CLOSE WINDOW

N4556: de kho na nyid bsdus pa'i dka' 'grel
Wyliee-texts based on the ACIP/ALL Input

text in 2 volumes

volume 1 - volume 2 -

ལུང་བཅས་ཤེས་པའི་སྤྱོད་ཡུལ་གང་ཡིན་འདི་ནི་རྟོགས་ནས་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྱུར།། །།འདི་བྲིས་དགེ་བས་སངས་རྒྱས་ཐོབ་པར་ཤོག། །།དགེའོ།། །།དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ཀ་མ་ལ་ཤཱི་ལས་མཛད་པའི་སྟོང།། ་རྒྱ་གར་སྐད་དུ། ཏཱ་ཏ་སཾ་གྲ་ཧ་པཉྫིཀ། བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཤེས་བྱའི་རྒྱ་མཚོ་བསྲུབས་པའི་སྟོབས་ཀྱིས་གཞན་དོན་དམྱལ་བ་ལ་སོགས་ཀྱི།། ་སྡུག་བསྔལ་ཞི་བྱེད་དེ་ཉིད་རྟོགས་པའི་བདུད་རྩི་ཐུགས་རྗེས་འགྲོ་བ་ཚིམ་མཛད་པ། །དེ་ཉིད་རིག་མཆོག་འགྲོ་བ་རྣམས་ཀྱི་སྟོན་པ་དེ་ལ་གུས་པས་ཕྱག་འཚལ་ནས། །དེ་ཉིད་བསྡུས་པ་འདི་ཡི་དཀའ་འགྲེལ་ཆེས་རབ་གསལ་བ་རབ་ཏུ་བཙམ་པར་བྱའོ། །བདེ་བ་འདྲའི་བློ ་གྲོས་བླུན་པོ་རྣམས་ཀྱིས་སྔོན་མེད་དངོས་པོ་ནམ་ཡང་བརྗོད་མི་ནུས། །མཁས་པས་ཉིན་རེ་ལམ་འདི་མང་དུ་མ་དཔྱད་པ་ཡང་འགའ་ཙམ་གང་ན་ཡོད། །འོན་ཀྱང་བསོད་ནམས་འཕེལ་བར་འདོད་པ་རང་དོན་མཆོག་གི་བདག་གི་བློ་གྲོས་འདི། །དགེ་བ་འཕེལ་བའི་འབྲས ་བུ་ཅན་གྱི་དེ་ཉིད་གོམས་པས་འདི་བྱེད་པ་ལ་བརྩོན། །བསྟན་བཅོས་འདི་ལ་ནི་རྟོགས་པ་དང་ལྡན་པ་རྣམས་དང་པོར་བརྗོད་པར་བྱ་བ་དང། དགོས་པ་ངེས་པར་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་དང། ཆེན་པོ་དག་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུ ་ཡིན་ནོ་ཞེས་ངེས་པར་བྱས་ནས་བཅོམ་ལྡན་འདས་ལ་དང་བ་བསྐྱེད་པའི་དོན་དང། ཉན་པ་པོ་བསྟན་བཅོས་འདི་ལ་གུས་པས་འཇུག་པར་བྱ་བའི་ཕྱིར། རང་གི་སྟོན་པ་ལ་མཆོད་པའི་ཆོ་ག་སྔོན་དུ་འགྲོ་བས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བ་ལ ་སོགས་པའི་ཚིགས་སུ་བཅད་པ་དེ་ཉིད་བསྡུ་བར་བྱ་བ་འདིའི་བར་དག་གིས་བསྟན་བཅོས་འདིའི་བརྗོད་པར་བྱ་བ་དང་དགོས་པ་བསྟན་ཏོ། །འདི་ལྟར་གལ་ཏེ་འདིའི་བརྗོད་པར་བྱ་བ་མ་བསྟན་ན་དེའི་ཚེ་སྨྱོན་པ་ལ་སོགས་པའི་ཚིག་དང་འདྲ་བར་དོན་མེད་པ་ཉིད ་སྲིད་པས་རྟོགས་དང་ལྡན་པ། ཉན་པ་ལ་ཡང་འཇུག་པར་མི་འགྱུར་བའི་ཕྱིར་འདི་ཡི་བརྗོད་པར་བྱ་བ་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་བརྗོད་པར་བྱ་བ་ཡོད་ན་ཡང་མངོན་པར་འདོད་པའི་དགོས་པ་དང་བྲལ་བའི་བསྟན་བཅོས་ནི་བྱ་རོག་གི ་སོ་བརྟག་པ་སོགས་པ་བཞིན་དུ་རྟོག་པ་དང་ལྡན་པ་ཉན་པ་ལ་ཡང་གུས་པར་མི་བྱེད་པའི་ཕྱིར། དེ་ལྟ་བས་ན་དང་པོར་དེ་ལ་འཇུག་པའི་དོན་དུ་དགོས་པ་བརྗོད་པར་བྱའོ། །འཇུག་པའི་ཡན་ལག་ལ་གཙོ་བོ་ཉིད་དགོས་པ་ཡིན་ཏེ། དེ་དོན་དུ་གཉེར་བས་ཉན་པ་པའོ། ་སྐྱེ་བོ་བསྟན་བཅོས་ལ་འཇུག་པའི་ཕྱིར་རོ། །དེ་ཡང་བརྗོད་བྱས་སྟོང་པའི་བསྟན་བཅོས་ཀྱིས་བསྒྲུབས་པར་མི་ནུས་པའི་ཕྱིར། བསྟན་བཅོས་ཀྱི་དགོས་པའི་ཐབས་བསྟན་པའི་དོན་དུ་བརྗོད་པར་བྱ་བ་སྨྲས་སོ། །དགོས་པ་དེ་ཡང་རྗེས་སུ་མཐུན་པའི་ཐབས་ཅན་དུ ་བསྟན་པར་བྱ་བའི་ཕྱིར་དེ་བསྒྲུབ་པ་ཉམས་སུ་ལོན་པ་མི་ནུས་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་དགོས་པ་ཡོད་ན་ཡང་འཇོག་པའི་གཙུག་གི་རིམས་ནད་སེལ་བའི་རིན་པོ་ཆེ་རྒྱན་གྱི་མན་ངག་གི་བསྟན་བཅོས་བཞིན་དུ་དེ་བསྒྲུབ་པར་མི་ནུས་པར ་རིག་ནས་རྟོག་པ་དང་ལྡན་པ་འཇུག་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག་།ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན་ཞེས་བཤད་དོ། །དེ་ལྟ་བས་ན ་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་བརྗོད་པར་བྱ་བ་ལ་སོགས་པ་བསྟན་ཏོ། །འོན་ཏེ་རྟོག་པ་དང་ལྡན་པ་རྣམས་ཀྱི་འཇུག་པ་ནི་ངེས་པ་ནི་ངེས་པ་ཉིད་ལས་ཡིན་ཞིང། ངེས་པ་ཡང་ཚད་མ་ཉིད་ལས་ཡིན་ལ། འདིར་དགོས་པའི་ཚིག་འདི་ནི་བརྗོད ་པར་བྱ་བ་སོགས་ལ་ཕྱི་རོལ་གྱི་དོན་ལ་ཚད་མ་མ་ཡིན་ཏེ། དེ་དང་དེ་ལ་འབྲེལ་པ་མེད་པའི་ཕྱིར་ཏེ། འདི་ལྟར་རེ་ཞིག་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ནི་མེད་དེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡང་མེད་དེ། ་ཚིག་ནི་འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཉིད་ཡིན་པའི་ཕྱིར་རོ། །ཚིག་འབྲེལ་པ་མེད་པའི་ཕྱིར་ཤེས་པར་འདོད་པའི་དོན་ལ་ཤེས་པ་སྐྱེད་བཞིན་པ་ན་ཚད་མར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཚིག་ནི་བརྗོད་པར་འདོད ་པ་ལ་ཚད་མ་ཉིད་ཡིན་མོད་ཀྱི། འོན་ཀྱང་དེ་རྟོག་པ་དང་ལྡན་པ་འཇུག་པའི་ཡན་ལག་ནི་མ་ཡིན་ཏེ། འདི་ལྟར་ཇི་ལྟར་བརྗོད་པར་འདོད་པ་གང་དག་ཡིན་པ་དེ་དག་དེ་ཁོ་ན་བཞིན་དུ་སྒྲུབ་པའི་དུས་སུ་བྱེད་པ་ནི་མ་ཡིན་ཏེ། དམ་བཅས་ན་ཡང ་བསླུ་བའི་བསམ་པས་རྣམ་པ་གཞན་དུ་བསྟན་བཅོས་བྱེད་པ་སྲིད་པའི་ཕྱིར་རོ། །གཞན་ཡང་བསྟན་བཅོས་ཀྱི་དགོས་པ་ཚད་མ་གཞན་གྱིས་རྟོགས་པ་གང་ཡིན་པ་དེ་ལ་དགོས་པའི་ངག་ཉེ་བར་བཀོད་པ་དོན་མེད་པ་ཉིད་ཡིན་ཏེ། དེ་ནི་ཚད་མ ་གཞན་ཁོ་ན་ལས་འཇུག་པའི་ཕྱིར་རོ། །གང་ཡང་བསྟན་བཅོས་ཀྱི་དགོས་པ་ཚད་མ་གཞན་གྱིས་གནོད་པ་དེ་ལ་ཡང་དོན་མེད་པ་གསལ་རབ་པ་ཉིད་དེ། ད་ནི་ཚད་མ་གཞན་གྱིས་གནོད་པ་ཉིད་ཀྱི་ཕྱིར་འཇུག་པ་མི་སྲིད་པའི་ཕྱིར་རོ། །འདི་གཉི་ག་ཡང་ཁས་བླངས ་ནས་བརྗོད་ཀྱི། གང་གིས་འདི་དག་ཡོད་པའམ་མེད་པར་རྟོགས་པར་འགྱུར་བ་ཚུ་རོལ་མཐོང་བ་རྣམས་ཀྱིས་འཇུག་པ་ལས་སྔར་དགོས་པ་ལ་སོགས་པའི་སྒྲུབ་པ་བྱེད་པ་འམ། གནོད་པར་བྱེད་པའི་ཚད་མ་ནི་ཅུང་ཟད་ཀྱང་མེད་དེ། དེ་ནི་འཇུག་པ་ལས་རྟོགས་པ ་ཡིན་པའི་ཕྱིར་རོ། །འོན་ཀྱང་བསྟན་བཅོས་ཀྱི་དགོས་པ་ལ་སོགས་པ་མ་རྟོགས་པ་གང་ཡིན་པ་དེ་ལ་དག་འདི་བརྩམ་པར་བྱ་བ་ཡིན་ན། རྟོག་པ་དང་ལྡན་པ་དེ་ཡང་དག་འདི་ལས་ཐེ་ཚོམ་ཉིད་སྐྱེའི་ངེས་པ་ནི་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །ཐེ ་ཚོམ་དེ་ཡང་དག་ཉེ་བར་བཀོད་པ་ལས་སྔར་ཡང་ཡོད་པའི་ཕྱིར། དགོས་པ་ལ་སོགས་པའི་ངག་ཉེ་བར་བཀོད་པ་དོན་མེད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་བས་ན་འདི་ལ་བརྗོད་པར་བྱ་སྟེ། རེ་ཞིག་རྟོག་པ་དང་ལྡན་པ་རྣམས་ཀྱི་འཇུག་པ་ནི་ངེས་པ་ཉིད་ལས ་ཡིན་ཞིང་ཞེས་སྨྲས་པ་གང་ཡིན་པ་དེ་ནི་མི་བདེན་ཏེ། ཞིང་པ་ལ་སོགས་པ་བཞིན་དུ་ཐེ་ཚོམ་ལས་ཀྱང་འཇུག་པ་མཐོང་བའི་ཕྱིར་རོ། །འདི་སྙམ་དུ་ཞིང་པ་ལ་སོགས་པ་འབྱུང་བར་འགྱུར་བ་འབྲས་བུ་ལ་ཐེ་ཚོམ་ཟ་བ་ཡིན་མེད་ཀྱི། འོན་ཀྱང་དེ་དག ་ལ་དེའི་འབྲས་བུ་སྒྲུབ་པའི་ངེས་པ་ཡོད་པ་ཉིད་ཡིན་ནོ། །དེས་ན་དེ་དག་ངེས་པ་སྔོན་དུ་འགྲོ་བས་འཇུག་གོ་།སྙམ་དུ་སེམས་ན། དེ་ནི་ཡང་དག་པ་ཉིད་མ་ཡིན་ཏེ། འདིར་གང་ཞིག་གང་གི་དོན་དུ་འཇུག་པར་འགྱུར་རོ་ཞེས་བྱ་བ་དེ་ཙམ་ཞིག་སྐབས ་བབ་པ་ཡིན་ནོ། །གང་གིས་སྒྲུབ་པར་བྱེད་པའི་ཡུལ་ལ་ངེས་པ་སྲིད་པའི་ཕྱིར་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པར་བརྗོད་པ་ཞིང་པ་ལ་སོགས་སྒྲུབ་པར་བྱེད་པའི་དོན་དུ་དེ་དག་ལ་འཇུག་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲས་བུའི་དོན་དུ་དེ ་དག་དེ་ལ་འཇུག་ལ། འབྲས་བུ་དེ་ལ་གེགས་བྱེད་པ་ལ་སོགས་པ་སྲིད་པའི་ཕྱིར་ངེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་ཐེ་ཚོམ་སྔོན་དུ་འགྲོ་བ་ཉིད་ཀྱིས་འཇུག་པ་ཡིན་ནོ། །ཡང་དང་པོའི་འཇུག་པ་ནི་སྒྲུབ་པར་བྱེད་པ ་ངེས་པའི་དོན་དུ་འཇུག་པ་གང་ཡིན་པ་དེ་ལ་ཡང་སྒྲུབ་པར་བྱེད་པ་ངེས་པ་མེད་དེ། དེའི་དོན་ཉིད་ཀྱི་ཕྱིར་དེ་ལ་འཇུག་པའི་ཕྱིར་རོ། །གཞན་ཡང་དེ་དག་གི་སྒྲུབ་པར་བྱེད་པ་ངེས་པ་ཡང་འབྱུང་བར་འགྱུར་བའི་འབྲས་བུ་ལ་བལྟོས་ནས་འདི་འབྲས་བུ་མ་འོངས ་པ་རྣམ་པ་དེ་ལྟ་བུ་གདོན་མི་ཟ་བར་སྒྲུབ་པར་འགྱུར་བ་ཡིན་ནོ་ཞེས་དེ་ལྟ་བུའི་ངོ་བོ་ཡིན་པ་འམ། ཡང་ན་གེགས་བྱེད་པ་དང་ལྷན་ཅིག་བྱེད་པ་མ་ཚང་བ་མེད་པ་ཡིན་ན་གདོན་མི་ཟ་བར་འདི་མངོན་པར་འདོད་པའི་འབྲས་བུ་བསྒྲུབ་པར་ནུས་པ་དེ་ལྟ་བུའི ་ངོ་བོ་ཡིན་གྲང། དེ་ལ་རེ་ཞིག་དང་པོ་ནི་རིགས་པའི་ངོ་བོ་མ་ཡིན་ཏེ། ལྷན་ཅིག་བྱེད་པ་མ་ཚང་བ་དང་གེགས་བྱེད་པ་ཉེ་བར་སྲིད་པའི་ཕྱིར་འགའ་ཞིག་དམིགས་ཀྱང་ས་ལུ་ལ་སོགས་པ་རྣམ་པ་དེ་ལྟ་བུའི་འབྲས་བུ་མ་འོངས་པ་ལ་སྒྲུབ་པ་མི་བྱེད་པར ་མཐོང་བས། ཐམས་ཅད་དུ་དོགས་པ་མི་ལྡོག་པའི་ཕྱིར་ཏེ། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་པ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གང་བཤད་པ་ཡིན་ནོ། །ཅི་སྟེ་གཉིས ་པའོ་ཞེ་ན། དེའི་ཚེ་འདི་ནི་ཆོས་རིགས་པ་མ་ཡིན་ཏེ། ཚད་མ་མངོན་དུ་འགྲོ་བ་ཅན་གྱི་འཇུག་པ་ཐམས་ཅད་ནི་དེ་ལྟ་བུའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས། འདིའི་རུང་བ་ཉིད་ནི་གེགས་བྱེད་པ་མེད་ནའོ། །ཞེས་དེ་ལྟར་རུང་བ ་ཉིད་རྗེས་སུ་དཔག་པ་ལ་ཁྱད་པར་སྨྲས་པ་ཡིན་ནོ། །འོན་ཀྱང་འབྲས་བུ་ཡང་ཚུལ་འདིས་ངེས་པའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་ནི་མ་ཡིན་ནོ། །དེ་ལྟ་བུའི་འཇུག་པ་ལ་དོན་དམ་པའི་འབྲས་བུ་ངེས་པ་མངོན་འགྲོ་བ་ཅན་གྱི་འཇུག་པ་འགྲུབ་པ་ཡང ་མ་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་གེགས་བྱེད་པ་ལ་སོགས་པ་མེད་པ་ཉིད་ངེས་པར་མི་ནུས་པའི་ཕྱིར་རོ། །འདི་སྙམ་དུ་དོན་དམ་པར་གེགས་བྱེད་པ་མེད་པར་ངེས་པར་མི་ནུས་མོད་ཀྱི། འོན་ཀྱང་གལ་ཏེ་གེགས་བྱེད་པ་མེད་པ་ཡིན་ན། དེའི་ཚེ ་ངེས་པ་ཁོ་ནར་འདི་ལས་འབྲས་བུ་ཐོབ་པར་ངེས་པ་ཡིན་ནོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུ་ངེས་པ་ཚད་མ་སྔོན་དུ་འགྲོ་བ་ཅན་གྱིས་འཇུག་པ་ལ་ཡོད་པ་ཉིད་ཡིན་གྱི། ཚད་མ་མ་ཡིན་པ་སྔོན་དུ་འགྲོ་བ་ཅན་ལ་ནི་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚད་མ་དང ་ཚད་མ་མ་ཡིན་པ་སྔོན་དུ་འགྲོ་བ་ཅན་དག་གི་འཇུག་པ་ལ་ཁྱད་པར་མེད་པར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་ངེས་པ་དེ་ཡང་ཚིག་ལས་ཕྱི་རོལ་གྱི་དོན་ལ་འབྱུང་བར་མི་འགྱུར་པ་ཁོ་ན་སྟེ། དེ་དང་དེ་ལ་འབྲེལ་པ་མེད་པས་ཚད་མ་མ་ཡིན་པའི་ཕྱིར་རོ་སྙམ ་དུ་སེམས་ན་འདི་ནི་བདེན་ཏེ། འོན་ཀྱང་གལ་ཏེ་ཚིག་ལས་རྟོག་པ་དང་ལྡན་པ་འགའ་ཞིག་འཇུག་པ་མེད་པ་དེ་གྲུབ་པ་ཡིན་ན་དེའི་ཚེ་དེ་ཐམས་ཅད་འགྱུར་བ་ཡིན་ནོ། །ཇི་ཙམ་དུ་མངོན་སུམ་དུ་མ་གྱུར་པའི་འབྲས་བུ་ལ་འགའ་ཞིག་གི་འཇུག་པ ་དང་ལྡོག་པའི་ཕན་ཡོན་ཆེན་པོ་དང། ངན་སོང་དག་ཐོས་པའི་ཕྱིར་ལུང་གི་ཚད་མ་ལ་མ་བརྟེན་པར་གནས་མི་ནུས་པ་འགའ་ཞིག་དག་ཚིག་གིས་འཇུག་པ་མཐོང་ངོ། །དེ་ཙམ་གྱིས་ནི་དེ་དག་རྟོག་པ་དང་ལྡན་པ་ལས་ཉམས་པ་ཡང་མ་ཡིན ་ཏེ། ཐབས་ཁྱད་པར་ཅན་གྱིས་འཇུག་པའི་ཕྱིར་རོ། །གང་གི་ཕྱིར་ལུང་ལས་མ་གཏོགས་པའི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ལ་འཇུག་པའི་ཐབས་གཞན་ཡོད་པ་མ་ཡིན་ཏེ། ལུང་ལས་གདོན་མི་ཟ་བར་འཇུག་པར་བྱ་བ་ཡིན་པའི ་ཕྱིར་རོ། །འགལ་བའི་ལུང་ཡོངས་སུ་འཛིན་པར་བྱེད་པ་ན་རྟོག་པ་དང་མི་ལྡན་པར་འགྱུར་གྱི། གནོད་པ་མེད་པའི་ལུང་ལ་བརྟེན་ནས་འཇུག་པ་ནི་ཇི་ལྟར་རྟོག་པ་དང་མི་ལྡན་པར་འགྱུར་ཏེ། དེ་ཉིད་ཡང་དག་པའི་ཐབས་ཡིན་པའི་ཕྱིར་རོ། །ལུང ་ཁྱད་པར་དུ་འཕགས་པའི་སྐྱེས་བུས་བྱས་པ་ཉིད་ཀྱིས་དོན་ཇི་ལྟ་བ་བཞིན་ངེས་པར་བཟུང་ནས་དེ་ལ་ངེས་པ་ཉིད་ཀྱིས་འཇུག་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། ཁྱད་པར་དུ་འཕགས་པའི་སྐྱེས་བུ་ཉིད་ཚུ་རོལ་མཐོང་བ ་རྣམས་ཀྱིས་ངེས་པར་མི་ནུས་པའི་ཕྱིར་རོ། །རྟོག་པ་དང་ལྡན་པ་ཡིན་ན་ཡང་ལུང་ལས་མི་འཇུག་པ་ཡང་མ་ཡིན་དུ་འདི་ལ་ཡང་གནོད་པ་མེད་པའི་དགོས་པ་ལ་སོགས་པའི་ཚིག་ཐོས་པ་ལས་བསྟན་བཅོས་ལ་འཇུག་པ་རྣམས་ནི་རྟོག་པ་དང་མི ་ལྡན་པ་མི་འགྱུར་ཏེ། ཐབས་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །འདི་ལ་འཇུག་པའི་ཐབས་གཞན་ཡོད་པ་མ་ཡིན་ཏེ། འཇུག་པ་ལས་སྔར་བསྟན་བཅོས་ཀྱི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །ཚིག་ནི་བརྗོད་པར་འདོད་པ་ལ་ཚད་མ་ཡིན་ཞེས ་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ཡང་སྙིང་པོ་མེད་དེ། གང་གི་ཕྱིར་ཇི་ལྟར་བརྗོད་པར་འདོད་པའི་དོན་ལ་བསྟན་བཅོས་ཀྱིས་མཐར་ཕྱིན་པར་དམིགས་སོ། །དེ་བཞིན་དུ་འདི་ལ་ཡང་རེས་འགའ་ཇི་ལྟ་བ་བཞིན་དུ་དམ་བཅས་པའི་དོན ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ་སྙམ་དུ་རིག་ནས་རྟོག་པ་དང་ལྡན་པ་འཇུག་པ་གང་གིས་བཟློག་པར་མེད་པར་དོགས་པས་བཟློག་པར་རིགས་པ་ཡང་མ་ཡིན་ཏེ། དོན་ལ་ཐེ་ཚོམ་ཟ་བ་ལས་ཀྱང་འཇུག་པའི་ཕྱིར་རོ། །གཞན་དུ་ན་ཚད་མ ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་ལ་ཡང་འབྲས་བུ་མེད་པར་དོགས་པ་སྲིད་པའི་ཕྱིར་སུ་ཡང་འཇུག་པར་མི་འགྱུར་རོ། །གནོད་པ་ཐོབ་པའི་དོགས་པས་ཀྱང་མི་འཇུག་པ་མ་ཡིན་ཏེ། བསྟན་བཅོས་ལས་མི་འདོད་པའི་འབྲས་བུ་ཐོབ་པ་མི་སྲིད ་པའི་ཕྱིར་རོ། །མངོན་པར་འདོད་པའི་འབྲས་བུ་མི་འཐོབ་པའི་མཚན་ཉིད་ཀྱི་གནོད་པ་ཐོབ་པར་དོགས་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་ནི་འཇུག་པ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་བསྟན་བཅོས་ཀྱི་དགོས ་པ་ལ་སོགས་པ་མ་རྟོག་པ་གང་ཡིན་པ་དེ་ལ་དག་འདི་བརྩམ་པར་བྱ་བ་ཡིན་ནོ་ཞེས་གང་སྨྲས་པ་ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲའོ། །འོན་ཀྱང་སྐྱེས་བུ་དེའི་ཐེ་ཚོམ་ནི་དགོས་པའི་དག་ཉེ་བར་བཀོད་པ་ལས་གང་ཡང་ཡོད་མོད་ཀྱི། དེ་ནི་ཅི་འདི་དགོས་པ་དང་བཅས་པ་ཡིན ་ནམ། འོན་ཏེ་མ་ཡིན་ཞེས་དེ་ནི་དགོས་པའི་སྤྱི་ལ་ཡིན་ནོ། །དགོས་པ་ཙམ་ལ་ཐེ་ཚོམ་ཟ་བ་ལས་འཇུག་པར་རིགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ལ་འཇུག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང། དགོས་པ་ཙམ་ཡང་དོན་དུ་གཉེར་བར་བྱ་བ་མ་ཡིན་པའི ་ཕྱིར་རོ། །འོན་ཀྱང་སོ་སོར་ངེས་པའི་སྒྲུབ་པའི་ཐབས་ཉེ་བར་ལེན་པའི་རྒྱུ་དགོས་པའི་ཁྱད་པར་གྱི་ཡུལ་ཅན་གྱི་ཐེ་ཚོམ་ལས་འཇུག་པ་མཐོང་སྟེ། སྒྲུབ་པ་དོན་དུ་གཉེར་བ་རྣམས་འགའ་ཞིག་ཁོ་ན་ལ་འཇུག་པ་ནི་དགོས་པའི་ཁྱད་པར་འདོད་པ་ཉིད་ཡིན་པའི ་ཕྱིར་རོ། །གང་གིས་བསྟན་བཅོས་ཡོངས་སུ་སྤངས་ནས་སོ་སོར་ངེས་པའི་བསྟན་བཅོས་ཡོངས་སུ་འཛིན་པར་བྱེད་པ་དགོས་པའི་ཚིགས་ལས་སྔར་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་སྐྱེད་པའི་རྒྱུ་འགའ་ཞིག་ཡོད་པ་ཡང་མ་ཡིན་ནོ། །འོན་ཏེ་དགོས ་པའི་ཁྱད་པར་དོན་དུ་གཉེར་བ་ཉིད་ཀྱི་སྐྱེས་བུ་དགོས་པའི་ཁྱད་པར་ལ་ཐེ་ཚོམ་སྐྱེ་བའི་རྒྱུ་སྔར་ཡོད་པ་ཉིད་མ་ཡིན་ནམ། འདི་ལྟར་དགོས་པའི་ཁྱད་པར་དོན་དུ་གཉེར་བའི་ཡིད་དང་ལྡན་པ་ཆེས་དང་པོར་ཅི་འདི་ཁོ་བོ་ཅག་གིས་མངོན་པར་འདོད ་པའི་དགོས་པས་དགོས་པ་དང་བཅས་པ་ཡིན་ནམ། ཅི་སྟེ་གཞན་གྱིས་དགོས་པ་དང་བཅས་སམ། འོན་ཏེ་དགོས་པ་མེད་པ་ཡིན་ཞེས་དེ་ལྟ་བུར་འགྱུར་བ་ཉིད་ཡིན་ཏེ། དེའི་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་ཚད་མ་མེད་ན་དེ་རིགས་པས་ཐོབ ་པ་ཉིད་ཡིན་པའི་ཕྱིར་དང། དགོས་པའི་ཁྱད་པར་སྟོན་པར་བྱེད་པའི་བསྟན་བཅོས་གཞན་དམིགས་པའི་ཕྱིར་རོ། །དེས་ན་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་སྔར་ཡང་ཡོད་པ་ཉིད་ཡིན་པའི་ཕྱིར་དགོས་པའི་ཚིག་ཉེ་བར་བཀོད་པ་དོན་མེད་པ ་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། དགོས་པའི་ཁྱད་པར་དོན་དུ་གཉེར་བ་ཡང་ཐེ་ཚོམ་གྱིས་ཁྱད་པར་གྱི་རྒྱུ་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་དེ་ཐམས་ཅད་ལ་མངོན་སུམ་དུ་འགྱུར་བ་ནི་མ་ཡིན་ཏེ། སྐྱེས་བུའི་དོན་ལ་མི་མཁས་པ ་རྨོངས་པའི་བློ་ཅན་ཁ་ཅིག་ལ་མངོན་དུ་མི་འགྱུར་བའི་ཕྱིར་ཏེ། འདི་ལྟར་ཐར་པ་ནི་སྐྱེས་བུའི་དོན་མཆོག་ཉིད་དུ་གྲུབ་མོད་ཀྱི། ཅི་སྟེ་ཡང་གང་དག་མི་མཁས་པ་ཁ་ཅིག་སྐྱེས་བུའི་དོན་གྱི་མཆོག་དེ་ལ་སྐྱེས་བུའི་དོན་ཉིད་དུ་མི་ཤེས་པ་ཡོད་དེ ་དེ་ལ་སྔར་དང་པོ་ཉིད་དུ་དོན་གཉེར་བར་མི་འགྱུར་རོ། །དགོས་པའི་ཁྱད་པར་འདོད་པ་མངོན་དུ་མ་གྱུར་པ་རྣམས་ནི་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་སྐྱེས་པའི་རྒྱུར་རིགས་པ་ཡང་མ་ཡིན་ཏེ། འབྲས་བུ་རྣམས་ནི་རྒྱུ་ཡོད་པ་ལ་རག་པས ་པའི་ཕྱིར་རོ། །འགའ་ཞིག་གི་མངོན་སུམ་དུ་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པར་བྱེད་པ?་གཞན་སྤངས་ནས་སོ་སོར་ངེས་པའི་སྒྲུབ་པ་ཉེ་བར་ལེན་པའི་རྒྱུ་ཐེ་ཚོམ་གྱི་ཁྱད་པར་གྱི་རྒྱུར་མི་འགྱུར་རོ། །ཐམས་ཅད་སྒྲུབ་པར་བྱེད་པ་དང། ་གནོད་པར་བྱེད་པའི་ཚད་མ་མེད་པས་དེའི་རྒྱུ་ཉིད་དུ་རིགས་པས་ཐོབ་པའི་ཕྱིར་རོ། །དེ་ཙམ་གྱིས་འཇུག་པར་རིགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ལ་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འགའ་ཞིག་གིས་ཀྱང་ཐམས་ཅད་དུ་འཇུག་པར ་མི་ནུས་པ་དེའི་ཕྱིར་འབྲས་བུའི་ཁྱད་པར་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་སོ་སོར་ངེས་པའི་སྒྲུབ་པར་བྱེད་པ་ཡོངས་སུ་འཛིན་པའི་རྒྱུ་མཚན་མེད་པས་ཡལ་བར་འདོར་བར་བྱའོ། །དེའི་ཕྱིར་སོ་སོར་ངེས་པའི་སྒྲུབ་པ་ཡོངས་སུ ་འཛིན་པའི་རྒྱུ་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་སྐྱེས་པའི་ཕྱིར་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ལ་ལུང་བྱེད་པ་བཞིན་དུ་འབྲས་བུའི་ཁྱད་པར་དོན་དུ་གཉེར་བ་རྣམས་སོ་སོར་ངེས་པའི་སྒྲུབ་པ་བཟུང་བའི་ཕྱིར་དགོས ་པའི་ངག་བརྗོད་པར་བྱ་བ་ཉིད་ཡིན་ཏེ། འདི་ལྟར་དེས་ནི་བསྟན་བཅོས་འདིའི་དོན་གྱི་ཁྱད་པར་བསྟན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེས་ན་འདིས་སོ་སོར་ངེས་པའི་སྒྲུབ་པའི་སྒྲུབ་བྱ་འབྲས་བུའི་ཁྱད་པར་གྱི་ཡུལ་ཅན་གྱི་ཐེ་ཚོམ་སྐྱེ་པར་བྱེད་དོ། །ཉན་པ་པོ་དེ་ཡང་རེས་འགའ་བདག ་གི་དོན་གྱི་ཁྱད་པར་འདི་བསྒྲུབ་པར་འགྱུར་རོ་ཞེས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ལུང་གིས་བསྐྱེད་པ་བཞིན་དུ་དགོས་པའི་ཁྱད་པར་གྱི་ཡུལ་ཅན་དགོས་པའི་ཚིག་གིས་བསྐྱེད་པའི་ཐེ་ཚོམ་ལས་འཇུག་པ་ཡང་ཡིན་པའི་ཕྱིར་དེས་ན་དགོས་པའི་དག་ཉེ་བར ་བཀོད་པ་ཡིན་ནོ། །འདི་ན་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་ཤིན་ཏུ་?་གྱུར་པའི་དོན་གྱི་ཡུལ་ཅན་ལ་ལུང་བྱེད་པ་ཡང་དོན་མེད་པར་འགྱུར་ཏེ། འབྲས་བུའི་ཁྱད་པར་དོན་དུ་གཉེར་བ་རྣམས་ནི་སྒྲུབ་པར་བྱེད་པའང་གནོད ་པར་བྱེད་པའི་ཚད་མ་མེད་པར་སྦྱིན་པ་ལ་སོགས་པ་ལ་དང་པོར་ཡང་ཐེ་ཚོམ་དེ་ཡོད་པའི་ཕྱིར་རོ། །འོན་ཀྱང་ཐེ་ཚོམ་ནི་མཐོ་རིས་ལ་སོགས་པའི་འབྲས་བུ་ལ་མི་མཁས་པ་ལ་མི་སྐྱེ་བ་ཉིད་དེ། དེའི་རྒྱུར་གྱུར་པའི་འབྲས་བུའི་ཁྱད་པར་དོན་དུ་གཉེར་བ ་མངོན་དུ་མ་གྱུར་པའི་ཕྱིར་རོ། །གང་དག་ལ་སྐྱེ་བ་དེ་དག་ལ་ཡང་རྡོ་ལ་སོགས་པ་ཟ་བ་ཐམས་ཅད་དུ་ཡང་འཇུག་པ་རྒྱུ་ཉིད་དུ་ཐམས་ཅད་དུ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ཡོངས་སུ་སྤངས་ནས་སྦྱིན་པ་ལ་སོགས་པ་སོ་སོར་ངེས་པར་ཡོངས་སུ་འཛིན ་པའི་རྒྱུར་མི་འགྱུར་རོ་སྙམ་ནས་དེའི་དོན་དུ་ལུང་བྱེད་པ་པོ་རྣམས་ཀྱིས་བྱེད་པ་དེ་བཞིན་དུ་བསྟན་བཅོས་བྱེད་པ་རྣམས་ཀྱིས་དགོས་པའི་དག་ཀྱང་བཀོད་པའི་ཕྱིར་ཀླན་ཀ་འདི་མེད་དོ། །གང་གིས་དེ་དམིགས་པའི་སྟོབས་ཀྱིས་མངོན་པར་འདོད ་པའི་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་དུ་གྱུར་པ་ཤེས་པར་འདོད་པའི་དགོས་པའི་ཁྱད་པར་སྟོན་པར་བྱེད་པའི་བསྟན་བཅོས་གཞན་དམིགས་པ་ཡང་མ་ཡིན་ནོ། །མངོན་པར་འདོད་པའི་ཁྱད་པར་སྒྲུབ་པའི་བསྟན་བཅོས་གཞན ་སྲིད་པ་ཡིན་ན་རྟོག་པ་དང་ལྡན་པ་འགའ་ཞིག་བསྟན་བཅོས་གཞན་རྩོམ་པ་ནི་མ་ཡིན་ཏེ། རྟོག་པ་དང་ལྡན་པ་ཉིད་ཉམས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་གཞན་དམིགས་?་ཡང་བརྗོད་པར་འདོད་པའི་དགོས་པའི་ཁྱད ་པར་ལ་ཐེ་ཚོམ་གྱི་རྒྱུར་མི་འགྱུར་རོ། །དེ་ལྟ་བས་ན་ཉན་པ་པོའི་སྐྱེ་བོ་འཇུག་པར་བྱ་བའི་དོན་དུ་དགོས་པ་ལ་སོགས་པའི་དག་ཉེ་བར་བཀོད་དོ་ཞེས་བྱ་བར་གནས་སོ། །གང་ཡང་ཉན་པ་པོའི་སྐྱེ་བོ་འཇུག་པའི་དོན་དུ་དགོས་པ་ལ་སོགས་པ་བརྗོད་པ་ནི་མ ་ཡིན་ཏེ། དེ་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་ལ། རྟོག་པ་དང་ལྡན་པ་ཐེ་ཚོམ་གྱིས་འཇུག་པ་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་གང་དགོས་པ་དང་བྲལ་བ་འམ་དོན་མེད་པ་དེ་ནི་བརྩམ་པར་བྱ་བ་མ་ཡིན་ཏེ། དཔེར་ན་བྱ་རོག་གི་སོ་བརྟག་པ་དང་སྨྱོན་པ་ལ་སོགས ་པའི་ཚིག་བཞིན་ནོ། །བསྟན་བཅོས་འདི་ཡང་དགོས་པ་དང་བྲལ་བ་ཡིན་ནོ། །དེས་ན་མཉན་པ་འམ་བྱ་བ་བརྩམ་པར་མི་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཁྱབ་པར་བྱེད་པ་མི་དམིགས་པས་རྩོད་པར་བྱེད་པ་གང་ཡིན་པ་དེའི་གཏན་ཚིགས་མ་གྲུབ་པར་བསྟན ་པར་བྱ་བའི་དོན་དུ་དང་པོར་དགོས་པ་ལ་སོགས་པའི་དག་ཉེ་བར་བཀོད་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་པ་ལྟ་བུ་མངོན་ཏེ། ཐེ་ཚོམ་གྱིས་ཀྱང་འཇུག་པ་ཉིད་བསྒྲུབས་ཟིན་པའི་ཕྱིར་དང། མ་གྲུབ་པར་བསྟན་པ་མངོན ་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་པོ་དེ་ཚིག་འདི་ལས་འཇུག་པར་འགྱུར་བ་དེ་ལྟ་ན་དོན་དང་ལྡན་པར་འགྱུར་རོ། །གང་གིས་འདི་འཇུག་པར་འགྱུར་བའི་ཇི་ཙམ་དུ་དག་འདིས་མ་གྲུབ་པ་བརྗོད་དུ་ཟིན་ཀྱང་རྟོག་པ་དང་ལྡན་པ་ཚིག་འདི་ལས་ཇི ་སྐད་དུ་བཤད་པའི་ཁྱབ་པར་བྱེད་པ་ཡོད་པ་ཉིད་ལ་ངེས་པ་སྐྱེ་བ་མ་ཡིན་ཏེ། སྔ་མ་བཞིན་དུ་ཚིག་ཚད་མ་མ་ཡིན་པའི་ཕྱིར་དང། ཁྱེད་ཀྱིས་ལུགས་ཀྱིས་ཐེ་ཚོམ་གྱིས་ཀྱང་རྟོག་པ་སྔོན་དུ་གཏོང་བ་འཇུག་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར ་མ་གྲུབ་པ་བསྟན་པ་འབྲས་བུ་མེད་པ་ཉིད་ཡིན་ནོ། །རྟོག་པ་དང་ལྡན་པ་འགའ་ཞིག་བསྟན་བཅོས་ཀྱི་ལུང་མི་ཤེས་པ་བློ་བུར་དུ་ཁྱབ་པར་བྱེད་པ་མེད་པ་ངེས་ཏེ། གོང་གི་རིགས་པ་འདིས་ཕྱིར་རྒོལ་བ་གཞན་པ་ཡང་མ་ཡིན་ནོ། །གང་གི་དེ་དག་འཇུག་པའི་དོན་དུ་མ ་གྲུབ་པ་བརྗོད་པར་བྱ་བར་འགྱུར་བ་དེ་ལ་ཕྱིར་རྒོལ་བ་འགོད་པའི་ཕྱིར་རང་ཉིད་ཀྱིས་བསྟན་བཅོས་ཀྱི་དགོས་པ་ཤེས་པ་ཡང་བསྟན་བཅོས་བྱེད་པར་རྩོམ་པའམ། ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་རྒྱུ་མཚན་མེད་པའི་ཕྱིར་རྒོལ་ལན་གདབ་རིན་མི་མཆོག ་གི་དག་ལས་ལྡོག་པ་ཡང་མ་ཡིན་ནོ། །ཅི་སྟེ་ཡང་རྟོག་པ་མངོན་དུ་མི་གཏོང་བ་གང་ཡིན་པ་དེ་བློ་བུར་རྒྱུ་མཚན་དང་བཅས་པར་ཡང་ཇི་སྐད་དུ་བཤད་པའི་ཁྱབ་པར་བྱེད་པ་མེད་པ་ལེན་ཅིང་གཞན་དག་ཀྱང་ལེན་དུ་འཇུག་།དེའི་ཕྱིར་དེ་ལ་མ་གྲུབ་པར ་བསྟན་པར་བྱའོ་སྙམ་ན། དེ་ཡང་མི་རིགས་ཏེ་གལ་ཏེ་དེ་དག་དེ་དག་བསྟན་བཅོས་ལ་འཇུག་པའི་ཡན་ལག་མ་ཡིན་པ་དེའི་ཚེ་དེ་ལ་མ་གྲུབ་པ་བསྟན་པ་དགོས་པ་མེད་པ་ཉིད་དེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལྟར་ཁ་ཅིག་འབྲེལ་པ ་མེད་པ་ཆེས་མང་དུ་སྨྲ་བ་ཡང་ཡོད། དེ་དག་ལ་ཡང་མི་རིགས་པ་བརྗོད་པ་ཉིད་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་ལ་འཇུག་པའི་ཉེ་བར་མི་ཁོ་བ་ཆེས་མང་པོ་དག་ཀྱང་བརྗོད་པར་བྱ་དགོས་པར་འགྱུར་རོ། །དེ་ལྟ་བས་ན་གདོན་མི་ཟ་བར་བསྟན ་བཅོས་བརྩམ་པ་ལ་གཏན་ཚིགས་མ་གྲུབ་པར་བསྟན་པ་འདི་ནི་འབྲས་བུ་མེད་པ་དང། ཧ་ཅང་ཐལ་བར་འགྱུར་དུ་འོངས་པས་དེ་ལྟར་ན་འབྲས་བུ་ནི་ཉན་པའི་སྐྱེ་བོ་འཇུག་པ་ཉིད་ཡིན་པར་བརྗོད་པར་བྱའོ། །དེ་ལྟ་བས་ན་གང་ཡང་ཁྱབ་པར་བྱེད་པ་མི ་དམིགས་པས་མི་རྩོད་པ་དང། དགོས་པ་མ་ཐོབ་པ་མི་འཇུག་པ་དེ་ཅིའི་ཕྱིར་དོན་དང་བཅས་པར་མི་འགྱུར་ཏེ། ཇི་སྐད་དུ་སྔར་བསྟན་པ་བཞིན་ནོ། །དེ་ལྟ་བས་ན་ཉན་པ་པོའི་སྐྱེ་བོ་འཇུག་པའི་དོན་དུ་བརྗོད་པར་བྱ་བ་ལ་སོགས་པ་བསྟན་ཏོ་ཞེས་བྱ ་བར་གནས་སོ། །རང་གི་དོན་དུ་ཡང་མ་ཡིན་ཏེ། དེ་ལས་རང་ཉིད་མི་འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྨྱོན་པའི་སྨྲེ་སྔགས་ལ་སོགས་པ་བཞིན་དུ་འབྲེལ་པ་མེད་པར་ཁོ་ནར་འགྱུར་རོ། །གང་ཡང་སློབ་དཔོན་གྱིས་རིགས་པའི ་ཐིགས་པས་རང་ཉིད་ཀྱང་དེ་ལྟར་རྟོགས་པར་འགྱུར་ཞེས་བསམས་ནས། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་སྦྱོར་བ་འདི་ཡིན་ནོ་ཞེས་བཤད་པ་དེ་ཡང་ཕྱི་རོལ་གྱི་སྦྱོར་བའི་དབང་དུ་བྱས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནང་དུ་བརྗོད་པའི་བདག ་ཉིད་ཁོ་ན་ཡིན་ཏེ། རང་གི་དོན་གྱི་རྗེས་སུ་དཔག་པ་ནི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཞེས་བྱ་བ་ལ་སོགས་པ་བཤད་པ་དེ་ཡང་གཞན་དག་ཕྲག་དོག་ལ་སོགས་པའི་དྲི་མས་ཉམས་པས ་ཡིད་ཅན་སྣོད་དུ་བྱ་བའི་ཕྱིར་བཤད་པ་ཡིན་ཏེ། སྤྲོས་པས་ཆོག་གོ་།སྟོན་པ་ལ་མཆོད་པར་བྱེད་པ་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུ་བཅོམ་ལྡན་འདས་ལ་དད་པ་སྐྱེད་པའི་དོན་དུ་སྟེ། འདི་ལྟར་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་པ ་བྱས་པ་འདིས་བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་ཁྱད་པར་དུ་འཕགས་པ་དང་ལྡན་པར་སྟོན་པར་བྱེད་དོ། །དེ་ཐོས་ནས་ཀྱང་རེ་ཞིག་དང་བའི་རྗེས་སུ་འབྲང་བ་རྣམས་ནི་ཐེ་ཚོམ་མེད་པར་མྱུར་དུ་བཅོམ་ལྡན་འདས་ལ་དང་བ་སྐྱེའོ། །དད ་ཡང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཀྱང་དེ་ལྟ་བུ་ལྟ་གནོད་པ་མ་མཐོང་སྟེ། ཤེས་རབ་ལ་སོགས་པའི་ཡོན་ཏན་གོམས་པས་ཁྱད་པར་དུ་འཕགས་པར་འགྱུར་བ་དང། འཆད་པར་འགྱུར་བའི་དབང་པོ་ལས་འདས་པའི་དོན་དུ་སྒྲུབ་པར་བྱེད ་པའི་ཚད་མས་རྣམ་པ་དེ་ལྟ་བུའི་མཁས་པར་འགྲོ་བ་ནི་སྲིད་པར་ངེས་སོ་སྙམ་དུ་ངེས་པར་བཟུང་ནས་བཅོམ་ལྡན་འདས་ལ་དང་བསྐྱེད་པར་བྱེད་པ་ཉིད་ཡིན་ནོ། །དེ་ལ་དང་བས་ཀྱང་དེའི་ཡོན་ཏན་མངོན་པར་འདོད་པ་རྣམས་དེའི་གསུང་རབ ་དང། དེ་ལ་བརྟེན་པའི་བསྟན་བཅོས་ལ་སོགས་པ་ལ་བརྟག་པ་སྔོན་དུ་འགྲོ་བས་འཛིན་པ་ལ་སོགས་པའི་དོན་དུ་གུས་པར་བྱེད་དོ། །དེ་ལས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་སྐྱེ་བའི་རིམ་གྱིས་ལེགས་པའི་མཆོག་ཐོབ་པའི་བར ་དུ་འགྱུར་བའི་ཕྱིར་ཆེན་པོ་དག་ལ་དད་པ་ནི་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་བྱེད་པ་ཕལ་ཆེར་སྟོན་པ་པོ་རབ་ཏུ་གྲགས་པ་ལ་བརྟེན་ནས་བསྟན་བཅོས་བྱེད་པ་ལ་བསྟན་བཅོས་ཀྱི་དང་པོར་རེ ་ཞིག་རང་གི་སྟོན་པ་ལ་མཆོད་པ་བྱེད་པ་ཡིན་ཏེ། དེ་ནི་དེ་ལ་འཇུག་པའི་ཡན་ལག་གི་ཆ་ཙམ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་ལ་ཕྱག་འཚལ་བརྩོམ ་མོ་ཞེས་བཤད་དོ། །དེ་ནི་སྟོན་པ་ལ་མཆོད་པར་བྱེད་པ་ནི་དོན་མེད་པ་མ་ཡིན་ནོ། །དེ་ལ་ཕྱག་འཚལ་ནས་ཞེས་བྱ་བའི་བར་གྱི་ནི་སྟོན་པ་ལ་མཆོད་པར་བརྗོད་པ་བསྟན་ཏོ། །དེ་ཁོ་ན་ཉིད་བསྡུ་བ་བྱ་ཞེས་པ་འདི་ནི་བརྗོད་པར་བྱ་བ་དང། དགོས་པ ་གཉིས་བསྟན་ཏེ། འདི་ལྟར་བསྟན་བཅོས་འདིའི་བརྗོད་པར་བྱ་བ་ནི་རང་བཞིན་ལ་སོགས་པའི་བྱེད་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁྱད་པར་གྱི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པའི་བྱེད་པ་དང ་བྲལ་བ་ཉིད་ཡིན་ནོ། །དེ་དག་ཀྱང་དེ་ཁོ་ན་ཉིད་ཀྱི་སྒྲས་ཤུགས་ཀྱིས་བསྟན་པ་ཁོ་ན་སྟེ། གཞན་དག་ནི་དེ་ཁོ་ན་ཉིད་དུ་མི་འཐད་པའི་ཕྱིར་རོ། །འོན་ཏེ་དག་ཉིད་བརྗོད་པར་བྱ་བ་དང་ལྡན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་རིགས་པ་མ་ཡིན་ནམ། ་བསྟན་བཅོས་མཛའ་དག་ནི་དག་མ་ཡིན་གྱི། འོན་ཀྱང་དག་གི་ཚོགས་ཡིན་ནོ། །དེས་ན་འདི་ལ་བརྗོད་པར་བྱ་བ་ག་ལ་སྲིད་ཅེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། དག་ཚོགས་པའི་བདག་ཉིད་བསྟན་བཅོས་ཡིན་མོད་ཀྱི། འོན་ཀྱང་དག་དེ་དག ་ཕན་ཚུན་བལྟོས་ནས་འབྲེལ་བར་གནས་ཏེ། དེ་ལྟ་མ་ཡིན་ན་སྨྱོན་པ་ལ་སོགས་པའི་ཚིག་གི་ཚོགས་བཞིན་དུ་དོན་འབྲེལ་བ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཕན་ཚུན་འབྲེལ་པ་ཅན་སྒྲ་དུ་མ་ཚོགས་པའི་བདག ་ཉིད་ཡིན་པའི་ཕྱིར་དེ་ལས་གཞན་པའི་དག་བཞིན་དུ་བསྟན་བཅོས་ནི་དག་ཉིད་ཡིན་ནོ། །ཚིག་ཁོ་ནས་དག་བཅོམ་པ་ཡང་མ་ཡིན་གྱི། འོན་ཀྱང་ངག་གིས་ཀྱང་རྩོམ་པ་ཡིན་པ་དེ་བས་ན་བསྟན་བཅོས་ནི་ངག་ཆེན་པོ་ཡིན་པའི་ཕྱིར་བརྗོད་པར་བྱ་བ་དང་ལྡན་པ་ཡིན་པའི་ཕྱིར་ཀླན ་ཀ་མེད་དོ། །དགོས་པ་ནི་བསྡུས་པའི་ཚིག་གིས་བསྟན་ཏེ། འདི་ལྟར་བསྟན་བཅོས་ལ་འཇུག་པར་འདོད་པ་རྣམས་ཀྱིས་དགོས་པ་ཉེ་བར་བསྟན་པ་ན་དེ་ལྟར་གཏོགས་པ་ཉིད་བསྟན་པར་བྱ་བའི། གཞན་དུ་གཏོགས་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན ་ན་སྨྲ་བ་པོ་འབྲེལ་པ་མེད་པ་བརྗོད་པ་ཉིད་དུ་འགྱུར་རོ། །སྨྲ་བ་པོ་བསྟན་བཅོས་ལ་སོགས་པའི་དགོས་པ་བརྗོད་པ་ཡང་བསྟན་བཅོས་ལ་གཞན་དག་གཞུག་བར་འདོད་པས་ཡིན་གྱི་ཞེས་པས་ནི་མ་ཡིན་ནོ། །ཇི་ལྟར་ན་གཞན་དག་དགོས ་པ་བསྟན་པས་བསྟན་བཅོས་ལ་འཇུག་པར་འགྱུར་བ། གལ་ཏེ་དེར་གཏོགས་པ་ཉིད་ཀྱི་དགོས་པ་བརྗོད་པ་ཡིན་གྱི་གཞན་དུ་གཏོགས་པས་ནི་མ་ཡིན་ནོ། །གང་གི་ཕྱིར་གཞན་གྱི་དགོས་པ་བརྗོད་པས་རྟོགས་པ་དང་ལྡན་པ ་གཞན་ལ་འཇུག་པ་ནི་མ་ཡིན་ནོ། །ཁྱད་པར་ཅན་གྱི་དོན་སྟོན་པར་ནུས་པའི་ཚིག་ནི་བསྟན་བཅོས་སུ་བརྗོད་ཀྱི་བརྗོད་པར་བྱ་བ་རྩམ་ཡང་སྟོན་པ་ལྷུར་ལེན་པ་ནི་མ་ཡིན་ལ། སྒྲ་ཙམ་དོན་སྟོན་པའི་ནུས་པས་སྟོང་པ་ཡང་མ་ཡིན་ནོ།། ་དེ་ལྟ་བས་ན་བརྗོད་པར་བྱ་བ་ལ་སོགས་པར་གཏོགས་པའི་དགོས་པ་ནི་བསྟན་པར་བྱ་བ་མ་ཡིན་ནོ། །གང་ཡང་སློབ་དཔོན་གྱིས་ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས ་ན་ཞེས་གང་བསྟན་པ་དེ་ནི་དགོས་པ་བསྟན་པ་ཡིན་གྱི་བརྗོད་པར་བྱ་བའི་དགོས་པ་ནི་མ་ཡིན་ཏེ། ཡང་དག་པའི་ཤེས་པ་རྟོགས་པ་ཉིད་ཡང་དག་པའི་ཤེས་པའི་སྒྲར་བརྗོད་པར་འདོད་པའི་ཕྱིར་ཏེ། ཡང་དག་པའི་ཤེས་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བའི་དོན་ཏོ། ་དེ་ལྟ་ཡིན་དང་དེ་བསྟན་ཏོ་ཞེས་བྱ་བ་འདི་ནི་དགོས་པ་བརྗོད་པའི་དོན་དུ་འབྲེལ་བ་ཡིན་གྱི། དེ་ལྟ་མ་ཡིན་ན་འབྲེལ་པ་མེད་པ་ཉིད་དུ་འགྱུར་རོ། །བསྟན་བཅོས་ཀྱི་དགོས་པ་དེ་ཡང་རྣམ་པ་གསུམ་སྟེ། བྱ་བའི་ངོ་བོ་དང། བྱ་བའི་འབྲས་བུ་དང། བྱ་བའི་འབྲས་བུའི ་འབྲས་བུའོ་འདི་ལྟར་ཕ་རོལ་རྟོག་པར་བྱ་བའི་དོན་དུ་བརྩམས་པའི་བསྟན་བཅོས་ནི་བྱེད་པ་ཉིད་དམ་བྱེད་པ་པོ་ཉིད་དུ་འགྱུར་ཏེ། བྱེད་པ་པོ་དང་བྱེད་པ་དག་ཀྱང་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཇི་སྐད་དུ་བཤད་པའི་དགོས་པ་ལས་མ་གཏོགས་པའི་དགོས་པ་ནི་ཡོད་པ་མ ་ཡིན་ཏེ། སྒྲུབ་པར་བྱེད་པ་ནི་བྱ་བ་ལ་བལྟོས་པའི་ཕྱིར་དང། བྱ་བ་ལ་སོགས་པ་རྣམ་པ་གསུམ་པོ་དེ་མེད་ན་མི་འབྱུང་བའི་ཕྱིར་དེ་དགོས་པ་ཉིད་དུ་རིགས་ལ། དངོས་དང་བརྒྱུད་པས་བྱས་པའི་ཁྱད་པར་ནི་ཡོད་དོ། །བྱ་བ་རྩོམ་པ་ནི་དེའི་དོན་དུ་ཡིན་པའི ་ཕྱིར་དགོས་པ་ནི་འབྲས་བུ་དེའི་གཙོ་བོ་ཡིན་ནོ། །དེ་ལ་ངག་ཐམས་ཅད་རང་གི་བརྗོད་པར་བྱ་བ་སྟོན་པར་བྱེད་པའི་མཚན་ཉིད་ཀྱི་བྱ་བ་ནི་ཐུན་མོང་བ་ཡིན་ནོ། །དེ་ཡང་ཤིན་ཏུ་གྲགས་པའི་ཕྱིར་དགོས་པ་ཉིད་དུ་བསྟན་པར་བྱ་བ་མ་ཡིན་ཏེ། དེ་ནི་བསྟན ་བཅོས་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །གལ་ཏེ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བརྗོད་པར་བྱ་བ་བསྟན་པ་ཉིད་ཀྱིས་དོགས་པ་བསལ་ཟིན་པའི་ཕྱིར་རོ། །བརྗོད་པར་བྱ་བའི་ཁྱད་པར་བསྟན་པར ་འདོད་པའི་དོན་དུ་དེ་བསྟན་པ་ཡང་མ་ཡིན་ཏེ། བརྗོད་པར་བྱ་བའི་ཁྱད་པར་བསྟན་པ་ཉིད་ཀྱིས་དེ་བསྟན་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཐུན་མོང་མ་ཡིན་པའི་བྱ་བ་དེ་བསྟན་པར་བྱའོ། །དེ་ཁོ་ན་ཉིད་བསྡུ་བའི་མཚན་ཉིད་དེ་ཡང་བསྟན་བཅོས་འདི ་ལ་ཡོད་པ་ཉིད་ཡིན་ནོ། །གང་གི་ཕྱིར་བསྟན་བཅོས་འདིས་དེ་ཁོ་ན་ཉིད་དེ་དག་དེ་དང་དེར་འཐོར་བ་རྣམས་ཉན་པ་པོའི་བློ་གཅིག་ལ་འགོད་པའི་མཚན་ཉིད་ཀྱི་བསྡུ་བ་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ཉིད་བསྡུ་བའི་སྒྲས་བསྟན་པ་ཡིན་ནོ། །དེ་ཁོ ་ན་ཉིད་བསྡུས་པའི་བྱ་བ་འདིའི་འབྲས་བུ་བསྟན་པར་བྱ་བའི་རྒྱུད་དུ་གཏོགས་པའི་དེ་ཁོ་ན་ཉིད་བདེ་བླག་ཏུ་རྟོགས་པ་ཡིན་ཏེ། དེ་ཡང་བསྡུས་པའི་སྒྲ་གསལ་བར་བྱས་པ་ཉིད་ཡིན་ནོ། །དེ་ཁོ་ན་ཉིད་གཅིག་ཏུ་བསྡུས་པ་ནི་རྟོགས་པ་པོས་བདེ་བླག་དུ ་རྟོགས་པར་འགྱུར་གྱི། རྣམ་པར་འཐོར་བ་ནི་དཀའ་བས་འཛིན་པའི་ཕྱིར་བདེ་བླག་ཏུ་འཛིན་པའི་རྒྱུར་བསྡུས་པའི་སྒྲས་བསྡུས་པ་སྟོན་པ་ན་དེ་ཁོ་ན་ཉིད་བདེ་བླག་དུ་རྟོགས་པར་བྱ་བའི་དོན་དུ་འདི་བརྩམས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ཁོ་ན་ཉིད ་རྟོགས་པ་ཙམ་ནི་འདིའི་འབྲས་བུ་མ་ཡིན་ནོ། །དེ་ལྟ་ན་ནི་སྔོན་གྱི་སློབ་དཔོན་ངག་གིས་དེ་ཁོ་ན་ཉིད་བསྟན་ཟིན་པའི་ཕྱིར་རོ། བསྟན་བཅོས་བྱེད་པ་དོན་མེད་པ་འགྱུར་རོ། །དེའི་ཕྱིར་ཕ་རོལ་རྗེས་སུ་འཛིན་པ་ཁྱད་པར་ཅན་མེད་པའི་ཕྱིར་དང། བསྟན་བཅོས ་ཀྱང་གཞན་གྱི་དོན་དུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་དེ་ཁོ་ན་ཉིད་བསྟན་ཟིན་ན་ཡང་བློ་དམན་པས་ཤིན་ཏུ་འཐོར་བ་ཉིད་ཀྱིས་བདེ་བླག་ཏུ་བཟུང་བར་མི་ནུས་པ་གང་ཡིན་པ་དེ་ལ་བདེ་བླག་དུ་གཟུང་བར་བྱ་བའི ་ཕྱིར་དེ་ཁོ་ན་ཉིད་བསྡུས་པ་རྩོམ་པ་ནི་འབྲས་བུ་མེད་པ་མ་ཡིན་པར་འདོད་དོ། །སྙམ་དུ་བསམས་ནས་བསྟན་བཅོས་འདི་བརྩམས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་བསྡུས་པའི་ཞེས་བཤད་ཀྱི། གཞན་དུ་ན་དེ་ཉིད་གཏན་ལ་དབབ་པ་བྱ་ཞེས་དེ་སྐད ་དུ་བསྟན་པར་བྱ་བར་འགྱུར་རོ། །དེ་ལྟར་ན་བརྗོད་པར་འདོད་པའི་དོན་ཇི་ལྟ་བ་བཞིན་གསལ་པོར་བསྟན་པར་འགྱུར་རོ། །དེ་ལྟ་བས་ན་བསྡུ་བ་བྱེད་པའི་འབྲས་བུ་ནི་དེ་ཁོ་ན་ཉིད་བདེ་བླག་དུ་རྟོགས་པ་དེའི་ཡང་དགོས་པ་ནི་ཡུན་མི་རིང་བས ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པ་ཡིན་ནོ། །དེ་ཡང་རབ་ཏུ་གྲགས་པའི་ཕྱིར་མ་བརྗོད་དེ། དེ་ཁོ་ན་ཉིད་ཤེས་པ་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འཐོབ་པར་འགྱུར་རོ། །ཞེས་བྱ་བ་ནི་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ལ་གྲགས ་པའི་ཕྱིར་རོ། །ཡང་ན་འགྲོ་ལ་ཕན་པ་མཛད་བཞེད་པས་ཞེས་བྱ་བའི་འོག་ཏུ་དེ་ཡང་བསྟན་པ་ཡིན་ནོ། །འདི་ལྟ་སྟེ་དེ་གང་གི་དོན་དུ་ཞེ་ན། འགྲོ་ལ་ཕན་པ་མཛད་བཞེད་པས། དེ་ཁོ་ན་ཉིད་བསྡུ་བ་བྱ་ཞེས་བྱ་བ་འབྱུང་ངོ། །ཇི་ལྟར་དེ་ཁོ་ན་ཉིད་བསྡུ ་བའི་བྱ་བ་འགྲོ་ལ་ཕན་པའི་རྒྱུར་འགྱུར་ཞེ་ན། གལ་ཏེ་འགྲོ་ལ་ཕན་པ་སྒྲུབ་པ་ནི་དེ་ཁོ་ན་ཉིད་བསྡུ་བའི་འབྲས་བུ་ཡིན་ན་འགྱུར་ཏེ། དཔེར་ན་སྒོམ་པས་ཆུ་ལོན་ཅིག་ཅེས་བྱ་བ་འདི་ལ་ཆུ་འཐུང་བ་དེ་ནི་ལེན་པའི་འབྲས་བུ་ཡིན་པར་རྟོགས་པ་དེ་བཞིན་དུ་འདི ་ལ་ཡང་ངོ། །དེའི་ཕྱིར་འགྲོ་བ་ལ་ཕན་པ་བསྒྲུབ་པའི་དོན་དུ་དེ་ཁོ་ན་ཉིད་བསྡུས་པ་བྱའོ་ཞེས་བྱ་བའི་དོན་དུ་གནས་སོ། །དགོས་པ་འདི་ལ་ནི་རྗེས་སུ་མཐུན་པའི་ཐབས་ཅན་དུ་བསྟན་པ་ཡིན་ཏེ། འདི་ལྟར་མངོན་པར་མཐོ་བ་དང་ངེས་པར་ལེགས ་པར་ཐོབ་པ་ནི་འགྲོ་ལ་ཕན་པར་བརྗོད་ལ། དེའི་རྒྱུ་ནི་ཕྱིན་ཅི་མ་ལོག་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་དང། འགྲོ་བ་ལ་ཕན་པའི་ཡང་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་པའི ་ཕྱིར་རོ། །དེའི་ཕྱིར་དེའི་རྒྱུ་ལས་བཟློག་པ་འདིའི་རྒྱུ་ཡིན་པར་གནས་སོ། །ཕྱིན་ཅི་མ་ལོག་པ་ཡང་ལས་དང་འབྲས་བུའི་འབྲེལ་པ་ཇི་ལྟ་བ་བཞིན་དུ་ཡིད་ཆེས་པ་དང། གང་ཟག་དང་ཆོས་ལ་བདག་མེད་པར་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡིན་ཏེ། ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་བསྟན་བཅོས་འདི་ལས་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་འབྱུང་བའི་ཕྱིར། དེས་ན་དེ་ཁོ་ན་ཉིད་བསྡུ་བའི་བྱ་བས་འགྲོ་བ་ལ་ཕན་པ་ཡང་སྒྲུབ་པ ་ཡིན་ནོ་ཞེས་བྱ་བ་ཡང་ཁོང་དུ་ཆུད་དོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པར་ཐོབ་པ་ཡིན་ན་མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པས་སྐྱེས་བུའི་འདོད་པ་ཆད་པའི་ཕྱིར་དེ་ལས་གོང་དུ་དགོས་པ་གཞན་བཙལ་བར་བྱ་བ་མ ་ཡིན་པའི་ཕྱིར་དགོས་པ་ཡོངས་སུ་མ་རྫོགས་པ་མ་ཡིན་ནོ། །འབྲེལ་པ་ཡང་འབྲས་བུ་མེད་པའི་ཕྱིར་བརྗོད་པར་བྱ་བ་དང་དགོས་པ་དག་ལས་ལེགས་ཤིག་ཏུ་བསྟན་པར་བྱ་བ་མ་ཡིན་ཏེ། འདི་ལྟར་དེ་སྟོན་པ་ན་བསྟན་བཅོས་དང་དགོས་པ་གཉིས་བསྒྲུབ ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ངོ་བོའི་མཚན་ཉིད་བསྟན་པར་བྱ་བ་ཡིན་གྱི། གཞན་བླ་མ་བརྒྱུད་པའི་རིམ་པ་ལ་སོགས་པའི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་དོན་ལ་འཇུག་པའི་ལན་ལག་མ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི ་ངོ་བོ་དེ་ཡང་དགོས་པ་བརྗོད་པ་ཉིད་ཀྱིས་བསྟན་ཏེ། འདི་ལྟར་འདི་ནི་འདིའི་དགོས་པ་ཡིན་ནོ་ཞེས་བསྟན་པ་ན་འདི་ནི་འདིའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གང་ཞིག་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ནི་དེའི་དགོས་པ་མ་ཡིན་ཏེ། ཧ ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་ཤུགས་ཀྱིས་ཐོབ་པའི་ཕྱིར་འདིའི་བརྗོད་པར་བྱ་བ་དང་དགོས་པ་དག་ལས་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །གང་ཞིག་གང་བརྗོད་པ་ན་ཡང་མི་རྟོགས་པ་ནི་དཔེར་ན་བརྗོད་པར་བྱ་བ་དང་དགོས་པ་གཉིས ་གང་ཡང་རུང་བ་བརྗོད་ཀྱང་ཅིག་ཤོས་མི་རྟོགས་པ་ཡིན་པ་ལྟར་དེ་དེ་ལས་ལོགས་ཤིག་དུ་བསྟན་པར་འོས་སོ། །གང་གི་ཕྱིར་དགོས་པ་བརྗོད་ཀྱང་ཇི་སྐད་དུ་བསྟན་པའི་འབྲེལ་བ་མི་རྟོགས་པ་ནི་མི་སྲིད་པའི་ཕྱིར། བརྗོད་པར་བྱ་བ་དང་དགོས ་པ་གཉིས་ཁོ་ན་བརྗོད་པར་བྱ་??་ལ་སོགས་པ་འདི་དག་ཀྱང། ཁོ་བོ་ཅག་གིས་དག་གི་དོན་དུ་རྣམ་པར་མ་ཕྱེའི། འོན་ཀྱང་ངག་ལས་དེའི་དོན་དུ་ཆ་ཤས་བསྡུས་ནས་ཕྱེ་བ་ཡིན་ནོ། །ངག་གི་དོན་ནི་ཇི་སྐད་དུ་བཤད་པའི་བསྡུ་བ་བྱེད་པ་ཉིད་ཡིན་ནོ ་ཡང་ན་བརྗོད་པར་བྱ་བ་ལ་སོགས་པ་ཕལ་པར་གྱུར་པ་ཡང་དག་འདི་ལས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ངག་གི་དོན་ཉིད་དུ་ཡང་འགལ་བ་མེད་པ་ཉིད་དོ། །ངག་གཙོ་བོས་དོན་དུ་མ་རྗོད་པར་བྱེད་པ་ནི་འགལ་གྱི། གཙོ་བོ་དང་ཕལ་པའི་ངོ་བོས་ནི་མ་ཡིན་ནོ། །ཅི་སྟེ ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པའི་རྟེན་བཅོམ་ལྡན་འདས་ལ་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ཁོ་ནས་བསྟོད་པ་བརྗོད་ཅེ་ན། གླན་ཀ་འདི་ནི་མེད་དེ། ཐམས་ཅད་དུ་བརྟག་བ་མཚུངས་པའི་ཕྱིར་དང། ཡོན་ཏན་དཔག་ཏུ་མེད་པ་བརྗོད་པ་ཉིད ་ཀྱི་མཆོད་པར་བྱ་བར་ཡང་མི་ནུས་པའི་ཕྱིར་རོ། །ཡོན་ཏན་གྱི་ཕྱོགས་གཅིག་བརྗོད་པ་ཉིད་ཀྱིས་བརྗོད་དོ། །དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ཉིད་ཀྱིས་དེ་བརྗོད་པ་འམ། ཡང་ན་རྣམ་པ་གཞན་དུ་ཡིན་པའི་ཕྱིར་ཁྱད་པར་ཅུང་ཟད་ཀྱང་མེད་དོ།། ་དེ་ལྟ་ན་ཡང་ཁྱད་པར་བརྗོད་པ། འདི་ལྟར་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་དག་པའི་ལྟ་བ་དང་ལྡན་པའི་ཕྱིར་འགྲོ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་སྟོན་པ་ཡིན་ནོ། །དེ་ཉིད་མངོན་པར་མཐོ ་བ་དང་ངེས་པར་ལེགས་པ་དོན་དུ་གཉེར་བ་རྣམས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་རྒྱུར་བརྗོད་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ཉིད་ཀྱིས་ཀྱང་བཅོམ་ལྡན་འདས་མངོན་པར་མཐོ་བ་ལ་སོགས་པ་ཐོབ་པར་མཛད ་པ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོགས་པར་སྟོན་པའི་ཕྱིར། དེའི་དོན་ངེས་པར་གཟུང་བ་ལ་བདེ་འགྲོའི་རྒྱུ་ལས་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ལ་ཡིད་ཆེས་པ་སྐྱེ་ཞིང་ངེས་པར་ལེགས་པའི་རྒྱུ་གང་ཟག་དང་ཆོས་ལ་བདག ་མེད་པར་རྟོགས་པ་ཡང་ཐོས་པ་དང་བསམས་པ་དང་སྒོམ་པའི་རིམ་གྱིས་སྐྱེའོ། །དེ་སྐྱེས་ན་ཡང་འཁོར་བའི་རྒྱུ་མ་རིག་པ་ལྡོག་གོ་།དེ་ལོག་ན་ཡང་དེའི་རྩ་བ་ཅན་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་མཛའ་དག་ལྡོག་པའི་ཕྱིར། སྒྲིབ་པ་ཐམས་ ་ཅད་དང་བྲལ་བས་བྱང་གྲོལ་ཐོབ་པར་འགྱུར་རོ། །དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པའི་བཅོམ་ལྡན་འདས་ཀྱི་གསུང་མངོན་པར་མཐོ་བ་ལ་སོགས་པ་འཐོབ་པར་མཛད་པའི་རིན་པོ་ཆེ་འདི་ནི་གཙོ་བོ་ཡིན ་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པ་བརྗོད་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་གཞན་དག་གིས་མི་མཐུན་པའི་རྒྱུ་དང་ཚད་མ་དང་འགལ་བའི་དངོས་པོ ་ལ་བརྟེན་པ་འདོད་དེ། དེ་ལྟ་བས་ན་དེ་བསལ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསང་བ་ཡིན་ནོ་ཞེས་བསྟན་པའི་དོན་དང། འཆད་པའི་འགྱུར་བའི་བསྟན་བཅོས་མཛའ་དག་གིས་བརྗོད་པར་བྱ་བའི་དོན་དེ་ཁོ་ན་ཉིད ་བསྡུས་པའི་ཕྱིར་ཇི་སྐད་དུ་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁྱད་པར་མང་པོ་རྣམས་བཟུང་བ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ལ་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རང ་བཞིན་དབང་དང་གཉིས་ཀ་དང། བདག་སོགས་བྱ་བ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་སྦྱར་བྱའོ། །དེ་ལ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞེས་བྱ་བ་སྤྱིར་བརྗོད་དུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ ་འཇུག་སྟེ་།གཞན་ལ་ཇི་སྐད་དུ་བཤད་པའི་ཡོན་ཏན་མི་སྲིད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་དེ་ཡང་དག་པར་བརྟེན་ནས་ཕུང་པོ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་རྟེན་ཅིང ་འབྲེལ་པར་འབྱུང་བའོ། །ཇི་སྐད་དུ་རྒྱུ་དང་རྐྱེན་གྱིས་སྟོབས་ཀྱིས་བསྐྱེད་པའི་ཕུང་པོ་ལ་སོགས་པ་གང་གིས་གསུངས་པ་ཞེས་བསྟན་པ་ཡིན་ནོ་འབྱུང་བ་ཞེས་བྱ་བ་ཐ་དད་པ་ལྟ་བུར་བསྟན་པ་ཡིན་མོད་ཀྱི། འོན་ཀྱང་རྟེན་རྟེན་ཅིང ་འབྲེལ་བར་འབྱུང་བའི་དངོས་པོ་ཉིད་ཁྱད་པར་གཞན་སྤོངས་པ་ཙམ་ཤེས་པར་འདོད་པ་ལ་དེ་སྐད་དུ་བསྟན་ཏོ། །ཡང་ན་འབྱུང་བར་བྱེད་པས་འབྱུང་བ་སྟེ། ཀྲེཏྱ་ལྱཌཽ་བར་བ་ཧུ་ལཾ་ཞེས་བྱ་བར་བ་ཧུ་ལ་ཞེས་འབྱུང་བས་བྱེད་པ་པོའི་རྐྱེན་གྷ་ཡིན་ནོ། །དེ་ནས་པྲ་ཏི ་ཏྱའི་སྒྲ་དང་བསྡུ་བ་བྱ་སྟེ། སུཔསུ་པོ?་ཡུ་རཱ་བྷཡཱཾ་ལ་ཀལ་སོགས་པ་ཉིད་བྱུང་བའི་ཕྱིར་རོ། །ཡང་ན་བསྡུ་བ་མེད་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་སྔར་ནི་མེད་པ་ཁོ་ན་ཡིན་པས་མ་བྱས་ལ། ཕྱི་ནི་དགོས་སམ་སེམས་ནས་བཅུག་གོ། རང་བཞིན་ནི་གྲངས་ཅན་གྱིས་ཀུན ་ཏུ་བརྟགས་པའི་རྡུལ་དང་མུན་པ་དང། སྙིང་སྟོབས་ཀྱི་རང་བཞིན་ཏེ། གཙོ་བོའོ། །དབང་ནི་དབང་ཕྱུག་གོ། གཉི་ག་ནི་དེ་དག་ཁོ་ན་གཉིས་སོ། །བདག་ནི་འབྱིན་པ་དང་སྡུད་བར་བྱེད་པའི་སྐྱེས་བུ་སྟེ། དེ་ལས་གཞན་ཡང་འཁོར་བ་ཡིན་ནོ། །སོགས་པ་སྨོས ་པས་དུས་ལ་སོགས་པས་བཟུང་སྟེ། དེ་དག་གི་བྱ་བ་ནི་རྒྱུའི་ངོ་བོའོ། །དེ་དང་བྲལ་བ་ནི་དེའི་བྱ་བས་སྟོང་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས་མྱུ་གུ་དེ་ཡང་རང་ཉིད་ཀྱིས་བྱས་པ་མ་ཡིན། གཞན་གྱིས་བྱས་པ་མ་ཡིན། གཉི ་གས་བྱས་པ་མ་ཡིན། དབང་ཕྱུག་གིས་སྦྲུལ་པ་མ་ཡིན། དུས་སྤོངས་སུ་གྱུར་པ་མ་ཡིན། རང་བཞིན་ལས་བྱུང་བ་མ་ཡིན། རྒྱུ་གཅིག་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་སྐྱེ་བ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །འདིས་ནི་གཙོ་བོ་དང། དབང ་ཕྱུག་དང། གཉི་གའི་རྒྱུ་ཅན་དང། སྒྲའི་ཚངས་པ་དང། བདག་བརྟག་པ་རྣམས་བསྟན་ཏོ། །ཅི་སྟེ་དེ་ལྟ་བུར་གྱུར་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཅི་སྐད་ཅིག་མ་མ་ཡིན་པར་གསུངས་སམ་ཞེ་ན། མ་ཡིན་ནོ་ཞེས་སྨྲས་པ། གཡོ་བ་སྟེ། ་གཡོ་བ་ཞེས་བྱ་བ་ནི་མི་བརྟན་པ་སྐད་ཅིག་མ་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་ལ་ནི་གཡོ་བ་ཉིད་མི་རུང་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ ་གལ་ཡོད། །འདི་དག་འབྱུང་བ་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པར་བརྗོད། ཅེས་གསུངས་སོ། །འདིས་ནི་བརྟན་པའི་དངོས་པོ་བརྟག་པ་བསྟན་ཏོ། །གལ་ཏེ་དེ་ལྟ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟེན་ནས་ལས་དང་འབྲས་བུའི་འབྲེལ ་པ་ལ་སོགས་པའི་རྣམ་པར་བཞག་པ་ཐོབ་པར་མི་འགྱུར་ཏེ། གཡོ་བའི་ཕྱིར་རོ་ཞེ་ན། དེའི་ཕྱིར་ལས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་ཕྱིས་སྟོན་པར་འགྱུར་རོ་སྙམ་དུ་བསམས་པའོ། །དེ་ལ་ལས་ནི་དགེ་བ་དང་མི་དགེ་བའོ། །དེའི་འབྲས ་བུ་ནི་འདོད་པ་དང་མི་འདོད་པའོ། །དེ་དག་གི་འབྲེལ་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོའི་མཚན་ཉིད་དོ། །དེའི་རྣམ་པར་བཞག་པ་ནི་ཡང་དག་པར་གནས་པ་དང། ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ་།སོགས་པའི་སྒྲས་ནི་དྲན་པ་དང། ་ངོ་ཤེས་པ་དང། ཐེ་ཚོམ་དང། ངེས་པ་དང། རང་གིས་གཏམས་པ་ལེན་པ་དང། དོན་མཐོང་བ་ལ་ངོ་མཚར་དང་བྲལ་བ་དང། རྒྱུ་དང་འབྲས་བུའི་དངོས་པོ་དང། དེ་རྟོགས་པར་བྱེད་པའི་ཚད་མ་དང། བཅིང་བ་དང་ཐར་པ་ལ་སོགས་པའི་རྣམ་པར ་བཞག་པ་གཟུང་ངོ། །དེ་དག་གི་རྟེན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་བཅོམ་ལྡན་འདས་ཀྱིས། ཀྱེ་དགེ་སློང་དག་འདི་ལ་ལས་ཡོད་དོ། །འབྲས་བུ་ཡོད་དོ། །གང་ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་ཕུང་པོ་འདི་འདོར་ཞིང་ཕུང་པོ་གཞན ་ཉེ་བར་ལེན་པའི་བྱེད་པ་པོ་ནི་མི་དམིགས་སོ། །དེ་ལ་ཆོས་སུ་བརྡར་བཏགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་ལས་འབྲས་བུའི་འབྲེལ་པ་བརྟག་པ་བསྟན་ཏོ། །རྟེན་ཅིང་འབྲེལ་པར ་འབྱུང་བ་འདི་ཡང་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་སུ་ཡང་བལྟ་བར་བྱ་སྟེ། དེ་དག་ཉིད་རྟེན་ནས་བྱུང་བ་ཡིན་པའི་ཕྱིར་རོ། །འོན་ཏེ་རྫས་དང། ཡོན་ཏན་དང་ལས་ལ་སོགས་པའི་དངོས་པོ་ཡང་ཡོད་པ་མ་ཡིན་ནས། དེ་དག་ཅིའི ་ཕྱིར་མ་ཡིན་ཞེ་ན། ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་དང། རྫས་དང། བྱ་བ་དང། རིགས་དང། འདུ་བ་དང། ཞེས་བཟླས་དབྱེའོ། །རིགས་ཀྱི་སྒྲས་ཁྱབ་པ་དང། ཉི་ཚེ་བའི་སྤྱི་རྣམ་པ་གཉིས་གཟུང་ངོ། །སོགས་ཀྱི་སྒྲས་རྟག་པའི་རང་བཞིན ་གྱི་ཁྱད་པར་རྣམ་ཏེ། གར་དག་གིས་ཆོས་ཅན་ལས་ཐ་དད་པའི་ཆོས་འགའ་ཞིག་བརྗོད་པ་དཔེར་ན་ཚིག་གི་དོན་དྲུག་པོའི་ཡོད་པ་ཉིད་དམིགས་པ་དང་བཅས་པའི་ཚད་མའི་ཡུལ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་དག་གཟུང་ངོ། །ཡོན་ཏན་ལ་སོགས ་པ་ཡང་དེ་ཡིན་ལ་ཁྱད་པར་ཏེ་བྱེ་བྲག་ཀྱང་ཡིན་ནོ་ཞེས་བྱ་བ་ནི། ཁྱད་པར་གྱི་བསྡུ་བའོ། །དེ་དག་གིས་སྟོང་པ་ནི་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་ཀྱི་བར་དག་གོ་ཅེས་བྱ་བ་ཡིན་ནོ། །འདིས་ནི་ཚིག་གི་དོན་དྲུག་བརྟག་པ་བསྟན་ཏོ། །འོན་ཏེ་ཁྱད་པར་མེད་ན་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྲ་དང་རྣམ་པར་རྟོག་པ་དག་གིས་ཡུལ་དུ་བྱེད ་སྟེ། དེ་དག་གིས་ཡུལ་དུ་མ་བྱས་ན་བརྗོད་པར་མི་ནུས་ཤིང། ཁྱད་པར་མེད་ན་སྒྲ་དང་རྣམ་པར་རྟོག་པ་དག་འཇུག་པ་ཡང་མེད་ན་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་ཅེ་ན། སྒྲོ་བཏགས་པས་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོ ་བཏགས་པ་ནི་ཕྱི་རོལ་ཉིད་དུ་སྒྲོ་བཏགས་པའི་རྣམ་པའི་རང་བཞིན་སྒྲ་དང་ཤེས་པའི་སྤྱོད་ཡུལ་གང་ལ་ཡོད་པ་དེ་ལ་སྐད་ཅེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གང་ལ་སྒྲོ་བཏགས་པའི་རྣམ་པ་སྒྲ་དང་ཤེས་པའི་སྤྱོད་ཡུལ་གྱི་ཡུལ་ཡིན ་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་པ་ཞེས་བྱ་བ་ནི་སྒྲ་དང་ཉེ་བའི་ཕྱིར་ནང་གི་བརྗོད་པའི་བདག་ཉིད་ཀྱི་ཤེས་པའི་ཁྱད་པར་རྣམ་པར་རྟོག་པ་ཡིན་པར་བལྟ་བར་བྱའོ། །དེ་དག་ནི་ཡུལ་གཅིག་ལ་འཁྲུལ་པ་མེད་པ་ཉིད་ཀྱིས་ལྷན་ཅིག་སྤྱོད་པའི ་ཕྱིར་རོ། །དེས་ན་འདི་སྐད་དུ་བསྟན་པ་ཡིན་ཏེ། ཁྱད་པར་མེད་པ་ཡིན་མོད་ཀྱི། འོན་ཀྱང་ཕན་ཚུན་ལྡོག་པའི་དངོས་པོ་མཐོང་བའི་སྒོ་ནས་འདས་པའི་ཕྱི་རོལ་གྱི་ངོ་བོ་ཉིད་དུ་ཞེན་པ་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་བདག་ཉིད ་སྒྲའི་དོན་དེ་ལ་ཡོད་པ་ཡིན་ནོ། །འདིར་སྒྲ་རྣམས་ཀྱི་སྤྱོད་ཡུལ་ནི་དོན་དམ་པར་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། འོན་ཀྱང་འཇིག་རྟེན་ན་མ་རྟོགས་ན་ཉམས་དགའ་བར་སྒྲའི་དོན་གྲུབ་པ་ཇི་ལྟ་བ་དེ་ཁོ་ན་ལྟར་དེ ་ཁོ་ན་ཉིད་ཀྱི་དོན་བཏང་སྙོམས་སུ་མཛད་པའི་བཅོམ་ལྡན་འདས་ཀྱིས་ཀྱང་གླང་པོ་ཆེའི་ལྟ་སྟགས་ཀྱི་དོན་དམ་པ་ལ་འཇུག་པའི་དོན་དུ་བརྗོད་པའི་ཀུན་རྫོབ་ཏུ་བསྟན་ཏེ། ཐབས་གཞན་མེད་པའི་ཕྱིར་རོ། །སྒྲོ་བརྟགས་པའི་རྣམ་པ་ཅན་ཡིན་ན་ཡང ་སྒྲའི་དོན་བརྒྱུད་པས་དངོས་པོ་དང་འབྲེལ་པའི་ཕྱིར་རོ། །དེ་རྟོགས་པའི་རྒྱུད་ཉིད་ཡོད་པས་རྣམ་པ་དེ་ལྟ་བུའི་དངོས་པ་དེ་དག་ཤུགས་ཀྱིས་རྟོགས་པར་འགྱུར་བའི་ཕྱིར་བསླུ་བ་མི་སྲིད་དོ། །དེ་ལ་འདི་ནི་སྐྱོབ་པས། མིང་ནི་གང་དང་གང་དག་གིས། ་ཆོས་ནི་གང་དང་གང་བརྗོད་པ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །དེ་ནི་དེ་ལ་ཡོད་མ་ཡིན་ཞེས་གསུངས་པ་ཡིན་ནོ། །འདིས་ནི་སྒྲའི་དོན་བརྟག་པ་བསྟན་ཏོ། །ཡང་ཅི་འདི་མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བརྟགས་པའི་དངོས་པོ་བཞིན་དུ་རྟོགས་པར་བྱེད ་བའི་ཚད་མའི་ནོར་གྱིས་དབུལ་བ་ཉིད་ཀྱིས་ཚིག་བཀོད་པའི་རྩོམ་པ་ཙམ་སྙིང་པོར་གྱུར་པ་ཡིན་ནམ། འོན་ཏེ་འདིའི་རྟོགས་པར་བྱེད་པའི་ཚད་མ་ཅུང་ཟད་ཅིག་ཡོད་ཅེ་ན། སྨྲས་པ་ཡོད་དོ། །གསལ་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ ་དེ་ནི་མཚན་ཉིད་ཀྱང་ཡིན་ལ་གསལ་བ་ཡང་ཡིན་པས་ཤེས་ཁྱད་པར་གྱིས་བསྡུ་བའོ། །གསལ་པའི་མཚན་ཉིད་ནི་མི་སྲིད་པ་དང། མ་ཁྱབ་པ་དང། ཧ་ཅང་ཁྱབ་པའི་སྐྱོན་དང་བྲལ་བའི་ཕྱིར་རོ། །མུ་སྟེགས་བྱེད་ཀྱི་ཚད་མའི་མཚན་ཉིད་ནི་མི་གསལ ་བ་ཡིན་ནོ་ཞེས་བསྟན་པའི་དོན་དུ་བསལ་བའི་མཚན་ཉིད་ཅེས་བསྟན་ཏོ། །དེ་དང་ལྡན་པ་ནི་དེ་དང་ཡང་དག་པར་ལྡན་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་ཞེས་བྱ་བའི་ཚད་མ་གཉིས་པོ་གང་ཡིན་པ་དེས་གཏན་ལ་ཕབ་པའོ། །འདི་ཡང་བརྟག་པ་ཐམས་ཅད་དུ་སྟེན ་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱང་བཞེད་པ་ཡིན་ཏེ། ཇི་སྐད་དུ། དགེ་སློང་དག་གི་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བས་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ་། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་ནོ། ། ་དེ་ལ་མངོན་སུམ་གྱི་མཚན་ཉིད་ནི་འཁྲུལ་པ་དང་རྟོགས་པ་དང་བྲལ་བ་ཉིད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་གསུངས་ཏེ། འདི་ལྟར་སྔོན་པོ་ཞེས་བྱ་བ་འདིས་ནི་ཕྱིན་ཅི་མ ་ལོག་པའི་ཡུལ་ཅན་དུ་བསྟན་པའི་ཕྱིར་མ་འཁྲུལ་པ་བརྗོད་ལ། སྔོན་པོའོ་སྙམ་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་མིང་དང་འབྲེལ་བའི་དོན་འཛིན་པ་སྤངས་པའི་ཕྱིར་རྟོག་པ་བྲལ་བ་ཉིད་བརྗོད་དོ། །རྗེས་སུ་དཔག་པའི་མཚན་ཉིད་ཀྱང་རྗེས་སུ་དཔག་པའི་རྟེན ་རྟགས་སྟོན་པ་ན་གསུངས་ཏེ་འདི་ལྟར་བསྒྲུབ་པར་བྱ་བའི་དོན་མེད་ན་མི་འབྱུང་བའི་རྟགས་ངེས་པ་ནི་རྗེས་སུ་དཔག་པའི་ཤེས་པའི་རྒྱུ་ཡིན་ནོ། དེ་ཡང་དགེ་སློང་དག་གང་ཅུང་ཟད་ཀུན་འབྱུང་བའི་ཆོས་ཡིན་པ་དེ་ཐམས་ཅད་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་བསྒྲུབ ་བྱས་གཏན་ཚིགས་ལ་ཁྱབ་པ་བསྟན་པས་ན་གསལ་བ་རབ་ཏུ་བསྟན་པ་ཉིད་ཡིན་ནོ། །ཇི་སྐད་དུ། མེད་ན་མི་འབྱུང་མཚན་ཉིད་ཅན། རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱས་གཏན་ཚིགས་ཁྱབ་པ་ནི་བསྟན་པ་དེ་ཡང་གསལ་བར་བཤད་ཅེས ་གསུངས་པར་བཞིན་ནོ། རྟགས་དེ་ཡང་རང་བཞིན་དང་འབྲས་བུ་དང། མི་དམིགས་པའི་ཁྱད་པར་གྱི་བྱེ་བྲག་གིས་རྣམ་པ་གསུམ་དུ་དབྱེ་སྟེ། དེ་ལ་དགེ་སློང་གང་དག་ཅུང་ཟད་སྐྱེས་པའི་ཆོས་ཅན་ཞེས་བྱ་བ་འདས་རང་བཞིན་གྱི་རྟགས་བསྟན་ཏོ། །འབྲས ་བུ་ཡང་དུ་པ་ལས་ནི་མེར་ཤེས་ཏེ། ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་རྣམས་ལས་ཤེས། ཞེས་གསུངས་པས་བསྟན་པ་ཡིན་ནོ། །མི་དམིགས་པའི་ཁྱད་པར་ཡང་མི་དམིགས་པ ་ཙམ་ཚད་མ་ཡིན་པ་སྤོངས་པ་ན་བསྟན་པ་ཉིད་དེ། ཇི་སྐད་དུ། དགེ་སློང་དག་གང་ཟག་གིས་གང་ཟག་གི་ཚོད་འཛིན་པ་ནི་ཉམས་པར་འགྱུར་ཏེ། ང་འམ་པ་དང་འདྲ་བས་གང་ཟག་གི་ཚོད་གཟུང་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་རང་བཞིན་གྱིས ་སྐལ་བ་ལ་སོགས་པ་ལ་མི་དམིགས་པ་ཙམ་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །ང་འམ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་མི་དམིགས་པའི་ཁྱད་པར་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་གསལ་བར་རབ་ཏུ་བསྟན་པ་ཡིན་ནོ། །འདིས་ཀྱང་མངོན ་སུམ་དང་རྗེས་སུ་དཔག་པ་ལ་སོགས་པ་བརྟག་པ་བསྟན་ཏོ། །ཡང་ཅི་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་འགྱུར་བ་སྨྲ་བ་ཇི་སྐད་དུ་བརྗོད་པ་བཞིན་དུ་དངོས་པོ་ལ་སོགས་པའི་ངོ་བོ་འགའ་ཞིག་གིས་རྗེས་སུ་འགྲོ་བ་དང་བཅས་པ་ཡིན་ནམ། འོན་ཏེ་མ ་འདྲེས་པའི་ངོ་བོ་ཡིན། དེ་ལས་ཅི་འགྱུར་རྗེས་སུ་འགྲོ་བ་དང་བཅས་པ་ཉིད་ཡིན་ན་མངོན་སུམ་ལ་སོགས་པའི་མཚན་ཉིད་འཚོལ་བ་ཡིན་པ་དང། རྒྱུ་དང་འབྲས་བུ་དག་ཀྱང་རང་བཞིན་ཐ་མི་དད་པའི་ཕྱིར་སྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་གསལ་བའི་མཚན་ཉིད་དང་ལྡན་པའི་ཚད་མ་གཉིས་ཀྱིས་ངེས་པའི་མ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡང་རིགས་པ་མ་ཡིན་ཏེ། རང་གི་ངོ་བོ་མ་འདྲེས་པ་ཉིད་ཡིན་ན་ཡང་ལྷན་ཅིག་བྱེད་པ ་རྣམས་ཀྱི་བྱེ་བྲག་ཁྱད་པར་མེད་པའི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་པར་མངོན་པར་འདོད་པའི་དངོས་པོ་བཞིན་དུ་དོན་གྱི་བྱ་བ་གཅིག་བྱེད་པ་ཉིད་དུ་མ་འགྱུར་རོ། །འདིར་སྨྲས་པ། གཞན་གྱི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ་འདིར་འདི་སྙམ་དུ་ཕྱོགས་ཕྱི་མ་ཉིད་ཡིན་ནོ། །སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་ཇི་སྐད་དུ་བཤད་པའི་སྐྱོན་གྱི་གོ་སྐབས་མེད་དོ་ཞེས་ཕྱི་ནས་བསྟན་པར་བྱའོ། །འབྲས་བུ་ལ་གཞན་གྱི་བདག་ཉིད་དང་འདྲེས་པ་སྟེ། འཚོལ་བ་ཞེས་ཚིག་རྣམ་པར ་སྦྱར་རོ། །རྒྱུ་ལ་སོགས་པའི་རང་གི་ངོ་བོ་གཞན་འབྲས་བུ་ལ་སོགས་པ་གང་ལ་ཆ་ཙམ་ཡང་རྗེས་སུ་འགྲོ་བ་མེད་དོ། །ཞེས་བྱ་བའི་དོན་ཏོ། །ཕྲ་རབས་ཀྱིས་ཀྱང་ཞེས་བྱ་བ་ལ། རང་གི་སྒྲས་ནི་ཡོད་པ་དང། ཤེས་བྱ་ལ་སོགས་པ་མང་པོ་འབའ་ཞིག་ཏུ་མ་ཟད ་ཤིན་ཏུ་ཕྲ་བས་ཀྱང་ཞེས་བསྟན་ཏོ། །ངོ་བོ་གཅིག་རྗེས་སུ་འགྲོ་བ་ཡིན་ན་ཡང་བདག་ཉིད་ཐམས་ཅད་རྗེས་སུ་འགྲོ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ཡང་ཕྱིས་སྟོན་པར་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་ལྟར་མྱུ་གུ་རྟག ་པ་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ས་བོན་ཡང་གཞན་ཡིན་ལ། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། །དེ་ལྟ་བས་ན་ས་བོན་འདྲ་བ་ལས་མྱུ་གུ་འབྱུང་ངོ་ཞེས་གསུངས་སོ། །དེ་ལྟ་བས་ན་མི་འཕོ་ཞེས་བྱ་བའོ། ། ་འདིས་ཀྱང་མ་ངེས་པར་སྨྲ་བ་བརྟག་པ་བསྟན་ཏོ། །འོན་ཏེ་ཅི་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་མ་འདྲེས་པ་རྣམས་ཀྱང། ཐམས་ཅད་ཡོད་པར་སྨྲ་བ་འཕོ་བ?་སྨྲ་བ་ཁ་ཅིག་གིས་ཇི་སྐད་དུ་སྨྲས་པ་བཞིན་དུ་དུས་རྣམས་སུ་རང་གི་ངོ་བོ་མ་དོར ་བར་འཇུག་པ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ནོ་ཞེས་སྨྲས་པ། མི་འཕོ་ཞེས་བྱ་བ་ལ། གལ་ཏེ་འཕོ་བ་ཡིན་ན་དེའི་ཚེ་བདག་ཉིད་ཐམས་ཅད་ཀྱིས་ཡོད་པའི་ཕྱིར་ཅུང་ཟད་ཀྱང་སྐྱེད་པར་བྱ་བར་མི་འགྱུར་བའི་ཕྱིར་རྟེན་ཅིང་འབྲེལ་པར ་འབྱུང་བ་ཉིད་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །གང་ལ་ཕུང་པོ་ལ་སོགས་པ་རྣམས་སུ་རྒྱུ་བའི་འཕོ་བ་ཡོད་པ་མ་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་སྐད་དུ། མིག ་ནི་སྐྱེ་བ་ན་ཡང་གང་ནས་ཀྱང་མ་འོངས། འགག་པ་ན་ཡང་གང་དུ་ཡང་ཐིམ་ནས་མི་འགྲོ་སྟེ། དགེ་སློང་དག་མིག་ནི་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་རོ་ཞེས་གསུངས་སོ། །འདིས་ཀྱང་དུས་གསུམ་བརྟག ་པ་བསྟན་ཏོ། །འོན་ཏེ་ཅི་འདི་ཇི་ལྟར་ཚུ་རོལ་མཛེས་པ་པ་རྣམས་ཀྱིས། ཤི་ནས་ཐལ་བར་གྱུར་པ་ལ། སླར་སྐྱེ་བ་ལྷག་ལ་ཡོད། ཅེས་སྨྲས་པ་ལྟར་མཐོང་བའི་དུས་ཙམ་དུ་འབྱུང་བ་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་སྨྲས་པ། ཐོག་མ་མེད་པ་ཞེས ་བྱ་བ་ལ། འདི་ལ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ཡང་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འཁོར་བའི་སྐྱེ་བ་ནི་ཐོག་མ་དང། ཐ་མ་མེད་པ་ཡིན་ནོ་ཞེ་བྱ་བ་ལ་སོགས་པས་གསུངས་ཏེ། ཐོག་མ་ཞེས ་བྱ་བ་ནི་དང་པོ་ལ་བརྗོད་ལ། ཐ་མ་ནི་མཐར་བརྗོད་དོ། །དེ་དག་བཀག་པས་ཐོག་མ་ཐ་མ་མེད་པ་ཞེས་བྱའོ། །འདི་ཡང་འཕགས་པའི་ལམ་མ་སྐྱེས་པའི་དབང་དུ་མཛད་ནས་གསུངས་ཀྱི་འཕགས་པའི་ལམ་སྐྱེས་པ་རྣམས་ལ་ནི་འཁོར་བ་མཛའ་ ་དང་བཅས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དམ་ཆོས་རྣམ་པར་མི་ཤེས་པའི། བྱིས་པ་རྣམས་ལ་འཁོར་བ་རིང་ཞེས་གསུངས་སོ། །འདིས་ཀྱང་འཇིག་རྟེན་རྒྱང་པན་པ་བརྟག་པ་བསྟན་ཏོ། །འོན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི ་ཕྱི་རོལ་གྱི་བདག་ཉིད་དམ། འོན་ཏེ་སེམས་ཙམ་གྱི་རང་བཞིན་ཡིན་ཞེ་ན། གཟུགས་བརྙན་ལ་སོགས་ལྟ་བུ་སྟེ། ཞེས་བྱ་བ་སྨོས་སོ། །འདིས་ནི་སེམས་ཙམ་གྱི་བདག་ཉིད་ཡིན་ནོ་ཞེས་བསྟན་??་འདི་ལྟར་འདི་སྐད་དུ་ཇི་ལྟར་གཟུགས ་བརྙན་དང་མགལ་མོའི་འཁོར་ལོ་དང། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་སེམས་ཙམ་གྱི་རང་བཞིན་ཡིན་པ་དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཡང་བཅོམ་ལྡན་འདས་ཀྱིས། ཇི་ལྟར་བྱས་པས་རྣམ་བརྟག་ལྟར། །ཕྱི ་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་ཞེས་གསུངས་སོ། །འདིས་ཀྱང་ཕྱི་རོལ་གྱི་དོན་བརྟག་པ་བསྟན་ཏོ། །དེའི་ཕྱིར་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་སྐད་དུ་བཤད་པའི་དོན་མེད་པའི་དུ་བ་དང ་བྲལ་བ་ཉིད་བསྟན་ནས་མཇུག་བསྡུ་བའི་ཕྱིར་སྤྲོས་པའི་ཚོགས་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་རང་བཞིན་གྱི་རྒྱུ་ཅན་ཡིན་པ་ཉིད་ལ་སོགས་པ་སྤྲོས་པ་ཐམས་ཅད་ཀྱི་ཚོགས་ནི་བདུས་པ་སྟེ། དེ་ལས་གྲོལ་བའོ། །འོན་ཏེ་ཅི ་འདི་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་དབྱིག་གི་སྙིང་པོ་ལ་སོགས་པ་གཞན་དག་གིས་ཀྱང་དེ་བཞིན་དུ་རྟོགས་སམ་ཞེ་ན། མ་ཡིན་ནོ་ཞེས་སྨྲས་པ། གཞན་གྱིས་རྟོགས་པ་མ་ཡིན་ཞེས་བྱ་བ་ལ། མུ་སྟེགས་བྱེད་ཐམས་ཅད་ནི། ཇི་ལྟ་བ ་བཞིན་ཉིད་མ་ཡིན་པའི་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིན་ཅི་ལོག་འདི་ནི་བཅོམ་ལྡན་འདས་ཉིད་ཀྱི་མ་འདྲེས་མཁྱེན་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ཡང་བརྟག་པ་ཐམས་ཅད་དུ་སྟོན་པར་འགྱུར་རོ། །ཅི་སྟེ་དེ་ལྟ་བུར་གྱུར་པའི་རྟེན་ཅིང་འབྲེལ ་པར་འབྱུང་བ་འདི་བཅོམ་ལྡན་འདས་རང་ཉིད་ཀྱིས་མཁྱེན་ནས་གསུངས་སམ། འོན་ཏེ་རྒྱལ་དཔོག་པ་རྣམས་ཇི་སྐད་དུ་དེ་ཕྱིར་དབང་པོ་ལས་འདས་དོན། །དངོས་སུ་མཐོང་བ་ཡོད་མ་ཡིན། །ཚིག་ནི་རྟག་པ་གང་ཞིག་གིས། །མཐོང་བདེ་ནི་མཐོང ་བ་ཡིན། །ཞེས་སྨྲས་པ་ལྟར་གཞན་གྱིས་མངོན་པར་འདོད་པའི་སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་ཚིག་ལ་བརྟེན་ནས་མཁྱེན་ཏེ་གསུངས་ཤེ་ན། དེ་ལྟར་མ་ཡིན་ནོ་ཞེས་སྨྲས་པ། རང་དབང་ཐོས་དང་འབྲེལ་མེད་ཅིང་ཞེས་སྨྲས་ཏེ། རང ་དབང་ཐོས་པ། ནི་རང་ལས་ཚད་མར་གྱུར་པ་སྟེ། ཚིག་བརྟག་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དང་འབྲེལ་པ་མེད་པ་ནི་མི་གནས་པ་དེ་ལ་ལྟོས་པ་ཉིད་ཁོ་ན་སྟེ། དངོས་སུ་གཟིགས་ནས་རྟེན་ཅིང་འབྲེལ་པར་འགྱུར་བ་གསུངས་པ་ཞེས ་བྱ་བའི་དོན་ཏོ། །སྐྱེས་བུས་མ་བྱས་པའི་ངག་ཀྱང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་དེ་ལྟར་ན་སྔོན་གྱི་དྲང་སྲོང་ཆེན་པོ་དེ་དག་རིག་བྱེད་དག་གི་བྱེད་པ་པོ་དང། སྔགས་རྣམས་ཀྱི་འཇུག ་པར་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །འདི་ཡང་ཕྱིས་བསྟན་པར་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །འདིས་གྱང་ཐོས་པ་བརྟག་པ་དང། རང་ལས་ཚང་མ་བརྟགས་པ་བསྟན་ཏོ། །ཅི་སྟེ་བཅོམ་ལྡན་འདས་རང་གི་དོན་ཕུན་སུམ་ཚོགས་པ་མ ་ལུས་པ་ཐུགས་སུ་ཆུད་ན་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་སྟོན་པར་མཛད་ཅེ་ན། འགྲོ་ཕན་མཛད་པར་བཞེང་པ་ཡིས་ཞེས་བྱ་བ་སྨོས་ཏེ། འགྲོ་ཕན་ནི་འགྲོ་བ་ལ་ཕན་པའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་རྟོགས ་པའི་ཐབས་ཅན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་ཡིན་ནོ། །དེ་མཛད་པར་བཞེད་པ་ནི་འགྲོ་ལ་ཕན་པར་མཛད་པ་བཞེད་པའོ། །དེ་ནི་དེ་སྟོན་པའི་རྒྱུ་ཡིན་ནོ། །འདིའི་འགྲོ་བ་ལ་ཕན་པར་བཞེས་པ་དེ་ཡང་ག་ལས་བྱུང་ཞེ ་ན། །བསྐལ་པ་གྲངས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་བསྐལ་པ་གྲངས་མེད་པ་མི་ཉུང་བར་ཐུགས་རྗེས་ཆེན་པོའི་བདག་ཉིད་དུ་གྱུར་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བཅོམ་ལྡན་འདས་རང་གི་དོན་ཕུན་སུམ་ཚོགས་པ་མ་ལུས ་པ་བརྙེས་ན་གཞན་གྱི་དོན་མཛད་པའི་བྱ་བ་ཡོངས་སུ་མི་འདོར་བའི་ཕྱིར་ཐུགས་རྗེ་ཆེན་པོ་དེ་ཡང་མངའ་བ་ཡིན་ནོ། །ཅི་སྟེ་ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པ་འདིས་ཅི་ཞིག་མཛད་ཅེ་ན། གོམས་མཛད་པ་གང་གིས་ཞེས་བྱ་བ་སྨོས་ཏེ། ་གང་གིས་ཞེས་བྱ་བ་སྤྱིའི་ཚིག་ཡིན་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་འཇུག་ཏེ། གཞན་ལ་ཇི་སྐད་དུ་བཤད་པའི་ཡོན་ཏན་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་བརྟེན་པ་སྟེ། ཡང་དག་པར ་ཀུན་ནས་བརྟེན་པས་ཡང་དག་པར་ཀུན་ནས་བརྟེན་ནས་ཕུང་པོ་ལ་སོགས་པ་འབྱུང་བ་དག་གོ་།དེ་སྐད་དུ་རྒྱུ་དང་རྐྱེན་གྱི་སྟོབས་ལས་འབྱུང་བའི་ཕུང་པོ་ལ་སོགས་པ་གང་གིས་གསུངས་པ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་ཡང་འབྲེལ་པར་འབྱུང་བ ་ཞེས་བྱ་བ་ཐ་དད་པ་ཉིད་དུ་བསྟན་པ་དེ་ལྟ་ན་ཡང་རྟེན་ཅིང་འབྲེལ་པར་ཁོ་ན་དངོས་པ་ཡིན་ཏེ། ཐ་དད་པ་གཞན་དོར་བ་ཙམ་ཤེས་པར་འདོད་པས་དེ་ལྟར་བཤད་པའོ། །ཡང་ན་འབྲེལ་པར་འབྱུང་བས་ན་འབྲེལ་པར་འབྱུང་བ་སྟེ། མང་པོའི་ཚིག་གི་བྱེད་པའི ་རྐྱེན་སྦྱར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པས་ན་ཞེས་བྱ་བ་འམ། བསྡུ་བ་མེད་པ་ཉིད་ཡིན་ནོ། །འདི་ཐམས་ཅད་ཀྱི་བཅོམ་ལྡན་འདས་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡང་དག་པའི་ཐབས་ཅན་ཡིན་པར་གསལ་བར ་བྱས་པ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལྟ་བུར་གྱུར་པ་གང་གིས་གསུངས་པ་ཞེས་བྱ་བ་འདིས་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་གཞན་དུ་ལ་ཕན་པ་སྒྲུབ་པ་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་གཞན་དག་ལ་མཐོ་རིམ ་དང་བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོགས་པ་སྟོན་པ་གང་ཡིན་པ་འདི་ཉིད་ཕན་པ་སྒྲུབ་པ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་སྟོན་པ་པོ། ཁྱེད་ཅག་ཉིད་ཀྱིས་བྱ་བ་ཡིན་ཞེས་གསུངས་པ་བཞིན་ནོ་གཞན་ལ་ཕན་པ་སྒྲུབ་པ་ཕུན ་སུམ་ཚོགས་པ་ཕྱིན་ཅི་མ་ལོག་པ་འདིའི་ཐབས་ནི། ཆོས་རྣམས་དངོས་སུ་གཟིགས་པ་དང། ཐུགས་རྗེ་ཆེན་པོ་ཡིན་ནོ། །གང་གི་ཕྱིར་སྙིང་རྗེ་ཅན་ཡིན་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ན་གཞན་ལ་ཕན་པ་ཡང་དག་པར་སྟོན་པར ་མི་ནུས་སོ། །ཡོངས་སུ་ཤེས་པ་དང་ལྡན་པ་ཡིན་ན་ཡང་བརྩེ་བ་ལས་ཉམས་པས་ནི་མི་སྟོན་པ་ཡིན་ལ། སྟོན་ན་ཡང་ཕན་པ་སྟོན་པར་འགྱུར་རོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་སྙིང་རྗེ་དང་ཤེས་རབ་གཉི་ག་ཡང་གཞན་ལ་ཕན་པ་ཡང་དག་པར ་སྒྲུབ་པའི་ཐབས་ཡིན་ནོ། །དངོས་སུ་གཟིགས་པ་དེ་ཡང་རང་དབང་ཅན་གྱི་ཐོས་པ་དང་མ་འབྲེལ་པ་ཉིད་ཀྱིས་བསྟན་ཏོ། །ཐུགས་རྗེས་ཆེན་པོའི་བདག་ཉིད་དུ་གྱུར་པ་ཉིད་ཀྱིས་ཀྱང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །འོན་ཏེ་རྟེན ་ཅིང། འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པས་ཀྱང་སྟོན་པ་མ་ཡིན་ནམ། དེས་ན་བཅོམ་ལྡན་འདས་འདི་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ཅེ་ན། སྨྲ་རྣམས་ཀྱི་དམ་པ་ཞེས་བྱ་བ་སྨོས་ཏེ། ་ཉན་ཐོས་ལ་སོགས་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ཡིན་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཉིད་དེ་དག་གི་སྨྲ་རྣམས་ཀྱི་དམ་པ་སྟེ། གཙོ་བོ་ཡིན་ནོ། །ཆོས་ཀྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་པ་ཉིད་ཀྱིས ་སྟོན་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་དག་ནི་རང་ཉིད་ཀྱིས་ཇི་སྐད་དུ་བཤད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེན་པར་ནུས་པ་མ་ཡིན་ཏེ། ཡོན་ཏན་དང་སྐྱོན་ཐམས་ཅད་འཕེལ་བ་དང་འགྲིབ་པ་མཐར་ཕྱིན་པ་ལ་བརྟེན་པའི་ཕྱིར། ་བཅོམ་ལྡན་འདས་ཁོ་ན་མཆོག་ཡིན་གྱི་གཞན་དག་ནི་མ་ཡིན་ཏེ། དེ་དག་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །འདིས་ནི་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་ཅན་དུ་བསྟན་པས་བག་ཆགས་དང ་བཅས་པའི་ཉོན་མོངས་པ་དང། །ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་མཚན་ཉིད་ཅན་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟར་མ་ཡིན་ན་བཅོམ་ལྡན་འདས་ཇི་སྐད་བཤད་པའི་ཡོན་ཏན ་དང་ལྡན་པ་མ་ཡིན་ན་ཇི་ལྟར་དེ་དག་ལས་ཁྱད་པར་ཅན་དུ་འགྱུར་འདི་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་བ་སྨོས་ཏེ། འདིས་ནི་ཐམས་ཅད་མཁྱེན་པ་སྒྲུབ་པ་བསྟན་ཏོ། །ཅི་སྟེ་དེ་ལ་ཕྱག་འཚལ་ནས་ཅི་ཞིག་བྱེད་ཅེ་ན། དེ ་ཁོ་ན་ཉི་བསྡུ་བ་བྱ་ཞེས་བྱ་བ་སྨོས་ཏེ། ཇི་སྐད་བཤད་པའི་ཁྱད་པར་དུ་བྱས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོ་ན་དེ་ཁོ་ན་ཉིད་དེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །དེ་དག་དེ་དང་དེར་རྣམ་པར་འཐོར་བ་རྣམས་གཅིག་ཏུ་བསྡུད་པ་ནི་དོན ་བསྡུས་པ་སྟེ། དོན་དེ་སྟོན་པར་བྱེད་པའི་ཕྱིར་གཞུང་ལ་དེ་སྐད་དུ་བསྟན་ཏེ། སཱི་ཏ་ཕྲོགས་པའི་སྙན་དག་བཞི་ནོ། ཡང་ན་ཡང་དག་པར་རམ་ཀུན་ནས་དེ་ཁོ་ན་ཉིད་རྣམས་འདིས་སྡུད་པར་བྱེད་པས་གཞུང་ཉིད་ལ་བསྡུད་པ་ཞེས་བྱ་བའོ། ་བྱ་ཞེས་བྱ་བ་ནི་རྩོམ་པ་ན་ཡོངས་སུ་མ་རྫོགས་པའི་དུས་ལས་བལྟོས་ནས་ད་ལྟར་གྱི་དུས་ཉིད་བསྟན་ཏོ། །དེ་ལ་རང་བཞིན་གྱི་བྱ་བ་དང་བྲལ་བའི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་གྲངས་ཅན་གྱི་ལུགས་བསྟན་པའི་དོན་དུ། ནུས་པ་མ་ལུས ་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེར་སྐྱ་པ་རྣམས་ན་རེ་ཆེན་པོ་ལ་སོགས་པ་འབྲས་བུའི་ཚོགས་སྐྱེད་པར་བྱེད་པའི་བདག་ཉིད་དུ་གྱུར་པའི་ནུས་པ་མ་ལུས་པ་དང་རབ་ཏུ་ལྡན་ཞིང་ཡང་དག་པར་ལྡན་པ་རྡུལ་དང། མུན་པ་དང། ་སྙིང་སྟོབས་དང་ཆ་མཉམ་པའི་གནས་སྐབས་ཀྱི་མཚན་ཉིད་ཅན་ནི་གཙོ་བོའོ། །དེ་དག་ཉིང་ལས་ཆེན་པོ་ལས་འབྲས་བུའི་བྱེ་བྲག་དེ་དག་འབྱུང་ངོ་ཞེས་ཟེར་ཏེ། གཙོ་བོ་ཁོ་ན་ཞེས་ངེས་པར་གཟུང་བ་ནི། སྐྱེས་བུ་ལ་སོགས་པ་རྣམ་པར་བཅད་པའི ་དོན་དུའོ། །འབའ་ཞིག་ལས་ཞེས་བྱ་བའི་ཚིག་ནི་དབང་ཕྱུག་དང་བཅས་པའི་གྲངས་ཅན་གྱི་བརྟག་པའི་དབང་ཕྱུག་ལ་སོགས་པ་བསལ་བའི་དོན་དུའོ། །རབ་ཏུ་འབྱུང་ཞེས་བྱ་བ་ནི་དངོས་དང་བརྒྱུད་པ་ས་སྐྱེད་ཅེས་བྱ་བའི་དོན་ཏེ། འདི ་ལྟར་དེ་དག་གི་ཐ་སྙད་ནི་དང་པོར་གཙོ་བོ་ལས་བློ་སྐྱེའོ། །བློ་ལས་ཀྱང་ང་རྒྱལ་ལོ། །ང་རྒྱལ་ལས་སྒྲ་དང། རིག་བྱ་དང། རོ་དང་གཟུགས་དང། རིའི་བདག་ཉིད་དེ་ཙམ་ལྔ་དང། དབང་པོ་ལྔ་བཅུ་གཅིག་སྐྱེ་བར་འགྱུར་ཉེ། བློའི་དབང་པོ ་ལྔ་ནི། རྣ་བ་དང། པགས་པ་དང། མིག་དང། ལྕེ་དང། སྣའི་མཚན་ཉིད་ཅན་ནོ། །ལས་ཀྱི་དབང་པོ་ལྔ་ནི། ངག་དང། ལག་པ་དང། རྐང་པ་དང། རྐུབ་དང། འདོམས་སོ། །བཅུ་གཅིག་པ་ན་ཡིད་དོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྐྱེ་ཏེ། ་སྒྲ་ལས་ནམ་མཁའ་ཨོ། །རེག་ལས་རླུང་ངོ། །གཟུགས་ལས་མེའོ། །རོ་ལས་ཆུའོ། །ཇི་ལས་ནི་སའོ་ཞེས་བྱའོ། །ཇི་སྐད་དུ་དབང་ཕྱུག་ནག་པོས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་གོ་།བཅུ་དྲུག་པོ་ནི་དེ་དག་རྣམས་ལས ་ཀྱང། ལྔ་པོ་མས་ལས་འབྱུང་བ་ཆེན་པོ་ལྔ་ཞེས་བཤད་དོ། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་བློ་ལ་བརྗོད་དོ། །བློ་ཡང་འདི་བུན་པའོ། །སྣམ་བུའོ་ཞེས་ཡུལ་ངེས་པའི་མཚན་ཉིད་ཅན་ནོ། །ང་རྒྱལ་ནི་བདག་ནི་སྐལ་པ་དང་ལྡན་པའོ། །བདག་ནི་ལྟ་ན ་སྡུག་པའོ་ཞེས་བྱ་བ་ལ་སོགས་པའི་མངོན་པའི་ང་རྒྱལ་གྱི་མཚན་ཉིད་ཅན་ཏེ། འདི་ལྟ་སྟེ། དཔེར་ན་བྱིས་པ་འགའ་ཞིག་གིས་གྲོང་གཞན་ན་སྟོན་མོ་ཡོད་དོ་ཞེས་ཐོས་ཏེ། དེར་བདག་འགྲོ་བར་བྱ་ན་ཅི་དེན་བུ་རམ་དང་ཞོ་ཡོད་དམ། འོན་ཏེ་ཞོ ་གཅིག་པུ་ཡོད་ཅེས་དེའི་ཀུན་ཏུ་རྟོག་པར་འགྱུར་བ་དེ་ལྟ་བུའི་རྟོག་པ་འཇུག་པ་ནི་ཡིད་ཅེས་བྱའོ། །དེ་ལྟ་བས་ན་བློ་དང། ང་རྒྱལ་དང། ཡིད་རྣམས་ཀྱི་ཕན་ཚུན་གྱི་ཁྱད་པར་ནི་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །ལྟག་མ་ནི་གོ་བར་སླའོ། །ཆེན་པོ་ལ ་སོགས་པ་འདི་དག་དང། གཙོ་བོ་དང། སྐྱེས་བུ་ཞེས་བྱ་བ་འདི་དག་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ཉི་ཤུ་ལྔ་ཞེ་ན། རལ་པའམ་མགོ་མགོ་ཟླུམ་ཅོད་པན་ཅན། །གནས་ནི་གང་དང་གར་གནས་ཀྱང། །གྲོལ་འགྱུར་འདི་ལ ་ཐེ་ཚོམ་མེད་ཅེས་བཤད་དོ། །ཇི་སྐད་དུ་བཤད་པའི་འབྲས་བུའི་ཁྱད་པར་གཙོ་བོ་ལས་བྱུང་བ་འདི་ནི་སངས་རྒྱས་ལ་སོགས་པས་འདོད་པ་བཞིན་དུ་འབྲས་བུའི་ཁྱད་པར་རྣམས་ནི་རྒྱུ་ལས་ཤིན་ཏུ་ཐ་པ་མ་ཡིན་ཏེ། འོན་ཀྱང་དེའི་ངོ ་བོ་ཉིད་ཡིན་ནོ། །གང་དག་ལ་དེའི་སྟེ་གཙོ་བོའི་ངོ་བོ་སྟེ་བདག་ཉིད་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡོན་ཏན་གསུམ་ལ་སོགས་པའི་ངོ་བོས་རང་བཞིན་གྱི་བདག་ཉིད་དུ་གྱུར་པ་ཅེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་འཇིག་རྟེན་ན་རྒྱུའི་བདག་ཉིད་དུ་གྱུར་པ་གང ་ཡིན་པ་དེའི་བདག་ཉིད་དུ་གྱུར་པའི་འབྲས་བུ་དམིགས་དཔེར་ན། སྣལ་མ་ནག་པོ་དག་ལས་བྱས་པའི་སྣམ་བུ་ནི་ནག་པོ་དང། །དཀར་པོ་ལས་བྱས་པ་ནི་དཀར་པོ་ཡིན་ནོ། །དེ་བཞིན་དུ་གཙོ་བོ་དང་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པ་དེ་ལྟར ་བློ་དང། ང་རྒྱལ་དང། དེ་ཙམ་དང། དབང་པོ་དང། འབྱུང་བའི་བདག་ཉིད་ཀྱི་གསལ་བ་ཡང་ཡོན་ཏན་གསུམ་ཡིན་པར་དམིགས་སོ། །དེའི་ཕྱིར་དེའི་ངོ་བོ་ཡིན་ནོ། །གཞན་ཡང་དབྱེ་བ་མེད་པ་ནི་འདི་ལྟར་འདི་དག་ནི་སྙིང་སྟོབས་ལ་སོགས་པ་ཡིན་ལ་འདི་དག་ནི་ཆེན ་པོ་ལ་སོགས་པ་གསལ་བ་ཡིན་ནོ་ཞེས་ལོགས་ཤིག་དུ་བྱ་བར་མི་ནུས་ཀྱི། འོན་ཀྱང་ཡོན་ཏན་གང་དག་ཡིན་པ་དེ་ནི་གསལ་བ་ཡིན་ལ། གསལ་བ་གང་ཡིན་པ་དེ་དག་ནི་ཡོན་ཏན་རྣམས་ཡིན་ནོ་ཞེས་བྱའོ། །གཞན་ཡང་གསལ་བ་དང་མི ་གསལ་བ་ཡ་ཉི་ག་ཡང་ཡུལ་ཡིན་ཏེ། ལོངས་སྤྱད་པར་བྱ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱི་ཡང་ཡིན་ཏེ། སྐྱེས་བུ་ཐམས་ཅད་ཀྱི་ལོངས་སྤྱོད་པར་བྱ་བ་ཡིན་པའི་ཕྱིར་གྱ་དང་འབངས་མོ་བཞིན་ནོ། །སེམས་མེད་པའི་བདག་ཉིད ་གང་ཡིན་ཏེ། བདེ་བ་དང། སྡུག་བསྔལ་བ་དང། རྨོངས་པ་ལམ་དུ་བྱ་བ་རིག་པར་བྱེད་པ་ཡིན་པའི་ཕྱིར། སྐྱེ་བའི་ཆོས་ཅན་ཡང་ཡིན་ཏེ། འདི་ལྟར་གཙོ་བོས་ནི་བློ་སྐྱེད་པར་བྱེད་དོ། །བློས་ཀྱང་ང་རྒྱལ་དང། ང་རྒྱལ་ལས་ཀྱང་དེ་ཙམ ་ལྔ་དང། དབང་པོ་བཅུ་གཅིག་གོ་།དེ་ཙམ་གྱིས་འབྱུང་བ་ཆེན་པོ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཡོན་ཏན་གསུམ་ལ་སོགས་པའི་ངོ་བོས་འབྲས་བུའི་ཁྱད་པར་འདི་དག་དེའི་ངོ་བོ་ཉིད་དུ་འཇུག་གོ་།ཇི་སྐད་དུ། ཡོན ་ཏན་གསུམ་དང་དབྱེ་བ་མེད་ཡུལ་དང། །སྤྱི་དང་སེམས་མེད་སྐྱེ་བའི་ཆོས་ཅན་ནི། །གསལ་བ་དང་ནི་དེ་བཞིན་གཙོ་བོ་སྟེ། དེ་བཞིན་དེ་ལས་བཟློག་པའི་སྐྱེས་བུའོ་ཞེས་བཤད་དོ། །གལ་ཏེ་འབྲས་བུའི ་ཁྱད་པར་དེའི་ངོ་བོ་མ་ཡིན་ནམ། དེའི་ཕྱིར་ཅི་ལྟར་བསྟན་བཅོས་སུ་གསལ་བ་དང་མི་གསལ་བ་མཚན་ཉིད་ཐ་དད་པར་བརྗོད། འདི་ལྟར་དབང་ཕྱུག་ནག་པོས། རྒྱུ་ལྡན་མི་རྟག་མི་ཁྱབ་པ། །བྱེད་བཅས་དུ་མ་བརྟེན་པ་རྟགས།། ་ཆ་ཤས་དང་བཅས་གཞན་དབང་གསལ། །བཟློགས་པ་དག་ནི་མི་གསལ་བའོ་ཞེས་བསྟན་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། གསལ་བ་ཉིད་ནི་རྒྱུ་དང་ལྡན་པ་ནི་བློའོ། །བློས་རྒྱུ་དང་ལྡན་པ་ནི་ང་རྒྱལ་ལོ། །ང་རྒྱལ་གྱིས་རྒྱུ་དང ་ལྡན་པ་ནི་དེ་ཙམ་ལྔ་དང་དབང་པོ་བཅུ་གཅིག་གོ་།དེ་ཙམ་གྱིས་ནི་འབྱུང་བ་རྣམས་སོ། །མི་གསལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་ནི་གང་ལས་ཀྱང་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་གསལ་བ་ན་མི་རྟག་པ་ཡིན་ཏེ། སྐྱེ་བའི་ཆོས ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་མི་གསལ་བ་ནི་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་མི་ལྡན་པའི་ཕྱིར་རོ། །ཇི་ལྟར་གཙོ་བོ་དང་སྐྱེས་བུ་དེ་དག་ནི་ལྷ་ཡུལ་དང། སོ་སྟེང་དང། བར་སྣང་ཐམས་ཅད་དུ་ཁྱབ་པ་ཉིད་ཀྱི་འཇུག་པ་དེ་བཞིན་དུ ་གསལ་བ་ནི་མི་འཇུག་སྟེ། འོན་ཀྱང་དེ་ནི་མ་ཁྱབ་པ་ཡིན་ནོ། །ཇི་ལྟར་འཁོར་བའི་ཚེ་བློ་དང། ང་རྒྱལ་དང། དབང་པོའི་མཚན་ཉིད་ཅན་བྱེད་པ་རྣམ་པ་བཅུ་གསུམ་དང་ལྡན་པ། ཕྲ་བའི་ལུས་ལ་བརྟེན་པའི་གསལ་བ་འཁོར་བ ་དེ་བཞིན་དུ་མི་གསལ་བ་ནི་མ་ཡིན་ཏེ། དེ་ནི་ཁྱབ་པ་ཉིད་ཀྱིས་བྱ་བ་དང་བཅས་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །བློ་དང་ང་རྒྱལ་ལ་སོགས་པའི་བྱེ་བྲག་གིས་གསལ་བ་རྣམ་དུ་མ་དམིགས་ལ། མི་གསལ་བ་ནི་མ་ཡིན་ཏེ། དེ་ནི་གཅིག་ཉིད་དུ་ཡོད ་བ་ན་འཇིག་རྟེན་གསུམ་གྱི་རྒྱུ་ཡིན་པའི་ཕྱིར། གསལ་བ་ནི་བརྟེན་བ་ཡང་ཡིན་ནོ། །གང་ཞིག་གང་ལས་སྐྱེ་བ་དེ་ནི་དེ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །མི་གསལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །གསལ་བ་ནི་འགྲོ་བ་ཡིན་ཏེ། ཁྱིམ་པར ་འགྱུར་པའི་ཕྱིར། །འདི་ལྟར་འཇིག་པའི་དུས་ན་འབྱུང་བ་རྣམས་ནི་དེ་ཙམ་ལ་ཐིམ་མོ། །དེ་ཙམ་ནི་དབང་པོ་ལྔ་ལའོ། །དབང་པོ་ནི་ང་རྒྱལ་ལའོ། །ང་རྒྱལ་ནི་བློ་ལའོ། །བློ་ནི་གཙོ་བོ་ལ་ཐིམ་སྟེ། མི་གསལ་བ་ནི་དེ་ལྟར་གང་ལ་ཡང་ཐིམ་པ་མ་ཡིན་ཏེ ་དེ་ལ་རྒྱུ་མེད་པའི་ཕྱིར་རོ། །གསལ་བ་ནི་ཆ་ཤས་དང་བཅས་པ་ཡང་ཡིན་ཏེ། སྒྲ་དང་རེག་དང་རོ་དང་གཟུགས་དང་དྲིའི་བདག་ཉིད་ཆ་ཤེས་རྣམས་དང་ལྡན་པའི་ཕྱིར་རོ། །མི་གསལ་བ་ནི་དེ་ལྟ་མ་ཡིན་ཏེ། གཙོ་བོའི་བདག་ཉིད་ལ་སྒྲ་ལ་སོགས་པ་རྣམས་ ་མི་དམིགས་པའི་ཕྱིར་རོ། །གཞན་ཡང་དཔེར་ན་ཕ་གསོན་པ་ན་བུ་ལ་རང་དབང་ཡོད་པ་མ་ཡིན་པ་དེ་བཞིན་དུ་གསལ་བ་ནི་རྣམ་པ་ཐམས་ཅད་ལས་རག་ལས་པའི་ཕྱིར་གཞན་དབང་ཡིན་ནོ། །མི་གསལ་བ་དེ་ལྟ་མ་ཡིན་ཏེ། དེ་ནི་རྟག་ཏུ་རྒྱུ་ལ་རག ་མ་ལས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ཐམས་ཅད་དོགས་པར་བྱས་ནས་ཡང་དག་དུ་ཞེས་བྱ་བ་སྨོས་སོ། །ཡང་དག་དུ་ཏེ། དོན་དམ་པར་དེའི་ངོ་བོ་ཉིད་ཡིན་གྱི། རང་བཞིན་དང་འགྱུར་པའི་བྱེ་བྲག་གིས་ནི་ཡོངས་སུ་གྱུར་པའི ་ཁྱད་པར་ལས་ཐ་དད་པ་ཇི་སྐད་དུ་བཤད་པ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡང་དག་ཏུ་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོན་ཏན་གསུམ་གྱི་ངོ་བོས་དེའི་ངོ་བོ་ཉིད་དུ་འཇུག་སྟེ། སྙིང་སྟོབས་དང། རྡུལ་དང། མུན་པ་ཕྲ་བ ་དང་རགས་པའི་ཁྱད་པར་ལས་ཆེན་པོ་ལ་སོགས་པའི་དབྱེ་བ་འཁོར་བ་སྣ་ཚོགས་པ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདིས་ནི་འབྲས་བུ་རྒྱུའི་བདག་ཉིད་དུ་ཡོད་དོ་ཞེས་དམ་བཅས་པ་ཡིན་ནོ། །དེ་ལ་ཇི་ལྟར་སྐྱེས་པ་ལས་སྔར་འབྲས ་བུ་ཡོད་དོ་ཞེས་རྟོགས་པར་བྱ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གིས་འབྲས་བུ་ཡོད་པ་ཉིད་བསྒྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་སྔ་སྨྲས་ཏེ། མེད་པ་མི་བྱེད་པའི་ཕྱིར་དང། རྒྱུ་ལེན་པའི་ཕྱིར་དང། ཐམས་ཅད ་མི་སྐྱེ་བའི་ཕྱིར་དང། ནུས་པ་ནི་ནུས་པ་བྱེད་པའི་ཕྱིར་དང། རྒྱུ་ཡོད་པའི་ཕྱིར་འབྲས་བུ་ཡོད་པ་ཡིན་ནོ། །དེ་ལ་གཏན་ཚིགས་དང་པོ་བསྒྲུབ་པའི་ཕྱིར་འདི་བརྗོད་དེ། གལ་ཏེ་རྒྱུའི་བདག་ཉིད་ལ། འབྲས་བུ་ནུས་པ་ཡོད་མིན་ན། ཞེས་བྱ་བ་ལ་སོགས་པ་ལ ་གལ་ཏེ་རྒྱུའི་བདག་ཉིད་ལ་སྐྱེས་པ་ལས་སྔར་འབྲས་བུ་ཡོད་པ་མ་ཡིན་པ་དེའི་ཚེ་ནམ་མཁའ་ཨི་པདྨ་བཞིན་དུ་དེ་སུས་ཀྱང་བྱེད་པར་མི་འགྱུར་རོ། །སྦྱོར་བ་ནི་གང་མེད་པ་དེ་ནི་གང་གིས་ཀྱང་བྱ་བ་མ་ཡིན་ཏེ། ནམ་མཁའ་ཨི་པདྨ་བཞིན་ནོ། །གཞན་གྱིས་ལུགས་ཀྱིས ་ཀྱང་འབྲས་བུ་ནི་སྐྱེས་པ་ལས་སྔར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འགལ་བ་དམིགས་པའི་ཐལ་བར་འགྱུར་པའོ། །དེ་ལྟ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཏིལ་ལ་སོགས་པས་ཏིལ་མར་ལ་སོགས་པའི་འབྲས་བུ་གང་ཞིག་བྱེད་དེ། དེའི་ཕྱིར་སྔར ་ཡང་ཡོད་དོ་ཞེས་བྱ་བར་གྲུབ་པོ། །ནུས་པས་ཞེས་བྱ་བ་ནི་ནུས་པའི་ངོ་བོ་ཡིན་གྱི། སེར་སྐྱ་པ་ཡང་གསལ་བའི་ངོ་བོས་ནི་སྔར་ཡོད་པར་མི་འདོད་པའི་ཕྱིར་རོ། །ངོ་བོ་མེད་པའི་ཕྱིར་ཞེས་བྱ་བ་ནི། རང་བཞིན་མེད་པའི་ཕྱིར་རོ། །གཏན་ཚིགས ་གཉིས་པ་བསྒྲུབ་པའི་དོན་དུ་མེད་པར་མཚུངས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གལ་ཏེ་འབྲས་བུ་མེད་པའི་དེའི་ཚེ་སྐྱེས་བུ་རྣམས་སོ་སོར་ངེས་པའི་རྒྱུ་ལེན་པར་མི་འགྱུར་ཏེ། འདི་ལྟར་ས་ལུའི་འབྲས་བུ་དོན་དུ་གཉེར་བ་རྣམས་ས་ལུའི་ས ་བོན་ཁོ་ན་ལེན་པར་བྱེད་ཀྱི། ཀོ་ཏྲ་པའི་ས་བོན་ནི་མ་ཡིན་ནོ། །དེ་བཞིན་དུ་བདག་སང་བྲམ་ཟེ་ལ་སྟོན་མོ་བྱའོ་སྙམ་ནས་ཞོ་དོན་དུ་གཉེར་བའམ་ཉིད་ལེན་གྱི་ཆུ་ནི་མ་ཡིན་ནོ། །དེ་ལ་ཇི་ལྟར་ས་ལུའི་ས་བོན་ལ་སོགས་པ་དག་ལས ་ལུ་ལ་སོགས་པ་མེད་པ་དེ་བཞིན་དུ་ཀོ་ཏྲ་བའི་ས་བོན་ལ་སོགས་པ་ལ་ཡང་མེད་པ་ཡིན་པས། དེས་ན་ཅིའི་ཕྱིར་ཐམས་ཅད་དུ་ས་ལུའི་འབྲས་བུ་ལ་སོགས་པ་མེད་པར་མཚུངས་ན་ཡང་སོ་སོར་ངེས་པ་ཉིད་ཀྱི་ས་ལུའི་ས་བོན་ལ་སོགས་པ་ལེན་གྱི་ཀོ་ཏྲ་པའི ་ས་བོན་ལ་སོགས་པ་ནི་མ་ཡིན། ས་ལུའི་འབྲས་བུ་གཉེར་བ་རྣམས་ཀྱིས་ཀོ་ཏྲ་པ་ལ་སོགས་པ་ཡང་ཅི་སྟེ་ལེན་པར་མི་བྱེད་དེ། ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་དེའི་འབྲས་བུས་སྟོང་པ་ཉིད་ཀྱིས་དེ་དག་དེས་ལེན?་པར་མི་བྱེད་པ་གལ་ཏེ་དེ་ལྟ་ཡིན ་ན། ས་ལུའི་ས་བོན་ཡང་ས་ལུའི་འབྲས་བུ་དོན་དུ་གཉེར་བས་ལེན་པར་མི་འགྱུར་ཏེ། ཀོ་ཏྲ་པའི་ས་བོན་བཞིན་དུ་དེའི་འབྲས་བུས་སྟོང་པའི་ཕྱིར་རོ། །དེ་ལྟ་ན་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་ལ་དེའི་འབྲས་བུ་ཡོད་དོ་ཞེས་རྟོགས་སོ། །གཏན་ཚིགས ་གསུམ་པ་བསྒྲུབ་པའི་ཕྱིར། འདི་ལ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་ཁྱོད་ཀྱི་ལུགས་ཀྱིས་འབྲས་བུ་མེད་པ་སྐྱེའི་ཞེས་བྱ་བ་ཡིན་ན་དེའི་ཚེ། རྩ་དང། རྡུལ་དང་བོད་པ་ལ་སོགས་པའི་དངོས་པོ་ཀུན་རྩ་ལས་གསེར་དངུལ ་ལ་སོགས་པའི་འབྲས་བུ་ཐམས་ཅད་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་དང་བྲལ་བར་ཐམས་ཅད་ལ་ཁྱབ་པར་མེད་པའི་ཕྱིར་རོ། །ཁྱོད་ཀྱི་ལུགས་ཀྱིས་བརྗོད་པར་འདོད་པའི་རྩ་ལ་སོགས་པའི་དངོས་པོའི་བདག་ཉིད་བྲལ་བར་སྐྱེ་བ་དང ་ལྡན་པའི་དངོས་པོ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔར་ནི་རྒྱུའི་སྒོ་ནས་ཐལ་བར་འགྱུར་པ་བརྗོད་ལ། དེ་ལྟ་ནི་འབྲས་བུའི་སྒོ་ནས་ཡིན་ནོ། །ཞེས་བྱ་བ་ནི་བྱེ་བྲག་གོ་།ཐམས་ཅད་ལ་ཐམས་ཅད་འབྱུང་བ་ཡང་མ་ཡིན་ཏེ། དེའི ་ཕྱིར་དེ་ཉིད་ལ་དེ་ཡོད་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་ངེས་པ་ཡིན་པར་རྟོགས་སོ། །འདི་སྙམ་དུ་སོ་སོར་ངེས་པའི་འབྲས་བུ་དག་ལ་རྒྱུ་རྣམས་ཀྱི་ནུས་པ་དེས་པ་ཡིན་ཏེ། དེས་ན་འབྲས་བུ་མེད་ན་ཡང་འབྲས་བུ་ཅུང་ཟད་ཅིག་བྱེད་ཀྱི། ་ནམ་མཁའ་ཨི་པདྨ་ལ་སོགས་པ་ནི་མ་ཡིན་ནོ། །ནུས་པ་གང་ཡིན་པའི་རྒྱུ་ཅུང་ཟད་ལེན་པར་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །འགའ་ཞིག་ཉིད་འགའ་ཞིག་ལས་སྐྱེའི་ཐམས་ཅད་ཐམས་ཅད་ལས་ནི་མ་ཡིན་ནོ། །སྙམ་དུ་སེམས་པའི ་རྩོད་པ་འདི་བསླང་ནས་ལན་གདབ་པའི་ཟོལ་གྱིས། གཏན་ཚིགས་བཞི་པ་བསྒྲུབ་པའི་ཕྱིར། འདིའི་ནུས་པ་ངས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་ཞེས་བྱ་བ་ནི་རྒྱུར་མངོན་པར་འདོད་པའི་དངོས་པོ་རྣམས་ཀྱིའོ། །དེ་མིན་ཞེས་བྱ་བ ་ནི་ཇི་སྐད་དུ་བཤད་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་པ་ལ་སོགས་པའི་ལེན་དེ་འདི་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་ནུས་པ་རྣམས་ཀྱང་འབྲས་བུ་བྱེད་པ་ན་བྱ་བར་ནུས་པ་ཉིད་བྱེད་ཀྱི་མི་ནུས་པ་ནི་མ་ཡིན་ནོ། །འོན་ཏེ་གང ་གིས་དེ་ཁྱེད་ཅག་འགེགས་པར་བྱེད་པ་མི་ནུས་པ་ཁོ་ན་བྱེད་དོ། །ཞེས་བྱ་བ་འདི་སུ་ཞིག་གིས་སྨྲས་སོ། འོན་ཀྱང་འབྲས་བུ་མེད་ཀྱང་བྱེད་དོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་དེ། དེ་ཡང་དེ་དག་གིས་བྱ་བར་མི་ནུས་པ་ནི་ཡིན་ནོ་ཞེ་ན། དེའི་ཕྱིར་ཁྱད་པར ་བྱར་མེད་གང་ཡིན་པ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་སེམས་ཏེ། ཁྱེད་ཀྱིས་འབྲས་བུ་མེད་པ་ཉིད་མཉམ་དུ་ཁས་བླངས་པ་ཉིད་ཀྱིས་བྱ་བར་མི་ནུས་པ་བྱེད་དོ་ཞེས་བསྟན་ཏོ། །འདི་ལྟར་གང་མེད་པ་དེ་ནི་ངོ་བོ་མེད་པ་རང་བཞིན ་མེད་པ་ཡིན་ལ། གང་ངོ་བོ་མེད་པ་དེ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་ཁྱད་པར་བསྒྲུབ་དུ་མེད་པ་ཡིན་ནོ། །གང་ཡང་ཁྱད་པར་བསྒྲུབ་དུ་མེད་པ་དེ་ནི་ནམ་མཁའ་བཞིན་དུ་མི་འགྱུར་བ་ཡིན་ནོ། །ཁྱད་པར་གྱི་རང་བཞིན་བསྒྲུབ་ཏུ་མེད་པ་ལྟ་བུ་དེ་ཇི ་ལྟར་འགའ་ཞིག་གིས་བྱ་བར་ནུས། ཅི་སྟེ་ཡང་དེ་ནི་ཡོད་པའི་གནས་སྐབས་ཐོབ་པའི་ཕྱིར། འགྱུར་བ་ཉིད་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། འགྱུར་ན་བདག་ཉིད་ཉམས་འགྱུར་ཕྱིར། ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་རྣམ་པར་འགྱུར་པར ་འདོད་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་རང་བཞིན་གྱིས་ངོ་བོ་མེད་པར་ཞེས་བྱ་བར་བརྗོད་པ་ཡིན་ཏེ། དེ་ཉམས་པར་འགྱུར་རོ། །མེད་པའི་རང་བཞིན་ཡོངས་སུ་མ་སྤངས་པ་ཡིན་ན་ཡོད་པའི་ངོ་བོ་ཐོབ་པར་རིགས་པ་མ་ཡིན་ལ་ཡོངས་སུ་གཏང་ན་ཡང་འོ་ན་ནི་མེད ་པ་ཉིད་མ་ཡིན་པ་ཡོད་པའི་ངོ་བོ་ཐོབ་པོ་ཞེས་བྱ་བ་འགྲུབ་པར་མི་འགྱུར་རོ། །ཡོད་པའི་ངོ་བོ་ནི་གཞན་ཡིན་ལ་མེད་པའི་ངོ་བོ་ཡང་གཞན་ཡིན་ཏེ། དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་གང་མེད་པ་དེ་བྱ་བར་ནུས་པ་མ་ཡིན ་ན། །དེ་ལྟ་བུར་གྱུར་པའི་དངོས་པོ་བྱེད་པ་ཉིད་ཁས་བླངས་པ་ཡིན་ན་ནི་རྒྱུ་རྣམས་མི་ནུས་པ་བྱེད་པ་ཉིད་ཁོ་ནར་ཁས་བླངས་པར་འགྱུར་རོ། །ནམ་མཁའ་ཨི་པདྨ་བཞིན་དུ་གང་གིས་ཀྱང་མི་ནུས་པ་བྱ་བ་ཡང་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ནུས་པ་སོ་སོར་ངེས ་པའི་ཕྱིར་རོ། །ཞེས་བྱ་བ་ནི་འདི་ནི་ལན་མ་ཡིན་ནོ། །གཏན་ཚིགས་ལྔ་པ་བསྒྲུབ་པའི་ཕྱིར། དེ་ལྟར་འབྲས་བུ་མི་རུང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་མ་ཐག་པའི་རིགས་པས་སམ། ཇི་སྐད་དུ་བཤད་པའི་གཏན་ཚིགས་གཞི ་གས་འབྲས་བུ་ཡོད་པར་སྨྲ་བ་ལ་རྣམ་པ་ཐམས་ཅད་དུ་འབྲས་བུ་མི་རུང་བའི་ཕྱིར་ཅི་ཞིག་བྱེད་པ་ན་ས་བོན་ལ་སོགས་པ་རྒྱུར་འགྱུར། དེའི་ཕྱིར་ས་བོན་ལ་སོགས་པ་ནི་རྒྱུ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་ནམ་མཁའ་ཨི་པདྨ་བཞིན་ནོ་ཞེས་དེ་སྐད་དུ ་བརྗོད་པར་ནུས་ན། དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་སྐྱེས་པ་ལས་སྔར་འབྲས་བུ་ཡོད་དོ་ཞེས་བཟློག་པར་གྲུབ་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་འབྲས་བུ་ཡོད་པ་ཞེས་བྱ་བར་གྲུབ་ན་ཡང་འབྲས་བུའི་ཁྱད་པར་འདི་དག་གཙོ་བོ་ཉིད་ལས་རབ་ཏུ་འབྱུང་བ ་ཞེས་བྱ་བ་འདི་ཇི་ལྟར་འགྲུབ་ཅེ་ན། གསལ་བ་འདི་ནི་བདེ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གཙོ་བོ་ཡོད་པ་ཉིད་དུ་སྒྲུབ་པ་ལ་ལྡན་པའི་སྦྱོར་བ་ལྔ་སྨྲས་ཏེ། ཇི་སྐད་དུ། ཁྱད་པར་ཚད་ཕྱིར་རྗེས་འགྲོའི་ཕྱིར། །ནུས་པའི་སྒོ་ནས་འཇུག ་པའི་ཕྱིར། །རྒྱུ་དང་འབྲས་བུ་དབྱེར་ཡོད་ཕྱིར། །རང་བཞིན་སྣ་ཚོགས་དབྱེར་མེད་ཕྱིར། །མི་གསལ་བ་ཡི་རྒྱུ་ཡོད་དོ། །ཞེས་བཤད་པ་ལྟ་བུའོ། །དོན་འདི་ཡིན་ཏེ། གཙོ་བོ་ནི་ཡོད་པ་ཡིན་ཏེ། ཁྱད་པར་རྣམས་ལ་ཚད་ཡོད་པའི ་ཕྱིར། འཇིག་རྟེན་འདི་ན་གང་ལ་བྱེད་པ་པོ་ཡོད་པ་དེ་ལ་ཚད་ཡོད་པར་མཐོང་སྟེ། དཔེར་ན་རྫ་མཁན་དང་ལྡན་པས་འཇིམ་གོང་ལས་བྲེ་ལྔ་ཤོང་བ་དང། བྲེ་དོ་ཤོང་བ་དང། བྲེ་བཅུ་ཤོང་བའི་ཚད་དང་ལྡན་པའི་བུམ་པ་བྱེད་པ་བཞིན་ནོ། །ཆེན་པོ ་ལ་སོགས་པའི་གསལ་བ་འདི་ཡང་བློ་གཅིག་དང། ང་རྒྱལ་གཅིག་དང། དེ་ཙམ་ལྔ་དང། དབང་པོ་བཅུ་གཅིག་དང། འབྱུང་ལྔ་ཞེས་བྱ་བའི་ཚད་དང་ལྡན་པར་མཐོང་ངོ། །དེའི་ཕྱིར་གང་ལས་ཚད་དང་ལྡན་པའི་བསལ་བ་སྐྱེ་བར་བྱེད་པའི ་གཙོ་བོ་ཡོད་པར་རྗེས་སུ་དཔག་པས་བསྒྲུབ་པར་བྱའོ། །གལ་ཏེ་ཡང་གཙོ་བོ་མེད་ན་གསལ་བ་འདི་ཚད་དང་མི་ལྡན་པར་འགྱུར་རོ། །འདི་ལས་ཀྱང་གཙོ་བོ་ཡོད་དེ། ཁྱད་པར་རྣམས་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་རོ། །གང་རིག་དང་ལྡན ་པར་དམིགས་པ་གང་ཡིན་པའི་ནི་དེའི་བདག་ཉིད་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། དཔེར་ན་བུམ་པ་དང་ཁམ་ཕོང་ལ་སོགས་པའི་ཁྱད་པར་འཇི་བའི་རིགས་དང་ལྡན་པ་དེ་དག་ནི་འཇི་བའི་བདག་ཉིད་ཀྱི་རྒྱུ་ལས་བྱུང་བ་བཞིན་ནོ། །གསལ ་བའི་ཁྱད་པར་འདི་ཡང་བདེ་བ་དང་སྡུག་བསྔལ་དང། རྨོངས་པ་ལ་སོགས་པའི་རིགས་དང་ལྡན་པར་དམིགས་སོ། །ག་ལས་ཤེ་ན། རབ་ཏུ་དང་བ་དང། གདུང་བ་དང། ཞུམ་པ་ལ་སོགས་པའི་འབྲས་བུ་དམིགས་པའི་ཕྱིར་རོ། །འདི་ལྟུང་སྙིང ་སྟོབས་ཀྱིས་འབྲས་བུ་ནི་རབ་ཏུ་དང་བ་དང། ཡང་བ་དང། ཞེན་པ་དང། འཕེལ་བ་དང། དགའ་བ་རྣམས་ཡིན་ནོ། །བདེ་བ་ཞེ་བྱ་བས་ཀྱང་སྙིང་སྟོབས་ཉིད་བརྗོད་དོ། །རྡུལ་གྱི་འབྲས་བུ་ནི་གདུང་བ་དང། སྐམ་པ་དང། ཐ་དད་པ་དང། རངས་པ ་དང། སྐྱོ་བ་རྣམས་ཡིན་ནོ། །རྡུལ་ཡང་སྡུག་བསྔལ་གྱི་སྒྲས་བརྗོད་དོ། །མུན་པའི་འབྲས་བུ་ནི་ཞུམ་པ་དང་སྒྲིབ་པ་དང། སྡོམ་པ་དང། རྣམ་པར་འཚེ་བ་དང། ལྕི་བ་རྣམས་ཡིན་ནོ། །མུན་པ་ཡང་རྨོངས་པའི་སྒྲས་བརྗོད་དོ། །ཆེན་པོ་ལ་སོགས་པ་དེ་དག་ཐམས ་ཅད་ཀྱི་འབྲས་བུ་རབ་ཏུ་དང་བ་དང། གདུང་བ་དང། ཡང་བ་ལ་སོགས་པ་དམིགས་སོ། དེ་ལྟ་བས་ན་འདི་ནི་བདེ་བ་དང། སྡུག་བསྔལ་དང། རྨོངས་པ་རྣམ་པ་གསུམ་པོ་རྣམས་ཀྱི་གནས་ལུགས་ཀྱི་ཁྱད་པར་ཡིན་ནོ། །ཞེས་ངེས་པར་བྱའོ། །དེས་ན་འདི་དག་ནི་རབ་ཏུ ་དང་པ་ལ་སོགས་པའི་འབྲས་བུ་ལས་བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དུ་གྲུབ་ཅིང། དེའི་རྗེས་སུ་འགྲོ་བ་ལས་ཀྱང་དེའི་བདག་ཉིད་ཀྱི་རང་བཞིན་ལས་བྱུང་བ་ཉིད་གྲུབ་པོ། །དེ་གྲུབ་པ་ཡང་ཤུགས་ཀྱིས་རང་བཞིན་གང་ཡིན་པ་དེ་ནི་གཙོ ་བོ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གཙོ་བོ་ཡོད་ན་ཐ་དད་པ་དག་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་རོ། །འདི་ལས་ཀྱང་གཙོ་བོ་ཡོད་པ་ཡིན་ཏེ། ནུས་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །ཞེས་བྱ་བ་འདི་ལས་ཀྱང་གཙོ་བོ་ཡོད་པ་ཡིན་ནོ། འཇིག་རྟེན ་འདི་ན་གང་ཞིག་དོན་གང་ལ་འཇུག་པ་དེ་ནི་དེ་ལ་ནུས་པ་ཡིན་ཏེ། དཔེར་ན་ཐག་པ་སྣམ་བུ་བྱེད་པ་ལ་འཇུག་པ་བཞིན་ནོ། །དེའི་ཕྱིར་གང་གིས་གསལ་བ་སྐྱེད་པར་བྱེད་པའི་གཙོ་བོ་ནུས་པ་ཡོད་དོ་ཞེས་བསྒྲུབ་པར་བྱའོ། །ནུས་པ་དེ་ཡང་རྟེན་མེད་པ་ཅན ་མ་ཡིན་ཏེ། དེའི་ཕྱིར་གང་ལ་ནུས་པ་འཇུག་པར་བྱེད་པའི་གཙོ་བོ་ཡོད་དོ། །འདི་ལས་ཀྱང་གཙོ་བོ་ཡོད་པ་ཡིན་ཏེ། རྒྱུ་དང་འབྲས་བུ་རྣམ་པར་དབྱེར་ཡོད་པའི་ཕྱིར་འཇིག་རྟེན་འདི་ན་རྒྱུ་དང་འབྲས་བུ་དག་གི་རྣམ་པར་དབྱེ་བ་མཐོང་སྟེ། འདི་ལྟ ་སྟེ། དཔེར་ན་འཇི་པའི་གོང་བུ་ནི་རྒྱུ་ཡིན་ལ། བུམ་པ་ནི་འབྲས་བུ་ཡིན་པའི་བཞིན་ནོ། །དེ་ཡང་འཇི་པའི་གོང་བུ་ལས་ཐ་དད་པའི་ངོ་བོ་ཡིན་ཏེ། འདི་ལྟར་བུམ་པ་ནི་སྦྲང་རྩི་དང། ཆུ་དང་འོ་མ་འཛིན་པར་ནུས་ཀྱི། འཇིམ་པའི་གོང་བུ་ནི་མ་ཡིན ་ནོ། །དེ་ལྟར་ན་ཆེན་པོ་ལ་སོགས་པའི་འབྲས་བུ་འདི་མཐོང་ནས་གང་ལས་ཆེན་པོ་ལ་སོགས་པའི་འབྲས་བུ་འདི་སྐྱེད་པར་བྱེད་པའི་རྒྱུ་གཙོ་བོ་ཡོད་དོ། །ཞེས་བསྒྲུབ་པོ། །འདི་ལས་ཀྱང་གཙོ་བོ་ཡོད་དེ། རང་བཞིན་སྣ་ཚོགས་དབྱེར ་མེད་པའི་ཕྱིར་རོ། །རང་བཞིན་སྣ་ཚོགས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལ་བརྗོད་དོ། །འདི་དག་ནི་འཇིག་པའི་དུས་ན་འགའ་ཞིག་ཏུ་དབྱེར་མེད་པར་འགྱུར་ཏེ། འདི་ལྟར་འབྱུང་བ་ལྔ་ནི་དེ་ཙམ་ལྔ་ལ་དབྱེར་མེད་པར་འགྱུར་རོ། །དེ་ཙམ་དང། དབང་པོ ་དག་ནི་ང་རྒྱལ་ལ། ང་རྒྱལ་ནི་བླའོ། །བློ་ནི་གཙོ་བོ་ལ་དབྱེར་མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟ་ན་འཇིག་པའི་དུས་སུ་འཇིག་རྟེན་གསུམ་དབྱེར་མེད་པར་འགྱུར་རོ། །དབྱེར་མེད་པ་ཞེས་བྱ་བ་ནི་རྣམ་པར་དབྱེ་བར་མི་ནུས་པའོ། །དེ་ལྟ་བས་ན་གང་དུ ་ཆེན་པོ་ལ་སོགས་པ་ཞུམ་པར་དབྱེར་མེད་པར་འགྲོ་བའི་གཙོ་བོ་ཡོད་པ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལྟ་བས་ན་འདིར་སློབ་དཔོན་གྱིས་རྗེས་སུ་འགྲོ་བའི་ཕྱིར་ཞེས་ལྷག་མ་རྣམས་ཉེ་བར་མཚོན་པའི་དོན་དུ་གཏན་ཚིགས་ཁོ་ན་བསྟན་ཏོ། །དེ་ལ་བདེ ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་སྡུག་བསྔལ་དང་རྨོངས་པ་གཉིས་གཟུང་ངོ། །གསལ་བ་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པ་འབྱུང་བའི་མཐར་ཐུག་པའོ། །གསལ་བར་སྣང་ཞེས་བྱ་བ་ནི་གསལ་བར་དམིགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར ་ཞེ་ན། རབ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་རར་དང་སྦྱར་བར་བྱའོ། །འདི་ནི་ཁོ་བོ་ཅག་གིས་དང་པོ་ཉིད་དུ་བཤད་ཟིན་ཏོ། །དེ་ལྟར་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གྲུབ་པར་བསྟན་ནས། ཚད་མ་དགོས ་པའི་ཕྱིར། དེ་བས་དེ་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རིགས་རྗེས་འགྲོ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། ཡོན་ཏན་གསུམ་གྱིས་མཚན་ཉིད་དེ་ཉིད་ཀྱི་རིག་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེའི ་དངོས་པོ་ལས་བྱུང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་དངོས་པོའི་རྒྱུ་གང་པ་ཡིན་པ་དེ་ལས་བྱུང་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་བསྒྲུབ་བྱ་བསྟན་ཏོ། །བུམ་སོགས་བྱེ་བྲག་བཞིན་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་ཁྱད་པར་བཞིན་ནོ། །དེའི་རང་བཞིན་གྱི་རྒྱུ ་གང་ཡིན་པ་དེ་ནི་གཙོ་བོ་ཡིན་ནོ་ཞེས་སེར་སྐྱ་བ་སྟེ། གྲངས་ཅན་རྣམས་སྨྲ་བར་བྱེད་དོ། །དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པ་ལན་འདེབས་པར་བྱེད་པ་ཡིན་ནོ། །དེ་ལ་རེ་ཞིག་གཙོ་བོ་ཁོ་ན་ལས་འབྲས་བུའི་ཁྱད་པར་འདི་དག་དེའི་ངོ་བོར་རབ་ཏུ ་འབྱུང་ངོ་ཞེས་གང་སྨྲས་པ་དེ་ལ་འདི་དཔྱད་པར་བྱ་སྟེ། གལ་ཏེ་འབྲས་བུའི་ཁྱད་པར་འདི་དག་གཙོ་བོའི་རང་བཞིན་ཁོ་ན་ཡིན་ན། དེའི་ཕྱིར་ཇི་ལྟར་འདི་དག་ལས་འབྲས་བུ་ཉིད་འཇུག་པར་འགྱུར། གང་ཞིག་གང་ལས་ཐ་མི་དད་པ་དེ་ནི་དེའི་འབྲས་བུ ་འམ། རྒྱུ་ཉིད་དུ་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ནི་མཚན་ཉིད་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་ནི་འབྲས་བུའོ། །འདི་ནི་རྒྱུའོ་ཞེས་བྱ་བའི་མ་འདྲེས་པའི་རྣམ་པར་བཞག་པ་བྱས་པ་གང་ཡིན་པར་ཇི་ལྟར་འགྱུར། དེའི་ཕྱིར། ཁྱེད་ཅག ་གིས་རྩ་བའི་རང་བཞིན་ནི་རྒྱུ་ཁོ་ན་ཡིན་ལ། འབྱུང་བ་དང་དབང་པོའི་མཚན་ཉིད་ཀྱི་ཚོགས་བཅུ་དྲུག་ནི་འབྲས་བུ་ཁོ་ན་ཡིན་ཞིང། བློ་དང་ང་རྒྱལ་དང། དེ་ཙམ་རྣམས་ནི་སྔ་མ་དང་ཕྱི་མ་ལ་བལྟོས་ན་རྒྱུ་ཡང་ཡིན་ལ་འབྲས་བུ་ཡིན་ནོ་ཞེས་རྣམ་པར་བཞག ་པ་བྱས་པ་གང་ཡིན་པ་དེར་མི་འགྱུར་རོ། །ཇི་སྐད་དུ། རྩ་བའི་རང་བཞིན་འགྱུར་པ་མིན། ཆེན་པོ་སོགས་བདུན་རང་བཞིན་འགྱུར། །བཅུ་པོ་རྣམས་འགྱུར་པ་སྟེ། །སྐྱེས་བུ་རང་བཞིན་འབྱུང་བ་མིན། །ཞེས་བཤད་པ་ལྟ་བུའོ། །ཕན་ཚུན་ཐ་དད ་པ་མ་ཡིན་པའི་ཕྱིར་ཐམས་ཅད་རྒྱུ་འམ་འབྲས་བུ་ཉིད་དུ་ཐལ་བར་འགྱུར་པ་ལས། ཡང་རྒྱུ་དང་འབྲས་བུའི་དངོས་པོ་ནི་བལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་དང། བལྟོས་པར་བྱ་བ་ངོ་བོ་བཞིན་ཡང་མི་སྲིད་པའི་ཕྱིར། སྐྱེས་བུ་བཞིན་དུ་ཐམས ་ཅད་རང་བཞིན་ཡང་མ་ཡིན་ལ་འགྱུར་བ་ཡང་མ་ཡིན་པར་འགྱུར་རོ། །གཞན་དུ་ན་སྐྱེས་བུ་ཡང་རང་བཞིན་དང་འགྱུར་བའི་ཐ་སྙད་དུ་བྱ་བར་འགྱུར་རོ། །ཞོ་གང་ཡིན་པ་དེ་འོ་མ། འོ་མ་གང་ཡིན་ཏེ་ཞོ་ཞེས། དྲག་པོ་ལེན་གྱིས་བསྟན ་པ་སྟེ། དེ་བཞིན་འབིགས་བྱེད་གནས་པའང་འཆང། །ཅེས་བཤད་དོ། །ཡང་རྒྱུ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ནི་གསལ་བ་ཡིན་ལ། བཟློག་པ་ནི་མི་གསལ་བ་ཡིན་ནོ་ཞེས་གང་ཡིན་བརྗོད་པ་དེ་ཡང་བྱིས་པའི་ཚིགས་ཉིད་ཡིན ་ཏེ་གང་ཞིག་གང་ལས་རང་བཞིན་ཐ་མི་དད་པ་དེ་ནི་དེ་ལས་བཟློག་པར་མི་རིགས་ཏེ། བཟློག་པའི་མཚན་ཉིད་ནི་ངོ་བོ་གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐ་དད་པའི་ཐ་སྙད་ཆད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་རྡུལ་དང། མུན་པ་དང། སྙིང ་སྟོབས་རྣམས་དང། སེམས་ཅན་རྣམས་ཕན་ཚུན་ཐ་དད་པར་ཁས་བླངས་བ་རྒྱུ་མཚན་མེད་པ་ཁོ་ནར་འགྱུར་བ་དང། སྣ་ཚོགས་པ་ཐམས་ཅད་ངོ་བོ་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་ལྷན་ཅིག་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་རོ། །ཐ་མི་དད་པར་རྣམ ་པར་བཞག་པའི་མཚན་ཉིད་ནི་གྲུབ་པ་དང་བདེ་བ་གཅིག་པ་ཡིན་པའི་ཕྱིར། དེ་ལྟ་བས་ན་གསལ་བའི་ངོ་བོ་དང་ཐ་མི་དད་པའི་ཕྱིར་མི་གསལ་བ་ཡང་གསལ་བའི་ངོ་བོ་བཞིན་དུ་རྒྱུ་དང་ལྡན་པ་ལ་སོགས་པའི་ཆོས་དང་ལྡན་པར་འགྱུར་བ་དང། ་གསལ་བ་ཡང་མི་གསལ་བའི་ངོ་བོ་དང་ཐ་མི་དད་པའི་ཕྱིར་རྒྱུ་དང་མི་ལྡན་པ་ལ་སོགས་པའི་ཆོས་དང་ལྡན་པར་འགྱུར་རོ། །དེ་ནི་རང་གི་ངོ་བོ་བཞིན་དུ་ངེས་པ་ཉིད་ཡིན་ཏེ། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང་འཇིག་རྟེན་ན་རྗེས་སུ ་འགྲོ་བ་དང་ལྡོག་པ་ངེས་པ་རྟོགས་ན་རྒྱུ་དང་འབྲས་བུའི་དངོས་པོར་འགྲུབ་གྱི། གང་གིས་གཙོ་བོ་ལས་ཆེན་པོ་དང། ཆེན་པོ་ལས་ང་རྒྱལ་ཞེས་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་བ་གཙོ་བོ་ལ་སོགས་པ་ལས་ཆེན་པོ་ལ་སོགས་པ་སྐྱེ་བར ་ངེས་པ་ལ་རྗེས་སུ་འགྲོ་བ་དང། ལྡོག་པ་རྟོགས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཙོ་བོ་ལ་སོགས་པ་ལས་ཆེན་པོ་ལ་སོགས་པ་སྐྱེས་པའི་ཐ་སྙད་འདི་ནི་རྒྱུ་མཚན་མེད་པ་ཁོ་ནའོ། །གང་གིས་གཙོ་བོ་ལས་འབྲས་བུའི་ཁྱད་པར་བསྐྱེད་པ་ཉིད་དུ ་འགྲུབ་པར་འགྱུར་བ་རྟག་པ་ལ་ནི་རྒྱུ་ཡི་དངོས་པོ་ཡོད་པ་མ་ཡིན་ཏེ། རྟག་པ་ནི་རིམ་པ་དང་རིམ་པ་མ་ཡིན་པ་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །འདི་སྙམ་དུ་གང་གིས་ངོ་བོ་ཐ་དད་མེད་པ་ན་དེ་འགལ་བར་འགྱུར་བ་ཁོ་བོ་ཅག་ནི་སྔ་ན ་མེད་པའི་རང་བཞིན་སྐྱེ་བས་རྒྱུ་དང་འབྲས་བུའི་དངོས་པོ་མི་འདོད་དེ། གང་གི་ཕྱིར་གཙོ་བོ་སྤྲུལ་འཁྱིལ་བ་བ?་ལ་སོགས་པ་བཞིན་དུ་ཆེན་པོ་ལ་སོགས་པའི་ངོ་བོར་ཡོངས་སུ་འགྱུར་བར་འགྲོ་བས་ཆེན་པོ་ལ་སོགས་པ་དེ་དག་གི་རྒྱུ་ཡིན་ནོ། །ཞེས ་བྱ་བ་བསྟན་ལ། ཆེན་པོ་ལ་སོགས་པ་དེ་དག་ཀྱང་གཙོ་བོ་ཡོངས་སུ་གྱུར་པའི་ངོ་བོ་ཡིན་པའི་ཕྱིར་དེའི་འབྲས་བུ་ཉིད་དུ་བསྟན་ཏོ། །ཡོངས་སུ་འགྱུར་བ་ཡང་དངོས་པོ་གཅིག་ལ་གནས་པའི་ཕྱིར་ཐ་མི་དད་ཀྱང་འགལ་བ་མེད་དོ་སྙམ་དུ་སེམས ་ན་།དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཡོངས་སུ་འགྱུར་བ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་ཡོངས་སུ་འགྱུར་བ་ན་སྔ་མའི་ངོ་བོ་ཡོངས་སུ་དོར་ནས་སམ། ཡོངས་སུ་མ་དོར་བར་ཡིན་གྲང་གལ་ཏེ་མ་དོར་བར་ཡིན་ན་དེའི་ཚེ་གནས་སྐབས་འཚོལ ་བར་འགྱུར་ཏེ། རྒན་པོ་ཉིད་ལ་སོགས་པའི་གནས་སྐབས་ན་ཡང་ལང་ཚོ་ཉིད་ལ་སོགས་པའི་གནས་སྐབས་རྣམས་དམིགས་པར་ཐལ་བར་ཕྱིར་རོ། །འོན་ཏེ་ཡོངས་སུ་དོར་ནས་ཡིན་ན་དེའི་ཚེ་རང་གི་ངོ་བོ་ལས་ཉམས་པར་ཐལ་བར་འགྱུར་རོ།། ་དེའི་ཕྱིར་རང་བཞིན་སྔ་མ་འགག་ཅིང། སྔན་མེད་པའི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར། ཡོངས་སུ་འགྱུར་བ་འགའ་ཡང་མི་འགྲུབ་བོ། །གཞན་ཡང་ཡོངས་སུ་འགྱུར་བའི་མཚན་ཉིད་ནི་དེ་ཉིད་གཞན་དུ་འགྱུར་བར་བརྗོད་ལ། གཞན་དུ ་འགྱུར་བ་དེ་ཡང་ཕྱོགས་གཅིག་གིས་སམ། བདག་ཉིད་ཐམས་ཅད་ཀྱིས་འགྱུར་བ་ཡིན་གྲང། དེ་ཞིག་ཕྱོགས་གཅིག་གིས་ནི་མ་ཡིན་ཏེ། གཅིག་ལ་ཕྱོགས་གཅིག་མི་སྲིད་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཀྱང་མ ་ཡིན་ཏེ། དོན་གཞན་སྐྱེ་བ་ན་སྔ་མ་འཇིག་པར་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཉིད་གཞན་དུ་འགྱུར་བར་རིགས་པ་མ་ཡིན་ཏེ། དེའི་རྒྱུ་མཚན་ནི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་ཆོས་ཅན་རྣམ་པར་གནས་པ་ལ་ཆོས ་གཞན་ལོག་པས་ཆོས་གཞན་སྐྱེ་བ་ནི་ཡོངས་སུ་འགྱུར་བར་བརྗོད་ཀྱི། རང་བཞིན་གཞན་དུ་འགྱུར་བ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་ན། འདི་ནི་ཡང་དག་པ་མ་ཡིན་ཏེ། །འདི་ལྟར་འཇུག་པ་དང་ལྡོག་པའི་ཆོས་དེ་ཆོས་ཅན་ལས་དོན ་གཞན་དུ་གྱུར་པ་ཞིག་གམ། དོན་དུ་གཞན་དུ་མ་གྱུར་པ་ཞིག་ཡིན་གལ་ཏེ་དོན་གཞན་དུ་གྱུར་པ་ཡིན་ན་དེའི་ཚེ། ཆོས་ཅན་གྱི་གནས་སྐབས་དེ་ཉིད་ཡིན་པའི་ཕྱིར་ཇི་ལྟར་འདི་ཡོངས་སུ་འགྱུར་བ་ཞེས་བྱ། དོན་གཞན་དུ་གྱུར་པའི ་སྣམ་བུ་དང་རྟ་དག་སྐྱེ་བ་དང་འཇིག་པ་ན་གཡོ་བ་མེད་པའི་བདག་ཉིད་ཀྱི་རང་གི་ངོ་བོའི་བུམ་པ་ལ་སོགས་པ་ཡོངས་སུ་འགྱུར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་སྐྱེས་བུ་ཡང་ཡོངས་སུ་འགྱུར་བར་འགྱུར།། ་གལ་ཏེ་དེ་དང་འབྲེལ་པའི་ཆོས་གཉིས་སྐྱེ་བ་དང་འཇིག་པས་དེ་ཡོངས་སུ་འགྱུར་བར་བཞག་གི་གཞན་ནི་མ་ཡིན་ཞེ་ན། མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ལ་འབྲེལ་བ་མེད་ན་དེ་དང་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་འབྲེལ་པར་འགྱུར་ན ་ཡོད་པ་ལ་འམ། མེད་པ་ལ་ཡིན་གྲང། རེ་ཞིག་ཡོད་པ་ལ་ནི་མ་ཡིན་ཏེ། དེ་ནི་རང་བཞིན་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པས་བལྟོས་པ་མེད་པ་ཉིད་ཀྱིས་འགའ་ལ་ཡང་རག་ལས་པར་མི་འཐད་པའི་ཕྱིར་རོ། །མེད་པ་ལ་ཡང་མ ་ཡིན་ཏེ། དེ་ནི་ཉེ་བར་བརྗོད་པའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ཡིན་པ་ཉིད་ཀྱིས་འགའ་ལ་ཡང་བརྟེན་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །གང་གི་ཕྱིར་རི་བོང་གི་རྭ་ལ་སོགས་པ་རྣམས་ནི་འགའ་ལ་ཡང་བརྟེན་པར་མི་རིགས། །ཆོས་གཞན་ཐ ་དད་པ་སྐྱེ་བ་དང་འཇིག་པ་ན་ཁྱེད་ཅག་གིས་ཡོངས་སུ་འགྱུར་བར་རྣམ་པར་འཇོག་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ལ་གནས་སྐབས་ཐ་དད་ཀྱང་བདག་ཉིད་གྱུར་པའི་རང་བཞིན་ཅིག་རྗེས་སུ་འཇུག་པ་ན་དེ་ལ་ཁྱེད་ཅག་གིས་ཡོངས་སུ་འགྱུར་བར ་རྣམ་པར་བཞག་ལ། ཆོས་ཅན་ལས་ཆོས་དག་ཐ་དད་པ་ན་རང་བཞིན་གཅིག་རྗེས་སུ་འཇུག་པ་ཡོད་པ་ཡང་མ་ཡིན་ནོ། །དེ་དག་གི་གཅིག་གི་བདག་ཉིད་ནི་ཆོས་ཅན་ཉིད་ཡིན་ལ། ཆོས་ལས་དེ་ཡང་ཐ་དད་པའི་ཕྱིར། རང་བཞིན་གཅིག་གི་བདག་ཉིད ་གྱུར་པ་རྗེས་སུ་འཇུག་པ་ཡིན་ནོ། །འཇུག་པ་དང། ལྡོག་པའི་ཆོས་གཉིས་ལས་ཐ་དད་པའི་ཆོས་ཅན་དམིགས་པའི་མཚན་ཉིད་དུ་གྱུར་པ་མཐོང་བའི་ལམ་དུ་འཇུག་པ་ནི་འགའ་ཡང་མེད་པའི་ཕྱིར་དེ་འདྲ་བ་ནི་མཁས་པ་རྣམས་ཀྱི་མེད་པའི་ཐ་སྙད ་ཀྱི་ཡུལ་ཉིད་ཡིན་ནོ། །ཅི་སྟེ་དོན་གཞན་དུ་མ་གྱུར་པའི་ཕྱོགས་ཡིན་པ་དེ་ལྟར་ཡང་ཆོས་ཅན་ནམ་ཆོས་སུ་འགྱུར་བ་ཡིན་ཆོས་གཉིས་ཆོས་ཅན་གྱི་གནས་སྐབས་ཅན་ལས་ཐ་མི་དད་པའི་ཕྱིར་གནས་སྐབས་ཅན་གྱི་རང་གི་ངོ་བོ་བཞིན་དུ་ལྡོག ་པ་ཡང་མེད། སྐྱེ་བ་ཡང་མེད་དོ། །ཆོས་གཉིས་ལས་ཆོས་ཅན་མ་ཡིན་པའི་ཕྱིར་ཆོས་ཀྱི་རང་གི་ངོ་བོ་བཞིན་དུ་སྔ་ན་མེད་པ་སྐྱེ་ཞིང་སྔ་མ་འཇིག་པ་ཡིན་པའི་ཕྱིར་གཅིག་འགའ་ཡང་ཡོངས་སུ་འགྱུར་བར་མི་འགྲུབ་པོ། །དེའི་ཕྱིར་ཡོངས་སུ་འགྱུར ་པའི་དབང་གིས་ཀྱང་ཁྱེད་ཅག་གི་རྒྱུ་དང་འབྲས་བུའི་ཐ་སྙད་རིགས་པ་མ་ཡིན་ནོ། །སྐྱོན་འདི་ནི་གསལ་བ་ཉིད་ཡིན་པའི་ཕྱིར་དེ་ཡལ་བར་དོར་ནས་འབྲས་བུ་མེད་པར་སྨྲ་བའི་སྐྱོན་གཞན་གྱིས་སྨྲས་པ། གང་ཡིན་པ་འདི་དེ་ལ་ཡང་ཕྱིས ་འཆད་པར་འགྱུར་རོ་སྙམ་དུ་བསམས་ནས་སྐྱོན་མཚུངས་པར་བསྟན་པའི་ཟོལ་གྱིས། རེ་ཞིག་འབྲས་བུ་ཡོད་པར་སྨྲ་བ་ཉིད་སུན་འབྱིན་པར་བྱེད་པ་ནི། དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །བློ་བཟང་རྣམས་ཞེས་བྱ་བ་ནི ་བདེ་བར་གཤེགས་པའོ། །དེ་དག་གིས་སྨྲས་པའི་མེད་པ། མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྩོད་པ་ལྔ་བྱས་པ་གང་ཡིན་པ་དེ་ནི་ཡོད་པ་ལ་ཡང་སྟེ། འབྲས་བུ་ཡོད་པར་སྨྲ་པའི་ཕྱོགས་ལ་ཡང་མཚུངས་པ་ཡིན་ཏེ། འདི་ལྟར ་འདི་ལ་འདི་སྐད་དུ་བརྗོད་པར་ནུས་ཏེ། ཡོད་པ་མི་བྱེད་པའི་ཕྱིར་དང། རྒྱུ་ལེན་པའི་ཕྱིར་དང། ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་དང། ནུས་པས་ནི་ནུས་པ་བྱེད་པའི་ཕྱིར་དང། རྒྱུ་ཡོད་པའི་ཕྱིར་འབྲས་བུ་ཡོད་པ་ཞེས་བྱ་བ་ལ། གོང་ན་ཡོད་པའི་འབྲས ་བུ་ཡོད་པ་མ་ཡིན་ནོ། །ཞེས་བར་དུ་ཆོད་པ་དང་འབྲེལ་ཏོ། ཅིའི་ཕྱིར་ཞེ་ན། ཡོད་པ་མི་བྱེད་པའི་ཕྱིར་དང། རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་གཉི་གའི་སྐྱོན་གང་ཡིན་པ་དེ་གཅིག་ལ་ཀླན་ཀར་རིགས་པ་མ་ཡིན་ནོ་སྙམ་དུ ་བསམས་པ་ཡིན་ནོ། །འོན་ཏེ་འདིར་མེད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལྟ་བུའི་རྩོད་པ་ཡིན་ལ། གཞན་དུ་ཡོད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུའི་རྩོད་པ་འདི་མ་ཡིན་ནམ། ཇི་ལྟར་འདི་མཚུངས་པར་འགྱུར་ཞེ་ན། མ་ཡིན་ཏེ། བསམ་པ ་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །མི་བྱེད་པ་དང། ངེས་པའི་རྒྱུ་ལེན་པ་ལ་སོགས་པ་ཙམ་བརྗོད་པར་འདོད་ནས་འདི་བརྗོད་ལ། འབྲས་བུ་ཡོད་པར་སྨྲ་བ་ལ་ཡང་མི་བྱེད་པ་ལ་སོགས་པ་མཚུངས་པའི་ཕྱིར། འབྲས་བུ་ཡོད་པར་སྨྲ་བ་ཁྱེད་ཅག ་གི་རྩོད་པའི་ལན་གང་ཡིན་པ་དེ་ནི་འབྲས་བུ་མེད་པར་སྨྲ་བ་བློ་བཟང་སྟེ། སངས་རྒྱས་པ་རྣམས་ཀྱི་ཡང་ཡིན་པར་འགྱུར་རོ། །འདི་ཇི་ལྟར་མཚུངས་ཤེ་ན། གལ་ཏེ་ཞོ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡོད་པ་མི་བྱེད་པའི་ཕྱིར ་ཞེས་བྱ་བ་འདི་བསྒྲུབ་པའི་དོན་དུའོ། །གལ་ཏེ་འོ་མ་ལ་སོགས་པའི་བདག་ཉིད་ལ་སྟེ། འོ་མ་ལ་སོགས་པའི་རྣམས་ཀྱི་རང་བཞིན་ལ། ཞོ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུ་རྣམས་རྣམ་ཀུན་ཏེ། རོ་དང་ནུས་པ་དང་རྣམ་པར་སྨིན་པ་ལ་སོགས་པ ་བདག་ཉིད་ཐམས་ཅད་ཀྱི་ཁྱད་པར་གྱི་དབྱེ་བའི་ངོ་བོས་ཞོ་ལ་སོགས་པའི་གནས་སྐབས་བཞིན་དུ་ཡོད་པ་དེའི་ཚེ་དེ་དག་འོ་མ་ལ་སོགས་པའི་རྒྱུས་བསྐྱེད་པར་བྱ་བའི་ངོ་བོ་ཅི་ཞིག་ཡོད། རྒྱུ་ལ་སོགས་དང་འདྲ་བདག་ཉིད་ཅེས་བྱ་བ་ལ། རྒྱུ་ལ་སོགས ་པ་དང་འདྲ་བའི་བདག་ཉིད་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྒྱུ་ནི་རང་བཞིན་ནོ། །སོགས་པའི་སྒྲས་ནི་སེམས་པ་ཅན་དང། དེ་དག་གི་སྒྲ་ནི་ཞོ་ལ་སོགས་པའི་གནས་སྐབས་ཡང་བསྐྱེད་པར་བྱ་བ་མ་ཡིན་པར་གྲུབ་པའི་ངོ་བོ་གཟུང ་ངོ། །འདིས་ནི་རྒྱུ་དང་འབྲས་བུ་མེད་པར་ཐལ་བ་སྒྲུབ་པའི་ཚད་མ་གཉིས་བསྟན་ཏོ། །དེ་ནི་ཚད་མ་གསལ་བར་བསྟན་པའི་ཕྱིར། འབྲས་དེ་ཡོད་ཕྱིར་རྒྱུ་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་དེ་ཞེས་བྱ་བ་ནི་ཆེན་པོ་ལ་སོགས ་པ་དང། འཇིག་རྟེན་ནི་གྲགས་པ་ཞོ་ལ་སོགས་པའོ། །ཡོད་ཕྱིར་ཞེས་བྱ་བ་ནི་ཡོད་པའི་ཕྱིར་རོ། །རྒྱུ་རིག་བཞིན་ཞེས་བྱ་བ་ལ། རྒྱུ་ནི་གཙོ་བོ་དང། འཇིག་རྟེན་ན་གྲགས་པ་ནི་འོ་མ་ལ་སོགས་པའོ། །རིག་པ་ནི་སེམས་པ་ཅན་ནོ། །དེ་དག ་དང་མཚུངས་པར་འཇུག་པའི་ཕྱིར་རྒྱུ་རིག་བཞིན་ནོ། །སྦྱོར་བ་ནི་གང་ཞིག་རྣམ་པ་ཐམས་ཅད་ཀྱིས་ཡོད་པ་དེ་ནི་སུ་ཞིག་གིས་ཀྱང་བསྐྱེད་པར་བྱ་བ་མ་ཡིན་ཏེ། དཔེར་ན་རང་བཞིན་ནམ་སེམས་ཅན་བཞིན་ནོ། །གཞན་གྱིས་འདོད་པས་འོ ་མ་ལ་སོགས་པ་གནས་སྐབས་སུ་ཡང་ཞོ་ལ་སོགས་པའི་འབྲས་བུ་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ། །གཏན་ཚིགས་མ་དེས་པ་ཡང་མ ་ཡིན་ཏེ། ཁྱད་པར་བསྐྱེད་པར་བྱ་བ་མ་ཡིན་པ་ཡང་བསྐྱེད་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་བ་དང། ཐུག་པ་མེད་པར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མ་སྟེ། བསྐྱེད་ཟིན་པ་ཡང་བསྐྱེད་པར་བྱ་བ་ཉིད་དུ ་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟར་ན་རེ་ཤིག་འབྲས་བུ་ཉིད་དུ་མངོན་པར་འདོད་པ་རྣམས་འབྲས་བུ་མ་ཡིན་པར་ཐལ་བར་འགྱུར་བ་བསྒྲུབས་ནས། དེ་ནི་རྒྱུར་མངོན་པར་འདོད་པ་རྣམས་རྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བར་བསྒྲུབས ་པར་བྱ་བའི་དོན་དུ། དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མངོན་པར་འདོད་པའི་དངོས་པོ་ཞེས་བྱ་བ་ནི་ལྷག་མའོ། །དེས་ན་དོན་ནི་འདི་ཡིན་ཏེ། །རྩ་བའི་རང་བཞིན་ལ་སོགས་པ་དང། ས་བོན་དང་འོ་མ་ལ་སོགས་པ ་མངོན་པར་འདོད་པའི་དངོས་པོ་རྣམས་ནི་བརྗོད་པར་འདོད་པའི་ཆེན་པོ་ལ་སོགས་པ་དང་ཞོ་ལ་སོགས་པའི་རྒྱུ་མ་ཡིན་ཏེ། སྐྱེད་པར་བྱེད་པའི་རྒྱུའི་ཐ་སྙད་དུ་རུང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ ་མེད་པའི་ཕྱིར་རོ། །འདི་ལ་སྒྲུབ་བྱ་ཡོད་པ་མ་ཡིན་པའི་ཕྱིར་བསྒྲུབ་བྱ་མེད་པའོ། །དེའི་ངོ་བོ་ནི་བསྒྲུབ་བྱ་མེད་པ་ཉིད་དོ། །འདི་ཡང་དེ་མ་ཐག་ཏུ་བརྗོད་པའི་འབྲས་བུ་ཉིད་བཀག་པ་ལས་གྲུབ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ཕྱིར་ཞེས་སྨོས་སོ།། ་གཞན་དག་བཞིན་ཞེས་བྱ་བ་ནི། གཞན་གྱི་རང་བཞིན་བཞིན་ཏེ། རྒྱུ་མ་ཡིན་པར་མངོན་པར་འདོད་པའི་དངོས་པོའི་རང་བཞིན་བཞིན་ནོ་ཞེས་བྱ་བའི་དོན་དོ། །རྒྱུ་མ་ཡིན་པར་འདོད་པའི་དངོས་པོ་ཡང་སེམས་པ་ཅན་ཏེ། སྐྱེས་བུ ་འགྱུར་མིན་རང་བཞིན་མིན། །ཞེས་སྨྲས་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་བསྒྲུབ་བྱ་མེད་པ་དེ་ནི་རྒྱུ་མ་ཡིན་ཏེ། དཔེར་ན་སེམས་པ་ཅན་ལྟ་བུའོ། །མངོན་པར་འདོད་པའི་དངོས་པོ་ཡང་བསྒྲུབ་བྱ་མེད་པ་ཅན་ཡིན་ནོ། །ཞེས་བྱ་བ ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་གཉི་ག་ཡང་ཐལ་བ་བསྒྲུབ་པ་ཡིན་ཏེ་དེས་ན་གཉི་ག་ལ་གྲུབ་པའི་དཔེས་ཅི་ཞིག་བྱ། གང་ཡང་གྲངས་ཅན་རྣམས་སྐྱེས་བུ་ལ་ཡང་གཟུགས་བརྙན་འཆར་པའི་ཚུལ་གྱིས་ལོངས་སྤྱོད་ལ་བྱེད་པ་པོ་ཡིན་ནོ།། ་སྙམ་དུ་སེམས་པ་དེ་ལ་དེ་སྐད་དུ་བཤད་དེ། འདི་ནི་གཞན་ཡང་ཡིན་ལ་བདག་ཀྱང་ཡིན་ཏེ། གྲོལ་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་གྲོལ་བ་ཡིན་པའི་ཕྱིར་ལོངས་སྤྱོད་པར་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་དཔེ་མ་གྲུབ་པ་མ་ཡིན་ནོ། །འོན་ཏེ་གསལ ་སོགས་ཞེས་བྱ་བ་ལ་སོགས་པས། གཞན་གྱི་ལུགས་ཀྱིས་གཏན་ཚིགས་མ་གྲུབ་པ་དོགས་པར་བྱེད་དེ། དེ་ལ་གལ་ཏེ་གཏན་ཚིགས་དང་པོ་མངོན་པར་གསལ་བ་ལ་སོགས་པའི་བདག་ཉིད་ཐམས་ཅད་ཀྱི་ངོ་བོ་ཡོད་པའི་ཕྱིར་ཞེས་ཁྱད་པར་དང་བཅས ་པ་བྱེད་པ་དེའི་ཚེ་ནི་མ་གྲུབ་སྟེ། ཁོ་བོ་ཅག་གིས་མངོན་པར་གསལ་བ་ལ་སོགས་པའི་ངོ་བོས་ཀྱང་འབྲས་བུ་ཡོད་པར་ནི་མི་འདོད་དོ། །འོ་ན་ཅི་ཞེ་ན། ནུས་པའི་ངོ་བོས་སོ། །ཅི་སྟེ་སྤྱིར་ཁྱད་པར་མེད་པ་ཡིན་པ་དེའི་ཚེ་མ་ངེས་པ་ཡིན་ཏེ། འདི་ལྟར་མངོན ་པར་གསལ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་ནི་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར། དེས་ན་ཐམས་ཅད་འབྲས་བུ་མ་ཡིན་པར་ཐལ་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་གཉིས་པ་ཡང་མ་གྲུབ་པ་ཡིན་ཏེ། བསྒྲུབ་བྱ་ཡོད་པའི་ཕྱིར་རོ།། ་གསལ་སོགས་མཚན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲས་ཤས་ཆེ་བ་དང་ཤས་ཆུང་བ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་གཟུང་ངོ། །དེ་ཞེས་བྱ་བ་ནི་ཁྱད་པར་རོ། །ཐ་སྙད་ཅེས་བྱ་བ་ནི་ཀླན་ཀའོ། །དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། །བསྒྲུབ་བྱ་མེད ་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་དེ་ལྟར་སྔར་དེ་ཡོད་ཅེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། དེ་ལ་རྣམ་པ་གཉིས་སུ་བརྟག་སྟེ། ཁྱད་པར་འདི་མངོན་པར་གསལ་བའི་གནས་སྐབས་ལས ་སྔར་རང་བཞིན་གྱི་གནས་སྐབས་འགའ་ཞིག་གི་ཚེ་ཡང་ཡོད་དམ། འོན་ཏེ་མེད། གལ་ཏེ་ཡོད་པ་ཡིན་ན་དེའི་ཚེ་ཁྱེད་ཅག་གིས་གཏན་ཚིགས་གཉི་ག་ཡང་མ་གྲུབ་པ་ལ་སོགས་པ་ལ་ལན་བཏབ་པ་འགའ་ཡང་མེད་དོ། །འོན་ཏེ་སྔར ་ཡོད་པ་མེད་པ་དེ་ལྟ་ན་ཡང་ཁྱད་པར་དེ་ཇི་ལྟར་རྒྱུ་དེ་དག་ལས་འབྱུང་བར་འགྱུར། ཁྱེད་ཀྱི་མེད་པ་མི་བྱེད་པའི་ཕྱིར་ཞེས་པ་རིགས་པ་མ་ཡིན་སྙམ་དུ་དགོངས་པའོ། །དེ་ལྟར་རེ་ཞིག་མེད་པ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་བསྒྲུབས ་ནས། ད་ནི་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་བཞི་པོ་བསྒྲུབ་པའི་ཕྱིར། དེ་ཕྱིར་བསྒྲུབ་བྱ་མེད་པས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྐད་དུ་བཤད་པའི་རིགས་པས་བསྒྲུབ་པར་བྱ་བ་མེད་པའི་རྒྱུ་ལེན་པར ་མི་འགྱུར་ཏེ། བསྒྲུབ་པར་བྱ་བའི་འབྲས་བུ་དེ་འདོད་པ་ཉིད་ཀྱིས་དེ་དག་རྟག་པ་དང་ལྡན་པ་རྣམས་ཀྱིས་ལེན་པའི་ཕྱིར་རོ། །འོ་མ་ལ་སོགས་པ་དེས་པ་ལས་ཞོ་ལ་སོགས་པ་སྐྱེའི་ཞེས་བྱ་བ་འདི་ཡང་མི་འགྱུར་ཏེ། བསྒྲུབ་པར་བྱ་བ་མེད་པ ་ཉིད་ཀྱི་ཕྱིར་རོ། །འདིས་ཀྱང་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་འདི་བསྒྲུབས་པ་ཡིན་ཏེ། འདི་ལྟར་ཐམས་ཅད་ལས་སྐྱེ་བ་མེད་པ་ཉིད་དེས་པ་ལས་སྐྱེ་བ་ཞེས་བྱའོ། །དེ་ཡང་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་མི་རུང་སྟེ། བསྒྲུབ ་བྱ་མེད་པའི་ཕྱིར་དེ་བཞིན་དུ་ནུས་པ་བྱེད་པའི་ཕྱིར་ཞེས་བྱ་བ་འདི་གཉིས་ཀྱང་རིགས་པ་མ་ཡིན་ཏེ། བསྒྲུབ་བྱ་མེད་པ་ཉིད་ཀྱི་ཕྱིར། གལ་ཏེ་འགའ་ཞིག་གིས་འགའ་ཞིག་མངོན་པར་སྒྲུབ་པར་བྱེད་པ་ནི་ནུས་པར་བཞག་ལ། བསྒྲུབ ་པར་བྱ་བ་ཡང་བྱེད་པར་གྲུབ་ཀྱི། གཞན་དུ་མ་ཡིན་ནོ། །དེ་སྟོན་པར་བྱེད་པ་ནི་ནུས་པ་མེད་ཅིང་བྱ་བའང་མེད་ཅེས་བྱ་བའོ། །དངོས་པོ་རྣམས་ཀྱི་རྒྱུ་ཡོད་པ་ཡང་རིགས་པ་མ་ཡིན་ཏེ། བསྒྲུབ་བྱ་མེད་པའི་ཕྱིར་རོ། །དེ ་སྟོན་པ་ནི། བདག་ཉིད་ཐམས་ཅད་རྫོགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདི་ཡང་རྒྱུ་ཡོད་པའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་འདི་བསྒྲུབས་པ་ཡིན་ནོ། །དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས ་གཏན་ཚིགས་ཐམས་ཅད་ཐལ་བ་ལས་བཟློག་པར་སྦྱར་བར་བྱའོ། །ཡང་སྐབས་གཞན་གྱིས་འབྲས་བུ་ཡོད་པར་སྨྲ་བ་སུན་དབྱུང་བའི་ཕྱིར་བསྒྲུབ་པ་ཞུགས་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞུགས་པ་ཞེས ་བྱ་བ་ནི་འཇུག་པའོ། །ཕྱིན་ཅི་ལོག་སྨོས་པས་ཐེ་ཚོམ་ཡང་བཟུང་ཏེ། དེ་ནི་གཉི་གའི་ཆ་ལ་དམིགས་པ་ཉིད་ཀྱིས་སྒྲོ་འདོགས་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྒྲུབ་པར་བྱེད་པ་ཐམས་ཅད་རང་གི་ཡུལ་ལ་འཇུག་པ་ན ་གཉིས་བྱེད་དེ། གཞལ་བར་བྱ་བའི་དོན་གྱི་ཡུལ་ལ་འཇུག་པ་ན། ཕྱིན་ཅི་ལོག་དང་ཐེ་ཚོམ་ཟློག་པར་བྱེད་པ་དང། ཡུལ་དེ་ལ་དེས་པ་སྐྱེད་པར་བྱེད་པའོ། །འདི་ནི་འབྲས་བུ་ཡོད་པར་སྨྲ་བ་ལ་རིགས་པས་མི་འཐད་དོ།། ་ཇི་ལྟར་ཞེ་ན། ཐེ་ཚོམ་དང་ནི་ཕྱིན་ཅི་ལོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཁྱེད་ཅག་གི་ལུགས་ཀྱིས་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་སེམས་ཅན་གྱི་བདག་ཉིད་ཡིན་ནམ། བློ་དང་ཡིད་ཀྱི་རང་བཞིན་ཡིན། །ཕྱོགས་གཉི་ག ་ཡང་དེ་དག་བཟློག་ཏུ་མེད་པ་ཡིན་ཏེ། སེམས་པ་ཅན་དང་བློ་དང་ཡིད་རྣམ་པ་ཉིད་ཀྱིས་དེ་དག་ཀྱང་རྟག་པའི་ཕྱིར་རོ། །བསྒྲུབ་པར་བྱེད་པ་ལས་དེས་པ་སྐྱེད་པ་ཡང་མ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་གནས་པའི་རྒྱུ་འདི ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འདི་ལ་ཁྱེད་ཅག་གིས་སྒྲུབ་པར་བྱེད་པ་གང་ཡིན་པ་གང་འདི་སྨྲས་པ་དེ་ཀུན་ཏེ་ཐམས་ཅད་དོན་མེད་པ་ཡིན་ནོ། །འདིས་ནི་རང་གི་ཚིག་དང་འགལ་བ་བསྟན་པ་ཡིན་ཏེ། འདི་ལར་དེས་པ་བསྐྱེད་པའི ་དོན་དུ་སྒྲུབ་བྱེད་སྨྲ་བ་ན་དེས་པ་ཡང་མེད་པ་སྐྱེ་བ་ཁས་བླངས་པ་ཡིན་ལ། འབྲས་བུ་ཡོད་པ་ཡིན་ནོ་ཞེས་ཀྱང་དམ་བཅས་ནས། །དེ་བཀག་པའི་ཕྱིར་རང་གི་ཚིག་དང་འགལ་ལོ། །ཅི་སྟེ་སྒྲུབ་པར་བྱེད་པའི་སྦྱོར་བ་དོན་མེད་པར་འགྱུར་དུ་འོང ་བས་ངེས་པ་ཡང་དག་པ་མ་ཡིན་པ་དེ་མེད་པ་ཉིད་སྒྲུབ་པར་བྱེད་པ་ལས་སྐྱེའོ་ཞེས་ཁས་བླངས་པ་ཡིན་ནོ། །དེ་ལྟ་ན་མེད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་ཚོགས་མཛའ་དག་མ་ངེས་པ་ཉིད་དུ་འགྱུར་ཏེ། དེས ་པ་བཞིན་དུ་མེད་པ་ཡང་སྐྱེ་བ་འགལ་བ་མེད་པའི་ཕྱིར་རོ། དེའི་ཕྱིར་ཇི་ལྟར་ངེས་པ་མེད་ཀྱང་བྱེད་པ་དང། ཇི་ལྟར་དེ་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པའི་ཁྱད་པར་ལེན་པ་དང། ཇི་ལྟར་དེ་སྒྲུབ་པར་བྱེད་པ་ལྟར་སྣང་བ་ལ ་སོགས་པ་ཐམས་ཅད་ལས། འབྱུང་བ་མ་ཡིན་པ་དང། ཇི་ལྟར་འདི་མེད་ན་ཡང་ནུས་པའི་རྒྱུ་ངག་གིས་བྱེད་པ་དང། ཇི་ལྟར་དེ་ལ་རྒྱུ་རྣམས་ཀྱི་བྱེད་པ་ཡོད་པ་དེ་བཞིན་དུ་གཞན་ལ་ཡང་འགྱུར་རོ། །ཅི་སྟེ་སྒྲུབ་པར་བྱེད་པའི་སྦྱོར་བ་ལས ་སྔར་མེད་པ་ཡོད་པ་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པར་བྱེད་པ་དོན་མེད་པ་ནི་མ་ཡིན་ཏེ། འདི་ལྟར་དེ་འདི་སྔར་མངོན་པར་མི་གསལ་བ་ལས་ཕྱིས་སྒྲུབ་པར་བྱེད་པ་དེ་དག་ལས་མངོན་པར་གསལ་བར་སྒྲུབ་པར་བྱེད་དོ། །དེའི ་ཕྱིར་མངོན་པར་གསལ་བར་བྱ་བའི་དོན་དུ་སྒྲུབ་པར་བྱེད་པའི་བྱ་བ་ཡོད་པས་འདི་དག་དོན་མེད་པ་མ་ཡིན་ནོ་སྙམ་དུ་བསམས་ན། དེ་ནི་རིགས་པ་མ་ཡིན་ཏེ། གསལ་བ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་གསལ་བ་རང་བཞིན་གྱི ་ཁྱད་པར་སྐྱེ་བ་འམ། ཡང་ན་དེའི་ཡུལ་ཅན་ཤེས་པ་འམ། དེ་ལ་དམིགས་པའི་སྒྲིབ་པ་བསལ་བ་ཡིན་གྲང། དེ་ལ་རེ་ཞིག་རང་བཞིན་གྱི་ཁྱད་པར་སྐྱེད་པ་ནི་མ་ཡིན་ཏེ། འདི་ལྟར་རང་བཞིན་གྱི་ཁྱད་པར་འདི་དེས་པའི ་རང་གི་ངོ་བོ་ལས་ཐ་མི་དད་པ་འམ། ཐ་དད་པར་གྱུར་པ་ཞིག་ཡིན་གྲང། གལ་ཏེ་ཐ་མི་དད་པ་ཡིན་ན་དེའི་ཚེ། དེ་ནི་དེས་པ་ལས་དབྱེར་མེད་པས་ཐ་མི་དད་པའི་ཕྱིར། དེས་པའི་རང་གི་ངོ་བོ་བཞིན་དུ་ཐམས་ཅད་དུ་གནས་པས་སྐྱེ་བར་མི་རིགས་སོ། ་ཅི་སྟེ་ཐ་དད་ཡིན་ན། དེ་ལྟ་ན་ཡང་དེའི་འདི་ཞེས་བྱ་བའི་འབྲེལ་བ་མི་འཐད་དོ། །འདི་ལྟར་རྟེན་དང་བརྟེན་པའི་མཚན་ཉིད་ཀྱི་འབྲེལ་བ་ཡིན་ནམ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་ཡིན། རེ་ཞིག་དང་པོ་ནི ་མ་ཡིན་ཏེ། ཕན་ཚུན་ཕན་གདགས་པར་བྱ་བ་དང། ཕན་འདོགས་པར་ཕྱེད་པ་མ་ཡིན་པ་ལ་དེ་མེད་པའི་ཕྱིར་རོ། །ཕན་པ་མ་ཡིན་ན་ཡང་ཕན་འདོགས་པར་བྱེད་པ་དེ་ཐ་དད་པ་ཉིད་ཡིན་ན་འབྲེལ་བ་མ་གྲུབ་ཅིང་ཐུག་པ་མེད་པར ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་མི་དད་ན་ཡང་སྒྲུབ་པར་བྱེད་པའི་སྦྱོར་བ་དོན་མེད་དེ། དེས་པ་ཉིད་ལས་ཕན་གདགས་པར་བྱ་བ་ཐ་དད་པའི་ཁྱད་པར་བསྐྱེད་པའི་ཕྱིར་རོ། །ལུས་ཅན་མ་ཡིན་པའི་ཕྱིར་ཁྱད་པར་ཐུར་དུ་ལྟུང་བ་མེད་པའི ་ཕྱིར་དེ་ལ་རྟེན་འགའ་ཞིག་རིགས་པ་ཡང་མ་ཡིན་ཏེ། འོག་ཏུ་ལྟུང་བའི་གགས་བྱེད་པ་ཉིད་ཀྱིས་རྟེན་དུ་རྣམ་པར་བཞག་པའི་ཕྱིར་རོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡང་མེད་དེ། ཐམས་ཅད་དུ་དེས་པ་ཞེས་བྱ་བའི ་རྒྱུ་ཉེ་བའི་ཕྱིར། ཁྱད་པར་རྟག་ཏུ་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་སྦྱོར་བ་ལ་བལྟོས་ནས་དེས་པ་ཁྱད་པར་སྐྱེད་པར་བྱེད་པ་ཉིད་དུ་རིགས་པ་ཡང་མ་ཡིན ་ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པ་ལ་བལྟོས་པ་མི་རུང་བའི་ཕྱིར་རོ། །ཕན་འདོགས་ན་ཡང་གོང་དུ་སྐྱོན་སྔ་མ་བཞིན་དང། ཐུག་པ་མེད་དོ། །གཞན་ཡང་ཁྱད་པར་གང་ཡིན་པ་འདི་ཐ་དད་པར་གྱུར་པ་ཡིན་ན། དེ་ཅི་མེད་ཞིག་གམ། ་འོན་ཏེ་ཡོད་པ་ཞིག་ཅེས་བྱ་བའི་རྣམ་པར་རྟོག་པ་གཉིས་པོ་འདི་ཡང་འཇུག་པ་ཉིད་དོ། །དེ་ལ་མེད་པ་ཡིན་ན་སྔ་མ་བཞིན་དུ་སྒྲུབ་པར་བྱེད་པ་རྣམས་དེས་པ་ཉིད་དུ་འགྱུར་ལ། ཡོད་ན་ཡང་སྒྲུབ་པར་བྱེད་པ་དོན་མེད་པར་འགྱུར་རོ། །དེ ་ལ་ཡང་མངོན་པར་གསལ་བ་འདོད་པ་ན་མངོན་པར་གསལ་བ་འདི་ཡང་ཅི་ཞིག་ཅེས་ཐུག་པ་མེད་པར་ཐལ་བ་ལྡོག་པར་དཀའ་ཨོ། །དེ་ལྟ་བས་ན་ཐ་དད་པའི་ཕྱོགས་ལ་ཡང་མ་འབྲེལ་བའི་ཕྱིར་ཏེ། འབྲེལ་པ་མེད་པའི་ཕྱིར་ངོ་བོའི་ཁྱད་པར་སྐྱེད ་པར་མི་རིགས་སོ། །དེའི་ཡུལ་ལ་ཤེས་པ་སྐྱེད་པའི་མཚན་ཉིད་ཀྱང་གསལ་བར་རིགས་པ་ཡིན་ཏེ། དེའི་ཡུལ་རིག་པ་ནི་རྟག་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་དེའི་ཡུལ་ཡང་དག་པར་རིག་པ་གང་ཡིན་པ་དེ་འབྲས་བུ་ཡོད་སྨྲ་བ་ཁྱེད་ཅག་གི་ལུགས ་ཀྱིས་རྟག་པ་ཉིད་ཡིན་པའི་ཕྱིར་དེ་ཅི་ཞིག་བསྐྱེད་པར་བྱ་བར་འགྱུར། དམིགས་པ་གཉིས་པ་མི་སྲིད་པའི་ཕྱིར་ཡང། དེའི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ཡང་མངོན་པར་གསལ་བའི་མཚན་ཉིད་དུ་མི་རིགས་སོ། །ཡང་གི་སྒྲ་ནི་སྡུད་པ་དང། རིམ་པ ་གཞན་དུ་སྦྱར་བ་སྟེ། མི་སྲིད་པའི་ཕྱིར་ཞེས་བྱ་བའི་འོག་ཏུ་བལྟ་བར་བྱའོ། །དེས་ན་འདི་སྐད་དུ་བསྟན་པ་ཡིན་ཏེ། སྤྲོ་བ་ནས་སྡུད་པའི་བར་དུ་བློ་ནི་གཅིག་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་པའི་ཕྱིར། ཁྱེད་ཅག་གི་ལུགས ་ཀྱིས་རིག་པ་ནི་གཅིག་ཉིད་ཡིན་ལ། དེ་ཉིད་དེས་པ་ཡིན་ཏེ། གང་ཞིག་སྒྲུབ་པར་བྱེད་པ་རྣམས་ཀྱིས་བྱེད་པར་འགྱུར་བ་དེ་ལ་དམིགས་པའི་གསལ་བ་ཞེས་བྱ་བ་གཞན་ཅི་ཞིག་ཡོད། འདི་སྙམ་དུ་དེའི་ཡུལ་ཅན་གྱི་རིགས་པ་བློའི་རང ་བཞིན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡིད་ཀྱི་རང་བཞིན་ཡིན་ནོ། །སྙམ་དུ་སེམས་ན། འདི་ནི་ཡང་དག་པ་མ་ཡིན་ཏེ། བློ་དང་དམིགས་པ་དང། དེས་པ་དང་ཡིད་དང། ཡང་དག་པར་རིག་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་དོན་གཞན་མ་ཡིན་པའི ་ཕྱིར་རོ། །འདི་ཡང་ཕྱིས་སྟོན་པར་འགྱུར་རོ། །དེའི་ཡུལ་ལ་དམིགས་པའི་སྒྲིབ་པ་ཟད་པའི་མཚན་ཉིད་ཀྱང་གསལ་བ་མ་ཡིན་ཏེ། རྒྱུ་རྣམ་པ་གཉིས་པོ་དེ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་དེ་ལ་དམིགས་པའི་སྒྲིབ་པ་གང་ཡིན་པ་དེས་ནི་རྟག་པའི་ཕྱིར་ཟད་པར ་འགྱུར་བ་མ་ཡིན་ནོ། །མི་མངོན་པའི་མཚན་ཉིད་ཟད་པ་ཡང་རིགས་པ་མ་ཡིན་ཏེ། སྔར་གྱི་ངོ་བོ་མ་བཏང་པར་མི་མངོན་པ་སྲིད་པའི་ཕྱིར་རོ། །དམིགས་པ་གཉིས་པ་ཡང་མེད་པའི་ཕྱིར་དམིགས་པའི་སྒྲིབ་པ་ནི་ཡོད་པ་མ་ཡིན་ནོ། །མེད་པ་ལ་ནི ་སྒྲིབ་པ་མི་རིགས་ཏེ། །དེ་ནི་དངོས་པོ་ཡོད་པའི་ཡུལ་ཅན་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཟད་པ་ནི་རིགས་པ་མ་ཡིན་ནོ། །ཡང་ན་རྟག་པའི་ཕྱིར་ཞེས་བྱ་བ་ནི་དེའི་ཡུལ་ཅན་གྱི་རིག་པ་ནི་རྟག་པའི་ཕྱིར་སྒྲིབ་པ་མེད་ལ། དེ་མེད་པའི་ཕྱིར ་ཟད་པར་མི་རིགས་སོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །སྒྲིབ་པ་ཟད་པ་ཡང་སུས་ཀྱང་བྱ་བ་མེད་ཡིན་ཏེ། དེ་ནི་རང་བཞིན་མེད་པའི་ཕྱིར་རོ། །འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་སྒྲུབ་པར་བྱེད་པའི་སྦྱོར་བ་དོན་མེད་པར་འགྱུར་བ་འབའ་ཞིག ་ཏུ་མ་ཟད་ཀྱི། བཅིངས་པ་དང། ཐར་པ་མེད་པར་ཐལ་བ་དང། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཆད་པར་ཐལ་བ་ཡང་མི་ཟློགས་ཏེ། འདི་ལྟར་ཁྱེད་ཅག་གིས་གཙོ་བོ་དང་སྐྱེས་བུ་དག་སོ་སོར་དམིགས་པའི་མཚན་ཉིད་དེ་ཁོ་ན་ཉིད་ཤེས ་པ་སྐྱེ་བ་ན་ཐར་པ་ནི་འདོད་ལ། དེ་ཁོ་ན་ཉིད་ཤེས་པ་དེ་ཡང་ཐམས་ཅད་དུ་གནས་པ་ཉིད་ཀྱི་ཕྱིར། ལུས་ཅན་ཐམས་ཅད་ཐར་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་བཅིང་བ་མེད་དོ། །ལོག་པའི་ཤེད་པའི་དབང་གིས་ཀྱང་བཅིང་པར་འདོད་ལ། དེ་ནི་ཐམས ་ཅད་དུ་གནས་པ་ཉིད་ཀྱིས་ཐམས་ཅད་དུ་ཐམས་ཅད་བཅིངས་པའི་ཕྱིར་གང་ལས་ཐར་པ་ཡིན། འཇིག་རྟེན་ཡང་ཕན་པ་དང་མི་ཕན་པ་ཐོབ་པ་དང། སྤོང་བའི་དོན་དུ་འཇུག་ལ། འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་ཡང་ཅུང་ཟད་ཐོབ་པར་བྱ་བ ་འམ་སྤངས་པར་བྱ་བ་མེད་པའི་ཕྱིར། འགྲོ་བ་བྱེད་པ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཐ་སྙད་ཐམས་ཅད་ཆད་པར་ཐལ་བར་འགྱུར་རོ། །དེ་ལྟར་རེ་ཞིག་འབྲས་བུ་ཡོད་པར་སྨྲ་བ་བསལ་ནས། འབྲས་བུ་མེད་པར་སྨྲ་བའི་ཕྱོགས ་ལ་ཡོད་པའི་སྐྱོན་སྤང་པའི་ཕྱིར། ཡོན་ཏན་གསུམ་ལྡན་དབྱེར་མེད་ཀྱང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཡོད་པ་བཀག་པ་ཉིད་ཀྱི་ཤུགས་ཀྱིས་འབྲས་བུ་མེད་པ་ཡིན་པར་གྲུབ་པ་ཉིད་དེ། ཡོད་པ་དང་མེད་པ་དག་ནི་ཕན་ཚུན་སྤངས ་ཏེ། གནས་པའི་མཚན་ཉིད་ཀྱི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ཡང་བཤད་པ་དོན་མེད་དོ་ཞེ་ན། དེ་ལྟ་ན་ཡང་གཞན་གྱིས་བཀོད་པའི་སྐྱོན་ལྟར་སྣང་བར་བསྟན་པའི་ཕྱིར་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དེ་ནི་བྱ་བར་མི་ནུས་ཏེ། ངོ་བོ་མེད་ཕྱིར ་ཞེས་གང་སྨྲས་པ་དེ་ནི་མ་གྲུབ་སྟེ། དངོས་པོའི་རང་བཞིན་ཉིད་བྱ་བ་ཁས་བླངས་པའི་ཕྱིར་ལ་དངོས་པོའི་ངོ་བོ་དེ་ཡང་ངོ་བོ་མེད་པར་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་སྐྱེས་པ་ལས་སྔར་རང་བཞིན་མེད་པ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཉིད་རང ་བཞིན་མེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །རང་བཞིན་ཉིད་རང་བཞིན་མེད་པར་རིགས་པ་ནི་མ་ཡིན་ཏེ། རང་བཞིན་མེད་པ་ཉིད་ཀྱི་མཚན་ཉིད་ནི་དངོས་པོའི་རང་བཞིན་བཀག་པ་ཡིན་པའི་ཕྱིར་རོ། །གང་གིས་དེ་ཉིད་རང་བཞིན་མེད་པར་འགྲུབ་པར ་འགྱུར་བ་སྐྱེ་བ་ལས་སྔར་བྱ་བའི་དངོས་པོ་དེ་ཡོད་པ་ཡང་མ་ཡིན་ནོ། །ཅི་སྟེ་དངོས་པོ་དང་བྲལ་བའི་མཚན་ཉིད་ཀྱི་ངོ་བོ་མེད་པའི་ཆོས་ཅན་ཕྱོགས་སུ་བྱས་ནས་ངོ་བོ་མེད་ཕྱིར་ཞེས་བྱ་བའི་གཏན་ཚིགས་སུ་བྱ་བ་དེའི་ཚེ་གྲུབ་པ་ལ་གྲུབ་སྟེ། དངོས་པོ ་དང་བྲལ་བ་ནི་སུས་ཀྱང་བྱེད་པར་ཁས་མ་བླངས་སོ། །གཞན་ཡང་གཏན་ཚིགས་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མ་མ་བསྟན་པའི་ཕྱིར་རོ། །འདི་ལྟར་རྒྱུའི་ནུས་པ་སོ་སོའི་ངེས་པའི་ཕྱིར་གང་ལ་སྐྱེད་པར་བྱེད ་པའི་རྒྱུ་ཡོད་པའི་མེད་པ་འགའ་ཞིག་ནི་བྱེད་ལ། ནམ་མཁའ་ཨི་པདྨ་ལ་སོགས་པ་གང་ལ་རྒྱུ་མེད་པ་དེ་ནི་མི་བྱེད་པའི་ཕྱིར་མ་ངེས་པ་ཡིན་ནོ། །ཐམས་ཅད་ཐམས་ཅད་ཀྱི་རྒྱུར་མི་འདོད་ཅིང་གང་དང་གང་མེད་པ་དེ་དང་དེ་བྱེད་པ་ཉིད་དོ། །ཞེས་བྱ་བའི་ཁྱབ་པ་ཡང ་མི་འདོད་དོ། །འོ་ན་ཅི་ཞེ་ན། གང་བྱེད་པ་དེ་ནི་སྐྱེ་བ་ལས་སྔར་མེད་པ་ཉིད་དོ་ཞེས་འདོད་དོ། །འདི་སྙམ་དུ་རྒྱུ་རྣམས་མེད་པར་མཚུངས་པ་ལ། ཅིའི་ཕྱིར་རྒྱུ་ཐམས་ཅད་རྒྱུ་མེད་པ་ཐམས་ཅད་རྒྱུར་མི་འགྱུར་སྙམ་དུ་སེམས་ན། རྩོད་པ་འདི་ནི་ཁྱེད ་ཅག་ལ་ཡང་ཡོད་པར་མཚུངས་པར་ལ་ཅིའི་ཕྱིར་རྒྱུ་ཐམས་ཅད་ཡོད་པ་ཐམས་ཅད་ཀྱི་རྒྱུར་མི་འགྱུར་ཞེས་མཚུངས་སོ། །གང་གིས་དེ་མི་བྱེད་པ་ཁྱེད་ཅག་གི་ལུགས་ཀྱིས་མེད་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྒྱུའི་ནུས་པ་ངེས་པའི་ཕྱིར་ཡོད ་པ་ཡིན་ན་ཡང་རི་བོང་གི་རྭ་ལ་སོགས་པ་མི་བྱེད་དོ། །ཞེ་ན་དེ་ནི་ཅིག་ཤོས་ལ་ཡང་མཚུངས་སོ། །གཞན་ཡང་དཔེར་ན་ཁྱེད་ཅག་གི་ཡོན་ཏན་གསུམ་དང་ལྡན་པ་ཐམས་ཅད་དུ་ཁྱད་པར་མེད་ན་ཡང་ནུས་པ་ངེས་པའི་ཕྱིར། ཐམས་ཅད ་ཐམས་ཅད་བྱེད་པ་མ་ཡིན་ནོ། །ཐམས་ཅད་ཀྱི་འམ་འདི་ལ་འབྲས་བུ་ཐམས་ཅད་ཀྱི་བྱེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་བཞིན་འབྲས་བུ་མེད་པའམ་ངོ་བོ་འགའ་ཞིག་རྗེས་སུ་འགྲོ་བ་མེད་པ་ཡིན་ཡང་ཐམས་ཅད་ཐམས་ཅད་བྱེད་པར་ནི་མི་འགྱུར ་རོ། །གང་ཡིན་དེ་འདྲ་མེད་ན་ཡང་ཞེས་བྱ་བ་འདི་ཡང་ཁས་བླངས་ནས་བརྗོད་པ་ཡིན་གྱི་མཚུངས་པ་ཡང་མ་ཡིན་ཏེ། འདི་ལྟར་བྱེ་བྲག་ཡོད་ན་ཡང་འགའ་ཞིག་འགའ་ཞིག་ཉིད་ཀྱི་རྒྱུར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་རང་བཞིན་གྱི་ཁྱད ་པར་དེས་པ་ནི་རང་གི་རྒྱུ་བརྒྱུད་པ་ལས་ཡང་དག་པ་འོངས་པའི་ཕྱིར་འགལ་བ་མེད་དོ། །ཐ་མི་དད་པ་ནི་གཅིག་ལ་དུས་གཅིག་ཏུ་རྒྱུ་དང་རྒྱུ་མ་ཡིན་པ་ཕན་ཚུན་འགལ་བ་ཇི་ལྟར་སྲིད་པ་ཡིན་ཏེ། དངོས་པོ་ཐ་དད་པའི་རྒྱུ་མཚན་ནི། འགལ་བའི་ཆོས་ ་དང་ལྡན་པ་ཡིན་པའི་ཕྱིར། །དེ་སྐད་དུ་ཡང། ཐ་དད་ན་ཐ་ཡང་འགའ་ཞིག་ནི། དངོས་ཆོས་ཉིད་གྱི་བྱེད་པོར་འགྱུར། ཐ་དད་མེད་ན་གཅིག་དེ་ཡིས། །བྱ་བ་བྱེད་པ་འགལ་བར་འགྱུར། །ཞེས་བཤད་དོ། །དེས་པ་གྲུབ་པ་མ་རྫོགས་ཕྱིར།། ་ཞེས་བྱ་བ་ལ་སོགས་པས་གཞན་དག་ནུས་པ་ངེས་པ་མེད་པ་བསྟན་པའི་དོར་རྩོད་པར་བྱེད། །ཁྱེད་ཀྱི་ཧེས་བྱ་བ་ནི་འབྲས་བུ་མེད་པར་སྨྲ་བ་སངས་རྒྱས་པ་ཁྱོད་ཀྱི་རྒྱུ་ངག་ནི་ནུས་པ་ངེས་པ་མི་འཐད་པའོ། །ཅིའི་ཕྱིར་ཞེ་ན། ངེས་པ་རྣམས་ཏེ་འབྲས ་བུར་གྱུར་པ་རྣམས་མ་གྲུབ་པའི་ཕྱིར་རོ། །འབྲས་བུ་མེད་པར་འབྲས་བུ་རྒྱུ་དང་ལྡན་པ་ཡོད་པ་ནི་ཡིན་ནོ། །སྦྱོར་བ་ནི་གང་དག་ཡོད་པར་གྱུར་པའི་འབྲས་བུའི་ངེས་པས་སྟོང་པ་ནི་དེ་དག་ནི་ནུས་པ་ངེས་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ལ་སོགས ་པ་བཞིན་ནོ། །ས་ལུའི་ས་བོན་ལ་སོགས་པའི་དངོས་པོ་ཡང་ཡོད་པར་གྱུར་པའི་འབྲས་བུ་ངེས་པས་སྟོང་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱད་པར་བྱེད་པ་ཡི་དམིགས་པའོ། །རང་གི་ཕྱོགས་ལེགས་པར་གནས་པར་བསྟན་པའི་ཕྱིར། ཡོད་ན་དེའི ་ངེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་ན་སྟེ། འབྲས་བུ་རྣམས་ཡོད་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་ནུས་པ་ཡིའོ། །དེ་ལྟ་མིན་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་ངེས་པ་ཉིད་དུ་བརྗོད་དོ། །འདི་ལྟར་ངེས་པ་དེ་དག ་མ་གྲུབ་པ་ན་གལ་ཏེ་ཞོ་སྐྱེད་པ་ལ་འོ་མ་ནུས་སོ་ཞེས་བྱ་བའི་ཐ་སྙད་འདི་མེད་དུ་ཟད་མོད། གང་ཡང་རྣམ་པ་དེ་ལྟ་བུའི་ཁྱད་པར་ཐམས་ཅད་ཀྱིས་སྟོང་པ་སྒྲོ་མ་བཏགས་པའི་དངོས་པོ་སྔར་མ་མཐོང་བ་གང་དེ་མ་ཐག་དངོས་པོ་གཞན་སྐྱེ་བ་དེ ་ལ་འགག་པ་མེད་དོ། །འདི་སྙམ་དུ་གང་ལ་སྒྲ་དང་རྣམ་པར་རྟོག་པ་དག་མི་འཇུག་པ་དེ་ལ་དངོས་པོའི་རང་བཞིན་ཡང་ལྡོག་པ་ཉིད་ཡིན་སྙམ་དུ་སེམས་ན། མིང་ནི་དངོས་པོའི་ངོ་བོ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་བྱེད་པའི་རང་བཞིན ་ཉིད་ལོག་ན་རང་གི་ཁྱབ་པར་བྱ་བ་ལྡོག་པར་བྱེད་ལ། རྒྱུ་ལོག་པ་ན་ཡང་འབྲས་བུ་ལྡོག་སྟེ། འགྲེལ་པ་ཡོད་པའི་ཕྱིར། །གཞན་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། །གང་གིས་དེ་ལོག་པ་ན་རྣམ་པ་དེ་ལྟ་བུའི་དངོས་པོ་ལྡོག་པར་འགྱུར་བ ་འོ་མ་ལ་ནི་ཞོ་བའི་ནུས་པ་ཡོད་དོ་ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པའི་མིང་སྟེ། ཐ་སྙད་དངོས་པོ་རྣམས་ཀྱི་རང་གི་ངོ་བོའི་རང་བཞིན་ནི་ཡོད་པ་མ་ཡིན་ནོ། །གང་གིས་དེ་ལྡོག་པ་ན་དེ་ལྟ་བུ་རྣམ་པའི་དངོས་པོ་ལྡོག་པར་འགྱུར་རོ། །མིང་སྨོས་པ ་ནི་མཚོན་པ་སྟེ། རྣམ་པར་རྟོག་པ་ཡང་དེ་དང་བསྲེས་ལ་བཟུང་ངོ། །ངོ་བོ་སྨོས་པ་ཡང་མཚོན་པ་སྟེ། མིང་དངོས་པོ་རྣམས་ཀྱི་རྒྱུ་ཡང་མ་ཡིན་ཏེ། དེ་མེད་ན་ཡང་དངོས་པོ་ཡོད་པའི་ཕྱིར། །འདིར་རྒྱུ་ནི། འདི་ལྟར་རྣམ་རྟོག་བརྗོད་པ་ནི། །ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ནི་གང་གི་ཕྱིར་ཏེ། རྣམ་རྟོག་ནི་མིང་དང་འདྲེས་པ་ལ་བརྟེན་པའོ། །བརྗོད་པ་ཡང་སྒྲའོ། །རྟོགས་པ་སྣ་ཚོགས་རྣམ་པ་དུ་མ་ནི་དབྱེར་མེད་ཅིང་ཆ་ཤས་མེད་པའི་དངོས་པོའི་རང་བཞིན་གཅིག་ལ་།ཇི་ལྟར ་གོམས་པ་བཞིན་དུ་འཇུག་གོ་།འདི་ལྟར་སྒྲ་ལ་སོགས་པའི་དངོས་པོ་གཅིག་ཁོ་ན་ལ་རྟག་པ་ལ་སོགས་པའི་ངོ་བོས་གཞུང་ལུགས་ཐ་དད་པ་ལ་གནས་པའི་སྒོ་ནས་རྣམས་ཀྱིས་རྟོག་པར་བྱེད་ཅིང་བརྗོད་པར་བྱེད་དེ། །སྒྲ་དང་རྣམ་པར་རྟོག ་པ་དེ་དག་དངོས་པོ་དེའི་བདག་ཉིད་དམ་དེའི་ཡུལ་ཅན་ཡིན་ན་དངོས་པོ་སྣ་ཚོགས་པར་འགྱུར་བ་འམ། དངོས་པོའི་རང་གི་ངོ་བོ་བཞིན་དུ་སྒྲ་དང་རྣམ་པར་རྟོག་པ་རྣམས། ཅིག་གི་ངོ་བོ་ཉིད་དུ་ཐལ་བར་འགྱུར་རོ། །གཅིག་ཉིད་སྣ་ཚོགས་པ ་ཡིན་ནོ་ཞེས་ནི་རིག་པ་མ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ནུས་པ་ངེས་པའི་ཕྱིར་མེད་པ་འགའ་ཞིག་བྱེད་ཀྱི། ཐམས་ཅད་ནི་མ་ཡིན་པས་ངོ་བོས་མེད་ཕྱིར་ཞེས་བྱ་བའི་གཏན་ཚིགས་ངེས་པ་ཡང་ཡིན་ནོ། །དེ་ཉིད ་ཀྱི་ཕྱིར་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་བཞི་པོ་ཡང་མ་ངེས་པ་ཡིན་ཏེ་འདི་ལྟར་གལ་ཏེ་འབྲས་བུ་ཡོད་པ་བྱས་པ་ཉིད་ངེས་པའི་རྒྱུ་ལེན་པ་འགའ་ཞིག་ཏུ་གྲུབ་པར་གྱུར་ན། དེའི་ཚེ་དེ་ལྟ་ཡིན་པར ་གྱུར་ན། ཇི་སྲིད་དུ་རྒྱུའི་ནུས་པ་ངེས་པས་བྱས་པ་ཡང་ངེས་པའི་རྒྱུ་ལེན་པར་རིགས་པ་མ་ཡིན་ནོ། །རྒྱུའི་ནུས་པ་ངེས་པ་ཁོ་ནའི་ཕྱིར་ཡང་ཐམས་ཅད་ཐམས་ཅད་ལས་སྐྱེ་བ་མ་ཡིན་ཏེ། ཐམས་ཅད་དོན་གྱི་བྱ་བ་ཐམས་ཅད་བྱེད་པའི་རང་བཞིན ་མེད་པའི་ཕྱིར་རོ། །གང་ཡང་ཁྱད་པར་བྱར་མེད་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཡང་བསམ་མ་ཤེས་ནས་སྨྲ་བ་ཡིན་ཏེ། གང་གིས་འགྱུར་བ་ཡིན་ན་དེའི་རང་བཞིན་ཉམས་པར་ཐལ་བར་འགྱུར་བ་ཁོ་བོ་ཅག་གིས ་ནི་མེད་པ་བྱེད་དོ། ཞེས་མ་བརྗོད་དོ། །འོན་ཀྱང་དངོས་པོ་ཉིད་བྱེད་དོ་ཞེས་སྔར་ཟིན་ཏོ། །དངོས་པོ་དེ་ཡང་དམིགས་པའི་མཚན་ཉིད་ཀྱིས་གྱུར་པ་ལས་མ་དམིགས་པའི་ཕྱིར་དང་གྲུབ་པ་མེད?་འབྲས་བུ་ཉིད་དུ་མི་འཐད་པའི་ཕྱིར། སྐྱེ་བ་ལས ་སྔར་མེད་པ་ཡིན་ནོ་ཞེས་བྱའོ། །རྒྱུ་གང་ཞིག་ཉེ་བ་ཙམ་གྱིས་དེ་ད་ལྟར་བུར་གྱུར་པ་སྐྱེད་པ་ན་དེས་དེ་བྱེད་དོ་ཞེས་ཐ་སྙད་དུ་བྱས་ཀྱི། བྱ་བ་དང་འབྲེལ་བས་འགའ་ཞིག་གིས་འགའ་ཞིག་བྱེད་པ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ ་ཉིད་ཡིན་པའི་ཕྱིར་རོ། །མེད་པ་ཞེས་བྱ་བ་གང་ཞིག་ཅུང་ཟད་ཡོད་པ་འམ། རྣམ་པར་འགྱུར་བ་ནི་མ་ཡིན་ནོ། །མེད་པའི་མཚན་ཉིད་ནི་དངོས་པོའི་རང་བཞིན་བཀག་པ་ཙམ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཁྱད་པར་དུ་བྱར་མེད་པའི ་ཕྱིར་མེད་པ་མི་བྱེད་དོ། །ཞེས་བརྗོད་ལ། ཡོད་པ་ཡང་རང་བཞིན་ཐམས་ཅད་གྲུབ་བས་ཁྱད་པར་དུ་བྱར་མེད་པའི་ཕྱིར། དེ་ཇི་ལྟར་བྱེད། དེ་ལྟ་བས་ན་ནུས་པས་ནི་ནུས་པ་བྱེད་པའི་ཕྱིར་ཞེས་བྱ་བ་འདི་ནི་མ་ངེས་ལ། འབྲས་བུ་མེད་པར་སྨྲ་བ་ལ་ཡང ་རྒྱུའི་དངོས་པོ་རིགས་པ་ཡིན་པའི་ཕྱིར་རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་མ་ངེས་པ་ཡིན་ནོ། །ཡང་ན་སྔར་ཡོད་པ་འབྲས་བུ་ཉིད་དུ་མི་སྲིད་པ་བསྟན་པའི་ཕྱིར་དང། འབྲས་བུ་མེད་པར་སྨྲ་བ་ཁོ་ནའི་རྒྱུ་ལེན་པ་ལ་སོགས་པའི་ངེས་པ་རིགས་པ ་ཡིན་པའི་ཕྱིར། རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་བཞི་པོ་འགལ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར། གལ་ཏེ་ཁྱེད་ཅག་གི་ལུགས་ཀྱིས་མེད་པ་ཉིད་སྐྱེའོ་ཞེས་བྱ་བ་མ་ཡིན་ནམ། དེའི ་ཕྱིར་ཇི་ལྟར་མོད་ལས་ཡོད་པ་དང་མེད་པ་སྐྱེ་བ་བཀག་སྟེ། ཇི་སྐད་དུ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། ཡོད་པ་དང་མེད་པ་ནི་མ་སྐྱེས་པའི་ཕྱིར་རོ་ཞེས་གསུངས་ཞེ་ན། འདི་ལ་སྐྱེས་པ་དངོས་པོའི་ངོ་བོའོ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འོང་གི་སྒྲ་ནི་ངེས་པར་བཟུང་བའི་དོན་ཏོ། །ཁྱད་པར་གཞན་སྤངས་པས་དེ་ཙམ་ཞིག་ཤེས་པར་འདོད་པ་ན། དངོས་པོ་རྣམས་ཀྱི་སྔོན་དང་ཕྱི་མའི་མཛའ་སྟོང་པ་སྐད་ཅིག་མ་ཙམ་གྱི་གནས་སྐབས་ཀྱི་རང་བཞིན་ཉིད་ལ་སྐྱེ་བ་ཞེས་བརྗོད་དོ།། ་བྱེ་བྲག་ཏུ་སྨྲ་བས་ཀུན་ཏུ་བཏགས་པའི་འདུས་བྱས་ཀྱི་མཚན་ཉིད་ཀྱི་སྐྱེ་བ་ནི་མ་ཡིན་ཏེ། དེ་ནི་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །བྱེ་བྲག་པས་ཡོངས་སུ་བཏགས་པའི་ཡོད་པའི་འདུ་བ་སྐྱེ་བ་འམ། རང་གི་རྒྱུ་འདུ་བ་ཡང་མ་ཡིན་ཏེ། དེ་དག་ཀྱང ་འགེགས་པར་འགྱུར་བའི་ཕྱིར་རོ། །གཞན་གྱིས་ལུགས་ཀྱིས་ཀྱང་དེ་དག་རྟག་པའི་ཕྱིར་དང། རྟག་པ་ཡང་སྐྱེ་བ་མི་ཐད་པའི་ཕྱིར་རོ། །ཇི་སྐད་དུ། ཡོད་པ་རང་རྒྱུ་དང་འབྲེལ་བ། །བྱེད་པས་རྒྱུ་ནི་ཡིན་པར་གྲག། ཡོད་པ་དེ་དང་དེ་འབྲེལ་པ་དེ། །རྟག་པ ་འདི་ལ་འབྲས་བུ་གང། །ཞེས་བཤད་དོ། །དེ་ལྟ་བུའི་བདག་ཉིད་ཀྱི་སྐྱེ་བ་དེ་ནི་མེད་པ་དང་དེའི་བདག་ཉིད་ཀྱི་འབྲེལ་པ་ནི་མེད་དེ། ཡོད་པ་དང་མེད་པ་དག་ནི་འགལ་བའི་ཕྱིར་རོ། །གང་གིས་ཕྱིར་མེད་པ་ནི་མེད་པར་ཡང་འགྱུར་བ་མ་ཡིན་ནོ། །ཡོད་པ་དང ་མེད་པ་སྔར་བྱུང་བ་དང་འབྲེལ་པ་མེད་དེ། དེ་ནི་སྔར་མེད་པའི་ཕྱིར་རོ། །ད་ནི་འབྲས་བུ་མེད་པར་སྨྲ་བ་ཁྱེད་ཅག་ལ་ཇི་ལྟར་ཞེ་ན། བརྟག་པའི་བློས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།བརྟགས་པའི་བློ་བྱེད་པ་པོར་གྱུར་པ་འམ་བྱེད་པར ་གྱུར་པས་མེད་པའི་བྱེད་པ་པོ་དང་སྤྲེལ་པ་འབའ་ཞིག་ཏུ་ཟད་དེ། འབྲེལ་པ་ཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །གང་སྐྱེ་བར་འགྱུར་བ་མེད་པ་ཞེས་བྱ་བ་ནི་ཅུང་ཟད་མེད་དེ། འོན་ཀྱང་གང་མེད་པ་སྐྱེ་བ་ཞེས་བྱ་བ་འདི་ནི་བརྟགས་པའི་ཐ་སྙད ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་གང་གིས་འདི་ལྟ་བུའི་ཐ་སྙད་འདི་འདོད་པས་བརྟགས་པའི་ས་བོན་གང་ཞིག་ཡིན་ཞེ་ན། གཅིག་གི་རྗེས་ལ་དངོས་པོ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་གི་སོ་སོར་ངེས་པའི་དངོས་པོ་གང ་ཡིན་པ་འགའ་ཞིག་གི་དེ་མ་ཐག་ཏུ་སྔར་མ་མཐོང་བའི་དངོས་པོ་དམིགས་ཏེ། དེ་བར་གྱིས་གནས་སྐབས་ལས་སྔར་ཡོད་པ་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་སྔར་མེད་པ་སྐྱེ་བོ ་ཞེས་བྱ་བ་བརྟགས་པ་འདིས་ས་བོན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔ་ན་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་གྱི་གནས་སྐབས་ལས་སྔར་བར་གྱི་གནས་སྐབས་བཞིན་དུ་ཡོད་ན་སྟེ། བདོག་པ་དངོས་པོའི་ངོ་བོ་ཡོད་པ་ཡིན་ན་མེད་པ ་སྐྱེའོ་ཞེས་བྱ་བའི་བཏག་པའི་རྒྱུ་མཚན་འདི་ཡོད་པ་མ་ཡིན་ནོ། །འདི་ལྟར་སྐྱེ་བ་ཞེས་བྱ་བ་འདིས་བར་མའི་གནས་སྐབས་སུ་འབྱུང་བ་ངེས་པའི་ངོ་བོ་ཁོ་ན་བརྗོད་དོ། །གལ་ཏེ་དེ་སྔར་ཡང་?་པ་ཡིན་ན་དེའི་ཚེ་དེ་བར་གྱི་གནས་སྐབས ་འབྱུང་བའི་ཕྱིར་བྱ་བའི་རང་གི་ངོ་བོ་ངེས་པ་གང་ཡིན་པ་དེ་ཉམས་པར་འགྱུར་ཏེ། ནམ་མཁའ་བཞིན་དུ་ཐམས་ཅད་དུ་ངེས་པ་ལ་སྔར་བའི་ཕྱིས་དད་པར་གྱི་བར་གནས་སྐབས་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དུ་ཐམས་ཅད་སྐྱེ་བ་ཞེས་བྱ་བ ་དེ་ལྟ་བུའི་ཐ་སྙད་དུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་འབྲས་བུ་ཡོད་པར་སྨྲ་བ་རྣམ་པ་གཞན་གྱིས་སུན་དབྱུང་བའི་ཕྱིར། འོ་མ་སོགས་ལ་ཞོ་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་གི་རྒྱུ་ལ་འབྲས་བུ་ཡོད་ཞེས་གང ་བརྗོད་བ་ནི་དེ་ནི་དོན་ཅི་ལ་བསམས། ཅི་གསལ་བའི་ངོ་བོས་སམ། འོན་ཏེ་ནུས་པའི་ངོ་བོས་ཡིན་གྲང། གལ་ཏེ་གསལ་བའི་ངོ་བོས་ཡིན་ན་དེའི་ཚེ་འོ་མ་ལ་སོགས་པའི་གནས་སྐབས་ན་ཡང་ཞོ་ལ་སོགས་པ་ཕྱིས་བཞིན་དུ་དམིགས་པར་ཐལ་བའི་ཕྱིར་རོ།། ་ཅི་སྟེ་ནུས་པའི་ངོ་བོས་ཡིན་ན། དེ་ལ་ཡང་ནུས་པའི་ངོ་བོ་གང་ཡིན་པ་དེ་ཅི་དམིགས་པའི་མཚན་ཉིད་དུ་གྱུར་ཨའི་ངོ་བོ་ཞོ་ལ་སོགས་པའི་འབྲས་བུ་ལས་གཞན་ཡིན་ནམ། འོན་ཏེ་དེ་ཉིད་ཡིན། གལ་ཏེ་དེ་ཉིད་ཡིན་ན་དེའི་ཚེ་སྔ་མ་བཞིན་དུ་དམིགས ་བར་ཐལ་བར་འགྱུར་རོ། །འོན་ཏེ་གཞན་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་འབྲས་བུ་རྒྱུའི་བདག་ཉིད་དུ་ཡོད་པ་ཡིན་ཞེས་བྱ་བའི་ཕྱོགས་བཏང་བར་འགྱུར་ཏེ་འབྲས་བུ་ལས་ཐ་དད་པའི་ནུས་པ་ཞེས་བྱ་བའི་དངོས་པོ་གཞན་ཡོད་པར་ཁས ་བླངས་པའི་ཕྱིར་རོ། །འདི་ལྟར་རོ་དང་ནུས་པ་དང་སྨིན་པར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ངོ་བོའི་ཁྱད་པར་བསལ་པ་གང་ཡིན་པ་དེ་ཉིད་ཞོ་ལ་སོགས་པའི་འབྲས་བུ་ཞེས་བྱའོ། །དེ་ཡང་འོ་མ་ལ་སོགས་པའི་གནས་སྐབས་སུ་དམིགས་སུ་རུང་བ ་ལས་མ་དམིགས་པའི་ཕྱིར་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །གཞན་ནུས་པའི་ངོ་བོར་ཡོད་པ་གང་ཡིན་པ་དེ་ནི་འབྲས་བུ་ཉིད་མ་ཡིན་ནོ། །གཞན་ཡོད་པ་ན་གཞན་ཡོད་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བ་བའི་ཕྱིར་རོ། །འོན་ཏེ་མར་ནི་ཚེ་ཡིན་ནོ། །ལྟེང་ཀའི་ཆུ ་ནི་རྐང་ན་དེ་ཞེས་གཞན་ཡོད་པ་ན་གཞན་དུ་བརྗོད་བར་མཐོང་བ་མ་ཡིན་ནམ་ཞེ་ན། ཇི་ལྟར་དངོས་སུ་ཞེས་བྱ་བ་སྨོས་ཏེ། དངོས་སུ་སྟེ། ཉེ་བར་མ་བཏགས་པར་ཞེས་བྱ་བའི་དོན་ཏོ། །རྒྱུ་ལ་འབྲས་བུ་བཏགས་ནས་མར་ལ་ཚེ་ཞེས་བརྗོད་ཀྱི་དངོས་སུ་ནི་མ་ཡིན་ནོ། །གལ་ཏེ ་ཁྱེད་ཅག་ཀྱང་??་འབྲས་བུས་རྒྱུ་ལ་ཡོད་དོ་ཞེས་བརྗོད་ན་དེའི་ཚེ་ནི་འགལ་བ་ཅུང་ཟད་མེད་ཀྱི། དངོས་སུ་ཡིན་ན་ནི་འགལ་བར་བརྗོད་དོ། །འདི་ཉིད་དཔེའི་སྒོ་ནས་བསྟན་པའི་ཕྱིར། སྙིང་སྟོབས་ཡོད་པས་སྡུག་བསྔལ་དང་ཞེས་བྱ ་བ་ལ་སོགས་པ་སྨོས་སོ། །ཁྱེད་ཀྱིས་སྙིང་སྟོབས་ཀྱི་ངོ་བོ་གང་ཡིན་པ་དེ་ཉིད་སྡུག་བསྔལ་དང་རྨོངས་པ་དག་ཏུ་མ་བཞག་སྟེ། དེ་དག་ཕན་ཚུན་མཚན་ཉིད་ཐ་དད་པར་གནས་པའི་ཕྱིར་རོ། །ད་ནི་ཁྱད་པར་རྣམས་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་ཞེས་བྱ་བའི ་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་རོ། །གསལ་བའི་སྙིང་སྟོབས་སོགས་ལྡན་བར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ལ་སོགས་པའི་མཚན་ཉིད་ཀྱི་གསལ་བ་བདེ་བ་ལ་སོགས་པའི་ངོ་བོར་དེས་ལ་སྟེ་ཁོ་བོ་ཅག་ལ་མ་གྲུབ་སྟེ། གང ་གི་ཕྱིར་བདེ་བ་ལ་སོགས་པ་ནི་ནང་གི་ཡིན་པས་རིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །སྒྲ་ལ་སོགས་པ་ཡང་སེམས་པ་མེད་པ་ཉིད་ཡིན་པས་དེའི་ཕྱིར་འདི་དག་ཇི་ལྟར་བདེ་བ་ལ་སོགས་པ་དང་ལྡན་པར་འགྱུར་རོ། །སྦྱོར་བ་ནི་གང་དག་རིག་པའི་ངོ་བོ་མ་ཡིན ་པ་དེ་དག་ནི་བདེ་བ་ལ་སོགས་པའི་རང་བཞིན་མ་ཡིན་ཏེ། དཔེར་ན་གཞན་གྱིས་ཁས་བླངས་པའི་སེམས་པ་མེད་པའི་སྐྱེས་བུ་བཞིན་ནོ། །སྒྲ་ལ་སོགས་པ་ཡང་རིག་པའི་ངོ་བོ་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི ་སྙམ་དུ་གལ་ཏེ་བདེ་བ་ལ་སོགས་པའི་རང་བཞིན་ཡིན་པ་ལ་རིག་པའི་ངོ་བོ་ཉིད་ཀྱིས་ཁྱབ་པ་གྲུབ་པར་འགྱུར་ན། དེའི་ཚེ་དེ་ལོག་ན་སྒྲ་ལ་སོགས་པ་ལ་བདེ་བ་ལ་སོགས་པའི་རང་བཞིན་ཉིད་ལྡོག་པར་འགྱུར་རོ། །གང་གི་ཕྱིར་དེ་ཉིད་མ་གྲུབ་སྟེ། ་སྐྱེས་བུ་ཉིད་རིགས་པའི་ངོ་བོས་འདོད་པའི་ཕྱིར་རོ་སྙམ་སེམས་ན། དེའི་རང་རིག་གསལ་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་བདེ་བ་ལ་སོགས་པ་རྣམས་ནི་རིག་པ་ལ་ངོ་བོ་ཉིད་དུ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། བདེ་བ་ལ་སོགས་པ་རྣམས་ནི་རང་རིག་པ་ཡིན ་ལ་རང་རིག་པ་ཡང་གསལ་བའི་ཕྱིར་རོ། །བདེ་བ་ལ་སོགས་པ་རྣམས་དགའ་བ་དང་གདུང་བ་ལ་སོགས་པའི་ངོ་བོས་སྒྲ་ལ་སོགས་པའི་ཡུལ་ཉེ་བ་ན་ཡོད་དམ་མེད་ཀྱང་རུང་གསལ་བ་གཞན་ལ་མི་བལྟོས་པར་རང་གསལ་བའི་བདག་ཉིད་ཀྱི་མཚན་ཉིད་རང་རིག ་པ་འདིར་ཁྱད་པར་ནི་གསལ་བ་ཡིན་པའི་ཕྱིར་རོ། །གསལ་བ་གཞན་ལ་མི་བལྟོས་པའི་སིམ་པ་ལ་སོགས་པའི་ངོ་བོ་གང་ཡིན་པ་དེ་རང་ཉིད་ཀྱིས་གྲུབ་སྟེ། དེ་ནི་སེམས་པ་ཅན་དང་བདེ་བ་དང་རིག་པ་དང། ཤེས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲང ་དག་གིས་བསྟན་ཏོ། །གལ་ཏེ་བདེ་བ་ལ་སོགས་པ་རྣམས་རིག་པ་གཞན་གྱི་ཉམས་སུ་མྱོང་བར་ཞེས་བྱ་བར་འགྱུར་ན། དེའི་ཚེ་དེ་དག་རིག་པ་ཡིན་པ་སིམ་པ་མ་ཡིན་པ་ལ་སོགས་པའི་ངོ་བོར་འགྱུར་ཏེ། རང་ཉིད་དེའི་བདག་ཉིད་མ་ཡིན་པའི་ཕྱིར ་དཔེར་ན་རྣལ་འབྱོར་བ་དང་རྗེས་སུ་དཔག་པ་པོ་གཞན་གྱི་བདེ་བ་ལ་སོགས་པ་མྱོང་བར་བྱེད་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་རྣལ་འབྱོར་པ་ལ་སོགས་པ་དེ་དག་ཀྱང། མེད་པ་ལ་སོགས་པ་བཞིན་དུ་དངོས་སུ་བདེ་བ་ལ་སོགས་པ་ཉམས་སུ ་མྱོང་བར་འགྱུར་རོ། །ཡང་ན་རྣལ་འབྱོར་པ་ལ་སོགས་པ་བཞིན་དུ་གཞན་དག་ལ་ཡང་ཕན་པ་དང་གནོད་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །རིག་པ་ཡང་སིམ་པ་ལ་སོགས་པའི་ངོ་བོར་ཁས་བླངས་པ་ན་བདེ་བ་ལ་སོགས་པ་རིག་པའི་ངོ ་བོ་ཉིད་དུ་གྲུབ་པོ། །སིམ་པ་དང་སིམ་པ་མ་ཡིན་པར་མྱོང་བ་གང་ཡིན་པ་འདི་ཉིད་ཁོ་བོ་ཅག་གི་བདེ་བ་དང་སྡུག་བསྔལ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །མ་གྲུབ་པ་ཡང་མ་ཡིན་ཏེ། ཕྱི་རོལ་གྱི་དོན་ཡོད་པར ་སྨྲ་བ་ཐམས་ཅད་ལ་སྒྲ་ལ་སོགས་པའི་ངོ་བོ་དང་བྲལ་བར་གྲུབ་པའི་ཕྱིར་རོ། །གཞན་དུ་རྣམ་པར་ཤེས་པར་སྨྲ་བའི་ལུགས་ཉིད་ཁས་བླངས་པ་བྱས་པར་འགྱུར་ལ། དེ་ཡང་འདོད་པ་ཁོ་ནའོ། །གཏན་ཚིགས་འགལ་བ་ཡང་མ་ཡིན་ཏེ ་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །འདི་སྙམ་དུ་ཇི་ལྟར་རིག་པ་ནི་སྔོན་པོ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཡིན་ན་ཡང་ཕྱི་རོལ་ན་གནས་པའི་སྔོན་པོ་ལ་སོགས་པ་ཉེ་བའི་ཕྱིར། སྔོན་པོ་ལ་སོགས་པའི་ངོ་བོར་སྣང་བ་དེ་བཞིན ་དུ་སིམ་པ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ན་ཡང་ཕྱི་རོལ་གྱི་བདེ་བ་ལ་སོགས་པའི་ཉེ་བར་ལེན་པའི་སྟོབས་ཀྱིས་སིམ་པ་ལ་སོགས་པའི་ངོ་བོ་བཞིན་དུ་རློམ་མོ། །དེས་ན་རིག་པ་ནི་སིམ་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ན་ཡང་བདེ ་བ་ལ་སོགས་པ་རིག་པའི་ངོ་བོ་ཉིད་དུ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་རྩ་བའི་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་དོགས་པ་ལ། སྒྲ་སོགས་གཅིག་པུ་ཁོ་ན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གོམས་དང་རིགས་ཀྱིས་བྱེ་བྲག་ལས་ཞེས ་བྱ་བ་ལ། གོམས་པ་ནི་མང་དུ་བྱས་པའོ། །རིག་ནི་རང་གི་རང་བཞིན་ནོ། །དེ་དག་གི་བྱེ་བྲག་ནི་ཁྱད་པར་རོ། །ཆགས་པ་ལ་སོགས་ཞེས་བྱ་བ་ལ། ཆགས་པ་ནི་མངོན་པར་ཞེན་པའོ། །སོགས་པའི་སྒྲས་དགའ་བ་ལ་སོགས་པ་དང། སྡང་བ ་སྐྱོ་བ་ལ་སོགས་པ་དང། དམན་པ་དང་སྒྲིབ་པ་ལ་སོགས་པ་ཡོན་ཏན་གསུམ་དང་ལྡན་པའི་འབྲས་བུའི་ཚོགས་གཟུང་ངོ། །ངེས་པ་ཞེས་པ་ནི་གཅིག་གི་རྣམ་པ་སྟེ། འདི་ལྟར་གོམས་པའི་ཁྱད་པར་གྱིས་ཆང་དང་བུད་མེད་སོགས་པ ་རྣམས་ལ་སྡུག་པ་དང་མི་སྡུག་པའི་མཚན་མར་གོམས་པའི་འདོད་པ་ལ་སོགས་པ་རྣམས་དང་རིགས་ཀྱི་ཁྱད་པར་ཡང་སྟེ། རྟ་དང་གླང་པོའི་ཕྲུ་གུ་ལ་སོགས་པ་སོ་སོར་ངེས་པ་འགའ་ཞིག་གི་འགའ་བ་ལ་སོགས་པ་འབྱུང་བ་ཡིན་གྱི ་ཐམས་ཅད་ལ་ནི་མ་ཡིན་ནོ། །སྒྲ་ལ་སོགས་པ་རྣམས་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་ན་འདི་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། དངོས་གཅིག་རྗེས་སུ་འབྲངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཐམས་ཅད་ནི་དངོས་པོ ་ཐ་དད་པ་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པའི་ཡུལ་ཅན་གྱི་རིག་པ་བཞིན་དུ་རིག་པ་རེ་རེ་ཡང་སྣ་ཚོགས་པར་ཐལ་བར་འགྱུར་རོ། །འདི་སྙམ་དུ་དངོས་པོ་གསུམ་གྱི་བདག་ཉིད་ཡིན་མོད་ཀྱི་འོན་ཀྱང་མ་མཐོང་བ་ལ་སོགས་པ་ལ་སྟེ། ་ཆོས་ཐམས་ཅད་ལ་སོགས་པའི་མཚན་ཉིད་ཀྱི་ལྷན་ཅིག་སྐྱེད་པའི་དབང་གིས་འགའ་ཞིག་འགའ་ཞིག་གི་ངོ་བོར་སྣང་གི། ཐམས་ཅད་ཐམས་ཅད་ཀྱི་ནི་མ་ཡིན་ནོ་སྙམ་དུ་སེམས་ན། སོགས་པའི་སྒྲས་ནི་གོམས་པ་དང་རིགས་ཀྱི་བྱེ་བྲག་དང་ལེན་པར་འདོད་པ ་ལ་སོགས་པ་གཟུང་ངོ། །གལ་ཏེ་དེ་ལྟ་བས་ན་དངོས་པོའི་རྗེས་སུ་འབྲང་མི་འགྱུར། །རིག་པ་དེ་དངོས་པོ་ལ་དམིགས་པར་མི་འགྱུར་སྟེ། དེའི་རྣམ་པས་སྟོང་པའི་ཕྱིར་རོ་སྙམ་དུ་སེམས་པའོ། །དེའི་རྣམ་པས་སྟོང་པ་དེ་ཉིད་བསྟན་པའི་ཕྱིར། དངོས་པོའི་ངོ་བོ་རྣམས་གསུམ ་པ། །ཞེས་བྱ་བ་སྨོས་ཏེ། སྙིང་སྟོབས་དང་རྡུལ་དང་མུན་པའི་ངོ་བོའོ། །དེ་ཡི་རིག་པ་རྣམ་པ་གཅིག་།ཅེས་བྱ་བའི་སྐྱེས་བུ་དེ་དེ་དག་གི་རིག་པ་ནི་ཡང་དག་པར་རིག་པ་དག་སྟེ། རེ་རེ་ལ་ཡང་ཞེན་པ་ལ་སོགས་པ་ཙམ་ངོ་བོ་གཅིག་ངེས་པའི་ཕྱིར། རྣམ་པ ་གཅིག་རིག་པར་འགྱུར། ཞེས་བྱ་བའི་དོན་ཏོ། །དེ་དག་ནི་ཞེས་བྱ་བ་ནི་རིག་པ་རྣམས་སོ། །དེ་ལ་ཞེས་བྱ་བ་ནི་སྒྲ་ལ་སོགས་པ་ལའོ། །ཡང་དག་ཅེས་བྱ་བ་ནི་དོན་དམ་པར་ཞེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་མི་རིགས་ཤེ་ན། དེ་དང་མི་མཐུན་ཞེས་བྱ་བ ་སྨོས་ཏེ། དེའི་དམིགས་པ་ནི་དངོས་པོ་དང་མཚན་ཉིད་མི་མཐུན་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་གང་ཞིག་གང་གི་རྣམ་པ་རིག་པ་མ་ཡིན་པ་དེ་ནི་དེའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་སྒྲའི་ཡུལ་ཅན་མ་ཡིན་པ་རང་བཞིན་ནོ། །ཇི་སྐད ་དུ་རིག་པ་ཡང་གསུམ་གྱི་བདག་ཉིད་ཀྱི་དངོས་པོའི་རྣམ་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་ནི་མི་དམིགས་པའོ། །ཧ་ཅང་ཐལ་བར་འགྱུར་བ་ནི། བཟློག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །འདི་སྙམ་དུ་ཇི་ལྟར་སྒྲ་ལ་སོགས་པའི་དངོས་པོ་རྣམས ་བདག་ཉིད་ཐམས་ཅད་ཀྱིས་མངོན་སུམ་གྱི་གཟུང་ནས་གོམས་པ་ལ་སོགས་པའི་དབང་གིས་སྐད་ཅིག་མ་ལ་སོགས་པ་འགའ་ཞིག་ཉིད་དུ་ངེས་པར་སྐྱེ་བར་འགྱུར་གྱི། ཐམས་ཅད་ལ་ནི་མ་ཡིན་པ་དེ་བཞིན་དུ་མཐོང་བ་ལ་སོགས་པའི ་དབང་གིས་རིག་པ་རྣམ་པ་གཅིག་པ་ཅན་དུ་འགྱུར་བ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ཁོ་བོ་ཅག་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་ཡང་དོན་དམ་པར་དངོས་པོའི་ཡུལ་ཅན་ཡིན་པར་མི་འདོད་དེ། དངོས་པོ ་ནི་རྣམ་པ་རྟོག་པ་ཐམས་ཅད་ལས་འདས་པ་ཡིན་པའི་ཕྱིར་རོ། །རྒྱུད་ནས་དངོས་པོ་དང་འབྲེལ་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་དངོས་པོ་ཐོབ་པའི་རྒྱུ་ཉིད་ཀྱིས་དེ་ཚད་མ་ཉིད་ཡིན་ནོ། །གཞན་དག་གིས་དགའ་བ་ལ་སོགས་པ་ནི་དོན་དམ་པར་དངོས་པོའི ་ཡུལ་ཅན་ཉིད་ཡིན་པར་འདོད་དེ། རྣམ་པ་གཞན་དུ་ན་དམིགས་པ་མེད་པ་ཉིད་ཡིན་ན་བདེ་བ་ལ་སོགས་པ་མྱོང་བས་དེར་མི་འགྱུར་རོ། །དགའ་བ་ལ་སོགས་པ་དེ་དག་ཀྱང་རྟག་བ་དང་བཅས་པ་ཡིན་པའི་ཕྱིར། མ་ངེས་པའི་ངོ་བོ་ཅུང་ཟད་ཀྱང་ཡོད ་པ་མ་ཡིན་པས་བདག་ཉིད་ཐམས་ཅད་ཀྱིས་ཉམས་སུ་མྱོང་བ་གསལ་བར་འགྱུར་རོ། །རང་གི་དོན་རྟོགས་པ་གང་ཡིན་པ་དེ་འདི་ཉིད་ངེས་པ་རྣམས་ཀྱི་ངེས་པ་ཡིན་ནོ། །ཇི་སྐད་དུ་རབ་ཏུ་དང་བ་དང་གདུང་བ་དང་སྤོང་བ་ལ་སོགས་པའི་འབྲས ་བུ་དམིགས་པའི་ཕྱིར་སྒྲ་ལ་སོགས་པ་རྣམས་བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེས་བུ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར ་སེར་སྐྱེ་བའི་རྣལ་འབྱོར་པ་རྣམས་ཐ་དད་པར་སྐྱེས་བུ་ལ་སྤོམ་པར་བྱེད་པ་ན་རྣལ་འབྱོར་པ་ལེགས་པར་གོམས་པ་རྣམས་སྐྱེས་བུ་ལ་དམིགས་ནས་རབ་ཏུ་དང་བ་དང་དགའ་བར་འགྱུར་རོ། །རྣལ་འབྱོར་ལ་མ་གོམས་པ་ཆེས་མྱུར་བར་མ་མཐོང་བས ་སྐྱོ་བར་འགྱུར་ལ། ཡང་གང་དག་རང་བཞིན་གྱིས་བློ་གྲོས་བླུན་པ་དེ་དག་ལ་སྒྲིབ་པ་སྐྱེའི། གཞན་དག་གིས་སྐྱེས་བུ་དེ་ཡོན་ཏན་གསུམ་གྱི་བདག་ཉིད་དེའི་ངོ་བོར་འདོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རབ་ཏུ་དང་བ་དང་གདུང་པ་དང། སྤོང་བ་ལ་སོགས ་པའི་འབྲས་བུ་དམིགས་པའི་ཕྱིར། ཞེས་བྱ་བ་འདི་ནི་མ་ངེས་པ་མ་ཡིན་ནོ། །གལ་ཏེ་དགའ་བ་ལ་སོགས་པ་དེ་དག་ཀུན་ཏུ་རྟོག་པ་ལས་འགྱུར་གྱི་སྐྱེས་བུ་ལས་ནི་མ་ཡིན་ནོ་ཞེ་ན། འདི་ནི་སྒྲ་ལ་སོགས་པ་ལ་ཡང་མཚུངས་སོ། །དེའི་ཕྱིར་ཀུན་ཏུ་རྟོག་པ་ཙམ ་ལས་བྱུང་བ་ཉིད་ཡོད་ན་ཕྱི་རོལ་གྱི་བདེ་བ་ལ་སོགས་པ་མི་གྲུབ་སྟེ། ཀུན་ཏུ་རྟོག་པ་ནི་རིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་བདེ་བ་ལ་སོགས་པའི་རྒྱུའི་དབང་གིས་རིག་པ་སིམ་པ་ལ་སོགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་འདི ་ཡང་འཁྲུལ་པ་ཅན་ཡིན་ཏེ། ཕྱི་རོལ་གྱི་ཡུལ་གྱི་ཉེ་བར་ལེན་པར་མེད་ན་ཡང་སྐྱེས་བུ་ལ་དམིགས་ནས་དགའ་བ་ལ་སོགས་པ་རྣམས་སྐྱེ་བར་མཐོང་བའི་ཕྱིར་རོ། །གང་ཡང་འདོད་པ་དང། མི་འདོད་པའི་རྣམ་པར་རྟོག་པ་ལས་ཕྱི་རོལ་གྱི་ཡུལ་ཉེ་བ ་ལ་མི་བལྟོས་པར་བདེ་བ་ལ་སོགས་པ་རིག་པ་ཡིན་པར་འགྲུབ་པ་དེ་ཇི་ལྟར་གཞན་གྱི་ཉེ་བར་ལེན་པ་ལས་འགྱུར་ཏེ། གལ་ཏེ་ཡོན་ཏན་གསུམ་གྱི་ཡིད་ཀྱང་དེའི་ཉེ་བར་ལེན་པ་ལས་འབྱུང་ངོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་གསལ་བ་གཞན་ལ་མ ་བལྟོས་པར་རང་ཉིད་ཀྱིས་གྲུབ་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་རིག་པའི་ངོ་བོ་ཉིད་དུ་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ད་ནི་གཏན་ཚིགས་གྲུབ་པར་ཁས་བླངས ་ནས་ཡང་མ་ངེས་པར་བསྟན་པའི་ཕྱིར། གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གསལ་བ་ཡོན་ཏན་གསུམ་གྱི་བདག་ཉིད་དུ་གྲུབ་པ་མ་ཡིན་མོད་ཀྱི། འོན་ཀྱང་དེའི་རྒྱུ་གཙོ་བོར་འདོད་པ་གང་ཡིན་པ་དེ་མི་འགྲུབ་སྟེ། དེ་ལྟ་བུར་འགྱུར ་བའི་རྒྱུ་དང་གང་དུ་ཡང་གཏན་ཚིགས་རྗེས་སུ་འགྲོ་བ་མ་གྲུབ་བོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་དེའི་ཡོན་ཏན་གསུམ་གྱི་བདག་ཉིད་གཅིག་པུ་རྟག་པ་ཁྱབ་པ་སྒྲུབ་པར་འདོད་པ་ཡིན་ལ། དེ་ལྟ་བུའི་རྒྱུ་དང་གང་དུ་ཡང ་གཏན་ཚིགས་དང་འབྲེལ་བ་མ་གྲུབ་པ་ཡིན་ནོ། །འབྲས་བུ་གང་གི་བདག་ཉིད་དུ་གྱུར་པ་དམིགས་པ་རྣམས་ཀྱང་གདོན་མི་ཟ་བར་དེའི་བདག་ཉིད་དུ་འགྱུར་བར་བྱ་དགོས་པ་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ནི་ཐ་དད་པའི་ཕྱིར་རོ། །འདི ་ལྟར་ཁྱེད་ཀྱི་གསལ་བ་ཞེས་བྱ་བའི་འབྲས་བུ་རྒྱུ་དང་ལྡན་པ་ཉིད་དང། མི་ལྡན་པ་ཉིད་དང། ཁྱབ་བྱེད་མ་ཡིན་པ་ལ་སོགས་པའི་ཆོས་དང་ལྡན་པར་འདོད་ལ། དེའི་རྒྱུ་ནི་དེའི་ངོ་བོར་འདོད་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་ངེས་པ ་ཡིན་ནོ། །ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་པུ་དང་རྟག་པ་དང་ཡོན་ཏན་གསུམ་གྱི་བདག་ཉིད་རྒྱུར་གྱུར་པའི་ཆོས་ཅན་བསྒྲུབ་པར་འདོད་ལ། ་དེ་ཡང་དེ་ལྟ་བུར་གྱུར་པ་མ་གྲུབ་པོ། །འོ་ན་ཅི་ཞེ་ན། ཕྱིན་ཅི་ལོག་ཏུ་འོ་སྙམ་དུ་བསམས་པའོ། །ཅིའི་ཕྱིར་ཞེ་ན། དེ་ནི་རིགས་ཅིག་ལྡན་མ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། ནིའི་སྒྲ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གསལ་བ་ཞེས་བྱ་བའི་འབྲས་བུ་དེ་ཅིག་པུ ་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱི་རང་གི་ངོ་བོར་གྱུར་པའི་རིགས་དང་ལྡན་པར་གྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དུ་མ་ཉིད་དང། མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ཉིད་དུ་དམིགས་སོ། །གལ་ཏེ་གསལ་བ་ཇི་སྐད་དུ་བཤད་པའི་རིགས ་གཅིག་དང་ལྡན་པ་ཡིན་ན། དེའི་ཚེ་དེའི་རྒྱུ་ཡང་ཇི་སྐད་བཤད་པའི་ཆོས་ཀྱི་ཁྱད་པར་དང་ལྡན་པར་འགྲུབ་བོ། །ཇི་སྲིད་དུ་འབྲས་བུ་མི་རྟག་པ་ཉིད་དང། དུ་མ་ཉིད་ཀྱི་ཆོས་དང་ལྡན་པར་མཐོང་བའི་ཕྱིར་དེའི་རྒྱུ་ཡང་དེ་ལྟ་བུ་ཉིད་དུ་རྗེས་སུ་དཔག་པར ་བྱ་སྟེ། རྟག་པ་ནི་རིམ་དང་རིམ་མ་ཡིན་པ་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་དང། འབྲས་བུ་སྣ་ཚོགས་པ་ནི་རྒྱུ་ཐ་དད་པས་བྱས་པའི་ཕྱིར། དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ཉིད་ཐལ་བར་འགྱུར་བའི་ཕྱིར། དེ་ལྟ་བས་ན་གཙོ་བོ་རྟག་པ་དང་གཅིག་པུའི ་ངོ་བོར་མ་གྲུབ་པོ། གལ་ཏེ་ཡང་རྒྱུ་མི་རྟག་པ་དང་དུ་མའི་ངོ་བོ་ཉིད་ལ་གཙོ་བོ་ཞེས་མིང་འདོགས་ན་དེའི་ཚེ་མི་ལ་མི་རྩོད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ཅིའི་ཕྱིར་གསལ་བ་རིགས་གཅིག་དང་ལྡན་པ་མ་ཡིན་ཞེ་ན། གསལ་བ་ཐམས་ཅད ་ལུགས་ཀྱི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ལྕགས་ཀྱི་རང་བཞིན་གྱི་ཐུར་མ་ཕན་ཚུན་འབྱར་བ་དེ་བཞིན་དུ་སྒྲ་ལ་སོགས་པའི་བསལ་བ་འདི་དག་རང་རང་གི་ངོ་བོ་ལ་གནས་པ་ཉིད་ཀྱིས་ཡུལ་དང་དུས་དང་ནུས་པ་དང་སྣང་བ་ལ་སོགས ་པ་ཐ་དད་པས་ཕན་ཚུན་དུས་མ་འདེས་པ་ཡིན་ནོ། །འདིས་ནི་དུ་མ་ཉིད་དུ་བསྟན་ཏོ། །མི་རྟག་པ་ཉིད་དུ་བསྟན་པའི་ཕྱིར་རིམ་པ་དང་འབྲེལ་པའི་ལུས་ཞེས་བྱ་བ་སྨོས་ཏེ། སྐྱེ་བའི་རིམ་པ་དང། འབྲེལ་པ་སྟེ། ཡང་དག་བར་སྦྲེལ་པའི་ལུས་གང་ལ་ཡོད ་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འོ་ན་ཇི་ལྟར་ཡོད་པ་ཞེས་བྱ་བ་ལ་སོགས་པ་གཅིག་གི་ངོ་བོ་དང། དེ་བཞིན་དུ་དེ་ཉིད་འདི་ཡིན་ནོ་ཞེས་དངོས་པོ་རྣམས་བསྟན་པའི་རང་བཞིན་དང་ལྡན་པར་ངེས་པ་ཡིན་ཞེ་ན། རྟོག་པ་དང་འདྲེས་པའི་བདག ་ཉིད་ཅན། །ཞེས་བྱ་བ་སྨོས་ཏེ། དོན་རྣམ་ལ་གཅིག་གི་བདག་ཉིད་དུ་འཛིན་པ་འདི་ནི་ལོག་པའི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །འདི་ཡང་སྐད་ཅིག་མ་འཇིག་པ་ལ་སོགས་པར་ཕྱིས་སྟོན་པར་འགྱུར་རོ། །དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བའི ་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ཉིད་དུ་བསྟན་ནས། དེ་ནི་བུམ་སོགས་བྱེ་བྲག་བཞིན་ཞེས་བྱ་བའི་དཔེ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་རྗེས་སུ་འགྲོ་བ་མེད་པར་བསྟན་པའི་ཕྱིར། དཔེ་བཞིན་འཛིན ་པའི་འགྱུར་ལ་སོགས། །ཞེས་བྱ་བ་སྨོས་ཏེ་།སོགས་པའི་སྒྲས་ནི་གསེར་ལ་སོགས་པའི་འགྱུར་བ་གཟུང་ངོ། །དེ་བཞིན་ཞེས་བྱ་བ་ནི་སྐྱོན་གཞན་སྡུད་པ་འམ། འདྲེ་བ་ཉིད་ཡིན་ནོ། །ཁྱད་པར་རིགས་གཅིག་ལྡན་མ་ཡིན། །ཞེས་བྱ་བ ་འདིས་ནི་སྒྲུབ་པར་བྱེད་པའི་ཆོས་དང་བྲལ་བར་བསྟན་ཏོ། (།རྒྱུ་མཚན་གཅིག་པར་མ་གྲུབ་སྟེ།)་ཞེས་བྱ་བ་ལ། མ་གྲུབ་ཅེས་སྐབས་དང་སྦྱར་རོ། །འདིས་ཀྱང་བསྒྲུབ་བྱའི་ཆོས་རྗེས་སུ་འགྲོ་བ་མེད་པར་བསྟན་ཏེ། འོན་ཏེ་འཇི་བའི་གོང་བུ་དང་གསེར་ལ་སོགས་པ་གཅིག་དེ་དག་གི་རྒྱུར ་གྲུབ་པ་ཉིད་ཡིན་ལ། དེ་བཞིན་དུ་འཇི་བ་དང་གསེར་ལ་སོགས་པའི་རིགས་དེ་དག་གི་རྗེས་སུ་འགྲོ་བར་མཐོང་བ་མ་ཡིན་ནམ། དེ་ཇི་ལྟར་གཉིས་ཀ་མེད་པ་ཡིན་ཞེ་ན། འཇི་མ་གོང་ལ་སོགས་ཐ་དད་ཕྱིར། །ཞེས་བྱ་བ་སྨོས་ཏེ། ་འཇིམ་གོང་ལ་སོགས་པའི་ཡན་ལག་ཅན་གཅིག་ནི་ཡོད་པ་མ་ཡིན་ཏེ། ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབ་པར་ཐལ་བའི་ཕྱིར་རོ། །རིགས་གཅིག་ཀྱང་མ་ཡིན་ཏེ། གསལ་བ་སོ་སོ་སྣང་བ་ཐ་དད་པའི་ཕྱིར་རོ། །གཞན་ཡང ་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་རང་ཉིད་ཀྱིས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །སྐྱེས་བུ་སེམས་པ་སོགས་ལྡན་ནའང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྐྱེས་བུ་ནི་སེམས་པ་ཅན་ཉིད་དང། ཟ་བ་པོ ་ཉིད་ལ་སོགས་པའི་ཆོས་ཚད་མེད་པ་རྣམས་དང་ལྡན་པར་འདོད་དེ། ཁྱེད་ཅག་གིས་ནི་དེ་དག་རྣམ་པ་དེ་ལྟ་བུའི་རྒྱུ་གཅིག་སྔོན་དུ་འགྲོ་བ་ཅན་ཡང་མི་འདོད་དོ། །ཅི་སྟེ་ཡང་སེམས་པ་ཅན་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་ནི་དངོས་སུ་མི ་འདོད་དོ། །འོ་ན་ཅི་ཞེ་ན། ཉེ་བར་བཏགས་པ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུ་ཐམས་ཅད་སེམས་པ་ཅན་ལ་སོགས་པ་ལས་ལྡོག་པ་དེས་ན། དོན་གཞན་ལས་ལྡོག་པའི་ངོ་བོ་མེད་སེམས་མེད་པ་ཅན་གྱི་རིགས་དེའི་རྗེས་སུ་འགྲོ་བར་བཏང་པ་ཡིན ་གྱི། དེ་ནི་དེ་ཁོ་ན་ཉིད་དུ་གཅིག་ཏུ་ཡོད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དེ་ལྟ་བུར་གྱུར་པའི་རྒྱུ་གཅིག་སྔོན་དུ་སོང་བ་ཉིད་མེད་ན་ཡང་དངོས་པོ་མ་ཡིན་པའི་སྐྱེས་བུ་བཞིན་དུ་གསལ་བ་འདི་ལ་ཡང ་ཅིའི་ཕྱིར་མཚུངས་པ་སྟེ། འདྲ་བར་མི་རྟག། དེ་ལྟ་བས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །སྐྱེས་བུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ནོ། །དེ་བཞིན་དུ་རྩ་བའི་རང་བཞིན་གྱི་གནས་སྐབས་ཡོད་པའི་བདེ་བ་ལ་སོགས་པ་ཉིད་ཡོན་ཏེན་ཉིད་སེམས་པ་མེད ་པ་ཉིད་དང། ཟ་བ་པོ་ལ་སོགས་པ་རྣམས་དང་ལེན་པ་དང། གཙོ་བོ་དང་སྐྱེས་བུ་ནི་རྟག་པ་ཉིད་ལ་སོགས་པ་རྣམས་དང་ལྡན་ལ། །དེ་དག་ནི་དེ་ལྟ་བར་གྱུར་པའི་རྒྱུ་གཅིག་སྔོན་དུ་འགྲོ་བ་ཅན་ཡང་མ་ཡིན་ཞེས་བྱ་བ་འདིས་མ་ངེས་པ་ཉིད་དོ། །དེ་ལྟར་རེ་ཞིག ་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་བཀག་གོ། ད་ནི་འཇུག་བསྡུ་བའི་ཐབས་ཀྱི་གཏན་ཚིགས་ལྷག་མ་སུན་དབྱུང་བའི་ཕྱིར་ཕྱོགས་ཙམ་ཞིག་བཤད་པ་དེ་བས་གཙོ་བོའི་རྒྱུ་མེད་ཀྱང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རེ་ཞིག་ཆང ་ཡོད་པའི་ཕྱིར་དང། ནུས་པའི་སྒོ་ནས་འཇུག་པའི་ཕྱིར་དང། རྒྱུ་དང་འབྲས་བུ་དབྱེར་ཡོད་པའི་ཕྱིར་དང། གཙོ་བོ་ཡོད་དོ་ཞེས་གང་སྨྲས་པའི་གཏན་ཚིགས་འདི་སུམ་ཆར་མ་ངེས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་བྱེད ་པའི་ཚད་མ་མ་བསྟན་པའི་ཕྱིར་དང། གཙོ་བོ་ཞེས་བྱ་བའི་རྒྱུ་མེད་ན་ཡང་ཚད་ལ་སོགས་པ་འདི་དག་མི་འགལ་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་རེ་ཞིག་རྒྱུ་ཙམ་ཡོད་པ་ཉིད་དུ་སྒྲུབ་པ་དེའི་ཚེ། སྒྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ནི་རྒྱུ་མེད་པར ་འབྲས་བུ་སྐྱེ་བར་མི་འདོད་དོ། །རྒྱུ་ཙམ་ལ་གཙོ་བོ་ཞེས་མིང་འདོགས་པ་ནི་ཅུང་ཟད་ཀྱང་གནོད་པ་མེད་དོ། །ཅི་སྟེ་གསལ་བ་ཚད་ངེས་པར་སྐྱེད་པར་བྱེད་པ་དང། ནུས་པའི་སྒོ་ནས་འཇུག་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་དེ་ལྟ་བུའི་རྟོག་པ་དང་ལྡན་པའི་རྒྱུ་ཡོད ་པ་དེ་ལྟར་སྒྲུབ་པ་ཡིན་ན། དེའི་ཚེ་མ་དེས་པ་ཡིན་ཏེ། རྟོག་པ་དང་ལྡན་པའི་བྱེད་པ་པོ་མེད་ན་ཡང་རང་གི་རྒྱུའི་ནུས་པ་ལས་ཚད་ངེས་པ་ལ་སོགས་པ་དང་ལྡན་པ་སྐྱེད་པ་ལ་འགལ་བ་མེད་པའི་ཕྱིར་རོ། །གཙོ་བོ་ནི་རྟོག་པ་དང་ལྡན་པར་རིགས་པ ་ཡང་མ་ཡིན་ཏེ། དེ་ནི་སེམས་པ་ཅན་མ་ཡིན་པའི་ཕྱིར་དང། རྟོག་པ་ཡང་སེམས་པ་ཅན་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །གཞན་ཡང་ནུས་པའི་སྒོ་ནས་འཇུག་པའི་ཕྱིར་ཞེས་བྱ་བ་འདིས་ནི་གལ་ཏེ་ཕ?་ཡི་དད་པའི་ནུས་པ་དང་ལྡན་པའི་རྒྱུ་ཙམ་སྒྲུབ་པ་དེའི་ཚེ ་གྲུབ་པ་ལ་སྒྲུབ་པོ། །འོན་ཏེ་ནུས་པ་སྣ་ཚོགས་དང་ལྡན་པའི་རྒྱུ་ཐ་དད་པ་གཅིག་པུ་ཡིན་ན། དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་དང་གང་དུ་ཡང་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་ཡང་ཡིན་ཏེ། ཐ་དད་པའི་ནུས་པའི ་དབང་གིས་རྒྱུ་འགའ་ཞིག་འབྲས་བུ་འགའ་ཞིག་ལ་འཇུག་པ་མ་སྒྲུབ་སྟེ། ནུས་པ་རྣམས་ནི་རང་གི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །གང་ཡང་རང་བཞིན་དབྱེར་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་པ་དེ་ཡང་མ་གྲུབ་སྟེ། རྗེས་སུ་འགྲོ་བ་མེད་པར་འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། ་གང་དུ་ཡང་ཐིམ་པ་གྲུབ་སྟེ། འདི་ལྟར་ཐིམ་པར་འགྱུར་བ་རང་གི་ངོ་བོ་ཐམས་ཅད་ཞིག་པ་འམ། མ་ཞིག་པ་ལ་ཡིན་གྲང། གལ་ཏེ་རེ་ཞིག་ཞིག་པ་ལ་ཡིན་པ་དེའི་ཚེ་རྗེས་སུ་འགྲོ་བ་མེད་པར་འཇིག་པར་ཐལ་བར་འགྱུར་རོ། །འོན་ཏེ་མ་ཞིག་པ་ལ་ཡིན་ན་དེའི་ཚེ ་ཐིམ་པ་མི་འཐད་དེ། མ་ཚང་བ་མེད་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ལ་ནི་ཐིམ་པ་འགའ་ཡང་མི་འཐད་དོ། །ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་སྣ་ཚོགས་དབྱེར་མེད་པའི་ཕྱིར། ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ།། ་དེ་ལྟ་བས་ན་དེ་ལྟར་གཙོ་བོ་རྒྱུ་མེད་ན་ཡང་རྒྱུའི་ནུས་པའི་ཁྱད་པར་ལས་འབྲས་བུའི་ཚད་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་དང། རྒྱུ་དང་འབྲས་བུའི་རྣམ་པར་དབྱེ་བ་ལ་སོགས་པ་འཐད་པའི་ཕྱིར་གཏན་ཚིགས་རྣམས་མ་ངེས་པ་ཡིན་ནོ། །སོགས ་པའི་སྒྲས་ནུས་པའི་སྒོ་ནས་འཇུག་པའི་ཕྱིར་ཞེས་བྱ་བ་འདི་གཟུང་ངོ། །ཡང་ན། དེ་བས་གཙོ་བོའི་རྒྱུ་མེད་ཀྱང། །ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །དེས་ན་དོན་ནི་འདི་ཡིན་ཏེ། །གཙོ་བོའི་རྒྱུ་མེད་པ་ཁོ་ནར་རྒྱུའི་ནུས་པའི་བྱེ་བྲག་གིས ་འབྲས་བུའི་ཚད་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་དང། རྒྱུ་དང་འབྲས་བུ་ལ་སོགས་པའི་རྣམ་པར་དབྱེ་བ་འཐད་པ་ཡིན་པའི་ཕྱིར། གཏན་ཚིགས་རྣམས་མ་ངེས་པ་ཡིན་ནོ། །འདི་ལྟར་གང་གི་ཚེ་གསལ་བའི་རྒྱུ་གཙོ་བོ་ཡིན་ནོ། དེའི་ཚེ་སྣ་ཚོགས ་ཐམས་ཅད་དེའི་བདག་ཉིད་ཡིན་པས་དེ་དང་འདྲ་བར་རྫས་གཅིག་ཏུ་འགྱུར་རོ། །དེ་ལྟ་ཡིན་དང་བློ་གཅིག་དང། །ང་རྒྱལ་གཅིག་དང། དེ་ཙམ་ལྔ་ཞེས་བྱ་བ་ལ་སོགས་པའི་ཚད་ཀྱི་རྣམ་པར་དབྱེ་བར་མི་འགྱུར་རོ། །དེ་ལྟ་ཡིན་དང་འགྲོ་བ་ཚད་མེད་པར་ཁོ་ནར ་འགྱུར་རོ། །དེ་བཞིན་དུ་རྫ་མཁན་ལ་སོགས་པ་རྣམས་བུམ་པ་ལ་སོགས་པ་བྱེད་པ་ན། ནུས་པའི་སྒོ་ནས་འཇུག་པ་ནི་གཙོ་བོའི་རྒྱུ་མེད་པ་ཁོ་ནར་འཐད་ཀྱི། དེ་ཡོད་ན་ནི་མ་ཡིན་ཏེ། ནུས་པ་མེད་ཅིང་བྱ་བ་འང་མེད་ཅེས་སྔར་ཇི་སྐད་དུ་བཤད་པ་ཡིན་ནོ། །རྒྱུ་དང ་འབྲས་བུ་རྣམ་པར་དབྱེ་བ་ཡང་གཙོ་བོ་རྒྱུ་མེད་པ་ཁོ་ན་ཡིན་ན་རིགས་སོ་ཞེས་སྔར་ཉིད་དུ་ཤེས་པར་བྱས་སོ། །རང་བཞིན་སྣ་ཚོགས་པ་ཡང་གཙོ་བོ་ཡོད་ན་མི་འཐད་པ་ཉིད་དེ། འགྲོ་བ་ཐམས་ཅད་དེའི་བདག་ཉིད་ཡིན་པས་དེའི་རང་གི་ངོ་བོ་བཞིན་དུ ་གཅིག་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བཤད་ཟིན། དེ་ལྟ་ཡིན་དང་གང་ལས་འདི་རྣམ་པར་དབྱེ་བ་མེད་པར་འགྱུར་བ་རང་བཞིན་སྣ་ཚོགས་པ་དང་པོ་ཉིད་ནས་ཡོད་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་བཀའ་འགྲོ་བ་ལས། རང་བཞིན་བརྟག ་པ་སྟེ་དང་པོའོ།། །།ང་ནི་དབང་ཕྱུག་གི་བྱ་བ་དང་བྲལ་བ་ཉིད་བསྟན་པའི་ཕྱིར། གཞན་དག་སྐྱེ་ལྡན་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་དང་མི་ལྡན་པ་ནམ་མཁའ་ལ་སོགས་པ་ལ་ནི་རྟག་པའི་ཕྱིར ་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས། དེའི་ཕྱིར་སྐྱེ་ལྡན་ཞེས་བསྟན་ཏོ། །གཞན་དག་ཅེས་བྱ་བ་ནི་རིགས་པ་ཅན་ལ་སོགས་པའོ། །དབང་ནི་དབང་ཕྱུག་གོ་།དེ་ལ་ཁ་ཅིག་ནི་དབང་ཕྱུག་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་དག་ལས་གཞན ་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ཐམས་ཅད་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་བདག་ལས་ཐ་དད་པ་རྟག་པ་གཅིག་པུ་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་བློ་དང་ལྡན་པ་ཉིད་ཀྱིས་ཡོན་ཏན་ཐ་དད་པའི་ཕྱིར་རྫས་གཞན་ཉིད་ཡིན་ནོ་ཞེའོ། །འོན་ཏེ་ཆོས་དང། ་ཆོས་མ་ཡིན་པ་དང། རྡུལ་ཕྲ་རབ་ལ་སོགས་པ་འགྲོ་བའི་རྒྱུ་ཡོད་པ་མ་ཡིན་ནམ། དེ་ཅིའི་ཕྱིར་གཞན་དབང་ཕྱུག་རྒྱུ་ཉིད་དུ་རྟོགས་པར་བྱེད་ཅེ་ན། དེ་ཕྱིར། སེམས་པ་མེད་པ་རང་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལ་སོགས་པ་རྒྱུད་ཡིན་མོད ་ཀྱི། འོན་ཀྱང་དེ་ནི་སེམས་པ་མེད་པ་ཡིན་པའི་ཕྱིར། ཕྱིན་གྱི་རླབ་པ་པོ་མེད་པར་རང་ཉིད་ཀྱིས་རང་གི་འབྲས་བུ་རྩམ་པར་ནུས་པ་མ་ཡིན་ནོ། །དེས་ན་དེ་བྱིན་གྱིས་རླབ་པ་པོ་འགའ་ཞིག་པ་པོར་འགྱུར་པར་བྱ་དགོས་སོ། །གང་གི་སེམས་པ་མེད་པ་འགའ་ཞིག ་རང་དབང་ཅན་དང་བྱིན་གྱིས་རློབ་པ་པོར་མ་མཐོང་ངོ། །སྦྱོར་བ་ནི་གང་སེམས་པ་མེད་པ་དེ་ནི་བྱིན་གྱིས་རློབ་པ་པོ་མེད་པར་རང་གི་འབྲས་བུ་རྩོམ་པ་མ་ཡིན་ཏེ། དཔེར་ན་འཇིམ་པའི་གོང་བུ་དང། དབྱིག་གུ་དང། ཆུ་དང། སྐུད་པ་ལ་སོགས་པ ་རྫ་མཁན་དང་བྲལ་བའི་བུམ་པ་ལྟ་བུའོ། །ཆོས་ལ་སོགས་པ་ཡང་སེམས་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟ་བས་ན་བྱིན་གྱིས་རློབ་པ་པོ་གང་ཡིན་པ་ཉིད་དབང་ཕྱུག་ཡིན་པ་གྲུབ་པོ། །དེ་ལྟར ་ན་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དོན་མེད་པ་ཡང་མ་ཡིན་ཏེ། དབང་ཕྱུག་ནི་རྒྱུ་མཚན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་ཆོས་དང་ཆོས་མ་ཡིན་པ་དང་འདུ་བའི་བདག་གང་ཡིན་དེ་ཉིད་བྱིན་གྱིས་རློབ་པ་པོ་ཡིན་པར་འགྱུར་ན། དེའི་ཕྱིར ་དབང་ཕྱུག་བརྟགས་པས་ཅི་ཞིག་བྱ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། བདག་དེ་དེའི་ཚེ་ཤེས་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཇི་སྲིད་དུ་ལུས་དང་དབང་པོ་ལ་སོགས་པའི་རྒྱུ་དང་འབྲས་བུ་ཚོགས་པ་མ་སྐྱེས་པ་དེ་སྲིད་དུ་འདི་ཤེས་པ་མེད་པ་ཡིན ་ལ། དམིགས་སུ་རུང་བ་ཡིན་ན་དེ་སྲིད་དུ་གཟུགས་ལ་སོགས་པའི་ཡུལ་མི་དམིགས་ན་དམིགས་སུ་མི་རུང་བའི་ཆོས་དང་ཆོས་མ་ཡིན་པ་གང་ལས་དམིགས་པར་འགྱུར། ཇི་སྐད་དུ་སྐྱེ་བ་པོ་འདི་ཤེས་ཡོད་མིན་ཏེ། བདག་གི་བདེ་སྡུག་བདག་ལ་རང ་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་མཐོ་རིས་སམ། །གཡང་ས་དག་དུ་འགྲོ་བ་ཁོ་ནར་འགྱུར། །ཞེས་སྨྲས་པ་ལྟ་བུའོ། །འདི་ལ་རྣམ་ཕུག་པས་དབང་ཕྱུག་སྒྲུབ་པ་ལས་ཚད་མ་གཉིས་བཀོད་པ་ནི་རང་རྩོམ་བྱེད་པའི་ཆ་ཤས་དག་།ཅེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་དབང་པོ་གཉིས་ཀྱིས་གཟུང་བར་བྱ་བ་དང་གཟུང་བར་བྱ་བ་མ་ཡིན་པའི་བློ་མི་མཐུན་པའི་གཞི་ཉིད་དུ་གྱུར་པ་ནི་བློ་དང་ལྡན་པའི་རྒྱུ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། རང་རྩོམ་པར་བྱེད་པའི་ཆ ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་རྡུལ་ཕྲ་རབ་ལྟ་བུའོ་ཞེས་སྨྲས་ཏེ། དེ་ལ་མཐོང་བ་དང་རེག་པའི་དོན་དབང་པོ་གཉིས་པོ་དེ་དག་གི་གཟུང་བ་ཆེན་པོ་དང། རྫས་དུ ་མ་དང་ལྡན་པ་དང། གཟུགས་ལ་སོགས་པ་དམིགས་པའི་རྒྱུ་དང་ལྡན་པས་ས་དང་ཆུ་དང། མེའི་མིང་ཅན་རྫས་རྣམ་པ་གསུམ་ནི་མཐོང་བ་དང་རེག་པའི་དབང་པོ་དག་གིས་གཟུང་བར་བྱ་བ་ནི། དབང་པོ་གཉིས་ཀྱིས་གཟུང་བར་བྱ་བ ་ཡིན་ལ། རླུང་ལ་སོགས་པ་ནི་བཟུང་བར་བྱ་བ་མ་ཡིན་པའོ། །གང་གི་ཕྱིར་ཆེན་པོ་ཉིད་དང། རྫས་དུ་མ་དང་ལྡན་པ་ཉིད་དང། གཟུགས་དང། འདུ་བ་ལ་སོགས་པ་ན་དམིགས་པའི་རྒྱུར་འདོད་ལ། དེ་ཡང་རླུང་ལ་སོགས་པ ་ལ་མེད་དོ། །ཇི་སྐད་དུ། ཆེན་པོ་དང་རྫས་དུ་མ་ནི་གཟུགས་དང་ལྡན་པའི་ཕྱིར་དང། གཟུགས་ཡིན་པའི་ཕྱིར་དམིགས་པ་ཡིན་ལ། རླུང་ནི་གཟུགས་དང་མི་ལྡན་པའི་ཕྱིར་མི་དམིགས་སོ། །གཟུགས་དང་ལྡན་པ་ནི་གཟུགས་དང་འདུ ་བའོ། རྡུལ་ཕྲ་རབ་གཉིས་པ་ལ་སོགས་པ་ནི་དམིགས་པ་མ་ཡིན་ཏེ། ཆེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུའོ། །དེ་ལ་སྤྱིར་དབང་པོ་གཉིས་ཀྱིས་གཟུང་པར་བྱ་དང་གཟུང་བར་བྱ་བ་མ་ཡིན་པ་དང་ལྡན་པའི་རྒྱུ་སྔོན་དུ་སྒྲུབ་པར་བྱེད་ན ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་དེ། བུམ་པ་ལ་སོགས་པ་ནི་གཉི་ག་ལ་གྲུབ་པས་རྩད་པ་མེད་པའི་ཕྱིར་དང། ཁས་བླངས་པས་གནོད་པའི་ཕྱིར་དང། རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་རྣམས་དེ་ལྟར་ཁས་བླངས་པའི་ཕྱིར་རོ། །དེ་དག་ཀྱང་རྟག་པའི་ཕྱིར ་མངོན་སུམ་ལ་སོགས་པས་གནོད་དོ། །དེ་ལྟ་བས་ན་དེའི་དོན་དུ་བློ་མི་མཐུན་པའི་རྟེན་དུ་གྱུར་པ་སྨོས་ཏེ། བློ་སྣ་ཚོགས་པ་ནི་མི་མཐུན་པ་སྟེ། ལོག་པར་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།འདིའི་གཞིར་གྱུར་པ་ནི་ཅོད་པའི་རྟེན་དུ་གྱུར་པ་ཞེས་བྱ་བའི ་དོན་ཏོ། །དེ་ལྟ་བ་ཡིན་ན་ལུས་དང། དབང་པོ་དང། གནས་ལ་སོགས་པ་ཉིད་ཕྱོགས་སུ་བྱས་པ་ཉིད་ཡིན་པའི་ཕྱིར། རྡུལ་ཕྲ་རབ་ལ་སོགས་པ་ལ་ཐལ་བར་འགྱུར་པ་མེད་དོ། །རྒྱུ་རྩམ་སྔོན་དུ་འགྲོ་བ་ཉིད་དུ་སྡུ་བ་ན་གྲུབ་པ་ལས་སྒྲུབ་པའི་འགྱུར་དུ་འོང་བས ་གློ་དང་ལྡན་པའི་རྒྱུ་ཞེས་སྨོས་སོ། །གྲངས་ཅན་ལ་ལྡན་པའི་དོན་མི་འཐད་པས་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །གྲངས་ཅན་གྱི་བློ་གཙོ་བོ་ལས་ཐ་མི་དད་པར་འདོད་ལ། དེ་དེ་ཉིད་ཀྱིས་དེ་དང་ལྡན་པ་ནི་མ་ཡིན་ནོ། །རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི། དབྱིབས་ནི་བསགས ་པའི་བདག་ཉིད་དུ་སྦྱོར་བའོ། །དེས་ཁྱད་པར་དང་ལྡན་པ་ནི། རྣམ་པར་རྩོད་པའོ། །དེ་ཡིན་པས་ན་སྟེ་དེའི་ཕྱིར་རོ། །ཆ་ཤས་བཀོད་པའི་ཁྱད་པར་ཉིད་ནི་བ་ལང?་ཉིད་ན་བ་ལང་ཉིད་ལ་སོགས་པས་འཁྲུལ་པ་ཡིན་ནོ། །དེའི་ཕྱིར་རང་རྩོམ་བྱེད་པ་ཞེས་སྨོས་སོ། །བ་ལང་ཉིད་ལ་སོགས ་བ་ཉིད་ནི་རྫས་རྩོམ་པའི་ཆ་ཤས་ཀྱི་དབྱིབས་ཁྱད་པར་དུ་གྱུར་པ་ཡིན་གྱི། རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་ནི་མ་ཡིན་ནོ། །དེས་ན་བློ་དང་ལྡན་པ་དེ་ཉིད་དབང་ཕྱུག་ཡིན་ནོ། །ཚད་མ་འདི་ནི་རང་རྩོམ་བྱེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅད་པ་གཉིད་ཀྱི་བསྟན་ཏོ། །རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་དེ་འདི་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་ཁྱད་པར་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གཏན་ཚིགས་ཀྱི་ཁྱད་པར ་བསྟན་ནས་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་བསྟན་པའི་ཕྱིར། དབང་པོ་གཉིས་གཟུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོད་པའི་བཞིའོ་ཞེས་བྱ་བ་ནི་རྩོད་པའི་རྟེན་པའི་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེས་སྨྲས་པའི་ཚད་མ་གཉིས་པ ་བསྟན་པའི་ཕྱིར། དེ་བཞིན་ལུས་ལ་སོགས་པའི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ལ་སོགས་པ་སྟེ། ལུས་ལ་སོགས་པའི་ཉེ་བར་ལེན་པའི་རྒྱུར་རྡུལ་ཕྲ་རབ་ལ་སོགས་པ་སེམས་པ་ཅན་གྱི་རྒྱུས་བྱིན་གྱིས་བརླབས་པ་ཡོད ་ན་རང་གི་འབྲས་བུ་བྱེད་ཅེས་འབྲེལ་ཏོ། །གཟུགས་སོགས་ལྡན་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། སྣལ་མ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ནི་དཔེའོ། །ཇི་སྐད་དུ་ལུས་དང། གནས་དང། དབང་པོ་ཉེ་བར་ལེན་པ་སེམས་པ་ཅན་གྱིས་བརླབས ་པ་རྣམས་ནི་རང་གི་འབྲས་བུ་རྩོམ་པར་བྱེད་དོ་ཞེས་ཁོ་བོ་ཅག་གིས་ཤེས་ཏེ། གཟུགས་ལ་སོགས་པ་དང་ལྡན་པའི་ཕྱིར། སྣལ་མ་ལ་སོགས་པ་བཞིན་ནོ་ཞེས་བསྟན་པ་ལྟ་བུའོ། །གསལ་བྱེད་པ་ནི་གནས་པ་ལ་སོགས་པའི་རྒྱུ་གཙོ་བོ་རྡུལ་ཕྲ་རབ ་དང་མ་མཐོང་བ་རྣམས་ནི་རང་གི་འབྲས་བུ་སྐྱེད་པ་ལ་ཁྱད་པར་དུ་འཕགས་པའི་བློ་དང་ལྡན་པའི་བྱིན་གྱིས་རློབ་པ་པོ་ལ་བལྟོས་པ་ཡིན་ཏེ། བསྡད་ནས་འཇུག་པའི་ཕྱིར་སྣལ་མ་ལ་སོགས་པ་དང་ཐག་བཟངས་ལ་སོགས་པ་བཞིན་ནོ་ཞེས་ཚད་མ་སྟོན་པར་བྱེད་དོ། །དེ ་འདིར་སྟོན་པ་ནི། ཆོས་དང་ཆོས་མིན་རྡུལ་ཕྲན་ཀུན། །ཞེས་བྱ་བ་སྨོས་ཏེ། གོ་སླའོ། །བློ་གྲོས་བཟང་པོས་ཀྱང་འབྱིན?་བའི་ཐོག་མར་སྐྱེས་བུ་རྣམས་ཀྱི་ཐ་སྙད་ནི་གཞན་གྱིས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དུས་ཕྱིས་རབ་ཏུ ་བྱང་བར་གདོན་སོ་སོར་ངེས་པའི་ཕྱིར་རོ། །དཔེར་ན་ཚིག་གི་ཐ་སྙད་མ་གྲུབ་པའི་བྱིས་པ་རྣམས་ལ་བ་ལང་ལ་སོགས་པ་ལ་ཚིགས་གི་ཐ་སྙད་དོན་སོ་སོར་ངེས་པ་ན་མི་ལ་སོགས་པའི་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་བཞིན་ནོ་ཞེས་ཟེར་རོ། །ཤེས་ལྡན ་དག་ལ་དོན་ངེས་ཕྱིར། །ཞེས་བྱ་བ་ནི་རབ་ཏུ་བྱེད་པ་ཡོད་པ་དག་ལ་དོན་ངེས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐ་སྙད་འདི་དེ་འབྱིན་པའི་དང་པོར་གང་ཞིག་སྔོན་དུ་འགྲོ་བ་དེས་སྟོན་པར་བྱེད་པ་དེ་ནི་དབང་ཕྱུག་གོ་།འཇིག་པའི་དུས་ན་ཡང་ཤེས་པའི ་ཁྱད་པར་དུ་འཕགས་པ་མི་འཇིག་གོ་ཞེས་བྱ་བར་གྲུབ་པོ། །དེ་སྟོན་པ་འབྱིན་པའི་དང་པོ་སྐྱེས་བུ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་འབྱིན་པ་ནི་འབྱུང་བ་དང་སྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་དང་པོ་ནི་ཐོག་མའི་དུས་སོ། །ལྷག་མ ་ནི་གོ་སླའོ། །དེ་བཞིན་དུ་ཚད་མ་གཞན་འོད་བྱེད་པས་བསྟན་པ་ནི། འབྱུང་བ་ཆེན་པོ་ལ་སོགས་པའི་གསལ་བ་ནི་བློ་དང་ལྡན་པའི་རྒྱུས་བྱིན་གྱིས་བརླབས་ནས་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་མཚན་དུ་གྱུར་པ་ཡིན་ཏེ། སེམས་པ་ཅན་མ་ཡིན་པའི ་ཕྱིར་དང། འབྲས་བུ་ཡིན་པའི་ཕྱིར་དང། འཇིག་པ་དང་ལྡན་པའི་ཕྱིར་དང། གཟུགས་ལ་སོགས་པ་དང་ལྡན་པའི་ཕྱིར་དང། སྟེའུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །འདི་དག་སྟོན་པ་ནི་འབྱུང་བ་ཆོལ་སོགས་ཤེས་བྱ་བ ་ལ་སོགས་པའོ། །བློ་དང་ལྡན་པ་པོས་བྱིན་གྱིས་བརླབས་པའོ། །དེ་ཕྱིར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱི་ཚིགས་ལས་སོ། །དེ་ནི་ཞེས་བྱ་བ་ནི་འགྲོ་བའི་ནི་རྒྱུ་དབང་ཕྱུག་གོ་།ཅི་སྟེ་གང་གིས་མངོན་པར་མཐོ་བ་དང་ངེས་པར ་ལེགས་པར་འདོད་པ་རྣམས་ཀྱིས་གུས་པའི་ཡུལ་དུ་འགྱུར་བ་དེ་ཐམས་ཅད་ཤེས་པ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། ཀུན་གྱི་བྱེད་པོ་ཉིད་གྲུབ་ན། །ཞིག་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ། ཡང་བློ་གྲོས་བཟང་པོ་ལ་སོགས་པས། འདི་གནས་པ་མཛའ་དག་གི་རྒྱུ་ཡིན་པའི་ཕྱིར ་ཐམས་ཅད་ཤེས་པ་ཉིད་དུ་གྲུབ་སྟེ། བྱེད་པ་པོ་ནི་འབྲས་བུ་དང། ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པ་དང། (དགོས་པ་དང།)་ཡང་དག་པར་སྦྱིན་པ་ཤེས་པའི་ཕྱིར་རོ། །འདི་ལ་གང་ཞིག་གང་ཞིག་བྱེད་པ་པོ་ཡིན་པ་དེ་ནི་དེའི་ཉེ་བར་ལེན་པ་ཤེས་པ་ཡིན་ཏེ། དཔེར་ན་ཁམ་གཞོང་ལ་སོགས ་པའི་བྱེད་པ་པོ་རྫས་མཁན་གྱིས་དེའི་ཉེ་བར་ལེན་པ་ནི་འཇིག་གོང་ངོ། །ལྷན་ཅིག་བྱེད་པ་ནི་འཁོར་ལོ་ལ་སོགས་པའོ། །དགོས་པ་ནི་ཆུ་ལ་སོགས་པ་ལེན་པ་ལ་སོགས་པའོ། །ཡང་དག་པར་སྦྱིན་པ་ནི་གཉེན་ཡིན་པར་ཤེས་པ་ཞེས་བྱ་བ་འདི་རབ་ཏུ་གྲུབ་པ་བཞིན་ནོ། ་དེ་བཞིན་དུ་གནས་པ་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་གིས་དེའི་ཉེ་བར་ལེན་པ་རྡུལ་ཕྲ་རབ་ལ་སོགས་པའི་མཚན་ཉིད་དོ། །དེའི་ལྷན་ཅིག་བྱེད་པ་ནི། ཆོས་དང། ཆོས་མ་ཡིན་པ་དང་ཕྱོགས་དང་དུས་ལ་སོགས་པའོ། །ཐ་སྙད་ཀྱི་ལྷན་ཅིག་བྱེད་པ་ནི་སྤྱི་དང་ཁྱད ་པར་དང་འདུ་བའི་མཚན་ཉིད་དོ། །དགོས་པ་ནི་ཉེ་བར་ལོང་སྤྱོད་པའོ། །ཡང་དག་པར་སྲིན་པའི་མིང་ཅན་ནི་སྐྱེས་བུ་རྣམས་ཤེས་པ་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་འདི་ཐམས་ཅད་ཤེས་པ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་སྨྲས་སོ། འབྲས་བུའི་ངོ་བོ་ལ་སོགས་ཤེས།། ་ཞེས་བྱ་བ་ནི་གང་འབྲས་བུའི་ངོ་བོ་ལ་སོགས་པ་ནི་རང་བཞིན་ལ་སོགས་པའོ། །སོགས་པའི་སྒྲས་ཉེ་བར་ལེན་པ་ལ་སོགས་པ་གཟུང་ངོ། །དེ་དག་གི་ཤེས་པ་ཞེས་བྱ་བ་ནི་བསྡུ་བའོ། །ཡ་ཛ་ཀ་ལས་སོགས་པའི་ཚོགས་མ་རྫོགས་པས་ཉིད་ཀྱི་ཕྱིར་རམ ་ལས་ལ་ཨཎ་གྱི་སྒྲའི་རྐྱེན་བསྒྲུབས་ནས་རང་གི་དོན་ཀའི་སྒྲུབ་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །དེ་བཞིན་དུ་དེ་དག་གིས་སྨྲས་པའི་ཚད་མའི་ཚོགས་གཞན་སྣ་ཚོགས་པར་འབྱུང་བ་དང། རབ་ཏུ་གཡོ་བ་དང། གཞི་དང་གཞི་མ་ཡིན་པ་བློ་མི་མཐུན་པའི ་གཞིར་གྱུར་པ་ནི་གཉིས་པ་ལ་སོགས་པའི་ཚད་མ་ལྔ་ལས་ཐ་དད་པའི་ཚན་མ་གཞན་གྱིས་བཅད་པར་བྱ་བ་ཡིན་ཏེ། དངོས་པོ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི ་རུས་སྦལ་གྱི་སྤུ་ལ་སོགས་པ་བཞིན་ནོ་ཞེའོ། །དེ་ལ་སྣ་ཚོགས་པར་འབྱུང་བ་ནི་ཡོན་ཏན་གྱི་ཚིག་གི་དོན་ལ་བརྗོད་དེ། འདི་སྣ་ཚོགས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །རབ་ཏུ་གཡོ་བ་ནི་ལས་ཀྱི་ཚིག་གི་དོན་ཏོ། །དེ་དག་གི་གཞི་ནི་འདུ་བའི་རྒྱུ ་སྟེ་རྫས་སོ། །གཞི་མ་ཡིན་པ་ནི་ཡོན་ཏན་ལ་སོགས་པ་ནས་འདུ་བའི་བར་ལྔ་པོ་རྣམས་སོ། །གཉིས་པ་ལ་སོགས་པའི་ཚད་མ་ལྔ་ནི་རྗེས་སུ་དཔག་པ་ནས་གཟུང་ནས་དངོས་པོ་མེད་པའི་བར་རོ། །དེ་ལས་ཐ་དད་པའི་ཚད་མ་གཞན་ནི་མངོན་སུམ་མོ།། ་ལྷག་མ་ནི་གོ་སླའོ། །དེ་དག་གིས་སྨྲས་པའི་གཏན་ཚིགས་གཞན་འདི་ཡང་ཡིན་ཏེ་ཡོད་པ་ལ་སོགས་པར་མེད་པ་ནོན་པ་དང་མ་ནོན་པ་བློ་མི་མཐུན་པ་གཞིའི་ངོ་བོར་གྱུར་པ་འགའ་ཞིག་ནི་མངོན་སུམ་ཡིན་ཏེ། ཡོད་པའི་ཕྱིར་གཟུགས་ལ ་སོགས་པ་གཞིན་ནོ་ཞེའོ། །དེ་ལ་ཡོད་པ་ལ་སོགས་པ་ཁྱད་པར་མེད་པ་རྣམས་དྲུག་པ་སྟེ། ཡོད་པ་སྟེ། མི་རྟག་པ་དང། རྫས་དང་ལྡན་པ་དང། རྒྱུ་དང་འབྲས་བུ་དང། སྤྱི་ཁྱད་པར་ལྡན་པ་ཞེས་བྱ་བ་ནི། རྫས་དང། ཡོན་ཏན་དང། ་ལས་རྣམས་ཀྱི་ཁྱད་པར་མེད་པ་ནི་དེ་དག་གིས་ནོན་པ་སྟེ། མནན་པ་ནི། ཇི་ལྟར་སྲིད་པར་རྫས་དང། ཡོན་ཏན་དང། ལས་ཀྱི་བདག་ཉིད་ཀྱི་ཚིག་གི་དོན་གསུམ་མོ། །མ་ནོན་པ་ནི་སྤྱི་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །ཚད ་མའི་ཚོགས་དེ་དག་ཉིད་སྟོན་པ་ནི། མི་མཐུན་བློ་བཞིའི་དངོས་པོ་ནི། ཞེས་བྱ་བ་ལ་སོགས་པའོ། །འདི་ལ་སྒྲུབ་བྱེད་དང་པོ་ཡི་ཞེས་བྱ་བ་ལ་སོགས་པས་ཕྱོགས་ཕྱི་མ་རྩམ་སྟེ། དེ་ལ་གང་སེམས་པ་ཅན་མ་ཡིན་པ་དེ་ནི་བྱིན་གྱིས་རླབ་པར? ་མེད་པར་རང་གི་འབྲས་བུ་རྩོམ་པ་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ། བསྒྲུབ་པར་བྱ་བ་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟླ་བ་ཉིད་ཀྱིས་གཏན་ཚིག་མ་ངེས་པ་ཡིན་ནོ་སྙམ ་དུ་བསམས་པ་ཡིན་ནོ། །གང་ཡང་རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། ཞེས་བྱ་བའི་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱི་སྦྱོར་བ་དང་པོ་ནི་གྲུབ་པོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་ཤས་ཀྱི་དབྱིངས ་ཀྱི་སྒྲས་ནི་ལྡན་པའི་ཁྱད་པར་མངོན་པར་འདོད་པའོ། །དེའི་ཁྱད་པར་དུ་བྱས་པ་ཡང་ཡན་ལག་ཅན་ཞེས་བྱ་བའི་རྫས་སོ། །ཁྱད་པར་དང་ཁྱད་པར་ཅན་དེ་དག་གཉི་ག་ཡང་མ་གྲུབ་པའི་ཕྱིར། གཏན་ཚིག་མ་གྲུབ་པ་རྣམ་པ་གཉིས་སོ། །ཡང་ཇི་ལྟར་གཉི་ག ་མ་གྲུབ་པ་ཡིན་ཞེ་ན། བལྟར་རུང་ཉིད་དུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མདོར་བསྡུས་ནས་རང་བཞིན་མི་དམིགས་པ་ཞེས་པ་ཉིད་གནོད་པར་བྱེད་པའི་ཚད་མར་བཤད་དོ། །རྒྱས་པར་ནི་འདི་དག་གི་སྐྱོན་ཚིག་གི་དོན་དྲུག་བརྟག་པར་སྟོན་པར ་འགྱུར་རོ། །གཉི་ག་ཞེས་བྱ་བ་ནི་དབྱིབས་དང་ཆ་ཤས་ཅན་དུ་ཡང་དག་པར་འདོད་པའོ། །འདི་ལྟར་དབྱིབས་བལྟར་རུང་བ་ཉིད་དུ་ཁས་བླངས་ཏེ། གྲངས་དང་ཚད་དང། ཐ་དད་པ་ཉིད་དང་ལྡན་པ་དང། རྣམ་པར་དབྱེ་བ་དང་གཞན་དང་གཞན་མ་ཡིན་པ་དག་དང། ། ་ལས་ནི་གཟུགས་ཅན་དང་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །ཆ་ཤས་ཅན་ཡང་བལྟར་རུང་བ་ཉིད་དུ་འདོད་དེ། ཆེན་པོ་ནི་དུ་མ་དང་ལྡན་པའི་ཕྱིར་དང། གཟུགས་ཡིན་པའི་ཕྱིར་དམིགས་པ་ཡིན་ནོ། །ཞེས་བརྗོད ་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ལས་ཐ་དད་པར་ལྡན་པ་འམ་ཆ་ཤས་ཅན་སྣང་དུ་རུང་བ་ཉིད་དུ་འདོད་པ་ནི་བློ་ལ་སྣང་བ་མ་ཡིན་པས། དེའི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར། །རི་བོང་གི་རྭ་བཞིན་དུ་མེད་པའི་ཐ་སྙད ་ཡུལ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་དབང་པོ་ལས་འདས་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་མི་དམིགས་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། ཁྱད་པར་ཅན་རྣམས་དབང་པོའི་ཡུལ་དུ་ཁས་བླངས་པས་དབང་པོ་ལས་འདས་པ་མ ་གྲུབ་པའི་ཕྱིར། །དེ་ཉིད་ཀྱི་ཕྱིར་ལྡན་པ་དང་ཆ་ཤས་ཅན་དག་མེད་པའི་ཕྱིར། ཆོས་མཐུན་པའི་དཔེ་བུམ་སྒྲུབ་པར་བྱེད་པའི་ཆེས་དང་བྲལ་བ་ཡིན་ནོ་ཞེས་སྟན་པར་བྱེད་པ་ནི། དེ་ལྟ་བས་ན་དཔེ་འདི་ཡང། ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རེ་ཞིག་ཁྱད་པར་དང ་ཁྱད་པར་ཅན་མ་གྲུབ་པས་གཏན་ཚིགས་རང་གི་ངོ་བོ་མ་གྲུབ་པ་ཉིད་དུ་བསྟན་ནས། ད་ནི་བཞིའི་ཕྱོགས་གཅིག་མ་གྲུབ་པས་ཀྱང་མ་གྲུབ་པ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ནི། མིག་དང་རེག་པའི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཆོས་ཅན་རྣམ་པ་གཉིས ་བསྟན་ཏེ། དབང་པོ་གཉིས་ཀྱི་གཟུང་བར་བྱ་བ་དང། །གཟུང་བར་བྱ་བ་མ་ཡིན་པའོ། །དེ་ལ་དབང་པོ་གཉིས་ཀྱི་གཟུང་བར་བྱ་བའོ་ཆོས་ཅན་ནི་ཅུང་ཟད་ཀྱང་མ་གྲུབ་སྟེ། འདི་ལྟར་མིག་དང་རག་པའི་རྣམ་པར་ཤེས་པ་གཉི་ག་གོ་རིམ་བཞིན་དུ་སྔོན ་པོ་ལ་སོགས་པའི་གཟུགས་ཙམ་སྣང་བ་ཅན་ཡིན་པའི་ཕྱིར་དང། རྩུབ་པ་ལ་སོགས་པའི་རེག་བྱའི་ཁྱད་པར་ཙམ་སྣང་བ་ཅན་ཡིན་པའི་ཕྱིར། ཐ་དད་པར་སྣང་བ་ཅན་དུ་ཉེ་བར་སྐྱེའོ། །དེ་ལྟར་ཡིན་དང་མིག་དང་རེག་པའི་རྣམ་པར་ཤེས་པ་དེ ་དག་ཡུལ་གཅིག་པ་ཉིད་ཡོད་པ་མ་ཡིན་ཏེ། ཐ་དད་དུ་སྣང་བའི་ཕྱིར་དྲི་དང་རོ་ལ་སོགས་པའི་རིག་པ་བཞིན་ནོ། །སྦྱོར་བ་ནི་གང་དག་ཐ་དད་དུ་སྣང་བ་ཅན་གྱི་རྣམ་པར་ཤེས་པ་དེ་དག་ནི་ཡུལ་གཅིག་པ་ཅན་མ་ཡིན་ཏེ། དཔེར་ན་དྲི་དང་རོའི་རྣམ་པར་ཤེས ་པ་གཉིས་བཞིན་ནོ། །མིག་དང་རེག་པའི་རྣམ་པར་ཤེས་པ་གཉིས་ཀྱང་ཐ་དད་པར་སྣང་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའི་གལ་བ་དམིགས་པའོ། །སྣང་བ་ཐ་དད་པ་ཅན་ཡང་ཡུལ་གཅིག་པ་ཉིད་ཡིན་ན་གཟུགས་དང་སྒྲ་ལ་སོགས་པའི ་སེམས་ཀྱང་ཡུལ་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་འདིར་གནོད་པ་ཅན་གྱི་ཚད་མའོ། །འོ་ན་གལ་ཏེ་དེ་དག་ཡུལ་གཅིག་པ་མ་ཡིན་ན། དེ་ཇི་ལྟར་ངས་སྣང་བ་ལ་མཐོང་བ་ཡིན་པའི་བུམ་པ་གང་ཡིན་པ་དེ་ཉིད་མུན ་པར་དག་གོ?་ཅེས་བྱ་བའི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པར་འདིར་འགྱུར། དེ་ལྟ་བས་ན་དམ་བཅས་པ་འདི་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །དེ་ལ་འོད་བྱེད་པས་སྨྲས་པའི་རྗེས་སུ་དཔག་པ་ནི་འདི་ཡིན་ཏེ། ཡུལ་དཔྱད་པར་གྱུར་པའི་མཐོང ་བ་དང་རེག་པའི་ཤེས་པ་དག་ནི་ཡུལ་གཅིག་པ་ཡིན་ཏེ། ཉིང་མཚམས་སྤྱོད་པའི་ཕྱིར། ཨུཏཔལ་སྔོན་པོའི་ཤེས་པ་བཞིན་ནོ་ཞེས་བྱ་བའོ། །དེ་ལ་བཤད་པ་དེ་དག་མཐུ་ལས་ཡང་དག་བྱུང། ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་སྟེ་ཁ་དོག་དང་རེག ་བ་རྩམ་དུ་སྣང་བའི་མིག་དང་རེག་པའི་རྣམ་པར་ཤེས་པ་དག་གི་མཐུ་ནི་ནུས་པ་སྟེ། དེ་ལས་ཡང་དག་པར་བྱུང་བའི་རྟོག་པ་དང་འབྲེལ་པའོ་བདག་ཉིད་འདི་ལ་ཡོད་པས་ཤེས་ཚིག་རྣམ་པར་སྦྱར་རོ། །དེའི་ཕྱིར་འདིས་ནི་ཉིང་མཚམས་སྦྱོར་བའི་ཤེས་པ ་མངོན་སུམ་མ་ཡིན་པ་ཉིད་དུ་བསྟན་པ་ཡིན་ཏེ། དུ་མལ་གཅིག་ཏུ་ཞེན་པ་ཉིད་ཀྱིས་འདི་འཁྲུལ་པ་ཡིན་པའི་ཕྱིར་དང་རྟོག་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཚད་མ་གཞན་ཡང་ཡོད་པ་མ་ཡིན་ཏེ། ཤེས་པ་སྔ་མས་ཡོངས་སུ་བཅད་པའི་ཡུལ་དེས་པ་ཉིད་ཀྱིས ་གཟུང་ཟིན་པ་འཛིན་པའི་ཕྱིར་དང། འཁྲུལ་པ་ཉིད་པའི་ཕྱིར་རོ། །དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའོ་གཏན་ཚིགས་མ་ངེས་པ་ཡིན་ནོ། །གལ་ཏེ་ཉིང་མཚམས་སྦྱོར་བའི་ཤེས་པ་ཚད་མ་ཉིད་དུ་གྲུབ་པར་གྱུར་ན། དེའི་ཚེ་གཏན ་ཚིགས་དེས་པ་ཁོ་ནར་འགྱུར་ན། ཇི་ཙམ་དུ་གཟུགས་ལ་སོགས་པ་དག་ལ་ཐུན་མོང་པའི་ནུས་པ་བསྟན་པའི་ཕྱིར་བུམ་པ་ལ་སོགས་པར་བརྡ་བྱས་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་མིག་དང་རེག་པ་དག་གིས་ཉམས་སུ་མྱོང་བ་དེ་དག་ལ ་དུས་ཕྱིས་ཇི་ལྟར་མཐོང་བའི་ཡུལ་ཅན་རྗེས་སུ་མཐུན་པའི་བརྡ་བྱས་པའི་འདུ་བྱེད་ཀྱི་ཁྱད་པར་གཅིག་ཉིད་དུ་ཞེན་པ་འཁྲུལ་པའི་རང་བཞིན་གྱི་དྲན་པའི་ཤེས་པ་འདི་སྐྱེའོ། །འདི་ལྟར་དེ་ལྟར་ཞེན་པ་དེ་ལ་སྔོན་པོ་ལ་སོགས་པའི་ཁ ་དོག?་སྣང་གི་རེག་པའི་ཉེས་པ་ལ་ནི་ཁ་དོག་སྣང་བར་རིགས་པ་མ་ཡིན་ཏེ། དེ་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་སློབ་དཔོན་གྱིས་མིག་དང་རེག་པ་དག་གིས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡུལ་ཐ་དད་པ་དམིགས ་པ་དེ་དང་ལྷན་ཅིག་སྤྱོད་པའི་སྤྱིའི་ཡུལ་ཅན་གཞན་ཐ་མི་དད་པ་དྲན་པའི་ཤེས་པ་སྐྱེའོ་ཞེས་བཤད་པ་གང་ཡིན་པ་དེ་ཉིད་རིགས་སོ། །གལ་ཏེ་སྤྱི་ཐ་དད་པ་ཉམས་སུ་མྱོང་བ་ཡིན་ན་དེའི་ཚེ་དྲན་པ་འདི་རིགས་ཀྱི། ཇི་སྲིད་དུ་ཁྱེད་ཅག་གིས་གང་དག་གིས་འདི ་ཉམས་སུ་མྱོང་བར་འགྱུར་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་སྤྱི་མི་འདོད་དེ། གཟུགས་ལ་སོགས་པ་ཉམས་སུ་མྱོང་བ་ལ་གཟུགས་ལ་སོགས་པའོ་སྙམ་པར་འགྱུར་གྱི་བུམ་པའོ་སྙམ་དུ་ནི་མ་ཡིན་ནོ། །ཉམས་སུ་མ་མྱོང་བ་དྲན་པར་མི་རིགས་པ་མ་ཡིན་ནི། ་དེ་ཇི་ལྟར་སྤྱིའི་ཡུལ་ཅན་གྱི་དྲན་པའི་ཤེས་པ་འདི་སྐྱེ་བར་འགྱུར་ཞེ་ན། དེ་ན་མེད་དེ། གང་གིས་དེར་འགྱུར་བ་གཟུགས་ལ་སོགས་པ་ལས་གཞན་སྤྱི་སྔར་མྱོང་བ་ཡིན་ནོ། །ཞེས་ནི་མི་བརྗོད་ཀྱི། འོན་ཀྱང་ཆུ་ལ་སོགས་པ་འཛིན་པའི་དོན་བྱ་བ་བྱེད་པ་གཟུགས ་ལ་སོགས་པ་དེ་དག་ཉིད་ཆགས་པ་དང་བུམ་པ་ཞེས་བསྟན་པ་ཡིན་ནོ། །དབང་པོའི་ཤེས་པས་སོ་སོར་ཉམས་སུ་མྱོང་བ་དེ་དག་ལ་ཇི་ལྟ་བ་བཞིན་དུ་བརྡ་བྱས་པའི་ཁྱད་པར་བུམ་པ་ཞེས་དྲན་པ་སྐྱེའོ་ཞེས་བརྗོད་པ་ཡིན་ནོ། །ཡང་ན་སྤྱི་ནི་བཏོགས་པ་ཡིན་ཏེ། ་རྟོག་པའི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། རིག་པ་ཉམས་སུ་མྱོང་བ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཅིའི་ཕྱིར་དེའི་དྲན་པ་མི་འཐད། དེའི་ཕྱིར་རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི ་གཞི་མ་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་བཤད་པའི་ཆོས་ཅན་ནི། མ་གྲུབ་ཕྱིར་ན་ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ་བཤད་པའི་དབང་པོ་གཉིས་ཀྱིས་གཟུང་བར་བྱ་བའི་ཆོས་ཅན་མ་གྲུབ་པའི་ཕྱིར་ཏེ། རྒྱུའི་ཕྱིར་གཞིའི་ཕྱོགས་གཅིག་མ་གྲུབ་པས་གཏན ་ཚིགས་མ་གྲུབ་པོ། །དེས་ན་དེ་ལྟར་ན་ཁྱད་པར་ཅན་དང། ཁྱད་པར་དང། གཞི་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་རྣམ་པ་གསུམ་བསྟན་ཏོ། །སློབ་དཔོན་གྱི་བསྟན་པའི་མ་གྲུབ་པ་རྣམ་པ་གཞི་ནི་དབྱིབས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང ་ཞིག་མཐོང་བས་བྱེད?་པ་པོ་མ་མཐོང་བ་དག་ཀྱང་བློ་དང་ལྡན་པའི་རྒྱུ་རྟགས་པར་འགྱུར་བ་ལྷ་ཁང་ལ་སོགས་པ་ལ་དབྱིབས་ཀྱི་ཁྱད་པར་གང་ཞིག་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་བློ་དང་ལྡན་པའི་སྐྱེས་བུའི་བྱེད་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་འཇིག་རྟེན་ན་གྲུབ ་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུར་གྱུར་པ་ལུས་དང། ཤིང་དང། རི་ལ་སོགས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིགས་ཉིད་ཁས་ལེན་ན། དེའི་ཚེ་ཁྱེད་ཅག་གི་འདོད་པ་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཤིན་ཏུ་རྣམ ་པར་ཕྱེ་བའི་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་དེ། དེ་རྒྱུ་མེད་པ་ཉིད་དུ་ཐར་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་དབྱིབས་ཀྱི་ཁྱད་པར་ནི་ཤིང་ལ་སོགས་པ་ལ་གྲུབ་པ་ཡང་མ་ཡིན་ཏེ། དབྱིབས་ཞེས་བྱ་བའི་མིང་ཙམ་གྲུབ་པ་འབའ་ཞིག་ཏུ་ཟད་དོ། །ཆོས ་ནི་རང་བཞིན་གྱིས་ཕན་ཚུན་དོན་གཞན་ཉིད་དུ་གནས་ན་ཡང་སྒྲ་ཙམ་གྱིས་ཐ་མི་དད་པར་གཏན་ཚིགས་ཉིད་དུ་ལེན་པ་ན་མངོན་པར་འདོད་པའི་བསྒྲུབ་བྱ་བསྒྲུབ་པར་ནུས་པ་ཡང་མ་ཡིན་ཏེ། བསྒྲུབ་བྱ་ལས་བཟློག་པ་ལ་ཡང་དེ་ཡོད་པར་འགལ་བ ་མེད་པའི་ཕྱིར་རོ། །དཔེར་ན་ཆོས་ཅན་གྲོག་མཁར་ལ་རྫ་མཁན་གྱིས་བྱས་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། འཇིམ་པའི་རྣམ་པར་འགྱུར་བ་ཙམ་གཏན་ཚིགས་ཉིད་དུ་ཁས་བླངས་པ་ལྟ་བུའོ་ཞེས་བྱ་བ་ནི་སྤྱིའི་དོན་ནོ། །ཡན་ལག་གི་དོན་པར? ་བརྗོད་པར་བྱ་སྟེ། གང་མཐོང་བློ་དང་ལྡན་རྟོགས་པ། ཞེས་བྱ་བ་ནི་དབྱིབས་གང་ཞིག་མཐོང་བ་ཡོད་ན། བློ་དང་ལྡན་པའི་རྒྱུ་རྟོགས་ཏེ། རྗེས་སུ་དཔོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལུས་དང་རི?་སོགས་ཞེས་བྱ་བ་ལ། ལུས་ནི་ལུས་སོ།། ་རི་ནི་རི་བོ་འམ་ཤིང་ངོ། །སོགས་པའི་སྒྲས་རྒྱ་མཚོ་ལ་སོགས་པ་གཟུང་ངོ། །ཇི་ལྟ་བུར་འདོད་པ་ཞེས་བྱ་བ་ནི། བློ་དང་ལྡན་པ་སྔོན་དུ་འགྲོ་བའོ། །སྒྲུབ་པ་ཞེས་བྱ་ནི་སྒྲུབ་པའོ། །ཇི་ལྟར་རིགས་ཤེ་ན། རྗེས་སུ་འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས ་བུ་གང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའོ། །གང་གིས་ཞེས་བྱ་བ་ནི་མེད་ལ་སོགས་པའོ། །མཐོང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའོ། །མཐོང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་འབྲས་བུ་མཐོང་བ་ཡོད་ནའོ། །དེ་ངེས་ཞེས་བྱ་བ་ནི་མེ་ལ་སོགས་པ་ཉིད་དུ་འོ། །གལ ་ཏེ་དེ་ལྟ་ན་འདི་ལ་ཡང་དེ་ཁོ་ན་བཞིན་དུ་འགྱུར་རོ། །ཞེ་ན། དབྱིབས་ཀྱི་ཁྱད་པར་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་དབྱིབས་ཀྱི་སྒྲའི་སྤྱིའི་གྲུབ་པ་གང་ཡིན་པ་དེ་ཉིད་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དེ་ལྟ་བུ་ནི་རབ་བརྗོད་ནའང། །ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ན་སྒྲ་ཙམ་གྱིས་ཐ་མི་དད་པའོ། །རྫ་མཁན་གྱིས་ནི་བྱས་པ་བཞིན་ཞེས་བྱ་བ་ལ། འཇི་བའི་རྣམ་པར་འགྱུར་བ་ཙམ་ཉིད་ཅེས་བྱ་བ་ལྷག་མའོ། །དེ་ལྟ་བས་ན་དེ་ལྟར་དབྱིབས་ཀྱི་ཁྱད་པར་ནི་མ་གྲུབ ་ལ། དབྱིབས་ཙམ་ཡང་མ་ངེས་པ་ཡིན་ནོ། །ཞེས་བསྟན་པར་འགྱུར་རོ། །ཆོས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལྟག་ཆོད་རྗོད་པར་བྱེད་དེ། འདི་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཡིན་ནོ། །འདི་ལྟར་སྒྲ ་ནི་མི་རྟག་སྟེ། བྱས་པའི་ཕྱིར་རོ་ཞེས་བྱ་སྨྲས་པ་ལ། ལྟག་ཆོད་སྨྲ་བ་ཀླན་ཀ་བྱེད་དེ། ཅི་འདི་བུམ་པ་ལ་སོགས་པར་གཏོགས་པའི་བྱས་པ་ཉིད་གཏན་ཚིགས་སུ་བརྗོད་དམ། ཅི་སྒྲར་གཏོགས་པ་འམ། འོན་ཏེ་གཉིས་ཀར་གཏོགས ་པ་ཡིན་གྲང། ཕྱོགས་དང་པོ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཆོས་གཞན་གཞན་དུ་འཇུག་པ་ནི་མདོ། །གཉིས་པ་ལ་ཡང་དཔེ་སྒྲུབ་བྱེད་དང་བྲལ་བ་ཡིན་ལ། གསུམ་པ་ལ་ཡང་སྐྱོན་དེ་དག་ཉིད་ཡོད་པ་ཡིན་པའི་ཕྱིར་འདི་འབྲས་བུ་དང། ་མཚུངས་པ་ཞེས་བྱ་བའི་ལྟག་ཆོད་ཡིན་ནོ་ཞེས་བསྟན་ཏོ། །ཇི་སྐད་དུ་འབྲས་བུ་ཉིད་གཞན་གྱི་ཤན་གྱིས་གྲུབ་པར་བསྟན་པ་གང་ཡིན་པ་དེ་ནི་འབྲས་བུ་དང་མཚུངས་པའོ། །ཞེས་སྨྲས་པ་ལྟ་བུའོ། །གང་གི་ཕྱིར་འབྲས་བུ་ཉིད་ཀྱི་སྤྱི་གཟུང་ནས་མི་རྟག་པ ་ཉིད་རྗེས་སུ་དཔོག་པར་འདོད་ཀྱི་ཁྱད་པར་ནི་མ་ཡིན་ནོ་དེས་ན་སྤྱིའི་སྒོ་ནས་སྒྲུབ་བྱེད་དུ་འདོད་ལ། ཆོས་ཀྱི་ཁྱད་པར་རྣམ་པར་རྟོག་པའི་སྒོ་ནས་ལན་འདེབས་པ་གང་ཡིན་པ་དེ་ནི་འབྲས་བུ་དང་ལྟག་ཆོད་ཅེས་རྣམ་པར་གཞག་གོ་།འདི་ཡང་ཆོས་ཀྱི་ཁྱད་པར ་གྱིས་རྣམ་པར་རྟོག་པ་ཡིན་ནོ། །དེའི་ཕྱིར་ལྟག་ཆོད་ཡིན་ནོ། །དེ་ཡི་ངོ་བོ་མིན་ལས་ལོག་།ཅེས་བྱ་བ་ལ་སོགས་པས་ལན་འདེབས་པའོ། །གང་བྱས་པ་ཉིད་ཙམ་མི་རྟག་པ་ཉིད་སྒྲུབ་པར་བྱེད་དོ་ཅེས་བྱ་བ་འདི་ནི་རིགས་ཏེ། དེ་ལ་དེའི?་བདག་ཉིད ་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པའི་ཕྱིར་རོ། །རང་རྩོམ་པར་བྱེད་པའི་ཆ་ཤེས་ཀྱི་དབྱིབས་ཀྱི་ཁྱད་པར་ཅན་ཉིད་ཙམ་གྱི་སྒྲུབ་པར་བྱེད་པ་འདི་ལ་འདི་མི་རིགས་ཏེ། དབྱིབས་ཀྱི་སྤྱི་ལ་ནི་བཟློག་པ་ལ་གནོད་པར་བྱེད་པ་མེད་པས་འབྲེལ་པ་མ་གྲུབ ་པའི་ཕྱིར་རོ། །གང་ཞིག་དམིགས་པས་བྱེད་པ་མ་མཐོང་ཡང་བྱས་པའི་བློར་འགྱུར་བ་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་གྲུབ་པའི་ཁྱད་པར་གང་ཞིག་མ་གྲུབ་པའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་དེ་ལས་བྱུང་བའི་འབྲལ ་པའི་ཁྱད་པར་སྤངས་ནས་སྤྱི་ཉིད་རྟགས་སུ་བརྗོད་པ་དེའི་ཚེ་འཁྲུལ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུ་བའི་བདག་ཉིད་སྐྱེ་བོ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བའི་བདག་ཉིད་ཀྱི་སྐྱེ་བོའི་དངོས་པོ་མེ་མེད་ན་མི་འབྱུང་བར་མཐོང? ་སྒྲ?་བཞེས་བྱ་བ་དེ་ཙམ་གྱིས་སྐྱེ་བོའི་སྒྲས་བརྗོད་པར་བྱ་བ་ཙམ་གྱི་སྤྱི་ཡིན་པའི་ཕྱིར། ཁ་ལས་ཀྱང་མེད་དེ་རྟོག་པར་འགྱུར་རོ། །འོ་ན་ཇི་ལྟར་འབྲས་བུ་དང་མཚུངས་པ་ལྟག?་ཆེད་དུ་བརྗོད་ཅེ་ན། སྤྱིར་འབྲེལ་བ་ལ་གང ་གི་ཆ། ཞེས་བྱ་བ་ལ་སོགས་པ་ལ། །བསྒྲུབ་བྱ་དང་ལྷན་ཅིག་སྒྲུབ་པར་བྱེད་པའི་ཆོས་སྦྱོར་མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མ་འཇུག་པས་འབྲེལ་པ་གྲུབ་ན་ཡང་གང་དུ་ཆོས་ཀྱི་ཁྱད་པར་ལ་བརྟེན་ནས་ཀླན་ཀ་བྱེད་པ ་དེ་ན་ལྷག?་ཆོད་ཡིན་ནོ། །འདི་ལ་སྤྱིར་འབྲེལ་པ་མ་གྲུབ་ལ། གང་ལ་དབྱིབས་ལ་ཁྱད་པར་གྱི་འབྲེལ་པ་ཡོད་པ་དེ་མ་གྲུབ་པའི་ཕྱིར་འདི་ལྷག?་ཚད་མ་ཡིན་ནོ། །འོན་ཏེ་འབྲེལ་པ་མེད་ཀྱང་སྤྱི་གོ་བར་བྱེད་པ་ཡིན་ནོ། །དེའི་ཚེ་ཧ་ཅང་ཐལ་བར ་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །གལ་ཏེ་རྣམ་པ་གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་མཐོ་རིས་དང། ཕྱོགས་དང། ས་དང། དག་དང། མིག་དང། འོད་ཟེར་དང། རྡོ་རྗེ་དང་ཆུ་རྣམས་ཀྱང་གོའི་སྒྲས་བརྗོད་པར་བྱ་བ་ཙམ ་ཡིན་པའི་ཕྱིར་ཁུ་ཡུའི?་བེའུ་ལ་སོགས་པ་བཞིན་དུ་རྭ་ཙམ་དུ་རྗེས་སུ་དཔོག་པར་ཐལ་བར་འགྱུར་རོ། །འདི་སྙམ་དུ་བྱས་པ་ལ་སོགས་པ་བཞིན་དུ་དབྱིབས་ཀྱི་ཁྱད་པར་ལྡན་པ་འདི་ཡང་ཀློ་དང་ལྡན་པའི་རྒྱུ་སྔོན་དུ་འགྲོ་བ་ཉིད་ཀྱིས་འབྲེལ ་པ་ཡོད་པ་ཉིད་དོ་སྙམ་དུ་སེམས་ན། གལ་ཏེ་འདི་ལ་འབྲེལ་པ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཀྱང་འབྲེལ་པ་དེ་ཉིད་མ་གྲུབ་པ་ཡིན་ནོ་ཞེས་པ་བསྟན་པའི་ཕྱིར་རོ། འོན་ཀྱང་རྟག་གཅིག་།ཅེས་བྱ་བ་ལ་སོགས་པ་སྨོས ་ཏེ། ཁྱེད་ཅག་གིས་བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཉིད་ཙམ་བསྒྲུབ་པར་འདོད་པ་ནི་མ་ཡིན་གྱི། འོན་ཀྱང་དབང་ཕྱུག་ཅེས་བྱ་བ་རྟག་པ་གཅིག་པ་ཐམས་ཅད་ཤེས་པའི་བློ་རྟག་པའི་རྟེན་སྲིད་པ་ཐམས་ཅད་ཀྱི་རྒྱུ་བློ་དང་ལྡན་པའི་དངོས ་པོ་གང་ཡིན་པ་དེ་སྔོན་དུ་འགྲོ་བ་ཅན་འདི་བསྒྲུབ་པ་འདོད་པ་ཡིན་ཏེ། དེ་ཉིད་རྩོད་པའི་གཞིར་གྱུར་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་དེ་ཡང་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་བྱ་མ་ཚང་བས་ཁྱབ་པ་མ་གྲུབ་པའི་ཕྱིར་རོ།། ་བུམ་པ་ལ་སོགས་བ་ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་ཇི་སྐད་དུ་བཤད་པའི་བསྒྲུབ་བྱའི་ཆོས་མ་ཚང་བའི་ཕྱིར། དེ་ལྟ་བུར་གྱུར་པའི་བསྒྲུབ་བྱའི་ཆོས་ཀྱི་གཏན་ཚིགས་ལ་ཁྱབ་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དཔེ་འགའ་ཞིག་ལ ་ཡང་ཇི་སྐད་དུ་བཤད་པའི་བསྒྲུབ་བྱའི་ཆོས་དང་གཏན་ཚིགས་འབྲེལ་པ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། འདི་ཉིད་བསྟན་པའི་ཕྱིར། འདི་ལྟར་སྐར་ཁུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་གཏན ་ཚིགས་མ་གྲུབ་པ་དང་མ་ངེས་པ་འབའ་ཞིག་ཏུ་མ་ཟད་དེ། འོན་ཀྱང་འགལ་བ་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ཉིད་ཀྱི་ཕྱིར་འདི་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཀྱི་ཕྱིར་བྱ་བ་སྒྲུབ་བྱ་ལས་བཟློག་པའི་ཆོས་ཀྱི་ཁྱབ་པའི་ཕྱིར་རོ། །ཡང་གི་སྒྲས་ནི་སྔར་བཤད ་པའི་ཚུལ་གྱིས་མ་གྲུབ་པ་དང་མ་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འགལ་བ་ཡང་ཡིན་ནོ་ཞེས་བཤད་དོ། །འོན་ཏེ་བཟློག་པ་ལ་འབྲེལ་པ་ཡོད་ན་འགལ་བར་འགྱུར་ན། བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཙམ་ལ་ཡང་འབྲེལ་པ་མེད་པ་མ་ཡིན་ནམ། དེ་ཇི་ལྟར ་དེའི་ཁྱད་པར་འགྱུར་ཞེ་ན། བློ་དང་ལྡན་པ་ཙམ་རྒྱུ་ལ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་སྒྱུ་སྨྲ་བ་ཁྱོད་ཀྱིས་བློ་དང་ལྡན་པའི་རྒྱུ་ཙམ་དང་བྲལ་བ་བརྗོད་ལ། གཞན་དུ་སྤྱི་དང་ཡང་འབྲེལ་པ་མ་གྲུབ་ན། ཇི་ལྟར་དངོས་པོ་རྣམས་དབང་??་གི་རྒྱུ ་ཙམ་དུ་འགྲུབ་པར་འགྱུར། དེ་ལྟ་བས་ན་ཁྱེད་ཅིག?་གིས་འདོད་པ་བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཙམ་གྲུབ་པ་ཉིད་དུ་ཁས་བླངས་ནས་ཁྱེད་ཅིག་གིས་འདོད་པའི་སྒྲུབ་བྱའི་ཁྱད་པར་ལས་གཉིས་པ་མི་རྟག་པ་དུ་མའི་རྣམ་པར་ཤེས་པ་མངོན་དུ་འགྲོ་བ་ཅན ་གྱི་མཚན་ཉིད་འདོད་པ་ལས་བཟློག་པའི་བསྒྲུབ་པར་བྱ་བ་གཉིས་པ་གང་ཡིན་པ་དེ་ལ་ཁོ་བོ་ཅག་གིས་བསྒྲུབ་བྱའི་ཁྱད་པར་དང། གཏན་ཚིགས་ཀྱི་འབྲེལ་པ་གསལ་བར་བརྗོད་པ་ཡིན་ནོ། །ཇི་ལྟར་འདི་གསལ་བར་བརྗོད ་ཅེ་ན། རྟག་པ་རིམ་དང་རིམ་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་ལ་སོགས་པ་རྟག་པའི་དངོས་པོ་རྣམས་ནི་འབྲས་བུ་བྱེད་པ་མ་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །དེ་ལྟ་བས ་ན་མི་རྟག་པ་ཁོ་ན་དོན་གྱི་བྱ་བ་བྱེད་དེ། དེ་དག་ཀྱང་སྐད་ཅིག་རེ་རེར་རང་བཞིན་གཞན་དང་གཞན་འབྱུང་བ་ཡིན་པས་མི་རྟག་པ་ཉིད་དང། དུ་མ་ཉིད་ཀྱི་བློ་དང་ལྡན་པའི་བྱེད་པ་པོ་གྲུབ་པ་ཡིན་ནོ། །གང་ཡང་དབང་ཕྱུག་རྟག་པ་གཅིག་པུའི་བློ ་དང་ལྡན་པ་ཉིད་དུ་དམ་བཅས་པ་དེ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡུལ་རྣམས་རིམ་བཅན་ཞེས་བྱ་བ་ལ་སོགས་པས་ཚད་མ་སྟོན་ཏེ། གང་རིམ་པ་ཅན་གྱི་ཤེས་བྱའི་ཡུལ་ཅན་གྱི་ཤེས་པ་དེ་ནི་རིམ་གྱིས་འབྱུང ་པ་ཡིན་ཏེ། དཔེར་ན་ལྷས་བྱིན་ལ་སོགས་པའི་མེ་ལྕེ་ལ་སོགས་པའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་བཞིན་ནོ། །དབང་ཕྱུག་གི་ཤེས་པ་ཡང་ཤེས་པ་རིམ་ཅན་གྱི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ནི་ཐལ་བ་བསྒྲུབ་པ་ཡིན ་ཏེ། དེས་ན་གཏན་ཚིགས་གཞི་མ་གྲུབ་པ་ཉིད་དོགས་པར་མི་བྱའོ། །སྤྱི་ལ་སོགས་པའི་ཚིག་གིས་དོན་གྱི་ཡུལ་ཅན་གྱི་ལྷས་བྱིན་ལ་སོགས་པའི་ཤེས་པ་ནི་སྒྲུབ་པར་བྱེད་པའི་ཆོས་དང་བྲལ་བ་ཡིན་པའི་ཕྱིར། མེ་ལྕེ་ལ་སོགས་པའི་ཡུལ་ཅན ་དཔེར་བརྗོད་དོ། །ཡང་འདི་ལ་གནོད་པ་ཅན་གྱི་ཚད་མ་གང་ཡིན་ཞེ་ན། བརྗོད་པ། གལ་ཏེ་རིམ་པ་དང་ལྡན་པའི་ཡུལ་གྱི་དབང་ཕྱུག་གི་ཤེས་པ་དེ་སྣ་ཚོགས་སུ་སྣང་བ་སྐྱེ་བར་འགྱུར་ན། དེའི་ཚེ་རིམ་པ་ཅན་དུ་གྲུབ་པ་ཉིད་དོ། །གལ་ཏེ་མི་སྐྱེ་ན། དེའི ་ཚེ་ཉེ་བའི་རྒྱུ་མཚན་མེད་པའི་ཕྱིར་དེ་ཤེས་པ་མ་ཡིན་ནོ། །ཡུལ་མེད་ན་ཡང་འབྱུང་བ་སྐྱེ་བ་ཁས་བླངས་པའི་ཚད་མ་ཉིད་ཉམས་པར་འགྱུར་རོ། །ཞིག་པ་དང་མ་སྐྱེས་པའི་ཡུལ་ཅན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་བྱ་བ་འདི་ནི་འདིར་གནོད་པར་བྱེད་པའི་ཚད ་མའོ། །གང་ཡང་ཆོས་མི་མཐུན་པ་རྡུལ་དུ་འདོད་ཅེས་གང་བརྗོད་པ་དེ་ཡང་ཆོས་མི་མཐུན་པའི་དཔེ་ལ་བསྒྲུབ་བྱའི་ཆོས་ལྡོག་པ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁོ་བོ་ཅག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ཅན་རྒྱས་པར་འགགས ་བར་འགྱུར་བའི་ཕྱིར་དང། བཀག་ཟིན་པས་དེའི་ཕྱིར་རྫ་མཁན་ལ་སོགས་པ་རྡུལ་ཕྲ་རབ་ཁོ་ནའི་བྱེད་པ་པོ་ཉིད་དུ་གྲུབ་བོ། །དེའི་ཕྱིར་བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཅན་བསྒྲུབ་བྱའི་ཆོས་ཆོས་མི་མཐུན་པར་བསྟན་པའི་རྡུལ་ཕྲ་རབ་དག་ལས་ལྡོག་པ་མེད་པའི་ཕྱིར ་བསྒྲུབ་བྱའི་ཆོས་ལྡོག་པ་མེད་པ་ནི་ཆོས་མཐུན་པའི་དཔེའི་སྐྱོན་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་གིས་ཁྱད་པར་བསྒྲུབ་བྱར་འདོད་པ་ཡིན་ན་དེའི་ཆོས་མཐུན་པའི་དཔེ་བསྒྲུབ་བྱ་དང་བྲལ་བ་སྔར་བསྟན་པར་འགྱུར། ཇི་ཙམ་དུ་སྤྱིར་བློ་དང་ལྡན་པ་སྔོན་དུ ་འགྲོ་བ་ཙམ་སྒྲུབ་སྟེ་གྲུབ་པ་ན་ཤུགས་ཀྱིས་དབང་ཕྱུག་ལུས་ལ་སོགས་པ་བྱེད་པོ་བོར་འགྲུབ་པོ། །བུམ་པ་ལ་སོགས་པ་གཞིན་དུ་དེ་དག་གིས་བྱེད་པ་པོ་རྫ་མཁན་ལ་སོགས་པ་ནི་མ་ཡིན་ཏེ། དེས་ནི་སྤྱི་ཁྱད་པར་གྱི་མཐར་ཐུག་པའི་ཕྱིར་དང་ལུས་ལ་སོགས་ཏེ ་བ་ལ་ཡང་བྱེད་པ་པོ་གཞན་མི་སྲིད་པའི་ཕྱིར་རོ། །ཤུགས་ཀྱི་ཁྱད་པར་བཟུང་བ་མེད་པར་ཡང་དེ་དག་གི་བྱེད་པ་པོ་དབང་ཕྱུག་ཁོ་ན་ཡིན་པར་གྲུབ་པ་སྙམ་དུ་སེམས་ན། གལ་ཏེ་སྤྱིར་ན་བློ་ལྡན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་གྲུབ ་པ་ལ་བསྒྲུབ་པའི་ཉེས་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་སྣ་ཚོགས་ན་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་པའོ། །ལས་ལས་སྐྱེས་ཞེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི ་དགེ་བ་དང་མི་དགེ་བའི་ལས་ལས་བྱུང་བའོ། །དེའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་བྱེད་པའི་སྐྱེས་བུ་བློ་དང་ལྡན་པ་རྣམས་འདིའི་རྒྱུ་ཉིད་དུ་གྲུབ་པ་ལ་སྒྲུབ་པའོ། །འོ་ན་ཁྱད་པར་བསྒྲུབ་པར་བྱའོ་སྙམ་ན། རྟག་གཅིག་བློ ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྔར་བསྟན་ཟིན་ན་ཡང་མཇུག་བསྡུ་བའི་དོན་དུ་ཡང་མངོན་པར་བརྗོད་དོ། །འདི་ལ་བློ་གཅིག་ཡོད་པས་ན་བློ་གཅིག་གོ་།འདི་ནི་རྟག་པ་ཡང་ཡིན་ལ་བློ་གཅིག་པ་ཡང་ཡིན་པས་ཞེས་ཚིག་རྣམ ་པར་སྦྱར་བ་འམ། ཡང་ན་འདི་ལ་རྟག་པ་དང། །གཅིག་པའི་བློ་ཡོད་ཅེས་བསྡུ་བར་བྱའོ། །བསྒྲུབ་བྱས་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་མཐུན་པའི་ངོ་བོ་ཞེས་བྱ་བ་ལྷག་མའོ། །འཁྲུལ་པ་ཡིན་ཞེས་བྱ་བ་ནི་གཏན་ཚིགས་ཤེས་པ་ཁོང་ནས་དབྱུང་ངོ།། ་ཇི་ལྟར་ཞེ་ན། སྐར་ཁུང་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། སུན་དབྱུང་འདི་ཉིད་ཡིན་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་པ ་ལ་སོགས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་དེ་དག་ལ་ཡང་ཇི?་ལྟར་རིག་པར་སུན་འབྱིན་པ་འདི་ཉིད་བརྗོད་པར་བྱའོ། །འདི་ཉིད་ཅེས་བྱ་བ་ནི་མ་གྲུབ་པ་ཉིད་དང། འབྲེལ་པ་མེད་པའི་ཕྱིར་འཁྲུལ་པ་དང། འབྲེལ་པ་ཡོད ་ན་འགལ་བ་ཉིད་དང། བསྒྲུབ་བྱ་མ་ཚང་པ་དང། སྤྱིར་སྒྲུབ་པ་ལ་བསྒྲུབ་པ་ལ་སོགས་པའོ། །འདི་ལྟར་གཟུགས་ལ་སོགས་པ་དང་ལྡན་པ་ཉིད་སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ཅི་འདྲ་བ་དེ་འདྲ་བ་ལུས་ལ་སོགས་པ་དེ ་ལ་ཡང་མ་གྲུབ་པོ། །གཟུགས་ལ་སོགས་པ་དང་ལྡན་པ་ཙམ་དང་འབྲེལ་མ་གྲུབ་པའི་ཕྱིར་འཁྲུལ་པ་ཡིན་ནོ། །འབྲེལ་བ་ཡོད་པར་ཁས་ལེན་ན་འདོད་པ་ལ་བཟློག་པ་སྒྲུབ་པའི་ཕྱིར་འགལ་བ་ཡིན་ལ། ཆོས་མཐུན་པའི་དཔེ་བསྒྲུབ་བྱ ་དང་བྲལ་བ་ཡིན་ཏེ། རྟག་པ་དང་གཅིག་པུའི་སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ཉིད་ཀྱིས་བསྒྲུབ་བྱའི་ཆོས་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །སྤྱིར་བསྒྲུབ་ན་སྒྲུབ་བ་ལ་སྒྲུབ་ལ། ཁྱད་པར་ནི་འཁྲུལ་ཏེ། བུམ་པ་ལ་སོགས་པ་ལ་གཞན་དུ་མཐོང ་བའི་ཕྱིར་ཞེས་བྱའོ། །དེ་ལྟར་གཏན་ཚིགས་གཞན་དག་ལ་ཡང་སྦྱར་བར་བྱའོ། །གང་ཡང་སྡོད?་ནས་འཇུག་པའི་ཕྱིར་རོ། ཞེས་བྱ་བའི་སྒྲུབ་པར་བྱེད་པ་སྨྲས་པ་དེ་ལ་ཡང་ལྷག་པའི་སུན་འབྱིན་པ་ན། སྐད་ཅིག་འཇིག་ཕྱིར་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དངོས་པོ་ཐམས་ཅད་སྐྱེས་པའི་དེ་མ་ཐག་ཏུ་འཇིག་པ་ཉིད་ཀྱིས་སྐད་ཅིག་ཙམ་ཡང་མི་གནས་པའི་ཕྱིར། ག་ལས་སྡོད་ནས་འཇིག་པར་འགྱུར། དེ་ལྟ་བས་ན་གཏན་ཚིགས་ཕྱིར་རྒོལ་བ་ལ་མ་གྲུབ་པོ། །དབང་ཕྱུག་དེ་ཉིད་ཀྱིས་མ་ངེས ་པ་ཡང་ཡིན་ཏེ། གང་གི་ཕྱིར་དབང་ཕྱུག་ནི་རིམ་པ་ཅན་གྱི་འབྲས་བུ་རྣམས་ལ་སྡོད་ནས་འཇུག་པ་ཡིན་མོད་ཀྱི། འོན་ཀྱང་འདི་སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ནི་མ་ཡིན་ཏེ། ཐུག་པ་མེད་པས་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཇི་ལྟར་བློ ་གྲོས་བཟང་པོས་བྱས་པ་བཞིན་དུ། སེམས་པ་མེད་པ་ཅན་ཞེས་ཁྱད་པར་དང་བཅས་པ་གཏན་ཚིགས་སུ་བྱེད་པ་དེ་ལྟ་ན་ཡང་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཉིད་མི་བཟློག་པ་ཁོ་ནའོ། །གཏན་ཚིགས་མི ་མཐུན་པའི་ཕྱོགས་ལས་ལྡོག་པ་བྱེད་པ་གང་ཡིན་པ་དེ་ཉིད་ཁྱད་པར་དུ་རིགས་ཀྱི། མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟློག་པར་མི་བྱེད་པ་གང་ཡིན་པ་ཁས་བླངས་ན་ཡང་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །ཁྱད་པར་བཅས་པ་ཉིད་ཡིན་ན་ཡང་སྔར?་བཤད ་པའི་མ་གྲུབ་པ་ལ་སོགས་པའི་ཉེས་པའི་གནས་སྐབས་གོན?་འདུག་པ་ཡིན་ནོ། །གང་ཡང། འབྱིན་པའི་ཐོག་མར་སྐྱེས་བུ་ཡི། ཐ་སྙད་ཅེས་བྱ་བ་ལ་སོགས་པ་དེ་ལ། འཇིག་པའི་ཚེ་ན་སྐྱེས་བུ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་ཕྱིས་རབ་ཏུ ་བྱང་བ་རྣམས་ཀྱི་ཞེས་བྱ་བའི་ཁྱད་པར་དེ་མ་གྲུབ་པོ། །འདི་ལྟར་ཁོ་བོ་ཅག་གི་ལུགས་ཀྱིས་འཇིག་པའི་ཚེན་སྐྱེས་བུ་རྣམས་ཤེས་པ་དང་དྲན་པ་འཇིག་པ་དང། ལུས་དང་དབང་པོ་དང་བྲལ་བར་གནས་པར་ཡིན་ཏེ། འོན་ཀྱང ་ཤེས་པ་གསལ་བ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་འོད་གསལ་བ་ལ་སོགས་པའི་ལྷའི་རིས་དེ་དག་ཏུ་སྐྱེས་པར་འགྱུར་རོ། །གང་ཡང་དམྱལ་བ་ལ་སོགས་པའི་རྣམ་པར་སྨིན་པ་དེས་བསྒྲུབ་པར་བྱེད་པའི་ལས་ཅན་དེ་དག་ནི་འཇིག་རྟེན་གྱི ་ཁམས་གཞན་དག་དུ་སྐྱེ་བར་འགྱུར་རོ་ཞེས་འདོད་ལ། ཆགས་པའི་དུས་ན་ཡང་འོད་གསལ་ལ་སོགས་པ་དེ་དག་ཉིད་ནས་ཤི་འཕོས་ནས་འདིར་ཤེས་པ་དང་དྲན་པ་མི་འཇིག་པ་ཉིད་དུ་འབྱུང་ངོ། །དེ་ལྟ་བས་ན་དུས་ཕྱིས་རབ་ཏུ་བྱང་བ་རྣམས་ཀྱི ་ཞེས་བྱ་བའི་ཁྱད་པར་མ་གྲུབ་པོ། །གཏན་ཚིགས་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། །གཞན་ཡང་གཞན་གྱི་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་སྟེ། ཐམས་ཅད་ཀྱི་ཐ་སྙད་ཐོག ་མ་མེད་པ་ནི་གཞན་གྱིས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་འདོད་པའི་ཕྱིར་རོ། །འོན་ཏེ་དབང་ཕྱུག་གི་མཚན་ཉིད་ཀྱི་སྐྱེས་བུས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཉིད་དུ་སྒྲུབ་ན། དེའི་ཚེ་གཏན་ཚིགས་མ་ངེས་པ་ཉིད་ཡིན་ན། གཞན་དུ་ཡང ་ཐ་སྙད་སྲིད་པའི་ཕྱིར་རོ། །དཔེ་ཡང་སྒྲུབ་པར་བྱ་བ་དང་བྲལ་བ་ཉིད་ཡིན་ནོ། །སྐྱོན་འདི་ཡང་སྤྱིར་སྔར་བཤད་ཟིན་ཏོ། །གཏན་ཚིགས་འགལ་བ་དང་དམ་བཅའ་བ་ཁས་བླངས་པས་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁ་མེད་པའི་སྟོན་པ་པོ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐ་སྙད་དབང་ཕྱུག་གི་བསྟན་པ་སྔོན་དུ་འགྲོ་བ་སྲིད་པ་ཡིན་ཏེ། དེའི་ཚེ་གཏན་ཚིགས་མི་འགལ་བར་འགྱུར་ན། ཇི་སྲིད་དུ་འདི་ཁ་དང་བྲལ་བའི་ཕྱིར་སྟན་པ་པོར་མ་རིགས་ལ། ཁ་མེད་པ་དེ་ཡང་ལུས ་དང་བྲལ་བ་ཉིད་ཀྱིས་ཏེ། ལུས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདིའི་ལུས་དང་འབྲལ་བ་དེ་ཡང་ཇི་ལྟར་གྲུབ་ཅེ་ན། ཆོས་དང་ཆོས་མིན་མེད་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་རྒྱུ་ཆོས་དང་ཆོས་མ་ཡིན་པ་བྲལ་བའི་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་བྱེད་པས ་ཇི་ལྟར་དབང་ཕྱུག་གི་བློ་ལ་ཚད་མ་ཡོད་པ་དེ་བཞིན་དུ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་རྟག་པ་ཉིད་ལ་ནི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་བས་ན་དབང་ཕྱུག་སྟོན་པ་པོར་མི་སྲིད་པའི་ཕྱིར། ཐ་སྙད་དེའི་ཉེ་བར་བསྟན་བ་སྔོན་དུ ་འགྲོ་བ་ཅན་ཉིད་དུ་མ་གྲུབ་པོ། །འོན་ཀྱང་དབང་ཕྱུག་ལས་ཐ་དད་པའི་སྐྱེས་བུ་གཞན་གྱི་བསྟན་བ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ནོ། །དེའི་ཕྱིར་འདོད་པ་ལ་གནོད་པར་བྱེད་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ། །འོན་ཏེ་དབང་ཕྱུག་སྟོན་པ་པོ་ཉིད་དུ་ཁས་ལེན ་པར་བྱེད་པ་དེའི་ཚེ་ཁ་མེད་པ་ཉིད་དུ་ཁས་བླངས་པ་ཉམས་པས་ཁས་བླངས་པ་ལ་གནོད་དོ། །འབྱུང་བ་ཆེན་པོ་ལ་སོགས་གསལ་བ་ཞེས་པ་ལ་སོགས་པའི་སྦྱོར་བ་ལ་སྔ་མ་བཞིན་དུ་གཏན་ཚིགས་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །སྤྱི་བསྒྲུབ་ན་གྲུབ་པ་ལ་སྒྲུབ་བ་ཉིད་དང། ཁྱད་པར་དཔེ་ལ་བསྒྲུབ་བྱ་མེད་པ་ཞེས་བྱ་བ་ཡང་སྦྱར་བར་བྱའོ། །དེ་ལྟར་དབང་ཕྱུག་སྒྲུབ་པར་བྱེད་པའི་ཚད་མ་རྣམས་རྒྱས་པར་བཀག་ནས། ད་ནི་ཁྱབ ་པའི་སྐྱོན་བརྗོད་པའི་སྒོ་ནས་དེའི་གནོད་པར་བྱེད་པའི་ཚད་མ་རང་གི་ཕྱོགས་བསྒྲུབ་པར་བྱ་བའི་དོན་དུ་བསྟན་པའི་ཕྱིར། སྒྲུབ་བྱེད་ཀུན་ལ་ཁྱབ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་སྒྲུབ་པར་བྱེད་པ་ཐམས་ཅད ་ལ། བསྒྲུབ་པར་བྱ་བས་གཏན་ཚིགས་ལ་ཁྱབ་པ་གང་ཡིན་པ་དེ་ནི་འཆད་པར་འགྱུར་བའི་རྗེས་སུ་དཔག་པ་དང་འགལ་ལོ། །ཅི་སྟེ་ཅིའི་ཕྱིར་དམ་བཅས་པ་ལ་རྗེས་སུ་དཔག་པ་དང་འགལ་བར་མི་བརྗོད་ཅེ་ན། འདི་སྙམ་དུ་སེམས་ཏེ། གལ ་ཏེ་དམ་བཅའ་བ་སྒྲུབ་བར་བྱེད་པའི་ཡན་ལག་ཡིན་ན། དེའི་ཚེ་དེའི་ཉེས་པ་བརྗོད་པར་བྱ་བ་ཡོད་ན། ཇི་སྲིད་དུ་དངོས་སམ་བརྒྱུད་པས་འདི་བསྒྲུབ་བྱ་འགྲུབ་པའི་ཡན་ལག་ཏུ་འགྱུར་བ་མ་ཡིན་ནོ། །དེ་ལྟ་ཡིན་དང་སྒྲུབ་པར་བྱེད་པའི ་ཉེས་པ་བརྗོད་བའི་སྐབས་སུ་དམ་བཅའ་བའི་སྐྱོན་བརྗོད་པ་གང་ཡིན་པ་དེ་ནི་རྒོལ་བའི་ཚེར་གཅད་པའི་གནས་སུ་འགྱུར་རོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པའི་སྦྱོར་བ་ལ་དམ་བཅའ་བའི་སྐྱོན་བརྗོད་པར་མི་བྱའོ། །གང་ལ་འབའ་ཞིག་དུ་དམ་བཅའ་ ་བ་དང་འགལ་བ་བརྗོད་བ་དེ་ལ་དེའི་སྒོ་ནས་ཁྱབ་པ་ཉིད་ལ་དེ་སྦྱོར་བ་བྱེད་དོ་ཞེས་བཟུང་བར་བྱའོ། །ཡང་ན་དེ་སྒྲུབ་པར་བྱེད་པའི་སྦྱོར་བ་ལས་གཞན་དུ་བལྟ་བར་བྱའོ། །ཅི་སྟེ་ཁྱབ་པའི་དུས་སུ་ཡང་ཇི་ལྟར་རྗེས་སུ་དཔག་པ་དང་འགལ་བ་བརྗོད་ཅེ་ན། འགལ ་བའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགལ་བའི་ཆོས་ཀྱིས་ཞེས་བྱ་བ་ནི་ཚད་མས་གནོད་པས་སོ། །དེ་ཚད་མས་གནོད་པ་དེ་ནི་མེད་པ་ཡིན་པས་མེད་པ་ཡིན་པས་མེད་པ་ཉིད་ཕྱིར་ཁྱབ་པ་མི་རིགས་ཏེ། མེད་པས་ཁྱབ་པ་མི་འགྲུབ་བོ་ཞེས ་བྱ་བའི་ཐ་ཚིག་གོ། གང་གི་ཁྱབ་པ་ལ་གནོད་པར་འགྱུར་བའི་རྗེས་སུ་དཔག་པ་དེ་ཡང་གང་ཡིན་ཞེ་ན། སྐྱེ་བ་མེད་ཕྱིར་དབང་ཕྱུག་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སྐྱེ་བ་མེད་པ་དེ་ནི་འགའ་ཞིག་གི་ཡང་རྒྱུ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ཨི ་པདྨ་བཞིན་ནོ། །དབང་ཕྱུག་ཀྱང་སྐྱེ་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ནི་ཐལ་བར་འགྱུར་བ་སྒྲུབ་པར་བྱེད་པ་ཡིན་ཏེ། དེས་ན་གཞི་མ་གྲུབ་པར་བཅད་པར་མི་བྱའོ། །གཞན་དུ་ཐམས་ཅད་ཅིག་ཅར་འབྱུང ་ཞེས་བྱ་བ་ནི་རྒྱུ་ནུས་པ་ཐོགས་པ་མེད་པ་ཡིན་པའི་ཕྱིར། དུས་གཅིག་ཏུ་མངོན་པར་འདོད་པའི་འབྲས་བུའི་ཚོགས་བཞིན་དུ་ཐམས་ཅད་ཅིག་ཅར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ལ་དི་གནོད་པར་བྱེད་པའི་ཚད་མ་ཡིན་ནོ། །ཡང ་ན་འདི་དོན་བརྗོད་པ་ཙམ་ཡིན་ནོ། །ཐལ་བར་འགྱུར་བའི་སྒྲུབ་པར་བྱེད་པ་འདི་ལྟར་བྱ་སྟེ། གང་ཞིག་རྒྱུ་མ་ཚང་བ་མེད་པ་དེ་ནི་འབྱུང་བ་ཁོ་ན་ཡིན་ཏེ། དཔེར་ན་ཐ་མའི་གནས་སྐབས་སུ་ཕྱིན་པ་ལས་རྒྱུ་མ་ཚད་ལ་མེད་པའི་མྱུ་གུ་འབྱུང་པ་ལྟ ་བུའོ། །དབང་ཕྱུག་གི་རྒྱུ་ཅན་གྱི་འགྲོ་བ་ཐམས་ཅད་ཀྱང་ཐམས་ཅད་དུ་རྒྱུ་མ་ཚང་བ་མེད་པ་ཡིན་པའི་ཕྱིར་ཅིག་ཅར་འབྱུང་བར་འགྱུར་རོ། །འདི་སྙམ་དུ་དབང་ཕྱུག་འབའ་ཞིག་རྒྱུ་མ་ཡིན་གྱི། འོན་ཀྱང་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་ལྷན ་ཅིག་བྱེད་པའི་རྒྱུ་གཞན་ལ་བལྟོས་ནས་བྱེད་དེ། དབང་ཕྱུག་ནི་རྒྱུ་མཚན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ལ་སོགས་པ་རྒྱུ་གཞན་མ་ཚང་བས་རྒྱུ་མ་ཚང་བ་མེད་པ་ཉིད་མ་གྲུབ་པ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གལ་ཏེ་དེའི་ལྷན་ཅིག་བྱེད་པ་རྣམས་ཀྱིས ་ཕན་གདགས་པར་བྱ་བ་འགའ་ཞིག་ཡོད་ན། དེའི་ཚེ་དེ་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡིན་ནོ། །ཇི་སྲིད་དུ་རྟག་པའི་ཕྱིར་གཞན་གྱིས་ཁྱད་པར་ཅུང་ཟད་ཙམ་ཡང་བྱར་མེད་པ་དེ་ནི་ལྷན་ཅིག་བྱེད་པ་དག་ལས་ཐོབ་པར་བྱ་བ་མེད་པའི་ཕྱིར་ཅིའི ་ཕྱིར་དེ་ལྟ་བུར་གྱུར་པའི་ཕན་པ་མི་བྱེད་པ་དེ་ལ་ལྟོས། གཞན་ཡང་གང་ཡང་ཁྱེད་ཀྱི་ལྷན་ཅིག་བྱེད་པ་དེ་དག་ཐམས་ཅད་ཀྱང་དབང་ཕྱུག་ལ་རག་ལས་ཏེ། སྐྱེ་བ་ཅན་ཉིད་ཀྱིས་རྟག་ཏུ་ཉེ་བ་ཡིན་པའི་ཕྱིར། ཇི་ལྟར་གཏན ་ཚིགས་མ་གྲུབ་པ་མིན། མ་ངེས་པ་ཡང་མ་ཡིན་ཏེ། རྒྱུ་མ་ཚང་བ་མེད་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར། །རྒྱུ་མ་ཚང་བ་མེད་པ་ཡང་མ་སྐྱེ་ན་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ལས་མི་སྐྱེ་བར་ཐལ་བར ་འགྱུར་རོ། །གསལ་བྱེད་པ་ན་རེ་དབང་ཕྱུག་ཅེ་སྦྱར་བ་རྟག་པའི་དངོས་པོ་རྣམས་རྒྱུ་མ་ཚང་བ་མེད་པ་རྟག་ཏུ་ཉེ་བར་ཡིན་མོད་ཀྱི། འོན་ཀྱང་ཅིག་ཅར་མི་སྐྱེད་དེ། དབང་ཕྱུག་ནི་བློ་སྔོན་དུ་བཏང་ནས་བྱེད་པའི་ཕྱིར། གང་གི་ཕྱིར་གལ་ཏེ་དབང་ཕྱུག་ཡོད ་པ་ཙམ་ཉིད་ཀྱིས་སྔོན་དུ་མ་སོང་བར་ཡང་དངོས་པོ་རྣམས་སྐྱེད་པར་བྱེད་པ་ཡིན་ན་དེའི་ཚེ་ཀླན་ཀ་རེད་འགྱུར་བ་ཡིན་ན། གང་གིས་ཚེ་བློ་སྔོན་དུ་བཏང་སྟེ་བྱེད་པ་དེའི་ཚེ་སྐྱོན་མེད་དེ། དེ་ནི་རང་གི་འདོད་པས་འབྲས་བུ ་རྣམས་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ན་ཞེས་ཟེར་རོ། །འདི་ཡང་མི་རིགས་ཏེ། གང་གིས་དབང་ཕྱུག་ཅེས་བྱ་བ་རྒྱུ་ནུས་པ་ཐུགས་པ་མེད་པ་རྟག་ཏུ་ཉེ་ན་ཡང་དེའི་འདོད་པ་མེད་པས་འཇུག་པར་མི་འགྱུར་བ་འབྲས་བུ་རྣམས་ནི་རྒྱུའི་འདོད་པ་ཡོད་པ ་དང་མེད་པ་ལ་བལྟོས་ནས་འཇུག་པ་དང་ལྡོག་པ་ནི་མ་ཡིན་ནོ་འོ་ན་ཅི་ཞེ་ན། དངོས་པོ་རྣམས་ནི་རྒྱུ་ལ་ཡོད་པའི་ནུས་པ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཡིན་ནོ། །འདི་ལྟར་བྱེད་པ་པོ་འདོད་ན་ཡང་མི་ནུས་པ་མི་སྐྱེད་ལ། མི་འདོད་ན་ཡང ་ས་བོན་ལ་སོགས་པ་ནུས་པས་བསྐྱེད་དོ། །དེ་ལ་གལ་ཏེ་དབང་ཕྱུག་ཅེས་བྱ་བའི་རྒྱུ་འབྲས་བུ་སྐྱེ་བའི་དུས་བཞིན་དུ་དངོས་པོ་རྣམས་ཀྱི་ནུས་པ་ཐོགས་པ་མེད་པ་རྟག་ཏུ་གནས་ན་དེའི་ཕྱིར། གང་གིས་སྐྱེ་བའི་དུས་བཞིན་དུ་ཅིག་ཅར ་སྐྱེ་བར་མི་འགྱུར་བར་དེའི་ཕན་པ་མི་བྱེད་པའི་འདོད་པ་དེ་ལ་ལྟོས། གལ་ཏེ་ཅིག་ཅར་འབྱུང་བ་ཡིན་ན། དེ་དག་གིས་བདག་ཉིད་རྒྱུ་མ་ཚང་བ་མེད་པ་ཉིད་དུ་དེ་ལྟར་བསྟན་པ་ཡིན་ནོ། །གང་གིས་ན་འདོད་པ་ལ་བལྟོས་པར་འགྱུར་བ ་གཞན་གྱིས་ཕན་མ་གཏོགས་པའི་དབང་ཕྱུག་ཀྱང་བལྟོས་པ་ཅུང་ཟད་ཀྱང་མེད་པ་ཡིན་ནོ། གཞན་ཡང་བློ་ལས་མ་གཏོགས་པའི་འདོད་པ་གཞན་ནི་མེད་ལ། དབང་ཕྱུག་གི་བློ་ཡང་ཁྱེད་ཀྱིས་རྟག་པ་གཅིག་པུར་འདོད་དོ། །དེ་ལྟ་ཡིན ་དང་དབང་ཕྱུག་བློ་སྔོན་དུ་གཏོང་བར་བྱེད་པ་ཡིན་ན་ཡང་ཅིའི་ཕྱིར་དངོས་པོ་རྣམས་ཅིག་ཅར་སྐྱེ་བར་མི་འགྱུར་ཏེ། དབང་ཕྱུག་བཞིན་དུ་དེའི་བློ་ཡང་རྟག་ཏུ་ཉེ་བའི་ཕྱིར་རོ། །གང་གི་ཚེ་ཡང་དེའི་བློ་མི་རྟག་པ་ཉིད་དུ་ཁས་ལེན་པར་བྱེད ་པ་དེའི་ཚེ་ཡང་དབང་ཕྱུག་ཡོད་པས་ཡོད་པའི་ཕྱིར་ཏེ་དབང་ཕྱུག་བཞིན་དུ་རྟག་ཏུ་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཉེས་པ་དེ་ཉིད་སོ་ན་འདུག་པ་ཡིན་ནོ། །དེ་ལྟ་བས་ན་བློ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའི་ཕྱིར་གཏན་ཚིགས ་མ་ངེས་པ་མ་ཡིན་ནོ། །འགལ་བ་ཉིད་ཀྱང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །དེ་ལྟར་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་བཟློག་པའི་སྦྱོར་བ་ནི། གང་ཞིག་གང་གི་ཚེ་མི་འབྱུང་བ་དེ་ནི་དེའི་རྒྱུ་མ་ཚང་བ་མེད་པ་མ་ཡིན་ཏེ། དཔེར་ན་? ་ན་གནས་པའི་ས་བོན་གྱི་གནས་སྐབས་ཀྱི་སྐྱེ་བཞིན་པ་མ་ཡིན་པའི་མྱུ་གུ་ལྟ་བུའོ། །དངོས་པོ་གཅིག་སྐྱེ་བའི་དུས་ན་ཡང་སྣ་ཚོགས་ཐམས་ཅད་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་པ་མི་དམིགས་པའོ། །སྒྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ཏེ། ་དབང་ཕྱུག་རྒྱུ་ཡིན་ན་རྒྱུ་མ་ཚང་བ་མི་འཐད་པར་བསྒྲུབས་ཟིན་པའི་ཕྱིར་རོ། །ཚད་མ་གཞན་ཡང་གང་དག་རིམ་གྱིས་འབྱུང་བ་ཡང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱབ་པར་དང་ལྡན་པ་ལ་སོགས ་པའི་སྒྲུབ་པར་བྱེད་པ་ཇི་སྐད་དུ་བཤད་པ་དག་ལས་བྱུང་བའི་འདོད་པའི་བསྒྲུབ་བྱའི་ཆོས་ཀྱི་ཡུལ་ཅན་བླུན་པོ་རྣམས་དབང་ཕྱུག་རྒྱུར་མངོན་པར་ཞེན་པ་རྣམས་ཀྱི་ཡིད་ཆེས་པ་སྟེ། ངེས་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཇི་སྐད་དུ་ཉེས་པས་སུན ་དབྱུང་བའི་ཕྱིར་དེ་དག་ལས་འདོད་པའི་བསྒྲུབ་པར་བྱ་བ་ལ་ཡིད་ཆེས་པ་མི་སྐྱེ་བའི་ཕྱིར་དེ་ཡིད་ཆོས་ཅན་མ་གྲུབ་པ་མ་ཡིན་ནམ་ཞེ་ན། འདི་ནི་བདེན་ཏེ། དེ་ཉིད་ཀྱི་བླུན་པོ་ཡི། །ཞེས་བྱ་བ་སྨོས་ཏེ། བླུན་པོ་རྣམས་ནི་སྒྲུབ་པ་ལྟར་སྣང་བ་འབྱེད་པར ་མི་ནུས་པ་ཉིད་ཀྱིས། སྒྲུབ་པར་བྱེད་པ་ལྟར་སྣང་བ་དག་ལ་ཀྱང་དེ་དག་ཡིད་ཆེས་སྐྱེ་བ་ཉིད་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཡང་དཔེ་ལ་བསྒྲུབ་བྱ་མེད་པ་ཡིན་ཏེ། བླུན་པོའི་ཡིད་ཆེས་པ་དེ་དག་གི་ཡང་དབང་ཕྱུག་རྒྱུ་མཚན་གྱི་རྒྱུར་འདོད་པས ་དེའི་ཕྱིར། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཀྱང་ཞེས་བྱ་བ་ནི་བླུན་པོའི་ཡིད་ཆེས་པའོ། །དེས་བྱུང་ཞེས་བྱ་བ་ནི་དབང་ཕྱུག་ལས་བྱུང་བར་འདོད་ན། སྒྲུབ་པ་བརྗོད་པ་དོན་མེད་དེ། སྒྲུབ་བྱེད་བརྗོད་པ ་དོན་མེད་པར་འགྱུར་རོ། །དབང་ཕྱུག་ཁོ་ན་ལས་དེ་དག་སྐྱེའོ་སྙམ་དུ་བསམས་པའོ། །དབང་ཕྱུག་སྒྲུབ་པར་བྱེད་པ་བརྗོད་པའི་ལྷན་ཅིག་བྱེད་པ་ལ་བལྟོས་ནས་དེ་དག་གི་སྐྱེད་པར་བྱེད་པ་ཡིན་གྱི། འབའ་ཞིག་པ་ནི་མ་ཡིན་ཏེ། དེས་ན་འདི ་འབྲས་བུ་མེད་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། རྟག་ཕྱིར་གསོས་འདེབས་མེད་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བསྒྲུབ་པར་བྱེད་པ་བརྗོད་པ་འདི་དབང་ཕྱུག་འདིའི་ནུས་པ་མེད་པའི་རང་བཞིན་བསལ་ནས། ནུས་པ་སྐྱེ ་བ་དེའི་ཚེ་དེའི་ལྷན་ཅིག་བྱེད་པར་འགྱུར་ན། ཇི་སྲིད་དུ་རྟག་པའི་དབང་ཕྱུག་བསྐྱེད་པར་བྱ་བ་མ་ཡིན་ཞིང། བཟློག་པར་བྱ་བ་མ་ཡིན་པའི་རང་བཞིན་ཉིད་ཀྱི་སུ་ཞིག་གིས་ཀྱང་གསོས་གདབ་པར་བྱ་བ་མ་ཡིན་པས་དེ་འདིའི་ལྷན་ཅིག་བྱེད་པར་མི་རིག ་གཞན་ཡང་ཇི་ལྟར་སྒྲུབ་པར་བྱེད་པའི་རྒྱུ་ནུས་པ་ཡོངས་སུ་མཐོང་བ་ལས་མ་གཏོགས་པར་ནུས་པ་ཡོངས་སུ་མ་མཐོང་བའི་རྒྱུ་ཉིད་དབང་ཕྱུག་ལ་ཡང་རྟོག་ན་ཁྱེད་ཅག་ལ་ཧ་ཅང་ཐལ་བར་འགྱུར་བ་ཁོ་ན་སྟེ། གང་གི་ཕྱིར་དབང་ཕྱུག་དེར་ཡོངས ་སུ་རྟོག་ན་དབྱུག་པ་ལ་སོགས་པ་ཡང་རྟག་པར་བྱ་བ་ཉིད་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། གང་དག་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་གྱུར་མཐོང་གང་ཞེས་ཁ་སྐད་དོ། །དེའི་རྒྱུ་གཞན་ཉིད་རྟོག་ཅེས་བྱ་བ་ནི་ཇི་ལྟར ་ནུས་པ་ཡོངས་སུ་མཐོང་བའི་རྒྱུ་དག་ལས་འདིའི་རྒྱུ་གཞན་ཡིན་པས་རྒྱུ་གཞན་དེ། དེའི་དངོས་པོ་ནི་རྒྱུ་གཞན་ཉིད་དོ། །དེ་རྟོག་པ་ནི་རྟོག་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་ཡང། ཀུན་གྱི་བྱེད་པོ་ཉིད་དུ་གྲུབ་ན། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལས་བྱེད ་པ་པོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཀྱི་བྱེད་པ་པོ་ཉིད་ཡིན་པའི་སྟོབས་ཀྱི་འདི་ཐམས་ཅད་ཤེས་བར་ཁྱེད་ཅག་གིས་འདོད་དེ། དེས་ན་དེ་བཀག་པའི་ཕྱིར་དེའི་ཐམས་ཅད་ཤེས་པ་ཡང་འབད་པ་མེད་པར་མི་དགོས་པར་བསལ་བ་ཡིན་ནོ། །སྒྲུབ ་བར་བྱེད་པ་རྣམས་སུན་མ་ཕྱུང་བར་ཁས་བླངས་ན། སྐྱོན་གཞན། ཇི་སྐད་བཤད་པའི་ཉེས་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཉེས་པ་ནི་རྗེས་སུ་དཔག་པ་དང་འགལ་བའི་མཐར་ཐུག་པ་རྣམས་སོ། །འདི་ལ་བསྡུས་པའི་དོན ་ནི་འདི་ཡིན་ཏེ། སྒྲུབ་པར་བྱེད་པ་དེ་དག་ལས་ལུས་དང་རི་ལ་སོགས་པ་རྣམས་ཀྱི་བྱེད་པ་པོ་བློ་དང་ལྡན་པ་ཡིན་པར་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་འདི་གཅིག་གི་རྒྱུ་གང་ཡིན་པ་དེ་ཁོ་ན་གཞན་གྱི་ཡང་ཡིན་པར་མ་ངེས་པ་དེ་ཉིད་དེ། འབྲས་བུ་སོ་སོ ་ལ་བྱེད་པ་པོ་ཡང་ཐ་དད་པ་སྲིད་པའི་ཕྱིར་རོ། །སྐར་ཁུང་ལ་སོགས་པ་གཅིག་ཀྱང་རྒྱུ་མང་པོས་བྱས་པར་མཐོང་བས་དེའི་ཕྱིར་བྱེད་པ་པོ་གཅིག་མ་གྲུབ་བོ། །ཇི་སྲིད་དུ་བྱེད་པ་པོ་གཅིག་མ་གྲུབ་པ་དེ་སྲིད་དུ་གང་ལས་ཐམས་ཅད་ཤེས་པར་འགྱུར། འདི་ལ ་བློ་གྲོས་བཟང་པོས་བྱེད་པ་པོ་གཅིག་བསྒྲུབ་པའི་ཕྱིར་ཚད་མ་བྱེད་དེ། ཚངས་པ་ལ་སོགས་པ་ནས་ཤ་ཟའི་བར་ནི་གཅིག་གིས་བྱིན་གྱིས་བརླབས་པ་ཡིན་ཏེ། ཕན་ཚུན་ཁྱད་པར་དུ་འཇུག་པའི་ཕྱིར་རོ། །འདི་ན་གང་དག་ཕན་ཚུན་ཁྱད་པར་གྱིས ་འཇུག་པ་དེ་དག་ནི་གཅིག་ལ་རག་ལས་པར་མཐོང་སྟེ། དཔེར་ན་འཇིག་རྟེན་འདིའི་གྲོང་དང། གྲོང་རྡལ་དང། གྲོང་ཁྱེར་དང་ཡུལ་གྱི་བདག་པོ་རྣམས་ནི་ས་ཐམས་ཅད་ཀྱི་བདག་པོ་གཅིག་ལ་རག་ལས་པ་བཞིན་ནོ། །དེ་བཞིན་དུ་ཀླུ་དང། ་སྲིན་བུ་དང། གནོད་སྦྱིན་ལ་སོགས་པ་རྣམས་ཀྱང་ཕན་ཚུན་ཁྱད་པར་གྱིས་འཇུག་པ་ཉིད་དེ། དེ་དག་ཀྱང་དབང་ཕྱུག་གཅིག་གི་གཞན་གྱི་དབང་ཡིན་སྙམ་དུ་ཁོ་བོ་ཅག་སེམས་སོ། །དེ་འདིས་གལ་ཏེ་དབང་ཕྱུག་ཅེས་བྱ་བ་བྱིན་གྱིས་བརླབས་བ་ཞེས ་བྱ་བའི་དོན་འདི་སྒྲུབ་པར་འདོད་པ་དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་ཏེ། །བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པས་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །དཔེ་ཡང་སྒྲུབ་པར་བྱ་བ་དང་བྲལ་བ་ཉིད་ཡིན་ནོ། །འོན་ཏེ ་བྱིན་གྱིས་རློབ་པ་པོ་ཙམ་གྱིས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་སྒྲུབ་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་མཛའ་དག་གི་གཙུག་གི་ནོར་བུས་འགྲོ་བ་ཐམས་ཅད་སྙིང ་རྗེའི་དབང་གིས་བྱིན་གྱིས་བརླབས་པར་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་ཏེ། གང་གི་སྟོབས་ཀྱིས་དེ་ལྟར་ཡང་དམ་པ་དག་མངོན་པར་མཐོ་བ་དང་ངེས་པར་ལེགས་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །བརྗོད་པའི་སྒྲུབ་བྱེད་གཞན ་འདི་ཡང་ཡིན་ཏེ། སྲིད་པ་བདུན་ནི་བློ་གཅིག་གིས་སྤྲུལ་པ་ཡིན་ཏེ། དངོས་པོ་གཅིག་གིས་ཁོངས་སུ་འདུས་པའི་ཕྱིར། ཁང་པ་གཅིག་གི་ནང་དུ་གཏོགས་པའི་ཁང་མིག་བཞིན་ཏེ། ཇི་ལྟར་ཁང་པ་གཅིག་གི་ཁོངས་སུ་འདུས་པའི་ཁོང་མིག་རྣམས ་ཐིག་མཁན་གྱི་བློ་གཅིག་གིས་བྱས་པ་ཉིད་དུ་མཐོང་བ་དེ་ལྟར་སྲིད་པ་བདུན་ཡང་སྲིད་པ་གཅིག་ཁོངས་སུ་འདུས་པ་ཡིན་ཏེ། དེའི་ཕྱིར་དེ་དག་ཀྱང་བློ་གཅིག་གིས་བྱས་པ་ངེས་སོ། །གང་འདི་དག་བློ་གཅིག་གིས་སྒྲུབ་པར་བྱེད་པ་དེ་ནི་སྲིད་པ་མཛའ་ ་དག་གི་ཐིག་མཁན་གཅིག་པུ་སྟེ། ལེགས་ལྡན་དབང་ཕྱུག་ཆེན་པོ་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གནས་དང་ཁང་པ་དག་ནི་དངོས་པོ་གཅིག་མ་ཡིན་ཏེ། ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་མང་པོ་དག་ལ་མིང་འདི་བྱས ་སོ། །དེ་ཉིད་ཀྱི་ཕྱིར་དཔེ་ཡང་སྒྲུབ་པར་བྱེད་པ་དང་བྲལ་བ་ཡིན་ཏེ། ཁང་པ་གཅིག་ཏུ་གཏོགས་པ་ཁང་མིག་ལ་སོགས་པ་ནི་ཐིག་མཁན་དུ་མས་བྱས་པར་མཐོང་བའི་ཕྱིར་ཡང་གཏན་ཚིགས་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་སྒྲུབ་པར་བྱེད་པ་གཞན་དག ་ལ་ཡང་ཇི་ལྟར་རིགས་པ་སུན་འབྱིན་པ་བརྗོད་པར་བྱའོ། །གང་ཡང་མི་མཐུན་བློ་གཞི་ཡི་དངོས་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ལ། དེ་བསྒྲུབ་བྱ་ཕྱིར་སྒྲུབ་སྨྲས་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྤྱིར་ཐམས་ཅད་ཤེས་པ ་འགའ་ཞིག་ཡོད་དོ་ཞེས་སྒྲུབ་ན་དེའི་ཚེ་ཁོ་བོ་ཅག་ལ་ཁྱེད་ཀྱི་སྒྲུབ་པར་བྱེད་པ་འདི་མཛེས་པ་མ་ཡིན་ཏེ། གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ། །འོན་ཀྱང་གང་དག་ཐམས་ཅད་མཁྱེན་པ་ལ་སྐུར་བ་འདེབས་པའི་རྒྱལ་དཔོག་པ ་དེ་དག་ལ་མཛེས་པ་ཡིན་ནོ། །འོན་ཏེ་དབང་ཕྱུག་ཏུ་བརྗོད་པའི་ཐབས་ཤེས་པ་ཉིད་སྒྲུབ་ན་དེ་ནི་མ་རིགས་ཏེ། འབྲེལ་པ་མ་གྲུབ་པས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །དཔེ་ཡང་སྒྲུབ་པར་བྱ་བས་སྟོང་པ་ཉིད་ཡིན་ནོ། །དེའི་ཕྱིར་ཁོ་བོ་ཅག་ལ་སྒྲུབ ་པར་བྱེད་པ་འདི་མཛེས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་སྣ་ཚོགས་པར་འབྱུང་བ། ཞེས་བྱ་བ་ལ་སོགས་པ་ཆོས་ཅན་གྱི་ཁྱད་པར་བསྟན་པ་དེ་གང་དུ་ཡང་ཉེ་བར་མི་མཁོ་སྟེ། ཁྱེད་ཀྱིས་མགོ་རྨོང་པར་བྱ་བའི་ཕྱིར་རང་གི་གྲུབ་མཛའ་ ་བསྒྲགས་པ་འདི་བྱས་པ་འབའ་ཞིག་ཏུ་ཟད་དོ། །འདི་ལྟར་རྣམ་པ་དེ་ལྟ་བུའི་ཆོས་ཅན་གྱི་ཁྱད་པར་མེད་ན་ཡང། གལ་ཏེ་སྒྲུབ་པར་བྱེད་པ་མ་གྲུབ་པ་ལ་སོགས་པའི་སྐྱོན་དང་བྲལ་བ་དེའི་ཚེ་མངོན་པར་འདོད་པའི་བསྒྲུབ་བྱ་འགྲུབ་པར་འགྱུར་བ ་ཁོ་ནའོ། །འོན་ཏེ་སྒྲུབ་པར་བྱེད་པ་མ་གྲུབ་པ་ལ་སོགས་པའི་སྐྱོན་གྱི་སྐྱོན་ཅན་ཡིན་པ་དེའི་ཚེ་རྣམས་པ་དེ་ལྟ་བུའི་ཁྱད་པར་བཟུང་ན་ཡང་བསྒྲུབ་བྱ་མི་འགྲུབ་པས། རྣམ་པ་ཐམས་ཅད་དུ་ཁྱད་པར་དོན་མེད་དོ། །གང་ཡང་མི་མཐུན་པའི་ཕྱོགས་ལས ་གཏན་ཚིགས་ཟློག་པར་བྱེད་པ་དེ་ཉིད་ཁྱད་པར་དུ་རིགས་སོ། །གཞན་ཡང་གཏན་ཚིགས་གཞི་མ་གྲུབ་སྟེ། ཇི་སྐད་དུ་བཤད་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནི་ཕྱིར་རྒོལ་བ་མ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་བསྟན་བཅོས་ལ་གྲགས་པ ་ནི་ཆོས་ཅན་དུ་བྱ་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་བཀའ་འགྲེལ་ལས་དབང་ཕྱུག་བརྟག་པ་སྟེ་གཉིས་པའོ།། །།གཉི་གའི་བྱ་བ་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར། དེ་ལྟར་རང་བཞིན་དབང་ཕྱུག་དག་། ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གྲངས་ཅན་ཁ་ཅིག་ནི་གཙོ་བོ་འབའ་ཞིག་ལས་འབྲས་བུ་ཐ་དད་པ་འདི་དག་འཇུག་པ་མ་ཡིན་ཏེ། ད་ནི་སེམས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་པ་མེད་པ་ནི་བྱིན་གྱིས་རློབ་པ་པོ་མེད་པར་རང་གི་འབྲས་བུ་རྩོམ་པར ་བྱེད་པ་མ་མཐོང་ལ། སྐྱེས་བུ་བྱིན་གྱིས་རློབ་པ་པོར་ཡང་མི་རིགས་ཏེ། དེའི་ཚེ་མི་ཤེས་པའི་ཕྱིར་རོ། །འདི་ལྟར་བློ་ངེས་པའི་དོན་ཉིད་དུ་སྐྱེས་བུས་ཤེས་པར་བྱེད་དེ། །འབྱིན་པའི་སྔར་བློ་འདི་ནི་མི་ཤེས་པ་ཁོ་ན་ཏེ། ནམ་ཡང་དོན་འགའ་ཡང ་ཤེས་པ་མ་ཡིན་ནོ། །དོན་མི་ཤེས་པར་ཡང་འགའ་ཡང་བྱ་པར་མི་ནུས་པས་འདི་བྱེད་པ་པོ་མ་ཡིན་ནོ། །དེ་ལྟ་བས་ན་དབང་ཕྱུག་ཉིད་གཙོ་བོ་ལ་བལྟོས་ནས་འབྲས་བུ་ཐ་དད་པའི་བྱེད་པ་པོ་ཡིན་གྱི་འགའ་ཞིག་ནི་མ་ཡིན་ནོ། །ལྷས་བྱིན་ལ་སོགས་པ་གཅིག་པུ་སྐྱེད ་པར་བྱེད་པ་ནི་མ་ཡིན་ལ། རྫ་མཁན་འབའ་ཞིག་ཀྱང་བུམ་པ་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ། །རང་བཞིན་དང་དབང་ཕྱུག་དག་སོ་སོར་རྒྱུ་ཡིན་པ་བཀག་པའི་ཕྱིར། དབང་ཕྱུག་དང་གཙོ་བོ་ཞེས་བྱ་བ་གཉི་ག་ལྷན་ཅིག་པ་འདི་ཡང་སྐྱེ་བ་ཅན་ཏེ། སྐྱེ་བ ་དང་ལྡན་པའི་བྱེད་པ་སྟེ། སྐྱེད་པར་བྱེད་པ་ཞེས་བྱ་བར་མ་གྲུབ་པའོ། །འོན་ཏེ་འདི་དག་སོ་སོར་བྱེད་པ་པོ་ཉིད་བཀག་མོད་ཀྱི། འོན་ཀྱང་ལྷན་ཅིག་པ་མ་འགག་པ་ཉིད་དེ། མིག་ལ་སོགས་པ་འབའ་ཞིག་པ་རྣམས་ནི་མིག་གི་རྣམ་པར ་ཤེས་པ་བསྐྱེད་པ་ལ་ནུས་པ་མེད་ལ། ལྷན་ཅིག་པ་རྣམས་མི་འགྱུར་བ་ནི་མ་ཡིན་ནོ། །ཞེས་དོགས་པ་ལ། ལྷན་ཅིག་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་པ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་ཉིད་དོ། །དེ་ཡང་རྣམ་པ་གཉིས་ཏེ། །ཕན་ཚུན ་ཁྱད་པར་བྱེད་པའམ། དོན་གཅིག་བྱེད་པ་ཡིན་གྲང། དེ་ལ་རེ་ཤིག་ཁྱད་པར་སྐྱེད་པར་བྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ཀྱིས་བརྟག་པ་དང་པོ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དབང་ཕྱུག་དང་གཙོ་བོ་དེ་རྟག་པ་ཉིད་ཀྱིས་འགྱུར་བ་མེད་པའི ་ཕྱིར་རོ། །རྟོག་པ་གཉིས་པ་ཡང་རིགས་པ་མ་ཡིན་ཏེ། ཞེས་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་རྣམས་ཅིག་ཅར་ཐལ་བར་འགྱུར་པའི་ཕྱིར། །ནུས་པ་ཐོགས་པ་མེད་ཅིང་མ་ཚད་པ་མེད་པའི་དབང་ཕྱུག་དང་གཙོ་བོ་ཞེས་བྱ་བའི་རྒྱུ་རྟག་ཏུ་ཉེ་བ་ཉིད་ཀྱིས ་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ཡང་སྔ་མ་བཞིན་དུ་གང་རྒྱུ་མ་ཚང་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཐལ་བའི་སྒྲུབ་པར་བྱེད་པ་བརྗོད་པར་བྱའོ། །ཅི་སྟེ་བརྗོད་པ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་གང་རྒྱུ་མ་ཚང་བ་མེད་པ་ཞེས ་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་བརྗོད་པར་བྱེད་དོ། །རྒྱུ་གཉིས་པོ་དེ་དག་རྟག་ཏུ་ཉེ་བ་ཡིན་མོད་ཀྱི། འོན་ཀྱང་རིམ་གྱིས་འབྲས་བུ་ཐ་དད་པ་འདི་དག་ལ་འཇུག་པར་འགྱུར་ཏེ། འདི་ལྟར་དབང་ཕྱུག་གི་ལྷན་ཅིག་བྱེད་པ་ནི་གཙོ་བོ་ལ་ཡོད ་པའི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་ཡིན་ཏེ། དེ་དག་ཀྱང་རིམ་གྱིས་འཇུག་པའི་ཕྱིར། དེའི་འབྲས་བུ་ལ་ཡང་རིམ་གྱིས་འགྱུར་རོ། །འདི་ལྟར་གང་གི་ཚེ་རྡུལ་ཤས་ཚར་འཕེལ་བ་དང་ལྡན་པ་དེའི་ཚེ་དབང་ཕྱུག་སྐྱེ་དགུ་རྣམས་ཀྱི་འབྱིན་པའི ་རྒྱུ་ཡིན་ཏེ། རྡུལ་ནི་འབྱིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་སྙིང་སྟོབས་ཤས་ཆེར་འཕེལ་བ་ལ་བརྟེན་པར་བྱེད་པའི་ཚེ་འཇིག་རྟེན་གནས་པའི་རྒྱུར་གྱུར་ཏེ། སྙིང་སྟོབས་ནི་གནས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་མུན་པ་ཤས་ཆེ་བའི ་ནུས་པ་དང་ལྡན་པ་དེའི་ཚེ་འགྲོ་བ་ཐམས་ཅད་འཇིག་པ་དང་ཉམས་པར་བྱེད་པར་འགྱུར་ཏེ། མུན་པ་ནི་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་སྐྱེ་བ་དང་ལྡན་རྡུལ་ལ་བརྟེན། སྙིང་སྟོབས་འཕེལ་བ་གནས་པ་ཡིན། །མུན་པ་ལ་རེག་ལ་སྐྱེ་དགུ་འཇིག་།སྐྱེ ་མེད་འབྱིན་གནས་འཇིག་པའི་རྒྱུ་གསུམ་གྱི་རང་བཞིན་ཡོན་ཏན་ནི། གསུམ་གྱི་བདག་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པ་ལྟ་བུའོ། །གྲག་ཅེས་བྱ་བའི་སྒྲ་ནི་མི་སྲིད་པའི་དོན་ནོ། །འདིར་བཤད་ཅེས་བྱ་བ་ལ་སོགས་པས་ལན ་འདེབས་པར་བྱེད་དོ། །དག་ཅེས་བྱ་བ་ནི་རང་བཞིན་དང་དབང་ཕྱུག་གོ་།གཅིག་བྱེད་ཚེ་ཞེས་བྱ་བ་ནི་འབྱིན་པ་དང། འཇིག་པ་དག་ལས་གང་ཡང་རུང་བ་ཅིག་བྱེད་པའི་ཚེ་དེ་ལས་གཞན་པའི་འབྲས་བུ་གཉིས་སྐྱེད་པར་བྱེད་པའི་ནུས་པ་ཅི་ཡོད་དམ། འོན་ཏེ་མེད ་ཅེས་བྱ་བའི་རྣམ་པར་རྟོག་པ་གཉིས་སོ། །དེ་ལ་གལ་ཏེ་ཡོད་ན། དེའི་ཚེ་འབྱིན་པའི་ཚེ་ཡང་རྒྱུ་མ་ཚང་བ་མེད་པའི་ཕྱིར་གནས་པ་དང། འཇིག་པའི་བདག་ཉིད་ཀྱི་འབྲས་བུ་གཞན་གཉིས་ཀྱང་སྐྱེ་བ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་གནས ་པའི་དུས་སུ་ཡང་སྐྱེ་བ་དང་འཇིག་པ་ཐོབ་པར་འགྱུར་ལ། འཇིག་པའི་དུས་ན་ཡང་སྐྱེ་བ་དང། གནས་པར་འགྱུར་རོ། །དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། ཕན་ཚུན་སྤངས་ཏེ་གནས་པ་དག་ནི་ཆོས་ཅན་གཅིག་ལ་དུས་གཅིག་ཏུ་སྲིད་པར་རིག ་པ་ཡང་མ་ཡིན་ནོ། །འདི་སྙམ་དུ་འབྲས་བུ་གཅིག་པའོ་སྐྱེ་བའི་རང་བཞིན་དང་དབང་ཕྱུག་དེ་དག་འབྲས་བུ་གཞན་སྐྱེ་བ་ལ་ངོ་བོ་གཞན་མི་ཉེ་སྟེ། དེས་ན་དེའི་ཚེ་དེ་དག་ཏུ་ཐལ་བར་མི་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་ངོ་བོ་གཞན་ཞིག་གིས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་རང་བཞིན་དང་དབང་ཕྱུག་དུ་བརྗོད་པའི་རྒྱུའོ། །གཞན་ཞིག་གི་ཞེས་བྱ་བ་ནི་ཕྱིས་ཀྱི་འབྲས་བུ་གཉིས་པའོ། །གཞན་ཞིག་གི་ངོ་བོས་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་གི་ངོ་བོ་ཁོ་ནས ་རྒྱུ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་གཞན་གྱི་ངོ་བོས་བྱེད་པ་མ་ཡིན་མོད་ཀྱི། འོན་ཀྱང་འབྲས་བུ་གཅིག་བསྐྱེད་པའི་དུས་ན་འབྲས་བུ་ལྷག་མ་གཉིས་པོ་བསྐྱེད་པ་ལ་འདི་ལ་ནུས་པ་མེད་དེ། དེས་ན་དེའི་ཚེ་འབྲས་བུ་གཉིས ་པོ་མི་སྐྱེད་དོ་སྙམ་དུ་སེམས་ན། དེའི་ནུས་པ་དང་བྲལ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཚེ་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབྲས་བུ་རྩོམ་པའི་ཚེའོ། །འདི་སྙམ་དུ་གཙོ་བོ་ལ་ནུས་པ་ཐམས་ཅད་ཉེ་བ་ཡིན་མོད་ཀྱི། འོན་ཀྱང་གང་ཁོ་ན་ཤས ་ཆེར་འཕེལ་བ་དེ་ཉིད་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གཞན་ནི་མ་ཡིན་ནོ། །དེས་ན་འབྲས་བུ་རྣམས་ཅིག་ཅར་འབྱུང་བར་མི་འགྱུར་རོ་སྙམ་ན། ནུས་པའི་ངོ་བོ་ཤས་ཆེར་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་སྟོབས་ལ་སོགས་པ་ཤས་ཆེ་བའི ་ངོ་བོ་འདི་ནི་རེ་ཤིག་རྟག་གོ་ཞེས་ནི་བརྗོད་པར་མི་རིགས་ཏེ། རེས་འགའ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་པས་ན་དངོས་པོ་འདི་འབའ་ཞིག་དང་དབང་ཕྱུག་ཏུ་བརྗོད་པའི་རྒྱུ་ལས་སམ། རྒྱུ་གཞན་ལས་སམ། རང་དགའ་བ་ཡིན་ཞེས་རྣམ་པར་རྟོག ་པ་གསུམ་མོ། །དེ་ལ་ཕྱོགས་དང་པོ་ལ་ནི་ཤས་ཆེ་བའི་ངོ་བོ་དེ་ཐད་དུ་འགྱུར་ཏེ། རང་བཞིན་དང་དབང་ཕྱུག་ཅེས་བྱ་བའི་རྒྱུ་ནི་རྟག་པའི་ངོ་བོ་ཉིད་ཀྱིས་རྟག་ཏུ་ཉེ་བ་ཉིད་ཀྱི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང། གཞན་གྱིས་གཞན་དག་མི་འདོད ་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དེ་གཞན་ལས་འབྱུང་བའི་ངོ་བོར་འགྱུར་བ་རང་བཞིན་དང་དབང་ཕྱུག་ལས་མ་གཏོགས་པའི་རྒྱུ་གཞན་འདོད་པ་ནི་མ་ཡིན་ནོ། །ཕྱོགས་གསུམ་པ་ཡང་རིགས་པ་མ་ཡིན་ནོ་ཞེས་བཤད་པ། རེས་འགའ་ ་ཉིད་ནི་སྲིད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་དང་འགའ་བ་ཡིན་མོད། རེས་འགའ་བ་ཉིད་ནི་ཅི་འགལ་ཞེ་ན། རང་ལས་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལས་ཏེ་རང་བཞིན་ལས་སྐྱེ་བ་ཡིན་ན་རྒྱུ་མེད་པ་ཅན་ཉིད་དུ་ངེས་པར ་འགྱུར་རོ། །འོན་ཏེ་རང་བཞིན་ལས་སྐྱེ་ན། ཇི་ལྟར་རྒྱུ་མེད་པར་འགྱུར། ཇི་སྲིད་དུ་རང་བཞིན་ཁོ་ན་ཉིད་དེའི་རྒྱུ་ཡིན་པར་རྟོགས་པ་མ་ཡིན་ནམ། ཞེ་ན། རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཞེས་བྱ་བ་ལ་སྨོས་ཏེ། རང་རང་གི་ངོ་བོ་ལ་བྱེད་པ་རྒྱུའི་ངོ་བོར་འགལ ་པའི་ཕྱིར་རོ། །འདི་སྙམ་དུ་རྒྱུ་མེད་པ་ཉིད་ཡིན་ལ་རག་མོད། དེ་ལྟ་ན་ཡང་ཅིའི་ཕྱིར་རེས་འགའ་བར་མི་རིག་སྙམ་དུ་སེམས་ན། དངོས་པོ་རྣམས་ནི་ལྟོས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་རང་བཞིན ་གཞན་ལ་རག་ལས་ནས་འཇུག་པ་ནི་རེས་འགའ་བར་རིགས་ཏེ། དེ་དག་གི་ཡོད་པ་དང་མེད་པ་དག་ནི་གཞན་ཡོད་པ་དང་མེད་པ་དང་འབྲེལ་པའི་ཕྱིར་རོ། །གང་གི་ཕྱིར་གང་དག་གཞན་ལ་རག་མ་ལས་པར་འཇུག་པ་དེ་དག་ནི་ལྟོས་པར་བྱ་བ་འགའ་ ་ཞིག་ཀྱང་མེད་པའི་ཕྱིར། ཅི་སྟེ་རེས་འགའ་བར་འགྱུར། འོན་ཏེ་ཡང་རང་ལ་བྱེད་པ་འགལ་བ་ཉིད་ཇི་ལྟར་འགྲུབ་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་བདག་ཉིད་སྐྱེ་བ་ཡིན་ན། གྲུབ་པ་ཞིག་གམ། མ་གྲུབ་པ་ཞིག་སྐྱེ་གྲང། རེ ་ཞིག་གྲུབ་པ་ནི་མ་ཡིན་ཏེ། དེའི་གནས་སྐབས་ན་བདག་ཉིད་ཀྱང་གྲུབ་པའི་ངོ་བོ་ལས་ཐ་མི་དད་པ་ཉིད་ཀྱིས་རང་གི་ངོ་བོ་བཞིན་དུ་རབ་ཏུ་གྲུབ་པའི་ཕྱིར་ཏེ། ཡོངས་སུ་གྲུབ་པའི་ཕྱིར་རོ། །དེ་ལྟ་ཡིན་དང་བསྐྱེད་པར་བྱ་བ་མེད་པའི་ཕྱིར་དངོས་པོ་འདི་གང ་དུ་བྱེད་པར་འགྱུར། མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། བདག་གི་དེ་ཉིད་མ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་ལ་འགའ་ཞིག་ཅེས་བྱ་བ་ནི་སྤྱིའི་ཚིག་སྟེ། རང་གི་བདག་ཉིད་དུ་གྱུར་པ་མ་ཡིན་ལ། གཞན་གྱི་བདག་ཉིད་དུ་གྱུར་པ་ཡང་མ་ཡིན་ཞེས ་བྱ་བའི་དོན་ཏོ། །བྱ་བ་ཡོད་ན་གྲུབ་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དུ་འགྱུར་ཏེ། གྲུབ་པའི་མཚན་ཉིད་ནི་དེ་ཙམ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། གཉི་ག་བརྟག་པ་སྟེ་གསུམ་པའོ།། ་།།སོགས་པའི་སྒྲས་འཕངས་པ་རང་བཞིན་དུ་སྨྲ་བའི་རྩོད་པ་ནི་བརྗོད་པར་བྱ་བ་ཉུང་བ་ཉིད་ཀྱི་གོ་རིམ་ལ་མ་བརྟེན་པར་སེལ་བར་བྱེད་པ་ནི་རང་བཞིན་སྨྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་སྨྲ་བ་ནི་སོགས་པའི་སྒྲས་དངོས་སུ་མ་འཕངས ་མོད་ཀྱི། འོན་ཀྱང་རང་བཞིན་རྒྱུར་སྨྲ་བའི་ལུགས་བླངས་ནས་བསྟན་པ་ཁོ་ནའོ། །དེ་ལ་གང་དག་དངོས་པོ་རྣམས་རང་ཉིད་ལས་སྐྱེ་བ་ཡིན་ནོ་ཞེས་སྨྲ་བ་དེ་དག་རང་ལ་བྱེད་པར་འགལ་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཀག་ནས། ད་ནི་རང་བཞིན་སྨྲ་བ་འགེགས་སོ། །དེ་དག་ནི ་འདི་སྐད་དུ་སྨྲ་སྟེ། དངོས་པོ་རྣམས་རང་ལས་སྐྱེ་བ་མ་ཡིན་ཞིང་གཞན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུ་རྣམས་ཀུན་ལ་མི་བལྟོས་པར་རང་དང་གཞན་གྱི་རྒྱུ་ལ་བལྟོས་པ་མེད་པར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གང་དག་དངོས་པོ་རྣམས་རང་ཉིད་ལས་སྐྱེ་བ་ཡིན་ནོ། །ཞེས ་སྨྲ་བ་དེ་དག་ལས་འདི་དག་ཁྱད་ཅི་ཡོད་ཅེ་ན། དེ་དག་རང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་རང་བཞིན་དུ་སྨྲ་བ་དག་གོ་།རང་ཡང་ཞེས་བྱ་བ་ནི་རང་གི་ངོ་བོའོ། །ཡང་གི་སྒྲས་ནི་གཞན་གྱི་ངོ་བོ་ཡང་ངོ། །སྔ་མ་ནི་རང་བཞིན་རྒྱུར་འདོད་ལ། འདི་ནི ་དེ་ཡང་མི་འདོད་དོ་ཞེས་བྱ་བ་ནི་ཁྱད་པར་རོ། །འདི་ལ་རིགས་པ་བརྗོད་པར་གང་ཞིག་ཡོད་པར་མི་དམིགས་པ་དེ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །དངོས་པོ་རྣམས་ཀྱི་རྒྱུ་ཡང་ཡོད་པ་མི་དམིགས་སོ?་བཞིན་ནི་དམིགས ་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདམ་སྐྱེས་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདམ་སྐྱེས་ནི་པདྨའོ། །དེའི་གེ་སར་ལ་སོགས་པ་ཞེས་ཚིག་རྣམས་པར་སྦྱར་རོ། །སོགས་པ་སྨོས་པས་མགུལ་བ་དང། འདབ ་མ་དང། ཟེ་འབྲུ་ལ་སོགས་པ་དང། ཚེར་མའི་རྣ་བ་ལ་སོགས་པ་གཟུང་ངོ། །སྣ་ཚོགས་ཞེས་བྱ་བ་ནི། ཁ་དོག་དང། དབྱིབས་དང། རྩུབ་པ་ལ་སོགས་པའི་བྱེ་བྲག་གོ་།གང་གིས་བྱེད་ཅེས་བྱ་བ་ནི་སུས་ཀྱང་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པའི་རྒྱུ་མི་དམིགས ་པའོ། ?ཕྱིར་སྙམ་དུ་བསམས་པའོ། །འདི་སྙམ་དུ་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་རྒྱུ་མི་དམིགས་པའི་ཕྱིར་རྒྱུ་མེད་པ་ཅན་དུ་གྲུབ་མོད་ཀྱི་སྡུག་བསྔལ་བ་ལ་སོགས་པ་ནང་གི་བདག་ཉིད་ཇི་ལྟར་གྲུབ་སྙམ་དུ་སེམས་ན། དཔེར་ན་ཚེར་མ་ཞེས་བྱ་བ་ལ། ་སོགས་པ་སྨོས་ཏེ། གལ་ཏེ་མངོན་སུམ་གྱིས་སྡུག་བསྔལ་ལ་སོགས་པ་རྒྱུ་མེད་པ་ཅན་མ་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་རྗེས་སུ་དཔག་པས་གྲུབ་པ་ཁོ་ན་ཏེ། འདི་ལྟར་གང་ཞིག་རེས་འགའ་བ་དེ་ནི་རྒྱུ་མེད་པར་ངེས་སྟེ། དཔེར་ན་ཚེར་མ་རྣོ་བ་ལ ་སོགས་པ་ལྟ་བུའོ། །སྡུག་བསྔལ་ལ་སོགས་པ་ཡང་རེས་འགའ་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱིས་གཏན་ཚིགས་སོ། །གང་ཞིག་ཡོད་པ་དང་མེད་པ་ན། དེས་པར་གང་ཞིག་ཡོད་པ་དང་མེད་པར་འགྱུར་བ་དེ་ནི་དེའི་རྒྱུ་ཡིན་ནོ་ཞེས་བྱ་བ་ཡང་རིགས ་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འདི་ལྟར་རེག་པ་ཡོད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བ་མེད་ན་མི་འབྱུང་བ་ཡིན་ན་ཡང་འདི་མིག་གི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་འདི་ནི་འཁྲུལ་པ་ཡིན་པས་དེའི་ཕྱིར་རྒྱུ་རྣམས ་ཀུན་ལ་མི་བལྟོས་པར་དངོས་པོ་སྐྱེ་བ་ཞེས་བྱ་བ་གྲུབ་པོ་ཞེ་ན། མཚོ་སྐྱེས་གེ་སར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །འདིས་ནི་གཏན་ཚིགས་མ་གྲུབ་པ་དང། དམ་བཅས་པའི་དོན་མངོན་སུམ་དང་འགལ་བར་སྟོན་ཏོ། །པདྨའི་གེ་སར ་ལ་སོགས་པའི་རྒྱུ་མི་དམིགས་སོ། །ཞེས་གང་སྨྲས་པ་དེ་ནི་མ་གྲུབ་སྟེ། མངོན་སུམ་དང་མི་དམིགས་པ་དག་གི་ས་བོན་དང། འདམ་དང་ཆུ་ལ་སོགས་པ་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པས་རྒྱུ་ཉིད་དུ་དེས་པའི་ཕྱིར་རོ། །འདི་ལྟར་གང་ཞིག་ཡོད་པ་ཁོ་ན ་གང་ཞིག་སྐྱེ་ལ། གང་ཞིག་འགྱུར་བས་གང་འགྱུར་བ་དེ་ནི་དེའི་རྒྱུ་ཉིད་དུ་བརྗོད་དོ། །དེ་ཡང་དེ་ལྟ་བུར་གྱུར་པ་འདམ་སྐྱེས་ཀྱི་གེ་སར་ལ་སོགས་པའི་ས་བོན་ལ་སོགས་པ་བངས་པ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར ་ཐོབ་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་སྟེ། ཡོད་པ་དང་མེད་པ་དང་ལྡན་པར་མངོན་སུམ་དང་མི་དམིགས་པ་དག་གིས་ངེས་པའི་ཕྱིར་གཏན་ཚིགས་མ་གྲུབ་བོ། །གང་ཡང་རྒྱུ་དང་འབྲས་བུའི་མཚན་ཉིད་འཁྲུལ་ལོ་ཞེས་སྨྲས་པ་དེ ་ཡང་མ་གྲུབ་སྟེ། རེས་པ་ཡང་གཟུགས་ཀྱི་རྒྱུ་ཉིད་ཀྱི་མིག་གིས་རྣམ་པར་ཤེས་པ་ལ་ཡང་རྒྱུ་མཚན་གྱི་དངོས་པོར་འདོད་པའི་ཕྱིར་རོ། །འདི་ལྟར་རེག་པ་ནི་འབྱུང་བ་དག་ལ་བརྗོད་ལ། དེ་དག་ལ་ཡང་བརྟེན་ནས་གཟུགས་ལ་འཇུག་གོ་།དེའི་ཕྱིར་མིག་གི ་རྣམ་པར་ཤེས་པ་ལ་རེག་པའི་རྒྱུ་མཚན་གྱི་དངོས་པོ་ཡོད་པ་ཉིད་དེ། དངོས་དང་བརྒྱུད་པས་བྱས་པའི་ཁྱད་པར་འགའ་ཞིག་ཏུ་ཟད་དོ། །ཁོ་བོ་ཅག་གིས་ནི་ལྡོག་པ་ཙམ་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པའི་རྒྱུ་ཉིད་དུ་ཁས་མ་བླངས་སོ། །འོ་ན་ཅི་ཞེ་ན་?་ཁྱད་པར ་ཅན་ཉིད་དོ། །འདི་ལྟར་ནུས་པའི་རྒྱུ་གཞན་གང་དག་ཡོད་ན་ཡོད་ལ། གང་ཞིག་མེད་པས་གང་མི་འབྱུང་བ་དེ་ནི་དེའི་རྒྱུ་ཡིན་ནོ་ཞེས་སྨྲའི། གང་ཞིག་མེད་པར་གང་མི་འབྱུང་བ་ཞེས་བྱ་བའི་ལྡོག་པ་རྩམ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན ་མ་བག་མར་ལེན་པར་འོས་པའི་ཡུལ་དུ་སྐྱེ་བའི་འབྲག་གོ་།མ་བག་མར་ལེན་པའི་ཕྱིར་འཁྲུལ་པར་འགྱུར་རོ། །དེ་ལྟ་བུར་གྱུར་པའི་ལྡོག་པ་ལ་རེག་པས་འཁྲུལ་པ་མེད་དོ། །འདི་ལྟར་གལ་ཏེ་གཟུགས་ལ་སོགས་པ་ཉེ་བར་བསྟན་ནས ་རེག་པ་གཅིག་བུ་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་མི་འབྱུང་ངོ་ཞེས་དེ་ལྟར་བསྟན་ན་དེའི་ཆེ་འཁྲུལ་པར་གྱུར་ན། འདི་ཡང་བསྟན་པར་མི་ནུས་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་དངོས་པོ་ལ་འཁྲུལ་པ་ཡོད་པ་མ་ཡིན་ནོ།། ་ས་བོན་ལ་སོགས་པ་དངོས་པོ་རྣམས་ཀྱི་རྒྱུ་ཉིད་དུ་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། སོ་སོར་ངེས་པའི་ཡུལ་དང་དུས་ཀྱང་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། ཡུལ་དང་དུས་ཀྱི་ངེས་པ་ལའང། །ཞེས་བྱ་བ་ལ་སོགས་པ་ལ། ་གལ་ཏེ་པདྨ་ལ་སོགས་པ་དེའི་རྒྱུ་ཉིད་སོ་སོར་ངེས་པའི་ཡུལ་དང་དུས་རྒྱུ་ཉིད་དུ་མི་འགྱུར་ན་ནི། དེའི་ཚེ་གང་འདི་རྡོ་ལ་སོགས་པའི་ཡུལ་སྤངས་ནས་ཆུ་ལ་སོགས་པ་སོ་སོར་ངེས་པའི་ཡུལ་ལ་འཇུག་པ་དང། གང་དགུན་ལ་སོགས་པའི་དུས་ཡོངས་སུ ་སྤངས་ནས་སོག་ལ་སོགས་པའི་དུས་སུ་འཇུག་པ་དེར་མི་འགྱུར་གྱི། །འོན་ཀྱང་ཡུལ་ཐམས་ཅད་དང་དུས་ཐམས་ཅད་དུ་པདྨ་ལ་སོགས་པའི་དངོས་པོ་དེ་དག་འབྱུང་བར་འགྱུར་ཏེ། དེ་ནི་བལྟོས་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས ་གང་ཞིག་དེ་ལས་གཞན་པའི་ཡུལ་དང་དུས་ཡོངས་སུ་སྤངས་ནས་སོ་སོར་ངེས་པའི་ཡུལ་ལ་སོགས་པར་ངེས་པར་འཇུག་དེ་ནི་བལྟོས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་ངེས་སོ། །བསམ་པ་མེད་པའི་དངོས་པོ་འདི་དག་ཅི་ལ་བལྟོས་ཤེ་ན། དེ་བལྟོས ་དེ་ལྟར་འཇུག་པ་ཡིན། ཞེས་བྱ་བ་སྨོས་ཏེ། དེ་བཞིན་དུ་དེ་ལས་གཞན་པའི་ཡུལ་ལ་སོགས་པ་སྤངས་ནས་ཡུལ་ལ་སོགས་པ་ངེས་པ་ལས་འཇུག་པ་གང་ཡིན་པ་འདི་ཉིད་བལྟོས་པ་ཞེས་བྱ་བའི་བསམ་པའི་བདག་ཉིད་ཅན་ནི་མ་ཡིན་ནོ།། ་འདི་སྙམ་དུ་དེ་ལ་བལྟོས་ནས་འཇུག་པ་དེ་དེ་ལྟར་གྲུབ་མོད་ཀྱི། འོན་ཀྱང་དེའི་འབྲས་བུ་ཉིད་དུ་ཇི་ལྟར་དེས་སྙམ་དུ་སེམས་ན། བལྟོས་པ་འབྲས་བུ་ཉིད་དུ་བརྗོད་ཅེས་བྱ་བ་སྨོས་ཏེ། དེའི་འབྲས་བུ་ཉིད་གཞན་ནི་མེད་དོ། །འོ་ན་ཅི་ཞེ་ན། དེའི ་ཕྱིར་རང་བཞིན་སྨྲ་བ་འམ། དེ་དག་ལ་རང་བཞིན་སྨྲ་བ་འམ་དེ་བཞིན་སྨྲ་བ་ཞེས་པའོ། །གང་འདི་དེ་ལྟར་འཇུག་པའི་མཚན་ཉིད་ཀྱི་བལྟོས་པ་དེ་ཉིད་དེའི་འབྲས་བུ་ཞེས་བྱའོ། །འདི་དག་གི་ལྟ་བ་གནས་པར་དེ་ཡང་ཇི་ལྟར་གྲུབ་ཅེ་ན། ་དེ་ལྟར་འཇུག་པའང་མངོན་སུམ་ཡིན། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བས་ན་འམ་དེ་དག་ལ་སྟེ། པདྨ་ལ་སོགས་པ་ལ་རང་བཞིན་དུ་སྨྲ་བ་དག་ཅེས་བསྡུའོ། །མངོན་སུམ་གྱིས་ནི་རབ་གནོད་འགྱུར། །ཞེས ་བྱ་བ་ནི་མི་དམིགས་པ་ཡང་གཞན་དམིགས་པའི་བདག་ཉིད་ཡིན་པས་མངོན་སུམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་བདེ་བ་ལ་སོགས་པ་རྣམས་རྒྱུ་མེད་པ་ཅན་དུ་བསྒྲུབ་པའི་ཕྱིར། རེས་འགའ་པ་ལ་སོགས་པའི་སྒྲུབ་བྱེད་བརྗོད་པ་དེ་ནི ་བསྒྲུབ་བྱ་ལས་བཟློག་པར་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཡིན་ཏེ། བལྟོས་པ་མེད་པའི་ཕྱིར་རྒྱུ་མེད་པའི་ཕྱིར་རྒྱུ་མེད་པ་ནི་རེས་འགའ་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟར་རེ་ཞིག ་དམ་བཅའ་བའི་དོན་མངོན་སུམ་དང་འགལ་བ་དང། གཏན་ཚིགས་མ་གྲུབ་པ་ཉིད་དུ་བསྟན་ནས། ང་ནི་གཏན་ཚིགས་གྲུབ་པར་ཁས་བླངས་ནས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། རྒྱུ་ཡོད་པར་ནི་སྒྲུབ་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། གལ་ཏེ་མི་དམིགས་པ་ཙམ་གཏན་ཚིགས་ཉིད་དུ་ཁས་ལེན་པ་དེའི་ཚེ་མ་ངེས་པ་ཡིན་ནོ། །འདི་ལྟར་ཚད་མ་མེད་པ་སྟེ། ཚད་མ་མེད་པ་ཙམ་གྱི་གཏན་ཚིགས་ཀྱི་དོན་མེད་པ་སྟེ། མི་བདོག་པར་ངེས་པ་མ་ཡིན་ནོ། །ཅིའི་ཕྱིར་མ་ཡིན་ཞེ་ན། ་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱབ་པར་བྱེད་པའི་རང་བཞིན་དང་རྒྱུ་ལྡོག་ན་རང་གི་ཁྱབ་པར་བྱ་བ་དང་འབྲས་བུ་ལྡོག་པར་བྱེད་དེ། དེ་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་ཁྱབ་པར་བྱ་བ་དང་འབྲས་བུ་དག་འབྲེལ་པའི་ཕྱིར་རོ ་ཚད་མ་ནི་དོན་ཡོད་པའི་ཁྱབ་པར་བྱེད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་པ་ནི་ཡོད་པའི་ཕྱིར་ཐ་མི་དད་པ་ཁོ་ན་ཁྱབ་པར་བྱེད་པ་ཡིན་ཏེ། དཔེར་ན་ཤིང་ཤ་པའི་ཤིང་ལྟ་བུའོ། །ཐ་དད་པ་ནི་རྒྱུ་ཉིད་ཀྱི་ཁོངས་སུ་འདུས་པའི་ཕྱིར་རོ། །ཚད་མ་དང་དོན ་ཡོད་པ་གཉིས་ཐ་མི་དད་པ་ཡང་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ། །ཚད་མ་དོན་གྱི་རྒྱུ་ཡང་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འདི་ལྟར་ཡུལ་དང། དུས་དང། རང་བཞིན་གྱིས་བསྐལ་པའི་དོན་རྣམས་ཚད་ནས་ཡུལ་དུ་མ་བྱས་ན་ཡང་ཡོད་པར་མི་འགལ ་བ་ཉིད་དོ། །གང་མེད་པར་ཡང་གང་འབྱུང་བ་དེ་ནི་དེའི་རྒྱུར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་ཉིད་དུ་ཁས་ལེན་ན་ཡང་རང་གི་ཕྱོགས་བཏང་པ་ཡིན་ནོ། །དེ་ལས་བྱུང་བའི་ཕྱིར་ཡང། ཚད་མ་ནི་དོན་དེ་ཡོད་པའི་རྒྱུ་མ་ཡིན ་ནོ་འདི་ལྟར་ཡུལ་དུ་གྱུར་པའི་དོན་ཉིད་ལས་ཚད་མ་བྱུང་གི་།ཚད་མ་ལས་གཞལ་བར་བྱ་བའི་དོན་ནི་མ་ཡིན་ནོ། །ཅི་སྟེ་ཡང་འབྲལ་པ་མེད་པར་ཡང་ཚད་མ་དོན་ཡོད་པ་ལྡོག་པར་བྱེད་པར་འགྱུར་རོ་ཞེ་ན། གང ་དངོས་དེ་ལྟའི་རྣམ་པ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟའི་རྣམ་པ་མིན་ཞེས་བྱ་བ་ནི། རྒྱུ་ཡང་མ་ཡིན་ཁྱབ་པར་བྱེད་པ་ཡང་མ་ཡིན་ནོ་པའོ། །འབྲེལ་པ་མེད་པའི་ཆོས་ལོག་པས་ནི་ངེས་པར་གཞན་ལོག་པར་རིགས ་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟ་ན་ནི་རྟ་ལོག་པ་ན་བ་ལང་ལྡོག་པར་འགྱུར་རོ། །གཞན་ཡང་མི་དམིགས་པ་གཏན་ཚིགས་ཉིད་དུ་ཁས་ལེན་པ་ན། སྐྱེས་བུ་ཐམས་ཅད་ཀྱི་དམིགས་པ་ལོག་པའི་མཚན ་ཉིད་ལེན་ནམ། རང་གི་དམིགས་པ་ལོགས་པའི་མཚན་ཉིད་ལེན་གྲང། རེ་ཞིག་དང་པོ་ནི་མ་ཡིན་ཏེ། དེ་ནི་ཚུ་རོལ་མཐོང་བས་ངེས་པར་མི་ནུས་པ་ཉིད་ཀྱི་ཐེ་ཚོམ་ཟ་བའི་ཕྱིར་རོ། །གང་གི་ཕྱིར་སྐྱེས་བུ་ཐམས་ཅད་ཀྱིས་རྨ་བྱའི་མདོད་པ་ལ ་སོགས་པའི་རྒྱུ་མ་མཐོང་བའི་མི་དམིགས་པ་ཞེས་བྱ་བ་འདི་ལ་ཚུ་རོལ་མཐོང་བ་རྣམས་ཀྱི་ཚད་མ་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ཡང་རང་གིས་མ་མཐོང་བ་ནི་རང་གིས་མ་མཐོང་བ་སྟེ། དེ་ཡང་འཁྲུལ་པ་ཡིན་ནོ། །ཅིའི་ཕྱིར་ཞེ ་ན། རིའི་ཕུག་ལ་སོགས་པའི་ནང་ན་ཡོད་པའི་དུར་བ་དང། རྩ་དང། རྡེའི་དུམ་བུ་ལ་སོགས་པ་མི་དམིགས་ཀྱང་ཡོད་པའི་ཕྱིར་ཏེ། ཡོད་པའི་མ་འགལ་བའི་ཕྱིར་རོ། ཞེས་བྱ་བའི་དོན་ཏེ། ཡོད་པ་ཉིད་དུ་ངེས་པ་མ་ཡིན་ཏེ། ཐེ་ཚོམ་ཟ ་བའི་ཕྱིར་རོ། །གཞན་ཡང་འདི་ལྟར་ཁྱེད་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། ཅི་དངོས་པོ་རྣམས་རྒྱུ་མེད་པ་ཞེས་བྱ་བའི་རང་གི་ཕྱོགས་འདི་གྲུབ་པར་བྱ་བའི་ཕྱིར། ཁྱེད་གཏན་ཚིགས་འགའ་ཞིག་ལེན་ནམ། འོན་ཏེ་མ ་ཡིན་པ། དེ་ལ་གལ་ཏེ་མི་ལེན་པ་དེའི་ཚེ་ཁྱོད་ཀྱི་ཕྱོགས་མི་འགྲུབ་སྟེ། ཚད་མ་མེད་པར་དོན་གྲུབ་པ་ཡོད་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་ལེན་པ་དེ་ལྟ་ན་ཡང་ཁྱེད་ཀྱི་ཕྱོགས་མི་འགྲུབ་པོ་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། གྲུབ་པ་དེ་རྒྱུས་སྐྱེད་ཉིད་ཕྱིར། ་ཞེས་བྱ་བ་ནི་གཞལ་བྱའི་ཡུལ་གྱི་དོན་གྲུབ་པ་སྟེ། ངེས་པ་ནི་རྒྱུ་ངེས་པ་སྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་དཔའ་བོའི་ཞལ་སྔ་ནས་ཀྱིས། རྒྱུ་དང་བཅས་པར་སྨྲ་བ་རྒྱུ་མེད་ཅེས། དམ་བཅའ་རང་ཉིད་ཀྱིས་གནོད་མ་ཡིན་ནི། ་ཅི་སྟེའང་གཏན་ཚིགས་སྒྲུབ་ལ་སྙོམ་ལས་ན། དམ་བཅའ་གཅིག་པུས་འདི་ལ་ཅི་ཞིག་འགྱུར་ཞེས་བཤད་དོ། །འདི་སྙམ་དུ་བདག་གིས་ཤེས་པར་བྱེད་པའི་རྒྱུར་སྦྱར་གྱི་བྱེད་པ་པོ་ནི་མ་ཡིན་ནོ། །དེས་ན་ཅིའི་ཕྱིར་བདག་གིས་ཕྱོགས་འགྲུབ་པར་མི ་འགྱུར་སྙམ་དུ་སེམས་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱེད་གཏན་ཚིགས་ཞེས་བྱ་བ་ནི། རང་གི་དོན་གྱི་རྗེས་སུ་དཔག་པའི་དུས་ན་ཚུལ་གསུམ་པའི་རྟགས་སོ། །ཚི?་གིས་ཅེས་བྱ་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ཚེའོ།། ་དེ་རབ་གསལ་བྱེད་ཅེས་བྱ་བ་ནི། གཏན་ཚིགས་དེ་གསལ་བར་བྱེད་པའོ། །གྲུབ་པའི་ཞེས་བྱ་བ་ནི་གཞལ་བར་བྱ་བའི་དོན་ངེས་པའོ། །དེ་ལྟ་མ་ཡིན་ན་གལ་ཏེ་གྲུབ་པའི་རྒྱུ་མཚན་གྱི་དངོས་པོར་མ་གྲུབ་པ་དེའི་ཚེ་ཇི་ལྟར་དེའི་ཤེས་པར ་སྐྱེད་པར་འགྱུར་རོ། དེ་ལྟ་ན་ནི་ཐམས་ཅད་ཐམས་ཅད་ཀྱི་ཤེས་པར་བྱེད་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་སློབ་དཔོན་གྱིས་བྱེད་པ་པོ་ལས་ཤེས་པར་བྱེད་པར་དབྱེ་བར་མཛད་དེ། འདིར་ཡང་ཤེས་པའི་དབང་གིས་དོན་བསྟན ་གྱི་སྐྱེད་པར་བྱེད་པ་བཞིན་དུ་ཡང་དག་པའི་དོན་གྱིས་ནི་མ་ཡིན་ནོ། །ཞེ་ན། བསྒྲུབ་བྱ་བསྐྱེད་པར་མི་བྱེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་བྱའི་དོན་སྐྱེད་པར་མི་བྱེད་པའི་ཕྱིར་འདི་ཤེས་པར་བྱེད་པ་(ཞེས་བྱ་བའི་བྱེད་པ)་པོ་ནི་མ་ཡིན་ནོ།། ་གང་ཡང་མྱུ་གུ་ལ་སོགས་པའི་སྒྲུབ་པར་བྱ་བ་སྐྱེད་པར་བྱེད་པ་དེ་ནི་བྱེད་པ་པོ་བརྗོད་དོ་ཞེས་བྱ་བ་ལ་སྐྱོན་མེད་དོ། །འདི་ཐམས་ཅད་ཀྱིས་ནི་སློབ་དཔོན་དཔའ་བོས་བཤད་པའི་སྐྱོན་གྱིས་ཐོག་ཏུ་རྩོད་པ་ཕབ་པ་གང ་ཡིན་པ་དེའི་ལན་བཏབ་པ་ཡིན་ནོ། །འདི་ལྟར་དེ་ལ་རྩོད་པ་དེ་ཡིན་ཏེ། རྒྱུ་མེད་དོ་ཤེས་རྒྱུ་དང་བཅས་པར་སྨྲ་བ་ན་ཡང་ཅིའི་ཕྱིར་དམ་བཅའ་བ་ལ་གནོད་པར་བྱེད། དེ་ནི་ཤེས་པར་བྱེད་པའི་རྒྱུ་སྨྲ་ཞིང་བྱེད་པ་པོ་ནི་སྤོང་ངོ། །དེའི ་ཕྱིར་འདིར་ལན་ནི་ཤེས་པར་བྱེད་པ་ཡང་བྱེད་པ་ཉིད་ཡིན་ཏེ། ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིས་ནི་རང་གི་ཚིག་དང་འགལ་བར་བསྟན་ཏོ། །རྒྱུ་མེད་པ་ཉིད་ལ་ནི་སྒྲུབ་པར་བྱེད་པའི་གཏན་ཚིགས་འགའ་ཡང་ཡོད་པ ་མ་ཡིན་ཏེ། ཁྱབ་པ་ལ་མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཇུག་བསྡུ་བའི་ཐབས་ཀྱིས་དམ་བཅས་པའི་དོན་རྗེས་སུ་དཔག་པས་གནོད་པར་སྟོན་པར་བྱེད་དོ། །གཞན ་དག་ཀྱང་ཞེས་བྱ་བ་ནི་པདྨའི་གེ་སར་ལ་སོགས་པ་བསྒྲུབ་པར་བྱ་བའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ལས་མ་གཏོགས་པ་རྣམས་སོ། །སྐྱེ་བར་དེས་ཕྱིར་རོ་ཞེས་བྱ་བ་ནི་ངེས་པའི་དངོས་པོ་ཉེ་བ་ན་ཞེས་བྱ་བ་ལྷག་མའོ། །སྦྱོར ་བ་ནི་གང་ཞིག་སོ་སོར་ངེས་པའི་དངོས་པོ་ཉེ་བ་ན་སྐྱེ་བར་དེས་པ་དེ་དག་ནི་རྒྱུ་དང་བཅས་པ་ཡིན་ཏེ། དཔེར་ན་ཁྱེད་ཅག་གི་སྒྲུབ་པར་བྱེད་པ་ཉེ་བ་ན་འབྱུང་བའི་བསྒྲུབ་བྱའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ལྟ་བུའོ། །པདྨ་ལ་སོགས་པའི་དངོས་པོ ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། འགྲོ་བ་རང་བཞིན་དུ་སྨྲ་བ་བརྟག་པ་སྟེ་བཞི་པའོ།། །།སྐྱེ་འཇིག་དག་དང་མི་ལྡན་པའི། ཞེས་བྱ་བ་ལ་སོགས་པའི་སྒྲའི ་ཚངས་པར་སྨྲ་བའི་གཞུང་བཀོད་ནས་སུན་འབྱིན་པར་བྱེད་དོ། །དེ་ལ་སྒྲའི་ཚངས་པར་སྨྲ་བ་རྣམས་ན་རེ། ཤར་དང་ནུབ་ལ་སོགས་པའི་ཕྱོགས་ཀྱི་ཆ་དང་བྲལ། སྐྱེ་བ་མེད་པ། འཇིག་པ་མེད་པ། སྒྲའི་རང་བཞིན་གྱི་ཚངས་པ་གང་ཡིན་པ་དེའི་ཡོངས་སུ་འགྱུར་པ ་ནི་གཟུགས་ལ་སོགས་དངོས་པོའི་ཚོགས་འདི་ཡིན་ནོ་ཞེས་ངེས་པར་བྱའོ། །ཇི་སྐད་དུ། ཐོག་མཛའ་མེད་པའི་ཚངས་པ་ནི། སྒྲའི་དེ་ཉིད་ཡི་གེ་གང། གང་ལ་འགྲོ་བའི་ཐ་སྙད་འབྱུང། དོན་གྱི་དངོས་པོར་ཡོངས་གྱུར་པ། ཞེས་བཤད་དེ། །དེ་ལ་ཐོག་མ་ནི ་སྐྱེ་བའོ། །ཐ་མ་ནི་འཇིག་པའོ། །དེ་དག་མེད་པའི་ཕྱིར་ཐོག་མ་དང་མཛའ་མེད་པའོ། །ཡི་གེ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །འདིས་ནི་རྗོད་པར་བྱེད་པའི་ངོ་བོས་ཡོངས་སུ་འགྱུར་པ་བསྟན་ཏོ། །དོན་གྱི་དངོས་པོར་ཞེས་བྱ ་བ་ལ་སོགས་པས་ཀྱང་བརྗོད་པར་བྱ་བའི་འགྱུར་བར་བསྟན་ཏོ། །ཐ་སྙད་ཅེས་བྱ་བ་ནི་ཁྱད་པར་ཚངས་པ་ནི་ཞེས་བྱ་བ་ནི་མིང་ཡང་དག་པར་བསྒྲགས་པའོ། །ཚིགས་སུ་བཅད་པ་འདི་ཉིད་ཀྱི་དོན་སྟོན་པ་ནི། སྐྱེ་འཇིག་དག་དང་མི་ལྡན་པའི་ཞེས ་བྱ་བ་ལ་སྐྱེ་འཇིག་སྨྲས་པ་ནི་ཉེ་བར་མཚན་པ་སྟེ། ཤར་དང་ནུབ་ལ་སོགས་པའི་ཕྱོགས་ཆ་དང་བྲལ་བ་ཞེས་བྱ་བ་འདི་ཡང་འདི་ལྟར་རྟགས་པར་བྱ་སྟེ། ཐོག་མ་དང་ཐ་མ་ཉིད་ཀྱིས་ཆ་མེད་ཅིང་ཤར་དང་ནུབ་ཀྱི་ཕྱོགས་ཆ་དང་བྲལ ་བ་ཡང་དེར་བསྟན་ཏོ། །ཚངས་པའི་སྒྲའི་རང་བཞིན་ནི་སྒྲའི་རང་གི་ངོ་བོར་དེ་ཉིད་ཀྱི་ཕྱིར་འདི་ནི་སྒྲའི་དེ་ཁོ་ན་ཉིད་ཡིན་པས་དེ་ནི་སྒྲའི་དེ་ཁོ་ན་ཉིད་ཅེས་བྱའོ། །འདི་ནི་སྒྲའི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །མཆོག་ནི་ཞེས་བྱ་བ་ནི་ཨོཾ ་གྱི་བདག་ཉིད་དེ། ཨོཾ་ནི་སྒྲ་ཐམས་ཅད་དང་དོན་ཐམས་ཅད་དང་དོན་ཐམས་ཅད་ཀྱི་རང་བཞིན་ཡིན་པར་གྲག་པས། དེ་ཡང་རིག་བྱེད་ཡིན་ཏེ། འདི་ཡི་གེ་དང་ཚིག་གི་རིམ་པའི་ངོ་བོས་གནས་པའི་རིག་བྱེད་དེ་རྟགས་པའི་ཐབས་ཡིན་ཏེ། དེའི་གཟུགས་བརྙན་གྱི་ཚུལ་དུ་གནས་སོ། །ཚངས་པ་མཆོག ་གི་བདག་ཉིད་དེ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུའི་རྗེས་སུ་འཛིན་པའི་ནང་གི་བྱེད་པས་མཐོང་བ་ཡིན་ནོ་ཞེས་ཟེར་རོ། །འདིར་ཡང་ཚད་མ་བྱེད་དེ། གང་ཞིག་གང་གི་རྣམ་པ་དེ་དག་ནི་དེའི་རང་བཞིན་ཡིན་ཏེ། ་དཔེར་ན་བུམ་པ་དང་ཁང་ཕོར་དང་བླུག་མ་ལ་སོགས་པ་འཇི་བའི་རྣམ་པར་འགྱུར་བ་འཇི་བའི་རྣམ་པའི་རྗེས་སུ་བྱེད་པ་འཇི་བའི་རང་བཞིན་ཉིད་དུ་གྲག་པ་ལྟ་བུའོ། །དངོས་པོ་ཐམས་ཅད་ཀྱང་སྒྲའི་རྣམ་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང ་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གང་གིས་ཕྱིར་དོན་ཐམས་ཅད་སྒྲའི་རྗེས་སུ་བྱེད་པར་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་ཤེས་པ་ཐམས་ཅད་དོན་ལ་སྐྱེ་བ་ན་སྒྲའི་རྣམ་པ་དང ་ལྡན་པ་ཁོ་ནར་སྐྱེ་སྟེ། ཇི་སྐད་དུ། སྒྲའི་རྗེས་འཇུག་མ་གཏོགས་གང། །ཤེས་ཏེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །ལྡན་པ་བཞིན་དུ་གནས་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །དངོས་པོ་རྣམས་ཀྱི་རང་བཞིན ་དུ་གདགས་པའི་རྒྱུ་མཚན་ཡང། ཤེས་པའི་རྣམ་པ་ཡིན་ནོ། །དེའི་ཕྱིར་འདི་དག་སྒྲའི་རྣམ་པ་དང་ལྡན་པ་ཉིད་གྲུབ་པོ། །དེ་གྲུབ་པ་ན་དེའི་རང་བཞིན་ཡིན་པ་ཉིད་ཀྱི་གྲུབ་པ་ཁོ་ན་སྟེ། དེའི་རང་བཞིན་ཉིད་ནི་དེ་ཙམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ།། ་ཞེས་བྱའོ། །ང་ལ་བརྗོད་བྱ་ཞེས་བྱ་བ་ལ་སོགས་པས་རེ་ཞིག་དམ་བཅས་པའི་དོན་སུན་འབྱིན་པར་བྱེད་དོ། །འདིས་འགྲོ་བ་སྒྲའི་རང་བཞིན་དུ་སྒྲུབ་པར་འདོད་པ། རེས་འགའ་སྒྲ་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རམ། རེས་འགའ་སྒྲ་ལས་སྐྱེས་པའི་ཕྱིར ་ཡིན་ཏེ། དཔེར་ན་སྲོག་ཆགས་རྣམས་ནི་ཟས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ། རྒྱུ་ཡི་དོན་ལ་རྒྱུ་མ་ཡིན་པ་བརྗོད་པའི་ཕྱིར་དང། རྒྱུ་ལས་བྱུང་བའི་རྐྱེན་དུ་བརྗོད་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཡོངས་སུ་འགྱུར་པ་ཉིད་མི་འཐད་པའི་ཕྱིར་རོ། །འདི་ལྟར་སྒྲའི་བདག་ཉིད་ཀྱི་ཚངས ་པ་སྔོན་པོ་ལ་སོགས་པའི་ངོ་བོར་འགྱུར་བ་ན་རེས་འགའ་རང་ཉིད་ཀྱི་སྡེ་རང་གི་ངོ་བོ་ཡོངས་སུ་བཏང་ནས་འགྱུར་བའམ། མ་བཏང་ནས་འགྱུར་པ་ཡིན་གྲང། དེ་ལ་གལ་ཏེ་བཏང་ནས་ཞེས་བྱ་བའི་དང་པོའི་ཕྱོགས་ལ་བརྟེན་པ་དེའི་ཚེ། ཐོག་མཛའ་མེད་པ་ཞེས་བྱ་བའི ་ཚིག་འདི་མ་འགྱུར་བ་མེད་པ་ཉིད་མི་འཇིག་པ་ཉིད་དུ་ཁས་བླངས་པ་གང་ཡིན་ཏེ་ཉམས་པར་འགྱུར་ཏེ། སྔོན་གྱི་རང་བཞིན་ཞིག་པའི་ཕྱིར་རོ། །ཅི་སྟེ་ཡོངས་སུ་མ་བཏང་ནས་ཞེས་བྱ་བ་དེ་མ་ཐག་པའི་ཕྱོགས་ཡིན་པའི་དེའི་ཚེ་སྔོན་པོ་ལ་སོགས་པ ་རིག་པར་བྱེད་པའི་དུས་ན་ཡང་མ་ཐོས་པས་ཀྱང་སྒྲ་རིག་པར་འགྱུར་ཏེ། སྔོན་པོ་ལ་སོགས་པའི་རིག་པ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་མི་དད་པ་དེ་ནི་དེ་རིག་པ་ན་རིག་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པ་རིག་པའི ་གནས་སྐབས་ན་སྔོན་པོ་ལ་སོགས་པ་དེའི་བདག་ཉིད་བཞིན་ནོ། །སྒྲའི་བདག་ཉིད་ཀྱང་སྔོན་པོ་ལ་སོགས་པ་ལས་ཐ་མི་དད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །དེའི་རང་བཞིན་ཉིད་མི ་འགྲུབ་པོ་ཞེས་བྱ་བ་འདི་ནི་འདིར་གནོད་པར་བྱེད་པའི་ཚད་མའོ། །འདི་ཉིད་རྒྱས་པར་བསྟན་པའི་ཕྱིར། གང་གིས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ལ། གང་གིས་ཏེ་གང་གི་ཕྱིར་ཁྱེད་ཅག་གིས་དངོས་ཁོ་ནར་འགྲོ ་བ་སྒྲའི་རང་བཞིན་ནོ་ཞེས་བརྗོད་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། སྒྲའི་ངོ་བོ་མ་བཏང་པར། །ཞེས་བྱ་བ་སྨོས་སོ། །གལ་ཏེ་དངོས་སུ་སྒྲའི་རང་བཞིན་དུ་གནས་པ་ཡིན་ན་དེ་ལས་ཅིང་འགྱུར་ཞེ་ན། དེ་ལྟར་སྔོན་པོ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། སྔོན་པོ་ལ་སོགས་པ་གཅིག་ཉིད་ཅེས་བྱ་བ་ལ། སྒྲ་དང་ལྷན་ཅིག་ཅེས་བྱ་བ་ལྷག་མའོ། །དེ་རིག་པའི་དུས་སུ་ནི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་དེ་དག་རིག་པའི་གནས་སྐབས་ནའོ། །ཇི་ལྟར་འདི་རིག་པ་མ་ཡིན ་ཞེས་བྱ་བ་ནི། དེ་ལ་སྔོན་པོ་ལ་སོགས་པའི་རང་བཞིན་དུ་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཏེ། རིག་པ་ཉིད་དུ་རིགས་སོ་སྙམ་དུ་བསམས་པའོ། །ཅི་སྟེ་འདི་རིག་པ་ཉིད་དུ་མི་འདོད་པ་དེའི་ཚེ་སྒྲའི་རང་བཞིན་བཞིན་དུ ་སྔོན་པོ་ལ་སོགས་པ་ཡང་མི་རིག་པར་ཐལ་བར་འགྱུར་ཏེ། གཅིག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་རྣམས་ནི་སྒྲ་དང་ལྷན་ཅིག་གཅིག་གི་རང་བཞིན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་སྔོན་པོ་ལ་སོགས་པ་རྣམས ་སྒྲ་དང་ལྷན་ཅིག་ཆོས་ཐ་དད་པར་ཁས་ལེན་པར་ཤིན་ཏུ་ཐ་དད་པར་ཁས་བླངས་པར་བྱ་དགོས་སོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་དུས་གཅིག་ཏུ་རྟོག་པ་པོ་གཅིག་ལ་བལྟོས་ནས་འཛིན་པ་དང་མི་འཛིན་པ་ནི་མི་རིགས་ཏེ། གཅིག ་ཉམས་པར་ཐལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་འགལ་བའི་ཆོས་དང་ལྡན་པ་ཡང་གཅིག་ཉིད་དུ་འགྱུར་བ་དེའི་ཚེ་བུམ་པ་ལ་སོགས་པ་གསལ་བ་ཐ་དད་པ་བརྟག་པར་འདོད་པའི་གསལ་བ་ཐ་དད་པ་གང་ཡིན་པ་དེར་ཡང་མི་འགྱུར་རོ། །ཡང་གི་སྒྲ་ནི ་ཚངས་པའི་རང་གི་ངོ་བོ་ཐ་དད་པ་མེད་པ་འགའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །གང་གི་ཕྱིར་རང་གི་བདག་ཉིད་དུ་རྣམ་པར་གནས་པ་དེ་ལ་ཐ་དད་པ་མེད་དེ། འདི་ནི་འགྱུར་བ་མེད་པའི་རང་བཞིན་ཡིན་པའི་ཕྱིར་དང། ཐ་དད་པ་མེད་པའི་རང་བཞིན་ཡིན ་པའི་ཕྱིར་རོ། །ཞེས་བྱ་བ་གྲུབ་པ་མཛའ་ཡིན་ནོ། །འདི་ལྟར་དོན་བུམ་པ་ལ་སོགས་པའི་བདག་ཉིད་དུ་ཐོག་མ་དང་ཐ་མ་མེད་པ་ཉིད་དུ་མི་འདོད་དོ། །འོ་ན་ཅི་ཞེ་ན། མཆོག་གི་བདག་ཉིད་དུ་སྟེ། བུམ་པ་ལ་སོགས་པ་སྣང་བཞིན་པ་ན་སྐྱེ་བ ་དང་འཇིག་པ་ཡོངས་སུ་ཆད་པའི་ཡུལ་ཅན་རྣམས་སུ་དམིགས་པ་ཚངས་པ་ཡིན་ནོ། །མ་ཐོས་ཀྱང་སྒྲ་གསལ་བར་རིག་པར་འགྱུར་རོ། །ཞེས་བྱ་བའི་ཐལ་བར་འགྱུར་བ་སྨྲས་པ་འདི་གང་ཡིན་པ་དེ་ཡང་གལ་ཏེ་ཚངས་པའི་ངོ་བོ་དམིགས་པའི་མཚན་ཉིད ་དུ་གྱུར་པར་འདོད་པ་དེའི་ཚེ་བལྟ་བར་བྱའོ། །གལ་ཏེ་ཡང་ཤིན་ཏུ་ཕྲ་བ་དབང་པོ་ལས་འདས་པའི་ཞེས་སྨྲ་བ་དེའི་ཚེ་སྐྱོན་འདི་མེད་དོ། །འོན་ཀྱང་སྔོན་པོ་ལ་སོགས་པ་ཡང་དེའི་ངོ་བོ་ཡིན་པའི་ཕྱིར་དེའི་རང་གི་ངོ་བོ་བཞིན་དུ་མི་འཛིན་པར་ཐལ་བར་འགྱུར་རོ། །ཞེས་བྱ་བའི་སྐྱོན་འདི ་བརྗོད་པར་བྱའོ། །དེ་ལྟ་ཡིན་དང་ཚུ་རོལ་མཐོང་བ་རྣམས་ཀྱིས་སྐྱེ་བ་དང་འཇིག་པ་དང་ལྡན་པའི་དོན་ཙམ་ཤེས་སོ་ཞེས་བྱ་བའི་ངེས་པ་འདི་མི་ཐད་དོ། །འདི་སྙམ་དུ་ཇི་ལྟར་ཁྱེད་ཅག་གི་སྐད་ཅིག་མ་ཉིད་ལས་སྔོན་པོ་ལ་སོགས་པ་ཐ་དད་ལ། སྔོན་པོ་ལ་སོགས་པ་མྱོང་ན་ཡང ་མི་མྱོང་བ་དེ་བཞིན་དུ་སྒྲའི་ངོ་བོ་ལ་ཡང་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་རིག་པ་ན་སྐད་ཅིག་མ་ཉིད་མི་རིག་པ་ནི་མ་ཡིན་ཏེ། འོན་ཀྱང་རྟོག་པ་མེད་པ་ཤེས་པས་བཟུང་དུ་ཟིན་ཀྱང་འཁྲུལ་པའི་རྒྱུ་མཚན་གྱིས་ཡོན་ཏན ་གཞན་སྒྲོ་བཏགས་པའི་ཕྱིར་མ་ངེས་པ་ཡིན་པར་བརྗོད་དོ། །དེས་ན་ཉམས་སུ་མྱོང་བ་ལས་བལྟོས་ནས་དེ་བཟུང་བ་ཉིད་ཡིན་ལ། ངེས་པའི་ཤེས་པ་ལ་ལྟོས་ནས་ནི་མ་བཟུང་བ་ཡིན་པའི་ཕྱིར། ཤེས་པ་ཐ་དད་པས་གཅིག་བཟུང་བ་དང་མ་གཟུང་བ་ཉིད་ནི ་མི་འགལ་བ་ཁོ་ནའོ། །དེ་ལྟར་ཁྱེད་ཅག་གི་ཕྱོགས་ལ་ནི་སྒྲ་གཟུང་བ་དང་མ་བཟུང་བར་རིག་པ་མ་ཡིན་ཏེ། ཤེས་པ་ཐམས་ཅད་རྟོག་པ་དང་བཅས་པ་ཉིད་དུ་ཁས་ལེན་པའི་ཕྱིར་དང། ཤེས་པ་གཅིག་གིས་ཀྱང་དེའི་བདག་ཉིད་ཐམས་ཅད་ངེས ་པས་མ་བཟུང་བའི་རང་བཞིན་གཞན་མི་འཐད་པའི་ཕྱིར་རོ། །ཇི་སྐད་དུ། ངེས་པ་རྣམས་ཀྱིས་མ་ངེས་གང། །དེ་ནི་ཇི་ལྟར་དེ་དག་ཡུལ་ཞེས་བཤད་དོ། །ཅི་སྟེ་རྟོག་པ་མེད་པའི་ཤེས་པ་ཡང་ཅུང་ཟད་ཅིག་ཁས་ལེན་ན་འོ་ན། སྒྲའི་རྗེས ་འཇུག་མ་གཏོགས་གང། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཞེས་བརྗོད་པར་མི་བྱའོ། །སྒྲའི་རྣམ་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་ཚད་མ་མེད་པའི་ཕྱིར། དངོས་པོ ་རྣམས་སྒྲའི་བདག་ཉིད་དུ་གནས་པ་རྒྱུ་མཚན་མེད་པ་ཅན་ཁོ་ནར་འགྱུར་རོ། །གཞན་ཡང་དངོས་པོ་རྣམས་ཀྱི་སྐད་ཅིག་མ་ཉིད་ནི་ཚད་མ་གཞན་ལས་གྲུབ་པའི་ཕྱིར་ཉམས་སུ་མྱོང་བ་ཡང་མ་ངེས་པ་ཡིན་ནོ་ཞེས་བསྟན་གྱི། གང་གིས ་དེ་རྣམ་པར་འཇོག་པར་བྱེད་པ་དངོས་པོ་རྣམས་སྒྲའི་བདག་ཉིད་དུ་ག་ལས་གྲུབ། སུན་འབྱིན་པའི་ལན་གཞན་ཡང། གལ་ཏེ་དངོས་པོ་སོ་སོ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་བདག་ཉིད་དེ་ཡོངས་སུ་གྱུར་པར་འགྲོ་བ་ན། དོན་ཐ་དད ་པར་འགྱུར་རམ་མ་ཡིན་པ་འགྱུར་གྲང། དེ་ལ་གལ་ཏེ་ཐ་དད་པ་མེད་པ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་སྔོན་པོ་ལ་སོགས་པ་ཐམས་ཅད་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །ཡུལ་གཅིག་པ་ཉིད་དུ་ཅེས་བྱ་བ་ནི་མཚོན་པ་ཡིན་ཏེ། དུས་དང ་ཡོངས་སུ་འགྱུར་བ་དང། བྱ་བ་དང་གནས་སྐབས་ཀྱི་ཁྱད་པར་ལ་སོགས་པ་ཡང་གཟུང་ངོ། །འདི་རྣམས་ཀྱང་གཅིག་ཏུ་འགྱུར་རོ། །གཅིག་གི་རྣམ་པར་རིག་པར་ཡང་སྟེ། སོ་སོར་སྣང་བར་འགྱུར་ཞིང་ཐོབ་པ་ཡིན་ནོ་ཏེ། སྔོན་པོ་ལ ་སོགས་པ་ཐམས་ཅད་སྒྲ་གཅིག་གི་ངོ་བོར་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་སྒྲའི་བདག་ཉིད་འདི་རང་གི་མཚན་ཉིད་གསལ་བ་སོ་སོ་ཐ་དད་པ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ། ཚངས་པ་དུ་མ་ཉིད་འགྱུར་ཏེ། །དངོས་པོ་ཐ་དད་པ་ནི་དུ ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་པ་དུ་མའི་དངོས་པོའི་བདག་ཉིད་དངོས་པོ་དུ་མའི་རང་བཞིན་གྱི་ངོ་བོ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ཚངས་པ་མཆོག་ཀྱང་གཅིག་ཏུ་འདོད་དེ། དེས་ན་དམ་བའི་བ་ལ་ཁས་བླངས་པས ་གནོད་པ་ཡིན་ནོ་སྙམ་དུ་བསམས་པའོ། །ཉེས་པ་གཞན་ཡང། སྒྲའི་རང་བཞིན་རྟག་ཉིད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྟག་པ་ལས་འབྱུང་བ་ཉིད་དེ། འགྲོ་བ་སྒྲ་རྟག་པའི་རང་བཞིན་ཉིད་ཡིན་ན་སྒྲའི་ངོ་བོ་བཞིན་དུ་དངོས་པོ་རྣམས་ཀྱང་རྟག་པ་ཉིད་དུ་འགྱུར་རོ།། ་དེ་ལ་ཡིན་དང་དུས་ཐམས་ཅད་དང་དངོས་པོ་རྣམ་སྒྲ་དང་ལྷན་ཅིག་ཅིག་ཅར་གྲུབ་པ་ན་སྟེ། གྲུབ་པའི་ཕྱིར་ཡོངས་སུ་འགྱུར་བར་མི་འགྱུར་རོ། །དེ་དག་ཅེས་བྱ་བ་ནི་དེའི་ཕྱིར་གྱི་དོན་ནི། དེ་དག་སྟེ་སྔོན་པོ་ལ་སོགས་པ་དེ་དག་རྣམས་ཀྱི་ཅིག་ཅར་ཏེ། དེ་དག་ཅིག་ཅར་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་ཅིག ་ཅར་མ་གྲུབ་ན་ཡང་ཅིའི་ཕྱིར་ཡོངས་སུ་འགྱུར་བ་མ་ཡིན་ཞེ་ན། ངོ་བོ་གཅིག་ནི་ཞིག་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནིའི་སྒྲ་ནི་གོ་རིམས་མེད་པ་ལ་ནི་དངོས་པོ་ཡོངས་སུ་འགྱུར་བ་འགྲུབ་པར་མི་འགྱུར་རོ། །ཞེས་རིམ་པ་གཞན་དུ་བྱའོ། །དེ་ལྟར་རེ་ཞིག་ཡོངས་སུ་འགྱུར་བས་བྱས ་པའི་དངོས་པོ་རྣམས་སྒྲའི་རང་བཞིན་ཉིད་མི་རིགས་སོ། །ཕྱོགས་གཉིས་པ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཡང་སྒྲ་རྟག་པ་ཉིད་ཀྱིས་འགྱུར་བ་མེད་པའི་ཕྱིར་དེ་ལས་རིམ་གྱིས་འབྲས་བུ་སྐྱེ་བ་རིམ ་འགྱུར་རོ། །ཐམས་ཅད་ལ་རྒྱུ་ནུས་པ་ཐོགས་པ་མེད་པ་མ་ཚང་བ་མེད་པའི་ཕྱིར། ཅིག་ཅར་ཁོ་ནར་སྐྱེ་བར་འགྱུར་རོ། །རྒྱུ་མ་ཚངས་བའི་ཕྱིར་འབྲས་བུ་སྡོད་པ་ཡིན་ནོ། །གང་གི་ཅིག་ཅར་བར་མི་འགྱུར་བ་གལ་ཏེ་དེ་མ་ཚངས་བ་མེད་ན་དེས་ན་ཅིའི་ཕྱིར ་གཞན་ལ་བལྟོས། གཞན་ཡང་གལ་ཏེ་རང་བཞིན་གཅིག་པོ་དེ་ལས་སྒྲའི་རང་གི་ངོ་བོ་གཞན་ཐ་དད་པ་སྐྱེ་བར་ཁས་ལེན་པ་དེའི་ཚེ། ཚངས་པ་དེ་དོན་གྱི་ངོ་བོར་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདི་འགྲུབ་པར་མི ་འགྱུར་རོ། །དོན་གཞན་སྐྱེ་བ་ན་གཞན་དེའི་རང་བཞིན་དུ་མི་འཇུག་པ་དེའི་ངོ་བོ་རྣམ་པར་འགྱུར་བ་ནི་མི་རིགས་སོ། །དེ་ལྟ་བས་ན་ཐམས་ཅད་དུ་ཡང་དམ་པའི་བརྟག་པར་མི་བྱའོ། །སྒྲའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །ཞེས ་བྱ་བའི་གཏན་ཚིགས་ཀྱང་མ་གྲུབ་ཀྱང་བསྟན་པའི་ཕྱིར་དེའི་ངོ་བོ་མིན་ལས་ལོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ནི་དོན་དམ་པར་ངོ་བོ་གཅིག་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་ཏེ། ཐམས་ཅད་རང་རང་གི་ལ་གནས་པ་ཉིད་ཀྱིས་རིགས་མཐུན་པ་དང ་མི་མཐུན་པ་ལས་ལྡོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་དག་ལ་ནི་རྟོག་པ་ཞེན་པ་རིགས་མི་མཐུན་པ་ལས་ལྡོག་པས་བྱས་པ་རྣམ་པ་གཅིག་དང་ལྡན་པ་ཉིད་རྣམ་པར་འཇོག་པར་བྱེད་དེ། དཔེར་ན་བུམ་པ་དང། ཁམ་ཕོར་དང། བླུག་མ ་ལ་སོགས་པ་དོན་དམ་པར་ཐ་དད་པ་རྣམས་ལ་ཡང་འཇི་བའི་བདག་ཉིད་མ་ཡིན་པའི་དངོས་པོ་ལས་ལྡོག་པས་བྱས་པ་འཇི་པའི་བདག་ཉིད་དུ་རྟོག་པ་ལྟ་བུའོ། །དེ་ལ་སྔོན་པོ་ལ་སོགས་པའི་དག་གིས་བཏགས་པ་དེ་ཡང་སྒྲའི་རྣམ་པ་དང་ལྡན་པ་ཉིད་དུ་སྲིད་པ་མ་ཡིན་ཏེ། སྔོན་པོ ་དང་སེར་པོ་ལ་སོགས་པ་རྣམས་ལ་སྒྲའི་ངོ་བོ་མི་དམིགས་པ་མ་དམིགས་པ་ཡང་ཇི་ལྟར་སྒྲའི་བདག་ཉིད་མ་ཡིན་པ་རྣམ་པས་བཅད་པས་བྱས་པའི་སྒྲའི་རྣམ་པ་དང་ལྡན་པ་ཉིད་རྟོག། དེ་ཕྱིར་རྟོག་པའང་ས་བོན་མེད། ཅེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པའོ། །གང་ཡང། ་ཐམས་ཅད་ཡུལ་གཅིག་ཉིད་དང་ནི། གཅིག་གི་རྣམ་པར་རིག་པར་འགྱུར། ཞེས་སྨྲས་པ་དེ་ལ་གཞན་གྱི་ལུགས་ཀྱི་དོགས་པ་བསུ་བ་ནི། འོན་ཏེ་ཚངས་པའི་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཅི་སྟེ་ཡང་ཚངས་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་མི་འགྱུར་བར་དབྱེར་མེད་པ་ཉིད ་དུ་རྟག་ཏུ་དོན་དམ་པར་གནས་པ་གང་ཡིན་པ་དེ་ནི་དོན་པར་ཡོངས་སུ་འགྱུར་བ་མ་ཡིན་གྱི། འོན་ཀྱང་མ་མིག་པའི་ལིང་ཏོག་གི་བློའི་མིག་ཉམས་པ་རྣམས་སྔོན་པོ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པ་བཞིན་དུ་རློམ་མོ། །ཇི་སྐད་དུ། ཇི་ལྟར་ནམ་མཁའ་པ་ལ། རབ་རིབ ་ཀྱིས་བསླད་སྐྱེ་བོ་ཡིས། །རབ་རིབ་སྣ་ཚོགས་དག་དང་ནི། །ལྡན་པ་བཞིན་དུ་མངོན་པར་རློམ་།དེ་ལྟར་བདུད་རྩི་འགྱུར་མེད་པའི། །ཚངས་པ་འདི་ནི་མ་རིག་པས། །རྙོག་པ་བཞིན་དུ་འགྱུར་བ་སྟེ། །ཐ་དད་ངོ་བོར་རྣམ་པར་འགྱུར་ཞེས་བཤད་པ་ལྟ་བུའོ། །དེས་ན ་ཐམས་ཅད་ཡུལ་གཅིག་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། དེ་དག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རིག་པ་ཐ་དད་པར་ཡང་མི་འགྱུར་ཏེ། དེ་ནི་མ་རིག་པས་བསླད་པ་བྱས་པ་ཉིད་ཀྱི་ཕྱིར་རོ། །སྙམ་དུ་བསམས་པ་ཡིན་ནོ། །དེ་ལའང་ཞེས་བྱ ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གང་གི་ཕྱིར་ཚད་མའི་དབང་གི་གཞལ་བྱ་ཡོད་པར་རྣམ་པར་འཇོག་པ་ཡིན་ལ། དེ་ལྟ་བུའི་ངོ་བོའི་ཚངས་པ་གྲུབ་པར་བྱ་བའི་ཕྱིར་ཚད་མ་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་རེ་ཞིག་དེ་ནི་མངོན་སུམ་གྱིས་དེ ་གྲུབ་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ཕན་པ་དང་མི་ལྡན་པ་ཐོབ་པ་དང་སྤོང་བའི་རྟེན་ལས་ཐ་དད་པའི་སྒྲའི་ནོ་བོ་གཞན་སྣང་བ་ནི་མེད་ལ། མི་སྣང་བ་ཡང་ཇི་ལྟར་དེ་མངོན་དུ་ཕྱོགས་པའི་སེམས་ཏེ། རིགས་པའི་ལམ་ལ་གནས་པས་ཡོད་པ་ཉིད་དུ་མ ་ངེས་པར་འགྱུར། འདི་སྙམ་དུ་ཤེས་པའི་བདག་ཉིད་ཀྱི་ངོ་བོ་བཞིན་དུ་རང་རིག་པའི་མངོན་སུམ་ཁོ་ནས་དེ་གྲུབ་པ་ཡིན་ཏེ། འདི་ལྟར་དེ་ཉིད་གསལ་བ་ཡིན་ཏེ། སྒྲའི་བདག་ཉིད་ཡིན་པའི་ཕྱིར་དང་སེམས་པ་ཅན་གྱི་ངོ་བོ་ཡིན་པའི་ཕྱིར་རོ་སྙམ་དུ ་སེམས་ན། འདི་ནི་རང་རིག་པ་དང་འགལ་ཏེ། འདི་ལྟར་ཡིད་གཞན་ལ་ཡེངས་ཀྱང་མིག་གིས་གཟུགས་ལྟ་བ་ན། མངོན་པར་བརྗོད་པ་དང་མི་ལྡན་པ་སྔོན་པོ་ལ་སོགས་པའི་ཤེས་པ་ཉམས་སུ་མྱོང་བ་ཁོ་ན་ཡིན་ནོ། །འདི་ཡང་རྒྱས་པར་འཆད ་པར་འགྱུར་རོ། །དེས་ན་ཤེས་དེ་འཇིག་རྟེན་ན་ཡོད་མིན། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་བསལ་བ་ཡིན་ནོ། །དེ་ལྟ་བས་ན་དབྱེར་མེད་པའི་སྒྲའི་རང་བཞིན་གྱི་ཚངས་པ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ཏེ། དེ་ལྟ་བུར་གྱུར་པ་ད་མི་སྣང་བའི ་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། །འདི་ལྟར་རྗེས་སུ་དཔག་པ་ཡིན་ནོ། །འབྲས་བུའི་རྟགས་ཡིན་པ་འམ། རང་བཞིན་གྱི་རྟགས་ཡིན་གྲང། མི་དམིགས་པ་ནི་དགག་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །སྒྲུབ་པ་ལ་དབང་དུ་བྱེད་པ་ཉིད་མ་ཡིན ་དེ་ལ་རེ་ཞིག་འབྲས་བུའི་རྟགས་ནི་མ་ཡིན་ཏེ། རྟག་པ་ལས་འབྲས་བུ་འགའ་ཡང་མི་སྐྱེ་བའི་ཕྱིར་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །རང་བཞིན་གྱི་རྟགས་ཀྱང་ཡོད་པ་མ་ཡིན་ཏེ། ཚངས་པར་བརྗོད་པའི ་ཆོས་ཅན་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །ཆོས་ཅན་མ་གྲུབ་པ་ན་དེའི་རང་བཞིན་བུ་གྱུར་པའི་ཆོས་རབ་རྒྱུད་དུ་གྲུབ་པར་མི་འགྱུར་རོ། །འོ་ན་གཞན་རྟགས་སུ་འགྱུར་རོ་ཞེ་ན། དེ་དག་ལས་ནི་མ་གཏོགས་པའི། །ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རང་བཞིན་དང་འབྲས་བུ་ལས་མ་གཏོགས་པ་གཞན་བསྒྲུབ་བྱའི་དོན་དང་འབྲེལ་པ་མེད་པའི་ཕྱིར་ལ། འབྲེལ་པ་མེད་པའི་རྟགས་ཀྱང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཡང་དངོས་པོ་རྣམས་སྒྲའི་ངོ ་བོ་ཉིད་དུ་སྒྲའི་རྗེས་སུ་འགྲོ་བ་ཉིད་སྨྲས་པ་གང་ཡིན་པ་དེ། མ་གྲུབ་པའི་ཕྱིར་དང། བརྫུན་པ་ཉིད་ཡིན་པའི་དོན་དམ་པའི་ཚངས་པ་སྒྲའི་ངོ་བོ་ཉིད་དུ་བསྒྲུབ་པར་ནུས་པ་མ་ཡིན་ལ། ལུང་ལས་ཀྱང་དེ་གྲུབ་པ་མ་ཡིན་ཏེ། དེ་མི་གནས་པའི ་ཕྱིར་རོ། །གང་ཡང་མི་དམིགས་པ་ཞེས་བྱ་བའི་རྟགས་ཡོད་མོད་ཀྱི་དེ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ་སྙམ་དུ་བསམས་པའོ། །ཡང་ན་ཡོད་པ་སྒྲུབ་པར་བྱེད་པ་བརྗོད་པར་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཡོད ་པའི་སྒྲུབ་བྱེད་རྟགས་ཡོད་མིན། ཞེས་བྱ་བ་སྨོས་སོ། །གཞན་ཡང་ཚངས་པ་ཤེས་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་བར་ཤེས་པར་གྱིས་ཤིག། དེ་མི་རུང་བ་ཉིད་ཀྱིས་དེའི་ངོ་བོ་མེད་པ་ནི་དངོས་པོ་མེད་པ་རྣམས་ཀྱི་མཚན་ཉིད་ཡིན་ནོ་ཞེས ་བྱའོ། །འདི་ཉིད་སྟོན་པ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་དང་པོ་ཉིད་དུ་དབང་ཕྱུག་རྟག་པར་བསྟན་ཟིན་ཏོ། །དེ་ལས་གཞན་ཞེས་བྱ་བ་གླང་བ་དང་དོར་བའི་རྒྱུ་མཚན་ཅན་སྔོན་པོ་ལ་སོགས་པ་ལས་གཞན་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན ་དེ་ལས་ཞེས་བྱ་བ་ནི་འཇུག་བསྡུད་པའོ། །གཞན་ཞེས་བྱ་བ་མི་དེ་ཁོ་ན་ཉིད་དོ། །མོ་གཤམ་གྱི་བུ་དང་མཚུངས་པ་ཞེས་བྱ་བ་ནི་མོ་གཤམ་གྱི་བུ་དངོས་པོ་མེད་པ་ཉིད་དུ་རྣམ་པར་འཇོག་པ་ལ་དོན་བྱ་བ་བྱེད་པར་ནུས་པ་དང་བྲལ་བ་ལས་མ་རྟོགས་པ་རྒྱུ ་མཚན་གཞན་ཡོད་པ་ནི་མ་ཡིན་ནོ། །ཅི་སྟེ་འདི་སྐད་དུ། ཚངས་པ་མཆོག་གི་བདག་ཉིད་དེ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུའི་ཆོས་རྗེས་སུ་འཛིན་པའི་ནང་གི་བྱེད་པ་ཅན་རྣལ་འབྱོར་པ་རྣམས་ཀྱིས་མཐོང་ངོ་ཞེས་བརྗོད་པ་དེ་ཡང་མི་འཐད ་དོ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རྣལ་འབྱོར་གོམས་པའི་ཤེས་པ་ལ་དེའི་བྱ་བ་ཡོད་པ་ཡིན་ན་དེའི་ཚེ་རྣལ་འབྱོར་པས་དེའི་ངོ་བོ་མཐོང་ངོ་ཞེས་བྱ་བར་འགྱུར་ན། འདི་ནི་རིགས་པ་མ་ཡིན་ཏེ། ཇི་ཙམ་དུ། ཇི་སྐད་དུ་བཤད་པའི་རྣམ་པས་ཤེས་པ ་ལ་དེའི་བྱ་བ་མེད་པའི་ཕྱིར་རོ། །འདི་སྙམ་དུ་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེད་པས་རྣལ་འབྱོར་པ་རྣམས་ཀྱིས་དེ་མཐོང་བ་ནི་མ་ཡིན་ཏེ། དེ་ལས་མ་གཏོགས་པའི་རྣལ་འབྱོར་པའི་ཤེས་པ་མེད་པའི་ཕྱིར་རོ། །འོན་ཀྱང་རྣལ་འབྱོར་གནས་སྐབས་ན་རང་གི་བདག་ཉིད་གསལ ་བའི་ངོ་བོ་དེ་གསལ་བ་ན་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བར་བརྗོད་དོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་སྔར་རྣལ་འབྱོར་པ་མ་ཡིན་པའི་གནས་སྐབས་ན་དེའི་ངོ་བོ། །ཇི་ལྟ་བུ་ཞིག་ཡིན་པ་བརྗོད་པར་བྱའོ། །གལ་ཏེ་རྟག་ཏུ་གསལ་བའི་ངོ་བོ་ཡིན་པ་དེའི་ཚེ་། ་འོ་ན་རྣལ་འབྱོར་པ་མ་ཡིན་པའི་གནས་སྐབས་ནམ་ཡང་ཡོད་པ་མ་ཡིན་ཏེ་ཚངས་པ་ནི་རྟག་ཏུ་བདག་ཉིད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཐམས་ཅད་འབད་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་ཡང། ཇི་ལྟར་ཁྱད་ཀྱི་རྨི་ལམ་ལ་སོགས་པའི ་གནས་སྐབས་སུ་ཤེས་པ་གཉིས་སུ་མེད་པ་ཡིན་ན་ཡང་སྣ་ཚོགས་ཀྱི་རྣམ་པ་འཛིན་པར་སྣང་ངོ། །དེ་བཞིན་དུ་དེ་གཉིས་སུ་མེད་པ་ཡིན་ན་ཡང་མ་རིག་པའི་དབང་གིས་རྒྱུད་རྣམ་པར་མ་དག་པ་རྣམས་ལ་དེ་ལྟར་སྣང་བ་ཡིན་ནོ་སྙམ་དུ། དེ་ནི་ཡང་དག ་པ་མ་ཡིན་ཏེ། གང་དག་ལ་དེ་དེ་ལྟར་སྣང་བར་འགྱུར་བ་དེ་ལས་མ་གཏོགས་པའི་རྣམ་པར་མ་དག་པའི་རྒྱུད་གཞན་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་ཚངས་པ་ཉིད་དེ་ལྟར་སྣང་བ་ཡིན་ནོ། ཞེ་ན། དེ་ལྟ་ན། འོ་ན་ཐར་པ་མེད་པར་ཐལ་བར ་འགྱུར། །ཚངས་པ་ནི་ཐམས་ཅད་དུ་གཉིས་ཀྱི་ངོ་བོར་སྣང་བའི་བདག་གི་ཉིད་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་རྣམ་པར་དག་པའི་ཤེས་པ་གཞན་སྐྱེ་བའི་ཕྱིར་གྲོལ་བར་རིགས་པ་ཉིད་ཡིན་ལ། ཁྱེད་ཅིག་ལ་ནི་གང ་གི་དབང་གིས་དེ་དེ་ལྟར་སྣང་བ་ཞེས་བྱ་བར་འགྱུར་བ་དེ་ལས་མ་གཏོགས་པའི་མ་རིགས་པ་ཡོད་པ་ཡང་མ་ཡིན་ནོ། །ཡང་ན་ཐ་མི་དད་པའི་མ་རིག་པ་དེའི་དབང་གིས་དེ་ཉིད་དེ་ལྟར་སྣང་ངོ་ཞེས་བྱ་བ་འདི་ནི་ལེགས་པར་བཤད་པའོ། ། ་ཅི་སྟེ་ཡང་མ་རིག་པའི་དབང་གིས་དེ་གསལ་བ་ཡིན་ནོ། །ཞེས་བྱ་བ་འདིས་ནི་དེའི་མ་རིག་པའི་བདག་ཉིད་གསལ་བར་བྱས་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན་ཐར་པ་མེད་པར་ཐལ་བ་ཉིད་ཆེས་ཤིན་ཏུ་གསལ་བར་བྱས་པར་འགྱུར་རོ། ། ་གང་གིས་མ་རིག་པ་དང་བྲལ་བས་གྲོལ་བར་འགྱུར་པ་རྟག་པ་གཅིག་པུའི་ངོ་བོ་ཚངས་པ་མ་རིག་པའི་བདག་ཉིད་དུ་གནས་པ་ཡིན་ན། དེའི་བདག་ཉིད་ཀྱི་མ་རིག་པ་དང་བྲལ་བ་ནི་མ་ཡིན་ནོ། །འོན་ཏེ་མ་རིག་པ་ཐ་དད་པར་ཁས་ལེན་པར་བྱེད་ན་ཡང་རྟག་པ ་ཉིད་ཀྱི་ཕྱིར་ཁྱད་པར་བྱར་མེད་པའི་ཚངས་པ་ལ་དེ་ནི་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་མ་རེག་པའི་དབང་གིས་དེ་ལྟར་སྣང་བར་མི་རིགས་སོ། །དེ་ལྟ་ཡིན་དང་མ་རིག་པ་དང་ལྷན་ཅིག་དེ་འབྲེལ་པ་མེད་པའི་ཕྱིར་འཁོར་བ་མེད་པར་ཐལ་བར་འགྱུར་རོ། །དེ་ནི་དེ ་ཉིད་དང་གཞན་ཉིད་དུ་བརྗོད་པར་མི་ནུས་སོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། དངོས་པོའི་ཆོས་ལ་གོ་སྐབས་གཞན་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དངོས་པོའི་ཆོས་ཉིད་དུ་མི་འགྱུར་རོ། །དངོས་པོ་མེད་པའི་དབང་གིས་དེ་དེ་ལྟར་གསལ་བར་རིགས ་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་དེ་ལྟ་བུར་གྱུར་པའི་དོན་བྱ་བ་བྱེད་པའི་རང་བཞིན་ལ་ཡང་དངོས་མེད་ཅེས་མིང་བྱེད་ན་རྩོད་པ་མེད་དེ། དེ་ཁོ་བོ་ཅག་ལ་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པའི་བག་ཆགས་ཉིད་མ་རིག ་བ་ཡིན་ཏེ། བག་ཆགས་དེ་ཡང་ནུས་པ་ཞེས་བྱ་བ་ལ་ནུས་པ་ཡང་རྒྱུའི་བདག་ཉིད་ཀྱི་ཤེས་པའི་བདག་ཉིད་དུ་གྱུར་པ་ཉིད་ཡིན་ནོ། །དེས་ན་མ་རིག་པའི་བདག་ཉིད་ཀྱི་ཤེས་པ་རྒྱུར་གྱུར་པ་སྔ་མ་སྔ་མས་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པའི་འབྲས་བུའི་ཤེས་པ་ཕྱི ་མ་ཕྱི་མ་སྐྱེ་བའི་ཕྱིར་མ་རིག་པའི་དབང་གིས་དེ་ལྟར་གསལ་བར་རིགས་སོ། །མ་རིག་པ་དེ་ཡང་རྣལ་འབྱོར་གོམས་པའི་ཕྱིར་ནུས་པ་མེད་པའི་སྐད་ཅིག་གོང་ནས་གོང་དུ་སྐྱེ་བའི་རིམ་གྱིས་བྲལ་བ་ལས་ཤེས་པའི་རྒྱུད་རྣམ་པར་སྐྱེ་བའི་ཕྱིར་བྱང་གྲོལ་ཐོབ་པ་། ་དེས་ན་བཅིངས་པ་དང་ཐར་པའི་རྣམ་པར་བཞག་པ་རིགས་པ་དང་ལྡན་པ་ཡིན་ནོ། །ཁྱེད་ལ་ནི་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། ཚངས་པ་ནི་རྟག་པ་གཅིག་པུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གནས་སྐབས་གཉིས་མེད་པའི་ཚངས་པ་ནི་གཅིག་ཉིད་ཡིན་པའི་ཕྱིར ་གཅིག་ཐར་པ་ན་ཐམས་ཅད་ཐར་པར་ཐལ་བར་འགྱུར་པ་དང། གཅིག་མ་གྲོལ་ན་ཐམས་ཅད་ཀྱང་མ་གྲོལ་བར་ཐལ་བར་འགྱུར་བ་མི་ཟློགས་སོ། །རྣལ་འབྱོར་པ་མ་ཡིན་པའི་གནས་སྐབས་ན་བདག་ཉིད་གསལ་བའི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་པའི ་ཚད་མ་འདི་ལ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། ཤེས་པ་ནི་གསལ་བའི་བདག་ཉིད་དུ་རང་རིག་པས་གྲུབ་པོ། །དེ་ལྟར་སྒྲའི་བདག་ཉིད་ནི་ཤེས་པའི་བདག་ཉིད་ཐམས་ཅད་ལ་རིག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །ཅི་སྟེ་རྣལ་འབྱོར་པ་མ་ཡིན ་པའི་གནས་སྐབས་ན་ཚངས་པ་འདི་བདག་ཉིད་གསལ་བར་ཁས་ལེན་པར་མི་བྱེད་ན། ད་ལྟ་ན་ཡང་སྔར་མེད་པའི་གསལ་བར་བདག་ཉིད་དེ་ཚངས་པ་སྔར་གྱི་ངོ་བོ་མ་དོར་བར་ཕྱིས་རྣལ་འབྱོར་པའི་གནས་སྐབས་སུ་ག་ལས་བྱུང་ཞེས་བརྗོད་པར་བྱའོ། དེ་ལྟ ་བས་ན་ཁྱོད་ཀྱི་སྒྲའི་ཚངས་པ་སྨྲ་བ་འདི་ནི་ལོག་པར་སྨྲ་བ་ཡིན་པའི་ཕྱིར། སྤྲོས་པས་ཆོག་གོ་།གཙོ་བོ་ཡོངས་སུ་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་སྐྱོན་གྱི་ལམ་འདི་ལ་ཡང་སྒྲེ་བར་བྱེད་དོ། །དེ་ལ་འབྲས་དེ་ཡོད་ཕྱིར་རྒྱུ་ཡིས་ནི། ། ་བསྐྱེད་བྱ་མིན་ཏེ་རྒྱུ་རིག་བཞིན། །དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། །བསྒྲུབ་བྱ་མེད་ཕྱིར་གཞན་དག་བཞིན། །ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་སྐྱོན་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། སྒྲའི་ཚངས ་པ་བརྟགས་པ་སྟེ་ལྔ་པའོ།། །།རིག་བྱེད་སྨྲ་བའི་གཞུང་ལུགས་གྲུབ་མཛའ་ཉེས་པར་བཤད་པའི། ཞེས་བྱ་བ་ལ་སོགས་པས་འགོད་པར་བྱེད་དེ། དེ་དག་ནི་འདི་སྐད་དུ་སྐྱེས་བུ་གཅིག་ཉིད་འཇིག ་རྟེན་མཛའ་དག་འབྱིན་པ་དང། གནས་པ་དང། འཇིག་པའི་རྒྱུ་ཡིན་ལ། མ་འཇིག་པ་ན་ཡང་ཤེས་པའི་ནུས་པ་ཁྱད་པར་དུ་འཕགས་པ་མི་འཇིག་གོ་ཅེས་ཟེར་ཏེ། དེ་སྐད་དུ་ཡང། སྣལ་མ་རྣམས་ལ་བ་ཐག་བཞིན། ཆུ ་ལ་ཆུ་ཤེལ་ཇི་བཞིན་དང། །ལྕུག་མ་རྣམས་ཀྱི་བླག་ཤ་བཞིན། །དེ་ནི་སྐྱེ་ལྡན་གྱི་རྒྱུ། །ཞེས་བཤད་དོ། །དེ་བཞིན་དུ་གང་ཡང་བྱུང་བར་གྱུར་པ་དང་གང་ཡང་འབྱུང་བ་འདི་ཐམས་ཅད་ཀྱི་ནི་སྐྱེས་བུ་ཉིད་ཡིན་ནོ་ཞེས་བྱའོ། །དབང ་ཕྱུག་ཆོས་མཚུངས་པ་སྟེ། གཉི་ག་ཡང་སྣ་ཚོགས་འབྱིན་པ་དང། གནས་པ་དང། འཇིག་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །འདི་ཙམ་ཞིག་ནི་ཁྱད་པར་ཡིན་ཏེ། དབང་ཕྱུག་པར་སྨྲ་བ་རྣམས་ཀྱིས་དབང་ཕྱུག་ལས་ཐ་དད་པ ་གཞན་ཡང་བདག་ལ་སོགས་པ་དང། འདུ་བ་ལ་སོགས་པ་རྒྱུར་འདོད་ལ། སྐྱེས་བུ་རྣམས་ཀྱིས་ནི། །སྐྱེས་བུ་སྨྲ་བ་ཁོ་ན་རྒྱུར་འདོད་དོ། །གཉི་ག་ཡང་སྣ་ཚོགས་པ་འབྱིན་པ་དང། གནས་པ་དང། འཇུག་པའི་རྒྱུ་མཚན་གྱི་དངོས ་པོར་ནི་མཚུངས་སོ། །གྲུབ་མཛའ་ཉེས་པར་བཤད་པ་ཡི། །རྗེག་འཇུག་བློ་ཅན་ཞེས་བྱ་བ་ནི། གང་དག་ལ་གྲུབ་མཛའ་ཉེས་པར་བཤད་པའི་རྗེས་སུ་འཇུག་པའི་བློ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བལ་གྱི་ལྟེ་བ་ནི་བ་ཐག་པ་རྐྱོང་ངོ། །འདི ་དག་ལ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་རྩོམ་མོ། །དབང་ཕྱུག་བཞིན་ཞེས་བྱ་བ་ནི་དྲུག་པའི་མཛའ་ཅན་ལས་རང་བཞིན་གྱི་རྐྱེན་ཡིན་ནོ། །དེ་ལ་ཡང་འདི་སྐད་དུ་སྐྱེས་བུ་ནི་སྐྱེ་བ་དང་ལྡན་པའི་རྒྱུ་མ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར་ནམ་མཁའ་ཨི་པདྨ་བཞིན་ནོ། ། ་དེ་ལྟ་མ་ཡིན་ན་ཐམས་ཅད་ཅིག་ཅར་བར་འགྱུར་རོ་ཞེས་བྱ་བའི་ཉེས་པ་བརྗོད་པར་བྱའོ། །ཡང་ཇི་ལྟར་གཞན་དག་གིས། །དབང་ཕྱུག་བསྒྲུབ་པའི་སྒྲུབ་པར་བྱེད་པ་བརྗོད་པ་དེ་ལྟ་སྐྱེས་བུ་སྨྲ་བ་རྣམས་ཀྱིས་སྐྱེས་བུ་གྲུབ་པར་བྱ་བའི་ཕྱིར་ལེན་པར་བྱེད་པ་དེའི་ཚེ་དེ་བཞིན ་དུ་མ་གྲུབ་པ་ལ་སོགས་པའི་སྐྱོན་བརྗོད་པར་བྱའོ། །སུན་འབྱིན་པའི་རྣམ་པ་གཞན་ཡང། འདི་འདྲའི་བྱེད་པ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་སྔོན་དུ་གཏོང་བའི་འཇུག་པ་ལ་དགོས་པ་དང་ལྡན་པས་ཁྱབ་པས་དེ་བས་ན་ཅིའི་ཕྱིར་སྐྱེས་བུ་འདི་ཡང་འགྲོ་བ་འགོད་པར ་བྱེད་པ་འདི་འདྲ་བ་བྱེད་ཅེས་བརྗོད་པར་བྱའོ། །གལ་ཏེ་དབང་ཕྱུག་ལ་སོགས་པ་གཞན་གྱིས་བསྐུལ་བས་མི་འདོད་ཀྱང་བྱེད་པ་དེའི་ཚེ་འདི་རང་དབང་ཅན་དུ་ཁས་བླངས་པ་གང་ཡིན་པ་དེ་ཉམས་པར་འགྱུར་རོ། །ཅི་སྟེ་སྙིང་རྗེས་གཞན་རྗེས་སུ་བཟུང་བའི་དོན་དུ་བྱེད་པ་དེའི་ཚེ་། ་དམྱལ་བ་ལ་སོགས་པ་སྡུག་བསྔལ་དང་ལྡན་པའི་སེམས་ཅན་སྤྲུལ་པར་བྱེད་པར་མི་འགྱུར་གྱི། གཅིག་ཏུ་བདེ་བ་དང་ལྡན་པ་ཁོ་ན་བྱེད་པར་འགྱུར་རོ། །གཞན་ཡང་འབྱིན་པ་སྟེ་སྐྱེད་པའི་སྔར་བརྩེ་བར་བྱ་བ་སེམས་ཅན་མེད་པའི་ཕྱིར། རྗེས་སུ་བརྩེ་བ་གང་གིས་དབང་གིས ་འདི་བྱེད་པ་པོ་དང་འབྱིན་པ་པོར་རྟོག་པ་ཅི་ལ་དམིགས་ནས་དེའི་རྗེས་སུ་བརྩེ་བར་འགྱུར། གལ་ཏེ་ཡང་འདི་རྗེས་སུ་བརྩེ་བས་བྱེད་ན། ལྷ་དང་མི་ལ་སོགས་པ་གང་དག་རྟག་ཏུ་མངོན་པར་མཐོ་བ་དང་ལྡན་པ་དེ་དག་ཅིའི་ཕྱིར་འཇིག་པར་བྱེད་དེ་། ་གང་ཡང་སྡུག་བསྔལ་དང་ལྡན་པའི་རྒྱུད་ངན་སོང་བའི་སེམས་ཅན་དེ་དག་ཉིད་འཇིག་པར་བྱེད་པར་ངེས་སོ། །སྙམ་དུ་དགོངས་པའོ། །ཅི་སྟེ་ཡང་རྗེས་སུ་བརྩེ་བར་བྱ་བ་དེ་དག་གིས་མ་མཐོང་བའི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་གང ་ཡིན་པ་དེ་ལ་བལྟོས་ནས་འཇིག་རྟེན་བདེ་བ་དང་སྡུག་བསྔལ་དང་ལྡན་པར་བྱེད་དོ་སྙམ་ནས། དེ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ནི་རང་དབང་ཅན་དུ་ཁས་བླངས་པ་ཉམས་པར་འགྱུར་རོ། །ནུས་པ་ཡིན་ན་འགའ་ལ ་ཡང་མི་བལྟོས་པ་འམ། ནུས་པ་མེད་ན་བལྟོས་ནས་ལྷའི་འཇིག་རྟེན་སུ་སྐྱེ་བའི་ཕྱིར་སྐྱེས་བུ་འདི་དེའི་རྒྱུ་ཉིད་ཉམས་པར་འགྱུར་རོ། །དེ་མ་མཐོང་བ་ལྟོས་པ་ཡིན་མོད་ཀྱི། འོན་ཀྱང་ཡང་མ་མཐོང་བའི་ཆོས་ཅན་མ་ཡིན་པའི་བདག་ཉིད་ཀྱི་སྡུག་བསྔལ ་གྱི་རྒྱུ་གང་ཡིན་པ་དེ་ལ་ལྟོས་ན་བརྩེ་བ་དང་ལྡན་པར་མི་རིགས་སོ། །འོན་ཀྱང་དེ་དེ་ལ་བརྩེ་བའི་གཞན་དབང་དུ་གྱུར་པ་ཉིད་ལ་བཏང་སྙོམས་སུ་བྱ་བ་ཉིད་དུ་རིགས་སོ། །བརྩེ་བ་དང་ལྡན་པ་རྣམས་ནི་གཞན་གྱི་སྡུག་བསྔལ་གྱི་རྒྱུ་འཚོལ་བ་མ་ཡིན་ཏེ། དེ་དག་ནི ་གཞན་སྡུག་བསྔལ་དང་བྲལ་བར་འདོད་པ་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །ཅི་སྟེ་རྗེས་སུ་བརྩེ་བས་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྩེད་མོའི་དོན་དུའོ། །འདི་ཡང་ཡང་དག་པ་མ་ཡིན་ཏེ། དེ་ལྟ་ན་ནི་རྩེ་མོའི་དོན་དུ་བསྐྱེད་ན་འདི་རང་དབང་ཅན་དུ་མི་འགྱུར་ཏེ་། ་སྐྱེ་བ་དང། གནས་པ་དང། འཇིག་པའི་བདག་ཉིད་ཀྱི་རྩེད་མོའི་རྣམ་པ་སྣ་ཚོགས་ཀྱི་ཐབས་ལ་བལྟོས་པའི་ཕྱིར་རོ། །གཞན་ཡང་རྩེད་མོའི་སྣ་ཚོགས་ཀྱི་ཐབས་གང་དག་ཡིན་པ་དེ་བྱེད་པ་ལ་གལ་ཏེ་འདི་ནུས་པ་ཡིན་ན། དེའི་ཚེ་དེ་དག་ཅིག་ཅར་ཁོ་ནར ་བྱེད་པ་འགྱུར་ལ། འོན་ཏེ་དང་པོར་དེ་ལ་ནུས་པ་མེད་པ་དེའི་ཚེ་རིམ་གྱིས་ཀྱང་བྱེད་པར་མ་འགྱུར་ཏེ། མི་ནུས་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །གཅིག་དངོས་པོ་གཅིག་ལ་ནས་པའམ་མི་ནུས་པ་ཕན་ཚུན་འགལ་བའི་ཆོས་གཉིས ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་བྱ་བ་འདི་འདྲ་བ་རྩོམ། ཞེས་བྱ་བ་ལ་སོགས་པ་རྟོགས་པ་ཐམས་ཅད་དབང་ཕྱུག་ལ་ཡང་ཐུན་མོང་ཡིན་ཏེ། དེའི་ཕྱིར་གང་བློ་གྲོས་བཟང་པོས་གཞན་རྗེས་སུ་བཟུང་བའི་དོན་དུ་དབང་ཕྱུག་འཇུག་སྟེ། དཔེར་ན་དོན་བྱས་པ ་ཐུབ་པ་ཁ་ཅིག་བདག་ལ་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོངས་པའི་དོན་མེད་ན་ཡང་གཞན་རྗེས་སུ་གཟུང་བའི་དོན་དུ་འདོམ་པར་བྱེད་པ་དེ་བཞིན་དུ་དབང་ཕྱུག་ཀྱང་བདག་ཉིད་ཀྱི་དབང་ཕྱུག་གི་འབྱོར་པ་སྟོན་ཅིང་སྲོག་ཆགས་རྣམས་རྗེས་སུ་འཛིན་པ་ལ་འཇུག ་པར་འགྱུར་རོ་ཞེས་བྱ་བ་དང། ཡང་ན་ནུས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན་དུས་ནི་དཔྱིད་ལ་སོགས་པ་མངོན་པར་གསལ་བ་ལ་རྣམ་གྲངས་ཀྱི་རྒྱུ་བ་དང་མི་རྒྱུ་བའི་རྣམ་པར་འགྱུར་བ་བསྐྱེད་པའི་རང་བཞིན་ཡིན་པ་དེ་བཞིན་དབང་ཕྱུག་ཀྱང་འབྱིན ་པ་དང། རྗེས་སུ་འཛིན་པ་དང། སྡུད་པའི་ནུས་པ་རྣམས་གསལ་བ་ལ་རྣམ་གྲངས་ཀྱི་སྲོག་ཆགས་རྣམས་ཀྱི་སྐྱེ་བ་དང། གནས་པ་དང་འཇིག་པའི་རྒྱུ་ཉིད་ཡིན་ནོ། །ཞེས་སྨྲས་པ་དེ་ཡང་འདི་ཉིད་ཀྱི་ལན་བཏབ་པ་ཡིན་ནོ། །འདི་ལྟར་གཞན་རྗེས ་སུ་གཟུང་བའི་དོན་དུ་འཇུག་པ་ཡིན་ནོ། །ཞེས་བྱ་བ་འདི་ལ་རྗེས་སུ་འཛིན་པ་ལྟར་བྱེད་པ་ན་འགྲོ་བ་ཅིག་ཏུ་བདེ་བ་དང་ལྡན་པ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ལན་ཡིན་ན། །ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་ལ་ཡང། ་འབྱིན་དང་གནས་དང་སྡུད་པ་ལ། ཅིག་ཅར་ནུས་པ་གསལ་བ་ཅན། །འགྲོ་བ་ཅིག་ཅར་བྱེད་པར་འགྱུར། །དེ་ལྟ་མིན་ན་ནུས་གསལ་བར། །དབང་ཕྱུག་འདི་ནི་ནུས་གསལ་བར། །རིམ་གྱིས་ཀྱང་ནི་འཐར་མ་ཡིན། །གལ་ཏེ་ནུས་གསལ་འདི་ལས ་གཞན། །དངོས་པོ་གཅིག་ཏུ་ཇི་ལྟར་འགྱུར། །ཞེས་སུན་འབྱིན་པ་འདི་ཉིད་ཡིན་ནོ། །དུས་ནི་དཔྱིད་ལ་སོགས་པ་མངོན་པར་གསལ་བ་ལ་རྣམ་གྲངས་ཀྱིས་འཇུག་པ་ལ་ཉེས་པ་འདི་ཉིད་ཡིན་ནོ། །གྲང་བ་དང་དྲོ་བ་ཐ་དད་པ་གཉིས་བསྟེན་པའི་དངོས་པོ ་ཉིད་ཅིག་རེ་རེ་ལ་འཇིག་པ་ནི་དུས་ཞེས་བྱ་བ་འདི་ནི་སྟོན་པར་འགྱུར་རོ། །འོན་ཏེ་འདི་འབྱིན་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པས་གསལ་བྱེད་པའི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ། ལེགས་ལྡན་བྱེད་ནི་རྩེད་མོའི་དོན་དུ་འཇུག ་བ་ནི་མ་ཡིན་གྱི། འོན་ཀྱང་ཇི་ལྟར་ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་རང་གི་འབྲས་བུ་ལ་འཇུག་པ་གང་ཡིན་པ་ནི་རང་བཞིན་ཉིད་དེ་འདྲ་བ་ཡིན་ཏེ། དེ་བཞིན་དུ་དབང་ཕྱུག་ཀྱང་ཡིན་ནོ་ཞེས་སོ། །དེ་ཡང་འདི་མི་རིགས་ཏེ། དེ་ལྟ་ན་དངོས་པོ་ཐམས་ཅད་དེའི་བྱ་བ ་ཙམ་དུ་འབྱུང་བའི་རྒྱུ་ནུས་མ་ཚང་བ་མེད་པ་ཉེ་བའི་ཕྱིར་ཅིག་ཅར་སྐྱེ་བར་འགྱུར་རོ། །བློ་དང་ལྡན་པའི་ཁྱད་པར་ཡང་རིགས་པ་མ་ཡིན་ནོ། །ཞེས་ཁོ་བོ་ཅག་གིས་དང་པོ་ཉིད་དུ་བསྟན་ཟིན་ཏོ། །གལ་ཏེ་དེ་ལྟ་ན་མེ་ལ་སོགས་པའི་འབྲས་བུ་ཡང་ཅིའི་ཕྱིར་ཅིག ་ཅར་འབྱུང་བར་མི་འགྱུར་ཞེ་ན། རང་རྒྱུའི་སྟོབས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཞེས་བྱ་བ་ནི། མེ་ལ་སོགས་པའོ། །གང་གི་སྒྲ་ནི་དབང་ཕྱུག་ཁོ་ནར་མ་ཟད་ཅེས་བྱའོ། །དེས་པ་འདི་ཞེས་བྱ་བ་ནི་རང་གི་རྒྱུའི་སྟོབས་ཀྱི་བྱས་པའོ།། ་འདི་སྙམ་དུ་བལ་གྱི་ལྟེ་བ་ཅན་ཅིའི་ཕྱིར་རང་གི་འབྲས་བུ་བརྒྱ་ལ་སོགས་པ་ལ་ངོ་བོ་ཉིད་ཀྱིས་འཇུག་པས་ཅིག་ཅར་མི་བྱེད་ན། བལ་གྱི་ལྟེ་བའང་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ཐག་པ་རྐྱོང་ཡང་རང་བཞིན་གྱིས་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྲོག་ཆགས ་ཟ་བར་འདོད་པའི་ཕྱིར། རེས་འགའ་ཡིན་པའི་ཕྱིར་དང། ངེས་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདི་ནི་རྟག་པ་དང་གཅིག་བུའི་ངོ་བོ་མ་ཡིན་ཏེ། དེ་ལ་ཡང་རང་གི་རྒྱུའི་སྟོབས་ལས་བྱུང་བའི་ནུས་པ་རེས་འགའ་ཡིན་ནོ། །ཅི་སྟེ་ཡང་བརྩེ་བས ་ཀྱང་མ་ཡིན་ལ། རྩེད་མོས་ཀྱང་མ་ཡིན་ཏེ། འོན་ཀྱང་བློ་དང་མི་ལྡན་པ་གང་དུ་འགྲོ་བས་ཅི་ཞིག་ལྟར་འཇུག་པ་ཡིན་ནོ་སྙམ་ན། གལ་ཏེ་ཅི་ཞིག་ལྟར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི། ཤིན་ཏུ་མ་ཤེས་པ་ཉིད་ཀྱི་ཉ་བ་ལ་སོགས་པ་ཐ་མལ་པའི་སྐྱེས་བུ ་ལས་འདིའི་ཚིག་ཇི་ལྟར་རྟོག་པ་དང་ལྡན་པས་གཟུང་བར་འོས་པར་འགྱུར། བློ་ལྡན་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པའོ། །ཉེ་བ་ནི་ཉ་ཤོར་བའོ། །སྐྱེས་བུ་སུན་འབྱིན་འདི་ཉིད་ཀྱིས་གང་ཡང་དཔའ་བོའི་བུ་ལ་སོགས་པ་གཞན་དག་གིས་འགྲོ་བའི་བྱེད་པ་པོར་བརྟག་པ་དེ་དག་ཀྱང་གསལ་བར་ཤེས་པར་བྱའོ་ཞེས་སྟོན་པ་ནི། ་དཔའ་བུ་བདག་སྐྱེས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དཔའ་བུ་ནི་ཁྱབ་འཇུག་གོ་།བདག་སྐྱེས་ནི་ཚངས་པའོ། །སོགས་པའི་སྒྲས་གཞན་གྱིས་འདོད་པའི་བློ་དང་ལྡན་པའི་དུས་གང་ཡིན་པ་དེ་བཟུང་ངོ། །ཇི་སྐད་དུ། དུས ་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དུ་གུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་སྨྲ་བ་ལྟ་བུའོ། །གཉིད་ལོགས་པ་ལ། ཞེས་བྱ་བ་ནི་འཇིག་པའི་དུས ་འཇིག་རྟེན་ཐམ་པ་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པ་བློ་ངན་པས་ཀུན་བརྟགས་པ་གཞན་དག་ཀྱང་སོགས་སོས་བསྡུའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། སྐྱེས་བུ་བརྟག་པ་སྟེ་དྲུག་པའོ།། །། ་བདག་གིས་བྱ་བ་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར། གཞན་དག་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་ཀྱང་ཞེས་བྱ་བ་ནི་རིགས་པ་ཅན་དང། །བྱེ་བ་གྲ་པ་རྣམས་སོ། །དེ་དག་ནི་ལུས་དང་དབང་པོ་དང་བློ་ལས ་ཐ་དད་པའི་བདག་ཅེས་བྱ་བ་རྫས་འདོད་པ་དང་སྡང་བ་དང་འབད་པ་དང། བདེ་བ་དང། སྡུག་བསྔལ་དང། ཤེས་པ་དང། ཆོས་དང་ཆོས་མ་ཡིན་པ་དང། འདུ་བྱེད་རྣམས་ཀྱིས་རྟེན་འདུ་བའི་རྒྱུ་སེམས་མེད་པའི་ངོ་བོ་མི་འཇིག་པ ་ཐམས་ཅད་དུ་འགྲོ་བ། དགེ་བ་དང་མི་དགེ་བའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པ་པོ་དེའི་འབྲས་བུ་འདོད་པ་དང་མི་འདོད་པའི་ཟ་བ་པོར་ཡོངས་སུ་རྟོག་པར་བྱེད་དོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་བདག་མེད་པར་འགྱུར་ན། དེའི་ཚེ་ཤི་ནས་ལས ་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་དེ་སུ་ཡིན། གཞན་གྱིས་བྱས་པ་གཞན་ལོངས་སྤྱོད་པ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་བྱས་པ་དང་ཕྲད་པའི་སྐྱོན་དུ་འགྱུར་ཏེ། བྱེད་པ་པ་མ་ཡིན་པ་ཉིད་འབྲས་བུ་དང་འབྲེལ་པའི་ཕྱིར་རོ། །བྱས་པ་ཆུང་གསོན་པར ་ཡང་འགྱུར་ཏེ། བྱེད་པ་པོ་འབྲས་བུ་དང་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ལྟར་འདོད་པ་ཡང་མ་ཡིན་ཏེ་།དེ་ལྟ་བས་ན་གདོན་མི་ཟ་བར་གང་ཁོ་ན་བྱེད་པ་པོ་དེ་ཁོ་ན་ཟ་བ་པོར་ཁས་བླངས་པར་བྱ་བ་ཡིན་ནོ། །ཞེས ་ཡོངས་སུ་རྟོག་པར་བྱེད་དོ། །དེས་ན་བྱེད་པ་པོ་དང་ཟ་བ་པོ་གང་ཡིན་པ་དེ་ནི་བདག་ཡིན་ནོ། །ཡང་གལ་ཏེ་འདི་སེམས་ཀྱི་ངོ་བོ་མ་ཡིན་ན་དེའི་ཕྱིར་ཇི་ལྟར་མི་ཤེས་པ་བྱེད་པ་པོར་རིགས་ཤེ་ན། སེམས་འབྲེལ་ཕྱིར་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདི་སེམས་དང་འབྲེལ་བའི་ཕྱིར། ཤེས་པར་བྱེད་པས་ཡིན་པས་སེམས་ཡིན་གྱི། ཇི་ལྟར་སེར་སྐྱ་བ་སྐྱེས་བུའི་རང་གི་ངོ་བོ་སེམས་ཅན་མ?་ཡིན་ནོ་ཞེས་རྗོད་པར་བྱེད་པ་ལྟར་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོ་ནི་མ་ཡིན ་ནོ། །འོ་ན་གལ་ཏེ་རྟག་པ་འདི་ཇི་ལྟར་བྱེད་པ་པོ་དང་ཟ་བ་པོ་མ་ཡིན་པ་འམ། ཇི་ལྟར་དེའི་སྐྱེ་བ་འམ། འཆི་བ་འམ། གསོན་པ་རྣམ་པར་འཇིག་སྟེ། རྟག་པ་དང་གཅིག་པུའི་ངོ་བོ་ལ་ནི་འདི་ཐམས་ཅད་རུང་བ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ ་བཞིན་ནོ་ཞེ་ན། ཤེས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་དང། འབད་པ་དང། བྱེད་པར་འདོད་པ་ལ་སོགས་པ་རྣམས་བདག་དེ་ལ་འདུ་བ་ནི་བྱེད་པ་པོ་ཉིད་དོ། །བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དང་འདུ་བ་ནི་ཟ་བ་པོ་ཉིད་དོ།། ་རིས་མཐུན་པ་ཁྱད་པར་ཅན་དང། ལུས་དང། དབང་པོ་དང། བློ་དང་ཚོར་བ་སྔ་ན་མེད་པ་དག་དང་འབྲེལ་པ་ནི། བདག་དེའི་སྐྱེ་བ་ཡིན་པར་བརྗོད་དོ། །རིས་མཐུན་པ་ནི་ལྷ་དང་མི་ལ་སོགས་པའི་བྱེ་བྲག་གོ་།ཚོར་བ་དག་དང། ཞེས་བྱ་བ་ལ། ་རང་གི་སྒྲས་ལུས་དང་དབང་པོ་དག་སྡུད་པར་བྱེད་དོ། །དེ་ལ་ལུས་དང་དབང་པོ་དང་ཡང་དག་པར་ལྡན་པའི་མཚན་ཉིད་ནི་དེའི་འབྲེལ་པའོ། །བློ་དང་ཚོར་བ་དག་ནི་འདུ་བའི་མཚན་ཉིད་དོ། །ཇི་ལྟར་ལྡན་པ་དང་ལྡན་ཞེ་ན། དེ་ལྟ་ཡང་ལྡན་པ་དང་ལྡན་པ་ཡོད་དོ། ། ་དེའི་མ་མཐོང་བས་མངོན་པར་འདུས་པའི་རྣ་བའི་བུ་ནི་བདག་དང་ལྡན་པ། དེ་དང་ཡང་ནམ་མཁའ་ཨི་བདག་ཉིད་ཀྱི་རྣ་བ་དང་ལྡན་ནོ། །སྔར་ཐོབ་པ་སྟེ། སྔོན་ཉེ་བར་བླངས་པའི་ལུས་དང། དབང་པོ་དང། བློ་དང། ཚོར་བ་རྣམས་དང་བྲལ་བ་ན་འདིའི་འཆི་བར་བརྗོད་དོ། ། ་དེའི་གསོན་པ་ནི་ལུས་དང་བཅས་པ་ཆོས་དང་ཆོས་མ་ཡིན་པ་ལ་བལྟོས་པའི་ཡིད་དང་ལྡན་པ་གང་ཡིན་པའོ། །འཚེ་བ་ནི་ལུས་དང་མིག་ལ་སོགས་པ་ལ་གནོད་པའི་ཕྱིར་བདག་འདི་ལ་འཚེ་བར་རྟོག་སྟེ། བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན ་དུ་ཡང་འབྲས་བུའི་རྟེན་དང་བྱེད་པོ་ལ་གནོད་པ་ནི་འཚེ་བ་ཡིན་ནོ་ཞེས་བྱ་བ་མདོ་ཡིན་ནོ། །འབྲས་བུའི་རྟེན་ནི་ལུས་ཏེ། བདེ་བ་ལ་སོགས་པ་འབྲས་བུའི་རྟེན་ཡིན་པའི་ཕྱིར། བྱེད་པ་པོ་ནི་དབང་པོ་ཡིན་ཏེ། ཡུལ་དམིགས་པའི་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ཡང ་ཇི་ལྟར་བདག་འདི་ཡོད་པ་ཉིད་དུ་ཤེས་པར་བྱ་བ་འདི་ལ། རེ་ཞིག་རྣམ་ཕུག་པ་ཚད་མ་བྱེད་པ་ནི་བདག་ཅག་གི་ཡོད་པ་ལ་སོགས་པར་ཁྱད་པར་མེད་པའི་ཡུལ་དང། ཡུལ་མ་ཡིན་པའི་ཤེས་བྱའི་ཡུལ་ཅན་བདག་གི་མངོན་སུམ་དང་རྗེས་སུ་དཔག་པ་དང། ་ཉེ་བར་འཇལ་བ་དང། སྒྲ་དང། དྲན་པ་དང། ངོ་ཤེས་པ་དང། གྲུབ་པས་མཐོང་བ་དང། གཙུག་ལག་དང། ཐེ་ཚོམ་དང། ཕྱི་ཅི་ལོག་དང། མ་ངེས་པ་དང། རྨི་ལམ་དང། རྨི་ལམ་གྱི་མཛའ་ཨི་ཤེས་རབ་ཀྱི་ཁྱད་པར་རྣམས་ཏེ། བདག་གིས་ལུས་ལ་སོགས ་པ་ལས་ཐ་དད་པའི་རིག་པར་བྱེད་པས་རིག་པར་བྱ་བ་ཡིན་ཏེ། རང་གི་རྒྱུ་ལ་རག་ལས་པ་དང། སྐྱེ་བ་དང་ལྡན་པ་དང། སྤྱི་དང་ཁྱད་པར་དང་ལྡན་པ་དང། རྟོག་པའི་བདག་ཉིད་དང། ཤིན་ཏུ་མྱུར་བ་དང། འཇིག་པ་ཉིད་དང། འདུས་བྱས་སྐྱེད་པར་བྱེད་པ་ཉིད ་དང། ཤེས་པ་ཉིད་ཡིན་པ་དག་གི་ཕྱིར། སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ། །ཆོས་མི་མཐུན་པས་ནི་ཞིག་པའི་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཡོད་པ་ལ་སོགས་པར་ཁྱད་པར་མེད་པ་ནི་སྔར་བཤད་པ་དྲུག་གོ་།ཡོད་པ་ལ ་སོགས་པ་དྲུག་པོ་དེ་དག་གི་ཡུལ་ནི་རྫས་དང། ཡོན་ཏན་དང། ལས་རྣམས་སོ། །ཡུལ་མ་ཡིན་པ་ནི་སྤྱི་དང། ཁྱད་པར་དང། འདུ་བ་རྣམས་སོ། །དེ་གཉི་གའི་བདག་ཉིད་ཀྱི་ཤེས་བྱའི་ཡུལ་ཅན་མངོན་སུམ་ལ་སོགས་པའི་ཤེས་རབ་ཀྱི་ཁྱད ་པར་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མངོན་སུམ་དང། རྗེས་སུ་དཔག་པ་དང། ཉེ་བར་འཇལ་བ་ཞེས་བྱ་བ་ལ་སོགས་པ་ནི་ཟླས་དབྱེ་བར་བསྟན་ཏོ། །གྲུབ་པས་མཐོང་བ་ནི་གང་སྐར་མ་ཤེས་པའི་བསྟན་བཅོས་ལ་སོགས་པ་སྟོན་པ་སྟེ། ་དེ་ནི་གྲུབ་པ་རྣམས་མཐོང་བ་འམ། མཐོང་བ་གྲུབ་པ་ཡིན་པས་གྲུབ་པས་མཐོང་བ་ཞེས་བྱའོ། །གཙུག་ལག་ནི་སྤོབས་པའི་ཤེས་པ་སྟེ། དཔེར་ན་སྔར་བདག་གི་སྤུན་ཟླའི་ངོ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་ཕལ་ཆེར་དྲང་སྲོང་རྣམས་ལས ་འབྱུང་བས་གཙུག་ལག་ཅེས་བྱའོ། །ཐེ་ཚོམ་ནི་ཡིད་གཉིས་སོ། །ཕྱིན་ཅི་ལོག་ནི་བཟློག་པའོ། །མ་ངེས་པ་ནི་ཡུལ་མ་ངེས་པའོ། །དང་པོ་རྨི་ལམ་གྱི་གནས་སྐབས་སུ་བྱུང་བའི་ཤེས་པ་ནི་རྨི་ལམ་མོ། །རྨི་ལམ་གྱི་མཛའ་ཨི་ནི་དེའི་ཡུལ་ལ ་རྨི་ལམ་ན་ཡང་ཤེས་པ་གཞན་འབྱུང་བ་གང་ཡིན་པ་དེ་ཡིན་ཏེ། ཤེས་རབ་ཀྱི་ཁྱད་པར་རོ། །ལྷག་མ་ནི་གོ་སླའོ། །ཚད་མ་དེ་དོན་གྱིས་བསྟན་པའི་ཕྱིར། །བདག་གི་ཞེས་བྱ་བའི་ཤེས་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ལ་སོགས ་པ་སྨོས་ཏེ། ལུས་ལ་སོགས་པ་ཞེས་བྱ་བ་འདི་ལ་སོགས་ཀྱི་སྒྲས་བློ་དང། དབང་པོ་དང། ཚོར་བ་རྣམས་གཟུང་ངོ། །ཤེས་ཕྱིར་ཞེས་བྱ་བ་ནི་མཚོན་པ་སྟེ། རྒྱུ་ལ་རག་པ་དང། སྐྱེ་བ་དང་ལྡན་པ་ལ་སོགས་པ་དེ་ལས་གཞན་པ་དག་ཀྱང་གཟུང་བར་བྱའོ། །བདེ ་བྱེད་བདག་པོ་ཡང་ཚད་མ་རྣམ་པ་གཞན་དུ་བྱེད་དེ། འདོད་པ་ལ་སོགས་པ་ནི་འགའ་ཞིག་ལ་བརྟེན་པ་ཡིན་ཏེ། དངོས་པོ་ཡོད་པའི་འབྲས་བུ་ཡིན་པའི་ཕྱིར། གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྟེ། དེ་སྟོན་པ་ནི། འདོད་པ་ལ་སོགས་ཞེས་བྱ་བ་ལ་སོགས་པའོ། ་དངོས་པོ་སྨོས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དངོས་པོ་ཡོད་པའི་ཞེས་བྱ་བའི་ཁྱད་པར་འབྲས་བུ་དང་བཅས་པར་སྟོན་པར་བྱེད་དོ། །གསལ་བྱེད་པས་ཚད་མ་སྦྱོར་བ་ནི་ལྟོས་བྱིན་གྱི་གཟུགས་དང། རོ་དང། དྲི་དང། རེག་པའི་ཤེས་པ་རྣམས་ནི། གཅིག་དང་དུ་མ་རྒྱུ་མཚན ་ཅན་སྟེ། བདག་གི་ཞེས་བྱ་བའི་ཤེས་པས་མཚམས་སྦྱོར་བར་བྱེད་པའི་ཕྱིར་དང། བརྡ་བྱས་པ་རྣམས་གར་མཁན་གྱི་སྨིན་མ་བསྐྱོད་པ་ལ་ཅིག་ཅར་སྐྱེས་བུ་དུ་མའི་ཤེས་པ་བཞིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། དཔེར་ན་གར་མཁན་སྨིན་མ་བསྐྱོད་མ་ཐག་ཏུ་ཁོ་བོ་ཅག་གིས་གོས ་འཕགས་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་བརྡར་བྱས་པ་མང་པོ་རྣམས་ཀྱི་བྱེད་པ་པོ་དུ་མ་ཤེས་པ་དུ་མར་གྱུར་པའི་རྒྱུ་མཚན་ནི་སྨིན་མ་བསྐྱོད་པ་གཅིག་ཡིན་པའི་ཕྱིར་བདག་གི་མཐོང་ངོ། །བདག་གིས་མཐོང་ངོ་ཞེས་མཚམས་སྦྱོར་བར་བྱེད་དོ། །དེ་བཞིན་དུ་འདི་ལ་ཡང་སྣ ་ཚོགས་པའི་ཡུལ་ཅན་གྱི་ཤེས་པའི་རྒྱུ་མཚན་གཅིག་ཉིད་ཀྱི་ཕྱིར་མཚམས་སྦྱོར་བ་ཡིན་ཏེ། རྒྱུ་མཚན་གཅིག་ཉིད་ཀྱི་ཕྱིར་མཚམས་སྦྱོར་བ་ཡིན་ཏེ། རྒྱུ་མཚན་གཅིག་པོ་གང་ཡིན་པ་དེ་ནི་བདག་ཅེས་བྱའོ། །དང་པོར་མཚམས་སྦྱོར་བ་ངེས་མཐོང་ངོ། །ངས་ཐོས་སོ ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཤེས་པ་རྣམས་ཤེས་པ་པོ་གཅིག་གི་རྒྱུ་མཚན་གྱིས་བྱས་པ་ཡིན་ལ། གར་མཁན་གྱི་སྨིན་མ་བསྐྱོད་པ་ནི་ཤེས་པ་རྣམས་ཡུལ་གཅིག་པ་ཉིད་དུ་བསྟན་པ་ནི་མཚམ་སྦྱོར་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་དོན་གཅིག ་རྒྱུ་མཚན་དུ་བྱས་པ་གང་ཡིན་པ་ཤེས་པ་རྣམས་ཀྱི་འབྲེལ་པ་ནི་མཚམ་སྦྱོར་བ་ཞེས་བརྗོད་དོ། །ཚད་མ་དེ་འདི་ཉིད་ཀྱིས་བསྟན་པའི་ཕྱིར། གཟུགས་སོགས་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་སླའོ། །འདི་ནི་དེའི་སྦྱོར་བ་གཞན་ཡིན་ཏེ། བདག ་གོ་ཅེས་བྱ་བའི་ཚིག་ནི་ལུས་དང། དབང་པོ་དང། ཡིད་དང། བློ་དང། ཚོར་བའི་ཚོགས་ལས་མ་གཏོགས་པ་རྗོད་པ་བྱེད་པ་ཡིན་ཏེ། རྣམ་གྲངས་ངེས་པ་ལས་ཐ་དད་པ་ཉིད་ཡིན་པ་ན་གཅིག་གི་ཚིག་ཡིན་པའི་ཕྱིན་བུམ་པ་ལ་སོགས་པའི་སྒྲ་བཞིན་ནོ། །དེ་འཆད་པ་ནི ་འདི་ལྟར་བདག་ཅེས་བྱ་བའི་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ། རྣམ་གྲངས་ངེས་ལས་ཐ་དད་ན། །ཞེས་བྱ་བ་ནི་བློ་དང་དབང་པོ་ལ་སོགས་པ་རྣམ་གྲངས་གྲུབ་པའི་བློ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལས་ཐ་དད་པ་ཡིན་པར། ཞེས ་བྱ་བའི་དོན་ཏོ། །ཇི་སྐད་བསྟན་པའི་ཆོས་ཀྱིས་ནི། ཞེས་བྱ་བ་ནི་བློ་ལ་སོགས་པ་ལས་ཐ་དད་པའི་དོན་བརྗོད་པ་ཉིད་ཀྱིས་སོ། །གང་ཡང་དེ་ལྟར་ཡོངས་དེས་པ་ཞེས་བྱ་བ་ནི། རྣམ་གྲངས་ངེས་པ་ལས་ཐ་དད་པའི་གཅིག་གི་ཚིག་གི་ཉིད་ཀྱིས་སོ། །ཡང་དེ་ཉིད་ལྡོག ་པའི་སྒོ་ནས་བདག་གྲུབ་པར་བྱ་བའི་ཕྱིར་གཏན་ཚིག་སྦྱོར་བར་བྱེད་པ་ནི། གསོན་པའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་བའི་ཕྱིར། བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །དེ་སྟོན་པར་བྱེད་པ་ནི། གསོན ་པོ་ཡི་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་བདག་མེད་ཅེས་བྱ་བ་ནི་གསོན་པའི་ལུས་འདི་ལ་འམ། ཡང་ན་བདག་འདི་ལ་བདག་མེད་པ་དང་རང་བཞིན་མེད་པ་མེད་ཀྱི། འོན་ཀྱང་ཡོད་པར་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་རྟག་པ་ཉིད་དང་ཁྱབ་བདག་ཉིད་དུ་ཇི ་ལྟར་རྟོག་པར་བྱ་ཞེས་བྱ་བ་འདི་ལ། རེ་ཞིག་རྣམ་ཕུག་པ་ཚད་མ་སྟོན་པ་ནི། དེ་མ་ཡིན་བའི་དུས་སུ་ངའི་རབ་ཏུ་ཤེས་པ་ནི། མའི་ལྟོ་ནས་བྱུང་མ་ཐག་པའི་དུས་ཀྱི་བདག་གི་དང་པོའི་རིག་པར་བྱེད་པའི་རབ་ཏུ་ཤེས་པ་དག་གིས་རིག་པར་བྱ་བ་ཡིན་ཏེ། དེའི ་རབ་ཏུ་ཤེས་པ་ཡིན་པའི་ཕྱིར། བདག་གི་དང་པོའི་རབ་ཏུ་ཤེས་པ་བཞིན་ནོ། །རེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་ཡང་ཕྱོགས་སུ་བྱའོ། །འདི་ཡང་རྟག་པ་ཉིད་དུ་རྗེས་སུ་དཔག་པའོ། །ད་འདི་ཉིད་སྟོན་པར་བྱེད་པ་ནི། ཤེས་པ་ཕྱི་མ་ཐམས་ཅད་ནི། ཞེས་བྱ་བ ་ལ་སོགས་པའོ། །དེ་དང་པོ་བཞིན་ཞེས་བྱ་བ་ནི་དུས་ཕྱིས་བྱུང་བའི་ཤེས་པ་དེའི་དང་པོ་ནི་དེའི་དང་པོའོ། །དེ་ཉིད་ཀྱི་ཁྱབ་པ་ཉིད་བསྒྲུབ་པའི་ཕྱིར་ཚད་མ་སྟོན་པ་ནི། ས་དང། ཆུ་དང། མེ་དང། ཡིད་ལོག་པར་རྟོག་པའི་ཡུལ་དུ་གྱུར་པའི་ཆོས་རིང་དུ་གནས་པ་རྣམས ་ནི། ངའི་བདག་དང་ལྷན་ཅིག་འབྲེལ་པ་ཡིན་ཏེ། ལུས་ཅན་ཉིད་དང། ཤུགས་དང་ལྡན་པ་དང། གཞན་ཉིད་དང། གཞན་མ་ཡིན་པ་ཉིད་དང། ཕན་ཚུན་ཡང་དག་པར་སྦྱོར་བ་དང། རྣམ་པར་དབྱེ་བ་དང་ལྡན་པ་དག་གི་ཕྱིར། ངའི་ལུས་པོ་བཞིན་ནོ་ཞེས་བྱའོ། །དེ ་སྟོན་པ་ནི་ཡུལ་ཐག་རིང་པོར་འཇུབ་པའི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པའོ། །དེའི་ཕྱིར་རེ་ཞིག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །སྒྲུབ་བྱེད་དང་བོ་ཞེས་བྱ་བ་ནི། ངའི་ཞེས་བྱ་བའི་ཤེས་པ་དང་ཞེས་བྱ ་བ་ལ་སོགས་པ་དེ་ལ་གྲུབ་པ་ལ་སྒྲུབ་པ་ཉིད་དེ། ཁྱེད་ཅག་གི་ཤེས་པ་རྣམས་ཁོ་བོ་ཅག་གི་ཁྱེད་ཀྱི་ལུས་ལ་སོགས་པ་ལས་ཐ་དད་པ་ཐམས་ཅད་མཁྱེན་པ་དང། ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་དང། དེ་ལས་གཞན་ཕ་རོལ་གྱི་སེམས ་ཤེས་པ་རྣམས་ཀྱིས་ཉམས་སུ་མྱོང་བ་ཁས་བླངས་པའི་ཕྱིར་རོ། །གང་ཡང་སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ་ཞེས་བྱ་བའི་ཆོས་མཐུན་པའི་དཔེ་དེ་བསྒྲུབ་པར་བྱ་བ་དང་བྲལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསལ་བར་བྱེད་པ་བལྟོས་མེད་པར། ། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྐྱེས་བུ་གཞན་དང་འབྲེལ་པའི་ཤེས་པ་ཡང་གསལ་བར་བྱེད་པ་གཞན་ལ་མི་བལྟོས་པར་རང་རིག་པའི་ངོ་བོ་ཉིད་དུ་སྐྱེ་སྟེ། དེས་ནི་ལུས་ལ་སོགས་པ་ལས་ཐ་དད་པའི་རིག་པར་བྱེད་པས་རིག་པར་བྱ ་བ་ཉིད་ཀྱི་བསྒྲུབ་བྱས་དཔེ་འདི་སྟོང་པ་ཡིན་ན། །ཅི་སྟེ་ཡང་གཞན་དག་གི་སེམས་ཙམ་དཔེར་བརྗོད་པར་མི་འདོད་མོད་ཀྱི། འོན་ཀྱང་ཡུལ་ལ་སོགས་པའི་ཤེས་པ་གང་ལས་ཡོངས་སུ་འཛིན་པའི་ཤེས་པ་དེའི་རྣམ་པ་སྐྱེ་བ་དེ་འདིར་དཔེར་བརྗོད་པར་འདོད ་དོ་སྙམ་ན། དེའི་རྣམ་པར་ཉེ་བར་བསྒྱུར་བས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡང་གང་རང་རིག་པའི་ངོ་བོ་ཉིད་ཀྱིས་ཤེས་པར་རིག་པར་བྱེད་པའི་ཤེས་པ་གཞན་དང་བྲལ་བ་སྐྱེ་ལ། དེས་ན་ཐེ་ཚོམ་དུ་འགྱུར་ཏེ། གཏན་ཚིགས་མ་ངེས་པ་ཡིན་ནོ ་ཞེས་བྱ་བའི་ཐ་ཚིག་གོ། ཅི་སྟེ་དེ་ཡང་རང་ལས་ཐ་དད་པའི་རིག་པར་བྱེད་པས་རེག་པར་བྱ་བ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་དང་ལྡན་པ་ཉིད་དང། གཞལ་བྱ་ཉིད་དང། དྲན་པར་བྱ་བ་ཡིན་པའི་ཕྱིར། ཡུལ་བཞིན་ནོ་ཞེས་བྱ ་བར་འདོད་ན་དེའི་ཕྱིར་འདི་ལ་ཡང་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་བྱེད་པ་མེད་པའི་ཕྱིར་བཟློག་མ་ངེས་སོ། །ཤེས་པ་ཕྱི་མ་ཕྱི་མས་ཉམས་སུ་མྱོང་ན་ཡང་ཐུག་པ་མེད་དོ། །གསལ་བ་མི་གསལ་བ་ཅན་ནི་ཡུལ་དུ་མི་འགྲུབ་སྟེ། ་དེའི་ཕྱིར་ཡུལ་གཅིག་བསྒྲུབ་པའི་ཕྱིར། །ཤེས་པའི་རྒྱུད་ལ་ཁས་བླངས་ན་སྐྱེས་བུའི་ཚེ་མཛའ་དག་དགོས་སོ། །ཅི་སྟེ་ཡང་ཐུག་པ་མེད་པས་འཇིགས་པས་ཤེས་པ་ཅུང་ཟད་རང་རིག་པའི་ངོ་བོར་སྐྱེ་བོ་ཞེས་བྱ་བ་འདོད་ན། དེའི་ཚེ་དེ་དག་ཉིད་ཀྱི་སྐྱེ་བ ་དང་འཇིག་པའི་ཆོས་དང་ལྡན་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རྣམས་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་ཤེས་པ་གཞན་དག་ལ་ཡང་རང་རིག་པ་ཉིད་ཁས་ལེན་པ་ལ་སྡད་དུ་ཅི་ཡོད། ཅི་སྟེ་ཡང་དེ་ནི་རིག་པ་མ་ཡིན་པའི་ངོ་བོ ་ཉིད་དུ་འདོད་ན། དེ་ལྟ་ན་ཡང་མ་གྲུབ་པ་ན་ཤེས་པ་སྔ་མ་སྔ་མ་ཐམས་ཅད་ལ་བསྒྲུབ་སྟེ། གསལ་བ་མི་གསལ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཡུལ་ཡང་འགྲུབ་པར་མི་འགྱུར་རོ། །རྣམ་པར་ཤེས་པར་སྨྲ་བ་གང་དག་ཤེས ་པ་ཐམས་ཅད་ནི་བཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རང་ཉིད་གསལ་བ་ཡིན་གྱི། ཤེས་པ་གཞན་གྱིས་རྟགས་བར་བྱ་བ་ནི་མ་ཡིན་ནོ་ཞེས་འདོད་པ་དེ་ལ་བསྒྲུབ་པར་བྱ་བ་མ་ཚང་བའི་ཉེས་པ་གཡོ་བ་མེད་པ་ཉིད་དོ། །དེ་བཞིན་དུ་རྒྱུ་ལ་རག་ལས ་པ་དང། སྐྱེ་བ་དང་ལྡན་པ་ལ་སོགས་པའི་སྒྲུབ་པར་བྱེད་པ་གཞན་དག་ལ་ཡང་གྲུབ་པ་ལ་སོགས་པའི་སྐྱོན་བརྗོད་བར་བྱའོ། །གང་ཡང་ཡོད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཆོས་ཅན་ཁྱད་པར་དུ་བྱས་པ་དེ་ཡང་སྔ་མ་བཞིན་དུ་དོན་མེད ་པ་ཡིན་ནོ། །འདི་ཡང་སྐབས་སུ་བབ་པའི་བསྒྲུབ་བྱ་སྒྲུབ་པ་ལ་ཡན་ལག་མ་ཡིན་ཏེ། འདི་ལྟར་ངའི་མངོན་སུམ་ལ་སོགས་པའི་ཤེས་པ་ནི་ངའི་ལུས་ལ་སོགས་པ་ལས་ཐ་དད་པའི་རིག་པར་བྱེད་པས་རིག་པར་བྱ་བ་ཡིན་ཏེ། ཞེས་བྱ་བ་འདི་ཙམ་ཞིག་གིས ་ཅི་ཞིག་མ་གཏགས། མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པ་རྣམ་པར་དབྱེ་བས་ཆོས་ཅན་རབ་ཏུ་དབྱེ་བ་ཡང་དོན་མེད་པ་ཉིད་ཡིན་ཏེ། ངའི་ཤེས་པ་ཞེས་བྱ་བ་དེ་ཙམ་ཞིག་ཁོ་ནས་གཏོགས་པའི་ཕྱིར་རོ། །ཇི་སྐད་བཤད་པའི་ཁྱད་པར་གྱིས ་ཁྱད་པར་དུ་བྱས་པའི་ཆོས་ཅན་ཕྱིར་རྒོལ་བ་དག་ལ་མ་གྲུབ་པ་ཉིད་ཡིན་པའི་ཕྱིར་གཏན་ཚིགས་རྣམས་གཞི་མ་གྲུབ་པ་ཁོ་ནའོ། །ཅི་སྟེ་ཡང་འབྲས་བུ་མེད་པའི་ཁྱད་པར་བླངས་ནས། དེ་བསྒྲུབ་པའི་དོན་དུ་སྒྲུབ་བྱེད་གཞན་ཉིད་རྗོད་པ་དེ་ལྟ་ཡིན་ན། ་སྐབས་ཀྱི་དོན་ལས་སྐབས་མ་ཡིན་པ་མ་འབྲེལ་པའི་དོན་ཅན་དོན་གཞན་ནི་ཚར་བཅད་པའི་གནས་སུ་འགྱུར་རོ། །གང་ཡང་འདོད་པ་ལ་སོགས་པ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། འདི་ལྟར་འདོད་པ་ལ་སོགས་པའི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་དེ་ལ་འདོད་པ་ལ་སོགས་པའི་རྟེན་རྒྱུ་ཙམ་ཞིག་སྒྲུབ་ན། དེའི་ཚེ་གྲུབ་པ་ལ་སྒྲུབ་ཏེ། ཁོ་བོ་ཅག་འདོད་པ་ལ་སོགས་པ་རྒྱུ་མེད་པར་ནི་མི་འདོད་དེ། གཞི་ཡི་སེམས་དང་སེམས་བྱུང་རྣམས། །ཞེས་བཤད་པའི་ཕྱིར་རོ། །ཡོངས་སུ་རྟོག་ན་ནི་ཞེས་བྱ ་བ་ནི་སྨ་བར་བྱེད་ན་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཞིའི་མཚན་ཉིད་ཀྱི་རྟེན་སྒྲུབ་ན། དེའི་དམ་བཅས་པའི་དོན་རྗེས་སུ་དཔག་པས་གནོད་པའི་ཕྱིར་དེས་གཏན་ཚིགས་ལ་ཁྱབ་པ་མ་གྲུབ་པ་ཞེས་སྟོན་པ་ན། གལ་ཏེ་དེ་རྟེན་ནི། ཞེས་བྱ་བ་ལ་སོགས་པའོ།། ་འདོད་པ་ལ་སོགས་པ་དེ་དག་གི་གཞི་ནི་དེའི་རྟེན་ཡིན་ནོ། །དངོས་པོ་ལུས་ཅན་ཐུར་དུ་ལྟུང་བའི་ཆོས་ཅན་ཡིན་ན། ལྟུང་བའི་གེགས་བྱས་པས་རྟེན་དུ་བརྟག་ན། གང་དག་བདེ་བ་ལ་སོགས་པ་ལྟུང་བས་སྟོང་པ་དེ་དག་ལ་འོག་ཏུ་ལྟུང་བ་མི་སྲིད་པའི་ཕྱིར། ཅི་ཞིག་བྱེད ་བ་ན། བདག་ལ་སོགས་པ་རྟེན་དུ་འགྱུར། འོན་ཏེ་དཔེར་ན་བུམ་པ་ལ་སོགས་ཅུང་ཟད་མི་བྱེད་པ་རྣམས་ཀྱང་རྒྱ་ཤུག་ལ་སོགས་པའི་རྟེན་མ་ཡིན་ནམ། དེ་བཞིན་དུ་བདག་ཀྱང་བདེ་བ་ལ་སོགས་པའི་རྟེན་དུ་འགྱུར་རོ་ཞེ་ན། རྒྱ ་ཤུག་འབྲས་བུ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟུང?་བའི་གེགས་དག་བྱེད་ཕྱིར་རམ། ཞེས་བྱ་བ་ནི་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལའོ། །ཁྱད་པར་སྐྱེད་པར་བྱེད་ཕྱིར་རོ། །ཞེས་བྱ་བ་ནི་སྐད་ཅིག་མའི་ཕྱོགས་ལའོ། །ཁྱད ་པར་སྐྱེད་པར་བྱེད་པ་ནི་ཉེ་བར་ལེན་པའི་རྒྱུ་དང་ཡུལ་མཚུངས་པར་སྐྱེད་པར་བྱེད་པའོ། །འདོད་པ་ལ་སོགས་པ་དེ་དག་ལ་རྣམ་པ་འདི་གཉི་ག་ཡང་མི་སྲིད་པའི་ཕྱིར། དེ་དག་ལ་རྟེན་འགའ་ཡང་རིགས་པ་མ་ཡིན་ནོ། །གང་ཡང་དངོས་པོ ་ཡོད་པའི་ཞེས་བྱ་བའི་ཁྱད་པར་དེ་ནི་དོན་མེད་པ་ཉིད་ཡིན་ཏེ། རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་རོ། །ཞེས་བསྟན་པའི་ཕྱིར་འཇིག་པའི་ངོ་བོ་མེད་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་པའི་འབྲས་བུ་ཡིན་པར་གྱུར་ན ་དེའི་ཚེ་རྣམ་པར་བཅད་པར་བྱ་བའི་ཕྱིར། དངོས་པོ་ཡོད་པའི་ཞེས་བྱ་བའི་ཁྱད་པར་དོན་དང་བཅས་པར་འགྱུར་ན། ཇི་ཙམ་དུ་དེ་དངོས་པོ་མེད་པའི་ཕྱིར་རྒྱུ་དག་གིས་ཅུང་ཟད་ཀྱང་མ་ཡིན་པའི་ཕྱིར་ཇི་ལྟར་རྒྱུ་དང་ལྡན་པར་འགྱུར། སྦྱོར་བ་ནི་གང་དངོས ་པོ་མེད་པ་དེ་ནི་འགའ་ཨི་ཡང་འབྲས་བུ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །འཇིག་པ་ཡང་དངོས་པོ་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །འབྲས་བུ་ཡིན་ན་དངོས་པོ་ཉིད་དུ་ཐལ་བར་འགྱུར་ཏེ། བདེ་བ་ལ་སོགས་པ་བཞིན་ནོ། །ཞེས ་བྱ་བ་འདི་ནི་འདིར་གནོད་པ་ཅན་གྱི་ཚད་མའོ། །གཞན་ཡང་ཁྱེད་ཅག་ཁས་བླངས་པ་དང་འབྲེལ་བ་ཡང་ཡིན་ཏེ། འདི་ལྟར་འབྲས་བུ་ཞེས་བྱ་བ་ནི་རང་གི་རྒྱུ་དང་འདུ་བས་སམ། ཡོད་པ་དང་འདུ་བས་བདག་ཐོབ་པ་ཞེས་བརྗོད་པ་ནི་ཁྱེད་ཅིག་ངེས་པ་ཡིན་ནོ། །རྫས་ལ ་སོགས་པའི་རང་བཞིན་དང་བྲལ་བའི་འཇིག་པ་ལ་ནི་རང་གི་རྒྱུ་ལ་འདུ་བ་འམ། དེ་ལ་ཡོད་པོ་དང་མེད་པ་ཡང་མ་ཡིན་ཏེ། དེ་ནི་ངོ་བོ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་རྫས་ལ་སོགས་པ་བཞིན་དུ་སྟོན་པ་དང་དངོས་པོར་ཡང་འགྱུར་བའི་ཕྱིར་གཏན་ཚིགས་ཀྱི་ཁྱད ་པར་གྱིས་རྣམ་པར་དཔྱད་པར་བྱ་བ་ཅུང་ཟད་དུ་ཡང་མི་འགྱུར་རོ། །དེའི་ཕྱིར་དངོས་པོ་ཡོད་པ་ཞེས་བྱ་བའི་ཁྱད་པར་དོན་མེད་དོ། །གཟུགས་སོགས་ཤེས་པ། །ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་མཐོང་ངོ། །ངས་ཐོས ་སོ་ཞེས་བྱ་བ་དེ་ལྟ་བུའི་ཤེས་པ་པོ་གཅིག་གི་རྒྱུ་མཚན་གྱིས་ཤེས་པ་རྣམས་སྦྱོར་བའི་མཚན་ཉིད་ཀྱི་མཚམ་སྦྱོར་བ་གང་ཡིན་པ་དེ་འདི་མ་ངེས་པ་ཡིན་ཏེ། འདི་ལྟར་དངོས་པོ་སྐད་ཅིག་མ་རྣམས་ལ་ཡང་འཁྲུལ་པས་བྱེད་པ་པོ་གཅིག་ཏུ་མངོན་པར་རློམ ་པས་མཚམ་སྦྱོར་བ་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ལྟ་བུར་གྱུར་པའི་མཚམ་སྦྱོར་བ་ལས་དངོས་པོ་རྣམ་པར་འཇོག་པར་རིགས་པ་མ་ཡིན་ནོ། །ཡང་ཇི་ལྟར་སྐད་ཅིག་མ་མེད་པོ་མཚམ་སྦྱོར་བའི་རྒྱུ་མཚན་དུ་འགྲོ་བ་ཡིན་ཞེ་ན། ནུས་པའི་དབྱེ་བས་ཐ ་དད་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པའི་ཁྱད་པར་ལས་དོན་མ་ཡིན་ཡང་གཅིག་རྣམ་པར་མཚམས་སྦྱོར་བ་ལ་སོགས་པ་འབྲས་བུ་གཅིག་ནི་རྒྱུ་མཚན་གྱི་རྒྱུར་གྱུར་ཏེ། དཔེར་ན་སླུ?་ཏྲེས་ལ་སོགས་པས་རིམས་ལ་སོགས་བཞི ་པར་བྱེད་དོ་ཞེས་བྱ་བ་འོག་ནས་རྒྱས་པར་སྟོན་པར་འགྱུར་རོ། །ཅི་སྟེ་ཡང་འདིའི་འཁྲུལ་པ་ཉིད་ཇི་ལྟར་ངེས་ཤེ་ན། གཟུགས་དང་སྒྲ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བདག་ལ་སོགས?་པ་རྟག་པ་གཅིག་པུ་སྔ་མ་དང་ཕྱིས་མའི? ་རྗེས་སུ་འགྲོ་བའི་འབྲས་བུ་སྔོན་པོ་ལ་སོགས་པའི་ཤེས་པ་དེ་དག་ཡིན་པར་གྱུར་ན། དེའི་ཚེ་དེ་དག་གིས་རིམ་གྱིས་འབྱུང་བ་དང་འགལ་ཏེ། རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་ཅིག་ཅར་ཁོ་ནར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །རྟག་པ་ནི་གཞན་ལ ་ལྟོས་པ་ཡང་མ་ཡིན་ཏེ། དེ་ནི་འགའ་ཞིག་གིས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྤྱི་གཅིག་རྒྱུ་སྔོན་དུ་འགྲོ་བ་ཙམ་སྒྲུབ་ནས་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། རྣམ་ཤེས ་གཅིག་གི་མཇུག་ཐོགས་སུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་གཅིག་གི་མཇུག་ཐོགས་སུ་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་པ་སྐྱེ་བ་གསལ་པོར་ཤེས་ཏེ། འདི་ལྟར་གང ་ཁོ་ནའི་ཚོ་གར་མཁན་གྱི་གཟུགས་མཐོང་བ་དེ་ཁོ་ནའི་ཚ་རྔ་ཟླུམ་ལ་སོགས་པའི་སྒྲ་ཐོས་ཤིང། ཨུཏཔལ་སོགས་པའི་དྲི་སྣོམ་པ་དང། ག་བུར་ལ་སོགས་པའི་རོ་མྱོང་བ་དང། བསིལ་ཡབ་ཀྱི་རླུང་ལ་སོགས་པའི་རེག་བྱ་ཉམས་སུ་མྱོང་བར་འགྱུར་ཞིང། ཡིད་ཀྱི ་གོས་སྦྱིན་པར་བྱའོ་སྙམ་དུ་སེམས་པར་བྱེད་དོ། །མགལ་མེའི་འཁོར་ལོ་མཐོང་བ་བཞིན་དུ་དེ་མཐོང་བ་མྱུར་བར་རྒྱུ་བའི་ཕྱིར་རོ་ཞེས་བརྗོད་པར་ཡང་མི་རིགས་ཏེ། མི་གསལ་བར་སྣང་བར་ཐལ་བའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་གིས་མཐོང་བ་ལ་སོགས་པ་རྣམས ་མཚན་སྦྱོར་བ་ལ་ཅིག་ཅར་གཟུང་བར་མངོན་པར་རློམ་པ་འདི་བརྗོད་པ་ཡིན་ཏེ། མཚམ་སྦྱོར་བ་ཡང་དྲན་པས་བྱས་པ་ཡིན་ལ། དེ་ཡང་འདས་པའི་ཡུལ་ཅན་ཡིན་པའི་ཕྱིར་མི་གསལ་བ་ཡིན་ནོ། །ཅིག་ཅར་གཟུགས་ལ་སོགས་པ་སྣང་བ་འདི་ནི་གསལ་བར་ཁོ་ནར ་རིག་གོ་།གཞན་ཡང་སར་ལ་སོགས་པ་ཡི་གེ་འཛིན་པའི་ཤེས་པ་རྣམས་སྐྱེ་བ་ཡོད་པའི་ཕྱིར་སར་རལ་སོགས་པ་དེ་ལ་ཡང་ཆོས་ཅིག་ཅར་འཛིན་པར་རློམ་པར་འགྱུར་རོ། །དེ་ལྟ་ཡིན་དང་འགའ་ཞིག་གཟུགས་ཡང་རིམ་པར་ངེས་པ་མ་ཡིན་ཏེ། འདི་ཡང་འོག ་ནས་རྒྱས་པར་མཚངས?་པར་འགྱུར་རོ། །འདི་ནི་གསལ་བ་ཞེས་སྨོས་པས་ལན་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །ཅི་སྟེ་རྟག་པ་དང། གཅིག་བུའི་དངོས་པོའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །འདི་དག་ནི་གཅིག་གི་རྒྱུ་མཚན་ཉིད་དུ་སྒྲུབ་པར་བྱེད་ན། དེའི་ཚེ ་ཁྱབ་པ་རྗེས་སུ་དཔག་པས་གནོད་པ་ཉིད་དུ་སྟོན་པ་ནི། རིམ་བཞིན་པ་ནི། ཞེས་བྱ་བ་ལ་སོགས་པ་སྟེ། དེ་མ་ཐག་ཏུ་ཞེས་བྱ་བ་ནི་གཅིག་རྗེས་ཤུགས་ལས་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་གནོད་པར་བྱེད་པའི་རྗེས་སུ་དཔག་པ་ནི་འདི་ཡིན་ཏེ། གང་དག ་རྒྱུ་ནུས་པ་ཐོགས་པ་མེད་པ་ཉེ་བ་དེ་དག་ནི། ཅིག་ཅར་འབྱུང་བ་ཡིན་ནོ། །དཔེར་ན་ཚོགས་པ་ཚང་བ་ཅིག་ཅར་འབྱུང་བའི་མྱུ་གུ་ལ་སོགས་པ་ལྟ་བུའོ། །ལྷས་བྱིན་གྱི་གཟུགས་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ཡང་རྒྱུ་ནུས་པ་ཐོགས་པ་མེད་པར་ཉེ ་བར་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་འགྱུར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་བཟློག་པ་ཡིན་ནོ། །དཔེ་ཡང་བསྒྲུབ་བྱ་དང་མི་ལྡན་པ་ཡིན་ནོ། །ཞེས་སྟོན་པ་ནི། གར་མཁན་སྨིན་མ་ཞེས་བྱ་བ་ལ་སོགས་པའོ། །གར་མཁན་གྱི ་སྨིན་མ་བསྐྱོད་པ་ལ་སོགས་པ་ནི་གཅིག་མ་ཡིན་ཏེ། དེ་ནི་རྡུལ་ཕྲ་རབ་ཏུ་མ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་སྒྲ་གཅིག་གི་ཡུལ་དུ་འགྱུར་ཞེ་ན། དེ་ལ་ཅིག་ཏུ་བཏག་པའི་ཕྱིར། ཞེས་བྱ་བ་སྨོས་སོ། །འོན་ཏེ་བཏགས ་པའི་རྒྱུ་མཚན་ཡང་གང་ཡིན་ཞེ་ན། འབྲས་བུ་གཅིག་ལ་ཉེར་སྦྱོར་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྨིན་མ་བསྐྱེད་པ་འདི་མིག་གིས་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་གཅིག་ལ་ཉེ་བར་སྦྱོར་ཏེ། དེ་ལྟ་བས་ན་ཐ ་དད་ཀྱང་སྒྲ་གཅིག་ཡུལ་དུ་འགྱུར་རོ། །ཅི་སྟེ་ཡང་ཁོ་བོ་ཅག་གིས་རྣམ་པ་དེ་ལྟ་བུའི་བརྟག་པ་གཅིག་བསྒྲུབ་པར་བྱ་བར་འདོད་དེ། དེས་ན་དཔེ་བསྒྲུབ་བྱ་དང་བྲལ་བར་མི་འགྱུར་རོ་ཞེ་ན། གལ་ཏེ་བསྒྲུབ་བྱ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ ་ལྟ་ན་ནི་གྲུབ་པ་ལ་སྒྲུབ་སྟེ། ཤེས་པ་གཅིག་གི་རྒྱུ་མཚན་གྱི་འདུ་བྱེད་སྔ་མ་དང་ཕྱི་མར་གྱུར་པ་རྣམས་གཅིག་ཏུ་ཡོད་པར་གདགས་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་ཡང་ཇི་ལྟར་བདག་ཅེས་བྱ་བའི་ཚིག་ཅེས་བྱ་བ་ལ་སོགས་པ་དེ་ལ། ངེད་ཀྱི་བློ ་དང་སེམས་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གཅིག་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ལེན་ཏེ། འདི་ལྟར་བླ་དང། དབང་པོ་དང། ཚོར་བ་དང། ལུས་ཀྱི་རྣམ་གྲངས་ནི་བློ་ནི་སེམས་དང་ཤེས་པའོ།། ་དབང་པོ་ནི་ཨཀྵི་དང། ཆར་བ་ནི་རིག་པའོ། །ལུས་ནི་སྐུ་དང་ལུས་སོ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚིག་གཅིག་ཡིན་ན་ཡང་ཁོ་བོ་ཅག་གི་ལུགས་ལ་དེ་ལས་ཐ་དད་པའི་དང་པོའི་དངོས་པོ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དེས་ན་གཏན ་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་མ་གྲུབ་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །འོན་ཏེ་འདི་ཉིད་དོགས་པར་བྱས་ནས། རྣམ་གྲངས་ངེས་པར་གྲུབ་པ་ལས་ཐ་དད་པ་ཞེས་བྱ་བའི་གཏན་ཚིགས་དེའི་ཁྱད་པར་བརྗོད་པ་མ་ཡིན་ནམ། དེ་ཇི་ལྟར ་མ་ངེས་པར་འགྱུར་ཞེ་ན། དེ་ལྟ་བས་ན་འདི་ལ་བརྗོད་པ། གཏན་ཚིགས་ཁྱད་པར་འདི་ནི་མ་གྲུབ་བོ། ཅིའི་ཕྱིར་ཞེ་ན། སེམས་ཀྱི་རྣམ་གྲངས་སུ་གནས་པའི་ཕྱིར་རོ། །བདག་ཅེས་བྱ་བའི་ཚིག་འདི་སེམས་ཀྱི་རྣམ་གྲངས་ཉིད་དུ་རྣམ་པར་གཞག ་པའི་ཕྱིར་རོ། །ཇི་སྐད་དུ། སེམས་ཉིད་ང་རྒྱལ་གྱི་རྟེན་ཡིན་པའི་ཕྱིར། བདག་ཅེས་བཏགས་པ་ཡིན་ནོ་ཞེས་བཤད་དོ། །ཉེ་བར་བཏགས་ཏེ། ཐ་སྙད་དུ་བྱས་ཞེས་བྱ་བའི་དོན་ཏོ། །དེས་ན་གང་ཡང་གསལ་བྱེད་པས་དངོས་ཀྱི་དོན་མི་སྲིད་པའི་ཕྱིར ་ཉེ་བར་བཏགས་པར་མི་རིགས། །ཞེས་བཤད་པ་དེ་ནི་བསམ་པ་ཡོངས་སུ་མ་ཤེས་པའི་ཕྱིར་རོ་ཞེས་གཟུང་བར་བྱའོ། །འདི་ཉིད་བརྗོད་ཅེས་བྱ་བ་འདིས་གསལ་བར་བྱེད་དོ། །དེ་ལྟ་བས་ན་གཏན་ཚིགས་ཀྱི་ཁྱད་པར་མ་གྲུབ་པོ། །ཀུན་རྫོབ་དང་ཡུལ་དང ་བཅས་པ་ཉིད་དུ་ཁས་བླངས་ནས་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་བསྟན་ཏོ། །གལ་ཏེ་དོན་དམ་པར་བློ་ལ་སོགས་པ་ལས་ཐ་དད་པའི་དོན་རྗོད་པར་བྱེད་པ་ཉིད་དུ་སྒྲུབ་ན། དེའི་ཚེ་ཁྱབ་པ་རྗེས་སུ་དཔག་པས་གནོད་པའི་ཕྱིར། གཏན་ཚིགས་འདི་རིགས་པ་མ་ཡིན་ཞེས ་བསྟན་པའི་ཕྱིར། དོན་དམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་ཐ་སྙད་ཐམས་ཅད་ཀྱི་ཡུལ་ནི། སྒྲོ་བཏགས་པའི་དོན་ཡིན་ཕྱིར་ཞེས་འོག་ནས་སྟོན་པར་འགྱུར་རོ། །དེའི་ཕྱིར་བདག་གི་སྒྲ་འདི་ཡུལ་མེད་པ་ཡིན་པས། ཇི་ལྟར་གཏན་ཚིགས་བསྒྲུབ་བྱས་ཁྱབ་པར ་འགྱུར་སྙམ་དུ?་དགོངས་པའོ། །ཁྱད་པར་དང་བཅས་པ་ཡིན་ན་ཡང་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ནམ་མཁའ་ཨི་དཀྱིལ་གྱི་པདྨ་སོགས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་གཏན་མེད་པ་ལ་འགའ་ ་ཞིག་གི་བྱེད་པ་པོ་ལ་སོགས་པའི་ཚིག་སྦྱོར་བ་དེའི་ཚེ་གཉི་ག་ལ་གྲུབ་པའི་ལུས་ལ་སོགས་པའི་རྗོད་པར་བྱེད་པའི་སྒྲ་ཐ་དད་པ་ཡིན་ན། ཚིག་གཅིག་ཡོད་དེ། ལུས་ལ་སོགས་པ་ལས་ཐ་དད་པའི་དངོས་པོའི་ཡུལ་ཉིད་མ་ཡིན་པས་གཏན་ཚིགས་མ ་ངེས་པ་ཡིན་ནོ། །ཡང་ཇི་ལྟར་ཉེ་བར་རྗོད་པ་མེད་པ་ལ་སོགས་པའི་ཚིག་སྦྱོར་བར་ནུས་ཤེ་ན། བརྡ་ཙམ་གྱིས་ནི་འཇུག་པའི་ཞེས་བྱ་བ་སྨོས་ཏེ། རང་དབང་ཅན་འདོད་པ་ཙམ་གྱིས་འབྱུང་བའི་ཚིག་འདི་དག་ཇི་ལྟར་དེ་འགའ་ཞིག་ཏུ་འཇུག་པའི་རྒྱུན་ཟློལ? ་པར་འགྱུར། ཅི་སྟེ་ཡང་གཏན་ཚིགས་ཀྱི་དོན་དེ་ཡང་རང་བཞིན་གྱིས་ཚིག་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་བརྗོད་པར་འདོད་དེ། དེས་ན་འཁྲུལ་པར་མི་འགྱུར་རོ་ཞེ་ན། བདག་ལ་སོགས་པའི་ཚིག་དག་ཀྱང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྣམས ་བརྡ་མེད་པར་རང་བཞིན་གྱིས་གསལ་བར་བྱེད་པ་མ་ཡིན་ཏེ། མ་བྱང་བ་ཡང་དེ་ལས་དོན་རྟོགས་པར་ཐལ་བའི་ཕྱིར་དང། རང་གིས་འདོད་པས་སྐྱོང་བ་མེད་པར་ཐལ་བའི་ཕྱིར་དང། བརྡ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་བདག་ལ་སོགས་པའི་ཚིག ་རྣམས་ནི། ངོ་བོ་ཉིད་ཀྱིས་དོན་གསལ་བར་བྱེད་པ་གྲུབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅི་སྟེ་སྣང་བྲལ་གྱིས་ཁྱད་པར་མེད་པའི་གཞིན་དངས་ང་གཞན་དུ་གྱུར་པའི་ཤེས་བྱའི་ཡུལ་ཡིན་པ་ཞེས་བྱ་བའི་ཁྱད་པར་གཞན་མེད་པར་བྱེད་པ་དེ་ལྟ ་ཡང་ཇི་སྐད་དུ་བཤད་པར་ཁྱད་པར་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་དང། ཁྱབ་པ་མེད་པའི་ཕྱིར་མ་ངེས་པ་ཡིན་ནོ། །གང་ཡང་གསོན་པོའི་ལུས་པོ་འདི། ཞེས་བྱ་བ་ལ་སོགས་པ་སྨྲ་བ་དེ་ལ། གལ་ཏེ་བདག་དང་ལྷན་ཅིག་ཏུ།། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྲོག་ལ་སོགས་པ་བདག་དང་ལྷན་ཅིག་དེའི་བདག་ཉིད་ཀྱི་མཚན་ཉིད་དམ། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་འགའ་ཞིག་གྲུབ་པ་ཡིན་ཞེ་ན། དེའི་ཚེ་བདག་ལོག་པ་ན་ལུས་ལ་སྲོག་ལ་སོགས་པ་ལོག་པར ་ཐལ་བ་རིགས་པ་དང་ལྡན་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་འབྲེལ་པ་མེད་པ་ལོག་ན་གཞན་ལོག་པར་ཐལ་བར་འབྲེལ་པ་མེད་པ་ཉིད་དུ་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མོ་གཤམ་གྱི་བུ་ལོག་པ་ན་དེ་དང་འབྲེལ་པ་སྲོག་ལ་སོགས་པ་ལྡོག ་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་མོ་གཤམ་གྱི་བུ་ལོག་པ་ན་དེ་དང་འབྲེལ་པ་མེད་པའི་སྲོག་ལ་སོགས་ལ་སོགས་པ་རྣམས་ཀྱང་ལོག་པར་འགྱུར་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །ཞེས་ཁ་ཅིག་གིས་ཐལ་བར་སྒྲུབ་པར་བྱེད་པ་ན་མ་ངེས་པར་འགྱུར་བ ་དེ་བཞིན་དུ་ཁྱོད་ལ་ཡང་བདག་ལོག་པ་ན་སྲོག་ལ་སོགས་པ་ལྡོག་པར་ཐལ་བ་ནི་མ་ངེས་པ་ཉིད་ཡིན་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་ཇི་ལྟར་འབྲེལ་བ་མ་གྲུབ་པ་ཡིན་སྙམ་ན། འདི་ལ་རེ་ཞིག་དེའི་བདག་མིན། ཞེས ་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ཐ་དད་ཁས་ལེན་ཕྱིར། །ཞེས་བྱ་བ་ནི། བདག་དང་སྲོག་ལ་སོགས་པ་དེ་དག་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་འབྲེལ་པ་ཡོད་པ་མ་ཡིན་ཏེ། རང་བཞིན་ཐ་དད་པར་ཁས་ལེན་པའི་ཕྱིར་རོ། །འདི་ལྟར་སྲོག་ལ་སོགས ་པ་ནི་མི་རྟག་པ་དང། མ་ཁྱབ་པ་དང། ལུས་ཅན་མ་ཡིན་པ་ཡིན་ལ། བདག་ནི་དེ་དག་ལས་བཟློག་པ་ཡིན་ནོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱང་མ་ཡིན་ཏེ། སྲོག་ལ་སོགས་པ་རྣམས་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་ཅིག་ཅར་བར་ཐལ་བར་འགྱུར་བའི ་ཕྱིར་རོ། །དེ་དག་ལས་མ་གཏོགས་པའི་འབྲེལ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་དང་བྲལ་བའི་སྲོག་ལ་སོགས་པ་ལུས་དེ་གསོན་པོས་ཁྱད་པར་དུ་བྱས་པའི་ལུས་ལ་ཅིའི་ཕྱིར་ལྡོག་སྟེ། མི་ལྡོག་པ་ཉིད་དོ། །དེས་ན་གཏན་ཚིགས་མ་ངེས ་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འདིས་ནི་འདོད་པ་དང། ལྡང་བ་དང། འབད་པ་དང། སྡུག་བསྔལ་དང། བདེ་བ་དང། ཤེས་པ་ལ་སོགས་པ་དག་གིས་རྟགས་ཉིད་དུ་གཞན་དག་གིས་སྨྲས་པ་གང་ཡིན་པ་དེ་དག་དཀག་པར་བལྟ་བར་བྱ་སྟེ། འབྲེལ་པ་མ ་གྲུབ་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་གང་དང་འབྲེལ་པ་མེད་པ་དེ་དག་ནི་གོ་བར་བྱེད་པ་མ་ཡིན་ཏེ། དཔེར་ན་ཏིལ་ལ་སོགས་པ་ལ་ཆུ་སྐྱར་འགྲོ་བ་ལ་སོགས་པ་བཞིན་ནོ། །སྲོག་ལ་སོགས་པ་ཡང་བདག་ལ་འབྲེལ་པ་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར ་བྱེད་པ་མི་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། འབྲེལ་པ་རྣམ་པ་གཉིས་ག་ཡང་གོང་དུ་བཀག་ཟིན་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་ཀྱི་གོ་བར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ། ་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བའོ། །གང་ཡང་བྱེད་པ་གྲུབ་པའི་ཕྱིར་བྱེད་པ་པོ་གྲུབ་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་མ་གྲུབ་པ་སྟེ། མིག་ལ་སོགས་པ་རྣམས་ནི་དོན་དམ་པར་བྱེད་པ་ཉིད་དུ་མ་གྲུབ་སྟེ། ཐམས་ཅད་མིག་གི་རྣམ་པར་ཤེས་པ་སྐྱེད ་པ་ལ་རྒྱུའི་དངོས་པོར་མཚུངས་པའི་ཕྱིར་དང། བྱེད་པ་པོ་དང་བྱེད་པའི་ལས་ཀྱི་ཐ་སྙད་ནི་རང་གི་འདོད་པ་ཙམ་གྱིས་ཡོངས་སུ་བརྟག་པའི་ཕྱིར་རོ། །བྱེད་པ་པོ་ཙམ་སྒྲུབ་ན་གྲུབ་པ་ལ། སྒྲུབ་སྟེ། ལུས་ལ་སོགས་བ་བཏབས་པའི་བྱེད་པ་པོ་འདོད་པའི་ཕྱིར་རོ། །དོན་དམ ་པའི་བྱེད་པ་པོ་ཉིད་སྒྲུབ་པའི་ཕྱིར། དོན་དམ་པའི་བྱེད་པ་པོ་ཉིད་སྒྲུབ་པར་བྱེད་པ་པོ་འདོད་པའི་ཕྱིར། དོན་དམ་པའི་བྱེད་པ་པོ་ཉིད་སྒྲུབ་པར་བྱེད་ན་མ་ངེས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་བྱེད་པ་པོ་འགའ་ཞིག་ཏུ་ཡང་མིག་ལ་སོགས་པ་རྣམས་འབྲེལ་བར་མ་གྲུབ་པའི་ཕྱིར་རོ། །གང་ཡང ་སྐྱེས་མ་ཐག་པའི་དང་པོའི་ཤེས། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡང། དེ་ལྟར་སྒྲུབ་བྱེད་ཐམས་ཅད་ཀྱིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོའི་ཤེས་པ་བཞིན། ངའི་ལུས་བཞིན་ནོ་ཞེས་བྱ་བའི་དཔེ་སྨྲས་པ་གང་ཡིན་པ་དེ་ཇི་སྐད་བཤད་པའི་བསྒྲུབ་བྱའི་ཆོས ་དང་བྲལ་བ་ཡིན་ཏེ། བདག་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །གཞན་དག་ཅེས་བྱ་བ་ལས་ཡང་གསལ་བར་བྱེད་པ་དང། ལེགས་ལྡན་པ་ལ་སོགས་པའི་ལུགས་ཀྱིས་དོགས་པ་བསུ་བ་ཡིན་ཏེ། དེ་དག་འདི་སྐད་ཅེས་སྨྲ་སྟེ། བདག་མངོན་སུམ་ཉིད ་ཀྱིས་གྲུབ་སྟེ། འདི་ལྟར་རྟགས་དང་རྟགས་ཅན་གྱི་འབྲེལ་པ་དྲན་པ་ལ་བལྟོས་བ་མེད་པར་ངའོ་སྙམ་པའི་ཤེས་པ་ནི། གཟུགས་ལ་སོགས་པའི་ཤེས་པ་བཞིན་དུ་མངོན་སུམ་ཡིན་ནོ། །འདི་ཡང་གཟུགས་ལ་སོགས་པའི་ཡུལ་ཅན་མ་ཡིན་ཏེ། དེའི་ཤེས་པ་ལས་ཐ་དད་དུ ་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་བདག་ཁོ་ན་ཡུལ་ཡིན་ནོ་སྙམ་ན། དེ་ནི་མ་རིགས་ཞེས་བྱ་བ་ལ་སོགས་པ་ལན་འདེབས་པར་བྱེད་དོ། །བདག་ང་རྒྱལ་གྱི་ཡུལ་ཉིད་དུ་མ་གྲུབ་སྟེ། དེའི་རྣམ་པས་སྟོང་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་གི་རྣམ་པས་སྟོང་པ་དེ་ནི་དེའི་ཡུལ་ཅན་མ་ཡིན ་ཏེ། དཔེར་ན་མིག་གི་ཤེས་པ་སྒྲའི་ཡུལ་ཅན་མ་ཡིན་པ་བཞིན་ནོ། །ངའོ་སྙམ་པའི་ཤེས་པ་ཡང་བདག་གི་རྣམ་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ལ་རྟག་དང་ཁྱབ་བྱེད ་སོགས། །ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་བདག་ནི་རྟག་པ་དང། ཁྱབ་པ་དང་སེམས་པ་མེད་པ་ཅན་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འདོད་ལ། ངའི་སྙམ་པའི་ཤེས་པ་འདི་ལ་རྟག་པ་ལ་སོགས་པར་སྣང་བར་ཡང་མི་མངོན་ནོ། །འོན་ཀྱང་ཐ་དད ་པར་བདག་དཀར་གཤམ་མོ། །མི་གཞན་པའོ། །རིང་པའོ། །ཚོར་བ་དྲག་པོས་གཟིར་བའོ་ཞེས་བྱ་བ་ལ་སོགས་པ་ལུས་ཀྱི་གནས་སྐབས་ཀྱི་རེག་པས་བསྐྱེད་པའི་ཕྱིར་ཁ་དོག་དཀར་ཤམ་ལ་སོགས་པའི་མཚན་ཉིད་དུ་སྣང་བའི་རྣམ་པའི་ང་རྒྱལ ་ཅན་འདིར་ཤེས་ཏེ། དེའི་ཕྱིར་ལུས་ལ་སོགས་པའི་གནས་སྐབས་ཀྱི་རེག་པས་བསྐྱེད་པའི་ང་རྒྱལ་ལུས་ལ་སོགས་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གསལ་བར་ཞེས་བྱ་བ་ནི་གསལ་པོར་ཏེ། འཁྲུལ་པ་མེད་པར་འཇུག་པའི་ཕྱིར་རོ། །དེ་ལྟ ་ཡིན་རང?་གང་ཡང་གསལ་བྱེད་པ་ལ་སོགས་པ་རྣམས་ཀྱིས་ལོངས་སྤྱོད་པའི་གནས་ཀྱི་ལུས་ལ་བདག་འདི་ཉེ་བར་འདོགས་ཏེ། དཔེར་ན་རྗེས་སུ་མཐུན་པའི་གཡོག་ལ་རྒྱལ་པོས་སྨྲས་པ་ང་གང་ཡིན་པ་དེ་ཁོ་ན་བདག་གི་གཡོག་པོ་འདི་ཡིན་ནོ། །ཞེས་བྱ་བ་ལྟ ་བུའོ། །ཞེས་སྨྲས་པ་དེ་བསལ་བ་ཡིན་ནོ། །འདི་ལྟར་གལ་ཏེ་འདི་ཕལ་པ་ཡིན་པའི་གྱུར་ན། དེའི་འཁྲུལ་པས་འཇུག་པར་འགྱུར་ཏེ། འཇིག་རྟེན་ན་སེང་གེ་དང་བྲམ་ཟེའི་ཁྱེའུ་དག་ལ་དངོས་དང་བརྟགས་པས་དེ་གཉི་ག་ཡང་སེང་གེའི་སྙམ་དུ་བློ་མི་འཁྲུལ་པར་འཇུག་པར ་མི་འགྱུར་རོ། །ངའི་ལུས་ལ་སོགས་པ་ཞེས་བྱ། ཐ་དད་པར་མཐོང་བའི་ཕྱིར་ལུས་ལ་སོགས་པ་ལ་ཡང་ངའོ་སྙམ་པ་ནི་འཁྲུལ་པས་འཇུག་པ་ཡིན་ནོ་མ་ཡིན་ཏེ། བདག་ལ་ཡང་འཁྲུལ་པས་འཇུག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཡང་ངའི་བདག་ཅེས་ཐ་དད ་པར་མཐོང་བ་ཡིན་ནོ། །འདི་ལ་བཏགས་པའི་ཐ་དད་པ་ཡིན་ནོ་ཞེ་ན། གཅིག་ཤེས་པ་ལ་ཡང་མཚུངས་སོ། །འོ་ན་བདག་དཀར་ཤམ་མོ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་འདི་དངོས་ཡིན་ལ་རག་མོད། དེ་ལྟ་ཡང་ཅིའི་ཕྱིར་བདག་འདིའི་ཡུལ་དུ་མི་འགྱུར་ཞེ་ན། ་དེའི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀར་ཤམ་ལ་སོགས་པའི་རང་བཞིན་ཏེ། དེ་ལ་གཟུགས་ལ་སོགས་པའི་ཡོན་ཏན་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་དེའི་རྣམ་པས་སྟོང་པའི་ཕྱིར་ང་རྒྱལ་གྱི་ཡུལ་བདག་ཡིན་པར་མི་རིགས་པར་བསྟན་ཏོ། །དེ ་ལ་རྩོད་པ་མེད་ཐལ་བར་འགྱུར་བའི་ཕྱིར་ཡང་མི་རིགས་སོ་ཞེས་སྟོན་པ་ནི། གལ་ཏེ་སྐྱེས་བུ་ཡང་བདག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡོད་སོགས་ཞེས་བྱ་བ་ནི། བདག་དེའི་ཡོད་པ་དང་རྟག་པ་དང་ཁྱབ་པ་ལ་སོགས་པའོ། ་འདི་སྙམ་དུ་ཇི་ལྟར་ཁྱེད་ཅག་གིས་མངོན་སུམ་དུ་བྱས་ཀྱང་སྔོན་པོ་ལ་སོགས་པ་དེའི་རང་བཞིན་ལས་ཐ་མི་དད་པའི་སྐད་ཅིག་མ་ལ་སོགས་པ་ལ་རྩོད་པ་འཇུག་པ་དེ་བཞིན་དུ་བདག་ལ་ཡང་འགྱུར་རོ་སྙམ་དུ་སེམས་ན། ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ལ་སོགས་པ་མངོན་སུམ་གྱིས་གཟུང་ན་ཡང་དེ་ལས་ཐ་མི་དད་པའི་སྐད་ཅིག་མ་ལ་སོགས་པ་རྩོད་པ་རིགས་ཏེ། མངོན་སུམ་དེ་ནི་རྟོག་པ་མེད་པ་ཉིད་ཀྱིས་མ་ངེས་པའི་བདག་ཉིད་ཡིན་པས་སྐད་ཅིག་མ་ཉིད་ལ ་སོགས་མ་ངེས་པའི་ཕྱིར་རོ། །ཁྱེད་ཀྱིས་ཕྱོགས་ལ་ནི་མི་རིགས་ཏེ། ངའོ་སྙམ་པའི་ཤེས་པ་རྟོག་པ་དང་བཅས་པ་ཉིད་ཡིན?་པས་བདག་ངེས་པའི་ཕྱིར་རོ། །གང་གི་རྩོད་པར་འགྱུར་བ་ངེས་པས་ཡུལ་དུ་བྱས་པའི་དངོས་པོ་ལ་ནི་དེ་ལས་བཟློག་པའི་རྣམ་པ ་འཛིན་པའི་སྒྲོགས་པའི་ཤེས་པ་འཇུག་པ་ཡོད་པ་མང་མ་ཡིན་ཏེ། དེ་དག་ནི་ལྷན་ཅིག་མི་གནས་པ་ཉིད་ཀྱིས་གནོད་པར་བྱ་བ་དང། གནོད་པར་བྱེད་པའི་ངོ་བོ་ཡིན་པའི་ཕྱིར། དེ་ངེས་པ་གང་ཡིན་པ་འདི་ཉིད་ངེས་པ་རྣམས་ཀྱི་རང་རང་གི་དོན་རྟོགས་པ ་ཡིན། །གལ་ཏེ་དེ་དག་ངེས་པ་དང་ལྡན་པ་མ་ཡིན་ནམ་མ་གཟུང་བ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དེ་ལྟར་གཞན་གྱི་ཕྱོགས་བསལ་བས། རང་གི་ཕྱོགས་བཞག་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྦྱོར་བ་ནི་གང་དག་རིམ་གྱིས་སྐྱེ་བ་དེ ་དག་ནི་བདག་དང་འདུ་བ་མ་ཡིན་ཏེ། དཔེར་ན་ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་ན། །བདེ་བ་ལ་སོགས་པ་ཡང་རིམ་གྱིས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པའོ། །བདག་དང་འདུ་བ་ཉིད་དང་འགལ་བ་བདག་མེད་པ་དར་འདུ་བས?། ་རིམ་གྱི་སྐྱེ་བ་ལ་ཁྱབ་པའི་ཕྱིར་རོ། །རྒྱུ་མ་ཚང་བ་མེད་པ་ཉེ་བའི་ཕྱིར་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །ཡང་ན་གང་དག་དངོས་པོ་ཉིད་དང། བྱས་པ་ཉིད་དང། སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས ་དང་ལྡན་པ་དེ་དག་ཐམས་ཅད་ནི་བདག་མེད་པ་ཡིན་ཏེ། དཔེར་ན་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་བཞིན་ནོ། །ནད་གི་སྲོག་དང་ལུས་དང། ཡིད་དང་བློ་དང་སྡུག་བསྔལ་དང། བདེ་བ་ལ་སོགས་པ་དངོས་པོ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས ་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡང་ཇི་ལྟར་འདི་ལ་ཁྱབ་པ་གྲུབ་པ་ཅེ་ན། བདག་བཅས་ཉིད་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བདག་དང་བཅས་པ་ཉིད་ཡིན་ཏེ། ལུས་ལ་སོགས་པ་བདག་གིས་བྱིན་གྱིས་བརླབས་པ་ཉིད་ཡིན་ན ་དེའི་ཚེ་འདི་དག་གི་རྒྱུ་བདག་ཡིན་པར་འགྱུར་རོ། །རྒྱུ་མ་ཡིན་པ་ནི་བྱིན་གྱིས་རློབ་པ་པོར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་དེའི་རྒྱུ་ཅན་ཏེ། །བདག་གི་རྒྱུ་ཅན་གྱི་ལུས་ལ་སོགས་པ་རྣམས་རྒྱུ་མ་ཚང་བ་མེད་པ་ཉིད ་ཀྱིས། རྟག་པ་ཉིད་དང། རིམ་ཅན་མ་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་འདི་དག་རྟག་པ་ཉིད་དུ་ཐལ་བ་ཡིན་མོད་ཀྱི། འོན་ཀྱང་དངོས་པོ་ཉིད་ལ་སོགས་པ་མི་ལྡོག་པ་ཁོ་ནའོ་སྙམ་དུ་སེམས་ན། རྟག་པ་ཡང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། རྟག་པར་ཡོད་པའི་ལུས་ལ་སོགས་པ་རྣམས་དོན་བྱེད་ནུས་པ་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་སྐབས་ཀྱིས་ཚིག་ཡོངས་སུ་བསྒྱུར་ནས་སྦྱར་བར་བྱ་སྟེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་རོ། །སྙམ་དུ ་དགོངས་པ་ཡིན་ནོ། །དོན་བྱེད་པར་ནུས་པ་ལོག་ན་ཡང་དངོས་པོ་ཉིད་ལྡོག་སྟེ། དངོས་པོའི་མཚན་ཉིད་དོན་ནི་བྱེད་ནུས་པ་ཡིན་པའི་ཕྱིར། དངོས་པོ་ཉིད་ལོག་ན་དངོས་པོའི་ཆོས་ཡོད་པ་ལ་སོགས་པ་ཡང་ལྡོག་པའི་ཕྱིར་ཁྱབ་གྲུབ་པོ་གསལ་བྱེད་པས ་འོན་ཏེ་ཡང་བདག་མེད་པ་ཞེས་བྱ་བའི་དོན་ཅི་ཞིག་བསྒྲུབ་བྱ་ཉིད་དུ་འདོད། གལ་ཏེ་རེ་ཞིག་བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ན་དཔེ་མེད་དོ། བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། འོན? ་ཏེ་ལུས་བདག་མ་ཡིན་ནོ་ཞེས་བདག་འགགས་ན་སུ་ཟིག་གིས་ལུས་བདག་དུ་འདོད། མེད་པ་ནི་ཚིག་ཕྱི་མའི་ཡུལ་ཅན་ཡིན་པའི་ཕྱིར་བདག་དང་བཅས་པ་ཞེས་བྱ་བ་ཡང་གང་ཞིག་ཡིན་པ་བརྗོད་པར་བྱའོ། དཔེར་ན་སྦྲང་བུ ་མེད་དོ། །ཞེས་བྱ་བ་ལྟ་བུར་མེད་པའི་སྦྱོར་བ་ཚིག་ཕྱི་མ་མེད་པར་མ་མཐོང་ངོ། །ཅི་སྟེ་ལུས་ལ་བདག་འགེགས་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ལུས་ལ་བདག་ཡོད་པར་སུ་ཞིག་འདོད། ཡང་ལུས་བདག་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བབ་ཡིན་ན་ཡང་དཔེ་ཡོད་པ་མ ་ཡིན་ནོ། །འདི་ཐམས་ཅད་ནི་ཁྱད་པར་བཀག་པ་ཡིན་ལ། ཁྱད་པར་བཀག་ན་ཡང་སྤྱི་རྟོགས་པ་མ་ཡིན་ནོ། །དེ་ཡིན་ན་གང་དགག་པར་བྱ་བ་དེ་རྗེས་སུ་གནང་བ་བྱས་པར་འགྱུར་རོ། །ཅི་སྟེ་བདག་གི་སྒྲ་ནི་མ་རྟག་པའི་ཡུལ་ཅན་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་རོ་ཞེས ་བྱ་བ་དེ་ལྟ་ན་ཡང་རྟག་པའི་སྒྲས་མ་ངེས་པ་ཡིན་ནོ། །ལུས་ལ་སོགས་པ་རྣམས་ན་ཉེ་བར་བརྟགས་ནས་བདག་གི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་ལུས་ལ་སོགས་པ་ལས་ཐ་དད་པ་མི་རྟག་པའི་དངོས་པོ་ཡིན་པ ་ཉིད་ཀྱིས་བདག་གི་སྒྲའི་ཡུལ་མི་རྟག་པ་ཡིན་པར་སྒྲུབ་པར་བྱེད་ན། དེ་ལྟ་ན་ཡང་གཟུགས་ལ་སོགས་པ་ལས་ཐ་དད་པའི་ཡུལ་ཐ་ཁས་བླངས་པའི་ཕྱིར་འགལ་བ་ཡིན་ནོ། །ཞེས་སྨྲས་པ། དེ་འདི་ལན་འདེབས་པར་བྱེད་པ་ནི། བུམ་སོགས་ལ་ཡང་མཚུངས ་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཀླན་ཀ་དེ་འདི་ནི་ཁྱེད་ལ་ཡང་མཚུངས་ཏེ། འདི་ལྟར་ཁྱེད་ཅག་གིས་ཀྱང་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་རྣམས་ལ་བདག་གིས་བྱིན་གྱིས་བརླབས་པ་མེད་པ་ཉིད་དང། དེ་ཉེ་བར་ལོངས་སྤྱོད་པའི་གཞི་མ་ཡིན་པ་ཉིད ་ཀྱིས་བདག་མེད་པར་འདོད་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་གསོན་པའི་ལུས་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་བའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་ཐལ་བར་འགྱུར་བའི་དཔེ་ཉིད་དུ་དེ་དག ་མི་ལེན་པར་འགྱུར་རོ། །དེ་ལྟ་ཡིན་དང་བུམ་པ་ལ་སོགས་པ་དེ་ལ་ཡང་ཇི་ལྟར་དེ་དག་བདག་མེད་པ་ཡིན། གལ་ཏེ་རེ་ཞིག་བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ་གླན་ཀ་མཚུངས་པ་ཡིན་ནོ། །དེའི་ཕྱིར་བདག་གིས་བྱིན་གྱིས་བརླབས་སམ ་དེ་ཉེ་བར་ལོངས་སྤྱོད་པའི་གཞི་མ་ཡིན་པའི་རྣམ་པ་གང་གིས་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་དེ་དག་ཐམས་ཅད་ལ་ཁྱེད་ཅག་དང་ཡང་བདག་མེད་པ་ཉིད་ཐུན་མོང་དུ་གྲུབ་ལ། །གང་ཡང་གསོན་པའི་ལུས་འདི་ནི་བདག་མེད་པ་ཡིན་ཏེ་ཞེས་ཁྱེད་ཅག་གིས་གསོན་པའི ་ལུས་ལ་འགགས་ཏེ། གང་ཞིག་བཀག་པས་གསོན་པོའི་ལུས་ཁོ་ན་བདག་དང་བཅས་པར་རྟོགས་ཀྱི། ཤི་བའི་ལུས་དང་བུམ་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཉིད་ཁོ་བོ་ཅག་གིས་གསོན་པོའི་ལུས་ནི་བདག་མེད་པ་མ་ཡིན་ཏེ། དངོས་པོ་ཉིད་ལ་སོགས་པའི ་ཕྱིར་རོ་ཞེས་སྒྲུབ་པར་བྱེད་དོ། །དེ་ལྟ་བས་ན་བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་ནི་གཞི་མེད་པ་ཁོ་ན་ཡིན་ཏེ། ཁྱེད་ཅག་ལ་ཡང་མེད་པར་རབ་ཏུ་གྲུབ་པའི་ཕྱིར། གཞན་ཡང་རེ་ཞིག་བདག་ལ་ཕན་མི་འདོགས ་པར་གྲུབ་པའི་དཔེ་མེད་དོ་ཞེས་གང་སྨས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་སྒྲུབ་པར་ནུས་པ་ཁོ་ན་སྟེ། གང་ཞིག་གང་གིས་རང་བཞིན་གྱི་ཁྱད་པར་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ནི་དེའི་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། དཔེར་ན་གངས་ཅན་དང ་འབིགས་བྱེད་དག་ལྟ་བུའོ། །ལུས་ལ་སོགས་པ་ཡང་བདག་རྟག་པ་དང་གཅིག་པུའི་རང་བཞིན་གྱི་ཁྱད་པར་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། རང་བཞིན་གྱི་ཁྱད ་པར་ནི་བདག་ལས་ཐ་མི་དད་པའི་ཕྱིར་རོ། །དེ་བྱེད་ན་བདག་ཁོ་ནའི་བྱེད་པར་འགྱུར་ཏེ། དེ་ལྟ་ན་མི་རྟག་པར་ཐལ་བར་འགྱུར་རོ། །རང་བཞིན་གྱི་ཁྱད་པར་ཐ་དད་པ་ཡིན་ན་ཡང་འབྲེལ་པའི་རྒྱུ་མཚན་མེད་པའི་ཕྱིར་དེའི་འདི་ཞེས་བྱ་བའི་འབྲལ་པར ་མི་འགྱུར་རོ། །དེ་ལྟ་བས་ན། རྟག་པ་ཅུང་ཟད་ཀྱང་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། དེས་དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །གང་ཡང་སུ་ཞིག་གིས་ལུས་བདག་ཏུ་འདོད་ཅེས་སྨྲས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། དེ་སྐད་དུ་སྨྲ་བ་ཁ་ཅིག་ཀྱང་ཡོད་དེ། ་དཔེར་ན་རིག་བྱེད་སྨྲ་བ་རྣམས་ལྟར་གང་དག་ལུས་ལ་སོགས་པ་རྣམས་ནི་བདག་ཡོངས་སུ་འགྱུར་བའི་ངོ་བོ་ཡིན་པར་སྨྲ་བར་བྱེད་དོ། །དེ་ལྟ་བས་ན་དེ་ལ་བརྟེན་ནས་དགག་པ་བྱེད་དོ། །གང་ཡང་མེད་པ་ནི་ཚིག་ཕྱི་མའི་ཡུལ་ཅན་ཡིན་པའི་ཕྱིར་བདག་དང་བཅས་པ ་ཡང་གང་ཞིག་ཡིན་པ་བརྗོད་པར་བྱའོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་དེ། ཚིག་ཕྱི་མའི་དོན་ཡོད་པ་ཁོ་ན་དགག་པར་བྱ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྒྲོ་བཏགས་པ་ཡིན་ཏེ། ཡོད་པར་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་བས་ན་གཞན་གྱིས་འཁྲུལ་པས་སྒྲོ ་བཏགས་པའི་དོན་གང་ཡིན་པ་དེ་ཉིད་ཚིག་ཕྱི་མའི་དོན་ཡིན་ནོ། །འདི་ལུང་དེ་ཉིད་རྗེས་སུ་བརྗོད་ནས་གཞན་གྱི་ལོག་པའི་ཤེས་པ་ཉིད་དུ་བརྗོད་པར་བྱ་བ་འགེགས་པར་བྱེད་དོ། །དེ་ལྟ་མ་ཡིན་ན་སྒྲོན་མ་ལ་སོགས་པ་སྐད་ཅིག་མ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས ་པར། སངས་རྒྱས་པས་ཀུན་ཏུ་བཏགས་པའི་སྐད་ཅིག་མ་ཉིད་ཁྱེད་ཀྱིས་འགེགས་པར་བྱེད་ན་དགག་པའི་སྦྱོར་བ་ཚིག་ཕྱི་མ་མེད་པ་ལ་མཐོང་ངོ་ཞེས་བྱ་བའི་རྩོད་པ་འདི་འབྱུང་བ་ཁོ་ནའོ། །གང་ཡང་ལུས་ལ་བདག་ཡོད་པར་སུ་ཞིག་འདོད་ཅེས་སྨྲས་པ་དེ་ཡང ་ཡང་དག་པ་མ་ཡིན་ཏེ། འདི་ལྟར་གང་དག་གི་ལྟ་བ་ལ་བདག་ཅེས་བྱ་བ་འཐེ་བོའི་རི་མོ་སྔོ་བསངས་འདྲ་བའི་འབྲས་བུ་ཕྱེད་ཀྱི་ཚད་ཡིན་པ་དེ་དག་གི་ལུགས་ཀྱིས་བདག་ལུས་ཅན་ཡིན་པའི་ཕྱིར་ལུས་ལ་གནས་པར་ཡོད་པ་ཉིད་ཡིན་པས་དེ་དགག་པར་རིག ་པ་ཉིད་ཡིན་ནོ། །གང་ཡང་ལུས་བདག་དང་འབྲེལ་པ་འགེགས་ན་དཔེ་མེད་དོ་ཅེས་བྱ་བ་ཡང་མ་གྲུབ་སྟེ། ཕན་ཚུན་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་ཕྱིར་གྲངས་ཅན་དང་འབིགས་བྱེད་བཞིན་དུ་བདག་དང་ལུས་གཉིས་འབྲེལ་པ ་མེད་དོ་ཞེས་སྔ་མ་བཞིན་དུ་བསྒྲུབ་པར་ནུས་པའི་ཕྱིར་རོ། །གང་ཡང་ཁྱད་པར་བཀག་ན་སྤྱི་རྟོགས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ཏེ། ཁྱེད་ཅག་གི་སྒྲོན་མ་ལ་སོགས་པ་རྣམས་སྐད་ཅིག་མ་ཉིད་ཡིན་པ་བཀག་ན་ཡང་སྐད་ཅིག་མའི་སྤྱི་འགའ་ཞིག་ཁས་མི་ལེན ་པའི་ཕྱིར་ཅི་སྟེ་ཡང་ཁོ་བོ་ཅག་གིས་དུས་ཡུན་མི་རིང་བར་གནས་པའི་རྒྱུ་མཚན་གྱིས་སྒྲོན་མ་ལ་སོགས་པ་སྐད་ཅིག་མའི་སྒྲ་འཇུག་པར་འདོད་པ་ཁོ་ན་ཡིན་ཏེ། དེ་ལྟ་བས་ན་སྤྱིར་སྐད་ཅིག་མ་ཉིད་གྲུབ་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན་བདག་གི་སྒྲ་འཇུག ་པ་ཡང་ཁོ་བོ་ཅག་གིས་ང་རྒྱལ་གྱི་རྟེན་སེམས་ཡིན་པར་འདོད་པ་ཉིད་ཡིན་པས་སྤྱིར་བདག་གྲུབ་པོ། གང་ཡང་སྤྱི་སྟེ་བདག་གི་སྒྲ་ནི་མི་རྟག་པའི་ཡུལ་ཅན་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་ཕྱོགས་གཉིས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་མེད་པ་ཉིད་དེ། ཁས ་མ་བླངས་པའི་ཕྱིར་རོ། །རང་གི་འཁྲུལ་པར་འགྱུར་བ་བདག་གི་སྒྲ་ལ་དོན་དམ་པར་ཡུལ་འགའ་ཞིག་ཀྱང་ཁས་མ་བླངས་ལ། གཟུགས་ལ་སོགས་པ་ལས་ཐ་དད་པ་ཡང་མ་ཡིན་ནོ། །རྟག་པའི་སྒྲ་ཡང་དོན་དམ་པར་དངོས་པོ་རྟོག་པ་འགའ་ཞིག་ལ་འཇུག ་པར་གྲུབ་པ་ཡང་མ་ཡིན་ནོ། །ལུས་ལ་སོགས་པ་ལ་བདག་གི་སྒྲ་ཉེ་བར་བཏགས་ནས་འཇུག་པ་མ་ཡིན་ཏེ། འཁྲུལ་པ་མེད་པར་རྟོགས་པའི་ཕྱིར་རོ་ཞེས་བསྟན་ཏེ། དེས་ན་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་བདག་ཅེས་བྱ་བའི་ཆོས ་ཅན་ཚད་མ་གནོད་པ་ཉིད་ཀྱི་མ་གྲུབ་པའི་ཕྱིར། དེ་ལ་ཁྱེད་ཀྱིས་བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་ཀྱི་ཐ་སྙད་བཏགས་པ་གང་ཡིན་པ་དེ་མོ་གཤམ་གྱི་བུ་བཞིན་དུ་རྟེན་མེད་པ་ཡིན་པའི་ཕྱིར་འདི་སུན་འབྱིན་པ་ལོགས་ཤིག་ཏུ་མི་བྱེད་དེ། རྟེན་བཀག་པ་ཉིད ་ཀྱིས་འདི་དག་སྤངས་པའི་ཕྱིར། བྱས་པ་ཆུང་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་སྐྱོན་ཡང་ཇི་ལྟར་མི་འབྱུང་བ་དེ་ལྟར་ལས་དང་འབྲས་བུའི་འབྲེལ་པ་བརྟག་པར་སྟོན་པར་འགྱུར་རོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། རིགས་པ་ཅན ་དང་བྱེ་བྲག་པས་ཀུན་ཏུ་བརྟགས་པའི་སྐྱེས་བུ་བརྟག་པ་སྟེ། བདུན་པའོ།། །།སྤྱོད་པས་ཡོངས་སུ་བརྟགས་པའི་བདག་གསལ་བར་བྱ་བའི་ཕྱིར། གཞན ་དག་ཀྱང་ནི་ལྡོག་པ་དང། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གནས་སྐབས་དག་གི་ཕན་ཚུན་ཐ་དད་པའོ། །རྗེས་སུ་འཇུག་པ་ནི་སེམས་པ་ཅན་གྱི་རྫས་དང། ཡོད་པ་ལ་སོགས་པ་རྗེས་སུ་འགྲོ ་བའོ། །ཞིག་པ་དང་རྗེས་སུ་འཇུག་པ་འདི་དག་བདག་གི་ངོ་བོ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གཞན་དག་རྒྱལ་དཔོག་པ་རྣམས་ནི་བདག་བདེ་བ་ལ་སོགས་པའི་ངོ་བོས་ལྡོག་ཅིང། ཡོད་པ་ལ་སོགས་པའི་ངོ་བོས་རྗེས་སུ་འཇུག ་པའི་སེམས་པ་ཅན་གྱི་ངོ་བོར་བརྗོད་པར་བྱེད་དོ། །སེམས་པ་ཅན་དེ་ཡང་ཇི་ལྟར་གྲངས་ཅན་པས་འདོད་པ་ལྟར་བློ་ལས་ཐ་དད་པ་གཞན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་པ་ཅན་བློའི་མཚན་ཉིད་ཡིན་ཞེས་བྱ་བས་བློ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །བློའི ་མཚན་ཉིད་ནི་བློའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །བློ་ལས་ཐ་དད་པའི་སེམས་ཀྱི་ངོ་བོ་གཞན་མ་གཏོགས་སོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་ཇི་ལྟར་བདག་གཅིག་པུ་ལས་ལྡོག་པ་དང་རྗེས་སུ་འཇུག་པའི་བདག་ཉིད་ཀྱི་ཕན་ཚུན་འགལ ་བའི་རང་བཞིན་གཉིས་རིགས་པ་ཡིན་ཞེ་ན། དཔེར་ན་སྤྲུལ་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྦྲུལ་གཅིག་ཡིན་ན་ཡང་འཁྱིལ་པ་ལ་སོགས་པའི་གནས་སྐབས་ལོག་ནས་དྲང་པོའི་གནས་སྐབས་འབྱུང་བའི་གནས་སྐབས་གཉིས ་ག་ལ་ཡང་སྤྲུལ་ཉིད་རྗེས་སུ་འཇུག་པ་དེ་བཞིན་དུ་བདག་ཀྱང་སེམས་པ་ཅན་གྱི་རང་བཞིན་རྟག་པ་གཅིག་པུ་ཡིན། ན་ཡང་རང་བཞིན་མ་ལུས་པ་དང་བྲལ་བ་མ་ཡིན་ན། རིག་པ་ཅན་ལ་སོགས་པས་ཀུན་ཏུ་བརྟག་པའི་བདག་བཞིན་དུ་རང ་བཞིན་མ་ལུས་པ་རྗེས་སུ་འཇུག་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བདེ་བ་ལ་སོགས་པའི་གནས་སྐབས་ལྡོག་པ་དང་འཇུག་པ་ཡང་ཡིན་ལ། སེམས་པ་ཅན་གྱི་ངོ་བོ་ནི་ཐམས་ཅད་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་འདི་མི་འགལ་ལོ་ཞེས་གྲག་སྟེ། བསྡུས ་པའི་དོན་ཏོ། །ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། སེམས་པ་ཅན་རྟག་པའི་རང་བཞིན་ཞེས་བྱ་བ་ནི། སེམས་པ་ཅན་གྱི་རང་བཞིན་རྟག་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཀུན་གྱི་ཞེས་བྱ་བ་ལ་ངོ་བོ་ཞེས་བྱ་བ་ལྷག་མའོ། །རྗེས་སུ་འཇུག་པ་ཞེས ་བྱ་བ་ལ་མ་ཡིན་ཞེས་སྐབས་དང་སྦྱར་རོ། །དེ་དག་ཅེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གནས་སྐབས་སོ། །ཅི་སྟེ་ཡང་ཅིའི་ཕྱིར་ཇི་ལྟར་སངས་རྒྱས་པ་རྗེས་སུ་འགྲོ་བ་མེད་པའི་འཇིག་པ་སྨྲ་བ་དག་གིས་འདོད་པ་བཞིན་དུ་གཅིག་ཏུ་ངེས་པར་གཅིག ་ཏུ་ལྡོག་པའི་ཕྱོགས་སམ། ཇི་ལྟར་རིག་པ་ཅན་ལ་སོགས་པ་རྣམས་ཀྱིས་བརྟེན་པ་བཞིན་དུ་གཅིག་ཏུ་ངེས་པར་མཛའ་གཅིག་ཏུ་རྗེས་སུ་འགྲོ་བ་ལ་མི་བརྟེན་ཅེ་ན། གཏན་དུ་འཇིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་པ་རྗེས་སུ་འགྲོ་བ་མེད་པ ་ཡིན་ན་དེའི་ཚེ་ལས་བྱས་པ་ཆུང་ཟོས་པར་འགྱུར་ཏེ། བྱེད་པ་པོ་འབྲས་བུ་དང་འབྲེལ་པ་མེད་པའི་ཕྱིར། མ་བྱས་དང་ཕྲད་པར་ཡང་འགྱུར་ཏེ། བྱེད་པ་པོ་མ་ཡིན་པ་འབྲས་བུ་དང་འབྲེལ་པའི་ཕྱིར། བདག་ངོ་བོ་གཅིག་ཉིད་ཡིན་ན་བདེ་བ་དང་སྡུག་བསྔལ་ལ ་སོགས་པ་ལོངས་སྤྱོད་པར་མི་འགྱུར་ཏེ། ནམ་མཁའ་བཞིན་དུ་ཟ་བ་པོ་མ་ཡིན་པའི་གནས་སྐབས་ལས་ཟ་བ་པོའི་གནས་སྐབས་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང། གཞོན་ནུ་མ་ལེན་གྱི། དེ་ཕྱིར་གཉི་ག་དོར་ནས་ནི། །ལྡོག་དང་རྗེས་འཇུག་བདག་ཉིད ་ཅན། སྐྱེས་བུ་ཞིག་ནི་ཁས་བླང་བྱ། །འཁྱིལ་པ་སོགས་ལ་སྤྲུལ་བཞིན་ནོ། །ཞེས་བཤད་དོ། །འོན་ཏེ་གཉི་གའི་ངོ་བོའི་སྐྱེས་བུའི་གནས་སྐབས་བྱེད་པ་པོ་གང་ཡིན་པ་དེ་ཟ་བ་པོ་མ་ཡིན་པའི་ཕྱིར། བྱས་པ་ཆུང་ཟོས་པ་དང་མ་བྱས་པ་དང་ཕྲད་པ་དེ་དག་འདི་ལའང་འོང་བ་མ་ཡིན ་ནམ་ཞེ་ན། སྐྱེས་བུའི་བྱེད་པོ་ཟ་པོ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་བྱེད་པ་པོ་དང་ཟ་བ་པོ་དག་གནས་སྐབས་ལ་བརྟེན་པ་མ་ཡིན་གྱི། འོན་ཀྱང་སྐྱེས་བུ་ཉིད་ལའོ། །འདི་ལྟར་སྐྱེས་བུ་ཉིད་བྱེད་པ་དང་ལོངས་སྤྱོད་པ་ཡིན་གྱི། གནས་སྐབས ་ནི་མ་ཡིན་ནོ། །དེའི་ཕྱིར་ཏེ། དེ་ལྟ་བས་ན་གནས་སྐབས་ཅན་སྐྱེས་བུ་ནི། དེ་ཉིད་ཕྱིར་ཏེ། སྔར་གྱི་ངོ་བོ་ཡོངས་སུ་མ་བཏང་བའི་ཕྱིར། བྱེད་པོ་ཉིད་ཀྱིས་དེའི་འབྲས་བུ་དེ་ལས་དེའི་འབྲས་བུ་ཐོབ་པ་དེའི་ཕྱིར་སྐྱོན་མེད་དོ། །ཡང་འདི་ལ་བདག་འདི་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི ་ཚད་མ་ཅི་ཡོད་ཅེ་ན། ངོ་ཤེས་པའི་ངོ་བོའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ནས་ཤེས་པར་འགྱུར་རོ། །ང་ཁོ་ན་རིག་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་བྱེད་པ་པོ་གཅིག་ཉིད་ཀྱིས་ཡུལ་ཅན་ངོ་ཤེས་པའི་ངོ་བོའི་ཕྱིར་ཏེ། ཡོད་པའི་ཕྱིར་ཏེ་བདག་གྲུབ་པོ། ། ་འདི་ཉིད་ཀྱིས་ཏེ། ངོ་ཤེས་པས་སངས་རྒྱས་པ་ལ་སོགས་པས་ཀུན་བརྟགས་པའི་བདག་མེད་པར་སྨྲ་བ་ལ་གནོད་པ་ཡང་གྲུབ་པོ། །ཇི་སྐད་དུ། དེས་ན་ངོ་ཤེས་པ་ཚད་མར་བསྒྲུབས་པ་ངེས་ན། འཇིག་རྟེན་ཐམས་ཅད་ཀྱིས་ངེས་པར་བཟུང་བའི་ངོ་ཤེས་པ་འདིས ་བདག་མེད་པར་སྨྲ་བ་ལ་གནོད་པར་འགྱུར་རོ་ཞེས་བཤད་དོ། །ཡང་ཇི་ལྟར་ངོ་ཤེས་པ་འདི་གཉིས་ཀ་གྲུབ་པར་འགྱུར་ཞེ་ན། ས་རིག་ཅེས་བྱའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངས་རིག་གོ་ཞེས་བྱ་བ་འདི་ངའི་ཤེས་པས་ཤེས་པ་པོ་འདི་རྟོགས་པར་འགྱུར་རོ་ཞེས ་བྱ་བ་འདི་ལ་རྩོད་པ་མེད་པ་ཉིད་ཡིན་ཏེ། ངས་རིག་གོ་ཞེས་བྱ་བ་བྱེད་པ་པོའི་སྐྱེན་གཞི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་པོ་དེ་ཡང་ཡིན་ན་བདག་ཏུ་གྱུར་པ་ཞིག་གམ། ཁྱེད་ཅག་གི་ཀུན་བརྟགས་པའི་གཅིག་པུ་འཇིག་པའི་དང་ཅན་སྐད་ཅིག་མ་རྣམ་པ་ཡིན ་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་སོ། །དེ་ལ་གལ་ཏེ་བདག་ཅེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་ཐམས་ཅད་མཚམ་སྟེ། ཐམས་ཅད་མཛེས་སོ་ཞེས་བྱ་བའི་དོན་ཏོ། །མངོན་པར་འདོད་པ་གྲུབ་པའི་ཕྱིར་རོ། །འོན་ཏེ་ཤེས་པའི་ཕྱོགས་ཡིན་ན་དེའི་ཚེ་ཐམས་ཅད་ཤིན་ཏུ་འབྲེལ་བར་དཀའ་ ་སྟེ། འདི་ལྟར་ངས་ཤེས་པར་གྱུར་ཏོ། །ངས་ད་ལྟར་རིག་གོ་ཞེས་ངོ་ཤེས་པའི་བྱེད་པ་པོ་གཅིག་ལ་བརྟེན་ནས་དེའི་བློ་གང་ཡིན་པ་འདི་འབྱུང་སྟེ། དེའི་ཡུལ་ཤེས་པའི་སྐད་ཅིག་ཡིན་པར་རྟོག་པ་ན། རེས་འགའ་འདས་པ་འམ། ཡང་ན་ད་ལྟར་ཏེ་ད་ལྟར་བྱུང་བའམ། གཉི་ག་འམ། འདས་པ་དང། ་ད་ལྟར་དག་གམ། ཡང་ན་རྒྱུན་ཡིན་ཞེས་བྱ་བ་ཕྱོགས་བཞིའོ། །དེ་ལ་དང་པོ་སྟེ་འདས་པའི་ཤེས་པའི་ཡུལ་ཉིད་དུ་རྟོག་པར་བྱེད་ན། ཤེས་པར་གྱུར་ཏོ་ཞེས་བྱ་བ་དེ་ལྟར་རྣམ་པར་ངེས་པ་འདི་རིགས་ཏེ། དེས་སྔར་ཤེས་པའི་ཕྱིར་རོ། །ད་ལྟར་ཤེས་སོ་ཞེས་བྱ་བ་འདི་མི་རིགས་ཏེ། འདས ་པའི་ཤེས་པའི་སྐད་ཅིག་འདི་ན་ད་ལྟར་ཏེ། ད་ལྟར་བྱུང་བའི་དུས་ན་རིག་པ་མ་ཡིན་ཏེ། དེ་ནི་སྔར་འགགས་ཟིན་པའི་ཕྱིར་རོ། །ཅི་སྟེ་ད་ལྟར་ཡུལ་ཡིན་ནོ་ཞེས་བྱ་བའི་ཕྱོགས་གཉིས་པ་དེའི་ཚེ། ངས་རིག་གོ་ཞེས་བྱ་བ་འདི་རིགས་ཏེ། ད་ལྟར་དེ་རིག་པ་བྱེད་པའི་ཕྱིར་རོ། །ཤེས་པར་འགྱུར་ཞེས་བྱ ་བ་དེ་ལྟ་བུའི་རྣམ་པར་འཛིན་པར་ནི་མི་རིགས་སོ། །གང་ཕྱིར་འདི་ནི་སྔར་ཡོད་མིན་འདི་ནི་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ཤེས་པའི། །དེ་ཉིད་ཀྱི་ཕྱིར་བློ་འདི་སྒོ་གཉིས་ནས་འཇུག་པའི་ཕྱིར་འདས་པ་དང། ད་ལྟར་བའི་ཤེས་པ་གཉིས་མ་བཟུང་ངོ་ཞེས་བྱ་བར་རིགས་སོ། །ད་ལྟར་དང་འདས་པ་གཉིས ་ཀའི་ཤེས་པའི་སྐད་ཅིག་ཤེས་པར་གྱུར་པ་མ་ཡིན་ལ། ད་ལྟར་ཤེས་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཤེས་པར་གྱུར་པ་གཅིག་ལ། གཞན་ནི་ཤེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུན་ཡང་བློ་དེ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་ཏེ། གཉིས་པ་སྟེ་འདས་པ་དང་ད་ལྟར་གྱི ་ཤེས་པའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །འདི་ལྟར་རྒྱུན་འདི་སྔར་ཤེས་པར་གྱུར་པ་མ་ཡིན་ཞིང། ད་ལྟར་ཤེས་པ་ཡང་མ་ཡིན་ཏེ། དེ་ནི་བརྟགས་པ་ཉིད་ཀྱིས་དངོས་པོ་མ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པའི་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཆོས་ཡིན་པའི ་ཕྱིར་རོ། །དེ་ལྟ་བས་ན་ཇི་སྐད་དུ་བཤད་པའི་ཤེས་པའི་མ་གཏོགས་པར་ཡུལ་གང་ལ་ང་རྒྱལ་འདི་འཇུག་པ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཅི་སྡེ་འདི་དག་ཤེས་པའི་ངོ་བོར་ཇི་ལྟར་འགྲུབ་ཅེ་ན། འདས་པའི་ང་རྒྱལ་གྱི་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་ཞིག་ངའི་ཤེས་པར་རྟོགས་པར་བྱ་བ་དེ་ནི་ད་དུང་ཡང་འཇུག་པ་ཡིན་ཏེ། དཔེར་ན་ད་ལྟར་བའི་རྟོགས་པ་བཞིན་ནོ། །འདས་པའི་ང་རྒྱལ་གྱི་ཡུལ་རྟོགས་པ་ཡང་ངའི་ཤེས་པས་རྟོག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི ་གཏན་ཚིགས་སོ། །རྣམ་པ་གཅིག་དུ་ན་གང་ཞིག་ཤེས་པ་པོ་ཡིན་པ་འམ། ངའི་ཤེས་པས་གཟུང་བར་བྱ་བ་ཡིན་ཏེ། ཁར་ཚང་གི་ཤེས་པ་པོ་བཞིན་ནོ། །ད་ལྟར་བའི་བློ་འདི་ཡང་ཤེས་པ་པོ་དང། ངའི་ཤེས་པས་རྟོགས་པར་བྱ་བ་བཞིན་ནོ་ཞེས་བྱ་བ ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ཞེས་བྱ་བ་ནི་ད་ལྟར་བའི་རྟོགས་པའོ། །དེ་ཉིད་ལས་སམ་ཞེས་བྱ་བ་ནི། ངའི་ཤེས་པར་རྟོགས་པར་བྱ་བའི་ཕྱིར་རོ། །ད་ལྟར་ཤེས་པ་པོ་ཆོས་ཅན་དུ་བྱས་ནས་སྦྱོར་བ་གཉིས་བསྟན་ཏོ། །ད་ནི་ངའོ་ཤེས་པ་བསྒྲུབ་པར་བྱ་བའི ་ཆོས་ཅན་དུ་བྱས་ནས་སྦྱོར་བ་གཞན་བསྟན་པའི་ཕྱིར། ཤེས་པ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་འདས་པ་དང། ད་ལྟར་གྱི་ངའི་ཤེས་པ་བསྒྲུབ་བྱ་སྟེ། བསྒྲུབ་བྱའི་ཆོས་ཅན་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རྒྱུད་གཅིག་དང་འབྲེལ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁར་ཚང་དང་ནི་དི་རིང་ཡོད་པ་ཀུན་གྱི་ངའི་ཤེས་པ་ཞེས་བྱ་བ་འདི་ནི་བསྒྲུབ་བྱའི་ཆོས་ཅན་སྟོན་པའོ། །དོན་མཚུངས་ཅན་ཞེས་བྱ་བ་ནི་བསྒྲུབ་བྱའི་ཆོས་ཏེ། ཡུལ་གཅིག་པ་ཅན་ཞེས་བྱ་བའི་དོན་ཏོ། །ལྷས་བྱིན་ལ་སོགས་པའི་རྒྱུད ་གཅིག་དང་འབྲེལ་པའི་ཤེས་པ་པའི་དོན་བདུན་པ་དེར་རམ། དེའི་ངའི་ཤེས་པ་གང་ཡིན་པ་དེ་དག་ནི་བརྒྱུད་གཅིག་དང་འབྲེལ་བའི་ཤེས་པ་པོའི་ངའི་ཤེས་པའོ། །དེའི་དངོས་པོ་ནི་དེ་ཉིད་ནི། དེ་ཡང་གཏན་ཚིགས་སྟོན་པའོ། །ངའི་ཤེས་པ་ཉིད་ཙམ ་ནི་སྐྱེས་གཞན་གྱི་ང་རྒྱལ་ལ་འཇུག་པས་དེའི་ཕྱིར་མ་ངེས་པ་སྤངས་པའི་ས་ཕྱོགས་དོན་དུ་རྒྱུད་གཅིག་དང་འབྲེལ་པའི་ཤེས་པ་པོའི་ཡུལ་ཉིད་གཏན་ཚིགས་ཀྱི་བྱེད་པར་དུ་བྱས་སོ། །བློ་གཅིག་བཞིན་ཞེས་བྱ་བ་ནི་དཔེ་སྟེ། ངའི་ཤེས་པ་དེ་དག་ཉིད་ཀྱི ་ནད་ནས་བློ་གཅིག་ཏུ་བརྗོད་པར་འདོད་པ་བཞིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པས་ཕྱོགས་ཕྱི་མ་རྩོམ་པར་བྱེད་དོ། །གལ་ཏེ་རྟག་པ་དང་གཅིག་པུའི་ངོ་བོ་སེམས་པ་ཅན་ཁས་ལེན་པར་བྱེད་ན། དེའི་ཚེ་བློ་ཡང་སེམས་པ་ཅན་གྱི་ངོ་བོ ་ལས་ཐ་མི་དད་པའི་ཕྱིར་དང་རྟག་པ་དང་གཅིག་པུའི་ངོ་བོར་འགྱུར་རོ། །དེ་ལྟར་ཡང་མི་འདོད་དེ། དེའི་ཕྱིར་དམ་བཅའ་བ་ཁས་བླངས་པ་དང་འགལ་བ་ཡིན་ནོ། །འདི་ལྟར་བཤད་སྦྱར་བྱེད་པས། དེ་ནི་སྐད་ཅིག་མ་ཡིན་ཏེ། བློ་གཞན་གྱི་དུས་ན་མི་གནས་སོ་ཞེས ་བཤད་དོ། །དེ་བཞིན་རྒྱལ་དཔོག་པས་ཀྱང་ཡོད་པ་དང་འབྲེལ་པ་ཅན་སྐྱེས་བུའི་དབང་པོའི་བློ་སྐྱེ་བ་དེ་ནི་མངོན་སུམ་མོ་ཞེས་བཤད་དེ། རྟག་པ་ཉིད་ཡིན་ན་སྐྱེ་བར་མི་རུང་བའི་ཕྱིར་རོ། །གཞོན་ནུ་མ་ལེན་གྱི་ཡང་རང་གི་ཚིག་དང་འགལ་བ་ཡིན་ཏེ། ཇི་སྐད་དུ་དེ་ཉིད་ཀྱིས། གང ་གིས་ཕྱི་ནས་དོན་འཛིན་པར། །དབང་པོ་བཞིན་དུ་བྱེ་བ་བྱེད་པ། །དེ་ནི་སྐད་ཅིག་ཀྱང་འདོད་ལ། །ཚད་མ་མེད་པར་སྐྱེ་བ་མིན། །ཞེས་བཤད་དོ། །བློ་གཅིག་ཡིན་པའི་ཕྱིར། ཚད་མ་དྲུག་ཁས་བླངས་པ་དང་འགལ་ལོ། །དེ་བཞིན་དུ་མངོན་སུམ་དང་འགལ་བ་ཡང་ཡིན་ཏེ། བར་མེད ་པར་སྒྲོ་འདོགས་པ་རྣམ་པ་དུ་མ་སེམས་པ་ཅན་སྐྱེ་བ་དང་འཇིག་པ་དང་འགྲེལ་བའི་བློ་རྣམས་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བའི་ཕྱིར་རོ། །གཞོན་ནུ་མ་ལེན་གྱིས་འགལ་བའི་ཕུང་པོ་འདི་ཐམས་ཅད་མཐོང་ནས། བློ་དག་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། བློ་རྣམས་དང་སྐྱེས་བུ་ནི་རྟག་པ་ཉིད་དང་གཅིག་པ་ཉིད་དུ་འདོད་དེ། ཅིའི་ཕྱིར་ཞེ་ན། སེམས་པ་ཅན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེས་བུ་ནི་བློའི་མཚན་ཉིད་ཀྱིས་སེམས་པ་ཅན་གྱི་རང་བཞིན་ཡིན་པའི་ཕྱིར། ཁོ་བོ་ཅག་སྟེ། ངེད ་ཀྱི་ལུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་གཟུགས་ཀྱི་བློ་རོའི་བློ་ཞེས་བྱ་བ་ལ་སོགས་པ་ཐ་དད་དུ་རྟོགས་པར་འགྱུར་ཞེ་ན། ཡུལ་རྟེན་ཐ་དད་ཡིན་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་ནའི་སྒྲ་ནི་གཞན་གྱི་ལུགས་ཁས་ལེན་པ་སྟེ། ་གལ་ཏེ་དེ་ལྟར་རྟོག་ན་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་གལ་ཏེ་བློ་རྟག་པ་དང་གཅིག་པུ་ཡིན་ན། དེའི་ཚེ་ཅིའི་ཕྱིར་གཟུགས་ལ་སོགས་པའི་ཡུལ་རིམ་གྱིས་རྟོག་པར་འགྱུར་གང་གི་ཕྱིར་ཅིག་ཅར་ཁོ་ནར་རྟོགས་པར་འགྱུར་ཏེ། ་ཁྱད་པར་མེད་པའི་ཕྱིར་སྙམ་དུ་སེམས་ན། དཔེར་ན་རང་གི་ངོ་བོས་མེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མེ་རྟག་ཏུ་སྲེག་པའི་བདག་ཉིད་ཡིན་པར་གྲགས་ན་ཡང། ཐམས་ཅད་ཐམས་ཅད་ཀྱི་ཚེ་སྲེག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཉེ་བ་སྟེ ་བསྙན་པ་ཁོ་ན་སྲེག་གོ་།དེ་ལ་ཡང་བསྲེག་པར་བྱ་བ་ཁོ་ན་སྲེག་པར་ནུས་པ་དེ་ཁོ་ནས་སྲེག་གི་།སྤྲིན་ལ་སོགས་པ་ནི་མ་ཡིན་པའི་ཕྱིར་བསྲེག་བྱ་ཞེས་སྨོས་སོ། །དཔེར་ན་མེ་ལོང་ཞེས་བྱ་བ་ལ་སོགས་པས་དཔེ་གཞན་བཤད་པ་ཡིན་ཏེ། དྲི་མ་ཅན ་ལ་གཟུགས་བརྙན་སྣང་བ་མེད་པའི་ཕྱིར་རོ། །དད་པ་ཞེས་བྱ་བ་སྨོས་སོ། །ཉེར་བཞག་པ་ཞེས་བྱ་བ་ནི་དྲུང་དུ་བཞག་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་དོན་ལ་ཉེ་བར་བསྟན་པ་ཡིན་ནོ། །སྐྱེས་བུ་ཁྱབ་པར་བྱེད་པ་ཡིན་མོད་ཀྱི་འོན་ཀྱང་མ་མཐོང་བའི ་དབང་གིས་ལུས་འདི་ཉིད་ལ་འཇུག་པ་ན་མིག་ལ་སོགས་པའི་དབང་པོས་བྱས་པའི་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །སེམས་པ་ཅན་གང་ཡིན་པ་དེ་ཉིད་ཁོ་བོ་ཅག་གི་བློ་སྟེ། བློ་གྲོས་ཡིན་གྱི་གྲངས ་ཅན་གྱི་བཞིན་དུ་སེམས་པ་ཅན་ལས་ཐ་དད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟེ་ན་ཇི་ལྟར་འདིའི་བློ་འཇིགས་པ་ཞེས་བྱ་བར་འགྲུབ་པར་འགྱུར་ཞེས་བྱ་བ་འདི་དོགས་པར་བྱས་ནས་བཤད་པ། དེའི་ཕྱིར་དབང་པོའི་ཞེས་བྱ་བ་ལ་སོགས་པས་རྒྱུ་སྟོན ་པ་ཉིད་ཉེ་བར་བསྟན་པ་ན་བློ་འཇིག་པ་ཉིད་སྒྲུབ་པར་བྱེད་དོ། །དབང་པོ་སྟེ་གཟུགས་ལ་སོགས་པའི་ཡུལ་ཐོབ་པར་བྱེད་པ་མིག་ལ་སོགས་པའོ། །དེ་དག་གི་རྩོམ་པ་ནི་བྱ་བ་སྟེ། དེ་འཇིག་ཕྱིར་ཏེ། རྣམ་པར་འཇིག་པའི་ཕྱིར། བློ་འཇིག ་པར་མངོན་གྱི། འདི་རང་ལས་འཇིག་པ་ནི་མ་ཡིན་ནོ། །གལ་ཏེ་རང་ལས་འཇིག་པ་མ་ཡིན་ན། །དེའི་ཚེ་འོ་ན་དོན་ཐམས་ཅད་རྟོག་པར་འགྱུར་རོ་ཞེས་བྱ་བའི་ཀླན་ཀའི་གནས་སྐབས་དེ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར། དཔེར་ན་རྟག་ཏུ་སྲེག་བྱེད་མེ། ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་བློ་ན་རྟག་ཏུ་དོན་ཐམས་ཅད་དམིགས་པ་མ་ཡིན་ཏེ། དུས་ཐམས་ཅད་དུ་མི་ཉེ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་འདིའི་བློ་རྟག་པ་ཉིད་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ ་ཞེས་བྱ་བ་ནི་ངག་ཉེ་བར་དགོང་པའོ། །རྟགས་པའི་བདག་ཉིད་ཡིན་པས་བློ་བློ་ཞེས་བྱ་བར་ངོ་ཤེས་པར་བྱ་བ་ཡིན་པའི་ཕྱིར་སྒྲ་བཞིན་དུ་བློ་རྟགས་པ་ཡིན་ནོ། །གལ་ཏེ་ད་ལྟ་ན་འདི་ནི་གླང་པོ་ཆེའི་བློ། ཤིང་རྟའི་བློའི་ཞེས་བྱ་བ། བློ་རྣམས་མཚན་ཉིད་མི་མཐུན་པའོ། །འདི་ཅི་སྟེ ་འཇིག་རྟེན་ན་རྟོགས་པ་གཞན་དུ་གྱུར་ཞེ་ན། བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དབྱེ་བས་ཞེས་བྱ་བ་ནི། གླང་པོ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །འདི་ཉིད་ཐ་དད་པའི་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །དོན་ཐ་དད་པའི་རྗེས་འབྲང་བས ་ཞེས་བྱ་བ་ནི་རྟོགས་པ་པོ་རྣམས་ཀྱིས་སོ། །འདིས་ནི་བློའི་བློ་ཐ་དད་པ་ནི་རྗེས་སུ་འགྲོ་བ་ལྡོག་པ་དག་གི་དོན་ཐ་དད་པ་ཉིད་ཀྱིས་བྱས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། ངོ་ཤེས་པ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་བྱ་བའི་དོན་ཏོ། །འོན་ཏེ་གླང་པོ་ཞེས ་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་བློ་ཐ་དད་པ་དོན་ཐ་དད་པས་བྱས་པ་ཁོ་ན་ཡིན་ན། དེའི་ཚེ་གང་དག་གླང་པོ་ལ་སོགས་པས་སྟོང་པའི་སར་རིམ་གྱིས་རྡ་དང་གླང་པོ་ལ་སོགས་པ་མི་གནས་པའི་སྒྲོ་འདོགས་པར་བྱེད་པའི་ཤེས་པ་རྣམས ་འཇུག་པ་དེ་དག་ལ་ཐ་དད་པར་རྟོགས་པ་ཅི་ལ་བརྟེན་པར་འགྱུར་ཐ་དད་པ་རྣམ་པར་བཞག་པའི་རྟེན་འགའ་ཡང་ཡོད་པ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་རང་ལས་ཐ་དད་པ་ཡོད་པ་མ་ཡིན་ཏེ། བློ་ཐམས་ཅད་གཅིག ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཁྱད་པར་དུ་བྱེད་པར་འགྱུར་བའི་ཡུལ་སྣ་ཚོགས་པའི་ཕྱིར་ཡང་མ་ཡིན་ཏེ། དེར་ཁྱད་པར་དུ་བྱེད་པའི་དོན་འགའ་ཡང་མེད་པའི་ཕྱིར་རོ། །འདི་སྙམ་དུ་དོན་གྱིས་སྟོང་པ་ཉིད་མ་གྲུབ་སྟེ། དེ་སྐད་དུ་ཡང ་གཞོན་ནུ་མ་ལེན་གྱིས། རྨི་ལམ་ལ་སོགས་ཤེས་པ་ལ། །ཕྱི་རོལ་རྣམ་ཀུན་མེད་མི་འདོད། །ཡུལ་དུས་གཞན་གྱི་བདག་ཉིད་ཅན། །ཕྱི་རོལ་ཀུན་ལ་དམིགས་པ་ཡིན་ཞེས་བཤད་དོ། །ཞེས་བྱ་བ་དེའི་དོགས་པ་བསུ་བ་ནི། གལ་ཏེ་ཡུལ་ལ་སོགས་གཞན ་ཡོད་པའི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་ཡིན་ཞེས་བྱ་བ་ནི་བློ་རྣམ་པར་བཞག་པ་ལ། རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་དང་དུས་རྣམ་པ་གཞན་གྱི་བདག་ཉིད་དེ། རྣམ་པ་གཞན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན ་ཡུལ་དང་དུས་དག་གི་སམ་གཞན་གྱི་བདག་ཉིད་ག་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འོན་ཏེ་དེ་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ནོ། །ཡུལ་གང་ལ་རིམ་པ་གང་གིས་སྒྲོ་འདོགས་པའི་བསལ་བ་དེ་དག་སྣང་བ་དེའི་ཚེ། ཡུལ་དེ་དང ་ཡུལ་གཞན་དང་དུས་གཞན་གནས་པ་རྣམས་འབྲེལ་བ་མེད་པ་ཉིད་མ་ཡིན་ཞིང། དེ་བཞིན་དུ་རིམ་པ་དེས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་འདོད་པས་སྒྲོ་བཏགས་པའི་ངོ་བོ་དེས་སྣང་གི་།གཞན་ངོ་བོ་གཞན་གྱི་སྣང་བར་ནི་རིགས་པ་མ་ཡིན་ཏེ། ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ཐམས་ཅད་ཤེས་པ་ཐམས་ཅད་ཀྱི་ཡུལ་དུ་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་སོ་སོར་ངེས་པའི་དོན་གྱི་རྣམ་པར་བཞག་པ་ཆད་པ་ཁོ་ནར་འགྱུར་རོ། །གཞན་ཡང་ཁྱེད་ཅག་སྤྱོད་པའི་ལྕགས་ཀྱིས་སྣང་བཞིན ་པའི་རྣམ་པ་དེ་ནི་བློ་མ་ཡིན་གྱི། འོན་ཀྱང་འདི་ཕྱི་རོལ་གྱི་དོན་གྱི་རང་བཞིན་དུ་བརྗོད་དོ། །རྣམ་པ་དང་ལྡན་པ་ནི་ཕྱི་རོལ་གྱི་དོན་ཡིན་ལ། བློ་ནི་རྣམ་པ་མེད་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་ན་དེ་ལས་ཅིར་འགྱུར་ཞེ་ན། བརྗོད་པར་འདོད་པའི་ཡུལ་ནི། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་འདོད་པའི་ཡུལ་ནི་གང་དུ་སྒྲོ་བཏགས་པར་བྱས་པ་སྟེ། དེ་ལྟ་བས་ན་ཡུལ་དང་དུས་གང་དང་འབྲེལ་བ་གླང་པོ་ལ་སོགས་པ་དེ་དག་ཡུལ་དེ་དང་འབྲེལ་པ་ཉིད་དུ་སྣང་བ་ཡིན་ན། རང་དང་བྲེལ་བའི་ཡུལ་དང་དུས་གཞན་དུ་ཅིའི ་ཕྱིར་སྣང། དེ་ལྟ་བས་ན་ཤེས་པ་དེ་དག་ནི་དོན་དམ་པར་མ་འདྲེས་པའི་རང་བཞིན་དང་གཡོ་བའི་བདག་ཉིད་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར་ཞེས་བྱ་བར་གྲུབ་པོ། །དེའི་རང་བཞིན་གྱི་སྐྱེས་བུ་ཡང་དུ་མ་ཉིད་དང། མི་རྟག་པ་ཉིད་དུ་གྲུབ་པོ། །འདི་སྙམ་དུ་ཤེས་པ་ནི་སྐྱེས་བུ་དེ ་ཡི་ཆོས་ཡིན་ལ། དེས་ན་དེ་ཐ་དད་ན་ཡང་སྐྱེས་བུ་ཐ་དད་པ་མ་ཡིན་ཏེ། དེ་ནི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་འདོད་ན། དེ་ནི་མི་རིགས་ཏེ། རྟོགས་པ་དང། སེམས་པ་ཅན་དང། བློ་དང། ཤེས་པ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་པའི་ཕྱིར། །མིང་ཐ་དད་པ་ཙམ ་ཉིད་ཀྱིས་དངོས་པོ་རྣམས་རང་བཞིན་ཐ་དད་པ་ནི་མ་ཡིན་ནོ། །གཞན་ཡང་མི་ཐ་མི་དད་ན་ཡང་ཤེས་པ་དེ་དག་གི་སེམས་པ་ཅན་གྱི་བདག་ཉིད་གཅིག་རྗེས་སུ་འགྲོ་བའི་ངོ་བོར་འདོད་པ་ཁོ་ནའོ། །སེམས་པ་ཅན་དེ་ཐ་མི་དད་པ་ན་དེའི་རང་བཞིན་གྱི་ཤེས ་པ་རྣམས་ཀྱང་ཆ་མེད་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་འགལ་བའི་ཆོས་དང་ལྡན་པའི་ཕྱིར་གཅིག་ཏུ་ཐ་དད་པར་ཁོ་ནར་འགྱུར་རོ། །ཤེས་པ་དམིགས་པ་མེད་པར་བསྟན་པ་འདི་ཉིད་ཀྱིས་བློ་མངོན་སུམ་མ་ཡིན་པ་ཡང་སུན་ཕྱུང་བ་ཡིན ་ཏེ། འདི་ལྟར་ཡོངས་སུ་གསལ་བའི་རྣམ་པ་དེ་ནི་ཕྱི་རོལ་མ་ཡིན་པར་བསྒྲུབ་པ་ཡིན་ནོ། །།དེ་ལྟ་ཡིན་དང་དེ་ལྟར་ཡོངས་སུ་གསལ་བའི་རྣམ་པ་དེའི་བདག་ཉིད་དུ་གྱུར་པ་ཉིད་དུ་རྟོགས་པ་ན་རང་ཉིད་གསལ་བའི ་ངོ་བོ་ཉིད་ཡིན་པའི་ཕྱིར་བློ་རྣམས་རང་རིག་པའི་ངོ་བོར་གྱུར་པ་ཡིན་ནོ། །གང་ཡང་དཔེར་ན་རང་གི་ངོ་བོས་མེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ། དེ་སུན་དབྱུང་བའི་ཕྱིར་འདི་ཉིད་དུ་ཉེ་བར་བསྲེག་པ་བསྟན་པ་ནི། ་གལ་ཏེ་བློ་ནི་རྟག་གནས་དང་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་བློའི་གནས་སྐབས་དོན་ཐམས་ཅད་རྟོགས་པའི་ངོ་བོ་དང་རྟག་ཏུ་བ་ཡིན་ན། དེའི་ཚེ་དོན་ཐམས་ཅད་ཐམས་ཅད་དུ་རིག་པར་ཐལ་པར་འགྱུར་བར་རོ། །ཇི་ལྟར་ཞེ་ན། བློ་ནི་སྒྲའི་ཡུལ་ཅན་གང། །ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྒྲའི་ཡུལ་སྒྲའི་རྣམ་པ་ཅན་གང་ཡིན་པ་དེ་ཉིད་རོ་དང་གཟུགས་ལ་སོགས་པའི་ཡུལ་ཅན་ཡིན་གྱི་གཞན་གྱི་མ་ཡིན་ནོ། །དེ་ལྟ་ཡིན་དང་དོན་གཅིག་ཉམས་སུ་མྱོང་བའི་དུས་ན་དོན་ཐམས་ཅད་ཉམས་སུ་མྱོང་བར་ཐལ་འགྱུར་ཏེ། དེ་ལྟར ་དམིགས་པའི་བདག་ཉིད་ཀྱི་བློ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །གང་ཡང་བློ་གཅིག་གིས་ནི་དུ་མ་ཡིན། །རྣམ་ཤེས་དེ་ནི་གཅིག་ཅར་ཉིད། །ཁྱད་པར་མེད་ཕྱིར་རིམ་གྱིས་ཀྱང། །མི་འགྱུར་ཏེ་ཁྱད་མེད་ཕྱིར་རོ། །ཞེས་བཤད་དོ། །མིན་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་སྒྲའི་ཡུལ་ཅན་གྱི ་བློ་དེ་ཉིད་ཀྱི་རོ་ལ་སོགས་པའི་སྤྱོད་ཡུལ་ཅན་དུ་ཁས་ལེན་པར་མི་བྱེད་ན། །དེ་ལྟ་ན་བློ་རྣམས་ཀྱི་ཐ་དད་ཁྱོད་ཀྱི་རང་གི་ཚིག་ཉིད་ཀྱིས་བསྟན་པར་འགྱུར་རོ། །མེ་དཔེར་བྱས་པ་ཉིད་གང་ཡིན་པ་དེ་ཡང་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར་རོ། །མེ་ཡང་བསྲེག་པ་མ་ལུས་པའི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། བསྲེག་པར་བྱ་བ་ཐམས་ཅད་སྲེག་པའི་རང་བཞིན་གྱིས་སྲེག་པར་བྱེད་པ་རྟག་ཏུ་གནས་པ་ན་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་བསྲེག་བྱ་མཛའ་དག་ཐལ་བར་བྱས་པར་འགྱུར་ཏེ། སྲེག་པར་བྱེད་པ་འབར་བ་འབྲེལ་པའི་བསྲེག་པར་བྱ་བ་བཞིན་དུ་རང་སྲེག་པར་བྱེད ་པ་ཉིད་དུ་རྟག་ཏུ་ཉེ་བའི་ཕྱིར་རོ། །ཡང་གི་སྒྲས་ནི་བློ་དོ། ཐམས་ཅད་རྟོགས་པའི་རང་བཞིན་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཅེས་སྟོན་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་མེ་རྟག་ཏུ་སྲེག་པར་བྱེད་པའི་བདག་ཉིད་དུ་མི་འགྱུར་ན་འོ་ན་ཇི་ལྟར་དོན་ཉེ་བ་ཡང་སྲེག་པར་བྱེད ་ཅེ་ན། བསྲེག་པར་བྱ་དོན་ཉེ་ཉིད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་པའི་དོན་ཁས་བླངས་པ་ན། དོན་ཐམས་ཅད་ཅིག་ཅར་སྲེག་པར་ཐལ་པར་འགྱུར་ཏེ། ཐལ་པར་འགྱུར་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏེ། ། ་གང་ཡང་དཔེར་ན་མེ་ལོང་དང་བ་འམ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། མེ་ལོང་ལ་སོགས་པ་དེ་ཡང་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་ན། མི་རིགས་སོ་ཞེས་བསྟན་པའི་ཕྱིར། ཨུཏཔ་ལ་སྔོན་པོ་སོགས་འབྲེལ་ལས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས ་དང་མེ་ལོང་ལ་སོགས་པ་སྐད་ཅིག་རེ་རེར་འཇིག་པ་ཡིན་ན། ཨུཏཔ་ལ་སྔོན་པོ་ལ་སོགས་པ་དང་ཕྲད་པས་ཕྱིན་ཅི་ལོག་པའི་ཤེས་པ་སྐྱེ་བའི་བདག་ཉིད་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་སྐད་ཅིག་མ་མ་ཡིན་པ་དེའི་གཟུགས་བརྙན་འཛིན་པར་འགྱུར་ན། ་དེའི་ཚེ་ཉེ་བར་བསྒྱུར་བ་དང་བཅས་པའི་གནས་སྐབས་གང་ཡིན་པ་དེ་ཁོ་ན་དེ་ཉེ་བར་བསྒྱུར་བ་མེད་པའི་གནས་སྐབས་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པའི་ཉེ་བར་བསྒྱུར་བ་དང་བྲལ་པ་ལ ་ཡང་སྔོན་པོ་ལ་སོགས་པའི་གཟུགས་བརྙན་ཡང་དག་པར་དམིགས་པར་འགྱུར་ཏེ། སྔོན་གྱི་ངོ་བོ་ཡོངས་སུ་མ་བཏང་བའི་ཕྱིར་རོ། །ཡང་ན་ཉེ་བར་བསྒྱུར་བའི་གནས་སྐབས་ན་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་དང་བྲལ་བར་མཐོང་བར་འགྱུར་ཏེ། སྔར་གྱི་ངོ་བོ ་དང་ཁྱད་པར་མེད་པའི་ཕྱིར་རོ། །འདིས་ནི་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་སྤྱིར་ཤེལ་དང་མེ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་བརྙན་རྟོགས་པ་བསལ་བ་ཡིན་ནོ། །ང་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་བདག་གིས་ཕྱོགས་ལ་གཟུགས་བརྙན་རྟོགས ་པ་རེ་རེ་སེལ་བར་བྱེད་པ་ནི། བརྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །བརྟན་པའི་ཕྱིར་ཏེ། སྐད་ཅིག་མ་མ་ཡིན་པའི་ཕྱིར། སྔར་བཞིན་དུ་མེ་ལོང་གི་ངོས་ཀྱིས་གཟུགས་བརྙན་འཛིན་པ་མ་ཡིན་ནོ་ཞེས་འབྲེལ་ཏེ། སྐད་ཅིག་མ་མ་ཡིན་ན་ཡང་ཆ་མེད ་པའི་ཕྱིར་འཛིན་པ་མ་ཡིན་ཞེས་སྦྱར་བར་བྱའོ། །འདི་ལྟར་ཁྲོན་པའི་ནང་དུ་ཆུང་པའི་ཆུ་བཞིན་དུ་མེ་ལོང་གིས་ངོས་ལ་གཟུགས་བརྙན་ནང་དུ་ཆུད་པར་དམིགས་ན་མེ་ལོང་གིས་ངོས་ལ་བུ་ག་ཡོད་པ་མ་ཡིན་ཏེ། དབྱིབས་ཀྱི་ཡན་ལག་ཆས་པར ་མཚམས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་འཁྲུལ་པ་ཡིན་ནོ། །ཡང་ན་མེད་པ་ནི་སྔ་མ་དང་ཕྱི་མའི་གནས་སྐབས་སྣ་ཚོགས་པ་མེད་པ་སྟེ། འདི་ལ་རྒྱུ་ནི་བརྟན་པའི་ཕྱིར། །ཞེས་བྱ་བ་ཡིན་ནོ། །དེས་ན་དོན་འདི ་ཡིན་ཏེ། བརྟན་པ་ཉིད་ཀྱིས་ཆ་མེད་པའི་ཕྱིར་ཏེ། སྔ་མ་དང་ཕྱི་མའི་གནས་སྐབས་དང་བྲལ་བའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང་ལུས་ཅན་ལྷན་ཅིག་མི་གནས་ཕྱིར། །མེ་ལོང་ངོས་ཀྱི་གཟུགས་བརྙན་ངག་།འཛིན་པ་མ་ཡིན ་ཞེས་སྦྲེལ་བར་བྱའོ། །འདི་ལྟར་མེ་ལོང་གི་ངོས་ལ་ཡུལ་དེ་ཁོ་ནར་རི་ལ་སོགས་པའི་གཟུགས་བརྙན་དམིགས་ཏེ། ལུས་ཅན་གྱི་དངོས་པོ་རྣམས་ནི་ནམ་ཡང་ཡུལ་གཅིག་པ་ཉིད་དུ་མི་འགྱུར་ཏེ། བདག་ཉིད་གཅིག་ཏུ་ཐལ་བར་འགྱུར ་བའི་ཕྱིར་རོ། །འདི་ཡང་སྐད་ཅིག་མ་མོ་དང་སྐད་ཅིག་མ་མ་ཡིན་པའི་ཐུན་མོང་གི་སུན་འབྱིན་པ་ཡིན་ནོ། །ཤེལ་ལ་ཡང་ཡང་དག་པར་ཉེ་བར་བསྒྱུར་བའི་གཟུགས་བརྙན་རྟོག་པ་མ་ཡིན་ནོ་ཞེས་སྟོན་པ་ནི། ཟུར་གཉིས་ན་ནི་གནས་པས་ཀྱང། ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་ཁོ་ནའི་ཚེ་རྟགས་པ་པོ་མདུན་ན་གནས་པས་ཐང་གི་པདྨ་དང་ཕྲད་པས་ཤེལ་དམར་པོར་དམིགས་པ་ཁོ་ནའི་ཚེ་གང་དག་ཟུར་གཉིས་ན་གནས་པ་དེ་དག་གི་ཤེལ་རྡོ་མཛའ་དག་ཤིན་ཏུ་དཀར་བར་དམིགས་ཀྱི། ཆ་ཤས་ཀྱི ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གལ་ཏེ་དེའི་གཟུགས་བརྙན་འཛིན་པར་འགྱུར་བ་དེའི་ཚེ་མདུན་ན་གནས་པའི་སྐྱེས་བུ་བཞིན་དུ་ཟུར་གཉིས་ན་གནས་པའི་རྟོག་པ་པོ་དག་གིས་ཀྱི། དམར་པོར་སྣང་བར་འཛིན་པར་འགྱུར་རོ། །འདི་ཡང་སྐད་ཅིག་མ་དང་སྐད་ཅིག ་མ་མ་ཡིན་པ་དག་ལ་ཡང་ཐུན་མོང་བའི་སྐྱོན་ཡིན་ནོ། །གལ་ཏེ་གཟུགས་བརྙན་དེ་འཛིན་པ་ལ་སོགས་པས་ནི་སྐད་ཅིག་མ་ཡིན་པའི་ཕྱོགས་ཀྱི་སྐྱོན་བཤད་དེ། གལ་ཏེ་དོན་དམ་པར་ཤེལ་ལ་སོགས་པའི་ཡུལ་གྱི་གཟུགས་བརྙན་འཛིན་པར་འགྱུར་ན། དེའི་ཚེ་གོ ་རིམས་བཞིན་དུ་འབྱུང་བའི་ཡུལ་གྱི་གཟུགས་བརྙན་རྣམས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་གཅིག་གི་བདག་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་དེའི་ཚེ་བདག་ཉིད་ཀྱི་ཤེལ་ལ་སོགས་པ་ལས་ཡང། བསྒྱུར་བྱ་དང། སྒྱུར་བྱེད་ལ་སོ་སོའི་སྒྱུར་བྱེད་ཐ་དད་པར་ཐལ་བར ་འགྱུར་རོ། །གལ་ཏེ་ཡང་འདི་འཁྲུལ་པ་ཡིན་ནོ། །ཞེས་ཁས་ལེན་པར་བྱེད་ན་དེའི་ཚེ་འདི་ལ་ཉེས་པ་འདི་མེད་དོ་ཞེས་བཤད་པར་བྱེད་པའི་དོན་དུ་དེ་ཉིད་དུ་ཡོད་ན་ཞེས་སྨོས་སོ། །གང་གི་ཕྱིར་ཡང་དེ་ལྟར་ཕྱོགས་གཉིས་ཀ་ལ་ཡང་གཟུགས་བརྙན་འཛིན་པ་མི་འཐད ་དེ། དེ་ཕྱིར་འདི་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཤེལ་ལ་སོགས་པ་ཁོ་ན་ལ་འཁྲུལ་པ་དེར་འགྱུར་གྱི། རྩིག་པ་ལ་སོགས་པ་ལ་ནི་མ་ཡིན་ཞེ་ན། དེའི་ཕྱིར་བསམ་གྱིས་མི་ཁྱབ་པའི། །ནུས་པ་སྣ་ཚོགས་ཞེས་བྱ་བ ་སྨོས་ཏེ། སྣ་ཚོགས་ནི་རྣམ་པ་དུ་མ་བསམ་གྱིས་མི་ཁྱབ་པའི་ནུས་པ་དག་གང་དག་ལ་ཡོད་པ་དེ་དེ་སྐད་ཅེས་བྱའོ། །དངོས་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པ་ནི་བརྒལ་ཞིང་རྟག་པར་འོས་པ་མ་ཡིན་ཏེ། དེ་ནི་རང་གི་རྒྱུ་བརྒྱུད་པས་བྱས་པའི་ཕྱིར་རོ། །ཆ ་འདི་ལ་ཁྱེད་ཅག་དང་རྩོད་པ་མེད་དེ། ཇི་སྐད་དུ། མེ་ནི་སེག་བྱེད་ནམ་མཁའ་མིན། །འདི་ལ་བརྩད་དུ་ཅི་ཞིག་ཡོད། །ཅེས་བཤད་པ་ལྟ་བུའོ། །གལ་ཏེ་ལྟ་ན་འོ་ན་བློ་ལ་ཡང་ཡུལ་གྱི་གཟུགས་བརྙན་འཛིན་པ་འཁྲུལ་པ་ཡིན་མོད། གཟུགས་བརྙན་འཛིན ་པར་གྱུར་པ་ནི་མ་ཡིན་ནོ་ཞེ་ན། བློ་འཁྲུལ་ངོ་བོ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ལ་འཁྲུལ་པ་སྲིད་པར་རིགས་པ་མ་ཡིན་ཏེ། ཡང་གི་སྒྲས་ནི། གཟུགས་བརྙན་འཛིན་པར་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། ཐ་དད་པ ་དང་བྲལ་བའི་ཕྱིར་རོ། །ཤེལ་ལ་སོགས་པ་དག་ལ་ནི་འཁྲུལ་པར་རིགས་ཏེ། དེ་དག་ལས་ཐ་དད་པའི་འཁྲུལ་པའི་བློ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་བློ་ལ་འཁྲུལ་པའི་ངོ་བོའི་བློ་གཞན་ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་བློ་གཅིག་ཁོ་ནར་འདོད་དོ། །བློ་ནི་རང་ཉིད་ཀྱི་འཁྲུལ་པའི ་ངོ་བོར་སྐྱེའོ། །ཞེས་བརྗོད་པར་ཡང་མི་རིགས་ཏེ། བློ་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་ཡང་རྟག་པ་ཉིད་དང་གཅིག་པུ་ཉིད་བསྒྲུབ་པའི་དོན་དུ། དེ་ལ་རྟོགས་པའི་བདག་ཉིད་དུ། །བློ་ནི་ངོ་ཤེས་པར་བྱེད་དེ། །ཞེས ་སྨྲས་པ་དེ་ལ། རྟོགས་མེད་ངོ་བོ་ལས་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་ཤེས་པ་འདི་ནི་མ་ངེས་པ་ཡིན་ཏེ། འདི་ལྟར་རྟོགས་པ་མེད་པའི་ངོ་བོ་བུམ་པ་ལ་སོགས་པ་ལས་ལྡོག་པ་ཐ་དད་པས་སྒྲོ་བཏགས་ནས་བློ་ཐམས་ཅད་ནི་སྣ་ཚོགས་པ་ཡིན ་ན་ཡང་ངོ་ཤེས་པ་འཇུག་པ་འགལ་བ་མེད་པ་ཁོ་ནའོ། །གང་སྣ་ཚོགས་པ་ཉིད་ཡིན་པ་ངོ་ཤེས་པ་འདི་ནི་རིགས་མི་མཐུན་པ་ལས་ལྡོག་པའི་རྒྱུ་མཚན་གྱིས་བྱས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གདོན་མི་ཟ་བར་ཤེས་པར་བྱའོ། །སྣ་ཚོགས་ཉིད་མ་ཡིན་པ་ཁོ་ན་བྱ ་བ་ནི་མ་ཡིན་ནོ། །འདི་ལྟར་དམིགས་པ་མེད་པའི་སྒྲོ་བཏགས་པའི་བློ་ལ་དོན་ཐ་དད་པ་ལ་མི་བརྟེན་ན་ཡང་ངོ་མི་ཤེས་པ་ཡོད་པ་ཉིད་དོ། །དེ་ལ་གང་ཁོ་ན་ལ་གླང་པོའི་བློ་འགྱུར་བ་དེ་ཉིད་ལ་རྟ་དང་ཤིང་རྟའི་བློར་འགྱུར་བ་དེ་ལྟ་བུ་ནི་ཡོད་པ་མ་ཡིན་ནོ། །བློ་འདི ་དག་ནི་དམིགས་པ་མེད་པ་ཡིན་ནོ། །ཞེས་བསྒྲུབ་ཟིན་པས་ཡང་མི་བརྗོད་དོ། །དེས་ན་ཡང་ཐ་དད་མི་བརྟེན་པར། ངོ་ཤེས་མེད་པ་ཡོད་མ་ཡིན། །ཞེས་སྨྲས་པ་དེ་ནི་མ་གྲུབ་པོ་ཞེས་གཟུང་བར་བྱའོ། །གཞན་ཡང་གལ་ཏེ་ཁྱེད་ཅག་གིས། རྟག་པ་དང ་གཅིག་པུའི་ངོ་བོའི་བདག་འདོད་པ་དེའི་ཚེ། བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་པར་མི་འགྱུར་རོ། །འོན་ཏེ་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་པ་ཁས་ལེན་ན། འོ་ན་འདི་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཁས་བླང་པ་མི་བྱའོ། །གཅིག ་ལ་ཐ་དད་པ་དང་ཐ་མི་དད་པ་ཕན་ཚུན་འགལ་བའི་རང་བཞིན་རིགས་པ་ནི་མ་ཡིན་ནོ། །རྩོད་པ་འདི་ཡང་བའི་དོན་དུ་གཞོན་ནུ་མ་ལེན་གྱིས་སྨྲས་པ། གང་ཡིན་པ་དེར་ཞིག་སུན་དབྱུང་བའི་ཕྱིར་བསྟན་པ་ནི། གནས་སྐབས་ཐ་དད་ཐ་དད་པས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པའི་གནས་སྐབས་རྣམས་ཀྱི་ཐ་དད་པ་སྟེ། སྣ་ཚོགས་པ་ཉིད་དེ། དེས་ན་ཐ་དད་པ་སྐྱེས་བུ་སྣ་ཚོགས་པ་ཉིད་དེ། དེས་སྟོང་ཞེས་བསྡུའོ། །གནས་སྐབས་སྣ་ཚོགས་པ་ཡིན་ན་ཡང་རང་བཞིན་གཅིག་གོ་ཞེས་བྱ་བའི ་དོན་ཏོ། །འདི་ལ་རྒྱུ། བརྟེན་པའི་བདག་ཉིད་ཅེས་བྱ་བ་སྨོས་ཏེ། བརྟན་པ་བརྟག་པའི་བདག་ཉིད་དེ་རང་བཞིན་གྱི་བདག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་གནས་སྐབས་ཐ་དད་པ་ནི་གནས་སྐབས་ཀྱི་ཁྱད་པར་ཏེ། བདེ་བ་ལ་སོགས་པའོ། །དེ་དག ་ལས་ཐ་གཅིག་ཏུ་ཐ་དད་པ་སྟེ་ལོགས་ཤིག་པའི་ངོ་བོ་དེས་སྟོང་པ་སྟེ་དེ་དང་ཐ་མི་དད་པ་ཡིན་ན་ཡང་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་བརྟགས་པ་དེ་ཅི་ཞིག་ཡིན་ཞེ་ན། བདེ་སྡུག་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་ཡིན་ན ་ཡང་ཞེས་བྱ་བ་ཤེས་པ་ཡིན་ན་ཡང་ངོ། །མི་ཞེས་བྱ་བ་ནི་བདག་གོ་།སེམས་ཅན་རྫས་ཡོད་ཉིད་སོགས་ལ་ཞེས་བྱ་བ་ལ། སོགས་པའི་སྒྲས་ཤེས་བྱ་ཉིད་དང་གཞལ་བྱ་ཉིད་དང་ཁྱེད་ངོ་བོ་ཉིད་དང་ཟ་བ་པོ་ཉིད་ལ་སོགས་པའི་སྤྱིའི་ཆོས་གཟུང་ངོ། །ཁྱད ་པར་གྱི་ཆོས་ཤིན་ཏུ་ཆད་པ་ཡང་མ་ཡིན་ཞེས་བསྟན་པའི་ཕྱིར། གནས་སྐབས་གཞན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་གནས་སྐབས་སོ། །གལ་ཏེ་དེ་ལྟ་ན་བདེ་བ་ལ་སོགས ་པའི་གནས་སྐབས་ན་ཡང་ཅིའི་ཕྱིར་སྡུག་བསྔལ་ལ་སོགས་པ་མི་མྱོང་ཞེ་ན། ཕྱི་མའི་རྗེས་སུ་མཐུན་བྱའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་ཉིད་ཀྱིས་གནས་སྐབས་ན་ཕྱིས་ཀྱི་སྡུག་བསྔལ་གྱི་གནས་སྐབས་མི ་འབྱུང་བས་དེའི་ཕྱིར། སེམས་པ་ཅན་དང་རྫས་ལ་སོགས་པའི་མཚན་ཉིད་ཅན་གནས་སྐབས་ཐམས་ཅད་དུ་རྗེས་སུ་འགྲོ་བའི་སྤྱིའི་བདག་ལ་དེ་ཐིམ་པ་ཡིན་ཏེ། ཕྱིས་ཀྱི་སྡུག་བསྔལ་གྱི་གནས་སྐབས་སྐྱེ་བ་དང་རྗེས་སུ་མཐུན་པར་འགྱུར་པས ་དེའི་དོན་དུ་དེ་དེ་ལ་ཐིམ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་གནས་སྐབས་གཞན་བཞིན་དུ་སྤྱིའི་བདག་ལ་ཡང་གནས་སྐབས་ཐིམ་པ་མི་རིགས་ཏེ། འགལ་བའི་ཕྱིར་རོ་ཞེས་དོགས་པ། གནས་སྐབས་རང་གི་ངོ་བོ་ཡིས། །ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། བདེ་བ་སྡུག་བསྔལ་ལ་སོགས་པའི་རང་གི་ངོ་བོས་གནས་སྐབས་རྣམས་ཕན་ཚུན་འགལ་བའི་ཕྱིར་ཕན་ཚུན་ཐིམ་པར་མི་རིགས་སོ། །གང་གིས་འདི་དེ་ལ་མི་འགྱུར་བ་གནས་སྐབས་ཅན་སྤྱིའི་བདག་ལ་ནི་ཐིམ་པ་ལ་འགལ་བ་ཅི་ཡོད། འདི་ལྟར་སྤྱིའི་བདག་འདི་གནས ་སྐབས་ཐམས་ཅད་དུ་འགལ་བ་མེད་པར་རྗེས་སུ་འཇུག་པར་མཐོང་སྟེ། གནས་སྐབས་ཐམས་ཅད་ལ་སེམས་པ་ཅན་ལ་སོགས་པ་དམིགས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་སྐྱེས་བུ་ལས་གནས་སྐབས་རྣམས་ངེས་པར ་ཐ་དད་མི་འདོད་ན། དེའི་ཚེ་དེ་དག་སྐྱེ་བ་དང་འཇིག་པ་ན་སྟེ། གནས་སྐབས་དེ་དག་སྐྱེ་བ་དང་འཇིག་པ་ཡིན་ན་སྐྱེས་བུ་འདི་ལ་ཡང་དེ་དག་སྟེ། སྐྱེ་བ་དང་འཇིག་པ་དག་ཏུ་འགྱུར་རོ། །གཅིག་ཏུ་ཞེས་བྱ་བའི་ཚིག་ནི་ཅུང་ཟད་ཐ་མི་དད་ཡིན་ཡང་གནས་སྐབས་བཞིན ་དུ་སྐྱེ་བ་དང་འཇིག་པར་ཐལ་བ་བཟློག་པར་དཀའ་ཨོ། །ཞེས་ཤེས་པར་བྱ་བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་མི་དད་པ་དེ་ནི་དེ་སྐྱེ་བ་དང་འཇིག་པ་ན་སྐྱེ་བ་དང་འཇིག་པ་དག་ཏུ་འགྱུར་ཏེ། དཔེར་ན་བདེ་བ་ལ་སོགས་པའི་རང་གི་ངོ་བོའི་དེ་དག་ཉིད་བཞིན་ནོ།། ་སྐྱེས་བུ་ལ་ཡང་བདེ་བ་ལ་སོགས་པ་དང་ཐ་མི་དད་པའི་རང་བཞིན་ཡིན་ནོ་ཞེས་བྱ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་འདི་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། འགལ་བའི་ཆོས་དང་ལྡན་ན་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། །གལ་ཏེ་གནས་སྐབས་དག་ཁོ་ན་སྐྱེ་བ ་དང་འཇིག་པ་ཡིན་གྱི་སྐྱེས་བུ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་སྐྱེ་བ་དང་མི་སྐྱེ་བའི་མཚན་ཉིད་འགལ་བའི་ཆོས་དང་ལྡན་པ་ཁས་ལེན་ན། དེའི་ཚེ་ཐ་དད་པར་ཐལ་བར་འགྱུར་ཏེ། དཔེར་ན་སྐྱེས་བུ་མང་པོ་རྣམས་ཀྱི་ཕན་ཚུན་རང་ཉིད་སོ་སོར་ངེས་པའི་བདག་ཉིད་ཀྱི ་རང་བཞིན་གྱིས་ཕན་ཚུན་ཐ་དད་པ་བཞིན་ནོ། །ཐ་དད་པའི་ཐ་སྙད་ཀྱི་རྒྱུ་མཚན་ནི་འདི་སྙམ་དུ་ཟད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྐྱེས་བུ་ཡང་དངོས་པོ་ལ་སོགས་པའི་ངོ་བོས་ཕན་ཚུན་ཐ་དད་པ་མེད་པས་དེའི་བསྒྲུབ་བྱ་མ་ཚང་བ་བཟློག་པའི་ཆེད་དུ་བདག་ཉིད་སོ་སོར ་ངེས་པའི་ནས་བྱ་བ་སྨོས་སོ། །བདག་ཉིད་སོ་སོར་ངེས་པའི་ངོ་བོའི་འདི་དག་ནི་ངེས་པར་ཐ་དད་པར་ཡིན་ཏེ། དེ་ལྟ་མ་ཡིན་ཉམས་སུ་མྱོང་བ་དང་དྲན་པ་ལ་སོགས་པ་སོ་སོར་ངེས་པ་མེད་པའི་ཕྱིར་རྣམ་པར་བཞག་པ་འཚོལ་བར་འགྱུར་རོ། །སྦྱོར་བ་ནི་གང་དང་གང་གྲུབ་པ་དང་བདེ་བ ་གཅིག་པ་མ་ཡིན་པ་དེ་ནི་དེ་དང་ལྷན་ཅིག་ཐ་མི་དད་པ་མ་ཡིན་ཏེ། དཔེར་ན་ཕན་ཚུན་སོ་སོར་ངེས་པའི་བདག་ཉིད་ཀྱི་ངོ་བོས་སྐྱེས་བུ་བཞིན་ནོ། །བདེ་བ་ལ་སོགས་པའི་གནས་སྐབས་ཀྱང་སྐྱེས་བུ་དང་ལྷན་ཅིག་གྲུབ་པ་དང་བདེ་བ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ ་མི་དམིགས་པའོ། །གང་ཡང་གནས་སྐབས་གཞན་ནི་སྐྱེ་འགྱུར་ཚེ། སྔ་མ་གཏན་དུ་འཇིག་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། གལ་ཏེ་ཁྱོད་ཀྱིས་སྐྱེས་བུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་གནས་སྐབས་ལ་ཐིམ་པ་ན་རང་གི་ངོ་བོ་ཉིད་ཀྱིས་སམ། གཞན ་གྱི་ངོ་བོས་ཐིམ་པ་ཡིན་གྲང། དེ་ལ་གལ་ཏེ་རང་གི་ངོ་བོས་ཡིན་ན་དེའི་ཚེ་བདེ་བ་ལ་སོགས་པ་འབྱུང་ན་ཡང་སྟེ། བདེ་བ་ལ་སོགས་པའི་གནས་སྐབས་ཉམས་སུ་མྱོང་བ་ན་ཡང་དེ་སྡུག་བསྔལ་ལ་སོགས་པར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་དམིགས་པའི ་མཚན་ཉིད་དུ་གྱུར་པའི་ཕྱིར་རོ། །འོ་ན་ཏེ་གཞན་གྱི་ངོ་བོས་ཞེས་བྱ་བའི་ཕྱོགས་ཡིན་ན། དེ་ལ་གཞན་གྱི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་སྐྱེས་བུ་ལ་སྡུག་བསྔལ་ལ་སོགས་པ་འཕོ་བ་དེའི་བདག་ཉིད་དུ་འདོད་དེ། དེ་ལྟ ་ཡིན་དང་སྡུག་བསྔལ་ལ་སོགས་པ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར་།བདག་དེ་སྐྱེས་ན་སྐྱེ་ལྡན་ཏེ། །སྐྱེ་བ་དང་ལྡན་པར་འགྱུར་རོ། །གང་ལ་སྐྱེས་བུ་བྱེད་པོ་ཟ་བོ་ནི། །གནས་སྐབས་ལ་མི་བརྟེན་ཞེས་སྨྲས་པ་དེ་ལ། གལ་ཏེ ་བྱེད་པ་པོ་ཟ་བ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱེད་པ་པོ་ཉིད་ལ་སོགས་པ་སྐྱེས་བུ་ཁོ་ན་ལ་བརྟེན་པར་གྱུར་ན། དེ་ནི་སྔ་མའི་ངོ་བོ་མ་བཏང་བའི་བདག་ལ་སྲིད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བྱེད་པ་པོ་དང་ཟ་བ་པོ་མ ་ཡིན་པའི་གནས་སྐབས་ཡོངས་སུ་མ་བཏང་བ་དེ་ནི་བྱེད་པ་མ་ཡིན་ལ། ཟ་བ་ཡང་མ་ཡིན་ཏེ། །དཔེར་ན་ནམ་མཁའ་བཞིན་ནོ། །སྐྱེས་བུ་ཡང་ཐམས་ཅད་དུ་བྱེད་པ་པོ་དང་ཟ་བ་པོ་མ་ཡིན་པའི་གནས་སྐབས་ཡོངས་སུ་མ་བཏང་བ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་བྱེད་འགའ་བ ་དམིགས་པའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། སྐྱེས་བུའི་བློ་ནི་སྐྱེ་བ་ནི། །གལ་ཏེ་འགྱུར་ན་མིག་ཉིད། །འོན་ཏེ་འགྱུར་བ་མ་ཡིན་ནོ། །བདག་གཞན་འཇལ་བྱེད་མི་རིགས་སོ། །ཞེས་བྱ་བ་གང་ཡིན་པ་འདི་བཤད་པ་ན་། ་དེ་ལ་གཞོན་ནུ་མ་ལེན་གྱིས། །མི་རྟག་སྒྲའི་བརྗོད་བྱ་ཉིད། །བདག་ནི་ཟློག་པར་བྱེད་པ་ཡིན། །རྣམ་པར་འགྱུར་བ་ཙམ་བརྗོད་ཕྱིར། །དེ་ཙམ་གྱིས་འདིས་ཆད་མི་འགྱུར། །ཞེས་སྨྲས་ཏེ། དེ་འདིར་འཇུག་པའི་ཐབས་ཀྱིས་སྐྱོན་བཤད་པའོ། །ད་སྟེ ་དེའི་ཕྱིར་རྟག་པའི་སྒྲའི་བརྗོད་བྱ་ཉིད་ཁོ་བོས་མ་བཟློག་སྟེ། རང་གི་ཉེ་བར་ལེན་པ་སྔོན་དུ་སོང་བའི་སྐད་ཅིག་རེ་རེར་འཇིག་པའི་སེམས་པ་ཅན་ནི་འཁོར་བ་ཇི་སྲིད་པར་རྒྱུ་མི་འཆད་པའི་ཕྱིར་རོ། །འོན་ཀྱང་རང་གི་ངོ་བོ་སྟེ། རང་བཞིན་འགྱུར་ལྡན་ཕྱིར་ཏེ། ངེས ་པ་སྔ་མའི་རང་བཞིན་ཡོངས་སུ་བཏང་ནས་རང་བཞིན་སྐྱེ་བའི་ཕྱིར་ཆད་པ་འདིའི་འཇིག་པ་གསལ་རབ་པ་ཉིད་དུ་འགྱུར་རོ། །གང་ཡང་སྤྲུལ་ལ་སོགས་པ་དཔེ་ཉིད་དུ་བླངས་པ་དེ་ཡང་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་དུ་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར་སྤྲུལ ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྐྱེས་བུ་བསྟན་པ་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར། གནས་སྐབས་གཞན་འབྱུང་བ་རིགས་པ་མ་ཡིན་པ་དེ་བཞིན་དུ་སྤྲུལ་ལ་ཡང་མི་རིགས་པ་ཡིན་ནོ། །གང་གིས་ཚེ་ཡང་འདི་སྐད་ཅིག་མ་འཇིག་པར་འགྱུར་བའི་ཚེ་གནས་སྐབས ་གཞན་འབྱུང་བ་རིགས་པ་ཡིན་ཏེ། གནས་སྐབས་གཞན་འབྱུང་བའི་མཚན་ཉིད་ནི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར་རོ། །གང་ཡང་ངས་རིག་ཅེས་བྱ་བའི་བདག་གི་བློས། ཤེས་པ་པོ་ཉིད་རྟོགས་པར་འགྱུར། ཞེས་སྨྲས་པ་དེ་ལ་མ་གྲུབ་པོ་ཞེས་བསྟན་པའི ་གནས་སྐབས་དམིགས་པ་མེད་པ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ང་རྒྱལ་འདི་ལ་ནི་གང་གིས་འདིའི་ཡུལ་ཤེས་པ་པོ་ཡིན་པར་འགྱུར་བ་དོན་དམ་པར་དམིགས་ཅུང་ཟད་ཡོད་པ་ཡང་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་འདི་སྐྱེ་བའི་རྒྱུ་མཚན་གང་ཡིན་ཞེ་ན། ་ཐོག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །དེའི་ས་བོན་ནི་བག་ཆགས་ཏེ། ནུས་པ་ཞེས་བྱ་བའི་དོན་ཏོ། །ཐོག་མ་མེད་པ་ཡང་དེ་ཡིན་ལ་སེམས་ཅན་དུ་ལྟ་བའི་ས་བོན་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱོར་རོ། །དེའི ་སྟོབས་ནི་བདག་པོའོ། །འགའ་ཞིག་ལ་ཞེས་བྱ་བ་ནི་ནང་གི་བདག་ཉིད་དུ་ངེས་པ་ཉིད་ཀྱི་སྐྱེ་མཆེད་དྲུག་པའོ། །འོན་ཏེ་ཅིའི་ཕྱིར་ཐམས་ཅད་དུ་མི་འཇུག་ཅེ་ན། འདུ་བྱེད་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ངོ་བོར་ངེས་བྱས་ལ་ཞེས་བྱ་བ་ནི། སྔ་མ་དང ་ཕྱི་མའི་དུས་སུ་འཇུག་པའི་ཤེས་པ་པོའི་ངོ་བོ་ངེས་པའི་ང་རྒྱལ་ལའོ། །ཀུན་ཏུ་ཞེས་བྱ་བ་ལ་ནི་རྒྱུད་གཞན་དང་ནུས་པ་ལ་སོགས་པ་རྣམས་ལའོ། །གཞན་ཡང་ང་རྒྱལ་གྱི་དམིགས་པ་བདག་ཡིན་ན་ཡང། ཅིའི་ཕྱིར་བདག་གཞན་ལ་ཡང་འཇུག ་པར་མི་འགྱུར་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་མཚུངས་སོ། །ནུས་པ་སོ་སོར་ངེས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ཁོ་བོ་ཅག་ལ་ཡང་ནུས་པ་ངེས་པའི་ཕྱིར་ནང་གི་དངོས་པོ་འགའ་ཞིག་ཁོ་ན་ལ་འཇུག་གི་ཐམས་ཅད་ལ་ནི་མ་ཡིན་ནོ ་ཞེས་བྱ་བའི་རྣམ་པར་བཞག་པ་ཐམས་ཅད་འཚོལ་བ་མེད་ཉིད་དོ། །འདི་སྙམ་དུ་རྣམ་པར་བཞག་པ་འདི་ཡིན་ལ་རག་མོད། འོན་ཀྱང་འདིའི་དམིགས་པ་མེད་པ་ཉིད་ཇི་ལྟར་འགྲུབ་སྙམ་དུ་སེམས་ན། རྟག་པར་དམིགས་པའི་ཕྱོགས་ལ་ནི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདིའི་དམིགས་པར་འགྱུར་བ་རྟག་པ་འམ། མི་རྟག་པ་ཞིག་ཡིན་གྲང། གལ་ཏེ་རྟག་པ་ཡིན་ན་དེའི་ཚེ་ང་རྒྱལ་ཐམས་ཅད་དེ། ང་རྒྱལ་རྣམ་ཅིག་ཅར་དུ་འགྱུར་ཏེ། རྒྱུ་མ་ཚང་བ་མེད ་པའི་ཕྱིར་རོ། །རྒྱུ་མ་ཚང་པ་ནི་དམིགས་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ནུས་པའི་རྒྱུ་ནི་ལྷན་ཅིག་བྱེད་པ་དག་ལ་བལྟོས་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་འདི་ནི་ལན་གཅིག་མ་ཡིན་པར་དཔྱད་ཟིན་ཏོ། །ང་རྒྱལ་འདི་ནི་གཅིག་ཁོ་ན་ཡིན ་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། རེས་འགའ་བ་ཉིད་ཀྱིས་དུ་མ་ཉིད་དུ་གྲུབ་པའི་ཕྱིར་རོ། །འདི་ལྟར་གཉིད་སྟུག་པོ་ལོག་པ་དང། མྱོས་པ་དང་བརྒྱལ་བའི་གནས་སྐབས་སུ་ང་རྒྱལ་རིགས་པ་མ་ཡིན་ལ། ཡང་གཞན་གྱི་ཚེ་རིག་པ་ཡིན་པའི་ཕྱིར ་ཐམས་ཅད་དུ་མི་རིགས་པས་འདི་རེས་འགའ་ཉིད་གྲུབ་པོ། །རེས་འགའ་བ་ཉིད་ཀྱིས་ཀྱང་དུ་མ་ཡིན་ནོ། །དེའི་ཕྱིར་ང་རྒྱལ་ཐམས་ཅད་དེ་ཡོད་པ་ཙམ་ན་ཡོད་པ་རྣམས་ཅིག་ཅར་སྐྱེ་བར་འགྱུར་རོ། །ཡང་མི་རྟག་པ་དམིགས་པ་ཡིན་ནོ་ཞེས་བྱ ་བའི་ཕྱོགས་ཡིན་ནོ། དེའི་ཚེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་ང་རྒྱལ་ཐམས་ཅད་ཆེས་གསལ་བར་སྣང་བར་ཐལ་བར་འགྱུར་ཏེ། རང་གི་མཚན་ཉིད་ཀྱིས་དངོས་པོ་ཡོངས་སུ་འཛིན་པའི་ཕྱིར། དེའི་ཕྱིར་ནི་དེ་ལྟ་བས་ནའོ།། ་གཞན་གྱི་ཞེས་བྱ་བ་གཞོན་ནུ་མ་ལེན་ལ་སོགས་པ་མུ་སྟེགས་བྱེད་པ་དག་གིས་ཤེས་པའི་སྐད་ཅིག་དེའི་ཡུལ་དུ་ཅི་ཞིག་རྟོག་ཅེས་བྱ་བ་ལ་སོགས་པ་འདིའི་དམིགས་པ་བརྒལ་ཞིང་བརྟག་པ་དོན་མེད་དོ། །དེ་ལ་ང་རྒྱལ་འདི་ནི་དམིགས་པ ་མེད་པ་ཁོ་ན་ཡིན་ཏེ། ཐོག་མ་མེད་པའི་འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཀྱིས་སྟོབས་ཀྱིས་འཁྲུལ་པ་འཇུག་པ་ཡིན་ནོ་ཞེས་གང་སྨྲས་པ། འདི་ལ་གཞོན་ནུ་མ་ལེན་གྱིས་བརྗོད་པའི་སུན་འབྱིན་པ་འདོགས་པར་བྱེད་པ་ནི། ཤེས་པ་པོ་ལ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཆགས་ནི་ཤེས་པ་པོའི་ཡུལ་ལ་ངོ་ཤེས་པའི་བྱེད་པ་པོར་འོས་ཀྱི། དེ་མིན་ལ་སྟེ། ཤེས་པ་པོ་གམ་ཡིན་ལ། དེ་ཞེས་ཏེ་ཤེས་པ་པོ་ཞེས་ཤེས་སྟེ། ངོ་ཤེས་པའི་བག་ཆགས་བྱེད་པ་པོ་འོས་པ་མ་ཡིན་ནོ་ཞེས་སྦྲེལ་བར་བྱའོ། །ཅིའི ་ཕྱིར་ཞེ་ན། འདི་ནི་འཁྲུལ་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་འདི་ནི་ཇི་ལྟར་ཉམས་སུ་མྱོང་བའི་རྒྱུ་ཡུལ་གྱི་དོན་ཉིད་ལ་ཤེས་པ་སྐྱེད་པར་བྱེད་པ་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ང་རྒྱལ་འདི་ནི་བག་ཆགས་ཀྱིས་བསྐྱེད་པའི ་ཕྱིར་དང། གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར། འཁྲུལ་པར་རིགས་པ་མ་ཡིན་ནོ། །གལ་ཏེ་སྒྲ་ནི་གནོད་བྱེད་ཕྱིར་ཞེས་བྱ་བ་འདིའི་འཇུག་ཐོགས་སུ་རིམ་པ་བཞིན་དུ་བལྟ་བར་བྱའོ། །མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན ་ནོ། །བཤད་མ་ཐག་པའི་རིགས་པ་ནི། །རྟག་པ་དམིགས་པའི་ཕྱོགས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དང། གང་ཡང་བག་ཆགས་འཁྲུལ་པའི་རྒྱུ་མ་ཡིན་ཞེས་སྨྲས་པ། དེ་ནི་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དབང་ཕྱུག་སོགས་ལ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བག་ཆགས་འཁྲུལ་པའི་རྒྱུ་མ་ཡིན་ན། དེའི་ཚེ་དབང་ཕྱུག་སྐྱེ་བ་དང་ལྡན་པ་ཐམས་ཅད་རྒྱུ་ཐམས་ཅད་ཤེས་པ་བློ་རྟག་པའི་རྟེན་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་འཁྲུལ་པ་ཇི་ལྟར་བག་ཆགས་ཙམ ་ཡོད་པས་འབྱུང་བར་འགྱུར། འདི་ལྟར་གཞོན་ནུ་མ་ལེན་གྱིས་ཀྱང་དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པ་པོ་ཡིན་པ་བཀག་པ་ཁོ་ནའོ། །བག་ཆགས་ཙམ་གྱི་ངོ་བོ་ལས་ཞེས་བྱ་བ་ལ་ཙམ་སྨོས་པ་ནི། དེ་ལྟ་བུར་གྱུར་པའི་དམིགས་པའི ་དོན་རྣམ་པར་བཅད་པའི་དོན་དུའོ། །དེ་ལྟ་བས་ན་ང་རྒྱལ་དམིགས་པ་མེད་པའི་ཕྱིར། དེས་གཟུང་བར་བྱ་བའི་ཤེས་པ་པོ་འགའ་ཞིག་གྲུབ་པ་ཡོད་པ་མ་ཡིན་པས། དེའི་ཕྱིར་བདག་གྲུབ་པ་མ་ཡིན་ནོ། །གང་ཡང་འདས་པའི་ང་རྒྱལ ་གྱིས་གཟུང་བྱ་ཞེས་བྱ་བ་ལ་སོགས་པ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་སྨྲས་པ། དེ་ལ་དེའི་ཕྱིར་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཡང་ཞེས་བྱ་བ་ནི་རྟག་པ་འམ་མི་རྟག་པའི་ཤེས་པ་པོ་དཔེའི ་ཆོས་ཅན་ཡོད་པ་མ་ཡིན་པས་དཔེ་མ་གྲུབ་པོ། །འདི་ལྟར་སྦྱོར་བ་དང་པོ་དང་གཉིས་པ་དག་ལ་ཆོས་ཅན་མ་གྲུབ་པའི་དཔེའི་སྐྱོན་ཡིན་ཏེ། དེ་ལྟར་དང་ཁར་ཚང་གི་ངའི་ཤེས་པས་རྟོགས་པར་བྱ་བའི་ཤེས་པ་པོ་འགའ་ཡང་མེད་པའི་ཕྱིར་རོ། །སྦྱོར་བ་གསུམ ་པ་ལ་ཡང་བློ་གཅིག་བཞིན་ནོ་ཞེས་བྱ་བའི་དཔེ་བསྒྲུབ་པར་བྱ་བ་དང་མ་ཚང་བ་ཡིན་ཏེ། མངོན་པར་འདོད་པ་ཉིད་ཀྱི་བློ་གཅིག་དང་འབྲེལ་བའི་ཤེས་པ་པོ་ངའི་ཤེས་པ་ཉིད་དམ། ཡུལ་གཅིག་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་ཆོས་མ་གྲུབ་པའི ་སྒོ་ནས་འདི་ཡང་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཇི་ལྟར་རིགས་པ་བསྟན་པ་ཡིན་ཞེས་བྱ་བ་ལ། བསྟན་པ་ནི་སྔར་ཉེ་བར་བཀོད་པའི་གཏན་ཚིགས་གང་དག་ཡིན་པ་དེ་དག་ཇི་ལྟར་རིགས་པར་ཏེ་ཇི་ལྟར་སྲིད་པ་བཞི་མ་གྲུབ་པ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ། །འདི་ལྟར་སྦྱོར་བ་དང་པོ་དང་གཉིས་པ་དག་ལ་གཏན་ཚིགས་གསུམ་ཀ་ཡང་གཞི་མ་གྲུབ་པ་ཡིན་ཏེ། ངའི་ཤེས་པས་གཟུང་བར་བྱ་བའི་ཆོས་ཅན་ཤེས་པ་པོ་འགའ་ཡང་མ་གྲུབ་པའི་ཕྱིར་རོ། །སྦྱོར་བ་གསུམ་པ་ལ་ནི་ཆོས་ཅན ་ཤེས་པ་རྣམས་གྲུབ་པའི་ཕྱིར་གཞི་མ་གྲུབ་པ་མ་ཡིན་མོད་ཀྱི། འོན་ཀྱང་དེ་དག་ལ་རྒྱུད་གཅིག་དང་མ་འབྲེལ་པའི་ཤེས་པ་པོའི་ཡུལ་ཉིད་ཀྱི་ཁྱད་པར་མ་གྲུབ་སྟེ། དམིགས་པ་མེད་པ་ཉིད་དུ་བསྒྲུབ་ཟིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་རིགས་པར ་ཞེས་བཤད་དོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། དཔྱོད་པས་ཀུན་ཏུ་བརྟགས་པའི་བདག་བརྟག་པ་སྟེ། བརྒྱད་པའོ།། །།དེ་ནི་གྲངས་ཅན་གྱིས་ཀུན་ཏུ་བརྟགས་པའི་བདག་དགག་པར་བྱ་བའི་ཕྱིར། གཞན་དག་ཅེས་བྱ་བ་ལ་སོགས་པ ་སྨོས་ཏེ། གཞན་དག་ཅེས་བྱ་བ་ནི་གྲངས་ཅན་རྣམས་སོ། །དེ་དག་ནི་སེམས་པ་ཅན་བདག་གི་རང་གི་ངོ་བོ་བློ་ལས་ཐ་དད་པར་རྟོག་པར་བྱེད་དེ་འདི་ལྟར་བློ་ནི་གཙོ་བོའི་རང་བཞིན་ཡིན་ལ། སེམས་པ་ནི་སྐྱེས་བུ་ཉིད་ཀྱི་རང་གི་ངོ་བོ་ཡིན་ནོ། །ཞེས་བྱ་བ་ནི་དེ་དག་གི་གཞུང་ལུགས ་ཡིན་ནོ། །སྐྱེས་བུ་དེ་ཡང་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་གཙོ་བོས་དྲངས་པའི་ཟ་བ་པོ་ཡིན་གྱི། ལས་རྣམས་ཀྱི་བྱེད་པ་པོ་ནི་མ་ཡིན་ནོ། །འགྲོ་བ་ཐམས་ཅད་ཀྱི་ཡོངས་སུ་འགྱུར་བ་ངོ་བོའི་རང་བཞིན་ཉིད་བྱེད་པ་པོ་ཉིད་དུ་འདོད་པའི་ཕྱིར་རོ། །འདིར་ཡང་ཚད ་མ་དག་སྟོན་པ་ནི། གང་ཞིག་འདུས་པའི་ངོ་བོ་ཉིད་ཀྱིས་དངོས་པོ་ཡིན་པ་དེ་ནི་གཞན་གྱི་དོན་བྱེད་པར་མཐོང་སྟེ། དཔེར་ན་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། །མིག་ལ་སོགས་པ་ཡང་བསགས་པའི་ངོ་བོ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི ་གཏན་ཚིགས་སོ། །གཞན་གང་ཡིན་པ་དེ་ཡང་ཤུགས་ཀྱིས་བདག་ཡིན་ནོ། །ཞེས་བྱ་བར་འགྲུབ་བོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་རེ་ཞིག་དམ་བཅའ་བའི་དོན་སུན་འབྱིན་པར་བྱེད་དེ། འདི་ལྟར་སེམས་པ་ཅན་སྐྱེས ་བུའི་རང་གི་ངོ་བོ་ཡིན་ནོ། །ཞེས་སྨྲ་བ་ན། སེམས་པ་ཅན་རྟག་པ་དང་གཅིག་པུའི་ངོ་བོ་ཡིན་ནོ། །ཞེས་བྱ་བར་དམ་བཅས་བར་འགྱུར་ཏེ། རྟག་པ་དང་གཅིག་པུའི་ངོ་བོར་སྐྱེས་བུ་ལས་དེ་ཐ་མི་དད་པའི་ཕྱིར་རོ། །འདིར་ཡང་མངོན་སུམ་དང་འགལ ་བ་ཡིན་ནོ། །གང་གི་ཕྱིར་གཟུགས་དང་སྒྲ་ལ་སོགས་པའི་སེམས་རང་རིག་པའི་ངོ་བོ་ཐ་དད་པ་དང་ལྡན་པ་རང་བཞིན་ཐ་དད་པ་ཆེས་གསལ་བར་ཤིན་ཏུ་རིག་སྟེ། དེ་ཡང་སེམས་པ་ཅན་གཅིག་ཡིན་ན་འཐད་པ་མ་ཡིན་ནོ། །ཁས་བླངས་པ་དང ་འགལ་བར་ཡང་བསྟན་པའི་ཕྱིར་སེམས་པ་ཅན་གྱི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ངོ་བོ་གཅིག་པ་མ་ཡིན་ལ། དོན་རྣམ་པ་སྣ་ཚོགས་པའི་ཟ་བ་པོ་ཡང་ཡིན་ནོ། །ཞེས་ཇི་ལྟར་ཕན་ཚུན་འགལ་བ་ཡིན་ཏེ། ཟ་བ་པོ་མ་ཡིན་པའི་གནས ་སྐབས་དང་ཁྱད་པར་མེད་པའི་ཕྱིར། བལྟ་བར་འདོད་པ་ལ་སོགས་པ་དང་ལྡན་པར་འགལ་བ་མེད་དོ་ཞེ་ན། བལྟ་འདོད་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གཟུགས་ལ་སོགས་པ་ལ་ལྟ་བར་འདོད་པ་དང་ཉན་པར ་འདོད་པ་ལ་སོགས་པ་དེའི་ཕན་ཚུན་ཐ་དད་ལ་ལོངས་སྤྱོད་པའི་རྒྱུ་མཚན་ཉིད་དུ་བརྟགས་པ་དེ་དག་ཀྱང་བདག་འདི་ལ་འགྱུར་བ་མིན་ཏེ། འབྱུང་བ་མ་ཡིན་ནོ། །གལ་ཏེ་འབྱུང་བ་དེའི་ཚེ་དེ་ལྟར་དེ་ཐ་དད་པར་སྐྱེ་བ་ཡིན་ན་ནི་སྐྱེས་བུ་སྐྱེ་བ་དང་ལྡན་པ ་ཡིན་པར་འགྱུར་ཏེ། བལྟ་བར་འདོད་པ་ལ་སོགས་པ་བཞིན་དུ་དེ་དག་ལས་ཐ་མི་དད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། །སེམས་པ་ཅན་ལ་མ་གཏོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་དད་པ་ཡིན་ན་ནི་འདིའི་འདི?་ཞེས ་བྱ་བའི་འབྲེལ་པ་མི་འཐད་དེ། འབྲེལ་པའི་རྒྱུ་མཚན་ཕན་འདོགས་པ་མེད་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པར་འགྱུར་བའོ། །སྦྱོར་བ་ནི་གང་ཞིག་གང་གི་ངོ་བོར་རྣམ་པར་འཇོག་པའི་རྒྱུ་མཚན་མེད་པ་ནི་རྟོགས་པ་དང་ལྡན་པས ་དེའི་ངོ་བོར་རྣམ་པར་འཇོག་པ་མ་ཡིན་ཏེ། ནམ་མཁའ་ཨི་ལུས་ཅན་ཉིད་བཞིན་ནོ། །སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་ལ་ཡང་ཟ་བ་པོར་འཇོག་པའི་རྒྱུ་མཚན་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ ་མ་ཡིན་ནོ། །ཞེས་བསྒྲུབས་ཟིན་ཏོ། །བྱེད་པ་པོར་མེད་པའི་ཕྱིར་དེའི་ཟ་བ་པོ་འདི་ཡང་རིགས་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གལ་ཏེ་དགེ་དང་མི་དགེའི་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བྱས་པའི་ལས་ཀྱི་འབྲས་བུ་ལོངས་སྤྱོད་པ་ནི་འགའ་ ་ཡང་ཡོད་པ་མ་ཡིན་ཏེ། མ་བྱས་པ་དང་ཕྲད་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལ་ཡང་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། གལ་ཏེ་འདོད་དང་རྗེས་འཐུན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ལས་རྣམས་ཀྱི་བྱེད་པ་པོ་མ ་ཡིན་མོད་ཀྱི་འོན་ཀྱང་རང་བཞིན་འདིའི་འདི་ལྟར་མངོན་པར་འདོད་པའི་དོན་གཏོད་པར་བྱེད་པ་དེ་ལ་འདི་ལ་ལོངས་སྤྱོད་དོ་ཞེས་བྱ་བས་ཉེས་པ་མེད་དོ། །འོན་ཏེ་རང་བཞིན་སེམས་པ་ཅན་མ་ཡིན་ན། གང་གི་འདི་ཇི་ལྟར་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་སྐྱེས་བུ་བསྒྲུབ? ་པར་བྱེད་ལ། ཇི་ལྟར་དགེ་བ་ལ་སོགས་པའི་ལས་རྣམས་ཀྱི་བྱེད་པ་པོར་འགྱུར་ཞེ་ན། དེ་དག་ཞ་བོ་ལོང་བ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་ལྟར་ལོང་བ་མིག་དང་ལྡན་པའི་སྐྱེས་བུ་དང་འབྲེལ་བ་ལས་དོན་ལ་འཇུག་པར་འགྱུར་བ་དེ་བཞིན་དུ་ཆེན ་པོ་ལ་སོགས་པ་ཐིམ་པར་འགྱུར་བ་སེམས་པ་ཅན་གྱི་སྐྱེས་བུ་དང་ཕྲད་པ་ལ་སེམས་པ་ཅན་བཞིན་དུ་ཆོས་ལ་སོགས་པའི་འབྲས་བུ་ལ། ངེས་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ལ་སྐྱོན་མེད་དོ། །དེ་སྐད་དུ་ཡང། སྐྱེས་བུ་མཐོང་བའི་དོན་དུ་དང། །དེ་བཞིན་གཙོ་བོ་འབའ་ ་ཞིག་དོན། །ཞ་ལོང་བཞིན་དུ་གཉི་གའི་ཡང། །འབྲེལ་པ་དེ་ཡིས་འཁོར་བ་བྱས། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་རང་བཞིན་ནི་མ་བྱས་པའི་ཡང་ལས་ཀྱིས་མངོན་པར་འདོད་པ་འབྲས ་བུ་གཏོང་བར་བྱེད་པར་འགྱུར་ན། དེའི་ཐམས་ཅད་དུ་འདོད་པ་དོན་དུ་གཉེར་བ་སྐྱེས་བུའི་མངོན་པར་འདོད་པའི་དོན་ཐམས་ཅད་ཅིའི་ཕྱིར་འགྲུབ་པར་མི་འགྱུར། འདི་སྙམ་དུ་དེའི་རྒྱུ་ཆོས་མེད་པའི་ཕྱིར། འགྲུབ་པར་མི་འགྱུར་རོ་སྙམ་ན། ཅིའི་ཕྱིར་ན། རང ་བཞིན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་བུ་ནི་ཆོས་ཡིན་ཏེ། དེ་ཡང་དེ་ལས་ཐ་མི་དད་པའི་ཕྱིར་རྟག་ཏུ་ཡོད་པ་ཉིད་ཡིན་པས་མངོན་པར་འདོད་པའི་འབྲས་བུར་འགྱུར་རོ། །འདི་ལྟར་ཐམས་ཅད་ནི་འདི་ཁོ་ན་སྟེ། འདི་ལྟ་སྟེ་རང་བཞིན་དང་སྐྱེས་བུ ་དག་གོ་།དེ་དག་ཀྱང་རྟག་ཏུ་ཉེ་བས་དེས་ན་འབྲས་བུ་ཉིད་དུ་འགྱུར་རོ། །གཞན་ཡང་གལ་ཏེ་མངོན་པར་འདོད་པའི་རང་བཞིན་གྱིས་སྟེར་བར་བྱེད་པ་དེའི་ཚེ་ཅིའི་ཕྱིར་མི་འདོད་པ་སྟེར་བར་བྱེད། མི་འདོད་པ་ནི་འགའ་ཡང་དོན་དུ་གཉེར་བ་མ་ཡིན་ནོ། ། ་གཞན་ཡང་རང་བཞིན་གྱིས་འདི་ལ་དོན་གཏོང་བར་བྱེད་པ་མེད་ཀྱི། འོན་ཀྱང་འདི་ཟ་བ་པོ་ཉིད་དུ་རིགས་པ་མ་ཡིན་ཏེ། འགྱུར་བ་མེད་པའི་ཕྱིར་རོ། །ཞེས་སྟོན་པར་བྱེད་པ་ནི། དོན་ལོངས་སྤྱོད་དུས་རྟག་ཏུ་ཞེས་བྱ་བ་ལ ་སོགས་པ་སྟེ། གལ་ཏེ་བ་དང་སྡུག་བསྔལ་ལ་སོགས་པས་སིམ་པ་དང། ཡོངས་སུ་གདུ་བ་ལ་སོགས་པའི་ངོ་བོའི་འགྱུར་པ་སྟེར་བར་མི་བྱེད་པ་དེའི་ཚེ་ནམ་མཁའ་བཞིན་དུ་འདི་ཟ་བ་པོ་ཉིད་དུ་མི་འགྱུར་རོ། །རང་བཞིན་ཕན་བྱེད་མི་འགྱུར་རོ། །ཞེས ་སྦྱར་ཏེ། རང་བཞིན་འགྱུར་བ་མེད་པ་ཡིན་ན་ཕན་པར་བྱ་བར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་འགྱུར་བ་ཉིད་དུ་ཁས་ལེན་ན། དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །འདི་ལྟར་མི་རྟག་པ་ཉིད་ལ་དེའི་གནས་སྐབས་པ་མ་ཡིན་པ་ཉིད་དུ་སྨྲ་བ ་ན། དེ་ཡང་འགྱུར་བ་ན་ཡོད་པས་ཇི་ལྟར་འདི་རྟག་པ་ཉིད་དུ་འགྱུར་ཏེ། རྟག་པ་ཉིད་ནི་དེའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡུལ་གྱི་རྣམ་ཅན་བློ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་རྣམ་པ་གཞན་དུ་ཟ་བ་པོ་ཉིད ་དུ་དོགས་པ་བསུ་སྟེ། འདི་རྣམ་པར་འགྱུར་བར་གྱུར་ན་ཟ་བ་པོ་ཉིད་དུ་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བློས་ངེས་པར་བྱས་པར་དོན་གྱི་གཟུགས་བརྙན་འཆར་བའི་སྒོ་ནས་ཤེས་པའི་ཕྱིར་ཏེ། འདི་ལྟར་བློའི་མེ་ལོང་ལ་ཞུགས་པའི་གཟུགས ་བརྙན་མེ་ལོང་གཉིས་པ་ལྟ་བུའི་སྐྱེས་བུ་ལ་འཕོ་བ་དེ་ཉིད་འདིའི་ཟ་བ་པོ་ཡིན་གྱི། རྣམ་པར་འགྱུར་བར་གྱུར་པ་ནི་མ་ཡིན་ནོ། །གཟུགས་བརྙན་ཙམ་འཕོ་བ་ན་སྐྱེས་བུའི་རང་གི་ངོ་བོ་འདོར་བ་ནི་མ་ཡིན་ཏེ། མེ་ལོང་བཞིན་དུ་དེའི་གནས ་སྐབས་ཡིན་པའི་ཕྱིར། དེས་ན་ཟ་བ་པོ་མ་ཡིན་པའི་གནས་སྐབས་ཀྱི་ལས་ཁྱད་པར་མེད་པ་ཞེས་བྱ་བའི་སྦྱོར་བ་འདི་ལ་གཏན་ཚིགས་མ་ངེས་པ་ཡིན་ནོ། །བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། བློའི ་མེ་ལོང་ལ་ཞུགས་པའི་དོན་གྱི་གཟུགས་བརྙན་མེ་ལོང་གཉིས་པ་ལྟ་བུའི་སྐྱེས་པ་བུ་ལ་སྐྱེ་བ་གང་ཡིན་པ་དེ་ཡིན་ནོ། །ཞེས་བྱ་བར་འདོད་དེ། དེ་གལ་ཏེ་སྐྱེས་བུ་ལས་ཐ་དད་པ་དེའི་ཚེ་དེ་མ་ཐག་ཏུ་བཤད་པའི་སྐྱེ་བ་དང་འཇིག་པ་དང་ལྡན་པར་ཐལ ་བར་འགྱུར་བ་སོ་ན་འདུག་པ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་གཟུགས་བརྙན་གྱི་ངོ་བོ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་པ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་ཟ་བ་པོ་ཉིད་དུ་མི་འགྱུར་ཏེ། ཟ་བ་པོ་མ་ཡིན་པའི་གནས་སྐབས་ལ ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར། སྐྱེས་བུ་དོན་གྱི་གཟུགས་བརྙན་དང་ལྷན་ཅིག་འབྲེལ་པ་ལས་ཟ་བ་པོ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། ཕན་ཚུན་ཕན་པར་བྱེད་པ་མ་ཡིན་པ་དག་ནི་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གལ ་ཏེ་གཙོ་བོས་སྐྱེས་བུའི་བལྟ་འདོད་པ་ལ་སོགས་པ་ཤེས་ན་དེའི་ཚེ་དེ་དེ་དང་རྗེས་སུ་མཐུན་པར་སྐྱེས་བུ་དོན་ལ་འཇུག་པར་རིགས་ན། ཇི་སྲིད་དུ་བེམས་པོའི་ངོ་བོ་ཡིན་པའི་ཕྱིར། སེམས་པ་ཅན་དང། འབྲེལ་བ་ཡོད་ན་ཡང་ཞ་བོ་དང་ལོང་བ་བཞིན ་དུ་འཇུག་པར་མི་རིགས་སོ། །འདི་ལྟར་ལོང་བས་ལམ་མ་དམིགས་མོད་ཀྱི་འོན་ཀྱང་འདི་ཞ་བོའི་བརྗོད་པར་འདོད་པ་རིགས་པ་ཉིད་མ་ཡིན་ཏེ། དེ་ནི་སེམས་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་གཙོ་བོ་ནི་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས ་པ་རིགས་པ་ཉིད་མ་ཡིན་ཏེ། དེ་ནི་སེམས་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་གཙོ་བོ་ནི་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་རིགས་པ་མ་ཡིན་ཏེ། དེ་ནི་སེམས་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཕན་ཚུན་དུ་ཕན་པ་བྱེད་པ་མ་ཡིན་པ ་དེ་དག་ནི་ཞ་བོ་དང་ལོང་བ་བཞིན་དུ་འབྲེལ་པ་ཡོད་པ་ཡང་མ་ཡིན་ནོ། །ཅི་སྟེ་གཙོ་བོ་ནི་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་རིག་པ་ཡིན་ནོ། །ཞེས་འདོད་བ་དེ་བལྟ་ན་ཡང་འདི་ཟ་བ་པོ་ཉིད་དུ་ཐལ་བར་འགྱུར་རོ། །བྱེད་པ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ཇི ་ལྟར་ཟ་བ་ཡང་ཤེས་པར་མི་འགྱུར། དེ་ལྟ་བས་ན་བྱེད་པ་ཤེས་ལ་ཟ་བར་མི་ཤེས་སོ། །ཞེས་བྱ་བ་འདི་ལས་མི་རིགས་པ་གཞན་ཅི་ཡོད་དེ། ཅུང་ཟད་ཀྱང་མེད་དོ། །ཞེས་བྱ་བའི་དོན་ཏོ། །བྱན་པོ་ཚོད་མ་ལ་སོགས་པའི་བྱེད ་པ་པོ་ཡིན་ལ། དེ་ཟ་བར་ནི་མི་ཤེས་པ་སྟེ། ཟ་བ་ཉིད་དུ་མི་ཤེས་པ་ཞེས་བྱ་བ་ལ་འདི་ལ་ཞེས་བྱ་བའི་སྒྲ་ཞིག་ཁོ་ནས་དབྱུང་ངོ། །གཙོ་བོ་བློ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་ཡིན་ནོ། །འདི་ཞེས ་བྱ་བ་ནི་གཙོ་བོའོ། །ཀུན་ཞེས་བྱ་བ་ནི་བལྟ་བར་འདོད་པ་དང་རྗེས་སུ་མཐུན་པར་འཇུག་པའོ། །འདི་སྐད་དུ། བསྟན་པར་འགྱུར་ཏེ། གཙོ་བོ་སེམས་པའི་ངོ་བོ་མ་ཡིན་པ་དེ་ལྟ་མོད་ཀྱི་འོན་ཀྱང་ངེས་པའི་མཚན་ཉིད་ཀྱི་བློ་དང་ལྡན་པའི་ཕྱིར། སྐྱེས་བུ ་ལ་གནས་པའི་བལྟ་བར་འདོད་པ་ལ་སོགས་པ་ཤེས་ནས། འཇུག་པར་འགྱུར་བས་དེའི་ཕྱིར་ཐམས་ཅད་འགལ་བ་མེད་ཡིན་ནོ། །དེ་ལ་ལན་སྨྲས་པ་ནི། བློ་ལན་ཉིད་ན་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་གཙོ་བོ་བློ་དང་ལྡན་པར་ཁས་ལེན་པར་བྱེད་ན། དེའི་ཚེ ་འདི་སྐྱེས་བུ་བཞིན་དུ་སེམས་པ་ཅན་ཉིད་དུ་ཐལ་བར་འགྱུར་ཏེ། བློ་ལ་སོགས་པ་རྣམས་ནི་སེམས་པ་ཅན་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འདི་ལྟར་གང་ཞིག་གི་གསལ་བའི་བདག་ཉིད་ཀྱིས་རང་རིག་པའི་ངོ་བོ་གསལ་བ་གཞན་ལ་མི་བལྟོས་པ་དེ་ནི་སེམས་པ་ཅན ་ཞེས་བྱ་བའོ། །དེ་ལ་ནི་བློ་ལ་ཡང་ཡོད་པའི་ཕྱིར་དེ་སེམས་པའི་ངོ་བོར་འགྱུར་རོ། །གང་གིས་དེ་ལས་ཐ་དད་པ་སྐྱེས་བུ་འགྲུབ་པར་འགྱུར་བ། ཁོ་བོ་ཅག་གི་བློ་ལས་མ་གཏོགས་པའི་སེམས་པའི་ངོ་བོ་གཞན་དམིགས་པ་ཡང་མ་ཡིན་ནོ། །འདིར་གཞན་གྱི་བློ་སེམས ་གྱི་ངོ་བོ་ལས་ཐ་དད་པ་བསྒྲུབ་པའི་ཕྱིར། སྒྲ་དྲི་རོ་ལ་སོགས་པ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དང་གང་སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་དང་ལྡན་པ་དེ་ནི་སེམས་པ་མེད་པ་ཅན་ཡིན་ཏེ། རོ་ལ་སོགས་པ་བཞིན་ནོ། །བློ་ཡང་དེ་བཞིན། །ཞེས་བྱ་བ་ནི་རང ་བཞིན་གྱི་གཏན་ཚིགས་སོ། །རང་རྒྱུད་སྒྲུབ་པར་བྱེད་པར་འདོད་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ཏེ། རེས་འགའ་འདི་རང་རྒྱུད་ཀྱིས་སྒྲུབ་པར་བྱེད་དམ། ཐལ་བར་འགྱུར་བའི་སྒྲུབ་པར་བྱེད་པས་ཡང་གྲང། དེ་ལ་གལ་ཏེ་རང་རྒྱུད་ཀྱིས་ནི་དེའི་ཚེ་གཏན ་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་སྔ་ན་མེད་པ་སྐྱེ་བའི་མཚན་ཉིད་ཀྱི་རྣམ་པ་ཇི་ལྟ་བུའི་སྐྱེ་བ་དང་ལྡན་པ་དང། གཏན་ནས་འཇིག་པའི་བདག་ཉིད་ཀྱི་འཇིག་པ་ཉིད་སངས་རྒྱས་པ་ལ་གྲགས་པའི་རྣམ་པ་དེ་ལྟ་བུ་ནི་ཁྱེད་ཅག་གྲངས་ཅན་ལ་མ་ཡིན ་ཏེ། དེ་དག་ནི་ཁྱེད་ཅག་གིས་ཡོངས་སུ་འགྱུར་བ་དང། མི་གསལ་བའི་ངོ་བོ་ཉིད་དུ་ཁས་ལེན་པའི་ཕྱིར། །ཁྱེད་ཅག་གིས་ཇི་ལྟ་བ་དེ་ལྟ་བུ་ནི་སངས་རྒྱས་པ་ལ་མ་གྲུབ་པས་དེའི་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ནོ། །སྒྲ་ཙམ་གྲུབ་པ་ན་གཏན་ཚིགས་གྲུབ་པ་ཡང ་མ་ཡིན་ཏེ། དངོས་པོ་ལས་དངོས་པོ་འགྲུབ་པའི་ཕྱིར་ཏེ། དངོས་པོ་ཁོ་ན་གཏན་ཚིགས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དེ་ཉིད་འཁྲུལ་ལ་སོགས་པ་ཡིན་ན། སྒྲ་ནི་འཁྲུལ་པ་མེད་ན་ཡང། །སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །ཞེས་བཤད་པ་ལྟ་བུའོ།། ་ཅི་སྟེ་ཐལ་བ་ལ་སྒྲུབ་པ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་ཡང་བསྒྲུབ་པར་བྱ་བ་ལ་བཟློག་པ་གནོད་པ་ཅན་གྱི་ཚར་མཉེ་བར་མ་བསྟན་པའི་ཕྱིར། གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་སེམས་པ་ཅན་ལ་སྐྱེ་བ་དང་ལྡན་པ་དང་འཇིག་པ་དག་ཏུ་མི་འགྱུར་བ་ཞེས་བྱ་བ་འདི་ལ་འབྲེལ ་བ་ཅི་ཞིག་ཡོད། གང་ཡང་འདི་རྟོག་པ། ཇི་ལྟར་འོ་མ་ཤེས་པ་མེད་ན་ཡང། བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་ལྟར་གཙོ་བོ་སྐྱེ་བོ་ཡོངས་སུ་རྣམ་གྲོལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། ཞེས་བྱ་བ་དེ་ཡང་རྟོག་པ་ཉིད་མ་ཡིན་ནོ། །འོ་མ་ནི་རང་དབང་དུ ་བེའུ་འཕེལ་བའི་རྒྱུ་མཚན་དུ་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སོ་སོར་ངེས་པ་འམ། རེས་འགའ་བའ་ཨི་རང་གི་རྒྱུ་དང་རྐྱེན་དག་ལས་སྐྱེ་སྟེ། དེ་བ་སྐྱེས་པ་ན་བེའུ་བསྐྱེད་པའི་རྒྱུ་མཚན་དུ་འགྱུར་བ་ཡིན་པས་ཤེས་པ་མེད་ཀྱང་འཇུག་པ་ཡིན་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར ་གཙོ་བོ་འཇུག་པ་ནི་མི་རིགས་ཏེ། འདི་ལྟར་རྟག་པའི་ཕྱིར་དང། དེ་ལས་གཞན་པའི་རྒྱུ་མེད་པའི་ཕྱིར། རེ་ཞིག་རེས་འགའ་བའ་ཨི་རྒྱུ་ཉེ་བ་ལ་རག་ལས་པ་དེའི་ནུས་པ་རེས་འགའ་བ་རིགས་པ་མ་ཡིན་ལ། རང་བཞིན་ཡང་མ་ཡིན་ཏེ། རྒྱུན་ཆད ་བ་མེད་པ་རྟག་ཏུ་ཉེ་བ་ཉིད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཀྱི་སྐྱེས་བུའི་དོན་ཐམས་ཅད་ཅིག་ཅར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་བློ་དང་སེམས་པ་ཅན་ཐ་མི་དད་པ་ཡིན་ཏུ་ཆུགས་མོད། དེ་ལྟ་ན་ཡང་འདིའི་བདག་མ་བགག་པ་ཉིད ་དོ་ཞེ་ན། སེམས་པ་ཅན་ལ་བདག་གི་སྒྲར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་གི་སེམས་པ་ཅན་ལ་བདག་གིས་སྒྲས་འདོགས་པ་ཙམ་ནི་མ་བཀག་གོ་།འོ་ན་ཅི་ཞེ་ན། དེ་ལ་རྟག་པའི་མཚན་ཉིད་དུ་སྒྲོ་བཏགས་པའི་ཆོས་གང་ཡིན་པ་དེ་བཀག་གོ་།ཅིའི་ཕྱིར་ཞེ་ན། ་དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་འབྲས་བུ་དང་བཅས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་སེམས་པ་ཅན་བརྟག་པ་བརྟན་པར་གྱུར་ན། དེའི་ཚེ་དབང་པོ་ལ་སོགས་པ་འབྲས་བུ་མེད་པ་ཁོ་ནར་འགྱུར་ཏེ། དེ་དག་ནི་དེ་སྐྱེད་པའི་དོན་དུ་ཡིན་པའི་ཕྱིར་དང། རྟག ་པ་ཡང་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །འདི་ཉིད་ལ་དཔེ་བཤད་པ་གལ་ཏེ་མེ་ནི་རྟག་འགྱུར་ན། ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་མེ་རྟག་པར་གྱུར་ན། དེའི་ཚེ་སྐྱེ་བོ་མེའི་དོན་དུ་བུད་ཤིང་སོགས་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་སེམས་པ་ཅན་རྟག་པ་དང་གཅིག་པུའི ་ངོ་བོར་རིགས་པ་མ་ཡིན་ནོ། །ཇི་སྐད་དུ་འདུས་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་གྱི་དོན་དུ་མཐོང་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པར་འདོད་ཅེས་བསྟན་པའི་ཕྱིར། མལ་ཆ་སྟན་གྱི་དཔེ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བའི་ཁྱད་པར་དུ་འདོད་པ་ཡིན་ནམ ་ཡང་ན་བྱ་བའི་ཁྱད་པར་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་མི་འགྱུར་བ་འམ། རྣམ་པ་གཅིག་ཏུ་ན་སྤྱིར་གཞན་གྱི་དོན་ཙམ་མ་བཏགས་ན་ཉམས་དགའ་བ་བསྒྲུབ་པར་བྱ་བ་ཡིན་ཞེས་བྱ་བ་རྣམ་པར་རྟོགས་གསུམ་མོ། །དེ་ལ་ཕྱོགས་དང་པོ་ཡིན་ན་གྲུབ་པ་ལ་སྒྲུབ་སྟེ། འདི་ལྟར ་མིག་ལ་སོགས་པ་དེ་དག་ཁོ་བོ་ཅག་གི་རྣམ་པར་ཤེས་པ་ལ་ཕན་འདོགས་པར་འདོད་དེ། མིག་དང་གཟུགས་ལ་བརྟེན་ནས་མིག་གིས་རྣམ་པར་ཤེས་པ་སྐྱེ་བ་ནས། ལུས་དང་སྲེག་བྱ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །ཞེས་བྱ་བའི་བར་དུ ་གསུངས་པའི་ཕྱིར་རོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན། དེའི་གཏན་ཚིགས་འགའ་བ་ཡིན་ནོ། །ཞེས་བྱ་བ་བསྟན་པའི་ཕྱིར། འགྱུར་བ་མེད་པའི་ཕན་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྱུར་བ་མེད་པ་སྟེ་རྟག་པའི་ཕན་པའི་ཉིད་ནི་འགྱུར་བ་མེད་པའི་ཕན་པ་ཉིད་དོ། ། ་དེ་མིག་ལ་སོགས་པས་སྒྲུབ་ན་དབེན་བསྒྲུབ་པར་བྱ་བ་ལས་བཟློག་པ་ཉིད་ཀྱིས་གཏན་ཚིགས་ལ་ཁྱབ་པའི་ཕྱིར་འགལ་བ་ཉིད་དོ། །འདི་ལྟར་མལ་ཆ་དང་སྟན་ལ་སོགས་པ་དེ་དག་ནི་གཡོ་བ་ཉིད་དེ། མི་རྟག་པ་ཁོ་ན་ཕན་པ་རིགས་པ་ཡིན་ཏེ། འགྱུར་བ་མེད་པ་ལ་སོགས ་འབྱུང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྤྱིར་བྱ་བའི་ཁྱད་པར་དང། བྱ་བའི་ཁྱད་པར་མ་ཡིན་པའི་རྣམ་པར་རྟོགས་པ་བསལ་ནས་གཞན་གྱི་དོན་ཙམ་སྒྲུབ་པ་ཞེས་བྱ་བའི་ཕྱོགས་གསུམ་པ་ཡིན་ན། དེའི་ཚེ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། མིག་ལ་སོགས་པ་རྣམས ་སེམས་ལ་ཕན་འདོགས་པར་འདོད་པའི་ཕྱིར་རོ། །ཅི་སྟེ་ཇི་ལྟར་རིགས་པ་ཅན་གྱིས་ཁས་བླངས་པ་བཞིན་དུ་སེམས་ཀྱང་བསྒྲུབ་བྱའི་ཆོས་ཅན་ཉིད་དུ་ཁས་ལེན་པར་བྱེད་པ་དེ་ལྟ་ཡང་ཁྱེད་ཅག་གི་འདོད་པ་མི་འགྲུབ་སྟེ། བདག་སེམས་ལས་ཐ་དད་དུ་མི་འདོད་པའི་ཕྱིར་རོ། །རིགས ་པ་ཅན་གྱིས་མངོན་པར་འདོད་པའི་དོན་ཡང་མ་གྲུབ་སྟེ། ཕན་ཚུན་ཕན་པ་བྱེད་པ་ཉིད་ཀྱིས་མིག་ལ་སོགས་པ་རྣམས་གཞན་ལ་ཕན་འདོགས་པ་ཉིད་དུ་འདོད་པའི་ཕྱིར་རོ། །གཞན་ཉིད་ནི་ཕ་རོལ་དང་ཚུལ་རོལ་བཞིན་དུ་བལྟོས་པ་ཅན་ཡིན་པའི་ཕྱིར་རོ། །སེམས་ནི། རྒྱུ་དུ ་མས་བྱས་པའི་ཕན་པ་འཛིན་པ་ཉིད་ཀྱིས་སྐྱེ་བའི་ཕྱིར་དང། འདུས་པ་ཉིད་ནི་བརྟགས་པ་ཡིན་པའི་ཕྱིར་གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། སེར་སྐྱ་བས་ཀུན་ཏུ་བརྟགས་པའི་བདག་བརྟག་པ་སྟེ་དགུ་པའོ།། །།ནམ་མཁའ་ ་གོས་ཅན་གྱིས་ཀུན་ཏུ་བརྟགས་པའི་བདག་དགག་པའི་དོན་དུ། རྒྱལ་དཔོག་པ་བཞིན་རྒྱལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་པ་ཞེས་བྱ་བ་ནི་ནམ་མཁའ་ཨི་གོས་ཅན་དག་གོ་།དེ་དག་ནི་འདི་སྐད་དུ་བདག་ནི་སེམས་ཀྱི་མཚན་ཉིད་ཁོ ་ན་ཡིན་ཏེ། དེ་ཡང་རྫས་ཀྱི་ངོ་བོས་གནས་སྐབས་ཐ་དད་ལ་གནས་སྐབས་ཅན་ཐ་མི་དད་པའི་ཕྱིར་རྗེས་སུ་འགྲོ་བའི་བདག་ཉིད་ཡིན་ལ། རྣམ་གྲངས་ཀྱི་ངོ་བོས་ནི་གནས་སྐབས་རེ་རེ་ལ་ཐ་དད་པའི་ཕྱིར་ལོག་པའི་བདག་ཉིད་ཡིན་པར་སྨྲའོ། །བདག་གི་ཚུལ ་གཉིས་པོ་འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་པའི་ཕྱིར་ཚད་མ་གཞན་གྱིས་བསྒྲུབ་པར་མི་བྱའོ། །འདི་ལྟར་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་ཀྱང་གནས་སྐབས་པའི་བདག་ཉིད་གང་ཡིན་པའི་སེམས་པ་ཅན་གནས་སྐབས ་ཐམས་ཅད་ལ་དམིགས་པ་དེ་ནི་རྫས་ཡིན་ནོ། །རྣམ་གྲངས་ནི་རིམ་གྱིས་འབྱུང་བའི་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་པ་རྣམས་སོ། །དེ་དག་ཀྱང་མངོན་སུམ་གྱིས་གྲུབ་པོ། །ཞེས་བྱ་བ་ནི་གཞན་གྱིས་བསམ་པའོ། །དེ་ལ་ཡང་ཞེས ་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་ལ་ཕྱོགས་གཉིས་ཏེ། སེམས་པ་ཅན་གྱི་བདག་ཉིད་གང་ཡིན་པའི་རྫས་ཏེ། རྣམ་གྲངས་དག་དང་འབྲེལ་པ་ན་རེས་འགའ་འགྱུར་བ་མེད་པ་སྟེ། སྔར་ཡོད་པ་མ་དོར་བའི་སེམས་པ་ཅན ་ལ་སོགས་པ་རང་གི་ངོ་བོ་དང་འབྲེལ་པ་ཡིན་ནམ། སྔར་གྱི་ངོ་བོ་དོར་བ་དང་འབྲེལ་པ་ཡིན་།དེ་ལ་གལ་ཏེ་ཕྱོགས་ཕྱི་མ་ཡིན་ན་དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་པར་འགྱུར་ཏེ། གནས་སྐབས་ཅན་འགའ་ཡང་མེད་པའི་ཕྱིར་རོ། །ཅི་སྟེ་མི ་འགྱུར་བའི་ངོ་བོ་ཞེས་བྱ་བའི་ཕྱོགས་དང་པོ་ཡིན་ན། དེའི་ཚེས་མ་དང་ཕྱི་མའི་གནས་སྐབས་དག་དེ་ལ་ཁྱད་པར་ཏེ། གཞན་ཉིད་དུ་ཡོད་པ་མ་ཡིན་པའི་ཕྱིར། སེམས་པ་དེས་ཡོངས་སུ་འགྱུར་པར་མི་འགྱུར་ཞེས་མི་འཐོབ་སྟེ། ཡོངས་སུ་འགྱུར་བ་ནི་གཞན་དུ་འགྱུར་བའི་མཚན་ཉིད ་ཅན་ཡིན་པའི་ཕྱིར། ཡོངས་སུ་འགྱུར་བར་འདོད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་སྔ་མ་དང་ཕྱི་མའི་གནས་སྐབས་སུ་ཁྱད་པར་མེད་པ་དེ་ནི་ཡོངས་སུ་འགྱུར་པར་མི་འགྱུར་ཏེ། ནམ་མཁའ་བཞིན་ནོ། །སེམས་པ་ཅན་ཡང་གནས་སྐབས་ཐམས་ཅད་ཁྱད་པར་མེད་དོ།། ་ཞེས་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཡུལ་དང་དུས་དང་རང་བཞིན་དག་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱི་གཏན་ཚིགས་མ་གྲུབ་པའི་དོགས་པ་བསུ་བ་ཡིན་ཏེ། འདི་ལྟར་གལ་ཏེ་གཅིག་ཏུ་རྣམ་གྲངས་དག་ལས་རྫས་ཐ་དད་པ་ཡིན་ན། དེའི་ཁྱད ་པ་རྨེད་པར་འགྱུར་ན་ཇི་སྲིད་དུ་ཡུལ་དང་དུས་དང་རང་བཞིན་ཐ་མི་དད་པའི་ཕྱིར། །རྫས་དང་རྣམ་གྲངས་དག་གཅིག་ཏུ་འདོད་ལ། གྲངས་ལ་སོགས་པའི་བྱེ་བྲག་ནི་ཐ་དད་དེ། དེ་ལ་གྲངས་ནི་གཅིག་དང་མང་པོ་ཉིད་ལ་སོགས་པའོ། །འདི་ལྟར་རྫས་ནི་གྲངས ་གཅིག་དང་ལྡན་པ། བདེ་བ་ལ་སོགས་པ་རྣམ་གྲངས་ནི་གྲངས་དུ་མའི་ཁྱད་པར་ཅན་ཡིན་ནོ། །མཚན་ཉིད་ཀྱང་ཐ་དད་པ་ཡིན་ཏེ། འདི་ལྟར་རྫས་ཀྱི་མཚན་ཉིད་ནི་རྗེས་སུ་འཇུག་པ་ཡིན་ལ། རྣམ་གྲངས་ཀྱི་མཚན་ཉིད་ནི་ལྡོག་པ་ཡིན་ནོ། །མིང་ནི་མིང་དུ་བཏགས་པའོ། །དོན་ནི ་འབྲས་བུའོ། །དེ་སྐད་དུ་ཡང་ཡུལ་དང་དུས་དང་རང་གི་ཐ་མི་དད་པའི་ཕྱིར་གོས་དང་ཆོས་ཅན་ཐ་མི་དད་པ་ཡིན་ནོ། །གྲངས་དང་མིང་མཚན་ཉིད་དང་འབྲས་བུ་ཐ་དད་པའི་ཕྱིར་ནི་ཐ་དད་དེ། འདི་ལྟ་སྟེ་དཔེར་ན། གཟུགས་ལ་སོགས་པ་རྣམས་བུམ་པ་ལྟ་བུའོ། །ཞེས་བཤད་དོ། ་འདི་ལྟར་བུམ་པ་ལས་གཟུགས་ལ་སོགས་པ་དེ་དག་ཡུལ་ལ་སོགས་པ་དག་གི་ཐ་མི་དང་དེ། བུམ་པའི་ཡུལ་དང་རང་བཞིན་པ་གང་ཡིན་དེ་ཉིད་གཟུགས་ལ་སོགས་པ་རྣམས་ཀྱི་ཡིན་ནོ། །གྲངས་ལ་སོགས་པ་དག་གིས་ནི་བུམ་པ་ལས་དེ་དག་ཐ་དད་པ་ཡིན་ཏེ། འདི་ལྟར་བུམ་པ ་ནི་གཅིག་ཡིན་ལ། གཟུགས་ལ་སོགས་པ་ནི་མང་པོ་ཡིན་ནོ། །ཞེས་བྱ་བ་ནི་གྲངས་ཐ་དད་པའོ། །བུམ་པ་ལ་སོགས་པའི་རྫས་ནི་རྗེས་སུ་འཇུག་པའི་མཚན་ཉིད་ཡིན་ནོ། །གཟུགས་ལ་སོགས་པའི་རྣམ་གྲངས་ནི་ལྡོག་པའི་མཚན་ཉིད་ཡིན་ནོ། །ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པའོ།། ་བུམ་པས་ཆུ་ལེན་པའི་བྱ་བ་བྱེད་ལ། གཟུགས་ལ་སོགས་པ་ནི་གོས་དམར་པོ་ལ་སོགས་པ། ཞེས་བྱ་བ་ནི་འབྲས་བུ་ཐ་དད་པའོ། །དེ་བཞིན་དུ་སེམས་པ་ཅན་གྱི་བདག་གི་རྫས་དང། བདེ་བ་དང། སྡུག་བསྔལ་ལ་སོགས་པ་རྣམ་གྲངས་དག ་ལ་ཡང་སྦྱར་བར་བྱའོ། །འབྲས་བུ་ཐ་དད་པ་ནི་འདི་ལྟར་རྟོགས་པར་བྱ་སྟེ། སེམས་པ་ཅན་གྱིས་ནི་དོན་ཉམས་སུ་སྦྱོར་བར་བྱེད་ལ་བདེ་བ་ལ་སོགས་པ་ནི་ཕན་པ་དང་གནོད་པ་ཡིན་ནོ། །ཞེས་བརྗོད་དོ། །དེ་སྟོན་པ་ནི། གཟུགས་སོགས་བུམ་པ་ཞེས་བྱ་བ་ཞེས ་བྱ་བ་ལ་སོགས་པ་སྟེ། གྲངས་དང་མིང་ནི་ཐ་དད་ཉིད་ཅེས་བྱ་བ་ནི། རྫས་དང་རྣམ་གྲངས་དག་ཅེས་འཆད་པར་འགྱུར་བ་དང་འབྲེལ་ཞིང། འབྲས་བུ་རྗེས་འཇུག་ལྡོག་པ་དག། མཚན་ཉིད་དོན་གྱི་ཐ་དད་ཉིད། །ཅེས་བྱ་བ་ནི་རིགས་སུ་སྦྱར་བར་བྱ་སྟེ། འབྲས་བུ ་ཐ་དད་པ་སྟེ་དོན་གྱི་ཐ་དད་པ་ཉིད་དང། རྗེས་སུ་འཇུག་པ་དང་ལྡོག་པ་དག་ནི་མཚན་ཉིད་ཐ་དད་པའོ། །ཞེས་སྦྱར་བར་བྱའོ། །རྫས་དང་རྣམ་གྲངས་དག་ཅེས་བྱ་བ་འདིར་བཅད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་གྲུབ་པ་མཇུག་སྡུད ་པར་བྱེད་དོ། །དེ་ལྟར་བྱས་ན་རྫས་ནི་གཅིག་ཏུ་ཁྱད་པར་མེད་པ་མ་ཡིན་གྱི། འོན་ཀྱང་རྣམ་གྲངས་ཀྱི་ངོ་བོ་ཐ་དད་པས་ཁྱད་པར་འགྱུར་བ་ཡིན་ཏེ། དེས་ན་རྣམ་གྲངས་དག་ལས་རྫས་གཅིག་ཏུ་ཐ་མི་དད་པའི་ཕྱིར་རོ། །ཞེས་བྱ་བ་ནི་གཏན་ཚིགས ་མ་གྲུབ་པ་ཡིན་ནོ། །རང་བཞིན་དབྱེར་མེད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། །གལ་ཏེ་རྫས་དང་རྣམ་གྲངས་དག་ཐ་མི་དད་པར་ཁས་ལེན་པར་བྱེད་ན། དེའི་ཚེ་བདག་ཉིད་ཐམས་ཅད་ཀྱིས་ཐ་མི་དད་པ་ཡིན་དུ་ཆུག་མོད། དེ་ལས ་བཟློག་པ་ཐ་དད་པ་ཇི་ལྟར་འགྱུར། གཅིག་ལ་གང་ཏི་ཚེ་བསྒྲུབ་པ་དང་དགག་པ་ཕན་ཚུན་འགལ་བར་རིགས་པ་མ་ཡིན་ཏེ། འདི་ལྟར་གཅིག་ཅེས་བྱ་བ་འདིས་ཐ་དད་པ་བཀག་པ་མེད་ན་མི་འབྱུང་བའི་རང་བཞིན་ཐ་དད་པ་བརྗོད་དོ། །རང་བཞིན ་ཐ་མི་དད་པ་དེ་ཡིན་ན་དེ་ཉིད་ཀྱི་ཚེ་ཇི་ལྟར་དེ་བཀག་པའི་བདག་ཉིད་ཀྱི་ཐ་དད་པར་འགྱུར། སྦྱོར་བ་ནི་གང་ལ་ཐ་དད་པ་མེད་པ་དེ་ལ། དེ་ལས་བཟློག་པའི་ཐ་དད་པའི་གོ་སྐབས་སྙེད་པ་མ་ཡིན་ཏེ། དཔེར་ན་རྣམ་གྲངས་དེ་དག་ཉིད་དང། སོ་སོར་ངེས་པའི་ཐུན་མོངས ་མ་ཡིན་པའི་བདག་ཉིད་ཀྱི་ངོ་བོའི་རྫས་གང་ཡིན་པ་དེའི་རང་བཞིན་ལས་ཐ་མི་དད་པ་ཡིན་ནོ། །རྫས་དང་རྣམ་གྲངས་དག་གི་རྣམ་པར་བཞག་པ་ཡང་ཐ་མི་དད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་པ་དམིགས་པའོ། །དེ་ལྟ་ཡིན་དང་དོན་དམ ་པར་རྫས་དང་རྣམ་གྲངས་དག་ཐ་མི་དད་ན་མཚན་ཉིད་ཐ་དད་པར་ཡང་མི་འགྱུར་རོ། །ཞེས་སྟོན་པ་ནི། དེ་ལྟར་རྫས་དང་རྣམ་གྲངས་དག་ཅེས་བྱ་བ་ལ་སོགས་པ་ལ། གང་ལྡོག་པའི་ངོ་བོ་དང་ཐ་དད་པའི་རང་བཞིན་དེ་ནི་ལྡོག་པ་དང་ལྡན་པ་ཡིན་ཏེ། རྣམ་གྲངས་དག་གི ་རང་བཞིན་གཞན་ནོ། །རྫས་ཀྱང་ལྡོག་པ་དང་ལྡན་པའི་ངོ་བོ་ལས་ཐ་དད་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡང་ན་གང་ཞིག་རྗེས་སུ་འཇུག་པའི་བདག་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པ་དེ་ནི་རྗེས་སུ་འཇུག་པའི་བདག་ཉིད་ཡིན་ཏེ། རྫས་ཀྱི་ངོ་བོ་བཞིན་ནོ། །བདེ ་བ་ལ་སོགས་པ་རྣམ་གྲངས་རྣམས་ཀྱང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པའི་རང་བཞིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཁོ་ནའོ། །དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་ཐ་དད་པ་ཁོ་ནར་མི་འགྱུར་རོ། །འགལ་བའི ་ཆོས་དང་ལྡན་པ་ཡང་གཅིག་ཡིན་ན་ཐ་མི་དད་པའི་ཐ་སྙད་ཆད་པ་ཁོ་ནར་འགྱུར་རོ། །ཞེས་བྱ་བ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། བདག་ལ་སོགས་པ་ཁོ་ནར་ཞེས་བྱ་བ་ལ་སོགས་པའི་སྒྲས་བུམ་པ ་དང་འབྲུལ་སོགས་པ་གཟུང་ངོ། །སྐྱེ་བ་དང་འཇིག་པ་ཞེས་བྱ་བ་ལ་སོགས་པས་ཐལ་བར་བསྒྲུབ་པའི་གཉིས་པའི་འབྲས་བུ་འཆད་དེ། རྫས་དེ་ཡང་རྣམ་གྲངས་ཀྱི་ངོས?་སྐྱེ་བ་དང་འཇིག་པ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་ཐལ་བར་སྒྲུབ་བ་བསྒྲུབ་བྱ་མ་ཚང་པར་འགྱུར ་དུ་དོགས་པས་ངེས་པའི་བདག་ཉིད་བཞིན་ཞེས་བཤད་དེ། འདི་ནི་ངེས་པ་ཡང་ཡིན་ལ་རྫས་ལ་སོགས་པའི་ངོ་བོ་བདག་སྟེ་རང་བཞིན་ཡང་ཡིན་ནོ་ཞེས་ཁྱད་པར་བསྡུ་བའོ། །དེའི་ཕྱིར་རྗེས་འགྲོ་མེད་འཇིག་པ་ཞེས་བྱ་བ་ལ་སོགས ་པས་མཇུག་སྡུད་པར་བྱེད་དོ། རྣམ་གྲངས་ལས་ཐ་མི་དད་པའི་རང་བཞིན་ཉིད་ཀྱི་ཕྱིར་རྫས་ཀྱི་ངོ་བོའི་རྗེས་སུ་འགྲོ་བའི་བདག་ཉིད་མ་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལས་ཀྱང་སྟེ་རྣམ་གྲངས་ལས་ཐ་དད་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མི ་དམིགས་པའི་ཕྱིར་འདི་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་ཡིན་ནོ། ཞེས་བསྟན་པའི་ཕྱིར། རྣམ་གྲངས་རྗེས་འགྲོའི་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་རྗེས་སུ་འཇུག་པའི་རྫས་ཀྱི་བདག་ཉིད་མངོན་སུམ་ཉིད་ཀྱིས་གྲུབ་པོ། །ཞེས་གང་སྨྲས ་པ་དེ་མ་གྲུབ་སྟེ། མངོན་སུམ་དུ་འདོད་པའི་ཤེས་པ་འགའ་ཞིག་ལ་རྣམས་ལས་ཐ་དད་པའི་ལུས་སོ་སོར་སྣང་བ་རྗེས་སུ་འཇུག་པ་རོ་གཅིག་པའི་རྫས་ཀྱི་བདག་ནི་སྣང་བར་མི་མངོན་ནོ། །གལ་ཏེ་དེ་ལྟ་ན་ཡིན་ན་གང་གི་ཚེ་རྣམ་གྲངས་ལས་ཐ་དད་པའི་རྫས་ཀྱི་བདག ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་གྲངས་ལ་སོགས་པའི་ཐ་དད་པ་ཇི་ལྟར་གྲུབ་ཅེ་ན། རྣམ་པ་སྣ་ཚོགས་དོན་བྱེད་རུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་རྣམ་གྲངས་རྣམས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐ་དད་པའི་ཕྱིར་རྣམ་པ་སྣ་ཚོགས ་པ་དུ་མའི་རྣམ་པའི་དོན་བྱེད་པ་ཡིན་ནོ། །དེ་ལ་ཐུན་མོང་པ་ནི་ཆུ་འཛིན་པ་ལ་སོགས་པའི་མཚན་ཉིད་དོ། །ཐུན་མོང་མ་ཡིན་པའི་གོས་ཁ་བསྒྱུར་བ་དང་མའི་ལ་སོགས་པའི་ཤེས་པ་སྐྱེད་པའི་མཚན་ཉིད་དོ། །དེར་རུང་བ་ནི་ནུས་པའོ། །ཞེས་ཚིག་རྣམ་པ་སྦྱར་རོ། །དེ་ལ་ཐམས ་ཅད་ཅིག་ཅར་ཐུན་མོང་པའི་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཕྱིར་ཐམས་ཅད་སྒྱུ?་ཉིད་དུ་ཤེས་པར་བྱའི་དོན་དུ་ཐ་མི་དད་པའི་རྫས་ཀྱི་ངོ་བོ་མེད་ན་ཡང་ཐ་དད་པ་དེ་དག་ཉིད་དུ་བུམ་པ་ཞེས་བྱ་བ་ལ་སོགས་པའི་སྒྲས། གྲངས་གཅིག་གི་ཁྱད་པར་བརྗོད་དོ། །ཐུན་མེད་མ་ཡིན་པའི ་འབྲས་བུ་ཉེ་བར་སྦྱོར་བ་ཉིད་བརྗོད་པར་འདོད་པ་ལ་ནི། གྲངས་སྣ་ཚོགས་པ་ནི། དེ་དག་དེ་དག་ལ་གྲངས་ཐ་དད་པ་དང་འབྲས་བུ་ཏ་དད་པ་ཡང་གཞག་པར་བྱའོ། །འོ་ན་ཇི་ལྟར་མཚན་ཉིད་ཐ་དད་པ་ཡིན་ཞེ་ན། མཚུངས་སོགས་ཤེས་བྱའི་རྒྱུར་གྱུར་བ་ཞེས་བྱ་བ་སྨོས་ཏེ། ་རྗེན?་པ་དང་སྨིན་པ་ལ་སོགས་པའི་གནས་སྐབས་དག་ཏུ་སྐད་ཅིག་རེ་རེར་འཇིག་ན་ཡང་དབྱིབས་ཀྱི་ཁྱད་པར་འདྲ་བ་ཉིད་དུ་སྐྱེ་བ་ན་རྟོག་པ་མེད་པས་ཉམས་སུ་མྱོང་བའི་ཡུལ་ཉམས་སུ་མྱོང་ནས་གནས་སྐབས་ཐམས་ཅད་དུ་བུམ་པ་བུམ་པ་ཞེས་བྱ་བ་ལ་སོགས་པའི་འདྲ ་པའི་ཤེས་པའི་རྒྱུར་གྱུར་བ་ཡིན་ནོ། །ལྗང་གུ་དང་དམར་པོ་ལ་སོགས་པའི་ཁ་དོག་མི་མཐུན་པར་སྐྱེ་བ་ན་མི་འདྲ་བའི་ཤེས་པའི་རྒྱུ་ཡིན་པ་དེ་ལྟ་ན་ངོ་བོ་གཅིག་རྗེས་སུ་འགྲོ་བབ་མེད་ན་ཡང་མཚུངས་པ་དང། མི་མཚུངས་པའི་རྒྱུར་འགྱུར་རོ། །རྗེས་སུ་འཇུག་པ་དང་ལྡོག་པའི་ཚུལ ་དུ་རྣམ་པར་གཞག་གོ་།ཞེས་བྱ་བའི་མཚན་ཉིད་ཐ་དད་པར་རྣམ་པར་བཞག་པའོ། །མཚུངས་སོ་ཞེས་བྱ་བ་ལ་སོགས་པས་མི་འདྲ་བའི་ཤེས་པ་གཟུང་ངོ། །འོ་ན་ཇི་ལྟར་མིང་ཐ་དད་ཅེས་ན། རྣམ་པ་དེ་ལྟའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟའི་སྟེ། རྣམ་པ་སྣ་ཚོགས ་པའི་དོན་བྱེད་པར་རུང་བ་འདྲ་བ་ལ་སོགས་པའི་ཡུལ་གྱི་དངོས་པོ་བུམ་པ་ཞེས་བྱ་བ་དང། གཟུགས་པ་ཞེས་བྱ་བའི་བརྡ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པ་དེ་ལྟ་བུའི་དོན་གང་ལ་སྒྲ་དང་ཤེས་པ་ཡོད་པ་དེ་དག་ཅེས་བྱའོ། །རྣམ་པ་དེ་ལྟ་བུའི་དོན་གང་ལ་སྒྲ་དང ་ཤེས་པ་ཡོད་པ་དེ་སྐད་ཅེས་བྱ་སྟེ། དེ་དག་གི་སྤྱོད་ཡུལ་ཞེས་ཚིག་རྣམ་པར་སྦྱར་རོ། །དེས་ན་དངོས་པོ་རྣམས་ཀྱི་བདག་མེད་པ་མངོན་སུམ་ཉིད་ཀྱིས་གྲུབ་པོ་ཞེས་འཇུག་སྡུད་པའི་སྒྲོ་ནས་སྟོན་པ་ནི། སྐྱེ་དང་འཇིག་པ་བྱ་བ་ལ་སོགས་པའོ། །རྣམ་གྲངས་དག་ཅེས་བྱ་བ་ནི། གཟུགས ་ལ་སོགས་པ་དང་རང་རིག་པའི་རང་བཞིན་གྱི་སྡུག་བསྔལ་ལ་སོགས་པའོ། །འབའ་ཞིག་ཅེས་བྱ་བ་ནི། ཐ་མི་དད་པའི་རྫས་གཅིག་གི་ངོ་བོ་དང་བྲལ་བ་སྟེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གི་དོན་བྱེད་པར་འགལ་བའི་ཕྱིར་རོ་འདི་དག་སྐྱེ་བ་དང་མི་སྐྱེ་བའི་ཆེས་ཅན་ཉིད་ཡིན ་དོན་བྱ་བ་བྱེད་པ་ཉིད་རིགས་པ་ཡིན་ཏེ། དེའི་ཕྱིར་འདི་དག་བྱ་བ་བྱེད་པའི་མཚན་ཉིད་ཀྱི་ཡོད་པའི་རྟགས་ལས་བདག་མེད་པར་རྗེས་སུ་དཔག་པ་ལས་ཀྱང་གྲུབ་བོ། །གང་ཡང་རྫས་ནི་དམིགས་པའི་ངོ་བོ་ཉིད་སྣང་བ་མེད་དེ་ཞེས་བྱ ་བ་ལ་སོགས་པ་སྨྲས་པ་དེ་ལ། འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། འདྲེས་པ་ནི་གཅིག་གི་ངོ་བོར་གྱུར་པའོ། །དེའི་ཕྱིར་རྫས་ཀྱི་ངོ་བོ་ཡོད་དུ་ཟིན་ཀྱང་རྣམ་པར་ཕྱེ་ན་མི་སྣང་ངོ་སྙམ་དུ་བསམས་པའོ། །འདྲེས་པ་ཉིད་ལ་རྒྱུ་བཤད ་པ་ནི་དེའི་ཕྱིར་ཚུལ་གཉིས་ཆ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཕྱིར་དེ་བདག་ལ་སོགས་པའི་དངོས་པོས་གང་གི་ཕྱིར་ཚུལ་གཉིས་ལ་ཡིན་ན་ཡང་མིའི་སེངྒེ་བཞིན་དུ་ཆ་མེད་པར་འདོད་དེ། དེ་ལྟ་བས་ན་ཆ་མེད་པའི་ཕྱིར་དེ་ནི་འདྲེས་པ་སྟེ། གཉི་གའི་ངོ་བོ་ཡིན ་པའི་ཕྱིར་ལོགས་ཤིག་ཏུ་མི་དམིགས་སོ། །དེ་འདི་ནི་ཁྱེད་ཕན་ཚུན་འགལ་བ་བརྗོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འོན་ཏེ་ཚུལ་གཉིས་ཞེས་པ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆ་མེད་པ་ཡིན་ན་དེའི་ཚུལ་གཉིས་ཞེས་བྱ་བ་འདི་འགལ་བ་ཡིན་ཏེ། ཐ་སྙད་འདི་ནི་དོན་སྣ ་ཚོགས་པའི་རྒྱུ་མཚན་མིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཚུལ་གྱི་སྒྲས་རང་བཞིན་བརྗོད་པར་བྱེད་པའི་ཕྱིར། འདི་ལྟར་ཚུལ་གཉིས་དེ། རང་བཞིན་གཉིས་ལ་ཡོད་པའི་ནི་ཚུལ་གཉིས་ཀྱི་ངོ་བོ་ཞེས་བྱའོ། །རང་བཞིན་གཅིག་ལ་གཉིས་རིགས་པ་ཡང་མ་ཡིན་ཏེ། ་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱེད་ཀྱི་རང་བཞིན་གཉིས་བསྟན་པ་ཁོ་ནར་ཟད་ཀྱི། དངོས་པོ་གཅིག་ལ་ཚུལ་གཉིས། ཡོད་པ་ཡང་མ་ཡིན་ཏེ། གཅིག་དང་དུ་མ་ཉིད་དག་ནི། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར། གང ་ཡང་མིའི་སེངྒེ་དེ་ཡང་གཅིག་པུར་ཏེ་ཚུལ་གཉིས་སུ་མི་འགྲུབ་པོ་ཞེས་སྟོན་པ་ནི། མིའི་སེངྒེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲས་ནི་རྩོད་པའི་རྒྱུ་གཞིར་གྱུར་པ་མི་འཐད་པ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་མིའི་སེངྒེའོ། །དེ་ལྟར ་ཞེས་བྱ་བ་ནི་ཡན་ལག་སྣ་ཚོགས་ཀྱིས་ཆེས་རྒྱ་ཆེ་བའི་ཡུལ་གནོན་པའི་དོར་རོ། །གཞན་དུ་ན་དེ་ལྟར་སྣང་བར་མི་འགྱུར་ཏེ། སྦྲང་བུའི་རྐང་རྗེས་ཙམ་གྱི་བསྒྲིབས་པར་ཐལ་བར་འགྱུར་པའི་ཕྱིར་རོ། །འདིས་ནི་ནོར་བུ་གཟིའི་ཁ་དོག་སྣ་ཚོགས་པ་ཡང་བསལ་པ་ཡིན་ནོ། །འདི ་ཡང་རྒྱས་པར་ཡན་ལག་ཅན་དགག་པར་སྟོན་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། ནམ་མཁའ་ཨི་ཆོས་ཅན་གྱིས་ཀུན་ཏུ་བརྟགས་པའི་བདག་བརྟག་པ་སྟེ་བཅུ་པའོ།། །།གཞན་གཉིས་མེད་པར་ལྟ་བ་ལ་དམིགས ་པའི་གསང་བ་པ་རྣམས་ནི་ས་ལ་སོགས་པ་ཡོངས་སུ་གྱུར་པའི་ངོ་བོ་ཤེས་པ་རྟག་པ་དང་གཅིག་པུའི་རང་བཞིན་དུ་རྟོག་པར་བྱེད་དེ། དེའི་ཕྱིར་དེ་དག་གི་གཞུང་བསྟན་པའི་ཕྱིར། ས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་ཅེས་བྱ་བ་ནི་ས་ལ་སོགས་པ་ཡོངས་སུ ་གྱུར་པའི་ངོ་བོ་རྟག་པ་དང། གཅིག་པུའི་ཤེས་པའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་དག་ཅེས་བྱ་བ་ནི་གསང་བ་པར་སྨྲ?་བ་དག་གོ་།འདིའི་ཚད་མ་གང་ཡིན་ཞེ་ན། གཟུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དེ་དག་སྣང་བར་འགྱུར་བ་ལ་སོགས་པ། ་ཤེས་པ་ལས་མ་གཏོགས་པའི་གཟུང་བའི་མཚན་ཉིད་དུ་གྱུར་པ་ཡོད་པ་མ་ཡིན་ཏེ། ཡན་ལག་ཅན་དང་རྡུལ་ཕྲ་རབ་རྣམས་མེད་པའི་ཕྱིར། དེ་ལྟ་བས་ན་ཤུགས་ཀྱིས་ས་ལ་སོགས་པ་འདི་དག་ནི་རྣམ་པར་ཤེས་པ་ལ་སྣང་བའི་ངོ་བོ་ཁོ་ན་ཡིན་ནོ། །ཞེས་ངེས་པར་བྱེད་དེ། འདི ་དག་ཅེས་བྱ་བ་ནི་ས་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཉེས་པ་ཆུང་ལྡན་ཞེས་བྱ་བ་ནི། ཤས་པ་ཙམ་རིགས་པ་དང་ལྡན་པ་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་དེ་ལ་ཉེས་པ་ཆུང་ངུ་ཡང་བརྗོད་ཅེ་ན། རྟག་པ་ཉིད ་བརྗོད་ཕྱིར་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་རྟག་པ་ཉིད་དུ་ཁས་བླངས་པ་མི་རིགས་པ་ཡིན་ཞེ་ན། གཟུགས་སྒྲ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་ཞེས་བྱ་བ་ནི་དེའི་གནས་སྐབས་ལ་བརྗོད་ལ། དེའི་གནས་སྐབས་མ་ཡིན་པ་ནི་མི་རྟག་པ་ཉིད་དོ། །རྣམ་པར་དེས ་པའི་གཅིག་ཐམས་ཅད་ཉིད་དུ་གཟུགས་དང་སྒྲ་ལ་སོགས་པ་སྣང་པར་ཉམས་སུ་མྱོང་བ་ཡང་མ་ཡིན་གྱི་འོན་ཀྱང་རིམ་གྱིས་རག་འགའ་གཟུགས་སྣང་ལ། །ཡང་གཞན་གྱིས་ཚེ་ལ་སོགས་པ་སྣང་ངོ། །དེའི་ཕྱིར་གལ་ཏེ་སྒྲ་ལ་སོགས་པ ་འདི་དག་རྟག་པ་དང་གཅིག་པུའི་ཤེས་པ་ལ་སྣང་བའི་བདག་ཉིད་དུ་གྱུར་ན། དེའི་ཚེ་གོས་ཁྲ་བོ་སྣང་བ་བཞིན་དུ་ཅིག་ཅར་སྣང་བར་འགྱུར་ཏེ། དེ་སྣང་བའི་བདག་ཉིད་ཀྱི་ཤེས་པ་ནི་རྟག་ཏུ་གནས་པའི་ཕྱིར་རོ། །ཅི་ཡང་རིམ་གྱིས་སྒྲ་ལ་སོགས་པ་སྣང་བའི ་ཤེས་པ་སྐྱེ་བ་ནི་གནས་སྐབས་གཞན་ཉིད་ཡིན་ཏེ། དེས་ན་ཅིག་ཅར་སྒྲ་ལ་སོགས་པ་རིག་པར་མི་འགྱུར་རོ་བསྙམ་ན། དག་ན་གནས་སྐབས་གཞན་ཡང་མེད་ཅེས་བྱ་བ་སྨོས་ཏེ། གནས་སྐབས་དག་ནི་གནས་སྐབས་ཅན་ལས་གཞན་མ་ཡིན་པའི་ཕྱིར། གནས ་སྐབས་བཞིན་དུ་གནས་སྐབས་ཅན་ཡང་སྐྱེ་བ་དང་འཇིག་པར་འགྱུར་བ་འམ། གནས་སྐབས་ཅན་བཞིན་དུ་གནས་སྐབས་རྣམས་ཀྱང་རྟག་པ་ཉིད་དུ་ཐལ་པར་འགྱུར་རོ། །གནས་སྐབས་རྣམས་ཐ་དད་པ་ཡིན་ན་ཡང་འདིའི་འདི་ཞེས་བྱ་བའི་འབྲེལ་པ་མི་འགྲུབ་སྟེ། ཕན ་འདོགས་པ་མེད་པའི་ཕྱིར་དང་རྟག་པ་དང་གཅིག་པུའི་ཤེས་པ་ཙམ་ཁས་ལེན་པ་འགལ་བའི་ཕྱིར་རོ། །གཞན་ཡང་ཤེས་པའི་བདག་ཉིད་རྟག་པ་མངོན་སུམ་གྱིས་གྲུབ་པ་འམ། རྗེས་སུ་དཔག་པས་གྲུབ་པར་འགྱུར་གྲང་རེ་ཞིག་མངོན་སུམ་གྱིས་ནི་མ་ཡིན་ནོ་ཞེས ་སྟོན་པ་ནི། གཟུགས་ལ་སོགས་པ་རིག་ལས་ཞེས་བྱ་བ་ལ་སོགས་པའོ། །གང་གིས་མངོན་སུམ་གྱིས་སྒྲུབ་པར་འགྱུར་པ་རིམས་ཀྱི་སྣང་བའི་གཟུགས་ལ་སོགས་པ་རིག་པ་ལས་མ་རྟོགས་པའི་རྟག་པ་དང་གཅིག་པུའི་ངོ་བོའི་གནས་སྐབས་པའི་ཤེས་པ་ཉམས ་སུ་མྱོང་བ་ནི་མེད་དེ། གཟུགས་ལ་སོགས་པ་རིག་པ་དེ་ཡང་རིམ་གྱིས་ཉམས་སུ་མྱོང་བས་སྐད་ཅིག་རེ་རེར་འཇིག་པར་གྲུབ་ན་ཐ་མི་དད་པ་གཞན་ཅི་ཞིག་ཡོད་ཅེས་བརྗོད་པར་བྱའོ། །དེ་ལྟ་བས་ན་རྣམ་པ་དེ་ལྟ་བུའི་ཤེས་པའི་བདག་ཉིད་དམིགས་པའི་མཚན ་ཉིད་ཀྱིར་འགྱུར་པ་མི་དམིགས་པའི་ཕྱིར་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ་སྙམ་དུ་བསམས་པའོ། །རྗེས་སུ་དཔག་པས་ཀྱང་མི་འགྲུབ་པོ་སྙམ་སྟེ། འདི་ལྟར་རྗེས་སུ་དཔག་པ་ཡིན་ན། རང་བཞིན་གྱི་རྟགས་སམ། འབྲས་བུའི་རྟགས་ཡིན་གྲང། རེ་ཞིག ་རང་བཞིན་ནི་མ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་ཆོས་ཅན་འགའ་ཡང་མ་གྲུབ་པས་དེའི་རང་བཞིན་མ་གྲུབ་པའི་ཕྱིར་རོ། །ཆོས་ཅན་ཤེས་པ་ཙམ་གྲུབ་ན་ཡང། དེ་ལ་རྟག་པ་ཉིད་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་འགའ་ལ་ཡང་ཁྱབ་པ་མ་གྲུབ་པའི་ཕྱིར་རོ།། ་འབྲས་བུའི་རྟགས་ཀྱང་མ་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་མི་འཐད་པའི་ཕྱིར་དང། དེའི་འབྲས་བུ་འགའ་ཡང་མེད་པའི་ཕྱིར་དང། དེ་ལས་ཐ་དད་པའི་འབྲས་བུ་གཞན་ཁས་མ་བླངས་པའི་ཕྱིར་རོ། །དེས་ན་དེ་ལྟ་ཡིན་ན ་དེ་ལྟ་བུར་གྱུར་པའི་ཤེས་པའི་བདག་ཉིད་ལ་སྒྲུབ་པར་བྱེད་པའི་ཚད་མ་འགའ་ཡང་ཡོད་པ་མ་ཡིན་ལ། གནོད་པར་བྱེད་པ་ནི་མངོན་སུམ་ལ་སོགས་པ་ཡོད་པས་ཤེས་པ་རྟག་པའི་རྣམ་པར་འགྱུར་བ་ཡིན་དང་མི་རིགས་སོ། །གཞན་ཡང་ཕྱོགས་འདི་ལ ་བཅིངས་པ་དང་ཐར་པའི་རྣམ་པར་བཞག་པ་ཡང་འགྱུར་རོ། །ཞེས་སྟོན་པ་ནི། ཕྱིན་ཅི་ལོག་དང་ཞེས་བྱ་བ་ལ་སོགས་པའོ། །གང་གི་སྐད་ཅིག་རེ་རེ་འཇིག་ཅིང་སྐྱེས་བུའི་སོ་སོའི་ཤེས་པ་དུ་མ་རྒྱུད་ཐ་དད་པ་འཇུག་པ་ཡིན་ནོ། །ཞེས་བྱ་བ་དེའི་ཕྱོགས་ལ ་ཕྱིན་ཅི་ལོག་(དང་ཕྱིན་ཅི་མ་ལོག)་པའི་ཤེས་པའི་རྒྱུན་སྐྱེ་བའི་དབང་གི་བཅིངས་པ་དང་ཐར་པའི་རྣམ་པར་རིག་པ་དང་ལྡན་པ་མ་ཡིན་ཏེ། རྣལ་འབྱོར་གོམས་པའི་རིམས་ཀྱི་ཀྱང་ཡོངས་སུ་དག་པའི་ཤེས་པ་གོང་ནས་གོང་དུ་སྐྱེ་བའི་ཕྱིར་ཡོངས་སུ་མ་དག་པའི་ཤེས་པའི་རྒྱུན ་ལོག་པ་ལས་བྱེད་གྲོལ་ཐོབ་པར་འགྱུར་པའི་ཕྱིར་ཐར་པ་ཐོབ་པར་བྱ་བའི་དོན་གྱི་ཕྱིར་འབྲས་བུ་དང་བཅས་པ་ཡིན་ནོ། །གང་ཡང་ཁྱེད་ཅག་གིས་བདག་རྟག་པ་དང་གཅིག་པུའི་ཤེས་པའི་རང་བཞིན་ཞེས་བྱ་བའི་ཕྱོགས་དེ་ལ་ནི་ཇི་ལྟར་ཤེས་པ་གཅིག་གི ་བདག་ཉིད་ཀྱི་བསྐྱེས་བུ་ལ་བཅིངས་པ་དང་ཐར་པར་འགྱུར། འདི་ལྟར་གལ་ཏེ་ཤེས་པ་རྟག་ཏུ་ཕྱིན་ཅི་ལོག་གི་རང་བཞིན་མིན་ན། དེའི་ཚེ་གནས་སྐབས་གཞན་ལོགས་ཤིག་པ་མེད་པའི་ཕྱིར་ཐར་པ་རྣམ་པར་བཞག་པར་མི་འགྱུར་རོ།། ་ཅི་སྟེ་ཡང་ཕྱིན་ཅི་མ་ལོག་པ་ཡིན་པ་དེའི་ཚེ་རྟག་ཏུ་ཡོངས་སུ་དག་པའི་རང་བཞིན་ཡིན་པའི་ཕྱིར། བཅིངས་པར་མི་འགྱུར། །ཁོ་བོ་ཅག་ལ་ནི་རྒྱུན་ཐ་དད་པས་ཀུན་ནས་ཉོན་མོངས་པ་ཅན་དང། ངག་པ་རྣམས་རྣམ་པར་རིག་པར་འདོད་དེ། དེའི་ཕྱིར་བཅིངས་པ་དང ་ཐར་པའི་རྣམ་པར་བཞག་པའི་རིགས་པ་ཡིན་ནོ། །ཇི་སྐད་དུ། ཀུན་ནས་ཉོན་མོངས་རྣམ་པར་དག་།དེ་ནི་དྲིར་བཅས་དྲི་མ་མེད། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅད་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཅི་སྟེ་ཡང་བཅིངས་པ་དང་ཐར་པ་ནི་བཏགས་པ་ཁོ་ན་ཡིན་མོད། དོན་དམ་པ་ནི་མ་ཡིན་ནོ་སྙམ་ན། དེ་ལ་བཏགས་པ་ཡང་རྒྱུ་མཚན་བརྗོད་པར་དགོས་སོ། །ཤེས་པ་མི་རྟག་པའི་ཕྱོགས་ལ་ནི་རྒྱུ་མཚན་བསྟན ་ཟིན་ཏོ།། །།དེ་ལྟ་ཡིན་དང་ཁྱེད་ཅག་བྱང་གྲོལ་ཐོབ་པར་བྱ་བའི་ཕྱིར་དང་འཁོར་བ་ལས་འདའ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་བསྒོམ་པའི་འབད་པ་གང་ཡིན་པ་དེ་ནི་འབྲས་བུ་ངལ་བ་འབའ་ཞིག་ཏུ་ཟད་དོ། །ཞེས་བྱ་བ་སྟོན་པ་ནི། རྣལ་འབྱོར ་གོམས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རྣལ་འབྱོར་པ་དེ་ཁོ་ན་ཉིད་བསྒོམས་པས་ཅུང་ཟད་ཅིག་ཟློག་པ་འམ་འཇུག་པར་བྱེད་པ་དེའི་ཚེ་འདི་འབད་པ་འབྲས་བུ་དང་བཅས་པར་འགྱུར་ན། འདི་ལྟར་རེ་ཞིག་འདི་ཕྱིན་ཅི་ལོག་པར་མི་བྱེད་དེ། གང་གི ་ཕྱིར་ཕྱིན་ཅི་ལོག་འདི་དེའི་བདག་ཉིད་ཡིན་ཏེ། ཤེས་པ་རྟག་པའི་བདག་ཉིད་ཡིན་པས་དེའི་ཕྱིར་སྤངས་པར་མི་ནུས་ཏེ། རྟག་པ་ནི་མི་འཇིག་པ་ཉིད་ཀྱིས་འདོར་བ་མི་སྲིད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྒོམས་པས་སྒྲུབ་པར་བྱེད་པ་ཡང་མ་ཡིན ་(དེའི་བདག་ཉིད་ཡིན་པའི་ཕྱིར་ཏེ།)་ཤེས་པ་རྟག་པའི་བདག་ཉིད་ཡིན་པས་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཐམས་ཅད་ཀྱི་ཚེ་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་རིགས་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་སྡུད་པའི་བཀའ་འགྲེལ་ལས། གསང་བ་པའི་བདག་བརྟག་པ་སྟེ་བཅུ་གཅིག་པའོ།། །། ་གནས་མའི་བུ་པས་ཀུན་ཏུ་བརྟགས་པའི་གང་ཟག་དགག་པའི་ཕྱིར། ལ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལ་ལ་ཞེས་བྱ་བ་ནི་གནས་མའི་བུ་པ་དག་གོ་།དེ་དག་ནི་བདག་ཉིད་བདེ་བར་གཤེགས་པའི་སྲས་སུ་རློམ་ན་ཡང་བདག་གང་ཟག་ཀྱི་ཐབས་ཀྱིས་ཕུང ་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྟོག་པར་བྱེད་དོ། །དེ་དག་བཅོམ་ལྡན་འདས་བདག་མེད་པ་གསུང་བའི་བདེ་བར་གཤེགས་པའི་སྲས་ཉིད་དུ་ཁས་ལེན་པ་དེ་དག་ཇི་ལྟར་དེ་ཁོ་ན་ཉིད་མ་ཡིན་པའི་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པར་འགྱུར ་ཞེས་བསྟན་པའི་ཕྱིར། བཞད་གང་དུ་བྱེད་པའི་ཚིག་གིས་སྟོན་པར་བྱེད་པ་ནི། བདེ་བར་གཤེགས་པ་པར་རློམ་ཡང་ཞེས་བྱ་བ་སྨོས་སོ། །འདི་ལྟར་དགེ་བ་དང་མི་དགེ་བའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པ་པོ་དང། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་འདོད་པ་དང། ་མི་འདོད་པའི་ཟ་བ་པོ་དང། གང་ཡང་ཕུང་པོ་སྔ་མ་ཡོངས་སུ་དོར་ནས་ཕུང་པོ་གཞན་ལེན་པས། འཁོར་བ་པ་དང་གྲོལ་བ་གང་ཡིན་པ་དེ་བདག་ཡིན་ནོ། །ཞེས་པ་འདི་ནི་བདག་གི་མཚན་ཉིད་དོ་འདི་ཐམས་ཅད་ཀྱང་གང་ཟག་ལ་འདོད་པའི་ཕྱིར། མིང་ལ་རྩོད་པ་འབའ་ ་ཞིག་ཏུ་ཟད་དོ། །ཅི་སྟེ་ཡང་གང་ཟག་པ་བརྗོད་དུ་མེད་པ་ཉིད་ལ་རིགས་པ་གང་ཡིན་ཞེ་ན། མུ་སྟེགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གང་ཟག་ཕུང་པོ་དག་ལས་ཐ་དད་པ་ཡིན་ན་དེ་ནི་མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བརྟགས་པའི་བདག་ཏུ་ལྟ་བར་འགྱུར་རོ།། ་དེ་ལྟ་ཡིན་དང་བདག་རྟག་པར་ཐལ་བར་འགྱུར་རོ། །བདག་རྟག་པ་ནི་བྱེད་པ་པོ་དང་ཟ་བ་པོ་ལ་སོགས་པར་མི་རིགས་ཏེ། དེ་ནི་ནམ་མཁའ་བཞིན་དུ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་བདག་རྟག་པའི་མཛའ་བཀག་པ་དང། ཆོས་ཐམས་ཅད ་བདག་མེད་པའོ། །ཞེས་གསུངས་པ་དང་འགལ་ལོ། །འོ་ན་གཞན་མ་ཡིན་པ་ཡིན་ལ་རག་མོད་ཅེ་ན། དུ་མ་སོགས་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གང་ཟག་གཟུགས་ལ་སོགས་པའི་ཕུང་པོ་ཉིད་ཡིན་པར་གྱུར་ན། དེའི་ཕུང ་པོ་མང་པོ་དག་ལས་གཞན་མ་ཡིན་པའི་ཕྱིར་དེའི་རང་གི་ངོ་བོ་བཞིན་དུ་གང་ཟག་དུ་མ་ཉིད་དུ་འགྱུར་ན་གཅིག་ཏུ་ཡང་འདོད་དེ། ཇི་སྐད་དུ་འཇིག་རྟེན་སྐྱེ་བ་ན་གང་ཟག་གཅིག་སྐྱེ་སྟེ། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་བཞིན་ནོ་ཞེས་བཤད་པ་ལྟ་བུའོ།། ་སོགས་པའི་སྒྲས་ནི་མི་རྟག་པ་ཉིད་ལ་སོགས་པ་བཟུང་ངོ། །དེ་ལྟ་ཡིན་དང་གང་ཟག་ཀྱང་ཕུང་པོ་བཞིན་དུ་ཆད་པར་འགྱུར་རོ། །དེ་ལྟ་བས་ན་བྱས་པ་ཆུང་ཟོས་པར་ཐལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཆད་པ་སྨྲ་བ་དགག་པ་མཛད་པས་དེའི་ཕྱིར ་བརྗོད་དུ་མེད་པའི་གང་ཟག་ཡོད་དོ། །ཞེས་བྱ་བར་གྲུབ་པོ། །དེ་དག་ལ་བརྗོད་ཅེས་བྱ་བ་ལ་སོགས་པས་ཁྱེད་ཅག་གིས་བརྗོད་དུ་མེད་པའི་ཕྱིར། ཞེས་བྱ་བའི་རང་གི་ཚིག་ཉིད་ཀྱིས། གང་ཟག་དངོས་པོར་ཡོད་པ་མ་ཡིན་པར་ཞེས་བསྟན་པ་ཡིན་ནོ། །ཞེས་སྟོན ་པར་བྱེད་པ་ཡིན་ནོ། །སྤྱོད་པ་ནི་གང་ཞིག་དངོས་པོ་ལས་དེ་ཉིད་དང། གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་དངོས་པོ་མ་ཡིན་ཏེ། ནམ་མཁའ་ཨི་པདྨ་བཞིན་ནོ། །གང་ཟག་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བར་ཁྱབ་པར་བྱེད་པ་མི་དམིགས་པའོ།། ་ཆོས་མི་མཐུན་པ་ནི་ཚོར་བ་ལ་སོགས་པའོ། །ཡང་ཇི་ལྟར་འདི་ལ་ཁྱབ་པ་གྲུབ་ཅེ་ན། དངོས་པོ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་དངོས་པོ་ལས་དེ་ཉིད་དང་གཞན་ཉིད་ལས་མི་འདའ་སྟེ། གོ་སྐབས་མེད་པའི་ཕྱིར་རོ།། ་དེ་ལྟ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཟུགས་ལ་སོགས་པ་རྣམས་ཀྱང་ཕན་ཚུན་བརྗོད་དུ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་དངོས་པོ་མེད་པ་རང་བཞིན་མེད་པ་ལ་བརྗོད་དུ་མེད་པར་བཏགས་ཀྱི་དངོས་པོ་ལ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཐ་དད་ཐ་དད ་མེད་རྣམ་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཉིད་ལ་ཐ་དད་དང་ཐ་མི་དད་པའི་རྣམ་པར་རྟོག་པ་རྟེན་གྱི། དངོས་པོ་མེད་པ་ལ་ནི་མ་ཡིན་ནོ། །དེས་ན་དེ་ཉིད་དང་གཞན་ཉིད་ལ་སོགས་པར་བརྗོད་དུ་མེད་པ་ནི་དངོས་མེད་ཉིད་ལ་སྟེ། རང་བཞིན་དང་བྲལ་བ་ཉིད ་ལ་རིགས་ཀྱི་དངོས་པོ་ལ་ནི་དེ་ཉིད་དང་གཞན་ཉིད་ལ་སོགས་པར་བསྟན་དུ་མེད་པར་རིགས་པ་མ་ཡིན་ནོ། །ཞེས་སྤྲེལ་ཏེ་དེ་ལ་ཐ་དད་པ་དང་ཐ་མི་དད་པ་དག་ལས་གོ་སྐབས་གཞན་མེད་པའི་ཕྱིར་རོ། །ཡང་ཇི་ལྟར་གོ་སྐབས་གཞན་མེད་ཅེ་ན། གང་འདི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་ཟག་གཟུགས་ལ་སོགས་པའི་རང་བཞིན་མ་ཡིན་ནོ། །ཞེས་བྱ་བ་གང་ཡིན་པ་འདི་ནི་དེ་ལ་མེད་ཅེས་དགག་པ་དེ་ནི་གཟུགས་ལ་སོགས་པ་དེ་དག་ལས་གཞན་ཉིད་དུ་བརྗོད་པ་ཡིན་ཏེ། དངོས་པོ་ལ་དངོས་པོ་གཞན་དགག ་པ་ནི་རང་བཞིན་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་ནོ། །སྦྱོར་བ་ནི་དངོས་པོ་གང་ཞིག་གང་གི་རང་བཞིན་དང་བྲལ་བ་དེ་ལ་གཞན་ཡིན་ཏེ་ཚོར་བ་ལ་གཟུགས་བཞིན་ནོ། །གང་ཟག་དུ་བརྗོད་པའི་དངོས་པོ་ཡང་གཟུགས་ལ་སོགས་པ་རང་བཞིན་དང་བྲལ་པ ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཡང་དངོས་འདི་དེ་ཉིད་མིན་པ་བཀག་པ་ནི་དེའི་ངོ་བོ་མ་ཡིན་པ་བཀག་པ་ཡིན་ཏེ། དེ་ནི་དེ་ཉིད་དང་ཐ་མི་དད་པ་ཁོ་ན་བརྗོད་པ་ཡིན་ཏེ། དངོས་པོ་ཡོད་པ་ལ་དོན་གཞན་བཀག་པ་ནི་དེ་ཉིད་སྒྲུབ་པ་མེད ་པར་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་དེ་ནི་རང་བཞིན་འགའ་ཡང་བརྗོད་པ་མ་ཡིན་པ། དེའི་ཚེ་རང་བཞིན་ཐམས་ཅད་བཀག་པའི་ཕྱིར་དངོས་པོ་མེད་པ་ཁོ་ནར་འགྱུར་རོ། །དངོས་པོ་མེད་པ་ཉིད་ཀྱི་མཚན་ཉིད་ནི་རང་བཞིན་ཐམས་ཅད་བཀག་པ་ཡིན་པའི ་ཕྱིར་རོ། །སྦྱོར་བ་ནི་དངོས་པོ་གང་ཞིག་གང་ལས། དོན་གཞན་ཉིད་བཀག་པའི་བདག་ཉིད་ཀྱི་དེ་ཉིད་ཡིན་པ་དེ་ནི་དེ་ཁོ་ན་ཡིན་ཏེ། དཔེར་ན་གཟུགས་རང་གི་རང་བཞིན་ལས་དོན་གཞན་གྱི་བཀག་པའི་བདག་ཉིད་ཡིན་པ་བཞིན་ནོ། །གང་ཟག་ཀྱང་གཟུགས ་ལ་སོགས་པ་ལས་དོན་གཞན་ཉིད་བཀག་པའི་བདག་ཉིད་ཀྱི་དེ་ཉིད་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དངོས་པོ་ནི་དངོས་པོ་དེ་ལས་དེ་ཉིད་དང་གཞན་ཉིད་ལས་མི་འདའ་བའ་ཨི་ཕྱིར་རྩ་བའི་གཏན་ཚིགས་ཀྱི ་ཁྱབ་པ་གྲུབ་པོ་དེ་ལྟར་རེ་ཞིག་བརྗོད་དུ་མེད་པ་ཉིད་ཁས་བླངས་པ་ན་གང་ཟག་རྟགས་སུ་ཡོད་པར་འགྱུར་རོ། །ཞེས་བསྟན་ཏོ། །དེ་ནི་གང་ཟག་དངོས་པོ་ཉིད་དུ་ཁས་ལེན་ན་ཡང་བརྗོད་དུ་མེད་པར་རིགས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དམ་བཅའ་བ་རང ་གི་ཚིག་དང་འགལ་བར་འགྱུར་རོ། །སྙམ་དུ་བསམས་ནས་མཇུག་སྡུད་པར་བྱེད་པ་ནི། གང་ཟག་ཕུང་པོ་ལས་གཞན་མིན་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཁྱེད་ཅག་གང་ཟག་བརྗོད་དུ་མ་ཡིན་ནོ་ཞེས་སྨྲ་བ་ན། གང་ཟག་ཕུང་པོ་དག་ལས་གཞན་ཉིད ་དུ་ཆེས་གསལ་པོར་འཐོན་པའི་སྒྲས་བརྗོད་པ་ཡིན་ནོ། །ཞེས་སྟོན་པ་ནི། འགལ་བའི་ཆས་དང་འབྲེལ་པ་ནི། ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ནི་གང་ཟག་ཕན་ཚུན་སྤངས་ཏེ་གནས་པའི་ཆོས་དང་ལྡན་པ་དེ་དག་ན་ཕན་ཚུན་ཐ་དད་པ་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས ་ཅན་མ་ཡིན་པའི་ཆོས་དང་ལྡན་པའི་གཟུགས་དང་ཚོར་བ་དག་ལྟ་བུའོ། །ཕུང་པོ་དང་གང་ཟག་དག་ཀྱང་བརྗོད་པར་བྱ་བ་དང་བརྗོད་དུ་མེད་པ་ལ་སོགས་པ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན ་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། འདི་ལྟར་ཚོར་བ་ལ་སོགས་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་ཟག་ནི་ཚོར་བ་དང་འདུ་ཤེས་ལ་སོགས་པ་དག་ལས་དེ་ཉིད་དང་གཞན་དག་ཏུ་བརྗོད་དུ་མེད་པར་འདོད་ལ། གཟུགས ་དང་ཚོར་བ་ལ་སོགས་པ་དེ་དག་ལས་ཕན་ཚུན་གཞན་ཅིང་དུ་བརྗོད་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འདི་ལས་ཀྱང་འགལ་བའི་ཆོས་དང་ལྡན་པ་གྲུབ་པོ་ཞེས་སྟོན་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་དག་ཅེས་བྱ་བ་ལ་སོགས་པ་ལ། ་འདུས་བྱས་ཐམས་ཅད་ནི་མི་རྟགས་པའོ། །ཞེས་གསུངས་པའི་ཕྱིར། གཟུགས་ལ་སོགས་པ་ནི་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ། །གང་ཟག་ནི་དེ་ལྟར་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འདོད་དེ། དེ་ནི་རྣམ་པ་ཐམས་ཅད་དུ་བརྗོད་དུ་མེད་པའི ་ཕྱིར། གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། ཐ་དད་པའི་ཐ་སྙད་ཀྱི་རྒྱུ་མཚན་ནི་འདི་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྣ་ཚོགས་པ་ཐམས་ཅད་དངོས་པོ་གཅིག་ཏུ་འགྱུར་རོ། །དེ་ལྟ་ཡིན་དང་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་རོ། །དེ་ཉིད ་དང་གཞན་དག་ཏུ་བརྗོད་དུ་མེད་པའི་ཕྱིར་གང་ཟག་དངོས་པོ་མ་ཡིན་ན། །ཞེས་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལས་ཀྱང་སྟེ། མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ཡོད་པ་ཉིད་ཀྱི་མཚན ་ཉིད་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ནི་ཡོད་པ་ཉིད་ཀྱི་མཚན་ཉིད་དེ། དངོས་པོ་ཉིད་རང་བཞིན་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དོན་བྱེད་པར་ནུས་པའོ། །དངོས་པོ་མེད་པ་ཉིད་ཀྱི་མཚན་ཉིད་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་རོ། །ཞེས ་བྱ་བའི་ཤུགས་ཀྱིས་དོན་བྱེད་པར་ནུས་པའི་མཚན་ཉིད་ཅན་ནི་དངོས་པོ་ཉིད་དུ་གནས་པ་ཡིན་ནོ། །དོན་བྱེད་པ་དེ་ཡང་སྐད་ཅིག་མ་རྣམས་ཁོ་ན་ལ་ངེས་པ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱིས་ཁྱབ་པོ་ཞེས་བྱ་བའི་ཐ་ཚིག་སྟེ། རྟག་པ་ནི་རིམ་དང་ཅིག་ཅར་དག ་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྐད་ཅིག་མ་ཉིད་དུ་གང་ཟག་བརྗོད་དུ་མེད་ན་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ལ་དེའི་ཁྱབ་པར་བྱེད་པ་སྐད་ཅིག་མ་ཉིད་ལྡོག་པའི་ཕྱིར། ཤིང་ཉིད་ལོག་པ་ན་ཤིང་ཤ་པ་ཉིད་ལྡོག་པ་བཞིན་ནོ། །ཇི ་སྐད་དུ། མི་རྟག་ཉིད་དུ་བརྗོད་མིན་གང། །དེ་ནི་འགའ་ཡང་རྒྱུ་མ་ཡིན། ཞེས་གང་བཤད་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་གང་ཟག་རྟག་པར་གྱུར་ན། དེའི་ཚེ་དེ་ནི་རིམ་དང་ཅིག་པར་ངག་གི་དོན་བྱེད་པ་འགལ་བར་འགྱུར་ན། གང་གི་ཕྱིར་འདི་ལྟར་མི ་རྟག་པ་ཉིད་དུ་བརྗོད་དུ་མེད་པ་དེ་ལྟར་རྟག་པར་ཡང་ཡིན་པས་སོ། །དེའི་ཕྱིར་འདི་དོན་དམ་པར་ནུས་པ་འགལ་བ་མེད་པ་ཉིད་དོ་སྙམ་དུ་སེམས་ན། དེ་ནི་ཡང་བ་མ་ཡིན་ཏེ། འདི་ལྟར་རྣམ་པ་གཉིས་ཀ་དང་བྲལ་བའི་དངོས ་པོའི་རང་གི་མཚན་ཉིད་ནི་རིགས་པ་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་དག་ནི་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དངོས་པོའི་རྣམ་པ་གཅིག་གཏོང་བ་དང་ཡོངས་སུ་ལེན་པ་དག་ནི་དེ་ལས་གཞན་གྱི་རྣམ་པ་ཡོངས་སུ ་བཟུང་བ་དང་བཏང་བ་མེད་ན་མི་འབྱུང་བའི་ཕྱིར་རོ། ཁོ་བོ་ཅག་གིས་ནི་གང་ཟག་བརྗོད་དུ་མེད་པའི་སྒྲར་མངོན་པར་ཞེན་པ་ནི་མ་བཀག་སྟེ། རང་དབང་ཅན་འདོད་པ་ཙམ་ལ་རག་ལས་པ་ནི་སུས་ཀྱང་དགག་པར་མི་ནུས་པའི་ཕྱིར་རོ། །འོན་ཀྱང་གང ་ཟག་ཅེས་བྱ་བའི་དངོས་པོ་རང་བཞིན་ཐམས་ཅད་ཡོད་དམ། འོན་ཏེ་མེད་ཅེས་བྱ་བ་དངོས་པོའི་རང་བཞིན་འདི་འདིར་དཔྱད་པར་བྱའོ། །གལ་ཏེ་ཡོད་ན་དེའི་ཚེ་རྟག་པ་ཉིད་ཡིན་ཏེ། རྟག་པ་ཞེས་བྱ་བ་གཞན་འགའ་ཡང་མ་ཡིན་ཏེ། འོན ་ཀྱང་རང་བཞིན་རྟག་ཏུ་གནས་པ་འཇིག་པ་མེད་པ་གང་ཡིན་པ་དེ་ནི་རྟག་པ་ཞེས་བྱ་སྟེ། ཇི་སྐད་དུ་གང་གི་རང་བཞིན་འཇིག་མེད་པ། དེ་ལ་མཁས་རྣམས་རྟག་ཅེས་བརྗོད། ཅེས་བཤད་པ་བཞིན་ནོ། །ཅི་སྟེ་མེད་དོ། །ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཕྱིར་འདི ་རྟག་པ་ཉིད་ཡིན་ཏེ། མི་རྟག་པའི་མཚན་ཉིད་ནི་མི་གནས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་དག་ལས་མ་གཏོགས་པའི་ཕུང་པོ་གཞན་མེད་པའི་ཕྱིར་ལ། སྐད་ཅིག་མ་ཡིན་པ་ནི་རིམ་དང་ཅིག་ཅར ་དག་གིས་དོན་བྱེད་པར་འགལ་བའི་ཕྱིར། སྐད་ཅིག་མ་ཉིད་ཀྱིས་དོན་བྱ་བ་བྱེད་པ་ནུས་པའི་མཚན་གྱི་ཡོད་པ་ལ་ཁྱབ་པའི་ཕྱིར། གང་ཟག་ལ་སྐད་ཅིག་མ་ཉིད་ལོག་པ་ན་ཡོད་པ་ལྡོག་པ་གྲུབ་བོ། །གལ་ཏེ་གང་ཟག་མེད་པ་དེ་ལྟ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན ་འདས་ཀྱིས་སྲོག་གང་ཡིན་པ་དེ་ལུས་ཡིན་ནམ། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ཞེས་ཞུས་པ་ལ། འདི་ནི་ལུང་དུ་མི་སྟོན་པ་ཡིན་ནོ། །ཞེས་གསུང། གང་གི་ཕྱིར་མེད་པ་ཉིད་དོ། །ཞེས་ཅིའི་ཕྱིར་མ་གསུངས་ཤེ་ན། ལུང་དང་འགལ་བ་དག་ལ་ནི། །ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། གལ་ཏེ་ཆོས་ཅན་གང་ཟག་གྲུབ་པར་གྱུར་ན། དེའི་ཚེ་དེའི་ཆོས་དེ་ཉིད་ལ་སོགས་པ་ལུང་བསྟན་བསྟན་པར་འོས་ན། ཇི་ཙམ་དུ་ཆོས་ཅན་དེ་ཉིད་མ་གྲུབ་ན་དེ་ཇི་ལྟར་མེད་པ་དེའི་ཆོས་སྟོན་པར་འགྱུར། རི་བོང་གི་རྭ་ལ་སོགས་པ་མེད་པ་མེད་པ་ལ་ནི་གང ་གིས་འདི་ལུང་བསྟན་པར་འགྱུར་བ་རྣོ་བ་ལ་སོགས་པ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་གང་ཟག་བརྟགས་སུ་ཡོད་པ་ཉིད་གསལ་བར་བྱ་བའི་བཅོམ་ལྡན་འདས་ཀྱིས་འདི་ནི་ལུང་དུ་མི་སྟོན་པ་ཡིན་ནོ། །ཞེས་གསུངས་ཀྱི། མེད་དོ་ཞེས་ནི་མ་གསུངས་ཏེ། གཞན་གྱི ་ཆོས་ཅན་རང་བཞིན་མི་འདྲི་བའི་ཕྱིར་རོ། །ཡང་ན་བརྟགས་སུ་ཡོད་པ་ཡང་མེད་པར་ཞེན་པ་སྤངས་པའི་དོན་དུ་སྟོང་པ་ཉིད་བསྟན་པའི་སྐལ་པ་དང་མི་ལྡན་པའི་གདུལ་བྱའི་སྐྱེ་བའི་བསམ་པ་ལ་བལྟོས་ནས་མེད་དོ། །ཞེས་དེ་སྐད་དུ་མ་གསུངས་སོ། །ཇི་སྐད ་ལྟ་བའི་མཆེ་བ་སྨས་པ་དང། ལས་རྣམས་འཇིག་བ་ལ་བལྟོས་ནས། སྟག་མོས་ཕྲུག་གུ་ཁྱེར་བ་ལྟར། །རྒྱལ་བས་ཆོས་རྣམས་བསྟན་པ་མཛད། །ཅེས་བྱ་བ་དེ་ལྟ་བུ་སློབ་དཔོན་དབྱིག་གཉེན་ལ་སོགས་པས་མཛོད་དང་དོན་དམ་པ་བདུན་ཅུ་པ་ལ་སོགས་པར ་དགོངས་པ་གསལ་བར་བྱས་པའི་ཕྱིར་རོ། །བརྩོན་པ་བྱས་པ་ཡིན་ན་དེའི་ཕྱིར་རྟོགས་པ་དེ་ཉིད་དུ་གོ་བར་བྱའོ། །འདིར་ནི་གཞུང་མང་བས་འཇིགས་ནས་མ་བྲིས་སོ། །སྙམ་དུ་བསམས་པའོ། །གལ་ཏེ་དེ་ལྟ་ན་བརྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ། །ཞེས་བྱ་བ ་འདི་ཇི་ལྟར་དྲང་ཞེ་ན། མེད་པ་དག་དགག་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཡོད་པར་བརྗོད་པ་བརྩེ་བ་དང་ལྡན་བ་སྣ་ཚོགས་པ་སྟོན་པ་ནི་འགལ་བ་མེད་དོ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སེམས་ཀྱི་རྒྱུད་གང་ལས་སེམས་ཅན་བཏགས ་པ་དེ་ནི་འཁོར་བ་རྒྱུན་མི་འཆད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱི་སེམས་ཅན་ཡོད་དོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་རྒྱུ་དང་འབྲས་བུའི་སྐད་ཅིག་ལྡོག་པ་མེད་པ་རྒྱུད་པའི་འདུ་བྱེད་རྣམས་ཀྱང་མེད་པར་ག་བའི ་འཇིག་རྟེན་ཕ་རོལ་མེད་པས། འཇིག་རྟེན་ཕ་རོལ་མ་གྲུབ་བོ། ཞེས་གདུལ་བྱ་མེད་པར་བལྟ་བར་འགྱུར་རོ། །འོན་དགེ་སློང་དག་ཁུར་ཡང་པབསྟན་པར་བྱའོ། །ཁུར་ལེན་པ་དང། ཁུར་འདོར་བ་དང། ཁུར་ཁྱེར་བ་ཡང་བསྟན་པར་བྱ་སྟེ། དེ་ལ་ཁུར་ནི་ཉེ་བར་ལེན ་པའི་ཕུང་པོ་ལྔ་པོ་རྣམས་སོ། །ཁུར་ལེན་པ་ནི་སྲེད་པའོ། །ཁུར་འདོར་བ་ནི་ཐར་བའོ། །ཁུར་ཁྱེར་བ་ནི་གང་ཟག་གོ་།ཞེས་གང་གསུངས་པ་དེ་ཇི་ལྟར་དྲང། ཁུར་ཉིད་ཁུར་ཁྱེད་བར་རིགས་པ་ནི་མ་ཡིན་ནོ། །ཞེ་ན་ཚོགས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་ལ་ཚོགས་པ་ཉིད་བརྗོད་བར་འདོད་པ་དུས་མཚུངས་པའི་ཕུང་པོ་རྣམས་ཁོ་ན་ཚོགས་པའི་ཐ་སྙད་རྟེན་པ་ཡིན་ཏེ། རྒྱུ་དང་འབྲས་བུར་གྱུར་པ་དེ་དག་ཉིད་ཅིག་ཅར་མི་འབྱུང་བ་ལ་རྒྱུན་ཅེས་བསྟན་ཏེ། རྣམ་པ་གཅིག་ཏུ་རྟག་པའི་རྒྱུར་གྱུར་པའི་རྒྱུན ་དང་ཚོགས་པ་དག་གི་སྒྲས་བསྟན་པས་དེས་ན་ཚོགས་པ་ལ་སོགས་པའི་ཐུགས་ཀྱིས་ཏེ། ཚོགས་པ་ལ་སོགས་པའི་དགོངས་པས་ཁུར་དང་དེ་ཁྱེར་བ་ལ་སོགས་པ་བསྟན་པ་ལས་འགལ་བ་མེད་དོ། །ཞེས་བྱ་བ་ནི་ལྷག་མའོ། །སོགས་པའི་སྒྲ་དང་བོས་རྒྱུན་ལ ་སོགས་པ་གཟུང་ངོ། །གཉིས་པས་ནི་ཁུར་ལ་སོགས་པའོ། །དེ་ལ་ཕུང་པོ་ཚོགས་བ་དེ་དག་ཉིད་རྒྱུན་ལ་སོགས་པའི་ངོ་བོས་བརྗོད་པར་འདོད་པས་གང་ཟག་ཁུར་ཁྱེར་བ་ཞེས་བསྟན་ཏེ། དེ་ཉིད་ལ་འཇིག་རྟེན་ན་གང་ཟག་ཏུ་རློམ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན ་འདས་ཀྱིས་ཁུར་ཁྱེར་བའི་གང་ཟག་གང་ཡིན་ཞེས་སྨྲས་པ་ལ། །ཚེ་དང་ལྡན་པ་གང་དག་འདིའི་རིགས་ནི་འདི་ལྟ་བུ། རུས་ནི་འདི་ལྟ་བུ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང། འདི་ལྟར་ཚེ་རིང། ཞེས་བྱ་བ་ལ་སོགས་པས ་གང་ཟག་བསྟན་པ་ཡིན་ནོ། །ཕུང་པོ་ཚོགས་པའི་མཚན་ཉིད་དེ་ཉིད་ལ་ཅི་ནས་ཀྱང་བཏགས་པར་ཡོད་པར་ཤེས་པར་བྱ་བ་ཡིན་གྱིས་གཞན་གྱི་ཀུན་ཏུ་བརྟགས་པའི་རྟག་བ་རྫས་སུ་ཡོད་པ་གཞན་ནི་ཤེས་པར་མི་བྱའོ། །ཞེས་བསྟན་པའི་དོན་དུའོ། །གདོན་མི་ཟ་བར་དེ་ལྟར ་ཤེས་པར་སྟེ། དེ་ལྟ་མ་ཡིན་ན་ཁུར་ལེན་པ་ཡང་ཕུང་པོ་དག་ལས་ལོགས་ཤིག་ཏུ་བསྟན་པའི་ཕྱིར་གང་ཟག་བཞིན་དུ་ཕུང་པོའི་ནང་དུ་མ་གཏོགས་པར་འགྱུར་རོ། །དེའི་ཕུང་པོ་གཞན་དེ་དག་བསྐྱེད་པར་བྱ་བར་འཇུག་པའི་ཕུང་པོ་སྔ་མ་དེ་དག་ཉིད་ཁུར་ཞེས ་བྱ་བར་གསུངས་ལ། གང་དག་འབྲས་བུར་གྱུར་པའི་སྐྱེ་བ་དེ་དག་ནི་ཁུར་ཁྱེར་བ་ཞེས་གསུངས་པས། འདི་ནི་ཤེས་པར་བྱེད་པ་མ་ཡིན་ནོ། །གསལ་བར་བྱེད་པར་སྨྲས་པ། བདག་ཁས་མི་ལེན་ན་དེ་བཞིན་གཤེགས་པའི་གསུངས་འདི་དོན་དང་ལྡན་པར་བཞག་པར ་མི་ནུས་ཏེ། གང་གི་ཕྱིར་བརྩུན་པ་གཟུགས་བདག་མ་ལགས། བརྩུན་བ་ཚོར་བ་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་བདག་མ་ལགས། དེ་བཞིན་དུ་དགེ་སློང་དག་གཟུགས་འདི་ནི་ཁྱོད་མ་ཡིན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང། ་རྣམ་པར་ཤེས་པ་ནི་ཁྱོད་མ་ཡིན་ཞེས་བྱ་བ་འདི་གསུངས་ཏེ། འདིས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ང་རྒྱལ་གྱི་ཡུལ་ཉིད་བཀག་ལ། འདི་ནི་ཁྱད་པར་བགག་པ་ཡིན་གྱི་སྤྱི་བཀག་པ་ནི་མ་ཡིན་ནོ། །བདག་ཁས་མི་ལེན་ན་ཡང་སྤྱི་ཉིད་དགག་པར་བྱ་བ ་ཡིན་གྱི་ཁྱོད་ཉིད་དང་བདག་ཉིད་ནི་མ་ཡིན་པའི་ཕྱིར་ཁྱད་པར་བཀག་པ་ནི་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་ཏེ། དཔེར་ན་མིག་གཡོན་པས་མི་མཐོང་ཞེས་བརྗོད་པ་ན་གཡས་པས་མཐོང་ངོ། །ཞེས་གོ་བ་ཉིད་ཡིན་ནོ། །དེས་ཀྱང་མི་མཐོང་ན་གཡོན་པ་སྨོས ་པ་དོན་མེད་དེ། མི་མཐོང་ངོ། །ཞེས་བྱ་བ་ཁོ་ན་བརྗོད་བར་འགྱུར་རོ། །དེ་བཞིན་དུ་འདི་ལ་ཡང་གཟུགས་བདག་མ་ཡིན་པ་ནས་རྣམ་པར་ཤེས་པ་བདག་མ་ཡིན་ཞེས་བྱ་བའི་བར་དུ་གསུངས་པ་ན་དེ་དང་མི་མཐུན་པའི་བདག་ཡོད་དོ། །ཞེས་སྟོན་པར་འགྱུར་རོ།། ་དེ་ཡང་བརྗོད་དུ་མེད་པའམ་གཞན་ཡིན་དུ་ཆུག་མོད། ཐམས་ཅད་བདག་ཡོད་དོ་ཞེའོ། །འདིར་སྨྲས་པ་ཁྱད་པར་དག་ནི་དག་པ་དང། ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་དུ་བསྟན་པ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ ་བ་བློ་གྲོས་ངན་པ་རྣམས་ལ་འཇུག་པ་འདི་ལྟ་སྟེ། གཟུགས་བདག་ཡིན་པ་ནས་རྣམ་པར་ཤེས་པ་བདག་ཡིན་པའི་བར་དང། གཟུགས་ལ་བདག་གནས་པ་ནས་རྣམ་པར་ཤེས་པ་ལ་བདག་གནས་པའི་བར་དང། བདག་གཟུགས་དང་ལྡན་པ་ནས་བདག ་རྣམ་པར་ཤེས་པ་དང་ལྡན་པའི་བར་དང། གཟུགས་བདག་གི་ཡིན་པ་ནས་རྣམ་པར་ཤེས་པ་བདག་གི་ཡིན་པའི་བར་དུ་ཞེས་བྱ་བའོ། །དེ་ལ་ལྟ་བ་དང་པོ་ལྔ་དགག་པའི་ཕྱིར། དེའི་ལྟ་བ་ཅན་ལ་ཁྱད་པར་གྱི་ཚུལ་གྱིས་བཀག་པ་མཛེས་པ་ཡིན་ནོ། །གཟུགས ་བདག་ཡིན་ཞེས་བྱ་བ་ལ་སོགས་པའི་ལྟ་བ་དེ་དག་གང་དག་ལ་ཡོད་པ་དེ་དག་ནི་ལྟ་བ་ཅན་ཏེ། བློ་གྲོས་བླུན་པོའི་དོགས་པའི་གནས་གང་ཁོ་ན་ཡིན་པ་དེ་ཁོ་ན་རྗེས་སུ་བརྗོད་ནས་ཟློག་པ་ཡིན་གྱི། འདི་ལ་སྒྲུབ་པ་འགའ་ཞིག་བཞེད་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན ་ན་ཉན་པ་པོ་ལེགས་པར་མི་སྦྱོར་བའི་ཚིག་སྨྲ་བ་ན། སྟོན་པ་པོ་རྟོག་པ་དང་ལྡན་པར་མི་འགྱུར་རོ། །དེ་ཁོ་ན་བསྡུས་པའི་དཀའ་འགྲེལ་ལས། གནས་མའི་བུ་པའི་བདག་བརྟགས་པ་སྟེ།། །།བཅུ་གཉིས་པའོ།། །།གཡོ་བ་ཞེས་བྱ་བ? ་ཁྱད་པར་འདི་བསྒྲུབ་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མཛའ་དག་ལ་ཁྱབ་པའི་སྐད་ཅིག་མར་འཇིག་པ་བསྒྲུབ་པ་ཉིད་ཀྱིས་གཞན་གྱིས་ཀུན་ཏུ་བརྟགས་པའི་རང་བཞིན་དང་དབང་ཕྱུག་ལ་སོགས་པ་དངོས་པོ་མཛའ་དག་གི ་ཚོགས་པ་གཅིག་གིས་བསལ་བ་ཡིན་ན་ཡང་ཁོ་བོ་ཅག་གིས་གཞུང་ཤིན་ཏུ་རྒྱས་པར་བགོད་པས་ཚིག་རེ་རེ་ནས་བརྗོད་ནས་སུན་འབྱིན་པ་རྩོམ་པ་གང་ཡིན་པ་དེ་ནི་ངལ་བར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །ཐབས་བླ་ལ་ཉུང་བ་ཉིད་ཀྱིས་དེ་སུན་འབྱིན ་པའི་ཕྱིར་རོ། །སྙམ་དུ་དགོངས་པ་ཡིན་ནོ། །འདི་ལྟར་གཞན་ཁ་གཅིག་དག་གིས་རང་བཞིན་ལ་སོགས་པ་ཐམས་ཅད་ནི་སྐྱེས་མ་བྲག་ཏུ་འཇིག་པ་འམ་རྗེས་སུ་འགྲོ་བ་མེད་པར་བཀག་པའི་ཆོས་ཅན་དུ་མི་འདོད་དོ། །དེ་ལྟ་བས་ན་འདི་དང་དངོས་པོ་མཛའ་དག་གི་ཁྱབ ་པར་བྱེད་པའི་མཚན་ཉིད་ཀྱི་སྐད་ཅིག་མར་འཇིག་པ་བསྒྲུབས་པ་ཉིད་ཀྱི་བསལ་བ་ཡིན་ནོ། །སྙམ་དུ་བསམས་ནས། ཁོ་བོ་ཅག་གིས་རང་བཞིན་ལ་སོགས་པ་ནས་གང་ཟག་མཐར་ཐུག་པ་བཤད་ཟིན་པ་དང། འཆང་པར་འགྱུར་བའི་རིགས་དང། ཡོན་ཏན ་རྫས་ལ་སོགས་པ་སྒྲ་དང། དོན་དག་དང། ཚད་མ་དང། གཞལ་བྱ་དག་དང། ནོར་བུ་གཟི་ལྟ་བུར་ཁ་དོག་སྣ་ཚོགས་པའི་དངོས་པོ་དང། དུས་གསུམ་དུ་འཇུག་པའི་ངོ་བོ་དང། ཚུ་རོལ་མཛེས་པ་བས་ཁས་བླངས་པའི་འབྱུང་བ་བཞི་དང། རྒྱལ་དཔོག་པས ་འདོད་པའི་རིག་བྱེད་ཀྱི་སྒྲའི་ཚོགས་ཁྱད་པར་མང་བར་གསལ་བར་བྱ་བའི་ཕྱིར། སྐད་ཅིག་མར་འཇིག་པ་བསྒྲུབ་པར་བྱའོ། །གསལ་བར་ཞེས་བྱ་བ་ནི། དེ་སྒྲུབ་པར་བྱེད་པའི་ཚུལ་གསུམ་པའི་གཏན་ཚིགས་སྟོན་པའི་ཕྱིར། དེའི་ཕྱིར་བསྟན་པའི ་དངོས་པོ་བརྟག་པ་འདི་ཉིད་བསྟན་བཅོས་མཛའ་དག་གི་དོན་ཡོངས་སུ་རྫོགས་པ་ཡིན་ནོ། །ཞེས་བསྟན་པར་འགྱུར་རོ། །འདི་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། བྱས་དང་མ་བྱས་ཉིད་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རིགས་པ་ཅན་ལ ་སོགས་རྣམས་སྐད་ཅིག་མའི་དངོས་པོ་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །སྙམ་དུ་སེམས་པ་ན། བྱས་པ་དང་མ་བྱས་པ་དག་ཉིད་ཀྱི་སྒོ་ནས་དངོས་པོ་རྣམས་ཕུང་པོ་གཉིས་ཁོ་ནར་རྣམ་པར་འཇོག་པར་བྱེད་དོ། །དེ་ལ་ཁ་ཅིག་ནི་བྱས་པ་ཡིན་ཏེ། བུམ ་པ་ལ་སོགས་པ་ལྟ་བུའོ། །ལ་ལ་ནི་མ་བྱས་པ་ཡིན་ཏེ། རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་ལྟ་བུའོ། །གཞན་དག་གིས་ཏེ། གནས་མའི་བུ་བ་ལ་སོགས་པ་དག་གིས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཉིད་ཀྱིས་དངོས ་པོ་རྣམས་ཕུང་པོ་གཉིས་སུ་འདོད་དེ། འདི་ལྟར་དེའི་འདོད་པས་བློ་དང་སྒྲ་དང་མེ་ལྕེ་ལ་སོགས་པ་སྐད་ཅིག་མ་དག་ཡིན་ལ། ས་དང་ནམ་མཁའ་ལ་སོགས་པ་དག་ནི་སྐད་ཅིག་མ་མ་ཡིན་ནོ་ཞེའོ། །དེའི་ཕྱིར་དེ་ལྟར་ལྟ ་བའི་དབྱེ་བས་གནས་པ་ན་རེ་ཞིག་གང་དག་བྱས་པ་ཉིད་དུ་འདོད་པ་དེ་དག་ཕྱོགས་སུ་བྱས་ནས་ཚད་མ་བརྗོད་པར་བྱའོ། །ཞེས་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐམས་ཅད་ཀྱི་འཇིག་པ་རྒྱུ་གཞན་ལ་བལྟོས་པ་མེད་པ ་ཉིད་ཀྱིས་གནས་པའི་ཕྱིར། ཞེས་བྱ་བ་འདིས་མཚན་ཉིད་གསུམ་པའི་གཏན་ཚིགས་སྟོན་ཏོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། དངོས་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དག་དངོས་པོ་ལ་གང་ལ་བལྟོས་པ་མེད་པ་དག ་ནི་དེའི་ངོ་བོར་ངེས་པ་ཡིན་ཏེ། དཔེར་ན་དེ་མ་ཐག་པའི་འབྲས་བུའི་ཚོགས་པ་རང་གི་འབྲས་བུ་སྐྱེད་པ་ལ་ངེས་པ་བཞིན་ནོ། །སྐྱེ་བ་དང་ལྡན་པའི་བྱས་པའི་དངོས་པོ་རྣམས་ཀྱང་འཇིག་ལ་བལྟོས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི། རང་གི་གཏན་ཚིགས་སོ།། ་རྒྱུ་གཞན་ཞེས་བྱ་བའི་རང་བཞིན་གཏན་ཚིགས་དེ་ཡང་ནི་སྐྱེད་པར་བྱེད་པ་ལས་ཐ་དད་པའོ། །ངེས་པ་ཞེས་བྱ་བ་འདི་ལ་རྒྱུ་སྨྲས་པ། དེ་ལྟར་རང་གི་རྒྱུ་ལས་སྐྱེའི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་དེར་ངེས་པའི་ངོ་བོས་སྐྱེ་བའི་ཕྱིར ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་དག་གང་དུ་ཡང་མ་ངེས་པ་དེ་དག་ནི་དེ་ལ་བལྟོས་པ་མེད་པ་ཡང་མ་ཡིན་པར་འགྱུར་ཏེ། དཔེར་ན་བུམ་པ་ལ་སོགས་པ་སོ་མ་བཏང་བ་བཏང་བ་དག་ལ་སོགས་པ་དག་ཏུ་འགྱུར་བ་བཞིན་ནོ། །ཞེས ་བྱ་བ་འདི་ནི་འདིར་ཆོས་མི་མཐུན་པའི་དཔེའོ། །འོན་ཏེ་གཏན་ཚིགས་འདི་མ་ངེས་པ་ཉིད་མ་ཡིན་ནམ། འདི་ལྟར་དངོས་པོ་རྣམས་འཇིག་པ་ལ་རྒྱུ་གཞན་ལ་བལྟོས་པ་མེད་པ་དེ་ལྟ་ཡང་ཡིན་མོད་ཀྱི། །འོན་ཀྱང་གནས་ནས་ཡུལ ་དང་དུས་གཞན་དུ་དངོས་པོ་འཇིག་པ་སྲིད་པའི་ཕྱིར། འདི་དག་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་དུ་བསྒྲུབ་པར་འདོད་པ་མ་གྲུབ་པའོ། །གལ་ཏེ་འདི་ནི་བལྟོས་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་འཇིག་པའོ། །དེ་ལ་བལྟོས ་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཡུལ་དང་དུས་གཞན་ལ་བལྟོས་པ་མེད་པའི་ཕྱིར་རོ། །གང་ཞིག་གང་ལ་བལྟོས་པ་མེད་པ་དེ་ནི་འགའ་ཞིག་ཏུ་འམ་རེས་འགའ་འགྱུར་ན་དེའི་ཚེ་དེའི་ཡུལ་དང་དུས་ལ་བལྟོས་པའི་ཕྱིར། བལྟོས་པ ་མེད་པ་ཉིད་དུ་མི་འགྱུར་རོ། །དེའི་ག་ལས་མ་འཁྲུལ་པ་ཡི། འདི་ལྟར་ཡུལ་དང་དུས་གཅིག་ཡོངས་སུ་སྤངས་ནས་ཡུལ་དང་དུས་ལ་སོགས་པ་གཞན་དུ་འཇུག་པ་ནི། ཇི་ལྟར་མི་བལྟོས་པ་ཞེས་བྱ་བ་ཡིན། འདི་ལྟར་མི་བལྟོས ་པ་ནི་དེ་ལྟར་གནས་པ་ཉིད་ཡིན་གྱི། འདོད་པ་མ་ཡིན་ཏེ། དེ་ནི་བསམ་པས་སྟོང་པའི་ཕྱིར་རོ། །འོ་ན་གལ་ཏེ་རྣམ་པ་ཐམས་ཅད་དུ་བལྟོས་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་པར་འདོད་ན ་འོ་ན་གཏན་ཚིགས་མ་གྲུབ་སྟེ། འདི་ལྟར་འགའ་ཞིག་དག་འཇིག་པ་ལ། ཐོབ་པ་ལ་སོགས་པ་ལ་བལྟོས་པར་མཐོང་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །གང་ཡང་བློ་དང་སྒྲ་ལ་སོགས་པ་བལྟོས ་པ་མེད་པ་ཉིད་དུ་གྲགས་པ་དེ་དག་ཀྱང་གལ་ཏེ་ཐོ་བ་ལ་སོགས་པ་ལ་མི་བལྟོས་པ་དེ་ལྟ་ན་ཡང་ཡུལ་དང་དུས་ལ་བལྟོས་པས། དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཞེས་དོགས་པར་བྱས་ནས་ལན་གདབ་པར་བྱ ་བའི་ཕྱིར་སྐྱེ་བ་ཅན་ཀུན་འཇིག་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་ཞེས་བྱ་བ་ནི། ཡུལ་དང་དུས་ལ་སོགས་པ་ཐམས་ཅད་དུ་སྐྱེ་བ་དང་ལྡན་པ་རྣམས་འཇིག་པའི་རྒྱུ་ལ་མི་བལྟོས་སོ། །ཞེས་བྱ་བའི་དོན་ཏོ། །འཇིག་པའི ་རྒྱུ་ཉིད་དུ་ཁས་བླངས་པ་རྣམས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་ཏེ། ཕན་པ་མི་འདོགས་པའི་ཕྱིར་རོ། །ཕན་མི་འདོགས་པ་ཡང་བལྟོས་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཅུང་ཟད་ཀྱང་མི་བྱེད་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འཇིག་པ་བྱེད་ན་རེས་འགའ་དངོས་པོ་འམ་དངོས་པོ་མེད་པ་ཡིན་གྲང། དེ་ལ་གལ་ཏེ་དངོས་པོ་ཡིན་ན། དེའི་ཚེ་འཇིག་པ་དང་ལྡན་པ་འདི་དངོས་པོ་ལས་དོན་གཞན་དུ་མ་གྱུར་པ་བྱེད་དམ། དོན་གཞན་དུ་གྱུར་པ་བྱེད། དངོས་པོ་ཡོད་པ་ལ་ནི་རྣམ་པར་རྟོག་པ་གཉིས ་ལས་མི་འདའ་བའ་ཨི་ཕྱིར། གཉི་ག་འམ་གཉི་ག་མ་ཡིན་པའི་ཕྱོགས་ནི་རིམ་པ་མ་ཡིན་ཏེ། དངོས་པོ་གཅིག་གཏོང་པ་དང་ཡོངས་སུ་ལེན་པ་དག་ནི་དེ་ལས་གཞན་ཡོངས་སུ་གཏོང་བ་དང་ལེན་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །གཅིག་ལ་སྒྲུབ་དང་དགག་པ་མི་རུང་བའི་ཕྱིར་རོ།། ་ཞེས་བསྟན་ཟིན་ཏོ། །དེ་ལ་རེ་ཞིག་དོན་གཞན་དུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་ཕྱོགས་ནི་མ་ཡིན་ཏེ། དངོས་པོའི་རང་བཞིན་ནི་རང་གི་རྒྱུ་ཁོ་ན་ལས་སྐྱེ་བའི་ཕྱིར་ཏེ། མི་མཐུན་དང་རྒྱུ་མེད་པར་མི་འབྱུང་བའི་ཕྱིར་རོ། །དེ་ཡང་དངོས་པོའི་རང་བཞིན་བཞིན་དུ་དེ་ལས་ཐ་མི ་དད་པར་གྲུབ་པའི་ཕྱིར་རོ། །གྲུབ་པ་ཡང་བྱེད་པར་མི་རིགས་ཏེ། རྒྱུ་ལྡོག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་དངོས་པོ་འདི་རང་གི་རྒྱུ་ཁོ་ན་ལས་བདག་ཉིད་ཐམས་ཅད་གྲུབ་པ་ནི་མ་ཡིན་ཏེ། དེའི་ཕྱིར་རྒྱུ་གཞན་གྱིས་འཇིག་པར་བརྗོད་པའི་རང་བཞིན ་གཞན་ཐོབ་པ་ཡིན་ནོ་ཞེ་ན། དངོས་པོའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ན་ཆ་ཤས་ཀྱིས་འགྲུབ་པར་འགྱུར་བ་གཅིག་གིས་རང་བཞིན་ལ་གཉིས་ཡོད་པ་ནི་མ་ཡིན་ནོ། །འོན་ཀྱང་དངོས་པོའི་ཆ་ཤས་མེད་པ་ཁོ་ན་ཡིན་ལ། དེ་ཡང་རང་གི་རྒྱུས ་བསྐྱེད་པ་ན་བདག་ཉིད་ཐམས་ཅད་ཀྱིས་བསྐྱེད་པའི་ཕྱིར། ཇི་ལྟར་དེའི་དུས་ཕྱིས་རྒྱུ་གཞན་གྱིས་རང་བཞིན་གཞན་བྱེད་པར་འགྱུར་གང་ཞིག་གྲུབ་པ་ན་གང་མ་གྲུབ་པ་དེ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ཏེ། ཐ་མི་དད་པའི་མཚན་ཉིད་ནི་གྲུབ་པ་དང་བདེ་བ་གཅིག་པ ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་དུས་ཕྱིས་སྐྱེ་བའི་འཇིག་པའི་དངོས་པོ་དེ་ནི་རང་བཞིན་ཡིན་ནོ། །གཞན་གང་ཡིན་པ་དེ་ཡང་ཇི་ལྟར་དེར་འགྱུར་བ་ཡིན་ཏེ། དེའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །ཅི་སྟེ་དོན་གཞན་དུ་གྱུར་པ་ཞེས་བྱ་བའི་ཕྱོགས་ཡིན་ན། དེ་ལ་ཡང་འཇིག་པའི་རྒྱུས་ནི ་དངོས་པོ་ལ་ཅི་ཡང་མི་བྱེད་པ་ཉིད་དོ། །ཞེས་སྟོན་པ་ནི། །དངོས་པོ་ལས་ནི་ཐ་དད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་བྱེད་པ་ན་ཕན་བཏགས་པ་ཞེས་བྱ་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་ཕྱིར་རོ། །དེ་དང་འབྲེལ་པའི་འཇིག་པ་བྱེད་པའི་ཕྱིར་དངོས་པོ་ལ་ཕན་བཏགས་པར་འགྱུར ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་ཐ་དད་པར་ཁས་བླངས་པའི་ཕྱིར་དེའི་ཕྱིར་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་མེད་ལ། དེ་ལས་བྱུང་བའི་མཚན་ཉིད་ཀྱང་མེད་དེ། དེ་ནི་འཇིག་པའི་རྒྱུ་ཉིད་ལས་སྐྱེས་པའི་ཕྱིར་རོ། །དངོས་པོའི་འབྲེལ་པ་གཞན ་ཡང་ཡོད་པ་མ་ཡིན་ནོ། །འབྲེལ་པ་ཡོད་ན་ཡང་དངོས་པོའི་ཕྱིར་དེ་ཁོ་ན་བཞིན་དུ་འབྲས་བུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དམིགས་པ་ཉིད་འབྲས་བུ་ཡིན་པས་དམིགས་པའི་འབྲས་བུའོ། །སོགས་པའི་སྒྲས་ནི་ཆུ་འཛིན་པ་དང་རྗེ་དར་གཅོད་པ་ལ་སོགས་པ་གཟུང་ངོ། །འཇིག ་པ་ཐ་དད་པ་དེས་བསྒྲུབས་པའི་ཕྱིར་དང། གེགས་བྱས་པའི་ཕྱིར་དམིགས་པ་ལ་སོགས་པའི་འབྲས་བུ་བྱེད་པ་མ་ཡིན་ནོ་ཞེ་ན། དེའི་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རང་བཞིན་གྱི་ཁྱད་པར་ཉམས་པར་མི་བྱེད་པ་འམ་སྐྱེད་པར་མི་བྱེད་པ་དེ་ལ་སྒྲིབ་པར ་བྱེད་པ་འམ། །གེགས་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་མ་དོར་བ་སྒྲིབ་པ་མེད་པ་སྔར་གྱི་རང་བཞིན་ཡིན་པའི་ཕྱིར་དེའི་སྒྲིབ་པ་དང་གེགས་བྱེད་པ་མི་རིགས་སོ། །འདི་སྙམ་དུ་སྔ་མ་བཞིན་དུ་དམིགས་པ་ལ་སོགས་པར་ཐལ་བར ་འགྱུར་བ་མ་ཡིན་ཏེ། འཇིག་པ་ཐ་དད་པ་དེས་དངོས་པོ་འཇིག་པའི་ཕྱིར་རོ་ཞེ་ན། འཇིག་པའི་མིག་ཅན་དངོས་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པ་དངོས་པོའི་འཇིག་པ་བྱེད་ན་ཅི་གཞན་ནམ་གཞན་མ་ཡིན་པ་འམ་ཡང་ན་ཞིག་པའི་མཚན་ཉིད་ཀྱི་འཇིག ་པ་བྱེད་པ་ན་འཇིག་པར་བྱེད་པ་ཅེས་འདི་ལ་ཡང་ཐོ་བ་ལ་སོགས་པ་བཞིན་དུ་རྣམ་པར་རྟོག་པ་མཚུངས་པ་ཉིད་ལ་རྗེས་སུ་འཇུག་སྟེ། དེ་ལ་ཡང་ཉེས་པ་བཤད་པ་ཟིན་པ་དང། འཆད་པར་འགྱུར་བ་ཡིན་ནོ། །དོན་དེ་ལ་ཡང་ཞེས་བྱ་བ་ནི་གང་འདི་འཇིག་པས ་འཇིག་པ་གཞན་བྱེད་ན། དེ་ལ་ཡང་འཇུག་པའི་ཕྱིར་རོ། །ཞེས་བྱ་བ་ནི་གཞན་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་དག་རྗེས་སུ་འཇུག་པའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་དངོས་པོར་གྱུར་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མེད ་པའི་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རྒྱུར་གྱུར་གྱི་དངོས་པོ་མེད་པ་ལ་ནི་མ་ཡིན་ནོ། །རང་བཞིན་མཛའ་དག་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་དེ་ལ་རྒྱུ་མཚན་དུ་བྱ་བ་བསྐྱེད་པར་བྱ་བའི་ངོ་བོ་ཅུང་ཟད་ཀྱང་མེད་དོ། །དེའི་དངོས་པོ་མེད་པའི ་བདག་ཉིད་དེ། དངོས་པོ་དཀག་པའི་བདག་ཉིད་ཀྱི་འཇིག་པ་འགའ་ཞིག་གིས་བྱེད་པ་མ་ཡིན་ནོ་ཏེ། བོང་བུའི་རང་བཞིན་དུ་དངོས་པོ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འབྲས་བུ་ཡིན་པའི་ཕྱིར། མྱུ་གུ་ལ་སོགས་པ་བཞིན་དུ་དངོས་པོ་ཉིད་དུ་འགྱུར་རོ། །སྦྱོར་བ་ནི ་གང་འབྲས་བུ་ཡིན་པ་དེ་ནི་དངོས་ཡིན་ཏེ། མྱུ་གུ་ལ་སོགས་པ་བཞིན་ནོ། །འཇིག་པ་ཡང་འབྲས་བུ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིའི་ཁྱབ་པ་སྒྲུབ་པའི་ཕྱིར། རྒྱུའི་ནུས་པས་སྐྱེད་པའི་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། ་རྒྱུའི་ནུས་པས་ཐོབ་པའི་བདག་ཉིད་ཀྱིས་ཁྱེད་པར་གང་ཡིན་པ་དེ་ཉིད་ལ་འབྲས་བུ་ཞེས་བྱ་བ་སྟེ། སྒྲུབ་པའི་བདག་གི་ཁྱད་པར་ཉིད་དངོས་པོ་ཡིན་ནོ། །དོན་འདི་ལ་རིག་པ་ཅན་ལ་སོགས་པ་ལ་ཡང་རྩོད་པ་མེད་དེ། འདི་ལྟར་ཡོད་པ་དང་འདུ་བ ་འམ། རང་གི་རྒྱུ་དང་འདུ་བ་ནི་འབྲས་བུ་ཉིད་དུ་བརྗོད་ལ། འཇིག་པ་ལ་ནི་ཡོད་པ་འདུ་བ་འདུ་པ་འམ། རང་གི་རྒྱུ་ལ་འདུ་བ་མེད་དེ། དེ་ནི་རྫས་ལ་སོགས་པ་བཞིན་དུ་ཡོད་པ་ཉིད་དང་རྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན ་འཇིག་པ་དངོས་པོ་ཉིད་ལ་རག་ལས་མོད་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟར་དངོས་པོ་གང་ཡིན་པས། ཞེས་པ་ལ་སོགས་པ་སྨོས་ཏེ། ཡང་ཇི་ལྟར་མེད་པ་སྒྲུབ་པར་བྱེད་ཅེས་དགོས་པ་ལ་འདི་སྐད་དུ་མ་ཡིན་དགག་རྟེན་ཞེས་བྱ་བ་སྨོས་ཏེ། མ་ཡིན་པར་ཡང་དགག་པ་ལ་བརྟེན་པའི་ཕྱིར་རོ། །ཞེས ་བྱ་བའི་དོན་ཏོ། །བརྗོད་པར་འདོད་པའི་དབང་གིས་དངོས་པོ་འགའ་ཞིག་ལས་མཚན་ཉིད་མི་མཐུན་པའི་དངོས་པོ་མེད་པ་ཞེས་བྱ་བ་བརྗོད་དོ། །དེ་ལ་ཡང་སྔར་བཤད་པའི་ཉེས་པ་ཐ་དད་པ་ལ་སོགས་པ་རྣམ་པར་རྟོག་པ་ཡང་རྗེས་སུ་འཇུག་གོ་།ཅི་སྟེ་ཉེས་པ་འདིས་འཇིགས་ནས་མ་ཡིན ་བར་དགག་པའི་བདག་ཉིད་ཀྱི་འཇིག་པ་དངོས་པོ་མེད་པའི་རྒྱུ་དག་གིས་བྱེད་པ་ནི་མ་ཡིན་ནོ་འོ་ན་ཅི་ཞེས་ན། མེད་པར་དགག་པའི་བདག་ཉིད་དོ་ཞེས་ཁས་ལེན་པར་བྱེད་པ་ན། དེ་ལ་ཡང་ཁྱེད་ཅག་གིས་འཇིག་པའི་རྒྱུ་ཅུང་ཟད་མི་བྱེད་པ་ཉིད་གསལ་རབ་པ་ཉིད་དུ་བསྟན་ཏོ་ཞེས ་བསྟན་པའི་ཕྱིར་འོན་ཏེ་དངོས་པོ་མི་བྱེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མེད་པར་དགག་པར་ཡིན་ན་དགག་པ་བྱེད་པ་དང་འབྲེལ་པའི་ཕྱིར། མེད་པ་བྱེད་པ་ནི་དངོས་པོ་མི་བྱེད་དོ། །ཞེས་བྱ་བ་བཀག་པའི་ཕྱིར་འཇིག་པའི་རྒྱུ་བྱེད་པ་པོ་ཉིད་ཡིན་པར་འགྱུར་རོ།། ་གང་ཡང་བྱེད་པ་པོ་མ་ཡིན་པ་དེ་ཇི་ལྟར་རྒྱུར་གྱུར་རོ། དེའི་ཕྱིར་འཇིག་པའི་རྒྱུ་འགའ་ཡང་མེད་དོ། །འདིར་རྣམ་ཕུག་པས་སྨྲས་པའི་འཇིག་པ་རྒྱུ་དང་ལྡན་པ་ཉིད་དུ་སྒྲུབ་པ་ལ་ཚད་མ་དག་བསྟན་པར་འདོད་ན། དངོས་པོ་ཡོད་པའི་དུས་རྟག་ཏུ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདི་ལྟར་དངོས་པོ་ཡོད་པའི་དུས་སུ་འཇིག་པ་ནི་མ་ཡིན་ཏེ། སྐད་ཅིག་ཙམ་ཡང་གནས་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱེས་པ་ལས་སྔར་ཡང་མ་ཡིན་ཏེ། མ་སྐྱེས་པ་འཇིག་པར་མི་རིགས་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས ་པ་མ་སྐྱེས་པ་ཉིད་འཇིག་པ་ནི་མ་ཡིན་ནོ། །ཕྱིས་ཡུན་རིང་པོ་ནས་ཀྱང་མ་ཡིན་ཏེ། སྐད་ཅིག་མ་གསུམ་པ་ལ་སོགས་པ་རྣམས་སུ་ཞིག་པ་ནི་ཡང་འཇིག་པར་མི་རུང་བའི་ཕྱིར་ཏེ། ཐལ་བར་བྱས་པ་ལས་འབར་བ་བཞིན་ནོ། །འོན་ཀྱང་དངོས་པོའི་དེ ་མ་ཐག་ཏུ་སྐད་ཅིག་གཉིས་པ་ལ་འཇིག་པ་ཡིན་ནོ། །དེ་ལྟར་ན་མྱུ་གུ་ལ་སོགས་པ་བཞིན་དུས་ངེས་པའི་ཕྱིར་འཇིག་པ་རྒྱུ་དང་ལྡན་པ་ཞེས་བྱ་བ་གྲུབ་པོ། །དུས་དེས་པ་ཞེས་བྱ་བ་ནི། རེས་འགའ་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ།། ་འདིའི་ཁྱབ་པ་བསྒྲུབ་པའི་ཕྱིར། བལྟོས་པ་མེད་པར་གྱུར་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པ་མེད་པ་ནི་རེས་འགའ་པ་ཉིད་དུ་རིགས་པ་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རེས་འགའ་བ་ཉིད ་ཡིན་པའི་ཕྱིར་འདི་ནི་རྒྱུ་དང་བཅས་པ་ཉིད་དུ་གྲུབ་པོ། །འདི་ལས་ཀྱང་འགྲུབ་པོ་ཞེས་བསྟན་པའི་ཕྱིར། དངོས་པོའི་དེ་མ་ཐག་བྱུང་ཕྱིར། ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་དེ་ལྟར་གཏན་ཚིགས་གསུམ་པོ་འདི་དག་སྨྲས་ཏེ། འཇིག་པ་རྒྱུ་དང་བཅས ་པ་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར་དང། དངོས་པོ་སྐྱེ་བའི་དེ་མ་ཐག་ཏུ་འབྱུང་བ་ཉིད་དུ་སངས་རྒྱས་པས་ཀྱང་ཁས་བླངས་པའི་ཕྱིར་དང། མ་བྱུང་བའི་བདག་ཉིད་ཐོབ་པའི་ཕྱིར། སྐད་ཅིག་གཞན་བཞིན་ནོ། །མི་མཐུན་པས་ནི་རི་བོང་གི་ར་ལ་སོགས ་པའོ། །འདིར་གསལ་བྱེད་པས་སྨྲས་པའི་རིགས་པ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདི་སྐད་དུ་སྨྲས་སྟེ། འཇིག་པ་ལ་རྒྱུ་མེད་དོ། །ཞེས་སྨྲ་བ་ལ་བརྒལ་ཞིང་བརྟག་པར་བྱ་ཞིང། བརྟག་པར་བྱ་སྟེ། ཅི་རྒྱུ་མེད་པའི་ཕྱིར་ནམ་མཁའ་ཨི ་ཨུཏཔ་ལ་སོགས་པ་བཞིན་དུ་འཇིག་པ་མེད་པ་ཡིན་ནམ། འོན་ཏེ་རྒྱུ་མེད་པའི་ཕྱིར་རམ། ནམ་མཁའ་ལ་སོགས་པ་བཞིན་དུ་རྟག་པ་ཉིད་གཅིག་ཡིན། ཁྱེད་ཀྱི་ཕྱོགས་ལ་རྒྱུ་མེད་པ་གཉིས་དམིགས་ཏེ། རྟག་པ་དང་མེད་པའོ། །འདི་ལྟར་ཡོད་པ་དང ་མེད་པ་ལས་མ་གཏོགས་པའི་རྣམ་པ་གཞན་མེད་དོ། །དེ་ལ་གལ་ཏེ་རྒྱུ་མེད་པའི་ཕྱིར་འཇིག་པ་མེད་པ་ཡིན་ན། དེའི་ཚེ་དངོས་པོ་ཐམས་ཅད་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། འཇིག་པ་མེད་པའི་ཕྱིར་རོ། །གཞན་ཡང་འདུས་བྱས་ཐམས་ཅད་འཇིག་པ་ཡིན་ནོ། །ཞེས ་བྱ་བའི་འོས་པ་འདི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་ཏེ། མེད་པ་ལ་འོང་བ་དང་འགྲོ་བ་ཞེས་བྱ་བར་འགྱུར་བ་མ་ཡིན་ནོ། །ཅི་སྟེ་རྟག་པ་ཡིན་ན། དེའི་ཚེ་དངོས་པོ་འཇིག་པ་དང། ལྷན་ཅིག་གནས་པར་འགྱུར་ཏེ། ཐམས་ཅད་དུ་གནས་པའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་དང་དངོས ་པོ་མེད་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་ཡང་ལྷན་ཅིག་གནས་པར་མི་འདོད་ན། དེའི་ཚེ་འབྲས་བུ་སྐྱེ་བར་མི་འགྱུར་ཏེ། དེའི་སྒྲར་གྱུར་པ་འཇིག་པ་རྟག་ཏུ་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ཡིན་དང་མ་སྐྱེས་པ་འཇིག་པར་ཡང་མི་རིགས་ཏེ། འཇིག ་རྟེན་ན་རི་བོང་གི་རྭ་ལགས་ས་བ་མ་སྐྱེས་པ་འཇིག་པར་འགྱུར་རོ། །ཞེས་གྲགས་པ་ནི་མེད་དོ། །དེས་ན་མ་སྐྱེས་པ་འཇིག་གོ་།ཞེས་བྱ་བའི་ཚིག་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱི་ལན་འདེབས་པ་ཡིན་ཏེ། འཇིག་པ་ནི་རྣམ་པ ་གཉིས་ཏེ། སྒྲུབ་པ་དང། དགག་པའི་མཚན་ཉིད་དོ། །འདི་ལྟར་སྐད་ཅིག་མར་གནས་པའི་ཆོས་རྣམས་ཀྱི་ངོ་བོའི་རང་བཞིན་ཉིད་ཀྱི་གཡོ་བ་ནི་འཇིག་པ་ཡིན་པའི་ཕྱིར། །འཇིག་པར་བརྗོད་པ་འམ། །ཡང་ན་དངོས་པོའི་རང་བཞིན་བཀག་པའི་མཚན་ཉིད་ཞིག་པའི་མིང་ཅན་འཇིག་པ་ལ ་འཇིག་པ་ཞེས་བྱ་བ་ལ། དེ་འཇིག་པ་སྔ་མ་ལ། གལ་ཏེ་ཇི་སྐད་བཤད་པའི་གཏན་ཚིགས་དག་གིས་རྒྱུ་དང་ལྡན་པ་ཉིད་དུ་སྒྲུབ་པའི་བརྒལ་ཞིང་རྟགས་པ་འདི་བྱེད་ན། དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །གྲུབ་པ་ལ་སྒྲུབ་པ་དེ་ཉིད་དངོས་གང་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད ་དོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་ཁྱེད་ལ་འཇིག་པ་རྒྱུ་མེད་པར་གྲགས་ཤེ་ན། གཞན་མེད་ཕྱིན་ན་རྒྱུ་མེད་ཅན། ཞེས་བྱ་བ་སྨོས་ཏེ། གཞན་མེད་པ་པོ་ལས་ཐ་དད་པ་དུས་ཕྱིས་ཀྱི་ཐོབ་ལ་སོགས་པ་འཇིག་པར་བྱེད་པ་མེད་པའི་ཕྱིར། རྒྱུ་མེད་ཅན་དུ་འདོད་ཅེས་སྐབས་དང་སྦྱར་རོ།། ་དེ་ལྟ་བུར་གྱུར་པའི་འཇིག་པའི་ཆོས་ཅན་འདི་ཡང་རེས་འགའ་བ་ཡིན་པའི་ཕྱིར་དང། སྔ་མ་བྱུང་བའི་བདག་ཐོབ་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་འདི་གཉིས་གྲུབ་པོ། །དངོས་པོའི་དེ་མ་ཐག་ཏུ་བྱུང་བ་ཡང་གལ་ཏེ་སྤྱིར་བརྗོད་པར་འདོད་པ་ཡིན་ན་དེའི་ཚེ་གྲུབ་པ་ཉིད ་ཡིན་ཏེ། དངོས་པོ་འདི་རྒྱུར་གྱུར་པའི་དངོས་པོའི་དེ་མ་ཐག་ཏུ་གྲུབ་པའི་ཕྱིར་རོ། །ཅི་སྟེ་འཇིག་པའི་བདག་ཉིད་དུ་གྱུར་པའི་དངོས་པོའི་དེ་མ་ཐག་ཏུ་འབྱུང་བ་ཉིད་འདི་བརྗོད་པར་འདོད་པ་ཡིན་ན་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཞེས ་སྟོན་པ་ནི། དངོས་པོའི་དེ་མ་ཐག་ཏུ་བྱུང་བ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་འདྲ་ཞེས་བྱ་བ་ནི་དངོས་པོ་གཡོ་བའི་རང་བཞིན་ལས་ཐ་མི་དད་པའི། །གང་གིས་འདི་དེ་མ་ཐག་ཏུ་འབྱུང་བར་འགྱུར་བ་ཆ་ཤས་མེད་པའི་དངོས་པོ་ལ་ནི་ཆ་ཤས་ཡོད་པ་མ་ཡིན་ཏེ། དེའི་རང་བཞིན ་བཞིན་དུ་དེ་ལས་ཐ་མི་དད་པའི་འཇིག་པ་དེ་གྲུབ་ན་གྲུབ་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་དེའི་རང་བཞིན་ཉིད་དུ་མི་འགྱུར་རོ། །ཞེས་བསྟན་ཏོ། །གང་ཡང་འདུས་བྱས་ཐམས་ཅད་འཇིག་པའི། དེས་པ་ཡང་རྒྱུ་མཚན་མེད་པ་ཅན། ཞེས་སྨྲས་པ་དེ་ཡང། དེ་ཉིད་ཀྱི་སྤངས་པ ་ཡིན་ནོ། །ཞེས་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །དངོས་པོ་སྐད་ཅིག་མར་གནས་པའི་ཆོས་དེ་ལྟར་ངེས་པར་བྱས་པའི་ལུས་ཅན་རྣམས་ནི་བློ་དེའི་རྒྱུ་མཚན་ཡིན་པའི་རྒྱུ་མཚན་མེད་པ་ཉིད་ཐལ་བར་མི་འགྱུར་རོ། །འོན་ཏེ་ཞིག་པའི་མཚན་ཉིད་ཀྱི་འཇིག་པའི་ཆོས་ཅན ་མངོན་པར་འདོད་པ་དེའི་ཚེ་གཏན་ཚིགས་སུམ་ཆར་ཡང་མ་གྲུབ་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ཞིག་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་མ་ཐག་དུ་བྱུང་བ་ཉིད་ལ་སོགས་པའི་ཆོས་ནི་དངོས་པོ་ཁོ་ན་ལ་རྟེན་གྱི་རི་བོང་གི་རྭ་ལ་སོགས་པ་ནི་དངོས་པོ་མེད ་བ་ལ་ནི་མ་ཡིན་ནོ། །ཞིག་པ་ཡང་བདག་མེད་པ་སྟེ། རང་བཞིན་མེད་པ་དེ་ཇི་ལྟར་འདི་དེ་མ་ཐག་ཏུ་བྱུང་བ་ལ་སོགས་པ་སྲིད་པར་འགྱུར་མ་བྱུང་དངོས་པོ་ལྡན་པ་འམ་མེད་ཅེས་བྱ་བ་ལ་འང་གི་སྒྲས་རེས་འགའ་བ་ཉིད་གཟུང་ངོ། །གལ་ཏེ་དེ་ལྟ་ན་ཞིག་པ་ལ་དེ་མ ་ཐག་ཏུ་བྱུང་བ་ཉིད་མེད་པ་དེའི་ཚེ་ཇི་ལྟར་དངོས་པོ་ཞིག་པར་འགྱུར་རོ། །ཞེས་བརྗོད་པ་གང་ཞིག་མི་འགྱུར་བ་དེ་འགྱུར་རོ། །ཞེས་བྱ་བར་དོགས་པ་ལ། ཞིག་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞིག་པ་གྲུབ་པ་ཉིད་དུ་སྟོན་པ་ཡིན་མོད་ཀྱི་འོན་ཀྱང་དངོས་པོ ་བཀག་པ་ཉིད་སྟོན་པར་བྱེད་ཀྱི། དོན་དམ་པར་དངོས་པོའི་རང་བཞིན་འགའ་ཞིག་སྒྲུབ་པ་ནི་མ་ཡིན་ནོ། །འོན་ཏེ་ནག་པའི་བུར་འགྱུར་རོ། (།ཞེས་བྱ་བ་ལ་སོགས་པ་ལྟ་བུར་འགྱུར)་བའི་སྒྲ་སྦྱོར་བའི་ཕྱིར་དེ་ལ་ཡང་དངོས་པོ་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནམ་ཞེ་ན། མི་འགའ་ཞིག་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས ་པོ་རྣམས་ལ་སྒྲ་སྦྱོར་བ་ཙམ་གྱི་རྗེས་སུ་བྱེད་པའི་ཡོད་པ་དང་མེད་པ་དག་ནི་ཡོད་པ་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་དང་འབྲེལ་པས་འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐྱེས་བུ་འགའ་ཞིག་ལ་འགའ་ཞིག་གི་འདོད་པའི་དབང་གིས་བོང་བུ་ཞེས་བྱ་བའི་མིང་སྦྱོར་བར་བྱེད་པ་ན། དེ་ལ་བུང ་བུའི་ཆོས་ཐམས་ཅད་ཡོད་པར་ཐལ་བར་འགྱུར་རོ། །བཱ་ལེ་ཀཱ་དང་རས་ས་བྷའི་སྒྲ་དག་ནི་བུང་བུའི་རྣམ་གྲངས་དག་གོ་།གདོན་མི་ཟ་བར་འདི་ལྟར་ཤེས་པར་བྱ་སྟེ། དངོས་པོའི་རང་བཞིན་བཀག་པ་ཉིད་ཡིན་གྱི་སྒྲུབ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞིག་པ་ཞེས་བྱ ་བ་དངོས་པོ་གཞན་སྒྲུབ་ན་དངོས་པོ་ལ་ཅུང་ཟད་ཀྱང་སྐྱེ་བ་མེད་པའི་ཕྱིར། །དངོས་པོ་དེའི་ཕྱིར་ལྡོག་པར་འགྱུར། གང་ཡང་མེད་པ་ཡིན་ན། འཇིག་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དངོས་པོའི་ངོ་བོ་དང་བྲལ་བས་ཞེས་བྱ་བ་ལ་སོགས་པས་སྨོས་ཏེ། དེ་ལྟར་ཞེས ་བྱ་བ་ནི་དངོས་པོའི་རང་བཞིན་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དངོས་པོའི་རང་བཞིན་དུ་ཡོད་པའི་རང་གི་ངོ་བོ་ལོག་པའི་ཕྱིར་ནི། མེད་པ་ཙམ་སྟེ། དེ་ལྟར་ན་དངོས་པོ་ཐམས་ཅད་རྟག་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདི་དག་རང་བཞིན་བཀག་པའི་མཚན་ཉིད་ཀྱི་འཇིག་པ་མེད ་བར་གྱུར་ན། དེའི་ཕྱིར་འདི་དག་རྟག་པར་འགྱུར་ན། ཇི་སྲིད་དུ་རང་བཞིན་བཀག་པའི་མཚན་ཉིད་ཀྱི་འཇིག་པ་རང་ཉིད་ཀྱི་ཉིད་མེད་པའི་ངོ་བོ་ཡོད་པ་ཉིད་ཡིན་ནོ། །ཞེས་བྱ་བ་ཡིན་ན། ཇི་ལྟར་རྟག་པར་འགྱུར། འདུས་བྱས་ཐམས་ཅད་འཇིག་པར་ངེས་པ་ཉིད་ཀྱི་རྒྱུ་མཚན་ཡང ་བརྗོད་པ་ཁོ་ནའོ། །གང་ཡང་རྟག་པ་ཉིད་ན་འཇིག་པ་དང། ལྷན་ཅིག་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་འདི་ལ་རྟག་པའི་ངོ་བོ་ཉིད། ཅེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ལྡོག་པར་འགྱུར་རོ། །ཞེས་བྱ་བའི་ཚིག་འདིས་ཀྱང་ཞིག་པ་འདི་ལ་སྒྲུབ་པའི་ངོ་བོ་ལྡོག་པའི་ངོ་བོ་བརྗོད ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་འདི་ལ་བསྒྲུབ་པའི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་རང་གི་ངོ་བོ་སྐད་ཅིག་ལས་ཕྱིར་རང་བཞིན་འཇུག་པའི་བཀག་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་གཅིག་པུ་དངོས་པོའི་ངོ་བོ་ཉིད ་ཡིན་པའི་ཕྱིར། རྟག་པའི་རྣམ་པར་རྟོག་པའི་གནས་མ་ཡིན་པ་ཉིད་དོ། །རང་བཞིན་མེད་པ་ཉིད་ཀྱིས་རྟག་ཏུ་གནས་པའི་ངོ་བོར་མི་རུང་བའི་ཕྱིར་ཏེ། རྟག་པ་དང་མི་རྟག་པའི་ཆོས་དག་ནི་རང་བཞིན་ལ་རབ་ཏུ་འབྲེལ་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་ཁྱེད་ཅག ་གིས་རྒྱུ་མེད་པ་ནི་རྣམ་པ་གཉིས་ཏེ། རྟག་པ་དང་མེད་པའོ། །ཞེས་སྨྲ་བ་ནི་གཞན་གྱི་གྲུབ་པའི་མཛའ་མི་ཤེས་པ་ཉིད་ཡིན་ཏེ། འདི་ལྟར་རིགས་པ་སྨྲ་བ་སངས་རྒྱས་པ་རྣམས་ཀྱི་རྒྱུ་མེད་པ་ནི་མེད་པ་ཁོ་ན་ཡིན་ཏེ། འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ལ ་ཆོས་ཀྱི་རྗེས་སུ་ལྟ་ཞིག་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མ་གཏོགས་པའི་ཆོས་གང་ཡིན་པ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ། །ཞེས་གསུངས་པ་ལྟ་བུའོ། །བྱེ་བྲག་ཏུ་སྨྲ་བ་གང་དག་ནམ་མཁའ་ ་ལ་སོགས་པ་དངོས་པོ་ཡོད་པ་ཉིད་དུ་རྟོག་པར་བྱེད་པ་དེ་དག་ནི་ཁྱེད་ཅག་གི་ཕྱོགས་སུ་བླན་པར་བྱ་བ་མ་ཡིན་ཏེ། ཤཀྱའི་སྲས་མ་ཡིན་པའི་ཕྱིར་དེ་དག་གི་ལུགས་ཀྱི་དངོས་པོ་ནི་བཟང་པོ་མ་ཡིན་ནོ། །དེ་ལྟར་འཇིག་པའི་རྒྱུ་ཐམས་ཅད་ཅུང་ཟད་ཀྱང་མི་བྱེད་པའི ་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འདི་ལས་ཀྱང་འཇིག་པའི་རྒྱུ་རྣམས་ཅུང་ཟད་ཀྱང་མི་བྱེད་པར་བརྗོད་པར་བྱ་སྟེ། འདི་ལྟར་དངོས་པོ་རང་གི་རྒྱུ་ལས་སྐྱེ་བཞིན་པ་ན་རང་བཞིན་གྱིས་རང་ཉིད་འཇིག་པའི་བདག་ཉིད་དུ་སྐྱེ་བར་འགྱུར་རམ། མི་འཇིག ་པའི་བདག་ཉིད་དུ་སྐྱེ་བར་འགྱུར་གྲང། གལ་ཏེ་འཇིག་ན་དེ་ལ་འཇིག་པའི་ཅུང་ཟད་ཀྱང་བྱས་པ་མེད་དེ། རང་ཉིད་དེའི་རང་བཞིན་ཡིན་པ་ཉིད་ཀྱིས་འཇིག་པའི་ཕྱིར་རོ། །གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་རང་གི་རྒྱུ་ལས་སྐྱེ་བ་ནི་ད་འདྲ་བར ་འགྱུར་གྱི། ཡང་དེའི་དངོས་པོའི་རྒྱུ་གཞན་ལ་བལྟོས་པ་ནི་མ་ཡིན་ཏེ། དཔེར་ན་སྣང་བ་དང་ཞུ་བ་དང་དྲོ་བ་དང། སྲ་བ་ལ་སོགས་པ་དེའི་བདག་ཉིད་དུ་སྐྱེས་པ་སླར་ཡང་སྣང་བ་ལ་སོགས་པ་ཉིད་དུ་སྐྱེ་བ་རྒྱུ་གཞན་ལ་བལྟོས་པ་ནི་མ་ཡིན་ནོ། །འདི་སྙམ་དུ་དཔེར་ན་ས་བོན་ལ་སོགས་པ་མྱུ ་གུ་ལ་སོགས་པ་སྐྱེད་པར་བྱེད་པའི་རང་བཞིན་ཡིན་ན་འབའ་ཞིག་པ་ནི་སྐྱེད་པར་མི་བྱེད་དེ། ཆུ་ལ་སོགས་རྒྱུ་གཞན་ལ་བལྟོས་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་འཇིག་པའི་རང་བཞིན་ཡིན་ན་ཡང་འཇིག་པ་རྒྱུ་གཞན་ལ་བལྟོས་པར་འགྱུར་རོ། །སྙམ་དུ་སེམས་པ་ན། འདི་ནི་ཡང་དག ་པ་མ་ཡིན་ཏེ། མཛའ་ཨི་གནས་ཐོབ་པ་ཉིད་སྐྱེས་པར་བྱེད་པའི་རང་བཞིན་དུ་ཁས་བླངས་པའི་ཕྱིར་རོ། །གཞན་ནི་མ་ཡིན་ནོ། །དེས་ན་གང་འདི་དེའི་རང་བཞིན་ཡིན་པ་དེ་ནི་སྐྱེད་པར་བྱེད་པ་ཁོ་ན་ཡིན་གྱི་འདི་གཞན་ལ་བལྟོས་པ་ནི་མ་ཡིན་ནོ། །གང་སྦྱང་ལ་སོགས་པ་ལ་གནས་པ་སྐྱེད ་པར་བྱེད་པ་མ་ཡིན་ན་དེ་ནི་དེའི་རང་བཞིན་མ་ཡིན་ཏེ། རྒྱུའི་རྒྱུ་ཡིན་པའི་ཕྱིར་དེ་ལ་ཡང་རྒྱུ་ཞེས་ཐ་སྙད་དུ་བྱས་ཀྱི་དངོས་སུ་ནི་མ་ཡིན་པའི་ཕྱིར་འཁྲུལ་པ་མེད་དོ། །ཅི་སྟེ་མི་འཇིག་པའི་བདག་ཉིད་ཅེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་ཡང་འཇིག་པའི་རྒྱུས་ཅུང་ཟད་ཀྱང ་མི་བྱེད་པ་ཁོ་ན་སྟེ། དེ་ནི་སུས་ཀྱང་རང་བཞིན་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དངོས་པོ་དེ་སྐྱེས་མ་ཐག་ཏུ་འཇིག་པར་མི་འགྱུར་ན། དེའི་ཚེ་ཕྱིས་ཀྱང་དེའི་གནས་སྐབས་གནས་པའི་ཆོས་ཀྱི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར། གང་གིས་འཇིག་པར ་འགྱུར་པ་དེ་ལ་འཇིག་པའི་རྒྱུས་ཅི་ཞིག་བྱ། ཡང་ཅིའི་སྟེ་ཇི་ལྟར་ཟངས་ལ་སོགས་པ་སྲ་བའི་ངོ་བོ་ཉིད་ཡིན་ན་ཡང་མེ་ལ་སོགས་པ་དང། ཕྲད་པ་ལས་རྣམ་པ་གཞན་དུ་འགྱུར་ཏེ། དེ་བཞིན་དུ་དངོས་པོ་ཡང་མི་འཇིག་པའི་རང་བཞིན་ཡིན་ན་ཡང་འཇིག་པའི་རྒྱུས་རྣམ་པ ་གཞན་ཉིད་དུ་བྱེད་དེ། དེས་ན་འཇིག་པའི་རྒྱུས་ཐོབ་ནས་འཇིག་པར་བྱེད་དོ། །སྙམ་པ་དེ་འདི་ནི་ཡང་དག་པ་མ་ཡིན་ཏེ། དེ་ཉིད་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། རྣམ་པ་གཞན་ཉིད་ནི་རང་བཞིན་གཞན་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་རྣམ་པ་གཞན་ཉིད་ཅེས་བྱ་བ་གང ་ཡིན་པ་དེ་ཅི་དངོས་པོ་ལས་དོན་གཞན་ཡིན་ནམ། འོན་ཏེ་དངོས་པོ་ཉིད་ཡིན། རེ་ཞིག་དངོས་པོ་ཉིད་ནི་མ་ཡིན་ཏེ། དེ་ནི་རང་གི་རྒྱུ་ཁོ་ན་ལས་སྔར་གྲུབ་པའི་ཕྱིར་རོ། །ཅི་སྟེ་དོན་གཞན་ཡིན་པ་དེ་ལྟ་ན། དངོས་པོ་མི་འཕོ་བའི་ཆོས་ཅན་དེ་ཁོ་ན་བཞིན་དུ ་གནས་པ་ཡིན་པའི་ཕྱིར། དེ་ལ་རྣམ་པ་གཞན་དུ་འགྱུར་བ་མེད་དོ། །ཟངས་མ་ལ་སོགས་པའི་དཔེ་ཡང་མ་གྲུབ་པ་ཉིད་དེ། འདི་ལྟར་ཟངས་མ་ལ་སོགས་པའི་སྔར་གྱི་སྐད་ཅིག་སྭ་བ་ལ་སོགས་པ་རང་གི་དང་གིས་འགག་པའི་ཕྱིར། འཇིག་པ་ན་རང་གི་ཉེ་བར་ལེན? ་བ་དང། མེ་ལ་སོགས་པའི་ལྷན་ཅིག་སྤྱོད་པ་ལས་ཚོགས་པ་གཞན་ཞུ་བར་བརྗོད་པའི་རང་བཞིན་གཞན་ཉིད་སྐྱེ་བ་ཁོ་ནའོ། །སླར་ཡང་ཞུ་བ་ལ་སོགས་པའི་རང་བཞིན་རང་གི་ངང་གིས་འགག་པ་ཉིད་ཀྱིས་འཇིག་པ་ན་རང་གི་ཉི་བར་ལེན་པའི་རྒྱུ་དང་གྲང་བ་ལ་སོགས ་པའི་ལྷན་ཅིག་བྱེད་པའི་རྒྱུ་གཞན་ལས་སྲ་བར་བརྗོད་པའི་རང་བཞིན་གཞན་ཉིད་སྐྱེ་བའི་ཕྱིར་གཅིག་ལ་གཞན་དུ་འགྱུར་བ་ཉིད་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་རྣམ་པ་ཐམས་ཅད་དུ་འདི་ལ་འཇིག་པའི་རྒྱུས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། གཏན ་ཚིགས་མ་གྲུབ་པ་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །འདི་སྙམ་དུ་དཔེར་ན་ནམ་མཁའ་ལུས་ཅན་ཉིད་དུ་གཞན་ལ་བལྟོས་པ་མེད་པ་དེ་ལྟ་ཡིན ་ན་དེ་ལ་ངེས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དངོས་པོ་བྱས་པ་ཡིན་ན་འགའ་ཞིག་ཀྱང་འཇིག་པར་ངེས་པར་མི་འགྱུར་རོ་སྙམ་དུ་སེམས་ན། དེ་འདི་ནི་ཡང་དག་པ་མ་ཡིན་ཏེ། གཞན་གྱི་མི་རྟག་པར་མི་འདོད་པ་དང་ཡིན་བྱས་པ་དེ་ནི་འགའ་ཡང་ཡོད་པ ་མ་ཡིན་ཏེ། རྒྱུ་དང་ལྡན་པ་ཐམས་ཅད་མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར། དེ་དག་ཉིད་འདིར་ཕྱོགས་སུ་བྱས་ཀྱིས་གཞན་ན་མི་ཡིན་པས་མ་ངེས་པ་ཉིད་དུ་ག་ལས་འགྱུར་གང་དག་བྱས་པ་ཉིད་ཡིན་ན་ཡང་མི་འཇིག་པ་ཉིད་ཀྱིས་རྟག་པ་ཉིད་དུ་འགྱུར ་ངོ། །སྙམ་དུ་བསམས་པ། དེ་དག་དོན་དམ་པར་མ་བྱས་པའི་ཕུང་པོར་འདུས་པ་ཉིད་ཀྱིས་དེ་བཀག་པར་ཤེས་པར་བྱ་བ་ཡིན་པས་སྐྱོན་མེད་དོ། །ནམ་མཁའ་ལ་སོགས་པ་ལུས་ཅན་ཉིད་ལ་སོགས་པའི་ཆོས་ལ་བལྟོས་པ་མེད་པ་ཉིད་མ་གྲུབ་སྟེ། གང་ལ་ཆོས་གང་མེད་པ་དེ ་ནི་དེ་ལ་བལྟོས་པ་དང་བཅས་པ་ཁོ་ནའོ། །དངོས་པོ་རྣམས་ཀྱི་ཐོབ་པའི་ཆོས་ལ་འགའ་ཞིག་བལྟོས་པ་མེད་པ་ཉིད་དུ་རྣམ་པར་འཇོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མ་ཐོབ་པ་ཉིད་ལ་ཡིན་པའི་ཕྱིར་རབ་མ་གྲུབ་པོ། །ངན་མི་བྱས་པའི་ཕུང་པོའི་དབང་དུ་བྱས་ནས ་གང་དག་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ནམ་མཁའ་ལ་སོགས་པ། དངོས་པོ་ཡིན་པར་གྲུབ་པར་གྱུར་ན་དེའི་ཚེ་དེ་དག་ལ་སྐད་ཅིག་མ་ཉིད་ལ་སོགས་པའི་ཆོས་ཀྱི་བསམ་པ་འཇུག་པར་འགྱུར་ན། ཆོས་རྣམས་རང་དབང་དུ་གྲུབ་པ་ཡོད་པ་ནི ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་ཆོས་ཉིད་ཉམས་པར་འགྱུར་རོ། །ནམ་མཁའ་ལ་སོགས་པ་མ་བྱས་པའི་ཆོས་ཅན་དུ་གྲུབ་པ་ཡང་མ་ཡིན་ཏེ། དེ་དག་ནི་ནུས་པ་ཐམས་ཅད་དང་བྲ་བ་ཉིད་ཀྱིས་མོ་གཤམ་གྱི་བུ་བཞིན་དུ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར ་རོ། །སྤྱོད་པ་ནི་གང་ནུས་པ་ཐམས་ཅད་ཀྱི་སྟོང་པ་དེ་ནི་དངོས་པོ་མེད་པ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ངོ། །ནམ་མཁའ་ལ་སོགས་པ་ཡང་ནུས་པ་ཐམས་ཅད་ཀྱི་སྟོང་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སམ། དངོས་སུ་ཁྱབ་པར་བྱེད་པ ་མི་དམིགས་པ་ཡིན་ནོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། མེད་པའི་ཐ་སྙད་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །མ་གྲུབ་པ་ཡང་ཡིན་ན། །ཞེས་ཕྱིས་བསྟན་པར་བྱའོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ།། ་ཡང་ཅིའི་ཕྱིར་དངོས་པོ་མེད་པ་ལ་སྐད་ཅིག་དང་སྐད་ཅིག་མ་མ་ཡིན་པའི་རྣམ་པར་རྟོག་པ་མི་འཇུག་ཅེ་ན། སྐད་ཅིག་མར་གནས་ངོ་བོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་སླའོ། །གསལ་བྱེད་པས་སྨྲས་པ། སྐད་ཅིག་མ་ཞེས་བྱ་བ་ལྡན་པའི་དོན ་མི་འཐད་དེ། འདི་ལྟར་གལ་ཏེ་ངེས་པའི་ཚིག་གི་ཚུལ་གྱིས་ནི་ཟད་པ་ནི་སྐད་ཅིག་གོ་།དེ་ལ་ཡོད་པས་ན་སྐད་ཅིག་མའོ་ཞེས་སྒྲུབ་ན། དེ་རིགས་པ་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རོ། །གང་གི་ཚེ་ཟད་པ་དེའི་ཚེ་ཟད་པ་ཅན་མེད་པའི་ཕྱིར་དུས་ཐ ་དད་པ་དག་ལ་ནི་ལྡན་པའི་དོན་མ་མཐོང་ངོ། །ཡང་ཅི་སྟེ་དངོས་པོ་ཉིད་དེ་མ་ཐག་ཏུ་འཇིག་པས་ཁྱད་པར་དུ་བྱས་པ་ལ། སྐད་ཅིག་ཅེས་བརྗོད་པ་དེ་ལྟ་ན་ཡང། དེ་ཉིད་ཀྱིས་དེ་དང་ལྡན་པར་མི་འགྱུར་བའི་ཕྱིར་ལྡན་པའི་དོན་མི་རིགས་སོ། །འོན་ཏེ་སྐད་ཅིག་ཏུ་གནས ་པའི་དུས་ནི་སྐད་ཅིག་མ་སྟེ། ཐམས་ཅད་ཀྱི་མཛའ་ཨི་དུས་ནི་སྐད་ཅིག་གོ་།དེ་གང་ལ་གནས་པ་དེ་དག་ནི་སྐད་ཅིག་མ་ཡིན་ན། འདི་ཡང་མི་རིགས་ཏེ། མིང་ཙམ་དུ་དུས་ཁས་བླངས་པའི་ཕྱིར་རོ། །མིང་ཙམ་དངོས་པོའི་ཁྱད་པར་ཉིད་དུ་མི་རིགས་སོ་ཞེས་སོ། །འདིར་སྨྲས ་པ་སྐྱེས་མ་ཐག་ཏུ་མི་གནས་པའི་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་སྐྱེས་མ་ཐག་ཏུ་འཇིག་པའི་རང་བཞིན་ནི་སྐད་ཅིག་ཅེས་བྱ་ལ་དེ་གང་ལ་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ནོ། །དེ་སྐད་དུ་ཡང། བདག་ཐོབ་མ་ཐག་ཏུ་འཇིག་པ་ནི་སྐད་ཅིག་གོ་།དེ་གང་ལ་ཡོད་པ ་དེ་ནི་སྐད་ཅིག་མའོ། །ཞེས་བཤད་དོ། །འོན་ཏེ་དེ་ལྟ་ན་ཡང་རང་བཞིན་དོན་གཞན་མ་ཡིན་པའི་ཕྱིར། དེ་འདི་ལ་ཡོད་དོ། །ཞེས་བྱ་བའི་ཐ་དད་པའི་རྒྱུ་མཚན་གྱི་ཤེས་པ་མི་འཐད་པ་མ་ཡིན་ནམ་ཞེ་ན། དོན་ལ་ཐ་དད་པ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་དཔེར་ན་ནམ་མཁའ་ཨི་རང་བཞིན་དང། འཆི་གུའི་ལུས་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐ་དད་པ་མེད་ན་ཡང་བློས་ཀུན་ཏུ་བརྟགས་པའི་ཐ་དད་པ་ལ་རྟེན་ནས་ཐ་དད་པའི་རྣམ་པར་དབྱེ་བར་འགྱུར་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །ཚིགས་དངོས་པོའི་རང་བཞིན ་གྱི་རྗེས་སུ་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྨྲ་བ་པོའི་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །གཞན་ཡང་ཇི་ལྟ་བུའི་དོན་ལ་སྨྲ་བ་པོའི་རྣམས་ཀྱིས་ཇི་སྙེད་ཅིག་སྦྱར་བའི་སྒྲ་དེ་སྙེད་པ་དེ་ནི་དོན་དེ་ལ་བརྡའི་དབང་གིས་རྟོག་པར་བྱེད་ཀྱི། དོན་དམ་པར་རང་བཞིན་ནམ་རྐྱེན་ནི་ཡོད ་པ་མ་ཡིན་ནོ། །སྐད་ཅིག་མ་ཞེས་བྱ་བའི་སྒྲ་འདི་ཡང་མཁས་པ་རྣམས་ཀྱིས་སྐྱེས་མ་ཐག་ཏུ་མི་གནས་པའི་དངོས་པོ་ཙམ་ལ་སྦྱར་བ་ཡིན་ནོ། །དེ་ལ་དེ་ལྟ་བུར་གྱུར་པའི་དངོས་པོ་ལ་སྐད་ཅིག་མའི་སྒྲས་བརྗོད་པར་འདོད་པ་ན་རྐྱེན་དང་བཅས་པ་སྐད་ཅིག་མའི་སྒྲ་འམ། རྐྱེན་དང་བྲལ་བ ་ཡང་སྦྱར་བར་བྱའོ། །ཁོ་བོ་ཅག་ནི་འདོད་པ་ཙམ་གྱི་དོར་བྱེད་པའི་བརྡ་ཙམ་གྱི་ཚིག་འདི་ལ་ཤིན་ཏུ་གུས་པས་མ་ཡིན་ནོ། །ཞེས་སྟོན་པ་ནི། སྐྱེས་མ་ཐག་ཏུ་མི་གནས་པའི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ལ་སྐད་ཅིག་མ་ཞེས་བྱ་བ་འདིས་སོ། །རྐྱེན་དང་ལྷན་ཅིག ་ལྡན་པའི་དོན་གྱི་འཇུག་པས་ན་རྐྱེན་བཅས་སོ། །དེ་ལྟར་ནམ་མཁའ་ལ་སོགས་པ་བྱས་པ་ཉིད་དུ་ཁས་བླངས་པ་ན་ངེས་པ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །ཞེས་བསྟན་ནས། ང་ནི་ཡོད་པ་ཉིད་ཁས་བླངས་པ་ན་འདི་དག་སྐད་ཅིག་མ་ཉིད་དུ་ཐལ་པར་འགྱུར་རོ། །ཞེས་བསྒྲུབས ་པའི་ཕྱིར། གལ་ཏེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་པ་བཞིན་ཞེས་བྱ་བ་ནི་བྱས་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡོད་པའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་འདི་ཟུར་གྱི་བསྟན་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པ། འདི ་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ནི་གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ཏེ། དཔེར་ན་དེ་མ་ཐག་ཏུ་བསྒྲུབས་པའི་སྐད་ཅིག་མའི་དངོས་པོ་རྣམས་བཞིན་ནོ། །ཁྱེད་ཅག་གིས་དངོས་པོར་འདོད་པའི་ནམ་མཁའ་ལ་སོགས་པ་ཡང་ཡོད་པ་ཡིན་ནོ། །ཞེས ་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་གྲུབ་ཅེས་བྱ་བ་ནི་སྐད་ཅིག་མ་ཉིད་དུའོ། །འདིར་ནི་བསྒྲུབ་བྱ་མཆོད་པའི་དཔེ་ཡིན་པར་དོགས་པར་མི་བྱ་བར་བསྒྲུབས་ཟིན་པའི་ཕྱིར་རོ། །ཞེས་སྟོན་པར་བྱེད་དོ། །ཁྱེད་ཀྱི་ཡོད་པར་འདོད་ཅེས་བྱ་བ་འདིས ་ནི་འདི་ཐལ་བ་སྒྲུབ་པ་ཡིན་ནོ། ཞེས་སྟོན་པར་བྱེད་དེ། །དེ་ལྟ་མ་ཡིན་ན་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པར་འགྱུར་རོ། །ཡང་ཇི་ལྟར་གཏན་ཚིགས་འདིའི་ཁྱབ་པ་གྲུབ་ཅེ་ན། སྐད་ཅིག་མ་དང་བྲལ་བ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ ་དོན་བྱེད་ནུས་པའི་མཚན་ཉིད་ཀྱི་ཡོད་པ་གཏན་ཚིགས་ཉིད་དུ་འདོད་ལ། དེ་ཡང་སྐད་ཅིག་མ་ལོག་པ་ན་ལྡོག་སྟེ། འདི་ལྟར་དངོས་པོ་རྣམས་དོན་བྱ་བ་བྱེད་པ་ན་རིམ་གྱི་བྱེད་དམ་ཅིག་ཅར་དུ་བྱེད། རིམ་དང་ཅིག་ཅར་དག་ལས་རྣམ་པ་གཞན་སྲིད་པ་ནི་མ ་ཡིན་ཏེ་དེ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར། འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་བུམ་པ་སྤྲང་རྩི་དང་ཆུ་ལ་སོགས་པ་དང་དེ་ལས་གཞན་པའི་རྗེས་དག་ཐ་མི་དད་པར་མ་འདྲེས་པར་རིམ་གྱི་འཛིན་པ་དང། རང་གི་ཤེས་པ་དང ་ཆུ་འཛིན་པ་ཅིག་ཙང་བྱེད་པར་མངོན་སུམ་ཉིད་ཀྱིས་ཡོངས་སུ་གཅོད་དོ། །དེ་ལ་གང་གི་ཚེའམ་རྫ་མཁན་འབྲས་བུའི་བྱར་པར། །ཁམ་ཕར་དང་བླུག་མ་ལ་སོགས་པ་རིམ་གྱིས་བྱེད་པ་དམིགས་པ་དེ་ཉིད་ཀྱི་ཚེ་དེ་དག་ཅིག་ཅར་སྐྱེད་པར་མི་ནུས་སོ། །གང་ཁོ་ནའི ་རང་གི་ཡུལ་ཅན་གྱི་ཤེས་པ་ལ་སོགས་པ་ཅིག་ཅར་སྐྱེད་པར་དམིགས་དེ་ཁོ་ནའི་ཚེ་དེ་དག་རིམ་གྱིས་མ་ཡིན་ནོ། །ཞེས་འདི་ཐམས་ཅད་མངོན་སུམ་ཉིད་ཀྱིས་ངེས་སོ། །དེའི་ཕྱིར་རིམ་པ་ནི་ཅིག་ཅར་རྣམ་པར་གཅད་པ་ཉིད་ཀྱིས་ཡོངས་སུ་གཅོད་པའི་ཕྱིར་དང། ཅིག ་ཅར་ཡང་རིམ་པ་རྣམ་པར་བཅད་པ་ཉིད་ཀྱིས་ཡིན་པའི་ཕྱིར་ཚད་མ་གཅིག་འཇུག་པ་ན་གཉིས་ལས་གཞན་ཡོངས་སུ་གཅོད་ཅིང་དེ་ལས་གཞན་མི་མཐུན་པ་རྣམ་པར་གཅོད་ལ། རྣམ་པ་གཞན་ཡང་མེད་པར་སྟོན་པ་ཡིན་པས་མངོན་སུམ་གྱི་ཚད་མ ་ཉིད་ཀྱིས་ངེས་ཏེ། འདི་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ནོ། །དེས་ན་ཕུང་པོ་གསུམ་པ་མེད་པའི་ཕྱིར་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་ལ་ཁྱབ་ལ། དེ་ཡང་བརྟན་པའི་དངོས་པོ་རྣམས་ལ་རང་གི་ཁྱབ་པར་བྱེད་པ ་ལྡོག་པ་ནི་དེའི་མཚན་ཉིད་ཀྱི་ཡོད་པ་བཟློག་བཞིན་པར་ལྡོག་པར་བྱེད་པའི་ཕྱིར་ཁྱབ་པ་གྲུབ་པོ་དུས་ཀྱིས་དངོས་པོ་ཐ་དད་པ་ཁས་བླངས་པའི་ཕྱིར་དངོས་པོ་རྣམས་ཀྱི་རིམ་དང་ཅིག་ཅར་བ་ཉིད་མ་གྲུབ་ཅེས་བྱ་བ་འདི་ནི་བརྗོད་པར་མི་ནུས་ཏེ། ཁོ་བོ ་ཅག་ནི་དངོས་པོ་རྣམས་ཀྱི་རིམ་དང་ཅིག་ཅར་དོན་གཞན་དུ་གྱུར་པའི་དུས་ཀྱི་དངོས་པོས་བྱས་པར་མི་སྨྲའོ། །འོ་ན་ཅི་ཞེ་ན། དེ་ལྟ་དེ་ལྟར་སྐྱེས་པས་བྱས་པ་ཡིན་ཏེ། འདི་ལྟར་གང་ཁོ་ནའི་ཚེ་གཅིག་ཡོད་པ་ཉམས་སུ་མྱོང་བ་དེ་ཁོ་ནའི་ཚེ ་གཞན་གང་ཡིན་པ་ཡང་དེ་བཞིན་དུ་དེའི་རྗེས་སུ་འཇུག་ཏེ། དེ་དག་ཐམས་ཅད་ཉིད་དེ་བཞིན་དུ་སྐྱེ་བ་ན་རིམ་པ་ཡིན་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ཚོགས་པའི་ཚོགས་ལས་མྱུ་གུ་མིང་པོ་སྐྱེ་བ་ལྟའོ། །བཟློག་པ་ནི་རིམ་པའི་ཐ་སྙད ་ལ་བརྟེན་པ་ཡིན་ཏེ། མྱུ་གུ་དང་སྡོང་བུ་དང་མདབ་མ་ལ་སོགས་པ་བཞིན་ནོ། །འདི་དག་ཀྱང་མངོན་སུམ་ཉིད་ཀྱིས་གྲུབ་ལ། སྐྱེ་བོ་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་ཐ་སྙད་དུ་བྱེད་དོ། །དེ་ལྟ་བུར་གྱུར་པའི་དོན་གྱི་ཡུལ་གྱི་དངོས་པོ་ཡང་རྒྱུའི་བྱ་བ་ཡིན་ལ། དེའི་ཡུལ ་ཡིན་པ་ཉིད་ཀྱིས་རིམ་དང་ཅིག་ཅར་དག་གི་ཐ་སྙད་ཀྱི་བྱེད་པ་ཡིན་པས་རྩོད་པ་འདི་མེད་དོ། །འོན་ཏེ་བརྟན་པའི་དངོས་པོ་གྲུབ་པར་གྱུར་ན་དེའི་ཚེ་དེ་ལ་རིམ་དང་ཅིག་ཅར་ལན་ན་དོན་བྱེད་པར་ནུས་པ་ལྡོག་པ་འགྲུབ་པར་འགྱུར་པ་ཡིན་ནམ། དཔེར་ན་ཆོས་ཅན་གྱི་ཕྱོགས ་འགའ་ཞིག་ཏུ་ཤིང་ལོག་ན་ཤིང་ཤ་བ་ལྡོག་པ་བཞིན་ནོ། །དེ་ལྟ་ན་མ་ཡིན་ཏེ་ཆོས་ཅན་ས་ཕྱོགས་པ་གྲུབ་ན་གང་དུ་ཤིང་ཤ་བ་མེད་པར་རྟོག་པར་བྱེད། འདི་གྲུབ་ན་ཡང་མ་ཡིན་ཏེ། དེ་ཉིད་དགག་པར་འདོད་པའི་ཕྱིར་རོ། །ཅི་སྟེ་ཡང་གྲུབ་པར་ཁས་ལེན་ན། འོ་ན་དེ ་སྤངས་པར་མི་རིགས་ཏེ། དེ་ཆོས་ཅན་གྱི་ངོ་བོར་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ཡང་གཏན་ཚིགས་མ་ངེས་པ་ཁོ་ན་ཡིན་ཏེ། མི་མཐུན་པའི་ཕྱོགས་ལའང་འཇུག་པའི་ཕྱིར་རོ། །སྙམ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཁོ ་བོ་ཅག་གིས་རང་རྒྱུད་ཀྱི་ཚད་མ་ཉིད་ཀྱིས་དགག་པ་སྒྲུབ་པར་བྱེད་པའི་ཁྱབ་བྱེད་མི་དམིགས་པ་འདི་སྦྱོར་བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་ལ་ཐལ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་ཁྱེད་ཅག་།འདི་དག་བརྟན་པའི་དངོས་པོ་ཉིད་དུ་ཁས་ལེན ་ཡིན་ཏེ། མཚན་ཉིད་ཀྱི་སྒྲ་ནི་རང་བཞིན་རྗོད་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་གང་དང་གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་མ་ཡིན་ནོ། ཞེས་ཐམས་ཅད་ཉེ་བར་བསྡུ་བའི་ཁྱབ་པ་འདི་གྲུབ་པར་འགྱུར་བ་དངོས་པོ་གང་ཞིག་ཐ་ན་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཀྱང་སྐྱེད་པར་བྱེད་པར་མི་བྱེད་པ་དེ་ནི་དེ་འདྲ་བ་ཡོད་པ་ཉིད་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཡོད། །དེ་ཡོངས་སུ་མ་ཤེས་ན་ཐམས་ཅད་མཁྱེན་པ་ཉིད་ཉམས་པ་ཡང་མ་ཡིན་ཏེ། དེ་ནི་ཤེས་བྱ་མཛའ་དག་ཁོ་ན་མཛའ་དག་ལ་དབང་བའི་ཕྱིར་ཏེ། ཤེས་པར ་རུང་བའི་དངོས་པོ་མེ་ཤེས་ན། ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ན། དེ་ནི་ཤེས་བྱ་མ་ཡིན་ཏེ། དེ་ནི་ཤེས་པ་སྐྱེད་པ་ཡང་མི་ནུས་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལ་བཤད་པ་དོན་བྱེད་དོན་དུ་ཞེས་བྱ་བ་ལ་སོགས་པའོ། །དོན་དངོས་པོ་ཙམ་ལ་ཡོད་པ་ཉིད་དང་མེད ་པ་ཉིད་དུ་སྤྱོད་པ་གང་ཡིན་པ་དེ་ཐམས་ཅད་ནི་དོན་བྱེད་པ་དོན་དུ་གཉེར་བས་ཡིན་གྱི་ཆགས་པས་ནི་མ་ཡིན་ཏེ། གཞན་དུ་ན་སྨྱོན་པར་འགྱུར་རོ། །དེས་ན་དངོས་པོའི་ཚོགས་གང་ཁོ་ན་དོན་བྱེད་པ་དོན་དུ་གཉེར་བ་འགའ་ཞིག་ལ་ཅི་ལྟར་དངོས་མ་བརྒྱུད་པས་ཡུལ་འགའ་ ་ཞིག་ཏུ་དུས་རེ་འགའ་ཉེ་བར་སྦྱོར་བ་དེ་ཉིད་ལ་རྟོག་པ་དང་ལྡན་པ་དངོས་པོ་ཉིད་དུ་རྣམ་པར་འཇོག་པ་རིགས་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ཏེ། རྒྱུ་མཚན་མེད་པའི་ཕྱིར་དང་དགོས་པ་མེད་པའི་ཕྱིར་རོ། །སྙམ་དུ་བསམས་པ་ཡིན་ནོ། །སོགས་པ་སྨྲས་པས་མེ་དང་ཆུ ་ལ་སོགས་པའི་དོན་གྱི་ཁྱད་པར་དག་ལ་སྤྱོད་པ་གཟུང་ངོ། །ད་ལྟ་ཡིན་དང་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱི་གང་ཁོ་ན་དོན་བྱེད་པ་དེ་ཁོ་ན་དངོས་པོ་ཡིན་ནོ། །ཞེས་བྱ་བ་གང་ཡིན་པ་དེ་གྲུབ་བོ། །དེའི་ངོ་བོ་ཉིད་ཀྱི་དོན་བྱ་བ་བྱེད་པའི་ངོ་བོ་དེ་ཁོ་བོ་ཅག་གིས་སྐད ་ཅིག་མ་ཉིད་དུ་སྒྲུབ་སྟེ། དེས་ན་དོན་བྱེད་པར་ནུས་པའི་མཚན་ཉིད་ཀྱི་ཡོད་པ་གཏན་ཚིགས་ཉིད་དུ་མངོན་པར་འདོད་པའི་ཕྱིར་འཁྲུལ་པ་མེད་དོ། །དེ་ལྟ་བུར་གྱུར་པའི་གཏན་ཚིགས་དེ་ལ་བསྒྲུབ་པར་བྱ་བས་ཐམས་ཅད་ཉེ་བར་སྡུད་པས་ཁྱབ་པ་གྲུབ ་པ་གྲུབ་པའི་ཕྱིར་རོ། །ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་མ་བྱས་པར་གཏན་ཚིགས་ཀྱི་ཁྱབ་པ་བསྟན་པ་གང་ཡིན་པ་དེ་ནི་ཐམས་ཅད་ཉེ་བར་བསྡུ་བའི་ཁྱབ་པའོ། །ཅི་སྟེ་དོན་བྱེད་པར་ནུས་པས་སྟོན་ན་ཡང་ཅིའི་ཕྱིར་དངོས་པོ་ཉིད་དུ་མི་འདོད་ཅེ་ན། ནུས་པ་མཛའ་ ་དག་གིས་སྟོང་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པའི་ཐུགས་ལ་ཡང་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་རིགས་འདྲ་བའི་སྐད་ཅིག་དང། ཆུ་སྐྱོར་བ་ལ་སོགས་པའི་འབྲས་བུ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །དེའི་འབྲས་སོགས་མ་མཐོང་ཕྱིར། ཞེས་བྱ་བ་ནི། ་རྒྱུ་མཚན་མེད་པ་ཅན་གྱི་གཏན་ཚིགས་ཏེ། ངོ་བོ་ནི་དེའི་རང་བཞིན་ནོ། །འབྲས་བུ་ནི་དེའི་འབྲས་བུའོ། །སོགས་པའི་སྒྲས་དེའི་ཡུལ་དང་དུས་དང། གནས་སྐབས་ཀྱི་ཁྱད་པར་ཡང་གཟུང་ངོ། །དེ་ལྟ་བུའི་ངོ་བོ་དེ་ནི་རི་བོང་གི་རྭ་ལ་སོགས་པ་དག་ལས་ཁྱད་པར་འགའ་ཡང ་མེད་དོ། །སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དངོས་པོ་དེ་ལ་སྐད་ཅིག་མ་ཉིད་དུ་བསྒྲུབས་པས་དོན་བྱད་པ་དོན་དུ་གཉེར་བ་ལ་དགོས་པ་ཅུང་ཟད་ཀྱང་མེད་དེ། དེ་ནི་མཐོང་བ་དང་མ་མཐོང་བ་དག་ཏུ་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་མིན་རུང་བའི་ཕྱིར་རོ།། ་ཇི་སྐད་དུ། དོན་བྱེད་ནུས་པ་མ་ཡིན་ལ། དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས་འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། ཞེས་བཤད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་དེ་ལ་འདི་ལྟར་རྟོགས་པར་བྱ་ཞེས་བྱ་བ་ལ་སོགས་པས་བརྒལ ་ཞིང་བརྟག་པའི་ཕྱིར་རྒོལ་བས་བྱེད་པའི་འབྲས་བུ་མེད་པ་ཉིད་དེ། དེ་ནི་རྒོལ་བས་སྐད་ཅིག་མ་ཉིད་དུ་བསྒྲུབས་པར་མི་འདོད་པའི་ཕྱིར་རོ། །དེ་ནི་གཞན་གྱིས་དོན་བྱེད་པར་ནུས་པ་ཡང་དངོས་པོའི་མཚན་ཉིད་དུ་མི་རིགས་ཏེ། ཧ་ཅང་ཁྱབ་ཆེས་པའི་ཕྱིར་རོ། །ཞེས་སྟོན་པར་བྱེད་པ་ནི། འོན་ཏེ ་ནམ་མཁའ་ཨི་པདྨ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་ནམ་མཁའ་ཨི་པདྨ་ལ་སོགས་པ་ལས་ནམ་མཁའ་ཨི་པདྨ་ནམ་མཁའ་ཨི་པདྨ་སྙམ་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་མཚན་ཉིད་ཀྱི་དོན་བྱེད་པ་ལ་ནུས་པ་ཡིན་ལ། དེ་དག་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དངོས ་པོའི་མཚན་ཉིད་ནི་ནུས་པ་ཡིན་ནོ། །ཞེས་བྱ་བ་འདི་ཁྱབ་ཆེས་པ་ཡིན་ནོ། །འདི་ལ་ལན་དུ། ནམ་མཁའ་ཨི་པདྨ་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ཨི་པདྨ་ལ་སོགས་པ་རྣམས་ལ་དོན་བྱེད་པར་ནུས་པར་མ་གྲུབ་སྟེ། དེའི་རྣམ་པར ་རྟོག་པ་རྣམས་ནི་རང་གི་རྣམ་པར་རྟོག་པའི་བག་ཆགས་ཡོངས་སུ་སྨིན་པ་ཙམ་ཁོ་ན་ལས་སྐྱེ་བས་དམིགས་པ་མེད་པའི་ཕྱིར་རོ། །ཅི་སྟེ་ནམ་མཁའ་ཨི་པདྨ་ལ་སོགས་པ་ལས་སྐྱེ་བ་གནོད་པར་བྱེད་པའི་ཚད་མ་ཅི་ཡོད་ཅི་ན། མེད་པ་རྒྱུ་ཉིད་ཡིན་ན་ནི། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ནམ་མཁའ་ཨི་པདྨ་ལ་སོགས་པ་མེད་པ་རྒྱུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ཡོད་ན་ནམ་མཁའ་པདྨ་ལ་སོགས་པའི་ཤེས་པ་དེ་ཐམས་ཅད་དུ་འབྱུང་བ་དེ། སྐྱེ་བར་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པ་རྟག་པའི་ཕྱིར་རོ། །གང་གིས་རྒྱུ་མ་ཚང་བས་རེས ་འགའ་མི་སྐྱེད་པར་ཞེས་བྱ་བར་འགྱུར་བ། གཞན་གྱི་ཕན་གདགས་པར་བྱ་བ་མ་ཡིན་པ་དེ་ནི་བལྟོས་པར་རིགས་པ་ཡང་མ་ཡིན་ནོ། །སྐད་ཅིག་མའི་དངོས་རྣམས་ལ་ཞེས་བྱ་བ་ལ་སོགས་པས། བཙུན་པ་སྦྱོར་བའི་སྡེའི་ལུགས་དོགས་པར་བྱ་བ་ཡིན་ཏེ། དེས་སྨས་པ་དངོས་པོ ་རྣམས་སྐད་ཅིག་མ་ཡིན་ན་ཡང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བ་ཉིད་ཡིན་ཏེ། འདི་ལྟར་དེ་དག་རང་ཉིད་ནུས་པར་འགྱུར་རམ་མི་ནུས། གལ་ཏེ་ནུས་ན་དེའི་ཚེ། ལྷན་ཅིག་བྱེད་པའི་རྒྱུ་ལ་བལྟོས་པར་མི་འགྱུར་ཏེ། ནུས་པ་ནི་འགའ་ལ་ཡང་བལྟོས་པར་རིགས་པ་མ ་ཡིན་ནོ། །ཅི་སྟེ་མི་ནུས་པ་དེ་ལྟ་ན་ཡང། དེ་དག་གི་དེ་ལ་བལྟོས་པ་དེ་རིགས་པ་དང་མི་ལྡན་པ་གསལ་རབ་པ་ཉིད་དེ། །འདི་ལྟར་ཚོགས་པ་དང་པོའི་ནང་དུ་ཆུད་པའི་ལུས་གང་ཡིན་པ་དེ་དག་ནི་ཕན་ཚུན་དུ་ཁྱད་པར་ཐོབ་པར་བྱེད་པ་མ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པའི ་གནས་སྐབས་དག་གིས་ཡོད་པ་དང་མེད་པས་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དངོས་པོའི་གནས་སྐབས་ལ་དེ་དག་གི་ཁྱད་པར་མེད་པའི་ཕྱིར། དེ་ལས་ཁྱད་པར་ཅན་སྐད་ཅིག་གཞན་སྐྱེ་བར་མི་འགྱུར་རོ། །ཁྱད་པར་མེད ་པ་དེ་དག་ལས་སྐད་ཅིག་གཞན་གྱི་ཁྱད་པར་སྐྱེ་ན། འབྲས་བུ་ཡང་ཅིའི་ཕྱིར་སྐྱེད་པར་མི་བྱེད། ཁྱད་པར་ཅན་དེ་དག་ནི་ཚོགས་པ་སྔ་མ་ལས་བྱུང་ངོ། །ཞེས་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། ཚོགས་པ་དེའི་ནང་དུ་རྟོགས་པ་རྣམས་ཀྱང་དེ་ཉིད་ཀྱི་ཕྱིར་ཕན་ཚུན་ཁྱད་པར་མེད་པའི་ཕྱིར་རོ། །དེ་དག ་ཀྱང་ཁྱད་པར་གཞན་ལས་སྐྱེ་ན་ནི་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ཁྱད་པར་མེད་པའི་ཕྱིར་དེ་ཇི་ལྟར་རྒྱུའི་ཚོགས་པ་ཁྱད་པར་མེད་པ་ལས་འབྲས་བུ་སྐྱེ་བར་འགྱུར། ཁྱད་པར་མེད་པ་ལས་ཀྱང་སྐྱེ་ན་ཐམས་ཅད་ཐམས་ཅད་ལས་འགྱུར་རོ། །དེ་ལྟ་ཡིན་དང་རིམ་དང་ཅིག་ཅར་དག་གིས་དེ ་ལྟར་དོན་བྱེད་པར་མི་འགལ་ན་ཡང་ཇི་ལྟར་དེ་དག་དོན་བྱ་བ་བྱེད་པར་འགྱུར་བ་དེ་བཞིན་དུ་རྟག་པ་ཡང་ཡོད་པར་འགྱུར་བའི་ཕྱིར་དེ་དག་གི་སྐད་ཅིག་མ་ཉིད་ལ་བརྟེན་པ་དོན་མེད་དོ། །དེས་ན་ཡོད་པའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་ན་མ་ངེས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱུན་གྱི ་གནས་སྐབས་ཁྱད་པར་ཐོབ་པས་འབྲས་བུ་སྐྱེ་བར་འགྱུར་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ། །ཞེས་ཀྱང་བརྗོད་པར་མི་རིགས་ཏེ། ཇི་སྐད་དུ་བཤད་པའི་རིགས་པས་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་མེད་པ་རྒྱུན་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །རྒྱུན་ནི་རང་གི་ཉེ་བར་ལེན་པའི་རྒྱུ་ཙམ ་དང་ལྡན་པའི་ཁྱད་པར་ཡིན་ནོ། །ཞེས་ཀྱང་བརྗོད་པར་མི་རིགས་ཏེ་མཐོང་བ་དང་འགལ་བའི་ཕྱིར་རོ། །འདི་ལྟར་ལྷན་ཅིག་བྱེད་པ་རྣམས་ཡོད་པ་དང་མེད་པ་དག་ལས་འབྲས་བུ་གསལ་བ་དང་བྲལ་བ་མཐོང་སྟེ། གལ་ཏེ་རང་གི་ཉེ་བར་ལེན་པ་ཙམ་དང་ལྡན་པའི་ཁྱད་པར་དུ་འགྱུར་ན། དེའི་ཚེ་ལྷན་ཅིག ་བྱེད་པ་ལ་བལྟོས་པ་མེད་པ་ཁོ་ནར་སྐྱེད་པར་བྱེད་པ་ཉིད་དུ་འགྱུར་རོ། །གཞན་ཡང་ཇི་སྐད་དུ་བཤད་པའི་རིགས་པས་རྒྱུན་ལ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར། བུམ་པ་ལ་སོགས་པ་རྣམས་ལ་གྱོ་མོ་ལ་སོགས་པའི་ཁྱད་པར་སྐྱེ་བར་མི་སྲིད་པའི་ཕྱིར། རིགས་འདྲ་བའི་སྐད་ཅིག་རྒྱུན་ཆད་པའི ་མཚན་ཉིད་ཀྱི་འཇིག་པ་གལ་ཏེ་རྒྱུ་མེད་པ་ཅན་དུ་འགྱུར་ན། དེའི་ཚེ་བལྟོས་པ་མེད་པའི་ཕྱིར་དང་པོ་ཉིད་དུ་འགྱུར་རོ། །འོན་ཏེ་དང་པོ་མི་འགྱུར་ན་ཕྱིས་ཀྱང་མི་འགྱུར་ཏེ། སྔ་མ་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དངོས་པོ་རྣམས་ཀྱི་འཇིག་པ་ལ་རང་གི་རྒྱུ་ལས་ཐ་དད་པ ་གཞན་རྒྱུར་མི་འདོད་ན་དེའི་ཚེ་མེ་ལ་སོགས་པ་དང་གྲང་བ་ལ་སོགས་པ་རྣམས་ལ་ཇི་ལྟར་འགལ་བར་འགྱུར། ཅུང་ཟད་ཀྱང་མི་བྱེད་པ་ནི་འགལ་བར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་ཐམས་ཅད་དང་འགལ་བར་ཐལ ་བར་འགྱུར་རོ། །དེ་ལྟ་ཡིན་དང་འགལ་བའི་སྒྲོ་ནས་མི་འཇིགས་པའི་སྦྱོར་བ་དང། སྲོག་གཅོད་པ་ལ་སོགས་པའི་རྣམ་པར་བཞག་པ་ཡང་ཆེས་འབྲེལ་པར་དཀའ་ཨོ་སྙམ་དུ་བསམས་པའོ། །སྨྲས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། ནུས ་པ་ཁོ་ན་ལས་འབྲས་བུ་སྐྱེ་ཞིང་ལྷན་ཅིག་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་ལྷན་ཅིག་བྱེད་པ་ནི་རྣམ་པ་གཉིས་ཏེ། དོན་གྱི་བྱ་བ་གཅིག་བྱེད་པ་དང། ཕན་ཚུན་ཕན་པ་བྱེད་པ་ཉིད་ཀྱིས་སོ། །དེ་ལ་བར་དུ་མཆོད་པའི་འབྲས་བུ་ལ་བལྟོས་ནས་དོན་གྱི་བྱ་བ་གཅིག ་བྱེད་པ་ཉིད་ཡིན་གྱི། ཕན་ཚུན་དུ་ཕན་པ་བྱེད་པ་ཉིད་ནི་མ་ཡིན་ཏེ། སྐད་ཅིག་གཅིག་ལ་ཆ་མེད་པ་ཉིད་ཀྱིས་ཁྱད་པར་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །མཆོད་པའི་འབྲས་བུ་ལ་བལྟོས་ན་ནི་ཕན་ཚུན་དུ་ཁྱད་པར་ཅན་གྱི་སྐད་ཅིག་གོང་ནས་གོང་དུ་སྐྱེ་བའི ་ཕྱིར། རྒྱུན་ལ་བལྟོས་ནས་ཕན་ཚུན་དུ་ཕན་འདོགས་པས་ཆོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་ཕན་ཚུན་ཕན་པ་བྱེད་པའི་ཕྱིར་མཚན་ཉིད་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །དེ་ལ་དང་པོའི་གནས་སྐབས་སུ་བྱུང་བ་རྣམས་ལ་གལ་ཏེ་ཡང་ཕན་ཚུན་ཁྱད་པར་མེད ་པ་དེ་ན་ཡང་དེ་དག་གི་ལྷན་ཅིག་བྱེད་པ་འགལ་བ་མེད་པ་ཉིད་དེ། དོན་གྱི་བྱ་བ་གཅིག་བྱེད་པའི་ཕྱིར་རོ། །དེ་དག་ནི་དེ་མ་ཐག་ཏུ་ཁྱད་པར་ཅན་གྱི་སྐད་ཅིག་སྐྱེ་བ་ལ་ཁྱད་པར་མེད་པ་ཡང་མ་ཡིན་ཏེ། རང་གི་རྒྱུ་དང་རྐྱེན་སྔ་མ་དག་ཁོ་ནས་ལས་རྣམ་པ་དེ་ལྟ་བུའི ་འབྲས་བུའི་ཚོགས་སྐྱེད་པ་ན་ནུས་པ་རྣམས་སོ་སོར་སྐྱེས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་དེ་དག་ཀྱང་རང་གི་རྒྱུ་དང་རྐྱེན་གཞན་དག་ལས་ཡིན་ལ། དེ་དག་ཀྱང་གཞན་དག་ལས་ཡིན་པའི་ཕྱིར། རྒྱུའི་བརྒྱུད་པ་ཐོག་མ་མེད་པ་ཉིད་དུ་འདོད་པའི་ཕྱིར། ཐུག་པ ་མེད་ཀྱང་སུན་མི་ཕྱིན་པ་ཉིད་དོ། །ནུས་པ་སོ་སོ་ཡིན་ན་ཡང་གཞན་འདི་དག་དོན་མེད་པ་ཡང་མ་ཡིན་ཏེ། རང་གི་རྒྱུའི་སྟོབས་ཀྱིས་དེ་དག་དེ་ལྟར་སྐྱེ་བའི་ཕྱིར་རོ། །དེ་དག་ཐ་མི་དད་པའི་ངོ་བོར་ཡང་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་རྒྱུའི་དངོས་པོ་མེད་པའི་ཕྱིར་རོ། །ཕྱིས་ཀྱི ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཚོགས་པ་ལོགས་ཞིག་ཏུ་སྐྱེད་པ་ཡང་མ་ཡིན་ཏེ། སྐད་ཅིག་གཉིས་པར་འབྱུང་བའི་ཚོགས་པ་རོ་རོ་སྐྱེད་པའི་ནུས་པ་ཞེས་བྱ་བའི་དོན་ཏོ། །རང་གི་ཉེ་བར་ལེན་པ་སྨོས་པ་ནི་དང་པོའི་གནས་སྐབས་སུ་བྱུང་བའི་ལྷན་ཅིག་བྱེད་པས་བྱས་པའི ་ཉེ་བར་སྦྱོར་བ་འགགས་པ་ལྟུང་ལེན་པ་ཡིན་པར་བལྟ་བར་བྱའོ། །རང་གི་ཉེ་བར་ལེན་པ་ཙམ་ལས་བྱུང་བའི་འབྲས་བུ་འགའ་ཞིག་ཡོད་པ་ནི་མ་ཡིན་ཏེ། ཐམས་ཅད་ནི་ཚོགས་པ་ལས་བྱུང་བའི་ཕྱིར་རོ། །ཅི་སྐད་དུ། འགའ་ཡང་ཅི་ལས་གཅིག་མ་ཡིན། ཐམས ་ཅད་ཚོགས་པ་ཉིད་ལས་འབྱུང། ཞེས་བཤད་པ་ལྟ་བུའོ། །དེ་ལས་བརྩམས་ནས་ཞེས་བྱ་བ་ནི། དུས་ཕྱིས་སྐད་ཅིག་མ་གཉིས་པ་ནས་བཟུང་ནས་ཞེས་བྱ་བའི་དོན་ཏོ། །དེས་བྱས་པའོ། །ཞེས་བྱ་བ་ནི་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་གྱི་རྒྱུས་བྱས ་པའོ། །ཅིའི་ཕྱིར་ཞེ་ན། དེའི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་རྣམས་ཏེ་ངོ་བོ་ཁྱད་པར་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་གྱིས་རྒྱུས་བསྐྱེད་པར་བྱ་བའི་རང་བཞིན་ཏེ། ངོ་བོ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཉེར་བར་སྦྱོར་ཞེས་བྱ་བ་ནི། ་དེའི་ངོ་བོའི་རང་བཞིན་ཕྱིར། ཞེས་བྱ་བ་དང་སྤྲེལ་པར་བྱའོ། །དེ་ལ་ཉེ་བར་སྦྱོར་ཏེ། ཞེས་བྱ་བ་འདི་དང་རང་གི་སྒྲ་མི་མངོན་པར་བྱས་པར་བསྟན་པ་ཡིན་ནོ། །དེས་ན་དོན་འདིར་འགྱུར་ཏེ། དེ་ལས་གནས་སྐབས་གསུམ་པར་འབྱུང་བའི་འབྲས་བུ་ལ་སྐད་ཅིག་གཉིས ་པར་འབྱུང་བའི་ཁྱད་པར་གང་དག་རྒྱུའི་དངོས་པོས་ཉེ་བར་སྦྱོར་ཏེ། དེ་ལ་ཉེ་བར་སྦྱོར་བ་དེ་དག་ཀྱང་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་གྱི་རྒྱུས་བསྐྱེད་པར་བྱས་པའི་འབྲས་བུ་སྐྱེད་པར་རུང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་གསུམ་པ ་ལ་སོགས་པ་འབྱུང་བའི་ཁྱད་པར་དེས་བྱས་པ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །འདི་དག་གི་ངེས་པ་འདི་ཡང་ཇི་ལྟར་འབྱུང་བ་ཡིན་ཞེ་ན། ནུས་དེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ཏེ། མེའི ་སྲེག་པར་བྱེད་པ་མི་རྟོགས་པ་ཉིད་ལྟ་བུར་དེ་དག་གི་རང་བཞིན་ཐ་དད་པ་ནི་རང་གི་རྒྱུ་དང་རྐྱེན་བརྒྱུད་པས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་དག་རྐྱེན་གཞན་དང་གཞན་གྱི་སྦྱོར་བས་སྐད་ཅིག་རེ་རེ་ལ་ནུས་པ་ཐ་དད་པར་སྐྱེ་སྟེ། དེའི་ཕྱིར་འདི་མཚུངས་པ་འགའ་ ་ཞིག་ལས་འདྲ་བར་ཤེས་པར་བྱེད་པ་ཡིན་མོད་ཀྱི་འོན་ཀྱང་འདི་དག་གི་རང་བཞིན་ཐ་དད་པ་ཁོ་ནའོ། །དེས་ན་འགའ་ཞིག་གི་རྒྱུ་ཡིན་གྱི། ཐམས་ཅད་ཐམས་ཅད་ཀྱི་ནི་མ་ཡིན། ཅིའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །འབྱུང་བའི་ཞེས་བྱ་བ་ནི་སྐྱེ་བའི་ཞེས་བྱ་བའི་དོན་ཏེ ་གང་ཡང་གལ་ཏེ་འཇིག་པ་རྒྱུ་མེད་དེ་འགྱུར་ཞེས་སྨྲས་པ་དེ་ལ་བཤད་པ་རྒྱུན་ཆད་ངོ་བོས་གང་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་པ་ནི་རྣམ་པ་གཉིས་ཏེ། རྒྱུན་ཆད་པའི་ངོ་བོ་དང། རྒྱུན་མི་འདྲ་བའི་མཚན་ཉིད་དོ། །དེ་ལ་གལ་ཏེ་རྒྱུན་ཆད་པའི་ངོ ་བོའི་འཇིག་པའི་དབང་དུ་བྱས་ནས་སྨྲས་ན། དེ་མི་རིགས་ཏེ། དེ་ནི་མཐར་ཡང་ཡོད་པ་མ་ཞེས་བྱ་བ་ལ། ངོ་བོ་མེད་པའི་ཕྱིར། དེ་ནི་མཐར་ཡང་ཇི་ལྟར་འགྱུར། ཞེས་བྱ་བ་དེ་ཅི་སྟེ། བརྗོད་པར་བྱེད། དེ་ལྟ་བས་ན་འདི་ནི་རེས་འགའ་ཡང་ཡོད་པར་ཁས་མ་བླངས་པའི ་ཕྱིར་དང་པོ་དང་མཐར་དངོས་པོ་མེད་པ་ཐལ་བ་གང་ཡིན་པ་དེ་འབྲེལ་པ་མེད་པ་ཉིད་དོ། །དེ་བཞིན་དུ་ཚེ་རིགས་འདྲ་བའི་སྐད་ཅིག་གཞན་མཚམས་སྦྱོར་བས་སྐྱེ་བ་འབྱུང་བ་དེ་ལ་བཀག་པ་འབའ་ཞིག་ཡིན་ཏེ། བུམ་པ་ལ་སོགས་པ་འཆད་པར་འགྱུར་བ་ན། དེ་ཉིད་མི་འབྱུང་ངོ། །ཞེས་བྱ ་བའི་དོན་ཡིན་ཏེ། དེ་ལ་ཅུང་ཟད་སྒྲུབ་པར་ནི་མ་ཡིན་ནོ། །ཅི་སྟེ་མི་འདྲ་བའི་སྐད་ཅིག་སྐྱེ་བའི་མཚན་ཉིད་ཀྱི་འཇིག་པ་གཉིས་པ་མངོན་པར་འདོད་ན། དེ་ནི་རྒྱུ་མེད་པ་ཉིད་དུ་མ་གྲུབ་སྟེ། དངོས་སུ་དེ་ནི་ཐོ་བ་ལ་སོགས་པའི་རྒྱུའི་སྟོབས་ཀྱིས་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི ་ཕྱིར་འདི་དང་པོར་མི་སྐྱེ་སྟེ། རང་གི་རྒྱུ་ཐོ་བ་ལ་སོགས་པ་དེའི་དུས་སུ་མེད་པའི་ཕྱིར་རོ། །འགལ་བའི་རྣམ་པར་བཞག་པ་བསྒྲུབ་པའི་ཕྱིར་སྐད་ཅིག་མའི་དངོས་རྣམས་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཁ་ཅིག་འབའ་ཞིག་གི་ཉམས་ཆུང་ཆུང་བ་དང། ཆེ ་བ་དང་ཆེས་ཆེར་ཐུབ་པའི་སྐད་ཅིག་སྐྱེད་པའི་རིམ་གྱིས་བསྐུམ་པ་གན་གྱིན་པ་དེ་ལ་རྒྱུར་འགྱུར་ཏེ། དཔེར་ན་གྲངས་པ་ལ་སོགས་པ་མེ་ལ་སོགས་པ་བཞིན་ནོ། །གཞན་ནི་དེ་ལྟ་མིན་པ་ནི། འགྲིབ་པའི་རྒྱུ་མ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་དུ་བ་ལ་སོགས་པ་རྣམས་ཀྱི ་མེ་ལ་སོགས་པ་དེ་དག་ཉིད་བཞིན་ནོ། །དེ་ལ་དང་པོར་བསྟན་པའི་བསྐུམ་པའི་རྒྱུ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་ཡང་ཤེས་པའི་སྣང་བ་མ་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་བཞིན་པའི་འཇིག་རྟེན་འགལ་བ་ཉིད་དུ་མངོན་པར་རློམ་མོ། །རྣམ་པ་དུ་མ་ཞེས ་བྱ་བ་ནི་གྲང་བ་དང་འགལ་བ་མེ་དང། སྒྲོན་མའི་རླུང་དང། སྣང་བའི་མུན་པ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་གིས་སོ། །དོན་དམ་པས་དངོས་པོ་རྣམས་ལ་གནོད་པར་བྱ་བ་དང། གནོད་པར་བྱེད་པའི་དངོས་པོ་ཡོད་པ་ནི་མ་ཡིན་ཏེ། ཡོད་པ་ནི་བདག་ཉིད་ཐམས་ཅད ་ཀྱིས་གྲུབ་པས་རང་བཞིན་བཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་ནི་ཐ་དད་པ་དང་ཐ་མི་དད་པས་བརྟགས་པ་ན་གཉི་ག་ལྟར་ཡང་བྱེད་པ་མི་སྲིད་པའི་ཕྱིར་རོ། །མེད་ན་ཡང་དངོས་པོ་མ་ཡིན་པ་ཉིད་ཀྱིས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་གཉི་ག་ལྟར་ཡང་འགལ་བ་ནི་ཅུང ་ཟད་ཀྱང་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས། རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་འགལ་བར་རྟོགས་སོ། །ཞེས་བཤད་དེ། འགལ་བར་རྟོགས་པ་ནི་འགལ་བར་ངེས་པ་ཡིན་གྱི་འགལ་བར་དེ་ཁོ་ན་ཉིད་ནི་མ་ཡིན་ནོ་སྙམ་དུ ་དགོངས་པ་ཡིན་ནོ། །ཡང་གི་སྒྲས་ནི་རང་གི་དོན་དང་རིམ་པ་གཞན་དུ་སྦྱོར་བ་ཡིན་ཏེ། དེ་ཉིད་ཕྱིར་ཞེས་བྱ་བ་འདིའི་མཇུག་ཏུ་བལྟ་བར་བྱའོ། །འོན་ཏེ་དེ་ཉིད་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་དཔོག་པ་ལ་སོགས་པའི་གཞུང་གིས་སྐད་ཅིག་མ་འཇིག་པར ་དམ་བཅས་པ་མངོན་སུམ་གྱིས་གནོད་པ་ཉིད་ཀྱི་དོགས་པ་བསུ་བ་ཡིན་ཏེ། འདི་ལྟར་རི་དང་ལུས་དང་ཁང་བཟང་ལ་སོགས་པ་ལ་དེ་ཉིད་འདི་ཡིན་ནོ་སྙམ་པའི་མངོན་སུམ་གྱིས་བྱེད་པའི་མཇུག་ཐོགས་སུ་ངོ་ཤེས་པར་བརྗོད་པའི་མངོན ་སུམ་གྱིས་ཚད་མ་དངོས་པོ་རྣམས་ཀྱི་སྐད་ཅིག་མ་འཇིག་པ་འཇོམས་པར་བྱེད་པ་སྐྱེའོ། །བྲེགས་ནས་ཡང་སྐྱེས་པའི་སེན་མོ་དང་སྒྲ་དང་རྩ་ལ་སོགས་པ་ལ་ངོ་ཤེས་པར་མཐོང་བ་ཡིན་མོད་ཀྱི། འོན་ཀྱང་རྡོ་རྗེ་ལ་སོགས་ཡུལ་ཅན་གྱི་ངོ་ཤེས་པ ་ཚད་མ་ཡིན་པ་མ་ཡིན་ཏེ། གནོད་པ་མེད་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཡོ་བ་མེད་ཅིང་གནོད་པ་མེད་པའི་ཞེས་བྱ་བ་སྨོས་ཏེ། རབ་རིབ་ཀྱི་ཉམས་པའི་མིག་གིས་བསྐྱེད་པའི་སྐྲ་ཤད་ཀྱི་ཤེས་པ་ཚད་མ་མ་ཡིན་པར་དམིགས་པ་ཡིན ་པ་དེ་ཙམ་གྱིས་ཐ་མལ་པའི་མིག་གིས་སྐྱེད་པའི་བདེན་པའི་སྐྲ་ཤད་ཀྱི་ཡུལ་ཅན་གྱི་མིག་གི་རྣམ་པར་ཤེས་པ་ཡང་ཚད་མ་མ་ཡིན་ནོ། །ཞེས་སེམས་རྣལ་དུ་གནས་པས་བརྗོད་པར་རིགས་པ་ནི་མ་ཡིན་ནོ། །སྙམ་དུ་བསམས་པ་ཡིན་ནོ། །དེ་ལ ་གཡོ་བ་མེད་པ་ཉིད་ཀྱིས་ཐེ་ཚོམ་མེད་པའི་ངོ་བོ་ཉིད་བརྗོད་པ་ཡིན་ཏེ། དེ་ཉིད་འདི་ཡིན་ནམ་འོན་ཏེ། གཞན་ཡིན་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་ཐེ་ཚོམ་མེད་པའི་ཕྱིར་རོ། །གནོད་པ་མེད་པ་ཞེས་བྱ་བ་འདིས་ནི་ཕྱིན་ཅི་ལོག་པར་བསྟན་ཏོ། །ངོ་ཤེས་པའི ་ཤེས་བ་ནི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་རེ་ཞིག་འདི་ནི་མངོན་སུམ་ཉིད་དུ་མ་འགྲུབ་སྟེ། འདི་ལྟར་དངོས་པོའི་རང་གི་མཚན་ཉིད་རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱི་བརྡ་བྱ་བར་མི་ནུས་པའི་ཕྱིར་འཛིན་པའི་ཤེས་པ་རྣམས་མངོན ་པར་བརྗོད་པ་མེད་པ་ཉིད་ཡིན་ཏེ། འབྲེལ་པ་མ་བཟུང་བའི་དོན་སྒྲ་དང་ལྷན་ཅིག་སྦྱར་ནས་འཛིན་པར་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་མངོན་སུམ་ནི་ཡོད་པའི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་གདོན་མི་ཟ་བར་རྟོག་པ་དང་བྲལ་བ་དང ་ཚད་མ་ཡིན་པའི་ཕྱིར་མ་འཁྲུལ་པར་འགྱུར་བར་བྱ་དགོས་སོ། །དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས། མངོན་སུམ་རྟོག་བྲལ་མ་འཁྲུལ་པའོ། །ཞེས་བྱ་བ་རིགས་པའི་རྗེས་སུ་འགྲོ་བ་འདི་མངོན་སུམ་གྱི་མཚན་ཉིད་དུ་བརྗོད་པར་བྱེད་དོ། །ངོ་ཤེས་པ་ནི་རྟོག་པ་དང ་བྲལ་བ་ཡང་མ་ཡིན་ཏེ། དེ་ཉིད་འདི་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུའི་བརྗོད་པའི་རྣམ་པ་ཉིད་ཀྱི་རིག་པའི་ཕྱིར་རོ། །མ་འཁྲུལ་པ་ཡང་མ་ཡིན་ཏེ། ཐ་དད་པ་ལ་ཐ་མི་དད་པར་ངེས་པར་འཇུག་པའི་ཕྱིར་རོ། །ཇི་ལྟར་ཞེས་ན། འདི་ནི་སྔར་རྟོགས་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། གལ་ཏེ་འདི་སྔར་དམིགས་པའི་དོན་གྱི་ཡུལ་ཅན་ཡིན་པར་གྱུར་ན་དེའི་ཚེ་སྔར་ཉིད་དུ་སྐྱེ་བར་འགྱུར་ཏེ། དེ་ཡིན་པ་ཉིད་ཀྱི་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར། སྔར་གྱི་ཤེས་པ་བཞིན་ནོ། །དོན་ཅན་ཕྱིར་ཞེས་བྱ་བ་ནི། དེ་ནི་སྔར་རིག་པའི་དངོས་པོ་དོན་ཡུལ་དུ་གང་ལ་ཡོད ་པ་དེ་ནི་དོན་ཅན་ཏེ་དེའི་དངོས་པོ་ནི་དེའི་དོན་ཅན་ཉིད་དོ། །དེ་ལྟ་ཡང་མ་ཡིན་ཞེས་བྱ་བ་ནི་ཐལ་བ་ལས་བཟློག་པ་འཆད་པའོ། །སྦྱོར་བ་ནི་གང་ཞིག་གང་དུ་མ་ཚང་བ་མེད་པ་ཡོད་ན་ཡང་མི་འགྱུར་བ་དེ་ནི་དེའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མ་ཚང་བ་མེད་པའི་གཟུགས་ཡོད ་ན་ཡང་དེ་ལ་རྣ་བའི་རྣམ་པར་ཤེས་པ་མི་འབྱུང་བ་བཞིན་ནོ། །རྡོ་རྗེ་ལ་སོགས་པའི་ཤེས་པ་དེའི་དུས་སུ་ངོ་ཤེས་པ་ཡང་མ་ཚང་བ་མེད་ན་མི་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེའི་ཕྱིར་དེ་ལྟར་རྡོ་རྗེ་ལ་སོགས་པ་གཞན་ལ་བལྟོས་པ་མེད ་པ་རྟགས་པ་ཉིད་ཡིན་ན། དེའི་ཡུལ་ཅན་གྱི་ཤེས་པ་ནི་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་སྔར་ཉིད་དུ་འགྱུར་ན། ད་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་འདི་མི་རྟག་པ་ཉིད་དུ་གྲུབ་པོ། །དེ་ལྟ་ཡིན་པ་དང་ཐ་དད་པ་དག་ལ་ཐ་མི་དད་པར་ངེས་པས་འཇུག་པའི་ཕྱིར་སྒྱུ ་མའི་རེ་ལུའི་རྣམ་པར་ཤེས་པ་བཞིན་དུ་འདི་ནི་འཁྲུལ་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་མ་ཚང་བ་མེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གནོད་པ་མེད་པའི་ཡུལ་ཅན་ཡང་མ་གྲུབ་པ་ཡིན་ཏེ། འཁྲུལ་པ་ཉིད་དུ་གྲུབ་པ་ཇི་སྐད་དུ་བཤད་པའི་གཏན་ཚིགས་ལས ་གནོད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདི་ཡང་བཟུང་ཟིན་པ་འཛིན་པའི་ཕྱིར་འདི་ཚད་མ་མ་ཡིན་ཏེ། དྲན་པ་བཞིན་ནོ་ཞེས་བསྟན་པའི་ཕྱིར། གྲུབ་ཟིན་པ་དོན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གང་ཁོ་ན་གཞལ་བའི་བྱ་བ་གྲུབ་པ ་ལ་ཁྱད་པར་ཅན་གྱི་ཕན་འདོགས་པར་བྱེད་པ་དེ་ཁོ་ན་གྲུབ་བར་བྱེད་པ་དམ་པའི་བྱེད་པ་པོ་ཚད་མ་ཞེས་བྱའོ། །གལ་ཏེ་ངོ་ཤེས་པ་ཚད་མས་བཟུང་ཟིན་པ་དོན་གྱི་ཡུལ་ཅན་དུ་གྱུར་ན། དེའི་ཚེ་གཞལ་བར་བྱ་བ་གྲུབ་པའི་དོན་ལ་འཇུག་པས་སྒྲུབ་པར་བྱེད་པ་དམ་པ ་ཉིད་མེད་པའི་ཇི་ལྟར་ཚད་མ་ཉིད་དུ་འགྱུར་གཞན་དུ་ན་དྲན་ཡང་ཚད་མ་ཉིད་དུ་འགྱུར་རོ། །ཚད་མའི་དངོས་པོར་གྱུར་པ་མ་ཡིན་ན་གནོད་པར་བྱེད་པ་ཉིད་དུ་རྟོག་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་འདི་ལོགས་ཤིག་ཏུ་ཚད་མ་ཉིད ་དུ་མ་གྱུར་མོད། །དེ་ལྟ་ན་ཡང་སྔ་མའི་དོན་ཡུལ་ཡིན་པ་ཉིད་ཀྱིས་འདི་སྐད་ཅིག་མ་འཇིག་པ་ལ་གནོད་པར་བྱེད་པ་ཉིད་ཡིན་ནོ། །སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལ་དོན་དམ་པར་སྔ་མའི་དོན་ཡུལ་ཡིན་པ་ཉིད་ཡོད་པ་མ་ཡིན་ཏེ། བརྗོད ་པ་དང་བཅས་པའི་ཕྱིར་རོ། །ཡུལ་མེད་ན་ཡང་འཁྲུལ་པའི་སྟོབས་ཀྱིས་སྔར་མཐོང་བའི་དོན་ལ་ངེས་པ་སྐྱེ་བའི་ཕྱིར་ངེས་པའི་དབང་གིས་སྔར་མཐོང་བའི་དོན་ཡུལ་ཡིན་ནོ། །ཞེས་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་རང་བཞིན་གྱིས་འཁྲུལ་པའི ་ངོ་ཤེས་པ་འདི་ལས་སྐད་ཅིག་མ་འཇིག་པ་སེལ་བར་ག་ལ་འགྱུར། ད་ལྟའི་དུས་སུ་ཡོད་པ་ཉིད་ཅེས་བྱ་བ་ལ་སོགས་པས་གཞོན་ནུ་མ་ལེན་གྱི་ལུགས་ཀྱིས་བཟུང་འཛིན་པ་ཉིད་ཀྱིས་མ་གྲུབ་པར་སྟོན་པར་བྱེད་པ་ཡིན་ཏེ། དེས་སྨྲས་པ། མངོན་སུམ་སྔ ་མས་དོན་དེ་ལྟའི་དུས་སུ་ཡོད་པ་ཉིད་དུ་རྟོགས་ནི་མ་ཡིན་ཏེ། དེ་ནི་དེ་ཉིད་འདི་ཡིན་ཞེས་བྱ་བའི་རྣམ་པ་འཛིན་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་བས་ན་ངོ་ཤེས་པ་འདི་ལ་དྲན་པ་ལས་ཁྱད་པར་ཡོད་དོ། །ཇི་ལྟར་ཞེ་ན། སྔ་རོལ་གཞན་པ་ཙམ་ལ་སོགས་པ ་སྨོས་ཏེ། དྲན་པ་ནི་དེའོ་སྙམ་པས་ཤེས་པ་སྔ་མའི་རྣམ་པ་འཛིན་པ་ཉིད་ཀྱིས་འཇུག་ལ། དེ་ཤེས་པ་ནི་འདིའོ་སྙམ་པ་དེ་ལྟ་བུའི་ཐ་དད་པར་ཡང་དོན་གྱི་རྣམ་པར་འཛིན་པ་སྐྱེ་སྟེ། དེའི་ཕྱིར་དྲན་པ་ལས་ཁྱད་པར་གྱུར་པ་ཡིན་ཏེ། བྱེ་བྲག་ཅན་ཡིན་ནོ། །ཞེས་བྱ་བའི་དོན ་ཏོ། །དེ་ལྟ་བས་ན་གང་དག་ཐེ་ཚོམ་དང་ཕྱིན་ཅི་ལོག་ཡིན་པ་དེ་དག་ལ་གནོད་པར་བྱས་ནས་ངོ་ཤེས་པ་ཚད་མ་ཉིད་དུ་ཐོབ་པར་འགྱུར་བ་ཡིན་ནོ། །གང་ལས་འདི་དག་ལ་གནོད་པ་ཡིན་ཞེས་བྱ་བ་འདི་ལ་རྒྱུ་བཤད་པ་ནི། རྟོག་པ་ལ་ནི་ཡོད་མིན་ཕྱིར། ཞེས་བྱ་བ ་ལ། རྟོགས་པའི་དོན་ལ་དེ་དག་མེད་པའི་ཕྱིར། མེ་འབར་བའི་ཚོགས་ཆེན་པོ་དང་ལྡན་པའི་དུས་སུ་གྲང་བ་ལྟ་བུའོ། །འོན་ཏེ་ཇི་ལྟ་བུ་ལ་སོགས་པར་རྟོགས་པའི་སྔོ་བསངས་ལ་སོགས་པ་བཞིན་དུ་ཇི་ལྟར་རྗེས་སུ་དཔག་པས་བསྒྲུབས་པའི་དོན་ལ་དུས་གཞན་ཡང ་མངོན་སུམ་གྱིས་གཞན་ཉིད་དུ་འགྱུར་ཏེ། དེ་བཞིན་དུ་འདི་ལ་ཡང་མ་ཡིན་ནམ། གལ་ཏེ་ངོ་ཤེས་པས་རྟགས་པ་ཉིད་ཀྱི་དོན་གྲུབ་པ་དེ་ལྟ་ན་ཡང་དུས་ཕྱིས་དེའི་འབྲས་བུའི་རིམ་པས་དེའི་རིམ་པ་རྗེས་སུ་དཔག་པས་གྲུབ་པའི་ཕྱིར་གཞན་ཉིད་དུ་འགྱུར་བ ་གྲུབ་བ་ཉིད་མ་ཡིན་ན། དེ་ཅི་ལྟར་སྐད་ཅིག་མ་འཇིག་པ་ཉིད་ལ་གནོད་པར་བྱེད་ཅེས་དོགས་པ་ལ། ཅིག་ཤོས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིག་པ་ཤོས་ཀྱིས་ཤེས་བྱ་བ་ནི་དཔེར་ན་དེ་ནི་སྔོ་བསངས་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར། དེའི་བུ་སྣང་བ་བཞིན་ནོ།། ་ཞེས་བྱ་བའི་རྗེས་སུ་དཔག་པ་ལ་སོགས་པ་དག་གིས་སོ། །མངོན་སུམ་གྱིས་ནི་གཞན་དུ་འགྱུར་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པས་གཞན་དུ་སྟེ། རྗེས་སུ་དཔག་པ་ལ་སོགས་པས་གཞལ་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །བཅད ་པ་ཞེས་བྱ་བ་ནི་ཡུལ་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །ཅིག་ཤོས་ཀྱི་སྲིད་པ་མིན་ཞེས་བྱ་བ་མངོན་སུམ་ལས་ཅིག་ཤོས་ཀྱི་རྗེས་སུ་དཔག་པ་ལ་སོགས་པ་གནོད་པར་བྱེད་པ་ཉིད་དུ་སྐྱེ་བ་སྲིད་པ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་དོན་དུའོ། །ཅིའི་ཕྱིར་ཞེ་ན། ཚད ་མའི་ཐུའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྗེས་སུ་གྲུབ་པའི་དོན་ལ་མངོན་སུམ་གྱིས་གཞན་ཉིད་དུ་བྱེད་པ་ཞེས་བྱ་བ་ནི་རིགས་ཏེ། དེ་ནི་ཚད་མ་ཐམས་ཅད་ཀྱི་མཐུའོ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལ་སོགས་པས་མངོན་སུམ ་གྱིས་གྲུབ་པའི་དོན་གཞན་ཉིད་བྱ་བར་ནུས་པ་ནི་མ་ཡིན་ཏེ། དེ་དག་སྟོབས་ཆུང་བའི་ཕྱིར་རོ། །བརྟན་པོ་ཡིས་ཞེས་བྱ་བ་ནི་ཐེ་ཚོམ་དང། ཕྱིན་ཅི་ལོག་དག་དང་བྲལ་བས་སོ། །བཟློག་པར་ཞེས་བྱ་བ་ནི་གཞན་ཉིད་དུའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབ ་པར་བྱེད་པ་ཡིན་ཏེ། ངོ་ཤེས་པའི་ཡུལ་ད་ལྟའི་དུས་སུ་ཡོད་པ་ཉིད་གང་ཡིན་པ་དེ་ཅི་མངོན་སུམ་སྔ་མས་བཟུང་བའི་ཡོད་པ་ཉིད་ལས་ཐ་དད་དམ། །འོན་ཏེ་དེ་ཉིད་ཡིན། གལ་ཏེ་ཐ་དད་ན་དེའི་ཚེ་རང་གི་ཚིག་ཉིད་ཀྱི་ཐ་དད་དུ་བསྟན་པའི་ཕྱིར་ཁྱེད་ཅག་གིས་ཁས་བླངས ་པ་ཉམས་པར་འགྱུར་ལ་ཁོ་བོ་ཅག་གི་ནི་འདོད་པ་གྲུབ་པ་ཡིན་ནོ། །འོན་ཏེ་གཞན་མ་ཡིན་ནོ། ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་གང་གི་སྔ་མའི་བློ་ཡིས་རྟོགས་པ་མིན། ཞེས་བརྗོད་པ་དེ་ཇི་ལྟར་བློ་སྔ་མས་མི་རྟོགས། འདི་སྙམ་དུ་གལ་ཏེ་སྒྲ་ལ་སོགས་པ་ལས ་སྐད་ཅིག་མ་ཉིད་ཐ་མི་དད་པ་ཡིན་ན་ཡང་དེ་བཟུང་ན་མ་བཟུང་བར་བརྗོད་པ་དེ་བཞིན་དུ་འདི་ཡང་འགྱུར་རོ། །སྙམ་དུ་སེམས་ན། དེ་ནི་མི་རིགས་ཏེ། ཆོས་ཅན་སྒྲ་བཟུང་ན་ཡང་དེ་ལས་ཐ་མི་དད་པའི་སྐད་ཅིག་མ་ཉིད་མ་བཟུང་ངོ། །ཞེས་རྣམ་པར་བཞག་པར་མི་བྱའོ།། ་འོན་ཀྱང་དེ་གཟུང་དུ་ཟིན་ཀྱང་ངེས་པ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་མ་ངེས་སོ། །ཞེས་བརྗོད་པར་བྱའོ། །ཉམས་སུ་མྱོང་བ་ཉིད་ཙམ་ལས་ངེས་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ནི་མ་ཡིན་པ་ཉིད་དང། གཟུང་བར་བྱ་བ་མ་ཡིན་པའི་ཡུལ་འཛིན་པའི་གཟུང་བར་བྱ་བ་མ་ཡིན ་པ་ཉིད་དང། བརྗོད་པར་བྱ་བ་མ་ཡིན་པའི་རྗོད་པར་བྱེད་པས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དང། རིགས་མཚུངས་པ་དང་མི་མཚུངས་པའི་རྫས་ལྡན་པ་དང་རྣམ་པར་དབྱེ་བ་ལས་སྐྱེས་པ་སྒྲའི་འབྲས་བུའི་སྒྲའི་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། སྔ་ན་མེད་བ ་ལ་སོགས་པ་བཞིན་ནོ། །དེ་ལ་གཟུགས་ཉིད་ལ་སོགས་པ་སྤྱི་ལ་བརྟེན་པ་ནི་གཟུགས་ལ་སོགས་པའོ། །གཟུགས་ལ་སོགས་པ་དེ་དག་གི་རྟེན་ནི་དེའི་རྟེན་ནོ། །དེ་དག་ཀྱང་གང་ཞེ་ན། བུམ་པ་ལ་སོགས་པའོ། །གྲུབ་པས་བསྟན་པ་ནི་རྣལ་འབྱོར་པའི་ཤེས་པའོ། །ལྷག་མ་ནི་སྔ ་མ་བཞིན་དུ་བཤད་པར་བྱའོ། །ཡོད་པ་དང་མེད་པ་གང་ཡང་རུང་བ་ཉིད་དམ་མེད་པ་ཉིད་དོ། །ཡོད་པ་དང་མེད་པ་དག་ལས་ཐ་དད་པའི་ཤེས་བྱ་མེད་པ་ཉིད་ཀྱི་ཕྱིར། དེའི་ཡུལ་ཅན་གྱི་ཤེས་པ་ཡང་མེད་དོ། །དེ་ཡང་མེད་པ་ཉིད་ཀྱི་ཕྱིར་དེས་བཅད་པར་བྱ་བ་མ་ཡིན་པ་ཉིད ་གྲུབ་པོ། །དེ་བཞིན་དུ་གཟུང་བར་བྱ་བ་མ་ཡིན་པའི་ཡུལ་འཛིན་པ་མེད་པ་ཉིད་ཀྱི་ཕྱིར་དེ་ཡིས་བཟུང་བར་བྱ་བ་མ་ཡིན་པ་ཉིད་གྲུབ་པོ། །དེ་བཞིན་དུ་གང་ལ་བརྗོད་པར་བྱ་བ་ཡོད་པ་མ་ཡིན་པ་དེ་ནི། རྗོད་པར་བྱེད་པ་སྟེ། བརྗོད་པར་བྱ་བ་མ་ཡིན་པའོ། །དེས་བརྗོད་པར་བྱ་བ་མ ་ཡིན་པ་ཉིད། སྒྲུབ་སྟེ་དོན་མེད་པ་ཉིད་ཀྱི་ཕྱིར་རོ། །རིགས་མཚུངས་པའི་རྫས་ནི་ཆུ་དང་ས་ལ་སོགས་པ་སྟེ། བྱས་པ་ཉིད་ལ་སོགས་པར་མཚུངས་པའི་ཕྱིར་རོ། །རིགས་མི་མཚུངས་པ་ནི་ནམ་མཁའ་ལ་སོགས་པ་སྟེ། དེ་དག་ཕན་ཚུན་ལྡན་པ་དང་རྣམ་པར་དབྱེ་བ་དེ་དག ་གིས་བསྐྱེད་པའི་སྒྲ་དང་པོ་གང་ཡིན་པ་དེའི་རྒྱུད་པའི་འབྲས་བུར་གྱུར་པ་རྣ་བའི་ལམ་དུ་ཕྱིན་པ་གང་ཡིན་པ་དེས་བརྗོད་པར་བྱ་བ་གང་ཡིན་པའི་ཕྱིར་རོ། །འདི་ལྟར་འདི་དག་གི་ཐ་སྙད་ནི་འདི་ཡིན་ཏེ། སྒྲའི་དང་བའི་སྐྱེ་གནས་ནི་ལྟན་པ་དང་རྣམ་པར་དབྱེ་བའོ། །དེ་ལས ་ཕ་ལོང?་རྡེབས་པའི་ཚུལ་དུ་སྒྲ་གཞན་དག་སྐྱེའོ། །དེ་དག་ལས་ཀྱང་སོ་སོར་སྒྲ་རེ་རེ་ལས་ཞན་པ་དང། ཆེས་གཞན་དང། ཆེས་ཆེར་ཞན་པའི་རིམ་པས་སྐྱེ་སྟེ། དེ་ལ་གང་ཞིག་རྣ་བའི་སྦུབས་ཀྱི་དབུས་ཀྱི་ནམ་མཁའ་ཨི་ཡུལ་དུ་ཕྱིན་པ་དེ་དམིགས་ཀྱི་ཅིག་ཤོས་ནི ་དམིགས་པ་མ་ཡིན་ནོ་ཞེའོ། །དེས་ན་འདིའི་ཚད་མའི་ཚོགས་སྟོན་པ་ནི། གཟུགས་ཉིད་ལ་སོགས་དོན་ཀུན་དང། ཞེས་བྱ་བ་ལ་སོགས་པའོ། གཞལ་བྱ་ཉིད་དང་བརྗོད་བྱ་ཉིད་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་ལས་གཞན་པའི་གཏན་ཚིགས་དག ་ཀྱང་བལྟ་བར་བྱའོ། །མཁའ་སྟེ་ནམ་མཁའ་ཨི་པདྨ་ནི་ནམ་མཁའ་ཨི་པདྨ་དེ། ནམ་མཁའ་ཨི་པདྨ་བཞིན་ནོ། །ཞེས་བྱ་བའི་ཐ་ཚིག་གསལ་བྱེད་པས་སྨྲས་པ། ལོག་པར་རྟོགས་པའི་ཅིག་ཅར་བ་མ་ཡིན་པའི་དུས་ཀྱི་ཤེས་པ་རྣམས་ནི་ཡུལ་ཅིག ་ཡིན་ཏེ། དེའི་ཤེས་པ་གཞི་མཐུན་པ་མ་བསལ་བ་མཚུངས་པའི་སྒྲའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ད་ལྟར་སྐད་ཅིག་ལ་སྐྱེས་བུ་དུ་མའི་ཤེས་པ་བཞིན་ནོ། །དེ་ལ་གནོད་པར་བྱེད་པའི་ཚད་མའི་དབང་གིས་བསལ་བ་སྟེ་གཞན་དུ་བྱ་བའི་ངང་ཚུལ་འདི ་ལ་ཡོད་པས་བསལ་ལོ། །བསལ་བ་མ་ཡིན་པ་ནི་མ་བསལ་བའོ། །བུམ་པ་ལ་སོགས་པའི་ཤེས་པ་དེ་དག་གིས་གཞི་མཐུན་པ་ནི་དེའི་ཤེས་པ་གཞི་མཐུན་པའོ། །འདི་ནི་མ་བསལ་བ་ཡང་ཡིན་ལ་དེའི་ཤེས་པ་གཞི་མཐུན་པ་ཡང་ཡིན་པ་དེ་ལ་དེ་སྐད་ཅེས ་བྱའོ། །གཞི་མཐུན་པ་ལ་གནོད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་འདི་ཡང་སྒྲོན་མ་ལ་སོགས་པའི་ཤེས་པ་དག་གིས་འཁྲུལ་པ་བསལ་བའི་དོན་དུ་སྟེ། མཚུངས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ནི་ནག་པོའི་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་འདི ་སྟོན་པ་ནི། གང་དག་རྣམ་པ་རྩོད་པའི་ཞེས་བྱ་བ་ལ་སོགས་པ་ལ་སྒྲོགས་པ་སྟེ། ཞེས་བྱ་བ་ནི་དམ་བཅའ་བར་བྱེད་པའོ། །གཅིག་ལ་བརྟེན་པ་སྟེ། གཞི་མཐུན་པར་གནོད་པ་མེད་ན་དེ་གནོད་པ་ཡོད་པ་མ་ཡིན་པ་ཡང་དེ་ཡིན་ཅིག་ལ་བརྟེན་པ་ཡང་ཡིན་ཞེས་ཚིག ་རྣམ་པར་སྦྱར་རོ། །འདི་ལ་ལན་འདེབས་པར་བྱེད་པ་ནི། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། གཏན་ཚིགས་དང་པོ་ཞེས་བྱ་བ་ནི། དེ་ཤེས་པ་ཉིད་དུ་བརྗོད་པའི་ཕྱིར་ཞེས་བྱ་བ་འདི་ལ་ཟླ་བ་ལ་སོགས་པའི་ཤེས་པ་དང་པོ་ཡང་དེའི་དུས་སུ་གཅོད་པའི་ཟླ་བའི ་ཡུལ་ཅན་དུ་མི་འགྱུར་ཏེ། རྒྱུར་གྱུར་པ་ཉིད་ཡུལ་ཡིན་པའི་ཕྱིར་རོ། །དུས་མཚུངས་པ་ཡང་རྒྱུ་དང་འབྲས་བུ་ཉིད་དུ་མི་ཐད་པའི་ཕྱིར་ཏེ། ཇི་སྐད་དུ། དོན་དུ་གཉེར་བ་དང་གོམས་པ་དང་དྲིན་དུ་གཟོ་བ་ལ་སོགས་པ་ལ་ལྟོས་པའི་ཕྱིར་རོ། །ཁྱེད་ལ་ནི་དེ་ལྟ་བུ་སྲིད་པ་མ་ཡིན་ཏེ། སྔོན ་སུམ་སྔ་མ་ཡང་ངེས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེས་ཀྱང་དངོས་པོའི་རང་གི་ངོ་བོ་ངེས་པ་ན་དེ་ལས་ཐ་མི་དད་པའི་ད་ལྟའི་དུས་སུ་ཡོད་པ་ཉིད་ཀྱང་ངེས་པ་ཉིད་ཡིན་ནོ། །དེ་མ་ངེས་ན་དངོས་པོའི་རང་གི་ངོ་བོ་ཡང་དེ་བཞིན་དུ་མ་ངེས་པའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་མ་ངེས་པ ་ཉིད་དུ་ཐལ་བར་འགྱུར་རོ། །གང་ཡང་ཐེ་ཚོམ་དངོས་པོ་ཡོད་པ་ན་གཏན་ལ་ཕབ་པའི་རྒྱུ་མཚན་གྱི་ངོ་ཤེས་པ་ཚད་མ་ཉིད་ཡིན་ནོ། །ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་བསལ་པ་ཡིན་ནོ། །འདི་ལ་ཐེ་ཚོམ་ཟ་བའི་དངོས་པོ་ཡོད་པ་ན་ཕབ་པ་ཡོད་པ་ཡང་མ་ཡིན་ཏེ། འདྲ་བ་གཞན ་དང་གཞན་སྐྱེ་བ་ན་ཡང་སྐྲ་ལ་སོགས་པ་བཞིན་དུ་ངོ་ཤེས་པ་མཐོང་བ་ནི་ཐེ་ཚོམ་མི་ཟ་བའི་ཕྱིར་རོ། །གང་ཡང་ཅིག་ཤོས་ཀྱིས་ནི་དོན་རྟོགས་པའང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། རྗེས་སུ་དཔག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བུ་ཡིན ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྗེས་སུ་དཔག་པ་ལ་སོགས་པ་གང་གི་སྤྱོད་ཡུལ་ཏེ། ཡུལ་ལ་མངོན་སུམ་གྱིས་གནོད་པ་སྲིད་པ་ཡིན་ན། དེ་ཚད་མ་ཉིད་མ་ཡིན་ཏེ། གནོད་བཞིན་དུ་ཡུལ་ཡིན་པ་ཉིད་ཀྱིས་དོན་ལ་མི་བསླུ་བ་མེད་པའི་ཕྱིར ་རབ་རིབ་ཅན་ལ་སོགས་པའི་ཤེས་པ་བཞིན་ནོ། །དེས་ན་ཅིག་ཤོས་ཀྱིས་ནི་རྟོགས་པ། མངོན་སུམ་གྱིས་ནི་གཞན་དུ་འགྱུར། ཞེས་གང་སྨྲས་པ་དེ་ནི་མ་འབྲེལ་པ་ཉིད་དེ། མི་སྲིད་པའི་ཕྱིར་རོ། །གང་ཡང་མངོན་སུམ་ཐུ་བོ་ཉིད་དུ་བརྗོད་པ་དེ་ཡང་འབྲེལ ་པ་མེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་དོན་ལ་མི་བསླུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་རྣམས་ཀྱི་ཚད་མ་ཉིད་ནི་འདི་ཉིད་ཡིན་ཏེ། དོན་ཐོབ་པར་ནུས་པའོ། །དེ་ཡང་ཚད་མ་ཐམས་ཅད་ལ་ཁས་བླངས་པར་བྱ་སྟེ། དེས་ན་ཅིའི་ཕྱིར ་མངོན་སུམ་འདི་ཐུ་བོ་ཉིད་དུ་འགྱུར་ཡང་ཅི་སྟེ་མངོན་སུམ་ཁོ་ན་དོན་ལ་མི་བསླུ་བ་ཉིད་ཡིན་གྱི། རྗེས་སུ་དཔག་པ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན། དེ་ཡོད་མིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།དེའི་དོན་ལ་མི་བསླུ་བ་ཉིད་དེ་མེད་པ ་ཡིན་ན། རྗེས་སུ་དཔག་པ་ལ་སོགས་པ་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་ཏེ། ཚད་མའི་ཐ་སྙད་ཀྱི་རྒྱུ་མཚན་ནི་དོན་ལ་མི་བསླུ་བ་ཉིད་ཡིན་པའི་ཕྱིར་ལ། དེའང་འདི་ལ་མེད་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག ་པ་འདིས་ཞེས་བྱ་བ་ལ་སོགས་པ། སྣང་བྲལ་གྱིས་སྨྲས་པའི་ཚད་མ་དག་དོགས་པར་བྱེད་དེ། རྗེས་སུ་དཔག་པ་དེ་གང་ཡིན་ཞེ་ན། བརྗོད་འདོད་ཉི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་སྨྲས་པ། བློ་མི་མཐུན་པའི ་གཞིར་གྱུར་པའི་དངོས་པོ་བརྗོད་པར་འདོད་པའི་ཉི་མ་དང། ཟླ་བ་དང། གཟའ་དང། རྒྱུ་སྐར་ལ་སོགས་པའི་ཤེས་པ་རྣམས་ནི། དེའི་དུས་སུ་བཅད་པའི་ཟླ་བ་དང། ཉི་མ་དང། གཟའ་དང། རྒྱུ་སྐར་དང། སྐར་མ་ལ་སོགས་པའི ་ཡུལ་ཉིད་ཡིན་ཏེ། ས་དང་འབྲེལ་པ་ཉིད་དུ་མི་དམིགས་པའི། ཉི་མ་དང། ཟླ་བ་དང། གཟའ་དང། རྒྱུ་སྐར་དང། སྐར་མ་ལ་སོགས་པའི་ཤེས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར། དུས་དང་པོར་བྱུང་བའི་ལྷ་སྦྱིན་གྱི་ཟླ་བ་དང ་ཉི་མ་དང། གཟའ་དང། རྒྱུ་སྐར་དང། སྐར་མ་ལ་སོགས་པའི་ཤེས་པ་བཞིན་ནོ། །ཞེའོ། །བརྗོད་པར་འདོད་པའི་ཉི་མ་ལ་སོགས་པ་ཡུལ་ཡིན་ནོ། །ཞེས་བྱ་བ་ནི་ཉི་མའི་གཟི་བརྗོད་ལ་སོགས་པའི་རྫས་ཡུལ་ཡིན་པའོ། །ས་དང་འབྲེལ་པ ་ཉིད་དུ་མི་དམིགས་པས་ཞེས་བྱ་བའི་ཁྱད་པར་ནི། རི་མོ་ལ་སོགས་པར་གཏོགས་པའི་ཉི་མ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་དག་གིས་འཁྲུལ་པ་ལ་སོགས་པའི་དོན་དུའོ། །གཞན་ཞེས་བྱ་བ་ནི་དེ་ལས་གཞན་ཏེ། དེ་མ་ཡིན་པའི ་དུས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཚད་མ་གཞན་འདི་ཡང་ཡིན་ཏེ་གང་དག་གཟུགས་ཉིད་ལ་སོགས་པ་སྤྱི་ལ་བརྟེན་དང། གང་ཡང་དེའི་རྟེན་དང། གང་ཡང་དེའི་ཡུལ་ཅན་གྱི་མངོན་སུམ་དང། ཉེ་བར་འཇལ་བ་དང། སྒྲ་དང་དྲན་པ ་དང་ངོ་ཤེས་དང། དཔྱོད་པ་དང་གྲུབ་པས་བསྟན་པ་དང། ཐེ་ཚོམ་དང། ཕྱིན་ཅི་ལོགས་དང། མ་ངེས་པ་དང་རྨི་ལམ་དང། རྨི་ལམ་གྱི་མཛའ་ཨི་ཤེས་རབ་ཀྱི་ཁྱད་པར་དེ་དག་ཐམས་ཅད་ནི། བདག་ཉིད་ཐོབ་མ་ཐག་ཏུ་འཇིག་པར་འགྱུར་བ་མ་ཡིན་ཏེ། ཤེས་བྱ་ཉིད ་དང། གཞལ་བྱ་ཉིད་དང། བརྗོད་བྱ་ཉིད་དང། ཡོད་པ་དང་མེད་པ་གང་ཡང་རུང་བ་ཉིད་དང། ཡོད་པ་དང་མེད་པ་ལས་ཐ་དད་པའི་ཤེས་བྱའི་ཡུལ་ཅན་གྱི་ཤེས་པས་བཅད་པར་བྱ་བ་མེད་པ་སྔར་ནུས་མེད་ཕྱིར་དང། །།ཕྱིས ་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེ་ཕྱིར་རང་བློ་བཅས་དོན་མིན། ཞེས་བཤད་པ་བཞིན་ནོ། །གང་ཆེ་ཞེས་བྱ་བ་ལ་སོགས་པས་ས་དང་འབྲེལ་པ་ཉིད་དུ་མི་དམིགས་པ་ཞེས་ཁྱད་པར་དང་བཅས་པ་ཡིན་ན་ཡང་གཏན ་ཚིགས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གཏན་ཚིགས་གཉིས་པའི་ཚོགས་ལ། ཆོས་ཅན་རིགས་ལ་སོགས་པ་མེད་པ་ཉིད་ཀྱིས་སྐད་ཅིག་མ་འཇིག་པ་མི་འདོད་པའི་ཕྱིར། དེ་ལ་དེ་མེད་པ་སྒྲུབ་ན། སྒྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཞེས་སྟོན་པ་ནི། རིགས ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་དེ་ལ་བརྟེན་པའི་གཟུགས་དང་ལྡན་པ་ལ་སོགས་པ་དང། དེའི་ཡུལ་ཅན་གྱི་ཤེས་པ་རྣམས་གཟུང་སྟེ། ཇི་སྐད་དུ་བཤད་པས་ཁྱད་པར་དུ་བྱས་པའི་ཁྱད་པར་ཅན་འདི་དག་ཀྱང་མེད་པ་ཉིད ་དོ། །དེའི་ཕྱིར་དེ་དག་ལ་ངའི་སྐད་ཅིག་མ་འཇིག་པ་ཉིད་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་?་སྨྲས་པ་གང་ཡིན་པ་དེ་ལོགས་པ་ཡིན་ཏེ། དེ་ལ་རྩོད་པ་མེད་པའི་ཕྱིར་རོ་སྙམ་དུ་དོགས་པ་ཡིན་ནོ། །འདི་ཡང་ཞིབ་ཏུ་སྤྱད་པ་མ་བྱས ་ཏེ། གལ་ཏེ་དེ་བྱེད་ན་དེའི་ཚེ་དེ་ལ་སྐྱོན་གྱིས་ཚོགས་ཆེས་མང་པ་འཇུག་སྟེ། འདི་ལྟར་འདི་ཡོད་པ་དང་མེད་པ་གང་ཡང་རུང་བ་སྒྲུབ་བྱེད་དུ་སྨྲས་པ་གང་ཡིན་པའི་རྣམ་པ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་དང་དཔེའི་ཆོས་ཅན་ལ་མ་གྲུབ་སྟེ། གང ་ཡང་རུང་བའི་སྒྲ་ནི་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ཡང་དངོས་པོ་དུ་མ་ཡིན་པ་སྲིད་པ་ཡིན་ན་འགྱུར་གྱི། གཅིག་ལ་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་གཅིག་ལ་ཡོད་པ་དང་མེད་པ་གཉིས་སྲིད་པ་མ ་ཡིན་ཏེ། དེ་ལ་ནི་དངོས་པོའི་ངོ་བོ་ཡིན་པ་ཉིད་ཀྱིས་ཡོད་པ་ཁོ་ན་སྲིད་པའི་ཕྱིར། །དཔེའི་ཆོས་ཅན་ལ་ཡང་གཉིས་སྲིད་པ་མ་ཡིན་ཏེ། དེ་ནི་དངོས་པོ་མེད་པ་ཉིད་ཀྱིས་མེད་པ་ཁོ་ན་ཡིན་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཁྱད་པར་དོན་མེད་པ་ཡིན་ཏེ། འདི་ལྟར་སྒྲའི ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་དེ་ལྟ་བུ་སྦྱོར་བ་ཡང་འདིར་རེ་ཞིག་མི་རིགས་ཏེ། བརྗོད་པར་བྱ་བ་ཉིད་སྨོས་པ་ཉིད་ཀྱིས་སྒྲར་གྲུབ་པའི་ཕྱིར་རོ། །གང་ཡང་རིགས་མཚུངས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་དག་ཁྱད་པར་དེ་ནི་ཤིན་སྟོབས་ཆུང་བ་ཉིད་ཡིན་ནོ།། ་དེ་ལྟར་གཏན་ཚིགས་ཀྱི་ཁྱད་པར་གཞན་ཡང་དོན་མེད་པ་ཉིད་དོ། །ཞེས་གཟུང་བར་བྱའོ། །གཏན་ཚིགས་འདི་དག་ཐམས་ཅད་ཀྱང་མ་ངེས་པ་དག་ཡིན་ཏེ། འདི་དག་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་བྱེད་པའི་ཚད་མ་མ་བསྟན་པའི་ཕྱིར་རོ། །འདི་ཡང ་ཕྱིས་སྟོན་པར་འགྱུར་རོ། །གང་ཡང་གང་དག་རྣམ་པར་རྩོད་པའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། མཚུངས་པའི་སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མར་མེའི་ཤེས་པ་མར་མེའི་ཤེས་པའོ་སྙམ་པ་མར་མེའི་ལ་སོགས་པའི་ཤེས་པ་ཡུལ ་ཐ་དད་པ་ཡིན་ན་ཡང་མཚུངས་པའི་སྒྲ་འཇུག་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་དེས་ན་སྟེ་སྒྲོན་མ་ལ་སོགས་པའི་ཤེས་པའི་ཡུལ་ཅན་མཚུངས་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཀྱིས་མཚུངས་པའི་སྒྲས་བརྗོད་པར་བྱ་བའི་ཕྱིར་ཞེས་བྱ་བའི་གཏན ་ཚིགས་འདི་འཁྲུལ་པ་ཅན་ཡིན་ནོ། །གང་ཡང་ན་བཟློག་པའི་གནོད་པ་སྟེ། དེའི་ཕྱིར་དེ་དག་ལ་འཇུག་པའི་ཕྱིར་གཏན་ཚིགས་འདི་ཁྱོད་ཀྱི་འཁྲུལ་པར་འགྱུར་པ་མ་ཡིན་ནམ་སྟེ། འོན་ཀྱང་འགྱུར་བའི་དོན་ཏོ། །དེ་དག་ལ་ནི་གཞི་མཐུན་པའི་ཕྱིར་ཅེས ་བྱ་བ་གཞན་གྱི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། དེའི་ཤེས་པ་གཞི་མཐུན་པ་མ་བསལ་བ་ཞེས་བྱ་བའི་གཏན་ཚིགས་ཀྱི་ཁྱད་པར་ནི་སྒྲོན་མ་ལ་སོགས་པའི་ཤེས་པས་འཁྲུལ་པ་བསལ་བའི་དོན་ཁོ་ནར་བྱས་པ་ཡིན་ཏེ། མར་མེ་ལ་སོགས་པ་ཤེས་པ ་དེ་དག་ནི་ཡུལ་གཅིག་པ་ཅན་གནོད་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་དེའི་སྐད་ཅིག་ཉིད་ལ་མར་མེ་རྩེ་མོ་མཐོ་བ་དང་རྩེ་མོ་དུད་བ་དང། གསལ་བ་དང་ཆེས་གསལ་བ་དམིགས་ཏེ། དེའི་ཕྱིར་རྩ་བའི་གཏན་ཚིགས་འཁྲུལ་པར་ག་ལ་འགྱུར་ཞེས་བྱ་བ་ནི་གཞན་གྱི་བསམ ་པའོ། །དེའི་ཁྱད་པར་འདི་མ་གྲུབ་པོ། །ཞེས་བསྟན་པའི་ཕྱིར། བརྗོད་འདོད་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གང་བསྒྲུབ་བྱའི་ཆོས་ཅན་ཉིད་ཀྱིས་བརྗོད་པར་འདོད་པ་དེ་ལ་ཡང་གནོད་པ་ཅིའི་ཕྱིར་མ་མཐོང། འདི་ལྟར་ནག་པ་ལ་སོགས་པ་ལ ་ཡང་བྱིས་པ་དང། གཞོན་ནུ་དང་དར་ལ་བབ་པ་ལ་སོགས་པའི་བྱེ་བྲག་འགྱུར་བའི་རྣམ་པ་ཉིད་ཀྱི་ཤེས་པ་སྐྱེའོ། །དྲི་ལ་སོགས་པ་ལ་གྲང་བ་དྲོ་བོའི་ངོ་བོས་དེ་ལས་མར་མེ་ལ་སོགས་པ་བཞིན་དུ་འདི་དག་གིས་རྣམ་པ་གཞན་གསལ་རབ་པ་ཉིད་དུ་གྲུབ་སྟེ། ་དེ་ལྟ་མ་ཡིན་ན་གང་ཁོ་ན་གྲང་བ་དང་འབྲེལ་པ་དེ་ཁོ་ན་གལ་ཏེ་ཕྱིས་ཀྱི་དྲ་བ་དང་འབྲེལ་པ་ཡིན་པར་གྱུར་ན། དེའི་ཚེ་གྲང་བ་དང་དྲ་བའི་གནས་སྐབས་གཉི་ག་དམིགས་པར་འགྱུར་རོ། །དེ་དང་འབྲེལ་པའི་རང་བཞིན་ཡོད་ན་དེ་དག་ཀྱང་ཡོད་པར་ཐལ ་པར་འགྱུར་ཏེ། ལྕགས་སུ་བཅུག་པའི་སྐྱེས་བུ་བཀུག་ན་ལྕགས་བཀུག་པ་བཞིན་ནོ་ཞེས་འདི་ནི་ཕལ་ཆེར་བཤད་ཟིན་ཏོ། །དེའི་ཕྱིར་ཁྱད་པར་དང་བཅས་པའི་གཏན་ཚིགས་ཀྱང་མ་གྲུབ་པོ། །རྗེས་སུ་དཔག་པས་གནོད་པའི་ཡང་རྩོད་བའི?་གཞི་ལ་གནས ་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་བང?་རིམ་གྱིས་འབྱུང་བ་དེ་ནི་རྒྱུ་མ་ཚང་བ་མེད་པ་རྟག་ཏུ་ཉེ་བ་མ་ཡིན་ཏེ། གློག་དང་མར་མེ་ལ་སོགས་པའི་བློ་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་བློ་རྣམས་ཀྱང་རིམ་གྱིས་འབྱུང་བ་ཡིན་ནོ། །ཞེས ་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །གཏན་ཚིགས་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། དངོས་པོ་གཅིག་གི་ཡུལ་ཅན་ཡིན་ན་རྒྱུ་མ་ཚང་བ་མེད་པ་ནི་རིམ་གྱིས་འབྱུང་བར་མི་འཐད་པའི་ཕྱིར་རོ། །རྒྱུ་གཞན་ལ་བལྟོས་པ་ཡང་མ་ཡིན་ཏེ། རྟག ་པ་ན་དེས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཕན་གདགས་པར་བྱ་བ་མ་ཡིན་པ་ཡང་བལྟོས་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཕན་འདོགས་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལན་བརྒྱར་དཔྱད་ཟིན་ཏོ།། ་སྦྱོར་བ་ཐམས་ཅད་ལ་གཏན་ཚིགས་དག་མ་ངེས་པ་ཉིད་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་གནོད་པར་བྱད་པར་ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བསྟན་པ་ནི། གཏན་ཚིགས་དེ་དག་ཅེས་བྱ་བ་ལ་སོགས་པ་སྟེ། རྟོག་པར་ཟད་དོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་ ་འགྲེལ་ལས་བརྟན་པའི་དངོས་པོ་བརྟག་པ་སྟེ། བཅུ་གསུམ་པའོ།། །།ད་ནི་ལས་དང་དེ་དང་འབྲས་འབྲེལ་པའི། །རྣམ་པར་བཞག་ལ་སོགས་པའི་རྟེན། །ཞེས་བྱ་བ་འདི་བསྒྲུབ་པའི་ཕྱིར། རྩོད་པ་ཉེ་བར་བཀོད་པ་སྔོན་དུ་འགྲོ་བ་བཤད་པ། དངོས་པོ་ཐམས ་ཅད་ཅེས་བྱ་བ་ལ་སོགས་པའོ། །སྐད་ཅིག་མའི་མི་རྟག་པ་སྨོས་པ་ནི་དུས་གཞན་དུ་གནས་པའི་མི་རྟག་པ་རྣམ་པར་བཅད་པའི་དོན་དུའོ། །སྐད་ཅིག་མར་ཡོད་པའི་མི་རྟག་པ་ཉིད་ནི་སྐད་ཅིག་མའི་མི་རྟག་པའོ། །དེས་ཁྱབ་པ་ནི་ཡང་དག་པར་བསྣན་པའོ། །གལ ་ཏེ་ཁྱེད་ཅག་གི་དངོས་པོའི་ཚོགས་ཐམས་ཅད་མི་རྟག་པར་དམ་འཆའ་བར་བྱེད་པ་དེའི་ཚེ་ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་པ་གང་དག་འཇིག་རྟེན་དང་བསྟན་བཅོས་དག་ལ་གྲགས་པ་དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། །སོགས་པ་སྨོས་པས ་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པའི་ཚད་མ་དང། ཉམས་སུ་མྱོང་བ་ནི་ངོ་ཤེས་པ་དང། གཞན་དུ་མཐོང་བའི་དོན་གཞན་ལ་མངོན་པར་འདོད་པ་དང་བཅིང་བ་དང། ཐར་པ་དང། དྲན་པ་དང། ཐེ་ཚོམ་སྔོན་དུ་འགྲོ་བ་ཅན་གྱི་གཏན་ལ་ཕབ་པ་དང། རང་གི་བཅོལ་བ ་ལེན་པ་དང། མཐོང་བའི་དོན་ལ་ཚོར་ངས་དང་བྲལ་བ་ཞེས་བྱ་བའི་རྣམ་པ་དེ་ལྟ་བུ་བློ་ངན་པས་ཀུན་ཏུ་བརྟགས་པའི་ཀླན་ཀའི་ཕུང་པོ་དག་གཟུང་ངོ། །འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་དོན་དང་འགལ་བའི་དམ་འཆའ་བར་བྱེད་པ་ན། དོན་གྲུབ་པ་སྒྲུབ ་པ་མ་ཡིན་པས་དེའི་ཕྱིར་དམ་བཅའ་བའི་ཉེས་པ་ལ་ཁས་བླངས་གྲགས་པས་གནོད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་གང་ཁོ་ན་བྱས་པ་དེ་ཁོ་ནས་དེའི་འབྲས་བུ་ལོངས་སྤྱོད་དོ། །ཞེས ་འཇིག་རྟེན་ན་གྲགས་ཏེ། ལྷས་བྱིན་གྱིས་བྱས་བའི?་དག་པ་དང་མི་དགེ་བའི་ལས་དེའི་འབྲས་བུ་འདོད་པ་དང་མི་འདོད་པ་མཆོད་སྦྱིན་གྱིས་ལོངས་སྤྱོད་དོ་ཞེས་བྱ་བར་གྲགས་པ་ནི་མེད་ལ། བསྟན་བཅོས་ལ་ཡང་མ་ཡིན་ཏེ། ཇི་སྐད་དུ། འདི་ཉིད་ཀྱིས ་བྱས་པའི་ལས་གཞན་གང་ཞིག་གིས་ཉམས་སུ་མྱོང་བར་འགྱུར། ཞེས་བཤད་པ་ལྟ་བུའོ། །དེ་འདི་ཡང་སྐད་ཅིག་མའི་ཕྱོགས་ལ་འགལ་ཏེ། ལས་དང་འབྲས་བུ་འཛིན་པ་པོའི་བྱེད་པོ་གཅིག་མེད་པས་བྱས་པ་ཆུས་ཟོས་པ་དང་མ་བྱས་པ་དང ་ཕྲད་པའི་སྐྱོན་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དགེ་སོགས་སྐབས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འཇུག་པ་ཉིད་མ་ཡིན་ཞེས་བྱ་བ་ནི། དེ་ནི་སྐྱེས་མ་ཐག་ཁོ་ནར་འགག་པའི་ཕྱིར་རོ། །བྱེད་པོ་བ་གཅིག་གིས་མ་བཟུང་ཕྱིར་ཞེས ་བྱ་བ་ནི། བྱེད་པ་པོ་གཅིག་གིས་ལས་དང་འབྲས་བུ་དེ་དག་ཡོངས་སུ་མ་བཟུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བྱེད་པ་པོ་འབྲས་བུ་དང་འབྲེལ་པ་མེད་པའི་ཕྱིར། བྱས་པ་ཆུད་ཟོས་པ་དང་བྱེད་པ་པོ་མ་ཡིན་འབྲས་བུ་དང་ལྡན་པའི་ཕྱིར་མ་བྱས་པ་དང། ཕྲད? ་པར་འགྱུར་རོ། །ཤིན་ཏུ་འགལ་བར་ཐལ་བར་འགྱུར་ཞེས་བྱ་བ་ནི། དེ་ལྟ་བུ་ནི་འཇིག་རྟེན་དང་བསྟན་བཅོས་དག་ཏུ་མ་མཐོང་བའི་ཕྱིར་རོ། །སྙམ་དུ་བསམས་པའོ། །དེ་ལྟར་རེ་ཞིག་འཇུག་པ་ཁས་བླངས་ནས་བྱས་པ་ཆུང་ཟས་པ་དང་མ་བྱས་པ་དང། ཕྲད ་པར་ཐལ་བར་འགྱུར་བ་བརྗོད་ནས། ད་ནི་གཞོན་ནུ་མ་ལེན་མ་ལེན་གྱི་ལུགས་བཀོད་པའི་སྒོ་ནས། འཇུག་པ་ཉིད་མི་སྲིད་དོ། །ཞེས་བྱ་བ་ནི། བདག་མེད་སྨྲ་བའི་ཕྱོགས་ལ་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་སྐད་ཅིག་མ་ཉིད་དུ་ཁས ་བླངས་པ་ན་བདག་མེད་པ་ཉིད་ཁས་བླངས་པར་འགྱུར་ཏེ། རྒྱུའི་གཞན་གྱི་དབང་ཉིད་ཀྱིས་ཐམས་ཅད་རང་དབང་མ་ཡིན་པའི་ཕྱིར་རོ། དེ་ལྟ་ཡིན་ན་རྟོག་པ་དང་ལྡན་པར་བྱ་བ་ལ་འཇུག་པའི་དང་པོ་ཉིད་དུ་སྟེ། སྔར་རྟོག་ཏེ་ངེས་པར་འཛིན་པར་བྱེད་དོ། །དེ་ཅི་ཞིག་ཅེ་ན། ཁོ ་བོ་ཞིག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཞིག་པས་ཕྱིས་བདག་གི་འབྲས་བུ་མེད་དེ། འབྲས་བུ་སྐྱེ་བའི་དུས་སུ་བདག་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་འབྲས་བུ་ཡོད་ན་དེའི་ཚེ་ཁོ་བོ་ལས་སྐད་ཅིག་གཞན་ལ་ཡོད་དོ་སྙམ་དུ་སེམས ་ན། རྟོག་པ་དང་ལྡན་པ་འཇུག་པ་ཉིད་དུ་ཡང་མི་འགྱུར་ན། འཇུག་པ་སྔོན་དུ་འགྲོ་བ་ཅན་གྱི་ལས་ཀྱིས་བསྐྱེད་པའི་འབྲས་བུ་འབྱུང་པ་ལྟ་ཅི་སྨོས་ཏེ། དེ་ནི་མི་སྲིད་པ་ཉིད་ཀྱིས་རིང་པ་ཉིད་ཀྱིས་གནས་པའི་ཕྱིར་རོ། ། ་དེ་ལྟར་ལས་དང་འབྲས་བུའི་འབྲེལ་པ་མི་འཐད་དོ། །ཞེས་བསྟན་ནས། ད་ནི་གཞོན་ནུ་མ་ལེན་གྱི་ལུགས་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པ་ཉིད་བསྟན་པའི་ཕྱིར། དངོས་རྣམས་བྱ་བ་བྱེད་ནུས་པ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེ་སྲིད་ཀྱི་ཞེས་བྱ་བ་ནི་སྐྱེས་ནས་དུས་ཇི་སྲིད་དུ་འབྲས་བུ་འགྲུབ་པར་བྱེད་པའི་དུས་དེ་སྲིད་དུ་མི་གནས་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །སྙམ་དུ་བསམས་པ་ཡིན་ནོ། །མ་འོངས་པ་མིན་ཞེས་བྱ་བ་ལ ་སོགས་པ་གོ་རིམས་བཞིན་དུ་བསྒྲུབ་པའི་ཕྱིར། བདག་མ་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འོངས་པའི་ཞེས་བྱ་བ་ནི་བདག་གི་དེ་ཉིད་མ་ཐོབ་པ་གང་ཡིན་པ་ལ་བརྗོད་ལ། གང་ཡང་བདག་གི་དེ་ཉིད་མ་ཐོབ་པ་དེ ་ཡང་མེད་པ་དེ་ཡིན་ལ། མེད་པ་གང་ཡིན་པ་དེ་ཡང་ནུས་པ་མ་ལུས་པས་སྟོང་པ་ཡིན་ནོ། །གང་ནུས་པ་མ་ལུས་པ་དང་བྲལ་བ་དེ་ཇི་ལྟར་གཞན་གྱི་ཡན་ལག་ཏུ་རྟོག་པར་བྱེད་དེ། གཞན་ལ་རྒྱུའི་དངོས་པོར་འགྱུར་ཞེས་བྱ་བའི་དོན་ཏོ། །ནུས་པ་ཁོ་ན ་རྒྱུའི་དངོས་པོར་ངེས་པའི་ཕྱིར་རོ། །དེ་བཞིན་དུ་ཞིག་པ་ཡང་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར། གཞན་གྱི་ཡན་ལག་ཏུ་བརྟག་མིན། ཞེས་འབྲེལ་ཏེ། གང་འབྲས་བུ་བྱ་བ་དང་འབྲས་བུ་བྱེད་པར་ནུས་པར་འགྱུར་བ་ད་ལྟར་ཡང ་གནས་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་སྐད་ཅིག་སྔ་མ་རྗེས་སུ་འགྲོ་བ་མེད་པར་འཇིག་པར་འགྱུར་རོ། །ཞེས་རྟོག་པར་བྱེད་ན་དེའི་ཚེ་རྒྱུ་མཚན་མེད་པའི་ཕྱིར་ཕྱིས་ཀྱི་སྐད་ཅིག་སྐྱེ་བར་མི་འགྱུར་རོ། །འདི་སྙམ་དུ ་དཔེར་ན་སྲ་མདའི་མཐོན་དམན་དང་མཚུངས་པ་ཡིན་པ་དེ་བཞིན་དུ་རྒྱུ་དང་འབྲས་བུ་དག་གི་འཇིག་པ་དང་སྐྱེ་བ་དག་ཀྱང་འདོད་དེ། དེའི་ཕྱིར་ད་ལྟར་བྱུང་བ་མ་ཞིག་པ་ཉིད་ལས་འབྲས་བུ་སྐྱེ་བར་འདོད་པའི ་ཕྱིར། དེ་རྒྱུ་མཚན་མེད་པར་སྐྱེ་བར་མི་འགྱུར་རོ། །སྙམ་དུ་སེམས་ན། སྐྱེ་བ་འཇིག་པ་དུས་མཚུངས་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་དང ་འཇིག་པ་དག་དུས་མཚུངས་ན་ཡང་སྟེ་འདྲ་བར་རྟོག་ན་ཡང་འཇིག་པ་དང་སྐྱེ་བ་དག་གམ། དེ་དང་ལྡན་པ་རྒྱུ་དང་འབྲས་བུ་ཉིད་དུ་ཡོད་པ་སྟེ་སྲིད་པ་མ་ཡིན་ཏེ། དེ་དག་ནི་ཕན་ཚུན་བལྟོས་པ་མེད་པའི་ཕྱིར་རོ།། ་ཇི་ལྟར་བལྟོས་པ་མེད་ཅེ་ན། དེའི་བྱ་བ་མི་འཛིན་ཕྱིར། ཞེས་བྱ་བ་སྨོས་ཏེ། དེའི་སྟེ་འཇིག་པ་འམ། དེ་དང་ལྡན་པའི་བྱ་བས་འབྲས་བུ་མི་འཛིན་པའི་ཕྱིར་ཏེ། མ་བཟུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་ནི་ངོ་བོ་མེད་པའི་ཕྱིར་ཏེ་བྱ ་བ་མེད་དོ། །རྒྱུར་མངོན་པར་འདོད་པའི་དངོས་པོ་ནི་འབྲས་བུ་ཡོད་པའི་དུས་སུ་ཉེ་བ་མ་ཡིན་པའི་ཕྱི་བྱ་བ་མེད་དོ། །ཞེས་བྱ་བར་བསམས་པའོ། །འདི་སྙམ་དུ་བྱ་བ་མེད་ན་ཡང་དེ་མ་ཐག་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་རོ་སྙམ་དུ་སེམས་ན། བུམ་པ་གཟུགས ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གང་ཞིག་གང་གི་དེ་མ་ཐག་ཏུ་སྐྱེ་བ་དེ་དེའི་འབྲས་བུ་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་བུམ་པ་ལ་སོགས་པར་རྟོགས་པའི་གཟུགས་ཀྱི་སྐད་ཅིག་གི་དེ་མ་ཐག་ཏུ་རིགས་འདྲ་བའི་གཟུགས་ཀྱི་སྐད་ཅིག་བཞིན་དུ་ཚོགས་པ་དེའི་ཁོངས་སུ་གཏོགས ་པ་ཉིད་ཀྱི་དྲིལ་སོགས་པ་སྐྱེ་བའི་ཕྱིར་དེ་ཡང་དེའི་འབྲས་བུར་འགྱུར་རོ། །དེ་མ་ཐག་ཡིན་ན་ཡང་དེའི་འབྲས་བུར་མི་འདོད་དེ། རྒྱུ་ཐ་དད་པའི་ཕྱིར་འབྲས་བུ་རྣམས་ཇི་ལྟ་བ་བཞིན་དུ་འབྱུང་བ་ལ་གྱུར་པ་རྣམས་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ཡང་ཡོད ་པ་མ་ཡིན་ནོ། །ཞེས་གཞན་དག་སེམས་སོ། །གཟུགས་གཞན་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི་རིགས་འདྲ་བའི་གཟུགས་ཀྱི་སྐད་ཅིག་གཞན་ནི་གཟུགས་ཀྱི་དེ་མ་ཐག་པ་ཙམ་གྱིས་དེའི་འབྲས་བུ་ཉིད་དུ་གཟུང་བར་བྱ་བ་མ་ཡིན་ཏེ། ཧ་ཅང་ཐལ་བར ་འགྱུར་དུ་འོང་བས་སོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དེ་མ་ཐག་པ་ཙམ་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ནོ། །ཞེས་བསྟན་ནས། རང་གི་ཕྱོགས་ཉེ་བར་བསྡུས་པའི་སྒོ་ནས་སྟོན་པ་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས ་བྱའོ། །མཇུག་ཐོགས་འབྱུང་བ་ཙམ་མ་ཡིན་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུར་རྣམ་པར་བཞག་པའི་རྒྱུ་མཚན་ཞེས་བྱ་བ་ལྷག་མའོ། །ཇི་སྐད་དུ་བཤད་པའི་དོན་ཉིད་མདོར་བསྡུས་དེ་བསྟན་པའི་ཕྱིར། འདི་ནི་མདོར་བསྡུས་པ་ཡིན་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འདི་ལ་རྟོགས་པ་གཉིས་ཏེ། རྒྱུ་ཞིག་པ་ལས་འབྲག་བུ་འབྱུང་ངམ། མ་ཞིག་པ་ལས་འབྱུང། ཞིག་པ་དང་མ་ཞིག་པ་ལས་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཞིག་པ་ནི་མེད་པ་ཉིད་ཀྱིས་དེ་ལས་སྐྱེ་བར་ཁས་ལེན་པ་ན། འབྲས་བུ ་རྒྱུ་མེད་པ་ཉིད་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །གཉིས་པ་ཡང་ཡོད་པ་མ་ཡིན་ཏེ། སྐད་ཅིག་མ་དུ་མར་གནས་པ་ཉིད་ཀྱིས་དངོས་པོ་རྣམས་སྐད་ཅིག་ཡིན་པར་ཐལ་བར་འགྱུར་པའི་ཕྱིར་རོ། །ཇི་ལྟར་ཉམས་པར་འགྱུར་པ ་མིན་ཞེས་བྱ་བ་ནི་ཉམས་པ་ཁོ་ནའོ། །ཞེས་བྱ་བའི་དོན་ཏོ། །འདི་ལྟར་རེ་ཞིག་དང་པོར་དངོས་པོ་སྐྱེའོ། །དེ་ནས་བྱ་བ་ལ་འཇུག་གོ་།དེ་ལས་འབྲས་བུ་བསྐྱེད་ནས་ཕྱིས་འཇིག་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་དངོས་པོ་གཅིག་ལ་སྐད་ཅིག་མ་དུ་མ་ཡོད་པའི་ཕྱིར་སྐད་ཅིག་མ་ཉམས ་པར་འགྱུར་རོ། །དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པར་བསྟན་ནས་དེའི་རྟོག་པ་པོའི་ཚད་མ་མི་འཐད་པར་བསྟན་པའི་ཕྱིར། །སྐད་ཅིག་གནས་པའི་བུམ་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པར་བྱ་བ་ནི་མངོན་སུམ་དང་མི་དམིགས ་པ་ཡིན་ལ། །དངོས་པོ་རྣམས་སྐད་ཅིག་མ་ཉིད་ཡིན་ན་རང་གི་ཤེས་པའི་དུས་སུ་ཡང་མི་གནས་པའི་ཕྱིར་དངོས་པོ་དེ་མངོན་སུམ་པ་ཡིན་པ་ཁོ་ན་སྟེ་རྒྱུ་དང་འབྲས་བུའི་དངོས་པོ་དུས་མཚུངས་པ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་མངོན་སུམ་དང་མི་དམིགས་པ་ངག་མེད་པ་ཁོ་ནའོ ་གཞན་དང་མ་འདྲེས་པའི་དངོས་པོ་ལ་དམིགས་པའི་བདག་ཉིད་ཀྱིས་ངོ་བོ་ཡིན་པ་ཡང་མངོན་སུམ་གྱི་བྱེ་བྲག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་དམིགས་པ་མེད་ན་དེ་ཡང་མི་འཐད་པའི་ཕྱིར། ཇི་ལྟར་མངོན་སུམ་དང་མི་དམིགས་པ་རྒྱུ་དང་འབྲས་བུའི ་དངོས་པོའི་སྒྲུབ་བྱེད་དུ་འགྱུར། །དངོས་པོ་དམིགས་པ་ཡིན་དུ་ཆུག་མདོ་དེ་ལྟ་བུ་ཡང་སྐད་ཅིག་མ་སྔ་མ་དང་ཕྱིས་མ་དག་མཚམས་སྦྱོར་བ་གཅིག་པ་ནི་འགའ་ཡང་མེད་པའི་ཕྱིར་འགྲེལ་འགྲུབ་པར་མི་འགྱུར་རོ། །ཞེས་བསྟན་པའི་ཕྱིར་རྣམ་པར་འཇིག་པའི་བྱེད་པ་སུས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ནི་དམིགས་པའོ། །འདི་ནི་རིམ་པ་དང་ལྡན་པ་ཡང་ཡིན་པ་ལ་ཤེས་པ་ཡང་ཡིན་པས་རིམ་ལྡན་ཤེས་པའོ། །དེ་དག་སུས་མཚམས་སྦྱོར་བར་བྱེད་དེ། སྦྱོར་བར་བྱེད་པ་དེ་སུས་ཀྱང་མ་ཡིན་ནོ། །གལ་ཏེ་ལ་ལ་མེ་འདི་དམིགས ་པས་དུ་བ་ལ་སོགས་པ་འདི་དམིགས་ལ། འདི་མ་དམིགས་ན་མི་དམིགས་སོ་ཞེས་བྱ་བ་དེ་ལྟ་བུའི་རིམ་པ་དང་ལྡན་པའི་ཤེས་པ་ལ་བྱེད་པ་པོ་གཅིག་མཚམས་སྦྱོར་བར་འགྱུར་ན། དེའི་ཚེ་རྒྱུ་དང་འབྲས་བུའི་དངོས་གྲུབ་ན་ཁྱེད་ཀྱིས་ལུགས་ཀྱིས་མཚམས ་སྦྱོར་བ་པོ་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར། རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ་པར་འགྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །དེ་ནི་ངོ་ཤེས་པ་མི་འཐད་པར་བསྟན་པའི་ཕྱིར། སྐད་ཅིག་གིས་འཇིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་སྔོན་མཐོང་བའི་དོན་གང ་ཡིན་པ་དེ་ཉིད་ད་ལྟ་མཐོང་བ་འདི་ཡིན་སྙམ་པ་དེ་ལྟ་བུའི་སྔ་མ་དང་ཕྱི་མ་མཐོང་བ་དག་ཡུལ་གཅིག་པ་ཉིད་དང། ཤེས་པ་པོ་གཅིག་པ་ཉིད་དུ་གོ་བདེ་ནི་ཤེས་པ་ཡིན་ནོ། །དེ་ཡང་དངོས་པོ་ཐམས་ཅད་སྐད་ཅིག་དམར་འཇིག་པ་ཉིད་ཡིན་ན་མི་འཐད་དེ། ཤེས་པ ་པོ་དང་ཤེས་བྱ་གཅིག་པ་འདི་ཡང་མེད་པའི་ཕྱིར་རོ། །ལྷས་བྱིན་གྱི་མཐོང་བའི་དོན་ཁྱབ་འཇུག་པ་ཤེས་གཉེན་གྱི་ངོ་ཤེས་པ་ནི་མེད་དོ། །སྐྱེས་བུ་གཞན་གྱིས་ཞེས་སྨོས་པ་ནི་ཉེ་བར་མཚོན་པའི་དོན་དུ་སྟེ། དོན་གཞན་ངོ་ཤེས་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར ་ཡང་བལྟ་བར་བྱའོ། །འོན་ཏེ་སྐུ་དང་སེན་མོ་ལ་སོགས་བྲེགས་པ་ཡང་སྐྱེས་པ་རྣམས་བཞིན་དུ་ཐ་དད་པ་ན་ཡང་འདྲ་བའི་ཕྱིར་རོ་ཞེས་དོགས་པ་བསུ་ནས། ཤེས་པ་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་པོ་གཅིག་ཏུ་འགྱུར ་ན་དེའི་ཚེ་མཚམས་སྦྱོར་བ་པོའི་དབང་གིས་ཤེས་བྱ་ཐ་དད་ན་ཡང་འདྲ་བས་བྱས་པའི་ངོ་ཤེས་པར་འགྱུར་རོ། །ཐ་དད་ན་ནི་སྟེ་ཤེས་པ་པོ་དང་ཤེས་བྱ་གཉིས་ཐ་དད་པ་ནི་ཐ་དད་པའོ། །དེ་ལྟ་ཡིན་ན་ངོ་ཤེས་པའི་རྒྱུ་མཚན་མེད་པ་ཉིད་ཡིན་ནོ། །གཞན་ཡང་མཚམས ་སྦྱོར་བ་པོའི་སྐྱེས་བུ་གཅིག་པོ་འགའ་ཡང་མེད་ན་དེའི་ཚེ་གང་འདི། མ་དུ་ལུང་གའི་འབྲས་བུ་ལ་སོགས་པའི་གཟུགས་མཐོང་བ་ན་གཟུགས་དེ་མེད་ན་མི་འབྱུང་བའི་དྲི་དང་རོ་ལ་སོགས་པ་ལ་དྲན་པ་སྔོན་དུ་སོང་བའི་འདོད་པ་དང་ལོངས་སྤྱོད་པར་བྱ ་པའི་ཕྱིར་འཇུག་པ་དེར་ཇི་ལྟར་འགྱུར་ཏེ། གཞན་གྱིས་མཐོང་བ་ལ་གཞན་གྱིས་མངོན་པར་འདོད་པ་ལ་སོགས་པར་འགྱུར་བ་ནི་མ་ཡིན་ན། །བཅིངས་པ་དང་ཐར་པར་ཡང་མི་འགྱུར་རོ། །ཞེས་བསྟན་པའི་ཕྱིར། སྲིད་པའི་བརྩོན་རར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད ་ཆགས་ལ་སོགས་པས་བཅིངས་པའི་སྐད་ཅིག་ཀྱང་གཞན་ཡིན་གྲོལ་བ་ཡང་གཞན་ཡིན་ནོ་ཞེས་བྱ་བ་འདི་རྟོགས་པ་མ་ཡིན་ཏེ། སྲིད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།སྲིད་པའི་བརྩོན་ར་ཞེས་བྱ་བ་ལ། སྲིད་པ་ནི་འཁོར་བའོ། །དེ་ཉིད་བརྩོན་ར་སྟེ། འཆིང་བ་ནི ་བཙོན་དོང་ངོ། ཐར་པ་དོན་དུ་གཉེར་བ་འབད་པ་ཡང་དོན་མེད་པ་ཡིན་ཏེ། ཐར་པ་མེད་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་བཅིངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མ་བཅིངས་པ་ཁོ་ན་ཐར་པར་འགྱུར་མོད། །དེ་ལྟ་བས་ན་འདི་ལ་འགལ་བ ་ཅི་ཞིག་ཡོད་ཅེ་ན། ལྕགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅིངས་པ་གང་ཡིན་པ་དེ་ཉིད་གྲོལ་ལོ་ཞེས་འཇིག་རྟེན་ན་གྲགས་པ་དང། མཐོང་བ་ཡིན་ཏེ། མ་བཅིངས་པ་གྲོལ་ལོ་ཞེས་དམ་བཅའ་བ་ནི་འཇིག་རྟེན་གྱིས་གྲགས་པ་དང་མངོན ་སུམ་གྱིས་གནོད་པ་ཡིན་པའི་ཕྱིར། དམ་བཅའ་བ་མངོན་སུམ་དང་གྲགས་པ་དང་འགལ་བ་ཡིན་ནོ། །སྙམ་དུ་བསམས་པ་ཡིན་ནོ། །རྗེས་སུ་དཔག་པས་གནད་པ་ཡང་བཤད་པ་ནི། བཅིངས་པ་དང་གྲོལ་བ་དེ་དག་ནི། ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་ནི་གང ་བཅིངས་པ་དང་ཐར་པ་ཡིན་པ་དེ་དག་གཞི་གཅིག་ཡིན་ཏེ། འཇིག་རྟེན་པའི་བཅིངས་པ་དང་ཐར་པ་དག་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་ཕག་ལ་ཉལ་དང་དེ་དང་བྲལ་བའི་མཚན་ཉིད་དེ་དག་ཀྱང་བཅིངས་པ་དང་ཐར་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི ་གཏན་ཚིགས་སོ། །དེ་དག་ན་ཞེས་བྱ་བ་ནི་བཅིངས་པ་དང་ཐར་པ་དག་གོ་།དེ་ལྟར་གནས་ཕྱིར་རོ། །ཞེས་བྱ་བ་ནི་བཅིངས་པ་ཐར་པའི་བདག་ཉིད་དུ་གནས་པའི་ཕྱིར་ཏེ། བཅིངས་པ་དང་ཐར་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ། །དེ་ལྟ་བས་ན་བཞི ་གཅིག་པའི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །ཐམས་ཅད་དེ་ལས་འབྲས་བུའི་འབྲེལ་པ་ལ་སོགས་པ་ཤིན་ཏུ་མཛེས་པར་གནས་ཏེ། ཤིན་ཏུ་རིགས་པ་དང་ལྡན་པར་གནས་ཤེས་བྱ་བའི་དོན་ཏེ། ཇི་སྐད་བཤད་པའི་ཉེས་པ་མེད་པའི ་ཕྱིར་རོ། །རྣམ་པར་འདི་དག་ཉིད་ཀྱིས་ནི། ཞེས་བྱ་བ་ནི་བྱེད་པ་པོ་གཅིག་མེད་པའི་ཕྱིར། སྔར་བཤད་པའི་དྲན་པ་དང། ངེས་པ་དང། རང་གི་བཅོལ་བ་ལེན་པ་ལ་སོགས་པ་མི་སྲིད་པར་རྟོགས་པར་བྱའོ། །དེ་ལ་ཡང་གཞི་ཐ་དད་པ་ཉིད་ཡིན་ན་མཐོང་བ་ལ་སོགས ་པ་དང་འགལ་བར་ཐལ་བར་འགྱུར་པའི་ཕྱིར་རོ། །ནག་པས་ཉམས་སུ་མྱོང་བ་དང། ཐེ་ཚོམ་ཟ་བ་དང། བཅོལ་བ་དང། འདོད་པ་དག་ལ་བྱམས་ལྡན་གྱིས་དྲན་པ་དང་ངེས་པ་དང། ལེན་པ་དང་འཚོར་ངས་དང་བྲལ་བ་ལ་སོགས་པ་སྲིད་པ་ནི་མ་ཡིན་ནོ།། ་འདི་ལ་བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། བདག་མེད་པ་ཡིན་ན་ཡང་དངོས་པོ་རྣམས་ལ་ལས་དང་འབྲས་བུའི་འབྲེལ་པའི་རྣམ་པར་བཞག་པ་འདི་ནི་རྒྱུ་དང་འབྲས་བུ་ཉིད་དུ་རབ་ཏུ་དབྱེ་བ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས ་པོ་ཡིན་པ་ན་ཡང་ཐམས་ཅད་འགལ་བ་མེད་པ་ཡིན་པའི་ཕྱིར་ཅུང་ཟད་ཀྱང་ཉམས་པ་མེད་དོ། །འདི་སྙམ་དུ་བདག་མེད་ན་ཡང་རྒྱུ་དང་འབྲས་བུའི་དེས་པ་དེ་ཉིད་མི་འཐད་དོ་སྙམ་དུ་དོགས་པ་ལ་མྱུ་གུ་སོགས་པ་ལ་ས་བོན་སོགས། ཞེས་བྱ་བ ་སྨོས་ཏེ། ཇི་ལྟར་བྱིན་གྱིས་རློབ་པ་པོའི་བདག་མེད་ན་ཡང་ས་བོན་ལ་སོགས་པ་(མྱུ་གུ་གུ་ལ་སོགས་པ་ནུས་པས)་པ་ངེས་པ་དེ་བཞིན་དུ་ནད་གི་དངོས་པོ་ལ་ཡང་འགྱུར་རོ། །ས་བོན་ལ་སོགས་པ་ནི་ལུས་བཞིན་དུ་ལོངས་སྤྱོད་པའི་རྟེན་ཉིད་ཀྱིས་བདག་གིས་བྱིན་གྱིས ་བརླབས་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན། གསོན་པོའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་མི་འཐད་དེ། བུམ་པ་སོགས་པ་ལ་བདག་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པར་མཐོང་ངོ་ཞེས ་གྲགས་པའི་ལྡོག་པ་ཅན་གྱི་གཏན་ཚིགས་གྲུབ་པར་མི་འགྱུར་རོ། །གལ་ཏེ་བུམ་པ་ལ་སོགས་པ་ཡང་བདག་དང་བཅས་པར་གྱུར་ན། དེའི་ཚེ་ཇི་ལྟར་གཏན་ཚིགས་འདི་ལྡོག་པ་ཅན་དུ་འགྱུར། །རྗེས་འགྲོའི་བདག་དང་བྲལ་བ་ནའང་ཞེས་བྱ་བ་ནི་རྗེས་སུ་འགྲོ ་བའི་རང་བཞིན་འགའ་ཞིག་དང་བྲལ་ན་ཡང་ཞེས་བྱ་བའི་དོན་ཏོ། །ཡང་ན་གནས་པ་འདི་གང་ཡིན་ཞེ་ན། དངོས་སེམས་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཕྱི་རོལ་གྱི་རྒྱུ་དང་འབྲས་བུའི་རྣམ་པར་བཞག་པ་ངེས་པ་དེ་བཞིན་དུ་ནད་གི་འདུ་བྱེད་ཀྱི་ཕུང་པོ ་ལ་ཡང། རྒྱུའི་ནུས་པ་ངེས་པས་དགེ་བ་དང་མི་དགེ་བའི་ལས་འགའ་ཞིག་ལས་སྐད་ཅིག་བརྒྱུད་པས་འདོད་པ་དང་མི་འདོད་པའི་ངེས་པའི་འབྲས་བུ་གསལ་པོར་འགྱུར་རོ། །གཟུགས་ལ་སོགས་པ་ཉམས་སུ་མྱོང་བ་ལས་དྲན་པ་དང་ཐེ་ཚོམ་ལས་ངེས་པ ་དང་བཅོལ་བ་ལས་ལེན་པ་དང། འདོད་པ་ལས་དོན་མཐོང་བ་དང། དེ་ལས་ཚོར་ངས་དང་བྲལ་བ་ཞེས་བྱ་བ་ཐམས་ཅད་འགལ་བ་མེད་དོ། །སངས་རྒྱས་པ་དག་ལ་ནི་དངོས་པོ་གཅིག་རྗེས་སུ་འགྲོ་བ་ཉིད་ཀྱིས་དྲན་པ་ལ་སོགས་པ་གང་དུ་ཡང་མ་གྲགས ་སོ། །འོ་ན་ཅི་ཞེ་ན། རྐྱེན་ཉིད་འདི་པ་ཙམ་སྟེ། ཇི་སྐད་དུ་ལས་ཡོད་དོ། །འབྲས་བུ་ཡོད་དོ། །ཆོས་སུ་བརྡར་བརྟགས་པ་ལས་མ་བཏོགས་པ་ཕུང་པོ་འདི་དོར་ནས་ཕུང་པོ་གཞན་ལེན་པ་གང་ཡིན་པའི་བྱེད་པ་པོ་ནི་མ་དམིགས་སོ། །དེ་ལ་ཆོས་སུ་བདག་ཉིད ་པ་ནི་འདི་ཡིན་ཏེ། འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་ཞེས་གསུངས་སོ། །དེའི་ཕྱིར་ལས་འབྲས་ལ་སོགས་པའི་ཞེས་བྱ་བའི་སོགས་པའི་སྒྲས་དྲན་པ་ལ་སོགས་པ་གཟུང་ངོ། །འབྲེལ་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་དོ། །འོ་ན་གལ ་ཏེ་དེ་ལྟ་ན་ཇི་ལྟར་འཇིག་རྟེན་དང་བསྟན་བཅོས་ལས་གང་ཟག་དེ་དང་དེའི་དབང་དུ་བྱས་ནས་འདི་ཉིད་ཀྱིས་བྱས་པའི་ལས་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཞེས་བརྗོད་ཅེ་ན། བྱེད་པ་ལ་སོགས་ཞེས་བྱ་བ་སོགས་པ་སྨོས་ཏེ། མི་ཤེས་པའི ་རབ་རིབ་ཀྱི་ཚོགས་ཤིན་ཏུ་ཆེན་པོས་ཡེ་ཤེས་ཀྱི་སྣང་བ་ཉམས་པར་བྱས་པའི་འཇིག་རྟེན་པ་བདག་ལ་དེ་ཉིད་དང། གཞན་ཉིད་དང་ཡོད་པ་ལ་སོགས་པའི་རྣམ་པར་དཔྱད་པ་སྤངས་ནས་ཁྱད་པར་ཅན་གྱི་རྒྱུད་དང་འབྲས་བུའི་དངོས་པོའི་ངོ་བོ་ངེས་པའི ་རྒྱུན་གཅིག་ཉིད་དུ་དེས་ནས་དེ་ཉིད་འདི་ཡིན་པ་དང་བདག་གིས་བྱེད་དོ་ཞེས་ཐ་སྙད་བྱེད་པ་དང། ཐར་པའི་དོན་དུ་ཡང་འཇུག་པ་དེའི་མངོན་པའི་ང་རྒྱལ་གྱི་དོར་བཅོམ་ལྡན་འདས་དེ་བཞིན་དུ་གཤེགས་པས་གདུལ་བྱའི་སྐྱེ་བ་ཆད་པའི་ལྟ་བར་ལྟད་བ་ལས ་བསྲུངས་པའི་དོན་དུ་རྒྱུན་གཅིག་ཏུ་སྟོན་པ་ན་བྱེད་པ་ལ་སོགས་པ་རྣམ་པར་བཞག་པ་མཛད་དོ། །རྣམ་པ་དེ་ལྟ་བུའི་རྣམ་པར་བཞག་པ་ཉིད་ལས་དངོས་པོ་གྲུབ་པོ་ཞེ་ན། དེ་ཉིད་གནས་ལ་ཡན་ལག་མིན། ཞེས་སྨོས་ཏེ་བྱིས་པའི་སྐྱེ་བོ་དེ་ཁོ་ན ་ཉིད་བརྟག་པ་ལ་རྒྱབ་ཀྱིས་ཕྱོགས་པས་ཀུན་རྫོབ་དུ་ལྟུང་བ་རྣམས་ཀྱིས་མངོན་པར་ཞེན་པའི་དབང་གིས་དེ་ཁོ་ན་ཉིད་རྣམ་པར་གཞན་མིན་ནུས་ཏེ། དེའི་མངོན་པར་ཞེན་པ་ལ་ནི་བདག་མེད་པའི་སྐད་ཅིག་འཇིག་པ་སྒྲུབ་པར་བྱེད་པའི་ཚད་མས ་གནོད་པའི་ཕྱིར་རོ། །ས་བོན་ལ་སོགས་པ་རྗེས་སུ་འགྲོ་བའི་བདག་ཉིད་དང། བྲལ་བར་མ་གྲུབ་པའི་ཕྱིར། དཔེ་མ་གྲུབ་པར་གྲགས་པར་སེམས་པ་ན་གཞན་གྱི་ཀླན་ཀ་དོགས་པར་བྱེད་པ་ནི། རྗེས་སུ་འགྲོ་བ་མེད་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། རྗེས་སུ་འགྲོ་བ་ནི་རྗེས་སུ་འཇུག་པའོ། །རང་བཞིན་འགའ་ཞིག་ཅེས་བྱ་བ་ནི་ལྷག་མའོ། །འདི་སྙམ་དུ་ས་བོན་ལ་སོགས་པ་ལ་ཡང་རྗེས་སུ་འགྲོ་བ་ཡོད་པ་སྟེ། བྱིས་པས་དེ་ལ་ཡང་ས་བོན་ལ་སོགས་པའི་ཆ་ཤས་གང་ཡིན་པ་དེ་དག་ཀྱང ་བཀོད་པ་སྔ་མ་ཡོངས་སུ་བཏང་ནས་བཀོད་པ་གཞན་འཐོབ་སྟེ། བཀོད་པ་ཐོབ་པ་ན་ཡང་སའི་ཁམས་ཆུའི་ཁམས་ཀྱིས་གཟུང་ནས་ནང་མས་སྨིན་པ་ན་རོའི་རྫས་སྒྲུབ་པར་བྱེད་ལ། རོ་དང་བཅས་པའི་སྔ་མའི་ཆ་ཤས་དག་དང་ལྷན་ཅིག་མྱུ་གུ་ལ ་སོགས་པའི་དངོས་པོ་སྒྲུབ་པར་བྱེད་དོ། །ཞེས་སྨྲས་པ་དེས་ན་ཇི་ལྟར་དེ་ལ་ཆ་ཤས་ཕྲ་མོ་ཡང་མེད་དོ། །ཞེས་རྗོད་པར་བྱེད་སྙམ་ན། ཞིང་སོགས་ཁྱད་པར་མེད་པ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་ས་ལ་སོགས ་པ་ཕྱིས་དབྱིབས་འཇུག་པ་ན་སྔ་མའི་རང་གི་རང་བཞིན་མ་བཏང་བ་ཁོ་ནར་འཇུག་ན། དེའི་ཚེ་དེ་དག་གི་སྔར་གྱི་བཀོད་པ་བཏང་བ་དང། བཀོད་པ་གཞན་ཐོབ་པ་པོ་མི་འཐད། དེའི་བདག་ཉིད་ཡིན་པའི་ཕྱིར། སྔ་མ་བཞིན་ནོ། །དེ་ལྟ་ཡིན་དང་ས་བོན་དང་མྱུ་གུ་ལ་སོགས ་པ་ཕན་ཚུན་ཐ་དད་པར་མི་འགྱུར་ཏེ། རང་བཞིན་གཅིག་ཡིན་པའི་ཕྱིར་རོ། །ཅི་སྟེ་མྱུ་གུ་ལ་སོགས་པ་ཐ་དད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་ངེས་པར་ལྟ་ཞིག་ལ་སོགས་པ་སྔ་མའི་རང་བཞིན་ཡོངས་སུ་སྤངས་པ་ན་བཀོད་པ་སྔ་མ་བཏང་ནས་བཀོད་པ་གཞན་ཐོབ ་པར་ཡང་ཁས་བླང་བར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་ཐ་དད་པ་ཉིད་དུ་མི་འགྱུར་རོ། །ཞེས་བསྟན་ཏོ། །དེ་ལྟ་བས་ན་རང་བཞིན་གཞན་དང། གཞན་སྐྱེ་བའི་ཕྱིར་རྗེས་སུ་འགྲོ་བ་ཉིད་ག་ལ་ཡོད། གང་གི་ཕྱིར་དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་བསྒྲུབས་པ་ན་ལས ་དང་འབྲས་བུའི་འབྲེལ་པ་ལ་སོགས་པ་ཐམས་ཅད་འཐད་པ་ཡིན་ལ་སུན་འབྱིན་པ་ཡང་མི་འཐད་པ་ཡིན་ནོ། །དེའི་ཕྱིར་ལས་དང་འབྲས་བུ་ལ་སོགས་པའི་ཡོད་པ་བསྒྲུབ་པར་བྱ་བའི་ཕྱིར་རྒྱུ་དང་འབྲས་བུ་ཉིད་བསྒྲུབ་པ་གཞན་གྱིས་འབད་པ་བྱ་སྟེ། དམ་པའི ་གཞུང་ལུགས་ཀྱི་རྗེས་སུ་འབྲང་བ་ནི་མཆོག་ཡིན་པ་སྟེ། སངས་རྒྱས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་གི་མེད་པ་བསྒྲུབ་པར་བྱ་བའི་རྒྱུ་དང་འབྲས་བུ་དེ་ཉིད་ཀྱི་མེད་པ་སྒྲུབ་པ་ལ་གཞན་གྱིས་ཏེ་མུ་སྟེགས་པས་འབད་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །རྒྱུ ་དང་འབྲས་བུ་སྒྲུབ་པ་ལ་ཞེས་བྱ་བ་འདི་ལན་གཉིས་སུ་བཟླས་ལ་གཅིག་ལ་དགགས་པའི་ཚིག་དབྱེ་བར་བྱའོ། །འདི་ལ་གཞན་གྱིས་བྱས་པའི་ཞིག་པ་དང་མ་ཞིག་པ་གང་དག་ཡིན་པ་དེ་བསལ་བའི་སྒོ་ནས་རྣམ་པར་བཞག་པ་ཐམས་ཅད་ཀྱི་རྩ་བ་རྒྱུ? ་འབྲས་བུའི་དངོས་པོ་བསྒྲུབ་པར་བྱ་བའི་ཕྱིར། དེ་ལ་བརྗོད་བྱེད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མ་ཞིག་པ་ཁོ་ན་ལས་འབྲས་བུ་འབྱུང་ངོ། །ཞེས་བྱ་བ་ནི་ཁོ་བོ་ཅག་གི་ཕྱོགས་ཡིན་ནོ། །ཅིག་ཅར་བར་ཐལ་བ་ཡང་མ་ཡིན་ཏེ། འདི་ལྟར ་སྐད་ཅིག་མ་དང་པོར་བྱུང་པའི་རྒྱུའི་བདག་ཉིད་ཐོབ་པ་མ་ཞིག་པ་ཁོ་ན་ལ་བརྟེན་ནས་སྐད་ཅིག་གཉིས་པ་ལ་འབྲས་བུ་སྐྱེ་སྟེ། དེ་ཡང་དེ་ལྟར་སྐྱེ་བ་ན་མ་ཞིག་པ་ཉིད་ལས་སྐྱེ་སྟེ། སྐད་ཅིག་མ་དང་པོ་ལ་དེ་མ་ཞིག་པའི་ཕྱིར་རོ། །འབྲས་བུ་ཡོད་པའི་དུས་སུ་རྒྱུ ་རྗེས་སུ་འཇུག་པ་ཡང་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱིས་མི་གནས་པའི་ཕྱིར་རྗེས་སུ་འཇུག་པ་ཡིན་ན་ཡང་དེ་ནི་དེའི་དུས་ན་རྒྱུ་ཉིད་མ་ཡིན་ཏེ། དེའི་འབྲས་བུ་གྲུབ་པ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་པ་དེ་ཉིད་སྟོན་པ་ནི། སྐྱེས་ཟིན་པ་ཡང ་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་གནས་མ་ཡིན་ཞེས་བྱ་བ་ནི། གཞན་དུ་གནས་པར་ཏེ་ངེས་པར་མི་འགྱུར་ཏེ། ཐུག་པ་མེད་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།སྐྱེས་པ་ཡང་བསྐྱེད་པར་བྱ་བ་ཡིན་ན་དེའི་ཚེ་ཁྱད་པར་མེད་པའི་ཕྱིར་དེ་ནི་སླར་ཡང་སྐྱེད་པར་བྱེད་པར ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་སྐྱེ་བ་རྣམས་ཐུག་པ་མེད་པར་འགྱུར་ལ། རྒྱུ་རྣམས་ཀྱང་བྱ་བ་དང་མི་འབྲལ་བ་ཡིན་ནོ། །རྒྱུ་རྣམས་ཀྱང་བསྐྱེད་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ། །ཞེས ་བྱ་བའི་རྣམ་པར་བཞག་པར་མི་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཇུག་བསྡུས་ནས་གནས་པའི་ཕྱོགས་སུན་ཕྱིན་པར་སྟོན་པ་ཡིན་ནོ། །ཁས་མ་བླངས་པ་ཉིད་ཀྱི་ཕྱིར་ཞིག་པའི་རྣམ་པར་རྟོག་པ་ཡང་མི་རིགས་ཏེ། འདི་ལྟར་གཅིག་ནི་འདས་པས་འབྱིན ་པར་བྱེད། ཅེས་ཇི་ལྟར་བྱེ་བྲག་དུ་སྨྲ་བས་ཁས་བླངས་པ་བཞིན་དུ་གལ་ཏེ་སྐད་ཅིག་མ་གསུམ་པ་ལ་སོགས་པ་ལ་འབྲས་བུ་འབྱུང་ངོ་ཞེས་ཁས་བླངས་པ་ཡིན་ན་དེའི་ཚེ་རྒྱུ་ཞིག་པ་ལས་འབྲས་བུ་སྐྱེ་བར་ཁས་བླངས་པ་བྱས་པར་འགྱུར་རོ། །ཕྱོགས་འདི ་ལ་ཡང་ཁོ་བོ་ཅག་གི་མ་ཡིན་ཏེ། རིགས་པ་དང་མི་ལྡན་པའི་ཕྱིར་རོ། །ཅིག་ཅར་བར་ཐལ་བར་འགྱུར་བ་ཡང་གང་གི་ཚེ་འགྱུར་ཞེ་ན། ཇི་ལྟར་བྱེ་བྲག་དུ་སྨྲ་པ་དེ་དག་ཉིད་ཀྱིས་ལྷན་ཅིག་འབྱུང་བའི་རྒྱུ་འདོད་པ་བཞིན་དུ་སྐད་ཅིག་མ་དང་པོ་ཉིད་ལ་འབྲས་བུ་འདོད་པ་ནའོ། །དེ་འདི ་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། མེད་པ་སྔར་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་འབྱུང་བ་འབྲས་བུ་སྐྱེད་པ་ན་བ་རྒྱུ་མ་སྐྱེས་པས་སམ་སྐྱེས་པས་སྐྱེད་པ་ཡིན་གྲང། རེ་ཞིག་མ་སྐྱེས་པས་ནི་མ་ཡིན་ཏེ། དེ་ནི་འབྲས་བུ་སྐྱེས་པའི་སྔར་མེད་པའི་ཕྱིར་ལ།? ་མེད་ན་ཡང་ནུས་པ་ཐ་དག་གི་སྟོང་པའི་ཕྱིར་རོ། །འོ་ན་གང་གི་ཚེ་སྐྱེས་པ་དེའི་ཚེ་ནུས་པའི་ཕྱིར། སྐྱེད་པར་འགྱུར་རོ་ཞེ་ན། ནུས་པའི་ཚེ་ན་འབྲས་བྱུང་ཕྱིར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དེ་སྐྱེས་པའི་གནས་སྐབས་ན་ནུས་པ་ཡིན་ན་དེའི་ཚེ་དེའི་རང་གི་ངོ་བོ་བཞིན་དུ་འབྲས ་བུ་ཡང་སྐྱེས་པའི་ཕྱིར་འདི་ནུས་པ་གང་དུ་ཉེ་བར་མཁོ་བར་འགྱུར། །དེ་ལྟ་བས་ན་རྒྱུ་དང་འབྲས་བུ་ཅིག་ཅར་ཁས་ལེན་པ་ནི། རྗེས་སུ་དཔག་པའི་ཚད་མ་དང་འགལ་ལོ། །འོན་ཏེ་རྒྱུ་དང་འབྲས་བུའི་ངོ་བོ་ནི་ལས་དང་བྱེད་པ་པོ་མ་ཡིན་ནམ། དེ་ཡང་དུས་ཐ་དད་པར་འགལ ་ཏེ། བུམ་པ་དང་རྫ་མཁན་དག་ཅིག་ཅར་མ་ཡིན་པ་ན་ལས་དང་བྱེད་པ་པོའི་དངོས་པོ་མཐོང་ངོ་ཞེ་ན། གང་ཕྱིར་ཅིག་ཅར་བར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སོས་འཛིན་པའི་ཚུལ་གྱིས་རྒྱུས་འབྲས་བུ་བསྐྱེད་པ་ལ་བྱ་བ་ཡིན་པ་འམ། འབྲས་བུ་ཡང་ཆུད ་མ་ལ་འཁྱུད་པ་བཞིན་དུ་རང་གི་རྒྱུ་ལས་འབྱོར་བས་རང་སྐྱེས་པའི་བྱ་བ་ལ་སྒྲུབ་པར་བྱེད་པ་ཡིན་ན། དེའི་ཚེ་ངེས་པར་ལྷན་ཅིག་འབྱུང་བར་འགྱུར་རོ། །ཇི་སྲིད་དུ་སྣ་ཚོགས་པ་དེ་ནི་བྱ་བ་བྱེད་པ་སྟེ། དོན་དམ་པར་ཆོས་སུ་བརྡར་བརྟགས་པ་ལས་གཏོགས་པར་བྱེད་པ་པོ ་འམ་ལས་འབའ་ཞིག་ཡོད་པ་ནི་མ་ཡིན་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རང་བཞིན་ནི་ཞེས་བྱ་བ་ནི་རྒྱུའོ། །གལ་ཏེ་རྒྱུ་འམ་འབྲས་བུ་བྱ་བ་དང་བྲལ་བ་དེ་ལྟ་ཡིན་ན། དེའི་ཕྱིར་ཇི་ལྟར་སྨྲ་བ་པོ་དག་མེ་ནི་དུ་བ་སྐྱེད་པར་བྱེད་ལ་དུ་བ་ནི་མེ་ལ་བརྟེན་ནས་སྐྱེའོ། །ཞེས་ཤེས་པར་འགྱུར་རོ་ཞེས ་ན་རང་རྒྱུས་བསླང་བའི་ངེས་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རྒྱུ་དང་རྐྱེན་གྱིས་ཀུན་ནས་བསླང་བའི་རྒྱུའི་ནུས་པ་སོ་སོར་ངེས་པའི་རྒྱུའི་ཕྱིར། འབྲས་བུ་གང་ཞིག་སྐད་ཅིག་མ་དང་པོ་འབྱུང་བའི་རྒྱུ་གང་ལས་བྱུང་བའི་ཁྱད་པར་ཅི་འདྲ་བ་ཞེ་ན། སྐད་ཅིག་མ་གཉིས ་པ་འབྱུང་བ་གང་ཡིན་པ་སྟེ། སྐད་ཅིག་གཉིས་པ་ལ་འབྱུང་བ་སྟེ་ཡོད་པ་ཞེས་ཚིགས་རྣམ་པར་སྦྱར་རོ། །རྒྱུ་དེ་འབྲས་བུའི་དེའི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །སྐྱེད་བྱེད་ཡིན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེ་ནི་དེ་ལ་བརྟེན་ནས་སྐྱེའོ། །ཞེས་བྱ་བ་ཡང ་ཤེས་པར་བྱའོ། །ཡང་དེ་ལྟར་སྨྲ་བ་དེ་དག་གང་དག་ཡིན་ཞེ་ན། འདོད་པ་ཙམ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་ལ་བལྟོས་པ་མེད་པར་བརྗོད་པར་འདོད་པ་ལས་བྱུང་བའི་བརྡའི་རྗེས་སུ་བྱེད་པའི་ཐ་སྙད་དུ་བྱེད་པ་ཐ་སྙད ་འདོགས་པ་པོ་དག་དེ་ལྟར་སྨྲའོ། །ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་སྐྱེས་ཟིན་པ་བྱ་བ་དང་མི་ལྡན་པ་མ་ཡིན་པ་ནམ། དེ་ཇི་ལྟར་རྒྱུར་འགྱུར་ཞེ་ན། སྐྱེ་བ་ལས་ནི་དུས་གཞན་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ཡོད་པའི་དེ་མ་ཐག ་ཉིད་དུ་འབྲས་བུ་འགྲུབ་པའི་ཕྱིར། །རྒྱུ་སྐྱེ་བ་ལས་དུས་ཕྱིས་འབྱུང་བའི་བྱ་བ་ནི་འབྲས་བུ་ལ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཡིན་ནོ། །འདི་ལྟར་རྒྱུའི་བྱ་བ་ཞེས་གང་ལ་བྱ་ཞེ་ན། གང་གི་མཇུག་ཐོགས་ཉིད་དུ་འབྲས་བུ་སྐྱེད་པ་སྒྲུབ་པར་བྱེད་པའོ། །རྒྱུ ་ཡོད་པའི་མཇུག་ཐོགས་པ་ཉིད་དུ་ཡང་འབྲས་བུ་འབྱུང་བ་པའི་ཕྱིར་ཡོད་པའི་ཉིད་བྱ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ལ་རག་མོད་སྐྱེས་པ་ལས་མེ་གཏོགས་པའི་བྱ་བ་བཏགས་པས་ཅི་ཞིག་བྱ། གལ་ཏེ་དངོས་པོ་རྣམས་ཀྱི་བྱ་བ་མེད་པ་དེ་ལྟ་ཡིན ་ན། འབྲས་བུ་ནི་རྒྱུ་ལ་བལྟོས་ལ་རྒྱུ་ཡང་འབྲས་བུ་ལ་བྱེད་དོ། །ཞེས་བྱ་བ་འདི་ཇི་ལྟར་རྗོད་པར་བྱེད་མེན། དེ་མ་ཐག་པར་ངེས་པ་གང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་རྒྱུ་ལ་བལྟོས་པ་ནི་འདི་ཉིད་ཡིན་ཏེ། མཇུག་ཐོག་སུ་འབྱུང ་བ་ཉིད་གང་ཡིན་པའོ། །རྒྱུའི་ཡང་འབྲས་བུ་ལ་བྱ་བ་ནི་འདི་ཉིད་ཡིན་ཏེ། འབྲས་བུ་སྐྱེ་བའི་དུས་སུ་རྣམ་པ་ཐམས་ཅད་དུ་ཉེ་བ་ཉིད་གང་ཡིན་པའོ། །གཞན་ཡང་བྱ་བ་འམ། བྱ་བ་དང་ལྡན་པའི་དངོས་པོ་འབྲས་བུ་ལ་རྒྱུའི་དངོས་པོ་ཁྱེད་ཅག་གིས་ཡོད་པ་ན་ཁོ ་ནའི་ཕྱིར་འབྲས་བུར་གཟུང་བར་བྱའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པའི་ཐབས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ལྟར་ཡིན་ན་དངོས་པ་ཙམ་ཡང་ཙམ་ཡང་ཅིའི་ཕྱིར་རྒྱུའི་དངོས་པོར་འཛིན་པར་བྱེད། འབྲས ་བུ་ནི་དངོས་པོ་ཙམ་དུ་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ལས་མ་གྲགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་དུ་གཏོགས་པའི་རྗེས་སུ་འགྲོ་བ་དང། ལྡོག་པའི་རྗེས་སུ་བྱེད་པ་ཉིད་འབྲས་བུ་ཡིན་པར་གྲུབ་པ་ཉིད་དེ་དངོས་པོ་ཙམ ་མཆོག་སྟེ། ཡོད་པ་ལ་རག་མོད་ཅེས་སྟོན་པ་ནི། དེ་ཡོད་པ་ན་ཞེས་བྱ་བ་ལ་སོགས་པའོ། །ཀུན་ཏུ་བརྟགས་པ་ཡིན་ཞེས་བྱ་བ་ནི། གཞན་ནམ་གཉིས་ག་འམ་གཉི་ག་མ་ཡིན་པའི་ངོ་བོའི་བྱ་བ་གང་ཡིན་པ་དེ་ནི་ཁྱེད་ཅག་གིས་ཀུན་བརྟགས་པ་ཡིན ་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལྡན་ཞེས་བྱ་བ་ནི་བྱ་བ་དང་ལྡན་པ་སྟེ། དེ་ཡོད་པ་ན་འབྱུང་བ་ཙམ་ལས་རྒྱུ་ཉིད་དོ། །ཞེས་སྐབས་དང་སྦྱར་རོ། །དེ་ཉིད་ཅེས་བྱ་བ་ནི་མཐུན་པའི་བྱ་བ་དང་བྲལ་བའི་དངོས་པོ་ཙམ་རྒྱུ་ཡིན་ལ་རག་མོད་ཅེས་བྱ་བའི་དོན་ཏོ།། ་གང་གིས་མཆོག་ཏུ་རྗོད་པར་བྱེད་པ་དེ་ལ་ཁྱད་པར་ཅི་ཡོད་ཅེ་ན། ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་དེ་དངོས་པོ་ཙམ་ན་ས་བོན་ལ་སོགས་པ་བྱ་བ་གཞན་དང་ལྡན་པས་སྟོང་པ་ན་ཞེས་བྱ་བའི་དོན་ཏོ། །འདིས་ནི་འབྲས་བུ་རྣམས་དངོས ་པོ་ཙམ་དུ་རྟོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་དུ་གྲུབ་ཀྱི། བྱ་བར་རྟོགས་པའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་བྱེད་པ་ཉིད་ནི་མ་ཡིན་ནོ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །འདི་སྙམ་དུ་འབྲས་བུ་བྱ་བར ་རྟོགས་པའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་བྱེད་པར་མ་གྲུབ་མོད་ཀྱི་འོན་ཀྱང་དེའི་རྒྱུའི་དངོས་པོར་འགྱུར་རོ། །སྙམ་དུ་སེམས་ན། ནུས་པ་མཐོང་ཞེས་བྱ་བ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་བྱ་བ་ཡང་རྒྱུར་བརྟགས་ནས་གཞན་ཡང ་བརྟག་པར་བྱ་བར་འགྱུར་ཏེ། ནུས་པ་མ་མཐོང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར། དེ་ལྟ་ཡིན་དང་ཐུག་པ་མེད་པར་གྱུར་རོ། །ཅི་སྟེ་རྒྱུ་མཚན་མེད་པའི་ཕྱིར་གཞན་མི་བརྟགས་པ་དེའི་ཚེ་བྱ་བ་ཡང་བརྟགས་པར་བྱ་བར་མི་འགྱུར་ཏེ། དེ་ལ་ཡང་རྒྱུ་མཚན ་མེད་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་བྱ་བ་འདི་འབྲས་བུ་སྐྱེད་པར་བྱེད་པ་དེ་ཅི་བྱ་བ་གཞན་དང་ལྡན་པས་སམ། འོན་ཏེ་ཡོད་པ་ཙམ་ཡིན་གལ་ཏེ་བྱ་བ་གཞན་དང་ལྡན་པས་ཡིན་ན་དེའི་ཚེ་བྱ་བ་གཞན་ཁོ་ན་རྒྱུ་ཉིད་དུ་འགྱུར་གྱི་བྱ་བ་ནི་མ་ཡིན་ནོ ་དེ་ལ་ཡང་བྱ་བ་གཞན་རྒྱུ་ཉི་དུ་བརྒལ་ཞིང་བརྟག་པ་མཚུངས་སོ། །དེ་ལ་ཡང་གལ་ཏེ་བྱ་བ་གཞན་དང་ལྡན་པ་རྒྱུའི་དངོས་པོར་རྟོག་པར་བྱེད་ན་དེའི་ཚེ་ཐུགས་པ་མེད་པར་འགྱུར་རོ། །ཅི་སྟེ་ཡོད་པ་ཙམ་གྱིས་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་བྱ་བ ་བཞིན་དུ་དངོས་པོ་ཡང་ཡོད་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་འགྱུར་བའི་ཕྱིར་བྱ་བ་བརྟགས་པ་དོན་མེད་དོ། །ཞེས་སྟོན་པ་ནི། ཇི་ལྟར་གཞན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་བྱ་བ་གཞན་ཏེ་བྱ་བ་གཞན་མྱུ་གུ་མེད་ལ་སོགས་པའི་འབྲས་བུའི་འགྱུར་འདོད ་པ་དེ་བཞིན་དུ་དངོས་པོ་གཞན་ལ་ཡང་མི་མཐུན་པའི་བྱ་བས་སོད་པ་ཉིད་རྒྱུར་ཅིང་སྟེ་མི་འདོད། ཅི་སྟེ་ཡང་དངོས་སུ་བྱ་བ་འབྲས་བུ་ལ་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱ་བ་དང་ལྡན་པའི་དངོས་པོ་ཉིད་ཡིན་ནོ་ཞེ་ན། ཡང་ན་དངོས་པ་ལ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རྒྱུར་འདོད་དོ་ཞེས་སྐབས་དང་སྦྱར་རོ། །བྱ་བ་དང་ལྡན་པའི་དངོས་པོ་ལ་ཡང་འདི་རྒྱུར་འགྱུར་བ་ན། བྱ་བ་གཞན་དངོས་ལྡན་པ་དང་བྲལ་བ་ཉིད་དུ་འགྱུར་བའི་ཕྱིར་དེ་ཉིད་དཔེར་འགྱུར་རོ་སྙམ་དུ་བསམས་པའོ། །ཡོད་པ་ལས་མ་གཏོགས་པའི་བྱ ་བའི་དངོས་པོ་ཡོད་པ་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་བ་མི་དམིགས་པའི་ཕྱིར་རོ། །ཞེས་སྟོན་པ་ནི། སྣང་རུང་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཅག་གིས་ནི་བྱ་བ་སྣང་རུང་ཉིད་དུ་བསྟན་ཏེ་ཇི་སྐད་དུ་གཞོན་ནུ་མ་ལེན་གྱིས་དེའི་ཕྱིར་འབྲས་གྲུབ་སྔ་རོལ ་ཏུ། གང་གི་བྱ་བ་མཐོང་གྱུར་པ་ཞེས་བྱ་བ་ལ་སོགས་པ་བཤད་པ་བཞིན་ནོ། །གཞན་ཡང་བྱ་བའི་བདག་ཀྱི་དངོས་པོ་དེ་བྱ་བ་དང་ལྡན་པའི་དངོས་པོ་དེ་ལས་དོན་གཞན་དུ་གྱུར་པ་ཞིག་གམ། དོན་དུ་གྱུར་པ་མ་ཡིན་པ་ཞིག་ཡིན་གྲང། དངོས་པོ་ཡོད་པ ་ལ་རྣམ་པ་གཞན་མེད་པའི་ཕྱིར་གཉི་ག་དང་གཉི་ག་མ་ཡིན་པའི་རྣམ་པར་རྟོག་པ་ནི་མི་སྲིད་པ་ཉིད་དོ། །དེ་ལ་གལ་ཏེ་དོན་གཞན་དུ་གྱུར་པ་ཡིན་ན་དེའི་ཚེ་དངོས་པོ་རྒྱུ་ཉིད་དུ་མི་འགྱུར་ཏེ། དེ་ལས་དང་པའི་བྱ་བ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་ཡང ་བྱ་བ་དང་འབྲེལ་པའི་ཕྱིར་རྒྱུ་ཡིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཕན་ཚུན་དུ་བ་དོགས་པ་མ་ཡིན་པ་ནི་འབྲེལ་པར་མི་འགྲུབ་པའི་ཕྱིར་རོ། །ཅི་སྟེ་དངོས་པོས་བྱ་བ་ལ་ཕན་འདོགས་པས་བྱེད་པ་ཡིན་ནོ་སྙམ་ན། དེ་ཡང་མི་རིགས་ཏེ། གང་གིས་བྱ་བ་ལ་ཕན་འདོགས ་པར་བྱེད་པ་དེ་ལ་བྱ་བ་གཞན་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐུགས་པ་མེད་པ་ན་བྱ་བ་རྣམས་ཉིད་ཕན་ཚུན་བྱེད་པའི་ཕྱིར་དངོས་པོ་དང་ལྷན་ཅིག་བྱ་བ་འབྲེལ་པ་ནམ་ཡང་འགྲུབ་པར་མི་འགྱུར་རོ། །ཅི་སྟེ་བྱ་བ་གཞན་མེད་པ་ཁོ་ནར་དངོས་པོ ་བྱ་བར་ཕན་འདོགས་སོ་ཞེས་བྱ་བ་ཡིན་ན་དེའི་ཚེ་བྱ་བ་བཞིན་དུ་འབྲས་བུ་ཡང་བྱ་བ་དང་བྲལ་བའི་ཡོད་པ་ཉིད་ཙམ་གྱིས་ཅིའི་ཕྱིར་མི་བྱེད་དེ། གང་གིས་ན་བྱ་བ་དོན་གཞན་དུ་གྱུར་པ་རྟོགས་པར་བྱེད། འབྲས་བུ་ལ་ཡང་ངོ་ཡོད་པ་ཙམ་གྱིས་ཕན་འདོགས ་པར་བྱེད་པ་ལ་གེགས་པ་འགའ་ཡང་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དོན་གཞན་དུ་གྱུར་པའི་བྱ་བ་རིགས་པ་མ་ཡིན་ནོ། །ཅི་སྟེ་དོན་གཞན་དུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་ཡོད་པ་ཉིད་བྱ་བ་ཡིན་ནོ་ཞེས་བྱ་བ་འགྱུར? ་སྟེ། དངོས་པོའི་རང་བཞིན་ཉིད་ཡོད་པའི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་སྐྱེ་བ་ལས་ཐ་དད་པ་ཉིད་བྱ་བར་མ་གྲུབ་པོ། །གཞན་ཡང་ཇི་ལྟར་བློ་སྐྱེ་བ་ན་བྱ་བ་དང་བྲལ་ཡང་ཡོད་པ་ཙམ་གྱིས་དོན་ཡོངས་སུ་གཅོད ་པར་བྱེད་པ་དེ་ལྟར་དངོས་པོ་ཐམས་ཅད་ལ་ཡང་རྒྱུ་ཉིད་དུ་དུས་ཕྱིས་འབྱུང་བའི་བྱ་བ་མེད་ན་ཡང་འབྱུང་ངོ་ཞེས་བྱ་བ་འདི་སྟོན་པ་ནི་ཇི་ལྟར་བློ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བློ་ལ་སྐྱེ་བ་ལས་མ་གཏོགས་པའི་བྱ ་བ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཡོད་དང་འབྲེལ་པ་ན་སྐྱེས་བུའི་དབང་པོའི་བློ་སྐྱེ་བ་ནི་མངོན་སུམ་མོ་ཞེས་བྱ་བའི་མདོ་འདི་ལ་སྐྱེ་བ་སྨོས་པའི་དགོས་པ་རྗོད་པར་བྱེད་པའི་གཞོན་ནུ་མ་ལེན་གྱིས། བློ་ནི་སྐྱེ་བ་ཞེས་བརྗོད་ལ། སྐྱེ་བཞིན་པ་ན་ཚད་མ་ཉིད། སྐྱེ་བ ་ལས་ནི་མ་གཏོགས་པར། །རྒྱུ་རྣམས་བྱ་བ་མངོན་པ་ཡིན། །ཚད་མའང་དེ་ལྟར་འགྱུར་འོད་ཞེས། དེ་ལྟར་སྐྱེ་བར་བརྗོད་པར་འདོད་ཅེས་སྨྲའོ། །དེའི་རྒྱུ་ཉིད་དུ་ཞེས་བྱ་བ་ནི། དེའི་རྒྱུ་སྟེ་སྐྱེ་བའི་རྒྱུ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ།། ་དེའི་དངོས་པོ་ནི་དེ་ཉིད་དོ། །འདི་སྙམ་དུ་བློ་ལ་བྱ་བ་མེད་པར་རིགས་ཏེ། དེའི་དུས་ཕྱིས་གནས་པ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ་སྙམ་ན། ཇི་ལྟར་བློ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབས་ཞེས་བྱ་བ་ནི་སྔར་བསྟན་པའི ་དངོས་པོ་བརྟག་པར་དངོས་པོ་ཐ་དད་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་ཉིད་བསྒྲུབས་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་བློ་ཉིད་བཞིན་དུའོ། དེའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་སྐད་ཅིག ་མ་ཡིན་པ་དེ་དག་ནི་སྐྱེ་བ་ལས་ཐ་དད་པའི་བྱ་བས་སྟོང་པ་ཡིན་ཏེ། བློ་བཞིན་ནོ། །ས་བོན་ལ་སོགས་པ་ལ་ཡང་སྔར་སྐད་ཅིག་མ་ཉིད་དུ་བསྒྲུབས་ཟིན་ཏོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཕྱིས་གནས་པ་མ་ཡིན་པས་རྟེན་མེད ་པའི་བྱ་བ་མི་རིགས་པ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུ་རྣམ་པར་འཇོགས་པའི་རྒྱུ་མཚན་ནི་དེ་མ་ཐག་པ་ཙམ་ཉིད་ཡིན་གྱི་བྱ་བ་ནི་མ་ཡིན་ནོ། །ཞེས་བྱ་བ་འདིས་གནས་པ་ཡིན་ནོ། །གང་ཡང་རོ་ལ་སོགས་པ་སྐྱེ་བཞིན་པ་ཞེས ་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་འཁྲུལ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱུན་གྱིས་འཇུག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུན་ལ་བལྟོས་ནས་གཟུགས་དང་རོ་ལ་སོགས་པ་ཕན་ཚུན་ལྷན་ཅིག་བྱེད་པའི་རྒྱུའི་དངོས་པོར ་འདོད་པ་ཉིད་ཡིན་ཏོ། ཇི་སྐད་དུ་ནུས་པ་འཇུག་པ་མེད་པར་ནི། རོ་མེད་དེ་ཉིད་གཞན་གྱི་རྒྱུ་དེ་ལྟར་འདས་དུས་གཅིག་རྣམས་རྟོགས། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་བཤད་པ་བཞིན་ནོ། །འོན་ཏེ་མེད་བཞིན་དུ་རེས་འགའ་བ་ལང་དང་རྟ་ལ་སོགས་པའི ་དེ་མ་ཐག་ཏུ་ཡང་དུ་བ་འབྱུང་བ་མ་ཡིན་ནམ། དེ་ཇི་ལྟར་དེ་མ་ཐག་པ་འཁྲུལ་པ་མ་ཡིན་ཞེ་ན། །གཞན་གྱི་དེ་མ་ཐག་བྱུང་ནའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་ནི་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པའི་རྒྱུ་མཚན་དེ་མ་ཐག་པ་ཙམ་ཡིན ་པར་ནི་མི་བ་སྨྲའོ། །ན་ཅི་ཞེ་ན། ངེས་པ་གང་ཡིན་པའོ། །འདི་ལྟར་གང་ཞིག་གང་ཁོ་ནའི་དེ་མ་ཐག་ཏུ་འབྱུང་བ་དེ་ནི་དེའི་རྒྱུ་ཡིན་པར་འདོད་ལ། །དུ་བ་ནི་བ་ལང་ལ་སོགས་པ་ཉིད་ཀྱི་དེ་མ་ཐག་ཏུ་འབྱུང་བ་ནི་མ་ཡིན་ཏེ། བ་ལང་ལ་སོགས་པ་མེད་ན་ཡང་དེ་ཡོད ་བའི་ཕྱིར་རོ། །གཞན་ཡང་འདི་ལ་བརྟན་པའི་དངོས་པོ་སྨྲ་བ་ཁྱེད་ཅག་ལ་ཡང་ཅིའི་ཕྱིར་དུད་བ་ལང་ལ་སོགས་པའི་མཇུག་ཐོགས་སུ་འབྱུང་ན་ཡང་དེ་རྒྱུ་མ་ཡིན་ན་ཞེས་བྱ་བའི་རྩོད་པ་འདི་འཇུག་པ་ཡིན་ནོ། །འདིར་གཞན་གྱིས་གལ་ཏེ་གང་ཞིག་འབྲས ་གང་ལ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ་གང་ལ་གང་ཞིག་ཅེས་བྱ་བ་ལ་སོགས་པས་རང་གི་ཕྱོགས་ལམ་ན་བཤད་དོ། །དེ་ལྟར་རེ་ཞིག་དངོས་པོ་རྣམས་སྐད་ཅིག་མ་ཉིད་ཡིན་ཡང་རྒྱུ་དང་འབྲས་བུའི་དངོས་པོ་བསྒྲུབས་ནས། ད་ནི་དེའི་རྟོགས ་བ་པོའི་ཚད་མ་བསྒྲུབ་པའི་ཕྱིར། །མངོན་སུམ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཁྱེད་ཅག་གི་བརྟན་པའི་དངོས་པོ་དམིགས་པ་ཡིན་པར་གྲུབ་པ་དེ་ལྟར་ཁོ་བོ་ཅག་གི་སྐད་ཅིག་མ་ཡང་འགྲུབ་པར་འགྱུར་ཏེ། འདི་ལྟར་དངོས ་པོ་དམིགས་པར་འགྱུར་བ་ན། རྣམ་པ་དང་བཅས་པའི་ཤེས་པས་སམ། རྣམ་པ་མེད་པས་ཡིན་གྲང། དེ་ལ་གལ་ཏེ་རྣམ་པ་དང་བཅས་པས་ཡིན་ཏེ། དེའི་ཚེ་རང་གི་རྣམ་པ་ཉམས་སུ་མྱོང་བ་ཉིད་ཀྱི་ཤེས་པ་དོན་ཉམས་སུ་མྱོང་བ་ཡིན་པའི་ཕྱིར ་བརྟན་པ་དང་མི་བརྟན་པའི་ཕྱོགས་དག་ལ་ཁྱད་པར་འགའ་ཡང་མེད་དོ། །ཅི་སྟེ་རྣམ་པ་མེད་པས་ཡིན་ན་དེའི་ཚེ་ཡང་ཁྱད་པར་མེད་པ་ཉིད་ཡིན་ཏེ། འདི་དག་གིས་དུས་མཉམ་དུ་འབྱུང་བའི་གཟུགས་ལ་སོགས་པ་ཁོ་ན་རྟོགས་ཀྱི་གཞན་ནི་མ་ཡིན་པ ་རང་གི་རྒྱུ་སྔ་མ་དག་ཁོ་ན་ལས་དེའི་ཤེས་པ་དེའི་ལྟ་བུ་ཉེ་བར་སྐྱེ་བ་ཡིན་ཏེ། དེ་ནི་དེ་རྟོག་པར་བདག་ཉིད་ཁོ་ནས་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་དུས་མཚུངས་པར་འབྱུང་བའི་གཟུགས་ལ་སོགས་པ་རྟོགས་པའི་རང་བཞིན་གྱི་ཤེས་པ ་ཁས་ལེན་པར་བྱེད་པ་ན་བརྟན་པ་དང་མི་བརྟན་པའི་དོན་ལ་ཁྱད་པར་འགའ་ཡང་མེད་དོ། །གང་གིས་དུས་མཉམ་པའི་ངོ་བོ་ཉིད་དུ་མཚུངས་ན་ཡང་གཟུགས་ལ་སོགས་པ་ཉིད་ཤེས་པས་གཅོད་ཀྱི་དབང་པོས་ནི་མ་ཡིན་པ་ཞེས་བྱ་བར་འགྱུར་བ་ཁྱེད་ཅག་གིས ་རྒྱུ་སྔ་མས་བྱས་པ་ཉིད་ཀྱི་དུས་མཚུངས་པར་འབྱུང་བར་ངེས་པའི་གཟུགས་ལ་སོགས་པ་འཛིན་པའི་རང་བཞིན་གྱི་ཤེས་པ་ཁས་བླངས་པར་བྱ་གོར་མ་ཆག་གོ་།དེ་ཡང་དངོས་པོ་རྣམས་སྐད་ཅིག་མ་ཉིད་ཡིན་ན་ཡང་མཚུངས་པ་ཡིན་པའི ་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །གལ་ཏེ་རྣམ་ཤེས་རྣམ་པ་དང། ཞེས་བྱ་བ་ལ་སོགས་པས་ཕ་རོལ་པོ་གཉི་ག་ལ་ཀླན་ཀ་བྱེད་དེ། གལ་ཏེ་ཤེས་པ་རྣམ་པ་དང་བཅས་པ་ཡིན་ན། དེའི་ཚེ་ཟ་འོག་གི་གདིང་པ་ལ་སོགས་པ་ལ་ཤེས་པ་སྣ་ཚོགས ་དུ་མ་ཉིད་དུ་འགྱུར་རོ། །གཅིག་ལ་སྣ་ཚོགས་པ་ཉིད་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་རྣམ་པ་མེད་པ་ཡིན་ན་དེའི་ཚེ། འདི་ནི་སྔོན་པོ་རིག་པ་ཡིན་གྱི། སེར་པོ་རིག་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་རྣམ་པར་གཞག་པ་འགྲུབ ་པར་མི་འགྱུར་ཏེ། ཐམས་ཅད་དུ་རྟོགས་པའི་ངོ་བོ་ཉིད་དུ་ཁྱད་པར་མེད་པས་ཉེ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཀླན་ཀ་འདི་ནི་གཉིས་ཀ་ལ་ཡང་མཚུངས་ཏེ། གང་གི་ཕྱིར་ཁྱེད་ཅག་གིས ་ཀྱང་གདོན་མི་ཟ་བར་རྣམ་པ་དང་བཅས་པ་དང། རྣམ་པ་མེད་པའི་ཕྱོགས་དག་ལས་གང་ཡང་རུང་བའི་ཕྱོགས་ཞིག་ཁས་བླངས་པར་བྱ་དགོས་ཏེ། གཞན་དུ་ན་དོན་འཛིན་པའི་ཤེས་པ་འགྲུབ་པར་མི་འགྱུར་རོ། །གང་གིས་ན་ཤེས་པས་དོན་འཛིན ་པར་འདོད་པའི་ཕྱོགས་འདི་གཉིས་ལས་མ་གཏོགས་པའི་རྣམ་པ་གཞན་ཡོད་པ་ཡང་མ་ཡིན་ནོ། །གཉིས་གའི་སྐྱོན་གང་ཡིན་པ་དེ་ཡང་གཅིག་ལ་ཀླན་ཀར་རིག་པ་མ་ཡིན་ནོ། །དེས་ན་འདི་ལ་ཁྱེད་ཅག་གི་ལན་གང་ཡིན་པ་དེ་ནི་ཁོ་བོ་ཅག་གིར ་ཡང་འགྱུར་ཏེ། འདི་རྣམ་པ་དང་བཅས་པའི་ཕྱོགས་ལ། ཁྱེད་ཀྱི་གདོན་མི་ཟ་བར་རྣམ་པ་རྣམས་བརྫུན་པ་ཉིད་དམ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཐ་དད་པ་ཡིན་ན་ཡང་ཤེས་པ་གཅིག་དང་ཐ་མི་དད་?པ་ཡིན་ན་ཤེས་པ་གཅིག་དང་ཐ་མི ་དད་པ་ཉིད་ཡིན་ནོ་ཞེས་ལན་གདབ་པར་བྱ་དགོས་ལ། དེ་ཉིད་ཁོ་བོ་ཅག་གི་ལན་ཡང་ཡིན་ནོ། །རྣམ་པ་མེད་པའི་ཕྱོགས་ལ་ཡང་ཤེས་པ་རྒྱུ་སྔ་མར་བྱས་པ་ཉིད་ཀྱི་ངེས་པའི་དོན་རྟོགས་པའི་རང་བཞིན་དུ་བརྗོད་པར་བྱ་དགོས་ལ། དེ་ཉིད་ཁོ་བོ་ཅག ་ཤེས་པ་རྣམ་པ་མེད་པར་སྨྲ་བའི་སངས་རྒྱས་པ་རྣམས་ཀྱི་ཡང་ལན་དུ་འགྱུར་བས་འདི་ནི་ཀླན་ཀ་མ་ཡིན་ནོ། །ལན་ཞེས་བྱ་བ་ནི་ལན་གདབ་པའོ། །དེ་ལྟ་བས་ན་དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པའི་ཚད་མ་བསྟན་ནས། བྱ་བ་ཆུད་ཟོས་པ ་དང་མ་བྱས་པ་དང་ཕྲད་པའི་སྐྱོན་སྤངས་པར་བྱ་བའི་ཕྱིར་རོ། །གལ་ཏེ་འབྲས་བུར་འདོད་པ་རྒྱའི་ས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་བྱེད་པ་པོ་འམ་ཟ་བ་པ་འགའ་ཞིག་འདོད་པར་གྱུར་ན་དེའི་ཚེ་སྐད་ཅིག་འཇིགས ་པ་ཉིད་དུ་ཁས་ལེན་པ་བྱེད་ན་བྱས་པ་ཆུད་ཟོས་པ་ལ་སོགས་པ་ཐལ་བར་འགྱུར་རོ། །གང་གི་ཕྱིར་སྣ་ཚོགས་པ་ནི་རྐྱེན་ཉིད་འདི་པ་ཙམ་སྟེ། བྱེད་པ་པོ་འགའ་ཞིག་གིས་ཅུང་ཟད་བྱས་པ་མ་ཡིན་ལ་ལོངས་སྤྱད་པ་ཡང་མ་ཡིན་ན་དེའི་ཕྱིར ་ཇི་ལྟར་བྱས་པ་ཆུད་ཟོས་པ་ལ་སོགས་པར་ཐལ་བར་འགྱུར། ཅི་སྟེ་སྔོན་གྱི་དགེ་བ་ལ་སོགས་པའི་སེམས་པས་བསྒོས་པའི་འདོད་པ་དང་མི་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་ཞིག་པ་དང་སྔོན་གྱི་ལས་ཀྱིས་མ་བསྒོམས་པའི ་ནུས་པའི་ཁྱད་པར་གྱི་རྒྱུ་ལས་འབྲས་བུ་སྐྱེ་བའི་ཕྱིར། གོ་རིམས་བཞིན་དུ་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་རྐྱོན་དུ་ཐལ་བར་འགྱུར་བ་བརྗོད་ན། དེ་ནི་མ་རིགས་ཏེ། སྔོན་གྱིས་ལས་ཀྱིས་བསྒོས་པའི་ནུས་པའི་རྒྱུན་ལ་བདག ་མེད་པ་དང་ལྷན་ཅིག་འགའ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། །འདི་ལྟར་རྒྱ་སྐྱེགས་ལ་སོགས་པའི་ཁུ་བས་བཅུས་པའི་ས་བོན་ལ་སོགས་པའི་རྒྱུན་རྗེས་སུ་འཇུག་པ་ཉིད་ཡིན་པ་དེ་བཞིན་དུ་སྔོན་གྱི་ལས་ཀྱིས་བསྒོས་པའི་ནུས་པའི་ཁྱད་པར་ཡང ་ཡིན་ཏེ། གང་གི་ཕྱིར་དུས་ཕྱིས་ཡོངས་སུ་སྨིན་པ་ཐོབ་པ་ལས་འདོད་པ་འམ་མི་འདོད་པའི་འབྲས་བུ་སྐྱེ་བ་ཡིན་གྱི། སྔོན་གྱི་ལས་ཀྱིས་མ་བསྒོས་པའི་འདུ་བྱེད་ཀྱི་རྒྱུན་ལས་འབྲས་བུ་སྐྱེ་བར་འདོད་པ་ཡང་མ་ཡིན་པས་དེའི་ཕྱིར་གང ་ལས་མ་བྱས་པ་དང། ཕྲད་པའི་སྐྱོན་དུ་འགྱུར། གསལ་བྱེད་པ་ན་རེ་སེམས་ལ་ལས་དག་གིས་དགོས་པ་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། སྔ་མའི་རང་བཞིན་ཡོངས་སུ་མ་དོར་བའི་བརྟན་པ་ལ་བག་ཆགས་ཞེས་བྱ་བ་ཡོད་པ ་མ་ཡིན་ནོ། །བརྟན་པ་མ་ཡིན་པ་ལ་ནི་རང་བཞིན་གྱིས་ཁྱད་པར་གཞན་སྐྱེད་པ་ཉིད་བག་ཆགས་ཡིན་ནོ། །གང་ཡང་བརྟན་བཅོས་ལས། བརྟན་ལུང་མ་བརྟན་བསྒོ་བྱ་བ་ཞེས་བཤད་པ་དེ་ནི་རྒྱུན་གྱིས་བརྟན་པ་ལས་དགོངས་པ་ཡིན་ནོ། །གང་རྒྱུན་ཆད་པ་དེའི ་དུས་ཆེས་རིང་བར་འབྱུང་བའི་འབྲས་བུ་སྐྱེ་བའི་དུས་སུ་ཉེ་བར་མེད་པའི་ཕྱིར་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །དེས་ན་དེའི་རྣམ་པ་དེ་ལྟ་བུར་སྐྱེ་བ་ལ་བག་ཆགས་ཀྱི་རྟེན་མི་རིགས་སོ་ཞེས་བྱ་བར་དགོས་པའོ། །དེ་ལྟ་བས་ན་འདིས་གང་ཅུང་ཟད་བརྗོད་པ་དེ་ནི ་གཞན་གྱི་གྲུབ་པའི་མཛའ་མི་ཤེས་པ་ཉིད་ཡིན་པའི་ཕྱིར་བཏང་སྙོམས་སུ་བྱ་བར་འོས་སོ། །གཞོན་ནུ་མ་ལེན་ན་དེ་ཁོ་བོ་ཅག་ནི་བྱེད་པ་པོ་འགའ་ཞིག་གིས་བྱས་པའི་ལས་འཇིག་པའི་ཕྱིར་བྱས་པ་ཆུས་ཟོས་ཤིང་མ་བྱས་པ་དང་ཕྲད་པར་ནི ་མི་སྨྲའོ། །ཁྱེད་ཅག་གིས་གཞུང་གིས་བྱེད་པ་པོ་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེན། ལས་དང་དེའི་འབྲས་བུ་ངག་སྐྱེ་བ་དང་འཇིག་པ་རྗེས་སུ་འགྲོ་བ་མེད་པར་ཁས་བླང་པའི་ཕྱིར། བྱས་པ་ཆུད་ཟོས་པ་དང། མ་བྱས་པ་དང་ཕྲད་པར ་ཐལ་བར་འགྱུར་བར་སྨྲའོ། །ཞེས་ཟེར་རོ། །དེའི་ཕྱིར་འདི་ལ་རྣམ་པ་དེ་ལྟ་བུའི་བྱས་པ་ཆུད་ཟོས་པ་དང། མ་བྱས་པ་དང་མི་འདོད་པ་ཐོབ་པར་མི་རིགས་སོ། །ཞེས་བསྟན་པའི་ཕྱིར། །སྐད་ཅིག་གིས་འཇིག་རྣམ་རྟོག་གིས། ཞེས་བྱ་བ་སྨོས་ཏེ། ལས ་ཀྱི་སྐད་ཅིག་སྔ་མ་རྗེས་སུ་འགྲོ་བ་མེད་པར་ཞིག་པའི་ཕྱིར་བྱས་པ་ཆུད་ཟོས་པ་དང། འབྲས་བུའི་སྐད་ཅིག་སྔ་མ་མེད་པ་ཉིད་སྐྱེ་བའི་ཕྱིར་མ་བྱས་པ་དང་ཕྲད་པ་ཞེས་བྱ་བ་དེ་ལྟ་བུ་སྐད་ཅིག་ཐ་དད་པའི་རྣམ་པར་རྟོག་པས་བྱས་པ་ཆུད་ཟོས་པ ་ལ་སོགས་པའི་རྩོད་པ་དེ་ནི་འདོད་པ་ཉིད་ཡིན་ནོ། །རྗེས་སུ་འགྲོ་བའི་དངོས་པོ་ཆ་ཉུང་ངུ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱའོ། །གང་ཡང། དེའི་ཕྱིར་རྟོག་པ་དང་ལྡན་རྣམས། འབྲས་བུ་འདོད་པས་རྗེས་འཇུག་མིན། ཞེས་སྨྲས ་པ་དེ་ལ། སེམས་ཅན་ཡོད་ལྟ་མ་ཉམས་པས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གང་དག་ལྷན་ཅིག་སྐྱེས་པ་ལས་གཞན་པའི་འཇིག་ཆོགས་ལ་ལྟ་བ་ལ་སོགས་པ་མ་སྤངས་པ་དེ་དག་ལ་སྐད་ཅིག་མ་ཐ་དད་པའི་རྣམ་པར་རྟོགས ་པ་འདི་མེད་པ་ཉིད་དེ། འདི་ལྟར་རྒྱུན་ལ་གཅིག་པ་ཉིད་དུ་ཞེན་ནས། བདག་ཅག་བདེ་བར་འགྱུར་རོ། །ཞེས་བྱ་བ་ཡོངས་སུ་དགའ་བར་བྱེས་ནས་ལས་འཇུག་པར་འགྱུར་རོ། །གང་དག་སོ་སོའི་སྐྱེ་བོ་དགེ་བ་དེ་དག་ནི་དེ་ལྟར་རིགས་པ་དང་ལུང་ངག་གིས་ཇི་ལྟ་བ་བཞིན ་དུ་སྐད་ཅིག་མ་དང་བདག་མེད་པ་དག་རྟོགས་པའི་ཕྱིར་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་དེ་དག་ཀྱང། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་རྟོགས་པར་འགྱུར་ཏེ། སྙིང་རྗེ་ལ་སོགས་པ་སྔོན་དུ་འགྲོ་བའི་སྦྱིན་པ་ལ་སོགས་པ་དག་ལས་བདག་དང ་གཞན་ལ་ཕན་པར་འབྱུང་བར་བྱེད་པའི་འདུ་བྱེད་སྐད་ཅིག་མ་ཉིད་གཞན་དུ་བརྒྱུད་པ་སྐྱེའོ། །འཚེ་བ་ལ་སོགས་པ་དག་ལས་ནི་མ་ཡིན་པས་དས་ན་དེ་དག་རྒྱུ་དང་འབྲས་བུའི་སོ་སོར་ངེས་པ་གཟུང་ནས་དགེ་བ་ལ་སོགས་པའི་བྱ་བ་དག་ལ་འཇུག་པར་འགྱུར ་རོ། །ཇི་སྐད་དུ། ཇི་སྲིད་དེ་ནི་བདག་ལ་ནི། སྲེད་པ་ཡོངས་སུ་མ་བཅོམ་པར། དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། རང་བཞིན་དུ་ནི་གནས་མི་འགྱུར། །གྲོལ་བ་པོ་ནི་མེད་ན་ཡང། ལོག་པར་སྒྲོ་འདོགས་གཞོམ་ཕྱིར་རྩོམ། ཞེས་བཤད་པ་ལྟ་བུའོ། །རྒྱུ ་དང་འབྲས་བུའི་དངོས་པོ་དེ་རྟོགས་པ་པོ་ཚད་མ་ཇི་ལྟར་གྲུབ་པ་དེ་ལྟར་བསྟན་ཟིན་པ་ཁོ་ནའོ། །གང་ཡང་སྐད་ཅིག་འཇིག་པའི་དངོས་རྣམས་ལ། ངོ་ཤེས་པ་ཡང་འཐད་པར་དཀའ་། །ཞེས་སྨྲས་པ་དེ་ལ། སེམས་རྣམས་འགའ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། འབྲས་བུ་འབྲས་བུ་ཅན་ཉིད་ཅེས་བྱ་བ་ནི་འདི་ལ་འབྲས་བུ་ཡོད་པས་འབྲས་བུ་ཅན་ཏེ། །རྒྱུ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་དང་འབྲས་བུ་ཅན་གྱི་དངོས་པོ་ནི་འབྲས་བུ་དང་འབྲས་བུ་ཅན་ཉིད་དེ། རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བའི་དོན ་ཏོ། །འདི་ལྟར་གང་གིས་ཉམས་སུ་མྱོང་བ་གང་ཁོ་ན་དེ་ཉིད་ཀྱིས་དྲན་པ་ཞེས་བྱ་བར་འགྱུར་བ་དྲན་པ་པོ་དོན་དམ་པར་ཡོད་པ་ཉམས་སུ་མྱོང་བ་ནི་འགའ་ཡང་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུན་གང་ལ་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བོས་གོང་ནས ་གོང་དུ་ཤིན་ཏུ་ཆེས་ཁྱད་པར་ཅན་གྱི་སྐད་ཅིག་སྐྱེ་བས་དྲན་པ་ལ་སོགས་པའི་ས་བོན་བསྒོས་པ་དེ་ཉིད་ལ་དྲན་པ་ལ་སོགས་པ་སྐྱེ་བར་གྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་སོ་སོར་ངེས་པའི་ཕྱིར་རོ། །ཞེས་བྱ་བ་ནི་སྤྱིའི ་དོན་ཏོ། །ཇི་སྐད་དུ། གཞན་གྱིས་དྲན་དང་ལོངས་སྤྱོད་སོགས། ཐལ་བར་འགྱུར་བ་འང་གནོད་བྱེད་མིན། དེ་ཡིས་འགའ་ཡང་མ་དྲན་ཕྱིར། འདི་ལྟར་མྱོང་ལས་དྲན་པ་འབྱུང། ཞེས་བཤད་པ་ལྟ་བུའོ་འོད་ཤེས་པ་ལ་སོགས་པ་སྐྱེ་པ་ཡང་དྲན་པ་ལ ་སོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་འགལ་བ་མེད་དོ། །གང་བློ་ཐ་དད་ན་ཡང་རྒྱུ་མཚན་མེད་ཅེས་བརྗོད། །ངོ་ཤེས་པ་ལ་སོགས་པའི་རྒྱུ་མཚན་ཤེས་པ་པོ་གཅིག་པུ་འགའ་ཞིག་གྲུབ་པ་ཡོད་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་རྒྱུ་དང ་འབྲས་བུ་དངོས་པོ་ཙམ་གྱིས་ཁས་བླངས་པའི་ཕྱིར་རོ། །གང་ཡང་སྲིད་པའི་བཙོན་རར་འདོད་ཆགས་ལ་སོགས། ཞེས་བྱ་བ་ལ་སོགས་པས་བཅིང་པ་དང་ཐར་པའི་རྣམ་པར་བཞག་པ་མི་འཐད་དོ། །ཞེས་བྱ་བ་སྨྲས་པ་དེ་ལ། མ་རིགས་ལ་སོགས ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་ལ་ནི་སྐྱེས་བུ་གཅིག་ལ་བརྟེན་པའི་བཅིངས་པ་དང་ཐར་བ་དག་གང་དུ་ཡང་མ་གྲུབ་སྟེ། བཅིངས་པར་བྱ་བ་དང་གྲོལ་བར་བྱ་བ་འགའ་ཡང་མ་ཐུབ་སྟེ། བཅིང་པར་བྱ་བ་དང་གྲོལ་བར་བྱ་བ་འགའ་ཡང་མ་གྲུབ་པའི་ཕྱིར་ཏེ། མ་རིག་པ་ལ་སོགས་པ་འདུ་བྱེད ་རྣམས་ནས་རྒ་ཤིའི་མཐར་ཐུག་པའི་སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ཀྱིས་བཅིངས་པ་ཞེས་ཐ་སྙད་དུ་བྱེད་པ་འགའ་ཞིག་དུ་ཟད་དོ། །དེ་སྐད་དུ་ཡང། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་སྐྱེ་བར་འགྱུར་རོ། །ཞེས་གསུངས ་སོ། །མ་རིགས་པ་ལ་སོགས་པ་དེ་དག་ཀྱང་དེ་ཁོ་ན་ཉིད་ཤེས་པ་ལས་བྲལ་བ་ན་དྲི་མ་དང་བྲལ་བའི་བློ་གང་ཡིན་པ་དེ་ནི་གྲོལ་བ་ཞེས་བྱ་སྟེ། ཇི་སྐད་དུ། གང་ཕྱིར་ཆགས་སོགས་ཉོན་མོང་པས། བསྒོས་པའི་སེམས་ཉིད ་འཁོར་བ་སྟེ། དེ་ཉིད་དེ་དག་ལས་གྲོལ་བ། སྲིད་མཐར་ཕྱིན་ཅེས་བརྗོད་པ་ཡིན་ཞེས་གསུངས་པ་ཡིན་ནོ། །གང་ཡང་བཅིངས་དང་གྲོལ་བ་དེ་དག་ནི། གཞི་གཅིག་ཅེས་བྱ་བ་སོགས་པ་སྨྲས་པ་དེ་ལ་ཡང་དཔེ་ལ་བསྒྲུབས་བྱ་མ་ཚང་བ ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། བཅིངས་པ་དང་ཐར་པ་འདི་དག་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དངོས་པོ་ཐམས་ཅད་སྐྱེ་མ་ཐག་ཁོ་ནར་འཇིག་པ་ཡིན་ནོ་ཞེས་བསྒྲུབས་པ་དེའི་ཚེ་བཅིངས་པ་དང་ཐར་པ་དེ ་དག་གཞི་གཅིག་པ་ཉིད་གང་དུ་ཡང་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར་དཔེ་མ་གྲུབ་པོ། །དེའི་ཕྱིར་དེ་ལྟར་རང་གི་ཕྱོགས་རྣམ་པར་བཞག་ནས། བདག་ལ་ཀུན་ཏུ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཕྱོགས་འགེགས་པར་བྱེད་དོ།། ་གལ་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང། དེ་ཁོ་ན་ཉིད་བསྒོམ་པ་ལ་སོགས་པ་དག་གི་བདག་ལ་ཁྱད་པར་འགའ་ཞིག་བྱེད་ན། དེའི་ཚེ་དེའི་བཅིངས་པ་དང་ཐར་པ་ལ་སོགས་པའི་རྣམ་པར་བཞག་པར་འགྱུར་ན། གང ་གིས་རྒྱུ་དང་འབྲས་བུ་ངེས་པའི་མཚམས་ཀྱི་མཚན་ཉིད་ཅན་གྱིས་བཅིངས་པ་དང་ཐར་པ་ལ་སོགས་པའི་རྣམ་པར་བཞག་འདི་འདྲ་བ་འདི?་བྱེད་པར་འགྱུར་བ་གང་གི་ཕྱིར་རྟག་པ་ཉིད་ཀྱིས་དེ་ལ་ཁྱད་པར་སྒྲུབ་པར་བྱེད་པ་ཡོད་པ ་མ་ཡིན་པ་དེའི་ཕྱིར་ངེས་པར་རྒྱུ་དང་འབྲས་བུར་འདོད་པའི་མཚན་ཉིད་བཅིངས་པ་དང་ཐར་པ་རྣམ་པར་བཞག་པ་བྱེད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་བདག་ལ་ཁྱད་པར་སྐྱེད ་པ་ཡིན་ན། དེའི་ཚེ་ཁྱད་པར་བདག་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་ལ། བདག་ཀྱང་དེ་ལས་ཐ་མི་དད་པའི་ཕྱིར་ཁྱད་པར་བཞིན་དུ་མི་རྟག་པ་ཉིད་དུ་འགྱུར་རོ། །ཁྱད་པར་གཞན་དུ་གྱུར་པོ་ནི་མི་རིགས་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ལན ་བརྒྱར་བརྟགས་ཟིན་ཏོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། ལས་དང་འབྲས་བུའི་འབྲེལ་པ་བརྟག་པ་སྟེ་བཅུ་བཞི་པའོ།། །།ད་ནི་ཡོན་ཏན་རྫས་དང་ལས་རིགས་པ། འདུ་སོགས་ཁྱད་པར་གྱིས་སྟོང་པ། ཞེས་བྱ་བ་དེ་བསྒྲུབས ་པར་བྱ་བའི་ཕྱིར་ཚིག་གི་དོན་དྲུག་བརྟགས་པ་ཉེ་བར་བགོད་པར་བྱེད་པ་ནི། རྐང་མིག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐང་མིག་པ་ལ་སོགས་པ་རྣམས་ན་རེ། སྔར་བསྟན་པའི་དངོས་པོ་བརྟག་པར། རིགས་ལ་སོགས་པ་དངོས་མེད་ཕྱིར། སྐད ་ཅིག་འཇིག་པར་འདོད་པ་ཡིན། ཞེས་བྱ་བ་འདིས་སྔར་རིགས་པ་ལ་སོགས་པ་རང་བཞིན་མེད་པ་ཉིད་དང་ལྡན་པ་གང་ཡིན་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་རྫས་དང་ཡོན་ཏན་དང། ལས་དང། སྤྱི་དང། བྱེ་བྲག་དང། འདུ་བ་ཞེས་བྱ་བ་ཚིག ་གི་དོན་དྲུག་དམ་པའི་དོན་དུ་རྫས་སུ་ཡོད་དོ་ཞེས་ཟེར་རོ། །རྐང་མིག་གི་སློབ་མ་ཡིན་པའི་ཕྱིར་རྐང་མིག་བ་སྟེ། རིགས་པ་ཅན་རྣམས་སོ། །བྱེ་བྲག་པ་རྣམས་ནི་གཟིགས་ཟན་གྱི་སློབ་མ་སྟེ་གཟེགས་ཟན་པ་ཞེས་བྱའོ། །ལུང་པ་ཙམ་དག ་ཅེས་བྱ་བ་ནི་འདི་དག་ལ་རིགས་པ་དང་བྲལ་བ་ལུང་ཙམ་ཡོད་པ་ཡིན་པས་ལུང་ཙམ་པ་དག་གོ། །དེ་ལ་རེ་ཞིག་ས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས། རེ་ཞིག་རྫས་ཀྱི་ཚིག་གིས་དོན་དགག་པར་བྱ་བའི་དོན་དུ་དེའི་རྣམ་པར་དབྱེ་བ ་འཆད་དེ། ཐ་དད་དུ་རྣམ་པར་ཕྱེ་ན་བདེ་བླག་ཏུ་སུན་དབྱུང་བ་བརྗོད་པར་ནུས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྣམ་པ་དགུ་ཞེས་བྱ་བ་ནི། མདོ་ལས་ས་དང་ཆུ་དང། མེ་དང་རླུང་དང། ནམ་མཁའ་དང། དུས་དང་ཕྱོགས་དང། བདག་དང་ཡིད་ཅེས་བྱ་ ་བ་ནི་རྫས་དག་ཡིན་ཞེས་བྱའོ། །དེ་ལ་ཡང་ས་དང་ཆུ་དང་མེ་དང་རླུང། ཞེས་བྱ་བའི་སྒྲས་ནི་གྲངས་བཞི་པོ་འདི་ནི། རྟག་པ་དང་མི་རྟག་པའི་ཁྱད་པར་གྱི་བྱེ་བྲག་གི་རྣམ་པ་གཉིས་ཏེ། འདིར་རྣམ་པ་གཉིས་པོ་འདི་བསྟན་པའི་ཕྱིར། རེ་ཞིག ་གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་བདག་ཉིད་རྣམས་ནི་རྟག་པ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སོགས་པས་བརྩམས་པ་ནི་མི་རྟག་པ་སྟེ། རྒྱུ་དང་ལྡན་པ་ནི་མི་རྟག་པའོ། །ཞེས་བྱ་བར ་རིགས་པས་སོ། །དེ་སོགས་ཀྱིས་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དག་ལ་སོགས་པ་དེ་དག་གང་དག་ལ་ཡོད་པའི་རྡུལ་ཕྲ་རབ་གཉིས་འབྱར་བ་གཉིས་པ་ལ་སོགས་པ་དེ་དག་ནི་དེ་བརྩོགས་སོ། །ནམ་མཁའ་ལ་སོགས་པ་ནི་རྟག་པ་ཁོ་ནའོ། །སྙམ་དུ་བསམས་པའོ། །རེ་ཞིག་རྫས་ཀྱི ་གྲངས་བཞི་པོ་དེ་དག་འདིར་དགག་པར་འདོད་ནས། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ས་ལ་སོགས་པ་འདི་དག་རྡུལ་ཕྲ་རབ་རྟག་པའི་རང་བཞིན་དུ་བརྗོད་པ་གང་ཡིན་པ་དེ་དག་ལ་ནི་དངོས་པོ་མཛའ་དག་ལ་ཁྱབ་པའི་སྐད་ཅིག་མ་འཇིགས་པ་བསྒྲུབས་པའི ་ཕྱིར་རྟགས་པའི་ངོ་བོ་མེད་པར་བསྒྲུབས་པ་ཉིད་ཡིན་ནོ། །གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ཏེ། སྐད་ཅིག་མ་མ་ཡིན་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་པའི་ཕྱིར། དེའི་མཚན་ཉིད་ཅན་གྱི་ཡོད་པ་ཉིད་ཉམས་པ་ཡིན་ནོ་ཞེས་ཁྱབ་པ་བསྒྲུབ ་ཟིན་ཏོ། །འདི་ལ་ཡང་གནོད་པར་བྱེད་པའི་ཚད་མ་བཤད་པ་ནི། རྟགས་ན་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རི་ལ་སོགས་པ་རག་པ་རྣམས་ལ་རྒྱུར་གྱུར་པའི་རྡུལ་ཕྲ་རབ་དག་རྟག་པར་ཡོད་པ་ཡིན་ནོ་ཞེས་ཁས་ལེན་པར་བྱེད་པ་དེའི་ཚེ། དེའི་འབྲས་བུ ་རགས་པ་རྣམས་རྒྱུ་མ་ཚང་བ་མེད་པའི་ཕྱིར་ཅིག་ཅར་ཁོ་ནར་སྐྱེ་བར་འགྱུར་རོ། །སྦྱོར་བ་ནི་གང་དག་རྒྱུའི་ཚོགས་པ་ཐོགས་པ་མེད་པ་ཅན་དེ་དག་ནི་ཅིག་ཅར་འབྱུང་བ་ཡིན་ཏེ། མཚུངས་པར་སྐྱེས་པའི་མྱུ་གུ་མང་པོ་དག་བཞིན་ནོ། །རྡུལ་ཕྲ་རབ་རྟག་པའི་འབྲས་བུ ་ཉིད་དུ་མངོན་པར་འདོད་པ་རགས་པའི་དངོས་པོ་རྣམས་ཀྱང་རྒྱུའི་ཚོགས་པ་ཐོགས་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྒྱུ་ཚོགས་ཀྱང་མི་སྐྱེ་ན་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཚེ་མི་སྐྱེ་བར་ཐལ་བར་འགྱུར་རོ། །ཞེས་བྱ་བར་ནི་གནོད ་པར་བྱེད་པའི་ཆང་མའོ། །འདི་སྙམ་དུ་རྒྱུ་རྣམ་པ་གསུམ་དུ་འདོད་དེ། འདུ་བའི་རྒྱུ་དང། འདུ་བ་མ་ཡིན་པའི་རྒྱུ་དང། རྒྱུ་མཚན་གྱི་རྒྱུའོ། །དེ་ལ་གང་ལ་འབྲས་བུ་གང་འདུ་བ་དེ་ནི་དེའི་འདུ་བ་དེའི་རྒྱུ་སྟེ། དཔེར་ན་རྡུལ་ཕྲ་རབ་གཉིས་པ་ལ་རྡུལ་ཕྲན་གཉིས་ལྟ་བུའོ། །གང་ཞིག ་གང་ལ་མི་འདུ་བའི་རྒྱུའི་དངོས་པོ་ཙམ་དུ་གྱུར་པ་དེ་ནི་འདུ་བ་མ་ཡིན་པའི་རྒྱུ་ཡིན་ཏེ། དཔེར་ན་ཡན་ལག་ཅན་གྱི་རྫས་ཙམ་པོ་ལས་ཡན་ལག་གི་ལྡན་པ་ལྟ་བུའོ། །རྒྱུ་ལྷག་མའི་རྒྱུ་མཚན་གྱི་རྒྱུ་སྟེ། དཔེར་ན་ཆོས་ལ་སོགས་པའོ། །ཞེས་བྱ་བ་འདི་ནི་འདི་དག་གི ་རྣམ་པར་དབྱེ་བ་ཡིན་ནོ། །དེ་ལ་ལྡན་པ་ལ་སོགས་པ་ལ་བལྟོས་པར་འགྱུར་བ་ནི་མི་ཉེ་བའི་ཕྱིར་རྒྱུ་མ་ཚང་བ་ཉིད་དུ་མ་གྲུབ་སྟེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་པོ་ཞེས་དོགས་པ་ལ། དེ་དག་ལྡན་པ་ལ་སོགས་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྡུལ་ཕྲ ་རབ་རྣམས་ལ་ལྡན་པ་ལ་སོགས་པས་ཁྱད་པར་འགའ་ཞིག་བྱེད་ན་དེའི་ཚེ་དེ་དག་དེ་ལ་བལྟོས་པར་འགྱུར་ན། ཇི་སྲིད་དུ་རྡུལ་ཕྲ་རབ་རྣམ་རྟག་པའི་ཕྱིར། གཞན་དག་གིས་ཁྱད་པར་དུ་བྱར་མེད་པ་ཉིད་ཡིན་ན་དེ་ཇི་ལྟར་ན་དེ་དག་ལྡན་པ་ལ་སོགས་པ་བལྟོས་པར ་གྱུར། ལུས་དང་ས་ལ་སོགས་པ་རགས་པ་རྣམས་ཅིག་ཅར་སྐྱེ་བ་ཡོད་པ་ཡང་མ་ཡིན་ཏེ། ལུས་ལ་སོགས་པ་རིམ་གྱིས་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་བཟློག་པའི་སྦྱོར་བ་ནི། གང་དག་འབྲས་བུ་རིམ་པ་དང་ལྡན་པའི་རྒྱུ་ཡིན་པ་དེ་དག་ནི་མི ་རྟག་པ་ཡིན་ཏེ། རིམ་པ་དང་ལྡན་པའི་མྱུ་གུ་ལ་སོགས་པའི་འབྲས་བུ་འགྲུབ་པར་བྱེད་པའི་ས་བོན་ལ་སོགས་པ་བཞིན་ནོ། །རྡུལ་ཕྲ་རབ་རྣམས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྣམ་ཕུག་པས་རྡུལ་ཕྲ་རབ་རྟག་པ་ཉིད་དུ་སྒྲུབ ་པའི་ཕྱིར་ཆད་མ་སྨྲས་པ། རྡུལ་ཕྲ་རབ་རྣམས་སྐྱེད་པར་བྱེད་པར་མངོན་པར་འདོད་པ་ནི། ཡོད་པའི་ཆོས་དང་ལྡན་པ་མ་ཡིན་སྟེ། ཡོད་པར་སྒྲུབ་པར་བྱེད་པའི་ཚད་མའི་ཡུལ་མ་ཡིན་པའི་ཕྱིར། བོང་བུའི་རྭ་བཞིན་ནོ་ཞེའོ། །ཡོད་པ་སྟེ ་བདོག་པའི་ཆོས་ཏེ་ཡོད་པ་ཉིད་དོ། །དེ་དང་ལྡན་པ་ནི་ཐོབ་པ་སྟེ། ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཀག་པ་འདི་ནི་རྡུལ་ཕྲན་སྐྱེད་བྱེད་དེ། རྡུལ་ཕྲ་རབ་རྣམས་སྐྱེད་པར་བྱེད་པའི་རྒྱུ་མེད་དོ། །ཞེས་བྱ་བའི་དོན་ཏོ། །ཚད་མ་དེ་འདི་དོགས་པ་བསུ་བ ་སྔོན་དུ་འགྲོ་བ་ཅན་བསྟན་པའི་ཕྱིར་གལ་ཏེ་རྡུལ་ཕྲན་སྐྱེད་བྱེད་འདོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་སྐྱེད་པར་བྱེད་པའི་ཆོས་དང་ལྡན་པ་མ་ཡིན་པར་འདོད་ཞེས་སྦྲེལ་ལོ། །ཡོད་པ་དམིགས་པ་སྟེ། རྟོགས་པ་དེའི་དོན་ཏེ། དགོས ་པ་ཚད་མ་ག་ལ་ཡོད་པ་དེ་ལ་དེ་སྐད་ཅིག་བྱའོ། །ལྷག་མ་ནི་རྟོག་པར་བླའོ། །འདིས་ནི་རྡུལ་ཕྲ་རབ་རྣམས་མི་རྟག་པ་ཉིད་དུ་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཉིད་བསྟན་ཏེ། ཡོད་པ་རྒྱུ་དང་མི་ལྡན་རྟག། ཅེས་བཤད་པའི་ཕྱིར་རྒྱུ ་མེད་པ་ཉིད་ཀྱིས་རྡུལ་ཕྲ་རབ་རྣམས་རྟགས་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །མིན་ཏེ་མ་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པས་གཏན་ཚིག་མ་གྲུབ་པ་ཉིད་དུ་བཤད་དོ། །འོན་ཏེ་ཐ་ག་པ་ལ་སོགས་པ་སྣམ་བུ་ལ་སོགས་པ་ཁོ་ནའི་རྒྱུ་ཉིད་དུ་གྲགས་པ ་མ་ཡིན་ནམ། རྡུལ་ཕྲ་རབ་རྣམས་ཀྱི་ནི་མ་ཡིན་ན། དེ་ཇི་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་རྒྱུ་ཐག་པ་ལ་སོགས་པ་མ་མཐོང་ཞེས་བྱ་ཞེ་ན། གང་ཕྱིར་སྣམ་བུ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་འོག་ནས་སྟོན་པར་འགྱུར་སྙམ་དུ་བསམས ་པའོ། །གཞན་ཡང་ཡུལ་དང། རང་བཞིན་གྱིས་སྐལ་པའི་དོན་རྣམས་དམིགས་པར་བྱེད་པའི་ཚད་མ་ལོག་ན་ཡང་ཡོད་པར་མི་འགལ་པའི་ཕྱིར། །དེས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། ཡོད་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་།དེ་ན་མེད་པ་ལ་ངེས་པ་མེད། ཅེས་བྱ་བ་ནི་ཤ་ཟ་ལ་སོགས་བ་བཞིན་ནོ་སྙམ་དུ་བསམས་པའོ། །དེ་ལྟར་རེ་ཞིག་རྒྱུའི་རྫས་བཀག་ནས། འབྲས་བུའི་རྫས་དགག་པའི་ཕྱིར། དེས་བརྩམས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ཡོན་ཏན་ནི་གཟུགས་ལ་སོགས་པའོ། །ཡན་ལག་ནི་སྣལ་མ་ལ་སོགས་པའོ། །དེ་འདི་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་གྱུར་བ་ཡོན་ཏན་དང་ཡན་ལག་ལས་ཐ་དད་པ་ཡན་ལག་ཅན་དེ་མ་དམིགས་ཏེ། སྣམ་སུ་ལ་སོགས་པའི ་མཚན་ཉིད་ཀྱི་ཡན་ལག་ཅན་གྱི་རྫས་དཀར་པོ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་སྣམ་བུ་ལ་སོགས་པ་ཡན་ལག་དག་ལས་གཞན་དུ་གྱུར་པ་གང་དུ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་མི་སྣང་ངོ། །དེའི་ཕྱིར་འདིར་ཡོན་ཏན་དག་ལས ་དོན་གཞན་དུ་གྱུར་པའི་རྫས་མི་དམིགས་པས་ཡོན་ཏན་དང་ཡོན་ཏན་ཅན་དུ་སྨྲ་བ་དང། ཡན་ལག་ལས་མ་གཏོགས་པའི་ཡན་ལག་ཅན་མི་དམིགས་པས་ཡན་ལག་དང་ཡན་ལག་ཅན་དུ་སྨྲ་བ་བསལ་ཏོ། །སྦྱོར་བ་ནི་གང་དམིགས་པའི་མཚན་ཉིད་དུ ་གྱུར་པ་གང་ན་མི་དམིགས་པ་དེ་ནི་དེ་ན་མེད་པ་ཡིན་ཏེ། དཔེར་ན་ཕྱོགས་ཀྱི་བྱེ་བྲག་འགའ་ཞི་ན་བུམ་པ་ལ་སོགས་པ་མི་དམིགས་པ་ལྟ་བུའོ། །ཡུལ་དེ་ཉིད་དུ་ཡོན་ཏན་དང་ཡན་ལག་ལས་དོན་གཞན་དུ་གྱུར་པའི་སྣང་བ་ཉིད་དུ་མངོན་པར་འདོད ་པའི་ཡོན་ཏན་ཅན་དང་ཡན་ལག་ཅན་ཡང་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། ཆེན་པོ་དང་རྫས་དུ་མ་དང་ལྡན་པ་ཉིད་དང། གཟུགས་ནི་དམིགས་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར་སྣང ་རུང་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །ཉེ་བར་བསྒྱུར་དང་ཕྲད་པ་ནི། ཞེས་བྱ་བ་ལ་སོགས་པས་གསལ་བྱེད་པ་དང་སྣང་བྲལ་ལ་སོགས་པ་རྣམས་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྟོན་པར་བྱེད་དེ། དེ་དག་གི་སྨྲས་པའི་ཡོན་ཏན་ལས ་མ་གཏོགས་པ་ཡོན་ཏན་ཅན་ཡང་དག་པར་དམིགས་པ་ཁོ་ན་ཏེ། དེའི་གཟུགས་ལ་སོགས་པའི་ཡོན་ཏན་མ་བཟུང་ན་ཡང་ན་ཡང་དེ་འཛིན་པའི་ཕྱིར་རོ། །འདི་ལྟར་ཉེ་བར་བསྒྱུར་བ་ཉེ་བའི་གནས་སྐབས་ཀྱི་ཤེལ་རྡོའི་རི་ལ་ཡོད་པའི་དཀར ་པོའི་ཡོན་ཏན་མ་དམིགས་ན་ཡང་མཐོང་བ་ཉིད་དོ། །ཆུ་སྐྱར་ལ་སོགས་པ་ཡང་མཚན་མོ་ཉུང་ཟད་ཉུང་ཟད་སྣང་བ་ན་ཡང་དེ་གཏོགས་པའི་སྐྱེ་བོ་ལ་སོགས་པའི་མ་མཐོང་ཡང་གཟུང་བ་ཁོ་ནའོ། །དེ་བཞིན་དུ་ལུས་རྐང་བའི་བར་དུ་རལ་གས ་གཡོགས་པའི་སྐྱེས་བུ་ལ། དེའི་སྔོ་བསངས་ལ་སོགས་པའི་གཟུགས་མ་གཟུང་བར་ཡང་སྐྱེས་པ་སྐྱེས་པ་ཡང་ཞེས་རྟོགས་པ་སྐྱེ་པ་ཡིན་ནོ། །དུར་སྨྲིག་དང་གུར་གུམ་ལ་སོགས་པས་གོས་དམར་པོ་ལ་དེའི་ངོ་བོ་འདྲེས་པའི་ངོ་བོ་ཉིད་ཀྱིས ་ཟིལ་གྱིས་མནན་པ་མ་དམིགས་ན་ཡང་གོས་ཀྱི་བློར་འགྱུར་བ་ཡིན་ནོ། །དེའི་ཕྱིར་རེ་ཞིག་དེ་ལྟར་མངོན་སུམ་ཉིད་ཀྱིས་ཡོན་ཏན་དང་ཡོན་ཏན་ཅན་ཐ་དད་བར་གྲུབ་པར་བསྟན་ནས། ད་ནི་རྗེས་སུ་དཔག་པས་ཀྱང་གྲུབ་པོ་ཞེས་བསྟན་པའི་ཕྱིར། པདྨ་སོགས ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པདྨ་ལ་སོགས་པ་ལས་གཟུགས་ལ་སོགས་པ་ཡོན་ཏན་ཡིན་ཏེ། པདྨའི་གཟུགས་ལ་སོགས་པ་ཞེས་བྱ་བ་དེ་ལྟ་བུའོ། །པདྨ་ལ་སོགས་པ་དེ་ཡིས་གཟུགས་ལ་སོགས་པ་དེ་ནི་རྣམ་པར་གཅོད ་པའི་ཕྱིར་ཏེ། དཔེར་ན་ནག་པའི་རྟ་ཞེས་ནག་པས་བདག་པོ་གཞན་དག་ལས་རྣམ་པར་གཅོད་པ་ན་རྟ་དེ་ལས་ཐ་དད་ཡིན་པ་བཞིན་ནོ། །དེ་བཞིན་དུ་སྦྱོར་བ་གཞན་ནི་ས་དང་ཆུ་དང་མེ་དང་རླུང་གི་རྫས་རྣམས་ནི་སོ་སོར་གཟུགས་དང། རོ་དང་དྲི་དང ་རེག་པའི་ཡོན་ཏན་དག་ལས་ཐ་དད་པ་ཡིན་ཏེ། གཅིག་གིས་ཚིག་དང་མང་པོའི་ཚིག་གི་ཡུལ་ཡིན་པའི་ཕྱིར་རོ། །ཟླ་བ་དང། རྒྱུ་སྐར་རྣམས་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །གང་གི་ཕྱིར་ཇི་ལྟར་ཟླ་བ་ཞེས་བྱ་བ་ནི་གཅིག་གི་ཚིག་ཡིན་ལ། རྒྱུ་སྐར་རྣམས་ཤེས ་མང་པོའི་ཚིག་སྟེ། ཟླ་བ་དང་རྒྱུ་སྐར་རྣམས་ཐ་དད་པའི་རྒྱུ་མཚན་དུ་དམིགས་པ་དེ་བཞིན་དུ་འདི་ལ་ཡང་ས་ཞེས་བྱ་བ་ནི་གཅིག་གི་ཚིག་གོ། །གཟུགས་དང་རོ་དང་དྲི་དང། རེག་པ་རྣམས་ཞེས་བྱ་བ་ནི་མང་པོའི་ཚིག་གོ་།དེ་བཞིན་དུ་ཆུ་ལ་སོགས་ལ ་ཡང་སྦྱར་བར་བྱའོ། །རྒྱུ་སྐར་ཐ་དད་པ་ནི་རྒྱལ་ལ་སོགས་པའོ། །དེ་ལྟར་ཡོན་ཏན་དང་ཡོན་ཏན་ཅན་ཐ་དད་པར་བསྒྲུབ་ནས། ཡན་ལག་དང་ཡན་ལག་ཅན་ཐ་དད་པར་བསྒྲུབས་པར་བྱ་བའི་ཕྱིར། དེ་བཞིན་སྣམ་སྣལ་ཐ་དད་དེ། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྦྱོར་བ་རྣམས་ནི། སྣམ་བུ་ནི་སྤྱད་པའི་ཡུལ་དུ་གྱུར་པའི་སྣལ་མ་དག་ལས་གཞན་ཡིན་ཏེ། བྱེད་པ་པོ་ཐ་དད་པའི་ཕྱིར། བུམ་པ་ལ་སོགས་པ་བཞིན་ནོ། །སྣལ་མ་དང། སྣམ་བུ་དག་ནི་གཞན་ཡིན་ཏེ། ནུས་པ་ཐ་དད་པའི་ཕྱིར། དུག ་དང་གཉེན་པོ་གཞོན་ནོ། །དུས་དང་སླར་དང་ཕྱིས་འབྱུང་བའི་ཕྱིར་ཡང་སྟེ། ཕ་དང་བུ་བཞིན་ནོ། །ཚང་མ་ཐ་དད་པའི་ཕྱིར་ཏེ། ཨུཏཔ་ལ་དང་སྐྱུ་རུ་ར་དང་བིལ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །འདི་དག་གི་ཁྱབ་པ་བསྒྲུབས་པའི་ཕྱིར། འགལ་བའི ་ཆོས་དང་ལྡན་པས་ན་ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཕན་ཚུན་ཐ་དད་པའི་རྒྱུ་མཚན་ནི་འགལ་བའི་ཆོས་དང་ལྡན་པ་ཙམ་ཡིན་ཏེ། ཀ་བ་ལ་སོགས་པ་བཞིན་ནོ། །དེ་ཡང་ཡན་ལག་དང་ཡན་ལག་ཅན་དག་ལ་ཡང་ཡོད་དེ། འདི་ལྟར ་སྣལ་མ་དག་གི་བྱེད་པ་པོ་ནི་བུད་མེད་ཡིན་ལ་སྣམ་བུའི་ནི་ཐ་ག་པའོ། །སྣམ་བུ་ནི་གྲངས་པ་སེལ་བ་ལ་སོགས་པའི་འབྲས་བུ་ནུས་ཀྱི་སྣལ་མ་རྣམས་ནི་མ་ཡིན་ནོ། །སྣལ་མ་རྣམས་ནི་དང་པོར་དམིགས་ཏེ། དུས་སྔར་བྱུང་བའི་ཕྱིར་རོ། །སྣམ་བུ་ནི་ཕྱིས ་ཐེག་པ་ལ་སོགས་པས་བྱེད་པའི་དུས་ཕྱིས་དམིགས་པའི་ཕྱིར་དུས་ཕྱིས་བྱུང་བ་ཉིད་ཡིན་ནོ། །སྣམ་བུའི་ཞེང་དང་སྲིད་དུ་ཚད་ཇི་ཙམ་ཡོད་པ་དེ་ཙམ་སྣལ་མ་རེ་རེས་ཡོད་པ་མ་ཡིན་པའི་ཕྱིར་ཚང་ཐ་དད་པ་ཡིན་ནོ། །དེའི་ཕྱིར་གཏན ་ཚིགས་རྣམས་མ་ངེས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་རེ་ཞི་རྗེས་སུ་དཔག་པས་ཡན་ལག་ཅན་དག་ཐ་དད་བར་བསྒྲུབས་ནས། མངོན་སུམ་གྱིས་ཀྱང་ཐ་དད་པར་བསྒྲུབས་པའི་ཕྱིར། །རགས་པའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་གལ་ཏེ་ལན་ལག་ཅན་མེད་པར་གྱུར་ན་ཐམས་ཅད་མི་འཛིན་པར་ཐལ་བར་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །རགས་པ་མེད་ན་རྡུལ་ཕྲ་རབ་ཅེས་བྱ་བའི་ཐ་སྙད་ཉིད་དུ་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རགས ་པའི་དངོས་པོ་ལ་བལྟོས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར་བླ་བར་ཟད་དོ། །འོན་ཏེ་ཤེ་པ་ལ་སོགས་པས་བྱ་བ་ལ་སོགས་པས་ལན?་འདེབས་པར་བྱ་དེ་ཕག་ཤིང་ལ་སོགས་པ་རང་ལ་ཡོད་པའི་ཡོན་ཏན་ལ་དམིགས་ནས་ཡང་འབའ་ ་ཞིག་ལ་དམིགས་སོ་ཞེས་གང་སྨྲས་པ་དེ་ནི་མ་གྲུབ་སྟེ། དེའི་ཤེས་པ་ནི་དོན་ཇི་ལྟར་བ་བཞིན་མ་ཡིན་པ་ཉིད་ཀྱིས་འཁྲུལ་པས་ཡུལ་མེད་པས་ཡིན་པའི་ཕྱིར་རོ། །འདི་ལྟར་ཐང་སྐྱེས་ཀྱིས་མེ་ཏོག་ལ་སོགས་པའི་ཉེ་བར་རྒྱུར་བས་ཤེལ་རྡོ་མེད་པ་ཉིད ་ཀྱི་དམར་པོ་ལ་སོགས་པའི་ངོ་བོ་དམིགས་ལ། ཆུ་སྐྱར་དང་ལྷ་ཁང་ལ་སོགས་པ་དཀར་པོ་ཡིན་ན་ཡང་སྲེ་བོའི་ངོ་བོར་མཐོང་སྟེ། དེ་དག་དེའི་དངོས་ཏེ། དམར་པོ་ལ་སོགས་པའི་ངོ་བོ་ཉིད་དེ་ཁོ་ན་ཉིད་དུ་ཡོད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེས་ན། རང་གི ་ཕྱོགས་འཇིག་པར་འགྱུར་བའི་ཕྱིར་ཏེ། གལ་ཏེ་དེ་དག་དེའི་དངོས་པོ་ཉིད་དེ་ཁོ་ན་ཉིད་དུ་གྱུར་ན་དེའི་ཚེ་དེའི་ངོ་བོ་མ་གཟུང་ན་ཡན་དེ་དག་འཛིན་པ་ཡོད་པ་ཡིན་ནོ་ཞེས་ཁྱེད་ཀྱིས་དེ་མ་ཐག་ཏུ་བརྗོད་པ་ཡིན་པའི་ཕྱོགས་དེ་འཇིག་པར་འགྱུར་རོ། །འདི་སྙམ་དུ ་དམར་པོ་ལ་སོགས་པའི་ངོ་བོ་ལས་མ་གཏོགས་པའི་ཤེལ་ལ་སོགས་པ་ཡང་དམིགས་པ་ཁོ་ནའི་སྙམ་ན། དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམར་པོ་ལ་སོགས་པའི་ངོ་བོ་དེ་ལས་ཐ་དད་པ་ཤེལ་ལ་སོགས་པའི་མཚན་ཉིད་བདག་གི་རང་བཞིན་མ་མཐོང ་སྟེ། དམར་པོ་ལ་སོགས་པའི་ངོ་བོ་ཁོ་ནར་དམིགས་པའི་ཕྱིར་རོ། །གལ་ཏེ་ཤེལ་ལ་སོགས་པ་དེའི་ངོ་བོ་མ་ཡིན་པ་ཡང་དམར་པོ་ལ་སོགས་པའི་ངོ་བོས་དམིགས་པ་ཡིན་ནོ་ཞེ་ན། གཞན་རྣམ་རིག་བློའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྣམ་པའི ་དབང་གིས་ཤེས་པ་དོན་སོ་སོར་ངེས་པའི་ཡུལ་ཅན་དུ་འཇོག་སྟེ། གལ་ཏེ་གཞན་གྱིས་རྣམ་པ་ཅན་གྱི་ཤེས་པ་ཡང་གཞན་གྱི་ཡུལ་ཅན་དུ་འགྱུར་བ་དེ་ལྟ་ཡིན་ན་གཟུགས་ཀྱི་ཤེས་པ་ཡང་སྒྲ་ལ་སོགས་པའི་ཡུལ་དུ་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ།། ་གཞན་ཡང་ཤེས་པ་གཞན་གྱི་རྣམ་པ་ཅན་ཡང་གཞན་གྱི་ཡུལ་ཅན་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་འདོད་པ་འགྲུབ་པར་འགྱུར་བ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དེ་བཞིན་དཀར་སོགས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དཀར་པོ་ལ་སོགས་པ་ཁོ་དེ་ལས་མ ་གཏོགས་པའི་ཡོན་ཏན་ཅན་གྱི་དངོས་པོ་དང་བྲལ་བ་དེ་ལྟར་དམར་པོ་ལ་སོགས་པའི་རིག་གོ་།ཞེས་བྱ་བ་དེ་ལྟ་བུ་ཡང་སྲིད་པར་འགྱུར་ན་དེ་ལྟར་ན་ཡང་ཡན་ལག་ཅན་མི་འགྲུབ་པོ། །འང་ཞེས་བྱ་བ་ནི་རིམ་པ་གཞན་དུ་སྦྱར་བ་དང་ངེས་པར་གཟུང་བ ་པ་ཡིན་ཏེ། དཀར་སོགས་ཞེས་བྱ་བ་འདིའི་དེ་མ་ཐག་ཏུ་བལྟ་བར་བྱའོ། །འདི་འཁྲུལ་པ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལྷག་མའི། །གང་ཡང་རལ་གའི་ནང་གནས་སྐྱེས་བུ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་མངོན་སུམ་མ ་ཡིན་ཏེ། རྟག་པ་དང་བཅས་པའི་ཕྱིར་དང། རྣམ་པ་མི་གསལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཤེས་པ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ། །གཟུགས་ལ་སོགས་པ་འདུས་པ་ཙམ་གྱི་མཚན་ཉིད་ཀྱི་སྐྱེས་བུ་ཡུལ་ཅན་ཡིན་པས་དེའི་ཕྱིར་ཡན་ལག་ཅན ་མ་གྲུབ་བོ་ཞེས་སྟོན་པ་ནི། དེའི་རྒྱུ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་གཟུགས་ལ་?་སོགས་པའི་ཚོགས་པ་ཙམ་གྱི་བདག་ཉིད་དེ་གནས་ལུགས་གང་ལ་བསྒྱུར་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་ལ་དེའི་རྒྱུ་ཅན་གྱི ་གནས་ལུགས་ཏེ། དབྱིབས་ཀྱི་ཁྱད་པར་རལ་ག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་འབྲས་བུར་བརྗོད་པའི་རྟགས་ཀྱི་ཁྱད་པར་གྱིས་སྐྱེད་པའི་རྗེས་སུ་དཔག་པའི་ཤེས་པ་ཡིན་པར་བསྟན་པ་ཡིན་ནོ། །གང་ཡང་གོས ་དམར་ལ་ནི་གོ་ཞེས་སྨྲས་པ་དེ་ལ། ངུར་སྨྲིག་གུར་གུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གོས་སྐད་ཅིག་མ་ཡིན་པའི་ཕྱིར་དཀར་པོ་ལ་སོགས་པ་སྔར་རང་བཞིན་ཞིག་པ་ནི། ཚོགས་པ་གཞན་གྱི་སྟོབས་ཀྱིས་སྔ་ན་མེད་པའི ་གཟིགས་ལ་སོགས་པ་སྐྱེས་པ་ཡིན་ཏེ། དེ་མངོན་སུམ་གྱིས་གཟུང་བ་ན། ཕྱིས་བརྡ་ཇི་ལྟ་བ་བཞིན་དུ་གོམ་པའི་ཁྱད་པར་གྱི་སྤྱིའི་ཡུལ་ཅན་གོས་སོ་གོས་སོ་ཞེས་བྱ་བའི་མངོན་སུམ་གྱི་རྗེས་ལ་བྱུང་བའི་ཀུན་རྫོབ་པ་དོན་དམ་པར ་ཡུལ་མེད་པ་ཤེས་སྐྱེ་བའི་ཕྱིར་འདི་ལ་མངོན་སུམ་ཉིད་མ་གྲུབ་པོ། །འདི་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། མངོན་སུམ་སྔ་མས་གཟུང་ནས?་ཡུལ་ཡིན་པའི་ཕྱིར་དང། རྟགས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལ་ཟིལ་གྱི་གནོན་པའི་དངོས ་པོ་ཅུང་ཟད་ཀྱང་ཡོད་པ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་གོས་གྱི་དཀར་པོ་ལ་སོགས་པའི་གཟུགས་མ་ཉམས་པ་མེད་པ་ཉིད་ཡིན་ན་དེ་ལྟར་བཀུས་པ་ལ་སོགས་པའི་གནས་སྐབས་སུ་ཡང་དམིགས་པར་འགྱུར་སྙམ་ན། སླར་ཡང་ཆུ ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ལྕགས་ལ་སོགས་པ་མེ་དང་འབྲེལ་པ་ལས་འབར་བ་ལ་སོགས་པའི་ངོ་བོར་སྐྱེ་ལ། ཡང་སྔོན་པོ་ལ་སོགས་པའི་ངོ་བོར་སྐྱེ་བ་དེ་བཞིན་དུ་དཀར་པོ་ལ་སོགས་པའི་གཟུགས་གཞན ་ཉིད་སྐྱེ་བའི་ཕྱིར་འགལ་བ་མེད་དོ། །འདི་སྙམ་དུ་གཟུགས་གཞན་ཁོ་ན་སྐྱེའི་སྔ་མའི་རང་བཞིན་ཟིལ་གྱིས་གནན་པའི་ཕྱིར་སྔ་མ་མི་དམིགས་པ་ཡིན་ལ། ཕྱིར་ཟིལ་གྱིས་གནོན་པ་མེད་པའི་ཕྱིར་དམིགས་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཇི ་ལྟར་རྟགས་པར་བྱ་སྙམ་དུ་སེམས་ན། གཟུགས་ནི་གནས་སྐབས་དེ་ཉིད་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་ཟིལ་གྱིས་མནན་པའི་རང་བཞིན་ཡོངས་སུ་མ་དོར་བ་དེ་ནི། གཞན་གྱི་ཟིལ་གྱིས་གནོན་པ་ནི་མ་ཡིན་ཏེ། སྔར་གྱི ་གནས་སྐབས་དེ་ཉིད་བཞིན་ནོ། །ཟིལ་གྱིས་གནོན་པའི་གནས་སྐབས་ཀྱི་གཟུགས་ཀྱང་ཟིལ་གྱིས་མ་མནན་པའི་རང་བཞིན་ཡོངས་སུ་མ་དོར་བ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཟིལ་གྱིས་མ་མནན་པའི ་རང་བཞིན་ཡང་ཡོངས་སུ་འདོར་བ་ཁས་ལེན་པར་བྱེད་ན་འདི་གཞན་ཉིད་དུ་གྲུབ་པོ། །པདྨ་སོགས་ལས་གཟུགས་སོགས་ཞེས་བྱ་བ་ལ། ཐ་དད་ཚིགས་དང་དྲུག་ལ་སོགས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དྲུག་པ་ལ་སོགས ་པ་རྣམས་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པར་གྱུར་ན་དེའི་ཚེ་ལས་དངོས་པོ་གྲུབ་པར་འགྱུར་ན། ཇི་སྲིད་དུ་རང་དབང་གི་འདོད་པ་ཙམ་གྱིས་འབྱུང་བ་འདི་དག་ཕྱི་རོལ་གྱིས་དངོས་པོར་གཏོགས་པའི་ཐ་དད་པ་ལ་སོགས་པ་ལ་ལྟོས་པ ་མ་ཡིན་ན་དེ་ཇི་ལྟར་འདི་དག་ལས་དོན་གྲུབ་པ་ཡིན། དེ་ལ་ཚིགས་ཐ་དད་པ་ནི་གཟུགས་ལ་སོགས་པ་རྣམས་ཞེས་བྱ་བའོ། །དྲུག་པ་ནི་སྣམ་བུའི་ཞེས་བྱ་བའོ། །སོགས་པ་སྨོས་པས་སྣམ་བུ་འདི་ལ་གཟུགས་ལ་སོགས་པ་ཞེས ་བྱ་བ་བདུན་པ་དང། སྣམ་བུའི་དངོས་པོ་ནི་སྣམ་བུ་ཉིད་དོ། །ཞེས་བྱ་བ་དེ་ལ་ཕན་པ་ཞེས་བྱ་བ་ལ་སོགས་པ་གཟུང། །འདི་ལྟར་གཞན་གྱིས་ཞེས་བྱ་བ་ལ་སོགས་པས་མ་ངེས་པ་ཉིད་སྒྲུབ་པར་བྱེད་དེ། འདི་ལྟར་ཚིག་གི་དོན་དྲུག་པོ ་རྣམས་ཀྱིས་ཡོད་པ་ཉིད་དང་དྲུག་པོ་དེ་དག་གི་སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ལ་དངོས་པའི་ཐ་དད་པ་མེད་ན་ཡང་དྲུག་པ་ལ་སོགས་པར་འགྱུར་བ་ཁོ་ནའོ། །ཁྱེད་ཅག་གི་ནི་ཚིག་གི་དོན་དྲུག་ལས་མ་གཏོགས་པའི་ཡོད་པ་ཉིད་མི་འདོད་དོ།། ་འདི་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ། བཙུན་མོ་རྣམས་བྱེད་མ་རྣམས་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་ཡོད་ན་ཡང་དོན་ཐ་དད་པ་མ་མཐོང་ངོ། །ནམ་མཁའ་ཨི་རང་བཞིན་ནམ་མཁའ་ཉིད། ཅེས་བྱ་བ་ལ་ཡང་རང་བཞིན་གཞན་དུ་མི་འདོད་དོ། །ཡོད་པར་ཤེས ་བྱེད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་ཡིན་ཏེ། ཡོད་པར་ཤེས་པར་བྱེད་པའི་ཚད་མའི་ཡུལ་ནི་དངོས་པོའི་དེ་ཁོ་ན་ཉིད་ཡིན་ཏེ། ཡོད་པ་ལ་དམིགས་པའི་བྱེད་པའི་ཚད་མའི་ཡུལ་ཉིད་ཅེས་བྱ་བ་ནི་དྲུག་པོ་རྣམས་ལ ་ཆོས་གཞན་ཡོད་པ་ཉིད་འདོད་དོ། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཁྲུལ་པ་མེད་དོ། །སྙམ་དུ་བསམས་པ་ཡིན་ནོ། །འདིར་ལན་བཤད་པ། ཁྱེད་ལ་དྲུག་ལས་གཞན་ཚིག་གི་དོན་ཁྱེད་ལ་ཐལ་ཞེས་བྱ་བ་ལྷག་མ་སྟེ། ཚིག་གི་དོན་བདུན་པར ་འགྱུར་རོ། །དེ་ལྟ་ཡིན་དང་ཚིག་གི་དོན་དྲུག་ཏུ་ཁས་བླངས་པ་ཉམས་པར་འགྱུར། །སྙམ་དུ་བསམས་པ་ཡིན་ནོ། །འདོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་ཇི་ལྟར་ཚིག་གི་དོན་དྲུག་གོ་ཞེས་བརྗོད་ཅེ་ན། དེ་དྲུག་ཆོས་ཅན་དུ་བརྗོད་དེ་ཞེས་བྱ ་སྨོས་ཏེ། དངོས་པོ་གང་དག་ཆོས་ཅན་གྱི་ངོ་བོ་ཉིད་ཡིན་པ་དེ་དག་ཚིག་གི་དོན་དྲུག་གོ་ཞེས་བརྗོད་དེ། ཆོས་ཀྱི་ངོ་བོ་ནི་ཚིག་གི་དོན་དྲུག་ལས་མ་གཏོགས་པ་འདོད་པ་ཁོ་ནའོ། །ཇི་སྐད་དུ་ཚིག་གི་དོན་ལ་འཇུག་པའི་གཞུང་ལས། དེ་ལྟར་ཆོས་ལས་མ ་གཏོགས་པའི་ཆོས་ཅན་དག་བསྟན་པར་བྱས་སོ་ཞེས་བཤད་པ་ལྟ་བུའོ། །དེ་དང་དེ་འབྲེལ་ཞེས་བྱ་བ་ལ་སོགས་པས་ལན་བཤད་དོ། །དེ་དང་ཞེས་བྱ་བ་ནི་ཚིག་གི་དོན་དྲུག་པོ་དག་དང་ངོ། །དེ་ཞེས་བྱ་བ་ནི་ཡོད་པ་ཉིད་ལ་སོགས་པའི་ཆོས་སོ། །གང་གིས་ཆོས ་འདི་དེ་དག་གི་ཡིན་པར་འགྱུར་བ་འབྲེལ་བ་གང་ཞིག་ཡིན། འབྲེལ་བ་མེད་པར་ནི་ཆོས་དང་ཆོས་ཅན་གྱི་དངོས་པོར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་ཐམས་ཅད་ཐམས་ཅད་ཀྱི་ཆོས་སུ་འགྱུར་རོ། །དེ་དག་དང་ལྷན་ཅིག ་འབྲེལ་བ་འགའ་ཡང་མེད་དེ། འདི་ལྟར་འབྲེལ་པ་ནི་གཉིས་ཁོ་ན་སྟེ། ལྡན་པའི་མཚན་ཉིད་དང། འདུ་བའི་མཚན་ཉིད་དོ། །དེ་ལ་རེ་ཞིག་ལྡན་པའི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་ཡོན་ཏན་ཡིན་པ་ཉིད་ཀྱིས་རྫས་ཁོ་ན་ལ་ངེས་པའི་ཕྱིར་རོ། །འདུ་བའི་བདག ་ཉིད་ཀྱང་མ་ཡིན་ཏེ། དེ་ནི་དངོས་པོ་བཞིན་དུ་གཅིག་ཉིད་དུ་འདོད་པའི་ཕྱིར་རོ། །འདུ་བའི་བདག་ཉིད་ལ་ཡང་འདུ་བས་འབྲེལ་པ་ཡིན་ན་འདུ་བ་གཉིས་པ་ཁས་བླང་བར་བྱ་བར་འགྱུར་རོ། །འབྲེལ་པ་མེད་པར་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོར ་འགྱུར་རོ་ཞེ་ན། འབྲེལ་པ་མི་འཐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་བཤད་ཟིན་ཏོ། །ཅི་སྟེ་ཚིག་གི་དོན་དྲུག་པོ་དེ་དག་གིས་ཆོས་སྐྱེད་པའི་ཕྱིར་དེ་དག་གི་ཆོས་འདི་འབྲེལ་པར་བརྗོད་དོ་ཞེ་ན། འོ་ན་གལ་ཏེ་དེ་ལྟ ་ན་དེ་ལས་བྱུང་བའི་འབྲེལ་པ་ཙམ་ཉིད་ལས་ཆུ་ལ་སོགས་པ་གཞན་ལ་ཡང་འཁར་གཞོང་རྣམ་པ་དེ་ལྟ་བུ་ལ་སོགས་དང་འབྲེལ་པར་འགྱུར་རོ། །དེ་ལྟ་ཡིན་དང་དེ་དག་ལ་ལྡན་པ་དང་འདུ་བ་ཞེས་བྱ་བའི་འབྲེལ་པ་གཞན་བརྟག་པ་དོན་མེད་པར་འགྱུར ་རོ། །གཞན་ཡང་དྲུག་པོ་དག་ལ་ཡོད་པ་ཉིད་ཅེས་བྱ་བའི་ཆོས་གཞན་ཡོད་དུ་ཆུག་མོད། །དེ་ལྟ་ན་ཡང་འཁྲུལ་པ་ན་ཁོ་ན་སྟེ། འདི་ལྟར་དེ་ལ་ཡང་ཏེ་ཡོད་པ་ཉིད་ལ་ཡོད་པ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དེ་ལ་ཐ་དད་པའི ་རྒྱུ་མཚན་གྱི་རྣམ་པར་དབྱེ་བར་ཇི་ལྟར་འགྱུར། ཅི་སྟེ་དེ་ལ་ཡང་ཡོད་པ་ཉིད་གཞན་ཁས་ལེན་པར་བྱེད་ན་དེའི་ཚེ་ཐུག་པ་མེད་པར་འགྱུར་རོ། །འདོད་པའི་ཕྱིར་ཐུག་པ་མེད་པ་མི་གནོད་དོ་ཞེ་ན། ཆོས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཕྱི་མ་ཕྱི་མའི ་ཆོས་དང་ལྡན་པའི་ཕྱིར་ཆོས་ཅན་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་དྲུག་པོ་འདི་དེ་དག་ནི་ཆོས་ཅན་ཁོ་ནར་བརྗོད་པ་ཞེས་བྱ་བ་འདི་མི་མཐོང?། ཚིག་གི་དོན་དྲུག་ལས་ཐ་དད་པའི་ཆོས་ཅན་གཞན་དག་ཀྱང་ཡོད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ཅི ་སྟེ་ཆོས་ཅན་གྱི་ངོ་བོ་གང་དག་ཡིན་པ་དེ་དག་ཁོ་ན་དྲུག་ཉིད་དུ་ངེས་པར་གཟུང་ངོ་སྙམ་པ་འདི་ཡང་སྙིང་པོ་མེད་དོ། །དེ་ལྟ་ན་ནི་ཡོན་ཏན་དང་ལས་དང་སྤྱི་དང་ཁྱད་པར་དང་འདུ་བ་རྣམས་མི་སྟོན་པར་འགྱུར་ཏེ། འདི་དག་ནི་ཆོས་ཅན་གྱི་ངོ་བོ་ཁོ་ན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ་ཆོས་ཀྱི་ངོ་བོ་ཉིད་ཀྱང་བསྟན་པར་ཡིན་ཏེ། འདི་དག་ནི་རྫས་ལ་བརྟེན་པའི་ཕྱིར་རོ། །འདི་ཉིད་ལས་ཞེས་བྱ་བ་ནི་ཆོས་གཞན་དང་ལྡན་པ་ལས་སོ། །ཡང་གཞན་གྱི་དྲུག་པོ་རྣམས་ཡོད་པ་ཉིད་ཡིན་ཏེ། ཡོད་པ་དམིགས་པར་བྱེད་པའི་ཚད་མས་རྟོགས་པར་བྱ་བ་ཡིན ་བའི་ཕྱིར་རོ། །རྟོགས་པར་བྱ་བ་ཡང་ཚིགས་གི་དོན་དྲུག་གི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པ་སྟེ། དེ་ཡོད་མ་ཡོད་པའི་ཐ་དད་དུ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱས་བསྐྱེད་པའི་ཤེས་པ་ནི་ཤེས་བྱ་ཉིད་ཡིན་ལ་རྗོད་པར་བྱེད་པས་བསྐྱེད་པ་ནི་བརྗོད་པར་བྱ ་བ་ཉིད་ཡིན་ནོ། །དེའི་ཕྱིར་ཐ་དད་པའི་རྒྱུ་མཚན་གྱི་དྲུག་པར་འགྱུར་བ་ཡིན་ལ། ཐུག་པ་མེད་པ་ཡང་མ་ཡིན་ཞིང་ཚིག་གི་དོན་དྲུག་ལས་མ་གཏོགས་པའི་ཚིག་གི་དོན་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ནོ། །ཞེས་ཟེར་བ་དེ་ལ་ཡང་འདི་ནི་རྣམ་པར་རྟོག་པ་ཙམ ་ཉིད་ཡིན་ཏེ། གལ་ཏེ་ཚིག་གི་དོན་དྲུག་པོ་དག་ལ་དོན་བྱེད་པར་ནུས་པའི་དངོས་པོའི་བདག་ཉིད་ཀྱི་བདག་གི་དེ་ཁོ་ན་ཉིད་མེད་པར་འགྱུར་ན་དེའི་ཚེ་དེ་དག་ནམ་མཁའ་ཨི་པདྨ་ལྟ་བུར་འགྱུར་ཏེ། དོན་བྱེད་པ་དག་ལ་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡིན་དང་ཡོད ་པ་དམིགས་པར་བྱེད་པའི་ཚད་མས་རྟོགས་པར་བྱེད་པར་མི་འགྱུར་རོ། །ཅི་སྟེ་འདི་དག་ལ་རྣམ་པ་དེ་ལྟ་བུར་གྱུར་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཡོད་པ་ཡིན་པ་དེའི་ཚེ་དོན་བྱེད་པར་ནུས་པ་དེ་དག་དངོས་པོ་ཉིད་ཁྱད་པར་གཞན་སྤངས་པ་ཙམ་ཤེས་པར་འདོད་པ་ལ་དེ་དག་གི་ཡོད ་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་གལ་ཏེ་ཐ་དད་པའི་རྣམ་པར་དབྱེ་བས་སྟོན་པར་འགྱུར་བ་དེའི་ཚེ་འགལ་བ་ཅི་ཡོད། རང་གི་ངོ་བོ་ཐ་དད་པ་མེད་པ་དེ་ཡང་བློས་དེ་ལས་བརྟེན་ནས་ཐ་དད་པ་ལྟ་བུར་བརྗོད་པ་འགལ་བ་མེད་པ་ཉིད་དེ། ཚིག་ནི་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །བཅོས ་མའི་གཏམ་ཉི་བར་སྦྱར་བ་རྣམས་ལ་བྱིས་པ་དང་དཔའ་བོ་ལ་སོགས་པའི་ཆོས་ཡོངས་སུ་བརྟགས་པ་ལྟ་བུ་ཡིན་པའི་ཕྱིར་འདི་ནི་ཅིར་ཡང་མི་འགྱུར་རོ། །བྱེད་པར་ནུས་སོགས་ཐ་དད་ཕྱིར། ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དང་པོའི་རྣ་ལམ་ལས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། གལ་ཏེ་སྣམ་བུའི་མིང་ཡང་དག་པར་ཐོས་པའི་གནས་སྐབས་དང་པོར་བྱུང་བའི་སྣལ་མ་དག་ལས་སྣམ་བུ་ཐ་དད་པར་སྒྲུབ་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་སྟེ། དངོས་པོ་ཐམས་ཅད་སྐད་ཅིག་མ་ཉིད་ཀྱིས་རྫས་སྣལ་མ་དག་ལས་སྣམ་བུའི་སྒྲས་བརྗོད་པར་བྱ་བའི ་སྣལ་མ་རྣམས་དེ་དང་མི་འདྲ་བའི་དངོས་པོ་མེད་ན་ཡང་སྐྱེ་བར་ཁས་ལེན་པའི་ཕྱིར་རོ། །ཅི་སྟེ་གང་དག་སྣམ་བུ་དང་དུས་མཚུངས་པར་འབྱུང་བའི་སྣལ་མ་དེ་དག་ལས་སྣམ་བུ་གཞན་ཉིད་དུ་སྒྲུབ་ན། དེའི་ཚེ་གཏན་ཚིགས་རྣམས་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱ་བ ་ཉིད་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེའི་དུས་སུ་སྣལ་མ་ལས་མ་གཏོགས་པོ་དེ་དང་དུས་མཚུངས་པར་འབྱུང་བའི་སྣམ་བུ་གྲུབ་པར་གྱུར་ན། དེའི་ཚེ་དེ་སྣལ་མ་ལ་བལྟོས་ནས་བྱེད་པ་པོ་ཐ་དད་པ་ལ་སོགས་པའི་ཆོས་འགྲུབ་པར་འགྱུར་ན། ་གང་གི་ཕྱིར་སྣལ་མ་ལས་ཐ་དད་པའི་སྣམ་བུ་དེ་ཉིད་འདིར་མ་གྲུབ་སྟེ། དེ་དག་ལས་ཐ་དད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྣམ་བུ་དང་སྣལ་མ་རྣམས་ཞེས་བྱ་བའི་མིང་ཙམ་ལས་དངོས་པོ་རྣམས་ཐ་དད་པ་ཡང་མ་ཡིན་ཏེ། དགོས་པ་གཞན་གྱིས་དབང ་གིས་ཀྱང་མིང་གཞན་སྦྱོར་བའི་ཕྱིར་རོ། །འདི་ལྟར་སྣལ་མ་ཁ་ཅིག་ཁྱད་པར་ཅན་གྱིས་གནས་སྐབས་ཐོབ་པ་ནི་གྲང་བ་ལ་སོགས་པ་དོན་གཅིག་བྱེད་པར་ནུས་པ་ཡིན་གྱི། གང་དག་བྱེད་པ་པོ་ཅུང་ཟད་ཡིན་པ་གཞན་ནི་མ་ཡིན་ནོ། །དེ་ལ་ཐ་སྙད་འདོགས་པ་པོ་རྣམས ་ཀྱི་ཐ་སྙད་མ་འཆོལ་བར་བྱ་བའི་ཕྱིར། དོན་གཞན་མེད་ན་ཡང་དོན་ཅིག་བྱེད་པ་ལ་ཉེ་བར་མཁོ་བའི་སྣལ་མ་ཁྱད་པར་ཅན་རྣམས་བསྟན་པར་འདོད་ནས་སྣམ་བུ་ཞེས་སྒྲ་གཅིག་ཉེ་བར་སྦྱོར་རོ། །ཡང་ཅིའི་ཕྱིར་སྒྲ་གཅིག་ཉེ་བར་སྦྱོར ་ཞེ་ན། སྒྲ་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོ་སོ་སོར་སྒྲ་རེ་རེར་བརྗོད་ན་དཀའ་བའི་སྐྱོན་ཡོད་དེ། འདི་ལྟར་དེ་ལ་བརྗོད་པར་འདོད་པའི་དངོས་པོ་འབྲས་བུ་གཅིག་སྒྲུབ་པར་བྱེད་པར་རུང་བའི་དངོས་པོ་ཇི་སྙེད་བ་ལ་སྒྲ་དེ་སྙེད་སྦྱར་བར་བྱ་བ་ཡིན་ཕྱིར་དཀའ་ ་བའི་སྐྱོན་ནོ། །འདི་དག་གི་ཐུན་མོང་མ་ཡིན་པའི་ངོ་བོ་བསྟན་པར་མི་ནུས་པའི་ཕྱིར་ཡང་མི་ནུས་པའི་སྐྱོན་ནོ། །རློམས་ཏེ་སྤྱིའི་རྣམ་པས་སྟོན་པ་ན། སྒྲ་གཅིག་ཉིད་བསྟན་པའི་མཆོག་ཡིན་གྱི། །སོ་སོ་སོ་སོར་སྟོན་པའི་སྦྱོར་བ་འདི་ལ་འབྲས་བུ་འགའ་ཡང ་མ་དམིགས་པའི་ཕྱིར་འབྲས་བུ་མེད་པའི་སྐྱོན་ནོ། །དངོས་པོ་མཛའ་དག་བརྗོད་པར་འདོད་པ་ན་དོན་མ་ལུས་པ་བརྗོད་པར་བྱས་ན་ཐ་སྙད་བླ་བ་ཡོན་ཏན་ཡིན་ཏེ། འགྲོ་བ་དང་སྲིད་པ་གསུམ་དང། སྣ་ཚོགས་པའི་སྒྲ་བཞིན་ནོ། །བརྗོད་པ་གཅིག་ཅེས་བྱ་བ ་ནི་སྣམ་བུ་ཞེས་བྱ་བ་ཚིག་ཅིག་ཅེས་བྱ་བའི་དོན་ཏེ། བྱེད་པ་པོ་དང་ནུས་པ་དང། ཡོངས་སུ་གྱུར་པ་ལ་སོགས་པའི་ཆོས་ཀྱང་ཡིན་པས་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཐ་དད་པའི་སྒྲ་དང་ཁྱད་པར་གྱི་བསྡུ་བ་བྱས་ནས་བསྟན་པར་བྱའོ།། ་གང་ཡང་རག་པའི་དོན་ཡོད་མ་ཡིན་ན། ཞེས་བྱ་བ་ལ་སོགས་པ་དེ་ལ། གང་དག་རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་རྣམས་དབང་པོ་ལས་འདས་པ་ཉིད་མ་གྲུབ་སྟེ། ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པ་རྣམས་ཀྱི་དབང ་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རྡུལ་ཕྲ་རབ་རྣམས་རྟག་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེ་ལ་རྡུལ་ཕྲ་རབ་རྣམས་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་དུ་དབང་པོ་ལས་འདས་པ་ཉིད་དུ་འགྱུར་གྱི། །ཁོ་བོ་ཅག་ལ་ནི་མ་ཡིན་ནོ།། ་ཕན་ཚུན་དུ་ལྷན་ཅིག་ཅེས་བྱ་བ་ནི་གཅིག་ལ་གཅིག་གྲོགས་བྱས་པ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་དབང་པོ་སྤྱོད་ཡུལ་དེ་ཉིད་སྟོན་པར་བྱེད་དོ། །འོན་ཏེ་རྡུལ་ཕྲ་རབ་རྣམས་ཤར་དང་ནུབ་ལ་སོགས་པ་ཕྱོགས་ཀྱིས་དབྱེ་བས་གནས ་པར་འདོད་ཀྱི་དེ་དག་དེའི་ངོ་བོས་མཚོན་པ་ནི་མ་ཡིན་ན། དེའི་ཕྱིར་ཇི་དག་འདི་དག་མངོན་སུམ་ཉིད་ཡིན་ཞེ་ན། གལ་ཏེ་འང་འདི་དག་ཤར་ནུབ་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་གྱི་གནོད་པ་མེད་པ་ནི་མངོན་སུམ་གནོད་པ་མེད་པའི་ཞེས་བསྡུ་བ་འམ། འདི་བསྡུ ་བ་མེད་པ་ཡིན་ཏེ། གནོད་པ་ཡོད་པ་མ་ཡིན་པའི་ཕྱིར་གནོད་པ་མེད་པ་སྟེ། སྦྱར་བའི་བཏུང་བ་ལ་སོགས་པ་བཞིན་དུ་མངོན་སུམ་ཉིད་དུ་གནས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྦྱར་བའི་བཏུང་བ་དང། སྡེ་མཚན་དང་ཆུ་དང་གསེར་ལ་སོགས་པ་ལ་འདྲེས་པའི་རྡུལ་ཕྲ་རབ ་རྣམས་དེ་ལྟར་དམིགས་ཏེ། རིགས་མི་མཐུན་པ་རྣམས་རྫས་མི་རྩོམ་པའི་ཕྱིར་དེ་ལ་ཡན་ལག་ཅན་གྱིས་རྫས་ཡོད་པ་མ་ཡིན་ལ། རྡུལ་ཕྲ་རབ་ལས་ཐ་དད་པའི་ལྡན་པ་མཐོང་བ་ཡང་མི་མཐད་དེ། རྟེན་མ་མཐོང་བའི་ཕྱིར་རོ། །གང་དུ་ལྡན་པ་ཅན་གཅིག་ཀྱང་མ ་མཐོང་བ་དེ་ལ་ལྡན་པ་མཐོང་བ་མ་ཡིན་ཏེ། དཔེར་ན་ཤ་ཟ་དང་བུམ་པའི་ལྡན་པ་དང་ཟླ་བའི་དཀྱིལ་འཁོར་དང། ནམ་མཁའ་ཨི་ཕྱོགས་དང་ཡུལ་གྱི་ལྡན་པ་བཞིན་ནོ། །ཡང་གང་དུ་རྡུལ་ཕྲ་རབ་ཀྱི་བདག་ཉིད་ཀྱི་ཐམས་ཅད་ཀྱི་ལྡན་པ་ཅན་མ་མཐོང་བ་དེར་ཇི་ལྟར ་དེ་ལ་བརྟེན་པའི་མཐོང་བར་འགྱུར། །གལ་ཏེ་དེ་ལྟ་ན་རྣམ་པ་ཐམས་ཅད་ཀྱིས་མ་དེས་ན་ཇི་ལྟར་འདི་དག་མངོན་སུམ་ཉིད་དུ་རིགས་པ་དང་ལྡན་པ་ཡིན་ཞེ་ན། ཀུན་ལས་ལོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་དངོས ་པོ་མངོན་སུམ་གྱིས་གཟུང་ན་ཡང་རྣམ་པ་ཐམས་ཅད་དུ་ངེས་པ་ནི་གང་ན་ཡང་མེད་དེ། ཇི་ཙམ་དུ་དངོས་པོ་དོན་གཞན་ལས་ལྡོག་པས་བྱས་པའི་ངོ་བོས་དེ་ངེས་པ་དེ་ཙམ་དུ་མངོན་སུམ་མོ་ཞེས་རྣམ་པར་འཇོག་པ་ཡིན་གྱི་རྣམ་པ་ཐམས་ཅད་ཀྱིས་ནི་མ ་ཡིན་ནོ། །རྣམ་པ་གཞན་བཟུང་དུ་ཟིན་ཀྱང་ངེས་པ་མི་མཐད་པས་ཐ་སྙད་དུ་མི་རུང་བ་ཉིད་ཀྱིས་མ་བཟུང་བ་དང་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དངོས་པོ་ཉམས་སུ་མྱོང་བ་བཞིན་དུའོ། །འོན་ཏེ་དངོས་པོ་ནི་ཆ་མེད་པ་ཉིད་ཀྱིས ་བདག་ཉིད་ཐམས་ཅད་ཀྱིས་མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཕྱིར་ཅིའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་ངེས་མི་འགྱུར་ཞེ་ན། རང་གི་མཚན་ཉིད་ཆ་མེད་ཅེས་བྱ་བ་ལ་སོགས་པ་སེམས་ཏེ། དབང་པོ་ལ་ཡོད་པ་ནི་དབང་པོ་ཅན་ཏེ། དབང་པོའི ་ཤེས་པ་ཞེས་བྱ་བའི་དོན་ཏོ། །རྟོག་པ་ཡོད་པ་མ་ཡིན་པ་ཏེ་རྟོག་པ་མེད་པ་དེ་ཡིན་ལ་དབང་པོ་ཅན་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེས་རྟོག་བྱ་ནི་རྟོགས་པ་མེད་པའི་དབང་པོའི་ཤེས་པས་རྟོགས་པར་བྱ་བ་ཞེས་བྱ་བའི་དོན་ཏེ། །གང ་ལས་ཐ་དད་ངེས་པ་ཞེས་བྱ་བ་ནི་གང་ལས་ཐ་དད་པ་སྟེ་ལྡོག་པ་ནི་གང་ལས་ཐ་དད་པའོ། །དེར་ངེས་པ་ནི་གཏན་ལས་ཕབ་པའོ། །དེའི་རྒྱུ་ནི་གོམས་པ་དང། ཉེ་བ་དང་ཆེས་ཆེར་ཉེ་བ་དང་བློ་གསལ་བ་ཞེས་བྱ་བ་ལ་སོགས་པའོ། །ཉམས་སུ ་མྱོང་བ་ཙམ་ཁོ་ན་ངེས་པའི་རྒྱུ་ནི་མ་ཡིན་གྱི། འོན་ཀྱང་གོམས་པ་ལ་སོགས་པ་ཡང་ཡིན་ནོ། །དེས་ན་གང་ན་དེ་དག་ཡོད་པ་དེར་ངེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཐམས་ཅད་ཀྱང་རྡུལ་ཕྲ་རབ་རྣམས་གྲུབ་ཅིང་ཕྱི་རོལ་གྱི་དོན་མངོན ་སུམ་གྱིས་གྲུབ་པ་ཉིད་དུ་ཁས་བླངས་ནས་བརྗོད་དེ། རྣམ་པར་ཤེས་པར་སྨྲ་བ་གང་གིས་ལྟར་ན་ཕྱི་རོལ་གྱི་དོན་སྔོན་པོ་ལ་སོགས་པའི་ངོ་བོར་མངོན་སུམ་གྱིས་མ་གྲུབ་སྟེ། རྨི་ལམ་ལ་སོགས་པའི་ཕྱི་རོལ་གྱི་དོན་མེད་པར་ཡང་རྣམ་པ ་དེ་ལྟ་བུའི་སྔོན་པོ་ལ་སོགས་པ་སྣང་བར་དམིགས་པས་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་ངོ་བོ་དེ་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་འཁྲུལ་པའི་ཤེས་པ་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྡུལ ་ཕྲ་རབ་རྣམས་ཀྱང་གྲུབ་པ་མ་ཡིན་ཏེ། དེ་དག་ཤར་དང་གཞན་དུ་གནས་པ་ཉིད་ཀྱིས་ཕྱོགས་ཆ་ཐ་དད་པས་གཅིག་ཏུ་མི་འགྲུབ་པའི་ཕྱིར་རོ། །དེ་ལ་ཇི་ལྟར་སྔོན་པོ་ལ་སོགས་པའི་ངོ་བོས་རྡུལ་ཕྲ་རབ་རྣམས་མངོན་སུམ་ཉིད་ཡིན། ཤར་དང་གཞན ་དུ་ཡང་ཤེས་པར་མི་ནུས་ཏེ། འཁྲུལ་པའི་རྒྱུ་མཚན་གྱི་དོན་གཞན་སྒྲོ་བཏགས་པའི་ཕྱིར་རོ་ཞེས་བརྗོད་པར་ནུས་སོ། །འདི་སྙམ་དུ་གལ་ཏེ་ཡན་ལག་ཅན་མེད་པར་འགྱུར་ན། དེའི་ཚེ་ཇི་ལྟར་རྡུལ་ཕྲ་རབ་མང་པོ་དག་ལ། མིག་བྱེད་པ་དག་དང་ལྡན ་པས་རོ་གཅིག་ཅེས་ངེས་པར་འགྱུར་སྙམ་དུ་སེམས་ན། ཇི་ལྟར་འབར་མཚུངས་འབྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མར་མེ་ལ་སོགས་པ་ཐ་དད་པ་ཡིན་ན་འབར་བ་ལ་སོགས་པའི་དངོས་པོ་བར་མེད་པར་འདྲ་བ་གཞན ་དང་གཞན་འབྱུང་བའི་ཕྱིར། གཅིག་ཉིད་དུ་འཁྲུལ་པར་འགྱུར་བ་དེ་བཞིན་དུ་ཆེས་ཕྲ་བའི་དངོས་པོ་དུ་མ་བར་མེད་པར་རིགས་པས་གཅིག་ཉིད་དུ་འཁྲུལ་པ་དེའི་ཕྱིར་སྐྱོན་འདི་མེད་དོ། །གལ་ཏེ་དེ་ལྟ་ན་ཐ་དད་དུ་མི་དམིགས་པར་ན་ཇི་ལྟར ་རྡུལ་ཕྲ་རབ་རྣམས་མངོན་སུམ་གྱིས་གྲུབ་པར་འགྱུར་བ་ཡིན་ཞེ་ན། རྣམ་དབྱེ་མི་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པར་ཕྱེ་ནས་ངེས་པར་མ་གཟུང་ན་མངོན་སུམ་དུ་མི་འདོད་ན། དེའི་ཚེ་མར་མེ་ལ་སོགས་སྔ་མ་དང་ཕྱི་མའི ་རྣམ་པར་དབྱེ་བ་མ་ཤེས་པ་ན། དེ་ཇི་ལྟར་མངོན་སུམ་ཉིད་དུ་མཐོང་བ་ཡིན། ཡན་ལག་ཅན་ཡང་ཡན་ལག་རྣམ་པར་དབྱེ་བས་མ་བཟུང་བ་གང་ཡང་ཡོད། དེ་བཞིན་དུ་ཅིའི་ཕྱིར་མངོན་སུམ་ཉིད་དུ་འདོད། དེའི་ཕྱིར་འདི་ནི་མ་ངེས་སོ། །འདི་ཙམ ་ཞིག་ཏུ་འགྱུར་ཞེས་བྱ་བ་ལ་སོགས་པས་རྒོལ་བར་འདོད་པ་གཞན་དག་ལ་སླབ་པར་བྱེད་པའོ། །འདི་དག་ཅེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་སོ། །དེ་ཡང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་རྣམ་པར་ཕྱེ་ནས་མི་ཤེས་པ་གང་ཡིན་པ་དེ་ཡང་རྡུལ་ཕྲ་རབ ་དུ་གཏོགས་པའི་སྔོན་པོ་ལ་སོགས་པའི་མི་འཛིན་པའི་རྒྱུ་མ་ཡིན་ཏེ། གཞན་ལས་ཀྱང་ངེས་པ་སྐྱེ་བར་འགྱུར་པའི་ཕྱིར་ཏེ། འདི་ལྟར་རེ་ཞིག་ཕྱི་རོལ་དོན་ཡོད་པར་སྨྲ་བས་ཤེས་པ་འདི་ཡུལ་མེད་པར་འདོད་པར་མི་བྱ་སྟེ། གཞན་དུ་མ་རྣམ་པར་ཤེས ་པ་ཙམ་ཉིད་དུ་ལྟ་བ་ཁོ་ནར་འགྱུར་རོ། །རིགས་པ་ངོ་བོ་ཉིད་ཀྱི་སྣང་བའི་གཟུགས་ལ་སོགས་པའི་ཡུལ་འདི་ཡང་གཅིག་ཡིན་ནམ། དུ་མ་ཡིན་གྲང་གཅིག་ཡིན་ན་ཡང་ཡན་ལག་རྣམས་ཀྱིས་བརྩམས་པ་ཞིག་ཡིན་ནམ། མ་བརྩམས་པ་ཞིག་ཡིན ་དེ་ལ་རེ་ཞིག་འདི་ནི་གཟུགས་སོགས་གཉི་གའི་བདག་གཅིག་ཏུ་རིགས་པ་མ་ཡིན་ཏེ། མངོན་སུམ་ལ་སོགས་པ་དང་འགལ་བའི་ཕྱིར་རོ། །འགལ་བ་འདི་གང་ཞེ་ན། རགས་པ་གཅིག་གི་རང་བཞིན་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རགས ་པ་གཅིག་ཡིན་ན། དེའི་ཚེ་ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པ་དང། ཕྱོགས་གཅིག་ཁ་བསྒྱུར་བ་ན་ཐམས་ཅད་ཁ་བསྒྱུར་བར་འགྱུར་ཏེ། བསྒྲིབས་པ་དང། མ་བསྒྲིབས་པ་དང། ཁ་སྒྱུར་བ་དང། མ་བསྒྱུར་བ་དག་ལ་ཁྱེད་ཅག་གི་འདོད ་པས་ཐ་མི་དད་པའི་ཕྱིར་རོ། །གཅིག་ལ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟར་ན་སྣ་ཚོགས་རྫས་གཅིག་དུ་འགྱུར་ལ། དེའི་ཕྱིར་ལྷན་ཅིག་སྐྱེ་བ་ལ་སོགས་པར་ཐལ་བར ་འགྱུར་རོ། །ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པར་མཐོང་བ་ཡང་མ་ཡིན་པའི་ཕྱིར་མངོན་སུམ་དང་འགལ་ལོ། །དེ་བཞིན་དུ་རྗེས་སུ་དཔག་པ་དང་འགལ་བ་ཡང་ཡིན་ཏེ། འདི་ལྟར་གང་ཞིག་ཕན་ཚུན་འགལ་བའི་ཆོས་དང་ལྡན ་པ་དེ་ནི་གཅིག་མ་ཡིན་ཏེ་དཔེར་ན་བ་ལང་དང་མ་ཧེ་བཞིན་ནོ། །རགས་པ་ཡང་དམིགས་པ་དང་མི་དམིགས་པའི་ངོ་བོ་དང། བསྒྲིབས་པ་དང་མ་བསྒྲིབས་པའི་ངོ་བོས་འགལ་བའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས ་པའོ། །ཐམས་ཅད་གཅིག་ཉིད་དུ་ཐལ་བར་འགྱུར་བ་ན་གནོད་པ་ཅན་གྱི་ཚད་མའོ། །གསལ་བྱེད་པ་ན་རོ་གཅིག་ལ་ཐ་དད་པ་མེད་པའི་ཕྱིར་ཐམས་ཅད་ཀྱི་སྒྲ་སྦྱོར་བ་མི་མཐོང་ངོ། །ཞེས་ཟེར་ཏེ། དེ་འདི་འོན་ཏེ་གཅིག་གི་རང་བཞིན་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ ་སྟེ། འདི་ལྟར་ཐམས་ཅད་ཀྱི་སྒྲ་དོན་དུ་མའི་ཡུལ་ཅན་ཡིན་ཞིང་ཡན་ལག་ཅན་ནི་དུ་མའི་བདག་ཉིད་མ་ཡིན་པའི་ཕྱིར། དེ་ལ་ཇི་ལྟར་གང་གིས་ཐམས་ཅད་བསྒྲིབས་པར་ཐལ་བར་འགྱུར་རོ། །ཞེས་བརྗོད་པ་ཐམས་ཅད་ཀྱི་སྒྲ་སྦྱོར་བར་བྱེད། གང་དག་ཅེས་བྱ་བ ་ལ་སོགས་པས་ལན་འདེབས་པར་བྱེད་དེ་འཇིག་རྟེན་ན་གོས་དང་ལུས་ལ་སོགས་པ་གྲུབ་པ་གང་ཡིན་པ་དེ་ཁོ་ན་ཁྱེད་ཅག་གིས་ཡན་ལག་ཅན་ཉིད་དུ་བརྟགས་ཏེ། དེ་ལ་ཡང་འཇིག་རྟེན་ཐམས་ཅད་དང་ཕྱོགས་གཅིག་གི་སྒྲ་དག་འཇུག་པར་གྲུབ་པ་ཁོ་ནའོ།། ་དེ་སྐད་དུ་ཡང་གོས་ཐམས་ཅད་དམར་པར་ཞེས་བྱ་བ་ལ་སོགས་པར་སྨྲ་བ་པོར་འགྱུར་བ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་བརྗོད་པར་འདོད་པའི་འཇིག་རྟེན་གང་ཡིན་པ་འདི། །ཡུལ་ཤིན་ཏུ་ཆེས་ཡངས་པ་ནོན་པའི་གནས་རས་ཡུག་ལ་སོགས་པ་དངོས་པོར་རྟོགས་པའི་དམར་པོ་ལས་སོགས ་པར་བསྟན་པར་འདོད་པ་དེ་ལ་ཡང་ཁོ་བོ་ཅག་གིས་ཀྱང་གྲགས་པའི་རྗེས་སུ་འབྲངས་ནས་ཁྱེད་ཅག་ལ་འགལ་བ་བསྒྲུབ་པའི་ཕྱིར། ཐམས་ཅད་ལ་སོགས་པའི་སྒྲ་སྦྱོར་བར་བྱེད་པ་ཡིན་ནོ། །ཁྱེད་ཅག་རགས་པ་གཅིག་ཉིད་དུ་ཁས་ལེན་པ་ལ་སྐྱོན་འདི་འོང་གི། ཁོ་བོ ་ཅག་ལ་ནི་མ་ཡིན་ནོ། །ཁོ་བོ་ཅག་གིས་ནི་རགས་པ་གཅིག་ཉིད་འདོད་པ་མ་ཡིན། །འདི་སྙམ་དུ་ཁོ་བོ་ཅག་ལ་ཡང་སྐྱོན་མེད་པ་ཁོ་ན་སྟེ། འདི་ལྟར་བརྟགས་ནས་ཏེ། འདི་ན་ཉེ་བར་བཏགས་པ་ཡིན་ཏེ། སྣལ་མ་ལ་སོགས་པའི་ཡན་ལག་རྣམས་ལ་དེའི་རྒྱུ་ཉིད་ཀྱིས་སྣམ་བུ་ལ་སོགས་པར་རྗོད ་དེ། དེས་ནི་ཐམས་ཅད་ལ་སོགས་པའི་སྒྲ་སྦྱོར་བར་འགྱུར་རོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་ཚིག་ཐ་དད་དེ། ཐམས་ཅད་རྣམས། དམར་པོ་རྣམས་ཤེས་ཐམས་ཅད་དུ་མང་པོའི་ཚིག་དུ་ཐལ་བར་འགྱུར་ཏེ། ཁྱེད་ཅག་ནི་མང་པོ་རྣམས་ལ་ཚིག་གཅིག ་འདོད་པ་པ་མ་ཡིན་ནོ། །ཅི་སྟེ་ཡང་ཡན་ལག་ཅན་དུ་གཏོགས་པའི་གྲངས་གཅིག་བླངས་ནས་ཡན་ལག་རྣམས་ལ་རང་གི་བརྗོད་པར་བྱ་བ་ལ་གནས་པའི་རྟགས་ཀྱི་གྲངས་གོས་ལ་སོགས་པའི་སྒྲ་མ་དོར་བ་ཁོ་ནར་འཇུག་པ་ཡིན་ནོ། །སྙམ་དུ་སེམས་ན། དེ་ཡང་མི ་རིགས་སོ་ཞེས་སྟན་པའི་ཕྱིར། དངོས་དང་བརྟགས་པར་འདོད་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བསྟན་པ་འདི་བཏགས་པ་ཡིན་ན་དེའི་ཚེ་དངོས་དང་བརྟགས་པའི་ཡུལ་ལ་བློ་ཐ་དད་པའི་བློ་སྟེ། མི་འདྲ་བ་འཁྲུལ་པའི་རྟོག་པ་དང། མ་འཁྲུལ་པའི་རྟོག་པ་ཉིད་དུ་འགྱུར་ན་ཐ་དད་པ་ཡང ་ཡོད་པ་མ་ཡིན་ཏེ། འདི་ལྟར་གོས་ཐམས་ཅད་དམར་པ་ཡིན་གྱི། །འོན་ཀྱང་དེའི་རྒྱུར་གྱུར་པའི་སྣལ་མ་རྣམས་ལ་དམར་པོའི་ཞེས་བྱ་བ་དེ་ལྟ་བུའི་བློ་འཇུག་པ་མ་ཡིན་ནོ། །ཡང་གི་སྒྲ་ལས་ཁྱེད་ཅག་གིས་གོས་ལ་ཐམས་ཅད་ཀྱི་སྒྲས་བརྗོད་པར་བྱ་བར་འདོད་པ་མ་ཡིན་ཏེ། དེ་གཅིག ་ཡིན་པའི་ཕྱིར་དེ་ཇི་ལྟར་དེའི་གྲངས་བླངས་ནས་ཐམས་ཅད་ཀྱི་སྒྲ་གོས་ལ་སོགས་པ་དང་ལྷན་ཅིག་ཡན་ལག་རྣམས་ལ་འཇུག་པར་འགྱུར། ཡང་ན་དངོས་དང་བཏགས་པར་འདོད་པ་དག་གི་བློ་ཐ་དད་པ་ནི་སྣ་ཚོགས་པ་ཉིད་དེ། དེ་ནི་འདི་ལ་ཡོད་པ་མ་ཡིན་ཏེ། གཟུགས་དང ་རེ་ལ་སོགས་པ་བཞིན་དུ་སྣལ་མ་དང་སྣམ་བུ་དག་ངོ་བོ་ཐ་དད་པར་མི་དམིགས་པའི་ཕྱིར། །ངོ་བོ་ཐ་དད་དག་ཏུ་མི་དམིགས་པ་དག་ལ་ནི་དངོས་དང་བཏགས་པ་ཉིད་ཡོད་པ་མ་ཡིན་ནོ། །འོན་ཏེ་ལྡན་པ་ཞེས་བྱ་བ་ལ་སོགས་པས་བདེ་བྱེད་བདག་པོས་ལན་འདེབས ་པའི་དོགས་པ་བསུ་བ་སྟེ། དེས་སྨྲས་པ་ངུར་སྨྲིག་དང་གུར་གུམ་ལ་སོགས་པའི་རྫས་དང་ལྡན་པའི་གོས་ནི་དམར་པོར་བརྗོད་ལ། ལྡན་པ་ཡང་མ་ཁྱབ་པར་འཇུག་སྟེ། དེས་ན་གཅིག་དམར་བ་ན་ཐམས་ཅད་དམར་བར་ནི་མི་འགྱུར་ལ། གོས་ལ་སོགས་པས་ཀྱང་ལུས ་ཀྱི་ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པ་མ་ཡིན་ནོ་ཞེའོ། །དེ་འདི་ནི་མི་རིགས་སོ་ཞེས་བསྟན་པ་ནི། ཅི་སྟེ་ཆ་ཤས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སྣམ་བུ་ལ་སོགས་པ་རྫས་གཅིག་ཉིད་ཡིན་ན་དེའི་ཚེ་གང་གིས་ལྡན་པ་ན་ཁྱབ་པར་འཇུག་པར་འགྱུར ་པ་ཆ་ཤས་མེད་པའི་རྫས་དེ་ལ་ངུར་སྨྲིག་ལ་སོགས་པས་མ་ཁྱབ་ཅི་ཞིག་ཡོད། ཅི་སྟེ་མ་ཁྱབ་པའི་རང་བཞིན་གྱི་གནས་སྐབས་རྣམས་ཁས་ལེན་པར་བྱེད་ན། དེའི་ཚེ་དེའི་གནས་སྐབས་ན། དེ་ཉིད་ཀྱི་ཕྱིར་ཐ་དད་པར་གྲུབ་སྟེ། ཁྱབ་པ་དང་མ་ཁྱབ་པ་དག་འགལ་བས་རང་བཞིན ་གཅིག་ཉིད་དུ་མི་རུང་བའི་ཕྱིར་རོ། །གཅིག་ཡུལ་ཤིན་ཏུ་ཆེས་ཡངས་པར་གནས་པ་ཡང་རིགས་པ་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །གཞན་དུ་ཆུའི་སྐྱེ་བོ་དང་གླང་པོ་ཆེ་ལ་སོགས་པ་ཐམས་ཅད་གཅིག་པ་ཉིད་ཀྱིས་ཁྱད་པར་མེད་པའི་ཕྱིར། རགས་པ་དང་ཕྲ་བ་ལ ་སོགས་པའི་བྱེ་བྲག་ཏུ་མི་འགྱུར་རོ། །ཡན་ལག་ཉུང་དུ་དང་ཆེས་མང་བས་བརྩམས་པ་ལ་སོགས་པས་བྱས་པའི་ཁྱད་པར་ཡོད་དོ་ཞེ་ན། འོ་ན་ཡན་ལག་རྣམས་ཉིད་ཉུང་དུ་དང་ཆེས་མང་བ་དག་དེ་ལྟ་དེ་ལྟར་སྐྱེ་བ་ན། རགས་པ་དང་ཕྲ་བའི་རྣམ་པར་གཞག་པའི་རྒྱུ་མཚན་ཡིན ་ལ་རགས་མོད། །དེ་བརྩམས་པའི་ཡན་ལག་ཅན་གྱིས་ཅི་ཞིག་བྱ་སྟེ། དེའི་ནུས་པ་མ་མཐོང་བའི་ཕྱིར་རོ། །ཡན་ལག་རྣམས་ལ་ཉུང་བ་ཉིད་དང་མང་བ་ཉིད་ཡོད་ན་ཡང་གང་གི་རགས་པ་དང་ཕྲ་བས་ལ་སོགས་པའི་བྱེ་བྲག་ཏུ་འགྱུར་བ་ཡན་ལག་ཅན་རྣམས་ཆ་ཤས་མེད ་པ་ཉིད་ཀྱིས་ཕན་ཚུན་དུ་ཁྱད་པར་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །དེ་དག་ལ་ཡན་ལག་མང་བ་དང་ཉུང་བ་ཉིད་བཟུང་བས་བྱས་པའི་ཁྱད་པར་ཡང་ན་ཡང་ཡན་ལག་ཅན་ཉིད་ཁས་བླངས་པར་འགྱུར་ཏེ། དེ་ཉིད་ལ་རགས་པ་ལ་སོགས་པར་ཐ་སྙད་བྱས ་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྡུལ་ཕྲ་རབ་ཙམ་ཉིད་མཐོང་བ་ཉིད་དུ་ཁས་བླངས་པར་འགྱུར་ཏེ། རགས་པ་དང་ཕྲ་རབ་ལ་སོགས་པ་ལས་གཏོགས་པ་གཞན་མ་མཐོང་བའི་ཕྱིར་རོ། །གཞན་ཡང་ལྡན་མ་ཁྱབ་པར་འཇུག་པ་ཡིན་ནོ། །ཞེས་བྱ་བ་དོན་ཅི་ཡིན། གལ ་ཏེ་རྫས་ཐམས་ཅད་ལམ་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ན། དེ་མི་རིགས་ཏེ་རྫས་ལ་ཐམས་ཅད་ཀྱི་སྒྲའི་ཡུལ་མ་ཡིན་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་དོན་གྱི་ཕྱོགས་གཅིག་ལ་འཇུག་པའོ་ཞེས་བྱ་བ་ཡིན་ན་དེ་ཡང་མི་རིགས་སྟེ། དེ་ལ་ཕྱོགས ་གཅིག་མེད་པའི་ཕྱིར་རོ། །དེ་རྩོམ་པར་བྱེད་པའི་ཡན་ལག་ལ་འཇུག་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ཡན་ལག་རྣམས་ཉིད་དམར་པོ་ཡིན་པའི་ཕྱིར་ལ། ཡན་ལག་ཅན་གྱི་ངོ་བོ་དམར་པོ་མ་ཡིན་པའི་ཕྱིར་དམར་པོ་དང་དམར་པོ་མ་ཡིན་པ་མཚུངས་པར་མཐོང་བར་འགྱུར་རོ། །གཞན ་གང་ཡང་དེའི་རྩོམ་པར་བྱེད་པའི་ཡན་ལག་འདི་གལ་ཏེ་ཡན་ལག་ཅན་གྱི་ངོ་བོ་ཡིན་ན། དེའི་ཚེ་དེ་ལ་ཡང་ལྡན་པའི་ཕྱོགས་གཅིག་ཏུ་འཇུག་པ་ཉིད་དོ་ཞེས་བརྒྱ་ཞིང་བརྟགས་པ་མཚུངས། །ཅི་སྟེ་རྡུལ་ཕྲ་རབ་ཀྱི་ངོ་བོ་ཡིན་ན་དེའི་ཚེ་རྡུལ་ཕྲ་རབ་རྣམས ་དབང་བ་ལས་འདས་པ་ཡིན་པའི་ཕྱིར། དེ་ལ་བརྟེན་པའི་ལྡན་པ་ཡང་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་དམར་པོར་དམིགས་པར་མི་འགྱུར་རོ། །འདི་སྙམ་དུ་དཔེར་ན་སོར་མོའི་གཟུགས་ཁྱབ་པ་རྟེན་དམིགས་པ་ཁོ་ན་མ་དམིགས་པར ་འདོད་པ་དེ་བཞིན་དུ་ལྡན་པ་ནི་རྟེན་དམིགས་པ་ཁོ་ན་ན་དམིགས་པ་མ་ཡིན་པས་དེས་ན་འདི་མ་ཁྱབ་པར་འཇུག་པར་བརྗོད་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། དཔེར་ན་བུམ་པ་དང་ཤ་ཟ་བའི་ལྡན་པ་བཞིན་དུ་རྟེན་མིག ་པའི་ལྡན་པར་དམིགས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་དམར་པོ་ཡང་རྟེན་མ་དམིགས་པར་མི་མཐོང་ལ་རྟེན་དམིགས་པ་ཉིད་ན་དམིགས་པ་ཡིན་པའི་ཕྱིར། དེ་ལྟར་དེ་ཡང་ཁྱབ་པར་འཇུག་པར་འགྱུར་རོ། །འདི་སྙམ་དུ ་དམར་པོ་མ་ཡིན་པའི་ཡན་ལག་འདུ་བའི་རྫས་དམིགས་ན་ཡང་ལྡན་པའི་བདག་ཉིད་ཀྱི་དམར་པོ་དམིགས་པ་མ་ཡིན་ནོ། །ངེས་ན་འདི་རྟེན་དམིགས་ན་དམིགས་པ་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་ཏེ། དེ་ལྟར་ན་དམར་པོ་དང་དམར ་པོ་མ་ཡིན་པ་ལ་འདུ་བའི་ཡན་ལག་ཅན་ནི་གཅིག་ཡིན་པའི་ཕྱིར་དམར་པོའི་ཡན་ལག་ལ་ཡང་དེའི་སྒོ་ནས་དམར་པོ་མི་དམིགས་པར་ཐལ་པར་འགྱུར་ཏེ། རྟེན་དམིགས་ན་ཡང་དེ་མ་དམིགས་པའི་ཕྱིར་རོ། །རྟེན་དམིགས་པ ་ལས་གཞན་པའི་ལྡན་པས་འཛིན་པའི་ཐབས་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་ངོ་བོ་གཅིག་པ་ཡུལ་ཡིན་པར་རིགས་པ་མ་ཡིན་ནོ། །དུ་མའི་ངོ་བོ་ཡིན་ན་ཡང་ཤུགས་ཀྱིས་རྡུལ་ཕྲ་རབ་འདས་པའི་བདག་ཉིད་ཁོ་ནར་གནས་པ་ཡིན་ཏེ། ཡན ་ལག་གི་ཡོད་པ་ནི་གཅིག་ཉིད་དུ་མི་རུང་བའི་ཕྱིར། དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་དུ་གྲུབ་ལ། དེས་ན་སྔོན་པོ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་རྣམས་པ་ཡིན་པར་གྲུབ་སྟེ། གཞན་ཡུལ་གཅིག ་མེད་པའི་ཕྱིར་རོ། །གང་ཡང་རྡུལ་ཕྲན་བརྗོད་པ་ལའང་མེད་པར་འགྱུར། ཞེས་སྨྲས་པ་དེ་ལ། དེ་ཉིད་དོན་ནི་མི་ཤེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟགས་པ་དེ་ལ་བལྟོས་པ་ཅན་ཞེས་བྱ་བ་ནི་བརྟགས་པའི་རགས ་པ་དེ་ལ་བལྟོས་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ལན་གཞན་བཤད་པ་ནི་ཡང་ན་རྒྱུ་མཚན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་འདྲའི་ཞེས་བྱ་བ་ནི་ཆ་མེད་པ་ལ་ཐོགས་པ་དང་བཅས་པ་ལ་སྟེ། དཔེར་ན་དབུལ་པོ ་ལ་ཡང་ཕྱུག་པོའི་མིང་སྒྲ་བརྡའི་དབང་གིས་ཕྱུག་པོར་བརྗོད་པའི་རྒྱུ་མཚན་མེད་པར་ཡང་འཇུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་སྒྲ་འདི་ཡང་ཞེས་བྱ་བ་ལ་སྐྱོན་མེད་དོ། །རེ་ཞིག་དེ་ལྟར་སྤྱིར་ཡན་ལག་རྣམས་ཀྱིས་བརྩམས་པ་ཡང ་རུང་སྟེ། རགས་པའི་རྫས་གཅིག་མི་འཐད་དོ་ཞེས་བསྒྲུབས་ནས་ད་ནི་གང་གིས་ཡན་ལག་གིས་བརྩམས་པར་འདོད་པ་དེའི་ཁྱད་པར་སུན་དབྱུང་བའི་ཕྱིར། སྣལ་མ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སྦྱོར་བ་ནི་གང་དུ་མ་ཡིན་པ་དེ་ནི་རྫས་གཅིག་རྗེས་སུ་འཇུག་པ་མ་ཡིན་ཏེ། དཔེར་ན་རྩིག་པ་ལ་སོགས་པ་མང་པོ་རྣམས་རྫས་གཅིག་གི་རྗེས་སུ་འཇུག་པ་མ་ཡིན་པ་བཞིན་ནོ། །སྣལ་མ་དང། ལག་པ་ལ ་སོགས་པ་འདི་ཡང་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །ཡང་ན་གང་གཅིག་ཡིན་པ་དེ་ནི་རྫས་དུ་མ་ལ་བརྟེན་པ་མ་ཡིན་ཏེ། རྡུལ་ཕྲ་རབ་གཅིག་བཞིན་ནོ། །ཡན་ལག་ཅན་གྱི་མིང་ཅན་གྱི་རྫས་ཀྱང་གཅིག་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར ་བྱེད་པ་འགལ་བ་དམིགས་པའོ། །འདི་ནི་ཐལ་བར་སྒྲུབ་པ་ཡིན་ནོ། །སྦྱོར་བ་གཉིས་ག་ལ་ཡང་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་བཤད་པ་ནི། འཇུག་པར་ནི་མི་རིགས་གནོད་པའི་ཚད་མ་ཡིན་ཞེས་བྱ་བའོ། །ཡན་ལག་རྣམས་ལ་ཡན་ལག་ཅན་འཇུག་པ་གང ་ཡིན་པར་མི་རུང་བ་ཚད་མ་དག་གིས་བསྒྲུབས་པ་དེ་ནི་འདིར་གནོད་པ་ཅན་གྱི་ཚད་མའོ། །ཡང་ཇི་ལྟར་མི་རུང་ཞེ་ན། དེ་གཅིག་ལ་འཇུག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་གཅིག་པོ་དེ་ཡན་ལག་ཅིག་གིས་བཟུང་བ་དེའི་ངོ་བོ་གང་ཡིན་པ་དེ་ཉིད་ཀྱི་ཡན་ལག ་གཞན་དག་ལ་འཇུག་པར་འགྱུར་པ་འམ། གཞན་གྱི་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །དངོས་པོ་ལ་ནི་དེ་ཉིད་དང་གཞན་དག་ལས་མ་གཏོགས་པའི་རྣམ་པ་གཞན་ཡོད་པ་མ་ཡིན་ནོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྫས་དེ་ནི་ཡན་ལག་ཅིག་གིས་བཟུང་བའི ་ཕྱིར། རྫས་འདི་ཉིད་ཀྱི་ཚེ་ཡན་ལག་གཞན་ལ་འཇུག་པའི་གོ་སྐབས་ཡོད་པར་ག་ལ་འགྱུར། གཞན་དུ་ན་གལ་ཏེ་གཞན་ལ་འཇུག་པར་འགྱུར་པ་དེའི་ཚེ་འདིར་མངོན་པར་འདོད་པའི་རྫས་ཉིད་དུ་བདག་ཉིད་ཐམས་ཅད་ཀྱིས་འཇུག་པར་མི་འགྱུར་ཏེ། གང ་གིས་གཞན་ལ་ཡང་འཇུག་པར་འགྱུར་པ་དེ་ལ་རང་བཞིན་གཞན་ཡོད་པ་ན་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་པར་འགྱུར་པའི་ཕྱིར་རོ། །ཚད་མ་དགོད་པའི་ཕྱིར། དཔེར་ན་བུ་ཆུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དངོས་པོ་གཅིག་གིས ་བཟུང་བའི་དངོས་པོ་དེ་ནི་དེ་ཉིད་ཀྱི་ཚེ་གཞན་དུ་འཇུག་པ་མ་ཡིན་ཏེ། དཔེར་ན་མ་མ་གཅིག་གིས་དང་དུ་བླངས་པའི་བུ་ཆུང་མ་མ་གཞན་གྱིས་པར་དུ་བླངས་པ་མི་རྟེན་པ་བཞིན་ནོ། །རྫས་ཀྱང་ཡན་ལག་གཅིག་གིས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་བྱ་བ ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རྫས་ནི་གཞན་ལ་བརྟེན་མ་ཡིན་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་སྟོན་པའོ། །བསྒྲུབ་བྱ་ལས་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་འདི་བཤད་པ་དེ་དང་འབྲེལ་པའི་རང་བཞིན་ཅན་ཞེས་བྱ་བ་ལ་སོགས་པ་ལ་མངོན ་པར་འདོད་པའི་ཡན་ལག་དང་འབྲེལ་པའི་རང་བཞིན་གྱི་རྫས་དེ་མིན། ཡུལ་དུ་སྟེ་ཡན་ལག་ཅན་ལ་གལ་ཏེ་འཇུག་པར་འགྱུར་ན་དེའི་ཚད་ཡན་ལག་དེ་དག་ཡུལ་གཅིག་པ་ཉིད་དུ་འགྱུར། དེ་ལྟ་ཡིན་དང་གཅིག་བདག་ཉིད་སྟེ་ཡན་ལག་རྣམས་རང་བཞིན་གཅིག ་ཏུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དབྱེར་ཡང་ཕྱིར་ཏེ། རྣམ་པར་མ་ཕྱེ་བའི་ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྣམ་པར་ཕྱེ་བའི་ངོ་བོར་གནས་པ་ན་ཡུལ་གཅིག་པ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་རང་བཞིན་གཞན་གྱིས་ཞེས་བྱ་བ་ཕྱོགས་གཉིས་པ་ཡིན་ན། ་དེའི་ཚེ་གཅིག་དུ་མ་ལ་གནས་པ་ཞེས་བྱ་བ་འགྲུབ་པར་མ་འགྱུར་ཏེ། རང་བཞིན་གཞན་དུ་འཇུག་པའི་ཕྱིར་ཏེ། དངོས་པོ་ཐ་དད་པ་ནི་རང་བཞིན་ཐ་དད་པའི་བདག་ཉིད་ཡིན་པའི་ཕྱིར། གསལ་བྱེད་པ་ན་དེ་ཡན་ལག་རྣམས་ལ་ཡན་ལག་ཅན་འཇུག་གོ། ་ཞེས་བྱ་བ་འདི་ནི་རྟེན་དང་བརྟེན་པའི་ཆོས་བསྟན་པ་ཙམ་ཡིན་ཏེ། ཁྱབ་པར་འཇུག་པ་ནི་བརྟེན་པའི་དངོས་པོའི་མཚན་ཉིད་འདུ་བའི་ངོ་བོ་ལ་བརྗོད་དོ། །ཞེས་ཟེར་བ་དེ་ལ། དེ་དེ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡོད་སྟེ་རྣམ་པ་དེ་ལྟ་བུའི ་འཇུག་པ་ལ་ཅི་ཡན་ལག་གཅིག་ལ་འདུ་བའི་རང་བཞིན་དེ་ཉིད་ཀྱིས་ཡན་ལག་གཞན་དག་ལ་འཇུག་མ་འོན་ཏེ་གཞན་གྱིས་ཡིན་ཞེས་བྱ་བ་དེ་མ་ཐག་ཏུ་བསྟན་པའི་རྣམ་པར་དཔྱད་པ་འདི་བློ་གྲོས་ངན་པས་བཀོད་པའི་སྐྱོན་གྱི་དྲ་བ་འདི་མི་བཟོད་པ་མཁྲོས ་པ་བཞིན་དུ་སྙེག་གོ་།དེ་ལྟར་རེ་ཞིག་མ་ལུས་པ་དང་ཕྱོགས་གཅིག་གི་རྣམ་པར་རྟོག་པ་བྱས་ནས་འཇུག་པ་གསལ་ནས། ད་ནི་ཉེ་བར་བཏགས་པ་སྒྲུབ་པའི་རྣམ་པས་འཇུག་པ་དགག་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། ་རེས་འགའ་རྫས་དེ་ཡན་ལག་རེ་རེ་ལ་བདག་ཉིད་ཐམས་ཅད་ཀྱིས་སམ། ཕྱོགས་གཅིག་གིས་འཇུག་པར་འགྱུར་གྲང་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་ན་དེའི་ཚེ་ཡན་ལག་རྣམས་ཇི་སྙེད་པ་དེ་སྙེད་སྙེད་ཀྱི་དེའི་བདག་ཉིད་ཐོབ་པར ་འགྱུར་རོ། །ཡན་ལག་རེ་རེ་ལ་དེའི་རང་བཞིན་ཐ་དད་པ་བདག་ཉིད་ཐམས་ཅད་ཀྱིས་འཇུག་པ་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་པའི་བདག་ཉིད་ཀྱིས་འཇུག་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་བདག་ཉིད་ཐམས་ཅད་ཀྱི་ཅིག་ཅར་འཇུག་པའི ་ཕྱིར་འཁར་གཞོང་ལ་སོགས་པ་དུ་མ་ན་གནས་པའི་ཨུཏཔལ་ལ་སོགས་པ་བཞིན་དུ་ཡན་ལག་ཅན་རྣམས་དུ་མར་འགྱུར་རོ། །ཡང་ཕྱོགས་གཅིག་གིས་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་ཕྱོགས་གཅིག་པ་རྣམས་ཐུགས་པ་མེད་པར་འགྱུར ་ཏེ། འདི་ལྟར་རྫས་དེ་ཕྱོགས་གཅིག་པོ་གང་དག་གིས་ཡན་ལག་རྣམས་ལ་འཇུག་ལ། དེ་དག་ཀྱང་དེའི་ཕྱོགས་གཅིག་ལ་ཞེས་བྱ་ལ། དེ་དག་ལ་ཡང་འདི་ལ་འཇུག་པར་བྱ་དགོས་ལ། དེ་ཁོ་ན་བཞིན་དུ་གཞན་དག་ལ་ཡང་ཡིན་པའི་ཕྱིར ་མཛའ་མེད་དོ། །ཡང་ཅི་སྟེ་འདི་ཕྱོགས་གཅིག་པོ་གང་དག་གིས་ཡན་ལག་རྣམས་ལ་འཇུག་པ་དེ་དག་དེའི་རང་གི་བདག་ཉིད་དུ་གྱུར་པ་ཁོ་ན་ཡིན། དོན་གཞན་དུ་གྱུར་པ་མ་ཡིན་ལ། དེ་ལས་མ་གཏོགས་པའི་ཕྱོགས་གཅིག་པོ་གཞན ་མེད་པས་དེས་ན་མཐར་ཐུག་པར་མི་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས། དེ་གཅིག་མིན་པ་འམ་ཞེས་སྨོས་ཏེ། དེ་ལྟ་ཡིན་ན་ཡན་ལག་ཅན་གཅིག་ཅེས་བྱ་བར་མི་འགྱུར་ཏེ། དེའི་ཡན་ལག་འདུས་པ་ཙམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ ་ལྟ་ཡིན་དང་འདི་མ་མཐོང་བའི་ལག་པ་ལ་སོགས་པ་ཚོགས་པ་འདུས་པ་ཙམ་གྱི་བདག་ཉིད་ཡིན་ལ་རག་མོད། དེའི་བདག་ཉིད་དུ་གྱུར་པའི་ཡན་ལག་ཅན་གཞན་ཀུན་ཏུ་བརྟགས་པས་ཅི་ཞིག་བྱ། སྐྱོན་གཞན་ཡང་བཤད་པ། གང་དཱུང་མིན ་ཞེས་བྱ་བ་སྟེ། འཇུག་པར་གྱུར་ན་ཞེས་བྱ་བ་ལྷག་མའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་ཡན་ལག་ཅན་རེ་རེ་ཕྱོགས་གཅིག་ཏུ་གྱུར་ན། དེའི་ཚེ་ཡན་ལག་རྣམས་ལ་ཡན་ལག་ཅན་འཇུག་པར་འགྱུར་རོ། །གང་གི་ཕྱིར་ཡན་ལག་ཅན་རེ་རེ་ཕྱོགས་གཅིག་པ་མ་ཡིན ་ན། དེ་དག་གི་ཕྱོགས་གཅིག་པ་ཉིད་ཉམས་པར་ཐལ་པར་འགྱུར་པའི་ཕྱིར་རོ། །ཡན་ལག་ཅན་གཞན་གྱི་ངོ་བོས་ཀྱང་ཡོད་པ་མ་ཡིན་ན་དེའི་ཕྱིར་ཇི་ལྟར་འདི་ཡན་ལག་རྣམས་ལ་འཇུག་པ་ཞེས་བྱ་བ། འོན་ཏེ་རང་རྒྱུད་ཅེས་བྱ་བ་ལ་སོགས་གིས་བར?་བྱེད?་བདག ་པོའི་དོགས་པ་བསུ་པ་སྟེ། དེས་སྨྲས་པ། རང་རྒྱུད་དམ་ཐལ་པར་འགྱུར་པའི་སྒོ་ནས་སྒྲུབ་བྱེད་པ་གང་ཡིན་པ་དེ་རང་ཉིད་དམིགས་པ་ཡིན་ན་འཐད་པར་འགྱུར་གྱི་དེ་ལྟ་ཡིན་ན་མ་གྲུབ་པའི་སྐྱོན་དུ་འགྱུར་རོ། །ཁྱེད་ཅག་གིས་ནི་གཅིག་བུམ?་པ་མ་ལུས་པ་དང་ཕྱོགས་གཅིག ་དག་གི་འཇུག་པ་གང་དུ་ཡང་མི་དམིགས་ཏེ། གང་གི་འཇུག་ཡོད་པ་མ་ཡིན་པའི་ཕྱིར་ཡན་ལག་ཅན་གྱི་རྫས་མེད་པར་འགྱུར་པ་འམ་ཡོད་པ་ཡིན་ན་གཞན་དུ་འང་སྟེ། ཡན་ལག་གམ་ཡན་ལག་ཅན་དུ་ཡང་འགྱུར་རོ། །ཁ་ཅིག་ཏུ་གང་གི་ཡོད་པ་མ་ཡིན་ཕྱིར ་ཞེས་འདོན་པ་དེར་ནི་འདི་ལྟར་སྦྱར་ཏེ། ཅི་རིགས་པར་གང་གི་འཇུག་པ་ཡོད་པ་དང་གང་གི་འཇུག་པ་ཡོད་པ་མ་ཡིན་པ་ན་རྫས་མེད་པར་འགྱུར་པ་འམ། དེ་གཞན་དཱུང་སྟེ། ཡན་ལག་གམ་ཡན་ལག་ཅན་དུ་འགྱུར་ཞེའོ། །ཅི་སྟེ་ལ་ལར་རྣམ་པ་དེ་ལྟ་བུའི་འཇུག ་པ་དམིགས་པར་གྱུར་ན། དེའི་ཚེ་དེ་བཞིན་དུ་དེའི་རྫས་ལ་སོགས་པ་ལ་ཡང་འགྱུར་པའི་ཕྱིར་དགག་ཏུ་མེད་དོ། །འོན་ཏེ་ཡང་འཇུག་པ་མ་མཐོང་ན་དེའི་ཚེ་ཅིའི་ཕྱོགས་གཅིག་གིས་སམ་འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཞེས་བྱ་བ་དེ་ལྟ་བུ་བྱ་སྟེ། ? ་མི་རིགས་སོ། །ཆོས་ཅན་གྲུབ་ན་ཁྱད་པར་འགག་པར་རིགས་ཀྱི། གང་གི་ཚེ་ཆོས་ཅན་ཉིད་མ་གྲུབ་པ་དེའི་ཚེ་དེ་ཉིད་དགག་པ་བཟུང་ངོ། །དེས་ན་འཇུག་པ་ཉིད་མེད་དོ། །ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པར་བྱའི་ཁྱད་པར་དགག་པ་ནི་མ་ཡིན་ནོ། །དེ་ཡང་མི་རིགས ་ཏེ། མངོན་སུམ་ཁོ་ནས་ཡན་ལག་རྣམས་ལ་ཡན་ལག་ཅན་འཇུག་པར་གྲུབ་པའི་ཕྱིར་རོ། །མངོན་སུམ་ཅི་འདྲ་བ་ལས་ཤེ་ན། འདི་ལ་འདི་ཞེས་པའི་མངོན་སུམ་བློ་ཡིས་ཞེས་བྱ་བ་སྨོས་ཏེ། སྣལ་མ་འདི་ལ་སོགས་པ་འདི་ཞེས་བྱ་བའི་དེ ་ལྟ་བུར་གྱུར་པའི་མངོན་སུམ་ལས་ཞེས་བྱ་བའི་དོན་ཏོ། །ཡང་ཅི་སྟེ་བློ་འདི་མངོན་སུམ་ཉིད་དུ་མ་གྲུབ་པོ་སྙམ་ན། གལ་ཏེ་དེ་ལྟ་ན་གང་ལས་མངོན་སུམ་ཉིད་ཡིན་པར་འགྱུར་པ་འདི་ལ་གནོད་པར་བྱེད་པའི་ཚད་མ་ཅུང་ཞིག་བརྗོད་དགོས་ཅི་སྟེ་གནོད་པར ་བྱེད་པའི་ཚད་མ་མེད་པར་ཡང་འདི་མངོན་སུམ་ཉིད་དུ་མི་འགྱུར་ན། འོ་ན་དེ་ལྟ་ན་ཁྱེད་ཅག་གི་གཟུགས་ལ་སོགས་པའི་ཤེས་པ་མ་མངོན་སུམ་ཉིད་དུ་མ་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་གཅིག་ལ ་འཇུག་རྟེན་ཞེས་བྱ་བ་ལ་སོགས་པས་སྤྱིར་གཅིག་དུ་མ་ལ་འཇུག་པ་སྔར་བསལ་ཟིན་ཏོ། །གང་ཡང་འདི་ལ་འདིའོ་སྙམ་པའི་བློའི་མངོན་སུམ་ཉིད་ཀྱིས་འཇུག་པ་གྲུབ་པོ་ཞེས་འདི་བརྗོད་པ་དེ་ཡང་འཇིག་རྟེན་དང་མི་མཐུན་ཏེ། །འཇིག་རྟེན་ན་རྭ་ཅན་འདི་ལ་བ་ལང ་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་རྟོག་པའི་བློ་ཡང་དེ་ལྟར་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བ་ལང་འདི་ལ་རྭ་སྣམ་བུ་འདི་ལ་སྣལ་མ་རྣམས་སྙམ་པ་ཡིན་ནོ། །མངོན་སུམ་གྱི་བློ་ལ་སྣལ་མ་ལ་སོགས་པ་འདུ་བ་དེ་ལས་ཐ་དད་པའི ་གོས་ལ་སོགས་པའི་རང་བཞིན་སྣང་བ་ཡང་མ་ཡིན་ལ། རྣམ་པར་ཕྱེ་ནས་མི་སྣང་བ་ནི་འདི་འདི་ལས་འཇུག་གོ་ཞེས་བྱ་བའི་བློར་འགྱུར་པ་ཡང་མ་ཡིན་ནོ། །འཁར་གཞོང་ལ་སོགས་པ་ལ་ཆུ་ཚ་ནས་མི་སྣང་བ་ན་འདི་ན་ཆུའོ། །ཞེས་ཤེས་པར ་འགྱུར་པ་མ་ཡིན་ནོ། །གང་ཡང་མ་ལུས་པ་འམ། ཕྱོགས་གཅིག་གིས། འཇུག་པ་གང་དུ་འང་མ་དམིགས་ཉིད་ཅེས་སྨྲས་པ་དེ་ལ། མ་ལུས་ཕྱོགས་གཅིག་སྒྲ་དག་གིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ལུས་པའི་སྒྲས་དཔེར་ན་སྙོད? ་འགའ་ཞིག་ཏུ་བཞག་པའི་དཔལ་གྱི་འབྲས་བུ་ལ་སོགས་པ་དམིགས་པ་བཞིན་དུ། ཅི་རང་གི་ངོ་བོ་ཆ་ཤས་མེད་པ་ཅི་འདྲ་བ་དེ་ལྟ་བུ་ཁོ་ནའི་ཆ་ཤས་མེད་པའི་ཡན་ལག་ཐམས་ཅད་ཉིད་ཀྱི་དེ་ལ་འཇུག་པ་ཞེས་བྱ་བའི་དོན་འདི་བསྟན་པ་ཡིན་ནམ། འོན་ཏེ ་ཕྱོགས་གཅིག་གིས་སྒྲས་དཔེར་ན་གནས་མལ་དུ་མ་མཉལ་བའི་ནག་པ་ལ་སོགས་པ་དམིགས་པ་བཞིན་དུ་རྣམ་པ་གཞན་དུ། ཞེས་བྱ་བ་འདི་བསྟན་པ་ཡིན་ཞེས་བྱ་བ་ཡིན་པས་འདི་ནི་ཅིར་ཡང་མི་རུང་ངོ། །གང་ཡང་གསལ་བྱེད་པ་ན་དེ་ཡན་ལག་གཅན་གཅིག་ལ་མ ་ལུས་པ་དང་ཕྱོགས་གཅིག་གི་སྒྲ་འཇུག་པ་མི་སྲིད་པའི་ཕྱིར་ཅི་ཕྱོགས་གཅིག་གིས་འཇུག་གམ། འོན་ཏེ་མ་ལུས་པས་འཇུག་ཅེས་བྱ་བའི་དྲི་བ་འདི་རིགས་པ་མ་ཡིན་ནོ། །མ་ལུས་པ་ཞེས་བྱ་བ་ནི་མཛའ་དག་བརྗོད་པར་བྱེད་ལ། ཕྱོགས་གཅིག་ཅེས་བྱ་བ་ཡང་དུ ་མ་ཉིད་ཡིན་ན་ཡང་འགའ་ཞིག་བརྗོད་པ་ཡིན་ནོ། །མ་ལུས་པ་དང་ཕྱོགས་གཅིག་གིས་སྒྲ་དེ་དག་ཡན་ལག་ཅན་གཅིག་ལ་མཐོང་ངོ་ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ནོ། །དེ་སྐད་དུ་འཇིག་རྟེན་ན་སྣམ་བུ་འདི་མ་ལུས་པ་འམ། ཕྱོགས ་གཅིག་གིས་གཞོང་བ་ན་གནས་སོ་ཞེས་བྱ་བར་སྣམ་བུ་ལ་སོགས་པ་ལ་མ་ལུས་པ་དང་ཕྱོགས་གཅིག་པའི་སྒྲ་འཇུག་མ་མཐོང་བ་ཉིད་ཡིན་ནོ། །འདི་ཉེ་བར་བརྟགས་པ་ཡིན་ནོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། འཁྲུལ་པ་མེད་པར་འཇུག ་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་རླུང་གི་མཐར་ཐུག་པའི་རྫས་རྣམ་པ་བཞི་པོ་བསལ་བྱེད་བདག་ཅེས་བྱ་བ་ནི་བདག་རྟག་པར་དང་པོ་ཉིད་དུ་བསལ་ནས། ད་ནི་ནམ་མཁའ་དང་དུས་དང་ཕྱོགས་དང་ཡིད་རྣམས་དགག ་པའི་ཕྱིར་འཇིག་པ་ལ་སོགས་གཏན་ཚིགས་ཀྱིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་གཞན་དག་གི་ནམ་མཁའ་ཞེས་བྱ་བའི་རྫས་གྲུབ་པར་བྱེད་དེ། ནམ་མཁའ་ཞེས་བྱ་བའི་རྫས་རྟག་པ་གཅིག་པུ་སྒྲའི་རྟགས་ཅན་ཡོད་དོ། །འདིའི ་རྟགས་ནི་སྒྲ་ཡིན་ཏེ་ཡོན་ཏན་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་འཇིག་པ་དང་སྐྱེ་བ་དང་ལྡན་པ་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་འགའ་ཞིག་ལ་བརྟེན་པ་ཡིན་ཏེ། བུམ་པ་དང་མར་མེ་ལ་སོགས་པ་བཞིན་ནོ། །སྒྲ་འདི ་དག་ཀྱང་དེ་བཞིན་ཏེ། དེ་ལྟ་བས་ན་འདི་དག་གིས་འགའ་ཞིག་ལ་བརྟེན་པར་འགྱུར་པར་བྱ་དགོས་སོ། །གང་འདི་དག་གི་རྟེན་དེ་ནི་ཤུགས་ཀྱིས་ནམ་མཁའ་སྟེ་ནམ་མཁར་འགྱུར་པ་ཡིན་ནོ། །འདི་ལྟར་སྒྲ་འདི་ནི་ས་ལ་སོགས་པ་བཞི་པོ་རྣམས་ཀྱིས་ཡོན ་ཏན་དུ་རིགས་པ་ནི་མ་ཡིན་ཏེ། །མངོན་སུམ་ཉིད་ཡིན་པ་ན་ཡོན་ཏན་གྱི་རྒྱུ་སྔོན་དུ་འགྲོ་བ་ཅན་མ་ཡིན་པའི་ཕྱིར་དང། རྫས་ཇི་སྲིད་དུ་འབྱུང་བ་མ་ཡིན་པའི་ཕྱིར་དང། རྟེན་ལས་གཞན་དུ་དམིགས་པའི་ཕྱིར་རོ། །རེག་པ་དང་ལྡན་པའི་ཡོན་ཏན་དག་ནི་ཇི ་སྲིད་དུ་བཤད་པའི་ཆོས་ལས་བཟློག་པ་ཡིན་པར་མཐོང་ངོ། །མངོན་སུམ་ཉིད་ཡིན་པ་ན་ཞེས་བྱ་བའི་ཁྱད་པར་ནི་རིམ་པར་འབྱུང་བའི་རྡུལ་ཕྲ་རབ་ཏུ་གཏོགས་པས་མ་ངེས་པ་ཉིད་བ་ལ་བའི་དོན་དུའོ། །ཕྱིའི་དབང་པོའི་མངོན་སུམ་ཡིན་པའི་ཕྱིར ་དང། བདག་གཞན་གྱིས་བཟུང་བར་བྱ་བ་ཡིན་པའི་ཕྱིར། ང་རྒྱལ་གྱིས་རྣམ་པར་ཕྱེ་ནས་འཛིན་པའི་ཕྱིར་བདག་གི་ཡོན་ཏན་མ་ཡིན་ཏེ། བདག་གི་ཡོན་ཏན་བདེ་བ་ལ་སོགས་པ་རྣམས་ནི་དེ་ལས་བཟློག་པར་མཐོང་བའི་ཕྱིར་རོ། །རྣ་བས་གཟུང་བར་བྱ་བ ་ཡིན་པའི་ཕྱིར་ཕྱོགས་དང་དུས་དང་ཡིད་ཀྱི་མ་ཡིན་ནོ། །དེས་ན་ལྷག་པར་གྱུར་པས་ཡོན་ཏན་དུ་གྱུར་པའི་ནམ་མཁའ་ཨི་རྟག་ཡིན་ནོ། །ནམ་མཁའ་དེ་ཡང་སྒྲའི་རྟགས་ཅན་དུ་ཁྱད་པར་གྱི་རྟགས་མེད་པའི་ཕྱིར་གཅིག་ཡིན་ན། ཡོན་ཏན་ཐམས་ཅད་དུ་དམིགས་པའི ་ཕྱིར་ཁྱབ་པ་ཡིན་ནོ། །ཡོན་ཏན་ཅན་ཡིན་པའི་ཕྱིར་དང་བརྟེན་པ་མ་ཡིན་པའི་ཕྱིར་རྫས་སོ། །མ་བྱས་པའི་ཕྱིར་རྟག་པའོ་ཞེས་བྱ་བ་འདི་ནི་གཞན་དག་གི་ཐ་སྙད་ཡིན་ནོ། །སྔོན་དང་ཕྱིས་ལོགས་སོ་ཞེས་བྱ་བ་ལ་སོགས་པས་དུས་དགག་པའི་ཕྱིར་བཤད་པ་སྟེ། རྫས ་ཀྱི་སྒྲས་གཉེར་མ་དང་སྐྲ་དཀར་ལ་སོགས་པ་བཟུང་བར་བྱའོ། །སྔོན་ནི་པའོ། །ཕྱི་མ་ནི་བུའོ། །ཅིག་ཅར་དང། ཡུན་རིང་མོ་དང་མྱུར་དུ་དང་བྱེད་པ་དང། བྱས་པ་དང། བྱེད་པར་འགྱུར་པ་ཞེས་བྱ་བ་གང་ཡིན་པ་འདི་སྔོན་དང་ཕྱིས་ལ་སོགས་པའི་ཤེས་པ་དེ་ནི་ཉི་མ་ལ་སོགས་པའི ་བྱ་བ་དང། རྫས་ལས་ཐ་དད་པའི་རྒྱུ་མཚན་ཅན་ཡིན་ཏེ། གཉེར་མ་དང་སྐྲ་དཀར་ལ་སོགས་པའི་ཤེས་པ་དང་མི་འདྲ་བའི་ཕྱིར། བུམ་པ་ལ་སོགས་པའི་ཤེས་པ་བཞིན་ན། །འདིའི་རྒྱུ་གང་ཡིན་པ་དེ་ཡང་ཤུགས་ཀྱིས་དུས་ཡིན་ནོ། །འདི་ལྟར་རེ་ཞིག་སྔོན་དང་ཕྱི་མའི་ཤེས ་ཤེས་པ་འདི་ཡུལ་གྱི་བྱས་པ་མ་ཡིན་ཏེ། ཕྱི་མའི་ཕྱོགས་ཆ་ན་གནས་པའི་རྒན་པོ་ལ་སྔོན་ཞེས་ཤེས་པ་སྐྱེ་བའི་ཕྱིར་དང། དེ་བཞིན་དུ་སྔ་མའི་ཕྱོགས་ཆ་ན་གནས་པའི་གཞོན་ནུ་མ་ཡང་ཕྱི་མ་ཞེས་བྱ་བ་ཡིན་པས་སོ། །སྐྲ་དཀར་དང་གཉེར་མ་ལ་སོགས་པས་བྱས་པ་ཡང་མ ་ཡིན་ཏེ། དེའི་ཤེས་པ་དང་འདྲ་བའི་ཕྱིར་རོ། །བྱ་བས་བྱས་པ་ཡང་མ་ཡིན་ཏེ། དེའི་ཤེས་པ་དང་མི་འདྲི་བ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས་འཕྱི་བ་དང། སྔ་བ་དང་ཅིག་ཅར་མ་ཡིན་པ་དང། ཡུན་རིང་པོ་དང། མྱུར་དུ་ཞེས་བྱ་བ་ནི་དུས་ཀྱི་རྟགས་དག་ཡིན་ནོ།། ་ཞེས་འབྱུང་ངོ། །འདིའི་མི་རྟག་པ་ཉིད་དང་གཅིག་ཉིད་ལ་སོགས་པའི་ཆོས་རྣམས་ནི་ནམ་མཁའ་བཞིན་དུ་རྟོགས་པར་བྱའོ། །ཕྱོགས་བསྒྲུབ་པའི་དོན་དུ་ཤར་དང་ནུབ་ལ་སོགས་བློ་རྣམས་ལས་ཞེས་བྱ་བ་སྨོས་ཏེ། ལུས་ཅན་གྱི་རྫས་ཀྱི་དབང་དུ་བྱས་ནས་ལུས ་ཅན་གྱི་རྫས་དག་ཁོ་ན་ལ་དེ་ལས་འདི་ནི་ཤར་རོ། །ལྷོ་དང། ནུབ་དང། བྱང་དང། ཤར་ལྷོ་དང། ལྷོ་ནུབ་དང་ནུབ་བྱང་དང་བྱང་ཤར་དང། འོག་དང་སྟེང་ལ་སོགས་པ་ཞེས་བྱ་བ་ཤེས་པ་བཅུ་པ་འདི་དག་ལས་བྱུང་བ་དེ་ནི་ཕྱོགས་ཞེས་བྱའོ། །དེ་སྐད་དུ་ཡང ་མདོ་ལས། འདིའོ་སྙམ་པ་གང་ལས་ཡིན་པ་དེ་ནི་ཕྱོགས་ཀྱི་རྟགས་ཡིན་ནོ་ཞེས་འབྱུང་ངོ། །གང་ལས་འདིའོ། །ཞེས་བྱ་བ་ནི་ཁྱད་པར་གྱི་ཤེས་པ་ཡིན་ལ། ཁྱད་པར་གྱི་ཤེས་པ་ཡང་གློ་བུར་པར་རིགས་པ་མ་ཡིན་ནོ། །ཕན་ཚུན་དུ་ལུས་ཅན་གྱི་རྫས་ལ ་བལྟོས་པ་ཡང་མ་ཡིན་ཏེ། ཕན་ཚུན་བརྟེན་པ་ཉིད་ཀྱིས་གཉི་ག་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་རྒྱུ་མཚན་གཞན་མེད་པའི་ཕྱིར་རྟགས་འདི་དག་ནི་ཕྱོགས་ཀྱི་ཡིན་ནོ། །ཕྱོགས་དེའི་ཡང་གཅིག་པ་ཉིད་དང། རྟག་པ་ཉིད་དང། ཁྱབ ་པ་ཉིད་ལ་སོགས་པའི་ཡོན་ཏན་རྣམས་ནི་དུས་གཞན་དུ་ཤེས་པར་བྱའོ། །ཕྱོགས་གཅིག་ཡིན་ན་ཡང་འབྲས་བུའི་ཁྱད་པར་ལས་ཤར་ལ་སོགས་པའི་བྱེ་བྲག་གིས་སྣ་ཚོགས་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་འདི་ཤར་དང་ནུབ་ལ་སོགས་པའི་ཤེས་པ་དེ ་ནི་ལུས་ཅན་གྱི་རྫས་ལས་ཐ་དད་པའི་དངོས་པོའི་རྒྱུ་མཚན་ཅན་ཡིན་ཏེ། དེའི་ཤེས་པ་དང་མི་འདྲ་བའི་ཕྱིར་བདེ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །ཡིད་ཀྱི་རྟགས་བཤད་པ། ཤེས་པ་རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་དང་དོན་དུ་མ་ཕྲད ་པ་ཅིག་ཅར་ཉེ་བར་ཡོད་ན་ཡང་ཤེས་པ་རིམ་གྱིས་སྐྱེ་བར་མཐོང་བའི་ཕྱིར་རོ། །གང་ཞིག་ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པ་སྐྱེ་བ་དང། མི་སྐྱེ་བར་འགྱུར་བ་དབང་པོ་དང་དོན་ལས་མ་གཏོགས་པའི་རྒྱུ་གཞན་ཡོད་པ་ཡིན་ནོ། །དེའི་ཕྱིར་ཤེས་པ་རིམ ་གྱིས་སྐྱེ་བ་ན་སྟེ་ཤེས་པ་འབྱུང་བས་ཡིད་རྗེས་སུ་དཔོག་པར་བྱེད་དོ། །དེ་སྐད་དུ་ཡང་མདོ་ལས་ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་སོ་ཞེས་འབྱུང་ངོ། །སྦྱོར་བ་ནི་གང་འདི་གཟུགས་ལ་སོགས་པ་རྟོགས་པས་རྟགས་དེ་ནི། མིག་ལ་སོགས་པ ་ལས་མ་གཏོགས་པའི་རྒྱུ་ལ་ལྟོས་པ་ཡིན་ཏེ། རིམ་གྱིས་སྐྱེ་བའི་ཕྱིར། ཤིང་རྟ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི། ཟིན་སོགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གལ་ཏེ་སྤྱིར་སྒྲ་འདི་དག་བརྟེན་པ་ཡིན་པ་ཙམ་ཞིག་སྒྲུབ? ་ན་དེའི་ཚེ་གཏན་ཚིགས་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་སྒྲ་རྣམས་ནི་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་དུ་འདོད་པ་ཡིན་ཏེ། དེ་དག་ཀྱང་འབྱུང་བ་རྣམས་ལ་དེའི་འབྲས་བུ་ཉིད་ཀྱིས་བརྟེན་པ་ཁོ་ན་ཡིན་ཏེ། དེ་དག་ལ་ཞེས ་བྱ་བ་ནི་ཟིན་པ་ལ་སོགས་པ་དེ་དང་འབྲེལ་བའི་བདག་ཉིད་ཐོབ་པས་འབྲས་བུ་རྣམས་ནི་རྒྱུ་རྣམས་ལ་བརྟེན་པའི་ཕྱིར་རོ། །ཟིན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་བདག་གིར་བྱས་པའོ། །སོགས་པའི་སྒྲས་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན ་ཉིད་བཟུང་ངོ། །དེ་དག་ལ་ཞེས་བྱ་བ་ནི་ཟིན་པ་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་ལའོ། །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྔ་མ་ཞེས་བྱ་བ་ནི། སྒྲ་རྣམས་འགའ་ཞིག་ལ་རྟེན་ཏེ། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་གྲུབ་པ ་ལ་སྒྲུབ་པའི་སྐྱོན་ཡོད་པའི་ཕྱིར་སྒྲུབ་བྱེད་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་ལུས་ཅན་མ་ཡིན་པ་རྟག་པ་གཅིག་པུ། ཁྱབ་པའི་རྫས་དང་དུ་བ་ཉིད་ཀྱིས་འདི་དག་ཁྱད་པར་ཅན་ལ་བརྟེན་པར་སྒྲུབ་པར་འདོད་ན། དེའི་ཚེ་བསྒྲུབ་བྱ་རྗེས་སུ ་འགྲོ་བའི་དཔེ་མེད་པའི་ཕྱིར། གཏན་ཚིགས་གིས་མ་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་སྟོན་པ་ནི་ནམ་མཁའ་གཅིག་ཅེས་བྱ་བ་ལ་སོགས་པའོ། །འདི་དག་ཅེས་བྱ་བ་ནི་འགྲུབ་མིན་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དམ་བཅའ་བ་ཡང་རྗེས་སུ་དཔག་པ་དང་འགལ ་བ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་དེ་བཞིན་རིམ་མིན་སོགས་ཐོབ་འགྱུར་ཞེས་བྱ་བའོ། །འདི་དག་ནི་ཇི་སྐད་དུ་བཤད་པའི་ནམ་མཁའ་དང་འདུ་བ་མི་འགྲུབ་བོ་ཞེས་འབྲེལ་ཏོ། །གལ་ཏེ་འདི་དག་རྟག་པ་དང་གཅིག་པུའི་ནམ་མཁའ་ཨི་རྫས་དང་འདུ་བར་གྱུར་ན། དེའི་ཚེ ་ཅིག་ཅར་སྐྱེས་པའི་སྒྲ་དུ་མ་བཞིན་དུ་དེ་མ་ཡིན་པའི་འདུས་པའི་སྒྲ་དག་ཀྱང་མངོན་པར་འདོད་པའི་དུས་ཁོ་ནར་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་དང། བརྟེན་གཅིག་པའི་ཕྱིར་རོ། །རྟག་པ་ནི་གཞན་ལ་བལྟོས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན ་ཟིན་ཏོ། །ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་འདུ་བ་ཉིད་དུ་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རིམ་ཅན་མ་ཡིན་པར་ཐལ་བར་འགྱུར་རོ། །སོགས་པའི་སྒྲས་ནི་སྐྱེས་བུ་ཐམས་ཅད་ཀྱི་འཛིན་པ་ལ་སོགས་པའི ་སྐྱོན་དུ་ཡང་ཐལ་བར་འགྱུར་རོ། །འདི་ལྟར་སྣང་བ་ནི་ནམ་མཁའ་ཨི་བདག་ཉིད་ཡིན་ལ། ནམ་མཁའ་ཡང་གཅིག་ཉིད་ཡིན་ཏེ། དེ་ལྟ་ཡིན་དང་དེར་ཕྱིན་པའི་སྒྲ་རྣམས་ཐམས་ཅད་ཀྱིས་ཀྱང་ཐོས་པར་འགྱུར་རོ། །དེ་ནི་ཆ་ཤས ་མེད་པ་ཉིད་ཀྱིས་འདི་ནི་བདག་གི་བའོ། །འདི་ནི་གཞན་གྱིའོ་ཞེས་བྱ་བ་ནི་སོ་སོར་ངེས་པ་འདི་ནི་མི་རིགས་སོ། །འདི་སྙམ་དུ་གང་གིས་མ་མཐོང་བའི་འདུ་བྱེད་ཀྱིས་རྣ་བའི་སྦུབས་སུ་དེར་ཡོངས་སུ་གཅོད་པའི་ནམ་མཁའ་ནི་རྣ་བ་ཉིད་ཡིན་ཏེ། ་དེ་ཉིད་ཀྱི་ཕྱིར་ཁ་དང་རྣ་ལ་སོགས་པའི་བུ་གའི་ནང་དུ་སྒྲ་དམིགས་པ་འབྱུང་བ་མ་ཡིན་ནོ། །རྣ་བའི་སྦུབས་དེ་ཉིད་ལ་གནོད་པས་ཡོད?་པ་ལ་སོགས་པར་བཞག་གོ་ཞེས་བྱ་བར་འདོད་ན། འདི་ཡང་མི་རིགས་པ་ཁོ་ན་སྟེ། ནམ་མཁའ་ནི་ཆ་མེད་པ ་ཉིད་ཀྱིས་རྣམ་པ་དེ་ལྟ་བུའི་དབྱེ་བ་མི་རུང་བའི་ཕྱིར་རོ། །ཀུན་ཏུ་བརྟགས་པའི་ཡན་ལག་གི་རྣམ་པར་དབྱེ་བ་རྣམས་དོན་དམ་པར་དངོས་པོའི་རྣམ་པར་དབྱེ་བ་སྒྲུབ་པར་བྱེད་པ་དོན་བྱེད་པ་སྒྲོ་བཏགས་པའི་དབང་གིས་སྒྲུབ་པར་ནུས་པ་མ་ཡིན་ཏེ། ་ཆུ་ལ་མེ་ཞེས་ཉེ་བར་བཏགས་པ་ན་འབར་བ་འམ་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་ནམ་མཁའ་ཨི་ཕྱོགས་གཅིག་ཅེས་བྱ་ནི། ལྡན་པ་མ་ཁྱབ་པར་འཇུག་པ་ཉིད་བརྗོད་པ་ཡིན་པར་འདོད་དོ་ཞེས་བྱ་བ་འདི་ཡང་སྤངས་པ་ཉིད་ཡིན་ནོ། །གཞན ་ཡང་བུམ་པ་དང་རྣ་བའི་སྦུབས་ལ་སོགས་པ་ཡང་ཐ་མི་དད་པའི་ནམ་མཁའ་གཅིག་དང་འབྲེལ་པ་ཉིད་ཀྱིས་ཡུལ་མཚུངས་པ་ཉིད་དུ་འགྱུར་རོ། །ནམ་མཁའ་ཨི་རང་བཞིན་གང་ཡིན་པ་ཁོ་ནས་གཅིག་དང་འབྲེལ་པ་དེ་ཁོ་ནས་གཞན་ལ་ཡང ་ཡིན་ཏེ། དེ་ལྟར་ན་གཞན་ན་ཡོད་པའི་བུམ་པ་ལ་སོགས་པ་ཡང་མངོན་པར་འདོད་པའི་ཡུལ་དུ་འབྱུང་བ་ཁོ་ནར་འགྱུར་ཏེ། དེ་དང་འབྲེལ་པའི་རང་བཞིན་གྱི་ནམ་མཁའ་དང་ལྡན་པའི་ཕྱིར། དེའི་ཡུལ་ན་གནས་པའི་བུམ་པ་ལ་སོགས་པ ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲ་རྣམས་ཀྱང་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་དངོས་པོ་འགའ་ཞིག་ཤིན་ཏུ་ཉེ་བ་རང་རིང་བའི་ཡུལ་ཐ་དད་ན་གནས་པར་ཤིན་ཏུ་གྲགས་པ་གང་ཡིན་པ་དེ་འགལ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས ་པའི་ཉེས་པ་མང་པོ་འཇུག་པར་འགྱུར་རོ། །དེ་བཞིན་དུ་དུས་དང་ཕྱོགས་སྒྲུབ་པར་བྱེད་པ་དག་ལ་ཡང་སྤྱིར་གྲུབ་པ་ལ་སྒྲུབ་ལ་ཁྱད་པར་དུ་གཏན་ཚིགས་རྗེས་སུ་འགྲོ་བ་མ་གྲུབ་ཅིང་དམ་བཅའ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ་ཞེས་སྟོན ་པ་ནི། ཁྱད་པར་ཅན་གྱི་བརྡ་འབྱུང་བའི་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་བརྡ་ནི་མདུན་དང་རྒྱབ་ལ་སོགས་པ་ལས་སྐྱེས་པའི་དོན་རྣམས་ལ་མདུན་དང་རྒྱབ་ཀྱི་བརྡའོ། །དེ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི་རྩོལ་བའོ། །དེ་འདི་ལ་རྒྱུ་མཚན ་དུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཕན་ཚུན་བརྟེན་པའི་ཉེས་པ་མེད་དེ། ཤེས་པ་འདི་ནི་ཁྱད་པར་ཅན་གྱི་དངོས་པོའི་བརྡའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཁྱད་པར ་གྲུབ་ན་རྗེས་སུ་དཔག་པས་གནོད་པ་དང། རྗེས་སུ་འགྲོ་བ་མེད་པ་ཡང་སྔ་མ་བཞིན་ནོ་ཞེས་སྟོན་པ་དང། གཏན་ཚིགས་ཀྱང་འདོད་པ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཉིད་ཡིན་ནོ་ཞེས་སྟོན་པ་ནི། ཆ་མེད་དངོས ་གཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་དུས་དང་ཕྱོགས་དག་གོ་།མདུན་རྒྱབ་ལ་སོགས་པའི་ཤེས་པ་དུས་དང་ཕྱོགས་ཞེས་བྱ་བ་དངོས་པོ་ཆ་མེད་པ་གཅིག་པ་ཞིག་རྒྱུ་མཚན་ཅན་དུ་འདོད། དེ་ཡང་མ་གྲུབ་སྟེ། འདི་ ་ལྟར་རང་གི་རྣམ་པའི་རྗེས་སུ་བྱེད་པའི་ཤེས་པ་སྐྱེད་པར་བྱེད་པའི་ཡུལ་ཡིན་ཏེ་གང་གིས་མདུན་དང་རྒྱབ་ལ་སོགས་པའི་ཤེས་པ་དེས་བྱས་པར་འགྱུར་བ་ཆ་ཤས་མེད་པ་ལ་ནི་མདུན་དང་རྒྱབ་ལ་སོགས་པའི་རྣམ་པར་དབྱེ་བ་ཡོད་པ་ཡང ་ཡིན་ནོ། །དེའི་ཕྱིར་འདོད་པ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ། །གལ་ཏེ་འབྲེལ་པ་ཅན་ཞེས་བྱ་བ་འདིས་གཞན་གྱི་ལན་དོགས་པར་བྱེད་དོ། །ཅི་སྟེ་ཡང་གང་ཕྱོགས་དང ་དུས་དང་འབྲེལ་བ་ཅན་གྱི་ཕྱི་དང་ནང་གི་དངོས་པོ་མེ་མར་དང་ལུས་ལ་སོགས་པ་དེ་དག་ལ་མདུན་དང་རྒྱབ་ལ་སོགས་པ་ཡོད་པ་ཡིན་ཏེ། དེས་ན་དུས་དང་ཕྱོགས་དེ་དག་ཀྱང་འབྲེལ་པ་ཅན་དུ་གཏོགས་པའི་མདུན་རྒྱབ་ལ་སོགས་པ་འདི་བསྟན་པ་ཡིན་ཏེ། ་དེའི་ཕྱིར་གཏན་ཚིགས་འགལ་བ་མ་ཡིན་ནོ་སྙམ་དུ་འདོད་པ་ཡིན་ནོ། །འདིར་ལན་སྨྲས་པ། དེ་ལྟ་ན་ནི་དེ་དག་དོན་མེད་མ་ཡིན་ནམ་ཞེས་བྱ་བ་སྟེ། དེ་ལྟར་རྟོགས་ན་དུས་དང་ཕྱོགས་དེ་དག་མེད་པར་འགྱུར་བ་ཡིན་ཏེ། དེའི་བསྒྲུབ་པར་བྱ་བར ་མངོན་པར་འདོད་པའི་འབྲས་བུ་འབྲེལ་པ་ཅན་དེ་ཉིད་ཀྱིས་བསྒྲུབས་པའི་ཕྱིར་རོ། །འདི་ལྟར་དུས་ནི། སྔ་མ་དང། ཕྱི་མ་དང། སྐད་ཅིག་དང། ཐང་ཅིག་དང། མིག་བརྩུམས་པ་དང། མཐར་དང། ཆ་དང་ལུད?་ཙམ་དང། ཉིན་ཞག་དང། ཟླ་བ་ཕྱེད་དང། ཟླ་བ ་ལ་སོགས་པའི་ཤེས་པ་སྐྱེ་བའི་རྒྱུ་ཡིན་ལ། ཕྱོགས་ཀྱང་ཤར་དང་ནུབ་ལ་སོགས་པ་རྣམ་པར་འཇོག་པའི་རྒྱུར་འདོད་དེ། ཐ་དད་པ་འདི་མཛའ་དག་ཀྱང་དེ་དག་གི་བདག་ཉིད་ལ་ཡོད་པ་ཐ་དད་པ་དག་ལ་ཡང་ཡོད་པའི་ཕྱིར་ཐ་དད་པ་དག་ལ་ཡང ་ཡོད་པར་ཀུན་ཏུ་རྟོགས་པ་དེ་ནི་དོན་མེད་དོ། །ཡིད་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱང་སྤྱིར་རྒྱུ་ཙམ། སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། མིག་ལ་སོགས་པ་ལས་གཞན་པ་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་དུ་རྟག་པ་གཅིག་པུའི ་ཡིད་སྒྲུབ་པར་བྱེད་ན་རྗེས་སུ་འགྲོ་བ་མེད་པ་དང། དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་དང། གཏན་ཚིགས་ཀྱང་འགལ་བ་ཡིན་ནོ་ཞེས་སྟོན་པ་ནི་ཡིད་ནི་རྟག་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པ་ལ་གནོད་པ་བྱེད་པར་འགྱུར ་ཞེས་བྱ་བ་ནི། མིག་ལ་སོགས་པ་ལས་ཐ་དད་པའི་མི་རྟག་པའི་རྒྱུ་ལ་བལྟོས་པ་དང་བཅས་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་རྒྱུ་རྟག་པ་ཉིད་ཡིན་ན་རྒྱུ་མ་ཚང་བ་མེད་པའི་ཕྱིར་ཤེས་པ་རྣམས་རིམ་གྱི་སྐྱེ་བ་འགལ་བར ་འགྱུར་རོ། །གཏན་ཚིགས་འགལ་བ་དེ་ཉིད་གཞད་གང་དུ་བྱེད་པ་སྔོན་དུ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། བདེ་གཤེགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བར་གཤེགས་པ་དང། མུ་སྟེགས་བྱེད་དག་འདོད ་པའི་ཡིད་གྲུབ་པ་དང་མ་གྲུབ་པར་བྱ་བའི་ཕྱིར། ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་མ་ཡིན་ནོ་ཞེས་བྱ་བའི་མདོ་འདི་བྱས་པ་ཡིན་ཏེ། ཕྱོགས་གཅིག་ལ་དགག་པའི་ཚིག་གདོན་པར་བྱ་བའི་ཕྱིར་རོ་སྙམ་དུ་སེམས་ཏེ། བསྡུས ་པའི་དོན་ནོ། །ཡན་ལག་གི་དོན་བརྗོད་པ། བདེ་གཤེགས་པ་དང་ཕྱི་རོལ་པ་སྟེ་མུ་སྟེགས་པ་དེ་དག་གིས་བསྟན་པ་ཡང་དེ་དག་ཡིན་ལ། ཡིད་ཀྱང་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་གོ་རིམས་བཞིན་དུ་གྲུབ་པ་དང་མ་གྲུབ་པ་འམ། ་ཡང་དག་པར་གྲུབ་པ་འམ། ལྷན་ཅིག་པའི་གྲུབ་པ་དེའི་ཕྱིར་ཏེ་དེའི་རྒྱུ་མཚན་དུའོ། །དེ་ཡང་ཇི་ལྟར་མདོ་གཅིག་གིས་དོན་འགལ་བ་གཉིས་གོ་བར་བྱེད་ཅེས་ན་དགག་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགག་པ་དང་ལྷན་ཅིག ་སུ་འཇུག་པ་ཞེས་བྱ་བ་གཞན་གྱི་ཡིད་མ་གྲུབ་པར་བྱ་བའི་ཕྱིར་རྟགས་མ་ཡིན་ནོ། །ཞེས་དགག་པའི་ཚིག་གཏོན་ནས་བསྟན་ལ། བདེ་བར་གཤེགས་པ་པའི་ཡིད་གྲུབ་པར་བྱ་བའི་ཕྱིར་གཞན་དུ་དགག་པ་མེད་པ་ཞེས་བྱ་བའི་དོན་ཏོ།། ་ཡང་འོན་ཏེ་ཇི་ལྟར་ཚིག་གཅིག་ལ་དགག་པ་དང་བཅས་པ་དང་དགག་པ་མེད་པ་གཉིས་འགྲུབ་པར་འགྱུར་ཞེ་ན། བཟླས་པ་ཡིས། ཞེས་བྱ་བ་སྨོས་ཏེ། འདི་བཟླས་པའི་ཚུལ་གྱིས་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཁོ་ན་ཉིད་བསྡུས་པའི ་དཀའ་འགྲེལ་ལས། རྫས་ཀྱི་ཚིག་གི་དོན་བརྟག་པ་སྟེ། བཅོ་ལྔ་པའོ།། །།ཡོན་ཏན་ལ་སོགས་པ་རྣམས་དགག་པའི་ཕྱིར་རྫས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས ་རྣམས་བཀག་པ་ཉིད་ཀྱི་ཡོན་ཏན་དང་ལ་སོགས་པ་ཁྱད་པར་གྱི་མཐར་ཐུག་པ་རྣམས་བསལ་བ་ཡིན་ཏེ། དེ་དག་ནི་དེ་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རོ། །རྟེན་མེད་པ་ན་ཡང་བརྟེན་པ་རྣམས་གཞན་གྱི་དབང་ཉིད་ཀྱིས་གནས་པ་མི་འཐད ་པའི་ཕྱིར་རོ། །དེར་བརྟེན་པ་སྟེ་དེ་ལྟར་འདོད་པ་ཞེས་བྱ་བ་ནི་དངོས་སམ་བརྒྱུད་པས་རྫས་ལ་བརྟེན་པ་ཉིད་དུ་འདོད་པའོ། །འདི་ལྟར་ཡོན་ཏན་དང་ལས་དག་ནི་དངོས་ཁོ་ནར་རྫས་ལ་བརྟེན་པ་ཉིད་དུ་འདོད་དེ། དེ་སྐད་དུ་ཡང་མདོ་ལས། ཡོན ་ཏན་གྱི་མཚན་ཉིད་ནི་རྫས་ལ་བརྟེན་པ། ཡོན་ཏན་གྱི་ལྡན་པ་དང། རྣམ་པར་དབྱེ་བ་དག་ལ་རྒྱུ་མ་ཡིན་པ་བལྟོས་པ་མེད་པ་ཞེས་བྱའོ། །ལས་ཀྱི་མཚན་ཉིད་ནི་རྫས་གཅིག་པ་ཅན་ཡོན་ཏན་མེད་པ་ཅན་ལྡན་པ་དང་རྣམ་དབྱེ་བ་དག་ལ ་བལྟོས་པ་མེད་པའི་རྒྱུ་མ་ཡིན་པ་ཞེས་བྱ་བའོ། །རྫས་གཅིག་པ་ཞེས་བྱ་བ་ནི་རྫས་གཅིག་ལ་བརྟེན་པ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ཁ་ཅིག་ནི་རྫས་དུ་མ་ལ་འཇུག་པ་ཡིན་ཏེ། ཇི་ལྟར་ལྡན་པ་དང་རྣམ་པར་དབྱེ་བ་ལ་སོགས་པ་ལྟ་བུའོ། ། ་སྤྱི་དང་བྱེ་བྲག་རྣམས་ཀྱང་ཁ་ཅིག་ནི་རྫས་ལ་འཇུག་པ་ཁོ་ན་ཡིན་ཏེ། དཔེར་ན་ས་ཉིད་ལ་སོགས་པ་བཞིན་ནོ། །ཡོན་ཏན་དང་ལས་ཉིད་ལ་སོགས་རྫས་དང་འབྲེལ་པའི་ཡོན་ཏན་དང་ལས་ཀྱི་ཚིག་གི་དོན་ལ་འཇུག་གོ་།སྤྱི ་ཆེན་པོ་ཡོད་པ་ཞེས་བྱ་བ་ནི་རྫས་ལ་སོགས་པ་ཚིག་གི་དོན་གསུམ་ལ་འཇུག་གོ་།དེ་ལྟ་བས་ནི་རྫས་བཀག་ནས་འབད་མི་དགོས་པར་ཡོན་ཏན་ལ་སོགས་པ་ཡང་བཀག་པར་འགྱུར་བའི་ཕྱིར་ཚིག་གི་དོན་ལྷག་མ་བརྟག་པའི ་འབྲས་བུ་ནི་རྫས་བརྟག་པ་ཉིད་དུ་རྫོགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོ་ན་འདུ་བ་དགག་པ་ལོགས་ཤིན་ཏུ་བརྩམས་པར་བྱ་དགོས་སོ་ཞེ་ན། འདུ་བ་འང་གང་དུ་གང་གི་ཡིན་ཞེས་བྱ་བ་སྨོས་ཏེ། ཚིག་གི་དོན་ལྔ་ལ་འཇུག ་པའི་ངོ་བོ་ནི་འདུ་བ་ཡིན་པར་རྗོད་དེ། རྫས་ལ་སོགས་པ་འབྲེལ་པ་ཅན་རྣམ་པ་ལྔ་བསལ་བ་ཡིན་ན་གང་དུ་གང་གི་འདུ་བ་ཡིན་ཏེ། གང་དུ་ཡང་འགལ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། རྟེན་དང་བརྟེན་པ་ཐམས་ཅད་བཀག་པའི ་ཕྱིར་རོ། །དེ་ལ་རེ་ཞིག་ཡོན་ཏན་རྣམས་ཁྱད་པར་དུ་དགག་པ་བརྗོད་པར་བྱ་སྟེ། དེ་ལ་མདོ་ལས་གཟུགས་དང་རོ་དང། དྲི་དང། རེག་པ་རྣམས་དང། གྲངས་དང། ཚད་དང། སོ་སོ་བ་ཉིད་དང། ལྡན་པ་དང། ་རྣམ་པར་དབྱེ་བ་དང། གཞན་དང་གཞན་མ་ཡིན་པ་ཉིད་དང། བློ་རྣམས་དང། བདེ་བ་དང། སྡུག་བསྔལ་དག་དང་འདོད་པ་དང། སྡང་བ་དག་དང། འབད་པ་ནི་ཡོན་ཏན་དག་གོ་ཞེས་འབྱུང་སྟེ། དང་གི་སྒྲ་ལས ་ལྕི་བ་ཉིད་དང། གཤེར་བ་ཉིད་དང། སྣུམ་པ་དང། འདུས་བྱས་པ་དང། ཆོས་དང། ཆོས་མ་ཡིན་པ་དང། སྒྲ་རྣམས་གཟུང་ངོ། །དེ་ལ་གཟུགས་ནི་མིག་གིས་གཟུང་བར་བྱ་བ་སྟེ། ས་དང་ཆུ་དང་མེ་ལ་གནས་སོ། ། ་རོ་ནི་ལྕིའི་དབང་པོས་གཟུང་བར་བྱ་བ་སྟེ། ས་དང་ཆུ་ལ་གནས་སོ། །དྲི་ནི་སྣས་གཟུང་བར་བྱ་སྟེ། ས་ལ་གནས་སོ། །རེག་པ་ནི་ལུས་ཀྱི་དང་པོས་གཟུང་བར་བྱ་སྟེ། ས་དང། ཆུ་དང། མེ་དང་རླུང་ལ་གནས་སོ། །འདི་དག ་གི་གཟུགས་ལ་སོགས་པ་དང་པོ་བཞི་དགག་པའི་ཕྱིར། རགས་པའི་རྫས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རགས་པ་ཉིད་ཀྱི་རྫས་ལ་འདུ་བ་རྣམས་ནི་དམིགས་པའི་མཚན་ཉིད་དུ་འགྱུར་བ་ཉིད་ཡིན་ཏེ། དེའི་ཕྱིར ་རགས་པ་ལ་ཞེས་བཤད་དོ། །རྫས་དེ་ལ་ཡང་སྔོན་པོ་ལ་སོགས་པ་རྣམ་པ་བཞི་པོ་གལ་ཏེ་གཅིག་པ་ཉིད་དེ། ཆ་ཤས་མེད་པར་འདོད་ན། དེའི་ཚེ་སྒོ་གསེབ་ལ་སོགས་པའི་བུ་གར་འཇུག་པའི་སྒྲོན་མ་ལ ་སོགས་པའི་སྣང་པ་ཕྲ་མོས་ཀྱང་ཁང་པའི་ཕུགས་ལ་སོགས་པར་གནས་པའི་བུམ་པ་ལ་སོགས་པའི་རྫས་ཆེས་ཆེ་བ་དང་འདུ་བའི་སྔོན་པོ་ལ་སོགས་པའི་ངོ་བོ་མངོན་པར་གསལ་བ་ན་རྫས་ཇི་སྙེད་པ་ཐ་དག་ལ་གནས་པའི་གཟུགས ་ལ་སོགས་པ་མངོན་པར་གསལ་བ་དང། དམིགས་པར་འགྱུར་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །གང་གིས་ཕོགས་གཅིག་གིས་མངོན་པར་གསལ་བར་འགྱུར་བ་གཅིག་ལ་ཆ་ཡོད་པ་ཡང་མ་ཡིན་ནོ། །བུ་གའི་སྣང ་བས་ཞེས་བྱ་བ་མཚོན་པ་སྟེ། སའི་ཕྱོགས་གཅིག་ཏུ་ཆུས་མངོན་པར་གསལ་བ་ན་ཕྱོགས་གཞན་དུ་ཡང་མངོན་པར་གསལ་བ་དང་དམིགས་པར་ཐལ་བར་འགྱུར་རོ། །མེ་ལ་སོགས་པ་དང་ཨ་མྲའི་འབྲས་བུ་ལ་སོགས་པའི་ཕྱོགས ་གཅིག་གི་ཤན་ཙམ་རེག་པ་དང་མྱངས་བ་ན། རྫས་དེ་ལ་འདུ་བ་དེ་སྙེད་པའི་རེག་པ་དང། རོ་དམིགས་པར་འགྱུར་རོ། །འདི་སྙམ་དུ་སྔོན་པོ་ལ་སོགས་པ་མཛའ་དག་དམིགས་པ་དང། མངོན་པར་གསལ་བར་འགྱུར་བ་ཁོ་ནའོ ་སྙམ་དུ་སེམས་ན། ཡང་བའི་ཡུལ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཚེ་ཞེས་བྱ་བ་ནི་དེའི་དུས་ནའོ། །དེ་ཡིས་ཞེས་བྱ་ནི་བུ་གའི་སྣང་བས་སོ། །དེའི་ནི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་རྡུལ་ཕྲ་རབ་རྣམས་ཐ་དད་པར་ཁས ་ལེན་པ་ན་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རྫས་བཞིན་དུ་རྡུལ་ཕྲ་རབ་ཚད་དང་ལྡན་པའི་ཕྱིར་རྫས་ཀྱི་རང་བཞིན་ཉིད་དུ་འགྱུར་གྱི། ཡོན་ཏན་ཉིད་ནི་མ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་རྡུལ་ཕྲ་རབ་ཐ་དད་པ་རྣམས་ལ་ཡོན་ཏན་དུ་ཐ ་སྙད་བྱེད་ན་མིང་ལ་རྩོད་པ་མེད་དོ། །རྡུལ་ཉིད་ཡིན་ན་ཡང་བརྟེན་པ་ཉིད་ལས་ཡོན་ཏན་ཉིད་དུ་རིག་པ་ནི་མ་ཡིན་ཏེ། ཡོད་པ་དང་མེད་པ་ལ་རྟེན་མི་འཐད་པའི་ཕྱིར་དང། ཧ་ཅང་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །འདི་ལྟར་ཡན་ལག་ཅན་གྱི་རྫས་ཀྱང་ཡན ་ལག་གི་རྫས་ལ་བརྟེན་པའི་ཕྱིར་དེ་ཡང་ཡོན་ཏན་དུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་གཅིག་ལ་སོགས་པའི་ཐ་སྙད་ཀྱི་རྒྱུ་གཅིག་ཉིད་ལ་སོགས་པའི་མཚན་ཉིད་གྲངས་ཏེ། དེ་ཡང་རྫས་གཅིག་པ་དང་རྫས་དུ་མ་བ་ཡིན་ནོ། །ད་ལ་གཅིག ་གི་གྲངས་ནི་རྫས་གཅིག་པ་ཡིན་ལ། གཉིས་ཉིད་ལ་སོགས་པ་ནི་རྫས་དུ་མ་པ་ཡིན་ནོ། དེ་ལ་རྫས་གཅིག་པ་ལ་ནི་རྟག་པ་ཉིད་དང། མི་རྟག་པ་ཉིད་དག་ཏུ་སྒྲུབ་པར་ཆུ་ལ་སོགས་པའི་རྡུལ་ཕྲ་རབ་ལ་སོགས་པར་གཏོགས་པའི་གཟུགས་ལ་སོགས ་པ་བཞིན་དུ་རྟོགས་པར་བྱའོ། །རྫས་དུ་མ་ནི་དུ་མའི་ཡུལ་ཅན་གྱི་བློ་དང་ལྷན་ཅིག་ལས་གྲུབ་པ་ལ་བལྟོས་པའི་བློ་འཇིག་པས་འཇིག་པ་དང། ལ་ལ་རྟེན་འཇིག་པས་ཀྱང་འཇིག་པ་ཡིན་ཏེ་ཞེས་རྟོགས་པར་བྱའོ། །གཞན་དག་གྲངས་རྣམ་པ་གཉིས ་པ་འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་པ་དང། ཁྱད་པར་གྱི་བློ་ཡང་རྒྱུ་མཚན་གཞན་ལ་བལྟོས་པའི་ཕྱིར་རྗེས་སུ་དཔག་པས་ཀྱང་གྲུབ་པར་སེམས་སོ་ཞེས་གྲག་གོ་།དེ་ལ་འདིའི་འགེགས་པ་བཤད་པ། དེ་མིན་ངོ་བོ་ལས་ལྡོག་པ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། བསྡུས་པ་ལ་སོགས་པ་ལས་ལྡོག་པའི་གླང་པོ་ལ་སོགས་པ་གང་དག་ལ་མིང་སྦྱོར་བ་དེ་ལས་མ་གཏོགས་པའི་དམིགས་པའི་མཚན་ཉིད་དུ་ཆུང་བའི་གྲངས་ཞེས་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར། དེ་རི་བོང་གི་རྭ་བཞིན་དུ ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །འདི་ལྟར་འདི་ནི་སྣང་དུ་རུང་བར་འདོད་དེ། དེ་སྐད་དུ་ཡང་མདོ་ལས་གྲངས་དང་ཆད་རྣམས་དང། སོ་སོ་བ་ཉིད་དང། ལྡན་པ་དང། རྣམ་པར་དབྱེ་བ་དག་དང། གཞན་དང་གཞན་མ་ཡིན་པ་ཉིད་ཡིན་པ ་ཉིད་དང། ལས་ནི་གཟུགས་ཅན་གྱི་རྫས་དང་འདུ་བའི་ཕྱིར། མིག་གིས་གཟུང་བར་བྱ་བ་ཡིན་ནོ་ཞེས་འབྱུང་ངོ། །ཁྱད་པར་གྱི་བློ་ལས་གྲངས་འགྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདོད་ཀྱིས་རབ་ཏུ་སྦྱར་བའི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་གཅིག་གོ་།ཤེས་པ་གཉིས་སོ་ཞེས་བྱ་བ་ལ་སོགས་པ་ལ་གྲངས་མེད་པར་ཡང་གཅིག་ལ་སོགས་པའི་བློར་འགྱུར་བ་དེ་བཞིན་དུ་གྲོགས་ལ་སོགས་པ་མེད་པའི་བུམ་པ་ལ་སོགས་པའི་དངོས་པོ་རྣམས ་ལ་ཡང་གཅིག་ཅེས་བྱ་བ་ལ་སོགས་པ་རང་གི་འདོད་པས་བརྡ་བྱས་པ་དེ་ལ་ཡིད་ལ་བྱེད་པ་གང་ཡིན་པ་གཟོ་བ་དེའི་རྗེས་སུ་འགྲོ་བའི་ཤེས་པ་གཅིག་འབྱུང་བར་འགྱུར་བས་འདི་མ་ངེས་པ་ཡིན་ནོ། །ཤེས་པ་དེ་དག་ལ་ནི་གྲངས་ཡོད་པ་མ ་ཡིན་ཏེ། དེ་དག་རྫས་མ་ཡིན་པའི་ཕྱིར་དང་གྲངས་ནི་ཡོན་ཏན་ཉིད་ཡིན་པས་རྫས་ལ་བརྟེན་པའི་ཕྱིར་རོ། །ཅི་སྟེ་ཤེས་པ་འདི་དག་ལ་འདི་ནི་ཉེ་བར་བཏགས་པ་ཡིན་ཏེ། གཅིག་ལྟ་བུ་ནི་གཅིག་ཡིན་ཏེ། འདིར་ཆོས་མཐུན་པ་ཡང་གྲོགས་མེད་པའི ་ཕྱིར་རོ། །སྙམ་དུ་འདོད་ན་ཤེས་པ་འདི་ནི་བཏགས་པ་ཡིན་པར་རིགས་པ་མ་ཡིན་ཏེ། ཤེས་པ་འདི་ནི་འཁྲུལ་པ་མེད་པར་འཇུག་པའི་ཕྱིར་རོ། །དཔེར་ན་ཁུང་བུ་པ་ལ་བ་ལང་ཞེས་ཤེས་པ་འཁྲུལ་པ་སྟེ། བ་ལང་ལྟ་བུ་ནི་བ་ལང་ཡིན་གྱི ་བ་ལང་ཉིད་ནི་མ་ཡིན་ཏེ། ནོག་ལ་སོགས་པའི་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་ཤེས་པ་གཅིག་ལ་སོགས་པ་འདི་འཁྲུལ་པ་གཅིག་ལྟ་བུ་ནི་གཅིག་དང་འདྲ་བ་ཡིན་གྱི་གཅིག་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུམ ་པ་ལ་སོགས་པ་ལ་ཅི་འདྲ་བའི་བློ་མ་འཁྲུལ་པར་འགྱུར་བ་དེ་འདྲ་བ་ཤེས་པ་ལ་སོགས་པ་ཡང་ཡིན་ནོ། །འདི་སྙམ་དུ་ཤེས་པ་འདི་འདྲ་བ་ལ་བལྟོས་ནས་བརྗོད་པ་མ་ཡིན་གྱི་འོན་ཀྱང་དེ་དག་གི་རྟེན་དུ་གྱུར་པའི་རྫས་གང་ཡིན་པ་དེར་གཏོགས ་བའི་གཅིག་ཉིད་ལ་སོགས་པ་ལས་དོན་གཅིག་ལ་འདུ་བའི་ཕྱིར། ཡོན་ཏན་དང་ལས་དང་འདུ་བ་ལ་སོགས་པ་ལ་གཅིག་ལ་སོགས་པའི་ཤེས་པ་འདིར་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདིའི་དོགས་པ་བསུ་བ་ནི། དོན་གཅིག་ལ་ནི་འདུ་བའི་ཕྱིར་ཞེས་བྱ་བ ་ལ་སོགས་པ་སྨོས་སོ། །འདིར་ལན་སྨྲས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཤེས་པ་འདི་རྫས་དེ་དང་འདུ་བའི་གཅིག་ཉིད་ལ་སོགས་པ་ལས་ཤེས་པ་གཅིག་དང་བདེ་བ་ལ་སོགས་པ་གཅིག་གི་བདག་ཉིད་ཀྱི་རྫས་དང་འདུ་བ་རྣམས ་ལ་དེའི་ཚེ་དེ་ལྟར་ཤེས་པ་གཅིག་ཞེས་བྱ་ཡིན་དུ་ཆུག་ཡོད། ཤེས་པ་གཉིས་དང་གསུམ་དང་བཞི་ཞེས་བྱ་བ་ལ་སོགས་པའི་ཤེས་པ་ལ་རྒྱུ་ཅི་ཞིག་ཡོད། གཅིག་གི་བདག་ཉིད་དུ་གྱུར་པ་དེ་ལ་གཉིས་ཉིད་ལ་སོགས་པ་ཡོད་པ་མ་ཡིན་ནོ།། ་གང་ཡང་ཚིག་གི་དོན་དྲུག་དང། བདེ་བ་དང་སྡུག་བསྔལ་དག་དང། འདོད་པ་དང་སྡང་པ་དག་དང། ལས་རྣམ་པ་ལྔ་དང། གཞན་དང་གཞན་ཁྱབ་པ་དང་མ་ཁྱབ་པའི་སྤྱི་རྣམ་པ་གཉིས་དང་མ་ཡིན་པའི་སྤྱི་རྣམ་པ་གཉིས་དང། དངོས་པོ ་གཅིག་དང། འདུ་བ་གཅིག་ཅེས་བྱ་བ་འདི་བརྗོད་པ་དེ་ལ་རྒྱུ་ཅི་ཞིག་ཡོད་དེ་ལ་དོན་གཅིག་ལ་འདུ་བའི་གྲངས་ནི་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་འདི་ཡང་བརྟགས་པར་མི་རིགས་སོ། གཞན་ཡང་གལ ་ཏེ་དེ་ན་གཅིག་ལ་འདུ་བའམ། གཞན་ཡང་རུང་སྟེ། རང་གི་བློ་བརྟགས་པའི་རྒྱུ་བརྗོད་པ་དེ་ལྟ་ན་ཡང་དོན་གཅིག་ལ་འདུ་བ་ལ་སོགས་པ་ལས་སྐྱེ་བའི་ཤེས་པ་འདི་རྟག་པར་འགྱུར་ཏེ། དངོས་པོ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འཁྲུལ་པར་འགྱུར ་རོ། དེ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དཔེར་ན་བྲམ་ཟེའི་ཁྱེའུ་ལ་མེའི་ཤེས་པ་བཞིན་ནོ། །དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་གང་བཤད་པའི་ཉེས་པ་ལས་མ་འདའ་བ་ཁོ་ནའོ། །གླང་པོ་ལ་སོགས་ཤེས་པ་ལས་ཞེས་བྱ་བ་ལ་སོགས་པས་གྲངས ་གྲུབ་པར་བྱ་བའི་ཕྱིར་རྣ་བ་ཕུག་པས་སྨྲས་པའི་ཚད་མ་དོགས་པར་བྱེད་དོ། །དེས་སྨྲས་པ་དམག་གི་ཤེས་པ་ནི་གླང་པོ་ཆེ་དང་རྟ་དང་ཤིང་རྟ་ལ་སོགས་པ་ལས་མ་གཏོགས་པའི་རྒྱུ་མཚན་ཅན་ཡིན་ཏེ། གླང་པོ་ལ་སོགས་པའི ་ཤེས་པ་དང་མི་འདྲ་བའི་ཕྱིར། གོས་སྔོན་པོའི་ཤེས་པ་བཞིན་ནོ་ཞེའོ། །དེ་ལས་གཞན་ལས་བྱུང། ཞེས་བྱ་བ་ནི། གླང་པོ་ཆེ་དང་རྟ་དང་ཤིང་རྟ་ལ་སོགས་པ་དེ་ལས་གཞན་ནི་དེ་ལས་གཞན་ནོ། །དེ་ལས་བྱུང་བ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར ་སྦྱར་རོ། །འདོད་པས་སྦྱར་པའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གླང་པོ་ལ་སོགས་པ་ལས་ཐ་དད་པའི་བརྡའི་ཡིད་ལ་བྱེད་པ་ལ་སོགས་པ་ནང་གི་རྒྱུ་མཚན་དུ་འདོད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །སོགས་པའི་སྒྲས ་བརྡ་དྲེན་པ་ལ་སོགས་པ་གཟུང་ངོ། །ཅི་སྟེ་བརྡ་གཟོ་བ་ལ་སོགས་པ་ལ་ཐ་དད་པའི་དངོས་པོ་རྒྱུ་མཚན་ཅན་ཉིད་དུ་བསྒྲུབ་པར་འདོད་ན། དེའི་ཚེ་མ་ངེས་པ་ཡིན་ནོ། །ཞེས་ཐལ་བར་འགྱུར་བརྗོད་པའི་ཐབས་ཀྱིས་སྟོན་པ་ནི། འདི་ཉིད་ཀྱི་བློ་ལ་སོགས ་པའང་གྲངས་སུ་འགྱུར། ཞེས་བྱ་བ་སྨོས་ཏེ། དེའི་ཤེས་པ་དང་མི་འདྲ་བའི་ཕྱིར་ཞེས་བཤད་པས་དེ་ཉིད་ཀྱིས། གཅིག་གི་བློ་དང་གཉིས་ཀྱི་བློ་དང་ལས་ལྔ་ཞེས་བྱ་བ་ལ་སོགས་པ་ཡང་གྲངས་སུ་འགྱུར་ཏེ། གཅིག་ལ་སོགས་པའི་བློ་དེ་ལ་ཡང ་དེའི་ཤེས་པ་དང་མི་འདྲ་བའི་ཕྱིར་རོ། །དེ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་མ་ངེས་པ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །གཞན་ཡང་གཉིས་ཉིད་ལ་སོགས་པའི་གྲངས་རྫས་དུ་མ་གང་ཡིན་པ་དེའི་བློ་དུ་མ་དང་ལྷན་ཅིག་པའི་གཅིག་ཉིད་ལས་གྲུབ་པར ་ཁྱེད་ཅག་གིས་སྨྲས་པ་གོར་ཡིན་པ་དེ་ནི་རྒྱུ་མཚན་མེད་པ་ཡིན་ནོ། །ཞེས་སྟོན་པ་ནི་གལ་ཏེ་བློ་ལ་བལྟོས་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཙམ་སྨོས་པས་གཅིག་ཉིད་དང་གཉིས་ཉིད་ལ་སོགས་པ་དེའི་སྤྱི་དང་འབྲལ་བ་ཅན་གྱི་ཤེས་པ་རྣམ ་པར་གཅོད་པའི་དོན་དུའོ། །བློ་དེ་ཞེས་བྱ་བ་ནི། བགྲང་བར་བྱ་བ་དག་ལ་གཉིས་དང་གསུམ་གཞི་ཞེས་བྱ་ལ་སོགས་པའི་བློ་བརྡ་གཟོ་བ་ཙམ་གྱིས་ཅིའི་ཕྱིར་མི་འདོད། །དེ་ལྟ་ན་ནི་ནུས་པ་མཐོང་བ་རྒྱུ་ཉིད་དུ་བརྟག་པར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་གཏན ་ཚིགས་རྣམས་ཐུག་པ་མེད་པར་འགྱུར་རོ། །འདི་ལྟར་བལྟོས་པའི་བློ་ཡོད་ན་ཡོད་པའི་ཕྱིར་དང་དེ་མེད་ན་ཡང་མེད་པའི་ཕྱིར་དེར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་བྱེད་པའི་ཕྱིར་རོ། །དེ་ཁོ་ན་བརྟག་པར་རིགས་ཀྱི་གཞན་དུ་ནི་འཁྲུ་སྨན་དང ་ཕྲད་ནས་ལྟས་འཁྲུ་བར་བྱེད་དོ། །ཞེས་བྱ་བ་ཡང་བརྟག་འགྱུར་རོ། །བསྡུ་བ་ལ་སོགས་པ་ལས་ལྡོག་ཅིང་དངོས་པོ་ལས་ཐ་དད་པ་དམིགས་པའི་མཚན་ཉིད་དུ་གྱུར་པར་མངོན་པར་འདོད་པའི་གཉིས་ཉིད་ལ་སོགས་པ་སྣང་བ་འམ་འཐད་པ་ཡང ་མ་ཡིན་ཏེ། གཅིག་དུ་ན་མ་ལ་འཇུག་པ་བཀག་པའི་ཕྱིར་རོ། །སྤྱི་དང་འདུ་བ་ཡང་འགོག་པར་འགྱུར་བའི་ཕྱིར་སྙམ་དུ་དགོངས་པའོ། །ཆེ་དང་རང་སོགས་ཞེས་བྱ་བ་ལ་སོགས་པས་ཚད་དགག་པའི་ཕྱིར་བཤད་པ་ཚད་ཀྱི་ཐ་དད་ཀྱི་རྒྱུ་ནི་མེད་དོ།། ་དེ་ཡང་ཆེན་པོ་དང་རྡུལ་ཕྲ་རབ་དང། རིང་པོ་དང། ཐུང་ངུ་ཞེས་བྱ་བ་རྣམ་པ་བཞི་སྟེ། དེ་ལ་ཆེན་པོ་ནི་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ། །རྟག་པ་ནི་ནམ་མཁའ་དང། དུས་དང་ཕྱོགས་དང་བདག་རྣམས་ལ་ནི་མཆོག་ཏུ་ཆེན་པོ་ཉིད་དོ།། ་མི་རྟག་པ་ནི་རྡུལ་ཕྲ་རབ་གསུམ་པ་ལ་སོགས་པའི་རྫས་རྣམས་ལའོ། །དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ། །རྟག་པ་ནི་རྡུལ་ཕྲ་རབ་དང། ཡིད་ལ་ཟླུམ་པའི་མཚན་ཉིད་ཅན་ནོ། །མི་རྟག་པ་ནི་རྡུལ་ཕྲ་རབ ་གཉིས་པ་ཉིད་དོ། །ུཏཔལ་དང། སྐྱུ་རུ་ར་དང། བལ་བ་ལ་སོགས་པ་ཆེན་པོ་ལ་ཡང། ཁྱད་པར་དུ་འཕགས་པར་འབྱུང་བའི་དངོས་པོ་ལ་བལྟོས་ནས་བརྟགས་ནས་རྡུལ་ཕྲ་རབ་དུ་བརྗོད་དེ། སྐྱུ་རུ་རའི་ཆེ་བའི་ཚད་ཅི་འདྲ་བ་དེ་འདྲ་བའི ་ཨུཏཔ་ལ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །ཅི་སྟེ་རྡུལ་ཕྲ་རབ་གསུམ་པ་ལ་སོགས་པ་ལ་འཇུག་པའི་ཆེན་པོ་དང་རིང་བ་དག་དང། རྡུལ་ཕྲན་གཉིས་འབྱར་བའི་རྡུལ་ཕྲ་རབ་དང། ཐུང་ངུ་དག ་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པ་དེ་ལ་ཆེན་པོ་ཉིད་དང་རིང་པོ་ཉིད་དག་ལ་ཕན་ཚུན་ཁྱད་པར་ཡོད་དེ། ཆེན་པོ་ལས་རིང་པོ་འོན་ཅིག་རིང་པོ་རྣམས་ལས་ཆེན་པོ་འོན་ཅིག་ཅེས་བྱ་བའི་ཐ་སྙད་ཐ་དད་པ་མཐོང་བའི་ཕྱིར་རོ། །རྡུལ་ཕྲ་རབ་དང་ཐུང་ངུ་དག ་གི་ཁྱོད་པར་ཡང་དེ་མཐོང་བའི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་ཉིད་དོ། །ཞེས་བྱ་བ་འདི་ནི་གཞན་དག་གི་ལུགས་ཡིན་ནོ། །གཞན་དག་གི་ཆེན་པོ་ལ་སོགས་པ་འདི་ཡང་གཟུགས་ལ་སོགས་པ་ལས་དོན་གཞན་དུ་གྱུར་པ་ཉིད་དུ་གྲུབ་སྟེ། ་དེའི་ཤེས་པ་དང་མི་འདྲ་བའི་བློས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་བཞིན་ནོ་ཞེས་སེམས་ཏེ། དེ་ལ་རེ་ཞིག་གལ་ཏེ་གཟུགས་ལ་སོགས་པའི་ཡུལ་ཅན་གྱི་དབང་པོའི་བློ་དང་མི་འདྲ་བའི་མངོན་སུམ་གྱི་ཤེས་པས་གཟུང ་བར་བྱ་བའི་ཕྱིར་རོ། །ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དུ་འདོད་ན། དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། དེ་ལྟར་གནས་པའི་གཟུགས་ལ་སོགས་པའི་དངོས་པོ་ལས་མ་གཏོགས་པར་ཆེན་པོ་ལ་སོགས་པའི་ཚད་དབང་པོའི་བློ་ལ ་སྣང་བ་བཞིན་པར་མ་དམིགས་སོ། །ཅི་སྟེ་རྡུལ་ཕྲ་རབ་དང་ཆེན་པོའི་ཞེས་བྱ་བ་སྟེ་དེ་ལྟ་བུ་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་དེའི་ཤེས་པ་དང་མི་འདྲ་བའི་བློས་ཞེས་བྱ་བ་འདོད་ན། དེ་ལྟ་ན་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། མི ་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །འདི་ལ་དོན་དམ་པར་གཟུང་བར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྟོག་པ་དང་བཅས་པའི་ཕྱིར་རོ། །ཕྱོགས་གཅིག་ཏུ་མངོན་དུ་ཕྱོགས་པ་ལ་སོགས་པར་འཇུག ་པའི་གཟུགས་ལ་སོགས་པ་མཐོང་བ་དེ་དག་ལ། དེ་དང་མི་འདྲ་བའི་གཟུགས་ལ་སོགས་པ་ལས་ཐ་དད་པར་བསྟན་པར་བྱ་བའི་ཕྱིར་བརྡ་བྱས་པའི་དོར་ཆེན་པོ་ཞེས་ངེས་པ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་དངོས་པོ་གཞན་གྲུབ་པ་མ་ཡིན་ནོ། །དེ་ཉིད ་ཀྱི་ཕྱིར་འདི་གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ངེས་པ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ། །དམ་བཅའ་བ་ཡང་མངོན་སུམ་གྱིས་གནོད་པ་ཡིན་ཏེ་མངོན་སུམ་དུ་འདོད་པའི་ཆེན་པོ་ལ་སོགས་པ་ལས་མ་གཏོགས་པར ་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་ཚད་དེ་ཡང་ཕྱོགས་གཅིག་ཏུ་ཕྱོགས་པ་ལ་སོགས་པར་འཇུག་པའི་གཟུགས་ལ་སོགས་པའི་དོན་ལ་དོན་དེ་དེ་ལྟ་བུར་གྱུར་པ་མ་ཡིན་པ་ལས་ཐ་དད་པ་ལ་རྟེན་ནས་དེའི་བདག་ཉིད་དུ་ཅི་སྟེ་མི་འདོད། དེ་ལྟ ་ན་ནི་མ་མཐོང་བ་དང་མི་རིགས་པའི་དངོས་པོ་བརྟན་པར་བྱ་མི་དགོས་པར་འགྱུར་རོ། །ཐ་དད་ཉིད་ཀྱིས་ནི་ཞེས་ཉིད་ཀྱི་སྒྲས་བསྟན་ཏོ། །འདི་ལྟར་ཕྱོགས་གཅིག་ཏུ་མངོན་དུ་ཕྱོགས་པར་འཇུག་པའི་གཟུགས་ལ་སོགས་པ་མང་པོ་མཐོང་བ་འམ། ་རིག་པ་ན་རིང་པོའོ། །ཞེས་ཐ་སྙད་དུ་བྱེད་ལ། དེ་ལ་བལྟོས་པའི་ཉུང་ངུར་སྐྱེ་བ་ཐུང་ངོ་ཞེས་བྱའོ། །དེ་བཞིན་དུ་ཆེན་པོ་ལ་སོགས་པ་དེ་དག་ལ་ཡང་སྦྱར་བར་བྱའོ། །གཟུགས་ལ་སོགས་པ་བཀགས་པ་བཞིན་དུ་གཅིག་དང་དུ་མའི་རྣམ་པར་རྟོག་པ་དག་ལས་ཆེན ་པོ་ལ་སོགས་པ་དགག་པ་ཡང་བརྗོད་པར་བྱའོ། །གཞན་ལ་ཡང་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་འཇུག་པ་མཐོང་བའི་ཕྱིར་མ་ངེས་པ་ཉིད་དུ་གསལ་རབ་བ་ཉིད་དོ། །ཞེས་བསྟན་པའི་ཕྱིར་ཇི་ལྟར་ཁང་བཟངས། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ཁྱེད་ཀྱི་ཀུན་ཏུ་བརྟགས་པའི་ཆེན་པོ་ཉིད་ལ་སོགས་པ་མེད་ན་ཡང་ཁང་བཟངས་ཀྱི་ཕྲེང་ལ་སོགས་པ་དག་ལ་ཆེན་པོ་ལ་སོགས་པའི་ཤེས་པ་སྐྱེ་བར་ཉམས་སུ་མྱོང་བ་ཡིན་ནོ། །གང་ཁོ་ནར་ཁང་བཟངས་ལ་སོགས་པ་ལ་ཕྲེང་ཞེས་བྱ་བའི ་ཡོན་ཏན་དང་འདུ་བ་དེ་ལ་ཆེན་པོ་ལ་སོགས་པ་ཡང་ཡིན་ཏེ། དེས་ན་དོན་གཅིག་ལ་འདུ་བའི་སྟོབས་ལས་དེ་བཞིན་དུ་ཆེན་པོ་ཞེས་བྱ་བ་དེ་ལྟ་བུར་དེའི་ཕྲེང་བ་ལ་སོགས་པར་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་སྐད་ཡང ་བརྗོད་པར་མི་ནུས་ཏེ། དེ་ཡང་རང་གི་གཞུགས་དང་འགལ་ལོ་ཞེས་བསྟན་པར་བྱ་བའི་ཕྱིར། བརྗོད་པར་འདོད་པའི་ཞེས་བྱ་ལ་སོགས་པ་སྨོས་ཏེ། ཁྱིམ་རྣམས་ལ་ཞེས་བྱ་བ་ནི་ཁང་བཟངས་ལ་སོགས་པ་དག་ལའོ། །བརྗོད་པར་འདོད་པ་ཞེས ་བྱ་བ་ནི་རྒྱང་གྲགས་དང་རྒྱང་གྲགས་ཀྱི་ཕྱེད་ལ་སོགས་པའི་ཚད་དོ། །ཕྱིར་མེད་ཅེ་ན། ཁང་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཁྱེད་ཅག་གིས་ནི་ཁང་བཟང་ལྡན་པའི་བདག་ཉིད་ཀྱི་ཡོན་ཏན་དུ་འདོད་ཀྱི། ཡན་ལག་ཅན་གྱི་རྫས ་ནི་མ་ཡིན་ཏེ། རིགས་མི་མཐུན་པས་རྫས་མི་རྩོམ་པའི་ཕྱིར་རོ། །ཡོན་ཏན་རྣམས་ནི་ཡོན་ཏན་མེད་པ་ཡིན་ནོ་ཞེས་བྱ་བའི་གཞུང་པས་ཡོན་ཏན་དེ་ཡང་ཚད་དང་ལྡན་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཁང་བཟང་ལ་སོགས་པའི་ཡོན་ཏན་རྣམས་ལ ་ཕྲེང་བ་ཞེས་བྱ་བའི་ཡོན་ཏན་གཞན་མེད་པའི་ཕྱིར་ཁང་བཟང་ཀྱི་ཕྲེང་ཞེས་བྱ་བ་འདི་ཉིད་དུ་མི་འགྱུར་ན་ཆེན་པོ་དང་ཐུང་ངུ་ཞེས་བྱ་བ་ལ་སོགས་པར་ལྟ་ག་ལ་འགྱུར། འདི་ལྟར་ཕྲེང་བ་ནི་གྲངས་ཀྱི་རང་བཞིན་དུ་འདོད་ལ་གྲངས་ཀྱང་ཡོན་ཏན་ཡིན ་པའི་ཕྱིར། རྫས་ཁོ་ན་ལ་བརྟེན་གྱི་ཡོན་ཏན་ལ་ནི་མ་ཡིན་ནོ། །ཅི་སྟེ་ཡང་ཕྲེང་བ་ཡན་ལག་ཅན་གྱི་རང་བཞིན་དུ་འདོད་པ་དེ་ལྟ་ན་ཡང་རྫས་ཀྱི་རྟེན་ནི་རྫས་ཁོ་ན་ཡོན་གྱི་ཡོན་ཏན་ནི་མ་ཡིན་པའི་ཕྱིར་ཕྲེང་བ་ཁང་བཟང་ལ་བརྟེན་པ་ཉིད་མི་རིགས ་སོ། །ཅི་སྟེ་ཕྲེང་བ་རིགས་ཀྱི་རང་བཞིན་དུ་ཁས་ལེན་པར་བྱེད་ན་དེ་ལྟ་ན་ཡང་རིགས་རྟེན་སོ་སོ་ལ་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར་གཅིག་ཀྱང་ཁང་བཟང་ཀྱི་ཕྲེང་བར་བརྗོད་པར་འགྱུར་ཏེ། ཤིང་ལྗོན་པ་བཞིན་ནོ། །ཇི་ལྟར ་དུ། གལ་ཏེའང་ཁྱིམ་ནི་ལྡན་པ་ཡིན། ཕྲེང་ཏེ་དེ་ལ་ཇི་ལྟར་འགྱུར། གལ་ཏེ་རིགས་ཡིན་ཁྱིམ་ཅིག་ལའང། །ཕྲེང་ཞེས་བརྗོད་འགྱུར་ལྗོན་ཤིང་བཞིན་ཞེས་བཤད་པ་བཞིན་ནོ། །གཅིག་དང་རིང་པོ་དང་ཆེན་པོ་ལ་སོགས་པ་ཐ་སྙད་དུ་བྱེད་པ་མི་འཐད་པ ་ཡང་དེའི་གནས་སྐབས་ཁོ་ན་སྟེ། ཕྲེང་དང་དེའི་རྟེན་ཁང་བཟང་ལ་སོགས་པ་ལ་གཅིག་ཉིད་ལ་སོགས་པའི་ཡོན་ཏན་མེད་པའི་ཕྱིར་དང། ཤིང་ལ་སོགས་པ་ལ་ཡང་བརྗོད་པར་འདོད་པའི་རིང་པོ་ལ་སོགས་པ་མེད་པའི་ཕྱིར་རོ། །ཁང་བཟང་ཀྱང་ཕྲེང་མང ་པོ་རྣམས་ལ་ཕྲེང་བ་ཕྲེང་བ་ཞེས་རྗེས་སུ་འགྲོ་བའི་ཐ་སྙད་དུ་མི་འགྱུར་ཏེ། རིགས་ལ་རིགས་མེད་པའི་ཕྱིར་རོ། །དྲིས་པ་ཕྲེང་མང་པོ་ལ་དེའི་སྒྲ་ཇི་ལྟར་རིགས་ལ་རིགས་མེད་ཕྱིར་ཞེས་གང་བཤད་པ་ཡིན་ནོ། །དེས་ན་བརྟགས་པའི་རྟེན་དེ་འཛིན་པ ་འམ། ཡང་རྟེན་དེ་མི་རིགས་སོ་ཞེས་བྱ་བའི་དོན་ཏེ། །ཕྲེང་ལ་སོགས་པ་ལ་ཆེན་པོ་ལ་སོགས་པའི་ཤེས་པ་འདི་འཁྲུལ་པས་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་ཉེ་བར་བརྟགས་པར་རིགས་པ་མ་ཡིན་ནོ། །དངོས་ཀྱི་ཤེས་པ་དང་ཁྱད་པར ་མེད་པ་ན་བརྟགས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ་ཕྲེང་ལ་སོགས་ལ་ཆེ་ཉིད་སོགས། ཉེ་བར་བརྟག་པ་གང་འདོད་པ། བཏགས་མིན་དངོས་དང་ཁྱད་མེད་པའི། །ཤེས་པའི་གཟུང་བྱ་ཡིན་ཕྱིར་རོ་ཞེས ་གང་བཤད་པ་ཡིན་ནོ། །དེ་ལ་གང་གི་དབང་གིས་འདི་འདི་ལས་སོ་སོ་བ་ཉིད་ཡིན་ནོ་ཞེས་ལྡན་པའི་རྫས་ལས་ལོགས་སུ་བྱེད་པ་དེ་ནི་ལོགས་སུ་བྱེད་པའི་རྒྱུ་སོ་སོ་བ་ཉིད་ཅེས་བྱ་བ་ཡིན་ནོ། །དེ་ཡང་བུམ་པ་ལ་སོགས་པ་ལས་དོན་གཞན་དུ ་གྱུར་པ་ཡིན་ཏེ། དེའི་ཤེས་པ་དང་མི་འདྲ་བའི་བློས་བཟུང་བར་བྱ། ཕ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཞན་གྱི་བསམ་པའོ། །དེ་ལ་ཡང་ཚང་བཞིན་དུ་གཏན་ཚིགས་མ་གྲུབ་པ་ཉིད་དང། མ་དེས་པ་ཡིན་ནོ་ཞེས་ཞེ་ལ་བཞག་ནས། ་སོ་སོ་བའི་རྒྱུ་ཉིད་ལས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདི་ལ་ཡང་གཟུགས་ལ་སོགས་པ་ལས་དབེན་པ་དོན་གཞན་དུ་གྱུར་པ་གཞན་སོ་སོ་བ་ཉིད་ཅེས་བྱ་བ་མངོན་སུམ་གྱི་བློ་ལ་མི་སྣང་བའི་ཕྱིར། འདི་ལ ་དེའི་ཤེས་པ་དང་མི་འདྲ་བའི་བློས་གཟུང་བར་བྱ་བ་ཉིད་མ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པ་ཉིད་དུ་མངོན་པར་འདོད་པ་དེ་ནི་མི་དམིགས་པའི་ཕྱིར་མེད་པ་ཉིད་ཡིན་ནོ། །སོ་སོ་བ་ཞེས་བྱ་དེ་རྣམ་པར་རྟོག་པའི་ཤེས ་པའི་དབང་གིས་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པའི་དངོས་པོ་དེ་དག་ཉིད་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར། དངོས་ཐམས་ཅད་རིགས་མཐུན་པ་དང་མི་མཐུན་པ་ལས་ལྡོག་པའི་བདག་ཉིད་ཀྱི་ལྡོག་པ་ནི་སོ་སོ ་ཞེས་བྱ་བའི་ཐ་སྙད་ཀྱི་རྒྱུ་མཚན་དུ་འགྱུར་བས་དེའི་ཕྱིར་དངོས་པོ་གཞན་མ་གྲུབ་པོ། །དེ་ལྟ་བས་ན་གང་དག་ལོགས་ཤིག་གི་ཐ་སྙད་དེ་བརྗོད་པ་འདི་སོ་སོ་བ་ཉིད་ཀྱིས་རྒྱུ་ལས་ཡིན་པར་བརྗོད་པར་དེའི་ཅིའི་ཕྱིར་རིགས་མཐུན་པ་དང་མི ་མཐུན་པ་ལས་ཐ་དད་པའི་རང་བཞིན་གྱི་ངོ་བོ་དངོས་པོའི་མཐར་ཐུག་པར་མི་འདོད་དེ། དེའི་མཐར་ཐུག་པ་ཉིད་རིགས་པ་ཡིན་ནོ་སྙམ་དུ་དགོངས་པའོ། །འདི་ནི་གཏན་ཚིགས་མ་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །ཐ་དད་པའི་བདག ་ཉིད་དུ་རང་བཞིན་གང་དག་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ། །དེ་དག་ཀྱང་ཡིན་ལ་དངོས་པོ་ཡང་ཡིན་ཏེ། དེ་དག་ལ་མཐར་ཐུག་བ་སྟེ། ཡོངས་སུ་རྫོགས་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བསྒྲུབ་པར་བྱ་བའི་མི ་མཐུན་པའི་ཕྱོགས་ལ་ཡང་གཏན་ཚིགས་གིས་འཇུག་པ་མཐོང་ངོ། །ཞེས་བསྟན་པའི་ཕྱིར། ཇི་ལྟར་ཕན་ཚུན་ཐ་དད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པ་ཡོན་ཏན་རྣམས་ལ་སོ་སོ་བ་ཉིད་ཀྱི་ཡོན་ཏན་ཡོད ་པ་ནི་མ་ཡིན་ཏེ་ཡོན་ཏན་རྣམས་ལ་ཡོན་ཏན་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ཕན་ཚུན་ལྡོག་པའི་བདག་ཉིད་ཀྱིས་དེ་དག་སོ་སོ་ཞེས་བརྗོད་པར་འགྱུར་ན། དེ་ལ་ཡང་ལོགས་ཤིག་གིས་ཐ་སྙད་ཀྱི་ཡན་ལག་གི་རྒྱུ་མཚན་སྟོན་པར་བྱེད་པ་དེ་བཞིན ་དུ་རྫས་སུ་མངོན་པར་འདོད་པའི་བུམ་པ་ལ་སོགས་པ། གཞན་ལ་ཡང་རང་ལས་ཐ་དད་པའི་སོ་སོ་ཉིད་ཀྱི་མིང་ཅན་གྱི་ཡོན་ཏན་གཞན་མེད་པར་ཡང་འགྱུར་རོ། །དེ་དག་ལ་ཤེས་པ་འདི་བཏགས་པ་ཡང་མ་ཡིན་ཏེ། དངོས་ཀྱི་ཤེས་པ་དང ་ཁྱད་པར་མེད་པའི་ཕྱིར་རོ། །སྙམ་དུ་བསམས་པ་ཡིན་ནོ། །ཡང་ན་ལོགས་ཤིག་གི་ཐ་སྙད་ནི་ཐ་དད་པའི་བདག་ཉིད་ཀྱི་དངོས་པོའི་རྒྱུ་མཚན་ཅན་དུ་བསྟན་པར་བྱ་བའི་ཕྱིར་དམ་བཅའ་པ་རྗེས་སུ་དཔག་པས་གནོད་པ་བཤད་པ་ནི་ཇི་ལྟར ་ཕན་ཚུན་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ནི་གང་དག་ཕན་ཚུན་ལྡོག་པའི་བདག་ཉིད་དེ་དག་ནི་རང་ལས་ཐ་དད་པའི་སོ་སོ་བ་ཉིད་ལ་བརྟེན་པ་མ་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་ནོ། །བུམ་པ་ལ་སོགས་པ་ཡང་ཕན་ཚུན་ལྡོག་པའི ་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཅིག་ལ་དུ་མ་དོར་བ་མ་ཡིན་ཞིང། འདུ་བ་ཡང་འགེགས་པར་འགྱུར་བའི་ཕྱིར་འབྲེལ་བ་མི་འཐད་པ་དང། བདེ་བ་ལ་སོགས་པ་ལ་དེའི་ཐ་སྙད་མེད་པར་ཐལ་བར ་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལ་ལྡན་པ་དང་རྣམ་པར་དབྱེ་བ་དག་སུན་དབྱུང་བའི་ཕྱིར་རོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་རིམས་བཞིན་དུ་རྫས་རྣམ་པ་ལྡན་པ་དང་རྣམ་པར་དབྱེ་བའི་ཤེས་པའི་རྒྱུ་མ་གྲང་བ་དག ་གི་ཕྲད་པ་དང། ཕྲད་པ་རྣམས་ཀྱི་མ་ཕྲད་པའི་རང་བཞིན་གང་ཡང་རུང་བ་དང། གཉི་གའི་ལས་བྱུང་བ་དང། ལྡན་པ་ལས་བྱུང་བ་དང། ལྡན་པ་ལས་བྱུང་བའི་ལྡན་པ་དང། རྣམ་པར་དབྱེ་བ་དག་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི ་ལུགས་སོ། །འདི་ཡང་གཞན་ལུགས་ཙམ་ཡིན་གྱི་འདི་དག་དངོས་པོ་དེ་ཉིད་དུ་སྒྲུབ་པ་ལ་ཚད་མ་ཅུང་ཟད་ཀྱང་ཡོད་པ་ནི་མ་ཡིན་པས་དེའི་ཕྱིར་གཞན་གྱི་དེ་དག་རྟགས་པ་ནི་དོན་མེད་པ་ཉིད་ཡིན་ནོ། །སྒྲུབ ་པ་ནི་གང་ལ་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་མེད་པ་དེ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་ཡོད་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །གཞན་གྱི་ལྡན་པ་དང་རྣམ་པར་དབྱེ་བ་དག་ལ་ཡོད ་སྒྲུབ་པར་བྱེད་པའི་ཚད་མ་མེད་དོ་ཞེས་བྱ་བ་ནི་ཁྱད་པར་བྱེད་མི་དམིགས་པའོ། །འོན་ཏེ་ལྡན་པ་ཡོད་མིན་ན། ཞེས་བྱ་བ་ལ་སོགས་པས་ནི་གལ་བའི་ལུགས་བསྟན་པས་གཏན་ཚིགས་མ་གྲུབ་པ་ཉིད་དུ་དོགས་པར་བྱེད་དེ། ་དེས་སྨྲས་པ། གལ་ཏེ་ལྡན་པ་བྱ་བ་ནི་དོན་གཞན་དུ་གྱུར་བ་མེད་པ་གྱུར་ན། དེའི་ཚེ་ཞིང་དང་ས་བོན་དང་ཆུ་ལ་སོགས་པ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཚེ་མྱུག་གུ་ལ་སོགས་པའི་འབྲས་བུ་མེད་པར་གྱུར་ན་དེ་ལྟ ་ན་ཡང་མ་ཡིན་ཏེ། དེ་ལྟ་བས་ན་ཐམས་ཅད་ཀྱི་ཚེ་འབྲས་བུ་མི་རྩོམ་པའི་ཕྱིར་ཞིང་ལ་སོགས་པ་མྱུག་གུ་ལ་སོགས་པའི་འབྲས་བུ་སྐྱེད་པ་ལ་རྒྱུ་གཞན་ལ་བལྟོས་པ་དང་བཅས་པ་ཡིན་ཏེ། དཔེར་ན་འཇིམ་གོང་དང་དབྱུག་གུ་དང ་ཆུ་དང་སྐུད་པ་ལ་སོགས་པ་བུམ་པ་ལ་སོགས་པ་བྱེད་པ་ལ་རྫ་མཁན་ལ་སོགས་པ་ལ་བལྟོས་པ་དང་བཅས་པ་བཞིན་ནོ། །བལྟོས་པ་དང་བཅས་པ་གང་ཡིན་པ་འདི་ནི་ལྡན་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གཞན་ཡང་ལྡན་པ ་འདི་?་དག་གི་ཁྱད་པར་ཉིད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དེ་ལས་དོན་གཞན་ཉིད་དུ་མངོན་སུམ་ཉིད་ཀྱིས་གྲུབ་བོ། འདི་ལྟར་འགའ་ཞིག་ལ་ལ་ལས་ལྡན་པའི་རྫས་ལོང་ཅིག་ཅེས་བརྗོད་པ་ན། རྫས་གང་དག་གི་ལྡན་པ ་ཁོ་ན་དམིགས་པ་དེ་ཁོ་ན་ལེན་གྱི་རྫས་ཙམ་ནི་མ་ཡིན་ནོ། །གཞན་དུ་ན་གང་ཡང་རུང་བ་ལེན་པར་འགྱུར་རོ། །འདི་དག་ཐམས་ཅད་བཟློག་ནས་རྣམ་པར་དབྱེ་བ་སྒྲུབ་པ་ལ་ཡང་སྦྱར་བར་བྱའོ། །གཞན་ཡང། གལ་ཏེ་ལྡན་པ་དང ་རྣམ་པར་དབྱེ་བ་འདི་དག་དངོས་པོ་འདི་ལས་དོན་གཞན་དུ་འགྱུར་པར་མི་འགྱུར་ན། ཁྱད་པར་མེད་པར་ཡང་དངོས་པོ་འདི་ནི་བར་མེད་པ་ཡིན་ལ་འདི་བར་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་བློ་ཐ་དད་པར་ཇི་ལྟར་རིགས་པར་འགྱུར། ཁྱད ་པར་གྱི་ཤེས་པ་ནི་དངོས་པོའི་ཁྱད་པར་མེད་པར་སྐྱེ་བར་འོས་པ་མ་ཡིན་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་དཔེ་དང་སེང་ལྡང་ལ་སོགས་པ་ཤིན་ཏུ་རིང་བ་ན་གནས་པ་ན་ཡང་ཡུལ ་ཐག་རིང་པོ་ན་གནས་པའི་སྐྱེས་བུ་ལ་བར་མེད་པར་ངེས་པའི་བློ་གང་ཡིན་པ་འབྱུང་བ་དང། །གང་ཡང་ཤིང་གི་རྩེ་མོ་ཕྲ་མོ་ལ་འབྲེལ་པ་ན་ཆུ་སྐྱར་ལ་སོགས་པ་ཅུང་ཟད་རྩེ་མོ་ཕྲ་མོ་དང་བར་མེད་པ་ཡིན་ཡང་བར་དང་བཅས་པར་ངེས་པ་གཞན ་འདི་ཡང་འབྱུང་སྟེ། རྣམ་པ་གཉིས་པོ་འདི་ཡང་དེ་མ་ཡིན་པ་ལ་དེ་ལྟ་བུའི་ངོ་བོས་འཇུག་པའི་ཕྱིར་འདི་ནི་ལོག་པའི་བློ་ཡིན་ནོ། །ལོག་པའི་བློ་ན་དངོས་ཀྱི་དོན་ཉམས་སུ་མྱོང་བ་མེད་པར་གང་དུ་ཡང་འབྱུང་བ་མ་ཡིན་ཏེ། བ་ལང་མཐོང་བ ་ཉམས་སུ་མྱོང་བ་མེད་པར་?་མེན་གྱི་དངོས་པོ་མཐོང་བ་ལས་འདི་ནི་བ་ལང་ངོ་སྙམ་དུ་འཁྲུལ་བ་མ་ཡིན་ནོ། །དེ་ལྟ་བས་ན་འཁྲུལ་པའི་བློ་འདིའི་རྒྱུ་མཚན་དངོས་ཀྱི་དོན་འགའ་ཞིག་བརྗོད་པར་བྱ་དགོས་གོར?་མ་ཆག་གོ་།དེ་བརྗོད་ན་ཡང་ལྡན་པ ་དང་རྣམ་པར་དབྱེ་བ་དེ་ཉིད་གྲུབ་ལ། དེ་དག་ལ་མ་གཏོགས་པའི་བློ་འདིའི་རྒྱུ་མཚན་གཞན་སྒྲུབ་པར་ནུས་པ་ནི་མ་ཡིན་ནོ། །གཞན་ཡང་ལྷ་བྱིན་རྣ་ཆ་ཅན་ཞེས་བྱ་བའི་བློ་འདི་སྐྱེ་བ་ན་རྒྱུ་མཚན་གང་གིས་སྐྱེ་བ་ཡིན་ཞེས་བརྗོད་པར་བྱ་དགོས་སོ།། ་སྐྱེས་བུ་དང་རྣ་ཆ་ཙམ་དུ་འབྱུང་བས་བསྐྱེད་པར་འོས་པ་མ་ཡིན་ཏེ། དེར་ཐམས་ཅད་དུ་ལྷས་བྱིན་དང་རྣ་ཆ་ཅག་གི་དེ་ཡོད་པར་ཐལ་བར་བསྐུར་བའི་ཕྱིར་རོ། །གཞན་ཡང་གང་ཁོ་ན་འགའ་ཞིག་ཏུ་ཡོད ་པར་དམིགས་པ་དེ་ཁོ་ན་གཞན་དུ་གྲུབ་པ་དང་འགག་པའི་སྒོ་ནས་འཇིག་རྟེན་ན་ཐ་སྙད་འཇུག་པར་མཐོང་སྟེ། གལ་ཏེ་ཡང་ཁྱེད་ཅག་གིས་ལྡན་པ་ནམ་ཡང་མ་དམིགས་ན་དེའི་ཕྱིར་དེའི་ནག་པ་རྣ་ཆ་མེད་པ་འམ། རྣ་ཆ་ཅན་ཞེས་བྱ་བ ་དེ་ལྟ་བུའི་རྣམ་པར་ཕྱེ་བའི་ཐ་སྙད་དུ་འགྱུར་རོ། །འདི་ལྟར་འདི་ལ་ནག་པ་རྣ་ཆ་མེད་པ་ཞེས་བྱ་བ་འདིས་རྣ་ཆ་བཀག་པ་ནི་མ་ཡིན་ཏེ། ཡུལ་དང་དུས་ཀྱི་བྱེ་བྲག་གིས་ཡོད་པར་ངེས་པའི་ལུས་ཅན་དེ་ན་དགག་མ་ནུས་པའི་ཕྱིར་རོ། །ནག་པ ་ཡང་མ་ཡིན་ཏེ། དེ་ནི་དེ་དང་གྲུབ་པ་དང་བདེ་བ་མཚུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ནག་པ་རྣ་ཆ་དང་ལྡན་པ་འགེགས་པ་ཡིན་ནོ། །དེ་བཞིན་དུ་ནག་པ་རྣ་ཆ་ཅན་ཞེས་བྱ་བ་སྒྲུབ་པའི་དག་འདིས་ཀྱང་ནག་པ་དང་རྣ་ཆ་དག་གང་ཡང་རུང་བ ་བསྒྲུབ་བ་ནི་མ་ཡིན་ཏེ། དེ་དག་གྲུབ་ཟིན་པའི་ཕྱིར་རོ། །ལྷག་མར་གྱུར་པས་མ་གྲགས་པའི་ལྡན་པ་ཉིད་སྒྲུབ་པ་ཡིན་པར་གོའོ། །དེ་ལྟ་བས་ན་གང་གི་དབང་གིས་ནག་པ་རྣ་ཆ་ཅན་དང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དགག་པ་དང། ་སྒྲུབ་པ་ལ་སོགས་པ་རབ་ཏུ་རྣམ་པར་ཕྱེ་བ་ནས་རྟོགས་པར་འགྱུར་པ་ལྡན་པ་ལ་སོགས་པའི་དངོས་པོ་ཡོད་པ་ཁོ་ནའོ། །སོགས་པའི་སྒྲས་ཁྱད་པར་ཉིད་དུ་བླངས་པ་ཞེས་བྱ་བ་སོགས་པ་སྔར་བཤད་པ་གཟུང་ངོ། །བརྗོད་པ་ཞེས་བྱ་བ་ལ ་སོགས་པས་ལན་འདེབས་པར་བྱེད་དེ། ཁྱད་པར་མེད་པའི་ཕྱིར་ས་བོན་ལ་སོགས་པ་རྟག་ཏུ་འབྲས་བུ་བྱེད་པར་འགྱུར་ཞེས་གང་སྨྲ་བ་དེ་ལ་ས་བོན་ལ་སོགས་པ་ཁྱད་པར་མེད་པ་ཉིད་དུ་མ་གྲུབ་སྟེ། སྐད་ཅིག་འཇིག་པ་ཉིད་ཀྱི་དངོས་པོ ་ཐམས་ཅད་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པ་ཉིད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །གང་ཡང་ཞིང་དང་ས་བོ་ཆུ་སོགས་རྣམས་ཞེས་སྨྲས་པ་དེ་ལ་ཡང་སྤྱིར་བལྟོས་པ་ཉིད་ཙམ་ཞིག་སྒྲུབ་ན་གྲུབ་པ་ལ་སྒྲུབ་པའོ་ཞེས་བསྟན་པའི་ཕྱིར། ཡོད་ན ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་ན་ཡང་ས་བོན་ལ་སོགས་བར་ཆད་མེད་པ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་གཞན་ལ་བལྟོས་པ་དང་བཅས་པ་མྱུ་གུ་ལ་སོགས་པའི་འབྲས་བུ་འགྲུབ་པར་ནུས་པ་ནི་ཁོ་བོ་ཅག་གིས་ཀྱང་འདོད་པ་ཉིད ་ཡིན་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེ་ལ་བར་ཆད་མེད་པ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་རྣམས་གང་དག་གནས་སྐབས་གཞན་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སོགས་པའི་སྒྲས་ནི་འགལ་བ་མེད་པའི་སྐྱོན་གྱིས་གནོད་པ་མེད་པ་ལ ་སོགས་པ་བཟུང་ངོ། །གནས་སྐབས་གཞན་གང་ལ་བར་ཏེ། རིང་བ་ན་གནས་པ་དང་འགལ་བས་གནོད་པ་ཞེས་བྱ་བ་ལ་སོགས་པ་འབྲས་བུ་སྐྱེ་བ་ལ་གེགས་བྱེད་པ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །གནས་སྐབས་ཀྱང་རང་བཞིན་ལས་ཐ་མི་དད་པའི ་ཕྱིར་དོན་གཞན་དུ་གྱུར་པའི་ལྡན་པ་མ་གྲུབ་པ། །ཅི་སྟེ་ཁྱེད་ཅག་གིས་མངོན་པར་འདོད་པའི་ལྡན་པ་ཞེས་བྱ་བ་དངོས་པོ་གཞན་ཞིག་ལ་བལྟོས་པ་དང་བཅས་པ་ཉིད་སྒྲུབ་པར་འདོད་ན་དེའི་ཚེ་རྣམ་པ་དེ་ལྟ་བུའི་ཆོས་ཀྱིས་གཏན་ཚིགས་ལ་རྗེས་སུ་འགྲོ་བ་མ་གྲུབ ་པའི་ཕྱིར་མ་ངེས་ཉིད་དང། དཔེ་ཡང་བསྒྲུབ་བྱ་མ་ཚང་བ་ཡིན་ནོ་སྙམ་དུ་བསམས་པའོ། །འདི་སྙམ་དུ་ཁྱེད་ཅག་ལ་གང་གི་ཕྱིར་བལྟོས་པ་དང་བཅས་པ་ཉིད་ཙམ་སྒྲུབ་ཏ་གྲུབ་པ་ལ་སྒྲུབ་པར་འགྱུར་ན། གནས་སྐབས་ཀྱི་ཁྱད་པར་གཞན་ལ་བལྟོས་པའི ་ཞིང་ལ་སོགས་པའི་འབྲས་བུ་སྐྱེད་པའི་རྒྱུ་ཡིན་གྱི། དོན་གཞན་དུ་གྱུར་པའི་ལྡན་པ་ལ་བལྟོས་པ་དང་བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལྟར་རྟོགས་པར་བྱ་ཞེས་དོགས་པ་ལ་གལ་ཏེ་ཆུ་ལ་སོགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ ་ཏེ་ལྡན་པ་ཙམ་ལ་བལྟོས་པ་དང་བཅས་པ་ཡིན་པར་གྱུར་ན་དེའི་ཚེ་དང་པོ་བཏབ་པ་ཉིད་ཀྱི་ཞིང་ལ་སོགས་པའི་འབྲས་བུ་སྐྱེ་བར་ཐལ་བར་འགྱུར་ཏེ། ཕྱིས་བཞིན་དུ་རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །ཅི་སྟེ ་དང་པོར་བཏབ་པའི་ཚེ་མི་འབྱུང་ན་རྒྱུ་མ་ཚང་བ་ཉིད་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར། སྔ་མ་བཞིན་དུ་ཕྱིས་ཀྱང་མི་སྐྱེ་བར་ཐལ་བར་འགྱུར་རོ། །ཞིང་ལ་སོགས་པ་ནི་ཕན་འདོགས ་བྱེད་པ་མ་ཡིན་པའི་ལྡན་པ་བལྟོས་པ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ལྡན་པ་རྣམས་ནི་རེས་འགའ་བ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། དེའི་རྒྱུ་ཞིང་ལ་སོགས་པ་རྣམས་རྟག་ཏུ་ཉེ་བ་ཉིད་ཀྱི་ཕྱིར ་རོ། །ཅི་སྟེ་ལྡན་པ་སྐྱེད་པར་བྱ་བ་དེ་ཡང་ཞིང་ལ་སོགས་པའི་ལས་ལ་སོགས་པ་ལ་བལྟོས་པ་དང་བཅས་པ་ཉིད་དུ་འདོད་མ་ཡིན་ཏེ། དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །འདི་ལྟར་ལས་དེ་ཡང་ཅིའི་ཕྱིར ་སྐྱེད་པར་མི་བྱེད་ཅེས་བརྒལ་ཞིག་རྟོག་ན་ཅི་ཞིག་བརྗོད་པར་བྱ་བར་འགྱུར། དེའི་རྒྱུ་སྐུལ་བར་བྱེད་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ལ་ཅིའི་ཕྱིར་མེད་ཅེས་རྒྱུ་རྟག་པར་ཁས་ལེན་པ་ལ་ཐམས་ཅད་དུ་བརྒལ་ཞིང་བརྟག་པར་ཚུངས་སོ། །གང ་གི་ལྟར་ན་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་པ་དེའི་ལྟར་རྒྱུའི་རྒྱུད་པ་ཐོག་མ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བ་མ་ཡིན་ཏེ། རྒྱུ་སྔ་མ་སྔ་མ་ལ་རག་ལས་པར་འགྱུར་བའི་ཕྱི་མ་ཕྱི་མ་དེ་དག ་ཐམས་ཅད་ཅིག་ཅར་བའི་རྒྱུ་མ་ཚང་བས་མི་ཉེ་བའི་ཕྱིར་རོ། །དེ་བས་ན་ཁྱེད་ཅག་གི་ལྟ་བ་ཁོ་ན་ལ་ཞིང་ལ་སོགས་པ་ཐམས་ཅད་དུ་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེ་བའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཞིང་ལ་སོགས ་པ་ལྡན་པ་གཞན་ལ་བལྟོས་པ་དང་བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བ་གྲུབ་བོ། །གང་ཡང་དེ་ཡང་ཁྱད་པར་ཉིད་ཡིན་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། བར་ཆད་མེད་པར་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དེ་མཐོང་བ ་ལས་ཁྱད་པར་ཅན་གྱི་རྫས་ལེན་པར་བྱེད་པ་ལྡན་པ་ཅན་གྱི་དངོས་པོ་ལས་དོན་གཞན་དུ་གྱུར་པའི་ལྡན་པ་རྟོགས་པ་པོའི་མཐོང་བའི་ལམ་དུ་འཇུག་པ་ནི་མ་ཡིན་ནོ། །འོན་ཅི་ཞེ་ན། སྔར་བྱུང་བའི་བར་དང་བཅས་པ་སྐྱེ་བའི་གནས་སྐབས་གང་ཡིན་པ ་དེ་ལས་ཁྱད་པར་ཅན་བར་མེད་པ་སྐྱེ་བའི་དངོས་པོ་གང་དག་ཡིན་པ་དེ་དག་ཁོ་ན་ལྡན་པའི་སྒྲའི་བརྗོད་པར་བྱ་བ་ཡིན་ཏེ། ལྡན་པའི་སྒྲ?་ནི་གནས་སྐབས་ཀྱི་ཁྱད་པར་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་རྣམ་པ་དེ་ལྟ་བུའི་དངོས་པོ་ལྡན་པའི ་སྒྲའི་ཡུལ་གྱི་དངོས་པོར་གྱུར་པ་མཐོང་བ་གང་ཡིན་པ་དེ་དག་ཁོ་ན་ལེན་པར་བྱེད་ཀྱི་གཞན་དག་ནི་མ་ཡིན་ནོ། །རྟོགས་པ་དང་ལྡན་པ་རྣམས་སྒྲས་མ་སྐུལ་བའི་དོན་ལ་སྒྲས་འཇུག་པ་ན་མ་ཡིན་ནོ། །གང་ཡང་གལ་ཏེ་འདི་ནི་དེ་མེད་ཅེས་བྱ་བ་ལ ་སོགས་པ་སྨྲས་པ་དེ་ལ་བར་ཆོད་གཞན་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ཐ་དད་པའི་རྒྱུ་མཚན་ནི་དེ་ལྟ་དེ་ལྟར་སྐྱེ་བའི་དངོས་པོ་གཞན་ཉིད་ཡིན་ཏེ་དེས་ན་འདི་ནི་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ནོ། །དེ་ལ་བར་ཚེད་བར་སྐྱེ་བའི་དངོས་པོ ་གང་ཡིན་པ་དེ་ནི་བར་ཆད་དང་བཅས་པའི་ཤེས་པའི་རྒྱུ་མཚན་ཡིན་ནོ་ཞེས་སྤྲེལ་ལོ། །གཞན་ཉིད་དུ་ཞེས་བྱ་བ་ནི་བར་མེད་པར་སྐྱེ་བ་ཡང་ཡིན་པ་ཞེས་སྦྱར་རོ། །ཁྱིམ་དང་རང་གིས་བྱེད་གངས?་རི་བཞིན་ཞེས་བྱ་བ་ནི་འདི་དག་ཉིད་ཀྱི་ཅི་རིམས ་སུ་དཔེར་བརྗོད་པ་ཡིན་ཏེ། འདི་ལྟར་གཞན་གྱི་ལུགས་ཀྱིས་ཀྱང་བར་མ་ཆད་པར་སྐྱེས་པའི་ཁང་པ་རང་ཉིད་ལྡན་པའི་བདག་ཉིད་དག་ལ་བར་མེད་པའི་བློའི་རྒྱུ་མཚན་ལྡན་པ་གཞན་ཡོད་པ་མ་ཡིན་ལ། །བར་ཆད་ནས་སྐྱེས་པ་དེ་དག ་ཉིད་ལ་ཡང་བར་ཆད་དང་བཅས་པའི་བློའི་རྒྱུ་མཚན་གྱི་རྣམ་པར་དབྱེ་བ་ཡང་ཡོད་པ་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །གྲངས་ཅན་དང་འབིགས་བྱེད་དག་ལ་ཡང་བར་ཆད ་དང་བཅས་པའི་བློའི་རྒྱུ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། ཕྲད་པ་སྔོན་དུ་འགྲོ་བ་ཅན་གྱི་མཐོང་བ་ནི་རྣམ་པར་དབྱེ་བ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་ཡིན་པའི་ཕྱིར་རོ། །གང་ཡང་བར་ཆད་བཅས་ལ་པར་མེད་པར་ཞེས་བྱ་བ་ལ་སོགས་པ ་སྨྲས་པ་དེ་ལ། ལོགས་པའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པའི་བློ་ཐམས་ཅད་ཆོས་མཐུན་པ་འཛིན་པ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མ་གྲུབ་སྟེ། འགའ་ཞིག་ཆོས་མཐུན་པ་ལ་བལྟོས་པ་མེད་པར་ཡང་དབང་པོ་ཉམས་པ ་ཙམ་གྱིས་སྐྱེ་བར་མཐོང་བའི་ཕྱིར་ཏེ། དཔེར་ན་རྣམ་པར་རྟོག་པའི་སེམས་གཞན་དུ་སོང་བ་ཡང་མདུན་ན་གནས་པའི་ཟླ་བ་གཅིག་གི་བདག་པོ་ཙམ་གྱིས་རབ་རིབ་ཀྱིས་བྱས་པའི་དབང་པོ་ཉམས་པ་ལས་ཟླ་བ་གཉིས་ཀྱི་རྣམ་པའི་རྗེས་སུ་བྱེད་པ ་ཤིན་ཏུ་གསལ་བར་སྣང་བ་རྟོག་པའི་ཆ་ཤས་ཀྱིས་མ་སྤགས་པའི་བློ་སྐྱེ་བ་བཞིན་ནོ། །གཞན་དུ་གྱུར་པའི་སེམས་ཅན་ལ་ཞེས་བྱ་བ་འདིས་ནི་ཟླ་བ་གཉིས་ཀྱི་བློ་ལས་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་བློ་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི ་སེམས་ལ་ནི་ཆོས་མཐུན་པ་འཛིན་པ་ཡོད་པ་མ་ཡིན་ཏེ། དེ་སྔར་དང་ཕྱིས་མཐོང་བའི་དངོས་པོ་གཅིག་ཉིད་དུ་ཞེན་པའི་བདག་ཉིད་ཀྱི་སྔར་ཉམས་སུ་མྱོང་བ་བརྗོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་ན་ལོག་པའི་བློ་ཐམས་ཅད་གཙོ་བོའི་དོན ་འཕེན་པར་བྱེད་པ་ཉིད་དུ་ཆུག་མོད། དེ་ལྟ་ན་ཡང་འདོད་པ་འགྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་སྟོན་པ་ནི། ཡང་ན་བར་མེད་སོགས་ཞེས་བྱ་བ་ལ་སོགས་པ་ལ་སོགས་པ་སྨོས་པ་ནི་བར་ཆད་མེད་ཅིང་སྐྱེས་པའི་དངོས་པོ་གཟུང་ངོ། །དངོས་པོ་དེ་ཉིད ་བར་ཆད་པ་དང། བར་མ་ཆད་པར་སྐྱེ་བ་ན་དེའི་རིགས་ཅན་མ་ཡིན་པ་སྤངས་ནས་འཇུག་པའི་དོན་དུ་ཆེས་དང་པོར་སྦྱར་བའི་རྣམ་པར་དབྱེ་བ་ལ་སོགས་པའི་བརྗོད་པ་ཉིད་ཀྱིས། དངོས་སུ་ཡོད་པའི་ཕྱིར་ཁྱེད་ཅག་གི་འདོད་པ་གྲུབ་པ་མ་ཡིན་ནོ། ། ་རྣ་ཆ་ཅན་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་སོགས་པ་གང་སྨྲས་དེ་ལ། བཤད་པ་རྣ་ཆ་ཅན་ཞེས་བློ་འདི་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ནག་པ་དང་རྣ་ཆ་དག་གི་གནས་སྐབས་ཀྱི་ཁྱད་པར་ཐོབ་པ་ན་ལྡན་པ་སྐྱེའི་ཐམས་ཅད་དུ་ནི ་མ་ཡིན་པ་དེ་བཞིན་དུ་གནས་སྐབས་ཀྱི་ཁྱད་པར་གྱི་རྒྱུ་མཚན་ཅན་དུ་གྱུར་པ་རྣ་ཆ་ཅན་ཞེས་བྱ་བའི་བློ་འདི་ཡིན་ན་ཅིའི་ཕྱིར་ཐམས་ཅད་དུ་འགྱུར། ནག་པ་དང་རྣ་ཆ་གང་དག་ལ་གནས་སྐབས་ཀྱི་ཁྱད་པར་སྐྱེས་པ་དེ་དག་ལ་དེ་སྐད ་ཅེས་བྱའོ། །གང་ཡང་གཞན་དུ་མཐོང་བའི་དངོས་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ་འདྲ་བའི་གནས་སྐབས་ཁྱད་པར་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་ཀྱི་ཁྱད་པར་གང་ཞིག་བློ་འདིའི་རྒྱུ་མཚན་དུ ་བརྗོད་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་གནས་སྐབས་གཞན་དུ་མ་དམིགས་པ་ན་དགག་པ་སྒྲུབ་པར་བྱེད་ཀྱི། ཁྱེད་ཅག་གིས་ཀུན་ཏུ་བརྟགས་པའི་ལྡན་པ་དེ། ལྡན་པ་ཅན་གྱི་དངོས་པོ་ལས་དབེན་པ་གང་དུ་ཡང་བློ་ལ་མི་སྣང ་བའི་ཕྱིར་ནི་མ་ཡིན་ནོ། །ད་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཁོ་བོ་ཅག་ལ་ལྡན་པ་ལ་སྒྲུབ་པར་བྱེད་པའི་ཚད་མ་མེད་ན་ཁྱེད་ཅག་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཞིག་ཡོད་སྙམ་དུ་སེམས་ན། ལྡན་པའི ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ལྡན་པའི་བློ་གང་ཡིན་པ་དེ་ནི་ཁྱེད་ཅག་གིས་ཀུན་ཏུ་བརྟགས་པའི་ལྡན་པའི་གཞི་མེད་པར་དངོས་པོའི་ཁྱད་པར་ཙམ་ལུས་བྱུང་བ་ཡིན་ཏེ། ཁང་བཟང་ལ་སོགས་པའི་ལྡན་པ་བཞིན་ནོ།། ་ནག་པ་རྣ་ཆ་ཅན་ཞེས་བྱ་བ་ལ་སོགས་པ་ཡང་ལྡན་པའི་བློ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྣམ་པ་གཅིག་ཏུ་ན་དངོས་པོ་དུ་མ་ཉེ་བ་ན་སྐྱེ་བ་དེ་ནི་ཁྱེད་ཅག་གིས་ཀུན་ཏུ་བརྟགས་པའི་ལྡན ་པ་དང་བྲལ་བ་དངོས་པོ་དུ་མ་ལྡན་པ་ཙམ་ལས་བྱུང་བ་ཡིན་ཏེ། སོ་སོར་ངེས་པའི་གནས་སྐབས་སྣལ་མ་དུ་མའི་ཡུལ་ཅན་བཞིན་ནོ། །ལྡན་པའི་བློ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ལྡན་པའི་བློ་ཞེས་བྱ ་བ་ནི་ལྡན་པའི་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཚད་མ་གཉིས་པོ་འདི་ཉིད་རྣམ་པར་དབྱེ་བ་དགག་པ་ལ་རྗོད་པར་བྱ་སྟེ། རྣམ་པར་དབྱེ་བའི་བློ་ཡིན་པའི་ཕྱིར་རམ་དངོས་པོ་དུ་མ་ཉེ་བ་ལ་རག་ལས་ཏེ། འབྱུང་བའི་ཕྱིར། གཞན་གྱི་མངོན ་པར་འདོད་པའི་རྣམ་པར་དབྱེ་བ་དང་བྲལ་བའི་དངོས་པོའི་ཁྱད་པར་ཙམ་རྒྱུ་མཚན་ཅན་ཡིན་ཏེ། དཔེར་ན་ལུག་ལ་སོགས་པ་ལ་རྣམ་པར་དབྱེ་བའི་བློ་འམ། ཐག་ཤིན་ཏུ་རིང་བ་ན་གནས་པའི་ཁྱིམ་གཉིས་ཀྱི་ཡུལ་ཅན་ནམ། འབིགས ་བྱེད་དང་གངས་ཅན་བློ་བཞིན་ནོ་ཞེས་བྱ་བ་དང་ལྡན་པ་མ་ཡིན་པའི་བློ་ཡིན་ནོ་ཞེས་བྱ་བ་ནི་ཅི་རིགས་པའི་དོན་ཏོ། །ཅི་སྟེ་གང་གིས་གཏན་ཚིགས་མི་མཐུན་པ་ཕྱོགས་ལ་འཇུག་པའི་དོགས་པ་ལྡོགས་པར་འགྱུར་བ་འདི་ལ་བསྒྲུབ་པར་བྱ་བ་ལས ་བཟློག་པ་ལ་གཏན་ཚིགས་གནོད་པ་ཅན་གྱི་ཚད་མ་ཅི་ཡོད་ཅེ་ན། གཅིག་ནི་དུ་མ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཅིག་དུ་མ་ལ་འཇུག་པ་མི་རིགས་པ་དེ་ལྟར་དེ་གཅིག་ལ་འཇིག་རྟེན་ངོ་བོས། ཞེས་བྱ་བ་ལ་སོགས ་པས་ཡན་ལག་ཅན་དགག་པར་རྒྱས་པར་བསྟན་པའི་ཕྱིར་ཡང་འདིར་རྒྱ་མི་སྐྱེད་དོ། །གཞན་ཉིད་དང་གནས་མ་ཡིན་པ་དག་ཉིད་སུན་འབྱུང་བར་བཤད་པ། གཞན་དང་གཞན་མིན་བརྗོད་ལ་སོགས། ཞེས་བྱ་བ་ལ་སོགས་པ་སྟེ། གང་ལས་འདི་ནི ་གཞན་ནོ། །འདི་གཞན་མ་ཡིན་པའོ། །ཞེས་བྱ་བའི་བརྗོད་པ་དང་རྟོགས་པ་དག་ཏུ་འགྱུར་བ་གཞན་དང་གཞན་མ་ཡིན་པ་དེའི་རྒྱུ་མཚན་ནི་གོ་རིམས་བཞིན་དུ་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་ཡིན་པར་གྲུབ་པོ། །སོགས་པའི་སྒྲས་རྟོགས་པ་གཟུང་ངོ། །སྦྱོར་བ་ནི ་གང་འདི་གཞན་དང་གཞན་མ་ཡིན་པའི་བློ་དེ་ནི་བུམ་པ་ལས་ཐ་དད་པའི་དོན་གཞན་དུ་གྱུར་པར་རྒྱུ་མཚན་ཅན་མ་ཡིན་ཏེ། དེའི་ཤེས་པ་དང་མི་མཐུན་པའི་ཕྱིར་བདེ་བ་ལ་སོགས་པའི་བློ་བཞིན་ནོ་ཞེས་བྱ་བའོ། །འདི་ལྟར་ཕྱོགས་གཅིག་ན་གནས་པའི་གོང་བུ་དག་ལ ་གཞན་དང་གཞན་མ་ཡིན་ཞེས་བྱ་བའི་བློ་འཇུག་པའི་ཕྱིར་རོ། །རེ་ཞིག་འདི་ཕྱོགས་ཀྱི་རྒྱུ་མཚན་ཅན་མ་ཡིན་ལ། དུས་ཀྱི་རྒྱུ་མཚན་ཅན་མ་ཡིན་ཏེ། དེ་ལྟར་བའི་དུས་གཅིག་ལ་ད་ལྟར་བར་གནས་པ་ཕྱོགས་དང་ཡུལ་མ་ངེས་པ་དང་ལྡན་པའི་གཞོན་ནུ་དང་གནས ་བརྟན་དག་ལ་རྣམ་པར་དབྱེ་ནས་གཞན་དང་གཞན་མ་ཡིན་པའི་བློ་འཇུག་པའི་ཕྱིར་ཏེ། དེ་ཁྱད་པར་མེད་ན་ཡང་ཁྱད་པར་ཡོད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །བློ་འདིའི་རྒྱུ་མཚན་གཞན་བརྗོད་པར་ཡང་མི་ནུས་ཏེ། དེ་ལྟ་བས་ན་འདིའི་རྒྱུ་མཚན་གང་ཡིན ་པ་དེ་ནི་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དོ་ཞེས་བྱ་བར་གྲུབ་པོ། །ཕྱོགས་དུས་དེའི་རྒྱུ་མཚན་མིན་ཞེས་བྱ་བ་ནི་ཕྱོགས་དང་དུས་ཀྱིས་ཕྱོགས་དང་ལྡན་པའི་ཉེ་བ་དང་བསྐལ་པའི་དངོས་པོ་ལ་རྒྱུ་མཚན་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་དང་དུས་ཀྱི་སྒྲ ་དག་གིས་བཏགས་ནས་ཕྱོགས་དང་དུས་ལྡན་པ་བསྟན་ཏོ། །འདི་ལྟར་གཞན་གྱིས་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་རྣམ་པ་འདི་གཉིས་ཀྱང་ཕྱོགས་དང་དུས་ཀྱི་བྱས་པ་ཡིན་ནོ་ཞེས་བརྗོད་དེ། དེ་ལ་ཕྱོགས་ཀྱིས་བྱས་པའི་སྐྱེ་བོ་ནི་འདི་ལ་བུ་ཡིན་ཏེ། ་ཕྱོགས་གཅིག་ན་གནས་པའི་གོང་བུ་དག་ལ་ལྟ་བ་པོ་གཅིག་ཉེ་བའི་དབང་དུ་བྱས་ནས། འདི་ནི་དེ་ལས་བསྐལ་པ་ཡིན་ནོ་ཞེས་གཞན་ཉིད་ལ་མི་བརྟེན་པའི་བློ་སྐྱེ་ལ། དེའི་ཕྱིར་དེ་ལ་བལྟོས་ནས་ཕྱོགས་ཀྱི་ཕྱོགས་གཅིག་གཞན་དང་ལྡན་པ་ལས་གཞན་ཉིད་སྐྱེ་བ ་དང། བསྐལ་པའི་དབང་དུ་བྱས་ནས་འདི་ནི་འདི་ལས་ཉེ་བ་ཡིན་ནོ་ཞེས་གཞན་མ་ཡིན་པ་ཉིད་ལ་དམིགས་པའི་བློ་སྐྱེ་སྟེ། དེ་ལ་བལྟོས་ནས་ཕྱོགས་ཀྱི་ཕྱོགས་གཅིག་གཞན་དང་གཞན་པ་ལས་གཞན་མ་ཡིན་པ་ཉིད་སྐྱེ་བ ་ཡིན་ནོ། །དུས་ཀྱིས་བྱས་པའི་སྐྱེ་བའི་རིམ་པ་ཡིན་ཏེ། འདི་ལྟར་ད་ལྟར་བའི་དུས་ཀྱི་དང་ཡུལ་མ་ངེས་པ་ཕྱོགས་དང་ལྡན་པའི་གཞོན་ནུ་དང། གནས་བརྟན་དག་གི་ནང་ནས་གང་ཞིག་སྐྲ་དཀར་དང་གཉེར་མ་དང་སྨ་ར། སྤྱི་ཅེར་ལ་སོགས་པས ་ཉི་མ་ཤར་བ་དང་ནུབ་པ་མང་བ་ཉིད་རྗེས་སུ་དཔག་པའོ། །དེ་ལ་ལྟ་བ་པོ་གཅིག་ལ་གཞོན་ནུའི་དབང་དུ་བྱས་ནས་བསྐལ་པའི་བློ་སྐྱེ་སྟེ། དེ་ལ་བལྟོས་ནས་དུས་ཀྱི་ཕྱོགས་གཅིག་གཞན་དང་ལྡན་པས་གཞན་ཉིད་སྐྱེ་བ་དང། གནས་བརྟན་གྱི ་དབང་དུ་བྱས་ནས་ཀྱང་གང་ཞིག་སྤྱི་ཅེར་མ་ཡིན་པ་ལ་སོགས་པས་ཉི་མ་འཆར་བ་དང་ནུབ་པ་དག་ཉུང་བ་ཉིད་རྗེས་སུ་དཔག་པ་དེ་ལས་གཞོན་ནུ་ཉེ་བའི་བློ་སྐྱེ་སྟེ་དེ་ལ་བལྟོས་ནས་དུས་ཀྱི་ཕྱོགས་གཅིག་གཞན་དང་ལྡན་པས་གཞན་མ་ཡིན ་པ་ཉིད་སྐྱའོ་ཞེས་བྱའོ། །གཞན་ཉིད་དང་གཞན་མ་ཡིན་པ་ཉིད་སྒྲུབ་པར་བྱེད་པ་འདི་ནི་མ་ངེས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་ཡང་གཏན་ཚིགས་འཇུག་པའི་ཕྱིར་རོ་ཞེས་སྟོན་པ་ནི། ཇི་ལྟར་སྔོན་པོ་ལ་སོགས་གཟུགས་ཞེས་བྱ ་པ་ལ་སོགས་པའོ། འབྱུང་བ་ནི་སྐྱེ་བ་སྟེ། དེ་དང་ལྷན་ཅིག་གནས་པའི་ཞེས་ཚིག་རྣམ་པར་སྦྱར་བའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པ་དག་ལ་རིམ་གྱིས་སྐྱེ་བའི་ཕྱིར་དུས་ཀྱི་ཁྱད་པར་དང་རིམ་གནས་པས་ཕྱོགས་ཀྱི ་ཁྱད་པར་ཡོན་ཏན་རྣམས་ལ་ཡོན་ཏན་མེད་པའི་ཕྱིར་གཞན་ཉིད་དང་ཞན་མ་ཡིན་པ་ཉིད་ཀྱི་མཚན་ཉིད་ཀྱི་ཡོན་ཏན་མེད་ན་ཡང་སྔོན་པོ་གཞན་ནི་སྟོན་པོ་གཞན་མ་ཡིན་ནོ་ཞེས་བྱ་བ་གཞན་དང་གཞན་མ་ཡིན་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ ་བུམ་པ་ལ་སོགས་པ་ལ་ཡང་ཅིའི་ཕྱིར་མི་འདོད། འདིས་ནི་འདི་བསྟན་པ་ཡིན་ཏེ། གལ་ཏེ་འདི་ལ་དོན་གཞན་དུ་གྱུར་པའི་རྒྱུ་མཚན་ཉིད་ཙམ་སྒྲུབ་པར་འདོད་ན་དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་ཏེ། དེ་ནི་བསྒྲུབ་པར་བྱས་པ་ལས་བཟློག་པ་ལ་ཡང་འཇུག་པའི་ཕྱིར ་རོ། ཅི་སྟེ་རྟག་པར་གྱུར་པའི་?་དང་ཕྱོགས་ཀྱི་དངོས་པོའི་རྒྱུ་ཅན་གྱི་ཁྱད་པར་གང་ཡིན་པ་དེ་བློའི་རྒྱུ་མཚན་དུ་བསྒྲུབ་པར་འདོད་ན། དེའི་ཚེ་དཔེ་མེད་ལ་དམ་བཅའ་བ་ཡང་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །འདི་ལྟར་བརྗོད་པར་ནུས་ཏེ། གང ་གཞན་དང་གཞན་མ་ཡིན་པའི་བློ་ཡིན་པ་དེ་ནི་གཞན་གྱིས་བརྟགས་པའི་ཡོན་ཏན་དང་བྲལ་བའི་དོན་ཙམ་གྱིས་བྱས་པའི་རིམ་གྱིས་སྐྱེ་བར་གནས་པའི་རྒྱུ་མཚན་ཅན་ཡིན་ཏེ། གཞན་དང་གཞན་མ་ཡིན་པའི་བློ་ཡིན་པའི་ཕྱིར། གཟུགས་ལ ་སོགས་པ་ལ་གཞན་དང་གཞན་མ་ཡིན་པའི་བློ་བཞིན་ནོ། །བུམ་པ་ལ་སོགས་པ་ལ་ཡང་གཞན་དང་གཞན་མ་ཡིན་པའི་བློ་འདི་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་སྔོན་པོ་ལ་སོགས་པ་རྣམས་ལ་དོན་གཅིག་ལ་འདུ་བས་གཞན ་ཉིད་དང་གཞན་ཉིད་མ་ཡིན་པའི་བློ་འདི་ནི་ཉེ་བར་བཏགས་པ་ཡིན་ཏེ། དེ་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །སྔོན་པོ་ལ་སོགས་པ་ལ་ཡང་བརྒྱུད་ནས་གཞན་ཉིད་ལ་སོགས་པའི་རྒྱུ་མཚན་ཡོད་པར་ཁས་བླངས་པའི་ཕྱིར་དཔེ་ལ་བསྒྲུབ་པར་བྱ་བ་མ ་ཚང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བློ་འཁྲུལ་པ་མེད་པའི་ཕྱིར་ཉེ་བར་བཏགས་པ་ཉིད་དུ་མི་རིགས་སོ་ཞེས་འདི་ནི་གསལ་ཟིན་ཏོ། །རང་གི་རྟེན་ལ་ཡང་དེ་དག་དམིགས་པ་ཆེད་པའི་ཕྱིར་དེའི་སྟོབས་ཀྱིས་ཤེས་པ་རིགས་པ་མ་ཡིན་ན། དེའི་ཕྱིར་གང་ལས ་གཟུགས་ལ་སོགས་པ་དེའི་རྒྱུ་མཚན་དུ་འགྱུར། དུས་སྔ་མ་དང་ཕྱི་མར་འབྱུང་བའི་བདེ་བ་ལ་སོགས་པ་དག་ལ་ཡང་ཅི་ཞིག་བརྟག་སྟེ། དེ་ལ་ནི་དོན་གཅིག་ལ་འདུ་བ་མ་ཡིན་ནོ། །གཞན་ཡང་དུས་དང་ཕྱོགས་དག་སྔར་བཀག་པ་ཉིད་ཀྱིས་མེད་པའི་ཕྱིར ་དེའི་རྒྱུ་ཅན་གྱི་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དག་ཀྱང་མེད་པའི་ཕྱིར་གཏན་ཚིགས་མ་ངེས་པར་འགྱུར་པ་གང་ལས་དེའི་རྒྱུ་མཚན་ཅན་ཉིད་དུ་དོགས། །གང་གིས་བལྟོས་པའི་བློ་དང་ལྷན་ཅིག་པའི་དེ་དང་ལྡན་པ་ཡང ་གཞན་ཉིད་ལ་སོགས་པ་སྐྱེ་བར་འགྱུར་པ་ཕྱོགས་དང་དུས་དག་ནི་ཕྱོགས་ཅིག་ཡང་དག་པར་ཡོད་པ་མ་ཡིན་ཏེ། དེ་དག་ནི་གཅིག་གི་བདག་ཉིད་ཀྱིས་ཆ་ཤས་མེད་པའི་ཕྱིར་རོ། །ཡན་ལག་ཐ་དད་པ་ཉེ་བར་བཏགས་པ་ནི་དོན་བྱེད་པའི་རྗེས་སུ ་བྱེད་པར་ཡང་རིག་པ་མ་ཡིན་ཏེ། དེ་ན་དངོས་པོའི་རང་བཞིན་དང་རྗེས་སུ་འགྲེལ་པའི་ཕྱིར་དང། ཉེ་བར་བཏགས་པ་དེ་ཡང་བརྫུན་པ་ཡིན་པས་དེའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །གཞན་གྱི་གཏན་ཚིགས་ཀྱང་སྔ་མ་བཞིན་དུ་མ་གྲུབ་པར ་བརྗོད་པར་བྱའོ། །གྲངས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གཞན་དག་ནི་སྐབས་སུ་བབ་པའི་གྲངས་ལ་སོགས་པའི་ཡོན་ཏན་གྱི་དངོས་པོ་སྒྲུབ་པར་བྱེད་པ་དེ་དོགས་པ་བསུ་བ་ཡིན་ནོ། །ཇི་སྐད་དུ་བཤད་པའི་གྲངས་ལ་སོགས ་པའི་ཡོན་ཏན་འདི་ཐམས་ཅད་ནི་རྫས་ལས་ཐ་མི་དད་པ་མ་ཡིན་ཏེ། དེ་དག་ནི་རྫས་དེ་རྣམ་པར་གཅོད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་ཞིག་གང་གཞན་ལས་རྣམ་པར་གཅོད་པར་བྱེད་པ་དེ་དག་ནི་དེ་ལས་ཐ་དད་པ་མ་ཡིན་ཏེ། ་ལྷས་བྱིན་གྱི་དབྱུག་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་འདི་ལ་རྫས་ལས་ཐ་མི་དད་པ་བཀག་པ་ཙམ་སྒྲུབ་ན་དམ་བཅའ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་དེ། ཀུན་རྫོབ་ཏུ་ཡོད་པ་ཐམས་ཅད་ནི་དངོས་པོ་མེད་པ་ཉིད་ཀྱིས་དེ་ཉིད་དང་གཞན ་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་འདིར་རྣམ་ཕུག་པའི་ལན་དོགས་པར་བྱེད་དེ། དེ་སྨྲས་པ། ཚོགས་པ་དང་རྒྱུན་དང་གནས་སྐབས་ཀྱི་ཁྱད་པར་རྣམས་ནི། དེ་ཉིད་དང་གཞན ་ལ་སོགས་པ་བཞིན་ནོ། །དེ་ལ་གཟུགས་ཉིད་ལ་སོགས་པ་སྤྱི་ལ་བརྟེན་པ་ནི་གཟུགས་ལ་སོགས་པའོ། །གཟུགས་ལ་སོགས་པ་དེ་དག་གི་རྟེན་ནི་དེའི་རྟེན་ནོ། །དེ་དག་ཀྱང་གང་ཞེ་ན། བུམ་པ་ལ་སོགས་པའོ། །གྲུབ་པས་བསྟན་པ་ནི་རྣལ་འབྱོར་པའི་ཤེས་པའོ། །ལྷག་མ་ནི་སྔ ་མ་བཞིན་དུ་བཤད་པར་བྱའོ། །ཡོད་པ་དང་མེད་པ་གང་ཡང་རུང་བ་ཉིད་དམ་མེད་པ་ཉིད་དོ། །ཡོད་པ་དང་མེད་པ་དག་ལས་ཐ་དད་པའི་ཤེས་བྱ་མེད་པ་ཉིད་ཀྱི་ཕྱིར། དེའི་ཡུལ་ཅན་གྱི་ཤེས་པ་ཡང་མེད་དོ། །དེ་ཡང་མེད་པ་ཉིད་ཀྱི་ཕྱིར་དེས་བཅད་པར་བྱ་བ་མ་ཡིན་པ་ཉིད ་གྲུབ་བོ། །དེ་བཞིན་དུ་གཟུང་བར་བྱ་བ་མ་ཡིན་པའི་ཡུལ་འཛིན་པ་མེད་པ་ཉིད་ཀྱི་ཕྱིར་དེ་ཡིས་བཟུང་བར་བྱ་བ་མ་ཡིན་པ་ཉིད་གྲུབ་བོ། །དེ་བཞིན་དུ་གང་ལ་བརྗོད་བར་བྱ་བ་ཡོད་པ་མ་ཡིན་པ་དེ་ནི། རྗོད་པར་བྱེད་པ་སྟེ། བརྗོད་པར་བྱ་བ་མ་ཡིན་པའོ། །དེས་བརྗོད་པར་བྱ་བ་མ ་ཡིན་པ་ཉིད། སྒྲུབ་སྟེ་དོན་མེད་པ་ཉིད་ཀྱི་ཕྱིར་རོ། །རིགས་མཚུངས་པའི་རྫས་ནི་ཆུ་དང་ས་ལ་སོགས་པ་སྟེ། བྱས་པ་ཉིད་ལ་སོགས་པར་མཚུངས་པའི་ཕྱིར་རོ། །རིགས་མི་མཚུངས་པ་ནི་ནམ་མཁའ་ལ་སོགས་པ་སྟེ། དེ་དག་ཕན་ཚུན་ལྡན་པ་དང་རྣམ་པར་དབྱེ་བ་དེ་དག ་གིས་བསྐྱེད་པའི་སྒྲ་དང་པོ་གང་ཡིན་པ་དེའི་རྒྱུད་པའི་འབྲས་བུར་གྱུར་པ་རྣ་བའི་ལམ་དུ་ཕྱིན་པ་གང་ཡིན་པ་དེས་བརྗོད་པར་བྱ་བ་གང་ཡིན་པའི་ཕྱིར་རོ། །འདི་ལྟར་འདི་དག་གི་ཐ་སྙད་ནི་འདི་ཡིན་ཏེ། སྒྲའི་ངང་བའི་སྐྱེ་གནས་ནི་ལྷན་པ་དང་རྣམ་པར་དབྱེ་བའོ། །དེ་ལས ་ཕ་ལོང་རྡེབས་པའི་ཚུལ་དུ་སྒྲ་གཞན་དག་སྐྱེའོ། །དེ་དག་ལས་ཀྱང་སོ་སོར་སྒྲ་རེ་རེ་ལས་གཞན་པ་དང། ཆེས་གཞན་དང། ཆེས་ཆེར་ཞན་པའི་རིམ་པས་སྐྱེ་སྟེ། དེ་ལ་གང་ཞིག་རྣ་བའི་སྦུབས་ཀྱི་དབུས་ཀྱི་ནམ་མཁའ་ཨི་ཡུལ་དུ་སྦྱིན་པ་དེ་དམིགས་ཀྱི་ཅིག་ཤོས་ནི ་དམིགས་པ་མ་ཡིན་ནོ་ཞེས་སོ། །དེས་ན་འདིའི་ཚད་མའི་ཚོགས་སྟོན་པ་ནི། གཟུགས་ཉིད་ལ་སོགས་དོན་ཀུན་དང། ཞེས་བྱ་བ་ལ་སོགས་པའོ། གཞལ་བྱ་ཉིད་དང་བརྗོད་བྱ་ཉིད་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་ལས་གཞན་པའི་གཏན་ཚིགས་དག ་བྱ་བ་ནི་རྫས་ལས་ཐ་དད་མེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གྲངས་ལ་སོགས་པའི་རྟེན་མ་གྲུབ་པ་དེ་ཉིད་སྟོན་པ་ནི། བསྡུ་བ་སོགས་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བརྗོད་པ་ཡིན་ཞེས་བྱ ་བ་ནི་གཅིག་གོ་གཉིས་དག་གོ་།མང་པོ་རྣམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འདི་སྙམ་དུ་རྫས་ཀྱི་བདག་ཉིད་དུ་ཡོད་པའི་གྲངས་ལ་སོགས་པ་ཐ་དད་བསྒྲུབ་པར་བྱ་བ་གཞན་ཉིད་དོ་སྙམ་དུ་སེམས་ན། རང་གི་ངོ་བོ་ལས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དངོས་པོ་ལ་རང་གི་ངོ་བོ་ལས་ཐ་དད་པ་ཡོད་པ་མ་ཡིན་ཏེ། འདི་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །འགལ་བར་འགྱུར་ཞེས་བྱ་བ་ནི་ཕན་ཚུན་འགལ་བ་སྟེ། ཐ་དད་པ་དང་ཐ་མི་དད་པ་དག་ལ་ནི་ཕན་ཚུན་སྤངས་ཏེ་གནས ་པའི་མཚན་ཉིད་ཀྱི་གཅིག་ཅར་གཅིག་ལ་འགལ་བའི་ཕྱིར་རོ། །དེ་ལྟར་རེ་ཞིག་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་མཐར་ཐུག་པའི་ཡོན་ཏན་རྣམས་བཀག་ནས། བློ་ལ་སོགས་པ་འབད་པའི་མཐར་ཐུག་པ་རྣམས་ནི་བདག་ལ་བརྟེན་པ་ཉིད་དུ་འདོད ་དོ། །དེ་དག་ཀྱང་བདག་བཀག་པ་ཉིད་ཀྱིས་བཀག་པར་བལྟ་བར་བྱའོ། །འདི་དག་ལ་བདག་ལ་བརྟེན་པར་རིགས་པ་ཡང་མ་ཡིན་ཏེ། འདི་ལྟར་འདི་དག་གི་སྐྱེ་བའི་རྒྱུ་ཉིད་ཀྱིས་བདག་ལ་བརྟེན་པ་འགྱུར་རམ་གནས་པའི་རྒྱུ་ཉིད་ཀྱིས་ཡིན། རེ་ཞིག ་སྐྱེ་བའི་རྒྱུའི་རྒྱུ་ཉིད་ཀྱིས་ནི་མ་ཡིན་ཏེ། བདེ་བ་ལ་སོགས་པ་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་ཐམས་ཅད་ཀྱི་ཚེ་སྐྱེ་བར་ཐལ་བར་འགྱུར་པའི་ཕྱིར་རོ། །གཞན་གྱི་བོགས་དབྱུང་དུ་མེད་པ་ནི་ལྷན་ཅིག་བྱེད་པ་ལ་བལྟོས་པ་འགའ་ཡང་ཡོད་པ་མ་ཡིན་ནོ ་ཞེས་བྱ་བ་འདི་ལན་བརྒྱར་དཔྱད་ཟིན་ཏོ། །རྟག་པ་ནི་འབྲས་བུ་སྐྱེད་པར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་རིམ་དང་ཅིག་ཅར་དག་གིས་ཁྱབ་པའི་ཕྱིར་ལ། རྟག་པ་ཡང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བར་བསྟན་ཟིན་པའི་ཕྱིར་རོ། ། ་སུམ་སྔ་མ་ཡང་ངེས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེས་ཀྱང་དངོས་པོའི་རང་གི་ངོ་བོ་ངེས་པ་ན་དེ་ལས་ཐ་མི་དད་པའི་ད་ལྟའི་དུས་སུ་ཡོད་པ་ཉིད་ཀྱང་ངེས་པ་ཉིད་ཡིན་ནོ། །དེ་མ་ངེས་ན་དངོས་པོའི་རང་གི་ངོ་བོ་ཡང་དེ་བཞིན་དུ་མ་ངེས་པའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་མ་ངེས་པ ་ཉིད་དུ་ཐལ་བར་འགྱུར་རོ། །གང་ཡང་ཐེ་ཚོམ་དངོས་པོ་ཡོད་པ་ན་གཏན་ལ་ཕབ་པའི་རྒྱུ་མཚན་གྱི་ངོ་ཤེས་པ་ཚད་མ་ཉིད་ཡིན་ནོ། །ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་བསལ་པ་ཡིན་ནོ། །འདི་ལ་ཐེ་ཚོམ་ཟ་བའི་དངོས་པོ་ཡོད་པ་ན་ཕབ་པ་ཡོད་པ་ཡང་མ་ཡིན་ཏེ། འདྲ་བ་གཞན ་དང་གཞན་སྐྱེ་བ་ན་ཡང་སྐྲ་ལ་སོགས་པ་བཞིན་དུ་ངོ་ཤེས་པ་མཐོང་བ་ནི་ཐེ་ཚོམ་མི་ཟ་བའི་ཕྱིར་རོ། །གང་ཡང་ཅིག་ཤོས་ཀྱིས་ནི་དོན་རྟོགས་པའང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། རྗེས་སུ་དཔག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བུ་ཡིན ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྗེས་སུ་དཔག་པ་ལ་སོགས་པ་གང་གི་སྤྱོད་ཡུལ་ཏེ། ཡུལ་ལ་མངོན་སུམ་གྱིས་གནོད་པ་སྲིད་པ་ཡིན་ན། དེ་ཚད་མ་ཉིད་མ་ཡིན་ཏེ། གནོད་བཞིན་དུ་ཡུལ་ཡིན་པ་ཉིད་ཀྱིས་དོན་ལ་མི་བསླུ་བ་མེད་པའི་ཕྱིར ་རབ་རིབ་ཅན་ལ་སོགས་པའི་ཤེས་པ་བཞིན་ནོ། །དེས་ན་ཅིག་ཤོས་ཀྱིས་ནི་རྟོགས་པ། མངོན་སུམ་གྱིས་ནི་གཞན་དུ་འགྱུར། ཞེས་གང་སྨྲས་པ་དེ་ནི་མ་འབྲེལ་པ་ཉིད་དེ། མི་སྲིད་པའི་ཕྱིར་རོ། །གང་ཡང་མངོན་སུམ་ཐུ་བོ་ཉིད་དུ་བརྗོད་པ་དེ་ཡང་འབྲེལ ་པ་མེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དོན་ལ་མི་བསླུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་རྣམས་ཀྱི་ཚད་མ་ཉིད་ནི་འདི་ཉིད་ཡིན་ཏེ། དོན་ཐོབ་པར་ནུས་པའོ། །དེ་ཡང་ཚད་མ་ཐམས་ཅད་ལ་ཁས་བླངས་པར་བྱ་སྟེ། དེས་ན་ཅིའི་ཕྱིར ་མངོན་སུམ་འདི་ཐུ་བོ་ཉིད་དུ་འགྱུར་ཡང་ཅི་སྟེ་མངོན་སུམ་ཁོ་ན་དོན་ལ་མི་བསླུ་བ་ཉིད་ཡིན་གྱི། རྗེས་སུ་དཔག་པ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན། དེ་ཡོད་མིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་།དེའི་དོན་ལ་མི་བསླུ་བ་ཉིད་དེ་མེད་པ ་བསམས་པའོ། །གཞན་ཡང་གཞན་དག་གིས་བློ་ཤེས་པའི་རང་བཞིན་དུ་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ་བློ་དང། དམིགས་པ་དང་ཤེས་པ་ཞེས་བྱ་བ་ནི་དོན་གཞན་དུ་གྱུར་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ ་ཡང་དེ་ལྟ་བུའི་ངོ་བོ་ཡིན་ན་ཡང་གཞན་དག་གིས་རང་རིགས་པའི་ངོ་བོར་ནི་མི་འདོད་ཀྱི། འོན་ཀྱང་བློ་གཞན་གྱིས་རྟོགས་པར་བྱ་བ་ཉིད་ཡིན་ཏེ། དེ་ལྟ་བུར་གྱུར་པ་ནི་གཟུགས་ལ་སོགས་པ་བཞིན་དུ་རང་ལས་མ་གྲུབ་པའི་ཕྱིར་བློ ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །བདེ་བ་དང་སྡུག་བསྔལ་དང། འདོད་པ་དང། སྡང་བ་དང། འབད་པ་རྣམས་ཀྱང་ཤེས་པ་མ་ཡིན་པའི་ངོ་བོ་ཉིད་དུ་འདོད་པ་ཡང་ཚད་མའི་མཚན་ཉིད་རྟག་པར་འགེགས ་པར་འགྱུར་རོ། །ལྕི་བ་ཉིད་དང་གཤེར་བ་ཉིད་དང་སྣུམ་བ་ལ་སོགས་པ་བཞིན་དུ་དགག་པ་བསྒྲུབ་པར་བྱའོ་ཞེས་བྱ་བ་དེ་ལྟར་ངེས་པར་བྱས་ནས་འདི་དག་གིས་དགག་པ་མ་བྱས་པར་འདུས་བྱས་པ་དགག་པ་ནི། ཤུགས ་བརྗོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདུས་བྱས་ཕ་ནི་རྣམ་པ་གསུམ་སྟེ། ཤུགས་དང། བག་ཆགས་དང། གནས་པ་འཇིག་པའོ། །དེ་ལ་ཤུགས་ཞེས་བྱ་བ་ནི་ས་དང་ཆུ་དང་མེ་དང་རླུང་དང་ཡིད་དེ་ལུས་ཀྱི ་ཅན་གྱི་རྫས་ལྔ་པོ་དག་ལ་འབར་བས་བཅོམ་པའི་ཁྱད་པར་ལ་བལྟོས་པ་ལས་སྐྱེས་པ་ཡིན་ཏེ། དེ་ཡང་ཕྱོགས་ཀྱིས་བྱ་བ་ངེས་པའི་རྒྱུན་དང། རེག་པ་དང་ལྡན་པའི་རྫས་དང་ལྡན་པ་དང་འགལ་བ་ཡིན་ནོ། །དེ་བཞིན་དུ ་མངའ་ལ་སོགས་ལ་གང་གི་དབང་གིས་མངའ་བར་དུ་ལྟུང་བར་མི་འགྱུར་བ་འབད་པའི་ཁྱད་པར་གྱིས་སྐྱེད་པ་ལས་ཀྱི་ཁྱད་པར་གྱི་རྒྱུ་ཅན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཕྱོགས་ཀྱི་བྱ་བ་ངེས་པའི་འབྲས་བུས་རྗེས་སུ་དཔག ་དང་ངོ་ཤེས་དང། དཔྱོད་པ་དང་གྲུབ་པས་བསྟན་པ་དང། ཐེ་ཚོམ་དང། ཕྱིན་ཅི་ལོགས་དང། མ་ངེས་པ་དང་རྨི་ལམ་དང། རྨི་ལམ་གྱི་མཛའ་ཨི་ཤེས་རབ་ཀྱི་ཁྱད་པར་དེ་དག་ཐམས་ཅད་ནི། བདག་ཉིད་ཐོབ་མ་ཐག་ཏུ་འཇིག་པར་འགྱུར་པ་མ་ཡིན་ཏེ། ཤེས་བྱ་ཉིད ་དང། གཞལ་བྱ་ཉིད་དང། བརྗོད་བྱ་ཉིད་དང། ཡོད་པ་དང་མེད་པ་གང་ཡང་རུང་བ་ཉིད་དང། ཡོད་པ་དང་མེད་པ་ལས་ཐ་དད་པའི་ཤེས་བྱའི་ཡུལ་ཅན་གྱི་ཤེས་པས་བཅད་པར་བྱ་བ་མེད་པ་སྔར་ནུས་མེད་ཕྱིར་དང། །།ཕྱིས ་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེ་ཕྱིར་རང་བློ་བཅས་དོན་མིན། ཞེས་བཤད་པ་བཞིན་ནོ། །གང་ཚེ་ཞེས་བྱ་བ་ལ་སོགས་པས་ས་དང་འབྲེལ་པ་ཉིད་དུ་མི་དམིགས་པ་ཞེས་ཁྱད་པར་དང་བཅས་པ་ཡིན་ན་ཡང་གཏན ་ཚིགས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གཏན་ཚིགས་གཉིས་པའི་ཚོགས་ལ། ཆོས་ཅན་རིགས་ལ་སོགས་པ་མེད་པ་ཉིད་ཀྱིས་སྐད་ཅིག་མ་འཇིག་པ་མི་འདོད་པའི་ཕྱིར། དེ་ལ་དེ་མེད་པ་སྒྲུབ་ན། སྒྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཞེས་སྟོན་པ་ནི། རིགས ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་དེ་ལ་བརྟེན་པའི་གཟུགས་དང་ལྡན་པ་ལ་སོགས་པ་དང། དེའི་ཡུལ་ཅན་གྱི་ཤེས་པ་རྣམས་གཟུང་སྟེ། ཇི་སྐད་དུ་བཤད་པས་ཁྱད་པར་དུ་བྱས་པའི་ཁྱད་པར་ཅན་འདི་དག་ཀྱང་མེད་པ་ཉིད ་དོ། །དེའི་ཕྱིར་དེ་དག་ལ་ངའི་སྐད་ཅིག་མ་འཇིག་པ་ཉིད་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་སྨྲས་པ་གང་ཡིན་པ་དེ་ལོགས་པ་ཡིན་ཏེ། དེ་ལ་རྩོད་པ་མེད་པའི་ཕྱིར་རོ་སྙམ་དུ་དོགས་པ་ཡིན་ནོ། །འདི་ཡང་ཞིབ་ཏུ་སྤྱད་པ་མ་བྱས ་ཏེ། གལ་ཏེ་དེ་བྱེད་ན་དེའི་ཚེ་དེ་ལ་སྐྱོན་གྱིས་ཚོགས་ཆེས་མང་པ་འཇུག་སྟེ། འདི་ལྟར་འདི་ཡོད་པ་དང་མེད་པ་གང་ཡང་རུང་བ་སྒྲུབ་བྱེད་དུ་སྨྲས་པ་གང་ཡིན་པའི་རྣམ་པ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་དང་དཔེའི་ཆོས་ཅན་ལ་མ་གྲུབ་སྟེ། གང ་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་རྣམ་པ་དེ་ལྟ་བུའི་འདུས་བྱས་པའི་སྟོབས་ཀྱིས་མངའ་ལ་སོགས་པ་མི་ལྟུང་བར་གྱུར་ན་དེའི་ཆེད་དག་ནམ་ཡང་ལྟུང་བར་མི་འགྱུར་ཏེ། ཐམས་ཅད་དུ་ལྟུང་བའི་གེགས་ཀྱི་རྒྱུ་ཤུགས ་གནས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཁྱད་པར་མེད་པ་ནམ་མཁའ་ཨི་ཡུལ་དུ་འཕངས་པའི་མདའ་ལ་སོགས་པ་བློ་བུར་དུ་ལྟུང་བར་དམིགས་པ་གང་ཡིན་པ་དེ་ཇི་ལྟར་འཐད་པར་འགྱུར། ལུས་ཅན་རླུང་ལ་སོགས་པ་དང་ཕྲད་པས་ནུས་པ་ཉམས་པར་བྱས་པའི་ཕྱིར་ཤུགས ་ཞིག་པས་ལྟུང་བ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། དང་པོ་ཉིད་དུ་ལྟུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དང་འགལ་བའི་རླུང་དང་ཕྲད་པ་ནི་ཐམས་ཅད་དུ་ཡོད་པ་ཉིད་ཡིན་ནོ། །ཅི་སྟེ་ཡང་ཤུགས་ནི་ངེས་པ་ཁོ་ནར་དང་པོ་སྟོབས ་དང་ལྡན་པའི་ཕྱིར་འགལ་ན་ཡང་རླུང་དང་ཕྲད་པ་ཁྱད་པར་དུ་བསད་ནས་འདི་མངའ་ཡུལ་གཞན་དུ་ཁྱེར་པར་བྱེད་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན་གང་གིས་ཡུལ་ཤིན་ཏུ་ཐག་རིང་བར་ཡང་དེ་ཁྱེད་བར་མི་བྱེད་པ་ཕྱིས། དེ་སྟོབས་ཆུང་བར་སུས་བྱས། ་ཐམས་ཅད་དུ་ཁྱད་པར་མེད་པའི་རླུང་དང་ཕྲད་པ་དང་ལྡན་པའི་ནམ་མཁའ་ཨི་དཀྱིལ་དུ་འཕངས་པའི་མངའ་ཡང་བར་དུ་ལྟུང་བར་མཐོང་བ་ཡིན་ནོ། །ཕྱིས་ཤུགས་གཞན་དུ་གྱུར་པར་ཡང་བརྗོད་མི་ནུས་ཏེ། གཞན་དུ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །མངའ་ ་ལ་སོགས་པ་དེ་ནི་ཐམས་ཅད་དུ་འདུ་བའི་རྒྱུན་ཁྱད་པར་མེད་པ་ཁོ་ནའོ། །ལས་ཤེས་བྱ་བའི་རྒྱུ་ཕྱིས་ཁྱད་པར་དུ་འགྱུར་བ་ཡིན་ནོ་ཞེས་བརྗོད་བར་རིགས་པ་ཡང་མ་ཡིན་ཏེ། དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །ཤུགས ་ཕྱིས་བཞན་དུ་གྱུར་ན་ཡང་སྔ་མ་འཇིག་པའི་རྒྱུ་མེད་པའི་ཕྱིར་དེའི་ཕྱིར་དེའི་གནས་སྐབས་ཉིད་ཡིན་པས་མངའ་མི་ལྟུང་བ་ཁོ་ནར་འགྱུར་རོ། །དེའི་འཇིག་པའི་རྒྱུ་རླུང་དང་ཕྲད་པ་ཡང་མ་ཡིན་ཏེ། དང་པོ་ཉིད་དུ་ལྟུང་བར་ཐལ་བར་འགྱུར ་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །རླུང་ཐམས་ཅད་དུ་ཁྱད་པར་གོམས་པ་ཞེས་བྱ་བ་སུན་དབྱུང་བའི་ཕྱིར། །གོམས་པར་བརྗོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དྲན་པ་ལ་སོགས་པའི་འབྲས་བུ་ལས་སྤྱིར་གོམས་པ་ཙམ་བསྒྲུབ་ན། དེའི་ཚེ་གྲུབ་པ་ལ་སྒྲུབ ་པ་ཡིན་ཏེ། འདི་ལྟར་སྔར་ཉམས་སུ་མྱོང་བས་བསྒོས་པའི་ནུས་པའི་མཚན་ཉིད་ཀྱི་རང་གི་བདག་ཉིད་དུ་གྱུར་པའི་དངོས་པོ་དེ་དང་ཕྲད་པ་ཡང་ཁྱད་པར་མེད་པ་དེའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །གང་ལ་བག་ཆགས་ཞེས་བྱ་བར་གྲགས་པ་དྲན་པ་ལ་སོགས་པའི་རྒྱུར་འདོད་པ ་ཁོ་ནའོ། །ཅི་སྟེ་བདག་གི་ཡོན་ཏན་གྱི་རང་བཞིན་གྱི་དངོས་པོ་བསྒྲུབ་པར་འདོད་ན། དེའི་ཚེ་རྣམ་པ་དེ་ལྟ་བུ་དང་ལྷན་ཅིག་གང་དུ་ཡང་དྲན་པ་ལ་སོགས་པ་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་དང། དམ་བཅས་པ་ཡང་རྗེས་སུ་དཔག་པ་དང་འགལ ་བ་ཡིན་ཏེ། དེའི་རྟེན་གྱི་བདག་སྔར་བཀག་པ་ཉིད་ཀྱིས་མེད་པའི་ཕྱིར། དེ་ཡང་མེད་པར་གྲུབ་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་ལ་རྟེན་པ་དེ་ནི་མེད་པ་ན་གནས་པ་ཐོབ་པ་མ་ཡིན་ཏེ། ཅིག་པ་ལ་སོགས་པ་མེད་པ་ལ་རི་མོ་བཞིན་ནོ། །གཞན་གྱི་ལུགས་ཀྱིས་འདུས་བྱས་པ་ཡང་བདག ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། བདག་དེ་ནི་སྔར་བསལ་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདུས་བྱས་ནི་སེམས་ཀྱི་བག་ཆགས་ཀྱི་བདག་ཉིད་དུ་རིགས་ཀྱི་བདག་ཡོན་ཏན་མ་ཡིན་ནོ་ཞེས་བྱ་བ་ནི་ཚང་མི་འབྲས ་བུ་སྟེ། གཅིག་ནི་ཚད་མས་གྲུབ་པའི་ཕྱིར་ལ། གཞན་ནི་བཟློག་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གསུམ་པ་ཡང་སུན་དབྱུང་བའི་ཕྱིར། །གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདི་དངོས་པོ་གནས་པ་གང་ཡིན་པ་འཇིག་པར་བྱེད་པ་རེས་འགའ་ ་འདི་རང་ཉིད་མི་བརྟན་པའི་རང་བཞིན་ཉིད་ཡིན་པ་འམ། ཡང་ན་བརྟན་པའི་རང་བཞིན་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །གལ་ཏེ་མི་བརྟན་པའི་རང་བཞིན་ཡིན་ན་དེའི་ཚེ་འདི་སྐད་ཅིག་ལས་ཕྱིས་མེད་པའི་ཕྱིར། འདི་གང་གི་འཇིག་པ་བོར་འགྱུར། འོན་ཏེ ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་དངོས་པོ་ལ་སྟེ་བརྟན་པའི་དོན་རྣམས་ཀྱི་ཡོད་པ་ལ་དེའི་ངོ་བོ་སྟེ། རང་བཞིན་གྱིས་བརྟན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གནས་ཞེས་བྱ་བ་ནི་གཞན་གྱིས་ཀུན་ཏུ་བརྟགས་པས་ཅུང་ཟད་ཀྱང་མི་བྱེད་པའི་འཇིག་པ་པོས ་ཅི་ཞིག་བྱ་ཞེས་སྔ་མ་བཞིན་དུ་སུན་འབྱིན་པ་བརྗོད་པར་བྱའོ། །ཅི་སྟེ་ཡང་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་ན་ཡང་སྐད་ཅིག་མ་གཅིག་ཏུ་གནས་པ་འམ། རྒྱུན་གྱིས་རྗེས་འཇུག་པ་ལ་དེའི་ནུས་པར་བརྗོད་དོ་སྙམ་དུ་སེམས་ན། འདི་ལ་ཡང། རང་གི་རྒྱུ ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རྒྱུ་ཉིད་ལས་འགྲུབ་པ་ན་སྐད་ཅིག་གཅིག་གནས་པ་གྲུབ་སྟེ། འདི་ལྟར་འདི་དག་གི་གནས་བ་ནི་བདག་ཉིད་ཐོབ་པའི་མཚན་ཉིད་ལ་བརྗོད་ཀྱི། རང་ཉིད་གཡོ་བའི་བདག་ཉིད་ཀྱི་དུས་ཕྱིས་གནས་པ་མེད ་པའི་ཕྱིར། ཡོད་པའི་བདག་ཉིད་ཐོབ་པ་རྣམས་དུས་ཕྱིས་བདག་གི་ངོ་བོ་འཛིན་པའི་མཚན་ཉིད་ནི་མ་ཡིན་ནོ། །གནས་ན་ཡང་ནམ་ཡང་མི་ལྡོག་པར་ཐལ་བར་འགྱུར་ཏེ། སྔ་མ་བཞིན་དུ་ཕྱིས་ཀྱང་ཁྱད་པར་མེད་པའི་ཕྱིར་དང། དེ་བཞིན་མ་ཡིན་པ་ཉིད་ཐལ ་པར་འགྱུར་པའི་ཕྱིར་རོ། །ཕྱི་མ་ཕྱི་མའི་འབྲས་བུ་སྐྱེ་བ་ནི་སྔ་མ་སྔ་མའི་རྒྱུའི་ནུས་པས་བྱས་པའི་ཕྱིར་རྒྱུན་ལ་ཡང་འདུས་བྱས་པའི་ནུས་པ་འགྲུབ་པ་མ་ཡིན་ནོ། །འོ་ན་སྐད་ཅིག་མ་ཡིན་པ་འདི་འཇིག་པ་པོར་འགྱུར་རོ་ཞེ་ན། གཞན་དུ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྐད་ཅིག་མ་མ་ཡིན་པ་གང་ཡིན་པ་དེ་ནི་གཞན་དུ་འགྱུར་པ་མི་སྲིད་པའི་ཕྱིར་རང་ཉིད་ཀྱི་གནས་མ་ཡིན་པས་ཅི་ཞིག་བྱེད་ན་འདི་དེའི་འཇིག་པ་པོར་འགྱུར་ཞེས་བྱ་བ་ནི་བསྟན་ཟིན་ཏོ། །ཡང་ཇི་སྙེ་འདི་འཇིག་པར་བྱེད་པ་པོར་མ? ་གྱུར་མོད། །འོན་ཀྱང་སྐད་ཅིག་མ་ཉིད་སྐྱེད་པར་བྱེད་པར་འགྱུར་སྙམ་ན། འདིའི་རྒྱུ་ཉིད་མ་མཐོང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་བྱའི་དེ་ཁོ་ན་ཉིད་རྣམ་པར་འཇིག་པ་ནི་ཚད་མ་ལ་དག་ལས་པ་ཡིན་ནོ། །གང་གི་དེའི་ཐ་སྙད་དུ་འགྱུར ་པ་གོས་ལ་སོགས་ལ་འདིའི་རབ་ཏུ་གྲགས་པའི་རྒྱུ་ལས་མ་གཏོགས་པ་མངོན་སུམ་དང་མི་དམིགས་པ་དག་གིས་སམ། མིག་ལ་སོགས་པ་བཞིན་དུ་འབྲས་བུ་ལྡོག་པ་ལས་རྒྱུ་ཉིད་དུ་མཐོང་བ་སྟེ། དེས་པ་ནི་མ་ཡིན་ནོ། །ཅི་སྟེ་ནུས་པ་མ་མཐོང་བ་ཡང་རྒྱུ་ཉིད་དུ ་རྟོག་པར་བྱེད་ན། དེའི་ཚེ་འདུས་བྱས་པའི་མ་གཞན་དབྱུང་པ་ལ་སོགས་པ་ཡང་སྐྱེ་བའི་རྒྱུར་འགྱུར་ཏེ། བརྟག་པར་བྱའོ་ཞེས་བྱ་བ་ལྷག་མའོ། །གང་གི་ཁྱེད་ཅག་ནུས་པ་ཡོངས་སུ་མ་ངེས་པའི་འདུས་བྱས་པའི་བདག་ཉིད་གཅིག་ཡོངས་སུ་བརྟག་པས་ཡོངས་སུ་ཚིམ་པར ་འགྱུར་པ་ནུས་པ་མ་མཐོང་བ་ཉིད་དུ་ནི་ཁྱད་པར་འགའ་ཡང་མེད་དོ། །འདི་ཁྱེད་ཅག་གི་སྐྱེ་བའི་རྒྱུར་འདོད་པ་ཡང་མ་ཡིན་ཏེ། འོན་ཀྱང་གོས་ལ་སོགས་པ་སྐྱེས་པ་ཡོད་པའི་དུས་ཕྱིས་འཇིག་པར་འགྱུར་པའི་ཡོན་ཏན་དུ་འདོད་དོ། །དེ་ལ་ཡང་འདི་ན་ཅུང་ཟད ་ཀྱང་མི་བྱེད་དོ་ཞེས་དང་པོར་བརྗོད་ཟིན་ཏོ། །སྐྱེ་བའི་རྒྱུ་ཉིད་དུ་ཁས་བླངས་ནས་ཉེས་པ་འདི་བརྗོད་པ་ཡིན་ཏེ། རེ་འགའ་ལ་ལ་རང་གི་གཞུང་ལུགས་ཀྱི་ལུགས་ལས་འདས་ནས་འདི་ལྟར་རྟོགས་པར་བྱེད་དོ་སྙམ་དུ་བསམས ་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་ཐམས་ཅད་ཀྱི་དོན་ཉེ་བར་སྡུད་པར་བྱེད་དོ། །ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ཀྱི་ཡོན་ཏན་སུན་དབྱུང་བའི་ཕྱིར། ཡིད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་མཐོང་བའི་བྱེད་པ་པོ་ནི་འབྲས་བུ་སྟེར་བ ་བདག་གི་ཡོན་ཏན་བདག་དང་ཡིད་ལྡན་པ་ལས་སྐྱེས་པ་རང་གི་འབྲས་བུ་དང་འགལ་བ་མེད་པའོ། །དེ་ཡང་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཆོས་ནི་བྱེད་པ་པོ་ལ་འདོད་པ་དང་ཕན་པ་དང་ཐར་པའི་རྒྱུའོ། །ཆོས་མ་ཡིན་པ་ནི་མི ་འདོད་པ་དང་མི་ཕན་པ་དང་འཚང་བའི་རྒྱུའོ་ཞེས་གཞན་དག་གིས་མ་མཐོང་བའི་མཚན་ཉིད་སྨྲས་པ་དེ་འདི་ནི། བདག་དང་ཡིད་དང་དེ་དག་གི་ལྡན་པ་དེའི་རྒྱུ་ཉིད་དུ་འདོད་པ་སྔར་བཀག་པའི་ཕྱིར་རྒྱུ་མེད་པས་མེད་དོ་ཞེས་བྱ་བར་གྲུབ་པོ། །སྒྲ་ནི་ནམ་མཁའ་ཨི ་ཡོན་ཏན་ཉིད་དུ་འདོད་དེ། དེ་ནི་དང་པོ་ཉིད་དུ་རིམ་སོགས་ཐོས་ཞེས་བྱ་ལ་སོགས་པས་བསལ་ཟིན་པའི་ཕྱིར། །ཡང་འདིའི་སུན་འབྱིན་པ་མི་བརྗོད་དོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། ཡོན་ཏན་གྱི་དོན་བརྟག་པ་སྟེ་བཅུ་དྲུག་པའོ།། །། ་ལས་ཀྱི་ཚིག་གི་དོན་དབྱུང་བའི་ཕྱིར། །སྐད་ཅིག་གི་འཇིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས། འདེགས་པ་དང་འཇོག་པ་དང་བསྐུམ་པ་དང། བརྐྱང་བ་དང། འགྲོ་བ་ཞེས་བྱ་བ་རྣམས་ནི་ལས་ཡིན་ནོ་ཞེས་འབྱུང་ངོ། །དེ་ལ་འདེགས་པ་ནི་སྟེང་དང་འོག་གི་ཕྱོགས་དག ་དང་ལྡན་པ་དང། རྣམ་པར་དབྱེ་བའི་རྒྱུ་ལས་སྐྱེ་བ་གང་ཡིན་པ་སྟེ། དཔེར་ན་ལུས་ཀྱི་ཡན་ལག་གམ་དེ་དང་འབྲེལ་པའི་ལུས་ཅན་གྱིས་བོད་བ་ལ་སོགས་པ་ལ་ནམ་མཁའ་ལ་སོགས་པའི་སྟེང་དང་འོག་དང་ཐུགས་ཀའི་ཆའི་ཁྱད་པར་དག་དང་ལྡན་པའི་རྒྱུ་འོག་ཕྱོགས་ཀྱི་ཆ་རྣམ་པར་དབྱེ་བའི་རྒྱུ ་འབད་པ་ལ་སོགས་པའི་དབང་གི་ལས་སྐྱེ་བ་གང་ཡིན་པ་དེ་ནི་འདེགས་པ་ཞེས་བྱའོ། །འདེགས་བཟློག་པའི་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུའི་ལས་ནི་འཇོག་པའོ། །རྫས་དང་པོ་འཁྱོག་པ་ཉིད་ཀྱི་རྒྱུ་ནི་བསྐུམ་པ་སྟེ། ཇི་སྐད་དུ་དབུང་པ་ལ་སོགས་པའི་རྫས ་དྲང་པོའི་སོར་མོ་ལ་སོགས་པ་རྩེ་མོའི་ཡན་ལག་གང་དག་ཡིན་པ་དེ་དག་ནམ་མཁའ་ལ་སོགས་པའི་རང་དང་ལྡན་པ་དང་རྣམ་པར་དབྱེ་བ་དང་བདག་ཉིད་རྩ་བའི་ཡུལ་དང་ལྡན་པ་ན་ལས་གང་གིས་དཔུང་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་ཅན་??་པོར་སྒྲུབ? ་པར་བྱེད་པ་དེ་ནི་བསྐུམ་པ་ཞེས་བྱའོ། །འདི་ལས་བཟློག་པའི་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད་པ་ལས་གང་གིས་ཡན་ལག་ཅན་དྲང་པོར་སྒྲུབ་པར་བྱེད་པ་དེ་ནི་བརྐྱང་པའོ། །ཡུལ་དང་ཕྱོགས་མ་ངེས་པའི་བུམ་པ་ལ་སོགས་པ་དང་རྣམ་པར་དབྱེ་བའི་རྒྱུ་གང ་ཡིན་པ་དེ་ནི་འགྲོ་བའོ། །འདེགས་པ་ལ་སོགས་པ་ལས་རྣམ་པ་བཞི་ནི་ཡུལ་དང་ངེས་པའི་ནམ་མཁའ་ལ་སོགས་པ་དག་དང་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུ་ཡིན་ལ། འགྲོ་བ་ནི་མ་ངེས་པའི་ཕྱོགས་དང་ཕྱོགས་ཀྱི་ཆོས་ཐམས་ཅད་དང་ལྡན་པ་དང་རྣམ་པར ་དབྱེ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ལས་རྣམ་པ་ལྔ་ཁོ་ནས་འགྱུར་ཏེ། འཁྱམ་བ་དང་གཡོ་བ་དང་སྒྲོ་བ་ལ་སོགས་པ་རྣམས་ནི་འགྲོ་བ་ཉིད་ཀྱི་ཁོངས་སུ་འདུས་པའི་ཕྱིར་རོ། །ལས་རྣམ་པ་ལྔ་པོ་འདི་ལུས་ཅན་གྱི་རྗེས་ལ་གནས་པའི་ལྡན་པ་དང་རྣམ་པར་དབྱེ་བའི་འབྲས ་བུས་དཔགས་པས་ཡོད་པ་ཉིད་དུ་གྲུབ་བོ། །ལྡན་པ་དང་རྣམ་པར་དབྱེ་བའི་ཁྱད་པར་གྱི་ཐུན་མོང་གི་འབྲས་བུ་ཡིན་ཏེ། དེའི་ཕྱིར་འདི་འབྲས་བུ་ལས་གྲུབ་བོ། །དེ་བཞིན་དུ་མངོན་སུམ་ཀྱང་ཡང་ཡིན་ཏེ། ཇི་སྐད་དུ་གྲངས་དང་ཚད་དང་སོ་སོ་བ་ཉིད་དང་ལྡན་པ་དང་རྣམ ་པར་དབྱེ་བ་དག་དང་གཞན་ཉིད་དང། གཞན་མ་ཡིན་པ་ཉིད་དག་དང། ལས་རྣམས་ནི་གཟུགས་ཅན་དང་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་བས་ན་འདི་དག་ནི་མདོར་བསྡུས་པས་གཞན་གྱི་གཞུངས་ལུགས་བསྟན་པའོ། །དེའི་ཕྱིར་འདི ་ལ་ལྡན་པ་དང་རྣམ་པར་དབྱེ་བ་དག་ནི་སྔར་བཀག་པའི་ཕྱིར་དེའི་འབྲས་བུ་ཉིད་མི་གྲུབ་བོ། །ཅི་སྟེ་བར་མཆད་པར་སྐྱེ་བ་ཙམ་གྱི་མཚན་ཉིད་ཀྱིས་ལྡན་པ་དང་རྣམ་པར་དབྱེ་བ་དག་དེའི་འབྲས་བུ་ཡིན་པ་ཉིད་ཀྱིས་རྒྱུ་ཉིད་དུ་བརྗོད་ན་དེ་ལྟ་ཡང་གཏན་ཚིགས ་མ་ངེས་པར་ཡིན་ཏེ། རྣམ་པ་དེ་ལྟ་བུའི་ལས་དེ་དག་གང་དུ་ཡང་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །བསྒྲུབ་པར་བྱ་པ་ལས་བཟློགས་པས་གཏན་ཚིགས་ལ་ཁྱབ་པའི་ཕྱིར་འགལ་བ་ཡིན་ནོ། །རྒྱུ་ཙམ་ཡོད་པ་ཉིད་དུ་སྒྲུབ་ན་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ ་རླུང་ལ་སོགས་པ་རྣམ་པ་དེ་ལྟ་བུའི་ལྡན་པ་དང་རྣ་བར་དབྱེ་བའི་རྒྱུ་ཉིད་དུ་འདོད་པའི་ཕྱིར་རོ། །ཁྱད་པར་སྒྲུབ་ན་ཡང་དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ཏེ། འདི་ལྟར་བྱ་བ་དང་འདུ་བ་དེ་དངོས་པོ་སྐད་ཅིག་མ་ཡིན་པའམ། །སྐད ་ཅིག་མ་མ་ཡིན་པ་ཡིན། རེ་ཞིག་སྐད་ཅིག་མ་ནི་མ་ཡིན་ཏེ། དེ་ནི་སྐྱེ་བའི་ཡུལ་ཉིད་དུ་ཞིག་པའི་ཕྱིར་ཏེ། ཉམས་པའི་ཕྱིར་ཡུལ་གཞན་དུ་ཕྱིན་པར་མི་སྲིད་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་ཡུལ་གང་དུ་ཞིག་པ་དེ་ནི་དེའི་དུས་ཕྱིས་དང ་ཡུལ་གཞན་དུ་ཕྱིན་པ་མ་ཡིན་ཏེ། སྒྲོན་མ་ལ་སོགས་པ་བཞིན་ནོ། །བརྗོད་པར་འདོད་པའི་དངོས་པོ་ཐམས་ཅད་ཀྱང་སྐྱེ་བའི་ཡུལ་ཉིད་དུ་ཞིག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཏན་ཚིགས་མ་ངེས་པ ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤིན་ཏུ་མྱུར་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆེས་མྱུར་དུ་འཇིག་པར་འདོད་པ་གང་ཡིན་དེ་དག་དེ་ལྟ་བུ་ཡིན་ནོ། །ཡང་ཆེས་མྱུར་དུ་འཇིག་པར་འདོད་པའི་སྒྲོན་མ་ལ་སོགས་པ་ཡང་སྐྱེ་བའི་དུས་ཕྱིས་ཀྱི་བྱ་བ་ཡིན་ཏེ། ་འདི་ནི་སྐད་ཅིག་དྲུག་ཏུ་གནས་པ་ཉིད་ཀྱིས་སྐད་ཅིག་མ་མ་ཡིན་པའི་ཕྱིར། ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རེ་ཞིག་རང་གི་རྒྱུ་དང་འབྲེལ་པའི་དུས་ནི་དང་པོ་ཡིན་ནོ། །དེ་ནས་ཕྱིས་སྤྱི་གསལ་བའི་དུས་སོ།། ་དེ་ནས་ཡན་ལག་གི་ལས་ཀྱི་དུས་སོ། །དེའི་འཇུག་ཐོགས་སུ་ཡན་ལག་རྣམ་པར་དབྱེ་བའི་དུས་སོ། །དེ་ནས་རང་རྩོམ་པར་བྱེད་པའི་ཡན་ལག་གི་ལྡན་པ་ཞིག་པའོ། །དེ་ནས་རྫས་འཇིག་པའོ་ཞེས་བྱ་བ་སྒྲོན་མ་ལ་སོགས་པའི་དངོས་པོ་ཡང་སྐད ་ཅིག་མ་དྲུག་དུ་གནས་པར་འདོད་དེ། དེའི་ཕྱིར་དངོས་པོ་སྐད་ཅིག་ལ་འགྲོ་བ་དང་ལྡན་པ་འགའ་ཡང་མེད་པའི་ཕྱིར་བྱ་བ་དང་ལྡན་པ་ཐམས་ཅད་ནི་སྐྱེ་པ་ལས་དུས་ཕྱིས་བྱུང་བ་ཉིད་ཀྱི་བྱ་བ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། ་གཞན་ནི་སྐད་ཅིག་མ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ཡང་གལ་ཏེ་ཁོ་བོ་ཅག་གིས་ཀྱང་དངོས་པོ་རྣམས་སྐད་ཅིག་མ་ཉིད་དུ་འདོད་ཏེ། དེ་ལྟ་ན་ཡང་འདི་དག་གི་བྱ་བ་སྐྱེ་བའི་དུས་ཉིད་དུ་འབྱུང་བར་ཅིའི་ཕྱིར་མི་འགྱུར་སྙམ་ན། རྒྱབ་དང་མདུན་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། གང་གི་རྒྱབ་ཀྱི་ཡུལ་དང་བྲལ་ལ་མདུན་ཡུལ་དང་འཇུག་པ་དང། ཕྲད་པ་ནི་འགྲོ་བ་པོ་ཡིན་པ་འམ། རྒྱབ་དུ་བརྒྱད་བ་ལ་སོགས་པའི་རྟེན་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས ་པ་བཞིན་ནོ། །གང་གིས་སྔར་གྱི་ཡུལ་ཡོངས་སུ་སྤངས་པ་སྔོན་དུ་འགྲོ་བ་ཅན་རྒྱབ་ཀྱི་ཡུལ་ནོན་པར་འགྱུར་བ་སྐད་ཅིག་གཅིག་ཙམ་དུ་འབྱུང་བ་འདི་ཙམ་ཞིག་སྡོད་པ་ནི་ཡོད་པ་ཡང་མ་ཡིན་ནོ། །ཡོད་པའི་དུས་སུ་ཡང་འཇིག་པས་དབང་བྱས་པའི་ཕྱིར ་ཡུལ་གཞན་དུ་ཕྱིན་པར་མི་ནུས་སོ། །དེ་ལྟ་བས་ན་སྐྱེ་བའི་དུས་སུ་འབྱུང་བའི་བྱ་བ་ཡང་རིགས་པ་མ་ཡིན་ནོ། །སྔོན་དང་ཕྱི་མ་དག་གི་མཐར་ཡང་མ་ཡིན་ཏེ། དེ་ནི་དེའི་དུས་ན་ཉེ་བར་བརྗོད་པ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་ཀྱང་མེད་པ ་གང་ཡིན་པ་དེ་ཡུལ་ཤིན་ཏུ་ཐག་རིང་བར་ཕྱིན་པར་འགྱུར་བ་ལྟ་རེ་ཞིག་ཞོག་།འོན་ཀྱང་རྡུལ་ཕྲ་རབ་ཙམ་གྱི་ཡུལ་ཕྱོགས་སུ་ཕྱིན་པ་ཡང་མེད་པའི་ཕྱིར་སྐད་ཅིག་མ་ལ་བྱ་བ་ག་ལ་ཡོད་སྐད་ཅིག་མ་མ་ཡིན་པ་ཕྱིར་ལ་ཡང་མེད་དོ་ཞེས་སྟོན་པ་ནི། དངོས་པོ ་བརྟན་ན་ཞེས་བྱ་བ་ལ་སོགས་པའི་རྟག་ཏུ་གཅིག་ངོ་བོའི་དངོས་པོ་ནི་སྐད་ཅིག་མ་མ་ཡིན་པ་ཞེས་བྱ་བ་ལ། །དེ་ནི་བྱ་བ་དང་མི་འདུ་བ་གསལ་རབ་པ་ཉིད་དེ། ནམ་མཁའ་བཞིན་དུ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཐམས་ཅད ་དུ་ཁྱད་པར་མེད་པ་དེ་ལ་ནི་བྱ་བ་སྲིད་པ་མ་ཡིན་ཏེ། ནམ་མཁའ་བཞིན་ནོ། །སྐད་ཅིག་མ་མ་ཡིན་པར་འདོད་པའི་དངོས་པོ་ཡང་ཐམས་ཅད་དུ་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ།། ་གལ་ཏེ་འདི་སྙམ་དུ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ཁྱད་པར་མེད་པ་དེ་ལྟ་ན་ཡང་རང་བཞིན་གྱིས་དེ་འགྲོ་བ་པོ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་བྱ་བ་དང་ལྡན་པ་ཉིད་དུ་འགྱུར་བས་དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །སྙམ་དུ་ངེས་པའི ་དོགས་པ་བསུ་ནས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ལྷས་བྱིན་ལ་སོགས་པ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་འདོད་པ་འདི་དག་རང་བཞིན་གྱིས་འགྲོ་བ་དང། འདེགས་པ་ལ་སོགས་པ་དང་ལྡན་པ་ཡིན་ན་དེའི་ཚེ་ནམ་ཡང ་མི་གནས་པར་མི་འགྱུར་ཏེ། ཐམས་ཅད་དུ་འགྲོ་བ་པོ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འགྲོ་བ་ལ་སོགས་པ་དང་ལྡན་པའི་ལྷས་བྱིན་ལ་སོགས་པ་འདི་མི་གཡོ་བའི་གནས་སྐབས་སུ་འགྲོ་བ་ལ་སོགས་པ་མེད་ན ་ཡང་དེ་དག་སྟེ་འགྲོ་བ་ལ་སོགས་པ་ཐོབ་པར་འགྱུར་ཏེ། འགྲོ་བ་ལ་སོགས་པ་ཙམ་པའི་དུས་བཞིན་དུ་ངོ་བོ་མ་དོར་བའི་ཕྱིར་རོ། །ཅི་སྟེ་སྐྱོན་འདིས་འཇིགས་ནས་འགྲོ་བ་པོ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཉིད་དུ་ཁས་ལེན་པར་བྱེད་པ་དེ་ལྟ་ཡིན་ཐམས་ཅད ་ཀྱི་ཚེ་མི་འགྲོ་བ་ལ་སོགས་པར་འགྱུར་ཏེ། གཅིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །སོགས་པའི་སྒྲས་འདེགས་པ་ལ་སོགས་པ་གཟུང་ངོ། །དེ་ཡིན་དང་འགྲོ་བ་ལ་སོགས་པ་ཡོད་ན་ཡང་དེ་མི་གཡོ་བ་ཁོ་ནར་འགྱུར་ཏེ། འགྲོ་བ ་པོ་མ་ཡིན་པའི་ངོ་བོ་མ་དོར་བའི་ཕྱིར་མི་གཡོ་བའི་གནས་སྐབས་བཞིན་ནོ། །གཡོ་བའི་ལས་འདི་ལ་ཡོད་པས་གཡོ་ལྡན་ནོ། །གཡོ་མིན་ངོ་བོའི་དུས་བཞིན་ནོ་ཞེས་བྱ་བ་ལ་བཞིན་ནི་བདུན་པའི་མཛའ་ཅན་ནོ། །ཅི་སྟེ་ཡང་འདི་གཅིག་གི་ངོ་བོ་མ་ཡིན་ནོ ་འོ་ན་ཅི་ཞེ་ན། འགྲོ་བ་པོ་ལ་སོགས་པ་དང་འགྲོ་བ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་གཉི་གའི་ངོ་བོ་ཡིན་པས་དེའི་ཕྱིར་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར་མི་འགྱུར་ལ། གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ་ཞེས་དོགས་པ་བསུ ་བ་ནི་གལ་ཏེ། གཅིག་ཅེས་བྱ་བ་ལ་སོགས་པའོ། །གཅིག་ཚེའང་ཞེས་བྱ་བ་ལ། རང་གི་སྒྲ་ནི་རིམ་པ་ཐ་དད་པ་སྟེ། ཡང་ཞེས་བྱ་བའི་མཇུག་དུ་བལྟ་བར་བྱའོ། །ཡང་གཞན་དུ་ཡང་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི ་འགྲོ་བ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་འགྲོ་བ་པོ་ཉིད་དང་འགྲོ་བ་པོ་མ་ཡིན་པ་ཉིད་ལ་སོགས་པ་འགལ་པའི་ཆོས་དང་ལྡན་པས་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་སྐད་ཅིག་མ་ཉིད་དུ་གྲུབ་པོ ་ཞེས་བསྟན་པའི་ཕྱིར། དེ་དག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་གཡོ་བ་དང་མི་གཡོ་བའི་གནས་སྐབས་སུ་འབྱུང་བ་དག་གོ་།གཡོ་དང་མི་གཡོ་དངོས་པོ་བཞིན་ཞེས་བྱ་བ་ནི་ལྕུག་མ་དང་རེ་ལྡེ་ལ་སོགས་པ་བཞིན་ནོ།། ་དེ་ལྟར་རེ་ཞིག་དམ་བཅའ་ལ་རྗེས་སུ་དཔག་པས་གནོད་པ་བསྒྲུབས་ནས། མངོན་སུམ་གྱིས་གནོད་པ་ཡང་བསྒྲུབ་པའི་ཕྱིར། མཐོང་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡིན་པ་མི་དམིགས ་པ་དེ་ནི་རྟོགས་དང་ལྡན་པ་རྣམས་མེད་པའི་ཐ་སྙད་འཇུག་པ་ཡིན་ཏེ། དཔེར་ན་ཕྱོགས་འགའ་ཞིག་ན་བུམ་པ་མི་དམིགས་པ་བཞིན་ནོ། །གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ལས་ཀྱང་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་མི ་དམིགས་པའོ། །དེ་ལྟ་དེ་ལྟར་ཡུལ་གཞན་བདག་གིར་བྱེད་པས་སྐྱེ་བའི་གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ལས་ནི་དབང་པོའི་ཤེས་པ་ལ་སྣང་བར་རྟོགས་པ་མ་ཡིན་ནོ། །གང་ཡང་འདེགས་པ་དང་འཇོག་པ་པོ་སྙམ་པའི་བརྗོད་པ ་དང་ལྡན་པའི་བློ་འདི་སྐྱེ་དེ་ནི་བརྗོད་པ་དང་བཅས་པའི་ཕྱིར་མངོན་སུམ་མ་ཡིན་ནོ། །འདི་ནི་ལས་ཀྱི་ཚིག་གི་དོན་ཉམས་སུ་མྱོང་བའི་སྟོབས་ཀྱི་འབྱུང་བར་ཡང་རིགས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཉིད་དེ་ལྟ་དེ་ལྟར་སྐྱེ་བ་མཐོང་བའི་ཕྱིར ་བརྡ་ཇི་ལྟ་བ་བཞིན་དུ་དེ་དག་ཁོ་ན་ལ་ཞེན་ནས་འཇུག་པའི་ཕྱིར་རོ། །འདི་ཡང་རྟག་པ་དང་མི་རྟག་པ་དག་ལ་འགྲོ་བ་ལ་སོགས་པ་མེད་པའི་ཕྱིར་ཞེས་དེ་མ་ཐག་ཏུ་བསྟན་ཟིན་ཏོ། །དེས་ན་མངོན་སུམ་ཁོ་ན་ལས་གྲུབ་པ་ཡིན་ནོ་ཞེས་གང་སྨྲས་པ་འདི་ནི་མ ་གྲུབ་པོ། །ཇི་སྐད་དུ་བཤད་པ་ཉིད་ཀྱི་དོན་ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་པའི་མངོན་སུམ་དང། རྗེས་སུ་དཔག་པ་དག་གིས་བསལ་ཟིན་པའི་ཕྱིར་རོ། །དེ་དང་ཕྲད་པ་མི་རིགས་ཕྱིར ་ཞེས་བྱ་བ་ནི་སྔོན་མ་དང་བྱེ་བ་མི་རིགས་པའི་ཕྱིར་ལ། རྒྱབ་མ་དང་ཕྲད་པ་མི་རིགས་པའི་ཕྱིར་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །འོ་ན་གལ་ཏེ་ཇི་ལྟར་འཇིག་རྟེན་ན་འགྲོ་བ་ཐ་སྙད་དུ་འགྱུར་ཞེ་ན། འདྲ་བ་གཞན་གྱི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་གཞན་གྱི་དངོས་རྣམས་ཞེས་བྱ་བ་ནི་དེ་དག་ནི་འདྲ་བ་ཡང་ཡིན་ལ་གཞན་ཡང་ཡིན་ནོ་ཞེས་བསྡུས་བྱས་ལ་དེ་དག་ཀྱང་ཡིན་ལ་དངོས་པོ་ཡང་ཡིན་ཞེས་ཚིགས་རྣམ་པར་སྦྱར་བར་བྱའོ། །འདྲ་བ་གཞན་གྱི ་དངོས་པོ་དེ་དག་བར་ཆད་མེད་པར་རང་གི་ཉེ་བར་ལེན་པའི་རྒྱུའི་ཡུལ་སྤངས་ནས་སྐྱེ་བ་ཡོད་པ་གང་ཡིན་པ་དེའི་སྐྱེ་བ་དམིགས་པའི་རྒྱུའི་ཕྱིར་དེ་ཉིད་འགྲོ་བ་འདི་ཡིན་ནོ་ཞེས་འཁྲུལ་པར་འགྱུར་ཏེ། དཔེར་ན་འགའ་ཞིག་ཏུ་ངེས་པའི་སྒྲོན་མ་ཡུལ་གཞན ་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་བློའི་རྒྱུ་ཉིད་དུ་འགྱུར་བ་བཞིན་ཏེ། སྒྲོན་མེད་ཉིད་ཡུལ་གཞན་དུ་ཕྱིན་པ་ནི་མ་ཡིན་ཏེ། དེ་ནི་སྐད་ཅིག་མ་དྲུག་དུ་གནས་པ་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །དངོས་པོའི་རང་བཞིན་ཉིད་སྔོན་དང་ཕྱི་མའི་མཐས་སྟོང་པར ་སྐྱེའོ་ཞེས་བརྗོད་དེ། དེས་ན་དེ་ནི་དམིགས་པ་ཉིད་དུ་རིགས་པ་ཁོ་ནའོ། །རྣམ་པ་གཅིག་ཏུ་ན་སྐྱེ་བ་ཞེས་བྱ་བ་འདི་ན་ལྔ་པའི་མཛའ་ཅན་ཏེ། བར་མེད་པར་སྐྱེ་བ་ལ་འདྲ་བ་གཞན་གྱི་དངོས་པོ་རྣམས་ཡུལ་གཞན་དུ་དམིགས་པའི་ཕྱིར་ཞེས་སྦྱར་རོ། ། ་དེ་ཁོ་ན་ཉིད་བསྡུས་པའི་བཀའ་འགྲེལ་ལས། ལས་ཀྱི་ཚོགས་ཀྱི་དོན་བརྟག་པ་སྟེ་བཅུ་བདུན་པའོ།། །།རྫས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྤྱི་དང་ཁྱད་པར་དབྱུང་བ་རྩོམ་མོ། །རིགས་རྣམས་ཞེས་བྱ་བ་ནི་སྤྱི་རྣམས་སོ།། ་དེ་དག་ཀྱང་རྫས་དང་ཡོན་ཏན་དང་ལས་ཀྱི་བདག་ཉིད་ཀྱི་ཚིག་གི་དོན་གསུམ་ལ་བརྟེན་པའི་ཕྱིར་དེ་བསལ་བ་ཉིད་ཀྱིས་སྤངས་པ་ཡིན་ནོ། །རྟེན་མེད་པར་ནི་གང་དུ་ཡང་བརྟེན་པ་རྣམས་གནས་པ་ཡོད་པ་མ་ཡིན་ཏེ། མི་བརྟན་པ་ཉིད་དུ་ཐལ ་པར་འགྱུར་བའི་ཕྱིར་རོ། །རིགས་སྨོས་པ་ནི་ཉེ་བར་མཚོན་པ་སྟེ་བྱེ་བྲག་ཀྱང་མཛའ་ཨི་རྫས་ལ་འཇུག་པའི་ཕྱིར་བརྟེན་པ་ཉིད་དུ་འདོད་དོ། །དེའི་ཕྱིར་དེ་དག་ཀྱང་བརྟེན་པས་པ་ཉིད་ཀྱིས་སྤངས་པ་དེ་ལྟ་ན་ཡང་སླར་ཡང་ཁྱད་པར་དུ་སུན་དབྱུང་བ་བརྗོད་པར་འདོད་པ་རང ་གི་ངོ་བོ་ངེས་པར་ཤེས་པ་སུན་དབྱུང་བར་ནུས་པའི་ཕྱིར། རེ་ཞིག་སྤྱི་དང་བྱེ་བྲག་དག་གི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྤྱི་ནི་རྣམ་པ་གཉིས་ཏེ། མཆོག་དང་མཆོག་མ་ཡིན་པའོ། །མཆོག་ནི་ཡོད་པ་ཞེས་བྱ་བ་སྟེ། དེ་ཡང ་རྫས་དང་ཡོན་ཏན་དང་ལས་གསུམ་པོ་མཛའ་དག་ལ་འཇུག་པའི་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར། སྤྱི་ཁོ་ན་ཡིན་གྱི་བྱེ་བྲག་ནི་མ་ཡིན་ནོ། །མཆོག་མ་ཡིན་པ་ནི་རྫས་དང་ཡོན་ཏན་དང་ལས་ཉིད་ལ་སོགས་པའི་མཚན་ཉིད་དེ། དེ་ཡང་རང་གིས་རྟེན་རྫས ་ལ་སོགས་པ་ལ་འཇུག་པའི་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་སྤྱི་ཞེས་བྱ་བ་ལ། རང་གི་རྟེན་རིགས་མི་མཐུན་པ་དག་ལས་ལྡོག་པའི་ཤེས་པའི་རྒྱུ་ཉིད་ཀྱིས་ཁྱད་པར་དུ་བྱེད་པའི་ཕྱིར་སྤྱི་ཡིན་ན་ཡང་བྱེ་བྲག་ཞེས་བརྗོད་དོ། །འདི་ལྟར་ཡོན་ཏན་ལ་སོགས་པ་ལ ་རྫས་མ་ཡིན་པ་དང་ཡོན་ཏན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་བཟློག་པའི་བློ་འདི་སྐྱེ་བ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ལ་ཡོན་ཏན་ཉིད་དང་རྫས་ཉིད་ལ་སོགས་པ་འདི་དག་ཉིད་ཀྱི་རྣམས་ལ་གནས་ཀྱི་གཞན་གྱི་ནི་མ་ཡིན་ཏེ། རྫས་མ་ཡིན་པ་ཉིད་ཅེས ་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །བལྟོས་པ་ཐ་དད་པའི་ཕྱིར་གཅིག་དང་སྤྱི་དང་ཁྱད་པར་གྱི་དངོས་པོར་མི་འགལ་བ་ཁོ་ནའོ་སྙམ་དུ་བསམ་པའོ། །བྱེ་བྲག་གཞན་གྱི་མཚན་ཉིད་བཤད་པ། བྱེ་བྲག་དག་ཀྱང་ཁ་ཅིག་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཁ ་ཅིག་ནི་བྱེ་བྲག་ཁོ་ནར་འདོད་ཀྱི་སྤྱི་ནི་མ་ཡིན་ཏེ། ལྡོག་པ་ཉིད་ཡིན་པས་ལྡོག་སྟེ། ལྡོག་པའི་ཤེས་པ་ཉིད་ཀྱི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་དག་གང་ཞེ་ན། རྟག་པའི་རྫས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་ཡང་རྟག་པའི་རྫས་ལ་འཇུག་པའི ་མཛའ་ནས་ནི་བྱེ་བྲག་གོ་ཞེས་བཤད་དེ། །རྟག་པའི་རྫས་ལ་འཇུག་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ནི་རྡུལ་ཕྲ་རབ་དང་ནམ་མཁའ་དང་དུས་དང་ཕྱོགས་དང་བདག་དང་ཡིད་ལ་འཇུག་པའི་ཕྱིར་རོ། །འགྲོ་བ་འཇིག་པ་དང་རྩོམ་པའི་མཐར་གྱུར་པའི་ཕྱིར ་དང། གྲོལ་བའི་བདག་དང་གྲོལ་བའི་ཡིད་ནི་འཁོར་བའི་མཐར་གྱུར་པའི་ཕྱིར་མཛའ་ཉིད་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ཡོད་པ་ནི་མཛའ་ཞེས་བྱ་བ་སྟེ། དེ་དག་ལ་གསལ་བར་མི་དམིགས་པའི་ཕྱིར་རོ། །འཇུག་པ་ནི་འདི་དག་རྡུལ་ཕྲ་རབ་ལ་སོགས་པ་རྟག་པའི་རྫས ་ལ་འཇུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟག་པའི་རྫས་ལ་འཇུག་པ་དང། མཛའ་ཞེས་བྱ་བ་གཉིས་གཟུང་ངོ། །དེ་དག་ཀྱང་ཕན་ཚུན་དུ་ཐ་དད་པའི་བློའི་རྒྱུ་ཉིད?་ཡིན་པའི་ཕྱིར་རང་གི་རྟེན་གཞན་ལས་ཁྱད་པར་བྱེད་པས་བྱེ་བྲག་ཅེས་བྱའོ། །ཡང་འདི་དག་ག་ལས ་གྲུབ་ཅེ་ན། གང་གི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བདག་ཅག་ལ་སོགས་པས་བ་ལང་ལ་སོགས་པ་ལ་བྱད་གཟུགས་དང། ཡོན་ཏན་དང་བྱ་བ་དང། ཡན་ལག་དང། ལྡན་པའི་རྒྱུ་མཚན་རྟ་ལ་སོགས་པའི་ཤེས་པ་མཐོང་སྟེ་འདི་ལྟར ་བ་ལང་དང། དཀར་པོ་དང་མྱུར་བར་འགྲོ་བ་དང། ནོག་རྒྱས་པ་ཞེས་བྱ་བ་དང་གོ་རིམ་བཞིན་ནོ། །དེ་བཞིན་དུ་བདག་ཅག་ལས་ཁྱད་པར་དུ་གྱུར་པའི་རྣལ་འབྱོར་པ་རྣམས། བྱེད་གཟུགས་དང་ཡོན་ཏན་དང་བྱ་བ་མཚུངས་པའི་རྡུལ་ཕྲ་རབ་རྟག་པ་རྣམས ་དང་གྲོལ་བའི་བདག་དང་ཡིད་རྣམས་ལ་རྒྱུ་མཚན་གཞན་མེད་པ་ན?་གང་གིས་སྟོབས་ཀྱིས་རྟེན་སོ་སོ་ལ་འདི་དང་མི་འདྲའི་སྙམ་པའི་ཤེས་པ་གང་ལས་ལྡོག་པའི་ཡུལ་དང་དུས་དང་བསྐལ་བ་མ་མཐོང་བ་ལ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་ངོ་ཤེས་པ་རྣལ་འབྱོར ་པ་རྣམས་ལ་འབྱུང་བ་ཁྱད་པར་གྱི་ཤེས་པས་དཔགས་པའི་ཡོད་པ་མཛའ་དང་ཁྱད་པར་གྲུབ་པོ། །དེ་དག་ཀྱང་བདག་ཉིད་ཇི་ལྟ་བ་བཞིན་དུ་རྟེན་སོ་སོ་ལ་བརྟེན་པ་ཡིན་ལ། རྣལ་འབྱོར་པ་རྣམས་ཀྱིས་ནི་མངོན་སུམ་ཉིད་ཀྱིས་གྲུབ་པོ། །ཅི་སྟེ ་རིགས་རྣམས་ཇི་ལྟར་གྲུབ་ཅེ་ན། ཡོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་དུ་གཏོགས་པའི་རྗེས་སུ་འགྲོ་དང་ལྡོག་པའི་རྗེས་སུ་བྱེད་པར་འགྱུར་བ་དེ་ནི་དེ་ལས་བྱུང་བ་ཡིན་ནོ་ཞེས་རྣམ་པར་བཞག་པར་བྱ་བ་ཡིན་ལ། རྫས་ལ་སོགས་པ་ལ་ཡོད་པ་ལ་སོགས་པའི་ཤེས ་པ་སྐྱེ་བ་ཡང་དབང་པོར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ནི། དེ་ལས་གཞན་པའི་དབང་པོའི་ཤེས་པ་བཞིན་དུ་ཅིའི་ཕྱིར་དབང་པོས་བསྐྱེད་པར་བྱ་བའི་ཐ་སྙད་འཇུག་པར་མི་བྱེད་དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །རྗེས་སུ་དཔག་པས་ཀྱང་འདི་དག་གི་ཡོད ་པ་ཉིད་བསྒྲུབ་པའི་ཕྱིར་རྗེས་སུ་དཔག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པའི་བྱེ་བྲག་ནི་ཞེས་བྱ་བ་ནི་རྫས་ལ་སོགས་པའི་དངོས་པོ་དང་མི་འདྲ་བའི་རྣམ་པའི་ཤེས་པའོ། །རྒྱུ་མཚན་གཞན་ལས་བྱུང་བ་ཅན་ནི་རྒྱུ་མཚན་གཞན་ལས་བྱུང་བ་སྟེ་སྐྱེས་པ་དེ་འདི་ལ་ཡོད་པའི་ཕྱིར།། ་སྦྱོར་བ་ནི་དངོས་པོ་གང་གི་རྣམ་པ་དང་མི་འདྲ་བའི་ཤེས་པ་གང་ཡིན་པ་དེ་ནི་དེ་ལས་མ་གཏོགས་པའི་རྒྱུ་མཚན་གཞན་ལས་བྱུང་བ་ཡིན་ཏེ། གོས་དང་བགས་པ་དང་བལ་ལ་སོགས་པ་ལ་དམར་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །རྫས་ལ་སོགས་པ་ལ་ཡོད་པ་ལ་སོགས་པའི ་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སུ་གཞན་དག་སེམས་སོ། །ཚད་མའི་དོན་འདི་ཉིད་བ་ལང་གླང་ཆེན་ལ་སོགས་ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམ་པར་འབྱེད་པ་ལ་སོགས་པས་བཀོད་པའི་ཚད་མ་སྟོན་པ་ཡིན་ཏེ། དེ་ལ་དངོས་པོ ་རྣམ་པར་འབྱེད་པས་སྨྲས་པ། བ་ལང་དང་ཕག་དང་གླང་པོ་ཆེ་ལ་སོགས་པ་ལ་བ་ལང་ལ་སོགས་པའི་ཤེས་པ་དང་བརྗོད་པའི་ཁྱད་པར་རྣམས་ནི། བརྡ་དང་ཆ་བྱང་དང་གོང་བུ་ལས་ཐ་དད་པའི་རང་གི་ངོ་བོ་དང་རྗེས་སུ་མཐུན་པའི་འདྲ་བའི་རྒྱུ་མཚན་གཞན་གྱི་རྒྱུ་མཚན ་ཅན་ཡིན་ཏེ་ཞེས་སྨྲས་ཏེ་བ་ལང་ལ་སོགས་པ་ཡུལ་ཉིད་ཡིན་པས་ན། གོང་བུ་ལ་སོགས་པར་རང་གི་ངོ་བོའི་ཤེས་པ་དང་བརྗོད་པའི་ཁྱད་པར་ཤེས་པ་དང་བརྗོད་པ་ཡིན་པའི་ཕྱིར་རོ། །བ་ལང་ལ་སོགས་པ་དེ་དག་ཉིད་ལ་བེའུ་དང་བཅས་པའི་བ་ལང་ཁལ། ་བཀལ་བའི་མ་ཧེ་ཟུག་རྔུ་དང་བཅས་པའི་ཕག་།ལྕགས་ཀྱུ་དང་བཅས་པའི་གླང་པོ་ཞེས་བྱ་བ་ལ་སོགས་པའི་བརྗོད་པ་དང་ཤེས་པའི་ཁྱད་པར་བཞིན་ནོ། །ཆོས་མི་མཐུན་པ་ནི་གོང་བུ་ལ་སོགས་པའི་རང་གི་ངོ་བོ་བརྗོད་པ་དང་ཤེས་པའི་ཁྱད ་པར་རྣམས་སོ། །གང་དག་རྒྱུ་མཚན་གཞན་ཡིན་པ་དེ་དག་ནི་བ་ལང་ཅིང་ལ་སོགས་པ་ཡིན་པར་གྲུབ་པོ། །དེ་ལ་བརྗོད་པ་ནི་སྒྲའོ། །ཤེས་པ་ནི་ཤེས་པ་དང་བརྗོད་པ་ཞེས་བྱ་བའི་དོན་ཏོ། །ཤེས་པ་བརྗོད་པ་དག་ཉིད་ཁྱད་པར་གྱི་བསྡུ་པའོ། །བརྡ་ནི་བརྡར ་བྱས་པའོ། །བྱང་གཟུགས་ནི་དབྱིབས་སོ། །གོང་བུ་ནི་རྫས་སོ། །སོགས་པའི་སྒྲས་གཟུགས་ལ་སོགས་པ་གཟུང་ངོ། །དེ་དག་ལས་ཐ་དད་པའི་རང་གི་ངོ་བོ་རང་གི་བརྗོད་པ་དང་ཤེས་པ་སོ་སོ་ལ་རྗེས་ཡསུ་མཐུན་པ་དང་ཁྱད་པར་ཡིན་པའི་ཕྱིར་འདྲ་བའི་རྒྱུ ་མཚན་གཞན་རྣམས་གང་དག་ཡིན་པ་དེ་དག་རྒྱུ་མཚན་དུ་གང་དག་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ན་དེ་དག་ནི་བརྡ་ལ་སོགས་པ་ལས་ཐ་དད་པ་ཡང་ཡིན་ལ་ཡོད་པ་ལ་སོགས་པའི་ཤེས་པ་དང་བརྗོད་པར་རང་གི་ངོ་བོའི་རྗེས་སུ་བྱེད་པ་དང་འདྲེས་པ ་ཡིན་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྨྲས་ཏེ་ཞེས་བྱ་བ་ནི་དམ་བཅའ་བའོ། །རི་བོང་གི་རྭ་ལ་སོགས་པའི་ཤེས་པས་འཁྲུལ་པར་དོགས་པ་ལ་དེ་ཡོངས་སུ་སྤངས་པའི་དོན་དུ་བ་ལང་ལ་སོགས་པ་ཡུལ་ཉིད་ཡིན ་བ་ན་ཞེས་ཁྱད་པར་དུ་བྱས་སོ། །གོང་བུ་ལ་སོགས་པའི་རང་གི་ངོ་བོའི། བརྗོད་པ་དང་ཤེས་པ་ལས་ཐ་དད་པའི་བརྗོད་པ་དང་ཤེས་པ་གང་ལ་ཡོད་པ་དེའི་དངོས་པོ་ནི་དེ་ཉིད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཆོས་མི་མཐུན་པའི་གོང་བུ་ལ་སོགས་པའི ་རང་གི་ངོ་བོའི་ཡུལ་ཅན་གྱི་བརྗོད་པ་དང་ཤེས་པའི་ཁྱད་པར་ཞེས་བྱ་བ་དེ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་མཚན་གཞན་གྱི་རྒྱུ་མཚན་མེད་པ་ན་ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱང་མེད་པའི་ཕྱིར་རོ། །འོད་བྱེད་པས་སྨྲས་པ། བ་ལང་ལ་སོགས ་པ་ལ་རྗེས་སུ་འཇུག་པའི་ཤེས་པ་ནི་གོང་བུ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་མཚན་ལས་བྱུང་བ་ཡིན་ཏེ། བྱེ་བྲག་དང་ལྡན་པའི་ཕྱིར། སྔོན་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །དེ་བཞིན་དུ་བ་ལང་ཉིད་ནི་བ་ལང་ལས་དོན་གཞན་ཡིན་ཏེ། ཤེས་པ་ཐ་དད་པའི ་ཡུལ་ཡིན་པའི་ཕྱིར། གཟུགས་དང་རེག་པ་ལ་སོགས་པ་བཞིན་ནོ། །དེའི་ཤེས་བྱའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར། དཔེར་ན་ནག་པའི་རྟ་བཞིན་ནོ་ཞེས་བྱ་བ་ནི་ནག་པ་ལས་ཐ་དད་པར་བསྟན་པ་ཡིན་ནོ། །འདི་ཉིད་བསྟན་པ་ན་བྱ་བ་ལ་སོགས་ལ ་ཞེས་བྱ་ལ་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་ཟད་དོ། །དེ་ཀུན་སྙིང་པོ་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གང་ཡང་ཡོད་པ་ལ་སོགས་པའི་ཤེས་པ་ནི་དབང་པོའི་བྱ་བ་ཡོད་པའི་ཕྱིར་དབང་པོ་ལ་བརྟེན་པ་ཡིན་ནོ། ་ཞེས་སྨྲས་པ་དེ་ལ། གལ་ཏེ་དངོས་སུ་དབང་པོའི་དེ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དུ་འདོད་ན་དེའི་གཏན་ཚིགས་མ་གྲུབ་སྟེ་རྟོག་པ་དང་བཅས་པ་ཉིད་ཀྱིས་བརྡ་གཟོ་བ་དང་དྲན་པ་ལ་སོགས་པ་ས་བར་ཆོད་པའི་ཕྱིར་རོ།། ་རྗེས་སུ་འགྲོ་བ་གཅིག་མེད་པར་ཕན་ཚུན་ཟློག་པའི་བདག་ཉིད་ཀྱི་དངོས་པོ་རྣམས་བརྒྱུད་པས་ཀྱང་ཐ་མི་དད་པའི་རྣམ་པའི་ཤེས་པའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ཞེས་བྱ་བ་འདི་ཡང་བརྗོད་པར་རིགས་པ་མ་ཡིན་ཏེ་ཞེས་དོགས་པ་ལ ་པ་ལ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྒྱུ་རུ་ར་ལ་སོགས་པ་ཕན་ཚུན་ཤིན་ཏུ་ཐ་དད་པའི་ལུས་ཅན་རྣམས་ཀྱང་རེ་རེའམ་ཚོགས་པས་རྗེས་སུ་འགྲོ་བ་མེད་པ་ཡང་ནད། རྣམ་པ་སྣ་ཚོགས་པ་བཟློག་པ་དང་ལྡན་པ་ཡིན་ནོ། །དེ་ལ ་སྤྱི་ཉིད་རྣམ་པ་དེ་ལྟ་བུའི་དོན་བྱ་བ་བྱེད་པ་སྒྲུབ་པར་བྱེད་དོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། གང་གི་ཕྱིར་དེ་དག་ལ་དོན་བྱེད་པ་སྣ་ཚོགས་པ་སྒྲུབ་པར་བྱེད་པའི་སྤྱི་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་ཡང་ན་དེའི་ཚེ་གང་འདི་འགའ་ཞིག་ཏུ་རེས ་འགའ་སྐྱུ་རུ་ར་ལ་སོགས་པ་མྱུར་བ་དང་འགོར་བར་ནད་ལ་སོགས་པ་ཞི་བར་བྱེད་པའི་ནུས་པ་དམིགས་པ་དེར་མི་འགྱུར་ཏེ། སྤྱི་གཅིག་གོ་ངོ་བོ་ཡིན་པའི་ཕྱིར་རོ། །ཞིང་དང་འོ་མས་བཅུས་པ་ལ་སོགས་པའི་འདུ་བྱེད་པའི་ཁྱད་པར ་བསྒྲུབ་པའི་སྤྱི་ཉིད་དོན་བྱ་བ་སྣ་ཚོགས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་རིགས་པ་ནི་མ་ཡིན་ཏེ། དེ་ནི་རྟག་པ་ཉིད་ཀྱིས་ཞིང་ལ་སོགས་པའི་ཁྱད་པར་ལས་ཀྱང་གཞན་གྱིས་རྣམ་པར་འགྱུར་བར་མ་སྐྱེད་པ་ལས་ནི་ཁྱད་པར་འགའ་མེད་དེ། གཅིག་གི་ངོ ་བོ་ཡིན་པའི་ཕྱིར་རོ། །སྐྱུ་རུ་ར་ལ་སོགས་པ་མི་རྟག་པ་རྣམས་ནི་ཞིང་ལ་སོགས་པ་ཁྱད་པར་ལས་ཁྱད་པར་དང་བཅས་པ་ཡོད་པས་དེའི་ཕྱིར་དེ་ཉིད་ནད་ལ་སོགས་པ་ཞི་བ་ལ་སོགས་པ་ཞི་བའི་ནུས་པ་དང་ལྡན་པ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་ལ ་སོགས་པ་དངོས་པོ་གཞན་ཡང་དེ་བཞིན་ཏེ། རྒྱུ་དང་རྐྱེན་དག་ལས་དེ་ལྟར་སྐྱེ་བའི་ཕྱིར་རང་གཞན་གྱིས་རྣམ་པ་གཅིག་ངོ་ཤེས་པ་ལ་སོགས་པའི་འགྱུར་བ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདྲ་བར་ཤེས་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པའི་སྒྲས་ཆུ་འཛིན་པ་ལ ་སོགས་པའི་དོན་བྱེད་པར་ནུས་པ་གཟུང་ངོ། །ཡང་ཇི་ལྟར་འདི་དག་གི་བརྡ་གཟོ་བ་ལ་སོགས་པ་བར་དུ་ཆོད་པ་ཉིད་འགྲུབ་པ་ཡིན་ཞེ་ན། འབྲས་བུ་ཙམ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་བརྡ་མ་བཟུང་བ་རྣམས་ལ་ཡོད་པ་ལ་སོགས་པའི་ཤེས་པ་སྐྱེ་བ་མ་ཡིན ་ཏེ། གཞན་དུ་ན་བརྡ་བྱེད་པ་དོན་མེད་པར་འགྱུར་རོ། །ད་ལྟ་བས་ན་གཅིག་གི་རྣམ་པར་ཞེན་པ་འདི་ལ་བར་དུ་ཆོད་པའི་དོན་བྱེད་པར་ནུས་པ་ཙམ་བསྟན་པར་འདོད་པ་ཁྱད་པར་གཞན་མ་སྤངས་པར་ཡོད་པ་ཞེས་སྒྲ་སྦྱོར་བར་བྱེད་པ་ཡིན་ནོ། །བརྡ་བྱེད་པ་འམ ་ཇི་ལྟར་དགའ་བར་གཞན་ལ་ཡང་ཞེས་བྱ་བ་ནི་གཞན་དངོས་པོའི་སྒྲའོ། །དེ་བཞིན་བ་ལང་ལ་སོགས་པའི་ཁྱད་པར་གྱི་སྒྲ་ཡང་འགལ་བ་ལ་སོགས་པའི་ནུས་པའི་ཁྱད་པར་ཤེས་པར་འདོད་པ་ན་བརྡ་བྱེད་པ་ཡིན་ནོ། ཞེས་སྦྱར་བར་བྱའོ། །དེ་ལྟ་ཡིན ་དང་བརྡའོ་དུས་ཕྱིས་ཐ་སྙད་ཀྱི་དུས་སུ་མཐོང་བའི་བ་ལང་ལ་སོགས་པ་ལ་ཡང་སྔར་བརྡ་གཟོ། །དེ་ལས་དེ་དྲན་པའོ། །དེའི་འོག་ཏུ་ཡོད་པ་ལ་སོགས་པའི་ཤེས་པ་སྐྱེ་བ་ཡིན་ཞེས་གསལ་བ་རབ་ཏུ་ཤེས་པ་ཡིན་ནོ། །ཤིན་ཏུ་གོམས་པ་འགའ་ཞིག་ནི། ཆེས་མྱུར་བར་སྐྱེ་བའི ་ཕྱིར་འདི་དག་གི་རིམ་པ་མ་འཛིན་ལ། གོམས་པ་ཞན་པ་ནི་གསལ་རབ་ཏུ་འཛིན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་འཇུག་སྡུད་པ་སྟེ། དེའི་ཕྱིར་ནི་དེ་ལྟ་བས་ན་སྟེ། དེའི་ཕྱིར་དེ་ལྟར་ན་བརྡ་གཟོ་བ་ལ་སོགས་པས་བར་དུ་ཆོད་པའི་ཕྱིར་དངོས་སུ་མ་སྐྱེ་བས ་འདི་དག་མངོན་སུམ་ཉིད་དུ་མ་གྲུབ་པོ། །བརྒྱུད་ནས་སྐྱེ་བ་ན་ཡང་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་སྙམ་དུ་བསམས་པའོ། །དྲན་པ་ཡིན་པའི་ཕྱིར་དེ་ལས་གཞན་པའི་དྲན་པ་བཞིན་དུ་ཡོད་པ་ལ་སོགས་པའི་ཤེས་པ་ནི་མངོན ་སུམ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལས་ཀྱང་ངོ་ཤེས་བསྟན་པའི་ཕྱིར། དང་པོར་རྟོག་པ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་ལ་བརྡ་མི་བྱེད་པའི་ཕྱིར་མཐོང་བའི་དོན་ལ་མི་རྟོག་པས། དང་པོ་རང་གི་མཚན་ཉིད་ཡུལ?་མ་ཡིན་པ་ཉིད ་ཀྱིས་བརྗོད་པ་དང་འདྲེས་པས་དབྱེན་པའི་ཆོས་དང་པོར་ཡོད་པའི་རྣམ་པར་ཤེས་པ་དབང་པོ་ལ་བརྟེན་པ་སྐྱེའོ། །དེ་ལས་ཏེ་ཕྱིས་མཐོང་བའི་དངོས་པོ་དེ་ཉིད་ལ་བརྡ་གཟོའོ། །དེའི་འོག་ཏུ་བརྡ་ཇི་ལྟ་བ་བཞིན་དུ་མཐོང་བའི་དོན་གྱིས་ཡུལ་དེ་ངེས་པ་ཉིད་ཀྱིས ་མཐོང་བའི་དོན་དེ་ཉིད་ལ་བརྗོད་པའི་ཡོད་པ་ལ་སོགས་པའི་ཤེས་པ་སྐྱེ་བ་ཅི་ལྟར་དྲན་པ་ཉིད་སྒྲུབ་པར་མི་འགྱུར། དེ་ལས་ཀྱང་ཞེས་བྱ་བ་ནི་ཇི་ལྟར་མཐོང་བ་ངེས་པ་ལས་སོ། །དེ་དག་གི་ཞེས་བྱ་བ་ནི་ཡོད་པ་ལ་སོགས་པའི་ཤེས་པའོ། །ཡང་དག་ལས་ཤེས ་པ་རྣམས་ཀྱི་སྐྱེ་བའི་རིམ་པ་འདི་ངེས་པ་ཡིན་ཞེ་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཡོད་པ་ལ་སོགས་པའི་ཤེས་པ་དེ་དག་རིམ་པ་འདིས་སྐྱེ་བ་དེ་ཉིད་ཀྱིས་གཞན་དུ་སྟེ། །ཡུལ་གཞན་དུ་སྟོང་པའི་སེམས་ནི ་སེམས་ཡེངས་པའོ། །མདུན་ན་གནས་པའི་དངོས་པོ་མཐོང་བ་དངོས་པོའི་བརྡ་ཡིད་ལ་བྱེད་པ་ལ་སོགས་པ་འཇུག་པ་མངོན་དུ་ཕྱོགས་པ་ཆེས་དང་པོར་ཁྱད་པར་ཐམས་ཅད་ཀྱིས་དབེན་པའི་དངོས་པོ་ཙམ་མཐོང་བར་མཇུག་གོ་།དེ་ལྟ་མ་ཡིན ་ཏེ་གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་རྟོག་པ་དང། བཅས་པ་ཡིན་ན་དེའི་ཚེ་ཡིད་གཞན་དུ་སོང་བས་ཁྱད་པར་ཐམས་ཅད་ཀྱིས་སྟོང་པའི་དངོས་པོ་ཇི་ལྟར་མཐོང་བར་འགྱུར། །དུས་གཅིག་ཏུ་ཅིག་ཅར་རྣམ་པར་རྟོག་པ་གཉིས་རིག་པ་ནི་མ་ཡིན་ཏེ། ་དེ་ལྟ་བས་ན་དེ་ལྟར་དངོས་སུ་དབང་པོའི་རྗེས་སུ་འགྲོ་བ་དང་རྟོག་པའི་རྗེས་སུ་བྱེད་པ་ཉིད་མ་གྲུབ་པོ། །དེ་ལ་བ་ལང་གླང་ཆེན་ལ་སོགས་ལ། ཞེས་གང་སྨྲས་པ་དེ་ལ། དེ་དག་བརྡ་ལ་གཟོ་ལས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྤྱིར་རྗེས་སུ ་བྱེད་པའི་འབྲེལ་པའི་རྒྱུ་མཚན་གཞན་ཙམ་འདི་དག་གི་རྒྱུ་མཚན་དུ་གྲུབ་པ་ཡིན་ཏེ། འདི་ལྟར་བ་ལང་ལ་སོགས་པའི་ཤེས་པ་ཐ་སྙད་རྣམས་ཀྱི་རྗེས་སུ་མཐུན་པའི་འབྲེལ་པ་ཅན་ནི་བ་ལང་ལ་སོགས་པའི་བརྡ་གཟོ་བ་ཁོ་ན་ཡིན་ནོ། །འདི་ལྟར་དེ་ཡོད་ན་འབྱུང་བ་རིགས ་མི?་འབྱུང་བ་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་དེ་ཉིད་འདི་དག་གི་རྒྱུར་གྲུབ་སྟེ། དེར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྒྱུ་འདི་འགྲུབ་པ་ནི། དེ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་ཀྱིས་རྗེས་སུ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་གཏན ་ཚིགས་ཀྱི་སྦྱོར་བ་ནི་ངལ་བ་ནི་འབྲས་བུ་མེད་པ་ཡིན་ནོ། །ཅི་སྟེ་བརྡ་ཉིད་ལ་བྱེད་པ་འདི་ནི་ཕྱོགས་ཉིད་ཀྱིས་ཁོངས་སུ་འདུས་པའི་ཕྱིར་དེ་དག་ལས་མ་གཏོགས་པའི་རྗེས་སུ་འགྲོ་བ་རྟག་པ་དང་གཅིག་པུའི་སྤྱི་ཞེས་བྱ་བའི་འབྲེལ་པ་ཅན་འདི་དག་གི་རྒྱུ་མཚན ་དུ་སྒྲུབ་ན། དེའི་ཚེ་དཔེ་བསྒྲུབ་བྱ་བ་མ་ཚང་བ་ཡིན་ནོ། །དེ་ལྟ་བུར་གྱུར་པ་གང་དུ་ཡང་རྗེས་སུ་འགྲོ་བ་མ་སྟེ། གང་ཡང་བེའུ་དང་མྱུ་གུ་ལ་སོགས་པ་འདི་དག་བེའུ་དང་བཅས་པ་ལ་སོགས་པ་བརྗོད་པ་དང་ཤེས་པའི་རྒྱུ་ཉིད་དུ་བརྗོད་དེ། དེ་དག ་ཀྱང་དེའི་རྒྱུ་ཅན་ཉིད་དུ་མ་གྲུབ་སྟེ། རང་གི་མཚན་ཉིད་ཐོབ་པ་ཅན་གྱི་དངོས་པོ་འདི་རྣམས་ཀྱི་དངོས་སུ་བརྗོད་པ་དང་ཤེས་པའི་ཁྱད་པར་གྱི་རྒྱུ་ཉིད་དུ་ཡོད་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ནི་ངག་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པའི ་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དཔེར་བསྒྲུབ་བྱ་མ་ཚང་བ་ཡིན་ནོ། །བརྒྱུད་པས་རྒྱུ་ཉིད་དུ་རྟོགས་པར་བྱེད་ན། ཧ་ཅང་ཐལ་བར་འགྱུར་ཏེ། ཐམས་ཅད་ཐམས་ཅད་ལ་བརྒྱུད་པས་ཉེ་བར་སྦྱོར་བ་ཡིན་པའི་ཕྱིར་རོ། །འོ་ན་གལ་ཏེ་དེ་ལྟ་ན་ཕྱི་རོལ་གྱི་ལྕགས ་ཀྱུ་ལ་སོགས་པ་འདི་རྒྱུ་ཉིད་དུ་ཇི་ལྟར་ངེས་པར་བྱེད་ཅེ་ན། ནང་ཙམ་ལ་ནི་བརྟེན་ནས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ལྕགས་ཀྱུ་ལ་སོགས་པ་བཏགས་པ་ཉེ་བར་ལེན་པའི་རང་གི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པར་རྟོག་པར་རིགས་པ་མ་ཡིན་ནོ་ཞེས་བསྟན ་ཟིན་ཏོ། །ཀུན་རྫོབ་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་གཟོ་བས་སྤྲུལ་པའི་བདག་ཉིད་ཀྱི་ངོ་བོ་ཡིན་པ་ཉིད་ཀྱིས་ན་ཙམ་ལ་ཡོད་པ་ཉིད་ཡིན་གྱི། ཕྱིས་རོལ་ནི་མ་ཡིན་ནོ། །སྐྱེ་བོས་མཐོང་བ་དང་རྣམ་པར་བརྟག་པ་དག་གི་རྣམ་པར་དབྱེ་བ་མི་ཤེས་པ་ཉིད ་ཀྱིས་དེའི་རྣམ་པ་ཕྱི་རོལ་ལྟ་བུར་ཞེན་པ་ན་ཕྱི་རོལ་གྱི་དངོས་པོ་ཉིད་ལ་རྒྱུག་པས་དེའི་ཕྱིར་ལྕགས་ཀྱུ་ལ་སོགས་པ་རྣམས་ཕྱི་རོལ་གྱི་ངོ་བོ་ཉིད་དུ་མ་གྲུབ་བོ། །ལྕགས་ཀྱུ་སོགས་ཞེས་བྱ་བ་དང། དམིགས་ནས་ཞེས་བྱ་བ་སྔ་མ་དང་སྤྲུལ་བར་བྱའོ། །ཕྱི་རོལ ་གྱི་ངོ་བོ་ཉིད་དུ་ངེས་པའི་ནང་ཙམ་དུ་ཡོད་པའི་ལྕགས་ཀྱུ་ལ་སོགས་པ་ལ་དམིགས་ནས་ཕྱི་རོལ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནང་ཙམ་ནི་བློའོ། །གང་ཡང་བ་ལང་ལ་སོགས། ཡུལ་ཉིད་ན་ཞེས་ཁྱད་པར་དུ་བྱས་པ་དེ་ཡང་མི་རིགས་པ་ཉིད་དེ། ་རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་རོ། །ཞེས་བསྟན་པའི་ཕྱིར་རོ། །དངོས་པོ་མེད་པའི་ཕྱིར་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅིག་གིས་བྱ་བ་དང། ཡོན་ཏན་གྱི་ཐ་སྙད་མེད་པ་ཉིད་ཀྱང་མེད་པའི་ཤེས་པའི་རྒྱུ་ཉིད་དུ་བརྗོད་པ་དེ་ཡང་མི་རིགས་སོ་ཞེས ་བྱ་བའོ་བྱ་བ་ལ་སོགས་པ་མེད་པ་རྒྱུ་ཉིད་དུ་བརྗོད་དོ། །འདི་ལྟར་འབྲས་བུ་སྐྱེད་པར་བྱེད་པར་ནུས་པ་ཉིད་དུ་བརྗོད་ལ། ནུས་པ་དེ་ཡང་དངོས་པོ་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མེད་པ་ཡང་རྣམ་པ་དེ་ལྟ་བུའི ་ནུས་པ་དང་ལྡན་པར་འགྱུར་ན། དེའི་ཚེ་ཇི་ལྟར་དངོས་པོ་ཉིད་དུ་སྒྲུབ་པར་མི་བྱེད་དེ། དངོས་པོའི་རྒྱུ་མཚན་ཉིད་དེ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་མེད་པའི་ངོ་བོ་ཉིད་སྤོང?་བར་འགྱུར་ཏེ། མེད་པ་ནི་དངོས་པོའི་རང་གི་ངོ་བོ་ཉམས་པ་ཉིད་ཡིན ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བྱ་བ་དང་ཡོན་ཏན་མེད་པ་མེད་པའི་ཤེས་པའི་རྒྱུ་ཉིད་དུ་འགྱུར་ན། དེའི་ཚེ་ཡོད་པ་ལ་སོགས་པ་ལ་ཡང་མེད་པ་རྒྱུ་ཉིད་དུ་འགྱུར་རོ། །དེ་ལ་ཡང་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་བྱ་བ་ཡང་ཡོན་ཏན་གྱི་ཐ ་སྙད་མེད་པའི་ཕྱིར་རོ། །གཏན་ཚིགས་ཀྱང་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར་གོང་བུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་འདི་དག་དེའི་ཤེས་པ་ལས་གཞན་ཉིད་དུ་འགྱུར་བ་བ་ལང་ལ་སོགས་པའི་ཤེས་པ་རྣམས་ནི་གོང་བུ་ལ ་སོགས་པ་ལས་མ་གཏོགས་པའི་དོན་གཞན་དུ་གྱུར་པར་ངེས་པ་ནི་མ་ཡིན་ནོ། །དམ་བཅའ་བ་ཡང་རྗེས་སུ་དཔག་པས་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་རྗེས་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་གིས་རྗེས་སུ་འགྲོ་བའི་ཤེས ་པ་གོང་བུ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་མཚན་དམིགས་པར་གྱུར་པ་སྒྲུབ་པར་འདོད་ན་དེ་ཡང་མི་རིགས་ཏེ། དེ་མི་སྣང་བའི་ཕྱིར་དང་མི་མཐུན་པའི་ཁ་དོག་དང་དབྱིབས་སྣང་བའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་གིས་ཁ་དོག་དང་དབྱིབས་དང་ཡི་གེ་དང་རྣམ་པས ་སྟོང་པ་ནི་བ་ལང་ཉིད་ལ་སོགས་པའི་སྤྱི་ཡིན་པར་བརྗོད་ལ། རྣམ་པར་ཤེས་པ་ལ་ཡང། ཁ་དོག་ལ་སོགས་པ་སྣང་བ་དང་ལྡན་པར་ཉམས་སུ་མྱོང་སྟེ། དེའི་ཕྱིར་ཇི་ལྟར་འདིའི་དམིགས་པ་ཡི་གེ་ལ་སོགས་པས་སྟོང་པ་ཡིན་པར་འགྱུར།། ་གཞན་གྱི་རྣམ་པ་ཅན་གྱི་ཤེས་པ་ནི་གཞན་དམིགས་པ་ཡིན་པར་རིགས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་དང་མི་འདྲ་བའི་དོན་སྣང་བ་ཤེས་པ་དེ་ནི་དེ་འཛིན་པ་མ་ཡིན་ཏེ། དཔེར་ན་སྒྲའི་ཤེས ་པ་གཟུགས་འཛིན་པར་བྱེད་པ་མ་ཡིན་པ་བཞིན་ནོ། །རྗེས་སུ་འགྲོ་བའི་ཤེས་པ་ཡང་རིགས་དང་མི་འདྲ་བའི་ཁ་དོག་ལ་སོགས་པ་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །སྒྲ་དང་གསལ་བར་སྣང་བ་ཅན་ཞེས་བྱ་བ ་ལ། སྒྲ་ནི་བ་ལང་ངོ། །ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དང། གསལ་བ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དོ། །དེ་དག་སྣང་བ་ནི་གསལ་བའོ། །དེ་འདི་ལ་ཡོད་པ་དེ་དང་ལྡན་པའོ། །ཡི་གེ་ནི་པ་དང་ལ་ལ་སོགས་པའོ། ། ་བདེ་བྱེད་བདག་པོས་སྨྲས་པ། སྔོན་པོ་ལ་སོགས་པའི་སྤྱི་ནི་སྔོན་པོ་ལ་སོགས་པ་རྣམས་ཉིད་ཡིན་ཏེ། གཞན་དུ་ན་སྔོན་པོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་རྗེས་སུ་འཇུག་པའི་ཤེས་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་གཏན་ཚིགས་མ་ཡིན་ལ་རྗེས་སུ ་དཔག་པ་ཡང་མི་འགལ་ལོ་ཞེ་ན། དེ་ལྟ་བས་ན་འདིར་སྤྱི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ནི་སྔོན་པོ་ལ་སོགས་པའི་ཡོན་ཏན་ལ་སྔོན་པོ་ཉིད་ལ་སོགས་པའི་སྤྱི་བྱེ་བྲག་ཡོད་པར་མི་འགྱུར་ཏེ། རྣམ་པ་ཐ་མི་དད་པའི་ཕྱིར་རོ། །འདི་སྙམ ་དུ་སྔོན་པོ་ལ་སོགས་པ་ཡོན་ཏན་ནི་རྗེས་སུ་འགྲོ་བ་མ་ཡིན་ལ། སྤྱི་ནི་ཡུལ་དང་དུས་ཐ་དད་པའི་གསལ་བ་ལ་རྗེས་སུ་འགྲོ་བས་དེས་ན་རྣམ་པ་ཐ་དད་པ་ཡོད་དོ་སྙམ་ན། གཅིག་ཉིད་ཅེས་བྱ་བ་ལ། སོགས་པ་སྨོས་ཏེ། མངོན་སུམ་གྱི་སྔོན་པོ་ལ ་སོགས་པའི་ཡོན་ཏན་ལ་མ་གཏོགས་པའི་སྔོན་པོ་ལ་སོགས་པའི་རྣམ་པའི་རྗེས་སུ་འགྲོ་བ་གཞན་སྔོན་པོ་ཉིད་ལ་སོགས་པ་རྗེས་སུ་འཇུག་པ་སྣང་བ་ནི་མ་ངེས་ཏེ། ཐུན་མོང་མ་ཡིན་པའི་སྔོན་པོ་ལ་སོགས་པ་གཅིག་སྣང་བའི་ཕྱིར་རོ། ། ་རྣམ་པར་རྟོག་པའི་སེམས་ལ་ཡང་སྔོན་པོ་ཉིད་ལ་སོགས་པ་གཉིས་པ་སྣང་བ་མ་ཡིན་ཏེ། མཐོང་བ་ཇི་ལྟ་བ་བཞིན་དུ་དེས་ངེས་པའི་ཕྱིར་རོ། །འདི་སྙམ་དུ་ཇི་ལྟར་ཁྱེད་ཅག་གི་སྐད་ཅིག་མ་ཉིད་སྣང་ཡང་ཞན་པ་རྣམས་ཀྱིས་རྣམ ་པར་ཕྱེ་ནས་མི་མཚོན་པ་དེ་བཞིན་དུ་སྤྱི་འདི་ཡང་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་པ་དེ་ཁོ་ན་སྟེ། དེ་མཐོང་བའི་སྟོབས་ཀྱི་གསལ་བ་ཐ་དད་པའི་སྒྲ་དང་བློར་འགྱུར་བ་ཡིན་ནོ་ཞེས་གང་བརྗོད་པ་དེ་མི་འཐད་དེ། ཁྱད་པར་བྱེད་པ་མི་མཚོན་པར ་ཁྱད་པར་དུ་བྱ་ལ་བློ་སྐྱེ་བ་ནི་མ་ཡིན་ཏེ། དཔེར་ན་དབྱུག་པ་མ་མཐོང་བར་དབྱུག་པ་ཅན་ནོ་སྙམ་པའི་ཤེས་པ་མི་འབྱུང་བ་དེ་བཞིན་དུ་འདི་ལ་ཡང་འགྱུར་ཏེ། འདི་ལྟར་ཁྱེད་ཅག་གིས་ཁྱད་པར་རང་ལ་སྒྲ་དང་ཤེས་པའི་སྤྱོད་ཡུལ་ལས་འདས་པར ་བརྗོད་པར། །རང་ལས་བློ་དང་སྒྲའི་ཡུལ་ལས་འདས་པའི་ལུས་ཅན་ཁྱད་པར་དེ་དག་ཀྱང་སྤྱི་མཐོང་བའི་སྟོབས་ཀྱིས་རྟོགས་པས་ཤེས་པ་ཇི་ལྟར་དེ་ཉིད་མི་མཚོན་པ་ཞེས་བྱ་བ། གཞན་ཡང་གང་གི་ལྟར་ན་མངོན་སུམ་རྟོག་པ་མེད་པ་ཡིན་པ ་དེའི་ལྟ་བ?་དང་ཡང་མ་མཚོན་ཏོ་ཞེས་བྱ་བ་འདི་བརྗོད་པར་རིགས་ཏེ། མཚོན་པ་ནི་ངེས་པའི་ཤེས་པའི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཁྱེད་ཅག་གང་གི་མངོན་སུམ་ཐམས་ཅད་རྟོག་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེའི་མི་མཚོན ་པ་ཉིད་མི་རིགས་ཏེ། མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རང་གི་དོན་རྟོགས་པ་གང་ཡིན་པ་འདི་ཉིད་ངེས་པ་རྣམས་ཀྱི་ངེས་པ་ཡིན་ནོ། །དེ་དག་ངེས་པ་དང་ལྡན་པ་མ་ཡིན་ནོ་ཞེ་ན། དེ་ནི་འཛིན་པར་བྱེད་པ་ཉིད་མ་ཡིན་པར་འགྱུར་རོ། ། ་སྔོན་པོ་ལ་སོགས་པ་ལས་ཐ་དད་པའི་དོན་གཞན་དུ་གྱུར་པ་གྲུབ་པར་ཁས་བླངས་ནས་ཀྱང་ཁྱེད་ཅག་གི་འདོད་པ་གྲུབ་པ་ཡིན་ཏེ། མངོན་པར་འདོད་པའི་བསྒྲུབ་པར་བྱ་བའི་དོན་རྗེས་སུ་དཔག་པས་གནོད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཁྱབ་པ ་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། རྒྱུ་མཚན་གཞན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་བརྟན་པ་ལས་དབེན་པའི་ཞེས་བྱ་བ་ནི་མི་རྟག་པ་ལས་དབེན་པ་སྟེ། རྟག་པ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་མི་འགྲུབ་ཅེ་ན། རིམ་གྱིས་འབྱུང་བའི་ཕྱིར་ཏེ། བ་ལང ་ལ་སོགས་པའི་བརྗོད་པ་དང་ཤེས་པ་རྣམས་ཞེས་བྱ་བ་ལྷག་མའོ། །གལ་ཏེ་རྣམ་པ་དེ་ལྟ་བུའི་སྤྱིའི་ཆོས་འདི་དག་གི་རྒྱུ་ཉིད་དུ་གྱུར་ན། དེའི་ཚེ་འདི་དག་རིམ་གྱིས་སྐྱེ་བར་མི་འགྱུར་གྱི། རྒྱུ་མ་ཚང་བ་མེད་པའི་ཕྱིར་ཅིག་ཅར་སྐྱེ་བར་འགྱུར་ཏེ། ཅིག་ཅར ་སྐྱེ་བའི་དངོས་པོ་དུ་མ་བཞིན་ནོ། །གཞན་གྱིས་ཕན་གདགས་པར་བྱ་བ་མ་ཡིན་པ་ལ་ནི་བལྟོས་པ་འགལ་ཡང་ཡོད་པ་མ་ཡིན་ནོ། །དེ་ནི་གཏན་ཚིགས་གྲུབ་པ་ཉིད་དུ་ཁས་བླངས་ནས་འཁྲུལ་པ་ཉིད་དུ་བཤད་པ་ནི། ཚིག་གི་དོན་སྒྲ་ཞེས་བྱ་བ་ལ་སོགས ་པ་སྟེ། གང་གི་ཚིག་གི་དོན་ཞེས་རྗེས་སུ་འགྲོ་བའི་ཤེས་པར་འགྱུར་པ་ཚིག་གི་དོན་དྲུག་པོ་རྣམས་ལ་ཚིག་གི་དོན་ཉིད་ཅེས་བྱ་བ་གཞན་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་གིས་དེ་དག་ལ་ཡོད་ཅེས་བྱ་བའི་ཤེས་པར་འགྱུར་བ་ཡོད་པ་དང། སྤྱི ་དང་བྱེ་བྲག་དང་འདུ་བ་དག་ལ་ཡོད་པ་ནི་མ་ཡིན་ནོ། །ཡོད་པ་ནི་རྫས་དང་ཡོན་ཏན་དང་ལས་རྣམས་ཁོ་ན་ལ་གནས་པའི་ཕྱིར་རོ། །རྫས་ལ་སོགས་པ་ལ་སྤྱིའི་རྒྱུ་མཚན་ཉིད་ཀྱི་ཐ་སྙད་གཞན་དགག་པར་འདོད་པའི་ཕྱིར་དེའི་སྒོ་ནས་འཁྲུལ་པ་མ་བརྗོད ་དོ། །འདི་སྙམ་ཡོད་པ་ལ་སོགས་པ་འདི་ལ་ཡང་ཡོད་མ?་དམིགས་པའི་ཚད་མ་ཉིད་ཀྱི་ཡུལ་ཆོས་ཡོད་དེ། དེའི་ཕྱིར་འདི་ལ་ཡང་ཐ་སྙད་འདི་གཞན་གྱི་རྒྱུ་མཚན་ཅན་ཡིན་པའི?་ཕྱིར་འཁྲུལ?་པ་མེད་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ལས་གཞན ་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་གཞན་རྒྱུ་མཚན་ཉིད་དུ་ཁས་ལེན་ན་འཁྲུལ་པའི་སྐྱོན་འདི་གནས་སྐབས་ཉིད་ཡིན་ནོ། །གང་གི་ཕྱིར་ཆོས་གཞན་དེ་ལ་ཡང་ཆོས་དེ་ཡོད་དེ་ཞེས་ཡོད་པའི་བློ་ཡོད་པ་ཁོ་ནའོ། །དེ་ཡང་ཆོས ་གཞན་ལེན་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གཞན་དག་ཀྱང་ཆོས་གཞན་གྱི་རྟེན་ཡིན་པའི་ཕྱིར་ཆོས་ཅན་ཉིད་དུ་ཐལ་བ་ཡིན་ནོ། །དེ་ལྟ་ཡིན་དང་ཆོས་ཅན་ནི་ཚིག་གི་དོན་དྲུག་ཁོ་ནའོ་ཞེས་བྱ་བའི་དྲུག་གི ་གྲངས་ངེས་པར་མི་འགྱུར་རོ། །ཅི་སྟེ་ཐུག་པ་མེད་པས་འཇིགས་ནས་ཆོས་གཞན་མི་བརྟན་པ་དེའི་ཚེ་ཚིག་གི་དོན་རྣམས་ལ་ཡོད་པ་ལ་སོགས་པའི་ཆོས་འཇུག་པའི་ཤེས་པ་འདི་དག་གིས་གཏན་ཚིགས་འཁྲུལ་པ་ཡིན་ནོ། །འདི་ཐུན་མོང ་གི་མ་ངེས་པ་ཡིན་མོད་ལྡོག་པ་ཐེ་ཚོམ་ཟ་བ་གང་གིས་སྤོང་ཞེས་བྱ་བ་འདི་བཤད་པ་ནི་ཐམས་ཅད་ཉེ་བར་སྡུད་པའི་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཅན་ཐམས་ཅད་དུ་གཏན་ཚིགས་ལ་བསྒྲུབ་བྱས་ཁྱབ་པ་སྟོན་པ་ནི་ཐམས་ཅད་ཉེ་བར་སྡུད ་པའོ། །འདི་སྙམ་དུ་འདིར་ཁྱབ་པ་རིགས་པ་ཉིད་ཡིན་ཏེ། རྒྱུ་མཚན་གཞན་མེད་ན་དངོས་པོ་དེའི་ཤེས་པ་མི་འདྲ་བར་ཇི་ལྟར་འཐད་པར་འགྱུར། །ཤེས་པ་མང་པོ་ཡུལ་མི་གཅིག་པ་རྣམས་མི་འདྲ་བ་ཡོད་པ་མ་ཡིན་ནོ། །གལ ་ཏེ་ཡོད་ན་དེའི་ཚེ་གཟུགས་དང་རོ་ལ་སོགས་པའི་ཤེས་པ་རྣམས་ཀྱང་ཡུལ་ཐ་དད་པར་གྲུབ་པར་མི་འགྱུར་རོ། །ཡུལ་ཐ་དད་པ་རྣམ་པར་འཇོག་པ་ནི་ཤེས་པ་ཐ་དད་པས་བྱས་པའི་ཕྱིར་རོ། སྙམ་དུ་སེམས་ན། དེ་ཡང་མི་རིགས་ཏེ། དོན་དམ ་པར་སྤྱིའི་ཤེས་པ་དངོས་པོའི་རང་གི་མཚན་ཉིད་ཀྱི་ཡུལ་གཅིག་ཏུ་རིག?་པ་མ་ཡིན་ཏེ་བརྗོད་པ་དང་འདྲེས་པའི་ཤེས་པས་རང་གི་མཚན་ཉིད་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །འོན་ཀྱང་དངོས་པོ་གཅིག་པ་གང་དང་གང་ལས་ལྡོག་པ་དེའི་རྒྱུ ་མཚན་ཅན་དེ་ལ་བརྡ་ཇི་ལྟ་བ་བཞིན་དུ་གོམས་པའི་དངོས་པོ་དེ་ཡང་ཉམས་སུ་མྱོང་བའི་སྒོ་ནས་འོངས་པ་རྣམ་པར་རྟོག་པ་དང་བརྗོད་པ་སྤྱི་མེད་ན་ཡང་གལ་ཏེ་རྣམ་པར་རྟོག་པ་འཇུག་ན་དེའི་ཚེ་འགལ་བ་ཅི་ཞིག་ཡོད། དེའི་ཕྱིར་ཁྱབ་པ་མེད ་དོ་ཞེས་བརྗོད་དེ། གང་ཡང་བ་ལང་སོགས་ལ་རྗེས་སུ་འགྲོ་བའི་ཞེས་བྱ་བ་ལ་སོགས་པ་ལ་དེའི་འོག་ཏུ་བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཀྱིས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བཤད་པའི་གཏན་ཚིགས་སུན་འབྱིན་པ་ཉིད་ཀྱིས་ཏེ། དེ་ལ ་སྐྱོན་མཚུངས་པའི་ཕྱིར་རོ་འདི་ལྟར་འདོད་པ་སྒྲུབ་པ་ལ་སོགས་པ་འདི་ལ་ཡང་མཚུངས་སོ། །སོགས་པའི་སྒྲས་དཔེ་གྲུབ་བྱས་སྟོང་པ་དང་གཏན་ཚིགས་མ་གྲུབ་དང། འཁྲུལ་པ་ལ་སོགས་པ་གཟུང་ངོ། །རྣམ་པ་གཞན་གྱིས་ཀྱང་འཁྲུལ་པ་ཉིད ་དུ་བཤད་པ་རྗེས་སུ་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་འཚེད་པ་པོ་དང་འདོན་པ་པོ་ཞེས་བྱ་བ་རྗེས་སུ་འཇུག་པའི་ཤེས་པར་འགྱུར་བ་དེ་ལ་གཅིག་རྗེས་སུ་འགྲོ་བའི་རྒྱུ་མཚན་འཚེད་པར་བྱེད་པ་ཉིད་དང་འདོན་པར་བྱེད་པ་ཉིད་ལ ་སོགས་པ་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྔ་ན་མེད་པ་ལ་སོགས་པ་མེད་པ་གཞི་ལ་མེད་པའོ་སྙམ་པའི་ཤེས་པ་ཇི་ལྟར་འཇུག་པར་འགྱུར། །དེ་ལ་ཡང་སྤྱི་ཡོད་པ་ནི་མ་ཡིན་ཏེ། དེ་ནི་དངོས་པོ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །འདོད་པས ་སྦྱར་བའི་ངོ་བོ་རྒྱལ་པོ་ཟླ་བ་གཞིར?་བ་ལ་སོགས་པ་དང། །ནམ་མཁའ་ཨི་དཀྱིལ་དུ་གཏགས་པའི་ཁང་པ་དཀར་ལ་སོགས་པ་དང་ཞིག་པ་དང་མ་སྐྱེས་པའི་རྒྱལ་པོ་མང་པོས་བཀུར་བ་དང་དུང་ལ་སོགས་པའི་བློ་གཅིག་རྗེས་སུ་འགྲོ་བ་མེད་པར་ཇི་ལྟར་འགྱུར། ་དེ་ལ་ཡང་སྤྱི་ཡོད་པ་ནི་མ་ཡིན་ཏེ། དེ་ནི་གསལ་བ་ལ་བརྟེན་པའི་ཕྱིར་རོ། །འཚེད་པ་པོའི་ཞེས་བྱ་བ་ལ་སོགས་པས་འཚེད་པ་པོ་ལ་སོགས་པ་ལ་ཤེས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །འཚེད་པ་པོ་ལ་སོགས་པ་དག་ལ་ལས་ཀྱི་རྒྱུ་མཚན་ཅན ་གྱི་བློ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ཏེ། །ལས་དེ་ཡང་གསལ་བ་རེ་རེ་ལ་གསལ་བ་བཞིན་དུ་ཐ་དད་པ་ཁས་བླངས་པའི་ཕྱིར་རོ། །ཐ་དད་པ་ལ་རྗེས་སུ་འགྲོ་བ་མེད་པར་རྗེས་སུ་འགྲོ་བའི་ཤེས་པ་མི་འཐད་པའི་ཕྱིར། ་ཁྱེད་ཅག་གིས་གསལ་བ་ཐམས་ཅད་ལ་རྗེས་སུ་ཞུགས་པའི་སྤྱི་བརྟགས་པ་ཡིན་ནོ། །གལ་ཏེ་ལས་རྗེས་སུ་འགྲོ་བས་སྟོང་ཡང་ཐ་མི་དད་པའི་ཤེས་པ་དང་བརྗོད་པའི་རྒྱུར་འགྱུར་ན། དེའི་ཚེ་གང་གིས་དེ་དག་ཡོངས་སུ་སླངས ་ནས་སྤྱི་དེའི་རྒྱུ་ཉིད་དུ་རྟོག་པར་བྱེད་པ་གསལ་བ་དག་ལ་ཅི་ཞིག་གསུང། གཞན་ཡང་གལ་ཏེ་འཚེད་པ་པོ་ལ་སོགས་པ་ལ་ཤེས་པ་ལས་ཀྱི་རྒྱུ་མཚན་ཅན་དུ་འགྱུར་ན་དེའི་ཚེ་བྱ་བ་དང་བྲལ་བ་སྟེ་འཚེད་པར་མི་བྱེད་པ་ལ་འཚེད་པ་པོ་ཞེས་བྱ་བའི ་ཤེས་པར་མི་འགྱུར་རོ། །གང་གིས་བྱ་བ་དང་བྲལ་བ་ལ་ཡང་ཤེས་པར་འགྱུར་བ་ཁྱེད་ཅག་གིས་རིགས་པ་བཞིན་དུ་ལས་རྟག་ཏུ་ཉེ་བར་འདོད་པ་ནི་མ་ཡིན་ནོ། །གང་ཞིག་གང་གི་རྒྱུ་མཚན་ཡིན་པ་དེ་ནི་དེ་མེད་པར་འབྱུང་བར་འོས ་པ་མ་ཡིན་ཏེ། ཧ་ཅང་ཐལ་པའི་ཕྱིར་ཏེ། དེ་ལྟར་ན་ཐམས་ཅད་ཐམས་ཅད་ཀྱི་རྒྱུར་འགྱུར་རོ། །འདས་པ་དང་མ་འོངས་པའི་ལས་ནི་དེའི་ཤེས་པའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ཏེ། འདས་པ་ལ་སོགས་པ་དེ་དག་མེད་པའི་ཕྱིར ་རོ། །མེད་པ་ཡང་རྒྱུར་མི་འཐད་པའི་ཕྱིར་རོ། །བདེ་བྱེད་བདག་པོ་ན་རེ། འཚེད་པ་པོ་ལ་སོགས་པ་རྗེས་སུ་འཇུག་པའི་ཤེས་པའི་དེའི་ལས་ཀྱི་རིགས་དང་འབྲེལ་པའི་བྱ་བ་དང་ལྡན་པ་དེ་ལས་འགྱུར་ཏེ། དེས་ན་བྱ་བ་དང་བྲལ་བ་ལ ་ཡང་བྱ་བས་བརྟན་པའི་རྒྱུ་མཚན་པའི་ཕྱིར། འཚེད་པ་པོ་ལ་སོགས་པའི་ཤེས་པ་ཞེས་ངེས་པར་བྱེད་པ་ཡིན་ནོ་ཞེས་ཟེར་ཏེ། དེ་སྟོན་པ་ནི་གལ་ཏེ་ཞིག་པའི་ཞེས་བྱ་བ་ལ་སོགས་པའོ། །དེས་ཞེས་བྱ་བ་ནི་བྱ་བས་སོ། །བརྟན་པའི་རྒྱུ ་ནི་བྱ་བ་ཉིད་ཀྱིས་རིགས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རང་གི་རྟེན་ནི་བྱ་བའི་རིགས་ཏེ། །དེ་ཉིད་བྱ་བ་ཡིན་ནོ། །རྟེན་འཛིན་པ་མེད་པར་རིགས་འགའ་ཞིག་འཛིན་པའམ་གནས་པ་ནི་ཡོད ་པ་མ་ཡིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་ལན་ཅིག་རིགས་མཚན་པ་ཉིད་ཀྱི་ཕྱིར་ལས་དང་བྲལ་ན་ཡང་དེའི་རྒྱུ་མཚན་གྱི་ཤེས་པ་དེའི་རྟེན་ལ་འཇུག་གོ་སྙམ་དུ་སེམས་ན། དབྱུག་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་ལྟ་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དབྱུག་པ་ལ་སོགས་པའི་རིགས་རྣམས་ལེན་ཅིག་མཚོན་པའི་ཕྱིར་ལྷས་བྱིན་ལ་སོགས་པ་དབྱིག་པ་ལ་སོགས་པ་དོར་བ་དེ་དག་ལ་ཡང་དབྱུག་པ་ཅན་དང་རྣ་ཆ་ཅན་ཞེས་བྱ་བ ་ལ་སོགས་པའི་བློར་འགྱུར་རོ། །འཚེད་པ་པོ་ཉིད་ལ་སོགས་པའི་རིགས་འདི་ལ་ཡང་ཡོད་དོ། །ཞེས་བྱ་བར་ཡང་མི་རིགས་ཏེ། དེང་སྐྱེས་པ་ལ་ཡང་རིགས་ཡོད་པའི་ཕྱིར་འཚེད་པ་པོ་ལ་སོགས་པའི་བློར་འགྱུར་རོ། ། ་འདི་སྙམ་དུ་དཔེར་ན་ཡོད་པ་ཞེས་བྱ་བའི་བློ་འབྱུང་བའི་རྒྱུ་མཚན་ཡོད་པ་ཡིན་ན་ཡང་ཐམས་ཅད་དུ་མི་འགྱུར་བ་དེ་བཞིན་དུ་རིགས་ཀྱང་རྟེན་གྱི་ཁྱད་པར་དང་འདུ་བ་ཅན་དུ་འགྱུར་ན་ཡང་ཐམས་ཅད་དུ་མི་འགྱུར་བའི་ཕྱིར། ་དེས་ན་དེང་སྐྱེས་པའི་གནས་སྐབས་སུ་རིགས་དང་འདུ་བ་ཉིད་དུ་མི་འགྱུར་རོ། །འདུ་བ་ཅན་ཞེས་བྱ་བ་ནི་མཚོན་པ་སྟེ། གསལ་བ་མ་ཡིན་པ་ཞེས་བྱ་བ་ཡང་ཤེས་པར་བྱའོ། །འོ་ན་དེ་ལྟ་ན་ནམ་ཡང ་དེ་དེ་དང་འདུ་བར་མི་འགྱུར་ཏེ། འདི་ལྟར་ཆེས་དང་པོར་རིགས་དང་རྫས་དེ་དག་དེ་དང་འབྲེལ་པའི་རང་བཞིན་དང་མི་མཐུན་པའི་ཕྱིར་འདུ་བ་མི་སྐྱེ་ལ། ཕྱིས་ཀྱང་དེ་དང་མི་མཐུན་པ་དེའི་གནས་སྐབས་ཉིད་དུ་ཡིན་པའི ་ཕྱིར་ཇི་ལྟར་འདུ་བར་འགྱུར། གང་གིས་དེ་ཕྱིས་ཁྱད་པར་ཅན་དུ་འགྱུར་བ་ཁྱེད་ཅག་གི་ལུགས་ཀྱིས་རྫས་སྐད་ཅིག་མ་ནི་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་འདུ་བ་ཅན་ནོ། །དེ་དག་གི་ཞེས་བྱ་བ་ནི་རིགས་དང་རྫས་དག ་གིའོ། །དེ་བདག་ཉིད་ཅེས་བྱ་བ་ནི་སྔ་མའི་རང་བཞིན་མི་མཐུན་པའི་ངོ་བོ་མདོར་བ་ཉིད་ལའོ། །ཇི་སྟེ་རྫས་མི་རྟག་པ་ཉིད་དུ་ཁས་ལེན་ན་དེའི་ཚེ་ཡང་ཉེས་པ་ཡོད་དོ་ཞེས་བསྟན་པའི་ཕྱིར། གལ་ཏེ་གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ ་ཏེ་མི་རྟག་པ་ཉིད་ཀྱིས་གསལ་བ་ཁྱད་པར་དུ་འགྱུར་བ་ཡིན་ན་རིགས་རྟགས་པའི་ཕྱིར་སྔར་བཞིན་དུ་ཕྱིས་ཀྱང་དེ་དང་འདུ་བའི་མི་མཐུན་པའི་ངོ་བོ་ཡོད་པའི་ཕྱིར་གྱིས་ཀྱང་འདུ་བ་ཅན་དུ་ཇི་ལྟར་འགྱུར། དུས་ཕྱིས་འབྱུང་པའི་རྫས་འདུ་བ་དང་མི་མཐུན་པའི་ངོ་བོ་ཉིད་ཡིན ་ལ་རིགས་ནི་ཐམས་ཅད་གནས་པ་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། དེ་དང་འབྲེལ་པའི་རང་བཞིན་གྱི་རིགས་རྟག་ཏུ་གནས་པའི་ཕྱིར་རྫས་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་ཅན་གཉིས་པ་མེད་ན། དེ་དང་འབྲེལ་པའི་རང ་བཞིན་མི་མཐུན་པར་རིགས་པ་མ་ཡིན་ནོ། །འཚེད་པ་ལ་སོགས?་ཞེས་བྱ་བ་ལ་སོགས་པས་འོད་བྱེད་པར་སྨྲས་པའི་ལན་དོགས་པར་བྱེད་པ་ཡིན་ཏེ། དེས་སྨྲས་པ་འདི་ནི་གཏན་ཚིགས་ཀྱི་དོན་མ་ཤེས་ནས་བརྗོད་པ་ཡིན་ཏེ། འཚེད་པ་པོ་ལ་སོགས ་པའི་སྒྲ་རྗེས་སུ་འཇུག་པ་ཡང་ཡིན་ལ། འཚེད་པ་པོ་ཉིད་ཅེས་བྱ་བའི་སྤྱི་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བ་ལང་ལ་སོགས་པ་ལ་རྗེས་སུ་འཇུག་པའི་ཤེས་པ་ཞེས་བྱ་བ་སྟེ། འདི་ལྟར་ཁྱད་པར་གྱི་ཤེས་པ་བློ་བུར་པ་ཡིན་པས། དེས་ན་འདིའི་གཏན ་ཚིགས་གྱི་དོན་གོང་བུའི་ཤེས་པ་ལས་མ་གཏོགས་པའི་ཤེས་པ་རྒྱུ་མཚན་གཞན་ལས་སྐྱེ་བ་ཞེས་བྱ་བ་འདི་ཡིན་གྱི། རྗེས་སུ་འཇུག་པའི་ཤེས་པ་ཐམས་ཅད་སྤྱི་ཉིད་ལས་བྱུང་བ་ནི་མ་ཡིན་ནོ། །དེ་ལྟར་ཡིན་འཚེད་པར་བྱ་བའི་གཙོ་བོའི་སྒྲུབ་བྱེད ་གང་ཡིན་པ་དེ་འཚེད་པ་པོའི་སྒྲས་བརྗོད་པ། གཙོ་བོ་དེ་ཡང་འཚེད་པ་པོ་གཞན་ལ་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། གཙོ་བོ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གཙོ་བོ་ཞེས་བྱ་བ་འདི་ཅི་ཞིག་།གལ་ཏེ་ནུས་པ་ཡིན་ན་དེ་མི ་རིགས་ཏེ། དེའི་རྟེན་སོ་སོ་ལ་ངེས་པ་ཉིད་ཀྱིས་གསལ་བ་གཞན་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །རྫས་ལ་སོགས་པའི་བདག་ཉིད་ཀྱི་རང་བཞིན་རང་དབང་ཅན་ཡང་མ་ཡིན་ཏེ། རྫས་སུ་འགྲོ་བ་མེད་པ་དེ་ཉིད་ཀྱི་ཕྱིར་རོ། །སོགས་པའི་སྒྲས་ནི་ཚིག་གི ་དོན་དྲུག་ལས་ཐ་དད་པར་འདོད་པའི་ཆོས་གཟུང་ངོ། །གང་ཡང་རྒྱུ་མཚན་ལས་སྐྱེ་བ། ཞེས་བྱ་བ་འདི་ཡིན་གྱི་ཞེས་སྨྲས་པ་དེ་ལ་སྤྱི་བསལ་ནས་རྒྱུ་མཚན་གཞན་ཅུང་ཟད་ཅིག་ཡོད་དོ་ཞེས་སྒྲུབ་པར་བྱེད་ན། གྲུབ་པ་ལ་སྒྲུབ་སྟེ། བརྡ་ཡིད་ལ་བྱེད་པ་རྒྱུ ་མཚན་དུ་འདོད་པའི་ཕྱིར་རོ། །ཁྱད་པར་སྒྲུབ་ན་རྗེས་སུ་འགྲོ་བ་མ་ཚང་བ་དང། འཚེད་པ་ལ་སོགས་པའི་ཤེས་པས་འཁྲུལ་པ་ཡང་ཡིན་ནོ། །དེས་ན་ཞེས་བྱ་བ་ལ་སོགས་པས་འཇུག་སྡུད་པར་བྱེད་དེ། །དེས་ན་སྟེ་དེའི་ཕྱིར་རོ། །གང་གི་ཕྱིར་རྒྱུ ་མཚན་གཞན་རྣམ་པར་དཔྱད་པ་ན་འཚེད་པ་ལ་སོགས་པའི་ཡུལ་ལ་མི་འཐད་པ་དེའི་ཕྱིར་བརྡ་ཇི་ལྟ་བ་བཞིན་དུ་འཚེད་པ་པོའི་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་དང་ལྡན་པ་རིགས་མི་མཐུན་པ་རྣམ་པར་གཅོད་པའི་དངོས་པོ་ཙམ་ངེས་པ་ཐ་དད་པའི་དངོས་པོ ་འཚེད་པ་པོ་ལ་སོགས་པ་ལ་ཡང་ཐ་མི་དད་པས་བློས་ཏེ་ཤེས་པ་སྐྱེ་བ་ཡིན་ཏེ། ཐམས་ཅད་དུ་རིགས་མི་མཐུན་པ་རྣམ་པར་གཅོད་པ་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་སྤྱི་མེད་ན་ཡང་བ་ལང་སོགས་པ་ལ་བརྡ་ཇི་བཞིན་དུ་རྣམ་པ་ཐ་མི ་དད་པའི་ངེས་པའི་ཤེས་པ་དང་ཤེས་པ་དག་འབྱུང་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པས་མེད་པ་ལ་མེད་པའི་བློ་ཞེས་བྱ་བ་དེ་སྒྲུབ་པར་བྱེད་དོ། །འདི་ཉིད་སྤྱིའི་ཤེས་པའི་རྒྱུ་མཚན་ལ ་ཁྱབ་པ་ཡིན་ཏེ། འདི་ལྟ་སྟེ་བརྡ་གཟོ་བའོ། །དེ་ལྟ་མ་ཡིན་མོ་གཤམ་གྱི་བུ་ལ་སོགས་པ་ལ་མེད་པའོ་ཞེས་པར་རྗེས་སུ་འཇུག་པའི་སྒྲ་དང་བློ་གང་གིས་འགལ་བར་འགྱུར། འདི་ལ་ནི་རིགས་པ་ནི་ཡོད་པ་མ་ཡིན་ཏེ། དེ ་ནི་དངོས་པོ་དང་འདུ་བ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མི་འགལ་ཞེས་བྱ་བ་འདི་ལ་རྒྱུ་བཤད་པ། དེ་དག་དོན་མེད་པའི་ནི་བརྡུའི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་དོན་མེད་པ་བརྡ་གང་ལ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་སུ་འཇུག་པའི་ཕྱིར་ནི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་དག་ནི་ཤེས་པ་དང་སྒྲ་དག་སྟེ་བརྡ་ཙམ་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ནི་བུམ་པ་ཞེས་བྱ་བ ་ལ་སོགས་པས་འདིར་བདེ་བྱེད?་བདག་པོའི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ། དངོས་པོ་མེད་པ་དེ་དག་ལ་ཁྱད་པར་མེད་པའི་ཤེས་པ་མཐོང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུམ་པའི་སྔ་ན་མེད་པའོ། །བུམ་པའི་ཞིག་ནས ་མེད་པ་ཞེས་བྱ་བ་དེ་ལྟ་བུ་ཐམས་ཅད་དུ་མེད་པའི་ཤེས་པ་དངོས་པོ་ཁྱད་པར་ཅན་ཉིད་ལ་མེད་པ་དམིགས་པ་ཡིན་ཏེ། དེ་ལྟ་བས་ན་དེའི་བློ་ཐམས་ཅད་དུ་ཁྱད་པར་དུ་གཏོགས་པའི་སྤྱིའི་དབང་གིས་འཇུག་པའི་ཕྱིར་འཁྲུལ་པ་མེད་དོ། ། ་དེ་ནི་ཞེས་བྱ་བ་ནི་བློ་སྟེ་སྣལ་མ་དང་སྦྲེལ་ལོ། །དེ་ལྟ་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །མི་འདྲ་བ་དང་ལྷན་ཅིག་དེ་ལ་བརྟེན་པ་མེད་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་བའམ། གཅིག་ཏུ་བསྡུ་བའི་ཟླས་དབྱེ་བ་ཡིན ་ནོ། །མེ་འདྲ་བའི་ཕྱིར་དང་དེ་ལ་བརྟེན་པ་མེད་པའི་ཕྱིར། །དེ་ལྟར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རེ་ཞིག་མི་འདྲ་བའི་ཕྱིར་ཞེས་བྱ་བ་འདི་རྒྱས་པར་བསྒྲུབ་པའི་ཕྱིར། །བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གཅིག ་རྣམ་པ་ཐ་མི་དད་པའི་བློའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ཏེ། གཅིག་ཉིད་སྤྱི་ཐམས་ཅད་ཀྱི་འབྲས་བུ་བསྒྲུབ་ཟིན་པའི་ཕྱིར། སྤྱི་དུ་མ་རྟོག་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་བུམ་པ་ཉིད་ལ་སོགས་པའི ་སྤྱིའི་དབང་གིས་བུམ་པ་ཞེས་བྱ་བ་ལ་སོགས་པའི་བློར་འགྱུར་དུ་ཆུག་མོད། །ཤིན་ཏུ་མི་འདྲ་བའི་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་དེའི་རྒྱུ་མཚན་དུ་འགྱུར་ཡོད་པའི་དབང་གིས་བ་ལང་ཉིད་ལ་སོགས་པའི་བློར་འགྱུར་བ་ནི་མ་ཡིན་ནོ། །དངོས ་པོ་རྣམ་པར་འབྱེད་པར་སྨྲས་པ་རྒྱུ་མཚན་དང་རྗེས་སུ་མཐུན་པའི་ཤེས་པ་ཐམས་ཅད་དུ་འདོད་པ་ནི་མ་ཡིན་ཏེ། འདི་ལྟར་གླང་པོ་དང་རྟ་དང་དྷ?་བ་དང་སེང་ལྡེང་ལ་སོགས་པ་འདུས་པ་དང་མང་པོ་ཉིད་ཀྱི་གྲངས་དམག་དང་ནགས་ལ་སོགས་པའི་བློ་རྣམས་ཀྱི་རྒྱུ་མཚན་ཡིན ་ལ། བཏུང་བ་སྒྱུར་པོ་ལ་སོགས་པ་རྣམས་ཀྱི་རྒྱུ་མཚན་ནི་རིགས་མི་མཐུན་པའི་རྫས་སྦྱར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་མང་པོ་སྦྱར་བ་ཞེས་བྱ་བའི་ཤེས་པས་འགྱུར་རོ་ཞེས་བྱ་བ། གལ་ཏེ་བློ་ནི་ཞེས་བྱ་བས་དོགས་པར་བྱས་ནས། གལ་ཏེ་ཐ་དད་པ་ཞེས ་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །འདི་ཞེས་བྱ་བ་ནི་སྤྱིའི་བློའོ། །བརྡའི་ཐ་དད་ནི་ཁྱད་པར་རོ། །ཡང་གང་གི་དེ་སྐད་དུ་བརྗོད་པ་འདི་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ཅེ་ན། ཁྱད་པར་ཤེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་རྒྱུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པར་རྟོག་པར་བྱ་བ་ཡིན་ནོ། །དེ་ཡང་སྤྱིའི་བློ་ལ་འདོད་པས་སྦྱར་བའི་བརྡ་གཟོ་བ་ཙམ་དུ་ངེས་པ་ཡིན་ཏེ། འདི་ལྟར་རེ་ཞིག་དང་པོར་ཁྱད་པར་གྱི་ཡུལ་ལ་སྙམས་སུ་མྱོང་བའི་ཤེས་པ་སྐྱེའོ། །དེ་སྐྱེས་པ་ན་བརྡ ་བྱེད་པར་འདོད་པ་འགྱུར་རོ། །འདོད་པ་དེ་ལས་བརྡ་དེ་བྱེད་པ་སྟེ་བྱས་པའོ། །དེ་ནས་དེ་ཉིད་ཐ་སྙད་ཀྱི་དུས་སུ་ཐོས་པ་སྟེ། མཉན་པའོ། །འདི་ཐོས་པ་ལས་ཐོས་པ་ཇི་ལྟ་བ་བཞིན་དུ་བརྡའི་ཡུལ་ལ་དུས་ཕྱིས་གཟོ་བའོ། །དེ་ལས་ཏེ་གཟོ ་བ་ལས་ཐ་དད་པ་དེ་དག་ཉིད་ལ་དེ་ངས་པས་འཇུག་པ་ལས་བུམ་པའི་སྙམ་པ་ལ་སོགས་པའི་བློ་སྐྱེ་བ་སྒྲུབ་པར་བྱེད་པས་གནག་རྫིའི་བྲལ་འདི་ཙམ་ཞིག་བློ་འདིའི་རྒྱུ་ཉིད་དུ་ངེས་པ་ཡིན་ནོ། །ནུས་མ་མཐོང་བའི་སྤྱི་རྒྱུ་ཉིད་རྟོགས་པ་ན་ཧ་ཅང་ཐལ ་བར་འགྱུར་རོ། །དེ་ཡང་རྟོག་ན་ནུས་པ་མ་མཐོང་བ་ཉིད་དུ་མཚུངས་པའི་ཕྱིར་གཞན་ཡང་ཅིའི་ཕྱིར། མི་རྟོག་འདི་རྒྱས་པའི་ཕྱིར་རོ། །འདྲེ་བ་རྗེས་སུ་མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗོད་པར་བྱེད་པ་ཁྱེད་ཅག་གིས ་སྤྱིའི་བློ་ལ་སོགས་པའི་རྒྱུ་མཚན་ཐ་དད་པ་སྤངས་ནས་ངོ་བོ་མ་ཡིན་པའི་དམིགས་པ་ཞེས་བྱ་བའི་སྤྱི་རྟོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་ཡང་བརྟག་པའི་སྤྱི་དེ་ཡང་གཞན་གྱི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེའི་ཚེ་ཇི་སྐད་དུ་བཤད་པའི་ནུས་པ་མཐོང་བ ་བརྟགས་པར་འགྱུར་བ་ཉིད་མཆོག་ཡིན་ནོ། །དེ་ལྟ་ན་ནི་མ་མཐོང་བའི་བརྟག་པ་བྱས་པར་མི་འགྱུར་རོ། །གཞན་ཡང་ཐ་མི་དད་པའི་སྤྱི་ཇི་ལྟར་མི་འདྲ་བའི་བློ་སྐྱེད་པར་བྱེད་ཅེས་དྲིས་པ་ན། འདི་ལྟ་སྟེ། འདི་ནི་དངོས་པོ་རྣམས་ཀྱིས་ངེས་པ ་སོ་སོར་ངེས་པ་ཡིན་ཏེ། གལ་ཏེ་གཅིག་ཡིན་ན་ཡང་རྣམ་པ་དུ་མའི་ཤེས་པ་བསྐྱེད་པར་བྱ་བར་ནུས་པ་ཡིན་ནོ་ཞེས་བྱ་བར་གདོན་མི་ཟ་བར་བརྗོད་པར་བྱ་དགོས་སོ། །གལ་ཏེ་དེ་ལྟ་ན་ནུས་པ་ཤེས་པ་མཐུ་ངེས་པའི་ཐ་དད་པ་དེ་དག ་ཉིད་ལ་ནུས་པ་ངེས་པ་ཅིའི་ཕྱིར་རྟོག་པར་མི་བྱེད། དེ་ལྟ་ཡིན་ན་ཉམས་སུ་མྱོང་བ་དང་མི་གསལ་བ་རྗེས་སུ་བསྒྲུབ་པར་འགྱུར་རོ། །འདི་སྙམ་དུ་སྤྱི་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ནུས་པ་ངེས་པ་ཡིན་ནོ་སྙམ་དུ་སེམས་ན། ་རྗེས་སུ་འགྲོ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པས་མ་སྐྱེས་པའི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པའི་ཤེས་པ་འདི་དག་དང་གཏོགས་པའི་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་ཉིད་རིགས་པ་མ་ཡིན་ནོ། །གལ་ཏེ ་འདི་སྤྱི་རྗེས་སུ་བྱེད་པར་འགྱུར་ན། དེའི་ཚེ་སྤྱི་ཐམས་ཅད་དུ་གནས་པས་ཅིའི་ཕྱིར་རྟག་ཏུ་མི་འགྱུར། སྤྱི་ནི་འགའ་ཞིག་ལ་ལྟོས་པ་ཡིན་ཏེ། དེའི་ཁྱད་པར་གཞན་གྱིས་བོགས་དབྱུང་ངུ་མེད་པའི་ཕྱིར་རོ། །དེའི་ཕྱིར ་འདི་དག་དེར་གཏོགས་པའི་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་མ་ཡིན་ལ། ལྡོག་པའི་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་ཡོད་པ་ལ་སོགས་པའི་ཤེས་པ་འདི་སྐྱེ་བ་དེའི་ཚེ་དེར་སྐྱེ་མེད་པ་རྒྱུ་ཡིན་ནོ་ཞེས་ནི་བརྗོད་པར་མི་ནུས་ཏེ། ་རྟག་པ་རྣམས་རྟག་ཏུ་གནས་པ་ཉིད་ཀྱིས་ལྡོག་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ལ་དེར་གཏོགས་པའི་ལྡོག་པའི་རྗེས་སུ་བྱེད་པ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་བཞིན་དུ་རྒྱུ་མཚན་གཞན་ཁས་བླངས་པ་ན་སྤྱི་ལ་སོགས ་པའི་བློའི་ཉེས་པ་ཡིན་པ་དེ་ལྟ་བས་ན་གཞན་གྱི་ཡོན་ཏན་ལ་སོགས་པ་ལ་རྫས་མ་ཡིན་པ་དང་ལས་མ་ཡིན་པ་ལ་སོགས་པའི་ཤེས་པའི་རྒྱུ་ཡོན་ཏན་ཉིད་ལ་སོགས་པའི་སྤྱིའི་ཁྱད་པར་ཡོད་པ་ལ་སོགས་སྤྱི་ལ་སྤྱི་ཞེས་བྱ་བའི་རྗེས་སུ་འགྲོ་བ་ཤེས ་པའི་རྒྱུ་མཚན་དོན་དུ་མ་དང་འདུ་བ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་བསལ་བ་ཡིན་ནོ་ཞེས་བྱ་བ་འདི་བཤད་པ་ནི། རྫས་ལ་སོགས་པ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་བརྟགས་པ་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བསྟན ་པའི་ཕྱིར། དེའི་ཕྱིར་སྤྱིའི་བློ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྤྱིའི་བློའི་རྒྱུ་མཚན་དོན་དུ་མ་འདུ་བ་ཡིན་ན། གྲངས་དང་ལྡན་པ་དང་རྣམ་པར་དབྱེ་བ་དང་ཡན་ལག་ཅན་གྱི་རྫས་ལ་སོགས་པ་ལ་རྫས་སུ་མ་སྟོན་པ་ཉིད་ཡོད་པའི་ཕྱིར ་དེ་དག་ལ་ཡང་སྤྱིའོ་སྙམ་པའི་བློའི་རྒྱུ་མཚན་འགྱུར་བ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཡོད་པ་ལ་སོགས་པའི་བློ་གཅིག་གི་རྒྱུ་ཉིད་ཀྱང་ཡོད་པ་ལ་སོགས་པའི་རྣམ་པས་རང་གི་བདག་ཉིད་ལ་ངེས་པའི་ཕྱིར་སྤྱི་གཞན་ལ་བརྟེན ་པ་མ་ཡིན་ནོ། །དེ་ལྟར་ཡིན་དང་དེའི་སྟོབས་ཀྱིས་ཀྱང་སྤྱི་དག་ལ་སྤྱིའི་སྙམ་པའི་རྗེས་སུ་འཇུག་པའི་ཤེས་པ་སྐྱེ་བ་མ་ཡིན་ནོ། །དེ་ལྟར་ན། དེ་ཕྱིར་ཐ་དད་དག་ལ་ཅིག། འཇུག་པའི་རྒྱུ་མཚན་གང་ཡིན་ཏེ། ཡོད་པ་སོགས་ལ ་སྤྱི་སྒྲ་འམ། ཡང་ན་བློ་གཅིག་བྱེད་པ་ཡིན། ཞེས་ཀུ་མཱ་ར་རི་ལས་སྨྲས་པ་འདི་ཡང་འགྲེལ་པ་མེད་ཡིན་ནོ། །དེ་ལྟར་རེ་ཞིག་མི་འདྲ་བའི་ཕྱིར་ཞེས་བྱ་བ་སྟེ་བཤད་ཟིན་ཏོ། །དེ་ལ་བརྟེན་པ་མེད་ཕྱིར ་རོ་ཞེས་བྱ་བ་དེ་འཆད་པར་འདོད་ནས། བུམ་པ་ཉིད་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། སྤྱི་བུམ་པ་ལ་སོགས་པ་དག་ལ་འདུ་བ་མེད་པ་དག་ལ་ནི་མ་ཡིན་ཏེ། དེ་དག་ནི་དངོས་པོ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་མེད་པ་དག་ལ་བུམ་པ་ལ་སོགས ་པ་དེ་ལས་གཞན་ལ་འདུ་བས་སྤྱིའི་རྣམ་པའི་རྣམ་པའི་རྗེས་སུ་བྱེད་པའི་ཤེས་པར་འགྱུར། རྟ་ལ་སོགས་པ་གཅིག་གི་རྣམ་པ་ཤེས་པའི་རྒྱུ་མཚན་ནི་གླང་པོ་ཉིད་ལ་སོགས་པ་མ་ཡིན་ནོ། །འོན་ཏེ་འདི་ལྟ་སྟེ་དཔེར་ན་དེ་མདོར་སྣུབ་མོ ་བསིལ་ལོ། །ཅི་འོ་ཞེས་བྱ་བ་ལྟ་བུར་གཞན་དུ་འཇུག་པས་ཀྱང་གཞན་དུ་ཤེས་པ་སྐྱེ་བར་མཐོང་བ་མ་ཡིན་ནམ་ཞེ་ན། དེ་ལ་སྨྲས་པ། འདིར་དོན་གཅིག་ལ་བརྟེན་པ་མིན་ཞེས་བྱ་བ་ལ། རྫས་གང་ཁོ་ན་ལ་མཛའ་བ་ཉིད་འདུ ་བ་དེ། ཁོ་ན་ལ་བསིལ་བ་ཉིད་ལ་སོགས་པ་ཡང་ཡིན་པའི་ཕྱིར་དོན་གཅིག་ལ་འདུ་བའི་སྟབས་ཀྱིས་འདིར་གཞི་མཐུན་པར་འགྱུར་གྱི། མེད་པ་བུམ་པ་ཉིད་ལ་སོགས་པའི་སྤྱི་དང་ལྷན་ཅིག་གང་དུ་ཡང་རྫས་གཅིག་ལའང ་བ་ནི་མ་ཡིན་ཏེ། ཉེ་བར་བརྗོད་པ་མེད་པ་དེ་ནི་གང་དུ་ཡང་འདུ་བ་མི་རུང་བའི་ཕྱིར་རོ། །འདིར་གལ་ཏེ་ཁྱད་པར་ཞེས་བྱ་བ་ལ་སོགས་པས་འོད་བྱེད་པའི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ། བུམ་པ ་ཉིད་ལ་སོགས་པའི་སྤྱི་ནི་བུམ་པ་ལ་སོགས་པ་དང་ལྷན་ཅིག་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ལ། མེད་པ་རྣམས་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོའི་མཚན་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་སྤྱི་དང ་མེད་པ་དག་དོན་གཅིག་ལ་འདུ་བའི་འབྲེལ་བ་འདི་ལ་ཡང་ཐ་སྙད་ཀྱི་རྒྱུ་ཡོད་པ་ཁོ་ནའོ་ཞེའོ། །དེ་ལ་ལན་གདབ་པའི་ཕྱིར། འབྲེལ་པ་གཞན་ནི་ཡོད་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ཕན་ཚུན་ཁྱད་པར་དང་ཁྱད་པར ་ཅན་གྱི་དངོས་པོ་ན་འབྲེལ་ལ་གཞན་གྱིས་བསྐྱེད་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་དབྱུག་པ་དང་ལྷས་བྱིན་དག་དང་རྒྱལ་པོ་དང་སྐྱེས་བུ་དག་གི་རྗེས་ཁོལ་གྱི་དངོས་པོ་ལ་སོགས་པའི་འབྲེལ་པ་ལ་བརྟེན་ནས་ཁྱད་པར་དང་ཁྱད་པར་ཅན ་ཡིན་ནོ། །ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ལ་རྒྱུ་མཚན་དུ་གྱུར་པའི་འབྲེལ་པ་གཞན་དེ་མེད་པ་ལ་ཁྱད་པར་ཅན་དང་ཁྱད་པར་དེ་ཅི་ལྟར་འགྱུར། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟ་ན་ནི་ཐམས་ཅད་ཐམས་ཅད་ཀྱི་ཁྱད ་བར་དུ་འགྱུར་རོ། །ད་ནི་ཇི་ལྟར་འབྲེལ་བ་མེད་པར་འཇིག་རྟེན་ན་བུམ་པའི་སྔ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་རྟོགས་ཤེ་ན། བུམ་པ་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་མེད་པར་གྱུར་ནས ་ཡོད་པ་ཞེས་བྱ་བའི་དོན་དེ་ཙམ་ཞིག་ཤེས་པར་འདོད་པ་ལ་བློ་འདི་བརྟགས་པ་ཡིན་ཏེ། དངོས་པོ་ལས་དོན་གཞན་དུ་གྱུར་པ་ལྟ་བུ་དང་འབྲེལ་བ་ལྟ་བུའི་སྔ་ན་མེད་པ་རྟོག་པ་སྐྱེ་བ་ཡིན་ནོ། །དེའི་བསམ་པའི་དབང་གིས་འདིར་ཁྱད་པར ་དང་ཁྱད་པར་གྱི་དངོས་པོ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །ཇི་ལྟར་རྟོག་པའི་གཟོ་བོས་བཅོས་པའི་དཔའ་བ་ལ་སོགས་པའི་ཆོས་ཀྱི་ཁྱད་པར་ཉིད་ཉེ་བར་བཟུང་བ་ཡིན་ཏེ། གང་དུ་ཁྱེད་ཅག་གིས་དངོས་པོ་ལ་བརྟེན་པའི་ཁྱད ་པར་དང་ཁྱད་པར་ཅན་གྱི་དངོས་པོ་གཟུང་བ་དེར་གདོན་མི་ཟ་བར་འབྲེལ་པ་གཞན་བཙལ་བར་བྱ་བ་ཡིན་ནོ། །གཞན་དུ་རྣམ་པར་བཞག་པ་ངེས་པར་མི་འགྱུར་རོ། །གཞན་ཡང་བདེ་བྱེད་བདག་པོས་སྨྲས་པའི་མན?་འདི་ནི ་ཀླན་ཀ་དང་རྗེས་སུ་མཐུན་པ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མེད་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདི་བུམ་པ་མེད་པ་དང་སྣམ་བུ་མེད་པ་དང་རི་བོང་གི་རྭ་ལ་སོགས་པ་མེད་པ་ལ་མེད་པའི་སྙམ ་པའི་རྗེས་སུ་འགྲོ་བའི་ཤེས་པ་འཇུག་པ་དེ་ལ་ཁོ་བོ་ཅག་གི་སྤྱི་མེད་ན་ཡང་རྗེས་སུ་འགྲོ་བའི་ཤེས་པ་མཐོང་བའི་ཕྱིར་གཞན་དུ་སྤྱི་རྟོག་པ་མེད་དོ། །ཞེས་ཀླན་ཀ་བྱས་ཀྱི། བུམ་པ་ལ་སོགས་པ་རིགས་མཐུན་པ་མང་པོ ་རྣམས་ཀྱི་གང་སྔ་ན་མེད་པ་ལ་སོགས་པའི་ཤེས་པ་གང་ཡིན་པ་དེ་ལ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་དེ་ལས་ཅིར་འགྱུར་ཞེ་ན་ཁྱད་པར་ལ་ནི་གནས་པའི་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པའི་ཁྱད ་པར་ལ་གནས་པའི་སྤྱི་བུམ་པ་ཉིད་ལ་སོགས་པ་གང་ཡིན་པ་དེའི་རྟེན་བུམ་པ་ལ་སོགས་པ་ཉིད་ལ་འཇུག་གི་སྣམ་བུ་ལ་སོགས་པ་རྟེན་གཞན་ལ་ནི་མ་ཡིན་ནོ། །དེ་ཇི་ལྟར་སྔ་ན་མེད་པ་ལ་སོགས་པ་ལ་རིགས་མི་མཐུན ་པའི་སྣམ་བུ་ལ་སོགས་པ་ལ་ཡོད་པ་དེ་ལས་ཤེས་པར་འགྱུར་ཞེས་བསམས་པའོ། །ཐམས་ཅད་དུ་རྗེས་སུ་འགྲོ་བའི་སྤྱི་གཅིག་ཡོད་དོ་ཞེ་ན། དེ་དག་ལ་ནི་རྗེས་སུ་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་འདིའི ་ཤེས་པར་འགྱུར་བ་རིགས་མི་མཐུན་པའི་དངོས་པོ་དུ་མ་བུམ་པ་ལ་སོགས་པ་མཛའ་དག་ལ་ཁྱད་པའི་སྤྱི་གཞན་ཡོད་པ་ནི་མ་ཡིན་ནོ། །འདི་སྙམ་དུ་དེའི་སྟོབས་ཀྱིས་མེད་པའི་ཤེས་པར་འགྱུར་པ་ཡོད་པ་ཞེས་བྱ་བའི་སྤྱི་ཆེན ་པོ་ཡོད་དོ་སྙམ་ན། དེ་མི་རིགས་ཏེ་འཁྲུལ་པའི་ཕྱིར་རོ། །འདི་ལྟར་ཚིག་གི་དོན་དྲུག་ལས་མ་གཏོགས་པའི་སོ་སོར་བརྟགས་པའི་འགོགས་པ་ལ་སོགས་པའི་ཚིག་དོན་གཞན་མེད་པའི་ཕྱིར་ཁྱེད་ལ་མེད་པའི་བློ་གང་དག་ཀུན་ཏུ་རྒྱུ ་བ་དང་གང་ཡང་བརྟགས་པའི་གཏམ་རྒྱུད་བརྒྱུད་བསླུ་བ་པ་ལ་སོགས་པ་རྫས་མ་ཡིན་པའི་རང་བཞིན་རྣམས་ཀྱི་དོན་དམ་པ་མེད་པ་ཞེས་བྱ་བའི་བློ་རྣམས་དེ་དག་ལ་ཁྱད་པར་དུ་གཏོགས་པའི་སྤྱི་གང་ཡིན་པ་དེའི་རྒྱུ་མཚན་དུ་འགྱུར་བ་གང་ཡིན་ཁྱེད་ཀྱི་ལུགས ་ཀྱིས་སོ་སོར་བརྟགས་པ་ལ་སོགས་པའི་དེ་དག་ལ་ཡོད་པ་ཉིད་ཡོད་པ་ནི་མ་ཡིན་ནོ། །འདིས་ནི་གཞོན་ནུ་མ་ལེན་གྱིས། །སྔ་ན་མེད་པ་ལ་སོགས་སྤྱི། །དངོས་པོ་མི་འདོད་མ་ཡིན་ནམ། །འདི་ལ་སྐྱེ་མེད་སོགས་ངོ་བོ། །ཡོད་པ་ཉིད་ནི་སྤྱི་ཡིན་ནོ། ། ་ཞེས་གང་སྨྲས་པ་དེ་ཡང་གསལ་བ་ཡིན་ཏེ། ལ་སོགས་ངོ་བོ་ནི་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་ཉེས་པ་འདི་ཉིད་ཡིན་ཏེ། གང་གིས་དེ་མེད་པའི་ཤེས་པར་འགྱུར་པ་གཞུང་ལུགས་གཞན་གྱི་དངོས་པོ་རྣམས་དང་བརྟགས ་པའི་གཏམ་རྒྱུད་རྣམས་ལ་ནི་ཡོད་པ་མ་ཡིན་ནོ། །དེ་ངེས་པའི་བརྟགས་པའི་ཡོད་པ་དེ་ལ་ཕྱི་རོལ་གྱི་དོན་གྱིས་སྟོང་པར་རྟོགས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་སྒྲའི་དོན་མཛའ་དག་རྟག་པ་གཅིག་པུའི་ཡོད་པ་དང་བྲལ་བ་རྣམ་པར་རྟོག་པ་ཙམ་གྱི་བདག་ཉིད ་དུ་ཅིའི་ཕྱིར་མ་འདོད། དེ་ལྟ་མ་ཡིན་ཏེ། རྟག་པ་དང་གཅིག་པུར་ཡོད་པ་ལ་སོགས་པའི་དོན་ཁས་ལེན་ན་ཡོད་པ་དང་སྐྱེ་བ་ཐ་མི་དད་དེ། །བོགས་དབྱུང་དུ་མེད་པའི་ཕྱིར་རོ། །ཇི་ལྟར་ཐ་དད་པའི་ངོ་བོར་རྟོགས་པར་འགྱུར་ཞེས་བྱ་བའི་ཀླན་ཀ་སྤང་དཀའ་བ ་ཉིད་དུ་འགྱུར་རོ། །ང་ནི་འདོད་པས་བཀོད་པའི་ངོ་བོ་དང། ཞིག་པ་འམ་མ་སྐྱེས་པ་རྣམས་ལ་ཞེས་བྱ་བ་དེ་བསྒྲུབ་པའི་ཕྱིར་རོ། །འདོད་པས་སྦྱར་བའི་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པས་སྦྱར་བའི་ངོ་བོ་སྟེ་རང་བཞིན་གང་ལ་ཡོད་པ ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དང་པོར་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སོགས་པའི་སྒྲས་ནི་ཞིག་པ་དང་མ་སྐྱེས་པ་ལ་སོགས་པ་གཟུང་ངོ། །གང་གིས་དེའི་རྒྱུ་མཚན་ཅན་དེ་དག་ལ་བློས་འགྱུར་བ་བརྟགས་པ་ལ་སོགས་པ་ལ་སྤྱི་ཡོད ་པ་ནི་མ་ཡིན་ནོ། །འདི་སྙད་དུ་བརྟགས་པ་ལ་སྤྱི་མེད་མོད། །འདས་པ་དང་མ་སྐྱེས་པ་ལ་ནི་དེའི་རྒྱུ་མཚན་ཅན་གྱི་བློར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་ལོག་པ་ཡིན་ཏེ། རྟེན་མེད་པར་འབའ་ཞིག་པ་མི་གནས་པ་གང་ཡིན ་པ་འདི་ནི་བརྟེན་པ་རྣམས་ཀྱི་ཆོས་ཡིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་འགྱུར་རོ། །འབའ་ཞིག་པ་རྣམས་གནས་སུ་ཆུག་མོད་དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཁོ་ན་སྟེ། སྤྱི་འབའ་ཞིག་འཛིན་པར་ཁས་མི་ལེན་པའི་ཕྱིར་རོ། །དེ་སྐད་དུ། སྤྱི་རྟོགས་པ་ནི་རང་གི་རྟན་དང ་དབང་པོ་ཕྲད་པ་ལ་བལྟོས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྤྱི་འབའ་ཞིག་པ་ཡང་འཛིན་ན་སྤྱིའི་བློ་ལས་གསལ་བར་ངེས་པར་མི་འགྱུར་ཏེ། དེའི་གསལ་བ་མེད་པའི་ཕྱིར་རོ། །འདི་ནི་གསལ་བ་རྣམས་ཀྱི་སྤྱི་ཡིན་ནོ་ཞེས་བྱ་བའི་འབྲེལ་པར་ཡང་མི་འགྱུར ་ཏེ། རྒྱུ་མཚན་མེད་པའི་ཕྱིར་རོ། །འདི་ལྟར་འབྲེལ་པའི་རྒྱུ་མཚན་ཡོད་ན་སྤྱི་དེའི་གསལ་བྱ་ཡིན་པ་འམ། །དེའི་སྐྱེད་པར་བྱ་བ་ཉིད་ཡིན་པ་འམ། དེ་འཛིན་པ་ལ་བལྟོས་ན་འཛིན་པ་ཡིན་གྲངས་དེ་ལ་རེ་ཞིག་དེས་གསལ་བར་བྱས་པའི་ཕྱིར་སྤྱི་དེ་དང་འབྲེལ་བ ་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་གཞན་གྱི་ཕན་གདགས་པར་བྱ་བ་མ་ཡིན་པ་ནི་ཁྱད་པར་མེད་པའི་ཕྱིར་གསལ་བྱ་ཉིད་དུ་མི་འཐད་པའི་ཕྱིར་རོ། །གང་ཞིག་གང་གི་ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་ནི་དེའི་གསལ་བར་བྱེད་པ་མ་ཡིན་ཏེ། འབིགས ་བྱེད་གྱི་གང་ཅན་བཞིན་ནོ། །སྤྱིའི་གསལ་བ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་གསལ་བར་བྱེད་པ་ཉིད་ཡིན་ན། ཧ་ཅང་ཐལ་བར་འགྱུར་ཏེ། ཐམས་ཅད་ཐམས་ཅད ་ཀྱི་གསལ་བར་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་དེ་དག་ལ་སྐྱེ་བའི་གཞན་གྱི་དབང་དུ་རིགས་པ་མ་ཡིན་ལ་འབའ་ཞིག་འཛིན་པའི་ཕྱིར་དེ་ཤེས་པའི་གཞན་གྱི་དབང་ཡང་མ་ཡིན་པས་ཕྱོགས་གསུམ ་ཅར་ཡང་སྲིད་པ་མ་ཡིན་ནོ། །དེ་ལྟར་ཡིན་དང་སྦྱོར་རྟོགས་པ་ནི་རང་གི་རྟེན་དང་དབང་པོ་ཕྲ་པ་ལ་བལྟོས་པ་ཡིན་ནོ་ཞེས་གང་རྗོད་པ་དེ་མི་རིགས་ཏེ། རྟེན་ཉིད་མི་རུང་བའི་ཕྱིར་དེ་ལ་ཡོད་པ་དང་དབང་པོ་ཕྲད་པ་ལ་སོགས་པ་ལ་བལྟོས་པར་ག་ལས་འགྱུར། སོགས ་པ་སྨོས་པས་བདག་དང་ཡང་ཕྲད་པ་དང། སྣང་བ་ལ་སོགས་པ་བཟུང་ངོ། །རྟོགས་པ་ཉིད་ཀྱིས་ཁྱད་པར་གཞན་གྱི་བོགས་དབྱུང་དུ་མེད་པའི་ཕྱིར་འདི་འགའ་ཞིག་ཏུ་གཞན་ལ་བལྟོས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གལ་ཏེ་དེ་རང་གི་ཡུལ་ཅན་གྱི་ཤེས་པ ་སྐྱེད་པར་དུས་ན་དེའི་ཚེ་ཐམས་ཅད་དུ་དེ་བསྐྱེད་པར་འགྱུར་ལ། ཅི་སྟེ་མི་ནུས་ན་ནམ་ཡང་བསྐྱེད་པར་ཅི་འགྱུར་རོ། །དེའི་ནུས་པ་འམ་མི་ནུས་པའི་རང་གི་ངོ་བོ་དེ་སུས་ཀྱང་གཞན་དུ་བྱ་བར་མི་ནུས་ཏེ། རྟག་པ་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ། །ཅི་སྐད་དུ་དེའི ་ནུས་པ་མི་ནུས་པའི། །རང་བཞིན་གྱིས་ནི་གནས་པ་གང། རྟག་པར་ཁྱད་པར་བྱར་མེད་འདི། དེ་དག་སུ་ཡིས་གཞིག་པར་ནུས་ཞེས་བཤད་པ་ལྟ་བུའོ། །གང་ཡང་བ་ལང་ཉིད་ནི་བ་ལང་ལས། དོན་གཞན་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ནི ་འཚང་པ་པོ་ལ་སོགས་པ་དག་གིས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། བ་ལང་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། འདི་ལྟར་འཚེད་པ་པོ་ལ་སོགས་པ་དག་ལས་འཚེད་པ་པོ་ཉིད་ལ་སོགས་པ་ལ་དོན་གཞན་དུ་གྱུར་པ་མེད་ན་ཡང ་འཚེད་པ་པོ་འཚེད་པ་པོ་ཞེས་བྱ་བའི་བློ་ཐ་དད་པའི་ཡུལ་ཉིད་དུ་འགྱུར་བ་ཁོ་ནའོ། །ལྷས་བྱིན་གྱི་འཚེད་པ་པོ་ཉིད་ཅེས་ཐ་དད་པའི་རྣམ་པར་དབྱེ་བ་ཡང་འགྱུར་བས་ངེས་ན་གཏན་ཚིགས་ཐུན་མོང་མ་དེས་པ་ཡིན་ནོ། །རྟགས ་དོན་གཞན་ཡང་ཞེས་བྱ་བ་ནི་ཀུ་མ་ར་རི་ལས་སྨྲས་པ་སྟེ། དེ་ལ་རྟགས་ངན་དེ་དག་ནི་འདི་དག་ཏུ་བརྗོད་དེ། བ་ལང་གི་གོང་བུ་ཐ་དད་པ་དག་ལ། བ་ལང་གི་བློ་གང་ཡིན་པ་འདི་ནི་བ་ལང་ཉིད་གཅིག་རྒྱུ་མཚན་ཅན་ཡིན་ཏེ་བ་ལང་དུ་སྣང་བའི་ཕྱིར་དང། གཅིག ་གི་རྣམ་པ་ཅན་ཡིན་པའི་ཕྱིར་བ་ལང་གི་གོང་བུ་གཅིག་གི་ཡུལ་ཅན་གྱི་བློ་བཞིན་ནོ། །ཡང་ན་བ་ལང་གི་བློ་གང་ཡིན་པ་འདི་ནི་ཁྲ་བོ་ལས་བྱུང་བ་མ་ཡིན་པའམ། དེ་ལས་མ་གཏོགས་པ་དོན་གཞན་དུ་འགྱུར་ལ ་དམིགས་པ་ཡིན་ཏེ། དེ་མེད་པས་ཡང་འབྱུང་བའི་ཕྱིར་བུམ་པ་ལ་སའི་བློ་བཞིན་ནོ། །དེའི་ཐམས་ཅད་དུ་སོང་བ་ཅི་ལྟར་འགྲུབ་ཅེ་ན། བརྗོད་པ་བ་ལང་གི་བློ་གང་ཡིན་པ་འདི་ནི་རེ་རེ་ལ་འདུ་བའི་དོན་གྱི་ཡུལ་ཅན་ཡིན་ཏེ། གོང་བུ་རེ་རེ་ལ་དངོས་པོའི ་རྣམ་པ་མ་ལུས་པའི་ངོ་བོ་ཡིན་པའི་ཕྱིར་གསལ་བ་སོ་སོའི་ཡུལ་ཅན་གྱི་བློ་བཞིན་ནོ། །འདི་གཅིག་ཉིད་དུ་ཡང་གྲུབ་པ་ཁོ་ན་སྟེ། འདི་ལྟར་གལ་ཏེ་ཡང་སོ་སོ་ལ་སྤྱིའི་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་དེ་ལྟ་ན་ཡང་དེ་ནི་གཅིག་ཁོ ་ན་སྟེ། གཅིག་གི་རྣམ་པ་ཅན་གྱི་བློས་གཟུང་བར། བྱས་པའི་ཕྱིར་དགག་པ་དང་ལྡན་པའི་དག་དག་ལ་བྲམ་ཟེ་ལ་སོགས་པ་ལྡོག་པ་བཞིན་ནོ་ཐ་དད་པ་དག་ལ་ཐ་མི་དད་པའི་རྣམ་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ནི་འཁྲུལ་པ་ཡིན་ཏེ། དེས ་ན་དེའི་སྟོབས་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་འཇོག་པ་འབྲལ་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་ནུས་ཏེ། འདི་ལྟར་འདི་ལ་རྒྱུའི་ཉེས་པ་མེད་ལ་གནོད་པར་བྱེད་པའི་ཤེས་པ་བསྟན་པ་ཡང་མ་ཡིན་ནོ། །དེ ་ལྟ་བས་ན་ལོག་པ་ཉིད་ཀྱི་རྒྱུ་མཚན་མེད་པའི་ཕྱིར་འདི་ནི་མི་རིགས་སོ་ཞེའོ། །ཇི་སྐད་དུ་ཐ་དད་གོང་བུ་བ་ལང་བློ། །བ་ལང་ཉིད་གཅིག་རྒྱུ་མཚན་ཅན། །བ་ལང་སྣང་དང་གཅིག་ཉིད་ཕྱིར། །བ་ལང་གོང་བུ་གཅིག་བློ་བཞིན། །ཁྲ་བོས ་བ་ལང་བློ་མིན་པ་འམ། དེ་ལས་བཞན་པ་དམིགས་པའང་ཡིན། །དེ་མེད་པར་ནི་ཡོད་པའི་ཕྱིར། །བུམ་པ་ལ་ནི་ས་བློ་བཞིན། །བ་ལང་བློ་ན་རེ་རེ་ལ། །འདུ་བའི་དོན་ཡུལ་ཅན་ཡང་ཡིན། །སོ་སོར་མ་ལུས་ངོ་བོའི་ཕྱིར། །གསལ་བ་སོ་སོ་བློ་བཞིན་ནོ། ། ་རིགས་ནི་རེ་རེར་འདུ་བ་འང་ཡིན། །རེ་རེ་བ་ཡི་བློ་ཡིན་ཕྱིར། །དགག་པ་དག་ལྡན་དག་རྣམས་ལ། །བྲམ་ཟེ་ལ་སོགས་ཟློག་པ་བཞིན། །བ་ལང་ཉིད་ལ་གཅིག་ངོས་བློ། །ལོག་པར་བརྗོད་པར་ནུས་མ་ཡིན། །འདི་ལ་གནོད་པའི་ཤེས་པའམ། །རྒྱུའི་ཉེས་པ་ཡོད་པ་ཡིན། །ཞེས ་ཀྱང་བཤད་དོ། །དེའི་ཕྱིར་འདིར་རེ་ཞིག་སྒྲུབ་པ་མ་ཚང་བ་ཡིན་ཏེ། བ་ལང་གཅིག་ཉིད་མ་གྲུབ་པའི་དེའི་རྒྱུ་མཚན་ཅན་གྱི་བ་ལང་གཅིག་གི་བློ་ཡང་གྲུབ་པ་ཡིན་ནོ། །ཇི་སྟེ་སྤྱིར་རྒྱུ་མཚན་གཅིག་ཉིད་སྒྲུབ་པ་དེའི་ཚེ་སྒྲུབ་པ་ལ་སྒྲུབ་པ་ཡིན་ཏེ། རིགས་མི་མཐུན་པ་རྣམ་པར་གཅོད་པས ་བ་ལང་གི་ལྡོག་པ་གཅིག་བརྟག་པ་རྒྱུ་མཚན་དུ་འདོད་པའི་ཕྱིར་རོ། །བ་ལང་གི་བློ་ཁྲ་བོ་ལས་མ་ཡིན་ནོ་ཞེས་པ་འདི་ཡང་དངོས་སུ་དེ་ལ་སྐྱེ་བ་དགག་པ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ནི་རང་གི་མཚན་ཉིད་ཉམས་སུ་མྱོང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་དབང་དུ ་ཚོད་པའི་ཕྱིར་རོ། །འདི་དེ་བརྒྱུད་ནས་ཀྱང་དེ་ལས་མི་འབྱུང་ངོ་ཞེས་སྒྲུབ་ན་དེའི་ཚེད་མ་བཅས་པ་ཉམས་སུ་མྱོང་བ་དང་འགལ་བ་དང་དཔེ་ཡང་བསྒྲུབ་བྱ་མ་ཚད་བ་ཡིན་ནོ། །གཞན་ལ་དམིགས་པ་ཉིད་སྒྲུབ་ན་ཡང་ཁྲ་བོ་ཉེ་བ་ན་འདི་ནི་བ་ལང་ངོ་ཞེས་བློ་སྐྱེ་བ་གང་ཡིན ་པ་དེ་གལ་ཏེ་དེ་ལས་གཞན་ལ་དམིགས་པའོ་ཞེས་བསྒྲུབ་ན་འདིའི་ཚེ་འདི་ལ་ཡང་ཉམས་སུ་དང་འགལ་ཏེ། འདི་ལྟར་དེ་ནི་གོང་བུ་ཉེ་བ་ངེས་པ་ནི་འཇུག་ལ་དཔེ་ཡང་བསྒྲུབ་བྱ་མ་ཚང་བ་ཡིན་ནོ། །ཅི་སྟེ་དེ་མེད་ཅིང་བུ་ཡུལ་ལ་སོགས་པ་ཉེ་བར་དེ་ལྟར་འཇུག ་པའི་བློ་གང་ཡིན་པ་དེ་ལས་གཞན་ལ་དམིགས་སོ་ཞེས་བྱ་བར་སྒྲུབ་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པོ། །གལ་ཏེ་དངོས་པོ་ཡོད་ལ་དམིགས་པའོ་ཞེས་སྒྲུབ་ན་དེའི་ཚེ་མ་དེས་པ་ཡིན་ནོ། །འདི་ནི་དོན་དམ་པར་དངོས་པོ་ཡོད་པ་ལ་དམིགས་པ་ཅུང་ཟད་ཀྱང་ཡོད ་པ་མ་ཡིན་ནོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །གང་ཡང་རེ་རེ་ལ་ཡོངས་སུ་རྫོགས་པའི་དོན་གྱི་ཡུལ་ཅན་ཉིད་དུ་བསྒྲུབ་པ་དེ་ལ་ཡང་སྤྱིར་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དངོས་པོ་རེ་རེ་ལ་དེ་མ་ཡིན་པའི་ངོ་བོ་ལས་ལོག་པའི་དངོས་པོའི་? ་འཇུག་པའི་ཕྱིར་རོ། །འོན་ཏེ་སྤྱི་ཞེས་བྱ་བ་རྟག་པ་གཅིག་པུ་རེ་རེ་ལ་ཡོངས་སུ་རྫོགས་པའི་དངོས་པོར་གྱུར་པའི་ཚིག་གི་དོན་ཅན་ཉིད་(རྩ་བ་ན་དེའི་དཔལ)་སྒྲུབ་བྱ་མ་ཚང་ཞིང་གཏན་ཚིགས་ཀྱང་མ་ངེས་པ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་ཆོས་ཀྱིས་གང ་དུ་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །གཅིག་བདག་ཉིད་ཐམས་ཅད་ཀྱིས་མང་པོ་དག་ཡོངས་སུ་རྫོགས་པ་ཉིད་ཡིན་ན་གསལ་བ་ཕན་ཚུན་ཐ་དད་པ་ཐམས་ཅད་ངོ་བོ་ཉིད་འགྱུར་ཏེ། གསལ་བ་གཅིག་གི་མཐར་ཐུག་པའི་རང་བཞིན་གྱི་སྤྱིའི་དངོས ་པོས་རེག་པའི་ཕྱིར་གསལ་བ་གཅིག་གི་ངོ་བོ་བཞིན་ནོ། །ཡང་ན་སྤྱི་དུ་མ་ཉིད་དུ་འགྱུར་ཏེ། ཅིག་ཅར་དངོས་པོ་དུ་མ་ལ་ཡོངས་སུ་རྫོགས་པའི་བདག་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡུལ་ཅེས་རིང་བ་ན་གནས་པའི་གནོད་ན་ཡོད་པའི་ཆེས་མང? ་བའི་བིལ་བི་ལ་སོགས་པའི་འབྲས་བུ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པས་གནོད་པའོ། །དེས་ན་འདི་ལ་གནོད་པར་བྱེད་པའི་ཤེས་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་མ་གྲུབ་པ་ཏེ། གནོད་པ་སྔར་བཤད་ཟིན་པའི་ཕྱིར་དང། །འཆང ་བར་འགྱུར་པའི་ཕྱིར་རོ། །གལ་ཏེ་ཡང་རིགས་གཅིག་ཉིད་དུ་སྒྲུབ་ན་ཡང་རིགས་རེ་རེ་དང་འདུ་བ་ཉིད་དུ་མ་གྲུབ་པའི་ཕྱིར་བློ་གཅིག་གིས་གཟུང་བར་བྱ་བ་ཉིད་དུ་མ་གྲུབ་པས་གཏན་ཚིགས་བཞིན་མ་གྲུབ་པ་ཡིན་ནོ། །བྲམ་ཟེ་ལ་སོགས་པ་ཟློག ་པ་ཡང་དོན་དམ་པར་དངོས་པོ་དུ་མ་ཡིན་ཏེ། དངོས་པོ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དཔེ་བསྒྲུབ་བྱ་མ་ཚང་བ་ཡིན་ནོ། །བཏགས་པའི་གཅིག་ཉིད་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། བཏགས་པའི་སེལ་བའི་ངོ་བོ་གཅིག་ཏུ་འདོད་པའི ་ཕྱིར་རོ། །གང་ཡང་འདི་ལ་རྒྱུའི་ཉེས་པ་ཡོད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་མ་གྲུབ་པ་ཉིད་དེ། །མ་རིགས་པའི་བག་ཆགས་ཐོགས་མ་མེད་པའི་མཚན་ཉིད་ཀྱི་རྒྱུའི་སྐྱོན་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཚུལ་འདི ་རྟགས་དོན་འདི་དག་སུན་དབྱུང་བར་བྱའོ། །དེ་ལྟར་རེ་ཞིག་གཞན་གྱིས་སྨྲས་པའི་སྤྱིའི་སྒྲུབ་བྱེད་རྣམས་རྒྱས་པར་སུན་འབྱིན་པ་བརྗོད་ནས་སྤྱིའི་གནོད་པར་བྱེད་པའི་ཚད་མ་བརྗོད་པར་འདོད་ནས། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོན་མི་ཟ་བར ་སྤྱི་ཐ་དད་པ་དག་ལ་འཇུག་པར་འདོད་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་དག་ལ་དེའི་རྒྱུ་མཚན་ཅན་གྱི་གཅིག་རྣམས་པ་ཅན་གྱི་བློ་ངེས་པར་འགྲུབ་པར་འགྱུར། དེ་ལ་འདིའི་འཇུག་པ་གནས་པའི་མཚན་ཉིད་ཡིན་པ་འམ། དེ་མངོན་པར་གསལ་བའི་མཚན་ཉིད ་ཡིན། གནས་པ་ཡང་རྣམས་གཉིས་ཏེ། རང་གི་ངོ་བོ་མི་འཇིག་པའི་མཚན་ཉིད་ཡིན་པ་འམ། ཐུར་དུ་ལྷུང་པའི་མཚན་ཉིད་གེགས་བྱེད་པའི་མཚན་ཉིད་ཡིན་གྲང། དེ་ལ་རེ་ཞིག་དང་པོ་ནི་མ་ཡིན་ཏེ། རྟག་པའི་ཕྱིར་རང་ཉིད་ཀྱིས་རང་བཞིན་མི ་འཇིག་པར་གྲུབ་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་དང་ཐམས་ཅད་དུ་སོང་བ་དག་གིས་ཕྱིར་བྱ་བ་མེད་པ་ཉིད་ཀྱིས་ཐུར་དུ་ལྷུང་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་རྟེན་རྣམས་དེའི་གེགས་བྱེད་པ ་ཉིད་མི་རིགས་སོ། །ཐ་དད་པ་དག་པ་སྤྱི་གནས་པ་གང་ཡིན་པ་དེ་ནི་གནས་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ལན་མ་ཡིན་པ་ཉིད་དེ། འདུ་བ་དེ་ཉིད་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་རྟེན་དང་བརྟེན་པ་ལོགས ་ཤིག་མ་ཡིན་པར་གྲུབ་པའི་ངོ་བོའི་མཚན་ཉིད་དེ་ནི་འདུ་བ་ཞེས་བྱའོ། །སྤྱིའི་བརྟེན་པ་དེ་ཡང་དེ་དང་འབྲེལ་པའི་གནས་པ་ཉིད་ཀྱིས་སམ། དེས་གསལ་བར་བྱ་བ་ཉིད་ཀྱིས་ཡིན་ཞེས་བྱ་བ་འདི་ཉིད་དཔྱོད་པ་རྩོམ་པ་ཡིན་ནོ། །ཕན ་ཚུན་མ་འདྲེས་པའི་བདག་ཉིད་རྣམས་ཀྱིས་ཅུང་ཟད་ཀྱང་མི་བྱེད་པ་དོན་གཞན་དུ་འགྱུར་པ་རིགས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་ཉིད་ཀྱི་འདུ་བར་འགྱུར་རོ། །འདི་ལྟར་ཕན་ཚུན་ལྡོག་པའི ་ལུས་ཅན་གྱི་དངོས་པོ་སྲེ་བར་བྱེད་པ་གང་ཡིན་པ་དེ་འདུ་བར་བརྟགས་ཏེ། དོན་གཞན་དུ་གྱུར་པ་ཡོད་ན་ཡང་རང་གི་བདག་ཉིད་ལ་གནས་པའི་ཕན་ཚུན་ཐ་དད་པ་རང་བཞིན་འབྲེལ་པ་ཡོད་པ་ཡང་མ་ཡིན་ཏེ། རང་གི་ངོ་བོ་ཉམས་པར ་ཐལ་པར་འགྱུར་པའི་ཕྱིར་རོ། །དོན་གཞན་དུ་གྱུར་པ་དེ་ལ་འདུ་བ་པོ་ཞེས་མི་བྱེད་ན་ནི་རྩོད་པ་མེད་པ་དོན་གཞན་དུ་གྱུར་པའི་གནས་པའི་རིགས་པ་མ་ཡིན་ནོ། །འཕོ་བའི་གེགས་ནི་ཞེས་བྱ་བ་ལ་སོགས་པས་སྤྱི་ལ་རྟེན་དུ་རྟོགས་པ་ཤིན་ཏུ་ ་འབྲེལ་པ་མེད་པར་སྟོན་པ་ཡིན་ནོ། །འཕོ་བ་མེད་པ་མེད་པ་ནི་འཕོ་བ་དང་བྲལ་བ་རྣམས་ཏེ། ལུས་ཅན་མ་ཡིན་པ་དང་ཐམས་ཅད་དུ་སོང་བ་དག་གིས་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་གསལ་བའི་མཚན་ཉིད་ཀྱི་གནས་པ་ཡང་རིགས་པ་མ་ཡིན ་ཏེ་འདི་ལྟར་དེས་གསལ་བ་ནི་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བར་བྱེད་པ་ཉིད་ཡིན་གྱི། རྟག་པ་གཞན་དུ་བྱེད་པ་མི་སྲིད་པའི་ཕྱིར། རང་བཞིན་ཡོངས་སུ་རྒྱས་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གལ་ཏེ་རང་ཉིད་ཀྱི་ཤེས་པ་སྐྱེད་པར་ནུས་ནས་དེའི ་ཚེ་ཅིའི་ཕྱིར་ན་གསལ་བའི་རྒྱུ་ལ་བལྟོས་པར་འགྱུར། འོན་ཏེ་མི་ནུས་ན་དེའི་ཚེ་ཡང་གཞན་གྱིས་ཁྱད་པར་བོགས་དབྱུང་དུ་མེད་པའི་ཕྱིར་དེ་ལ་བལྟོས་པ་རིགས་དང་ལྡན་པ་མ་ཡིན་ནོ། །གཞན་གྱི་ཁྱད་པར་དུ་བྱེད་པར་ཁས་ལེན་ན་ཡང་མི་རྟག་པ་ཉིད་དུ་ངལ་བར ་འགྱུར་ཏེ། དེ་ལྟར་ན་གསལ་བ་བཞིན་དུ་ཐུན་མོང་མ་ཡིན་པའི་ཕྱིར་སྤྱི་དངོས་པོར་མི་འགྱུར་རོ་སྙམས་དུ་བསམས་པའོ། །དེ་ལྟ་བས་ན་བརྗོད་པ་དང་སྒྲ་དག་ཡོད་པའི་ཕྱིར་མ་ལུས་པ་ཉིད་ནི་སྤྱིའི་ཚིག་གི་དོན་ཡིན་པར་བརྗོད་དོ། །སྦྱོར་བ་ནི་གང་ཞིག་གང ་ལ་འཇུག་པའི་རྒྱུ་མཚན་ཅུང་ཟད་མེད་པ་དེ་ནི་དེ་ལ་འཇུག་པ་མ་ཡིན་ཏེ། འབིགས་བྱེད་ལ་གངས་ཅན་བཞིན་ནོ། །སྤྱི་ཡང་ཐ་དད་པ་དག་ལ་འཇུག་པའི་རྒྱུ་མཚན་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །བུམ་སོགས་ཞེས ་བྱ་བ་ལ་སོགས་པ་སྐྱོན་གཞན་ཡང་འཆད་དོ། །བུམ་པ་ལོ་སོགས་པའི་རིགས་ཐ་དད་པ་ནི་བུམ་པ་ཉིད་དང་?་ཉིད་ལ་སོགས་པ་ཨསྟེ། ཐམས་ཅད་དུ་སོང་བ་ཉིད་དུ་བརྗོད་པ་ན་རེས་འགའ་རང་གིས་རྟེན་ཙམ་ལ་ཁྱབ་པ་ཉིད་དུ་བརྗོད་པའམ། ཡང་ན་གང་གསལ་བས་སྟོང་པའི་ཡུལ ་ཐམས་ཅད་ན་ཡོད་པ་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་གཉིས་སོ། །མཆོག་གི་རིག་བཞིན་ཞེས་བྱ་བ་ལ་མཆོག་ཅེས་བྱ་བས་ཡུལ་ཆེན་པོ་ཉིད་ཀྱིས་ཡོད་པ་བརྗོད་དོ། །འདི་ཡང་ཡུལ་ཆེན་པོ་ཉིད་ཙམ་དུ་མཚུངས་པ་ཉིད་ཀྱིས་དཔེར་བྱས་ཀྱིས་གསལ་བའི་བར་ན་གནས ་པའི་ཡུལ་ལ་ཁྱབ་པ་ཉིད་ཀྱིས་དེ་ཡང་དེའི་ཚེ་ཆོས་མ་གཏོགས་པ་ནི་མ་ཡིན་ནོ། །དེ་ལ་ཕྱོགས་དང་པོ་ལ་ཉེས་པ་བཤད་ལ། དེ་ལ་དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །བུམ་པ་ལ་སོགས་པའི་གསལ་བས་སྟོང་པའི་ཡུལ་དུ་བུམ་པ་ལ་སོགས་པའི་དངོས ་པོ་སྐྱེ་བ་ན་དེ་དག་དེ་རིགས་ཀྱི་བྱེ་བྲག་བུམ་པ་ལ་སོགས་པ་རྣམས་ཇི་ལྟར་དེ་ལ་སྟེ་བུམ་པ་ལ་སོགས་པ་ལ་འཇུག་པ་འམ་མཐོང་བར་འགྱུར་ཞེས་བྱ། མི་ཤེས་ཏེ་ཁོང་དུ་མ་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་ལྟར་ཞེ་ན། རྟག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། འདི་ལྟར་དེ་དག་བུམ་པ་ལ་སོགས་པ་གསལ་བ་ཐ་དད་པ་དང་ལྷན་ཅིག་སྐྱེ་བར་འགྱུར་བ་འམ། དེ་ན་སྔ་ནས་གནས་པར་འགྱུར་བ་འམ། ཡུལ་གཞན་ནས་འོངས་པར་གྱུར་པ་དེའི་ཚེ་དེར་མཐོང་བ་འམ་འཇུག་པར་འགྱུར། གང་གི་ཕྱིར་དེ་དག་སྐྱེ་བ་མ་ཡིན་ཏེ། རྟག་པའི ་ཕྱིར་རོ། །སྔ་ནས་གནས་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ཁྱབ་པ་མ་ཡིན་པའི་ཕྱིར་རོ། །ཡུལ་གཞན་ནས་འོངས་པ་ཡང་མ་ཡིན་ཏེ། བྱ་བ་མེད་པའི་ཕྱིར་རོ། དེ་ལྟ་བས་ན་ཇི་ལྟར་དེ་དག་ལ་དེ་དག་འཇུག་པའམ་དམིགས་པར་འགྱུར། སྦྱོར་བ་ནི་གང་ཞིག་གང་དུ་སྐྱེ་བ་མ་ཡིན་ཞིང་སྔ་ནས་གནས་པ་ཡང་མ ་ཡིན་ཞིང་བྱས་ཡུལ་གཞན་ནས་འོངས་པ་དང་ལྡན་པ་ཡང་མ་ཡིན་པ་དེ་དག་དེར་དམིགས་པ་འམ་འཇུག་པ་མ་ཡིན་ཏེ། རི་བོང་གི་མགོ་ལ་དེའི་རང་བཞིན་ནོ། །བུམ་པ་ལ་སོགས་པའི་དངོས་པོ་ལ་དེས་སྟོང་པའི་ཡུལ་དུ་སྐྱེ་བ་དང་ལྡན་པའི་སྤྱི་ཡང་དེ་བཞིན་ནོ། ། ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། དེ་ལ་འཇུག་པ་དང་དམིགས་པ་དག་གི་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་ཉེས་པ་བཤད་པ། རང་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། རང་གི་རྟེན་དང་དབང་པོ་ལྡན་པ་ལ་སོགས་པའི་དམིགས་པའི་རྒྱུ་ལ་སྟེ། སོགས་པའི་སྒྲས་ནི་བདག་དང་ཡིད་ཕྲད་པ་ལ་སོགས་པ་གཟུང་ངོ། །དེའི་ཕྱིར་གསལ་བ་ཐ་དད་པ་གཅིག་ལ་རིགས་ཐ་དད་པ་དེ་དག་འཛིན་པ་ན་རིགས་མི་མཐུན་པ་གསལ་བ་ཐ་དད་པའི་བར ་ཐམས་ཅད་དུ་ཡང་དམིགས་པར་འགྱུར་ཏེ། དེ་དག་བདག་ཉིད་ཇི་ལྟ་བ་བཞིན་དུ་ངོ་བོ་གཅིག་ཉིད་ཀྱི་རེ་རེ་ལ་བཟུང་བའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། གལ་ཏེ་ཤེས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཐོང ་བའི་གསལ་བ་དང་འདུ་བའི་སྤྱིའི་ངོ་བོ་ཤེས་ཟིན་པ་ལས་གསལ་བའི་བར་ན་གནས་པའི་སྤྱིའི་ངོ་བོ་ཐ་དད་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ཡང་འཛིན་པར་འགྱུར་ཏེ། གཟུང་ཟིན་པའི་རང་གི་ངོ་བོ་བཞིན་དུ་བཟུང་ཟིན་པ་ལས་ཐ་མི་དད་པའི་ཕྱིར་རོ། ། ་ཇི་སྟེ་དེ་འཛིན་པ་མི་ཡིན་ན་མ་བཟུང་བའི་ངོ་བོ་དང་ཐ་དད་པའི་ཕྱིར། །བཞིན་དུ་མཐོང་བའི་གསལ་བ་དང་འདུ་བ་ཡང་འཛིན་པར་མི་འགྱུར། ཅི་སྟེ་གཉི་གའི་ངོ་བོ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པའི ་ཕྱིར་རང་བཞིན་ཐ་དད་པར་འགྱུར་རོ། །འཛིན་པ་དང་མི་འཛིན་པ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་ཡང་ཡིན་ལ་གཅིག་ཀྱང་ཡིན་ནོ་ཞེས་སེམས་རྣལ་དུ་གནས་པས་བརྗོད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི ་ཕྱིར་རོ། །དེ་ལྟ་ན་ནི་སྣ་ཚོགས་རྫས་གཅིག་ཏུ་འགྱུར་ལ། དེ་ལྟ་ཡིན་དང་ལྷན་ཅིག་སྐྱེ་བ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཅིག་ཅེས་བྱ་བ་མིང་ཙམ་དུ་འགྱུར་ལ་མིང་ལ་ནི་རྩོད་པ་ཡང་མེད་དོ། །དེའི་ཕྱིར་དེ ་ལྟར་རིགས་རྣམ་པ་ཐམས་ཅད་དུ་སུན་དབྱུང་ནས་སྦྱོར་བ་དགོད་པའི་ཕྱིར། ཤིང་སོགས་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་རིམ་ཅན་ཉིད་དག་རྗེས་སུ་འཇུག་པ་ཉིད་དང། དངོས་པོ་ཉིད་དང། སྐྱོ་བ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས་དང་ལྡན ་པ་དེ་དག་ན་གཞན་གྱིས་ཀུན་ཏུ་བརྟགས་པའི་རྟགས་པ་དང་གཅིག་པུ་དང་ཐམས་ཅད་དུ་སོང་བའི་སྤྱི་ལས་བྱུང་བ་མ་ཡིན་ཏེ། འཚེད་པ་ལ་སོགས་པའི་ཤེས་པ་བཞིན་ནོ། །ཤིང་ལྗོན་པ་ལ་སོགས་པའི་ཤེས་པ་འདི་དག་ཀྱང་བཞིན་ནོ་ཞེས་བྱ་བ་ནི ་བགལ་བས་ཁྱབ་པ་དམིགས་པ་སྟེ་དེ་རྟགས་པའི་དངོས་པོ་དང་འགལ་བ་མི་རྟག་པའི་དངོས་པོས་རིམ་ཅན་ཉིད་ལ་སོགས་པ་ལ་ཁྱབ་པར་ཕྱིར་རོ། །རྟག་པ་ནི་རིམ་མ་ཡིན་པ་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་གཏན་ཚིགས་མ་ཡིན་ནོ། །དཔེ་ལ ་བསྒྲུབ་བྱ་མ་ཚང་བ་ཡང་སྔར་རྒྱས་བསྒྲུབས་ཟིན་པའི་ཕྱིར་དཔེ་མ་གྲུབ་པ་མ་ཡིན་ནོ། །གནོད་པར་བྱེད་པ་གཞན་ཡང་བཤད་པ། ཡང་ན་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལྡན་པ་སུན་འབྱིན་པ་ན་གཅིག་ཉིད་དུ་མ་ལ་འཇུག་པ་མི་རིགས་གནོད་བྱེད ་ཚད་མའོ་ཞེས་བྱ་བ་འདིས་གནོད་པར་བྱེད་པ་བརྗོད་དོ། །དེ་ནི་ཇི་ལྟར་གཅིག་ཏུ་མ་འཇུག་པ་མི་རིགས་པ་དེ་བཞིན་དུ་ཡན་ལག་ཅན་སུན་འབྱིན་པ་ན་དེ་གཅིག་འཇུག་པ་བསྟེན་པ་འམ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ཞེས་བྱ་བ་ལ་སོགས་པས ་མཇུག་སྡུད་པར་བྱེད་དེ། གང་དག་བྱེ་བྲག་པ་ལ་སོགས་པས་གསལ་བ་ལས་རིགས་གཅིག་དུ་ཐ་དད་པར་འདོད་པ་དེ་དག་ལ་ཉེས་པ་འདི་བརྗོད་ཀྱི། ཡང་གང་དག་རྒྱལ་བ་པ་དང་རྒྱལ་བ་པོ་གང་དང་གྲང་ཅན་པ་ལ་སོགས་པ་རིགས་ཐ་མི་དད་པ ་འམ་གཉི་གའི་ངོ་བོར་འདོད་པ་དེ་དག་གིས་བརྗོད་པའི་རིགས་ད?་ནམ་མཁའ་ཨི་གོས་ཅན་གྱི་ཞར་ལ་འགེགས་པར་འགྱུར་རོ། །འདི་ནི་བྱེ་བྲག་པ་དང་རིགས་པ་ཅན་གྱིས་བརྟགས་པའི་རིགས་དག་གི་པའི་སྐབས་ཡིན་པས་སུན་མ་ཕྱུང་སྟེ། སྐབས་མ་ཡིན་པའི ་ཕྱིར་རོ་སྙམ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་བཀའ་འགྲེལ་ལས་སྤྱིའི་ཚིག་གི་དོན་བརྟག་པ་སྟེ། བཅོ་བརྒྱད་པའོ།། །།བྱེ་བྲག་པ་སུན་དབྱུང་བའི་ཕྱིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཁྱད ་པར་གྱི་མཚན་ཉིད་རྟག་པའི་རྫས་ལ་འཇུག་པ་ཉིད་དང། མཛའ་ཨི་རྫས་ལ་འབྱུང་བ་ཉིད་གང་ཡིན་པ་དེ་ནི་མི་སྲིད་པའི་སྐྱོན་གྱིས་སུན་ཕྱུང་བའི་ཕྱིར་མཚན་ཉིད་མ་ཡིན་པ་ཁོ་ནའོ། །རྟག་པའི་རྫས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ང་ནི་སྔར་རྫས་རྟག ་པར་བཀག་ཟིན་པའི་ཕྱིར་ཏེ། ཇི་ལྟར་འདི་དག་གིས་འཇུག་པ་དེ་འགྲུབ་པར་འགྱུར། གང་ཡང་རྣལ་འབྱོར་པ་རྣམས་ཀྱི་ཁྱད་པར་གྱི་ཤེས་པའི་སྟོབས་ཀྱིས་འདི་དག་ཡོད་པ་ཉིད་དུ་སྒྲུབ་པ་དེ་ལ་ཡང་མ་ངེས་པ་ཡིན་ནོ་ཞེས་སྟོན་པ ་ནི། དེའི་གལ་ཏེ་རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་རྡུལ་ཕྲ་རབ་ལ་སོགས་པའི་ངོ་བོ་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་ཕན་ཚུན་སེལ་བུར་འགྱུར་པའམ། འདྲེས་པར་འགྱུར་པ་ཡིན་གྲང། གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་རང ་ཉིད་ཀྱིས་དངོས་པོ་མ་འདྲེས་པར་དམིགས་པ་ལས་དེ་དག་ལ་རྣལ་འབྱོར་པ་རྣམས་ཀྱི་ཕན་ཚུན་མི་འདྲ་བའི་བློར་གྱུར་པའི་ཕྱིར་བྱེ་བྲག་གཞན་རྟགས་པ་དོན་མེད་དོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཇི་ལྟར་བྱེ་བྲག་གི་དོན་གཞན་ཉེ་བ་ན ་ཡང་ཕན་ཚུན་ཐ་དད་པའི་ངོ་བོ་དག་ལ་རྣལ་འབྱོར་བ་རྣམས་ལ་མི་འདྲ་བའི་ཤེས་པ་མ་འཁྲུལ་པ་སྐྱེ་བར་འགྱུར། །དེ་ནི་འཁྲུལ་པ་ཉིད་དུ་འགྱུར་ཏེ། དེ་མ་ཡིན་པ་ལ་དེ་ལྟར་འཇུག་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྣལ་འབྱོར་པ་ཉིད་མ་ཡིན་པར་འགྱུར ་ཏེ། འཁྲུལ་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་བྱེ་བྲག་ཅེས་བྱ་བ་ཚིག་གི་དོན་གཞན་མེད་པར་མི་འདྲ་བའི་བློ་མི་སྐྱེ་ན་དེ་ཇི་ལྟར་བྱེ་བྲག་དེ་དག་ཉིད་ལ་མི་འདྲ་བའི་བློར་འགྱུར། དེ་དག་ལ་བྱེ་བྲག་གཞན་ཡོད་པ་ནི་མ ་ཡིན་ཏེ། ཐུག་པ་མེད་པར་ཐལ་པར་འགྱུར་པའི་ཕྱིར་དང། བྱེ་བྲག་ལ་མི་འཇུག་པའི་ཕྱིར་རྟག་པའི་རྫས་ལ་འཇུག་པ་དང་མཛའ་ཡིན་ནོ་ཞེས་ཁས་བླངས་པས་ཉམས་པར་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་རང་ཉིད་ཀྱིས་དེ་དག་ཕན་ཚུན་མི་འདྲ་བའི་བློའི་རྒྱུ་ཉིད་དུ ་ཁས་ལེན་པར་བྱེད་ན་དེའི་ཚེ་རྡུལ་ཕྲ་རབ་ལ་སོགས་པ་རྣམས་ཀྱི་ཡང་དེའི་རྒྱུ་ཉིད་རང་ཉིད་ལས་ཡིན་ལ་རག་མོད། །གང་གིས་དེ་དག་རང་ཉིད་ཀྱིས་ཕན་ཚུན་ལྡོག་པའི་ལུས་ཅན་གྱིས་ཡོད་པ་ཡང་རྡུལ་ཕྲ་རབ་ལ་སོགས་པ་ཕན་ཚུན་མི་འདྲ་ཤེས་པ་སྐྱེད་པའི་རྒྱུ ་མི་འདོད་པ་འདིར་དེ་དག་ལ་ལྡང་བ་ཅི་ཞིག་ཡོད། བྱེ་བྲག་རྣམས་ལ་འདོད་པ་ཞེས་བྱ་བ་འདི་ལ་རྨོངས་པ་ལས་མ་གཏོགས་པ་འདི་ལ་ཅུང་ཟད་ཀྱང་མ་མཐོང་ངོ། །ཇི་ལྟར་ཁྱི་ཤ་ཞེས་བྱ་བ་ལ་སོགས་པས་འདི་ལ་བཀྲ་ཤིས་བློ་གྲོས་ཀྱི་ལུགས་ཀྱི་ལན་གྱི་དོགས ་པ་བསུ་བ་ཡིན། དེས་སྨས་པ་ཇི་ལྟར་ཁྱི་ཤ་ལ་སོགས་པ་རང་ཉིད་ཀྱིས་མི་གཙང་བ་ཉིད་ཡིན་ལ་དེ་དང་འབྲེལ་པས་གཞན་དག་ཀྱང་ཡིན་ཏེ། དེ་བཞིན་དུ་འདི་ཡང་དེའི་བདག་ཉིད་བྱེ་བྲག་གཞན་དག་ལ་རང་ཉིད་ཀྱིས་ལྡོག་པའི་ཤེས་པའི་རྒྱུ་ཡིན་ལ་དེ་དང་འབྲེལ ་པས་རྡུལ་ཕྲ་རབ་དག་ཀྱང་ཡིན་ནོ། །གཞན་ཡང་དེའི་བདག་ཉིད་ལ་ཡང་ཤེས་པ་གཞན་གྱི་རྒྱུ་མཚན་གཞན་ཅན་དུ་འགྱུར་བ་ཉིད་ཡིན་ཏེ། དཔེར་ན། སྒྲོན་མ་ལ་བུམ་པ་ལ་སོགས་པ་ལ་ཡིན་གྱི་སྒྲོན་མ་ལ་བུམ་པ་ལ་སོགས་པ་དག་གིས་ནི་མ་ཡིན་ཞེས ་བྱ་བར་ངེས་པ་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །འདི་དེ་བཞིན་ཞེས་བྱ་བ་ནི་མེ་འདྲ་བ་མཚོན་པ་སྟེ། རྡུལ་ཕྲ་རབ་ལ་སོགས་པ་རྣམས་ནི་བྱེ་བྲག་རྣམས་ཁོ་ན་ལས་ཡིན་ལ་བྱེ་བྲག་རྣམས་རང་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མི ་གཙང་ཞེས་བྱ་བས་ལན་འདེབས་པར་བྱེད་དེ་དངོས་པོ་རྣམས་ཀྱིས་མི་གཙང་ཉིད་ཅེས་བྱ་བ་ནི་རྟོག་པས་སྦྱར་བ་ཡིན་གྱི་ངེས་པ་མེད་པའི་ཕྱིར་དོན་དམ་པ་ནི་མ་ཡིན་ཏེ། འདི་ལྟར་རྫས་གང་ཁོ་ན་གཙང་སྦྲ་ཅན་ལ་སོགས་པ་འགའ་ཞིག་མི་གཙང་བ་ཉིད་དུ་སྣང་བ་དེ་ཁོ་ན་གཞན་ངོ ་སྲེག་མཁན་ལ་སོགས་པ་གཙང་བ་ཉིད་དུ་སྣང་ངོ། །གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་དུ་མ་ཚོགས་པ་རིག་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དངོས་པོ་རྣམས ་དངོས་སུ་མི་གཙང་པ་ཡིན་དུ་ཆུག་མོད། །དེ་ལྟ་མ་ཡིན་ན་འདི་དཔེ་དང་མཚུངས་པ་མ་ཡིན་ཏེ། འདི་ལྟར་ཟས་ལ་སོགས་པའི་དངོས་པོ་ཁྱི་ཤ་ལ་སོགས་པ་མི་གཙང་བའི་རྫས་དང་ཕྲད་པ་ལས་སྔར་གྱི་གཙང་བའི་རང་བཞིན་ངོར་ནས་མི ་གཙང་བ་གཞན་ཉིད་སྐྱེ་བ་ཡིན་ནོ། །དེས་ན་འདི་དག་གི་གཞན་གྱི་རྒྱུ་མཚན་ཅན་གྱི་མི་གཙང་བ་ཉིད་རིགས་པ་ཡིན་ནོ། །དེ་བཞིན་དུ་གང་གི་འདི་དག་གི་མི་འདྲ་བ་གཞན་གྱི་རྒྱུ་མཚན་ཅན་དུ་འགྱུར་བ་རྡུ་ཕྲ་རབ་ལ་སོགས་པ་དག་ལ་རྒྱུ་མཚན་ཅུང་ཟད་ཡོད་པ་མ ་ཡིན་ན། །རྡུལ་ཕྲ་རབ་ལ་སོགས་པ་རྟག་པ་དེ་དག་ནི་སྐྱེ་བ་མེད་པའི་ཕྱིར་དེ་འབྱུང་བ་མེད་པའི་ཕྱིར་རོ། །དེ་བཞིན་སྒྲོན་མའི་དཔེ་ལ་ཡང་གཞན་གྱི་རྒྱུ་མཚན་ཅན་བུམ་པ་ལ་སོགས་པའི་ཤེས་པ་སྐྱེད་པའི་རྒྱུ་ཉིད་སྦྱར་བར་བྱའོ། །མི་མཐུན་བློ་ནི་ཞེས་བྱ་བ་ལ་སོགས ་པས་བྱེ་བྲག་གིས་གནོད་པར་བྱེད་པའི་ཚད་མ་བཤད་པ་ཡིན་ཏེ། འདི་ལ་ཡང་སྔ་མ་བཞིན་དུ་རང་གིས་ངོ་བོ་དང་འབྲེལ་པ་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་བྱེ་བྲག་གི་ཚིག་དོན་བརྟག་པ་སྟེ། བཅུ་དགུ་པའོ།། །། ་འདུ་བ་སུན་དབྱུང་བའི་ཕྱིར། སྣལ་མ་འདི་ལ་ཞེས་བྱ་བ་སྨོས་ཏེ། རྟེན་དང་བརྟེན་པར་གྱུར་པ་སོ་སོ་མ་ཡིན་པར་གྲུབ་པ་རྣམས་ཀྱི་འདིའི་བློའི་རྒྱུའི་འབྲེལ་པ་གང་ཡིན་པ་འདི་ནི་འདུ་བ་ཡིན་ནོ། །དེ་ཡང་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པ ་འདི་ལ་བློའི་ཁྱད་པར་ལས་དོན་གཞན་དུ་རྟོགས་ཏེ། དཔེར་ན་ཡོད་པ་དང་རྫས་ཉིད་ལ་སོགས་པ་རྣམས་རང་གི་རྟེན་ལ་བདག་དང་རྗེས་སུ་མཐུན་པའི་ཤེས་པའི་ཕྱིར་རང་གི་རྟེན་ལ་སོགས་པ་དག་དང་ཕན་ཚུན་ལས་དོན་གཞན་དུ་གྱུར་པ་ཡིན་པ་དེ་བཞིན་དུ་འདྲ་བ་ཡང་ཚིག ་གི་དོན་ལྔ་ལ་སྣལ་མ་འདི་དག་ལ་སྣམ་བུ། རྫས་འདི་རྣམས་ལ་ཡོན་ཏན་དང་ལས་དག་།རྫས་དང་ཡོན་ཏན་དང་ལས་འདི་དག་ལ་ཡོད་པ། རྫས་འདི་ལ་རྫས་ཉིད་ཡོན་ཏན་འདི་ལ་ཡོན་ཏན་ཉིད་ལས་འདི་ལ་ལས་ཉིད། རྫས་འདི་ལ་མཛའ་ཨི་བྱེ་བྲག་ཅེས་བྱ་བ་ལ ་སོགས་པ་བྱེ་བྲག་གི་ཤེས་པ་མཐོང་བའི་ཕྱིར་ཚིག་གི་དོན་ལྔ་པོ་དག་ལས་དོན་གཞན་དུ་འགྱུར་བ་ཉིད་ཡིན་པར་ཤེས་སོ། །སྦྱོར་བ་ནི་གང་དག་ལ་གང་གི་རྣམ་པ་དང་མི་འདྲ་བའི་ཤེས་པ་དེ་ནི་དེ་ལས་དོན་གཞན་དུ་འགྱུར་བའི་རྒྱུ་མཚན་ཅན་ཡིན་ཏེ། ལྷས ་བྱིན་ལ་དབྱུག་པ་ཅན་གྱི་ཤེས་པ་བཞིན་ནོ། །ཚིག་གི་དོན་ལྔ་ལ་འདི་ལ་ཞེས་བྱ་བའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སུ་སེམས་སོ། །འདི་ནི་འབྲེལ་པ་བསྟན་པའི་ཕྱིར་འདི་ལྟར་དེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན ་མེད་པར་འབྱུང་ན་རྟག་ཏུ་ཡོད་པ་ལ་སོགས་པ་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་རེ་ཞིག་བྱེ་བྲག་པ་ལ་སོགས་པའི་ལུགས་ཀྱིས་འདུ་བ་འདི་ལའི་བློའི་རྟགས་ཀྱི་རྗེས་སུ་དཔག་པར་བྱ་བ་ཡིན་ལ་རིགས་པ་ཅན་གྱི་ལུགས་ཀྱིས་ནི་འདི་ལའི ་བློའི་མངོན་སུམ་གྱི་རྟོགས་པར་བྱ་བ་ཉིད་ན་ཡིན་ཏེ། འདི་ལྟར་དེ་དག་ནི་མངོན་སུམ་གྱི་བྱ་བ་ཡོད་པ་ན་སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་ཕྱིར་མངོན་སུམ་ཉིད་ཡིན་པར་སྨྲའོ། །འདུ་བ་དེ་ཡང་ཇི་ལྟར་ལྡན་པ་འབྲེལ ་པ་ཅན་དག་ལ་ཐ་དད་པ་དེ་བཞིན་དུ་ཐ་དད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་བཞིན་དུ་སྟེ། ཡོད་པ་བཞིན་དུ་དེའི་རྟགས་ཁྱད་པར་མེད་པའི་ཕྱིར་དང། ཁྱད་པར་གྱི་རྟགས་མེད་པའི་ཕྱིར་ཐམས་ཅད་དུ་བ་གཅིག་ཉིད་ཡིན་ནོ། །ལྡན་པ་བཞིན་དུ་ཞེས ་བྱ་བ་ནི་ཆེས་མི་མཐུན་པའི་དཔེ་ཡིན་ཏེ། རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཉིད་བཞིན་དུ་རྟག་པ་ཉིད་དུ་གྲུབ་ལ། ཚད་མས་རྒྱུ་མ་དམིགས་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་གྲུབ་པོ། །འདི་ནི་འདི་ལའི་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་རྩོལ་ཏེ། དེའི་ཕྱིར་འདིས་གཏན་ཚིགས་གཞི་མ་གྲུབ ་པར་བཤད་དོ། །སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་བློ་རྣམས་རང་གི་གྲུབ་པའི་མཛའ་ལ་རྗེས་སུ་ཆགས་པས་བརྟགས་པ་ཉིད་ཡིན་གྱི། འཇིག་རྟེན་ན་དེ་བཞིན་དུ་སྐྱེ་བ་རིགས་པ་ནི་མ་ཡིན་པས་དེའི་ཕྱིར་བསྒྲུབ་བྱའི་ཆོས ་ཅན་མ་གྲུབ་པ་ཡིན་ན། །རྟེན་དང་བརྟེན་པར་ཞེས་བྱ་བ་ལ་སོགས་པས་ཆོས་ཅན་མ་གྲུབ་པ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། དག་དག་ལ་སྣ་ཚོགས་པ་ཉིད་མཚོན་པར་འགྱུར་བ་དེ་དག་ཉིད་རྟེན་པར་འགྱུར་བ་ཡིན་ན་འཇིག་རྟེན་པ་འདི་ལའི་བློ་འབྱུང ་པར་མཐོང་སྟེ། དཔེར་ན་ཁམ་གཞོང་འདི་ནི་བལ་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྣལ་མ་དང་སྣམ་བུ་དག་ལ་སྣ་ཚོགས་པ་ཉིད་མཚོན་པའམ་ཡོད་པ་ཡང་མ་ཡིན་ཏེ། དེ་ཇི་ལྟར་དེ་ལྟར་དེ་ལ་འདི་ལའི་བློར་འགྱུར། འདི་སྙམ་དུ་གལ་ཏེ་ཁོ་བོ ་ཅག་གིས་འདི་ལའི་བློ་འདི་གྲུབ་མཛའ་ཨི་སྟོབས་ཀྱིས་བརྟགས་པ་དེ་ལྟ་ན་ཡང་ཁྱེད་ཅག་གིས་འདིའི་རྒྱུ་མཚན་བརྗོད་པར་བྱ་དགོས་སོ་སྙམ་དུ་སེམས་ན། རང་གིས་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གང་གིས་རྒྱུ་ཉིད་དུ་མི ་འདོད་པ་དེ་ནི་ཇི་ལྟར་རང་ཉིད་ཀྱིས་འབྲས་བུར་བརྟགས་ནས་དེའི་རྒྱུ་བརྒལ་ཞིང་བརྟག་པར་བྱེད་གང་གིས་འདོད་པའི་དབང་གིས་འབྲས་བུ་འདི་རྟོག་པར་བྱེད་པ་ཁྱེད་ཅག་ཉིད་ལ་བརྒལ་ཞིང་བརྟག་པར་བྱའོ། །དངོས་པོའི་རང་བཞིན་ནི་འདོད་པའི་རྗེས་སུ ་བྱེད་པ་ཡང་མ་ཡིན་ཏེ། འདི་དག་ནི་རང་དགར་འཇུག་པའི་ཕྱིར་དེ་ལས་དངོས་གྲུབ་པ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་གིས་ཀུན་ཏུ་བརྟགས་པའི་དངོས་པོ་ལ་འགའ་ཞིག་གཞན་དུ་ཡང་བརྟགས་པར་ནུས་པའི ་ཕྱིར་རོ། །གཞན་ཡང་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་བློ་འཇིག་རྟེན་ན་མ་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དེ་ལས་བཟློག་པ་ཉིད་དུ་གྲུབ་པོ་ཞེས་བསྟན་པའི་ཕྱིར་ཤིང་ལ་ཡལ་ག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་ལ་ཡལ་ག ་རི་ལ་བྲག་ཅེས་བྱ་བ་ལ་སོགས་པ་དེ་ལྟ་བུ་འཇིག་རྟེན་ན་མཐོང་གི་།ཡལ་ག་ལ་ཤིང། བྲག་དག་ལ་རི་ཞེས་ནི་མ་ཡིན་ནོ། །ཤིང་ལ་ཡལ་ག་ཞེས་བྱ་བ་ལ་སོགས་པའི་བློ་དེ་ཡང་འདུ་བའི་དབང་གིས་མ་ཡིན་གྱི། འོན་ཀྱང་མི་འགྲོ་བ་ཞེས་བྱ་བ་གང་ཡིན ་པའི་བརྗོད་པར་འདོད་པའི་ཡལ་ག་དང་བྲག་དག་ལས་ཐ་དད་པ་མ་རྟོགས་པ་ཉིད་དུ་གནས་པའི་ལྷག་མའི་ཕྲག་པ་ལ་སོགས་པའི་ཡན་ལག་དེ་དག་ནི་བར་མེད་པར་དམིགས་པའི་ཕྱིར་རོ། །འདིར་མི་འགྲོ་བའི་སྒྲས་འགྲོ་བ་མེད་པའི་ཕྱིར་ཤིང་དང?་རི་ལ ་འདོད་དོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་བྲག་དང་ཡལ་ག་དག་ལའོ། །འདི་དག་ཅེས་བྱ་བ་ནི་རི་དང་ཤིང་དག་གོ་།འོ་ན་བུམ་པ་འདི་ལ་གཟུགས་སོ། །དྲིའོ། རོའོ། རེག་གོ་།གཡོ་བའོ། །ཞེས་བྱ་བ་འཇིག་རྟེན་ན་རབ་ཏུ་གྲགས་པའི་ཤེས་པ་གང་ཡིན་པ་འདི་འདུ་བ ་མ་གཏོགས་པ་གཞན་གང་ཞིག་ཡུལ་ཡིན་ཞེ་ན། བུམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་ནི་ཤེས་པས་གཟུགས་ལ་སོགས་པ་རྣམས་བུམ་པའི་རང་བཞིན་དུ་རྟོགས་ཏེ། འཇིག་རྟེན་ན་ཞེས་བྱ་བ་ལྷག་མའོ། །བུམ ་པ་ལས་གཟུགས་ནི་བུམ་པའི་རང་བཞིན་གྱི་གཟུགས་ཏེ། བུམ་པ་ལ་སོགས་པའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་མང་པོ་དག་ལ་ཐུན་མོང་མ་ཡིན་པའི་ནུས་པའི་ཁྱད་པར་བསྟན་པར་འདོད་ནས་དེ་ལས་གཞན་པའི་གཟུགས ་ལ་སོགས་པ་རྣམ་པར་བཅད་ནས་བུམ་པ་ལ་སོགས་པའི་སྒྲ་སྦྱོར་ཏེ། བུམ་པ་ལ་སོགས་པའི་སྒྲ་ནི་རེ་རེ་ལ་ཐུན་མོང་མ་ཡིན་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་འགྲུབ་པའི་ནུས་པ་གསལ་བར་བྱ་བའི་དོན་དུ་སྦྱོར་བར་བྱེད་ཅེས་དེའི ་ཕྱིར་བུམ་པ་ལ་སོགས་པའི་སྒྲའི་ཁྱད་པར་ཐ་དད་འཕེན་པར་བྱེད་པས་གཞི་མཐུན་པ་མེད་པའི་ཕྱིར་གཞི་ཐ་དད་པ་ཉིད་ཀྱིས་དེའི་བདག་ཉིད་ཀྱིས་དེའི་བདག་ཉིད་དུ་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་གཉི་ག་སྦྱར་ཞེ་ན། གཟུགས་དང་བུམ་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདི་ལྟར་གཟུགས་ལ་སོགས་པའི་སྒྲ་ནི་གཟུགས་ལ་སོགས་པའི་གནས་སྐབས་ཐམས་ཅད་ཀྱི་རྗོད་པར་བྱེད་པ་ཡིན་ཏེ། འདི་ལྟར་ཇི་ལྟར་བུམ་པའི་བདག་ཉིད་དུ་གནས་པའི་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས ་པ་ཞེས་བརྗོད་དེ་བཞིན་དུ་སྣམ་བུ་ལ་སོགས་པའི་བདག་ཉིད་དུ་གནས་པ་དག་ལ་ཡང་ཡིན་ནོ། །དེ་ལྟར་ན་གཟུགས་ལ་སོགས་པ་སྒྲ་འབའ་ཞིག་ལས་གཟུགས་ལ་སོགས་པའི་གནས་ཅི་ཡིན་པ་ཞེས་བྱ་བའི་ཁྱད་པར་རྟོགས་པ་མ་ཡིན་ནོ། ། ་བུམ་པ་ལ་སོགས་པ་ཞེས་བྱ་བ་དེ་ལྟ་བུ་སྦྱོར་བ་ན་དེ་དག་ནི་བུམ་པའི་བདག་ཉིད་ཡིན་ནོ་ཞེས་རྣམ་པར་བཅད་ནས་རྟོགས་སོ། །དེ་བཞིན་དུ་བུམ་པའི་སྒྲ་ཡང་དཀར་པོ་དང་སེར་པོ་དང་གཡོ་བ་ཞེས་བྱ་བ་ལ་སོགས་པ་བུམ་པའི་གནས་སྐབས ་ཐམས་ཅད་བརྗོད་པ་ཡིན་ཏེ། དེའི་ཕྱིར་འབའ་ཞིག་པ་ལས་ཁྱད་པར་རྟོགས་པ་མ་ཡིན་ནོ། །བུམ་པ་ལ་གཟུགས་དཀར་པོ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་ན་ནི་དེ་ལས་གཞན་པའི་གཟུགས་ལ་སོགས་པ་བཅད་ནས་རྟོགས་པར ་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ལྟར་འགྱུར་བའི་ཁྱད་པར་དེ་བརྗོད་པའི་ཕྱིར་དེ་བཞིན་དེ་བུམ་པ་ལ་སོགས་པ་ལ་གཟུགས་ཞེས་བྱ་བ་གང་དག་སྦྱར་ཏེ། སྒྲ་ཞེས་བྱ་བ་ལྷག་མའོ། །སྒྲ་དེ་དག་ལ་བརྟེན་ནས་བུམ་པ་ལ་སོགས་པ་འདི་དག་ལ ་བུམ་པ་ལ་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་དེས་ཤེས་པ་འཇུག་གི་།འདུ་བ་ལ་བརྟེན་ནས་འཇུག་པ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །འདིའི་རྒྱུ་སྨྲས་པ་ནི་ཐམས་ཅད་ཀྱིས་ཁྱད་པར་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། གང ་གིས་བློ་འདི་འདུ་བའི་རྒྱུ་མཚན་ཅན་དུ་འགྱུར་བ་འདུ་བ་དང་བུམ་པ་དང་གཟུགས་ལ་སོགས་པ་ཐམས་ཅད་ཕན་ཚུན་ཐ་དད་དུ་དམིགས་པ་ནི་མ་ཡིན་ནོ། །འདིས་ནི་གཏན་ཚིགས་མ་ངེས་པ་ཉིད་དང་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཉིད ་བསྟན་ཏོ། །གང་ཡང་འདི་ལའི་བློ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། གལ་ཏེ་དངོས་པོ་ཞེས་བྱ་བ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་རྟེན་གསུམ་ན་འདུ་བ་གཅིག་ཡོད་པར་གྱུར་ན་དེའི་ཚེ་གྱོ་མོ་དག་ལ་སྣམ་བུའོ་ཞེས་བྱ་བ་ལ་སོགས་པའི ་བློར་འགྱུར་ཞིང། རྟ་ལ་སོགས་པ་ལ་ཡང་བ་ལང་ཉིད་ལ་སོགས་པ་ཡོད་པའི་ཕྱིར་དེ་ལྟར་འགྱུར་རོ། །དེ་ལྟ་ཡིན་དང་ཁྲ་བོ་ལ་སོགས་པའི་བྱེ་བྲག་བཞིན་དུ་གླང་པོ་ལ་སོགས་པ་ལ་ཡང་བ་ལང་ལ་སོགས་པའི་ཤེས་པར་འགྱུར་རོ། །འདི་ལྟར་གང་གིས་ཕྱིར ་འདུ་བའི་སྟོབས་ཀྱིས་སྣལ་མ་དག་ལ་སྣམ་བུའོ་སྙམ་པའི་རྟོག་པར་བརྗོད་པ་སྣམ་བུའི་འདུ་བ་འདི་གྱོ་མོ་ལ་སོགས་པ་ལ་ཡང་ཡོད་པས་ཅིའི་ཕྱིར་དེ་ལྟར་རྟོགས་པར་འགྱུར། འདི་སྙམ་དུ་གྱོ་མོ་དག་ལ་སྣམ་བུ་བརྟེན་པ་ན་མ་ཡིན་ཏེ། དེས་ན་དེ་ལ་དེ་ལྟར་རྟོགས ་པར་མི་འགྱུར་རོ་སྙམ་དུ་སེམས་པ་དེ་ཡང་ལོག་པ་ཡིན་ཏེ། འདི་ལྟར་གང་གི་སྣལ་མ་དག་ཁོ་ན་ལ་སྣམ་བུ་ཡོད་ཅིང་དེ་ལ་བློ་མི་འགྱུར་བ་འདུ་བའི་དབང་གིས་སྣལ་མ་དག་ལ་ཡང་སྣམ་བུ་བརྟེན་པ་ཞེས་བྱ་བར་བརྗོད་པ་གང་ཡིན་པའི་འདུ་བ་དེ་གྱོ་མོ་དག་ལ་ཡང་ཅི ་སྟེ་མེད། འོན་ཀྱང་སྣལ་མ་སྣམ་བུའི་འདུ་བ་ཞེས་བསྟན་པ་གང་ཡིན་དེ་ཁོ་ན་བུམ་པའི་གྱོ་མོ་དག་ལ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་འཆོལ་བར་མི་འགྱུར། དེས་ན་དེའི་ཕྱིར་བློ་བར་ཆད་མེད་པ་སྟེ། བར་ཆད་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་རྫས་དང། ་ཡོན་ཏན་དང། ལས་རྣམས་ཀྱི་རྫས་ཉིད་དང། ཡོན་ཏན་ཉིད་དང། ལས་ཉིད་ལ་སོགས་པའི་ཁྱད་པར་རྣམས་ཀྱི་འབྲེལ་པ་གཅིག་ཡིན་པའི་ཕྱིར་ཚིག་གོ་དོན་ལ་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་སོགས་པས་གླང་པོ་ལ་སོགས་པ་ལ ་བ་ལང་ལ་སོགས་པའི་བློར་ཐལ་བར་འགྱུར་བ་སྒྲུབ་པར་བྱེད་དོ། །དེ་གཅིག་ན་ཡང་ཞེས་བྱ་བ་ལ་སོགས་པས་བཀྲ་ཤིས་བློ་གྲོས་ཀྱི་ལན་དོགས་པར་བྱེད་པ་ཡིན་ཏེ། དེས་སྨྲས་པ། གལ་ཏེ་ཡང་འདུ་བ་གཅིག་ཡིན་པ་དེ་ལྟ་ན་ཡང་རྟེན་དང་བརྟེན་པར་ངེས་པའི་ཕྱིར་ཚིག ་གི་དོན་ལྔ་འཆོལ་བར་འགྱུར་བ་མ་ཡིན་ཏེ། འདི་ལྟར་རྫས་དག་ཁོ་ན་ལ་རྫས་ཉིད་དང། ཡོན་ཏན་དག་ཁོ་ན་ལ་ཡོན་ཏན་ཉིད་དང། ལས་དག་ཁོ་ལ་ལས་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སོ་སོར་ངེས་པའི་རྟེན་རྣམ་པར་བཅང་ནས ་རྟོགས་པ་སྐྱེ་བ་ཡིན་ནོ། །འོ་ན་དེ་ལྟ་ན་ཚིག་གི་དོན་རེ་རེ་འདུ?་བ་ཐ་དད་པར་འགྱུར་རོ་ཞེ་ན། འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བའི་འདུ་བའི་རྒྱུ་མཚན་གྱི་ཤེས་པ་ཐམས་ཅད་དུ་ཐ་མི་དད་པའི་རྣམ་པས་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར ་ཐམས་ཅད་དུ་འདུ་བ་ནི་གཅིག་ཡིན་ནོ་ཞེས་བྱ་བ་རྟོགས་སོ། །གཅིག་ཉིད་ཡིན་ན་ཡང་རྫས་ཉིད་ལ་སོགས་པའི་རྒྱུ་མཚན་གྱིས་བློ་སོ་སོར་ངེས་པའི་རྟེན་རྣམ་པར་བཅད་ནས་ལྡོག་པ་སྟེ་རྗེས་སུ་མི་འགྲོ་བར་མཐོང་བའི་ཕྱིར་རྫས་ལ་སོགས་པའི ་རིགས་རྣམས་ལྡོག་པ་ཉིད་དུ་ཤེས་ཏེ། དེས་ན་ཚིག་གི་དོན་ལྔ་འཆོལ་པར་མི་འགྱུར་རོ། །ཡང་ཇི་ལྟར་འབྲེལ་པ་ཁྱད་པར་མེད་ན་ཡང་འདི་དག་གི་རྟེན་དང་བརྟེན་པ་སོ་སོར་ངེས་པར་རིགས་ཤེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི ་ལྟར་ཁམ་གཞོང་དང་ཞོ་དག་གི་ལྡན་པ་གཅིག་ཡིན་ན་ཡང་རྟེན་དང་བརྟེན་པ་ངེས་པར་འགྱུར་བ་དེ་བཞིན་དུ་རྫས་ལ་སོགས་པ་རྣམས་ཀྱི་འདུ་བ་གཅིག་ཡིན་ན་ཡང་གསལ་བྱ་གསལ་བྱེད་ཀྱི་ནུས་པ་ཐ་དད་པའི་ཕྱིར་རྟེན་དང་བརྟེན་པ ་སོ་སོར་ངེས་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་རྟེན་དང་བརྟེན་པ་ངེས་པའོ། །གཅིག་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཁོ་བོ་ཅག་ལ་ནི་གཟུགས་ལ་སོགས་པ་ཉིད་གཟུགས་ལ་སོགས་པ་ལ་བརྟེན་པའི་ངེས་པ་མ་གྲུབ་གྱི་འོན་ཀྱང ་ཁྱེད་ཅག་ཉིད་ལ་ཡིན་ནོ། །འདུ་བ་དེ་ཡང་ཐམས་ཅད་དུ་གཅིག་ཉིད་དུ་ཁས་ལེན་པ་ན་འཐད་པར་དཀའ་ཨོ་ཞེས་ཐལ་བ་སྒྲུབ་པར་བྱེད་དེ། འདི་ལྟར་རྫས་ཁོ་ན་ལ་རྫས་ཉིད་ཅེས་བྱ་བ་དེ་ལྟ་བུའི་ངེས་པར་འདོད་པ་གང་ཡིན་པ་དེ་ནི་འདུ་བའི་སྟོབས་ཉིད་ལས་ཡིན་ནོ།། ་རྫས་ཉིད་ལ་སོགས་པ་དེའི་ཡུལ་འདུ་བ་གང་ཡིན་པ་དེ་ཁོ་ན་ཡོན་ཏན་ལ་སོགས་པ་ལ་ཡང་ཡོད། ཡོན་ཏན་ཉིད་ལ་སོགས་པ་དེ་དག་དང་འབྲེལ་པའི་ཕྱིར་རོ། །གལ་ཏེ་འབྲེལ་པ་ཡོད་པ་དེ་ལྟ་ན་ཡང་དེ་ཉིད་ལ་འདུ་བ་ཡིན་ནོ་ཞེས་ཇི་ལྟར་ངེས་ཤེ་ན། དེ་དག ་གི་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཞེས་བྱ་བ་ནི་རྫས་ཉིད་དང་ཡོན་ཏན་ཉིད་ལ་སོགས་པ་རིགས་དག་གིའོ། །དེ་ལྟ་ཡིན་དང་རྒྱུ་མཚན་ཐ་མི་དད་པའི་ཕྱིར་དེ་འཆོལ་བར་ཐལ་བར་འགྱུར་བ་བཟློག་པར་དགའ་སྙམ་དུ་བསམས་པའོ། །གཞན་དུ་ཞེས་བྱ་བ་ལ། གལ ་ཏེ་རྫས་ལ་རྫས་ཉིད་ཀྱིས་འདུ་བ་གང་ཡིན་པ་དེ་ཁོ་ན་ཡོན་ཏན་ལ་སོགས་པ་དག་ལ་ཡོན་ཏན་ཉིད་ལ་སོགས་པ་མི་འགྱུར་ན་དེའི་ཚེ་ལྡན་པ་བཞིན་དུ་རྟེན་སོ་སོ་ལ་འདུ་བ་ཐ་དད་པར་འགྱུར་རོ། །གང་ཡང་རྫས་ཉིད་སོགས་རྒྱུ་མཚན་གྱི་ཞེས་བྱ་བ་ལ་སོགས་པ ་སྨོས་པ་དེའི་རྫས་ཉིད་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མ་ཚང་བ་མེད་པ་ཡོད་པ་ན་འབྲས་བུ་ལྡོག་པ་སྟེ་མེད་པ་མི་རིགས་ཏེ། དེའི་འབྲས་བུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་བློ་ལྡོག་པར་མི་རུང ་པའི་ཕྱིར་རྟེན་དང་བརྟེན་པར་དེའི་ངེས་པ་མི་རིགས་སོ། །འོན་ཏེ་རྫས་ཁོ་ན་རྫས་ཉིད་རྟེན་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ལས་ངེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག ་གིས་འདུ་བ་དེ་ཉིད་ལས་བརྟེན་པ་ཉིད་ལ་སོགས་པའི་རྣམ་པར་གཞག་པ་བརྗོད་དེ། དེ་ཡང་ཐམས་ཅད་ལ་ཁྱད་པར་མེད་པ་ན་ཇི་ལྟར་ངེས་པ་འདི་རིགས་པ་ཡིན། འདི་ལྟ་བས་ན་རྟེན་དང་བརྟེན་པའི་དངོས་པོ་དེའི་བརྟེན་པ་ལ་སོགས་པ་ངེས་པ་འདི ་ཡང་རིགས་པ་མ་ཡིན་ཏེ། འདི་རྟེན་དང་བརྟེན་པ་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་རོ། །འོ་ན་གསལ་བ་གསལ་བྱེད་ཀྱི་ནུས་པ་ངེས་པ་ལས་ངེས་པར་འགྱུར་རོ་ཞེ་ན། གསལ་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ལ་སོགས་པ་རྣམས་ནི་རྫས ་ཉིད་ཀྱི་སྤྱི་གསལ་བར་བྱེད་པ་གང་བརྗོད་པ་དེ་ནི་འདུ་བའི་སྟོབས་ཉིད་ཀྱིས་ཡིན་ཏེ། འདི་ལྟར་གང་ཁོ་ན་ལས་རྫས་ཉིད་རྫས་ལ་འདུ་བ་དེ་ཁོ་ན་ལས་དེས་དེ་གསལ་བའོ་ཞེས་བརྗོད་དོ། །གཞན་ལས་ཞེས་བྱ་བ་ནི་བདེ་བར་གཤེགས་པ་པས ་བརྗོད་པ་ལས་ཏེ། ཤེས་པ་སྐྱེད་པར་རུང་བའི་རང་བཞིན་སྐྱེད་པ་ལས་སོ། །གང་གི་ཕྱིར་ཡོད་པ་ལ་སོགས་པའི་རྟག་པ་རྣམས་ཀྱང་འདུ་བར་འདོད་ལ། རྟག་པ་རྣམས་སྐྱེ་བར་རིགས་པ་མ་ཡིན་ནོ། །འདི་ཉིད་མར་མེ་ལ་སོགས་ཞེས་བྱ་བ་ལ ་སོགས་པས་གྲུབ་པར་བྱེད་དེ། གང་ཡང་ཁམ་གཞོང་དང་ཞོའི་ལྡན་པ་དཔེ་ཉིད་དུ་སྨྲས་པ་དེ་ཡང་ཁོ་བོ་ཅག་ལ་མ་གྲུབ་པོ་ཞེས་སྟོན་པ་ནི། ཁམ་གཞོང་ཞེས་བྱ་བ་ལ་སོགས་པའོ། །གོང་བུ་ཞེས་བྱ་བ་ནི་སྔར་པའི་ཚིག་གི་དོན་སུན་དབྱུང་བར་རོ། ། ་ལྡན་པ་གཅིག་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་ཐལ་བར་འགྱུར་བ་མཚུངས་པ་ཁོ་ནའོ་ཞེས་སྟོན་པ་ནི་དེ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་ཤེས་པ་ལྡན་པ་ལས་སོ། །ཧ་ཅང་ཐལ་བར་འགྱུར་བ་ནི་ཞོ་ལ་ཁམ་གཞོང་ཞེས་བྱ་བ་ལྡན་པའི་ཚིག་གི་དོན་ལ་སོགས ་པའི་བློར་ཐལ་བར་འགྱུར་བ་སྟེ་ལྡན་པའི་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ། །གང་ཡང་རྒྱུ་མ་དམིགས་པའི་ཕྱིར་འདུ་བ་རྟག་པ་ཡིན་ནོ་ཞེས་སྨྲས་པ་དེ་ལ་།འདི་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདུ་བ་རྟག་པ་ཉིད་དུ་གྱུར ་ན་དེའི་ཚེ་རང་གི་རྟེན་དག་ལ་དེ་དག་རྟག་ཏུ་གནས་པའི་ཕྱིར་བུམ་པ་ལ་སོགས་པ་རྣམས་ཀྱང་རྟག་པར་ཐལ་བར་འགྱུར་ཏེ། འདི་ལྟར་འདུ་བ་ཡོད་པ་ཉིད་ལས་འདི་དག་རང་གི་རྟེན་དག་ལ་གནས་པར་འདོད་ལ། འདུ་བ་དེ་ཡང་རྟག་པས་ཅིའི་ཕྱིར་འདི་དག་རྟག ་ཏུ་གནས་པར་མི་འགྱུར། རང་གི་རྩོམ་བྱེད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་ཡིན་ནོ། །འདི་སྙམ་དུ་བུམ་པ་ལ་སོགས་པ་རང་རྩོམ་པར་བྱེད་པའི་ཡན་ལག་གང་དག་ཡིན་པ་དེ་དག་བྱེད་འམ་ཞོག་པས་བུམ་པ་ལ་སོགས ་པ་འཇིག་པ་ཡིན་ཏེ། དཔེར་ན་སྣམ་བུའི་འཁལ་བ་དང་འཐག་པ་དག་གི་བྱ་བ་ལ་སོགས་པ་རེག་པ་དང་དོན་ལྡན་པའི་རྫས་ལ་སོགས་པ་དག་ལས་འཇིག་པ་བཞིན་ནོ། །ཇི་སྐད་དུ་རེག་པ་དང་ལྡན་པའི་རྫས་དང་འབྲེལ་པ་དང་འབྲས་བུ་དང་འགལ་བ་ལས་ལས་འཇིག་གོ་ཞེས་བཤད ་པ་ལྟ་བུའོ། །དེ་བཞིན་དུ་བློ་ནི་བློ་གཞན་གྱིས་འཇིག་པ་སྒྲ་ཡང་སྒྲ་གཞན་གྱིས་སོ་ཞེས་བྱ་བ་ནི་གཞན་གྱི་ལུགས་ཡིན་ནོ། །དེས་ན་འདུ་བ་ཡོད་ན་ཡང་གནས་པའི་རྒྱུ་ལྷན་ཅིག་བྱེད་པའི་རྒྱུ་གཞན་མེད་པའི་ཕྱིར་དང། འགལ་བའི་རྐྱེན་དང་ཕྲད་པས་བུམ་པ་ལ་སོགས་པ ་རྟག་པར་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱི་བསམས་པའོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ནོ། །འདི་མི་རིགས་ཏེ། འདི་ལྟར་གྱོ་མོ་ལ་སོགས་པ་རང་རྩོམ་པར་བྱེད་པར་ཡན་ལག་དེ་དག་རང་རྩོམ་པར་བྱེད ་པའི་ཡན་ལག་གཞན་ལ་འདུ་ལ། དེ་དག་ཀྱང་གཞན་དག་ལ་སྟེ་རྡུལ་ཕྲ་རབ་ཀྱི་བར་དུ་འདོད་ལ། རྡུལ་ཕྲ་རབ་དེ་ཡང་རྟོག་པའི་ཕྱིར་གཞན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཐམས་ཅད་ཀྱི་རང་རྩོམ་པར་བྱེད་པའི་ཡན་ལག་རྣམས་ལ་འདུ་བ་ཐམས ་ཅད་དུ་ཡོད་པའི་ཕྱིར་འཇིག་པ་འམ་བྱེད་པར་ག་ལ་འགྱུར། ཀྱང་གི་སྒྲས་ནི་དེ་རྩོམ་པར་བྱེད་པའི་རྫས་རྣམས་འབའ་ཞིག་ཏུ་མ་ཟད་བྱ་བ་ལ་སོགས་པ་རྣམས་ཀྱང་ཡིན་ནོ་བསྟན་ཏོ། །གལ་ཏེ་རང་རྩོམ་པར་བྱེད་པའི་ཡན་ལག་རྣམས ་འཇིག་པར་ཁས་ལེན་ན་དེའི་ཚེ་འདུ་བ་འདི་ཡང་ངེས་པར་འཇིག་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འབྲེལ་པ་ཅན་ནི་ལྡོག་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་བསྒྲུབ་པར་བྱེད་པའི་ཕྱིར་འབྲེལ་པ་ཅན་ནི་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་ལྟ་ཡིན་དང་འབྲེལ་པ་ཅན་ཞིག་ཡིན་པའི་ཕྱིར་ལྡན་པ་ཞིག་པ་བཞིན་དུ་འདུ་བ་ལ་མི་རྟག་པའོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་མ་ཞིག་པའི་ལྡན་པའི་རྫས་གཉིས་བཞིན་དུ་འགྲེལ་པ་མ་ཞིག་པའི་ཕྱིར་འབྲེལ་པ་ཅན་རྣམས ་གནས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཉི་ག་ཡང་དེ་ཡང་འབྲེལ་པའི་རང་བཞིན་ཉམས་པར་ཐལ་བར་འགྱུར་རོ། །འབྲེལ་པ་ཅན་གཅིག་ཅེས་བྱ་བ་ལ་སོགས་པས་གཞན་དག་རྩོམ་པར་བྱེད་དོ། །འདི་སྙམ་སེམས་ཏེ། ་གལ་ཏེ་གཏན་ཚིགས་དང་པོ་འབྲེལ་པ་ཅན་མཛའ་དག་ཞིག་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དུ་འདོད་ན་དེའི་ཚེ་གཏན་ཚིགས་ཀྱི་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་སྟེ། གང་དུ་ཡང་འབྲེལ ་པ་ཅན་འདི་དག་འཇིག་པ་ཡོད་པ་མ་ཡིན་ཏེ། འཇིག་པའི་དུས་ན་ཡང་རྡུལ་ཕྲ་རབ་རྣམས་ལུས་པའི་ཕྱིར་རོ། །ཅི་སྟེ་ཇི་ཞིག་ལྟར་འབྲེལ་པ་ཅན་ཞིག་པ་ཉིད་སྲིད་པའི་དབང་བྱས་ནས་གཏན་ཚིགས་སུ་བརྗོད་ན་དེའི་ཚེ་མ་ངེས་པ་ཡིན་ཏེ། གལ་ཏེ ་འབྲེལ་ཅན་གཅིག་འབའ་ཞིག་ཏུ་ཞིག་པ་དེ་ལྟ་ན་ཡང་འབྲེལ་པ་ཅན་གཞན་གྱི་རྒྱུ་མཚན་འདིའི་གནས་པར་འགྱུར་རོ། །དེ་ལྟ་ན་ཚུལ་འདིས་ལྡན་པ་ཡང་རྟག་པ་ཉིད་དུ་འགྱུར་རོ་ཞེས་དོགས་པར་བྱས་ནས་གཞན་དག་ལན་འདེབས་པ ་ནི། ལྡན་མིན་ཐ་དད་ཕྱིར་ཞེས་བྱ་བ་སྨོས་ཏེ། ལྡན་པ་ནི་ལྡན་པ་ཅན་སོ་སོ་ལ་ཐ་དད་པ་ཡིན་ཏེ། དེས་ནི་འདི་མི་རྟག་པ་ཉིད་དུ་རིགས་ཀྱི་འདུ་བ་ནི་འགྲོ་བ་འདི་ལ་ཞེས་བྱ་བའི་ཤེས་པའི་རྒྱུ་མཚན་ཅན་ཐ་མི་དད་པའི་ཕྱིར་ཅིག་ཁོ་ནའོ།། ་དེས་ན་འདི་མི་རྟག་པ་ཉིད་དུ་མི་རིགས་ཏེ། གཞན་དུ་ཡང་འབྲེལ་པ་ཅན་གཞན་ལ་དེ་དམིགས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་ལྟར་གང་དག་རང་གི་རྒྱུ་ལ་སོགས་པ་དང་འདུ་བའི་བུམ་པ ་ལ་སོགས་པ་དེ་དག་ཞིག་པ་ན་དེ་དག་ནི་རང་གི་རྒྱུ་དག་ལ་འཇུག་པའི་བདག་ཉིད་ཀྱི་འདུ་བ་འདི་བརྟགས་པ་དེ་ཉིད་ཅི་།དེ་དག་ཞིག་པ་ན་འབྲེལ་པ་ཅན་གཞན་དག་ལ་ཡོད་དམ། འོན་ཏེ་དཔེར་ན་ལྡན་པ་ཅན་སོ་སོ་ལྡན་པ་ཅན་མང་པོ་ཐ་དད་པ་དེ་བཞིན་དུ ་གཞན་ཉིད་ཡིན། སོགས་པའི་སྒྲས་ནི་བྱ་བ་གཟུང་ངོ། །དེ་ལ་གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་སྔར་གྱི་གནས་སྐབས་བཞིན་དུ་འཇུག་པ་མ་ཞིག་པའི་ཕྱིར་བུམ་པ་ལ་སོགས་པ་གནས་པ་ཁོ་ནར་འགྱུར་ལ། བུམ་པ་ལ་སོགས་པ་དེ་དག་ཀྱང་མི་གནས ་ན་འཇུག་པ་མི་གནས་པའི་ཕྱིར་འདུ་བ་གནས་པར་གྱུར་ཏེ། དེ་ལྟ་མ་ཡིན་ན་འཇུག་པའི་བདག་ཉིད་དུ་མི་འགྱུར་རོ། །ཡང་ན་དེ་ལྟ་བུར་གྱུར་པའི་རང་དབང་ཅན་ཕན་མི་འདོགས་པ་ལ་འདུ་བ་འཇུག་གོ་ཞེས་ཐ་སྙད་འདོགས་པ་ན་མིང་ཙམ་དུ་འགྱུར་གྱི་དེ་ལྟར ་དངོས་པོ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཞེས་བྱ་བ་ནི་དེ་ལ་འཇུག་པའི་བདག་ཉིད་ཅན་ཞེས་བྱ་བ་དེ་ལྟ་ཡིན་ན་དེའི་ཕྱིར་མིང་ཙམ་ཉིད་ཡིན་གྱི་སྐྱོན་གང་ཡིན་པ་བརྟག་པ་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འབྲེལ་པ་ཅན་ཞིག་པ་ལས་སྔར་ཡང་འབྲེལ་པ་ཅན ་མ་ཞིག་པའི་གནས་སྐབས་ན་ཡང་ཞེས་བྱ་བའི་ཐ་ཚིག་གོ་།བུམ་པ་ལ་སོགས་པ་དེ་དག་རང་གི་རྟན་ལ་འཇུག་པའི་འདུ་བ་དེ་ཡོད་པའི་ཕྱིར་ཏེ། ཡོད་པའི་སྟོབས་ཀྱིས་འགྲུབ་པར་མི་འགྱུར་རོ། །ཕྱིས་བཞིན་ཏེ། འདུ་བའི་རྒྱུ་ཞིག་པ་བཞིན་དུ་དོན་དམ་པར་འཇུག ་པ་མེད་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཀྱི་དོན་སྟོན་པ་ཡིན་ནོ། །ཅི་སྟེ་གཞན་ཉིད་ཡིན་པ་ཞེས་བྱ་བའི་ཕྱོགས་གཉིས་པ་ཡིན་དེའི་ཚེ་ལྡན་པ་ལ་སོགས་པ་བཞིན་འདུ་བ་མེད་པ་ཉིད་དུ་འགྱུར་ཏེ། དེ་ལྟ་ཡིན་དང་འདྲ ་བ་ཐ་དད་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་འདིའི་ཁས་བླངས་པ་ཉམས་པ་ཡིན་ནོ། །དེ་ལྟ་བུ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་རྒྱུ་དོན་མེད་པ་དང། མངོན་སུམ་ལ་སོགས་པ་དང་འགལ་བ་དང། དངོས་པོ་ཐམས་ཅད་རིམ་མ་ཡིན་པར ་བ་ཞེས་བྱ་བ་ལ་སོགས་པའི་ཉེས་པ་གཞན་གཟུང་སྟེ། འདི་ལྟར་རང་གི་རྒྱུ་དང་འདུ་བ་འམ་མང་བ་དང་འདུ་བ་ནི་སྐྱེ་བར་བརྗོད་ལ། འདུ་བ་ཡང་རྟོག་པའི་ཕྱིར་གང་དུ་ཡང་འབྲས་བུ་སྐྱེ་བ་ལས་རྒྱུ་རྣམས་ནུས་པ་མེད་དོ་ཞེས་བྱ་ནི་རྒྱུ་དོན་མེད་པའོ། །དེ་བཞིན་དུ་ལྡན་པ་ནི་ལས ་གང་ཡང་རུང་བ་ལས་སྐྱེ་བ་དང་གཉི་གའི་ལས་ལས་སྐྱེ་བ་དང། ལྡན་པ་ལས་སྐྱེ་བ་ཡིན་ཏེ། དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྐྱེ་བར་སྟོན་པའི་མདོ་དང་འགལ་བ་དང། དེ་བཞིན་དུ་མངོན ་སུམ་ལ་སོགས་པས་རྟོག་པའི་རྒྱུ་སཱ་ལུ་དང་མིག་ལ་སོགས་པ་དང་འགལ་བ་དང། དེ་བཞིན་དུ་འདུ་བའི་མཚན་ཉིད་ཀྱི་སྐྱེ་བ་ནི་རྟག་པ་ཉིད་ཀྱིས་རིམ་པ་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་རྣམས་རིམ་གྱིས་སྐྱེ་བར་མཐོང་བ་དང་འགལ་བ་དང། དེ་ལྟ་ཡིན ་དང་ཤེས་པ་གཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་ཞེས་བྱ་བའི་རང་གི་གྲུབ་པའི་མཛའ་དང་འགལ་བ་དང། སྐྱེ་བ་རྟག་པའི་ཕྱིར་འགྲོ་བ་ལ་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་ལ་ཡིན་པས་བསྟན་བཅོས་བརྩོམ་པ་དོན་མེད་དོ་ཞེས ་བྱ་བ་ལ་སོགས་པ་ཆེས་མང་པོ་དག་གི་འབྲེལ་པ་མེད་པ་སྟེ། འཐད་པར་འགྱུར་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་འདུ་བའི་ཚིག་?་དོན་བརྟག་པ་སྟེ་ཉི་ཤུ་པའོ།། །།སྒྲོ་བརྟགས་པའི་སྒྲ་དང་ཤེས་པའི་སྤྱོད ་ཡུལ་ཅན། ཞེས་བྱ་བ་བསྒྲུབ་པའི་དོན་དུ་སྐབས་དགོད་པའི་ཕྱིར་གལ་ཏེ་ཞེས་བྱ་བ་སོགས་པ་སྨོས་ཏེ། བསྒྲུབ་པ་སྒྲའི་དོན་དུ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པའི་དངོས་པོ་ཉིད་སྒྲའི་གཟུང་བར་བྱ་བ་སྟེ། དེས་ན་སྒྲ་དག་གིས་དངོས་སུ་སྒྲུབ་པ་དང ་དགག་པ་དག་གིས་དངོས་པོའི་རང་བཞིན་སྟོན་པར་བྱེད་པའི་ཕྱིར་སྒྲུབ་པ་ཉིད་སྒྲའི་དོན་ནོ་ཞེས་བྱ་བ་ཡིན་ནོ། །སེལ་བ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པར་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་དངོས་པོའི་རང་གི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཐ་མི་དད ་པའི་དོན་དག་ལ་ཐ་དད་པའི་རྣམ་པར་ཞེན་པས་འཇུག་པའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་འཁྲུལ་པ་ཉིད་ཡིན་ནོ། །འཁྲུལ་པ་ཉིད་ཡིན་ཡང་གང་དུ་བརྒྱུད་པས་དངོས་པོ་དང་འབྲེལ་པ་དེར་དོན་ལ་མི་སླུ་བ་ཡིན་ཞེས་བྱ་བ་ཡིན་ནོ། །དེ ་ལ་རྣམ་པར་རྟོག་པའི་བློས་དོན་ཐ་མི་དད་པ་དག་ལ་སྒྲོ་བཏགས་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་ལ་ལྡོག་པའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ཀྱིས་འདོགས་པའི་ཕྱིར་དང། རང་ཉིད་ཀྱང་གཞན་ལས་ལྡོག་པ་ཉིད་དུ་སྣང་བའི་ཕྱིར་དང། གཞན་ལས་ལྡོག་པར ་བརྗོད་པའི་འཁྲུལ་པ་དང་ལྷན་ཅིག་གཅིག་ཉིད་དུ་ངེས་པའི་ཕྱིར་དང། གཞན་སེལ་བའི་དངོས་པོ་རྟོགས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་གཞན་སེལ་ཞེས་བརྗོད་དོ། །དེས་ན་སེལ་བ་སྒྲའི་དོན་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ལ་སྒྲུབ་པ་སྨྲ་བ་རྣམས་རྩོད་པར་བྱེད ་དེ། གལ་ཏེ་ཁྱེད་ཅག་གི་རྫས་དང་ཡོན་ཏན་དང། ལས་དང། སྤྱི་དང། བྱེ་བྲག་དང། འདུ་བའི་མཚན་ཉིད་ཀྱི་ཁྱད་པར་དེ་བྱེ་བྲག་དག་དོན་དམ་པར་སྒྲ་འཇུག་པའི་རྒྱུ་མཚན་དུ་ཡོད་པ་མ་ཡིན་ན། དེའི་ཕྱིར་ཇི་ལྟར་འཇིག་རྟེན་ན་རྫས་ལ་སོགས་པའི་ཁྱད་པར་གྱི་རྒྱུ ་མཚན་དབྱུག་པ་ཅན་ཞེས་བྱ་བ་ལ་སོགས་པའི་བརྗོད་པ་དང་ཡོངས་སུ་རྟོགས་པར་འགྱུར། འདི་ལྟར་འཇིག་རྟེན་ན་དབྱུག་པ་ཅན་དང་རྭ་ཅན་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་བློ་དག་རྫས་ཀྱི་ཁྱད་པར་ཅན་དུ་གྲགས་ལ། དཀར་པོ་ནག་པོ་ཞེས་བྱ་བ་ཡོན ་ཏན་གྱི་ཁྱད་པར་ཅན་དང། གཡོའོ་འཁོར་ཞེས་བྱ་བ་ལས་ཀྱི་རྒྱུ་མཚན་ཅན་དང། ཡོད་དོ་སྣང་ངོ་ཞེས་བྱ་བ་ཡོད་པའི་རྒྱུ་མཚན་དང། བ་ལང་དང་རྟ་དང། གླང་པོ་ཞེས་བྱ་བ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཅན་དང། སྣལ་མ་འདི་དང་ག་ལ་སྣམ་བུ ་ཞེས་བྱ་བ་འདུ་བའི་སྟོབས་ཀྱིས་ཡིན་ཏེ། དེ་ལར་རྫས་ལ་སོགས་པ་འདི་དག་མེད་ན་དབྱུག་པ་ཅན་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་བློ་དག་ཡུལ་མེད་པར་འགྱུར་རོ། །སོགས་པ་སྨོས་པ་རེ་རེ་དང་སྦྱར་བར་བྱ་སྟེ། དེས་ན་རེ་རེ་ཞིང་དབྱུག་པ་ཅན་དང་རྭ ་ཅན་ཞེས་བྱ་བ་ལ་སོགས་པ་རིགས་མཐུན་པའི་སྒྲ་བློ་དག་གཟུང་བ་ཡིན་ནོ། །མཛའ་ཨི་བྱེ་བྲག་ནི་རྣལ་འབྱོར་པ་རྣམས་ཁོ་ནའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་དག་ནི་སོགས་པའི་སྒྲས་མི་གཟུང་ངོ། །དེ་དག་རྒྱུ་མཚན་མེད་པར་ཡང་མི་རིགས་ཏེ། དེ་དག ་ཐམས་ཅད་ཐམས་ཅད་ཀྱི་ཀྱི་ཁྱད་པར་མེད་པར་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་དབྱེ་བ་མེད་པར་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རྫས་ལ་སོགས་པ་ཡོད་དོ་ཞེས་བྱ་བ་ནི་གཞན་གྱིའོ། །སྦྱོར ་བ་ནི་གང་དང་གང་ཕན་ཚུན་མ་འཆོལ་བར་འཇུག་པ་དེ་དག་ནི་རྒྱུ་མཚན་དང་བཅས་པ་ཡིན་ཏེ་རྣ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །དབྱུག་པ་ཅན་ལ་སོགས་པའི་སྒྲ་དང་ཤེས་པ་དག་ཀྱང་འཆོལ་བ་མེད་པར་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་རང ་བཞིན་གྱི་གཏན་ཚིགས་སོ། །རྒྱུ་མཚན་མེད་པ་ཉིད་ཡིན་ན་ཐམས་ཅད་དུ་ཁྱད་པར་མེད་པར་འཇུག་པར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །སྨྲས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་གལ་ཏེ་འདི་དག་དངོས ་སུ་ཕྱི་རོལ་གྱི་ཡུལ་དུ་གྱུར་པའི་རྒྱུ་མཚན་གྱིས་རྒྱུ་མཚན་དང་བཅས་པ་ཉིད་དུ་སྒྲུབ་པར་འདོད་ན་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཅི་སྟེ་གང་ཅི་ཡང་རུང་བའི་རྒྱུ་མཚན་གྱི ་རྒྱུ་མཚན་དང་བཅས་པ་ཉིད་དུ་འདོད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་སྟེ། འདི་ལྟར་ཁོ་བོ་ཅག་གི་འདི་དག་རྒྱུ་མཚན་གང་གི་བརྗོད་པའི་བག་ཆགས་སད་པ་འདོད་པ་ཉིད་ཡིན་གྱི། ཡུལ་དུ་འགྱུར་བ་ནི་མ་ཡིན་ཏེ། འཁྲུལ་པ་ཉིད་ཀྱིས་སྒྲ་ལས་བྱུང་བའི་ཤེས ་པ་ཐམས་ཅད་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ནང་ཙམ་ལ་གནས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཞེས་བྱ་བའི་ཐ་ཚིག་གོ་འདི་དག་ཉིད་ལུང་གི་ཁུངས་ཀྱིས་བསྟན་པའི་ཕྱིར་སྒྲ་རྣམས་གང་དང་ཞེས་བྱ་བ་ལ་སྨོས་ཏེ། ཡུལ ་དུ་གང་དང་གང་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་སྤྱི་ལ་སོགས་པའོ། །དེ་ནི་ཆོས་ཉིད་ཡིན་ཞེས་བྱ་བ་ནི་དེའི་རང་བཞིན་ཡིན་པ་སྟེ། །དངོས་པོ་རྣམས་ཀྱི་རང་བཞིན་ནི་ངག་གི་ལམ་ཐམས་ཅད་ལས་འདས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་སྐད་དུ་མིང?་ནི་གང ་དང་གང་གིས་ནི། ཆོས་ནི་གང་དང་གང་བརྗོད་པ། དེ་ནི་དོན་ཡོད་མིན་ཏེ། དེ་ནི་དེ་རྣམས་ཆོས་ཉིད་ཡིན། ཞེས་གསུངས་སོ། །ཅི་སྟེ་སྒྲ་ལས་བྱུང་བའི་ཤེས་པ་འཁྲུལ་པ་ཉིད་དང། ཡུལ་མེད་པ་དག་ལ་ཚད་མ་ཅི་ཡོད་ཅེ་ན། གང་ཐ་དད་བ་དག་ལ་ཐ་མི་དད་པར་ཞེན་ནས ་འཇུག་པའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་འདི་ཐམས་ཅད་འཁྲུལ་པ་ཡིན་ནོ་ཞེས་པ་འདི་ལ་ཁོ་བོ་ཅག་གི་ཚད་མ་བཤད་ཟིན་ཏོ། འདི་ལྟར་གང་ཞིག་ཡིན་ཏེ་ཡིན་པ་ལ་དེའོ་སྙམ་དུ་ཤེས་པ་དེ་ནི་འཁྲུལ་པ་ཡིན་ཏེ། སྨིག་རྒྱུ་ལ་ཆུར་ཤེས་པ་ལྟ་བུའོ། །དོན ་ཐ་དད་པ་དག་ལ་ཐ་མི་དད་པར་ཞེན་པའོ་སྒྲ་ལས་བྱུང་བའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་གཏན་ཚིགས་སོ། །གང་གིས་གཏན་ཚིགས་མ་གྲུབ་པོ་ཞེས་བྱ་བར་འགྱུར་བ་འདིའི་གཟུང་བར་བྱ་བ་སྤྱི་དངོས་པོར་གྱུར་པ་ཡོད་པ་ཡང་མ ་ཡིན་ཏེ། དེ་ནི་སྔར་རྒྱས་པར་བཀག་ཟིན་པའི་ཕྱིར་རོ། །ཡང་ན་སྤྱི་ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་དེ་ནི་ཐ་དད་པ་དག་ལས་དོན་དུ་གྱུར་པ་ཉིད་ཡིན་ན་ཐ་དད་(བདག་ལ་ཐ་མི་དད)་པར་ཞེན་པ་ནི་འཁྲུལ་པ་ཉིད་ཡིན་ནོ། །དེ་དག་ལྡན་པ་ཞེས་བྱ་བར་འགྱུར་གྱི་གཞན་དང་གཞན ་དུ་མཚུངས་པ་ནི་རིགས་པ་མ་ཡིན་ནོ། །སྤྱི་དོན་གཞན་དུ་གྱུར་པ་ཉིད་ཡིན་ན་ཡང་དོན་དམ་པར་སྣ་ཚོགས་པ་ཐམས་ཅད་དངོས་པོ་གཅིག་ཡིན་དུ་ཆུག་མོད། །དེ་ལ་སྤྱིའི་ཤེས་པ་ནི་འཁྲུལ་བ་ཉིད་ཡིན་ལ་མཚུངས་པ་ནི་དངོས་པོ་གཅིག་གི་ཡུལ ་ལ་མ་ཡིན་ཏེ། དེ་ནི་ཐ་དད་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། འཁྲུལ་པ་ཉིད་དུ་གྲུབ་པ་ན་ཡུལ་མེད་པར་ཡང་གྲུབ་སྟེ། རང་གི་རྣམ་པ་གཏང་ནས་སྐྱེད་པར་བྱེད་པའི་དམིགས་པའི་མཚན་ཉིད་དུ་གྱུར་པའི་དོན་འགའ་ཡང་མེད ་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཡུལ་མེད་པ་ཉིད་རྣམ་པ་གཞན་དུ་བསྒྲུབ་པར་བྱ་སྟེ། སྒྲ་རྣམས་གང་ཁོ་ན་ལ་བརྡ་བྱས་པ་དེ་ཁོ་ན་དེ་དག་གི་ཡུལ་དུ་རིགས་ཀྱི་གཞན་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་དག་དངོས་པོ་འགའ་ ་ཞིག་ལ་དོན་དམ་པར་བརྡ་ཡང་དག་ཡོད་པ་མ་ཡིན་པས་དེའི་ཕྱིར་བློ་དང་སྒྲ་ནི་ཡུལ་མེད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་དངོས་སུ་བརྡ་མ་བྱས་པ་དེ་དག་ནི་དོན་དམ་པར་དེ་བརྗོད་པ་མ་ཡིན་ཏེ། ནོག་ལ་སོགས་པ་དང ་ལྡན་པའི་གོང་བུ་ལ་རྟའི་སྒྲས་བརྡ་མ་བྱས་པ་བཞིན་ནོ། །ཡང་དག་པར་དངོས་པོ་ཐམས་ཅད་ལ་སྒྲ་ཐམས་ཅད་བརྡ་བྱས་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེས་པ་མི་དམིགས་པ་སྟེ། བརྡ་བྱས་པ་ཉིད་རྗོད་པར་བྱེད་པ་ལ་ཁྱབ་པའི་ཕྱིར་ལ་དེ ་འདི་ལ་མེད་དོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང?་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བརྡ་བཟུང་བའི་དངོས་པོ་སྒྲའི་དོན་ཉིད་དུ་རྣམ་པར་འཇོག་པ་ན་རེས་འགའ་རང་གི་མཚན་ཉིད་དེ་ཐུན་མོང་མ ་ཡིན་པ་འམ། རིགས་སམ། དེ་འབྲེལ་དེ་རིགས་དེ་དང་འབྲེལ་པའམ། རིགས་དང་ལྡན་པའི་དངོས་པོ་འམ། བློའི་རྣམ་པ་ཞིག་རྣམ་པར་འཇོག་པར་བྱེད་ཅེས་བརྟག་གྲང། དེ་ལ་ཐམས་ཅད་ལ་བརྡ་མི་སྲིད་པའི་ཕྱིར་སྒྲའི་དོན་ཉིད་དུ་མི་རིགས་སོ། །དེ་ཉིད ་དུ་ཞེས་བྱ་བ་འདིས་ནི་ཀུན་རྫོབ་པའི་སྒྲའི་དོན་མ་བཀག་པར་བསྟན་པ་ཡིན་ཏེ། དེའི་ཕྱིར་རང་གི་ཚིག་དང་འགལ་བར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་དམ་བཅའ་བ་རང་གི་ཚིག་དང་འགལ་བར་འགྱུར་ཏེ། འདི་ལྟ་རང་གི་མཚན་ཉིད་ལ་སོགས་པ་འདི་དག ་སྒྲས་བསྟན་ནས་འདི་དག་སྒྲའི་དོན་མ་ཡིན་པ་ཉིད་དུ་བསྟན་པར་མི་ནུས་ཏེ། དེ་བསྟན་པར་འདོད་ནས་སྒྲས་རང་གི་མཚན་ཉིད་ལ་སོགས་པ་སྟོན་པ་ནི་འདི་དག་སྒྲའི་དོན་ཉིད་དུ་ཁས་བླངས་པར་འགྱུར་ལ། ཡང་དམ་བཅའ་བ་དེ་ཉིད་འགེགས་པའི་ཕྱིར་རང་གི ་ཚིགས་དང་འགལ་ལོ། །འདིས་ནི་འོད་བྱེད་པས། སྒྲ་རྣམས་རྗོད་བྱེད་མ་ཡིན་ན། དམ་བཅའ་གཏན་ཚིགས་འགལ་བ་ཡིན། ཞེས་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ནོ། །ཁོ་བོ་ཅག་ནི་རྣམ་པ་ཐམས་ཅད་དུ་སྒྲའི་དོན་ལ་སྐུར་བ་འདེབས་པར་མི་བྱེད་དེ། དེ་ནི ་གནག་རྫིའི་བར་ལ་ཤིན་ཏུ་གྲགས་པའི་ཕྱིར་རོ། །འོན་ཀྱང་དེ་ལ་གཞན་གྱིས་སྒྲོ་བཏགས་པ་དེ་ཁོ་ན་ཉིད་དུ་ཡོད་པའི་ཆོས་གང་ཡིན་པ་དེ་འགེགས་པར་བྱེད་ཀྱི་ཆོས་ཅན་མ་ཡིན་ནོ། །དེ་ལ་རེ་ཞིག་རང་གི་མཚན་ཉིད་ལ་བརྡ་མེད་པར་བསྟན་པའི་ཕྱིར་སྒྲའི་དོན་མ་ཡིན་པ་ཉིད་བསྟན་པའི ་དོན་དུ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་ཞིག་སྒྲ་རྣམས་ཀྱིས་རང་གི་མཚན་ཉིད་བརྗོད་པ་མིན་ཞེས་བྱ་བ་ནི་དེ་ལ་བརྡ་བྱས་པ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཇི་ལྟར་བརྡ་མེད་པ་ཡིན་ཞེ་ན། བརྡ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྡ་དང་ཐ ་སྙད་དག་ཏུ་ཕྱིན་པ་སྟེ་ཐོབ་པའི་དུས་གང་ཡིན་པ་དེར་ཁྱབ་པ་སྟེ་ཁྱབ་པར་བྱེད་པ་དེ་དང་བྲལ་བའི་རྒྱུའི་རང་གི་མཚན་ཉིད་དེ་ལ་བརྡ་མེད་དོ། །ཞེས་བྱ་བ་ལྷག་མའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། བརྡ་ནི་ཐ་སྙད་ཀྱི་དོན་དུ་བྱེད་ཀྱི་ཞེན་པས་ནི་མ་ཡིན་ནོ། །དེས་ན་གང་ཁོ ་ནའི་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པ་ཉིད་ཡོད་པ་དེ་ཁོ་ན་ལ་ཐ་སྙད་འདོགས་པ་པོ་རྣམས་བརྡ་བྱེད་པར་རིགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ལ་ནི་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་ལ་བརྡ་བྱེད་པ་མ ་ཡིན་ནོ། །ཡང་ཅིའི་ཕྱིར་རང་གི་མཚན་ཉིད་ལ་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པར་བྱེད་པ་ཉིད་མེད་ཅེ་ན། ཡུལ་དུས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ལ་སོགས་པ་ཐ་དད་པས་ཁྲ་བོ་ལ་སོགས་པའི་གསལ་བ་ཐ་དད་པ་ཕན་ཚུན་ཤིན་ཏུ་ལྡོག་པའི་ལུས ་ཅན་འདི་དག་ནི་ཕན་ཚུན་རྗེས་སུ་འཇུག་པ་མ་ཡིན་ཏེ། དེ་ལ་གཅིག་ལ་བརྡ་བྱས་པའི་སྐྱེས་བུས་གཞན་ལ་ཐ་སྙད་དུ་བྱེད་པར་མི་འགྱུར་རོ། །སྣང་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ཁ་དོག་དང་དབྱིབས་དང་སྐད་ཅིག་མ་ཉིད་ལ་སོགས་པ་གཟུང་ངོ། །ཐ་སྙད་མཐོང་བ ་མ་ཡིན་ཞེས་བྱ་བ་ནི་དེས་ནི་དེ་ལ་བརྡ་མེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །བརྡ་མ་གཟུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་བརྡ་བཟུང་བ་དེ་ལ་དེ་སྐད་ཅེས་བྱ་བ་ལ། བརྡ་བཟུང ་བ་མེད་དེ་ནི་བརྡ་མ་བཟུང་བའོ། །སྒྲ་ལས་ཞེས་བྱ་བ་ནི་མིང་ལས་སོ། །གཞན་དུ་ཞེས་བྱ་བ་ནི་རིགས་མི་འདྲ་བའི་དོན་བཞིན་ནོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་སྒྲས་བརྡ་མ་གཟུང་བའི་དོན་སྟོན་པར་བྱེད་ན་དེའི་ཚེ་བ་ལང་གི་སྒྲ ་ཡང་བརྡ་སྟོན་པར་བྱེད་པར་འགྱུར་ལ། བརྡ་བྱེད་པ་ཡང་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཧ་ཅང་ཐལ་བར་འགྱུར་པ་ནི་གནོད་པར་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཁྱབ་པ་གྲུབ་པོ། །བརྡ་མ་བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་འདི་ཉིད ་སློབ་དཔོན་ཕྱོགས་ཀྱིས་གླང་པོས། སྒྲའི་ཐ་དད་ནམ་ཡང་ནི། །བརྗོད་པ་མ་ཡིན་མཛའ་མེད་ཕྱིར། ཞེས་བྱ་བ་འདིས་བསྟན་ཏེ། འདི་མཛའ་མེད་པའི་ཕྱིར་ཞེས་བྱ་བ་འདིས་བརྡ་མེད་པ་ཉིད་བསྟན་ཏོ། །དེས་ན་འོད་བྱེད་པས། གལ་ཏེ་སྒྲ་ཕྱོགས་སུ་བྱེད ་ན་དེའི་ཚེ་མཛའ་མེད་པའི་ཕྱིར་ཞེས་བྱ་བ་འདི་དངོས་པོའི་ཆོས་ཡིན་པའི་ཕྱིར་གཞི་མཛའ་དད་པའི་གཏན་ཚིགས་ཡིན་ནོ། །འོན་ཏེ་ཐ་དད་པ་རྣམས་ཉིད་ཕྱོགས་སུ་བྱེད་ན་དེའི་ཚེ་རྗེས་སུ་འགྲོ་བ་ཅན་དང་ལྡོག་པ་ཅན་གྱི་དཔེ་ཡོད་པ་མ་ཡིན་པའི་ཕྱིར་མཛའ་ ་མེད་པ་གཏན་ཚིགས་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ནོ། །ཡང་དེ་ཉིད་ཀྱིས་སྨྲས་བདག་གི་ལྟར་ན་ཁྱད་པར་མེད་པའི་ཐ་དད་པ་རྣམས་སྒྲ་དག་གིས་རྗོད་པར་བྱེད་པ་དེའི་ལྟར་ན་ཉེས་པ་འདི་ཡིན་གྱི། ཁོ་བོ་ཅག་ནི་ཡོད་པའི་ཁྱད ་པར་གྱིས་རྫས་དང་ཡོན་ཏན་དང་ལས་རྣམས་བརྗོད་པ་ཡིན་ཏེ། འདི་ལྟར་གང་དང་གང་ན་ཡོད་པ་ལ་སོགས་པའི་སྤྱི་མཐོང་བ་དེ་དང་དེར་ཡོད་པ་ལ་སོགས་པའི་སྒྲ་སྦྱོར་ལ། །ཡོད་པ་ལ་སོགས་པའི་སྤྱི་ནི་གཅིག་ཉིད་ཡིན་ཏེ། དེའི་ཕྱིར་སྤྱིས་མཚོན་པའི ་དོན་དག་ལ་བརྡ་བྱེད་པ་སྲིད་པའི་ཕྱིར་མཛའ་མེད་པ་རྒྱུ་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་དག་པ་མ་ཡིན་ཏེ། ཡོད་པ་ལ་སོགས་པ་དངོས་པོར་གྱུར་པའི་སྤྱི་དེ་དག་ལས་ཐ་དད་པ་འམ་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབས་ཟིན་ཏོ། །ཡང་ན་སྤྱི་ཡོད་དུ་ཆུག་མོད་དེ་ལྟ་ན ་ཡང་ཐ་དད་པ་གཅིག་ལ་སྤྱི་དུ་མ་ཡོད་པ་ལ་སོགས་པའི་སྒྲ་མ་འཚེལ་བར་སྦྱོར་བར་མི་འགྱུར་རོ། །ཡོད་པ་ལ་སོགས་པ་སྒྲས་མ་བསྟན་པར་ཡོད་པ་ལ་སོགས་པ་དེས་ཐ་དད་པ་གཞན་མཚོན་པ་བྱ་བའི་ཕྱིར་བརྡ་བྱེད་པར་ནུས་པ་ཡང་མ་ཡིན་ལ། བརྡ་མ་བྱས་པའི་ཡོད་པ ་ལ་སོགས་པ་ལ་སྒྲ་འཇུག་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟ་ཡིན་དང། ཕན་ཚུན་བརྟེན་པའི་སྐྱོན་དུ་འགྱུར་རོ། ཅི་སྟེ་ཡང་རྟོག་པ་པོ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རང་ཉིད་ཐ་སྙད་དུ་བྱེད་པར་དམིགས་པའི་ཕྱིར་ཡོད་པ་ལ་སོགས་པའི་སྒྲ་དག་གིས་བརྡ་སྟོན ་བར་བྱེད་དོ་སྙམ་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ། མཛའ་མེད་པ་ཐ་དད་པའི་ཡུལ་ཅན་གྱི་ཐ་སྙད་མ་ལུས་པ་འགའ་ཞིག་དམིགས་པར་འགྱུར་བ་ནི་མ་ཡིན་ནོ། །གཅིག་གི་ཚེ་ཡོད་པ་ལ་སོགས་པ་དང་ལྡན་པའི་ཐ་དད་བདག་ལ་ལན་ཅིག་མ་ཡིན་ཐ་སྙད ་དམིགས་ནས་དེའི་རིགས་ཅན་མ་མཐོང་བ་དག་ལ་ཡང་སྒྲ་དེ་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ། །མ་མཐོང་པའི་འདས་པ་པོ་སོགས་པའི་བྱེ་བྲག་གི་ཐ་དད་པ་མཛའ་ཡས་པའི་ཐ་དད་པ་དག་ལ་བརྡ་སྲིད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། ་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པ་དག་ལ་སྟོན་པར་བྱེད་དེ་ཞེ་ན། འོ་ན་དེ་ལྟ་ན་རྣམ་པར་རྟོག་པས་སྒྲོ་བཏགས་པའི་དོན་གྱི་ཡུལ་ཉིད་ལ་སྒྲ་སྦྱོར་གྱི་དོན་དམ་པར་ཐ་དད་པ་དག་ལ་མ་ཡིན་ནོ་ཞེས་བྱ་བ་ཐོབ་སྟེ། འདི་ལྟར་འདས་པ་དང་མ་འོངས་པ་དག ་གིས་མེད་པས་མི་ཉེ་བ་ཉིད་ཀྱིས་ཕྱིར་དེ་ལ་རྣམ་པར་རྟོག་པའི་བློར་འགྱུར་བ་ནི་ཡུལ་མེད་པ་ཉིད་ཡིན་པའི་ཞེས་སྒྲོ་བཏགས་པ་ནི་མེད་པ་ཉིད་ཡིན་པའི་ཕྱིར་ཞེས་སྒྲོ་བཏགས་པ་ནི་མེད་པ་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་དེ་ལ་བརྡ་མེད་པའི་ཕྱིར་ཇི་ལྟར ་དོན་དམ་པ་དངོས་པོར་གྱུར་པ་ཡིན་ཏེ། སྤོས་པས་ཆོག་གོ་།མཐུན་པའི་ཕྱོགས་ལ་ཡོད་པའི་གཏན་ཚིགས་འགལ་བ་ཡང་མ་ཡིན་པའི་ཕྱིར་སྒྲ་རྣམས་ཀྱི་ཡུལ་རང་གི་མཚན་ཉིད་མ་ཡིན་པར་གྲུབ་པོ། །འདི་སྙམ་དུ་གང་དག་རི་གངས་ཅན་ལ་སོགས་པའི ་དངོས་པོ་དེ་དག་བརྟན་པ་དང་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར་ཡུལ་དང་དུས་ལ་སོགས་པའི་ཐ་དད་པ་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་བརྡ་དང་ཐ་སྙད་ཕྱིན་པའི་དུས་སུ་ཁྱབ་པའི་ཕྱིར་དེ་ལ་བརྡ་སྲིད་པས་དེའི་ཕྱིར་གཏན་ཚིགས་ཕྱོགས ་ཀྱི་ཕྱོགས་གཅིག་ལ་མ་གྲུབ་ཡིན་ནོ་སྙམ་དུ་སེམས་ན། གང་ཡང་གངས་རི་ཞེས་བྱ་བ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་རིམ་ལ་ཡ་ལ་སོགས་པ་གཟུང་ངོ། །གང་གི་ཕྱིར་འདི་དག་ནི་རྡུལ་ཕྲ་རབ་དུ་མ་ཚོགས་པའི་རང་བཞིན་ཡིན་ཏེ། དེའི་ཕྱིར ་འདི་དག་གི་ཡན་ལག་མ་ལུས་པ་བཟུང་བས་བརྡ་ཕྱེད་པ་ཡོད་པ་མ་ཡིན་ལ། སྐྱེས་མ་ཐག་ཏུ་འཇིག་པ་ཡང་བསྒྲུབས་ཟིན་ཏེ། དེས་ན་དེ་དག་ལ་ཡང་བརྡའི་དུས་སུ་མཐོང་བ་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ ་གྲུབ་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་རང་གི་མཚན་ཉིད་ལ་ཐ་སྙད་མི་འཐད་པས་བརྡ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་བརྡ་མི་སྲིད་དོ་ཞེས་བསྟན་ནས་།དེ་བྱ་བར་མི་ནུས་པའི་མི་སྲིད་དོ་ཞེས་བསྟན་པའི་ཕྱིར། རང་གི་མཚན་ཉིད་འདི་དག་ཀུན ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་སྐྱེས་མ་དག་ཏུ་འཇིག་པ་ནི་སྔར་བསྒྲུབས་ཟིན་ཏེ། དེ་དག་ལ་བརྡ་བྱེད་པ་ན་རེས་འགའ་མ་སྐྱེས་པ་ལ་བྱེད་པ་འམ་སྐྱེས་པ་དག་ལ་བྱེད། དེ་ལ་རེ་ཞིག་མ་སྐྱེས་པ་རྣམས་ལ་བརྡ་རིགས་པ ་མ་ཡིན་ཏེ། མེད་པ་ནི་ཤེས་པ་དང་བརྗོད་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་གཞིར་མི་འཐད་པའི་ཕྱིར་རོ། ཡང་དག་པ་སྨོས་པ་ནི་ཀུན་རྫོབ་པ་དགག་པའི་དོན་དུ་སྟེ། དེས་ན་བུམ་པ་ལ་སོགས་པ་མ་སྐྱེས་པ་ལ་ཡང་བརྡ་མཐོང་བའི་ཕྱིར་མཐོང་བ་དང ་འགལ་བ་མ་ཡིན་ཏེ། དེའི་ཡུལ་ནི་རྣམ་པར་རྟོག་པས་སྤྲུལ་པའི་དོན་ཉིད་ཡིན་པས་མེད་པ་ཡིན་པའི་ཕྱིར་རོ། །རྟའི་རྭ་བོ་ཞེན་ཞེས་བྱ་བ་ནི་བདུན་པའི་མཛའ་ཅན་གྱི་འདྲ་བ་ཡིན་ནོ། །སྐྱེས་པ་ལ་ཡང་བརྡ་རིགས་པ་མ་ཡིན་ཏེ། འདི་ལྟར་ཉམས་སུ་མྱོང་བ་སྐྱེས་པ་དེ ་ལ་དེ་མངོན་དུ་འགྲོ་བ་ཅན་གྱི་མིང་ནི་ཁྱད་པར་དྲན་པ་ན་བརྡ་བྱེད་ཀྱི་གཞན་དུ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། དེ་ལྟ་ཡིན་དང་མིང་གི་ཁྱད་པར་དྲན་པའི་དུས་ན་སྐད་ཅིག་འཇིག་པ་ཉིད་ཀྱིས་རང་གི་མཚན་ཉིད་འགགས་ནས་རིང་དུ་ལོན་པའི་ཕྱིར་མ་སྐྱེས་པ ་བཞིན་དུ་དངོས་པོ་སྐྱེས་པ་རྣམས་ལ་ཡང་བརྡ་ཡོད་པ་མ་ཡིན་ཏེ། བརྡ་བྱེད་པའི་དུས་ན་ཡང་གཉི་ག་ཡང་མི་ཉེ་བའི་ཕྱིར་རོ། འདི་ལྟར་རེ་ཞིག་ཉམས་སུ་མྱོང་བའི་གནས་སྐབས་ན་ཡང་དེའི་རྒྱུ་ཡིན་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱིས་རང་གི་མཚན་ཉིད་སྐད་ཅིག་མ་ཉེ་བ ་ཡོད་པ་ཅན་དུ་མི་འགྱུར་ན། ཉམས་སུ་མྱོང་བའི་དུས་ཕྱིས་འབྱུང་བའི་མིང་གི་བྱེ་བྲག་བཟོ་བ་དང་དྲན་པ་སྐྱེ་བའི་དུས་ན་འབྱུང་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཅི་སྟེ་ཡང་དེའི་ནུས་པའི་མཐུ་ལས་བྱུང་བ་དེའི་རིགས་ཅན་བརྡ་བྱེད་པའི་དུས་ན་འབྱུང་བའི་སྐད ་ཅིག་མ་ལ་བརྡ་བྱེད་པར་འགྱུར་རོ་སྙམ་ན། དེའི་ཕྱིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བརྡ་བྱེད་པའི་དུས་ན་ཉེ་བའི་སྐད་ཅིག་གཞན་ཡོད་པ་དེ་ལྟ་ན་ཡང་དེ་ལ་བརྡ་བ་ཟོ་བ་མི་སྲིད་པའི་ཕྱིར་བརྡ་མི་རིགས་ཏེ། འདི་ལྟར་རྟ་དམིགས་ནས་དེའི་མིང ་དྲན་པའི་རིམ་པ་སྔོན་དུ་འགྲོ་བ་ཅན་གྱི་བརྡ་བྱེད་པ་ན་དེའི་དུས་ན་ཉེ་བའི་བ་ལང་ལ་སོགས་པ་ལ་བཟོ་བའི་ཡུལ་དུ་བྱས་ནས་བརྡ་བྱེད་པ་འགའ་ཞིག་རྟའོ་ཞེས་བརྡ་བྱེད་པ་ནི་མ་ཡིན་ནོ། ཅི་སྟེ་ཡང་རང་གི་མཚན་ཉིད་ཀྱི་སྐད་ཅིག་ཐམས་ཅད་འདྲ་བ ་ཡིན་ཏེ། དེས་ན་གཅིག་ཉིད་དུ་ཞེན་པར་བྱས་ནས་བརྡ་བྱེད་པར་འགྱུར་སྙམ་ན། དེའི་ཕྱིར་འདྲ་བ་ཉིད་ཀྱང་བརྟགས་པ་ཡིན་ཞེས་བྱ་བ་སྨོས་ཏེ་འདྲ་བ་ནི་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པ་ཡིན་ཏེ། དེ་སྒྲ་རྣམས་ཀྱིས་སྟོན་ན་རང་གི་མཚན་ཉིད་བརྗོད་པར ་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་རང་གི་མཚན་ཉིད་ལ་བརྡ་སྲིད་པ་མ་ཡིན་ནོ། །སྒྲ་རང་གི་མཚན་ཉིད་ཀྱི་བརྡ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་བརྡ་བྱེད་པས་བཞག་པ་ཉིད་ཀྱི་མིང་གི་ཁྱད་པར་དོན་ལ་སྦྱོར་བར་བྱེད་ལ། དོན་དམ་པས་དྲན་པས་ཉམས ་སུ་མྱོང་བ་ཉིད་ཀྱི་བརྗོད་པ་འཇིག་པར་ནུས་པ་ཡང་མ་ཡིན་ཏེ། དེ་འགགས་ནས་རིང་དུ་ལོན་པའི་ཕྱིར་རོ། གང་ཡང་བརྗོད་པ་དེ་ནི་སྔར་ཉམས་སུ་མ་མྱོང་བའི་ཕྱིར་དེ་ལ་དྲན་པ་མ་ཡིན་ལ། ཡུལ་དུ་མ་བྱས་པ་དེས་འཛིན་པར་ནུས་པ་ཡང ་མ་ཡིན་ཏེ། དེས་ན་དྲན་པས་བཞག་པའི་རྣམ་པར་རྟོག་པའི་རྒྱུ་མཚན་གྱིས་མཚམས་སྦྱོར་བ་རྣམས་རང་གི་མཚན་ཉིད་མ་ཡིན་པ། ཉིད་ཀྱི་ཕྱིར་རང་གི་མཚན་ཉིད་ཀྱི་བརྡ་མ་ཡིན་ནོ། །དེ་ལྟ་བས་ན་རང་གི་མཚན་ཉིད་ནི་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བྱ ་པར་གྲུབ་པོ་རང་གི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པ་འདི་ཉིད་བསྒྲུབ་པར་བྱ་བའི་ཕྱིར་ཚད་མ་གཞན་བཤད་པ་ནི་དྲོ་བ་ལ་སོགས། ཞེས་བྱ་བ་ལ་སོགས་པའོ། ཇི་ལྟར་དྲོ་བ་ལ་སོགས་པའི་དོན་གྱི་ཡུལ་ཅན་གྱི་དབང་པོ་བློ་གསལ་བར་སྣང་བར ་རིག་པ་དེ་བཞིན་དུ་དྲོ་བ་ལ་སོགས་པའི་སྒྲ་ལས་བྱུང་བ་ནི་མ་ཡིན་ནོ། །ཇི་ལྟར་མིག་ལ་སོགས་པ་མ་ཉམས་པའི་དབང་པོའི་བློ་དག་གིས་ཉམས་སུ་མྱོང་བ་བཞིན་དུ་མིག་དང་ལྕེ་དང་སྣ་ལ་སོགས་པ་ཉམས་པས་མ་ཏུ་ལུང་ག་ལ་སོགས་པའི་སྒྲ ་ཐོས་པ་ལས་གཟུགས་དང་རོ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་ནོ། །ཇི་སྐད་དུ་།མེ་དང་འབྲེལ་པས་བསྲེག་བྱ་བ། །ཚིག་པར་ཤེས་པ་གཞན་ཡིན་ལ། །ཚིག་པའི་སྒྲ་ཡིས་ཚིག་པའི་དོན། ཡང་དག་གསལ་པ་གཞན་ཡིན ་ནོ། །ཞེས་བཤད་པ་ལྟ་བུའོ། །དེའི་དོན་ཅན་དབང་ཤེས་བཞིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །དྲོ་བ་ལ་སོགས་པའི་དོན་གྱི་ཡུལ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་ལ་འདི་ནི་དེའི་དོན་ཡང་ཡིན་ལ་དབང་པོའི་ཤེས་པ་ཡང ་ཡིན་ནོ་ཞེས་ཚིགས་རྣམ་པར་སྦྱར་རོ། གལ་ཏེ་དེ་དེ་ལྟ་བུ་མ་ཡིན་པ་དེ་ལྟ་ན་ཡང་ཅིའི་ཕྱིར་སྒྲའི་དོན་རང་གི་མཚན་ཉིད་དུ་མི་འགྱུར་ཞེ་ན། གང་ཞིག་ངེས་བྱེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་གང་གིས་བྱས་པའི་ཤེས་པ་ལ་མི་སྣང་བ ་དེའི་དོན་མ་ཡིན་ཏེ། གཟུགས་ཀྱི་སྒྲས་སྐྱེད་པའི་ཤེས་པ་ལ་རོ་བཞིན་ནོ། །སྒྲ་ལས་བྱུང་བའི་ཤེས་པ་ལ་ཡང་རང་གི་མཚན་ཉིད་མི་སྣང་ངོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདིར་ཡང་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མ་སྟེ། འདི ་ལྟར་སྒྲ་དེས་རྗོད་པར་བྱེད་པར་ཉིད་ནི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ཉིད་ལ་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་གང་ཞིག་གི་རྣམ་པས་སྟོང་པ་དེ་ནི་དེའི་ཡུལ་ཅན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་མི་གསལ ་བ་དངོས་པོར་རྟོག་པ་ཉིད་ཀྱི་ངོ་བོའི་སྒྲ་རྣམས་རྗོད་པར་བྱེད་དོ་ཞེས་བྱ་བར་འགྱུར་བ་དངོས་པོ་གཅིག་ལ་གསལ་བ་དང་མི་གསལ་བའི་ངོ་བོ་གཉིས་ཡོད་པ་ནི་མ་ཡིན་ཏེ། གཅིག་ལ་གཉིས་ཀྱིས་འཁྲུལ་པའི་ཕྱིར་རོ། །གཞུང་ལུགས་ཐ་དད་པ་ལ་གནས་པ ་རྣམས་ཀྱང་ཕན་ཚུན་འགལ་བའི་རང་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །རིག་པ་ཅན་རྣམས་ནི་གསལ་བ་དང་རྣམ་པ་དང་རིགས་རྣམས་ཀྱི་ཚིག་གི་དོན་ནོ་ཞེས་སྨྲ་སྟེ། ཚིག་གི་དོན་ནི་ཚིག་གི་དོན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་གསལ་བའི་སྒྲས་ནི་རྫས་དང། ་ཡོན་ཏན་གྱི་ཏན་གྱི་ཁྱད་པར་དང། ལས་རྣམས་བརྗོད་དོ། །དེ་སྐད་དུ་ཡང་མདོ་ལས་ཡོན་ཏན་གྱི་ཁྱད་པར་གྱི་རྟེན་གྱི་ལུས་ནི་གསལ་བའོ་ཞེས་འབྱུང་ངོ། །རེ་ཞིག་འདིའི་དོན་རྣམ་འགྲེལ་བྱེད་པའི་ལུགས་ཀྱི་བརྗོད་པ། ཁྱད་པར་དུ་བྱེད་པས ་ཁྱད་པར་ཅན་ལ་ཡོན་ཏན་དག་ལས་ཁྱད་པར་ནི་ཡོན་ཏན་གྱི་ཁྱད་པར་ཏེ་ལས་ལ་རྗོད་དོ་ཁྱད་པར་གྱི་ལུས་རྟེན་ནི་ལུས་ཅན་གཅིག་སྡུས་པ་བྱས་པས་འདི་ལ་ཡོན་ཏན་གྱི་ཁྱད་པར་གྱི་སྒྲ་གཉིས་པ་ཡང་བསྟན ་ཏེ། དེས་ན་ཡོན་ཏན་གྱི་ཚིག་དོན་གཟུང་ངོ། །དེ་དག་ནི་ཡོན་ཏན་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པས་ཡོན་ཏན་གྱི་ཁྱད་པར་རོ། ཁྱད་པར་སྨོས་པ་ནི་རྣམ་པར་གསལ་པའི་དོན་དུ་སྟེ། འདི་ལྟར་རྣམ་པ་ནི་ལྡན་པའི་ཁྱད་པར་གྱི་རང་བཞིན་ཡིན་པས་ལྡན་པ་ཡང་ཡོན་ཏན་གྱི་ཚིག་གི ་དོན་གྱི་ཁོངས་སུ་འདུ་སྟེ། དེ་ལྟ་ཡིན་དང་ཁྱད་པར་མ་སྨོས་པ་རྣམ་པ་ཡང་བཟུང་བར་འགྱུར་རོ། དེའི་གསལ་བའི་ཁོངས་སུ་འདུ་བར་མི་འདོད་དེ། དེ་ནི་སྒྲས་ལོགས་ཤིག་ཏུ་བཟུང་བའི་ཕྱིར་རོ། །རྟེན་གྱིས་རྫས་ནི་རྫས་བརྗོད་དེ། ཡོན་ཏན་གྱི་ཁྱད་པར་དེ་དག ་གི་རྟེན་ནི་འདི་རྟེན་ཏེ་རྫས་ཞེས་བྱ་བའི་དོན་ཏོ། འདིར་ནི་དེའི་སྒྲ་མི་མངོན་པར་བྱས་ནས་བསྟན་ཏོ། །འདི་ལྟར་ཚིགས་རྣམ་པར་སྦྱར་བར་བྱ་སྟེ། ཡོན་ཏན་གྱི་ཁྱད་པར་རྣམས་ནི་ཡོན་ཏན་གྱི་ཁྱད་པར་རྣམས་ཞེས་བྱ་བ་ཡོན ་ཏན་ཁྱད་པར་དག་སྟེ། ཡོན་ཏན་གྱི་ཁྱད་པར་དག་དང་དེའི་རྟེན་ནི་ཡོན་ཏན་གྱི་ཁྱད་པར་གྱི་རྟེན་ནོ། །འདི་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེ་བ་སྟེ། རྟགས་ནི་འཇིག་རྟེན་ལ་བརྟེན་པས་དེའི་ཕྱིར་མ་ནིང་གི་རྟགས་སུ་མ་བསྟན་ཏོ། དེས་ན་དོན་ནི་འདི་ཡིན་ཏེ་གང་ཞིག་ཡོན ་ཏན་ཁྱད་པར་ལ་བརྟེན་པ་ནི་གསལ་བ་དང་ལུས་ཅན་ཞེས་བྱ་བར་ཡང་བརྗོད་དེ། དེ་ལ་གང་གི་ཚེ་རྫས་ལ་ལུས་ཅན་གྱི་སྒྲ་ཡིན་པ་དེའི་ཚེ་གནས་གཞི་བསྒྲུབ་པར་ལྟ་བར་བྱ་སྟེ། འདི་ལ་ཡན་ལག་གསལ་བས་ལུས་ཅན་ཡིན་ནོ། །གང་གི་ཚེ་གཟུགས་ལ ་སོགས་པ་ལ་ཡིན་པ་དེའི་ཚེ་བྱེད་པ་པོ་སྒྲུབ་པ་ཡིན་ཏེ། རྫས་ལ་འཇུག་པ་སྟེ་འདུ་བས་གཟུགས་ལ་སོགས་པ་ལུས་ཅན་ནོ། །ལུས་ཅན་གྱི་སྒྲ་རྫས་ལ་ལས་སུ་སྒྲུབ་པ་ཡིན་ལ། གཟུགས་ལ་སོགས་པ་ལ་བྱེད་པ་སྒྲུབ་པ་ཡིན་ནོ། བཤད་པར་བྱེད་པའི ་ལུགས་ཀྱི་མདོའི་དོན་ཇི་ལྟར་ཐོས་པ་བཞིན་དུ་ཡིན་ཏེ། ཡོན་ཏན་གྱི་ཁྱད་པར་རྣམས་ཀྱི་རྟེན་རྫས་ཉིད་གསལ་བ་དང་ལུས་ཅན་ཡིན་ནོ་ཞེས་འདོད་དེ། ཇི་སྐད་དུ་ཡོན་ཏན་གྱི་ཁྱད་པར་གཟུགས་དང། རོ་དང། དྲི་དང། རེག་པ་དང། ལྕི་བ་དང་གཤེགས་པ་ཉིད་དང། ་མཁྲང་བ་ཉིད་དང། འདུས་བྱས་པ་རྣམས་དང། ཁྱབ་པའི་ཚད་རྣམས་ཀྱི་ཁྱད་པར་གྱི་རྟེན་ནི་ཇི་ལྟར་སྲིད་པར་དེའི་རྫས་ཡིན་ལ། ཡན་ལག་གསལ་བའི་ཕྱིར་ལུས་ཅན་ཞེས་བྱའོ། རྣམ་པའི་སྒྲས་སྲོག་ཆགས་ཀྱི་ཡན་ལག་ལག་པ་ལ་སོགས་པའི་ཆ་ཤས་སོར་མོ ་ལ་སོགས་པའི་ལྡན་པ་བརྗོད་དེ། དེ་སྐད་དུ་ཡང་མདོ་ལས། རྣམ་པ་ནི་རིགས་ཀྱི་རྟགས་སུ་བརྗོད་ཅེས་འབྱུང་ངོ། འདིའི་བཤད་པ་ནི་གང་གིས་རིགས་དང་རིགས་རྟགས་སུ་བརྗོད་པ་ནི་རྣམ་པར་རིག་པར་བྱ་སྟེ། དེ་ཡང་སེམས་ཅན་གྱི་ཡན་ལག་རྣམས་དང། དེའི ་ཆ་ཤས་རྣམས་ཀྱི་བཀོད་པ་ངེས་པ་ལས་གཞན་མ་ཡིན་ནོ། །བཀོད་པའི་སྒྲས་ནི་ལྡན་པའི་ཁྱད་པར་བརྗོད་ལ། དེས་པ་སྨོས་པས་བཅོས་མའི་ལྡན་པ་བསལ་ཏེ། དེ་ལ་རིགས་ཀྱི་རྟགས་ནི་སྲོག་ཆགས་ཀྱི་ཡན་ལག་ནི་མགོ་བོ་དང་ལག་པ་ལ་སོགས་པ་སྟེ། དེ ་དག་གི་བ་ལང་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་རིགས་མཚོན་ཏོ། རྣམ་པ་ནི་རེས་འགའ་དངོས་སུ་རིགས་གསལ་བར་བྱེད་དེ། གང་གི་ཚེ་མགོ་བོ་དང་ལག་པ་ལ་སོགས་པའི་གནས་ལུགས་མཐོང་བ་ལས་བ་ལང་ཉིད་གསལ་བ་ནའོ། །རེས་འགའ་ནི ་རིགས་ཀྱི་རྟགས་ཏེ། གང་གི་ཚེ་རྭ་ལ་སོགས་པའི་ཡན་ལག་སོ་སོ་བའི་ཆ་ཤས་ཀྱི་གནས་ལུགས་ཀྱི་གསལ་བ་རྣམས་ཀྱིས་བ་ལང་ཉིད་ལ་སོགས་པ་གསལ་བ་ཁོ་ནའོ། །དེས་ན་རྣམ་པ་ནི་རིགས་དང་རྟགས་གསལ་བར་བྱེད་པ་ཡིན་ནོ། །རིགས་ཀྱི ་སྒྲས་ནི་ཐ་མི་དད་པར་བརྗོད་པ་དང་ཤེས་པ་སྐྱེ་བའི་རྒྱུ་མཚན་གྱི་སྤྱི་བརྗོད་པ་ཡིན་ཏེ། དེ་སྐད་དུ་ཡང་མདོ་ལས་མཚུངས་པ་སྐྱེ་བའི་བདག་ཉིད་ཅན་ནི་རིགས་ཡིན་ནོ་ཞེས་འབྱུང་སྟེ། མཚུངས་པའི་ཤེས་པ་སྐྱེ་བའི་རྒྱུ་ནི་རིགས་ཡིན་ནོ་ཞེས་བྱ་བའི ་དོན་ཏོ། །དེ་ལ་གསལ་བ་དང་རྣམ་པ་དག་ནི་རང་གི་མཚན་ཉིད་སྒྲའི་དོན་ཡིན་པ་གསལ་བ་འདི་གཉིས་ཀྱིས་སྒྲའི་དོན་ཡིན་པ་གསལ་བར་རྟོགས་པར་བྱའོ་ཞེས་བསྟན་པའི་ཕྱིར་རྣམ་པ་འདི་དག་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས ་ཀྱང་ཕྱིས་སེལ་བར་འགྱུར་རོ་སྙམ་དུ་དགོངས་པའོ། །གསལ་ཞེས་བྱ་བ་ནི་སྒྲའི་དོན་ཉིད་ཡིན་པ་ཞེས་བྱ་བ་ལྷག་མའོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་གསལ་བ་དང་རྣམ་པ་དག་གོ་།དེས་ན་ཇི་ལྟར་རང་གི ་མཚན་ཉིད་ལ་བརྡ་མ་བྱས་པའི་ཕྱིར་སྒྲའི་དོན་མ་ཡིན་པ་དེ་དག་ཀྱང་ཡིན་པས་དེའི་ཕྱིར་བརྡ་མ་བྱས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ཞིང་མ་དེས་པ་ཡང་མ་ཡིན་ནོ་སྙམ་དུ་བསམས་པ ་ཡིན་ནོ། །གཞན་ཡང་གསལ་བའི་རྫས་དང་ཡོན་ཏན་གྱི་ཁྱད་པར་དང་ལས་ཀྱི་མཚན་ཉིད་ཡིན་ལ་རྣམ་པ་ཡང་ལྡན་པའི་བདག་ཉིད་ཡིན་ཏེ། རྫས་ལ་སོགས་པ་འདི་དག་ཀྱང་ཉིད་དུ་བཀག་ཟིན་པས་ན་འདི་ལས་ཀྱང་འདི་དག་མེད་པའི་ཕྱིར་ཡང་དག་པར་ ་སྒྲའི་དོན་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། རྫས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རེ་ཞིག་རང་གི་མཚན་ཉིད་ལ་བརྡ་མི་སྲིད་པར་བསྟན་ནས། རིགས་ལ་སོགས་པ་གསུམ་ལ་བརྡ་མི་སྲིད་པར་བསྟན་པའི་ཕྱིར་རིགས་དང་འབྲེལ ་པ་དག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེའི་འོག་ཅེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་འོག་ཏུ་བཤད་པ་སྟེ། རིགས་དང་དེ་དང་འབྲེལ་པ་དང་ཞེས་བྱ་བའོ། །རིགས་དང་ལྡན་པ་མི་སྲིད་པའི་ཕྱིར་དེ་དང་ལྡན་པ་ཡང་མི་སྲིད་པ་ཡིན་ཏེ། དེའི་ཐ ་སྙད་ནི་དེ་དག་གིས་བྱས་པའི་ཕྱིར་རོ། །དེ་དང་ལྡན་པ་ཡང་རང་གི་མཚན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེའི་ཕྱོགས་ལ་འབྱུང་བའི་སྐྱོན་མཚུངས་པ་ཁོ་ནའོ་སྙམ་དུ་བསམས་པ་ཡིན་ནོ། །ཙམ་པའི་བུ་ནི་རིགས་སྒྲའི་དོན་ཡིན་ནོ་ཞེས་ཟེར་ཞིང། ་བྱ་ཆེན་གྱི་བུའི་རྫས་ཡིན་ནོ་ཞེས་ཟེར་ལ། དྲང་སྲོང་པ་ཎི་ནི་གཉི་གའོ། །ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་གསལ་བ་ཡིན་ནོ། །རིགས་མི་རུང་བའི་ཕྱིར་དང། རྫས་ཀྱང་རང་གི་མཚན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེའི་ཕྱོགས་ལ་དབྱུང་བའི་སྐྱོན་མི་ལྡོག ་པའི་ཕྱིར་རོ། །མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་དེ་ལྟ་བས་ནའོ། །ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་རང་བཞིན་མེད་པ་ཉིད་དོ། །བློའི་རྣམ་པ་ལ་ཡང་བརྡ་མི་སྲིད་པར་བསྟན་པའི་ཕྱིར་བློ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློའི ་རྣམ་པ་ཅི་དེའི་བདག་ཉིད་ཡིན་པས་བློ་ལ་གནས་པའི་ཕྱིར་འདི་ནི་བློ་དེའི་ངོ་བོ་བཞིན་དུ་བསྟན་པར་བྱ་བའི་ཕྱིར་དོན་ནམ་བློ་གཞན་ལ་རྗེས་སུ་འཇུག་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་མ་ཁྱབ་པའི་ཕྱིར་རང་གི་མཚན་ཉིད་བཞིན་དུ་དེ་ལ ་ཡང་བརྡ་སྲིད་པ་མ་ཡིན་ནོ། །ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་ཡིན་དུ་ཆུག་མོད། །དེ་ལྟ་ན་ཡང་དེ་ལ་ཐ་སྙད་འདོགས་པ་པོ་རྣམས་བརྡ་བྱེད་པར་རིགས་པ་མ་ཡིན་ཏེ། འདི་ལྟར་སྒྲ་ཐ་དད་པ་ལས་དོན་བྱེད་པ་དོན་དུ་གཉེར་པའི་སྐྱེས་བུ་དོན་བྱེད་པར་ནུས་པའི ་དོན་ཤེས་ནས་འཇུག་སྟེ། དེ་དག་ལའོ་སྙན་དུ་སེམས་པའི་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་རྗོད་པར་བྱེད་པ་སྦྱོར་བར་བྱེད་ཀྱི་ཞེན་པས་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་བློའི་རྣམ་པ་འདི་ནི་གྲང་བ་སེལ་བ་ལ་སོགས་པ་མངོན་པར་འདོད་པའི་འབྲས་བུ་དེ ་དོན་དུ་གཉེར་བར་བསྒྲུབ་པ་མ་ཡིན་ཏེ། དེ་ཉམས་སུ་མྱོང་བ་སྐྱེས་ན་ཡང་དེ་མེད་པའི་ཕྱིར་རོ། །དེས་ན་དེ་ལ་ཡང་བརྡ་མེད་པའི་ཕྱིར་བརྡ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །འདི་སྙམ་དུ་ཡོད་པའི་དོན་ལ་སོགས་པ ་སྒྲའི་དོན་གཞན་ཡོད་དེ། དེ་ལྟ་བས་ན་དེ་ལ་བརྡ་སྲིད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། འདིས་གསལ་ཉིད་ཅེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ལ་སོགས་པ་སྒྲའི་དོན་ཡིན་པ་བཀག་པ་ཉིད་ཀྱི་སྟེ། དེ་དག་གི ་རང་གི་མཚན་ཉིད་ལ་སོགས་པ་ཁོ་ནའི་ཁོངས་སུ་བྱས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡོད་པའི་དོན་ལ་སོགས་པ་དེ་དག་ཀྱང་གང་ཡིན་ཞེ་ན། བསྟན་པའི་ཕྱིར་སྒྲ་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་བྱ་བའི་རིམ་པ་གཞན་དུ་སྟེ། ་དོན་ཞེས་བྱ་བའི་མཇུག་ཏུ་སྤྲལ་པར་བྱའོ། །དེས་ན་དོན་འདི་ཡིན་ཏེ། ཡོད་པའི་དོན་ཞེས་བྱ་བ་འདི་རྟོགས་པ་གང་ཡིན་པ་དེ་ནི་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱ་བ་སྟེ་རྟོགས་པར་བྱ་བའི་མཚན་ཉིད་དེ་སྒྲའི་དོན་གྱི་མཚན་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེས་ན ་ཡུལ་དུ་གྱུར་པའི་དོན་བ་ལང་ལ་སོགས་པ་བ་ལང་ལ་སོགས་པའི་སྒྲ་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་སྔ་ན་མེད་པ་དང་ལྷ་དང་མཐོ་རིས་དག་དང་མཚུངས་སོ་ཞེས་སྨྲའོ། །སྔ་ན་མེད་པ་ལ་སོགས་པའི་སྒྲའི་དོན་དང་དེ་དག་མཚུངས་སོ་ཞེས ་བྱ་བ་དེ་བཞིན་དུ་སྨྲས་སོ་ཞེས་བྱ་བའི་དོན་ནོ། །ཇི་ལྟར་སྔ་ན་མེད་པ་ལ་སོགས་པའི་སྒྲ་རྣམས་དོན་གྱི་རྣམ་པའི་ཡུལ་ཅན་གྱི་བློ་རྣམས་ལ་འཇུག་པ་མ་ཡིན་གྱི། གང་དག་ལ་སྔ་ན་མེད་པ་སོགས་པའི་སྒྲ་སྦྱོར་བའི་དོན་འགའ་ཞིག་ཡོད་དོ་ཞེས་བྱ་བ་དེ ་ཙམ་ཞིག་རྟོགས་པ་འབའ་ཞིག་དུ་ཟད་དོ། །དེ་བཞིན་དུ་མཐོང་བའི་དོན་ཅན་བ་ལང་ལ་སོགས་པའི་སྒྲ་ལ་ཡང་མཚུངས་ཏེ། གང་གི་ཕྱིར་དེ་དག་ལས་ཀྱང་འདི་ལྟར་རྟོགས་ཏེ། བ་ལང་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་བ་ལང་ཉིད་ཀྱི་སྤྱིའམ་འབྲེལ་པ་ཞེས ་བྱ་བ་དོན་འགའ་ཞིག་ཡོད་དོ། །གང་དུ་དེ་ལ་རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པ་འགའ་ཞིག་འབྱུང་བ་དེ་དག་གི་དེ་ནི་གྲུབ་པའི་མཛའ་ཨི་སྟོབས་ལས་ཡིན་གྱི་སྒྲ་ལས་ནི་མ་ཡིན་ནོ། །སོགས་པའི་སྒྲས་བཟུང་བ་ཡོད་པའི་དོན་བསྟན་པའི་ཕྱིར། ་ཡང་ན་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ནི་བྲམ་ཟེ་ལ་སོགས་པའི་སྒྲ་དག་གིས་བསྡུ་བ་དང་རྣམ་པར་རྟགས་པ་དག་མེད་པར་ཡང་དཀའ་ཐུབ་དང་རིགས་དང། ཐོས་པ་ལ་སོགས་པའི་ཚོགས་པ་བརྗོད་པར་གྱུར་པ་ཡིན་ནོ་ཞེས་སྨྲས ་ཏེ། དཔེར་ན་ནགས་ཚལ་ལ་སོགས་པའི་?་སྒྲ་དག་གིས་ང་བ་ལང་ལ་སོགས་པ་བཞིན་ནོ། །འདི་ལྟར་ནགས་ཚལ་ཞེས་བརྗོད་པ་ན་ང་པ་འམ། སེང་ལྡེང་ངམ། པ་ལ་ཤི་ཞེས་རྣམ་པར་རྟག་པས་རྟོགས་པར་འགྱུར་པ་མ་ཡིན་ལ། ང?་བ་དང ་སེང་སྡེང་དང། པ་ལ་ཤ་ཞེས་བསྡུ་བས་རྟོགས་པ་ཡང་མ་ཡིན་ཏེ། འོན་ཀྱང་ང་བ་ལ་སོགས་པ་མཛའ་དག་རྟོགས་པ་ཡིན་ནོ། །དེ་བཞིན་དུ་བྲམ་ཟེ་ཞེས་བརྗོད་པ་ན་དཀའ་ཐུབ་འམ། རིགས་སམ། ཐོས་པ་ཞེས་བྱ་བ་འམ། དཀའ་ཐུབ་དང། རིགས་དང། ཐོས་པ ་ཞེས་པས་ཀྱང་རྟོགས་པར་འགྱུར་པ་མ་ཡིན་གྱི། འོན་ཀྱང་གཞན་དང་འབྲེལ་པ་རྣམ་པར་བཅད་ནས་དཀའ་ཐུབ་ལ་སོགས་པའི་ཚོགས་པ་མཛའ་དག་རྟོགས་པ་ཡིན་ནོ། །དེ་ལ་རྣམ་པར་བརྟག་པ་ནི་ཚོགས་པ་ལས་མང་པོ་དག་ལ་གཅིག་གི་ཁྱད་པར་མ ་ངེས་པར་འཛིན་པའོ། །བསྡུ་བ་ན་གཅིག་ལ་གཅིག་མངོན་པར་འབྲེལ་པར་ངེས་པ་དུ་མའི་ངོ་བོའོ། །གང་ལ་རྣམ་པར་བརྟག་པ་དང་བསྡུ་བ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་དག་ནི་རྫས་ཉིད་ལ་སོགས་པ་ངེས་པར་བཟུང་བའི་ངོ་བོ་དག ་དང་འབྲེལ་པའི་རྫས་ལ་སོགས་པ་གང་ཡིན་པ་དེ་སྒྲའི་དོན་ཡིན་ཏེ། དེ་ཡང་འབྲེལ་པ་ཅན་དག་གི་སྒྲའི་དོན་ཡིན་པ་ཉིད་ཀྱིས་མེད་པའི་ཕྱིར་མེད་པ་ཞེས་བྱའོ། །ཡང་ན་ཡི་གེ་གཅིག་བཞིན་དུ་གཅིག་ཏུ་མི་སྣང་བའི་ཕྱིར་དཀའ་ཐུབ་དང་ཐོས་པ་ལ་སོགས ་པ་འདི་དག་ཕན་ཚུན་མེད་པ་སྲེ་བ་ཡིན་ཏེ། འདི་ལྟར་འདི་དག་ནི་རེ་རེ་འམ་བསྡུས་ནས་རང་གི་ངོ་བོས་དམིགས་པ་མ་ཡིན་ཏེ། འོན་ཀྱང་མགལ་མེའི་འཁོར་ལོ་བཞིན་དུ་འདི་དག་གི་(ཚོགས?་པ་ནི་རང་རང་གི)་ངོ་བོ་ལས་འདས་པ་སྣང་བ་ཡིན། གཞན་དག་ནི་མེད་པའི་ཁྱད་པར ་ཅན་གྱི་ཡོད་པ་གང་ཡིན་པ་དེ་ནི་སྒྲའི་དོན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་སྒྲའི་དོན་ཉིད་ཀྱིས་མེད་པའི་ཁྱད་པར་གྱི་བྱེ་བྲག་གདུ་བུ་དང་སོར་གདུབ་ལ་སོགས་པ་རྣམས་ཐ་དད་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་གསེར་ལ་སོགས་པའི་སྤྱིའི་བདག ་ཉིད་ཀྱི་ཡོད་པ་གང་ཡིན་པ་དེའི་མེད་པའི་ཁྱད་པར་ཅན་གྱི་ཡོད་པ་ནི་སྒྲའི་རྒྱུ་མཚན་ཡིན་ཞེས་བྱ་སྟེ། སྒྲ་འཇུག་པའི་རྒྱུ་མཚན་བརྗོད་བྱ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་མངོན་པར་བརྗོད་པར་གྱུར་པའི་སྒྲ་ཉིད་སྒྲའི་དོན་ཡིན་ནོ་ཞེས་ཟེར་རོ།། ་དེ་ལ་མངོན་པར་བརྗོད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ཉིད་དོན་ཡིན་ནོ་ཞེས་དེ་ལྟར་སྒྲ་ལ་དོན་ཞུགས་པ་སྟེ། དེ་འདི་ལ་ཞེས་འབྲེལ་པ་དེའི་ཕྱིར་ཏེ། རྒྱུའི་ཕྱིར་གང་གི་ཚེ་སྒྲ་དོན་དང་ལྷན་ཅིག་ཏུ་བྱས་པའི་ངོ་བོ་ཡིན ་པའི་དོན་གྱི་རྣམ་པ་བདག་གིར་བྱས་པའི་སྒྲ་དེ་ནི་མངོན་པར་བརྗོད་པ་ཞེས་བརྗོད་དོ། །གཞན་དག་གིས་བློ་ལ་ཡོད་པ་ཉིད་ཀྱི་རྣམ་པ་ཕྱི་རོལ་གྱི་དངོས་པོའི་ཡུལ་ཅན་ཕྱི་རོལ་གྱི་དངོས་པོ་ཉིད་དུ་བཟུང་བ་བློའི་ངོ་བོ་ཉིད་དུ་རྣམ་པར་མ་ཕྱེད ་པ་སྒྲའི་དོན་དུ་སྨྲའོ། །དེ་སྟོན་པ་ནི། ཁ་ཅིག་དོན་དག་ཞེས་བྱ་བ་ལ་སོགས་པ་སྟེ། བློའི་ཡུལ་ཞེས་བྱ་བ་ནི་བློ་ལ་འཇུག་པ་སྟེ། བློ་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཕྱིའི་དངོས་པོའི་རྒྱུ་མཚན་ཅན་ཞེས་བྱ་བ་ན་ཡོད་པ་དང་མེད་པའི་ཕྱིའི་དངོས་པོའི་རྒྱུ ་མཚན་ཡི་གེའི་མཚན་མ་ལྟ་བུ་རང་གི་ངོ་བོ་བསྟན་པའི་དོན་དུ་འཇུག་པ་གང་ལ་ཡོད་པ་དེ་ནི་ཕྱིའི་དངོས་པོའི་རྒྱུ་མཚན་ཅན་ནོ། །ཕྱིའི་དངོས་པོ་ཞེས་འཛིན་ཏེ་ཞེས་བྱ་བ་ནི་བློའི་ངོ་བོ་ཉིད་དུ་རྣམ་པར་མ་ཕྱེད་པ་སྟེ། ཕྱི་རོལ་ཉིད་དུ་ངེས་པ་ཞེས་བྱ་བའི་དོན་ཏོ།། ་འདི་ལྟར་ཇི་སྲིད་དུ་བློའི་ངོ་བོ་ཉིད་ཀྱི་དོན་ལ་མི་འཇོག་པ་དེ་ནི་ངོ་བོ་ཉིད་དོ་སྙམ་དུ་དེ་ཁོ་ན་ཉིད་སྒོམ་པས་འཛིན་པ་དེ་སྲིད་དུ་དེ་སྒྲའི་དོན་ཉིད་དུ་དེ་སྒྲའི་དོན་ཉིད་དུ་མ་ངེས་དེ། དེ་ལ་བྱ་བའི་ཁྱད་པར་དང་འབྲེལ་པ་མེད་པའི་ཕྱིར་རོ། །བ་ལང་ཁྲིད་དེ་ཤོག་ཅིག་། ་ཞོ་འཐུང་ཤིག་ཅེས་བྱ་བ་ལ་སོགས་པའི་བྱ་བ་དེ་འདྲ་བའི་བློའི་ངོ་བོ་ལ་སྲིད་པ་མ་ཡིན་ལ། བྱ་བ་དང་ལྡན་པ་སྲིད་པའི་དོན་ཡང་ཡང་སྒྲ་རྣམས་ཀྱི་བརྗོད་པ་ཡིན་ནོ། །དེའི་ཕྱིར་བློའི་ངོ་བོ་ཉིད་དུ་བཟུང་བ་འདི་ནི་སྒྲའི་དོན་མ་ཡིན་ནོ། །གང་གི་ཚེ་ཕྱི ་རོལ་གྱི་དངོས་པོ་ལ་འཇོག་པ་དེའི་ཚེ་དེ་ལ་རྟོག་པ་པོ་ཕྱི་རོལ་ཉིད་དུ་ཕྱིན་ཅི་ལོག་ཡིན་ཏེ། དེ་བྱ་བ་སྒྲུབ་པར་བྱེད་ནུས་པར་སེམས་པའི་ཕྱིར་སྒྲའི་དོན་ཡིན་ནོ། །འོ་ན་ཏེ་སེལ་བ་སྨྲ་བའི་ཕྱོགས་དང་འདི་ལ་ཁྱད་པར་ཅི་ཞིག་ཡོད། འདི་ལྟར་སེལ་བ་སྨྲ་བ ་རྣམས་ཀྱིས་ཀྱང་བློའི་རྣམ་པ་ཕྱི་རོལ་གྱི་ངོ་བོ་ཉིད་དུ་བཟུང་བ་སྒྲའི་དོན་དུ་འདོད་པ་ཁོ་ན་སྟེ། ཇི་སྐད་དུ། དེའི་ངོ་བོས་སྒྲོ་བཏགས་རྟོགས། གཞན་ལས་ལྡོག་པའི་བློ་རྟོགས་ཀྱང། སྒྲ་དོན་དོན་དེ་ཉིད་ཡིན་ཞེས། བརྗོད་པ་ལ་ནི་འགལ་བ་མེད། ཅེས་བཤད་དོ་ཞེ་ན། དེ་ནི་ཡོད་པ་མ ་ཡིན་ཏེ། བློའི་རྣམ་པར་སྨྲ་བ་འདི་ནི་ཕྱི་རོལ་གྱི་དངོས་པོ་ལ་མ་འཁྲུལ་པ་ཡུལ་དང་བཅས་པ་རྫས་ལ་སོགས་པ་དོན་དམ་པ་ལ་ཡང་དག་པར་བློའི་རྣམ་པར་མ་ངེས་པ་ནི་སྒྲའི་དོན་དུ་འདོད་ཀྱི། ཐ་དད་པ་དག་ལ་ཐ་མི་དད་པར་ཞེན་ནས་འཇུག་པའི་འཁྲུལ་པ ་ཕན་ཚུན་ལྡོག་པའི་རྒྱུ་མཚན་འདོད་པ་ནི་མ་ཡིན་ནོ། །གལ་ཏེ། དེ་ལྟས་དོན་ལ་གཅིག་བདག་ཏུ། འཛིན་པའི་རྣམ་རྟོག་འདི་འཁྲུལ་པ། མིང་དོན་གང་ལྡན་ཕན་ཚུན་དུ། ཐ་དད་པ་འདིའི་ས་བོན་ཡིན། ཞེས་ཇི་ལྟར་ཁོ་བོ་ཅག་བཞིན་དུ་བརྗོད་པ་དེའི ་ཚེ་གྲུབ་པ་ལ་སྒྲུབ་སྟེ། དེ་སྐད་དུ་ཡང། གལ་ཏེ་ཕན་ཚུན་ཐ་དད་འདིའི་ས་བོན་འདི་ནི་དེང་ཀྱི་ཕྱོགས་ཞེས་འཆད་པར་འགྱུར་རོ། །སེལ་བ་སྨྲ་བ་རྣམས་ཀྱིས་དོན་དམ་པར་སྒྲ་རྣམས་ཀྱི་དོན་ཕྱི་རོལ་འམ། །བློའི་རྣམ་པ་འམ། གཞན་ཅུང་ཟད་འདོད་པ ་ཡང་མ་ཡིན་ནོ། །འདི་ལྟར་གང་ཁོ་ན་སྒྲ་ལས་བྱུང་བའི་ཤེས་པ་ལ་ངེས་པ་ཉིད་དུ་སྣང་བ་དེ་ནི་(སྒྲའི་དོན་ཡིན་གྱི་བློའི་རྣམ་པ་ནི་སྒྲ་ལས་བྱུང་བའི་ཤེས་པ་དེ་ལ་ངེས་པར་འགྱུར)་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་བྱ་བ་བྱེད་པའི་ཕྱི་རོལ་གྱི་དངོས་པོ་ཉིད་དོ། །དེས་དོན ་པར་ཕྱི་རོལ་ངེས་པར་འགྱུར་བ་ཡང་མ་ཡིན་ཏེ། དེ་ཁོ་ན་ཇི་ལྟ་བ་བཞིན་དུ་མ་ངེས་པའི་ཕྱིར་དང། ཇི་ལྟར་ངེས་པ་བཞིན་དུ་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྲོ་བཏགས་པ་ཁོ་ན་སྒྲའི་དོན་ཡིན་ལ། སྒྲོ་བཏགས ་པ་གང་ཡིན་པ་དེ་ཡང་(ཅི་ཡང)་མ་ཡིན་པའི་ཕྱིར་སྒྲ་དག་གིས་ཡང་དག་པར་ཅུང་ཟད་ཀྱང་བརྗོད་པ་མེད་དོ། །ཡང་སྒྲའི་དོན་གང་ཡིན་ཞེ་ན། དོན་དེ་ཉིད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དོན་དང་མཚམས་སྦྱར་ནས་སྒྲོ་བརྟགས་པ་ཉིད་ཡིན་ལ། ་བློའི་རྣམ་པ་སྨྲ་བ་རྣམས་ཀྱིས་ནི་དོན་དམ་པར་བློའི་རྣམ་པ་བརྗོད་བྱ་བ་འདོད་པའི་ཕྱིར་ཁྱད་པར་ཆེའོ། །གཞན་དག་གི་གོམས་པའི་ཕྱིར་སྒྲ་སྤོབས་པའི་རྒྱུ་བ་ཡིད་ལ་ཕྱི་རོལ་དོན་རྗོད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྟོན་པ་ནི ་སྒྲ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །སྒྲ་ཡུལ་འགའ་ཞིག་ལ་ཡང་ནས་ཡང་དུ་འཇུག་པར་མཐོང་བ་ནི་གོམས་པ་ཡིན་ལ། ངེས་པའི་སྒྲུབ་པར་བྱེད་པ་རྣམ་པར་བཅད་པའི་བྱ་བའི་རྟོག་པར་བྱ་བ་དང་རྗེས་སུ་མཐུན་པའི ་ཤེས་རབ་ནི་སྤོབས་པ་ཡིན་ནོ། །དེ་ནི་སྦྱོར་བ་མཐོང་བའི་མཇུག་པ་དང་ལྷན་ཅིག་པས་བསྐྱེད་པར་བྱ་བ་ཡིན་ལ། དག་སོ་སོ་དང་སྐྱེས་བུ་སོ་སོ་ལ་དེ་ཐ་དད་པ་ཡིན་ནོ། །དེའི་ཐ་དད་པ་ནི་ཚད་མེད་དེ། སྒྲའི་ཐ་སྙད་མཛའ་ཡས་པའི་ཕྱིར་བརྗོད་པར ་མི་ནུས་སོ་སྙམ་དུ། མདོར་བསྡུས་ནས་ཞེས་བྱ་བ་སྨོས་སོ། །འདི་ལ་དཔེ་བཤད་པ་དཔེར?་ན་དོན་རྟོགས་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་ལྕགས་ཀྱུ་ལ་སོགས་པས་བཏབ་པའི་གླང་པོ་ལ་སོགས་པ་རྣམས་ཀྱི་དོན་རྟོགས་པའི་བྱ་བ ་ལ་སོགས་པའི་རྒྱུར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ཤིང་ལ་སོགས་པའི་སྒྲ་དོན་དང་ལྡན་དང། འདོད་པ་ཐམས་ཅད་གོམ་པ་ཇི་ལྟ་བ་བཞིན་དུ་སྤོབས་པ་ཙམ་ཉེ་བར་བསྡུད་པའི་རྒྱུར་འགྱུར་གྱི་དངོས་སུ་དོན་སྟོན་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ ་མ་ཡིན་ན་ཇི་ལྟར་ཕན་ཚུན་འགལ་བའི་ཚིག་ཐ་དད་པ་དང། གཏམ་རྒྱུད་སར་བ་རང་གི་རྣམ་པར་རྟོག་པར་བཀོད་པའི་དངོས་པོའི་ཁྱད་པར་གསལ་བར་འགྱུར་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད། གལ་ཏེ་ཡོད་པའི་དོན ་སྔར་བཤད་པའི་རང་གི་མཚན་ཉིད་ལ་སོགས་པའི་རང་བཞིན་དུ་འདོད་ན་དེའི་ཚེ་སྔར་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་ལ། གཞན་ཡང་ཡོད་པའི་དོན་ནི་ཁྱད་པར་གྱི་ངོ་བོ་བཟློག་པའི་ཕྱིར་དེ་འབའ་ཞིག་སྒྲ་དག་གིས་སྟོན་པར་བྱེད་པ་ན་བ་ལང ་དང། ?་མེན་དང། གླང་པོ་ལ་སོགས་པའི་ཐ་དད་པས་ཐ་སྙད་དུ་བྱེད་པར་མི་འགྱུར་ཏེ། དེ་ནི་སྒྲས་མ་བསྟན་པའི་ཕྱིར་རོ། །བ་ལང་ཉིད་སྒྲའི་ཁྱད་པར་དོན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། འདི་སྙམ་དུ་བ་ལང་ཉིད་དང་སྒྲ་དག་གི ་ཁྱད་པར་ཅན་གྱི་དོན་ཡོད་པ་ཙམ་ཁྲ་བོ་ལ་སོགས་པའི་ཐ་དད་པ་དང་བྲལ?་བ་སྒྲས་རྟོགས་ཏེ་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་དེ་ཡིན་ཏེ། ཐ་དད་པའི་ཐ་སྙད་དུ་འགྱུར་རོ་སྙམ་དུ་སེམས་ན། འོ་ན་དེ་ལྟ་ན་ཇི་ལྟར་ཡོད་པའི་དོན་ཙམ་སྒྲའི་དོན་དུ་འདོད། གང་གི་ཕྱིར་བ་ལང་ལ་སོགས ་པའི་ཁྱད་པར་རྟོགས་པ་ཉིད་ཡིན་ནོ་ཞེས་དོགས་ནས་གཞན་གྱིས་ལན་སྨྲས་པ་ནི་རྭ་དང་དབྱིབས་ཞེས་བྱ་བ་ལ་སོགས་པའོ། །རྭ་ལ་སོགས་པའི་ཁྱད་པར་སྒྲ་ལས་མི་གསལ་ཏེ་མི་རྟོགས་པའི་རྒྱུའི་ཕྱིར་དེ་རྟོག་པར་བྱ་བའི་དོན་འགའ་ཞིག་ཡོད་དོ་ཞེས་བྱ་བ ་དེ་བརྗོད་ཀྱི། ཁྱད་པར་དུ་འགྱུར་བའི་བ་ལང་ཉིད་ལ་སོགས་པའི་སྒྲ་དག་མ་རྟོག་པ་ནི་མ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། གལ་ཏེ་བ་ལང་ཉིད་ལ་སོགས་པས་ཁྱད་པར་ཅན་གྱི་དོན་ཙམ ་བརྗོད་དོ་ཞེས་བྱ་བར་འདོད་ན། དེའི་ཚེ་དེ་དང་ལྡན་པའི་དོན་བརྗོད་པར་ཁས་བླངས་པར་བྱས་པར་འགྱུར་རོ། །དེ་ལ་ཡང་རིགས་དེ་དང་འདུ་བ་བཀག་པའི་ཕྱིར་དེ་དང་ལྡན་པའི་དོན་མི་སྲིད་དོ་ཞེས་སྔར་བཤད་པའི་སྐྱོན་ཡོད་དོ། །གཞན་ཡང་དེ་དང་ལྡན་པའི་དོན་ནི་རང ་གི་མཚན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་མི་བརྡ་བྱེད་པ་ཉིད་དང། ཐ་སྙད་མེད་པ་ཉིད་དང། གསལ་བ་སྣང་བར་ཐལ་བ་སྔ་མ་བཞིན་དུ་འབྱུང་བ་ཁོ་ནའོ་ཡོད་པའི་དོན་ནི་རང་གི་མཚན་ཉིད་ལས་ཐ་དད་པ་ཡིན་ནོ་ཞེ་ན། ཡོད་དོན་གཞན་ཡང་མཐོང་མ ་ཡིན་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ལ་སོགས་པ་ལ་ཐ་དད་པའི་ཡོད་པའི་དོན་གཞན་དཔྱོད་པ་ན་བློའི་སྤྱོད་ཡུལ་དུ་འཇུག་པ་མ་ཡིན་ནོ། །བསྡུ་བ་བརྗོད་པའི་ཕྱོགས་ལ་སྐྱོན་བཤད་པ། །བསྡུ་བ་བརྗོད་པ་ཡིན་ན་ཡང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་བསྡུས་པ་བརྗོད་པའི་ཕྱོགས་ལ་རིགས་དང་དཀའ་ལ་སོགས་པའི་ཁྱད་པར་བརྗོད་པ་གསལ་པོར་ཁས་བླངས་པའི་ཕྱིར་སོ་སོར་བརྗོད་པའི་ཕྱོགས་ལ་འབྱུང་བའི་ཉེས་པ་བསྡུ་བ་བརྗོད་པ་ལ་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་རོ། །མེད་པའི་ཁྱད་པར་ཞེས་བྱ ་བ་ལ་སོགས་པའི་ཕྱོགས་གཉིས་ཀྱི་སྐྱོན་བཤད་པ་ནི། ངེས་པར་མ་བཟུང་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་ཚིག་གི་དོན་དྲུག་པར་བརྟག་ལྡན་པ་དང་འདུ་བའི་ཚན་ཉིད་ཀྱི་འབྲེལ་པ་བསལ་པའི་ཕྱིར་གྲངས་ཅན་པའི་ཐ ་མི་དད་པའི་སྤྱི་དང། ཚིག་གི་དོན་དྲུག་བརྟག་པར་ཐ་དད་པ་ཡང་བསལ་བའི་ཕྱིར་མེད་པའི་ལྡན་པ་དང་མེད་པའི་ཁྱད་པར་གྱི་སྤྱི་ཡང་བརྗོད་པར་བྱ་བ་མ་ཡིན་ནོ། །མངོན་པར་བརྗོད་པའི་ཕྱོགས་ལ་ཡང། ཐ་དད་རིགས་སོགས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ་གལ་ཏེ་སྒྲ་འདོན་འགའ་ཞིག་ཡོད་ན་དེ་ནི་དེའ?་ལྷན་ཅིག་གཅིག་ཏུ་འགྱུར་ན། ཇི་སྲིད་དུ་རང་གི་མཚན་ཉིད་ལ་སོགས་པའི་ངོ་བོ་སྒྲའི་དོན་དུ་མི་སྲིད་པའི་སྔར་བསྟན་ཏེ། དེ་ཇི་ལྟར་དེ་དང་གཅིག་ཏུ་བྱེད་པར་འགྱུར། གཞན་ཡང ་མངོན་པར་བརྗོད་པ་འདི་ནི་བློ་ལ་གནས་པ་ཁོ་ན་ཡིན་ཏེ། འདི་ལྟར་ཕྱི་རོལ་གྱི་སྒྲ་དང་དོན་དག་དབང་པོ་ཐ་དད་པས་གཟུང་བར་བྱ་བའི་ཕྱིར་འདི་དག་ལས་ཐ་དད་པར་འདོད་པས་དེ་དག་དོན་དམ་པར་གཅིག་ཏུ་བྱེད་པར་འགྱུར་བ་རིགས་པ་མ ་ཡིན་ནོ། །དེའི་ཕྱིར་སྒྲ་དང་དོན་བློ་ལ་གནས་པ་ཁོ་ན་བློས་གཅིག་ཏུ་རྟོགས་པའི་ཕྱིར་གཅིག་ཏུ་བྱེད་པར་རིགས་ཏེ། འདི་ལྟར་བརྗོད་བྱའི་རྣམ་པ་འཛིན་པ་སྒྲའི་རང་བཞིན་བསྒྲིབས་པ་བློ་ལ་གསལ་བ་སྒྲའི་བདག་ཉིད་ཀྱི་རང་གི་ངོ་བོ་དང་རྗེས་སུ ་མཐུན་པའི་དོན་རྣམ་པར་མ་ཕྱེ་བས་ནང་དུ་འཇུག་པ་ནི་མངོན་པར་བརྗོད་པ་ཞེས་བྱའོ། །དེ་ཡང་བློ་བདག་ཉིད་དུ་རྟོགས་པའི་རྣམ་པར་རིགས་ཀྱི། ཕྱི་རོལ་ནི་མ་ཡིན་ཏེ། དེ་ནི་གཅིག་ཏུ་ཕན་ཚུན་དབེན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་པོ་མ ་ཐག་ཏུ་བརྗོད་པའི་བློ་སྒྲའི་དོན་ཡིན་པའི་ཕྱོགས་ལས་འདི་ལ་བྱེ་བྲག་ཅི་ཡོད་དེ་ཅི་ཡང་མེད་དོ། །གཉི་ག་ལ་ཡང་བློ་ལ་སྣང་བ་ཁོ་ན་དོན་ཡིན་ནོ། །སྒྲ་དོན་གཅིག་ཏུ་བྱས་པ་ཞེས་བྱ་འདི་ཙམ་ཞིག་ཐ་དད་ལ། ཤེས་ལས་ཐ་དད་མ་ཡིན་པའི། ཇི་ལྟར་དོན་གཞན་འབྲང་བར ་འགྱུར། །ཞེས་བྱ་བའི་སྐྱོན་ནི་མཚུངས་པ་ཁོ་ནའོ། །དེ་ཉིད་སྟོན་པ་ནི། དེ་ཕྱིར་དེ་མ་ཐག་ཅེས་བྱ་བ་ལ་སོགས་པའོ། །སྤོབས་པའི་ཕྱོགས་ལ་སྐྱོན་བཤད་པ་ནི། གལ་ཏེ་ཕྱིའི་དོན་དོན་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་དོན་དམ་པར་ཕྱི་རོལ་གྱི་དོན་གྱི་ཡུལ་ཅན ་ཡིན་ན། དེ་སྒྲ་ལ་སོགས་པ་དངོས་པོ་གཅིག་ལ་གཞུང་ལུགས་འགལ་བ་ལ་གནས་པའི་སྤོབས་པ་སྣ་ཚོགས་པར་མི་འགྱུར་ཏེ། གཅིག་ལ་རང་བཞིན་དུ་མ་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་ཡུལ་མེད་པ་ཡིན་ན་དེའི་ཚེ་དོན་ལ་འཇུག་པ་དང་རྟོགས་པ་དག ་ཏུ་མི་འགྱུར་ཏེ། དེའི་སྒྲའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཁྲུལ་པས་འཇུག་པ་དང་ཤེས་པ་དེ་དག་ཏུ་འགྱུར་བ་དེའི་ཚེ་སྒྲའི་དོན་འཁྲུལ་པ་ཉིད་དུ་འགྱུར་ཏེ། འཁྲུལ་པ་དེའི་ས་བོན་ཏེ་རྒྱུ་བརྗོད་པར ་བྱ་དགོས་སོ། །གཞན་དུ་འཁྲུལ་པ་ས་བོན་མེད་པ་ཡིན་ན་ཐམས་ཅད་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེར་འགྱུར་ཏེ། གལ་ཏེ་དངོས་པོ་རྣམས་ཀྱི་ཕན་ཚུན་ཐ་དད་པ་ཉིད་འདིའི་ས་བོན་ཡིན་པར་ཁས་ལེན་ན་དེའི་ཚེ་ཁོ་བོ་ཅག་གི་ཕྱོགས་ཉིད ་ཁྱེད་ཀྱིས་སྒྲུབ་པར་བྱེད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པོ། །དེ་ན་ཕྱོགས་ཐམས་ཅད་ལ་མཚུངས་པའི་སྐྱོན་བཤད་པ་ནི། གལ་ཏེ་འདི་དག་ཅེས་བྱ་བ་ལ་སོགས་པའོ། །རང་གི་མཚན་ཉིད་དང་རིགས་ལ་སོགས་པ་འདི་ཐམས་ཅད་སྐད་ཅིག ་བ་འམ། །སྐད་ཅིག་མ་མ་ཡིན་གྲང། དེ་ལ་ཕྱོགས་དང་པོ་ལ་བརྡའི་དུས་སུ་མི་འགྲོ་བའི་ཕྱིར་དེ་ལ་བརྡ་བྱེད་པ་མ་ཡིན་ནོ། །སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་ཡང་རིམ་མ་ཡིན་པ་ལས་རིམ་ཅན་འབྱུང་བ་མེད་པའི་ཕྱིར་སྒྲའི་དོན་གྱི་ཤེས་པ ་རིམ་ཅན་མེད་པར་ཐལ་བར་འགྱུར་རོ། །གཞན་དུ་ཞེས་བྱ་བ་ནི་སྐད་ཅིག་མ་མ་ཡིན་ནོ། །གཞན་དག་ནི་སྒྲས་དོན་བརྗོད་པར་འདོད་པ་རྗེས་སུ་དཔོག་པར་བྱེད་དོ་ཞེས་ཟེར་ཏེ། ཇི་སྐད་དུ་བརྗོད་པར་འདོད་པ་རྗེས་དཔོག་པ། སྒྲ་ལས་གཞན་པ་ཡོད་མ་ཡིན། ཞེས་བཤད ་པ་ལྟ་བུའོ། །དེ་ལ་བཤད་པ། འདི་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་བརྗོད་པར་འདོད་པ་དོན་དམ་པ་སྒྲའི་དོན་གྱི་ཡུལ་དུ་འདོད་ན། དེ་མ་གྲུབ་སྟེ་རང་གི་མཚན་ཉིད་ལ་སོགས་པའི་སྒྲའི་དོན་འགའ་ཡང་མི ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དོན་དམ་པར་དོན་འགའ་ཞིག་ལ་བརྗོད་པར་འདོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་ཅན་གྱི་དོན་མི་སྲིད་པའི་ཕྱིར་རོ། །དེ་སྟོན་པར་བྱེད་པའི་སྒྲ་ཡང་ཡོད་པ་མ་ཡིན་ཏེ། ཐོས་པ་གང་ཞིག་ཅེས་བཤད་པ་ཡིན་ཏེ། ཐོས་པ ་ནི་སྒྲའོ། །བརྗོད་པར་འདོད་པ་སྟེ་རྟོག་པར་བྱ་བ་ལ་ཐོས་པ་སྒྲ་ལས་ཕྱི་རོལ་ལ་འཇུག་པར་མི་འགྱུར་ཏེ། དེ་མ་བརྗོད་པའི་ཕྱིར་དོན་གཞན་བཞིན་ནོ། །ཅི་སྟེ་བརྗོད་པར་འདོད་པ་གསལ་བའི་གཟུགས་ལ་སོགས་པའི་དོན་གང་ཡིན་པ་དང་ཕྱི་རོལ་གང ་ཡིན་པ་དེ་དག་འདྲ་བ་ཡོད་པ་ཡིན་ཏེ། དེ་ནི་འདྲ་བའི་ཕྱིར་མ་བརྗོད་ན་ཡང་ཕྱི་རོལ་གྱི་དོན་ལ་འཇུག་པར་འགྱུར་ཏེ། མཚེ་མ་བཞིན་ནོ་ཞེས་བྱ་འདོད་དེ། དེས་ན་འདྲ་ཕྱིར་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ནི་ཐམས་ཅད་ཕྱི་རོལ་ལ་འཇུག་པར ་མི་འགྱུར་ཏེ། རེས་འགའ་བརྗོད་པར་འདོད་པ་གསལ་བ་བརྗོད་པ་ལ་ཡང་འཇུག་པར་འགྱུར་ཏེ་ན་ཚེ་མ་དག་ཉིད་བཞིན་ནོ། །གང་ཡང་བྱེ་བྲག་ཏུ་སྨྲས་པ་རྣམས་སྒྲའི་ཡུལ་མིང་དུ་བརྗོད་པ་དང་མཚན་མར་བརྗོད་པ་དོན་གྱི་ངོ་བོ ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་འདོད་པ་དེ་ཡང་འདིས་སུན་ཕྱུང་བར་ལྟ་བར་བྱའོ། །འདི་ལྟར་མིང་ལ་སོགས་པ་དེ་གལ་ཏེ་སྐད་ཅིག་མ་ཡིན་ན་དེའི་ཚེ་རྗེས་སུ་འགྲོ་བ་མི་རུང་ལ། སྐད་ཅིག་མ་ཡིན་ན་ཤེས་པ་རིམ་ཅན་དུ་མི། ་འཐད་པ་དང། ཕྱི་རོལ་ལ་འཇུག་པ་མེད་པར་ཐལ་བར་འགྱུར་བ་དང། འདུ་བའི་ཕྱིར་ན་ཐམས་ཅད་དུ་མི་འགྱུར་རོ་ཞེས་བྱ་བ་སུན་འབྱིན་པ་གང་ཡིན་པ་ཐམས་ཅད་ཉམས་པ་མེད་པར་འཇུག་གོ་།ཡང་ན་འདིས་ནི་ཞེས་བྱ་བ་ནི་ཇི་ལྟར་སྲིད་པ་རང ་གི་མཚན་ཉིད་ལ་སོགས་པ་སུན་ཕྱུང་བས་སོ། །འདི་ལྟར་དེ་ལ་ཡང་འདི་སྐད་དུ་བརྗོད་པར་བྱ་སྟེ། གཞན་ལ་བརྟེན་མིན་བདག་ཉིད་ཀྱི། མིང་སོགས་རྣམས་ལ་བརྡ་ནུས་མིན། དེ་ཕྱིར་དེ་དག་ཅི་ཞིག་ལྟར། བརྗོད་བྱ་ཉིད་དུ་འཐད་མ་ཡིན། ཞེས་བྱ་བའོ། ། ་བརྗོད་པར་འདོད་པ་ལ་ཡོད་པའི་?་དོན་གསལ་པར་བྱེད་པ་ན་སྒྲ་རྣམས་ཕྱི་རོལ་ལ་འཇུག་པར་མི་འགྱུར་རོ་ཞེས་གང་སྨྲས་པ་འདི་ལ་གཞན་གྱི་ལན་གྱི་དགོས་པ་བསུ་བའི་ཕྱིར། བརྗོད་འདོད་རྗེས་དཔག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་འདོད ་པ་ཡང་སྨྲ་བ་པོའི་རྒྱུད་ལ་འཇུག་ལ་བརྗོད་པར་འདོད་པ་དེའི་རྗེས་སུ་དཔག་པ་ནི་ཉན་པ་པོའི་རྒྱུད་ལ་ཡོད་པའི་ཕྱིར་བརྗོད་པར་འདོད་པ་དང་རྗེས་སུ་དཔག་པ་དེ་དག་བསྲེས་པ་སྤྲེལ་བ་དེ་སྣང་ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་ཕྱི་རོལ་ཉིད་དེས་ནས་སྨྲ་བ་པོ ་དང་ཉན་པ་པོ་དག་འདི་ལྟ་སྟེ་ཕྱི་རོལ་ལ་འཇུག་པར་གྱུར་ཏོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དོན་དམ་པར་རང་གི་སྣང་བ་ཉམས་སུ་མྱོང་བ་ལ་སྨྲ་བ་པོ་འདི་ལྟར་ཞེན་པར་འགྱུར་ཏེ། བདག་གིས་འདི་ལ་ཕྱི་རོལ་གྱི་དོན་ཉིད་བསྟན་ཏོ། །ཉན་པ་པོ་ཡང་འདི ་ལྟ་སྟེ། བདག་ལ་འདི་ཕྱི་རོལ་ཉིད་སྟོན་པར་བྱེད་དོ་ཞེས་དེའི་ཕྱིར་རབ་རིབ་ཅན་གཉིས་ལ་ཟླ་བ་གཉིས་སྣང་བ་བཞིན་དུ་སྒྲ་ལས་བྱུང་བའི་ཐ་སྙད་འདི་ཐམས་ཅད་དེ་ལྟ་བུ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཁོ་བོ་ཅག་གི་ཕྱོགས་སུ་ལྷུང་བའི་ཕྱིར་གྲུབ ་པ་ལ་སྒྲུབ་པོ། །སྔར་སྤོབ?་པའི་སྒོ་ནས་སོང་བས་དེའི་ཕྱིར་ཡང་ཞེས་བཤད་དོ། །དེའི་ཕྱིར་དེ་ལྟར་བརྡ་མ་བྱས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ལ། མ་ངེས་པ་ཉིད་དང་འགལ་བ་ཉིད་དག་ནི་དང་པོ་ཉིད་དུ་བསལ་ཟིན་ཏོ། ་དེ་ལྟ་བས་ན་སྒྲས་ཇི་སྐད་དུ་བཤད་པའི་སེལ་བ་བྱེད་དོ་ཞེས་བྱ་བ་འགྲུབ་བོ། །ཕྱོགས་སྔ་མ་འདིར་གཞན་དག་སེལ་བའི་སྒྲ་ཐོས་པ་ལས་བློ་སྐྲག་སྟེ། བརྗོད་པར་འདོད་པའི་སེལ་བའི་ངོ་བོ་མི་ཤེས་པས་དམ་བཅའ་བ་གྲགས་པ་ལ་སོགས་པ་འགལ་བར་བསྟན ་པའི་ཕྱིར། འོན་ཏེ་ཁྱེད་ཀྱི་ཕྱོགས་ལ་སྒྲས། གཞན་སེལ་བྱེད་པར་བརྗོད་མིན་ནམ། ཞེས་བྱ་བར་རྒྱས་པར་སྨྲས་ཏེ། སྒྲས་གཞན་སེལ་བྱེད་པ་ཞེས་བྱ་བ་འདིར་ཞེས་བྱ་བའི་སྒྲ་ཁོ་ནས་དབྱུང་བར་བྱའོ། །སྒྲས་གཞན ་སེལ་བར་བྱེད་ཅེས་བྱ་བ་དེ་ལྟར་ཇི་ལྟར་རྗོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་བརྗོད་པར་མི་བྱ་ཞེན་སྣང་བ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སེལ་བ་ནི་དགག་པ་ཙམ་ཉིད་དུ་འདོད་པར་གྲག་ལ། སྒྲ་ལས་བྱུང་བ་ལ་སྣང་བ ་འདི་ལ་དགག་པ་ཙམ་དུ་རྟོགས་པ་ནི་མེད་དོ། །འོ་ན་ཅི་ཞེ་ན། དངོས་པོའི་ངོ་བོ་ངེས་པ་ཉིད་ཀྱིས་སྒྲ་ལས་བྱུང་བའི་བློ་འཇུག་པར་དམིགས་ལ། སྒྲ་ལས་བྱུང་བའི་ཤེས་པ་ལ་མི་སྣང་བ་གང་ཡིན་པ་དེ་སྒྲའི་དོན་དུ་རིགས་པ་ཡང་མ་ཡིན་པ་དེ་ཧ་ཅང་ཐལ་བར ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དམ་བཅའ་བ་གྲགས་པ་དང་འགལ་བ་ཡིན་ནོ། །གལ་ཏེ་བ་ལང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ཤེས་ཆེན་གྱི་ལུགས་ཀྱི་གྲགས་པ་ལ་སོགས་པ་དང་འགལ་བ་སྟོན་པར་བྱེད་པ་ཡིན་ཏེ། གལ་ཏེ ་བ་ལང་གི་སྒྲ་གཞན་རྣམ་པར་གཅོད་པ་སྟོན་པར་བྱེད་པ་ལྷུར་ལེན་པ་ཡིན་ན་དེའི་ཚེ་དེ་ཉིད་ལ་དོན་བྱས་པའི་ཕྱིར་ནོག་ལ་སོགས་པའི་དངོས་པོ་བ་ལང་གི་སྒྲ་ལས་རྟོགས་པར་མི་འགྱུར་ཏེ། དེ་ལྟ་ཡིན་དང་ནོག་ལ་སོགས་པ་ལྡན་པའི་དངོས ་པོའི་ཡུལ་ལ་བ་ལང་གི་བློ་སྐྱེད་པར་བྱེད་པའི་སྒྲ་གཞན་བཙལ་བར་བྱ་དགོས་པར་འགྱུར་རོ། །འདི་སྙམ་དུ་བ་ལང་གི་སྒྲ་གཅིག་ཉིད་ཀྱིས་བློ་གཉིས་བསྐྱེད་པའི་ཕྱིར་སྒྲ་གཞན་བཙལ་བར་མི་བྱའོ་སྙམ་དུ་སེམས་ན། སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། སྒྲུབ་པའི་ཡུལ་ཅན་དང་དགག་པའི་ཡུལ་ཅན་གྱི་འབྲས་བུ་ཤེས་པ་གཉིས་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཅི་འགྱུར་ཞེ་ན། གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་གཅིག་ལ་སྒྲུབ་པར་བྱེད་པ་འམ་དགག་པར་བྱེད ་པ་རྣམ་པར་ཤེས་པ་གཉིས་ཀྱི་མཚན་ཉིད་ཀྱི་འབྲས་བུ་ཅིག་ཅར་མ་ཡིན་ཏེ། མ་དམིགས་པ་ཞེས་བྱ་བ་ལྷག་མའོ། །དགག་པ་དང་སྒྲུབ་པ་འབྲས་བུའི་ཤེས་པ་ཕན་ཚུན་འགལ་བས་རིགས་པ་ཡང་མ་ཡིན་ནོ། །གང་གིས་ཞེས་བྱ་བ་ལ་སོགས་པས ་གཏན་ཚིགས་བླ་ལྷག་ཆད་དེ། གལ་ཏེ་བ་ལང་གི་སྒྲས་དངོས་སུ་བ་ལང་མ་ཡིན་པ་ལས་ལྡོག་པ་སྟོན་པར་བྱེད་པ་ཡིན་ན་དེའི་ཚེ་བ་ལང་གི་སྒྲ་ཐོས་མ་ཐག་ཏུ་ཉན་པ་པོས་ཚེས་ཐོག་མར་བ་ལང་མ་ཡིན་པ་ཞེས་བྱ་བ་འདི་རྟོགས་པར་འགྱུར་རོ། །སྒྲ་ལས་བར ་མཆོད་པར་ཤེས་པ་སྐྱེས་པ་གང་ཡིན་པ་དེ་ཉིད་སྒྲའི་དོན་དུ་རྣམ་པར་བཞག་སྟེ་བར་དུ་མཆོད་པར་བ་ལང་མ་ཡིན་པ་རྣམ་པར་གཅོད་པའི་བློ་སྐྱེ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་བ་ལང་གི་བློ་མི་སྐྱེ་བར་ཐལ་བ་དང། ཆེས་དང་པོར་བ་ལང་མ་ཡིན་པར་རྟོགས་པར ་འགྱུར་བའི་ཕྱིར་གཞན་སེལ་བ་སྒྲའི་དོན་མ་ཡིན་ནོ་ཞེའོ། །གང་གི་བ་ལང་མིན་ལོག་པའི། ཞེས་བྱ་བ་ལ་སོགས་པས་གཞོན་ནུ་མ་ལེན་གྱི་ལུགས་ཀྱི་དམ་བཅའ་བའི་སྐྱོན་སྟོན་པ་ཡིན་ཏེ། དེ་ནི་འདི་སྐད་དུ་སྨྲ་སྟེ། གཞན་སེལ་བའི ་མཚན་ཉིད་ཀྱི་སྤྱི་བརྗོད་པར་བྱ་བ་ཉིད་དུ་བརྗོད་པ་ན་རེས་འགལ་མ་ཡིན་པར་དགག་པའི་མཚན་ཉིད་དམ། མེད་པར་དགག་པའི་མཚན་ཉིད་བརྗོད་པ་ཡིན་གྲང། དེ་ལ་ཕྱགས?་དང་པོ་དམ་བཅས་པ་ལ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡིན་ཏེ། ་འདི་ལྟར་བ་ལང་ཉིད་དུ་བརྗོད་པའི་སྤྱི་བ་ལང་གི་སྒྲའི་བརྗོད་བྱ་ཉིད་དུ་འདོད་ལ། ཁྱེད་ཅག་ཀྱང་བ་ལང་མ་ཡིན་པ་ལྡོག་པའི་མཚན་ཉིད་ཀྱི་སྤྱི་བ་ལང་གི་སྒྲས་བརྗོད་དོ་ཞེས་སྨྲ་བ་ན་དེ་ཉིད་སྒྲ་གཞན་གྱིས་བརྗོད་པའི་ཕྱིར་མིང་ལ་རྩོད་པ་འབའ་ཞིག་ཏུ་ཟད་དོ། ཡང་ཇི ་ལྟར་དེ་ཉིད་སྒྲ་གཞན་གྱི་བརྗོད་པ་ཡིན་ཞེ་ན། འདི་ལྟར་དངོས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དེ་གང་གི་ཕྱིར་སྔ་ན་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་མེད་པ་རྣམ་པ་བཞི་པོ་ཐམས་ཅད་ནི་དངོས་པོ་གཞན་གྱི་བདག་ཉིད་དུ་རྣམ ་པར་གནས་ཏེ། ཇི་སྐད་དུ། ཞོ་སོགས་འོ་མ་ལ་མེད་གང། །དེ་ནི་སྔ་ན་མེད་པར་བརྗོད། །ཞོ་ལ་འོ་མ་མེད་པ་ཉིད། །ཞིག་ནས་མེད་པའི་མཚན་ཉིད་ཡིན། །རྟ་སོགས་བ་ལང་ལ་མེད་གང། །གཅིག་ལ་གཅིག་མེད་པར་བརྗོད་དེ། །མགོ ་ཡི་ཡན་ལག་དམའ་བ་དང། །རི་བོང་རྭ་སོགས་ངོ་བོ་ཡིས། །འཕེལ་དང་མཁྲང་བ་སྤངས་པ་སྟེ། །གཏན་ནས་མེད་པར་བརྗོད་པར་ཡིན། །ཐ་དད་དེ་དག་དངོས་མེད་པར། །མི་འགྱུར་དེས་འདི་དངོས་པོ་ཉིད། །ཅེས་བཤད་པ་ཡིན་ནོ། །འདི་ནི་འོ་མ་ལ་སོགས་པ ་ཞོ་ལ་སོགས་པའི་ངོ་བོའི་མེད་པ་ནི་སྔ་ན་མེད་པ་ལ་སོགས་པར་བསྟན་པའི་རྟེན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བ་ལང་མ་ཡིན་པ་ལས་ལྡོག་པ་གཅིག་ལ་གཅིག་མེད་པ་ཡིན་ཏེ། དེ་ནི་རྟགས་ལ་སོགས་པ་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ།། ་དེ་ལྟ་བས་ན་དེའི་དངོས་པོ་ཡིན་ནོ། །དེ་ལ་དེ་ལྟར་དངོས་པོ་མེད་པ་ནི་དངོས་པོ་གཞན་གྱི་བདག་ཉིད་ཡིན་པར་གནས་པ་ན། ཁྱེད་ཅག་གི་རྟ་ལ་སོགས་པ་ལས་ལྡོག་པ་རང་བཞིན་གྱི་དངོས་པོ་ཞེས་པ་འདི་ཅི་ཞིག་ལ་འདོད་པ་སྨྲོས་ཤིག། འདི་སྙམ ་དུ་འདིར་ཅི་ཞིག་སྨྲ་བར་བྱ་སྟེ། འདི་ནི་བ་ལང་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་བདག་ཉིད་ཡིན་ནོ་ཞེས་བྱ་བར་འདོད་ན། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུན་མོང་མ་ཡིན་པའི་ཁྱད་པར་གང་ཡིན་པ་དེ་ནི་ཁྱེད་ཅག་གིས་རྟ་ལ་སོགས ་པ་ལས་ལྡོག་པའི་བདག་ཉིད་དུ་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། བཤད་པ་རྟོག་པ་མེད་ཕྱིར་ཏེ། དེ་ལ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །སྤྱི་ཁོ་ན་རྣམ་པར་རྟོག་པའི་ཤེས་པའི་སྤྱོད་ཡུལ་དུ་འདོད་ལ། ཐུན་མོང་མ་ཡིན་པའི་དོན་ནི་རྣམ་པར་རྟོག ་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། ཇི་སྐད་དུ། དབང་པོའི་སྤྱོད་ཡུལ་ངོ་བོ་ནི། རིག་བྱ་བསྟན་དུ་མེད་པའོ། །ཞེས་བཤད་པ་ལྟ་བུའོ། །བྱེ་བྲག་གི་བདག་ཉིད་ལ་རྒྱུ་ནི་ཐུན་མོང་མིན་པའི་བདག་ཉིད་དེ། ཐུན་མོང་མ་ཡིན་པའི་བདག་ཉིད་ཀྱིས་ཁྱད་པར ་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱེ་བྲག་མེད་པ་བཤད་ནས། ད་ནི་དོན་དེ་ཉིད་བྱེ་བྲག་ཏུ་བཤད་པ་ནི། དེ་བཞིན་དུ་ནི་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཁྱེད་ཅག་ཐུན་མོང་མ་ཡིན་པའི་ཁྱད་པར་རྟ་ལ་སོགས་པ་ལས་ལྡོག་པའི་བདག་ཉིད་བ་ལང་གི ་སྒྲའི་བརྗོད་བྱ་མི་འདོད་པ་དེ་བཞིན་དུ་ཁྲ་བོ་ལ་སོགས་པ་ཁྲ་བོ་ལ་སོགས་པའི་སྒྲ་བརྗོད་པར་བྱ་བ་ཉིད་དུ་མི་འདོད་དོ། །རྟ་ལ་སོགས་པ་ལས་ལྡོག་པའི་བདག་ཉིད་ཀྱིས་དངོས་བོ་ཞེས་བྱ་བ་འདི་ལ་ཡང་རྗེས་སུ་འཇུག་གོ་།ཅིའི་ཕྱིར་ཞེ་ན། སྤྱི་མ་ཡིན་པར་ཐལ་བར་འགྱུར ་ཕྱིར། ཞེས་བྱ་བ་སྨོས་ཏེ། གལ་ཏེ་འདོད་པ་དེའི་ཚེ་སྤྱི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་མི་འགྱུར་ཏེ། དེ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །གང་ཁོ་ནའི་ཕྱིར་རྟ་ལ་སོགས་པ་ལས་ལྡོག་པའི་བདག་ཉིད་ཀྱི་དངོས་པོ་ཐུན་མོང་མ་ཡིན་པ་མི་འཐད་པ་དེ་ལྟ་བས་ན་ཀུན ་ལ་སྟེ། རིགས་མཐུན་པའི་ཁྲ་བོ་ལ་སོགས་པའི་གོང་བུ་ལ་གང་ཞིག་རེ་རེ་ལ་ཡོངས་སུ་རྫོགས་པའི་བ་ལང་གི་བློ་ནི་དེའི་རྒྱུ་མཚན་ཅན་ཡིན་ཏེ། དེ་ཡང་བ་ལང་ཉིད་ཅེས་བྱ་བའི་སྤྱི་ཉིད་ཡིན་ནོ། །དེ་ལ་བ་ལང་མ་ཡིན་པ་སེལ ་བའི་སྒྲས་བརྗེད་པའི་ཕྱིར་མིང་འབའ་ཞིག་གཞན་ཡིན་པས་དེའི་ཕྱིར་དམ་བཅའ་བ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡིན་ནོ། །ཅི་སྟེ་མེད་པར་དགག་པའི་མཚན་ཉིད་དོ། །ཞེས་བྱ་བའི་ཕྱོགས་དེ་ལ། གལ་ཏེ་དགག་ཙམ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། མེད་པ་སྒྲའི་བརྗོད་བྱ་ཞེས་བྱ་བ་ན་སྒྲ་བ་ལང་མ་ཡིན་པ་སེལ་བའི་མཚན་ཉིད་ཀྱི་མེད་པ་བརྗོད་པར་བྱེད་པ་ཡིན་ལ། སྒྲ་དེའི་བརྗོད་བྱ་ཕྱི་རོལ་གྱི་དོན་གྱི་སྟོང་པ་ཉིད་དུ་འགྱུར་ཏེ། དངོས་པོའི་ངོ་བོ་ལ་སྟོན་པའི ་ཕྱིར་རོ། །གཞན་གྱི་རྣམ་པར་ཤེས་པ་ཙམ། ཞེས་བྱ་བ་ནི་སྔར་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་འགོད་པའི་དུས་སུ་ཁྱེད་ཅག་གིས་བཀོད་ལ་ཁོ་བོ་ཅག་གིས་ཀྱང་བསལ་ཟིན་ཏོ། །ཡང་སྒྲའི་དོན་བསལ་བའི་སྐབས་འདིར་གྲགས་པས་གྲུབ་པའི་དོན་བཀག ་པའི་ཕྱིར་དེ་ཉིད་གཞན་སེལ་བའི་ཐབས་ཀྱིས་བསྟན་ཏོ། །དེ་ལས་སྐྱོན་ཅིར་འགྱུར་ཞེ་ན། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཏེ། སྟོང་པ་ཉིད་ཀྱི་བརྗོད་བྱ་ལ་སྒྲ་ལས་བྱུང་བའི་རྟ་ལ་སོགས་པ་བློའི་བདག་ཉིད་ཀྱི་ཆ་ཤས་འཛིན་པར ་འགྱུར་ཏེ། ཕྱི་རོལ་གྱི་དངོས་པོའི་ངོ་བོ་འཛིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། དེར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་ལྟར་ན་གནས་པ་ན་སེལ་བ་བརྗོད་བྱ་ཉིད་ནི་བརྫུན་པར་ཁས་བླངས་པར་འགྱུར་ཏེ། །ཕྱི་རོལ་གྱི་དོན་ལ་མི་བལྟོས་པའི་བློའི ་རྣམས་པ་ནི་སྒྲུབ་པའི་ངོ་བོ་ཉིད་ཀྱིས་སྒྲའི་དོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་དམ་བཅའ་བ་ལ་ཁས་བླངས་པས་གནོད་པ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ཉིད་སྟོན་པ་ནི། བློའི་རྣམ་པ་ཞེས་བྱ་བ་ལ་སོགས་པའོ། །བློའི་རྣམ་པ་ཉིད་ཀྱི་དངོས་པོའི་སྒྲའི་དོན ་དུ་འགྱུར་རོ། ཞེས་འབྲེལ་ཏོ། འདི་སྙམ་དུ་བློ་དེ་དམིགས་པ་མེད་པ་ཡིན་ན་ཡང་བ་ལང་ལ་སོགས་པའི་བློ་དག་ལས་རིགས་མི་མཐུན་པ་དག་ལས་ལྡོག་པའི་ངོ་བོར་འཇུག་སྟེ། དེས་ན་གཞན་སེལ་བ་བརྟགས་པ་མི་རིགས་པ་ཁོ་ནའོ་སྙམ་དུ་སེམས་ན། བློ་དེ་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། བློ་དེ་ཞེས་བྱ་བ་ནི་དམིགས་པའི་མེ་རྟ་ལ་སོགས་པའོ། །སྒྲའི་དོན་ལ་ཞེས་?་ནི་རྟ་ལ་སོགས་པར་ཞེན་བདག་ལའོ། །དངོས་པོའི་ངོ་བོ་ཞེས་བྱ་བ་ནི་སྒྲུབ་པའི་ངོ་བོར་ཞེན་པའོ། །དངོས་པོ་ཉིད་ཅེས་བྱ་བ་ནི་རྟ་ལ་སོགས་པའི་གོང་བུར་ངེས ་པའི་བློའི་བདག་ཉིད་དོ། །ངེས་པར་བཟུང་བའི་འབྲས་བུ་སྟོན་པ་ནི། བློ་ནི་མི་སལ་བའི་ཞེས་བྱ་བ་སྟེ། བརྗོད་པར་བྱ་བ་གང་ལ་སེལ་བ་ཡོད་པ་མ་ཡིན་པ་རྟ་ལ་སོགས་པའི་བློའི་བདག་ཉིད་ཀྱི་དངོས་པོ་དེ་ལ་དེ་སྐད་བྱ་སྟེ། བློའི་སེལ་བ་མེད་པའི་བློ་མི་སེལ་བ་སྟེ། ་བློ་གཞན་ལ་སེལ་བ་དང་བྲལ་བ། ཞེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་ན་སེལ་བར་བྱེད་པས་སེལ་ཏེ། སེལ་བ་མེད་པ་ནི་མི་སེལ་བའོ། །བློའི་སེལ་བ་མེད་པ་ནི་བློ་མི་སེལ་བ་ཞེས་བསྡུའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་བློ་བློ་གཞན་ལས་རྣམ ་བར་བཅད་པ་དེ་ལྟ་ན་ཡང་དེ་བློ་གཞན་རྣམ་པར་གཅོད་པར་ངེས་པར་སྐྱེ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟ་ལ་སོགས་པའི་དོན་ལ་སྒྲུབ་པའི་ངོ་བོས་ཞེན་པ་ཡིན་ནོ། །དེས་ན་དངོས་པོ་སྒྲུབ་པའི་ངོ་བོ་ཉིད་བརྗོད་བྱར་རྟོག་པ་རིགས་པ་དང་ལྡན་པ་ཡིན་གྱི་གཞན ་སེལ་བ་ནི་མ་ཡིན་ཏེ། བློ་གཞན་གྱིས་བློ་མི་སེལ་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཅག་གིས་སེལ་བའི་ཚིག་གི་དོན་ཉིད་དུ་བརྟགས་པ་གང་ཡིན་པ་དེ་ནི་དག་ལས་བཏུས་ནས་བཏགས་པའི་ཚིག་གི་དོན་དུ་འདོད་ལ། ངག་གི་དོན་ནི་སྣང་བའི་མཚན ་ཉིད་ཁོ་ན་སྟེ། ཇི་སྐད་དུ། ཚིག་ནི་ངག་ལས་བཏུས་པ་ལ། རྣམ་པར་དབེན་པས་དོན་འདི་ཡིན། །ངག་དོན་འདི་ནི་སྣང་བར་བརྗོད། །དེས་ན་འདི་ནི་བསྐྱེད་བྱ་ཡིན། ཞེས་སྨྲས་པ་བཞིན་ནོ། །འདིར་སྨྲས་པ། ཇི་ལྟར་ཕྱི་རོལ་དོན་མེད་ཀྱང། །ཞེས་བྱ་བ་ལ་སོགས ་པ་ལ། ཇི་ལྟར་ཕྱི་རོལ་གྱི་དོན་སྒྲའི་བརྗོད་བྱ་ཉིད་དུ་མེད་ན་ཡང་ཁྱེད་ཅག་གི་ངག་གི་དོན་སྣང་བའི་མཚན་ཉིད་དུ། བརྗོད་ཀྱི་གཞན་སེལ་བའི་མཚན་ཉིད་ནི་མ་ཡིན་པ་དེ་བཞིན་དུ་ཚིག་གི་དོན་ཡང་དག་གི་དོན་བཞིན་དུ་སྣང་བའི་མཚན་ཉིད་དུ་འགྱུར་བས་དེའི་ཕྱིར་སེལ ་བ་སྒྲ་འདོན་ཉིད་དུ་ཅིའི་ཕྱིར་རྟོགས་པར་བྱེད། ཚིག་དང་ངག་གི་དོན་གཉི་ག་ཡང་སྒྲུབ་པའི་ངོ་བོ་ཉིད་ཡིན་ལ་རག་མོད་སྙམ་དུ་བསམས་པའོ། །འདི་སྙམ་དུ་སྣང་བ་ཡང་གཞན་གཉིས་པ་ལས་རྣམ་པར་བཅད་པ་ཡོད་པའི་ཕྱིར་སེལ་བར་རྟོག ་གོ་སྙམ་དུ་སེམས་ན། དེའི་ཕྱིར་བློ་ནི་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་མི་རྟོགས་པ་དེ་ལྟ་ན་ཡང་ཡོད་པ་ཉིད་དོ་ཞེ་ན། རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བློ་བོ་གཞན་ལས་ལྡོག་པ་ཡོད་པ་དེ་ལྟ་ན ་ཡང་དེ་ལ་སྒྲའི་བྱ་བ་ཡོད་པ་མ་ཡིན་ཏེ། འདི་ལྟར་བློ་འདི་སྒྲ་ལས་སྐྱེ་བཞིན་པ་ན་རང་གི་ངོ་བོ་སྐྱེད་པ་ལས་མ་རྟོགས་པ་གཞན་གྱི་རྣམ་པར་བཅས་པ་འདི་མཚན་ཉིད་སྒྲ་ལས་ཞེན་པའི་ཆེ་འཛིན་པར་མངོན་པར་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲུབ་པའི ་ངོ་བོར་ཞེན་པ་ཉིད་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏེ། སྒྲས་མ་ཞེན་པའི་དངོས་པོའི་ཆ་ཡང་སྒྲའི་དོན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དམ་བཅའ་བ་གྲགས་པར་གནོད་པ་ཡིན་ནོ་སྙམ་དུ ་བསམས་པ་ཡིན་ནོ། །ཡང་ཐལ་བར་འགྱུར་བ་སྒྲུབ་པས་གྲགས་པ་དང་འགལ་བ་ཉིད་བསྟན་པའི་ཕྱིར། གལ་ཏེ་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་བ་ལང་རྟ་ལ་སོགས་པ་ཐ་དད་པའི་སྤྱི་བརྗོད་པ་དང། ཡང་གང་དག་ཁྲ་བོ་ལ ་སོགས་པ་བྱེ་བྲག་བརྗོད་པ་དེ་དག་ཐམས་ཅད་ཁྱེད་ལ་རྣམ་གྲངས་པར་འགྱུར་ཏེ། དོན་ཐ་དད་པ་མེད་པའི་ཕྱིར་ཤིང་ལྗོན་པ་དང་རྩ་བས་འཐུང་ལ་སོགས་པ་བཞིན་ནོ། །ཡང་ཅིའི་ཕྱིར་དོན་ཐ་དད་པ་མེད་ཅེ་ན། འདྲེས་དང་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། དངོས་པོ་ཁོ་ན་ལ་བསྲེ་བ་ཉིད་དང། གཅིག་ཉིད་དང། སྣ་ཚོགས་པ་ལ་སོགས་པའི་རྣམ་པར་རྟོག་པ་སྲིད་པ་ཡིན་གྱི་དངོས་པོ་མེད་པ་ལ་ནི་མ་ཡིན་ནོ་གཞན་སེལ་བ་རྣམས་ནི་དངོས་པོ་མེད་པའི་ཕྱིར་ཕན་ཚུན་དུ་འདྲེ་བ་ལ་སོགས་པའི་རྣམ་པར ་རྟོགས་པ་རིགས་མང་ཡིན་ནོ། །དེའི་ཕྱིར་ཇི་ལྟར་འདི་དག་གི་ཕན་ཚུན་ཐ་དད་པ་འགྲུབ་པར་འགྱུར། ཅི་སྟེ་དེ་དག་ཐ་དད་ཁས་ལེན་པར་བྱེད་ན། དེ་ལྟ་ཡི་ན་ངས་པར་དངོས་པོ་ཉིད་དུ་འགྱུར་རོ་ཞེས་སྟོན་པ་ནི། གལ་ཏེ་ཐུན་མོང་ཞེས་བྱ་བ་ལ་སོགས་པའོ།། ་དངོས་པོ་ཡིན་ཞེས་བྱ་བ་ནི་བསྒྲུབ་བྱ་སྟོན་པའོ། །སྦྱོར་བ་ནི་གང་དག་ཕན་ཚུན་ཐ་དད་པ་དེ་དག་ནི་དངོས་པོ་ཡིན་ཏེ། རང་གི་མཚན་ཉིད་བཞིན་ནོ། །གཞན་སེལ་བ་ཡང་ཕན་ཚུན་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་ཡིན་དང ་དངོས་པོ་ཉིད་ཡིན་ན་སྒྲུབ་པ་ཁོ་ན་སྒྲ་འདོན་ནོ་ཞེས་བྱ་བར་གྲུབ་པོ། །འདིས་ནི་དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་བསྟན་པ་ཡིན་ནོ། །ཡང་སེལ་བ་རྣམས་དངོས་པོ་མེད་པ་ཉིད་དུ་ཁས་ལེན་པ་ནི་དེའི་ཚེ་སྣ་ཚོགས་པ་ཉིད་མེད ་པའི་ཕྱིར་སྔ་མ་བཞིན་དུ་རྣམ་གྲངས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་ངེས་སོ། །འདིར་གཞན་གྱི་སངས་རྒྱས་པའི་ལན་གྱི་དོགས་པ་བསུ་བ་ནི། འོན་ཏེ་གསལ་མ་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་དུ། བསལ་བྱའི་དབྱེ་བས་ཐ་དད་དོན། །རང་དོན་ཐ ་དད་རྟོགས་པ་བླུན། ཞེས་བཤད་པ་བཞིན་ནོ། །དེ་ལྟ་ཡིན་དང་རང་ལས་ཐ་དད་པ་མེད་ན་ཡང་གསལ་བར་བྱ་བའི་རྟ་ལ་སོགས་པ་ཐ་དད་པས་བ་ལང་མ་ཡིན་པ་ལས་ལྡོག་པའི་ངོ་བོའི་སེལ་བ་ཐ་དད་དུ་གྲུབ་པ་ན་རྣམ་གྲངས་འདི་ཉིད་དུ་མི་འགྱུར་རོ། ། ་དེ་ནི་རང་ལས་ཁྱད་པར་མེད་ཅེས་བྱ་བ་ལ་སོགས་པས་གཞན་དག་སུན་འབྱིན་པ་ཡིན་ཏེ། སེལ་བ་དེ་ནི་རང་ལས་ཁྱད་པར་ཏེ་སྣ་ཚོགས་པ་ཉིད་ཡོད་པ་མ་ཡིན་ཏེ། མེད་པ་རོ་གཅིག་པའི་ཕྱིར་རོ། །འདི་གཞན་ལས་ཡིན་ན་ཡང་ཀུན་བརྟག་པ་ཉིད་དུ་འགྱུར་གྱི། དོན ་དམ་པ་ནི་མ་ཡིན་ནོ། །རང་ལ་ཐ་དད་པ་མེད་པ་ནི་གཞན་ལས་སྲིད་པ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། གང་ཕྱིར་རྟེན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདྲེན་པ་ནི་འབྲེལ་བ་སྟེ། ཁོ་བོ་ལ་སོགས་པ་ནང་གི་ཡན་ལག་ཡིན་ན་ཡང་སེལ་བ་འདི་ནི ་ངོ་བོ་སྟེ་རང་བཞིན་གྱིས་དབྱེ་བར་མི་ནུས་ཏེ་ཁྲ་བོ་ལ་སོགས་པ་མང་པོ་དག་ལ་ཡང་བ་ལང་མ་ཡིན་པ་རྣམ་པར་གཅོད་པའི་མཚན་ཉིད་ཀྱི་སེལ་བ་གཅིག་འཇུག་པར་འདོད་པའི་ཕྱིར་རོ། །དེ་ཇི་ལྟར་ཕྱི་རོལ་གྱི་ཡན་ལག་ཏུ་གྱུར་པ་གསལ་བར་བྱ་བ་རྟ་ལ་སོགས་པ ་དག་གི་ཐ་དད་པར་འགྱུར་གང་ཞིག་ནང་གི་ཡན་ལག་གིས་ཀྱང་དོན་ཐ་དད་པར་བྱེད་པ་མ་ཡིན་པ་དེ་ཕྱི་རོལ་གྱི་ཡན་ལག་གིས་འགྱུར་བ་མ་ཡིན་ཏེ། ཕྱི་རོལ་གྱི་ཡན་ལག་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ཁྱད་བར་དང་ལྡན་པར་བརྟགས ་པ་ཡིན་ནོ་ཞེས་བཞད་གང་དུ་བྱེད་པ་ཡིན་ནོ། །འོ་ན་དེ་ལྟ་ན་ནང་གི་ཡན་ལག་རྟེན་དང་འདྲ་བ་ཐ་དད་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་གཞན་སེལ་བའོ། །ཅིའི་ཕྱིར་མི་རིགས་ཤེ་ན། འབྲེལ་པ་ཅན ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་རང་བཞིན་མེད་པའི་ཕྱིར་དངོས་པོ་མེད་པ་གང་ཡིན་པ་འབྲེལ་པ་ཅན་ཐ་དད་དོ་ཞེས་བྱ་བ་རེ་ཞིག་ལྟ་ཞོག། ཇི་སྲིད་དངོས་པོ་ལ་ཡང་འབྲེལ་པ་ཅན་ཐ་དད་པ་ཐ་དད་པར་མ་དམིགས་པ་ཁོ་ན་སྟེ། འདི་ལྟར ་ལྷས་བྱིན་སློགས་པ་དངོས་པོ་གཅིག་ཡིན་ན་ཡང་རིམ་མམ་ཅིག་ཅར་གྱིས་སྟན་ལ་སོགས་པ་དུ་མ་དང་འབྲེལ་བ་ཅན་ཐ་དད་པ་མི་སྒྲུབ་པ་ཉིད་དུ་དམིགས་སོ། །གང་ཞིག་གཞན་ལས་སོ?་ལྡོག་པའི་དངོས་པོ་མ་ཡིན་པ་དངོས་པོ་མ་ཡིན་པའི་ཕྱིར་གང་དུ་ཡང་མ་འབྲེལ་བ་སྟེ་དངོས་པོ་མ་འབྲེལ་ལས་མེད ་པ་ཉིད་ཀྱིས་གཞན་དག་ལས་ཏེ་རིགས་མི་མཐུན་པ་ལས་ལྡོག་པ་མ་ཡིན་པ་སྨོས་ཀྱང་ཅི་དགོས། དེ་ཉིད་ཀྱི་ཕྱིར་ཁྱད་པར་གྱི་ཆ་ཤས་མ་གཏོགས་པ་དེ་དེ་འདྲ་བའི་འབྲེལ་པ་ཅན་ཐ་དད་པས་ཀྱང་ཇི་ལྟར་ཐ་དད་པར་འགྱུར། །གཞན་ཡང་འབྲེལ་པ་ཅན་ཐ་དད་པས་ཐ ་དད་པ་ཡིན་དུ་ཆུག་མོད། །དེ་ལྟ་ན་ཡང་གང་ཞིག་ཐ་དད་པས་ད་ཐ་དད་པར་རྟོགས་པ་སྤྱི་དངོས་པོར་གྱུར་པ་ཁས་མི་ལེན་ན་ཁྱེད་ཅག་གི་སེལ་བའི་རྟེན་འབྲེལ་པ་ཅན་དེ་ཉིད་མི་འགྲུབ་བོ་ཞེས་བསྟན་པ་ནི། འདྲ་བ་ཉིད་དུ་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ ་བ་ལང་ལ་སོགས་པའི་དངོས་པོར་གྱུར་པའི་འདྲ་བ་གྲུབ་པར་གྱུར་ན་དེའི་ཚེ་འདི་དག་གི་རྟ་ལ་སོགས་པ་སེལ་བའི་རྟེན་ཉིད་ཁྱད་པར་མེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་།དེ་ལྟ་ཡིན་དང་འདི་དག་སེལ་བའི་ཡུལ་ཅན་དུ་འདོད་ན་གདོན་མི་ཟ་བར་འདྲ་བ ་ཁས་བླངས་པར་བྱ་དགོས་ལ། དེ་ཉིད་སྤྱི་དངོས་པོར་གྱུར་པ་སྒྲའི་བརྗོད་བྱར་འགྱུར་པའི་ཕྱིར་སེལ་བ་བརྟགས་པ་དོན་མེད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ་།།ཡུལ་གྱི་སྒྲ་ནི་འདི་བརྟེན་རྗོད་པར་བྱེད་པ་ཡིན་ཏེ། དཔེར་ན་ཉའི་ཡུལ ་ནི་ཆུ་ཡིན་ནོ་ཞེས་བྱ་བ་བལྟའོ། །གང་དག་གསོལ་བྱ་ཐ་དད་དུ་རྟོག་པ་དེ་དག་ནི་དེ་ལྟར་དངོས་པོར་གྱུར་པ་མེད་པར་འགྲུབ་པར་མི་འགྱུར་རོ་ཞེས་སྟོན་པ་ནི། གསལ་བར་བྱ་བའི་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རྟ་ལ་སོགས་པ་ཐམས་ཅད་ལ་ཐུན་མོང་བའི་ཆོས་གཅིག ་པོ་འགའ་ཞིག་རྗེས་སུ་འགྲོ་བར་གྱུར་ན་དེའི་ཚེ་དེ་དག་ཐམས་ཅད་བ་ལང་ལ་སོགས་པའི་སྒྲ་དག་གིས་གསལ་བར་གྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། ཁྱད་པར་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །ཐུན་མོང་བའི་ཆོས་ཁས་ལེན་ན་ཡང་སེལ་བ་བརྟགས་པ་དོན་མེད་པར་འགྱུར་རོ།། ་དེས་ན་སྟེ་དེའི་ཕྱིར་སེལ་བ་མི་འགྲུབ་བོ། །གཞན་ཡང་ཁྱེད་ཅག་གི་སྒྲ་དང་རྟགས་དེ་དག་གིས་སེལ་བ་རྟོགས་པར་བྱེད་དོ་ཞེས་བྱ་བར་འདོད་ལ། སྒྲ་དང་རྟགས་དག་སྤྱི་དངོས་པོར་གྱུར་པ་མེད་པར་འཇུག་པར་མི་རིགས་ཏེ། དེ་ལྟ་བས་ན་གང་གིས་སེལ་བ་རྟོགས་པར ་བྱེད་ཅེས་བྱ་བ་འདི་སྟོན་པ་ནི། རྗེས་སུ་འགྲོ་བ་དང་བྲལ་ཞེས་བྱ་བ་ལ་སོགས་པ་སྟེ། རྗེས་སུ་འགྲོ་བ་མེད་པར་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་སྒྲ་དང་རྟགས་དག་མེད་ན་སེལ་བ་མེད་དེ་རྟོགས་པ་ཞེས་བྱ་བ་ལྷག་མའོ། །རང་གི་མཚན ་ཉིད་ཀྱིས་རྗེས་སུ་འགྲོ་བ་བྱ་ནས་སྒྲ་དང་རྟགས་དག་འཇུག་པར་འགྱུར་རོ་ཞེ་ན། ཐུན་མོང་མིན་ལ་རྗེས་འགྲོ་མེད། ཅེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ཐུན་མོང་མ་ཡིན་པ་གཞན་ལ་མི་བརྟེན་པ་དེ་ཇི་ལྟར་དེས་རྗེས་སུ་འགྲོ་བར་འགྱུར། དེའི་ཕྱིར་དེ་ལྟར་སེལ་བ ་བརྟགས་པ་ན་སྒྲ་དང་རྟགས་དག་འཇུག་པ་ཉིད་དུ་མི་འགྱུར་རོ། །འཇུག་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདི་དག་ལ་ཚད་མ་ཉིད་དུ་ཁས་ལེན་པ་ཉམས་པར་འགྱུར་རོ་ཞེས་སྟོན་པ་ནི། སེལ་བ་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་བྱ་བའི་དོན་ལ་མ ་འཁྲུལ་པ་ཡིན་ན་སྒྲ་དང་རྟགས་དག་ཚད་མ་ཉིད་དུ་འགྱུར་རོ། །རྟོགས་པར་བྱ་བའི་དོན་ཡང་ཁྱོད་ཀྱིས་སེལ་བ་ལ་འདོད་ན། དེ་ཡང་དངོས་པོ་མེད་པའི་ཕྱིར་མ་གྲུབ་སྟེ། རང་བཞིན་མེད་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་སྒྲ་དང་རྟགས་དང་ལྷན་ཅིག་ཡོད་པ་སྟེ་མ ་འཁྲུལ་པ་གང་དུ་སྟེ་ཡུལ་གང་ལ་ཡིན་པ་སྨྲོས་ཤིག། སྨྲས་པ། དེས་ཅི་ཞིག་བྱ་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་སྒྲ་དང་རྟགས་དག་གོ། དེ་དག་ལ་ཞེས་བྱ་བ་ནི་ལྷན་ཅིག་སྡོང་པའོ། ཚད་མའི་མཚན་ཉིད་ནི་མི་སླུ་བའི ་ཕྱིར་རོ་སྙམ་དུ་བསམས་པའོ། །ཅི་སྟེ་ཡང་རིགས་མི་མཐུན་པ་མ་མཐོང་བ་ཙམ་གྱིས་སྒྲ་དང་རྟགས་དག་གིས་ལྷན་ཅིག་སྤྱོད་པ་མ་བཟུང་བར་རང་གི་དོན?་རྟོགས་པར་འགྱུར་རོ་སྙམ་ན། དེ་དག་མ་མཐོང་བ་ཞེས་བྱ་བ་སྨོས་ཏེ། ཙམ་སྨོས་པ་ནི་རྗེས་སུ ་འགྲོ་བ་མཐོང་བ་རྣམ་པར་བཅད་པའི་དོན་དུའོ། །ཅིའི་ཕྱིར་མི་འགྱུར་ཞེ་ན། ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ལ་སྟེ་རིགས་མཐུན་པ་དང། རིགས་མི་མཐུན་པ་དང། རང་གི་དོན་ལའོ། །དེ་ལྟ་ཡིན་དང་འདི་ནི་རང་གི་དོན་ནོ། །འདི་ནི་གཞན་གྱི་དོན ་ནོ་ཞེས་བྱ་བ་དེ་ལྟ་བུ་རྟོགས་པ་སྟེ་ཤེས་པ་ཁྱད་པར་དུ་མི་འགྱུར་རོ། །རང་གི་དོན་ཡང་མི་རྟོགས་ན་དེ་ལ་ཡང་མ་མཐོང་བའི་ཕྱིར་གཞན་གྱི་དོན་བཞིན་ཞེས་བྱ་བའི་ཐ་ཚིག་གོ་།ལ་ལར་རྟོགས་པར་བྱ་བ་ཞེས་འདོན་པ་དེར་ནི་རྟོགས་པར་བྱ་བའི་དོན་ཁྱད་པར་དུ་འགྱུར ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ལྟར་སྒྲ་དང་རྟགས་དག་གི་འཇུག་པ་དང་ཚད་མ་ཁས་བླངས་པ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་སེལ་བ་སྒྲའི་དོན་དུ་རིགས་པ་མ་ཡིན་ནོ། །གང་ཡང་འདྲ་བ་ཉིད་དུ་མ་གྲུབ་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ ་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། འོན་ཏེ་འདྲ་བ་ཉིད་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་འདྲ་བ་མེད་པར་ཁྲ་བོ་ལ་སོགས་པ་སེལ་བ་རྟོགས་པར་འགྱུར་ན་དེའི་ཚེ་བ་ལང་དང་རྟ་ཡང་ཅིའི་ཕྱིར་རྟོགས་པར་མི་བྱེད་དེ། ཁྱད་པར་མེད་པའི་ཕྱིར་རོ ་བ་ལང་དང་རྟ་ལ་སོགས་པ་ལ་ཡང། ཞེས་བྱ་བ་འདི་བྱ་བ་འདིའི་མཚན་ཉིད་འདོད?་པའི་ཕྱིར་བྲམ་ཟེས་བ་ལང་དང་རྟ་དག་གི་ཞེས་བཤད་དོ། །ཁྱད་པར་མེད་པ་དེ་ཉིད་སྟོན་པ་ནི། ཁྲ་བོ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དུ་བ་ལང་མིན་སེལ་འཇུག་ཅེས ་བྱ་བ་ལ། ཇི་ལྟར་ཁྲ་བོ་ལས་མི་འདྲ་བའི་ཕྱིར་རྟ་ལ་མི་འཇུག་པ་དེ་བཞིན་དུ་སེར?་ཟལ?་ལ་ཡང་དེ་དང་མི་མཐུན་པ་ཡོད་པའི་ཕྱིར་དེ་ལ་ཡང་འཇུག་པར་མི་འགྱུར་རོ། །དེ་བཞིན་དུ་ཁྲ་བོ་ལ་སོགས་པ་ལ་ཡང་སྦྱར་པར་བྱ་སྟེ། ཐམས་ཅད་དུ་མི་འདྲ་བར ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ཇི་ལྟར་རང་གི་མཚན་ཉིད་ལ་སོགས་པ་ལ་བརྡ་མི་སྲིད་པའི་ཕྱིར་སྒྲའི་དོན་དུ་མི་རིགས་པ་དེ་བཞིན་དུ་སེལ་བ་ལ་ཡང་ངོ་ཞེས་བསྟན་པའི་ཕྱིར། བ་ལང་མིན་སེལ་དབང་པོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངེས་པའི་དོན ་ལ་བརྡ་བྱེད་པ་པོས་བརྡ་བྱེད་པ་ཡིན་ཏེ། གཞན་སེལ་བ་ནི་སུ་ཞིག་གིས་ཀྱང་དབང་པོ་དག་གི་ཀྱང་།དེས་པ་མ་ཡིན་ནོ། །དང་པོར་སྟེ། ཐ་སྙད་ཀྱི་དུས་ལས་སྔར་མིང་དང་མིང་ཅན་འབྲེལ་བའི་དུས་སུ་ཞེས་བྱ་བའི་དོན་ཏོ། །དེ་ནི་དངོས་པོ་མ་ཡིན་པའི ་ཕྱིར་ལ་དབང་པོ་རྣམས་ནི་དབང་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་གཞན་ལས་ལྡོག་པའི་རང་གི་མཚན་ཉིད་དམིགས་ནས་སྒྲ་སྦྱོར་བར་བྱེད་དོ་སྙམ་དུ་སེམས་ན། གཞན་ལ་སྒྲ་འཇུག་མ་ཡིན་ཞེས་བྱ་བ་སྨོས་ཏེ། གཞན་སེལ་བ ་ལས་གཞན་རང་གི་མཚན་ཉིད་ལ་ཞེས་བྱ་བའི་དོན་ཏོ། །སེལ་བ་དངོས་པོས་ངེས་པ་མ་ཡིན་མོད་ཀྱི་རྗེས་སུ་དཔག་པས་འགྱུར་རོ་ཞེ་ན། སྔར་བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྔར་བསྟན་པའི་རྣམ་པ་རྗེས་སུ་འགྲོ་བ་དང་བྲལ་པའོ། ། ་སྒྲ་དང་རྟགས་དག་འཇུག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །འབྲེལ་པ་ཉམས་སུ་མྱོང་ཡང་ཞེས་བྱ་བ་ལ་སྒྲ་དང་ལྷན་ཅིག་ཅེས་བྱ་བ་ནི་ལྷག་མའོ། །སྔར་བསྟན་པའི་མི་འདྲ་བ་ལ་སོགས་པ་མི་འཐད་པ་འབའ་ཞིག་ཏུ་མ་ཟད་པ་ཅེས་ཡང་གི་སྒྲ་བསྟན་ཏོ།། ་དེས་ན་ནི་དེའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་བརྡ་མ་བྱས་པར་ཡང་སེལ་བ་ལ་སྒྲ་འཇུག་པར་ཁས་བླངས་པའི་ཕྱིར་བརྡ་མ་བྱས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིག་འདི་མ་ངེས་པ་ཉིད་དུ་བསྟན་ནས། ཡང་སེལ་བ་ལ་བརྡ་མི་སྲིད་པར་བསྟན་པའི་ཕྱིར་བ ་ལང་མིན་པའི་སྒྲས་བརྗོད་བྱ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྟ་ལ་སོགས་པ་བ་ལང་མ་ཡིན་པའི་སྒྲའི་བརྗོད་པར་བྱ་བ་ཉིད་དེ། བ་ལང་གི་སྒྲས་བརྗོད་པར་བྱ་བ་མ་ཡིན་པར་ཁྱེད་ཅག་གིས་རྟོགས་པར་བྱའོ། །ཞེས་བྱ་བ་འདི ་ཁྱེད་ཅག་གིས་བརྗོད་པར་འོས་སོ། །སངས་རྒྱས་པས་སྨྲས་པ། གང་དུ་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་ལ་འབྲེལ་པ་ཉམས་སུ་མྱོང་བའི་ཚེ་ཞེས་བྱ་བ་ནི་བརྡ་རྟོགས་པའི་དུས་ན་ཞེས་བྱ་བའི་དོན་ཏོ། །འོ་ན ་བ་ལང། ཞེས་བྱ་བ་ལ་སོགས་པས་ཕ་རོལ་པོ་སུན་འབྱིན་པ་འཆད་དེ། གལ་ཏེ་བརྡ་ཉམས་སུ་མྱོང་བའི་དུས་ན་དམིགས་པ་གང་ཡིན་པ་དེ་ལས་གཞན་དུ་བ་ལང་གི་སྒྲ་འཇུག་པར་མི་འདོད་པ་དེའི་བརྡའི་ཡུལ་དུ་བྱས་པའི་ཁྲ་བོ་ལ་སོགས་པའི ་བ་ལང་གི་གོང་བུ་གཅིག་ལས་གཞན་གང་ཡིན་པ་སེར་ཟལ་ལ་སོགས་པ་དེ་ཡང་བ་ལང་སེལ་བར་འགྱུར་རོ། །དེ་ལྟ་ཡིན་དང་སྤྱི་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་མི་འགྲུབ་པོ། །ཕན་ཚུན་བརྟེན་པའི་སྐྱོན་དུ་ཐལ་བར་འགྱུར་བ་ཞེས་བྱ་བ་འདི ་ལས་ཀྱང་སེལ་བ་ལ་བརྡ་བྱ་བར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། གྲུབ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་མ་ཡིན་པ་རྣམ་པར་བཅད་ནས་བ་ལང་རྟོགས་ལ། བ་ལང་མ་ཡིན་པ་དེ་ཡང་བ་ལང་བཀག་པའི་བདག་ཉིད་ཡིན་ནོ། །དེ ་ལྟ་ཡིན་དང་གང་གིས་བ་ལང་མ་ཡིན་པ་ཞེས་བྱ་བ་འདི་ལ་བ་ལང་དགག་པས་འགེག་པར་འགྱུར་བ་ལང་མ་ཡིན་པ་ཞེས་བྱ་བ་འདི་ལ་ཚིག་ཕྱི་མའི་དོན་བརྗོད་པར་བྱ་དགོས་སོ། །རང་གི་ངོ་བོ་མི་ཤེས་པ་ནི་དགག་པར་ནུས་པ་མ་ཡིན་ནོ།། ་ཅི་སྟེ་ཡང་འདི་ལ་ཅི་ཞིག་བརྗོད་པར་བྱ། འདིའི་བ་ལང་ཞེས་བྱ་བ་ནི་བ་ལང་མ་ཡིན་པ་ལས་ལྡོག་པའི་བདག་ཉིད་ཡིན་ནོ་སྙམ་ན། གལ་ཏེ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བ་ལང་ངོ། །འདི་ལྟར་བ་ལང་མ ་ཡིན་པ་ལས་ལྡོག་པའི་རང་བཞིན་པའི་ཕྱིར་བ་ལང་ནི་བ་ལང་མ་ཡིན་པ་རྟོགས་པའི་སྒོ་ནས་རྟོགས་ལ། བ་ལང་མ་ཡིན་པ་ཡང་དགག་པའི་བདག་ཉིད་ཡིན་པའི་ཕྱིར་བ་ལང་རྟོགས་པའི་སྒོ་ནས་རྟོགས་པའི་ཕྱིར་ཕན་ཚུན་བརྟེན་པ་གསལ ་བར་རབ་ཏུ་འཇུག་པ་ཡིན་ནོ། །ཅི་སྟེ་ཡང་བ་ལང་མ་ཡིན་པའི་སྒྲས་བ་ལང་གང་ཡིན་པ་འགེགས་པ་ན་བ་ལང་མ་ཡིན་པ་རྣམ་པར་གཅོད་པའི་མཚན་ཉིད་ཀྱི་སེལ་པ་གྲུབ་པར་བྱ་བའི་དོན་དུ་སྒྲུབ་པའི་ངོ་བོ་དེ་ཉིད་སེལ་པའི་དོན་དུ་གྲུབ་སྟེ། ་དེས་ན་ཕན་ཚུན་བརྟེན་པར་མི་འགྱུར་རོ་སྙམ་ན། དེའི་ཕྱིར་གྲུབ་མཛའ་ལའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་ལྟ་ཡིན་ན་སྒྲ་ཐམས་ཅད་སལ་བའི་དོན་ཅན་ཞེས་བྱ་བ་དེ་ལྟ་བུའི་སེལ་བ་རྟོགས་པ་དོན་མེད་པ་ཡིན་ཏེ། ་སྒྲུབ་པའི་ངོ་བོ་དོན་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་གྲུབ་པའི་ངོ་བོ་འགའ་ཞིག་སྒྲའི་དོན་དུ་གྲུབ་པར་ཁས་བླང་པར་བྱ་དགོས་ཏེ། དེ་ཁས་མི་ལེན་ན་ཡང་ཕན་ཚུན་བརྟེན་པའི་ཉེས་པ་བཟློག་པར་དཀའ་ཨོ། །ཕན་ཚུན་བརྟེན་པའི་ཉེས་པ་དེ་དག་ཉིད ་མཇུག་བསྡུ་བའི་ཕྱིར། །བ་མ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ཅེས་བྱ་བ་ནི་བ་ལང་མ་ཡིན་པ་མེད་ནའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་བསྒྲུབ་པའི་ཕྱིར། །ུཏཔལ་ལ་སྔོན་པོ་ལ་སོགས་པའི་སྒྲ ་ནི་དོན་གཞན་ལ་ལྡོག་པའི་སྒྲ་ཁྱད་པར་ཅན་རྗོད་དོ་ཞེས་བྱ་བཤད་པ་དེ་ནི་མི་རིགས་སོ་ཞེས་བསྟན་པའི་ཕྱིར། རྟེན་དང་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་དང་ལྷན་ཅིག་དངོས་པོ་བའི་འབྲེལ་པ་ཡོད་པ་དེ་ནི་དེས་ཁྱད ་པར་དུ་བྱས་པ་ཡིན་ནོ་ཞེས་བྱ་བར་རིགས་ལ། སྔོན་པོ་དང་ཨུཏཔ་ལ་དག་གིས་སྔོན་པོ་མ་ཡིན་པ་དང། ཨུཏཔ་ལ་མ་ཡིན་པ་རྣམ་པར་བཅད་པའི་ངོ་བོ་ཉིད་ཀྱི་དངོས་པོ་མེད་པ་དག་ལ་ནི་རྟེན་དང་བརྟེན་པ་ལ་སོགས་པའི་འབྲེལ་པ་སྲིད་པ ་མ་ཡིན་ཏེ། ངོ་བོ་མེད་པའི་ཕྱིར་རོ། །སོགས་པ་སྨོས་པས་ནི་ལྡན་པ་དང་འདུ་བ་དང་དོན་གཅིག་ལ་འདུ་བ་ལ་སོགས་པའི་འབྲེལ་པ་གཟུང་ངོ། །དངོས་པོ་པའི་འབྲེལ་པ་མེད་ན་དེས་ཁྱད་པར་དུ་བྱས་པ་རྟོགས་པར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་གང་ལས་སྐྱོན་འདིར་འགྱུར་བ་ཁོ་བོ་ཅག་ནི་སྔོན་པོ་མ་ཡིན་པ་ལས་ལྡོག་པས་ཁྱད་པར་ཅན་གྱི་ཨུཏཔལ་ལ་སོགས་པ་རྣམ་པར་གཅོད་པ་ནི་མ་ཡིན་ནོ། འོ་ན་ཅི་ཞེ་ན། སྔོན་པོ་ལ་ཡིན་པ་དང་ཨུཏཔལ་མ་ཡིན ་པ་དག་ལས་ལྡོག་པའི་དངོས་པོ་ཉིད་དེ་ལྟར་གནས་པར་གནས་ལ། དེ་ལས་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་བརྗོད་དོ་ཞེས་བྱ་བའི་དོན་འདིར་འདོད་དོ་སྙམ་ན། དེའི་ཕྱིར་ཐུན་མོང་མིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་ནི ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དང། དེ་དང་ལྡན་པའི་ཕྱོགས་ལ་ཡོད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། སྙམ་དུ་བསམས་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་དངོས་པོ་གོ་བར་བྱ་བ་ཡིན་ལ་རག་མོད། །དེ་ལྟ་ན་ཡང་དེ་གཞན་ལས་ལྡོག་པས ་ཁྱད་པར་ཅན་ཉིད་དུ་མི་འགྲུབ་པོ་ཞེས་སྟོན་པ་ནི། དངོས་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ནི་ཐུན་མོང་མ་ཡིན་པའོ། །དངོས་མེད་ནི་སེལ་བའོ། །དངོས་པོ་དང་དངོས་པོ་མེད་པ་དག་ལ་འབྲེལ་པ་རིག་པ་ཡང་མ་ཡིན་ཏེ། དེའི་རྟེན་ནི་དངོས ་པོ་གཉིས་ཡིན་པའི་ཕྱིར་རོ། །འབྲེལ་བ་ཡོད་དུ་ཆུག་མོད། དེ་ལྟ་ན་ཡང་སེལ་བ་ཁྱད་པར་ཉིད་དུ་མི་རིགས་སོ་ཞེས་སྟོན་པ་ནི། རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པའོ། །སྔོན་པོ་ལ་སོགས་པ་ཡོད་པ་ཙམ་གྱིས་ཨུཏཔ་ལ་ལ་སོགས་པའི་ཁྱད་པར་དུ་འགྱུར་པ ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་པ་ཡིན་ན་སྟེ། གང་ཞིག་རང་གི་རྣམ་པའི་རྗེས་སུ་བྱེད་པའི་བློས་ཁྱད་པར་ཅན་གསལ་པར་བྱེད་པ་དེ་ནི་ཁྱད་པར་ཞེས་བྱའོ། །སེལ་བ་ལ་ནི་རྣམ་པ་འདི་ཡོད་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། རྟ་ལ་སོགས་པ་ཞེས་བྱ་བ་ལ ་སོགས་པའོ། །རྟ་ལ་སོགས་པའི་བློས་ནི་སེལ་བ་ངེས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་ཉིད་དེ། དེ་ལྟར་ཡིན་དང་སེལ་བའི་རྟོགས་པ་མེད་པའི་ཕྱིར་བློས་དེས་རྟ་ལ་སོགས་པ་གསལ་བར་བྱེད་པ་མ་ཡིན་ནོ། །འདི་སྙམ་དུ་སེལ་བ་མ་ཤེས་ན ་ཡང་ཁྱད་པར་དུ་འགྱུར་བ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་ཞེས་བྱ་བ་སོགས་པ་སྨོས་ཏེ། ཁྱད་པར་མ་བཟུང་བར་ནི་ཁྱད་པར་ཅན་གྱི་བློར་འགྱུར་བ་མ་ཡིན་ཏེ། ཁྱད་པར་མི་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའི། །བློ་ལ་ཡོད་པའི་སེལ་བ་ཡིན་དུ་ཆུག་མོད། །ད ་ལྟ་ན་ཡང་དངོས་པོ་ལ་དེའི་རྣམ་པའི་བློ་མེད་པའི་ཕྱིར་དེ་དེའི་ཁྱད་པར་དུ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །གཞན་གྱི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་ཐམས་ཅད་ནི་ཁྱད་པར་ཅན་ལ་རང་གི་རྣམ་པ་རྗེས་སུ་བྱེད་པའི་བློ་སྐྱེད་པར་བྱེད་པར ་མཐོང་བ?། །ཁྱད་པར་མི་འདྲ་བ་ནི་ཁྱད་པར་ཅན་ལ་མི་འདྲ་བའི་བློ་སྐྱེད་པར་བྱེད་པ་མ་ཡིན་ནོ། །སྔོན་པོ་ནི་ཨུཏཔ་ལ་དམར་པོ་ཞེས་བྱ་བ་ལས། དབྱིག་པ་ནི་རྣ་ཆ་ཅན་ཞེས་བྱ་བའི་བློ་སྐྱེད་པར་བྱེད་པ་མ་ཡིན་པ་ལྟར་འདི་རྟ་ལ་སོགས་པ་ལ་མེད་པ་དང་རྗེས་སུ་མཐུན ་པའི་སྒྲ་ལས་བྱུང་བའི་བློ་སྐྱེ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་རྣམ་པར་ཞེན་པ་ཡིན་ནོ། །འདི་སྙམ་དུ་མི་འདྲ་བའི་ཤེས་པ་སྐྱེད་པར་བྱེད་པ་ཡང་ཁྱད་པར་དུ་བརྗོད་དོ་སྙམ་དུ་སེམས་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་འདྲ་བ ་ཞེས་བྱ་བ་ནི་ཁྱད་པར་དང་རྗེས་སུ་མི་མཐུན་པའོ། །གལ་ཏེ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་གལ་ཏེ་ཁྱེད་ཅག་གི་ཁྱད་པར་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཁྱད་པར་ཅན་ལ་རྣམ་པ་གཞན་དུ་གནས་ན་ཡང་ཁྱད་པར ་དུ་རྟོགས་པ་ཡིན་ན། དེ་ལྟ་ན་ནི་སྔོན་པོ་ལ་སོགས་པ་ཐམས་ཅད་ཐམས་ཅད་ཀྱི་ཁྱད་པར་དུ་འགྱུར་རོ། །དེ་ལྟ་ཡིན་དང་རྣམ་པར་མི་གནས་པར་འགྱུར་རོ། །ཅི་སྟེ་ཡང་སེལ་བས་ཀྱང་རང་གི་བློས་ཁྱད་པར་དུ་བྱས་པའི་དངོས་པོ་གསལ་བར་བྱེད་པ་ཁོ ་ནའོ་སྙམ་དུ་སེམས་ན། མེད་པས་གོ་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པ་ནི་སེལ་བའོ། །མེད་པ་དེས་གོ་བར་བྱ་བ་ནི་མེད་པས་གོ་བྱའོ། །མེད་པས་གོ་བར་བྱ་བའི་རང་བཞིན་རང་གི་ངོ་བོ་ཁྱད་པར་དུ་བྱ་བའི་དངོས་པོ་གང་ལ་ཡོད་པ་དེ་ལ་དེ་སྐད ་ཅེས་བྱའོ། །གལ་ཏེ་མེད་པའི་ངོ་བོས་དངོས་པོ་བརྟགས་པར་འགྱུར་ན་དེའི་ཚེ་དངོས་པོ་ཉིད་དུ་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་ནི་འགལ་བའི་ཕྱིར་རོ། །དཀྱུས་མ་ཉིད་མཇུག་བསྡུ་བའི་ཕྱིར། །དེ་ཕྱིར་སེལ་བས་ཞེས་བྱ་བ་སྨོས་སོ།། ་འདི་སྙམ་དུ་གཞན་ལས་ལྡོག་པ་ཉིད་ཀྱི་དངོས་པོ་ལ་སྒྲ་དང་རྟགས་དག་འཇུག་པར་མཐོང་གི་གཞན་སེལ་བ་དང་བྲལ་བ་ལ་ནི་མ་ཡིན་ནོ། །དེས་ན་སྒྲ་དང་རྟགས་དག་གིས་སེལ་བ་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་ཀྱི། མེད་པར་དགག་ཙམ་བསྟན ་པ་ལས་ནི་མ་ཡིན་ནོ། །དེས་ན་གྲགས་པ་ལ་སོགས་པ་དང་འགལ་བ་ཇི་སྐད་དུ་བཤད་པ་ཐམས་ཅད་དུ་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས། གལ་ཏེ་སེལ་བ་ཞེས་པ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་དེ་གཞན་ལས་ལྡོག་པ་ཡིན་པ་དེ་ལྟ་ན་ཡང ་དེ་ལས་སྒྲ་དང་རྟགས་ལས་བྱུང་བའི་རྟོགས་པ་སྐྱེ་བ་ན་གཞན་ལས་ཟློག་པ་ཡིན་ན་ཡང་དམིགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་ཆ་ཉིད་ལ་མངོན་པར་རྒྱུག་པ་ཡིན་ཏེ། དེ་ལ་རྗེས་སུ་ཆགས་པའི་ཕྱིར་རོ། །དངོས་པོའི་ཆ་གང་ཁོ་ན་སྒྲ་འམ ་རྟགས་པ་ལས་བྱུང་བའི་ཤེས་པས་ངེས་པ་དེ་ཁོ་ནའི་ཡུལ་ཡིན་གྱི། །ཡོད་ན་ཡང་མ་ངེས་པ་ནི་མ་ཡིན་ནོ། །མེ་ཏོག་མ་ལི་ཀ་ལ་སོགས་པའི་སྒྲ་ནི་དྲི་ལ་སོགས་པ་ཡོད་ཀྱིས་ཀྱང་བརྗོད་བྱ་ཉིད་དུ་རྣམ་པར་འཇོག་པ་ནི་མ་ཡིན་ནོ། །གང ་ཞིག་གཞན་ལ་ལྡོག་པའི་དངོས་པོ་ལ་སྒྲ་དང་རྟགས་དག་འཇུག་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། ཐུན་མོང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ལས་ལྡོག་པའི་དངོས་པོ་ཡིན་ན་ཁྱེད་ཀྱི་ལུགས?་ཀྱིས་རང ་གི་མཚན་ཉིད་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་ཏེ། དེ་ནི་སྒྲ་དང་རྟགས་ལས་བྱུང་བའི་བློ་ལ་གསལ་བ་ཡང་མ་ཡིན་ནོ། །ཁྱེད་ཀྱི་ལུགས་ཀྱིས་དེ་རྟོགས་པ་མེད་པའི་བློ་གཟུང་བར་བྱ་བ་ཡིན་པའི་ཕྱིར་དང། སྒྲ་དང་རྟགས་ལས་བྱུང་བའི་བློའི་ཡུལ ་ཡང་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་འདི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་ཁས་ལེན་པ་དེ་ཡང་རིགས་པ་དང་འགྲེལ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །རྣམ་རྟོགས་མེད་པ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུན་མོང་མ་ཡིན་པའི་དངོས ་པོ་ནི་སྒྲ་དང་རྟགས་ལས་སྐྱེས་པའི་ཤེས་པ་རྟོགས་པར་བྱ་བ་མ་ཡིན་ཏེ། དེ་ན་རྟོགས་པ་ཐམས་ཅད་ནུབ་པའི་ཕྱིར་རོ། །འདི་ལྟར་རྟོགས་བ་ནི་རིགས་ལ་སོགས་པའི་ཁྱད་པར་ལ་རེག་པ་ཉིད་ཀྱིས་འཇུག་གི་དག་པའི་དངོས་པོ་འཛིན་པས་ནི་མ་ཡིན་ནོ།། ་ཡང་ཅི་སྟེ་སྒྲས་གོ་པར་བྱ་བ་མ་ཡིན་པའི་ཐུན་མོང་མ་ཡིན་པའི་དངོས་པོ་ཡང་ལྡོག་པར་ཁྱད་པར་ཅན་དུ་བརྗོད་དོ་སྙམ་ན། སྒྲ་ཡིས་རྟོགས་བྱ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གཞན་གྱིས་ཀྱང་སྤྱི་དངོས་ཉིད་དུ་བསྒྲུབ ་པའི་ཕྱིར། །གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་རྣམས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་དངོས་པོ་རྣམས་ཏེ། བརྗོད་བྱ་མ་ཡིན་པའི་ཕྱིར་གསལ་བར་བྱ་བ་མ་ཡིན་ཏེ། མ་བརྗོད་པ་ནི་གསལ་བར་བྱ་བར་མི་ནུས་པའི ་ཕྱིར་རོ། །དེ་ཚེ་སྤྱི་ནི་གསལ་བྱ་ཡིན་ཞེས་བྱ་བ་ནི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་སྤྱི་གསལ་བྱ་བ་ཡིན་པ་དེ་ལྟ་ན་ཡང་ཇི་ལྟར་དེ་དངོས་པོ་ཉིད་དུ་འགྲུབ་པར་འགྱུར་སྙམ་དུ་སེམས་ན། དེའི་ཕྱིར་མེད་པ ་རྣམས་ནི་གསལ་བྱ་མིན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པ་རྣམས་ཞེས་བྱ་བ་ནི་གཞན་སེལ་བ་རྣམས་སོ། །གལ་ཏེ་ཡིན་ན་དངོས་པོ་ཉིད་དུ་འགྱུར་རོ། །འདི་ལ་འཐད་པ་སྨྲས་པ། མེད་པའི་མེད་པ་སྤངས་ཕྱིར་རོ་ཞེས་བྱ་བ་ལ། མེད་པ་རྣམས་ཀྱི་མེད ་པའི་ངོ་བོ་དོར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་སེལ་བ་རྣམས་བསལ་བར་བྱ་བ་ཉིད་དུ་འགྱུར་ན། དེའི་ཚེ་འདི་དག་གི་མེད་པའི་ངོ་བོ་བཀག་པ་ཉིད་དུ་འགྱུར་རོ། །དེ་བཀག་པ་ཡིན་ན་ཡང་མེད་པས་མེད་པའི་ངོ་བོ་ཉིད ་དོར་པར་འགྱུར་རོ། །དེ་ལྟ་བས་ན་སེལ་བའི་མཚན་ཉིད་ཀྱི་མེད་པ་ཉིད་ཀྱི་ངོ་བོ་དེ་ཡང་དོར་བའི་ཕྱིར་དངོས་པོ་ཉིད་དུ་འགྱུར་རོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ན་དེ་ནི་མེད་པའི་མེད་པ་སྤངས་ཕྱིར་རོ་ཞེས་བྱ་བ་ནི་མེད་པ་རྣམས་ཀྱི་མེད་པའི་ཕྱིར་རོ ་མེད་པའི་རང་བཞིན་གྱི་སེལ་བ་ནི་བསལ་བར་བྱ་བ་མི་རིགས་ཏེ། དགག་པ་ནི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་བས་ན་སེལ་བ་གཞན་ལ་སྟེ། རྟ་ལ་སོགས་པ་སེལ་བ་གཞན་བ་ལང་ལ་སོགས་པའི་སེལ་བ ་བསལ་བ་ཏེ་གསལ་པོ་ཡིན་ཏེ། སྤྱིར་གྱུར་པ་ཉིད་དོ་ཞེས་ངེས་པ་ཡིན་ནོ། །དེའི་ཕྱིར་སྤྱིའི་དངོས་པོ་ཉིད་དུ་གྲུབ་སྟེ། བསལ་བར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་གཞན་སེལ་བ་རྣམས་ཕན་ཚུན་མི་འདྲ་བ་འམ་འདྲ་བ་ཡིན་གྲང། དེ་ལ་རེ་ཞིག ་ཕྱོགས་དང་པོ་ལ་ཉེས་པ་བཤད་པ་ནི་མེད་པའི་ཞེས་བྱ་བ་ལ་སོགས་པ་སྟེ། མེད་པ་སྟེ་བ་ལང་མ་ཡིན་པའི་སྒྲའི་བརྗོད་པར་བྱ་བའི་མེད་པ་གང་ཡིན་པ་ནི་བ་ལང་གི་སྒྲའི་བརྗོད་པར་བྱ་བའི་དོན་ནོ། །དེ་གལ་ཏེ་སྔར་བཤད་པའི་མེད་པ་དེ་ལས ་མི་འདྲ་བ་སྟེ། གཞན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་དངོས་པོ་ཉིད་དུ་འགྱུར་ཏེ། དངོས་པོ་ནི་དངོས་པོ་མེད་ལྡོག་པ་ཙམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་མི་འདྲ་བ་མ་ཡིན་ན་དེའི་ཚེ་ཁྱེད་ཅག་ལ་བ་ལང་ཡང་བ་ལང་ཡིན་པར་ཐལ་བར་འགྱུར ་ཏེ། དེ་དང་མི་འདྲ་བ་ནི་དེའི་བདག་ཉིད་དུ་རྟོགས་པ་མ་ཡིན་ནོ། །འདི་སྙམ་དུ་བ་ལང་དང་ཏལ་ལ་སོགས་པའི་སྒྲ་དག་གི་མཚན་ཉིད་ཕན་ཚུན་ལྡོག་པ་ཡིན་གྱི་སེལ་བ་གཞན་ནི་མེད་དོ། །དེས་ན་བསལ་པར་བྱ་བ་ཉིད་ཡིན་པས་དེ་དག་དངོས་པོ ་ཉིད་དུ་ཐལ་བར་འགྱུར་བ་ནི་མི་འདོད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་ཡོད་པའི་སྒྲ་ལས་གཞན་པ་བ་ལང་ལ་སོགས་པའི་སྒྲ་ལ་དངོས་སུ་རི་ལ་སོགས་པ་གསལ ་བར་བྱ་བ་གྲུབ་ཀྱི། ཡོད་པའི་སྒྲ་ནི་མེད་པར་བརྗོད་པའི་བསལ་བར་བྱ་བ་ལས་གཞན་པའི་བསལ་བར་བྱ་བ་ཡོད་པ་མ་ཡིན་ནོ། །མེད་པ་ཁོ་ན་གསལ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོད་པའི་སྒྲ་ནི་མེད་པར་རྣམ་པར་བཅད་ནས་འཇུག་པའི་ཕྱིར་རོ། །དེ་ལ ་སྐྱོན་ཅིར་འགྱུར་ཞེ་ན། དེ་ལ་མེད་པ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་བཞིན་དུ་མེད་པའི་མེད་པ་སྤངས་པའི་ཕྱིར་མེད་པའི་སེལ་བ་ནི་དངོས་པོ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་སེལ་བ་སྨྲ་བ་རྣམས་ཀྱིས་མེད་པ་ཡང་དངོས་པོ་ཉིད་དུ ་ཐལ་བར་འགྱུར་བ་ཞེས་བྱ་བའི་ཁས་བླངས་པར་འགལ་བ?་ཀྱེ་མ་བཀའ་?་བ་ཆེན་པོར་ལྷུང་པ་ཡིན་ནོ། །མེད་པ་ཡང་ཡིན་ལ་དངོས་པོ་ཉིད་ཀྱང་ཡིན་ལ་རག་མོད་ན། དེ་མ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པ་དེ་མ་གྲུབ་ན་དངོས་པོ་འགའ་ ་ཞིག་གི་ཡང་ཡོད་པ་འགྲུབ་པར་མི་འགྱུར་ཏེ། ཁྱེད་ཅག་གི་ལུགས་ཀྱིས་དེའི་མཚན་ཉིད་མེད་པ་རྣམ་པར་བཅད་ནས་གནས་པའི་ཕྱིར་རོ། །དངོས་པོ་མེད་པ་དེ་བསལ་བྱ་བ་ཉིད་ཡིན་ན་དངོས་པོ་ཉིད་དུ་ཐལ་བར་འགྱུར་བས་རང་གི་ངོ་བོ་མ ་གྲུབ་པའི་ཕྱིར་མེད་པ་ཡང་མི་འགྲུབ་སྟེ། དེ་ནི་མེད་པ་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་དང། ཡོད་པ་ཡང་ཇི་སྐད་དུ་བཤད་པས་མི་རུང་བའི་ཕྱིར་རོ། །བསལ་བྱ་ཕྱི་རོལ་གནས་པ་ཡིས། །དེ་ནི་འབྱེད་ཅེས་ཞེས་བྱ་ལ་སོགས་པ་སྔར་སྨྲས་པ ་གང་ཡིན་པ་དང། གང་ཡང། སེལ་བ་རྣམས་ཀྱི་ཐ་དད་པ། ཡོད་མིན་དངོས་པོ་མིན་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་སངས་རྒྱས་པ་ཁ་ཅིག་གིས་ལན་སྨྲས་པ། བསལ་བར་བྱ་བ་ཐ་དད་པའི་རྟེན་ཐ་དད་པས་སེལ་བ་རྣམས ་ཐ་དད་པ་ནི་མ་ཡིན་གྱི། འོན་ཀྱང་ཐོག་མ་མེད་པའི་དུས་ནས་འཇུག་པ་སྣ་ཚོགས་པ་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་ཁྱད་པར་གྱི་རྗེས་སུ་འགྲོ་བས་དེ་ཁོ་ན་ཉིད་དུ་ཡུལ་མེད་ན་ཡང་ཡུལ་ཐ་དད་པ་ལྟ་བུར་དམིགས ་པའི་ཤེས་པ་དག་གིས་ཕྱི་རོལ་གྱི་དོན་ཐ་དད་པ་དག་ལ་ཐ་དད་པ་ལྟ་བུ་དང་དོན་གྱི་བདག་ཉིད་ལྟ་བུའི་རང་བཞིན་མེད་པའི་སེལ་བ་སྒྲོ་འདོགས་པར་བྱེད་དེ། དེ་དག་ཀྱང་དེ་དག་གིས་དེ་ལྟར་སྒྲོ་བཏགས་པའི་ཐ་དད་པ་དང་ཡོད་པར་སྣང ་ལ། དེས་ན་སེལ་བ་རྣམས་བག་ཆགས་ཐ་དད་པས་ཐ་དད་པ་དང་ཡོད་པའི་ངོ་བོར་འགྱུར་རོ་ཞེས་བྱ་བ་འདི་ལ་ཡོད་པའི་ངོ་བོ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་དངོས་པོ་མེད་པ་ལ་ནི་བག་ཆགས་ཞེས་བྱ་བ་ཡོད་པ་མིན་ནོ་སྙམ་དུ ་སེམས་ཏེ། ཡུལ་པ་ཤེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་སྨྲ་བ་དཔྱད་པར་གཏན་ལ་ཕབ་ཟིན་ཏོ། །དེ་ལྟ་ཡིན་དང་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོགས་པ་རྣམས་མི་རུང་བའི་ཕྱིར་དེས་བསྒོས ་པའི་བག་ཆགས་སུ་ཡང་ག་ལས་འགྱུར། མེད་ལ་ཞེས་བྱ་བ་ནི་དམིགས་པར་འགྱུར་བའི་དངོས་པོ་མེད་པ་ལ་སྟེ། ཡུལ་མེད་པའི་ཤེས་པ་མི་རུང་བས་བག་ཆགས་འཇོག་པར་བྱེད་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་བག་ཆགས་ག་ལ ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་བག་ཆགས་མེད་པའི་བག་ཆགས་ཀྱི་བྱས་པའི་སེལ་བ་རྣམས་ཀྱི་ཐ་དད་པའམ་ཡོད་པའི་ངོ་བོར་ག་ལ་འགྱུར་ཞེས་བྱ་བར་དགོངས་པའོ། །དེ་ལྟར་རེ་ཞིག་བརྗོད་པར་བྱ་བར་མངོན་པར་འདོད ་པའི་སེལ་བ་བསལ་ནས་བརྗོད་པར་མངོན་པར་འདོད་པ་ཡང་བསལ་བར་བྱ་བའི་ཕྱིར་ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་དག་གི་ཐ་དད་པ་སྤྱི་བརྗོད་པ་དང་(ཁྱད་པར་བརྗོད་པ)་ཕན་ཚུན་དུ་ཐ་དད་པ་ནི་སྒྲའི་དབྱེ་བའོ། །དེའི་རྒྱུ་མཚན་ཅན་ཞེས་བྱ་བ་ནི ་བག་ཆགས་ཐ་དད་པ་འམ་བརྗོད་པར་བྱ་བ་སེལ་བ་ཐ་དད་པའི་རྒྱུ་མཚན་ཅན་དེ་རྒྱུ་འདི་ལ་ཡོད་པས་དེའི་རྒྱུ་མཚན་ཅན་ནོ། །འོན་ཏེ་སྒྲ་རྣམས་ཀྱི་རྒྱུ་ཐ་དད་པའི་ཕྱིར་དང། འགལ་བའི་ཆོས་ལྡན་པའི་ཕྱིར་ཐ་དད་དུ་མངོན་སུམ་ཉིད་ཀྱིས ་གྲུབ་པ་ཡིན་ནོ་ཞེ་ན། ཐུན་མོང་མིན་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗོད་པར་བྱེད་པའི་སྒྲའི་དབང་དུ་བྱས་ནས་འདི་བརྗོད་དེ། གང་ཞིག་རྣ་བའི་རྣམ་པར་ཤེས་པས་གཟུང་བར་བྱ་བའི་རང་གི་མཚན་ཉིད་ཐུན་མོང་མ་ཡིན་པའི་སྒྲ་ནི་རྗོད་པར་བྱེད་པ་མ་ཡིན་ནོ། །ཅིའི ་ཕྱིར་ཞེ་ན། སྔར་མ་མཐོང་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཐ་སྙད་ཀྱི་དུས་སུ་གནས་པའི་སྒྲ་གང་ཡིན་པ་དེ་ནི་ཐ་སྙད་ཀྱི་དུས་སུ་སྔར་བརྡའི་དུས་སུ་མ་མཐོང་ལ། མ་མཐོང་བ་གང་ཡིན་དེ་ནི་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་རོ། །དེས་ན་ཐ་སྙད་དུ་བྱེད་པ་མ་ཡིན་ལ། ་བརྡའི་དུས་ན་མ་མཐོང་བ་གང་ཡིན་པ་དེས་ཐ་སྙད་དུ་བྱེད་པ་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རང་གི་མཚན་ཉིད་བརྗོད་པར་བྱེད་པ་ཉིད་མ་ཡིན་ཏེ། འདི་ལ་ནི་ཁྱེད་ཅག་དང་ཡང་རྩོད་པ་ཡོད་པ་མ་ཡིན་ནོ། །ཇི ་སྐད་དུ། དོན་དང་སྒྲའི་ཁྱད་པར་ནི། བརྗོད་བྱ་རྗོད་བྱེད་ཉིད་མི་འདོད། །དེ་ནི་སྔ་རོལ་མ་མཐོང་ཕྱིར། སྤྱི་ཉིད་ཉེ་བར་བསྟན་པ་ཡིན་ཞེས་བཤད་དོ། །དེ་ལྟ་བས་ན་རྗོད་པར་བྱེད་པའི་སྒྲའི་དབང་དུ་བྱས་ནས་བརྗོད་པའི་ཕྱིར་སྐྱོན་མེད་དོ། །དེ་ལ་དེ་ལྟར་གནས་པ་ལ ་ཇི་ལྟར་དོན་གཞན་སེལ་བའི་དོན་གྱི་སྤྱི་ཡིན་པ་བཞིན་དུ་གལ་ཏེ་སྒྲ་གཞན་སེལ་བ་སྒྲའི་དོན་ཡིན་པ་དེའི་ཚེ། འདྲེས་དང་གཅིག་ཉིད་སྣ་ཚོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཚུལ་གྱིས་བརྗོད་བྱའི་སེལ་བ་བཞིན་དུ་སྒྲའི་སེལ་བ་ཡང་ཕན ་ཚུན་ཐ་དད་པ་གྲུབ་པ་མ་ཡིན་ཏེ། ངོ་བོ་མེད་པའི་ཕྱིར་རོ། །ཇི་ལྟར་རྗོད་པར་བྱེད་པ་རྣམས་ཕན་ཚུན་ཐ་དད་པ་མི་འཐད་པ་དེ་བཞིན་དུ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཕན་ཚུན་གཅིག་ལ་གཅིག་ཐ་དད་དུ་མི་འཐད་དེ། རང་བཞིན་མེད་པའི ་ཕྱིར་རོ། །འདི་སྙམ་དུ་བསལ་བར་བྱ་བ་ཐ་དད་པས་ཐ་དད་པར་འགྱུར་རོ་སྙམ་དུ་སེམས་ན། བསལ་བར་བྱ་བ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བསལ་བར་བྱ་བ་ཐ་དད་པས་ཀྱང་ཐ་དད་དུ་མི་འཐད་པ་དེ་ལྟར་ནི། དེ་ནི་རང་ལས་ཁྱད་པར ་མེད། ཅེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །དེའི་ཕྱིར་དེ་ལྟར་དམ་བཅའ་བ་ལ་གྲགས་པ་དང་ཁས་བླངས་པས་གནོད་པར་བསྟན་པ་ཡིན་ནོ། །ད་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མེད་པས་ཐལ་བར་འགྱུར་པས་ཁས་བླངས ་པས་གནོད་པ་ལ་སོགས་པའི་སྐྱོན་བསྟན་པ་འདོད་ནས་ཚད་མ་དགོང་པའི་ཕྱིར། ཁྱེད་ཀྱི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་དངོས་པོ་མེད་པ་དེ་དག་ལ་ནི་གོ་བར་བྱ་བ་དང་གོ་བར་བྱེད་པ་མ་ཡིན་ཏེ། ནམ་མཁའ་མེ་ཏོག་དང་རི་བོང་གི་རྭ ་བཞིན་ནོ། །ཁྱེད་ཅིག་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་སེལ་པ་ཡང་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །འོན་ཏེ་སྤྲིན་མེད་པ་ལས་ཆར་པ་མེད་པར་རྟོགས་པས་གཏན་ཚིགས་མ་ངེས་པ་མ་ཡིན་མ་ཞེ ་ན། གལ་ཏེ་ཆར་དང་སྤྲིན་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆར་དང་སྤྲིན་དག་མེད་པ་ནི་ཡོད་པ་མ་ཡིན་པ་སྟེ། མེད་པ་ཞེས་བྱ་བའི་ཐ་ཚིག་གོ་།བསྟན་པ་ནི་དངོས་པོ་གཙོ་བོ་ཡིན་པའི་ཕྱིར་རོ། །ཆར་འབབ་པ་དང་སྤྲིན་མེད་པ་དེ་དག་མཐོང་ནས་ཏེ ་གོ་བྱ་གོ་བྱེད་ཅེས་བྱ་བའི་དབང་དུ་བྱས་པའོ། །གལ་ཏེ་སངས་རྒྱས་པ་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་སོ་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དེ་དག་གིས་དབྱེན་པའི་ནམ་མཁའ་དང་སྣང་བའི་བདག་ཉིད་ཀྱི་དངོས ་པོ་འདོར་ངེས་ཀྱི་ཕྱོགས་ལ་ཆར་འབབ་པ་དང་སྤྲིན་མེད་པའི་སྦྱོར་བ་ལ་ཡང་ཡོད་པ་ཉིད་དེ། མེད་པ་ནི་དངོས་པོ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །ཁྱེད་ཅག་སངས་རྒྱས་པའི་ཕྱོགས་ལ་འདི་ལྟ་སྟེ། ཆར་འབབ་པ་དང་སྤྲིན་མེད་པ་དག་གོ་བར་བྱ་བ་དང ་གོ་བར་བྱེད་པ་ག་ལས་ཏེ། མ་ཡིན་པ་ཉིད་དོ། །འང་གི་སྒྲ་ནི་རིམ་པ་གཞན་དུ་འདི་ཞེས་བྱ་བའི་མཇུག་ཏུ་འབྲེལ་པར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། ཁྱེད་ཅག་གི་རྩོད་པ་གཞིར་གྱུར་པའི་སེལ་བ་དག་གོ་བར་བྱ་དང་གོ་བར་བྱེད་པ་ཉིད་དུ་མི་རིགས་པ ་འབའ་ཞིག་ཏུ་མ་ཟད། ཆར་མི་འབབ་པ་དང་སྤྲིན་མེད་པ་འདི་དག་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་མི་རིགས་པ་ཁོ་ནའོ་ཞེས་བྱ་བ་མིན་ནོ། །གཞན་ཡང་ཁྱེད་ཅག་གི་གང་ཞིག་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ཞིང་ལྡོག་པ་གཙོ་ཆེ་བའི་སྒྲ་དང་བརྟགས ་དག་རང་གི་ཡུལ་རྟོགས་པར་བྱེད་པ་ཉིད་དུ་སྨྲ་སྟེ། གང་ཡང་མ་མཐོང་གཞན་གྱི་སྒྲ་དོན་ལ། རང་དོན་ཆ་ཡང་མཐོང་བའི་ཕྱིར། སྒྲ་ཡི་འབྲེལ་པ་ངེས་པའི་ཕྱིར། འཁྲུལ་པ་ཡོད་པའང་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་གཞན་སེལ་བ ་ཁས་ལེན་ན་མི་རིགས་སོ་ཞེས་བྱ་བ་འདི་བསྒྲུབ་པའི་ཕྱིར། གང་གིས་བསྒྲུབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྔོན་འགྲོ་ཞེས་བྱ་བ་ནི་སྒྲུབ་པ་སྔོན་དུ་འགྲོ་པའོ། །ལྡོག་པ་ནི་སྒྲུབ་པ་ལས་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ ་བསམས་པ་ཡིན་ནོ། །གཞན་ཡང་སེལ་བ་སྨྲ་བ་རྣམས་ཀྱི་ཨུཏཔ་ལ་སྔོན་པོ་ལ་སོགས་པའི་སྒྲ་དག་གི་ཁྱད་པར་ཅན་གྱི་དངོས་པོ་དང་གཞི་མཐུན་པའི་འཇིག་རྟེན་ན་གྲགས་པ་གང་ཡིན་པ་དེ་ལ་བསྙོན་པར་འགྱུར་རོ། །དེ་ཡང་འདི ་སྐད་དུ་ཁྱད་པར་ཅན་དང་གཞི་མཐུན་པ་བསྒྲུབ་པའི་ཕྱིར། གསལ་བྱའི་དབྱེ་བས་ཕྱེ་བའི་དོན། །རང་དོན་ཐ་དད་རྟོགས་ལ་བླུན། །གཅིག་ཕྱིར་འབྲས་བུ་ཐ་དད་ཕྱིར། །ཁྱད་པར་ཁྱད་པར་ཅག་དག་གི་།དེ་ཙམ་ཞིག་ནི་འདོད་པའི་ཕྱིར།། ་རང་སྤྱིས་ཐ་དད་སྤངས་པ་ཡིན། །ཐེ་ཚོམ་ཟ་ཕྱིར་མི་འཛིན་པ། །དེ་དག་མཚུངས་པས་དོན་གཅིག་ཉིད། །ཅེས་བརྗོད་པ་ནི་དེ་མི་འཐད་དོ་ཞེས་བསྟན་པའི་ཕྱིར། གལ་ཏེ་གཞན་སེལ་བ་ཙམ་ཞིག་ཅེས་བྱ་བ་ལ་སོགས་པ ་སྨོས་ཏེ། སྔར་དོན་དག་གི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་བཀག་ནས། །ད་ནི་སྒྲ་དག་གི་ཡང་དེ་འགེགས་པའི་ཕྱིར་ཟློག་པ་མ་ཡིན་ནོ། །དེ་ལ་ཕན་ཚུན་རྣམ་པར་བཅད་པར་བྱ་བ་དང་གཅོད་པ་བྱེད་པའི་དངོས་པོ་ནི་ཁྱད་པར ་དང་ཁྱད་པར་ཅན་གྱི་དངོས་པོ་ཡིན་ནོ། །དེ་ཡང་དཔེར་ན་ཨུཏཔལ་སྔོན་པོ་ཞེས་བྱ་བ་ལྟ་བུའི་དག་ཉིད་རྣམས་པར་བཞག་ལ། དེ་བཞིན་དུ་གཞི་ཐ་དད་པ་ལ་ཡང་ཡིན་ཏེ། དཔེར་ན་རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འདུག ་པའི་རྒྱུ་མཚན་ཐ་དད་པའི་སྒྲ་དག་དོན་གཅིག་ལ་འཇུག་པ་ནི་གཞི་མཐུན་པའོ། །དེ་ཡང་ཨུཏཔ་ལ་སྔོན་པོ་ལ་སོགས་པ་ལྟ་བུར་བསྡུ་བ་ཉིད་ལ་འཇོག་གོ། དེ་ལ་ཚོགས་པའི་དོན་བརྗོད་པའི་ཨུཏཔ་ལ་སྔོན་པོ་ལ་སོགས་པའི་སྒྲ་དག་ལ་ཡང་དེའི?་གཞི་མཐུན ་པ་གང་ཡིན་པ་དེ་ཉིད་མི་འགྲུབ་སྟེ། ཚོགས་པའི་དོན་ནི་སྣ་ཚོགས་པའོ། །ཇི་སྐད་དུ་ཚོགས་པ་བརྗོད་པར་བྱ་བའི་ཕྱིར། དེ་ནི་སྔོན་པོ་འབའ་ཞིག་མིན། ཨུཏཔལ་གཅིག་བུ་འང་མ་ཡིན་ཏེ། ཞེས་བཤད་པ་ལྟ་བུའོ། །ཅིའི་ཕྱིར་འགྲུབ་པར་མི་འགྱུར་ཞེ་ན ་སྔོན་པོ་མིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྔོན་པོ་མ་ཡིན་པ་ཉིད་བཀག་པ་ན་ཨུཏཔ་ལ་མ་ཡིན་པ་བཀག་པ་མ་ཡིན་ལ། དེ་ལ་ཨུཏཔ་ལ་མ་ཡིན་པ་བཀག་པ་ན་ཅིག་ཤོས་སྔོན་པོ་མ་ཡིན་པ་བཀག་པ་ཡང་མ་ཡིན་ནོ། །ལ་ལར ་ཅིག་ཤོས་མ་ཞེས་མོ་རྟགས་སུ་འདོན་པ་དེ་ནི་གསལ་པའི་སྒྲ་ལ་བལྟོས་པར་བལྟ་བར་བྱ་སྟེ། ཅིག་ཤོས་སྔོན་པོ་མ་ཡིན་པ་བཀག་པ་མིན་ཞེས་བྱ་བའི་དོན་ཏོ། །འདི་དག་ལ་ཕན་ཚུན་རྟེན་དང་བརྟེན་པའི་འབྲེལ་པ་ཡང་ཡོད་པ་མ་ཡིན་ཏེ། ངོ་བོ་མེད ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།འབྲེལ་བ་མེད་པར་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །འདི་ནི་ཁྱེད་ཀྱི་ལུགས་ཀྱི་སྒྲ་རྣམས་ཚོགས་པའི་དོན་བརྗོད ་པ་ཉིད་མ་ཡིན་ཏེ། ཐམས་ཅད་ཀྱང་མེད་པ་རྗོད་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བས་ན་ཁྱད་པར་དང་ཁྱེད་པར་ཅན་གྱི་དངོས་པོ་རིགས་པ་མ་ཡིན་ནོ། །འདི་སྙམ་དུ་དོན་དག་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་མ་གྱུར་མོད། ་དེ་བརྗོད་པར་བྱེད་པའི་སྒྲའི་སྒྲ་དག་ཅིའི་ཕྱིར་མི་འགྱུར་སྙམ་དུ་སེམས་ན་བརྗོད་པར་བྱ་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་བྱ་བའི་སྒོ་ནས་དེ་རྗོད་པར་བྱེད་པའི་སྒྲ་དག་གི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་བརྟགས་པར་ཡིན་གྱི། དེའི་བརྗོད་པར ་བྱ་བ་མེད་ན་རྗོད་པར་བྱེད་པ་ཡང་ག་ལས་ཡིན། གཞི་མཐུན་པ་སུན་དབྱུང་བའི་བཤད་པ་ཐ་དད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཅིག་ལ་འཇུག་པ་ཡིན་ན་གཞི་མཐུན་པར་འགྱུར་གྱི། ཨུཏཔ་ལ་དང་སྔོན་པོའི་སྒྲ་དག་ནི་དོན་གཅིག་ལ་འཇུག་པ ་སྲིད་པ་མ་ཡིན་ཏེ། དེའི་བརྗོད་པར་བྱ་བ་ཨུཏཔ་ལ་མ་ཡིན་པ་དང་དངོས་པོ་མ་ཡིན་པ་རྣམ་པར་གཅོད་པའི་མཚན་ཉིད་ཀྱི་སེལ་བ་དག་ནི། ཐ་དད་པའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་ཉིད་ཀྱིས་ནི། གསལ་བྱའི་དབྱེ་བས་ཐ་དད་དོན། ཞེས་བཤད་དོ། །སྦྱོར་བ་ནི ་སྔོན་པོ་དང་ཨུཏཔ་ལ་ལ་སོགས་པའི་སྒྲ་དག་ནི་གཞི་མཐུན་པའི་ཐ་སྙད་ཀྱི་ཡུལ་ཅན་མ་ཡིན་ཏེ། ཡུལ་ཐ་དད་པའི་ཕྱིར་བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བཞིན་ནོ། །ཅི་སྟེ་ཡང་དོན་གང་ཁོ་ན་ལ་ཨུཏཔ་ལ་མ་ཡིན་བ་རྣམ་པར་གཅོད་པར་འཇུག ་པ་དེ་ཁོ་ན་ལ་སྔོན་པོ་མ་ཡིན་པ་རྣམ་པར་གཅོད་པ་ཡང་གནས་པས་དེའི་ཕྱིར་སྔོན་པོ་དང་ཨུཏཔ་ལའི་སྒྲའི་བརྗོད་པར་བྱ་བའི་སེལ་བ་དག་དོན་གཅིག་ལ་འཇུག་པའི་ཕྱིར་སྒྲ་དག་ཀྱང་དོན་གྱི་སྒོ་ཅན་གཞི་མཐུན་པར་བསྟན་པར་བྱའོ་སྙམ་ན། དེའི་ཕྱིར ་གལ་ཏེ་དོན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་གཞི་མཐུན་པའོ། །དེ་དག་ཅེས་པ་ནི་སྔོན་པོ་མ་ཡིན་པ་དང་ཨུཏཔ་ལ་མ་ཡིན་པ་བཀག་པ་དག་གོ་།དེ་དག་གི་རྟེན་དང་བརྟེན་པ་དངོས་པོ་པ་ནི་འགའ་ཡང་ཡོད ་པ་མ་ཡིན་ཏེ། ངོ་བོ་མེད་པ་ལ་གང་དུ་ཡང་རྟེན་མི་སྲིད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །གཞན་ཡང་ཨུཏཔ་ལ་སྔོན་པོ་ལ་སོགས་པ་དག་ལ་དེ་དག་རྟེན་དང་བརྟེན་པ་ཡིན་པ་དེ་ལྟ་ན་ཡང་དེ་ཡོད་ན་ཡང་སྒྲ་དག་གི་བསྟན་པར་བྱ་བ་མ? ་ཡིན་ནོ་ཞེས་སྟོན་པ་ནི། ཐུན་མོང་མིན་དངོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རེ་ཞིག་ཨུཏཔ་ལ་སྔོན་པོ་ལ་སོགས་པའི་དངོས་པོ་དེ་ཉིད་སྒྲས་གོ་བར་བྱ་བ་མ་ཡིན་ཏེ། དེར་རྣམ་པར་རྟོགས་པ་ཐམས་ཅད་ནུབ་པའི ་ཕྱིར་ཞེས་བསྟན་ཟིན་ཏོ། །དེ་ལྟ་ཡིན་དང་རྟེན་དུ་གྱུར་པའི་དངོས་པོ་དེ་ལ་ཤེས་པར་དེའི་རྟེན་སེལ་བ་དག་དེའི་དོན་ཉིད་དུ་ཇི་ལྟར་གཟུང་པར་ནུས། ཆོས་འཛིན་པ་ནི་ཆོས་ཅན་འཛིན་པ་མེད་པ་ན་འབྱུང་བ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ ་ཡིན་ནོ། །ཡང་ཅི་སྟེ་ཐུན་མོང་མ་ཡིན་པ་ལས་ལྡོག་པ་དེ་དག་ལས་གཞན་པའི་རྟེན་ཉིད་ཡོད་དོ། །དེས་ན་སྐྱོན་འདིར་མི་འགྱུར་རོ་སྙམ་ན། ཁྱེད་ལ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ལ་ཞེས་བྱ་བ་ནི་ཁྱེད་ཅག་གིའོ། །འདི་སྙམ ་དུ་གལ་ཏེ་དོན་གཅིག་ལ་རྟོག་པ་དེ་ན་ཡང་དངོས་པོ་གནས་པས་གནས་པ་ཡིན་ནོ་སྙམ་ན། གོ་བྱ་མིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཅིག་ཅེས་བྱ་བ་ནི་གཞི་མཐུན་པ་ཉིད་ལའོ། །གང་དུ་ཉེ་བར་མཁོ་ཞེས་བྱ་བ་ནི་གང་དུ་ཡང་མ ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོད་ན་ཡང་མི་ཤེས་པ་ནི་སྒྲའི་ཐ་སྙད་ལ་ཡན་ལག་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་གལ་ཏེ་ལོགས་པ་ཙམ་སྒྲས་བརྗོད་པ་དེའི་ཚེ་སྐྱོན་འདིར་འགྱུར་ཏེ། གང་གི་ཕྱིར་ལྡོག་པ་དང་ལྡན་པའི་དངོས་པོ་བརྗོད་བྱ ་ཡིན་ཏེ། དེའི་ཕྱིར་ལྡོག་པ་གཉིས་ཀྱི་ཁྱད་པར་དང་ལྡན་པའི་སྒྲ་དག་སེལ་བ་དང་ལྡན་པའི་དངོས་པོ་གཅིག་ལ་འཇུག་པའི་ཕྱིར་གཞི་མཐུན་པ་ཉིད་ཡོད་པ་ཁོ་ནའི་སྙམ་ན་དེའི་ཕྱིར། ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡང ་ཞེས་བྱ་བ་ནི་སེལ་བ་དང་ལྡན་པའི་དངོས་པོ་བརྗོད་བྱ་ཉིད་དུ་ཁས་ལེན་ན་སྔོན་པོ་ལ་སོགས་པ་ཐ་དད་བདག་དང་ཨུཏཔལ་ལ་སོགས་བདག་གི་སྔོན་པོ་ལ་སོགས་པའི་སྒྲ་དག་གིས་ཁྱད་པར་དེ་འཕེན་པ་རྙེད་པར་དཀའ་ཨོ། །ཅིའི་ཕྱིར་ཞེ་ན། སྔོན་པོ་ལ་སོགས ་པའི་སྒྲ་ནི་གཞན་དབང་ཡིན་པའི་ཕྱིར་རོ། །དེ་ནི་བཟློག་པ་ཉེ་བར་མཚོན་པའི་ཕྱིར་དེ་དང་ལྡན་པའི་དོན་བརྗོད་པ་ཡིན་གྱི། དངོས་སུ་ནི་མ་ཡིན་ནོ། །དེས་ན་དངོས་སུ་མ་བརྗོད་པའི་ཕྱིར་དེ་ལ་ཡོད་པའི་ཁྱད་པར་འཕེན་པ་ཡོད་པ་མ་ཡིན་ཏེ། མངར་བའི་སྒྲས ་དཀར་བ་ལ་སོགས་པ་བཞིན་ནོ། །གལ་ཏེ་ཡང་དཀར་པོ་ལ་སོགས་པ་ལ་མངར་བ་ལ་སོགས་པའི་ཁྱད་པར་གནས་པ་ཡོད་པ་དེ་ལྟ་ན་ཡང་སྒྲས་དངོས་སུ་བྱེད་པའི་དོན་ལ་ཡོད་པའི་ཁྱད་པར་འཕེན་པར་ནུས་ཀྱི། གཞན་གྱི་དབང་ལ་དོན་ལ་ཡོད་པ་མ་བརྗོད་པ་ནི་མ ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་ཡིན་དང་སྔོན་པོ་ལ་སོགས་པའི་སྒྲས་དེ་ལ་ཡོད་པའི་ཁྱད་པར་མི་སྤོང་པའི་ཕྱིར་ཨུཏཔལ་སོགས་པ་རྣམས་ལ་དེའི་ཁྱད་པར་ཉིད་ཡོད་པ་མ་ཡིན་ནོ། །དེའི་ཁྱད་པར་ཉིད་མ་ཡིན་ན་གཞི་མཐུན་པ་ཉིད་དུ་མི་འགྱུར་ཏེ། དེས་ན ་རིགས་དང་ལྡན་པ་ཙམ་གྱི་ཕྱོགས་ལ། སྒྲ་ཡིས་དེ་ལྡན་རྗོད་བྱེད་མིན། རང་དབང་ཅན་གྱི་ཡིན་པའི་ཕྱིར། ཞེས་ཁྱེད་ཀྱིས་སྐྱོན་བརྗོད་པ་གང་ཡིན་པ་དེ་ལྡོག་པ་དང་ལྡན་པ་ཙམ་གྱི་ཕྱོགས་ལ་ཡང་མཚུངས་སོ་ཞེས་བསྟན་པ་ཡིན་ནོ། །འདི་ལྟར་རིགས་དང་ལྡན ་པ་ཙམ་གྱི་སྒྲའི་དོན་ལ་རིགས་ཀྱི་རང་གི་ངོ་བོ་ཉེ་བར་མཚོན་པའི་རྫས་བརྗོད་ཀྱི་དངོས་སུ་ནི་མ་ཡིན་པའི་ཕྱིར་དེ་ལ་ཡོད་པའི་བུམ་པ་ལ་སོགས་པའི་ཁྱད་པར་མི་འཕེན་པའི་ཕྱིར་དེའི་ཁྱད་པར་ཉིད་མ་ཡིན་པ་ན་གཞི་མཐུན་པ་མེད་པར་ཐལ་བར་འགྱུར་བ ་སྨྲས་པ་དེ་ནི་ལྡོག་པ་དང་ལྡན་པ་ཙམ་གྱི་ཕྱོགས་ལ་ཡང་མཚུངས་སོ། །དེ་ལ་ཡང་ཡོད་པའི་སྒྲས་ལྡོག་པར་ཉེ་བར་མཚན་པའི་རྫས་རྗོད་ཀྱི། དངོས་སུ་ནི་མ་ཡིན་པའི་ཕྱིར་དེ་ལ་ཡོད་པའི་ཐ་དད་པ་མི་འཕེན་པའི་འདི་ལ་ཡང་མཚུངས་པ་ཁོ་ན ་སྟེ། འདིར་རིགས་དང་ལྡན་པ་དང་ལྡོག་པ་དང་ལྡན་པ་དག་ལ་ཁྱད་པར་ཅི་ཞིག་ཡོད། སྐྱོན་གཞན་སྨྲས་པ་ནི། རྟགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ནི་ཕོ་དང། མོ་དང། མ་ནིང་དག་གོ་།གྲངས་ནི་གཅིག་དང། གཉིས་དང། མང་པོ་ཉིད་ལ་སོགས ་པའོ། །སོགས་པའི་སྒྲས་ནི་བྱ་བ་དང་དུས་ལ་སོགས་པའི་འབྲེལ་པ་བཟུང་ངོ། །སེལ་བ་ནི་དངོས་པོ་མ་ཡིན་པའི་ཕྱིར་འདི་དག་དག་དང་འབྲེལ་པ་མེད་ལ། རྟགས་ལ་སོགས་པས་དབེན་པའི་དངོས་པོ་ནི་སྒྲས་བརྗོད་པར་བྱ་བ་མ་ཡིན་ཏེ། དེའི ་ཕྱིར་དམ་བཅའ་བ་ལ་གྲགས་པས་གནོད་པར་ཐལ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་ཡང་གསལ་བ་ལྡོག་པའི་རྟེན་དུ་གྱུར་པ་དངོས་པོ་ཡིན་པའི་ཕྱིར་རྟགས་ལ་སོགས་པ་དང་འབྲེལ་པ་ཡོད་ལ། དེའི་ཕྱིར་དེའི་སྒོ་ནས་སེལ་བ་ལ་ཡང་རྣམ ་པར་བཞག་གོ་སྙམ་ན། གསལ་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་དེ་ནི་རྟོགས་པ་མེད་པའི་ཕྱིར་རྟག་དང་གྲངས་ལ་སོགས་པ་དང་འབྲེལ་པས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་ཇི་ལྟར་སེལ་བ་དེའི་སྒོ་ནས་དེ་རྣམ་པར་བཞག་པ་གྲུབ་པར ་འགྱུར། སེལ་བ་སྒྲའི་དོན་དུ་རྣམ་པར་བཞག་པ་མ་ཁྱབ་པའི་བསྟན་པའི་ཕྱིར། ཀུན་བཤད་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་བཤད་དག་སྟེ་ཏི་ངན་ཉེ་འཆེད་དོ། །འགྲོའོ། །ཞེས་བྱ་བ་ལ་སོགས་པ་བྱ་བ་གཙོ་བོའི་སྒྲ་དག་ལ་གཞན་སེལ་བ ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་ལ་མ་ཡིན་པར་དགག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སུ་བའི་མཛའ་ཅན་བུམ་པ་ལ་སོགས་པའོ། །སྒྲ་དག་ལ་བུམ་པ་མ་ཡིན་པ་ལ་སོགས་པ་གྲུབ་པའི་ངོ་བོ་མ་ཡིན་པ་དགག་པའི་ངོ ་བོ་དགག་པར་བྱ་བ་ཡོད་པ་དེ་བཞིན་དུ་འཚེད་པ་ལ་སོགས་པ་དགག་པར་བྱ་བ་ཡོད་པ་མ་ཡིན་ཏེ། གྲུབ་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་མི་འཚེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་ལ་མ་ཡིན ་པར་དགག་པའི་ངོ་བོ་དགག་པར་བྱ་བ་ཡོད་པར་མ་གྱུར་མོད། །འཚེད་དོ་ཞེས་བྱ་བ་ལ་སོགས་པའི་མེད་པར་དགག་པའི་དགག་པར་བྱ་བ་ཡོད་པར་འགྱུར་རོ་སྙམ་དུ་སེམས་ན། མིན་པ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་བསྐྱེད་པར ་བྱ་བ་ཡིན་པའི་ཕྱིར་མི་འཆེད་པ་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟ་བུ་བརྗོད་ན་ཡང་མེད་པར་དགག་པའི་དགག་པ་ཉིད་བརྗོད་པར་འགྱུར་རོ། །དེ་ལ་སྐྱོན་ཅིར་འགྱུར་ཞེ་ན། འཚེད་དོ་ཞེས་བྱ་བའི་དགག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགག་པ་གཉིས་ཀྱི་ཡུལ་ནི ་སྒྲུབ་པ་ཡིན་པའི་ཕྱིར་འཚེད་དོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་ཀྱིས་བར་བྱ་བའི་ངོ་བོར་གནས་པའི་ཕྱིར་སྒྲུབ་པ་ཉིད་སྒྲའི་དོན་དུ་འགྱུར་རོ། །གཞན་ཡང་འདིར་འཚེད་དོ་ཞེས་བྱ་བ་ལ་སོགས་པར་བྱ་བ་གང་ཞིག་ཡན་ལག་ཁ་ཅིག་གྲུབ་པ་ལ་ཡན་ལག་ཁ ་ཅིག་མ་གྲུབ་པ་དེ་ནི་སྔ་དང་ཕྱི་མར་གྱུར་པའི་ཡན་ལག་གི་བྱ་བ་སྒྲུབ་བྱ་ཉིད་དུ་ཤེས་པའི་ཡུལ་ཡིན་པ་ནི་བསྒྲུབ་བྱ་ཉིད་དུ་རྟོགས་ལ། དེ་བཞིན་དུ་འབྱུང་བ་དང་འབྱུང་བར་འགྱུར་བ་ལ་སོགས་པ་ལ་བྱུང་བ་ལ་སོགས་པའི་དུས་ཀྱི་ཁྱད་པར་རྟོགས ་པ་ཡོད་ཀྱི་སེལ་བ་ནི་བསྒྲུབ་བྱ་ཉིད་ལ་སོགས་པའི་དུས་ཀྱི་ཁྱད་པར་རྟོགས་པ་སྲིད་པ་མ་ཡིན་ཏེ། མེད་པར་རོ་གཅིག་པ་ཉིད་ཀྱི་གྲུབ་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ན་སེལ་བ་སྒྲའི་དོན་ཡིན་པའི་ཕྱོགས་ལ་བསྒྲུབ་བྱ་ཉིད་དུ་ཤེས་པ་དང། བྱུང་བ་ལ་སོགས ་པ་ཤེས་པ་ནི་རྒྱུ་མཚན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་གནོད་པའོ། །བྱུང་སོགས་ངོ་བོ་ཞེས་བྱ་བ་ནི་བྱུང་བ་ལ་སོགས་པ་ངེས་པ་འཛིན་པའི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡང། མ་ཁྱབ་པ་ཉིད་དུ་བསྟན་པའི་ཕྱིར་གྲགས་པས་གནོད ་པ་ཉིད་སྟོན་པ་ནི། སྒྲུབ་པ་ལ་སོགས་པ་སྟེ། སོགས་པ་སྨོས་པས་མགྲོན་དུ་པོས་པ་དང། བོད་པ་ལ་སོགས་པ་གཟུང་ངོ། །འདི་ལ་གཞན་སེལ་པའི་གཞན་རྣམ་པར་གཅོད་པ་ངེས་པར་བྱེད་པ་ཡོད་ཀྱི། དེ་ལ་མ་ཡིན་པར་དགག ་པའི་ངོ་བོའི་དགག་པར་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྔར་བཤད་པ་འདི་ཉིད་འདིར་རྒྱུ་ཡིན་ནོ་ཞེས་སྙམ་དུ་སེམས་པ་ཡིན་ནོ། །ལྷས་བྱིན་མི་འཚེད་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པ་ལ། དགག་པའི་ཐོག་ཏུ་དགག་པ ་སྦྱོར་ན་སེལ་བ་ཅི་འདྲ་འགྱུར་བ་ཡིན་ཞེ་ན། ཅི་ཡང་མ་ཡིན་ཏེ། དགག་པ་གཉིས་ཀྱི་སྒྲུབ་པ་ཉིད་ལ་རག་པའི་ཕྱིར་རོ། །གཞན་ཡང་དང་ལ་སོགས་པ་ཚིག་གི་ཕྲད་དང་ཉེ་བར་སྒྱུར་པ་དང་ལས་བརྗོད་པ་ལ་སོགས་པ་རྣམས་ཚིག་ཏུ་འདོད ་པ་ལ། ཡོད་པར་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་འདི་དགག་པ་དང་འབྲེལ་པ་ཡང་མ་ཡིན་ཏེ། འདི་ལྟར་ཇི་ལྟར་བུམ་པ་ལ་སོགས་པའི་སྒྲ་རྣམས་བུམ་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་དགག་པ་དང་འབྲེལ་པ་ཡིན་ན་དོན་གཞན་བུམ ་པ་ལ་སོགས་པ་ཡོངས་སུ་བཟུང་བའི་ཕྱིར་རྣམ་པར་བཅད་པས་དགག་པ་དང་བྲལ་བའི་བུམ་པའི་སྒྲའི་དོན་དུ་རྟོགས་པ་དེ་ལྟར་དང་ལ་སོགས་པ་དང་མ་ཡིན་པ་ལ་སོགས་པའི་དགག་པ་དང་འབྲེལ་པ་ཡོད་པ་མ་ཡིན་ལ། དགག་པ་དང་མ་འབྲེལ་པ་ཡང་སེལ ་བར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དང་ལ་སོགས་པ་ལ་སེལ་བ་ཡོད་པ་མ་ཡིན་ཏེ། སེལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དག་གི་དོན་ཁྲ་བོའི་དངོས་པོ་ནི་ཁྲ་བོའི་གླང་དུ་འདོད་དེ། དེའི་ཕྱིར་དེ་ལ་གཞན་ལས་ལྡོག་པར་བསྟན་པར་མི་ནུས་ཏེ། གྲུབ ་པའི་ངོ་བོའི་དགག་པ་མ་རྟོག་པའི་ཕྱིར་རོ། །གང་ཡང་ནག་པ་བ་ལང་ཁྲིད་དོ་ཤོག་ཅིག་ཅེས་བྱ་བ་ལ་སོགས་པ་ལ་ནག་པ་མ་ཡིན་པ་ལ་སོགས་པ་རྣམ་པར་གཅོད་པའི་ངོ་བོ་གཞན་ལྡོག་པའི་ཡན་ལག་ཡོངས་སུ་འཛིན་པས་བརྗོད་པ་དེ་ནི་ཚིག་གི་དོན་དུ ་འགྱུར་གྱི་ངག་གི་དོན་ནི་མ་ཡིན་ནོ། །ཡན་ལག་མ་ཡིན་པ་དེ་ནི་དེ་ལྟར་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་དེ་ལྟར་སྒྲའི་དོན་མ་ཁྱབ་པ་རྣམ་པ་གནས་སོ། །གཞན་ཡང་གཞན་སེལ་བ་མ་ཡིན་གཞན་སེལ་བ་ཡིན་ཞེས་བྱ་བ་ལ་སོགས་པ་སྒྲ་ལ་སྒྲུབ ་པའི་ངོ་བོ་ལས་གཞན་པའི་བརྗོད་པར་བྱ་བ་མཐོང་བ་མ་ཡིན་ཏེ། མ་དམིགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སེལ་བའི་ངོ་བོ་ཙམ་བརྗོད་བྱ་ཉིད་དུ་རྟོགས་ཏེ། དགག་པ་གཉིས་ཀྱིས་སྒྲུབ་པ་ཉིད་ངེས་པའི་ཕྱིར་རོ། །སོགས་པའི་སྒྲས ་གཞན་ལས་ལྡོག་པ་དང་གཞན་རྣམ་པར་གཅོད་པ་ཞེས་བྱ་བའི་རྣམ་གྲངས་དང་བཟུང་ངོ། །འོན་ཏེ་དགག་?་ཡང་དགག་པ་དང་ལྡན་ཞེས་བྱ་བ་འདི་ཉིད་ཀྱི་གོ་བའི་ཕྱིར་འདི་ཟློས་པ་མ་ཡིན་ནམ་ཞེ་ན། འདི་ནི་བདེན་མོད་ཀྱི། འོན་ཀྱང་གཞན་སེལ་བ་སྒྲའི་དོན ་ཡིན་ནོ་ཞེས་བྱ་བ་དེ་ལྟ་ལ་སོགས་པ་སྨྲ་བའི་རང་གི་ཚིག་ཉིད་ཀྱིས་སྒྲུབ་པར་འདོད་དོ་ཞེས་ཤེས་པར་བྱ་བའི་དོན་དུ་ཡང་བརྗོད་དོ། །འདི་ལྟར་སེལ་བའི་སྒྲ་ནི་སྒྲའི་དོན་གཞན་སེལ་བ་མ་ཡིན་པ་རྣམ་པར་བཅད་པར་བྱ་བ་ཡིན་ལ། དེ་ཡང་སྒྲུབ་པ་ལས་གཞན་དུ་མི་མངོན ་ནོ། །གང་དག་གཞལ་བྱ་དང་ཤེས་བྱ་དང་ཤེས་བརྗོད་བྱ་ལ་སོགས་པའི་སྒྲ་དེ་དག་ལ་བསལ་བར་བྱ་བ་ཡོད་པ་མ་ཡིན་ཏེ། ཐམས་ཅད་གཞལ་བྱ་ལ་སོགས་པའི་རང་བཞིན་པའི་ཕྱིར་རོ། །འདི་ལྟར་གང་ཡང་འདི་དག་ལ་རྣམ་པར་བཅད་པར་བྱ་བ་ཅུང་ཟད་ཅིག་རྟོག ་བར་བྱེད་དེ་ཐམས་ཅད་རྣམ་པར་བཅད་པར་བྱ་བའི་རྣམ་པས་དམིགས་པར་བྱ་བ་ཡིན་པ་ན་ཤེས་བྱ་ལ་སོགས་པའི་རང་བཞིན་ཉིད་དུ་གནས་ཏེ། ཡུལ་དུ་མ་བྱས་པ་ནི་རྣམ་པར་བཅད་པར་བྱ་བ་མི་ནུས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདི་དག་ལ་བསལ་བར་བྱ་བ་མེད་པའི་ཕྱིར་སྒྲའི་དོན་མ་ཁྱབ་པ་ཉིད་དུ་རྣམ་པར་གནས་སོ། །འོན་ཏེ་རྒྱུའི་སྒོ་ནས་བསྟན་པའི་ཤེས་བྱ་མ་ཡིན་པ་གང་ཞིག་བརྟག་པར་བྱས་ནས་དེ་རྣམ་པར་བཅད་ནས་ཤེས་བྱ་ཉིད་དུ་རྗེས་དཔོག་པའི་ཕྱིར་དེ་ཇི་ལྟར་སྒྲའི་དོན་མ་ཁྱབ་པ་ཉིད་དུ ་རྣམ་པར་གནས་ཤེ་ན། བསལ་བར་བྱ་བ་རྟོགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་བྱ་ཉིད་ཡིན་ཡང་བསལ་བར་བྱ་བ་ཤེས་བྱ་མ་ཡིན་ཉིད་དུ་ཡང་ཡང་དག་པར་རྟོག་པར་བྱེད་པ་དེའི་ཚེ་དངོས་པོ་ཉིད་དེ་འཇིག་རྟེན ་གྱིས་ངེས་པ་གང་ཡིན་པའི་སྒྲུབ་པ་ཉིད་དུ་སྒྲའི་དོན་རྟོག་པ་མཆོག་ཡིན་ནོ། །དེ་ལྟ་ན་ནི་མ་མཐོང་བ་སྒྲོ་འདོགས་པ་དང་མཐོང་བའི་དོན་ལ་བསྙོན་པར་བྱ་བར་མི་འགྱུར་རོ་སྙམ་དུ་བསམས་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཅེས ་བཤད་དོ། །གང་དག་སྒྲ་ཐམས་ཅད་ཀྱི་དོན་ནི་རྣམ་པར་རྟོག་པའི་གཟུགས་བརྙན་ཉིད་ཡིན་ལ། དེ་ཉིད་ཀྱང་བརྗོད་པར་བྱ་བ་དང་རྣམ་པར་བཅད་པར་བྱ་བ་དང་རྟོགས་པར་བྱ་བ་ཡིན་ནོ་ཞེས་ཟེར་བ་དེ་དག་ལ་ཤེས་པའི་རྣམ་པ་བཀག་པའི ་ཕྱིར་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། བློ་ནི་རྣམ་པ་མེད་པ་ཡིན་ལ། ཕྱི་རོལ་གྱི་ནི་དོན་ནི་རྣམ་པ་དང་ལྡན་པ་ཡིན་ནོ། །དེ་ཕྱི་རོལ་གྱི་ཡུལ་ལ་འབྲེལ་པ་གསལ་པོར་དམིགས་སོ་ཞེས་བྱ་བ་དེ་ལྟ་བུ་ཁོ་ནའོ་ཅག་གིས་ཤེས་པའི་རྣམ་པ་བཀག་པ་དེའི ་ཕྱི་ནང་གི་བློ་ལ་ཡོད་པའི་རྣམ་པ་ནི་མེད་པའི་ཕྱིར་དེ་རྗོད་པར་བྱེད་པ་ཉིད་སྒྲ་དག་ཀྱང་རིགས་པ་མ་ཡིན་ལ། མེད་པ་ཉིད་ཀྱི་ཕྱིར་ནང་གི་དོན་དེ་བསལ་བར་བྱ་བ་ཉིད་དུ་རིགས་པ་ཡང་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་གཞལ་བྱ་ལ་སོགས་པའི་སྒྲ་དག་ལའོ།། ་གང་ཡང་དེ་ལྟ་བུ་དང་ཞེས་བྱ་བ་ལ་སོགས་པའི་སྒྲ་དེ་དག་ལ་ཡང་བསལ་བར་བྱ་བ་ཅུང་ཟད་ཀྱང་མ་དམིགས་ཏེ། ཁ་ཅིག་གི་སྦྱོར་བ་ནི་མ་ཡིན་པར་དགག་པའི་ངོ་བོ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མེད་པར ་དགག་པའི་ངོ་བོའི་དགག་པར་འགྱུར་རོ་སྙམ་དུ་སེམས་ན། འདིར་འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་འདི་ལ་ཡང་དེ་ལྟར་མིན་ཞེས་བསྟན་ན། དགག་པ་འགེགས་པར་བྱེད་པ་སྟེ། དེ་ལྟར་ཞེས་བྱ་བ་མ་བཀག་ན། རང་གི་ངོ་བོ་ཉིད ་ཀྱིས་གནས། ཞེས་བྱ་བ་སྔར་བཤད་པའི་ཚུལ་དེ་ཉིད་འཇུག་པ་ཡིན་ནོ། །འདི་ཐམས་ཅད་ཀུ་མ་ར་རི་ལས་བཤད་པ་ཉེ་བར་བཀོད་པ་ཡིན་ནོ། །ད་ནི་ཐམས་ཅད་སྒྲའི་ཞེས་བྱ་བ་ལ་སོགས་པས་ནི་འོད་བྱེད་པས་སྨྲས་པའི་སེལ་བ ་སུན་འབྱིན་པའི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ་སེལ་བའི་སྒྲའི་དོན་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ཏེ། ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་དུ་ཕུང་པོ་གཉིས་ཡོད་པ་དེར་གཅིག་བཀག་པས་ཅིག་ཤོས་རྟོགས ་བ་ཡིན་ཏེ། ཇི་ལྟར་བ་ལང་བ་ལང་མ་ཡིན་ཞེས་བྱ་བའི་ཚིག་ལ་བ་ལང་རྟོགས་པ་ན་བ་ལང་མ་ཡིན་པ་བཀག་པ་ཡིན་ལ། ཐམས་ཅད་ཀྱི་ཚིགས་ལ་ནི་འདི་ཡོད་པ་མ་ཡིན་ཏེ། གང་ཞིག་ཐམས་ཅད་ཀྱི་སྒྲས་བཟློག་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་འགའ་ཡང་ཡོད ་པ་མ་ཡིན་ནོ། །ཅི་སྟེ་འདི་སྙམ་དུ་གཅིག་ལ་སོགས་པ་ཐམས་ཅད་མ་ཡིན་པ་དེ་ཐམས་ཅད་ཀྱིས་སྒྲས་ཟློག་པར་བྱེད་དོ་སྙམ་དུ་སེམས་ན་དེ་ནི་མ་ཡིན་ཏེ། རང་གི་དོན་ལ་སྐུར་པ་བཏབ་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཐམས་ཅད་ཀྱི་སྒྲ ་གཅིག་ལ་སོགས་པ་སེལ་བར་འཇུག་པ་ན་ཡན་ལག་བཀག་པའི་ཕྱིར་ལ་ཡན་ལག་ཅན་ཐ་དད་མི་དད་པར་ཁས་མི་ལེན་པའི་ཕྱིར་དོན་མེད་པར་འགྱུར་རོ། །ཡན་ལག་གི་སྒྲས་ཕྱོགས་གཅིག་བརྗོད་དོ། །དེ་ལྟར་ན་ཚོགས་པ་ལས་མ་གཏོགས ་པ་ཅན་གཞན་ཁས་མི་ལེན་པའི་ཕྱིར་ཕྱོགས་གཅིག་བཀག་པའི་ངོ་བོས་འཇུག་པའི་ཚོགས་པའི་སྒྲ་ཐམས་ཅད་དོན་མེད་པར་འགྱུར་རོ། །གཉིས་ལ་སོགས་པའི་སྒྲ་ཡང་ཚོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ལ། གཅིག་ལ་སོགས་པའི་དོན ་བཀག་པས་ཚོགས་པའི་དོན་བཀག་པའི་ཕྱིར་དོན་མེད་པ་ཉིད་ཡིན་ནོ། །དེ་སྟོན་པ་ནི་རྣམ་པ་དེ་ལྟར་འགྱུར་མ་ཡིན། ཞེས་བྱ་སྟེ་རྣམ་པ་ཇི་ལྟ་བུར་འདོད་པའི་ཚོགས་པའི་ཡུལ་ཅན་དེ་དག་ནི་རྣམ་པ་དེ་ལྟ་བུར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ཡང ་བ་ལང་གི་སྒྲའི་དོན་བ་ལང་མ་ཡིན་ནོ་ཞེས་བྱ་བའི་བ་ལང་མ་ཡིན་པའི་སེལ་བ་འདི་ཅི་དངོས་པོ་འམ། ཡང་ན་དངོས་པོ་མེད་པ་ཡིན་གལ་ཏེ་དངོས་པོ་ཡིན་ན་དེ་ཅི་བ་ལང་ཡིན་ནམ་ཡང་ན་བ་ལང་མ་ཡིན་པ་ཞིག་ཡིན་ཞེས་བྱ། གལ་ཏེ་བ་ལང ་ཡིན་ན་མིང་ལ་རྩོད་པ་ཡིན་ནོ། །ཅི་སྟེ་བ་ལང་གི་སྒྲའི་དོན་བ་ལང་མ་ཡིན་པ་ཞེས་བྱ་བ་ཡིན་ན། སྒྲའི་དོན་ལ་ཤིན་ཏུ་མཁས་སོ། །ཅི་སྟེ་དངོས་པོ་མེད་པ་ཡིན་ན་དེ་ནི་མི་རིགས་ཏེ། སྐུལ་བར་བྱེད་པ་དང་ཡང་དག་པར་རྟོགས་པའི་ཡུལ་མ ་ཡིན་པའི་ཕྱིར། །དངོས་པོ་མེད་པ་ལ་སྒྲས་ཐོས་པ་ལས་སྐུལ་བ་དང་རྟོགས་པར་མི་འགྱུར་རོ། །དེ་སྟོན་པ་མེད་པ་འདི་ཡང་མི་རིགས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུལ་བར་བྱེད་པས་ན་སྐུལ་བ་སྟེ། སྟོན་པ་པོ་དོན་སྦྱོར་བའོ། ་དེ་ཡང་སྟོན་པ་པོའི་ཆོས་ཡིན་ལ། ཡང་དག་པར་རྟོག་པ་ནི་ཉན་པ་པོའི་ཆོས་ཡིན་ནོ། །སོགས་པའི་སྒྲས་གཞོ་བ་དང་དགལ་བ་ལ་སོགས་པའི་དངོས་པོའི་ཆོས་ཐམས་ཅད་བཟུང་ངོ། །གཞན་ཡང་སྒྲའི་དོན་ནི་ཤེས་པས་རྟོགས་པ་ཡིན་ལ ་བ་ལང་གི་སྒྲ་ལས་འགའ་ཞིག་ཀྱང་མེད་པ་རྟོགས་པ་ཡང་མ་ཡིན་ནོ། །གཞན་ཡང་སེལ་བ་ནི་བྱ་བའི་ངོ་བོ་ཡིན་པའི་ཕྱིར་ཡུལ་དུ་བརྗོད་པར་བྱ་དགོས་ལ། དེ་ལ་བ་ལང་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའི་སེལ་བ་འདི་བ་ལང་གི་ཡུལ་ལ་འམ ་བ་ལང་མ་ཡིན་པ་ཡུལ་ལ་ཡིན། གལ་ཏེ་བ་ལང་ཡུལ་ཡིན་ན་བ་ལང་བ་ལང་མེད་པར་ཇི་ལྟར་འགྱུར། འོན་ཏེ་བ་ལང་མ་ཡིན་ན་སེལ་བ་ཡུལ་གཞན་སེལ་བར་ཇི་ལྟར་འགྱུར་ཏེ། སེང་སྡེང་བཅད་པ་ན་ཤིང་པ་ལ་ཤ་འཆད་པར་འགྱུར་བ ་མ་ཡིན་ནོ། ཅི་སྟེ་བ་ལང་ནི་བ་ལང་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བར་བ་ལང་བ་ལང་མ་ཡིན་པ་འགེགས་ན། གང་ཞིག་དགག་པར་བྱ་བ་གང་གིས་བ་ལང་མ་ཡིན་པར་རྟགས་ཞེས་བྱའོ། །དེའི་ཕྱིར་འདི་ལ་རྣམ་པར་རྟོགས ་བ་དང་པོ་གཉིས་ཤིན་ཏུ་འབྲེལ་པ་མེད་དོ་སྙམ་དུ་བསམས་ནས། གསུམ་པ་ཉིད་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འང་གི་སྒྲ་ནི་བསྡུ་བའོ། །ཅིའི་ཕྱིར་ཁྱེད་ཅག་བ་ལང་ཞེས་བྱ་བ་འདིའི་སྒྲའི ་དོན་བ་ལང་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའི་སེལ་བའི་མཚན་ཉིད་བརྗོད་ཅེས་བྱ་བ་ནི་དག་གི་དོན་ནོ། །ཡང་ཅིའི་ཕྱིར་བརྗོད་པར་བ་མ་ཡིན་ཞེ་ན། གང་གིས་ཞེས་པ་ལ་སོགས་པ་སྨོས་ཏེ། སེལ་བའི་རྣམ་པར་རྟོགས་པ་མི ་འཐད་པའི་ཕྱིར་འདི་ལས་ཀྱང་མི་རིགས་ཏེ། འདི་ལྟར་གང་འདི་བ་ལང་བ་ལང་མ་ཡིན་པ་སེལ་བ་དེ་ཅི་བ་ལང་ལས་ཐ་དད་པ་མ་ཡིན་ནམ། འོན་ཏེ་ཐ་མི་དད་པ་ཡིན། དེ་ཅི་བརྟེན་པ་ཡིན་ནམ། འོན་ཏེ་མི་བརྟེན་པ་ཡིན། གལ་ཏེ་བརྟེན་པ་ཡིན་ན་དེའི་ཚེ ་བརྟེན་པ་ཡིན་པའི་ཕྱིར་ཡོན་ཏན་དུ་འགྱུར་ཏེ། དེ་ལྟ་ཡིན་དང་བ་ལང་གི་སྒྲས་ཡོན་ཏན་ཉིད་བརྗོད་ཀྱི་བ་ལང་ནི་མ་ཡིན་པའི་ཕྱིར་བ་ལང་གནས་སོ། །བ་ལང་འགྲོའི་ཞེས་བྱ་བའི་གཞི་མཐུན་པར་མི་འགྱུར་རོ། །ཅི་སྟེ་མི་བརྟེན་པ་ཡིན་ན་དེའི་ཚེ་དོན་གང་གི ་བ་ལང་གི་སེལ་བ་ཞེས་དྲུག་པར་འགྱུར་རོ། །འོན་ཏེ་ཐ་མི་དད་ན་འདི་བ་ལང་ཉིད་ཡིན་པའི་ཕྱིར་ཅུང་ཟད་ཀྱང་བྱས་པ་མ་ཡིན། །སེལ་བ་འདི་ཡང་དངོས་པོ་སོ་སོ་ལ་གཅིག་ཡིན་པ་འམ་དུ་མ་ཡིན་པར་བརྗོད་པར་བྱ། གལ་ཏེ་གཅིག་ཡིན་ན་དེའི་ཚེ་བ་ལང་ནི ་རྫས་དུ་མི་འབྲེལ་བ་འདི་ནི་བ་ལང་ཉིད་དུ་མ་འགྱུར་རོ། །ཅི་སྟེ་དུ་མ་ཡིན་ན་དེའི་ཕྱིར་གོང་བུ་བཞིན་དུ་མཛའ་མེད་པའི་ཕྱིར་བརྗོད་པས་མི་འཐད་པས་བརྗོད་བྱ་མ་ཡིན་པ་ཉིད་དུ་འགྱུར་རོ། །གཞན་ཡང་ཅི་གཞན་སེལ་བ་བརྗོད་པར་བྱ་བ་ཡིན་ནམ ་འོན་ཏེ་བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བ་འདི་རེ་ཞིག་ཁྱོད་ལ་དྲི་བར་བྱ་སྟེ། བརྗོད་པར་བྱ་བ་ཡིན་ན་སྒྲུབ་པའི་དངོས་པོ་བརྗོད་པར་བྱ་བ་ཡིན་ནམ། གཞན་ལས་ལྡོག་པའི་སྒོ་ནས་ཡིན། དེ་ལ་གལ་ཏེ་སྒྲུབ་པའི་ངོ་བོས་ཡིན་ན། དེའི་ཚེ་གཞན་སེལ་བ་སྒྲའི ་དོན་ཡིན་ནོ་ཞེས་བྱ་བའི་སྒྲའི་དོན་གཅིག་ཏུ་ངེས་པ་མ་ཡིན་ནོ། །འོན་ཏེ་གཞན་ལས་ལྡོགས་པའི་སྒོ་ནས་སོ་ཞེས་བྱ་བའི་ཕྱོགས་ཡིན་ན། གཞན་རྣམ་པར་གཅོད་པ་དེ་ཡང་གཞན་རྣམ་པར་གཅོད་པའི་ངོ་བོ་གཞན་གྱིས་བརྗོད་པའི་ཕྱིར ་ལ་དེ་ལ་ཡང་གཞན་ཡིན་པས་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་བརྗོད་བྱ་མ་ཡིན་པ་ཡིན་ན་དེའི་ཚེ་སྒྲས་སྒྲའི་དོན་གཞན་སེལ་བར་བྱེད་དོ་ཞེས་བྱ་བ་དང་འགལ་བར་འགྱུར་རོ། །འདི་ཐམས་ཅད་འོད་བྱེད་པས་སྨྲས་པས་ཉེ་བར་བཀོད་པ་ཡིན་ནོ། །དེ་ལ ་སློབ་དབོན་ཕྱོགས་ཀྱི་གླང་པོས་ཐམས་ཅད་ཐ་དད་པ་མེད་པའི་ཕྱིར་དང། རྟེན་རྒྱུན་མི་འཆད་པའི་ཕྱིར་དང། དོན་མ་ལུས་པ་ཡོངས་སུ་རྫོགས་པའི་ཕྱིར་གོ་རིམས་བཞིན་དུ་གཅིག་ཉིད་དང། རྟག་པ་དང། སོ་སོ་ལ་ཡོངས་སུ ་རྫོགས་པའི་མཚན་ཉིད་ཀྱི་རིགས་ཀྱི་ཆོས་སེལ་བ་ཉིད་ལ་གནས་ཏེ། དེ་ལྟ་བས་ན་ཡོན་ཏན་གྱི་ཁྱད་པར་ཁྱད་པར་དུ་འཕགས་པའི་ཕྱིར་གཞན་སེལ་བ་ཉིད་སྒྲའི་དོན་དུ་ལེགས་པར་གནས་པ་ཡིན་ནོ། །ཞེས་བཤད་པ་དེ་དོགས་པར་བྱས་ནས་ཀུ་མ་ར ་རི་བཞད་གང་དུ་བྱ་བའི་ཕྱིར་མཇུག་སྡུད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགག་ལྡན་པ། དེ་འགའ་ཞིག་ཁོ་ན་ལ་ཞེས་བྱ་བ་ནི་གོང་གི་པ་ནི་བཟའ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལའོ། རང་གི་བདག་ཉིད ་ཅེས་བྱ་བ་ནི་རང་གི་ངོ་བོ་ཉིད་དེ་མི་འདྲ་བའོ། །གཞན་དུ་ཞེས་བྱ་བ་ནི་དགག་པ་དང་བྲལ་བའོ།། །།དེ་ལྟར་གཙོ་བོ་ཇི་ལྟ་བ་བཞིན་དུ་གཞན་གྱི་ལུང་གི་དོགས་པ་བསུ་ནས། དེ་ལྟར་གཞན་སེལ་མ་ཤེས་ཕྱིར། ཞེས་བྱ་བ་ལ་སོགས ་པས་ལན་འདེབས་པ་རྩོམ་མོ། །མ་ཡིན་དགག་དང་མེད་པའོ། །ཞེས་བྱ་བ་ནི་མ་ཡིན་པར་དགག་པའི་མཚན་ཉིད་དང་མེད་པར་དགག་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ་།བློ་དང་དོན་བདག་དབྱེ་བས་ཞེས་བྱ་བ་ནི་བློའི་བདག་ཉིད་དབྱེ་བས ་ཞེས་བྱ་བ་ནི་དོན་ཏོ། །དེ་ལ་བློའི་བདག་ཉིད་ནི་བློ་ལ་སྣང་བའི་དོན་དག་ལ་རྗེས་སུ་འཇུག་པ་གཅིག་གི་ངོ་བོ་ཉིད་དུ་ངེས་པའོ། །དོན་གྱི་བདག་ཉིད་ནི་དོན་གྱི་རང་བཞིན་ཏེ་རིགས་མི་མཐུན་པ་ལས་ལྡོག་པའི་དོན་རང་གི་མཚན་ཉིད་ཅེས ་བྱ་བའི་དོན་ཏོ། །འདི་དག་གི་ནི་ཐ་དད་པ་ནི་དབྱེ་བ་ཞེས་བསྡུའོ། །དེ་ལ་བློའི་བདག་ཉིད་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། སྲེ་བར་བྱེད་པ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཞེས་བྱ་བ་ནི་གོང་དུ་སྤྱི་དགག་པ་ཇི་ལྟར་ད་ཏའི་དང ་མི་འཇིགས་པ་ཞེས་བྱ་བ་ལ་སོགས་པས་བཤད་པ་སྟེ། ཇི་ལྟར་ཨ་རུ་ར་ལ་སོགས་མང་པོ་རྣམས་སྤྱི་མེད་པར་ཡང་རིགས་ལ་སོགས་པ་ཞི་བའི་མཚན་ཉིད་ཀྱི་འབྲས་བུ་གཅིག་བྱེད་པ་བཞིན་དུ་ཁྲ་བོ་ལ་སོགས་པ་ཡང་དོན་ཐ་དད་ན་ཡང་སྤྱི་དངོས ་པོར་གྱུར་པ་མེད་ཀྱང་རང་བཞིན་གཅིག་པ་ཅན་གྱི་སྲེ་བའི་ཤེས་པའི་རྒྱུར་གྱུར་པ་ཡིན་ནོ། །འཇིགས་མེད་སོགས་མཚུངས་ཞེས་བྱ་བ་ནི་ཨ་རུ་ར་ལ་སོགས་པ་དང་མཚུངས་པ་སྟེ། དོན་གཅིག་བྱེད་པ་ཉིད་དུ་འདྲའོ། །དེ་ལ་བརྟེན་ནས ་ཞེས་བྱ་བ་ནི་མི་འཇིགས་པ་ལ་སོགས་པ་དང་མཚུངས་པའི་དོན་དེ་ལ་བརྟེན་ནས་ཏེ་རྒྱུར་བྱས་ནས་དེ་ཉམས་སུ་མྱོང་བའི་སྟོབས་ཀྱིས་སྐྱེས་པའི་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེ་ལ་དོན་གྱི་རྣམ་པ་ཉིད་ཀྱི་དོན་གྱི་གཟུགས་བརྙན་ཡང? ་ཡིན་པ་དེའི་བདག་ཉིད་དུ་དོན་གྱི་རྣམ་པ་སྣང་བ་དེ་ལ་གཞན་སེལ་བ་ཞེས་བྱ་བའི་མིང་འདི་བཏགས་སོ་ཞེས་འབྲེལ་ཏོ། །རྟོག་ཅན་གྱི་ཞེས་བྱ་བའི་རྟོགས་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ཡང་ཤེས་པ་ཞེས་བྱ་བ་དང་གཞི ་མཐུན་པ་ཡིན་ནོ། །དོན་བདག་མེད་ན་ཡང་ཞེས་བྱ་བའི་ཕྱི་རོལ་གྱི་དོན་གྱི་བདག་ཉིད་མེད་པར་ཡང་ངོ། །ངེས་པ་ཞེས་བྱ་བ་ནི་ཞེ་ན་པའོ། །ཅི་སྟེ་དེ་ལ་ཇི་ལྟར་གཞན་སེལ་བ་ཞེས་བྱ་བ་འདི་བསྟན་ཞེ་ན། སྣང་བ་གཞན་ལས་ཐ་དད་ཕྱིར། ། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་གཞིས་འདི་སེལ་བ་ཞེས་བཤད་པ་ཡིན་ཏེ། དངོས་སུ་ནི་རྣམ་པར་རྟོགས་པ་གཞན་གྱིས་སྒྲོ་བཏགས་པའི་སྣང་བ་གཞན་ལས་ཐ་དད་པས་རང་ཉིད་སྣང་བའི་ཕྱིར་ཏེ། བསལ་བར ་བྱ་བས་ན་སེལ་བ་ཡིན་ལ། གཞན་ལ་སེལ་བ་ཞེས་བཤད་པའི་ཕྱིར་རོ། །བཏགས་པ་ནི་རྒྱུ་གསུམ་གྱིས་ཏེ། རྒྱུ་ལ་འབྲས་བུའི་ཆོས་བཏགས་པ་ཏེ། གཞན་ལས་ལྡོག་པའི་དངོས་པོ་ནི། །ཐོབ་པའི་རྒྱུ་ཕྱིར་ཞེས་པ་གང་བཤད ་པ་ཡིན་ནོ། །འབྲས་བུ་ལ་རྒྱུའི་ཆོས་བཏགས་པའི་ཕྱིར་ཡང་སྟེ། དེ་སྟོན་པ་ནི་མ་འདྲེས་པའོ། །དངོས་པོའི་སྒོ་ནས་འོངས་པའི་ཕྱིར་ཞེས་བྱ་བ་ལ་མ་འདྲེས་པ་ནི་གཞན་དང་མ་འབྲེལ་པ་གཞན་ལས་ལྡོག་པ་ཞེས་བྱ་བའི་ཐ ་ཚིག་གོ་།དེ་ཉིད་དངོས་པོའི་སྒོ་སྟེ་ཐབས་སོ། །དེ་ཉམས་སུ་མྱོང་བའི་སྟོབས་ཀྱིས་རྣམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །རིགས་མི་མཐུན་པ་སེལ་བའི་དངོས་པོ་དང་ལྷན་ཅིག་ཏུ་འཁྲུལ་པའི ་ཕྱིར་དང། རྟོགས་པ་པོ་དག་གིས་ཞེན་པའི་ཕྱིར་ཞེས་བྱ་བའི་རྒྱུ་བཞི་པ་སྟོན་པ་ནི་རིགས་མི་མཐུན་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བློ་ལ་ཡོད་པའི་དོན་གྱི་གཟུགས་བརྙན་ནོ། །རྒྱུ་མཚན་དང་བཅས་ཞེས་བྱ ་བ་ནི། སྣང་བ་གཞན་ལས་ཐ་དད་ཕྱིར། ཞེས་བྱ་བ་ལ་སོགས་པ་རྒྱུ་མཚན་བཞི་དང་ལྷན་ཅིག་འཇུག་པའི་ཕྱིར་རྒྱུ་མཚན་དང་བཅས་པའོ། །དོན་གྱི་བདག་ཉིད་ཀྱི་སེལ་བའི་དོན་རང་བཞིན་བསྟན་པའི་ཕྱིར། དེའི་རྒྱུ་རང་གི་མཚན་ཉིད་ལ ་ལྡོག་པ་དེ་ཡོད་པའི་ཕྱིར་ཏེ། རྒྱུ་མཚན་དང་བཅས་པའོ། །གཞན་སེལ་ཞེས་བྱ་བའི་མིང་འདི་བཏགས་ཞེས་སྐབས་དང་སྦྱོར། །དེ་ལ་རྒྱུ་མཚན་བཤད་པ། གཞན་མ་འདྲེས་པ་ཡོད་ཕྱིར་ཞེས་བྱ་བ་སྟེ། གཞན་ལ་སྟེ་རིགས་མི ་མཐུན་པ་ལས་མ་འདྲེས་པ་སྟེ། ལྡོག་པ་དེ་ཡོད་པའི་ཕྱིར་ཏེ། རིགས་མི་མཐུན་པ་དང་མ་འདྲེས་པ་ཡོད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།འདིས་ནི་རང་གི་མཚན་ཉིད་གཞན་སེལ་བར་བསྟན་པ་ནི་དངོས་ཡིན་ནོ་ཞེས་བསྟན་པ ་ཡིན་ནོ། །མེད་པར་དགག་པའི་མཚན་ཉིད་ཀྱི་གཞན་སེལ་བའི་རང་བཞིན་བསྟན་པའི་ཕྱིར། མེད་པར་དགག་པ་ཞེས་བྱ་བ་སོགས་པ་སྨོས་ཏེ། དེའི་ཕྱིར་དེ་ལྟར་སེལ་བ་རྣམ་པ་གསུམ་བསྟན་ནས། སྐབས་ཀྱི་སྒྲའི་དོན་ལ་སྦྱར་བའི ་ཕྱིར། དེ་ལ་གཞན་སེལ་དང་པོ་འདི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དོན་གྱི་གཟུགས་བརྙན་གྱི་བདག་ཉིད་དོ། །འདི་ལ་རྒྱུ་བཤད་པ་ནི། ཕྱི་རོལ་དོན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཁོ་ན་སྒྲ་ལས་བྱུང་བའི་ཤེས ་པ་ལ་སྣང་བ་དེ་ཁོ་ན་སྒྲའི་དོན་དུ་རིགས་ཀྱི། འདི་ལ་དགག་པ་དེས་པ་ཡོད་པ་མ་ཡིན་ལ། དབང་པོའི་ཤེས་པ་བཞིན་དུ་རང་གི་མཚན་ཉིད་སྣང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲ་ལས་བྱུང་བའི་བློའི་ཕྱི་རོལ་གྱི་དོན་དུ་ཞེན་པ་ཉེ་བར་སྐྱེ་བ་འབའ་ཞིག ་ཏུ་ཟད་དོ། །དེས་ན་དོན་གྱི་གཟུགས་བརྙན་དེ་ཉིད་སྒྲ་ལས་བྱུང་བའི་ཤེས་པ་ལ་དངོས་སུ་དེའི་བདག་ཉིད་དུ་སྣང་བའི་ཕྱིར། སྒྲའི་དོན་དུ་རིགས་ཀྱི་གཞན་གྱི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་སྒྲའི་དོན་དང་ལྷན་ཅིག་བརྗོད་པར་བྱ་བ་དང་བརྗོད ་པར་བྱེད་པའི་དངོས་པོའི་མཚན་ཉིད་ཀྱི་བྲེལ་པ་གྲུབ་པ་དེ་ནི་རྒྱུ་དང་འབྲས་བུའི་དངོས་པོའི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་སྟོན་པ་ནི། བློ་དེའི་ངོ་བོའི་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རོལ་གྱི་དངོས་པོའི་མཚན་ཉིད་དུ་ངེས་པ་དེའི་ངོ་བོ་སྟེ་རང་བཞིན་གང་ལ་ཡོད་པ ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་ངོ་བོ་ཡང་ཡིན་པ་གཟུགས་བརྙན་ཡང་ཡིན་ཞེས་བསྡུའོ། །བློའི་དེའི་ངོ་བོའི་གཟུགས་བརྙན་དེའི་འབྲེལ་པ་ཉིད་སྒྲ་ལས་སྐྱེས་པ་ན་སྟེ་འབྱུང་བ་ན་རྗོད་པར་བྱེད་པའི་མཚན་ཉིད་ཀྱིས་དངོས་པོའི་མཚན་ཉིད་དེ་དཔྱད་པ་ན་རྒྱུ ་དང་འབྲས་བུའི་དངོས་པོ་བདག་ཉིད་ཁོ་ནར་གྲུབ་སྟེ་འདི་ལྟར་སྒྲ་ནི་གཟུགས་བརྙན་དེ་སྐྱེད་པར་བྱེད་པའི་ཕྱིར་རྗོད་པར་བྱེད་པ་བརྗོད་ལ། གཟུགས་བརྙན་དེ་ཡང་སྒྲས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་བརྗོད་བྱའོ། །དེའི་ཕྱིར་སྒྲ་ལས་བྱུང་བའི་ཤེས ་པ་ལ་དགག་པ་ཙམ་འདིར་སྣང་བ་མིན་ཞེས་གང་སྨས་པ་དེ་ནི་འབྲེལ་པ་མེད་པ་ཡིན་ཏེ། དགག་པ་ཙམ་སྒྲའི་དོན་དུ་ཁས་མ་བླངས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་རེ་ཞིག་གཟུགས་བརྙན་གྱི་མཚན་ཉིད་ཀྱི་སེལ་བ་ནི་དངོས་སུ ་སྒྲས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དངོས་ཀྱི་སྒྲའི་དོན་ཡིན་ནོ་ཞེས་བསྟན་ནས། སེལ་བ་ལྷག་མ་རྣམས་ཀྱང་སྒྲའི་དོན་ཉེ་བར་བཏགས་པར་བརྗོད་པ་ན་འགལ་བ་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་དེ་ལྟར་རྣམ་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་ཡིན་པས་སོ། །ཡང་ཅིའི་ཕྱིར་ཤུགས་ཀྱི་མེད་པར་དགག་པ་རྟོག་ཞེས་བསྟན་པའི་ཕྱིར། དེའི་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྟེ་བ་ལང་ལ་སོགས་པའི་གཟུགས་བརྙན་གྱི་བདག ་ཉིད་ད་ནི་གཞན་ཏེ་རྟ་ལ་སོགས་པའི་གཟུགས་བརྙན་གྱི་བདག་ཉིད་སྟེ་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་ནི་མེད་པར་དགག་པའི་མཚན་ཉིད་ཀྱི་སེལ་བ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་བཏགས་ནས་སྒྲའི་དོན་ཉིད་དུ་བསྟན་ནས། ་རང་གི་མཚན་ཉིད་ཀྱང་བསྟན་པའི་ཕྱིར་དངོས་པོ་དག་དང་འབྲེལ་བ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འབྲེལ་པ་ནི་སྒྲ་དངོས་པོ་ལ་བརྒྱུད་ནས་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་སྟེ། འདི་ལྟར། ཐོག་མར་ཇི་ལྟར་གནས་པའི་དངོས་པོ་ཉམས་སུ་མྱོང ་ངོ། དེ་ལས་བརྗོད་པར་འདོད་དོ། །དེ་ནས་རྐན་ལ་སོགས་པ་ཡོངས་སུ་འགུལ་ལོ། །དེ་ལས་སྒྲའོ་ཞེས་བྱ་བ་དེ་ལྟ་བུའི་བརྒྱུད་པ་གང་གི་ཚེ་སྒྲ་ཕྱི་རོལ་གྱི་མེ་ལ་སོགས་པའི་དངོས་པོ་འབྲེལ་བར་འགྱུར་བ་དེའི་ཚེ་འབྲེལ་པ་དེ་ཡོད་ན་རིགས་མི ་མཐུན་པ་ལས་ལྡོག་པའི་དངོས་པོ་ཡང་དོན་གྱིས་གོ་བས་རྟོགས་པར་འགྱུར་རོ། །དེའི་ཕྱིར་མེད་པར་དགག་པ་དང་གཞན་ལས་ལྡོག་པའི་དངོས་པོའི་བདག་ཉིད་ཀྱི་སེལ་བ་རྣམ་པ་གཉི་ག་ཡང་སྒྲའི་དོན་ཞེས་ཉེ་བར་བཏགས་པ་ཡིན་ནོ། །འདི་ཞེས ་བྱ་བ་ནི་རང་གི་མཚན་གྱི་བདག་ཉིད་དོ། །ཡང་གི་སྒྲ་ལས་མེད་པར་དགག་པའི་བདག་ཉིད་ཀྱང་ངོ། །དེའི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་འོད་བྱེད་པས། གལ་ཏེ་སྒྲའི་བརྗོད་པར་བྱ་བའི་དོན་གཞན་སེལ་བ་ཡིན་པ་འདི་ཚེ་འདིའི་བརྗོད་པར་བྱ ་བའི་དོན་ལས་ཐ་དད་པའི་རང་གི་དོན་བརྗོད་པར་བྱ་བ་དགོས་ལ། ཅི་སྟེ་དེ་ཉིད་འདིའི་རང་གི་དོན་ཡིན་པ་དེ་ལྟ་ན་ཡང། སྒྲ་སྒྲའི་དོན་གཞན་སེལ་བ་ན་རང་གི་དོན་བྱེད་པ་ན་རྗོད་པར་བྱེད་དོ་ཞེས་བྱའོ་ཞེས་བྱ་བ་འདི་དང་འགལ་ཏེ། དེའི་ཚེ་འདིའི་དག་གི ་དོན་འདི་ཡིན་ཏེ་རྗོད་པར་བྱེད་པས་རྗོད་པར་བྱེད་པའོ། །ཞེས་གང་སྨྲས་པ་དེ་འདི་དག་གི་དོན་ཡོངས་སུ་མ་ཤེས་ནས་སྨྲས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སློབ་དཔོན་གྱི་དག་མི་འགལ་བར་སྟོན་པ་ནི། སྒྲ་ནི་དོན་གཞན་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། རང་གི་མཚན་ཉིད་ཀྱང་བརྟགས་ནས་རང་གི་དོན་བསྟན་ཏེ། དེའི་ཕྱིར་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་དོན་དེ་ལ་དོན་གཞན་རྣམ་པར་བཅད་པའི་གཟུགས་བརྙན་གཞན་ལས་ལྡོག་པའི་གཟུགས་བརྙན་གྱི་བདག་ཉིད་ཀྱི་སེལ་བ་བྱེད་ཅེ་ན ་སྟེ་སྐྱེད་པར་བྱེད་པ་སྒྲ་རྗོད་པར་བྱེད་དོ་ཞེས་བརྗོད་པའི་སློབ་དཔོན་གྱི་ཚིག་དང་མི་འགལ་ལོ། །གང་གིས་འདི་ནི་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ཚིག་འདི་འཚད་དོ། །སློབ་དཔོན་གྱི་དགོངས་པ་ནི་འདི་ཡིན་ཏེ། སྒྲ་ལ་ཕྱི་རོལ་གྱི་དོན་དུ་ཞེན ་པའི་རྣམ་པར་རྟོགས་པའི་གཟུགས་བརྙན་བསྐྱེད་པ་ལ་མ་གཏོགས་པ་གཞན་ཕྱི་རོལ་བརྗོད་པའི་བྱ་བ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་དུ་ཞེན་པས་འཇུག་པའི་རྣམ་པར་རྟོགས ་པའི་གཟུགས་བརྙན་སྐྱེད་པར་བྱེད་པ་ནི་སྒྲ་རང་གི་དོན་རྗོད་པར་བྱེད་པ་ཞེས་བྱའོ། །ཐ་དད་པ་སྟེ་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལྡོག་པའི་རང་གི་མཚན་ཉིད་ལ་འདི་དག་རེག་པ་ནི་མ་ཡིན་ཏེ། ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། ་ཆ་ཤས་དེ་ཙམ་མ་རྟོགས་པའི། ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའི་གཟུགས་བརྙན་སྐྱེད་པར་བྱེད་པ་ལས་མ་གཏོགས་པ་སྒྲའི་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཞན་སེལ་བའི་རང་གི་ངོ་བོ་བརྗོད་ནས། ་ད་ནི་གཞན་གྱིས་སྨྲས་པའི་སུན་འབྱིན་པ་གསལ་བའི་དོན་དུ་རྩོམ་པར་བྱེད་དོ། །དེ་ལ་གལ་ཏེ་བ་ལང་ཞེས་བྱ་བའི་སྒྲ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་དེའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲས ་བ་ལང་གི་བློ་ཉིད་སྐྱེད་པར་བྱེད་དེ། གཞན་དང་མ་འདྲེས་པའི་ཤུགས་ཀྱི་རྟོགས་པ་ཡིན་ཏེ། སྒྲ་ལས་ནི་མ་ཡིན་ནོ། །དེའི་བ་ལང་གི་གཟུགས་ནི་སྣང་བ་གཞན་གྱི་བདག་ཉིད་དང་བྲལ་བའི་ཕྱིར་རོ། །གཞན་དུ་ན་ངེས་པའི་ངོ་བོ་དེ་རྟོགས ་པར་མི་འགྱུར་རོ། །དེས་ན་བ་ལང་གི་བློ་སྐྱེད་པའི་སྒྲ་གཞན་བཙལ་མི་དགོས་ཏེ། བ་ལང་གི་སྒྲ་དེ་ཉིད་ཀྱི་བ་ལང་གི་བློ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། །སྒྲ་ནི་ཤེས་པའི་འབྲས་ཅན་ཏེ། ཞེས་བྱ་བ་ལ་སོགས་པ་ལ། ཉིན་མོ་ཟ་བ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ལྷས་བྱིན་ཚོན་པོ་ཉིན་པར་ཟན་མི་ཟའོ་ཞེས་བྱ་བའི་དག་འདི་ནི་དངོས་སུ་ཉིན་མོ་ཟ་བ་བཀག་ལ། རང་གི་དོན་བརྗོད་པས་མཚན་མོ་ཟ་ལ་ཤུགས་ཀྱི་སྒྲུབ་པ་ཡིན་གྱི་དངོས་སུ་ནི་མ་ཡིན ་པ་དེ་བཞིན་དུ་བ་ལང་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འགྲོ་བ་སྟོན་པའི་སྒྲའི་དངོས་ཀྱི་འབྲས་བུ་ནི་རྗེས་སུ་འགྲོ་བ་ཤེས་པ་ཡིན་ལ། ལྡོག་པ་རྟོགས་པའི་ཤུགས་ལས་ཡིན་ནོ། །དེ་ལ་རྒྱུ་བཤད་པ་ནི། གང་གི་ཕྱིར་ཞེས་བྱ་བ ་ལ་སོགས་པ་སྟེ། གང་གི་ཕྱིར་རྗེས་སུ་འགྲོ་བ་སྒྲུབ་པ་ནི་ལྡོག་པ་དང་མི་ལྡན་པ་ལ་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིགས་མི་མཐུན་པ་རྣམ་པར་གཅོད་པ་ལ་མི་འཁྲུལ་པ་ཉིད་ཡིན་ནོ། །རིགས་མི་མཐུན་པ་ལས་མི ་ལྡོག་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་སྒྲ་གཅིག་གི་འབྲས་བུ་གཉིས་འགལ་བ་མེད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་རང་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་གཅིག་དངོས་སུ་སྒྲུབ་པ་དང ་དགག་པའི་ཤེས་པའི་མཚན་ཉིད་འབྲས་བུ་གཉིས་ཅིག་ཅར་འདོད་པར་གྱུར་ན་དེའི་ཚེ་འགལ་བར་འགྱུར་ན། གང་གི་ཚེ་ཉིན་མོ་ཟ་བའི་ཚིག་བཞིན་དུ་གཅིག་དངོས་སུ་དང་གཞན་ཤུགས་ཀྱིས་ཐོབ་པའི་འབྲས་བུ་ཤེས་འདོད་པ་དེའི་ཚེ་འགལ་བ ་མེད་དོ། །གང་ཡང་གང་གིས་བ་ལང་མིན་དགག་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་བསལ་བ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་རོ། །ཁོ་བོ་ཅག་གིས་ནི་སྒྲས་དངོས་སུ་བ་ལང་མ་ཡིན་པ་དགག་པ་བྱེད་དོ་ཞེས་ཁས་མ་བླངས་སོ། །འོ་ན་ཅི་ཞེ་ན། ་ཤུགས་ཀྱིས་སོ་ཞེས་བསྟན་ཟིན་ཏོ། །གང་གིས་བ་ལང་མིན་ལྡོག་པའི། སྤྱི་ནི་བརྗོད་བྱ་ཞེས་གང་སྨོས་པ་དེ་ལ། དེ་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདྲ་ཞེས་བྱ་བ་ནི་ཕྱིའི་ངོ་བོ་ཉིད་དུ་ཞེན་པའི་བློའི་རྣམ་པའོ། །འདི་ལ་འཐད་པ ་བཤད་པ་ཁྲ་བོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲ་བོ་ལ་སོགས་པ་ཐམས་ཅད་ལ་བ་ལང་ཞེས་མཚུངས་པའི་ངོ་བོ་ཉིད་དུ་ངེས་པའི་ཕྱིར་དེ་དག་གི་སྤྱི་ཞེས་བརྗོད་དོ། །ཕྱིའི་དངོས་པོའི་ངོ་བོ་ཉིད་ཀྱང་འཁྲུལ་པའི་ཤེས་པའི་དབང ་གི་ཐ་སྙད་དུ་བྱེད་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། དངོས་པོ་སྙམ་དུ་ཞེན་པའི་ཕྱིར། ཞེས་བྱའོ། །གལ་ཏེ་ཕྱི་རོལ་གྱི་དངོས་པོ་ལ་བརྟེན་པའི་སྤྱི་དངོས་པོར་གྱུར་པ་དངོས་པོ་ཞིག་རེས་འགའ་དམིགས་པར་གྱུར་ན། དེའི་ཆོས ་མཐུན་པ་མཐོང་བ་ལས་དེ་ལ་སྤྱིར་འཁྲུལ་པར་འགྱུར་ཏེ། ཇི་སྲིད་དུ་ཁྱེད་ལ་དངོས་ཀྱི་དོན་མི་སྲིད་པ་ན་དེ་ཉིད་སྤྱིར་འཁྲུལ་པ་མི་འཐད་པ་ཡིན་ནོ་ཞེས་དོགས་པ་བསུ་ནས། ཤེས་ཏེ་རང་གི་ངོ་བོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སྐད་ཅིག་གིས་ནི་ཞེས་བྱ་བ་ཆོས་མཐུན་པ་མཐོང་བ་ལ་སོགས་པ་ལ་བལྟོས་པ་མེད་པས་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་དུ་ནང་གི་བསླད་པ་ཁོ་ན་ལས་དེའི་ཤེས་པ་སྐྱེད་པ་ཡིན་ཏེ། འཁྲུལ་པ་ཐམས་ཅད་ཆོས ་མཐུན་པ་མཐོང་བ་ཉིད་ལས་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནང་གི་བསླད་པ་ལས་ཀྱང་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེས་ན་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །དེའི་རྣམ་པ་དེ་ཉིད་ཀྱང་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་ཉིད་དུ་ཞེ་ན་པའི་བློའི་རྣམ་པ་ཉིད་གཞན་སེལ་བ་ཞེས་བྱ་བ་དང་སྒྲའི་དོན་ཞེས་ཕྱི་རོལ་གྱི་སྤྱི་དངོས་པོར་གྱུར་པ་བཞིན་དུ་བརྗོད་དོ། །དེ་ལ་རྒྱུ་བཤད་པ་དེ་ལྟར་འཁྲུལ་པས་ངེས་ཕྱིར་རོ། །ཞེས་བྱ་བ་སྟེ། དེ་ལྟར་ཞེས་བྱ་བ ་ནི་སྤྱིའི་ངོ་བོ་ཉིད་དང་དངོས་པོའི་ངོ་བོ་ཉིད་དུ་ཞེན་པའི་ཕྱིར་རོ། །སྒྲའི་དོན་ཉིད་དང་སེལ་བའི་ངོ་བོ་དག་གི་རྒྱུ་ནི། ཕྱི་རོལ་དོན་དུ་ཞེན་པ་ཡི། བློ་ནི་སྒྲ་ལས་འབྱུང་ཕྱིར་རོ། །སྣང་བ་གཞན་ཐ་དད་ཕྱིར་ཞེས་བྱ་བ་ལ་སོགས་པས་དད་པ་ཉིད་དུ་བཤད ་ཟིན་ཏོ། །ཡང་ཅིའི་ཕྱིར་དོན་དམ་པར་དེ་སྤྱིར་མི་འགྱུར་ཞེ་ན། ཡང་དག་ཏུ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་བློ་ལས་ཐ་མི་དད་པ་འདི་དག་གིས་དོན་དུ་གྱུར་ནས་སྤྱིར་འགྱུར་བ་དེ་ཅི་ལྟར་དོན་གཞན་གྱི་རྗེས་འབྲངས་པ ་ཡིན། ཇི་སྐད་དུ་ཤེས་ལས་ཐ་དད་མ་ཡིན་པ་ཇི་ལྟར་དོན་གཞན་འབྲང་བར་འགྱུར་ཞེས་བཤད་པ་ཡིན་ནོ། །དེ་ལྟ་བས་ན་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་མི་འགྱུར་རོ། །ཁྱེད་ཅག་གིས་བ་ལང་ཉིད་ཅེས་བྱ་བའི་སྤྱིར་རྣམ་པ་དངོས་པོར་འགྱུར་བ་མ ་ཡིན་པའི་ངོ་བོར་ནི་མི་འདོད་དོ། །འོ་ན་ཅི་ཞེ་ན། ཕྱི་རོལ་གྱི་ཁྲ་བོ་ལ་སོགས་པ་ལ་གནས་པ་གཅིག་རྗེས་སུ་འགྲོ་བ་དོན་དམ་པ་པའི་བ་ལང་ཉིད་ལ་སོགས་པའི་སྤྱི་བཏགས་པ་ཡིན་ཏེ། དེའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་སྙམ་དུ ་བསམས་པ་ཡིན་ནོ། །གལ་ཏེ་དགག་པ་ཙམ་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཁས་མ་བླངས་པ་ཉིད་ཀྱི་ཕྱིར་སྐྱོན་མེད་དོ། །གང་ཡང་རྟ་སོགས་བློ་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་དེ་ལ། གལ ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །གང་ཡང་སྒྲ་དོན་དུ་འགྱུར་ན་དོན་ལ་མི་བལྟོས་པའོ་ཞེས་བྱ་བ་སྨྲས་པ་དེ་ལ། དེ་ནི་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་རྒྱུད་ནས་དངོས་པོ་ལ་འབྲེལ་པ་ཡོད་པའི་རྣམ་པར་རྟོགས ་པ་དེ་ནི་འཁྲུལ་པ་ཡིན་ཡང་ནོར་བུའི་འོད་ལ་ནོར་བུའི་བློ་བཞིན་དུ་ཕྱི་རོལ་གྱི་དོན་ལ་བལྟོས་པ་མེད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་བལྟོས་པ་མེད་པ་ཉིད་མ་གྲུབ་པོ། །གང་ཡང། བློ་དེ་སྒྲའི་དོན་དག་ལ། ཞེས་བྱ་བ་ལ་སོགས་པ ་སྨྲས་པ་དེ་ལ། བདག་ཉིད་དེ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བློ་དངོས་པོའི་ངོ་བོ་ཡིན་པ་དེ་ལྟ་ན་ཡང་དེའི་ཕྱི་རོལ་གྱི་བདག་ཉིད་དེ་དང་བློ་གཞན་གྱི་བདག་ཉིད་ཀྱི་དངོས་པོ་ཉིད་མ་ཡིན་ནོ་ཞེས། དེ་བདག་གཞན་གྱི ་བདག་ཉིད་མིན། ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །དེས་ན་བློ་ནི་མི་སེལ་བའི། དངོས་ཉིད་བརྗོད་པ་ཉིད་དུ་བརྟགས་ཞེས་བྱ་བར་མ་གྲུབ་སྟེ། ཤུགས་ཀྱིས་རྟོགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་ཕྱི་རོལ ་དོན་མེད་ཀྱང་ཞེས་བྱ་བ་འདི་ལ། གཟུགས་བརྙན་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཟུགས་བརྙན་གྱི་བདག་ཉིད་སྣང་བ་ཞེས་བྱ་བའི་སེལ་བ་ཁོ་བོ་ཅག་གིས་ངག་གི་དོན་དུ་བརྗོད་པ་དེ་བཞིན་དུ་ཚིག་གི་དོན ་ཡང་ཡིན་ཏེ། གང་གི་ཕྱིར་ཚིག་ལས་ཀྱང་གཟུགས་བརྙན་གྱི་བདག་ཉིད་ཀྱི་སེལ་བ་འཐད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཁོ་བོ་ཅག་གི་གཟུགས་བརྙན་གྱི་བདག་ཉིད་འདི་ཉིད་སེལ་བ་ཡིན་ནོ། །ཡང་གི་སྒྲ་ནི་དག་གི་དོན་འབའ་ཞིག་ཏུ་མ་ཟད་ཀྱི། ་ཚིག་གི་དོན་ཡང་ཞེས་བྱའོ། །དེས་ན་ལོག་པར་རྟོག་པ་མེད་པའི་ཕྱིར་ཀླན་ཀ་མི་རིགས་སོ་སྙམ་དུ་བསམས་པའོ། །བློ་ནི་བློ་གཞན་པ་དག་ལས། རྣམ་པར་གཅོད་པ་རྟོགས་མ་ཡིན། ཞེས་བྱ་བ་འདི་རང་གི་ངོ་བོ་སྐྱེས་ཙམ་ལས། ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གང་ཁོ་ནའོ་ཕྱིར་རང་གི་ངོ་བོ་སྐྱེ་བ་ཙམ་ལས་གཞན་གྱི་ཆ་བློ་དེས་མི་འཛིན་པ་དེ་ཁོ་ནའི་ཕྱིར་རང་རང་གི་ངོ་བོ་ལ་གནས་པས་བློ་གཞན་ལས་རྣམ་པར་བཅོད་པ་རྟོག་པར་འགྱུར་བ་ཡིན་ནོ། །དེ་ལྟ་མ ་ཡིན་ཏེ། གཞན་གྱི་ངོ་བོ་འཛིན་ན་ཇི་ལྟར་དེ་ལས་རྣམ་པར་བཅད་པ་རྟོགས་པར་འགྱུར། དེས་ན་ཞེས་བྱ་བ་ནི་རང་ལས་ཐ་དད་པའི་དངོས་པོའི་རང་ངོ་བོ་ངེས་པར་མི་འཛིན་པས་སོ། །གལ་ཏེ་གཞན་སེལ་བརྗོད་བྱ་ན་ཞེས་བྱ་བ་ལ་སོགས་པ་ལ། ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཞན་སེལ་བ་རང་བཞིན་མེད་པའི་ཕྱིར་ཡོད་པ་མ་ཡིན་པའི་ངོ་བོ་ལ་ཕན་ཚུན་ལ་ཐ་དད་པ་མེད་པར་བརྗོད་པ་དེ་བཞིན་དུ་ཐ་དད་མེད་པ་ཡང་ཡིན་པས་དེའི་ཕྱིར་ཇི་ལྟར་ཐ་མི་དད་པའི་དོན་མེད་ན་རྣམ་གྲངས ་པ་ཉིད་དུ་ཐལ་བར་བྱེད། འདི་ཉིད་གསལ་པོར་བྱ་བའི་ཕྱིར། ཐ་དད་མེད་པའང་དངོས་གཅིག་ཉིད་ལ་ཅེས་བྱ་བ་སྨོས་སོ། །གལ་ཏེ་མེད་པ་དག་ལ་དངོས་པོ་གཅིག་མེད་པ་དེ་ལྟ་ན་ཡང་ཅིའི་ཕྱིར་རྣམ་གྲངས་པ་ཉིད་དུ་མི་འགྱུར ་ཞེ་ན། དོན་གཅིག་ཉིད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་སྙམ་དུ་མེད་པ་དག་ལ་གཅིག་གི་ངོ་བོ་ཉིད་ཡང་དག་པར་མེད་པ་དེ་ལྟ་ན་ཡང་བརྟགས་པ་པོ་ཡོད་དེ། དེས་ན་རྣམ་གྲངས་པ་ཉིད་དུ་ཐལ་བར་འགྱུར་བར་རིགས་སོ ་སྙམ་དུ་སེམས་ན། དེའི་ཕྱིར་ཇི་ལྟར་ངོ་བོ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་མེད་ན་ཡང་ཞེས་བྱ་བ་ནི། རང་བཞིན་མེད་ན་ཡང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་སྒྲ་དག་ནི་རྣམ་གྲངས་པ་ཡིན་པའི་རྣམ་པར ་བཞག་པ་གྲུབ་སྙམ་ན། རྗོད་བྱེད་དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་ཐ་དད་པ་འམ་ཐ་དད་པ་མ་ཡིན་པའི་དངོས་པོ་འགའ་ཞིག་ཏུ་གྱུར་ན་དེའི་ཚེ་རྣམ་གྲངས་པར་འགྱུར ་ན། ཇི་སྲིད་དུ་འདི་དག་གི་བརྗོད་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ་ཞེས། །གང་ཕྱིར་རང་གི་མཚན་ཉིད་རིགས་དེ་འབྲེལ་རིགས་ལྡན་དེ་བཞིན་དུ་ཞེས་བསྟན་ཟིན་ཏོ། །འོ་ན་ཇི་ལྟར་རྣམ་གྲངས་ལ་སོགས་པར་རྣམ་པར་གཞག་ཅེ་ན། འོ་ན་ཀྱང་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱི་མེད་ན་ཡང་སྤྱིའི་སྒྲ་རྣམ་པར་བཞག་པའི་རྒྱུ་མཚན་ནི་འདི་ཡིན་ཏེ། མང་པོ་རྣམས་ཀྱི་དོན་བྱ་བ་གཅིག་བྱེད་པ་གང་ཡིན་པའོ། །དངོས་པོ་ཁ་གཅིག་ནི་རང་བཞིན་གྱི་མང་པོ་ཡིན་ན་ཡང་དོན་གྱི་བྱ་བ་གཅིག་བྱེད ་པར་འགྱུར་ལ། དོན་ཅིག་བྱེད་པར་ནུས་པ་དེ་དག་བསྟན་པའི་ཕྱིར་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་ཚེགས་ཆུང་བར་བྱ་བའི་ཕྱིར་གཅིག་གི་ངོ་བོ་སྒྲོ་བཏགས་ནས་སྒྲ་གཅིག་སྦྱོར་བ་ཡིན་ཏེ། དཔེར་ན་སྦྲང་རྩི་དང་ཆུ་ལ་སོགས་པ་སྐྱོར་བའི ་མཚན་ཉིད་ཀྱི་དོན་གཅིག་བྱེད་པར་ནུས་པའི་གཟུགས་ལ་སོགས་པ་མང་པོ་དག་ལ་བུམ་པ་ཞེས་བྱ་བའི་སྒྲ་འདི་སྦྱོར་བ་བཞིན་ནོ། །ཡང་ཅིའི་ཕྱིར་རྗེས་སུ་འགྲོ་བ་ཅིག་མེད་པར་མང་པོ་དག་ལ་སྒྲ་གཅིག་སྦྱོར་བར་བྱེད་ཅེ་ན། དཔེར་ན་རྗེས ་འགྲོ་གཅིག་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ཙམ་ལ་རག་ལས་ཏེ་སྒྲ་རྣམས་དོན་ལ་སྦྱོར་ཏེ། འདི་ལྟར་གཟུགས་ཀྱི་རྣམ་པར་ཤེས་པར་འབྲས་བུ་གཅིག་པ་ཅན་གྱི་མིང་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དག་ལ ་གལ་ཏེ་འགའ་ཞིག་འདོད་པའི་དབང་གིས་རྗེས་སུ་འགྲོ་བའི་སྤྱི་གཅིག་མེད་ན་ཡང་ཚང་ཞེས་བྱ་བ་ལ་སོགས་པའི་སྒྲ་སྦྱོར་བར་བྱེད་དེ། དེས་ན་སུ་ཞིག་པ་འགེགས་པར་འགྱུར་རོ། །མིག་ལ་སོགས་པ་དེ་དག་ལ་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད ་པའི་སྤྱི་གཅིག་ཡོད་པ་མ་ཡིན་ཏེ། འདི་ལྟར་ཁྱེད་ཅག་གིས་སྤྱི་དང་བྱེ་བྲག་དང་འདུ་བ་དག་ཀྱང་མིང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པར་འདོད། །དེ་དག་ལ་སྤྱི་དང་འདུ་བ་ཡོད་པ་མ་ཡིན་ཏེ། སྤྱི་ནི་སྤྱི་མེད་པ་ཡིན་པའི་ཕྱིར་དང། འདུ་བ་ཡང་འདུ ་བ་གཉིས་པ་མེད་པའི་ཕྱིར་རོ། །འོན་ཏེ་བུམ་པ་ལ་སོགས་ཇི་ལྟར་འབྲས་བུ་གཅིག་བྱེད་པར་བརྗོད། ཇི་སྲིད་དུ་དེའི་འབྲས་བུ་ཆུ་འཛིན་པ་ལ་སོགས་པ་དང་འཛིན་པའི་ཤེས་པ་ནི་རང་གི་མཚན་ཉིད་ཐ་དད་པས་ཐ་དད་པ་ཡིན་ནོ་ཞེ་ན། གལ་ཏེ་ཡང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་རང་གི་མཚན་ཉིད་ཐ་དད་པས་དེ་དག་གི་འབྲུས་ཐ་དད་པ་དེ་ལྟ་ན་ཡང། རེ་ཞིག་ཤེས་པ་ཞེས་བྱ་བའི་འབྲས་བུ་དོན་གཅིག་ཏུ་ཞེན་པའི་ཤེས་པའི་རྒྱུ་ཉིད་ཀྱིས་གཅིག་ཅེས་བརྗོད་ལ། ཤེས་པ་དེའི་རྒྱུའི་དངོས ་པོ་ཡིན་པའི་ཕྱིར་དོན་ཀྱང་ཡིན་ཏེ། སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པའི་མཚན་ཉིད་ཀྱི་བུམ་པ་ལ་སོགས་པའི་མཚན་ཉིད་ཀྱང་ཐ་དད་མེད་པ་ཞེས་བརྗོད་དོ། །དེ་སྟོན་པ་ནི་དེ་བཞིན་དེའི་རྒྱུའི་ཕྱིར། ཞེས་བྱ་བའོ། །བརྗོད་པ་ཡིན་ཞེས་བྱ་བའི ་རྣལ་མའི་ཚིག་ཡོངས་སུ་བསྒྱུར་ནས་མང་ཚིག་གི་མཛའ་ཅན་དུ་སྦྱར་བར་བྱ་ལ། ཡང་གི་སྒྲ་ནི་རིམ་པ་ཐ་དད་པ་སྟེ། དོན་ཞེས་བྱ་བའི་འོག་ཏུ་སྦྲེལ་བར་བྱའོ། །དེས་ན་དོན་གྱི་བྱ་བ་གཅིག་བྱེད་པ་འཐད་པ་ཉིད་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཐུག་པ་མེད་པར ་འགྱུར་བ་མ་ཡིན་ནམ། འདི་ལྟར་འདིའི་བསྲེ་བའི་ཤེས་པ་གང་ཡིན་པ་དེ་ཡང་རང་གི་མཚན་ཉིད་ཐ་དད་པས་ཐ་དད་པར་འགྱུར་བའི་ཕྱིར་གཅིག་ཉིད་དུ་མི་འགྲུབ་ལ། དེ་ལྟ་ཡིན་དང་དེ་ལ་ཡང་གཅིག་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་རོ། །གཅིག་ནི། ་རྣམ་པ་ཅན་བསྲེ་བའི་འབྲས་བུ་གཞན་གྱི་རྗེས་སུ་འབྲད་བས་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འབྲས་བུ་གཅིག་པ་ཉིད་དུ་མི་གནས་པས་གང་དུ་ཡང་སྒྲ་གཅིག་སྦྱོར་བར་འགྲུབ་པར་མི་འགྱུར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། བསྲེ་བའི ་ཤེས་པ་འབྲས་བུ་གཅིག་པ་ཉིད་ཀྱིས་གཅིག་པ་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་གཅིག་ཏུ་ཞེན་པ་ཉིད་ཀྱིས་སོ། །དེས་ན་ཐུག་པ་མེད་པར་མི་འགྱུར་ཏེ། བསྲེ་བའི་ཤེས་པ་ཐམས་ཅད་དོན་གཅིག་ཏུ་ཞེན་པ་ཉིད་དུ་རང་ཉིད་ལས་གྲུབ་པའི་ཕྱིར་རོ།། ་དེས་ན་དོན་འདི་ཡིན་ཏེ། རྣམ་པ་གཅིག་པ་ཅན་གྱི་བསྲེ་བའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཤེས་ཡང་ཞེས་བྱ་བའི་འབྲས་བུ་གཅིག་ཅེས་བྱ་ལ། དེའི་རྒྱུའི་དངོས་པོ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པའི་དོན་ཡང་གཅིག་ཉིད་དུ་ཐ་སྙད་དུ་བྱ་བའི་སྣོད་ཡིན་ནོ། །དེའི ་ཕྱིར་སྤྱི་དངོས་པོར་གྱུར་པ་མེད་ན་ཡང་བུམ་པ་ལ་སོགས་པ་སྤྱི་རྗོད་པར་གྲུབ་པར་འགྱུར་རོ་ཞེས་མཇུག་བསྡུའོ་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་གཅིག་ལ་སྤྱི་དང་བྱེ་བྲག་མེད་ན་ཡང་སྒྲ་དུ་མ་འཚོལ་བར་འཇུག་པར་འགྱུར་བ་ཉིད་ཡིན་ནོ་ཞེས ་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་སྨོས་ཏེ། འགའ་ཞིག་ཅིག་ཡིན་ན་ཡང་རང་བཞིན་གྱིས་ཚོགས་པ་གཞན་གྱི་ནང་དུ་གཏོགས་པའི་དབང་གིས་དོན་གྱི་བྱ་བ་དུ་མ་བྱེད་པར་འགྱུར་བ་ཡིན་ཏེ། དེ་ལ་སྤྱི་དངོས་པོར་གྱུར་པ་ལ་སོགས་པའི་ཆོས་ཐ་དད་པ་མེད་ན ་ཡང་དེའི་འབྲས་བུ་མ་ཡིན་པའི་དངོས་པོ་ལས་ཐ་དད་པ་མང་པོ་སྟེ་ཆོས་དུ་མ་སྒྲོ་བཏགས་པ་ལས་སྒྲ་དུ་མ་སྦྱོར་བར་བྱེད་པ་ཡིན་ནོ། །འདི་ལ་ཡང་དཔེར་བརྗོད་པ་བཤད་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ནི་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས ་བྱེད་པའི་ཕྱིར་ཐོགས་བཅས་ཞེས་བྱ་བ་ལ། བསྟན་པ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ལ་དེ་བསྐྱེད་པའི་ཕྱིར། དེ་དང་ལྷན་ཅིག་ཏུ་འཇུག་པས་བསྟན་དུ་ཡོད་པའོ། །དཔེར་བརྗོད་པ་གཉིས་པ་ཡང་སྟོན་པ་ནི། དཔེར་ན་སྒྲ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་སྒྲ་གཅིག ་ཡིན་ན་ཡང་རྣ་བའི་རྣམ་པར་ཤེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར། །མཉན་པར་བྱ་བ་ཡིན་ལ། མཉན་པ་ནི་སྒྲ་དེ། ཉན་པའི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་སྣང་བ་ཉིད་ཀྱི་དེའི་དངོས་པོ་ནི་མཉན་པར་བྱའོ། །ཡང་ན་མཉན་པས་བཟུང་བར་བྱ་བ་ཡིན་པའི་ཕྱིར། ་མཉན་པར་བྱ་བ་ཡིན་ལ་བཙལ་མ་ཐག་ཏུ་འབྱུང་བའི་ཤེས་པ་འབྲས་བུ་ཅན་ཡིན་པའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་ཞེས་བརྗོད་དོ། །དེ་ལྟར་དེའི་འབྲས་བུ་མ་ཡིན་པ་ལས་ཐ་དད་པས་གཅིག་ལ་ཡང་སྒྲ་དུ་མ་སྦྱོར་རོ་ཞེས་སྟོན་ནོ། །ད་ནི་ད་མ་ཡིན་པ ་ལས་ཐ་དད་པས་ཀྱང་འགའ་ཞིག་ཏུ་སྒྲ་སྦྱོར་བར་བྱེད་དོ་ཞེས་སྟོན་པ་ནི། དེ་རྒྱུ་མིན་ལས་ཐ་དད་པས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྲང་བུ་ལས་བྱུང་ཞེས་བྱ་བ་ནི་ར་རོ་བར་བྱེད་པའི་སྦྲང་རྒོད་ལས་བྱུང་བའི་སྦྲང་རྩི་ལས་ལྡོག་པའོ། །དེ་ལྟར ་དེའི་འབྲས་བུ་དང་རྒྱུ་མ་ཡིན་དང་པོ་ལས་དངོས་པོ་ལས་ཐ་དད་པས་དངོས་པོ་གཅིག་ལ་སྒྲ་ཐ་དད་པར་བསྟན་ཏོ། །ད་ནི་དེའི་འབྲས་བུ་དང་རྒྱུའི་དངོས་པོ་རྣམ་པར་བཅད་པ་ཙམ་བསྟན་པར་འདོད་ནས་སྤྱི་མེད་པར་ཡང་སྒྲ་ཐ་དད་པས་སྦྱོར་བར་བསྟན་པའི་ཕྱིར་རོ། །དེ་འབྲས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་རྒྱུ་དང་འབྲས་བུ་དེ་དག་གང་དག་ལ་ཡོད་པ་དེ་དག་ཅེས་བྱའོ། །དེ་དག་མ་འདྲེས་པ་ནི་ལྡོག་པའོ། །ཡང་སྒྲ་འདི་ཡང་གང་ཞིག་ཅེ་ན། གཟུགས་ནི་མཉན་བྱ་མིན་ཞེས་བྱ་བ་ལ་སྨོས། འབྲས་བུ་ཉན་པའི ་ཤེས་བ་རྣམ་པར་བཅད་པའི་སྒོ་ནས་གཟུགས་མཉན་པར་བྱ་བ་མ་ཡིན་ཞེས་བརྗོད་པ་དེ་བཞིན་དུ་རྩོལ་བའི་རྒྱུ་བུམ་པའི་དངོས་པོ་རྣམ་པར་བཅད་ནས་བློག་རྩོལ་བ་ལས་མ་བྱུང་བའོ་ཞེས་རྗོད་དོ། །དེ་ལྟར་སྤྱི་ལ་སོགས་པ་དངོས་པོས་གྱུར་བ་མེད་པར་ཡང ་སྒྲ་རྣམས་ཐ་དད་དུ་སྦྱོར་བ་ནི་ལྡོག་པས་བྱས་པ་ཉིད་ཡིན་ནོ་ཞེས་བསྟན་ནས། རྣམ་གྲངས་པ་ཉིད་ཐལ་བར་འགྱུར་བ་མེད་པར་བསྟན་པའི་ཕྱིར། དེ་ལྟ་བུ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་སྨོས་པས་གནས་སྐབས་ཀྱི་ཁྱད ་པར་རྗོད་པར་བྱེད་པ་བྱས་པ་ལ་སོགས་པའི་སྒྲ་དང་བདག་མེད་པ་ལ་སོགས་པའི་སྒྲ་གཟུང་ངོ། །ཐ་དད་དོན་གྱི་རྒྱུ་མཚན་ཅན། །ཞེས་བྱ་བ་ནི་ཐ་དད་པ་ནི་དེ་དན་དེ་ལས་ལྡོག་པའི་རྒྱུ་མཚན་ལྡོག་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་བཞིན ་ཞེས་བྱ་བའི་ལྡོག་པ་བཞིན་ནོ། །དེའི་མཐར་ཐུག་ཅེས་བྱ་བ་ནི་ལྡོག་པའི་དོན་གྱི་མཐར་ཐུག་པ་སྟེ། འོལ་ཕྱིར་རྣམ་པ་དེ་ལྟ་བུ་དངོས་པོ་རྟོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མཉན་པ་ཞེས་བྱ་བ་ནི་སྒྲ་རྣམས་སོ། །འདི་སྙམ་དུ་དོན་ཐ་དད་དུ་བཏགས་པའི་ཕྱིར་འདི་དག ་རྣམ་གྲངས་པ་ཉིད་དུ་མ་གྱུར་མོད། སྤྱི་དང་བྱེ་བྲག་གི་རྣམ་པར་བཞག་པ་ཇི་ལྟར་འགྲུབ་པར་འགྱུར་སྙམ་དུ་སེམས་ན། དེའི་ཕྱིར་མང་དང་ཉུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་གི་སྒྲ་ནི་སེང་ལྡེང་དང་ད་བ་དང་བ་ཤ་ལ་སོགས་པ་ཐམས་ཅད་ལ་ཤིང་མ་ཡིན་པ་རྣམ་པར་བཅད་པ་ཙམ ་གྱི་གཟུགས་བརྙན་སྙེད་པར་བྱེད་པ་ཡིན་ནོ། །དེས་ན་འདིའི་ཡུལ་མང་པོ་ཡིན་པའི་ཕྱིར་སྤྱི་བརྗོད་བྱར་བརྗོད་ལ། ད་པ་ལ་སོགས་པའི་སྒྲ་ནི་སེང་ལྡང་ལ་སོགས་པ་ཤིང་གི་ལྡོག་པ་ཅུང་ཟད་ཅིག་བཞིན་པའི་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར་ཁྱད་པར་བརྗོད་བྱར་བརྗོད། འོན་ཏེ་བསལ ་བྱ་ཐ་དད་པས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་རྟོག་ཟོ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་བསལ་བར་བྱ་བ་ཐ་དད་པ་དང་རྟེན་ཐ་དད་པས་སེལ་བ་ཐ་དད་པར་འདོད་པར་གྱུར་ན་དེའི་ཚེ་སྐྱོན་དེར་གྱུར་ན། ཇི་སྲིད་དུ་རྣམ་པར་རྟོག་པས་རིགས་མཐུན་པ་དང་རིགས་མི་མཐུན ་པའི་དངོས་པོ་ལས་ཐ་དད་པའི་རྒྱུ་མཚན་ཅན་གྱི་ལྡོག་པ་ཐ་དད་པ་རྟོག་པར་བྱེད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་དག་ཀྱང་རྟོག་པའི་དབང་གིས་དངོས་པོ་ལས་ཐ་དད་པ་ཉིད་སྣང་གི་དོན་དམ་པར་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་དེ་དག་ཅེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ཡང་དག་མ་ཡིན་ཞེ ་ན། ཐ་དད་ཐ་དད་མེད་པ་ནི། ཞེས་བྱ་བ་ལ་སོགས་སྨོས་སོ། །དོན་དམ་པར་རྣམ་པར་རྟོག་པ་ཁོ་ན་ཐ་དད་པར་འགྱུར་བ་ཡིན་ནོ་ཞེས་སྟོན་པ་ནི། རང་གི་ས་བོན་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་ཐོག་མ་མེད་པའི་རྣམ་པར་རྟོག་པའི་བག་ཆགས་ཡིན་ལ་དུ་མ་དང་དུ་མ་འདྲེས་པའི་དངོས་པོ ་ཡང་ཡིན་ལ། བརྡ་ཡང་ཡིན་ནོ་ཞེས་ཚིག་གོ་རྣམ་པར་སྦྱར་རོ། །འདི་དག་གི་ནུས་པ་ནི་མཐུས་ཏེ་དེ་ལས་རིགས་མི་མཐུན་པའི་དངོས་པོ་དུ་མ་ལས་ལྡོག་པའི་དངོས་པོ་ངེས་པའི་རྣམ་པར་རྟོག་པ་ཐ་དད་པར་འགྱུར་གྱི། དོན་ནི་མ་ཡིན་ཏེ་འདི་ལྟར། ཤིང་ལ་སོགས་པ་སྤྱིའི་ངོ་བོས ་Fད་པ་ལ་སོགས་པ་གཅིག་གི་བདག་ཉིད་དུ་མི་རྟོག་ལ། སྐད་ཅིག་མ་དང་བདག་མེད་པ་ལ་སོགས་པའི་ཆོས་ཐ་དད་པས་ཕྱིར་དུམ་བུ་དུམ་བུར་འབྱེད་པར་འགྱུར་བ་ཡང་མ་ཡིན། རྣམ་པར་རྟོག་པ་ཉིད་ལྟར་བསླབ་པ་འགའ་ཞིག་ཏུ་ཟད་དེ། དོན་ནི་མ་ཡིན་ནོ། །ཇི་སྐད་དུ། དམ་པའི་དོན་གྱི་དོན་རྣམ་ནི་། ་རང་གིས་འདྲེ་དང་ཐ་དད་མེད། དེ་ལ་ངོ་བོ་གཅིག་པ་དང། །དུ་མ་བློ་ཡིས་བསང་བ་ཡིན། །ཞེས་བཤད་པ་བཞིན་ནོ། །གང་ཡང། འདྲ་བ་ཉིད་དུ་མ་གྲུབ་པའི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། ཆོས་གཅིག་རྗེས་འགྲོ་ཞེས་བྱ་བ་མ་སོགས ་པ་སྨོས་ཏེ། གསལ་བར་བྱ་བ་དང་སེལ་བའི་སྤྱོད་ཡུལ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་བསལ་བར་བྱ་བ་ནི་རྟ་ལ་སོགས་པ་སྟེ་།བ་ལང་གི་སྒྲ་ནི་དེ་བསལ་ནས་འཇུག་པའི་ཕྱིར་རོ། །སེལ་བའི་སྤྱོད་ཡུལ་ནི་ཁ་བ་ལ་སོགས་པ་སྟེ། སེལ་བའི་ཡུལ་ནི་དེ་ཡིན་པའི་ཕྱིར། དེས ་ན་གལ་ཏེ་ཡང་སྤྱིའི་ངོ་བོ་རྗེས་སུ་འགྲོ་བ་གཅིག་མེད་པ་དེ་ལྟ་ན་ཡང་འདྲ་བ་ཉིད་དུ་གྲུབ་པ་གང་དག་ཡིན་པ་འདི་དག་ནི་གཅིག་ཏུ་རྟོག་པའི་ཤེས་པའི་རྒྱུ་ཡིན་ལ། བཟློག་པ་གང་དག་ཡིན་དེ་དག་ནི་ཕྱིན་ཅི་ལོག་ཡིན་ནོ། །འདི་སྙམ་དུ་སྤྱི་གཅིག་མེད་པར་ཡང་དོན་ཐ ་དད་པ་དག་ཇི་ལྟར་གཅིག་ཏུ་རྟོགས་པ་དེའི་རྒྱུར་འགྲུབ་པར་འགྱུར་སྙམ་དུ་སམས་ན། དེའི་ཕྱིར། གཅིག་སྟེ་རྟོག་པའི་ཤེས་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྤྱི་མེད་པར་ཡང་ལྟ་རེ་ལ་སོགས་པའི་དོན་གྱི་བྱ་བ་གཅིག་བྱེད་པར་འགྱུར ་པ་དེ་བཞིན་དུ་དངོས་པོའི་ཐ་དད་པ་འགའ་ཞིག་ཀྱང་གཅིག་ཏུ་རྟོག་པའི་རྒྱུར་འགྱུར་བ་ཡིན་པ་ཡིན་ནོ་ཞེས་བྱ་བ་འདི་ནི་སྤྱི་བརྟག་པར་བསྟན་ཟིན་ཏོ། །རྗེས་སུ་འགྲོ་བ་དང་བྲལ་བའི། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ་མིན་ངོ་བོ་ལས་ལྡོག་པའི། ཞེས་བྱ་བ ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སྤྱི་དངོས་པོར་གྱུར་པ་མེད་པ་དེ་ལྟ་ན་ཡང་རིགས་མི་མཐུན་པ་ལས་ལྡོག་པའི་རང་བཞིན་མཚན་ཉིད་ཙམ་ཉིད་ཀྱི་རྗེས་སུ་བྱེད་པར་འགལ་བ་མེད་དོ། །ཇི་ལྟར་ཞེ་ན། གང་ན་ཞེས་བྱ་བ་ལ་སོགས་པ་སྨོས་སྟེ། གང་ཞེས་བྱ་བ་ནི་ས་ཕྱོགས་གང ་ནའོ། །འདི་ན་ཡང་དུ་བ་མ་ཡིན་པ་ལས་ཐ་དད་པའི་རང་གི་མཚན་ཉིད་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ལ་?་ཉེ་བར་བསྟན་པའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཚད་མའི་འབྲས་བུ་ཉེ་བར་སྟོན་པའོ། །ཡང་ན་རང་གི་མཚན་ཉིད་ཀྱིས་རྗེས་སུ་འགྲོ་བ་བྱེད་པ་ནི་ཡན ་ལག་ལྔ་ཡང་བསྟན་པར་ནུས་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ཡང་འབྲས་བུའི་གཏན་ཚིགས་བཤད་པའོ། །རང་བཞིན་གྱི་གཏན་ཚིགས་སྨྲས་པ། མིའི་རྭ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པ་ལས་ལྡོག་པའི་རང་གི་མཚན་ཉིད་གང་ཡིན་པ་དེ་ཐམས་ཅད་ནི ་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་བསྟན་པ་ལས་ཀྱང་ལྡོག་པ་ཡིན་ཏེ། བློ་དང་སྒྲོན་མ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ལ་སོགས་པའི་རང་གི་མཚན་ཉིད་འདི་ཡང་མེད་པའི་ངོ་བོ་མ་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་རིགས་པ་འདིས་ཁྱད་པར་ལ་མ་རེག་པའི ་ཕྱིར་རང་གི་མཚན་ཉིད་ཀྱིས་རྗེས་སུ་འགྲོ་བ་བྱེད་པ་ན་མི་འགལ་ལོ། །འདི་ཡང་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་འདི་རྗེས་སུ་འགྲོ་བ་བསྟན་པ་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་ཀྱིས་རྗེས་སུ་འགྲོ་བ་དེ་ལྟ་ན། ད་ནི་ཇི་ལྟར་རྗེས་སུ་དཔག་པའི་སྤྱིའི་མཚན་ཉིད་ཡུལ་ཅན་དུ་འགྲུབ ་པར་འགྱུར་ཞེ་ན། དེའི་ཕྱིར་ཁྱད་པར་བརྗོད་པར་ནི། འདོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་དེ་ཉིད་ཁྱད་པར་བརྗོད་པར་མི་འདོད་པ་ནི་སྤྱིའི་མཚན་ཉིད་ཅེས་བྱ་སྟེ། ཁྱད་པར་ཡོངས་སུ་མི་འཛིན་པའི་སྤྱིར་མཚོན་ཅིང་ངེས་པར་བྱེད་པས་སྤྱིའི ་མཚན་ཉིད་དོ། །གཞན་ཡང་མ་ཡིན་ཞེས་བྱ་བ་ནི་མུ་སྟེགས་བྱེད་ཀྱིས་མངོན་པར་འདོད་པ་སྟེ། དེ་མི་འདོད་པའི་ཕྱིར། །ཇི་སྐད་དུ། དེ་ཉིད་རང་བཞིན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་འདོད། །ཅེས་བཤད་པ་བཞིན་ནོ། །དེ་བཞིན་དུ་གཞན་ཡང། ་དེ་མིན་རང་བཞིན་ལས་ལྡོག་པའི་དངོས་པོས་ཙམ་ཞིག་རབ་བསྒྲུབ་ཕྱིར། །རྟགས་སྤྱིའི་ཡུལ་ཅན་དུ་བརྗོད་དེ། ཁྱད་པར་གནས་པ་མེད་ཕྱིར་རོ། །ཞེས་བཤད་དོ། །དེ་ཡང་སྒྲ་དང་རྟགས་དག་གི་ལྷན་ཅིག་པ་སྤྱིད་སྤྱིར་བཤད་ཟེར་བ་འདྲ་བ་ཡང་རང་གི་མཚན ་ཉིད་ཀྱིས་བསྟན་ཏེ། ཁོ་བོ་ཅག་གི་མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་པར་ངེས་པར་བྱེད་པ་མ་ཡིན་ནོ། །འོ་མ?་ཞེ་ན། མི་དམིགས་པའི་ཁྱད་པར་ལས་སོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་ཁྲ་བོ་ལས་ནི་ཐ་དད་ཉིད ་ཅེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་དེ་ལ་ཁྲ་མོའི་བུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེར་གྱི་བུ་དང་རྟ་གཉིས་ཁྲ་མོའི་བུ་ལས་ཐ་དད་པར་མཚུངས་ན་ཡང་ཅིའི་ཕྱིར་རྟ་ཡོངས་སུ་སྤངས་ནས་ཁྲ་མོ་ལ་སོགས་པ་དེ་དག་ཉིད་ལ་བ་ལང་ཉིད ་འཇུག་གི་རྟ་ལ་ནི་མ་ཡིན་ཞེས་བྱ་བ་འདི་ཁྱེད་ཅག་གིས་བརྗོད་པར་འོས་སོ། །འདི་སྙམ་དུ་འདི་ལ་ཅི་ཞིག་བརྗོད་པར་བྱ། དེའི་བ་ལང་ཉིད་དེ་མངོན་པར་གསལ་བ་ལ་ཁྲ་བོ་ལ་སོགས་པ་ཉིད་ནུས་ཀྱི། རྟ་ལ་སོགས་པ་ནི་མ་ཡིན་ཏེ་དེའི་ཕྱིར་དེ་ཉིད་ལ་འཇུག་གི་གཞན་ལ་ནི་མ་ཡིན་ནོ། །ཅིའི ་ཕྱིར་དེ་མངོན་པར་གསལ་བ་ལ་ཁྲ་བོ་ལ་སོགས་པ་ཉིད་ནུས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་བརྒལ་ཞིང་བརྟག་པར་རིག་པ་མ་ཡིན་ཏེ། འདི་ལྟར་འདི་ནི་དངོས་པོ་རང་བཞིན་སོ་སོར་ངེས་པ་ཡིན་ནོ། །དངོས་པོ་རྣམས་ཀྱི་རང་བཞིན་ལ་ནི་བརྒལ་ཞིང་བརྟག་པར ་Fཱོས་པ་མ་ཡིན་ཏེ། དེ་དག་གི་རང་བཞིན་ཐ་དད་པ་སོ་སོར་ངེས་པ་ནི་རང་གི་རྒྱུ་རྒྱུད་པས་བྱས་པ་ཉིད་ཀྱི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་དེ་གསལ། དེ་ཞེས་བྱ་བ་ནི་བ་ལང་ཉིད་དོ། །དེ་ཉིད་ཅེས་བྱ་བ་ན་ཁྲ་བོ་ལ་སོགས་པ་སྟེ། རྟ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཐ ་དད་ཀྱང་སྤྱི་མེད་པར་ཡང་མཚུངས་པར་རྟོགས་པ་སྐྱེད་པ་ལ་ཁྲ་བོ་སོགས་པ་ཁོ་ན་ནུས་ཀྱི། རྟ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཁོ་བོ་ཅག་གི་ཕྱོགས་ལ་མི་འཐལ?་བ་ཁོ་ནའོ། །དེ་ལས་ཅིར་འགྱུར་ཞེ་ན། དངོས་པོ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲ་བོ ་ལ་སོགས་པའི་དངོས་པོ་གང་ལ་བ་ལང་ངོ་བ་ལང་ངོ་ཞེས་བྱ་བ་དེ་ལྟ་བུའི་གཅིག་ཏུ་རྟོག་པའི་ཤེས་པ་སྐྱེ་བ་དེ་ཉིད་ལ་དངོས་པོར་གྱུར་བའི་བ་ལང་གི་རིགས་མེད་ན་ཡང་བ་ལང་མ་ཡིན་པ་སེལ་བ་གཟུགས་བརྙན་གྱི་བདག་ཉིད་འཇུག་པ་ཡིན། བ་ལང་མིན་སེལ ་དབང་པོས་ཀྱང། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་མ་གྲུབ་པོ། ཞེས་བསྟན་པའི་ཕྱིར་རོ། །བ་ལང་མིན་ལྡོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་རང་གི་མཚན་ཉིད་ཀྱི་སེལ་བ་ནི་དབང་པོས་ངེས་པར་བྱ་བ་ཁོ་ནའོ། །གང་ཡང་དོན་གྱི ་གཟུགས་བརྙན་གྱི་བདག་ཉིད་ཀྱི་སེལ་བ་དེ་ནི་དོན་དམ་པར་བློའི་རང་བཞིན་ཡིན་པའི་ཕྱིར་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་བོ། །ཀྱང་གི་སྒྲ་ནི་མ་བཤད་པའི་དོན་སྡུད་པ་སྟེ། དེས་ན་མེད་པར་དགག་པའི་བདག་ཉིད་ཀྱང་ཤུགས་ཀྱིས་རྟོགས་པར་བྱེད་པ་ཡིན་ཏེ། དེའི་བདག ་ཉིད་ནི་གཞན་གྱི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་ལ་སོགས་པའི་ངོ་བོའི་སེལ་བ་འདི་ཉིད་མཐོང་ན་སྟེ་ཤེས་ནས་འཇིག་རྟེན་གྱིས་སྒྲ་སྦྱོར་གྱི་སྤྱི་དངོས་པོར་གྱུར་པ་ལ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང། མི་སྣང་བའི་ཕྱིར། གང་ཁོ་ན་མཐོང་ནས ་འཇིག་རྟེན་གྱིས་སྒྲ་སྦྱོར་བ་དེ་ཉིད་ཀྱིས་དེའི་འབྲེལ་བ་རྟོགས་ཀྱིས་གཞན་གྱིས་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །བ་ལང་མིན་པའི་སྒྲས་རྗོད་བྱེད། ཇི་ལྟར་ཡང་ནི་གོ་བར་བྱ། ཞེས་གང་སྨྲས་པ་འདི་ལ། དངོས་པོ་གང་ལ་དེ་འདྲ་བའི། ཞེས་བྱ་བ་ལ་སོགས ་པ་སྨོས་སོ། །གང་ཡང་གྲུབ་ནའང་བ་ལང་མིན་གསལ་བྱ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ལ་སོགས་པའི་དངོས་པོ་རྣམས་ནི་རང་ཉིད་ཀྱིས་ཐ་དད་དུ་རྟོགས་པའི་ཤེས་པ་སྐྱེད་པར་བྱེད་པ་ནས་རྣམ་པར་ཕྱེ་ནས་ཡང་དག་པར་ངེས་པ་ཡིན་ལ། དེ་ལ་ཐ་སྙད་ཀྱི ་དོན་དུ་ཐ་སྙད་འདོགས་པ་པོ་རྣམས་ཀྱི་ཇི་ལྟར་འདོད་པ་བཞིན་དུ་མ་གྲུབ་པའི་སྒྲ་སྦྱོར་བ་ཡིན་ནོ། །འདི་ལྟར་གལ་ཏེ་དངོས་པོ་ཐ་དད་པའི་རང་གི་ངོ་བོ་རྟོགས་པར་བྱ་བའི་དོན་དུ་དངོས་པོ་གཞན་འཛིན་པ་ལ་བལྟོས་པ་དེའི་ཚེ་ཕན་ཚུན་བརྟེན་པའི་སྐྱོན་དུ་འགྱུར་ན ་ཇི་སྲིད་དུ་གཞན་འཛིན་པ་མེད་པར་ཁོ་ནར་དངོས་པོའི་ཐ་དད་པ་རིགས་པ་ཡིན་ལ། དེ་ལ་ཐ་དད་པའི་རྣམ་པར་རྟོག་པ་ཅན་གྱི་རྒྱུ་ཡིན་པ་ཉིད་ཀྱིས་རྣམ་པར་ཕྱེ་ནས་གྲུབ་པ་ན་བ་ལང་དང་བ་ལང་མ་ཡིན་བ་ཞེས་བྱ་བ་ཇི་ལྟར་འདོད་པར་བརྡ་བྱེད་པའི་ཕྱིར་ཇི་ལྟར ་ཕན་ཚུན་བརྟན་པ་ཉིད་དུ་འགྱུར། རིག་པ་ལ་ཞེས་བྱ་བ་རིག་པའི་དོན་དུའོ། །གང་ཡང་རྟེན་དང་བརྟེན་པར་འཇུག་སོགས་ཀྱི། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། སྒྲ་ལས་བྱུང་བའི་བློ་འདི་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་སེལ་བར་བྱ་བའི་ཁྱད་པར ་འགའ་ཞིག་སྒྲ་དག་གིས་བརྗོད་པ་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་སྒྲས་དངོས་པོ་འགའ་ཞིག་ལ་ཡང་རེག་པ་མ་ཡིན་ཏེ། གང་དུ་ཡང་བརྡ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་བཤད ་ཟིན་ཏོ། །འདི་ལྟར་སྒྲ་ལས་བྱུང་བའི་བློའི་ཕྱི་རོལ་དོན་ཡུལ་མ་ཡིན་ན་ཡང་རང་གི་གཟུང་བ་སྟེ། རང་གི་རྣམ་པ་ཕྱི་རོལ་ཉིད་དུ་ངེས་པར་སྐྱེད་པར་བྱེད་ཀྱི་དོན་དམ་པར་དངོས་པོའི་རང་བཞིན་ལ་རེག་པ་ནི་མ་ཡིན་ཏེ། ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་མ་ངེས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཇི་ལྟར་སློབ་དཔོན་གྱིས་ཨུཏཔལ་སྔོན་པོ་ལ་སོགས་པའི་སྒྲས་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་གྱི་དོན་བརྗོད་ཞེས་བཤད་ཅེ་ན། ་དེའི་ཕྱིར་མཚན་ཤིང་བྱེད་པ་དག་གིས་ནི། ཞེས་བྱ་བ་ལ་སོག་པ་སྨོས་ཏེ། འདི་བརྗོད་པར་འདོད་པ་ཡང་གང་ཞིག་ཅེ་ན། དངོས་གང་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་རྣམ་པ ་གཉིས་ཏེ། ཕྱི་ནང་བློ་ལ་ཡོད་པའོ། །དེ་ལ་ཕྱི་རོལ་ནི་དོན་དམ་པར་སྒྲ་རྣམས་ཀྱིས་བརྗོད་པ་མ་ཡིན་གྱི། དེ་ངེས་པར་བྱེད་པའི་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར་ཉེ་བར་བཏགས་ནས་སྒྲའི་དོན་དུ་བརྗོད་པ་འགའ་ ་ཞིག་ཏུ་ཟད་དོ། །བཏགས་པའི་དགོས་པ་ཡང་རིགས་བརྗོད་པ་སེལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ནོ།། བཀྲ་ཤིས། །། ་