CLOSE WINDOW

N4543: skad cig ma 'jig pa grub pa'i rnam par 'grel pa
Wyliee-texts based on the ACIP/ALL Input

དང། ལོཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་འབྲེལ་བྲམ་ཟེ་མུ་ཏིག་བུམ་པས། རྒྱ་གར་སྐད་དུ། ཀཱ་ན་བྷ་ག་སིད་དྷི་བང་མ། བོད་སྐད་དུ། སྐད ་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐད་ཅིག་འཇིག་པ་གྲུབ་པར་བྱེད་པའི་ཚད་མའི་རྒྱུ་ཅན་འགོག་པའི་ཐབས་ཤེས་པར་བྱ་བའི་ཕྱིར་དེ་བརྗོད་པ་ལ་གཞུང ་ཅུད?་དུས་བདེ་བླག་ཏུ་བཟུང་བར་བྱ་བའི་དོན་དུ་རབ་ཏུ་བྱེད་པ་འདི་བརྩམས་སོ། །དེ་ལ་གྲངས་ཅན་ལ་སོགས་པ་རྒོལ་བའི་ཚོགས་ཀྱི་ཕྱོགས་སྔ་མས་སུན་དབྱུང་བའི་དོན་དུ་འདུས་བྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གྲུབ་པའི་མཛའ་ ་རྗེས་སུ་བརྗོད་པར་བྱེད་དོ། །རྒྱུ་དང་རྐྱེན་ཚོགས་པས་བསྐྱེད་པའི་ཕྱིར་འདུས་ནས་བྱས་པ་ནི་འདུས་བྱས་རྣམས་ཏེ། །བྱས་པ་ཞེས་བྱ་བའི་དོན་ཏོ། །བློ་དང་མེ་ལྕེ་ལ་སོགས་པ་དུས་གཅིག་ཞིག་པ་མ་ཡིན་པ་དེ་དག་ཅུང་ཟད་ཀྱང་ལེག་པར་རྟོགས ་པ་མེད་ཀྱི་བྱེ་བྲག་མེད་པ་ཡིན་ནོ། །ཞེས་ཁྱད་པར་ཉེ་བར་བླངས་པ་ཡིན་ནོ། །དེ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་སྐྱོན་རྣམས་ཀྱི་རིམ་པ་སྟོན་པ་ཡིན་ནོ། །གྲུབ་པའི་མཛའ་མངོན་པར་འདོད་པའི་སྐད་ཅིག་གི་སྒྲའི་དོན་འཇིག་རྟེན་ལ ་རབ་ཏུ་མ་གྲགས་ན་དའི་རྗེས་སུ་འགྲོ་བ་སྐད་ཅིག་མའི་སྒྲའི་དོན་མ་གྲུབ་པོ། །དེའི་ཕྱིར་ཁྱད་པར་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ནོ། །ཞེས་བསམས་པའོ། །དེ་དག་གིས་གཞུང་ཞེས་བྱ་བ་འདིས་ནི་རིགས་པ་དང་བྲལ་བར་སྟོན་པར་བྱེད་དོ། །སྐྱེས་པའི ་དོན་ནི་ཞེས་བྱ་བ་ལ་སོགས་པ་སྐད་ཅིག་གཞན་དུ་གནས་པར་སྒྲུབ་པར་བྱེད་དོ། །བྱེ་བྲག་པ་དང་རིགས་པ་ཅན་རང་གི་རྒྱུད་ལ་ཡོད་པ་དང་འདུ་བ་སྐྱེ་བ་ཡིན་ནོ། ཞེས་སྨྲ་ཞིང་གྲུབ་པ་དང་འབྲེལ་པ་དག་ཀྱང་དུས་གཅིག་པ་ཉིད་ཡིན་གྱི་དངོས་པོ ་སྐྱེ་བ་ལས་དུས་ཐ་དད་པར་ཡོད་པ་དང་འབྲེལ་པ་ནི་མ་ཡིན་ནོ། །ཞེས་ལྟ་བ་མ་ཡིན་ནམ། སྤྱོད་པ་པ་ལ་སོགས་པ་ལ་ནི་འདུ་བ་ཉིད་འགའ་ཞིག་བྱེད་ཀྱི་འོན་ཀྱང་ཡོད་པ་ཙམ་ཡིན་ནོ་ཞེ་ན། དེ་ལ་ཁ་ཅིག་གིས་སྨྲས་པ། བདེན་ཏེ། རྫས་སྐྱེས ་ལ་ཕྱིས་གཟུགས་ལ་སོགས་པ་དང་འདུ་བ་ཡིན་ནོ། །ཞེས་བྱ་བའི་ལུས་འདི་ལ་བསམས་པ་ཡིན་ནོ་ཞེས་ཟེར། ཏེ། །ཡོད་པའི་སྒྲ་ནི་ཅི་ཞིག་ལྟར་ཏེ་བདག་ཉིད་ཉེ་པར་མཚོན་པའི་དོན་དུའོ། །འདིས་ཅི་ཞིག་གྲུབ་ཅེ་ན། འདིས་ནི་འགྲུབ་སྟེ་རྫས་སྐྱེས ་པ་ནི་གཟུགས་ལ་སོགས་པ་དང་འདུ་བའི་དུས་སུ་སྡོད་པས་སྐད་ཅིག་གཞན་དུ་གནས་པར་འགྱུར་ཏེ། དེ་ལྟར་མ་ཡིན་ན་རྣམ་པ་དེ་ལྟར་མི་དམིགས་པར་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟར་ན་རྫས་ཁོ་ན་སྐད་ཅིག་གཞན་དུ་གནས་པར་བསྟན་པར ་འགྱུར་གྱི། ཡོན་ཏན་ལ་སོགས་པ་ནི་མ་ཡིན་པ་མ་ཡིན་ནམ། གལ་ཏེ་དེ་ལྟ་ན་འདི་ལས་ཅིར་འགྱུར་རེ་ཞིག་ཐམས་ཅད་སྐད་ཅིག་མ་ཉིད་དུ་དམ་བཅས་པ་བཏང་པར་འགྱུར་རོ། །དེ་ལྟར་བརྗོད་པར་གྲུབ་པའི་མཛའ་ལ་ཡོད་པ་རྟག་པར་ཁས ་མ་བླངས་པའི་སྐྱོན་ངས་ལ་བ་ཡིན་ནོ་དེའི་ཕྱིར་གཟེགས་ཟན་གྱི་སློབ་མ་ཁ་ཅིག་ཉིད་ཀྱི་འདི་འདོད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་བྱས་པ་སྐད་ཅིག་མ་ཡིན་ནོ་ཞེས་བྱ་པའི་དག་འདི་ལ་ཚིག་དག་ཕན་ཚུན་འགལ་བའི་དོན་ཉིད་བརྗོད་པར་བྱེད་ལ ་ཡིན་ཏེ། དའི་མ་མོ་གཤམ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཁྱད་པར་མ་གྲུབ་པ་ལ་སོགས་པའི་ཕྱོགས་གྱི་སྐྱོན་འབའ་ཞིག་ཏུ་མ་ཟད་དེ་དེ་ལྟ་བུའི་ཆོས་དང་འབྲེལ་བའི་སྒོ་བ་གཉི་ག་ལ་གྲུབ་པའི་དཔེ་ཡང ་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་ནི་ངེས་ན་ཞེས་བྱ་བ་ལ་སོགས་པས་སོ། །འདི་མེད་མོད་ཅེས་ནི་བརྗོད་པར་མི་བྱ་སྟེ། དེ་མེད་ན་ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མ་དྲན་པ་མེད་པའི་ཕྱིར་ལ། ཁྱབ་པ་མ་ངེས་པ་ཅན་གྱི་ཡོད་པ་ཞེས་བྱ ་བའི?་གཏན་ཚིགས་ནི་སྒྲུབ་པར་བྱེད་པའི་ལན་མ་ཡིན་ནོ། །ངེས་སྨྲས་པ་ནི་ཁྱབ་པ་ཞེས་བྱ་བ་ལ་སོགས་པས་སོ། །བློ་ལ་སོགས་པའི་མྱུར་དུ་འཇིག་པ་ཡིན་ན་ཡང་ཡོད་པ་དང་འདུ་བའི་དུས་ལ་བལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་སྐྱེ་བ ་ཉིད་ན་འཇིག་པར་མ་གྲུབ་བོ། །ཡང་ན་ཐེ་ཚོམ་དུ་གྱུར་མོད་ད་བསྒྲུབ་བྱ་ཉིད་ཐེ་ཚོམ་ཟ་བའི་སྐྱོན་ཡིན་ནོ་ཞེས་བཤད་པ་ནི་བློ་ཞེས་བྱ་བ་ལ་སོགས་པའོ། །ཡོད་པའི་གཏན་ཚིགས་ཀྱང་ལྷག་མ་དང་ལྡན་པའི་མ་ངེས་པ་ཡིན་ནོ་ཞེས ་བཤད་པ་ནི། དོན་བྱ་བ་བྱེད་པའོ། །འདི་ཉིད་ཀྱི་འཐད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་གྱི་དོགས་པ་བསུ་བ་ནི་འདི་སྙམ་དུ་ཞེས་བྱ་བའོ། །ལྷན་ཅིག་བྱེད་པ་རྣམས་རིམ་གྱིས་ཉེ་བར་ལེན་པར་གྱུར་པའི་དངོས་པོ་རིམ་གྱི ་འབྲས་བུའི་ཚོགས་བྱེད་དེ་ཞེས་བྱ་བའི་ལུགས་འདི་ལ་ལྷན་ཅིག་བྱེད་པ་རྣམས་འདི་ལ་ཅུང་ཞིག་བྱེད་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་དེ་ལས་གཞན་པ་བཞིན་དུ་བལྟོས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི ་ཕྱིར་རོ། །ཐ་མི་དད་པ་འགའ་ཞིག་བྱེད་པ་ནི་མ་ཡིན་ཏེ། དེ་ནི་རང་གི་རྒྱུད་ལ་སྐྱེས་པའི་ཕྱིར་ལ། བྱས་པ་ལ་བྱེད་པ་མི་རུང་བའི་ཕྱིར་རོ། །ཐ་དད་པ་བྱེད་པའི་ཁྱད་པར་བྱེད་ན་ཡང་དེ་བལྟོས་པ་མེད་པའི་ཕྱིར་རེ། །དེ་ཉིད་ཀྱི་རང་བཞིན་གཞན ་བྱེད་ན་ཁོ་པོ་ཅག་གི་ཕྱོགས་ཁས་བླངས་པའི་ཕྱིར་སྐད་ཅིག་མ་མ་ཡིན་པ་ནི་རིམ་གྱིས་བྱེད་པ་ནི་མི་འཐད་དོ་ཞེས་བྱའོ། །འདི་བདག་ཉིད་ཀྱི་ལྟ་པའི་དཔེ་བསྟན་པས་སེལ་པ་ནི། དེ་ནི་མི་རིགས་ཏེ། ཞེས་བྱ་བརྩོམ་མོ། །བུམ་པ་ལ་སོགས་པ་ཉེ་བར་ལེན ་བ་རྣམས་ནི་ཐོ་བ་ལ་སོགས་པ་བསྣུན་པའི་ཁྱད་པར་གྱི་ལྷན་ཅིག་བྱེད་པའི་རྒྱུ་ཉེ་བར་བླངས་ནས་འཇིག་པ་ཞེས་བྱ་བའི་འབྲས་བུ་སྐྱེད་པར་བྱེད་དེ་ཞེས་གྲག་གོ་།ཐོ་བས་བུམ་པའི་འཇིག་པ་སྐྱེ་བ་ལ་རྗེས་སུ་མཐུན་པའི་ཁྱད་པར་འགའ་ཞིག་བྱེད་པ་ནི་མ ་ཡིན་ནོ། །ཐོ་བ་ལ་སོགས་པ་འཇིག་པའི་རྒྱུ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། དེ་ནི་ཐོ་བ་ལ་ཡོད་པ་མེད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་བཤད་པ་ནི་རྗེས་སུ་འགྲོ་བ་ཞེས་བྱ་བའོ། །ཡང་དཔེར་ན་ཞེས་བྱ་བ་འདིས་རྗེས་སུ་འགྲོ་བ ་དང་ལྡོག་པའི་ཚད་མ་ཅན་དངོས་པོའི་ངོ་བོའི་རྣམ་པའི་འབྲས་བུ་བསྐྱེད་པ་དཔེར་བྱེད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བསྟན་པའི་དཔེ་ཅན་འཇུག་བསྡུ་པའོ། །དེ་ལྟར་རེ་ཞིག་ཐོབ་ལ་སོགས་པ་བུམ་པ་ལ་སོགས་པ་ལ་ཅུང་ཞིག་མི་བྱེད ་ཀྱང་བདག་ཉིད་ལྡོག་པ་ལ་བལྟོས་པ་ཡིན་ཞེས་ས་བོན་ལ་སོགས་པ་བསྟན་པ་བསྒྲུབ་པར་བྱེད་དོ། །དེས་ན་ལྷན་ཅིག་བྱེད་པ་རྣམས་ཁྱད་པར་མི་བྱེད་ཀྱང་བལྟོས་པ་ཉིད་དུ་སྔར་བསྟན་པ་དཔེས་བསྒྲུབས་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས ་པ་ལ་འདྲེས་པ་དང་ཐ་དད་མ་གྲུབ་ཅེས་བྱ་བ་ནི་ཁྱད་པར་དང་འབྲེལ་པ་མ་ཐོབ་པའོ། །དེས་ན་ཞེས་བྱ་བ་ལ་སོགས་པས་ནི་སྔར་དམ་བཅས་པའི་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མཚན་ཉིད་ཀྱི་ལྷག་མ་དང་ལྡན་པའི་མ་ངེས་པའི ་འཐད་པ་འཇུག་སྡུད་དོ། །ད་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་དོ་ཉིད་མ་གྲུབ་པར་སྟོན་ཏོ། །སྔར་ནི་གྲུབ་པར་ཁས་བླངས་ནས་མ་ངེས་པར་བརྗོད་པ་ཡིན་ཏེ། ཕྱོགས་ཆོས་མེད་པ་ནི་ཐེ་ཚོམ་སྐྱེད་པར་བྱེད་པ་ཉིད་དུ་འཐད་པ ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རྣམ་པར་དཔྱད་པར་མི་རིགས་སོ་ཞེས་གང་བཤད་པ་ཡིན་ནོ། །མ་གྲུབ་པ་ཡང་མཐོང་བའི་དངོས་པོ་དང་འབྲེལ་པ་འདི་ལ་བསྟན་པར་ཁྱད་པར་བྲལ་བ་ནི་མངོན་སུམ ་གྱིས་རྟོགས་པ་མེད་དོ། །གནས་པའི་ཁྱད་པར་དུ་རྟོགས་པ་ནི་སྐད་ཅིག་མ་ཉིད་ལས་བཟློག་པ་བསྟན་པས་ཁྱབ་པ་དེས་ན་འགལ་བ་མེད་དོ། །འགལ་བའི་ཕྱིར་ནུས་པ་མེད་པས་ཉེ་བར་དགོད་པར་མི་བྱའོ་ཞེས་བརྗོད་པ་ནི་སྣལ་མའི་བསྒྲུབ ་བསྒྲུབ་པའི་ནུས་པ་མེད་པས་འགལ་བར་བརྗོད་པར་འདོད་ནས་བསྟན་པ་ཡིན་གྱི་བཟློག་པ་བསྒྲུབ་པ་ལ། བསབས་བ་ནི་མ་ཡིན་ནོ་ཞེས་ཁ་ཅིག་བློ་འཁྲུལ་བར་འགྱུར་བས་དེར་མ་གྱུར་ཅིག་ཅེས་ཡང་ཉེ་བར་སྦྱར་ནས་སྨྲས་པ་ནི་ཅི་འདྲ ་བཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་ལ་མངོན་སུམ་གྱི་བདོན་གནོད་པ་སྡུད་པ་ཡིན་ནོ། །གཞན་དག་མངོན་སུམ་གྱིས་གྲུབ་པའི་དངོས་པོ་སྐད་ཅིག་མ་ཉིད་ཀྱིས་ཕྱོགས་སུ་བྱེད་དོ། །དེ་ནི་སྤྱི་དང་ཁྱད་པར་གྱི་བདག ་ཉིད་དོ། །སྤྱིའི་ཆ་ལ་ནི་ངོ་ཤེས་པའི་བདག་ཉིད་ཀྱི་མངོན་སུམ་བསྟན་པར་འཛིན་པར་བསྙོན་དུ་མེད་དོ། །དེས་ན་དེ་གནོད་དོ། །དེ་མངོན་སུམ་མ་ཡིན་པ་ཡང་མ་ཡིན་ཏེ། རྟོག་པ་མེད་པ་དང་མཚུངས་པར་བརྗོད་པའི་ཕྱིར་ཏེ། དོན་ཉེ་བའི ་ཡུལ་ཅན་དབང་པོ་ལས་སྐྱེས་པ་ནི་མངོན་སུམ་མོ་ཞེས་བྱ་བ་དང་མཚན་ཉིད་ཁྱད་པར་མེད་པའི་ཕྱིར་རོ། །གསལ་བ་དང་འདུ་བ་དང་ཐ་མི་དད་པའི་ངོ་བོ་ནི་སྤྱི་ཡིན་ནོ། །གཞན་ནི་རྟོགས་པར་སླའོ། །རྗེས་སུ་དཔག་པས་གནོད་པའི་ཕྱོགS ་ཀྱི་སྐབས་སུ་འདིར་ཞེས་བྱ་བ་ལ་སོགས་པས་དེའི་འབྲེལ་པ་བསྟན་པའི་དོན་དུ་བཟློག་པ་བཤད་དོ། །འདིར་བསྟན་ཚིགས་ནི་ངོ་ཤེས་པ་དང་དྲན་པར་བྱེད་པའོ། །སོགས་པ་སྨོས་པས་ངོ་ཤེས་པ་པོ་བརྗོད་པར་འདོད་དོ། །སྔ་མ་དང ་ཕྱི་མའི་དུས་དང་འབྲེལ་པའི་རྩོད་པའི་གཞར་གྱུར་པ་རྣམས་སྐད་ཅིག་གིས་ཐ་དད་པར་བསྒྲུབ་པ་བྱ་བ་ལ་གསལ་བར་ཐ་དད་པའི་ལྷས་བྱིན་དང་མཆོད་སྦྱིན་དག་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །དོ་ཤེས་ལ་སོགས་པ་དེ་དག་ལས་ལྡོག་པ་ན་རྣམ ་པ་གཞན་མེད་པའི་ཕྱིར་ཐ་མི་དད་པས་ཁྱབ་པར་བྱ་བ་ཡིན་ནོ། །དེ་བཤད་པ་ནི་ལྷས་བྱིན་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་འདི་ནི་དྲན་པ་པོའི་དྲན་པའི་ཟློག་པ་བཤད་དོ། །དེ་ནི་བྱེད་པ་པོ་གཅིག་གི་མྱོང་བ་ལ་ཡིན་ཏེ། བྱེད་པ་པོ་དུ་མ་ལ ་མེད་པའི་ཕྱིར་རོ། །ངོ་ཤེས་པ་ལ་ཡང་འདི་ལྟ་བུ་ཁོ་ནའོ། །དེ་བསྟན་པ་ནི། ལྟ་བ་དང་དོ་ཤེས་པར་བྱེད་པ་ཞེས་བྱ་བའོ། །གལ་ཏེ་སྐད་ཅིག་གི་བདག་ཉིད་ཐ་དད་པ་དགག་པ་བསྒྲུབ་པར་བྱ་བ་ལ་མི་དམིགས་པའི་གཏན་ཚིགས་སུ་བླང་བར་བྱ ་བ་མ་ཡིན་ནམ། དགག་པ་གང་ཇི་སྙེད་པར་ཐམས་ཅད་མི་དམིགས་པ་ལས་ཡིན་ནོ་ཞེས་རྣམ་པར་བཞག་པ་ཡིན་ན་འདི་ལ་མི་དམིགས་པ་གང་ཞིག་ཡིན་ཞེས་སྐབས་ཚོལ་ཞིང་དོགས་པ་ལ་དེས་ན་འདིར་ཞེས་བྱ་བ་ལ་སོགས་པས་ཁྱབ་བྱེད་མི ་དམིགས་པ་ཡིན་པར་བསྟན་ཏོ། །དེ་ལྟར་གཏན་ཚིགས་ཀྱི་དོན་བཞག་ནས་སྦྱོར་བ་འགོད་པར་བྱེད་པ་ནི་གང་ཞེས་བྱ་བའོ། །ལྟ?་བ་པོ་དུ་མའི་དབུས་ན་གནས་པའི་གར་རམ་ཁྱད་ཐ་མི་དད་པར་ཐེ་ཚོམ་མེད་པར་ཅིག་ཅར་མཐོང་བ་ནི་ཆོས་མཐུན་པའི ་དཔེའོ། །མཐོང་བ་པོ་རྣམས་ཕན་ཚུན་དོ་ཤེས་པའི་མཚན་ཉིད་ཀྱིས་མི་བསླུ་བ་དེ་ལ་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པོ། །དེ་བཞིན་དུ་ཞེས་བྱ་བས་ཕྱོགས་ཀྱི་ཆོས་སྟོན་ཏོ། །དངོས་པོ་འགའ་ཞིག་ཅེས་བྱ་བ་ནི་རྩོད་པའི་གཞིར་བྱས་པའི ་དཔེའོ། །མཐོང་བ་པོ་རྣམས་ཕན་ཚུན་དོ་ཤེས་པའི་མཚན་ཉིད་ཀྱིས་མི་བསྒྲུབ་དེ་ལ་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པོ། །དེ་བཞིན་དུ་ཞེས་བྱ་བས་ཕྱོགས་ཀྱི་ཆོས་སྟོན་ཏོ། །དངོས་པོ་འགའ་ཞིག་ཅེས་བྱ་བ་ནི་རྩོད་པའི་གཞིར་བྱས་པའི ་སྐད་ཅིག་གི་བདག་ཉིད་སྔ་མ་དང་ཕྱི་མའི་དུས་སུ་ཐ་དད་པ་ཕྱོགས་སུ་བྱས་པ་བསྟན་ཏོ། །རྗེས་སུ་འགྲོ་བ་འཕངས་པ་དང་གཏན་ཚིགས་ཀྱི་ལྡོག་པ་སྔར་བརྗོད་པས་ཚུལ་གསུམ་ཚང་ངོ། །དེ་ལྟར་ངོ་ཤེས་པ་ཉིད་ཀྱི་གཏན་ཚིགས་ཀྱི་སྦྱོར་བར ་ཉེ་བར་བསྟན་པས་ངོ་ཤེས་པ་ཉིད་མགོ་བསྒྲེས་ཏེ་དོན་གྱིས་སྟོན་པར་བྱེད་པ་ནི། ངོ་ཤེས་པ་པོ་ལ་བལྟོས་པའི་ཐབས་ཞེས་བྱ་བ་ལ་སོགས་པས་སོ། །དྲན་པ་པོ་ཉིད་ཀྱི་གཏན་ཚིགས་ཀྱི་སྦྱོར་བ་ཡང ་མགོ་བསྒྲེས་པར་བསྟན་པ་ནི་དེ་བཞིན་དུ་ཞེས་བྱ་པ་ལ་སོགས་པས་སོ། །འདི་ནི་ལྡོག་པ་འབའ་ཞིག་པའི་གཏན་ཚིགས་ཀྱི་སྦྱོར་བར་བརྗོད་པར་བྱ་སྟེ། མཐུན་པའི་ཕྱོགས་ལ་མེད་ཀྱང་མི་མཐུན་པའི་ཕྱོགས་ལ་ལྡོག་པའི་སྟོབས་ཀྱིས ་བསྒྲུབ་བྱ་སྒྲུབ་པའི་ཕྱིར་རོ། །དེས་ན་དེ་ལྟར་ཞེས་བྱ་བས་སྔར་བསྟན་པ་ཉེ་བར་སྡུད་པར་བྱེད་དོ། །མངོན་སུམ་དང་རྗེས་སུ་དཔག་པ་མེད་པར་གང་དུ་བརྗོད་ནས་མཇུག་བསྡུད་པར་བྱེད་ཅེ་ན། གཏན་ཚིགས་མ་གྲུབ་པར་སྟོན་པའི་སྐབས་སུ་མངོན ་སུམ་མེད་པར་བསྟན་ལ། གཏན་ཚིགས་ལ་སོགས་པའི་སྐྱོན་གྱི་རྗེས་སུ་དཔག་པ་མེད་པར་བསྟན་པ་ཡིན་ནོ། །དམ་བཅས་པའི་དོན་འཇིག་རྟེན་པ་ཐམས་ཅད་ཀྱི་གྲགས་པ་དང་ཡང་འགལ་ཏེ། རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་བཞི་ནོ ་ཅི་སྟེ་སྐྱོན་ཅིག་གིས་སྤངས་པ་ལ་གཉེན་པོ་གཞན་དོན་མེད་དོ། །ཐལ་བར་བྱས་པ་ལ་མེ་སྦར་བ་བཞིན་ནོ། །ཞེན་རྩོད་ན་བདེན་ཏེ། བསྟན་བཅོས་སུ་ནི་ཐབས་རྣམ་པ་སྣ་ཚོགས་ཉེ་བར་བསྟན་པས་འགའ་ཞིག་ཅི་ཞིག་ལྟར་འགའ་ཞིག་གི་ཚེ་ཉེ་བར ་བསྟན་པའི་སྐྱོན་མེད་དོ། །ངེས་ན་ཞེས་བྱ་བ་ལ་སོགས་པས་ཕྱོགས་ཀྱི་དོན་སྔ་མ་ཉེ་བར་སྡུད་པར་བྱེད་དོ། །དེའི་ཕྱིར་ཁྱད་པར་མ་གྲུབ་པའི་ཕྱོགས་ཉིད་དང། རང་གི་ཚིག་དང་འགལ་བ་དང། དཔེས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་ཉིད་དང། གཏན ་ཚིགས་མ་ངེས་བ་ཉིད་དང། མ་གྲུབ་པ་འམ་འགལ་བ་ཉིད་དང། དམ་བཅས་པའི་དོན་མངོན་སུམ་དང་རྗེས་སུ་དཔག་པས་བསལ་བ་དང། འགྲོ་བའི་གྲགས་པ་དང་འགལ་བའི་ཕྱིར་དངོས་པོ་འཇིག་པར་བརྗོད་པ་ཉིད་ནི་འཇིག་གོ་ཞེས་བྱ ་བ་ནི་ཕྱོགས་སྔ་མའི་དོན་ཏོ། །གྲུབ་པའི་མཛའ་ཉེ་བར་འགོད་པའི་ཕྱིར་སློབ་དཔོན་གཞན་དོན་དུ་གཉེར་བར་བྱེད་པ་འམ་ཡང་ན་དུས་ལས་བབ་ནས་འདི་ལ་ལན་ཉོན་ཅིག་ཅེས་བྱ་བ་སྨོས་སོ། །སྐད་ཅིག་གི་སྒྲའི་དོན་གྲུབ་པར་བསྟན་པས་དང་པོ་བཀོད ་པའི་ཁྱད་པར་མ་གྲུབ་པ་སེལ་བར་བྱེད་དོ། །འཇིག་རྟེན་སྐད་ཅིག་གི་སྒྲ་རབ་ཏུ་སྦྱོར་བ་ནི་ཤིན་ཏུ་ཆུད་པའི་དུས་ཀྱི་དུམ་བུ་ལ་བརྗོད་པར་བྱེད་དོ། །དེ་བསྟན་པ་ནི། འདི་ལྟར་ཞེས་བྱ་བའོ། །སྐར་མ་ཤེས་པའི་གཙུག་ལག་དེ་ཉིད་ལ་འདི་གྲཌ ་ཡིན་?་ཞེས་བསྟན་པ་ནི། སྐད་ཅིག་ཐངས་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་བསྟན་བཅོས་བྱེད་པ་ནི་སྲོག་ཆགས་རྣམས་ཀྱིས་ལས་སྣ་ཚོགས་བྱས་བས་འབྲས་བུ་སྣ་ཚོགས་པ་སྐྱེ་བ་དང། བབ་མར་འགྲོ་པ་ལ ་སོགས་པ་དུས་ཐ་དད་པར་སྟོན་པ་ཡིན་ནོ། །དེས་ན་དུས་ཐ་དད་པ་རྣམ་པར་ཕྱེ་བས་དུས་ཤིན་ཏུ་ཉུང་པོ་ནི་སྐད་ཅིག་ཏུ་བརྗོད་དེ། །འགའ་ཞིག་རྡུལ་ཕྲ་རབ་གཅིག་འདུས་པའི་དུས་ནི་སྐད་ཅིག་གོ་ཞེས་བྱ་བ་ནི་མཚོན་པ་ཡིན་ན། །ཇི་སྲིད་དུ་ཇེ་ལ་ཕྲ ་རབ་གཅིག་གིས་རྡུལ་ཕྲ་རབ་གཅིག་རྒལ་བའི་དུས་ཅུང་ཟད་པ་དེ་ནི་སྐད་ཅིག་གོ་།དེ་ལྟར་རྡུལ་གཉིས་པ་བལྟོས་ནས་ཆེས་འཕྲ་པ་རྡུལ་ཕྲ་རབ་ཡིན་པ་དེ་བཞིན་དུ་སྔ་མ་དང་ཕྱི་མའི་ཆ་དང་ལྡན་པའི་དུས་ཅུང་ཞིག་པ་ལ་བལྟོས་ནས་ཆ་དང་བྲལ་བའ ་ཤིན་ཏུ་ཉུང་བའི་དུས་ཀྱི་ཆ་ནི་སྐད་ཅིག་ཡིན་པའི་ཕྱིར་རྣམ་པ་དུ་མས་སྐད་ཅིག་གི་དོན་ཤེས་པར་སླ་བས་དེའི་གནས་སྐབས་ནི་སྐད་ཅིག་མའོ། །དེ་བས་ན་ཁྱད་པར་མི་གྲུབ་པ་འདི་མ་ཡིན་ནོ། །གཉི་ག་ལ་གྲུབ་པའི་དཔེ་ཡོད་པ་མ་ཡིན་ནོ་ཞེས ་གང་སྨྲས་པ་དེ་ལ་ཅི་སྒྲུབ་པར་བྱེད་པའི་ཆོས་ཀྱིས་བྱས་པའི་ཆོས་མཐུན་པའི་དཔེས་ཕྱོགས་ལ་བསྒྲུབ་བྱ་ངེས་ལ་དེ་མེད་པའི་ཕྱིར་ངེས་སུ་དཔག་པ་མ་ཡིན་ནོ་ཞེས་ཆེ་དང་ལྡན་པས་བསམས་བསམས། བའི་དཔེ་ཉེ་བར་ལེན་པའི་དགོས་པ་ ་མི་ཤེས་པ་འདི་སྐད་དུ་སྨྲ་བར་བྱེད་དེ། ཁྱབ་པ་བསྒྲུབ་པའི་ཚད་མ་ཞུགས་པ་དྲན་པར་བྱ་བའི་ཕྱིར་ཉེ་བར་ལེན་པ་ཡིན་གྱི་དཔེའི་ཕྱིར་ནི་མ་ཡིན་ནོ། །ཆོས་མཐུན་པ་སྟོན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས ་པས་བསྒྲུབ་བྱ་སྒྲུབ་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །འདི་ནི་ཆོས་མཐུན་པ་ཉིད་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་ཚད་མ་བརྟག་པར་ཡང་བསྟན་ཟིན་ཏོ། །ཁྱབ་པ་སྒྲུབ་པའི་ཚད་མ་དྲན་པ་དེ་ཉིད་ཀྱིས་ཅི་ཞིག་བྱ་ཞེ་ན་། ་ཁྱབ་པ་རབ་ཏུ་གྲུབ་བའི་ཞེས་བྱ་བ་ལ་སོགས་པ་འདི་སྨོས་སོ། །ནི་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ནོ། །དེ་ལྟར་ན་ཡོད་པའི་མཚན་ཉིད་ཀྱི་གཏན་ཚིགས་སྐད་ཅིག་མ་ཉིད་དང་ལྷན་ཅིག་ཏུ་དེའི་བདག་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ཁྱབ་བྱེད ་མི་དམིགས་པའི་ངོ་བོ་གང་ལ་ཁ་ཅིག་ཏུ་སྟོན་པ་དེ་ནི་དཔེ་ཡིན་ནོ། །དཔེ་མེད་ཀྱང་གནོད་པར་བྱེད་པའི་ཚད་མ་དཔེར་བྱེད་དོ་ཞེས་གང་བཤད་པ་ཡིན་ནོ། །ལོག་པར་རྟོག་པ་མེད་པར་རྒོལ་བ་གཉི་ག་ལ་དེའི་ངོ་བོར་རབ་ཏུ་གྲགས་པ་མེད ་ན་ཡང་འབྲེལ་བསྒྲུབ་པར་བྱེད་པའི་ཆད་མ་རྟེན་དུ་བྱས་པ་ཐམས་ཅད་དཔེ་ཡིན་ནོ་ཞེས་བཤད་པ་ནི། དེས་ན་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ནི་ཟུར་ན་གནས་པ་ཞིག་རྩོད་པར་བྱེད་དོ། །ཆོས་ཅན་སྒྲ་ལ་སོགས་པ་སྐད་ཅིག་ཉིས ་དང་ལྡན་པར་བསྒྲུབ་པར་བྱ་བ་ལ་ཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་ཉེ་བར་སྡུད་པ་བསྒྲུབ་བྱ་དང་འབྲེལ་པ་སྒྲུབ་པར་བྱེད་པ་ན་བུམ་པ་བཞིན་དུ་སྒྲ་ལ་སོགས་པ་སྐད་ཅིག་མ་ལ་སོགས་པའི་བསྒྲུབ་བྱའི་ཆོས་དང་ལྡན་པ་སྟོན་པར་བྱེད ་དེ་ན་ཡོད་པ་ལ་སོགས་པའི་གཏན་ཚིགས་ཉེ་བར་བསྡུ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དེ་ལ་ཆོས་ཅན་ཉིད་ལ་ཞེས་སྨོས་སོ། །འདི་ལ་སྙིང་པོའི་དོན་ནི་འདི་ཡིན་ཏེ། གང་ལ་སྒྲ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཆོས་ཅན་ཉིད ་ལ་ཁྱབ་བྱེད?་མི་དམིགས་པ་ལ་སོགས་པ་གནོད་པར་བྱེད་པའི་ཚད་མ་འཇུག་པ་དེ་བརྗོད་པ་བསྒྲུབ་བྱའི་ཆོས་ཅན་སྤྱི་མཐར་ཐུག་པར་འཇུག་པ་དེ་ལ་བསྒྲུབ་བྱའི་ཆོས་ཀྱི་བློ་སྐྱེ་བ་དེས་ན་དོན་བྱ་བ་པ་ཉིད་ཀྱི་ཕྱིར་སྒྲུབ་བྱེད་ཉེ་བར་སྡུད་པ་དོན་མེད་པར ་འགྱུར་རོ། །ཞེས་བྱ་བའི་སྐྱོན་འདི་ནི་ནང་གི་ཁྱབ་པ་སྨྲ་བ་ལ་ཡོད་དོ། །དེ་དག་གི་སྨྲ་བ་ནི་རིགས་པའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། འདི་ལྟར་ནང་གི་ཁྱབ་པའི་གནོད་པར་བྱེད་པའི་ཚད་མར་རྟོགས་པའི་རིམ་པ་ནི་འདི་ཡིན་ཏེ། གལ་ཏེ་སྒྲ་སྐད ་ཅིག་མ་ལགས་པའི་རང་བཞིན་དུ་གྱུར་ན་རིམ་དང། ཅིག་ཅར་དག་གི་དོན་བྱེད་པ་འདི་རིགས་པ་མ་ཡིན་ནོ། །དེས་ན་ཁྱབ་བྱེད་མི་དམིགས་པར་ཐལ་བར་འགྱུར་བས་སྐད་ཅིག་མ་ཡིན་ནོ་ཞེས་ཁས་བླངས་དགོས་སོ་།འདི་ལ་ཡང་བརྗོད་ན་གཞན ་འདི་དག་སྨྲ་བར་བྱེད་དེ། འདི་བསྟན་པ་ཡིན་ཡང་བུམ་པ་བཞིན་དུ་འབྲས་བུ་བྱེད་དོ་ཞེས་སོ། །དེ་ལ་ཡང་གནོད་པར་བྱེད་པ་འཇུག་གོ་ཞེས་སོ། །ཕ་རོལ་དམིགས་པ་དང། མི་དམིགས་པ་སྲིད་པར་བྱས་ནས་དེ་བཞིན་དུ་བསྟན་པས་དངོས་པོ་མཛའ་ ་དག་གི་ཡུལ་ཅན་གནོད་པར་བྱེད་པ་ཉེ་བར་འཕོང་པས་ཁ་རོག་བདད?་པར་བྱའོ། །དེ་ལྟར་ཡིན་དང་ཕྱིའི་ཁྱབ་པ་འོངས་པ་ཡིན་ཏེ། སྒྲུབ་བྱའི་ཆོས་ཅན་ལས་ཕྱི་རོལ་ཏུ་གྱུར་པའི་བུམ་པ་ལ་སོགས་པ་རྣམས་ལ་གདོན་མི་ཟ་བར་དེ་བསྟན་པར ་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་དཔེ་ཡིན་ནོ། །བསྒྲུབ་བྱ་ངེས་པ་མེད་པ་མ་ཡིན་ནམ། ཇི་ལྟར་དེ་ཉིད་ཡིན་ཞེ་ན། རྣམ་པ་གཞན་དུ་སུས་བརྗོད། དེ་ལ་བསྒྲུབ་བྱ་ནི་གནོད་པར་བྱེད་པའི་ཚད་མ་འཇུག་པས་ངེས་པ་ཁོ་ན་ཡིན་ལ ་བསྒྲུབ་པར་བྱེད་པ་ཡང་མངོན་སུམ་གྱིས་སོ། །དེས་ན་དེ་ལྟར་ཚད་མ་ལ་རག་ལས་པའི་ཕྱིར་རོ། །ཞེས་བྱ་པའི་བར་གྱི་གཞུང་གི་སྙིང་པོའི་དོན་བཤད་དོ། །འདིའི་བར་གྱི་གཞུང་གིས་ཡོད་པ་ཞེས་བྱ་བའི་གཏན་ཚིགས་ཉེ་བར་བླངས་པའི ་དོན་མེད་པའི་ཀླན་ཀ་ནང་གི་ཁྱབ་པར་ལྟ་བ་དེ་ནི་ལེགས་པ་མ་ཡིན་ཏེ། གཞན་གྱིས་བཀོད་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་འཇུག་པའི་དོགས་པ་ལས་བཟློག་པའི་ཕྱིར་རོ། །དེ ་ལ་བཟློག་པའི་དོན་དུ་གཞན་ལ་འཇུག་པའི་ཕྱིར་འབྲེལ་པ་སྒྲུབ་པའི་ཚད་མ་ལ་ནན་གྱིས་ཕྱིའི་ཁྱབ་པ་བླངས་པ་ཡིན་ནོ་ཞེས་ངེས་པར་བརྗོད་པ་ཡིན་ནོ། །འདི་ལ་ཡང་རྒོལ་བ་ནི་ཡོད་པའི་གཏན་ཚིགས་ཉེ ་བར་བསྡུ་བ་དོན་མེད་པའི་རྩོད་པ་མ་སྤངས་པར་འགྱུར་ཏེ། འདི་རྩོད་པ་མེད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཕྱིའི་ཁྱབ་པ་སྒྲུབ་བྱའི་ཆོས་ཅན་ཡོངས་སུ་སྤངས་ཏེ་གནོད་པ་བྱེད་པས་དེ་ཁོ་ན་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན ་ཉིད་ཅན་གྱི་ཁྱབ་པ་སྒྲུབ་པར་བྱེད་བ་ནི་མ་ཡིན་གྱི་འོན་ཀྱང་སྤྱི་དང་བྱེ་བྲག་མེད་པར་མཐོང་བ་དང་མ་མཐོང་བའི་དངོས་པོ་མཛའ་དག་གིས་ཡུལ་ལ་དུས་གཅིག་ཏུ་བྱེད་པ་ཡིན་ནོ། །ཕྱིའི་ཁྱབ་པ་ཞེས་བྱ་བ་ཕྱི་རོལ་ཉིད་མི་ལྡན་པ་རྣམ་པར་བཅད ་པས་ཁྱད་པར་དུ་བྱས་པ་ཡིན་གྱི་ཕྱི་རོལ་ཁོ་ནའི་ཁྱབ་པ་ནི་ཕྱི་རོལ་ཁྱབ་པའོ། །ཞེས་བྱ་བ་ནི་མ་ཡིན་ཏེ། ནང་གི་ཁྱབ་པ་བཞིན་ནོ། །དེ་ལྟར་ན་འབྲེལ་པ་སྒྲུབ་པར་བྱེད་པའི་གནོད་པར་བྱེད་པའི་ཚད་མ་ཉིད་ལས་བསྒྲུབ་བྱའི་ཆོས་ཅན་སྐད་ཅིག་མ ་ཉིད་དུ་རྟོགས་པ་ལ་གང་གི་དོན་དུ་ཡོད་པའི་གཏན་ཚིགས་ཉེ་བར་སྡུད?་པ་ཡིན་དེ་ལྟར་ཡིན་དང་གོ་བར་བྱེད་པའི་གཏན་ཚིགས་ཚུལ་གཉིས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱིས་བསམ་པའོ། །བདེན་ཏེ་ཞེས་བྱ་བ་ལ་སོགས་པས་ལན ་འདེབས་པར་བྱེད་དོ། །འདི་ལ་བསྡུས་པའི་དོན་འདི་ཡིན་ཏེ། གནོད་པར་བྱེད་པའི་བྱ་བ་ནི་གང་ཡོད་པ་དེ་ནི་སྐད་ཅིག་མི་ཡིན་ནོ་ཞེས་བྱ་བ་འདི་ཡིན་གྱི་ངེས་སྒྲའི་ཡོད་པ་ཡོངས་སུ་འཛིན་པ་མ་ཡིན་ཞིང་ཤུགས་ཀྱི་ལེན་པ་ཡང་མ་ཡིན་ལ ་ཡོད་པའི་རང་བཞིན་སྐད་ཅིག་མར་སྒྲར་མེད་པར་རྟོགས་མར་ནུས་པ་ཡང་མ་ཡིན་ནོ། དེའི་ཕྱིར་ཚད་མ་གཞན་གྱིས་གྲུབ་པའི་ཡོད་པ་ཉེ་བར་བསྡུ་བར་བྱ་བ་ཁོ་ནའོ། །སྐྱོན་གཞན་སྤང་བར་བྱ་བའི་ཕྱིར་རྗེས་སུ་བརྗོད་པར་བྱེད་པ་ནི་གང་ཡང་ཞེས་བྱ་བའོ། །དེའི་ལན་འདེབས་པ ་ནི་འདུ་བ་ལྟར་རེ་ཞིག་ཅེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་སྐྱེ་བ་དང་ལྡན་པ་རྣམས་ཀྱིས་ཡོད་པ་དང་འདུ་བ་ལ་སོགས་པར་རྟོགས་པ་མེད་ན་དེ་ལས་དེའི་གནས་པ་འཕངས་པས་སྐད་ཅིག་མ་མ་ཡིན་པ་ཉིད་དུ་བརྗོད་པ་མཛེས་པར་འགྱུར་རོ། །ཡོད་པ་ཉིད ་ནི་དེ་འདིར་གཞན་གྱིས་ཁས་བླངས་པའི་རྟོག་པ་ཡོད་པ་དང་མེད་པའི་ཕྱི་མོ་ལ་བརྟེན་པས་འདུ་བ་ཐག་བསྲིང་གོ། །དེ་མ་གྲུབ་པ་གང་ཞིག་མ་གྲུབ་པས་བསྒྲུབ་པར་བྱ་བ་ཡིན། ཇི་སྐད་དུ་ཞེས་བྱ་བས་གཏན་ཚིགས་ལ་དེས་པ་ཉིད་དུ་བསྒྲུབ་པའི་ཕྱིར་གཞན ་གྱིས་འཇུག་པའི་རྒྱུའི་དཔེ་ཉེ་བར་བཀོད་པ་གསུམ་དབྱུང་བའི་ཆེད་དུ་རྗེས་སུ་བརྗོད་པར་བྱེད་དོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དོ། །སཱ་ལུའི་མྱུ་གུ་ལ་ཞིང་ལ་སོགས་པ་བཞིན་དུ་བུམ་པ་ནི་འཇིག་པའི་རྒྱུའི་དངོས་པོས ་ལ་བརྟེན་པར་འགྱུར་བར་འོས་པ་མ་ཡིན་ནོ།། །དེས་ན་ལྷན་ཅིག་བྱེད་པའི་དངོས་པོ་ཉེ་བར་ལེན་པ་ལ་ཅུང་ཟད་ཀྱང་མི་བྱེད་ཀྱང་བལྟོས་པ་ཡིན་ཞེས་བྱ་བའི་བུམ་པའི་དཔེ་མ་གྲུབ་པའི་ཕྱིར་དཔེ་ལས་བྱུང་བའི་མ་གྲུབ་པས་སྐད་ཅིག་མ་མ་ཡིན་པ ་ཡང་རིམ་གྱིས་བྱེད་པ་པོ་ཉིད་དུ་སྲིད་པ་ཡིན་ནོ། །ཞེས་བྱ་བའི་མ་ངེས་པར་བརྗོད་པ་རྩ་བ་དང་བཅས་ཏེ་སྟོན་པ་ཡིན་ནོ་ཞེས་བྱ་བ་འདི་གཞུང་འདིའི་བསྡུས་པའི་དོན་ཏོ། །ཐོ་བ་ལ་སོགས་པ་བུམ་པ་འཇིག་པ་བྱེད་དོ་ཞེས་བརྗོད་པ་འདིའི་དོན་ཅི་ཡིན། ཅི ་བུམ་པ་ཉིད་བྱེད་དམ། འོན་ཏེ་འཇིག་པའི་སྒྲས་བརྗོད་པར་བྱ་བའི་དངོས་པོ་དེ་ལས་ཐ་དད་པ་ཞིག་ཡིན། ཕྱོགས་དང་པོ་ནི་མ་ཡིན་ཏེ། བུམ་པ་ནི་འཇིམ་པ་ལ་སོགས་པ་ལས་གྲུབ་པའི་ཕྱིར་བྱས་པ་ལ་བྱེད་པ་མི་རུང་བའི་ཕྱིར་རོ། །གཉིས་པ་ཡང་མ ་ཡིན་ཏེ། འཇིག་པ་ཞེས་བྱ་བ་དངོས་པོ་གཞན་བྱེད་ན་སྣམ་བུ་བཞིན་དུ་བུམ་པ་སྔ་མ་ལྟར་དམིགས་པ་དང་དོན་བྱེད་པ་དག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ནི་འཇིག་བྱེད་དུ་མི་འཐད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་བཤད་དོ། །གྲངས ་ཅན་གྱི་འདོད་པ་དགོས་པར་བྱེད་པ་ནི་འདི་སྙམ་དུ་ཞེས་བྱ་བའོ། །དམིགས་པ་ནི་ཡོད་པ་ཉིད་མི་སྣང་བའོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དོ། །དམིགས་པ་གང་ཡིན་དེ་ཉིད་ནི་མི་དམིགས་པ་མ་ཡིན་ཏེ། འགལ་བའི་ཕྱིར ་རོ། །དེའི་ཕྱིར་མི་དམིགས་པའི་དུས་ན་སྔ་མའི་རང་བཞིན་ཉམས་པར་འདོད་པར་བྱའོ། །གཞན་ན་ཤེས་པར་སླའོ། །འདི་སྙམ་དུ་ཞེས་བྱ་བ་གཞན་གྱི་དོགས་པ་བསུ་བར་བྱེད་དེ། འབྲས་བུའི་དངོས་པོར་ངོ་བོ་ཉིད་བྱེད་ན་གདོན་མི་ཟ་བར་ཐ་དད་པ ་ཉིད་ཀྱི་རྗེས་སུ་བྱ་བ་ཡིན་ན་འཇིག་པ་ནི་མེད་པ་ཡིན་པའི་ཕྱིར་ཐ་དད་པ་དང་མི་དད་པའི་རྣམ་པར་རྟོག་པ་མི་འཇུག་གོ་།གྲུབ་པའི་མཛའ་ཅན་གྱི་དངོས་པོ་མེད་པ་ལ་རྗེས་སུ་འབྲང་བར་བྱེད་པ་ནི་དངོས་པོ་མེད་པས་ཡང་ཞེས་བྱ་བའོ། །དངོས་པོ་མེད་པ ་གཉིས་ཉིད་ཡིན་ཏེ། མ་ཡིན་པར་དགག་པ་དང། མེད་པར་དགག་པའོ། །མ་ཡིན་པར་དགག་པ་ནི་བུམ་པ་ལས་གཞན་དོན་གྱི་དངོས་པོ་སྣམ་བུ་ལྟ་བུ་སྟེ། དེ་ལ་ནི་ཐ་དད་པ་དང་མི་དད་པའི་རྣམ་པར་རྟོག་པ་སྤངས་པ་མ་ཡིན་ནོ། །མེད་པར་དགག་པའི ་ཕྱོགས་ལ་རྒྱུ་ནི་རྒྱུ་མ་ཡིན་པ་ཁོ་ན་སྟེ། མེད་པ་ནི་མེད་པར་དགག་པ་ངོ་བོ་ཉོམས་པ་ཅིའི་ཡང་མ་ཡིན་པ་དེ་ནི་རྒྱུའི་བྱ་བའི་ཡུལ་མ་ཡིན་ནོ། །མེད་པ་ནི་གདོན་ཟ་བར་འབྲས་བུ་མ་ཡིན་པར་འདོད་པར་བྱ་སྟེ། འབྲས་བུ་ཉིད་ནི་དངོས་པོའི་ངོ་བོར་ཁས ་བླངས་སོ་ཞེས་རིམ་གྱི་བསྒྲུབ་པར་བྱེད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །ཁ་ཅིག་ཏུ་ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པ་སྐྱེད་པ་ཉེ་བར་ལེན་པ་ས་བོན་གྱི་གནས་སྐབས་ཐ་དད་པར་གཞན་ལས་ཀྱང་ལྡོག་པའི་ལུས་ཡུལ་དང་དུས་ཐ་དད ་པ་ནི་རྒོལ་བ་གཉི་ག་ལ་དངོས་པོའི་རང་བཞིན་དུ་གྲུབ་པོ་ཞེས་གྲག་གོ་།གལ་ཏེ་བུམ་པའི་དངོས་པོ་མེད་པ་ཡང་མེད་པའི་གནས་སྐབས་ལས་ཐ་དད་པའི་གནས་སྐབས་ཅན་ཐོ་བ་ལ་སོགས་པས་ལྷན་ཅིག་བྱས་པ་དེའི་ཉེ་བར ་ལེན་པས་བསྐྱེད་པས་ཡུལ་དང། དུས་ཐ་དད་པ་ཁས་ལེན་པ་ནི་རུང་སྟེ། དེ་ནི་དངོས་པོ་ཉིད་དུ་འགྱུར་རོ། །དངོས་པོའི་ངོ་བོ་ནི་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་དང་སྔར་གྱི་གནས་སྐབས་ལས་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར ་རྟོག་པ་ལས་མ་འདས་སོ། །གལ་ཏེ་དངོས་པོ་ནི་དོན་བྱེད་ནུས་པ་ཡིན་ལ་མེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་དེ་ཉིད་དོན་བྱེད་ནུས་པའི་དངོས་པོ་ཞེས་བྱ་བ་འདི་སྨྲས་སོ། །དེ་ཉིད་སྒྲུབ་པར་བྱེད་པ་ནི་དོན་གཞན་ལས་ཐ་དད་པ་ཞེས་བྱ་བ་ལ་སོགས་པའོ ་འདིར་བརྗོད་པར་ནུས་ཞེས་རྗེས་སུ་དཔག་པས་ཞེས་བྱ་བ་ལྷག་མའོ། །དེ་ཉིད་གསལ་བར་བྱེད་པ་ནི་གང་བྱེད་པ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །རྒྱུ་དག་གི་ཁྱད་པར་ཞེས་བྱ་བ་དོན་གྱིས་ཐོབ་པ་རྗེས་སུ་བརྗོད་པའོ། །འདི་ནི་རང་བཞིན་གྱི་གཏན ་ཚིགས་ཏེ་བྱེད་བཞིན་པ་ནི་དོན་བྱེད་པ་པོ་བདག་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱི་འབྲེལ་པ་ནི་འོག་ནས་སྒྲུབ་པར་འགྱུར་རོ། །གལ་ཏེ་ཇི་ལྟར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་སྲིད་པ་ཉིད་ཀྱི་གཏན་ཚིགས་མ་ངེས་པ་ཉིད་དུ ་དགོས་པར་བྱེད་དོ། །རྒྱུའི་ནུས་པ་རྣམས་ནི་སྣ་ཚོགས་ཏེ། དཔེར་ན་ཁ་ཅིག་དངོས་པོའི་ངོ་བོའི་འབྲས་བུ་སྐྱེད་བར་བྱེད་ལ། ཡང་གཞན་ནི་མེད་པ་ཡིན་པ་དེ་ལྟར་ས་བོན་ལ་སོགས་པ་རྣམས་གདོན་མི་ཟ་བར་འབྲས་བུ་བྱེད་པར་ནུས་པའི་མྱུ་གུ་ལ་སོགS ་པ་སྐྱེད་པར་བྱེད་དོ། །བུམ་པ་དང་དབྱིག་པའི་ཚོགས་ཕལ་ཆེར་འབྲས་བུ་མཛའ་དག་གི་རྒྱུར་ནུས་མེད་པའི་དངོས་པོ་མེད་པར་སྐྱེད་པར་བྱེད་དོ། །འབྲས་བུ་མེད་པ་བྱེད་པ་མ་ཡིན་པ་ཡང། འགའ་ཞིག་ཏུ་འབྲས་བུ་བྱེད་པ་འདི་ལ་འགལ་བ་ཅི་ཡོད། གཞན ་གྱིས་བསམ་པ་བླངས་ནས་སེལ་བར་བྱེད་པ་ནི་གང་དངོས་པོ་མེད་པའི་ངོ་བོ་གདོན་མི་ཟ་བར་བྱེད་ཀྱིས་མངོན་པར་འདོད་པ་རྒྱུས་བསྐྱེད་པ་དེ་ཡང་འོག་ནས་འབྱུང་བའི་རིགས་པས་ཁྱད་པར་གྱི་རྣམ་པ་དང་ལྡན་པར ་འདོད་པར་བྱའོ། །གལ་ཏེ་དེ་ནི་བདག་ཅག་གིས་མངོན་སུམ་གྱིས་བཟུང་བའི་མཚམས་ལས་འདས་པའི་ཡུལ་ཅན་དུ་འགྱུར་ན་ཡང་རྗེས་སུ་དཔག་པ་ལ་སོགས་པ་རྣམ་པར་རྟོག་པའི་ཡུལ་ཉིད་དུ་ནི་ནམ་ཡང་སྤང་བར་འོས་པ་མ་ཡིན་ནོ། །དེ ་ལྟར་ཡིན་དང་རྟོག་པ་པོ་གཅིག་རྒྱུད་ཡང་དག་པའི་ཁྱད་པར་མཚུངས་པའི་རྣམ་པར་རྟོག་པས་ཡང་ནས་ཡང་དུ་བརླན་པའི་མཚན་ཉིད་ཀྱི་བསྒོམ་པ་རབ་གྱི་མཐར་ཐུག་པ་ལས་བྱུང་བའི་གསལ་བར་སྣང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད ་ཡུལ་དུ་ངེས་པར་འགྱུར་བའི་དེ་ཉིད་ཀྱི་རྒྱུར་འགྱུར་ཏེ། རྒྱུ་མ་ཡིན་པ་ཡུལ་མ་ཡིན་པ་ཞེས་བྱ་བའི་རིག་པས་སོ། །དེས་ན་འདི་ནི་གདོན་མི་ཟ་བར་མཐར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་བྱེད་པར་འགྱུར་རོ། །དེས་ན་ཐམས་ཅད་མཁྱེན ་པའི་མངོན་སུམ་གསལ་བར་བྱ་བ་འམ། འབྲས་བུ་མེད་པ་དེའི་འབྲས་བུ་བྱེད་དེའི་འབྲས་བུ་བྱེད་པ་ཉིད་ཁས་བླངས་པར་བྱའོ། །དེ་སྤོང་བར་བྱེད་པའི་རྒྱུ་ཡང་དག་པར་ནི་ཡོད་པ་ཡིན་ཏེ། དབང་པོ་ལས་འདས་པ་ཉིད་ཀྱི་རང་བཞིན་མི་དམིགས ་པའི་བྱ་བ་མ་ཡིན་ལ། དེའི་རྩ་བ་ཉིད་ཡིན་པའི་ཕྱིར་གཞན་གྱིས་ཡང་མ་ཡིན་ནོ། །སྒྲུབ་པར་བྱེད་པ་ནི་སྲིད་པའི་རྗེས་སུ་དཔོག་པར་བྱེད་པ་ཡང་དེ། ཡང་གོམས་པ་ལས་ཁྱད་པར་དུ་འགྱུར་བ་སྲིད་པ་དེ་ནི་གསལ་བར་སྣང་བའི་ཤེས་པ་སྲིད་པ ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་འདོད་པ་དང། མྱ་ངན་ལ་སོགས་པ་གོམས་པའི་གནས་སྐབས་ཀྱི་བུད་མེད་ཀྱི་ངོ་བོ་ལྟ་བུའོ། །སྒྲ་དང་རྣམ་པར་རྟོགས་པ་རྗེས་སུ་དཔོག་ཕ་ཡུལ་དུ་བྱས་པའི་བྱ་བ་དང་དོར་བར་བྱ་བ་དང། དེའི་ཐབས་ཀྱི་ཚོགས ་འཛིན་པའི་འགྲོ་བ་ཡང་གོམས་པ་ལས་ཁྱད་པར་སྲིད་དོ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་དཔག་པ་ནི་གཞན་དུ་བསྟན་ཏོ། །དེ་བཤད་པ་ནི་སྒྲུབ་པར་བྱེད་པ་ཡང་ཡོད་པ་ཡིན་ནོ། ཞེས་བྱ་བའོ། །ལྷག་མ་ནི་གསལ་ལོ། །དེ་ལྟར་རྒྱུ་བྱས་པའི་གཏན ་ཚིགས་མ་ངེས་པ་ཉིད་སྤངས་ནས་འབྲེལ་པ་ངེས་པར་བྱས་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ལྡོག་པ་སྒྲུབ་པར་བྱེད་པའི་ཚད་མ་བཤད་པ་ནི་ངེས་ན་དོན་བྱ་བ་མཛའ་དག་ཅེས་བྱ་བའོ། །དངོས་པོ་མེད་པ་ལ་བྱ་བས་དོན་བྱེད་པར་ནུས་པ་བསྒྲུབ་པར་བ་བ ་ལ་དོན་བྱེད་ནུས་པ་ཐམས་ཅད་དང་བྲལ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ལ་བྱ་བ་ཉིད་ཀྱིས་ངོ་བོ་ཉིད་དང་འགལ་བ་མེད་པ་ངོ་བོ་མ་ཡིན་པ་ངོ་བོ་དང་བྲལ་བར་འགྱུར་ལ། ནུས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་དང་བྲལ་བའི་བྱ་བ་ངོ་བོ ་དང་ལྡན་པ་ཡུལ་དང་དུས་དང་གནས་སྐབས་ཀྱི་ཁྱད་པར་གྱིས་རྒྱུས་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །ངེས་ན་བྱ་བ་ཉིད་ཀྱི་ངོ་བོ་དང་ལྡན་པ་དང་འགལ་བ་ལ་ངོ་བོ་དང་བྲལ་བ་ཐལ་བར་འགྱུར་བས་བསྒྲུབ་བྱ་ལས་བཟློག་པ་དོན་བྱེད་ནུས་པ་དང་བྲལ ་པ་ལས་ལྡོག་པས་དོན་བྱེད་ནུས་པ་བསྒྲུབ་བྱ་དང་དེའི་བདག་ཉིད་དུ་གྲུབ་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པོ། །བྱ་བ་ཉིད་ཀྱང་ཕ་རོལ་པོས་ཁས་བླངས་པ་བྱས་པའི་ཕྱིར་མཚན་ཉིད་གསུམ་ཚད་དོ། །འདི་ནི་ཐལ་བར་འགྱུར་བའི ་གཏན་ཚིགས་སོ། །གང་གི་དོན་དུ་འདི་བརྗོད་པ་དེ་མཇུག་སྡུད་པར་བྱེད་པ་ནི་དེ་བས་ན་དོན་བྱེད་པ་ཞེས་བྱ་བའོ། །ཁྱེད་ཀྱིས་སྨྲས་པའི་རྣམ་པས་བུམ་པ་མེད་པ་ནི་དངོས་པོ་ཉིད་དུ་འགྱུར་ཏེ། བཤད་པའི་རིག་པས་དོན་བྱེད་པར་ནུས་བས ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དེ་ནི་བུམ་པ་ལས་ཐ་དད་པ་འམ། ཐ་དད་པ་མ་ཡིན་པ་ཞེས་བྱ་བའི་ཕྱོགས་གཉིས་སུ་ཐལ་བར་འགྱུར་བའི་སྐྱོན་སོ་ན་འདུག་པ་ཡིན་ནོ། །རང་གི་མངོན་པར་འདོད་པའི་རྣམ་པ་བསྟན་པའི་ཕྱིར ་དེས་ན་དངོས་པོ་མེད་པ་ཞེས་བྱ་བ་སྨོས་སོ། །བུམ་པ་མེད་པ་ཞེས་བྱ་བ་རྒྱུས་བྱ་བ་ནི་མ་ཡིན་ཏེ། གང་གིས་འདི་ཡུལ་དང་དུས་དང་རྣམ་པ་ངེས་པའི་ངོ་བོར་འགྱུར། །འོན་ཀྱང་ངོ་བོ་དང་བྲལ་དེ་བུམ་པའི་ཅིའི ་ངོ་བོ་ཡང་མ་ཡིན་པ་རང་གི་ངོ་བོ་ཉམས་པ་ཡིན་ནོ། །དེ་ནི་ཅུང་ཟད་མ་ཡིན་ལ་མ་ཡིན་པ་འབའ་ཞིག་གོ་ཞེས་གང་བཤད་པ་ཡིན་ནོ། །ཐལ་བ་ལས་བཟློག་པ་ནི་འདི་ཡིན་ཏེ། གང་དོན་ཐམས་ཅད་བྱེད་པར་མི་རུང་བ་དེ་ནི་དེའི་འབྲས་བུ ་མ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་བཞིན་ནོ། །བུམ་པ་མེད་པ་ཡང་དོན་ཐམས་ཅད་བྱེད་པར་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འོ་ན་བུམ་པ་མེད་པ་བྱེད་དོ་ཞེས་བྱ་བ་སྨྲ་བ་འདིའི་དོན་ཅི་ཡིན། དེ་སྟོན་པར ་བྱེད་པ་ནི་དངོས་པོ་མེད་པ་བྱེད་དོ་ཞེས་བ་བྱས་ནི་ཞེས་བྱ་བ་ལ་སོགས་པའོ། །བཤད་པའི་རིགས་པས་དངོས་པོ་མེད་པ་བྱེད་ཅེས་བྱ་བ་ལས་ཀྱི་དོན་ནི་འཐད་པ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ན་བུམ་པའི་དངོས་པོ་མི་བྱེད་དོ། ཞེS ་བྱ་བ་འདི་ཉིད་རིགས་པའི་རྗེས་སུ་འགྲོའོ། །འོ་ན་དེ་ལྟར་བྱེད་དོ་ཞེས་བྱ་བའི་དོན་དང་འབྲེལ་པ་ལ་བལྟོས་པའི་དགག་པ་ནི་ཚིག་ཕྱི་མ་ལྷན་ཅིག་བསྡུ་པར་མི་འགྱུར་ཏེ། ནུས་པ་མེད་པའི་ཕྱིར་རོ། །ད་ནི་ཇི་ལྟར་ཉི་མ་མཐོང་བའི་ཞེས་བྱ་བ ་ལ་སོགས་པར་སྦྱར་རོ། །དེ་དག་ཉིད་ལ་སྦྱར་བར་འོས་ཞེ་ན། གཞན་ལ་ཅི་སྟེ་མི་འགྱུར་ནུས་པ་ནི་གཞུང་ལུགས་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འོ་ན་ནི་ཉི་མ་མི་མཐོང་ཞེས་བྱ་བ་ལ་སོགས་པ་སྦྱར་བར་མི་བྱའོ། །དེ་དག་སྦྱོར་བ་ནི་འཆད་པ ་པོའི་ཚིག་ཡིན་པའི་ཕྱིར་རོ། །དེའི་བཤད་པར་བྱ་བ་དང་འགལ་བ་འཆད་པ་པོའི་ཚིག་ལ་གུས་པར་བྱ་བ་ནི་མ་ཡིན་ནོ། །འཆད་པ་པོ་དག་གི་མདོ་བྱེད་པ་ལ་མཆིད་མངོན་པར་བརྩོན་པའི་ཕྱིར་དེའི་ཚིག་ནི་ཚད་མ་ཡིན་ནོ་ཞེ་ན། དེ་དག་གིས ་ཆོས་ཁྱད་པར་འཕགས་པ་འགའ་ཞིག་ཅེས་ཁྱད་པར་མི་ཤེས་པའི་ཕྱིར་འཇིག་རྟེན་སྦྱོར་ན་ནི་བསླུ་བ་དང་ཅིག་ཤོས་དག་ལས་ཁྱད་པར་ཤེས་པ་ཡིན་ནོ། །དེ་ལྟར་གང་ཉི་མ་མི་མཐོང་ཞེས་བྱ་བ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་བྱེད་དོ ་ཞེས་བྱ་བ་ལ་སོགས་པ་ཡང་འཇིག་རྟེན་སྤྱོད་པ་སྦྱར་བར་འོས་སོ། །སྦྱོར་བ་པོ་དང་རྟོགས་པ་པོ་མཚུངས་པར་རྟོགས་པ་ནི་ཡོད་དེ། དེ་ལ་བསྟན་བཅོས་བྱེད་པས་ཁས་མ་བླངས་པའི་བྱེད་པ་ཅན་སྤོང་བའི་རྒྱུ་ནི་བསྟན་པར་མི་བྱའོ། །དེའི་བྲང ་བརྡུངས་ཤིང་ཆོ་དེ་བཏབ་ཀྱང་འཇིག་རྟེན་མི་ལྡོག་པའི་ཕྱིར་རོ་ཞེས་བཤད་ཟིན་ཏེ། །གཞན་ཡང་སྐྱེས་བུས་འདོད་རྒྱལ་དུ་ཡོངས་སུ་སྦྱར་བའི་བརྡ་ཙམ་གྱི་རྗེས་སུ་བྱེད་པའི་སྒྲ་རྣམས་རང་དབང་དུ་གནས་པས་སུས་ཟློག་པར་བྱེད། ཟློག་པར་བྱེད་ན ་ཡང་གླང་པོ་ཆེ་སྨྱོ་བ་བཞིན་དུ་དེ་དག་འཕམ་པར་འགྱུར་རོ། །འདི་ནི་ཁོ་བོས་རབ་ཏུ་བྱེད་པ་གཞན་དུ་བརྗོད་པའི་ཕྱིར་འདིར་མང་པོ་མི་བརྗོད་དོ། །དཀྱུས་མ་ལ་སྦྱོར་བར་བྱེད་པ་ནི་མི་བྱེད་པའི་བྱེད་པ་པོ་དེ་ཡང་ཞེས་བྱ་བའོ། །དེ་ལྟ་ཡིན ་དང་ཅུང་ཟད་ཀྱང་མི་བྱེད་པའི་ལྷན་ཅིག་ཉིད་ཉེ་བའི་རིམ་གྱིས་འགྱུར་བས་སྐད་ཅིག་མ་མ་ཡིན་པར་རིམ་གྱིས་འབྲས་བུ་བྱེད་པ་ཡིན་ཏེ། འཇིག་པའི་རྒྱུ་བཞིན་ནོ་ཞེས་གང་སྨྲས་པ་དེ་ནི་དཔེ་མ་གྲུབ་པས་གསལ་པ་ཡིན་ནོ། །དེ་ལྟར་རེ་ཞིག་འཇིག ་པའི་རང་གི་ངོ་བོ་དཔྱད་པས་ཐོ་བ་ལ་སོགས་པའི་རྒྱུའི་དངོས་པོ་བསལ་ནས་ད་ནི་གཞིག་པར་བྱ་བར་མངོན་པར་འདོད་པའི་བུམ་པ་ལ་སོགས་པའི་དངོས་པོའི་རང་གི་ངོ་བོ་དཔྱད་པས་དེ་དག་གི་རྒྱུ་ཉིད་བསལ་བར་བྱ་བའི་དོན་དུ་མི་ནུས་པ་དང་དོན་མེད་པ ་བསྒྲུབ་པར་བྱེད་པ་ནི་གཞན་དང་གཞིག་པར་བྱ་བའི་དངོས་པོ་ཅི་ཞེས་བྱ་བ་ལ་སོགས་པས་སོ། །ཕྱོགས་དང་པོ་ལ་ནི་དོན་མེད་པར་བསྟན་ལ་ནི་མི་ནུས་པའོ། །དེ་?་ནུས་པ་མེད་ཕྱིར་དང། གང་ཞེས་དེར་རང་བཞིན་གྱིས་འགྱུར་ཞེས་ཀྱང་བཤད་ ་ཟིན་ཏོ། །རྣམ་པ་གཞན་དོགས་པར་བྱེད་པ་ནི་འདི་སྙམ་དུ་ཞེས་བྱ་བའོ། །རྫ་མཁན་ལ་སོགས་པ་རང་གི་རྒྱུ་ལས་བུམ་པ་ལ་སོགས་པ་ཐོ་བ་ལ་སོགས་པས་འཇིག་པའི་རྒྱུ་ཉེ་བའི་དུས་མཚུན་ཆད་དུ་མི་འཇིག ་པར་སྐྱེ་བ་ཡིན་ནོ། །དེ་བས་ན་འཇིག་པའི་རྒྱུས་བསྐྱེད་པ་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །དེས་སེལ་བར་བྱེད་པ་ནི་དེ་ཡང་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་བརྗོད་པ་ན་དེ་དག་དུས་ཅུང་ཞིག་གནས་པའི་རང་བཞིན་རྣམ་ཡིན་ཞེས་ཁས་བླངས་པར ་འགྱུར། །དུས་ཅུང་ཞིག་གནས་ཆོས་ཅན་རྣམས་ལ་ཞེས་བྱ་བ་ནི་དུས་ཆུང་ཞིག་གནས་པ་གང་དག་ལ་ཡོད་པ་དེ་དག་གོ་།དུས་ཡུད་ཙམ་མ་མ་མིག་འབྱེད་པའི་དུས་སུ་གནས་པ་འམ། སྐད་ཅིག་གཉིས་སུ་གནས་པ་ཡང་རུང་སྟེ། གང་གི་ཚེ་སྐད ་ཅིག་གཉིས་མའི་དུས་སུ་དེ་དག་གི་འཇིག་བའི་རྒྱུ་ལྷགས་པ་དེའི་ཚེ་སྔར་རང་གི་རྒྱུ་ལས་སྐྱེས་པའི་སྐད་ཅིག་གཉིས་སུ་གནས་པའི་རང་བཞིན་སྔ་མ་དེ་ཡོད་དམ། འོན་ཏེ་མེད་པའི་ཕྱོགས་ལ་འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་ཕྱིས་སྐྱོན ་སྟོན་པར་འགྱུར། །གལ་ཏེ་ཡོད་དོ་ཞེ་ན། འོ་ན་དེ་ནི་སྐད་ཅིག་གཉིས་སྡོད་པའི་རང་བཞིན་ཡིན་པའི་ཕྱིར་སྐད་ཅིག་གཉིས་པ་དང་གསུམ་པ་ལ་?་པར་འཕེན་པར་འགྱུར་རོ། །དེ་ལྟར་སྐད་ཅིག་གཉིས་སུ་གནས་པ་མ་བསལ་པའི་ཕྱིར་བཞི་བ ་དང་ལྔ་པར་ཡང་རྒ་བ་དང་འཆི་པར་མི་འགྱུར་བ་ཁོ་ནའོ། །འདི་བཤད་པ་ནི་རྣམ་གྲངས་འདས་ཞེས་བྱ་བ་སྟེ། ཟོལ་བརྗོད་པས་སོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཕྱོགས་གཞན་སྐྱོན་གྱི་གནས་སྐབས་མཚུངས་པར་སྟོན་པར་བྱེད་དོ། །སྔར་ནི་འཇིག ་པའི་རྒྱུ་ཉེ་བ་ལ་བལྟོས་པའི་དུས་ལ་བསྡད་ནས་ཅུང་ཟད་གནས་བ་སྲིད་བར་བྱས་ནས་སུན་ཕྱུང་ལ། ད་ནི་ཡོངས་སུ་བརྩེས་པའི་སྐད་ཅིག་ཅུང་ཟད་ཀྱི་མཚམས་སུ་མི་འཇིག་པར་དངོས་པོ་དེའི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་གོ་། ་སྐྱོན་ནི་སྔ་མ་བཞིན་ནོ། །དེ་བཤད་པ་ནི་ཕྱོགས་འདི་ཡང་ཞེས་བྱ་བའོ། །དེས་ན་དེ་ལྟར་འཇིག་པའི་རྒྱུ་ཉེ་བའི་དངོས་པོ་སྤང་སྐྱེས་བའི་སྐད་ཅིག་གཉིས་སུ་སྡོང་པའི་རང་བཞིན་དེ་ཡོད་དོ་ཞེས་བྱ་བའི་རྣམ་པ་ལ་སུན་འབྱིན་པ་བརྗོད་ནས་མེད་དོ་ཞེས་བྱ་བའི་ཕྱོགས་འདི ་ལ་ཡང་བརྗོད་པ་ནི་འོན་ཏེ་ཡང་ཞེས་བྱ་བ་སྨོས་སོ། །དེ་ལ་བཤད་པ་དེ་ལྟར་ན་ནི་སྔར་གྱིས་ཞེས་བྱ་བ་སྟེ། མཐར་ཕྱིས་སྐྱེས་པའི་རང་བཞིན་གྱིས་སྔ་མའི་མཛའ་ལའོ་རྟག་པ་འམ་མི་རྟག་པ་ཞེས་བྱ་པ་ནི་བདག་ཉིད་ཀྱིས་འཇིག་པ་མི་འཇིག་པའི་དང་ཅན ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཉི་ག་ལ་ཡང་མི་ནུས་པ་དང་དོན་མེད་པ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཕྱིས་སྐྱེ་བ་ལ་ཡང་རྣམ་པ་དེ་ལྟར་བརྟག་པ་བྱས་ལ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་སྐྱོན་བརྗོད་པར་བྱའོ། །འདིར་ནིའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏོ། ་དེས་ན་ཞེས་བྱ་བས་མཇུག་སྡུད་པར་བྱེད་དོ། །གང་ཕྱོགས་སྔ་མ་སྨྲ་བས་དཔེ་བསྒྲུབ་པར་བྱ་བའི་ཕྱིར་དཔེ་གཞན་བརྗོད་པ་ཐོ་བ་ལ་སོགས་པ་འཇིག་པ་ལ་སོགས་པའི་འཇིག་རྒྱུ་རྣམས་དེའི་འཇིག་པ་བསྐྱེད་པ་ལ་རྗེས་སུ་མཐུན་པའི་ཁྱད་པར་ཡང་མ་ཡིན ་ན།?་འདི་ལྟ་སྟེ་དཔེར་ན་མྱུ་གུ་ལ་སོགས་པ་བསྐྱེད་པའི་རྒྱུ་ས་བོན་ལ་སོགས་པ་ལ་རྣམ་པ་དེ་སྐྱེ་བའི་རྗེས་སུ་མཐུན་པའི་ཁྱད་པར་མི་བྱེད་བ་ཡིན་ནོ།། ཞེས་བྱ་བ་དེ་རྗེས་སུ་བརྗོད་ནས་སུན་འབྱིན་པར་བྱེད་པ་ནི་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དཔེ་དང་དོན ་།གཤིན་ཏུ་མི་མཚུངས་ཞེས་བྱ་བའི་ཐ་ཚིག་གོ་།དེས་ན་གང་གི་ཚེ་དེ་ནི་ཉེ་བར་བརྗོད་པ་མེད་པ་འདུ་བྱ་བའི་སྣོད་མ་ཡིན་པ་དེའི་ཚེ་ས་བོན་ལ་སོགས་པ་མྱུ་གུ་བསྐྱེད་བའི་སྔར་ཐ་དད་པ་འམ་དེ་ལྟ་བུ་མ་ཡིན་པ་མི་བྱེད་པ་ཉིད་དུ་རིགས་པ་ཡིན་ནོ། །འོ ་དེ་དག་འདིའི་ཅི་བྱེད་པ་ཡིན་ཞེས་བྱ་བ་འདི་ལ་བཤད་པ་འདིའི་གཞན་ཞིག་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་དེ་ཉིད་ཀྱི་སྔ་ན་མེད་པའི་འཇུག་པ་བྱེད་བར་བྱེད་པ་ཡིན་ནོ། །དེ་བཤད་པ་ནི་ས་བོན་ལ་སོགས་པ་ཞེས་བྱ་བའོ། །གཞིག་པར་བྱ་བ ་དང་འཇིག་པར་བྱེད་པ་དག་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དང་མི་མཚུངས་བ་ཉིད་དུ་སྟོན་པར་བྱེད་པ་ནི་གཞིག་པར་བྱ་བ་ཞེས་བྱ་བའོ། །གཞིག་པར་བྱ་བ་མངོན་པར་འདོད་པའི་ངོ་བོ་ཡིན་པའི་ཕྱིར་འཇིག་པའམ ་དེ་དང་རྗེས་སུ་མཐུན་པའི་ཁྱད་པར་ཐ་དད་པ་འམ་རྣམ་པ་གཞན་དུ་ཞེས་རྣམ་པར་རྟོག་པར་གཉིས་ལས་མ་འདས་སོ། །དེ་བཞིན་དུ་གཞིག་བར་བྱ་བ་ཡང་ནི་རང་ལམ་ལྡོག་པའི་ཆོས་ཅན་ནམ་འོན་ཏེ་དེ་ལྟ་བུར་གྱུར་པ་མ་ཡིན་པ་ཞེས་རྒལ་ཞིང་བརྟག ་བའི་རིགས་སོ། །དེ་ལྟར་རྒལ་ཞི་བརྟགས་?་ན་ཇི་ལྟར་རིགས་པར་རྒྱུ་ནུས་པ་མེད་པ་དང་དོན་མེད་པར་ཐལ་བར་འགྱུར་རོ། །རྩོད་པ་འདི་མི་ནུས་པ་དང་དོན་མེད་པའི་ཁོངས་སུ་འདུས་པར་བསྟན་པ་ནི་ཅི་ཐོ་བ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གཞིག ་པར་བྱ་བ་བསྐྱེད་པར་བྱ་བ་དང་མི་འདྲ་བར་བརྗོད་པར་འཇུག་སྡུད་པར་བྱེད་པ་ནི་གཞིག་པར་བྱ་བའི་ཞེས་བྱ་བའོ། །གང་ཡང་ཞེས་བྱ་བ་ནི་ཐོ་པ་ལ་སོགས་པ་འཇིག་པ་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་གྲུབ་པར་བྱེད་པ་སྔར་བསྟན་པ་རྗེས་སུ་བརྗོད་ནས ་དེ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་བ་དག་ལས་གཞན་མ་ཡིན་པ་ཉིད་གྲུབ་ན་དེའི་འབྲས་བུ་སྐྱེད་པར་ངེས་པ་ཡིན་ཏེ། རྣམ་པ་གཞན་དུ་གྲུབ་པས་ནི་དེ་དག་བུམ་པ་ལ ་འགོག་གོ་།འཇིག་པའི་རང་བཞིན་བྱེད་པ་ལ་སྔར་བརྗོད་པའི་ཉེས་པ་བསྟན་པས་ལྷག་མར་གྱུར་པ་གྱོ་མོའི་རྒྱུད་།སྐྱེད་བ་ཉིད་ཁོ་བོའི་རྗེས་སུ་འགྲོ་ལྡོག་བྱེད་པར་འཐད་པ་ད་ནི་རིགས་པ་དང་ལྡན་བའི་བྱེད་པ་བ་ཅོག་གིས་བས་བླངས?་པ་ཡིན་ནོ། །དེ་བཤད ་པ་ནི་དེ་ཡང་ཞེས་བྱ་བའོ། །གང་གི་དོན་དུ་འདི་འཇུག་པ་དེ་མཇུག་སྡུད་པར་བྱེད་པ་ནི་ངེས་ན་ཞེས་བྱ་བ་ལ་སོགས་པའོ། །འཇིག་པའི་རྒྱུ་སེལ་བར་བྱེད་པ་འདི་ཡང་སྔོན་གྱི་སློབ་དཔོན་རྣམས་ཀྱི་རྒྱུ་མེད་ཕྱིར་ན་འཇིག་པནི་རང་གི་ངོ་བོས་རྗེས་འབྲེལ ་ཉིད་ཅེས་བྱ་བ་ལ་སོགས་པ་སྐད་ཅིག་མ་འཇིག་པ་གྲུབ་པར་རིགས་པར་གཞན་གྱིས་བརྗོད་དོ། །གཞུང་བྱེད་པ་འདི་ནི་ཡོད་པའི་གཏན་ཚིགས་ཉིད་ཀྱིས་སྟོབས་རྟོགས་པར་བྱ་ལ། དེའི་སྐྱོན་བསལ་བར་བྱ་བའི་ཕྱིར་ཉེ་བར་བཀོད་དོ། །ད་ནི་གཞན ་རང་གི་མངོན་པར་འདོད་པའི་གྲུབ་པའི་དཔལ་འདོད་པ་མེད་པར་རྟོགས་པར་བྱས་ནས་གྲུབ་པའི་མཛའ་སྨྲ་བ་གཡེང་པར་བྱ་བའི་ཕྱིར་སྐབས་ཚོམ་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་བཤད་ཟིན་པའི་རིགས་པར་སྐད་ཅིག་མ་མ ་ཡིན་པ་དོན་བྱེད་པ་ལ་ལྷན་ཅིག་འཐད་པར་འགྲོ་བ་མ་ཡིན་པ་དེ་བཞིན་དུ་འཆད་པར་འགྱུར་བའི་དགོས་པ་སྐད་ཅིག་མ་ཡང་ཞེས་དམ་བཅས་ནས་འཐད་པར་སྨྲས་པ་ནི་འདི་ལྟར་ཞེས་བྱ་པའོ། །ས་བོན་སྐད་ཅིག་མ་ཡང་ཞིང་ལ་སོགས་པའི་ལྷན ་ཅིག་པ་ལ་བལྟོས་ནས་མྱུ་གུ་དང་རྗེས་སུ་མཐུན་པའི་རྒྱུད་མཚུངས་པའི་སྐད་ཅིག་གཞན་བྱེད་དོ། །དེ་ལ་གལ་ཏེ་ས་བོན་ཞིང་ལ་སོགས་པའི་ལྷན་ཅིག་བྱེད་བས་བྱས་པའི་ཁྱད་པར་ལ་བལྟོས་པ་མེད་པར་མྱུ་གུ་དང་རྗེས་སུ་མཐུན་པའི་ཁྱད་པར་སྐྱེད་ན་མྱུང?་གུ་བསྐྱེད ་པ་ལའང། དེ་བཞིན་དུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་མྱུ་གུ་བཞིན་དུ་ངེས་བྱས་པའི་ཁྱད་པར་ལ་བལྟོས་པ་ཁོ་ནས་དེ་ལ་མངོན་དུ་བྱས་པ་སྐྱེད་ན་ཡང་ཐུག་པ་མེད་དོ། །ཇི་ལྟར་ཞེ་ན། ས་བོན་གྱིས་རང་གི་ཉེ་པར་ལེན་པ་ལས་བྱུང་བའོ ་འབྲས་བུ་ཐམས་ཅད་ལ་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ལ་བལྟོས་པར་བྱའོ་ཞེས་ཁས་ལེན་ན་མྱུ་གུ་དང་རྗས་སུ་མཐུན་པ་མཛའ་སྐད་ཅིག་མཚན་ཉིད་ཀྱི་ཁྱད་པར་བསྐྱེད་པར་བྱ་བ་ལ་དེ་བསྐྱེད་པའི་རྗེས་སུ་མཐུན་པའི་ཁྱད་པར་ལ ་བལྟོས་ལ་དེའི་ཁྱད་པར་བསྐྱེད་པར་བྱ་བ་ལ་ཡང་དེའི་རྗེས་སུ་མཐུན་པའི་ཁྱད་པར་ལ་བལྟོས་པ་དེ་སྲིད་དུ་ས་བོན་ཆུ་ལ་སོགས་པ་དང་བྲད་པའི་སྐད་ཅིག་བསྐྱེད་པ་འདི་ནི་གང་ཡང་རུང་བ་གནས་པའི་ཆུ་ལ་སོགས་པ་ཉེ་བར་བྱས་པའི་ཁྱད་པར་ལ་བལྟོས ་པར་འདོད་པར་བྱ་དགོས་བའི་ཕྱིར་ཐུག་པ་མེད་དོ། །དེ་ལ་འདི་སྙམ་དུ་ས་བོན་སྐྱེ་བའི་མཚམས་སུ་ལྷན་ཅིག་བྱེད་བའི་ཁྱད་པར་བརྒྱུད་པ་ཡིན་པའི་ཕྱིར་ཐུག་པ་མེད་པས་བྱས་པའི་སྐྱོན་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་ན། སྐྱེས་པ ་ནས་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཞེ་ན། འདི་ལ་བཤད་པ་ངེས་པའི་དུས་སུ་ཞེས་བྱ་བའོ། །སྐྱོན་འདི་སྤང་བའི་ཕྱིར་དེ་འདོད་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཆུ་ལ་སོགས་པ་ཉེ་བའི་དུས་ཐ་དད་པའི་རྗེས་སུ་བྱེད་པའི་ཕྱིར་ས་བོན་ཁ་ཅིག་ལ་བྱེད་ཀྱི ་མཐར་ཐུག་པ་འམ། ཁ་ཅིག་ལའི་མཐར་ཐུག་པར?་ངས་པའི་དུས་སུ་སྐྱེ་བའི་མྱུ་གུ་ད་གཏན་དུ་འབྱུང་བར་འགྱུར་ཞེས་རང་གི་དུས་ཚིག་སུ་ཞེས་བྱ་བའི་འོག་གི་དཔྱད་པ་དང་རྗེས་སུ་འབྲེལ་བར་བྱའོ། །དེ་ཉིད་འབྱེད་པར་བྱེད་པ་ནི། འདི་ལྟར་ཞེས་བྱ་པའི ་བཤད་ཟིན་པའི་རབ་ཏུ་བྱེད་པས་ཆུ་ལ་སོགས་ཉེ་བས་ས་བོན་གྱི་བངས་བ་དང་ཆེས་བངས་བ་དང་ཆེས་བངས་བ་ལ་སོགས་པའི་ཁྱད་པར་བྱེད་པ་དང་ཕྲད་པའི་སྐད་ཅིག་སྐྱེ་བའི་རྗེས་སུ་མཐུན་པའི་ཁྱད་པར་ཤིན་ཏུ་རིང་བ་མ་ཡིན་པར་འཇུག་པས་པར་གནས ་སྐབས་དང་རྗེས་སུ་མཐུན་པ་ཡང་རིང་བར་འཇུག་པས་དེ་ལྟར་གང་ཡང་རུང་བ་ན་གནས་པ་འདི་དག་རྟག་ཏུ་འབྱུང་བར་འགྱུར་བའི་ཕྱིར་མྱུ་གུ་དང་རྗེས་སུ་མཐུན་པ་དང་ཆོས་རྗེས་སུ་མཐུན་པ་དང་ཆེས་ཤིན་ཏུ་རྗེས་སུ་མཐུན་པ་ལ་སོགས་པའི་ཁྱད་པར ་འགྱུར་བའི་རིམ་གྱིས་ས་བོན་ལས་ཉི་མ་གཉིས་སམ་གསུམ་ན་མྱུ་གུ་སྐྱེ་བར་འགྱུར་གྱི་ས་བོན་ལ་སོགས་ལྷན་ཅིག་པ་ཉེ་བའི་དུས་ཀྱི་མཚམས་ཐ་དད་པས་ཁ་ཅིག་ཟླ་བའི་མཐར་ཐུག་པ་འམ། ལོའི?་མཐར་ཐུག་པའོ་ཞེས་ན་མ་ཡིན་ནོ། །ཡང ་ན་མྱ་གུ་ཐམས་ཅད་ཀྱི་?་བྱུང་བར་ངེས་ཏེ། ཉི་མ་གཉིས་སམ་གསུམ་ཆུན་ཆད་དུ་མྱུ་གུ་སྐྱེ་བར་ཐལ་བ་དེ་ནི་ངེས་ཞེས་བྱ་བ་འདི་ཉིད་ཀྱི་དོན་དུའོ། །ཅི་སྟེ་འདི་སྐྱེ་བའི་དུས་ཀྱི་མཚམས་ཉི་མ་གཉིས་སམ་གསུམ་ལས་ཡིན་ནོ། །ཞེས་གང ་ལས་ངེས་པར་གཟུང་ཞེ་ན། བརྗོད་པ་གང་གི་ཆོ་སྐྱ་བའི་དུས་ཉིད་ན་ཆུ་ལ་སོགས་པ་དག་དང་ཕྲད་པར་བྱེད་པ་དེའི་ཚེ་དུས་དེ་ཙམ་གྱིས་མྱུ་གུ་སྐྱེ་བར་མཐོང་བར་འདིའི་རང་གི་དུས་ཆིགས་ཡིན་ནོ་ཞེས་དེའི་ཙོ་ཤེས་གསལ་སོགས་པ་ས་བོན་གྱི་ཁྱད་པར? ་སྐྱ་སད་?་བྱ་པའི་ཁྱད་པར་འགའ་ཞིག་ལ་བརྟན་པ་མ་ཡིན་ཏེ། གང་ཡང་རུང་བ་ན་གནས་པ་བྱེད་པ་པོ་ཉིད་དུ་ཁས་ལན་པའི་ཕྱིར་དེ་འདྲ་བ་རྟག་ཏུ་ཡོང་བར་འགྱུར་རོ། །ཐལ་བར་འགྱུར་བ་བརྗོད་ནས་དའི་བཟློག་པ་བཤད་པ་ནི། དེ་ལྟར་ཡང་མིག? ་ཡིན་པ་བཞེས་བྱ་བའོ། །ཕན་པར་བྱེད་པ་མ་ཡིན་པའང། ད་ལྟོས་པར་བྱ་བ་མ་ཡིན་ཞེས་བཤད་པ་ནི། དེ་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་བཞིན་དུ་ས་བོན་ཡང་བལྟོས་པར་བྱ་བ་མ་ཡིན་ནོ་།དེ་ལྟ་ཡིན་དང་ཞེས་བྱ་བ་ནི་སྔར་བཀོད་པའི ་རྩོད་པ་མཇུག་སྡུད་པར་བྱེད་དོ། །འདི་སྙམ་དུ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཅན་གྱི་འདོད་པ་དོགས་པར་བྱེད་དོ། །གང་གི་སྔར་བརྗོད་པའི་རིམ་པས་ཐུགས་པ་མང་པ་ལ་སོགས་པའི་ཉེ་བར་ཐལ་བར་འགྱུར་བ་ཆུ་ལ་སོགས་པའི་ནང་ནགས? ་པའི་སྐད་ཅིག་སྐྱེས་པ་བལྟོས་པའི་ས་བོན་ཞིང་ལ་སོགས་པས་བྱས་པའི་ཁྱད་པར་ནི་ཁས་མི་ལེན་ཏེ། །འོ་ན་ཅི་ཞེ་ན། ཉེ་བར་འདུ་བའི་རྐྱེན་ཚོགས་པའི་རྒྱུ་རྣམས་ཀྱིས་བྱས་པའི་ཁྱད་པར་ས་ལ་སོགས་པས་དེ་དང་ཕྲད་པའི་སྐད་ཅིག་བསྐྱེད ་པར་བྱེད་ལ། ཕྱིས་ན་ས་ལ་སོགས་བ་མྱུ་གུ་དང་རྗེས་སུ་མཐུན་པའི་ཁྱད་པར་གྱི་གནོད་ཉིད་དུ་བྱེད་དོ། །ཉེ་བར་ཚོགས་པའི་རྒྱུ་དག་ཅིག་ཏུ་ཡོད་པ་ཡང་མ་ཡིན་ཏེ། དེ་དག་ཀྱེ་བ་རང་གི་རྒྱུ་ཉེ་བས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ས་ན་བརྗོད་པའི? ་སྐྱོན་དུ་གྱུར་བ་མ་ཡིན་ནོ། །གཞན་ནི་འདི་ལ་ཡང་ཐུག་བ་མེད་པར་བསྟན་པར་བྱ་བ་ནི་ཉེ་བར་འགོད་པར་བྱེད་པ་ནི་དེ་ལ་ཡང་ཞེས་བྱ་བའོ། །ཉེ་བར་འདུ་བ་རྣམས་ས་བོན་ལ་སོགས་པ་བསྲེ་བའི་གནས་སྐབས་ཀྱི་ཁྱད་པར་སྐྱེ་བ་ཉེ་བར་བུད་? ་བྱེད་པ་གཞན་གྱིས་བྱས་བའི་ཁྱད་པར་ཉིད་དུ་ལྡན་པར་རིགས་ཀྱི་དེ་ལྟ་མ་ཡིན་ན་རེས་འགའ་བྱེད་བ་མི་རུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་ཐུག་པ་མེད་དོ། །ཡིན་མོང་ཅེ་ན། འབྲས་བུ་འགྲུབ་པ་རེ་རེ་ཞིང་རྒྱུ་བཙལ་བར་བྱ་བ་ཉེ ་བར་འདུ་བའི་རྐྱེན་འདི་ཙམ་བརྟོག་པར་བྱ་བར་ནུས་བ་མ་ཡིན་ནོ། །འདི་ལ་བརྗོད་པ་ཞེས་བྱ་བ་ལ་སོགས་བས་གྲུབ་པའི་མཛའ་བྱེད་དོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་ཞིག་རང་གི་རྒྱུད་དུ་གཏོགས་པའི་ཉེ་བར་ལེན་པ་ལས་བྱུང་བ་འམ། ལྷན ་ཅིག་བྱེད་པ་གཞན་གྱི་རྒྱུད་དུ་གཏོགས་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་འགྱུར་བ་རྒྱུད་གཞན་གྱིས་བྱས་པའི་ཁྱད་པར་ལ་རྒྱབ་ཀྱིས་ཕྱོགས་པར་འཇུག་བར་ཉེ་བར་ལེན་པའི་རྒྱུད་འགའ་ཞིག་ནི་སྲིད་པ་མ་ཡིན་ནོ། །འགའ་ཞིག་ལྷན་ཅིག་བྱེད་པར ་འགྱུར་བ་ཆུ་ལ་སོགས་པ་རྒྱུད་གཞན་གྱིས་བྱས་བའི་ཁྱད་པར་ལ་བལྟོས་ལ། ཁ་ཅིག་ནི་ཉེ་བར་འདུ་བའི་རྐྱེན་ཞེས་བྱ་བ་རྒྱུད་གཞན་གྱིས་བྱས་པའི་རྗེས་སུ་འཇུག་པའི་ཁྱད་པར་གྱི་གནོད་དུ་བྱེད་དོ། །དཔེར་ན་ས་བོན་གྱི་རྒྱུན་ཆུ་ལ་སོགས་པའི ་རྒྱུན་གྱིས་བྱས་པའི་བངས་པ་ལ་སོགས་བའི་འདུ་བྱེད་ལ་བལྟོས་ནས་མྱུ་གུ་སྐྱེད་པར་བྱེད་པ་ལ་སོགས་པ་མཚམས་དང་བཅས་པའི་ཡུལ་དུ་འཇུག་པ་འབྲས་བུ་ས་བོན་གྱི་སྐད་ཅིག་གཞན་སྐྱེད་པའི་ཕྱིར་ས་བོན་གྱི་རྒྱུན་གང་ཡང ་རུང་བ་ན་གནས་པའི་ཆུ་ལ་སོགས་པའི་ཁྱད་བར་བདག་གིར་བྱས་པ་སིང་བ་མ་ཡིན་ན་གང་གིས་ཕྱོགས་སྔ་མ་བརྗོད་པའི་སྐྱོན་དང་བཅས་པས་འགྱུར། འོན་ཀྱང་ཕན་ཚུན་ཉེ་བར་འདུ་བའི་རྒྱུ་རླུང་དང་འདེབས་པ་པོ་ལ་སོགས་བརྒྱུད ་གཞན་ཉིད་ཀྱིས་དེའི་གནས་སྐབས་ཐོབ་བའི་ཕྱིར་བལྟོས་པར་བྱེད་དོ། །ཉེ་བར་འདུ་བའི་རྐྱེན་ཐུག་བ་མེད་པར་འགྱུར་བ་ཡང་ས་བོན་དང་མྱུ་གུ་ཐུག་པ་མེད་པ་བཞིན་དུ་གནོད་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ལན་རྒྱས་པར ་བརྗོད་པར་བྱ་སྟེ། རླུང་ལ་སོགས་པ་རང་གི་རྒྱུ་ཚོགས་པ་ཁོ་ན་ལས་ཡང་དག་པར་སྐྱེ་བ་ཐོབ་བའི་ཁྱད་པར་སྐྱེ་བ་དེ་དག་ཉེ་བར་འདུ་བ་གཞན་ལ་བལྟོས་བ་ནི་མ་ཡིན་ནོ། །ཇི་སྲིད་དུ་སྐྱེ་བའི་རྒྱུ་ལ་ཐུག་པ་དེ་སྲིད་དུ་ཞིང་གི་བདག་པོའི་སྐྱེས་བུའི་ལུང་ལས ་གནས་སྐབས་དེ་ལྟ་བུའི་བརྩོན་པ་ཐོབ་ལ་ཞིང་གི་བདག་པོ་ཡང་དེའི་ངོ་བོར་བརྟེན་པ་ནི་གཞན་ལས་ཡིན་ནོ། དེ་ཡང་གཞན་ལས་ཡིན་ནོ་ཞེས་ཐུག་བ་མེད་དོ། །འདིར་སྔ་མ་དང་ཕྱི་མའི་གཞུང་རྣམ་པར་དཔྱད་པས་བ་ལང་དང་གླང་གི་ཚུལ་གྱིས ་ས་བོན་ལ་སོགས་པ་ལྷན་ཅིག་བྱེད་པ་ལ་ཉེ་བར་འདུ་བའི་རྐྱེན་ལས་ཐ་དང་བའི་སྒྲ་གཞུང་བྱད་པས་བྱས་སོ་ཞེས་བཤད་པར་བྱ། །དེ་ལ་མྱུ་གུ་ནི་ཁྱད་པར་བརྒྱུད་པ་ལས་སྐྱེ་བའི་ཆོས་ཅན་ཡིན་ལ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་ས་བོན་ལ ་སོགས་པས་བྱས་བའི་བྱེད་བར་རྒྱུད་ནས་སྐྱེས་པའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྱད་པར་དང་པོ་ནི་ཞེས་བྱ་བ་ནི་འདིར་ས་ལ་སོགས་པ་དང་ཕྲེང་བས་བརྩམས་པ་དེ་དང་ཚོགས་པའི་ས་བོན་གྱི་སྐད་ཅིག་དང་པོ་ལ་བརྗོད་པར ་འདོད་དེ། དེ་ཉིད་ཐམས་ཅད་ཀྱི་ཐོག?་མ་ཡིན་པའི་ཕྱིར་རོ། །དེ་ནི་ལྷན་ཅིག་བྱེད་པ་སེ་ལ་སོགས་པ་ཉེ་བས་སྐྱེད་པ་ཕྱི་མ་ཕྱི་མའི་ཁྱད་པར་བརྒྱུད་པ་ལ་བལྟོས་ནས་མྱུ་གུ་དང་རྗེས་སུ་མཐུན་པ་ལ་བརྟེན་པ་མ་ཡིན་ཏེ། ཉེ་བར་འདུ་བ་བྱེད་པ་ཉིད་ལས ་འདི་སྐྱེད་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ས་བོན་ནི་ཞེས་བྱ་བ་ནི་ཉེ་བར་ལེན་པས་ས་བོན་ལ་སོགས་པ་འབྲས་བུ་རྩོམ་པ་ན་རྒྱུད་གཞན་གྱི་ཉེ་བར་མ་བྱས་བ་ནི་རྣམ་པ་ཐམས་ཅད་དུ་མི་རྩོམ་སྟེ། གང་གི་ཕྱིར་རེས་འགའ་བར་འགྱུར། རྒྱུད?་གཞན? ་ལ་བལྟོས་པ་མེད་པར་འགྱུར་ན་ཡང་བྱ་བྲག་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་སྙིང་པོ་བཀྲོལ་བའི་ཕྱིར་ཤེས་པར་བླའོ། །དེས་ན་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དོན་ཉེ་བར་སྡུད་པར་བྱེད་དོ། །འབྲས་བུ་ལ་ལ་ཚུལ་སོགས་པ ་དྲང་ཕྲད་པའི་ས་བོན་གྱི་གནས་སྐབས་ཀྱི་བདག་ཉིད་ཕན་པར་བྱེད་པ་མ་ཡིན་པ་འང་གང་ཡང་རུང་བ?་ན་གནས་པའི་ཆུ་ལ་སོགས་པ་འཐད་རིགས་ཏེ། དེ་ལ་ནི་ཉེ་བར་འདུ་བའི་རྒྱུ་རྣམས་ཁོ་ན་ཕན་པར་བྱེད་པ་ཉིད་ཡིན་པའི ་ཕྱིར་རོ། །དེ་ཉིད་ནི་བ་དས་བ་དང་ཆེས་བངས?་པ་དང་ཆེས་ཤིན་ཏུ་བངས་པའི་གནས་སྐབས་ལ་སོགས་པ་འབྲས་བུ་གཞན་ལ་མྱུ་གུའི་མཐར་ཐུག་པར་ས་བོན་གྱི་པོགས་བྱེད་བར་ནུས་པ་ཡིན་ནོ་ཞེས་བྱའོ། །དེས་ན་དེ་ལྟར་བར་ན་གནས་པའི་འདོད? ་པ་ཡོངས་སུ་བསལ་ནས་ཕྱོགས་སྔ་མས་བརྗོད་པའི་སྐྱོན་སྤང་པར་བྱ་པའི་ཕྱིར་གང་ཡང་ཞེས་བྱ་བ་འདི་སྨྲོས་ཏེ། དེ་སྤྱད་དཔྱད་པའི་སྐད་ཀྱི་དབྱིངས་ནི་དབྱདཔའ་ཨི་ཡན་ལག་གི་བསལ་བ་ལ་འཇུག་གོ། །དེ་དཔྱད་ན་བསལ་བར་བྱའོ་ཞེས་བྱ་བའི་དོན ་ཏོ། །འདི་ལ་ཚད་མ་ནི་ཐོབ་པར་བྱེད་བ་ཡིན་ནོ་ཞེས་བྱ་བ་ལ་བརྩམ་པར་བྱ་བ་ལ་ཚད་མ་བརྟག་བའི་གཞུང་ཤིན་ཏུ་མང་པ་འདིར་ཐ་སྙད་ཀྱི་དབང་དུ་བླངས་བ་ནི་དེ་ཉིད་དུ་དཀྲོལ་པའི་ཕྱིར་ཡང་འདིར་བཤད་པར་མི་བྱའོ། །དེའི་སྙིང་པོའི་དོན་ནི་འདི་ཙམ ་ཡིན་ཏེ་།ཡོད་པ་དག་ནི་མངོན་སུམ་གྱིས་མ་ཏགས་པའི་ཕྱིར་མ་གྲུབ་པ་ཡིན་ནོ། ཞེས་གང་སྨྲས་པ་དེ་ནི་དོན་པར་སྨྲས་པ་ཡིན་ཏེ། མི་བསླུ་བར་བྱེད་པའི་ཤེས་བ་ནི་ཚད་མ་ཡིན་ནོ། །མི་བསླུ་བ་མེད་པའོ། །དེ་ནི་ཐོབ་པར་བྱེད་པའོ། །དེ་ནི་དེ་འཇུག་པ ་བྱེད་པའོ། །ཤེས་པ་ནི་སྟོན་བར་བྱེད་བ་ཉིད་འཇུག་པར་བྱེད་པ་ཡིན་པའི་ཕྱིར་སྟོན་པར་བྱེད་བ་ཉིད་འཇུག་པར་བྱེད་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེས་ན་དེ་ལྟར་ཐ་སྙད་འདོགས་པ་པོ་ཐ་སྙད་ལ་ཉེ་བར་མཁོ་བའི་ཤེས་པ་ནི་ཚད་མ་ཉིད་སྨྲས་བ ་ཡིན་ནོ། །རྗེས་སུ་དཔག་པ་ནི་རྣམ་པར་རྟོག་པའི་རང་གི་རིགས་ལས་སྐྱེས་པ་ཞེས་པའི་བདག་ཉིད་ཡིན་པའི་ཕྱིར་ཐ་སྙད་འདོགས་པས་འཇུག་པ་ལ་སོགས་པའི་ཐ་སྙད་ཀྱི་ཡན་ལག་ཏུ་མི་འཐད་པ་མ་ཡིན་ནོ། །མངོན་སུམ་ཡང་དོན་ལ་ལྟ་བ་ཙམ? ་ཞན་པར་མ་བྱས་པ་ན། ཐ་སྙད་འདོགས་པ་པོ་ཐ་སྙད་ཀྱི་ཡན་ལག་ཉིད་དུ་ནུས་པ་མ་ཡིན་པ་ཁོ་ནའོ། །དེས་ན་མཐོང་བ་ཉིད་དུ་ཞེན་པའི་མཐར་ཐུག་པ་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཡིན་ནོ། །སྒྲོ་འདོགས་རེ་རེ་རྣམ་པར་གཅོད་པའི་ཡུལ་ཅན་?་ཞེན་པ ་དེ་དག་ཞེན་པ་གཅིག་ཏུ་ལྡོབ་པ་གཅིག་གི་མཐར་ཐུག་པའི་དངོས་པོའི་ངོ་བོ་རྟོགས་པ་ནི་ལྡོག་པ་གཞན་ལ་བརྟེན་ནས་ནུས་བ་མ་ཡིན་ནོ། །དེས་ན་ཆོས་ཅན་སྒྲལ་སོགས་པའི་ཡུལ་ཅན་གྱི་མངོན་སུམ་གྱི་ཤེས་པ་ནི་མི་རྟག་པ་ཉིད་དང་སྐད་ཅིག་?་ཉིད་ཀྱི་ཆོས ་སྤངས་ནས་ཡོད་པ་མ་ཡིན་པ་ལས་ལོག་པའི་བདག་ཉིད་ཀྱི་ཡོད་པ་ཉིད་ཀྱི་མཐར་ཐུག་གོ་།དེའི་མཐར་ཐུག་བའི་ཡོད་པ་ནི་མེད་ན་མི་འབྱུང་བ་ཉིད་ཀྱིས་སྐད་ཅིག་མ་ཉིད་འཕེན་པའི་ཕྱིར་གཞན་དག་ཚད་མའི་བྱེད་པའི་ཡུལ་མི་ཤེས་བས་མ ་གྲུབ་པ་ལ་སོགས་པ་བརྩོད་བ་དེ་ནི་ཇི་སྐད་དུ་བཤད་པའི་ཚད་མའི་བྱ་བའི་བསྟན་པས་དོར་བར་བྱའོ། །སྐྱོན་གཞན་ཡང་བསལ་བའི་ཕྱིར་དྲན་པར་བྱེད་པ་གང་ཡང་ཞེས་བྱ་བའོ། །ད་ཡང་ཞེས་སྨོས་པས་གསལ་བ་ཡིན་ནོ། །འདི་ལ་ཞེས ་བྱ་བ་ལ་སོགས་པའི་དོན་ཕལ་ཆེར་བཤད་ཟིན་པའི་ཕྱིར་ཟོས་ཟིན་པ་བཟའ་བར་མི་བྱའོ། །དེ་ནི་ད་ཉིད་དེའི་ཡུལ་ཡིན་ཞེས་བྱ་བས་མངོན་སུམ་གྱི་ངོ་བོར་བརྗོད་པ་ཡིན་ནོ། །འདི་ལ་གླིང་གཞན་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་གྱི་འདི་ནི ་པ་ལང་སྟེ། རྐང་པས་རེག་པར་མི་བྱའོ། ཞེས་བསྟན་ཞེས་གླིང་གཞན་དུ་འོངས་ཞེས་དེ་ལྟར་གོ་རིམ་བཟློག་པ་ལ་སྦྱར་བར་བྱའོ་ཡུལ་གཞན་དུ་བ་ལང་མཐོང་བ་ངོ་ཤེས་པ་སྐྱེའོ། །ཞེས་བྱ་བ་ལ་ཡུལ་གཞན་གླིང་གཞན་དུ་ཤེས་པར་བྱ་སྟེ། ་གླིང་གཞན་དང་ལྡན་པའི་རིགས་པའི་ཕྱིར་རོ། །དེ་ལྟར་ཡིན་དང་བ་ལང་གི་གསལ་བ་གསལ་པར་ཐ་དང་པར་བསྟན་པར་འགྱུར་ཏེ། གླིང་གཞན་ནས་དེ་འོང་བ་ནི་འཐད་པར་དཀར་བའི་ཕྱིར་རོ། །ངོ་ཤེས་པ་སྐྱེ་ཞེས་བྱ་བ་ནི་དེ་ཉིད་འདི་ཡིན་ནོ། ་ཞེས་སྔར་རྟོགས་པ་ལས་མངོན་དུ་ཕྱོགས་པ་སྐྱེ་བའོ། །དེས་ན་ཐ་དད་པར་རྟོགས་པའི་སྙིང་པོ་ཅན་ཐ་མི་དད་པར་རྟོགས་པ་ནི་རང་ཉིད་ཉམས་པ་ཚད་མ་མ་ཡིན་ཏེ། རབ་རིབ་དང་འབྲེལ་པ་ཅན་གྱི་ཟླ་བ་ཅན་གྱི་ཟླ་བ་གཉིས ་སུ་ཤེས་པ་བཞིན་ནོ། །དེས་ན་བསྟན་བའི་ཟླ་བ་གཅིག་ཤེས་པས་མདུན་དུ་བྱས་པ་གསལ་བ་སྐྱེས་ཀྱང་རབ་རིབ་ལ་སོགས་པའི་རྒྱུ་ལ་བཀོད་པས་འཇིག་པའི་ཕྱིར་ཉམས་པ་ཡིན་ནོ་ཞེས་གྲག་གོ་།འདི་སྙམ་བུ?་ཞེས་བྱ་བ་ནི་གལ་ཏེ ་ཡང་གསལ་བར་རྟོགས་པ་ཐ་དད་པའི་ཁྱད་པར་གྱིས་ཐ་མི་དད་པ་འཇིག་པའི་དེར་གཏོགས་པའི་ཐ་མི་དད་པ་འགལ་བའི་ཕྱིར་དེའི་འཛིན་བར་མི་ནུས་པ་དེ་ལྟ་ན་ཡང་དེ་དང་འབྲེལ་བའི་སྤྱི་འཛིན་པ་ལ་འགལ་བ་མེད་དོ། །གསལ་བ་ཐ་དད ་ཀྱང་དེ་ནི་ཐ་མི་དད་པ་ཡིན་ནོ། །དེ་སེལ་བར་བྱེད་པ་ནི་དེ་ཡང་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཁྱེད་ཅིག་ངོ་ཤེས་པ་མངོན་སུམ་དུ་འདོད་བས་དེ་ཉིད་མངོན་སུམ་གྱིས་རྟགས་སོ་ཞེས་བརྗོད་དོ། །འདི་ཡང་ཉེ ་པར་བཀོད་པའི་གནས་སྐབས་ཉིད་འདི་ལ་དེ་ཉིད་མངོན་སུམ་གྱིས་གཟུང་བ་ཡིན་ནོ་ཞེས་བྱ་བ་འདིར་སྨས་ཟིན་ཏོ། །མངོན་སུམ་དུ་མངོན་པར་འདོད་པའི་ངོ་ཤེས་པ་འདི་ནི་བ་ལང་ཉིད་ལ་སོགས་པའི་སྤྱི་མཐོང་བར་ཞེན་བར་བྱེད་པ་མ ་ཡིན་ཏེ། སྐྱེ་བ་ལ་སོགས་པ་དང་རྗེས་སུ་འབྲེལ་བའི་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་དང་ལྡན་བའི་དངོས་པོ་ཞེན་པར་ཉམས་སུ་མྱོང་བའི་ཕྱིར་རོ། །འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ནི་གཉི་ག་དོ་ཤེས་པའི་ཡུལ་ཡིན་ནོ་ཞེས ་གཞན་གྱི་འདོད་པ་དོགས་པར་བྱས་ནས་དེ་ནི་མ་ཡིན་ཏེ་ཞེས་ལན་འདེབས་པར་བྱེད་དོ། །གཞན་དག་གིས་བསམ་པ་ནི་འདི་ཡིན་ཏེ། སྤྱི་དང་ཁྱད་པར་དག་འདྲེས་པས་ཁྲ་བོ་ལ་སོགས་པ་རང་གི་ངོ་ཤེས་པའི་མངོན་སུམ་ཡང ་འདྲེས་བར་སྣང་ངོ། །གང་གི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་དེ་ལྟར་སྐྱེས་ཏེ། དེ་ཞེས་བྱ་བ་ནི་ཐ་དད་པའི་ཆ་ལ་རེག་པ་ཡིན་ཏེ། ཡུལ་དང་དུས་ཐ་དད་པ་ནི་ངོ་བོ་ཐ་དད་པ་ཡིན་པའི་ཕྱིར་རོ། །ཉིད་དོ་ཞེས་བྱ་བ་ནི་ཐ་མི་དད་བའི་ཆ་སྣང་བ་ཡིན་ཏེ། སྔར ་རྟོག་པ་གང་ཡིན་པ་དེ་ནི་ལྐོག་ཏུ་མ་གྱུར་བའི་རྣམ་པ་ལ་སོགས་པ་འདི་ཡིན་ནོ་ཞེས་གཞན་དུ་འཛིན་པ་མ་ཡིན་ཏེ། འོན་ཀྱང་ཐ་མི་དད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་སྐྱེ་བ་ལ་སོགས་པའི་ཆོས་ཅན་སྣང་བ་དང་འགལ་བ་ཡང་མེད་དོ་ཞེས ་བྱ་བའོ། །གྲུབ་པའི་མཛའ་སྨྲ་བ་ནི་སྤྱི་སྣང་བ་མི་དམིགས་བས་སེལ་བར་བྱེད་དེ། གལ་ཏེ་སྤྱི་སྣང་ན་དེ་ལས་ད་ལྟར་ཡང་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་རྒྱལ་བ་དང་རྒྱལ་དཔོག་བའི་སློབ་མ་དག་སྤྱི་ལ་བརྟེན་བའི་རྩོད་བར་མི་འགྱུར་རོ། །དེའི་ཕྱིར ་ཐ་དད་པའི་ངོ་བོར་སྣང་བའི་དབང་གི་ངོ་ཤེས་པ་ལས་ཉམས་པས་དུས་གཞན་དུ་གནས་པའི་དངོས་པོ་བཞག་པར་མི་ནུས་པ་མ་ཡིན་ནོ། །འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པས་ཀུ་མ་ར་རི་ལ་སོགས་པའི་འདོད་པ་དོགས་པར་བྱེད་དོ། །འུག་པས?་དག ་མཛའ་ཅིག་ཏུ་སྤྱི་གསལ་བ་ལས་ཐ་དད་དེ། དེ་དག་གི་ནི་སྤྱིའི་ཤེས་པ་ཐ་མི་དད་བར་སྣང་བ་དང་འགལ་ཏེ། མ་ངེས་པར་སྨྲ་བ་ལ་ནི་ཅི་ཞིག་ལྟར་ཐ་དད་པ་ལ་ཅི་ཞིག་ལྟར་ཐ་མི་དད་དེ། དེ་ལ་ཐ་དད་བའི་ཕྱོགས་དང་རྗེས་སུ་འབྲེལ་བ་ལ་ནི་ཐ་མི་དད ་པའི་ཕྱོགས་ཀྱིས་བསལ་ལ། ཅིག་ཤོས་ཀྱི་ཕྱོགས་ནི་ཐ་དད་པའི་ཕྱོགས་ལ་བརྟེན་ནས་སེལ་བར་བྱེད་པར་འགྱུར་བའི་ཕྱིར་ཐ་དད་པའི་ངོ་བོར་སྣང་བ་འགལ་བར་འགྱུར་བ་མ་ཡིན་ནོ། །སློབ་དཔོན་མངོན་བར་མི་འདོད་པའི་སྤྱིའི་བདག་ཉིད་བརྗོད་པར་བྱ ་བ་མ་ཡིན་པ་འདི་ཚིག་ཙམ་གྱིས་ཁས་བླངས་ཚད་མས་དགག་པར་འདོད་བར་ནS་བརྗོད་པར་བྱ་བ་མ་ཡིན་མོད་ཅེས་བྱ་བ་སྨོས་སོ། །གང་གི་ཕྱིར་ཐ་དད་བའི་རྣམས་ལ་ཐ་མི་དད་བར་སྣང་བཤེས་པ་དམིགས་པ་དང་བཅས་པ་ཉིད་དུ་སྒྲུབ ་བའི་ཕྱིར་གཞན་དག་དེ་ལ་བརྟེན་པས། གང་ཕྱིར་ཡུལ་མེད་པར་ནི་བློ། །སྐྱེ་བར་འདོད་པ་མ་ཡིན་པ། །དེས་ན་དེ་དག་ཁྱད་པར་ལས། །སྤྱི་ནི་གཞན་དུ་ངེས་པར་འདོད་ཅེས?་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལས་ཅིར་འགྱུར་ཞེ ་ན། དེས་ན་གལ་ཏེ་ཞེས་བྱ་བ་སྨོས་ཏེ། དད་པའི་ཁྱད་པར་ཤེས་པ་དེ་ལ་ཅི་ཡང་བསལ་བ་མེད་པའི་ཕྱིར་གཞུང་འདི་ཐམས་ཅད་འདིའི་རྣམ་གྲངས་སོ། །གསལ་བ་ཡང?་གོམས་བ་མྱུར་བ་ལ་སོགས་པ་ལྷན་ཅིག་བྱེད་བའི་སྐྱོན་དང་བྲལ་བཱི? ་ཕྱིར་ཉེ་བར་མི་མཚོན་ནོ་ཞེས་བྱ་བའི་ཚིག་ནི་རིགས་པའི་རྗེས་སུ་འགྲོ་པ་མ་ཡིན་ནོ། །ཐ་དད་པ་རྣམས་ལ་དེའི་རྒྱུ་མཚན་གྱི་སྒྲ་འཇུག་པར་ཁས་ལེན་པའི་ཕྱིར་རྒྱུ་མཚན་མི་དམིགས་པས་རྒྱུ་མཚན་འཇུག་པ་མི་འཐད་དོ། །དེ་ལས་གཞན་ལ་བློ་དང ་ནི། །སྒྲ་འཇུག་ཕྱིར་ན་མི་རྟོག་མིན། །དེ་ལས་ཐ་དད་ཡོད་མ་ཡིན། །སྤྱི་ཡི་བློ་ནི་ཐ་དད་ཕྱིར་ཞེས་ཀྱང་བཤད་དོ། །དེ་ལྟ་ཡིན་དང་ཐ་མི་དད་པའི་རྣམ་བའི་ཤེས་པ་ཉིད་མེད་པས་ཡུལ་གང་ཞིག་བརྟགས་པས་སྤྱི་ཐང་དད་པ་འམ། ཐ་མི་དད་པ ་འམ། ཐ་དད་པ་དང་ཐ་མི་དད་པ་ཡོངས་སུ་རྟོགས་པ་བྱེད། །དེས་ན་གལ་ཏེ་སྤྱིའི་བདག་ཉིད་ཇི་ལྟར་གྱུར་པ་དེ་བཞིན་དུ་དེའི་དམིགས་པ་མི་སྟོན་པས་དེའི་ཚེ་སྤྱི་ངོ་ཤེས་པ་ལོག་པར་ཁས་བླང་བར་བྱས་བའོ། །རང་གི་ཡུལ་དང་རྗེས་སུ་མཐུན་པའི ་ཕྱིར་རོ། །སྤྱིའི་ཤེས་པ་ཡང་ལོག་པ་ཡིན་ཏེ། དེའི་རྗེས་སུ་བྱེད་བའི་ཤེས་པ་མེད་པའི་ཕྱིར། །ཁྱབ་པའི་ངོ་བོ་ཞེས་བྱ་བ་ནི་ཐ་མི་དད་པའི་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པའི་ཆ་ཉིད་ལ་རྩོད་པ་སྲིད་པས་དེ་སྨོས་པ་ཉིད་ཀྱིས་བསལ་བར ་བྱས་བ་ཡིན་ནོ། །གཞུང་ཕྱི་མ་ནི་འདི་ཉིད་ཀྱིས་སྤྲོས་པའི་དོན་ཏེ་ཤེས་པར་སླའོ། །དེ་ལྟར་རྣམ་པ་གཅིག་ཅན་གྱི་ཤེས་པ་བསལ་ནས་གཞན་དག་དུ་མ་ལ་གཅིག་ཡོད་པའི་དབང་པོར་གྱུར་པ་སྒྲ་གཅིག་སྟོན་པར་བྱེད་བ་དེ་དག་ལ ་སྣང་བ་མི་དམིགས་བ་སྟོབས་དང་ལྡན་བས་མི་སྣང་བ་ཉིད་དུ་གྲུབ་པའི་མཛའ་ཅན་སེལ་བར་བྱེད་པ་བཤད་པ་ནི་ལང་ངོ། །ཞེས་བྱ་བ་ལ་སོགས་པས་སོ། །དམིགས་པར་བྱ་བའི་སྤྱི་གཞན་དག་གི་ཀུན་ཏུ་བརྟག་སོ། །དེ་ལ་མངོན་སུམ་ལན་བླང? ་ལྷག་བས་མཚོན་པ་མཛེས་པ་མ་ཡིན་ཏེ། གླིང་པོ་མཐོང་བ་ལ་དེའི་རྗེས་ཀྱིས་རྗེས་སུ་དཔོག་པ་མ་ཡིན་ནོ་ཞེས་རིགས་པ་ལ་མཁས་པ་སྨྲའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ངོ་ཤེས་པ་ཐ་མི་དད་པའི་རྣམ་པ་བསམ་ནས་གཞན་གྱི་སྒོ་ནས ་རྗེས་སུ་བརྗོད་དོ། །ལན་བརྗོད་པར་འདོད་བའོ། ལན་གྱི་སྐབས་བྱེད་བ་ནི་དེ་ནི་མི་འཐད་དེ་ཞེས་བྱ་བའོ། །ཐ་དད་བ་དག་མཚམ་སྦྱོར་བ་ནི་ངོ་ཤེས་བའི་དོན་ཡིན་ནོ། །འདི་ལ་རྣམ་པ་ཐ་མི་དད་པའི་དྲི་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་ལན་བརྒྱད་ངེས ་པར་བྱས་སོ། །ཤེས་བ་སྐད་ཅིག་མ་ནི་བསྟན་པ་འཛིན་པར་འཐད་པ་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་ནི་ཚད་མ་བརྟག་པར་དཔྱད་ཟིན་ཏོ། །ཁ་ཅིག་ནི་རྣམ་པར་རྟོག་པའི་ཤེས་པ་གསུམ་པོ་འདི་ཉམས་སུ་མྱོང་བའི་བག་ཆགས་ལ་སོགས་པའི ་ཚོགས་ལས་སྐྱེ་བའི་ཚིགས་གསུམ་པ་ནི་ཐ་མི་དད་པ་མཚོན་པར་བྱེད་དོ་ཞེས་བརྗོད་པར་བྱེད་དོ། དེ་ཞེས་བྱ་བ་ནི་སྔར་ཉམས་སུ་མྱོང་བའི་སྐོག་ཏུ་གྱུར་པ་དྲན་པའོ། །འདི་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་བ་མ་ཡིན་པ་ཞེན་པའོ། །ཉིད་ཅེས་བྱ་བ་ནི་གཉི་ག?་མཚན ་སྦྱོར་བའི་ཤེས་པའོ། །ངོ་ཤེས་པ་ནི་གསུམ་པོ་དེ་དག་ལ་བརྗོད་དོ། །ཡང་ན་ཇི་སྐད་དུ་བསྟན་པའི་སོ་སོའི་ཤེས་པ་དང་འདྲ་བ་རྒྱུ་དང་རྐྱེན་གྱི་ཁྱད་པར་ལས་སྐྱེས་པའི་མིའི་སེངྒེ་འདྲ་བའི་ངོ་ཤེས་པ་གཅིག་ཉིད་ཡིན་ནོ་སྙམ་དུ་གཞན་དག་སེམས་སོ། །ལྟ ་པ་གཏིག?་ལའང་ཐ་དད་པ་མཚམ་སྦྱོར་བའི་ངོ་ཤེས་པ་ཅིག་ཤོས་ཀྱི་ཤེས་པའི་ཁྱད་པར་བྱེད་དོ། །དོན་གཅིག་པ་ནི་མ་ཡིན་ཞེས་བྱ་བ་ནི་གང་ལས་འདི་སྐད་ཅིག་མ་མ་ཡིན་པ་ཉིད་ཀྱི་ཚད་མར་འགྱུར་བ་སྔ་མ་དང་ཕྱི་མ་དག་ཐ་མི་དད་བའི ་ངོ་བོར་སྣང་བ་ནི་མ་ཡིན་ནོ། །མཚམ་སྦྱོར་བ་ཉིད་ནི་དོན་གཅིག་འཛིན་པ་མ་ཡིན་ནོ་ཞེས་དགོས་ནས་གཞན་ལ་འདྲི་བར་བྱེད་བ་ནི་མཚམ་སྦྱོར་བ་ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་བྱ་བའོ། །སློབ་དཔོན་གྱི་བསམས་པ ་དེ་རིག་ནས་ལན་འདེབས་པ་ནི་འགའ་ཞིག་ལ་ཞེས་བྱ་བའོ། །ཐ་དད་པ་དང་སྣང་བ་ཡོངས་སུ་མ་སྤངས་པ་ཁོ་ནར་རྣམ་པ་གཅིག་གི་འབྲས་བུ་བྱེད་པ་ལ་སོགས་པའི་རྒྱུ་མཚན་ལ་བལྟོས་པ་གཅིག་ཏུ་བརྟགས་པ་ནི་མཚམ་སྦྱོར་བ་ཞེས་བྱ ་བའི་དོན་ཏོ། མངོན་སུམ་དང་ལྐོག་ཏུ་གྱུར་བའི་ཡུལ་རྣམ་པར་རྟོག་པས་སྒྲོ་བཏགས་པའི་རྣམ་པ་ཐ་དད་པར་ཞེན་པའི་རྒྱུ་མཚན་ཡང་མཚམ་སྦྱོར་བར་འདོད་པ་ནི་གཞན་སེལ་དུ་བསྟན་པ་བཞིན་ནོ། །ལྷག་མ་ནི་གསལ་ལོ། །རྗེས་སུ ་དཔག་པ་གནོད་བ་སེལ་བར་བྱེད་བའི་སྐབས་ཀྱི་དོན་བསྡུ་བ་ནི་སྤྱི་འཛིན་པ་མངོན་སུམ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདི་སྐད་བསྟན་པ་ཡིན་ཏེ། རེ་ཞིག་ཇི་སྐད་དུ་བཤད་པའི་རིགས་པས་མངོན་སུམ་ལྟར་སྣང་བའི་ངོ་ཤེས་པས ་སྐད་ཅིག་གིས་འཇིག་པ་ལ་གནོད་པར་མི་ནུས་སོ། །ཅི་སྟེ་ཇི་ལྟར་འོག་ནས་སྟོན་པས་རྗེས་སུ་དཔག་པ་ཟུང་ནས་འདི་ལ་གནོད་པར་ནུས་སོ་སྙམ་དུ་སེམས་ན། འདི་ལ་བརྗོད་པ་སྐད་ཅིག་མའི་བདག་ཉིད་ཅན་གྱི་ཐ་དད་པ་དགག? ་པ་སྒྲུབ་བར་བྱ་བ་ལ་ངོ་ཤེས་པ་པོ་དང་པོ་ཤེས་དང་བྱ་བའི་ཤེས་པ་པོ་ཤེས་བྱ་དག་བསྒྲུབ་བྱེད་དུ་བསྟན་པར་ཡིན་ལ། དེ་དག་ནི་མི་མཐུན་པའི་ཕྱོགས་ཐ་དད་པའང་སྲིད་པས་ལྷག་མ་དང་ལྡན་པའི་མ་ངེས་པ་ཉིད་དོ། །གལ་ཏེ་ཡང ་རྒྱུ་ཐ་དད་དུ་གནས་པ་ལ་དེ་མ་མཐོང་བ་དེ་ལྟ་ནའང་རྒྱུད་གཅིག་ཏུ་གཏོགས་པའི་ཉེ་བར་ལན་པ་དང། ཉེ་བར་ལེན་པ་ལས་བྱུང་བ་བྱེད་པ་དག་ལ་ཡང་དེ་འགྱུར་བའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ལོག་པ་ལ་ཐེ་ཚོམ་ཟའོ་ཞེ? ་འདི་ལ་མི་རིགས་པ་ཅི་ཡོད་ཅེས་བྱ་བའི་གཞུང་འདིའི་པར་གྱིས་དེའི་དོན་བསྟན་ཏོ། །གང་ཡང་གྲགས་པས་གནོད་དོ་ཞེས་སྨྲས་པ་དེ་ནི་ཁ་ཅིག་ལ་སྐད་ཅིག་མ་ཉིད་དུ་མཐོང་པ་ཡང་གྲུབ་པའི་ཕྱིར་མི་རིགས་སོ། །དེས་ན་ཞེས་བྱ་བ་ལ་སོགས ་པས་གཞན་གྱིས་བརྗོད་པའི་སྐྱོན་བསལ་བ་མཇུག་སྡུད་པ་དང། རང་གི་ཕྱོགས་སྒྲུབ་བར་བརྗོད་པའི་ཕྱིར་དམ་འཆའ་བར་བྱེད་དོ། །དེ་ནི་དེ་བསྒྲུབ་པ་བརྗོད་པ་གང་ཞེས་བྱ་བས་སྒྲུབ་བྱེད་རྗེས་སུ་བརྗོད་ནས་དེ་ཞེས་བསྒྲུབ་བྱ་སྒྲུབ་བོ། །དཔེར་ན་ཞེས་བྱ་བས་ཁྱབ ་བའི་ཡུལ་བུམ་པ་ལ་སོགས་པ་དཔེར་བྱེད་དོ། །ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་བ་ཡོད་བསྒྲལ་སོགས་པ་ལ་ཕྱོགས་ཀྱི་ཆོས་ཉིད་སྟོན་བའོ། །དེ་ནི་ཚུལ་གསུམ་གོ་བར་བྱེད་བའི་རྒྱུ་ཅན་སྒྲུབ་བར་བྱེད་བའི་དག་ཡན་ལག་གཉིས་པ་ནི་ཡན་ལག་ཅིག ་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་སྒྲ་འམ་དོན་གྱི་ནུས་པ་དག་ལས་ཉེ་བར་ལེན་པའི་ཕྱིར་རོ། །ཕྱོགས་ཆོས་སྨོས་པས་ཕྱོགས་ཆོས་ཉིད་བརྗོད་དོ། །འོན་ཀྱང་བསྒྲུབ་པར་བྱེད་པའི་ཡན་ལག་རྗེས་སུ་འགྲོ་བ་ལ་སོགས་པ་ནུས་པ་མེད་པའི་ཕྱིར་སྒྲུབ་བྱེད་ཡན ་ལག་མི་བརྗོད་པའི་རྒོལ་བ་ཚར་བཅད་པའི་གནས་སུ་ཐལ་བར་འགྱུར་བ་དེའི་དོན་དུ་གཞན་གྱིས་བརྗོད་པའི་མ་ངེས་པ་ཉིད་ཀྱིས་དོགས་པ་སེལ་བར་ནུས་པའི་རྗེས་སུ་འགྲོ་བ་དང་ལྡོག་བའི་རྩ་བར་གྱུར་བའི་རང་བཞིན་འབྲེལ་པ་སྒྲུབ་བར་བྱེད་པ་གཏན་ཚིགS ་མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་བའི་ཚད་མ་ཁྱད་པར་བྱེད་པ་མི་དམིགས་པའི་མཚན་ཉིད་འཇུག་པའི་ཕྱིར་ཉེ་བར་འགོད་པ་ནི་གང་ཡང་དངོས་པོ་རྣམས་ཞེས་བྱ་བའོ། །ཕྱོགས་ཀྱི་ཆོས་ཉིད་ཀྱང་མངོན་སུམ་གྱིས་གྲུབ་པས་འབད་པར ་བྱ་བ་མ་ཡིན་ནོ། །དོན་བྱ་བ་བྱེད་བའི་བདག་ཉིད་ཀྱིས་ཡོད་པ་ནི་ཁྱབ་པར་བྱེད་བ་ཡིན་ལ། རྣམ་པར་བརྟག་པར་བྱ་བ་རིམ་དང་ཅིག་ཅར་དག་ནི་ཁྱབ་པར་བྱེད་པ་ཡིན་ནོ། །གལ་ཏེ་ཟླས་དབྱེ་བ་ནི་རང་གི་དོན་ལ་མཐང?་གི་འམ་གཞན་གྱི་དོན་ལམ ་ཡིན་མ་ཡིན་ནམ་དེ་ཇི་ལྟར་རིམ་པ་འམ་ཅིག་ཅར་དག་ཅེས་བྱ་བའི་དོན་འདི་ལ་རིམ་དང་ཅིག་ཅར་དག་གིས་ཞེས་བྱ་ཞེ་ན། བརྗོད་པ། འདིར་དོན་གོ་བས་ཡོད་པ་དད་འདི་དག་ལ་དང་གི་དོན་ཡོད་པ་ཁོ་ན་སྟེ། དོན་བྱེད་བ་ལ ་ཉེ་བའི་སྦྱོར་བ་ནི་རྣམ་པ་རེ་རེ་ཡིན་གྱིས་གཉི་གས་མ་ཡིན་པས་བརྟག་པ་ཡིན་བའི་ཕྱིར་སྐྱོན་མེད་དོ། །ཡང་ན་དད་བཞིན་དཱུམ་ལ་ཡང་ཟླས་དབྱེ་བ་མཐོང་བ་མཐོང་བའི་ཕྱིར་པ་ཎི་ནིའི་ཚིག་ལ་གདོན་མི་ཟ་བར་གུས་བར་བྱ་བ་མ་ཡིན། །དེའི་ཕྱིར ་བྲད?་བརྡུངས་ཤིད་ཆེ་དེས་བཏབ་ཀྱང་འཇིག་རྟེན་མི་ལྡོག་པའི་ཕྱིར་རོ་ཞེས་ཀྱང་བཤད་ཟིན་ཏོ། །འམ་གྱི་དོན་ལ་ཟླས་དབྱེ་བས་མཐོང་སྟེ། འདི་ལྟ་སྟེ། དཔེར་ན་སྒྲ་རྣམས་ཐམས་ཅད་དག་གི་ནི། །དངོས་པོ་ཉེ་བར་སྤྱད་པ་ན། །རིགས་སམ་ཡང ་ན་རྫས་ཉིད་ལ། །དངོས་པོར་རྟག་ཏུ་བརྗོད་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །འདིར་ཟླས་དབྱེ་བར་མཚུངས་པར་མཐོང་བའི་ཕྱིར་གཅིག་ལྷག་པ་ཡིན་ནོ། །དེས་ན་འདི་དག་ཇི་ལྟར་ཡོད་པ་ཡི་ཁྱབ་པར་བྱེད་བ་ཡིན་པ་དེ་ལྟར་བསྟན་པ་ནི་རྣམ་པ་གཞན་ཞེས ་བྱ་བ་ལ་སོགས་པས་སོ། །རྣམ་པ་གཞན་སྲིད་པར་འགྱུར་བ་ལ་ནི་ཁྱབ་བར་ཉམས་པར་འགྱུར་ཏེ། །ཡོད་པ་རྣམ་པ་གསུམ་པ་སྲིད་པའི་ཕྱིར་རོ། །དེ་མི་སྲིད་པར་འགྱུར་ན་གཉིས་ཉིད་དུ་ངེས་པས་དེ་དག་གི་ཁྱད་བོ། །ཇི་ལྟར་རྣམ་པ་གཞན ་མི་སྲིད་ཅེས་བྱ་བ་འདི་ལ་བཤད་པ་ནི་འདི་ལྟར་ཞེས་བྱ་བའོ། །རྣམ་པ་དེར་འགྱུར་ན་རིམ་དང་ཅིག་ཅར་བཞིན་དུ་དམིགས་པར་བྱ་བ་ཡང་མ་ཡིན་ཏེ། དེས་ན་མདོ་ཞེས་བྱ་བའོ། །འདི་སྙམ་པ་དེ་དམིགས ་པར་བྱ་བ་མ་ཡིན་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ལྟར་ནི་རིགས་པར་འགྱུར་བ་མ་ཡིན་ཏེ། རྣམ་པ་གཞན་རིམ་གྱིས་ཕྱོགས་ལས་ཕྱི་རོལ་ཏུ་གྱུར་ན་གཅིག་གི་སྡེ་ཚན་དུ་ངེས་པར་འབབ་ལ་ཅིག་ཅར་ལས་ཕྱི་བྱུང་ན་རིམ་གྱིས་བདག ་ཉིད་ཀྱི་ནང་དུ་འདུས་པ་ཡིན་ཏེ། དེ་དག་ནི་ཕན་ཚུན་སྤངས་ཏ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་མི་དམིགས་པའི་རྣམ་པ་གཞན་ནི་མེད་དེ། །ཅི་སྟེ་རིམ་དང་ཅིག་ཅར་དང་རིམ་དང་ཅིག་ཅར་ཞེས་བྱ་བའི་རྣམ་པ་གསུམ་པོ་དེ་དག་ཀྱང་ཐ་དད་པ ་དང་འདུས་ནས་འབྲས་བུ་བྱེད་པར་གྲུབ་པར་དམིགས་པའི་རང་བཞིན་ཡིན་ནོ་ཞེས་སྨྲའོ། །དེ་བསལ་བར་འདོད་ནས་འདི་ལྟར་ཞེས་བྱ་བ་སྨོས་སོ། །དོན་འདི་ཡིན་ཏེ། རེ་ཞིག་མཐོང་བའི་དངོས་པོ་རྣམས་ཀྱི་འབྲས་བུའི་རིམ་པ་མི་བསླུ་བ་དང་ལྡན་པའི་མངོན ་སུམ་ཀྱིས་དམིགས་ལ། དེ་བཞིན་དུ་ཅིག་ཅར་ཡང་ངོ། །རིམ་པ་ནི་རིམ་དང་ལྡན་པ་དུ་མ་ཡིན་པ་ཅིག་ཅར་ཡང་གཅིག་དང་དུ་མ་ཡིན་ནོ། །གལ་ཏེ་ཡང་རིམ་དད་ཅིག་ཅར་གྱི་བདག་ཉིད་ཀྱི་རྣམ་པ་གཞན་འགའ་ཞིག་སྲིད་བར་འགྱུར་ན། དེ་ལས་རིམ ་དད་ཅིག་ཅར་གྱི་ངོ?་ཐ་དད་པ་ཉིད་མ་འདྲེས་པ་ཉིད་དུ་མཐོང་བར་བྱེད་དོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟ་ཡིན་དང་ཞེས་བྱ་བ་སྨོས་ཏེ། གང་ཞིག་གང་རིམ་པ་དད་གང་ཡང་ཅིག་ཅར་བའི་ཞིག་ལ་དེ་ཉིད་ཅིག་ཤོས་ཀྱི་ངོ་བོ་དང་འདྲེས་པར་དམིགས་པར་ཐལ་བར ་འགྱུར་བ་དང། འབྲས་བུ་སྣ་ཚོགས་བསྐྱེད་བར་ཡང་ཐལ་བར་འགྱུར་རོ། །འབའ་ཞིག་པ་དང་འབའ་ཞིག་པ་མ་ཡིན་པ་དག་དམིགས་པར་ཅིའི་ཕྱིར་ཐལ་བར་འགྱུར། འབའ་ཞིག་པ་དང་འབའ་ཞིག་པ་མ་ཡིན་པ་དག་ནི་རྣམ་པ་ཐ་དད་པར་ཁས་ལེན ་པའི་ཕྱིར་རོ་ཞེ་ན་འདི་ལ་དེའི་རིམ་དང་རིམ་མ་ཡིན་པའི་བདག་ཉིད་ཀྱི་རང་བཞིན་གཉིས་པོ་ཡང་དེ་ལྟར་བདག་ཅག་གིས་མཐོང་ཅི་འདྲ་བར་དེ་ཐ་དད་པ་དེ་འདྲ་བ་ཁོ་ནར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལས་འདིར་འགྱུར ་ཏེ། དེ་ལས་ཐ་དད་བར་འདྲེས་པ་དང་འདྲ་བ་དེ་བཞིན་དུ་འདྲིས་པའི་ངོ་བོ་ཡང་ཐ་དད་པ་དད་འདྲ་བར་འགྱུར་ཏེ། འདྲ་བ་ནི་གཉིས་ལ་གནས་བའི་ཕྱིར་རོ། །དེ་ལྟར་གྱུར་དང་འདྲེས་བའི་རྣམ་པ་ལ་བརྟེན་པ་དེ་དག་ངོ་བོ་ཕན་ཚུན་འདུ་བས་དམིགས་པ་ཉིད ་ཀྱི་ཕྱིར་གང་དང་གང་ན་གནས་པ་དེ་དད་དེར་འདྲིས?་པའི་རང་བཞིན་ཉིད་དུ་འགྱུར་རོ། །དེ་ལྟར་ཡིན་དང་རིམ་དད་ཅིག་ཤོས་ཀྱིས་ངོ་བོ་ལ་ཅིག་ཅར་ཡང་རིམ་གྱིས་ངོ་བོ?་དམིགས་བས་དེ་འདྲ་བའི་དོན་བྱ་བ་བྱེད་པའི་ཕྱིར་རོ་ཞེས་? ་པར་འབྲེལ་ཏོ། །རང་བཞིན་ནམ་ཞེས་བྱ་བ་ཐལ་བ་ལས་ཟློག་བའི་གཞུང་?་གོ་བར་སླའོ། །དེ་ལྟ་ཡིན་ཞེས་བྱ་བ་ནི་ཕན་ཚུན་མ་འདྲེས་བར་དམིགས་པ་ཉིད་ཡིན་ན་དམིགས་པའི་ཚད་མ་སྟོབས་དང་ལྡན་པས་དེ་དག་ཕན་ཚུན་སྤངས་པའི་རང ་བཞི་?་ནའོ། །དེ་ཇི་ལྟར་དེ་དག་ལས་འདྲས་བའི་རྣམ་པ་གཞན་ཐ་མི་དད་པའི་རང་བཞིན་དུ་འགྱུར་བར་འོས། །ངོ་བོ་ཐ་དད་ལ་འདྲེས་ན་འདྲེས་བའི་རྣམ་པ་རང་གི་ངོ་བོའི་ཁྱད་པར་དུ་འགྱུར། །ངོ་བོ་ཕན་ཚུན་ནང་དུ་འདུས་པའི་ཕྱིར་ཐ་དད་པ་མ ་ཡིན་ཏེ། དངོས་པོ་ཐ་དད་པ་ནི་རང་བཞིན་ཐ་དད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཐ་མི་དད་པའི་ཕྱོགས་ལ་རེ་རེ་གཉི་གའི་ངོ་བོར་དམིགས་པར་ཐལ་བར་འགྱུར་ཞེས་བཤད་ཟིན་ཏོ། །རིམ་དང་ཅིག་ཅར་ལས་ཐ་དད་བ་འདྲ་བ་གཉི་གའི་ངོ ་བོ་རྣམ་པ་གཞན་མ་རྟོགས་པ་མ་ཡིན་ནམ། གང་གིས་ན་སྔར་གྱི་སྐྱོན་དང་ལྡན་པར་འགྱུར། དེ་ནི་འདྲ་བ་མ་ཡིན་པའི་ངོ་བོའི་ཐ་དད་པ་ཡིན་ནོ། །དེས་ན་ལན་སྨྲས་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་འདྲ་བ་མ་ཡིན་བའི་ངོ་བོ་ཐ ་དད་པ་དེ་རྣམ་པ་གཞན་ཡིན་པར་འདོད་དོ་ཞེས་ནི་མི་ཟེར་གྱི་འོན་ཀྱང་ད་ནི་རིམ་དང་ཅིག་ཅར་གྱི་བདག་ཉིད་ཡིན་ནོ་ཞེས་སོ། །གཞན་ལ་ཡང་རིགས་པ་དེ་མགོ་བསྒྲ་བར་བཤད་པ་དེ་ལྟར་གྱུར་དང་ཞེས་བྱ་བའོ། མཐོང་བ་ནི་སྔོན་པོ་དང་སྔོན ་པོ་མ་ཡིན་པ་ལ་སོགས་པའོ། །བཏགས་པ་ནི་རྟག་པ་དང་སྐད་ཅིག་མ་ཉིད་ལ་སོགས་པ་སྟེ། ཕན་ཚུན་འགལ་བ་བརྗོད་པར་འདོད་དོ། །དེས་ན་ཞེས་པ་ནི་སྔར་གྱི་གནས་སྐབས་ཉེ་བར་སྡུད་པར་བྱེད་དོ། །དེས་ན་དེ་ལྟར་རིམ་དང་ཅིག་ཅར? ་དག་ཡོད་པའི་?་བར་བྱེད་བ་གྲུབ་ན་བསྒྲུབ་བྱ་ལས་བཟློག་པ་སྐད་ཅིག་མ་མ་ཡིན་པ་ཉིད་ལ་དེ་དག་མེད་པར་བསྟན་པའི་ཕྱིར་སྐད་ཅིག་མ་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །འདི་ལྟར་ཞེས་བྱ་བ་འདིས་ནི་རིམ་པའི་རྣམ་པ་མི་འཐད་པ་སྒྲུབ་པར་བྱེད་དོ། །དེ་ལ་སྙིང ་པོའི་དོན་ནི་འདི་ཡིན་ཏེ། སྐད་ཅིག་མ་མ་ཡིན་པར་སྨྲ་བ་རྣམས་ཀྱི་གནས་སྐབས་ཇི་སྙེད་པ་ནི་མི་གཡོ་བའི་རང་བཞིན་ཡིན་ནོ། །གཡོ་བ་ཉིད་ཡིན་འཇིག་པར་མཁས?་བླངས་པར་ཐལ་བར་འགྱུར་རོ། །དེས་ན་སྐད་ཅིག་གཞན་དུ་འབྱུང་བའི་འབྲས་བུའི་རྣམ་པ་དེ་ཉིད ་འབྱུང་བར་འགྱུར་ཏེ། །ཐམས་ཅད་དུ་རང་བཞིན་གཅིག་པའི་ཕྱིར་དང། རང་བཞིན་གྱིས་ཀྱང་འབྲས་བུ་བྱེད་པའི་ཕྱིར་རོ། །དེས་ན་འབྲས་བུ་བྱེད་བ་ནི་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་བའི་ཕྱིར་རོ། །མཐུག?་སྡུད་པར་བྱེད་བ་ནི་དེ་ལྟ་ཡིན་དང་ཞེས་བྱ ་བའོ། །ལྷན་ཅིག་བྱེད་པ་ཉེ་བའི་རིམ་པ་ལ་བལྟས་ནས་རིམ་གྱིས་བྱེད་བ་ཡང་སྔར་བསལ་ལོ། །ཞེས་བསྟན་པ་ནི་ཐ་དད་བ་དང་ཞེས་བྱ་བའོ། །འདི་སྙམ་དུ་ཞེས་བྱ་བ་ནི་ཅིག་ཅར་གྱི་ཕྱོགས་བསལ་བའི་ཕྱིར་རྗེས་སུ་བརྗོད་བའོ། །དེ་ཡང་ཞེས་བྱ་བ་ལ་སོགས ་པས་སེལ་བར་བྱེད་པ་སྟེ་འདི་ནི་བསལ་ལོ། །ཁྱད་?་བྱེད་པ་མེད་པ་བཤད་ཟིན་ཏོ། །ད་ནི་ཁྱབ་པར་བྱེད་པ་མི་དམིགས་བའི་གཏན་ཚིགས་ཅན་གྱི་ཡོད་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་སྐད་ཅིག་མ་མ་ཡིན་པ་ལས་ལྡོག་པར་བསྟན ་པས་རྣམ་པ་གཞན་མེད་པའི་ཕྱིར་སྣལ་མའི་བསྒྲུབ་བྱ་སྐད་ཅིག་མ་ཉིད་དང་དེའི་བདག་ཉིད་ཀྱི་འབྲེལ་བའི་རྒྱུ་ཅན་གྱི་ཁྱད་པར་བསྒྲུབས་ནས་རབ་ཏུ་བྱེད་པ་སྡད་པར་བྱེད་བཞི་ངེས་ན་རྣམ་གྲངས་འདིས་བྱ་བ་ལེགས་པས་སོ། །གསར་པའི་ཚིག་མེད་དང་པོ་འང ་གསར?་པ་མེད། །འདིར་ནི་ཁ་ཅག་འདོད་བ་མཆོག་ཏུ་རྙིང། །དེ་ལྟན་ཡང་ལྷ་ཡི་?་བས་ཚིགས་གིས། །རབ་ཏུ་དད་བས་དེ་གསུམ་སྣ་ཚོགས་བྱེད། །སློབ་དཔོན་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་སྐད་ཅིག་མ་ངརུབ་པའི་རྣམ་པར་འགྲེལ་བ་རྫོགས་སོ། ་རྒྱ་གར་གྱི་མཁན་པོ་བ་ནི་ཡ་ཀ་དང། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། །།ལྷན་ཅིག་དམིགས་པ་ངེས་པ་ཡེ་ཤེས་?། །རྒྱ་གར་སྐད་དུ། ས་ཧཱ་བ་ལི་བྷ་ན་མ། བོད་སྐད་དུ། ལྷན་ཅིག ་