| Wylie | e-texts based on the ACIP/ALL Input |
སེམས་གཅིག་ཏུ་གཞོལ་བ་དགེ་བསྙེན་དམ་པ་ཤངཀ་རཱ་ནནདས་མཛད་པ་རྫོགས་སོ།། །།པཎྜི་ཏ་སྐལ་ལྡན་རྒྱལ་བོ་དང། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། བིཛནཱ་བ་ཏི་མའ་ཏྭ་ཏཱ ་སིདྡྷ་ན་མ། བོད་སྐད་དུ། རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ཁམས་གསུམ་པོ་འདི་དག་ནི་རྣམ་པར་རིག་པ་ཙམ་མོ་ཞེས་བྱ་བར ་སྨྲ་བ་ལ་ནི་རྣལ་འབྱོར་སྤྱོད་པ་པའོ་ཞེས་འགྱུར་ཁ་ཅིག་ལས་འབྱུང་ངོ། །དེ་ལ་ལོག་པར་རྟོག་པ་ལས་བསྒྲུབ་པར་བྱེད་པ་འདི་སྟོན་ཏེ། གང་ཞིག་གང་གིས་རྟོགས་པ་དེ་ནི་དེ་ལས་ཐ་དད་པ་མ་ཡིན་ཏེ། དཔེར་ན་རྟོགས་པར་བྱེད་པའི་རང་གི ་ངོ་བོ་བཞིན་ནོ། །དཀར་པོ་དང་གླུ་དང་དྲི་ཞིམ་པ་དང་མངར་བ་དང་རྩུབ་པ་ལ་སོགས་པ་འདི་དག་ཀྱང་ཤེས་པ་དེའི་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱིས་གྱི་གཏན་ཚིགས་སོ། །འདི་གཞི་མ་གྲུབ་པ་ཡང་མ་ཡིན་ཏེ། དཀར་པོ་དང་ཀླུ་ལ་སོགས ་པའི་བསྒྲུབ་པར་བྱ་བའི་ཆོས་ཅན་གཉི་ག་ལ་གྲུབ་པའི་ཕྱིར་རོ། །རང་གི་ངོ་བོ་མ་གྲུབ་པ་ཡང་མ་ཡིན་ཏེ། ཆོས་ཅན་དེ་ལ་དེ་དག་རྟོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཞེས་བྱ་པའི་གཏན་ཚིགས་གཉི་ག་ལ་གྲུབ་པའི་ཕྱིར་རོ། །འདི་དག་ཅེས་སྨོས་པས་ནི་དེ་ལྟར ་རྟོགས་པ་ཉིད་ཀྱིས་དཀར་པོ་ལ་སོགས་པ་ཆོས་ཅན་དུ་བྱས་པའི་ཕྱིར་རོ། །འགལ་བ་ཨང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་རང་གི་ངོ་བོ་ལ་ཡང་ཞུགས་པའི་ཕྱིར་རོ། །གལ་ཏེ་སྒྲུབ་པར་བྱེད་པ་མེད་པའི་དཔེ་མ་ཡིན་ནམ། རང་གི་ངོ་བོ་རིག་པར་བྱེད་བར ་གྱུར་བ་མ་ཡིན་ཏེ། རང་ཉིད་ལ་མེད་པ་འགལ་བའི་ཕྱིར་རལ་གྲི་སོ་ཇི་ལྟར་རྣོ་ཡང་བདག་ཉིད་ལ་བདག་ཉིད་མི་གཅོད་དོ་ཞེ་ན། མྱུ་གུ་བདག་ཉིད་ཐོབ་པ་ཞེས་བྱ་བ་ལ་སོགས་པ་བདག་ཉིད་ལ་བྱེད་པ་མི་འགལ་པ་མ་ཡིན་ནམ། གཅོད་པར་བྱེད ་པ་ཉིད་ཡིན་པར་ཡང་འགལ་ཏེ། གང་གི་ཕྱིར་རལ་གྲིའི་སོ་བཅད་པར་བྱ་བ་ལ་ཞུགས་པ་ནི་གཅོད་པར་བྱེད་པ་ཡིན་ལ། བདག་ཉིད་ལ་ཞུགས་པར་ནི་མི་ནུས་ཏེ། ཅིག་ཅར་གཅིག་ལ་ཕྱི་རོལ་དང་ནང་གི་ངོ་བོ་གཉིས་སུ་མི་རིགས་པའི་ཕྱིར་རོ། །རྟོཌ ་པར་བྱེད་པ་ཉིད་ཀྱི་ཤེས་པའི་བདག་ཉིད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པས་འགལ་བ་མེད་དོ། །འདི་ལྟར་གསལ་བའི་ངོ་བོ་ཉིད་ནི་གསལ་བ་སྟེ་སོ་སོར་སྣང་བ་ཞེས་བྱ་བའི་དོན་ཏོ། །ངེས་འབྲེལ་པ་ནི་གསལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་དེ་ཉིད་རྟོགས ་པར་བྱེད་པ་ཉིད་ཡིན་པར་སྨྲ་སྟེ། དེ་ཡང་དེས་དེའི་བདག་ཉིད་དུ་འབྲེལ་ཏོ། །གསལ་བའི་རང་བཞིན་ཅན་ནི་གསལ་བ་ཡིན་གྱི། ངོ་བོ་དེའི་ངོ་བོར་མ་ཡིན་པ་འགལ་བའི་ཕྱིར་རོ། དེ་ལྟ་བས་ན་གསལ་པའི་རང་བཞིན་ཅན་ཉིད་རྟོགས་པར་བྱེད་པ་ཉིད་དེ། དེ་ཉིད་ཀྱང་ ་རྟོགས་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱང་རྟོགས་པར་བྱེད་བ་ཁོ་ན་ཡིན་ཏེ། རལ་གྲིས་བཅད་བ་དང། གཞུས་ཕུག་པའི་རིགས་པས་ཡིན་ནོ། །དེ་བས་ན་རྟོགས་པར་བྱེད་བ་དང་བྱ་བར་ངེས་པ་ནི་དེའི་བདག་ཉིད་ཁོ་ན་ཡིན་ཏེ། ་བྱེ་བྲག་མེད་དོ། །དེ་བས་ན་བདག་ཉིད་ལ་རྟོགས་པར་བྱེད་བ་ཉིད་ཡིན་པར་འགལ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་རང་གིས་དང་གིས་གསལ་བ་ནི་རྣམ་པར་ཤེས་པའི་མཚན་ཉིད་གསལ་བ་ཡིན་ནོ། །ཤེས་པ་ཡང་ཤེས་པ་གཞན་གྱིས་གསལ ་བ་ཡིན་ནོ་ཞེས་ཟེར་ན། ཤེས་པ་གང་ཤེས་པ་གཞན་གྱིས་ཡིན་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འོན་ཏེ་ཐུག་པ་མེད་བའི་ལན་གདབ་བའི་ཆེད་དུ་འགའ་ཞིག་ཐ་མ་རང་དབང་ཅན་ཡིན་པར་འདོད་ན། དང་པོ་ཉིད་ཀྱིས་འདོད་བར་བྱ་སྟེ ་གཞན་རང་གཞན་བརྒྱུད་བར་གྱུར་པ་ཡིན་ནོ། །གཞན་ཡང་གལ་ཏེ་གཞན་གྱིས་དབང་གིས་གསལ་བར་ཤེས་པ་རྟོགས་པར་བྱེད་བ་ཡིན་ན། དེའི་ཚེ་དོན་ཀྱང་རྟོགས་པར་འགྱུར་རོ། །མ་ཡིན་ན་ཤེས་པས་ཀྱང་ཡིན་ནོ། །དེ་བས་ན་རང་གི་རང ་གིས་གསལ་བ་རྣམ་པ་ཤེས་པའི་མཆན་ཉིད་ཡིན་ནོ། །དེ་ལྟ་དེ་བས་ན་ཤེས་པའི་རང་གི་ངོ་བོ་གསལ་བའི་བདག་ཉི་ཁོ་ན་ལས་ད་ལྟར་གསལ་བར་བྱེད་བཞིན་པས་རྣམ་པར་ཤེས་པ་འདི་ལ་རྟོགས་པར་བྱེད་བ་ཞེས་བྱའོ། །དེ་ལྟན་རྣམ ་པར་ཤེས་བའི་རང་གི་ངོ་བོའི་དཔེ་ལ་རྟོགས་པར་བྱེད་པ་ཉིད་གཏན་ཚིགས་ཞུགས་པར་གྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡང་མ་ཡིན་ལ། དཔེ་བསྒྲུབ་བར་བྱེད་པ་མེད་པ་ཡང་མ་ཡིན་ནོ། །གཏན་ཚིགས་མ་ངེས་བ་ཡང་མ་ཡིན་ཏེ། ་དཔེ་འདི་ཉིད་ལ་ཐམས་ཅད་བསྡུས་བས་ཁྱབ་བ་གྲུ་པའི་ཕྱིར་རོ། །འདི་ལྟར་གསལ་བར་བྱེད་པ་ཉིད་རྟོགས་པར་བྱེད་བ་ཉིད་ཡིན་ཏེ། དེའི་ཕྱིར་གསལ་པ་མ་ཡིན་པའི་བདག་ཉིད་དང་ལྷན་ཅིག་འགལ་བར་དཔེ་ལ་མཐོང་སྟེ། གསལ་བ་མ ་ཡིན་པའི་བདག་ཉིད་ལ་ཐམས་ཅད་ལས་ལོགས་པ་གསལ་བའི་བདག་ཉིད་ཁོ་ནར་ངེས་པ་ཉིད་ཡོངས་སུ་གཅོད་པས་ཐམས་ཅད་བསྡུས་པའི་ཁྱབ་པ་གྲུབ་བོ། །དེ་ལྟ་བས་ཉེས་པ་གསུམ་སྤངས་པའི་རྟོགས་པར་བྱེད་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས ་དེ་ཉིད་ལས་དེ་དང་དེ་ཐ་དད་བ་མེད་པ་ཉིད་དུ་གྲུབ་བས་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །འོན་ཏེ་འདི་མ་ངེས་པ་ཡིན་ཏེ། གཏན་ཚིགས་ལྡོག་པ་ངེས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །འདི་ལྟར་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་བ་དེའི་བདག་ཉིད་དུ ་ངེས་པར་གདོན་མི་ཟ?་པ་མེད་པའི་ཕྱིར་རོ། །འོན་ཀྱང་འབྲེལ་པ་ཙམ་ཉིད་དེ་ཡུལ་དང་ཡུལ་ཅན་གྱི་ངོ་བོ་འབྲེལ་བ་ཉིད་ནི་ཡོད། དེ་བས་ན་འདི་ལྟར་ཡང་འགྱུར་ཏེ། སྔོན་པོ་ལ་སོགས་པར་བྱ་བ་ནི་ཡུལ་ཉིད་དུ་མཐོང་བའི་ཕྱིར་དང། རྟོགས ་པར་བྱེད་བ་ནི་ཡུལ་ཅན་ཡིན་བའི་ཕྱིར་རོ་ཞེས་ཟེར་ན། དེ་ནི་བདེན་བ་མ་ཡིན་ཏེ། ཐམས་ཅད་བསྡུས་བ་དང་ལྡན་བའི་ཁྱབ་པ་གྲུབ་ན་ལྡོག་པའི་ངེས་པ་ཡང་འགྲུབ་པའི་ཕྱིར་རོ། །འདི་ལྟར་སྔོན་པོ་ལ་སོགས་པ་ད་ལྟར་གསལ་བཞིན་པ་མ ་ཡིན་ན་ཇི་ལྟར་ཡུལ་ཡིན་ཏེ། གསལ་བ་མ་ཡིན་པའི་བདག་ཉིད་ཇི་ལྟར་གསལ་འོན་ཏེ་གསལ་པའི་བདག་ཉིད་ཡིན་པའི་ཕྱིར་གསལ་བ་ཡིན་ན། དེ་ལྟ་ན་དེ་ཉིད་རྟོགས་པར་བྱ་བའི་ངེས་པར་བྱེད་ན། ཡུལ་དང་ཡུལ་ཅན་གྱི་ངོ་བོར་ཡང ་གནོད་པ་ཡིན་ཏེ། དེ་ཡིས་བྱེ་བྲག་ཏུ་གནས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་གཉིས་ཐ་དད་པར་སྣང་བ་ནི་འཁྲུལ་བ་ཡིན་ཏེ། རབ་རིབ་ཅན་གྱིས་མཐོང་བ་ཟླ་བ་གཉིས་པ་བཞིན་ནོ། །བཙུན་པ་དགེ་སྲུངས་ཀྱིས་ཀྱང། ཚོགས་པ་ལྔ་མ་གང་ཡིན་ལས ་ཤེས་དང་ཡུལ་བཅས་སྐད་ཅིག་མ། སྐྱེད་ཕྱེད་སྣ་བཅས་གཟུགས་བཞིན་ཏུ། གང་ཡིན་པ་ཡིས་ལྟ་ན་ཅིག་རྟོགས་ཞེས་སྨྲས་སོ། །དེའི་ལྟར་ན་ཡང་ཤེས་པ་ཁོ་ན་གསལ་བ་ཡིན་ཏེ། གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་ནི་མ་ཡིན ་ཏེ། བཟློག་པ་ཡིན་པའི་ཕྱིར་རོ། །བཙུན་པ་ཆོས་མཆོག་གིས་ཀྱང། དཔེར་ན་བུམ་པ་ལ་སོགས་པ་དང་ཕྱི་རོལ་གྱི་སྣང་བ་འདྲེ་བ་ཉིད་ན་གསལ་བ་ཡིན་ནོ། །དེ་བཞིན་ཏུ་ཤེས་པ་དང་སྣང་བ་ཡང་ཡིན་ནོ་ཞེས་སྨྲས་སོ།། ་དེས་འདི་ལྟར་སྨྲ་བང་རིགས་ཏེ། གལ་ཏེ་ཤེས་པ་ནང་ནས་སྐྱེན་དེ་ཉིད་དུ་གནས་པ་དེའི་ཆེ་དེས་བུམ་ལ་སོགས་པ་འདྲེ་བ་མེད་དོ། །འོན་ཏེ་སྐྱེད་ནས་ཡུལ་གནས་པར་འགྲོ་ན་ནི་དེའི་ཚེ་ཡལ་ག་དང་ཟླ་བ་དེ་དག་དུས་གཅིག་ཏུ་འཛིན་པར་མི ་འགྱུར་ཞིང་མིག་གིས་རྣམ་པར་ཤེས་པས་ཀྱང་ཡུལ་ལྔ་ཅར་འཛིན་ཏེ། འདྲེ་བར་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་རིང་བ་དང། ཕྲ་བ་དད་ཆོད་པ་ཡང་འཛིན་པ་ཡིན་ཏེ། ཐོགས་པ་མེད་པའི་ཕྱིར་རོ། །རྒྱ་མཚོ་བ?་ནས་བཅད་པ་ཚུན ་ཆད་ཀྱང་རིང་པོ་མ་ཡིན་ཏེ། གང་གི་སྐད་མའི་ཚོགས་ཀྱང་ཉེ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་རུང་བ་ཙམ་གྱི་ཕྱོགས་སུ་རྣམ་པར་ཤེས་པ་སྐྱེ་ན། དེའི་ཚེ་གྲུབ་པའི་མཛའ་དང་འགལ་ཏེ། སྔོན་པོ་ལ་སོགས་པ་འདི་རིག་པ་ན་དུས་གཅིག་ཏུ་ནང་དུ ་ཉམས་སུ་མྱོང?་བར་རིག་གོ་ཞེས་བྱ་བ་དེ་དག་གིས་གྲུབ་པའི་མཛའ་ཡིན་ནོ། །ཤེས་པ་ཡང་གཞན་ལ་ཉམས་སུ་མྱོང་བ་ཡང་གཞན་པ་ནི་མ་ཡིན་ནོ། །གཞན་ཡང་གང་དེ་དང་ཤེས་པའི་འདྲ་བ་ཡིན་པ་དེ་གལ་ཏེ་ཤེས་པའི་ཆོས་ཡིན་ན། དེའི་ཚེ ་ཤེས་པ་ཉིད་གསལ་བ་ཡིན་གྱི་དོན་ནི་མ་ཡིན་ནོ། །འོན་ཏེ་དོན་གྱི་ཆོས་ཡིན་ན་དེའི་དོན་སེམས་དང་ལྡན་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་དེ་ཡང་ཐུན་མོང་དུ་འགྱུར་རོ། །དེ་བས་ན་གང་ཞིག་འབའ་ཞིག་གཅིག་གིས་མངོན་སུམ་དུ་བྱས་པས་སེམས་དང ་ལྡན་པ་ཐམས་ཅད་ཀྱི་མངོན་སུམ་དུ་འགྱུར་ཏེ། བཅོ་བླག་མཁན་གྱིས་གོས་གཅིག་གཙོས་པ་ན་དེ་ཉིད་དམར་པོར་འགྱུར་གྱིས། །དཀར་པོ་གཞན་ཐ་དད་པས་དམར་པོ་ཡིན་པར་ནི་མི་འགྱུར་རོ། །དེས་ནི་སྤྱོད་པ་པ་ཡང་བསལ་ཏེ། །དོན ་གྱི་ཆོས་གསལ་བ་ཉིད་ཤེས་པ་ལས་སྐྱེ་སྟེ། དེ་བས་ན་དོན་གསལ་བ་ཉིད་ཤེས་པས་གསལ་བ་ཡིན་ནོ་ཞེས་ལྷན་ཅིག་པར་སྨྲ་བའི་ཕྱིར་རོ། །དེ་ལྟར་གསལ་བའི་སྔོན་པོ་ལ་སོགས་པ་ཤེས་པ་ལས་ཐ་མི་དད་པར་བདག་ཅག་ཀྱང་འདོད་དོ། །དེ་བསྒྲུབས་པས ་དོན་ཀྱང་བཀག་པར་གྱུར་པ་མ་ཡིན་ཏེ། དཔེར་ན་མེ་ལོང་ལ་གཟུགས་དེའི་གཟུགས་བརྙན་རྟོགས་པ་ཉིད་གཟུགས་རྟོགས་པ་ཡིན་པ་དེ་བཞིན་དུ་ཤེས་པའི་མེ་ལོང་ལ་བཞིན་གྱི་རྣམ་པ་བྱུང་བ་རྟོགས་པ་ཉིད་དོན་རྟོགས་པ་ཞེས་བྱའོ་ཞེས་མེད་སྡེ་བ ་རྣམས་སྨྲའོ། །དེ་ཡང་བདེན་པ་མ་ཡིན་ཏེ། འདི་ལྟར་གང་གིས་ན་དོན་དེ་རྟོགས་པ་ཡིན། དོན་དང་འདྲ་བའི་ཕྱིར་རོ། །ཞེས་ཟེར་ན། དུས་གཅིག་ལ་གང་དད་བྱང?་དང་ཟླ་པ་རྣམས་ལ་ལྟ་བའི་ཚེ་གཅིག་གི་ཤེས་པ་རྣམས་ལྟ་བར་འགྱུར་རོ། །དེ་ལས་བྱུང ་བའི་ཕྱིར་རོ་ཞེས་ཟེར་ན་མིག་ཀྱང་རྟོགས་པར་འགྱུར་རོ། །དེ་ལས་བྱུང་བ་དང་དོན་དང་འདྲ་བ་གཉིས་ཀྱི་ཕྱིར་རོ་ཞེས་ཟེར་ན། འོ་ན་ནི་དེ་མ་ཐག་པའི་རྣམ་པར་ཤེས་པ་ཡང་དོན་དང་འདྲ་བས་ཡུལ་ཡིན་པ་འཐོབ་པོ། །བདག་ཉིད་ཐམས་ཅད་ཀྱི་ཡང་རྣམ ་པར་ཤེས་པ་ཡིན་པར་འགྱུར་རོ། །ཆ་ཤས་ཀྱི་འགའ་ཞིག་དང་འདྲ་ན་ནི་ཐམས་ཅད་ཀྱིས་རྟོགས་པར་འགྱུར་རོ། །དེ་ལྟ་བས་ན་རྟོག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གསལ་པ་མ་ཡིན་པའི་བདག་ཉིད་ཐམས་ཅད་ལས་ལྡོག་པ་གྲུབ་པ་ན་མ་ངེས་པ་ཡང ་མ་ཡིན་ནོ། །དེ་བས་ན་རྟོགས་པ་ཉིད་ཀྱིས་སྔོན་པོ་ལ་སོགས་པ་རྟོགས་པར་བྱེད་བ་ལས་ཐ་མི་དད་པར་གྲུབ་བོ། །ཐ་མི་དད་པའི་ཡང་ཕྱིར་ཕྱིའི་དངོས་པོ་མི་རིགས་པས་དོན་ཡོད་པར་སྨྲ་བ་ཐམས་ཅད་བསལ་ཏོ། །དངོས་པོ་དང་དངོས་པོ་མེད་པའི། ་བདག་ཉིད་ཡིན་པར་འགལ་བའི་ཕྱིར་རྫུན་པའི་རྣམ་པར་རིག་པ་ཙམ་དུ་སྨྲ་བ་བསལ་ཏོ། །རྫུན་པ་ཡང་སྔོན་པོ་ལ་སོགས་པ་ཡིན་པར་འདོད་ཅིང། དེའི་གསལ་བ་རྣམས་ཤེས་པ་དངོས་པོའི་དབང་གིས་ཡིན་པར་འདོད་ན། གཞན་དུ་ན་དེའི་རེས་འགའ་ ་པ་ཉིད་དུ་འགལ་ཏེ། རྒྱུ་མེད་གཞན་ལ་མི་བལྟོས་ཕྱིར། རྟག་ཏུ་ཡོད་པའམ་མེད་པར་འགྱུར་ཞེས་པའི་རིགས་པས་སོ། །དངོས་པོ་དང་དངོས་པོ་མེད་པ་དེའི་བདག་ཉིད་དུ་འགལ་བའི་ཕྱིར་སྔོན་པོ་ལ་སོགས་པ་ཡང་འོངས་པོ ་ཉིད་དུ་གྲུབ་པས་ཐམས་ཅད་རྫུན་པར་སྨྲ་བ་ཡང་སུན་ཕྱུང་ངོ། །འདིར་ནི་སྔོན་པོ་ལ་སོགས་པའི་བྱེ་བྲག་དང། ཀ་བ་དང་བུམ་པའི་བྱེ་བྲག་དང། སྔོན་དང་ཕྱི་མ་དང་དབུས་ལ་སོགས་པའི་ཆའི་བྱེ་བྲག་གིས་དངོས་པོར་ཤེས་པ་དེ་དག་ཅི་རྣམ་པར་ཤེས ་པ་གཅིག་ཡིན་ནམ། ཅི་དུ་མ་ཡིན་བ་འདིར་དཔྱད་པར་བྱ་སྟེ། བཙུན་པ་ཤེས་རབ་འབྱུང་གནས་སྤས་པ་ནི་འདི་དག་གཅིག་ཉིད་དེ། ལྷན་ཅིག་པར་སྣང་བའི་ཕྱིར་ཏེ། འདི་ལྟར་ཐ་དད་པ་ན་རབ་རིག་པ་ནང་དུ་བལྟས་པར་ཕན་ཆུན་རྟོགས་པ་མེད་དེ། ་རང་དང་གཞན་གྱིས་ཤེས་པ་གཞན་དུ་ལྷན་ཅིག་རྟོགས་པར་གལ་འགྱུར་།འོན་ཏེ་གཅིག་ཡིན་ན་ཇི་ལྟར་བྱེ་བྲག་ཏུ་སྣང་ཞེས་ཟེར་ན། འདིར་བྱེ་བྲག་ཀྱང་ཅི་ཞིག་ཡིན། འགལ་བའི་ཆོས་འདུ་བའི་ཕྱིར་རོ་ཞེས་ཟེར་འགལ་བ་འདི་གཉིས་ལས ་གང་ཡིན། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ་ཞེས་ཟེར་ན། ལྷན་ཅིག་པས་སྣང་བ་ཇི་ལྟར་ཕན་ཚུན་སྤངས་ཏེ། གནས་པ་ཡིན་ནོ་ཞེས་སྨྲའོ། །གཉིས་སུ་སྨྲ་བ་ཉིད་ནི་ཡང་ལྷན་ཅིག་སྣང་བའི་ཕྱིར་ཇི་ལྟར་ཕན་ཚུན་སྤངས་ཏེ ་གནས་པ་ཡིན་ཞེས་པ?་ཞིག་གང་སྨྲས་པ་དེ་རིགས་པ་མ་ཡིན་ཏེ། འདི་ལྟར་སྔོན་པོ་དང་སེར་པོ་ལ་སོགས་པ་གཅིག་གི་ངོ་བོ་གང་ཡིན་པ་དེ་གཞན་ལ་དེ་མེད་པ་དེ་ཁོ་ན་ཉིད་བྱེ་བྲག་ཡིན་ནོ། །གཅིག་ལ་གཅིག་ཡིན་པར་ཅིག་ཅར་དངོས་པོ་དང ་དངོས་པོ་མེད་པ་འགལ་བའི་ཕྱིར་རོ། །དེ་ཡང་མངོན་སུམ་གྱིས་འདི་དག་ཐ་དད་པར་གྲུབ་པས་གཅིག་ཉིད་ཡིན་པར་གནོད་དོ། །དེ་བས་ན་འདི་དག་ད་ལྟ་གཅིག་ཉིད་དུ་མེད་དོ། །ལྷན་ཅིག་སོ་སོར་སྣང་བའི་ཕྱིར་ཞེས་བྱ་བ་དེ་ཉིད་རྒྱུ་མཚན་དུ་མི་རིགས་སོ།། ་གཞན་ཡང་ལྷན་ཅིག་ཏུ་སྣང་བ་གཅིག་ཉིད་ཀྱི་རྒྱུ་མཚན་དུ་ཡང་མི་རིགས་པ་ཉིད་དེ། འདི་ལྟར་གཅིག་ཉིད་ཡིན་ན་བྱེ་བྲག་མེད་པའི་ཕྱིར་གང་དང་ལྷན་ཅིག་སྣང། །འདི་དག་ཐམས་ཅད་གཅིག་ཏུ་རྟོགས་པ་ཉིད་མེད་ཅིང། རེ་རེ་རྟོགས་ན་ལྷན་ཅིག་སྣང་བར་གལ ་འགྱུར་ཞེས་ཟེར་ན་རྟོགས་པར་བྱེད་པའི་རང་གི་ངོ་བོ་ཉིད་དང་དེ་ཡང་གཅིག་བ་མ་ཡིན་པ་དེའི་ཚེ་དེ་ལྟ་ཡིན་ན་ཐ་མི་དད་པས་དེ་རྣམས་གཅིག་ཉིད་དུ་འགྱུར་པར་མངོན་སུམ་གྱིས་གནོད་དོ། །འོན་ཏེ་དེ་དག་ལ་ཐ་མི་དད་ན་དེའི་ཚེ་ཐ་དད་པ་ཉིད་དུ་ཇི་ལྟར་འགྱུར ་ཏེ་ཐ་མི་དད་པ་ནི་མ་ཡིན་ནོ། །དེ་བས་ན་ཐ་དད་པ་གཅིག་ཡིན་པ་སྤངས་ནས་ལྷན་ཅིག་སྣང་བའི་རྒྱུ་མཚན་དཔྱད་དེ། དེ་དག་ཀྱང་ཉེ་བར་ལེན་པ་ཐ་མི་དད་པ་ཉིད་ཅན་ཡིན་པའི་ཕྱིར་རྟོགས་པར་བྱ་བ་དེ་རྣམས་ཀྱི་ཉེ་བར་ལེན་པ་ཐ་མི་དད་པ་ཅན་ཉིད ་ཡིན་ལ། རྟོགས་པར་བྱེད་པ་དེ་རྣམས་ཀྱིས་ཡག་དེ་ཉིད་དེ། རང་དང་གཞན་གྱིས་སེམས་ན་ཉེ་བར་ལེན་པ་གཅིག་པ་ཅན་ཉིད་མ་ཡིན་པས་དེ་རྣམས་ཀྱི་ལྷན་ཅིག་སྣང་བ་མེད་དོ། །རེ་རེས་ཐམས་ཅད་རྟོགས་མིན་ཡང། །སྡེ་ཡིས་སྡེ་རྟོགས་མིན ་ནམ་ཅི། །ཉེར་ལེན་ཐ་དད་ཅན་ཉིད་ཕྱིར། །ཚོགས་རྣམས་ཀྱིས་ནི་བཀོད་མ་ཡིན། །རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཞེས་བྱ་བ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །། ་བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྭའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་བསྐྱུར་བའོ། །སླད་ནས་པཎྜི་ཏ་ཆེན་པ་དེ་ཉིད་དང། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨནྟ་ར་བྱ་བ ་