| Wylie | e-texts based on the ACIP/ALL Input |
ནང་གི་ཁྱབ་པ་སློབ་དཔོན་ཆེན་པོ་མཁས་པ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཇིད?་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང། དགེ་སློང་ཤཱཀྱ་འོད་ཀྱི་བསྒྱུར་བའོ།། །། ་གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། །རྒྱ་གར་སྐད་དུ། ཧེ་ཧུ་ཏཏྟཝ?་ཨུ་པ་དེ་ཤ། བོད་སྐད་དི། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །བསྒྲུབ་དང་སུན་ནི་འབྱིན་པ་དང། །ལྟར་སྣང ་བཅས་པས་གཞན་རིག་བྱེད། །མངོན་སུམ་དང་ནི་རྗེས་དཔག་གཉིས་ལྟར་སྣང་བཅས་པ་བདག་རིག་བྱེད། །འདི་ནི་བསྟན་བཅོས་ཀྱི་དོན་བསྡུས་པའོ། །རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་འདོད་པའི་དོན་ནི་བསྒྲུབ་པར་བྱའོ། །གང་གིས ་བསྒྲུབ་པར་བྱེད་པ་དེ་ནི་བསྒྲུབ་པ་ཡིན་ཏེ། གཏན་ཚིགས་ཀྱི་ཚུལ་གསུམ་བརྗོད་པའོ། །ཚུལ་གསུམ་པོ་དེ་དག་ཀྱང་གང་ཞིམ?་ཕྱོགས་ལ་ཡོད་པ་ཉིད་ནི་ཚུལ་གཅིག་གོ་།མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བྱ་བ་ནི ་ཚུལ་གཉིས་པའོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་ཚུལ་གསུམ་པའོ། །དེའི་ཕྱོགས་ནི་རབ་ཏུ་གྲུབ་པའི་ཆོས་ཅན་ནོ། །རབ་ཏུ་གྲུབ་པའི་ཁྱད་པར་གྱི་བྱེ་བྲག་བདག་ཉིད་སྒྲུབ་པར་འདོད་པ་མངོན་སུམ?་ལ ་སོགས་པ་དང་འགལ་བ་མེད་པ་ཡིན་ཏེ། དཔེར་ན་ཆོས་ཅན་སྒྲ་མི་རྟག་པའི་ཁྱད་པར་གྱི་བྱེ་བྲག་དང་ལྡན་པ་ནི་བསྒྲུབ་པར་བྱའོ། །བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཡིན་པ་བཞིན་ནོ། །མཐུན་པའི་ཕྱོགས་གང་ཞེ་ན། བསྒྲུབ་པར ་བྱ་བའི་ཆོས་ཀྱི་སྤྱིས་མཐུན་པ་ནི་མཐུན་པའི་ཕྱོགས་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །གཏན་ཚིགས་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་དུ་བསྒྲུབ་པར་བྱ་བ་མེད་པས་གཏན་ཚིགས་མེད་པར་ངེས་པར་སྟོན་པ་ཡིན་ཏེ། ་དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །གཏན་ཚིགས་ཀྱིས་ཚུལ་གསུམ་པ་བསྟན་པ་དེ་ཉིད་ཀྱིས་གཞན་ཁོང་དུ་ཆུད་པའི་ཆེད་དུ་སྦྱོར་བ་བྱས་པ་ནི་གཞན་གྱི་དོན་རྗེས་སུ་དཔག་པ་ཞེས་བསྟན་ཏོ། །དཔེར་ན་སྒྲ་མི་རྟག་གོ་ཞེས་བྱ་བ་ནི ་ཕྱོགས་བརྗོད་པའོ། །བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་བརྗོད་པའོ། །བུམ་པ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ནི་མཐུན་པའི་ཕྱོགས་བརྗོད་པའོ། །ནམ་མཁའ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་མ་མཐུན་པའི་ཕྱོགས་བརྗོད ་པའོ་?་དེ་ཡང་རྣམ་པ་གཉིས་སུ་སྣང་སྟེ། ཆོས་མཐུན་པ་དང་ཆོས་མི་མཐུན་པའོ། །དེ་ལ་རེ་ཞིག་ཆོས་མཐུན་པ་ནི། །གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་པར་མཐོང་པ། དཔེར་ན་བུམ་པ་ལ་སོགས་པའོ། །སྒྲ་ཡང་བྱས་པའི་ཕྱིར ་ཞེས་བྱ་བ་ལྟ་བུའོ། །ཡང་ཆོས་མི་མཐུན་པ་ནི་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ཏེ། སྒྲ་ཡང་བྱས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཕྱོགས་ལྟར་སྣང་པ་ཡང་གང་ཞེ་ན། ཕྱོགས་ལྟར ་སྣང་བ་ནི་དངོས་སུ་ཕྱོགས་མ་ཡིན་པ་ཡིན་ཏེ། མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་རོ། །དེ་ནི་པྱོགས་ལྟར་སྣང་བ་སྟེ། དཔེར་ན་དུ་པ་ལ་སོགས་པའི་ཆོས་ཅན་བློ་དང་ལྡན་པའི་རྒྱུས་བསྐྱེད་པ་བསྒྲུབ་པར་བྱ་པ་ཡིན་ནོ། །ཞེས ་བྱ་བ་མངོན་སུམ་དང་འགལ་བས་ཕྱོགས་ལྟར་སྣང་བ་ཡིན་ཏེ། མངོན་སུམ་གྱིས་མེ་ལས་དུ་བ་སྐྱེ་བ་མཐོང་བའི་ཕྱིར་རོ། །རྗེས་སུ་དཔག་པ་དང་འགལ་བ་ནི་དཔེར་ན། རིག་བྱེད་ཀྱི་ཚིག་ནི་ཆོས་ཅན། སྐྱེས་བུས་བྱས་པ་མ་ཡིན་ཏེ་ཞེས་བསྒྲུབ ་པར་བྱ་བ་ལ། སྒྲ་ནི་བཙལ་མ་ཐག་ཏུ་བྱུང་བ་ཡིན་པས་སྐྱེས་བུས་བྱས་བས་གྲུབ་པའི་ཕྱིར་རོ། །རང་གི་ཚིག་དང་འགལ་བ་ནི་དཔེར་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ནི། གཞན་གྱི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིག་བརྗོད ་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འཇིག་རྟེན་དང་འགལ་བ་ནི་དཔེར་ན་མི་མགོའི་ཐོད་པ་ནི་གཅིང་བ་ཡིན་ཏེ་སྲོག་ཆགས་ཀྱི་ཡན་ལག་ཡིན་པའི་ཕྱིར་དུང་ཆོས་དང་ཉ་ཕྱིས་བཞིན་ནོ་ཞེས་བྱ་བ་ལྟ ་བུའོ། རྟོགས་པ་དང་དག་ལ་པ་ནི་དཔེར་ན། གང་དུས་ཇི་སྲིད་གནས་པར་བྱས་པ་ནི་མི་རྟག་པ་ཡིན་ནོ། །གང་དུས་ཇི་སྲིད་གནས་པར་ཡང་བྱས་པ་ཐམས་ཅད་ནི་རྟག་པ་ཡིན་ནོ་ཞེས་འཇིག་རྟེན་པས་རྟོགས་པའི་ཕྱིར་རོ། །ཁྱད་པར་མ་གྲུབ་པ་ནི ་དཔེར་ན། བྱེ་བྲག་པས་གྲངས་ཅན་པ་ལས་སྒྲ་འཇིག་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཁྱད་པར་དུ་བྱ་བ་མ་གྲུབ་པ་ནི། དཔེར་ན་གྲངས་ཅན་ལས་སངས་རྒྱས་པ་ལ་བདག་སེམས་དང་བཅས་པ་ཡིན་ནོ་ཞེས་བསྒྲུབ་པ་ལྟ་བུའོ། །གཉི་ག ་མ་གྲུབ་བ་ནི་དཔེར་ན། བྱེ་བྲག་པས་སངས་རྒྱས་པ་ལ་བསྡུས་པར་བྱེད་པ་ནི་བདག་ཡིན་ནོ་ཞེས་པ་ལྟ་བཱུམ་།ལུས་ནི་བརྟན་བའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཕྱོགས་ལྟར་སྣང་བ་བཤད ་ཟིན་ཏོ། །གཏན་ཚིགས་ལྟར་སྣང་བ་ཅི་འདྲ་བོ་ཞིག་ཅེ་ན། གང་ཞིག་གཏན་ཚིགས་ལྟར་སྣང་བ་ཡིན་གྱི་གཏན་ཚིགས་སུ་གྲུབ་པ་ནི་མ་ཡིན་པའོ། །གཏན་ཚིགས་ལྟར་སྣང་བ་ནི་གསུམ་སྟེ། མེ་གྲུབ་པ་དང་འགལ་བ་དང་མ ་ངེས་པའོ། །དེ་ལ་ཕྱོགས་ལ་མ་གྲུབ་པའི་ཕྱིར་མ་གྲུབ་ཅེས་བྱ་བའི་གཏན་ཚིགས་ལྟར?་སྣང་བ་ཡིན་ནོ། །ཕྱོགས་དང་མཐུན་པའི་ཕྱོགས་ལ་ནི་མེད་པ་མི་མཐུན་པའི་ཕྱོགས་ལ་ཡོད་པ་དེ་ནི་འགལ་བ་ཞེས་བྱ་བའི་གཏན་ཚིགས ་ལྟར་སྣང་བ་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་ཕྱིན་ཅི་ལོག་སྒྲུབ་པའི་ཕྱིར་རོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱིགས?་གཉི་ག་ལས། ཡོད་པ་འམ་མེད་པའམ་ཐེ་ཚོན་ཟ་བ་ལ་འམ་འབྲེལ་བ་མ་གྲུབ་བའི་གཏན་ཚིགས་གང ་ཡིན་པ་དེ་ནི་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཞེས་བྱ་བ་ཡིན་ཏེ། རྒོལ་བ་དང་ཕྱིར་རྒོལ་བས་བསྒྲུབ་པར་འདོད་པ་ངེས་པ་མི་འགྲུབ་པའི་ཕྱིར་རོ། །དཔེར་ན་གཉིས་ལ་མ་གྲུབ་པ་ནི་སྒྲ་མི་རྟག་པ་ཉིད་དུ་གྲུབ་པར་བྱ་བ་ལ། ་གང་ན?་ཚིགས་མིག་གིས་བཟུང་བ་ནི་རྒོལ་བ་དང། ཕྱིར་རྒོལ་བ་དག་ལམ་གྲུབ་པ་ལྟ་བུའོ། །ཤིང་སེམས་དང་ལྡན་པར་བསྒྲུབ་པར་བྱ་བ་ལ་ཤུན་ལྤགས་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི། ཕྱིར ་རྒོལ་བ་སངས་རྒྱས་པ་ལ་མ་གྲུབ་པས་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཞེས་བྱ་སྟེ། སེམས་ལ་སོགས་པ་འགགས་པ་ལ་སངས་རྒྱས་པ་འདོད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་སེམས་མེད་པར་བསྒྲུབ་པར་བྱ་བ་ལ་སྐྱེ་བ་དང་ལྡན་པའི ་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། གྲངས་ཅན་པ་རྒོལ་བ་བདག་ཉིད་ལ་མ་གྲུབ་པས། རྒོལ་བ་ལ་མ་གྲུབ་པ་ཞེས་བྱའོ། །བྱེ་བྲག་པས་ཕྱིར་རྒོལ་བ་སངས་རྒྱས་པར་ལ་ས་ལ་སོགས་པའི་ཆོས་ཅན་བྱ་བ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ། སྐད ་ཅིག་རེ་རེ་འདྲ་བ་གཞན་དང་གཞན་འབྱུང་ངོ་ཞེས་བྱ་བ་ནི་བརྒོལ་བ་དག་ཉིད་ལ་མ་གྲུབ་པ་ཡིན་པ། སྐྱེ་བ་གྲུབ་ཀྱང་སྐད་ཅིག་རེ་རེ་འདྲ་བ་གཞན་དང་གཞན་འབྱུང་ངོ་ཞེས་པ་ནི་མ་གྲུབ་པའོ། །ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ནི་དཔེར་ན་ཤིང ་རྣམས་ནི་སེམས་དང་ལྡན་པ་ཡིན་ཏེ། གཉིད་ལག་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་ཕྱོགས་ཀྱི་གོས་ཅན་རྒོལ་བདག་ཉིད་ལ་ཕྱོགས་ཀྱི་གཅིག་ལ་མ་གྲུབ་སྟེ། ཤིང་ཐཾས་ཅད་མཚན་མ་ལོ་མ་འཁུམས་པ་ལ་བརྟེན་པ་མ་ཡིན་ནོ། དེ་བཞིན་དུ་ས་ལ ་སོགས་བའི་ཆོས་ཅན་བློ་དང་ལྡན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་འབྲས་བུ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ནི་སངས་རྒྱས་པ་ལ་མ་གྲུབ་སྟེ་མངོན་སུམ་དང་མི་དམིགས་པ་རྒྱུ་དང་འབྲས་བུའི་འབྲེལ་པ་བསྒྲུབ་པའི་ངོ་བོས་ས་ལ་སོགས་པ་འགྲུབ ་པའི་ཕྱིར་རོ། །གལ་ཏེ་གནས་དང་བཟའ་བ་ལ་སོགས་གྲུབ་པོ་ཞེས་ཟེར་ན། དེའི་ཆེ་ཕྱོགས་ཀྱིས་ཕྱོགས་གཅིག་མ་གྲུབ་པོ། །ཐེ་ཚོམ་བྲ་བའི་མ་གྲུབ་པ་ནི་དཔེར་ན་གལ་ཏེ་འདི་དུ་བ་ཡིན་ན་བདེན་མེ་ཡོད་དོ་ཞེས་བསྒྲུབ་པར་བྱ་བ་ལ། གཏན ་ཚིགS་ཉིད་མ་ངེས་པའི་ཕྱིར་རོ། །ཆོས་ཅན་ཐེ་ཚོམ་ཟོས་མ་གྲུབ་པ་ནི། དཔེར་ན་རི་སུལ་དུ་མ་འདི་དག་ལས་རི་སུ་ལ་འགའ་ཞིག་ན་རྨ་བྱ་ཡོད་དེ་ཞེས་བསྒྲུབ་པར་བྱ་བ་ལ་རྨ་བྱའི་སྒྲ་གྲགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཡིན་པ་ལྟ ་བུའོ། །ཆོས་ཅན་མ་གྲུབ་པ་ཡང་མ་གྲུབ་པ་ཡིན་ཏེ། དཔེར་ན་ཆོས་ཅན་བདག་ཐམས་ཅད་དུ་ཁྱབ་པར་བསྒྲུབ་པར་བྱ་བ་ལ། ཡོན་ཏན་ཐམས་ཅད་ནི་དམིགས་པའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་ཡིན་པ་ལྟ་བུའོ། །བཅུ་པོ་འདི ་དག་ནི་མ་གྲུབ་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བའོ། །མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡང་ཅི་འདྲ་བ་ཅིག་ཅེ་ན། སྨྲས་པ། དཔེར་ན་སྒྲ་བརྟག་པ་ལ་སོགས་པའི་ཆོས་བསྒྲུབ་པར་བྱ་བ་ལ། གཞལ་བྱ་ཡིན ་པའི་ཕྱིར་ཞེས་པའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་མ་ངེས་པ་ཞེས་བྱའོ། །དེ་བཞིན་དུ་སྒྲ་རྟགས་པར་བསྒྲུབ་པར་བྱ་བ་ལ། མཉན་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི ་གཏན་ཚིགས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་ཐུན་མོང་མ་ཡིན་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་སྒྲ་བརྩལ་མ་ཐག་ཏུ་བྱུང་བའི་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་ལ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བའི ་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་ལ། མི་མཐུན་པའི་ཕྱོགས་ལ་ཁྱད་པར་འཇུག་པའི་མ་ངེས་པ་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པའི་སྒྲ་མཐུན་པའི་ཕྱོགས་ནི་གློག་དང། ནམ ་མཁའ་ལ་སོགས་པ་སྟེ། དེ་ལ་མཐུན་བའི་ཕྱོགས་ལ་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་མི་རྟག་པ་འཇུག་ལ། ནམ་མཁའ་ལ་སོགས་པ་ལ་ནི་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་བརྩལ་མ་ཐག་ཏུ་བྱུང་བ་ལ་སོགས་པ་ཐམས་ཅད ་ཡིན་ཏེ་དེ་ཐམས་ཅད་ལ་འཇུག་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡིན་ཏེ། བསྒྲུབ་པར་བྱ་བ་ལ་མི་རྟག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། བུམ་པ་ལ་སོགས་པ་ཐམས་ཅད་ལ་ཡོད་ལ་བརྩལ་མ་ཐག་ཏུ་བྱུང་བ ་མ་ཡིན་པ་མི་མཐུན་པའི་ཕྱོགས་ཡང་གློག་དང་ནམ་མཁའ་ལ་སོགས་པ་དེ་ལས་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་འཇུག་ལ། ནམ་མཁའ་ལ་སོགས་པ་ལ་ནི་མ་ཡིན་ལ། དེའི་ཕྱིར་འདི་མི་།མཐུན་པའི་ཕྱོགས་གཅིག་ལ་འཇུག་ལ། མཐུན ་པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ཡིན་ནོ། །ཕྱོགས་གཉི་གའི་ཕྱོགས་གཅིག་ལ་འཇུག་པའི་མ་ངེས་པ་ནི་དཔེར་ན། ཆོས་ཅན་སྒྲ་རྟག་པར་བསྒྲུབ་པར་བྱ་བ་ལ། ལུས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། མཐུན ་པའི་ཕྱོགས་རྡུལ་ཕྲ་རབ་ཏུ་དང་ནམ་མཁའ་ལ་སོགས་པ་དེ་ལ་མཐུན་པའི་ཕྱོགས་གཅིག་ནམ་མཁའ་ནི་ལུས་ཅན་མ་ཡིན་པ་འཇུག་ལ། རྡུལ་ཕྲ་རབ་ནི་མ་ཡིན་ཏེ་ཕྲ་རབ་རྣམས་ལུས་ཅན་ཡིན་པའི་ཕྱིར་རོ། །བུམ་པ་དང་བདེ་བ་ལ་སོགས་པ་མི ་རྟག་པ་མི་མཐུན་པའི་ཕྱོགས་གཅིག་བདེ་བ་ལ་སོགས་པ་འཇུག་པ། བུམ་པ་ལ་སོགས་པ་མ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ནི་ཐེ་ཚོམ་ཟ་ལ། མཐུན་པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན ་ཚིགས་ནི། དཔེར་ན་སེར་སྐྱ་ལ་སོགས་པའི་ཆོས་ཅན་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ལས་སྨྲ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། ལམ་པོ་ཆེའི་སྐྱེས་བུ་ལ་སོགས་དང་མཐུན་པའི་ཕྱོགས་ལ་ནི་ཡོད་ལ་མི་མཐུན ་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་ནི་ཐེ་ཙོམ་ཟ་སྟེ། ཐམས་ཅད་མཁྱེན་པ་ནི་དབང་པོ་ལས་འདས་པའི་ཕྱིར་སྨྲ་བ་ཡོད་དམ་མེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་འཇུག་པ་ནི་ཐེ་ཚོམ་ཟ་ལ་མི་མཐུན་པའི ་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ནི་དཔེར་ན་ཁྱ་མཆོག་དང་འཕེལ་བ་ལ་སོགས་པའི་ཆོས་ཅན་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་བསྟན་བཅོས་འབའ་ཞིག་བྱེད་པའི་ཕྱིར་ཞེས་བྱ་བ་ལ་གཏན་ཚེགས ་ནི་མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་ནི་ཐེ་ཚོམ་ཟ་སྟེ་ཐམས་ཅད་མཁྱེན་པ་ནི་དབང་པོ་ལས་ཤིན་ཏུ་འདས་པའི་ཕྱིར། བསྟན་བཅོས་འབའ་ཞིག་བྱེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་པར་ཧ་དང་མ་ཧ ་རོལ་སོགས་པ་ཐམས་ཅད་མཁྱེན་པ་།མ་ཡིན་པ་ལ་ཡོད་པ་ལྟ་བུའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པའི་གཏན་ཚིགས་ནི་དཔེར་ན་གསོན་པའི ་ལུས་ནི་བདག་དང་བཅས་པ་ཡིན་ཏེ་སྲོག་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་ནི་གསོན་པོའི་ལུས་དང་འབྲེལ་པ་ཅན་སྲོག་ལ་སོགས་པ་བདག་དང་བཅས་པ་འམ་བདག་མེད་པ་ལ་འཇུག་པ་འམ། ལྡོག ་པ་མ་ངེས་པ་ཡིན་ཏེ། དེ་བས་ན་རྗེས་སུ་འགྲོ་བ་འབའ་ཞིག་བའི་གཏན་ཚིགས་ཡིན་ཏེ་དཔེ་མེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཉིས་པ་ལ་ཡང་ལྡོག་པ་འབའ་ཞིག་ཡིན་ཏེ། གསོན་པོའི་ལུས་འདི་ནི་བདག་མེད་པ་མ ་ཡིན་ཏེ། སྲོག་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །དཔེ་མེད་པ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་ངེས་པ་མེད་པ་དང། ལྡོག་པ་ཡང་ངེས་པ་འདི་ནི་ཐེ་ཚོམ་ཟ་བའི་གཏན་ཚིགས་སོ། །བཅུ་པོ་འདི་དག་ནི་མ་ངེས ་བའི་གཏན་ཚིགས་ལྟར་སྣང་བ་ཞེས་བསྟན་ཏོ། །འགལ་བའི་གཏན་ཚིགས་ལྟར་སྣང་བ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ན་ཆོས་ཅན་སྒྲ་རྟག་སྟེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །བྱས་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ། ། ་ཞེས་བྱ་བའི་གཏན་ཚིགས་འདི་ནི། བུམ་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་ལ་མཐུན་པའི་ཕྱོགས་ལ་ནི་མ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་ཆོས་ཅན་སྒྲ་རྟག་སྟེ་ཞེས་བསྒྲུབ་པར་བྱ་བ་ལ། བརྩལ་མ་ཐག་ཏུ་བྱུང་བ་ཡིན ་པའི་ཕྱིར་ཞེས་བྱ་བའི་ཕྱིར་གཏན་ཚིགས་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ལ་མེད་ཕྱོགས་གཅིག་བུམ་པ་ལ་སོགས་པ་ལ་ཡོད་ལ། གློ་བ་ལ་སོགས་པ་ལ་ནི་མེད་པ་ལྟ་བུའོ། །གཏན་ཚིགས་འདི་གཉིས་ནི་ཆོས་ཀྱི་རང་གི ་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་དང། ཆོས་ཅན་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ལ་རྣམ་པ་གཉིས་ཡིན་ཏེ། དཔེར་དམན?་ཆོས་མིག་ལ་སོགས་པ་འདི་དག་གཞན་གྱིས་དོན་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་བྱ་བའི་ཆོས་སོ། །བསགས?་པ ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཁྲི་དང་སྟོན་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ནི་མཐུན་པའི་ཕྱོགས་བསྟན་པའོ། །འདི་ལྟར་གཏན་ཚིགས་འདིས་མིག་ལ་སོགས་པ་གཞན་གྱི་རོན?་དུ་སྒྲུབ་པར་བྱེད་ལ་དེ་བཞིན་དུ། ་བསག་པ་ཉིད་གཞན་ཕྱིར་པར་སྒྲུབ་པར་བྱེད་དེ། ཁྲི་དང་སྟན་ལ་སོགས་པ་བསགས་པས་ལྷས་བྱིན་ལ་སོགས་པ་གཞན་གྱི་དོན་བྱེད་པར་མཐོང་བའི་ཕྱིར་རོ། །ཆོས་ཅན་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ནི་དཔེར་ན་ཆོས ་ཅན་ལ་སོགས་པ་ནི་བློ་དང་ལྡན་པའི་རྒྱུ་ལས་སྐྱེས་པ་ཡིན་ཏེ། ཞེས་བྱ་བར་བསྒྲུབ་པར་བྱ་བའི་རྟེན་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་ནི་མཐུན་པའི་ཕྱོགས་བསྟན་ཏོ།། ་འདི་ལྟར་གཏན་ཚིགས་འདིས་ནི་བློ་དང་ལྡན་པའི་རྒྱུ་ལས་སྐྱེས་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ལ། དེ་བཞིན་དུ་བློ་དང་ལྡན་པའི་བྱེད་པའི་རྟེན་དང་བཅས་པ་ཡང་སྒྲུབ་པར་བྱེད་དོ། །ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ནི ་དཔེར་ན་བྱེ་བྲག་པས་སྤྱོད་པ་ལ་ཆོས་ཅན་བདག་ནི་སེམས་དང་ལྡན་པ་ཡིན་ཞེས་བསྒྲུབ་པར་བྱ་བ་ལ་སེམས་ཀྱིས་བྱིན་བརླབས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། བདག་སེམས་མེད་པ་ལ། ཇི་ལྟར་སེམས་དང་ལྡན་པར་སྒྲུབ་པར ་བྱེད་བས་དེ་བཞིན་དུ་གཏན་ཚིགས་འདིས་མི་རྟག་པ་ཡང་སྒྲུབ་པར་བྱེད་དེ། རྣམ་པར་ཤེས་པ་ནི་མི་རྟག་པའི་ཕྱིར་རོ། །ལྔ་པོ་དེ་དག་གིས་འགལ་བའི་གཏན་ཚིགས་ལྟར་སྣང་བ་བསྟན་ཏོ། །འགལ་བ་མི་འཁྲུལ་བ་ཞེས་བྱ་བ་ནི་གང་དུ་ཡང ་གཏན་ཚིགས་ཀྱི་སྐྱོན་མ་ཡིན་བས་དེའི་དཔེ་བརྗོད་པ་མི་རིགས་ཏེ། དེའི་དཔེ་བརྗོད་ན་གང་ཕྱོགས་ཐམས་ཅད་ན་གནས་པ་དང། བདག་ཉིད་རང་དང་གཅིག་པར་མངོན་པ་འབྲེལ་པ་ཅན་དེ་ནི་ཐམས་ཅད ་དུ་འགྲོ་བ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ཕྱོགས་ཐམས་ཅད་ན་གནས་པ་ན་རང་དང་འབྲེལ་བས་ཅིག་ཅར་སྤྱི་དང་མངོན་པར་འབྲེལ་བ་ཡིན་ནོ། ཞེས་བྱ་བ་ནི་པ་ལུ་ཀའི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བའོ། །ཡང་སྦྱོར་བ ་གཉིས་པ་ནི་དཔེ་ཐ་རའི་ཡིན་ཏེ་གང་དམིགས་པའི་མཚན་ཉིད་ཀྱི་གྱུར་པ་གང་དུ་མི་དམིགས་པར་ནི་མེད་དེ། དཔེར་ན་ཕྱོགས་འགའ་ཞིག་ན་བུམ་པ་མེད་དེ་ཞེས་བྱ་བ་ལྟ་བུའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་སྤྱི་གསལ་བ ་དང་གསལ་བའི་བར་ན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །མི་དམིགས་པའི་གཏན་ཚིགས་འདི་དང་སྔར་བསྟན་པའི་རང་བཞིན་གྱི་གཏན་ཚིགས་འདི་ཕན་ཚུན་གནོད་པས་ཐེ་ཚོམ་བསྐྱེད་པའི་ཕྱིར་རོ། །མཐུན་པའི ་ཕྱོགས་རང་གཞིན་པའི་དཔེ་ཞེས་བྱ་བ་ནི་དགའ་ཡང་མེད་དེ་མཐུན་པའི་ཕྱོགས་འདི་ཉིད་ཆོས་མཐུན་པའི་དཔེ་ཡིན་ནོ། །དེར་དཔེ་ལྟར་སྣང་བ་ཅི་ལྟ་བུ་ཞིག་ཅེ་ན། ཆོས་མཐུན་པའི་རེ་ཞིག་འདི་ལྟ་བུ་སྟེ། སྒྲ་ནི་རྟག་སྟེ་ལུས་ཅན ་མ་ཡིན་པའི་ཕྱིར་ལས་བཞིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མི་ཚང?་བ་ཡིན་ཏེ་ལས་ནི་མི་རྟོག་པའི་ཕྱིར་རོ། །སྒྲ་ནི་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ། །ཞེས་བྱ་བཞི་བསྒྲུབ་པར་བྱེད་པ་མ་ཚང་བ་ཡིན་ཏེ། ་རྡུལ་ཕྲ་རབ་ནི་ལུས་ཅན་ཡིན་པའི་ཕྱིར་རོ། །སྒྲ་རྟག་སྟེ་ལུས་ཅན་མ་ཡིན་ཕྱིར་བུམ་པ་བཞིན་ནོ། ཞེས་བྱ་བསྒྲུབ་པར་བྱེད་པ་གཉི་ག་མཆོད་བ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་དཔེ་ལྟར་སྣང་བ་ནི་དཔེར་ན་ཆོས་ཅན་སྐྱེས་བུ ་འགའ་ཞིག་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། སྨྲ་བའི་ཕྱིར་ལམ་པོ་ཆེའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་ལ། ལམ་པོ་ཆེའི་སྐྱེས་བུའི་དཔེ་ལས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ་ཐེ་ཚོམ་ཟ་སྟེ། གཞན་གྱི་སེམས ་ནི་རྗེས་སུ་རྟོགས་པར་དཀའ་བའི་ཕྱིར་རོ། །སྒྲུབ་པར་བྱེད་བའི་ཆོས་ལ་ཐེ་ཚོམ་ཟ་བ་ན་དཔེར་ན་སྐྱེས་བུ་གང་ཞིག་འཆི་བའི་ཆོས་དང་ལྡན་པ་ཡིན་ཏེ། ཞེས་བསྒྲུབ་པར་བྱ་བ་ལ་འདོད་ཆགས་ལ་སོགས་པ་ལྡན་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན ་ཚིགས་ནི་ལམ་པོ་ཆེའི་སྐྱེས་བུའི་དཔེ་ལ་ཐེ་ཚོམ་སྟེ། འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་དང་བཅས་པ་བཞིན་དུ་གཡོ་བའི་ཕྱིར་རོ། །ཆོས་གཉི་ག་ལ་ཐེ་ཚོམ་ཟ་པའི་དཔེ་ལྟར་སྣང་བ་དཔེར་ན་ཆོས་ཅན་སྐྱེས་བུ་འགའ་ཞིག་ཐམས་ཅད ་མཁྱེན་པ་ཡིན་ཏེ། ཞེས་བསྒྲུབ་པར་བྱ་བ་ལ་འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་ལམ་པོ་ཆེའི་སྐྱེས་བུའི་དཔེ་ལ་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ ་དང། རྗེས་སུ་འགྲོ་བ་མ་བསྟན་པ་དང། རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་གི་དཔེ་ལྟར་སྣང་བ་ནི། དེ་ལ་རྗེས་སུ་འགྲོ་བ་མེད་པ་ནི་དཔེར་ན་གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ་ལམ་པོ་ཆེའི་སྐྱེས་བུ་བཞིན་ནོ། །སྨྲ་བར་བྱེད་པ ་རང་འདོད་ཆགས་ལ་སོགས་པ་དང་ལྡན་པ་དག་བྱ་བ་བྱེད་བའི་ངོ་བོ་བཀག་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་མ་བསྟན་པ་ནི་དཔེར་ན་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་རྗེས་སུ་འགྲོ་བ་ཡོད་མེད་ཀྱི་ཁྱབ་བ་མ་བསྟན ་པ་ཞེས་བྱ་བ་སྟེ། དེ་ནི་སྨྲ་བའི་ཉེས་པས་དཔེ་ལྟར་སྣང་བ་ཡིན་ནོ། །རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ནི། དཔེར་ན་གང་རྟག་པ་དེ་ནི་བྱས་པ་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ནི་འདིར་ནི་རྟོག་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ་བསྒྲུབ ་པར་བྱ་བས་སྒྲུབ་པར་བྱེད་པ་ལ་ཁྱབ་པ་བསྟན་པར་བྱ་བ་ཡིན་གྱི། སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བསྟན་པར་བྱ་བ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་གི་དཔེ་ལྟར་སྣང་བ་ཡིན་ནོ། །དེ་དག་ནི་ཆོས་མཐུན ་པའི་དཔེ་ལྟར་སྣང་བ་དགུ་བསྟན་པར་ཡིན་ནོ། །ཆོས་མི་མཐུན་པའི་དཔེ་ལྟར་སྣང་བ་བསྟན་བར་བྱ་སྟེ། སྒྲུབ་པར་བྱ་བ་ལྡོག་པ་མེད་པའི་དཔེ་ལྟར་སྣང་བ་ནི། དཔེར་ན་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་།རྡུལ་ཕྲ་རབ་བཞིན་ནོ། །ཞེས་བྱ་བ་ནི་འདིར་རྡུལ་ཕྲ ་རབ་ནི་ཆོས་མི་མཐུན་པའི་དཔེ་ཡིན་པའི་ཕྱིར་ལུས་ཅན་མ་ཡིན་པ་བསྒྲུབ་པར་བྱེད་པའི་ཆོས་ལྡོག་པ་ཡིན་ཏེ། རྡུལ་ཕྲ་རབ་ནི་ལུས་ཅན་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་རྟག་བ་ནི་ལོག་པ་མ་ཡིན་རྡུལ་ཕྲ་རབ་ནི་རྟག་པའི ་ཕྱིར་རོ། །སྒྲུབ་པར་བྱེད་པ་ལྡོག་པ་མེད་པ་ནི། དཔེར་ན་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ལས་བཞིན་ནོ་ཞེས་བྱ་བ་ནི་འདིར་བསྒྲུབ་པར་བྱ་བའི་ཆོས་རྟག་པ་ཉིད་ལྡོག་པ་ཡིན་ཏེ། ལས་ནི་མི་རྟག་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ཆོས ་ན་ལྡོག་པ་མ་ཡིན་ཏེ། ལས་ནི་ལུས་ཅན་མ་ཡིན་པའི་ཕྱིར་རོ། །གཉི་ག་ལྡོག་པར་མེད་པ་ནི་དཔེར་ན་སྒྲ་ནི་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་འདིར་ནམ་མཁའ་ལ་སོགས་པའི་ཆོས་མི་མཐུན ་པའི་དཔེ་ལས་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་ལྡོག་པ་མེད་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང། སྒྲུབ་པར་བྱེད་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང། གཉི་ག་ལྡོག་པ ་ལ་ཐེ་ཚོམ་ཟ་བ་ལས་བསྒྲུབ་པར་བྱ་བ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་དཔེ་ལྟར་སྣང་བ་ནི་།དཔེར་ན་སེར་སྐྱ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་རྟགས་སུ་གྱུར ་པའི་བསྟན་བཅོས་འབའ་ཞིག་བྱས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདིར་ཆོས་མི་མཐུན་པའི་དཔེར་བརྗོད་པ་གང་ཐམས་ཅད་མཁྱེན་པ་མ་ཡིན་པ་དེས་ནི་སྐར་མ་ཤེས་པ་ལ་སོགས་པའི་བསྟན་ཆོས་ཏེ་དཔེར་ན ་ཁྱུ་མཆོག་འཕེལ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདིར་ཆོས་མི་མཐུན་པའི་དཔེར་བརྗོད་ལ། ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ་ལས་ཐམས་ཅད་མཁྱེན་པ་མ་ཡིན་པ་ལོག་གམ་མི་ལོག་ཐེ་ཚོམ་ཡིན་ནོ། །སྒྲུབ་པར་བྱེད་པ་ལྡོག ་ཐེ་ཚོམ་ཟ་བ་ནི། དཔེར་ན་འདིར་གསུམ་རིག་པའི་བྲམ་ཟེ་སོར་སྐྱེ་དང་གཟེགས་ཟན་ལ་སོགས་པའི་སྐྱེས་བུའི་ཚིག་ཟུང་བར་བྱ་བ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཞེས་བྱ་བ་འདིར་ཆོས་མཐུན་པའི ་དཔེ་བརྗོད་པ་ནི་ནང་གི་ཚིག་གཟུང་བར་བྱ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་གོ་ཏམ་ལ་སོགས་པའི་ཆོས་ཀྱི་བསྟན་བཅོས་རྩོཾ་པ་ལྟ་བུ་སྟེ། གཽ་ཏ་མ་ལ་སོགས་པ་ལས་འདོད་ཆགས་ལ་སོགས་པ་དད ་ལྡན་བའི་ཆོས་ལྡོག་པ་ལ་ཐེ་ཚོམ་ཟ་བའོ། །གཉི་ག་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་དཔེར་ན་སེར་སྐྱ་ལ་སོགས་པ་ནི་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ་ཡོངས་སུ་འཛིན་པ་དང་ཀུན་ཏུ་འཛིན་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ། འདིར་ཆོས ་མཐུན་པའི་དཔེར་བརྗོད་བ། གང་འདོད་ཆགས་དང་བྲལ་བ་དེ་ནི་ཡོངས་སུ་འཛིན་པ་དང། ཀུན་ཏུ་འཛིན་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་ཁྱུ་མཆོག་དང་འང་ལ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ། ཁྱུ་མཆོག་ལ་སོགས་པ་ཆོས ་མཐུན་པའི་དཔེ་ལས་འདོད་ཆགས་དང་བྲལ་བ་ཉིད་བསྒྲུབ་པར་བྱ་བའི་ཆོས་དང་ཡོངས་སུ་འཛིན་པ་དང། ཀུན་ཏུ་འཛིན་པ་སྒྲུབ་པར་བྱེད་པའི་ཆོས་ལྡོག་གམ་མི་ལྡོག་ཐེ་ཚོམ་ཟའི། །སྔར་མ་རྙེད་པ་དངོས་པོ་རྙེད་པ་མི་ཡོངས་སུ་འཛིན ་པའོ། །རྙེད་པ་ཡོངས་སུ་མི་གཏོང་བ་ནི་ཀུན་ཏུ་འཛིན་པའོ། །གཉིས་པ་དེ་དག་ཀྱང་ཁྱུ་མཆོག་ལ་སྲིད་དེ། གདུགས་དང། རྔ་ཡབ་དང། རྔ་བོ་ཆེ་རྣམས་ཡོངས་སུ་འཛིན་པ་དང། ཀུན་ཏུ་འཛིན་པ་ཐོས་པའི ་ཕྱིར་རོ། །ལྡོག་པ་མེད་པའི་ཆོས་མི་མཐུན་བའི་དཔེ་ལྟར་སྣང་བ་དང། ལྡོག་པ་རབ་ཏུ་མ་བསྟན་པ་དང། ལྡོག་པ་ཕྱིན་ཅི་ལོག་ཅེས་བྱ་བ་ལས། ལྡོག་པ་མེད་པ་ནི་དཔེར་ན་སེར་སྐྱེ་ལ་སོགས་པ་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། ་སྨྲས་པའི་ཕྱིར་རོ་གང་དུ་འདོད་ཆགས་དང་བྲལ་བ་མེད་པ་མ་ཡིན་ཏེ་དེ་ནི་སྨྲ་བ་མ་ཡིན་ཏེ། དཔེར་ན་བརྡོའི་དུམ་བུ་བཞིན་ནོ་ཞེས་བྱ་བ་ལ་གལ་ཏེ་འདི་རྡོའི་དུམ་བུ་ལས་ལོག་མོད་ཀྱི། འོན་ཀྱང་འདོད་ཆགས་དང་བྲལ་བ་ཐམས་ཅད ་ཁས་སྨྲ་བ་ལོག་པ་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཕྱིར་རོ། །ལྡོག་པ་མ་བསྟན་པ་ནི་དཔེར་ན་སྒྲ་མི་རྟག་སྟེ་བྱས་བའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཡང་དག་པ་དཔེ་ཟིན་ཡང། སྨྲ་བ་པོའི་ཉེས་པས ་དཔེ་ལྟར་སྣང་བ་ཡིན་ཏེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་སྨྲ་བ་པོའི་ཡོན་ཏན་དང། ཉེས་པ་གཉིས་རྣམ་པར་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་གང་རྟོག་པ་ཐམས་ཅད་ནི་ངེས་པར་མ་བྱས་པར་མཐོང་སྟེ། དཔེར ་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བའི་ཚིག་གི་རྣམ་པར་དབྱེ་སྟེ་སྨྲ་བ་པོས་བྱ་བར་སྔོན་དུ་འགྲོ་བའི་ལྡོག་པ་མ་བསྟན་པའི་ཕྱིར། ལྡོག་པ་རབ་ཏུ་མ་བསྟན་པ་ཞེས་བྱའོ་།ལྡོག་པ་ཕྱིན་ཅི་ལོག་ནི་དཔེར་ན། གང་མ་བྱས ་པ་དེ་ནི་རྟག་པར་མཐོང་སྟེ་ཞེས་བྱ་བ་འདིར་ནི་སྒྲུབ་པར་བྱེད་པ་ལོག་པ་ལ་ཁྱབ་པར་བསྟན་པར་བྱ་བ་ཡིན་ནོ། །དེས་ན་གང་དང་གང་བསྒྲུབ་པར་བྱ་བ་ལོག་པ་དེ་དང་དེས་ངེས་པར་སྒྲུབ་པར་བྱེད་པ་ལྡོག་པར་འགྱུར་རོ། །དཔེ་ལྟར་སྣང་བ་བཅོ ་བརྒྱད་བཤད་ཟིན་ཏོ། །ཕྱོགས་དང་གཏན་ཚིགས་དང། དཔེ་ལྟར་སྣང་བ་དེ་དག་ཉིད་ཀྱིས་རྒོལ་བས་སྒྲུབ་པར་མི་ཕྱེད་པའི་ཕྱིའི་རྒོལ་བས་སུན་འབྱིན་པ་ཉིད་ཉེ་བར་བཀོད་པ་དེ་དག་སུན་འབྱིན་པར་འགྱུར་བ་ཡིན་ཏེ། ཕྱོགས་སྔ་མ་རྒོལ་བའི ་མངོན་པ་འདོད་པའི་དོན་འགྲུབ་པ་ལག་གས་བྱེད་བའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མཚང་བར་བརྗོད་པ་ཉིད་སུན་འབྱིན་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་བཞིན་དུ་སུན་འབྱིན་པའི་མཚན་ཉིད་རྣམ་པར་ཕྱེ་སྟེ། ལོགས ་ཤིག་ཏུ་མ་བསྟན་ཏོ། །སུན་འབྱིན་པ་ལྟར་སྣང་བ་ནི་སུན་འབྱིན་པ་དེ་དག་ཉིད་ཕྱིར་རྒོལ་བས་སྨྲས་པ་ཡིན་ནོ། །གང་གི་ཚེ་ཕྱོགས་སྔ་མ་རྒོལ་བ་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་དེ་སུན་འབྱིན་པ་ལྟར་སྣང་བ་ཡིན་ཏེ། ལྟག་གཅོད ་ཅེས་བྱའོ། །ཡང་དག་བ་མ་ཡིན་པའི་སྐྱོན་བརྗོད་པ་ནི་ཕྱིན་ཅི་ལོག་གི་ལན་ཏེ་ལྟག་གཅོད་ཡིན་ནོ་ཞེས་བསྟན་ཏེ། དཔེར་ན་ཕྱོགས་སྐྱོན་མེད་པ་ལ་ཕྱོགས་ཀྱི་སྐྱོན་བརྗོད་པ་དང། གཏན་ཚིགས་སྐྱོན་མེད་པ་ལ་གཏན་ཚིགས་ཀྱི་སྐྱོན་བརྗོད་པ ་དང། དཔེ་སྐྱོན་མེད་པ་ལ་དཔེའི་སྐྱོན་བརྗོད་པ་ནི་སུན་འབྱིན་པ་ལྟར་སྣང་བ་ཞེས་བྱ་བར་རིགས་པའི་ཕྱིར་རོ། །དེ་ལ་གཞན་དག་ནི་དམ་བཅའ་བ་དང། གཏན་ཚིགས་དང། ཉེ་བར་སྦྱོར་པ་དང། མཇུག་བསྡུ་པ་དང། ཡན་ལག་ལྔ་དང་ལྡན་པ་ནི ་སྒྲུབ་པར་བྱེད་པ་ཡིན་ཞེས་ཟེར་ཏེ། དཔེར་ན་སྒྲ་མི་རྟག་སྟེ། ཞེས་བྱ་བ་ནི་དམ་བཅའ་བའོ། །བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་བྱས་པ་སྟེ་ཐམས་ཅད་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ ་ཞེས་བྱ་བ་ནི་དཔེའོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ནོ། །ཞེས་བྱ་བ་ནི་ཉེ་བར་སྦྱོར་བའོ། །དེ་བས་ན་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་པ་སྟེ། དཔེ་ལ་རྟོགས་པའི་ནུས་པ་ཅན་གྱི་གཏན་ཚིགས་ཆོས་ཅན་ལ་ཉེ་བར་སྦྱོར་བ་ནི ་ཉེ་བར་སྦྱོར་བ?་ཞེས་བྱའོ། །དམ་བཅའ་བ་ཡང་ཟློས་པ་ནི་མཇུག་བསྡུ་བ་ཞེས་བསྟན་ཏོ། །དེ་ལྟ་བུ་ནི་མེད་དེ་རྗེས་སུ་འགྲོ་བ་དང། ལྡོག་པ་དང། ཕྱོགས་ཀྱི་ཆོས་ཞེས་བྱ་བ་ཡང་གསུམ་པ་ཉིད ་ཀྱིས་བསྒྲུབ་པར་བྱ་བའི་དོན་འགྲུབ་པའི་ཕྱིར་རོ། །འདི་ལྟར་རྩོད་བའི་དུས་སུ་ཁྱབ་པ་སྔོན་དུ་འགྲོ་བ་ཉིད་ཀྱི་སྦྱོར་བ་ཞེས་བྱ་སྟེ། གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ནི། དཔེ ་ལ་བསྒྲུབ་པར་བྱ་བས་སྒྲུབ་པར་བྱེད་པ་ལ་ཁྱབ་པ་བསྟན་པ་ནི་རྗེས་སུ་འགྲོ་བ་ཞེས་བསྟན་ཏོ། །མི་མཐུན་པའི་ཕྱོགས་ལ་ཡང་བསྒྲུབ་པར་བྱ་བ་ལོག་པས་སྒྲུབ་པར་བྱེད་པ་ལ་ནི་ལྡོག་བ་ཅེས་པ་བསྟན་ཏོ། །དཔེར་ན་མི་རྟག་པ་མེད་པས ་བྱས་པ་ཉིད་དུ་མི་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པའིཕྱིར་ཞེས་བྱ་བ་ལས་ཕྱོགས་ཀྱི་ཆོས་བསྟན་ཏོ། །དམ་བཅའ་བ་དང་འཇུག་བསྡུ་བ་ནི་རྣམ་པ་ཐམས་ཅད་དུ་བརྗོད་པར་མི་བྱའོ། །དེ་བཞིན་དུ་ཆོས ་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་རྗེས་སུ་འགྲོ་བ་བརྗོད་པ་ཤུགས་ཉིད་ཀྱིས་ལྡོག་པ་ཁོང་དུ་ཆུད་པས་འདི་ལོགས་ཤིག་ཏུ་མ་བསྟན་ཏོ། །དཔེར་ན་གང་བྱས་པ་དེ་དག་ཐམས་ཅད་ནི་མི་རྟག་པ་མཐོང་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ ་བུའོ། །སྒྲ་ཡང་བྱས་བ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བའོ། །ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་ལྡོག་པ་བསྟན་བའི་ཤུགས་ཉིད་ཀྱི་རྗེས་སུ་འགྲོ་བ་རྟོགས་པའོ། །འདིར་ཡང་རྗེས་སུ་འགྲོ་བ་བརྗོད་པར་མི ་བྱའོ། །གང་རྟག་པ་དེ་ནི་མ་བྱས་པར་མཐོང་སྟེ། །དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་སྦྱོར་བའོ། །བསྒྲུབ་པ་ལྟར་སྣང་བ་དང། སུན་འབྱིན་པ་ལྟར་སྣང་བ་བཤད ་ཟིན་ཏོ། །མངོན་སུམ་ཅི་འདྲ་བ་ཞིག་ཡིན་ཞེ་ན། མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་སྟེ་དབང་པོ་ལ་སོ་སོར་གནས་པ་ནི་རྟེན་པའི་རྣམ་པར་ཞེས་པ་གང་ཡིན་པ་དེ་ནི་མངོན་སུམ་སྟེ། དབང་པོ་ལྔ་ལ་བསྟེན་པའི་ཤེས་པ་ཡིན་ནོ ་ཞེས་བྱ་བའི་ཐ་ཚིག་གོ་།ཤིན་ཏུ་ལ་སོགས་པ་གནན་པ་ལ་སོགས་པའི་དོན་ལ་གཉིས་པ་ཞེས་བྱ་བ་བྱེད་པ་པོའི་བསྡུ་བས་མངོན་གྱི་སྒྲ་ནི་བརྗོད་པར་བྱ་བའི་རྟགས་སུ་གྲུབ་སྟེ་མངོན་སུམ་རྟོགས་པ་དང། མངོན་སུམ་བློ་དང། མངོན་སུམ ་ཤེས་པ་ཞེས་བྱ་བ་ནི་རིགས་པར་གྱུར་པ་ཡིན་ནོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཞེས་བྱ་བ་ནི་དབང་པོ་ལྔ་སྟེ། དེ་ལ་བརྟེན་པའི་ཤེས་པ་ལྔ་ནི་གཟུང་པའི་ཡུལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཞེས་བྱ་བ་གཞལ་བྱ་ལྔ་ཉིད ་འཚད་མ་ཡིན་ནོ། །མངོན་སུམ་དེ་ཡང་མིང་དང་རིགས་ལ་སོགས་པའི་རྟོག་པ་དང་བྲལ་བའམ། རྣམ་པར་མི་རྟོག་པ་དང། གལ་ཏེ་ཡང་འཁྲུལ་བར་མ་གྱུར་པ་ཡིན་ན་ཚད་མར་བཤད་དེ། བསྟན་པའི་དོན་ལ་མི་བསླུ་བའི་ཕྱིར་རོ། ། ་དེ་ལ་མིག་གི་རྣམ་པར་རྟོག་པ་ནི་འདི་ནི་ལྷས་བྱིན་ནོ་ཞེས་བྱ་བར་ཤེས་པའོ། །རིགས་ཀྱི་རྣམ་པར་རྟོག་པ་ནི་འདི་ནི་བ་ལང་ངོ་སྙམ་དུ་ཤེས་པའོ། །ཁྱད་པར་དང་ཁྱད་པར་དུ་བྱ་བའི་རྣམ་པར་རྟོག་པ་ནི་ཨུཏཔ་ལ་སྔོན་པོ་ཞེས་པའོ། །གཞན ་ཡང་རྣམ་པར་རྟོག་པ་དང་བཅས་བའི་མངོན་སུམ་ལྟར་སྣང་བ་དང། ཡང་དོན་ལ་འཁྲུལ་པ་རབ་རིབ་ཀྱི་ཟླ་བ་གཉིས་སུ་ཤེས་པ་དང། ཉ་ཕྱིས་ལ་དངུལ་དུ་ཤེས་པ་དང། འདི་ནི་སྡོང་དུམ?་འམ་སྐྱེས་བུའོ་ཞེས་ཤེས་པ་ཡིན་ནོ། ཤེས་པ ་གཞན་ཡང་མངོན་སུམ་ལྟར་སྣང་བ་ཡིན་ཏེ། བསྟན་པའི་དོན་དང་ཕྲད་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་མངོན་སུམ་ནི་རྣམ་པ་གསུམ་སྟེ། ཐ་སྙད་འདོགས་པའི་དབང་པོའི་ཤེས་པ་དང། སེམས་དང་སེམས་ལས་བྱུང་བ་ཐམས་ཅད ་རང་གི་ངོ་བོ་རིག་པ་ནི་རང་རིག་པ་དང། ཡང་དག་པའི་དོན་བསྒོམས་པས་གསལ་བ་རབ་རིབ་ཀྱི་མཐར་ཐུག་པ་ནི་རྣལ་འབྱོར་གྱི་ཤེས་པའོ། །དེའི་ཡུལ་ནི་རང་གི་མཚན་ཉིད་དེ། གདོན་བྱེད་པར་ནུས་པ་སྟེ། ་རང་གི་མཚན་ཉིད་ལ་བྱའོ། །སྤྱིས་ནི་དོན་བྱེད་པར་ནུས་པ་མ་ཡིན་ནོ། །དེ་དག་ཉིད་ཀྱང་མངོན་སུམ་གྱི་ཚད་མ་ཡིན་ནོ། །དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་འབྲས་བུ་ཡང་ཡིན་ཏེ། དེ་དང་འདྲ་བ་ཚད་མ་དང་འབྲས་བུ་ལ ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་རང་གི་དོན་ནི་རེ་ཤིག་ཕྱོགས་ཀྱི་ཆོས་གཟུང་ནས། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འབྲེལ་པ་དྲན་པའི ་རྗེས་ལ་རྟོགས་པ་བོས་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ། གང་ཡིན་པ་དེ་ཉིད་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་རྣམ་པ་གསུམ་ཉིད་དུ་འགྱུར་ཏེ། འབྲས་བུ་དང་རང་བཞིན་དང་མི་དམིགས་པའོ།། ་རྒྱུ་དང་འབྲས་བུར་གྲུབ་ན་འབྲས་བུའི་གཏན་ཚིགས་ཡིན་པར་ལྟ་སྟེ། དཔེར་ན་གང་ན་དུ་བ་ཡོད་པར་མེ་ཡོད་དེ། དཔེར་ན་ཆེ་བ་ལ་སོགས་པ་བཞིན་ནོ། །འདི་ན་ཡང་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །མེ་མེད་ན་དུ་བ་ཡང ་ཡང་མེད་དེ། དཔེར་ན་ཆུ་དང་བཅས་པའི་ཕྱོགས་ལྟ་བུའོ། །འདི་ནི་རང་དུག་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །རང་བཞིན་གྱི་གཏན་ཚིགས་ནི་འདི་ནི་ཤིང?་ཡིན་ཏེ། ཤིང་ཤ་བ་ཡིན་པའི་ཕྱིར་སྔོན་ཐ་སྙད་ཞུགས་པའི་ཤིང ་ཤ་བ་བཞིན་ནོ། །ཤིང་མེད་ན་ཤིང་ཤ་བ་མེད་ད། དཔེར་ན་ཤིང་གིས་དབེན་པའི་ཕྱོགས་བཞིན་ནོ། །འདིར་ཡང་ཁྱབ་པར་བྱེད་བའི་ངོ་བོ་དེས་ན། ཁྱབ་པར་བྱ་བའི་གཏན་ཚིགས་ཡིན་པར་ལྟའོ། །མི་དམིགས་པའི ་གཏན་ཚིགས་ནི། འདི་ནི་བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་ཏེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །འདིར་ཡང་དམིགས་སུ་རུང་བ་དམིགས་པ་ལ། དམིགས་སུ་རུང་བ་མེད་པས་ཁྱབ ་པར་གལ་ཏེ་དེས་ན་དེའི་ཆེ་གཏན་ཚིགས་འདི་རྟགས་པར་བྱེད་པ་ཡིན་ནོ། །རྗེས་སུ་དཔག་པ་ལྟར་སྣང་བ་ཅི་འདྲ་བ་ཞིག་ཅེ་ན། སྔ་མ་དང་ལྡན་པ་དང། ལྷག་མ་དང་ལྡན་པ་དང། སྤྱི་མཐོང་བ་སྟེ། གཞན་གྱིས་བརྟགས་པའི་རྗེས་སུ་དཔག ་པ་ཐམས་ཅད་ནི་རྗེས་སུ་དཔག་པ་ལྟར་སྣང་བ་ཡིན་ཏེ། དེ་རྣམས་པ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་འབྲེལ་པ་དང། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་བའི་འབྲེལ་པ ་གྲུབ་པ་ཉིད་དུ་གྱུར་ན། བསྒྲུབ་པ་ཕྱབ?་དང་སྒྲུབ་པར་བྱེད་པའི་འབྲེལ་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ཏེ་བསླུ་བ་མེད་པའི་ཕྱིར་རོ། །དཔེར་ན་སྦྲིན་འདི་ཆར་ལྟར་བལྟས་པ་ཡིན་ཏེ། འབྲུག་སྒྲ་ཟབ་མེ་དང་ལྡན་པའི་ཕྱིར་རོ། །ཞེས་བྱ ་བ་ལ། །སྒྲ་ཟབ་མོ་དང་འདྲ་བའི་སྤྲིན་ལས་ཆར་མི་འབྱུང་བ་སྲིད་པའི་ཕྱིར་རོ། །དཔེར་ན། སྟོང་དུ་ཆུར་བབ་པ་ཡིན་ཏེ།། གཙང་པོ་རྒྱས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ། གཙང་པོ་འགགས་པ་ལས་ཀྱང་ཆུ་བོ་རྒྱས་པར་མཐོང་བའི ་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་འདི་དག་ནི་ཚེ་པ?་ཡིན་ཏེ། བྲུ་བ་ཅིག་གི་ནང་ན་ཡོང་པའི་ཕྱིར་མཐོང་བའི་འབྲས་བཞིན་ནོ། །འབྲས་བུ་འདི་དག་ནི་སྨིན་པ་ཡིན་ཏེ་ཡལ་ག་གཅིག་ལས་སྐྱེས་པའི་ཕྱིར་ཟོས་པའི་འབྲས་བུ་བཞིན ་ཞེས་བྱ་བ་ལ་འདིར་ཕལ་ཆེར་དེ་ལྟར་མཐོང་ཡང་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་དག་ལ་ནི་བསླུ་བ་ཡོད་པ་ཁོ་ནའོ། །དཔེར་ན་གངས་ལ་སྐྱེས་པ་དེ་དག་ཐམས་ཅད་ནི། ལྕགས་ཀྱི་གཅོད་པར་མཐོང་སྟེ། དཔེར་ན་ཤིང་ལ་སོགས་པའ? ་བཞིན་ནོ་ཞེས་བྱ་བ་ལ་རྡོ་རྗེ་ཡངས་ལས་སྐྱེས་པ་ཡིན་ནོ། །གང་སྲོག་ཆགས་ཡིན་པ་དེ་དག་ཐམས་ཅད་ནི། མགྲིན་པ་དང་བཅས་པ་ཡིན་ཏེ། དཔེར་ན་རྔ་མོ་ལ་སོགས་པ་བཞིན་ནོ། །བསྟན་བྱ་བ་ལ། ཀུན་ལ ་ར་ཡང་སྲོག་ཆགས་ཡིན་ནོ། །དཔེར་ན་གང་ཞུ་བའི་རྫས་དེ་ནི་རླན་གྱིས་བྱས་པར་མཐོང་སྟེ། དཔེར་ན་ཆུ་བཞིན་ནོ། །ཞེས་བྱ་བ་ལ་རྡུལ་ཆུ་ཡང་ཞུ་བའི་རྫས་ཡིན་བཞིན་ནོ། །དེ་བཞིན་དུ་གཞན་དག་ཀྱང་རྗེས་སུ་དཔག་པ་ལྟར་སྣང་བ ་ཡིན་པ་བལྟ་བར་བྱའོ། །གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། མཁས་པ་ཆེན་པོ་ཛེ?་ཏ་རིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཤུ་མཱ་རཀླ་ཤུ་དང། ་མོ་ཙཱ་བ་དེག་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་བབ་པའོ།། །།ཆོས་དང་ཆོས་ཅན་གཏན་ལ་དཔག?་།རྒྱ་གར་སྐད་དུ། དྷརྨ་དྷརྨ་བི་ནི་ཤཙ་ཡ། བོད་སྐད་དུ། ཆོས་དང་ཆོས ་