| Wylie | e-texts based on the ACIP/ALL Input |
གྲོལ་བརྟན་པས་པཎྜི་ཏ་ལ་མ་བལྟོས་པར་རང་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག། །།*། །རྒྱ་གར་སྐད་དུ། ཀཨཱརྱ་ཀ་ར་ཎ་བྷ་བ་སིདྡྷི། བོད ་སྐད་དུ། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མངོན་སུམ་དང་ནི་མི་དམིགས་པའི། །དབྱེ་བ་གསུང་གྱི་ཡང་དག་འགྲུབ་པ།། རྒྱུ་དང་འབྲས་བུའི་བདག་ཉིད་ནི། །ཁ་ཅིག་རྣམ་པ ་ལྟ་ཡིས་སྨྲ། །ཞེས་བྱ་བ་སྨོས་ཏེ། མངོན་སུམ་དང་མི་དམིགS་པ་དག་གིས་གྲུབ་པ་ནི་རྒྱུ་དང་འབྲས་བུའོ་ཞེས་བྱ་བར་རིགས་སོ། །དེ་ལ་སྦྱི་ལ་མངོན་དུ་ཞུགས་པ་མེ་དམིགས་པའི་གྲོགས་དང་ལྡན་པ་ཡུལ་གཉིས་པ་རིམ་པས་བྱུང་བའི ་མངོན་སུམ་གཉིས་སམ། ཡང་ན་གཉི་གའི་སྤྱི་འཛིན་པ་མངོན་སུམ་གྱི་གྲོགས་དང་ལྡན་པ་རིམ་པས་བྱུང་བའི་མི་དམིགས་པ་གཉིས་ཞེས་བྱ་སྟེ། དབྱེ་བ་རྣམ་པ་གསུམ་གྱིས་གྲུབ་པ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ཡང་གཞན ་དག་ནི་དེ་གསུམ་དང་ཐ་མ་གཉིས་ཀྱི་གྲོགས་དང་ལྡན་པ་ཉིད་དེ་དབྱེ་བ་རྣམ་པ་ལྔའི་རིམ་པས་ངེས་པ་ཡིན་ནོ་ཞེས་སྨྲ་སྟེ། དང་པོ་གསུམ་ཡོད་དུ་ཟིན་ཀྱང་རྟོགས་པར་བྱེད་པ་པོའི་བློ་ཐེ་ཆེན་ཉེ་བར་སྐྱེ་བས་ཐ་མ་གཉིས་ཡོད་ན་རྗེས་སུ་འགྲོ་བ་དང ་ལྡོག་པའི་མཚན་ཉིད་ལ་སོགས་པ་དང། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པར་འགྱུར་རོ། །དེ་ལ་མངོན་སུམ་གྱིས་ནི་རྗེས་སུ་འགྲོ་བ་རྟོགས་ལ། གཉིས་ཀྱི་ནི་ལྡོག་བ་ཤེས་བྱ་སྟེ། ལྷས་ངེས་པར་གྲུབ་པ་ཡིན་ནོ། །དེ་དག་ལས་གཅིག་ལས་གཅིག་གིས་མ་ངེས ་ན་ཐེ་ཚོམ་སྤང་བ་དཀའ་ཨོ་ཞེས་བསམས་པ་ཡིན་ནོ། །འདི་དབྱད་པར་བྱ་སྟེ། གལ་ཏེ་སྔ་མའི་དམིགས་པ་ལས། གཞན་དང་འབྲེལ་པ་ལ་སོགས་བ། །གཅོད་པ་མེད་ན་དེ་ཅི་ཞིག་།གཅོད་ན་ཕྱི་མས་ཅི་ཞིག་བྱ། ཞེས་བྱ་བ་སྨྲོས་ཏེ། མི་དམིགས་པ ་གཉིས་པོ་གང་ཡིན་པས་ལྡོག་པ་བསྒྲུབ་པར་བྱ་བའི་ཕྱིར་མི་དམིགས་པ་འདི་ཉིད་དོན་དུ་གཉེར་བ་ཡིན་ན་དེ་ལ་ཡང་རྒྱུལ?་མངོན་པར་འདོད་པ་མེད་ན་འབྲས་བུ་གཉིས་མངོན་པར་འདོད་པ་ཡོད་པ་གནོད་པ་འདིས་བསྒྲུབ་པར་བྱ་བ་འདི་ཡང་རྣམ་བ་གསུམ་སྟེ། ་ཡུལ་དེ་ཉིད་ན་གནས་པའམ་ཡུལ་གཞན་ནས་འོངས་པའམ། ཚོགས་པས་དབེན་པ་ཅན་དེ་དག་ལ་སོགས་བ་ལས་བྱུང་བའོ་དེ་ལྟ་བུའི་བྱེ་བྲག་གི་གནོད་པ་དང་བྲལ་བའི་རྒྱུ་མཚོན་མ་ཡིན་ན་འདི་ལ་ཅི་ཞིག་བལྟོས་ན། ལྡོག་པ་ལ་འདི་དགོས་པ་མ ་ཡིན་གྱི། འོན་ཀྱང་རྗེས་སུ་འགྲོ་བ་འཛིན་པའི་མངོན་སུམ་ལ་གྲོགས་བྱེད་པ་ཉེ་བར་བསྟན་པ་ཡིན་ནོ་ཞེས་ཟེར་ན། འདི་ཡོད་པས་ན་འདི་བྱུང་བ། །མངོན་སུམ་གྱིས་རྟོགས་མིན་ནམ་ཅི། །ཞེས་བྱ་བ་སྨོས་ཏེ། ཡོད་ན་ཡོད་པ་ལས་གཞན་གྱི་རྗེས་སུ་འགྲོ ་བ་ནི་མེད་དོ། །དེ་ཡང་མངོན་སུམ་གྱིས་གྲུབ་སྟེ། འདིར་མི་དམིགས་པའི་གྲོགས་ཀྱིས་ཅི་ཞིག་བྱ། འདི་ལྟར་རྗེས་སུ་འགྲོ་བ་ཅི་འདྲ་བ་དེ་འདྲ་གཉེ་བར་ཐོབ་པར་ཡང་འགྱུར་བ་མ་ཡིན་ནམ། མངོན་སུམ་ཙམ་གྱིས་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྔ་ན་མེད་པ་གཟུང ་བ་ཁྱད་པར་ཅན་གྱི་མངོན་སུམ་གྱིས་དེ་འཛིན་ཏེ་མི་འདོད་པར་ཐལ་བ་མེད་དེ། །དེ་ལྟར་དབྱེ་བ་གསུམ་ལས་ཐ་དད་པའི་དངོས་པོ་བཟློག་པའི་ངོ་བོ་སྔ་ན་མེད་བ་མི་དམིགས་པས་གྲུབ་བམ། མེད་བ་ཅེ་མ་ཡིན། ཕྱོགས་དང་པོ་ཡིན་ན་འདི་ལྟར ་འགྱུར་ཏེ། འདི་ཡོད་པས་ན་འདི་འབྱུང་པ་ཡིན་ཏེ། གཞན་ལས་འབྱུང་བ་མེད་པའི་ཕྱིར། ལྡོག་པ་དེ་ཉིད་ཁོ་ན་སྟེ། དོན་མི་གནས་གཞན་ལས་ནི། །སྐྱེ་བ་མིན་གཞན་ལས་འོངས་པ་མིན། །གང་ཞིག་ཡོད་ལས་འབྲས་འབྱུང་བ། །གལ་ཏེ་དེས་མིན་འགའ་ ་ལས་མིན། །ཞེས་བྱ་བ་སྨོས་ཏེ། དེ་ཡང་མི་དམིགས་པ་མངོན་དུ?་མོང་པའི་མངོན་སུམ་གྱི་གྲུབ་སྟེ། ཕྱི་མ་གཉིས་ཀྱི་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་ཡང་རྒྱུ་མེད་ན་འབྲས་བུ་མེད་ན་གནས་པ་འམ། གཞན་ལས་སྐྱེས་པའམ། གཞན་གྱིས་འབད་པས ་གཞན་ནས་འོངས་པ་བཀག་པ་ཉིད་ཀྱི་མི་ལྡོག་པ་བསྒྲུབ་པ་ཡིན་ནོ། །ཕྱི་མ་གཉིས་ཀྱིས་ནི་མ་ཡིན་ཏེ། དེ་དག་གིས་བྱ་བ་མ་གྲུབ་ན་བརྒྱ་ཡང་མེད་པའི་ཕྱིར་རོ། །དེ་ཡང་དང་པོ་ཉིད་ཀྱིས་གཅིག་བུས་གྲུབ་ཟིན་པས་གཞན་དོགས་པ་མེད ་དོ། །གལ་ཏེ་ཡང་དང་པོའི་མི་དམིགས་པས་མེད་པ་ཙམ་རྟོགས་སོ་སྙམ་དུ་སོམས་ན། དངོས་པོ་མེད་ཙམ་རྟོགས་ན་ཡང། །སྔ་མ་དོགས་པ་ཡོད་མ་ཡིན། །འདིའི་བྱ་བ་སྟེ་སྔ་མས་ན། འདི་ལ་ལྷག་མས་ཅི་ཞིག་བྱ། །ཞེས་བྱ་བ ་སྨོས་ཏེ། རེ་ཞིག་མེད་པ་ཙམ་རྟོགས་ན་གང་ཞིག་གང་གི་རྗེས་སུ་འགྲོ། །འདི་མེད་པ་ཞེས་བྱ་བས་ཀྱང་རྗེས་སུ་འགྲོ་བ་རྟོགས་ན་ཇི་ལྟར་འདོད་པས་ཉེ་བར་ཐོབ་པས་ཤིན་ཏུ་ཐལ་བར་འགྱུར་བས་དོགས་པ་ཡོངས་? ་ཆད་བ་ཉིད་དོ། །འདིའི་བྱ་བ་ལས་སྔ་མའི་དངོས་པོ་མེད་པ་འདི་རྟོགས་ན་གསུམ་པོས་དེ་ཉིད་རྟོག་པས་ལྷག་མས་ཅི་ཞིག་བྱ། གང་གི་ཕྱིར་ཐ་མ་གཉིས་ཀྱིས་མཚང?་བ་མེད་པ་ཐོབ་པ་མ་ཡིན་ནོ། ། ་རྗེས་སུ་འགྲོ་བ་འཁྲུལ་པ་ཡི། །ལྡོག་པ་ཁོང་དུ་ཆུད་ཅེ་ན། །མངོན་སུམ་ཙམ་གྱི་བྱ་བ་ལའང། །འདི་ལ་ཅི་ཡི་ཕྱིར་མི་བརྗོད་ཅེས་སྨོས་ཏེ། གང་སྔ་མངོན་དུ་གཉེར་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་བ་དག་རེ་རེ་འཁྲུལ ་པ་ཉིད་ཀྱིས་ལྷན་ཅིག་རྒྱུ་དང་འབྲས་བུར་བསྟན་པ་ཡིན་ནོ། །དེ་བས་ན་རེ་རེས་དེའི་ངོ་བོ་མ་ཡིན་པ་ཡང་ཡོད་བ་ལ་གནོད་པ་མེད་ཉིད་དེ་བདག་ཅག་མཚུངས་པ་ཡིན་ནོ། །དེའི་ཕྱིར་ཐ་མ་ཉིད་ཡོད་ན་དང་པོ་མི ་དགོས་ལ། དང་པོ་ཡོད་ན་ཐ་མ་དག་དགོས་པ་མེད་དོ་ཞེས་བྱ་བར་གྲུབ་བོ། །མ་གྲུབ་སྟེ་གང་གི་ཕྱིར་དང་པོ་ཉིད་ཀྱིས་དེའི་བྱ་བ་ལས་སྔར་དེ་ཉིད་མེད་དོ་ཞེས་རྟོགས་པས་ཀྱང་བྱ་བ་དེ་ཉིད་ཀྱི་ངོ་བོ་ལ་རབ་ཏུ་སྦྱོར ་བོས་མེད་དོ་ཞེས་ངེས་པར་གཟུང་བ་མ་ཡིན་ཏེ། ཕྱི་མས་ཡང་ངེས་པར་གཟུང་བ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། དང་པོའི་ཡང་དོགས་པ་མེད་པ་དེ་ཉིད་གནས་པའི་ཕྱིར་རོ། །དེ་ཙམ་མེད་པ་ལས་མེད་པར། ། ་གྱི་མས་རྣམ་པར་ངེས་ཡིན་ན། །རིགས་པ་དེ་ཉིད་མཚུངས་པའི་ཕྱིར། །སྔ་མས་ཀྱང་ནི་ཅིས་མི་འདོད། །ཅེས་བྱ་བ་སྨོས་ཏེ། །བྱ་བ་དེ་ཉིད། ལས་སྔ་མ་?་མེད་པ་ཞེས་བྱ་བ་ཡང་གང་གི་ཕྱིར་དེ་མེད་པ་ཙམ་གྱིས ་མེད་པར་བསྟན་པ་ཡིན་དེ་ཇི་སྐད་བསྟན་པའི་དབྱེ་བ་གསུམ་ཡོད་པས་གསལ་བར་འཕཌ་པའི་ཕྱིར། །དེ་ལྟ་བས་ན་ངེས་མ་ངེས་ན་ཕྱིས་ནས་ཀྱང་མི་འགྱུར། །དེ་ལ་སྔ་མ་གཉིས་པོ་མེད་པ་ཙམ་དུ་གནས་པ་ཡིན་གྱིས་གཅིག་ནི་མ་ཡིན་པའི་དགེས?་པའི་རོ་མཐོང་བས ་ཕྱི་མ་ལ་ཡང་སུ་ཞིག་ཡིད་རྟོན་ནོ། །དེ་ལ་རག་མ་ལས་པས་དེ་མེད་པར་ཡང་འབྱུང་བར་ཐལ་བར་འགྱུར་བས་གཉིད་བས་མེད་པ་ཉིས་འབྲེལ་བ་མེད་པར་མཚུངས་པ་ཡིན་ནོ། །གཞན་ཡང་མེ་དང་རྔ་མོ་ཡོད་པའི ་དེ་མ་ཐག་ཏུ་བྱུང་བའི་དུ་བ་ཡང་བོང་བུ་མེད་པས་སྔར་ཉམས་སུ་མྱོང་དོ་ཞེས་བརྗོད་མོད་ཀྱི། གཉི་ག་ལོག་བས་ལོག་པ་འམ་ཕྱི་མས་ཀྱང་ངོ་ཞེས་བྱ་བ་ནི་དད་གཞན་བརྒྱུད་པའི་ཐབས་རྗེས་སུ་འབྲང་བ་ཡིན་པས་སྔར་བཞག་པ་ཉམས་པ ་ཡིན་ན། །དེ་ལྟར་གནས་ན་གསུམ་མ་ཡིན་གྱི?། གཉིས་ནི་ཡིན་ནོ། ཞེས་ཟེར་ན་ཕྱི་མ་ཡང་དོན་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་སྟོན་གྱིས་དེ་གཉིས་སམ་གསུམ་ཞེས་བྱ་བས་ཅི་ཞིག་བྱ། གཉིས ་ཀྱི་དགོས་པ་ཡོད་དེ་གཞན་མེད་པས་ཀྱང་ངེས་པར་མི་རུང་ངོ་ཞེས་ཟེར་ན་དེ་ལྟ་མོད་ཀྱི་རྒྱུ་འབའ་ཞིག་མེད་བས་མི་དམིགས་པ་ཡིན་ན་དེའི་ཚེ་སྔ་མ་ཉིད་ཀྱི་ནུས་པ་ཡིན་ནོ་ཞེས་ཅིའི་ཕྱིར་མི་འདོད། །མ་ཡིན་ནོ་ཞེ་ན། ཐམས ་ཅད་དུ་དོགས་པ་མེད་པའི་ཕྱིར་ཞེས་བསྟན་ཟིན་ཏོ། །གཞན་དུ་ན་མངོན་སུམ་ན་ཡང་གསུམ་ཡིན་གྱི། །དེ་གཉིས་ནི་མ་ཡིན་ནོ་ཞེས་སྨྲ་བར་ནུས་པའི་ཕྱིར་རོ། །གཞན་ཡང་སྔར་སྨྲ་བ་དང་གཞུང་མཚུངས་པ་ཉིད་དུ་བྱེ་བྲག ་མེད་པའི་ཕྱིར་རོ། །སྔ་མའི་མི་དམིགས་པ་གཅིག་ཏུ་འདོད་མོད་ཀྱི། དེ་ལ་མེ་དང་བོང་བུ་གཉིས་ལོག་པ་ཡོད་པ་དང། དེ་མ་ཐག་ཏུ་དུ་བ་མི་དམིགས་པས་ལྡོག་པས་ད་ལྟར་ཡང་རྣམ་པ་གཉིས་ཡིན་ནོ། །ངང་པོ་མེད་སྣང་རིམ ་པས་དམིགས། །རྒྱུ་དང་འབྲས་བུར་གནས་པར་ཤེས། །ཡང་ན་མཐོང་རིམ་མི་དམིགས་པས། །གཞན་དུ་ཐུག་པ་མེད་པར་འགྱུར། ཞེས་བྱ་བ་སྨོས་ཏེ། ཐེ་ཚོམ་དེ་དང་དེ་གསལ་བའི་ཕྱིར་ཕྱི་མ་དང་སྔ་མ་སྔ་མ་དམིགས་པ ་དང་མི་དམིགས་པར་ཚོལ་པར་ཐལ་བར་འགྱུར་རོ། །དེ་ལ་ཇི་ལྟར་འདོད་པར་གསུམ་པ་ལ་སོགས་པར་གཞན་གྱིས་ཤིག་།མངོན་སུམ་དབུས་སུ་བཞག་པའི་མི་དམིགས་པ་དག་གང་དུ ་ཡང་མི་དགོས་ཏེ། གཞན་དགོས་པ་ཡོད་པས་གཉིས་ཀ་ལ་ཡིད་བརྟན་དུ་མེད་པའི་ཕྱིར་རོ། །དེ་ཉིད་དཔྱད་ན་ཡང་གཅིག་ཉིད་ཀྱི་འགྲུབ་སྟེ། དེ་བས་ན་མངོན་སུམ་དང་མི་དམིགས་པ་དག་གིས་རྗེས་སུ་འགྲོ་བ་དང་ལྡོག་བ་ངས ་ཏེ་རྒྱུ་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་གནས་སོ་དེ་གཉིས་དོན་ཐ་དད་པའི་ངོ་བོ་དེ་རང་བཞིན་གཅིག་པའི་ཕྱིར་རོ། །དེ་གཉིས་ཀྱང་རྟོགས་པའི་རིམ་པ་དེས་པ་མེད་པས་རྣམ་ལ་གཉིས་ཀ་ཡང་འགྲུབ་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ལྡོག ་པ་བསྟན་པར་དེ་ལྟར་རྣམ་པར་བཞག་པ་ཡིན་ཏེ། །དེའི་ཕྱིར་དེ་འཛིན་པའི་མི་དམིགས་པས་རྗེས་སུ་འགྲོ་བའི་ཡུལ་ཅན། མངོན་སུམ་བཟློག་པར་རིགས་པ་ཡིན་ནོ། །མ་ཡིན་ཏེ་མེད་ན་མི་འགྱུར་བའི་མཚན་མ་ཉིད་ཀྱི་གཞལ་བྱ་བསྟན ་པ་ཉིད་དུ་བཞག་པ་ཡིན་གྱི་མང་པོས་ནི་མ་ཡིན་ཏེ་ཚད་མ་ལྟར་སྣང་བ་རྣམས་ལ་ཡང་མཐོང་བ་ཡོད་པའི་ཕྱིར་རོ། །སྣང་བ་མི་དམིགས་པ་གཅིག་ཉིད་ཀྱིས་དེ་མེད་པ་ཤིན་ཏུ་མེད་པར་བསྒྲུབས་པ་ནི་ལེགས་པ ་ཡིན་ཏེ། ལྷག་པར་བཅད་པ་འདིས་ཅི་ཞིག་བྱ་བ། དེའི་ཚེ་དུ་བའི་དྲི་མ་ཙམ་ཡང་མི་སྲིད་དོ། །དུ་མ་ལ་སོགས་པ་ལས་གང་ལོག་།ཕས་དུ་བ་ལ་ལོག་པར་གྱུར་ཏོ་ཞེས་ངེས་པར་བྱ་བ་མ་ཡིན་ནམ་ཞེས་ཟེར་ན། དེ་ཉིད་ཀྱི་ཕྱིར ་རྗེས་སུ་འགྲོ་བ་འཛིན་པའི་མངོན་སུམ་ལ་བལྟོས་པ་ཡིན་ནོ། །གཞན་མེད་པའི་སྦྱོར་བ་ཉིད་ཀྱི་མེད་པ་ཉིད་ལ་གུས་པར་མི་བྱའོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་གཟུང་བ་སྔོན་དུ་འགྲོ་བ་ངེས་པ་ལ་ཡང་དུ་མ་སྲིད་པ་དག ་ལས་གང་ཞིག་ཡོད་པའི་སྦྱོར་བས་འདི་ཡོད་ཞེས་ཤེས་པར་འདོད་པ་ལས་མི་དམིགས་པ་ལས་གང་ཞིག་མེད་པའི་སྦྱོར་བས་འདི་མེད་པ་ཡིན་ན་རེ་ཞིག་དེ་ཡོད་པའི་སྦྱོར་བས་སྔར་ཡང་འདི་ཡོད་པས་ཡིན་ནོ། །ཞེས་བྱ་བར་གྲུབ་པ་དེ་ལ་ཡང ་རེ་རེ་ནས་བཞག་པ་དད། བསལ་བ་དེ་ལྟ་བུས་རྟོགས་པར་ནུས་སོ། །དེ་བཞིན་དུ་ཡང་ཡོད་པས་སྔ་མ་དང་ཕྱི་མ་དག་གིས་ལྡོག་པ་བསྒྲུབ་པར་ནུས་སོ། །དུ་མ་བསལ་བ་ལ་སོགས་པ་ཡང་གཉིས་པོས་ཀྱང་མི་ནུས་སོ་ཞེས་བྱ་བར་གནས ་སོ། །ལྔ་པོ་རྣམ་པར་བཞག་པ་འདི་ཡང་མ་ཁྱབ་པ་ཡིན་ཏེ། ཐལ་བ་དང་མེ་དང་བུམ་པ་དང། རྫ་མཁན་ལ་སོགས་པ་རྣམས་ལ་ཕྱི་མ་མེད་པའི་ཕྱིར་དང་ཆུའི་རྒྱུན་འགགས་པ་ལ་སོགས་པ་ལ་ཡང་སྔ་མ་མེད་ཀྱང་གྲུབ་པའི་ཕྱིར ་ཏེ། འདི་ལྟར་ཆུ་ལོན་གྱིས་འགགས་ན་ཆུའི་རྒྱུན་འགགས་པ་དམིགས་ཏེ་དེ་ཡོད་པས་དེ་མེད་པར་མཐོང་བས་དེ་དག་རྒྱུ་དང་འབྲས་བུའི་ངོ་བོར་ངེས་པས་སྔ་མ་ལ་བལྟོས་པ་མ་ཡིན་བ་ཉིད་དོ། །དེ་བཞིན་དུ་གཞན་ལ་ཡང་གསུམ་ལ ་བལྟོས་པ་ཉིད་དུ་རིག་པར་བྱའོ། །འདི་ལྟར་སྔར་མ་མཐོང་པའི་མེ་མ་ཡིན་པ་ཉེ་བ་ན་དུ་བ་མཐོང་བས་མེ་ལ་བལྟོས་པ་གཞན་ཉིད་ཀྱང་བསྐྱེད་དོ་ཞེས་ཅིའི་ཕྱིར་མི་རྟག་དེ་ལྟ་ན་ཡང་མི་རྒྱུ་ཉིད་ཡིན་ཏེ། བུད་ཤིང་བཞིན་ནོ། །དེ་ལྟ ་ཡིན་གཞན་ཡང་གང་འདོད་པའི་བོད་བུ་ལ་སོགས་པ་རྒྱུ་ཉིད་ཡིན་ན་དེའི་ཕྱིར་དེ་ཡང་དུ་བ་ལས་རྗེས་སུ་དཔག་པར་ཐལ་བར་འགྱུར་རོ་ཞེས་ཟེར་ན། དེ་ཅི་མེ་རྒྱུ་ཉིད་དུ་ངེས་པ་དེ་བཞིན་དུ་བོང་བུ་ཡང་ཡིན་ནམ། །འོན་ཏེ་མངོན ་སུམ་དང་མི་དམིགས་པ་དག་?་ཡང་འཇུག་བའི་ཕྱིར་རོ་ཞེ་ན། གཉི་ག་ལ་ཡང་མི་རིགས་པའི་ཕྱིར་དང། །གཞན་དེ་དག་དགག་པའི་ཕྱིར་གསུམ་པ་ལ་བརྟེན་པ་མ་ཡིན་གྱི། འོན་ཀྱང་མེ་བསྒྲུབས་ན་དེ་ཡང་གྲུབ་པ་ཡིན་ཏེ། ་བཞན་དགག་པ་མེད་པ་ལ་གནོད་པ་མེད་པ་ཉིད་དོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། རྒྱུ་ཉིད་དུ་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །མེ་ལ་བལྟོས་པ་ལས་ནམ་ཡང་བོང་བུས་བྱས་པ་ཡིན་ནོ་ཞེས་པའི ་ཐེ་ཚོམ་ནི་མ་ཡིན་ཏེ། །ངེས་པ་དང་འགལ་ཏེ་དེ་ནི་ཐེ་ཚོམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་འགག་པ་ཡང་དེ་ཉིད་ལ་དཔྱད་པས་མིན་གྱི་གཞན་གྱིས་ནི་མ་ཡིན་པས་དེ་ལྟར་གླགས་ཚོལ་གྱི་གནས་མ་ཡིན་ནོ། །དེ་བཞིན ་དུ་མེ་རྒྱུ་ཡིན་ཞེས་ངེས་པར་གཟུང་བ་མི་རིགས་པའི་ཕྱིར་བཀག་པ་ཉིད་དུ་གནས་པ་མ་ཡིན་ནམ། མེ་ཉིད་རྒྱུ་མ་ཡིན་ཏེ། གཞན་རྒྱུ་ཡིན་བ་མ་བཀག་པའི་ཕྱིར་དང། བུད་ཉིད་ཡང་དོན་དམ་པར་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་ཉིད ་ཀྱང་མ་ཡིན་ཏེ།། དུ་བ་མི་རྩོམ་པ་ཡང་སྲིད་པའི་ཕྱིར་ཞེ་ན། །བརྩད་པར་མི་རིགས་ཏེ། རྣམ་པར་བཅད་པ་གསུམ་གྱི་བྱེ་བྲག་ནི་འགྲུབ་པའི་ཕྱིར་ཏེ། །འདི་ལྟར་ཚོགས་ལ་བལྟོས་ནས་གཞན་དང་ལྡན། །རྣམ ་གཅོད་རྫས་ལ་བལྟོས་པ་ཡི། །མཐུན་པས་མ་འབྲེལ་རྣམ་པར་གཅོད། །ལས་ལས་ཤིན་ཏུ་རྣམས་གཅོད་འགྲུབ། །ཅེས་བྱ་བ་སྨོས་ཏེ། གང་གི་ཚེ་མེའི་སྒྲ་ངེས་ཉེ་བར་མཚོན་པའི་ཚོགས་པ ་བསྡུས་པ་བརྗོད་པ་དེའི་ཚེ་དེ་ཉིད་ཁོ་ན་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཡིན་ནོ། །གང་གི་ཚེ་ཡང་མིའི་རྫས་ཉིད་ཡིན་པ་དེའི་ཚེ་ཡང་རྒྱུ་ཉིད་ཅེས་བྱ་སྟེ། གང་གི་ཚེ་མཐུན་པ་ཡིན་པ་དེའི་ཚེ་རྒྱུ་ཡིན ་ཏེ། དེ་ནི་མ་འབྲེལ་པ་རྣམ་པར་གཅོད་པ་ཡིན་ནོ། །།དོན་བྱ་བ་བྱེད་པ་ཉིད་ཡིན་དེའི་ཚེ་ཡང་མ་འབྲེལ་པ་རྣམ་པར་གཅོད་པ་ཡིན་ནོ། །དེ་ཡང་འདི་ལྟར་བྱ་བའི་བྱེ་བྲག་རྣམ་པ་གསུམ་པ་འདི་ཉིད་མངོན ་སུམ་དང་མི་དམིགས་པ་ནུས་པ་ཡིན་ནོ། །སྐབས་འདིར་བྲམ་ཟེ་ཨརྫ་ཏའི་ཞལ་སྡེ་ནས་བཤད་པ་ཉིད་རིགས་པ་ཡིན་ནོ། །རྗེ་བཙུན་རྣམ་འགྲེལ་མཛད་པ་ཉིད་ཀྱིས་ཀྱང། །རྫ་མཁན་གྱིས་ནི་བུམ་པ་དང།། ་མེ་ཡི་ཐལ་བ་བྱེད་པ་ཡིན་ཚོན་སོགས་ཀྱིས་ནི་རྨ་ལ་སོགས། །གསུངས་པའི་དགོངས་བ་དེ་ཉིད་ཡིན། །འབྲས་བུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཡང་ཇི་ལྟར་དུ་བ་བཞིན་དུ་ཐལ་བར་གྱུར་པ་ལས ་ཀྱང་མི་ཅིའི?་ཕྱིར་རྗེས་སུ་མི་དཔག་མ་ཡིན་ཏེ། །ཡུལ་དང་དུས་ལ་སོགས་པ་ལ་བལྟོས་པར་འདོད་པའི་ཕྱིར་རོ། །འདི་ལྟར། །འབྲས་བཱུང་ཁ་ཅིག་སྐྱེ་བ་ནི། །ཙམ་ཞིག་རྒྱུ་ལ་བལྟོས་པ་ཡིན། ་གཞན་དག་རྒྱུན་ནི་གནས་པ་དང། །དེ་དག་བལྟོས་པར་དུས་རིག་བྱ། ཞེས་བྱ་བ་སྨོས་ཏེ། དེ་ལ་བུམ་པ་དང་ཐལ་བ་ལ་སོགས་པ་སྐྱེ་བ་ཁོ་ན་གཞན་ལ་བལྟོས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་གཞན ་ལ་བལྟོས་ནས་རྒྱུན་ཆད་པ་ལས་འདས་པའི་ཕྱིར་འདུས?་བྱས་ཀྱི་རྒྱུ་ཡོད་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་ཡིན་ཏེ། །འཇུག་པ་ལ་སོགས་པ། །གཅིག་པ་མ་ཡིན་པའི་ཕྱིར་རོ། །ཕྱོགས་གཞན་ལ་ནི་དུ་བ་སྣང་བ ་ལ་སོགས་པ་གནས་སྐབས་ཀྱི་ཁྱད་པར་ལ་བལྟོས་པ་ཡིན་གྱི་རྒྱུན་འགགས་པ་གཞན་ལ་བལྟོས་པ་ནི་མ་ཡིན་ནོ། །རྒྱུ་མ་ཚང་ན་རྒྱུན་འགགས་པའི་ཕྱིར་གཞན་ལ་བལྟོས་པ་མེད་པ་ལས་ད་ལྟར་བ་ཉིད་ཡིན་ནོ ་ཞེས་བྱ་བ་ལ་ཉེས་པ་མེད་དོ། །དེ་ལྟ་བུ་ལ་ཡང་བལྟོས་ནས་ཡང་རྗེ་བཙུན་ཆོས་མཆོག་གིས་ཕྱི་མ་གཉིས་ལ་བརྟེན་པའི་འབད་མ་འབྲས་བུ་དང་བཅས་པ་ཡིན་ནོ། །སྔར་ཉེས་པ་དེའི་ཚེ་ཡང་ཕྱི་མའི་ཆ་ལ ་ནི་བརྟེན་པ་མ་ཡིན་ནོ། །མངོན་སུམ་སྔོན་དུ་སོང་བའི་མི་དམིགས་པས་ཡིན་གྱི། གཞན་ལ་བལྟོས་པ་མེད་པའི་ཕྱིར་དང་པོ་ཉི་ཁོ་ན་མཆོག་ཅེས ་བྱའོ། །ཚིགས་སུ་བཅད་པ་བཅུ་གཅིག་གིས་བསྡུས་ནས་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་སྔོན་དུ་འགྲོ་བས་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཞེས་བྱ་བ། མཁས་པ ་ཆེན་པོ་ཛཉཱ་ན་ཤྲཱི་མི་ཏྲའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། བརྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ཀླ་ཤུ་དང། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་གྱིས ་བསྒྱུར། །སླད་ཀྱི་བལ་ཡུལ་གྱི་པཎྜི་ཏ་ཨ་ནནྟ་ཤྲཱི་དང། ལོ་ཙཱ་བ་དེ་ཉིད་ཀྱི་གཏུགས་ཤིང་གཏན་ལ་ཕབ་བོ།། །།སརྦ་མངྒ་ལཾ། ་