| Wylie | e-texts based on the ACIP/ALL Input |
གཞན་སེལ་གྱི་རབ་བྱེད་ཆོས་མཆོག་གི་མཇད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་པོ་ཧ་ནཱ་མ་སྲ་ཀ་ར་ཎ། བོད་སྐད་དུ། གཞན་སེལ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ ་ཕྱག་འཚལ་ལོ། །རྟོག་བཅས་བློ་ཡི་གང་གི་རང་བཞིན་གཞན་གྱིས། དབེན་པར་རབ་བསྟན་པ། བློ་མིན་ཕྱི་མིན་དེ་ཉིད་མ་ཡིན་སྒྲོ་བཏགས་གང་ཉིད་བརྗོད་པ་ཡིས། །འགྲོ་ལ་དེ་ཉིད་གསུངས་པ་རྣམ་རྒྱལ་མངའ་པ་མ་ལུས་སྐྱོན ་བྲལ་བ། །གསུང་མཛད་གང་ཡིན་དེ་ལ་མགོས་ཕྱག་འཚལ་ནས་སེལ་བ་དེ་འདིར་བཤད། འདི་ལ་མངོན་པར་འདོད་པའི་འབྲས་བུ་བསྐྱེད་པར་རུང་བའི་དངོས་པོ་རྟོགས་པར་བྱ་བའི་ཕྱིར་བར་རབ་ཏུ་སྦྱར་བའི་སྒྲ་དག་གིས་ཇི་ལྟ་བུའི་དངོས་པོ་རྟོགས ་པར་བྱས་ནས་དེ་དག་ལ་ཐ་སྙད་བྱེད་པ་པོ་དོན་དུ་གཉེར་བ་འཇུག་པར་བྱེད་དོ། །དེའི་ཕྱིར་འདི་དག་ཡུལ་མེད་པ་ནི་མ་ཡིན་ནོ། །གསལ་བ་ནི་ཡོད་ཀྱང་བརྗོད་པར་བྱ་བའི་དངོས་པོ་ཡིན་པ་བཟློག་པ་ཡིན་ནོ། །རྣམ་པ་དངོས་པོར་ཡོད་པ་ཡང་ཐག་བསྲིངས ་སོ། །ད་ཉིད་ཀྱི་ཕྱིར་རྣམ་པ་དང་ལྡན་པའི་གསལ་བ་ཡང་ཡོད་པ་མ་ཡིན་ཞིང་དེའི་འབྲེལ་པ་ཡང་མེད་དོ། །དེ་ལ་འདི་དག་གི་དོན་དུ་འདོད་པ་གང་ཞེ་ན་སྨྲས་པ། རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་གང་ཡིན་པ་དེ་སྒྲའི་དོན་ཡིན་ནོ། །རྣམ་པར་རྟོག་པ ་ལ་སྣང་བ་ཉིད་མཐོང?་བའི་དོན་དུ་སྒྲ་སྦྱོར་ལ། དེ་ལས་ཀྱང་བརྗོད་བར་བྱ་བ་ལ་དམིགས་པའི་རྣམ་པར་རྟོག་པ་སྐྱེ་སྟེ། དེའི་ཕྱིར་འབྲས་བུ་དང་ཉེ་བར་ལེན་པ་གཉིས་ཀྱིས་ཉེ་བར་གཟུང་བ་ནི་སྒྲའི་དོན་ཡིན་ནོ། །དེ་ལ་སྦྱི་ནི་མེད་པ་ཉིད་དོ། །རང་གིས ་མཚན་ཉིད་ནི་ཡོད་ཀྱང་རྣམ་པར་རྟོག་པའི་སྣང་བས་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་མི་བྱེད་པའི་ཕྱིར་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ། །དངོས་པོ་ཐ་དད་པ་ནི་སྣང་བས་རྗེས་སུ་འགྲོ་པ་དང་ལྡོག་པའི་རྗེས་སུ་བྱེད་ན་ཤེས་པའི་ཡུལ་ཡིན་གྱི་གཞན་དུ་ནི ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ནི་དངོས་པོ་ཡུལ་ཅན་མ་ཡིན་ནོ། །དངོས་པོ་མ་ཡིན་པ་ཡང་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་ནི་ཕྱི་རོལ་གྱི་མེ་ལ་སོགས་པ་དངོས་པོ་ངེས་བར་སྐྱེ་བ་དད་འག་དག་བར་ཉམས་སུ་མྱོང་ངོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ ་གྱི་འཛིན་པ་དང་མི་འཛིན་པ་ནི་སྣང་བའི་དབང་གིས་ཡིན་ལ། རྣམ་པར་རྟོག་པ་ནི་ངེས་པའི་དབང་གིས་ཡིན་ནོ། །གང་གི་ཕྱིར་མངོན་སུམ་ནི་རང་གི་མཚན་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པར་སྣང་ནི་ཅུང་ཟད་ཀྱང་ངེས་པ་ནི་མ་ཡིན་ནོ། །དེས་ན་དེའི་སྣང་བའི ་དབང་གིས་འཛིན་པ་དང་མི་འཛིན་པ་ཡིན་ནོ། །རྣམ་པར་རྟོག་པའི?་གཟུང་བའི་རྣམ་བ་ནི་མེ་ལ་སོགས་པ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་བ་མ་ཡིན་གྱི་མེ་ལ་སོགས་པ་ངེས་པ་ཡིན་ནོ། །དེའི་ཕྱིར་འདི་ནི་ངེས་པའི་ད?་ཡང་ཁོ་ནས་འཛིན་པ་དང་མི་འཛིན་པ་ཡིན་གྱི ་གཟུང་བ་སྣང་པའི་སྟོབས་ཀྱིས་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་རྣམས་ཀྱིས་འཛིན་པའི་བྱེད་པ་ནི་ངེས་པ་ཉིད་ཡིན་ལ། རྣམ་པར་རྟོག་པ་རང་གི་མཚན་ཉིད་ངེས་པར་བྱེད་པ་ཡང་དེ་ལྟ་ཡིན་པ་དེ་ལྟ་ན། འོ་ན་ནི་རང་གི་མཚན་ཉིད་ཁོ་ན་རྣམ་པར་རྟོག ་བ་རྣམས་ཀྱིས་ངེས་པར་བྱས་པའི་གཟུང་བ་ཡིན་བ་ངེས་ན། ཅིའི་ཕྱིར་རྣམ་པར་རྟོག་པ་དངོས་པོ་མེད་པར་བརྟགས་པའི་ཡུལ་ཅན་དུ་འགྱུར་ཞེ་ན། འདི་ལ་གང་གིས་སྣང་བས་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པའི་དངོས་པོ་?་དང་པ་དོ་ནི་དེའི་ཡུལ་ཡིན་ནོ་ཞེས ་བཤད་ཟིན་ཏོ། །རྣམ་པར་རྟོག་པའི་རྣམ་པ་ནི་ཕྱི་རོལ་ཡོད་པ་དང་མེད་པའི་རྗེས་སུ་མི་བྱེད་དེ། དེས་ན་ཡུལ་མ་ཡིན་ནོ་།ཅི་སྟེ་འདིད?་ཕ་རོལ་གྱི་བ་སམ་པ་སྣང་བའི་ཕྱིར་རང་གི་མཚན་ཉིད་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་ངེས་པར ་བྱེད་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་རྟོག་པ་རྣམས་ཀྱིས་འཛིན་པར་བྱེད་པ་ཉིད་མངོན་སུམ་ལྟར་གཟུང་བའི་རྣམ་པ་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་ངེས་བར་བྱེད་པ་ཡིན་པ་དེ་བཞིན་དུ་འདིའི་གཟུང་བ་དང་སྣང་བ་ནི་མ་ཡིན་གྱི། འོན་ཀྱང་ངེས་པར་བྱ ་བ་ཡིན་ནོ། །རང་གི་མཚན་ཉིད་ཀྱང་ངེས་པ་ཡིན་ཏེ། ངེས་ན་དེ་གཟུང་བ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ལ། འདིར་བཤད་པ་གང་གིས་ཕྱིར་རང་གི་མཚན་ཉིད་པ་མ་ཡིན་ཡང་དེ་ངེས་པའི་རྣམ་པར་རྟོག་པ་སྐྱེ་སྟེ། དེའི ་ཕྱིར་རྣམ་པར་རྟོག་པ་ནི་རང་གི་མཚན་ཉིད་ངེས་པ་མ་ཡིན་ནོ། །འོ་ན་རང་གི་མཚན་ཉིད་ཡོད་པ་ཡིན་ན་དེ་རྣམ་པར་རྟོག་པས་འཛིན་པར་འགྱུར་རོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་རྣམས་ཀྱིས་ངེས་པའི་དོན་ནི་སྒྲ་དང་འདྲེས ་པ་ཡིན་ལ། སྒྲ་དང་འདྲེས་པ་དེ་ཡང་གང་བརྡའི་དུས་སུ་སྒྲ་དང་འདྲེས་པར་མཐོང་བའོ། །འབྲེལ་པར་མཐོང་བ་ཡང་གང་ཞིག་སྒྲ་བརྗོད་པ་ལས་སྣང་བའི་དོན་དེ་ཉིད་ཡིན་ན་དངོས་པོའི་རང་བཞིན་ནི་སྒྲའི་བྱ་བའི་དུས་ན་མི་སྣང་སྟེ། དེའི་ཕྱིར་དེ་ནི་ཡོད ་པ་ཡིན་ཡང་རྣམ་པར་རྟོག་པས་ངེས་པ་མ་ཡིན་ནོ། །ཞེས་བྱ་བར་གདོན་མི་ཟའོ། གལ་ཏེ་རྣམ་པར་རྟོག་པ་རྣམས་དངོས་པོ་ངེས་པའི་བདག་ཉིད་དུ་ལེགས་པར་རྟོགས་ཀྱང་རང་གི་མཚན་ཉིད་ངེས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཤིན་ཏུ་ངོ་མཚར་ཆེ ་བ་མ་ཡིན་ནམ་ཞེ་ན། འདི་ལ་ངོ་མཚར་ཅུང་ཟད་ཀྱང་མེད་དོ། རྣམ་པར་རྟོག་པ་རྣམས་ནི་སྒྲོ་བཏགས་པའི་རང་བཞིན་རང་གི་མཚན་ཉིད་དུ་མེད་པ་ཉིད་ཞེན་བར་སྐྱེས་པ་ན་དངོས་པོ་ངེས་པ་ཉིད་དུ་སྐྱེས་བ་རྟོགས་པ་ཡིན་གྱི། དེ་དག་དངོས་པོ་ཡོད ་བ་ཉིད་ངེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་དུ་མེད་པ་ཉིད་ཉེ་བར་སྔོན་པའི་རྣམ་པར་རྟོག་པ་ནི་དངོས་པོ་མེད་པ་ངེས་པ་ཡིན་གྱི་དངོས་པོ་ངེས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་མི་འཐད་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་གཟུང་བའི་རྣམ་པ། ་རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་ནམ་དེས་ནི་ཅིའི་ཕྱིར་སྒྲོ་བཏགས་པ་འཛིན་པར་བརྗོད་ཅེ་ན། གཟུང་བའི་རྣམ་པ་ནི་རང་རིག་པའི་ཡུལ་ཡིན་གྱི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །འདི་ལྟར་གང་ཞིག་ངེས་པར་བྱས་པ་དེ་རྣམ་པར་རྟོག་པའི ་ཡུལ་ཡིན་ནོ། །གཟུང་བའི་རྣམ་ག་ནི་དེས་པ་མ་ཡིན་ན་ཇི་ལྟར་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་དེའི་ཕྱིར་རྣམ་པར་རྟོག་པ་སྒྲ་དང་འབྲེས་པའི་དོན་ངེས་པར་བྱེད་ཀྱང་རང་གི་བདག་ཉིད་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །གང་གི་ཕྱིར་བདག་ཉིད་ནི་མ་ངེས ་པ་ཡིན་ལ། མ་ངེས་པ་ཡང་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ། དེ་ལྟར་ཡང་ངེས་པ་རྣམས་ཀྱིས་མ་ངེས་པ་གང་དེ་ནི་ཇི་ལྟར་དེ་དག་ཡུལ་ཞེས་བཤད་དོ། །གལ་ཏེ་རྣམ་པར་རྟོག་པ་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ལྷག་བར་ཞེན་བ་མ་ཡིན ་ནམ། དེའི་ཕྱིར་དེ་ནི་དེའི་ཡུལ་ཡིན་ནོ་ཞེ་ན། ཅི་ལྷག་པར་ཞེན་པ་ཞེས་བྱ་བ་འདི་ཅི་ཡིན། ཅི་འཛིན་པ་ཡིན་ནམ། །འོན་ཏེ་བྱེད་པ་ཡིན་ནམ། དེ་སྟེ་སྦྱོར་བ་ཡིན་ནམ། ཅི་སྟེ་སྒྲོ་འདོགས་པ་ཡིན། དེ་ལ་རྣམ་པར་རྟོག་པ་རང་གི་སྣང ་བ་དོན་མེད་པ་ལ་དོན་དུ་འཛིན་པར་ཇི་ལྟར་འགྱུར་བྱེད་པར་ཡང་ཇི་!ལྟར་འགྱུར་ཏེ། གཞན་ནི་གཞན་གྱི་རང་བཞིན་དུ་བྱ་བར་ནུས་པ་མ་ཡིན་ནོ། །མ་བཟུང་བའི་རང་གི་མཚན་ཉིད་དང་བདག་ཉིད་སྦྱོར་བར་ཡང་ཇི་ལྟར་འགྱུར། སྒྲོ་འདོགས་པ་ཡང ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བ་ཅན་ཡིན་ན། རྣམ་པར་རྟོག་པ་ནི་སྔར་རང་གི་ང་བ་མྱོང་ནས་ཕྱིས་སྒྲོ་འདོགས་པ་ཡང་མ་ཡིན་ཏེ། །དངོས་པོ་སྐད་ཅིག་གཉིས་སུ་སྡོང་པ་ནི་མེད་ན་དེ་ཇི་ལྟར་ཉམས་སུ་མྱོང་བའི་བདག་ཉིད་ཕྱིས་དོན་གཞན་ལ་སྒྲོ་འདོགས ་པར་བྱེད། ཅི་སྟེ་རང་གི་རང་བཞིན་ཉམས་སུ་མྱོང་བ་དང། དོན་དུ་སྒྲོ་འདོགས་པ་དང་དུས་མཉམ་པ་ཡིན་ན་དེ་ལྟར་ན་ནི་འོ་ན་སྣང་བ་ཉམས་སུ་མྱོང་བ་དང་དུས་མཉམ་དུ་སྒྲོ་བཏགས་པ་སྣང་བའི་རང་བཞིན་མ་ཡིན་པས་དངོས་པོ་མེད་བ་རྣམ་པར་རྟོག་པའི ་ཡུལ་ཡིན་ནོ་ཞེས་གནས་པ་དེ་ཡང་འདོད་པོ་ཡིན་ནོ། །འོ་ན་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པ་ཡིན་ནོ་ཞེས་བཤད་བ་འདིའི་དོན་གང་ཡིན་ཞེ་ན། སྒྲོ་བཏགས་པའི་རང་བཞིན་དེ་ལ་གཟུང་བའི་རྣམ་པ་བྱེ་བྲག་ཏུ་མ་གཏོགས་པ་ཞེས ་བྱ་བའི་དོན་འདི་ཡིན་ནོ། །འདི་ལྟར་རྣམ་པར་རྟོག་པ་དེ་ཉིད་ཀྱིས་སྒྲོ་བཏགས་ཀྱི་རང་བཞིན་ཤེས་པའི་བདག་ཉིད་ཀྱིས་རྣམ་པར་ངེས་པ་མ་ཡིན་ལ། རྣམ་པར་རྟོག་པ་གཞན་གྱིས་ཀྱང་མ་ཡིན་ནོ། །འཛིན་བའི་རྣམ་པ ་ནི་སྒྲོ་བཏགས་ཀྱི་དོན་བདག་ཏུ་འཛིན་པའི་གཞི་མ་ཡིན་ཞིང་བདེ་བ་ལ་སོགས་བའི་རང་བཞིན་མ་ཡིན་པ་དེ་ལས་གཞན་དུ་བདག་ཏུ་འཛིན་པའི་གཞི་ཉིད་དང་བདེ་བ་ལ་སོགས་པའི་རང་བཞིན་དུ་དེ་ལ་རིག་པ་ཡིན་ནོ། །དེ་ལ་སྒྲོ་བཏགས་ཀྱི ་རང་བཞིན་ལས་རྣམ་པར་མ་བྱེད་པས་རྣམ་པར་རྟོག་པ་ནི་གཟུང་བའི་རྣམ་པ་དོན་མེད་པ་ལ་དོན་ཏུ་ལྷག་བར་ཞེན་ཏོ་ཞེས་བརྗོད་ཀྱི་རྣམ་པར་རྟོག་པ་བདག་ཉིད་ཀྱི་གཟུང་བའི་རྣམ་པ་ཕྱི་རོལ་གྱི་མེ་ཡིན་པར་ལྷག་པར་ཞེན་ནུས་པ་ནི་མ་ཡིན་ནོ། །དེ ་བཞིན་དུ་གང་ཡང། རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་ལ་འབྲེལ། །སྒྲ་ཡི་ཤེས་ལ་ཐ་དང་ལྟར། །དོན་གྱི་གཟུགས་བརྙན་སྣང་གྱུར་པ། །དེ་ཡང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་རང་བཞིན ་ཅན་ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་ཐམས་ཅད་ཀྱང་རྣམ་པ་དང་སྒྲོ་བཏགས་པ་ཐ་དད་དུ་ལྷག་པར་ཞེན་པ་མེད་པའི་ཕྱིར་གཅིག་ཉིད་ཀྱི་ཐ་སྙད་དུ་ཁས་བླངས་ནས་བཤད་པར་ལྟའོ། །ཡང་ན་ནི་རྣམ་པ་འདི་ལྟ་བུའི་ཕྱོགས་སུ་སྒྲོ་བཏགS ་ཉིད་ལ་གཟུགས་བརྙན་དུ་བརྗོད་པ་ཡིན་གྱི་གཟུང་བའི་རྣམ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་སྒྲོ་བཏགས་པ་ལ་ནི་ཕྱི་རོལ་དུ་ངེས་པར་བྱས་པ་ཡིན་ཕྱིར་ཕྱི་རོལ་འདྲ་བ་ཕྱི་རོལ་གྱི་གཟུགས་བརྙན་ཞེས་བརྗོད་པར་ནུས་པ་ནི་ཡིན་ནོ། །གང་ཞིག ་རྣམ་པར་རྟོག་པ་རྣམས་གྱིས་ངེས་བའི་དོན་དེ་ཡང་གང་ཡིན། ཅི་ཤེས་པའི་བདག་ཉིད་ཡིན་ནམ། འོན་ཏེ་གཞན་ཡིན་ཞེ་ན། ཅུང་ཟད་ཀྱང་མ་ཡིན་ཞེས་སྨྲའོ། །མ་དེས་པ་ནི་ཉམས་སུ་མྱོང་བས་གྲུབ་པ། །ཤེས་པ་ཉིད་ནི་སྲེག་བའི་བསྒྲུབ་བྱ་སྒྲུབ ་པའི་མེ་མ་ཡིན་ཞིང་དེའི་ཚེ་ཕྱི་རོལ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཇི་ལྟར་ངེས་པ་ནི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་ལ། །དེ་ཁོ་ན་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་མ་ངེས་པའི་ཕྱིར་རོ། །ཞེས་གང་བཤད་པ་དང། དེ་བཞིན་དུ། སྒྲ་དོན་འདི་དང་གཞི་མཐུན ་ཉིད། ཡོད་པ་མིན་?་ཇི་ལྟ་བུར། །གྲགས་བ་བཞིན་དུ་བརྗོད་བྱ་སྟེ། །དངོས་ལ་འདི?་ནི་མི་སྲིད་དོ་ཞེས་ཀྱང་བཤད་དོ། །འོ་ན་རྣམ་རྟོག་གི་ཡུལ་གྱི་དོན་ངོ་བོ་མེད་ཀྱང་རང་བཞིན་དང་ལྡན་བ་ལྟ་བུ་ཇི་ལྟར་སྣང་ཞེ་ན། མ་རིག་པའི་བདག་ཉིད་རྣམ་རྟོག ་གི་ཤེས་པ་རྣམས་ཀྱིས་ངོ་བོ་ཉིད་འདི་འདྲ་བ་ཡིན་ཏེ། བདག་ཉིད་རྣམ་པ་དང་ལྡན་བར་ཡོད་པ་ཀུན་ཏུ་སྟོན་པ་ཉིད་གཏན་མེད་པའི་དོན་ཡང་ཉམས་སུ་མྱོང་བ་ཡོད་བའི་དངོས་པོ་དང་འདྲ་བར་ཡོད་པ་ལྟར་ཀུན་ཏུ་སྟོན་པ་གང་ཡིན་བའོ། །ཤེས་པས ་མེད་པ་སྟོན་ཇི་ལྟར་ནུས་དེའི་གསལ་བར་བྱེད་བའི་རང་བཞིན་ཡང་འབྲ་བ་ཞིག་ཅེ་ན། མེད་པའི་དོན་གསལ་བར་བྱེད་པ་ནི་ཉམས་སུ་མྱོང་བས་གྲུབ་བོ། །འདི་ལྟར་གསལ་བའི་རང་བཞིན་དེ་ནི་ཤེས་པ་མ་ཡིན་ཤེས་བྱ་ཡང་མ་ཡིན་ཏེ། དེའི་ཕྱིར ་ཡང་མེད་པ་ཡིན་ནོ་ཞེས་ངེས་པར་ནུས་སོ། །རྣམ་པར་རྟོག་པའི་དེ་གསལ་བར་བྱེད་པ་ཡང་ཉམས་སུ་མྱོང་བས་གྲུབ་བོ། །ཤེས་པ་རྣམས་ཀྱི་གསལ་བར་བྱེད་བ་ནི་ཐུན་མོངས་མ་ཡིན་པ་སྟེ། དེའི་ཕྱིར་ཇི་ལྟར་འདི་གསལ་བར་བྱེད་བ་ཡིན་པ་དེ་བཞིན་དུ ་གཞན་ཡང་ཡིན་ནོ་ཞེས་དཔེ་བསྟན་པར་མི་ནུས་སོ། །རྣམ་པར་རྟོག་པ་བདག་ཉིད་དུ་གྱུར་པ་མ་ཡིན་པ་མེད་པའི་དོན་སྟོན་པ་ནི་ཉམས་སུ་མྱོང་བས་གྲུབ་བོ་ཞེས་དེ་ཙམ་ཞིག་ནི་བརྗོད་པར་ནུས་སོ། །ཉམས་སུ་མྱོང་བ་འདི་ལ་གནོད་པར་བྱེད་བའི་ཚད་མ ་ནི་མེད་དོ། །དེའི་ཕྱིར་མེད་པའི་དེན་གསལ་བར་བྱེད་པ་ཉམས་སུ་མྱོང་བས་གྲུབ་པ་དང་དཔེ་ཡང་མེད་པ་ཡིན་ནོ། །དཔེར་ན་སྔོན་པོའི་སྔོན་པོ་ཉིད་འདྲ་བ་མེད་པར་ཡང་རྩོད་པ་མེད་པར་འཛིན་པ་དེ་བཞིན་དུ་རྣམ་པར་རྟོག་བའི་གསལ་བར་བྱེད་པ་ཡང ་ཡིན་ནོ། །དེའི་ཕྱིར་དོན་དང་རང་?་རང་བཞིན་ཡོད་པ་ཡི་རིག་བྱེད་དུ་ཉམས་སུ་མྱོང་བས་གྲུབ་ལ། ཐུན་ཡོད་མ་ཡིན་པའི་ཕྱིར་གང་ཞིག་གསལ་བྱེད་ཀྱི་དངོས་པོའི་དཔེར་འགྱུར་བ་ཞེས་པ་དང་འདྲ་བར་གསལ ་བྱེད་པའི་དོན་ནི་མེད། །དཔེས་ནི་དགོངས་པ་ཡང་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་ཉམས་སུ་མྱོང་བས་གྲུབ་པའི་རང་བཞིན་ལ་གནོད་པར་བྱེད་པ་མེད་ནི་མི་བསླུབ་ཅན་གྱི་མྱོང་བ་ཚད་མ་ཡིན་ནོ། །དེ་ལ་རིགས་པ་འམ་?་བྱ་བ་ཅི་ཡོད། དེ ་ཉིད་ཀྱིས་ན་མེད་པའི་དོན་གསལ་བར་བྱེད་བའི་ཕྱིར་དང། ཉམས་སུ་མྱོང་པས་གྲུབ་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མ་རིག་པའི་རང་བཞིན་དུ་འདོད་པ་ཡིན་ཏེ། མེད་པའི་དོན་གསལ་བར་བྱེད་བ་ཉིད་མ་རིག་པའི་དེ་ཁོ་ན་ཉིད་ཡིན་པའི ་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་རྣམས་ཀྱིས་ངེས་པར་བྱས་པའི་ཡུལ་གཟུང་པའི་རྣམ་པའི་བདག་ཉིད་མ་ཡིན་པ་དང། རང་གི་མཚན་ཉིད་དུ་མེད་པའི་རང་བཞིན་གྱི་བདག་ཉིད་དུ་བསྒྲུབས་པ་ན་གློའི་གཟུགས་བརྙན་ཉིད་སྒྲའི་བརྗོད་བྱ ་ཡིན་ནོ། །ཞེས་འགའ་ཞིག་རྟོགས་པ་གང་ཡིན་པ་དེ་གསལ་བ་ཡིན་གང་ཞིག་རྣམ་པར་རྟོག་པའི་ཡུལ་ཡིན་པ་དེ་སྒྲའི་ཡུལ་ཡིན་གྱི། རང་རིག་པའི་ཡུལ་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་གང་ཡང་ངེས་པ་དེ་ཡིན་ན་གཟུང་བའི ་རྣམ་པ་ནི་ངེས་པ་མ་ཡིན་ཏེ། ཤེས་བའི་ཆ་ངེས་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དེས་པ་གང་ཡིན་པ་དེ་ནི་ཕྱི་རོལ་ཉིད་དུ་དེས་པ་ཡིན་ཏེ། གཟུང་བའི་རྣམ་པ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་མངོན་སུམ་གྱི་ཡུལ་གཟུང་བའི ་རྣམ་པ་ནི་སྒྲའི་དོན་མ་ཡིན་གྱི། རྣམ་རྟོག་གི་ཡུལ་ངེས་པར་བྱས་པ་མེ་ལ་སོགས་པ་སྒྲོ་བཏགས་པར་སྒྲ་རྣམས་ཀྱི་བརྗོད་བྱའི་དངོས་པོར་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བློའི་གཟུགས་བརྙན་ཡིན། རྟོག་གེ་རིག་པ་རྒྱུ་མཚན ་འགའ་ཞིག་ལས་གཞན་སེལ་བ་སྒྲའི་དོན་དུ་བརྟགས་ནས་རྟོག་པ་མེད་བའི་ཡུལ་ཡང་སྒྲའི་དོན་དུ་ལྷག་པར་ཞེན་པ་ཤེས་པ་དང་ཐ་མི་དད་པའི་ཕྱིར་གཟུགས་བརྙན་རང་གི་མཚན་ཉིད་ཡིན་ཡང་སྒྲའི་བརྗོད་བྱར་ཡོངས་སུ་བརྟགས་པར་ཇི་ལྟར་འགྱུར་ཏེ། ་ཤེས་པ་དང་ཐ་དད་པ་མ་ཡིན་པ་སྒྲའི་བརྗོད་ཕྱིར་ཡོངས་སུ་བརྟགས་པར་ཇི་ལྟར་འགྱུར་རོ། །ཤེས་དང་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འདྲང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་བརྗོད་བྱ་ཡིན་པ་སློབ་དཔོན་ཀྱིས་བཀག་པ་ཡིན་ནོ། །གལ་ཏེ ་རྣམ་པར་རྟོག་པས་སྒྲོ་བཏགས་ཀྱི་རང་བཞིན་ངེས་པར་བྱས་པས་དེ་ཉིད་སྒྲའི་དོན་ཡིན་ན་བསྒྲུབ་བའི་རང་བཞིན་སྒྲའི་དོན་ཡིན་མོད་དེ་དེས་ན་ཡང་མི་ཉིད་ཆུ་མ་ཡིན་པའི་ཕྱིར་གཞན་འདོགས་པ་ནི་གཅིག་སྒྲུབ་བའི་ཤུགས་ཀྱིས་ངེས་པ་ཡིན ་གྱི། གཞན་ལ་ལྡོག་པ་རྟོགས་པར་བྱས་པ་ནི་མ་ཡིན་ནོ། །གཅིག་ངེས་པར་མ་བྱས་པ་ནི་གཞན་ལས་ལྡོག་པ་རྟོགས་པར་མི་འཐད་པའི་ཕྱིར་རོ། །དེས་ན་གལ་ཏེ་སྒྲོ་བཏགས་སྒྲའི་དོན་ཡིན་ན་སྒྲུབ་པའི་ཚུལ་ཉིད་དུ་འགྱུར་གྱི་གཞན་སེལ་བའི་དོན ་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །འདི་ལ་གལ་ཏེ་ཕྱི་རོལ་སྲེག་པའི་དོན་བྱེད་པར་བཟོད་པ་མཐོང་བ་ཅི་འདྲ་བ་དེ་འདྲ་བ་ཁོ་ནར་རྣམ་པར་རྟོག་པས་ཕྱི་རོལ་གྱི་མེ་ཉིད་དུ་སྒྲོ་བཏགས་པ་སྣང་བར་བྱེད་ན་ནི་ཕྱི་རོལ་བཞིན་དུ་ངེས་པར་འགྱུར་གྱིས ་དོན་དམ་མེད་ཅེས་དངོས་པོ་དང་དངོས་པོ་མེད་པའི་རྣམ་རྟོག་གཞན་ཉེ་བ་ལ་མི་བལྟོས་ཤིང་དེ་དག་དང་འབྲེལ་བར་ཡང་མི་འགྱུར་རོ། གང་གི་ཕྱིར་ཕྱི་རོལ་གྱི་མེ་ནི་དངོས་པོ་ཡོད་པ་ལ་མི་བལྟོས་ཏེ། མཐོང་བ་ཉིད་ཀྱི་རང་བཞིན་ནི་ཡོད་པའི་དངོས ་པོའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །དངོས་པོ་མེད་པ་ལ་ཡང་མི་བལྟོས་ཏེ། མཐོང་བ་དང་རང་བཞིན་ནི་མེད་པ་འགལ་བའི་ཕྱིར་རོ། །དེ་བཞིན་དུ་མཐོང་བ་དང་འདྲ་བར་སྒྲོ་བཏགས་པ་ཡང་དངོས་པོ་མི་འཁྲུལ་བ་དང། དངོས་པོ་མེད་པ་དང་འགའ་? ་བའི་ཕྱིར་དེ་དག་ལ་མི་བལྟོས་པ་དང། དེ་དག་དང་གཞི་མཐུན་ཉམས་སུ་མྱོང་བར་མི་འགྱུར་རོ། །ཇི་ལྟར་ཆུ་ཡོད་དོ་ཞེས་ཤེ་ན་ཡོད་པ་ཉིད་དང་མེད་པ་ཉིད་ལ་མི་བལྟོས་པ་དེ་བཞིན་དུ་ཆུ་ཡོད་དོ་ཞེས་རྟོགས ་ན་ཡང་བལྟོས་པ་དང་འབྲེལ་པར་མི་འགྱུར་རོ། །ཤིང་ཞེས་རྟོགས་པ་ལ་ནི་ཅི་ཡོད་དམ་མེད་ཅེས་དངོས་པོ་ཡོད་པ་དང། དངོས་པོ་མེད་པ་བལྟོས་པ་དང། །གཅིག་དང་འབྲེལ་པ་ཡང་ཡོད་པ་ཡིན་ནོ། །དེའི་ཕྱིར་སྒྲུབ་པ་དང་དགག་པ ་ཐུན་མོང་པ་གཉིས་ཀ་དང་འབྲེལ་པར་རུང་བའི་དོན་རྣམ་པར་རྟོག་པས་དེས་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཉམས་སུ་མྱོང་བ་ལས་འོངས་པ་ཡིན་གྱི། ཕྱི་རོལ་གྱི་དངོས་པོ་ཐུན་མོང་མ་ཡིན་པ་བསྒྲུབ་པའི་རང་བཞིན་ནི་དོན་མ་ཡིན་ནོ། །དེའི་ཕྱིར ་གཉིས་ཀའི་ཐུན་མོང་པའི་ཕྱི་རོལ་དང་ཆོས་མི་མཐུན་པ་རྣམ་པར་རྟོག་པས་སྒྲོ་བཏགས་པ་འདི་ནི་སྒྲུབ་པའི་ཚུལ་དུ་སྒྲོ་བཏགས་པར་མ་མཐོང། །གང་གི་ཕྱིར་ཕྱི་རོལ་དང་འདྲ་བར་སྣང་བ་སྒྲུབ་པའི་རང་བཞིན་གྱི་སྒྲོ་བཏགས་པ་ནི་མ་ཡིན་ ་ནོ། །དེའི་ཕྱིར་མཐོང་བའི་ཤིང་ལ་སོགས་པ་ལ་ཤིང་མ་ཡིན་མེད་པ། མེད་བར་དགག་བའི་རང་བཞིན་ཤིང་གི་ཡོད་པ་ཉིད་སྒྲུབ་བའི་རང་བཞིན་ཀྱང་ཡོད་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པས་ནི་བསྒྲུབ་པའི་རང་བཞིན་ལ་རེག་པ་འམ་སྒྲུབ་པ་དང ་འདྲ་བར་སྒྲོ་བཏོགས་ནི་མི་ནུས་ཀྱི། འོན་ཀྱང་ཤིང་མ་ཡིན་མེད་པས་ཁྱད་པར་དུ་གྱུར་ཤིང་མ་ཡིན་མེད་པའི་མཐར་ཐུག་བའི་ཤིང་སྒྲོ་འདོགས་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ཕྱི་རོལ་དང་མི་མཐུན་པ་སྒྲོ་འདོགས ་པར་བྱེད་ཀྱང་ཕྱི་རོལ་ལྟ་བུར་ཀུན་ཏུ་སྟོན་པ་ཡིན་ནོ། །དངོས་བོ་དང་དངོས་བོ་མེད་པ་ཐུན་མོང་བའི་ཤིང་ནི་ཕྱི་རོལ་ན་མེད་ན་རྣམ་བར་རྟོག་པ་ནི་གཉིས་ཀའི་ཐུན་མོང་པ་ཀུན་ཏུ་སྟོན་པར་བྱེད་དོ། །དེས་ན་ཕྱི་རོལ་དང་ཆོས་མི་མཐུན་པར་ངེས་པ་ཡིན་ནོ། །གཅིག ་ལ་ནི་གཅིག་མེད་པའི་དངོས་པོ་ནི་ཕྱི་རོལ་ན་ཡོད་པ་དེའི་ཁྱད་པར་ཅན་དུ་ཡང་སྒྲོ་བཏགས་པ་ཡིན་ཏེ། དེའི་ཕྱིར་སྒྲོ་བཏགས་པའི་ཕྱི་རོལ་སྟོན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ནི་མཐོང་བའི་མེ་རྣམ་པར་རྟོག་པར་མི་བྱེད་དོ་ཞེས་མཐོང་བ་དང་བརྟགས་པ་བྱེ ་བྲག་ཕྱེད་བར་རྟོགས་ཀྱང་མཐོང་བ་དང་བརྟགས་པའི་དོན་དག་གཅིག་ཏུ་བྱེད་པ་ཉིད་དོ། །གང་གི་ཕྱིར་གཅིག་ཏུ་བྱས་པའི་ཕྱིར་རྣམ་པར་རྟོག་པ་མེད་བའི་ཡུལ་མཐོང་བའི་མེ་ངེས་པ་ཡིན་ནོ། །གང་གི་ཕྱིར་སྒྲོ་བཏགས་པ་ལ་མཐོང་བའི་མེའི་རང་བཞིན་དུ ་ཞེན་ན་ཡང་རྣམ་པར་མི་རྟག་གོ་།ཞེས་རྣམ་པར་རྟོག་པས་སྣང་བའི་མེའི་རང་བཞིན་ཡུལ་དུ་ཞེན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་ཤིང་མ་ཡིན་མེད་མའི་མཐར་ཐུག་པའི་རང་བཞིན་ལྟག་བར་ངེས་པ་ལས་ཕྱི་རོལ་དང་ཕྱི་ཆོས་མི་མཐུན་པར ་པར་ངེས་ཀྱང་ཕྱི་རོལ་ངེས་པ་ཡིན་ནོ། །ཡང་གང་དག་སྒྲ་ནི་སོ་སོར་ངེས་པའི་དངོས་པོའི་ཆ་ལ་འཇུག་པ་ཡིན་ལ་རྣམ་རྟོག་ཀྱང་དེ་བཞིན་ནོ་ཟེར་བ་དེ་དག་ལ་འདི་སྐད་ཅིག་དྲི་བར་བྱ་སྟེ། ཅི་འདྲ་བ་མཐོང་བ་དེ་འདྲ་བ་ཉིད་འཛིན་ན་ནི་ཆའི་དབྱེ་བ་ཅུང་ཟད་ཀྱང་མ ་བཟུང་ལ། །གཞན་འདྲ་བར་རྟོག་ན་ནི་སྒྲོ་བཏགས་པ་དངོས་པོ་ངེས་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་གཅིག་ལས་ལྡོག་པའི་མཐར་ཐུག་པའི་ཕྱི་རོལ་དུ་མ་མཐོང་བ་དེ་ལྟར་ཡང་ཤིང་མ་ཡིན་མེད་པ་དེ་སྲིད་དུ་ཕྱི་རོལ་གྲུབ་པོ། །དེའི་མཐར་ཐུག་བའི ་རང་བཞིན་བཟུང་ན་ནི་ཕྱི་རོལ་གྱི་རང་བཞིན་ངེས་པར་འགྱུར་ཏེ། སྒྲོ་བཏགས་པའི་དོན་ནི་ཕྱི་རོལ་གྱི་ཤིང་མ་ཡིན་མེད་པའི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་གྱི་ཤིང་མ་བཟུང་ན་དེའི་མཐར་ཐུག་པའི་ཤིང་མ་ཡིན་པ་མེད་པ་ཡང ་གཟུང་བར་མི་འགྱུར་རམ་ཞེ་ན། བདེན་ན་འོན་ཀྱང་སྒྲོ་བཏགས་ཀྱི་ཤིང་ཤིང་གི་བདག་ཉིད་མ་ཡིན་ཀྱང་ཤིང་མ་ཡིན་མེད་པའི་མཐར་ཐུག་པ་སྒྲོ་འདོགས་པར་བྱེད་དོ། །དེའི་ཕྱིར་སྒྲོ་བཏགས་ཀྱི་ཤིང་མ་ཡིན་མེད་པ་ངེས་པར་རྟོག་པ་ངེས་པར་བྱ་བའི ་ཕྱི་རོལ་ངེས་པར་བྱེད་པ་ཡིན་ནོ། །ཤིང་མ་ཡིན་མེད་བའི་ཁྱད་པར་ཅན་སྒྲོ་བཏགས་པ་ལ་འདི་ཤིང་ངོ་ཞེས་ཕྱི་རོལ་ཉིད་དུ་ངེས་པ་ཉིད་ཕྱི་རོལ་གྱི་དོན་ངེས་པ་ཡིན་གྱི་དངོས་སུ་ཕྱི་རོལ་གྱི་ཤིང་མ་ཡིན་མེད་པ་རྟོགས་པ ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་མ་བཟུང་ནང་ངེས་པར་གཞན་གྱིས་སྟོང་པར་མི་རྟོགས་པའི་ཕྱིར། །དེ་བཞིན་དུ་སྒྲ་ནི་རྟགས་བ་མ་ཡིན་ནོ་ཞེས་འགོག་བའི་ཚེན་རྟག་པ་ཉིད་སྒྲ་དང་གཞི་མཐུན་པར་རྟོགས་ལ། གཞི་མཐུན་པ་ཡང་གཅིག་ལ ་བརྗོད་དོ། །དངོས་པོ་གང་ཞིག་གང་དང་ལྷན་ཅིག་མཐོང་བ་དེ་མ་བཟློག་པར་ནི་ཅིག་ཤེས་བཟློག་པར་མི་ནུས་ན། སྒྲ་གནས་ཀྱང་གཞི་མཐུན་པའི་རྟག་པ་ཉིད་འགོག་སྟེ། དེའི་ཕྱིར་ཕྱི་རོལ་དང་མི་འདྲ་བ་ངེས་པ་ཡིན་ལ། དེས་ན་དངོས་པོ་དང ་དངོས་པོ་མེད་པ་དང་འབྲེལ་བར་རུང་བརྟོགས་པ་ཡིན་པའི་ཕྱིར་རོ། །གཞི་མཐུན་པའི་ཆོས་གཞན་བཀབ་ཀྱང་མ་བཀག་བའི་ཕྱིར་གཞན་ལས་ལྡོག་པའི་མཐར་ཐུག་པའི་རང་བཞིན་ཁོ་ན་རྣམ་པར་རྟོག་པས་ངེས་པར་བྱེད་དོ། །གལ་ཏེ་དགག ་པའི་ཤེས་པ་ཕྱི་རོལ་ལ་ནི་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་རོ། །བློ་དང་གཟུང་བའི་རྣམ་པ་ལ་ཡང་མ་ཡིན་ཏེ། དེ་གཉིས་ན་ཉམས་སུ་མྱོང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སྒྲོ་བཏགས་པ་ལ་ཡང་མ་ཡིན་ཏེ། དེ་ཡང་དེའི་ཚེ་སྒྲོ་བཏགས་ཀྱི ་རང་བཞིན་དུ་གཟུང་བ་དགག་བར་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་པའི་ཤེས་པ་ཡང་ཕྱི་རོལ་ལ་ནི་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ། །བློ་ལ་སོགས་པ་རྣམས་ཀྱང་ཡོད་པ་ལ་འཁྲུལ་པ་མེད་པའི་ཕྱིར་འདི་དག་པ་མི་རིགས་མ་ཡིན་ནམ་ཞེན་ ་བདེན་ཏེ། ཕྱི་རོལ་དང་བློ་དང་རྣམ་པ་དང་སྒྲོ་བཏགས་ལ་ཡང་དགག་པ་དང་སྒྲུབ་བར་རྟོག་པ་མ་ཡིན་ནོ། །སྒྲུབ་བ་དང་དགག་པ་དག་ནི་སྒྲོ་བཏགས་གང་ཞིག་ཕྱི་རོལ་ཉིད་དུ་ངེས་པར་བྱས་པ་དེ་དང་འབྲེལ་བ་ཡིན་ཏེ། དཔེར་ན་སྤྲུལ་སྒྲུབ་པ་དང ་དགག་པའི་ཤེས་པ་ཐག་པའི་རྫས་ནི་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ། །སྦྲུལ་གྱི་བློ་དང་གཟུང་བའི་རྣམ་པ་དང། སྒྲོ་བཏགས་ཀྱི་སྤྲུལ་ལ་ཡང་མ་ཡིན་ཏེ། དེ་དག་ནི་རང་གི་རང་བཞིན་དུ་ཡོད་པ་ལ་མི་འཁྲུལ་པའི་ཕྱིར་རོ། །འོན་ཀྱང་སྒྲོ ་བཏགས་ཀྱི་སྤྲུལ་གང་ཞིག་ཕྱི་རོལ་གྱི་སྦྲུལ་ཉིད་དུ་ངེས་པར་བྱས་པ་དེ་ནི་སྒྲུབ་པ་དང་དགག་པར་ངེས་པ་བཞིན་ནོ། །གང་ཞིག་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་དུ་ཞེན་པས་ངེས་པར་འཛིན་པ་དེ་ནི་གཅིག་ལས་ལྡོག་པ་ངེས་པ་ལྷུར་བྱེད་པ་ཡིན་ཏེ། ་དཔེར་ན་བུམ་པ་མ་ཡིན་པར་ཤེས་པས་བུམ་པ་མ་ཡིན་པར་ངེས་པར་འཛིན་པ་ན་ཡོད་དམ་མེད་ཅེས་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་དུ་ངེས་པར་འཛིན་པར་བྱེད་པ་བཞིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱིས་ཀྱང་དངོས་པོ་དང་དངོས་པོ་མེད་པ ་དག་གི་རང་བཞིན་ཐུན་མོང་དུ་ངེས་པར་འཛིན་པར་བྱེད་དོ། །གཏན་ཚིགས་འདི་མ་གྲུབ་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་གཉིས་ཀའི་ཐུན་མོང་གི་རང་བཞིན་དུ་དམིགས་པར་ཉམས་སུ་མྱོང་བས་གྲུབ་བའི་ཕྱིར་རོ། །སྔར་བཤད་པའི་ཚུལ་གྱིས་ཐུན་མོང ་དུ་འཛིན་པའི་རྒྱུ་མཚན་ནི་གཅིག་ལ་ལྡོག་པ་ལྷུང་ངེས་པ་ཉིད་ཡིན་ཏེ། དེ་ནི་རྒྱུ་མཚན་མེད་བ་མ་ཡིན་ལ། རྒྱུ་མཚན་གཞན་ཡང་མ་དམིགས་པའི་ཕྱིར་རོ། །དེ་ལ་མི་མཐུན་པའི་ཕྱོགས་ལ་འཇུག་ན་ཁྱད་པར་བྱེད་པ་རྒྱུ་མཚན་དང་ལྡན་པ་ཉིད ་མེད་པར་འགྱུར་བའི་ཕྱིར་ཁྱབ་བར་བྱེད་བ་མི་དམིགས་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན། ཐུན་མོང་དུ་འཛིན་པ་ལྡོག་པ་གཅིག་གི་མཐར་ཐུག་བ་ལ་གནས་པའི་ཕྱིར་ཁྱབ་པ་གྲུབ་བོ། །གཞན་ཡང་མི་བདེན་པའི་རང་བཞན་སྟོན ་པའི་རྣམ་པར་རྟོག་པ་ཕྱི་རོལ་འདྲ་བ་ཀུན་ཏུ་སྟོན་པར་ཇི་ལྟར་འགྱུར་ཏེ། དེ་གཉིས་ནི་ཤིན་ཏུ་ཆོས་མི་མཐུན་པའི་ཕྱིར་རོ། །དེའི་ཕྱིར་དེའི་རང་བཞིན་གཞན་ལས་ལྡོག་པར་ཞེན་པར་ནམ་པར་རྟོག་པ་ཕྱི་རོལ་འདྲ་བར་ཀུན་ཏུ་སྟོན་པར་འགྱུར་བ་ཡིན་ནོ ་གང་ཞིག་ཤིན་ཏུ་མི་འདྲ་བ་དེའི་རང་བཞིན་དུ་འཛིན་པ་དེ་ནི་གཞན་ལས་བཟློག་པས་བྱས་པའི་འདྲ་བར་འཛིན་པ་ལྷུར་ལེན་པ་ཡིན་ཏེ། དཔེར་ན་སྣམ་བུ་བུམ་པ་དང་ཤིན་ཏུ་མི་འདྲ་ཡང་ཤིང་མ་ཡིན་པར ་ཁྱད་ཅན་དུ་ངེས་པར་རྟོག་པ་ན་འདི་ཡང་ཤིང་མ་ཡིན་ན་འདི་ཡང་ཤིང་མ་ཡིན་ཞེས་ཡིན་ན་བུམ་པ་དང་འདྲ་བར་ངེས་པར་རྟོགས་པ་བཞིན་ནོ། །དེ་བཞིན་དུ་རྣམ་པར་རྟོག་པའི་དོན་ཕྱི་རོལ་པ་ཤིན་ཏུ་མི་མཐུན་ཡང་ཕྱི་རོལ་ཏུ་ངེས་པར་རྟོགས ་པ་ཡིན་ནོ། །རྣམ་པར་རྟོག་པས་ཕྱི་རོལ་ངེས་པར་བྱེད་པ་ཡང་ཉམས་སུ་མྱོང་བས་གྲུབ་བོ། །དངོས་པོ་མེད་པ་ལ་ཕྱི་རོལ་ཏུ་འཛིན་པ་ནི་རྒྱུ་མཚན་མེད་པ་མ་ཡིན་ཏེ། རྒྱུ་མཚན་གཞན་ཡང་མེད་དེ། །ཇི་སྐད་བཤད་པར་བཞིན་ནོ། །དེའི ་ཕྱིར་གཞན་ལས་ལྡོག་པ་མི་འཛིན་ན་ཁྱབ་པར་བྱེད་པ་རྒྱུ་མཚན་དང་ལྡན་པ་མེད་པའི་ཕྱིར་ཕྱི་རོལ་ཏུ་འཛིན་པ་ཉིད་ལྡོག་པ་ན་གཞན་ལས་ལྡོག་པས་བྱས་པས་ཕྱི་རོལ་ཉིད་དུ་འཛིན་པ་གནས་པའི་ཕྱིར་ཁྱབ་པ་གྲུབ་བོ། །གཞན་ཡང་སྒྲུབ ་པའི་ཚུལ་གྱིས་རྣམ་པར་བཏགས་པ་དོན་ཡིན་ནོ་ཞེས་སྨྲ་བས་ནི་རྣམ་པར་རྟོག་པ་གཞན་ལས་ལྡོག་པ་ཤུགས་ཀྱི་ངེས་པར་བྱེད་པ་ཡིན་ནོ་ཞེས་གསལ་བར་སྨྲས་པར་གྱུར་ན་དེ་ནི་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་གཅིག་པ་བསྒྲུབས ་པར་རྟགས་པའི་དུས་སུ་དེ་ཅིག་ཤོས་ལས་ལྡོག་པར་མི་རྟོགས་ན་བསྒྲུབ་པའི་ཚུལ་རྣམ་པར་རྟོག་པའི་དོན་དེ་ཉིད་ངེས་པར་རྣམ་པར་བརྟག་མི་ནུས་ཏེ། ཅིག་ཤོས་ཀྱི་རང་བཞིན་ལ་ཐེ་ཚོམ་ཟ་ན་དེར་རྣམ་པར་བརྟག་པར་བྱ་བ་ལ་ཡང་ཐེ་ཚོམ་ཟ ་བར་འགྱུར་བའི་ཕྱིར་རོ། །བྱི་ནས་ལྡོག་པར་བྱ་བ་ལ་དེར་ཐེ་ཚོམ་མི་ཟའོ། །ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེའི་ཕྱིར་ཅིག་ཤོས་ཀྱི་རང་བཞིན་གྱིས་སྟོང་བ་ཉིད་དུ་རྟོགས་པའི་རྣམ་པར་རྟོགས་པ་ནི་ངེས་པའི་དོན་རྟོགས་པར་བྱེད་བ་ཡིན་ནོ། ། ་གང་ཞིག་ངེས་པའི་རང་བཞིན་ངེས་པར་རྟོགས་པར་བྱེད་པ་དེ་ནི་གཞན་ལས་ལྡོག་པའི་ཡུལ་ཅན་ཡིན་ཏེ། དཔེར་ན་འདི་ནི་བུམ་པ་ཁོ་ནའོ་ཞེས་ངེས་པ་ཉིད་ཀྱི་བུམ་པ་ངེས་པར་རྟོག་པའི་ངེས་པར་རྟོག་པ་བཞིན་ནོ། །དེ་བཞིན་དུ་རྣམ་པར ་ཏོག་པ་ཐམས་ཅད་ཀྱང་ངེས་པ་ཉིད་དུ་འཛིན་པར་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །འདིར་ཡང་སྔར་བཤད་པའི་རྣམ་པས་ངེས་པར་འཛིན་པ་རྒྱུ་མཚན་མེད་པ་མ་ཡིན་ལ། རྒྱུ་མཚན་གཞན་ཡང་མི་འཐད་པའི་ཁྱབ་པར་བྱེད་བརྒྱ ་མཚན་དང་ལྡན་པ་ཉིད་མེད་པའི་ཕྱིར་ངེས་པར་འཛིན་པ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་དང་ལྡན་པ་འཛིན་པ་ཉིད་ལ་གནས་པས་ན་ཁྱབ་པ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་ཉིད་ཐུན་མོང་དུ་འཛིན་པ་དང་ཕྱི་རོལ་ཏུ་འཛིན ་པ་དང། ངེས་པར་འཛིན་པ་དེ་ཉིད་ནི་ལྡོག་པ་འཛིན་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་ཁྱབ་པར་བྱེད་པ་ཡིན་པར་བལྟའོ། །གལ་ཏེ་དངོས་པོ་གཞན་ལས་ལྡོག་པར་སྒྲོ་བཏགས་པ་ཡིན་ན། ལྡོག་པ་གང་ཡིན་པ་དེ་དང། ལྡོག ་མཚམས་གང་ཡིན་པ་དེ་དང། རྒྱུ་མཚན་གང་གིས་ལྡོག་པ་དེ་གསུམ་ཀ་ཡང་རྣམ་པར་རྟོག་པས་རྟོགས་པར་བྱ་བར་འགྱུར་ཏེ། དཔེར་ན་ལྷས་བྱིན་མཆོད་སྦྱིན་ལས་ལྡོག་པར་འཛིན་པ་ན་གསུམ་ཀ་ཡང་འཛིན་པ་བཞིན་ནོ། །དངོས་པོ ་མེད་པའི་ཕྱིར་ཇི་སྐད་བཤད་པ་གསུམ་ནི་རྣམ་པར་རྟོག་པས་འཛིན་པས་མི་འཐད་ཅིང་ཉམས་སུ་མྱོང་བ་འཛིན་པ་མི་འཐད་ཅིང་ཉམས་སུ་མྱོང་བ་ཡང་མ་ཡིན་ནོ། །ཉམས་སུ་མྱོང་བའི་རང་གཞིན་མ་ཡིན་པའི་རང་རིག་པའི་རྣམ་པར་རྟོག་པ་ཡིན་པར ་ཡང་རྟག་པར་མི་ཐོད་ངོ། །དེའི་ཕྱིར་གཞན་སེལ་བའི་རང་བཞིན་དུ་སྒྲོ་བཏགས་པ་ཞེས་བྱ་བར་ཇི་ལྟར་འགྱུར་ཞེ་ན། རྣམ་པར་རྟོགས་ནི་མ་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རང་གི་མཚན་ཉིད་འཛིན་པར་ནི་མི་ནུས་སོ། །ཅི ་ཞིག་ལྟར་དོན་བྱེད་པ་ནི་གང་གི་ཕྱིར་ཡོད་པ་དང་མེད་པ་དང་འབྲེལ་པར་རུང་བ་དང་ཕྱི་རོལ་ཉིད་དང་ངེས་པ་ལྟ་བུར་སྒྲོ་འདོགས་པ་དེའི་ཕྱིར་གཞན་ལས་ལྡོག་པའི་མཐར་ཐུག་པ་ཉིད་དུ་སྒྲོ་འདོགས་པ་ཡིན་ནོ། ་འདི་ལྟར་ལྡོག་པ་གཙོར་གྱུར་པའི་དོན་སྒྲོ་བཏགས་ན་ཤིང་མ་ཡིན་པ་ལས་ལྡོག་པར་གཟུང་བའི་ཤིང་གི་དེ་ཉིད་ཡོད་པ་དང་མེད་པ་ལས་ལྡོག་པར་ངེས་པའི་ཕྱིར་ཡོད་པ་དང་མེད་པ་ལས་ལྟོས་པར་རིག་པ་ཡིན་ནོ། །དེ་བཞིན་དུ་ཅིག ་ཤོས་ལྡོག་པའི་མཐར་ཐུག་པ་ཉིད་རྟོགས་ན་ངེས་པར་འཛིན་པ་ཡིན་ལ་དེ་བཞིན་དུ་གཞན་ལས་ལྡོག་པ་རྟོགས་པར་འགྱུར་ན། ཕྱི་རོལ་དང་ཤིན་ཏུ་མི་འདྲ་བ་དེ་ཡང་ཕྱི་རོལ་ཉིད་དུ་འཛིན་པར་འཐད་པ་ཡིན་ནོ། །དེའི་ཕྱིར་གཞན་ལས ་ལྡོག་པའི་རང་བཞིན་ཉིད་སྒྲོ་འདོགས་པ་ཡིན་ན་ཡོད་པ་དང་མེད་པ་དང་འབྲེལ་བར་རུང་བ་དང་ངེས་པར་འཛིན་པ་དང་དོན་བྱེད་བར་བཟོད་པའི་རང་བཞིན་ཕྱི་རོལ་ལྟ་བུར་ཞེན་པ་ཡིན་ནོ་ཞེས་ངེས་པར་བྱའོ། །གལ་ཏེ་བདག་གིས་གཞན་ལས ་ལྡོག་པ་རྟོགས་སོ། །ཞེས་རྟོགས་པར་བྱེད་པ་ལ་ཞེན་པ་མེད་པ་མ་ཡིན་ནམ་ཞེ་ན། དཔེར་ན་སྤྱི་དང་ལྡན་པའི་དོན་མཐོང་ངོ་ཞེས་གསལ་བ་དང་སྤྱི་དང་ཁྱད་པར་ཅན་གྱི་དངོས་པོར་ཉམས་སུ་མྱོང་བའི་རྟོག་པ་མེད་མོད་ཀྱི། འོན་ཀྱང ་ཁྱད་པར་ཅན་གྱི་རྟོགས་པའི་དབང་གིས་སྤྱིའི་ཁྱད་པར་ཅན་གྱི་གསལ་བ་མཐོང་བར་ཕ་རོལ་གྱི་བཏགས་པ་དེ་བཞིན་དུ་ཡོད་པ་དང། མེད་པ་དང་འབྲེལ་པར་རུང་བ་དང་ངེས་པར་འཛིན་པ་དང། ཕྱི་རོལ་དང་འདྲ་བར་སྒྲོ་འདོགས་པ ་གཞན་དུ་མི་འཐད་པའི་ཕྱིར། གཞན་ལས་ལྡོག་པར་སྒྲོ་བཏགས་སོ་ཞེས་བརྗོད་ཀྱི་རྣམ་པར་རྟོག་པ་བདག་ཉིད་ལྡོག་པ་དང་ལྡན་པ་རྟོགས་པ་ཡིན་ནོ་ཞེས་ངེས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ལྡོག་པ་དང་ལྡན་པའི་ཞེས་རྣམ ་པར་རྟོག་པ་ན་ངེས་པར་གསུམ་ཆར་བརྟག་པར་འགྱུར་བ་ལྡོག་པ་དང་ལྡོག་མཚམས་དང་ལྡོག་པའི་རྒྱུ་མཚན་རྣམས་ཐ་དད་དུ་བརྟག་པར་བྱ་བ་ནི་མ་ཡིན་ནོ། །འདིར་ནི་གཞན་དང་མ་འདྲེས་པའི་རང་བཞིན་གྱིས་དོན་བྱེད་པ་རྣམ་པར་རྟོག་པར ་བྱེད་པ་ཉིད་ཤུགས་ཀྱི་གཞན་ལས་ལྡོག་པར་རྟོགས་པར་བྱེད་པ་ཉིད་ཤུགས་ཀྱིས་ལྡོག་པར་རྟོགས་པར་བྱེད་པ་ཡིན་ནོ། །ཞེས་བརྗོད་པའི་ཕྱིར་གསུམ་དུ་རྟོགས་པར་ཐལ་བ་མེད་དོ། །གལ་ཏེ་དངོས་པོ་དོན་གཅིག་བྱེད་པས་གཞན་དེ་མི་བྱེད་པ་དག་ལས ་ལྡོག་པར་བརྟག་པར་བྱ་བ་ཡིན་ན། གང་གི་ཚེ་འབྲས་བུ་མཐོང་བར་འགྱུར་བ་དེའི་ཚེ་ནི་དེ་བྱེད་པར་གཟུང་བར་འགྱུར་ན། སྔར་མ་མཐོང་བའི་དངོས་པོ་ལ་གོ་མཐོང་བའི་དེ་མ་ཐག་པའི་ཞེན་པས་མཐོང་བའི་རང་བཞིན་དངོས་པོ་གཞན་ལས་ལྡོག ་པར་འཛིན་པ་ཅི་འདྲ་བ་ཞིག་ཡིན་གང་གི་ཕྱིར་འབྲས་བུའི་ཁྱད་པར་བྱེད་པས་ན་རྣམ་པར་རྟོག་པས་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པའི་རང་བཞིན་དུ་གསལ་བར་བྱེད་པ་ཡིན་ན། དེའི་ཚེ་ནི་འབྲས་བུ་འགའ་ཞིག་ཀྱང་མཐོང་བ་མེད་པ་ཡིན? ་ཞེ་ན། ཇི་ལྟར་མཐོང་བ་མེད་པ་ཡིན། གང་གི་ཚེ་རྟོགས་པ་པོ་སྣང་བའི་འབྲས་བུ་མཐོང་བ་ཉིད་ཉམས་སུ་མྱོང་ནས་སྣང་བ་ལ་མཐོང་བ་དེ་བྱེད་པར་ངེས་པ་ཡིན་པ་དེའི་ཕྱིར་སྣང་བ་མཐོང་བ་དེ་བྱེད་པ་མ་ཡིན་པ་དག་ལས་ལྡོག་པར་རྣམ་པར་རྟོག་པས་ངེས་པ ་ཡིན་ནོ། གལ་ཏེ་དངོས་པོ་བཞིན་དུ་མཐོང་བ་ཡང་ཐ་དད་བ་མ་ཡིན་ནམ། དེའི་ཕྱིར་དངོས་པོ་མཐོང་བ་དེ་བྱེད་པས་དེའི་འབྲས་བུ་ཅན་མ་ཡིན་བདག་ལས་ལྡོག་པར་ངེས་པ་ན་མཐོང་བ་ཐ་དད་བའི་ཕྱིར་འགའ་ཞིག་ཀྱང་འགའ་ཞིག་དང་ཡང ་མཚུངས་པར་རྟོགས་པར་མི་འགྱུར་བ་ཞིག་ན། ཤིང་ལ་སོགས་པ་རྣམས་ཀྱི་རང་བཞིན་མཚུངས་པ་ཅུང་ཞིག་རྣམས་རྣམ་པར་རྟོག་པས་རྟོགས་པ་ནི་ཡིན་ནོ། །བདེན་ཏེ། །བྱེ་བྲག་རྣམས་སོ་སོར་ཐ་དད་པ་ལ་མཐོང་བ་ཐ་དད་པ་ཡིན་ནོ། །མཐོང་བའི་དེ ་མ་ཐག་ཏུ་བྱུང་བའི་དེས་པས་བྱེད་པས་ནི་ཐ་དད་པ་མེད་པར་ཞེན་པར་བྱེད་དོ། །དེའི་ཕྱིར་མཐོང་བ་གཅིག་བྱེད་བའི་གསལ་བ་རྣམས་འབྲས་བུ་དེ་མི་བྱེད་བ་དག་ལས་ལྡོག་པ་རང་བཞིན་མཚུངས་པར་རྟོགས་བར་བྱེད་དོ། ། ་གལ་ཏེ་རྣམ་པར་རྟོག་པ་ཇི་ལྟར་གསལ་བ་ཐ་དད་པ་གཅིག་བྱེད་བར་ངེས་པར་གཟུང་ནས་དེ་མི་བྱེད་པ་དག་ལས་ལྡོག་པས་ཐ་མི་དད་པར་ངེས་པར་བྱེད་པ་དེ་བཞིན་དུ་མཐོང་བ་རྣམས་ཀྱང་འབྲས་བུ་གཅིག་པ་ཉིད་ཀྱིས་དེའི་འབྲས་བུ་ཅན་ཡིན ་པ་དག་ལས་ལྡོག་པ་ངེས་པར་བཟུང་བ་ན་ཐ་དད་པ་མེད་ངེས་པར་འགྱུར་དགོས་ན། ཇི་ལྟར་གསལ་བ་རྣམས་འབྲས་བུ་ཐ་མི་དད་བ་དེ་བཞིན་དུ་མཐོང་བ་རྣམས་ལ་འབྲས་བུ་ཐ་མི་དད་པ་ཅུང་ཟད་ཅིག་མཐོང་ན་ནི་མེད་དོ། །དེ་ལྟ་ན་ནི་འོ་ན ་མཐོང་བའི་སྟོབས་ཀྱིས་འབྱུང་བའི་རྟོག་པ་ཉིད་མཐོང་བའི་འབྲས་བུ་ཡིན་པར་མཐོང་བས་ན་འབྲས་བུ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། ཇི་ལྟར་གསལ་བ་རྣམས་དང། མཐོང་བ་རྣམས་ཐ་དད་བ་དེ་བཞིན་དུ་མཐོང་བའི་མཐུ ་ལས་བྱུང་བའི་རྣམ་པར་རྟོག་པ་རྣམས་ཀྱང་ཐ་དད་དོ། །དེའི་ཕྱིར་དེ་དག་གིས་གཅིག་ཉིད་ཀྱང་རྒྱུ་མཚན་འབྲས་བུ་གཞན་ལ་བརྟེན་པར་བྱ་བ་ཡིན་ལ། དེ་ཡང་ཐ་དད་པ་ན་ཡང། ཐ་མི་དད་པར་བཞག་པའི་རྒྱུ་མཚན་འབྲས་བུ་གཞན་གྱི་རྗེས་སུ ་འགྲོ་དགོས་པས་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་རེ་ཞིག་རྣམ་པར་རྟོག་པའི་ཤེས་པ་གཅིག་ཏུ་རྟོགས་པར་བྱ་བ་ཡིན་ཞིང། དེ་ལས་འབྲས་བུ་གཅིག་པོ་དེ་དང་ལྡན་པའི་ཕྱིར་མཐོང་བ་རྣམས་ཐ་མི་དད་པར་ངེས་པར་བྱ་བ་ཡིན་ལ། ་དེ་ལས་ནི་མཐོང་བའི་འབྲས་བུ་གཅིག་དང་ལྡན་པའི་གསལ་བ་གཅིག་ཏུ་བྱ་བ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་རྣམས་ཀྱིས་གཅིག་པ་ཉིད་ལ་རྣམ་པར་རྟོག་པ་ཏེ། དེ་ཉིད་ཀྱིས་ནི་རེག་པར་མི་ནུས་སོ་གང་གི་ཕྱིར་གང་ཞིག་ངེས་པར་བྱས་པ་དེ་ལ ་རྣམ་པར་རྟོག་པས་གཟུང་བར་ནུས་པ་ཡིན་ན། བདག་ཉིད་ནི་དེས་ངེས་པར་བྱས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་གཞན་གྱིས་ཀྱང་མཐོང་བས་བསྐྱེད་བའི་རྣམ་པར་རྟོག་པ་རྣམས་གཟུང་བར་ཐ་དད་པ་མ་ཡིན་ནོ། །གང་གི་ཕྱིར་མཐོང་བའི་དེ་མ་ཐག ་ཏུ་བྱུང་བའི་རྣམ་པར་རྟོག་པ་སྐྱེས་པ་ཉིད་ན་མཐོང་བའི་ཡུལ་གསལ་བ་དང་མཐོང་བ་རྣམས་ཐ་མི་དད་པར་རྟོགས་ཏེ། དེའི་ཕྱིར་མཐོང་བ་ལས་བྱུང་བའི་རྣམ་པར་རྟོགས་པ་རྣམས་ཐ་མི་དད་པར་གཟུང་ཡང་རྣམ་པ་གཞན་གྱི་ཅི་ཞིག་བྱ་དེ་ལྟ་ན་ཡང་གསལ ་བ་རྣམས་གཅིག་ཏུ་ཞེན་པ་ནི་མཐོང་བ་རྣམས་ཐ་དད་པར་ཞེན་པ་མངོན་དུ་འགྲོ་བ་ཅན་མ་ཡིན་གྱི། འོན་ཀྱང་མཐོང་བའི་ཡུལ་དང་མཐོང་བ་རྣམས་ནི་མཐོང་བའི་སྟོབས་ཀྱིས་བྱུང་བའི་ངེས་པས་དུས་གཅིག་ཁོ་ནར་ཐ་མི་དད་པར་རྟོགས་ཏེ། དེས་ན་ཞེན་པ ་གཅིག་བྱེད་པ་ཉིད་ཀྱིས་མཐོང་བ་ཐ་དད་པ་མེད་པར་འཛིན་ལ་མཐོང་བ་གཅིག་བྱེད་པ་ཉིད་ཀྱང་གསལ་བ་རྣམས་གཅིག་ཏུ་ཞེན་པ་ཡིན་ཞེས་ཅིའི་ཕྱིར་བརྗོད། གཞན་ཡང་ཇི་ལྟར་བུམ་པ་ཆུ་འཛིན་པར་ནུས་པ་བཞིན་དུ་གསལ་བ་རྣམས་མཐོང ་པར་བྱེད་པ་འམ་མ་མཐོང་བར་ཞེན་པར་བྱེད་པར་རྟོགས་པ་ནི་འགའ་ཡང་མེད་ན། ཇི་ལྟར་གསལ་བ་རྣམས་མཐོང་བར་བྱེད་བ་དང། མཐོང་བ་རྣམས་ཀྱང་རྣམ་པར་རྟོག་པར་བྱེད་པ་གཉིས་ཀྱིས་གཅིག་ཉིད་དུ་རྟོགས་སོ་ཞེས་བརྗོད་ཅེ་ན། བཤད ་པ་འདིའི་ལན་ཉོན་ཅིག་།དོན་མཐོང་བའི་ནུས་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པ་རྣམས་ནི་འབྲས་བུ་ཐ་མི་དད་པས་ཐ་དད་པ་མེད་པར་མི་བརྗོད་ཀྱི། འོན་ཀྱང་ཡུལ་ཐ་མི་དད་པས་སོ། །འདི་ལྟར་ཤིང་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག ་པ་གཅིག་གིས་དོན་ཅི་འདྲ་བ་སྒྲོ་བཏགས་པ་དེ་འདྲ་པར་གཞན་གྱིས་ཀྱང་ཡིན་པའི་ཕྱིར་ཤིང་མཐོང་བས་བྱས་པའི་རྣམ་པར་རྟོག་པ་རྣམས་དོན་མཚུངས་པར་ཞེན་པར་བྱེད་པ་ཡིན་ནོ། །ཤེས་པ་དེ་རྣམས་ལ་བདག་གིས་ནི་ཤེས་པ་འདི་དང ་མཚུངས་པར་དོན་ཡོངས་སུ་བཅད་དོ་སྙམ་དུ་འཛིན་པའི་བྱ་བ་ནི་མེད་མོད་ཀྱི། འོན་ཀྱང་དེ་རྣམས་ཀྱིས་ཉེ་བར་སྟོན་པའི་དོན་ལ་ཐ་དད་དུ་ཞེན་པ་མེད་པའི་ཕྱིར་དེ་རྣམས་ཀྱི་ཡུལ་ཐ་མི་དད་པར་བརྗོད་པ་འབའ་ཞིག་ཏུ་ཐད ་དོ། །དེ་ལ་ཞེན་པའི་དོན་ཐ་མི་དད་པ་ཉིད་ཡིན་ལ། ཐ་མི་དད་པར་ཞེན་བར་བྱ་བ་དེ་ཡང་དེ་ཉིད་ཀྱིས་ཞེན་པར་བྱས་པ་དེའི་ཕྱིར་རྟོག་པ་གཞན་གྱིས་དེ་དག་གཅིག་ཏུ་ངེས་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་དག་ཉིད་ཀྱིས་ཞེན་པར་བྱས་པ་དེའི ་ཕྱིར་སྔོན་མཐོང་བ་གང་ཡིན་པ་དེ་ནི་འདི་ཡིན་ནོ་ཞེས་ཞེན་པ་གཅིག་གི་རྣམ་པ་རྗེས་སུ་བྱེད་བའི་ངོ་ཤེས་པ་སྐྱེ་བ་ཡིན་ནོ། །ཐ་མི་དད་པར་བཏགས་དོན་དེ་ཡང་མཐོང་བ་དེའི་རང་བཞིན་དུ་སྒྲོ་བཏགས་པ་ཡིན་ལ། མཐོང་བའི་དོན་ཡང་ལྟ་བའི ་ཡུལ་ཉིད་དོ། །དེས་ན་སྒྲོ་བཏགས་པའི་བདག་ཉིད་ཀྱིས་མཐོང་བ་དང་ལྟ་བ་ཐ་དད་མེད་པར་འཛིན་ཏོ། །གལ་ཏེ་དེ་ལྟར་ན་སྒྲོ་བཏགས་ཀྱི་དོན་གྱི་གསལ་བ་རྣམས་སྲེས་བ་ཡིན་ཏེ། མཐོང་བ་གཅིག་བྱེད་བའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། མཐོང་བ་གཅིག་བྱེད ་པའི་ཕྱིར་མ་ཡིན་ནོ་ཞེས་ཅི་སྟེ་བརྗོད། འདི་ལྟར་མཐོང་བའི་ཡུལ་ཉིད་ཀྱིས་ན་གསལ་བ་དེ་དག་ལ་མཚུངས་བར་རྟོགས་པ་ཡིན་ལ། མཐོང་བའི་ཡུལ་ཡང་མཐོང་བ་བྱེད་བ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །མཐོང་བ་ཐ་མི་དད་བར་གཟུང་བ ་ཡང་སྒྲོ་བཏགས་ཀྱི་རང་བཞིན་ཐ་མི་དད་པ་འབའ་ཞིག་གིས་ཡིན་གྱིས་འབྲས་བུ་གཞན་ཡང་འབྲེལ་བ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ཐ་མི་དད་པ་འཛིན་བའི་རིམ་པ་ནི་འགའ་ཡང་མེད་དོ། །རྣམ་པར་རྟོག་པ་རྣམས་ཀྱི་སྒྲོ་བཏགས་ཀྱི་རང་བཞིན ་འཛིན་པ་ཉིད་ཡིན་པ་ཉིད་དེ་ཉིད་མཐོང་བ་གཅིག་ཏུ་འཛིན་པ་ཡིན་ནོ། །དེས་ན་རིམ་གྱིས་ཐ་མི་དད་པར་འཛིན་པ་དང་རྣམ་པར་རྟོག་པ་དེ་ཉིད་དམ་གཞན་གྱིས་རྣམ་པར་རྟོག་པ་རྣམས་གཅིག་ཏུ་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་གཉིས ་ཀ་ཡང་གསལ་བ་ཡིན་ནོ། །འབྲས་བུ་འབྲས་བུ་ཉིད་དུ་རྟོགས་པ་ན་རྣམ་པར་རྟོག་པས་དེ་བྱེད་པའི་རང་གི་མཚན་ཉིད་རྣམས་གཅིག་ཏུ་འཛིན་ཏོ་ཞེས་ནི་ཁོ་བོ་ཅག་མི་སྨྲའོ། །འོན་ཀྱང་ཉམས་སུ་མྱོང་བའི་འབྲས་བུ་དང་འབྲེལ་བར་མཐོང་བ་ན་ཐ་མི་དད ་པར་ཞེན་པ་འབའ་ཞིག་ཏུ་ཟད་དོ། །ཇི་ལྟར་རྣམ་པར་རྟོག་པའི་སྒྲོ་བཏགས་པའི་བདག་ཉིད་ཀྱིས་མཐོང་བ་དང་མཐོང་བའི་ཡུལ་ལ་རྣམ་པར་རྟོག་པ་བྱེད་པ་ན་ཐ་དད་བ་མེད་པར་རྟོགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བཤད་ཟིན་ཏོ། །དེ་ཡིན་ན་ཡང་དོན་གཅིག ་ཏུ་ཞེས་པའི་འབྲས་བུ་གཅིག་པ་མཐོང་བ་གཅིག་ཡིན་ལ། འབྲས་བུ་མཐོང་བ་ཐ་མི་དད་པས་ཀྱང་རང་གི་མཚན་ཉིད་ཀྱི་ཚོགས་རྣམས་གཅིག་ཏུ་ངེས་པར་འགྱུར་བ་ཡིན་ནོ། །གལ་ཏེ་ངེས་པ་གཅིག་ཏུ་རྟོགས་པའི་འབྲས་བུ་ནི་མཐོང་བ་གཅིག ་ཏུ་བཟུང་བ་མ་ཡིན་གྱི། འོན་ཀྱན་གཅིག་ཏུ་སྒྲོ་བཏགས་བའི་བདག་ཉིད་ལས་མ་ཡིན་ནམ་ཞེ་ན། བདེན་ཏེ། ཐ་མི་དད་པའི་རང་བཞིན་དུ་སྒྲོ་བཏགས་པ་དེ་ཉིད་ནི་མཚུངས་པར་སྣང་བའི་རྣམ་པར་རྟོག་པ་རྣམས་ཀྱིས་འཇུག་པ་ཡིན་ཏེ། ་གཞན་དུ་ན་རྣམ་པར་རྟོག་པ་ཐམས་ཅད་ཐ་མི་དད་པར་སྒྲོ་འདོགས་བར་འགྱུར་རོ། །མཚུངས་བའི་རྣམ་པ་ཡང་མཐོང་བའི་རྒྱུ་མཚན་ཅན་ཡིན་ཏེ། དེའི་ཕྱིར་མཚུངས་པར་རྟོགས་བའི་འབྲས་བུ་ཅན་ཉིད་ཀྱིས་མཐོང་བ་རྣམས་ཐ་མི་དད་ངེས་པ་ཡིན་ནོ།། ་གང་གི་ཚེ་སྒྲོ་བཏགས་ཀྱི་བདག་ཉིད་ཁོ་ནས་མཐོང་བ་དང་སྣང་བ་ཐམས་ཅད་ཐ་མི་དད་པ་ཡིན་ལ། སྒྲོ་བཏགས་ཀྱི་རང་བཞིན་ཐ་མི་དད་བར་ངེས་པ་ཡང་མཚུངས་བའི་སྣང་བའི་དབང་གིས་ཡིན་པ་དེའི་ཕྱིར་འབྲས་བུ་རང་བཞིན་གཅིག་ཏུ་སྒྲོ་འདོགས་པའི་ཤེས ་པ་ཉིད་ཀྱིས་གསལ་བ་རྣམ་པ་དང་མཐོང་བ་རྣམས་མཚུངས་པར་བརྗོད་པ་ཡིན་ནོ། །རྣམ་པ་མཚུངས་པའི་ཤེས་པ་ལ་ནི་ངོ་བོ་ཉིད་ཁོ་ནས་གསལ་བ་རྣམས་ཀྱི་ནུས་པ་ཁྱད་པར་མེད་དོ། །དེ་ཉིད་ཀྱི་ཕྱིར་སྤྱི་མེད་ཀྱང་གསལ་བ་གཅིག་མཐོང་བ་ལས ་བྱུང་བའི་རྣམ་པར་རྟོགས་པ་ལ་སྣང་བའི་དོན་ལ་བརྡ་བྱས་པ་ནས་དེ་འདྲ་བའི་རྣམ་པར་རྟོག་བའི་རྒྱུ་ཐམས་ཅད་ལ་བྱས་བར་འགྱུར་རོ། །ཚུལ་འདིས་ཆུ་འཛིན་པ་ལ་སོགས་བའི་འབྲས་བུ་ཐ་མི་དད་བ་རྣམས་ལ་ཡང ་རྟོགས་པར་བྱའོ། །གང་གི་ཆེ་རྣམ་པར་རྟོག་པ་གཞན་ལས་ལྡོག་པར་སྒྲོ་འདོགས་པ་ན་ཕྱི་རོལ་གྱི་གཞན་ལས་ལྡོག་པར་རྟོགས་པར་བྱེད་པ་དེའི་ཚེ་དངོས་པོ་གཞན་མེད་པར་བཀག་པ་ཉིད་ཀྱིས་དངོས་པོ་ལ་རིག་པས་དངོས་པོ་རྟོགས་པ་ཡིན ་བའི་ཕྱིར་སྒྲ་དང་རྣམ་པར་རྟོག་པ་མེད་པ་དགག་བ?་ཕྱོགས་པ་ཡིན་གྱི། མ་ཡིན་བར་དགག་པ་ལ་འཇུག་པ་ནི་མ་ཡིན་ནོ། །དེའི་ཕྱིར་མེད་བར་དགག་པ་སྒྲོ་འདོགས་བར་རྟོགས་པ་ན་ཐ་མི་དད་བར་ཞེན་པས་ཕྱི་རོལ་གྱི་མེད་བར་དགག་པ ་ངེས་པ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་ཅིག་ཤོས་ཀྱི་སྟོང་བ་ནི་རྣམ་པར་རྟོག་པས་ངེས་བར་བྱས་བ་ཡིན་ལ། སྒྲོ་བཏགས་བའི་ཅིག་ཤོས་ཀྱི་སྟོང་བ་ནི་གཟུང་བར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་སློབ་དཔོན་ཆོས་ཀྱི་གྲགས་བར་མེད་བར་དགག་བ ་ཉིད་བཞེང་བར་གདོན་མི་བྱའོ། །གལ་ཏེ་རྣམ་པར་རྟོག་པར་མ་རིག་པའི་བདག་ཉིད་ཡིན་པས་མེད་བའི་དོན་སྟོན་པ་ཡིན་ན་ཅི་འདྲ་སྟོན་པར་འགྱུར་བ་ཞིག་ནི་ངེས་བར་སྟོན་པར་ནི་ཉམས་སུ་མྱོང་ངོ་ཞེ་ན། སྨྲས་བ། ཉམས་སུ་མྱོང་བའི་བག་ཆགས ་ལས་ནི་ངེས་བར་འཛིན་པ་ཡིན་ལ། མ་རིག་བའི་བག་ཆགས་ལས་ནི་མེད་བར་འཛིན་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་ཐམས་ཅད་ལ་རྒྱུ་མཚན་བག་ཆགས་གཉིས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་མེད་པ་དབང་ཕྱུག་ལ་སོགས་པ ་དང། རྟག་བའི་དངོས་པོ་དང། དངོས་པོ་མེད་བའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ་ཞེས་པ། བདེན་ཏེ། དེ་དག་སྐྱེ་བ་དེ་ཁོ་ན་སྟེ་བག་ཆགས་གཉིས་དང་ནི་འབྲེལ་བར་བལྟ་བར་བྱའོ། །འདི་ལྟར་རྣམ་པར་རྟོག་པ་ཡོད་པར་བུམ་པ་ལ ་སོགས་བ་དང། མེད་པ་དབང་ཕྱུག་ལ་སོགས་པའི་ཆོས་ཅན་དང་པོ་ཡོད་པ་སྔོན་པོ་ཉིད་ལ་སོགས་པ་དང། མེད་པ་རྟག་པ་ཉིད་ལ་སོགས་བའི་ཆོས་ཉེ་བར་རྟོག་པར་བྱེད་བ་ཡིན་ནོ། །དེ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་རྣམ་པར་རྟོག་པ་ནི་དེ ་མ་ཡིན་པ་ལས་བཟློག་པའི་རང་བཞིན་གྱིས་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཁོ་ན་སྟེ། འདི་ལྟར་ཆུ་ཉིད་ལ་འདི་ནི་ཆུའོ་སྙམ་བའི་རྣམ་བར་རྟོག་པ་གང་ཡིན་པ་དེ་ནི་ཆུ་མཐོང་བ་ལ་བརྟེན་པ་ཉིད་དོ། །གང་ཞིག་སྨིག་རྒྱུ་ལ་འདི་ནི་ཆུའོ་ཞེས་ངེས་པར ་རྟོག་པ་དེ་ཆུ་དང་སྨིག་རྒྱུའི་རང་བཞིན་མཐོང་བ་ལས་གྱུར་བ་ཡིན་ནོ། །ཡང་གང་ཞིག་ཆུས་དབེན་བའི་ཕྱོགས་སུ་ཆུའོ་ཞེས་སྒྲོ་འདོགས་པ་གཉིས་ཀ་དང་འདེས་བའི་རྣམ་པར་རྟོག་པ་དེ་ཡང་རང་བཞིན་གཉིས་མཐོང་བ་ལ་རག་ལས་ལ་ཁོ་ནའོ། །དེའི་ཕྱིར་དེ ་ལྟར་དངོས་པོར་བྱུང་བའི་ཆོས་ཅན་ས་རྣམ་པར་རྟོག་པ་ནི་གསུམ་ཡིན་ནོ། །ཆོས་གཞན་དང་ཡུལ་གཞན་དང་འབྲེལ་བའི་རྣམ་པར་རྟོག་པ་ནི་ཆོས་ཅན་ཁོ་ནའི་རྣམ་པར་རྟོག་པ་ཡིན་ཏེ། འདི་སྔོན་པོའོ་ཞེའམ་འདི་ནི་སྔོན་པོ་ཞེས་བྱ་བ་ལྟ་བུའོ། ། ་ཆོས་ཙམ་གྱིས་ནི་འདི་ནི་སྔོན་པོའོ་ཞེ་འམ་ཡང་ན་འདི་ནི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཆོས་ཀྱི་རྣམ་པར་རྟོག་པ་ནི་གཅིག་ཁོ་ནའོ། །གང་ཡང་ཡོད་བ་མ་ཡིན་བའི་ཆོས་ཅན་དབང་ཕྱུག་ལ་དམིགས་པའི་སྣང་བ་དེ་ཡང་དེའི་རང ་བཞིན་མ་ཡིན་པ་ལ་སོགས་བའི་དངོས་པོ་མཐོང་བ་ལས་སྐྱེསྦ་ཡིན་ཏེ། གང་གི་ཕྱིར་དབང་ཕྱུག་ངེས་བར་བསམས་པ་འདི་ནི་མཐོང་བའི་སྔོན་པོ་ལ་སོགས་པ་ལས་ལྡོག་བར་བརྟགས་པ་ཡིན་ཏེ། གཞན་དུ་ན་དབང་ཕྱུག་ཉིད་དུ་བརྟགས་པར་མི ་འགྱུར། །དབང་ཕྱུག་ལྡོག་བར་བཏགས་བ་ན་ཡང་ལྡོག་པའི་རང་བཞིན་གཞན་དང་འདྲ་བར་བརྟགས་བ་ཡིན་ཏེ། དེའི་ཕྱིར་རྣམ་བར་ལྡོག་བ་འདི་ཡང་ལྡོག་བའི་དངོས་པོ་མཐོང་བ་ལ་རག་ལས་བ་ཡིན་ནོ། །དེ་ལྟར་ནི་ཐ་ན་དངོས་པོ་ཙམ་དུ ་དབང་ཕྱུག་དངོས་པོ་གཞན་དང་འདྲ་བར་བཏགས་པའི་ཕྱིར་ན་ལྡོག་པའོ་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཉིད་དོ། །སྣང་བ་འགའ་ཞིག་ལ་བརྟགས་པ་ཉིད་དུ་བཏགས་པ་ན་ལྡོག་པའི་དངོས་པོ་ཐོང་བ་ཉིད་ཀྱིས ་པར་རྟོག་པས་བཟུང་བ་ཡིན་ནོ། །དེ་ལྟ་བུ་ཉམས་སུ་མྱོང་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་རྟག་པ་ཉིད་སྣང་བ་ལས་གཞན་ཡིན་པར་བརྟགས་བ་ནི་མ་ཡིན་གྱི། འོན་ཀྱང་མཐོང་བ་ཉིད་དུ་ཡིན་ནོ། །དེས་ན་དེ་ལ་ཡང ་དངོས་པོ་མཐོང་བའི་བྱ་བ་ཡོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བུམ་པ་མེད་པར་རྟོགས་པ་ཡང་སྔོན་དུ་འགྲོ་བ་ཅན་ཉིད་དེ་འདི་ལྟར་གལ་ཏེ་ལྡོག་པ་ཙམ་འབའ་ཞིག་ཏུ་རྟོག་ན་ནི་བུམ་པ་མི་རྟོགས་པར་འགྱུར་ཏེ། འབྲེལ་བ་མ་བརྟགས་བའི་ཕྱིར་རོ། །དེའི ་ཕྱིར་བུམ་པ་ཉིད་གཉིས་ཀའི་རང་བཞིན་དུ་ངེས་པར་ཡོང་པའམ། མེད་པའི་ཕྱིར་བུམ་པ་མེད་པ་ནི་དངོས་པོའི་ཆོས་ཡིན་ནོ། །གང་གི་ཚེ་དངོས་པོ་ཅུང་ཟད་མེད་དོ་ཞེས་རྟོགས་པ་དེ་ལྟར་ན་ཡང་དངོས་པོ་ཙམ་མཐོང་བའི་བྱ་བ་ཡོང་བ་ཡིན་ནོ།། ་ནོ། །གལ་ཏེ་བུམ་པའི་རྣམ་པར་རྟོག་པ་བུམ་པ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་གྱི་མེད་བའི་རྟོག་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ཡང་དེ་ལྟ་ན་ཡང་ཡོད་པ་ལས་ལོག་བར་ངེས་པ་གང་ཡིན་པ་དེ་ཉིད་བུམ་པ་དང་མི་འདྲ ་བའི་ཕྱིར་ལོག་པ་ཡིན་ཏེ། དེའི་ཕྱིར་བུམ་པ་མཐོང་བའི་བྱ་བ་ཡང་ཡོད་དོ་ཞེས་བརྗོད་ལ། བུམ་པ་མེད་པའི་རྣམ་པར་རྟོག་པ་ལ་བུམ་པའི་རང་བཞིན་གྱིས་སྟོང་པའི་རང་གི་མཚན་ཉིད་གཞན་གྱི་ཡང་བྱེད་པ་ཡོད་པ་ཉིད་དོ། །གལ་ཏེ་བུམ ་པ་འགའ་ཞིག་ཅེས་མཐོང་ན་ནི་བུམ་པ་མེད་པར་རྟག་མི་ནུས་བའི་ཕྱིར་རོ། །བུམ་པ་མེད་པའི་རྣམ་པར་རྟོག་པ་ལ་ནི་བུམ་པ་ཉམས་སུ་མྱོང་བའི་བྱེད་པ་པོ་རག་ན། ཅི་དབང་ཕྱུག་མེད་དོ་སྙམ་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ལ་ཡང་དབང་ཕྱུག ་མཐོང་བའི་བྱེད་བ་ཡོད་དམ་ཞེ་ན། མེད་དོ་ཞེས་སྨྲའོ། །འོ་ན་ཇི་ལྟར་ཞེ་ན། ཇི་ལྟར་དབང་ཕྱུག་རྟོག་པ་འདྲ་བའི་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེ་བཞིན་དུ་མེད་པའི་རྣམ་པར་རྟོག་པ་ཡང་དབང་ཕྱུག་གི་ཆོས་ཀྱི་རྣམ་པར་རྟོག་པ ་ཡིན་པའི་ཕྱིར་འདུ་བའི་དངོས་པོ་མཐོང་བའི་མངོན་དུ་འགྲོ་བ་ཅན་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་བཞི་ཆར་གྱི་སྣང་བ་ཡང་འདྲ་བའི་དངོས་པོ་མཐོང་བ་ལས་ཡིན་ལ། ལོག་པར་འཛིན་པའི་ཤེས་པ་ལས་ནི་རང་གི་རྣམ་པ་དང་མཐུན་པར་སྒྲོ ་འདོགས་པ་ཡིན་ནོ། །དེས་ན་རྣམ་པར་རྟོག་པས་སྒྲོ་བཏགས་པའི་དོན་འདི་ནི་གཏན་མེད་པ་ཡིན་ནོ། །གཞན་ལས་ལོག་པར་རྟོག་པ་ན་ཡང་འདྲ་བའི་ཕྱིར་ཕྱི་རོལ་ན་ཡང་གཞན་ལ་ལྡོག་པར་རྟོག་པར་འགྱུར་རོ། །དེའི་ཕྱིར་ཅིག་ཤོས་ཀྱི་རང་བཞིན ་དང་མ་འདྲེས་བའི་སྒོ་ནས་ཕྱི་རོལ་ཡང་རྣམ་པར་རྟོག་པའི་བྱེད་པས་ཁྱབ་པར་གྱུར་གྱི། དངོས་པོའི་ཆལ་ཡང་རེག་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་ཡང་དངོས་པོ་མེད་པ་ཉིད་རྣམ་པར་རྟོག་པའི་ཡུལ་ཡིན་ནོ། །དེས་ན་གང་གཟུང་བ་དང། ་གང་ཡང་ཞེན་པར་བྱས་པ་དེ་གཉིས་ཀ་ཡང་གཞན་ལས་ལྡོག་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །དེའི་ཕྱིར། ལྡོག་པ་ངོ་བོ་ཉིད་མེད་པའི་ཕྱིར། གནས་དང་གནས་མིན་རྟོག་པའང་མེད། །སྤྱི་ཡི་བློ་ཡང་བསླང་བ་ཡིན། །དེས་ན་སུན ་དབྱང་བ་ཡང་མེད་ཅེས་བཤད་དོ། །རྣམ་པར་རྟོག་པའི་དོན་གང་ཡིན་པ་དེ་ཉིད་སྒྲའི་དོན་ཡིན་ནོ། །དེས་ན་སྒྲའི་དོན་ནི་དོན་དམ་པར་མེད་པ་ཉིད་དེ། སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུ། །གྲགས་པ་བཞིན་དུ་བརྗོད ་བྱ་སྟེ། །དངོས་ལ་འདི་ནི་མི་སྲིད་དོ། ཞེས་བཤད་པ་ཡིན་ནོ། །སྒྲོ་བཏགས་དེ་རྟོགས་པ་ན་དེ་དང་འདྲ་བའི་ཕྱི་རོལ་རྟོགས་པར་འགྱུར་བ་དེས་ན་ཕྱི་རོལ་ཡང་སྒྲའི་དོན་དུ་བཏགས་པ་ཡིན་ཏེ། ཇི་སྐད་དུ། དེ་ཡི་ངོ་བོར་སྒྲོ་བཏགས་པ། །རྟོག ་པས་གཞན་བཟློག་རྟོགས་པའི་ཕྱིར། སྒྲ་དོན་གང་ཡིན་དེ་ཉིད་ཅེས། །བརྗོད་པ་ལ་ནི་འགལ་བ་མེད་ཅེས་བཤད་དོ། །སྒྲ་སྦྱོར་བའི་དུས་ནི་རྣམ་པར་རྟོག་པའི་ཡུལ་གྱིས་གཞན་སེལ་བའི་བདག་ཉིད་ཀྱང་ངེས་པའི་རང ་བཞིན་གྱིས་བརྗོད་བྱ་ཉིད་དུ་སྦྱོར་བ་ཡིན་ཏེ། དེ་ལྟར་མ་ཡིན་ན་གཞན་སེལ་བ་གཅིག་ཉིད་བརྗོད་བྱར་ཇི་ལྟར་འགྱུར། །དེས་ན་རྣམ་པར་རྟོག་པའི་ཡུལ་ནི་གཞན་སེལ་བ་ཡིན་ལ། དེ་ཡང་གཞན་དང་བྲལ་བ་བརྗོད་བྱར་སྦྱོར་བ་ཡིན་ཏེ། ་ཇི་སྐད་དུ། བུམ་པ་དང་སྙིམ?་པ་ཅི་འདྲ་བ་ཞིག་གིས་བྱ་བ་ལ་སོགས་པ་བཤད་བ་ཡིན་ནོ། །དེའི་ཕྱིར་སེལ་བ་གཉིས་བརྗོད་པར་བྱ་བ་ཡིན་ཏེ། ངེས་པའི་རང་བཞིན་དང་རྣམ་པར་རྟོག་པའི་ཡུལ་ལོ། །ཇི་སྐད་དུ། དེ་ལས་གཞན ་པ་ཡོངས་སྤངས་ནས། །འཇུག་འགྱུར་ཞེས་ཀྱང་སྒྲ་བརྗོད་དེ། །དེ་ཡི་དེ་དག་རྣམས་ལས་འདི། །རྣམས་མི་གཅོད་མ་དེ་ཇི་ལྟར་ཞེས་བཤད་པ་ཡིན་ནོ། །གང་ཞིག་དངོས་སམ་དངོས་ལས་གཞན་ཞེས་མགར་ཡང་བརྗོད་པར་མི་ནུས ་ཤིང། བསྟན་བཅོས་རིག་པའི་བློ་ཡི་ཆེ་བའང་གང་དུ་ཉམས་འགྱུར་བརྗོད་བྱའི་མཛའ་། །སེལ་བ་རྣམ་པར་ཕྱེ་བོས་ཆོས་མཆོག་བདག་གི་དགེ་བ་གང་ཐོབ་པ། །དེས་བདག་འགྲོ་འདི་མུན་པ་མཚམས་མེད་རྒྱུན་ནི་གཅོད་གྱུར་ཅིག་། ་སློབ་དཔོན་ཆོས་མཆོག་གིས་མཛད་པ་གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང། ལོ་ཙ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆའི་གྲོད? ་བར?་དཔེ་མེད་དུ་བསྒྱུར་བའོ། །།འཇིག་རྟེན་ཕ་རོལ་གྲུབ་བ་ཆོས་མཆོག་གི་མཛད?་པ་བཞུགས་སོ་།རྒྱ་གར་སྐད་དུ། ?་ལོ་ཀ་སིདྷཱི། བོད་སྐད་དུ་འཇིག་རྟེན་ཕ་རོལ་གྲུབ་པ། འཇམ་དཔལ ་