CLOSE WINDOW

N4546: 'brel ba grub pa
Wyliee-texts based on the ACIP/ALL Input

ཁ་ཆེའི་པཎྜི་ཏ་མ་ན་རེ?་ཐེ་དང། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའོ། །བསྒྱུར་དཔེ་ལ་གཏུགས།། །།འགྲེལ་པ་གྲུབ་པ་ཤད་རཱ་ནནདས། །རྒྱ་གར་སྐད་དུ། པྲ་ཏི་བནདྷ་སིདྡྷི། བོད་སྐད་དུ། འབྲེལ་པ ་གྲུབ་པ་ཐམས་ཅད་མཁྱེན་པ་ལྟ་བའི་ཐིབས་པོ་སེལ་བར་མཛད་པ་ལ་ཕྱག་འཚལ་ལོ། །དེ་ཉིད་ཤེས་ཆུལ་དོན་དེས་མངོན་སུམ་མཚན་ལ་དེ་ལམ་རྗེས་ཞུགས་ཀྱིས། མུ་སྟེགས་ཅན་དན་བསལ་བས་རྒྱལ་ཕྱིར་གང་གི ་རྒྱལ་རྔ་རྒྱལ་ཆེན་ནམ། །དམ་པའི་ཚུལ་ལུགས་བརྗོད་པའི་བདག་འདི་གནོད་མེད་ངེས་བར་རབ་བསྤགས་པ། བདེ་བར་གཤེགས་པ་དེ་ལ་རྟག་ཏུ་རྩེ་གཅིག་བློས་ནི་ཕྱག་འཚལ་ལོ། །ཚད་མ་ལས་དོན་གྲུབ་ན་ཡང། །ཚང ་མེད་ཉིད་ལས་མ་ཡིན། །འོན་ཏེ་དེ་གྲུབ་བལྟོས་མེད་ན། །དེ་ཡང་གྲུབ་ཕྱིར་བསྒྲུབས་བྱ་མིན། །གནོད་འབྲལ་རབ་གྲུབ་ཉམས་མྱོང་དང། །གཞན་ཡང་རྟག་མིན་དེ་ཡི་ནི། །ཡན་ལག་ཉིད་ཀྱི་རང་བཞིན་ནི། །ཐོབ་ལ་བལྟོས་པ ་མེད་ཕྱིར་རོ། །དངོས་རྣམས་ཚད་མ་ཙམ་གྱིས་ནི། །བསྒྲུབ་བྱར་གནས་ན་གང་ཇི་ལྟར། །དེ་ནི་དེ་ལྟ་ཉིད་འགྲུབ་ཕྱིར། །བལྟོས་པ་བྱས་པ་དོན་མེད་འགྱུར། །རྟོགས་པའི་རང་གི་ངོ་བོ་ཉིད་།གང་ཞིག་ཇི་ལྟར་ཉིད ་དུ་འཐད། །འཐད་པའི་སྒྲུབ་བྱེད་ཅན་གྱི་ནི། །འཇལ་བྱེད་གཞལ་བྱ་རྣམ་བར་གནས། །དེ་ཡི་རྟེན་ནི་མཁས་རྣམས་ཀྱི། །འབྲེལ་པ་ཡིན་བརྗོད་དེ་ཡང་ནི། །དངོས་ཐ་དད་མེད་སྤངས་བྱས་ཏེ། །ཆོས་གཅིག་བདག་ཉིད ་ཅན་བདག་ཡིན། །དོན་རྣམས་དངོས་པོ་དད་མེད་ཀྱང། །དེ་ཇི་ལྟ་བ་དེ་ལྟར་ནི། །རྟོགས་མིན་ཇི་ལྟར་རྟོགས་དེ་ལྟར། །དེ་མིན་འཁྲུལ་པ་དམིགས་ཕྱིར་རོ། །དེ་ཕྱིར་ཆོས་བདག་ཅན་གྱི་ཆོས། །ཐམས་ཅད་དུ་ནི་བདག་བཞིན་གཞན། །སྤངས ་ནས་གནས་པ་ཐོབ་མིན་ཏེ། །དེ་ཉིད་ལས་འདི་དེ་ལྟར་འགྱུར། །གཅིག་ལ་གཞན་དེའི་བདག་ཉིད་དམ། །གཞན་ཡང་ཡོད་མི་ཁྱད་མེད་ཕྱིར། །དེ་ལྟའི་ངོ་བོའི་ཆོས་གཞན་དེར། །དེ་ཉིད་དང་ནི་རྗེས་འབྲེལ་འགྱུར། །དེ་གཞན་གྲུབ་པ་བཀག ་པའི་ཕྱིར། །ཡང་དག་སྦྲེལ་བའི་བློ་ཡིས་ཀྱང། །འབྲེལ་བ་བརྗོད་པ་མ་ཡིན་ཏེ། །གཅིག་ལ་འགྱུར་དེ་འང་དོན་མེད་ཅན། །ཀུན་བདག་ཉིད་ཕྱིར་ཚད་མ་ཡིས། །ཡུལ་འདས་རིག་པར་འགྱུར་མིན་ལ། །མེད་ན་མི་འབྱུང་གནོད་མེད་ལས་།།མེ ་ཡིན་རྒྱུ་འབྲས་དེ་ལྟ་མིན། །ཅི་ནི་ལན་གཅིག་མཐོང་བ་ན། །ཐམས་ཅད་ལན་ཅིག་མིན་པ་མིན། །མངོན་སུམ་ལ་ནི་བརྟེན་པའི་ཕྱིར། །རྗེས་དཔག་ལ་ཡང་དེ་རྟོགས་མིན། །གཞན་དུ་མི་འཐད་པ་ཡང་ནི། །མི་འཁྲུལ་རྟོགས་བྱེད་མ ་ཡིན་ཏེ། །འགལ་དང་མི་འཁྲུལ་བ་དག་ནི། །མོད་པས་ལ་ལར་སྲིད་ཕྱིར་རོ། །དེ་ཕྱིར་འདི་ནི་གང་དུ་ཡང། །ཚད་མའི་རྩ་བ་རྟེན་མིན་ཏེ། །ཆོས་གཞན་བདག་ཉིད་ཅན་ཆོས་ལས། །རྣམ་པར་དཔྱད་པས་ངེས་པ་ཡིན། །རང་བཞིན་གཞན ་ནམ་དཔྱོད་པའང། །ཆོས་གཞན་དག་གི་བློ་ལ་ནི། །ཆོས་ཅིག་བདག་ཉིད་ཅན་ཤེས་པས། །རྒྱུ་མིན་རང་བཞིན་ཉིད་ཀྱིས་མིན། །དེ་དེ་ཉིད་ཕྱིར་དེ་རྟོགས་ན། །དེ་བཞིན་དེ་བློ་དེ་ལྟར་འགྱུར། །ཆོས་ཐ་དད་པར་དེས་ཕྱིར་ན། །འཇུག་པ ་གཞན་དང་ལྡན་པ་ཡིན། །དོན?་རྟོགས་ལས་ཏེ་ཚད་ཡིན་ཕྱིར། །དངོས་པོ་འཐད་བ་ལས་འགྱུར་ཞིང། །ཚད་ལས་ཀྱང་ནི་དེ་འགྲུབ་ཕྱིར། །ཚད་མ་འཐར་བ་ལས་འགྱུར་ཉིད། །དེ་ཕྱིར་ཆོས་བདག་ཅན་ཆོས་དང་།ཆོས་གཞན ་འགལ་ལྡན་དེ་ལྟ་ཞེས། །གཞན་ལས་འགྱུར་མིན་དེ་ཡི་ནི། །རང་བཞིན་ལས་ནི་རྟེན་པར་འགྱུར། །དངོས་ལས་དངོས་གྲུབ་མཐར་ཐུག་པ། །ཙམ་ཞིག་འདི་ནི་ཉེ་བར་སྟན་གྱི། །དེ་གྲུབ་པ་ལ་དག་ལས་ཕྱིར། །དེ ་གྲུབ་མིན་དེས་སྒྲུབ་བྱེད་མིན། །དོན་གྱི་དེ་ཉིད་ངེས་པ་ཡི། །བློ་འདི་དངོས་ལ་བརྟེན་པ་ན། །དེས་བཞག་དོན་ལ་ཚད་འགྱུར་གྱི། །འགའ་ཡང་དེ་ལྟར་མིན་པ་མིན། །བསྟན་བཅོས་དེ་དེར་དངོས་བོ་ལ། །མཁས་པས་འཇལ་དང་གཞལ་བྱ་ཡི།། ་བཞག་འདི་དེ་ཡི་རང་བཞིན་ཉིད། །དེས་རྟོགས་ལས་སྐྱེས་ཡིན་ཞེས་བྱ། །འབྲེལ་པ་གྲུབ་པ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པ་ཆོས་ཀྱི་གྲགས་པ་གཉིས་པ་ཞེས་འཇིག་རྟེན་ན་གཏན་དུ་གྲགས་ཤིང་རྟོག་གི ་པ་ཕལ་པའི་གཞུང་འཇིག་པ་དང། ཐོགས་པ་མེད་པ་དོན་གྱི་དེ་ཁོ་ན་རྣམ་པར་འཇོག་པའི་བློའི་མཐུ་སྟོབས་ཀྱིས་འགྲན་ཟླ་དང་བྲལ་བ། །བདེ་བར་གཤེགས་པའི་བསྟན་བ་ལ་གཅེས་སྤྲས་སུ་འཛིན་པས་ལེགས་བར་བཤད་པའི་རོ་མྱང་བ་ལ ་སེམས་གཅིག་ཏུ་གཞོལ་བ་དགེ་བསྙེན་དམ་པ་ཤངཀ་རཱ་ནནདས་མཛད་པ་རྫོགས་སོ།། །།པཎྜི་ཏ་སྐལ་ལྡན་རྒྱལ་བོ་དང། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། བིཛནཱ་བ་ཏི་མའ་ཏྭ་ཏཱ ་