| Wylie | e-texts based on the ACIP/ALL Input |
མོ་ཙཱ་བ་དེག་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་བབ་པའོ།། །།ཆོས་དང་ཆོས་ཅན་གཏན་ལ་དཔག?་།རྒྱ་གར་སྐད་དུ། དྷརྨ་དྷརྨ་བི་ནི་ཤཙ་ཡ། བོད་སྐད་དུ། ཆོས་དང་ཆོས ་ཅན་གཏན་ལ་དབབ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྡོམ་ལ། ངོ་བོ་དང་ནི་རྣམ་གྲངས་དང། །དེ་ཡི་རྒྱས་པར་དབྱེ་བ་དང། །བྱེ་བྲག་རྣམ་གཞག་ངེས་པའི་ཚིག། རྣམ་པ་ལྔ་ཡིས་ཤེས་པར ་བྱ། །དེ་ལ་ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོ་ནི་དོན་རྣམས་ཀྱི་ཁྱད་པར་དང་ཁྱད་པར་གྱི་གཞི་སྟེ། དེ་ཡང་སྤྱིར་ནི་འདོད་རྒྱལ་གྱི་སྒྲ་དང། ཤེས་པ་དང་དོན་སྟོན་པ་དང། འཇམ་པའི་སྒྲ་དང། ཤེས་པའི་ཡུལ་ཁོ།། ་དོན་སྟོན་པ་དེ་ཡང་དོན་ཙམ་སྟོན་བའི་སྒྲ་དང། དོན་ཀྱི་ཁྱད་པར་སྟོན་པའི་སྒྲའི་ཚུལ་གཉིས་ལས་སྒྲ་གཉིས་བའི་བརྗོད་བྱའོ། །དེ་ལ་དོན?་ཙམ་སྟོན་པ་ནི་གཟུགས་ལ་བདག་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་བ་ལ་མི་རྟག ་པའི་ཕྱིར་རོ། ཞེས་བདག་མེད་པར་བསྟན་པ་ནི་གཏན་ཚིགས་མི་རྟག་པའི་དོན་ཙམ་འམ། དངོས་པོ་ཙམ་ལ་ཐེ་ཚོམ་ཟ་བ་པ་མི་རྟག་པ་ནི་གློ་བུར་བའོ། །རིང་དུ་མི་གནས་པའོ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་ཙམ་གྱི་བསྟན་པ་སྟེ། ཐབས ་གཞན་མེད་པའི་ཕྱིར་རོ། །དེར་ངེས་པར་གཟུང་བར་སྦྱར་ཡང་དངོས་པོའི་རྐྱེན་ཞེས་ཏེ་དོན་མེད་པ་ཉིད་ཡིན་ནོ། །ཆོས་དང་ཆོས་ཅན་དེ་ནི་ཚིག་གི་མཛའ་བཞི་ཆར་ལ་བརྟེན་པ་སྟེ། ལུང་བསྒོ་བ་ལ་སོགས་པ་ལ་ཡང་སྐྱེས་བུ་ལ་བསྒོབ་ལ ་སོགས་པ་གཙོར་སྦྱར་ཡང་ཆོས་དང་ཆོས་ཅན་ལས་མི་འདའ་ཨོ། །དེ་ལ་མིང་གི་རྣམ་གྲངས་ནི་ཁྱད་པར་དང་ཁྱད་པར་གྱི་བཞི་ལ་སོགས་པའོ། །དེ་ལ་ཕྱེ་བ་ནི་ཀུན་རྟཌ་པའི་ཆོས་དང། ཡོངས་སུ་གྲུབ་པའི་ཆོས་ལ་ཡོངས་སུ་གྲུབ་པའི་ཆོས་དཔྱད་པར་བྱ་སྟེ། དེ ་ཡང་ཆོས་ཉིད་དང། རྣམ་པར་གཞག་པ་དང། གནས་སྐབས་ཀྱི་དབྱེ་བས་རྣམ་པར་གསུམ་དུ་སྦྱར་བར་བྱའོ། །དེ་ལ་ཆོས་ཉིད་ཀྱི་ཆོས་དང། ཆོས་ཅན་དོན་གཞན་ལ་།མི་བལྟོས་པས་མེའི་རང་བཞིན་དུ་ཆོས་ཉིད་ཀྱི་གྲུབ་པ་སྟེ་དེ ་ཡང་ཆོས་ཉིད་དང། མཚན་ཉིད་པའི་དབྱེ་བས་གཉིས་སུ་གཟུང་ངོ། །དེ་ལ་དེ་ཉིད་པ་ནི་བུམ་པ་ལ་སོགས་པ་དང། མི་རྟག་པ་དང། སྣམ་བུ་མ་ཡིན་པ་ལ་སོགས་དོན་གང་ལ་ཇི་ལྟར་གྲགས་པ་ཉིད་ཡིན་པར་བསྒྲུབ་པ་རང་གི་སྒྲས་བསྟན ་པ་སྟེ། དངོས་པོ་དང་མཚན་ཉིད་གྱི་སེལ་པ་སྟོན་པ་བུམ་པ་ནི་བུམ་པ་ཉིད་དོ། །མི་རྟག་པ་ནི་མི་རྟག་པ་ཉིད་དོ། །སྣམ་བུ་མ་ཡིན་པ་ཉིད་ནི་སྣམ་བུ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་བུམ་པ་ནི་ཞེས་བྱ་བའི ་ཆོས་ཅན་གྱི་སྒྲ་ནི་དགར་བ་དང་རྣམ་པ་གཅོད་པའི་མཚམས་སྦྱོར་བའི་རྐྱེན་ཅན་གྱིས་ནི་ཁྱད་པར་གཞན་མི་སྤོང་བ་ཡིན་ལ། བུམ་པ་ཉིད་དོ་ཞེས་བྱ་བའི་ཆོས་ཅན་གྱི་སྒྲ་བཀར་བ་དང་རྣམ་པར་གཅོད་པ་ཡིན་གྱི་རྐྱེན་ཅན་ཡིན་པས་ཁྱད་པར ་གཞན་སྤངས་པ་སྟེ། ཡིན་བྱེད་ཅེས་བྱ་བ་ཡང་དོན་དེ་ཉིད་ཡིན་པར་སྟོན་པ་སྟེ། ངེས་ན་བུམ་པ་བུམ་པ་ཉིད་ཡིན་པར་བསྟན་པས་དངོས་པོའི་ཁྱད་པར་གཞན་སྣམ་བུ་ལ་སོགས་པ་རིགས་མཐུན་པ་ཡིས ་ནི་བཀར། མཚན་ཉིད་ཀྱི་ཁྱད་པར་གཞན་བུམ་པ་མ་ཡིན་པ་རྣམ་པར་བཅད་དེ་སྤངས་པ་ཡིན་ནོ། །དེ་ནི་དངོས་པོ་དང་མཚན་ཉིད་གཞན་དང་མ་འདྲེས་པ་བསལ་པ་བྱས་པ་ཡིན་ནོ། །དེ་ཡང་ལུང་བསྟན་པ་ཉེ་བར་བསྟན ་པའི་མཛའ་ཅན་ནོ། །ཆོས་ཉིད་མཚན་ཉིད་པ་ནི་སྒྲ་གཞན་གྱིས་དོན་གྱི་ཁྱད་པར་ཇི་ལྟར་གྲགས་པ་དེ་ལས་གཞན་པ་བསྟན་པ་སྟེ། བུམ་པ་མི་རྟག་པ་དང། བྱས་པ་དང། །བདག་མེད་པ་ལ་སོགས་པ་བསྟན་པའི ་ཡུལ་ལོ། །སྣམ་བུ་མ་ཡིན་པ་དང། རྟག་པ་མ་ཡིན་པ་ལ་སོགས་པ་ཡང་སྦྱོར་ཏེ། དེ་ཡང་དགག་བྱ་ལ་བལྟོས་པས་དམ་པར་གཞག་པའི་ཆོས་ཡིན་གྱི་གཞན་ཉིད་ཀྱི་ཆོས་ནི་མ་ཡིན་ནོ། །དེས་ན་མི་རྟག་པ། ་སོགས་པ་ཡང་མཚོན་ཉིད་ཙམ་དུ་གྲུབ་ཀྱི་ཡུམ་པ་ནི་འབྲུ་ཡོད་ཅེས་བྱ་བ་ལ་སོཌ་པ་ལྟར?་སྒྲུབ་བར་བྱ་བ་ལ་བལྟོས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་མཚན་ཉིད་པ་ཞེས་བྱ་ཞེ་ན། སྤྱི་དང་རང་གི་མཚན་ཉིད་དུས་དངོས་པོས་དེ་མཚོན་པར་བྱེད་པའི་མཚན ་ཉིད་ཀྱིས་བཞག་པའི་ཕྱིར་རོ། །མཚོན་ཉིད་དེ་ཡང་བལྟོས་པའི་བྱེ་བྲག་གི་ཁྱད་པར་གཅིག་ཀྱང་གཉི་གའི་བདག་ཉིད་ཡིན་ནོ། །ཆོས་ཉིད་མཚན་ཉིད་པ་ལ་སོགས་པ་འོག་ནས་འབྱུང་བའི་སྒྲ་རྣམས་ལ་ངེས་པར ་གཟུང་པའི་རྐྱེན་རྣམ་པར་གཞག་པ་ནི་གསལ་བའི་བྱེ་བྲག་གིས་ཏེ། ཉན་པ་དོན་བུམ་པ་ལ་སོགས་པའི་དོན་ལ་རྟག་པ་ཙམ་དུ་གྲུབ་ཀྱང་རྟག་པའི་ལྷག?་མ་ལུས་པར་དོགས་པ་ལ་ཆོས་ཅན་ལ་ངེས་པར་གཟུང་བར་བྱས་པས་ཆོས་པས ་དང་དང་མི་ལྡན་པ་དང། ཆོས་གཞན་དང་ལྡན་པ་རྣམ་པར་གཅད་པ་བྱས་པ་ཡིན་ནོ། །གང་གི་ཚེ་བུམ་པ་ལ་ལྟོ་ཡངས་པ་མགྲིན་པ་ཞུམ་པ་ཙམ་དུ་གྲུབ་ཀྱང་གནོད་གཞན་ལ་ཡང་མཚོན་ཉིད་དེ་སྲིད་པར་དོགས་པའི་ཚོ་ཆོས་ཅན་ལ་ངེས་པར ་སྒྱུར་པར?་གཟུང་བས་ཆོས་ཅན་གཞན་དང་ལྡན་པ་དང། རང་དང་མི་ལྡན་པའི་ལྷག་མ་ལུས་པ་རྣམ་པར་བཅད་པ་ཡིན་ཏེ། དེ་དག་ནི་དེ་ལ་ཕན་པའི་རྐྱེན་ཅན་ཞེས་བྱའོ། །གང་གི་ཆེ་འདོད་པ་དེ་དག་མེད་པའི་ཚེ་ནི་གནས་གཉི་གར་ངེས་པར ་གཟུང་བ་སྦྱར་ཡང་དངོས་པོའི་རྐྱེན་Fམ་སྟེ་དོན་མེད་པ་ཉིད་དོ། །ཆོS་ཉིད་མཚན་ཉིད་དེ་ཡང་གཉུག་མ་དང་གློ་བུར་དབྱེ་བས་གཉིས་སུ་གཟུང་སྟེ། གསེར་གྱི་ཁ་དོག་གཟུང་པ་ཉིད་དང། གཡལ་སྔོན་པོ་ལྟ་བུའོ། །ཅིའི་ཕྱིར་གློ་བུར་བ་ཡིན་ཞེ་ན། ་མེ་ལ་སོགས་པའི་གཞན་བསྟོན་པས་རང་གི་བྱེད་པ་ལས་འདས་ཤིང་མཚོན་ཉིད་དེ་ལས་གྲོལ་བར་འགྱུར་པའི་དོར་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཅིག་ཤོས་ནི་དེ་ལས་བཟློག་པ་ཡིན་ནོ། །གློ་བུར་བ་དེ་ཡང་ཁ་ཅིག་ཏུ་ནི་གྲུབ་པ ་དང་བདེ་བ་ཐོག་མ་དང་ཐ་མ་གཉིས་ཀ་ཉམས་པ་ལས་ཤེས་པར་བྱ་སྟེ། །ཆུའི་རྙོག་མ་བཞིན་ནོ། །ཁ་ཅིག་ཏུ་ནི་བདེ་བ་ཉམས་པ་ཐ་མ་ཞིག་ལས་ཤེས་པར་བྱ་སྟེ། གསེར་གྱི་གཡའའམ་ལྕགས་ཀྱི་ཚ་བཞིན་ནོ། །རྣམ་པར ་བཞག་པའི་ཡང་དམིགས་པ་རྣམ་པར་གཞག་པ་དང་དོན་རྣམ་པར་བཞག་པ་གཉིས་སུ་གཟུང་ངོ། །དེ་ལ་དམིགས་པ་རྣམ་པར་བཞག་པ་ནི་དམིགས་པ་འཇུག་ལྡོག་གོ་།དོན་རྣམ་པར་བཞག་པ་ནི་དོན་འཇུག་ལྡོག་སྟེ། ་དེ་དག་བློ་བུར་གྱི་ཁྱད་པར་འགལ་ཞིག་ལ་བལྟོས་པས་གྲུབ་པ་ཡིན་ནོ། །དེ་ལ་དང་པོ་ནི་དམིགས་པ་པོ་ཞེས་པ་བལྟོས་པ་ཡིན་ལ། གཉིས་པ་ནི་འབྲེལ་ཟླ་དང་འགལ་ཟླའི་དོན་ལ་བལྟོས་པའོ། །དེ་ཉིད་གྱིས་ན་དོན་རྣམ་པར ་བཞག་པ་ཞེས་དོན་བྱེ་བྲག་ཏུ་བྱའོ། །དམིགས་པ་རྣམ་པར་བཞག་པ་ཡང་དམིགས་པ་དང། དེ་ལ་དམིགས་པའི་དབྱེ་བས་གཉིས་སུ་གསུངས་ཏེ། དམིགས་པ་དེ་ཡང་བུམ་པ་ལ་སོགས་པ་ཉིད་དངོས་སུ ་མྱོང་བས་དམིགས་པ་དང། མ་མྱོང་ཡང་མ་སྐལ་བས་དམིགས་པར་བཞག་ལ། མ་མྱོང་ཡང་མ་བསྐལ་བས་དམིགས་པ་དེ་ནི་མ་བསྐལ་ཡང་མ་མྱོང་བ་ལ་བལྟོས་པར་མི་དམིགས་པར་ཡང་བཞག་གོ་།གཞན་ཡང་བསྐལ ་པ་གསུམ་གྱི་བསྐལ་པ་དེ་ཡང་བསྐལ་པས་མི་དམིགས་པའི་ཆོས་སུ་བཞག། དེ་ལ་དམིགས་པ་དང་མི་དམིགས་པ་ཡང། ས་ཕྱོགས་ཀྱི་བྱེ་བྲག་ལ་སོགས་པར་བུམ་པ་ལ་སོགས་པ་དམིགས་པ་འཇུག་པ་དང་ལྡོག་པ་ཡང་སྔ ་མ་བཞིན་ནོ། །དེ་དག་ནི་སྔོན་སུམ་དང་རྗེས་སུ་དཔག་པའི་དབྱེ་བས་ཅི་རིགས་སུ་གཟུང་ངོ། །རྗེས་སུ་བསྐལ་བའི་མ་བསྐལ་པ་ནི་རང་བཞིན་ཕྲ་བ་ལས་ཟློག་པ་ཙམ་མོ། །དོན་རྣམ་པར་བཞག་པའི་ཡང་རྫས་དང་ཡོན་ཏན་གྱི་དབྱེ ་བས་གཉིས་སུ་སྦྱར་ཏེ། དེ་ལ་རྫས་ཞེས་བྱ་བ་ནི་དོན་དང་ཤེས་པ་དང། འབྲེལ་པའི་དོན་རྣམ་པ་གཉིས་གཞན་ལ་མི་བལྟོས་པས་སྒྲུབ་ནུས་པ་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བའི་བུམ་པ་ལ་སོགས་པ་འདུས་བྱས་ཀྱི་དངོས་པོ་ཉིད ་ཡིན་ལ། དེ་ལྟ་བརྟེན་པའི་ཆོས་དང་ཆོས་ཅན་ནི་རྫས་ཀྱི་ཆོས་དང་ཆོས་ཅན་ནོ། །ཡོན་ཏན་ནི་འདུས་བྱས་དེ་དག་གི་མཚན་ཉིད་མི་རྟག་པ་ལ་སོགས་པའི་ཁྱད་པར་གོས་པར་བྱས་པ་རྣམས་ཏེ། དེ་གཞིར་བཞག་པའི ་ཆོས་དང་ཆོས་ཅན་རྣམས་ནི་གཉིས་པའོ། །འོ་ན་གཟུགས་དང་སྒྲ་ལ་སོགས་པ་གང་གི་བསྡུས་ཤེ་ན། འདིར་ཡོན་ཏན་གྱིས་བསྡུས་པ་སྟེ། བུམ་པ་ལ་སོགས་པ་ལ་བརྟེན་པའི་ཁྱད་པ་ཡིན་པའི་ཕྱིར་རོ། །དེ་ཡང་རྫས ་གྱི་ཆོས་སུ་སྦྱར་བའི་ཆོས་ཉིད་ཆོས་དང་ཆོས་ཅན་དུ་འཇོག་སྟེ། རང་གི་ངོ་བོས་གྲུབ་པ་དེ་དག་ཅི་རིགས་བཟུང་ངོ། །འདིར་ཡང་རྩོད་པ་སྨྲ་བ་གཞན་སྒྲ་དང་ལ་སོགས་པ་རླུང་དང་ཙན་དན་ལ་སོགས་པ་ལས་ཡུལ་རྣམ་པར་ཆད་པ ་གནས་པའི་ཕྱིར་རྫས་ཉིད་དུ་གཟུང་ངོ་ཞེས་འདོད་དེ། །དེ་ཡང་རིགས་པ་མ་ཡིན་ཏེ། སྒྲ་ནི་དུང་ལ་སོགས་པ་ལ་ཡུལ་གཞན་པ་མི་གནས་པར་མངོན་སུམ་གྱིས་གྲུབ་པ་ཡིན་ལ། དྲི་ཡང་རླུང་ལ་ཙན་དན་ལ་སོགས་པས་བསྒོས་པ་ཉིད་ཀྱི ་ཡུལ་གཞན་ན་དམིགས་པ་སྟེ། །དངོས་པོ་ལ་མ་བལྟོས་པར་རང་གྲུབ་པ་ནི་མེད་དོ། །དེ་བས་འཇམ་པའི་དཀར་བ་དང། ཟླུམ་པ་ལ་སོགས་པ་འཇམ་པ་དང་རྩུབ་པའི་བར་དུ་རྫས་དེའི་ཡོན་ཏན་དུ་གཟུང་བར་བྱ་སྟེ། རྗེས་སུ་ནི་མ ་ཡིན་ནོ། །ཁ་ཅིག་ཏུ་ནི་དབང་པོ་ཐ་དད་ཀྱི་ཡུལ་ཡིན་པའི་ཕྱིར་དངོས་པོ་ཐ་དད་པའོ་ཞེས་ཟེར་ན། དེ་ཡང་རིགས་པ་མ་ཡིན་ཏེ། །དབྱིངས་ལ་སོགས་པས་མ་ངེས་པ་དང་ཙདན་དང་དུང་ལ་སོཌ་པར་མ་གཟུང་པར་གུད་དུ་གཟུང་བར་མི་ནུས་པ ་དང། ཁ་ཅིག་ཏུ་ཡོན་ཏན་སོ་སོར་ངེས་པ་ལ་དམིགས་པ་ཡང་དབང་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་ཕྱིར་རོ། །ཁ་ཅིག་ན་རེ་དེ་དག་གི་ཁྱད་པར་ཤེས་པས་འདོད་པའི་ཚེ་ན་རྣམ་པར་བཞག་པའི་ཆོས་ཅན་ནོ་ཞེས་ཀྱང་ཟེར་རོ། །དེ ་ལ་རྫས་ཀྱི་ཆོས་དང་ཆོས་ཅན་ཀྱི་དོན་དུ་འཇུག་པ་དང་ལྡོག་པ་ཡོད་པར་བསྒྲུབ་པ་དང་མེད་པར་དགག་པ་དང། ཡིན་པར་སྒྲུབ་པ་དང་མ་ཡིན་པར་དགག་པའོ། །ཡོད་པར་སྒྲུབ་པ་ནི་ཁྱད་པར་བཞག་དང་ལྡན་པ་བསྒྲུབ་པ་སྟེ། དངོས་པོ ་ཁྱད་པར་གཞན་དང་ལྡན་པ་དང། རང་གི་ཆོས་ཀྱི་ཁྱད་པར་གཞན་དང་ལྡན་པའོ། །དེ་ལ་དངོས་པོ་གཞན་དང་ལྡན་པ་ནི་བུམ་པ་ན་འབྲུ་ཡོད། །ནོར་ཡོད་འོ་མ་ཡོད། མར་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ལ། དེ་དག་གི ་མེད་པར་དགག་པ་ཡང་དེ་ཉིད་དོ། །རང་གི་ཁྱད་པར་ལྡན་པ་ནི་བུམ་པ་ལ་ཡང་ལུང་ཡོད་རི་མོ་ཡོད་དྲི་མ་ཡོད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དག་མེད་པར་དགག་པའི་ཡང་དེ་རྙེད་དོ། ། ་བསྒྲུབ་པར་བྱ་བ་དེ་དག་དང་དགག་པར་བྱ་བ་དེ་དག་ནི་འབྲེལ་པའི་ཟླས། དེ་དག་ལ་བལྟོས་ནས་གྲུབ་པ་དེ་དག་རྐྱང་བ་ཡང་ཡིན་ལ། སྲིད་པའི་དགག་པ་དང། སྒྲུབ་པ་ཡང་ཡིན་ནོ། །གཞན་མི་སྲིད་པའི་སྒྲོ ་འདོགས་པ་དགག་པ་བུམ་པ་ལ་སོགས་པ་ཡོད་པར་སྒྲོ་འདོགས་པར་མི་སྲིད་པའི་སྒྲོ་འདོགས་པ་དགག་པའི་ཡང་ཡོངས་སུ་གྲུབ་པ་ཡིན་པས་འདི་སྦྱར་ལ། གྲུབ་པ་ནི་ཀུན་བརྟགས་པ་ཁོ་ན་ཡིན་པས་མི་གཟུང་ངོ། ། ་ཡིན་པར་སྒྲུབ་པ་ཡང་སྡིག་པ་དང་མི་སྲིད་པ་གཉིས་སོ། །དེ་ལ་སྲིད་པ་ཡང་འགལ་ཟླ་ལ་བལྟོས་པ་སྦྱར་བ་དང། འབྲེལ་ཟླ་ལ་བལྟོས་པ་རྐྱང་པ་དབྱེ་བས་གཉིས་སོ། །དེ་ལྟ་འགལ་ཟླ་ལ་བལྟོས་པ་ནི་བུམ་པའི་བཟང་པོ ་དང་ངན་པ་དང་ཆེན་པོ་དང་ཆུང་དུ་ལ་སོགས་པས་ཆོས་འགལ་ཟླའི་དངོས་པོ་རེ་རེ་ལ་བལྟོས་ན་རེ་རེ་གྲུབ་ལ། གཉིས་ལ་བལྟོས་ན་འགལ་བའི་ཆོས་གཉིས་འགྲུབ་པའི་ཕུང་པོ་གསུམ་པ་ཡང་འགྲུབ་སྟེ། དེས་ན་སྦྱར ་བ་ཞེས་བྱའོ། །དེ་བཞིན་དུ་བཟང་པོ་མ་ཡིན་པ་དང་ངན་པ་མ་ཡིན་པ་ལ་སོགས་པ་མ་ཡིན་པར་དགག་པ་ཕུང་པོ་གསུམ་པའི་བར་དུ་འབྲུབ་པར་སྦྱར་བར་བྱའོ། །ཡིན་པར་བསྒྲུབ་པ་དང་མ་ཡིན་པར་དགག་པའི་འབྲེལ ་ཟླ་ལ་བལྟོས་པ་རྐྱང་བ་ནི་བྱ་བའི་ཆོས་ཏེ། དེ་ཡང་རྒྱུ་དང་འབྲས་བུ་ལ་ཡོད་པ་དང་བྱེད་པ་པོ་དང་ལས་ལ་ཡོད་པའི་དབྱེ་བས་རྣམ་པ་བཞིར་འགྱུར་ཏེ། དེ་ལ་རྒྱུ་དང་བྱེད་པ་པོ་ལ་བལྟོས་པའི་བྱ་བ་ནི་འབྲས་བུ་དང་ལས་ལ་བལྟོས ་ནས་དབྱེའོ། །འབྲས་བུ་དང་ལས་ལ་ཡོད་ལ་བལྟོས་པའི་བྱ་བའི་ཆོས་ནི་རྒྱུ་དང་བྱེད་པ་བོ་བལྟོས་པར་གྲུབ་ཅིང་དབྱེ་བའོ། །དེ་རྒྱུ་ལ་ཡོད་པའི་བྱ་བའི་ཆོས་ནི་བུམ་པ་དང་དཔལ་དང་འབྱོར་བས་སྐྱེད་པར་བྱེད་ཅེས་བྱ་བ་ལ་སོགས ་པ་ལྟ་བུའོ། །བྱེད་པ་པོ་ལ་ཡོད་པའི་བྱ་བའི་ཆོས་ནི་བུམ་པས་ཆུ་འཆུ། འོ་མ་འཆུ། འབྲུ་འཛིན། ནོར་འཛིན་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འབྲས་བུ་ལ་ཡོད་པའི་བྱ་བའི་ཆོས་ནི་བུམ་པ་ས་ལས་གྱུར་པ་ཉིད་དང། ཟངས ་ལས་གྱུར་པ་ཉིད་དང། མེས་བཙོས་པ་ལ་སོགས་པ་ལྟ་བུའོ། །ལས་ལ་ཡོད་པའི་བྱ་བ་མི་བུམ་པ་འདི་སྤྱད་པར་བྱ། བཅས?་བར་བྱ། སྦ་བར་བྱ་ཚོགས་པས་སྒྱུག་པར་བྱ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །བྱ་བའི་ཆོས་དང་ཚོས ་ཅན་དེ་ལ་ཡང་གང་གི་ཚེ་རྒྱུ་དང་བྱེད་པ་པོའི་གཙོ་བོའི་ཆོས་ཅན་དུ་སྦྱར་བའི་ཚེ་ནི་འབྲས་བུ་དང་ལས་ལས་ཆོས་བྱེ་བྲག་ཏུ་བྱེད་པའི་ཆོས་ཅན་ཞེས་བྱ་ལ། གང་ཚེ་འབྲས་བུ་དང། ལས་གཙོ་བོའི་ཆོས་ཅན་དུ་སྦྱར་བའི་ཚེ་ནི ་ཅིག་ཤོས་གཉིས་པོ་བྱེ་བྲག་ཏུ་བྱེད་པའི་ཆོས་ཅན་དུ་སྦྱར་རོ་དེ་དག་མ་ཡིན་པར་དགག་པ་ཡང་དགག་པ་བྱ་ལ་བལྟོས་པ་དེ་ཉིད་དུ་སྦྱར་རོ། །གཞན་མི་སྲིད་པའི་བུམ་པ་ལ་སྣམ་བུ་རེ་ལྔ་ཀ་བ་ལ་སོགས་པའི་ངོ་བོར་སྒྲོ ་འདོགས་པ་ནི་ཀུན་བརྟགས་པ་ཡིན་ལ། དེ་དག་དགག་པ་ནི་ཡོངས་སུ་གྲུབ་པའི་ཆོས་ཉིད་དུ་གཟུང་ངོ། །གསུམ་པ་གནས་སྐབས་ཀྱིས་ནི་གནས་སྐབས་ཉིད་ཡིན་པའི་ཕྱིར་ཆོས་ཉིད་ཀྱི་གྲུབ་པ་ཡང་མ་ཡིན་ལ། དོན ་གཞན་ལ་བལྟོས་པས་ཀྱང་མ་ཡིན་པ། བུམ་པའི་ཉལ་བ་དང་ལངས་པ་དང་ཁ་སྤུ་བ་དང་གན་རྐྱལ་ལ་སོགས་པའི་ཆོས་རེ་རེ་ཞིག་ཏུ་བཟུང་ངོ། །ཆོས་ཀྱི་གྲངས་རབ་ཏུ་དབྱེ་བ་ཇི་སྙེད་པ་ཆོས་ཅན་གྱིས་གྲངས་ཀྱང་དེ་སྙེད་དུ ་འགྱུར་ཏེ། ཆོས་ཅན་གཅིག་ཅེས་བྱ་བ་ནི་ཁྱད་པར་གཞན་མི་སྤོང་བའི་སྒྲ་གཅིག་གི་བརྗོད་པ་ཡིན་པ་དང་དངོས་པོ་ཆ་ཤས་མེད་པ་གཅིག་ལ་ཆོས་ཅན་དུ་ཞེན་པའི་བསམ་པས་སྦྱར་བའི་དོང། ་བྱས་པ་ཙམ་དུ་ཟད་དོ། །བྱེ་བྲག་རྣམ་པར་བཞག་པ་ནི་ཆོས་དང་ཆོས་ཅན་གྱི་དང། ཆོས་ནང་གི་དབྱེ་པ་གཉིས་སུ་དབྱེའོ། །ཆོས་དང་ཆོས་ཅན་གྱི་བྱེ་བྲག་ལ་ཆོས་ཅན་དེ་ཉིད་པའི་ཆོས་དང་ཆོས་ཅན་གྱི་ཤན་ནི། སྒྲ ་གཅིག་གིས་བསྟན་པས་ཁྱད་པར་གཞན་སྤོང་པ་དང། མི་སྤོང་བའི་སྒྲའི་ཤན། འབའ་ཞིག་ཏུ་ཟད་དེ། །དེ་ལས་དོན་གཞན་མི་སྲིད་པས་དོན་གྱི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་ཤན་ནི་ཀུན་བརྟགས་ཁོ་ནར་ཟད་དོ ་ལྟག་མ་ཆོས་ཉིད་མཚན་ཉིད་པ་དང་གནས་སྐབས་པའི་ཆོས་ཉིད་དང། ཆོས་ཅན་ཕྱི་བྱེ་བྲག་ནི་སྒྲ་ཐ་དད་ཀྱིས་བྱས་པའི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་སྒྲའི་ཤན་དང། དོན་གཞན་སྲིད་པ་ཉིད་ཀྱིས་ན་དོན་གྱིས ་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་ཤན་དང། ཁྱབ་ཆེ་ཆུང་གིས་བྱས་པའི་ལྡོག་པའི་ཐ་དད་ཀྱིས་ཤན་དང་གསུམ་སྟེ། དེ་ལས་ཆོས་དང་ཆོས་ཅན་གྱི་ཁྱད་པར་གྱིས་གཞི་ཡིན་པའི་ཕྱིར། ཁྱད་པར་གཞན་སྤོང་བ་དང་མི ་སྤོང་པའི་ཆོས་དང་ཆོས་ཅན་བྱེ་བྲག་ཏུ་བྱེད་པའི་གཙོ་བོ་ཡིན་ནོ། །རྣམ་པར་བཞག་པའི་ཆོས་རྣམས་དང་ཆོས་ཅན་གྱི་བྱེ་བྲག་ནི་སྔར་སྨོས་པ་གསུམ་པ་གསུམ་གྱི་སྟེང་དུ་ཆོས་རྣམས་ནི་དོན་གཞན་ལ་བལྟོས་པ་ཡིན་ལ། ་ཆོས་ཅན་ནི་མ་བལྟོས་པ་སྟེ། དེར་ཡང་བྱེ་བྲག་ཏུ་བྱེད་པའི་གཙོ་པོ་ནི་སྔར་བཤད་པ་ཡིན་ནོ། །དངོས་པོ་དངོས་ཀྱི་དབང་དུ་བྱས་ན་ཆོས་ཉིད་ཀྱིས་ཆོས་དང་ཆོས་ཅན་ནི་གཅིག་ཁོ་ནར་ཡོངས་སུ་གྲུབ་པ་ཡིན་པས་ཤིན་ཏུ ་གཅིག་པ་ཉིད་ཡིན་ཏེ། ཐ་དད་པའི་བློས་བསླང་པ་ཡིན་ནོ། །སྐབས་འདིར་བློས་ཐ་དད་དུ་འཛིན་པའི་རྟེན་ནི་ཡང་དག་པར་ཆོས་ཅན་གྱི་སྒྲ་ནི་གཅིག་ཉིད་ཡིན་ལ། ཆོས་ཀྱི་སྒྲ་ནི་དུ་མ་ཡིན་ཏེ། དེས་ན་གཅིག་དང་དུ་མའི་སྒྲ་ཐ་དད་ཀྱི་བྱས་པ་ཡིན་ནོ།། ་རྣམ་པར་བཞག་པའི་ཆོས་དད་ཆོས་ཅན་ནི་དོན་གཞན་ལ་མི་བལྟོས་པར་དངོས་པོ་དངོས་ཀྱིས་ཡོངས་ཀྱི་གྲུབ་པ་མེད་པས་དངོས་པོ་དངོས་ཀྱི་དབང་དུ་བྱས་ན་ཀུན་བརྟགས་པ་ཁོ་ན་ཏེ། གཞན་ལ་བལྟོས་པའི་ཕྱིར་བློས་བཞག་པ་ཁོ་ནས་ཟད་དོ།། ་གནས་སྐབས་ཀྱིས་ཆོས་ཀྱང་གནས་སྐབས་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་པ་ཡིན་པས་གནས་སྐབས་ཙམ་དུ་བཞག་གོ་།ཆོས་ནང་གི་བྱེ་བྲག་ལ་ཆོས་ཉིད་ཀྱིས་ཆོས་རྣམས་ནི་འོ་མའི་ཡོན་ཏན་དཀར་བ་དང་མངར་བ་དང། འཇམ་པ ་རྣམས་དུད་དང་ཀ་ཙ་ཡིན་ད་དང་སྦྲང་རྩི་ལ་སོགས་པའི་སྤྱོད་ཡུལ་ཐ་དད་ཀྱི་དངོས་པོ་རྣམས་ལ་འཇུག་པ་དང། ལྡོག་པ་མཐོང་ནས་འོ་མ་ལ་ཡང་ཡོན་ཏན་དེ་དག་ཐ་དད་དུ་བློས་གཟུང་བ་ཡིན་ཏེ། དེ་ལྟ་བུའི་ངོ་པོ་གཅིག་པ་ཞེས་བྱ་བ་ལ། ་དངོས་པོ་དངོས་ཀྱི་དབང་དུ་བྱས་ན་འོ་མ་གསལ་བའི་རང་བཞིན་ཐ་ན་ཡུལ་དང་དུས་ལ་སོགས་པ་ཙམ་གྱིས་ཀྱང་གསལ་བ་གཞན་གྱིས་རྗེས་སུ་འབྲེང་བ་དང་དེ་ལ་ཡོན་ཏན་དེ་དག་ཤིན་ཏུ་གཅིག་པ་ཡིན་ནོ། །རྣམ་པར་བཞག་པའི་ཆོས་རྣམས་ནི ་འབྲེལ་ཟླ་དང། །འགལ་ཟླ་ལ་བལྟོས་པའི་ཐ་དད་ཀྱིས་ཐ་དད་པར་བྱས་ལ་གྲངས་ཀྱང་དེའི་གྲངས་ཀྱང་བྱས་པ་ཡིན་ནོ། །མི་སྲིད་པའི་སྒྲོ་བཏགས་པ་རྣམས་ཀྱང་དགག་པ་བལྟོས་པ་ཐ་དད་ཀྱི་བྱས་པ་ཡིན་ནོ། །གཞན་དག་ནི་ཆོས་ཉིད་ཀྱི་ཆོས ་མི་རྟག་པ་ལ་སོགས་པ་དང། དམིགས་པ་དང། མི་དམིགས་པ་དང་བུམ་བ་ན་འབྲུ་ཡོད་པར་ལྡན་པར་བསྒྲུབ་པ་དང། འབྲུ་མེད་པ་ལྡན་པ་དགག་པ་ལ་སོགས་པ་ཆོས་ཐམས་ཅད་མི་རྟག་པ་ཡིན་པ་དང། དམིགས་པ་མ་ཡིན་པ་དང། ལྡན་པ ་མ་ཡིན་པ་དང། བྲལ་བ་མ་ཡིན་པ་ལ་སོགས་པ་ལ་བལྟོས་པས་བྱེ་བྲག་རྣམ་པར་བཞག་གོ་ཞེས་ཟེར་ན། དེ་ཡང་མི་རུང་སྟེ། མཚན་ཉིད་འགལ་བ་བཟློག་བྱ་དེ་དག་རྣམ་པར་བཅད་པ་རྣམ་པར་བཞག་པ་ནི ་བློའི་སེལ་བ་མཚན་ཉིད་དེ་དག་མཚོན་པར་རྣམ་པར་བཞག་པ་ཡིན་གྱི། མཚན་ཉིད་འགལ་བ་རྣམ་པར་བཅད་པ་དེ་དག་ཆོས་འགལ་བ་དེ་དག་འགྲུབ་པར་བྱེད་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་གྲུབ་པར་བྱེད་པ་ནི་སྔར་བཤད་པ ་རྣམས་ཁོ་ནར་གཟུང་ངོ། །དངོས་པོ་དངོས་ཀྱི་དབང་དུ་བྱས་ནས་ཆོས་དེ་དག་ལས་ཆོས་ཉིད་ཀྱིས་ཆོས་རྣམས་ནི་ཤིན་ཏུ་གཅིག་པ་ཡིན་ལ། རྣམ་པར་བཞག་པའི་ཆོས་རྣམས་ནི་རི་བོང་གི་རྭ་ལྟ་བུར་མེད་པ་ཉིད་ཡིན་པ་ནི་ཆོས་དང ་ཆོས་ཅན་ཀྱི་སྐབས་སུ་བཤད་པ་ཡིན་ནོ། །གནས་སྐབས་པ་ཉིད་ཀྱང་གནས་སྐབས་ཉིད་དུ་བལྟ་བར་བྱའོ། །ངེས་ཚིག་ལ་གཞན་ལ་བལྟོས་པས་ན་ཆོས་དེ་དག་དང་ལྡན་པས་ན་ཆོས་ཅན་ཏེ། བུམ་པ་ལ་སོགས་པའི་རྫས་མ་གཏོགས ་པའི་རྟོག་པ་ལ་སོཌ་པའི་ཡོན་ཏན་གུང་དུ་གཟུང་བར་མི་ནུས་པས་ན་གཞན་ལ་བརྟེན་པ་ཞེས་བྱའོ། །ཆོས་དང་ཆོས་ཅན་གཏན་ལ་དབབ་པ་སློབ་དཔོན་ཇེ་ཏཱ་རིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བཱ་ལ་ཨ་པ་ཏཱ ་