| Wylie | e-texts based on the ACIP/ALL Input |
བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྭའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་བསྐྱུར་བའོ། །སླད་ནས་པཎྜི་ཏ་ཆེན་པ་དེ་ཉིད་དང། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨནྟ་ར་བྱ་བ ་ཏེ། བོད་སྐད་དུ། ནང་གི་ཁྱབ་པ་འཕགས་པ་འཇམ་དཔ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདིར་ཡོད་པ་དོན་བྱ་བ་བྱེད་པ་ཡིན་ཏེ། ལས་གཞན་ཡོད་པའི་མཚན་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་ཡང་རིམ་དང་ཅིག་ཅར་དག ་གིས་ཁྱབ་བ་ཡིན་ཏེ། དེ་དག་ཕན་ཚུན་རྣམ་པར་གཅོད་པའི་མཚན་ཉིད་ཡིན་པ་ཉིད་ཀྱིས་ན་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པ་ལ་རིམ་པ་དང་ཅིག་ཅར་གྱི་དོན་བྱེད་པ་མེད་དོ། །དུས་སྔ་ཕྱིར ་འགྱུར་བ་མེད་པའི་རང་བཞིན་གཅིག་པ་ནི་བྱེད་པ་པོ་ཉིད་དང་བྱེད་པ་པོ་མ་ཡིན་པ་ཉིད་འགལ་བའི་ཆོས་གཉིས་མི་རིགས་པ་ཡིན་ནོ། །དེ་ལ་དེ་ཞིག་རིམ་གྱིས་མ་ཡིན་ཏེ། དམིས?་པ་དང་བཅས་པ་རེ་རེ་དུས་སྔ་ཕྱི་ལ་བྱེད་པ་པོ་དང་བྱེད་པ་པོ་མ་མིན ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཐམས་ཅད་དུ་རིམ་པ་མེད་པའི་ཕྱིར་བྱ་བ་ཐམས་ཅད་ལ་ཅིག་ཅར་འབའ་ཞིག་ཏུ་ད་ལྟར་བར་གནས་པ་ཡིན་ཏེ། དེ་ལ་དུས་སྔ་ཕྱིར་བྱེད་པ་པོ་ཉིད་དང་བྱེད་པ་པོ་ཉིད་མ་ཡིན་པར་ཤིན་ཏུ་འགལ ་བར་ཐལ་བར་འགྱུར་རོ། །བྱེད་པ་པོ་ཉིད་དང་བྱེད་པ་པོ་ཉིད་མ་ཡིན་པ་འགལ་བ་ཆོས་ཅན་གཅིག་ལ་མི་སྲིད་པའི་ཕྱིར་རོ། །ངོ་བོ་གཅིག་ལ་ཡང་དུས་དེ་སྲིད་ཀྱི་བར་དུ་སྐད་ཅིག་མ་ཡིན་པའི་ཕྱིར་འདི་ལ་རིམ་དང་ཅིག་ཅར་འབྲེལ་པ་མེད་པར ་འགྲུབ་པོ། །དེ་ལྟར་ན་སྐད་ཅིག་མ་ཡིན་པ་ལ་ཁྱབ་པར་བྱེད་པ་མི་དམིགས་པ་ཡོད་པ་ཉིད་བཀག་པས་སྐད་ཅིག་མ་ཉིད་དུ་གནས་པའི་ཕྱིར་སྐད་ཅིག་མ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། དེ་ལ་དེས་ཁྱབ་བར་ཆོས་ཅན་གང་ལ་གྲུབ་པ་དེར་སྐད ་ཅིག་ཉིད་དུ་གྲུབ་པར་བྱེད་དོ། །ད་ནི་འདི་དཔྱད་པར་བྱ་སྟེ། དཔེའི་ཆོས་ཅན་ནམ་བསྒྲུབ་པར་བྱ་བའི་ཆོས་ཅན་གང་ལས་འདིར་ཁྱབ་པ་འཛིན་ཞེས་ན་ཁ་ཅིག་ནི་དཔེའི་ཆོས་ཅན་ལས་དུ་བ་བཞིན་ནོ་ཞེས་ཟེར་རོ། །གཞན་དུ་ན་སྒྲུབ་པར ་བྱེད་པ་དོན་མེད་པའི་ཕྱིར་དང། ཁྱབ་པ་གྲུབ་པས་ཆོས་གཉིས་གྲུབ་པ་མེད་ན་མི་འབྱུང་བའི་ཕྱིར་གང་གི་ཕྱིར་ཚང་བར་དུ་མེ་དང་དུ་བའི་ཁྱབ་པ་གྲུབ་པ་ན་མེ་གྲུབ་བན?་ཡང་མེ་གྲུབ་པའི་ཕྱིར་རྟག་ཏུ་དུ་བ་ལས་སྐྱེས་པའི་རྗེས་སུ་དཔག་པ་ཚོལ་བར་མི ་བྱེད་དོ། །མི་འདྲ་བར་བཀོད་པ་ཡིན་ཏེ་འདི་ལྟར། དེ་ལ་ཆོས་གཉིས་མཐོང་བ་ཡིས། །དཔེ་ལ་ཁྱབ་པ་འཛིན་པ་ཡིན་གཏན་ཚིགས་ཙམ་ནི་མཐོང་བ་ཡིས། །ཕྱོགས་ལ་ཁྱབ་པ་འཛིན་པ་ཡིན། །དེ་ཡང་ཐམས་ཅད་ཉེར་བསྡུས་པ། །སྤྱི་ཉིད་ལ་ནི ་དམིགས་པ་སྟེ། །དེ་ནི་ཆོས་ཅན་ལ་འཇུག་པས། །རྗེས་སུ་དཔག་པས་རྟོགས་པ་ཡིན། །མངོན་སུམ་གྱི་མཐོང་བ་དག་གིས་མེ་དང་དུ་བ་རྒྱུ་དང་འབྲས་བུའི་ངོ་བོར་གྲུབ་མེད་གཉིས་ཀྱིས་ཁྱབ་པ་འགྲུབ་སྟེ། མངོན་སུམ་གྱིས་མེ་དང་ལྡན་པར་གྲུབ་ནི་རྗེས་སུ ་དཔག་པ་འབྲས་བུ་མེད་པ་ཡིན་ནོ། །ཁྱབ་པ་གྲུབ་པའི་སྔ་རོལ་ཏུ་ཚད་མ་གཞན་གྱི་ཆོས་ཅན་ལ་སྐད་ཅིག་མ་ཉིད་དུ་གྲུབ་པ་མ་ཡིན་ཏེ། འདིར་སྒྲུབ་པར་བྱེད་པའི་ཆོས་འདི་ཁོ་ན་འབའ་ཞིག་མཐོང་བས་བཟློག་ན་གནོད་པ་ཅན་གྱི་སྟོབས་ཀྱིས་དེ་ལ་སྐད ་ཅིག་མ་གཉིས་ཀྱིས་ཁྱབ་པར་རྟོགས་སོ། །དེ་ལ་གང་གིས་ན་སྒྲུབ་པར་བྱེད་པ་དེ་དོན་མེད་པ་ཡིན། དོན་མེད་པ་ཉིད་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱིས་ཁྱབ་པ་ཡོད་པ་དེ་བཞིན་དུ་ཆོས་ཅན་ལ་རྟོགས་ན་སྐད་ཅིག་པ་ཉིད་དུ་ཡང་རྟོགས་སོ་ཞེས་ཟེར་ན། ་མ་ཡིན་ཏེ། ཐམས་ཅད་བསྡུས་པ་དང་ལྡན་པའི་ཁྱབ་པ་ནི་སྒྲུབ་པར་བྱ་བ་འགྲུབ་པའི་ཡན་ལག་ཡིན་ལ། དེ་བས་ན་འདི་ནི་ཆོས་ཅན་གྱི་ཁྱད་པར་ལ་བལྟོས་པ་མེད་པར་སྒྲུབ་པར་བྱེད་པའི་ཆོས་ཙམ་དམིགས་པ་སྟེ། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ ་ཞེས་བྱ་བ་བཞིན་ནོ། །ཡང་ན་གང་ཚང་པང?་གི་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་གང་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བས་ཁྱབ་བ་རྟོགས་ན་སྒྲུབ་པར་བྱེད་པའི་ཆོས་ཀྱང་ཆོས་ཅན་ལ་ཡོད ་པའི་ནང་དུ་མི་འདུན་བསྒྲུབ་པར་བྱ་བའི་ཆོས་ལྟ་ཅི་སྨོས། དེ་ལྟ་བས་ན་ཡོད་པའི་སྤྱི་སྒྲུབ་པར་བྱེད་པའི་ཆོས་ཕྱོགས་ཀྱི་ཆོས་ཉིད་ཁྱབ་པ་སོ་སོར་རྟོགས་ནས་དེ་གཉིས་ཀྱིས་ནུས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་འཇུག་བའི་ཕྱིར་གང་གིས་ན ་རྗེས་སུ་དཔག་པ་འབྲས་བུ་མེད་པ་ཡིན། །གལ་ཏེ་དེ་ལྟ་བུའི་ཁྱབ་པ་རྟོགས་ན་ཆོས་ཅན་ལ་མཆོག་ཏུ་འཛིན་པ་མེད་པས་ཁྱབ་པ་འཛིན་ན་དེ་ལ་མཐོང་བའི་ཡོད་པའི་ཁྱབ་པ་གང་དུ་རྟོགས་ཏེ་།དཔེར་ན་ཚང་བར ་དུ?་མཐོང་བས་མེ་དང་དུ་བའི་ཁྱབ་པ་གཟུང་བས་དཔོའི?་ཆོས་ཅན་ལ་ཁྱབ་པ་གཟུང་བ་མ་ཡིན་ནོ་ཞེས་ཟེར་ན་མ་ཡིན་ཏེ། ཁྱབ་པར་འཛིན་ཚང་བང་ལ་མཆོག་ཏུ་འཛིན་པ་མེད་དོ་ཞེས་བསྟན་ཏོ། །ཁྱབ་པ་དང་ཕྱོགས་ཀྱི་ཆོས་གཉིས་སོ་སོར ་རྟོགས་བས་ཀྱང་གང་ལ་ཕྱོགས་ཀྱི་ཆོས་ཉིད་རྟོགས་པ་དེ་ཉིད་ལ་བསྒྲུབ་པར་བྱ་བ་ཁྱབ་པར་རྟོགས་པའི་ཕྱིར་ཤུགས་ཀྱིས་བསྒྲུབ་པར་བྱ་བ་རྟོགས་པ་མ་ཡིན་ནམ། ཇི་ལྟར་བསྒྲུབ་པར་བྱེད་པ་དོན་མེད་པ་མ་ཡིན། འོན་ཀྱང་ཕྱོགས་ཀྱི ་ཆོས་ཉིད་རྟོགས་པས་བསྒྲུབ་པར་བྱ་བ་རྟོགས་པ་མ་ཡིན་ཏེ་བསྒྲུབ་པར་བྱ་བའི་ཆོས་ལ་མ་རེག་པའི་ཕྱིར་རོ། །ཁྱབ་པ་རྟོགས་པ་ཉིད་ཀྱང་བསྒྲུབ་པར་བྱ་བ་གྲུབ་པ་ནི་མ་ཡིན་ཏེ། སྤྱི་ལ་དམིགས་པ་ཉིད་ཀྱི་ཆོས་ཅན་གྱིས་ཁྱད་པར་གྱིས ་ཆོས་དག་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །གཞན་དུ་ན་ཁྱད་པར་གྱི་ཆོས་དག་གིས་ཁྱབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཁྱབ་པའི་ཡུལ་འདིས་ཤུགས་ཀྱིས་གཏན་ཚིགས་བསྟན་ཏོ། །གལ་ཏེ་གཏན་ཚིགས་ཀྱི་ཚུལ ་གསུམ་ཡོངས་སུ་བཅད་པའི་ཤུགས་ཀྱིས་བསྒྲུབ་པར་བྱ་བ་རྟོགས་པ་འབྱུང་དེ་ཞེས་ཟེར་ན། དེ་ལྟ་ན་ཁྱོད་ཀྱི་ཡང་གཏན་ཚིགས་དོན་མེད་པ་ཡིན་ཏེ། རང་གི་ངོ་བོ་ངེས་པས་བསྒྲུབ་པར་བྱ་བ་ངེས་པ་བསྐྱེད་པའི་ཕྲིར་རོ། །དེ་ཙམ་ལས་རྟགས ་ཀྱི་བྱ་བ་འགའ་ཡང་མེད་དོ། །གཞན་ཡང། ཕྱོགས་ཀྱི་ཆོས་ཉིད་གཟུང་བ་ལས། །འབྲེལ་པ་ཡི་ནི་དྲན་པ་ཡིས། །རྗེས་སུ་དཔག་པ་བྱེད་འདོད་ན། །དེ་བཞིན་ཁྱབ་པ་ཀྱང་འདོད་ཀྱིས། །ཕྱིའི་ཁྱབ་པ་སྨྲ་བ་ལ་ཡང་ཁྱབ་པ ་བརྗོད་པས་རྗེས་སུ་དཔག་པས་འཇུག་པ་མེད་དོ། །དེ་ལ་གང་གི་ཕྱོགས་ཀྱི་ཆོས་ཉིད་རྟགས་པས་དེ་ལ་སྒྲུབ་པའི་བྱ་བའི་ཆོས་ཀྱིས་ཁྱབ་པ་དྲན་པའི་ཕྱིར་ཅིའི་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་དོན་མེད་པ་མ་ཡིན། བསྒྲུབ་པར་བྱ་བའི་ཆོས་ཅན ་ལ་མཆོག་ཏུ་མི་འཛིན་པས་ཁྱབ་པ་དྲན་པའི་ཕྱིར་རོ་ཞེས་ཟེར་ན། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཐོང་བ་ཉིད་ཀྱིས་ཁྱབ་པ་དྲན་པའི་ཕྱིར་ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཆོག་ཏུ་མི་འཛིན་པ་ཡིན། ཁྱབ་པ་སྤྱི་ལ་དམིགས ་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱའི་ཆོས་ཅན་ཡོངས་སུ་མི་གཅོད་དོ་ཞིས་ཟེར་ན། དེ་ལ་མཐོང་བས་མ་ཡིན་ནམ། ཇི་ལྟར་ངེས་ཡོངས་སུ་མི་གཅོད་དེས་ཡོངས་སུ་གཅོད་ན་ཡང་ཐུན་མོང་མ་ཡིན་པའི་ཕྱིར་ཇི་ལྟར་ཁྱབ། མ་འབྲེལ་པ་རྣམ་པར་གཅོད ་པའི་ཁྱད་པར་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པ་མ་ཡིན་ནོ་ཞེས་ཟེར་ན། དེ་ལྟར་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཆོག་ཏུ་མི་འཛིན། གང་དང་གང་ནི་རིའི་དུ་བ་ཡོད་པ་དེ་དང་དེ་ན་མེ་ཡོད་དེ། དཔེར་ན་ཚང་བང་བཞིན་ནོ་ཞེས་བྱ་བ ་ལྟ་བུའོ། །སྤྱི་ལ་འཛིན་པའི་ཁྱབ་པ་ལོང་ན་ཆོས་ཅན་གྱིས་ཁྱད་པར་ལ་མཆོག་ཏུ་འཛིན་པའི་ཡན་ལག་མ་ཡིན་ཕྱིར་ཞེས་ཟེར་ན། འདི་ནི་རིགས་སྟེ་བསྒྲུབ་པའི་ཆོས་ཅན་དང་མ་འབྲེལ་པ་རྣམ་པར་གཅོད་པ་དང། སྒྲུབ་པར་བྱེད་པའི་ཆོས་ཀྱི་ངོ་བོ ་གཞན་ཉིད་ཕྱོགས་ཀྱི་ཆོས་ཉིད་དུ་བཅད་པ་ཡིན་གྱི། དེ་ལ་ཁྱབ་པའི་ཡན་ལག་མ་ཡིན་ཏེ། དེ་མེད་པས་ཀྱང་སྤྱི་ལ་དམིགས་ལ་དམིགས་པ་ཡོངས་སུ་གཅོད་པ་གྲུབ་པའི་ཕྱིར་རོ། །གཞན་དུ་ན་དཔེའི་ཆོས་ཅན་ལ་ཁྱབ་པ་འཛིན་པའི་གཏམ་དུ ་ཇི་ལྟར་འགྱུར་ཏེ་དེའི་ཚེ་ཕྱོགས་ཀྱི་ཆོས་ཉིད་མི་འཛིན་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་ཉིད་འཛིན་ན་ཡང་དེ་ཉིད་ཀྱི་ཚེ་བསྒྲུབ་པར་བྱ་བ་ཡང་ཤུགས་ཀྱིས་གྲུབ་པའི་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་དོན་མེད་པར་ཐལ་བར་འགྱུར་རོ། །དུས་ཕྱིས་བྱུང་བའི ་རྟགས་ཅན་གྱིས་ཤེས་པ་ཡང་དྲན་པ་ཉིད་ཡིན་གྱི་ཚད་མ་ནི་མ་ཡིན་ནོ། །དེ་བས་ན་ཁྱབ་པའི་ཡན་ལག་མ་ཡིན་པའི་ཕྱིར་ཕྱོགས་ཀྱི་ཆོས་ཉིད་ཁྱད་པར་འཛིན་པའི་ནང་དུ་འདྲ་བར་མི་འགྱུར་བའི་ཕྱིར་ཐ་དད་པར་འཛིན ་པ་དང། དྲན་པའི་ཕྱོགས་ཀྱི་ཆོས་ཉིད་དང་ཁྱབ་པ་དག་གིས་ཤུགས་ཀྱིས་རྗེས་སུ་དཔག་པར་བྱ་བའི་ཤེས་པ་འབྱུང་ངོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་རྣམས་དོན་མེད་པར་འདོད་པར་མི་བྱ་སྟེ། རྗེས་སུ་དཔག་པ་འབྲས་བུ་བཅས་པའི་ཕྱིར་རོ། ། ་དེ་བཞིན་དུ་ཐ་དད་པར་འཛིན་པ་དང། དྲན་པའི་ཕྱོགས་ཀྱིས་ཆོས་ཉིད་དང། དྲན་པའི་ཤུགས་ཀྱིས་རྗེས་སུ་དཔག་པ་འབྱུང་པ་ནང་གི་ཁྱབ་པ་ལ་ཡང་ཅིའི་ཕྱིར་འདོད། །ཡང་དེ་འདོད་ན་སྒྲུབ་པར་བྱེད་པ་ཇི་ལྟར་དོན་མེད་བ་ཡིན། །ཚུལ ་གསུམ་རྟོགས་པའི་ཤུགས་ཀྱིས་རྗེས་སུ་དཔག་པར་བྱ་བ་རྟོགས་ཞེ་ན། དེ་སྐྱེད་པའི་ནུས་པ་ཉིད་ལས་ཤུགས་ཞེས་བཤད་དོ། །ཚུལ་གསུམ་རྟོགས་པའི་ནང་དུ་བསྒྲུབ་པར་བྱ་བ་རྟོགས་པ་འདུ་བ་མ་ཡིན་ནོ་ཞེས་བྱ་བར་ཐམས་ཅད ་མཚུངས་སོ། །མཚུངས་པ་མ་ཡིན་ཏེ། ནང་གི་ཁྱབ་པ་ལ། ཁྱབ་པ་རྟོགས་པ་ཉིད་ཀྱིས་ཕྱོགས་ཀྱི་ཆོས་ཉིད་རྟོག་པར་ཡིན་ཏེ། ཕྱོགས་ཀྱི་ཆོས་ཉིད་མ་རྟོགས་ན་ཁྱབ་པ་ཡང་མི་རྟོགས་པའི་ཕྱིར་རོ། །དེ་བས་ན་ནང་གི་ཁྱབ ་པ་ལ་ཁྱབ་བ་ནང་དུ་འགྲོ་བའི་བསྒྲུབ་པར་བྱེད་པའི་ཚིག་ལ་ཕྱོགས་ཀྱི་ཆོས་དོན་མེད་པ་ཡིན་གྱི་སྤྱིའི་ཁྱབ་བ་ནི་དེ་ལྟ་མ་ཡིན་ཏེ། ཕྱི་རོལ་ཉིད་ཀྱི་ཁྱབ་པ་འཛིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། རིམ་པ་གང་ཡང་རུང་བས་འདིར། ། ་སྒྲུབ་བྱེད་རབ་ཏུ་སྦྱོར་གྱུར་ན། ཕྱོགས་ཀྱི་ཆོས་ཉིད་ཤེས་པ་ཡིས། །ཕྱིས་ནི་ཁྱབ་པ་རྟོགས་པར་འགྱུར། །ཁྱོད་ཕྱོགས་བཞིན་དུ་དཔེ་ལ་ནི། །དེ་ལས་དེ་གཞན་ཇི་ལྟ་བུ། །གཉིས་མཐོང་ནས་ནི་ཤེས་ཤེ་ན། །ཁྱབ་སྔོན་གཉིས་མཐོང་ཇི ་ལྟར་ཡིན། །ཁྱབ་པ་དང་ཕྱོགས་ཀྱི་ཆོས་རིག་པ་གང་ཡང་རུང་བས་རབ་ཏུ་སྦྱོར་བ་ཡིས་རང་གི་ཚིགས་དག་གིས་བསྟན་གྱིས། །མངོན་དུ་རྟོགས་པ་ནི་མ་ཡིན་ཏེ་ཚིག་གི་བདག་ཉིད་ནི་ཚད་མ་ཡིན་པའི་ཕྱིར་རོ། །རང་ཉིད་དུས་པ་མེད་ན་ཡང། །གཏན ་ཚིགས་ཀྱིས་ནི་ནུས་པ་སྟོན་ཞེས་གསུངས་པ་ཡིན་ནོ། །དེ་དག་བརྗོད་པས་ཀྱང་དང་པོ་ཡོད་པའི་གཏན་ཚིགས་ལ་ཕྱོགས་ཀྱི་ཆོས་ཀྱི་ཡུལ་ཅན་ཉིད་ཀྱི་ཚད་མ་མངོན་དུ་འགྱུར་བ་ཡིན་ཏེ། ཚད་མ་ངེས་ཆོས་ཅན་ལ་ཕོར?་བ་གྲུབ་ན་ཕྱིས་ཁྱབ་པ ་ཆད?་མ་གཞན་གྱིས་འཛིན་ཏོ། ཞེས་གང་གིས་ན་དོན་མེད་པ་ཡིན། ཁྱོད་ཀྱི་ཕྱོགས་ལ་ཡང། དཔེའི་ཆོས་ཅན་ལ་དང་པོ་གཏན་ཚིགས་འཛིན་ཅིང་ཕྱིས་ནི་ཁྱབ་པའོ་ཞེས་བྱ་བའི་རིམ་པ་འདི་ཡིན་ནོ། །གཞན་དུ་དཔེའི་ཆོས་ཅན་ལས ་ཁྱབ་པ་འཛིན་ཏོ། །ཞེས་བྱ་བ་དེར་མི་འགྱུར་ཏེ། །དཔེའི་ཆོས་ཅན་མ་མཐོང་གཏན་ཚིགས་ཀྱིས་ཁྱབ་པ་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཁྱབ་པ་འཛིན་པའི་རྟེན་ཆོས་ཅན་འཛིན་ན། བསྒྲུབ་པར་བྱ་བའི་ཆོས་གང་འཛིན་པ་ཉིད་དེ། ་མེ་དང་དུ་བ་བཞིན་ནོ་ཞེས་ཟེར་ན་མ་ཡིན་ཏེ། དེ་ལ་མཐོང་བའི་གཏན་ཚིགས་མི་མཐུན་བའི་ཕྱོགས་ལ་གནོད་པ་ཅན་ཞུགས་པ་ཙམ་ཉིད་ཀྱིས་ཁྱབ་པ་གྲུབ་པའི་ཕྱིར་རོ། །དེ་བས་ན་ཡང་ཁྱབ་པ་འཛིན་པའི་སྔོན་དུ་སྐད་ཅིག་མ་ཉིད་དུ་ནམ་ཡང ་གྲུབ་པ་མེད་དེ་།དེ་རྗེས་སུ་དཔག་པར་བྱ་བའི་ཕྱིར་དང། ཁྱབ་པ་མ་གྲུབ་ན་རྗེས་སུ་དཔག་པར་མི་འགྲུབ་པའི་ཕྱིར་དང། སྒྲུབ་པར་བྱེད་བ་གཞན་ཡང་དེའི་རྗེས་སུ་མི་འབྲང་བའི་ཕྱིར་དང། །རྗེས་སུ་འབྲང་ན་ཡང་ཐུག་པ་མེད་པར་ཐལ་བར ་འགྱུར་བའི་ཕྱིར་དང། ཐུག་པ་ཡོད་ན་ཡང་དེ་ཙམ་གྱིས་རྩོལ་བ་དོན་མེད་པའི་ཕྱིར་དང། བཟློག་ན་གནོད་པ་ཅན་གྱི་སྟོབས་ཉིད་ཀྱིས་ཁྱབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། མེ་དང་དུ་བ་མ་མཐོང་བར་ཡང་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་བར ་པར་མེད་དོ། །དེ་གྲུབ་པས་བཟློག་ན་གནོད་པ་ཅན་འཇུག་པ་གཉིས་མཐོང་བ་ལ་བལྟོས་པ་མེ་དང་དུ་བའི་ཁྱད་པ་གྲུབ་པོ། ཡོད་པ་དང་སྐད་ཅིག་མ་གཉིས་ནི་དེ་ལྟར་མ་ཡིན་ཏེ། ཇི་སྐད་དུ་བསྟན་པའི་རིགS་པར ་གྲུབ་པའི་ཕྱིར་རོ། །དེ་པས?་ན་ཡོད་པ་ཙམ་ཆོས་ཅན་ནི་དེ་ལ་གྲུབ་པས་ཁྱབ་པའི་སྟོབས་ཀྱིས་གྲུབ་པར་འདོད་པར་བྱའོ། །དེ་བཞིན་དུ་ནང་གི་ཁྱབ་པ་ལ་ཡང་ཡིན་ནོ། །ཁྱབ་པ་དང་ཕྱོགས་ཀྱི་ཆོས་དེ་ལ་ཡང། རང་རང་གི་ཚད་མས ་ཡོངས་སུ་གཅོད་པར་བྱེད་པའི་བསྒྲུབ་པར་བྱེད་པའི་དག་གིས་དེས་པ་འབའ་ཞིག་བསྟན་པར་བྱ་བ་ཡིན་ནོ། །དག་གཅིག་གིས་གཉི་ག་བསྟན་པར་མི་ནུས་པས། །གང་གིས་ན་དག་གཞན་དོན་མེད་པ་ཡིན། གཅིག་ཉིད་ཀྱིས་ནི་གང ་ཕྱིར་ཆོས། རིམས་བཞིན་ཚུལ་གསུམ་ངེས་པ་ཡིས། །བརྗོད་པས་རྗེས་དཔག་མེད་པའི་ཕྱིར། །དེ་ཅིས་རྗེས་དཔག་དོན་མེད་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅང་པའོ། །གཞན་ཡང། །གནོད་པས་བསྒྲུབ་བྱ ་གྲུབ་ཞེ་ན་།གཏན་ཚིགས་གཞན་གཟུང་དོན་མེད་ཡིན། །གནོད་པས་དེ་མ་གྲུབ་ཅེ་ན། །ཆོས་གཞན་གཟུང་བ་དོན་མེད་ཡིན། །གལ་ཏེ་ཆོས་ཅན་ལ་ཁྱབ་པ་གྲུབ་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ནང་དུ་འདུ་བར་གྱུར་ན། རྙེད ་པ་ཐོབ་པ་མ་ཡིན་ནམ། ཁྱབ་པ་བསྒྲུབ་པར་བྱེད་པ་ཉིད་ཀྱིས་ཚད་མ་ལས་བསྒྲུབ་བྱ་གྲུབ་པའི་ཕྱིར་དང། ཡོད་པའི་གཏན་ཚིགས་ཀྱི་རྟེན་གྱི་འབད་པ་སེལ་བའི་ཕྱིར་རོ། །གང་གི་ཕྱིར་རྟགས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ ་ཞེན་པ་ནི་མ་ཡིན་ནོ། །འོན་ཏེ་ཁྱབ་པ་སྒྲུབ་པར་བྱེད་པ་ལས་བསྒྲུབ་བྱ་མ་གྲུབ་ན། དེའི་ཚེ་ནང་གི་ཁྱབ་པའི་གཏན་ཚིགས་དོན་མེད་པ་མ་ཡིན་པས་སྐབས་མ་ཡིན་པ་ལས་ལྡང་བ་ཉིད་ཀྱི་ཤིན་ཏུ་སྡུག་བསྔལ་བ་མང་པོ་ལ ་ཅིའི་ཕྱིར་འཇུག། ཁྱེད་ཀྱི་བསྒྲུབ་བར་བྱ་བ་གཉིས་ཡིན་ཏེ། དཔེའི་ཆོས་ཅན་ལ་འཇུག་པ་དང། བསྒྲུབ་པར་བྱ་བའི་ཆོས་ལ་འཇུག་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་ཁྱད་པ་དང། །ཕྱོགས་ཀྱི་ཆོས་ཉིད་དག་གྲུབ་པའི་ཕྱིར་རོ། །ཡང་ཁྱོད་ལ་སོ་སོར ་ངེས་པའི་ཆོས་ཅན་ལ་རྩོད་པ་དེ་ལས་ཕྱི་རོལ་དུ་གྱུར་པའི་ཡང་ཆོས་ཅན་ལ་ཁྱབ་པ་འཛིན་པ་ན་དེའི་ཚེ་དོན་མེད་བར་འགྱུར་རོ། །གང་གི་ཚེ་ཡང་དངོས་པོ་ཙམ་ལ་རྩོད་པ་དེའི་ཚེ། དངོས་པོ་ཐམས་ཅད་ལ་གཏན་ཚིགས་འཇུག་པ་ནི་ཁྱོད་པར ་བདག་གིས་ཀྱང་བསྒྲུབ་པར་བྱ་བའི་ཕྱིར་ཆོས་ཅན་འགའ་ཞིག་ལ་གཏན་ཚིགས་འཇུག་པ་བསྒྲུབ་པར་བྱེད་པ་དག་ལ་དོན་མེད་པར་ཇི་ལྟར་འགྱུར་ཏེ་ཞིག་ཇི་ལྟར་ཕྱིའི་ཁྱབ་པ་ཡིན་ཞེ་ན། རྩོད་བའི?་གཞིར་གྱུར་བ་ཉིད་ལས་གཞན་གང་ཡང ་རུང་བ་ལ་ཁྱབ་པ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་ཅན་དེ་ཙམ་གྱིས་མཚན་ཉིད་མ་ཡིན་པའི་ཕྱིར་གནོད་པ་ཅན་གྱི་ཚད་མ་འཇུག་པས་ནང་དུ་ཆུད་པའི་ཡང་ཆོས་ཅན་ཡང་ཕྱི་རོལ་ཏུ་བྱེད་དོ་ཞེས་ཟེར་ན། དེ་དེ་ཉིད་ཡིན་པར ་ཇི་ལྟར་འགྱུར། གནོད་པ་ཅན་ཞུགས་པ་ཉིད་ཀྱི་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་དང། བསྒྲུབ་པར་བྱ་བའི་རང་གི་ངོ་བོ་རྟོགསྣ་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་མཚན་ཉིད་ལས་འདས་པའི་ཕྱིར་རོ་ཞེ་ན། དེ་ནི་རིགས ་མ་ཡིན་ཏེ། གནོད་པ་ཅན་ཙམ་གྱིས་བསྒྲུབ་པར་བྱ་བ་མ་གྲུབ་ཞེས་བྱ་བ་ཕྱོགས་འདི་ལ་གཞན་ཡོངས་སུ་འཛིན་པ་དོན་མེད་དོ། །ཞེས་བརྗོད་པའི་ཕྱིར་རོ། །གནོད་པ་ཅན་གྱི་བསྒྲུབ་བྱ་གྲུབ་བོ་ཞེས་བྱ་བའི་ཕྱོགས་འདི་ལ་ཡང ་བསྒྲུབ་པར་བྱེད་བ་དོན་མེད་དོ་ཞེས་བསྟན་ཟིན་ཏོ། །དེ་ལྟ་བས་ན་གནོད་པ་ཅན་ཙམ་གྱིས་བསྒྲུབ་བྱ་གྲུབ་ན་འགའ་ལ་ཐེ་ཙོམ་མི་ལྡོག་པར་མི་འགྱུར་རོ། །ཐེ་ཚོམ་ལོག་ན་ཕྱི་རོལ་ཏུ་བྱེད་པའང་མ་ཡིན་དད། བསྒྲུབ་པར་བྱ་བའི་ཆོས ་ཅན་ལས་ཀྱང་ཕྱི་རོལ་དུ་བྱས་པ་མ་ཡིན་པས་དེ་ལ་ཁྱབ་པ་ནང་གི་ཁྱབ་ཉིད་དེ། ད་ནི་ཕྱིའི་ཁྱབ་པ་བརྗོད་པ་ཙམ་ཡང་མེད་དེ། དེ་བས་ན་ཕྱིའི་ཁྱབ་པ་འདིའི་ཕྱོགས་སུ་ཇི་ལྟར་འགྱུར། །གལ་ཏེ་ཡང་སོ་སོར ་ངེས་པའི་ཆོས་ཅན་ལ་རྩོད་པ་དང། དེ་ལས་ཕྱི་རོལ་ཏུ་གྱུར་པའི་ཆོས་ཅན་ལ་ཁྱབ་པ་འཛིན་པར་འགྱུར་ན། ད་ལ་ཡང་ཆོས་གཞན་ཡོངས་སུ་འཛིན་ན་དོན་མེད་པའི་ཉེས་པ་བསལ་བའི་དཀའ་སྟེ། གནོད་པ་ཅན་ཙམ་གྱིས་བསྒྲུབ་བྱ་གྲུབ་ན ་གཏན་ཚིགས་གཞན་དོན་མེད་པ་ཁོ་ནའོ། །གཞན་ཡང། ཡོད་པའི་གཏན་ཚིགས་ཁྱད་པར་གྱིས། །ཕྱི་ཡི་ཁྱབ་པ?་མི་སྲིད་དོ། །ཆོས་ཅན་ཡོད་པ་མི་སྲིད་ན། རྩོད?་པ་འཇུག་པར་མི་འགྱུར་རོ་།དེ་ལ་གྲུབ་པས་ཁྱབ་པ་ཡང། ། ་འཛིན་ན་བསྒྲུབ་བྱའི་ཆོས་ཅན་ལ། །ཁྱབ་པ་འཛིན་པར་ཅིས་མི་འགྱུར། །ཡང་ན་དཔེ་ལ་འགྱུར་མ་ཡིན། །ཆོས་ཅན་འགའ་ཞིག་ལ་མཐོང་བའི་གཏན་ཚིགས་ཀྱི་ཁྱབ་པ་རྟོགས་པ་དེ་ལ་དེའི་ཁྱབ་པ་འཛིན་པར་བསྟན་ཏོ། །བསྒྲུབ་པར་བྱ་བའི ་ཆོས་ཅན་ལ་ཡང་ཁྱབ་པ་མཐོང་སྟེ། གཞན་དུ་ལོག་པར་རྟོག་པ་མི་རིགས་པའ་ཕྱིར་ཇི་ལྟར་ཕྱིའི་ཁྱབ་པ་ཡིན། དེ་ལྟར་ན་ཡང་སྒྲུབ་པར་བྱེད་པ་དོན་མེད་པས་ཕྱི་རོལ་ཉིད་ཀྱི་ཁྱབ་པ་གཟུང་བར་བྱའོ་ཞེ་ན། དེ་བས་ན་དེ་ལྟར་གྱི་ཁྱོད ་ཀྱི་འདོད་པའི་ངོར་ཆོས་ཅན་ལ་གཏན་ཚིགས་མ་མཐོང་པར་ཇི་ལྟར་འགྱུར། ཡང་ན་མཐོང་བ་ལ་ཁྱད་པར་མེད་ན་ཡང། ཕྱི་རོལ་ཉིད་ཀྱིས་ཁྱབ་པ་གཟུང་བར་རྣམ་པར་གཞག་གཉི་ག་ལ་མཐོང་བར་ཁྱབ་བ་འཛིན་པ་ཡང་ཕྱི་རོལ་གྱི་ཁྱབ་པའི ་ཆ་ཡོད་དོ་ཞེ་ན། ཅིའི་ཕྱིར་ཁྱབ?་པ་ཙམ་འབད་པས་སྲུང། གཏན་ཚིགས་དོན་མེད་པར་མ་གྱུར་ཅིག་ཅེས་སྨོན་ཏེ། གནོད་པ་ཅན་ཞུགས་པ་ཙམ་གྱིས་ཁྱབ་པ་འཛིན་པའི་གཞི་ཆོས་ཅན་ལ་བསྒྲུབ་བྱ་སྒྲུབ་པའི་ཕྱིར་ནང་གི་ཁྱབ་པ་ལ ་སྒྲུབ་པར་བྱེད་པ་དོན་མེད་བ་མ་ཡིན་ནམ་ཞེ་ན། །དེ་ནི་ནང་དང་ཕྱིའི་ཁྱབ་པ་ལ་ཡང་མཚུངས་པ་མ་ཡིན་ནོ། །དེ་བས་ན་ཕྱིའི་ཁྱབ་པ་འཛིན་པ་ནི་ཡོད་པའི་གཏན་ཚིགས་ཀྱི་ཁྱད་པར་ལ་ཞེན་པ་ཙམ་མོ། །དཔེ་ལ་བལྟོས་པའི་སྒྲུབ་པར་བྱེད་པའི་སྦྱོར་པ ་ནི་རྨོངས་པའི་བློ་ཅན་འབའ་ཞིག་ཁོ་ན་དགའ་བ་སྐྱེད་པ་ཡིན་ནོ། །དེ་དག་རྗེས་སུ་གཟུང་བའི་དོན་དུ་སློབ་དཔོན་གྱིས། །གང་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ཏེ། བུམ་པ་བཞིན་ནོ་ཞེས་དཔེ་ཉེ་བར་བསྟན་ཏོ། །བློ་གཡེང་བག་ཅན་ནི་ཡང་དཔེའི་སྦྱོར་བ ་ལ་བལྟོས་པ་མ་ཡིན་ནོ། །དེ་ཕྱིར་དཔེ་ལ་ཆགས་རྣམས་ལ། །བུམ་པའི་དཔེ་ནི་བསྟན་པ་མཛད།། །དེ་མི་དགོས་ལ་དོན་མེད་ཡིན། །ནང་གི་ཁྱབ་པ་བློ་ལྡན་ལའོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་ཇི་ལྟར་རྗེས་སུ་དཔག ་པར་བྱ་བ་ལ་ཡོད་པ་ཉིད་དང། ། མཐུང་པའི་ཕྱོགས་ཉིད་ལ་ཡོད་པ་དང། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་དེས་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། བསྒྲུབ་བྱའི་ཆོས་ལྡན?་མི་ལྡན་ལས། །མཐུན ་ཕྱོགས་མི་མཐུན་ཕྱོགས་སུ་འདོད། །དེ་ལ་གཏན་ཚིགས་ཡོད་མེད་ནི། །གང་ཡིན་དེ་རུ་གཟུང་བར་བྱ། །སྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཐམས་ཅད་ནི་ཕྱིར་མཐུན་པའི་ཕྱོགས་ཡིན་ལ་དེ་དང་མི་མཐུན་པ་ནི་མི་ལྡན་པའི་ཕྱོགས་ཡིན་ནོ། །མཐུན ་པའི་ཕྱོགས་དེ་ཉིད་ལ་ཡོད་པ་དང། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དེ། རིམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡིན་ནོ། །དེ་དག་ཀྱང་གང་ཡང་རུང་བའི་ཆོས་ཅན་དེར་གཟུང་བར་བྱ་སྟེ། གང་དུ་གཟུང་བར་ནུས་པར་རོ། །གང ་འདིར་ཡོད་པ་སྐད་ཅིག་མ་མ་ཡིན་པ་ཐམས་ཅད་ལས་ལོག་པ་གནོད་པ་ཅན་གྱི་ཚད་མའི་སྟོབས་གྲུབ་ན་གང་ཡོད་པ་དེ་ནི་སྐད་ཅིག་མ་ཉིད་ཡིན་ནོ། །ཞེས་བྱ་བའི་ཕྱོགས་སུ་འགྲོ་བ་བསྒྲུབ་པའི་ཆོས་ཅན་ལ་གཟུང་བ་ཡིན་ཏེ། དེ་ལ ་མཐོང་པའི་གཏན་ཚིགས་ཀྱི་ཁྱབ་པ་གཟུང་བའི་ཕྱིར་དང། ཆོས་གཞན་མི་སྲིད་པའི་ཕྱིར་དང། སྲིད་ན་ཡང་དེའི་རྗེས་སུ་འབྲང་བའི་དོན་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན ་པར་ཇི་སྐད་སྨྲ། ཐུན་མོང་མ་ཡིན་གཏན་ཚིགས་ཀྱི། །ཉེས་པ་རྨོངས་ལ་བལྟོས་པ་ཡིན། །ཁྱབ་པ་མི་འཛིན་ཕྱིར་བསྟན་བྱའོ། །ཐམས་ཅད་བསྡུས་ལམ་ཡིན་ན། །འདི་སྐད་བསྟན་ཏེ། སློས་རྨོངས་པ་དག་གཞན་ཉིད་ལ་ཞུགས་པ་དེའི ་མངོན་བའི་ང་རྒྱལ་ལ་བལྟོས་ནས། མཉན་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ཐུན་མོང་མ་ཡིན་པའི་འམ་ངེས་པ་ཡིན་པར་བསྟན་ཏོ། །དཔེ་མེད་པའི་ཕྱིར་དང། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཁྱབ་པ་མི་འདོད་པའི་ཕྱིར་དང། ཁྱབ་པ་མ ་གཟུང་ན་གཉི་ག་ཐེ་ཙོམ་ཟ་བས་མ་ངེས་པའི་ཕྱིར་རོ། །ཡང་ན་མཉན་པར་བྱ་བ་ཉིད་ཀྱི་ཐུན་མོང་མ་ཡིན་པ་ཉིད་དུ་རྨོངས་པའི་མངོན་པའི་ང་རྒྱལ་གྱིས་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཆོས་ཅན་ལ་སྒྲའི་གསལ་བ་ཉིད་མཐོང་བ་ཉིད་རྩོད་པའི ་གཞི་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཆོས་ཅན་མ་གྲུབ་པར་ཐལ་བར་འགྱུར་རོ། །མཐོང་བ་དང་མ་མཐོང་བའི་སྒྲའི་གསལ་བ་གཉིས་མཉམ་པའི་གཏན་ཚིགས་ཡིན་ཏེ། དུ་བའི་སྤྱི་ཡིན་ནོ། དེ་བས་ན་ཐམས་ཅད་བསྡུས་པ་དང་ལྡན་པ་ཁྱབ ་པ་སྲིད་པའི་ཕྱིར་ཡང་པ་ལ་སོགས་པ་བཞིན་དུ་མཉན་པར་བྱ་བ་ཉིད་སྒྲུབ་པར་བྱེད་པ་སྐྱོན་མེད་པར་བཤད་དོ། །འདིར་རིམ་དང་ཅིག་ཅར་མི་དམིགས་པ་ཉིད་གནོད་པ་ཅན་གྱི་ཆད་མ་ཡིན་ལ། མཉན་པའི་ཤེས་པ་བསྒྱད?་པར་བྱེད་པ་ཉིད ་ནི་མཉན་པར་བྱ་བ་ཉིད་དོ། །དེ་ལྟ་བས་ན་རྨོངས་པ་བལྟོས་ན་མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པའི་ཕྱིར་དང། ཐུན་མོང་མ་ཡིན་པ་ལ་ཡང་ཐམས་ཅད་ཉེ་བར་བསྡུས་པ་མི་རིགས་པའི་ཕྱིར་དང། བསྒྲུབ་པར་བྱ་བའི་ཆོས་ཅན་ཁྱབ་པ ་རྟོགས་པས་བསྒྲུབ་བྱ་རྟོགས་པའི་ཕྱིར་སྒྲུབ་པར་བྱེད་པ་དོན་མེད་པ་ཉིད་དུ་འགྱུར་རོ། །འབྲས་བུ་མེད་པར་མ་གྱུར་ཅིག་ཅེས་སྨོན་པས་ཁྱབ་པ་མི་འཛིན་ནོ། །དེ་མ་བཟུང་ན་གཉིས་ག་ལ་ཐེ་ཚོམ་ཟ་བས་མ་ངེས་པ་ཉིད་དུ་འགྱུར་རོ། །ཐམས་ཅད་ཉེ ་བར་བསྡུས་པས་ཁྱབ་པ་བཟུང་ན་ཇི་སྐད་བསྟན་པའི་རིགས་པས་བསྒྲུབ་པར་བྱེད་པར་འབྲས་བུ་ཡོད་པའི་ཕྱིར་ཡོད་པ་ལ་སོགས་པའི་སྒྲུབ་པར་བྱེད་པའི་སྐྱོན་མེད་པར་རིག་པར་བྱའོ། །དེ་ལྟར་ན་རྣམ་པ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པ ་བསྟན་ཏོ། །ཕྱི་རོལ་ཁྱབ་པར་སྨྲ་པ་ལ་ཡང་སྒྲུབ་པར་བྱེད་པ་དེ་ཉིད་ཡིན་ནོ། །གལ་ཏེ་མི་རྨོངས་པའི་བསལ་བ་ལ་བལྟོས་ནས་མནན་པར་བྱ་བ་ཉིད་ཀྱི་གཏན་ཚིགས་སྐྱོན་མེད་པ་ཡིན་ཏེ། ཡོད་པ་ལ་སོགས་པ་བཞིན་ནོ། །ངེས་པ་དང་ལྡན་པའི ་སྒྲ་རྣམས་ལ་བརྩོན་ན་སྒྲ་གཞན་དཔེ་ཡིན་ནོ། །སྒྲ་ཐམས་ཅད་ལ་ཡང་ལོག་པར་རྟོག་པ་ཡིན་ན། དཔེ་མེད་པའི་ཕྱིར་དེ་ལ་དཔེ་གང་ཞིག་བཞག་པར་བྱ། གནོད་པ་ཅན་གྱི་ཚད་མ་ཞུགས་པས་ཇི་ལྟར་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན། ་ནང་གི་ཁྱབ་པ་སློབ་དཔོན་ཆེན་པོ་མཁས་པ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཇིད?་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང། དགེ་སློང་ཤཱཀྱ་འོད་ཀྱི་བསྒྱུར་བའོ།། །། ་