CLOSE WINDOW

N4533: phyi rol gyi don grub pa zhes bya ba'i tshig le'ur byas pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཁཱ་ཧཡཱ་ནཝ?་སིདྡྷི་ཀཱ་རིཀཱ་ནཱ་མ། བོད་སྐད་དུ། ཕྱི་རོལ་གྱི་དོན་གྲུབ་པ་ཅེས་བྱ་བའི་ཚིག་ལེའུར་བྱས་པ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་རང་དོན་བསྙེས ་གྱུར་ནས། །གཞན་དོན་མ་ལུས་རྣམ་ཀུན་མཛད། །དེ་ལ་དོན་ཀུན་གྲུབ་བྱིའི་ཕྱིར། །ཕྱག་འཚལ་ནས་ནི་དོན་དཔྱད་དོ། །རྣལ་གནས་མིག་ལ་སོགས་པ་ཡི། །རྣམ་ཤེས་སྤྱོད་ཡུལ་ཕྱིའི?་དོན་མིན། །ཤེས་ཕྱིར་དོན་དུ་སྣང་བའི་ཕྱིར། །རྨི་ལམ་ཟླ་བ ་གཉིས་བློ་བཞིན། །དེ་ལྟར་བློ་ཙམ་སྨྲ་བ་ཡིས། །ཕྱིའི་དངོས་མེད་པར་བསྒྲུབས་པ། །དང་པོ་མི་སླུ་མཐོང་བའི་ཕྱིར། །དེ་ཡང་སྨྲ་བ་མིན་ཞེས་སྨྲས། །ཤེས་པ་སླུ་བའི་ཕྱིར་འམ་ནི། །གཟུགས་སོགས་རུང་བ་མ་ཡིན་ཕྱིར། །དམིགས་པ་མེད་པར་འགྱུར་གང་ན། ་དེ་གཉིས་ཀྱང་ནི་མི་བཟང་ངོ། །རང་གི་ཡན་ལག་བཅད་ལ་སོགས། །རྨི་ལམ་མཐོང་བ་དེ་དག་མེད། །གལ་ཏེ་དོན་རྣམས་གཏན་མེད་ན། །སང་ནའང་དེ་བཞིན་མི་འགྱུར་རམ། །ཁྱོད་ནི་སད་པའི་མགོ་བཅད་དང། །ལུས་རྒྱས་པ་ཡང་རྨི་ལམ་བཞིན། །འདོད་ན ་ཅིའི་ཕྱིར་དེ་སྤོང་དང། །འཐོབ་ཕྱིར་ཁྱོད་ནི་འབང་དང་ལྡན། །གལ་ཏེ་འཁྲུལ་པས་ཐམས་ཅད་དུ། །འཇུག་གོ་ཅེན་མིང་ལྡོག་མེད། །ཤེས་པ་མི་བསླུ་མ་འཁྲུལ་ཏེ། །བསླུ་བ་དག་ནི་འཁྲུལ་པ་ཡིན། །ཡུལ་དང་དུས་དང་མི་གཞན་ལ། །ཤེས་པ་མི་བསླུ་གང ་ཡིན་པ། །དེ་ནི་མི་འཁྲུལ་ཡིན་པར་ཤེས། །མ་འཁྲུལ་མཚན་ཉིད་གཞན་མེད་དོ། །རིང་དང་ཕྲ་སོགས་ཤེས་པ་ལས། །རྣལ་འབྱོར་དན་ཞེས་བྱེ་བྲག་དབྱེའི། །ཐམས་ཅད་མཁྱེན་མིན་ཐལ་འགྱུར་ཕྱིར། །གཉིས་ཀྱི་རྣམ་པ་ལས་གྲོལ་མིན། །སངས་རྒྱས ་ཉིད་ནི་དེ་བསླུ་བ། །ཡོད་དོ་ཞེས་ནི་ཇི་ལྟར་རྟོགས། །རྨི་ལམ་སོགས་བཞིན་ཐམས་ཅད་དུ། །ཅི་ཕྱིར་བསླུ་བ་སྲིད་མི་འགྱུར། །གལ་ཏེ་བག་ཆགས་བརྟན་ཕྱིར་ཞེས། །རྨི་ལམ་ཅི་ཕྱིར་ཡང་མི་བསྟན། །དེ་ལས་གྲོང་དང་ཀུན་དགའ་དང། །གཞལ་བྱ་ཉིད ་སོགས་མཐོང་བ་འདྲ། །དབང་དོན་མེད་ལ་སོགས་པའི་བློ། །བག་ཆགས་སྐད་ཅིག་སྐད་ཅིག་ལ། །སྨིན་པ་འཐོབ་དང་བར་ཆད་དོ། །དབང་པོ་དོན་དག་བརྟན་པའི་རྒྱུ། །གང་གི་ཤེས་པ་ངོ་ཅིག་ཅིང། །དབང་པོ་དོན་ལས་མ་བྱུང་བ། །དེ་ཡི་དེ་ཡི་ངོ་བོ་ནི།། ་གཏན་དུ་བརྟན་པ་འམ་མི་བརྟན་འགྱུར། །གལ་ཏེ་གཉིད་སོགས་མཚུངས་ལྡན་ཕྱིར། །དེ་དེའི?་སྨིན་བྱེད་མ་ཡིན་ནམ། སྨིན་པའི་རྒྱན་ཡོད་བཞིན་དུ། །སྨིན་པ་ཡང་དག་?་མི་རིགས། །གཉིད་ཀྱི་རྨི་ལམ་ན་མཐོང་བ། །དེ་མ་ཕྱི་ཕྱིར་མི་བརྟན་ཞིང། འཁྲུགས་འགྱུར ་ཇི་ལྟར་དེ་ཡིས་ནི། །ཡོངས་སྨིན་བདག་ཉིད་ཡང་དག་ཟང། །གང་གིས་དབང་དོན་བྲལ་བའི་ཕྱིར། །བསྟན་པའི་རྒྱུ་ནི་མེད་པ་ལ། །སྨིན་པ་འཐོབ་དང་ཡང་དང་ཡང། །ཡོངས་སུ་?་རུང་བར་འགྱུར། །མི་བསླུ་བག་ཆགས་བརྟན་པ་ཡིས། །བྱས་སོ་ཞེས་པ ་གང་ལས་འདོད། །གལ་ཏེ་གཟུགས་སོགས་མི་རུང་ཕྱིར། །དེ་ལ་འོ་གནས་བརྗོད་པར་བྱ། །གལ་ཏེ་ཡོངས་སྨིན་བརྟན་པའི་ཕྱིར། །སང་པའི་ཚེ་ན་མི་བསྲུན། །རབ་རིབ་ཇི་སྲིད་བརྟེན་པའི་བར། །དེ་སྲིད་མི་བསླུ་ཅི་ཕྱིར་མིན། །དེ་བློས་རབ་ཏུ་བཅུག་པ་ཡང། །བསླ་བར་དམིཌ ་པའི་ཕྱིར་བར་དང་།དེ་བློ་མིན་ལའང་མི་བསླུའི་ཕྱིར། །དེ་བློས་བྱས་བས་མི་འདོད་དོ། །འཇིག་དང་ཡོངས་སུ་སྨིན་པའི་མཐུ། །དངོས་པོ་གཞན་ལས་བྱུང་བའི་ཕྱིར། །བདག་ཉིད་ལས་སྐྱེས་ལས་མིན་ཏོ། །དཔེར་ན་མེ་ཏོག་ལས་ཏི་ལ་དང། །ཆུ་སོགས་ལས་ནི ་ས་བོན་བཞིན། །གང་ཙན་གང་ལས་གང་ལས་སྐྱེས་པ་ཉིད། །དེ་དེར་རང་དང་མཐུན་པ་ཡི། །འབྲས་བུ་སྐྱེད་ཕྱིར་བག་ཆགས་དག། མི་འཇིག་མེད་?་དུ་བ་བཞིན། །དོན་གཞན་ལས་ནི་བྱུང་བ་ཡི། །ལས་ལས་འགའ་ཞིག་བསྒོ་བར་བྱེད། །དཔེར་ན་སྣ་མའི་མེ་ཏོག་དང། །ཕྲད་བས ་ཏིལ་ལས་དྲི་འབྱུང་བཞིན། །འདི་ལ་ལེན་པའི་རྣམ་ཤེས་ལས།། ཤེས་པ་བདུན་ན་སྐྱེ་འགྱུར་ཞིང། །དེ་ལ་དེ་ཡི་ས་བོན་འཇོག་།བཞག་པའང་སྨིན་པར་བྱེད་པ་ཉིད། །དེ་ཕྱིར་དོན་གཞན་ལས་བྱུང་བའི། །དངོས་པོ་མེད་ཕྱིར་བག་ཆགས་ནི། །འཇོག་དང་རྒྱས་པར ་མི་རུང་ཞེས། །མཐུ་ལ་མཁས་པའི་སྐྱེ་བ་སྨྲ། །འོན་ཏེ་གལ་ཏེ་རང་རྒྱུད་ལས། །རྟོགས་པའི་ཤེས་པ་སྐྱེས་ནས་དེར། །ས་བོན་འཇིག་ཅིག་སྨིན་པ་ལྟར། །བདག་གི་འང་དེ་དང?་འདྲ་ཞེ་ན། ཕྱོགས་འདི་ལ་ནི་སྡང་བའི་ཕྱིར། །ལེན་པའི་ཤེས་ལ་གང་དག་བརྟེན ་གཉི་གའང་མཚུངས་པ་ཉིད་ཡིན་ན། །གཅིག་ཏུ་གཅིག་ལ་བསྟན་མི་རིགས། །གང་གི་དབང་དོན་ལས་སྐྱེས་པའི། །ཤེས་པས་མཐུ་རྣམས་འཇོག་བྱེད་ཅིང། །ཡུལ་དུས་ལུས་ལ་སོགས་པ་ཡིས། །ཁྱད་པར་གྱིས་ནི་རྒྱས་འགྱུར་བ། །དེ ་ཡི་ཕྱོགས་ལ་ཉེས་པ་མེད། །གང་གི་ལེན་པ་ཞེས་བྱ་བའི། །ཤེས་པ་ལས་རྒྱུ་གཞན་མེད་པ། །དེ་ཡི་ཤིན་ཏུའབྲེལ་པ་མེད། །བློ་ཙམ་ཉིད་དུ་བསྒྲུབ་པ་ལ། །ཤེས་ཕྱིར་ལ་སོགས་བསྒྲུབ་པ་གང། །མི་མཐུན་རིགས་དང་མི་འགལ་ཕྱིར། །ཐམས་ཅད་ལྷག་དང ་བཅས་ཤེས་བྱ། །ལེགས་དཔྱད་དགའ་མགུར་རབ་འཇུག་ཅིང། །ཕན་དང་མི་ཕན་འཐོབ་གཏོང་བ། །སང་པར་གྱུར་པའི་ཐ་སྙད་ནི། །རྨི་ལམ་ན་ནི་ཐམས་ཅད་མེད། །གནོད་པའི་དབང་གི་འགའ་ཞིག་ཏུ། །དབང་པོ་ལས་སྐྱེས་ཤེས་འཁྲུལ་ན། །དེ་མེད་པར ་ཡང་ཐམས་ཅད་དུ། །འཁྲུལ་ཞེས་བྱ་བ་མུན་སྔལ་ལོ། །གཞན་དག་རྣམ་ཤེས་ཐམས་ཅད་ནི། །ཡུལ་ཡོད་རྟོགས་པས་འཁྲུལ་སེམས་ཀྱི། །ཤེས་བྱ་རང་སེམས་ལས་སྐྱེས་གང། །གཟུགས་སམ་དེ་ཡི་མ་ཡིན་ནོ། །དོན་མེད་ཡང་དག་བསྒྲུབ་པ་ལ ་རེ་རེ་ཡོངས་སུ་མཆོད་ཕྱིར། །རྡུལ་ཕྲན་མི་སྣང་ཞེས་སྨྲས་པ། །སེམས་དང་སེམས་བྱུང་རྣམས་ཀྱིས་ཀྱང། །ཐེ་ཚོམ་ཟ་བ་ཉིད་དུ་འགྱུར། །ཇི་ལྟར་སྐད་ཅིག་འཇིག་པ་ཐབས། །རེ་རེ་ནས་མི་རྟགས་པ་ལྟར། །དེ་བཞིན་གཤེགས་པས་ཡོངས་བཅད ་ལའང། །རྡུལ་ཕྲན་ངེས་པར་མི་འགྱུར་རོ། །འདྲ་བའི་སྐད་ཅིག་གཞན་འབྱུང་ཕྱིར། །ཇི་ལྟར་རྟག་པ་ཉིད་འཁྲུལ་ལྟར། །རྒྱུན་ཆགས་རིགས་མཐུན་འཛིན་པ་ལ། །སྔོན་པོ་ཉིད་དུ་འཁྲུལ་པ་སྐྱེ། །བློ་ཡིས་རྟག་ཏུ་རྒྱུན་ཆགས་དང། །རིགས་མཐུན་པ་ལ ་འཛིན་མོད་ཀྱི། །རྣམ་པར་རྟོག་པའི་ཤེས་པ་ཡིས། །དེ་གཅིག་ཉིད་དུ་ངེས་པར་བྱེད། །དེ་ཕྱིར་རང་གི་མཚན་ཉིད་ཀྱིས། །རྣམ་པར་ཤེས་ལ་རྡུལ་ཕྲན་རྣམས། །མི་སྣང་ཞེས་ནི་སྨྲ་བ་གང། །དེ་དག་ཐམས་ཅད་སྒྲུབ་མ་ཡིན། །གང་ལྟར་སྣང་དེ་དེ་ལས ་མིན། །རྫས་མེད་ཕྱིར་ཟླ་གཉིས་བཞིན་ཞེས། །སྨྲས་པའི་སྒྲུབ་པ་གང་ཡིན་པ། །དེ་ལའང་གཏན་ཚིག་མ་དེས་ཉིད། །རྡུལ་ཕྲན་གང་དག་ཕྲད་གྱུར་ཅིང། །རིགས་མཐུན་བྱ་བ་གཅིག་བྱེད་པ། །དེ་དག་འདུས་པ་ཞེས་བརྗོད་ན། །དེ་དག་རྫས་མེད་ག་ལ་ཞིག། གཅིག་གི་སྒྲ ་བརྗོད་དེ་དག་ནི། །དེ་དག་ལ་ནི་གཅིག་མེད་དོ། །སྒྲ་ཡི་དོན་ནི་རྣམ་རྟགས་ཏེ། །དབང་པོའི་སེམས་ལ་མི་སྣང་ངོ། །གང་གི་བློ་ལ་ཆ་གཅིག་གི། རྣམ་པ་སྣང་ངོ་ཞེས་སྨྲས་པ། །དེ་ནི་ངེས་པར་རི་མོ་ཡི། །གདིང་བ་མཐོང་བ་མ་གཏོགས་སོ། །ལ་ལ་དག་ཏུ་གང་ཞིག ་ལ། །གཟུགས་ཀྱི་རྣམ་པ་གཅིག་འཛིན་པ། །དེ་ཡང་མཐོ་དམན་རྟེན་པ་ཡིས། །དབྱེ་བར་བཀྲ་བར་སྣང་བ་ཡིན། །ཤེས་གཅིག་སྣང་བའི་རྡུལ་ཕྲན་གང། །ཕན་ཚུན་མེད་ན་མི་འབྱུང་ཕྱིར། །དེ་ལ་རྣམ་པར་བཅད་ནས་ནི། །ཇི་ལྟར་རེ་རེ་སྣང་བར་འགྱུར། །རྡུལ ་ཕྲན་རྣམས་ནི་རེ་རེ་ནས། །རང་དབང་འབྱུང་བ་མི་སྲིད་དོ། །དེ་ཕྱིར་ཕྲ་རབ་རྡུལ་རྣམས་ནི། །རེ་རེ་སྣང་བར་མི་འགྱུར་རོ། །རྡུལ་ཕྲན་ཕྱོགས་ལ་ཐ་དད་ཕྱིར། །མེད་ཅེས་སྨྲས་གང་དེ་མ་འབྲེལ། །འགའ་ཡིས་ཁྱད་པར་དང་བཅས་པའི། །རྡུལ་ལ་ཕྱོགས་ཀྱི ་སྒྲར་བསྟན་བྱ། །དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱི། །དེ་ནི་མང་པོས་ཡོངས་བསྐོར་བ། །བརྗོད་པར་ཟད་ཀྱི་རྡུལ་རྣམས་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །རྡུལ་ཕྲན་ཚུ་རོལ་དོས་ན་གཅིག། ཕ་རོལ་གཞན་རྣམས་གནས་པ་ནི། །ཚུལ་རོལ་ཕ་རོལ་ཆ་གཉིས ་ཀྱིས། །རྡུལ་དེ་གཉིས་སུ་ཐལ་བ་མེད། །དུ་མའི་དབུས་ན་འདུག་པའི་ཕྱིར། །དུ་མ་ཉིད་དུ་རྣམ་རྟོག་ལ། །འདི་ལྟར་ལྡོག་པའི་སྒོ་དག་ནས། །མང་པོ་ཉིད་དུ་ཕྱིར་རྟོག་ཅིང། །དེ་ལ་གཞན་པ་ལ་བལྟོས་ན། །ངོ་བོ་གཞན་ཡང་དཔེར་འཛིན་པ། །དེ་དེར་ཁོ་ནས་ཡོད་མིན ་ཏེ། །ཚུ་རོལ་ཕ་རོལ་སོགས་དབྱེ་བཞིན། །གལ་ཏེ་མང་པོར་འདབ་ཆགས་ཕྱིར། །ཆ་ཤེས་བཅས་པར་འདོད་ན་ནི། །སྐད་ཅིག་སྔ་ཕྱི་འདབ་ཆགས་ལ། །ཅི་ཕྱིར་དེ་དང་འདྲ་མི་འགྱུར། །ཤེས་པའི་སྐད་ཅིག་གཉིས་དག་གིས། །འདབ་ཆགས་ཡིན་ཡང་དེ་ལ་ནི ་ཆ་ཤས་བཅས་གཟུགས་མི་འདོད་ལྟར། །རྡུལ་ཕྲན་རྣམས་ལའང་དེ་བཞིན་ནོ། །གང་ཞིག་དང་ནི་ཉེ་བ་ལས། །འགྲོས་ལྡན་གང་གིས་འགྲོས་འགག་པ། །དེས་དེའི་སྒྲིབ་པ་རབ་བཤད་པ། ཆ་ཤས་གཞན་གྱིས་མ་ཡིན་ནོ། །ཉི་མའི ་སྒྲིབ་པ་ཡོད་ན་ནི། །གྲིབ་མ་ཀུན་ཏུ་འབྱུང་འགྱུར་གྱི། །གྲིབ་མ་ཉི་མ་རྡུལ་གཉིས་ཀྱིས། །བར་ན་གནས་པར་མི་རིགས་སོ། །གྲིབ་མ་དང་ནི་སྒྲིབ་པ་ལ། །མང་པོའི་མཐུ་ནི་སྐྱེ་བ་ལྟར། །དེ་བཞིན་རྡུལ་ཕྲན་རྣམས་ལ་ནི། །རེ་རེ་ནས་ནི་གཏན་དུ་མིན། །དེ་ཕྱིར་ཐ་དད་མ ་ཡིན་ཕྱིར། །གོང་བུ་དེ་དག་མ་ཡིན་ཞེས། །གང་སྨྲས་དེ་ནི་རེས་འགའ་ཞིག་།གལ་ཏེ་འགྱུར་པ་མེད་ལ་རིགས། །ཕན་ཚུན་བདག་ཉིད་མ་རེག་པ། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང ་བ་ཡིན། །ཕན་ཚུན་དུ་ནི་ཕན་འདོགས་པའི། །བྱེ་བྲག་གིས་ནི་བརྒྱུད་པ་བཞིན། །རྡོ་རྗེ་ལ་སོགས་རྡུལ་ཕྲན་རྣམས། །དེ་དག་ཆད་པར་མི་འགྱུར་ཏེ། །ཇི་ལྟར་སྔགས་ཀྱི་མཐུ་ཡིས་ནི། །འདྲི་སྦྲུ?་ལ་སོགས་འཛིན་པ་བཞིན། །རྫས་ཀྱི་མཐུ་ཡིས་ཕན་ཚུན ་དུ། །རྡུལ་ཕྲན་ཁ་ཅིག་སྲིད་འགྱུར་གྱི། །གཞན་དག་ནུས་པ་སྟོབས་ཆུང་ངོ། །མི་གཡོ་སོགས་གནས་བློ་ལྡན་ནི། །གྲངས་ལ་སོགས་པའི་བྱེ་བྲག་གིས། །དམྱལ་སོགས་རྡུལ་ཕྲན་ལ་རྟོག་པས། །དེ་ཕྱིར་མེད་པར་མི་རུང་ངོ། །གལ་ཏེ་དེ་འཁྲུལ་དབང ་ལས་གསུངས། །དྲུག་པ་བློ་ཙམ་རོགས་པ་ནི། །ཇི་ལྟར་བརྒྱད་པར་རྡུལ་ཕྲན་གྱི། །གྲངས་སོགས་འཁྲུལ་པ་སྐྱེ་བར་འགྱུར། །དེ་ཡི་དེ་ལྟར་རྟོགས་པ་དེ། །གལ་ཏེ་སེམས་ཅན་མཐུན་བྱའི་ཕྱིར། །དམྱལ་བ་ལ་སོགས་རྣམ་ཤེས་ལས། །ཕྲ་རབ་རྡུལ ་རྣམས་མི་སྣང་ཕྱིར། །གལ་ཏེ་དེ་ཡི་རྟོགས་པ་དེ། །གཞན་གྱི་འཁྲུལ་པ་ལས་ཡིན་ན། །གཙོ་བོ་སྐྱེས་བུ་ལ་སོགས་ལ། །གྲངས་སོགས་རྣམ་པའི་མཚན་ཉིད་དུ། །ཅི་ཡི་ཕྱིར་ན་གསུངས་མ་གྱུར། །དེ་ཡི་གནས་སྐབས་ཐོབ་པ་སྟེ། །ཡོན་ཏན་ཕུལ་དུ་ཕྱིན ་འདོད་པས། །ནོར་པར་རྣམ་པར་རྟོག་ན་ནི། །རྟོག་པ་སྔོན་དུ་མ་བཏང་འགྱུར། །དེ་བས་རྡུལ་ཕྲན་ཡོད་པ་ཉིད། །མི་གཡོ་སོགས་གནས་བློ་ལྡན་ནི། །དེ་ལས་གཞན་དེས་མ་གཟུང་བའི། །དེ་དག་ཤེས་ཕྱིར་ཡོངས་སུ་རྟོག། །མི་གཉིས་པ་ལ་ལྷན་ཅིག་ཏུ། །དམིགས་པ ་ངེས་པར་བསྟན་པ་གང། །ཤེས་དང་ཤེས་བྱའི་རང་བཞིན་ནི། །ངེས་ཕྱིར་ལྷན་ཅིག་མྱོང་བ་ཉིད། །ཤེས་པ་ལས་གཞན་འཛིན་པ་མེད། །ཡུལ་མེད་པ་ནི་དབང་བློ་མེད། །དེ་ཕྱིར་ལྷན་ཅིག་རིག་པས་ན། །སྔོན་པོའི་དེ་བློ་གཅིག་ཕྱིར་མིན། །གལ་ཏེ་རྣམ་ཤེས ་མི་འཛིན་པ་འམ། །ཡུལ་མེད་པར་ཡང་ཤེས་ཡོད་ན། །དེ་ཚེ་དེ་ནི་དེ་སྐད་དུ། །བརྗོད་པར་རིགས་ཀྱི་གཞན་དུ་མིན། །དུས་གཅིག་ཏུ་ནི་བརྗོད་འདོད་པས། །སངས་རྒྱས་མཁྱེན་བྱའི་སེམས་དང་ནི། །སེམས་དང་སེམས་བྱུང་རྣམས་ཀྱིས་ཀྱང། །ཀུན་ཏུ་གཏན་ཚིཌ ་མ་རེས་འགྱུར། །གལ་ཏེ་ལུང་ལས་གྲུབ་པའི་ཕྱིར། །སེམས་བྱུང་རྣམས་ཀྱི་འཁྲུལ་མིན་ན། །འདྲེ་དམྱལ་ལ་སོགས་རྣམ་ཤེས་ཀྱིས། །ཅེ་ཡི་ཕྱིར་ན་འཁྲུལ་པར་བརྗོད། །གལ་ཏེ་འབྲེལ་པ་མེད་པ་ལ། །ཁྱད་པར་དུ་ནི་འདོད་དབྱེར་ན། །དེ་ནི་མ་གྲུབ་མི་འདོད་ནའང། ། ་འཁྲུལ་པའི་ཕྱིར་ན་བསལ་བ་ཡིན། །འཇིག་རྟེན་འདི་ན་ལྷན་ཅིག་སྒྲ། །གཞན་མེད་པར་ནི་འགའ་ནའང་མིན། །གལ་ཏེ་ལྷན་ཅིག་མྱོང་ཡོད་ན། །དེ་ཕྱིར་གཏན་ཚིགས་འགལ་བའང་ཡིན། །གལ་ཏེ་ལྷན་ཅིག་སྒྲ་ཅིག་དོན། །དེ་ལྟ་གཞན་ལས་མ་གྲུབ ་ཉིད།། ཐུན་མོང་གི་ཆི་དངོས་པོ་ལ། །གཅིག་པུས་ཇི་ལྟར་མཐོང་བ་ཡིན། །གལ་ཏེ་ཐམས་ཅད་མཁྱེན་པ་ཡེ། །ཡེ་ཤེས་ཤེས་བྱ་སེམས་ཀུན་ན། །དེ་ཚེ་གཅིག་པུ་ཁོ་ན་ཡིས། །དམིགས་པ་གྲུབ་པ་གང་དུ་བརྗོད། །གཞན་གྱིས་དམིགས་པ་འགོག་པ་ནི། །ཚད ་མ་མིན་པས་མི་གྲུབ་སྟེ། །རང་བཞིན་བསྐལ་བ་ཡིན་པས་ན། །དེ་ཕྱིར་ཐེ་ཚོམ་མ་གྲུབ་བོ། །ཕྱིའི་དངོས་མེད་པས་གྲུབ་འགྱུར་ན། །རང་གི་ཆ་གཅིག་མཐོང་འགྱུར་ན། །བློ་ཙམ་དུ་ནི་སྨྲ་བ་ཡིས། །དེ་འགྲུབ་གཏན་ཚིགས་འདི་ཉིད་དོ། །སྣང་དང་ཐ་དད་མིན་སྒྲུབ?་ན ་གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར། །ཤེས་པ་རྣམ་བཅས་སྨྲ་བ་དང། དེ་ལ་རྩོད་བ་ཡོད་མ་ཡིན། གལ་ཏེ་དོན་གཅིག་ཁོ་ན་ཞིག། དམིགས་པར་གལ་ཏེ་རྟོག་བྱེད་ན། །ཤེས་པའི་ངོ་བོས་དབེན་པ་ཡིས། །དེ་ནི་ཇི་ལྟར་ཀུན་ཏུ་མྱོང། །དོན་དམིགས་ཚེ ་ན་གདུང་བ་དང། དགའ་བའི་ཚེར་བ་དེ་དག་ནི། །གལ་ཏེ་ཤེས་པའི་ངོ་བོ་ཡི། །ཚོར་བ་མེད་པར་མི་སྲིད་དོ། གལ་ཏེ་རྟོག་པར་རང་ངོ་བོ། །འགའ་ཞིག་ཁོ་ན་མྱོང་ཞེ་ན།། ཤེས་དག་ངོ་བོ་མི་མྱོང་བས། །དེ་ཡི་ཕྱིར་ན་དེ་མི་རིགས་?་མྱོང་དངོས་གཉིས་ཡིན་ཡང ་ཟླ་བའི་ངོ་བོ་གཉིས་བཞིན་དུ། །བསྟན་བཅོས་བྱེད་པས་གཅིག་གོ་ཞེས། །རབ་ཏུ་གྲུབ་པ་དེ་མི་རིགས། །གང་གིས་ལྷན་ཅིག་མྱོང་འགྱུར་བ། །ཚོགས་པ་སྔ་མ་ཁོ་ན་ལས། །ཤེས་པ་ཡུལ་བཅས་སྐད་ཅིག་སྟེ། །སྣང་བ་དང་བཅས་གཟུགས་བཞིན་ནོ། །གང་ཚེ་ཤེས ་བ་དང་དོན་དབ། །སྔ་ཕྱི་ཀུན?་ཏུ་འབྱུང་དེའི་ཚེ། །དེ་དང་འདྲ་ཕྱིར་དེ་མིང་གི། དངོས་སུ་ལྷན་ཅིག་མྱོང་མ་ཡིན། །མྱོང་བར་བྱ་ཕྱིར་རྣམས་ཤེས་ལས། །དོན་གཞན་མ་ཡིན་གཟུང་བ་ཡི། །ཆ་བཞིན་ཤེས་བསྒྲུབ་སྨྲ་བ་གང། དེ་ལ་གཏན་ཚིགས་མ་དེས་ཉིད།། ་ཤེས་བ་མྱོང་བར་རང་བཞིན་ཕྱིར། །མྱོང་བར་བྱ་བ་ཞེས་བརྗོད་དོ། །ཡུལ་ནི་རབ་ཏུ་སྣང་བ་ཡི། །ཤེས་པ་སྐྱེད་ཕྱིར་མྱོང་བ་ཡིན། །མྱོང་བར་བྱ་བའི་སྒྲར?་འདྲ་ཡང། །དེ་ཡི་དེ་ན་ནི་ཐ?་དད་ཉིད། །དཔེར་ན་བ་ལང་ཉིད་ཀྱི་ཕྱིར། །བ་ལང་དག་ལ་སོགས་པ་རྣམས། །དེ ་བཞན་རྣམ་པར་མེ་འགྲུབ་ཕྱིར། །ཐམས་ཅད་མཁྱེན་བའི་ཡེ་ཤེས་ཀྱི། །མྱོང་བར་བྱ་བརྒྱུད་གཞན་ལ།། བསྒོས་པའི་ཆོས་རྣམས་གདག?་ཡིན། །དེ་དག་གིས་ཀྱང་མ་ངེས་ཏེ། །རྟོགས་མེད་ཇི་ལྟར་ཐམས་ཅད་མཁྱེན། །ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དེ ་ལྟར་སྣང་བ་མྱོང་བྱ་ཉིད་?་དང་ཐ་དང་མིན་སྒྲུབ་ན། །གྲུབ་བསྒྲུབ་པ་ཉིད་དུ་འགྱུར། །གཟུགས་དང་འདྲ་བའི་བྱེད་བའི་དོན། །འབྲས་བུའི་སྒོ་ནས་མྱོང་བྱང་འདོད། །དེ་དངོས་མྱོང་བྱ་མ་ཡིན་པས། །ཐ་དད་མིན་པར་མ་འགྱུར་རོ། །རེ་འཛིན་བྱེད་དེ?་ཇི་ལྟར་ཞེས།། ་དེ་ནི་ཡོངས་སུ་གཅོད་པ་ཡི། །མཚན་ཉིད་ཡིན་ཏེ་དེ་ཡི་ཕྱིར། །དེ་ནི་ཇི་ལྟར་ཅི་འདྲ་ཞེས། །ཐེ་ཚོམ་ཟ་བར་མི་བྱའོ། །རྣམ་ཤེས་ངོ་བོ་གཞན་གྱིས་ནི། །རྣམ་པར་བཞག་ནས་སྒྲོ་བཏགས་ཏེ། །ཇི་ལྟ་བུར་ནི་དེ་ཡི་དོན། །ཡོངས་སུ་གཅོད་བྱེད་བརྗོད་པར་བྱ། །གང་གི་ཚེ་ན་རྣམ་ཤེས་དོན། །ཡོངས ་གཅོད་ཙམ་དུ་འདོད་དེའི་ཚེ། །ཤེས་པས་ཇི་ལྟར་རང་གི་ཡུལ། །རིག་པར་འགྱུར་ཞེས་སྨྲ་མས?་འབྲེལ། །རྣམ་ཤེས་དེ་ནི་བྱེད་པོ་མིན། །དམ་པའི་དོན་དུ་བྱ་བའང་མིན། །རིག་པ་ཙམ་དུ་ཟད་མོད་ཀྱི། །བྱེད་བ་ཉིད་དུ་སྒྲོ་བཏགས་གསུངས། །ཇི་ལྟར་ཐོགས་མེད་གཟིགས་པ་ཡི། །མཁྱེན་པ་ཀུན ་ཏུ་འཇུག་པ་ལྟར། །དེ་བཞིན་ཅུང་ཟད་མཐོང་བ་ཡི། །ཤེས་པ་གཟུགས་ལ་སོགས་ལ་འཇུག། ཐམས་ཅད་མཁྱེན་དང་གཞན་དག་ཏུ། །ཤེས་པ་ཙམ་དུ་ཁྱད་པར་མེད། །ཀུན་ཏུ་ཐམས་ཅད་རྣམ་མཁྱེན་བས། བདག་ཉིད་ཆེ་རྣམས་བྱེ་བྲག་དབྱེ། །རྣམ་པ་བཅས་སམ་ཅི་རྣམས་མེད། །དུས ་མཉམ་མི་མཉམ་ལས་སྐྱེས་ཤེས། །སངས་རྒྱས་མཁྱེན་ལའང་ཅི་ཡི་ཕྱིར། །བྱིས་པ་རང་ཏུ་འཇུག་མི་བྱེད། །ཁྱོད་ཀྱི་དེ་ལ་རྣམ་པ་གང། །སྲིད་པ་ཤེས་པ་དེ་ཉིད་ཀྱི། །རྣམ་པས་གཟུགས་ལ་སོགས་པ་ལ། །དེད་ཀྱང་རབ་ཏུ་རྟོག་པར་བྱེད། སྒྲིབ་པ་སྤངས་ཕྱིར་ཤེས་བྱལ། །མི་རིགས ་ཞེས་པ་འབྲེལ་པ་མེད། །ཇི་ལྟར་དེ་ནི་ཤེས་བྱ་ལ། །ཇུག་པ་དེ་ཙམ་མཐུན་པར་བསྒྲེ། །ཡོད་དམ་མེད་བའི་དོན་ལ་ཡང། །བློ་ནི་དཔྱོད་པའི་བདག་ཉིད་དོ། །དོན་ཡོད་གང་ལ་མི་བསླུ་ག་དོན་མེད་རབ་རིབ་ལ་སོགས་ལ། །དེད་ཀྱང་རབ་ཏུ་རྟོག་པར་བྱེད། སྒྲིབ་པ་སྤངས་ཕྱིར་ཤེས་བྱ་ལ། །མི་རིགས ་སྙམ་དུ། །བོ་ལ་སྒྲོ་བ་རྟགས་ནས་བརྗོད་ཀྱི། །རྣམ་པ་འགའ་ཡང་ཡོད་མ་ཡིན། ཡོད་དམ་ཡང་ན་མེད་རྟོག་ཀྱང། །རྣམ་ཤེས་རྟོག་བའི་བདག་ཉིད་དེ། །དོན་རབ་དཔྱོད་བའི་བྱེ་བྲག་གིས། །ཤེས་པ་ཐ་དད་བར་བརྗོད་དོ། །ཇི་ལྟར་ཁྱོད་ཀྱི་ཤེས་པ་ནི། ཡང་དག་དུན་རྣམ་མེད་ཀྱང། །ཡང ་དག་མིན་རྣམས་མྱོང་བ་ལྟར། །ཁོ་བོའི་ཡང་དག་དོན་དེ་བཞིན།། ཤེས་པ་དེ་ཡི་བདག་ཉིད་མིན། །གཉིས་མིན་བདག་ཉིད་འགལ་ཕྱིར་རོ། །ཡང་དག་མིན་ནི་མྱོང་མ་ཡིན། །དེ་ནི་མ་འཁྲུལ་ཐལ་?་འགྱུར་རོ། །ཇི་ལྟར་ནོར་བས་བརྟག་པ་ལྟར། །རྣམ་པར་བཞག་འདི་བྱས་ཤེས ་ན། །འཁྲུལ་པའི་རྣམ་པ་ངེས་གཟུང་བ། །མེད་ན་ཇི་ལྟར་རྟོག་བར་འགྱུར། །དེ་བས་རྣམ་ཤེས་ཡང་དག་ཏུ། རྣམ་པ་མེད་ཀྱང་མིག་ལ་སོགས། །འགྱུར་བ་ལས་ན་ཡོད་པ་འམ། །མེད་ཀྱང་རུང་སྟེ་ཡོངས་སུ་གཅོད། །གལ་ཏེ་མར་མེ་བདག་དང་གཞན། ཇི་ལྟར ་སྣང་པར་བྱེད་བ་ལྟར། །དེ་བཞིན་རྣམ་པ་ཤེས་ཡིན་འང། །དམིགས་པ་གཉིས་ཀྱི་ངོ་བོ་སྟེ། །འགའ་ཡང་འགལ་བ་ཡོད་མ་ཡིན། །གཟུགས་སྒྲ་ལ་སོགས་དོན་རྣམས་ནི། དབང་པོ་ཐ་དད་སྦྱོད་ཡུལ་ལོ། །དེས་ན་དེ་དག་གཅིག་བུ་མི། །མྱོང་བར་བྱ་བ་མ་ཡིན་འདིར། །ཐ་དད་པ་ཡི་རྒྱུ་མ ་ཡིན། །ཤེས་པ་དམིགས་པའི་མཚན་ཉིད་ནི། །གང་ལས་སྐྱེ་ཞིང་གང་འདྲ་བ། དེ་མ་ཐག་པའི་ཤེས་པ་གང། །ཡུལ་མཚུངས་ཡུལ་དུ་འགྱུར་རོ་ཞེས། །འཁྲུལ་བ་ཉིད་དུ་བཤད་པ་ནི། །དེ་ནི་རྟག་པ་མ་ཡིན་ནོ། །གང་ཕྱིར་ཡུལ་དུ་སྣང་བ་ལས། །འདྲ་བར་རིག་མེད་ཕྱིར་རོ། །ཤེས་བའི ་རྣམ་པར་འདྲ་བ་ནི། །སེམས་པ་ཐམས་ཅད་ལ་ཡང་ཡོད། །དེ་ལྟར་འདོད་ན་ཡུལ་འདྲ་ཞེས། །ཁྱད་པར་བརྗོད་པར་མི་བྱའོ། །གཟུང་བར་སྣང་བ་འདི་ལ་ནི། །དེ་མ་ཐག་པའི་ཤེས་མི་སྣང། །ཡུལ་ནི་མཚུངས་པ་ཉིད་ཀྱི་ཕྱིར། །སྔོན་པོ་ལ་སོགས་ཁོ་ན་སྣང། །སྔོན་པོ་ལ་སོགས ་སྣང་བའི་ཤེས། གལ་ཏེ་དེ་མ་ཐག་ཡིན་ན། །དེ་ཚད་ཡུལ་དེ་ཡིན་ན། །དེ་ཚད་ཡང་དོན་མི་ཚུངས། །ཡོད་པ་ཉིད་བདེན་མཚུངས་མ་ཡིན། །ཇི་ལྟར་མི་རྟག་མི་སྡུག་སོགས། །དེ་བཞིན་གཤེགས་པས་དེ་ལ་ཡང། །གཟུང་བར་སྣང་བ་མ་ཡིན་ནོ། །ཕྱི་རོལ་དམིགས་པ་མི ་ཕྱིར། །ཡུལ་ནི་གཟུང་བའི་ཆར་འདོད་ན། །དེ་ཡང་མཚན་ཉིད་མི་འཐད་པར། །བློ་ཡི་ཅི་ཕྱིར་རྣམ་མི་རྟོག་།དེ་ཉིད་སེམས་ཀྱི་སྣང་བ་ཡིན། །དེར་སྣང་བ་ཡི་བླ་མ་ཡིན། །ཡུལ་ནི་ཐ་དད་མ་ཡིན་ཕྱིར། །བསྐྱེད་བར་བྱེད་པའང་མ་ཡིན་ན། །ཇི་ལྟར་དེ་ནི་འདོད་པར་བྱེད།། ་ཕྱི་ཡི་རྡུལ་ཕྲན་འདུས་པ་ནི། །ཡན་ལག་རེ་རེ་མཚང་ཕྱིར། །དམིགས་པ་མིན་ན་ཇི་ལྟ་བུར། །གཉི་ག་འང་མེད་པར་འདོད་པར་བྱེད། །འཛིན་བའི་རྣམ་པའི་ཤེས་པ་ནི། །མཚན་ཉིད་གཉི་གའི་རྣམ་སྤངས་ན། །ཇི་ལྟར་དམིགས་པ་མ་ཡིན་བཞིན། །གཟུང་བའི་རྣམ ་པའང་མི་འདོད་དོ། །ཤེས་བ་འདྲ་བ་སྔ་མ་ལ། །དམིགས་པར་འདོད་པ་གང་ཡིན་པ། །དེ་ཡང་མི་རིགས་ཤེས་པ་ལ། །ཤེས་པ་དེ་མ་ཐག་མི་སྣང། །གལ་ཏེ་སྒྲ་ཤེས་མཇུག་ཐོགས་སུ། །གཟུགས་ཀྱི་རྣམ་པར་ཤེས་འབྱུང་ན། །ཤེས་པ་དམིགས་དང་དེ་དང་ནི། །ཇི་ལྟ་བུར་ན་འདྲ་བ་ཡིན།། ་ཁ་ཅིག་ཤེས་པ་མཚུངས་བསྐྱེད་པའི། །ནུས་པ་དམིགས་པ་ཡིན་པར་འདོད། །དེ་ཡང་མི་རིགས་?་ཕྱིར། །དབང་པོ་སེམས་ལ་ནུས་མི་སྣང། །གཟུང་བར་བྱ་ལ་ཡུལ་ཉིད་དུ། །ངེས་པས་ཡུལ་དུ་གནས་ཡིན་ན། །འཇིག་རྟེན་ལས་ནི་དོན་གྲུབ་ཕྱིར། །མཚན་ཉིད་ཡོད་པ་ཉིད ་མི་བརྗོད། །ཤེས་དང་མཐུ་ནི་འཇིག་རྟེན་ན། །དོན་དུ་ངེས་པར་བྱས་མིན་ལ། །མཚན་ཉིད་ཀྱང་ནི་ཡོད་མིན་ནོ། །དེ་ནི་ཇི་ལྟར་དམིགས་པ་ཡིན། །འཇིག་རྟེན་རིགས་པ་ལུང་བརྟེན་ནས། །ཕྱི་རོལ་དམིགས་པ་ཉིད་དུ་ནི། །ཡོངས་སུ་བརྟག་པར་བྱ་རིགས་ཀྱི། །ཤེས་བྱ་གཏན་?་མ་ཡིན་ནོ།། ་འདོད་དང་མི་འདོད་ལ་སོགས་གཟུགས། །ཡང་དག་དུན་ཕྱི་ཅིག་མིན། །དེ་ལྟར་འདི་ནི་བློ་ཙམ་ཞེས། །བྱ་བ་དེ་ནི་འབྲེལ་མ་ཡིན། སྡུག་ལ་སོགས་པ་གཟུགས་ཅིག་ལ། །ཡོན་ཏན་སོགས་གོམ་རྒྱུ་བཅས་ཏེ། །རྒྱུ་ཡི་དབྱེ་བས་འབྲས་བུ་ཡང། །ཕན་འདོགས་པ་ཡི་བྱེ་བྲག་དབྱེ། །དོན་ལ ་སྔོན་?་སྣང་བ་ཡིན། །ཤེས་པ་དོ་ཡི་དེ་མ་ཐག། གོམས་པ་ལས་ནི་སྡུག་སོགས་གཟུགས། །དེ་བཞིན་གཞན་ལས་གཞན་འབྱུང་ངོ། །དགའ་དང་གདུང་གཉིད་གོམས་པ་ཡི། །ཁྱད་པར་གྱི་ནི་བྱེ་བྲག་དབྱེ། །དོན་གྱི་རྣམ་པ་ལས་མིན་པར། །འདོད་ན་དེ་ནི་ཅིའི་ཕྱིར། །སྒྲོ་བཏགས ་ནས་ནི་སུན་ནི་འབྱིན་བྱེད། །དེ་བས་དམིགས་པ་མེད་པའི་དངོས། །ཇི་ལྟ་བུར་ཡང་མི་འཐད་དོ། །དོན་བྱེད་སྣང་ཕྱིར་གྲུབ་པ་ཡིན། །དེ་མེད་ཕྱིར་ན་དེ་མེད་དོ། །མི་སམ་གདོན་བཞིན་དོན་རྣམས་ནི། །མེད་པར་ཡང་ནི་བྱེད་འདོད་པས། །དེ་ཕྱིར་དོན་བྱེད་ཡོད་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ ་མེད་འདོད་ན། །ཁོ་བ་བྱེད་བ་ཙམ་གྱིས་ནི། །ཕྱི་དོན་གྲུབ་བར་མི་སྨྲ་སྟེ། །ལོག་པར་ཤེས་པའི་རང་བཞིན་ལས། །བྱེད་པར་འགྲུབ་པ་མཐོང་ཕྱིར་རོ། །འོན་ཀྱང་དོན་དེས་ཐོབ་པ་ཡིས། །ལུས་ལ་ཕན་དང་གནོད་བྱེད་པ། །འཁྲུལ་པ་ལ་ནི་དེ་མེད་ཀྱི། །བྱེད་པར་མ་ཞིག་ཡོད་ཕྱིར། རོལ ་རྨི་ལམ་ན་ནི་འདོད་སྤྱོད་པ། །དེ་ཡི་ངེས་པ་སྐྱེ་འགྱུར་བ། །ཁུ་བ་འབྱུང་ཙམ་མ་ཡིན་ནོ། །འདོད་བའི་དོན་ཐོབ་ག་ལ་ཞིག་ཁུ་བ་འདོད་ཆགས་འབྲལ་ཡིན་ཕྱིར། །རྨི་ལམ་ལས་གཞན་དག་ཏཱུང་འབྱུང། །འདོད་པས་བུས་མེད་རེག་ཡིན་ན། །ཇི་ལྟ ་བུར་ནི་མི་བསླུ་ཡིན། །གལ་ཏེ་བུད་མེད་སྣང་བ་ལ། །འདོད་པ་བརྟེན་ལས་བྱུང་ཡིན་ན། །རྨི་ལམ་གནོད་བཞིན་སེན་མོ་དང། །ཅི་ཕྱིར་སོ་བཏབ་ལ་སོགས་མིན། །གལ་ཏེ་བུད་མེད་མེད་བར་ཡང། །དེ་ལ་བརྟེན་པ་འབྱུང་ནི་?། །རྨི་ལམ་གནོད་བཞིན་སན་མོ་དང། །ཇི་ལྟར་སོ ་བཏབ་ལ་སོགས་མིན། །ཆགས་ལས་ཁུ་བ་བྱུང་བ་ལ། །བློ་ཡི་དོན་ནི་བྱས་སོ་ཞེས་།བྱ་བ་དེ་ནི་བཟང་མ་ཡིན། །ཇི་ལྟར་བྱ་བ་ཙམ་མི་བརྗོད། །བུ་རྙེད་ལ་སོགས་གང་དག་ཏུ། །རྨི་ལམ་བདེན་པ་མཐོང་བ་ནི། །མཐོང་བ་དེ་ཡང་བསླུ་བ་ཡིན་། །བརྗོད་པར་བྱེད་པ་ལས་ལས ་བསྐྱེད། །དེ་བཞིན་དམྱལ་བའི་སྲུངས་ལ་སོགས། །ཡོད་ཕྱིར་རྣམ་ཤེས་རྣམ་པ་ཙམ། །དོན་བྱེད་གང་ཡང་མ་ཡིན་ནོ། །དེ་ཕྱིར་སེམས་ཙམ་མ་གྲུབ་དོ?། །ཐ་དད་ལུས་སུ་སྣང་བ་ལ། །རྒྱུད་གཞན་དུ་ནི་གྲུབ་ཡིན་ན། །དམྱལ་བ་?་ཡང་དེ་བཞིན་ཡོད། །ཅི་ཕྱིར་སེམས་ཅན་གཞན ་མ་ཡིན། །དེ་བཞིན་དཀྱིལ་འཁོར་དེས་རྟོག་བའི། །ཚོགས་དུག་རྣམས་འཇིག་འགྱུར་བ། །ལྟ་ཡིས་རྗེས་སུ་འཛིན་མཛད་ཅིང་ངོ། །རང་ནི་དམ་ཚིག་ལ་གནས་པ། །སྔོན་གྱི་ཆོག་དང་བྲལ་བ། །གང་ཕྱིར་?་བྱེད་མི་ནུས་པས། །དེ་ཕྱིར་སེམས་ཀྱི་དེ་མ་བྱས། །གཞན་སེམས ་ཤེས་བའི་ཤེས་པ་ནི། །ཇི་བཞིན་དོན་མིན་ཇི་ལྟ་བུར། །གང་ཆེ་གཞན་གྱི་སེམས་ཡོད་ན། །ཤེས་པ་དེ་ནི་རྣམ་པར་འཇུག་།དོན་ཡོད་དེ་ནི་རྣམ་པ་ཡི། །རྣམ་པར་ཤེས་པ་འདོན་པར་འདོད། །རང་གི་ཡུལ་གྱི་དྲུང་སོ་?ནས། །བྱ་བ་བཞིན་དུ་འཛིན་མ་ཡིན?་གང་གི་མཇུག ་ཐོགས་སུ་འབྱུང་བ། །རང་སེམས་ཤེས་པའང་དེ་བཞིན་ནོ། །ཇི་སྐད་བཤད་པའི་མཚན་ཉིད་ཀྱིས། །འཛིན་པར་བྱེད་པ་སེམས་དེ་ཡིན། །འདས་པར་གྱུར་བའི་སེམས་ངན་པ། །ཡང་དག་འཇུག་པ་གང་ཡིན་?་པས་དད་ཡི་རྒྱུ་?་ནི། །བྱུང་བ་མན་ཕྱིར་འཛིན་མ ་ཡིན། སངས་རྒྱས་སྤྱོད་ཡུལ་མི་གཉིས་པའི། །ངོ་བོ་རབ་ཏུ་མ་ཤེས་ཕྱིར། །དོན་བཞིན་མིན་ཞེས་གང་སྨྲས་པ། །དེ་བཟང་མིན་གཉིས་མིན་པའི་ཕྱིར། །ཤེས་པ་འཛིན་པ་ཡོན་ཡིས། །དེ་གཟུང་མ་ལུས་འཛིན་པའི་ཕྱིར། །ཐམས་ཅད་མཁྱེན་པར་བཤད་པ་ཡིན། །གཉིས་མིན་རྣཾ ་དང་རིག་ཕྱིར་མིན། །བསྟན་པར་བྱ་མིན་ངོ་བོ་ཞིག། རིག་གོ་ཞེས་ན་གང་སྨྲས་པ། །གཞན་གྱི་རིག་བྱ་གང་ཡིད་པ། །དེ་ཅི་རབ་ཏུ་བསྟན་ནུས་སམ། ཕ་རོལ་སེམས་ནི་ཡོངས་ཤེས་ཕྱིར།། དེ་ཕྱིར་དམིགས་པ་ཡོད་པའི་ཕྱིར། །ཡིད་ཀུན་དམིགས་མེད་མ་ཡིན་ནོ། ་གལ་ཏེ་དེ་དག་གང་དུ་ཡང། །ཕྱི་ཡི་གཟུང་བ་མིན་ཞེ་ན། །ཐམས་ཅད་མཁྱེན་པ་ཇི་ལྟ་བུ། །རང་སེམས་ཙམ་ཞག་རྣམ་ཤེས་པས། །རང་རིག་ཁོ་ནར་ཟད་པའོ། །རང་སེམས་ཅམ་ཞིག་རྣམ་ཤེས་ཕྱིར། །ཐམས་ཅད་མཁྱེན་ཞེས་བརྟག་པར་ཟད། །ལེགས་ཤིག་བཞིག་ཤེ? ་?་ནི། །བློ་ཙམ་ལྟ་བར་མི་འགྱུར་རོ། མི་གཉིས་ཁོ་ན་ཤེས་པའི་ཕྱིར། །གལ་ཏེ་ཉེས་པ་མེད་འདོད་ན། །ཇི་ལྟར་དེ་བཞིན་རྣམ་ཤེས་ཀྱང། །དེ་ཡུལ་དམིགས་པ་ཡོད་པ་ཉིད། །གཉིས་རྣམས་གྲོལ་བའི་ཤེས་པ་ལ། །རྣམ་པ་ཀུན་ཏུ་ཀུན་རིག་ཅེས། །བྱ་བདེ་ནི་ཡ་མཚན་ཚེ ་ཇི་ཕྱིར་འཛིན་པའི་ངོ་བོར་ཡོད། །ཐམས་ཅད་མཁྱེན་ཡང་དམིགས་པ་གཞན། །ཅུང་ཟད་མེད་ཅེས་བྱ་བ་ནི། །མཁས་པ་རྣམས་ཀྱི་མཁྱེན་གྲང་གི། བདག་གི་བློ་དན་བེར?་སྡུགས་སོ། །མངོན་དུ་རྒྱུ་ཕྱིར་དེས་འགའ་ཞིག། གཉེན་པ་གོམ་པ་སྲིད་པའི་ཕྱིར། འདོད་ཆགས ་ལ་སོགས་ཉེས་པའི་ཚོགས། །གཏན་ཏུ་ཡོངས་སུ་ཟད་སྲིད་ཀྱི། །བྱིས་བའི་སེམས་ནི་ཐམས་ཅད་དུ། །གཉིས་ཀྱི་རྣམ་པ་ཡིན་བསམ། །གང་ཞིག་གོམས་བས་ཡོངས་?། །གཉེན་པོའི་སྐབས་ནི་ཡོད་མ་ཡིན། སྟོང་པོ་སྙམ་པའི་ཤེས་པ་གང། །བརྗོད་བའི་རྣམ ་པར་འཇུག་པ་ཡིན། །གཉིས་ཀྱི་ངོ་བོ་དང་ལྡན་པ། །ཇི་ལྟར་དེ་ནི་གཉེན་པོ་ཡིན། །འདོད་ཆགས་ངོ་བོ་གོམས་པ་ལམ། །ཇི་ལྟར་འདོད་ཆགས་མི་ཟད་ལྟར། །རོ་བཞིན་གཉིས་ཀྱི་?། །གོམས་བས་གཉིས་ཟད་མི་?། །བླ་ལ་དངོས་ཆ་སྒྲ་བཏགས་?་ནས། །བདག ་མེད་པ་ལ་སོགས་པ་སྒོམ། །གཉིས་མེད་པ་ལ་སྒྲ་ཙམ་སྟེ། །དོན་མེད་དེ་དག་བསྒོམ་མ་ཡིན། །རྟག་པར་དམིགས་པ་ཀུན་ཉོན་མོངས། །མི་རྟག་མྱུར་དུ་མྱ་ངན་འདས། །དམིགས་པ་ཐམས་ཅད་མེད་པ་ལས། །སངས་རྒྱས་ཉིད་ཐོབ་གདོན་མི་ཟ།། ་དམིགས་པ་ཐམས་ཅད་མེད་པ་ནི། །ཐམས་ཅད་དུ་ཡང་བྱ་བ་མེད། །འབང་དང་སྦྱོར?་བ་མེད་པར་ཡང། །སངས་རྒྱས་ཉིད་དུ་འདོད་པར་འགྱུར། །དེ་ཕྱིར་སེམས་ཅན་སྙིང་རྗེ་དང། །དེ་ལ་ཕན་དང་ཐབས་དང་ནི། །འདུས་བྱས་མི་རྟག་བསྒོམས་པ་ལས། །བདེ་བར་གཤེཌ ་པའི་གོ་འཕང་འཐོབ། །བློ་སྒྲ་ཙམ་ལ་ཇི་ལྟ་བུར། །སྦྱིན་པ་ལ་སོགས་ཡོངས་སུ་རྫོགས། །སྦྱིན་བྱ་མེད་པས་དེ་ཡི་ཕྱིར། །སངས་རྒྱས་ཉིད་ཀྱང་མི་སྲིད་དོ། །གལ་ཏེ་ཕན་ཚུན་དབང་གིས་ན། །རྣམ་པར་རིགས་པར་ངེས་པ་ལས། །སྦྱིན་དང་ལེན་པའི་རྣམ་པ་ཡིས། །བློ་ཞིག ་གལ་ཏེ་སྐྱེ་ཞེ་ན། །དེ་ནི་མངོན་སུམ་རྗེས་དཔག་དང། །ཡིད་ཆེས་ལུང་གིས་རབ་མ་སྒྲུབས། །དེ་ནི་རྟོག་པ་ཁོ་ན་ཙམ། །འབའ་ཞིག་ཡོངས་སུ་བསྒྲགས་པར་ཟད། །རྣམ་ཤེས་སྦྱིན་པའི་རྣམ་པ་ཅན། །བརྒྱ་ཕྲག་རྣམས་སུ་གོམས་བྱས་ཀྱང། །འོན་ཀྱང་སེམས་ཅན་འགའ་ཞིག ་གི། དབུལ་དང་བྲལ་བར་མི་འགྱུར་རོ།།རྣལ་འབྱོར་རྣམས་ཀྱི་ཡིད་ལ་བྱེད། །གང་ཆེ་ཚད་མེད་སྒོམ་ན་ཡང། །དེ་ཚེ་བདེ་དང་སྡུག་བསྔལ་བ། །འཐོབ་དང་ཡང་དག་ཟད་མི་འགྱུར། །ཀུན་ལ་ཐམས་ཅད་སྦྱིན་པ་དང། །སྙིང་རྗེས་སྦྱིན་པ་ཡོངས་རྫོགས་པ། །དོན ་བདོག་པ་དང་བྱེ་བྲག་མེད། །དེ་ལ་མི་སྦྱིན་དགག་པ་ཡིན། །ཡོངས་སུ་མྱ་ངན་འདས་པ་ཡིན། །སྐུ་གདུང་དང་ནི་ཤི་བའི་རོ། །ཁྱིམ་དང་ལྷ་ཁང་མཐོང་བ་དག། ཇི་ལྟར་གཞན་གྱི་དབང་ལས་སྐྱེ། །གལ་ཏེ་དེ་རང་རྒྱུད་མིས་ལས། །ཇི་ལྟར་འདས་པ་རྗེས་སུ་དཔག ་གལ་ཏེ་འདས་པ་རྗེས་མི་དཔོག་།དེ་ནི་ཤིན་ཏུ་འཇིག་རྟེན་ཐལ། །ཉན་ཐོས་གོལ་བས་རྣམ་དག་གྱིས། །སྐུ་གདུང་མཐོང་བ་ཆགས་བྲལ་བའི། །གལ་ཏེ་རྗེས་སུ་དཔག་མེད་པར་ཇི་ལྟ་བུར་ན་གུས་པ་སྐྱེ། །གལ་ཏེ་བརྒྱུད་པས་ཡིན་ཞེ་ན། །གསོན་པོ་དུམ་བུར་བཅད ་མཐོང་བ། །དེ་ནི་དེ་ཡི་དབང་ཡིན་ན། །ཡོངས་སུ་འདས་པ་ཇི་ལྟ་བུར། །འཇིག་རྟེན་པ་ཡི་ཚུལ་གནས་པ། །ས་བོན་སོགས་ལས་མྱུ་གུ་སོགས། །འབྱུང་ཞེས་བྱ་འདི་སེམས་ཙམ་དུ། །སྨྲ་ལ་རུང་བ་མ་ཡིན་ནོ། །གལ་ཏེ་ཤེས་གང་མཇུག་ཐོགས་སུ། །ཤེས་པ་ངེས་པར ་སྐྱེ་འགྱུར་བ། །རྒྱུ་དེ་དེ་ཡི་འབྲས་བུ་དེ། །ངེས་པ་འང་ཡོད་པ་མ་ཡིན་ཏེ། །འདི་ལྟར་མེ་ཡི་རྣམ་པར་ཤེས། །མེད་པར་དུ་བའི་བློ་སྐྱེའོ། །ས་བོན་མེད་པའི་སེམས་ལ་ཡང། །མྱུ་གུར་སྣང་བའི་བློ་ཡོད་དོ། །མེ་ཡི་བློ་ཡིས་བསྒོམས་པའི་སེམས། །དུ་བའི་སེམས་ཀྱི་རྒྱུ་ཡིན་ན།། ་ནུས་པ་དུ་མ་ཡོད་པ་ལ། །བྱེ་བྲག་རྟོགས་པ་ག་ལ་ཞིག། མེའི་བློ་དེ་མ་ཐག་པའི་རྒྱུ། །དུ་བའི་སེམས་ཀྱི་རྒྱུ་ཡིན་ན། །དེ་ཡང་བཟང་མིན་དུ་བ་ཡི། །སེམས་ལ་མེ་ཡི་ཡིད་མ་ངེས། །འབྲེལ་པ་རབ་ཏུ་མ་གྲུབ་ན། །ཇི་ལྟར་འདི་དང་འདི་ལས་ནི། །རྒྱུ་ལ་ཐ་སྙད་མ་འདྲེས་པ།། ་ཇི་ལྟ་བུར་ན་འཇུག་པར་འགྱུར། །དེ་ཕྱིར་བརྟགས་པ་ལ་བརྟེན་ནས། །ཁམས་གསུམ་པ་ནི་སེམས་ཅིམ་ཞེས། །ཐམས་ཅད་རབ་ཏུ་བཤད་ཡིན་གྱི། །གཟུགས་སོགས་མེད་ཕྱིར་མ་ཡིན་ནོ། །གང་ལ་ཆགས་ལ་སོགས་འབྱུང་བ། །བརྟགས་པ་མངོན་སུམ་མཛད་ནས ་ནི། །ཉེས་པ་ཞི་བར་བྱ་བའི་ཕྱིར། །དེ་ཕྱིར་ཡུལ་ལ་བདག་མེད་བསྟན། །དེ་བཞིན་གཞན་དཱུང་ཇི་ལྟ་བུར། །བྱིས་པ་རྣམས་ཀྱིས་རྣམ་བརྟགས་ལྟར། ཕྱི་དངོས་ཡོད་པ་མིན་ཞེས་གསུངས། །ཅི་ཡི་ཕྱིར་ན་ཁྱད་པར་མཛད། །དེ་མ་ཐག་ཏུ་བསྟན་པ་ལས། །བྱེད་པར་མངོན ་པར་ཞེན་པ་ལས། །བྱ་བ་རྣམས་སུ་ཡོངས་སུ་ཤེས། །དེ་ཕྱིར་བདག་ནི་བཀག་ཅེས་གསུངས། །དེ་བཞིན་གཞན་དཱུང་བསྟན་པ་ལས། །བརྟགས་དང་རྣམ་པར་བརྟགས་པ་དང། །ཆོས་ཉིད་གཟུགས་ཞེས་དཀའ་སྩལ་ཏེ། །ཆོས་ཉིད་རང་གི་མཚན་ཉིད་དོ། །དངོས་པོ་ཙམ་ནི ་བརྟགས་པའོ། །རྣམ་པར་བརྟགས་པ་ཁྱད་པར་དུའོ། །ཆོས་ཉིད་ཀྱི་འདི་དབྱེ་བ་འདི། །དངོས་པོ་མེད་ན་མི་རུང་ངོ། །གལ་ཏེ་གཟུགས་སྟོང་གསུངས་ཤེ་ན། །དེ་ལ་གཟུགས་སྒྲ་ཇི་ལྟ་བུར། །བརྟགས་ཏེ་བསྟན་པ་ཡིན་ན་ནི། །འབྲས་བུ་འདོད་པ་ཅི་ཞིག་ཡིན། །གང་དུ ་མི་བསླུ་སྲིད་པ་ཡི། །དེ་བས་དེ་དངོས་ཡོད་པ་ཉིད། །ཐམས་ཅད་མེད་པར་ཁོ་ན་ལས། །རྨི་ལམ་བཞིན་དུ་དམིགས་མ་ཡིན། །ཕྱི་རོལ་དོན་དུ་སྨྲ་རྣམས་ཀྱིས། །བློ་ཙམ་སྨྲ་ལ་དེ་སྐད་སྨེས། འདི་ནི་རིག་པའམ་འོན་ཏེ་མིན། ་མཁས་པ་རྣམས་ཀྱིས་དབང་དུ་གསོལ། །རིགས་དང་མི་རིགས་དཔྱད་པ་ལ། །བདག་ལ་མཁས་བློ་མཚར་ཞིག་མེད། །འོན་ཀྱང་གཞན་སྨྲས་བདེན་པ་ནི། །མང་པོ་མདོར་བསྡུས་ནས་བསྟན་གྱིས། །ཤེས་པའི་སྣང་བས་གཏི་མུག་གི་།མུན་བཅོམ་མཁས་པས་མངོན ་མཛད་ཅིང། །ད་རིང་ཕྱིན་ཆང་ཚེ་རྣམས་ཀྱིས། ལམ་དུ་སྐྱེ་བོ་གླེན་དེངས་ཤིག། ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །། ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་པོ་ཆེན་པོ་ཇིན་མི་ཏྲ་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བ་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཐོས?་པ་བརྟག་པ་སློབ་དཔོན་དགེ་སྲུངས་ཀྱི་མཛད ་