར་མི་ནུས་པ་ཁོ་ནའོ་ཞེས་བྱ་བ་འདི་བསྟན་པའི ་ཕྱིར་འདི་ནི་ཀུན་མཁྱེན་ཞེས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྟེ་ཐམས་ཅད་མཁྱེན་བའི་ཤེས་པ་ནི་དེའི་ཤེས་བའོ། །དེ་ཉིད་ཀྱི་ཤེས་བྱ་སྟེ་ཡོངས་སུ་བཅད་པར་བྱ་བ་ཤེས་པ་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ལ། དེ་ནི་དེ་ཡང ་ཡིན་ལ་ཤེས་པ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །དེས་སྟོང་བ་ནི་བྲལ་བའོ། །ཡང་ན་ཤེས་པ་དེའི་ཤེས་བྱ་གང་ཡིན་པ་དེའི་ཤེས་པ་སྟེ་དེས་སྟོང་པ་ནི། ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ལུས་ཙམ་མཐོང་བ་ལས ་ཐམས་ཅད་མཁྱེན་པའོ་ཞེས་བྱ་བ་དེ་ལྟར་ནི་ངེས་པར་མི་ནུས་ཏེ་ངེས་པ་འདི་ནི་ཁྱད་པར་ཅན་གྱི་ཤེས་པ་དང་འབྲེལ་པ་འཛིན་པ་མེད་ན་མི་འབྱུང་བའི་ཕྱིར་ཁྱད་པར་ཅན་གྱི་ཤེས་པ་དེ་ཡང་དངོས་པོ་མཛའ་དག་གི་ཡུལ་ཅན་ཡིན་ལ་དངོས་པོ་མཛའ་དག་ཡི ་ཡུལ་ཅན་དེ་ཡང་དེའི་ངེས་བཟུང་བར་བྱ་བའི་ཡུལ་འཛིན་པ་མེད་པ་ངེས་པར་མི་ནུས་ཏེ། གང་གི་ཕྱིར་དབྱུག་པ་མ་བཟུང་བར་དབྱུག་པ་ཅན་གྱི་བློར་འགྱུར་བ་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གིས་འཛིན་པའི་ཁྱད་པར་མི་འཛིན་པར་མི་འགྱུར་ཏེ་དཔེར ་ན་དབྱུག་པ་འཛིན་པའི་ཁྱད་པར་ཅན་དབྱུག་པ་ཅན་འཛིན་པ་ནི་དབྱིག་པའི་དངོས་པོ་མ་བཟུང་ན་མི་འགྱུར་བ་བཞིན་ནོ། །ཚུ་རོལ་མཐོང་བ་རྣམས་ལ་ཡང་ཐམས་ཅད་མཁྱེན་པའི་ཤེས་པའི་ཤེས་བྱའི་དངོས་པོའི་ཁྱད་པར་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས ་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་སྟེ། ཁྱད་པར་འཛིན་པས་ཁྱད་པར་ཅན་ཡིན་པ་ལ་ཁྱབ་པའི་ཕྱིར་ལ་དེ་ཡང་འདི་ལ་མེད་དོ། །དེ་ལྟ་ཡིན་དང་ད་ལྟ་ཉེ་བའི་ཐམས་ཅད་རིག་པ་མ་ཡིན་པ་གང་གིས་ཐམས་ཅད་མཁྱེན་པ་མི་ངེས་པ་དེ་ལ་ཐམས་ཅད་མཁྱེན་བའི་ཚིག ་ཐམས་ཅད་ཡོད་ན་ཡང་མ་ངེས་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་ཡིན་ཏེ། ཐམས་ཅད་མཁྱེན་པ་ངེས་པར་བྱེད་བའི་རྩ་བ་རྒྱུ་ཚད་མ་མེད་པའི་ཕྱིར་རོ། །དེ་ལས་གཞན་གྱི་ཚིག་བཞིན་ཞེས་བྱ་བ་ནི་ལམ་པོ་ཆེའི་སྐྱེས་བུའི་ཚིག་བཞིན་ནོ།། ཅི་སྟེ་སློབ་མ་ནི་སྐྱེ་བོའི་ཚིག་མཛའ་ ་དག་གི་སེམས་ཀྱི་སྦྱོད་པ་ལ་སོགས་པ་རྣམ་པ་བུམ?་ཡོངས་སུ་ཤེས་པའི་ཕྱིར་ཀུན་བརྗོད་པ་ལ་སོགས་པའི་ཚེ་འཕྲུལ་གྱིས་གདུལ་བྱའི་སྐྱེ་བོའི་ཡང?་རངས་པར་བྱེད་པ་ནི་འདི་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་འབད་བ་མེད་པ་དང་དག་གོས་རྟོགས་པར་བྱེད་པ ་ཡིན་ཞེས་བྱ་བར་འདོད་ན་འདིར་སྨྲས་པ་ནི་སློབ་མ་ཀུན་གྱིས། ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་འདི་འདུས་ན་ཉེ་བའི་སྐྱེ་བོ་ཅུང་ཟད་ཙམ་གྱིས་ཡོངས་སུ་ཤེས་པའི་དོན་རྣམས་མཁྱེན་པ་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། དེའི་དུས་སུ་ཉེ་བར་མི་གནས་པའི་འཇིག ་རྟེན་པ་གཞན་གྱིས་ཡོངས་སུ་ཤེས་བའི་དོན་མི་ཁྱེན་བའི་ཕྱིར་རོ། །གང་གི་ཕྱིར་ཕྱོགས་གཅིག་ཡོངས་སུ་ཤེས་པའི་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་དུས་ན་གནས་བའི་སྐྱེ་བོ་མ་ལུས་བའི་དོན་ཡོངས་སུ་ཤེས་པ་དང་ལྡན་པའི་དོན་ལ ་མི་བསླུབ་ཡང་སྲིད་བ་མ་ཡིན་ཏེ། ཐག་རིང་བར་གནས་པ་དང་དོན་དུ་མི་གཉེར་བ་རྣམས་ལ་མི་བསླུབ་མེད་བའི་ཕྱིར་རོ། །འདི་སྙམ་དུ་གང་གི་ཚེ་སྐྱེ་བོ་ཐཾས་ཅད་དེ་བཞིན་གཤེགས་པའི་དྲུང་དུ་ཅིག་ཅར་ཕྱིན་ཏེ། གང་དང་གང་དྲིས་པ་དེའི་ཚེ་བཅོམ་ལྡན་འདས་དེ་དང་དེ་ཁོ་ན ་ལུང་སྟོན་པས་དེས་ན་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་པའི་ཤེས་བྱ་ལ་མི་བསླུ་བ་ཡོད་པ་ཉིད་དོ་སྙམ་དུ་སེམས་ན་འདིར་སྨྲས་པ་ནི་དུས་གསུམ་འཇིག་རྟེན་གསུམ་གནས་པའི། །ཞེས་བྱ་བ་ལ་སོགས་པ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན་ཡོད་པའི་མི་རྣམས ་དང་འགའ་ཞིག་དུ་ཕྲད་སྲིད་བ་མ་ཡིན་ལ་མཐོ་རིས་དང་ས་འོག་དང་མ་སྟེང་ཀྱི་བདག་ཉིད་ཀྱི་འཇིག་རྟེན་གསུམ་ན་གནས་པ་རྣམས་དང་ཡང་མ་ཡིན་ནོ། །ཡང་ན་འཇིག་རྟེན་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་གྱི་བདག་ཉིད ་དུ་རྟོགས་པར་བྱའོ། །གལ་ཏེ་འདི་སྙམ་དུ་དེའི་འཇིག་རྟེན་མཛའ་དག་གིས་ཡོངས་སུ་ཤེས་པའི་དོན་ཤེས་པའི་ནུས་པ་མེད་བར་གྱུར་ན། དེའི་ཚེ་སྐྱེ་བོ་ཅུང་ཟད་ཙམ་གྱིས་ཡོངས་སུ་ཤེས་པའི་དོན་ལ་མི་བསླུ་བ་ཡང་ཇི་ལྟར་འགྱུར། འགྱུར་བ་ཡང་མ་ཡིན་ཏེ། དེས ་ན་དེའི་དངོས་པོ་མཛའ་དག་ཡོངས་སུ་ཤེས་པའི་ནུས་པ་ཡོད་བ་ཉིད་སྙམ་དུ་ཁོ་བོ་ཅིག་སེམས་པ་ཡིན་ནོ་སྙམ་དུ་སེམས་ན་འདི་ལ་སྨྲས་པ། འདི་ལྟར་ཅུང་ཟད་ཤེས་པས་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལས་འདས་པའི་དོན་ཅུང་ཟད་ཡོངས་སུ ་ཤེས་པ་ཙམ་གྱིས་དེ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཡོངས་སུ་ཤེས་པར་འགྲུབ་པ་མ་ཡིན་ཏེ། གཞན་བསླུ་བ་ཤེས་པ་ལ་སོགས་པ་དང་སྒྱུ་མ་དང་མིག་འཕྲུལ་ལ་སོགས་པ་མཁས་པ་རྣམས་ཀྱིས་?་ཏེ། འདི་ལྟར ་སྔགས་དང་སྨན་ལ་སོགས་པའི་སྦྱོར་བས་ཇི་ལྟར་ཟོས་པ་སྟེ་བཟའ་བ་དང་ཆོད་མ་ལ་སོགས་པ་དང་ཇི་ལྟར་བསམས་པ་སྟེ་ཡིད་ཀྱི་དངོས་པོ་དང། ཆང་པ་ན་གནས་པའི་རྫས་ལ་མི་བསླུ་བར་བྱེད་པ་བཞིན་ཏེ། དེ་ཙམ་གྱིས་ནི་ཆོས་ལ་སོགས་པ་ཤེས་པ ་མ་ཡིན་ནོ། །དེ་བཞིན་དུ་མིག་འཕྲུལ་ལ་མཁས་པ་ལ་ལ་དག་ངོ་མཚར་བའི་སྐྱེད་མོས་ཚལ་དང་གཞལ་ཡས་?་དང་ལྷའི་ཚོགས་དང། ལྷའི་བུ་ལ་སོགས་པ་ནམ་མཁའ་ལ་སྟོན་པར་བྱེད་དེ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །འོན་ཏེ་དེ་ལྟ་བུ་བྱུང་བ་དང་གནའ་རབས ་ལ་སོགས་པ་ལས་ཚངས་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྟན་པ་མ་ཡིན་ནམ། འདི་ལྟར་དེར་ཚངས་པའི་ཤེས་པ་ནི་ཐོག་མ་མེད་པ་འདོད་ཆགས་དང་བྲལ་བ་ཡིན་ཞེས་འདོན་ཏོ། །དེས་ན་ཇི་ལྟར་ལུང་ལས་ཐམས་ཅད་མཁྱེན་པ ་མི་འགྲུབ་ཅེ་ན། འདི་ལ་སྨྲས་པ་ནི། འདི་ལྟར་བྱུང་བ་བརྗོད་ཅེས་བྱ་བ་ལ་སོགས་པ་སྟེ་ཇི་ལྟར་སྔགས་དག་ལ་དྲང་དོན་དུ་བསྟན་པ་དེ་བཞིན་དུ་དེ་ལྟ་བུ་བྱུང་པ་ལ་སོགས་ལ་ཡང་ཚངས་པ་ལ་སོགས་པའི་ཐམས་ཅད་མཁྱེན་པ་ཉིད་དྲང་དོན་དུ་རྟོགས་པར ་བྱའོ། །དོན་གྱི་སྒྲ་དོན་གཞན་བརྗོད་པས་ན་དྲང་དོན་ཞེས་བྱའོ། །རྣམ་པ་གཅིག་ཏུ་ནི་ཆོས་དང་དོན། །འདོད་པ་དང་ཐར་པ་སྟེ། སྐབས་སུ་བབ་པ་དག་ལ་ཤེས་པ་ཐོགས་པ་མེད་པའི་ཕྱིར་ཚངས་པ་ལ་སོགས་པ་དེ་ཤེས་པ་ཐོགས་པ་མེད་པ་ཉིད་དུ་བསྟན་གྱི ་དོན་ཐམས་ཅད་ལ་ཐོག་པ་མེད་པས་ནི་མ་ཡིན་ནོ། །གལ་ཏེ་ཆོས་ལ་སོགས་པ་ལ་དངོས་པོ་གཞན་ལ་ཤེས་པ་ཐོགས་པ་མེད་པར་འགྱུར་བ་མ་ཡིན་ནམ། དེ་ཇི་ལྟར་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། གང་ཕྱིར་ཐོག་པ་མེད་ཙམ་གྱིས། ཞེས་བྱ་བ་ལ ་སོགས་པ་སྨོས་སོ། །དེ་ལྟར་ག་ལྟེ་རང་གི་དོན་ལ་ཐོགས་པ་མེད་པའི་ཕྱིར་ཐོགས་པ་མེད་པ་ཞེས་བརྗོད་པ་དེའི་ཚེ་སྐྱེས་བུ་ཐམས་ཅད་ཀྱི་ཤེས་པ་རང་གི་དོན་ལ་ཐོགས་པ་མེད་པའི་ཕྱིར་གང་གིས་དེ་ཉིད་ལ་ཤེས་པ་ཐོགས་པ་མེད་པ་ཞེས་བརྗོད་ཀྱི་གཞན་ངག་ལ་ནི་མ་ཡིན་པ་ཚངས་པ་ལ་སོགས་པ་ལས ་དེ་ཁྱད་པར་ཅི་ཞིག་ཡོད་ཅེན། འདི་ལ་གནས་པ་ནི་ཤེས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་ཆོས་ལ་སོགས་པ་ལ་ཚངས་པའི་ཤེས་པ་དེ་ཉིད་ཐོགས་པ་མེད་པར་འཇུག་གི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་འདི་བཤད་པའི་དོན་དུ་འདི་བསྟན་ཏེ།། ་ཚངས་པའི་ལ་སོགས་པ་ཉིད་རང་གི་དོན་ལ་ཐོགས་པ་མེད་པའི་ཕྱིར་ཐོགས་པ་མེད་པའི་ཤེས་པ་ཞེས་བརྗོད་ཀྱི་གཞན་དག་ནི་མ་ཡིན་ནོ། །ཇི་སྙེད་ཐབས་ལས་བྱུང་བའི་ཤེས། །ཞེས་བྱ་བ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་ཆོས་ལ་སོགས་པའི་ཐབས་ལས་བྱུང་བའི་ཤེས་པ་ཐབས ་ལས་བྱུང་བའོ། །ཇི་སྙད་ཅེས་བྱ་བ་ནི་མ་ལུས་པ་སྟེ། འདི་ཡང་ཐབས་ལས་བྱུང་བའི་ཤེས་པའི་ཁྱད་པར་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་ཆད་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་སྐྱེ་བུ་ལའོ། །དེ་ཉིད་ཅེས་བྱ་བ་ནི་བདག་གི་ཡུལ་ཅན་གྱི་ཤེས་པའོ། །འོན་ཏེ་དབང་ཕྱུག་གི་ཡོན་ཏན་ཡེ་ཤེས་ལ་སོགས ་པ་མི་ཟད་པ་བཅུ་འདོན་པ་མ་ཡིན་མ། དེ་ཇི་ལྟར་འདི་མི་ཟད་པའི་ཡེ་ཤེས་པ་དང་ལྡན་པའི་ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར་ཞེ་ན། གང་ལ་ཡང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ནི་དེ་ཁོ་ན་ཉིད་རྟོགས་པའོ། །ཆགས་བྲལ་ནི་ཡུལ་ལ་རྒྱབ་ཀྱི་ཕྱོགས་པའོ། །དབང ་ཕྱུག་ནི་རྣམ་པ་བརྒྱ་དེ། ཕྲ་བ་དང་ཡང་པ་དང། མཆོད་པར་བྱ་བ་དང་གར་ཡང་ཕྱིན་པ་དང། འདོད་དགུར་ལྡན་པ་དང་བདག་པོར་གྱུར་པ་དང། དབང་དུ་གྱུར་པ་དང། དགའ་མགུར་གནས་པའོ་ཡེ་ཤེས་ལ་སོགས་པ་བཅུ་པོ་འདི་དག་མི་ཟོད་པ་སྟེ། མི་འཇིགས་པ་གང་ལ་ཡོད་པ་དེ་ནི་མི་ཟད་པ་བཅུ ་ཅན། །དེ་ལ་ཕྲ་བ་ནི་རྡུལ་ཕྲ་རབ་ཏུ་གྱུར་ནས་འབྱུང་པོ་ཐམས་ཅད་ཀྱིས་མི་མཐོང་པ་ན་འཇིག་རྟེན་ཐམས་ཅད་དུ་སྦྱོར་པ་གང་ཡིན་པའོ། །ཡང་བཞི་ཡང་བའི་ཕྱིར་རྐུར་བཞིན་དུ་སྦྱོར་པ་གང་ཡིན་པའོ། །མཆོད་པ་བྱ་བ་ནི་འཇིག་རྟེན་ཐམས་ཅད་དུ་མཆོད་ཅིང་ཕྱག་འཚལ་ཞིང་བརྗོད་དོ། །ཆེན་པོ་པས་ཀྱང་ཆོས ་ཆེན་པོར་གྱུར་པ་གང་ཡིན་པའོ། །གང་ཡང་ཕྱིན་པ་སྟེ་གང་དུ་ཡིད་ཀྱིས་བསམས་པ་དེ་དང་དེར་ཕྱིན་པའོ། །འདོད་དགུར་ལྡན་པ་ནི་འདོད་པ་མང་པོར་གྱུར་པ་གང་ཡིན་པ་སྟེ། ཡུལ་ལོངས་སྤྱོད་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །བདག་པོར་གྱུར་པ ་ནི་འཇིག་རྟེན་གསུམ་གྱི་མངའ་བདག་གང་ཡིན་པའོ། །དབང་དུ་གྱུར་པ་ནི་རྒྱུ་བ་དང་མི་རྒྱུ་བའི་འབྱུང་པོ་དབང་དུ་བྱེད་པ་དང་དབང་པོ་དབང་དུ་བྱེད་པ་གང་ཡིན་པའོ། །དགའ་མགུར་གནས་པ་ནི་ཚངས་པ་དང་སྐྱེ་དབུའི་བདག་པོ་དང། ལྷ་དང་དྲི་ཟ་དང། གནོད་སྦྱིན་དང་སྲིན་པོ ་དང་མཚུན་དང། ཤ་ཟ་རྣམས་དང། མི་རྣམས་དང། དུད་འགྲོའི་སྐྱེ་གནས་རྣམས་དང། གནས་གཞན་རྣམས་སུ་གང་དང་གང་དུ་དགའ་བ་དེ་དང་དེར་གནས་པ་གང་ཡིན་པའོ། །བདག་བསམས་པ་ཞེས་བྱ་པ་ནི་བདག་རིག་པ་སྟེ། ཤེས་པ་དང་ལྡན་པ་ཡིན་གྱི། དངོས་པོ ་མ་ལུས་པ་ཡོངས་སུ་ཤེས་པ་དང་ལྡན་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་ཕྱོགས་གཅིག་ཏུ་ཤེས་ན་ཡང་བདེ་བྱེད་དེ་ཉིད་ཤེས་པ་དང་ལྡན་པར་བརྗོད་ཀྱི། གཞན་ནི་མ་ཡིན་ཞེ་ན། བདག་ཉིད་རྣམ་པར་དག་མཐོང་བ། ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འདི་ནི་བདག་ཀྱང་ཡིན་ལ་དག་པ་ཡང་ཡིན་པས་དེ་སྐད་ཅེས་བྱ་ལ་དེའི་མཐོང་བ་ཞེས་བསྡུའོ་དེའི་རྒྱུ་མཚན་ཞེས་བྱ་བ་ནི་དེ་སྟེ་བདག་རྣམ་པར་དག་པ་མཐོང་བའོ། །རྒྱུ་མཚན་ནི་དེའི་རྒྱུ་མཚན་ནོ། །དེ་ཡང་མི་ཞེས་ན། དེའི་བདག་ཉིད་དོ། །དེའི་རྒྱུ་མཚན་གྱི་བདག་དེ ་མ་དག་ན་དེའི་མཚན་ཉིད་མཐོང་བ་དེ་མ་དག་པར་འཇུག་པ་དེ་ནི་མི་ཤེས་པ་ཞེས་བརྗོད་དེ་སྨད་པར་བྱ་བའི་ཕྱིར་རོ། །གལ་ཏེ་བསམ་གཏན་གོམས་པ་ལས་ཚངས་པ་ལ་སོགས་པའི་རྣམ་པར་དག་པའི་ཤེས་པ་སྲིད་པ་ལས་ལེན་པ་དེའི་ཚེ་གང་ཡིན་དེ་དག། ་ཀྱང་ཐོགས་པ་མེད་པ་དང་དག་པའི་ཤེས་པ་འདོད་པས་སངས་རྒྱས་ལ་སོགས་པ་ལ་ཅི་ཞིག་སྟེ་ཞེས་དོགས་པ་བསྟན་ནས?། །ཕྱོགས་གཞན་པ་འདོད་པའི་སྒོ་ནས་ཚངས་པ་ལ་སོགས་པ་ཁྱད་པར་དུ་བསྟན་པའི་ཕྱིར་ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རིག ་བྱེད་ཀྱི་བདག་ཉིད་དུ་གྱུར་བའི་ཕྱིར་རིག་བྱེད་ཀྱི་ལུས་ཅན་ཞེས་བྱའོ། །དངོས་པོ་ཐམས་ཅད་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རིག་བྱེད་ནི་ཀུན་ཤེས་ཀུན་གྱི་རང་བཞིན་ཡིན། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཚངས་པ་ལ་སོགས་པ་རང་དབང་གི་ཆོས་ལ་སོགས་པ་ལ་ཤེས་པ་ཐོགས་པ ་མེད་པར་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིག་བྱེད་ཀྱི་སྒོ་ནས་སོ། །དེ་ལྟར་ཁྱེད་ཅག་གིས་སངས་རྒྱས་པ་ལ་སོགས་པ་འདོད་པ་ནི་མ་ཡིན་ཏེ། དེ་དག་གི་ཤེས་པ་ནི་རབ་བྱུང་ཡིན་པའི་ཕྱིར་རོ། །གཞན་ཡང་ཚངས་པ་ལ་སོགས་པ་ནི་བསམ་གཏན་གོམས་པ་ལས་ཤེས་པ་རྣམ་པར ་དག་པར་རིགས་པ་ཡིན་ཏེ། དེ་དག་ནི་ལྟ་ཉིད་ཡིན་པས་སྐྱེ་བོ་ཐམས་ཅད་ལས་ཕུལ་དུ་ཕྱུང་བའི་ཕྱིར་དང་རིག་བྱེད་ཀྱི་མི་གནོད་པའི་ཕྱིར་རོ། །མི་རྣམས་ལ་ནི་ནམ་ཡང་འདི་འདྲ་བའི་ནུས་པ་སྲིད་པ་མ་ཡིན་ཏེ། དེ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མི་རྣམས ་ཀྱང་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་ནི་རྨོངས་པ་སྟེ། འདི་ནི་རྨོངས་པའི་ལྟ་བ་ཅན་ཁྱེད་ཅིག་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཚངས་པ་ལ་སོགས་པའི་རིག་བྱེད་དུ་འདོད་ན་དེའི་ཚེ་ཇི་ལྟར་མི་རྟག་པའི་བརྗོད་པར་བྱ་བ་དང་འབྲེལ་པའི་ཕྱིར་རིག་བྱེད་ཀྱང་མི་རྟག་པ་ཉིད་དུ་ཐལ་བར ་མི་འགྱུར་རམ། ཡང་རིག་བྱེད་རྣམས་རྟག་པ་ཉིད་དུ་འདོད་ན་ཚངས་པ་ལ་སོགས་པ་རིག་བྱེད་རྟག་པའི་བརྗོད་པར་བྱ་བ་འགལ་ཏེ་དེ་དག་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་འདི་མི་འགལ་ན་དེའི་ཚེ་སངས་རྒྱས་པ་ལ་སོགས་པ་ཡང་དེའི་བརྗོད་བྱ་ཉིད་དུ་མི་འགལ་ལོ་སྙམ ་དུ་སེམས་པའི་དོགས་པ་བསུ་ནས་རིག་བྱེད་ལུང་ནི་རྟག་པར་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རྟག་ཉིད་ཕྱིར་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་དེ་དག་ནི་རྟག་པའི་ཕྱིར་རོ། །དེ་དག་རྟོག་པའི་ཞེས་བྱ་བ་ལ་སོགས་པས་འདི་ཉིད་གསལ་བར་བྱེད་པ་ཡིན་ནོ། །རྟག?་བ ་ནི་ལུང་གིས་རྟོག་པར་བྱ་བ་མ་ཡིན་ཏེ། སྒྲ་དང་དོན་གྱི་འབྲེལ་པ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་རྟག་པའི་ལུང་ཡང་གཞན་གྱིས་ཁས་མ་བླངས་པའི་ཕྱིར་རོ། །ཁས་ལེན་ན་ཡང་ཐམས་ཅད་མཁྱེན་པ་རྟོགས་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད ་སྟོན་པ་ནི་ཐམས་ཅད་མཁྱེན་པ་ཤེས་བྱེད་པས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཤེས་པར་བྱེད་པ་ལས་རྟག་པའི་ལུང་གི་དོན་རྟོགས་པ་མཆོག་ཉིད་དུ་འདོད་དེ། །ཇི་ལྟར་དེ་མཆོག་ཡིན་ཞེ་ན། རིག་བྱེད་ཀྱིས་རྟོགས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རིག་བྱེད་ལ་བརྟེན་པས་ཆོས་ཤེས་པ་འབྱུང་བ་ན་མ་བསྒྲིབས་པར་འགྱུར་ཏེ། འཇིག་རྟེན་གནས་ཀྱི་བར་དུ་ཁྱད་པར་མེད་པར་ཐམས་ཅད་ལ་སྲིད་པའི་ཕྱིར་རོ། །རིག་བྱེད་ཀྱིས་རྟོགས་པའི་ཐམས་ཅད་མཁྱེན་པས་རྟོགས་པར་བྱ་བའི་ཆོས་ནི་བསྒྲིབས་པ་ཡིན ་ཏེ། དེའི་མྱ་ངན་ལས་འདས་པ་ནི་དེ་མི་གསལ་པའི་ཕྱིར་རོ། །མྱ་ངན་ལས་མ་འདས་པའི་གནས་སྐབས་ན་ཡང་མ་ངེས་པས་ཉེ་བར་བསྟན་པ་མེད་པའི་ཕྱིར་ལ་ཉེ་བར་སྟོན་པ་ན་ཡང་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་ཐམས་ཅད་ཀྱིས་ཐོས་པ་མེད་པའི་ཕྱིར་རོ། །ཉེ་བར་འཇལ་བའི་ཚད་ནས ་ཀྱང་ཐམས་ཅད་མཁྱེན་པ་རྟོགས་པར་བྱེད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཀུན་མཁྱེན་དང་འདྲ་པ་འགའ་། །ཞེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་འཇལ་བ་ནི་འདྲ་བ་དང་དེའི་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་འདྲ་བའི་དངོས་པོ་འབྱུང་བ་མེད་ན་མི ་འབྱུང་ཞིང་མི་ཉེ་བའི་དོན་གྱི་སྤྱོད་ཡུལ་ཅན་ཡིན་ཏེ། དཔེར་ན་པ་མེན་འཛིན་པའི་སྒོ་ནས་པ་ལང་དྲན་པ་བཞིན་ནོ། །ཐམས་ཅད་མཁྱེན་པ་དང་འདྲ་བ་འགའ་ཞིག་རྟོགས་པ་སྲིད་པ་ཡང་མ་ཡིན་པས་དེས་ན་འདྲ་བའི་དངོས་པོ་འཛིན་པ་མེད་པ་ཕྱིར་མི་འཇུག་གོ། ་སྦྱོར་བ་ནི་གང་འདྲ་བ་འཛིན་པ་མེད་པ་དེ་ནི་ཉེ་བར་འཇལ་བས་གོ་བར་བྱ་བ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །ཐམས་ཅད་མཁྱེན་པའི་འདྲ་བ་འཛིན་པ་མེད་དོ་ཞེས་བྱ་བ་ནི་སྲིད་པ་ཡང་མ་ཡིན་པས་དེས་ན་འདྲ་བའི་དངོས་པོ་འཛིན་པ་མེད་པ་ཕྱིར་མི་འཇུག་གོ། ་མཁྱེན་པ་གོ་བར་མི་ཁྱེད་པ་འབའ་ཞིག་ཏུ་མ་ཟད་འོན་ཀྱང་སླར་ལ་སྐྱེས་བུ་ཐམས་ཅད་ཉེ་བར་འཇལ་བར་ཐམས་ཅད་མཁྱེན་པ་མ་ཡིན་པ་ཁོ་ནར་རིགས་སོ་ཞེས་སྟོན་པ་ནི། དེ་ལྟར་ཡོད་པའི་མི་རྣམས། །ཞེས་བྱ་བ་ལ་སོགས་པའོ། །དོན་གྱི་གོ་བས ་ཀྱང་ཐམས་ཅད་མཁྱེན་པ་འགྲུབ་པ་མ་ཡིན་ནོ། །ཞེས་བྱ་བ་འདི་བསྟན་པར་འདོད་ནས་རེ་ཞིག་གཞན་གྱི་འདོད་པ་དོགས་པར་བྱེད་པ་ནི། ཆོས་དང་ཆོས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ་གལ་ཏེ་ཆོས་ལ་སོགས་པ་དེས་དངོས་སུ་རིག་པར་མ་གྱུར་ན་སངས་རྒྱས་ལ་སོགས། ་པ་ཉེ་བར་བསྟན་པ་གང་ཡིན་པ་དེ་བཞིན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གལ་ཏེ་ཡང་ཐམས་ཅད་མཁྱེན་པ་རྟོགས་པར་བྱེད་པའི་མངོན་སུམ་ལ་སོགས་པ་དེ་ལྟ་ན་ཡང་དོན་གྱིས་གོ་བ་ཐམས་ཅད་རིག་པའི་སྐྱེས་བུ་གྲུ་པོ་ཞེས་དེ་ལྟར་སྟོན་པར་བྱེད་པ་གང་ཡིན་པ་དེ་མི་རིགས ་པར་བསྟན་པར་བྱ་སྟེ། འཆད་པར་འགྱུར་བའི་རིགས་པ་ལས་སོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ན་འདི་ནི་རྗེས་སུ་དཔག་པ་ཁོ་ན་ཡིན་གྱིས་གོ་བ་ནི་མ་ཡིན་ཏེ་ཚུལ་གསུམ་སྲིད་པའི་ཕྱིར་རོ་ཞེས་སྟོན་པ་ནི་ཡང་ན་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱིར་མ་མཐོང་བ་ཞེས ་བྱ་བ་འདིས་ནི་བྱེ་བྲག་ཏུ་མཐོང་པ་མི་སྲིད་པར་བསྟན་ཏོ། །རྟགས་དང་རྟགས་ཅན་གང་ཁོ་ན་མངོན་སུམ་གྱིས་འབྲེལ་པ་མཐོང་བའི་རྟགས་ཅན་དེ་ཁོ་ན་རྟགས་དེ་ཉིད་ཀྱིས་དུས་གཞན་དུ་ཐེ་ཚོམ་བཅད་པར་བྱ་བའི་ཕྱིར་རྗེས་སུ་དཔག་པ་བྱེད་པ་གང་ཡིན་པ ་དེའི་ཚེ་ཁྱད་པར་དུ་མཐོང་བའི་རྗེས་སུ་དཔག་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་ལ་སོགས་པ་ཉེ་བར་སྟོན་པ་འགས་ཀྱང་འབྲེལ་པ་མ་བཟུང་བ་དེས་ན་འདིར་ནི་སྤྱིར་མཐོང་བ་ཁོ་ནའོ། །འདི་ལྟར་སྤྱིར་ཉེ་བར་བསྟན་པ་ནི། གཞན ་དག་ཏུ་སྟེ། རང་གི་རྒྱུད་ལ་ཤེས་པ་སྔོན་དུ་འགྲོ་བ་ཅན་དུ་མཐོང་སྟེ། དེའི་ཕྱིར་ཇི་ལྟར་ལྷས་བྱིན་འགྲོ་བ་སྔོན་དུ་འགྲོ་བ་ཅན་ཡུལ་གཞན་དུ་ཕྱིན་པར་དམིགས་པ་ལས་ཉི་མ་ཡུལ་གཞན་དུ་ཕྱིན་པར་འགྲོ་བ་རྗེས་སུ་དཔག་པར་བྱེད་པ་དེ་བཞིན་དུ་སངས་རྒྱས ་བཅོམ་ལྡན་འདས་ཀྱང་ཆོས་ལ་སོགས་པ་ཉེ་བར་སྟོན་པ་ལས་དེའི་ཤེས་པ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །སྦྱོར་བ་ནི་གང་ལ་ལ་ཉེ་བར་སྟོན་པ་གང་ཡིན་པ་དེ་ནི་སྨྲ་བ་པོའི་ཤེས་པ་སྔོན་དུ་འགྲོ་པ་ཅན་ཡིན་ཏེ། དཔེར་ན་ཨ་རུ་ར་ལ་སོགས་པའི་ནུས ་པ་ཉེ་བར་བསྟན་པ་བཞིན། །སངས་རྒྱས་ལ་སོགས་པའི་ཆོས་ལ་སོགས་པ་ཉེ་བར་བསྟན་པ་འདི་ཡང་ཉེ་བར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིར་ལན་སྨྲ་བ་ནི། གཞན་དུ་ཡང་ནི་སྲིད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ ་སྟེ། གཞན་དུ་ཡང་སྟེ་རྨོངས་པས་ཉེ་བར་བསྟན་པ་ཡང་སྲིད་པའི་ཕྱིར་རྗེས་སུ་དཔག་པ་དང་དོན་གྱིས་གོ་བ་གཉི་ག་ཡང་མ་ངེས་པ་ཉིད་ཡིན་ནོ། །ཇི་ལྟར་གཞན་དུ་ཡང་སྲིད་ཅེ་ན། རྨི་ལམ་ལ་སོགས་མཐོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་རི་ཁྲོད་པའི་བཤད ་པ་ལས། ཉེ་བར་བསྟན་པ་ནི་རྨོངས་པ་ལས་ཀྱང་འགྱུར་ལ་རྨོངས་པ་མེད་པ་ནི་རིག་བྱེད་ལས་ཀྱང་འགྱུར་རོ། །དེ་ལ་རྨོངས་པ་ལས་འགྱུར་བ་མཐོང་སྟེ། དཔེར་ན་རྨི་ལམ་དུ་དམིགས་པའི་དོན་བཞིན་ནོ། །རིག་བྱེད་ལས་མཐོང་བ་ནི་དཔེར་ན་ཤེས་ལ་སོགས་པ ་བཞིན་ནོ། །གང་དག་བདེ་པར་གཤེགས་པ་པ་རིག་བྱེད་མངོན་པར་མི་ཤེས་པ་དེ་དག་ནི་རྨོངས་པ་ལས་སམ། གཞན་སྲུང་བར་བྱ་བའི་ཕྱིར་ཉེ་བར་སྟོན་པ་ཡིན་ནོ་ཞེས་བཤད་དོ་དེ་ཉིད་སྟོན་པ་ནི་གང་དག་རིག་བྱེད་མི་ཤས་པ་ཞེས་བྱ་བ་ལ་སོགས་པ ་སྟེ། དེ་ལ་མི་བརྟེན་ཞེས་བྱ་བ་ནི་རིག་བྱེད་ལ་མི་བརྟེན་པའོ། །ཉེ་བར་བསྟན་པ་འདི་རིག་བྱེད་ལ་མི་བརྟེན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། གལ་ཏེ་རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སངས་རྒྱས་ལ་སོགས་པ་བསྟན་པ་རིག ་བྱེད་ཀྱི་རྩ་བ་ཅན་དུ་གྱུར་ན་དེའི་ཆེ་ཤེད་ལ་སོགས་པ་བཞིན་དུ་རིག་བྱེད་ཤེས་པའི་བྲམ་ཟེ་རྣམས་ཁོ་ན་ལས་སྟོན་པར་འགྱུར་བ་ཞིག་ན། འདི་དག་ནི་བྲམ་ཟེ་རྣམས་ཁོ་ན་ལ་ཉེ་བར་བསྟན་པ་ཡང་མ་ཡིན་གྱི་འོན་ཀྱང་དམངས་རིགས་རྨོངས་པ་རྣམས ་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་བསྟན་པ་ཀུན་རྫོབ་པ་ལྟར་བརྫུན་ཡིན་པ་དག་སྟེ། དཔེར་ན་བསླུ་བའི་ཚིག་ལ་སོགས་པ་དང། དོང་ཅེ་སེན་ལ་སོགས་པའི་ལས་བཞིན་ནོ། །གང་ཡང་ཤེས་ལ་སོགས་པ་དེ་དག་ནི་རིག་བྱེད་ཤེས་པའི་ཕྱིར་ཆོས་ལ་སོགས ་པ་ཉེ་བར་བསྟན་པ་རིག་བྱེད་ཀྱི་རྩ་བ་ཅན་ཁོ་ན་ཡིན་གྱི་རང་དབང་ཅན་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་གང་དག་གཙོ་བོས་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་བརྗོད་དང་མཆོད་སྦྱིན་དང་སྙམ་དག་ཞེས་བྱ་བ་གསུམ་ནི་རིག་བྱེད་གསུམ་དུ་བརྗོད་དོ། །དེ་དག་རིག་པས་ན་གསུམ་རིག་པ ་སྟེ་བྲམ་ཟེ་རྣམས་ལ་བརྗོད་དོ། །གསུམ་རིག་པ་རྣམས་ཀྱིས་བསྟན་པའི་ཆོས་བསྟན་བཅོས་ལ་སོགས་པ་གཞུང་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་གཞུང་ལ་བརྟེན་པ་ལ་རྒྱུ་བསྟན་པ་ནི། རིག་བྱེད་སྟོབས་ཀྱིས་སྨྲས་པ་ཡིན། ཞེས་བྱ་བ་སྟེ། རིག་བྱེད་ཀྱི ་སྟོབས་ཀྱིས་སྨྲ་བ་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཡང་ཇི་ལྟར་ངེས་ཤེ་ན། རིག་བྱེད་ཚིག་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོན་པ་ནི་རྟོགས་པའོ། །དེ་ལྟར་ཚད་མ་རྣམ་པ་ལྔས་ཀྱང་ཐམས་ཅད་མཁྱེན་པ་གྲུབ་པ་མ་ཡིན་པའི་ཕྱིར་ལྟེག ་མར་གྱུར་པས་དངོས་པོ་མེད་པ་ཉིད་ཀྱིས་གོ་བར་བྱ་བ་ཡིན་པས་དངོས་པོ་མེད་པའི་ཆད་མས་ཡུལ་དུ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་གྲུབ་པ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ནོ། །ཞེས་སྔར་བསྟན་ཟིན་ཏོ། །མེད་པའི་ཐ་སྙད་ཀྱི་རྒྱུ ་མཚན་གཞན་མེད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་ཁོ་བོ་ཅག་གིས་རྭ་ནས་བཟུང་ནས་ཐམས་ཅད་མཁྱེན་པ་བསྒྲུབས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་སྤྱིར་སྲིད་པ་ཙམ་བསྒྲུབ་པར་བྱ་བ་སྟེ། ཐམས་ཅད་མཁྱེན་པ་འགའ་ཞིག་ཡོད་པ་འམ་འགའ་ཞིག་ཏུ ་ཐམས་ཅད་མཁྱེན་པ་ཡོད་པ་ཡིན་ཏེ། ཤེས་རབ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པར་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། སྐྱེས་བུ་ཀུན་མཁྱེན་འགའ་ཞིག་ཡོད། །ཅེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། རེ་ཞིག་གཏན་ཚིགས་ནི་སྔར་མ་ངེས་པ་ཉིད་དུ ་བསྟན་ཟིན་པས་ངེས་ན་ཕྱོགས་ཀྱི་སྐྱོན་ཉིད་སྟོན་པར་བྱེད་དོ། །གལ་ཏེ་གཞན་བསྒྲུབ་པར་འདོད་པ་ན་གཞན་དམ་འཆའ་བར་བྱེད་པ་ནི་དམ་བཅའ་བ་མ་ཚང་བའི་ཕྱོགས་ཀྱི་སྐྱོན་ཡིན་ལ། འདིར་ཡང་རང་གི་སྟོན་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བར་འདོད ་ཀྱི་སྤྱིར་ནི་མ་ཡིན་ནོ། །འདི་ལྟར་རྟོགས་པ་དང་ལྡན་པ་ཐམས་ཅད་མཁྱེན་པ་འཚོལ་བ་ཞེན་པའི་དབང་གིས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་ཚིག་གང་ལས་ཆོས་དང་ཆོས་མ་ཡིན་པ་དག་ཤེས་ནས་འཇུག་པར་བྱ་བ་འམ་ལྡོག་པར་བྱ་བའི་ཕྱིར ་འཇུག་པ་དང་ལྡོག་པའི་འདོད་པས་ཡིན་ནོ། །སྤྱིར་གྲུབ་ན་ཡང་ངེས་སྐྱེས་བུའི་འཇུག་པ་ལ་ཉེ་བར་མཁོ་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཁྱད་པ་ཡོངས་སུ་ཤེས་པ་མེད་པར་དེའི་ཚིག་ཏུ་མ་ངེས་པའི་ཕྱིར་རོ། །དེ་ལྟ་བས་ན་འཇུག་པར་འདོད་པས་ཁྱད་པར་དེ་ཉིད ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྤྱིར་དམ་བཅའ་བ་ནི་དམ་བཅའ་བ་མཆོད་པ་ཉིད་ཡིན་ནོ། །བསྒྲུབ་པར་བྱ་བའི་འདོད་པའི་དོན་ཞེས་བྱ་བ་ནི་བསྒྲུབ་པར་འདོད་པའི་དོན་ནོ། །དེ་ནི་ཞེས་བྱ་བ་ནི་ཁྱད་པར་རང་གི་སྟོན་པའོ། །འདི་ཡིས་ཞེས་བྱ་བ་ནི་དམ་བཅའ་བའོ། །གང་བརྗོད་པ་ཞེས ་བྱ་བ་ནི་ཁྱད་པར་ལ་མ་རེག་པར་སྐྱེས་བུ་ཐམས་ཅད་མཁྱེན་པ་འགའ་ཞིག་ཡོད་པ་འམ་ལ་ལར་ཐམས་ཅད་མཁྱེན་པ་ཡོད་དོ་ཞེས་གྲུབ་པ་དེས་ཀྱང་དོགས་པ་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ཞེ་ན། གང་གིས་ལུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་གང་གིས ་ལུང་དེ?་ནང་ཉིད་དུ་གྲུབ་པའོ། །ཅིའི་ཕྱིར་མི་རྙེད་ཅེ་ན། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་སྲིད་དུ་སངས་རྒྱས་ཐམས་ཅད་མཁྱེན་པར་མ་གྲུབ་པ་དེ་སྲིད་དུ་དེའི་ཚིག་ཀྱང་བདེན་པར་ངེས་པ་ཡོད་པ་མ་ཡིན་ལ་སྤྱིར་ཐམས་ཅད་མཁྱེན་པ་ཉིད་གྲུབ ་པ་ནི་སངས་རྒྱས་ཀྱི་ཚིག་བདེན་པར་གྲུབ་པར་འགྱུར་བ་ཡང་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འདི་སྟོན་པ་ནི་གཞན་དུ་ཀུན་མཁྱེན་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་དེ་དག་འབྲེལ་པར་འགྱུར་ཞེ་ན། དེ་དག་གཞི་མཐུན་ཡོད་པ་ན། ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། གཞི་མཐུན་པ་ནི་སྐྱེས་བུ་ཞིག་ལ་བརྟེན་པ་ཉིད་དོ། །དེ་དག་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་དང་ཚིག་དག་གོ། ཡན་ལག་དང་ཡན་ལག་ཅན་ཉིད་ནི་རྒྱུ་དང་འབྲས་བུ་དག་གོ། འདི་སྐད་དུ་བསྟན་པ་ཡིན་ཏེ། གཅིག་ལ་བརྟེན་པ་ཉིད་ཡིན ་ན་ཐམས་ཅད་མཁྱེན་པའི་ཚིག་བདེན་པའི་རྒྱུར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །གཞན་ཡང་གཞན་དག་གིས་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་བཀོད་པ་དེ་ཡང་འདི་ཉིད་བསལ་བ་ཡིན་ནོ་ཞེས་བསྟན་པའི་དོན ་དུ། གང་ཞིག་འཇིག་རྟེན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གཞལ་བྱ་ཉིད་དང་དངོས་པོ་ཉིད་དང་ལྡན་པ་དེ་ནི་འགའ་ཞིག་གི་མངོན་སུམ་མ་ཡིན་ཏེ། དཔེར་ན་ཞོའི་གཟུགས་དང་རོ་ལ་སོགས་པ་བཞིན་ནོ། །དངོས་པོའི་ངོ་བོ་ཐམས་ཅད་ཀྱང་གཞལ་བྱ་ལ་སོགས ་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ལ་སྔ་མ་བཞིན་དུ་དམ་བཅའ་བ་མཚང་བ་ཉིད་དང་གཏན་ཚིགས་ཀྱང་མ་ངེས་པ་ཉིད་དུ་བརྗོད་པར་བྱའོ། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་གྲུབ་པ་ནི་ཁྱད་པར་གྱི་སྒོ་ནས་སྲིད་པ་མ་ཡིན ་ལ་སྤྱིའི་སྒོ་ནས་ཀྱང་མ་ཡིན་པས་དེས་ན་དེ་མེད་དོ་ཞེས་བྱ་བར་གྲུབ་བོ། །དེ་མེད་པའི་ཕྱིར་དེའི་ཚིག་ཀྱང་མེད་པས་དེའི་ཚིག་ལས་སུ་འཇུག་པ་སྲིད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སྐྱེས་བུ་ཐམས་ཅད་མཁྱེན་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་གང་ལས་ཁྱེད་ཅག ་འཇུག་གོ་བར་འགྱུར་བ་ཐམས་ཅད་མཁྱེན་པར་བྱས་པའི་ཚིག་མི་སྲིད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་ས་བཅུ་དག་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ས་བཅུ་ལ་རབ་ཏུ་གནས་པ་འདོད་ཆགས་ལ་སོགས་པའི་དྲི་མའི་རྟོག་པ་མ་ལུས་པ་དང་བྲལ ་བའི་ཕྱིར་ཤེལ་དག་པ་དང་མཚུངས་པའི་ཞེས་ཀྱི་ཤེས་བྱ་མཛའ་དག་རྟོགས་སོ་ཞེས་བྱ་བ་དེ་ལྟར་ཁྱེད་ཅག་གིས་བརྗོད་པར་གྲག་སྟེ། དེ་ལྟ་ཡིན་དང་གནས་སྐབས་འདི་འཛིན་པ་སྟེ། སེམས་རྩེ་གཅིག་པ་དང་ལྡན་པ་འདི་དོན་རྟོགས་པ་ཁོ་ན་ལ་སྟོན་པའི ་ཕྱིར་ཉེ་བར་སྟོན་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་གིས་བྱ་བ་འདི་ཙམ་ཞིག་བྱེད་པར་ནུས་པ་ནི་མ་ཡིན་ནོ། །གལ་ཏེ་བསམ་གཏན་ལས་ལངས་ནས་སྟོན་པ་ཡིན་ནོ་ཞེ་ན། གང་ཚེ་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་རིག་པ་མེད་པར་ཚིག་ ་འཇུག་པ་ཡོད་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཀྱི་གནས་སྐབས་ན་འདི་ཆོས་སྟོན་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གནས་སྐབས་འདིར་བྱིས་པ་དང་མཁས་པ་དག་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ ་མ་ཡིན་པ་དེས་བཤད་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་བས་བཤད་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་རྟོག་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་འདི་ཅུང་ཟད་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་དབང་གིས་ཆོས་སྟོན་པ་སྣ་ཚོགས་པར་སྣང་བའི ་རྣམ་པར་རིག་བ་སྐལ་བ་དང་ལྡན་པ་རྣམས་ལས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་བར་འདིར་དེ་བཞིན་གཤེགས་པས་ཡི་གེ་གཅིག ་ཀྱང་མ་གསུངས་ཤིང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་ནོ། །འོན་ཀྱང་ཡི་གེ་དང་བརྗོད་པ་དང་བསྟན་པ་རྣམས་ཀྱིས་འདུལ་བར་འགྱུར་བ་གང་ཡིན་པ་དེ་དག་གིས་གང་དེ་བཞིན་གཤེགས་པའི ་ཞལ་དང་དབུའི་གཙུག་ཏོར་དང་མཛོད་སྦུ་ལས་ཆོས་ཀྱི་སྒྲ་འབྱུང་བ་ཐོས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུང་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ལ། དེ་ཡི་བསམ་གཏན་ལ་བཞུགས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་བཞིན་རིན་ཆེ་ནི་ཡིན་བཞིན་ནོར་བུའོ།། ་འདིར་བསྡུས་པའི་དོན་འདི་ཡིན་ཏེ། གང་དག་དད་པ་དང་ལྡན་བ་དེ་དགའ་ཚད་མ་མེད་པ་འདི་བརྗོད་པ་ནི་མཛེས་པར་འགྱུར་གྱི། གང་ཡང་ཁོ་བོ་ཅག་ལྟ་བུས་ཚད་མས་འཐད་པའི་དོན་འཛིན་པ་ཉིད་ཀྱིས་རིགས་པ་ཁོ་ན་དོན་དུ་གཉེར་བ་དག་ནི་དེ་དག་ཇི་ལྟར་ཚད་མ ་མེད་པ་ཅན་འདི་བརྗོད་བ་ན་འཛིན་བར་འགྱུར་གཞན་ཡང་རྟོགས་པ་དེ་ལྟ་བུ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རྩིག་པ་ལ་སོགས་པ་ནས་བྱུང་བའི་བསྟན་པ་དག་ལ་ཐམས་ཅད་མཁྱེན་པའི་དབང་གིས་བྱུང་བ་ཉིད་དུ་ཐེ་ཚོམ་ཟ་བའི་ཕྱིར་དེ་ལ་རྟོགས་པ་དང་ལྡན་དེ?་རྣམས་ཚར ་མ་ཉིད་དུ་ཡིད་ཆེས་པ་མ་མིན་ནོ་ཞེས་སྟོན་པ་ནི། རྩིག་པ་སོགས་ནས་བྱུང་བའི་ཚིག། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་གོ་བར་ཟད་དོ། །འདི་ཙམ་གྱི་བར་དུ་ཀུ་མཱ་ར་རི་ལས་སྨྲས་པ་ཕྱོགས་སྔ་མར་བྱས་པ་ཡིན་ལ་ད་ནི་ལ་བ་ཅན་དང་མཆོག་སྦྱིན་ཅན་དག་གི་ལུགས་ཀྱིས་སླར་ཐམས་ཅད་མཁྱེན་པ་སུན་འབྱིན་པ ་སྨྲས་བ་ནི། སླར་ཡང་འདི་ལྟར་སྤྱད་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ཅིག་ཅར་དངོས་པོ་མ་ལུས་པ་རྣམ་པར་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་ན། འོན་ཏེ་རིམ་གྱིས་ཏེ་གོ་རིམས་སུ་ཡིན། ཡང་ན་འགྲོ་བ་ཐམས་ཅད་མི་རྟག་པ་ལ་སོགས་པ་གཅིག་གི་ངོ་བོར་ཤེས་པ་ལས་ཡིན་ན་མེ? ་རྣམ་པ་གཅིག་ཏུ་ནི་གཙོ་བོ་ཇི་ལྟ་བ་བཞིན་དུ་སྟེ། སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་ལས་དང་འབྲས་བུ་ལ་སོགས་པ་གང་ཡིན་པ་དེ་ཁོ་ན་ཤེས་པ་ལས་སམ། ཡང་ན་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པའི་ནུས་བ་དང་ལྡན་པའི་ཕྱིར་དཔེར་ན་མེས་ཐམས་ཅད་རིམ་གྱིས་དང ་ཅིག་ཅར་དག་གིས་མི་ཟ་ན་ཡང་ཐམས་ཅད་ཟ་ཞེས་བྱ་བ་ལྟ་བུར་ཐམས་ཅད་མཁྱེན་པར་བརྗོད་གྲང། དེ་ལ་ཕྱོགས་དང་པོ་ལ་རྣམ་པར་རྟོག་པ་གཉིས་ཏེ། བློ་གཅིག་གིས་ཅིག་ཅར་མ་ལུས་པ་ཤེས་སམ་དུ་མས་ཡིན། རེ་ཞིག་གཅིག་གིས་ནི་མ་ཡིན་ཏེ། དག་པ་དང ་མ་དག་བ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་རྣམས་ཅིག་ཅར་ཤེས་པ་གཅིག་གིས་མ་མཐོང་བའི་ཕྱིར་རོ། །འདི་སྙམ་དུ་དེའི་འགལ་བའི་དངོས་པོ་དུ་མའི་ཡུལ་ཅན་གྱི་བློ་མང་པོ་ཅིག་ཅར་འཇུག་པ་ཡིན་ནོ་སྙམ་དུ་སེམས་ན། འགར་ཡང་བློ་རྣམས་ཐ་དད་ཀྱང། །ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ་དེ་དག་ནི་མ་མཐོང་ངོ་ཞེས་རྣམ་པར་དབྱེ་བ་བསྒྱུར་བ་སྒྲེལ་བར་བྱའོ། །བློ་ཐ་དད་པ་རྣམས་ཅིག་ཅར་མཐོང་བ་ཡིན་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་གཅིག་པ་ཅན་ཡིན་ནོ། །ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བློ་དུ་མས ་ཀྱང་ཅིག་ཅར་འཛིན་བ་རིགས་པ་མ་ཡིན་ནོ། །རིམ་གྱིས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། བྱུང་བ་དང་འབྱུང་བ་དང་ད་ལྟར་བྱུང་བའི་དངོས་པོ་ནི་མཛའ་བྱས་པའི་ཕྱིར་ལོ་བརྒྱས་ཀྱང་ཤེས་པར་མི་ནུས་པའི་ཕྱིར་རོ། །ལོ་བརྒྱ་སྨོས་བ་ནི་ཉེ་བར་མཚན་པ་སྟེ། བསྐལ་པས ་ཀྱང་མི་ནུས་བ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན་ཐ་མ་མེད་པ་ཉིད་ཉམས་པར་འགྱུར་རོ། །གཅིག་གི་ངོ་བོས་ཀྱང་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་སྲིད་པ་མ་ཡིན་ཏེ། རང་གི་མཚན་ཉིད་ཀྱང་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག ་གཟུང་བས་དེ་དག་འཛིན་བར་འགྱུར་བ་ཕན་ཚུན་ཐ་དད་པའི་དངོས་པོའི་རང་བཞིན་རྣམས་ཀྱི་ངོ་བོ་གཅིག་ཡོད་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ལ་རག་ལས་པའི་དོན་བྱ་བ་བསྒྲུབ་པ་ནི་དོན་གྱི་བྱ་བ་མི་བྱེད་པ་སྤྱིའི་རྣམ་པ་ཅན་དེའི་རྟོགས་པ་པོ་སྟེ་ཤེས་པ ་པོ་སྟེ་ཐམས་ཅད་མཁྱེན་པས་རྟོགས་པ་ཅུང་ཟད་ཀྱང་དགོས་པ་མེད་དེ་རང་གི་མཚན་ཉིད་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །དེས་ཕྱིའི་སྒོ་ནས་ཀྱང་རང་གི་མཚན་ཉིད་རྣམས་ཤེས་བར་བྱེད་དོ་?་ན་གཞན་གྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཀྱི ་ཤེས་པས་ཀྱང་རོ་འཛིན་པར་ཐལ་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཅིག་གི་ངོ་བོ་འཛིན་པའི་ཤེས་པ་དེ་བདེན་པའི་དོན་ཅན་ཡིན་ནམ། ལོག་པའི་དོན་ཅན་ཡིན་གྲང། དེ་ལ་བདེན་པའི་དོན་ཅན་ཡིན་ན་དམ་བཅའ་བ་མངོན་སུམ་དང་འགལ་བ་ཐོབ་བོ།། ་ཇི་ལྟར་ཞེ་ན། ཐམས་ཅད་མཁྱེན་པ་མེད་པར་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་གལ་ཏེ་དངོས་པོ་ཐམས་ཅད་ཀྱི་ཡུལ་ཅན་གཅིག་གི་ངོ་བོའི་རྣམ་པ་ཅན་གྱི་ཤེས་པ་ཡང་དག་པ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ་ཤུགས་ཀྱི་དངོས་པོ་ཐམས་ཅད ་གཅིག་ཉིད་དུ་ཁས་བླངས་པར་གྱུར་ཏེ་དེ་ལྟ་མ་ཡིན་ན་ཇི་ལྟར་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་བདེན་པའི་དོན་ཅན་དུ་འགྱུར་གལ་ཏེ་དེས་བཟུང་པར་བྱ་བའི་དངོས་པོ་རྣམས་ངོ་བོ་གཅིག་ཏུ་བདེན་པར་མ་གྱུར་ན་ཇི་ལྟར་རྣམ་པ་གཅིག་པ་ཅན་གྱི་ཤེས་པ་བདེན་པའི་དོན་ཅན ་དུ་འགྱུར། འདི་ཡང་མཐོང་པ་དང་འགལ་བ་ཡིན་ཏེ། ཡུལ་དང་དུས་དང་རང་བཞིན་ཐ་དད་པས་དངོས་པོ་རྣམས་ཀྱི་རང་བཞིན་ཐ་དད་པར་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འགྲོ་བར་ཐམས་ཅད་གཉིས་སུ་མེད་པ་འགྱུར་རོ། །གཉིས་ནི་བསྟན་པར་བྱ་བ ་དང་སྟོན་པར་བྱེད་པ་འམ། བསྟན་པ་དང་སྟོན་བ་པོ་ཞེས་བྱ་བ་ལ་སོགས་དེ་གང་ལ་ཡོད་ད་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་ཡིན་དང་སློབ་མ་ལ་སོགས་པའི་རྣམ་པར་དབྱེ་བར་མི་འགྱུར་ཏེ་མ་འདྲེས་པའི་རང་བཞིན་ངེས་པར་མ་བཟུང་པའི་ཕྱིར་རོ། །ཅི་སྟེ ་ལོག་པའི་དོན་ཅན་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་རྟོག་པ་གཅིག་ལོག་པ་ཉིད་དུ་ཁས་ལེན་པར་བྱེད་ན་ཐམས་ཅད་མཁྱེན་པ་འཁྲུལ་པར་འགྱུར་ཏེ། ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །དེ་ལ་སྐྱོན་ཅི་ཡོད་ཅེ་ན། སྨྱོན་པ ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཁྲུལ་པར་གྱུར་ན་དེའི་ཚེ་དེའི་ཚིག་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པས་གུས་པར་བྱ་བ་མ་ཡིན་པར་འགྱུར ་ཏེ། སྨྱོན་པ་ལ་སོགས་པའི་ཚིགས་བཞིན་ནོ། །གཙོ་པོ་ཇི་ལྟ་བ་བཞིན་ནམ། ཞེས་བྱ་བ་འདི་ལ་གལ་ཏེ་ཏིང་ངེ་འཛིན་ཞེས་བྱ་པ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་འདས་པའི ་ཞེས་བྱ་བ་ནི་མཉམ་པར་བཞག་པས་སམ་ཟག་པ་མེད་བས་སོ། །དེ་ལྟར་གྱུར་པ་འདི་སྒྲུབ་པར་བྱེད་པའི་མངོན་སུམ་ལ་སོགས་པའི་ཚད་མ་ལྔ་མེད་དོ། །ཞེས་སྔར་རྒྱས་པར་བསྟན་ཟིན་པའི་ཕྱིར་ངེས་ན་དེ་འདྲ ་སྟེ་སྐྱེ་བུའི་དོན་གྱི་གཙོ་བོ་ཤེས་པ་ཞེས་བྱ་བ་མེད་དོ། །དངོས་པོའི་བྱེ་བྲག་མཛའ་དག་མ་བཟུང་བར་གཙོ་བོ་འདི་དོན་རྟོགས་པ་སྲིད་པ་མ་ཡིན་ཏེ། གཙོ་བོ་དང་གཙོ་བོ་མ་ཡིན་བ་དག་ནི་ཕན་ཚུན་སྤོངས་ཏེ། གནས་པའི་ཕྱིར་གདོན་མི་ཟབ་ཏེ? ་དེས་གཙོ་བོ་མ་ཡིན་པ་ལས་རྣམ་པར་ཕྱི་ནས་གཙོ་བོའི་རང་བཞིན་རྟོགས་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟ་གཙོ་བོའི་རང་གི་དེམ?་མཚོལ་བར་རྟོགས་པར་འགྱུར་དེ་ལྟ་ཡིན་དང་འདི་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཡིན་ལ་འདི་ནི་མ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་ཕྱེ་ནས་གཙོ་བོ་ངེས་པར ་འཛིན་པཱི་ཕྱིར་ཇི་ལྟར་གཙོ་བོ་མ་ཡིན་པ་ཡང་ངེས་པར་འཛིན་པར་མི་འགྱུར། ནུས་པའི་ཕྱོགས་ཀྱང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་རིམ་དང་ཅིག་ཅར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ནུས་པ་ནི་འབྲས་བུ་རྗེས་སུ་དཔག་པར་བྱ་བ ་ཡིན་ལ་གང་ལས་འདི་རྗེས་སུ་དཔོག་ཕར་བྱེད་པ་ཐམས་ཅད་མཁྱེན་པའི་དངོས་པོ་མ་ལུས་པའི་ཡུལ་ཅན་གྱི་ཤེས་པ་ཉིད་དུ་འགྱུར་རོ། །དེ་ཡང་རིམ་དང་ཅིག་ཅར་དག་གིས་ཀྱང་སྲིད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་རིམ་མ་མ་ཅིག་ཅར་གྱིས་ནུས་པའི་འབྲས ་བུ་ཞེས་བྱ་བ་གང་ཡིན་པ་དེ་མེད་དོ། །དེ་ལྟ་བས་ན། མེད་ན་གང་ཞིག་རྗེས་སུ་དཔོག་ནུས་ཞེས་བྱ་བ་ལྷག་མ་དེ་མི་སྲིད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །རིམ་དང་ཅིག་ཅར་ནི་ཉེ་པ་མཚོན་པ་སྟེ་རང་བཞིན་གཅིག་དང་གཙོ་བོ་ཇི་ལྟ་བ་བཞིན་ཞེས་བྱ་བ་ལ་ཡང་བལྟ ་བར་བྱའོ། །དེའི་ཕྱིར་དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པའི་ནུས་པ་ནི་འགའ་ཞིག་ཡང་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་འབྲས་བུ་མེད་པའི་ཕྱིར་རོ། །ཅི་སྟེ་འབྲས་བུ་མི་བྱེད་ཀྱང་ནུས་པར་གྱུར་ན་ཐམས་ཅད་འབྲས་བུ་ཐམས་ཅད་ལ་ནུས་པར་འགྱུར་ཞེས་བ་སྟོན ་པ་ནི་ཡང་ན་ཐམས་ཅད་ནུས་པ་ཉིད། ཅེས་བྱའོ། །རྣམ་པ་འདི་ལྟ་བུའི་ཐམས་ཅད་མཁྱེན་པ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། ཐམས་ཅད་ཐམས་ཅད་རྟོགས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟ་བཞིང་ཐམས་ཅད་ཤེས་པ་ནི་བདག ་གོ། དངོས་བོ་ཐམས་ཅད་རྟོགས་པ་ལ་ནུས་པའི་དང་ཚུལ་ནི་ནུས་པ་ཞེས་བྱ་བར་འདོད་དོ། །དངོས་པོ་ཐམས་ཅད་རྟོགས་པའི་ཐབས་མེད་པའི་ཕྱིར་སྐྱེས་བུ་འགའ་ཡང་ཐམས་ཅད་རྟོགས་པ་མ་ཡིན་ནོ། །ཞེས་འདོད་པ་འབའ་ཞིག་ཏུ་ཟད་ཀྱི་སྟོང་པས་ནི་མ་ཡིན ་ནོ། །དེ་བས་ན་དངོས་སུ་དངོས་པོ་ཐམས་ཅད་རིག་པའི་སྐྱེས་བུ་ཡོད་དོ་ཞེས་བྱ་བར་འདི་ནི་ཚང་མ་མེད་པ་ཅན་ཡིན་པའི་ཕྱིར་གང་ཞིག་ཚད་མ་ལྔ་དང་བྲལ་བའི་རང་བཞིན་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་དེ་ནི་མོ་གཤམ་གྱི་བུ་བཞིན་དང ་ནམ་མཁའ་ཨི་པདྨའི་ལུས་བཞིན་ནོ་ཞེས་བྱ་བ་འདི་གྲུབ་པོ། །གཞན་ཡང་ཅི་རྣམ་པ་མེད་པའི་ཤེས་པས་ཐམས་ཅད་ཤེས་སམ། འོན་ཏེ་རྣམ་པ་དང་བཅས་པས་ཞེས་བྱ་བ་འདི་ཡང་བརྗོད་པར་བྱའོ། །ཕྱོགས་དང་པོ་ལ་བླང་བར་བྱ་བ་དང་དོད་བར་བྱ་བའི་དངོས་པོ་རྣམ་པར་ཕྱེ་ནས་ཡོངས་སུ ་གཅོད་པར་མི་འགྱུར་ཏེ། ཤེས་པ་དེ་ཤེས་བྱ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ལས་སོ་སོ་ལ་རྣམ་པར་དབྱེ་བ་མི་སྲིད་པའི་ཕྱིར་རོ་དེ་རྣམ་པར་མ་ཕྱེ་བ་ཡང་ཇི་ལྟར་ཡུལ་ཐ་དད་པ་ཡང་རྣམ་པར་འཇོག་པར་འགྱུར་ཏེ། དེའི་རྒྱུ་མཚན་ནི་རྟོགས་པ་ཐ་དད་པ་ཡིན་པའི་ཕྱིར་རོ། །རྣམ་པ ་དང་བཅས་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ་རང་གི་རྣམ་པར་ཤེས་པ་ལས་འདི་ཉིད་ཀྱི་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའི་རང་བཞིན་དུ་གྱུར་པ་ལས་ཐ་དད་པའི་དོན་གྱི་རྣམ་པར་མི་རིག་པའི་ཕྱིར་ཤེས་པ་ཙམ་གྱིས་ཤེས་པར་མི་འགྱུར་གྱི་ཐམས་ཅད་ཤེས་པ་ནི་མ ་ཡིན་ནོ། །རྣམ་པ་འཛིན་པས་དོན་རྣམས་ལ་མཐོང་བ་ལ་སོགས་པའི་ཐ་སྙད་དུ་བྱེད་ན་འཁྲུལ་པར་འགྱུར་ཏེ། གང་ཞིག་གཞན་མཐོང་བ་ལ་བརྟེན་ནས་བདག་མཐོང་ཞེས་རྟོགས་པར་བྱེད་པ་དེ་ཇི་ལྟར་འཁྲུལ་པར་མི་འགྱུར། ཇི་སྐད་དུ་བཤད་པའི་རྣམ་པ་གཉིས་ལས་མ་གཏོགས ་པའི་ཤེས་པའི་དོན་འཛིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་དབང་པོ་ལས་འདས་པའི་དོན་མཐོང་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་མཁྱེན་བ་སྒྲུབ་པའི་ཕྱིར་ཕྱོགས་སྔ་མ་ཉེ་བར་སྡུད་པ ་ཡིན་ནོ། །ཐམས་ཅད་མཁྱེན་པ་སྒྲུབ་པའི་ཕྱོགས་སྔ་མའོ། །དེ་ལྟར་ཐོས་པ་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས་སུན་འབྱིན་པར་རྩོམ་མོ། །རེ་ཞིག། དེ་ཕྱིར་དབང་པོ་ལས་འདས་དོན། །དངོས་སུ་ལྟ་བ་ཡོད་པ་མིན། །ཚིག་ནི་རྟག་པ་ཉིད་ཀྱིས ་ནི། འགའ་ཞིག་མཐོང་བ་དེས་མཐོང་ངོ། །ཞེས་ཆོས་ཤེས་པ་བཀག་པ་བྱས་ནས་རང་གི་ཕྱོགས་བཞག་པ་བྱས་པ་གང་ཡིན་པ་དེ་མི་རིགས་སོ་ཞེས་བསྟན་པའི་ཕྱིར་རིག་བྱེད་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །།སྔར་ཐོས ་པ་བརྟག་པར་རིག་བྱེད་རྣམས་རྒྱས་པར་སྐྱེས་བུས་བྱས་པ་ཉིད་དུ་བསྒྲུབས་ཟིན་པ་དེས་ན་ཚིག་རྟག་པ་མི་སྲིད་པའི་ཕྱིར་དབང་པོ་ལས་འདས་པ་རྟོགས་པའི་ཁྱད་པར་ཚིག་བརྟག་པ་ལ་བརྟེན་པ་ཉིད་མ་གྲུབ་པོ།། ་དེས་ན་དངོས་སུ་དབང་པོ་ལས་འདས་པའི་དོན་མཐོང་བ་པོ་ཡོད་པ་ཡིན་གྱི་ཚིག་རྟག་པའི་སྒོ་ནས་ནི་མ་ཡིན་ཏེ། ཚིག་རྟག་པ་དེ་མི་སྲིད་པའི་ཕྱིར་རོ། །གཟིགས་པ་ཡོད་པ་ཉིད་ཅེས་པའི་ངེས་པར་བཟུང་བའི་རིམ་པ་བཞིན་དུ་དངོས་སུ་ཞེས་བྱ་བ་འདིའི་མཇུག་ཏུ་ལྟ་བར ་བྱའོ། །ཚིག་རྟག་པ་ཉིད་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་དེ་ནི་དབང་པོ་ལས་འདས་པའི་དོན་རྟོགས་པ་ལ་རྒྱུའི་དངོས་པོར་རིགས་པ་མ་ཡིན་ནོ། །ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། རྟག་པའི་ཚིག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རང་དོན་ནི་རང་གི་བརྗོད་པར ་བྱ་བའམ་ཡང་ན་རང་གི་དོན་བདག་ཉིད་དེ་སྒྲའི་རང་བཞིན་ནོ། །དོན་ནི་བརྗོད་པར་བྱའོ། །རང་དང་དོན་ནི་རང་དོན་དག་གོ། དེ་དག་གི་ཤེས་པ་དེ་བསྐྱེད་པ་ལ་སྟེ། དེ་བསྐྱེད་པར་བྱ་བའི་ཕྱིར་ཚིག་རྟག་པའི་ནུས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་རང་ལས་ཡིན་ནམ། ལྷན་ཅིག་བྱེད་པའི ་ཆུ་གཞན་ལས་ཡིན་གྲང་དེ་ལ་རེ་ཞིག་རང་ལས་ནི་མ་ཡིན་ནོ། །གང་ལས་ཤེ་ན། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་འབྲས་བུ་བསྐྱེད་པར་འགལ་བའི་ཕྱིར་ཏེ། གང་གིས་དོན་བྱེད་པར་འགྱུར་བ་རིམ་དང་ཅིག་ཅར་དག་ལས་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། འདི་དག་ནི་ཕན ་ཚུན་རྣམ་པར་བཅད་ནས་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་རིམ་ཅིག་ཅར་དག་གིས་དོན་བྱེད་བ་ལ་ཁྱབ་ལ་ཚིག་རྟག་པ་ནི་རིམ་གྱིས་རང་གི་དོན་ལ་ཤེས་བསྐྱེད་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། དང་པོའི་འབྲས་བུ་བསྐྱེད་པའི་གནས་སྐབས་ན་དུས་ཕྱིས ་འབྱུང་བའི་ཤེས་པའི་འབྲས་བུ་བསྐྱེད་པའི་རང་བཞིན་མ་ཉམས་པའི་ཕྱིར་དེ་ཙམ་ལས་བྱུང་པའི་འབྲས་བུ་རྣམས་ཅིག་ཅར་ཁོ་ནར་འགྱུར་རོ། །རིམ་པ་ཡིན་པས་ཀྱང་རིགས་པ་མ་ཡིན་ཏེ། དུས་ཕྱིས་ཀྱང་དབང་པོའི་འབྲས་བུ་བྱེད་པའི་ནུས་པ་ཚད་པའི་རང་བཞིན་རྗེས་སུ་འཇུག་པས ་མི་སྐྱེད་པ་ཉིད་དུ་འགལ་བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་གི་ཁྱད་པར་བྱེད་པའི་ཆོས་དང་བྲལ་བ་ནི་དེའི་ཁྱད་པར་བྱ་བའི་ཆོས་དང་བྲལ་བ་ཡིན་ཏེ། དཔེར་ན་ཤིང་ཉིད་ཀྱི་ཆོས་ཀྱིས་སྟོང་པའི་གུམ་པ་ལ་སོགས་པ་ནི་དེའི་ཁྱད་པར་བྱ་བ་ཤིང་ཤ་པ་ཉིད་ཀྱིས་སྟོང་པ་བཞིན་ནོ། །རིག་བྱེད་དུ་བརྗོད ་པ་ནི་ཚིག་དག་ཀྱང་དོན་བྱེད་པར་ནུས་པའི་ཆོས་ཀྱི་ཁྱད་པར་བྱེད་པ་རིམ་དང་རིམ་མ་ཡིན་པའི་ཆོས་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་དོན་ཀྱི་ཁྱད་པར་བྱེད་པ་དམིགས་པ་ཡིན་ནོ། །དེ་བས་ན་རྟག་པའི་ཚིག་གི་ནུས་པ་རང་ལས་ཡོད་པ་མ་ཡིན་ལྷན་ཅིག་བྱེད་པའི་རྒྱུ་གཞན་ལས་ཀྱང་ཡོད་པ་མ་ཡིན ་ཏེ། དེས་ན་དེའི་རང་བཞིན་དང་ཐ་མི་དད་པའི་ནུས་པ་ནི་དེའི་རང་བཞིན་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །གཞན་ཉིད་ཡིན་ན་ཡང་འབྲེལ་པ་མ་གྲུབ་པའི་ཞེས་འདི་ནི་མང་དུ་དཔྱད་ཟིན་ཏོ། །དེ་ལྟ་བས་ན་དབང་པོ་ལས་འདས་པའི་དོན་ཡོངས་སུ་ཤེས་པའི་རྟེན་ཚིག་རྟག་པ་རྗེས་སུ ་དཔག་པས་གནོད་པའི་ཕྱིར་རིགས་པ་མ་ཡིན་ནོ། །གང་ཡང་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཆོས་ཤེས་པ་མེད་དོ་ཞེས་སྨྲས་པ་དེ་ལ་གཞན་གྱིས་ཁས་བླངས་པ་ཉིད་ཀྱིས་ཆོས་ཤེས་པ་མེད་པར་དམ་བཅའ་བའི་དོན་གྱིས་གོ་བའི་ཚད་མས ་གནོད་པ་ཉིད་དང། གཏན་ཚིགས་ཀྱང་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། དེ་ཕྱིར་མཐོ་རིས་མཆོད་སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གིས་ཞེས་བྱ་བ་ནི་རང་དབང་གིས་ཉེ་རིག་བྱེད་ལ་བལྟོས་པ་མེད་པའི་ཤེས་པས་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བའི་ཞེས་བྱ་བ་ནི་ཁྱེད ་ཅག་གི་བཀག་པ་ཅི་འདྲ་བའོ། །དོན་གྱིས་རྙེད་པའོ་ཞེས་བྱ་བ་ནི་རིག་བྱེད་ཚད་མ་ཉིད་དུ་ཁས་བླངས་པའི་ཤུགས་ཀྱིས་ཐོབ་པས་སོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཉིད་ཀྱང་མ་གྲུབ་སྟེ། དོན་གྱི་གོ་བས་ཡུལ་དུ་བྱས་པའི་ཕྱིར་རོ། །གང་ཡང་ཐམས་ཅད ་ཀྱི་སྒྲ་སྐབས་ཀྱིས་དོན་ལ་བལྟོས་ཏེ་མང་དུ་བརྟགས་ནས་སུན་འབྱིན་པ་སྨྲས་པ་མི་འཇུག་པ་ཉིད་དོ། །ཕྱོགས་འདི་ཁས་མ་བླངས་པའི་ཕྱིར་ཏེ། གང་གིས་དེ་ལ་སུན་འབྱིན་པར་འགྱུར་པ་ཁོ་བོ་ཅག་གིས་ཆོས་ལ་སོགས་པ་ལས་མ་གཏོགས་པར་བརྗོད་པའི་འདོད་པའི་དོན? ་མཛའ་དག་ཤེས་པས་ཐམས་ཅད་མཁྱེན་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཞིག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དྲི་མ་མཛའ་དག་དང་བྲལ་བའི་སེམས་ཀྱི་ཆོས་ལ་སོགས་པའི་ཤེས་བྱ་མཛའ་དག་གསལ་བ་དེ་ཐམས་ཅད ་མཁྱེན་པ་ཉིད་དུ་མངོན་པར་འདོད་ལ། དེ་ལ་ཁྱེད་ཅག་གིས་གནོད་པར་བྱེད་པ་ཅུང་ཟད་ཀྱང་མ་བྲོད་དོ། །གང་ཡང་ལུས་པོ་གཅིག་པོ་ཁོ་ན་ཡི། །རྡུལ་ཕྲན་ཇི་སྙེད་ཡོད་པ་རྣམས། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ནི་ཚད་མ་མེད་པ་ཅན་གྱི་དམ་བཅའ་བ་ཙམ་བརྗོད་པ་འབའ་ ་ཞིག་ཏུ་ཟད་དོ། །འཐད་པས་སྟོད་པའི་དམ་བཅའ་བ་ཙམ་ལས་དོན་གྲུབ་པ་སྲིད་པ་ཡང་མ་ཡིན་ཏེ། ཐམས་ཅད་ཀྱིས་དོན་ཐམས་ཅད་གྲུབ་པར་ཐལ་བའི་ཕྱིར་རོ། །ཞེས་བྱ་བ་འདི་ཐམས་ཅད་ཞེ་ལ་བཞག་ནས། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་ཅེས ་བྱ་བ་ལ་རྒྱུ་ནི་འཐད་པ་སྟེ། ཚུལ་གསུམ་པ་ནི་རྟགས་ཞེས་བྱ་བ་ལ་སོགས་པ་གང་ལ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མས་དབེན་པའི་དྲི་མ་མེད་པའོ། །ཕྱི་རོལ་མུ་སྟེགས་བྱེད་ཀྱི་རྒོལ་པའི་རླུང་གིས་མི་འགུལ་པའི ་ཕྱིར་མི་གཡོ་བའོ། །ཡེ་ཤེས་གང་ཡིན་པ་དེ་ཉིད་ཀྱི་སྒྲོན་མ་ཡིན་ཏེ། གསལ་བར་བྱེད་པར་མཚུངས་པའི་ཕྱིར་རོ། །དེས་ན་གང་གི་ཆོས་ལ་སོགས་པའི་དངོས་པོ་མ་ལུས་པ་གསལ་བ་སྟེ། ཡུལ་དུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བལྟོས་པ་དང་བཅས་པ་ཉིད་ཡིན་ན་ཡང་གོ ་བར་བྱེད་པ་ཡིན་པའི་ཕྱིར་བསྡུ་བར་བྱའོ། །དེ་ལ་གནད་བྱེད་མ་བརྗོད་དོ། །ཞེས་བྱ་བ་ནི་ཚད་མ་ཞེས་བྱ་བ་ལྷག་མའོ། །མ་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལ་གནོད་པ་བྱེད་པ་ཅུང་ཟད་ཡོད་པ་མ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །འདི་ལྟར་རེ་ཞིག་མངོན་སུམ་ནི ་གནོད་པར་བྱེད་པ་མ་ཡིན་ཏེ་དེ་ནི་དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དངོས་པོ་གང་ཁོ་ན་མངོན་སུམ་གྱི་ཡུལ་དུ་བྱས་པ་དེ་ལ་མངོན་སུམ་གྱིས་གྲུབ་པ་ལས་བཟློག་པའི་ཆོས་ཁས་ལེན་པ་ལ་མངོན་སུམ་གྱིས་གནོད་པ་ཡིན་ཏེ། དཔེར་ན་ཆོས་ཅན་སྒྲ་ལ? ་མཉན་པར་བྱ་བ་མ་ཡིན་པ་ཉིད་མཉན་པར་བྱ་བ་ཉིད་ཀྱི་གནོད་པ་ལྟ་བུ་ཡིན་གྱི་གང་དུ་མངོན་སུམ་མི་འཇུག་པ་ལ་ནི་མ་ཡིན་ནོ། །གང་གིས་དེ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་དམ་བཅའ་བ་མངོན་སུམ་གྱིས་གནོད་པར་འགྱུར་བ་གཞན་གྱི་རྒྱུད་ལ་ཡོད་པའི་སེམས་ཐམས་ཅད ་ཐམས་ཅད་མཁྱེན་པ་མ་ཡིན་པ་འགའ་ཞིག་གིས་མངོན་སུམ་གྱིས་ཡུལ་དུ་བྱས་པ་ཡང་མ་ཡིན་ཏེ་ཐམས་ཅད་ཚུ་རོལ་མཐོང་བ་ཡིན་པའི་ཕྱིར་རོ། །ཡུལ་དུ་བྱེད་ན་ཡང་དེ་ཉིད་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་མི་སྤང་ངོ། །འདི་སྙམ་དུ་ཁོ་བོ་ཅག་ནི་མངོན་སུམ་འཇུག ་པ་ན་དངོས་པོ་མེད་པ་སྒྲུབ་པར་བྱེད་དོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། ལོག་པ་ན་སྟེ་འདི་ལྟར་དངོས་པོ་གང་ལ་མངོན་སུམ་ལོག་པ་དེ་ནི་དངོས་པོ་མེད་པར་ངེས་པར་བྱེད་དེ་དཔེར་ན་རི་བོང་གི་རྭ་བཞིན་ནོ། །གང་ལ་འཇུག་པ་དེར་ནི་ཡོད་པ་སྟེ་དཔེར་ན་གཟུགས་ལ་སོགས་པ་བཞིན ་ནོ། །ཐམས་ཅད་མཁྱེན་པའི་ཡུལ་ཅན་གྱི་མངོན་སུམ་འཇུག་པ་ནི་འགའ་ཡང་མེད་པ་དེ་བས་ན་དེ་ལོག་པས་དེ་མེད་པར་ངེས་པར་བྱེད་དོ་སྙམ་དུ་སེམས་ན། དེ་ནི་འབྲེལ་པ་མེད་དེ་འདི་ལྟར་ལོག་པ་ལས་དངོས་པོ་མེད་པར་ངེས་པ་གང་ཡིན་པ་དེ་མངོན་སུམ་ལས་འགྱུར ་པ་ནི་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་གཅིག་ཏུ་འགལ་བའི་ཕྱིར་རོ། །གང་གིས་དངོས་པོ་མེད་པ་འདི་དེ་ལས་ངེས་པར་བྱེད་པ་མངོན་སུམ་ལོག་པ་ལ་དངོས་པོ་མེད་པས་ཁྱབ་པ་ཡང་མ་ཡིན་ནོ། །དངོས་པོ་ཡོད་ན་ཡང་མཆོད་པ་ལ་སོགས་པ་ལ་མངོན་སུམ ་ལོག་པར་མ་འོང་བའི་ཕྱིར་རོ། །འདི་སྙམ་དུ་མངོན་སུམ་ལོག་པ་ལས་དངོས་པོ་མེད་པ་ངེས་སོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། འོན་ཀྱང་མངོན་སུམ་ལྡོག་པ་ན་དངོས་པོ་མེད་པ་སྒྲུབ་པར་བྱེད་དོ་སྙམ་དུ་སེམས་ན། འདི་ཉིད་ཁྱེད་ཅག་གིས་སྒྲ་གཞན་གྱིས་བརྗོད་པ་འབའ་ ་ཞིག་ཏུ་ཟད་ཀྱི་དོན་ཐ་དད་པ་ནི་མ་ཡིན་ནོ། །སྒྲ་གཞན་པ་ཙམ་ལས་དོན་གཞན་ཉིད་དུ་རིག་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ལོག་པའི་སྒྲས་དངོས་པོ་ཡོད་པ་བཏག་པ་བརྗོད་པ་ལྡོག་པའི་སྒྲས་ཀྱང་དོན་དམ་པར་དེ་ཉིད་བརྗོད་དོ། །འོན་ ་ཀྱང་གཅིག་ཉིད་ཁྱད་པར་གཞན་སྤངས་ནས་དེ་ཙམ་ཤེས་པར་འདོད་པ་ལ་དེ་བརྗོད་ལ་གཞན་ནི་མི་སྤོང་བ་སོ་ཞེས་བྱ་བ་ནི་ཁྱད་པར་རོ། །དོན་དམ་པར་ནི་གཉི་གས་ཀྱང་དངོས་པོ་ཉིད་བསྟན་པ་ཡིན་ལ་མེད་པའི་རྒྱུའི་དངོས་པོར་ཡང་སྲིད་པ་མ་ཡིན་ཏེ། དེའི་མཚན ་ཉིད་ཅི་ནུས་པ་ཐམས་ཅད་ཀྱིས་སྟོང་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཞིག་གང་གི་སྐྱེད་པར་བྱེད་པའམ་གསལ་བར་བྱེད་པ་ཡིན་པ་དེ་ནི་དེའི་སྐྱེད་པར་བྱེད་པ་དང་གསལ་བར་བྱེད་པ་ཡིན་པས་ཉེ་བར་ཡོད་པ་ཅན་དུ་འགྱུར་གྱི་ལྡོག་པའི་རང་བཞིན་དུ་ནི་མ་ཡིན་ཏེ། མྱུ ་གུའི་ས་བོན་དང་གཟུགས་ཀྱི་སྒྲོན་མ་བཞིན་ནོ། །དེ་དག་ལྡོག་པ་ན་མྱུ་གུ་དང་བུམ་པའི་གཟུགས་ལ་སོགས་པ་སྐྱེད་པར་བྱེད་པ་འམ་གསལ་བར་བྱེད་པར་འགྱུར་བ་ནི་མ་ཡིན་ནོ། །གཞན་ཡང་མངོན་སུམ་ལྡོག་པ་ན་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དང་དོན ་ཅི་ལ་འདོད། །གལ་ཏེ་རེ་ཞིག་དེ་ལྟར་གནས་པ་ལས་ལྡོག་པོ་ཞེས་བྱ་བའི་དོན་ཡིན་ན་དེའི་ཚེ་ཤུགས་ཀྱིས་འདས་པ་དང་མ་འོངས་པའི་གནས་སྐབས་ཡིན་ནོ་ཞེས་བྱ་བ་དེ་ལྟར་བརྗོད་པར་འགྱུར་ལ་འདས་མ་འོངས་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བསྟན ་ཟིན་ཏེ་དེ་ཇི་ལྟར་མེད་པ་ལ་བྱ་བ་གྲུབ་པར་འགྱུར། ཅི་སྟེ་དེ་ལྟ་ཡིན་ཡང་གང་ཞིག་ཡུལ་གང་ལ་མི་སྐྱེ་བ་དེ་ནི་དེ་ལས་ལྡོག་པར་བརྗོད་ན། དེ་ལྟ་ན་དེ་ལས་དངོས་པོ་མེད་པ་གྲུབ་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །མིག་གི་རྣམ་པ་ཤེས་པ་དྲི་དང་པོ་ལ་སོགས་པའི་ཡུལ་ལ་ཚིག ་པ་ཞེས་བྱ་བ་དེ་ཙམ་གྱིས་དེ་ལས་དེ་མེད་པར་གྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་མངོན་སུམ་གྱི་འགའ་ཞིག་གི་དངོས་པོ་མེད་པ་མི་འགྲུབ་བོ། །དེ་ལྟ་ན་ཇི་ལྟར་ཁྱེད་ཅག་གིས་མི་དམིགས་པ་ཞེས་བྱ་བའི་མངོན་སུམ་ལས་ཕྱོགས་ཀྱི་བྱེ་བྲག་གཞན་དུ་དངོས་པོ་མེད་པ་གྲུབ ་པར་བརྗོད་ཅེ་ན། དེ་ནི་ཡོད་པ་མ་ཡིན་ཏེ་དེ་ལ་མངོན་སུམ་དངོས་པོ་མེད་པ་ཡུལ་དུ་བྱེད་པའི་ཕྱིར་དངོས་པོ་མེད་པ་སྡུབ་པར་བྱེད་དོ་ཞེས་ནི་མི་བརྗོད་དོ། །འོ་ན་ཅི་ཞེ་ན། ཤེས་པ་ཅིག་ལ་འདྲེར་རུང?་བའི་དོན་དག་ལས་གང་ཡང་རུང་བ་སྒྲུབ་བ་གང་ཡིན་པ་དེ་ཉིད་ཅིག་ཤེས ་མེད་པར་གྲུབ་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་བྱས་པས་སོ། །གང་གི་ཕྱིར་དེ་དག་ཡོད་པ་ན་ངོ་བོ་གཅིག་ངེས་པར་རྟོགས་པར་འགྱུར་བ་ནི་མ་ཡིན་ཧེ་རུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གང་ཞིག་འབའ་ཞིག་དམིགས་པའི་ཕྱིར་དེ་མེད་པར་ངེས་པ་དེ་ལྟར་ཐམས་ཅད་མཁྱེན་པ་ནི་འགའ་ ་ཞིག་དང་ལྷན་ཅིག་ཤེས་པ་གཅིག་དང་འདྲེ་བ་ངེས་པའང་མ་ཡིན་ཏེ། དེ་ནི་རྟག་ཏུ་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཐམས་ཅད་མཁྱེན་པའི་གནོད་པར་བྱེད་པ་མངོན་སུམ་སྲིད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པར་བྱེད་པ ་མ་ཡིན་ཏེ། དོན་སྒྲུབ་པའི་ཡུལ་ཅན་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གང་གི་ཕྱིར་ཁྱེད་ཅག་གིས་དངོས་པོ་མེད་པ་ཁོ་ན་ཚད་མ་དངོས་པོ་མེད་པའི་ཡུལ་དུ་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་དོན་གྱིས་གོ་བ་ལ་སོགས་པ་གསུམ་ཡང་གནོད་པར་བྱེད་པ་མ་ཡིན་ནོ། །ཅི ་སྟེ་ཡང་ཁོ་བོ་ཅག་གིས་མེད་པར་དགག་པའི་ངོ་བོ་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེས་བུ་ཐམས་ཅད་ཕྱོགས་སུ་བྱས་ནས་མ་ཡིན་པར་འཇུག་པས་དེ་དག་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་སྒྲུབ་པར་བྱེད་དོ། །དེས་ན་རྗེས་སུ་དཔག ་པ་ལ་སོགས་པའི་བྱ་བ་ཡོད་པ་ཡིན་ནོ། །སྙམ་ན་དེ་ལྟ་བུ་ཡོད་མོད་དེ་ལྟ་ན་ཡང་རེ་ཞིག་རྗེས་སུ་དཔག་པ་སྲིད་པ་མ་ཡིན་ཏེ། སྐྱེས་བུ་ཐམས་ཅད་ལ་ཐམས་ཅད་མཁྱེན་པ་མེད་པ་ལ་མི་འཁྲུལ་པའི་རྟགས་མ་གྲུབ་པའི་ཕྱིར་རོ། །གང་ཡང་གཞལ་བྱ་ཉིད་ལ་སོགས་པ་སྨྲས ་པ་དེ་ཡང་འཁྲུལ་པ་ཡིན་ནོ་ཞེས་ཕྱིས་བཤད་པར་བྱའོ། །དོན་གྱིས་གོ་བ་ཡང་ཐམས་ཅད་མཁྱེན་པ་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་ལས་མ་གཏོགས་པ་གཞན་དག་ཚད་མ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །ཚད་མ་གཞན་ཉིད་ཡོད ་ན་ཡང་རེ་ཞིག་དོན་གྱིས་གོ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་མཐོང་པ་འམ་ཐོས་པའི་དོན་གཞན་དུ་མི་འཐད་པའི་ཕྱིར་མ་མཐོང་བ་རྟོག་པར་བྱེད་པའི་དོན་གྱི་གོ་བ་མ་ཡིན་ལ་གང་ལས་དེ་དོན་གྱིས་གོ་བར་རྟོག་པར་བྱེད་པ ་ཐམས་ཅད་མཁྱེན་པ་མེད་པར་སྐྱེས་བུ་ཐམས་ཅད་ལ་མཐོང་བའི་དོན་འགའ་ཞིག་མི་འཐང་བ་མ་ཡིན་ནོ། །ཉེ་བར་འཇལ་པ་ཡང་ནུས་པ་མ་ཡིན་ཏེ། འདི་ལྟར་བྲལ་བར་བྱ་བའི་དངོས་པོ་མདུན་ན་ཡོད་པའི་དངོས་པོ་འདྲ་བའི་ཁྱད་པར་རམ་མདུན་ན ་གནས་པའི་དྲན་པར་བྱ་བའི་དངོས་པོར་རྟོགས་པའི་འདྲ་བ་ཙམ་ཉེ་བར་འཇལ་བས་རྟོགས་པར་བྱེད་དེ། དཔེར་ན་པ་ལང་མཐོང་བའི་ཉམས་སུ་མྱོང་བའི་གནས་ན་གནས་པའི་སྐྱེས་བུ་བ་མིན་མཐོང་བ་ལས་སྔར་ཉམས་སུ་མྱོང་བའི་བ་ལང་ལ་དེ་དང་ཆོས་ན་ཚུངས ་པའི་ཤེས་པ་བཞིན་ཏེ་ཇི་སྐད་དུ། དེ་སྤྱི་འདྲ་བས་ཁྱད་པར་དུ། །བྱས་པའི་དྲན་པ་གང་ཡིན་པ་འམ། དེ་ལ་བརྟེན་པའི་འདྲ་བ་སྟེ། ཉེ་བར་འཇལ་བའི་གཞལ་བྱ་ཞེས་བཤད་པ་བཞིན་ནོ། །དེ་ལྟ་བས་ན་དྲན་པར་བྱ་བ་ཉིད་ཀྱི་ཆོས་ཅན་ཉེ་བར་འཇལ་བའི་ཡུལ་ཡིན་ལ ་ཉམས་སུ་མྱོང་བ་ཉིད་ཀྱང་དྲན་པས་ཡུལ་དུ་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་ལ་དྲན་པས་ཡུལ་དུ་བྱེད་པར་འགྱུར་བ་ཐམས་ཅད་མཁྱེན་པ་མ་ཡིན་པས་འགའ་ཞིག་གིས་སྐྱེས་བུ་ཐམས་ཅད་ཡོད་པའི་སེམས་རྣམས་ཉམས་སུ་མྱོང་བ་ཡང་མ་ཡིན་ལ ་གང་གི་དབང་གིས་སྐྱེས་བུ་ཐཾས་ཅད་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་རྗེས་སུ་དཔོག་པར་བྱེད་པ་སྐྱེས་བུ་ཐམས་ཅད་དང་ཉམས་སུ་མྱོང་བའི་དངོས་པོ་ཐམས་ཅད་མཁྱེན་པ་མ་ཡིན་དང་ཐུན་མོང་བའི་ཆོས་ངེས་པ་ཡང་ཡོད་པ་མ་ཡིན་ནོ། །ཡང་ཡོད་པ་ཉིད་ལ་སོགས ་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་འགའ་ཞིག་མཐོང་བ་དེ་ཡང་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཀྱི་ཐུན་མཐོང་བར་གྲུབ་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་ལ་ཡང་ཡོད་པ་ལ་སོགས་པ་མི་འགལ་བའི་ཕྱིར་རོ། །བ་མེན་པ་ཡོད་པ་ལ་སོགས་པའི་ཆོས ་མཐོང་བའི་ཕྱིར་བུམ་པ་ལ་སོགས་པ་ཡང་བ་མེན་དང་འདྲ་བར་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །སྐྱེས་བུ་ཐམས་ཅད་ཡོད་པ་ལ་སོགས་པས་ཆོས་མཐུན་པ་ཡིན་ལ་རལ?་མོད་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་མི་འགྲུབ་པོ། །འདིས་ནི་དེ་ལྟར་ཡོད་པའི་མི་རྣམས ་ཀུན། ཀུན་མཁྱེན་མིན་པར་མཐོང་ནས་ནི། ཞེས་བྱ་བ་ལ་སོགས་པ་འདི་ཡང་གསལ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་གནོད་པར་བྱེད་པའི་ཚད་མ་སྒྲ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ཏེ། རེ་ཞིག་སྐྱེས་བུས་བྱས་པ་གང་ཡིན་པ་དེ་ནི་དབང་པོ་ལས་འདས་པའི་དོན་གྱི་ཡུལ ་ལས་ཚད་མ་ཡིན་པ་ཉིད་དུ་སྤྱོད་པ་པ་རྣམས་རང་ཉིད་ཀྱིས་ཁས་བླངས་ལ་གང་ཡང་སྐྱེས་བུས་མ་བྱས་པ། དེ་ཡང་ཚད་མ་མ་ཡིན་ནོ། །ཞེས་བསྟན་ཟིན་ཏེ། སྐྱེས་བུ་ཐམས་ཅད་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྟོན་པར་བྱེད་པའི་རིག་བྱེད་ཀྱི་ཚིག་འགའ་ཞིག་དམིགས་པ་ཡང་ངམ ་ཡིན་ནོ། །དེར་མ་བསྟན་པས་ཀྱང་དོན་གཞན་མེད་པར་གྲུབ་པ་མ་ཡིན་ཏེ། དངོས་པོར་ཐམས་ཅད་བསྟན་བཅོས་སུ་བསྟན་པའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་གྱི་ཁྱོད་ཀྱི་མ་བག་མར་བླངས་པ་ལ་སོགས་པ་ཡང་མེད་པར་ཐལ་བར་འགྱུར་ཏེ་དེར་མི་འདོད་པའི་ཕྱིར་རོ།། ་འགའ་ཞིག་ཕྱོགས་གཅིག་ཏུ་འདོན་པར་མ་མཐོང་བའི་ཕྱིར་ཐཾས་ཅད་དུ་མི་འདོན་པར་རིག་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་བསྟན་བཅོས་སུ་བསྟན་པའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར་རོ། །འཕྲོས་པ་བརྒྱ་ཕྲག་དུ་མ་ནུབ་པར་ཐོས་པའི་ཕྱིར་གཏན་དུ་ཡང་འདོན་པ་སྲིད་པའི ་ཕྱིར་རོ།། ལྟས་ཅན་ཞེས་བྱ་བའི་འཕྲོས་པ་གཞན་དུ་གསལ་རབ་ཏུ་ཐམས་ཅད་མཁྱེན་པ་འདོན་པ་ཡིན་ནོ་ཞེས་ཕྱིས་བསྟན་པར་བྱའོ། །དངོས་པོ་མེད་པའི་ཚད་མ་ཡུལ་དུ་བྱས་པའི་ཕྱིར་ཐཾས་ཅད་མཁྱེན་པ་མེད་པར་བསྒྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་གལ་ཏེ་ཚད་མ་མེད་པ་ལོག་པ་ཙམ་ཞེས ་པར་དགག་པའི་མཚན་ཉིད་དངོས་པོ་མེད་པའི་ཚད་མར་བརྗོད་ན་དེའི་མཚན་ཉིད་ཀྱི་ཚེ་འགའ་ཞིག་གིས་རྟོགས་པར་མ་ཡིན་ཞིང་རྟོག་པའི་རྒྱུ་ཡང་མ་ཡིན་པ་དེས་ཡུལ་དུ་བྱེད་པའི་རིགས་པ་མ་ཡིན་ཏེ། དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ཚད་མ་མ་ཡིན་ནོ། །ཅི ་སྟེ་མ་ཡིན་པར་འཇུག་པས་ཚད་མ་ཞེས་བྱ་བའི་དངོས་པོ་ལས་གཞན་པའི་དངོས་པོ་ཉིད་དུ་འདོད་པ་དེ་ལྟ་ན་ཡང་ཚད་མ་ལས་བཟློས་པའི་བདག་ཉིད་ཡིན་པས་ཚད་མ་ཉིད་དུ་འགྲུབ་པར་མི་འགྱུར་ཏེ། བྲམ་ཟེ་ལས་གཞན་ནི་བྲམ་ཟེ་ཉིད་དུ་མི་རིགས་པ་བཞིན་ནོ། །འདིར་འདི་སྙམ ་དུ་འདི་ཚད་མ་ཐམས་ཅད་ལས་ལྡོག་པ་ཉིད་མི་བརྗོད་དོ། །འོ་ན་ཅི་ཞེ་ན། བརྗོད་པར་འདོད་པའི་ཚད་མ་ལྔ་ལས་གཞན་པའི་ཤེས་པའི་ཁྱད་པར་ཉིད་དོ་སྙམ་དུ་སེམས་ན་གལ་ཏེ་དེ་ལྟ་ན་འདི་ལྟ་བུའི་རྣམ་པ་ཡིན་པ་བརྗོད་པར་བྱའོ། །གང་གི་ཕྱིར ་ཚད་མ་ལྔའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་འདི་མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཅན་ཡིན་ནོ་ཞེ་ན། རྣམ་པ་དེ་ལྟ་བུ་ཡིན་ནོ་འོ་ན་ཚད་མ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ་གང་གི་ཕྱིར་གང་གི་ཕྱི་ཀྱང་གིས་ཤེས་པ་འདི་བདེན་པ་འགྱུར་བ་རང་བཞིན་མ་ཡིན་པ ་དང་རྒྱུ་མ་ཡིན་པར་གྱུར་པའི་ཚད་མ་ལྔ་པོ་ལྡོག་པ་ན་འབྲེག་པ་མེད་པའི་ཐམས་ཅད་མཁྱེན་པ་ལ་སོགས་པའི་ངེས་པ་ལྡོག་པ་མ་ཡིན་ཏེ་དེ་ལྟ་བས་ན་ཐམས་ཅད་མཁྱེན་པའི་གནོད་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན ་ནོ། །འདི་སྙམ་དུ་ཁྱེད་ཅག་གིས་རྗེས་སུ་དཔག་པ་ཉིད་དུ་བརྗོད་པའི་དམིགས་པ་གང་ཡིན་པ་དེ་ཉིད་ཐམས་ཅད་མཁྱེན་པའི་གནོད་པར་བྱེད་པར་འགྱུར་ཏེ། འདི་ཁོ་བོ་ཅག་ལ་ཆེད་མ་གཞན་གྱིས་ཅི་ཞིག་བྱ་སྙམ་དུ་སེམས་ན་མི་དམིགས་པ་ཚད་མ་མ་ཡིན་པ་ནི་བདེན ་ཏེ་འོན་ཀྱང་འདི་ཅི་ཁྱེད་ཀྱིས་རང་གི་དམིགས་པ་ལྡོག་པ་ཐམས་ཅད་མཁྱེན་པ་མེད་པ་བསྒྲུབ་པ་མི་དམིགས་པར་འདོད་དམ་འོན་ཏེ་སྐྱེས་བུ་ཐམས་ཅད་ཀྱིས་དམིགས་པ་ལྡོག་པར་འགྱུར་རང་གི་མི་དམིགས་པ་ལས་ཡང་ཅི་དམིགས་པའི་མཚན་ཉིད་དུ་འགྱུར་བའི་ཁྱད ་བར་ལ་མི་བརྟེན་པའི་ཕྱིར་ཁྱད་པར་མེད་པ་མངོན་པའི་འདོད་དམ། འོན་ཏེ་ཁྱད་པར་དང་བཅས་པ་འདི་ཡིན་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། དེ་ལ་རེ་ཞིག་རང་གི་མི་དམིགས་པ་ཁྱད་པར་མེད་པ་རྣམས་ཐམས་ཅད་མཁྱེན་པ་མེད་པར་བསྒྲུབ་པ་ལ་ཚར་མ་དམིགས་པ ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་ནི་མ་མཐོང་བ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས?་ཏེ། ཙམ་སྨོས་པ་ནི་དམིགས་པའི་མཚན་ཉིད་དུ་འགྱུར་བ་ཞེས་བྱ་བའི་ཁྱད་པར་འདི་གསལ་བའི་དོན་དུ་འདི། །མེད་པར་ངེས་པ་ཡང་མ་ཡིན་ཏེ། ཞེས་བྱ་བ་ནི་ཐམས་ཅད་པ ་མཁྱེན་པ་མེད་པར་མི་ངེས་པའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་ལ་སྟེ། དངོས་པོའི་ཡུལ་ལ་དམིགས་པ་རྒྱུ་དང་ཁྱད་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཤིང་ཤ་པ་ཉིད་ཀྱིས་ཤིང་བཞིན་དུ་ཚུ་རོལ་མཐོང་བའི་དམིགས་པ་ནི་དངོས་པོ་རྣམས་ཀྱི་ཁྱད་པར་བྱེད་པ་མ་ཡིན་ཏེ ་དངོས་པོ་ཡིད་ན་ཡང་ཡུལ་ལ་སོགས་པས་བསྐལ་བ་ལ་མི་དམིགས་པ་སྲིད་པའི་ཕྱིར་རོ། །དུ་བའི་མི་བཞིན་དུ་རྒྱུ་ཡང་མ་ཡིན་ཏེ། དངོས་པོ་རྣམས་ཉིད་དམིགས་པ་ལ་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་མ་ཡིན་པ་དང་ཁྱད་པར་བྱེད་པར་བྱེད་པར་གྱུར་པ་མ་ཡིན་པ་གཞན་ལོག་ལ ་ན་གཞན་ལྡོག་པ་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཡང་འབྲས་བུ་ནི་དམིགས་པ་བཤེད་པ་དེ་ནི་རྒྱུ་ཙམ་གྱི་མེད་པ་གོ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནུས་པ་ཐོགས་པ་མེད་པ་ཁོ་ནའོ། །གང་གིས་དེ་ལོག་པ་ན་དངོས་པོ་རྣམས་ཀྱི ་མེད་པ་སྒྲུབ་པར་བྱེད་པ་ཚུ་རོལ་མཐོང་བའི་དམིགས་པ་ལ་དངོས་པོ་རྣམས་ནུས་པ་ཐོགས་པ་མེད་པ་ཉིད་ནི་མ་ཡིན་ནོ། །རྒྱུ་དང་ཁྱབ་པར་བྱེད་པའི་དངོས་པོ་མེད་པ་དང་ལོག་པ་ན་ཡང་ཇི་ལྟར་གཞན་ལྡོག་པའི་ན་ཞེ་ན་འདིའི་རྒྱུ་དང་ཁྱབ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ་གང་ལ་རྒྱུ་ཡོད་པ་དེ་ནི་རྒྱུ་དང་ལྡན་པ་སྟེ་འབྲས་བུ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་ལྡན་པ་དང་ཁྱབ་པར་བྱེད་པ་ཞེས་ཚིག་རྣམ་པར་སྦྱར་ལ་རྒྱུ་དང་ལྡན་པ་དང་ཁྱབ་པར་བྱེད་པ་དེ་དག་ལྡོག་པ་རིག་པ་ཡིན་ནོ་ཞེས་སྔ་མ་དད་སྦྱར་རོ། །འདི་ལ་རྒྱུ་ནི་དེ་ལས་བྱུང་ཕྱིར་གཅིག་ཡིན་ཞེས ་བྱ་བ་སྟེ་རྒྱུ་ལྡོག་པ་ན་རྒྱུ་དང་ལྡན་པ་ལེག་སྟེ་རྒྱུ་དེ་ལས་བྱུང་བའི་ཕྱིར་ཏེ་རྒྱུ་དང་ལྡན་པའི་བདག་ཉིད་ཀྱིས་དངོས་པོ་ཐོབ་པའི་ཕྱིར་དཔེར་ན་མེ་ལྡོག་པ་ན་དུ་བཞིན་ནོ། །དེ་བཞིན་དུ་ཁྱབ་པར་བྱེད་པ་ལྡོག་པ་ན་ཁྱབ་པར་བྱ་བ་ལྡོག་སྟེ་ཁྱབ་པར་བྱེད་པ་དེ་དང་ལྷན་ཅིག ་ཡིན་པའི་ཕྱིར་ཏེ། གཅིག་གི་རང་བཞིན་ཡིན་པའི་ཕྱིར་དཔེར་ན་ཤིང་ལོག་པ་ན་ཨ་མྲ་ལ་སོགས་པ་ལྡོག་པ་བཞིན་ནོ། །ཤིང་གི་ཁྱད་པ་ཉིད་ཨ་མྲ་ལ་སོགས་པར་གྲགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་རྒྱུ་ལོག་པ་ན་ཡང་མི་ལྡོག་པ་སྟེ་རྒྱུ་ཉིད་དུ་མི ་འགྱུར་ཏེ། གང་ཞིག་གང་མེད་ཀྱང་འབྱུང་བ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ལོག་ཀྱང་གང་མི་ལྡོག་པ་དེ་ནི་དེའི་རང་བཞིན་དུ་ཡང་རིགས་པ་མ་ཡིན་ཏེ། བ་མེན་གྱིས་བ་ལང་བཞིན་ནོ། །དེ་ལྟ་བས་ནི་རྱགུ་དང ་ཁྱབ་པར་བྱེད་པ་ལྡོག་པ་ན་འབྲས་བུ་དང་ཁྱབ་པར་བྱ་བ་ལྡོག་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། ཇི་སྐད་དུ། དེ་ཕྱི་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱི་ངོ་བོ་ཉིད། ལྡོག་པར་འགྱུར་བའང་རྒྱུ་ལས་ཀྱང། །འབྲས་བུ་འཁྲུལ་པ་མེད་ཕྱིར།། ་དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་བ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པའི་མིན་ནམ་ཅི། །ཞེས་བཤད་པ་བཞིན་ནོ། །ཅི་སྟེ་ཡང་རང་གི་དམིགས་པ་དོན་ཐམས་ཅད་ལ་རྒྱུ་ཉིད་དང་ཁྱབ་པར་བྱེད་པ་ཉིད་དུ་བས་ལེན་པར་བྱེད་ན་དེའི་ཚད་མ ་བཅའ་བར་རང་གི་ཚིག་དང་འགལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་མ་ལུས་པའི་དོན་དག་ལ་ཞེས་བྱ་བ་སྨོས་ཏེ་རྒྱུ་དང་ཁྱབ་པར་བྱེད་པ་དེ་དག་ནི་ཞེས་བྱ་བ་ནི་ངེས་པ་ལ་བལྟོས་ནས་དྲུག་པའི་དམིགས་པ་དང་དོན་དག་ལ་ཞེས་བྱ་བ་ནི་དྲུག་པ་དང་བདུན་པ་གཉིས་ཏེ། རྒྱུ ་དང་ཁྱད་པར་བྱེད་པ་དག། ཅེས་བྱ་བ་འདི་ལས་བལྟོས་ནས་གོ་རིམས་བཞིན་དུ་འབྲེལ་པ་དང་ཡུལ་གྱི་དངོས་པོར་སྦྱར་བར་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་རེ་ཞིག་ཚད་མ་འགའ་ཞིག་ལས་རང་གི་དམིགས་པའི་དོན་ཐམས་ཅད་ལ་ནི་ཉི་དང་འཁྱབ་པར་བྱས ་པ་ཉིད་དུ་ངེས་པ་དེའི་ཚེ་ཁྱོད་ཀྱིས་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་གསལ་རབ་ཏུ་དམ་བཅའ་བར་འགྱུར་རོ། །ཐམས་ཅད་མཁྱེན་པ་མ་ཡིན་པའི་ཤེས་པ་ནི་ཞེས་བྱ་བ་མ་ལུས་པ་ལས་ཁྱབ་པར་བྱེད་པ་མ་ཡིན་པ་ཐམས་ཅད་ལ་ནུ་ཉི་དང་འཁྱབ་པར་བྱ་བ ་ཡང་སྒྲུབ་པར་བྱེད་པ་ཉེ་བར་ལེན་པའི་ཕྱིར་དེ་ཉིད་འགེགས་པས་རང་གི་ཚིག་དང་འགལ་ལོ། །དེ་ལྟར་རེ་ཞིག་ཁྱབ་པར་བྱེད་པ་མེད་པའི་རང་གི་མི་དམིགས་པ་ནི་ཐམས་ཅད་མཁྱེན་པ་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་བསྟན་པའི་འོས་པ་མ་ཡིན་ནོ་དམིགས་པའི་ཚན་ཐམས་ཅད་གྱུར་པ་ལ་ཅེས ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་གྱིས་ཁྱད་པར་དང་བཅས་པ་ཡང་མ་ཡིན་ཏེ། འདི་ལྟར་དེ་སྟོན་པ་ན་ཡང་དཔེར་ན་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བུམ་པ་མེད་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་རང་གི་སྒྲ་སྟོན་ན་ཐམས་ཅད་མཁྱེན་པ་མེད་པ་སྒྲུབ་པ་ལ་ཡང་འགྱུར་རོ ་ཡང་ན་དཔེར་ན་འཛིན་དུ་བ་མེད་མེ་མེད་པའི་ཕྱིར་རོ། །ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་དོན་གཞན་དེའི་རྒྱུ་དང་ཁྱབ་པར་བྱེད་པའི་བདག་ཉིད་དམིགས་པའི་མཚན་ཉིད་ཀྱིས་གྱུར་པ་མེད་པར་མཐོང་པའི་ཕྱིར་ཏེ། འབྲེལ་བ་མེད་པ་རྒྱུ་མ་ཡིན་པ་དང་ཁྱབ་པར་བྱེད་པ་མ་ཡིན་པར ་གྱུར་པ་གཞན་ལོག་པ་ན་གཞན་ངེས་པར་ལྡོག་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་རོ། །ཞེས་སྔར་བཤད་ཟིན་ཏོ། །རང་གི་རྒྱུ་དང་ཁྱབ་པར་བྱེད་པ་ལྡོག་པ་མ་ངེས་པའི་དོན་རྒྱུ་དང་ཁྱབ་པར་བྱེད་པ་ལོག་པ་ལས་ལྡོག་པར་གྲུབ་པ་ཡང་མ་ཡིན་པའི་ཕྱིར་དེས་ན་དེ་ལ་ཡང་དམིག་པའི་མཚན་པའི ་དུ་གྱུར་བ་ཞེས་བྱ་བའི་ཁྱབ་པ་ལ་བརྟེན་པར་བྱའོ། །དེ་ལྟར་ཐམས་ཅད་མཁྱེན་པ་ལ་ཡང་འགྱུར་རོ། །ཡང་ན་དོན་གཞན་དུ་གྱུར་པ་དངོས་དང་བརྒྱུད་པས་འགལ་བ་ཉིད་བསྒྲུབ་པ་ལས་དེ་དག་འགལ་པ་ནི་མ་ཡིན་ཏེ་དེ་དང་ལྷན་ཅིག་འབྱུང་བ་ཉིད་སྲིད་པའི་ཕྱིར་རོ། །དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་ནི ་ཕྱིར་རོ་ཞེས་བྱ་བའི་དངོས་སུ་འགལ་བའི་མ་བསྒྲུབས་པ་ལས་གྲང་བའི་རེག་པ་འགེགས་པ་དེ་བཞིན་དུ་ཐཾས་ཅད་མཁྱེན་པ་འགེགས་པ་ལས་ཡང་འགྱུར་རོ། །ཡང་ན་བརྒྱུད་པས་ཀྱང་རེས་འགའ་འགལ་བ་ནི་དེའི་ཁྱབ་པར་བྱེད་པ་དང་འགལ་པ་ལ་བསྒྲུབས་པས་ཐམས་ཅད་མཁྱེན་པ་འགེགས་ཏེ། དཔེར་ན་པ ་མོའི་རིག་པའི་ཁྱབ་པར་བྱེད་པ་གྲང་པ་དང་འགལ་བའི་མེ་བསྒྲུབས་པ་ལས་པ་མོའི་རེག་པ་འགེགས་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་པ་སྤུ་ལྔ་པ་ལ་སོགས་པའི་རྒྱུ་གྲང་པའི་རེག་པ་དང་འགལ་བ་གདུང་བར་བྱེད་པའི་བྱ་དྲ་བ་བསྒྲུབས་པ་ལས་གྲང་བའི་རེག་པས་འབྲས་བུ་སྤུ་ལོང་བྱེད་པ་ལ ་སོགས་པ་འགེགས་པ་བཞིན་དུ་དེའི་རྒྱུ་འགལ་བ་བསྒྲུབས་པས་སམ་ཡང་ན་དཔེར་ན་ཕྱོགས་གྱི་བྱེ་བྲག་འགའ་ཞིག་ཏུ་གྲང་བའི་རེག་པ་ལ་སོགས་པ་དང་འགལ་བའི་མེ་ལ་སོགས་པའི་འབྲས་བུ་དུ་བ་ལ་སོགས་པ་བསྒྲུབས་པ་ལ་གྲང་བའི་རེག་པ་འགེགས་པ་བཞིན་དུ་དེ་དང་འགལ་བའི ་འབྲས་བུ་བསྒྲུབས་པ་ལས་སམ་ཡང་ན་དཔེར་ན་སྤུ་ལོང་ལ་སོགས་པའི་རྒྱུ་གྲང་བ་དང་འགལ་བའི་མེའི་འབྲས་བུ་དུ་བ་མཐོང་བའི་ཕྱིར་སྤུ་ལོང་ལ་སོགས་པ་འགེག་པ་ཡིན་ཏེ་ཕྱོགས་འདི་ན་དུ་བ་ཡོད་པ་ཡི་ཕྱིར་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི ་མི་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བར་དེའི་རྒྱུ་འགལ་བའི་འབྲས་བུ་དམིགས་པ་ལས་ཡིན་ནམ། ཡང་ན་དཔེར་ན་ངེས་པར་འབྱུང་བ་དང་འགལ་བ་ངེས་པར་འགྱུར་བ་མེད་པའི་ཁྱབ་པར་བྱ་བའི་བལྟོས་པ་དང་བཅས་པ་ཉིད་བསྒྲུབས་པས་ངེས་བུ་འགྱུར་བ་ཉིད་འགེགས་པ་བཞིན ་དུ་དེ་དང་འགལ་བས་ཁྱབ་པ་བསྒྲུབ་པ་ལས་ཡིན་ནོ་ཞེས་བྱ་བའི་མི་དམིཌ་པའི་སྦྱར་བ་འདི་ཐམས་ཅད་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་སྲིད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་དེ་རྟག་ཏུ་དམིགས་པའི་མཚན་ཉིད་དུ་མ་གྱུར་པའི་ཕྱིར་རོ། །འདི་ཐཾས་ཅད་མི་དམིགས་པའི་དབྱེ་བ་ཉིད ་ཡིན་པའི་ཕྱིར་ཞེས་བསྟན་པར་བྱ་བའི་ཕྱིར་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ནི་རང་གི་ཚིག་དང་འགལ་བར་འགྱུར་བའི་ཕྱིར་རོ། །ཁྱེད་ཅག་གི་ཐམས་ཅད་མཁྱེན་པ་རང་ཉིད་ཀྱིས་དམིགས་པའི་མཚན་ཉིད་དུ་གྱུར་བར་ཁྱད་བླང་བར་མི་བྱ་སྟེ། དེ་ལྟ་ཡིན་དང་རང ་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་ཁས་བླང་བར་འགྱུར་རོ། །ཇི་ལྟར་ཞེན་པ་ལྟེ་ཁྱེད་པ་མ?་བཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་ཅག་ལ་ཡང་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཤེས་པ་ཡོད་པ་ཡིན་ན། དེ་ལྟ་ན་ཁྱེད་ལ་ཐམས་ཅད་མཁྱེན་པ་དམིགས་པའི་མཚན་ཉིད་དུ་འགྱུར་གྱི ་གཞན་དུ་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་ཡུལ་དུ་ཐམས་ཅད་མཁྱེན་པར་འགྱུར་བ་ནི་མ་ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་ལ་ཐམས་ཅད་མཁྱེན་པ་དམིགས་པའི་མཚན་ཉིད་དུ་གྱུར་བ་མ་ཡིན་མེད་དེ་ལྟ་ན་ཡང་ཅིའི་ཕྱིར་དེ་མེད་པར་བསྒྲུབ་པར་བྱ་བ་ལ་དམིགས་པའི་མཚན་ཉིད་དུ་འགྱུར་གྱི ་པའི་སྦྱོར་བ་འདི་དག་མི་སྲིད་སྙམ་དུ་སེམས་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བྱེད་ལ་ཐམས་ཅད་མཁྱེན་ལ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པའི་རྒྱུའི་ཕྱིར་ཐམས་ཅད་མཁྱེན་པའི་རྒྱུར་བ་ཁྱབ་པར་བྱེད་པ་དང་རང་བཞིན་མ་མཐོང་པའི་ཁྱད་པར ་དམིགས་པའི་མཚན་ཉིད་ཀྱིས?་འགྱུར་བ་མ་དམིགས་པ་མི་འགྲུབ་སྟེ་རང་བཞིན་དང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པའི་སྦྱོར་པ་དང་སོགས་སུ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་དོ། །དེ་ལྟ་ན་འོ་ན་ཁྱད་པར་གཞན་དག་གྲུབ་པ་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པ་མེད་པར་གྲུབ་པ་ཡིན་ཞེ་ན། མི་དམིགས ་པ་ནི་རྣམ་པ་གསུམ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པ་ཐག་པའི་རང་བཞིན་དང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་རྣམ་པ་གསུམ་པོ་འདི་ཉིད་སྤྲས་ན་རྣམ་པ་མང་དུ་དབྱེ་བར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་དང་དེ་འགལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྒྲས་ནི་སྐབས་སུ་བབ ་པའི་རང་བཞིན་དང་ཁྱབ་པར་བྱེད་པ་དང། རྒྱུ་ཞེས་བྱ་བ་གསུམ་དང་འབྲེལ་བར་བྱའོ། །རང་བཞིན་ལ་སོགས་པ་དེ་དང་འགལ་པ་ནི་དེ་དང་འགལ་བ་སྟེ། དེ་ཡང་རང་བཞིན་དང་ཁྱབ་པར་བྱེད་པ་དང་རྒྱུ་འགལ་བའི་བྱེ་བྲག་གིས་རྣམ་པ་གསུམ་དུ་འགྱུར་རོ། །དེ་དང་འགལ་བ་དང་པོ་གང་ལ་ཡོད ་པ་དེ་ནི་དེ་དང་འགལ་བ་ལ་སོགས་པའོ། །སོགས་པའི་སྒྲས་འགལ་བའི་འབྲས་བུ་དང་རྒྱུ་འགལ་པའི་འབྲས་བུ་དང་འགལ་བས་ཁྱབ་པ་གསུམ་གཟུང་ངོ། །ཡང་དེའི་སྒྲ་གཉིས་པས་རང་བཞིན་ལ་སོགས་པ་གསུམ་པོ་དེ་ཉིད་དང་སྦྱར་བར་བྱའོ། །དེ་ནི་དེ་ཡང་ཡིན་པ་དེ་དང་འགལ་བ་ཡིན་པས ་དེ་དང་དེ་འགལ་བ་ལ་སོགས་པ་ཞེས་བྱ་བ་སྟེ། གོ་རིམས་བཞིན་དུ་དེ་དག་མ་རྟོགས་པ་དང་རྟོགས་པ་མིང་འགལ་བ་ལ་སོགས་པ་མ་རྟོགས་པ་དང་རྟོགས་པའོ། །དེ་མ་རྟོགས་པ་དང་དེ་དང་འགལ་བ་ལ་སོགས་པ་རྟོགས་ཞེས་བྱ་བའི་དོན་ཏོ། །དེ་དག་གི་དབྱེ་བ་ནི་དེའི་སྒོ་ནས་དབྱེ་བ་ཞེས་བྱ་བར ་བསྡུའོ། །དེ་ལ་མ་རྟོགས་པ་དངོས་སུ་རང་བཞིན་དང་རྒྱུ་དང་ཁྱབ་པར་བྱེད་པ་ལ་མི་དམིགས་པ་རྣམས་གསུམ་བསྟན་ལ་མི་དམིགས་པ་རྣམ་པ་གསུམ་པོ་འདི་ཉིད་གྱིས་མི་དམིགས་པུ་ལྷག་མ་རྣམས་བརྒྱད་ནས་སྟོན་པར་བྱེད་པ་ཡིན་པས་འདི་དག་གི་རྩ་བའི་དབྱེ་བའི་ངོ་བོ་མི་དམིགས་པ ་རྣམ་པ་གསུམ་ཡིན་ནོ། །འདི་ལྟར་དེ་དང་འགལ་བ་རྟོགས་པས་རང་བཞིན་དང་འགལ་བ་དམིགས་པ་དང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་དང་རྒྱུ་འགལ་བ་དམིགས་པ་བསྟན་ཏོ། །སོགས་པའི་སྒྲས་འགལ་བའི་འབྲས་བུ་དམིགས་པ་དང་རྒྱུ་འགལ་བའི་འབྲས་བུ་དམིགས་ ་པ་དང་འགལ་བས་ཁྱབ་པ་དམིགས་པ་རྣམས་བཟུང་ངོ། །འདི་དག་གིས་ཀྱང་བརྒྱུད་ནས་ཅི་རིགས་པར་རང་བཞིན་དང་ཁྱབ་པར་བྱེད་པ་དང། རྒྱུ་མི་དམིགས་པ་རྣམས་མཚོན་པ་ཡིན་པ་དེའི་ཕྱིར་རྩ་བའི་དབྱེ་བ་གསུམ་གྱི་ངོ་བོ་རྣམ་པ་གསུམ་ཐམས་ཅད་མཁྱེན་པ ་མེད་པར་བསྒྲུབ་པ་ལ་ནུས་པ་མེད་པར་བསྟན་པའི་ཕྱིར་དེའི་ཡན་ལག་ཏུ་གྱུར་པ་རྣམས་འབད་པ་མེད་པར་དེ་སྟོན་པར་བྱེད་པ་ཡིན་པས་འདི་དག་ལོགས་ཤིག་ཏུ་ནུས་པ་མེད་པར་བསྟན་པའི་ཕྱིར་འབད་པ་མི་བྱ་སྟེ། རྩ་བ་ཅད་པ་ན་ཡལ་ག་རྣམས་གནས་པར་མི་འགྱུར་དོན་དམ ་པར་ནི་རང་བཞིན་གྱི་དམིགས་པ་ཁོ་ན་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ཏེ། ནང་གསེས་ཀྱི་དབྱེ་བ་ལ་བརྟེན་པའི་ཕྱིར་རྣམ་པ་གསུམ་རྩ་བ་ཉིད་དུ་བརྗོད་དོ། །གལ་ཏེ་འདི་སྙམ་དུ་ཐམས་ཅད་མཁྱེན་པ་དམིགས་པའི་མཚན་ཉིད་དུ་མ་འགྱུར་བ་དེའི་ཚེ་མི་དམིགས་པའི་ཁྱད་པར ་གྲུབ་པར་མི་འགྱུར་རོ། །དེའི་རྒྱུ་དང་ཁྱབ་པར་བྱེད་བདག་ནི་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཅིའི་ཕྱིར་མི་དམིགས་པའི་ཁྱད་པར་དེ་མ་གྲུབ་པར་འགྱུར་ཏེ། དེ་དང་འགལ་བ་སོགས་པ་ནི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་ཅིའི་ཕྱིར་དམིགས་པ་འགྲུབ་པར ་མི་འགྱུར་སྙམ་དུ་སེམས་ན། རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུ་ཉིད་དང་ཁྱད་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་དང་འགལ་བ་ཉིད་དང་ཞེས་ཟླས་དབྱེའི། །རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པས་བསྒྲུབ་པ ་བྱ་བ་ཡིན་ན་ཐམས་ཅད་མཁྱེན་པ་ལ་སོགས་པ་ནི་མི་སྣང་བ་ཉིད་ཡིན་པའི་ཕྱིར་དེ་དང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ་པར་འགྱུར་བ་མ་ཡིན་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡང་མ་ཡིན་ཏེ་དེ་ལ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པ ་མི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་གང་ཞིག་ལོག་པ་ན་གང་ངེས་པར་ལྡོག་པ་ནི་ངེས་ཁྱབ་པར་བསྟན་ལ། ལྡོག་པ་ཡང་དམིགས་པའི་མཚན་ཉིད་གྱུར་པ་མི་དམིགས་པ་མེད་པའི་བར་མི་འགྱུར་རོ་འགལ་བ་ཡང་སྣང་དུ་རུང་བ་དག ་ཁོ་ན་ལ་འགྲུབ་པར་འགྱུར་གྱི་མི་སྣང་བ་དག་ནི་མ་ཡིན་ཏེ། འདི་ལྟར་རེ་ཞིག་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་པ་ནི་རྒྱུ་མ་ཚད་པ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་རྟོགས་ཏེ། མི་དམིགས་པའི་རང་བཞིན་གྱི་དངོས་པོ་ཡོད་པ་དང་མེད་པ་དག ་ངེས་པར་ནུས་སོ། །ངན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡང་གང་ཡོངས་སུ་གཅོད་པ་གང་ཞིག་རྣམ་པར་བཅད་པ་མེད་ན་མི་འབྱུང་བ་དེ་དག་ལ་རྣམ་པར་བཞག་སྟེ། རིམ་དང་རིམ་མ་ཡིན་པ་དག་ལྟ་བུ་ཡིན་ལ་ཡོངས་སུ་སྤྱོད་པ་ཡང་མི་སྣང ་པ་དག་ལ་སྲིད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡོད་པ་དང་མེད་པ་ལ་སོགས་པ་དག་ཇི་ལྟར་འགལ་པར་འགྲུབ་སྟེ། དེ་ལ་གཉིས་ག་སྣང་དུ་རུང་བ་ཉིད་དུ་གྲུབ་པ་ནི་མ་ཡིན་ནོ་ཞེ་ན། ཉེས་འདི་མེད་དོ། །ཡོད་པ་དང་མེད་པ་དག་ལོགས་ཤིག་ཏུ་ཡོངས་སུ་བཅད་ནས ་ཕྱིས་དེ་དག་རྣམ་པར་གཅོད་པར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་གསལ་བར་རྣམ་པར་བཞག་པར་བྱ་བ་ནི་མ་ཡིན་ན་འོ་ན་ཅི་ཞེ་ན། ལོགས་ཤིག་ཏུ་ཡོངས་སུ་གཅོད་པ་དག་ལའོ། །འདི་ལྟར་གཅིག་ལ་ཆོས་ཅན་དུས་ཅིག་ཏུ་དེ་དག་འགལ་པར་རྣམ་པར་བཞག་གི།། ་ཆོས་ཅན་གཞན་ལ་ནི་མ་ཡིན་ཏེ། པ་ཡང་མེད་པ་ལ་རྟ་ཡོད་པ་ལ་ནི་འགལ་བཅུང་ཟད་ཀྱང་མེད་དོ། །ཆོས་ཅན་གཅིག་ལ་དུས་ཐ་དད་དུ་དེ་དག་འགལ་བ་ཡང་མ་ཡིན་ཏེ། སྡར་ཡོད་པ་འམ་མེད་པ་ནི་ཕྱིས་མེད་པའམ་ཡོད་པར་མི་སྲིད་པ་མ་ཡིན་ཏེ། དངོས་པོ་གཅིག ་ལ་དེ་དག་ཅིག་ཅར་ཡོངས་སུ་མ་གཅོད་པའི་ཕྱིར་འགལ་གྱི་དེ་ཉིད་དུ་ཡོངས་སུ་མི་གཅོད་པ་དང་རྣམ་པར་མི་གཅད་པས་ནི་མ་ཡིན་ནོ། །ཡོངས་སུ་མི་གཅོད་པ་ཇི་ལྟར་རྣམ་པར་ཅེ་ན། དེ་ཉིད་ཀྱི་ཕྱིར་ཏེ། གང་ཁོ་ན་ལ་ཆོས་ཅན་དེ་ལ་ཡོངས་སུ་མི་གཅོད་པ་དེ་ཁོ་ན ་ལས་རྟ་རྣམ་པར་གཅོད་པར་འགྱུར་གྱི་དེ་ལྟ་བུ་མ་ཡིན་ན་དེ་ལས་ཡོངས་སུ་གཅོད་པའི་ཆོས་ཇི་ལྟར་རྣམ་པར་གཅད་པར་བྱ་བར་ནུས། །དེ་མེད་པར་རྣམ་པར་གཅོད་པ་གང་ཡིན་པ་འདི་ཉིད་ཡོངས་སུ་གཅོད་པ་ཡིན་ལ་གང་ཁོ་ན་གཞན་གྱིས་གྱིས་ལ་དཔེར་པ་དེ་ཡོངས་སུ་གཅོད་པ ་དེ་ཉིད་ལས་གཞན་མེད་པ་ཡོངས་སུ་གཅོད་པ་ཡིན་ནོ། །དེ་ལྟ་བས་ཆོས་ཅན་གང་གི་དངོས་པོ་མེད་པ་རྣམ་པར་གཅོད་པ་དང་དངོས་པོ་ཡོངས་སུ་གཅོད་པ་འདི་གདོན་མི་ཟ་བར་སྣང་བར་ཁས་བླང་བར་བྱ་སྟེ་མི་སྣང་བ་ནི་ཡོངས་སུ་གཅོད་པར་བྱང་མ་ཡིན་ལ་ཡོངས་སུ་མ ་བཅད་ནི་དེ་དང་འགའ་བའ་ཨི་ཆོས་རྣམ་པར་གཅོད་པ་སྲིད་པ་ཡང་མ་ཡིན་ནོ། །གང་གིས་དེ་དག་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཡོངས་སུ་གཅོད་པའི་ཕྱིར་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གཅོད་པར་གྲུབ་པར་འགྱུར་བ་ཆོས་ཅན་སྐྱེས་བུ་ཐམས་ཅད་འགའ་ཞིག ་ལ་སྣང་བ་ནི་མ་ཡིན་ཏེ། དེ་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་མི་དམིགས་བས་ཐམས་ཅད་མཁྱེན་པ་ཉིད་དང་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དག་དང་འགལ་བ་ལ་མི་འགྲུབ་པོ། །རང་གི་རྒྱུད་ལ་ནི་གྲུབ་སྟེ། དེ་ཡང་མ ་འོངས་པའི་གནས་སྐབས་ལ་ནི་མ་ཡིན་ཏེ། དེ་ནི་ད་ལྟར་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་སྣང་བ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ལ་གྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གང་གི་བདག་ཉིད་ཁྱད་པར་བཅས་ཞེས་བྱ་བ་ནི་གྲུབ་པར་འགྱུར་ཞེས་བྱ་བ ་དང། འབྲེལ་ཏེ། དེ་ལ་བདག་ཉིད་ནི་རང་བཞིན་ནོ། །ཁྱད་པར་དང་ལྷན་ཅིག་འཇུག་པས་ན་ཁྱད་པར་བཅས་སོ། །དེ་ལ་ཁྱད་པར་ནི་བསྐལ་བ་རྣམ་པ་གསུམ་དང་བྲལ་བ་ཉིད་དོ། །དེས་ན་མི་དམིགས་པར་དེ་དག། ཅེས་བྱ་བ་ནི་རྒྱལ་སོགས་པ་མི་དམིགས་པ་རྣམས་སོ།། ་ཐམས་ཅད་མཁྱེན་པ་ཉིད་ནི་འགའ་ཞིག་དང་ལྷན་ཅིག་རྒྱུ་དང་འབྲས་བུ་དངོས་པོ་དང་འགལ་བ་དང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་མ་གྲུབ་པའི་ཕྱིར་དང་དམིགས་པའི་རྒྱུ་གཞན་ཡོད་?་རེས་འགང་མངོན་སུམ་ཉིད་དུ་མ་གྲུབ་པའི་ཡང་ནིའོ།། ་དགག་པའི་ཡན་ལག་གཞན་ཡང་མེད་ཅེས་བྱ་བ་ནི་མི་དམིགས་པའི་ཁྱད་པར་མ་གཏོགས་པའོ། །གཞན་ཡང་ཁྱད་པར་མེད་པའི་རང་གི་མི་དམིགས་པ་སྦྱོར་བ་ན་ཧ་ཅང་ས་ལ་འབྱུང་འགྱུར་བ་ཐོག་ཏུ་བབ་པའི་སྒོ་ནས་མ་ངེས་པ་ཉི་དུ་སྟན་པའི་ཕྱིར། བསྟན་པ་ཐོས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བག་མར་ལེན་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་པ་མའི་དགའ་བ་ཉམས་སུ་མྱོང་བ་གཟུང་ངོ། །དེ་ལྟ་ཡིན་དང་ཁྱོད་རྒལ་ཕྲུག་ཉིད་དུ་འགྱུར་སྙམ་དུ་བསམས་པ་ཡིན་ནོ། །ཇི་སྐད་དུ་བལྟེ་བ་ཡིན་ཁྱེད་ཅག་དམིགས་རྡུལ་གྱིས་དམིགས་པས་དོན་སྤོང་བར་བྱེད་ན་པའི་ཐ ་སྙད་ཀྱི་རྒྱུ་མཚན་ཡང་མི་འཇུག་པར་ཐལ་པར་འགྱུར་བའི་ཕྱིར་རྒྱུད་ཕྱོད་ཉིད་ཉམས་པར་འགྱུར་རོ་ཞེས་བཤད་པ་བཞིན་ནོ། །འདིར་གཞན་གྱི་ལན་དོགས་པར་བྱེད་པ་ནི། རྒྱུད་བརྗོད་པ་དེའི་འབྲས་བུ་ཞེས་བྱ་བ་སོགས་པ་སྟེ། མ་བག་མང་ལེན་པ་ལ་སོགས་པས་དེའི་འབྲས་བུ་ཞེས་བྱ ་པའི་རྒྱུའི་ཕྱིར་རྗེས་སུ་དཔག་པའི་ཚད་མ་གྲུབ་པའི་ཕྱིར་དེ་མེད་པར་ཐལ་བར་འགྱུར་བ་དེ་མི་དམིགས་པར་གྲུབ་པ་མ་ཡིན་ནོ། དེ་མེད་ཀྱང་ཞེས་བྱ་བ་ལ་སོགས་པས་འབྲས་བུའི་གཏན་ཚིགས་འདི་འཁྲུལ་པ་ཉིད་དུ་སྟོན་པ་ཡིན་ཏེ། དེ་མེད་ཅེས་བྱ་བ་ནི། མ་བག་མང་ལེན་པ་ལ་སོགས ་པ་དེ་མེད་པའོ། །དེ་བཞིན་དུ་གང་ལ་མ་བག་མར་ཕྱིན་བདེ་དང་དགའ་བ་ཉམས་སུ་མྱོང་བ་མེད་པར་བུད་མེད་པ་ཡེམ་མ་འགའ་ཞིག་སྐྱེས་བུ་གཞན་དང་ཕྲད་པས་བུ་ཞེས་བྱ་བའི་འབྲས་བུ་དམིགས་པས་དེ་བཞིན་དུ་ཁྱད་ཀྱི་མ་ལ་ཡང་འགྱུར་བས་རྗེས་སུ་དཔག་པ་མ་གྲུབ་བོ། །དེ་ལྟ་ཡིན་དེའི ་ཁྱོད་ནས་ཕྲུག་ཏུ་ཐལ་བར་བཟློག་པར་དཀའ་ཨོ། །སློབ་དཔོན་ཆོས་གྱི་གྲགས་པས་ཀྱང་ཁྱད་པར་ཅན་གྱི་ཕའི་ཐ་སྙད་ཀྱི་རྒྱུ་མཚན་མེད་པར་ཐལ་བ་འགྱུར་བ་བརྗོད་པར་འདོད་པའི་ཕྱིར་ནས་ཕྲུག་ཉི་ཐལ་བར་འགྱུར་གསོན་མཛད་དོ། །གལ་ཏེ་དེ་ནི་གཞན་དམིགས་པས། ཞེས་བྱ་བ་ལ ་སོགས་པས་གཞན་གྱི་ལན་དོགས་པར་བྱེད་པ་ཡིན་ཏེ། སྐྱེས་བུ་གཞན་དག་གིས་དམིགས་པ་ནི་གཞན་དམིགས་པས་སོ། །དེ་ནི་ཞེས་བྱ་བ་ནི་མ་བག་མར་ལོན་པ་ལ་སོགས་པའོ། །དེ་ནི་མེད་པར་རྟོགས་མ་ཡིན། ཞེས་བྱ་བ་ལ། འོ་ན་ཅི་ཞེ་ན་འཐོད་པ་པ་ཉིད་དུའོ། །འདིར་གཞན་གྱིས་དམིགས ་པ་མ་གྲུབ་པར་བསྟན་པའི་ཕྱིར་འོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ཞེས་དྲིས་པ་ལས་གཞན་གྱིས་སྨྲས་པ་ཉེར་བསྟན་ཕྱིར་ན་ཞེས་བྱ་བ་ལ་གྲུབ་ཅེས་སྐབས་དང་སྦྱར་རོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཉེ་བར་བསྟན་པ་མ་ངེས་པར་བསྟེན་པ་དེའི་ཕྱིར་ཀུན་མཁྱེན་ལའང་འདི ་ཅིས་མེད། །ཅེས་བྱ་བ་སྨོས་ཏེ། འདི་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །ཀུན་མཁྱེན་ལ་ཡང་ཅིའི་ཕྱིར་མེད་དེ་འོན་ཀྱང་ཡོད་པ་ཁོ་ནའོ། །དེ་ལ་གལ་ཏེ་བག་མར་ལེན་པ་ལ་སོགས་པའི་ཉེ་བར་བསྟན་པ་ཚད་མར་བྱེད་ན་ཐམས་ཅད་མཁྱེན་པ་ཡོད་དོ་ཞེས་བྱ་བའི ་ཁོ་བོ་ཅག་གི་ཉེ་བར་བསྟན་པ་འདི་ཡང་ཅིའི་ཕྱིར་ཚད་མར་མི་བྱེད་དེ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་རང་གི་ཚིག་ཉིད་ཀྱིས་ཉེ་བར་བསྟན་པ་ཚད་མ་མ་ཡིན་པར་བསྟན་པ་ཡིན་ནོ་ཞེས་སྟོན་པ་ནི། སྐྱེས་བུ་རྣམས་ཀྱང་ཞེས་བྱ་བ་ལ་སོཌ་པ་སྟེ། དེ་ལྟ་རེ་ཞིག་ཁྱད ་པར་མེད་པ་ནི་མ་ངེས་པའི་ཕྱིར་དང་ཁྱད་པར་དང་བཅས་པ་ཡང་མ་གྲུབ་པའི་ཕྱིར་རང་གི་དམིགས་པ་ལོག་པ་ནི་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པ་ལ་ཚད་མར་རིགས་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་ནི་སྐྱེས་བུ་ཐམས་ཅད་ཀྱི་དམིགས་པ་ལོག་པ་མ་གྲུབ་བཱི ་ཕྱིར་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པ་ལ་ཚད་མ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་བསྟེན་པའི་ཕྱིར། ཡང་ན་ཉེར་བསྟན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཉེར་བསྟན་ཞེས་བྱ་བ་ན་ཐམས་ཅད་མཁྱེན་པ་སྟོན་པར་བྱེད་པ་ཞེས་བྱ་བ་ལྟོག་མའོ། །ཡང་ན ་ཉེ་བར་བསྟན་པ་འདྲིའི?་ཚད་མ་ཞེས་བྱའོ། །སེམས་ཅན་ཀུན་གྱི་བདག་མཐོང་ན། ཞེས་བྱ་བ་ནི་སེམས་ཅན་ཀུན་གྱི་རང་བཞིན་མཐོང་བ་ནའོ། །ཁོ་བོ་ཅག་ལ་སེམས་ཅན་ཐཾས་ཅད་ཀྱི་བདག་མཐོང་བ་ཡོད་པ་ཉིད་ཞེ་ན། དེ་མཐོང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས ་སྨོས་ཏེ། དེ་མཐོང་བ་ནི་སེམས་ཅན་ཐམས་ཅད་ཀྱིས་བདག་མཐོང་བའོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་བདག་མཐོང་མེད་ནའོ། །ཡོད་པ་བཞིན་ཞེས་བྱ་བ་ནི་ཡུལ་ལ་སོགས་པས་སྐལ་བའི་དངོས་པོའི་ཡོད་པ་བཞིན་ཏེ། ཡོད་པ་ལྟ་བུའོ། ་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟར་ཡུལ་ལ་སོགས་པས་བསྐལ་པའི་དངོས་པོ་མི་དམིགས་པ་ཡིན་ན་ཡང་དེ་ཡོད་པར་ཐེ་ཚོམ་ཟ་བ་བཞིན་དུ་དངོས་པོ་ཡོད་ན་ཡང་མི་དམིགས་པའི་ཕྱིར་དེ་ལྟར་སྐྱེས་བུ་གཞན་ལ་ཡོད་པའི་ཐམས་ཅད་མཁྱེན་པའི་ཡུལ་ཅན་པ་ཡང་ཐེ་ཚོམ་མེ ་ཉིད་དུ་རིགས་པ་ཡིན་ནོ། །ཡང་ན་དོན་ནི་འདི་ཡིན་ཏེ། ཇི་ལྟར་མི་དམིགས་ན་ཡང་ཐཾས་ཅད་ན་བྱོན་པ་ཡོར་བ་ལ་ཐེ་ཚོམ་ཟ་བ་དེ་བཞིན་དུ་དམིགས་ན་ཡང་ཐམས་ཅད་མཁྱེན་པའི་ཡུལ་ལ་ཐེ་ཚོམ་བྲ་བ་ཡིན་ཏེ་གཉི་ག་ཡང་རང་བཞིན་གྱིས་སྐལ་བས་མི་དམིགས་པར་སྲིད་པའི་ཕྱིར་རོ། །འོན་ཏེ་དངོས་པོ་ཡོད་པ་ལ་ཡང་ཐེ་ཚོམ ་རིགས་པ་མ་ཡིན་ནམ་གང་གི་ཕྱིར་དངོས་པོ་ཡོད་པ་ལ་དེ་མི་དམིགས་པ་མཐོང་བའི་ཕྱིར་རེས་འགའ་འགྱུར་རོ་སྙམ་དུ་སྲིད་པའི་ཕྱིར་རོ། ཚུ་རོལ་མཐོང་བ་འགའ་ཞིག་མཐོང་མཁྱེན་པ་སྲིད་པ་ཡང་མ་ཡིན་ནོ། །མི་སྲིད་པའི་དངོས་པ་ལ་རྟོག་པ་དང་ལྡན་པ་ཐེ་ཚོམ་ཟ་བར་རིགས་པ་ཡང་མ་ཡིན་ནོ་ཞེ་ན། འགའ་ ་ཞིག་ཀུན་མཁྱེན་ཡིན་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ཉིད་ཀྱིས། ཞེས་བྱ་བ་ནི་གཞན་གྱི་གྲུབ?་མཐ་ཁས་བླངས་ནས་བརྗོད་པ་ཡིན་ནོ། །རང་ཉིད་ཅེས་བྱ་བ་འདི་བསྟན་པའི་བདག་གིས་ཞེས་བྱ་བའོ། །བདག་ཉིད་ཅེས་བྱ་བ་ནི་སྐྱེས་བུའོ། །གལ་བཞེས་བྱ་བ་ནི་བདག་ནི་སེམས་ཀྱི་ངོ་བོ་ཉིད་ཀྱིས ་གསལ་བའི་བདག་ཉིད་མིན་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་འདི་ཉིད་བསྒྲུབ་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའོ། །གལ་ཏེ་འདི་སྙམ་དུ་ཚུ་རོལ་མཐོང་བ་རྣམས་ཁོ་ན་ཐམས་ཅད་ཀྱི་སྨྲ་བརྗོད་པས་འདོད་པ་ཡིན་གྱི་ཐམས་ཅད་མཁྱེན་པ་རྣམས་ནི་མ་ཡིན་ནོ། །ངེས་ན་དོགས ་བར་མི་འགྱུར་རོ་སྙམ་དུ་སེམས་ན། དེ་གཅིག་ཡོངས་སུ་དོར་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམས་ཅད་མཁྱེན་པ་དེ་ཡོངས་སུ་སྤངས་ནས་ཚུ་རོལ་མཐོང་བ་གཞན་དག་གིས་མི་དམིཌ་པས་གཏན་ཚིགས་ཉིད་དུ་ཁས་ལེན་ན་དཱི་ཚེ་མ་ངེས་པ་ཉིད་ཡིན་ཏེ། དེ་ནི་རང་གི་མི་དམིགས་པ་གཞན་དུ་ཐམས ་ཅད་མཁྱེན་པ་ནི་?་དང་ལྷན་ཅིག་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འཁྲུལ་པའི་ཕྱིར་རོ། །གཞན་གྱིས་ཡོངས་སུ་མི་ཤེས་ཕྱིར། ཞེས་བྱ་བ་ལ་སོགས་པས་འབྲེལ་བ་མེད་པ་དེ་ཉིད་སྒྲུབ་པར་བྱེད་དོ། །དེ་ལྟར་མི་དམིགས་པ་ཞེས་བྱ་བའི་ཚད་མ་མ་ངེས་པ་ཉིད་དང། མ་གྲུབ་པ་ཉིད་དུ་བསྟན་ཏོ། །དེའི་དངོས ་ཐོ་མེད་པའི་ཚད་མས་ཡུལ་དུ་བྱས་བའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། །ཚུ་རོལ་མཐོང་བཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚུལ་ལ་མཐོད་པ་མཁས་པའི་བློ་ཅན་འགའ་ཞིག་ཀྱང་རེས་འགའ་རྗེས་སུ་དཔག་པ་ལས་ཐམས་ཅད་མཁྱེན་པ ་བརྟོགས་སོ་ཞེས་བྱ་བ་སྲིད་པའི་ཕྱིར་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་རིས་བྱེད་ཀྱི་སྒྲ་དང་བྲི་དང་ལུས་དང་རྡོ་རྗེ་ལ་སོགས་པ་སྐད་ཅིག་མ་ཉིད་དང་བདག་མེད་པ ་ཉིད་ལ་སོགས་པར་གསལ་རང་ཀྱང་ཁྱེད་ཅག་སྤྱོད་བ་པ་ཕྱུགས་རྣམས་ཀྱིས་མ་མཚོན་པ་ན་ཁོ་བོ་ཅག་གིས་སྒྲུབ་པར་བྱེད་པ་བརྟེན་པ་བསྟན་པའི་སྒོ་ནས་བསྒྲུབས་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་གལ་ཏེ་དེ་ལྟར་སྒྲུབ་པར་བྱེད་པ་མ་དམིགས་པ་དེ་ལྟ་ན་ཡང་སྲིད་པའི་ཕྱིར ་ཐེ་ཚོམ་ཟ་བས་དེའི་ཕྱིར་ཚད་མ་ལྔ་དང་བྲལ་དེའི་རང་བཞིན་གྱི་དངོས་པོ་མི་བའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཉིད་མ་གྲུབ་སྟེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གང་ལས་ཞེས་བྱ་བ་ན་ཚད་མ་མེད་པ་ལས་སོ། །གཞན་ཡང་ཚུ་རོལ་མཐོང་བ་ཐམས་ཅད་ལ་ཐཾས་ཅད་མཁྱེན་པ་སྒྲུབ་པ་ལ ་རྗེས་སུ་དཔག་པ་མང་དུ་ཆུ་ག་མེད་དོ། དེ་ལྡན་པར་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྗེས་སུ་དཔག་པ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དངོས་པོའི་རྒྱུ་མ་ཡིན་པ་དང་ཁྱབ་པར་བྱེད་པ་ཡང་མ་ཡིན་པའི་ཚད་མ་དེ་ཇི་ལྟར་འདི་ལྡོག་པ་ན་ལང་དངོས་པོའི ་ལྡོག་བར་འགྱུར་ཞེས་སྔར་བསྟེན་ཟིན་ཏོ། །འདི་ལྟར་ལྕགས་ཀྱི་གོང་བུའི་མེ་ལ་སོགས་པ་དཔལ་སོགས་པའི་འབྲས་བུ་མི་ཙམ་པ་ཁང་བའི་ནང་གི་ཐུགས་ན་གནས་པ་ལ་རྟགས་ན་མེད་པའི་རྗེས་སུ་དཔག་པ་མི་སྒེ་ལ་དེའི་ཡོད་པ་ཡང་མི་ལྡོག་པའི་ཕྱི་མེད་པ ་ཡང་མི་ངེས་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པ་ལ་རྗེས་སུ་དཔོག་བ་མེད་ན་ཐེ་ཚོམ་ཟ་བ་ཡིན་ནོ་དེ་ཡིས་ཞེས་བྱ་བ་ནི་རྗེས་སུ་དཔོག་པ་མེད་པས་སོ། །མེ་ལ་སོགས་པ་གང་གིས་དབྱེ་ལ་སོགས་པའི་འབྲས་བུ་མི་རྩོམ་པ་དེ་ལ་དེ་སད་མེ་ཁྱད་ལ་འདི་ནི་དུ་གལ ་སོགས་པའི་འབྲས་བུ་མི་རྩོམ་པ་ཡང་ཡིན་ལ་མི་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ་དེའི་ཡོད་པ་ཉིད་བཞིན་ཏེ་ཡོད་པ་ཉིད་དུ་ལྟ་བུའོ། །རེས་འགའ་དམིགས་པའི་དོན་ལ་ནི། ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལྕགས་ཀྱི་གོང་བུ་ལ་སོགས་པའི་དཔེ་ཐེ་ཚོམ་ཟ་བའི ་རྒྱུད་དམིགས་པར་སྔོན་ཅི་དང་མ་བཅད་མཁྱེན་བ་ལ་ཡང་དེ་མེད་པའི་ཕྱིར་ཚིམ་མི་རིགས་སོ་ཞེས་བསྟན་བར་བྱ་བའི་ཕྱིར་གཏན་ཚིགས་མ་དེས་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །དོན་གང་ཞིག་སྔར་དེས་འགའ་དམིགས་པ་མ་དེ་ཉིད་ལ་ཐེ་ཚོམ་བྱ་བར་རིགས་ཏེ། དཔེར་ན་མཐོ་མོད་ལ ་མི་བཞིན་དུ་དེ་གཉི་གའི་ཆལ་དམིགས་པའི་ཕྱིར་ཏེ། གཞན་དུ་ན་གང་ཅུང་ཟད་མ་མཐོང་བ་དེ་ཐམས་ཅད་ཐེ་ཚོམ་གྱིས་དམིགས་པར་འགྱུར་རོ། །དེ་ལྟ་ཡིན་དང་ཆ་གཉི་གལ་དམིགས་པ་ཉིད་ཀྱིས་དེས་པར་འགྱུར་རོ། །དེས་ན་ལྕགས་ཀྱི་གོང་བུའི་མེ་ལ་སོགས་པ་ཐེ་ཚོམ་ཟ་བར ་རིགས་ཀྱི་ཐམས་ཅད་མཁྱེན་པ་ལ་ནི་མ་ཡིན་ཏེ་རེས་འགའ་ཡིད་མི་དམིགས་བའི་ཕྱིར་རོ། །རྣམ་པ་འདི་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། བ་ལ་ཏེ་རེས་འགའ་དམིགས་བའི་དོན་ལ་ཐེ་ཚོམ་ཟ་བ་ལ་གཞན་དུ་མེད་པར་དེས་པ་ན་དེའི་ཚོ་རིགས་པ་འདི་ཉིད ་ཀྱིས་བྱེད་དུག་གིས་མ་བག་མང་ལེན་བ་ལ་སོགས་པ་ཐ་ཚོམ་མེད་པར་འགྱུར་ཏེ། ཡང་གིས་འདི་ལ་ཡང་ཁྱེད་ཀྱིས་མེད་པར་དེས་པར་མི་འགྱུར་བ་ཁྱེད་བོས་རེས་འགའ་སྔར་མ་བག་མར་ལེན་པ་དམིགས་པ་ན་མ་ཡིན་ནོ་ལ་དེ་ལ་རྒོལ་བ་དང་ལན་ལྷག་མ་བའི་དུད་བརྗོད་བར་བྱའོ།། ་བློ་ལྡན་ཞེས་བྱ་བ་ནི་གཞན་གང་དབྱེད་པའི་ཚིག་ལོ། །དེ་ལྟར་ན་འོ་ནེས་ཆོས་རྒྱུ་མཚན་མེད་པར་འགྱུར་རོ་ཞེ་ན། དེས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་མེད་བ་ནི་དངོས་པོ་ཡོད་བ་དང་མེད་པ་གཉི་གལ་ཡང་མཐོང་བའི་ཕྱིར་ནམ་པར་མི་ལ་ནས་པ་ཡིན་ཏེ་དེས་ན་ཡོད་པ ་དང་མེད་པར་དེས་པ་ནི་སྐྱེ་བའི་ཕྱིར་དེ་ཚེམ་དུ་བརྗོད་དོ། །ཇི་སྐད་དུ། དམིགས་པ་དང་མི་དམིགས་པར་རྣམ་བར་མི་གནས་པའི་ཕྱིར་བྱད་བར་ལ་བལྟོས་པའི་རྣམ་པར་དབྱོད་བ་ཉི་ཐེ་ཚོམ་མོ་ཞེས་སྨྲས་བ་ལྟ་བུའོ། །འདི་སྙམ་དུ་དངོས་བོ་ཡོད་པ་དང་མེད་པར་གཉི་གལ་ཡང ་ཚད་མ་ལྡོག་པར་མཐོང་བ་མ་ཡིན་ནོ་སྙམ་དུ་སོགས་ན་དངོས་པོ་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བུམ་བ་ལ་སོགས་བའི་དངོས་པོ་ཡོད་ཀྱང་མིག་མ་ཆོད་བ་ལ་ཚད་མ་མི་འཇུག་ལ་མིག་ལ་སོགས་པ་དེ་དག་མཚད་བ་མེད་ན་ཡང་ཡུལ་ཞེས་བྱ་བའི་དངོས ་པོ་མི་ཉེད་ཉིད་ཀྱིས་མེད་ན་ཡང་མི་འཇུག་གོ་ཞེས་རྣལ་མ་དང་སྦྱར་རོ། །དཔེར་ན་རུང་བའི་ཡུལ་ན་མི་ཉེ་བའི་བུམ་པ་ལ་སོགས་པ་བཞིན་ནོ། །འབའ་ཞིག་ཅེས་བྱ་བ་ནི་ང་ལྟར་རུང་བའི་བྱད་པ་དང་བྲལ་བའོ། །གཉིས་སུ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་ཡོད་པ་དང་མེད ་བ་ལ་ཡང་ངོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་དགེ་བའི་རྩ་བ་མཚམས་སྦྱོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར་ལོག་པའི་ལྟ་བས་དགེ་བའི་རྩ་བ་རྒྱུན་བཅད་པ་རྣམས་ལ་ཐེ་ཚོམ་དང་ཡོད་པར་ལྟ་བ་དག་གིས་དགེ་བའི་མཚམས་སྦྱོར་བ ་བརྗོད་པ་ཡིན་ཏེ། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཞེས་བཤད་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དང་དར་སློབ་དཔོན་རྣམས་ཀྱི་ཐེ་ཚོམ་པ་སྐྱེད་པ་ཡིན་ནོ། །གལ་ཏེ་ཡོད་པ་ལ་ཚད་མ་ཅི་ཡོད་དེ་ན་དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཡིན་ལ་རག་མོད། འདི་སྙམ་དུ་གལ་ཏེ ་ཐམས་ཅད་མཁྱེན་པ་ཡོད་ན། ཅིའི་ཕྱིར་རེས་འགའ་འགའ་ཞིག་གིས་དམིགས་པར་མི་འགྱུར། གལ་?་འདི་ཚུ་རོལ་མཐོང་བས་རྟག་ཏུ་མི་དམིགས་པ་ཞེས་པ་དེ་ལྟ་ན་ཡང་དེའི་འབྲས་བུ་འགའ་ཞིག་གིས་ཅིའི་ཕྱིར་མི་འཛིན་མིག་ལ་སོགས་པ་རྣམས ་མངོན་སུམ་མ་ཡིན་པ་ན་དེའི་འབྲས་བུའི་ཤེས་པ་ཡང་མངོན་སུམ་མ་ཡིན་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། དེའི་པིཧཡར་དེ་ནི་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་མཐོང་ཞེས་བྱ་བ་ནི་དངོས་པོ་སུ་ཞེས་བྱ་བ་དང་འབྲེལ་བར་བྱའོ། །གང་གིས་དམིགས་པ ་མེད་བའི་ཕྱར་ཐམས་ཅད་མཁྱེན་པ་མེད་པར་འགྱུར་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་དམིགས་པ་ནི་མ་ཡིན་ནོ། །སྐྱེས་བུ་གཞན་ག་ཡོད་པའི་རྣམ་པར་རྟོགས་པ་ཡོད་ན་ཡང་གཞན་དག་གིས་དམིགས་བའི་ཕྱིར་རོ། །གང་གིས་ཐམས་ཅད་མཁྱེན་པའི་འབྲས་བུ ་མི་དམིགས་པས་མེད་པར་འགྱུར་བ་གདོན་མི་ཟ་བར?་རྣམས་ནི་རྟག་ཏུ་འབྲས་བུ་རྩོམ་པར་འགྱུར་བ་ཡང་མ་ཡིན་ཏེ། དུ་བའི་འབྲས་བུ་མི་རྩོམ་བའི་ལྕགས་ཀྱི་གོང་དུའི་མེ་ལ་སོགས་པ་མཐོང་བའི་ཕྱིར་རོ་རྒྱུ་རྣམས་ནི་རྟག་ཏུ་འབྲས་བུ་དང་ལྡན་པ་མ་ཡིན ་ནམ། དེ་ལྟ་ན་ཡང་དེའི་འབྲས་བུ་མེད་པར་ངེས་པ་མ་ཡིན་ཏེ་གང་གིས་འབྲས་བུ་མ་དམིགས་པས་དེ་ནི་མེད་པར་གྲུབ་པར་འགྱུར་བ་འབྲས་བུ་ཐམས་ཅད་སྐྱེས་ན་ཡང་སྣང་བ་ཉིད་ཀྱིས་ཁྱབ་བ་མ་ཡིན་ཏེ། འབྲས་བུ་སྐྱེས་ན་ཡང་མ་མཐོང་པའི་ཕྱིར་གཞན་གྱི་རྟོབ་པ་ལས་བྱུང་བའི ་ཆགས་པ་བཞིན་ནོ། །དཔེར་ན་སྐྱེས་བུས་བུ་གཞན་གྱི་རྟོགས་པ་ལས་བྱུང་བ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་བ་ལས་བྱུང་བའི་ཆགས་པ་ཡང་མི་དམིགས་པ་ཡིན་ཏེ། འདི་ནི་མེད་པ་ཡང་མ་ཡིན་ཏེ་ཡང་ན་འབྲས་བུ་མ་འོངས་པ་ཡོད་ན་ཡང་དེའི་རྒྱུ་དབང་པོ་ལས་འདས ་བ་ཡིན་པའི་ཕྱིར་དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་མ་བཟུང་བའི་སྐྱེས་བུ་དེ་ལ་རྗེས་སུ་དཔག་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཡོད་ན་ཡང་རྗེས་སུ་དཔག་པ་ལས་གྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་སྲིད་བ་ཡིན་ནོ། །བླ་ན་བློ་མཐོང་བ་ཞེས་བྱ་བ་ལ་བློ་ཉིད ་མཐོང་བ་ནི་བློས་མཐོང་བ་སྟེ་རྨོངས་པའི་བློས་མཐོང་བ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་ཇི་ལྟར་ཚད་མི་དངོས་པོའི་རྒྱུ་མ་ཡིན་ཞིང་ཁྱད་པར་བྱེད་པ་ཡང་མ་ཡིན་བར་སྡར་བསྟན་པ་ཡིན་ཏེ། དེ་ཇི་ལྟར། རྒྱུ་མ་ཡིན་ཞིང་ཁྱབ་བར་བྱེད་བར་གྱུར་བ་མ ་ཡིན་པའི་རྗེས་སུ་དཔག་པ་འདི་ལོག་ན་དངོས་པོ་ལྡོག་པ་ཡིན་སྙམ་དུ་བསམས་པ་ཡིན་ནོ། །འདི་ནི་རྒྱུ་མ་ཡིན་པ་ཡང་ཡིན་ལ། ཁྱབ་པར་བྱེད་པ་མ་ཡིན་པ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །གྱུ་མ་ཡིན་པ་དང་ཁྱབ་པར་བྱེད་བ་མ་ཡིན་པའི་རྗེས་སུ་དཔག་བ་ཞེས་བྱ་བའི་ཚད་མ་ལྡོག ་པ་ན་དངོས་པོ་ལྡོགས་པ་མཐོང་བ་ཉིད་དོ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་ནུས་ཏེ། མཐོང་བ་ལ་ནི་མི་འཐད་བ། ཞེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་ལ། དེ་ལོག་ན་ཡང་དོན་ཡོད་པར་མཐོང་སྟེ། ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་འདི་ལོག་པ་ཡིན་མ་ཡང་དངོས་པོ་འདི ་ཡོད་བར་ཡང་མཐོང་སྟེ། དཔེར་ན་ལྕགས་ཀྱི་གོང་བུའི་མེ་བཞིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ལྟར་རྒྱས་པར་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པར་བྱེད་པའི་གནོད་བར་བྱེད་པའི་ཚད་མ་མེད་པར་བསྟན་ནས་མཛུག་སྡུད་བར་བྱེད་པ་ནི། དེའི་ཕྱར་ཀུན་ན་བྱེན་ཡོད་པ་ལ། ་ཞེས་བྱ་བ་ལ་སོགས་ཏེ། འདི་སྙམ་དུ་ཇི་ལྟར་ཁོ་བོ་ཅག་ལ་གནོད་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་མེད་པར་དེ་ལྟར་ཁྱེད་ཅག་ལ་ཡང་དེ་སྒྲུབ་པར་བྱེད་པ་མེད་དེ་སྙམ་དུ་སེམས་ན། འདིའི་སྒྲུབ་བྱེད་ནི་ཞེས་བྱ་བ་སྨོས་སོ། །ཡན་ལག་གསལ་བ་མ་ལུས ་པ་རྒྱས་པར་ཤེས་པ་སྒྲུབ་པར་བྱེད། ཅེས་བྱ་བ་ལ་སོགས་པས་གང་སྨྲས་པ་དེ་ལ་མ་ལུས་དོན་ནི་ཡོངས་ཤེས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམས་པ་འདི་ཡིས་ཞེས་བྱ་བ་ནི་དགོངས་པ་འདིས་སོ། །འདི་ཡང་གང་ཡིན་ཞེ་ན། མཐོ་རིས ་ཐར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཁོ་བོ་ཅག་གིས་བཅོམ་ལྡན་འདས་གཙོ་བོར་མཐོ་རིས་དང་ཐར་བ་ཐོབ་པར་བྱེད་པའི་རྒྱུ་སྒྲུབ་པར་བྱེད་ལ་གང་ཡང་འདིའི་མ་ལུས་པའི་ཡོངས་སུ་ཤེས་པ་པོ་ཉིད་ཡིན་པར་ཤེས་པར་སྒྲུབ་པར་བྱེད་པ་དེ་ནི་ཞར་ལས ་བྱུང་བ་ཡིན་ཏེ། གཞན་དུ་ཡང་བཅོམ་ལྡན་འདས་ཀྱིས་མཁྱེན་པ་འཇུག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དངོས་སུ་དོན་མ་ལུས་པ་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་བར་འགྱུར་བ་ལ་འགས་ཀྱང་མི་གནོད་པའི་ཕྱིར་དེས་ན་རྟོག་པ་དད་ལྡན་པ ་དེ་སྤོང་བར་ནུས་པ་མ་ཡིན་ནོ། །འོན་ཀྱང་གང་དག་ཐམས་ཅད་མཁྱེན་པ་ཐོབ་པ་དོན་དུ་འཇུག་པར་རིག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གནོད་པར་བྱེད་པའི་ཚད་མ་མེད་ཅིང་འཆད་པར་འགྱུར་བ་ཐམས་ཅད་མཁྱེན་པའི་སྒྲུབ་པར་བྱེད་པ་ཡང་གསལ་བ་ཡོད ་བ་ན་སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པ་དང་མ་རིག་པས་བསླད་པ་ཡིན་ནོ་ཞེས་ཁྱེད་ཅག་དེས་པ་གཅིག་གི་ཡུལ་ཅན་གྱི་ཐམས་ཅད་མཁྱེན་པ་སྤོང་བ་གང་ཡིན་པ་དེ་ནི་རྨོངས་པ་འབའ་ཞིག་ལས་ཡིན་ནོ་ཞེས་སྟོན་པ་ནི། དེས་ན་གནོད་བྱེད་མེད་པ་དང། ཞེས ་བྱ་བ་ལ་སོགས་པའོ། །དེ་འདི་སྙམ་དུ་དེ་ལྟ་བུའི་སྐྱེས་བུ་སྒྲུབ་པར་བྱེད་པའི་རྣམ་པ་དེ་ལྟ་བུའི་ཚད་མ་མེད་དོ་ཞེས་དེ་ལྟར་སེམས་པ་ཁོ་བོ་ཅིགས་སྤོང་པར་བྱེད་ཀྱི་རྨོངས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་སྒྲུབ་བྱེད་མེད་ན་ཡང། ཞེས་བྱ་བ་ལ་སོར་བ་སྨོས་ཏེ་འདི ་ཡང་ཁས་བླངས་ནས་བརྗོད་ཀྱིས་འདིའི་སྒྲུབ་པར་བྱེད་པ་འཆད་པར་འགྱུར་བ་ཡོད་པ་ཁོ་ནའོ། །དེས་འདི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་མེད་དོ་ཞེས་བྱ་བ་འདིའོ། །གང་ཡང་ཁྱེད་ཅག་གིས་སྐུལ་བར་བྱེད་པ་ཁོ་ན་འབྱུང་བ་དང་འབྱུང་བར་འགྱུར་བ་དང། ཕྲ་བ་དང་ཆད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས ་པས་ཞེས་བྱ་བ་དེ་ལྟ་བུའི་རིགས་ཅན་གྱི་དོན་རྟོགས་པར་ནུས་པ་ཡིན་གྱི་གཞན་དབང་པོས་ནི་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་འདི་ཡང་གུས་པར་སྨྲ་བས་ཆོད་མ་མེད་པ་ཅན་དམ་བཅའ་བ་འབའ་ཞིག་སྨྲ་བ་ཡིན་ནོ་ཞེས་སྟེན་པ་ནི་སྐུལ་བྱེད་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྟེ་གཞན ་གྱིས་བྱ་བ་ནི་ཐམས་ཅད་མཁྱེན་པ་དང་མངོན་སུམ་ལ་སོགས་པའོ། །གཞན་མེད་ཅེས་བྱ་བ་ནི་གཞན་ཆོས་ཤེས་པ་མེད་པར་དེས་ན་འདི་སྐད་དུ་བརྩོད་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ཏེ། དེས་པར་གཟུང་བ་འབྲས་བུ་མེད་པའི་ཕྱིར་རོ། །དེ་ལ་འགྲོ་ཀུན་ཕྲ་བ་ཡི། ཞེས་བྱ་བ་ལ་སོགས་པ་ལ། ་སྐྱེས་བུའི་དོན་གྱི་གཙོ་བོ་མཁྱེན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་གིས་ཆོས་ཤེས་པའི་ཡུལ་ཅན་གྱི་བསམ་པ་སྤངས་ནས་ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱེད་པ་ལ་འབད་པ་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཙོ་བོར་གྱུར་བའི་ཆོས་ཤེས་པ་ཉིད་ལའོ། །དེ་བཞིན་དུ ་སྔར་གཞན་དུ། དོན་གྱི་གོ་བས་རྙེད་པ་ཡིས། །ཁྱོད་ཀྱིས་ཆོས་ཤེས་ཁས་བླངས་དེས། །ཞེས་བྱ་བ་ལ་སོགས་པས་ཆོས་ཤེས་པ་སྒྲུབ་པ་ལ་དོན་གྱིས་གོ་བ་ཞེས་བྱ་བ་ཁྱེད་ཀྱི་ལུགས་ཉིད་ཀྱིས་ཚད་མར་བརྗོད་པ་ལ་ཕྱིས་རྗེས་སུ་དཔག་པ་ཞེས་བྱ་བའི་ཚད་མ་འཚད་པར་འགྱུར་ཏེ། དེས་ན ་འཇིག་རྟེན་གནས་མ་ཡིན་པ་ལ་ངལ་བ་མ་ཡིན་པའོ།། འོན་ཅི་ཞེ་ན། གནས་གཉིས་ལའོ། །ཚད་མ་བྱེད་པ་ཀུན་འབྲེལ་བའི། །ཞེས་བྱ་བ་ལ་སོགས་པ་ལ། ཚད་མ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལ་སོགས་པའི་ཡུལ་ཅན་ཚད་མ་བྱེད་པ་པོ་དང་འབྲེལ་པའི ་མངོན་སུམ་ལ་སོགས་པས་མཐོང་བཙམ་གྱིས་དགག་པར་མི་ནུས་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་དག་ལུང་ཙམ་གྱིས་རྟོགས་པར་བྱ་བར་མི་འགྱུར་རོ། །ཇི་སྐད་དུ། འདི་ཙམ་གྱིས་ནི་དཔྱོད་པ་ཡིས། །ཕྱོགས་གྲུབ་ན་ཡང། ཞེས་བྱ་བ་ལ་སོགས་པ་སྨྲས་པ་འདི་ལ ་འདི་ཙམ་གྱིས་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་གྲུབ་ན་ཡང། ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཤེས་པ་མ་གྲུབ་པའི་ཕྱིར་རོ། །གཞན་དག་གིས་ཞེས་བྱ་བ་ནི་དཔྱོད་བ་པ་རྣམས་ཀྱིས་སོ། །གང་ཡང་རྩ་བ་བཅད་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ ་ལ?་གང་ཡང་རྩ་བ་མ་བཅད་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བཅོམ་ཞེས་དགག་པའི་ཚིག་གདོན་པར་བྱའོ། །དེ་ཡིས་ཞེས་བྱ་བ་ནི་སངས་རྒྱས་པ་རྣམས་ཀྱིས་སོ། །དངོས་སུ་མངོན་སུམ་གྱིས་མཐོང་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ། ལྕེ་ཡི ་དབང་པོ་དང་འབྲེལ་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་སུ་ཆང་གི་རོལ་སོགས་པ་རིག་པར་འགྱུར་བ་དེ་ལྟར་ན་ཡང་ཆོས་ཤེས་པ་ཉིད་ཉམས་པར་མི་འགྱུར་རོ། །སྨད་པར་བྱ་བ་ཉིད་དུ་འགྱུར་ཞེ་ན་མ་ཡིན་ཏེ། གང་ཡང་ལྕེའི་དབང ་པོས་རེག་ནས་རོ་ལ་སོགས་པ་དེ་དག་?་མྱོང་བར་མཛད་ན། དེ་འཇིག་རྟེན་སྨད་པར་བྱ་བ་ཉིད་དུ་འགྱུར་ན་བཅོམ་ལྡན་འདས་ནི་དེ་ལྟར་རིག་པར་མཛད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡིད་ཀྱིས་སོ། །དེ་ཡང་མ་ཕྲད་པའི་ཡུལ་ཅན་ཡིན་པའི་ཕྱིར་འཇིག་རྟེན ་དེས་བྱས་པ་སྨད་པ་ཉིད་དུ་གྲགས་པ་མ་ཡིན་ནོ། །དོན་དམ་པར་སྨད་པར་བྱ་བ་ཉིད་འགའ་ཡང་ཡོད་པ་མ་ཡིན་ཏེ། དེ་མི་གནས་པའི་ཕྱིར་རོ། །འདི་ལྟར་གཙང་སྦྲ་ཅན་གྱིས་སྨད་པར་བྱ་བ་གང་ཡིན་པ་དེ་རོ་སྲེག་མཁན་གྱིས་མ་ཡིན་ནོ། །འོན་ཀྱང་འཇིག ་རྟེན་ན་ཆང་ལ་སོགས་པ་སྨད་པ་ཡིན་ཏེ། དེ་དག་ཉམས་སུ་མྱོང་བར་མཛད་པ་དེ་ལྟར་ན་ཡང་བཅོམ་ལྡན་འདས་སྨད་པར་བྱ་བ་མ་ཡིན་ཏེ། ཆད་ནི་ཡིད་ཀྱིས་མྱོང་བའི་ཕྱིར་རོ། །འདི་སྙམ་དུ་ཇི་ལྟར་ལྕེའི་དབང་པོ་དང་འབྲེལ་པའི་ཕྱིར་གཞན་དག་ཆད་ལ་སོགས ་བ་མྱོང་བ་ན་སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བ་དེ་ལྟར་ཡིད་ཀྱིས་ཀྱང་ཉམས་སུ་མྱོང་བར་འགྱུར་རོ་སྙོམ་དུ་སེམས་ན་འདི་ཡོད་པ་མ་ཡིན་ཏེ། རོ་ལ་སོགས་པ་ལྕེའི་དབང་པོ་དེར་འབྲེལ་པ་ཉམས་སུ་མྱོང་བ་དབང་པོ་ལ་ཕན་འདོགས་པ་དང་གནོད་པར ་ཕྱེད་པ་ན་སྡུག་བསྔལ་ལ་སོགས་པའི་རྒྱུར་འགྱུར་ལ་དེ་དག་ཀྱང་ལས་དགེ་བ་དང་མི་དགེ་བའི་རྗེས་སུ་བྱེད་པས་ཕྱིན་ཅི་ལོག་གི་བློ་ཅན་འགའ་ཞིག་ཁོ་ན་ལ་དེ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་རྒྱུ་ཉིད་དུ་བརྗོད་ཀྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །ཇི་ལྟར་ཡི་དགས་རྣམས་པ་ཚུལ་སོགས་པར་རྣག་ལ ་སོཌ་པའི་ངོ་བོར་སྣང་བ་དེ་བཞིན་ནོ། །བཅོམ་ལྡན་འདས་ལ་དེ་ལྟ་བུ་ཐམས་ཅད་མདའ་བ་མ་ཡིན་ཏེ། ཡིད་ཁོ་ནས་ཉམས་སུ་མྱོང་བར་མཛད་པའི་ཕྱིར་དབང་པོ་ལ་གནོད་པ་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །བཅོམ་ལྡན་འདས་ནི་ཟག་པ་མེད་པའི་དབང་པོ་ལྔའི་བདག་ཉིད་ཡིན ་པའི་ཕྱིར་ཟག་པ་དང་བཅས་པའི་ལས་ཀྱི་དབང་དུ་འགྱུར་བ་མི་སྲིད་ལ་ཕྱིན་ཅི་མ་ལོག་པའི་མི་རྟག་ལ་སོགས་པའི་ངོ་བོས་མྱོང་བར་མཛད་པའི་ཕྱིར་ཕྱིན་ཅི་ལོག་ཀྱང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡིད་ལས་ཡིད་མི་བདེ་བ་ལ་སོགས་པའི་མཚན ་ཉིད་ཀྱི་སྡུག་བསྔལ་ལ་སོགས་པ་མི་སྲིད་ནི་རྨོངས་པ་ལས་བྱུང་བའི་ཕྱིར་རོ། །ཀླན་ཀ་འདི་ཐམས་ཅད་ཕྱི་རོལ་གྱི་དོན་ཡོད་པ་ན་འཇུག་པ་ཡིན་གྱི་རྣམ་པར་ཤེས་པར་སྨྲ་བའི་ཚུལ་ལ་ནི་གོ་སྐབས་འདི་ཐག་རིང་དུ་སྲིངས་པ་ཡིན་ཏེ། འདི་ལྟར་དོན་དམ་པར་གཟུགས་ཀྱི་ཕུང? ་པོར་མེད་པའི་ཕྱིར་མི་གཙང་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེ་དག་ནི་ཡང་དག་པ་མ་ཡིན་པ་བརྟགས་པའི་བག་ཆགས་སད་པ་ཙམ་ལས་བྱུང་བའི་ཕྱིར་རོ། །དེས་ན་དོན་དམ་པ་མཐོང་བའི་བདག་ཉིད་དུ་གྱུར་བ་མི་གཙང་བ་ལ་སོགས་པ་མ་ལུས་པ་ཐག་སྲིངས་པའི་མཐོང ་པ་ལ་དེ་དག་སྣང་བ་མ་ཡིན་ཏེ། དཔེར་ན་རབ་རིབ་ལ་སོགས་པའི་སྐྱོན་དང་བྲལ་བ་ན་མིག་མ་ཉམས་པས་མཐོང་བ་ལ་སྐྲ་ཤད་ལ་སོགས་པ་བཞིན་ནོ་ཞེས་བཤད་པ་ལྟ་བུའོ། །ཇི་སྐད་དུ། དེ་ཉིད་དེ་ཡི་ཡེ་ཤེས་ལ། །མི་གཙང་རོ་སོགས་སྣང་མི་འགྱུར། །རིག་པར་མི་འགྱུར ་བདག་ཉིད་ཕྱིར། །མི་འགྲུབ་ཟླ་བ་གཉིས་གཟུགས་བཞིན། །ཞེས་གསུངས་པའི་ཕྱིར་རོ། །བྲམ་ཟེ་གང་གིས་ཁྱབ་པར་བྱེད་པ། ཉིད་ཀྱིས་རྟག་ཏུ་མི་གཙང་བའི་ཡུལ་ཐམས་ཅད་དུ་འབྲེལ་པའི་རིག་བྱེད་ཀྱི་སྒྲ་ཁ་དང་ཁོང་པ་ལ་སོགས་པར་གནས་པ་དེ་ཇི་ལྟར་འཇིག ་རྟེན་འདིར་སྨད་པར་བྱ་བར་མི་འགྱུར། རིག་བྱེད་ཉེ་བའི་རིག་བྱེད་དང། ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་རིག་བྱེད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཡོད་པ་ལ་སོགས་པའི་ངོ་བོས་ཇི་ལྟར་གནས་པའི་དངོས་པོ་དེ་དེ་ལྟར་མཁྱེན ་པའི་ཕྱིར་ཐམས་ཅད་མཁྱེན་པར་འགྱུར་ལ། ཇི་ལྟར་རིག་བྱེད་དུ་བསྟན་པའི་བདག་ལ་སོགས་པའི་དོན་རྣམས་དེ་ལྟར་ཡོད་པ་མ་ཡིན་ཏེ། ཚད་མས་གནོད་པའི་ཕྱིར་རོ། །དེ་ཇི་ལྟར་དེ་ཁོ་ན་ལྟར་དེ་སྟོན་པ་ན་དེ་ཁོ་ན་ཉིད་མཐོང་བར་འགྱུར་དེས་དེ་ལོག་པ་ཉིད་དུ་ཤེས་སོ ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་མཁྱེན་པ་ཉིད་དེ་ཁོ་ན་ཉིད་དོ། །འདི་ལྟར་རིག་བྱེད་དུ་བཤད་པའི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་ངན་འགྲོའི་རྒྱུ་ཉིད་དུ་བསྟན་ལ། དེ་བཞིན་དུ་འདི་ལ་བདག་གི་སེམས་ཅན ་མེད། ཆོས་འདི་རྒྱུ་དང་བཅས་ལས་བྱུང། ཞེས་བྱ་བ་ལ་སོགས་པས་བདག་ལ་སོགས་པ་ཡང་མེད་པ་ཉིད་དུ་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རིག་བྱེད་དུ་བརྗོད་པའི་དངོས་པོ་མི་མཁྱེན་པར་མ་གྲུབ་བོ། །རང་གཞུང་དུ་དོན་མ་བསྟན་ཀྱང། །ཞེས ་བྱ་བ་ལ་སོགས་པ་ལ། དེས་ན་གཉིས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་མུ་སྟེགས་བྱེད་ཀྱིས་མ་རྟོགས་པའི་ཕྱིར་གཉིས་སུ་མེད་པ་སྟེ་དེ་དག་ཐམས་ཅད་ནི་ཕྱིན་ཅི་ལོག་གི་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱང ་བདག་མེད་པའི་ཁྱད་པར་ཡིན་ནོ། །ཞི་བའི་སྒོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འཇུག་པའི་ཐབས་སུ་འགྱུར་བའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་བརྗོད་དོ། །ལྟ་བ་ངན་རྣམས་ཞེས་བྱ་བ་ནི་བདག་ལ་སོགས་པའི་ལྟ་བ་ངན་པས་གང་ལ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་བྱིས་པའི་སྐྱེ་བོ་སྐྲག་པར་བྱེད་པ་ཞེས་བྱ་བའི་དོན་དུའོ། །ཇི་སྐད་དུ། བདག་ཡོད་མ་ཡིན་ཡོད་མི་འགྱུར། །བདག་གི་ཡོད་མིན་མི་འགྱུར་ཞེས། །བྱིས་པ་རྣམས་ནི་དེ་ལྟར་སྐྲག། མཁས་པ་རྣམས ་ལ?་སྐྲག་པ་ཟད། །ཅེས་བཤད་པ་བཞིན་ནོ། །འདིས་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ལ་གནས་པས་དེ་ལ་མོས་པར་ཡང་མི་ནུས་ན་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པ་ཡིན་ནོ། །སོ་སོའི་སྐྱེ་བོའི་ས་ལ་གནས་པ་འགའ་ཞིག་གིས་ནམ་ཡང་དེ་སྡར ་ཤེས་པ་མ་ཡིན་ནོ་ཞེས་སྟོན་པ་ནི་འཁོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་བའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ལ་འདིས་པ་སྟེ་གོམས་པར་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །གང་གིས་དེའི་དོན་དུ་སྟོན་པ་ཇི་ལྟར་ཕན་པར་འགྱུར་བ་ཡིན་ཞེ་ན་ཤེས་ན། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་ན་དེ་མངོན་སུམ་བྱས་ན་ཉོན་མོངས་པ་དང་སྐྱེ་བའི་མཚན་ཉིད་ཀྱི་གནོད་པའི་ཕུང་པོ་མ་ལུས་པ་ལྡོག་པར་འགྱུར་རོ། །དུས་ཕྱིས་ཀྱང་དེ་གོམས་པར་བྱས་བ་ན། རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པར་བྱེད ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་ན་མཆོག་ཏུ་གྱུར་བའི་སྐྱེས་བུ་ལ་ཉེ་བར་མཁོ་བའི་དེ་ཁོ་ན་ཉིད་གལ་ཏེ་སྙན་དག་མཁན་གྱིས་ཤེས་པ་ན་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཡིན་ལ་རག་མོད། གང་གི་ཕྱིར་ཁོ་བོ་ཅག་གིས་སྐྱེས་བུ་གཅིག་རིས་སུ་བཅད་དེ་ཐམས་ཅད་མཁྱེན ་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ་འོན་ཅི་ཞེ་ན། ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་མཁྱེན་པ་གང་ཡིན་པ་དེ་ཁོ་ན་ཐམས་ཅད་མཁྱེན་པར་འདོད་ཀྱི་གཞན་ན་མི་ཡིན་ནོ། །དེ་ལྟ་བུ་སྙན་པ་དང་གས་མཁན་རྣམས་ལ་ནི་ཡོད་པ་མ་ཡིན་ཏེ་དེས་ན་ཧ་ཅང་ཐལ་བར་མི ་འགྱུར་རོ། །དེས་ན་འགལ་བ་ཉེ་བར་སྟོན་པ་ནི་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བདག་མིང་ཡེ་ཤེས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཇི་སྐད་དུ་བཤད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྡོད་རིས་དང་སེར་སྐྱ་ལ་སོགས ་པ་ལ་སྲིད་པར་གྱུར་ན་དེའི་ཚེ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ན་གང་གི་ཕྱིར་འདི་དག་ཐམས་ཅད་ཉེས་པ་ཐམས་ཅད་འབྱུང་བའི་རྒྱུ་ལོག་པའི་བདག་ཉིད་དུ་འཛིན་པའི་གདོན་གྱིས་བཟུང་བ་ཡིན་ཏེ། གང་གིས་སེར་སྐྱ་མིན་ཞེས་ཚད་མ་ཞེས་བརྗོད་པས་མངོན་སུམ་ལ་སོགས་པའི་ཚད ་མས་གནོད་པའི་དངོས་པོ་རྣམས་ཀྱི་སྐད་ཅིག་མ་མ་ཡིན་པ་ལ་སོགས་པ་སྟོན་པའོ། །དེ་ཇི་ལྟར་བྱིས་པའི་བར་ལ་ཤིན་ཏུ་གྲགས་པའི་ལམ་དུ་གྱུར་པའི་དངོས་པོ་དག་ལ་ཡང་འཁྲུལ་པ་འདི་དག་དབང་པོ་ལས་འདས་པའི་དོན་མཐོང་བ་སྲིད་པའི་ལམ་ལ ་འཇུག་པར་འགྱུར་འདི་ལྟར་འདིར་ཚད་མ་འདི་གསལ་རབ་ཏུ་བརྗོད་པར་ནུས་ཏེ། གང་དག་ལོག་པའི་ཤེས་པ་དང་འབྲེལ་བ་དེ་དག་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། དཔེར་ན་མཐོ་ཡོད་ལ་མིའོ་སྙམ་དུ་འཁྲུལ་པ་སྐྱེས་པའི་སྐྱེས་བུ་བཞིན་ནོ། །སྡོང་རིས་ལ་སོགས ་པ་ལ་ཡང་ལོག་པའི་ཤེས་པ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ་ཐམས་ཅད་མཁྱེན་པ་དང་འགལ་བ་ཐམས་ཅད་མཁྱེན་པ་མ་ཡིན་པས་ལོག་པའི་ཤེས་པ་དང་འབྲེལ་པ་ལ་ཁྱབ་པའི་ཕྱིར། །གཏན་ཚིགས་མ་གྲུབ་པ་ཡང་མ ་ཡིན་ཏེ། གང་གི་ཕྱིར་ཕྱིན་ཅི་ལོག་གི་དོན་གསལ་བར་བྱེད་པའི་ཕྱིར་འདི་དག་ནི་ལོག་པའི་ཤེས་པ་དང་འབྲེལ་པ་ཉིད་གྲུབ་བོ། འདི་དག་གི་ལོག་པའི་དོན་གསལ་བར་བྱེད་པ་དེ་ཡང་བརྟག་པ་ཐམས་ཅད་ཀྱི་བསྟན་ཏོ། །མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ ་ཟ་བ་ཉིད་ཀྱིས་མ་དེས་པ་ཡང་མ་ཡིན་ནོ། །ཅིག་ཅར་དངོས་པོ་མ་ལུས་པ་ཡང་དག་པར་ཤེས་པ་པོ་ཡིན་པ་ཉིད་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འདོད་ལ་གང་ལ་ཡང་དག་པའི་ཤེས་པ་ཡོད་པ་དེ་ལ་དེ་དང་འགལ་བ་ལོག་པའི་ཤེས་པ་སྲིད་པ་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ ་འདི་དག་ཕྱིན་ཅི་ལོག་གི་དོན་གསལ་བར་བྱེད་པ་དེ་ལྟ་ན་ཡང་ད་ལས་ལོག་པའི་ཤེས་པ་དང་ལྡན་པ་ཉིད་དུ་ངེས་པར་ནུས་པ་ཡང་མ་ཡིན་ཏེ། གོང་གི་ཕྱིར་རྣམ་པ་གཞན་དུ་ཡང་ཐ་སྙད་བྱ་བར་ནུས་པ་ཡིན་ཏེ། སྐྱེས་བུ་རྣམས་གྱི་བསམ་པ་ནི་སྣ་ཚོགས་པའི་ཕྱིར་རོ། །དེས་ན་གཏན ་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། དེ་དག་གི་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་གི་དགོངས་པ་གཞན་གྱིས་འགྱུར་བ་སྨྲ་བ་ལ་སོགས་པའི་ཚད་མ་དང་འགལ་བ་འདི་སྨྲས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་ན།། ་བརྗོད་པར་བྱ་བ་ཡིན་མོད། །ཁོ་བོ་ཅག་གིས་རང་དགར་ཁྱུ་མཆོག་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་པར་འདོད་པ་ནི་མ་ཡིན་ནོ། །འོན་ཀྱང་ཁྱེད་ཅག་གིས་འདོད་པ་ནི་འགལ་བ་ལ་གནས་པས་སེར་སྐྱལ་སོགས་པ་ལ་གལ་ཏེ་བདེ་གཤེགས་ཀུན་མཁྱེར ་ཡིན་པ་དེའི་ཚེ་སེར་སྒྱུ་མ་ཡིན་ནོ་ཞེས་བྱ་བ་ལ་ཚད་མ་ཅི་ཞིག་ཡོད་ཅེས་སྨས་པ་འདི་ལ་ཁོ་བོ་ཅག་གི་ཁྱེད་ཅག་གི་འདོད་པ་དེ་དག་ལུགས་ཐ་དད་པར་ཁས་བླངས་ནས་ཚད་མར་བརྗོད་པ་ཡིན་ཏེ། དེས་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །འདི་ལྟེར་གལ་ལྟ?་འདི་དག་དགོངས ་པ་ཅན་གྱི་ཚིག་ཏུ་བརྗོད་པ་དེའི་ཚེ་འདི་དག་གི་དོན་དམ་པའི་དངོས་པོའི་ངོ་བོ་ཇི་ལྟ་བུ་ཞིག་འདོད་ཅེས་བྱ་བ་བརྗོད་པར་བྱ་དགོས་སོ། །དེ་སྐད་ཅེས་དྲིས་པ་ལ། གཞན་གྱིས་སྨྲས་པ། བདག་མེད་སྐད་ཅིག་ཉིད་ལ་སོགས་ཞེས་བྱ་བ་སྟེ། གལ་ཏེ་བདག་ཡིན་ནོ་ཞེས་སྨྲས་ན་དའི ་ཚེ་ལུགས་ཐ་དད་པ་ཁོ་ན་བརྗོད་པར་འགྱུར་བའི་ཕྱིར་མ་གྲུབ་བར་མི་འགྱུར་རོ། །དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པས་ལན་འཆད་པར་བྱེད་དོ། །ཁོ་བོ་ཅག་གིས་ནི་འདི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་རྭ་ནས་བཟུང་བ་དེ་ལྟ་བུར་སྒྲུབ་པར་འདོད་པ་ནི་མ་ཡིན་ནོ། །འོན་ཀྱང ་སྦྱོར་རོ། །གལ་ཏེ་སེར་སྐྱ་ལ་སོགས་པ་རྣམས་རྣམ་པ་དེ་ལྟ་བུའི་དེ་ཁོ་ན་ཉིད་ཤེས་པར་ཁས་ལེན་པར་བྱེད་ན། འོ་ན་ཁྱེད་ཀྱིས་དེ་དག་ཇི་ལྟར་བློ་མི་མཐུན་ཞེས་བརྗོད་པར་བྱ་སྟེ་ཐམས་ཅད་ལུགས་གཅིག་དུ་གནས་པའི་ཕྱིར་རོ། །གང་ཡང་ཕན་ཚུན་འགལ་བའི་དོན་སྟོན ་པ་དེ་དག་གི་དེ་ནི་འདོད་པའི་དོན་ཉིད་དུ་གནས་པ་མ་ཡིན་ནོ། །ལུགས་གཅིག་ཏུ་གནས་པ་རྣམས་ནི་ཕན་ཚུན་འགལ་བ་བརྗོད་པའི་དོན་དང་དེ་ཁོ་ན་ཉིད་ཀྱི་ངོ་བོར་སྨྲའོ་ཞེས་བྱ་བར་རིགས་པ་ཡང་མ་ཡིན་ནོ། །དེ་བས་ན་ལུགས་ཐ་དད་པར་འདོད་ན་འདི་དྲག་ནི་ཚིག ་དགོངས་པ་ཅན་ཡིན་ནོ་ཞེས་བརྗོད་པར་མི་བྱ་ལ་ལུགས་ཐ་དད་པར་མི་འདོད་ན་ཡང་སུ་ཞིག་གཅིག་ཉིད་ངེས་པར་བྱེད་ཅེས་བརྗོད་པར་མི་བྱའོ། །གང་གི་ཕྱིར་བདེ་བར་གཤེགས་པ་ཁོ་ན་ཇི་སྐད་དུ་བཤད་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར ་བཟུང་གི་གཞན་ནི་མ་ཡིན་ནོ་ཞེས་གཏན་ལ་ཕབ་ཟིན་ཏོ། །གཞན་ཡང་སེར་སྐྱ་ལ་སོགས་པ་རྣམས་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་ཁས་ལེན་པར་བྱེད་ན་བདེ་པར་གཤེགས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་དངོས་པོ་ཀུན་ལ་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་བསྟན་པས་དེ་ཚད་མས་བསྒྲུབས་པའི་ངོ་བོ་སྟེ་རང་བཞིན་བདག་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་ལ་ཞེས་བྱ་བ་ནི་སྡོང་རིས་ལ་སོགས་པ་ལའོ། །དེ་ཙམ་ཞེས་བྱ་བ་ནི ་བསྡགས་པའི་ཡེ་ཤེས་དང་ལྡན་པ་ཉིད་དོ། །དེའི་ཞེས་བྱ་བ་ནི་?་བར་གཤེགས་པ་ཉིད་ཀྱིའོ། །གང་གི་ཕྱིར་བདག་མེད་པའི་ཡེ་ཤེས་ཀྱིས་བསྔགས་པར་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་སྤངས་པར་གཤེགས་པས་ན་བདེ་བར་གཤེགས་པ་ཞེས་བྱའོ། །གཞན་ཡང ་སྤྱིར་ཐམས་ཅད་མཁྱེན་པ་ཡོད་པར་བསྒྲུབས་ན་ཡང་ཤུགས་ཀྱིས་བཅོམ་ལྡན་འདས་ཁོ་ན་གནས་པ་ཡིན་ནོ་ཞེས་སྟོན་པ་ནི། དེས་ན་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེ་མཚན་ཉིད་མེད་པ་མི་འབྱུང་བའི་ཕྱིར ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་མཚན་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ། །འོན་ཏེ་ཁྱད་པར་འདི་མ་བསྟན་པར་ཇི་ལྟར་རྙེད་ཅེ་ན། ཁྱད་པར་མ་བསྟན་པ་ན་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་འགྲོ་བ་ཐམས་ཅད་བདག་མེད་པ་ལ་སོགས་པའི་ངོ ་བོས་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་དེ་ལྟར་ཐམས་ཅད་མཁྱེན་པའི་མཚན་ཉིད་སྤྱིར་བྱས་ན་ཡང་གང་ལ་དེ་དམིགས་པའི་ཁྱེད་པར་ཤུགས་ཀྱིས་རྟོགས་པ་ཉིད་ཀྱི་ཕྱིར་ཁྱད་པར་ཁས་ལེན་པར་བྱེད་པ་དོན་མེད་དོ། །ཐམས་ཅད ་མཁྱེན་པའི་མཚན་ཉིད་འདི་ཡང་བཅོམ་ལྡན་འདས་ཁོ་ན་ལ་དམིགས་ཀྱི་གཞན་ལ་ནི་མ་ཡིན་ནོ། །ཐབས་རྣམ་པ་སྣ་ཚོགས་པས་མཚང་བ་མེད་པའི་བདེན་པ་བཞིའི་མཚན་ཉིད་བླང་བར་བྱ་བ་དང་དོར་བར་བྱ་བ་ཐབས་དང་བཅས་པ་ཅན་གྱི་དེ་ཁོ་ན་ཉིད་གསལ་བར ་མཛད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུའི་དངོས་པོའི་ངོ་བོ་མ་རྟོགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པ་དེ་བཞིན་དུ་མཚང་པ་མེད་པར་སྟོན་པར་ནུས་པ་མ་ཡིན་ནོ། །ཇི་སྐད་དུ། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། དེ་འཆད་པ་ནི་དཀའ་བ་ཡིན། ཞེས་བཤད་པ་ལྟ ་བུའོ། །གལ་ཏེ་འདི་སྙམ་དུ་འདི་བདག་མེད་པ་ལ་སོགས་པའི་ངོ་བོས་འགྲོ་བ་རིག་པ་དེ་ལྟ་བུ་ཡང་འདི་ཇི་ལྟར་ཐམས་ཅད་མཁྱེན་པར་གྲུབ་པར་འགྱུར་སྙམ་དུ་སེམས་ན་བདག་མེད་མངོན་སུམ་བྱས་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་ནི་ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཡིན་ནོ། །དེ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཉིད་ཡང་དག་པའི་དོན་མཐོང་བའི་གེགས་སུ་གྱུར་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ཞེས་བྱའོ། །བླང་བར་བྱ་བ་དང་དོར་བར་བྱ་བའི་དེ་ཁོ་ན་ཉིད་མཐོང་ན་ཡང་རྣམ་པ ་ཐམས་ཅད་ཡོངས་སུ་མི་ཤེས་པ་དང་སྟོན་པར་མི་ནུས་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་བདག་མེད་པ་མངོན་སུམ་དུ་བྱས་པའི་ཕྱིར་སྤངས་པ་ཡིན་ལ་ཤེས་བྱའི་སྒྲིབ་པ་ནི་བདག་མེད་པ་མཐོང་བ་འཇུག་པ་ཉིད་པར་མེད ་པར་དུས་ཡུན་རིང་པོར་གོམས་པ་ལས་སྤོང་བ་ཡིན་ནོ། །འདི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འདི་དག་ནི་བདག་ཏུ་ལྟ་བའི་རྩ་བ་ཅན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་དེས་ཀྱི། ཕྱི་རོལ་གྱི་དོན་གྱི་མཐུས་ལས་བྱུང་བ་ནི་མ་ཡིན་ཏེ། གང ་གི་ཕྱིར་ཕྱི་རོལ་ཡོད་ན་ཡང་ཚུལ་བཞིན་མ་ཡིན་པ་ཉིད་ལ་བྱེད་པ་མེད་པར་མི་འབྱུང་ལ་དོན་མེད་ན་ཡང་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མངོན་སུམ་དུ་གྱུར་པ་ལས་སྐྱེ་བ་ཡིན་ནོ། །གང་ཞིག་གང་ཡོད་པ་དང་མེད་པའི་རྗེས་སུ་མི་བྱེད་པ་དེ་ནི་དེའི་འབྲས ་བུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་དག་ནི་གཞན་གྱིས་ཀུན་ཏུ་བརྟགས་པའི་བདག་དང་འདུ་བ་ཡང་མ་ཡིན་ཏེ་བདག་དེ་ནི་བཀག་ཟིན་པའི་ཕྱིར་རོ། །དེ་ཡོད་ན་ཡང་རྟག་ཏུ་འདོད་ཆགས་ལ་སོགས་པ་འབྱུང་བ་དང་མི་འབྲལ་བར་ ་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱེ་བ་དང་གནས་པའི་རྒྱུ་བདག་མ་ཚད་པ་མེད་པ་རྟག་ཏུ་ཉེ་བའི་ཕྱིར་དང། གཞན་གྱི་བོགས་དབྱུང་དུ་མེད་པ་ནི་དེ་ལ་བལྟོས་པར་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རྣམ་པ་མང་དུ་བཤད་ཟིན་ཏོ། །ཡོད་པ་དང་མེད་པ་དག ་ལ་རྟེན་དང་བརྟེན་པ་བཀག་པའི་ཕྱིར་ལ་ལར་འདི་དག་འདུ་བ་རིགས་པ་མ་ཡིན་པ་དེའི་ཕྱིར་རྟག་པའི་རྒྱུ་དང་འབྲེལ་བའི་བདག་ཉིད་དུ་གནས་པ་མ་ཡིན་ལ་ཕྱི་རོལ་གྱི་དོན་གྱི་མཐུ་ལས་བྱུང་བ་ཡང་མ་ཡིན་ནོ། །འོན་ཀྱང་ཡང་དག་པ་མ་ཡིན་པའི་དོན་མཐོང་བའི ་སྟོབས་ཀྱིས་བྱུང་བ་ཡིན་ཏེ། འདི་ལྟར་བདག་ཅེས་མ་མཐོང་བར་ནི་བདག་ལ་ཆགས་པ་འབྱུང་བ་མ་ཡིན་ལ་བདག་གིས་ཤེས་མ་བཟུང་བར་ཡང་བདག་ལ་བདེ་བ་བསྐྱེད་པ་དང་རྗེས་སུ་མཐུན་པ་ཉིད་དུ་མ་བཟུང་བའི་དངོས་པོ་ལ་བདག་གི་བ་ཉིད་དུ་མངོན ་པར་ཞེན་པ་འབྱུང་བ་མ་ཡིན་ནོ། །ཞེས་སྡང་ཡང་བདག་གི་བ་དང་རྗེས་སུ་མི་མཐུན་པ་ཉིད་དུ་མ་བཟུང་བའི་དངོས་པོ་འགའ་ཞིག་ལ་སྐྱེ་བ་མ་ཡིན་ཏེ། བདག་དང་བདག་གི་ལ་མི་གནོད་པ་དང་དེ་ལ་གནོད་པའི་གཉེན་པོ་ཅན་ལ་དེ་མི་སྲིད་པའི་ཕྱིར་རོ། །དེ་བཞིན ་དུ་ང་རྒྱལ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །དེ་ལྟ་བས་ན་ཐོག་མ་མེད་པའི་རིགས་འདྲ་བ་སྔ་མ་སྔ་མ་གོམས་པས་བསྐྱེད་པའི་བདག་ཏུ་ལྟ་བས་ནི་བདག་གིར་འཛིན་པ་སྐྱེད་པར་བྱེད་ལ་དེས་ཀྱང་བདག་ལ་ཆགས་པའོ། །དེ་ཡང་ཞེ་སྡང་ལ་སོགས་པའི ་ཞེས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་འདི་དག་བདག་ཏུ་འཛིན་པའི་རྩ་བ་ཅན་ཉིད་དུ་གསལ་རབ་ཏུ་གནག་རྫིའི་ཆུད་མའོ་བར་ལ་གྲགས་པ་ཉིད་ཡིན་ནོ། །བདག་ཏུ་ལྟ་བ་དང་འགལ་བ་ཡང་དག་མེད་པར་ལྟ་བ་ཡིན་ཏེ་དེ་ལས་བཟློག་པའི་རྣམ་པར་དམིགས ་པའི་ཕྱིར་རོ། །འདི་དག་ཅིག་ཅར་རྒྱུད་གཅིག་ལ་ཐག་པ་དང་སྦྲུལ་གྱི་ཤེས་པ་བཞིན་དུ་ལྷན་ཅིག་གནས་པ་དང་གཅིག་ཡིན་པ་འགལ་ལོ་དེས་ན་བདག་མེད་པར་ལྟ་བ་དང་བདག་ཏུ་ལྟ་བ་འགལ་བའི་ཕྱིར་དེའི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ ་དང་ལྷན་ཅིག་འགལ་བ་ཡིན་ཏེ། དཔེར་ན་གདུང་བར་བྱེད་པའི་བྱེ་བྲག་དང་བྲང་བས་བྱས་པའི་སྤུ་ལོང་བྱེད་པ་ལ་སོགས་པའི་བྱེ་བྲག་ལྟ་བུའོ་དེས་ན་ཉེས་པ་ཐམས་ཅད་དང་འགལ་བའི་བདག་མེད་པ་མཐོང་བ་མངོན་སུམ་དུ་བྱས་བ་ན་དེ་དང་འགལ་བའི་འདོད་ཆགས ་ལ་སོགས་པ་ཉེས་པའི་ཚོགས་གནས་རྙེད་པ་མ་ཡིན་ཏེ། སྣང་བ་དང་ལྡན་པའི་ཡུལ་ཕྱོགས་སུ་མུན་པ་བཞིན་ཏེ། དེས་ན་བདག་མེད་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་སྤངས་པ་བཞིན་ནོ། །སྦྱོར་བ་ནི་གང་ན་གང་དང་འགལ་བའི་དངོས་པོ་ཡོད་པ་དེ་ན་དེ་ལས ་གཞན་གནས་པ་མ་ཡིན་ནོ། །དཔེར་ན་སྒྲོན་མའི་འོད་དང་ལྡན་པའི་ས་ཕྱོགས་སུ་མུན་པ་བཞིན་ནོ། །བདག་མེད་པ་མཐོང་བ་མངོན་སུམ་དུ་བྱས་པའི་སྐྱེས་བུ་ལ་ཡང་ཉེས་པའི་ཚོགས་དང་འགལ་བ་བདག་མེད་པ་མཐོང་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི ་རང་བཞིན་འགལ་བ་དམིགས་པའོ། །འདི་སྙམ་དུ་ཇི་ལྟར་བདག་མེད་པ་མཐོང་བ་དང་ལྡན་པའི་སེམས་ལ་འགལ་བ་ཉིད་ཀྱིས་བདག་ཉིད་ཀྱིས་བདག་ཏུ་ལྟ་བ་སྐྱེ་བའི་གོ་སྐབས་མེད་པ་དེ་བཞིན་དུ་བདག་ཏུ་ལྟ་བ་དང་ལྡན་པའི་སེམས་ལ་ཡང ་བདག་མེད་པར་ལྟ་བ་སྐྱེ་བའི་གོ་སྐབས་མེད་དེ། འགལ་བ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་བདག་མེད་པ་མཐོང་བ་འགའ་ཡང་མི་སྲིད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །བདག་མེད་པ་མཐོང་བ་སྲིད་བ་དེ་ལྟ་ན་ཡང་འདི་དག ་འགལ་ན་ཡང་ཤིན་ཏུ་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོར་གྲུབ་པ་མ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་དག་བཞིན་ནམ། བདེ་བ་དང་སྡུག་བསྔལ་དག་བཞིན་ནོ་གང་གི་ཕྱིར་འདི་ལ་གཏན་དུ་ཐ་དད་པ་བསྒྲུབ་པར་འདོད་པ་ཡིན་གྱི་དུས་དེ ་ཙམ་ཞིག་མངོན་དུ་སྨྲ་བ་ཙམ་ནི་མ་ཡིན་པ་དེས་ནས། ཏན་ཚིགས་མ་དེས་པ་མ་ཡིན་ནོ། །ཉི་མ་རེ་རེར་དངོས་པོ་མཛའ་དག་ལ་ཡོད་པའི་བདག་མེད་པའི་དེ་ཁོ་ན་ཉིད་རྗེས་སུ་དཔག་པས་བསྒྲུབས་པ་ཡང་མ་ཉམས་པའི་འདོད་ཆགས་ལ་སོགས ་པའི་དབང་དུ་གྱུར་པའི་སྒྲུབ་པར་བྱེད་པ་མཐོང་སྟེ། དེའི་ཕྱིར་ཡང་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ནི་ཡོད་པ་མ་ཡིན་ཏེ། གལ་ཏེ་ཉོན་མོངས་པ་མ་སྤངས་པའི་རྒྱུད་ལ་བདག་མེད་པའི་རྣམ་པར་རྟོག་པ་སྐྱེ་བ་མི་སྲིད་པ་ཡིན་ན་དེའི་ཚེ ་བདག་མེད་པ་མཐོང་བ་སྐྱེ་བའི་གོ་སྐབས་མེད་པར་འགྱུར་ན་གང་གི་ཕྱིར་ཐམས་ཅད་ལ་བདག་མེད་པའི་རྣམ་པར་རྟོག་པ་མངོན་དུ་ཕྱོགས་པ་ཡོད་པ་རེ་ཞིག་ཉམས་སུ་མྱོང་བས་གྲུབ་པ་ཉིད་ཡིན་ནོ། །དེ་ཉིད་ཀྱང་གོམས་པས་འདོད་པ་ཅན་གྱི་རྣམ་པར་རྟོག་པ་བཞིན ་དུ་རབ་ཀྱི་མཐར་ཐུག་པར་འགྲོ་བ་སྲིད་པའི་ཕྱིར་ཐ་མར་གསལ་བར་སྣང་བ་ཉིད་དང། ཚེད་མས་དག་པའི་དོན་འཛིན་པ་ཉིད་ཀྱིས་མངོན་སུམ་དུ་འགྱུར་བའི་ཕྱིར་ཇི་ལྟར་བདག་མེད་པ་མཐོང་བ་སྐྱེ་བ་མི་སྲིད་པ་ཡིན། གཞན་ཡང་མུན་པ་དང་ལྡན་པའི་ཡུལ་དུ་དུས་ཕྱིས ་སྣང་བར་འགྱུར་པའི་གོ་སྐབས་སྲིད་པ་བཞིན་དུ་འདིར་ཡང་དིའི་ཕྱིར་སྲིད་པར་མི་འགྱུར། གང་ཞིག་དེ་ལྟ་བུར་གྱུར་པའི་མངོན་སུམ་གྱིས་ཤེས་པའི་འབྲས་བུར་འགྱུར་ཏེ། འདྲ་བར་དེ་ཉིད་སྒོམ་པ་འབའ་ཞིག་ལ་སྲིད་པ་མ་ཡིན་ནོ་ཞེས་དེ་ལྟར་ཡང་བརྗོད་པར་ནུས་པ་མ ་ཡིན་ནོ། །གང་གི་ཕྱིར་མི་སྲིད་པའི་རྒྱུ་འདི་ལྟར་རྟོག་པ་དང་ལྡན་པའི་འཇུག་པ་ལ་དོན་དུ་གཉེར་བ་ཉིད་ཀྱིས་ཁྱབ་པའི་ཕྱིར་སྒོམ་པ་ལ་སྦྱོར་བ་མེད་པའི་རྒྱུ་ཐམས་ཅད་དོན་དུ་མི་གཉེར་བ་ཉིད་ཡིན་ནམ། དོན་དུ་གཉེར་བ་ཡོད་ན་ཡང་ངོ་བོ་ཉིད་མི་ཤེས་པ་སྤང་བར་མི་ནུས་པའི ་ཕྱིར་སྤང་བར་བྱ་བའི་རང་གི་ངོ་བོ་མི་ཤེས་པས་རྟོག་པ་དང་ལྡན་པ་མི་འཇུག་པའམ། དེའི་རང་གི་ངོ་བོ་ཤེས་པ་ཡོད་ན་ཡང་རྟག་པ་སྤང་བར་མི་ནུས་པའི་ཕྱིར་ཉེས་པ་རྣམས་རྟག་པར་མཐོང་བ་ན་དེ་སྤང་པའི་ཕྱིར་འབད་པ་མི་རྩོམ་པ་དང་མི་རྟག་པ་ཉིད་ཡིན་ན་ཡང་རང ་དབང་ཅན་ནི་རྒྱུན་ཆད་པར་མི་སྲིད་པའི་ཕྱིར་འདི་དག་རྒྱུ་ཉིད་དུ་རྟོགས་ནས་མི་འཇུག་པ་འམ་རྒྱུ་དང་ལྡན་པ་ཉིད་ཡིན་ན་?་བཞི་མི་ཤེས་པའི་ནད་བཞིན་དུ་སྤང་བར་མི་ནུས་པའི་ཕྱིར་དེའི་རྒྱུ་རང་གི་ངོ་བོ་མ་ངེས་པའི་ཕྱིར་བསྒོམ་པའི་དོན་དུ་མ་གུས་པ་?་དེའི ་རྒྱུ་ཡོངས་སུ་ཤེས་པ་ཡིན་དུ་ཆུག་མོད། འོན་ཀྱང་རྒྱུ་མཚད་པ་མེད་པ་ནི་གེགས་བྱར་མི་ནུས་པའི་ཕྱིར་དེའི་རྒྱུ་རྟག་པའོ་སྙམ་དུ་རྟོགས་ནས་དེ་སྤང་བར་བྱ་བའི་དོན་དུ་རྟོགས་པ་སྟོན་དུ་གཏོད་པ་དག་མི་སྤོང་བའམ་དེའི་རྒྱུ་མི་རྟག་པ་ཡིན་ན་ཡང་རང་བཞིན་ནི་སྤང་བར་མི་ནུས་པའི ་ཕྱིར་ཉེས་པ་རྣམས་སྲོག་ཆགས་ཀྱི་ཆོས་ཉིད་དུ་རིག་ནས་འབད་བ་མི་བྱེད་པ་འམ། སྐྱོན་རྣམས་རང་བཞིན་མ་ཡིན་ན་ཡང་ཟད་པའི་ཐབས་མི་སྲིད་པའི་ཕྱིར་མི་འཇུག་པ་འམ་སྟེ། གང་གི་ཕྱིར་ཐབས་མཚད་པའི་ཐབས་ལས་བྱུང་བ་ཉིད་ཡོད་པ་ནི་མ་ཡིན་ནོ། །ཐབས་ཡོད ་ན་ཡང་རང་གི་ངོ་བོ་ཡོངས་སུ་མི་ཤེས་པ་ནི་ཉམས་སུ་ལེན་པ་མི་སྲིད་པའི་ཕྱིར་དེ་ཡོངས་སུ་ཤེས་པ་མི་སྲིད་པའི་ཕྱིར་ནན་ཏན་དུ་སྒྲུབ་པར་མི་འགྱུར་བ་འམ་ཡོངས་སུ་ཤེས་ན་ཡང་མཚངས་པ་ལ་སོགས་པ་བཞིན་དུ་ཁྱད་པར་མི་གནས་པ་ཉིད་ཀྱིས་སམ། ཡང་ན་སྐྱེ་བ་གཞན ་མི་སྲིད་པས་བསྒོམ་པ་ཤིན་ཏུ་རབ་ཀྱི་མཐར་ཕྱིན་པ་མི་སྲིད་པའི་ཕྱིར་མངོན་པར་བརྩོན་པ་དང་མི་ལྡན་པ་འམ། ཤིན་ཏུ་གམས་པ་མཐར་ཕྱིན་པ་སྲིད་པའི་ཕྱིར་གཉེན་པོ་སྐྱེས་བས་ཉེས་པ་རྣམས་ཟད་པ་དེ་ལྟ་ན་ཡང་ཟངས་མ་ལ་སོགས་པའི་སྲ་བ་བཞིན་དུ་ཡང ་ཉེས་པ་འབྱུང་བ་སྲིད་པ་ན་ཡང་འབད་བ་རྩོམ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་ཏེ་དེ་ལ་རེ་ཞིག་དོན་དུ་མི་གཉེར་བ་ཉིད་ནི་མ་གྲུབ་སྟེ། འདི་ལྟར་རེ་ཞིག་གང་ཞིག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཞིར་བའི་ཡིད་ཅན་འཁོར་བ་ལས་སྐྲག་པ་བདག་ཉིད ་ལས་དེ་ཞི་བར་བྱ་བའི་ཕྱིར་དོན་དུ་གཉེར་བ་ཉན་ཐོས་པ་ལ་སོགས་པའི་བྱང་ཆུབ་དུ་ངེས་པར་འགྱུར་བ་དེ་དག་ནི་འཁོར་བ་ལས་འཇིགས་པ་ཉིད་བདག་མེད་པ་སྒོམ་པ་དོན་དུ་གཉེར་བའི་རྒྱུ་མཚན་ཡིན་ལ་གང་དག་རིགས་ཀྱི་ཁྱད་པར་ལས་རང་བཞིན་གྱིས་གཞན་ལ ་ཕན་པར་བྱེད་པ་ལ་མངོན་པར་དགའ་བ་འགྲོ་བ་འདུ་བྱེད་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་བ་མཐོར་ནས་སྙིང་རྗེའི་གཞན་གྱི་དབང་དུ་གྱུར་བས་དེའི་སྡུག་བསྔལ་གྱིས་སྡུག་བསྔལ་གྱིས་སྡུག་བསྔལ་བ་རྣམས་བདག་ལ་ཆགས་པ་བསལ་ནས་འཁོར་བ་ཐམས་ཅད་བདག ་ཉིད་དུ་ཁས་བླངས་པས་བསྐྱབ་པར་བྱ་བའི་དོན་དུ་སྨོན་ལམ་བཏབ་པ་དེ་དག་སྒོམ་པ་ལ་འདུག་པའི་རྒྱུ་མཚན་ནི་སྙིང་རྗེ་ཉིད་ཡིན་ཏེ། ལྐོག་ཏུ་གྱུར་པའི་ཐབས་ལས་བྱུང་བ་དེ་འཆད་པ་ནི་དགའ་བའི་ཕྱིར་རོ། །རྟོག་པ་དང་ལྡན་པས་གཞན་ལ་ཕན ་པ་བྱེད་པ་ལ་དགོས་པ་ཅི་ཡོད་ཅན་མ་ཡིན་ཏེ། དེ་ཉིད་དགོས་པ་ཡིན་ཏེ། དེའི་མཚན་ཉིད་ནི་འདོད་པ་ཡིན་པའི་ཕྱིར་རོ། །རྟོག་པ་དང་མི་ལྡན་པ་ཉིད་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། བདག་ལ་ཕན་པ་བྱེད་པ་ལ་མངོན་པར་ཞེན་པའི་རྒྱུ་མཚན་ནི་ཀུན་ཏུ ་བརྟགས་པའི་བདག་ཏུ་འཛིན་པ་ཡིན་པའི་ཕྱིར་རོ། །གཞན་ལ་ཕན་པར་བྱེད་པ་ནི་དམ་པའི་སྐྱེ་བོ་མཛའ་དག་གི་འདོད་པ་ཡིན་པའི་ཕྱིར་དང་རང་གི་འབྲས་བུ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཁྱེད་ཅག་གིས་འདི་སྒོམ་པ་ལ་འཇུག་པ་དོན་དུ ་གཉེར་བ་མི་སྲིད་པ་བསྟན་པར་བརྩམས་ཏེ། དེའི་ཕྱིར་གལ་ཏེ་རྟོག་པ་དང་མི་ལྡན་པར་འགྱུར་ན་དིའི་ཕྱིར་དེ་ཙམ་གྱིས་དེ་དེ་ལ་འཇུག་པ་དོན་དུ་མི་གཉེར་བར་འགྱུར་དེ་ལྟ་བས་ན་གཞན་ལ་ཕན་པར་བྱ་བའི་དོན་དུ་འགའ་ཡང་འཇུག་པ་མ་ཡིན་ཏེ། དགོས་པ་མེད ་པའི་ཕྱིར་ཞེས་བྱ་བ་འདི་ཉིད་བརྗོད་པར་བྱ་ལ་དེ་ལ་ཡང་བཤད་ཟིན་ཏོ། །གཞན་ཡང་བརྩེ་བ་མེད་པའི་ཆེས་ཤིན་ཏུ་གོམས་པ་ལ་སོགས་པ་རྒྱུ་མེད་པ་ཁོ་ནར་གཞན་གྱི་སྡུག་འཕོངས་ལ་མངོན་པར་དགའ་ཞིང་གཞན་སྡུག་བསྔལ་བས་བདེ་བ་འབའ་ཞིག་དམིགས ་པ་དེ་བཞིན་དུ་དགོས་པ་གཞན་མེད་ན་ཡང་སྙིང་རྗེ་གོམས་པ་འགའ་ཞིག་གཞན་བདེ་བ་ལ་མངོན་པར་དགའ་ཞིང་གཞན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་བར་འགྱུར་རོ་ཞེས་བྱ་བར་ཅིའི་ཕྱིར་མི་སྲིད་རང་གི་ཉེས་པའི་ངོ་བོ་ཡོངས་མི་ཤེས་པ་ཡང་མ་ཡིན་ཏེ། གང ་གི་ཕྱིར་མངོན་པར་ཆགས་པ་དང་ཁོང་ཁྲོ་བ་དང་བདག་དང་བདག་གི་དང་རྟག་པ་ལ་སོགས་པའི་རྣམ་པས་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། རྒྱགས་པ་དང། ཕྲག་དོག་དང་སེར་སྣ་ལ་སོགས་པའི་ཉོན་མོངས་པ་དང་ཉི?་ཉོན? ་མོངས་པའི་ཚོགས་རང་གི་རང་བཞིན་རིག་པ་ཉིད་དུ་སྐྱེ་བ་དང་འཇིག་པ་ཡིན་ནོ། །དེ་དག་རྟག་པ་ཡང་མ་ཡིན་ཏེ། དེས་འགའ་བ་ཉིད་དུ་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་དག་རྒྱུ་མེད་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ནི་བལྟོས་པ་མེད་པ་ཉིད་ཀྱིས་ཡུལ ་དང་དུས་དང་རང་བཞིན་དེས་པ་མ་རུང་བའི་ཕྱིར་རོ། །འདི་ལས་ཀྱང་དེ་དག་གི་རྟག་པའི་རྒྱུ་ཉིད་སྤངས་པ་ཡིན་ཏེ། དེའི་རྒྱལ་དག་ལ་སོགས་པ་རྟག་ཏུ་ཉེ་བ་ཉིད་ཀྱི་ཕྱིར་དང་ཁྱད་པར་བོགས་དབྱུང་དུ་མེད་པ་ནི་ལྷན་ཅིག་བྱེད་པ་གཞན་ལ་ནི་མ་བལྟོས་པའི་ཕྱིར་དེ་ལས ་བྱུང་བ་རྣམས་རྟག་ཏུ་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཤུགས་ཀྱིས་འདི་དག་གི་རྒྱུ་ནི་མི་རྟག་པ་ཉིད་ཡིན་ནོ། །འདི་དག་གི་རྒྱུ་མི་རྟག་པ་ཡང་རིག་པའི་རང་བཞིན་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉེས་པའི་ཚོགས་ཀྱི་རྒྱུ་ནི་བདག་གི་བའི ་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཏེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་པའི་ཕྱིར་རོ?། །སྲོག་ཆགས་ཀྱི་ཆོས་ཉིད་ཀྱང་མ་ཡིན་ཏེ། ཆོས་ཅན་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་འདི་གང་གི་ཆོས་སུ་འགྱུར་བའི ་སྲོག་ཆགས་ཞེས་བྱ་བའི་ཆོས་ཅན་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །འདི་རྐྱེན་ཉིད་འདི་པ་ཅམ་འབའ་ཞིག་ཏུ་བད་དེ། ཆོས་དང་ཆོས་ཅན་གྱི་ཐ་སྙད་ནི་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཉིད་ཡིན་པའི་ཕྱིར་རོ། །ཅེ་ལྟེ་འདི་དག་སེམས་ཀྱི་རང་བཞིན་ཡིན་པ་ཉིད ་ཀྱིས་སམ། དེར་སྐྱེས་པས་སྲོག་ཆགས་ཀྱི་ཆོས་ཉིད་ཡིན་པ་དེ་ལྟ་ན་ཡང་མ་གྲུབ་པ་དང་མ་དེས་པ་ཡིན་ཏེ། འདི་ལྟར་ཡུལ་དང་ཡུལ་ཅན་གྱི་དངོས་པོར་འདོད་ན་སེམས་ནི་ཡུལ་འཛིན་པའི་རང་བཞིན་དུ་གདོན་མི་ཐ་བར་ཁས་བླང་བར་བྱ་སྟེ། དེ་ལྟ་མ ་ཡིན་ན་ཡུལ་དང་ཤེས་པ་དག་ཡུལ་ཅན་གྱི་དངོས་པར་མི་འགྱུར་རོ། །དོན་འཛིན་པའི་རང་བཞིན་དུ་ཁས་ལེན་ན་ཡང་དེས་དེའི་རང་བཞིན་གང་ཡིན་པའི་བདག་ཉིད་དེས་དོན་དེ་?་བར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་ཏེ། དེ་ལྟ་མི ་ཡིན་ན་ཇི་ལྟར་འདི་ལྟར་འཛིན་པར་འགྱུར་གལ་ཏེ་མེད་པའི་རྣམ་པས་དེ་འཛིན་པར་འགྱུར་ན། དེ་ལྟ་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོར་མི་འགྱུར་རོ། །འདི་ལྟར་ཇི་ལྟར་ཤེས་པས་དོན་ཡུལ་དུ་བྱེད་པ་དེ་ལྟར་དོན་ནི་མ ་ཡིན་ལ་དོན་ཇི་ལྟར་ཡིན་པ་དེ་ལྟར་ཡུལ་དུ་བྱེད་པ་ཡང་མ་ཡིན་ནོ། །དེས་ན་ཤེས་པ་རྣམས་ཡུལ་མེད་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དངོས་པོ་ཐམས་ཅད་མ་གྲུབ་པར་ཐལ་བར་འགྱུར་རོ། །འདི་ལྟ་བས་ན་འདིའི་བདག་ཉིད་ཀྱི་རང་བཞིན་ནི ་ཡང་དག་པའི་ཡུལ་གྱི་རྣམ་པ་འཛིན་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཡུལ་གྱི་རང་བཞིན་གྱིས་ཡང་དག་པར་ཡང་སྐད་ཅིག་མ་དང་བདག་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །དེས་ན་སེམས ་ཀྱི་རང་བཞིན་ནི་བདག་མེད་པར་འཛིན་པ་ཁོ་ན་ཡིན་གྱི་བདག་འཛིན་པའི་རང་བཞིན་མ་ཡིན་ནོ། །གང་ཡང་རྨོངས་པ་རྣམས་ལ་འདིའི་རང་བཞིན་དུ་སྣང་བ་ནི་ཤུགས་ཀྱིས་གློ་བུར་བའི་རྐྱེན་གྱི་སྟོབས་ཉིད་ཀྱིས་ཡིན་ནོ་ཞེས་གནས་ཀྱི་རང་བཞིན་གྱིས ་ནི་མ་ཡིན་ཏེ་དཔེར་ན་ཐག་པ་ལ་སྦྲུལ་དུ་ཤེས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པའི་ཚོགས་ཤིན་ཏུ་ཆེ་བ་ཡིན་ན་ཡང་འདིས་ནི་བདག་མེད་པ་མཐོང་བའི་ནུས་པ་རྩ་བ་ནས་འདོན་པར་ནུས་པ་མ་ཡིན་ཏེ་གློ་བུར་བའི་རྐྱེན་གྱིས་བྱས་པ་ཉིད ་ཀྱིས་དེ་མི་བསྟན་པའི་ཕྱིར་རོ། །བདག་མེད་པའི་ཤེས་པ་ནི་རང་བཞིན་ཡིན་པའི་ཕྱིར་དང། ཚད་མའི་གྲོགས་དང་བཅས་པས་སྟོབས་དང་ལྡན་པའི་ཕྱིར་འགལ་བར་འདྲན་ཡང་བདག་ཏུ་ལྟ་བའི་གཉེན་བོར་རྣམ་པར་བཞག་གོ། བདག་ཏུ་ལྟ་བ་ནི་དེའི ་མ་ཡིན་ཏེ། དེ་ནི་དེ་ལས་བཟློག་པའི་ཕྱིར་རོ། །གང་དག་གི་ལྟར་ན་ཕྱི་རོལ་གྱི་དོན་མེད་དོ་ཞེས་བྱ་བའི་ཕྱོགས་ཡིན་པའི་དེའི་ལུགས་ཀྱི་ཤེས་བའི་རང་བཞིན་ནི་བདག་མེད་པ་འཛིན་པའི་རང་བཞིན་ཁོ་ན་ཡིན་གྱི་བདག་ཏུ་ལྟ་བའི་བདག་ཉིད་ནི་མ་ཡིན ་ཏེ། བདག་དེ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་གལ་ཏེ་དེས་ཡུལ་མེད་པའི་ཕྱིར་ཤེས་པ་དེ་འཛིན་པའི་བདག་ཉིད་དུ་མི་འདོད་ན་དེ་གདོན་མི་ཟ་བར་རང་རིག་པའི་བདག་ཉིད་དུ་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ཤེས་པར་རྣམ་པར་བཞག་པར ་ཡང་མི་འགྱུར་རོ། །བདག་དེ་ཡང་ཡོད་པ་མ་ཡིན་པའི་བདག་ཉིད་ཀྱིས་གཉིས་ལོ་སོགས་པའི་ངོ་བོར་རིག་པར་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། སྐྱོན་སྔ་མ་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་དག་སྲོག་ཆགས་ཀྱི ་ཆོས་ཉིད་དུ་མ་གྲུབ་བོ། །དེས་སྐྱེས་པ་ཞེས་བྱ་བ་དེ་ཙམ་གྱིས་རང་བཞིན་ཉིད་དུ་བརྟགས་པ་ན་སྤོང་བ་མི་སྲིད་པ་ཡང་མ་ཡིན་ཏེ་མ་དེས་པའི་ཕྱིར་རོ། །འདི་ལྟར་ཐག་པ་ལ་སྦྲུལ་དུ་ཤེས་པ་སྐྱེ་ལ་ཡང་དེ་ནི་ཡང་དག་པའི་ཤེས་པ་སྐྱེ་བ་ལས་ལྡོག ་པ་ཡིན་ནོ། །ཟད་པའི་ཐབས་མི་སྲིད་པ་ཡང་མ་ཡིན་ཏེ། རང་གི་རྒྱུ་དང་འགལ་བའི་རང་བཞིན་གྱི་དངོས་པོར་གོམས་པ་ཟད་པའི་ཐབས་ཉིད་དུ་སྲིད་བའི་ཕྱིར་རོ། །འདི་ལྟར་གང་དག་རང་རྒྱུ་དང་འགལ་བའི་རང་བཞིན་ཅན་གོམས་པ་སྲིད་པ ་དེ་དག་ནི་ཤིན་ཏུ་རྒྱུན་ཆད་པ་སྲིད་པ་ཡིན་ཏེ། དཔེར་ན་འབྱུང་བ་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུ་ཡིན་པའི་ཕྱིར་འདི་དག་གི་ཟད་པའི་ཐབས་སྲིད་པ་ཡིན་ནོ། །དེ་ཡོངས་སུ་མི་ཤེས་པ་ཡང་མ་ཡིན་ཏེ། གང ་གི་ཕྱིར་རྒྱུའི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ལས་དེ་ལས་བཟློག་པའི་རྣམ་པ་ཅན་གྱི་དངོས་པོ་གང་ཡིན་པ་དེ་ནི་དེའི་གཉེན་པོ་ཡིན་ནོ་ཞེས་གསལ་བར་ངེས་པའི་ཕྱིར་འདི་དག་གི་བདག་མེད་པ་མཐོང་བ་སྲིད་པ་འོ་ན་སྟེ། དེ་བས་བཟློག་པ་ལ ་དམིགས་པའི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར་གཉེན་པོ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །མཆོངས་པ་ལ་སོགས་པ་བཞིན་དུ་ཁྱད་པར་དུ་འཕགས་པར་རྣམ་པར་མི་གནས་པས་ཀྱང་མ་ཡིན་ཏེ། ཤེས་རབ་ལ་སོགས་པ་རྣམས་ནི་སྔ་མ་སྔ་མ་གོམས ་པས་བསྒོམ་པའི་རང་བཞིན་ཡིན་པ་ཉིད་ཀྱིས་མ་ཞིག་པ་ཉིད་ཀྱི་ཕྱིར་ཕྱི་མ་ཕྱི་མའི་འབད་པ་ནི་སྡན་མེད་པའི་ཁྱད་པར་བྱེད་པའི་ལུས་ལེན་པའི་ཕྱིར་དང། རྟེན་བརྟན་པའི་ཕྱིར་དང། རིགས་མཐུན་པ་སྔ་མའི་མཐུ་ལས་བྱུང་བའི་ཕྱིར ་རོ་མཆོངས་པ་ལ་སོགས་པ་དེ་ལྟ་བུ་མ་ཡིན་ནོ་ཞེས་ཕྱིས་སྟོན་པར་འགྱུར་རོ། །སྐྱེ་བ་བཞིན་མི་སྲིད་པ་ཡོད་མ་ཡིན་ཏེ། སྡར་སྐྱེ་བའི་རྒྱུན་བསྒྲུབས་ཟིན་པའི་ཕྱིར་རོ། །ཟངས་མ་ལ་སོགས་པའི་སྲ་བ་བཞིན་ཉེས་པ་རྣམས་ཀྱང་སྐྱེ་བ་སྲིད་པ་ཡང་མ ་ཡིན་ཏེ། དེ་དང་འགལ་བའི་བདག་མེད་པར་ལྟ་བ་གཏན་དུ་དེའི་བདག་ཉིད་དུ་གྱུར་པ་རྟག་ཏུ་མི་འབྲལ་པའི་ཕྱིར་རོ། །ཟངས་ལ་སོགས་པའི་སྲ་བ་དགའ་གལ་བའི་མ་གང་ཡིན་པ་དེ་དེས་འགང་ཉེ་བའི་ཕྱིར་སྲ་བ་ལ་སོགས་པ་དེ་ཡོད་པ་ཉིད ་ན་ཡོད་པ་མ་ཡིན་པས་ཡང་དེ་དང་བྲལ་བའི་ཕྱིར་དེ་སྐྱེ་བར་རིགས་ཀྱི་དྲི་མ་རྣམས་ནི་དེ་ལྟ་བུ་མ་ཡིན་ནོ། །ཡང་ན་སྲབ་དང་བྲལ་བ་ན་ཡང་ཐལ་བ་ལ་སོགས་པས་མ་དེས་པའི་ཕྱིར་གདོན་མི་ཟ་བར་ཉེས་པ་རྣམས་ཀྱང་སྐྱེ་བར་སྲིད་པ་མ་ཡིན་ནོ། །དེ་ལྟར ་ཤིང་ལ་སོགས་པ་མེ་དང་འབྲེལ་པ་ལས་ཐལ་བར་འགྱུར་ལ་དེ་དང་བྲལ་བ་ནི་སླར་སྔ་མའི་རང་བཞིན་རྗེས་སུ་འཇུག་པ་མ་ཡིན་པ་དེ་བཞིན་དུ་ཉེས་པ་རྣམས་ཀྱང་ཡིན་པའི་ཕྱིར་མ་དེས་པ་ཡིན་ནོ། །གཞན་ཡང་བློ་བུད་པ་ཉིད ་གྱིས་སྡང་ནུས་པ་མེད་པའི་དྲི་མ་རྣམས་ཕྱིས་དེའི་བདག་ཉིད་དུ་གྱུར་པའི་བདག་མེད་པ་དེ་ལ་གནོད་པར་གལ་ནུས་རང་བཞིན་ནི་འབད་རྩོལ་མེད་པར་བཟློག་པར་ནུས་པ་མ་ཡིན་པ་ཐོབ་པར་བྱ་བ་དང་?་དབང་བྱ་བའི་དངོས་པོ་གང་གི་ཡོན་ཏན་དང ་སྐྱོན་མཐོང་བ་མེད་པར་ཡང་རྟོག་པ་དང་ལྡན་པའི་ལེན་པ་ཡོད་སྤོང་བའི་འབད་པ་རིགས་པ་མ་ཡིན་ནོ། །རྟོག་པ་དང་ལྡན་པའི་བདག་ཉིད་ཀྱི་སྐྱེས་བུ་ཉེས་པ་དག་ལ་ཡོན་ཏན་དུ་མཐོང་བ་འམ་གཉེན་པོ་ལ་སྐྱོན ་དུ་མཐོང་བ་སྲིད་པ་ཡང་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་རོ། །ཕྱིན་ཅི་མ་ལོག་པའི་བློ་ཅན་རྣམས་ཉེས་པ་མེད་པའི་དངོས་པོ་སྐྱོན་ཅན་དུ་འཛིན་པ་མ་ཡིན་ལ་སྐྱོན་ཅན་ཡོན་ཏན་དང་ལྡན་པ་ཉིད་དུ་འཛིན་པ་ཡང་མ ་ཡིན་ནོ། །ལ་ལར་བདག་མེད་པར་ལྟ་བ་སྐྱོན་ཅན་མ་ཡིན་ཏེ། ཉེ་བར་འཚོ་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་འདོད་ཆགས་ལ་སོགས་པའི་དྲི་མ་མ་ལུས་པ ་དང་བྲལ་བའི་ཕྱིར་ཡང་དག་པའི་དོན་མཐོང་བའི་གེགས་བྱེད་པའི་ཉེ་བར་འཚེ་བ་ཡོད་པ་མ་ཡིན་ནོ། །འདོད་ཆགས་པས་ཀུན་ནས་དཀྲིས་པས་བྱས་པའི་ལུས་དང་སེམས་ཡོངས་སུ་གདུང་བའི་ཉེ་བར་འཚེ་བ་ཡང་མེད་ཅིང་སྐྱེ་བ་དང་འབྲེལ་བ་ནི ་ན་བ་དང་རྐ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཏེ་སྐྱེ་བའི་རྒྱུ་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་བདེ་བ་ལོངས་སྤྱོད་པ་བཞིན་དུ་སུན་ཕྱུང་བའི་ཉེ་བར་འཚེ་བ་ཡང་མེད་དེ། རབ་ཏུ་ཞི་བའི་བདེ ་བའི་རོལ་གཅིག་ཏུ་ཆེས་སྐྱེ་བར་མི་བྱེད་པའི་ཕྱིར་རོ། །དེའི་ཕྱིར་འདི་སྦད་པའི་དོན་དུ་འབད་པ་མེད་པར་རིགས་པ་མ་ཡིན་ལ་འོན་ཀྱང་གལ་ཏེ་བྱེད་ན་མི་སྦད་པའི་དོན་ཁོ་ནར་བྱེད་པར་འགྱུར་ཏེ་བློ་ནི་རང་བཞིན་ཡོན་ཏན་གྱི་ཕྱོགས ་འཛིན་པའི་ཕྱིར་རོ། །ཉེས་པ་རྣམས་བླང་བའི་དོན་དུ་འབད་པ་བྱེད་པ་ཡང་མ་ཡིན་ཏེ། དེ་དག་ནི་ཉེ་བར་འཚེ་བ་ཐམས་ཅད་ཀྱི་གཞི་ཡིན་པ་ཉིད་ཀྱིས་སྐྱོན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་བདག་མེད་པ་སྒོམ་པ་སྲིད་པ་ཉིད་ཡིན་ལ་རབ་ཀྱི་མཐར ་ཕྱིན་པར་འགྲོ་བའི་ཕྱིར་དེ་ཡང་གསལ་བར་སྣང་བའི་འབྲས་བུ་ཅན་དུ་མཐོང་སྟེ་དཔེར་ན་འདོད་པས་གདུངས་པ་འདོད་པ་གོམས་པར་བྱེད་པ་བཞིན་ནོ། །འདི་ལྟར་འཁྲུལ་པ་དང་བཅས་པའི་གཞོན་ནུ་མ་མཐོང་བས་ཡ་མཚན་སྐྱེས་སོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་དང་བསམས་ ་པའི་རྗེས་སུ་བྱེད་པའི་ལུས་ཀྱི་བྱ་བ་འཇུག་པ་ཡིན་ནོ། །དེ་བས་ན་གཏན་ཚིགས་མ་གྲུབ་བ་མ་ཡིན་ལ། མ་ངེས་པ་ཡང་མ་ཡིན་ཏེ། དག་གི་ཕྱིར་བདག་མེད་པ་མཐོང་བ་ནི་ཡང་དག་པའི་དོན་གྱི་ཡུལ་ཅན་ཡིན ་པ་ཉིད་ཀྱིས་སྟོབས་དང་ལྡན་པ་ཡིན་ལ་བདག་ཏུ་ལྟ་བ་ནི་བཟློག་པའི་ཕྱིར་བཟློག་བ་ཡིན་པས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དངོས་པོ་ཡིན་ནོ།། འདོད་ཆགས་དང་ཞེ་སྡང་དག་ནི་མ་ཡིན་ཏེ། །གཉི་ག་ཡང་དག་པ་མ ་ཡིན་པའི་དོན་འཛིན་པ་ལ་རག་ལས་པས་འཇུག་པའི་ཕྱིར་དེ་དག་འགལ་བའི་དངོས་པོ་འཛིན་པའི་རྒྱུ་མཚན་ཅན་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །ཕྱིན་ཅི་ལོག་དང་ཕྱིན་ཅི? ་ལོག་པས་བྱས་པ་ཡང་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །འདི་དག་གི་འགལ་བ་ཡང་གྲུབ་པ་མ་ཡིན་ཏེ། གཉི་ག་ཡང་བདག་ཏུ་འཛིན་པའི་སྐྱེ་གནས་ཅན་ཡིན་པའི་ཕྱིར་དང། རྒྱུ་དང་འབྲས་བུའི ་དངོས་པོ་ཡིན་པའི་ཕྱིར་རོ། །འདི་ལྟར་བདག་ལ་ཆགས་པ་ཡོད་ན་དེ་ལ་གནོད་པ་ལ་ཞེ་སྡང་འབྱུང་གི་གཞན་དུ་ནི་མ་ཡིན་ནོ།། རྒྱུ་ཐ་མི་དད་བ་དག་གམ་རྒྱུ་དང་འབྲས་བུར་གྱུར་པ་དག་ལ་གནོད་པར་བྱ་བ་དང་གནོད་པར་བྱད?་པའི ་དངོས་པོ་རིགས་པ་མ་ཡིན་ཏེ། དཔེར་ན་བུད་ཤིང་གཅིག་ལས་བྱུང་བའི་མེ་དང་དུ་བཞིན་ནམ་ཡང་ན་བདག་གིར་འཛིན་པ་དང་བག་ཆགས་བཞིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅིག་ཅར་མི་སྐྱེ་བ་ནི་དེའི་ཉེ་བར ་ལེན་བའི་སེམས་ཅིག་ཅར་རིགས་མཐུན་པའི་སེམས་གཉིས་འཕན་པར་མི་ནུས་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་དག་ཀྱང་ཕན་ཚུན་འགལ་བ་མ་ཡིན་ཏེ། ཡིད་ལས་བྱུང་བ་དང་ཡུལ་ལས་སྐྱེས་པའོ། །དེ་ལ་རེ་ཞིག་གང ་དག་ཡིད་ལས་བྱུང་བ་དག་ནི་སྡད་བ་དང་ཆགས་པ་དེ་དག་དང་མཚུངས་པར་ལྡན་པའི་འདོད་ཆགས་དང་ཞེ་སྡང་དག་དང་གྲུབ་བ་དང་བདེ་བ་གཅིག་པ་ཉིད་ཀྱིས་སོ། །དེ་བཞིན་དུ་ཕྱིན་ཅི་ལོག་ཉིད་དང། ཐ་མི་དང་པའི་བདག་གི་ངོ་བོ་འཛིན་པ་ཉིད ་དང་བདག་ཏུ་འཛིན་པའི་སྐྱེ་གནས་གཅིག་པ་ཅན་ཉིད་དང། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་ཕན་ཚུན་འགལ་བ་སྲིད་པ་མ་ཡིན་ནོ། །གང་ཡང་ཡུལ་ལས་སྐྱེས་པ་དེ་དག་ཀྱང་ཕན་ཚུན་རྒྱུ་ཐ་དང་པར་མ་དེས་པའི་ཕྱིར་འགལ ་བ་ཡང་མ་ཡིན་ཏེ། འདི་ལྟར་གང་ཁོ་ན་ལས་བདེ་བ་འབྱུང་བ་དེ་ཉིད་ལས་ཤིན་ཏུ་བསྟན་པའི་ཕྱིར་སྡུག་བསྔལ་ཡང་ཡིན་པའི་ཕྱིར་འདི་དག་གི་རྒྱུ་ཐ་དད་པར་དེས་པ་ཡོད་ཕ་མ་ཡིན་ལ་དེ་ལྟར་བདག་མེད་པར་མཐོང་བ་དང་ཅིག་ཤོས་ནི་མ ་ཡིན་ནོ། །གཞན་ཡང་འདི་གཉིས་གང་ཡང་ཡུལ་གྱི་སྟོབས་ཀྱིས་འབྱུང་བ་ཉིད་ཀྱི་སྟོབས་མཚུངས་པ་ཉིད་ཡིན་གྱི་ལམ་དང་ཉེས་པ་དག་ནི་དེ་ལྟ་བུ་མ་ཡིན་ཏེ། ལམ་ཁོ་ན་ཡང་དག་བའི་དོན་གྱི་ཡུལ་ཅན་ཡིན་པ་ཉིད་ཀྱིས ་སྟོབས་དང་ལྡན་པའི་ཕྱིར་ཉེས་པ་རྣམས་ནི་མ་ཡིན་ནོ། །གཞན་ཡང་བདེ་བ་དང་སྡུག་བསྔལ་ནི་ཡུན་རིང་པོར་མི་གནས་པ་ཅན་ཡིན་གྱི་བདག་མེད་པ་བལྟ་བ་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་ནི་དེའི་བདག་ཉིད་ཀྱིས་རང་གི་དང་མི་འབྲལ་བའི་ཕྱིར ་རོ་ཞེས་སྔར་བསྟན་ཟིན་ཏོ། །དེ་བས་ན་འཁྲུལ་པ་མེད་དོ།། ཅིག་ཅར་མི་སྐྱེ་བའི་རྒྱུ་ནི་བཤེད་ཟིན་ཏོ། །གང་ཡང་རྗེས་སུ་དཔག་པས་དངོས་པོ་མ་ལུས་པ་གནས་པའི་གདག་མེད་པ་དེས་པར་བཟུང་བ་རྣམས་ལ་ཡང་འདོད་ཆགས་ལ་སོགས་པ་སྐྱེ་བ་ཡིན་ནོ ་ཞེས་ཟེར་བ་དེ་ཡང་མི་རིགས་ཏེ་གང་གི་ཕྱིར་བསྒོམ་པ་ལས་བྱུང་བ་གསལ་བར་སྣང་བ་ཉིད་ཀྱིས་བདག་མེད་བའི་དངོས་པོ་མངོན་སུམ་དུ་བྱེད་པའི་ཤེས་པ་རྟོག་པ་མེད་པ་དང་ཚད་མས་གྲུབ་པའི་དོན་གྱི་ཡུལ་ཅན་ཡིན་པ་ཉིད་ཀྱིས་ཀྱང ་མ་འཁྲུལ་བའི་བདག་མེད་པ་མཐོང་བ་དེ་ནི་བདག་ཏུ་ལྟ་བ་རྩད་ནས་གཏན་འབྱིན་པས་གཉེན་པོར་བརྗོད་ཀྱི་ཐོས་པ་དང་བསམས་པ་ལས་བྱུང་བ་ནི་མ་ཡིན་ནོ།། འདི་ལྟར་ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར ་དྲི་མ་རྣམས་ནི་རྩ་བ་ཤིན་ཏུ་བརྟན་པའི་ཕྱིར་རིམ་གྱི་མི་མཐུན་པའི་ཕྱོགས་འཕེལ་བས་སྒྲིབ་པ་ན་ཟད་པ་ཡིན་གྱི་ལན་ཅིག་ཐོས་པས་ནི་མ་ཡིན་ཏེ། དཔེར་ན་གྲང་བའི་རེག་པ་མེ་ལ་རེག་པ་ཙམ་གྱིས་ལྡོག་པ་ནི་མ་ཡིན་པ་བཞིན་ནོ། །གང་གིས ་འཁྲུལ་བར་འགྱུར་བ་ཐོས་པ་དང་བསམས་པ་ལས་བྱུང་བའི་བདག་མེད་པའི་ཤེས་པ་མངོན་དུ་གྱུར་ན་འདོད་ཆགས་ལ་སོགས་པ་འབྱུང་བར་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ལ་སོགས་པའི་ཀུན་ནས་དཀྲིས་པ་སྐྱེས་ནས ་མི་སྡུག་པ་ལ་སོགས་པ་ཡིད་ལ་བྱེད་པའི་སྟོབས་དེས་བདེ་བར་གཤེགས་པ་རྣམས་སྤོང་བར་བྱེད་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་འདི་དག་དབང་དུ་གྱུར་བ་ནུས་པ་ཉམས་པ་མེད་པར་མ་གྲུབ་བོ། །འདི་དག་བདག་མེད་པ་མཐོང་བ་དང་འགལ་ན ་ཡང་དེ་ཉིད་ཀྱི་ཕྱིར་རྣམ་པར་བཞག་སྟེ། དེ་མངོན་དུ་ཕྱོགས་ན་འགྲིབ་པའི་ཕྱིར་རོ། །གང་དག་གང་ཉེ་བར་བླངས་པ་ལས་འགྲིབ་པའི་ཆོས་ཅན་དེ་དག་ནི་དེ་ཤིན་ཏུ་འཕེལ་ན་བར་མེད་པར་རྒྱུན་འཆད་པའི་ཆོས་ཅན་དུ་འགྱུར་བ་ཡིན་ཏེ ་ཇི་ལྟར་ཆུ་ལ་སོགས་པ་འཕེལ་བ་ན་མེ་འབར་བ་བཞིན་ནོ།། ཉེས་པ་རྣམས་ཀྱང་བདག་མེད་པའི་ཤེས་པ་ཉེ་བར་བླངས་པ་ལས་འགྲིབ་པའི་ཆོས་ཅན་ཡིན་པའི་ཕྱིར་དེ་ཤིན་ཏུ་འཕེལ་བ་ན་ཇི་ལྟར་གནས་པ་རྙེད་པར་འགྱུར་དེ་བས་ན ་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཉིད་ཀྱང་མ་ཡིན་ནོ། །དེ་ལྟར་ཉོན་མོངས་པའི་སྒྲིབ་པ་སྤངས་པར་བསྒྲུབ་པར་བྱ་བའི་ཕྱིར་ཁྱད་པར་མངོན་སུམ་བྱས་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ་མངོན་སུམ་དུ་བྱས་པ་ནི་མངོན་སུམ་དུ་བྱེད་པའོ། །གང་ཞེ་ན། བདག་མེད་པ་ཞེས་བྱ་བར་གོ་སྟེ། སྐབས་སུ་བབ་བའི་ཕྱིར་རོ། །དེའི་ཁྱད་པར་ནི་རྣམ་པ་མང་དུ་ཐབས་མང་པོས་དུས་མང་པོ་རྣམ་པ་ཐམས་ཅད་ཀྱིས་ཏེ་དེ་དང་དེའི་མི་མཐུན་པའི་ཕྱོགས ་ལ་ཡོན་ཏན་དང་སྐྱོན་དག་ཤིན་ཏུ་གསལ་བར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པ་བདག་མེད་པ་མཐོང་ན་ཡང་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ཕྱིས་གོམས་བའི་ཁྱད་པར་མེད་བས་ཤེས་བྱའི་སྒྲིབ་པ ་མ་སྤངས་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གུས་བས་རྒྱུན་མཆད་པའི་དུས་རིང་པོའི་ཁྱད་པར་གྱིས་བསྒོམས་པ་དེ་ནི་བཟུང་བར་བྱ་བ་ཐག་རིང་དུ་འཇུག་པ་བཞིན་དུ་སྣང་བའི་ཤེས་པའི་འབྲས་བུ་ཅན་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་འདོད་པས ་གདུངས་པ་འདོད་པ་གོམས་པར་བྱེད་པ་བཞིན་ནོ། །རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་ཡོད་པའི་བདག་མེད་པ་སྒོམས་པའི་སྙིང་རྗེ་ཅན་ཡང་ཇི་སྐད་དུ་བཤད་པའི་ཁྱད་པར་གསུམ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན ་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། སྙིང་རྗེ་ཅན་ནི་དོན་དུ་གཉེར་བ་ཉིད་ཀྱིས་དེ་ལྟར་འཇུག་པ་སྲིད་དོ་ཞེས་བསྒྲུབས་ཟིན་པའི་ཕྱིར་རོ་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་ལ་ཡོད་པའི ་བདག་མེད་པ་ལ་དམིགས་བའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཆོས་ཅན་ཡིན་ལ་ཇི་སྐད་དུ་བཤད་བའི་ཁྱད་པར་གསུམ་དང་ལྡན་པའི་བསྒོམ་པ་དང་འབྲེལ་བའི་རྒྱུས་གསལ་བར་སྣང་བ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ཏེ་བསྒྲུབ ་བར་བྱ་བའི་ཆོས་འདིས་ཇི་སྐད་དུ་བཤད་བའི་སྒྲུབ་བར་བྱེད་བའི་ཆོས་ལ་ཁྱབ་བ་སྒྲུབ་སྟེ། གསལ་བར་སྣང་བ་ཉིད་ནི་རྒྱུན་གཞན་ལ་མི་བལྟོས་བའི་ཕྱིར་རོ།། དེ་ལྟ་ཡིན་དང་ཤུགས་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཁྱབ་པ་གྲུབ ་བ་ཡིན་ནོ། །གང་གི་ཕྱིར་དངོས་པོ་ཐམས་ཅད་ལ་ཡོད་པའི་བདག་མེད་པ་ལ་སོགས་པའི་ཡིད་ཀྱི་ཆོས་ཅན་ལ་གསལ་བར་སྣང་བ་གང་ཡིན་པ་དེ་ཉིད་འདིའི་ཐམས་ཅད་མཁྱེན་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། འདི་ལྟར ་བསྒོམ་པ་ལ?་བསྒོམ་པར་བྱ་བའི་དངོས་བོའི་གསལ་བར་སྣང་བ་ཉིད་ཀྱིས་སྦྱིར་ཁྱབ་པ་གྲུབ་བམ་ཤུགས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཁྱབ་པར་གྲུབ་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ཆོས་ཅན་ལས་གཞན་ལ་གསལ ་བར་སྣང་བ་ཉིད་མི་སྲིད་བའི་ཕྱིར་རོ། །འདིས་ནི་འདིར་ཡོད་པར་སྒྲུབ་པ་ལ་སྐྱོན་སྨྲས་པ་གང་ཡིན་པ་དེ་དག་བསལ་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཡོད་པར་མི་སྒྲུབ་པའི་ཕྱིར་དང་རབ་ཏུ་གྲགས་བའི་ཆོས་ཅན་ཡིན་ལ ་གསལ་བར་སྣང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་དེ་ལྟར་རྣམ་པ་འདིས་བསྒྲུབས་པའི་ཕྱིར་དང་ཁྱད་པར་མངོན་སུམ་དུ་བྱས་བའི་ཕྱིར་དང་ལུས་ངག་ཡིད་གསུམ་དང་མི་མཐུན་པའི་མཚན་ཉིད་ཀྱིས་ཁྱབ་པའི་བག་ཆཌ ་རྣམས་སྤངས་པ་སྒྲིབ་བ་གཉིས་སྤངས་པར་གྲུབ་བོ། །དེའི་ཕྱིར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་བོ། །གལ་ཏེ་འདི་སྙམ་དུ་སྦྱིར་གྲུབ་ཀྱང་བདེ་བར་གཤེགས་པ་ནི་མ་གྲུབ་བོ་སྙམ་དུ་སེམས ་ན་འདི་ཡང་བདེ་གཤེགས་ཉིད་དུ་འདོད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་འདི་བདེ་བར་གཤེགས་པ་ཁོ་ན་ཡིན་པར་གྲུབ་པར་འདོད་དེ། སེར་སྐྱ་ལ་སོགས་པ་ནི་མ་ཡིན་ནོ། ་ཅིའི་ཕྱིར་ཞེ་ན། ཐོག་མར་བདག་མེད་གསུང་ཕྱིར་རོ།། འདི་སྐད་དུ་བསྟན་པ་ཡིན་ཏེ། གང་གིས་ཕུང་པོ་ལ་སོགས་པ་བསྟན་པའི་དོན་དུ་དངོས་པོ་ཐམས་ཅད་ཐོག་མར་དངོས་པོ་བདག་མེད་པ་འདི་ཡང་སྒྲོགས་པར ་གྲུབ་པའི་སྐྱེས་བུའི་ཁྱད་པར་དེ་ཉིད་དང་པོར་ཆོས་ཐམས་ཅད་ཀྱི་སྣ་ཚོགས་བའི་རབ་ཏུ་དབྱེ་བའི་བདག་མེད་པ་སྒྲོགས་པའི་འབྲས་བུའི་གཏན་ཚིགས་ལས་ཁོ་བོ་ཅག་གིས་བདེ་བར་གཤེགས་པ་ཞེས་བརྗོད་དེ། དེའི་ཉེ་བར་བསྟན་པ་འདིས་བླང ་བ་དང་དོར་བའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་བསྟན་པ་མ་ལུས་བའི་ཡེ་ཤེས་བསྒྲུབ་བར་བྱ་བ་ཡིན་ཏེ། ཡེ་ཤེས་དེ་དང་ལྡན་པའི་ཕྱིར་དང། འདི་ཐམས་ཅད་མཁྱེན་པ་དང་ཚད་མར་གྲུབ་པ་ཡིན་པས་དེས་གསུངས་པ་བསྒྲུབ་པར་འདོད་པ ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ཕྱིར་རབ་ཏུ་སྦྱར་བ་ཡིན་གྱི་སྲིན་བུའི་གྲངས་ལ་སོགས་པ་མཁྱེན་པས་ནི་མ་ཡིན་ནོ། །འོན་ཀྱང་སྲིན་བུའི་གྲངས་ལ་སོགས་པ་ལ་ཡང་དེའི་ཡེ་ཤེས་སྲིད་པར་སྒྲུབ་པར་བྱ་བ་ཡིན་གྱི་དེ་ཁོ་ན་ཉིད་བསྟན་པ་མ་ལུས ་བ་མཁྱེན་བ་ནི་གཙོ་བོར་ཡིན་ཏེ། འདི་ལྟར་གསུང་རབ་ལ་ཐེག་པ་གསུམ་གྱི་ཡུལ་ཅན་བསྟན་ན་ཡང་སྡུག་བསྔལ་ལ་སོགས་བའི་མཚན་ཉིད་ཀྱི་བདེན་བ་བསྟན་པ་ནི་ཚིག་གཅིག་ཡིན་པའི་ཕྱིར་དང་ཐབས་སྣ་ཚོགས་ཀྱིས་བདེན་པ་བཞི་གསལ ་བར་མཛད་བའི་ཕྱིར་དང་ཚད་མས་མི་བསླུ་བའི་བདག་མེད་སྟོན་པ་པོས་བདག་མེད་བའི་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་གང་ལ་གྲུབ་བའི་སྟོན་པ་པོ་དེ་ཉིད་སྔ་མ་དང་ཕྱི་མའི་འགལ་བསྟོན་པས་ཆ་ཤས་ལ་ཡང་ཡེ་ཤེས་ཀྱིས་འདིའི་མ་ལུས་བའི་ཡེ་ཤེས ་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། རྣམ་པ་ཐམས་ཅད་མི་ཤེས་པ་སྟོན་པའི་ནུས་པ་མེད་པའི་མཚན་ཉིད་མ་ལུས་པ་སྤངས་བའི་ཕྱིར་རོ། །སྐྱོན་དང་ཡོན་ཏན་གྱི་རྣམ་པ་ཐམས་ཅད་མེ་ཤེས་པ་དང་དེ་སྟོན་པ་ལ་མི་མཁས་པ་ནི་དེ་ལྟར་སྟོན་པར་བྱེད་བ་མ ་ཡིན་ནོ། །རིག་བྱེད་ལས་མཁྱེན་ནས་སྟོན་པར་མཛད་དོ་ཞེས་ཀྱང་རིགS་པ་མ་ཡིན་ཏེ། དེ་ནི་སྐྱེས་བུས་བྱས་བ་ཉིད་དུ་བསྒྲུབ་ཟིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ།། དེས་ན་བཅོམ་ལྡན་འདས་ནི་ཡེ་ཤེས་ཁྱད་བར་དུ་འཕགས་པ་དང་ལྡན་ལྡན་བའི་ཕྱིར་མུ་སྟེགས་བྱེད ་མཛའ་དག་གི་སྤྱི་བོར་བཞུགས་སོ་ཞེས་བྱ་བར་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་ཇི་སྐད་དུ་བཤད་བའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་བཅོམ་ལྡན་འདས་དང་ལྷན་ཅིག་གཞན་དང་མཚུངས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཆད ་མས་མི་བསླུ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་དག་ཤེས་པ་ཁྱད་པར་དུ་འཕགས་བ་དང་ལྡན་པ་ཉིད་དུ་སྒྲུབ་པར་བྱེད་པའི་གཏན་ཚིག་འགའ་ཡང་ཡོད་པ་མ་ཡིན་ཏེ། གཏན་ཚིགས་སུ་འགྱུར་བ་ནི་ཚིག་ཅེས་བྱ་བའི་འབྲས་བུ་ཉིད ་གཏན་ཚིགས་སུ་འགྱུར་ལ། དེ་ཡང་འདི་དག་ནི་ཚད་མ་དང་འགལ་བའི་དོན་སྟོན་པར་བྱེད་བའི་ཕྱིར་ཇི་ལྟར་འདི་ལས་དེ་དག་ཤེས་པ་ཁྱད་དུ་འཕགས་པ་ཉིད་དུ་རྟོགས་པར་འགྱུར། བདེ་བར་གཤེགས་པའི་གསུང་ཡང་ཚད་མ་དང་འགལ་བ་ཡིན་ནོ་ཞེན་འབྲེལ ་པ་དང་ནི་རྗེས་མཐུན་ཐབས།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་བ་ནི་ཚིག་རྣམས་དོན་ཅིག་ལ་སྡུད་བས་ཕན་ཚུན་འབྲེལ་བ་ཡིན་གྱི་སེའུ་བཅུ་ལ་སོགས་པའི་དག་བཞིན་དུ་མ་འབྲེལ་བ་ནི་མ་ཡིན་ནོ། །རྗེས་མཐུན་ནི་སྒྲུབ་བར་ནུས་པ་ཉིད་ཀྱིས ་བདག་མེད་པ་བསྒོམ་པ་ལ་སོགས་བའི་མཚན་ཉིད་ཀྱི་ཐབས་ཉེ་བར་བསྟན་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དུག་ཞི་བར་བྱ་བའི་ཕྱིར་འཇོག་བོའི་གཙུག་གི་རྒྱན་གྱི་མན་ངག་བཞིན་དུ་ཐབས་དེས་སྒྲུབ་པར་མ་ནུས་པ་ནི་མ་ཡིན་ནོ།། སྐྱེས་བུའི ་དོན་ནི་མངོན་བར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དེ། དེ་བརྗོད་པར་བྱེད་པ་ཡིན་གྱི་བྱ་རོག་གི་སོ་བརྟག་པ་བཞིན་དུ་སྐྱེས་བུའི་དོན་གྱི་འབྲས་བུ་མེད་པ་ཙམ་ནི་མ་ཡིན་ནོ།། འོན་ཏེ་འདི་ཐམས་ཅད་སེར་སྐྱ་ལ་སོགས་པའི་?་དག་ལ་ཡང ་ཡོད་པ་མ་ཡིན་ནམ་ཞེ་ན། མཐོང་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་དང་ཡུལ་མ་ཡིན་པ་ཉིད་དུ་མངོན་པར་འདོད་བའི་ཚད་མ་གཉིས་ཀྱིས་ནི་མངོན་སུམ་དང་རྗེས་སུ་བདག་པ་གཉིས་སོ། །གནོད་པ ་མེད་པ་ནི་ཇི་ལྟར་བསྟན་པའི་དོན་དེ་ལྟར་ཡོད་པའི་ཕྱིར་དེ་འདི་ལྟར་སྔོན་པོ་ལ་སོགས་པ་དང་བདེ་བ་དང་སྡུག་བསྔལ་བ་དང། མཚན་མར་འཛིན་པ་དང། འདོད་ཆགས་ལ་སོགས་པ་དང་བློའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་མངོན་སུམ་ཉིད་དུ་མངོན་པར་འདོད་པ་ནི་རྣམ་པ ་གཞན་དུ་མི་སྲིད་ལ་མངོན་སུམ་མ་ཡིན་པ་ཉིད་དུ་མངོན་པར་འདོད་པ་རྣམས་ཀྱང་མངོན་སུམ་མ་ཡིན་པ་ཁོ་ན་ཡིན་ཏེ། ཇི་ལྟར་གཞན་གྱི་མངོན་སུམ་དུ་མངོན་པར་འདོད་པ་གཟུགས་དང་སྒྲ་ལ་སོགས་པ་ལ་འདུ་བའི་བདེ་བ་ལ་སོགས་པ་རྣམས་དང་རྫས་དང ་ལས་དང་སྤྱི་དང་ལྡན་བ་ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ་དངོས་བོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ཉིད་དུ་མངོན་པར་འདོད་པ་རྣམས་དེ་ལྟ་བུ་ཁོ་ན་ཡིན་ཏེ། དཔེར་ན་འཕགས་པའི་བདེན་པ་བཞི་ལྟ་བུའོ། །ཡུལ་མ་ཡིན་པ་ཉིད་དུ་མངོན ་པར་འདོད་བ་རྣམས་ཀྱང་ཡུལ་མ་ཡིན་པ་ཉིད་ཁོ་ནའོ།། ཇི་ལྟར་གཞན་གྱི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ཉིད་དུ་མངོན་པར་འདོད་པ་བདག་ལ་སོགས་པ་རྣམས་ལྟ་བུའོ། །?་གི་སྒྲས་ནི་མ་མཐོང་བ་ལ་ཡང་རྣམ་པར་འགྱུར ་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་འདོད་ཆགས་ལ་སོགས་པའི་ངོ་བོ་དང་ཆོས་མ་ཡིན་པ་དེ་ལས་བྱུང་བར་བསྟན་ནས་དེ་སྦང་བར་བྱ་བའི་ཕྱིར་དེའི་རྒྱུ་བདག་ཏུ་ལྟ་བ་དང་འགལ་བ་བདག་མེད་པར་ལྟ་བ་ཉིད་གཉེན་པོར་སྟོན་གྱི་སེར་སྐྱ་ལ ་སོགས་པའི་བསྟན་བཅོས་བཞིན་དུ་དེའི་རྒྱུ་དང་མི་འགལ་བ་ཁྲུས་དང་མེའི་སྦྱིན་སྲེག་ལ་སོགས་པ་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་རྣམ་པར་དག་བའི་གསེར་བཞིན་དུ་འདི་ནི་མཁས་པ་རྣམས་ཀྱིས་ཡོངས་སུ ་བར?་གས?་ནས་བཟུང་བར་བྱའོ། ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར་སྲེག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གསེར་སྦྱངས་པས་དྲི་མ་མེད་པ་སྟེ་སྐྱོན་དང་བྲལ་བ་ཡོངས་སུ་རྟོགས་ན་བསྲེགས་པ་ལ་སོགས་པ ་རྣམས་ཀྱིས་མི་འགྱུར་བ་ལྟར་བཅོམ་ལྡན་འདས་ཀྱི་གསུང་རིན་པོ་ཆེ་ཡང་བསྲེགས་པ་དང་འདྲ་བར་མངོན་སུམ་གྱིས་དང་བ་དང་བ་ལྟ་བུར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དང་བཅས་པའི་དཔེས་མཚོན ་པའི་ལུང་ལ་ལྟོས་པའི་རྗེས་སུ་དཔག་པས་ཀྱང་རྣམ་པར་འགྱུར་བ་མ་ཡིན་ཏེ། དེས་ན་རྟོག་པ་མངོན་དུ་གཏོང་བ་རྣམས་རྣམ་པ་དེ་ལྟ་བུའི་ལུད་ཉིད་ལས་འཇུག་པར་རིགས་ཀྱི་གཞན་ལས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདིར་རིན་པོ་ཆེ་དང ་ཆོས་མཚུངས་པར་བསྟན་པའི་ཕྱིར་བློ་གྲོས་ངན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ངན་པ་ཉིད་ནི་མུན་པ་ཡིན་ཏེ། ལོང་བར་བྱེད་པས་སོ།། དེ་འཇོམས་པ་ནི་འཇིག་པ་སྟེ། དེ་ལ་རྗེས་སུ་མཐུན་པ་འབྱུང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས ་བྱའོ།། སྡིག་ཅན་རྣམས་ཀྱིས་ཞེས་བྱ་བ་ནི་བསོད་ནམས་དང་མི་ལྡན་པ་རྣམས་ཀྱིས་སོ།། འདས་མ་ཐག་ཏུ་གསལ་བར་བཤད།། ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཚིག་ཅེས་བྱ་བའི་འབྲས་བུའི་རྟགS་ལས་སྐྱེས་བའོ། །རྒྱལ་བ་སངས་རྒྱས་སོཌ་སྐྱེས ་བུ།། ཞེས་བྱ་བ་ལ་སོགས་པ་ལ་མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་བདུད་བཏུལ་བ་ནི་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པ་ལས ་ཁྱད་པར་དུ་གྲུབ་པ་ན་ཡང་བདེན་པར་སྨྲ་བ་ཁྱེད་ཅག་གིས་ཁྱད་པར་བཟུང་བ་མ་ཡིན། །ཞེས་བརྗོད་པར་མི་རིགས་སོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ།། འདི་སྙམ་དུ་རྩིས་ལ་སོགས་པ་ཕྱོགས་གཅིག་གིས་དོན་ལ་མི་སྦུ?་བའི་ཕྱིར་ཁོ་བོ་ནག་གིས་གཉི་ག ་ཡང་ཁྱད་པར་མེད་པར་བརྗོད་པ་ཡིན་ནོ་སྙམ་དུ་སེམས་ན་ཡི་གེའི་ཕྱི་མོ་རིག་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེའི་ཕྱི་མོ?་ནི་གྲུབ་བའི་དངོས་པོའི་འབྲས་བུ་ཅན་ནོ།། གཏན་ཚིགས་གང་གིས་གཅིག་ཉིད་ལ། །ཞེས་བྱ་བ ་ལ་སོགས་པ་ལ་ངེས་ན་གཏན་ཚིགས་གང་ཞིག་གིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ།། དེ་ཡི་གཏན་ཚིགས་དངོས་མེད་ཕྱིར་རོ། །ཞེས་བྱ་བ་ནི་གལ་ཏེ། ཕྱིན་ཅི་མ་ལོག་པའི་དོན་ཅན་དོན་ཐམས་ཅད་ལ་ཁྱབ་པའི་འགྱུར་བ ་སྨྲ་བ་ལ་སོགས་པ་རྣམས་སྟོན་པ་པོ་ཡིན་པའི་ཕྱིར་སྒྲ་ཙམ་ཡོད་པ་དེ་ལྟ་ན་ཡང་དངོས་པོ་དང་འབྲེལ་བ་དེའི་གཏན་ཚིགས་ཀྱི་དངོས་པོ་གཏན་ཚིགས་ཀྱི་དོན་མེད་པའི་ཕྱིར་གཏན་ཚིགས་ཀྱི་འདི་སེར་སྐྱ་ལ་སོགས་པ་གཞན་ལ་ཡོད་པ་མ་ཡིན་ནོ་དངོས་པོ་ཁོ་ན ་དངོས་པོ་དང་འབྲེལ་བའི་ཕྱིར་དངོས་པོ་གོ་བར་བྱེད་པ་ཡིན་གྱི་སྒྲ་ཙམ་ནི་མ་ཡིན་ནོ། །རྒྱལ་བ་ཀུན་མཁྱེན་དུ་བསྒྲུབ་ལ། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁྲོས་པ་ཞེས་བྱ་བ་ནི་ཁྲོ་བ་དང་བྲལ་ཏེ ་དེ་དག་ནི་བརྩེ་བ་ཁོ་ནས་གཞན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་འཇུག་པའི་ཕྱིར་ཏེ་ཁྱེད་ཅག་ལྟར་སྡང་བ་དང་རྒྱལ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་དེས་ཉེ་བར་བསྟན་པའི་འགྱུར་བ་སྨྲ་བ་ལ་སོགས་པ་སུན་ཕྱུང་བ་ཉིད་དུ་བསྟན་པའི་ཕྱིར་རོ།། ་དེ་དག་རྣམས་ཀྱི་མི་གནས་པའི། །ཞེས་བྱ་བ་ལ་སོགས་པ་ལ། འབྲེལ་བ་གྲུབ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་བ་གྲུབ་པའི་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པས་གྲུབ་པའི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི ་འབྲེལ་པ་ཞེས་བྱ་བའི་དོན་ཏོ།། གང་ཞིག་ཅེས་བྱ་བ་ནི་གང་གི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ།། གང་ཞིག་ཤེས་བྱ་གཞལ་བྱ་ཉིད།། ཅེས་བྱ་བ་ལ་སོགས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན ་སྒྲུབ་པས་དོན་གཞན་དགག་པ་བསྒྲུབ་པར་འདོད་པས་དངོས་སམ་བརྒྱུད་པས་འགལ་བ་ཉིད་བསྒྲུབས་པ་ལས་འགལ་བ་རྟོགས་པར་བྱའི་མི་འགལ་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་པ་གང་ཡང་རུང་བ་ཞིག་བསྒྲུབས་བས་ཐམས་ཅད་བཀག་པར ་འགྱུར་རོ། །ཐམས་ཅད་མཁྱེན་པ་ནི་ཞེས་བྱ་བ་ལ་སོགས་པ་དག་དང་ལྷན་ཅིག་དངོས་སམ་བརྒྱུད་པས་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་ངེས་པར་དཔྱད་པ་ན་དངོས་པོ་རྣམས་ཀྱི་འགལ་བ་ནི་རྣམ་པ་གཉིས་ཁོ་ནར་གནས ་ཏེ་དཔེར་ན་དངོས་པོ་དང་དངོས་པོ་མེད་པའམ་རིམ་དང་རིམ་མ་ཡིན་པ་དག་ལྟ་བུར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དམ། རྣམ་པ་གཅིག་ཏུ་ན་དཔེར་ན་མེ་དང་གྲང་བའི་རེག་པ་དག་བཞིན་དུ་ལྷན་ཅིག་མི་གནས་པའི་མཚན་ཉིད་དོ། །དེ་ལ་རེ་ཤིག ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་བྱ་ཉིད་ལ་སོགས་པ་དང་ལྷན་ཅིག་འགལ་བ་དང་པོ་སྲིད་པ་མ་ཡིན་ནོ་ཞེས་བསྟན་བའི་ཕྱིར་ཤེས་བྱ་མིན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གང་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མི་འབྱུང་བ་དེ་དག་ཁོ་ན ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཞེས་སྔར་བཤད་ཟིན་ཏོ།། ཤེས་བྱ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་བཅད་ནས་གནས་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་བྱ་མ་ཡིན་པ་ལ་སོགས་པ་རྣམ་པར ་བཅད་ནས་སོ།། འགལ་བ་གཉིས་པ་ཡང་སྲིད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལ་ལར་ཐམས་ཅད་མཁྱེན་པ་ཉིད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ན་གང་ཉེ་བ་ལས་མི་འབྱུང་བ་དེ་དག་ཁོ་ན ་ལྷན་ཅིག་མི་གནས་པའི་མཚན་ཉིད་གྱི་འགལ་བ་ཡིན་ལ་གང་གི་ཕྱིར་ཡོད་པ་ཉིད་ལ་སོགས་པ་ཡོད་པ་ན་ལྡོག་པ་ཞེས་བྱ་བར་འགྱུར་བ་ཐམས་ཅད་མཁྱེན་པ་འདི་སྔར་མཚང་བ་མེད་པར་འཇུག་པར་མཐོང་བ་ཡང་མ་ཡིན་ནོ། །ཅིའི་ཕྱིར་མི ་འཇུག་ཅེ་ན། རང་བཞིན་དང་རིག་མེད་པ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོད་པ་ཉིད་དང་ཤེས་བྱ་ཉིད་ཡོད་པ་ན་ཐམས་ཅད་མཁྱེན་པ་ཉིད་ལྡོག་པ་ཡིན་ནོ་ཞེས་ཁྱེད་ཀྱིས་ཁས་ལེན་པ་དེ་ལྟར་ནི་ཡོད་པ་ལ་སོགས་པ་ཉེ་བ་ལས་སྡང ་འདིའི་མེད་པ་ཉིད་དང་རང་རིག་པས་ཀྱང་ཤེས་པར་བྱ་བ་མ་ཡིན་པ་ཉིད་ཅེས་ཁས་བླངས་པར་འགྱུར་ལ་དེ་ལྟ་ཡིན་དང་མེད་པ་ཉིད་ཀྱིས་རང་བཞིན་མེད་པ་དང་ཤེས་བྱ་མ་ཡིན་པའི་ཕྱིར་རང་རིག་པ་མ་ཡིན་པ་ན་ཐམས་ཅད་མཁྱེན་པ་འདི་སྐྱེ་བ་སྟེ་འབྱུང་པ་མ ་ཡིན་པའི་ཕྱིར་དེ་ཇི་ལྟར་སྔར་འཇུག་ཅིང་ཕྱིར་ལྡོག་པ་ཞེས་བྱ་པར་འགྱུར་རང་བཞིན་མེད་པའི་སྐྱེ་བ་སྲིད་པ་མ་ཡིན་ལ་མི་དམིགས་པ་ལ་ཡོད་པར་རྣམ་པར་བཞག་པའི་རྒྱུ་མཚན་ཡང་མེད་དེ། དངོས་པོ་ཡོད་པ་རྣམ་པར་གཞག་པའི་རྒྱུ་མཚན་ནི་ཤེས་པ་ཡིན་པའི་ཕྱིར་རོ།། ་དེ་ལྟ་བས་ན་རང་གི་ཚིག་དང་འགལ་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་འདིས་སྔར་འཇུག་པར་ཁས་ལེན་ན་དེའི་ཚེ་འབད་པ་མེད་པར་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པ་ཡིན་ནོ། །དེས་ན་དེ་སྤང་བར་རིགས་པ་མ་ཡིན་ནོ།། དེ་ལྟ་མ་ཡིན་ན་རང་གི་ཚིག ་དང་འགལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ལྟར་སྔར་འཇུག་ཡོད་པ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་འཇུག་པའི་ཐམས་ཅད་མཁྱེན་པ་ཁས་ལེན་ན་ཞེས་ལྷག་མའོ། །ཡང་ཅི་སྟེ། ཞེས་བྱ་བ་ལ་སོགས་མི་འགལ་མོད་དེ་ལྟན་ཡང་ཐམས་ཅད་མཁྱེན་པ ་མེད་པར་གོམས་པར་བྱེད་པ་ཡིན་ནོ་སྙམ་ན། འགལ་བ་མེད་པ་བསྒྲུབས་པ་ཡིས། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཤེས་བྱ་ཉིད་ལ་སོགས་པ་མི་འགལ་བ་ཁོ་ན་སྟེ། བརྒྱུད་ནས་དེའི་རྒྱུ་རྣམ་པར་རྟོག་པ་དང་ཐམས་ཅད་མཁྱེན་པ ་ཉིད་ལྷན་ཅིག་མི་གནས་པའི་ཕྱིར་རོ།། འདི་ལྟར་མ་བརྟགས་མ་དཔྱད་པར་ཚིག་ཏུ་མི་སྨྲའོ་ཞེས་བྱ་བའི་རིགས་པས་ཚིག་རྒྱུ་ནི་རྣམ་པར་རྟོག་པ་ཡིན་ལ་རྣམ་པར་རྟོག་པ་ཐམས་ཅད་བརྗོད་པ་དང་འདྲེ་བ་ཉིད་ཀྱིས་དངོས་པོའི་རང་གི་ངོ་བོ་འཛིན་པ་མ་ཡིན་ཏེ། དེ་ནི་རྟོག ་པ་མེད་པའི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་རྟོག་པའི་གནས་སྐབས་ན་དངོས་པོའི་རང་གི་ངོ་བོ་མི་ཤེས་པའི་ཕྱིར་རོ་ཐམས་ཅད་མཁྱེན་པ་ཡོད་པ་མ་ཡིན་པས་སྨྲ་བ་བོ་འདི་བརྗོད་པར་?་པའི་ཐམས་ཅད་མཁྱེན་པའི་མཚན་ཉིད ་ལས་རྒྱུ་མི་དམིགས་པས་ལྡོག་པ་ངེས་སོ་ཞེས་གྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ།། སྨྲ་བར་བརྗོད་པའི་གཏན་ཚིགས་འདི་ཡང་གང་ཞིག་ཤེས་བྱ་གཞལ་བྱ་ཉིད།། དངོས་པོ་ཡོད་ཉིད་སོགས་ཞེས་བྱ་བ་འདིར་སོགS ་ཀྱི་སྒྲས་འཕད་བ་ཁོ་ནའོ་སྙམ་དུ་གང་སེམས་པ་འད་དི་འདིར་སོགས་པའི་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས་འདིར་ཡང་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་ཁ་ཅིག་ནི་བཅོམ་ལྡན་འདས་རྣམ་པར ་རྟོག་པ་མངོན་དུ་གྱུར་བ་ཉིད་ཀྱིས་སྨྲ་བ་ཡིན་ནོ་ཞེས་ཁས་ལེན་ལ་གཞན་དག་ནི་བཅོམ་ལྡན་འདས་ཀྱིས་གསུང་འཇུག་པ་ནི་རྣམ་པར་རྟོག་པ་མེད་ན་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སོ་ཞེས་བརྗོད་པར་བྱེད་དོ། །དེ་ལ་གཞུང་ལུགས་དང་པོ་ལ་གལ་ཏེ་རྣམ་པ ་རྟོག་པའི་གནས་སྐབས་སུ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་སྒྲུབ་པར་བྱེད་ན་དེའི་ཚེ་གྲུབ་པ་ལས་སྒྲུབ་བ་ཉིད་དེ། དེ་ངག་གིས་དེའི་གནས་སྐབས་ན་བཅོམ་ལྡན་འདས་ཐམS་ཅད་མཁྱེན་པ་མ་ཡིན་པར་འདོད་པ་ཁོ་ནའོ། །ཅི་སྟེ་རྟོག་པ་མེད་པའི་གནས ་སྐབས་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པར་འདོད་ན་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། དེའི་ཚེ་ཀུན་ནས་སློང་བར་བྱེད་པའི་རྣམས་པར་རྟོག་པ་མེད་པའི་ཕྱིར་གནས་སྐབས་དེ་ནི་ཚིག་འཇུག་པ་མ་ཡིན་ནོ། །གལ་ཏེ་རྣམ་པར ་རྟོགས་པའི་གནས་སྐབས་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་སྨྲ་བའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེས་དོགས་པ་བསུ་ནས་དེ་ལྟ་ཡིན་ནའང་དེ་ལ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེའི་གནས་སྐབས ་ན་ཐམས་ཅད་མཁྱེན་པ་མ་ཡིན་པ་དེ་ལྟ་ན་ཡང་འདི་ཐམས་ཅད་མཁྱེན་པ་མ་ཡིན་པས་བྱས་བར་མི་འགྱུར་རོ། །གང་ལས་ཤེ་ན། འདི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས ་ཀྱི་སྟོབས་ཀྱིས་འབྱུང་བའི་རྣམ་པར་རྟོག་པས་ཀུན་ནས་བསླད་བའི་ཕྱིར་བརྒྱུད་ནས་དངོས་པོ་དང་འབྲེལ་པས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་བཞིན་དུ་ཚད་མ་ཉིད་དུ་འགྱུར་བ་ཡང་ཡིན་ནོ། །འདི་ཉིད་ལ་དཔེར་བརྗོད་པ་འཆད་པ་ནི་འགའ་ཞིག་དྲོ་བ་ཉམས་མྱོང ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དོན་མྱོང་ཕ་ལས་བྱུང་ཕྱིར། ཞེས་བྱ་བ་ནི་དྲོ་བ་དེའི་དོན་ཉམས་སུ་མྱོང་བའི་ཕྱིར་བརྒྱུད་ནས་རྣམས་པར་རྟོག་པ་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཞེས་བྱ་བ་ནི་དྲོ་བ་ཉམས་སུ་མྱོང་བའི་ཚིག་ལས་སོ། །འདི་སྙམ་དུ་གལ་ཏེ་ཐམས་ཅད ་མཁྱེན་པ་ལ་རྣམ་པར་རྟོག་པའི་ཤེས་པ་ཡོད་ན་དེའི་ཚེ་འཁྲུལ་པར་འགྱུར་ཏེ། རྣམ་པར་རྟོག་པ་ནི་རང་བཞིན་གྱིས་རང་གི་སྨད་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པས་འཁྲུལ་བའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ནི་ཡོད་བ་མ་ཡིན་ཏེ། གལ་ཏེ་སྒྲོ་བཏགས་པ་དེ་དང་དེ་ཁོ ་ན་ཉིད་ཀྱི་ངོ་བོ་རྣམ་པར་ཕྱེ་ནས་མི་ཤེས་པ་ཡིན་ན་དེའི་ཚེ་འཁྲུལ་པར་འགྱུར་ན། འདི་ལྟར་རྣམ་པར་རྟོག་པའི་ཡུལ་སྒྲོ་བཏགས་པ་ནི་སྒོ་བཏགས་བའི་བདག་ཉད?་ཁོ་ནར་དེས་ལ་ཕྱི་རོལ་གྱི་དངོས་པོ་རྣམ་པར་རྟོག་པ་མེད་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་ཀྱང ་སོགས?་ཤིག་ཏུ་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དུ་གཟིགས་པ་ན་ཇི་ལྟར་ཕྱིན་ཅི་ལོག་ཅེས་བྱ། གལ་ཏེ་ཕྱིན་ཅི་ལོག་མ་ཡིན་ན་དེ་ཇི་ལྟར་རྣམ་པར་རྟོག་པའི་གནས་སྐབས་ན་སྒྲོ་འདོགས་པར་བྱེད་ཅེན་མ་ཡིན་ཏེ། སྒྲ་འཇུག་པའི་ཐབས་མཁྱེན་བའི་ཕྱིར་རོ།། གང་གི་སྒྲོ་བཏགS ་བའི་རྣམ་པར་རྟོགS་པ་ལས་མ་གཏོགས་པ་གཞན་སྒྲ་ཀུན་ནས་སློད་བར་བྱེད་པ་མཐོང་བ་ལ་སྒྲོ་བཏགས་པ་ལས་གཞན་སྒྲའི་དོན་ཡང་མ་དམིགས་སོ།། དེ་བས་ན་སྤྲ་འཇུག་བའི་ཐམས་ཅད་མཁྱེན་པ་འགྲོ་བ་ལ་ཐུགས་བརྩེ་བས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ ་ཆུད་པ་གཞན་ལ་མ་བསྟན་བར་བཞུགས་པ་མི་སྦྱོང་བ་ན་དེ་བསྟན་པར་བཞེད་ནས་སྒྲ་འཇུག་པའི་ཐབས་སྒྲོ་བཏགས་པའི་རྣམ་པར་རྟོག་པ་དང་སྒྲོ་གདགས་པར་བྱ་བའི་བརྗོད་བྱ་དགོད་པར་མཛད་པ་ཡིན་ནོ།། འདི་ཡང་ཕྱིར་རྒོལ་བ་དོགས་བར་བྱས་ནས་ལན་འདེབས་པར? ་འགྱུར་ཏེ་ཁོ་བོ་ཅག་གིས་ནི་འདིར་སྐབས་སུ་བབ་བའི་ཕྱིར་བརྗོད་པ་ཡིན་ནོ་དེ་ཉིད་ཀྱི་ཕྱིར་སྨྲ་བའི་ཕྱིར་འདོད་ཆགས་དང་ལྡན་པ་ཉིད་རྗེས་སུ་དབོག་པ་ཡང་རིགས་པ་མ་ཡིན་ཏེ། རྣམ་པ་གཞན་དུ་ཡན་ཚིག་འཇུག་པ་སྲིད་པའི་ཕྱིར་རོ། །གང་གི་ཕྱིར ་གཡོ་བ་དང་བརྗོད་པ་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་ཁོ་ནའི་འབྲས་བུ་མ་ཡིན་ཏེ། བརྗོད་པར་འདོད་པ་སྤྱིའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །བརྗོད་པར་འདོད་པ་ཉིད་དེ་ཡང་སྙིང་རྗེས་འདོད་ཆགས་དང་བྲལ་བ་ལ་ཡང་སྲིད་པའི་ཕྱིར་འཁྲུལ་པ་ཡིན་ནོ། །སྙིང་རྗེ་དེ ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། མི་བྱེད་པ་ནི་ཅུང་ཟད་མི་འདོད་པར་འགྱུར་བ་ནི་མ་ཡིན་གྱི་འོན་ཀྱང་རྟག་པ་དང་བདེ་བ་དང་བདག་དང་བདག་གིར་ལྟ་བས་འཕངས་པ་ཟག་པ་དང་བཅས་པའི་དངོས་པོའི་ཡུལ་ཅན་གྱི་སེམས་ཀྱི་མངོན་པར་ཞེན་པ་ནི་འདོད་ཆགས་ཡིན ་པར་བརྗོད་ལ་དེ་ལ་སྔོན་དུ་འགྲོ་བ་ཅན་གྱི་བདག་དང་བདག་གི་ལ་གནོད་པ་ལ་སྡང་བ་ནི་ཞེ་སྡང་ངོ། །བདག་དང་བདག་གིར་འཛིན་པ་ནི་གཏི་མུག་གོ། སྙིང་རྗེ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་ནི་བདག་ཏུ་འཛིན་པ་མེད་པ་ཡང་སྡུག་བསྔལ་གྱི་ཁྱད་པར་མཐོང་བ་ཙམ་གྱིས ་གོམས་པའི་སྟོབས་ཁོ་ན་ལས་སྐྱེས་པའི་ཕྱིར་རོ། །འདི་ལྟར་བསྟན་བཅོས་ལས་འདོད་ཆགས་དང་བྲལ་བ་རྣམས་ལ་ཆོས་ལ་སོགས་པ་ལ་དམིགས་བའི་བྱམས་པ་ལ་སོགས་པ་བྱུང་བར་བཤད་དོ། །འདི་སྙམ་དུ་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཤེས་པ་མངོན་དུ་མ ་ཕྱོགས་པ་ཙམ་སྒྲུབ་པར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པར་འགྱུར་ཏེ། འདི་ལྟར་དངོས་པོ་མཛའ་དག་གི་དེ་ཁོ་ན་ཉིད་ཤེས་བའི་ནུས་པ་ཉིད་སྒྲུབ་བར་འདོད་དེ། དེས་ན་སྒྲུབ་པ་ལ་སྒྲུབ་པ་མ་ཡིན་ལ་གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། ཚིག་ཙམ་གྱི ་ནུས་པ་གཏན་ཚིགས་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ་སྙམ་དུ་སེམས་ན་དངོས་པོ་མཛའ་དག་ཤེས་པ་ཡིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་གཉི་ག་ལ་ཡང་གཏན་ཚིགས་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མེད ་པའི་ཕྱིར། བཟློག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིS་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་གི་ལྟར་ན་རྣམ་པར་རྟོག་པར་མི་བྱེད་ན་ཡང་བཅོམ་ལྡན་འདས་ཀྱིས་གསུང་འཇུག་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེ་ལ་འཁོར་ལོ་བསྐོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འཁོར་ལོ ་དབྱུག་པས་བསྐོར་བའི་བྱ་བ་དང་བྲལ་ན་ཡང་སྔ་མའི་ཤུགས་ཀྱི་དབང་གི་འཁོར་བ་དེ་ལྟར་བཅོམ་ལྡན་འདས་ལ་རྟོག་པ་མཛའ་དག་སྤངས་བའི་ཤེས་པ་ཅན་དུ་གནས་ནའང་སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཤུགས་ཀྱི་དབང་གིས་བསྟན་པ་འཇུག་པ ་ཉིད་ཡིན་ནོ། །བློ་བཟང་ནི་བདེ་བར་གཤེགས་པ་བའོ།། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ལ་ཅི་གིས་ཁས་ལེན་པ་དེ་ལ་མ་གྲུབ་པ་ཉིད་ཀྱིས་གཏན་ཚིགས་ཀྱི་སྐྱོན་བསལ་རབ་ཏུ་ངེས་པ་ཉིད་ཡིན་ནོ། །འདི་སྙམ་དུ་གཞུང་འདི་ལ་ཐམས་ཅད་རང་གི་ངོ་བོ་སྣང་བ་ཉམས་སུ་མྱོང་བཅཾ ་ཡིན་པའི་ཕྱིར་དོན་དམ་པར་སྨྲ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་གྱི་འོན་ཀྱང་མངོན་པར་ཞེན་པའི་དབང་གིས་གཞན་ལ་མི་སྨྲ་བ་ན་ཡང་དེ་ལྟ་བུར་སྣང་བའི་ཤེས་པ་སྐྱེས་བ་ལ་བདག་པོའི་རྐྱེན་གྱིས་ངོ་བོས་གནས་པ་ན་འཇིག་རྟེན་སྨྲ་བ་ཉིད་མངོན་བར་ཞེན་ལ། ་འཇིག་རྟེན་པས་རྟོགས་པའི་མངོན་པར་ཞེན་པའི་སྨྲ་བ་པོ་དེ་ཉིད་གཏན་ཚིགས་སུ་འདོད་དོ། །འདི་ལྟར་གྲུབ་པའི་མཛའ་ལ་གྲགས་པའི་གཏན་ཚིགས་སམ་ཆོས་ཅན་བྱེད་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་གྲགས་པ་ཁོ་ན་ཡིན་པས་དེས་ན་གཏན ་ཚིགས་མ་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། གང་ཡང་འཇིག་རྟེན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་སྔ་མ་བཞིན་དུ་མི་མཐུན་བའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། གཏན་ཚིགས་མ་ངེས་པ་ཡིན་ནོ། །འོན་ཏེ ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་འདིར་རྣམ་པར་ཤེས་པར་སྨྲ་བའི་ཆུལ་མ་གྲུབ་པ་སྨྲས་པ་གང་ཡིན་པ་དེ་སུན་འབྱིན་པ་ཡིན་ཏེ། འདི་སྙམ་དུ་སེམས་ཏེ། གཉི་ག་ལ་ངེས་པར་བརྗོད་པ་གང་ཡིན་པ་དེ་ཁོ་ན་བསྒྲུབ་པ་འམ་སུན་འབྱིན་པ་ཡིན་གྱི། ་གང་ཡང་རུང་བ་ལ་མ་གྲུབ་པའམ་ཐེ་ཚོམ་ཟ་བ་སྲིད་པ་ནི་མ་ཡིན་ཏེ། དེ་ཡང་སྒྲུབ་པར་བྱེད་པ་བལྟོས་པའི་ཕྱིར་རོ་ཞེས་བྱ་བའི་རིགས་པས་སོ།། ཆོད་མས་མི་འཐད་པའི་རྣམ་པར་ཤེས་པ་སྨྲ་བའི་གཞུང་དེ་ལ་ཇི་ལྟར་མ་གྲུབ་པར་སྟོན ་རང་གི་འདོད་པ་ཙམ་གྱིས་གྲུབ་པ་དང་མ་གྲུབ་པ་ཡོངས་སུ་བརྟགས་པ་ལ་སུན་འབྱིན་པ་ནི་མ་ཡིན་ནོ།། འོ་ན་ཅི་ཞེ་ན། ཚད་མའི་སྟོབས་ཀྱིས་བསྒྲུབ་བའི་གྲུབ་པ་དང་མ་གྲུབ་པ་དག་ལས་མ་ཡིན་ནོ།། རྣམ་པར་ཤེས་པའི་ཚུལ་ནི་ཚད་མའི་སྟོབས་ལས་གྲུབ་པ ་མ་ཡིན་ཏེ། འདི་རྒྱས་པར་གསལ་ཟིན་པའི་ཕྱིར་རོ་སྙམ་དུ་སེམས་ན་བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་བར་བྱེད་དོ།། འདི་ལ་རྣམ་པར་རྟོག་པ་གཉིས་ཏེ། རེས་འགའ་སྨྲ་བ་ཉིད་རང་དབང་དུ་བསྒྲུབ་པར་འདོད་པ་ཡིན་ནམ། ཐལ་བ་སྒྲུབ་པར་བྱེད་པ ་ཡིན་གྲང།། དེ་ལ་ཕྱོགས་དང་པོ་ལ་རྟེན་ཁྱད་པར་?་གྱིས་མ་གྲུབ་པའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་ཡིན་ནོ། །ཅི་སྟེ་རྟེན་སྤྱིར་བརྗོད་པར་འདོད་པ་དེ་ལྟན་ཡང་ཇི་སྲིད་དུ་ཕྱིར་རྒོལ་བ་ལ་སྨྲ་བ་ཉིད་ཚད་མས་མ་བསྒྲུབ་པ་དེ་སྲིད་དུ་ཐེ་ཚོམ་ཟ་བའི་མ་གྲུབ ་བ་ཡིན་ཏེ། གཉི་ག་ལ་ངེས་པར་བརྗོད་པ་གང་ཡིན་པ་དེ་ཁོ་ན་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ།། འདི་ཞེས་བྱ་བ་ནི་སྨྲ་བ་ཉིད་དོ། །དེ་བས་ན་ཉེས་པ་འདིར་འགྱུར་དུ་འོད་བས་ཁྱོད་ཀྱིས་ཐལ་བ་བསྒྲུབ་པ་ཁས་བླང་བ་བྱ་དགོས་ལ་?་བསྒྲུབ་པ་དེ་ལ ་ཡང་མ་བརྟགས་ན་ཉམས་དགའ་བ་ཉིད་ཀྱིས་ལུང་ཙམ་ལས་གཞན་ལ་རབ་ཏུ་གྲགས་པའི་ཆོས་དེ་ཉིད་ཕན་ཚུན་འགལ་བར་བསྟན་པའི་ཕྱིར། སྒྲུབ་བར་བྱེད་པ་ཉིད་དུ་གསལ་བར་བྱ་བ་ཡིན་གྱི་འདི་ཚད་མས་བསྒྲུབ་པར་བྱ་བ་ནི་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། ་གཞན་ཡང་སྨྲ་བ་ཉིད་ལུང་ཙམ་གྱིས་གྲུབ་པ་ཡང་མ་ཡིན་པའི་ཕྱིར། གཉི་ག་ལ་ཡང་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་བ་ནི་གཞན་གྱིས་སྨས་པ་ལས་བཟློག་པའི་དོན་དུ་གདུངས་པ་ཡིན་ནོ། །དེ་ནི་སུ་ཞིག་རྟོག་མི ་བྱེད་ཅེས་བྱ་བ་ནི་སྲིད་པ་ཡིན་ཉིད་དུ་ཞེས་བྱ་བ་ལྷག་མའོ། །གང་གི་ཕྱིར་གནོད་པར་བྱེད་པ་མི་དམིགས་པ་ཉིད་ཀྱི་ཕྱིར་དེའི་སྲིད་པ་ཉིད་གྲུབ་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རེ་ཞིག་འདི་ཞོག་རིག་བྱེད་སྨྲ་བའི་མཐར་གནས་པའི་རིགS་པ་ངན་པ་གང་ཡིན་པ་དེ་མཛེས ་པར་མ་ཡིན་ནོ་ཞེས་བྱ་བ་འདི་ངོ་མཚར་མེད་ཀྱི་འོན་ཀྱང་ཁྱེད་ཀྱིས་བརྗོད་བའི་རིགས་པ་བཟང་པོ་ཡང་རྟེན་གྱིས་མཛེས་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། དུ་བ་མེ་ལ་མི་འཁྲུལ་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་ནི་མེ་དང་འབྲེལ་བར་སྐྱེ་བ་ཉིད་ཀྱིས་དེ་ལ་མི་འཁྲུལ་པ ་ཉིད་དུ་གནག་རྫིའི་བར་དུ་ཤིན་ཏུ་གྲགས་པ་ཉིད་ལ། དེ་ཡང་ཁྱེད་ཀྱིས་འགྲོ་བ་ཐམས་ཅད་དངོས་པོ་ཉིད་ལ་སོགས་པས་དོན་དམ་པར་གཅིག་ཉིད་དུ་བརྗོད་པ་ན་མེ་ལ་མི་འཁྲུལ་བ་ཉིད་དུ་བསྟན་པར་མི་ནུས་ཏེ། ཁྱེད་ཀྱི་ལུགས་ཀྱིས་དངོས་པོའི་ངོ་བོ་ཉིད་ཀྱིས་དོན་དམ་བར་དུ་?་ཆུ ་ལ་ཡང་འཇུག་པའི་ཕྱིར་རོ།། འདི་སྙམ་དུ་ཆུ་དེ་ལ་ཡང་དུ་བ་བཞིན་དུ་དངོས་པོའི་ངོ་བོ་ཉིད་ཀྱིས་མེ་ཡང་ཡོད་པའི་ཕྱིར་འཁྲུལ་པ་མེད་པ་ཉིད་དུ་སྙམ་དུ་སེམས་ན། དེ་ལ་ཡང་ནི་མེ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ལ་ཡང་ནི་ཆུའོ། །གལ་ཏེ་དེའི་བདག་ཉིད ་ཀྱིས་མེ་ཡོད་པར་ཁས་ལེན་པར་བྱེད་ན་དེའི་ཚེ་མ་བསྒྲུབ་བར་བྱ་བ་ལ་ཆུ་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་མི་འགྱུར་རོ།། དེ་ལྟ་ཡིན་དང་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དུ་བ་ལ་སོགས་པའི་རྟགས་མི་མཐུན་བའི་ཕྱོགས་ལམ་བཟློག་པ་ཅི་ལ་བརྟེན ་པ་ཡིན། གལ་ཏེ་དོན་དམ་པར་ཆུ་ལ་མི་གནས་སོ་ཞེས་བྱ་བར་གྲུབ་ན་ཅིའི་ཕྱིར་དེའི་ངོ་བོར་དམིགས་པ་དང་བཙོ་བ་དང་བསྲེག་པ་ལ་སོགས་པའི་མཚན་ཉིད་ཀྱིས་འབྲས་བུར་སྣང་བའི་རྣམ་པར་རིག་པ་འབྱུང་བར་མི་འགྱུར་གལ་ཏེ་མི་འདྲ་བ་ཡང་ཡོད་དོ་ཞེ་ན། ་བདག་གི་དངོས་པོ་མི་འདྲ་ནའང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་རྒྱས་བར་འགྱུར་བར་སྨྲ་བ་བརྟགས་པར་དཔྱད་ཟིན་པའི་ཕྱིར། རེ་ཞིག་འདི་ནི་བཞག་གོ། གང་གིས་ཚད་མ་གཅིག་གིས་ནི། །ཞེས་བྱ་བ་ལ་སོགས་པ་གང་སྨས་པ་དེ་ལ་དངོས་པོ ་མཛའ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གལ་ཏེ་མིག་ལ་སོགས་པའི་བློ་ལ་དོན་ཐམས་ཅད་ཡོངས་སུ་ཤེས་པར་ཁས་ལེན་པར་འགྱུར་ན་དེའི་ཚེ་ཇི་སྐད་དུ་བཤད་བའི་སྐྱོན་དུ་ཐལ་བར་འགྱུར་ཏེ། འདི་ལྟར་དངོས་པོ་མཛའ་དག་ཡོད་པའི་མི་རྟག་བ་ལ ་སོགས་བས་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་མ་ལུས་པ་གོམས་པར་རབ་ཀྱི་མཛའ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དོན་ཐམས་ཅད་ཀྱི་སྤྱོད་ཡུལ་ཅན་གྱིས་གསལ་བར་སྣང་བ་དང་མི་བསླུ་བ་ཉིད་དག་གི་ཕྱིར་མངོན་སུམ་ཉིད་དུ་ཁས་བླངས་བས་ཅིག ་ཅར་དངོས་པོ་ཐམས་ཅད་འཛིན་པའི་ཕྱིར་ཐམས་ཅད་མཁྱེན་བར་འདོད་ཀྱི་མིག་ལ་སོགས་བའི་གྲོས་ནི་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དོན་ཐམས་ཅད་ཀྱི་ཡུལ་ཅན་དུ་གྲུབ་པ་མ་ཡིན་ནོ། ཞེས་བརྗོད་བར་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ཁྱོད་ཀྱང་དྲན ་བའི་ཤེས་པ་གཟུགས་དང་སྒྲ་ལ་སོགས་བའི་ཡུལ་ཅན་དུ་བརྗོད་པ་ཡིན་ལ་དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའོ། །རྨི་ལམ་ན་ཡང་གཟུགས་ལ་སོགས་པ་སྣང་བ་ཤིན་ཏུ་གྲགས་པ་ཉིད་ཀྱི་ཕྱིར་འདི་བསྙེན་པར་བྱ་བར་མི་ནུས་སོ་།དེས་ན་ཁྱད་པར་དུ་འཕཊ ་པ་ནི་རང་གི་དོན་མི་སྤོང་བ་ཉིད་དུ་འདོད་བའི་ཕྱིར་ཁོ་བོ་ཅུང་ཟད་མི་འདོད་པར་འགྱུར་བ་ནི་མེད་དོ་རྣམ་པར་ཤེས་པ་སྨྲ་བདག་གི་?་དབང་པོའི་བློས་ཐམས་ཅད་མཁྱེན་བར་འདོད་པ་དེའི་ལྟར་ན་ཡང་ཉེས་པ་མེད་དོ། །གནས་དན་ལེན་གྱི་བག་ཆགས་སྤངས་པ ་ན་བློ་ཐམས་ཅད་ལ་འདུས་པ་ཉིད་ཀྱིས་ཁྱབ་བདག་ཉིད་དུ་འདོད་པའི་ཕྱིར་རོ།། བློ་རྣམས་ཀྱི་དེས་བའིརྒྱུ་ནི་གནས་ངན་ལེན་གྱི་བག་ཆགས་ཁོ་ན་ཡིན་ཏེ། དེ་སྤངས་པ་ན་འདི་དག་གི་ངེས་པའི་དོན་གྱི་ཡུལ་ཅན་ཉིད་དུ་ག?་འགྱུར་སྙམ་དུ་སེམས་ན་ཡང ་ན་རྣམ་དག། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ཐ་དད་བས་དངོས་པོ་རྣམས་ཀྱི་རང་བཞིན་ཐ་དད་བར་ངེས་པའི་ཕྱིར་དངོས་པོ་ལ་ལར་འགའ་ཞིག་ཚེ་མཐོང་བ་ཐམས་ཅད་ཀྱི་ཚེད་ལྟ་བུའི་ངོ་བོར་ངེས་པ་ནི་མ་ཡིན་ཏེ། ལ་ལ་དག་སྒྱུ་རུ་? ་འབྲས་བུ་ཆུར་བར་དམིགས་ཤེས་ཏེ། དེ་ཙམ་གྱིས་ཡུལ་ཐམས་ཅད་དུ་རྒྱུའི་བྱེ་བྲག་སྲིད་ན་ཡང་དེ་ལྟ་བུ་ཉིད་རྟོག་པ་དང་ལྡན་པས་མཐོང་ཙམ་གྱིས་དེ་ལྟ་བུའི་རྣམ་པས་བཟུང་བར་རིགས་པ་མ་ཡིན་ཏེ། དེས་ན་རྣལ་འབྱོར་གོམས་པའི་ཁྱད་བར་གྱི་མིག་ཐུབ་གྱིས་ཕྱེ་བའི ་མིག་ཅན་འགའ་ཞིག་གིས་དོན་ཐམས་ཅད་མཐོང་བ་ཡིན་ནོ་ཞེས་བྱ་བ་ལ་འགལ་བ་མེད་དོ། །གང་གི་རིགས་ཅན་ཚད་མ་ཡིས། །ཞེས་བྱ་བ་ལ། གང་ལས་དུས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་ནུས་པ་དེས་པ་ཞེས་བྱ་བ་ནི་འདོད་བའི་ངོ་བོ་ངེས ་དངོས་པོ་ཐམས་ཅད་དུ་སྣང་བའི་ནུས་པ་དེས་པ་ཡིན་ནོ་ཞེས་འབྲེལ་ཏོ། །འདི་འདྲ་བ་དེ་བརྗོད་ན་མཛེས་ཤེ་ན། གང་གི་རིགས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་ཁོ་བོ་ཅག་མངོན་སུམ་གྱིས་ཤེས་ནས་དེ་ལྟར་དུས་གཞན་དུ་ཡང་འགྱུར་ཞེས་དེ་སྨྲ ་བ་ནི་མ་ཡིན་ནོ། །འོན་ཅི་ཞེ་ན། རྗེས་སུ་དཔག་པ་ལ་སྟེ། ཚད་མ་གང་ཞིག་གང་གི་རིགས་ཅན་གྱི་དོན་འཛིན་པར་མཐོང་བ་དེ་ནི་དུས་གཞན་དུ་ཡང་དེ་ལྟར་གྱུར་བ་དེ་ཁོ་ནར་གྱུར་པ་ཡིན་ཏེ། ཚད་མ་ཉིད་ཡིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ་ནི། གཞན་དུ་འགྱུར ་ངའི?་དོགས་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱུ་རུ་ར་ལ་སོགས་པ་བཞིན་དུ་རྒྱུའི་ཁྱད་པར་ཀྱིས་འབྲས་བུའི་ཁྱད་པར་མཐོང་བའི་ཕྱིར་རིགས་མི་མཐུན་པའི་དོན་འཛིན་པའི་སྒོ་ནས་རྣམ་པ་གཞན་དུ་ཡང་འཇུག་པ་སྲིད་བའི་ཕྱིར་གཏན་ཚིགས ་མ་དེས་པ་ཡིན་ནོ། །གང་ལ་མི་རྣམས་ཤེས་རབ་དང་ཞེས་བྱ་བ་ལ་སོགས་པ་ལ་དབང་པོ་ལས་འདས་དོན་ཤེས་པ་།ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལས་འདས་མཐོང་བས་མིན། ཞེས་བྱ་ཡི་མ་གྲུབ་སྟེ། འདི་ལྟར་ལྟ་བར་བྱེད་པ་ལ ་སོགས་པའི་རིགས་སྔགས་ཀྱི་སྟོབས་ཀྱིས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་གཞན་གྱི་སེམས་ཤེས་པ་དང་འབྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་བའི་དངོས་པོ་ཤེས་པར་དམིགས་པ་ཁོ་ནའོ།། སོགས་པའི་སྒྲས་ནི་གནད?་ལ ་སོགས་པ་བཟུང་སྟེ། སྣ་ཚོགས་པའི་འབྱུང་པོ་དང་གཟའ་ལ་སོགས་པས་ཟིན་པའི་སྟོབས་ལས་དབང་པོ་ལས་འདས་པའི་ཡོངས་སུ་མཐོང་བའི་ཕྱིར་གཞན་དུ་ཡང་སྤང་དུ་མེད་དོ།། ཡང་ན་འཁྲུལ་པའི་ཡུལ་མཐོང་པ་མ་ཡིན་མོད ་དེ་ལྟ་ན་ཡང་མ་མཐོང་བ་ཙམ་གྱིས་ཐམས་ཅད་མཁྱེན་པ་མེད་པར་རིགས་པ་མ་ཡིན་ཏེ། དེ་མེད་པར་ཏེ་དབང་པོ་ལས་འདས་པའི་དོན་མཐོང་བ་མེད་པར་མི་འགྲུབ་བོ། །སྐྱེས་བུ་ཤེས་རབ་ཅན་ནི་ཞེས་བྱ་བ་ལ་སོགས་པ་ལ་བཤད་པའི་རྣམ་པས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པ་ཞེས་བྱ་བ་ནི་ཐོས་པ་བརྟག་པ་རོ།། འདི་ཉིད་ལ་འཐད་པ་འཆད་པ་ནི། ཇི་ལྟར་འགྲོ་དང་སྦྱོར་སོགས་ཀྱི།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། ཇི་ལྟར་འགྲོ་བའི་ཁྱད་པར་དང། མིག་སྨན་ལ་སོགས་པའི ་མཚན་ཉིད་ཀྱི་སྦྱོར་པའི་ཁྱད་པར་གྱིས་རྣ་བ་ལ་སོགས་པ་རང་གི་དོན་ལ་ནུས་པ་ཁྱད་པར་དུ་གྱུར་པ་དེ་བཞིན་དུ་ཡིད་གྱི་རྒྱུའི་ཁྱད་པར་གྱི་ནུས་པ་ཁྱད་པར་དུ་འགྱུར་རོ། །ཞེས་བྱ་བ་སྲིད་པ་ཡིན་ནོ། །དེ་ལ་འགྲོ་པའི་ཁྱད་པར་གྱིས་བྱས་པའི་རྣ་བའི་ཁྱད་པར་ནི ་ཇི་ལྟར་བྱ་སྒང?་དེ་ཞེས་བྱ་བ་ལ་སོགས་པའི། །སྦྱོར་པའི་ཁྱད་པར་གྱིས་བྱས་པ་ཡང་འཆད་པ་ནི་དེ་བཞིན་སྦས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། གྲུབ་པའི་མིག་སྨན་སོགས་ཅན་གྱིས། ཞེས་བྱ་བ་ནི་མཐོང་བ་ཞེས་བྱ་བ་དང་སྦྱར་ཏེ། འདི་རྒྱུ་ལས ་བྱེད་པའི་གསུམ་པ་ཡིན་ནོ། །དེ་ལྟར་འགྲོ་བའི་ཁྱད་པར་གྱིས། ཤེས་པའི་ནུས་པའི་ཁྱད་པར་ལ་རྒྱུའི་དངོས་པོ་བསྒྲུབས་ནས་དཔེ་ལས་བྱུང་བའི་དོན་ལ་སྦྱར་པའི་ཕྱིར། དེ་ལྟར་འགྲོ་བའི་ཞེས་བྱ་བ་ལ་སོ་གིས་ལ་སྨོས་ཏེ། རང་གི་སྐྱེ་?་རྗེས ་མཐུན་ཕྱིར། ཞེས་བྱ་བ་ནི་འདི་དག་གི་ཤེས་པ་ནི་འོག་ཏུ་མཐོང་བ་འཇུག་གི་སྟེང་དུ་ནི་མ་ཡིན་ནོ། །ཞེས་བྱ་བ་ལྟ་བུའོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་སྐྱེ་བ་དང་རྗེས་སུ་མཐུན་པའི་ངོ་བོས་རྒྱལ་ཆེན་རིས་བཞི་ལ་སོགས་པའི་ལྷ་རྣམS་བྱང?་ཤེས་པའི ་དངོས་པོ་ཞིག་གིས་ཟློག་པར་བྱེད། སྦྱོར་བས་བྱས་པའི་ཁྱད་པར་ཡང་སྦྱོར་བ་ནི་།རྣལ་འབྱོར་གོམས་པའི་ཁྱད་བར་ལས། །ཞེས་བྱ་བ་ལ་སོགས་པ་སྟེ། ཡང་གལ་ཏེ་ཇི་སྐད་དུ་བཤད་པའི་འགྲོ་བ་དང་སྦྱོར་བ་ལ་སོགས་པའི་རྒྱུ་མི་སྲིད་པར་བསྟན་ནས་ཁྱད ་བར་དུ་འཕགས་པ་འགེགས་པར་བྱེད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ན། གལ་ཏེ་སྦྱོར་འགྲོ་དང་སྦྱོར་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བས་རྟོགས་བྱའི་སྒྲ་རྣམས་ལ། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པར་དེ ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། མ་མཐོང་བ་ཙམ་གྱི་རྣམ་པ་དེ་ལྟ་བུའི་ཁྱད་པར་དུ་འཕགས་པ་དགག་པར་མི་ནུས་པ་ཡིན་ནོ་སྙམ་དུ་པས་མས་པ་ཡིན་ནོ།། དེ་ལྟར་བསྟན་བཅོས་དཔྱད་པ་ལ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཕྱོགས་གཅིག ་རྣམ་པར་ཤེས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཁྱེད་ཅག་གིས། ཇི་ལྟར་བསྟན་བཅོས་གཞན་ཤེས་བ། དེ་ཙམ་གྱིས་ནི་ཐོབ་པ་ཡིན། །ཞེས་བརྗོད་པ་ཁོ་བོ་ཅག་གིས་ཕྱོགས་གཅིག་ཤེས་པ་ཙམ་གྱིས་དངོས་པོ་མ་ལུས་པ་ཡོངས་སུ ་ཤེས་པར་ཁས་ལེན་བར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་ཤེས་རབ་ཕུལ་དུ་གྱུར་པར་དམིགས་པའི་ཕྱིར་གཞན་ཡང་དབང་པོ་ལས་འདས་པའི་དོན་ཡོངས་སུ་ཤེས་པས་བྱས་པའི་ཁྱད་པར་དེ་ལས་ཏེ་གོམས་པ་ལས་འཕེལ་བའི་ཕྱིར་ཏེ། རབ་ཀྱི་མཐར་ཕྱིན ་པའི་ཁྱད་པར་ཐོབ་པའི་ཕྱིར་འགྱུར་པ་ཡིན་ནོ་ཞེས་བྱ་བར་སྲིད་དོ། །འདི་ནི་སྔར་གྲུབ་ཟིན་ཀྱང་ཡང་ཚད་མ་བྱེད་པ་ན་སྦྱོར་པ་གང་དང་གང་ཡིད་ཀྱིས་ཡོན་ཏན་ཡིན་པ་དེ་དག་ནི་གོམས་པ་ཕུལ་དུ་བྱུང་བ་ན་རབ་ཀྱི་མཐར་ཐུག་པར་འཇུག་པར་སྲིད་པ་ཡིན་ཏེ། ་དཔེར་ན་གཙང་སྒྲ་ཅན་དད་རོ་བསྲེག་མཁན་བརྩེ་བ་མེད་པ་བཞིན་ནོ།། ཤེས་རབ་ཀྱང་ཡིད་ཀྱི་ཡོན་ཏན་ཡིན་ནོ། ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ།། གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། གནས་པོའི་རང་བཞིན་རྟོགས་པའི་མཚན་ཉིད་ཅན་ཤེས་རབ ་ནི་དོན་མ་ལུས་པ་ཡོངས་སུ་ཤེས་པ་མེད་པར་རབ་ཀྱི་མཐར་ཐུག་པར་འཇུག་པ་སྲིད་པ་མ་ཡིན་ནོ། །ཁྱད་པར་མ་གྲུབ་པ་ཉིད་ཀྱིས་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གོམས་པའི་ཁྱད་པར་སྲིད་པ་ནི་རྒྱས་པར་སྔར་སྒྲུབས་ཟིན་པའི ་ཕྱིར་རོ། །རབ་ཀྱི་མཛའ་ཨི་སྒྲ་ནི་ཕུལ་དུ་བྱུང་བའི་རྣམ་གྲངས་སོ། །རྣམ་པ་གཅིག་ཏུ་?་གང་དག་རིགས་མཚུངས་པ་སྔ་མའི་ས་བོན་ལས་བྱུང་བ་དེ་དག་ནི་ལེགས་པར་བྱ་བའི་ཁྱད་པར་ཡོད་ན་ཤིན་ཏུ་འཕེལ་བའི་ཆོས་དང་ལྡན་པ་སྲིད་པ་ཡིན་ཏེ། དཔེར་ན་འབྲུལ་སོགས་པ ་བཞིན་ནོ།།། བརྩེ་བ་དང་ཤེས་རབ་ལ་སོགས་པ་ཡང་ཇི་སྐད་དུ་བཤད་པའི་ཆོས་དག་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་འདི་ཡང་སྔ་མ་བཞིན་དུ་མ་གྲུབ་པ་དང་མ་ངེས་པ་མ་ཡིན་ནོ། །བློ་ནི་ཤེས་རབ་བོ། །ཇི་སྐད་དུ་བཤད་པའི་ཆོས་དང ་ལྡན་པ་ནི་རིགས་མཚུངས་པ་སྔ་མའི་ས་བོན་ལས་འཇུག་པ་ཞེས་བྱ་བའི་དོན་ཏོ།། རྣམ་པ་གཅིག་ཏུ་ན་གང་དག་གཉེན་པོའི་ཕྱོགས་ཉེ་བ་ན་འགྲིབ་ཆོས་སུ་འཇུག་པོ་དེ་དག་ནི་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་འགྲིབ་པའི་ཆོས་དང་ལྡན ་པ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་ཡང་བདག་མེད་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་སུམ་དུ་གྱུར་པ་ན་འགྲིབ་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགS ་སོ།། གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ལ་སོགས་པ་ནི་བདག་མེད་པའི་ཤེས་པ་དང་ལྷན་ཅིག་འགལ་བར་བསྒྲུབས་ཟིན་ཏོ། །མ་ངེས་པ་ཡང་མ་ཡིན་ཏེ། གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ནི་མི་མཐུན་པའི་ཕྱོགས་གནས ་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་གང་ཞིག་རྩ་བ་ནས་འདོན་པར་མི་ནུས་པ་དེ་ཇི་ལྟར་ཅུང་ཟད་འགྲིབ་པར་བྱེད་མེ་སྟག་གི་ཕྲེང་བ་ཆོས་གསལ་བར་འབར་བའི་ཚོགས་ཀྱི་ནང་དུ་བཅུག་པའི་རྡོ་རྗེ་ན་མ་ཡང་འགྲིབ་པ་ཉམས་སུ་མྱོང་བ་ནི་མ ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཤིན་ཏུ་འཕེལ་བ་མི་སྲིད་པའི་ཕྱིར་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། སྔར་རྒྱས་པར་ཤིན་ཏུ་འཕེལ་བར་བསྒྲུབ?་ཟིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུན་གང་དག་གཉེན་པོའི་ཕྱོགས་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་པ་དེ་དག་ནི་གཏན ་ནས་རྩ་བ་ནས་འབྱིན་ནུས་པའི་གཉེན་པོ་ཅན་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་ཇི་སྐད་བཤད་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིར་ཡང་སྔ་མ་བཞིན ་དུ་མ་གྲུབ་པ་དང་མ་ངེས་པ་ལ་སོགས་པ་སྤང་བར་བྱའོ། །སོགས་པའི་སྒྲས་ནི་ལས་ཀྱི་སྒྲིབ་པ་ལ་སོགས་པ་བཟུང་ངོ། །རྣམ་པ་གཅིག་ཏུ་ན་གང་དག་དེ་ཁོ་ན་མཐོང་བ་ལ་གེགས་བྱེད་པ་དེ་དག་ནི་ཤིན་ཏུ་འགྲིབ་པ་སྲིད་པ་ཡིན་ཏེ། དཔེར་ན་ཕྱི་རོལ་གྱི ་མཚན་མོའི་མུན་པ་བཞིན་ནོ།། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་མཐོང་བའི་གགས་བྱེད་པ་ཡིན་ནོ་ཞེས་བྱ་པ་ནི་རང་བཞིན་གྱིས་གཏན་ཚིགས་སོ། །འདི་མ་ངེས་པ་ཡང་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་དེ་ཡང་གཞན་འགྲིབ་པར་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ཡང་ནི་ནང་གི་མུན་པའོ་ཡང་ན་གང་དག་ཅིག་ཅར་ཅི་ཞིག་ལྟར་བྱུང་པ་བརྟེན་བརྟན་པར་འཇུག་པའི་ཁྱད་པར་འགལ་བའི་རྐྱེན་མེད་པར་འཇུག་པར་བྱ་བའི་ཕྱིར། ཡང་འཆད་པ་ལ་བལྟོས་པ་དེ་དག་ནི་ལེགས་པར་བྱ་བའི ་ཁྱད་པར་དུ་འཕགས་པའི་བྱེ་བྲག་གི་རབ་ཀྱི་མཐར་ཐུག་པར་འཇུག་པ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་རྣམ་པར་དག་པ་ལ་སོགས་པ་བཞིན་ནོ། །ཤེས་རབ་དང་བརྩེ་བ་ལ་སོགས་པ་ཡང་ཇི་སྐད་དུ་བཤད་པའི་ཆོས་དང་ལྡན་ཞེས་བྱ་བ་ནི་རང་གི་གཏན ་ཚིགས་སོ། །མཆོངས་དང་ཆུ་ཡི་དྲོ་བ་ཡིས། །འདི་ལ་འཁྲུལ་བ་ཡོད་མ་ཡིན། །ཞེས་བྱ་བ་ནི་ཁྱད་པར་དང་བཅས་པ་ཡིན་པའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །མཆོངས་དང་ཆུའི་དྲོ་བ་ནི་ལན་ཅིག་བྱས་པའི་ཁྱད་པར་གང་ཡང་བྱ་བའི་ཕྱིར་འབད་པ་ལ་སོགS ་པ་ལ་བལྟོས་པ་མེད་པར་འཇུག་པ་མེད་པ་ཡིན་ལ། རྟེན་བརྟན་པ་རྣམས་ཀྱང་མ་ཡིན་ནོ། །ཡང་ན་འདི་ལ་ཡང་རིགས་མཚུངས་པའི་ས་བོན་འཕེལ་བ་ཞེས་བྱ་བའི་ཁྱད་པར་ལ་ལྟོས་པའི་ཕྱིར་མཆོངས་བས་འཁྲུལ་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ནི་མཆོངས ་པ་ཉིད་ལས་མིན་ཞེས་བྱ་བ་སྨོས་ཏེ་མཆོངས་པ་དེ་ནི་མཆོངས་པ་ཉིད་ལས་འབྱུང་བ་མ་ཡིན་ནོ།། འོ་ན་གང་ཞིག་ཡོད་ན་འབྱུང་ཞེ་ན་སྟོབས་དང་འབད་པ་ཡོད་ན་ཞེས་བྱ་བ་སྨོས་ཏེ། སྟོབས་དང་འབད་པ་?་དོན་མཆོངས་པ་ཡིན་གྱི་མཆོངས་པ་?་དངས?་ནི་མ་ཡིན་ནོ། །སྟོབས་དང། ་འབད་པ་དེ་དག་གི་ནུས་པ་གནས་པ་ཉིད་ཀྱིས་མཆོངས་པ་ཡང་གནས་པའི་བདག་ཉིད་ཡིན་ནོ་སྙམ་དུ་སེམས་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ། སྟོབས་དང་འབད་པ་གཉིས་ཁོ་ན་ལས་མཆོངས་པ་ཡིན་གྱི་མཆོངས་པ་ལས་ནི་མ་ཡིན་པ་དེ་ལྟ་ན་?་པ་ན་སྐྱེས་? ་དུའི་མཆོངས་པ་ན་ཅི་འདྲ་བར་གོམས་པ་ལས་སྔར་ཡང་འགྱུར་རོ་སྙམ་དུ་སེམས་ན་ཉེས་པ་འདི་ནི་མེད་དེ། སྔར་དེའི་ལུས་བད་ཀན་ལ་སོགས་པ་མི་མཐུན་པར་བྱས་པའི་ཕྱིར་ཕྱིས་བཞིན་དུ་མཆོངས་པ་འབྱུང་བ་མ་ཡིན་ནོ། །ཕྱིས་ནི་བད་ཀྱིས་འབད་པས་ལུས་ཀྱི་མི་མཐུན་པ ་ཟད་པ་ན་མཆོངས་པ་སྟོབས་ཇི་ལྟ་བ་བཞིན་དུ་གནས་པ་ཡིན་ནོ། །འདི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ཏེ་གལ་ཏེ་མཆོངས་པ་ཉིད་ལས་མཆོངས་པ་ཡིན་པར་འགྱུར་ན་དེའི་མཆོངས་པའི་ཁྱད་པར་དུ་གནས་པར་མི་འགྱུར་རོ། །རྣམ་པ་གཅིག ་ཏུ་ན་རྒྱུའི་ཁྱད་པར་ལ་གནས་པའི་མཆོངས་པ་?་ཡང་ཁྱད་པར་དུ་འཕགས་པར་གནས་པ་ཉིད་དུ་གྲུབ་པའི་ཕྱིར་དེས་འཁྲུལ་པ་མ་ཡིན་ནོ་ཞེས་སྟོན་པ་ནི་ཡང་ན་རབ་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་མཆོངས་པ་ནི་ཏིང་ངེ་འཛིན་གྱི་མཐུའི་ཁྱད་པར་དང་ལྡན ་པའི་ཕྱིར། ཁོ་བོ་ཅག་གིས་ཤིན་ཏུ་ཕྲུལ་དུ་བྱུང་བར་འདོད་པ་ཉིད་ཡིན་ཏེ། དཔེར་ན་བཅོམ་ལྡན་འདས་ལ་ཡིད་མགྱོགས་ཞེས་བྱ་བའི་རྫུ་འཕྲུལ་མདའ་བར་བསྟན་པ་བཞིན་ཏེ། གནས་ལ་ཡིད་བཞིན་དུ་འགྱོགས་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དེ་ནི་ཡིད་མགྱོགས་ཞེས ་བྱ་བར་གྲགས་སོ། །འདི་ལ་གནོད་བར་བྱེད་པའི་ཚད་མ་ཡོད་པ་ཡང་མ་ཡིན་ལ་མ་མཐོང་བ་ཙམ་གྱིས་སྤོང་བར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྟེན་གྱི་བྱེ་བྲག་གིས་ཁྱད་པར་གོམས་པའི་ཁྱད་པར་ལས་འགྲོ་བར་ཤིན་ཏུ་ཁྱད་པར་དུ ་འཕགས་པ་མཐོང་བ་ཁོ་ན་ཡིན་ལ་དེ་ལས་ཀྱང་བཅོམ་ལྡན་འདས་ལ་དེ་ལྟ་བུའི་འགྲོ་བ་སྲིད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དད་པའི་རྒྱལ་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་དད་པའི་རྒྱལ་པའི་ཕྲུག་སྔར་དང་གི་ཆོད་ལས་ཀྱང་འབྱུང་བར་མི་ནུས་པའི་ཕྱིས་གོམས ་པ་ཅུང་ཟད་ཡོད་པ་ན་གཤོག་པ་སྐྱེས་པ་རྒྱ་མཚོའི་ཕ་རོལ་ཏུ་མཆོད་བར་བྱེད་པ་དེ་བཞིན་དུ། གཞན་ཡང་རྟེན་གྱི་བྱེ་བྲག་གི་ཁྱད་བར་?་པའི་ཁྱད་པར་ལS་བྱད་པར་སྣ་གྱི་འགྲོ་བ་ཡང་སྒྲུབ་པར་བྱེད་དོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །གལ་ཏེ་འདི་གཤོག་པའི་ཁྱད་པར་རྙེད་པ་ཉིད་ཀྱི་ཕྱིར་ཡུལ ་ཐག་རིང་པོར་འགྲོ་བ་ཡིན་གོམས་པའི་སྟོབས་ཀྱིས་ནི་མ་ཡིན་ནོ་ཞེ་ན། བྱའི་ཕྲུག་གུ་གཤོག་པ་སྐྱེས་ན་ཡང་བབ་ཚལ་དུ་ཕུར་ཞིང་འགོ་བར་མཐོང་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡལ་ག་ནས་ཡ་ལག་གཞན་དུ་འགྲོ་བར་མི་གྱིས་གོམས་ནས་འགྲོ་བ་ཅུང་ཟད་ཕྱིས ་དོགས་པ་སྤངས་ནས་ཡུལ་ཐག་རིང་བར་ཡང་འགྲོ་བ་ཡིན་ནོ། །ཇི་ལྟར་ནུས་པ་མེད་པའི་དད་པ་ལ་སོགས་པ་ལ་ཡང་རྟན་གྱི་ཁྱད་པར་རྙེད་པར་ཕྱིས་འགྲོ་བའི་ཁྱད་པར་གྲུབ་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང་བྱང་ཆུབ་སེམས་དཔའ་གནས་སྐབས་ལ་མི་ནུས་ན་ཡང ་ཕྱིས་ཏིང་ངེ་འཛིན་གྱི་ཁྱད་པར་བརྙེས་པའི་ཕྱིར་རྟེན་གྱི་ཁྱད་པར་བསྒྲུབS་པ་དེ་ལྟ་བུའི་འགྲོ་བ་སྲིད་དོ་ཞེས་གོམས་པས་སྨོས་པ་དེ་ལྟར་ལྷུར་མཛད་པ་དང་ལྡན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་རྟེན་གྱི་བྱེ་བྲག་གི་ཀྱང་པར་གོམས་པ་སྲིད་པ་དེ་ནི་ཤིན་ཏུ་རིང་དུ་འགྲོ ་བའི་འབྲས་བུ་ཅན་དུ་སྲིད་དེ་པ་ཡིན་ཏེ། དཔེར་ན་དང་པའི་རྒྱལ་པོའི་ཕྲུ་གུ་བཞིན་ནོ། །མི་རྣམས་ཀྱི་གོམས་པ་ཡང་རྟེན་གྱི་བྱེ་བྲག་གི་ཁྱད་པར་ཅན་དུ་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེས་ན་མཁའ་ལ་ཁྲུ་བཅུའི་པར་དུ་ནི། ཞེས་བྱ་བ་ལ ་སོགས་པ་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ནོ། །ཞེས་སྟོན་པ་ནི་མཁའ་ལ་ཁྲུ་བཅུ་ཞེས་བྱ་བ་ལ་སོགས་པའོ། །རྟེན་བརྙན་པ་ནི་ཞེས་ཁྱད་པར་ཉེ་བར་ལེན་པའི་ཕྱིར་ཆུའི་དྲོ་བས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། རྟེན་མི་བརྟན་པ་ཞེས་བྱ་བ་ལ ་སོགས་པའོ། །འདི་སྙམ་དུ་ཤེས་རབ་ལ་སོགས་པ་ཡང་རྟེན་བརྟེན་པ་ཉིད་དུ་ཇི་ལྟར་གྲུབ་སྙམ་དུ་སེམས་ན་ཡིད་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དོ། །བརྟེན་དང་བརྟེན་པས་འཇུག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི ་མཚན་ཉིད་ཀྱི་རྟེན་ཏེ་གཞི་དང་ལྡན་པས་འཇུག་གོ་ཞེས་བྱ་བའི་དོན་ཏེ།། ཁྱད་པར་ཅན་གྱི་རྟེན་བརྗོད་པར་འདོད་པའི་ཕྱིར། །འདི་ལྟར་འཇིག་རྟེན་ཕ་རོལ་བསྒྲུབས་ཟིན་པའི་ཕྱིར་དང་སྙིང་རྗེ་ཆེན་པོའི་བདག་ཉིད་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ཇི་སྲིད ་དུ་སེམས་ཅན་མ་ལུས་པ་གདོན་པར་བྱ་བའི་ཕྱིར་གནས་པས་དེ་ལ་བརྟེན་ནས་འཇུག་པའི་སེམས་ཀྱི་རྒྱུད་ནི་རྟེན་ཤིན་ཏུ་བརྟན་པ་ཡིན་ནོ། །གང་ཡང་ཉན་ཐོས་ལ་སོགས་པའི་རྒྱུད་ལ་གནས་པ་དེ་ནི་རྟེན་མི་བརྟན་པ་ཡིན་ཏེ། དེ་དག་ནི་ཆེས་མྱུར་བར་མྱ་ངན་ལས ་འདའ་བའ་ཨི་ཕྱིར་རོ།། བརྩེ་བ་དམན་པ་དེ་དག་གནས་པར་བྱ་བ་ལ་འབད་པ་མེད་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །གལ་ཏེ་ཁྱད་པར་གཉིས་པ་ཡང་ཇི་ལྟར་གྲུབ་ཅེ་ན། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཇི་ལྟར་འགྲུབ་ཅེ་ན། དེ་སྲིད་ཆེ་རབ་ཅེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཀྱིས་ཤེས་རབ་ལ་སོགས་པ་ནི་སེམས་ཀྱི་རང་བཞིན་དུ་གྱུར་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེས་ན་རང་བཞིན་ཡིན་ལ་དེ་ཉིད་ཀྱིས་ལན་ཅིག་བསྐྱེད་པའི་ཤེས་རབ་ལ་སོགས་པ ་རང་གི་དང་གིས་འདུག་པར་འགྱུར་བའི་ཕྱིར་ཁྱད་པར་གཉིས་པ་ཡང་གྲུབ་པ་ཡིན་ནོ། །རྣམ་པར་ཤེས་པ་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་དུ་ཡང་ཇི་ལྟར་གྲུབ་ཅེ་ན། གལ་ཏེ་སེམས་ནི་གཞན་རྟོགས་པའི། ཞེས་བྱ་བ་ལ་སོགས་ལ་སྨོས་ཏེ། རེ་ཞིག་ན ་རང་རིག་པ་ཉིད་ཀྱི་ངོ་བོ་ནི་སེམས་ཀྱི་གཙོ་བོ་ཡིན་ནོ་ཞེས་གདོན་མི་ཟ་བར་རྒོལ་བ་ཐམས་ཅད་ཀྱིས་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་ཤེས་པ་གཞན་དང་གཞན་གྱིས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བར་གྱུར་ན་དེའི་ཚེ་དམིགས་པ་མ་གྲུབ་པ་ཉིད་ཀྱིས་དོན ་རིག་པར་གྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་སེམས་ཀྱི་བདག་ཉིད་གསལ་བའི་ངོ་བོ་ནི་གཙོ་བོ་ཡིན་ལ། བདག་ཉིད་དེ་ཡང་དེའི་མི་རྟག་པ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་ཤུགས་ཀྱི་སེམས་དེ་ཁོ་ན་མཐོང་བའི་བདག་ཉིད་དུ་གྲུབ་བོ་སྙམ་དུ་བསམས་པ་ཡིན་ནོ་འདི་སྙམ ་དུ་སེམས་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་དྲི་མ་སྤངས་པ་རྣམས་ཀྱང་ཡང་སྐྱེ་བ་སྲིད་པའི་ཕྱིར་ཇི་སྐད་དུ་བཤད་པའི་གཏན་ཚིགས་ཐམས་ཅད་མ་ངེས་པ་ཉིད་ཡིན་པ་བཟློག་པར་དཀའ་ཨོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས ་དེའི་ཕྱིར་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལམ་གྱི་བདག་ཉིད་དུ་གྱུར་པའི་ཕྱིར་སྔར་ཡང་གང་གི་འདོད་ཆགས་ལ་སོགས་པའི་དྲི་མ་གློ་བུར་པ་ཉིད་ཀྱིས་སྟོབས་ཆུད་པའི་ཕྱིར་ལམ་ཟིལ་གྱིས་གནོད་པར་མི་ནུས་པ་དེའི་རྩོལ་མ་བདག་ཉིད་དུ་གྱུར་བ་ཡིན ་པ་ནི་ཇི་ལྟར་ཟིལ་གྱིས་གནོན་པར་འགྱུར། གཞན་ཡང་སེམས་ཀྱི་ཡོན་ཏན་དེའི་བདག་ཉིད་དང་ལྡན་པ་ནི་གཙང་སྒྲ་ཅན་དང་མོ་སྲེག་མཁན་གྱི་བརྩེ་བ་མེད་པ་བཞིན་དུ་འབད་པ་མེད་པར་སྤང་པར་ནུས་པ་མ་ཡིན་ལ་ཡོན་ཏན་དང་ལྡན་པའི་དངོས་པོ་ལ་མཐོང ་བ་སྡང་བར་བྱ་བའི་ཕྱིར་འབད་པ་སྲིད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་མཐོང་བའི་ཕྱིར་རོ་འདི་ཡང་སྔར་བསྟན་པ་ཡིན་ནོ། །སྐྱོན་ཞེས་བྱ་བ་ནི་ཉེས་པའོ། །རྣམ་པ་གཅིག་ཏུ་ན་དངོས་པོ་ཉིད་ལ་སོགས་པ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་དགག་པར་བྱ་བའི ་ཕྱིར་སྨྲས་པ་གང་ཡིན་པ་དེ་ཉིད་ཀྱིས་བསྒྲུབ་པར་ནུས་པ་ཡིན་ནོ་ཞེས་བསྟན་པར་འདོད་ན་རེ་ཞིག་དངོས་པོ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དེ་ལ་འཆད་པར་འགྱུར ་པ་འདི་ནི་རྩ་བའི་སྦྱོར་བ་ཡིན་ཏེ། གང་དག་དངོས་པོ་ཉིད་དང་ཤེས་བྱ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་ནི་གོམས་པ་རབ་ཀྱི་མཐར་ཕྱིན་པར་འཇུག་པའི་ཤེས་པ་གཅིག་ལ་གསལ་བར་སྣང་བ་སྲིད་པ་ཡིན་ཏེ། དཔེར་ན་འདོད་པ་ལ ་སོགས་པས་སླད་པ་རྣམས་ཀྱིས་བུད་མེད་དང་བུ་དང་ཆོམ་རྐུན་ལ་སོགས་པ་བསྒོམ་པ་བཞིན་ནོ། །ཆོས་ཐམས་ཅད་ཀྱང་དངོས་པོ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་མ་ངེས་པ་ཡང་མ་ཡིན་ཏེ་འདི ་ལྟར་གང་དང་གང་ཡང་དག་པ་མ་ཡིན་པར་སྒོམ་པར་བྱེད་པ་ནི་སྒོམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ན་ཤེས་པ་གསལ་བར་སྣང་བའི་འབྲས་བུ་ཅན་ཡིན་པར་གྲུབ་སྟེ། དཔེར་ན་འདོད་པ་ཅན་ལ་སོགས་པའི་བུད་མེད་ལ་སོགས་པའི་ཁྱད་པར་བཞིན་ནོ། །ཆོས ་ཐམས་ཅད་ཀྱང་རྩེ་བ་ལ་སོགས་པའི་བདག་ཉིད་གྱུར་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྒོམ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིས་ནི་གསལ་བར་སྣང་བའི་ཤེས་པའི་འབྲས་བུ་ཅན་ཉིད་ཀྱིས་སྒོམ་པར་བྱེད་པ་ལ་ཁྱབ་པ་ཡིན་ཞེས ་བསྟན་པ་ཡིན་ཏེ་དོན་གཞན་ལ་མི་བལྟོས་པའི་ཕྱིར་རོ། །སྟོང་པ་ལ་སོགས་པའི་ངོ་བོ་འདིའི་དེ་ཁོ་ན་ཉིད་གསལ་བར་སྣང་བ་ཉིད་དུ་ཇི་ལྟར་གྲུབ་ཅེ་ན། སྟོང་དང་བདག་མེད་སོགས་ངོ་བོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ལ་སོགས་པའི་ཤེས་པ ་འདི་ཡང་མངོན་སུམ་གྱི་ཚད་མར་བསྒྲུབ་པའི་ཕྱིར་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བར་སྣང་བ་ཉིད་ཀྱིས་རྟོག་པ་མེད་པ་དང་ཚད་མས་གྲུབ་པའི་དོན་གྱི་ཡུལ་ཅན་ཉིད་ཀྱིས་མི་བསླུ་བའི་སྒོ་ནས་མིག་ལ་སོགས་པའི་ཤེས་པ་བཞིན ་དུ་འདི་མངོན་སུམ་གྱི་ཚད་མ་ཡིན་ནོ།། དེ་ལྟ་ཡིན་དང་གསལ་བར་སྣང་བ་ཉིད་དུ་གྲུབ་པ་ན་ཆོས་ཐམས་ཅད་ཡིས་གཅིག་ལ་ཅིག་ཅར་གསལ་བར་སྣང་བ་གྲུབ་པའི་ཕྱིར་བསྒོམས་པ་ཙམ་གྱིས་འབྱུང་བའི་ཁྱབ་པ་གྲུབ་བོ། །དེ་ལྟར་རྟོགས་པར་གྱིས་ཤེས་ཤེས ་པ་གཅིག་ལ་ཆོས་ཐམས་ཅད་ཅིག་ཅར་མཐོང་པར་སྣང་བ་ཡིན་ནོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་ཤིན་ཏུ་བསྒོམས་པ་དེ་དག་ནི་ཤེས་པ་གཅིག་ལ་ཅིག་ཅར་གསལ་བར་སྣང་བ་སྲིད་པ་ཡིན་ཏེ། དཔེར་ན་བུད་མེད་ལ་སོགས་པ་བཞིན་ནོ། །ཆོས་ཐམS ་ཅད་ཀྱང་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་མ་གྲུབ་པ་ཉིད་དུ་བསམས་པར་ཡང་མི་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ཞེས་བྱ་བ་སྔར་རྒྱས་པར་བསྒོམ་པ་ཡོད་པར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར ་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །དེ་ལྟར་གསལ་བར་སྣང་བ་ལ་བསྒོམས་པ་ཙམ་དང་རྗེས་སུ་འབྲེལ་པ་ཉིད་དུ་གཏན་པས་ཁྱབ་པ་བསྒྲུབས་ནས་ད་ནི་རྩ་བའི་ཚད་མའི་དོན་བསྟན་པའི་ཕྱིར་བསྒོམས་པའི་རབ་མཛའ་ཨི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒོམ་པའི ་རབ་ཀྱི་མཐར་ཐུག་པ་བློ་གང་ལ་ཡོང་བ་དེ་ལ་དེ་སྐད་ཅེས་བྱ་སྟེ་གོ་བར་བྱེད་པ་ཡིན་པའི་ཕྱིར་གཞི་ཐ་དད་ན་ཡང་འབྲུ་མང་པོ་པ་ཡིན་ནོ། །བསྒོམ་པ་མཐར་ཐུག་པའི་བློ་གཅིག་ལ་གསལ་བར་སྣང་བ་གང་དག་ལ་ཡོད་ལ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཤེས་པ་གང ་ཞིག་ལ་དེ་ལྟར་སྣང་བ་དེ་ནི་ཤེས་བྱའི་དཀྱིལ་འཁོར་ལ་ཅིག་ཅར་ཡེ་ཤེས་གཅིག་གིས་ཁྱབ་པའི་ལྷ་དང་མི་རྣམས་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པའི་ཐམས་ཅད་མཁྱེན་པ་གྲུབ་པ་ཡིན་ནོ།། རྣམ་པ་གཅིག་ཏུ་གང་དག་བདེན་པའི་བདག་ཉིད་སྟོན་པ ་དེ་དག་ནི་འབའ་ཞིག་གིས་རིག་པ་ཡིན་ཏེ། དཔེར་ན་གསེར་སྤྱོད་པ་ལ་སོགས་པ་བཞིན་ནོ། །ཆོས་ལ་སོགས་པ་བདེན་པའི་བདག་ཉིད་ཉེ་བར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ།། འདི་སྙམ་དུ་རིག་བྱེད་ལས་ཤེས་ནས་ཉེ་བར་བསྟན་པ་སྲིད་པའི ་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེ་ན་རིག་བྱེད་སྐྱེས་བུས་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཐོས་པ་རྟག་པར་རིག་བྱེད་སྐྱེས་བུས་བྱས་པ་བསྒྲུབ་ཟིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་འོན་ཏེ་འདི་སྙམ་དུ་མ་ཤེས་པས་འདོད་རྒྱལ་པས་ཉེ་བར་ ་བསྟན་པ་ཡང་སྲིད་པའི་ཕྱིར་མ་ངེས་པ་ཡིན་ནོ། །སྙམ་ན། མི་ཤེས་པ་ནི་འདོད་རྒྱལ་བས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་ཤེས་བས་འདོད་རྒྱལ་དུ་ཚད་མ་དང་མི་འགལ་བའི་དེས་པ་མང་དུ་སྨྲ་བར་ནུས་པ་མ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་སྔག ་ལ་སོགས་པ་དུག་སེལ་བ་ལ་སོགས་པའི་ནུས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་དེ། གལ་ཏེ་སངས་རྒྱས་པ་ལ་སོགས་པས་དངོས་སུ་མཁྱེན་པ་མ་ཡིན་ན་དེ་ཇི་ལྟར་དེ་དག་གིས་གསུངས་པ་ཡིན་ཞེས་བརྗོད་བར་བྱ་དགོས།། གལ་ཏེ་རྗེས་སུ་དཔག་པས་མཁྱེན་ནས་གསུངས་པ ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པས་མཁྱེན་པའང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་དང་འབྲེལ་བའི་དངོས་པོ་མི་ཤེས་པར་རྗེས་སུ་དཔག་པས་ཡུལ་དུ་བྱེད་པ་མ་ཡིན་ལ། ཤིན་ཏུ་ལྐོག་ཏུ་གྱུར་པའི་དངོས་པོ་དེ་དང་རྟགས་འགའ་ཞིག་འབྲེལ་པ་ངེས་པར་ནུས་པ ་ཡང་མ་ཡིན་ནོ། །གཞན་ལས་ཐོས་ནས་འཆད་པ་ཡིན་ནོ་ཞེན་མ་ཡིན་ཏེ། དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །འདི་ལྟར་འསིལ?་ཡང་གཞན་ངེས་ཀྱང་ཇི་ལྟར་ཤེས་པ་ཡིན་ཞེས་བྱ་བའི་དབྱེད་པ་འདི་འཇུག་པ་ཡིན་ཏེ། གང་གི་ཕྱིར་མི་ཤེས ་པ་ནི་དེ་ལྟར་ཉེ་བར་སྟོན་པ་སྲིད་པ་མ་ཡིན་ནོ། གལ་ཏེ་དེས་ཀྱང་གཞན་ལས་ཤེས་པ་ཡིན་ནོ་ཞེ་ན། འོ་ན་དེ་ལྟར་ན་ཐུག་པ་མེད་པར་འགྱུར་ཏེ། དེ་བས་ལོང་བ་བརྒྱུད་པ་ཡིན་པས་ན་ཐམས་ཅད་ནི་མ་ཤེས་པ་ཡིན་པའི་ཕྱིར་ཡང་དག་བར་སྟོན་པ་ཉིད་དུ་མི ་འགྱུར་ཏེ། ཇི་སྐད་དུ། དེ་ལྟ་བུའི་རིགས་ཅན་གྱི་དོན་གང་ལ་སྐྱེས་བུའི་ཚིག་ཆོད་མ་ཉིད་དུ་མི་འགྱུར་ཏེ། གཟུགས་ཀྱི་ཁྱད་པར་དག་ལ་ཡོད་པ་རྣམས་ཀྱིས་ཚིག་ལྟ་བུའོ་ཞེས་བྱ་བ་ལྟ་བུའོ།། འདི་སྙམ་དུ་མི་བསླུ་བ་ཉིད་དུ་ནི་སྲིན་བུའི་ཡི་གེ་བཞིན་དུ་འདོད་རྒྱལ ་གྱིས་བྱུང་བ་ཡང་སྲིད་དོ་སྙམ་དུ་དོགས་ན་འདི་འདྲའི་ངོ་བོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་རྒྱལ་བའི་མི་བསླུ་བའི་ངོ་བོ་དེ་ལྟ་བུ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དོན་གཞན་ལ་སེམས་པ་འཇུག་པའི་དོན་གཞན་ལ་མི་བསླུ་བ་ནི ་འདོད་རྒྱལ་བར་སྲིད་པ་ཡིན་ཏེ། དཔེར་ན་ཆུའི་ཕྱོགས་སུ་འགྲོ་བའི་བསམ་བས་འཇུག་པའི་ཤིང་གི་དྲུད་དུ་ཕྱིན་པ་ལྟ་བུའོ། །འདིས་ནི་གཞན་དོན་དུ་གཉེར་བའི་བསམ་པས་འཇུག་པ་སྲིད་པ་མ་ཡིན་ཏེ།། འདི་ལྟར་དགེ་སློང་དག་དས་ཁྱེད་ཅག་ལ་ཆོས་བསྟན་པར་བྱའོ། །ཞེས་དེ ་ལྟར་དམ་བཅའ་རྒས་ཞུགས་པའི་ཕྱིར་ཉེ་བར་སྟོན་པ་ལྷུར་ལེན་པ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཆུ་བོ་ནི་ཀླུང་ངོ། །བྱུ་རུ་ནི་ཤིང་མ་ཡིན་བྱུ་རུའོ། །གལ་ཏེ་རྨོངས་པས་ཀྱང་ཉེ་བར་སྟོན་པ་སྲིད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ་ཞེས་གཡེངས་པའི་སེམས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་གི་ཕྱིར་གོ་རིམས་ངེས་པ་སྔ་མ་དང་ཕྱི་མ་མི་འགལ་བ་སྐྱེས་བུའི་དོན་སྒྲུབ་པར་བྱེད་པའི་ཚིག་ནི་སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་མང་དུ་སྨྲ་བར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ནང་གཱ?་ཅི་ཤིས་དངོས་སུ་ཆོས་ལ་སོགས་པ་མཁྱེན་ཏོ་ཞེས་བ་བྱར་གྲུབ་བོ། ་བལྟ་འདི་སྙིང་དུ་སྤྱིར་གྲུབ་པ་དེ་ལྟ་ན་ཡང་བདེ་བར་གཤེགས་པ་ཆོས་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བར་འདོད་དེ་དེས་ན་ཇི་ལྟར་ཁྱེད་ལ་དེ་འགྲུབ་པར་འགྱུར་སྙམ་དུ་དོགས་པ་ལ་བཅོམ་ལྡན་འདས་ཆོས་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར། གང་ཞིག་མ་མཐོང་མ་དཔགས་པའི།། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་མཐོས་ཤིང་མ་དཔགས་པོའི་བདེན་པའི་དོན་ཉེ་བར་སྟོན་པ་ན་ལྷུར་ལེན་པ་དེ་ནི་དེའི་དོན་གྱི་དེ་ཁོ་ན་ཉིད་དངོས་སུ་མཁྱེན་པ་ཡིན་ཏེ། དཔེར་ན་མངོན་སུམ་ལས་ཆུ་ལ་སོགས་པ་དེ་སྟོན་པ་པོ་བཞིན་ནོ། །བཅོམ་ལྡན ་འདས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་རང?་བཞིན་གྱི་གཏན་ཚིགས་སོ?་བདེན་པ་ལ་སོགས་པ་བསྒྲུབས་ཟིན་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་མ་ཡིན་ལ་འདི་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ།། གཏན་ཚིགས་ཐམས་ཅད་མཐུན་པའི་ཕྱོགས་ལ་ཡང? ་བའི་ཕྱིར་འགལ་བ་ཉིད་མ་ཡིན་ནོ་ཞེས་ཤེས་པར་བྱའོ་གཞན་གྱིས་རབ་ཏུ་མི་ཤེས་པ་ཞེས་བྱ་བ་ནི་གཞན་གྱིས་མི་ཤེས་པའི་ནུས་པ་ཕྱག་རྒྱ་ལ་སོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་རིང་དུ་སོང་པའི། ཞེས་བྱ་བ་ལ་སོགས་པ་གང ་སྨྲས་པ་དེ་ལ་དེའི་ཕྱིར་ཐབས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡང་མིག་གཅིག་ལ་གནས་པ་ཡི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་བ་ལ། ཁང་མིག་གཅིག་ན་གནས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཁྱེད་ཀྱིས ་ཚད་མ་མེད་པའི་དམ་བཅའ་བ་ཙམ་ཉིད་བརྗོད་པ་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་མ་དམིགས་པ་ཙམ་གྱིས་སྐྱེས་བུ་ཐམས་ཅད་ཀྱིས་དབང་པོ་ལས་འདས་པའི་དོན་ཤེས་པའི་ནུས་པ་མེད་པ་ངེས་པར་ནུས་པ་མ་ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅིགས?་མ་དམིགས? ་པ་ཙམ་གྱིས་ནུས་པ་མེད་པར་ངེས་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེ་བུ་ཉིད་ལ་སོགས་པའི་གཏན་ཚིགས་དག་ལས་སོ།། འདི་ལྟར་སྐྱེས་བུ་ཐམས་ཅད་ནི་རིང་བ་དང་ཚེད་པ་ལ་སོགས་པའི་དངོས་པོ་ཡོངས་སུ་ཤེས་པར་ནུས་པ་མ་ཡིན་ཏེ། སྐྱེས་དུ ་ཉིད་དང་དངོས་པོ་ཉིད་དང་ཤེས་བྱ་ཉིད་ལ་སོགས་པའི་ཕྱིར་དཔེར་ན་བདག་བཞིན་ནོ་སྙམ་དུ་སེམས་ན་འདིར་སྨྲས་པ་སྐྱེས་བུ་ཉིད་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། ངོས་ཞེས་བྱ་བ་འདི་ནི་བྱེད།། ཅེས་བྱ་བ་འདི་དང་གཞི་མཐུན་ཡིན་ནོ། །ཡང་འདི་ལ ་གཏན་ཚིགས་རྣམས་མ་ངེས་པ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་སྐྱེས་བུ་ཐམས་ཅད་ནི་རྨོངས་པའི་བློ་ཅན་ཡིན་ཏེ་སྐྱེས་བུ་ཉིད་ལ་སོགས་པའི་ཕྱིར་དཔེར་ན་ཁྱོད་བཞིན་ནོ་ཞེས་བྱ་བ་འདི་ཡང་བརྗོད་པར་ནུས་པ་ཡིན་ནོ་སྐྱེས་བུ ་གཅིག་ལ་མ་མཐོང་བའི་ཆོས་ཐམས་ཅད་ལ་མེད་པར་ངེས་པར་བྱ་བ་ནི་ནུས་ཏེ་སྐྱེས་བུ་རྣམས་ལ་ཁྱད་པར་མཐོང་བའི་ཕྱིར་རོ།། གང་ཡང་རྒྱལ་པོ་དུས་འདབ་ཀྱིས་སྨྲས་པའི། །ཀུན་གྱིས་ཐམས་ཅད་མི་ཤེས་?་ཞེས་བྱ་བ་ལ་སོགས་པ་དེ་ཡང ་ཚད་མ་ངེས་པའི་དམ་བཅའ་བ་?་མ་ངེས་སྨྲས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལ?་ལར་སྐྱེས་བུ་གཅིག་ལ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡར་ན་རྒྱལ་པོ་དུས་འདབ་ཀྱིས་བདག་དང་མཚུངས་པའི་སྐྱེས་བུ་ལ་བསམས་ནས་སྨྲས་པ་ཡིན་ཏེ། དེས ་ནི་མི་འགལ་བའི་ཕྱིར་དེ་ཁུངས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་ན་རང་མཚུངས་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་དང་མཚུངས་ཏེ་འདྲ་བ་ནི་རང་མཚུངས་སོ། །མ་འོངས་པ་ལ་མངོན་སུམ་གྱི། །ཞེས་བྱ་བ་ལ། རྣལ་འབྱོར་པ་ཡི་མངོན་སུམ་དཔྱོད།། ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གསུམ་བརྟག་པར་ཞེས་བྱ་བ་ནི་དེར་འདི་སྐད་དུ་དངོས་པོ་ཐམས་ཅད་དངོས་སམ་བརྒྱུད་པས་རྒྱུ་དང་འབྲས་བུར་གྱུར་པ་ཡིན་ཏེ། དེ་ལ་ད་ལྟར་བ་ཉིད་ནི་དངོས་སམ་བརྒྱུད་པས་འདས་པའི་འབྲས་བུ་གྱུར་པ་ཡིན་ལ་མ་འོངས ་བའི་ནི་རྒྱུར་གྱུར་པ་ཡིན་པས་མངོན་སུམ་གྱིས་རྣམ་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བ་ཡིན་ལ་དེའི་རྗེས་ལ་ཐོབ་པའི་རིག་པ་འཇིག་རྟེན་པའི་ཡེ་ཤེས་པའི་དོན་དམ་པར་ཡུལ་མེད་པར་དངོས་པོ་དང་འབྲེལ་པ་མི་བསླུ་བའི་རྣམ་པར་རྟོག་པ་རྣམས་ཀྱིས ་རྒྱུ་དང་འབྲས་བུར་གྱུར་པའི་འདས་པ་དང་མ་འོངས་པའི་དངོས་པོའི་རྒྱུན་ལ་བརྟེན་ནས་རྣལ་འབྱོར་པ་རྣམས་ཀྱིས་འདས་པ་དད་མ་འོངས་པའི་དངོས་པོ་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཇི་སྐད་དུ་གང་ཞིག་ད་ལྟར་བྱུང་བ་ཡི། །ངོ་བོ་དངོས ་སམ་བརྒྱུད་པ་ཡིས། །རྒྱུ་དང་འབྲས་བུ་ཉིད་གྱུར་པས། །དེ་ནི་རྣལ་འབྱོར་བ་ཡིས་ཤེས། །རྣམ་རྟོག་རྗེས་སུ་འབྲེལ་པའི་བདག། དག་པ་འཇིག་རྟེན་ཡེ་ཤེས་ཀྱིས།། དེ་ཉིད་དུ་ནི་ཡུལ་མེད་ཀྱང། །ཕྱིས་ཀྱང་རྗེས་སུ་ཤེས་པ་ཡིན། །དེས་ན་རྒྱུ་དང་འབྲས་དག་གི། བྱུང་དཔའ་བྱུང ་བར་འགྱུར་བ་ཡི། །རྒྱུན་ལ་རྟེན་ནས་འདས་པ་དང། །མ་འོངས་བརྟག་པར?་འཇུག་པ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །འདི་ཡང་མདོ་སྡེ་པ་རྣམས་ཀྱིས་མི་འདོད་དེ། ཐམས་ཅད་དུ་བཅོམ་ལྡན་འདས་དངོས་སུ་གཟིགས་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་བསན་མདོ་སྡེ ་པས་འདོད་པའི་ལུགས་བསྟན་པའི་ཕྱིར། ཡང་ན་རྣལ་འབྱོར་ནུས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རྨི་ལམ་བདེན་པ་མཐོང་བ་དོན་དམ་པར་ཡུལ་མེད་ན་ཡང་རྟགས་དང་ལུང་ལམ་བལྟོས་པའི་རྟེན་གྱི་?་བྲག་གིས་?་གིས་འབྱུང་ནི ་མི་བསླུ་བར་འགྱུར་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ལ་རྣལ་འབྱོར་གྱི་སྟོབས་ཀྱི་ཇི་ལྟར་བྱུང་བ་དང་འབྱུང་བར་འགྱུར་བའི་འདས་པ་དང་མ་འོངས་པའི་དངོས་པོ་དེ་ཁོ་ན་ལྟར་གསལ་བར་སྣང་བ་རྟགས་དད་ལུང་ལམ་བལྟོས་པར ་སྐྱེ་བ་ཡིན་ཏེ་དེ་ཡང་མངོན་སུམ་གྱི་ཚད་མར་འདོད་པ་ཡིན་ནོ།། འདི་སྙམ་དུ་མངོན་སུམ་རང་གི་མཚན་ཉིད་ཡུལ་ཅན་དུ་འདོད་ལ། འདས་པ་དང་མ་འོངས་པ་ནི་རང་གི་མཚན་ཉིད་དུ་ཡོད་པ་མ་ཡིན་ན་ཇི་ལྟར་དེའི་ཡུལ་རང་གི་མཚན་ཉིད་དུ་རིགས་སྙམ་དུ ་སེམས་ན། རང་བདག་སྣང་བའི་རིག་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་འདས་པ་ལ་སོགས་པའི་དངོས་པོ་རང་གི་མཚན་ཉིད་དུ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་རང་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རང་གི་མཚན་ཉིད ་ཀྱི་ཡུལ་ཅན་དུ་བསྟན་བཅོས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བར་མི་འགལ་ལོ།། དེ་ཡང་གསལ་བར་སྣང་བ་ཉིད་ཀྱིས་རྟོག་པ་དང་བྲལ་བ་ཡིན་ལ། རྣམ་པ་དེ་ལྟ་བུའི་དངོས་པོ་ལ་མི་འཁྲུལ་པའི་ཕྱིར་མ་འཁྲུལ་བ་ཡིན་པས་དེའི་ཕྱིར་མངོན་སུམ་གྱི་མཚན ་ཉིད་དང་ལྡན་པའི་ཕྱིར་མངོན་སུམ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གང་ཞིག་འདི་མི་བཟོད་པ་ལ། སྔར་བཤད་རྗེས་སུ་དཔག་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་རྗེས་སུ་དཔག་པ་ལས་ལུང་ལ ་མ་བལྟོས་པ་བསྒོམས་པའི་སྟོབས་ཀྱིས་གྲུབ་པ་དོན་མངོན་དུ་བྱེད་པའི་དབང་པོ་ལས་འདས་པའི་དོན་ཞེས་པ་གྲུབ་སྟེ། དེའི་ཕྱིར་ཐུབ་པ་བཅོམ་ལྡན་འདས་ནི་བློ་བཟང་བདེ་བར་གཤེགས་པ་?་རྣམས་ཀྱིས་།བྱས་པའི་ལུང་གཞན་ལས་ནི ་མ་ཡིན་པས་དེའི་ཕྱིར་དེ་ནི་ཁས་མ་བླངས་པས་སུན་འབྱིན་པ་ཡིན་པ་ཁོ་ནའོ།། གང་ཡང་བྱེད་པ་པོ་དང་བྱས་པའི་ཚིག། ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་ངེས། འོན་ཏེ་ཆད་མ་གྲུབ་བྱའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཁོ་བོ་ཅག་གིས་ཚད་མ་གྲུབ་བར་བྱ་བའི་ཕྱིར་ཐོག་མ་མེད་པ་ཉིད་སྒྲུབ་པར་བྱེད་པ་ཉིད་དུ་ནི་མི་བརྗོད་དོ། །དེ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ།། དེའི་ཕྱིར་ཁྱེད་ཅག་གིས་སྒྲོ་བཏགས་ནས་སུན་འབྱིན་པ་སྤྲས?་པ་ཡིན་ནོ། །གཞན་ཡང ་རིག་བྱེད་ཚད་མ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་རིག་བྱེད་སྨྲ་བ་པོ་རྣམས་དང་རིག་བྱེད་རྣམས་ཐོག་མ་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་སྨྲ་པ་ན་ཁྱེད་ཅག་ཉིད་ལ་སྐྱོན་འདི་དག་ཐམས་ཅད་གསལ་པར་འཇུག་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། །གང་ཡང་ཆེད་མ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲ་བ་པོ་དང་བྱས་པའི་ཚིག་རྣམས་ཞེས་ཟླས་དབྱེ་བོ་དེ་ལ་སྨྲ་བ་པོ་ནི་རིག་བྱེད་འཆད་པ་པོའི་ཚད་མ་ཇི་ལྟར་བཀག་ཅེ་ན་སྨྲ་པོ་བྱེད་པོ་དང་མཚུངས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བལྟོས་ནས་ཞེས་བྱ་བ་ནི་སྨྲ་བ་པོ་ལ ་བལྟོས་ནས་སོ།། ཇི་ལྟར་ཞེ་ན། ངེས་བྱས་པའི་བཤད་པས་ཞེས་བྱ་བ་ནི་སྨྲ་བ་པོ་དེ་དག་གིས་བྱས་པའི་བཤད་པ་ལས་དོན་རྟོགས་པ་སྐྱེ་བའི་རྒྱུའི་ཕྱིར་རིག་བྱེད་རྣམས་དེ་ལ་བལྟོས་ནས་ཚད་མ་མ་ཡིན་ནོ། །དེ་ལས་སྐྱོན་ཅིར་འགྱུར་ཞེ་ན་རེས་ན་རིག་བྱེད ་དག་རྣམས་ནི། །ཞེས་བྱ་བ་ལ་སོགས་ཏེ། དེ་ཡོད་མིན་ཞེས་བྱ་བ་ནི་ཚད་མ་ཉིད་ཅེས་འབྲེལ་ཏོ། །གང་གི་ཚེ་དེ་ལྟར་རིག་བྱེད་ཀྱི་ཚིག་རྣམས་གཞན་གྱི་དབང་ཅན་ཡིན་པའི་ཕྱིར་ཚད་མ་ཉིད་མེད་པ་དང། དེའི་སྨྲ་བ་པོ་ཐམས་ཅད་ཀྱང་མུས་ཁོང་བརྒྱུད ་པ་བཞིན་དུ་ཆོས་མ་ཡིན་པ་མཐོང་བས་ཚད་མ་ཉིད་མ་ཡིན་ནོ།། གང་གཞན་གྱིས་དེ་ལྟར་ཚད་མ་ཚད་མིན་གཉིས་།ཐོག་མ་མེད་པ་ཉིད་དུ་འགྱུར། ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཡིན་ན་ཚད་མ་དང། ཞེས་བྱ་བ ་སྨོས་ཏེ། སྨྲ་བ་པོ་དང་བྱས་པའི་ཚིག་རྣམས་ཚད་མ་ཉིད་དུ་གྱུར་ན། ཚད་མ་ཉིད་གཅིག་ལ་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་དེ་ཉིད་མ་གྲུབ་པོ་ཞེས་བྱ་བར་མི་རིགས་ཏེ། གཉི་ག་ཐོག་པ་མེད་བ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་ཁོ ་བཅག་གིས་རིག་བྱེད་དང་དེ་འདོན་པ་ནི་སངས་རྒྱས་དང་དེའི་གསུང་དང་ལྷན་ཅིག་མཚུངས་པ་ཉིད་དུ་སྔོན་པ་ནི་དེ་དད་འགྲན་པ་ཉིད་ཡིན་གྱི་བཅོམ་ལྡན་འདས་དང་དེའི་གཞུང་རྣམས་ནི་འདི་དག་དང་ལྷན་ཅིག་མཚུངས་པ་ཉིད་ཡོད་པ་མ་ཡིན་གྱི ་འོན་ཀྱང་ཁྱད་པར་ཆེའོ་ཞེས་བསྟན་པའི་ཕྱིར། ཡང་ན་ཐུབ་དང་དེའི་གསུང་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་ལྟར་བཅོམ་ལྡན་འདས་དངོས་སུ་ཆོས་གཟིགས་པ་དང་གསུང་པ་ཡིན་ནོ་ཞེས་བྱ་བ་འདི་བསྟན་ཟིན་ཏེ། རང་གི་ཆོས་ནི་མ ་མཐོང་བའོ། །ཞེས་བྱ་བ་?་ཡང་མ་གྲུབ་བོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་འདི་ཆོས་གསུངས་པ་ཡིན་ནོ། །ཞེས་བྱ་བ་འདི་ཉིད་ཇི་ལྟར་གྲུབ་སྙམ་དུ་སེམས་ན་གང་ལ་མངོན་མཐོ་ཞེས་བ་བ་ལ་སོགས་པ་སྨོས་ཏེ། ངེས་པར་ལེགས་ཞེས་བྱ ་བ་ནི་གང་ལ་གྲུབ་པར་ཞེས་བྱ་བར་འབྲེལ་ཏོ།། དེ་ལ་མངོན་པར་མཐོ་བ་ནི་བདེ་བའོ། །ངེས་པར་ལེགས་པ་ནི་ཐར་པའོ། །དེ་འདྲ་དེ་ནི་ཆོས་སུ་བཤད་ཅེས་བྱ་བ་ལ། གང་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་གྲུབ་པ་དེ་ནི་ཆོས་ཡིན་ནོ་ཞེས་གསུངས ་པའི་ཕྱིར་རོ། །མངོན་པར་མཐོ་བ་དེད་ངེས་པར་ལེགས་པར་གྲུབ་པའི་རྒྱུ་ཆོས་ཡིན་དུ་ཆུག་མོང་གང་གིས་འདི་ཆོས་ཉིད་དུ་འགྱུར་བ་བདེ་བར་གཤེགས་པའི་གསུང་ཇི་ལྟར་དེའི་རྒྱུ་ཉིད་དུ་གྲུབ་ཅེ་ན་དེ་གསུངས་པ་ཞེས་བྱ་བ་ལ་སོགས་པའི་གསུངས་ཏེ། འདི་ནི་དེ ་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་ཡིན་ལ་སྔགས་དང་རྣལ་འབྱོར་ལ་སོགས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །སོགས་པའི་སྒྲས་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་བཟུང་ངོ། །མཐོང་བའི་ཆོས་ལའང་ཞེས་བྱ་བ་ནི་སྐྱེ་བ ་འདི?་ཉིད་ལའོ། །?་གི་སྒྲས་ནི་འཇིག་རྟེན་ཕ་རོལ་ལ་འབའ་ཞིག་ཏུ་མ་ཟད་ཅེས་སྟོན་པའོ། །དེ་ལྟར་མངོན་པར་མཐོབ་པའི་རྒྱུ་ཉིད་དུ་བསྟན་ནས་ངེས་པར་ལེགས་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་ཆོས་ཀུན་བདག་མེད་ཉིད་མཐོང་ཕྱིར་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་གི་ཕྱིར་ཐམས་ཅད་ཀྱི་ལྟ་ན་སྐྱེ་བའི་རྒྱུ་བསྟན་ནས་ཞི་བ་ནི་ཐར་བ་ཞེས་འདོད་ལ་དེ་ཐོབ་པའི་རྒྱུ་ཡང་བཅོམ་ལྡན་འདས་ཀྱིས་གསུང་ཉིད་ཡིན་ཏེ། སྐྱེ་བའི་རྒྱུ་ཉོན་མོངས་པའི་གཉེན་པོར་གྱུར་པ་བདག་མེད་པར་ལྟ་བ་ནི་འདི་ཉིད་དུ་བསྟན་པའི་ཕྱིར་གཞན་དུ་མ ་ཡིན་ཏེ། གཞན་མུ་སྟེགས་བྱེད་ཐམས་ཅད་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་ཕྱིར་རོ། །དེས་ན་བཅོམ་ལྡན་འདས་ཀྱིས་གསུང་ཉིད་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པའི་ཐབས་སུ་གྱུར་པའི་ཕྱིར་ཆོས་ཀྱི་མཚན་ཉིད་དུ་བཤད་ཀྱི་གཞན་ནི་མ ་ཡིན་ནོ་ངེས་ན་འདི་ཉིད་ལེགས་པར་དོན་དུ་གཉེར་པ་རྣམས་ཀྱིས་གཉེན་པོར་བྱའི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ།། ཡན་ལག་གི་དོན་ནི་བརྗོད་པར་བྱ་སྟེ། གལ་ཏེ་ཉོན་མོངས་པའི་ཚོགས་འཇིག་ཚོགས་ལྟ་བའི་ལས་འབྱུང་བ་ཉིད་དུ་འགྲུབ་ཅེ་ན། བདག་དད་བདག ་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་ཁོ་བོ་ཅག་གིས་སྔར་བཤད་ཟིན་ཏོ། །གལ་ཏེ་ཉོན་མོངས་བའི་ཚོགས་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བ་དེ་ལྟ་ན་ཡང་འདི་ལ་ཇི་ལྟར་བདག་མེད་པར་ལྟ་བས་བཟློག་པར་འགྱུར་ཞེ་ན་དེའི་ཕྱིར་བདག་མེད ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པར་ལྟ་བ་ནི་སེམས་ཅན་ལ་ལྟ་བ་སྟེ། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ། དེའི་གཉེན་པོ་ནི་གཉེན་པོའི་ཕྱོགས་སོ།། འདི་སྔར་བསྟན་པ་ཁོ་ནའོ། །དེ་ཡོད་པ་ཞེས་བྱ་བ་ནི་བདག་མེད་པར་ལྟ་བ་ཡིན་ནོ། །ཞེས་བྱ་བ ་ནི་སེམས་ཅན་དུ་ལྟ་བའི་རྩ་བ་ཅན་ནོ།། རྒྱུ་མེད་པ་ལས་ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བའི་རྒྱུ་མེད་པའི་ཕྱིར་རོ།། དེ་མེད་པ་ན་ཞེས་བྱ་བ་ནི་ཉོན་མོངས་པའི་ཕུད་བོའོ།། དེའི་རྒྱུ་ཅན་ཞེས་བྱ་བ་ནི་ཉོན་མོངས་བའི་ཕུང་པོའི་རྒྱུ་ཅན་ནོ། །སྐྱེ་མི་འགྱུར་ཞེས་བྱ་བ་ནི ་གང་གི་ཕྱིར་རྒྱུ་མེད་པར་འབྲས་བུ་འབྱུང་བར་རིགས་པ་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ལས་ཤིན་ཏུ་རྣམ་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་བ་དེ་དག་དང་ཡང་སྲིད་པ་དེ་ལས་གཏན་དུ་མི་སྐྱེ་བ་ནི་གྲོལ་བ་སྟེ། དེ་ལས་ཤིན་ཏུ་རྣམ ་པར་གྲོལ་པའོ། །ཇི་སྐད་དུ་དེ་ལས་ཤིན་ཏུ་གྲོལ་བ་ནི་བྱང་གྲོལ་ཡིན་ནོ་ཞེས་སྨྲས་པ་བཞིན་ནོ། །འོན་ཏེ་གཞན་དག་གི་ལུགས་ལ་ཡང་དེ་ཁོ་ན་ཉིད་མཐོང་བ་ནི་ངེས་པར་ལེགས་པའི་རྒྱུ་ཉིད་ཡིན་ལ་དགེ་བ་བཅུའི་ལས་ཀྱི་ལམ་ནི་མངོན་པར་མཐོ ་བའི་རྒྱུར་བཀོད་པ་མ་ཡིན་ནམ་དེ་ཇི་ལྟར་བདག་མེད་པར་ལྟ་བ་ཁོ་ན་གཉིས་སུ་མེད་པའི་ཐར་པའི་སྒོ་ནས་ཞེས་བརྗོད་ཅེ་ན་མུ་སྟེགས་ཀུན་གྱི་ལྟ་ན་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕུང་པོ་རྣམས་ནི་ང་རྒྱལ་ལས་བྱུང་བའི་ལོག་པ་ན་གྲོལ་བ ་ཡིན་ནོ་ཞེས་བྱ་བ་འདི་ཐམས་ཅད་ལ་རྩོད་པ་མེད་པ་ཡིན་ནོ། །ང་རྒྱ་བ་ལྡོག་པ་དེ་ཡང་གཞན་མུ་སྟེགས་པ་རྣམས་ལ་སྲིད?་པ་མ་ཡིན་ཏེ། དེ་དག་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་ཕྱིར་དེང་ང་རྒྱལ་ཡང་བདག་ཏུ་ལྟ་བའི་རྩ་བ་ཅན་ཡིན་པི་ཕྱིར ་རོ།། དེ་ལྟར་ན་ཇི་ལྟར་བདག་ཡོད་པ་དང་བདག་ཡོད་པ་ལ་མངོན་པར་ཞེན་པས་གནས་ཤིང་རྒྱུ་མ་ཚད་པ་མེད་པ་ནི་རང་གི་ཡུལ་བདག་སུན་འབྱུང་པར་མ་བྱས་པར་འདི་ཇི་ལྟར་ལྡོག་པར་འགྱུར་ཇི་སྐད་དུ། ང་རྒྱལ་དང་བཅས་ཡིད་ལ་སྐྱེ་བའི་རྒྱུན་ནི་ཞི་བར ་མི་འགྱུར་ཏེ། བདག་ཏུ་ལྟ་བ་ཡོད་ན་ང་རྒྱལ་སེམས་དང་བྲལ་བར་མི་འགྱུར་ལ། གང་གི་ཕྱིར་འགྲོ་བའི་སྟོན་པ་གཞན་ནི་བདག་མེད་སྨྲ་བ་ཅན་མ་མཆིས། དེ་ཕྱིར་ཉེར་ཞི་སྒྲུབ་ལ་ཁྱེད་ཀྱི་གཞུང་ལས་ལམ་གཞན་མཆིས་མ་ལགས། ཞེས་བསྟན་པ ་བཞིན་ནོ། །འདི་ལྟར་ཡིད་ཀྱི་ཆོས་རྣམས་ནི་ཚེར་མ་ལ་སོགས་པ་བཞིན་དུ་གཏོན་ནས་སྤང་བར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་དག་ཇི་ལྟ་བུར་གྱུར་པའི་ཡུལ་ལ་མངོན་པར་ཞེན་ནས་འཇུག་པ་དེ་སུན་ཕྱུང་བ་ལས་སོ།། རྣལ་འབྱོར་པ་བདག་ཉིད ་སུན་འབྱིན་པའི་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་སུན་དབྱུང་མེད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དེ་སུན་འབྱིན་པ་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་མེད་པའི་རྣམ་པས་སུན་དབྱུང་བར་བྱའི་གཞན་དུ་ན་སུན་འབྱིན་པ་དོན་མེད ་པར་འགྱུར་རོ། །འདི་ལྟར་བདག་ཡོད་པ་ཉིད་དུ་མངོན་པར་ཞེ་ན་ནས་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་སུན་འབྱིན་པར་བྱེད་པ་ན་སུན་འབྱིན་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེའི་སུན་འབྱིན་པ་ནི་དོར་བར་བྱ་བའི་ཕྱིར་ཡིན་ལ་རང་བཞིན་དུ་གྱུར་པ་རྟག་ཏུ་ཡོད་པ་ནི་འདོར་བ་མི་སྲིད་པ ་དེས་ན་དེ་སུན་ཕྱུང་བ་ནི་དོན་མེད་པ་ཡིན་ནོ། །དེ་དག་གིས་མེད་པའི་རྣམ་པས་སུན་དབྱུང་བར་བྱ་བ་ཡང་མ་ཡིན་ཏེ་བདག་བདེན་པ་ཉིད་དུ་མངོན་པར་ཞེན་པ་དེ་དག་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་པའི་ཕྱིར་རོ། །གཞན་ཡང་སྡུག་བསྔལ་གྱི་རྒྱུ་ཉིད་ལ་སོགས་པ ་རྣམ་པ་གཞན་གྱིས་དེ་སུན་དབྱུང་བ་ཡིན་དུ་ཆུག་མོད། དེ་ལྟ་ན་དང་བདག་ཏུ་ལྟ་བ་ཙམ་ལས་བྱུང་བའི་ང་རྒྱལ་ལྡོག་པ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་བདག་ཡོད་དེ་ལྟ་ན། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདག་ཡོད་ན་ཞེས་བྱ་བའི་དོན་ཏོ།། ་བདག་མེད་ཅེས་བྱ་རིགས་མ་ཡིན། །ཞེས་བྱ་བ་ནི་བདག་མེད་དོ་སྙམ་དུ་ལྟ་བ་དེ་ལྟ་བུ་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ།། དེ་ལྟ་པས་ན་ཁྱེད་ཅག་གི་དེ་ཁོ་ན་ཉིད་རིག་པ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་བརྫུན་ཡིན་ནོ། །གང་གི་ཕྱིར་ང་རྒྱལ་དང ་བྲལ་བས་གྲོལ་བར་འདོད་ལ་བདག་ཡུལ་དུ་གྱུར་པར་གནས་ན་ང་རྒྱལ་ལྡོག་པར་རིགས་པ་མ་ཡིན་པས་གྲོལ་བ་གང་ལས་ཡིན་དེ་ཕྱིར་མུ་སྟེགས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ།། མི་དགེ་བ་བཅུ་ནི་སྤངས་བ་ཡིས། ཞེས་བྱ་བ་ནི་སྲོག ་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་ལ་ལོག་པར་?་པ་དང། བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་མོ་དང། དག་ཀྱལ་བ་དང། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་རྣམས་ནི་མི་དགེ་བ་བཅུའོ། །རྣམ་པ ་གཅིག་ཏུ་ན་གཞན་དག་མི་སྐྱོབ་པ་དང་མི་སྦྱིན་པ་དང། བསྙེན་བཀུར་མི་བྱེད་པ་དང་མི་བདེན་པ་དང། ཡིད་དུ་མི་འོང་བ་བརྗོད་པ་དང་མི་ཕན་པ་དང། འདོན་པར་མི་བྱེད་པ་དང། མ་དང་པ་དང། རྩེ་བ་མེད་པ་དང། མི་དགའ་བ་ཞེས་བྱ་བ་མི་དགེ་ ་བཅུ་ཡིན་པར་འདོན་ཏོ། །དེ་ལས་ཟློག་པ་ལས་དགེ་བ་རྣམས་ཀྱང་བཅུ་པོ་དེ་དག་སྤངས་པ་ནི་དེ་ལས་བྲལ་པ་སྟེ་དགེ་བ་བཅུ་ཉམས་སུ་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ། ཅུང་ཟད་ཅིག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་སྔོན་དུ་འགྲོ་བ་ཅན་ཡིན་པའི ་ཕྱིར་ཆེས་མྱུར་པར་འཇིག་པའི་ཕྱིར་རོ། །ཉོན་མོངས་རྩ་བ་ནི་སེམས་ཅན་དུ་ལྟ་བའོ། །བཅོམ་ལྡན་འདས་ཀྱི་གསུང་གི་ཁྱད་པར་མཐོ་བའི་རྒྱུ་ཉིད་དུ་ཡང་སྟོན་པ་ཡིན་སྐྱོབ་པས་སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སྟོབས་ལྡན་ཞེས་བྱ་བ་ནི་འབྲས ་བུ་རྒྱ་ཆེ་ཞིང་བརྟན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ཅིག་ཤེས་ཀྱང་སྟོབས་དང་ལྡན་པར་མི་འགྱུར་ཞེ་ན། སེམས་ཅན་ལྟ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྒྱུ་ཡོངས་སུ་དག་པ་ཁོ་ན་ལས་འབྲས་བུ་ཡོངས་སུ་དག་པ་འབྱུང་གི་ཡོངས་སུ ་མ་དག་བ་ལས་ནི་མ་ཡིན་ནོ། །ཐུབ་མཆོག་ཅེས་བྱ་བ་ནི་ཕྱི་རོལ་བ་སློབ་པ་དང་མི་སློབ་པའི་ཐུབ་པ་རྣམས་ཀྱི་ནང་ནས་མཆོག་སྟེ་ཆེས་བཟང་བ་ནི་ཐུབ་མཆོག་གོ། གང་ཡང། གང་དག་སངས་རྒྱས་ལ་སོགས་པ། །ཀུན་མཁྱེན་རིག་བྱེད་བདག་ཉིད་དུ།། ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ་།སྐྱོབ་པ་ཐམས་ཅད་མཁྱེན་པ་ཅེས་བྱ་བ་ལ་སྨོས་ཏེ། །སྐྱོབ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །གལ་ཏེ་རིག་བྱེད་རྟག་པ་ཉིད་དུ་སྐྱོབ་པར་གྱུར་ན་དེའི་ཚེ་དེ་སྐད་དུ་བརྗོད་པར་འགྱུར་ན་གང་གི ་ཕྱིར་དེ་ཉིད་མ་གྲུབ་སྟེ། སྔར་གནོད་པར་བྱེད་པའི་ཚད་མ་བསྟན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏེ། །གནོད་པར་བྱེད་པའི་ཚད་མ་དེ་ཉིད་དྲན་པར་བྱེད་པ་ནི་རིམ་དང་ཅིག་ཅད་ཞེས་བྱ་བ་སྟེ། འདི་ཡང་སྔར་བཤད་ཟིན་པ་ཉིད་དོ། །གང་ཡང། དོན་རེ་ཞིག་མི ་སོགས་ཀྱིས།། ཐམས་ཅད་མཁྱེན་པ་མི་མཐོང་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། ད་ལྟར་ཐམས་ཅད་མཁྱེན་པ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགག་པ་བཞིན་དུ་བྱུང་འགྱུར་ཞེས། །དཔག་པར་ནུས་པ་མ་ཡིན། །ཞེས ་གུ་མཱ་ར་རི་ལས་གཞན་འདི་ཡང་སྨྲས་པ་འདི་ལ་དགག་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་ལྟར་འདས་པའི་དུས་སུ་ཐམས་ཅད་མཁྱེན་པ་དགག་པར་ནུས་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་བྱུང་བར་གྱུར་ཏོ་ཞེས་བརྟག་པར་ནུས་པ་མ་ཡིན་ནོ་ཞེས་པ་གསོ? ་པ་དེ་ཡང་མི་རིགས་ཏེ། འདས་པའི་དུས་སུ་ཡང་དེ་དགག་པར་མི་ནུས་པའི་ཕྱིར་རོ། །འང་གི་སྒྲ་ལས་འབྱུང་བ་དང་འབྱུང་བར་འགྱུར་བའི་དུས་ཀྱང་དགག་པར་ནུས་པ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། མ་མཐོང་བ་ཙམ་གྱིས་མེད་པར་རྟོགས་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་གཞན་གྱིས་བཀོད་པའི་སྒྲུབ་པར་བྱེད་པ་དོགས་པ་ཡིན་ཏེ། སྦྱོར་བ་ནི་གང་འདས་པའི་དུས་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པས་སྟོང་པ་ཡིན་ཏེ་དུས་ཡིན་པའི་ཕྱིར་ད་ལྟར་པའི་དུས་བཞིན་ནོ། །དེ་ལ་བསྒྲུབ་པར་བྱ་བ་བཟློག་པ ་གནོད་པ་མན་གྱི་ཚད་མ་མ་བསྟེན་པའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་དེས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །དཔེ་ལ་ཡང་བསྒྲུབ་པར་བྱ་བའི་ཆོས་ཐེ་ཚོམ་ཟ་བའི་ཕྱིར་མ་གྲུབ་ལ། དཔེ་གྲུབ་ཏུ་ཆུག་པ་དེ་ལྟ་ན་ཡང་དཔེ་ཙམ་གྱིས་འདོད་པ་གྲུབ་པར་རིག་པ ་མ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་རྒྱུའི་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གང་ཞིག་ད་ལྟ་བ་མེད་པ་དེ་ནི་འདས་པའི་དུས་སུ་ཡང་མ་བྱུང་ངོ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད་དགའ་བྱེད་དང་བྷ་ར་ཏ་ལ་སོགས་པ་ད་ལྟར་མེད་པའི་ཕྱིར་མེད་པར་རྗེས་སུ ་དཔག་པར་ནུས་པ་མ་ཡིན་ཏེ། དེ་བས་ན་དགའ་བྱེད་ལ་སོགས་པ་ཡང་མ་ངེས་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་ཡང། རྟགས་ཀྱི་ཕྱོགས་གཅིག་མཐོང་མི་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཤེས་རབ་ལ་སོགས་ཞེས་བྱ་བ་ལ་སོགས ་པ་སྨོས་པ། གང་དག་རིགས་མཐུན་སྔ་མའི། །ཞེས་བྱ་བ་ལ་སོགས་པས་ཤེས་རབ་ལ་སོགས་པ་ཆོས་ཅན་ཉིད་དུ་བརྗོད་ནས་རྟགས། བརྗོད་དེ་དེས་ན་རྟགས་མེད་དོ་ཞེས་བྱ་བ་དེ་མ་གྲུབ་བོ། །ཡོད་པ་བྱ་སྒྲུབ་པ་ཡང་མ་ཡིན་ནོ། །འོ་ན་ཅིག་ཆ་ཞེས་རབ་ལ་སོགས་ཤིན་ཏུ་ཕུལ ་དུ་བྱུང་བའི་ཕྱིར་ཆོས་ཡིན་ལ་དེ་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་བས་ན་ཡོད་པར་བསྒྲུབས་པའི་སྐྱོན་གང་དག་ཡིན་པ་དེ་དག་ཀྱང་འདིར་མི་འཇུག་པ་ཉིད་དོ། །ཀུན་མཁྱེན་སྒྲུབ་བྱེད་རྟག་པ་ཡི། །ཞེས་བྱ ་བྱ་བ་ལ་སོགས་པ་ལ། སྔར་བསད་རྟགས་ནི་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་སྟོབས་ཤུགས་ཀྱི་རྗེས་སུ་དཔག་པ་སྲིད་པ་ན་འགའ་ཞིག་འདོད་པ་ཙམ་གྱིས་རྗེས་སུ་བྱེད་པའི་ཚིག་ལས་དངོས་པོ་གྲུབ་པ་འཚོལ་བ་ནི་མ་ཡིན ་ནོ། དེ་བས་ན་ཁོ་བོ་ཅག་ལུང་གིས་ཐམས་ཅད་མཁྱེན་བསྒྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྗེས་སུ་དཔག་པ་ལས་སོ། །དེ་ཡང་སྔར་བཤད་ཟིན་པ་ཉིད་དོ། །ཀུན་མཁྱེན་སྒྲུབ་བྱེད་རྟག་པ་ཡིས། །ལུང་གི་རྣམ་པ་འགའ་ཡོད་མིན། །ཞེས་བྱ་བ་དེ་ཡང་གྲུབ་པ་ན ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འོན་ཀྱང་རིག་བྱེད་ཚད་མ་རུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་ལྟར་ལུས་ཅན་ཞེས་བྱ་བ་འཕྲོས་པ་གཞན་ཡོད་དེ། དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་ཐམས་ཅད་མཁྱེན་པ་ཡིན་པར་གསལ་རབ ་ཏུ་འདོན་ཏེ། དེའི་ཕྱིར་རིག་བྱེད་ཚད་མར་བྱེད་པའི་རྨོངས་པར་ཁྱེད་ཅག་གིས་འདི་སྤོང་བར་བྱེད་པ་ཡིན་དེར་འདོན་པ་འདི་ཡང་ཇི་ལྟ་བུ་ཞེན་བསྟན་པའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲངས་པས་ཁྱབ་ཅེས་བྱ་བ་ནི་འགྲོ་བ ་ཐམས་ཅད་སྙན་པར་གྲགས་པའོ། །བདུད་རྩིའི་གོ་འཕང་བརྙེས་ཞེས་བྱ་བ་ནི་བདག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པ་ཞི་བའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པའི་དེའང། དེ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དག་པ་ཞེས ་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ཀྱི་ཟང་བཞིན་ནོ། །འདི་ཙམ་གྱིས་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་ཀྱི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས་གཞན་གྱི་དོན་ཕུན་སུམ་མི་ཚོགས་པ་བསྟན་པའི་ཕྱིར་འཇིག་རྟེན་ཀུན་གྱི་ཡས? ་ཏུ་གྱུར། ཞེས་བྱ་བ་སྨོས་ཏེ། ཡབ་ནི་སྟོན་པའོ། །འགྲོ་བ་མཛའ་དག་ཐེག་པ་གསུམ་གྱི་བདེ་བ་ལ་འགོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་དོགས་པ་ཡིན་ཏེ། འདི་ཞེས་བྱ་བ་ནི་ལུས་ཅན་ཞེས་བྱ་བ་འི་འགྲོས་པ་བཞིན་ནོ། །དེས་འདི་བཞེས་བྱ་བ་ལ་སོགས ་པས་ལན་འདེབས་པར་བྱེད་དོ། །དེ་ལྟར་ལྷུང་ལེན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་དོགས་པར་བྱེད་དེ། དེ་ལྟར་ལྟུང་ལེན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟོན་པ་ལྟུང་ལེན་པའོ། །ཇི་ལྟར་རྙེད་མི་ནུས་ཤེ་ན། གལ་ཏེ་རྟག་ན་དང་དོན་ཉིད་ཅེས་བྱ་བ་སྨོས་ཏེ། གལ་ཏེ ་ཐམས་ཅད་མཁྱེན་པ་རྟག་ན་ལྷུར་ལེན་པའི་ལུང་འདི་རྟག་པར་འགྱུར་ན་དེའི་ཚེ་ངེས་པར་དྲང་པའི་དོན་དུ་འདིའི་དོན་གཞན་གྱི་ཉིད་དུ་བལྟ་བར་བྱའོ། །ཡང་འདི་དྲང་བའི་དོན་ཉིད་དུ་མི་འདོད་པར་དེའི་ཚེ་ངེས་པར་འདི་མི་རྟག་པ་ཉིད་དུ་འགྱུར་རོ། །ཡང་ཅིའི་ཕྱིར་རྟག་པ་ཉིད་ཡིན་ན་དྲད་པའི་དོན ་དུ་འགྱུར་ཞེ་ན་ལུང་ནི་རྟག་པ་ཉིད་དུ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་རྟག་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་རྟག་པའོ། །ཅིའི་ཕྱིར་ལོགས་པ་ཡིན་ཞེ་ན། གང་ཕྱིར་མི་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་ཞེས་བྱ་བ་ནི་ལུང་རྟོག་པ་ལས་སོ། །འདི་ནི་རབ་ཏུ ་གྲུབ་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱའོ། །གལ་ཏེ་ཡང་ངེས་བརྗོད་ལ་སོགས་པའི་རིག་བྱེད་།དི་རང་གི་ངོ་བོ་ཉིད་དུ་རབ་ཏུ་གྲགས་པ་དེ་ལྟ་ན་ཡང་འདི་རྟག་པ་ཉིད་དུ་མ་གྲུབ་བོ། །ཇི་ལྟར་བཞེ་ན། །གང་གིས་བཙལ་མ་ཐག་ཏུ་བྱུང། ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་ཞིག་བཙལ་མ་ཐག་ཏུ་བྱུང་བའི་ཤེས་པ་ཅན་ནས། འབྲས་བུ་ཤེས་པའི་རིམ་པ་ཅན་ཡིན་པ་དེ་ནི་མི་རྟག་པ་ཡིན་ཏེ་དབང་ན་བུམ་པ་ལ་སོགས་པ་བཞིན་ནོ། །རིག་བྱེད་ཀྱང་དེ་བཞིན་ནོ་ཞེས ་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་མ་གྲུབ་པ་ཉིད་ལ་སོགས་པ་ཤེས་པ་བརྟག་པར་བརྒྱས་པར་བསལ་ཟིན་པའི་ཕྱིར་མི་བརྗོད་དོ། །འདི་ནི་ཞེས་བྱ་བ་ནི་རིག་བྱེད་དོ། །གལ་ཏེ་འཕྲོས་པ་གཞན་རིག་བྱེད་ཉིད་དུ་མ་གྲུབ་བོ་ཞེ་ན། །ཡང་ན་རིག་བྱེད ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་ཞེས་བྱ་བ་ནི་གལ་ཏེ་འདིར་རིག་བྱེད་མ་ཡིན་པ་ཉིད་མི་སྟོན་ན་དེའི་སེ་ཁྱོད་ཀྱིས་ཐོས་པར་ཏེ་རིག་བྱེད་ལས་ཐམས་ཅད་མཁྱེན་པ་དེ་མ་སྨོས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་ཐེ ་ཚོམ་ཟ་བའི་མ་གྲུབ་པ་ཉིད་དུ་འགྱུར་རོ། །གང་ཡང། དེ་ལྟུང་ལེན་ན་མི་རྟག་འགྱུར། །ཞེས་བྱ་བ་འདི་ལ་རིག་བྱེད་རྟག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ཕྱིར་ཞེས་འདྲི་བ་ནི། གཞན་གྱིས་སྨྲས་པ་ནི་འཇིག་རྟེན་དོན་དང་འབྲེལ་ཕྱིར་ཞེས་བྱ་བ་སྨོས་ཏེ་འཇིག་པའི ་དོན་དང་འབྲེལ་ཏེ་འདྲེས་པའི་རྒྱུའི་ཕྱིར་མི་རྟག་པ་ཉིད་དུ་འགྱུར་རོ། །གལ་ཏེ་དེ་ལྟ་ཞེས་བྱ་བ་ལ་སོགས་པས་མ་ངེས་པ་ཉིད་དུ་སྟོན་པ་ཡིན་ཏེ་གང་ལུགས་ནི་མེད་དོ། །སོ་བ་ནི་འབྲས་བུའི་ཁྱད་པར་རོ། །གསེར་གྱི་རལ་པ་ཅན་ནི་མེའོ། །དེ་ཡིས་ཞེས་བྱ་བ་ནི་རིག ་བྱེད་ཀྱིས་སོ། །དེ་ལ་རིགས་རྟགས་ཡོད་ཅེ་ན། །ཞེས་བྱ་བས་གཞན་གྱི་ལན་དོགས་པར་བྱེད་དེ་གང་ལུགས་ལ་སོགས་པ་དེ་ལས་སྒྲའི་བརྗོད་པར་བྱ་བ་རིགས་ཡོད་པ་ཡིན་ཏེ། ངེས་ན་ཧ་ཅང་ཐལ་པར་མི་འགྱུར་རོ་ཞེས་དེ་ནི་ཡང་དགས་པ་མ་ཡིན་ཏེ་སྤྱི་བརྟགས་པར ་རིགས་པར་རྒྱས་པར་བསལ་ཟིན་པའི་ཕྱིར་རོ། །རིགས་ཡོད་དུ་ཟིན་པ་དེ་ལྟ་ན་ཡང་རིགས་ཙམ་བརྗོད་པར་བྱེད་པའི་དབང་ལུགས་ཀྱི་སྒྲ་ལས་གསལ་བ་ལས་ཤེས་པ་བསྐྱེད་པར་མི་འགྱུར་ལ་དེ་བས་ན་གསལ་བར་བསྒྲུབ་པའི་བྱ་བའི་དོན་དུ་གཉེར་བ་ལ་རིགས་བརྗོད་པ་དོན ་མེད་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱིས་གསལ་རྟོགས་པར་བྱེད་དོ། །ཞེ་ན་མ་ཡིན་ཏེ། རྟོགས་པ་བར་ཆོད་པ་མེད་པའི་ཕྱིར་རོ། །སྒྲ་ལས་དེ་མ་ཐག་ཏུ་རིགས་ལ་རྗེ་དང་པོར་བློ་སྐྱེ་བ་ཕྱིར་མེད་ན་མི་འབྱུང་བ་ཉིད་ཀྱིས་གསལ་བར་རྟོགས་པ་ནི་མ ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་སྒྲ་ལས་དོན་བྱ་བ་བྱེད་པའི་བྱེད་པ་པོ་དེས་པར་པར་ཚོད་མེད་པ་ཉིད་དུ་སྐྱེ་སྟེ། དེ་བསྟན་པར་འདོད་པ་ཉིད་ཀྱིས་སྒྲ་སྦྱོར་བ་ཡིན་ནོ། །དེS་ན་སྒྲ་ལས་གསལ་བ་རྟོགས་པ་མ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ནོ། །གལ་ཏེ ་རིགས་ཁོ་ན་སྒྲས་བརྗོད་པ་ཡིན་གྱི་གསལ་བ་ནི་མ་ཡིན་པ་དེའི་ཚེ་གླང་འཇོ་བར་བརྗོད་པ་དེ་བཞིན་དུ་འབྲེལ་པ་མེད་པར་བརྗོད་པར་གོ་ནས་རྟོག་པ་དང་ལྡན་པ་སྒྲ་ལས་གསལ་བ་ལ་འཇུག་པར་མི་འགྱུར་རོ། །ཅི་སྟེ་ཐལ་བར་འགྱུར་བའི་ཉེས་པ་འདིར་འགྱུར་དུ་འོད་པས ་གསལ་བའི་ངོ་བོ་དེ་ཡང་གསལ་པར་བརྗོད་པར་ཁས་ལེན་པར་བྱེད་ན་དེའི་ཇི་ལྟར་རིག་བྱེད་ཀྱི་རྟག་པ་ཉམས་པར་ཐལ་བར་མི་འགྱུར་གཞན་ཡང་སྒྲ་རྣམས་དངོས་སུ་རིགས་བརྗོད་པ་དང་མེད་ན་མི་འབྱུང་བ་དེའི་གསལ་བ་བརྗོད་པ་ཡིན་དུ་ཟད་མེད། དེ་ལྟ་ན་ཡང་ཐམས་ཅད ་མཁྱེན་པ་སྟོན་པ་ལྟུང་ལེན་པའི་ལུང་རྟག་པ་ཉིད་དུ་མི་འགལ་ལོ་ཞེས་སྟོན་པ་ནི་ཡང་ན་ཀུན་མཁྱེན་གྱིས་སྟན་བླ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་གཅིག་ལ་ཡང་གནས་སྐབས་ཐ་དད་པ་ཡོངས་སུ་བརྟག་པའི་སྣ་ཚོགས་པ་ཉིད་ཀྱི་རིགས་སྒྲའི ་བརྗོད་བྱ་ཉིད་དུ་འཐད་ན་ཐོག་མ་མེད་པའི་ཐམས་ཅད་མཁྱེན་པའི་རྒྱུད་པ་དཔག་ཏུ་མེད་པ་ལྟ་སྨོས་ཏེ་ཅི་དགོས་གཞན་ཡང་གལ་ཏེ་ཁྱད་ཅག་གིས་ལྟས་ཅན་ཞེས་བྱ་བའི་འཕྲོས་པ་གཞན་རིག་བྱེད་ཉིད་དུ་ཁས་ལེན་པ་དེ་ལྟ་ན་ཡང་ཁྱེད་ཀྱི་ལུགས་ཁོ་ནས་ཐོས ་པར་བརྗོད་པ་ཉིད་ཐེ་ཚོམ་ཟ་བ་མིན་ནོ་ཞེས་བསྟན་པའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སོགས་པ་སྨོས་ཏེ། རིག་བྱེད་ཀྱི་ཚིག་རྣམས་རྟག་པ་ཉིད་ཀྱིས་རང་དགའ་བ་ཡིན་པས་ན་རིག་བྱེད་ལས་དོན། དེས་ཕར་འབྱུང་བ་མ་ཡིན་ཏེ། གང་གི་ཕྱིར་རིག་བྱེད་འདི ་བདག་གི་དོན་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་བ་མ་ཡིན་པ། རྟོག་པ་རང་ལས་ཏེ་བདག་ཉིད་ལས་དང་སྟེ་གཞན་ལས་ཏེ་འཆད་པ་པོ་ལས་དོན་ངེས་པར་འགྱུར་བ་ཡང་མ་ཡིན་ཏེ་ཁྱོད་ཀྱི་ལུགས་ཀྱིས་ཐམས་ཅད་རྨོངས་པ་ལ་སོགས་པ་བསླད ་པ་ཉིད་ཡིན་པའི་ཕྱིར་རོ། །ངེས་ན་མེ་ལ་སྦྱིན་སྲེག་སྦྱིན་པ་ལ་སོགས་པའི་ཚིག་ལས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡང་སྲིད་པ་ཁོ་ནའོ། །ཚད་མ་གང་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མེད་པ་ཁོ་ནའོ། །གང་ཡང་མི ་ཀུན་གྱིས་ཤེས་ཞེས་བྱ་བ་མི་བསླུ་མི་སྲིད་མ་ཡིན་ནོ། །ཞེས་གང་སྨྲས་པ་འདི་ལ་མཐོ་རིས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡང། དེ་ཡང་སྔགས་ཀྱི་དང་དོན་བཞིན་ནོ། །ཕལ་པ་ཉིད་དུ་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ ་ཡང་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཚད་མས་ཐམས་ཅད་མཁྱེན་པ་ཉིད་སེལ་པར་འགྱུར་ན་དེའི་ཚེ་གཞན་དུ་མི་འཐད་པས་འདི་ཕལ་པའི་དོན་ཉིད་ཤེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། གཙོ་བོའི་དོན་ཡང་སྲིད་པའི་ཕྱིར་རོ།། ་ཚིག་རྟག་གང་ནི་དྲད་པའི་དོན་ཉིད་དུ་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་དོན་གཞན་བསམས་ནས་གཞན་སྟོན་པ་ནི་ཕྲད་པའི་དོན་ཡིན་ལ་བསམས་པ་དང་བྲལ་བའི་ཚིག་ལ་བརྗོད་པར་འདོད་པ་མེད་པར་དེ་རིགས་པ་མ་ཡིན་ནོ། །ཡང་ན་སྐབས་ཀྱི ་ཆོས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཆོས་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་རྒྱལ་བ་ཡིན་ཞེ་ན་གང་གི་ཕྱིར་རྒྱུ་དང་བཅས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཅོམ་ལྡན་འདས་ཀྱིས་མངོན ་པར་མཐོ་བ་དང་ངེས་པར་ལེགས་པའི་ཡེ་ཤེས་ཐོས་པ་མེད་པ་སྒྲུབ་པས་དེའི་ཕྱིར་བཅོམ་ལྡན་དས་ཁོ་ན་མ་འདྲེས་པ་སྟེ་གཞན་མ་ཡིན་པའི་ཆོས་ལ་སོགས་པའི་ཡེ་ཤེས་ཅན་ཡིན་ནོ་ཞེས་རང་ཉིད་ཀྱི་ཚིག་གིས་ཐམས་ཅད་མཁྱེན་པར་ཁས ་བླངས་པར་འགྱུར་རོ། །གང་ཡང། ཡང་ན་བདག་ཉིད་ཁོ་ན་ལས། ཞེས་སྨྲས་པ་དེ་ཡང་བཅོམ་ལྡན་འདས་ཁོ་ན་ལས་རྣམ་པ་དེ་ལྟ་བུའི་ཡེ་ཤེས་སྲིད་པའི་ཕྱིར་མི་འདོད་མ་ཅུང་ཟད་ཀྱང་མདོ་དོ་ཞེས་བསྟན་པར་བྱ་བའི་ཡེ་ཤེས་སུ་འབྱུང་ལ་སྟོན ་པའི་གསུང་རབ་ཆ་གཅིག་ལ་ཡང་མི་བརྟན་བའི་ཡེ་ཤེས་མེད་པ་ཡིན་ཏེ་ཐེག་པ་གསུམ་གྱི་ཡུལ་ཅན་གྱི་བསྟན་པ་སྡུག་བསྔལ་ལས་སོགས་པའི་མཚན་ཉིད་ཅན་གྱི་བསྟན་པ་ནི་དག་གཅིག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་བདག་ཉིད་རྣམ་པར ་ཤེས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞེས་བྱ་བ་ནི་བདག་ཤེས་པའོ། །དེ་དག་གི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིའོ། །དད་པོ་ཉིད་དུ་ཞེས་བྱ་བ་ནི་ཨི་སྲིད་ཇི་སྲིད་ཡོན་ཏན་ཚོགས་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་དང་བདག་གིས་ཤེས ་པ་རང་རིག་པའི་བདག་ཉིད་དུ་བརྗོད་ཀྱི་ནང་གི་བྱེད་པའི་སྐྱེས་བུའི་ཤེས་པ་ནི་མ་ཡིན་ནམ། །དེ་ཇི་ལྟར་གྲུབ་པ་ལ་སྒྲུབ་པར་འགྲུབ་ཅེ་ན། དེ་ཡི་ཤེས་པ་འདི་ཉིད་དེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་ཙམ་རིག་པ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། རིག་བྱ་རིག་བྱེད ་རྣམ་པ་མེད། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ཕྱིར་རོལ་གྱི་དོན་མ་རྟག་པར་རོ?། །འཁོར་བར་མི་འཆིད་པ་སྟེ་རྗེས་སུ་མི་མཐུན་བའི་ཤེས་པ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་དབང་གིས་བྱུང་བའི་བསྟན་པ་གང་ཡིན་པ་དེ་དག་ཇི ་ལྟར་ཐོས་ཤེ་ན་གཉིས་ཀྱིས་རྣམ་བསམ་གོས་པའི་ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་གཉིས་སྨོས་ཏེ། གཉིས་ཀྱིས་རྣམ་པར་རྨོངས་མེད་བདག་མེད། ཅེས་བྱ་བ་ནི་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་སྤངས་པའོ། །གཉིས་ལ་བདག་མེད་རྟོགས་པ ་ན། ཞེས་བྱ་བ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པ་ནའོ། །ཡང་ན་གཉིས་ནི་གཟུང་བ་དང་འཛིན་པ་སྟེ། དེའི་བདག་མེད་པ་སྟེ་རང་བཞིན་མེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྲིད་མེད་བུ་སོགས་སྤྱོད་ཡུལ་མིན་ཞེས་བྱ་བ་སྲིད་མེད་བུ་ནི་ཁྱབ་འདུག། ་སོགས་པའི་སྒྲས་ནི་ཁྱུང?་ཕྱུག་ལ་སོགས་པ་གཟུང་ངོ། །ཅི་སྟེ་སྲིད་མེད་ཀྱི་བུ་ལ་སོགས་པ་ལ་ཡང་རྣམ་པར་རི་དག་པའི་བདག་ཏུ་ལྟ་བ་ཅིའི་ཕྱིར་མི་འདོད་ན། གཞན་གྱིས་དག་པའི་ཤེ་ལ་ལྟ་བུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གིས་ཞེས་བྱ་བ་ནི་རིད་མེད་ཀྱི་བུ་ལ་སོགས ་པས་སོ། །བདག་བརྟག་པར་བསལ་ཟིན་པའི་ཕྱིར་དེའི་ཡུལ་ཅན་གྱི་ཤེས་པ་ཕྱིན་ཅི་ལོག་ཡིན་པས་བསམ་རང་དག་པ་མ་ཡིན་ནོ། །གཞན་ཡང་དེ་དག་ལ་རྟག་པའི་བདག་གི་ཡུལ་ཅན་གྱི་ཤེས་པ་བརྗོད་པ་གང་ཡིན་པ་དེ་ཅི་བདག་དེ་ལས་སྐྱེའམ་དོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ ་དེ་ལ་ཕྱོགས་དང་པོ་ལ་རྒྱུ་མཚང་བ་མེད་པ་ཉིད་ཀྱིས་དེའི་ཡུལ་ཅན་གྱི་ཤེས་པ་མཛའ་དག་ཅིག་ཅར་སྐྱེ་བར་འགྱུར་རོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེ་ལ་ཡང་དེ་རྟག་པ་ཡིན་ནམ་མི་རྟག་པ་ཡིན་ན་གྲང། ་གཉི་ག་ལྟར་ན་ཡང་བདག་ངེས་ཕན་མི་འདོགས་པའི་ཕྱིར་སྐྱེས་བུ་གཞན་གྱི་སེམས་པ་བཞིན་དུ་དེའི་ཡུལ་ཅན་དུ་མི་འགྱུར་རོ། །གང་ཡང། བདག་ཉིད་རྣམ་པར་དེ་དག་མཐོང་བ། །དེ་ཉིད་དེ་ཡིས་ཤེས་པ་ཡིན། །ཞེས་སྨྲས་པ་དེ་ལ། ་གཟུང་བའི་མཚན་ཉིད་མི་འཐད་པ་ཞེས་སྨྲས་པ་དེ་ལ། གཟུང་བའི་མཚན་ཉིད་མི་འཐད་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གལ་ཏེ་རེ་ཞིག་བདག་སེམས་པའི་ངོ་བོར་ཁས་ལེན་བ་བྱེད་ན་དེའི་ཚེ་དེའི་ཡུལ་ཅན་གྱི་ཤེས ་བ་རྣམ་པར་མ་དག་པ་ཉིད་ཡིན་ཏེ། རང་བཞིན་གྱིས་ཤེས་པ་ཐམས་ཅད་ཀྱིས་གཟུང་བ་དང་འཛིན་པ་མི་འཐད་པ་ནི་ཕྱི་རོལ་གྱི་དོན་བརྟག་པར་བསྒྲུབས་ཟིན་པའི་ཕྱིར་རོ། །ཅི་སྟེ་བདག་སེམས་ཀྱི་ངོ་བོ་ཡིན་ནོ་ཞེས་བྱ་བའི ་ཕྱོགས་ཡིན་ལ་དེའི་ཚེ་བལྟ་བར་བྱ་བ་དང། ལྟ་བ་ཐ་དད་པའི་ཕྱིར་གཟུང་བ་དང་འཛིན་པའི་དངོས་པོ་མི་འཐད་པས་ཤེས་པ་དེའི་ཡུལ་ཅན་ཞེས་བྱ་བར་མི་འགྱུར་རོ། །ཡུལ་དང་ཡུལ་ཅན་ཧ་དད་ན་ཡུལ་དང་ཡུལ་ཅན་གྱི་དངོས ་པོར་འགྱུར་རོ། །གལ་ཏེ་སྒྲོན་མ་བཞིན་དུ་གསལ་བའི་བདག་ཉིད་པ་ཡིན་པས་འདི་དག་གི་ཡུལ་ཅན་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་མངོན་པར་མི་འདོད་པའི་རང་རིག་པར་ཐལ་བར་འགྱུར་བ་དང་ཤེས་པ་མངོན་སུམ་མ་ཡིན ་པ་ཉིད་དུ་འདོད་པ་དང་ཡང་འགལ་བར་འགྱུར་ཏེ། དེ་སྟོན་པ་ནི། བློ་ཡང་མངོན་སུམ་དུ་འགྱུར་རོ། །ཞེས་བྱ་བའོ། །ཅི་སྟེ་ཡང་རིག་བྱེད་ཡུལ་ཅན་ཕྱིར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་རིག་བྱེད་དང་ནི་ཚངས་པ ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་དེ་འབྲེལ་པ་ཡོད་པ་ཡིན་ན་ཚངས་པ་ལ་སོགས་པ་རིག་བྱེད་ཀྱི་ཡུལ་ཅན་དུ་འགྱུར་བ་ཡིན་ན་རིག་བྱེད་དང་ལྷན་ཅིག་ཚངས་པ་ལ་སོགས་པ་འབྲེལ་པ་ཡོད་པ་ཡང་མ་ཡིན་ཏེ། འདི་ལྟར་དངོས་པོ ་རྣམས་ཀྱི་འབྲེལ་པ་ནི་རྣམ་པ་གཉིས་པོ་ཁོ་ན་སྟེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དེ་ཞེས་པ་བསྟན་ཟིན་ཏོ། །དེ་ལ་ཐ་དད་པར་ཁས་ལེན་པའི་ཕྱིར་དེའི་བདག་ཉིད་ཀྱིས་འབྲེལ་པ་མེད་པ་དེ་ལས་བྱུང་བ་ཡང་མ་ཡིན་ཏེ། གཉི་ག་ཡང ་རྟག་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་དང་ཕན་གདགས་པར་བྱ་བ་མ་ཡིན་པས་ཕན་ཚུན་བལྟོས་པའི་ཕྱིར་རོ། །ཤེས་པ་ཀུན་གྱི་རང་བཞིན་ཡང་ཞེས་བྱ་བ་ནི་འཐད་པ་མ་ཡིན་ཞེས་སྐབས་སུ་བབ་པ་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དོན་ངེས ་པ་མེད་པའི་ཕྱིར་རོ། །ངེས་པའི་དོན་ལ་རིག་བྱེད་ཤེས་པ་ཐམས་ཅད་ཀྱི་རང་བཞིན་དུ་རྟག་པར་རིགས་པ་དེ་ཡང་ཁྱད་ཀྱི་ལུགས་ཀྱིས་མི་སྲིད་དོ་ཞེས་འདི་ནི་བརྟན་ཟིན་ཏོ། །གང་གི་ཕྱིར་ཁྱེད་ཅག་ལྟར་ཁོ་བོ་ཅག་གིས་རིག་བྱེད་ཀྱི་སྒོ་ནས་ཐམས ་ཅད་མཁྱེན་པ་ཁས་ལེན་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་འབྱུང་གི་ཡེ་ཤེས་སོ། །བཅོམ་ལྡན་འདས་ནི་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་ནི་བསྟན་ཟིན་ཏོ། །གང་ཡང་སངས་རྒྱས་སོགས་མིན་གང། །ལྷག་མཆོག ་གསུམ་པོ་ག་ན་གནས། །ཞེས་བྱ་བ་སྨྲས་པ་དེ་ལ་བཅོམ་ལྡན་འདས་མ་ཡིན་པ་ཉིད་དུ་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར་འགྲོ་ལྔའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དམྱལ་བ་དང་ཡི་དགས་དང། དུད་འགྲོ་དང་ལྷ་དང། མིའི ་བྱེ་བྲག་གིས་འགྲོ་བ་ལྔའི་བདག་ཉིད་ནི་འཁོར་བའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པས་འདི་དག་མི་ཡིན་པ་ཉིད་དུ་མ་གྲུབ་པོ། །འོ་ན་ཇི་ལྟར་འདི་དག་ཟས་གཙང་ལ་སོགས་པའི་རིགས་སྐྱེས?་པར? ་ཐོས་ཤེ་ན། དེ་ནི་དེ་ལྟར་སྤྲུལ་པར་འདོད། །ཅེས་བྱ་བ་སྨོས་སོ། །འདི་ཉིད་ལུང་གིས་བསྟན་པའི་ཕྱིར་འོག་མིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོག་མིན་ཞེས་བྱ་བ་ནི་ལྷ་དག་སྟེ་དེ་དག་གི་ཕྱོགས་གཅིག་ན ་གནས་གཙང་མིའི་རིགས་ཀྱི་ལ་རྣམས་ཡོད་དོ། །དེར་འཕགས་པ་ཉིད་འབའ་ཞིག་གནས་སོ། །དེ་དག་གི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དེ་དེ་ར་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ ་སྲིད་པ་ཐམ་པ་ཁོ་ན་སྐྱེ་བ་བཞེས་པ་ཡིན་ལ་འདིར་ནི་དེའི་དབང་གིས་དེ་ལྟ་བུའི་སྤྲུལ་པ་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་ཡིན་ནོ། །གལ་ཏེ་ཁོ་བོ་ཅག་ལམ་གྲུབ་པོ་ཞེས། ཁྱེད་ཀྱིས་དགའ་ཉིད་དུ་ནི་ཞེས་བྱ་བ་ལ་སོགས་པ ་སྨས་ཏེ། གལ་ཏེ་ཁྱེད་ཅག་དང་དབང་དུ་རྗོད་པར་བྱེད་ན་དེའི་ཚེ་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ནོ། །གང་གིས་རང་དབང་དུ་མི་ཉིད་དུ་གྲུབ་པར་འགྱུར་བ་ཁྱེད་ལ་བཅོམ་ལྡན་འདས་མི་ཉིད་དུ་སྒྲུབ་པར་བྱེད་བའི་ཚད་མ་ཅུང ་ཟད་ཡོད་པ་མ་ཡིན་ནོ། །དེ་བས་ན་ཁྱེད་ཀྱིས་གཞན་དག་གི་ལུང་གི་སྒོ་ནས་མི་ཉིད་དུ་བརྗོད་པར་བྱ་དགོས་ལ་གཞན་གྱི་ལུང་དེ་ཡང་དེ་ལྟར་དེ་ཇི་སྐད་དུ་བཤད་པའི་ངོ་བོར་གནས་པའི་ཕྱིར་འདི་དག་མི་ཉིད ་དུ་མ་གྲུབ་བོ། །ཇི་ལྟར་འདི་དག་ནམ་མཁའ་ཨི་མེ་ཏོག་དང་འདྲ་པ་ཉིད་དུ་གྲུབ་ཅེ་ན། ནུས་པ་ཐམས་ཅད་དང་བྲལ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་བདེ་བྱེད་ལ་སོགས་པ་རྟག་པ་ཉིད་དུ་འདོད་ལ་རྟག་པ་ཉིད་ཀྱང ་རིམ་དང་ཅིག་ཅང་དེ་དག་གིས་དོན་བྱེད་པར་འགལ་པའི་ཕྱིར་ནུས་པ་ཐམས་ཅད་བློ?་པ་ཉིད་དུ་བསྒྲུབས་ཟིན་པ་ཉིད་དོ། །ནུས་པ་ཐམས་ཅད་བྲལ་བའི་མཚན་ཉིད་ཀྱང་མེད་པའི་ཕྱིར་གཞན་གྱིས་འདོད་པའི་མིག་གསུམ་པ ་ལ་སོགས་རྟག་པར་མེད་པ་ཉིད་ཀྱི་ཕྱིར་འདི་དག་ནམ་མཁའ་མེ་ཏོག་ལྟ་བུར་གྲུབ་པ་ཁོ་ནའོ། །མིག་གསུམ་པ་ནི་བདེ་བྱེད་དོ། །གཞན་ཡང་མིག་གསུམ་པ་ལ་སོགས་པ་ཡོངས་སུ་ཟིན་མེད་དེ་ལྟ་ན་ཡང་དེ་དག་དམན་པ་ཉིད་ཀྱིས་ཁོ ་བོ་ཅག་གིས་དེ་དག་དང་བཅོམ་ལྡན་འདས་འགྲན་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གཞན་ཡང་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པར་ཟེད་དོ། །གང་ཡང། རིག་བྱེད་ལུང་ནི་རྟག་པར་ཡང། ཞེས ་སྨྲས་པ་དེ་ལ། ཡོན་ཏན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་བསྒྲུབས་པས་འགའ་ཞིག་ཀྱང་རྟག་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་འདི་དག་ཐམས་ཅད་འབྲེལ་པ ་མེད་བར་བརྗོད་པ་ཡིན་ནོ། །གང་ཡང། གལ་ཏེ་ཀུན་མཁྱེན་དང་འདྲ་འགའ་ཞེས་བྱ་བ་ལ་སོགས་སྨྲས་པ་དེ་ལ། ཉེ་བར་འཇལ་བས་ཐམས་ཅད་མཁྱེན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་སངས་རྒྱས་པ་དེ་ལས་ཐམས་ཅད ་མཁྱེན་པ་གྲུབ་པར་འདོད་པའི་འགྱུར་བ་དེ་ཉེ་བར་འཇལ་བ་ཚད་མ་ཉིད་ནི་མ་ཡིན་ནོ། །ཚད་མ་ཉིད་ཡིན་ན་ཡང་དེ་ཡོད་པར་བསྒྲུབ་པ་ལ་ཉེ་བར་མ་ཁོ་བ་ཉིད་མ་ཡིན་ཏེ། འདི་ལྟར་དེས་ནི་བ་ལང་ལ་སོགས་པ་རབ་ཏུ་གྲགས་པའི་ཆོས་ཅན ་ལ་བ་མན་ལ་སོགས་པ་དང་འདྲ་བ་ཙམ་བསྒྲུབས་པར་བྱ་བ་ཡིན་ལ་ཆེས་ཅན་ཐམས་ཅད་མཁྱེན་པ་ནི་གྲུབ་པོ་ཡོད་པ་མ་ཡིན་ཏེ། བྱེད་ཀྱི་ལུགས་ཀྱིས་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱིས་འདོད་པས་ཐམས་ཅད ་མཁྱེན་པ་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བའི་སྐབས་ཡིན་པ་དེ་ཉིད་ཀྱིས་ཉེ་བར་འཇལ་བའི་སྐབས་མེད་པའི་ཕྱིར་དགག་པ་དོན་མེད་པ་ཐོབ་པ་མེད་པའི་ཕྱིར་རོ། །དགག་པ་ནི་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་སྙམ་དུ ་བསམས་པ་ཡིན་ནོ། །ད་ལྟར་ཡོད་བའི་མི་རྣམས་ཀུན། །ཞེས་བྱ་བ་ལ་སོགས་པ་ལ། །གལ་ཏེ་ཁྱེད་རིས?་མི་རྣམས་ཀུན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་ཀྱིས་ཐམས་ཅད་མཐོང་ན་དེའི་ཚེ་མི་ཐམས ་ཅད་མཁྱེན་པ་འགེགས་པ་ན་རང་གི་ཚིག་དང་འགལ་བ་ཡིན་ཏེ་འདི་ལྟར་ཐག་རིང་བ་དང་བར་དུ་ཆོད་པའི་སྐྱེས་བུ་མཛའ་དག་མཐོང་བས་ཁས་བླངས་པའི་ཕྱིར་དང་གཞན་གྱི་རྒྱུ་དང་འབྲེལ་པའི་ཤེས་པའི་ནུས་པ་ངེས་བར ་ཁས་བླངས་པའི་ཕྱིར་བདག་ཉིད་མཁྱེན་པ་ཉིད་དུ་གསལ་རབ་ཏུ་ཁས་བླངས་པར་འགྱུར་ཏེ། ཡུལ་དང་དུས་རང་བཞིན་གྱི་བསྐལ་པའི་དོན་མཐོང་པར་ཁས་ལེན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་མ་ཡིན་པ་ནི་དེ་ལྟ་བུ་ཤེས ་པ་སྲིད་པ་མ་ཡིན་ནོ། །དེ་དགག་པའི་ཕྱིར་སྒྲུབ་པར་བྱེད་པ་ཡང་ལེན་པས་དེ་ཉིད་བཀག་པ་ཡིན་པའི་རང་གི་ཚིག་དང་འགལ་ཏེ་དཔེར་ན་དེའི་མ་མོ་གཤམ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར ་བསྟན་པའི་ཕྱིར་མདུན་ན་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མདུན་ན་གནས་པའི་སྐྱེ་བུའི་ལུས་ཙམ་མཐོང་བའི་ཕྱིར་འདི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ཡང་ཐམས་ཅད་མ་ཡིན་པས་ཐམས ་ཅད་མཁྱེན་པ་ངེས་པར་མི་ནུས་ན་ཡུལ་དང་དུས་ཀྱིས་ཆོད་པའི་སྐྱེས་བུ་ལ་ལྟ་སྨོས་ཀྱང་ཅི་དགོས། །དེས་ན་ཞེས་བྱ་ཨ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་དེ་ལྟར་ངེས་མའོ། །ཅི་ཏེ་གཏན་ཚིགས་མ་གྲུབ་པར་འགྱུར་དུ་འོང་བས་བདག ་ཉིད་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཀྱིས་མི་མ་ལུས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཁས་ལེན་པར་བྱེད་ན་དེའི་ཚེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བདག་ཉིད་ཀུན་ཤེས་ཞེས་བྱ་བ ་ལ་སོགས་སྨོས་ཏེ། བདག་ཉིད་ལ་ཐམས་ཅད་མཁྱེན་པ་ཉིད་མ་མཐོང་བས་ཞེས་ཚིག་རྣམ་པར་པར་སྦྱར་རོ། །འདི་སྙམ་དུ་ཆོས་ཐམས་ཅད་ཀྱི་ཤེས་པ་གྲུབ་པར་བྱེད་པ་ན་ཤེས་རབ་ལ་སོགས་པའི་བྱེ་རག་མཐོང་བས་གནོད་པའི་ཕྱི་དེས་ན་དེ་སྒྲུབ་པ་དང ་མི་བྱེད་ཀྱི། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་ན་སྒྲུབ་ན་གང་གིས་གནོད་པ་མེད་པ་ངེས་ན་ཧ་ཅང་ཐལ་བར་མི་འགྱུར་རོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། ཇི་ལྟར་གཏན་ཚིགས་གནོད་པ་མཐོང་བ་སྒྲུབ་པར་བྱེད་པ་མ་ཡིན ་དེ་བཞིན་དུ་གནོད་པར་དོགས་པ་ཡང་མ་ཡིན་པས་དེ་ན་གནོད་པ་དགོད་པ་ནི་གནོད་པར་འདོད་པ་ལས་ཐ་དད་པར་མ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་པར་བྱེད་པར་ཡང་འགྱུར་ཏེ་གནོད་པར་དོགས་པའི ་ཕྱིར་རོ། །གང་ཡང། ཤེད་ལ་སོགས་པར་བརྟན་པ་ནི། །གཞན་དུ་ཡང་ནི་འཐད་པ་ཡིན། །ཞེས་སྨྲས་པ་དེ་ལ། །རྒྱལ་བའི་མཐོ་ངེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་བསྟན་པ་གཞན་དུ་མི་འཐད་པ་ཉིད་མ་གྲུབ་སྟེ་མཐོ་རིས་དང་བྱད་གྲོལ ་གྱི་ལམ་ཁ་ན་མ་ཐོབ་མེད་པ་ནི་རྨོངས་པ་ལས་སྲིད་པ་སྟོན་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གསུང་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་རྟག་པ་ཐམས་ཅད་ཀྱིས་བསྒྲུབས་ཟིན་ཏོ། །རྨོངས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཀུ་མ་ར་རི ་ལ་སོ། །འོན་ཀྱང་དེ་ཁོ་དེ་ལྟར་སེམས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སློབ་མ་རྨོངས་དོན་དམ། ཞེས་བྱ་བ་ལ་སོགས་པ་ལ། མཐོ་བ་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །མཐོད་ཆོས་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །མངོན་མཛའ་ ་ཞེས་བྱ་བ་ནི་ནད་མེད་པ་དང་དབང་ཕྱུག་ལ་སོགས་པའི་མཚན་ཉིད་དོ། །འདི་ཡང་ཐོབ་པར་འགྱུར་ཞེས་བྱ་བ་དད་འབྲེལ་ཏོ། །སྐྱོན་རྣམས་ཞི་ཞེས་བྱ་བ་ནི་འདབ་ཆགས་ལ་སོགས་པའི་སྐྱོན་ཉེ་བར་ཞི་བའོ། །དེ་ལས་ཏེ་སྔགས་དང ་བསམ་གཏན་དང་དམ་ཚིག་ལ་སོགས་པ་ཉེ་བར་བརྟན་པ་ལས་སོ། །དེས་མཛད་པ་ཇི་སྐད་དུ། གསུངས་པ་ཉམས་སུ་བླངས་པ་ལས་གཞན་སློབ་མ་རྣམས་ཐོས་པས་རྨོངས་པས་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའི ་ཚིག་ཡིན་ནོ། །གལ་ཏེ་ཁྱེད་ཅག་འདི་འདྲ་བ་ལ་སོགས་པ་ཡིན་ནོ་སྙམ་དུ་བསམས་པ་ནི་དེའི་ཚེ་རྨོངས་པ་མ་ཡིན་པ་རྨོངས་པ་ཉིད་དུ་འཛི་པ་ན་ཁྱོད་ཉིད་རྨོངས་པར་འགྱུར་རོ། །གལ་ཏེ་རིག་བྱེད་རྩ་ཅན་དུ། ཞེས་བྱ་བ་ལ་སོགས་པ་ལ ་སངས་རྒྱས་རྣམས་ཀྱིས་ཉེར་བསྟན་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དྲི་མ་མེད་པར་ཉེ་བར་བསྟན་པའི་རྩ་བ་ནི་དྲི་མ་ཅན་དུ་རིགས་པ་མ་ཡིན་ནོ། །གང་ཕྱིར་ཇི་ཡིས་རྨོངས་པ་ཡིས། དམངས་རིགས་རྣམས་ལ་ཉེར་བསྟན ་བྱས། །ཞེས་བྱ་བ་འདི་ལ། དེ་དག་གིས་ནི་ཉེར་བསྟན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་འཕང་ཞེས་བྱ་ཨ་ནི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་ལ་གནས་པའི་དོན་གྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ནི ་གོ་འཕང་ཞེས་བྱའོ། །ཤེས་ལ་སོགས་པ་གང་དག་གིས་རིག་བྱེད་སྨྲ་བ་དག་ཁོ་ན་ལ་ཉེ་བར་སྟོན་པ་དེ་དག་རྨོངས་པའི་དོན་སྟོན་པ་དེ་དག་རྨོངས་པའི་དོན་སྟོན་པ་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། གང་དག་ཆགས་འཇིགས་ཅེས་བྱ་བ་ལ་སོགས་པ་སྟེ། ཡང ་བཅོམ་ལྡན་འདས་ཀྱིས་བསྟན་པ་གང་ཡིན་པ་དེས་ནི་བྱིས་བའི་བར་དུ་ཡིན་ཏེ། དེ་དག་ནི་བདག་ཉིད་ཆེན་པོ་ཉིད་སྟོན་པར་བྱེད་པ་ཡིན་ནོ་ཞིག་སྟོན་པ་ནི་ཐུགས་རྗེའི་གཞན་དབང་བཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱིམ་དུ ་འགྲོ་བ་ནི་བག་མར་ཕྱིན་ཟིན་པའི་བུད་མེད་ཁྱོའི་ཁྱིམ་དུ་འགྲོ་བའོ། །སྨས་པ་དེ་ཡང་གང་ཡིན་ཞེ་ན། རིག་པ་དུ་ལ་ཡས། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་?་ཁྱོད་ཉིད་པ་ཡང་དག་མ་ཡིན་པའི། །རིགས་ཀྱི་རྒྱགས་པས་ཀྱི ་ཁེངས་པ་ཡི། །སེམས་ཀྱི་དཔངས་བསྟོད་དེ་དམང་རིགས། །རྨོངས་པ་རྣམས་ལ། ཞེས་སྨྲས་པ་ནི་ཆེས་གསལ་བར་བདག་ཉིད་མཁས་པ་རྣམས་ཀྱི་ཚོགས་པ་འདིར་ཆོས་རྨོངས་པ་ཉིད་དུ་གསལ་བར་བྱས་པ་ཡིན་འདི་ལྟར་ངེས ་འགའ་བྲམ་ཟེ་ཉིད། ཅེས་བྱ་བའི་སྤྱི་དངོས་པོ་གཞན་ཡོད་པ་ཡིན་ནོ་ཞེས་དེ་ལྟར་རྟོག་པ་ན་ཁྱེད་ཅག་ཁེངས་པའི་ཟུག་རྡུ་འཆང་བ་ཡིན་ནམ། ཡང་སྐྱེས་ནས་ཆོ་ག་ལ་སོགས་པས་བདག་ཉིད་ལེགས་པར་བྱས་བ་མཐོང་ནས་བྲམ་ཟེའོ ་སྙམ་དུ་ང་རྒྱལ་བྱེད་དམ་ཡང་ན་བདག་ཉིད་བྲམ་ཟེ་མོའི་མངལ་དུ་བཅས་པ་ལ་དམིགས་ནས་ཡིན་གྲང་དེ་ལ་ཕྱོགས་དང་པོ་ལ་ཁྱེད་ཅག་འདི་ནི་ནམ་མཁའ་ཨི་མེ་ཏོག་ལ་རྒྱན་བྱེད་པ་འབའ་ཞིག་ཏུ་ཟད་དོ་ཞེས་སྟོན་པ་ནི། ལན་བརྒྱན ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་རིགས་དེ་ཡོང་དུ་ཆུག་མོང་དེ་ལྟ་ན་ཡང་ངེས་བྱས་པའི་ཁྱད་པར་གལ་ཏེ་རྟེན་ལ་དམིགས་པ་དེའི་ཚེ་ཁྱོད་ཀྱི་ང་རྒྱལ་དུ་འགྱུར་བ་ཡིན་ན། གང་གི་ཕྱིར་ཁྱད་པར་ཅུང་ཟད་ཀྱང་མ་མཐོང་ངོ་ཞེས་བྱ་བ ་འདི་སྟོན་པ་ནི་དེ་ལས་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲམ་ཟེ་དེ་དག་ལས་གཞན་ནི་དེ་ལས་གཞན་ཏེ་དམར་རིགས་ལ་སོགས་པའོ། །དེ་ལས་དེའི་ཁྱད་པར་མ་གྲུབ་པོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལྟར་བྲམ་ཟེ་རྣམས ་ནི་དམང་རིགས་དག་ལས་ཤེས་རབ་དང་ཡིད་གཞུང་པ་དང་བཤད་པ་དང་གཅིག་དང་ཁྲག་ལ་སོགས་པ་དག་གིས་ཁྱད་པར་དུ་འཕགས་པར་མ་དམིགས་ན། གང་གིས་ན་ཁྱེད་ཅག་རིགས་སྨྲ་བའི་སྟོབས་ཀྱིས་ཁེབས་པ་ཉིད་དོ ་ཀྱིས་དེ་ཕྱིར་སྨྲ་རྣམས་ཀྱི། ཉེ་བར་བསྟན་པ་སྟེར་བར་འགྱུར། །ཞེས་བརྗོད་པར་འགྱུར་བ་དེའི་ཕྱིར་ཇི་ལྟར་དེའི་ཁྱད་པར་མ་གྲུབ་པ་ན་དེ་ལ་བརྟེན་པའི་རིག་བྱེད་ཀྱང་ཁྱད་པར་དུ་འགྱུར་གལ་ཏེ་བྲམ་ཟེའི་རིགས་ལ་བརྟེན་པའི ་རང་བཞིན་གྱི་དབང་དུ་གྱུར་པ་དང། བདག་པོར་གྱུར་བ་དང། དགའ་མགུར་ལྡན་པ་དང། སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང། སྡིག་པ་མ་ལུས་པ་སྤངས་པར་གྱུར་ན་དོའི་ཚེ་ཁྱེད་ཅག་ཁྱད་པར་ཅན་དུ་འགྱུར་གྱི་གཞན ་དུ་ན་བྱ་བ་དང་ཉ་བ་དང་ལྷམ་མཁན་ལ་སོགས་པ་ལས་བྲམ་ཟེའི་རིགས་དང་ལྡན་ཡང་བྲམ་ཟེ་ཇི་ལྟར་ཁྱད་པར་ཅན་དུ་འགྲུབ་པར་འགྱུར། ཕྱོགས་གཉིས་པ་ལ་ཡང་སྐྱོན་གང་དག་སྐྱེས་ནས་ཆོ་ག་ལ་སོགས་ཤེས་བྱ་བ་ལ་སོགས་པ་སྟེ། དེ་ལས ་གཞན་བཞིན་ཞེས་བྱ་བ་ནི་བཅོས་མར་འདོད་པའི་བྲམ་ཟེ་ལ་སོགས་པ་བཞིན་ནོ། །ཀུན་རྫོབ་ཅེས་བྱ་བ་ནི་མིང་འདོགས་པ་ལ་སོགས་པ་བཞིན་དུ་དེ་ནི་པ་སྙད་དུ་ཡིན་ནོ། །ཕྱོགས་གོས་སུ་མ་ག་ལ་ཡང་ཁེངས་པའི་རི་ཊ་པ་མ་ཡིན་ནོ། །བྲམ་ཟེ་དང་བྲམ་ཟེ་མོའི ་ལུས་ནི་དམང་རིགས་ལ་སོགས་པའི་ལུས་ལ་ཁུ་བ་དང་ཁྲག་ལ་སོགས་པ་མི་གཙང་པའི་རང་བཞིན་དུ་ཁྱད་པར་ཅུང་ཟད་མེད་དོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་ཁྱེད་ཅག་གིས་བྲམ་ཟེ་ཉིད་དུ་ཞེས་བྱ་བ་དེ་ལས་ཀྱང་རྒྱུགས་པར་རིགས་པ་མ་ཡིན་ནོ ་ཞེས་བསྟན་པའི་ཕྱིར། འདས་པའི་དུས་ཀྱང་ཤིན་ཏུ་རིང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གཞན་གྱི་ཚེ་རེས་འགའ་བྲམ་ཟེའི་རིགས་མ་ཡིན་པས་བྲམ་ཟེར་འགྱུར་བ་ཞེས་བྱ་བ་ཡང་སྲིད་པ་ཡིན་ལ། བྲམ་ཟེ་སྔོན་དུ་འགྲོ་བ་ཅན་ཡིན་ན་ཡང ་ཁྱེད་ཅག་གི་མའི་སྦྱོང་པའི་ཉེས་བས་ལ་འཕྲུག་ཉིད་དུ་ཡང་སྲིད་པ་ཁོ་ནའོ། །འདི་ལྟར་བུད་མེད་རྣམས་ནི་ཕལ་ཆེར་འདོད་ལས་གཞིར་ཞིང་རྩ་བ་ཧཱ་ལ་གྱི་སེམས་ཀྱི་རང་གི་རིགས་ཀྱི་བརྟུལ་ཞུགས་ཀྱི་མཛའ་སྤངས་ནས་འཛུག་པའི་དམིགས་པ ་ཁོ་ནའོ། །ཡང་ལས་ངེས་པར་འགྱུར་བ་ཁྱད་ཅག་གིས་དབང་པོ་ལས་འདས་བའི་དོན་མཐོང་བ་མི་འགའ་ཞིག་ཀྱང་ཁས་ལེན་པར་མི་བྱེད་ཀྱང་རིགས་མེད་ཀྱང་ཁྱེད་ཅག་གི་རིགས་རྒྱུད་རྣམ་པར་དག་པར་སྟོན་པ་མ་ཡིན་ནོ། །གཞན་ཡང་ཁྱད་ཅག་གི ་བདག་ཉིད་ལ་བྲམ་ཟེར་མ་ངེས་པར་རིགས་སྨྲ་བའི་སྟོབས་ཀྱིས་ཁེངས་པ་འབའ་ཞིག་ཏུ་མ་ཟད། འོན་ཀྱང་ཤད་ལ་སོགས་པ་ཡང་བྲམ་ཟེའི་རིགས་མ་ཤེས་པར་སྐྱེ་གཉིས་ཁོན་ལ་ཉེ་བར་སྟོན་པ་ནི་རྨོངས་པ་ལས་ཡིན་ནོ་ཞེས་སྟོན་པ་ནི་དེའི་ཕྱིར་བྲམ་ཟེ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། མི་ཤེས་པ་སྟེ་སྐྱེ་གཉིས་མ་ངེས་པ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ། །དེ་མ་ངེས་ཕྱིར་ཞེས་བྱ་བ་སྐྱེ་གཉིས་དེ་དག་མ་ངེས་པའི་ཕྱིར་རོ། །གཞན་ཡང་ཤེད་ལ་སོགས་པ་རྣམས་ཀྱིས་ཁོ་བོ་ཅག་ཁོ་ན་ལ་ཉེ་བར་བསྟན ་པར་བྱས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱེད་ཅག་གི་ཆེན་པོ་ཉིད་ཀྱི་རྒྱུ་མ་ཡིན་གྱི། །འོན་ཀྱང་རྨོངས་པ་ཉི་དུ་སྟོན་པ་འབའ་ཞིག་ཏུ་ཟད་དོ་ཞེས་བསྟན་པའི་ཕྱི། རིག་བྱེད་དོན་ལ་རིགས་མེད་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་འདོན་པ་རྨོངས ་པ་ཡི། །ཞེས་བྱ་བ་ནི་རིག་བྱེད་འདོན་པས་བྱས་པའི་རྨོངས་པ་ནི་རིག་བྱེད་འདོན་པས་དངོས་པོ་རྟོགས་པར་ནུས་པ་རིང་དུ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ། གང་ལས་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ཉིད་ཀྱི་ཕྱིར་ཤེད་ལ་སོགས་པ་རྣམས་ཀྱིས ་རིག་བྱེད་ལ་སོགས་པ་རྣམས་ཀྱིས་རིགས་པ་མེད་པར་རྟོགས་ནས་བཀས་གྲུབ་པ་ཉིད་རྟོགས་པ་ཡིན་ནོ་ཞེས་སྟོན་པ་ནི། གནས་རབས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། གནའ་རབས་ཞེས་བྱ་བ་ནི་སྟན་བཅོས་སོ། །ཤད་ཀྱི་ཆོས་ཞེས་བྱ་བ་ནི ་ཡིད་ཀྱིས་བཀོད་པའོ། །རིག་བྱེད་ཡན་ལག་བཅས་ཞེས་བྱ་བ་ནི་བརྡ་སྤྱོད་པ་ལ་སོགས་པའི་ཡན་ལག་དྲུག་དང་ལྷན་ཅིག་འཇུག་པའི་ཕྱིར་རོ། །གསོད་བྱེད་ཅེས་བྱ་བ་ནི་སྨན་དཔྱད་ཀྱི་བསྟན་བཅོས་སོ། །དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་རྒུའོ། །གནང ་རབས་ལ་སོགས་པ་འདི་དག་རིགས་པ་མེད་པ་དང་ཁྱེད་ཅག་ཀྱང་རྨོངས་པ་ཉིད་དུ་ངེས་པར་བཟུང་ངོ་ཞེས་བྱ་བའི་ཐ་ཚིག། །འདི་ཉིད་ལས་འཐད་པ་འཆད་པ་ནི། གཞར་དུ་ཡང་ནི་དག་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་མི་འཇིགས་པ་བཞི་དང་ལྡན་པ་ཉིད་ཀྱིས་གསུང་ལ་བཀའ་གྲུབ་པ་ཉིད་དུ་མི་སྟོན་གྱི་འོན་ཀྱང་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོགས་པ་ཡིན་ནོ་ཞེས་སྟོན་པ་ནི། བདག་ཉིད་ཆེན་པོ་གང་དག་གིས ་ཞེས་བྱ་བ་ལ་སོགས་པ་སྟེ། མུ་སྟེགས་བྱེད་ངན་པ་ཉིད་གླང་པོ་ཆེ་མྱོས་པ་ཡིན་ལ་དེ་དག་གི་དྲེགས་པ་འཇོམས་པར་མཛད་པའི་དང་ཚུལ་སེངྒེའི་སྒྲ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བ ་ལྟར་རོ། །ཡང་སེངྒེའི་སྒྲ་འདི་ཡང་གང་ཡིན་ཞེ་ན། དགེ་སློང་དག་གོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དོན་དམ་པར་བྲམ་ཟེ་དག་ལ་ཉེ་བར་བསྟན་པ་མཛད་ཀྱི་ཤེད་ལ་སོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི ་འཆད་པ་ནི་གང་དག་སྡིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡིག་པའི་ཆོས་སྤངས་པའི་ཕྱིར་བམ་ཟེ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་ཡིན་ནོ། །དེ་དག་ཀྱང་འདིར་བདག་མེད་པ་ལ་སོགས་པ་ཉེ་བར་སྟོན་པའི་ཕྱིར། བཅོམ་ལྡན་འདས་ཐུབ་པའི་བསྟན་པ་ལ་རིགས་པ ་ཡིན་གཞན་དུ་ནི་མ་ཡིན་ཏེ། སྡིག་པ་ཟད་པར་བྱེད་པའི་ཐབས་དང་བྲལ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ཁོ་ན་ལ་དགེ་སྦྱོང་ཡོད་འདི་ཁོ་ན་ལ་བྲམ་ཟེ་ཡོད་ཀྱི་བསྟན་པ་གཞན་ནི་དགེ་སྤྱོད་དང་བྲམ་ཟེ་དག་གིས་སྟོང་པ ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་གནས་པ་བཞིན་ནི་དགེ་སྦྱོང་ཡིན་ནོ། །བྲམ་ཟེ་ཡང་དེ་ལ་ཞུགས་པ་བཞི་པོ་དག་ཉིད་ཡིན་ནོ། །ཀུན་མཁྱེན་སྐྱེས་བུ་ཡོད་ཅེས་བྱ་བ་ལ་སོགས་པ་ལ། ཀུན་མཁྱེན་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གཞུང་གང་གིས་བསྒྲུབས་ཤེ་ན། མ་ལུས་དོན་ནི་ཡོངས་ཤེས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་ཁོ་ཅག་གིས་ཐམས་ཅད་མཁྱེན་པས་གསུངས་པ་ཉིད་རྟོགས་ནས་དེ་ཉམས་སུ་བླང་བའི་ཕྱིར་ཐམས་ཅད ་མཁྱེན་པ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་དག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དེའི་དོན་དུ་ཉེས་པ་ཟད་པ་དང་ཡོན་ཏན་འཕེལ་པ་སྒྲུབ་པར་བྱེད་དེ། །གང་གི་ཕྱིར་བདེ་བབ་གཤེགས་པ་པ་རྣམས་ནི་དངོས་པོའི་སྟོབས་ཀྱིས ་ཞུགས་པའི་རྗེས་སུ་དཔག་པ་ཁོ་ན་ལས་སྐྱེས་བུའི་དོན་སྒྲུབ་པར་བྱེད་ཀྱི་གྲགས་པ་མ་ནི་མ་ཡིན་ནོ། །གཞལ་བྱ་ཉིད་ལ་སོགས་པ་ཡང་ཇི་ལྟར་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པ་དེ་ལྟར་བཤད་ཟིན་པ་ཉིད་ཡིན་ནོ། །གང་ཡང། ས་བཅུ་དག་གལ་གནས ་འདི་ཡང། །ཞེས་སྨས་པ་དེ་ཡང་ཁྱེད་ཀྱི་གྲུབ་པའི་མཛའ་མ་ཤེས་ནས་སྨྲས་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ས་བརྟུལ་བཞུགས་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཇི་སྲིད་ས་བཅུའི་གནས་སྐབས་ཡིན་པ་དེ་ནི་བྱང་ཆུབ་སེམས ་དཔའ་ཨི་གནས་སྐབས་ཡིན་ལ། དེའི་གོང་མ་ནི་སངས་རྒྱས་ཀྱི་སར་འདོད་པ་ཡིན་ནོ། །གང་ཡང་ཕྱོགས་གཅིག་ཤེས་པས་གང་བརྗོད་པ། །དེ་ཀུན་མཁྱེན་གྱིས་བཤད་མི་འགྱུར། །ཞེས་སྨྲས་པ་དེ་ཡང་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་བསྟན་པའི ་ཕྱིར། ཕྱོགས་གཅིག་ཤེས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཉིད་ཡང་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅུང་ཟད་མཐོང་བ་ཞེས་བྱ་བ་ནི་ཚུར་ལ་མཐོང་བ་སྟེ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས ་བྱ་བའི་ཐ་ཚིག་གོ། དངོས་དེའི་ཤེས་པ་བསྐྱེད་པ་ཞེས་བྱ་བ་ནི་དྲ་བ་ལ་སོགས་པའི་དངོས་པོ་དེའི་ཤེས་པ་ཉམས་སུ་མྱོང་བ་ནི་དངོས་པོ་དེའི་ཉམས་མྱོང་བའི་ཞེས་པའོ། །དེ་བས་སྐྱེད་པ་འབྱུང་བའི་ཚིག་གང་ལ་ཡོད་པ་དེ་ལ་དེ་སད་ཅེས་བྱའོ། །མི་ཡན་མིན་ཞེས་བྱ་བ་ནི ་དགག་པ་གཉིས་ཀྱིས་དངོས་པོའི་དེའི་ཤེས་པ་སྐྱེ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་དངོས་པོ་དེའི་ཤེས་པ་སྐྱེད་པ་ཉིད་ཀྱིས་དེ་ཡང་ཚད་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མཐོང་བའི་ཚིག་ལས་ཐམས་ཅད་མཁྱེན་པའི་གསུངས ་ལས་ཁྱད་པར་ཅི་ཞིག་ཡོད་ཅེ་ན་རྒྱུའི་དབྱེ་བས་ཐ་དད་དོ། །ཞེས་སྨོས་སོ། །འདི་ཉིད་གསལ་བར་བྱེད་པ་ནི། དངོས་པོ་མ་ལུས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུང་གིའོ། །དེའི ་ཞེས་བྱ་བ་ནི་ཕྱོགས་གཅིག་ཤེས་པའི་ཚིག་གོ། འོ་ན་ཏེ། ཞེས་བྱ་བ་ལ་སོགས་པས་གཞན་དག་ཀླན་ཀ་བྱེད་དེ། གང་གི་ཕྱིར་རྣམ་པར་རྟོག་པ་མེད་པར་བརྗོད་པར་འདོད་བ་སྲིད་པ་མ་ཡིན་ཏེ་དེ་ནི་རྣམ་བར་རྟོག་པའི་ཁྱད་པར་ཡིན ་པའི་ཕྱིར་རོ། །དེ་བས་ན་འདི་ལ་རྣམ་པར་རྟོག་པ་ཉིད་ཀྱིས་ཁྱབ་པ་ནི་མེད་པར་ཇི་ལྟར་གནས་པ་རྙེད་པར་འགྱུར་ཏེ་ཤིང་མེད་པར་ནི་ཤི་ཤ་པ་སྲིད་པ་མ་ཡིན་ནོ། །ཐམས་ཅད་མཁྱེན་བ་རྣམ་བར་རྟོགས་པ་སྲོད་པ་ཡང་མ་ཡིན་ཏེ ་དེ་ནི་ཉོན་མོངས་པ་ལ་སོགས་པ་སྒྲིབ་པ་མེ་ལུས་པ་སྤངས་པ་ཉིད་ཡིན་པའི་ཕྱིར་ལ། རྣམ་པར་རྟོག་པ་ཡང་རང་བཞིན་གྱིས་འཁྲུལ་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ལ་མངོན་དུ་འགྱུར་ན་འཁྲུལ་བར་འགྱུར་རོ་ཞེ་ན། དེ ་མིན་ཞེས་བྱ་བ་ལ་སོགས་བས་ལན་འདེབས་བར་བྱེད་དེ། རྣམ་བར་རྟོག་པ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱིས་ཉོན་མོངས་པ་ཅན་དང་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན ་པར་ཀུན་ནས་བསླང་བས་དགེ་པའོ། །དེ་ལ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པ་ལ་མེད་པ་ཉིད་དེ་རྒྱུ་མེད་པའི་ཕྱིར་རོ། །དགེ་བ་གང་ཡིན་པ་དེ་ནི་སྒྲི་པ་སྤངས་བ་ཡང་ཅི་འབུལ་བའི ་ཕྱིར། ངེས་བཅོམ་ལྡན་འདས་རྣམས་ནི་ཐུར་ས་རྗེ་གོམས་པ་ལས་འཇུག་པ་འགྲོ་བ་ཐམས་ཅད་ལ་ཕན་པ་བྱེད་པའི་ངོ་བོ་དགེ་བ་དང་བཅས་པའི་རྣམ་པར་རྟོག?་པའི་སྔོན་དུ་ཕྱོགས་པར་འགྱུང་བ་ནི་སུ་བཞིག་ལྡོག་པར་བྱེད་པའི་དེ་སྙམ ་དུ་རྣམ་པར་རྟོག་པ་ཐམས་ཅད་ནི་རང་བཞིན་གྱི་རང་གི་སྣང་བ་ཞེན་ནས་འཇུག་པས་འཁྲུལ་བ་ཡིན་པའི་ཕྱིར་ཤེས་བྱའི་སྒྲིབ་པ་སྤངས་པ་ལ་དེ་མངོན་དུ་རྒྱུ་བར་འགལ་བ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས་དེ་ཡིས་རྣམ་པར་རྟོག་པ་དེ། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ན་ཡུལ་མེད་པའི་རྣམ་པར་རྟོག་པ་དེ་ཡུལ་དང་ལྡན་པ་ཉིད་དུ་འཛིན་པར་བྱེད་ན་དེའི་ཆོ་འཁྲུལ་བང་འགྱུར་ན་གང་གི་ཕྱིར་སྒྱུ་མ་མཁན་པོ་འདི་ཤེས་པ་དེ་ཡུལ་མེད་པ་ཉིད་དུ་མཁྱེན་པའི་ཕྱིར་ཇི ་ལྟར་འཁྲུལ་པར་འགྱུར་ཏེ་བར། དེ་ལྟ་བུ་སོགས་བརྗོད་པ་ནི། དད་པའི་ནོར་ཅན་རྣམས་ལ་མཛེས། ཞེས་གང་སྨྲས་བ་དེ་ལ། དེ་ལྟ་བུ་སོགས་བརྗོད་པ་ནི། །ཞེས་བྱ་བ་སོགས་པ་སྨོས་ཏེ། ཅི་སྟེ་འདི་དང་རྗེས་སུ་མཐུན་པར་གང་འགྱུར་བ་སྐབས་སུ་བབ ་པ་ཡང་གང་ཡིན་ཞེ་ན། དེ་བཞིན་དོན་རྣམས་ཀྱིས་ཁྱབ་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡིས་བདག་གིས་ཐལ་ཐར་སྒྲུབ་བར་བྱེད་བར་སྨྲས་བ་ཡིན་གྱི་རང་གི་རྒྱུད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རང་གི་ཚིག་ཉིད་ཀྱིས་བརྗོད་པ་ཡིན་ནོ་སྙམ་དུ ་སེམས་ན་ཐལ་བ་སྒྲུབ་པ་ཉིད་རེ་ཞིག་འདིའི་སྐབས་སུ་ཡང་བབ་པ་ཉིད་དུ་སྒྲུབ་པར་བྱེད་བའི་ཕྱིར། དེ་ལ་བློ་བཟང་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཐམས་ཅད་ལ་གཟིགས་པར་འཇུག་པ་ཉེ་བར་སྟོན་པ་ལ་ནུས་པར་མི་འགྱུར་རོ་ཞེས་ཁྱེད ་ཀྱིས་སྨྲས་པ་གང་ཡིན་པ་འདི་ལ་རེ་ཞིག་ཁྱེད་ཉིད་ལ་དྲི་བར་བྱ་སྟེ། ཉེ་བར་བསྟན་པ་ལ་དེའི་ནུས་པ་མེད་པར་འགྱུར་མོད། །དེ་ལས་འདིར་སྐྱོན་ཅིང་འགྱུར་ཞེས་དེ་ལྟར་དྲིས་པ་ན་གཞན་དག་རང་ཉིད་ལན་གསལ་བར་བྱེད་པ་ནི་ངེས་ན་ལུང་དུ་མི་འགྱུར ་ཞེས་བྱ་བ་ལ་སོགས་བའོ། །འདིར་ཡང་བརྗོད་པ། དེ་ལྟར་དེ་ལུད་མེད་པར་འགྱུར་མོད་འདིར་འགལ་བ་ཅི་ཡོད། །གང་གིས་མཐོང་བ་དང་འབལ་བར་འགྱུར་བ་ཁྱེད་ཅག་གིས་འདི་གསུང་བ་དམིགས་པ་ནི་མ་ཡིན་ནོ་ཞེས་དྲིས་པས་ཁྱེད་ཀྱི་ཤུགས་ཀྱིས ་ཞེས་བྱ་བ་འདི་བརྗོད་པར་བྱ་བ་ཡིན་ནོ། །གང་གིས་རང་ཉིད་ཀྱིས་ལུང་དེས་བྱས་པ་ཉི་དུ་དམིགས་ནས་དེའི་སྨྲ་བ་པོ་ཉིད་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཁྱེད་ཅག་ཁོ་ནས་ལུང་དེ་བྱས་པ་ཉིད་དུ་འདོད་པ་ཡིན་ནོ།། ་དེ་ཡང་གལ་ཏེ་དེ་སྨྲ་བ་པོ་ཉིད་དུ་མི་འདོད་ན་ཁྱེད་ཅག་གི་འདོད་པ་མ་ཡིན་ཏེ་དེ་ལྟ་བས་ན་ལུང་དེ་བྱས་པ་ཉིད་དུ་འདོད་པ་རྣམས་ཀྱིས་གདོན་མི་ཟ་བར་སྨྲ་བ་པོ་ཉིད་འདོད་པར་བྱའོ་ཞེས་དེ་ལྟ་བུའི་མི་འདོད་པའི་ཐོག་ཏུ་གཏོང་བའི་ཐལ་བ་བྱེད ་པ་ཡིན་ནོ། །དེ་ལྟར་མ་གྲུབ་པ་ཉིད་དུ་བསྒྲུབས་ནས། ད་ནི་སྐབས་ཀྱི་དོན་རྗེས་སུ་མཐུན་པ་མ་བརྗོད་པ་ཉི་དུ་སྦྱར་པའི་ཕྱིར་གལ་ཏེ་དེ་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་གང་ཁོ་ན་གཞན་གྱིས་ལུང་ཙམ་ཁས་ལེན་པ་དེ་ཁོ་ན་ཐལ་པར ་སྒྲུབ་པར་བྱེད་བས་བརྗོད་པ་ཡིན་ནོ། །ཞེས་བྱ་བར་རིགས་པ་ཡིན་ནོ། །དེ་ལག་ལ་ཏེ་གཞན་གྱི་སྨྲ་བ་པོ་ཉིད་དང་ལྡན་པས་ལུང་དེ་བྱས་པ་ཉིད་དུ་འདོད་པར་གྱུར་ན་དེའི་ཚེ་སྨྲ་བ་པོ་མེད་པའི་ཕྱིར་ལུང་དེས་མ་བྱས་པ་ཉིད་དུ་ཐལ་བར་གྱུར་ན། གང ་གི་ཕྱིར་བདག་པོ་ཡིན་པ་ཙམ་གྱིས་འདི་ལུང་དེ་བྱེད་པ་པོར་ཁས་ལེན་པར་ནི་མ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་ལུང་ཁས་བླངས་པས་ན་སྨྲ་བ་ཉིད་དུ་འགྱུར་བ་གང་ཡིན་པ་དེས་ཁྱེད་ཅག་གིས་ཐལ་བར་འགྱུར་བའི་དོན་མི་ཤེས་ནས་བརྗོད ་པ་ཡིན་ནོ། །གང་ཡང། རྩིག་པ་ལ་སོགས་ལས་འབྱུང་བའི་ཚིག། ཡིད་ཆེས་པ་ཡིས་བསྟན་མི་འགྱུར། །ཞེས་གང་སྨྲས་པ་དེ་ལ། རྩིག་ལ་སོགས་ལས་འབྱུང་བའི་ཚིག། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་གི་ཉེ་བང་སྟན་པ་དེའི ་དབང་ཤེས་འཇུག་པར་འགྱུར་བ་དེའི་ཚེ་ཡིད་ཆེས་ཕས་ཉེ་བར་བསྟན་བ་ཉིད་དུ་མི་འགྱུར་ན་གང་གི་ཚེ་དེའི་དབང་གིས་དེ་དག་འཇུག་པ་ཡིན་ནོ་ཞེས་ཁས་ལེན་པར་བྱེད་པ་དེའི་ཚེ་ཅིའི་ཕྱིར་དེ་དག་དེས་ཉེ་བར་བསྟན་པ་ཉིད་དུ་མི་འགྱུར། གཞན? ་འདི་དག་སུ་ཡིས་བསྒྲགས་སྙམ་དུ་དེ་དག་ལ་ཡིད་ཆེས་མི་འགྱུར། །ཞེས་སྨྲས་པ་དེ་ལ་དག་བཀྱལ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཟློས་བར་དང་གླུ་དང་འཚེ་བ་དང། བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པ་ལ་སོགས་པ་བྱ་བ ་ཉིད་དུ་དེར་བསྟན་པར་འགྱུར་ན་དེའི་ཚེ་རྩེད་མོ་ལ་མངོན་པར་དགའ་བ་དང་ཤལ་སོགས་བའི་བྱ་བ་དམིགས་པའི་ཕྱིར་དེ་དག་གིས་དེ་རྣམས་སྨྲས་པ་སྙིང་རྗེ་སོགས་པ་བྱས་པ་ཉིད་སའི་ལམ་དུ་འཇུག་པར་འགྱུར་ན། །དེ་ལྟ་ནི་མ་ཡིན་ཏེ། ་གང་གི་ཕྱིར་ཚད་མ་དང་མི་འགལ་ཞིང་ཕན་ཚུན་གནོད་པ་མེད་བ་དང་འཕགས་པའི་སྐྱེ་བོ་དང་མཐུན་པར་སྙིང་རྗེ་ལ་སོགས་བའི་ཡོན་ཏན་ལ་སྦྱོར་བར་བྱེད་པ་ཅན་མཐོ་རིས་དང་བྱང་ཆུབ་ཀྱི་འབྲས་བུ་སྒྲུབ་པར་བྱེད་བ་འདི་བཅོམ་ལྡན་འདས ་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཇི་ལྟར་འདི་འདྲ་པ་རྩེད་མོའི་ཚུལ་ཅན་དང་ཤ་ཟ་ལ་སོགས་པར་སྲིད་པར་འགྱུར་གལ་ཏེ་དེ་ལྟ་བུའི་གསུང་མཛད་པ་པོ་རྣམས་ལ་ཁྱེད་ཅག་ཤ་ཟ་ཞེས་བྱ་བ་ལ་རག་སྟེ། མིང ་བྱས་པ་ནས་དངོས་པོའི་རང་བཞིན་ཉམས་པར་མི་འགྱུར་གྱི་འོན་ཀྱང་ཁྱོད་ཀྱིས་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་ལ་དམན་པའི་ཐ་སྙད་བྱེད་པ་ཡང་དམ་པ་རྣམས་ཀྱི་སྨོས་པར་འགྱུར་རོ། །ཞེས་བྱ་བ་ནི་སྦྱིའི་དོན་ཏོ། །དབང་ཀྱལ་ནི་བླུ་ལ་སོགས ་པ་ཉེ་བར་སྟོན་པའོ། །འཚེ་བ་ནི་སྲོག་ཆགས་གསོང་པའོ། །སྨད་པའི་དོན་ནི་འདོད་པ་ལོག་པར་སྦྱོད་བ་ལ་སོགས་པའོ། །ཚད་མ་གཉིས་ཀྱིས་མི་བསླུ་བ། །ཞེས་བྱ་བ་ནི་ཚད་མ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མི་བསླུ་བ་སྟེ་དེ་དང་མི ་འགལ་བའི་དོན་དེ་ལ་ཡོང་བས་དེ་ལ་དེ་སྐད་ཅེས་བྱའོ། །འདོད་པ་ཞེས་བྱ་བ་ནི་ངེས་པའོ། །དེ་ཡི་ཡུལ་ཅན་མ་ལུས་ཞེས་བྱ་བ་ནི་ཚད་མ་གཉིས་ཀྱི་མི་བསླུ་ཞེས་བྱ་བ་དང་འབྲེལ་ཏོ། །དམ་པའི་ཚུལ་ཁྲིམས་ཞེས་བྱ་བའི་ཐོག་མ་དད། བར ་མ་དང་ཐ་མར་དགེ་བ་ཚངས་པར་སྤྱོད་པའོ། །བག་ལ་ཉལ་ཚོགས་ཐམས་ཅད་ནི་མཐོང་བ་དང་?་སྒོམས་པས་ཉོན་མོངས་པའི་ཚོགས་རྣམས་སོ། །དེ་ཡང་མཚན་ཉིད་ཀུན་ཡོད་ཕྱིར། །ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི ་མཚན་ཉིད་གནས་པའི་ཕྱིར་ཏེ། ཇི་སྐད་དུ་ཤེས་པར་བྱ་བ་ཤེས་པ་དང། བསྒོམས་པ་བྱ་བ་བསྒོམས་པ་དང། །སྤང་བར་བྱ་བ་སྤངས་པ་ཡིས། །དེས་ན་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟ་བུའོ། །གང་གིས་པ་ལང་གསོད་པ་ལ ་སོགས་པ་དང་བགྲོད་པར་བྱ་བ་མ་ཡིན་པ་ལ་འགྲོ་བ་ལ་སོགས་པའི་སྤྱོད་གསལ་བར་བྱེད་པའི་ཕྱིར་རིག་བྱེད་ཁོ་ན་རྩེད་མོའི་དང་ཚུལ་ཅན་ཤ་ཟལ་སོགས་པས་བྱས་པ་སྲིད་པ་ཉིད་དུ་རིག་པ་ཡིན་ཞེས་བསྟན་པའི་ཕྱིར་གང་གི་ཚིག་གིས་ཞེས་བྱ ་པ་ལ་སོགས་པ་སྨོས་ཏེ། སྤྲང་པོ་ཞེས་བྱ་བ་ནི་གཡོན་ཅན་ནོ། །གང་ཡང། ངག་དང་མ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་།གལ་ཏེ་ཡང་དངོས་པོ་འགའ་ཞིག་ཕན་ཚུན་དུ་གསལ་བ་དེ་ལྟ་ན་ཡང་རིག་པ་དང་སྟེ་ཤེས་པ་དང་ལྷན་ཅིག་མི ་འགལ་བ་ཁོ་ན་སྟེ། ཅིག་ཅར་ཤེས་པ་གཅིག་གིས་ཀྱང་འགལ་བའི་དོན་དུ་མི་འཛིན་པར་དམིགས་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་ཕན་ཚུན་སྤངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་འགལ་བ་ནི ་གཉིས་ཏེ་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་དང་ལྷན་ཅིག་མི་གནས་པའོ། །དེ་ལ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་གང་དག་ཡིན་པ་དེ་དག་ནི་གཅིག་ཉིད་དུ་གསལ། །གང་ཡང་ལྷན་ཅིག་མི་གནས་པ་དེ་དག་ནི ་ཡུལ་གཅིག་ཏུ་གནས་བར་འགལ་བ་ཡིན་ནོ་འདི་དག་གཅིག་ཉིད་མ་ཡུལ་གཅིག་པ་ཉིད་དུ་འགལ་བར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་འདི་དག་ཤེས་པ་གཅིག་ལ་སྣང་བ་ཉིད་འགལ་བ་མ་ཡིན་ནོ། །འགལ་པ་རྣམས་ཀྱི་ཤེས་པ་གཅིག་ལ་གནས ་བར་མ་མཐོང་སྟེ་དཔེར་ན་མིག་གི་རྣམ་པར་ཤེས་པས་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱི་གཅོད་བ་དང་མི་གཙང་བ་དང་ལྷན་ཅིག་མི་གནས་པའི་སྤྲུལ་དང་རྨ་བྱ་དག་ཅིག་ཅར་འཛིན་པ་ལྟ་བུའོ། །སོགས་པའི་སྒྲས་ནི་གྲིབ་མ ་དང་ཉི་མ་ལ་སོགས་གཟུང་ངོ། །འོ་ན་གལ་ཏེ་འགལ་བ་དང་རྣམས་ཀྱང། ཤེས་པ་གཅིག་ལ་གནས་བར་མི་འགལ་བ་དེ་ལྟ་ན་ཡང་བདེ་བ་དང་སྡུག་བསྔལ་ལ་ཆགས་པ་དང་སྡང་བ་དག་ཀྱང་ཤེས་པ་གཅིག་ལ་སྣང་བར་འགྱུར་རོ་ཞེ་ན་དོག་པ་ལ། ་བདེ་སྡུག་པ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཤེས་བྱ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་རྣམས་ཅིག་ཅར་མི་རིགས་པ་གང་ཡིན་པ་དེ་ནི་རྒྱུ་མེད་པས་མི་སྐྱེ་བའི་ཕྱིར་བདེ་བ་ལ་སོགས་རྣམས་མེད་བའི་ཕྱིར་ཡིན་གྱི་འགལ་བའི་ཕྱིར ་ནི་མ་ཡིན་ནོ། །ཞེས་དེ་ལྟར་ཤེས་པར་བྱ་སྟེ་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། ཇི་སྐད་དུ་།རྒྱུ་མ་ཚང་པ་མེད་བ་ཉིད་རྒྱུ་ཡིན་གྱི་ཕན་ཚུན་འགལ་བ་ནི་མ་ཡོན་ཞེས་དེ་ལྟར་བསྟན་པ་ཡིན་ནོ། །གང་དག་དོན་དམ་བར་འགལ་གྱི་དག་བ་དང་མ་དག་པ་ལ་སོགS ་པ་བཞིན་དུ་བཏགས་པ་ཡིན་པ་དེ་དག་ཀྱང་ཤེས་པ་གཅིག་བ་ལ་སྣང་བ་ཡོད་ཞེས་སྟོན་པ་ནི་ངོ་དང་སེར་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཡུལ་དང་རང་བཞིན་བྱེ་བྲག་གིས་འགལ་ཞེས་འབྲེལ་ཏོ། །དེ་ལ་ཡུལ་གྱི་བྱེ་བྲག་ནི་དེ་དང་དེ་མ་ཡིན་བའི ་ཡུལ་ཉིད་དོ། །རང་བཞིན་གྱི་བྱེ་བྲག་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་རང་བཞིན་ནམ། ཡང་ན་སྔོན་བོ་དང་སེར་པོ་ལ་སོགས་པའི་ཉེ་བར་ལེན་པའི་རྒྱུ་ཉིད་དོ། གང་ཡང་བྱུང་དང་འགྱུར་དང་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་པ ་དེ་ལ། མཁྱེན་པའི་སྐད་གཅིག་གཅིག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་རང་གི་བདེ་བ་ཁ་ཅིག་ཁོ་ན་རྣམ་པར་ཤེས་པ་སྨྲ་བའི་ལུགས་གསལ་པར་བྱེད་རྗེས?་རྩོད་པར་བྱེད་དེ། གལ་ཏེ་ཤེས་པ་མཚན་ཉིད་གཅིག་གིས་ཤེས་བྱེད? ་དཀྱིལ་འཁོར་མ་ལུས་བ་ལ་ཁྱབ་པ་དེའི་ཚེ། དངོས་པོ་རྣམས་རིགས་སུ་བཅད་པའི་ཕྱིར་མཛའ་མེད་པར་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ་འདི་ལྟར་ཤེས་བ་གཅིག་ལ་སྣང་བའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་དེ ་ལྟར་ཡོངས་སུ་གཅོད་པ་ན་ཇི་ལྟར་མཛའ་དག་ལྡན་བར་མི་འགྱུར་ཤེས་པ་གཅིག་ལ་སྣང་བ་ལས། གཞན་པའི་དངོས་བོ་ཅུང་ཟད་མེད། འདི་ཞེས་སྙམ་དུ་རྣམ་ཤེས་པས། །ཇི་ལྟར་ཁྱོད་ལ་མཛའ་ལྡན་མིན། ཞེས་ཀྱང་བཤད་དོ། །དེ་ལྟ ་ཡིན་དང་རིམ་ཅན་གྱི་ཕྱོགས་ཀྱིས་ཉེས་པ་གང་ཡིན་པ་དེ་ནི་ཤེས་པ་ཅིག་ཅར་བའི་ཕྱོགས་ལ་ཡང་ཡིན་ནོ་ཞེ་ན། དེ་ནི་སྙིང་པོ་མེད་དེ་གལ་ཏེ་རེ་ཞིག་ཤེས་པ་རྣམ་པར་མེད་པར་སྨྲ་བའི་ལུགས་ལ་བརྟེན་ནས་རྩོད་པ་བྱེད་ན་དེའི་ཚེ ་ཐམས་ཅད་འབྲེལ་པ་མེད་པ་ཡིན་ཏེ། འདི་ལྟར་དངོས་པོའི་ལུས་ཅུང་ཟད་ཇི་སྙེད་བ་ཉམས་སུ་མྱོང་བ་དེ་ཐམས་ཅད་ནི་ཡོད་བ་ཅམ་གྱིས་ཐམས་ཅད་མཁྱེན་བའི་ཐུགས་ཀྱིས་ཡོངས་སུ་གཅོད་པའི་ཕྱིར་དེ་ལ་ཁྱབ་པོ་ཞེས་བསྟན་པའི་ཡིན་ནོ།། ་འོན་ཏེ་གཞན་གྱིས་བུམ་པ་ལ་སོགས་པ་ནི་ཡུལ་གྱི་མཛའ་ཉིད་དུ་ཁྱབ་པ་མ་ཡིན་ནམ་ཞེ་ན། གང་དག་གིས་དེ་དག་ཤེས་པ་གཅིག་གིས་ཡོངས་སུ་བཅད་པའི་དབང་གིས་མཛའ་མེད་པ་ཉིད་ཀྱིས་རང་བཞིན་ཉམས་པར་འགྱུར་བ་ཤེས་པ་གཅིག ་གིས་ཡོངས་སུ་བཅད་བ་ཞེས་བྱ་བ་དེ་ཙམ་གྱིས་དངོས་པོ་རྣམས་ཀྱི་བདག་ཉིད་ཀྱི་རང་བཞིན་ཉམས་པ་ནི་མ་ཡིན་ནོ། །དེའི་སྔོན་པོ་དང་སེར་པོ་ལ་སོགས་པ་དམར་པོ་རྣམས་ཅིག་ཅར་རི་མོ་རྐྱང་པ་ལ་སོགས་པ་ལ་ཤེས་པ་ཅིག་གིས་ངེས་པ་ནི་རང ་བཞིན་དུ་མ་ཉིད་སྤང་བར་བྱེད་པ་འམ་ཕན་ཚུན་རྗེས་སུ་འཇུག་པོ་ཡང་ཡིན་གྱི་འོན་ཀྱང་དེ་དག་ཉིད་ཇི་ལྟར་ཡོད་པ་དེ་ཁོ་ན་ལྟར་ཤེས་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཡང་ཇི་ལྟར་ཡོང་པ་ཉམས་སུ་མྱོང ་པ་དེ་ཁོ་ན་ལྟར་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་འཛིན་པར་བྱེད་པ་ཡིན་ནོ། །འདི་ལྟར་དེ་འཛིན་པ་ཡིན་ཏེ། ཕྱོགས་དང་ཕྱོགས་མཚམས་མཛའ་མེད་པར་སེམས་ཅན་ལ་སོགས་པའི་འཇིག་རྟེན་གནས་པའི་ཕྱིར་དེ་མཛའ་མེད་བ་ཉིད་དུ་འཛིན་གྱི་མཛའ་ ་དང་ལྡན་པ་ཉིད་དུ་ནི་མ་ཡིན་པས་གང་ལས་མཛའ་དང་ལྡན་པ་ཉིད་དུ་འགྱུར་འདི་སྙམ་དུ་མཛའ་དག་འཛིན་པར་ཁས་ལེན་པ་ན་ཇི་ལྟར་མཛའ་འཛིན་པར་མི་འགྱུར་སྙམ་དུ་སེམས་ན་དེ་ན་ཡོད་པ་མ་ཡིན་ཏེ་གང་དུ་མཛའ་དག་འཛིན་པ་དེར་གདོན་མི་ཟ་བར ་མཛའ་འཛིན་པ་ཡིན་ནོ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད། འདི་ལྟར་དངོས་པོ་གང་དག་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ནང་ནས་གཅིག་ཀྱང་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱིས་མི་མཁྱེན་པའི་ཡོད་པ་ཉམས་སུ་མྱོང་བ་ནི་མ་ཡིན་ཏེ། འོ་ན་ཀྱང་ཐམS ་ཅན་མཁྱེན་པའི་ཐུགས་ཀྱིས་མཁྱེན་པའི་རང་བཞིན་ཉིད་ཁོ་ནར་སྐྱེ་ཞིང་འཇིག་པ་ཡིན་ཏེ། གཅིག་ཀྱང་ཡོངས་སུ་བཏང་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མཛའ་དག་འཛིན་པའི་དོན་ཡིན་ལ་དེ་དག་ཤེས་པ་གཅིག་གིས་ཁྱབ་པ་ཡང་འདི་ཉིད་ཡིན་ནོ། །དེ ་ལྟར་མ་ཡིན་ན་མཛའ་དང་ལྡན་པ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་དེ་དག་མཛའ་དག་གི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་ཡང་བརྗོད་པར་མི་བྱ་སྟེ་དེས་ན་འདི་ནི་བྱ་ནིའོ། །གང་ཡང་ཤེས་པ་ཅིག་ལ་སྣང་བའི་དངོས་པོ་ལས་གཞན་ཡོང་བ་མ་ཡིན ་ཞེས་དེ་ལྟར་ཡོངས་སུ་བཅོད་པའི་ཕྱིར་ཇི་ལྟར་མཛའ་དང་ལྡན་བར་མི་འགྱུར་ཞེས་སྨྲས་པ་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཤེས་པ་རྣམ་པ་མེད་པར་སྨྲ་བའི་ཕྱོགས་ལ་ཤེས་པའི་བདག་ཉིད་ལ་དངོས་པོ་སྣང་བ་ཡོད་པ་མ་ཡིན་ཏེ། འོན་ཏེ་ཡོད་པ ་ཙམ་གྱིས་དེས་དེ་དག་རིག་པར་འགྱུར་བ་ཡིན་ནོ། །གང་གིས་ཤེས་པར་བྱ་བ་ཉིད་ཀྱིས་དེ་དག་མཛའ་དང་ལྡན་པར་འགྱུར་པ་དངོས་པོ་རྣམས་ཡོངས་སུ་མ་བཅད་པའི་རང་བཞིན་ཉིད་ཀྱིས་མཛའ་ཡས་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ། །འོན་ཀྱང་ཡུལ ་ཁྱབ་པ་དང་ལྡན་ཞེས་མཛའ་ཡས་པ་ཉིད་ཀྱིས་སྨོད་ཀྱི་འཇིག་རྟེན་མཛའ་ཡས་ཤིང་སེམས་ཅན་ཀྱི་འཇིག་རྟེན་ན་གྲངས་མཛའ་ཡས་པ་ཉིད་ཀྱིས་སོ། །གང་གིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་བ་ཡུལ་འཛིན ་བ་ལ་སོགས་པ་མཛའ་མེད་པ་ཉིད་ཡིན་བ་ཅ་འགལ་ཡང་བཟུང་བར་བྱ་བ་ཉིད་དུ་འགལ་བ་ནི་མ་ཡིན་ནོ། །གལ་ཏེ་མཛའ་ཡས་པ་དང་ལྡན་པ་ཉིད་དུ་མི་འཛིན་ན་དེ་ཇི་ལྟར་ཐམས་ཅད་མཁྱེན་པར་འགྱུར་ཞེ་ན་དེ་ཉིད་ཀྱི་ཕྱིར་དེ་གང་ཁོ་ནའི ་ཕྱིར་འདི་མཛའ་དང་ལྡན་པ་ཉིད་དུ་འཛིན་པའི་དེའི་ཁོ་ནའི་ཕྱིར་འདི་ཐམས་ཅད་མཁྱེན་བ་ཡིན་གྱི་དེ་ལྟ་མ་ཡིན་ན་མཛའ་མེད་པའི་དངོས་པོ་མཛའ་དང་ལྡན་པ་ཉིད་དུ་འཛིན་པ་ནི་འཁྲུལ་བར་འགྱུར་རོ། །འདི་ལྟར་གང་ཡོད་པ་དེ་ནི ་ཡོད་པར་ཉིད་དུ་འཛིན་ལ་གང་མེད་པ་དེ་མེད་པ་ཉིད་དུ་འཛིན་པ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ལ་ཡང་མཛའ་ཡོད་བ་མ་ཡིན་ཏེ། གང་གི་ཕྱིར་ཐམས་ཅད་མཁྱེན་བའི་ཡེ་ཤེས་ཀྱི་མཛའ་དང ་ལྡན་བས་བྱས་པའི་མེད་བ་ལ་མེད་བ་ཉིད་དུ་འཛིན་ལ་ཡོང་པ་ཡང་ཡོད་བ་ཉིད་དུ་གཟིགས་པ་ལས་ཇི་ལྟར་ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ་བ་འདི་སྙམ་དུ་རྣམ་བ་མེད་པའི་ཕྱོགས་ལ་ཡུལ་འཛིན་པ་མི་འཐད་དེ། དེ་ནི ་ཐམས་ཅད་ལ་ཁྱེད་བར་མེད་པའི་ཕྱིར་དང་དེ་ལས་སོ་སོ་ལ་རྣམ་པར་བཞག་པ་མི་འཐང་པའི་ཕྱིར་རོ། །ངེས་ན་རྣམས་མྱེད?་པའི་ཕྱགས་དགོང་པར་མི་ད་ཁོ་ན་ཡིན་ཏེ་དེ་ནི་རྣམ་པ་རྣམས་ཐམས་ཅད་དུ་སུན་ཕྱུང་བའི་ཕྱིར་རོ་སྙམ ་དུ་བསེམས་པ་ཡིན་ནོ་ཞེ་ན། དེ་ན་ཡང་དག་བ་མ་ཡིན་ཏེ། གང་གི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ལས་སོ་སོར་རྣམ་པར་འཇག་པར་འདོད་པ་མ་ཡིན་ཏེ། དེ་ནི་དངོས་པོ་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །གང་གི་ཕྱིར ་དེ་ནི་སྔོན་པོ་ཁོ་ན་རིག་པའམ་སེར་པོ་ཁོ་ན་རིག་པ་ནི་མ་ཡིན་གྱི་འོན་ཀྱང་ཐམས་ཅད་རིག་པ་ཡིན་ནོ། །ཚུ་རོལ་མཐོང་བ་གང་གིས་ཤེས་པ་སོ་སོར་ངེས་པའི་དོན་གྱི་ཡུལ་ཅན་ཡིན་པ་དེ་ལ་ཤེས་པ་རྣམ་པ་མེད་པའི་ཕྱོགས་ལས་ཐམས ་ཅད་ལ་ཁྱད་བར་མེད་པའི་ཕྱིར་ལས་སོ་སོར་རྣམ་པར་འཇོག་པ་མི་འཐང་བའི་སྐྱོན་བརྗོད་པ་ཡིན་ཏེ། འདི་ལྟར་སྔོན་པོའི་རིག་པར་བྱེད་པ་ཡིན་གྱི་སེར་པོའི་ནི་མ་ཡིན་ནོ་ཞེས་ངེས་པ་མེད་པའི་ཕྱིར་སོ་སོའི་སྐྱེ་བོ་ཐམས་ཅད་མཁྱེན ་པར་ཐལ་པར་འགྱུར་བར་བྱེད་པ་ཡིན་ནོ་ཐམས་ཅད་མཁྱེན་པ་ལ་ནི་དེ་འདོད་པ་ཉིད་ཀྱི་ཕྱིར་དེ་མི་འདོད་པའི་ཐོག་ཏུ་གཏོང་བ་ཅི་ཞིག་ཡོད་དེས་ན་ཐམས་ཅད་མཁྱེན་པའི་གནས་སྐབས་ན་རྣལ་འབྱོར་གྱི་སྟོབས་ཀྱིས་རྣམ་པ་མེད་པར ་སྐྱེ་བ་འགལ་བ་མེད་པ་ཁོ་ནའོ། །གལ་ཏེ་བླང་བར་བྱ་བ་དང་དེར་བར་བྱ་བའི་དངོས་པོ་རྣམ་བར་ཕྱེ་ནས་ཡོངས་སུ་ཤེས་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཅིག་ཅར་མཛའ་མེད་པའི་དངོས་པོ་སྣང་བ་ན་བླང་བ་དང་དོར་བའི་དངོས་པོ་སྣང ་པ་འགལ་བར་འབྱུན?་རམ་མི་འགལ་ན་ཡང་གཞན་དང་ལྷན་ཅིག་སྣང་བའི་བླང་བ་དང་དོར་བྱའི་དངོས་པོ་དེའི་དེ་ཁོ་ན་ཉིད་ཉམས་པར་འགྱུར་བ་ཡིན་ནམ་དེ་ཁོ་ཉིད་མི་ཉམས་ན་ཡང་རྣམ་པར་ཕྱེ་སྟེ་སྣང་བར་མི་འགྱུར ་པའམ་རྣམ་པར་ཕྱེ་ནས་སྣང་བ་ན་ཡང་གལ་ཏེ་ཡོངས་སུ་གཅོང་བར་བྱེད་པ་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཤེས་པ་རྣམ་པར་རྟོག་པའི་ཤེས་པ་སྐྱེ་པར་འགྱུར་ན་དེའི་ཚེ་དེ་ཐམས་ཅད་བརྗོད་པར་འགྱུར་ན། གང་གི་ཕྱིར་འགྲོ་བ་སྣ ་ཚོགས་པ་སྣང་བ་ན་གླང་བ་དང་དོར་པའི་དངོས་པོ་དེ་ཡང་སྣང་བར་མི་འགལ་ཞིང་བདག་ཉིད་ཀྱི་དེ་ཁོ་ན་ཉིད་མི་ཉམས་བར་རྣམ་པར་ཕྱེ་ནས་སྣང་བ་ལ་ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འབྱུང་བའི་དག་པ་འཇིག་རྟེན་ ་པའི་རྟོག་པ་དང་བཅས་པའི་ཤེས་པས་ཡོངས་སུ་གཅོད་པར་བྱེད་པའི་ཕྱིར་ཇི་ལྟར་དེ་ཡང་རྣམ་པར་ཕྱེ་ནས་མི་ཤེས་པ་ཞེས་བྱ་བ་དེའི་ཕྱིར་ཇི་ལྟར་ཤེས་པ་རྣམ་པ་མེད་པའི་ཕྱོགས་ལ་རེ་ཞིག་ཀླན་ཀ་འདི་མེད ་དོ་ཞེས་བསྟན་ཟིན་ཏོ། །ཅི་སྟེ་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ་རྩོད་པར་བྱེད་ན་དེ་ལ་ཡང་འགལ་བ་མེད་པ་ཉིད་དེ་འདི་ལྟ་ཇི་ལྟར་མཛའ་མེད་པའི་དངོས་པོ་མཛའ་མེད་པའི་རྣམ་པ་དང་ལྡན་པའི་བདག་ཉིད་དུ་ཡོད་པ་ཉམས ་སུ་མྱོང་བ་དེ་ཁོ་ན་ལྟར་ཐམས་ཅད་མཁྱེན་པའི་ཐུགས་དེ་དཔག་ཏུ་མེད་པའི་དངོས་པོ་ཡོད་པའི་རྣམ་པ་འཛིན་པ་ཉིད་སྐྱེ་པ་འགལ་པ་མེད་པ་ཉིད་དེ་ཤེས་པ་གཅིག་དངོས་པོ་དུ་མའི་རྣམ་པ་འཛིན་པ་སྐྱེ་བར་མི་འགལ་པའི་ཕྱིར་རོ།། ་གལ་ཏེ་ཡོད་པའི་རྣམ་པ་འཛིན་པ་གཅིག་ལ་རྣམ་པ་དུ་མ་ཉིད་འགལ་པ་ཡིན་ནོ་ཞེས། མ་ཡིན་ཏེ་རྣམ་པ་རྣམས་ནི་མི་བདེན་པའི་ཕྱིར་རོ།། འོ་ན་གལ་ཏེ་གཅིག་ལ་རྣམ་པ་དོན་དམ་པ་བ་རྣམས་ཡོད་པར་གྱུར་ན་དེའི་ཚེ་གཅིག་ལ་སྣ ་ཚོགས་པ་ཉིད་འགལ་བར་འགྱུར་ན་གང་གི་ཕྱིར་རྣམ་པ་རྣམས་ནི་ཡང་དག་པ་མ་ཡིན་པར་གྱུར་པ་ཁོ་ན་ཡིན་པར་འདོད་པ་ཡིན་ནོ།། གལ་ཏེ་དེ་ལྟ་ན་འཁྲུལ་པའི་ཤེས་པ་དང་ལྡན་པའི་ཕྱིར་ཐམས་ཅད་མཁྱེན་པ་འཁྲུལ་པ་ཉིད་དུ ་འགྱུར་རོ་ཞེ་ན་མ་ཡིན་ཏེ་ཡང་དག་པ་ཇི་ལྟར་གནས་པས་ཡོངས་སུ་ཤེས་པས་ན་སྐྱོན་མེད་དོ། །གང་གི་ཕྱིར་གལ་ཏེ་མི་བདེན་པ་བདེན་པ་ཉིད་དུ་འཛིན་པར་བྱེད་ན་དེ་མི་བདེན་པ་ཉིད་དུ་འགྱུར་ན། །གང་གི་ཆེ་མི་བདེན་པའི་ངོ་བོའི་རྣམ ་བ་རྣམས་མི་བདེན་པ་ཉིད་དུ་མཁྱེན་པ་དེའི་ཚེ་ཇི་ལྟར་འཁྲུལ་པར་འགྱུར་དོན་ལས་ཐ་དད་པའི་ཤེས་པ་ལ་སྣང་པའི་རྣམ་པར་འཛིན་པ་ན་དོན་ལ་མཐོང་བ་ལ་སོགས་པའི་ཐ་སྙད་བྱེད་པས་ན་ཇི་ལྟར་འཁྲུལ་པར་མི་འགྱུར་ཞེ་ན། མ ་ཡིན་ཏེ་ཡང་དག་པའི་ཐབས་མཁྱེན་པའི་ཕྱིར་རོ། །གལ་ཏེ་འཛིན་པར་བྱེད་པའི་ཐབས་སུ་རིགས་པ་སྤངས་ནས་གཙོ་མ་ཡིན་པས་དོན་འཛིན་པར་བྱེད་ན་དེའི་ཆེ་འཁྲུལ་པར་འགྱུར་རོ། །གང་གི་ཕྱིར་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བའི ་ཕྱོགས་ལ་ཤེས་པའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་ལས་མ་གཏོགས་པ་གཞན་དོན་འཛིན་པའི་བྱ་བ་ཡོད་པ་མ་ཡིན་ན་དེ་ཇི་ལྟར་འཛིན་པའི་ཐབས་སུ་རིག་པའི་བྱ་བས་དོན་འཛིན་པ་འཁྲུལ་པར་འགྱུར་དེ་བས་ན་ཤེས་བྱ་བཞིན་དུ ་ཤེས་པ་གཅིག་ཀྱང་མཛའ་མེད་པའི་དངོས་པོ་ལ་ཡོད་པའི་རྣམ་པ་འཛིན་པ་སྐྱེ་བའི་ཕྱིར་དེས་མཛའ་མེད་པའི་དངོས་པོ་ལ་ཁྱབ་པར་བརྗོད་པ་ཡིན་ནོ། །བདག་ཉིད་གང་གིས་ཤེས་པའི་བདག་ཉིད་ལ་དངོས་པོ་རྣམས་གསལ་བ་? ་ཉིད་ཀྱིས་དེའི་རྗེས་ལ་ཐོབ་པའི་དཔྱོད་པའི་སེམས་ཀྱིས་ཡོངས་སུ་དཔྱོད་པ་ཡིན་གྱི་ཐམས་ཅད་མཁྱེན་པའི་སེམས་ལ་དངོས་པོ་རྣམ་གཞན་དུ་ཡོད་པའི་བྱེ་བྲག་དང་ལྡན་པ་གསལ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཇི་སྙེད་ཅིག་ཡོང་པ ་ཉིད་དུ་ཉམས་སུ་མྱོང་བ་དེ་ཐམས་ཅད་སྣང་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ལ་དམིགས་པའི་རྐྱེན་གྱི་ངོ་བོས་ནུས་པ་ཐོགས་པ་མེད་པའི་ཕྱིར་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དོན་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པའི ་ཕྱིར་རོ། །དེ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞན་དུ་ཡོད་པའི་དངོས་པོའི་རྣམ་པ་འཛིན་པ་སྐྱེ་བ་མ་ཡིན་པའི་ཕྱིར་རྗེས་སུ་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་རྣམ་པར་རྟོག་པ་ཡུལ་གྱི་མཛའ་དང་ལྡན་པ་འཛིན་པ་ཉིད ་ཀྱིས་ཡོངས་སུ་མ་བཅེད་པའི་ཕྱིར། ཇི་ལྟར་འདི་ཙམ་ཞིག་གོ་སྙམ་དུ་ཡོངས་སུ་གཅོད་པར་འགྱུར། གལ་ཏེ་སྣང་བཞིན་པ་ལས་གཞན་མེད་དོ་སྙམ་པ་དེ་ལྟ་བུའི་རྟོགས་པ་སྐྱེ་བ་དེ་ལྟ་ན་ཡང་མཛའ་དང་ལྡན་པ་ཉིད་དུ་ཐལ་བར་འགྱུར ་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་།སྣང་བཞིན་པ་ནི་ཐམས་ཅད་མཁྱེན་པའི་ཐུགས་རྟོག་པ་མེད་པ་ལ་མཛའ་དང་ལྡན་པ་ཉིད་ཀྱི་སྣང་བ་ཡིན་ན་དེའི་ཚེ་རྗེས་ལ་ཐོབ་པའི་དཔྱོད་པའི་ཤེས་པས་དངོས་པོ་རྣམS་མཛའ་ ་དང་ལྡན་པ་ཉིད་དུ་འགྱུར་པ། དེ་ཡོངས་སུ་གཅོད་ན་ཡང་མཛའ་མེད་པ་ཉིད་ཉམས་པར་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་མཁྱེན་པའི་ཐུགས་ལ་སྣང་བཞིན་པའི་དངོས་པོ་ནི་མཛའ་མེད་པ་ཉིད་དུ་སྣང་བ་ཡིན་ཏེ། ཐམས་ཅད་ནུས་པ ་ཐོགས་པ་མེད་པ་ཡིན་པའིཕྱིར་རོ།། དེ་ལས་གཞན་དུ་སྣང་བ་ནི་མཛའ་དང་ལྡན་པ་ཉིད་ཡིན་ནོ། །དེ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་རྣམ་པར་གཅོད་པར་བྱེད་པའི་ཕྱིར་ཁྱེད་ཅག་གིས་དངོས་པོ་རྣམས་ཀྱི་མཛའ་མེད་པ་ཉིད་གསལ་རབ་ཉིད ་བསྒྲུབ་པ་ཡིན་པའི་ཕྱིར་འདི?་ནི་གྱི་ནའོ། །གང་ཡང་རྣལ་འབྱོར་བའི་ཤེས་པ་ཐམས་ཅད་དམིགས་པ་མེད་བ་ཡིན་ཏེ། རྨི་ལམ་བདེན་པ་མཐོང་བ་བཞིན་དུ་དངོས་པོ་ལ་མི་བསླུ་པ་ཉིད་ཀྱིས་ཚད་མ་ཡིན་ནོ་ཞེས་པས་ལེན་པ་དེ་དག་ལས ་མཛའ་དང་ལྡན་པ་ཉིད་ཀྱི་ཀླན་ཀའི་གོ་སྐབས་ཐག་སྲིངS་པའི་ཕྱིར་ཏེ་མང་དུ་སྨྲས་པས་ཆོག་གོ། གང་དག་ཐམས་ཅད་མཁྱེན་པ་ལ་འདོད་པ་ཡོད་པར་བརྗོད་པ་དེའི་གཞུང་ཡང་ཐམས་ཅད་མཁྱེན་པ་ཞེས་བསྟན་པའི་ཕྱིར་གང་དང་གང ་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་བས་ཤེས་པ་རིམ་ཅན་གྱི་ཕྱོགས་ལ་ཡང་འགལ་བ་མེད་པར་འཆད་དེ། ཤེས་པ་ཞེས་བྱ་བ་སྨོས་སོ། །ཤེས་པ་བཅུ་དྲུག་གིས་ཞེས་བྱ་བ་ནི་བཟོད་པ་དང་ཤེས་པ ་དག་གིས་ཏེ། བཟོད་པ་ནི་བརྒྱད་དེ་སྡུག་བསྔལ་ལ་ཆོས་ཞེས་པའི་བཟོད་པ་ལ་སོགས་པའོ། །ཤེས་པ་ཡང་བརྒྱད་དེ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་སྟེ་དེ་ལྟར་བདེན་པ་མངོན་རྟོགས་འདི། སེམས་བཅུ་དྲུག་གོ་ཞེས ་བཤད་པའི་ཕྱིར་རོ། །ཐང་ཅིག་ཙམ་ནི་ཞེས་བྱ་པ་ལ། དུས་ཀྱི་མཛའ་ནི་སྐད་ཅིག་མ་ཡིན་ཏེ། སྐད་ཅིག་མ་བརྒྱ་ཉི་ཤུལ། དེ་ཡི་སྐད་ཅིག་དེ་དག་ཀྱང། དྲུག་ཅུ་ལ་ནི་ཐང་གཅིག་གོ། ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་ནོ། །གྲོགས་པོ་ཞེས ་བྱ་བ་ནི་བོད་པའོ། །ལོ་ཞེས་བྱ་བ་ནི་ལོ་སྐོར་གྱི་རྣམ་གྲངས་ཡིན་ནོ། གང་ཞིག་རྣམ་པར་མ་ཕྱེ་བའི། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་རྣལ་འབྱོར་པ་རྣམས་ཀྱི་ཟག་པ་མེད་པ་ཤེས་པ་ནི་བསྟན་བཅོས་སུ་སྤྱིའི་ཡུལ ་ཅན་དུ་བརྗོད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་མ་ཡིན་ནམ། །དེ་ཇི་ལྟར་སྤྱིའི་ཡུལ་ཅན་གྱི་རྣལ་འབྱོར་པའི་ཤེས་པས་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཉིད་རྟོགས་པ་ཡིན་ཞེ་ན། དེའི་ཕྱིར་བདག་བཅས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རང་གི་མཚན་ཉིད་དེ་ཉིད་རིགས་མི་མཐུན་པ་ལས་བཟློག་པའི་ཐ་མི་དང་པའི་རྣམ་བའི་ཤེས་པའི་རྒྱུ་ཉིད་ཀྱིས་བསྟན་བྱས་སུ་སྤྱིའི་མཚན་ཉིད་ཅེས་བརྗོད་དོ། དེ་བས་ན་དེ་འཛིན་པར་བྱེད་པའི་རྣལ་འབྱོར་པའི་ཤེས ་པ་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་པ་སྐྱེ་བ་ན་རང་གི་མཚན་ཉིད་ཀྱི་སྦྱོར་ཡུལ་ཅན་ཡིན་པའི་ཕྱིར་སྤྱིའི་ཡུལ་ཅན་ཡིན་པ་དེ་ཇི་ལྟར་རང་གི་མཚན་ཉིད་འཛིན་པར་འགྱུར་ཞེས་བྱ་བ་འདི་མི་འགལ་བ་ཁོ་ནའོ། །གང་ཡང། ་རྣམ་པ་གཅིག་ཅན་རྣམས་ཤེས་ཏེ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཐམས་ཅད་ནི་རྣལ་འབྱོར་པའི་ཤེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ལརོ་ཞེས་བྱ་བ་འདི་ཉིད་ཀྱི་བསལ་?་བ་ཡིན་ནོ།། ཅི་སྟེ་དེ་ཉིད་དང ་གཞན་ཉིད་ལ་སོགས་པ་རྣམ་པས་བསྟན་པར་བྱ་བ་མ་ཡིན་པའི་ཀུན་རྫོབ་ཉིད་ཀྱི་སྤྱི་གང་ཡིན་པ་དེ་ཁོ་པོ་ཅག་གིས་བརྗོད་པ་དང་གང་ཡང་གཞན་མུ་སྟེགས་བྱེད་རྣམས་ཀྱིས་སྤྱི་དོན་དམ་པ་ཉིད་དུ་རྟོགས་པ་འཛིན་པ་ཉིད་ཀྱི་རྣལ ་འབྱོར་བའི་ཤེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་བསྒྲུབས་པ་དེ་ཡང་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཞིག་གཞན་གྱིས་ཀུན་བརྟགས་པའི་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། སོགས་པའི་སྒྲས་རྟག་པ་སོགས་པའི་སྒྲས་བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་བཟུང་པར་བྱའོ། །ཅིའི་ཕྱིར་དེས་དེ་འཛིན་པ་མ་ཡིན་ཞེ་ན། རྣལ་འབྱོར་པ་ཡི་དབང་ཕྱུག་ཐུགས། །ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། རྣལ་འབྱོར་པའི་ཤེས་པ་ནི་རྟོགས་པ་དང་བྲལ་ཞིང་མ་འཁྲུལ་པ་ཉིད་ཀྱིས་མངོན་སུམ་གྱི་ཚད་མ་ཉིད་དུ་འདོད་དེ། གལ་ཏེ་ཇི་སྐད་དུ་བཤད་པའི་སྤྱིའི་ཡུལ་དུ་འགྱུར་ན་དེའི་ཚེ་ཀུན་རྫོབ་པའི་དོན་གྱིས་ཡུལ་ཅན་ཡིན་པའི་ཕྱིར ་རྟོག་པས་རྣོན་པ་ཉིད་དུ་འགྱུར་ལ་གཞན་གྱིས་ཀུན་ཏུ་བརྟགས་པའི་རྫུན་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་འཁྲུལ་པས་ནོན་པར་ཡང་འགྱུར་རོ། །ཡང་ན་གཉི་གའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་རེ་རེ་ལ་ཡང་སྐྱོན་གཉིས་ཀར ་འགྱུར་རོ་དེ་ལྟར་སྒྲོ་བཏགས་པ་དང་བརྫུན་པའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་འཁྲུལ་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །འདི་ལས་ཀྱང་དེ་འཛིན་པ་ན་རྟོག་པ་དང་འཁྲུལ་པས་ནོན་པར་ཐལ་པར ་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྣམ་པར་རྟོག་པའི་བདག་ཉིད་སྤྱི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་ཐག་ཏུ་བརྗོད་པའི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དང། གཞན་ལ་སོགས་པ་བསྟན་པ་བྱ་བ་མ་ཡིན་པ་ཅི་གང་ཡིན་པ་དེ་རྣམ་པར ་རྟོག་པའི་བདག་ཉིད་ཡིན་ནོ། །གང་གིས་ནི་གཞན་གྱི་ཕྱིར་རོ་བཤད་ཅེས་བྱ་བ་ནི་གཞན་སེལ་བ་བསྟག་པར་བསྟན་པར་བྱས་པ་ཡིན་ནོ། །དེའི་ཕྱིར་དེ་འཛིན་ན་ནི་རྣམ་རྟོག་དང། །འཁྲུལ་པས་གནོད་པ་ཉིད་དུ་འགྱུར། ཞེས་སྐབས་སུ ་བབ་པ་དང་སྦྱར་བར་བྱའོ། །འདི་ལྟར་སྤྱི་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་གྱི་དེ་འཛིན་པ་རྣལ་འབྱོར་པའི་ཤེས་པ་རྣམ་པར་རྟོག་པའི་བདག་ཉིད་དུ་འགྱུར་ཏེ། དེ་ནི་དེའི་བདག་ཏུ་འཛིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཡང་རང ་བཞིན་གྱི་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པའི་ཕྱིར་ཕྱིན་ཅི་ལོག་ཉིད་ཡིན་པའི་ཕྱིར་འཁྲུལ་བས་ནོན་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །གང་ཡང་གཞན་གྱིས་ཀུན་ཏུ་བརྟག་པའི་ཕྱིར་རྟག་ཏུ་རྗེས་སུ་འགྲོ་བའི ་རང་བཞིན་དེ་ཡང་སྤྱི་བརྟག་པར་དངོས་པོ་མེད་པའི་རང་བཞིན་ཉིད་དུ་བསྟན་ཟིན་པའི་ཕྱིར། དེ་འཛིན་པ་ན་གསལ་རབ་ཉིད་དུ་རྣམ་པར་རྟོག་པ་དང་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་རོ། །གང་ཡང། རྒྱུ་བཅས་འབྲས་བཅས་ལས། །ཞེས ་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཏིང་ངེ་འཛིན་ལས་བྱུང་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་རིམ་མམ་ཅིག་ཅར་གྱི་ཞེས་བྱ་བ་ལ་སོགས་པ་ལ། རིམ་གྱིས་སམ་ཅིག་ཅར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར ་ཟད་དོ། །ཐུན་མོང་མ་ཡིན་ཐབས་སྙེད་པ། ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལ་བདག་མེད་ལེགས་གོམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པ་མ་ལུས་པ་འདིས་སོ། ་འཁོར་བར་མི་འོས་ཤེས་པ་ཅན། ཞེས་བྱ་བ་ནི་འཁོར་བ་དག་ཏུ་མི་འོས་བ་ལྷན་ཅིག་ཏུ་མ་སྐྱེས་པ་ནི་འཁོར་བར་མི་འོས་པའོ། །དེ་འདྲ་བའི་ཤེས་པ་དེ་བསྟན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྱབ་འཇུག་དབང་ཕྱུག ་སོགས་ཡུལ་མིན། །ཞེས་བྱ་བ་ནི་འདི་ནི་རང་གི་རྟག་པ་ཉིད་ཀྱིས་བསྟན་པ་དང་གཞི་མཐུན་པ་ཡིན་ནོ། །ཉོན་མོངས་དགྲ་པོ་མ་ལུས་པའི། །སྡེ་ཚན་འཇིག་པར་བྱེད་པ་ཅན། །ཞེས་བྱ་བ་ནི་ཉོན་མོངས་པ་ཉིད་དགྲ་ཉིད་ལ་དེ་དག་གི་སྡེ་ཚན ་ནི་ཚོགས་སོ། །དེ་འཇིག་པར་བྱེད་པའི་དང་ཚུལ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །མངོན་མཐོ་སྣ་ཚོགས་རྫོགས་པ་དང། །མྱ་ངན་འདས་པ་ཐོབ་པའི་རྒྱུ། །ཞེས་བྱ་བ་ལ། རྒྱུའི་སྒྲ་རེ་རེ་དང་སྦྱར་བར་བྱ ་སྟེ་མངོན་པར་མཐོ་བ་སྣ་ཚོགས་པ་རྫོགས་པའི་རྒྱུ་ཡིན་ཞེས་མྱ་ངན་འདས་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གང་ཚེ་ཐམས་ཅད་མཁྱེན། ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གང་ཆེ་ཞེས་བྱ་བ་ལ་སོགས ་བ་སྨོས་ཏེ། འགའ་ཞིག་ཅེས་བྱ་བ་ནི་བདེ་བར་གཤེགས་པ་ཉིན་ཡིན་གྱི་སེར་སྐྱ་ལ་སོགས་པ་ནི་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་ཤེས་པ་རྣམ་པ་མེད་པའི་ཕྱོགས་ལ་སྐྱོན ་སྨྲས་པ་གང་ཡིན་པ་དེ་ལ་ཡང་ཁོ་བོ་ཅག་གིས་དང་པོ་ཉིད་དུ་བརྗོད་ཟིན་ཏོ། །འོན་ཏེ་རྣམ་པ་དང་བཅས་མེད་།གཞན་གྱི་རྣམ་པ་ཉིད་ལ་ཡང། །རྣམ་པར་ཤེས་པས་ཕྱི་རོལ་དོན། །ནམ་ཡང་ཤེས་པ་མ་ཡིན་ནོ། །ཞེས་བརྗོད་པ་མ ་ཡིན་ནམ། །དེ་ཇི་ལྟར་ཕྱོགས་གཉི་ག་ལ་བརྟེན་ན་ཡང་ཉེས་པ་མེད་པར་བརྗོད་ཅེས་དོགས་པ་རྣམ་པ་མེད་སོགས་བསམས་པ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་རྣམ་པར་ཤེས་པར་སྨྲ་བ་ལ་གནས་པ་རྣམས་ཀྱི་སྔར ་རྣམ་པ་མེད་པ་ལ་སོགས་པ་བསམས་པ་བྱས་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ལ་ཕྱི་རོལ་གྱི་དོན་ཁས་བླངས་ནས་ཐམས་ཅད་མཁྱེན་པ་སྒྲུབ་པ་ན་ཁྱེད་ཅག་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ལ་ཇི་ལྟར ་ཉེ་བར་མཁོ་ཞེ་ན། ཇི་ལྟར་ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོན་མི་ཟ་བར་ཁྱེད་ཅག་གིས་ཕྱི་རོལ་གྱི་དོན་རྣམ་བ་དང་བཅས་པ་འམ་རྣམ་པ་མེད་པར་ཤེས་པས་འཛིན་པ་བརྗོད་པར་བྱ་བ་ཡིན་ཏེ་དེ་ལྟ་མ་ཡིན ་ན་ཕྱི་རོལ་གྱི་དོན་རྒྱུན་ཆད་བར་འགྱུར་རོ། །དེ་ལྟ་ཡིན་དང་གཅིག་གནས་རྣམ་པ་གང་གིས་ཁྱེད་ཅག་དོན་འགའ་ཞིག་ལ་ཤེས་པ་འཇུག་པའི་རྣམ་པ་དེ་ཉིད་ཀྱིས་གཞན་མཆོག་སྟེ་ཁྱད་པར་དུ་འཕགས་པའི་ཐམས་ཅད་མཁྱེན་བའི་ཡེ་ཤེས ་ཀྱང་འཇུག་པར་འདོད་པར་བྱ་བ་ཡིན་པས་ཀླན་ག་འདི་མེད་དོ། །དཔེ་མེད་རང་གི་དཔལ་བདེན་བདེན་པར་ངེས་བྱས་ལས། དགེ་བ་ཤིན་ཏུ་དྲི་མེད་བདག་གིས་གང་ཐོབ་དེས། །འཇིག་རྟེན་ཐམས་ཅད་སྐྱེ་བོ་ཀུན་གྱི་ཡིད་ཚིམ་མཛད་པ་ཡིས ་མདེངས་གསལ་བ་ཅན་བདེ་གཤེགས་པདྨའི་ངང་ཚུལ་འགྱུར་བར་ཤོག་།དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་བེནྡྲ་བྷ ་དྲ་དང། བོད་གྱི་ལོཙྪ་བ་ཤཱཀྱའི་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར།། །།བརྩེ་ལྡན་བདེ་བར་གཤེགས་པའི་བཀའ་། །ཀུན་ལ་རབ་འབྱམ་རྟོག་གེའི་གཙོ། །ཆོས་ཀྱི་གྲགས་པ་གཉིས་པ་དེས། །གསལ་བའི ་ཆིག་གིས་བཀོད་གཞུང་འདི། །བདག་གཞན་གཞུང་ལུགས་རྒྱ་མཚོ་ཡིས། །མཐར་སོན་མཁས་པ་ལྷ་དབང་བློ། །བསྙེན་པས་གྲུབ་མཛའ་མཛའ་དག་ལ། །བློ་ཡི་སྣང་བ་ཐོབ་ནས་བསྒྱུར། །སྔོན་གྱི་སྒྱུར་བྱེད་མཁས་རྣམས་ཀྱིས། །ཇི་ལྟའི ་བགྲོད་ལམ་ཚེ་རྣམས་ཀྱིས། འབད་པས་མཐོང་བར་མ་གྱུར་གང། །ཅི་ཞིག་ལྟར་ཏེ་བདག་གིས་ཏེ། །བདག་ནི་བརྩོན་དང་མི་ལྡན་ཞིང། །ཤེས་རབ་ལྷག་པར་མེད་མོད་ཀྱང། །འདི་ལྟར་སྔོན་དང་རྗེས་མཐུན་ཞིང?། །ཚིག་གི་སྡེབ་སྦྱོར ་རབ་གསལ་བ། །རྫོགས་སངས་རྒྱས་ཀྱིས་བྱིན་རླབས་སམ། །སྐྱེ་བ་གཞན་དུ་གོམས་པར་ངེས། །འོན་ཀྱང་བརྩོན་འགྲུས་བརྩམས་རྣམས་ཀྱིས། །ཉེས་པ་དོར་ལ་ལེགས་པ་ལོངས། དཔལ་ལྡན་རིགས་གསུམ་མགོན་པོའི་རྒྱུད། སྟོང ་རིས་མུན་པའི་སྣང་གྱུར་པ།། །རྗེ་རྒྱལ་བྱང་ཆུབ་སེམས་དཔའ་ཨི་དབོན། །བརྟན་ཞིང་མི་འགྱུར་གཟི་བརྗིད་ལྡན། །དགོངས་ཟབ་དམ་པའི་ལམ་ལ་དགྱེས།། ་མཛའ་བཞིའི་རྒྱལ་ཕྲན་ཟིལ་གནོན་པ། །མངའ་བདག་དབང་ཕྱུག་དམ་པའི་རྗེ། །བསོད་ནམས་རྩེ་ཡིས་བཀས་བསྐུས་ནས། །གཞུང་ལུགས་ངན་པ་ཀུན་འཇོམས་ཤིང། ། ་བདེ་གཤེགས་བསྟན་པ་གསལ་བྱེད་པ། །དཔལ་ལྡན་པདྨའི་ངང་ཚུལ་གྱིས། །དོན་ཆེན་ལྡན་པའི་བསྟན་བཅོས་འདི། །བསྒྱུར་བའི་དགེ་བས་བདག་གཞན་ཀུན། །ལྟ་ངན ་ཐམས་ཅད་རབ་བཅོམ་ནས། །བཀུར་བར་དཀའ་བའི་སངས་རྒྱས་ཀྱི། །བསྟན་པ་ཡུན་རིངས་འཛིན་པར་ཤོག་།འདི་ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང ་ཡོད། །བམ་པོ་དྲུག་ཅུར་བྱས་སོ།། ། སརྦ་མངྒལཾ?།། །། ་