CLOSE WINDOW

N4553: rtog ge'i skad
Wyliee-texts based on the ACIP/ALL Input

བཟང་པོས་བསྒྱུར་ཅིང་གཏན་ལ་བབ་པའོ།། །།རྒྱ་གར་སྐད་དུ། ཏརྐ་བྷ་ཥཱ། །རྟོག་གེའི་སྐད། སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མ་འཇིག་རྟེན་དབང་བཏུང་ནས། །བྱིས་པ་ཡིད་གཞུངས་ཆུང་བ་རྣམས། །ཆོས ་གྱི་གྲགས་པའི་ལུགས་མཉན་ཕྱིར། །རྟོག་གེའི་སྐད་ནི་རབ་གསལ་བྱ། །འདིར་རྟོག་པ་སྔོན་དུ་གཏོང་བ་དོན་དུ་གཉེར་བའི་སྐྱེ་བོ་རྣམས། །སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་རྒྱུ་མཚན་ཚང་མའི་རྗེས་སུ་འབྲང་བས་དང་པོར་། ་ཚད་མ་གཏན་ལ་དབབ་པར་བྱའོ། །ཚང་མ་ནི་ཡང་དག་པའི་ཤེས་པ་སྤང་མ་རྟོགས་པའི་སྤྱོད་ཡུལ་ཅན་ནོ། །འདིས་དོན་འཇལ་བས་ན་ཚད་མ་ཡིན་ལ་དེ་ཉིད་ཡང་དག་པའི་ཤེས་པ་སྟེ་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་སྐྱོན་དང་བྲལ་པ་ཉིད ་ཀྱི་ཕྱིར་རོ། །སླུ་བ་མེད་པའི་ཤེས་བ་ནི་འཇིག་རྟེན་ན་ཡང་དག་པའི་ཤེས་པར་བརྗོད་ལ། ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཤེས་པ་དག་ལ་མི་བསླུ་བ་ཉིད་ཡོད་པ་ཡང་མ་ཡིན་ཏེ་ཤིང་སྐམ་མམ་མི་ཡིན་སྙམ་པའི་ཤེས་བ་དང། སྨིག་རྒྱུ་ལ་ཆུའི ་རྣམ་པར་ཤེས་པ་བཞིན་ནོ། །དེའི་སྤྱོད་ཡུལ་སྔར་མེད་བ་ཡིན་པས་སྔར་མ་རྟོག་པའི་སྤྱོད་ཡུལ་རན?་ནོ། །སྤྱོད་ཡུལ་ནི་ཡུལ་དེ་བུམ་པ་ལ་སོགས་པ་ཡིན་ལ། དེ་ལས་སྐྱེས་པ་དེའི་དོན་ཐོབ་པར་རུང་བའི་ཤེས་པ་ནི་ཚད་མའོ། །འོ་ན་གལ་ཏེ ་ཤེས་པ་བྱེད་པ་པོ་དང་སྐྱེས་བུ་སྦྱར་བར་བྱ་བ་དང་པོ་ན་ལས་སུ་གྱུར་བ་གང་གི་ཚེ་ཡང་ཐོབ་པར་མི་བྱེད་ན། དེ་ཐོབ་པར་བྱེད་པ་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཚད་མ་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ཤེས་པས་སྐྱེས་བུ་མ་སྲིན་བ་ནས་བཀུག་བར ་ཚུལ་དུ་སོགས?་ཀྱིས་དོན་ལ་རབ་ཏུ་གཞུག་པར་བྱ་བ་མ་ཡིན་གྱི། །འོན་ཀྱང་འདི་ལྟ་བུར་གྱུར་བ་འདི་དངོས་པོའི་རང་བཞིན་ཏེ་རྣམ་པ་དེ་གཞན་དུ་ནི་མ་ཡིན་ནོ། །ཞེས་པའི་རྣམ་པ་འདིས་ངེས་པ་སྐྱེས་པར་བྱ་བ་ཡིན་ཞིང་དེ་གལ་ཏེ་དེས་བྱས་ན་དེ ་ཙམ་ཉིད་དེའི་ཚད་མ་ཡིན་པས་འགལ་བ་མེད་ལ་སྐྱེས་བུ་ནི་དེ་ལ་དགོས་བའི་དབང་ལས་འཇུག་པ་ཉིད་དེ་དགོས་པ་མེད་ན་མི་འཇུག་པ་ཉིད་དོ། །དེ་ན་ཡང་རྣལ་འབྱོར་བ་དང་ཤ་ཟ་བ་སོགས་པ་ཉིད་ཀྱིས་སྒྲིབ་པ་ཉིད་དེ། ཤེས་པ་ལ་ནི་རིང ་བ་ཅི་ཞིག་ཡོད། འོ་ན་བསླུ་བ་ཉིད་ཀྱིས་ཤེས་པ་ཚད་མ་ཡིན་ལ་མི་སླུ་བ་ཉིད་ཀྱང་མཐོང་བའོ་དོན་ཐོབ་པར་བྱེད་པ་ལས་ཡིན་ན། གང་མཐོང་བ་དེ་ཐོབ་བར་བྱེད་པ་ཡང་ཡིན་ཏེ། སྐད་ཅིག་མ་ཉིད་གྱིས་ཕྱོར་རོ། །ཡང་གཟུགས་མཐོང་ལ་རེག་བྱ་ཐོབ་པར་བྱེད ་ན་ནི་དེའི་ཕྱིར་གཞན་མཐོང་ཞིང་གཞན་ཐོབ་པར་བྱེད?་བས་རྟོགས་པ་མ་ཡིན་པ་འཐོབ་པར་བྱེད་པའི་ཕྱིར་ཇི་ལྟར་ཚད་མ་ཉིད་དུ་འགྱུར་ཞེ་ན། མ་ཡིན་ཏེ། དངོས་པོར་ན་གཞན་ཐོབ་ཏུ་ཟིན་མོད། །འོན་ཀྱང་མཐོང་བ ་ཁོ་ན་བདག་གིས་ཐོབ་བོ་སྙམ་དུ་གཅིག་ཉིད་ལྷག་པར་ཞེན་?་བརྟོགས་པ་ཐོབ་པར་བརྗོད་དོ། །གང་སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་རྣམ་པར་ཤེས་པ་དེ་ནི་དོན་ཐོབ་པར་རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར། ཚད་མ་མ་ཡིན་པ་ཁོ་ནའོ།། ་འོ་ན་འདི་ནི་ཐོབ་པར་བྱེད་པར་རུང?་བའོ། །འདི་ན་མ་ཡིན་ནོ་ཞེས་དོན་བྱ་བ་ནི་ཐོབ་བ་མེད་བར་ངེས་པར་མི་ནུས་ལ་ཤེས་བ་སྐྱེས་ཙམ་གྱིས་ན་འཁྲུལ་པ་དང་མ་འཁྲུལ་བདག་གིས་བྱེ་བྲག་མི་རྟོགས་པས་དེའི་ཕྱིར། དེ་ཇི་ལྟར་ཡང ་དག་པའི་ཤེས་པ་ཞེས་བྱ་ཞེ་ན། སྐྱོན་འདི་ནི་མེད་དེ་ཤེས་པ་ཅམ་སྐྱེས་པ་ལས་འདི་དག་གི་ཁྱད་པར་རྟོགས་པར་མི་ནུས་མོད། །འོན་ཀྱང་ཤེས་པའི་ཁྲུས་དང་བཏུན་པ་དང་ཁྱད་པར་སྐྱེས་པ་ལས་ཏེ། ཇི་ལྟར་གཅིག་གི ་ཁྱད་པར་ཅན་ཡིན་པ་དེ་ལྟར་བརྗོད་དོ། །དེ་ལྟར་ཡང་བློ་ཞན་བས་ནི་སྐྱེས་པའི་དབང་ལས་ཤེས་བ་མི་བསླུ་བ་ཉིད་དུ་རྟགས་པར་མི་ནུས་མོད་འོན་ཀྱང་སྲེག་པ་དང་འཚེད་པ་དང། འབོག་པ་དང་བསྐུ་བ་ལ་སོགས་པའི་དོན་བྱེད ་པ་རིང་པོ་ནས་ཉམས་སུ་ཉོང་བའི་སྐྱེས་བུ་མཐོང་བས་སམ། དུ་བ་འཕྱུང་བ་ལ་སོགས་པ་མཐོང་བས་ངེས་པར་འཛིན་པར་བྱེད་དོ། །བློ་མི་ཞེན་པས་ན་ཤིན་ཏུ་གསལ་བའི་མངོན་སུམ་ཁོ་ནས་རྟོགས་པར་བྱེད་དོ། །འོ་ན་གལ ་ཏེ་དོན་བྱ་བ་ཐོབ་པས་ན་མི་བསླུ་བའི་མཚན་ཉིད་ཅན་མཚན་ཉིད་ཡིན་བ་དེའི་ཚེ་རྣ་བའི་རྣམ་བར་ཤེས་པ་རྟོགས་བའི་དོན་ཐོབ་བར་བྱེད་པ་མ་ཡིན་པའི་ཕྱིར་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། མ་ཡིན་ཏེ་དོན་གྱི་རང ་གི་ངོ་བོ་རྟོགས་པ་ནི་ཚད་མ་ཉིད་ཡིན་ལ་དེ་ཡང་ཕྱི་རོལ་ཀྱི་དོན་གྱི་བྱ་བ་ཐོབ་པ་མེད་པར་ཡང་འགའ་ཞིག་ཏུ་ཡང་སྲིད་པའི་ཕྱིར་རོ། །གང་གསུངས་པ། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་གྱི་བྱ་བ་གནས་པ་ནི། མི་བསླུ་ཞེས་སོ། །སྒྲ་ནི་མཉན་པ ་ཙམ་ཉིད་ཀྱིས་དོན་དཔྱད་ཟིན་པ་ཉིད་ཀྱི་ཕྱིར་མཉམ་པ་ཁོ་ན་དེར་དོན་ཀྱི་བྱ་བ་གནས་པ་སྟེ། དཔེར་ན་ཉི་མ་དང་ཟླ་བ་དང་སྤྲིན་དང་རི་མོ་ལ་སོགས་པ་རྣམས་མཐོང་པ་ཁོ་ན་དོན་གྱི་བྱ་བ་གནས་པ་ཡིན་པ་བཞིན་ནོ། །དེ་གསུངས་པ། ཤེས་བྱའི་རང ་གི་ངོ་བོ་རིག་པ་ཁོ་ན་དེ་ལ་དོན་གྱི་བྱ་བ་གནས་པར་འདོད་དོ། ཞེས་སོ། །དང་པོ་ནི་རྟོག་པ་དང་ལྡན་པ་དོན་བྱ་བ་དོན་དུ་གཉེར་བ་ཉིད་ཀྱིས་ཆུ་དང་མེ་ལོང་ལ་སོགས་པ་ལ་དོན་གྱི་བྱ་བ་ཐེ་ཚོམ་ཟ་བ་ཁོ་ནས་འཇུག་སྟེ། གལ་ཏེ་དེ་ལ་འདི་ལྟ་བུའི ་ཐེ་ཚོམ་མེད་པར་འཇུག་དུ་ཆུག་ཀྱང། འོན་ཀྱང་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །གང་གསུངས་པ། ཐེ་ཚོམ་འབྱུང་བ་གང་གིས་བཟློག་པར་བྱེད་ཅེས་སོ། །དེའི་ཕྱིར་འདི་ནི་གནས་པ་ཉིད་དེ། ་དོན་གྱི་བྱ་པའི་ཐ་སྙད་རྟོགས་པ་བར་ཆད་མེད་པས་ཤིན་ཏུ་གསལ་པའི་མངོན་སུམ་སྐྱེས་པ་ཁོ་ན་ལས་དོན་ལ་རབ་ཏུ་འཇུག་ལ་བློ་ཞན་བས་ནི་དེ་དང་མཐུན་པའི་རྗེས་སུ་དཔག་པ་ལས་སོ། ཞེས་སོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ནི ་རང་ཉིད་ཁོ་ནས་ལ་ཚད་མ་ཉིད་དོ། །ཁ་ཅིག་ནི་གཞན་ལས་སོ། །རྣལ་འབྱོར་བའི་ཤེས་པ་དང་རང་རིག་པའི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དོ། །རྗེས་སུ་དཔག་པ་ནི་ངེས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དང་ཉིད་ཁོ་ན་ལས ་ཚད་མའོ། །ཞེས་སློབ་དཔོན་གྱིས་གསུངས་སོ། །དེས་ན་ནི་འདི་ཡིན་ཏེ། གང་དང་པོ། གོ་ནར་ཡུལ་ལ་འཇུག་པའི་ཤེས་པ་ལ་དེ་ཁོ་ན་ཚད་མ་སྟེ་དེ་ཉིད་ལ་ཕྱིས་སྐྱེས་པའི་ཤེས་པ་གཞན་ནི་མ་ཡིན་ཏེ། གཟུང་ཟིན་པ་འཛིན་པ་ཉིད་ཀྱིས ་དེའི་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །དཔེར་ན་རྟོག་པ་དང་བྲལ་བས་བུམ་པ་མཐོང་ནས་ཕྱིས་ཡུལ་དེ་ཉིད་ལ་འདི་བུམ་པའོ་ཞེས་ལྟག་པ་ཞེན་པ་རྣམ་པས་རྟོག་པ་དང་བཅས་པའི་ཤེས་པ་དྲན་པའི་ངོ་བོ ་འམ། ཡང་ན་ལ་ལ་སོགས་པ་ལ་དུ་བ་མཐོང་ནས་འདི་ན་མེ་ཡོད་དོ་ཞེས་བའི་རྗེས་སུ་དཔག་པའི་ཤེས་པའི་དེ་མ་ཐག་ཏུ་སླར་ཡང་དེ་ཁོ་ན་ལ་འདི་ན་མེ་ཡོད་དོ་སྙམ་པའི་རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །ཡང་དག་པའི་ཤེས ་པ་ཚད་མའི་ཞེས་བརྗོད་པས་ན་ཤུགས་ལ་བེམས་པོའི་རང་བཞིན་དབང་པོ་ལ་སོགས་པ་ནི་ཡོངས་སུ་གཅོད་པར་བྱེད་པ་ཉིད་མེད་པའི་ཕྱིར་ཚད་མ་ཉིད་བསལ་ལོ། །ཡོངས་སུ་གཅོད་པར་བྱེད་བ་ཉིད་ནི་རྟོགས་པར་བྱེད་པ་པོ་ཉིད་ཡིན་ཞིང་དེ ་ཡང་ཤེས་པ་ཁོ་ནའི་གཉུག་མའི་ངོ་བོ་ཡིན་ན། དེ་ཤེས་པ་མ་ཡིན་པའི་བདག་ཉིད་དབང་པོ་ལ་སོགས་པའི་ངོ་བོར་འགྱུར་བར་འདི་ལྟར་འོས་ཞེས་པའོ། །དེ་རྣམས་གཉིས་ཏེ། མངོན་སུམ་དང་ནི་རྗེས་སུ་དཔག་ཅེས་པའོ། །དབང ་པོ་སོ་སོ་བར་གྱུར་པ་མངོན་སུམ་མོ། །ཀྵ་ནི་དབང་པོ་སྟེ་མིག་དང་རྣ་བ་དང། སྣ་དང་ལྕེ་དང་ལུས་ཞེས་པའོ། །དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་མོ་ཞེས་པའི་དོན་ནོ། །འོ་ན་གལ་ཏེ་དབང་པོ་ལ་བརྟེན་པའི་ཤེས་པ ་མངོན་སུམ་ཡིན་ན་དེའི་ཚེ་ཡིད་ལ་སོགས་པ་འཆད་པར་འགྱུར་པའི་ཤེས་པ་གསུམ་པོ་དབང་པོ་གསུམ་ལས་མ་སྐྱེས་པའི་ཕྱིར་མངོན་སུམ་མ་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། དབང་པོ་སོ་སོར་གྱུར་པ་ཞེས་གང ་བརྗོད་པ་དེ་ནི་མངོན་སུམ་གྱི་སྒྲའི་བཤད་པའི་རྒྱུ་མཚན་དུ་རྟོགས་པར་བྱས་པ་ཡིན་ལ། མངོན་སུམ་གྱི་སྒྲའི་འཇུག་པའི་རྒྱུ་མཚན་ནི་དོན་མངོན་དུ་བྱེད་བ་ཁོ་ན་ལ་གྲགས་པའི་དབང་ལས་རྟོགས་པར་བྱ་སྟེ་འདམ་སྐྱེས་བཞིན ་ནོ། །དེའི་ཕྱིར་རང་རིག་པ་ལ་སོགས་པ་ཡང་ཤེས་པའི་རང་རིག་བའི་ངོ་བོ་དང་དོན་མངོན་སུམ་དུ་བྱེད་བ་དང་མངོན་སུམ་གྱི་སྒྲའི་བརྗོད་པར་བྱ་བར་གྲུབ་བོ། །འདི་ཡིས་དོན་དཔོག་པར་བྱེད་པས་ན་དཔོག་པ་ཡིན་ལ། རྗེས་སུ་ནི་ཕྱི་ནས་ཀྱི་དོན་ལ ་སྟེ། ཕྱིས་འཇལ་བ་ནི་རྗེས་སུ་དཔག་པ་སྟེ། རྟགས་བཟུང་བ་དང་རྟགས་དང་རྟགས་ཅན་གྱི་འབྲེལ་པ་དྲན་པ་དག་གི་རྗེས་སུ་ཤེས་པ་གང་ལ་ལ་སོགས་པའི་ཆོས་ཅན་ལ་ལྐོག་གྱུར་གྱི་དངོས་པོ་དམིགས་པར་བྱེད་པར་ཁོ་ན་ཇེས་སུ ་དཔག་པའི་སྒྲ་ཡིས་བརྗོད་པར་བྱའོ་ཞེས་བ་གྲགས་པའི་དབང་ལས་རྟོགས་པར་བྱའོ། །རྣམ་པ་གཉིས་ཞེས་པའི་ཚིག་གིས་གཅིག་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཅེས་ལོག་པར་རྟོགས་པ་རྣམས་བསལ་ལོ། །དེ་ལྟར་ནི་མངོན ་སུམ་གཅིག་བུ་ཁོ་ན་ཚད་མའོ་ཞེས་ཙཱརྦཱ་ཀའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲ་ལས་བྱུང་བའོ། །ཞེས་གྲངས་ཅན་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་ལོ་ཞེས་རིགས་པ་ཅན་པའོ། ། ་མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་དང་དོན་གྱི་གོ་བའོ་ཞེས་འོད་བྱེད་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བ་དང་དངོས་པོ་མེད་པའོ་ཞེས་སྤྱོད ་པ་པའོ་རྣམ་པ་གཉིས་ཞེས་པའི་ཚིགས་གིས་གཉིས་ཉིད་དུ་ཐོབ་པ་ལ། མངོན་སུམ་དང་ནི་རྗེས་སུ་དཔག་ཅེས་སླར་ཡང་བརྗོད་པ་ནི་དེ་ལས་རྣམ་པ་གཞན་དུ་གཉིས་ཉིད་བསལ་བའི་དོན་དུ་སྟེ། དེ་ལྟར་ནི་བརྡ་སྤྲོད་པ་པ་ན་རེ་མངོན ་སུམ་དང་སྒྲ་ལས་བྱུང་བའི་ཆད་མ་གཉིས་སོ་ཞེས་ཟེར་རོ། །དེ་ལ་ཙཱརྦཱ་ཀ་ཡིས་ཀྱང་རྗེས་སུ་དཔག་བ་ཚད་མ་ཉིད་དུ་མངོན་མི་ཟ་བར་ཁས་བླངས་པར་བྱའོ་ཞེས་རྟོག་པར་བྱེ་སྟེ་དེ་ལྟར་ངེས་པར་མངོན་སུམ་གྱི་ཚན་ཉིད་གཞན་གྱིས་རྟོགས་པའི་ ་ཚད་དུ་བྱེད་ལ། གཞན་གྱི་བློ་ཡང་མངོན་སུམ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ལུས་དང་ངག་གི་བྱ་བའི་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་སྟེ་དེའི་ཕྱིར་འདི་ཡིས་འབྲས་བུའི་རྟགས་ལས་སྐྱེས ་པའི་རྗེས་དཔག་ནན་གྱིས་ཁས་བླང་བར་འགྱུར་རོ། །འཇིག་རྟེན་ཕ་རོལ་དགག་པའི་ཆད་དུ་ཡང་མི་དམིགས་པ་ཞེས་བྱ་བ་སྒྲུབ་པར་བྱེད་པར་སྨྲ་སྟེ། དེའི་ཕྱིར་འདི་རང་ཉིད་རྗེས་སུ་དཔག་པས་ཐ་སྙད་བྱེད་ཅིང་རྗེས་སུ་དཔག་པ་ཚད ་མ་མིན་ནོ་ཞེས་སྨྲ་བ་ཇི་ལྟར་སྨྱོན་པ་མ་ཡིན། །སྒྲ་ལས་བྱུང་བའི་ཤེས་པ་ཡང་ཕྱི་རོལ་གྱི་དོན་ལ་མི་བསླུ་བ་ཉིད་ཀྱིས་ཚད་མར་འདོད་བར་བྱ་བ་ཡིན་ལ། མི་བསླུ་བ་ཉིད་ཀྱང་འབྲེལ་བ་མེད་པར་འཐད་པ་མ་ཡིན་ཞིང། སྒྲ་རྣམས ་ཕྱི་རོལ་གྱི་དོན་ལ་འབྲེལ་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་སྒྲ་དང་དོན་དག་ལ་འབྲེལ་བ་ཡོད་ན་དེའི་བདག་ཉིད་དམ་དེ་ལས་བྱུང་བར་འགྱུར་གྲང་ན། དེ་ལ་རེ་ཞིག་དེའི་བདག་ཉིད་ནི་མ་ཡིན་ཏེ། སྒྲ་དང་དོན་དག་ཤིན་ཏུ་ཐ་དད ་པར་སྣང་བའི་ཕྱིར་རོ། །དེའི་བདག་ཉིད་ནི་གཅིག་ཉིད་དུ་བརྗོད་ལ། ཐ་དད་པར་སྣང?་ནའང་གཅིག་ཉིད་དུ་ཁས་ལེན་ན་བ་ལང་དང་རྟ་ལ་སོགས་པ་རྣམས་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ་རྗེས་སུ ་འགྲོ་བ་དང་ལྡོག་པ་མེད་བའི་ཕྱིར་རོ། །དེའི་ཕྱིར་དེ་ལས་བྱུང་བའོ་ཞེས་སྨྲ་བར་མི་ནུས་སོ། །དེ་ལྟར་ནི་སྒྲའི་བྱ་བ་མེད་པ་ཡང་རང་གི་རྒྱུ་འཇིམ་བའི་གོང་བུ་དང་དབྱུག་པ་དང་ཆུ་དང་འཁོར་ལོ་ལ་སོགས་པའི་སྐབས་ལས་བུམ་པ ་ལ་སོགས་པའི་དོན་སྐྱེས་བ་མཐོང་ཞིང་སྒྲ་ལས་ཕྱི་རོལ་གྱི་དོན་མེད་པར་ཁོ་ནར་སྐྱེས་བུའི་འདོད་པ་ཙམ་གྱིས་རྐན་ལ་སོགས་པའི་བྱ་བ་ཁོ་ན་ལས་སྐྱེའོ། །འོན་ཏེ་འདི་ལྟར་དེའི་བདག་ཉིད་དང་དེ་ལས་བྱུང་བདག་ལས་གཞན་པ་ཁོ་ན ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱི་འབྲེལ་བ་དངོས་པོ་སྒྲ་དང་དོན་དག་ལ་ཡོད་དོ་ཞེས་ན། དེ་ལྟ་ན་འོ་ན་བརྡ་མི་ཤེས་པའི་སྐྱེས་བུ་ཡིས་ཀྱང་སྒྲ་བརྗོད་པ་ལས་རུང་བཙམ་ཁོ་ནས་སྒྲོན་མ་ལ་སོགས་པ་ལས་བུམ་པ་ལ་སོགས་པ་རྟོག ་པ་ལྟར་དོན་ངེས་པར་རྟོགས་པར་འགྱུར་བ་ཞིག་ན་དེ་ཡང་ཡོད་པ་མ་ཡིན་ནོ། །ད་ལྟར་ནི་ནཱ་ལི་ཀE་རེའི་གླིང་ནས་མངོན་པར་གསར་དུ་འོངས་པའི་སྐྱེས་བུ་ཨགནིའི་སྒྲ་ཐོས་ཀྱང་ཨགནིའི་སྒྲ་ལས་དོན་ངེས་པ་ཅི་ཡང་མི་རྟོགས་སོ། །འོན་ཏེ་བརྡ་དེ ་དང་དེ་ལ་བལྟོས་ནས་དེ་དང་དེ་རྟོགས་པར་རུང་བ་འདི་ཁོ་ན་སྒྲ་སྐྱེས་པ་ཞེས་བརྗོད་དོ་ཞེ་ན་དེ་ནི་མ་ཡིན་ཏེ། དེ་ལྟར་འདི་ཚད་མ་ཉིད་དུ་གནས་པ་མ་ཡིན་ཏེ་བརྡ་ཐམས་ཅད་དུ་རུང་བའི་ཕྱིར་རོ། །དེའི་ཕྱིའི་ཅི་བརྗོད་པར་འདོད་བའི་དོན་སྒྲ ་འམ། འོན་ཏེ་གཞན་ཞིག་ཤེས་པར་མི་འགྱུར་རོ། །འབྲེལ་བ་གཞན་འགལ་ཞིག་ཁོ་ན་ཡོད་ཀྱང་སླ་སྟེ། དེ་ལྟ་ན་ཡང་དེ་ཡང་འབྲེལ་བ་ཅི་ཞིག་གིས་དེ་དག་གི་འབྲེལ་བ་ཡིན་ཞེས་དྲི་བར་བྱའོ། །འབྲེལ་བ་བཞི་པ་གཞན་གྱིས་སོ་ཞེ་ན། ་བཞི་པ་ཡང་དེ་རྣམས་ལ་འབྲེལ་གང་གིས་སྦྲེལ། ལྔ་པ་འགའ་ཞིག་གིས་སོ་ཞེ་ན། དེ་ཡང་གང་གིས་ཞེས་པ་སྟེ། ཐུག་པ་མེད་པ་ལ་ཕྱི་མ་མ་གྲུབ་ན་སྔ་མ་རྣམས་མི་འགྲུབ་བོ། །ཅི་སྟེ་འབྲེལ་པ་མེད་པ་ཁོ་ན་སྒྲ་དང་དོན་དག་གི་འབྲེལ་པའོ ་ཞེ་ན། དེ་ནི་མ་ཡིན་ཏེ། གང་འབྲེལ་པ་མེད་པ་དེ་འབྲེལ་པར་ཇི་ལྟར་འགྱུར་ཏེ། བུམ་པ་དང་སྣམ་བུ་བཞིན་ནོ། །འོན་ཏེ་འབྲེལ་བའི་རང་བཞིན་འདི་འདྲ་བ་ཁོ་ན་སྟེ་གང་གིས་འབྲེལ་བ་གཞན་ལ་བལྟོས་པ་མེད་པ་ཁོ་ནར་ཕ་རོལ་པོ་སྦྲེལ ་བར?་བྱེད་པའོ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ནི་མི་རིགས་ཏེ། ཚད་མ་གྲུབ་པའི་རང་བཞིན་ཡིན་ན། ནི་ལན་བརྗོད་པར་མི་བྱའོ། །ཕྱི་མ་བརྗོད་པར་བྱེད་པར་མི་འགྱུར་ཏེ། དཔེར་ན་མི་ཁོ་ནའི་རང་བཞིན་འདི་འདྲ་བ་སྟེ་སྲེད་བར་བྱེད་པ་ཉིད ་ཅེས་བྱ་བ་ཡིན་ལ། གཞན་ནམ་མཁའ་ལ་སོགས་པ་མ་ཡིན་པ་བཞིན་ནོ། །འབྲེལ་པ་གྲུབ་ན་ནི་ཚད་མ་ཅུང་ཟད་ཀྱང་རྟོག་པ་པོ་རྣམས་ཀྱིས་མ་མཐོང་ངོ། །སྒྲའི་ནུས་བའི་རང་བཞིན་ཉིད་ཁོ་ན ་ལས་སྒྲ་རྣམས་ངེས་པའི་དོན་ལ་འཁྲུལ་པ་མེར་བ་ཉིད་དོ་ཞེས་པ་འདི་བརྗོད་བར་བྱ་བ་ཡང་མ་ཡིན་ཏེ། དེ་ལྟར་ནི་གལ་ཏེ་བུམ་པ་ཞེས་པའི་སྒྲ་འདི་རང་བཞིན་ཁོ་ན་ལས་ལྟོས་པ་དང་མགྲིན་པའི་རྣམ་པ་ཅན་ཆུ་འཛིན་པར་ནུས་པའི ་དངོས་པོ་བརྗོད་བར་བྱེད་པ་ཡིན་ན། དེ་ཇི་ལྟར་བརྡ་གཞན་ལ་བལྟོས་ནས་སྐྱེས་བུའི་འདོད་པས་རྟ་ལ་སོགས་པ་ཡང་བརྗོད་པར་བྱེད། ས་ལུའི་ས་བོན་ནི་རང་གི་རྒྱུ་ལས་མྱུ་གུ་སྐྱེད་པར་བྱེད་པའི་དང་བཞིན་དུ་སྐྱེས་པས་ན་བརྡ ་གཞན་ལ་བལྟོས་ནས་བུམ་བ་སྐྱེས་པར་ནུས་པར་འགྱུར་བ་མ་ཡིན་ནོ། །ཡིད་ཆེས་པས་བྱས་པའི་སྒྲ་རྣམས་ཚད་མ་ཉིད་དུ་འདིར་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། ཡིད་ཆོས་པ་ཉིད་ཁོ་ན་ངེས་པར་མི་ནུས་པའི་ཕྱིར་རོ།། ་དེ་ལྟར་ནི་ཡིད་ཆེས་པ་ཉིད་ནི་སྐྱོན་ཟད་པ་ཉིད་དུ་བརྗོད་ལ། སྐྱོན་ཟང་བ་ཉིད་ཀྱང་ཕ་རོལ་པོའི་སེམས་ཀྱིས་འཇུག་པ་འགའ་ཞིག་ཏུ་བརྗོད་ཅིང། ཕ་རོལ་པོའི་སེམས་ཀྱི་འཇུག་པ་རྣམས་ཀྱང་མཚོན་པར་དཀའ་བ་ཉིད ་ཀྱིས་ཕྱིར་རོ། །ལུས་དང་དག་གི་བྱ་བ་ལ་སོགས་པ་འབྲས་བུའི་རྟགས་ནི་རྣམ་པ་གཞན་དུ་ཡང་འཇུག་ཚུལ་སྟོན་པའི་ཕྱིར་རོ། །འདོད་ཆགས་དང་བཅས་པ་རྣམས་ཀྱང་འདོད་ཆགས་དང་བྲལ་བ་ལྟ་བུར་བྱེད་དོ་ཞེས་པའི ་རིགས་པ་ལས། ཇི་ལྟར་ཡིད་ཆེས་པ་ཉིད་ངེས་པར་བྱེད་ཅེས་བའོ། །འབྲེལ་བ་སུན་བྱུང་བས་རིག་བྱེད་ཀྱི་སྒྲ་རྣམས་ཚད་མ་ཉིད་ཀྱང་བསལ་བས་ན་ལོག་པར་བརྗོད་དོ་དེ་ལྟ་ན་གང་ཐེ་ཚོམ་མེད་བའི་འཇིག་རྟེན་བའི་ཐ་སྙད ་ཐམས་ཅད་ཇི་ལྟར་ཡིན་ཞེ་ན། དེ་ལྟ་དེ་ལྟར་བརྡ་བྱས་པས་བརྗོད་པར་འདོད་པའི་དབང་ལས་དེ་ཅི་ཡང་ཉམས་པ་མེད་དོ། ཇི་སྐད་དུ་གསུངས་པ་སྒྲ་རྣམ་སྨྲ་བ་པའོ་བསམ་པ་གསལ་བར་བྱེད་དོ་ཞེས་སོ། །རིགས་པ་ཅན་པའི་ཉེ་བར་འཇལ་བ ་ཚད་མ་ཡིན་པའི་སྤྲོས་པ་ནི། གང་རྟོགས་པ་པོ་བ་ལང་ཤེས་ཤིང་བ་མེན་མ་ཡིན་པ་དེ་ལ་ཇོ་བོས། དགོན་བར་སོང་ལ་བ་མེན་འོན་ཅིག་ཅེས་བསྒོ་ལ། ངེས་ཀྱང་བ་མེན་གྱི་སྒྲའི?་བརྗོད་བྱའི་དོན་མི་ཤེས་པས། ནགས་ན་སྤྱོད་པ་འམ། གཞན་དེ ་ཤེས་པའི་སྐྱེས་བུ་ལ་དྲིས་པ་ཀྱེ་སྤུན་པ་བ་མེན་ཇི་ལྟ་བུ་ཞེས་སོ། །དེས་སྨྲས་པ། བ་ལང་ཅི་འདྲ་བ་དེ་འདྲ་བ་བ་མེན་ནོ་ཞེས་སོ། །དེ་དགོན་བར་སླེབས་པ་གཏང་བ་སྐྱེས་བུ་དེའི། བསྟན་པའི་ངག་གི་དོན་དྲན་པའི་ལྷན་ཅིག་བྱེད་པ་ཅན་པ ་མེན་དང་རྗེས་སུ་མཐུན་པ་ཤེས་པ་བྱེད་པ་པོ་འདི་བ་མེན་གྱི་སྒྲའི་བརྗོད་པར་བྱ་བའོ་ཞེས་རྟོགས་པ་འབྲས་བུའི་རང་ཞིན་སྐྱེས་པ་ཚད་མའོ་ཞེའོ། །འདི་ཡང་མི་རིགས་ཏེ། གང་གི་ཕྱིར་ཚད་མ་ཞེས་བ་ནི་ཡུལ་དང་ལྡན་པ་ཉིད་ཀྱིས་ཁྱབ་པ ་ཡིན་ལ། འདིའི་ཡུལ་ཡང་མཁས་པས་དཔྱད་པར་གྱུར་ཀྱང་མཐོང་བ་མ་ཡིན་ནོ། །དེ་ལྟར་ཡང། མཚུངས་པ་ཞེས་བྱ་བའི་འབྲེལ་བ་དེའི་ཡུལ་དུ་བརྗོད་ན། དེ་ཡང་དོན་དམ་བར་མེད་དོ། །དེ་ལྟར་དུ་རང་ཉིད་ཡིན་ན་མི་དམིགས་པས་གནོད་ལ། ་བལྟ་བར་མི་རུང་བ་གང་ཡིན་ན་དེའི་ཡོད་པའི་བསྒྲུབ་བྱེད་ཚད་མ་མ་མཐོང་བའི་ཕྱིར་རོ། །གཞན་ཡང་འབྲེལ་པ་དེ་ཡང་འབྲེལ་པ་ཅན་དག་ལས་ཐ་དད་པ་འམ་ཐ་དད་པ་མ་ཡིན་པ་ཡིན། གལ་ཏེ་ཐ་དད་ན་དེའི་ཚེ་འབྲེལ་པ་གང་གིས་དེ་དགེ ་འབྲེལ་བ་ཡིན་ཞེས་བརྗོད་པར་བྱ་སྟེ་འབྲེལ་བ་གཞན་རྟོགས་ན་ནི་ཐུག་པ་མེད་དོ། །ཅི་སྟེ་ཐ་མི་དད་ན་དེའི་ཚེ་འབྲེལ་པ་ཅན་དག་འབའ་ཞིག་ཁོ་ན་སྟེ། མཚུངས་བ་ཞེས་བྱ་བའི་འབྲེལ་པ་འགའ་ཞིག་ནི་མེད་དོ། །འོན་ཏེ་འདི་ལྟ་བུའི ་འབྲེལ་བའི་བློ་སྐྱེད་པར་བྱེད་བ་ཉིད་འབྲེལ་བའོ་ཞེ་ན། དེ་ནི་མི་རིགས་ཏེ་གང་གི་ཕྱིར་འདི་དག་འབྲེལ་བའོ་ཞེས་པའི་བློ་ནི་རང་གི་རྒྱུའི་སྟོབས་ལས་འབྲེལ་ཟིན་པའི་དངོས་པོ་གཉིས་ལས་ཀྱང་ཡང་དག་པར་འབྱུང་སྟེ ་འབྲེལ་བ་འཕེན་པའི་མཐུ་ནི་མེད་དོ། དེ་ལྟར་སྤྱོད་པ་བས་བཤད་བའི་ཚད་མ་ཉིད་བསལ་བར་བྱའོ། །དེ་ལྟར་ནི། འདྲ་བའི་ཁྱབ་པར་ཅན་གྱི་གོང་བུའི་ཁྱད་པར་ཅན་གྱི་འདྲ་བ་ཉེ་བར་འཇལ་བའི་ཡུལ་དུ་ངེས་བརྗོད་ལ། འདྲ་བའི་དངོས ་པོ་ལས་གཞན་དུ་འདྲ་བ་ཉིད་རྣམ་པར་བཞག་བར་མི་ནུས་ཏེ། ཚད་མས་རྟོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་གལ་ཏེ་འདྲ་བ་ལས་གཞན་པའི་འདྲ་བ་ཉིད་དུ་འགྱུར་བ་དེའི་ཚེ་འདི་སྣང་དུ་རུང་བ་མ་དམིགས་པས་ཉམས་པ་ཁོ་ནར ་འགྱུར་ཞིང། ཅི་སྟེ་སྣང་དུ་མི་རུང་བ་ཡིན་ན། དེའི་ཚེ་དེ་དང་འབྲེལ་བའི་རྟགས་མེད་བའི་ཕྱིར་རྗེས་སུ་དཔག་པ་ལ་སོགས་པའི་སྐབས་ལས་ཀྱང་དེ་ཇི་ལྟར་གྲུབ། འདྲ་བའི་རྟོགས་པ་ནི་རང་གི་རྒྱུ་ལས་དེ་ལྟར་སྐྱེས་བ་དང་འདྲ་བའི ་ཕྱིར་འདྲ་བ་ཉིད་ཙམ་ཉེ་བར་འཇལ་བ་ལས་ཇི་ལྟར་གྲུབ་ཅེས་ཀྱང་དེ་གྲུབ་པར་རིགས་པ་མ་ཡིན་ནོ། །ཉེ་བར་འཇལ་བ་ཁོ་ན་ལས་འདྲ་བ་ཉིད་གྲུབ་བོ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་ཚད་མ་གཞན་གྱི་གྲུབ་པའི་འདྲ་བའི ་གོང་བུ་དག་གི་།གང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་དེ་ཉེ་བར་འཇལ་བའི་ཡུལ་ཉིད་དུ་རྒོལ་བ་དེས་བརྟགས་ཏེ། དེའི་ཕྱིར་འདྲ་བ་ཉིད་ཙམ་ཉེ་བར་འཇལ་བ་ལས་ཇི་ལྟར་གྲུབ་ཅེས་བའོ། །དོན་གྱི་གོ་བ་ཡང་ཆང་མ་ལས་ལོག ་པ་ཉིད་དུ་འཐད་པ་མ་ཡིན་ཏེ། དེ་ལྟར་ནི། གང་མངོན་སུམ་ལ་སོགས་པ་ལས་རྟོག་པའི་དོན་དེ་གང་མེད་ན་འཐད་པ་མ་ཡིན་པའི་དོན་དེ་ཡོངས་སུ་རྟོགས་པ་ནི་དོན་གྱིས་གོ་བའོ་ཞེས་པ་དོན་གྱིས་གོ་བའི་མཚན་ཉིད་དོ། །འདིར་འདི་བསམ ་པར་བྱ་སྟེ། གང་འདི་ཚད་མས་མཐོང་བའི་དོན་ཏེ། གལ་ཏེ་ཡོངས་སུ་བརྟག་པར་བྱ་བའི་ལྐོག་ཏུ་གྱུར་བའི་དོན་དང་ལྷན་ཅིག་དེའི་བདག་ཉིད་ཀྱིས་མཚན་ཉིད་དམ་དེ་ལ་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་བ་འབའ་ཞིག་ཡོད་ན་དེའི་ཚེ་རྟོག་པ ་འདི་རང་བཞིན་གྱིས་རྟགས་ལས་སྐྱེས་པའམ་འབྲས་བུའི་རྟགས་ལས་སྐྱེས་བའི་ཕྱིར་རོ། །དོན་གྱིས་གོ་བར་རྗེས་སུ་དཔག་པ་ཁོ་ནའོ། །འོན་ཏེ་འབྲེལ་པ་མེད་ན་ད་ནི་དོན་གྱིས་གོ་བར་ཚད་མ་ཉིད་དུ་མི་འགྱུར་ཏེ། འབྲེལ་བ་མེད་བའི་ཕྱིར་བུམ ་པ་ལས་སྣམ་བུ་རྟོགས་པ་བཞིན་ནོ། །དངོས་པོ་མེད་བའི་རང་གི་ངོ་བོ་ཉིད་རེ་ཞིག་མ་དམིགས་ཏེ། ཅི་ལས་དེ་ཚད་མ་ཉིད་དུ་འགྱུར་དེ་ལྟར་ནི་མངོན་སུམ་ལ་སོགས་པའི་ཚད་མ་རྣམས་མི་སྐྱེ་བ་དངོས་པོ་མེད་བ་ཞེས་བྱ་བའི་ཚད་མར་སྦྱོད་?་པ་རྣམས ་ཀྱི་བརྗོད་དེ། དེ་ལ་མི་སྐྱེ་བ་འདི་ཅི་ཞིག། ཅི་མེད་པ་དགག་པའི་ཚུལ་གྱིས་ཚད་མ་མི་སྐྱེ་བ་ཙམ་མམ། འོན་ཏེ་མ་ཡིན་པར་དགག་པའི་ཚུལ་གྱིས་དངོས་པོ་གཞན་ཞིག་ཡིན། དངོས་པོ་གཞན་པོ་ཡང་བེམ་པོའི་རང་བཞིན་ནམ་ཤེས་པའི་རང་བཞིན ་ཡིན། ཤེས་པ་ཤེས་བཙམ་མམ་ཤེས་པ་གཅིག་ལ་འདྲེས་པའི་དངོས་པོའི་ཤེས་པ་ཡིན། དེ་ལ་རེ་ཞིག་དངོས་པོ་མེད་པ་མེད་པར་དགག་པའི་ངོ་བོར་རིགས་པ་མ་ཡིན་ཏེ། དེ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཡོངས ་སུ་གཅོད་པར་བྱེད་པ་ཉིད་དམ་ཤེས་པ་སྐྱེས་པར་བྱེད་པ་ཉིད་དུ་འགྱུར་།དེ་ཉིད་ཀྱི་ཅི་ཞིག་གིས་ཀྱང་དེ་སྒྲུབ་བ་བྱེད་པ་མ་ཡིན་ནོ། །མཁས་པའི་ཚོགས་ཀྱི་གཙུག་གི་ནོར་བུས་གང་གསུངས་པ་དངོས་པོ་མེད་པ་ནི་ཅི་ཞིག་གི་ཡང་སྒྲུབ ་པར་བྱེད་པ་མ་སྒྲུབ་པར་བྱེད་བའི་རྒྱུ་མ་ཡིན་ཏེ་དེ་ཡང་བསྒྲུབ་པར་བྱེད་པ་ཇི་ལྟར་ཡིན་ཞེས་སོ། །བེམས་པོའི་ངོ་བོ་ཡང་མ་ཡིན་ཏེ་བེམས་པོ་ལ་ཡོངས་སུ་གཅོད་བར་བྱེད་བ་ཉིད་མེད་པའི་ཕྱིར་རོ། །བེམས་པོའི་ངོ་བོ་ཤིང་རྟ་ལ་སོགས་པ་ནི་བུམ ་པ་ཡོངས་སུ་གཅོད་པར་བྱེད་བ་འགར་ཡང་མཐོང་བ་འམ་ཐོས་པ་མེད་དོ་ཞེས་སོ། །ཤེས་པ་ཙམ་ཡང་མ་ཡིན་ཏེ། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་རི་རབ་ཙམ་དང་འཁོར་ལོས་སྒྱུར་བ་དང་ཤ་ཟ ་ལ་སོགས་པ་ཡང་ཤེས་པ་ཙམ་ཡིན་བའི་དངོས་པོ་མེད་བའི་ཚད་མ་ལས་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཤེས་པ་གཅིག་གི་ཞར་བྱུང་སྟེ། སའི་གཞི་ལ་སོགས་པའི་དངོས་པོ་ཤེས་པ་དངོས་པོ་མེད་པར་བརྗོད་དོ་ཞེ་ན། དེའི་ཚེ ་མངོན་སུམ་གྱི་ཁྱད་པར་ཁོ་ན་དངོས་པོ་མེད་པའི་མིང་དུ་བྱས་བའི་ཕྱིར་འུ་ཅག་ལ་མི་མཐུན་པ་ཅི་ཡང་མེད་དོ་ཞེས་པའོ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་རྣམ་པ་གཉིས་ཁོ་ནའོ་ཞེས་པ་འདི་གནས་སོ། །དེ་ལ་མངོན་སུམ་རྟོག་དྲལ་མ ་འཁྲུལ་པའོ། །སྔ་མ་དང་ཕྱི་མ་དང། །བསྡོམས་ནས་སྒྲ་དང་འདྲེས་པའི་རྣམ་པའི་རྟོགས་པ་འམ་ནང་གི་བརྗོད་པའི་རྣམ་པ་ནི་རྟོག་པ་སྟེ། དཔེར་ན་རྣམ་པར་ཤེས་པ་དང་ལྡན་པའི་སྐྱེས་བུའི་འདི་བུམ་བའོ་ཞེས་པའི་རྟོགས་པ་བཞིན་ནོ། །བྱིས་པ་དང ་ལྐུག་པ་དང་དུད་འགྲོའི་ལ་སོགས་པ་རྣམས་ཀྱིས་ནང་གི་བརྗོད་པའི་རྣམས་པ་ལྟུར་བྱེད་བའི་ངོ་བོའི་རྟོགས་པའོ། །དེ་ལྟར་ཡང་གསུངས་པ། བརྗོད་པ་དང་འདྲེར་རུང་བར་སྣང་བའི་རྟོགས་པའི་ན་རྟོགས་བའོ་ཞེས་སོ། །འོ་ན་བྱིས་པ་ཆུང་དུ ་ལ་སོགས་པ་རྣམས་ལ་ནང་གི་བརྗོད་བའི་རྣམ་པ་ཅན་གྱི་རྟོགས་བའི་ཤེས་པ་ཡོད་དོ་ཞེས་གང་ལས་ངེས་པར་བྱ་ཞེ་ན། རྣམ་པར་རྟོག་པའི་བྱ་བ་ལས་འདོད་པ་དང་མི་འདོད་པ་ལེན་བ་དང་འདོར་བའི་ཕྱིར་རོ། །བྱིས་པ་ཆུང་དུ་ལ་སོགས ་བས་འདོད་བའི་དོན་ལེན་པ་དང་མི་འདོད་པའི་དོན་གཏོང་བ་ཞེས་བྱ་བའི་འདི་ནི་མཐོང་བ་ཡིན་ནོ། །བྱིས་པ་ཆུང་ལ་སོགས་པའི་རྣམ་པར་ཤེས་པ་རྟོག་པ་ཉིད་དུ་གསལ་བར་བྱས་པས་བྷཌཊ་འི་ས་བརྗོད་བའི་མིག་གིས་ཤེས་པ་ནི་རྣམ་པར་རྟོག ་པ་དང་བཅས་པ་ཉིད་དུ་བསྒྲུབས་ན། ཡང་ཅིའི་ཕྱིར་རྟོག་པ་དང་འཁྲུལ་བའི་བདག་ཉིད་ཀྱིས་ཤེས་པ་མངོན་སུམ་མ་ཡིན་པར་འགྱུར་ཞེ་ན། མ་ཡིན་ཏེ། དངོས་པོའི་རང་བཞིན་ངོ་བོ་མངོན་སུམ་དུ་བྱེད་བའི་ཤེས་ནི་མངོན་སུམ་ཞེས་ཐམས་ཅད་ལ ་གྲགས་ཤིང། རྟོགས་པ་དང་འཁྲུལ་པ་དག་དོན་གྱིས་རང་གིས་ངོ་བོ་མངོན་དུ་བྱེད་པར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟར་ནི་དོན་འཛིན་པའི་ཤེས་པ་ནི་དོན་གྱི་འབྲས་བུ་སྟེ། དོན་ཡང་གཟུང་བྱ་ཉིད་ཀྱི་ཕྱིར་ཤེས་པའི་རྒྱུའོ། །ཇི་སྐད ་དུ་གསུངས་པ། ཤེས་ལ་རྣམ་པ་ནི། འཇོགས་པར་ནུས་པའི་རྒྱུ་ཉིད་ལ། གཟུང་བར་རིག་པ་ཤེས་པས་རིག་།ཅེས་སོ། །རྟོག་པའི་ཤེས་པ་ནི་དོན་མེད་པར་བག་ཆགས་ཙམ་ཁོ་ན་ལས་སྐྱེས་བས་ནི་ཇི་ལྟར་དོན་གྱི་འབྲས་བུར་འགྱུར་ཏེ། ་དོན་དང་ལྷན་ཅིག་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །གང་ཞིག་གང་མེད་པར་འབྱུང་བ་དེ་དེའི་འབྲས་བུ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡང་རྟོགས་པའི་ཤེས་པ་དོན་ལ་ཉེ་བར་སྐྱེ་ན། དེའི་ཚེ་དེས་ཀྱང ་བུམ་པ་ལ་སོགས་པའི་དོན་མཐོང་ལ། དེའི་ཕྱིར་ལོང་བས་ཀྱང་གཟུགས་མཐོང་བར་འགྱུར་བར་ཐལ་བར་འགྱུར་ཞིང་ཡོད་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྒྲ་ལས་བྱུང་བའི་བློ་ལས་ནི་མངོན་སུམ་བཞིན་དུ་དོན་སྣང་བ ་མེད་བའི་ཕྱིར་རྟོགས་པའི་ཤེས་པ་ལ་དོན་མངོན་དུ་བྱེད་བ་ཉིད་མེད་དོ། ཞེས་སོ། །འདིས་ནི་གང་ཕ་རོལ་པོས་བརྗོད་པའི་རྟོགས་ཏེ་འཇིག་རྟེན་ན་ཡོད་མིན། །སྒྲ་ཡི་རྗེས་འགྲོ་ལས་གཞན་གང། །ཤེས་པ་ཐམས་ཅད་སྒྲ་དང་ནི།། ་རྗེས་སུ་སུ་ལྡན་པ་ཁོ་ནར་སྣང་བ། ཞེས་པ་དེ་བསལ་བ་ཡིན་ནོ། །དེ་ལྟར་ནི། མདུན་ན་ཡོད་པའི་བུམ་པ་བརྗོད་བ་བཞིན་བ་ན། དེ་དང་ཉེ་བ་ན་ཡོད་པ་སའི་མཐིལ་ལ་སོཌ་པའི་ཤེས་པ་བརྗོད་པ་དང་བྲལ་བ་ཉམས་སུ་མྱོང་བ་ཉིད་དོ། །དེ་ལྟར་དེའི ་ཚེ་སྒྲའི་རྗེས་སུ་འགྲོ་བ་ཡོད་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་གཉིས་ཅིག་ཅར་མེད། ཅེས་པའི་རིགས་པ་ལས་སོ། །འཁྲུལ་བའི་ཤེས་པ་ཡང་དོན་མངོན་དུ་བྱེད་བ་མ་ཡིན་ཏེ། འཁྲུལ་བའི་དོན་བྱ་བ ་ནུས་པའི་དངོས་པོ་ལ་ཕྱིན་ཅི་ལོག་པར་བརྗོད་ཅིང། དོན་བྱ་བ་ནུས་པ་ཡང་དངོས་པོའི་རང་གི་ངོ་བོ་ཡུལ་དང་དུས་དང་རྣམ་པར་ངེས་པ་ཡིན་ན། དེ་ཕྱི་ནི་ཅི་ལོག་ཏུ་སྣང་བའི་འཁྲུལ་བའི་ཤེས་པས་ཇི་ལྟར་མངོན་དུ་བྱེད། སློབ་དཔོན ་གྱིས་གང་གསུངས་པ་རབ་རིབ་དང་མྱུར་དུ་བསྐོར་བ་དང་གྲུར་ཞུགས་བའི་འཁྲུག་པ་ལ་སོགས་པས་འཁྲུལ་བ་མ་སྐྱེས་བའི་ཤེས་པ་མངོན་སུམ་མོ་ཞེས་སོ། །འདིས་ནི་ལིང་རྟོག་ཅན་ལ་དུང་དཀར་པོ་ལ་སེར་པོ་སྣང་བའི་ཤེས ་པ་དང། མགལ་མེ་བསྐོར་བ་ལ་སོགས་པ་ལ་འཁོར་ལོ་ལ་སོགས་པར་སྣང་བའི་ཤེས་པ་དང། འགྲོ་བཞིན་བའི་གྲུ་ལ་གནས་པའི་ཤིང་ལ་སོགས་པ་གཡོ་བར་འཛིན་པའི་ཤེས་པ་དང། ལུས་ཀྱི་གནད་མཚོན་གྱི་བཅོམ ་པའི། །ཀ་བ་འབར་བ་ལ་སོགས་པར་སྣང་བའི་ཤེས་པ་མངོན་སུམ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །འོ་ན་གལ་ཏེ་ཤེས་པ་དེ་མངོན་སུམ་མ་ཡིན་ན་ཇི་ལྟར་དེ་ལས་དངོས་པོ་ཐོབ་ཅེ་ན། དེ་ལས་དངོས་པོ་ཐོབ་བ་མིན་གྱི་འོ་ན་ཅི ་ཞེ་ན་ཤེས་པ་གཞན་ཁོན་ལས་སོ་ཞེས་ཁ་ཅིག་གོ། །དེ་ནི་རྣམ་པ་བཞི་སྟེ། དབང་བོའི་ཤེས་པ་དང་ཡིད་དང་རང་རིག་པའི་རྣལ་འབྱོར་བའི་ཤེས་པའོ། །མིག་ལ་སོགས་བའི་དབང་པོ་ལྔ་ལ་བརྟེན་ནས་སྐྱེས་ཤིང་ཕྱི་རོལ་གྱི ་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་དམིགས་པ་ནི་དབང་པོ་ནི་མངོན་སུམ་མི། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་གཟུགས་ཀྱི་ཡུལ་ཅན་ནོ། །རྣ་བའི་རྣམ་པར་ཤེས་པ་ནི་སྒྲའི་ཡུལ་ཅན་ནོ། །སྣའི་རྣམ་པར་ཤེས་པ་ནི ་དྲིའི་ཡུལ་ཅན་ནོ། །ལྕེའི་རྣམ་པར་ཤེས་པ་ནི་རོའི་ཡུལ་ཅན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་རེག་བྱའི་ཡུལ་ཅན་ནོ། །དབང་པོའི་མངོན་སུམ་ཞེས་ཐ་སྙད་བྱེད་བའི་རྒྱུ་མཚན་ནི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དཔེར་ན་རྡའི་སྒྲ ་དང་ནས་ཀྱིས་མྱུ་གུ་ཞེས་པ་བཞིན་ནོ། །མངོན་སུམ་འདི་ཡང་གང་ལ་རང་དང་རྗེས་སུ་མཐུན་པའི་རྟོག་པ་སྐྱེད་པར་བྱེད་བ་དེ་ཉིད་ཚང་མ་སྟེ། ཐ་སྙད་པའི་ཚད་མའི་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། ཞེས་བའོ། །རང་གི་ཡུལ་གྱིས་དེ་མ་ཐག ་ལྷན་ཅིག་བྱེད་བ་ཅན་གྱི་དབང་པོའི་ཤེས་པ་མཚུངས་བ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་བ་ཡིད་ཀྱི་རྣམ་པར་ཤེས་པའི་ཞེས་པའོ། །རང་གི་སྒྲ་ནི་དབང་པོའི་ཤེས་པར་དགོངས་ཤིང་རང་གི་ཡུལ་ནི་ཡུལ་ཏེ། ཕྱི་རོལ་གྱི་བུམ་པ་ལ་སོགས་བའོ ་རང་གི་ཡུལ་གྱི་དེ་མ་ཐག་པ་ནི་རང་ཡུལ་དེ་མ་ཐག་པ་སྟེ། དབང་བོའི་ཤེས་པའི་ཡུལ་ལས་གཞན་བུམ་པ་ལ་སོགས་པའི་སྐད་ཅིག་གཉིས་པའོ། །ལྷན་ཅིག་བྱེད་པ་དེ་དང་ཚོགས་ནས། ཉེ་བར་ལེན་པ་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག ་པའི་རྐྱེན་གྱི་མིང་ཅན་གྱིས་བསྐྱེད་བ་གང་ཡིན་པ་དེ་ཡིད་ཀྱི་མངོན་སུམ་དུ་བརྗོད་དོ། །དེའི་ཕྱིར་ཕ་རོལ་བོས་གང་བརྗོད་བའི་བཟུང་འཛིན་བའི་འཛིན་པ་གཉིད་དང་ལོང་བ་དང་འོན་པ་ལ་སོགས་པ་མེད་པ་དང། རྣལ་འབྱོར་བའི་ཤེས ་པ་ཡང་ཡིད་གཉིས་ཐལ་བ་དང། ཐ་སྙད་བྱེད་པ་པོ་མ་ཡིན་པ་རྙིད་དོ་ཞེས་པ་བསལ་ཏེ། དེ་ལྟར་ནི་སྐད་ཅིག་གཉིས་པ་འཛིན་བའི་ཕྱིར་བཟུང་ཟིན་པ་འཛིན་པ་ཉིད་བསལ་ལོ། །དབང་པོའི་ཤེས་པ་ལས་སྐྱེས་བ་ཡིད་ཡིན་པས་ཡོད ་བ་ལ་སོགས་པ་ལ་གཟུགས་ལ་སོགས་བའི་ཡུལ་ལ་དམིགས་པའི་དབང་པོའི་མངོན་སུམ་ཉིད་མེད་ན།། དེ་ལས་སྐྱེས་བའི་ཡིད་ཅི་ཞིག་ལས་འབྱུང་བར་འགྱུར། དེའི་ཕྱིར་ལོང་བ་དང་འོན་པ་ལ་སོགས་པ་མེད་བའི་སྐྱོན་མེད་དོ། །མཚུང ་བ་དེ་མ་ཐག་པའི་རྐྱེན་གྱི་ཁྱད་པར་གྱིས་ཀྱང་རྣལ་འབྱོར་བའི་ཤེས་པ་ཡིད་ཀྱི་མངོན་སུམ་དུ་ཐལ་བ་བསལ་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་སྒྲ་ནི་རང་གི་རྒྱུད་ལ་འཇུག་པའི་ཉེ་བར་ལེན་པའི་ཤེས་པ་ལ ་གྲགས་པ་གྲུབ་ལ། དེའི་ཕྱིར་རྒྱུད་ཐ་དད་པ་ལ་འཇུག་པའི་རྣལ་འབྱོར་པའི་ཤེས་པ་ལ་བལྟོས་ནས། །སོ་སོའི་སྐྱེ་བོའི་སེམས་རྣམས་ལ་དེ་མ་ཐག་པའི་རྐྱེན་གྱི་ཐ་སྙད་མེད་དོ་ཞེས་པའོ། །ཐ་སྙད་བྱེད་པ་པོ་མ་ཡིན་པ་ཉིད་ཀྱང ་འདིའི་སུན་འབྱིན་བར་འཐད་པ་མ་ཡིན་ཏེ། དུས་ཐུང་བར་བྱུང་བ་ཉིད་ཀྱིས་སོ་སོའི་སྐྱེ་བོ་རྣམས་ཀྱིས་མཚོན་པར་དཀའ་བའི་ཕྱིར་དང། ཐ་སྙད་ཀྱི་ཡན་ལག་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཡིད་ཀྱི་མངོན་སུམ་ནི་ལུང་ལས ་གྲགས་པར་ཏེ། འདིའི་ངེས་པར་བྱེད་པ་པོ་ཆུང་ཟད་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་གཉིས་ཀྱིས་གཟུགས་འཛིན་པར་བྱེད་དེ། མིག་དང་དེ་དང་འབྲེལ་བའི་ཡིད་ཀྱིས་སོ། །ཞེས་སོ། །འོ་ན ་ཐ་སྙད་ལ་ཉེ་བར་མཁོ་བ་མ་ཡིན་པ་བསྟན་བ་དེ་ལ་དགོངས་པ་ཅི་ཡོད་ཅེ་ན། འདི་འདྲ་བའི་མཚན་ཉིད་ཅན་གྱི་ཡིད་ཀྱི་མངོན་སུམ་གལ་ཏེ་ཡོད་ན་སྐྱོན་ཅི་ཡོད་མེད་དོ་ཞེས་ལུང་རྣམ་པར་དག་པ་འདིས་བསྒྲུབ་བ་ཡིན་ནོ་ཞེས་པ་དགོས་པའོ། ། ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་བདག་ཉིད་ཡང་དག་བར་རིག་བའོ། །སེམས་ནི་དངོས་པོ་ཙམ་འཛིན་པའི་ཤེས་པ་ཡིན་ལ། སེམས་ལས་གྱུར་པའི་རྣམས་ནི་སེམས་ལས་བྱུང་བ་རྣམས་ཏེ། དངོས་པོའི་ཁྱད་པར་གྱི ་ངོ་བོ་འཛིན་བར་བྱེད་བ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ལ་སོགས་པའི་མཚན་ཉིད་ཅན་ནོ། །སེམས་དང་སེམས་ལས་བྱུང་བ་དེ་ཐམས་ཅད་གྱི་བདག་ཉིད་གང་གིས་རང་གིས་ངོ་བོས་རིགས་པར་བྱེད་པ་སྟེ་རང་རང་གི ་ངོ་བོ་བདག་ཉིད་ཀྱི་ངོ་བོ་མངོན་སུམ་བྱེད་བ་ཉིད་ཀྱི་ཕྱིར་རང་རིག་པའི་མངོན་སུམ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བར་བརྗོད་དོ། །དེ་ལ་ཁ་ཅིག་ན་རེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རང་རིག་པ་ཉིད་འཐད་པ་མ་ཡིན་ཏེ། བདག་ཉིད་ལ ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །ལེགས་པར་བསླབས་ཀྱང་གར་མཁན་གྱིས་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་ལ། །རལ་གྲིའི་སོ་རྣོ་ལ་བདག་ཉིད་མི་གཅོད་ཅིང། མེའི་ཕུང་པོ་ཤིན་ཏུ་འབར་ཡང་དག་ཉིད་བསྲེགས་པ་མ་ཡིན་པ་དེ ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཡང་ཇི་ལྟར་བདག་ཉིད་རྟོགས་པར་རིག་པར་བྱ་བ་དང་རིག་པར་བྱེད་བའི་དངོས་པོ་ནི་ལས་དང་བྱེད་པ་པོའི་དངོས་པོ་ཡིན་ལ། ལས་དང། བྱེད་པ་པོ་ཉིད་ཀྱང་འཇིག་རྟེན་ན་ཐ་དད་པ་ཁོ་ནར་གྲགས་ཏེ། ཤིང ་དང་སྐུད་པ་འཛིན་པ་དག་བཞིན་ནོ་ཞེ་ན། །འདིར་བརྗོད་པར་བྱ་སྟེ། ལས་དང་བྱེད་པ་པོའི་དངོས་པོར་རིག་པར་བྱ་བ་དང་རིག་བར་བྱེད་པ་ཤེས་པ་ལ་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རྣམ་པར་བཞག་པར་བྱ་བ་དང་རྣམ་པར་འཇོག་བར་བྱེད་བའི ་བྱེད་བའི་དངོས་པོ་སྟེ། དཔེར་ན་སྒྲོན་མ་བདག་ཉིད་གསལ་བར་བྱེད་པ་དེ་ལྟར་ཤེས་པ་ཡང་རང་གི་རྒྱུ་ཁོ་ན་ལ་བེམས་བོའི་དངོས་པོའི་མཚན་ཉིད་དང་བྲལ་བ་རང་གི་རྒྱུ་ཁོ་ན་ལས་རབ་ཏུ་གསལ་བའི་རང་བཞིན་དུ་སྐྱེས་པས་རིག་བར་རྣམ ་པར་བཞག་གོ་།དེ་ལྟར་ཡང་གསུངས་པ། རྣམ་ཤེས་བེམས་པོའི་རིང་བཞིན་ལས། ལོག་པ་ཉེ་བར་སྐྱེ་བར་འགྱུར། བེམས་མིན་རང་བཞིན་གང་ཡིན་པ། དེ་ཁོ་ན་འདིའི་རང་རིག་གོ་།འདི་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དབྱེ་བས་མིན། ། ་གཅིག་པ་ཚད་མེད་རང་བཞིན་ལ། །གསུམ་གྱི་ངོ་བོ་མི་འཐད་ཕྱིར། ཞེས་སོ། །རྒྱན་མཛད་པས་ཀྱང་གསུངས་པ། ལས་དང་བྱེད་པ་པོ་ལ་སོགས། །བརྟགས་པ་དོན་དམ་པར་ཡོད་མིན། །བདག་ཉིད་ལ་ནི་བདག་ཉིད་ཀྱི། །བདག ་ཉིད་འཇོམས་ཞེས་ངེས་པར་བརྗོད། །ཅེས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་པ་གཞན་གྱིས་གསལ་བར་བྱེད་བར་རིགས་པ་མ་ཡིན་ཏེ། དེ་ལྟར་ནི་རེ་ཞིག་དུས་མཉམ་པར་བྱུང་བའི་ཤེས་པ་གཞན་གྱིས ་སེམས་ལས་བྱུང་བ་གསལ་བར་བྱེད་དོ་ཞེས་པ་འཐད་པ་མ་ཡིན་ཏེ། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་ཉིད་མེད་པའི་ཕྱིར་གཡས་པ་དང་ཅིག་ཤོས་ཀྱི་རྭ་དག་བཞིན་ནོ། །དུས་ཐ་དད་པར་བྱུང་པའི་ཤེས་པས་ཀྱང་མ་ཡིན་ཏེ། ་སྐད་ཅིག་པ་ཉིད་ཀྱིས་ཕྱིར་ན་གསལ་བར་བྱ་བ་ཉིད་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཤེས་བ་རང་རིག་པ་མ་ཡིན་ན་དེའི་ཕྱིར་དེའི་ཚེ་དོན་ཤེས་སོ་ཞེས་པ་འཐད་པར་དགའ་བར་འགྱུར་ཏེ། ཁྱད་པར་མ་བཟུང་བའི་བློ་ནི་ཁྱད་པར་དུ་བྱ ་བ་ལ་འཇུག་པ་མ་ཡིན་ནོ་ཞེས་པའི་རིགས་པ་ལས་སོ། །ད་ལྟར་ནི། དོན་ཁྱད་པར་དུ་བྱ་བ་ཡིན་ལ་ཤེས་པ་ནི་ཁྱད་པར་ཏེ། ཤེས་ཟིན་པ་ནི་ཤེས་པས་ཁྱད་པར་དུ་བྱས་པའོ། །གལ་ཏེ་ཤེས་པ་རང་ཉིད་རྟོཌ་པའི་ངོ་བོར་རྟོཌ་པ་མ་ཡིན་ན། དེའི་ཕྱིར་ཤེས་པས་ཁྱད་པར་དུ་བྱས་པའི་དོན་ལྟར་རྟོགས་ཏེ། དབྱུག ་བ་མ་བཟུང་བར་དབྱུག་པ་ཅན་འཛིན་པ་རིགས་པ་དང་ལྡན་པ་ནི་མེད་པས་སོ། །གང་མིག་གསུངས་པས་བཤད་པ། མིག་མ་བཟུང་བར་བྱ་བའི་དོན་རྟོགས་པ་དེ་བཞིན་དུ་རྣམ་པར་ཤེས་པ་མ་གཏོགས་ན་ཡང་དོན་ཤེས་ཟིན་པ་འཐང་དོ། ་ཞེས་པ་དེ་ནི་མི་ལེགས་ཏེ། སྐབས་སུ་མ་བབ་བའི་ཕྱིར་རོ། །གང་གི་ཕྱིར་མིག་ནི་གཟུགས་ཀྱི། ཁྱད་པར་མ་ཡིན་ལ། འོ་ན་ཅི་ཞེ་ན། མིག་གི་རྣམ་པར་ཤེས་པའོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡང་དག་པར་རིག་པ་མ་ཡིན་ན། ཇི ་ལྟར་གཟུགས་ཤེས་པར་བྱེད་ཅེས་པས་རྩོད་པ་ཉམས་པ་མེད་དོ། །གང་ཡང་ཤེས་པ་ལྐོག་ཏུ་གྱུར་ཉིད་དུ་བསྒྲུབ་པའི་ཆེད་དུ་བྷ་ཌ་ཌ་ཡས་སྨྲས་པ། ཇི་ལྟར་གཟུགས་ལ་སོགས་པ་གསལ་བ་རྣམས་གཞན་དུ་མི་འཐད་པས་(ཡང་མིག་གིས་ཟུང་བར)? ་དབང་པོ་གྲུབ་པ་དེ་བཞིན་དུ་ཤེས་པ་ཡང་གྲུབ་པོ་དེ་བཞིན་དུ་ཤེས་པ་ཡང་གྲུབ་པོ་ཞེས་སོ། །དེ་བཞིན་དུ་དེའི་བཤད་པ། དོན་འགའ་ཞིག་ཤེས་པ་ཟིན་པ་མེད་ནི་བློ་དམིགས་པ་མེད་ལ། ཤེས་ཟིན་ན་ནི་རྗེས་སུ་དཔག་པ་ལས་རྟོགས་སོ་ཞེས་སོ། ། ་དེའི་རྣམ་པར་འགྲེལ་པ་ཡང། ཤེས་པ་ནི་ཟིན་པ་ཉིད་ཀྱི་དབང་ལས་སོ་ཞེས་སོ། །ཤེས་ཟིན་པ་ཉིད་ཀྱང་ཡུལ་གསལ་བར་བརྗོད་དོ། །དེ་ནི་ཤིན་ཏུ་མ་རིགས་ཏེ་ཡུལ་གསལ་བ་ཉིད་ཀྱང་ཤེས་པ་ལས་ཐ་དད་པ་ཉིད་ན་ནི། ཡུལ་གྱི་ངོ་བོ་ཉིད ་ཡིན་ན་གསལ་བར་བེམས་པོའི་ངོ་བོ་པ་ཉིད་དེ། བེམས་པོ་ལ་ཡང་རབ་ཏུ་གསལ་བའི་མི་རིགས་པའི་ཕྱིར་རོ། །ཡུལ་ལས་དོན་གཞན་པ་ཉིད་དེའི་ཡང་རང་ཉིད་ལས་རབ་ཏུ་གསལ་བ་མི་རིགས་པའི་ཕྱིར་རོ། །གསལ་བའི་གཞན ་གྱི་གསལ་བར་བྱེད་ན་ཐུག་པ་མེད་པར་འགྱུར་རོ། །ཤེས་པའི་རང་བཞིན་ཉིད་ན་ནི་གསལ་བ་ཉིད་ཀྱང་ལྐོག་གྱུར་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་གདོན་མི་ཟ་བར་ཤེས་པ་རང་རིག་པ་ཉིད་དུ་བརྗོད་བར་བྱ་བའོ། །རང་རིག་པའི་ཉམས་སུ ་མྱོང་བས་གྲུབ་པ་ཡང་ཡིན་ན་ཇི་ལྟར་བསྙོན་འདེབས་པར་བྱེད་དེ་གསུངས་པ་དམིགས་པ་མངོན་སུམ་མ་ཡིན་ན། དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། ཞེས་སོ། །རྒྱན་མཛད་པས་ཀྱང་གསུངས་པ། གལ་ཏེ་ཤེས་ཏེ་ལྐོག་གྱུར་ན། ཤེས ་པ་ཞེས་ཉིད་དེ་གང་ལས། །ལྐོག་ཏུ་གྱུར་དེའི་རང་གི་ནི། །ངོ་བོས་སུ་ཡིན་པ་ཚོན་པར་ནུས། །ཤེས་སོ། །འོ་ན་ཤེས་པ་ཐམས་ཅད་ཀྱི་རང་རིག་པ་མངོན་སུམ་ཉིད་ན། འདི་བུམ་པའོ་ཞེས་པ་ལ་སོགས་པ་རྟོག་བའི་ཤེས་པ་མེད་པ་ཉིད་དང ་དུད་སེར་པོ་ལ་སེར་པོ་ལ་སོགས་པའི་ཤེས་པ་མ་འཁྲུལ་བ་ཉིད་དུ་ཇི་ལྟར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། རྣམ་པར་རྟོག་པའི་ཤེས་པ་ཡང་རང་གི་བདག་ཉིད་ལ་རྣམ་པར་རྟོག་པ་མེད་པ་ཁོ་ན་སྟེ། འདི་བུམ་པའོ་ཞེས་པ་འདིས་ནི ་ཕྱི་རོལ་ཁོ་ན་ལ་རྟོག་པར་བྱེད་ཀྱི་བདག་ཉིད་ལ་ནི་མ་ཡིན་ནོ། །དེ་གསུངས་པ། །ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པའོ། །རང་གི་ངོ་བོ་སྒྲ་དོན་མིན། །དེའི་ཕྱིར་དེ་ལ་ཀུན་མངོན ་སུམ། ཞེས་སོ། །འཁྲུལ་པ་ཡང་བདག་ཉིད་ལ་མ་མཁྲུལ་པ་སྟེ། །རང་ཉིད་རབ་ཏུ་གསལ་བའི་ངོ་བོ་ཉིད་ཀྱིས་སྣང་བའི་ཕྱིར་ལ། ཡུལ་མེད་པ་ཉིད་ལས་འཁྲུལ་བར་བརྗོད་དོ། །གང་གསུངས་བ། རང་ངོ་བོ་ལ་ཀུན་མ་འཁྲུལ། ། ་གཞན་ངོ་བོ་ལ་ཕྱིན་ཅི་ལོག། ཅེས་སོ། །དེའི་ཕྱིར་རྣམ་པར་གཞན་དུ་རབ་ཏུ་གསལ་བ་ཉིད་མ་གྲུབ་པའི་ཕྱིར། གལ་ཏེ་འདི་རྣམས་རབ་ཏུ་གསལ་བར་བྱེད་བ་ཡིན་ན་དེའི་ཚེ་རང་གི་རྒྱུ་ཁོ་ན་ལས་རབ་ཏུ་གསལ་བའི་རང་བཞིན་དུ ་སྐྱེས་བར་འགྱུར་བ་རྣམས་ཀྱིས། རབ་ཏུ་གསལ་བར་བྱེད་བ་ཡིན་ནོ་ཞེས་ཁས་བླང་བར་བྱའོ་ཞེས་པའོ། །ཡང་དག་བའི་དོན་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པ་རྣལ་འབྱོར་བའི་ཤེས་པ་ཡང་ངོ་ཞེས་ཏེ། རྣལ་འབྱོར་གིའི? ་ཤེས་རབ་དང་ཏིང་ངེ་འཛིན་དང་ཤེས་རབ་བོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་ནི་ཤེས་རབ་བོ། །འདི་ལ་རྣལ་འབྱོར་ཡོད་པས་ན ་རྣལ་འབྱོར་བའོ། །གང་རྣལ་འབྱོར་བའི་ཤེས་པ་དེ་ནི་མངོན་སུམ་མོ། །དེ་ཅི་འདྲ་བ་ཞིག་ཅེ་ན། ཡང་དག་པའི་དོན་བསྒོམ་པ་རབ་ཀྱིས་མཐར་ཐུག་པ་ལས་སྐྱེས་པ་སྟེ། ཡང་དག་པའི་དོན་ནི་ཚད་མས་འཐད་པའི་དོན་ནོ། ། ་བསྒོམ་པ་ནི་ཡང་དང་ཡང་སེམས་ལ་ཡང་དག་བར་བསྐྲུན་པའོ། །ཡང་དག་བའི་དོན་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་བའི་ཤེས་པ་གང་ཡིན་པ་དེ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ། །ཡང་དག་བའི་དོན་ནི ་འཕགས་པའི་བདེན་པ་བཞི་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ལམ་གྱི་མིང་ཅན་ནོ། །ཕུང་པོ་ལྔའི་རང་བཞིན་སྐད་ཅིག་པ་དང། སྟོང་བ་དང་བདག་མེད་པ་དང་སྡུག་བསྔལ་ལ་སོགས་པའི་ངོ་བོ་ཉིད་དུ་རྟོགས་བར་བྱ་སྟེ། ་གང་ཡོད་པ་དེ་སྐད་ཅིག་པའོ་ཞེས་པ་ལ་སོགས་པའི་རྗེས་སུ་དཔག་པས་ཚད་མས་འཐད་པར་ཁོང་དུ་ཆུད་པར་བྱའོ་ཞེས་པའོ་འོ་ན་སྒོམ་ནི་རྣམ་པར་རྟོག་པ་ཡིན་ལ། རྣམ་པར་རྟོག་པ་ཡང་དངོས་པོ་མིན་པའི་ཡུལ་ཅན་ཡིན་ན། །དེ་ལ་དངོས ་པོ་གསལ་བར་གྱུར་བ་ཇི་ལྟར་འགྱུར། རྣམ་པར་རྟོག་པ་ཡང་རྣམ་པར་རྟོག་པ་མེད་པར་ཇི་ལྟར་འགྲོ་བར་འགྱུར་སེམས་སྐད་ཅིག་པ་ཡང་རྩེ་གཅིག་པར་ཇི་ལྟར་འགྱུར། ཁྱད་པར་ཡང་ཅི་ཞིག་གིས་ཅི་ཡིས་བྱ། ལུས་ཅན ་ཡང་དག་ཆགས་པ་ལ་སོགས་པ་དང་བྲལ་བ་ལས་འགྲོ་བའོ་ཞེས་པ་ཐམས་ཅད་མི་འཐད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། རྣམ་པར་རྟོག་པ་དངོས་པོ་མ་ཡིན་པའི་ཡུལ་ཅན་ཡིན་ཡང་དངོས་པོ་ལ་ལྷག་པར་ཞེན་པར་བྱེད ་བས་བསྐོམ་པ་ལ་དངོས་པོ་ཁོ་ནར་འདིར་གསལ་བར་འགྱུར་རོ། །རྣམ་པར་རྟོག་པ་ཁོ་ན་རྣམ་པར་རྟོག་པ་མེད་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་རྟོག་པ་ལས་རྣམ་པར་མི་རྟོག་པ་སྐྱེ་བ་ཡིན་ནོ། །བསྒོམ་པ་པོ་རྣམས་ཀྱིས ་རྣམ་པར་མི་རྟོག་པར་སྣང་བ་འདི་ནི་ཉམས་སུ་མྱོང་བས་ཀྱང་གྲུབ་བོ། །མཐོང་བ་ལ་མི་འཐད་པ་ཞེས་བྱ་བ་ནི་ཅི་ཡང་མེད་དོ། །སེམས་སྐད་ཅིག་པ་ཡིན་ཀྱང། རིགས་མཐུན་པའི་སྐད་ཅིག་རྣམས་ལས་རྒྱུན་དུ་འཛིན་པར་བྱེད་པ ་ཉིད་ཀྱི་ཕྱིར་རྩེ་གཅིག་པར་བརྗོད་དོ། །སྐད་ཅིག་མ་ཉིད་ཀྱིས་ན་ཁྱད་པར་ཡང་འཐད་པའི་ཕྱིར་གྱི། རྟག་པ་ཉིད་ཀྱི་ན་ནི་མ་ཡིན་ཏེ། རྟག་པ་ནི་ཁྱད་པར་བརྟེན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ?། །གང་གསུངས་པ། ་གང་ཞིག་རང་བཞིན་འཇིགས་མེད་པ། །དེ་ནི་རྟག་པར་མཁས་རྣམས་སྨྲ། །དེ་ཡི་ནུས་པ་འམ་ནུས་མེད་པ། །གང་ཡིན་རང་བཞིན་གྱིས་གནས་པ། །རྟག་ཕྱིར་གསོ་བྱ་མ་ཡིན་ན། །དེ་ཟད?་བྱ ་མེད་ནུས་པ་ཅི། ཞེས་སོ། །གང་ལུས་ཅན་ཉིད་ལ་ཕན་འདོགས་པ་དང་གནོད་པ་ལས་བདེ་བ་དང་སྡུག་བསྔལ་དག་པའི་ཕྱིར་ལུས་ཅན་ཆགས་པ་ལ་སོགས་པ་དང་བྲལ་བ་ལས་གྲོལ་བའི་ཞེས་པ་ཡང་མི་འཐད་པར་རྗོད་པ་དེ ་ནི་མི་རིགས་ཏེ། ལུས་ནི་ཆགས་ལ་སོགས་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་མ་རིག་པ་སྟེ། མི་རྟག་པ་ལ་རྟག་པའོ་ཞེས་དང་བདག་མེད་པ་ལ་བདག་གོ་།ཞེས་དང་སྡུག་བསྔལ་ལ་བདེ་བ་ཞེས་དང། མི་གཙང་བ་ལ ་གཅང་བ་ཞེས་ཕྱིན་ཅི་ལོག་བཞིའི་རང་བཞིན་རྫུན་པལ?་དམིགས་པའོ། །དེ་ཉིད་ཀྱི་ཕྱིར་ཡང་ཡུལ་ལ་བདེ་བར་སྲེད་པར་འགྱུར་རོ། །བདག་རྟག་པར་མཐོང་བ་ཁོ་ནའོ། །བདེ་བ་མངོན་པར་འདོད་པ་ལ་སོགས་པའི་རྒྱུ་ཡང ་བདག་གི་བར་འགྱུར་རོ། །འདི་རྣམས་ལ་ཀུན་ཏུ་ཆགས་པ་ནི་འདོད་ཆགས་སོ། །དེ་དང་འབྲེལ་བ་ནི་ཞེ་སྡང་ལ་སོགས་པ་རྣམས་སོ། །དེའི་ཕྱིར་མི་རིགས་པ་ཁོ་ན་འདོད་ཆགས་ལ་སོགས་པའི་རྩ་བ་ཡིན་གྱི་ལུས་ནི་མ་ཡིན་ཏེ། ་ལུས་ཡོད་ན་ཡང་གལ་ཏེ་མ་རིག་པ་མེད་ནི་ཅ་ཞིག་ལས་འདོད་ཆགས་ལ་སོགས་པ་དང་ལྡན་པར་འགྱུར། དེའི་ཕྱིར་འཚོ་བའི་ལུས་ཡོད་བ་ན་ཡང་མ་རིག་པ་དང་བྲལ་བ་ལས། ཆགས་པ་དང་བྲལ་བ་རྣམས་ཀྱིས ་གྲོལ་བ་ཀུན་ཏུ་ཆགས་པ་ཐམས་ཅད་དང་བྲལ་བ་འབྱུང་བ་ལས་སྐྱོན་ཅི་ཡང་འབབ་པ་མེད་དོ་ཞེས་པ་ཐམས་ཅད་ལེགས་པར་གནས་པའོ། །དེའི་ཡུལ་ནི་རང་གི་མཚན་ཉིད་དོ། །མངོན་སུམ་རྣམ་པ་བཞི་པའི་དེའི་ཡུལ ་རང་གི་མཚན་ཉིད་དུ་རྟོགས་པར་བྱའོ། །རང་གི་མཚན་ཉིད་ཅེས་པ་ནི་དངོས་པོའི་རང་བཞིན་ཐུན་མོང་མ་ཡིན་པ་ཡུལ་དང་དུས་དང་རྣམ་པར་ངེས་པའོ། །འདིས་ནི་འདི་སྐད་བཤད་པར་འགྱུར་ཏེ། བུམ་པ་ལ་སོགས་པ་ཆུ་ལ་སོགས ་པ་འཛིན་པར་ནུས་པ་ཡུལ་དང་དུས་དང་རྣམ་པར་ངེས་པ། མདུན་ན་གསལ་བཞིན་པ། མི་རྟག་པ་ལ་སོགས་པའི་ཆོས་གཞན་དུ་མ་བསྟེན་པ། འཇུག་པའི་ཡུལ་རིཌ་མཐུན་པ་དད་རིགས་མི་མཐུན་པ་ལས་ལས་ལོག་པ་ནི་རང་གི་མཚན་ཉིད་དོ་ཞེས ་བའི་དོན་ནོ། །འོ་ན་གལ་ཏེ་རང་གི་མཚན་ཉིད་ཁོ་ན་མངོན་སུམ་གྱི་ཡུལ་ཡིན་གྱི་སྤྱི་མ་ཡིན་ན་དེའི་ཚེ་དུ་མ་དང་མེའི་སྤྱི་དག་གི་ཁྱབ་པ་ཇི་ལྟར་མངོན་སུམ་གྱི་གཟུང་བར་བྱ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་མི་ལྡན་པ་རྣམ་པར ་གཅོད་པ་ཁྱད་པར་དུ་བྱ་བས་རང་གི་མཚན་ཉིད་དེའི་ཡུལ་ཁོ་ནའོ། །གཞན་དང་ལྡན་པ་རྣམ་པར་གཅོད་པས་རང་གིས་མཚན་ཉིད་ཁོ་ན་དེའི་ཡུལ་ཞེས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤྱི་ཡང་དེའི་ཡུལ་ལོ། །དེ་ལྟར་ནི་ཚད་མའི ་ཡུལ་རྣམ་པ་གཉིས་ཏེ། གཟུང་བར་བྱ་བ་དང་ཞེན་པར་བྱ་བའོ། །དེ་ལ་མངོན་སུམ་གྱི་གཟུང་བྱ་ནི་སྣང་བཞིན་བའི་སྐད་ཅིག་གཅིག་གོ་།མངོན་སུམ་གྱི་རྗེས་སུ་སྐྱེས་བའི་རྟོག་པས་ཞེན་པར་བྱ་བ་ནི་སྤྱི་ཁོ་ནའོ། །སྤྱི་དེ་ཡང་རྣམ ་པ་གཉིས་གོང་མ་ཉིད་ཀྱི་མཚན་ཅན་དང། ཐད་ཀ་བའོ། །དེ་ལ་བུམ་པ་ལ་སོགས་བའི་གསལ་བའི་རིགས་མཐུན་པ་དང་རིགས་མི་མཐུན་བ་ལ་སོགས་པ་གཅིག་ཁོ་ན་ལ་སྐད་ཅིག་མ་དུ་མ་ཚོགས་པའི་སྤྱི་ནི་སྒྲུབ ་པར་བྱེད་པའི་མངོན་སུམ་གྱི་ཡུལ་ལོ། །རིགས་མི་མཐུན་པ་ལ་སོགས་པའི་གསལ་བ་དུ་མ་རྣམས་ནི་ཐང་ཀ་བའི་སྤྱི་སྟེ། ཁྱབ་པ་འཛིན་པའི་མངོན་སུམ་གྱི་ཡུལ་ལོ། །རྗེས་སུ་དཔག་པའི་གཟུང་བར་བྱ་བ་ནི་སྤྱིའོ། ། ་ཞེན་པར་བྱ་བ་ནི་རང་གི་མཚན་ཉིད་ཁོ་ནའོ། །རང་གི་མཚན་ཉིད་མངོན་སུམ་གྱི་ཡུལ་དུ་བསྒྲུབས་པས། གཞན་གྱིས་བརྗོད་པའི་ཚིག་གི་དོན་དྲུག་རྣམས་ཡུལ་མ་ཡིན་ནོ་ཞེས་བཤད་དེ། འདི་ལྟ་སྟེ། ་ཡན་ལག་ཅན་གྱི་རྫས་དང་ཡོན་ཏན་དང་ལས་དང་སྤྱི་དང། བྱེ་བྲག་དང་འདུ་བ་ཞེས་པའོ། །འདི་རྣམས་མངོན་སུམ་གྱིས་ཤིག་པ་ལ་སྣང་བ་ཡང་ཡོད་བ་མ་ཡིན་ཞིང། མི་སྣང་བ་ཡང་ཡུལ་དུ་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བའི ་ཕྱིར་རོ། །དེ་ལྟར་ནི་བུམ་པ་ལ་སོགས་པ་ཡོངས་སུ་སྣང་དུ་རུང་བ་ལ། སྔ་མ་དང་ཕྱི་མ་ལ་སོགས་པའི་ཆམ?་གཏོགས་པ་གཞན་ཅུང་ཟད་ཡན་ལག་ཅན་གྱི་རྫས་གཅིག་བུ་ཉེ་བར་དམིགས་པ་མེད་དོ། །རིགས་པའི་དབང་ཕྱུག ་དམ་པས་གསུངས་པ། ཆ་རྣམས་ཡང་དག་ངེས་གནས་ཉིད། །དེ་ལྟ་དེ་ལྟར་སྣམ་བར་བྱེད། །དེ་དང་ལྡན་པ་ཆ་འགའ་ཞིག་།སྔར་ཡང་རྟོགས་པ་མེད་པ་ཉིད། །ཅེས་སོ། །དེ་བཞིན་དུ་ཡོན་ཏན་དང་ལས་ལ་སོགས་པ ་སུན་དབྱུང་བ་ཡང་རྟོགས་པར་བྱའོ།། །།འོ་ན་འཇལ་བར་བྱ་བའི་ངོ་བོ་འབྲས་བུར་གྱུར་པ་འགྲུབ་པར་བྱེད་བའི་ཤེས་པ་ནི་ཚད་མའི་ཞེས་གྲུབ་མདེ་ལ་གང་འགྲུབ་པར་བྱེད་པ་ཚད་མའི་ཤེས་པ་ཡིན་པ་འཇལ་བ་འདི་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ་འདིར་སྔོན་པོ་ལ་སོགས་བའི་དོན་ལས་ཤེས་པ་ཚུལ་གཉིས་པ་སྐྱེ་སྟེ། སྔོན་པོའི་རྣམ་པ་མ་ཡིན་པ་ལས་ལྡོག་པ་སྔོན་པོའི་རྣམ་པའི་ཤེས་པ་ནི་ཚད་མའོ། །སྔོན་པོ་རྟོགས་པ་མ་ཡིན་པ་ལ་ལྡོག་པས། སྔོན་པོ་ལྟོཌ་པ ་རང་གི་ཚུལ་ནི་འཇལ་བ་སྟེ། དེ་ཁོ་ན་འབྲས་བུའོ། །ཇི་སྐད་དུ་གསུངས་པ། དོན་དང་འདྲ་བ་ནི་འདིའི་ཚད་མ་ཡིན་ལ། དོན་རྟོགས་པ་ནི་ཚད་མའི་འབྲས་བུའོ། ཞེས་སོ། །འདི་ཡང་རྣམ་པར་རྟོགས་པའི་རྟོགས་པས་ཐ་དད་དུ ་རྣམ་པར་བཞག་གི་དོན་དམ་པར་ནི་ཐ་དད་པ་མེད་པའོ། །ཇི་སྐད་དུ་གསུངས་པ། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུའོ་ཞེས་སོ། །གལ་ཏེ་ཡང་ཤེས་པ་རྣམས་པ་དང་བཅས་པར་མི་འདོད་ན། དེའི་ཚེ་རྣམ་པར་མེད་པ་ཉིད་ཀྱིས ་ཡུལ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར། རྣམ་པར་ཕྱེ་ནས་ཡུལ་རྣམ་པར་འཇོག་པ་མི་འགྲུབ་བོ། །གང་ཡང་འགའ་ཞིག་ཤེས་པ་སྔ་མ་ཚད་མ་དང། ཤེས་པ་ཕྱིན་ཚད་མའི་འབྲས་བུ་སོ་ཞེས་སྨྲ་བ་སྟེ། མི་རིགས་ཏེ། དེ་ལྟར་ནི་རེ ་ཞིག་སྐད་ཅིག་དང་བོར་འབྱུང་བའི་ཤེས་པ་ནི་ཚད་མ་མ་ཡིན་ཏེ། འབྲས་བུ་གྱུར་པའི་ཤེས་པ་གཉིས་པ་མི་སྐྱེ་བའི་ཕྱིར་རོ། །འབྲས་བུར་གྱུར་བའི་ཤེས་པ་སྐྱེ་བ་ན་ཡང། སྔ་མ་སྐད་ཅིག་མ་ཉིད་ཀྱིས་ཞིག་པའི་ཕྱིར། ཇི་ལྟར་བུམ་པ ་ལ་སོགས་པའི་ཡུལ་ཤེས་པའི་ཚད་མར་འགྱུར། དུས་མཚུངས་པར་འགྱུར་བའི་ཤེས་པ་ཡང་འབྲས་བུར་རིཌ་པ་མ་ཡིན་ཏེ། ཕན་གདགས་པར་བྱ་བ་དང། ཕན་གདོགས་པར་བྱེད་པ་ཉིད་མེད་པའི་ཕྱིར་གཡས་པ་དང་གཅིག་ཤོས ་བ་ཡང?་གི་རྭ་དག་བཞིན་ནོ་ཞེས་པ་རྟོགས་གེའི་སྐད་དུ་མངོན་སུམ་ཡོངས་སུ་བཅད་བའོ།། །།རྗེས་སུ་དཔག་པ་རྣམས་ཀྱིས་ཏེ་རང་དོན་དང་གཞན་དོན་ནོ་རང་གི་ཆེད་དུ་ཡང་ཡིན་པ་དེ་རང་དོན་ཏོ། །རང་དོན་རྗེས་སུ་དཔག་པ་ནི ་བདག་ཉིད་དེ། ལ་ལ་སོགས་པ་མཐོང་ནས་རྟོཌ་པ་པོ་གང་གི་མེའི་ཤེས་བ་སྐྱེ་བ་ནི་དེ་ཁོ་ན་ཤེས་ལ་དེ་ལྐོག་ཏུ་གྱུར་བའི་དོན་རྟོགས་པར་བྱེད་ཀྱི་གཞན་མ་ཡིན་ནོ། །ཞེས་པས་རང་གི་དོན་ཏེ་དེ་རྗེས་སུ་དཔག་པར་བརྗོད་དོ། །གཞན་གྱི་ཆེད་དུ་གང ་ཡིན་པ་དེ་བཞིན་དོན་ནོ། །གཞན་དོན་རྗེས་སུ་དཔག་པ་ཅིག་གི་བདག་ཉིད་དེ། ཚུལ་གསུམ་པ་རྟོགས་པར་བྱེད་དུ་འཇུག་པའི་ཚིག་ནི་ཕ་རོལ་བོ་རྟོཌ་པར་བྱེད་དུ་ཤེས་པར་བྱེད་དུ་འཇུག་ཅེས་བྱས་ནས་ཚིག་ཀྱང་ཉེ་བར་བཏགས་པ་ལ་རྗེས་སུ ་དཔག་པའི་སྒྲས་བརྗོད་དོ། །དེ་ལ་རང་དོན་ནི་ཚུལ་གསུམ་པའི་རྟགས་ལས་གང་རྗེས་སུ་དཔག་པར་བྱ་ལ་ཤེས་པའོ། །ཚུལ་གསུམ་དང་ལྡན་པའི་རྟཌ་ནི་ས་རྗེས་སུ་དཔག་པར་བྱ་བ་ལྐོག་ཏུ་གྱུར་པའི་ཡུལ་ལ་རྟོཌ་པ་པོའི ་གང་ཤེས་པ་སྐྱེ་བ་དེ་རང་དོན་རྗེས་སུ་དཔག་པའོ། །དེ་ཡང་ཆོས་ཅན་གྱི་ཁྱད་པར་འབྲེལ་བ་ཉིད་ཀྱིས་བསྒྲུབ་བར་བྱ་བ་དང། མེད་ན་མི་འབྱུང་བ་ཉིད་དུ་ངེས་པའོ་ཞེས་ཁ་ཅིག་གོ་།མེར་ལྷག་པར་ཞེན་པའོ་ཞེས་གཞན་རྣམས་སོ།། ་ད་ནི་རྟགས་ཀྱི་ཚུལ་གསུམ་པོ་བཤད་པར་བྱ་བ་སྟེ། རྗེས་སུ་དཔག་བར་བྱ་བ་ལ་ཡོད་བ་ཉིད་ཁོ་ནར་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ལ་སོགས་པའི་ཆོས་ཅན་ལ་རྟཌ་ཡོད་པ་ཉིད་དུ་ངེས་པར་གང་དེ་ནི་ཚུལ་གཅིག་སྟེ་ཕྱོགས་ཀྱི ་ཆོས་ཉིད་ཀྱི་མིང་ཅན་ནོ། །འདིར་ཡོད་པ་སྨོས་པས་མ་གྲུབ་པ་བསལ་ཏེ། དཔེར་ན་སྒྲ་མི་རྟག་སྟེ་མིག་གི་བཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་བཞིན་ནོ། །མིག་གི་གཟུང་བར་བྱ་བ་ནི་མིག་གི་རྣམ་པར་ཤེས་བས་གཟུང་བྱ ་ཉིད་དེ། དེ་ཆོས་ཅན་སྒྲ་ལ་མེད་དོ། །ཁོ་ནའི་སྒྲས་ཕྱོཌ་ཀྱིས་ཕྱོགས་གཅིག་ལ་མ་གྲུབ་པ་སྟེ། དཔེར་ན་ཕྱོགས་ཀྱིས་གོས་ཅན་པའི་སྦྱོར་པ་ཤིང་རྣམས་སེམས་ཅན་ཡིན་ཏེ། ཉལ་བའི་ཕྱིར་རོ། །ལོ་མ་ཟུམ་པའི་མཚོན ་ཉིད་ཅན་ནི་ཉལ་བ་སྟེ། དེ་ཡང་ཤིང་ཐམས་ཅད་ལ་མ་གྲུབ་པོ། །ངེས་པ་སྨོས་པས་ཐེ་ཚོམ་ཟ་བའི་མ་གྲུབ་པ་སྟེ། འདི་ན་མེ་ཡོད་དེ་རླངས་པ་ལ་སོགས་པར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པའི་ཕྱིར་རོ་ཞེས་པ་ལྟ་བུའོ།། ་ཡོད་པའི་སྒྲ་ལས་ཕྱིས་ཁོ་ནའི་སྒྲས་ཐུན་མོང་མ་ཡིན་པ་སྟེ། སྒྲ་མི་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་བལྟ་བུའོ། །ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པའོ། །ངེས་པའོ་ཞེས་འཇུག་པའོ། །ཕྱོགས་དང ་མཚུངས་པ་ན་ཕྱོགས་དང་མཐུན་པ་སྟེ། ཕྱོགས་དང་ལྷན་ཅིག་འདྲ་བའི་དཔེའི་ཆོས་ཅན་ནོ་ཞེས་པའི་དོན་ནོ། །ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པ་རྗེས་སུ་འགྲོ་བའི་མིང་ཅན་ཚུལ་གཉིས་པའོ། །འདིར་ཡོད་པ་སྨོས་པས་འགལ ་བ་བསལ་ཏེ། སྐྲ་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་པ་ལྟ་སྟེ། བྱས་པ་ཉིད་ནི་རྟག་པའི་མི་མཐུན་པའི་ཕྱི་མ་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཅན་ནོ་ཞེས་པས་འགལ་བར་བརྗོད་དོ། །ཁོ་ནའི་ཡི་གེ་ཐུན་མོང་གི་བསལ་ཏེ། སྒྲ་རྟག་སྟེ་གཞལ་བྱ ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ། །གཞལ་བྱ་ཉིད་རྣམས་པར་རྟོག་པས་ཡུལ་དུ་བྱས་པ་ཉིད་ནི། མཐུན་པའི་ཕྱོགས་ནམ་མཁའ་དང་མི་མཐུན་པའི་ཕྱོགས་སུམ་པ་ལ་ཡང་ཡོད་དོ་ཞེས་པ་ཐུན་མོང་བར་བརྗོད་དོ། །ཡོད་པའི་སྒྲ་ལས་སྔོན་དུ་ཁོ ་ནའི་ཡི་གེས་ནི་ཕྱོགས་དང་མཐུན་པ་ཐམས་ཅད་ལ་ཁྱབ་པར་བྱེད་པར་མ་ཡིན་ཡང་རྩོལ་བ་ལས་བྱུང་བ་གཏན་ཚིགས་ཉིད་དུ་བཤད་དེ། སྒྲ་མི་རྟག་སྟེ་བརྩལ་མཐག་ཏུ་བྱུང་བ་ཉིད་ཀྱི་བུམ་པ་བཞིན་དང་གློ་བཞིན་ཞེས་པ་ལྟ་བུའོ། །ངེས ་པར་སྨོས་པ་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་བསལ་ཏེ། འདི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་སྨྲ་བ་པོ་ཉིད་ཀྱི་ཕྱིར་འདོད་པའི་སྐྱེས་བུ་བཞིན་ཞེས་པ་སྟེ། ཕྱོགས་དང་མཐུན་པ་འདོད་པའི་སྐྱེས་བུ་ལ། སྨྲ་བ་པོ་ཉིད་ཐམས་ཅད་མཁྱེན་པ ་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་འམ་མི་ཁྱབ་པ་མི་ཤེས་པས་སོ། །མི་མཐུན་ཕྱོགས་ལ་མེད་བ་ཁོ་ནར་ངེས་པའོ། །མཐུན་པའི་ཕྱོགས་མ་ཡིན་པ་ནི་མི་མཐུན་ཕྱོགས་ཏེ། དེ་ལ་མེད་པ་ཉིད་ཁོ་ནར་ངེས་པ་གང་དེ་ནི་ལྡོག་པའི་མིང་ཅན་ཚུལ ་གསུམ་པའོ། །འདིར་ཡང་མེད་པ་གཟུང་བས་འགལ་བ་བསལ་ལོ། །ཁོ་ནའི་ཡི་གེས་ཐུན་མོང་པའོ། །ངེས་པ་སྨོས་པས་མི་མཐུན་ཕྱོགས་ལ་ལྡོག་པ་ཐེ་ཚོམ་ཟ་བ་སྟེ། དཔེར་ན་སྐྱེས་བུ་འདི་འདོད་ཆགས་བྲལ་བ་མ་ཡིན་ཏེ་སྨྲ ་བའི་ཕྱིར་ཤིང་རྟ་ཞོན་པའི་སྐྱེས་བུ་བཞིན་ཞེས་པ་ལྟ་བུ་སྟེ། གང་བུ་འདོད་ཆགས་དང་བྲལ་བ་མ་ཡིན་པ་ཉིད་མེད་པ་དེར་སྨྲ་བ་པོ་ཉིད་ཀྱང་སྟེ། རྡོ་བའི་དུམ་བུ་བཞིན། །རྡོའི་དུམ་བུ་ལས་གཉི་ག་ལོ་? ་ཟིན་མོད་དེ་ལྟ་ན་ཡང་ཅི་རྡོའི་དུ་མ་བུ?་ལས་ཆགས་བྲལ་མ་ཡིན་པ་ཉིད་ལོག་བཞི?་སྨྲ་བ་པོ་ཉིད་ལོག་གམ་འོན་ཏེ་རང་ཉིད་ཁོ་ན་ལས་ཞེས་མི་ཤེས་སོ། །དེའི་ཕྱིར་འདི་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པའོ། །མེད་པ་སྨོས་པ ་ལས་ཕྱིས་ཁོ་ནའི་ཡི་ངེས་མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པའི་ཐུན་མོང་བ་སྟེ། དཔེར་ན་སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་པ་ཡིན་ཏེ་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་པ་ལྟ་?་བུ་སྟེ། མི་རྟག་པ་ཉིད་ནི་མི་མཐུན་ཕྱོགས ་ནམ་མཁའ་ལས་ལྡོག་ཅིང་གློག་ལས་མ་ཡིན་པ་དེའི་ཕྱིར་འདི་མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པ་ཉིད་དོ། །འོ་ན་ཕྱོགS་དང་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བརྗོད་པ་ནི། ཤུགས་ཁོ་ན་ལས་ཕྱོགས་དང་མཐུན ་བ་མ་ཡིན་པ་ལ་མེད་པ་ཉིད་རྟོགས་ཏེ། དེའི་ཕྱིར་ཅིའི་དོན་དུ་གཉི་ག་དག་ཉེ་བར་བཟུང་ཞེ་ན། སྔོན་གྱི་རྒན་པོ་རྣམས་ནི་མི་མཐུན་ཕྱོགས་ངེས་པའི་དོན་དུའོ་ཞེའོ། །དེ་རྣམས་ཀྱང་མི་མཐུན་ཕྱོགས་རྣམ་པ་གསུམ་ཁོ་ནར ་འགྱུར་རོ་ཞེས་སེམས་ཏེ། བསྒྲུབ་པར་བྱ་བ་མེད་པ་ཅམ་དང། བསྒྲུབ་པར་བྱ་བ་ལས་གཞན་པ་དང། བསྒྲུབ་བྱ་དང་ལྷན་ཅིག་འགལ་པའོ། །སྦྱོར་བ་ངེས་པའི་དོན་དུའོ་ཞེས་ཁ་ཅིག་སྟེ། རྗེས་སུ་འགྲོ་བ་ཅན ་གྱི་སྦྱོར་བ་འམ། ལྡོག་པ་ཅན་གྱི་སྦྱོར་བ་ངེས་པ་དང་ལྡན་པ་གཅིག་སྦྱར་བར་བྱའི་གཉིས་དག་ནི་མ་ཡིན་ནོ་ཞེས་སོ། །ཆོས་མཐུན་པ་དང་ལྡན་པ་དང། ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་གསལ་བར་བྱ་བའི་དོན་དུ ་ཞེས་ཁ་ཅིག་གོ་།ཚུལ་གསུམ་པ་ཅན་གྱི་རྟགས་གསུམ་ཁོ་ན་རྣམས་སོ། །གང་རྣམས་ཀྱིས་ཚུལ་གསུམ་ཡིན་པ་དེ་རྣམས་ཚུལ་གསུམ་པ་ཅན་གྱི་རྟགས་ཏེ་གསུམ་ཁོ་ནའོ། །འབྲས་བུ་ཚུལ་གསུམ་པའི་རྟགས་དང་རངས་བཞིན ་ཚུལ་གསུམ་པའི་རྟགས་དང། མི་དམིགས་པ་ཚུལ་གསུམ་པའི་རྟགས་སོ། །སྒྲུབ་པར་བྱེད་པ་དང་ཤེས་པར་བྱེད་པ་དང་གཏན་ཚིགས་དང་ཁྱབ་པར་བྱ་བ་ཞེས་པ་རྟགས་ཀྱི་མིང་གཞན་རྣམས་སོ། །དེ་ལ་འབྲས་བུ་ནི། དཔེར་ན ་གང་ན་དུ་བ་ཡོད་པ་དེ་ན་མེ་སྟེ། དཔེར་ན་ཚད་བར་གཞིན། འདི་ན་ཡང་དུ་བའོ་ཞེས་པ་བདེ་བར་གཤེགས་པ་རྣམས་ཀྱི་ཁྱབ་པ་དང་ཕྱོགས་ཆོས་ཉིད་ཀྱི་མིང་ཅན་སྒྲུབ་བྱེད་ཀྱི་དག་ཡན་ལག་གཉིས་པ་ཁོ་ནའོ། །གཞན་རྣམས་ནི ་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་དང་འཇུག་བསྡུ་བ་ཞེས་པ་ཡན་ལག་ལྔ་པ་སྒྲུབ་པའི་དག་ཏུ་སྨྲའོ། །ཉེ་བར་དགོང་པ་ཡང། འདི་ལྟ་བུ་སྟེ། འདི་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། གང་ན ་དུ་བ་ཡོད་པ་དེ་ན་མི་སྟེ་དཔེར་ན་ཚང་བང་ན་བཞིན། དེ་ལྟ་བུ་ཡང་འདིའོ། །འདི་ཡང་མི་རིགས་ཏེ། འབྲེལ་པ་དང་བྲལ་བའི་དམ་བཅའ་བའི་ཚིགས་ཙམ་ལས་བསྒྲུབ་པར་བྱ་བ་རྟོགས་པར་མི་རིགས་པའི་ཕྱིར་རོ། །འབྲེལ ་པ་མེད་པར་ནི་སྒྲ་དང་དོན་དག་གིས་འབྲེལ་བསུན་དབྱུང་བར་བསྒྲུབས་ཟིན་པའི་ཕྱིར་སླར་མི་བརྗོད་དོ། །དམ་བཅས་པ་མེད་པ་སྔའི་མཛའ་ཅན་གྱི་གཏན་ཚིགས་ཀྱི་སྦྱོར་བ་མི་རིགས་ལ། གཏན་ཚིགས་མེད་པ་ཉེ་བར་སྦྱར་བ་དང། ་དཔེ་དག་མི་རིགས་ཤིང། གང་ན་དམ་བཅའ་ཉིད་མེད་པར་དེར་དམ་བཅའ་སླར་ཡང་བརྗོད་པ་འཇུག་བསྡུ་བ་ཅི་ལས་འབྱུང་བ་ར་འགྱུར་ཞེས་ཏེ། ཐམས་ཅད་ཀུན་ཏུ་བཅད་ཟིན་པ་གཅོད་པའོ། །འབྲས་བུའི་གཏན་ཚིགས་འདི ་ཡང་ཡུལ་གྱི་དབྱེ་བས་རྣམ་པ་གསུམ་སྟེ། མེ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་དུ་བ་ལ་སོགས་པ་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་གྱི་ངེས་པར་བྱ་བ་དང། མིག་ལ་སོགས་པ་བསྒྲུབ་པར་བྱ་བ ་ལ་ཤེས་པ་རེས་འགའ་འབྲས་བུ་སྐྱེ་བ་ལས་ཤེས་བར་བྱ་བ་དང། གཟུགས་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་རོལ་སོགས་པ་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱི་ངེས་པར་བྱ་བ་དཔེར་ན་མ་ཏུ་ལུང་སོགས་པའི་འབྲས་བུ ་ལ་གཟུགས་ལས་རྡོ་རྗེས་སུ་དཔོག་པ་ལྟ་བུའོ། །འདིར་གཟུགས་བསྐྱེད་པར་བྱ་བ་ལ་གཟུགས་སྔ་མ་ཉེ་བར་ལེན་ལེན་པ་དང་རོ་ལྷན་ཅིག་བྱེད་པའི་རྒྱུ་སྟེ། ཕུང་པོ་ལྔ་མ་ལས་ཕུང་པོ་ཀྱི་མ་སྐྱེ་བ་ལ་རིགས་པ་འདིའོ། །འོ་ན་ཉེ་བར ་ལེན་པ་དང་ལྷན་ཅིག་བྱེད་པ་དག་རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་སྒྲུབ་པ་འབྲས་བུའི་ངོར་མཚུངས་པ་ཉིད་ཀྱི་ཕྱིར་ཁྱབ་པར་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་རྣམ་པར་འགྱུར་པས་རྒྱུན་གཅིག་ལ་གང་འགྲུབ་དེ་འབྲས་བུའི ་དོ་དག?་མ་ཉེ་བར་ལེན་པའོ། །གང་རྒྱུན་གཞན་ལ་ཁྱད་པར་བསྐྱེད་པའི་རྒྱུ་མཚན་དེ་ལྷན་ཅིག་བྱེད་པའི་རྒྱུའོ། །དཔེར་ན་ཤཱ་ལིའི་རྒྱུ་གུ་སྐྱེད་པར་བྱ་བ་ལ་ཤཱ་ལིའི་ས་བོན་ཉེ་བར་ལེན་པ་དང་ཞིང་ས་དང་ཆུ་ལ་སོགས་པ་ལྷན ་ཅིག་བྱེད་པ་ཡིན་པ་བཞིན་ནོ། །དེ་ལྟར་འབྲས་བུའི་གཏན་ཚིགས་དེ་ལས་བྱུང་བའི་འབྲེལ་པ་ལས་རྟོགས་པར་བྱེད་པའོ་ཞེས་གནས་སོ། །རང་བཞིན་ནི་རང་ཡོད་པ་ཙམ་གྱི་འབྱུང་བའི་བསྒྲུབ་པར་བྱ་བའི་ཆོས་ལ་གཏན ་རིགས་སོ། །གཏན་ཚིགས་ཡོད་པ་ཙམ་ཀྱིས་འབྱུང་བའི་བསྒྲུབ་པར་བྱ་བའི་ཆོས་ལ་གང་གཏན་ཚིགས་སུ་བརྗོད་པར་བྱ་བའི་ཆོས་དེ་བཞིན་དུ་རྟོགས་པར་བྱའོ། །དཔེར་ན་འདི་ནི་ཤིང་གི་ཐ་སྙད་དུ་བྱང་རུང་སྟེ། ་ཤིང་ཤ་བའི་ཐ་སྙད་དུ་བྱར་རུང་བ་ཉིད་ཀྱི་ཕྱིར་ཅེས་པ་ལྟ་བུའོ། །འདི་ནི་ཤེས་པ་མདུན་ན་ཡོངས་སུ་མཐོང་བཞིན་པའི་མིག་གི་དོན་ཆོས་ཅན་ནོ། །ཤིང་ཤ་པའི་ཐ་སྙད་དུ་བྱར་རུང་བ་ཉིད་ཀྱི་ཕྱིར་ཅེས་པ་བསྒྲུབ་པར་བྱེད་པའོ། །ཤིང་ཤ ་པའི་ཐ་སྙད་དུ་བྱར་རུང་བ་ཉིད་ཕྱིར་ཅེས་པའི་དོན་ཅི་ཞེ་ན། །ལོ་མ་དང་འདབ་མ་དང་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་གྱི་ཐ་སྙད་དུ་བྱར་རུང་བ་ཉིད་ཀྱི་ཕྱིར་ཅེས་པའི་དོན་ནོ། །ཤིང་གི་ཐ་སྙད་དུ་བྱར་རུང་བ་ཉིད་ན་བསྒྲུབ་པར་བྱ ་བའོ། །འོ་ན་གཅིག་ཉིད་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མི་རིགས་ཏེ། དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཀྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་མེད་ན་མེད་ཡང་རྟོགས་པ་པོ་འགལ་ཞིག་ཤིང་ཤ་ཐ་སྙད ་བྱས་ནས་དེ་ལ་ཤིང་ཐ་རྙད?་སྔར་བྱས་ཀྱང། རྨོངས་པས་ཅུང་ཟད་སྒྲོ་བཏགས་ནས་སྔར་མི་བྱེད་པ་དེ་ལ་དེ་གཟོད་རང་བཞིན་གྱི་གཏན་ཚིགས་ཀྱི་ཐ་སྙད་དུ་བྱའོ། །དེའི་ཕྱིར་དེ་དག་དོན་དམ་པར་གཅིག་པ་ཉིད་ན་ཡང་རྣམ་པར་རྟོག ་པའི་བློ་ཐ་སྙད་ལ་གྲུབ་པ་ལྡོག་པ་ལ་བརྟེན་ནས་སྐྱེས་པ་ལ་ཐ་དད་པར་སྣང་བའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཉིད་ནི་མི་འགལ་ལོ་ཞེས་པའོ། །མི་དམིགས་པ་ནི་དཔེར་ན་ཕྱོགས་འདི་ན་བུམ་པ་མེད་དེ་དེ་དམིཌ ་པའི་མཆན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་ལྟ་བུའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཞེས་པ་སྣང་དུ་རུང་བའི་ཞེས་པའི་དོན་ནོ། །འོ་ན་མེད་པ་ཇི་ལྟར་སྣང་རུང་ཉིད་ཡིན ་ཞེ་ན། དབང་པོའི་ཤེས་པ་གཅིག་གིས་གཟུང་བར་བྱ་བས་ཕྱོགས་ལ་སོགས་པ་དམིགས་པར་བྱ་བཞིན་པ་ན་གལ་ཏེ་བུམ་པ་ཡོད་ན་བལྟར་རུང་ཁོ་ནར་འགྱུར་རོ་ཞེས་པས་དམིགས་པའི་རྐྱེན་གཞན་ཚང་བའི་ཕྱིར་སྣང་རུང ་ཉིད་དུ་སྲིད་པ་སྟེ། དེ་སྣང་རུང་ཁོ་ན་ནི་མ་ཡིན་ནོ། །དེ་མི་དམིགས་པའི་ཕྱིར་རོ་ཞེས་པ་གཏན་ཚིགས་སོ། །དེ་ཡང་ཤེས་པ་གཅིག་ལ་འདྲེ་བའི་ཚིག་དོན་ལས་སམ་ཤེས་པ་གཅིག་མ་འདྲེས་པའི ་ཚིག་གི་དོན་དམིགས་པ་ལས་ངེས་པར་བྱའོ་ཞེས་པའོ། །དེ་གཉིས་ཀ་ལས་དང་བྱེད་པ་པོའི་དངོས་པོར་མ་ཡིན་པའི་ཚུལ་གྱིས་མི་དམིགས་པ་བརྗོད་ཀྱི། མེད་པ་དགག་པའི་ཚུལ་གྱིས་དམིགས་པ་ལོག་པ་ཙམ་ནི་མ་ཡིན་ཏེ། ་དེ་ལྟ་ནི་རང་ཉིད་ཅི་ཡང་མ་ཡིན་པས་ཇི་ལྟར་སྒྲུབ་བྱེད་དུ་འགྱུར། །དགག་བྱ་ལ་གཞན་པའི་ཤེས་པ་ཙམ་ཡང་མ་ཡིན་ཏེ། གཟུགས་དམིགས་པ་ལས་ཀྱང་ནཱ་ག་རང་ག་ལ་རོ་དགག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར ་དགག་བྱ་ལས་ཁྱད་པར་ཅན་ཁོ་ནའི་དངོས་པོ་གཉིས་པོ་ས་ཕྱོགས་སམ་ས་ཕྱོགས་ཀྱི་ཤེས་པ་ནི་མི་དམིགས་པའོ་ཞེས་གནས་སོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དབུམ་པས་དཔེན་པའི་ས་ཕྱོགས ་འཛིན་པའི་མངོན་སུམ་ཁོ་ནས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་མེད་པའི་ཐ་སྙད་ནི་རྨོངས་པའི་ངོར་མི་དམིགས་པས་བསྒྲུབ་པར་བྱ་སྟེ། དེ་ལྟར་ནི་རྨོངས་པ་འགའ་ཞིག་རྡུལ་ལ་སོགས་པ་གྲངས་ཅན་ལ་གྲགས་པའི་ཡོན ་ཏན་རྣམས་ལ་མི་དམིགས་པས་མེད་པའི་ཐ་སྙད་ཞུགས་ཀྱང་རང་གི་གྲུབ་པའི་མཛའ་གོམས་པ་ལས་སླར་ཡང་ཐམས་ཅད་ཡོད་དོ་ཞེས་དང། ས་ཕྱོགས་ལ་སོགས་པ་འབའ་ཞིག་ཏུ་ཡང་བུམ་པ་མི་དམིགས་པ་ཡོད་ན་ཡང་མེད ་པའི་ཐ་སྙད་མི་བྱེད་ཅེས་བས་ན་མི་དམིགས་པ་ཐ་སྙད་རྣམ་པ་གསུམ་བྱ་སྟེ། དེ་ལ་དགོས་པ་མེད་པར་འགྲོ་བ་དང་འོང་བའི་མཚན་ཉིད་ཅན་ལུས་ཀྱི་ཐ་སྙད་དང་འདི་ནི་བུམ་པ་མེད་དོ། ཞེས་པ་དག་གི་དང་འདི་ལྟ་བུ་ཁོ་ན་ནང་གི་བརྗོད་པའི ་རྣམ་པ་ཅན་ཡིད་ཀྱིའོ་ཞེས་པའོ། །མ་དམིགས་པ་ནི་ལས་ཀྱི་ཆོས་ཀྱི་ཕྱོགས་ལ་བསྒྲུབ་པར་བྱ་བ་དང་ལྷན་ཅིག་དེའི་བདག་ཉིད་ཀྱིས་འབྲེལ་བར་རྟོགས་པར་བྱ་ཞིང་བྱེད་པ་པོའི་ཆོས་ཀྱི་ཕྱོགས་ལ་ནི་དེ་ལས་བྱུང་བ་སྟེ། དེ་ལྟར་ནི་བུམ་པས་དབེན ་བའི་ས་ཕྱོགས་སམ་ས་ཕྱོགས་ཀྱི་ཤེས་པ་ནི་མི་དམིགས་པ་ཞེས་བརྗོད་དོ། །མེད་པའི་ཐ་སྙད་དུ་རུང་བ་ཉིད་ཀྱང་དེའི་རང་བཞིན་ཏེ་ཤེས་པ་ནི་ས་ཕྱོགས་ཀྱི་འབྲས་བུའོ་ཞེས་པའོ། །འོ་ན་གལ་ཏེ་མི་དམིགས་པ་ལ་ཡང་དེའི་བདག་ཉིད་དང་དེ ་ལས་བྱུང་བ་དག་ཁོ་ནའི་འབྲེལ་པ་ཡིན་ན། དེ་ལྟ་ན་འབྲས་བུ་དང་རང་བཞིན་དག་ལས་མི་དམིགས་པ་ཇི་ལྟར་ཐ་སྙད་ཅེ་ན། །དགག་པ་སྒྲུབ་པར་བྱེད་པ་ལ་ཐ་དད་པ་སྟེ་དངོས་པོར་ན་མ་ཡིན་ནོ། །སློབ་དཔོན་གྱིས་ཇི་སྐད་གསུངས་པ། འདི་ལ ་གཉིས་ནི་དངོས་པོ་སྒྲུབ་པར་བྱེད་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་སོ། །དམིགས་པའི་མཚན་ཉིད་ཀྱིས་གྱུར་པའི་ཁྱད་པར་གྱིས་ཡུལ་གྱི་བསྐལ་བ་རི་རབ་ལ་སོགས་པ་དང། དུས་ཀྱི་སྐལ་བ་འབྱུང་བར་འགྱུར་བའི་འཁོར ་ལོས་སྒྱུར་བ་དུང་ལ་སོགས་པ་དང། རང་བཞིན་གྱིས་བསྐལ་པ་ཤ་ཟ་ལ་སོགས་པ་ལ་མི་དམིཌ་པ་ཙམ་ཡོད་པར་གྱུར་ན་ཡང་མེད་པའི་ཐ་སྙད་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །མི་དམིགས་པ་འདི་ཡང་ད་ལྟར་བའི་དུས་ལ་ཚད་མ ་ཡིན་ཞིང་ཁྱད་པར་དྲན་པ་ཡོད་པར་གྱུར་ན་འདས་པའི་དུས་ལ་ཡང་སྟེ། མ་འོངས་པའི་དུས་ལ་ནི་དམིགས་པ་རང་ཉིད་ཀྱང་ཐེ་ཚོམ་ཟ་བའི་ངོ་བོ་ཡིན་པས། དེའི་ཕྱིར་ཚད་མ་མ་ཡིན་ནོ། །རིགས་པ་སྨྲ་བས་གསུངས་པ། དྲན ་པའི་འདུ་བྱེད་མ་ཉམས་པའི་འདས་པ་དང་ད་ལྟར་གྱི་རྟོགས་པ་པོའི་མངོན་སུམ་ལྡོག་པ་ནི་མི་དམིགས་པ་སྟེ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པའོ་ཞེས་སོ། །དེ་ལས་གང་གི་ཚེ་རིང་བ་ཉིད་ཀྱི་ཕྱིར་དགག་པར་བྱ་བ་རུང་ཡུལ་མ་ཡིན་པར ་གྱུར་པ་དེའི་ཚེ་སྣང་རུང་མི་དམིགས་བ་དངོས་སུ་རབ་ཏུ་བརྗོད་པར་མི་ནུས་སོ་ཞེས་འབྲས་བུ་མི་དམིགས་པ་ལ་སོགས་བ་རྣམས་རབ་ཏུ་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་སྦྱོར་བའི་བྱེ་བྲག་གིས་རྣམ་པ ་བཅུ་དྲུག་ཏུ་འགྱུར་ཏེ། དེ་ལ་རང་བཞིན་མི་རིགས་པ་ནི་དཔེར་ན། འདི་ན་དུ་བ་མེད་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་རོ་དགག་པར་བྱ་བ་དུ་བའི་གང་རང་བཞིན་དེ་འདིར་མི་དམིགས་པའོ། །འབྲས་བུ་མི ་དམིགས་པ་ནི་དཔེར་ན། འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ་དུ་བའི་ཕྱིར་རོ། །དགག་པར་བྱ་བ་དུ་བའི་རྒྱུ་རྣམས་ཀྱིས་འབྲས་བུ་དུ་བ་སྟེ། དེ་འདིར་མི་དམིགས་པའོ། །རྒྱུ་མི་དམིགས་བ་ནི་དཔེར་ན། འདི་ན ་དུ་བ་མེད་དེ་མེ་མེད་པའི་ཕྱིར་རོ། །དགག་པར་བྱ་བ་དུ་བའི་རྒྱུ་མེ་སྟེ། དེ་འདིར་མི་དམིགས་པའོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི་དཔེར་ན། འདི་ན་ཤིཾ་?་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ། །དགག་པར་བྱ་བ་ཤིཾ་ཤ་པའི་ཁྱབ་པར ་བྱེད་པར། ཤིང་སྟེ་དེ་འདིར་མི་དམིགས་པའོ། །རང་བཞིན་འགལ་བ་དམིགས་པ་ནི་དཔེར་ན། འདི་ན། གྲང་བའི་རིགས་པ་མེད་དེ། མེ་ཡོད་པའི་ཕྱིས་ཞེས་བ་ལྟ་བུའོ། །དགག་པར་བྱ་བ་གྲང་བའི་རེག་པའི་རང་བཞིན་ནི་གང་གྲང་བ་སྟེ། ་དེ་དང་འགལ་བ་མེ་ཡིན་ཞིང། དེ་ཡང་འདིར་དམིགས་པའོ། །འབྲས་བུ་དང་འགལ་བ་མི་དམིགས་ནི་དཔེར་ན། འདི་ན་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་པའོ། །ཐ་མའི་གནས ་སྐབས་སུ་གྱུར་པ་ཁོ་ནའི་རྒྱུ་འབྲས་བུ་སྐྱེད་པར་བྱེད་ཀྱི་རྒྱུ་ཐམས་ཅད་མ་ཡིན་ཏེ། དེའི་ཕྱིར་ཁྱད་པར་ཉེ་བར་བཟུང་བའོ། །དགག་པར་བྱ་བ་གྲང་བའི་རྒྱུ་རྣམས་ཀྱི་འབྲས་བུ་གྲང་བ་སྟེ་དེ་དད་འགལ་བ་མེ་ཡིན་ཞིང། དེ་འདིར་དམིགས ་པའོ། །རྒྱུ་དང་འགལ་བ་མི་དམིགས་པ་ནི་དཔེར་ན་འདི་ལ་སྤུ་ལོང་ལ་སོགས་པའི་ཁྱད་པར་རྣམས་མེད་དེ། སྲེག་པར་བྱེད་པ་ཁྱད་པར་ཉེ་བའི་ཕྱིར་རོ། །དགག་པར་བྱ་བ་སྤུ་ལོང་ལ་སོགས་པའི་ཁྱད་པར་རྣམས་ཀྱི་རྒྱུ་གྲང་བ་སྟེ། དེ་དང་འགལ ་བ་སྲེག་པར་བྱེད་པར་བྱེད་པ་ཁྱད་པར་བ་ཡིན་ཞིང་དེ་འདིར་དམིགས་པའོ། །ཁྱད་པར་བྱེད་པ་དང་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་པའོ། །དགག་པར་བྱ་བ་པ་མོའི་རིག་པའི་ཁྱད་པར་བྱེད་བ་གྲང ་པ་སྟེ་།དེ་དང་འགལ་མི་ཁྱད་པར་བ་ཡིན་ལ། དེ་འདིར་དམིགས་པའོ། །རང་བཞིན་འགལ་བའི་འབྲུམ་དམིགས་པ་ནི་དཔེར་ན། །?་གྲང་བའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་རོ། །དགག་པར་བྱ་བ་གྲང་རེག་གི་རང་བཞིན་གང་ཡིན ་པ་དེའི་འགལ་བ་མེ་སྟེ་དེའི་འབྲས་བུ་དུ་བ་ཡིན་ཞིང་དེ་འདིར་དམིགས་པའོ། །འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན། །འདི་ན་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ་དུ་བ་ཡོད་པའི་ཕྱིར་ཅེས་པའོ། །དགག ་བྱ་གྲང་བའི་རྒྱུ་མཚན་གྱི་འབྲས་བུ་གྲང་བ་སྟེ། དེ་དང་འགལ་བ་མེ་བཞིན་ཞིང། དེའི་འབྲས་བུ་དུ་བ་སྟེ། དེ་འདིར་དམིགས་པའོ། །རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན། ས་ཕྱོགས་འདི་ནི་སྤུ་ལོང་ལ་སོཌ་པའི་ཁྱད་པར་དང ་ལྡན་པའི་གྲང་བ་དང་ལྡན་པ་མ་ཡིན་ཏེ་དུ་པ་ཡོད་པའི་ཕྱིར་རོ་ཞེས་པའོ། །དགག་པ་བྱ་བ་སྦུ་ལོང་ལ་སོགས་པའི་ཁྱད་པར་རྣམས་ཀྱི་རྒྱུ་གྲང་བྱ་སྟེ། དེ་དང་འགལ་བ་མེ་ཡིན་ལ། དེའི་འབྲས་བུ་དུ་བ་ཡིན་ཞིང་དེ་དམིགས་པའོ། །ཁྱབ ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་ནི་དཔེར་ན། འདི་ན་བ་མོའི་རེག་པ་མེད་དུ་བ་ཡོད་པའི་ཕྱིར་ཅེས་པའོ། །དགག་པར་བྱ་བ་བ་མོའི་རེག་པའི་ཁྱབ་པར་བྱེད་པ་གྲང་བ་སྟེ། དེ་དང་འགལ་བ་ཡིན་ལ། དེའི་འབྲས་བུ་དུ་བ་ཡིན་ཞིང་ ་དེ་འདིར་དམིགས་པའོ། །རང་བཞིན་འགལ་བས་ཁྱབ་པ་དམིགས་པ་ནི་དཔེར་ན། འདི་ན་མེ་མེད་དེ་བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །དགག་པར་བྱ་བ་མེའི་རང་བཞིན་དེ་དང་འགལ་བ་གྲང་བ་སྟེ། དེས ་ཁྱབ་པ་བ་མོའི་རེག་བ་ཡིན་པ་དེའི་དིར་དམིགས་པའོ། །འབྲས་བུ་འགལ་བས་ཁྱབ་པ་དུ་མིག་པ། དེ་དཔེར་ན་འདི་ན་མེའི་རྒྱུ་ནུས་པ་ཐོགས་པ་མེད་པ་རྣམས་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་ཅེས་པའོ། །དགག་པར་བྱ ་བ་མེའི་རྒྱུ་རྣམས་ཀྱི་འབྲས་བུ་མེ་ཡིན་ལ་དེ་དང་འགལ་བ་གྲང་བ་དང། དེས་ཁྱབ་པ་བ་མོའི་རེག་པ་སྟེ་དེ?་འདིར་དམིགས་པའོ། །རྒྱུ་དང་འགལ་བས་ཁྱབ་པ་དམིགས་པ་ནི་དཔེར་ན་འདི་ན་དུ་བ་ཡོད་པའི་ཕྱིར་ཅེས་པའོ། །དགག ་པར་བྱ་བ་དུ་བའི་རྒྱུ་མེ་ཡིན་ལ་དེ་དང་འགལ་བ་གྲང་བ་སྟེ། དེས་ཁྱབ་པ་བ་མོའི་རེག་པ་ཡིན་ཞིང་དེ་དམིགས་པའོ། །ཁྱབ་བྱེད་དང་འགལ་པས་དམིགས་པ་ནི་དཔེར་ན། འདི་རྟག་པ་མ་ཡིན་ཏེ་རེས་འགའ་འབྲས་བུ་བྱེད་པ ་ཉིད་ཀྱི་ཕྱིར་རོ། །དགག་པར་བྱ་བ་རྟག་པའི་ཁྱབ་པར་བྱེད་པ་ཁྱད་པར་དུ་འགྱུར་བ་མེད་པ་ཡིན་ལ། དེ་དང་འགལ་བ་ཁྱད་པར་དུ་འགྱུར་བ་དང་བཅས་པ་ཉིད་དེ། དེས་ཁྱབ་པར་རེས་འགའ་འབྲས་བུ་བྱེད་པ་ཉིད་ཡིན་ཞིང་དེ ་འདིར་དམིགས་པའོ། །འབྲས་བུ་མི་དམིགས་པ་ལ་སོགས་པའི་སྦྱོར་བ་བཅོ་ལྔ་པོ་འདི་རྣམས་ཀྱང་རང་བཞིན་མི་དམིགས་པའི་ངོ་བོ་ཉིད་དོ་ཁོ་ནར་རྟོག་པར་བྱ་སྟེ། སྦྱོར་བའི་དབྱེ་བ་བཞིན་དུ་ཕྱེ་བའོ། །དེ་ལ་རང་བཞིན་མི་དམིགས ་བས་མེད་པའི་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་པར་བྱའི། །དངོས་པོའི་མེད་པ་ནི་མ་ཡིན་ཏེ། དངོས་པོ་མེད་པ་ནི་མ་ཡིན་པར་དགག་པའི་ཚུལ་གྱིས་མི་དམིགས་པ་ཞེས་བརྗོད་ཅིང། དེ་ཡང་མངོན་སུམ་ཉིད་ཀྱི་གྲུབ་པ ་པ་ཉིད་ཀྱི་ཕྱིར་རོ། །གཞན་རྣམས་ཐམས་ཅད་ཀྱིས་དངོས་པོ་མེད་པའི་ཐ་སྙད་ཀྱང་བསྒྲུབ་པར་བྱ་སྟེ། དེ་རྣམས་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་པ་རྟོག་གེའི་སྐད་དུ་རང་དོན་རྗེས་སུ་དཔག་པ་ཡོངས་སུ ་བཅད་བ་རྫོགས་སོ།། །།ཚུལ་གསུམ་པའི་རྟགས་བརྗོད་པར་བྱེད་པ་ནི་གཞན་དོན་རྗེས་སུ་དཔག་པའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དང་ཕྱོགས་ཆོས་ཀྱི་མིང་ཅན་ཚུལ་གསུམ་པ་རྣམས་ཚིག་གང་གིས་བརྗོད་པར་བྱེད་པའི་ཚིག་དེ་ནི་ཉེ་བར ་བཏགས་པ་ལས་རྗེས་སུ་དཔག་པ་བརྗོད་པར་བྱའོ། །དེ་རྣམ་པ་གཉིས་ཏེ་ཆོས་མཐུན་པ་དང་ལྡན་པ་དང་ཆོས་མི་མཐུན་པ་དང་ལྡན་བའོ། །བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་དག་གཏན་ཚིགས་ཡོད་པ་ཉིད་ཀྱི་རྣམ་པར་མཚུངས ་པ་ཉིད་ནི་ཆོས་མཐུན་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་ཆོས་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་དག་གོ། བསྒྲུབ་བྱའི་ཆོས་ཅན་དང་དེའི་ཆོས་ཅན་དག་གཏན་ཚིགས་ཡོད་པ་ཉིད་ཀྱི་རྣམ་པར་མི་མཚུངས་ཆོས་མི་མཐུན་པ་སྟེ་དེ་གང་ལ་ཡོད་པ་དེ་ཆོས་མི་མཐུན ་བ་དང་ལྷན་ཅིག་པའི་སྒྲུབ་བྱེད་ཀྱི་དག་གོ་།དེ་ལ་རང་བཞིན་གྱི་གཏན་ཚིགས་ཀྱི་ཆོས་མཐུན་པ་དང་ལྡན་པའི་སྦྱོར་བ་བསྟན་པའི་ཆེད་དུ་མདོ་སྡེ་བའི་ལུགས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ། འདུས་བྱས་ཐམས་ཅད་སྐད ་ཅིག་པའོ་ཞེས་སོ། །དེ་གཏན་ལ་དབབ་པར་བྱ་སྟེ། འདུས་ཤིང་ཚོགས་ནས་རྒྱུ་དང་རྐྱེན་རྣམས་ཀྱིས་བྱས་ཤིང་དངོས་པོ་སྐྱེས་པས་ནི་འདུས་བྱས་སོ། །སྐད་ཅིག་པའོ་ཞེས་པ་སྐྱེ་བའི་སྐད་ཅིག་ཁོ་ན་ཡོད་པའི་ཕྱིར་རོ། །རེ་ཞིག་བུམ ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ཐོབ་བ་ལ་སོགས་པ་ཉེ་བ་ན་འཇིག་པར་འགྱུར་བར་སྣང་ཞིང། དེ་ལ་ངོ་བོ་གང་གིས་མཛའ་ཨི་གནས་སྐབས་སུ་བུམ་པ་ལ་སོགས་པ་འཇིག་བར་བྱེད་པའི་ངོ་བོ་དེ་དང་འདི་སྐྱེས་པ་ཙམ་ལ་ཡོད་དོ། །དེའི་ཚེ་སྐྱེས ་མ་ཐག་པ་ཁོ་ནར་ངེས་གཞིག་པར་བྱའོ་ཞེས་པ་འདི་བསལ་བར་སྐད་ཅིག་པ་ཉིད་དོ། །ཅི་སྟེ་འདི་འདྲ་བ་ཁོ་ན་རང་བཞིན་ཏེ། རང་གི་རྒྱུ་ལས་དེ་སྐྱེས་ཤིང་གང་དུས་ཅུང་ཟད་ཅིག་གནས་ནས་ཞིག ་གོ་ཞེས་པ་དེ་ལྟ་ན་དེའི་ཚེ་ཐོ་བ་ལ་སོགས་པ་ཉེ་བ་ན་ཡང་འདི་ཁོ་ནའི་དེའི་རང་བཞིན་ནོ། །ཞེས་པས། །སླར་ཡང་འདིས་དུས་དེ་སྲིད་ཁོ་ནར་གནས་པར་བྱ་བ་ལ་སྔར་ཡང་དེ་བཞིན་ནོ། །ཞེས་པས་མི་འཇིག་པ་ཁོ་ནར ་འགྱུར་རོ། །དེའི་ཕྱིར་སྐད་ཅིག་གཉིས་གནས་པའི་དང་ཅན་ཉིད་དུ་ཡང་སྐྱེས་ན། སྐད་ཅིག་དང་པོ་དང་འདྲ་བར་སྐུད་ཅིག་གཉིས་པ་ན་ཡང་སྐད་ཅིག་གཉིས་གནས་པའི་དང་ཅན་ཉིད་ཕྱིར་སྐད་ཅིག་མ་གཞན་པ ་གཉིས་སུ་གནས་པར་འགྱུར་ཞིང། དེ་བཞིན་དུ་སྐད་ཅིག་གསུམ་པ་ན་ཡང་དེ་རང་བཞིན་ཉིད་ཀྱི་ཕྱིར་མི་འཇིག་པ་ཁོ་ནར་འགྱུར་རོ་ཞེས་འདི་ནི་འགྱུར་ཏེ། དེའི་དངོས་པོ་ནི་བརྟགཔ་ཁོ་ན་རང་གི་རྒྱུ་ལས་སྐྱེས ་ཤིང་སྟོབས་ཀྱིས་འགོག་བྱེད་ཐོ་བ་ལ་སོགས་པས་གཞིག་པར་བྱ་བ་འབའ་ཞིག་གོ་ཞེ་ན། དེ་ཡང་དག་པ་མ་ཡིན་ཏེ། ལྔར་ཡང་འདི་ལྟར་རིགས། བརྟེན་པ་ཉིད་ཀྱི་ཕྱིར་དེ་འཇིག་པ་ཡང་མ་ཡིན་ཞིང། འགོག་བྱེད་ཀྱི་སྟོབས ་ཀྱིས་དེ་བཞག་པར་བྱ་བ་ཡང་ཡིན་པ་འདི་ནི་མི་སྲིད་པའི་ཕྱིར་ཏེ། ལྷས་བྱིན་འཚོ་བ་ཡང་ཡིན་ལ་འདི་འཆི་བར་ཡང་འགྱུར་རོ་ཞེས་པའོ། །འོན་ཏེ། འཇིག་པ་ཡིན་ན་དེའི་ཚེ་ཇི་ལྟར་མི་འཇིག་པའི་དང་ཅན་དུ་དེའི་དངོས་པོ་དང་གི ་རྒྱུ་ལས། སྐྱེས། འཆི་བ་ཡང་ཡིན་ལ་མི་འཆི་བའི་ཆོས་ཅན་ཡང་ཡིན་ནོ་ཞེས་སྨྲ་བར་མི་རིགས་པས་སོ། །དེའི་ཕྱིར་འཇིག་པའི་དང་ཅན་མ་ཡིན་པ་ཉིད་ན་ནམ་ཡང་འཇིགས་པ་མི་རིག་པའི་ཕྱིར་དང་འཇིག་པར་མཐོང ་བའི་ཡང་ཕྱིར། འཇིག་པའི་དང་ཅན་ཁོ་ནར་དེའི་དངོས་པོ་རང་གི་རྒྱུ་ལས་ཉེ་བར་སྐྱེས་སོ་ཞེས་ཁས་བླངས་སོ། །དེའི་ཕྱིར་སྐྱེས་པ་ཙམ་ཁོ་ན་འཇིག་ཅིང། དེ་ལྟར་གྱུར་ན་སྐད་ཅིག་གིས་འཇིག་པར་གྲུབ་པར་འགྱུར་རོ། །སྦྱོར་བ་ཡང་ལྔར་ལྟར་བྱ་སྟེ། ་གང་དང་གང་འཇིག་པའི་ངང་ཅན་གྱི་ངོ་བོ་དེ་དང་དེ་ནི་དེ་མ་ཐག་ཏུ་མི་གནས་པའི་དང་ཅན་ཡིན་ཏེ། དཔེར་ན་སྐད་ཅིག་མ་ཐ་མར་ཞུགས་པའི་བུམ་པའི་ངོ་བོ་བཞིན་། གཟུགས་ལ་སོགས་བ་སྐྱེས་པའི་དུས་ན་ཡང་འཇིག་པའི་དང་ཅན་གྱི་ངོ་བོ་ཡིན་ནོ། ། ་ཞེས་པ་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དངོས་པོ་རྣམས་སྐད་ཅིག་གིས་ཉམས་པའི་ངང་ཅན་ཡིན་ན། འོ་ན་དེ་ཁོ་ན་འདིའོ་ཞེས་དོ་ཤེས་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། འདྲ་བའི་བར་མ་ཆད་པ་གཞན་དང་གཞན་བྱུང་བ ་ལས་དང། མ་རིག་པ་བཅིངས་པ་ལས་སོ། །སྐད་ཅིག་སྔ་མ་འཇིག་པའི་དུས་ཁོ་ནར་དེ་དང་འདྲ་བའི་སྐད་ཅིག་གཞན་སྐྱེ་སྟེ། དེས་ན་རྣམ་པ་མི་མཐུན་པ་མེད་པའི་ཕྱིར་དང་དངོས་པོ་མེད་པས་ཀྱང་བར་དུ་མཆོད་པའི་ཕྱིར་ཐ་དད་ནི ་ཡང་ཁོ་ན་འདིའོ་ཞེས་ཐ་མི་དད་པར་ལྷག་པར་ཞེན་པའི་རྟོགས་པ་སོ་སོ་སྐྱེ་བོ་རྣམས་ལ་རབ་ཏུ་སྐྱེ་སྟེ། ཤིན་ཏུ་ཐ་དད་པ་བཅད་ནས་སླར་སྐྱེས་པའི་ཀུ་ཤ་དང་ཀཱ་ཤ་དང་སྒྲ་ལ་སོགས་པ་རྣམས་ལ་ཡང་དང་དེ་ཁོ་ནའི་འདིའོ་ཞེས་པའི་རྟོགས་པ ་མཐོང་བ་ཉིད་དེ། དེ་བཞིན་དུ་འདིར་ཡང་ཅིའི་ཕྱིར་མི་སྲིད། དེའི་ཕྱིར་འདུས་བྱས་ཐམས་ཅད་སྐད་ཅིག་པའོ། །ཞེས་པ་འདི་གྲུབ་པ་ཁོ་ནའོ། །ཁྱད་པར་མེད་པའི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་འདི་ཡིན་ནོ་ཞེས་པའོ། །དེ་བཞིན་དུ ་ཁྱད་པར་མེད་པའི་སྦྱོར་བ་གཞན་སྟེ། གང་ཡོད་པ་ཐམས་ཅད་དེ་མི་རྟག་པ་སྟེ་དཔེར་ན་བུམ་པ་བཞིན། ཚད་མས་རྟོགས་པའི་དངོས་པོའི་འདི་ཐམས་ཅད་ཀྱང་ཡོད་པ་རྣམས་སོ། །དེ་བཞིན་དུ་གཞན་ཡང་རིག་བྱེད་སྐྱེས་བུ་བྱས་པ་ཉིད་དུ ་གྲུབ་པའི་ཆེད་དུ་རང་བཞིན་གྱི་གཏན་ཚིགས་ཏེ། གང་དང་གང་དག་ཡིན་པ་དེ་དང་དེ་སྐྱེས་བུས་བྱས་པས་སྟེ། དཔེར་ན་ཤིང་རྟ་ཞོན་པའི་སྐྱེས་བུའི་དག་བཞིན་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱའོ ་ཞེས་པ་འདི་ཡང་དག་གོ་ཞེས་པ་ལྟ་བུའོ། །ཁྱད་པར་བཅས་པའི་སྦྱོར་བ་ནི་དཔེར་ན། གང་སྐྱེ་བ་དང་ལྡན་པ་དེ་ཐམས་ཅད་མི་རྟག་པ་སྟེ་དཔེར་ན་བུམ་པ་བཞིན། སྒྲ་ཡང་སྐྱེ་བ་དང་ལྡན་པའོ། །མ་སྐྱེས་པའི་རྣམས་ལས་ལོག ་པའི་དངོས་པོ་ནི་སྐྱེས་པར་མཛད་ཅིང། གང་གིས་ཚེ་ལྡོག་པ་དེ་ཁོ་ན་ལྡོག་པ་གཞན་རྣམ་པར་གFོད་པས་དངོས་པོའི་སྐྱེ་བ་ཞེས་ཐ་དད་པར་བརྗོད་ཅིང་དེའི་ཚེ། བརྟགས་པས་ཐ་དད་པའི་རང་བཞིན་དུ་གྱུར་པའི་ཆོས་ཀྱི་ཁྱད་པར་དུ་བྱས་པའི ་རང་བཞིན་གྱི་གཏན་ཚིགས་སོ། །དེ་བཞིན་དུ་ཁྱད་པར་དུ་ཐ་དད་པའི་སྦྱོར་བ་ནི། གང་བྱས་པ་དེ་མི་རྟག་སྟེ་བུམ་བ་བཞིན་ནོ། །སྒྲས་ཡང་བྱས་སོ། །འོ་ན་བ་ལང་ཁྲ་བོ་ཞེས་པ་ཁྱད་པར་ཐ་དད་པའི་སྦྱོར་བ་མ་ཡིན་ནམ། ཇི་ལྟར ་ཁྲ་བོའི་སྒྲ་ཁྱད་པར་ཐ་དད་པ་བརྗོད་པར་བྱེད་པ་དེ་བཞིན་དུ་བྱས་པའི་སྒྲ་ལ་ཁྱད་པར་ཐ་དད་པ་བརྗོད་པར་བྱེད་ཅིང་ཡང་ཡོད་པ་མ་ཡིན་ན། དེ་ཇི་ལྟར་ཐ་དད་པའི་དཔེར་བརྗོད་པ་ཡིན་ཞེ་ན། །བརྗོད་པར་བྱ་སྟེ། ་རང་གི་ངོ་བོ་འགྲུབ་པ་ན་བཞན་གྱི་བྱ་བ་ལ་བལྟོས་པའི་དངོས་པོ་ནི་བྱས་པ་ཞེས་བརྗོད་པར་བྱ་ལ། དེའི་ཕྱིར་བྱས་པའི་སྒྲ་གཞན་གྱི་བྱ་བ་ལ་བལྟོས་པ་དང་བཅས་པའི་རང་བཞིན་དང་ཁོ་བོ་ནས་བརྗོད་བར་བྱེད་པ་ནི་ཁྱད་པར ་ཐ་དད་པ་ཁོ་ནར་གསུངས་སོ། །ཁྱད་པར་རབ་ཏུ་སྦྱར་བའི་རང་བཞིན་གྱི་སྦྱོར་བ་ནི། གང་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པའི་དང་ཅན་དེ་བྱས་དེ་དེ་དུ་བ་བཞིན་སྒྲ་ཡང་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པའི་དང་ཅན་ནོ། །རྐྱེན་ནི་རྒྱུ་དེའི་བྱེ་བྲག་ངེས ་ཐ་དད་པའི་དང་ཚུལ་གང་ལ་ཡོད་པ་དེ་སྐྱེས་གྱི་ཁྱད་པར་གྱིས་ཐ་དད་པའི་ངང་ཅན་ཏེ་གང་རྒྱུ་ཆེན་པོ་ཉིད་ཀྱིས་ཆེན་པོ་ཉིད་རྒྱུ་ཆུད་དུ་ཉིད་ཅེས་པའི་དོན་ནོ། །རྐྱེན་གྱི་ཁྱད་པར་གྱི་ཐ་དད་པའི་ཁྱད་པར་བརྗོད་པར་བྱེད་པ་འདིར་རབ་ཏུ་སྦྱར་བ་ཉིད་ཀྱི་ཕྱིར་འདི་ནི་ཐ་དད ་པའི་ཁྱད་པར་རབ་ཏུ་སྦྱར་བའོ། །རང་བཞིན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་སྣ་ཚོགས་གཏན་པ་ཡང་རྣམ་པར་སྨོངས་པ་ལོག་པའི་ཆེད་དུ་སྟེ། ཆེས་ཀྱི་བྱེ་བྲག་བརྟགས་པས་ཀྱང་རང་བཞིན་གྱི་གཏན་ཚིགས་ཁོ་ན་རབ་ཏུ་སྦྱར་བར་བྱའོ ་ཞེས་རབ་ཏུ་བསྒྲུབ་པའི་ཚེད་དུའོ། །རང་བཞིན་གྱི་གཏན་ཚིགས་ལ་ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན་གང་དང་གང་དེ་མ་ཐག་ཏུ་མི་གནས་པར་མི་འགྱུར་བ་དེ་དང། དེ་འཇིག་བའི་ངང་ཅན་གྱི་རང་གི་ངོ་བོ་མ་ཡིན་ཏེ། ནམ་མཁའ་ ་བཞིན། གཟུགས་ལ་སོགས་པ་སྐྱེས་པའི་དུས་ན་ཡང་འཇིག་པའི་ངང་ཅན་ནོ། །ལྡོག་པའི་སྦྱོར་བ་ལ་བསྒྲུབ་པར་བྱེད་པ་མེད་པས་བསྒྲུབ་པར་བྱ་བ་ལ་ཁྱབ་པ་མེད་པ་ཉིད་ཀྱི་ཕྱིར་སྒྲུབ་པར་བྱེད་པ་ཡོན་ངེས་པར ་འགྱུར་རོ་ཞེས་རྟོགས་པར་བྱའོ། །དེ་བཞིན་དུ་ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་གཞན་ཡང་སྟེ། གང་དང་གང་ན་སྐད་ཅིག་མ་ཉིད་མེད་པ་དེ་དང་དེ་ན་ཡོད་ཉིད་ཀྱང་སྟེ། ནམ་མཁའ་ཨི་པདྨ་ལ་བཞིན་སྒྲ་ཡོང་པའོ། །དེ་བཞིན་དུ་གང་ན་འང ་མི་རྟག་པ་ཉིད་ལོག་པ་དེ་ན་སྐྱེ་བ་དང་ལྡན་པ་ཉིད་ཀྱང་སྟེ། རུས་སྦལ་གྱི་སྤུ་ལ་བཞིན། སྒྲ་ནི་སྐྱེ་བ་དང་ལྡན་པ་ལ་ཡང་ངོ། །གང་དུ་མི་རྟག་པ་ཉིད་ལོག་པ་དེར་བྱས་པ་ཉིད་ཀྱང་སྟེ། རི་བོང་གི་རྭ་བཞིན། སྒྲ་ནི་བྱས་པ་ཡིན་ནོ། །གང་དུ ་བྱས་པ་ཉིད་མེད་པ་དེར་རྐྱེན་ཀྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཀྱང་མེད་དེ། ནམ་མཁའ་ལ་བཞིན། སྦྲ་ནི་རྐྱེན་ཀྱི་བྱེ་བྲག་གིས། ཐ་དད་པ་ཡང་ངོ་ཞེས་པའོ། །འབྲས་བུའི་གཏན་ཚིགས་ཀྱིས་ཆོས་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན་གང ་དང་གང་ན་དུ་བ་ཡོད་བ་དེ་དང་དེ་ན་མེ་སྟེ། ཚང་བང་བཞིན་འདི་ན་ཡང་བུ་བའོ། །འབྲས་བུའི་གཏན་ཚིགས་ཀྱང་མངོན་སུམ་དང་མི་དམིགས་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཡོད་ན། རྒྱུ་བསྒྲུབ ་པར་བྱ་བ་ལ་རབ་ཏུ་སྦྱར་བར་བྱའོ། །ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན། མེ་མེད་ན་དུ་བར་མི་འགྱུར་ཏེ་ཆུ་ཀླུང་ཆེན་པོ་བཞིན་འདི་ན་དུ་བ་ཡོད་དོ་ཞེས་པའོ། །མི་དམིགས་པའི་ཆོས་མཐུན་བ་དང་ལྡན་པའི ་སྦྱོར་བ་ནི་ཡན་ལག་ཅན་འགག་པའི་ཆེད་དུ་དཔེར་ན། གང་གང་ན་དམིགས་པའི་མཚན་ཉིད་དུ་འགྱུར་བར་ཡོད་པ་མ་དམིགས་པ་དེ་དང་དེ?་ན་ཡོད་པ་མ་ཡིན་པའི་ཐ་སྙད་དུ་བྱར་རུང་སྟེ། མིའི་མགོ་ལ་རྭ་བཞིན། བུམ་བའི ་སྒྲའི་བརྗོད་པར་བྱ་བའི་སྣོད་རྣམས་ལ་ཕ་རོལ་གྱིས་མངོན་པར་འདོད་པ་ན་ལག་ཅན་ཡང་འདིར་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་སོ། །མི་དམིགས་པའི་ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་ནི་དཔེར་ན། གང ་དམིགས་པའི་མཚན་ཉིད་དུ་འགྱུར་བར་ཡོད་པ་དེ་དམིགས་པ་ཁོ་ན་སྟེ། སྔོན་པོ་ལ་སོགས་པའི་ཁྱད་པར་མངོན་དུ་ཉིད་མངོན་སུམ་པར་འདོད་པ་བཞིན་གྱི་ཀྱི་ཁྱད་པར་འདི་ན་དམིགས་པའི་མཚན་ཉིད་དུ་གྱུར་བ་ཡོད་བའི་བུམ་བ ་དམིགས་པ་མེད་དོ་ཞེས་པའོ། །ཐམས་ཅད་དུ་ཆོས་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་དག་ལ་སྒྲུབ་བྱེད་ཀྱི་ཁྱབ་པར་བྱ་ཞིང། ཆོས་དང་མི་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་དག་ལ་ནི་སྒྲུབ་པར་བྱེད་པ་མེད་བར་བསྒྲུབ་བྱ་མེད་པ་ལ ་ཁྱབ་པའོ་ཞེས་རྟོགས་པར་བྱའོ། །སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་པ་ལ་ངེས་པ་ཉིད་དུ་བརྗོད་པ་དང་བསྒྲུབ་པར་བྱེད་པ་མེད་པ་ནི་སྒྲུབ་པར་བྱེད་པ་མེད་པ་ལས་ངེས་པར་འཆད་པ་ཞེས་བྱ་བ་ནི་ཁྱབ་པ་ཞེས་མངོན་པར་བརྗོད་པར ་བྱེད་པའོ། །དེའི་ཕྱིར་ཚད་མས་ཁྱབ་པ་གྲུབ་པ་ཡོད་ན་འདི་ནི་གང་དུ་ཡང་སྒྲུབ་པར་བྱེད་པའི་ཆོས་ཅན་དེར་བསྒྲུབ་བར་བྱ་བར་མི་འགྱུར་རོ་ཞེས་པའི་དགོས་པ་མེད་དོ། །གང་དུ་ཚད་མས་ཐམས་ཅད་ཉེ་བར་བསྡུས་པ་དང་ལྡན་པའི་བྱ་བ་མ་གྲུབ? ་པ་དེར་ནི་དགོས་པ་འཇུག་པ་མི་བཟློག་སྟེ། དཔེར་ན་དབང་ཕྱུག?་བསྒྲུབ་པ་ན་འབྲས་བུ་ཉིད་ཀྱི་སྒྲུབ་པར་བྱེད་པ་བཞིན་ཏེ། དེ་ལྟར་ན་དེ་རྣམས་ཀྱི་སྒྲུབ་བྱེད་ཉེ་བར་དགོད་པ། འདིར་ཐམས་ཅད་མཁྱེན་པ་གཞན་བཅོམ་ལྡན་འདས་ཡོད་དམ ་མེད་ཀྱང་བླ་སྟེ། སླར་ཡང་དབང་ཕྱུག་ཐམས་ཅད་མཁྱེན་པ་ནི་བསྒྲུབ་པར་ནུས་སོ། །དེ་ལྟར་ནི་འཁོར་བ་ན་དངོས་པོ་འབའ་ཞིག་རྣམས་བྱེད་པ་པོ་ངེས་པ་ཡོད་དེ། བུམ་པ་ལ་སོགས་བ་རྣམས་བཞིན། འགའ་ཞིག་རྣམས་བྱེད་པ་པོ ་ངེས་པ་མེད་པ་སྟེ། ནམ་མཁའ་ལ་སོགས་པ་བཞིན། སླར་ཡང་གཞན་བྱེད་བ་པོ་ལ་ཐེ་ཚོམ་ཟ་བ་རྣམས་ཏེ་ས་ལ་སོགས་པ་ལྟ་བུའོ། །འདི་རྣམས་ལས་རྣམ་པ་གཞན་ཡོད་པ་མ་ཡིན་ནོ། །དེ་ལ་གང་མཐོང་བཞིན་བར་སྐྱེ་བ་ལྗོན་ཤིང་ལ ་སོགས་བ་རྣམས་དང། གང་ཡང་སྐྱེས་ནས་རིང་དུ་ལོན་པ་ས་བཞི་ལ་སོགས་པ་སྟེ། བྱེད་པ་པོ་ལ་ཐེ་ཚོམ་ཟ་བ་ཉིད་དུ་རྣམ་པར་གནས་པ་དེ་རྣམས་ཐམས་ཅད་ནི་བློ་དང་ལྡན་པའི་བྱེད་པ་པོ་སྔོན་མ་ཅན་རྣམས་ཏེ། འབྲས་བུ ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་བཞིན། གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ཏེ། །འབྲས་བུ་ཉིད་ནི་ཐམས་ཅད་ཀྱིས་ཚད་མས་གྲུབ་བ་ཉིད་ཀྱི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་པ་ལ་ཡོང་བའི་ཕྱིར་རོ། །མ་ངེས ་པ་ཡང་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པའི་ཕྱིར་རོ། །དེ་ལྟར་ནི་འབྲས་བུ་ནི་རེ་ཞིག་བློ་དང་ལྡན་པའི་རྫ་ཁ་ན་ལས་ཉེ་བར་སྐྱེ་བར་མད་དུ་མཐོང་བའི་རྒྱུ་ཅན་གྱི་ཡོད་དང་མངོན་སུམ་གྱིས ་དམིགས་ཤིང། དེ་གལ་ཏེ་བློ་མེད་པར་ཡང་འགྱུར་ན། ད་ནི་བློ་དང་ལྡན་པའི་སྐབས་ལས་ནམ་གྱི་ཚེ་ཡང་སྐྱེ་བར་མི་འགྱུར་ཞིང་རྒྱུ་མ་ཡིན་པ་ལ་ལན་ཅིག་ཀྱང་འབྲས་བུ་སྐྱེ་བར་རིག་པའི་ཕྱིར་རོ།། ་དེའི་ཕྱིར་ནམ་གྱི་ཚེ་ཡང་འབྲས་བུ་ཡང་འགྱུར་ཞིང་བློ་དང་ལྡན་པའི་རྒྱུ་ཅན་དུ་མི་འགྱུར་རོ་ཞེས་པ་འདི་དགོས་བར་བྱའོ། །འདིར་འདི་སྐད་བརྗོད་པར་བྱ་སྟེ། སྒྲུབ་པར་བྱེད་པ་ནི་ངེས་པ་ཐམས་ཅད་དུ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད ་པ་གང་ཟག་གི་ཁྱབ་པར་ཐམས་ཅད་ཉེ་བར་སྡུད་པའི་ཚད་མས་བསྒྲུབ་ན་བསྒྲུབ་པར་བྱ་བ་གོ་བར་བྱེད་དོ་ཞེས་པ་རྒོལ་བར་ཐམས་ཅད་ཀྱིས་འདོད་པ་ཡིན་ཞིང། འདིར་གལ་ཏེ་སྣང་རུང་གི་ལུས་ཁྱད་པར་བ་བློ་དང་ལྡན་པས ་ཁྱབ་པར་གཟུང་བར་བྱ་ན་ནི་དེའི་ཚེ་དེ་ལྟར་གྱུར་པའི་བསྒྲུབ་པར་བྱ་བ་མེད་པར་ཡང་སྐྱེ་བཞིན་པ་རྩ་ལ་སོགས་པ་ལ་འབྲས་བུ་ཉིད་མཐོང་བའི་ཕྱིར་གཞལ་བྱ་ཉིད་ལ་སོགས་པ་ལྟར་གཏན་ཚིགས་འདི་ཐུན་མོང་གི་མ་ངེས་པའོ། ། ་རྩ་ལ་སོགས་བ་རྣམས་ཕྱོགས་སུ་བྱས་པའོ་ཞེས་ཀྱང་སྨྲ་བར་མི་བྱའོ། །འཁྲུལ་པའི་ཡུལ་ཁོ་ན་ཕྱོགས་སུ་འགྱུར་བར་འོས་པ་མ་ཡིན་ཏེ། །ཐེ་ཚོམ་ཟ་ལ་རྟགས་བརྗོད་ཕྱིར། བསལ་བ་གཏན་ཚིགས་རྟེན་མ་ཡིན། །ཞེས ་པའི་རིགས་བ་ལས་སོ། །ཅི་སྟེ་བསྐྱེད་པར་མི་ནུས་ན་ཡང། ལ་ལ་མེ་མེད་པར་ཡང་དུ་བ་མཐོང་བའི་ཕྱིར་ཏེ་དེ་ལྟར་དུ་བ་ཡང་འཁྲུལ་བར་སྨྲ་བར་བླ་བ་ཉིད་དོ་ཞེ་ན། དེ་མ་ཡིན་ཏེ། བསྐྱེད་པར་མི་ནུས་པ་ཉིད་བུལ?་ལ་མེད་ལྟེ་བར ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ནི་ཐེ་ཚོམ་གྱི་ཡུལ་ཉིད་རིགས་སོ། །སྐབས་སུ་བབ་པ་ལ་ནི་བལྟར་རུང་བའི་ཆོས་ཁྱད་པར་བ་བློ་དང་ལྡན་པས་ཁྱབ་པར་གཟུང་བར་བྱ་ན་ནི་སྣང་རུང་མི་དམིགས་བ་བློ་དང་ལྡན་པ་ལ་གནོད་པར་འགྱུར ་ཞེས་པའོ། །འོན་ཏེ་བལྟར་མི་རུང་བའི་ལུས་བློ་དང་ལྡན་པ་ཙམ་གྱིས་ཁྱབ་པ་རྟོགས་པར་བྱ་ན། དེའི་ཚེ་བལྟར་མི་རུང་བ་བློ་དང་ལྡན་པ་ཙམ་གྱིས་བསྒྲུབ་པར་བྱ་བའི་སྣང་རུང་མི་དམིགས་པས་ལྡོག་བ་མ་གྲུབ་སྟེ། གཏན་ཚིགས་འདི་ནི་མི ་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་པའོ། །བསྒྲུབ་པར་བྱ་བ་དང་ལྡན་པ་མེད་པའི་སྒྲུབ་པར་བྱེད་པ་མེད། པ་གྲུབ་པ་ཉིད་ཀྱིས་ན་ཁྱབ་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། འབྲས་བུ་ཉིད་ནི་མི་མཐུན་ཕྱོགས་ལ ་འཇུག་བ་བསལ་བའི་ཆེད་དུ་དབང་པོ་ལས་འདས་པ་བྱེད་བ་པོ་ཡང་དག་པར་འབྱུང་བའོ་ཞེ་ན། ལྡོག་པ་གྲུབ་པ་མ་ཚང་བའི་ཁྱབ་པ་ཇི་ལྟར་འགྲུབ་ཅི་སྟེ་ལྡོག་པ་འགྲུབ་པའི་ཡིད་ཀྱིས་བལྟར་མི་རུང་བའི་བྱེད་པའོ་བརྟེན་པར་བྱ་བ་ཡིན་ན། དེ ་དང་ལྡན་པ་ལ་ཡང་དེའི་རྩ་ལ་སོགས་པའོ་ཞེས་པ་བསལ་བར་མི་མཐུན་ཕྱོགས་ལ་མཐོང་བའོ། །གང་ཡང་མིག་གསུམ་བས་བརྗོད་པ། ཇི་ལྟར་དུ་པ་ལ་སོགས་པ་རྣམས་མེ་ལ་སོགས་པ་རྣམས་དང། ལྷག་ཅིག་རང་བཞིན་པའི་འབྲེལ་པ ་དེ་ལྟར་འབྲས་བུ་ཉིད་བློ་དང་ལྡན་པ་དང་ལྷན་ཅིག་སྟེ། དེའི་རྫས་དམིགས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ན། །གང་དུ་ཡང་འཁྲུལ་པ་མ་མཐོང་བའི་ཕྱིར་རོ་ཞེ་སའོ། །དེ་མི་རིགས་ཏེ་གང་གི་ཕྱིར་དོན་གཞན་པ་བལྟོས་པར་བྱ་བ་ཅུང་ཟད ་ཅིག་སྒྲ་ཡིས་བརྗོད་ན། དོན་གཞན་པ་ཡང་བལྟར་བརྗོད་ན་གདོན་མི་ཟ་བར་འགྱུར་བ་མ་ཡིན་ཞིང། ལྟར་མི་རུང་བ་ནི་ཡུལ་དང་དུས་དང་རང་བཤིན་བསྐལ་པར་ཡང་དག་པར་འབྱུང་ངོ། །དེའི་ཕྱིར་དུ་བ་མེ་དང་ལྷན་ཅིག་འབྲེལ ་པར་འགྱུར་བར་རྫས་ཉེ་བར་དམིགས་པ་ཡང་མ་ཡིན་ནོ་ཞེས་བས། མ་མཐོང་བ་ཙམ་གྱི་མེད་པ་ཁོ་ནའོ་ཞེས་བརྗོད་པར་བྱ་བ་ཨི་ལྟར་ཡིན། གང་ཡང་འཁྲུལ་པ་མ་མཐོང་བའི་ཕྱིར་ཞེས་བརྗོད་པའི་སྒྲུབ་བྱེད་དེ་ཡང་ཐེ་ཚོམ་ཟ་བའི་ ་མ་གྲུབ་པ་སྟེ་རྐྱེན་གཞན་མ་ཚང་བས་དེའི་འཁྲུལ་བ་མ་མཐོང་ན་ཡང་ཐམས་ཅད་དགག་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་ཙམ་གྱི་ཚད་མ་ཅན་གྱི་འཇིག་རྟེན་གྱིས་ལུགས་ལས་འདས་པ་ཡང་མ་ཡིན་ཏེ། །ཚང ་མ་པ་རྣམས་ཁོ་ནས་སྒྲུབ་བྱེད་དང་གནོད་བྱེད་ཀྱི་ཚད་མ་མེད་ན་ཐེ་ཚོམ་བྱེད་པའི་ཕྱིར་རོ། །དེ་ལྟར་ཐེ་ཚོམ་ཟ་བས་ན་ཐམས་ཅད་ལ་མི་འཇུག་པར་ཐལ་བ་ཡང་མ་ཡིན་ཏེ། ཚད་མ་ལས་དང་དོན་ལ་ཐེ་ཚོམ་ཟ་བ་ལས་ཀྱང་རབ་ཏུ ་འཇུག་པ་ཉེ་བར་འཐད་བའི་ཕྱིར་རོ། །གང་ཡང་བརྗོད་པ་ཇི་ལྟར་གཞན་ཉིད་དུ་ཁྱད་པར་མེད་པ་ཡང་སངས་རྒྱས་རྣམས་ཀྱི་དངོས་པོ་འགའ་ཞིག་ནི་འབྲས་བུར་འགྱུར་ཞིང་འགའ་ཞིག་ཁོ་ན་ནི་རྒྱུར་ཏེ། ཐམས་ཅད་མ་ཡིན་པ་དེ ་ལྟར་ཁོ་བོའི་ཡང་གཞན་ཉིད་དུ་ཁྱད་པར་མེད་ན་ཡང་དུ་བ་ལ་སོགས་པའི་དངོས་པོ་འགའ་ཞིག་ཁོ་ན་རང་བཞིན་པའི་འབྲེལ་པས་འབྲེལ་ལ་ཐམས་ཅད་མ་ཡིན་ནོ། དེ་མི་རིགས་ཏེ། ཇི་ལྟར་དུ་བ་ཞེས་པའི་དངོས་པོ་མེ་ལ ་རག་ལུས་པ་ཞེས་པར་ཚད་མས་གྲུབ་པ་དེ་ལྟར་གང་གིས་འདི་ལྟར་བརྗོད་པར་བྱ་བ་རང་བཞིན་པའི་འབྲེལ་བ་ཡང་ཅི་ཚམས?་གྲུབ་བམ། གཞན་ཡང་རང་བཞིན་པའི་འབྲེལ་བ་ཞེས་པའི་དོན་ཅི་ཞིག་།ཅི་རང་ལས་གྱུར་བའམ། དང ་གི་རྒྱུ་ལས་གྱུར་པ་འམ། རྒྱུ་མེད་བ་ཅན་ཞིག་ཅེས་པ་རྣམ་པར་བརྟགས་པ་གསུམ་མོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་མ་ཡིན་ཏེ། རང་ཉིད་བདག་ཉིད?་བྱ་བ་འགལ་བའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། དེ་ལས་བྱུང་བའི་འབྲེལ་བ ་ཁས་བླངས་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྒྱུ་མེད་པ་ཡིན་ན་དེའི་ཚེ་ཡུལ་དང་དུས་དང་རང་བཞིན་ངེས་པ་མེད་པའི་ཕྱིར་ན། རང་བཞིན་པའི་འབྲེལ་བ་སྨྲ་བ་ནི་ཤིན་ཏུ་ཡང་མི་རིགས་སོ། །གཞན་ཡང་ཆོས་མཐུན་པ ་འམ་ཆོས་མི་མཐུན་པ་དཔེ་ཙམ་ཡོད་དེ་འམ?་པ་མ་ཁྱབ་བ་ཡིན་ཏེ། (ཐུབ་པ་མ)་ཅི་དགར་ཡང་འདུས་པའི་རྔ་མོ་བྲུག་གུ་དང་བོང་བུ་དག་གི་ཡང་དེ་ལྟ་བུའི་དངོས་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ནི། དེའི་ཕྱིར་ངེས་བར་མཐོང་བ་ཞེས་པ་ནི ་བཟུང་ཟིན་པ་བརྗོད་པའི་འབྲེལ་བར་སྒྲུབ་བར་བྱེད་པའི་ཆད་མ་དྲན་བར་བྱེད་པའི་སྒོ་ཉིད་ནས་གཏན་ཚིགས་ལ་ཉེ་བར་མཁོའི། །རང་ཉིད་ཉེ་བ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ནི། རེ་ཞིག་ནམ་མཁའ་ལ་བསྒྲུབ་པར་བྱ་བ་མེད་པར་སྒྲུབ་བར ་བྱེད་པ་མེད་བས་རྟོགས་པ་མ་ཡིན་ཏེ། གང་གི་ཕྱིར་ནམ་མཁའ་ལ་ཇི་ལྟར་བློ་དང་ལྡན་པའི་རྒྱུ་ལྡོག་པ་དེ་ལྟར་སེམས་དཔའ་མེད་པའི་རྒྱུ་ཡང་ལྡོག་པ་མེད་པ་ཁོ་ན་སྟེ། དེའི་ཕྱིར་ན་བསྒྲུབ་བར་བྱ་བ་མེད་པ་དང་ལྡན་བའི་སྒྲུབ་བར་བྱེད་པ་མེད ་བའི་ལྡོག་པ་འགྲུབ་པར་འགྱུར་བ་ཅི་ཞིག་གིས་མེད་པ་དང་ལྡན་པའི་འབྲས་བུ་མེད་པར་རྟོགས་པར་འགྱུར། བུམ་པ་ལ་འབྲས་བུ་ཉིད་བློ་དང་ལྡན་པའི་རྗེས་སུ་འགྲོ་བ་མ་མཐོང་བ་ལས། ནམ་མཁའ་ལ་ཡང་བློ་དང་ལྡན་པ་མེད་པ་ཁོ་ན་ལས ་འབྲས་བུ་ཉིད་མེད་པར་སྨྲ་བའི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འདི་དག་གིས་དེའི་བདག་ཉིད་དམ། དེ་ལས་བྱུང་བ་གཞན་རང་བཞིན་པ་ལ་སོགས་པའི་འབྲེལ་པ་སྔར་ཚད་མ་ལས་གྲུབ་པ་མ་ཡིན་པར་འགྱུར་རོ་ཞེས་བརྗོད་དོ། །གཞན་ཡང ་མ་མཐོང་བ་ཅམ་གྱིས་ཟློག་པ་མི་འགྲུབ་སྟེ། དེ་ལྟར་ནི་མི་མཐུན་ཕྱོགས་ལ་གཏན་ཚིགས་མི་དམིགས་པ་བྱེད་བའི་ཚད་མ་ལྡོག་པ་བརྗོད་ཅིང། ཚད་མ་ཡང་གཞལ་བྱའི་འབྲས་བུ་སྟེ། རྒྱུ་མ་ཡིན་པ་ཡུལ་མ་ཡིན་ནོ་ཞེས་བའི ་དིགས་པ་ལས་སོ། །རྒྱུ་ལྡོག་པ་ན་འབྲས་བུ་ལྡོག་པར་རིགས་པ་ཡང་མ་ཡིན་ཏེ། དུ་བ་མེད་པའི་ཡང་མ་དམིགས་པའི་ཕྱིར་རོ། །གལ་ཏེ་ཡང་ཚད་མ་ཡོད་པ་ཉིད་ཀྱིས་གཞལ་བྱ་ཡོད་པ་ཉིད་ལ་ཁྱབ་པར་གྱུར་ན་དེའི་ཚེ་འདི ་རིགས་པ་ཁོ་ནར་འགྱུར་ན། ཁྱབ་པ་འདི་ཉིད་མི་སྲིད་པ་འབའ་ཞིག་སྟེ། ཐམས་ཅད་ནི་ཐམས་ཅད་མཐོང་བ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་མ་མཐོང་བཙམ་གྱིས་ལྡོག་པ་འགྲུབ་པ་མ་ཡིན་ནོ། །དེ་སྐད་དུ་ཡང ་གསུངས་པ། །ཐམས་ཅད་ཀྱི་མ་མཐོང་བར་ཐེ་ཚོམ་ཟ་ཞིང། རང་གི་མ་མཐོང་བ་སྟེ་ཁྲུལ་པར་བྱ་སྟེ། རྫང་གི་ནང་དུ་སོན་པའི་ས་བོན་ཡང་ཡོད་པ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་སོ། །གང་ཡང་དག་གིས་བདག་པོས ་འགྲུབ་པ་ཁྱད་པར་དྲན་པ་ལ་བལྟོས་པ་ཁོ་ན་ཐེ་ཚོམ་དུ་འགྱུར་ཞིང། དེའི་ཕྱི་ཇི་ལྟར་མཐོང་བ་ཁོ་ན་ལྟར་དགོས་པ་འབྱུང་དོ་ཞེའོ། །འདི་ལ་བརྗོད་པ་བྱ་སྟེ། རིགས་པ་འདི་ནི་ཐམས་ཅད་པ་མ་ཡིན་ཡོད། །དེ་ལྟ་ན་ཡང་ཁས ་བླངས་ཀྱང་སྨྲ་སྟེ། དེ་ལྟར་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་བ་བྲལ་བ་ཉིད་ཀྱིས་ཐུན་མོང་པའི་ཆོས་ཀྱིས། གཞལ་བྱ་ཉིད་དང་དུ་བ་ཉིད་དང་འབྲས་བུ་ཉིད་ལ་སོགས་པ་རྣམས་ཁྱོད་ཀྱི་ལུགས་ཀྱིས་རིགས་མི ་མཐུན་པ་ཉིད་དེ། དེ་ལ་གཞལ་བྱ་ཉིད་ལས་འཁྲུལ་པ་མཐོང་བ་ཁོ་ན་གཞན་དུ་ཡང་དགོས་པ་ཉེ་བར་འཇུག་གོ་ཞེས་པ་འདི་ནི་ཇི་ལྟར་མཐོང་བ་ཉིད་དོགས་པའོ། །དེའི་ཕྱིར་མི་མཐུན་ཕྱོགས་ལས་དེ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་དོ ་ཅེས་བའི་རྟགས་ཀྱིས་སྐྱོན་དེ་བཟློག་པར་དཀའ་ཨོ། །འདི་ཡང་སྐྱོན་ཡོད་པ་?་སོ། །དེ་ཕྱིར་འདི་ཉིད་ཀྱིས་བརྗོད་པ། འདི་ནི་གཏན་ཚིགས་ཀྱི་སྐྱོན་མ་ཡིན་ཏེ། དེའི་ཕྱིར་ལན་གདབ་པར་མི་བྱའོ། །འདི་ཉེ་བར་དགོད་པ་ཡང་སྐྱོན་མ ་ཡིན། །བརྗོད་པ་ཞེས་པ་ཚང་གཅད་པའི་གནས་ཡིན་ནོ་ཞེའོ། །ད་ལྟ་ན་རང་གི་འདོད་པ་ཁོ་ནར་འགོལ་བ་འདིས་དེ་རྗེས་སུ་སྦྱར་བར་བྱ་བ་མ་ཡིན་པ་རྗེས་སུ་སྦྱོར་བའི་མཚན་ཉིད་ཅན་ཚར་གཅད་བའི་གནས་ཀྱི་བདག་གི ་བདག་ཉིད་ལ་གནོད་པའི་ཞེས་པ་གཏང་སྙོམས་སུ་བྱ་བ་སྟེ་འདི་ནི་ལྷ་རྣམས་དགའ་བའོ། །འོ་ན་བལྟར་རུང་བའི་མེ་དང་དུ་བ་སྤྱི་དག་གི་བཞིན་དུ་ལྟར་རུང་བའི་བདག་ཉིད་ཁོ་ནའི་འབྲས་བུ་དང་རྒྱུ་སྤྱི་དག་ཉིད་ཀྱི་ཁྱབ་པ་མངོན་སུམ་གྱི་མི ་དམིགས་པ་ལས་ཡིན་ན་དེའི་ཚེ་གཞན་གྱིས་སེམས་རྗེས་སུ་དཔག་པ་ཉམས་ཏེ། གཞན་གྱི་སེམས་ནི་བལྟར་མི་རུང་བ་ཉིད་ཀྱིས་ཁྱབ་པ་འཛིན་པའི་དུས་ན་ནང་དུ་འདུས་པ་མ་ཡིན་པའི་ཕྱིར་རོ་ཞེ་ནས་ཡིན་ཏེ། གང་གི་ཕྱིར་རང་རིག་པ་ནི་དེར་ཁྱབ་པ ་འཛིན་པ་པོ་སྟེ། རང་དང་གཞན་གྱི་རྒྱུད་དུ་སོན་པའི་རང་རིགས་པ་ཙམ་ལ་བལྟོས་པས་ན། །གཞན་གྱི་སེམས་ཀྱང་བལྟར་རུང་བ་ཙམ་ཉིད་ཀྱི་ཕྱིར་རོ། །ཡང་ན་བལྟར་རུང་བའི་ལུས་དང། །དབྱེར་མེད་པར་འཇུག་པ་ཉིད་ཀྱི་ཕྱིར་གཞན་གྱི ་སེམས་ཀྱང་བལྟར་རུང་བ་ཉིད་དོ། །དེ་ལྟར་བསྙད་བྱེད་པ་ནི་གང་གིས་འདི་ཡང་བལྟད་རུང་བར་འགྱུར་བ་དབང་པོའི་མངོན་སུམ་ཙམ་གྱི་བློ་དེ་ལྡན་པ་ཙམ་མམ། །ཛཱ་ཐ་ར་ཅི་ཏ་ལ་སོགས་པ་ཐུན་མོང་པའི་མེ་ཙམ་སྦྱོད་ཡུལ་དུ་རིགས ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་བལྟར་རུང་བ་ཁོ་ནའི་མེས་དུ་བ་ལ་ཁྱབ་པ་གྲུབ་པོ་ཞེས་གནས་སོ། །རང་དང་གཞན་གྱི་རྒྱུད་ལ་ཐུན་མོང་བ་བལྟར་མི་རུང་བའི་སེམས་ཙམ?་གྱིས་མངོན་སུམ་གྱིས་བལྟར་རུན་བ་གཡོ་བ་ལ་སོགས ་པ་ལ་ཁྱབ་པ་འཛིན་པ་མི་རིགས་པའི་ཕྱིར་རོ། །ཞེས་ཀྱང་བརྗོད་པར་བྱའོ། །ཕྱི་རོལ་གྱིས་དོན་གནས་པ་ལ་ནི། རང་དབང་གཞན་གྱི་རྒྱུད་ཐུན་མོང་པའི་སེམས་ཙམ་ནི་རང་གི་ངོ་བོས་བལྟར་མི་རུང་བ་ཉིད་ན་ཡང། བལྟར ་རུང་བའི་ལུས་དང་ལྷན་ཅིག་ཚོགས་པ་གཅིག་པས་འབྲེལ་བའི་ཕྱིར་རོ། །རྣམ་པར་དབྱེར་མེད་པར་འཇུག་པའི་རང་དང་གཞན་གྱི་རྒྱུད་ཐུན་མོང་བའི་སེམས་ཙམ་ནི་གཡོ་བ་ལ་སོགས་པའི་ཁྱད་པར་བྱེད་པ་རྟོགས་སོ། །དེ་ལྟར་བལྟར་རུང ་བའི་བདག་ཉིད་དམ་བལྟར་རུང་བ་དང་རྣམ་པར་དབྱེར་མེད་པར་འཇུག་པའི་དངོས་པོ་གཉིས་ནི་ཐ་སྙད་པའི་ཤིན་ཏུ་གསལ་བའི་མངོན་སུམ་ལས་གྲུབ་པ་དང་ཁྱབ་བ་འཛིན་པ་ཡང་སྟེ། དེ་ལྟ་བུ་ཉིད་མེད་པར ་མ་བྱས་པ་དང་ལྡན་མི་རུང་བ་དང་ཐུན་མོང་བའི་སེམས་ཙམ་གྱིས་ནི་མ་ཡིན་ནོ་ཞེས་པ་རྒྱུ་གཞན་རྗེས་སུ་དཔག་པར་རིགས་སོ། །དེའི་ཕྱིར་གལ་ཏེ་མངོན་སུམ་དང་མི་དམིགས་པ་དག་གིས་ཁྱབ་བའི་འཛིན་པ་དེའི་ཚེ་བལྟར ་རུང་བ་ཁོ་ནས་བལྟར་རུང་བ་ལའོ་ཞེས་པ་རིགས་པའོ། །གཞན་ཡང་གལ་ཏེ་བློ་དང་ལྡན་པ་ཙམ་སྔོན་མ་ཅན་འདི་ཡིས་བསྒྲུབ་བར་བྱ་བ་དེའི་ཚེ་གྲུབ་པ་ལ་བསྒྲུབ་པར་བྱ་བ་ཉིད་སྒྲུབ་བྱེད་ཀྱི་སྐྱོན་ནོ། །འོན?་ཏེ་གཅིག་པུ་རྟགས ་བའི་ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་བའི་ཁྱད་པར་གྱིས་ཁྱད་པར་བྱས་པའི་བློ་དང་ལྡན་པ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ན། དེའི་ཚེ་འདི་ལྟ་བུའི་ཁྱད་པར་ཀྱིས་ཁྱད་པར་བྱས་པའི་བསྒྲུབ་བར་བྱ་བ་དང་ལྷན ་ཅིག་སྒྲུབ་བར་བྱ་བ་དང་ལྷན་ཅིག་སྒྲུབ་པར་བྱེད་བའི་འབྲས་བུ་ཉིད་ནི་དཔལ་ཆོས་ཅན་ལ་ཚད་མས་ཁྱབ་པ་མ་གྲུབ་བའི་ཕྱིར་མ་ངེས་པ་ཉིད་དོ། །ཅི་སྟེ་སྤྱི་ཡིས་ཁྱབ་པ་བཟུང་ནས་ཁྱད་པར་ཕྱོགས་ཆོས་ཀྱིས་སྟོབས་ལས ་གྲུབ་བར་བརྗོད་དེ་ཞེ་ན། དེ་ནི་མི་རིགས་ཏེ་བསྒྲུབ་པར་བྱ་བར་གཏོགས་བའི་ཁྱད་པར་གང་མེད་ན་གཏན་ཚིགས་ཆོས་ཅན་ལ་འཇུག་པ་མ་ཡིན་པའི་ཁྱད་པར་དེ་ཕྱོགས་ཆོས་ཀྱི་སྟོབས་ལས་གྲུབ་པ་རིགས་ཏེ། དཔེར་ན་དུ་བ་ལས? ་དུ་བའི་ཕྱོགས་སུ་འཇུག་པ་ཉིད་ཀྱི་མེ་བཞིན་ནོ། །རྩཝ་ལས་བྱུང་བ་ལ་སོགས་པའི་ཁྱད་པར་རྣམས་ནི་མ་ཡིན་ཏེ། །རྩཝ་ལས་བྱུང་བ་ཉིད་མེད་པར་ཡང་ཤིང་གི་ལོ་མ་ལས་བྱུང་བ་ཉིད་ལས་དུ་བ་མཐོང་བའི་ཕྱིར་རོ། ། ་དེ་དང་འདྲ་བར་བློ་དང་ལྡན་པ་ཡང་ལུས་ལ་སོགས་པ་ལ་འཇུག་པ་ཉིད་དུ་གལ་ཏེ་གྲུབ་ནོ་གྲུབ་མོད། ཤིན་ཏུ་མཚན་ཉིད་མཐུན་ཉིད་མི་མཐུན་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ལ ་ཡང་འབྲས་བུ་ཉིད་སྲིད་པའི་ཕྱིར་རོ། །ཉེ་བར་ལེན་པ་ལ་སོགས་པ་མངོན་པར་ཤེས་པ་ཉིད་ལས་ཀྱང་ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་མ་ཡིན་ཏེ། གཅིག་ཉིད་གྲུབ་པ་ན་ནི་འདི་འགྲུབ་ན། གཅིག་ཉིད་འགྲུབ་བ་འཕམ?་ཡིན་ཏེ། ་བྱེད་པ་པོ་དུམ་སྔོན་མ་ཅན་ཉིད་ལ་ཡང་འབྲས་བུ་ཉིད་སྲིད་པའི་ཕྱིར་རོ། །དཔེར་ན་གྲོག་པ?་དུ་མས་བསྒྲུབས་བའི་བརྒྱ་བྱིན་གྱིས་སྦྱི་བོ་བཞིན་ནོ། །ཅི་སྟེ་བརྒྱ་བྱིན་གྱིས་སྤྱི་བོ་ཡང་དབང་ཕྱུག་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན ་ན་དེའི་ཚེ་བུམ་པ་ཡང་དབང་ཕྱུག་སྔོན་མ་ཅན་ཉིད་དུ་བསྒྲུབ་པ་ན་དཔེ་མེད་པ་ཉིད་དེ། །འོ་ན་རྫ་མཁན་བྱེད་པ་པོ་ཉིད་ལ་ཇི་ལྟར་བསྙོན་ཞེ་ན། གྲོག་སྦུར་ལ་སོགས་པ་རྣམས་ཀྱང། རྒྱུ་ཉིད་དུ་མཐོང་བ་ཉིད་དུ་མཐོང་བ་དེ་ཡང་ཇི་ལྟར་བཟློག ་མང་པོ་རྣམས་བྱེད་བ་ལ་ཐེ་ཚོམ་སྲིད་བར་མཐོང་བ་ཉིད་ཀྱི་ཕྱིར་རོ། ཞེས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཐམས་ཅད་ཉེ་བར་བསྡུ་བ་དང་ལྡན་པའི་ཁྱབ་པ་དཔེའི་ཆོས་ཅན་ལ་ཚད་མས་གདོན་མི་ཟོ་བར ་བསྟན་བར་བྱའོ། །གཞན་ཡང་རྟག་པ་ཉིད་གཅིག་བུའི་ཐམས་ཅད་མཁྱེན་པ་བློ་དང་ལྡན་པ་བསྒྲུབ་པར་བྱ་བར་འགྱུར་ན། འདི་ནི་འགལ་བ་ཡང་སྟེ། མི་རྟག་པ་གཅིག་བུ་མ་ཡིན་པ་ཐམས་ཅད་མཁྱེན་པ་མ་ཡིན་པའི་བློ་དང་ལྡན་བས་ཁྱབ་པ་ཉིད ་ཀྱི་ཕྱིར་རོ། །དེ་ལྟར་ནི་བསྒྲུབ་བར་བྱ་བ་ལས་བཟློག་པ་ལས་འདིར་འགལ་བར་བརྗོད་ལ། འདིར་ཡང་བསྒྲུབ་པར་བྱ་བ་ལས་བཟློག་པ་བསྒྲུབ་པར་བྱེད་དོ། ཞེས་པ་སྐབས་ཀྱིས་འོངས་པ་དབང་ཕྱུག་སུན་དབྱུང་ག་བརྗོད་བའི་འབད་པ་ནི་རེ་ཞིག་བཞག ་གོ་།འོ་ན་ཆོས་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་དག་ལ་རྗེས་འགྲོ་ཁོ་ན་བརྗོད་ཀྱི་ལྡོག་པ་མ་ཡིན་ཞིང། ཆོས་མི་མཐུན་པ་དང་ལྡན་པ་ཡང་ལྡོག་པ་ཁོ་ན་སྟེ་རྗེས་སུ་འགྲོ་བ་མ་ཡིན་ན། དེས་ན་ཇི་ལྟར་ན་འདི ་དག་གིས་ཚུལ་གསུམ་བའི་རྟགས་བརྗོད་པར་ཅེས་བྱ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། གང་གི་ཕྱིས་ཆོས་མཐུན་པ་དང་ལྡན་པའི་སྒྲུབ་བྱེད་ཀྱི་དག་ཉེ་བར་བཀོད་པ་ན། ཤུགས་ཉིད་ལས་ལྡག་པ་རྟོགས་པ་སྟེ། ལྡོག་བ་མ་བཟུང ་ན་བསྒྲུབ་པར་བྱ་བ་མེད་པ་ཡང་སྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་ཕྱིན་ཅི་ལོག་པ་སྲིད་པར་འགྱུར་ཞིང། དེ་ལྟ་ན་ཡང་རྗེས་སུ་འགྲོ་བ་ཉིད་མེད་པར་འགྱུར་ཏེ། སྒྲུབ་པར་བྱེད་པ་ཡོད་ན་ཡང་སྒྲུབ་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་པ་ཤུགས་སོ།། ་དེ་བཞིན་དུ་ཆོས་མི་མཐུན་པ་དང་ལྡན་པའི་སྒྲུབ་པར་བྱེད་པའི་དག་ཉེ་བར་བཀོད་བ་ན། ཤུགས་ཉིད་ལས་རྗེས་འགྲོ་རྟོགས་ཏེ། རྗེས་འགྲོ་མ་བཟུང་ན་ནི་སྒྲུབ་བྱེད་འགྱུར་ཞིང་བསྒྲུབ་བྱ་ནི་མི་འགྱུར་རོ། ཞེས་ཕྱིན་ཅི་ལོག་པ ་སྲིང་བར་འགྱུར་ལ། དེ་ལྟ་ན་ལྡོག་པ་ཉིད་མི་འགྱུར་ཏེ། བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། ཞེས་པ་ཤུགས་སོ། །དེའི་ཕྱིར་སྦྱོར་བ་གཉིས་ཀ་དག་ཀྱང་ཚུལ་གསུམ་པའི་རྟགས་གསལ ་བར་བྱེད་བའོ་ཞེས་བས་སྐྱེན་མེད་དོ། །ད་ནི་བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱེད་པ་དག་གི་ཁྱབ་བ་གང་དུ་ཆད་མ་གང་གིས་བཟུང་བར་བྱ་བ་དེ་གཉི་ག་བདེ་བླག་ཏུ་རྟོགས་པའི་དོན་དུ་བརྗོད་པར་བྱ་སྟེ། རང་བཞིན་གྱི་གཏན ་ཚིགས་ཀྱི་ཡོད་པ་ཉིད་ཀྱི་མཆན་ཉིད་ཅན་ནི་སྐད་ཅིག་པ་ཉིད་དང་ལྷན་ཅིག་པའི་ཁྱབ་པ་བསྒྲུབ་པར་བྱའི་ཆོས་ཅན་ཁོ་ན་ལ་གཟུང་བར་བྱའོ་ཞེས་ཁ་ཅིག་སྟེ། དེ་རྣམས་ནང་གི་ཁྱབ་པའི་ཕྱོགས་འདོད་པའོ། ་ཐལ་བར་འགྱུར་བ་དང་ཐལ་བ་ལས་བཟློག་པ་དག་གི་དཔེའི་ཆོས་ཅན་བུམ་པ་ལ་སོགས་པ་ལ་ཁྱབ་པ་གཟུང་བར་བྱའོ་ཞེས་གཞན་རྣམས་ཏེ། དེ་རྣམས་ཕྱིར་ཁྱབ་པའི་ཕྱོགས་འདོད་པའོ། །ཡོད་པ་ཉིད་ལས་གཞན་པ་རང་བཞིན ་གྱི་གཏན་ཚིགས་རྣམས་དང་འབྲས་བུའི་གཏན་ཚིགས་རྣམས་དང་མི་དམིགས་པ་རྣམས་ཀྱིས་ཁྱབ་པ་དཔེ་ཁོན་ལས་གཟུང་བར་བྱའོ། །དེ་ལ་ཤིང་ཤ་བ་ཉིད་ཀྱིས་བསྒྲུབ་བར་བྱ་བ་ཤིང་གི་ཐ་སྙད་ཀྱིས་ཁྱབ་པ་དཔེ་ལ་མངོན་སུམ་དང་མི ་དམིགས་པ་དག་གིས་གཟུང་བར་བྱ་སྟེ། ཡོན་པ་ཉིད་དད་སྐད་ཅིག་མ་ཉིད་དག་གི་ནི་ཐལ་བར་འགྱུར་བ་དང། ཐལ་བ་ལས་བཟློག་པ་དག་གིས་སམ། བསྒྲུབ་བྱ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་རིམ་དང་ཅིག་ཅར་ཉིད ་ལྡོག་པའི་མཚན་ཉིད་ཅན་གྱིས། དངོས་པོ་ཉིད་དང། དངོས་པོ་མེད་པ་ཉིད་དག་ཏུ་ཐེ་ཚོམ་ཟ་བཞིན་པའི་མི་མཐུན་ཕྱོགས་ཀྱི་ཆོས་ཅན་ལའོ། །འབྲས་བུའི་གཏན་ཚིགས་ཀྱི་དུ་བ་ལ་སོགས་པ་ལ་མེ་ལ་སོགས་པ་ཁྱབ་པ ་ཚང་བར་ལ་སོགས་པ་དཔེའི་ཆོས་ལ་མངོན་སུམ་དང་མི་དམིགས་པ་རྣམས་པ་གསུམ་གྱིས་ས་མ། མངོན་སུམ་དང་མི་དམིགས་པ་རྣམ་པ་ལྔ་ལས་གཟུང་བར་བྱའོ། །མི་དམིགས་པའི་ནི་ཐ་སྙད་དུ་རུང་བ་ཉིད་དང་ལྡན་བའི་ཁྱབ་པ ་མངོན་སུམ་ཁོ་ནས་སོ། །རང་བཞིན་གྱི་གཏན་ཚིགས་ཀྱི་གཞན་རྣམས་ཀྱི་དང་འབྲས་བུའི་གཏན་ཚིགས་འགའ་ཞིག་རྣམས་ཀྱི་རང་ཉིད་ཇི་ལྟ་བའི་ཚད་མ་བླངས་ནས་རྟོགས་པར་བྱའོ། །ཞེས། །ཁྱབ་པ་ངེས་པ་མེད་པ་གཏན ་ཚིགས་མ་དེས་པའི་སྐྱོན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། ཐུན་མོང་མ་ཡིན་མའི་མ་ངེས་པ་དང། མི་མཐུན་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་ཅན་ཞེས་བའོ། །དེ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་ནི་དབོར?་ན། གསོན་བོའི་ལུས་ནི་བདག ་དང་བཅས་པ་ཡིན་ཏེ། སྲོག་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ། །གཏན་ཚིགས་འདི་ནི་གསོན་ལུས་གཞན་ལ་བདག་གིས་ཆེན་པོ་ཞེས་དེས་པ་མ་ཡིན་ཞིང། མི་མཐུན་ཕྱོགས ་སུམ?་པ་ལ་ཡང་དག་མེད་པའི་ཕྱིར་ལ་གོ་ཞེས་ངེས་པ་མ་ཡིན་ལ། ཆོས་ཅན་གསོན་ལུས་ལ་ནི་ཡོང་ངོ་ཞེས་པས་ཐུན་མོང་མ་ཡིན་བའི་མ་ངེས་པ་བརྗོད་དོ། །ཐུན་མོང་མ་ཡིན་པ་གཞན་ཡང་དཔེར་ན། སྒྲ་མི་རྟག་སྟེ་མཉན ་པར་བྱ་བ་ཉིད་ཀྱི་ཕྱིར། བུམ་པ་བཞིན། ནམ་མཁའ་བཞིན་ལྟ་བུའོ། །ཐུན་མོང་མ་ངེས་པ་ནི་དཔེར་ན་སྒྲ་རྟག་སྟེ་གསལ?་བྱ་ཉིད་ཀྱི་ཕྱིར་བུམ་པ་བཞིན། ནམ་མཁའ་བཞིན་ལྟ་བུའོ། །མི་མཐུན་ཕྱོགས་ལས་ལྡོག་པ་ཐེ་ཚོམ་? ་བ་ཅན་དཔེར་ན། དེར་ནི་སྔོ་བསང་ཡིན་ཏེ་དེའི་བུ་ཉིད་ཀྱི་ཕྱིར། ཡོངས་སུ་མཐོང་བཞིན་པའི་བུ་བཞིན་ཞེས་པ་ལྟ་བུའོ། གང་སྔར་བཤད་པ་ཡོད་པ་ཉིད་སྐད་ཅིག་མ་ཉིད་དང་ལྷན་ཅིག་པའི་ཁྱབ་པ་ཐལ་བར་འགྱུར་བ་དང་ཐལ་བ་ལས་བཟློག་པ ་དག་གིས་གཟུང་བར་བྱའོ་ཞེས་པ་དེ་ལ་ཐལ་བར་འགྱུར་བ་ཞེས་བྱ་བ་འདི་ཅི་ཞེ་ན། ཚད་མས་གྲུབ་པའི་ཁྱབ་པ་ཅན་གྱིས་དོན་གྱིས་ཕ་རོལ་པའི་མི་འདོད་པ་འབྱུང་བའི་ཆེད་དུ་ཐལ་བར་བྱེད་བ་ཐལ་བར་འགྱུར་བ་སྟེ། དཔེར་ན་གྲུབ་པ ་ལ་སོགས་པ་རྣམས་འོངས་པ་དང་མ་འོངས་པའི་དུས་དག་ན་ངོ་བོ་གཅིག་པ་ཉིད་དུ་ཁས་ལེན་པ་ལ། འདས་པ་དང་མ་འོངས་པའི་དུས་སུ་འབྱུང་བའི་དོན་བྱ་བ་བྱེད་ཉིད་དུ་ཐལ་བར་བྱེད་བ་ལྟ་བུ་སྟེ། དེ་ལྟར་ནི། གང་ཞིག་གང་གི་ཚེ ་གང་བྱ་བར་ནུས་པ་དེ་ནི་དེའི་ཚེ་བྱེད་པ་ཁོ་ན་སྟེ། དཔེར་ན་རྒྱུ་ཚོགས་པ་ཐམས་རང་གི་འབྲས་བུ་བཞིན་ཁུམ་པ་འདི་ཡང་འདས་པ་དང་མ་འོངས་པའི་དུས་ཀྱི་དངོས་པོ་པའི་དོན་བྱ་བ་དེ་ལྟར་གྱི་དུས་སུ་བྱེད་པར་ནུས་པ་ཡིན་ནོ་ཞེས་པ་རང་བཞིན་གཏན་ཚིཌ ་ཀྱི་ཐལ་བར་འགྱུར་བའོ། །བྱེད་བ་ཡང་མ་ཡིན་ནོ། ཞེས་པ་བཟློག་པའོ། །གང་ཞིག་གང་གི་ཆེ་གང་མི་བྱེད་པ་དེ་ནི་དེའི་ཚེ་དེ་ལ་ནུས་པ་མ་ཡིན་ཏེ། དཔེར་ན་ཤ་ལིའི་མྱུ་གུ་མི་བྱེད་པའི་ཀོ་ཊ་པས་ཤ་ལིའི་མྱུ་གུ་ལ་བཞིན། བུམ་པ ་འདི་ཡང་འདས་པ་དང་མ་འོངས་པའི་དུས་ཀྱི་དངོས་པོའི་དོན་བྱ་བ་དེ་ལྟར་གྱིས་དུས་སུ་མི་བྱེད་དོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པའོ། །འབྲེལ་པ་ལས་ནུས་པ་མེད་པའི་སྐད་ཅིག་པ་ནི་འཇིག་གོ་ཞེས་པ་ཐལ་པར་འགྱུར་བ་དང ་ཐལ་བ་ལས་བཟློག་པའི་ཚད་མ་དག་གིས་ཡོད་པ་ཉིད་ལ་སྐད་ཅིག་པ་ཉིད་ཀྱི་ཁྱབ་པ་འགྲུབ་པོ། །བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མས་སམ་ཞེས་བཤད་པ་དེ་བརྗོད་པར་བྱ་སྟེ། གང་ཞིག་རིམ་གྱིས་འབྲས ་བུ་བྱེད་པ་ཉིད་དང་རིམ་པ་མ་ཡིན་པར་འབྲས་བུ་བྱེད་པ་ཉིད་དུ་ཡོད་པ་མ་ཡིན་པ་དེ་ནི་དོན་བྱ་བ་ནུས་བ་མ་ཡིན་པ་ཏེ་དཔེར་ན་ནམ་མཁའ་ཨི་པདྨ་བཞིན། སྐད་ཅིག་མ་ཡིན་པར་ཡང་རིམ་གྱིས་འབྲས་བུ་བྱེད་བ་ཉིད་དང། རིམ ་མ་ཡིན་པར་འབྲས་བུ་བྱེད་བ་ཉིད་དག་ཡོད་པ་མ་ཡིན་ནོ་ཞེས་པ་ཁྱབ་བྱེད་མི་དམིགས་པའི་མཚན་ཉིད་ཅན་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མས། སྐད་ཅིག་མ་ཡིན་པ་ཉིད་ལས་ཁྱབ་བྱེད་རིམ་དང་ཅིག་ཅར་བ་ལྡོག་པས ་ལྡོག་བཞིན་པའི་དོན་བྱ་བ་བྱེད་པ་ཉིད་ཀྱི་མཚན་ཉིད་ཅན་ཡོད་པ་ཉིད་ནི་སྐད་ཅིག་པས་ངལ་བ་མེད་དོ། །དེ་ནས་སྐད་ཅིག་པ་ཉིད་ཀྱིས་ཁྱབ་བོ་ཞེས་ཡོད་པ་ཉིད་ལ་སྐད་ཅིག་པ་ཉིད་ཀྱིས་ཁྱབ་པར་གྲུབ་པོ་ཞེས་པའོ། །དཔེར ་ན་སྤྱི་དུ་མ་ལ་འཇུག་པ་ཉིད་ཁས་ལེན་པ་ལ་དུ་མ་ཉིད་དུ་ཐལ་བ་བཞིན་ཡང་སྟེ། དེ་ལྟར་ནི་གང་དུ་མ་ལ་འཇུག་པ་དེ་ནི་དུ་མ་སྟེ། དཔེར་ན་སྣོད་དུ་མར་སོན་པའི་ཏཱ་ལའི་འབྲས་བུ་བཞིན། སྤྱི་ཡང་དུ་མ་ལ་འཇུག་པའོ། །དེའི ་ཕྱིར་འདིས་ཀྱང་དུ་མར་འབྱུང་པར་བྱའོ་ཞེས་པ་ཐལ་བའོ། །ཅི་སྟེ་དུ་མ་ཉིད་དུ་མི་འདོད་ན་དེའི་ཆེ་དུ་མལ?་འཇུག་པ་ཉིད་ཀྱང་ཁས་མ་ལེན་ཅིག་།འོ་ན་གལ་ཏེ་ཐལ་བར་འགྱུར་བཞེས་པ་འདི ་སྒྲུབ་པར་བྱེད་བའི་ཆད་མར་མི་འགྱུར་ན། དེ་ཇི་ལྟར་ཉིད་ཉེ་བར་འགོད་ཅེན། ཁྱབ་པ་དྲན་པའི་དོན་དུ་ཁྱབ་པའི་ཕྱོགས་གཅིག་བརྗོད་བ་བཞིན་ནོ། །གང་གསུངས་བ། ཐལ་པར་འགྱུར་བའོ་གཉིས་འབྲེལ་ཕྱིར། ་གཅིག་མེད་ན་གཞན་དགག་ཆེད་ཡིན་ཞེས་སོ། །འདིའི་དོན་ཡིན་ཏེ། ཁྱབ་པར་བྱ་བ་དང་ཁྱབ་བར་བྱེད་པ་དག་འབྲལ་པར་འགྱུར་ན། གལ་ཏེ་ཁྱབ་པར་བྱེད་པ་མི་འདོད་ན་དེའི་ཚེ་ཁྱབ་པར་བྱ་བ་ཡང་མ་འདོད་ཅིག། ་ཅི་སྟེ་ཁྱབ་པར་བྱ་བ་འདོད་ན་དེའི་ཚ་ཁྱབ་པར་བྱེད་བ་ཡང་འདོད་བ་བྱོས་ཤིག་ཅེས་པའོ། །རྒོལ་བས་སྒྲུབ་པོ་བྱེད་པ་ཉེ་བར་བཀོད་པ་ན། ཕྱིར་རྒོལ་བས་དེ་ལ་སུན་འབྱིན་སྨྲ་བར་བྱའོ་ཞེས་པ་རིགས་པའོ། །མ་གྲུབ་བ ་དང་འགལ་བ་དང་མ་ངེས་པ་རྣམས་ཀྱིས་གང་ཡང་རུང་བརྗོད་པ་ནི་སུན་འབྱིན་པའོ། །ཇི་སྐད་དུ་གསུངས་པ་མཚང་སོགས་བརྗོད་སུན་འབྱིན་རྣམས་ཤེས་སོ། །འོ་ན་འདི་རྣམས་བརྗོད་པ་ཁོ་ན་གལ་ཏེ ་སུན་འབྱིན་པ་ནི་ཡིན་ན། དེའི་ཚེ་དོན་མེད་པ་ཉིད་དང་ཧ་ཅང་ཐལ་བ་ལ་སོགས་པ་རྣམས་ཅིའི་ནང་དུ་འདུ་ཞེ་ན་གསུམ་པོ་འདི་རྣམས་ཁོ་ནར་ཏེ། དེ་ལ་དོན་མེད་བ་ཉིད་ནི་རེ་ཞིག་མ་གྲུབ་པའི་ནང་དུ་འདུ་སྟེ། གཏན ་ཚིགས་ནི་བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ཟ་བ་ཅན་དུ་བརྗོད་ལ། གང་དུ་དོན་མེད་པ་ཉིད་ཉེ་བར་དགོང་པ་དེར་ནི་གཏན་ཚིགས་ཀྱི་མཚན་ཉིད་བསྒྲུབ་བྱའི་ཆོལ་ལ་ཐེ་ཚོམ་ཟ་བ་ཉིད་གཏན་ཚིགས་ལ་མི་སྲིད་དོ་ཞེས་པ ་མ་གྲུབ་པར་བརྗོད་དོ། །གང་གསུངས་པ། ཐེ་ཚོམ་ཟ་ལ་རྟོགས་བརྗོད་ཕྱིར། བསལ་བ་གཏན་ཚིགས་རྟེན་མ་ཡིན་ཞེས་སོ། །ནུས་པ་མེད་པ་ཉིད་ནི་རང་གི་ངོ་བོ་མ་གྲུབ་པའི་ནང་དུ་འདུའོ་ཞེས་པ་སྟེ། ནུས་པ་ཞེས་བྱ་བ་རྟགས ་ཀྱི་རང་གི་ངོ་བོ་ལས་གཞན་པ་མ་ཡིན་སྟེ། གཏན་ཚིགས་དངོས་པོ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཧ་ཅད་ཐལ་བ་ནི་མ་ངེས་པའི་ནང་དུ་འདུས་ཏེ། བསྒྲུབ་པར་བྱ་བ་ནི་དོན་ལས་འདས་ནས། མི་མཐུན་ཕྱོགས་ལ་ཐལ་ཆེས ་པའི་ཕྱིར་རོ་ཞེས་པའོ། །ཆོས་ཅན་གང་ལ་བསྒྲུབ་པར་བྱ་བ་བསྒྲུབ་པར་མངོན་པར་འདོད་པའི་ཆོས་ཅན་དེ་ལ་ཚད་མས་གནོད་པ་ཉིད་ན་གཞི་མ་གྲུབ་པ་རྟགས་ཀྱི་སྐྱོན་ནོ། །དཔེར་ན་བདག་ཉིད་ནི་ཐམས་ཅད་དུ་སོང་བ་སྟེ། ་ཐམས་ཅད་དུ་ཡོན་ཏན་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ་ལྟ་བུའོ། །འདི་དེ་འདིར་སངས་རྒྱས་པལ?་བདག་ཉིད་མ་གྲུབ་ན་འདིའི་ཕྱོགས་ཐམས་ཅད་དུ་དམིགས་པར་བྱ་བའི་ཡོན་ཏན་ཉིད་འགྲུབ་པ་ལྟ་ཅི་སྨོས། །དེ་ལྟར་ནི་མུ་སྟགས ་ཅན་རྣམས་ངེས་པར་འདི་སྐད་སྨྲ་སྟེ། ལུས་ལ་སོགས་བའི་དངོས་པོ་ལས་གཞན་པ་དགེ་བ་དང་མི་དགེ་བའི་བྱེད་པ་པོ་དང་དེའི་འབྲས་བུ་འོངས་སྦྱོད་པ་པོ་རྟག་པ་ཁྱབ་པའི་ངོ་བོ་བདག་ཅེས་བྱ་བརྫས་གཞན་པ་ཡོད་དོ། །དེས ་ཀྱ་ངང་མས་ཅད་ལ་ཁྱབ་ཏུ་ཟིན་ཀྱང། དེ་ལྟ་ན་ཡང་གང་ལོངས་སྤྱོད་པའི་སྐྱེ་མཆེད་ཉིད་དུ་ཡོངས་སུ་གཟུང་བའི་གསོན་ལུས་དེ་ཁོ་ན་བདག་དང་བཅས་པར་བརྗོད་དོ་ཞེའོ། །དེ་ཡང་མི་རིགས་ཏེ། བདག་བསྒྲུབ་པའི་ཆད་དུ་ཚད་མ་མེད ་པའི་ཕྱིར་རོ། །མངོན་སུམ་གྱིས་བདག་རྟོགས་པ་མ་ཡིན་ཏེ། མིག་ལ་སོགས་པའི་ཤེས་པ་རྣམས་ཀྱིས་ཡུལ་གཟུགས་ལ་སོགས་པ་ལྔ་བོར་ངེས་པ་ཉིད་ཀྱི་ཕྱིར་རོ། །ཡིད་ལས་བྱུང་བས་ད་ཞེས་རྟོགས་པའི་ཡང་ལུས་ལ་སོཌ ་པ་ཡུལ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། ང་ལྗིའོ། །ད་སྦོམ་མོ། །ང་འགྲོའོ་ཞེས་པ་ལ་སོགས་བའི་རྣམ་པས་ད་ཞེས་རྟོཌ་པ་སྐྱེའོ། །རྒྱན་མཛད་པས་གང་གསུངས་པ། ངའོ་ཞེས་བའི་ཤེས་གང་དེ་ཡང ་ལུས་དབང་ཆ་ཤས་རིག་བྱེད་པའོ། །ང་ནི་ཕྲ་དང་བདེ་དང་ལྕི། །མཚུངས་བའི་རྟེན་ནི་རིག་བྱེད་ཕྱིར་ཞེས་སོ། །ལུས་ལས་གཞན་པ་འདི་ལ་དེའི་ཆོས་ཅན་ལྕི་བ་ཉིད་དམ་སྦོམ་པོ་ཉིད་ཀྱང་མ་ཡིན་ནོ། །ཁྱབ་བདག ་གཟུགས་ཅན་མ་ཡིན་པ་ལ་ལུས་ཀྱི་རྫས་ཀྱི་རྗེས་སུ་འགྲོ་བའི་བྱ་བ་ནི་རིགས་པ་དང་ལྡན་པ་ཡང་མ་ཡིན་ནོ། །འདི་ནི་བྲམ་ཟེའི་ཁྱིའུ་ལ་སེང་གེའི་བརྡ་བཞིན་དུ་བཏགས་པར་རིགས་པ་ཡང་མ་ཡིན་ཏེ། འཇུག་པ ་འཁྲུལ་པར་ཐལ་བའི་ཕྱིར་རོ། །རྗེས་སུ་དཔག་པས་རྟོགས་པ་ཡང་མ་ཡིན་ཏེ། འབྲས་བུ་དང་རང་བཞིན་གྱིས་གཏན་ཚིགས་མེད་པའི་ཕྱིར་རོ།། །།རྟག་ཅིང་ལྐོག་ཏུ་གྱུར་བ་ཉིད་ཀྱིས་ན་ཡུལ་དུས་དང་རྣམ་པ ་བྲལ་བའི་བདག་དང་ལྷན་ཅིག་འགའ་ཞིག་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་བའི་བདག་ཉིད་ཅན་གྱི་འབྲས་བུ་དང་རྒྱུའི་དངོས་པོ་མ་གྲུབ་པའི་ཕྱིར། འབྲས་བུའི་རྟགས་མི་རིགས་པའི་ཕྱིར་རོ། །ཆོས་ཅན་ལ་ཡོད་པ་ཉིད ་ཀྱང་མ་གྲུབ་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་མི་འཐད་པའི་ཕྱིར་རོ། །རྟགས་གཞན་ཡོད་པ་ཡང་མ་ཡིན་ཏེ། ཁྱེད་ཀྱི་རྟགས་གཞན་གྱིས་ཀྱང་བསྒྲུབ་བྱས་ཁྱབ་པར་འབྱུང་བར་བྱ་བ་ལ་དེ་ཡང་རྣམ་པ་ཐམས་ཅད་དུ་མ ་གྲུབ་བའི་ཕྱིར་ཇི་ལྟར་བརྟགས་སལ?་ཁྱབ་པ་ངེས་པར་བྱ་བ། །གཞན་ཡང་བདག་འདི་ཅི་རྟོགས་བའི་ངོ་བོ་འམ་རྟོགས་པ་མ་ཡིན་པའི་ངོ་བོ་དང་རྟག་པ་ཡིན་ན་དེའི་ཚེ་མིག་ལ་སོགས་པ་འབྲས་བུ་དང་བྲལ་བ་ཉིད་དུ་ཐལ་བ ་བཟློག་པར་དཀའ་ཨོ། །འོན་ཏེ་རྟོགས་པའི་ངོ་བོ་མི་རྟགས་པ་ཞིག་ཡིན་ན་དེའི་ཚེ་ཤེས་པ་ཁོ་ན་ལ་བདག་ཅེས་མིང་དུ་བྱས་པས་མི་མཐུན་པ་མེད་དོ། །ཅི་སྟེ་རྟོགས་པ་མ་ཡིན་པའི་ངོ་བོ་བལྟར་རུང་བ་ཞིག་ཡིན་ན་དེའི་ཚེ་མི ་དམིགས་པས་འདིའི་ཡོད་པ་ཉིད་བཟོད་པ་མ་ཡིན་ནོ་ཞེས་པ་བདག་མེད་པ་བསྒྲུབ་པ་ནི་ཁ་ན་མ་ཐོ་བ་མེད་པའོ། །དེའི་ཕྱིར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་བདག་མེད་པའོ་ཞེས་པའོ། །རང་གི་ངོ་བོ་མ་གྲུབ་པས་ཀྱང་མ ་གྲུབ་བས་ཏན་ཚིགས་ལྟར་སྣང་བར་འགྱུར་ཏེ། དཔེར་ན་སྒྲ་མི་རྟག་སྟེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ལྟ་བུའོ། །འོ་ན་ཁྱབ་པ་མ་གྲུབ་བ་ཡང་སུན་འབྱིན་པ་མ་ཡིན་ནམ། ངེས་ཀྱང་ཕ་རོལ་པོའི་འདོད ་བའི་དོན་མི་འགྲུབ་པའི་ཕྱིར་རོ། །དེ་མི་བརྗོད་པ་ཅི་ཞེ་ན། མ་ངེས་པ་སུན་འབྱིན་པ་ཉིད་ཀྱིས་རྟོགས་པའི་དོན་ཅན་ཉིད་ཀྱི་ཕྱིར་ལོགས་སུ་མ་བརྗོད་དོ། །དེ་ལྟར་ནི་རང་གི་མཚན་ཉིད་དག་གིས་ཁྱབ་པ་གཟུང་བར་ནུས ་པ་མ་ཡིན་ཏེ། རང་གི་མཚན་ཉིད་ན་ཡུལ་དང་དུས་དང་རྣམས་པར་ངེས་པ་ཉིད་ཀྱིས་ན་གཞན་དུ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །འོ་ན་ཀྱང་བསྒྲུ་བར་བྱ་བ་དང་སྒྲུབ་བར་བྱེད་པ་སྤྱི་དག་ཁོ་ནས་ཁྱབ་པ་གཟུང་བར་བྱ་བར་ཡིན་ཞིང ་དེ་ལ་ཡང་གལ་ཏེ་སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བས་ཁྱབ་བར་རྟོགས་བ་མ་ཡིན་ན་དེའི་ཚེ་བསྒྲུབ་པར་བྱེད་པ་ཡང་འགྱུར་ལ། བསྒྲུབ་པར་བྱ་བ་ནི་འགྱུར་བ་མ་ཡིན་ནོ་ཞེས་བས་མ་དེས་པ་ཁོ་ནའོ་ཞེས་བའོ། །འོ་ན་ཁྱེད་ལ་ཅི་མ ་གྲུབ་བ་མ་ཡིན་ནམ། དེ་ཇི་ལྟར་བསྒྲུབ་བར་བྱ་བ་དང་སྒྲུབ་པར་བྱེད་པ་སྤྱི་དག་ལས་ཐམས་ཅད་ཉེ་བར་སྡུད་པ་དང་ལྡན་པའི་ཁྱབ་པ་ཚད་མས་གཟུང་བར་བྱ་ཞེ་ན། འདི་ནི་སྐྱེན་མ་ཡིན་ཏེ་གང་གི་ཕྱིར་གང་འདྲ་བའི་སྤྱི་གཞན་རྣམས ་ཀྱིས་ཡོང་སུ་བརྟགས་པས་དེ་དང་འདྲ་བ་ཚད་མས་གནོད་པས་ནི་བདེ་བར་གཤེགས་པ་རྣམས་ཀྱིས་ཁས་ལེན་བ་མ་ཡིན་གྱི། ཐ་སྙད་ལ་གྲགས་པའི་སྤྱི་གཞན་ལས་ལྡོག་བའི་མཚན་ཉིད་ཅན་གཞན་ལས་སེལ ་བའི་མིང་ཅན་ནི་མ་ཡིན་ནོ་ཞེས་པའོ། །འོ་ན་སེལ་པ་འདི་ཅི་ཞེ་ན། ཇི་ལྟར་ཞེན་པ་བཞིན་དུ། ཕྱི་རོལ་ཁོ་ནའི་བུམ་པ་ལ་སོགས་པའི་དོན་ནི་སལ་བ་ཞེས་མངོན་པར་བརྗོད་པར་བྱ་སྟེ། འདི་ལས་རིགས་མི་མཐུན་གཞན་བསལ ་བར་བྱ་བའོ་ཞེས་བྱས་ནས་སོ། །ཇི་ལྟར་སྣང་བའི་བློའི་རྣམ་པ་ཡང་སེལ་པ་སྟེ། བློའི་རྣམ་པ་འདིར་མི་མཐུན་པ་སེལ་བར་བྱེད་པ་དད་དུ་བྱེད་ཅེས་བྱས་ནས་སོ། །ཇི་ལྟ་བའི་དེ་ཁོ་ན་ཉིད་ལྡོག་པ་ཙམ་མེད་པར་དགག ་པའི་ངོ་བོ་ནི་སེལ་པ་སྟེ། སེལ་བ་ཉིད་ནི་སལ་བའོ་ཞེས་བྱས་ནས་སོ། །འོ་ན་ཇི་ལྟར་ཞེན་པ་ནི་བསྒྲུབ་པ་ཁོ་ན་ཏེ། །དེ་ལྟ་ན་སེལ་པ་འབའ་ཞིག་གོ་ཞེས་པ་འོངས་སོ་ཞེས་པ་ཡིན་ཏེ། སྒྲུབ་པ་ནི་སེལ་བའི་ཁྱད་པར་ཅན ་དུ་དགོངས་ཏེ། གང་བ་ལང་རྟོགས་པ་ན། བ་ལང་མ་ཡིན་ནོ། །བ་མེན་མིན་ནོ་ཞེས་གཤུས་ཀྱི་སེལ་བ་ཕྱིས་ངེས་པར་བྱའོ་ཞེས་བསྒྲུབ་བ་སྨྲ་བ་རྣམས་ཀྱི་འདོད་བའོ། །གཞན་སེལ་བ་རྟོགས་པ་ན་ཡང་ཤུགས་ལས་སེལ ་བ་བ་ལང་ལ་སོགས་པའི་དོན་རྟོགས་སོ་ཞེས་པ་ལྡོག་པའི་སེལ་བ་སྨྲ་བ་རྣམས་ཀྱི་འདོད་པའོ། །དེ་མི་རིགས་ཏེ་ཐ་སྙད་ཀྱི་དུས་སུ་དང་པོར་འཇུག་པའི་སོ་སོ་རིམ་པ་མཐོང་བ་མེད་པའི་ཕྱིར། །སྒྲུབ་བ་རྟོགས་ནས་འགའ་ ་ཞིག་གིས་དོན་གྱི་ས་གོ་བ་ལས་ཕྱིས་སེལ་བ་རྟོགས་པ་འམ། སེལ་བ་རྟོགས་ནས་ཕྱིས་བསལ་བ་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་བ་ལང་རྟོགས་པ་ཁོ་ན་གཞན་སེལ་བ་རྟོགས་པར་བརྗོད་པར་བྱའོ། །གལ་ཏེ་ཡང ་དབང་པོའི་བྱ་བ་མེད་པ་ལ། སྒྲ་ཡི་དོན་ནི་མཐོང་བ་བཞིན། །བློ་ལ་སྣང་བ་མེད་པའི་ཕྱིར། །ཞེས་སོ། །གཞན་ཡང་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་དངོས་པོ་བརྗོད་བར་བྱ་བ་ཡིན་ན་བདག ་ཉིད་ཐམས་ཅད་རྟོགས་པའི་བསྒྲུབ་བ་དང་དགག་པ་དག་མི་རུང་སྟེ། གང་གི་ཕྱིར་དེ་ཡོད་པར་འགྱུར་ན་ཡོད་དོ་ཞེས་པ་དོན་མེད་ཅིང་མེད་དེ་ཞེས་པ་མི་ནུས་ལ། མེད་བར་གྱུར་?་ནི་མེད་དོ་ཞེས་པ་དོན་མེད་ཅིང་ཡོད་ཅེས་བ་ནི་ནུས ་པའི་ཕྱིར་རོ། །ཡོད་པ་ལ་སོགས་པའི་ཚིགས་སྦྱོར་བ་ཡང་ཡོད་དོ། །དེའི་ཕྱིར་དོན་དམ་པར་རང་གི་མཚན་ཉིད་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་གནས་སོ། །འོ་ན་ཇི་ལྟར་མངོན་སུམ་གྱིས་བུམ་བའི་ངོ་བོ ་རང་གི་གཟུང་བ་ན་ཡང་ཕྱིས་དེ་ཁོ་ན་ལ་སྐད་ཅིག་པ་ཉིད་ལ་སོགས་པ་དེས་པའི་དོན་དུ་ཚད་མ་གཞན་འཇུག་པ་དེ་ལྟར་ཤིང་གི་སྒྲ་ཡིས་?་ཉིད་ཀྱིས་ཆ་ཤས་རྟོགས་པར་ཡོད་པ་ཉིད་ཀྱིས་ཆ་ཤས་དེས་པའི་དོན་དུ་ཡོད་དོ་ལ་སོགས་བའི་ཚིག། ་རབ་ཏུ་སྦྱོར་བར་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མངོན་སུམ་ནི་མ་ངེས་པའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་གོམས་པར་མ་བྱས་བའི་ངོ་བོའི་ཡུལ་ཚད་མ་གཞན་འཇུག་གོ་ཞེས་པ་རིགས་སོ། །རྣམ་པར་རྟོགས་པ་ནི་རང་ཉིད ་ངེས་པའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ན། དེས་གཟུང་ཟིན་པའི་རང་གི་ངོ་བོ་ལ་ཚད་མ་གཞན་གྱིས་གཟུང་བར་བྱ་བ་གཞན་བ་ཅི་ཞིག་ཡོད་ཅེས་བའོ། །གང་འདྲ་བའི་སྤྱི་ཕ་རོལ་རྣམས་ཀྱིས་ཡོངས་སུ་བརྟགས་པ་གསལ་པ ་དུ་མ་ལ་འཕྲོད་པ་འདུས་པ་སྣང་དུ་རུང་བ་གཅིག་བུ་རྟག་པ་དེ་དང་འདྲ་བ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་བའི་ཚད་མ་ཅུ་ཟད་ཀྱང་དམིགས་པ་མེད་དེ་དེས་ན་ཡོད་ཅེས་རྣམ་པར་རིགས་པ་མད་དེ་ཡིན་ནོ། །དེ་ལྟར་ན་ནི་?་ལང?་ལ་སོགས་པའི ་གསལ་བ་ཉམས་སུ་མྱོང་བའི་དུས་ན། ཁྲ་དོག་དང་དབྱིབས་ལ་སོགས་པ་གསལ་བའི་རང་གི་ངོ་བོ་མ་གཏོགས་བ་གཞན་རྗེས་སུ་འགྲོ་བ་གཅིག་བུ་མངོན་སུམ་ལ་སྣང་བ་ཡིན་པའི་ཕྱིར་ཏེ། དེ་འདྲ་བ་ཉམས་སུ་མྱོང་བའི་ཕྱིར་རོ། ། ་རང་གི་མཚན་ཉིད་ཉམས་སུ་མྱོང་བའི་དེ་མ་ཐག་པར་རྣམ་པ་གཅིག་ཏུ་མཆོག་ཏུ་ཞེ་ན་པའི་རྟོགས་པ་ཡོད་པའི་ཕྱིར་རྣམ་པ་གཞན་དུ་མི་འཐང་པ་སྤྱི་ཀུན་ཏུ་རྟགས་པ་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། གསལ་བ་རང་གིས་རྒྱུས ་ནུས་པ་འབྱིན་པ་རྣམས་ལོན་ལས་རྟོགས་པ་དེ་བརྒྱུད་མ་སྐྱེ་བའི་ཕྱིར་རོ། །ཐ་དང་ན་ཡང་གསལ་བ་འགའ་ཞིག་རྣམས་ཁོ་ན་འདི་བསྐྱེད་བའི་ཆེད་དུ་ནུས་པ་ཡིན་གྱི། ཐམས་ཅད་ནི་ནུས་པ་མ་ཡིན་ནོ་ཞེས་པ་འབྲས་བུ་དང་རྒྱུའི་དངོས ་པོ་མངོན་སུམ་དང་མི་དམིགས་པ་དག་གིས་མཐོང་བ་ནི་འདའ་བར་བྱ་བ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་ཁྱད་པར་མེད་ན་ཡང་གསལ་བ་འགའ་ཞིག་རྣམས་ཁོ་ན་ལ་ནུས་པ་མཐོང་བ་ཡང་ཡིན་ཏེ་དཔེར་ན་རིམ་པ་ལ་སོགས་པ ་ཞི་བར་བྱེད་བ་ལ་སླེ་ཏྲེས་དང་ནིམ་པ་ལ་སོགས་པ་རྣམས་བཞིན་ནོ། །ཇི་སྐད་དུ་གསུངས་པ། ཐ་དད་ན་ཡང་རང་བཞིན་གྱིས། །དེས་ཏེ་དབང་པོ་ལ་སོགས་བཞིན། །ཞེས་སོ། །གཞན་ཡང་སྤྱི་ནི་རིགས་མི་མཐུན་པ་ཐམས་ཅད་ལང ་ལོག་པ་ཡིན་ཡང་ཐ་དད་བར་ཁྱད་བར་མེད་པ་ལ་བ་ལང་ག་གི་གསལ?་བ་རྣམས་ཁོ་ན་ལ་འཕྲོད་པ་འདུས་པའི་དེའི་སྤྱི་ནི་དེ་ཁོ་ན་ལ་རྣམ་པ་གཅིག་པ་ཅན་གྱིས་བློ་སྐྱེད་པར་བྱེད་པ་ཇི་ལྟད་ཡིན་ཞེས་དྲིས་བ་ལ་རང་བཞིན་ཁོ་ནས་སོ་ཞེས་ཕ ་རོལ་པོས་ལན་འདེབས་པ་དེ་ཡང་ཚང་མ་དང་མི་ལྡན་པ་སྟེ། ཁོ་བོ་ཅག་གི་རང་བཞིན་གྱིས་ཞེས་ལ་ནོ་འདེབས་པ་ནི་ཚད་མས་གྲུབ་བ་ཉིད་ཀྱི་ཕྱིར་རིགས་བ་དང་ལྡན་པ་ཁོ་ནའོ། །དེ་ལྟར་ཕ་རོལ་པོའི་རིགས་གཞན་བསྒྲུབ་བའི་ཆེད་དུ ་སྒྲུབ་པར་བྱེད་པ་འདི་ཡིན་ཏེ། གང་ཁྱད་པར་དུ་བྱས་པ་ཅན་གྱི་ཤེས་པ་དེ་ནི་ཁྱད་པར་འཛིན་པ་མེད་ན་མེད་པ་ཡིན་ཏེ། དཔེར་ན་དབྱུག་པ་ཅན་གྱི་ཤེས་པ་བཞིན་འདི་བ་ལང་ངོ་ཞེས་པའི་ཤེས་པ་ཡང ་ཁྱད་པར་ཅན་གྱིས་ཤེས་པ་ཡིན་ནོ་ཞེས་པ་འདི་ནི་དོན་གྱི་།འབྲས་བུའི་གཏན་ཚིགས་སོ། །འདི་ལ་བརྗོད་པར་བྱ་སྟེ། ཁྱད་བར་ཅན་གྱི་བློ་ཐ་དད་པའི་ཁྱད་པར་འཛིན་པ་མེད་ན་མེད་པ་ཉིད་བསྒྲུབ་བར་བྱ་བ་ཡིན་ནམ། ཁྱད ་པར་ཙམ་ཉམས་སུ་མྱོང་བ་མེད་ན་མེད་པ་ཉིད་བསྒྲུབ་པར་བྱ་བ་ཡིན། ཕྱོགས་དང་པོ་ལ་མངོན་སུམ་གྱིས་གནོད་པ་སྟེ། དངོས་པོ་འཛིན་བའི་དང་ཚུལ་ཅན་གྱིས་མངོན་སུམ་ལ་གཉིས་སུ་སོ་སོར་སྣང་བ་མེད་བའི་ཕྱིར་རོ། ་ཁྱད་བར་ཅན་གྱི་བློ་ཉིད་ཀྱང་སྤྱི་ལ་གཏན་ཚིགས་མ་ངེས་པ་ཡིན་ཏེ། ཐ་དད་པའི་ཁྱད་པ་འཛིན་པ་མེད་ཀྱང་དེ་མཐོབ་པའི་ཕྱིར་རོ། །དཔེར་ན་བུམ་པ་འདི་རང་གི་ངོ་བོ་དང་ལྡན་པ་འམ། བ་ལང་ཉིད་སྤྱི་བོ་ཞེས་པ་ལྟ་བུའོ།། ་གཉིས་པའི་ཕྱོགས་ལ་ནི་གྲུབ་བསྒྲུབ་པར་བྱེད་པ་སྟེ་བུམ་པ་ནི་རང་གི་ངོ་བོ་དང་ལྡན་པའོ། །ཞེས་པ་ལ་སོགས་པ་ལྟ་བུའོ། །གོང་བུ་ནི་བ་ལང་ཉིད་ཀྱི་རིགས་པ་དང་ལྡན་པའོ་ཞེས་ཡོངས་སུ་བརྟགས་བའི་ཐ་སྙད་པ་རྒྱུར་བྱས ་ནས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་གསལ་བ་ཉིད་ཀྱི་ཕྱིར་རོ། །འདི་བ་ལང་ངོ་ཞེས་བའི་ཐ་སྙད་ནི་བ་ལང་མ་ཡིན་པ་ཉིད་ལས་ལོག་པ་ཉམས་སུ་མྱོང་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་འདིའི་ཕྱིར་ཡང་སྒྲུབ ་པར་བྱེད་པ་ལས་ཅི། འགྲུབ་པ་མ་ཡིན་ཞེས་པའོ། །དེའི་ཕྱིར་དེ་ལྟར་ཕ་རོལ་པོས་ཀུན་ཏུ་རྟགས་པའི་སྤྱི་ནི་སྤྱད་མི་བཟོད་པ་ཉིད་ཀྱི་ཕྱིར། དེའི་ངོ་བོ་མ་ཡིན་པ་ལས་ལོག་པའི་དངོས་པོ་ཙམ་ཁོ་ན་སེལ་བའི་སྒྲའི ་བརྗོད་པར་བྱ་བ་ཐ་སྙད་ཀྱི་ཡན་ལག་ཇི་ལྟར་ཞེན་པ་བཞིན་པ་སྤྱི་ཡིན་པ་ནི་ཁ་ན་མ་ཐོ་བ་མེད་པའོ། ཞེས་གནས་སོ། །སྤྱི་དགག་པའི་ཆེད་དུ་སླར་ཡང་རྣམ་པ་འདི་ལྟ་བུའོ་སྦྱོར་བར་བྱ་སྟེ། གང་ཞིག་གང་ན་དམིགས་བའི་མཚན་ཉིད ་དུ་གྱུར་པ་རམ་དམིགས་པ་དེ་ནི་དེ་ན་མོད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ་དཔེར་ན་རྟའི་མགོ་ལ་རྭ་བཞིན་ནོ། །སྤྱི་ཡང་ཡོངས་སུ་སྣང་བཞིན་པའི་གསལ་བ་རྣམས་དམིགས་བའི་མཚན་ཉིད་དུ་གྱུར་བ་མ་དམིགས་སོ་ཞེས་པ་རང་བཞིན་མི ་དམིགས་པའོ། །མ་གྲུབ་པ་སྲིད་པ་ཡང་མ་ཡིན་ཏེ། ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཅན་གསལ་བའི་རང་གི་ངོ་བོ་མ་གཏོགས་པར་རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་གཉིས་པ་མཁས་བས་ངེས་པར་བརྟགས་ཀྱང་རྣམ་པ་ཐམས ་ཅད་དུ་མཐོང་བ་མེད་པའི་ཕྱིར་རོ། །འདི་ནི་མཐོང་བ་མེད་ན་ཡང་ཤེས་པ་བཞིན་དུ་མངོན་སུམ་གྱིས་གྲུབ་པ་ཉིད་དུ་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། ཤེས་པ་ནི་རང་རིགས་པའི་ཚང་མས་གྲུབ་ཀྱི། མིག་གིས་རྣམ ་པ་རང་ཞེས་པ་གཟུང་བར་བྱ་བ་ནི་མ་ཡིན་པས་སོ། །འདི་ནི་མིག་གི་རྣམ་པར་ཤེས་པས་གཟུང་བར་བྱ་བ་སྟེ། །དོན་གྱི་ཆོས་ཡིན་པ་ཉིད་ཀྱི་ཕྱིར་རོ། །མངོན་སུམ་དུ་ཡང་ཕ་རོལ་བོ་རྣམས་འདོད་དོ་ཞེས་པའོ། །དེ་ལྟར་ཕ ་རོལ་པོས་ཀུན་ཏུ་བརྟགས་པའི་སྤྱི་ནི་དཔྱད་མི་མ་ཟོད་པ་ཉིད་ཀྱི་ཕྱིར་ན་དེའི་ངོ་བོ་མ་ཡིན་པ་ལས་ལོག་པའི་དངོས་ཙམ་ཁོ་ན་སྤྱིར་བཤད་དོ། །དེའི་ཕྱིར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་ཕ་རོལ་པོས་ཀུན་བརྟགས་པའི་སྤྱི་ཡིས ་སྟོད་པར་གནས་སོ། །བློ་དང་ལྡན་པ་འགའ་ཞིག་གི། ཉེ་བར་བཀོད་པ་ཡང་མ་ཡིན་ནོ་ཞེས་ཀྱང་ཤེས་པར་བྱའོ། །དེ་ལྟར་ནི་འགྲོ་བ་འདིའི་བྱེད་པ་པོར་གྱུར་བ་རྟགས་པ་འམ་མི་རྟག་བར་འགྱུར་གྲང། དེ་ལ་རེ་ཞིག་རྟགས་པར་རིགས་པ ་མ་ཡིན་ཏེ། བྱེད་པ་པོ་དང་འབྲེལ་བ་རྟགས་པར་གྱུར་ན། སྤྲོ་བ་དང་གནས་པ་དང་འཇིག་པ་རྣམས་ངེས་པ་ཅིག་ཅར་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ངོ་བོ་གང་གིས་གནས་པ་དང་འཇིག་པ ་དག་གིས་བྱེད་པ་པོ་ཡིན་པ་དེའི་ངོ་བོ་སྤོ་བའི་དུས་ན་ཡང་ཉེས་བའོ་ཞེས་པས་དེའི་དུས་ཁོ་ན་གནས་པ་དང་འཇིག་པ་དག་བྱེད་པར་འགྱུར་རོ། །ལྷན་ཅིག་བྱེད་པ་དང་བྲལ་བའི་ཕྱིར་བྱེད་པ་མ་ཡིན་ནོ་ཞེས་ན། དེ་ནི་ཡང་དག ་པ་མ་ཡིན་ཏེ། རྟག་པ་ཡིན་པས་ནི་འདི་ནི་ན་མ་ཡང་ལྷན་ཅིག་བྱེད་པ་དང་བྲལ་པ་མ་ཡིན་ཏེ། ཐམས་ཅད་ཀྱིས་ཚེ་ཉེ་པ་ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་བྱེད་པ་མི་རྟག་པ་དང་བྲལ་བ་ཡང་མ་ཡིན་ཏོ། ལྷན་ཅིག ་བྱེད་པ་མི་རྟགས་པ་ཡང་དེ་ལ་རག་ལས་ནས་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དུས་གཅིག་ཏུ་ཐམས་ཅད་བྱེད་པ་ལ་སོགས་པ་ཐལ་པར་འགྱུར་རོ། །དབང་ཕྱུག་ནི་བློ་དང་ལྡན་པའི་ཕྱིར་སྐྱོན་འདིའི་ཡོད་པ་མ་ཡིན་ནམ། བློ་ཡིས ་སྟོང་པ་ནི་རང་ཡོད་པ་ཉིད་ཙམ་གྱིས་བསྐྱེད་པར་བྱ་བའི་འབྲས་བུ་རིམ་པ་མིན་པ་ཁོ་ནས་བྱེད་ཀྱི། བློ་དང་ལྡན་པ་ནི་བྱ་བ་ཁྱད་པར་དབང་འབྱོར་པ་ཡིན་ཡང་མི་འདོད་པ་ན་བྱེད་པ་མ་ཡིན་ཞེས་པས། དེ་ཉེ་བར་དམིགས་པ་ཅི་ཞེ ་ན་བརྗོད་པར་བྱ་སྟེ། འདོད་པ་དེ་རྣམས་ཀྱང་དང་ཉིད་ཙམ་གྱི་རྒྱུ་ཅན་ཡིན་པས་ཅིས་བྱེད་པ་མ་ཡིན་ན། ཞེས་པས་དེ་ཁོ་ན་འདི་ཉེ་བར་དམིགས་པ་ཡིན་ནོ། །ཅི་སྟེ་རང་གི་ངོ་བོས་ནུས་པ་ཉིད་ཡིན་ན་ཡང་ལྷན་ཅིག་བྱེད་པའི ་མཚན་ཉིད་ཅན་གྱི་བློ་བུར་པའི་ནུས་པ་མེད་པར་བྱེད་པ་མ་ཡིན་ནོ་ཞེས་པ་འདི་ཁོ་ན་དེའི་རང་བཞིན་ཡིན་ནོ་ཞེས་པ་འདི་ཁོ་ན་དེའི་རང་བཞིན་ཡིན་ནོ་ཞེ་ན། དེ་ལྟ་ན་ཁྱེད་ལ་མར་གྱུར་པ་ཡང་དེ་ཡིན་བ་རང་བཞིན་གྱི་མོ་གཤམ་ཡོད་ཡིན་པ ་འདྲི་བརྗོད་པར་བྱ་བར་འགྱུར་རོ་ཞེས་པ་འདི་ནི་གང་ཅི་ཡང་མ་ཡིན་ནོ། །འོ་ན་འདི་ཁོ་ན་འབྲས་བུའི་རང་བཞིན་ཡིན་ཏེ། ནུས་པ་འབའ་ཞིག་པ་ལས་སྐྱེ་བ་མ་ཡིན་གྱི་ལྷན་ཅིག་བྱེད་པ་ལ་བལྟོས་ནས་ཕྱིས་འབྱུང་བའོ་ཞེ་ན། དེ་མི་རིགས་པ ་མ་ཡིན་ཏེ། ནུས་པ་ནི་འབྲས་བུ་ལ་བལྟོས་པ་ལ་མ་རེག་པའི་སྟོབས་ཁོ་ན་ལས་འབྲས་བུ་བྱེད་པར་འགྱུར་ཏེ། གཞན་དུ་ནུས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ་ཞེས་པའོ་རྟག་པ་རིམ་གྱི་འབྲས་བུར་བྱེད་དོ་ཞེས་པ་ཡང་རིག་པ ་མ་ཡིན་ཏེ། བལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་ཀྱི་དཀྱིལ་འཁོར་རྣམ་པར་ཁྱབ་པའི་གྲགས་པ་ཅན་གྱིས་གང་གསུངས་པ། རྟག་པ་བལྟོས་པ་མེད་པའི་ཕྱིར། །རིམ་གྱིས་སྐྱེད་བར་བྱེད་པ་དང། །བྱེད་དང་མི་བྱེད་དུས་རྟག་ཏུ། །འདྲ ་པའི་བདག་ཉིད་བྱེད་པ་འགལ། །ཞེས་སོ། །འདིས་ནི་བདག་ལ་སོགས་པ་རྟག་པ་རྣམས་དང། སྐད་ཅིག་པ་ཡིན་པའི་བུམ་པ་ལ་སོགས་པ་རིམ་གྱི་འབྲས་བུ་བྱེད་པའང་བཤད་པ་ཡིན་ནོ། །འདི་ལ་མངོན་སུམ་དང་འགལ་བ་མེད་དེ། ་མངོན་སུམ་གྱི་སྐད་ཅིག་པ་མ་ཡིན་པ་འཛིན་པར་མི་རུང་བའི་ཕྱིར་རོ། །མངོན་སུམ་སྐད་ཅིག་པས་ནི་སྐད་ཅིག་མ་ཡིན་ལྟ་བར་ནུས་པ་མ་ཡིན་ཏེ། སྐད་ཅིག་གཅིག་པ་ཡི་བྱ་བ་ཅན་མ་ཡིན་པ་ནི་སྐད་ཅིག་པ་མ་ཡིན་ཞིང་དེ་ཇི་ལྟར་སྐད་ཅིག་གཅིག་པར ་འབྱུང་བའི་མངོན་སུམ་གྱིས་འཛིན་པར་ནས། ལྔ་མ་དང་ཕྱི་མའི་གནས་སྐབས་ནི་ད་ལྟར་གསལ་བ་མ་ཡིན་ཏེ། དེ་ཡང་ད་ལྟར་བྱུང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། སྐྱེ་བ་དང་འཇིག་པ་དག་གི་མཚན་མ་སོ་སོར་སྣང་བར་ཐལ་བར་འགྱུར ་བའི་ཕྱིར་རོ་ཞེས་པས་ན། མངོན་སུམ་འདི་ནི་སྔ་མ་དང་ཕྱི་མའི་དུས་ཁྱབ་པའི་དོན་ཅུང་ཟད་གཟུང་བར་ནུས་པ་མ་ཡིན་ནོ། །འདིས་ནི་ངོ་ཤེས་པ་མངོན་སུམ་ཉིད་སྤངས་པ་ཡིན་ནོ། །དོན་མངོན་དུ་བྱེད་པའི་ཐོས་པ་ནི་མངོན་སུམ་ཡིན་ལ། ་སྔར་གྱིས་གནས་སྐབས་ནི་ད་ལྟར་མངོན་དུ་བྱ་བ་མ་ཡིན་གྱི། འོན་ཀྱང་དྲན་པར་བྱའོ། །དྲན་པའི་ངོ་བོ་ཡང་མངོན་སུམ་མ་ཡིན་ནོ། །ཅི་སྟེ་འདི་གལ་ཏེ་དྲན་པར་འདོད་པར་འགྱུར་ན། ད་ལྟ་བའི་གནས་སྐབས ་མངོན་དུ་བྱེད་པ་མ་ཡིན་ནོ། །དེ་མངོན་དུ་བྱེད་པའི་འཇུག་པ་འདི་ནི་དྲན་པ་ཞེས་བྱ་བ་ཇི་ལྟར་ཡིན། བྷ་ཊ་ཡིས་གང་སྨྲས་པ། སྔོན་དུ་གཞལ་ཟིན་ཙམ་ལ་ནི། །དེའོ་ཞེས་དྲན་སྐྱེ་བར་འགྱུར། །དེ་ཉིད་འདིའོ་ཞེས་པ་ནི། །ངོ་ཤེས་པ་ལས ་ཐ་དང་བྲལ་ཞེས་སོ། །དེའི་ཚེ་ངོ་ཤེས་པ་ནི་དྲན་པ་འཛིན་པའི་ངོ་བོར་འགྱུར་གྱི། འཛིན་པའི་ངོ་བོ་ཁོ་ན་ནི་མ་ཡིན་ཏེ། དྲན་པར་བྱ་བ་ལ་འཛིན་པ་མི་རུང་ཞིང་གཟུང་བར་བྱ་བ་ལ་ཡང་དྲན་པ་མི་རུང་བའི་ཕྱིར་རོ། །གཅིག་ལ་དྲན་པ ་འཛིན་པ་དག་སྲིད་པ་ཡང་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །ངོ་བོ་གང་གིས་དྲན་པ་ཡིན་པའི་ངོ་བོ་ངེས་འཛིན་པ་ཡིན་པར་སྨྱོན་མ་ཡིན་པས་སྨྲ་བར་ནུས་པ་མ་ཡིན་ཏེ། འཛིན་པའི་ངོ་བོ་གཞན་གྱིས་གཅིག་ལ་དྲན་པ ་འཛིན་བདག་ཏུ་འགྱུར་རོ། །ཡོད་ན་ཡང་མངོན་སུམ་ཡིན་པར་འགྱུར་རོ། །དྲན་བཞིན་པ་ན་མངོན་སུམ་ཁོ་ན་ནི་མ་ཡིན་ཏེ། མངོན་སུམ་དུ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རོ་ཤེས་པའི་རྟོགས་པ་ནི་འཁྲུལ་པ་ཁོ་ན་སྟེ། ་ཡུལ་མེད་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་ཡང་འདི་ལྟ་སྟེ། གང་ཞིག་ངོ་ཤེས་བས་རྟོགས་པ་དེ་ནི་དེ་ཁོ་ན་ཉིད་དུ་ན་དམིགས་པ་གཅིག་པ་མ་ཡིན་ཏེ། དཔེར་ན་བཅང་བ་སླར་སྐྱེ་བའི་རྩ་ལ་སོགས་པ་རྣམས་ལ་བཞིན། སྔོན་པོ་ལ ་སོགས་པ་འདི་ཁོ་ན་ཡིན་ཞེས་པའི་རྟོགས་པ་འདི་ཡང་ངོ་ཞེས་པས་རྟོགས་པ་ཡིན་ནོ་ཞེས་པ་འགལ་བས་ཁྱབ་པ་དམིགས་པའོ། །གཅིག་ཉིད་དང་གཅིག་མ་ཡིན་པ་ཉིད་དག་ཕན་ཚུན་འགལ་བའི་ཕྱིར། དེའི་ཡུལ་ཅན་གྱི་རང་རིག ་པ་དག་ཀྱང་འགལ་བའོ། །དེས་ན་གཅིག་ཏུ་དམིགས་པ་དང་འགལ་བ་གཅིག་མ་ཡིན་པར་དམིགས་པ་ཉིད་ཀྱིས་སྔར་བཤད་པའི་ཚུལ་གྱིས་ངོ་ཤེས་པའི་རྟོགས་པ་ལ་ཁྱབ་པོ་ཞེས་པས། ངོ་ཤེས་པ་ནི་སྐད་ཅིག་པའི་རྗེས་སུ་དཔག་པ་ལས ་གནོད་པར་བྱེད་པ་ཡིན་ནོ། །སྐྲ་ལ་སོགས་པ་རྣམས་ཡང་སྤྱིལ་དམིགས་པ་ཉིད་ཀྱིས་དམིགས་པ་གཅིག་པ་ཡང་མ་ཡིན་ཏེ། སྐྲ་ལ་སོགས་པའི་གསལ་བ་ཁོ་ན་ལ་ངོ་ཤེས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྤྱི་ལ་ངོ་ཤེས་པས་ཡིན་ནོ་དེ་ཉིད ་སྐ་ལ་སོགས་པ་དེ་ཁོ་ན་འདི་ཡིན་ནོ་ཞེས་པར་འགྱུར་ན། དེ་ཉིད་སྒྲ་ལ་སོགས་པ་འདི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་ཤེས་པའི་རྟོགས་པ་དམིགས་པ་གཅིག་པ་ཅན་ཉིད་ཡིན་ན། རིམ་པ་དང་ཅིག་ཤོས་དག་གིས་སྐྱེས་བ་འགལ་བའི་ཕྱིར་ན་འགལ་བ་དང ་མ་ངེས་པ་ཉིད་དུ་དོགས་པར་བྱ་བ་དག་མ་ཡིན་ནོ། །ངོ་ཤེས་པ་ཁོ་ན་རྣམ་པར་འཇོག་པ་པོ་ཡང་མ་ཡིན་ཏེ། དེ་ཉིད་རྣམ་པར་དཔྱད་པར་བྱ་བ་མི་བཟོད་པ་ཉིད་ཀྱིས་ཕྱིར་རོ། །དེའི་ཕྱིར་རྟག་པ་བྱེད་པ་པོ་མེད་དོ་ཞེས་པ་འདི་ནི་གནས་པའོ། །གལ་ཏེ་རྟག་པའི ་བྱེད་པ་པོ་འགྲོ་བའི་རྒྱུ་མ་ཡིན་འོ་ན་འདི་ཡི་རྒྱུ་ཅི་ཡིན་ཞེ་ན་སེམས་ཅན་རྣམས་ཀྱི་རྒྱུ་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལས་ཡིན་ནོ། ཇི་སྐད་དུ་གསུངས་པ། སེམས་ཅན་འཇིག་རྟེན་དེ་ནས་སྣོད་ཀྱི་འཇིག་རྟེན་ནི། ཤིན་ཏུ་བཀྲ་བ་སེམས་ཉིད་ཁོ་ནས ་བཀོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་བཤད་པ་ནི། སེམས་མ་གཏོགས་པ་ལས་ཀྱང་ཡོད་པ་མིན། ཞེས་སོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་བརྟེན་ནས་སླར་ཡང་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་གསུངས་པ། ནམ་མཁའ་དང་ནི ་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པའོ། །སྐད་ཅིག་བ་ཀུན་འདུས་བྱས་ཏེ། བདག་གིས་སྟོང་ཞིང་བྱེད་བ་མེད་ཅེས་སོ། །འོ་ན་ཐམས་ཅད་མཁྱེན་པ་གྲུབ་ན་ནི་དེའི་གསུང་ངེས་པར་སྟོན་པ་རིགས་མོད། །ཐམས་ཅན་མཁྱེན་པ ་གྲུབ་པའི་ཆེད་དུ་ཚད་མ་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་དང་གང་གུས་པ་དང་བཅོས་པར་བར་མེད་པར་དུས་རིང་པོར་གོམས་པར་བྱས་པའི་སེམས་ཀྱི་ཡོན་ཏན་དེ་ཐམས་ཅད་ནི་གསལ་བར་འགྱུར་བར་རུང་བ་ཡིན ་ཏེ། དཔེར་ན་སྐྱེས་བུ་འདོད་པ་ཅན་གྱི་གཞོན་ནུ་མའི་རྣམ་པ་བཞིན་འཕགས་པའི་བདེན་པ་བཞིན་ཡུལ་ཅན་གྱི་རྣམ་པ་འདི་རྣམས་ཀྱང་ཇི་སྐད་བཤད་པ་བཞིན་གོམས་པར་བྱས་པའི་སེམས་ཀྱི་ཡོན་ཏན་ཡིན་ནོ་ཞེས་པ་དང ་བཞིན་གྱི་གཏན་ཚིགས་སོ། །རེ་ཞིག་རྟེན་གྱི་སྒོ་ནས་སམ་གཏན་ཚིགས་ཀྱི་སྒོ་ནས་མ་གྲུབ་པ་སྲིད་པ་མ་ཡིན་ཏེ། ཀུན་ཏུ་རྟོག་པ་ལ་གནས་པའི་འཕགས་པའི་བདེན་པ་བཞིའི་ཡུལ་ཅན་གྱིས་རྣམ་པ་ཆོས་ཅན་རྣམས་དང། གཏན ་ཚིགས་སེམས་ཀྱིས་ཡོན་ཏན་ཙམ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱིས་ཕྱིར་རོ། །འདི་ནི་འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་འདོད་མའི་རྣམ་པ་ལ་སྲིད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། གོམས་པ ་དང་བཅས་པའི་སེམས་ཀྱི་ཡོན་ཏན་དང་གསལ་བར་སྣང་བ་དག་གིས་འབྲས་བུ་དང་རྒྱུའི་དངོས་པོ་དག་ནི་རྫ་མཁན་དང་བུམ་པ་དག་གི་བཞིན་དུ། ཐམས་ཅད་ཉེ་བར་བསྡུས་པས་མངོན་སུམ་དང་མི་དམིགས་པ་ལས་འབྲས་བུ ་དང་རྒྱུའི་དངོས་པོ་གྲུབ་པ་ན། སྒྲུབ་པར་བྱེད་པ་གོམས་པ་དང་བཅས་པའི་སེམས་ཀྱི་ཆོས་ལ་གསལ་བར་བླང་བར་བྱར་རུང་བས་ཁྱབ་པ་གྲུབ་པའི་ཕྱིར་རོ། །དེ་ལྟར་ནི་ཁྱབ་པའི་གཞི་འདོད་པས་གཟིར་བར་འཇུག་པ ་ལ། གཞོན་ནུ་མའི?་རྣམ་པ་ལ་གུས་པ་དང་བཅས་པར་བ་མེད་པར་དུས་རིང་པོར་གོམས་པ་དང་བཅས་པའི་སེམས་ཀྱི་ཡོན་ཏན་ལ་སྔར་གསལ་བར་སྣང་བ་མ་དམིགས་ཤིང་གོམས་པ་ཡང་དག་པར་རིག་པ་ལས་གསལ ་བར་སྣང་བ་ཡང་དག་པར་རིགས་པའོ་ཞེས་པ་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་གྱིས་གསལ་བར་སྣང་བ་དང་གོམས་པའི་ཁྱད་པར་གྱིས་སེམས་ཀྱི་རྣམ་པ་དག་འབྲས་བུ་དང་རྒྱུའི་དངོས་པོ་བསྒྲུབ་པར་བྱའོ། །དེ་ལྟ་བ ་ཐམས་ཅད་ཉེ་བར་བསྡུས་པ་དང་ལྡན་པའི་ཁྱབ་པ་གྲུབ་པ་དེའི་ཕྱིར་ན། མ་ངེས་པ་ཉིད་མེད་པ་དེའི་ཕྱིར་གཏན་ཚིགས་ཁ་ན་མ་ཐོ་བ་མེད་པའོ། །འོ་ན་སྒྲུབ་པར་བྱེད་པ་འདིས་འཕགས་པའི་བདེན་པ་བཞིའི་རྩམ་པ་རྣམས་མངོན་དུ ་བྱེད་པ་ལས་འཕགས་པའི་བདེན་པ་བཞི་མངོན་དུ་བྱེད་པ་པོ་བརྗོད་པར་འདོད་པའི་ཐམས་ཅད་མཁྱེན་པ་འགྲུབ་མོད། ཁྱད་པར་དུ་ཆོས་ཐམས་ཅད་མངོན་དུ་བྱེད་པ་ནི་མ་ཡིན་ཏེ་དེའི་ཕྱིར་དེ་འགྲུབ་པའི་ཆེད་དུ་སྒྲུབ་བར་བྱེད་པ་གཞན ་བརྗོད་པར་བྱའོ་ཞེ་ན། བརྗོད་པར་བྱ་སྟེ། གང་ཚད་མས་མི་སླུ་བར་ངེས་པའི་དོན་གྱི་ཚིགས་དེ་ནི་དོན་དེ་མངོན་དུ་བྱེད་པའི་ཤེས་པ་དངོས་སོམ་བརྒྱུད་པས་སྔོན་དུ་སོང་བ་ཡིན་ཏེ། དཔེར་ན་མེ་སྲེག་པར་བྱེད་དོ་ཞེས་པའི་ཚིག་བཞིན། ་འདུས་བྱས་ཐམས་ཅད་སྐད་ཅིག་པ་ཡིན་ནོ་ཞེས་པའི་ཚིགས་འདི་ཡང་ཚད་མས་མི་བསླུ་བར་ངེས་པའི་དོན་ཅན་ཡིན་ནོ་ཞེས་པ་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འདི་མ་གྲུབ་པ་མ་ཡིན་ཏེ། ཆོས་ཐམས་ཅད་སྐད་ཅིག་གིས་འཇིག ་པ་སྒྲུབ་པར་བྱེད་པ་ལས་ཚིག་འདི་བདེན་པའི་དོན་ཅན་ཉིད་ཀྱི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཚིག་ཙམ་པོ་ཐེ་ཚོམ་དང་ཕྱིན་ཅི་ལོག་སྔོན་མ་ཅན་ཡིན་ན ་ཡང། ཆད་མས་ངེས་པའི་དོན་ཅན་ནི། དངོས་མ་བརྒྱུད་པས། དེའི་དོན་དེ་མངོན་དུ་བྱེད་པའི་ཤེས་པ་སྔོན་མ་ཅན་དུ་མངོན་སུམ་དང། མི་དམིགས་པ་དག་གི་ཉེ་བར་དམིགས་པའི་ཕྱིར་རོ། །རྣམ་པ་གཞན་དུ་ནི་དུ་བ་ལ་སོགས ་པ་ཡང་རིགས་པ་དོར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་དང་རྒྱུ་མ་ལུས་པ་རྒྱུན་ཆད་པར་ཐལ་བར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། སྲིད་པ་དུ་མ་བརྒྱུད་པའི་མཚན་ཉིད་ཅན་རིང་པོས་འབྱུང་བྱ་བ་ཀུན་ཏུ ་རྟོག་པ་ལ་གནས་པའི་གསལ་བར་སྣང་བ་ཉིད་སྲིད་པར་འགྱུར་པ་སྲིད་པ་བརྒྱུད་འགྲུབ་པའི་ཆེད་དུ་ཚད་མ་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་སེམས་ཡིན་པ་དེ་སེམས་ཕྱི་མ་མཚམས་སྦྱོར་ཏེ། དཔེར་ན་ད་ལྟར་གྱི་སེམས་བཞིན ་འཆི་བའི་དུས་ན་འབྱུང་ཡང་སེམས་ཡིན་ནོ་ཞེས་པ་རང་བཞིན་གྱི་གཏན་ཚིགས་སོ། །དགྲ་བཅོམ་པ་ཐ་མའི་སེམས་ཀྱིས་འཁྲུལ་པ་ཡང་མ་ཡིན་ཏེ། དེ་ནི་ལུང་ཙམ་ལས་གྲགས་པ་ཉིད་ཀྱི་ཕྱིར་རམ། ཉོན་མོངས་པ་མེད་པའི ་སེམས་གཞན་སྐྱེད་པར་བྱེད་པའི་ཕྱིར་རམ། གཏན་ཚིཌ་ལ་ཉོན་མོངས་པ་ཡོད་ན་ཞེས་ཁྱད་པར་སངས་རྒྱས་པའི་ཕྱིར་རོ། དེ་ལྟར་མའང་ས་པའི་སྲིད་པ་གྲུབ་པོ། །འདིར་སྐྱེ་བ་སྔ་མའི་གོམས་པ་ལས་དཀའ་ཐུབ?་དང་སྦྱིན་བ་དང་ཀློག་པ་ལ་སོགས ་པ་ལ། སེམས་ཅན་རྣམས་ཀྱིས་གོམས་པ་ལ་འཇུག་གོ་ཞེས་རབ་ཏུ་སྨྲ་སྟེ། དེས་ན་སྒྲུབ་པའི་ཚད་མ་བརྗོད་པར་བྱ་སྟེ། གང་སེམས་ཡིན་པ་དེ་སེམས་གཞན་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་ད་ལྟར་གྱི་སེམས་བཞིན། སྐྱེ ་བའི་དུས་ན་འབྱུང་བ་ཡང་སེམས་ཡིན་ནོ་ཞེས་པ་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འོ་ན་དི་ཁོ་ན་ཉིད་མངོན་དུ་བྱས་པ་ལས་གྲོལ་བ་ཡིན་ཞིང། དེ་ཁོ་ན་ཉིད་ཀྱང་གཅིག་ཁོ་ན་མ་ཡིན་ནམ། ཇི་སྐད་དུ་གསུངས་པ། སྟོང ་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན་ཞེས་སོ། །དེས་ན་ཐམས་ཅད་མཁྱེན་པ་རྣམ་པ་གཉིས་དང། སངས་རྒྱས་པའི་དབྱེ་བ་ཡང་ཇི་ལྟར་ཡིན་ཞེ་ན། འདི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་འདི་ཐམས་ཅད་ནི་ཡང ་དག་པའི་དོན་ལ་སེམས་ཅན་རྣམས་གཞུགས་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལྟར་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་འདོད་པ་མཁའ་དང་འགོག་པ་གཉིས་དག་སྟེ། །རྟག་པ་གསུམ་གྱི་འདུས་མ་བྱས། འདུས་བྱས་ཐམས་ཅད ་སྐད་ཅིག་ག། བདག་མེད་བྱེད་པ་པོ་ཉིད་མེད། །དབང་སྐྱེས་བློ་ནི་རྣམས་མེད་ཀྱི། །རྡུལ་ཕྲན་བསགས་པ་དངོས་སུ་རིག་ཅེས་སོ། །མདོ་སྡེ་པ་རྣམས་ཀྱི་འདོད་པ་ནི། །འདི་ཀུན་ཤེས་པ་ཁོ་ན་སྟེ། སྔོ་སོགས་རྣམ་པ་སོ་སོར་སྣང། །ཕྱི་རོལ་དོན ་ནི་མ་ཡིན་ཏེ། །བེམས་པོ་རབ་གསལ་མི་རིགས་ཕྱིར། །ཇི་སྐད་དུ་གསུངས་པ། རང་རྣམ་ཅན་ཤེས་སྐྱེད་བྱེད་པ། །དབང་པོའི་སྤྱོད་ཡུལ་སྣང་རུང་མིན། །ཞེས་སོ། །རྒྱན་མཛད་པས་ཀྱང་གསུང་པ་གལ་ཏེ་སྔོན་པོ་རིག་བྱ་ན། །དེ་ནི་ཕྱི་རོལ་ཇི་ལྟར་བརྗོད།། ་གལ་ཏེ་སྔོན་པོ་རིག་བྱ་མིན། །དེ་ནི་ཕྱི་རོལ་ཇི་ལྟར་བརྗོད། །ཅེས་སོ། །འོ་ན་གལ་ཏེ་རབ་ཏུ་གསལ་བཞིན་པ་འདི་ཤེས་པ་ཁོ་ན་དེའི་ཚེ་ཕྱི་རོལ་གྱི་དོན་ཡོད་དོ་ཞེས་པ་ཅི་ལས་ཞན་ཕྱི་རོལ་ཀྱིས་དོན་ནི་ལྡོག་པ་ལས་འགྲུབ་པྲ་འགྱུར་ཏེ་གང་ཕྱིར ་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་རབ་ཏུ་གསལ་བ་མ་ཡིན་ཞིང། འདི་རང་གི་ཉེ་བར་ལེན་པ་ཙམ་ལས་ངེས་པར་སྣང་བ་ཉིད་དུ་གྱུར་ན་ཡང་རིགས་པ་མ་ཨིན་ཏེ། ཡུལ་ངེས་པ་ལ་འཇུག་པ་མི་རིགས་པའི་ཕྱིར ་འདི་རྣམས་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཐ་དད་པའི་རྒྱུ་གང་གི་སྟོབས་ཀྱིས་འགའ་ཞིག་གི་ཚེ་འབྱུང་བ་ཅུང་ཟད་ཅིག་ཡོད་དོ་ཞེས་ངེས་པར་བཅད་པར་ནུས་ལ། དེ་ཁོ་ན་ཕྱི་རོལ་གྱི་དོན་ཡིན་ནོ་ཞེས་པའོ། །ཕྱི་རོལ་གྱི་དོན་འདི་ནི། ཡན་ལག ་ཅན་དང་ཡོན་ཏན་ལ་སོགས་པའི་ཆོས་རྫས་ལ་བརྟེན་བ་ཕ་རོལ་པོས་མངོན་བར་འདོད་པ་རྣམས་དང་རྫས་རྣམ་པ་དགུ་དང། རྡུལ་ཕྲན་རྣམས་ཀྱང་མ་ཡིན་ནོ་ཞེས་པའོ། །དེ་ལ་རེ་ཞིག་ཡོན་ཏན་ལ་སོགས་པ་མ་ཡིན་ཏེ། རྫས་བཀག་པས ་དེ་རྣམས་ཀྱང་ཁེགས་པའི་ཕྱིར་དང། འཕྲོད་པ་འདུ་བ་ཅན་གྱི་རྫས་མེད་ན་འཕྲོད་པ་འདུ་བ་ཡང་མེད་དོ་ཞེས་པས་དེ་སུན་དབྱུང་བ་ལ་འདིར་གུས་པར་བྱ་བ་མ་ཡིན་ནོ། །རྫས་ཀྱང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ ་དང་དུས་དང་ཕྱོགས་དང་བདག་དང་ཡིད་ཅེས་པ་རྣམ་པ་དགུའོ། །དེ་ལ་བདག་དགག་པའི་ཆེད་དུ་འདི་ཡང་སྒྲུབ་པར་བྱེད་པ་ཡིན་ཏེ། གང་རེས་འགའ་བའ་ཨི་ཤེས་པ་ཡིན་པ་དེ་ནི་རེ་འགའ་པའི་རྒྱུ་སྔོན་མ་ཅན་ཡིན། །དཔེར་ན། ལེགས་པར་དུལ ་པ་ཅན་གྱི་ཤེས་པ་བཞིན། ང་རྒྱལ་ཀྱི་ཤེས་པ་ཡང་ངེས་འགའ་བ་ཡིན་ནོ། ཞེས་པ་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འདི་མ་གྲུབ་པ་མ་ཡིན་ཏེ། ཆོས་ཅན་ང་རྒྱལ་ལ་ཤེས་པ་ཉིད་མངོན་སུམ་གྱི་གྲུབ་པ་ཉིད་ཕྱིར་རོ། །ངེས་འགའ་བ་ཉིད ་ཀྱི་ཁྱབ་པར་མ་གྲུབ་པ་ཡང་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེའོ་ཞེས་པའི་ཤེས་པ་མེད་པའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་ཕྱོགས་མཐར་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། དུ་བ་དང་མེ་དག་བཞིན་དུ་ངེས་འགའ་ཨི་ཤེས་པ་དང ་རེས་འགའ་ཨི་རྒྱུ་ཅན་དག་གིས་མངོན་སུམ་དང་མི་དམིགས་པ་དག་གིས་ཁྱབ་པ་གྲུབ་པའི་ཕྱིར་རོ། །རེས་འགའ་བའ་ཨི་ཤེས་པ་ཡང་རེས་འགའ་བ་མ་ཡིན་པའི་རྒྱས་བསྐྱེད་ན་རེ་འགའ་བའ་ཨི་རྒྱུ་ལ་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་? ་ངེས་བ་མེད་པའི་རྒྱུ་ཅན་རྣམས་ལ་ཡང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར། །དེ་བཞིན་དུ་འདི་མ་ངེས་པ་ཉིད་ན་རབ་ཏུ་གྲགས་པའི་དུ་བ་ལ་སོགས་པའི་གཏན་ཚིགས་ཀྱང་མ་ངེས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ངར? ་བྱེད་པ་ནི་རེས་འགའ་བ་མ་ཡིན་པའི་རྒྱུ་སྔོན་མ་ཅན་ཉིད་ཡིན་ན། རྟག་པ་ཁོ་ནས་འབྱུང་བར་ཐལ་བར་འགྱུར་རོ། །རྒྱུ་ནི་བྱེད་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ན། །བྱེད་པ་མ་ཡིན་པ་ཡང་ཉེ་བར་བཏགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བྱེད་པ་དང་བྱེད ་པ་མ་ཡིན་པ་དག་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཡོད་ན་ཡང་བྱེད་པ་ཡང་མི་བྱེད་པ་ཡིན་པ་འོངས་ཏེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གཞན་ཡང་བར་བྱེད་པ་ནི་རེས་འགའ་བ་མ་ཡིན་པའི་རྒྱུ་ལས་སྐྱེ་བ་ན་ཅིག་ཅར་ཁོ་ནར་འབྱུང་བར་ཐལ་བར་འགྱུར་ཏེ། ཚོགས ་བ་མཚར་བ་མེད་བ་ཉིད་ཀྱི་ཕྱིར་རོ། །འོ་ན་དར་བྱེད་པའི་དམིགས་པ་བདག་ཡིན་གྱི་རྒྱུ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་དམིགས་པ་ཉིད་དུ་མི་རིགས་པའི་ཕྱིར་དང། ཧ་ཅང་ཐལ་བར་འགྱུར་རོ་ཞེས་སོ། ཅི་སྟེ་ནམ་མཁའ་ཞེས་བྱ་བ་དངོས་པོར ་གྱུར་པ་ཅུང་ཟད་ཡོད་དམ་ཅེ་ན། འདི་ནི་མེད་པ་ཁོ་ན་སྟེ། གང་གི་ཕྱིར་གང་དུ་ཐོགས་པ་དང་བཅས་པའི་རྫས་ཡོད་པ་དེར་ནམ་མཁའ་གོ་སྐབས་སྟེར་བ་མ་ཡིན་ཞིང། གང་དུ་མེད་པ་དང་ནི་དེ་མེད་པ་ཉིད་ཀྱི་ཕྱིར་གོ་སྐབས་གྲུབ་པོའོ་ཞེས་བས་ནམ་མཁའ་ཅི ་ཞིག་ལ་གོ་སྐབས་སྦྱིན་པར་བྱེད། དེའི་ཕྱིར་འདི་ཡོད་ན་ཐམས་ཅད་ཀྱི་ཆེ་རྣམ་པ་ཐམས་ཅད་ལ་གོ་སྐབས་སུ་འགྱུར་ཏེ། དེ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ནམ་མཁའ་ཡོད་པ་མ་ཡིན་པ་ཁོ་ནའོ་ཞེས་ཁོ་བོ་ཅག་གིས་རྟོགས་སོ། །འདི་ཡང་བྱེ་བྲག་འཇུག་སྨྲ་བའི ་འདོད་པ་ལ་བལྟོས་ནས་སུན་དབྱུང་བ་བཤད་པའོ། །ཕ་རོལ་པོ་རྣམས་ཀྱིས་ནི་ནམ་མཁའ་སྒྲའི་ཡོན་ཏན་ཅན་དུ་འདོད་དོ། །དེ་ཡང་གཅིག་ཡིན་པའོ་ཞེས་པས་ན་ཡུལ་མཚུངས་པ་ཅན་ཉིད་ཀྱི་ཕྱིར་སྒྲ་ཐམས་ཅད་རྣམ་པ་བ་དད་པ་ཅན་དུ་ཐེག་པར་མི ་འགྱུར་རོ། །དེས་ན་ཤིན་ཏུ་ཉེ་བའི་ཡུལ་བཞིན་དུ་ཡུན་རིང་པོར་མངོན་པར་འདོད་པའི་སྒྲ་ཡང་ཐོས་པར་འགྱུར་རོ་ཡང་ན་གཞན་ཡང་མ་ཡིན་ནོ། །ཞེས་པས་མཛའ་གཅིག་པ་ཡིན་ནོ། །ཕྱོགས་དང་དུས་དག་གི་ཡང་གཅིག་ཉིད་ཀྱི་ཕྱིར་རོ་ཤར་དང་ནུབ་ལ་སོགས་བ ་རྟོགས་པ་མི་འཐད་དོ། །འདི་ནི་ཡིད་རྟག་པ་ཡང་མི་སྲིད་པ་ཁོ་ནའོ། །དེ་ལྟར་ནི་ཅིག་ཅར་ཤེས་པ་ན་མ་སྐྱེ་པས་དེ་སྨྲ་བ་རྣམས་ཀྱིས་ཡིད་རྗེས་སུ་དཔོག་པར་བྱེད་ཅིང། གང་ལ་ལྟ་བ་ལ་སོགས་པ་ལ་ཅིག་ཅར་ཤེས་པ་མང་པོ་རྣམས་ཉམས་སུ་མྱོང་བ་ཁོ་ནའོ ་གལ་ཏེ་ཡང་ཡིད་འགྱུར་ན་དེའི་ཚེ་ཤེས་པ་འདི་རྣམས་མི་རུང་སྟེ། དེའི་ཕྱིར་ཡིད་ཀྱང་མེད་པ་ཁོ་ནའོ། །ས་ལ་སོགས་པ་རྣམས་ལྷག་མར་ལུས་ལ། དེ་རྣམས་ཀྱང་ཡན་ལག་དང་རྡུལ་ཕྲ་རབ་ཀྱི་བྱེ་བྲག་གི་རྣམ་པ་གཉིས་སུ་འདོད་དོ། ། ་དེ་ལ་གང་ཡན་ལག་ཅན་བུམ་པ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་རྡུལ་གསལ་སོགས་པའི་?་པས་བརྩམས་པར་རབ་ཏུ་གྲགས་བ་དེ་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པ་ནི་གནོད་པར་བྱེད་པའོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ཡན་ལག ་ཅན་མེད་ན་འདི་གཅིག་ཉིད་དུ་སྣང་བ་ཇི་ལྟར་ཡིན་ཞེ་ན། ཐ་དད་པ་ཐག་ཉེ་བར་གནས་པ་རྣམས་ཀྱི་ཁོ་ན་དེ་ལྟ་ད་ལྟར་སྣང་སྟེ། དེ་དབང་ལྡན་པ་འགའ་ཞིག་ཁོ་ན་སླར་ཡང་དབྱེ་བ་མེད་པར་རྟོགས་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འོ་ན་ཐ་དད་པར་སྣང་བ ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། ཐ་དད་ཕྱོགས་དང་ཡུལ་ལ་ཁྱབ་པར་རྡུལ་ཕྲ་རབ་བསགས་པ་སོ་སོར་སྣང་བ་ཁོ་ནའོ། །གལ་ཏེ་དེ་ལྟ་ན་སོ་སོར་སྣང་བའི་ཆོས་ཇི་ལྟར་རགས་པ་ཡིན། ཞེས་ཆོས་མཆོག་གིས་ཞབས་ཀྱིས་གསུངས་སོ། །དེ་ལ་ཡང་དོན་ནི་འདི ་ཁོ་ནའོ། །དོན་རང་གི་ངོ་བོར་མྱོང་བ་ནི་མེད། དོན་མྱོང་བ་ནི་བཏོགས་པར་འགྱུར་ཞེས་པའི་ཚིགས་སོ། །དེའི་ཕྱིར་གང་འདི་སྔོན་པོ་ལ་སོགས་པ་སོ་སོར་སྣང་བ་ཡུལ་ཐ་དད་པ་ལ་ཁྱབ་པ་ཉིད་དུ་ཉམས་སུ་མྱོང་བ་འདི་ཁོ་ན་རགས་པའི་སྣང་བའོ།། །ཞེས་པ་སྐྱོན ་མེད་དོ། །གང་ཡང་བྱེ་བྲག་པ་རྣམས་ཀྱིས་དེ་རྩོམ་པར་བྱེད་པ་རྡུལ་ཕྲ་རབ་དེ་རྣམས་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟ་བ་ལ་དངོས་སུ་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ཞིང། མདོ་སྡེ་བ་རྣམས་ཀྱི་ལུགས་ལ་རང་གི་རྣམ་པ་གཏོད་པར་འཇུག་པ་རྣམས ་ཏེ། དེ་རྣམས་ཀྱང་རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱི་ལྟ་བ་ལ་སྲིད་པ་མ་ཡིན་ནོ། །ངེས་པར་དབུས་ན་གནས་པའི་རྡུལ་ཕྲ་རབ་གཅིག་གྲུབ་པ་མ་ཡིན་ཏེ། དེའི་འོག་དང་སྟེང་དང་ཕྱོགས་བཞི་རྣམས་ན་རྡུལ་ཕྲ་རབ་གནས་པའི་ངེས་པས་ཆ་ཤས་དྲུག ་པ་ཉིད་དུ་འགྱུར་བའི་ཕྱིར་རོ་གང་འདིའི་རང་བཞིན་ཤར་ཀྱི་རྡུལ་ཕྲ་རབ་ལ་ཉེ་བ་དེ་ཁོ་ན་ནུབ་ཀྱི་ཕྲ་རབ་ལ་ཉེ་བར་འཐད་པ་ནི་མ་ཡིན་ཏེ། དེ་དག་ཡུལ་གཅིག་པ་ཉིད་འཐོབ་པའི་ཕྱིར་རོ། །དེ་ལྟར་ནི་རྡུལ་ཕྲ་རབ་ཤར་མ་དང་ཉེ་བའི་རང་བཞིན་དེ་རྡུལ་ཕྲ་རབ་ནུབ་མ་རྟོགས ་བས་གལ་ཏེ་འགྱུར་ན་ད་ཡང་དེར་འགྱུར་རོ། །ཉེ་བ་ཡོད་པ་མ་ཡིན་ན་ཡང་མངོན་དུ་ཕྱོགས་པ་ཙམ་ལ་ཡང་འཇུག་པའི་མཛའ་འདི་ཁོ་ན་སྟེ། དེ་ལས་ཀྱང་གོང་བུ་རྡུལ་ཕྲ་རབ་ཙམ་ཉིད་དུ་ཐལ་བར་འགྱུར་རོ་།ཡང་ན་རྣམ་པར་དཔྱད་པ་འདི་ཡིན་ཏེ་གང་འདི་སོ་སོར ་སྣང་བཞིན?་པ་འདི་རེ་ཞིག་གཅིག་ཏུ་རིགས་པ་མ་ཡིན་ཏེ། དེ་མ་ཐག་ཏུ་བརྗོད་པའི་རྣམ་པར་དཔྱད་པའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་ཆ་ཤས་ལ་རྡུལ་ཕྲ་རབ་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ནི་གལ་ཏེ་འདི་ཆ་ཤས་དང་བཅས་པ་ཡིན་ན་ཇི ་ལྟར་རྡུལ་ཕྲ་རབ་ཡིན། ཅི་སྟེ་ཆ་ཤས་མེད་པ་ཡིན་ན་དེ་ལ་སྦྱར་བའི་རྡུལ་ཕྲ་རབ་རྣམས་ཀྱང་བདག་ཉིད་ཐམས་ཅད་ཀྱིས་འབྱར་བའི་ཕྱིར་ཕན་ཚུན་ཡུལ་ཐ་མི་དད་པར་འགྱུར་རོ་ཞེས་པ་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་རོ། །རི་བོ་ཡང་སྟེ། ས ་གཞི་ཡང་ངོ་ཞེས་པའོ། །དེའི་ཕྱིར་གདོན་མི་ཟ་བ་དག་གི་རང་བཞིན་ཐ་དད་པར་ཁས་བླངས་པར་བྱའོ། །ཇི་ལྟར་འདི་དག་གི་ཡིན་པ་དེ་ལྟར་འོག་དང་སྟེང་དང་ལྷོ་དང་བྱང་གི་རྡུལ་ཕྲ་རབ་དང་ཉེ་བ་རྣམས་ཀྱི་ཡང་ཐ་དད་པའོ་ཞེས་པས་རྡུལ་ཕྲ་རབ་ཆ ་ཤས་དྲུག་པ་ཉིད་རིགས་པའི་སྟོབས་ལས་འོངས་པའོ། །གང་གསུངས་པ། དྲག་གིས་ཅིག་ཅར་སྦྱར་བའི་ཕྱིར། །ཕྲ་རབ་རྡུལ་ཆ་དྲུག་ཉིད་འགྱུར། །དྲུག་པོ་རྣམས་ནི་ཡུལ་གཅིག་ཕྱིར། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། ཞེས་སོ། །གཅིག་མ་གྲུབ་པ་ན་དུ་མ་ཡང ་མ་གྲུབ་པ། །ཞེས་པས་རྡུལ་ཕྲ་རབ་རྣམས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་སྣང་བ་འདི་ཅིའི་ཡུལ་ཅན་ཡིན་ཞེ་ན། སྣང་བ་འདི་ནི་དེས་བར་ཐོག་མ་མེད་པའི་ཇི་བཞིན་མ་ཡིན་པའི་དང་ཆགས་ལས་འཇུག་བཞིན་པ་དམིགས་པ་མེད ་བ་ཁོ་ནར་མཚོན་པར་བྱ་སྟེ། དེ་ལྟར་ན་ནི་ཡུལ་ཡོད་ན་དམིགས་པ་དང་བཅས་པ་ཉིད་དུ་འགྱུར་ཞིང། ངེས་ཀྱང་ཡན་ལག་ཅན་ནམ་རྡུལ་ཕྲ་རབ་བསགས་པར་འབྱུང་བར་བྱ་བ་ཡིན་ན། དེ་དང་འདི་གཉིས་ཀ་དག་ཀྱང་དེ་མ་ཐག་ཏུ ་བཤད་བའི་གནོད་པར་བྱེད་པའི་ཚད་མས་བསལ་བའི་རྩོད་པ་ནི་ནམ་མཁའ་ཨི་པདྨ་ལས་མི་འདའ་ཨོ། །ཇི་སྐད་དུ་གསུངས་པ། སྣང་བ་དམིགས་པ་མེད་པ་སྟེ། རྨི་ལམ་ཉམས་སུ་མྱོང་བ་འདྲ། ཞེས་སོ། །རྨི་ལམ་གྱིས་དམིགས་པ་མེད་པ་ཁོ་ནར་རིག་ཅང ་རྨི་ལམ་དང་སད་པའི་ཉམས་སུ་མྱོང་བདག་ལ་དབྱེ་བ་ཅུང་ཟད་ཀྱང་ཡོད་པ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་ཆོས་མཐུན་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དམིགས་པ་མེད་པ་ལ་ངོ་བོའི་ཁྱད་པར་ཐོབ་བ་མེད་པའི་རྣམ་པར་ཤེས་པ་ནི་དམིགས ་པ་དང་འབྲེལ་བ་ཉམས་སུ་མྱོང་བར་ནུས་པ་ཡང་མ་ཡིན་ཏེ། གང་དམིགས་པ་མེད་པ་ལས་ཁྱད་པར་མེད་པ་དེ་ནི་དམིགས་པ་མེད་པ་ཅན་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྐྲ་ཤད་མཐེང?་བ་གཅིག་ལས་ནམ་མཁའ་ལ་སྐྲ་ཤད་མཐོང་བ་གཉིས་པ ་བཞིན།། རྩོད་པའི་གཞིར་གྱུར་པའི་སང་པའི་དམིགས་པ་ཡང་དམིགས་བ་མེད་པའི་རྨི་ལམ་གྱིས་ཤེས་པ་ལས་ཁྱད་པར་མེད་དོ། །ཞེས་རང་གི་གཏན་ཚིགས་སོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་འོ་ན་ཅི་ཡོད་ཅེ་ན། གཟུང་བ་དང་འཛིན ་པ་ལ་སོགས་པའི་རྙོག་པ་དང་བྲལ་བའི་སྤྲོས་བ་མེད་པའི་རྣམ་པར་ཤེས་ཐ་ཙམ་དོན་དམ་པར་ཡོད་དོ། །ཇི་སྐད་དུ་གསུངས་པ། གཟུང་བ་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་སོ། །ཡང་གསུངས ་པ། ཟློ་ཡི་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་པ་བྲལ་བའི་ཕྱིར། །དེ་ཉིད་རང་ཉིད་རབ་ཏུ་གསལ། །ཞེས་སོ་?་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར ་ཕྱི་རོལ་དོན་ནི་ཡང་མ་ཡིན། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་ཏུ་སྣང་བ་རབ་ཏུ་འབྱུང། ཞེས་སོ། །དེ་ལ་འགའ་ཞིག་སྨྲ་སྟེ། ལུས་དང་ཡུལ་ཐམས་ཅད་ཀྱི་དངོས་པོར་རབ་ཏུ་གྲགས་པ་འདི་ནི་རྣམ་པར་ཤེས་པ་ཁོ་ན་ཡིན་ཞིང། དེ་ཡང ་རང་རིག་བའོ་ཞེས་བས་ཅི་ཞིག་གི་ཡང་གཟུང་བའམ་འཛིན་པ་མ་ཡིན་ནོ། །རྟགས་པས་ནི་གཟུང་བ་དང་འཛིན་པའི་དངོས་པོ་སྒྲོ་འདོགས་པར་བྱེད་དོ། །དེའི་ཕྱིར་ཀུན་ཏུ་བརྟགས་པའི་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བའི ་རྣམ་པར་ཤེས་པ་ནི་བདེན་པའོ། ཞེས་སོ། །གཞན་རྣམས་ནི་རྣམ་པའི་རྙོག་པའི་མཚན་མ་མཛའ་དག་དང་བྲལ་བ་ཤེལ་དག་བལྟ་བུ་།སྟོན་ཁ་དྲི་མ་མེད་པའི་ཉིན་ཕྱེད་ཀྱི་ནམ་མཁའ་ལྟ་བུ་དངོས་པོ་བའི་རྣམ་པར་ཤེས་པའོ་ཞེས་སེམས་པར་བྱེད་དེ། ་རྣམ་པ་འདི་རྣམས་ནི་དེ་བཞིན་མ་ཡིན་པ་ཁོ་ནར་མ་རིག་བས་བསྟན་པ་རབ་ཏུ་གསལ་བ་སྟེ། དེའི་ཕྱིར་གཟུང་བ་ཞེས་བྱ་བ་ཡོད་པ་མ་ཡིན་པ་ཁོ་ནའོ། །རྣམ་པ་ཐམས་ཅད་དུ་དེ་མེད་པའི་ཕྱིར་དེ་ལ་བལྟོས་པས་གང་རྣམ་པར་ཤེས་པའི ་འཛིན་པ་པོ་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། །དབུ་མ་པ་རྣམས་ཀྱི་ལྟ་བ་ལ་ནི་དེ་ཤིས་པ་དེ་ཡང་དོན་དམ་པར་ཡོད་པ་མ་ཡིན་ཏེ། རྣམ་པར་དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་རིགས་པ་ནི་དོན་དམ་པའོ། །ཞེས་འཇིག་རྟེན་ན་བརྗོད ་ཅིག། འདི་ལ་རྣམ་པར་དཔྱད་པ་ན་རང་བཞིན་འགའ་ཞིག་འཐད་པ་ཡང་མ་ཡིན་ཏེ། གཅིག་པ་འམ་དུ་མ་རྣམ་པར་དཔྱད་པ་སྔར་བརྗོད་པའི་ཕྱིར་རོ། ཇི་སྐད་དུ་གསུངས་པ། རྣམ་པར་ཤེས་པ་དོན་དམ་པ། །དེ་ཡང་མཁས་རྣམས་མི་འདོད་དེ། གཅིག ་དང་དུ་མའི་རང་བཞིན་དང། །དྲལ་ཕྱིར་ནམ་མཁའ་ཨི་ཆུ་སྐྱེས་བཞིན། །ཞེས་སོ། །གྲགས་པའི་ཞབས་ཀྱིས་ཀྱང་གསུངས་པ། །གང་ཞིག?་དངོས་པོ་རྣམ་དབྱེད་ན། །དེ་ཉིད་དུ་ནི་དེ་དངོས་མེད། །གང་གི་ཕྱིར་ན་དེ་རྣམས་ན། །གཅིག་དང་དུ་མའི་རང་བཞིན ་མེད། །ཅེས་སོ། །དེ་བཞིན་དུ་རྒྱན་མཛད་པས་ཀྱང་གསུངས་པ། གང་ཚེ་འདི་ནི་རྣམ་རྟོག་པ་དང། །གཞན་གྱི་?་ཚད་མ་ཉིད་མེད་པ་།དེ་ཚེ་བཞིག་པར་གྱུར་པ་ན་འང། །ཀུན་ལ་དགག་པར་བྱ་བ་ཅི། །ས་དང་རྨི་ལམ་སོགས་དབྱེ་བའང། ་དམ་པའི་དོན་དུ་ཡོད་མིན་ཉིད། །ཀུན་ལ་མཉམ་པར་མཐོང་རྣམས་ལ། །དབྱེ་བ་སྣང་བ་མིན་པེ་ཉིད་ཅེས་སོ། །སྦྱོར་བ་ནི་འདི་ལྟར་བྱ་སྟེ། །གང་ཅིག་དང་དུ་མའི་རང་བཞིན་དུ་འགྱུར་བ་མ་ཡིན་པ་དེ་ནི་དོན་དམ་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ཨི་པདྨ ་བཞིན། །རྣམ་པར་ཤེས་པ་ཡང་གཅིག་དང་དུ་མའི་རང་བཞིན་མེད་པ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པའོ། །རེ་ཞིག་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། རྣམ་པ་དང་བཅས་པའི་ཤེས་པ་ལ་ཕྱི་རོལ་གྱི་དོན་བཞིན་དུ ་གཅིག་དང་དུ་མའི་རང་བཞིན་མི་རུང་བ་ཡོངས་སུ་བསལ་བ་ཉིད་ཀྱི་ཕྱིར་རོ། །གང་ལ་འཇིག་རྟེན་ལས་ཕྱི་རོལ་གྱི་དོན་དུ་ཐ་སྙད་ཡིན་བེ་དེ་ཁོ་ན། །རྣམ་པ་དང་བཅས་པར་སྨྲ་བས་ཤེས་པས་ཏེ། དེའི་ཕྱིར་དེ་ཕྱིར་རོལ་ཏུ་ཡོད་པ་ལ་གནོད་པར་བྱེད་པ ་གང་ཡིན་པ་དེ་ཁོ་ན་ནང་དུ་ཡོད་པ་ལ་ཡང་གནོད་པར་བྱེད་པའོ། །གང་གི་ཕྱིར་རགས་པ་གཅིག་གམ་རྡུལ་ཕྲ་རབ་ཏུ་མའི་ངོ་བོ་ཡང་འཐད་པ་མ་ཡིན་ཞིང། རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་རྣམ་པ་འདི་ཡང་གལ་ཏེ ་རགས་པ་གཅིག་གམ་གལ་ཏེ་རྡུལ་ཕྲ་རབ་ཏུ་ཐ་དད་པ་དུ་མ་ཡིན་ན། དབུ་མ་རྒྱན་དུ་བདག་ཉིད་ཚེད་པོ་བོ་དྷི་སཏྭ་ཡིས། །ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན་དེ་ཚེ་རྡུལ་ཕྲན་འདྲར་གྱུར་པའི། །དཔྱད ་པ་འདི་ལས་བཟློག་པར་དཀའ་། །ཞེས་གསུངས་སོ། །རྣམ་པ་གཉིས་ཀ་ལྟར་ན་ཡང་ཕྱི་རོལ་གྱི་ཕྱོགས་ལ་འབྱུང་བའི་དུས་ན་འབྱིན་པ་གནོད་པ་མི་ནུས་སོ། །གང་གི་ཕྱིར་གང་གིས་དེ་ཡོད་ན་ཡོད་པར་འགྱུར་བ་རྣམ་པར་ཤེས་པ་དེ་ཕྱི་རོལ་གྱི ་དངོས་པོའི་རྒྱུ་མཚན་སུན་འབྱིན་པ་ཅན་མ་ཡིན་ཏེ། གཟུགས་ཅན་གྱི་རྒྱུ་མཚན་ཅན་གྱི་གནོད་པར་བྱེད་བ་ནི་གཟུགས་ཅན་མ་ཡིན་པ་རྣམས་པར་ཤེས་པའི་བདག་ཉིད་མ་ཡིན་ནོ། ཞེས་པ་ཡང་སྙིང་པོ་མེད་པ་སྟེ། རྣམ་པར་དང་བཅས་པ་ཉིད ་ལ་རྣམ་པར་ཤེས་པ་ཡང་གཟུགས་ཅན་ཉིད་ཀྱི་ཕྱིར་ཏེ། ཡུལ་ལ་རྣམ་པར་རྒྱས་པ་དང་ལྡན་པའི་རྣམ་པ་འདི་ཁོ་ན་ནི་གཟུགས་ཅན་ནོ་ཞེས་པའོ།། །།ཛ་གཏྟ་ལའི་གཙུག་ཁང་ཆེན་པོའི་མཁས་པ་ཆེན་པོ་དགེ་སློང་ཐར་བའི་འབྱུང ་གནས་ཀྱིས?་སྦས་པས་སྦྱར་བའི་རྟོག་གེའི་སྐད་དུ། གཞན་གྱི་རྗེས་སུ་དཔག་པ་ཡོངས་སུ་བཅད་པ་རྫོགས་སོ།། །།རྟོག་གེའི་སྦད?་འདི་བྱས་ནས་ནི། །བདག་གིས་བསོད་ནམས་གང་བསགས་པ། །སངས་རྒྱས་ཉིད་དུ་ལྷག་བགྲོད་ཤོག། ་རྟོག་གེའི་སྐད་རྫོགས་སོ།། །།ཚུལ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ནང་དང་ཕྱིའི་གཞུང་ལུག་དུ་མ་རྣམས་ལ་བློའི་སྣང་བ་ཆེར་རྒྱས་བ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དབང་དགེ་སློང་དཔལ་ལྡན་བློ ་གྲོལ་བརྟན་པས་པཎྜི་ཏ་ལ་མ་བལྟོས་པར་རང་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག། །།*། །རྒྱ་གར་སྐད་དུ། ཀཨཱརྱ་ཀ་ར་ཎ་བྷ་བ་སིདྡྷི། བོད ་