CLOSE WINDOW

N4530: dmigs pa brtag pa'i 'grel bshad
Wyliee-texts based on the ACIP/ALL Input

ཅན?། །དམིཌ་པ་བརྟག་པའི་འབྲེལ་བཤད་དུ་ལབ་ལྷས་མཛད་པ། །།རྒྱ་གར་སྐད་དུ། ཨ་ལ་བ་ན་པ་རཱིཀཱ་ཊཱིཀཱ། བོད་སྐད་དུ། དམིགས་པ་བརྟག་པའི་འགྲེལ་བཤད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ། །ཐུགས་རྗེས་ཟིན་པའི་དགོངས་པ་ཅན། །ཐམས་ཅད་མཁྱེན་པའི་སྤྱི་བོ་ཡིས། །ཕྱག་འཚལ་དམིགས་བ་བརྟག་པ་ཡི། །རྣམ་པར་བཤད་པ་རབ་ཏུ་བྱ། །གང་དག་མིག་ལ་སོགས་པ་རྣམ་པར་ཤེས་པའི་ཞེས་བྱ་བའི་ཚིག་དང་པོ ་འདིས་ནི་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་དང། ཕྱིན་ཅི་ལོག་གི་རྒྱུ་མཚན་བསྟན་ཏོ། །དགོས་པ་དང་འབྲེལ་བ་དག་ནི་ཤུགས་ཀྱི་དཔག་པར་བྱ་སྟེ། ཤུགས་ཀྱང་སྐབས་སུ་བབ་ན་བསྟན་པར་བྱའོ། །རབ་ཏུ་བྱེད་པ་འདིའི་འགྲེལ་པ་དང། བརྗོད ་པར་བྱ་བ་དང། དགོས་པ་རྣམས་ནི་གདོན་མི་ཟ་བར་བརྗོད་དགོས་སོ། །དེ་ལྟ་མ་ཡིན་ན་འབྲེལ་བ་མེད་པ་དང། བརྗོད་པར་བྱ་བ་མེད་པ་དང། དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་ཉན་པ་བ་རྟོག་པ་སྔོན་དུ་གཏོང་བ་དག་ཁས་མི་ལེན་ཏོ། །དེ་ལྟ་བས་ནའི་དར་གང ་དག་མིག་ལ་སོགས་བའི་རྣམ་པར་ཤེས་པའི་དམིགས་པ་ཕྱི་རོལ་གྱི་དོན་ཡིན་པར་འདོད་པ་དེ་དག་རྡུལ་ཕྲ་རབ་རྣམས་ཡིན་པ་འམ། དེ་འདུས་པ་ཡིན་པར་རྟོག་གྲང་ན་ཞེས་བྱ་བ་འདིས་ནི་སྤང་བར་བྱ་བའི་རང་བཞིན་གྱི་བརྗོད ་པར་བྱ་བ་བསྟན་ཏོ། །དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་དང། དེར་སྣང་བའི་ཤེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བ་འདིས་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་བསྟན་ཏོ། །དགོས་པ་དང་འབྲེལ་པ་དག་ནི་ཤུགས་ཀྱིས་བསྟན་ཏོ། །དེ་ལ་ཤུགས་ནི་འདི་ཡིན ་ན་འདིར་གང་དག་མིག་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པ་ཕྱི་རོལ་གྱི་དོན་ཡིན་པར་འདོད་པ་དེ་དག་རྡུལ་ཕྲ་རབ་རྣམས་ཡིན་པ་འམ། དེ་འདུས་པ་ཡིན་པར་རྟོག་གྲང་ན་ཞེས་བྱ་བ་འདིས་ནི་སྤང་བར་བྱ་བའི་རང་བཞིན་གྱི་བརྗོད ་བར་བྱ་བ་བསྟན་ཏོ། །དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་དང། དེར་སྣང་བའི་ཤེས་པ་སྐྱེ་པའི་ཕྱིར་ཞེས་བྱ་བ་འདིས་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་བསྟན་ཏོ། །དགོས་པ་དང་འབྲེལ་པ་དག་ནི་ཤུགས་ཀྱིས་བསྟན་ཏོ། །དེ་ལ་ཤུགས་ནི་འདི་ཡིན ་པར་ཁོང་དུ་ཆུད་པར་བྱ་སྟེ། །ཕྱི་རོལ་གྱི་དམིགས་པ་དགག་པའི་ཕྱིར་དང། ནང་གི་རབ་ཏུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ། །དེ་བས་ན་ཕྱི་དང་ནང་གི་དོན་དགག་པ་དང། རབ་ཏུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདི་རྩོམ་པས་ཤུགས་ཀྱི ་འགོག་པ་རབ་ཏུ་སྒྲུབ་པ་དག་ནི་དགོས་པ་ཉིད་ཡིན་ལ། རབ་ཏུ་བྱེད་པ་ནི་ཐབས་ཉིད་ཡིན་པར་བསྟན་པར་འགྱུར་ཏེ། འདི་ལྟར་རྟོག་པ་སྔོན་དུ་གཏོང་བ་རྣམས་ནི་དགོས་པ་མེད་པ་ལ་ཡང་འཇུག་པར་མི་འགྱུར་ལ། ཐབས ་མ་ཡིན་པ་ལ་ཡང་མ་ཡིན་ནོ། །འདིར་རིགས་བས་ཕྱི་རོལ་གྱི་དམིགས་པ་དགག་པ་དང། ནང་གི་རབ་ཏུ་སྒྲུབ་པ་འདི་ནི་བརྗོད་པར་བྱ་བ་ཡིན་ནོ། །དེ་གཉིས་འགོག་པ་དང་རབ་ཏུ་སྒྲུབ་པ་དག་ནི་དགོས་པ་ཡིན་ནོ། །དགོས་པ་དེ་ཡང་རབ་ཏུ་བྱེད་པ ་འདིས་བྱེད་བ་རབ་ཏུ་བྱེད་པ་ནི་དགོས་པ་འདིའི་ཐབས་ཡིན་ནོ། །དེའི་ཕྱིར་རབ་ཏུ་བྱེད་པ་དང། དགོས་པ་དག་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ནོ། །དེ་ལྟ་བསམ་ཕྱི་དང་ནང་གི་དོན་དག་དགག་པ་དང། རབ ་ཏུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ་ཞེས་བྱ་བར་གནས་སོ། །དེ་ལྟར་གནས་པ་ལ་བརྒྱལ་འགའ་ཞིག་འགོག་བ་དང། རབ་ཏུ་སྒྲུབ་པ་འདི་དག་གིས་ཅི་ཞིག་བྱ་སྟེ། དེ་དག་ནི་གང་དུ་ཡང་མི་མཁོ་ཞེས་གླེང་བར་བྱེད་ན་འདིར་སྨྲས་པ། ་དོར་བ་དང། བླང་བ་དང་འགོག་པ་དང་རབ་ཏུ་སྒྲུབ་པར་བྱེད་པ་གང་དག་ཡོད་པ་དེ་དག་ནི། དེ་གཉིས་འདོར་བ་དང་ལེན་པར་བྱེད་པ་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་དོན་དོར་བར་བྱ་བའི་ཕྱིར་འགོག་བར་བྱེད་དེ། ཅི་ནས་ཀྱང་འགོག་པ་ལས་ཕྱི ་རོལ་གྱི་དོན་དོར་བར་བྱ་བ་ཉིད་ཡིན་པར་ཤེས་ནས་དོར་བར་བྱའོ་སྙམ་སྟེ་འགོག་པར་བྱེད་དོ། །དེ་བཞིན་དུ་རབ་ཏུ་སྒྲུབ་པ་ཨས་ནང་གིས་དོན་བླང་བར་བྱ་བ་ཉིད་ཡིན་པར་ཤེས་ནས་བླང་བར་བྱའོ་སྙམ་སྟེ། རབ་ཏུ་སྒྲུབ་པར་བྱེད་དོ། །དེ་བས ་ན་ཕྱི་དང་ནང་དོར་བར་བྱ་བ་དང། བླང་བར་བྱ་བ་དགོང་བར་བྱ་བ་དང་བླང་བའི་ཕྱིར་འགོག་པ་དང། རབ་ཏུ་སྒྲུབ་པར་བྱེད་པས་དགོས་པ་ཡང་བཤད་པ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་ཇི་ལྟར་ཚིག་དང་པོ་འདིས་སྤང་བར་བྱ་བའི་རང་བཞིན ་གྱི་བརྗོད་པར་བྱ་བ་བསྟན་པར་བྱ་པ་དེ་བཞིན་དུ། བླང་བར་བྱ་བའི་རང་གི་ངོ་བོ་ཡང་བསྟན་དགོས་སོ་ཤེ་ན། འདིས་སྨྲས་པ་ཕྱི་རོལ་གྱི་དོན་ཏུ་སྨྲ་བ་རྣམས་ནི་ཕྱི་རོལ་གྱི་དོན་དུ་ཡོངས་སུ་རྟོགས་པས་ཤིན་ཏུ་གནོད་དེ། དེའི་ཕྱིར་དེ་ཁོ་ན་ཚིག་དང་པོས་བསྟན་ནས་གཅོད ་དེ་དགག་པར་བྱའོ། །ཕྱིས་ནི་ཞར་ལ། ནང་གི་ངོ་བོའི་ཤེས་བྱ་ནི། ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། དོན་ཡིན་ཞེས་བྱ་བ་འདིས་ནང་གི་ལེན་བར་བྱེད་དེ། རེ་ཞིག་འདི་ནི་སྤྱིའི་དོན་ཡིན་ནོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང་དག་མིག་ལ་སོགས་པའི ་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྒོལ་པ་རིལ་གྱིས་དམིགས་པ་ཕྱི་རོལ་གྱི་དོན་བྱིན་པར་འདོད་པ་ནི་མ་ཡིན་པས་དེའི་ཕྱིར་གང་དག་ཅེས་བྱ་བ་སྨོས་སོ། །དབང་པོ་གང་དག་ལ་མིག་ལ་སོགས་པ་ཡོད་པ་དེ་དག་ནི་མིག་ལ་སོགས་པ་སྟེ། སོགས་པ་སྨོས་པས ་ནི་རྣམ་བ་ལ་སོགས་པ་ཡིད་ལ་ཐུག་པའི་བར་བཟུང་ངོ། །འདི་ལྟར་ཡིད་ཀྱང་ཕྱི་རོལ་གྱི་དམིཌ་པ་ཅན་དུ་འདོད་པ་ཉིད་དེ། དེའི་ཕྱིར་དེའི་དམིགས་པ་ཡང་འདིར་ཚར་གཅིག་ཏུ་དགག་པ་བྱའོ། །དེ་བཞག་པས་ཅི་ཞིག་བྱ་སྟེ། བསྟན་བཅོས་བྱེད་པ་གང་གིས་ན་དེ་བཞག ་པར་བྱ་བ་དེའི་ཡུལ་ལོགས་ཤིག་ཏུ་འགོག་པར་ནི་མི་བྱེད་དོ། །དེའི་ཕྱིར་སློབ་དཔོན་ཆོས་སྐྱོང་གིས་རང་གི་འགྲེལ་བཤད་ལས། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་བཞག་པའི་ཕྱིར་མང་པོ་ཞིག་སྨོས་པ་གང་ཡིན་པ་དེ་ནི་དེ་ཉིད་ཤས་གྲང། བདག་གིས ་ནི་དེའི་བསམ་པ་ཟབ་པའི་ཕྱིར་མི་རིག་གོ་།མིག་ལ་སོགས་པ་དག་གི་རྣམ་པར་ཤེས་པ་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །མིག་ལ་སོགས་པའི་རྣམ་པ་མང་བ་ཉིད་ཁོ་ནས་རྣམ་པར་ཤེས་པའི་རྣམ་པ་ཡང་མང་བ་ཉིད་དུ་བསྟན་པར་འགྱུར ་བས་རྣམ་པར་ཤེས་པ་ལ་མང་པོའི་ཚིག་བསྟན་པར་བྱ་སྟེ་དཔེར་ན། ཟངས་དང་ལོ་མ་དག་ལ་དམར་པར་གྱུར་པ་ཞེས་བྱ་བ་ལྟ་བུའོ། །དམིགས་པ་ཕྱི་རོལ་གྱི་དོན་ཞེས་བྱ་བ་ལ། ཕྱི་རོལ་གྱི་དོན་ནི་ཕྱི་རོལ་གྱི་སྟེ། རྣམ་པར་ཤེས་པའམ་གཏོགས་པ ་ཞེས་བྱ་བའི་ཐ་ཚིག་གོ་།རྟོགས་པར་བྱ་བ་ན་དོན་ཏེ་ཤེས་པར་བྱ་ཞིང་གཟུང་བར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ་།དོན་ཞེས་བྱ་བའི་སྒྲ་ནི་འདིར་ཡུལ་གྱི་རྣམ་གྲངས་ཡིན་པར་བསྟན་པར་བྱའི་རྫས་ཡོད་པར་བྱེད་པ་ནི་མ ་ཡིན་ཏེ། འདི་ལྟར་འདུས་པ་ཡང་ཡུལ་ཉིད་དུ་འཆད་པར་འགྱུར་མོད་ཀྱི། འདི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །དམིགས་པ་ཡིན་པར་འདོད་པ་ཞེས་བྱ་བ་ནི་གཟུང་བ་ཡིན་པར་ཁས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་རྡུལ་ཕྲ་རབ་དག་ཡིན་པ ་འམ། ཞེས་བྱ་བ་རྒོལ་བ་དེ་དག་རྣམ་པར་ཤེས་པའི་ཡུལ་རྡུལ་ཤིན་ཏུ་ཕྲ་བ་དག་ཡིན་པར་ཁས་ལེན་པར་འགྱུར་བ་འམ་ཞེས་པའོ། །དེ་དག་ནི་རྡུལ་ཡང་ཡིན་ལ་ཕྲ་རབ་ཀྱང་ཡིན་པས། རྡུལ་ཕྲ་རབ་དག་སྟེ། གང་ཕན་ཆད་ཅེས་ཕྲ་རབ་གཞན་མེད ་པའི་ཕྱིར་ཤིན་ཏུ་ཕྲ་མོ་ཞེས་བྱ་བའི་ཐ་ཚིག་གོ་།རྡུལ་ཕྲ་རབ་འདུས་པ་ཁོ་ན་སྐྱེ་ཞིང་འགག་མོད་ཀྱི། འོན་ཀྱང་གཞན་དག་འདི་དག་འདུས་པ་རེར་རེ་ཡང་དམིགས་པ་ཉིད་ཡིན་པར་འདོད་དེ། ཇི་ལྟར་དབང་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་བའི་ཕྱིར ་གཟུགས་དང་རོལ་སོགས་པ་གཅིག་ཏུ་འདུས་པ་དག་ཀྱང་སོ་སོར་ངེས་པའི་དབང་པོའི་གཟུང་བ་ཡིན་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡོད་རྫས་ཡོངས་སུ་བཅོད་པ་ལ་ནུས་པ་ངེས་བའི་ཕྱིར། རྡུལ་རེ་རེ་ཞིང་དམིགས་པ་ཡིན་གྱི་སྤྱི་ནི་མ་ཡིན་ནོ ་ཞེས་གྲག་གོ་།འདུས་པ་ཡིན་དུ་ཟིན་ཀྱང་འོན་ཀྱང་ཤིན་ཏུ་ཕྲ་མོ་དེ་དག་ཇི་ལྟར་དམིགས་པར་འགྱུར་ཞེ་ན། དེའི་ཕྱིར་དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་དག་ཕྲ་མོད་ཀྱི། འོན་ཀྱང་གང་གི་ཕྱིར་རྫས་སུ་ཡོད་པས་རྣམ་པར་ཤེས་བའི ་རྒྱུའི་དངོས་པོར་འགྱུར་བ་དེའི་ཕྱིར་དམིགས་པར་འདོད་དོ། །འདིའི་བསམ་པ་ནི་དམིགས་པའི་དོན་ནི་རྒྱུའི་དོན་ཏོ་སྙམ་པ་ཡིན་ཏེ། རྐྱེན་རྣམས་ནི་ནང་དུ་དམིགས་པ་བསྟན་པའི་ཕྱིར་དང། རྐྱེན་ཡང་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་ཉིད ་ཡིན་པ་འདི་ཡང་གཞན་གྱི་ལྟར་རྡུལ་ཕྲ་རབ་རྣམས་དམིགས་པ་ཡོངས་སུ་བརྟག་པ་ལ་ཕྱིན་ཅི་ལོག་གི་རྒྱུ་མཚན་ཡིན་ཏེ། འདི་ལྟར་དེ་དག་རྣམ་པར་ཤེས་པའི་རྒྱུའི་དངོས་པོར་འགྱུར་བ་ན། ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་དམིགས་པ་ཡིན་པར་འདོད ་དོ། །དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་རྣམ་པར་ཤེས་པ་དང་སྦྱར་རོ། །ཕྱོགས་གཉིས་པ་ཉེ་བར་དགོད་པའི་ཕྱིར། དེ་འདུས་པ་ཡིན་པར་རྟོག་གྲང་ན་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པའི་དམིགས་པ་རྡུལ་ཕྲ་རབ་འདུས་པ ་ཡིན་པར་རྟོག་གྲང་ནའོ། །དེ་དག་ལུས་པ་ནི་དེ་འདུས་པའོ། །དེ་ཞེས་བྱ་བའི་སྒྲས་ནི་འདིར་རྡུལ་ཕྲ་རབ་དག་དང་སྦྱོར་ཏེ། དེས་ན་རྡུལ་ཕྲ་རབ་ཤེས་བཤད་པ་ཡིན་ནོ། །ཡང་ཅིའི་ཕྱིར་དེ་དག་འདུས་པ་དམིགས་པ་ཡིན་པར་འདོད་ཅེ་ན། དེར་སྣང་བ ་ཤེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་རྟག་ཏུ་འདུས་པར་སྣང་བར་སྐྱེ་བར་དེའི་ཕྱིར་འདུས་པ་དམིགས་པར་འདོད་དོ། །འདིར་ཡང་འདུས་པ་དམིགས་པ་ཉིད་ཡིན་པར་ཡོངས་སུ་བརྟག་པ་ལ ་ཕྱིན་ཅི་ལོག་གི་རྒྱུ་མཚན་ནི་འདུས་པར་སྣང་པ་ཉིད་ཡིན་ནོ། །གང་གི་ཕྱིར་རྣམ་པར་ཤེས་པ་འདུས་པར་སྣང་བ་དེའི་ཕྱིར་གཞན་འདུས་པ་དམིགས་པ་ཡིན་ནོ་སྙམ་དུ་སེམས་ཏེ། འདི་ལྟར་རྣམ་པར་ཤེས་པ་གང་ལྟར་སྣང་བར་སྐྱེ་བ་དེ་ནི་དེའི་ཡུལ་ཡིན ་པར་འདོད་དོ་ཞེས་བཤད་དོ། །རྣམ་པར་ཤེས་པ་འདི་ལ་དེ་ལྟ་བུར་སྣང་བ་ཡོད་པས་འདི་ནི་དེར་སྣང་བའོ། །འདིར་ཡང་དེར་ཞེས་བྱ་བའི་སྒྲ་ནི་འདུས་པ་དང་སྦྱར་རོ། །ད་ནི་དེར་སྣང་བ་ཡང་ཡིན་ལ་ཤེས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར ་སྦྱར་ཏེ། དེར་སྣང་བའི་ཤེས་པ་སྐྱེ་བ་ཞེས་ཚིག་བསྡུའོ། །དེ་ལྟར་ན་འདིར་གཞན་དག་དམིགས་པའི་མཚན་ཉིད་དུ་འཐད་པའི་ཕྱིར་རྡུལ་ཕྲ་རབ་དང། འདུས་པ་དག་དམིགས་པ་ཉིད་ཡིན་ནོ་སྙམ་དུ་སེམས་སོ་ཞེས་བྱ་བ་ནི་ཕྱོགས་སྔ་མ ་ཡིན་ནོ། །དེ་ལ་རེ་ཞིག་ཕྱོགས་སྔ་མ་གསལ་བའི་ཕྱིར། དབང་པོའི་རྣམ་པར་རིག་པའི་རྒྱུ་ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྡུལ་ཕྲ་རབ་རྣམས་ནི་ཡང་དག་པའི་དོན་དུ་? ་སུ་ཡོད་པ་མ་ཡིན་ཏེ། ཆ་ཤས་དང་བཅས་པ་ཉིད་དུ་རྟོག་ན་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་ལ། ཆ་ཤེས་མེད་པ་ཉིད་དུ་རྟོག་ན་ཡང་གྲིབ་མ་དང་སྒྲིབ་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་འདི ་དག་རྒྱུ་ཉིད་ལྟ་ག་ལ་ཡིན། འོན་ཀྱང་རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་དུ་ཁས་བླངས་ནས། དམིགས་པ་ཉིད་ཡིན་པ་དགག་གོ་།རྡུལ་ཕྲ་རབ་རྣམས་རྣམ་པར་ཤེས་པའི་རྒྱུའི་ངོ་བོར་འགྱུར་མོད་ཀྱི། འོན་ཀྱང་གང་གི་ཕྱིར་དེ་དག་རྡུལ་ཕྲ ་རབ་ཀྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་མི་སྐྱེད་པ་དེའི་ཕྱིར་དམིགས་པ་མ་ཡིན་ཏེ། དཔེར་ན་དབང་པོ་བཞིན་ནོ། །དབང་པོ་ནི་རྣམ་པར་ཤེས་པའི་རྒྱུའི་དངོས་པོར་འགྱུར་མོད་ཀྱི་དེ་དེའི་ཡུལ་ཡིན་པར་ནི་ཕ་རོལ་པོ་མི་འདོད་དོ། །འདི་ལྟར ་རྣམ་པར་ཤེས་པ་དབང་པོའི་རྣམ་པ་ཅན་དུ་མི་སྐྱེ་བས་སོ། །དབང་པོའི་རྣམ་པར་རིག་པའི་ཞེས་བྱ་བ་ལ། དབང་པོ་སྨོས་པས་ནི་ཡིད་ལ་ཐུག་བའི་བར་དབང་པོ་དྲུག་ཅར་གཟུང་སྟེ། འདིར་གཏན་ཚིགས་ནི་བཤད་ཟིན་ཏོ། །ཕྲ་རབ ་རྡུལ་དག་ཅེས་བྱ་བ་འདི་ནི་དོན་གོ་བར་ཟད་དོ། །ཡིན་མོད་ཀྱི་ཞེས་བྱ་བ་འདིས་ནི་ཁས་ལེན་པའི་རྒོལ་བ་སྟོན་ཏོ། དེར་མི་སྣང་ཕྱིར་ཞེས་བྱ་བ་ལ། གང་ལ་དེ་དག་ལྟ་བུར་སྣང་བ་དེ་ནི་དེར་སྣང་བ་སྟེ། དེར་ཞེས་བྱ་བའི་སྒྲ་ནི་རྡུལ་ཕྲ་རབ་དག ་དང་སྦྱར་རོ། །དེར་མི་སྣང་བ་ནི་དེར་མི་སྣང་བ་སྟེ། གསུམ་པ་ནི་འདིར་གཏན་ཚིགས་ལ་ལྟ་བར་བྱ་སྟེ། དེ་བས་རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་མ་ཡིན་པའི་ཕྱིར་ཞེས་བཤད་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་དབང་པོའི་རྣམ་པར་རིག་པའི་འོ།། ་ཡུལ་ནི་རྡུལ་ཕྲན་མ་ཡིན་དབང་པོ་བཞིན། ཞེས་བྱ་བ་ནི་ཇི་ལྟར་དབང་པོ་རྣམས་ཡུལ་མ་ཡིན་པ་ལྟར་རྡུལ་ཕྲ་རབ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། དབང་དེ་ཞེས་བྱ་བའི་སྒྲས་ནི་འདིར་དབང་བྱེད་པ་རྣམས་བརྗོད་དོ། །གལ་ཏེ་རྣམ་པར་ཤེས་བ ་རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་དུ་མ་གྱུར་ན་དེ་ནི་དེ་ཉིད་ཀྱིས་ཉེས་པར་འགྱུར་གྲང། རྡུལ་ཕྲ་རབ་རྣམས་གོ་བསྐྱེད་བར་བྱེད་པ་ཡིན་བཞིན་དུ། ཅིའི་ཕྱིར་ཡུལ་དུ་མི་འགྱུར་ཞེ་ན། དེའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡུལ་ནི་གང་གི་རང་གི་ངོ་བོ ་དེའི་རྣམ་པར་སྐྱེ་བར་ངེས་པར་འཛིན་པ་དེ་ལ་བྱའོ། །ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། །རང་གི་ངོ་བོ་ངེས་པར་འཛིན་པ་ཞེས་བྱ་བ་ལ། རང་གི་ངོ་བོ་སྨོས་པས་ནི་རང་དང། སྤྱིའི་མཚན་ཉིད་དུ་བ་བསམ་པ་ཡིན་ནོ། །དེ་ངེས་པར་འཛིན་དང ་ནི་རྟོགས་པ་སྟེ། ཡོངས་སུ་གཅོད་ཅིང་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་རྣམ་པར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་སྐྱེ་བ་མ་གཏོགས་པར་གཞན་དུ་རྣམ་པར་ཤེས་པས་ཡུལ་ངེས་པར་གཟུང་བར་མི་ནུས་ཏེ། དེའི་ཕྱིར་སྔོན་པོ་ལ་སོཌ ་པའི་རྣམ་པར་སྐྱེ་བའི་རྣམ་པར་ཤེས་པས་སྔོན་པོ་ལ་སོགས་པའི་དོན་ངེས་པར་འཛིན་ནོ་ཞེས་བྱ་བའི་འདི་ལ་གང་ཞིག་བྱེད་ན། རྣམ་པར་ཤེས་པ་འདི་ཡུལ་ངེས་པར་འཛིན་ཏོ་ཞེས་ཐ་སྙད་གདགས་པར་བྱ་བ་ངེས་པར་འཛིན་པའི་མཚན་ཉིད་ཀྱི་བྱ་བ་ནི ་འགའ་ཡང་མོད་དེ་ཇི་ལྟར་ཕྲའི?་རྣམ་པའི་རྗེས་སུ་བྱེད་པའི་སྐྱེ་བའི་བུས་པའི་གཟུགས་འཛིན་ཏོ་ཞེས་བྱ་བ་དེ་བཞིན་དུ། རྣམ་པར་ཤེས་པ་ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་པ་སྐྱེ་བས་ཀྱང་ཡུལ་འཛིན་ཏོ་ཞེས་ཐ་སྙད་གདགས་སོ ་དེ་ལ་འདི་སྙམ་དུ་རྡུལ་ཕྲ་རབ་རྣམས་ཀྱི་ཡང་དེ་བཞིན་དུ་དེའི་རྣམ་པར་སྐྱེ་བས་རང་གི་ངོ་བོ་ངེས་པར་འཛིན་ཏོ་སྙམ་དུ་སེམས་ན། དེའི་ཕྱིར་རྡུལ་ཕྲ་མོ་དག་ནི་དེའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་དེ་ལྟ་མི་ཡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ ་རྣམས་ནི་དེའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང། རྣམ་པར་ཤེས་པ་སོ་སོར་ངེས་པའི་རྣམ་པའི་རྗེས་སུ་མི་བྱེད་ན་དེ་ནི་ཇི་ལྟར་དེ་དག་གི་རང་གི་ངོ་བོ་འཛིན་པར་འགྱུར། ངེས་པར་མི་འཛིན་ན་ཡང་ཇི་ལྟར་ཡུལ་དུ་འགྱུར། དེའི་རྒྱུ་ཉིད ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་ངོ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་དཔེ་དབང་པོ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་དཔའ་པོ་རྒྱུའི་དངོས་པོར་འགྱུར་ཡང། དེའི་རྣམ་པར་སྐྱེ་བའི་རྣམ་པར་ཤེས་པས ་རང་གི་ངོ་བོ་ངེས་པར་མ་འཛིན་པས། ཡུལ་ཉིད་དུ་མི་འདོད་པ་ལྟར་རྡུལ་ཕྲ་རབ་རྣམས་དང། དེ་དང་འདྲ་བར་བལྟ་བར་བྱའོ། །དབང་པོ་ཡང་དམིགས་པ་ཉིད་དུ་ཐལ་བར་འགྱུར་དུ་སོང་བས་དམིགས་པ་ནི་རྒྱུ་མཚན་ཉིད་ཙམ་འབའ་ཞིག་ནི ་མ་ཡིན་ནོ། །དེ་ལྟར་རྡུལ་ཕྲ་རབ་རྣམས་དམིགས་པ་ཉིད་ཡིན་པ་བཀག་ནས་མཇུག་བསྡུ་པའི་ཕྱིར། དེ་ལྟར་ན་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པའི་མཚན་ཉིད་དུ་མི་རུང་བའི་ཕྱིར་རྡུལ་ཕྲ་རབ་རྣམས་དམིགས་པ་མ་ཡིན ་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་སྦྱོར་པ་ནི་རྡུལ་ཕྲ་རབ་རྣམས་དམིགས་པ་མ་ཡིན་ཏེ། རང་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་དབང་པོ་བཞིན་ནོ། །ཆོས་མི་མཐུན་པའི་ནི་གཟུང་བའི་ཆའོ། །རང་སྣང་བའི་རྣམ ་པར་ཤེས་པ་སྐྱོད་པར་བྱེད་པ་མ་ཡིན་པ་ཡང་དམིགས་པ་ཉིད་ཡི་ན་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་བ་ཅན་གྱི་ཚད་མའོ། །ཡང་ན་རྡུལ་ཕྲ་རབ་རྣམས་ནི་དམིགས་པ་མ་ཡིན་ཏེ། རང་གི་ངོ་བོ་གི་ངེས་པར་མི་འཛིན་པའི་ཕྱིར་དབང་པོ་བཞིན ་ནོ། །ཆོས་མི་མཐུན་པ་ནི་གཟུང་བའི་ཆ་སྟེ། གཟུང་བའི་ཆ་དམིགས་པ་ཉིད་ཡིན་པར་ནི་སྒྲུབ་བར་འགྱུར་རོ། །རང་གི་ངོ་བོ་ངེས་པར་མི་འཛིན་པ་ཡང་དམིགས་པ་ཉིད་ཡིན?་ན་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །སྦྱོར་བ་འདི? ་གཉིས་ནི་སློབ་དཔོན་ཆོས་སྐྱོང་གིས་བཤད་པ་བདག་གིས་བྲིས་ཀྱི་རང་གིས་བཤད་པ་ན་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་རྡུལ་ཕྲ་རབ་རྣམས་དམིགས་བ་ཉིད་ཡིན་པ་བཀག་པ་ཉིད་ཡིན་ནོ། །འདུས་པ་ཡང་དགག་པའི་ཕྱིར། འདུས་བ་ཉིད་དེར་སྣང་བ་ཡིན་དུ་ཟིན་ཀྱང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་པ་འདུས་པ་ཅན་དུ་སྣང་མོད་ཀྱི། འོན་ཀྱང་འདུས་པ་དམིགས་པ་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་རིག་པ་དེ་དེ་ལས་མི་སྐྱེ་བས་སོ། །དེ་ལས་མ་སྐྱེ་ཆུག་ན་ཡང་དམིགས་པར་གོ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར ་དོན་གང་ཞིག་རང་སྣང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དོན་གང་ཞིག་རང་སྣང་བ་སྟེ་བདག་ཉིད་དུ་སྣང་བའི་རྣམ་པར་རིག་པ་སྐྱེད་པ་དེ་ནི་དམིགས་པ་ཡིན་པར་རུང་ངོ། །འདི་སྐད་དུ་རྣམ་པར་ཤེས་པ་དོན་གང་ཞིག་གི་ངོ་བོའི་རྗེས་སུ་བྱེད་ལ་།དེ་ཡང ་སྐྱེད་པར་བྱེད་པ་ཡིན་ན་དེའི་ཚེ་དམིགས་པའི་རྐྱེན་དུ་རུང་གི་གཞན་དུ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྐྱེད་པར་བྱེད་པ་ཁོ་ན་དམིགས་པ་ཡིན་པར་འགྱུར་རོ་ཞེས་བྱ་བ་འདི་གང་ལས་ཤེ་ན། འདི་ལྟར་དེ་ནི་ཞེས་བྱ་བ་ལ་སྨྲོས་ཏེ་།འདི་ལྟར་དེ་ནི་བསྟན་བཅོས ་ལས་སྐྱེ་བའི་རྒྱུ་མཚན་ཉིད་དུ་བཤད་དོ། །བསྟན་བཅོས་ལས་ནི་འདི་སྐད་དུ། དོན་གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་རྒྱུ་མཚན་ཡང་ཡིན་ལ། དེ་རྣམས་སྐྱེས་ན་དོན་དེ་ཉམས་སུ་མྱོང་བའི་ཐ་སྙད་འདོགས་པར་ཡང་བྱེད་པ་དེ་ནི ་དམིགས་པ་ཡིན་ནོ་ཞེ་འབྱུངངོ། །འདི་སྐད་དུ། དོན་གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེད་པར་བྱེད་ལ། སེམས་དང་སེམས་ལས་བྱུང་བ་དེ་རྣམས་སྐྱེས་ནས། དོན་དེ་ལ་འདི་ལྟར་ཉམས་སུ་མྱོང་ངོ་ཞེས་དེ་ལྟ་བུའི་ཐ་སྙད་འདོགས་པར་བྱེད་བའི ་དོན་དེ་ནི་དམིགས་པ་ཞེས་བྱའོ་ཞེས་བཤད་པ་ཡིན་ན། །དེའི་ཕྱིར་སྐྱེ་བའི་རྒྱུ་མཚན་ཡང་ཡིན་ལ་ཞེས་སྨོས་པས། དམིགས་པའི་རྐྱེན་།སྐྱེས་པར་བྱེད་པ་ཉིད་ཡིན་པར་གྲུབ་བོ། །དེའི་རྣམ་བ་ཅན་ཉིད་ནི་ཕྱོགས་འདི་ལ་རབ་ཏུ་གྲགས་པའི་ཕྱིར་མ་བཤད་དོ། །དེ་བས ་གཉིས་ཀའི་མཚན་ཉིད་དང་ལྡན་པའི་དོན་གང་ཡིན་པ་དེ་དམིགས་པ་ཡིན་ནོ་ཞེས་བྱ་བར་བཤད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་འདུས་པ་ཡང་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར་འདུས་པ་ནི་དེ་ལྟར་ཡང་མ་ཡིན་ཏེ་ཞེས་བྱ ་བ་སྨྲས་ཏེ། འདུས་པ་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་རྣམས་པར་རིག་པ་མི་སྐྱེད་ན་ཇི་ལྟར་དམིགས་པ་ཡིན་པར་འགྱུར། །ཅི་སྟེ་སྐྱེད་པར་བྱེད་པ་མ་ཡིན་ཞེ་ན། རྫས་སུ་མེད་ཕྱིར་ཞེས་སྨོས་ཏེ། གང་གི་ཕྱིར་འདུས་པ་རྫས་སུ་ཡོད་པ་མ་ཡིན་པ་དེའི ་ཕྱིར་སྐྱེ་བ་བར་བྱེད་པ་མ་ཡིན་ཏེ། རྫས་སུ་མེད་པ་རྣམས་ཡིན་འབྲས་བུ་སྐྱེད་པའི་ནུས་པ་མེད་དོ། །འདུས་མ་རྫས་སུ་མེད་པ་ཉིད་ནི་འོག་ནས་སྒྲུབ་པར་བྱེད་དོ། །གང་རྫས་སུ་ཡོད་པ་མ་ཡིན་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ ་དཔེ་ཟླ་གཉིས་བཞིན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྫས་སུ་མེད་པའི་ཕྱིར་ཟླ་བ་གཉིས་པ་ནི་ཟླ་བ་གཉིས་པར་སྣང་བའི་ཤེས་པའི་རྒྱུའི་དངོས་པོར་མི་འགྱུར་རོ། །དེ་བཞིན་དུ་འདུས་པ་ཡང་རང་སྣང་བའི་ཤེས་པའི་རྒྱུའི་དངོས་པོར་མི་འགྱུར་རོ། །གལ ་ཏེ་ཟླ་བ་གཉིས་པས་དེ་མི་སྐྱེད་ན། འོ་ན་ནི་དེ་རྒྱུ་མཚན་མེད་པ་ཅན་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་དབང་པོ་མཚང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མེད་པ་ཅན་ནི་མ་ཡིན་ཏེ། འདི་ལྟར་དབང་པོ་ཉམས་པས་ཟླ་བ་གཉིས་སུ་མཐོང ་བར་འགྱུར་རོ། །འདི་ལྟར་གང་གི་ཚེ་མིག་གི་དབང་བོ་རབ་རིབ་གྱིས་ཉམས་པར་འགྱུར་བ་དེའི་ཚེ་ཟླ་བ་གཉིས་སུ་སྣང་བའི་ཤེས་བསྐྱེ་བར་འགྱུར་ཏེ། དེ་ཟླ་བ་གཉིས་པས་སྐྱེད་པ་ནི་མ་ཡིན་ནོ། །གང་གི་ཚེ་དེ་ངེས་མ་བསྐྱེད་པ་དེའི་ཚེ། ཟླ་བ་གཉིས་ཀྱི ་ཤེས་པ་ཟླ་པ་གཉིས་པར་སྣང་དུ་ཟིན་ཀྱང། དེའི་ཡུལ་ནི་མ་ཡིན་ནོ། །དེ་བས་ན་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་ཡུལ་དུ་མི་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །འདིར་མ་ཚང་བཞེས་བྱ་བའི་སྒྲས་ནི་ཉམས་པ་བརྗོད་དོ། །དེ་ལྟར་དཔེ་ལ་རབ་ཏུ ་ཏུ་བསྒྲུབས་ནས། དངོས་པོ་ལ་ཉེ་བར་སྦྱོར་བའི་ཕྱིར། དེ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཟླ་བ་གཉིས་པ་རྫས་སུ་མེད་པའི་ཕྱིར་ཤེས་པའི་རྒྱུ་མ་ཡིན་ལ། རྒྱུ་མ་ཡིན་པའི་ཕྱིར་དེའི་ཡུལ་མ་ཡིན ་པ་དེ་བཞིན་དུ་འདུས་པ་ཡང་རྫས་སུ་མེད་པའི་ཕྱིར་ཤེས་པའི་རྒྱུ་མ་ཡིན་ལ། རྒྱུ་མ་ཡིན་པའི་ཕྱིར་དེའི་ཡུལ་མ་ཡིན་ནོ། །དེའི་སྦྱོར་བ་ནི་འདུས་པ་ནི་རྒྱུ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་ཟླ་བ་གཉིས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་རྣམ་པར ་ཤེས་པའོ། །རྫས་སུ་མེད་པ་རྣམས་ལ་ནུས་པ་མེད་པ་ནི་གནོད་པ་ཅན་གྱི་ཚད་མའོ། །ཡང་ན་འདུས་པ་དམིགས་པ་མ་ཡིན་ནོ། རྒྱུ་མ་ཡིན་པའི་ཕྱིར་ཟླ་བ་གཉིས་པ་བཞིན་ནོ། །ཆོས་མི་མཐུན་པའི་ཆ་སྟེ། གཟུང་བའི་ཆ་རྒྱུ་ཉིད་ཡིན་པ་དང། དམིགས ་པ་ཉིད་ཡིན་པར་ནི་སྒྲུབ་པར་འགྱུར་རོ། །རྒྱུ་མ་ཡིན་པ་ཡང་དམིགས་པ་ཉིད་ཡིན་ན། ཟླ་བ་གཉིས་ལ་སོགས་པ་ཡོད་དམིགས་པ་ཉིད་ཡིན་པར་འགྱུར་བས་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཆད་མའོ། །ཚད་མ་འདི་གཉིས་བྱང? ་སློབ་དཔོན་ཆེས་སྐྱོང་གིས་བཤད་པ་ཡིན་ནོ། །དེ་ལྟར་ཕྱོགས་གཉིས་ཀ་བཀག་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་ཕྱི་རོལ་གཉི་གར་ཡང་བློ་ཡི་ཡུལ་དུ་མི་རུང་ངོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་པའི་ཚུལ་གྱིས་ན་གཉི་ག་ལྟར་ན་ཡང ་ཕྱི་རོལ་གྱི་དོན་རྣམ་པར་ཤེས་པའི་ཡུལ་དུ་མི་རུང་ངོ། །ཕྱི་རོལ་ནི་རྣམ་པར་ཤེས་པ་ལས་མ་གཏོགས་པའོ། །གཉི་གར་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་ཕྱོགས་དང། འདུས་པའི་ཕྱོགས་ལྟར་རོ། །བློའི་ཞེས་བྱ་བ་ནི་ཤེས་པའི་འོ། །ཅིའི་ཕྱིར་མི་རུང་ཞེ་ན། དེའི ་ཕྱིར་ཡན་ལག་གཅིག་མཚང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ནི་རྒྱུ་ཉིད་ཡོད་ཀྱི་དེའི་རྣམ་པ་ཉིད་མེད་དོ། །འདུས་པའི་ཕྱོགས་ལ་ཡང་དེའི་རྣམ་པ་ཉིད་ཡོད་ཀྱི་རྒྱུ་ཉིད་མེད་དོ། །དེ་ལྟ་བས་ན་ཡན་ལག ་རེ་རེ་མཚང་བའི་ཕྱིར་རྡུལ་ཕྲ་རབ་ཅེས་བྱ་བ་དང། འདུས་པ་ཞེས་བྱ་བའི་དོན་དམིགས་པ་མ་ཡིན་ནོ། །འདི་སྐད་དུ་དམིགས་པ་ཉིད་ཀྱི་ཡན་ལག་གི་རྣམ་པ་གཉིས་ཏེ། རང་གི་རྣམ་པར་འཇོག་པ་དང། རྒྱུ་ཉིད་ཡིན་པའོ། །འདི ་ཡང་རྡུལ་ཕྲ་རབ་དང། འདུས་པ་དག་ལ་མེད་པས་དེ་གཉིས་ཡུལ་ཉིད་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གང་ལས་ཡུལ་ནི་ཆོས་ཉིད་གཉིས་དང་གཉིས་དང་ལྡན་པའོ་ཞེས་འབྱུང་བ་དོར་ཡང་ཡན་ལག་དེ་གཉིས་ཁོ་ན་ཆོས་ཉིད་གཉིས་ཀྱི་སྒྲར་བརྗོད ་པར་ཟད་དོ། །དེ་ལྟར་གཉིས་ཀ་བཀག་ནས་ཕྱོགས་གསུམ་པ་ཉེ་བར་དགོང་པའི་ཕྱིར། །འདི་ལ་ནམ་མཁའ་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་དུ་སྨྲ་བའི་ཕྱོགས་འདི་ལ་ཡང། པ་ཁོལ་ལ་སོགས་པ་ཁ་ཅིག་རྡུལ་བ་དང་རྣཾ་པ་ནི ་འདུས་པའི་རྣམ་པ་དག་དབང་པོའི་རྣམ་པར་ཤེས་པའི་རྒྱར་འདོད་དོ། །དེ་དག་འདི་སྐད་ནS?་རྡུལ་ཕྲ་རབ་རྣམས་ལ་ནི་འདུས་པའི་རྣམ་པ་ཡང་ཡོད་དོ། །རྡུལ་ཕྲ་རབ་རྣམས་ལ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ནི་རྫས་སུ་ཡོད་པ་ཡིན་ནོ། །རྫས་སུ ་ཡོད་པའི་ཕྱིར་འདུས་བའི་རྣམ་པ་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་འགྱུར་རོ། །རགས་པའི་ཕྱིར་ན་རྣམ་པར་ཤེས་པ་ལ་རང་གི་ངོ་བོ་ཡང་འཇོག་པར་འགྱུར་ཏེ། དེ་བས་ན་རྡུལ་ཕྲ་རབ་རྣམས་ཚུལ་གཞན་གྱི་ཡུལ་ཉིད་ཡིན་ན་ཞེས་ཟེར་རོ། །ནི་ཞེས་བྱ ་བའི་སྒྲ་ནི་ཡང་ཞེས་བྱ་བའི་སྒྲའི་དོན་དུ་བལྟ་བར་བྱའོ། །འདུས་པའི་རྣམ་པ་ནི་འདིར་རིགས་པའི་རྣམ་པའོ། །བསྒྲུབ་པ་ཞེས་བྱ་བ་ནི་རྒྱུའོ། །རྡུལ་ཕྲ་རབ་རྣམས་ཀྱི་རྣམ་པ་ནི་རབ་ཏུ་ཕྲ་བར་གྲགས་པ་མ་ཡིན་ན་མ། དེ་བས་ན་འདི་དག་ལ་འདུས་པའི ་རྣམ་པ་འདི་ལྟ་གལ་ལོང་སྲིད་པ་ཡོད་དུ་ཆུག་ན་ཡང་གཅིག་ལ་རྣམ་པ་གཉིས་ཇི་ལྟར་རུང་ཞེ་ན། དོན་ཐམས་ཅད་ནི་རྣམ་པ་དུ་མ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་འདིར་ཉེས་པ་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་གཟུང་ཅན་ཐམས་ཅད་ནི ་རྣམ་པ་དུ་མ་ཅན་ཡིན་པས་སོ། །འདི་ལྟར་གཟུགས་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་ཡིན་ལ། དེ་དག་ཀྱང་སྔོན་པོ་དང། དྲི་ཞིམ་པ་དང། མངར་བ་དང། རྩུབ་པ་ལ་སོགས་པའི་རྣམ་པར་དང་ལྡན་པས་རྣམ་པ་དུ་མ་ཅན་ཡིན་ནོ། །ཡང་ཇི ་ལྟར་རྡུལ་ཕྲ་རབ་རྣམས་ལ་རྣམ་པ་དུ་མ་དང་ལྡན་པ་འདི་ཡོད་པ་དེ་བཞིན་དུ་འདུས་པའི་རྣམ་པ་འདི། ཡང་དེ་དག་ལ་ཡོད་པར་འགྱུར་རོ། །གལ་ཏེ་དོན་ཐམས་ཅད་རྣམ་པ་དུ་མ་ཅན་ཡིན་ནོ། ཅིའི་ཕྱིར་རྣམ་པ་ཐམས་ཅད་དུ་མི་ཤེས་ཞེ་ན། དེའི་ཕྱིར་དེ ་ལ་རྣམ་པ་འགའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་རྣམ་པ་དུ་མ་ཅན་ཡིན་མོད་ཀྱི་འོན་ཀྱང་རྣམ་པ་འགའ་ཞིག་གིས་འདི་དག་མངོན་སུམ་ཉིད་དུ་འདོད་ཀྱི། རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ཏེ། འདི་ལྟར་དེ་དག་གིས་ནུས་པ་སོ་སོར་ངེས ་པའི་ཕྱིར་དབང་པོ་རྣམས་ནི་དོན་ཐམས་ཅད་འཛིན་པ་མ་ཡིན་ནོ། །འདི་ནི་བཙུན་པ་སངས་རྒྱས་ལྷའི་གཞུང་ལུགས་ཀྱི་རྗེ་སུ་འབྲངས་ནས་བཤད་པ་ཡིན་ནོ། དེ་ལྟར་ན་སྐྱེ་མཆེད་བཅུ་ནི་འབྱུང་བར་བཙམ་དུ་ཟད་དོ། །དེ་ལྟར་རྣམ་པ་དུ་མ་ཅན་ཉིད་དུ་བསྒྲུབས་ནS ་སྣལ་མ་དང་སྦྱར་བའི་ཕྱིར་རྡུལ་ཕྲ་རབ་རྣམས་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་རྣམས་ལ་ཡང་འདུས་པར་སྣང་བའི་ཤེས་པ་བསྐྱེད་པའི་རྒྱུའི་དངོས་པོ་ཡོད་དེ། རྡུལ་ཕྲ་རབ་རྣམས་ཀྱི་འདུས་པའི་རྣམ་པ་ཅན་གྱི་ཤེས་པ་བསྐྱེད་དོ་ཞེས་བྱ་བའི ་དོན་ཏོ། །རྡུལ་ཕྲ་རབ་རྣམས་ལ་འདུས་པའི་རྣམ་པ་ཡོད་པ་སྒྲུབ་པར་བྱེད་པས་རྡུལ་ཕྲ་རབ་རྣམས་ལ་འདུས་པའི་རྣམ་པ་ཡོད་དོ་ཞེས་བརྗོད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་སྐད་དུ་རྡུལ་ཕྲ་རབ་རྣམས་ལ་ཡང་འདུས་པར་སྣང་བའི་ཤེས་པ་སྐྱེད་པའི ་རྒྱུ་ཡོད་དོ་ཞེས་སྨྲས་ཤེ་ན། འདིར་སྨྲས་པ། དམིགས་པའི་ཆ་གཉིས་རབ་ཏུ་བསྟན་པའི་ཕྱིར་དེ་སྐད་ཅེས་སྨྲས་ཏེ། ཞེ་ལ་ཤེས་པ་བསྐྱེད་པའི་རྒྱུ་བ་དངོས་བོ་ཞེས་སྨྲས་པས་ནི། རྒྱུ་ཉིད་ཡིན་པར་རང་གི་སྨྲས་བསྟན་ཏོ། །འདུས་པར་སྣང་བ་ཞེས་སྨྲས་པས ་ནི་རྣམ་པ་འཇོག་པ་དང། འདུས་པའི་རྣམ་པ་ཡོད་པ་ཉིད་ཀྱང་བསྒྲུབས་པ་ཡིན་ཏེ། གང་གི་ཕྱིར་དོན་གྱིས་རྣམ་པར་ཤེས་པ་ལ་རང་གི་བདག་ཉིད་ལ་ཡོད་པའི་རྣམ་པར་འཇོག་གི་མེད་པ་ནི་མ་ཡིན་པ་དེའི་ཕྱིར་འདུས ་པའི་རྣམ་པ་ཡོད་པར་ཡང་སྨྲས་པ་ཁོ་ན་ཡིན་ནོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་ལ་རགས་པའི་རྣམ་པ་ཡོད་ན་གོ་།ཇི་ལྟར་དེ་དག་ལ་རྡུལ་ཕྲ་རབ་ཅེས་བྱ། ཇི་ལྟར་ཕྲ་མོའི་རྣམ་པ་དེ་ཉིད་བཞིན་དུ་ཡང་མི་འཛིན་ཞེ་ན། དེའི་ཕྱིར་རྡུལ་ཕྲན་རྣམ་པ ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར་ཇི་ལྟར་སྲབ་ཉིད་ལ་སོགས་པ་ཞེས་བྱ་བ་ལ་སོཌ་པ་སྨོས་ཏེ། ཇི་ལྟར་སྲོ་བ་ཉིད་དང་གཤེར་བ་དད་ཕྲོ་བ་ལ་སོགས་པའི་ཕུལ་རྣམས་ཡོད་བཞིན་དུ་ཡང། དབང་པོའི་ནུས་པ་སོ་སོར་ངེས ་པའི་ཕྱིར་མིག་གི་བློའི་ཡུལ་དུ་མི་འགྱུར་པ་དེ་བཞིན་དུ་རྡུལ་ཕྲ་མོ་ཡང་དེ་བཞིན་དུ་ཡང་མི་འགྱུར་རོ། །རྣམ་པ་དེ་ཉིད་ལ་བརྟེན་ནས་ཀྱང་འདི་དག་ལ་རྡུལ་ཕྲ་རབ་ཅེས་ཐ་སྙད་གདགས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་དུ ་བལྟ་བར་བྱའོ། །དེ་ལྟར་ཕྱོགས་གསུམ་པ་ཉེ་བར་བཀོད་ནས་སུན་དབྱུང་བ་དེ་དག་ལྟར་ན་བུམ་བ་དང། ཁམ་ཕོར་ལ་སོགས་བློ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་རྡུལ་ཕྲ་རབ་རྣམས་ལ་འདུས་པའི་རྣམ་པ་ཡོད་པར་ཁས་ལེན ་པ་དེ་དག་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། རྡུལ་ཕྲ་རབ་རྣམ་ལ་འདམ?་པའི་རྣམ་པ་གང་ཞིག་ཁས་ལེན། རེ་ཞིག་འཇིག་རྟེན་ན་ནི་བུམ་པ་དང། ཁམ་ཕོར?་དང། ཕོར་བྲལ་སོགས་པ་དང། ཀ་བ་དང་དྲི་ལ་སོགས་པ་ལ་འདུས་པར་གྲགས ་སོ། །འདི་དག་གི་ནད་ན་རྣམ་པ་གང་ཞིག་རྡུལ་ཕྲ་རབ་ལ་ཡོད་?་ཏེ་བུམ་པའི་རྣམ་པའོ་ཞེན་དེའི་ཚེ་ཕམ་ཕོར་ལ་སོགས་པ་འདུས་པ་ཐམས་ཅད་ལ་བུམ་པའི་བློ་འབྱུང་བར་འགྱུར་རོ། །འོན་ཏེ་ཁེ་མ་ཕོར་གྱི་རྣམ་པའོ་ཞེ་ན་དེའི་ཚེ་ཡང ་ཐམས་ཅད་ལ་ཁམ་ཕོར་གྱི་བློ་འབྱུང་བར་འགྱུར་གྱི་ཁ་ཅིག་ལ་ནི་བུམ་པའི་བློ་ཁ?་ཚིག་ལ་ནི་ཁམ་ཕོར་གྱི་བློ་ཞེས་བྱ་བ་བློ་ཐ་དད་པ་གང་ཡིན་པ་འདིར་མི་འགྱུར་རོ། །འདི་སྐད་དུ། བློ་ནི་ཡུལ་ལ་རང་གི་ངོ་བོའི་རྗེས་སུ་བྱེད་ཅིང་སྐྱེ་ལ ་ཡུལ་ཡང་ངོ་བོ་གཅིག་པ་ཡིན་ན་དེ་ཇི་ལྟར་བློ་ཐ་དད་པར་འགྱུར་ཞེས་བཤད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། བུམ་པ་ལ་ནི་རྡུལ་ཕྲ་རབ་མངལ། ཁམ་ཕོར་ལ་ནི་ཆེས་ཉུང་སྟེ། དེ་བཞིན་དུ་ནི་གཞན་དག་ལ་ཡང་མང་བ་དང་ཉུང་བ་ཉིད ་རིག?་པར་བྱའོ། །དེའི་ཕྱིར་མང་བ་དང་ཉུང་བ་ཉིད་ཀྱིས་བྱས་པའི་བློའི་ཁྱད་པར་འདི་ཡོད་དོ་སྙམ་དུ་སེམས་ན། དེའི་ཕྱིར་བུམ་པ་དང་ཁམ་ཕོར་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ནི་ཉུང་དུ་དང་མང་པོ་ཉིད ་ཀྱིས་བྱས་པའི་བློའི་ཁྱད་པར་མི་རུང་སྟེ། འདི་ལྟར་བུམ་པ་ལ་རྡུལ་ཕྲ་རབ་མེད་ལ། ཁམ་ཕོར་ལ་ཆེས་ཉུང་མོད་ཀྱི། འོན་ཀྱང་རྡུལ་ཕྲ་རབ་ཏུ་གཏོགས་བ་ལུས་པའི་རྣམ་པ་ལ་རང་ལ་ཡོད་པའི་ཁྱད་པར་ནི་འགའ་ཡང་མེད་དོ། །དེའི་ཕྱིར་ཉེས་པ ་དེའི་སོན་འདུག་སྟེ། གང་དུ་རྡུལ་ཕྲ་རབ་མང་པོ་དེར་ནི་བུམ་པ་ཆེས། གང་དུ་ཆེས་ཉུང་བ་དེར་ནི་བུམ་པ་ཆུང་དུ་ཞེས་བྱ་བའི་ད་ཞིག་ཏུ་འགྱུར་བར་ཟད་ཀྱི་འདུས་པའི་རྣམ་བ་འདྲ་བ་ལས་མང་པོའི་བུམ་པའི་བློ། ཉུང་དུ་ལ་ནི་ཁམ་པོར་གྱི་བློ་འབྱུང་ངོ་ཞེས ་བྱ་བ་འདིར་ནི་མི་འགྱུར་རོ། །འདིར་གཞན་གྱི་ཚིག་གི་གོ་སྐབས་བསྟན་པའི་ཕྱིར། གལ་ཏེ་རྣམ་པའི་དབྱེ་བས་དབྱེ་ཞེས་བྱ་བ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་སྙམ ་དུ་བུམ་པའི་མགྲིན་པ་ནི་གྱེན་དུ་བལྟ་ལ། དེ་ཡང་?་པ་ཡིན། ལྟོན་སྐེད་ན་འདུག་ལ་དེ་ཡང་ཡངས་བ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་འདིའི་རྣམ་པའི་དབྱེ་བ་ཡིན་ནོ། །ཁམ་ཕོར་ནི་ཁ་ན་ཡངས་ལ། ཞབས་ན་ཞུམ་པ་ཞེས་བྱ་བ་ལ ་སོགས་པ་རྣམ་པའི་དབྱེ་བ་ཡིན་ཏེ། དེའི་ཕྱིར་རྣམ་པའི་དབྱེ་བའི་སྒོ་ནས། བུམ་པ་དང་ཁམ་ཕོར་ལ་སོགས་པའི་བློ་རྣམས་ཐ་དད་བར་འགྱུར་རོ་སྙམ་དུ་སེམས་ནའོ། །རྣམ་པའི་ཁྱད་པར་ལས་ཞེས་བྱ་བ་ལ་རྣམ་པ་ཞེ་བྱ་བ་ནི ་དབྱིབས་ཏེ། བཀོད་པ་དང། གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པའི་དབྱེ་བ་ཡུལ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར། ཁྱད་པར་འདི་ནི་བུམ་པ་ལ་སོཌ་པ་ལ་ཡོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱི་བུམ་པ་དང་ཁམ་ཕོར་ལ་སོགས་པའི་རྣམ ་པའི་ཁྱད་པར་བསྟན་པ་གང་ཡིན་པ་དེ་དག་གི་ཁྱད་པར་འདི་ཡོད་དེ། དེ་ནི་ཁོ་བོ་ཅག་ཀྱང་མི་བསྙོན་མོད་ཀྱིས་འོན་ཀྱང་རྡུལ་ཕྲ་རབ་རྫས་སུ་ཡོད་པ་གང་དག་ཡིན་དེ་དག་ལ་ནི་རྣམ་པའི་དབྱེ་བ་དེ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚད་དབྱེ་མེད་ཕྱིར་རོ་ཞེས ་བྱ་བ་སྨོས་ཏེ། འདི་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་ཟླུམ་པོ་ཞེས་བྱ་བ་གང་ཡིན་པ་དེ་ལ་ནི་དབྱེ་བ་མེད་དོ། །བུམ་པའི་རྡུལ་ཕྲ་རབ་རྣམས་ཀྱང་རྫས་གཞན་ཁོ་ན་ཡིན་ལ། ཁམ་ཕོར་གྱི་ཡང་རྫས་གཞན་མ་ཡིན་ནམ། དེ་ཇི་ལྟར་ཚང་དབྱེར་མེད་ཅེ་ན། དེའི ་ཕྱིར་རྡུལ་ཕྲ་རབ་རྣམས་ནི་ཞེས་བྱ་བྱ་བ་ལ་སྨོས།། གང་གི་ཕྱིར་བུམ་པ་དང། ཁམ་ཕོར་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་རྫས་གཞན་ཉིད་ཡིན་དུ་ཟིན་ཀྱང་ཟླུམ་པ་ལ་ཐམས?་དད་པ་མེད་པ་དེའི་ཕྱིར་རྡུལ་ཕྲ་རབ་རྣམས་ལ་རྣམ་པའི་དབྱེ་བ་མེད་དོ།། ་ཇི་ལྟར་ཁྱེད་ཀྱི་ལྟར་ན་རྡུལ་ཕྲ་རབ་རྣམས་ལས་ཅི་དང། ཇི་སྙེད་པ་ཡོང་བ་དེ་ཐམས་ཅད་རྫས་སུ་ཡོད་པ་དེ་བཞིན་དུ། རྡུལ་ཕྲ་རབ་རྣམས་ལ་ཚང་ཅུང་ཟད་ཅི་ཡོད་པ་དེ?་ཐམས་ཅད་ཀྱང་ཟླུམ་པོའི་ངོ་བོ་ཉིད་ཡིན་ལ། རྡུལ་ཕྲ་རབ་རྣམས་ཀྱི་ཟླུམ་པོ་ཡང ་ངོ་བོ་ཉིད་གཅིག་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་ཇི་ལྟར་དེ་དག་གི་དབྱེ་བས་ཐ་དད་པར་འགྱུར། །འདུས་པའི་རྣམ་པར་གས?་སར?་འདོད་མོང་ཀྱི། འོན་ཀྱང་རྫས་སུ་ཡོད་པའི་ཕྱིར་དེ་ཡང་ཆ་ཤས་ནད་པ་ཉིད་དུ་འགྱུར་དགོས་སོ། །དེ་ལྟ་མ་ཡིན་ཏེ། འདི་ཆ་ཤེས ་དེད་བཅས་པ་ཡིན་ན་རྫས་སུ་ཡོད་པ་ཉིད་དུ་མི་འགྱུར་རོ། །ཆ་ཤས་མེད་པའི་ཕྱིར་དེ་ལ་བཀོད་པ་ཐ་དད་པ་ལྟར་ལ་ཡོད་དེ། གང་དག་ཆ་ཤས་དང་བཅས་པ་དེ་དག་ནི་ནུས་པ་སྣ་ཚོགས་པས་བཀོད་པར་འགྱུར་གྱི། ཆ་ཤས་མེད་པ་དག་ནི་མ་ཡིན་ནོ། །དེ་ལྟར་རྡུལ་ཕྲ ་རབ་རྣམས་ཀྱི་རྣམ་པའི་དབྱེ་བ་བཀག་ནས་མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་དེ་རྫས་མེད་ལ་ཡོ་བྱད་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་ཆ་ཤས་མང་བ་རྣམས་ལ་བཀོད་པ་ཐ་དད་པོ་མི་སྲིད་པ་དེའི་ཕྱིར། དེ་ནི་རྗེས་སུ་མེད་པ་རྣམས། བོན་ལ ་བལྟ་བར་བྱའོ། །བསྟན་བཅོས་བྱེད་པས་མདོའི་དོན་བསྟན་པའི་ཕྱིར། རྣམ་པའི་དབྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པའི་དབྱེ་བ་གང་ཡིན་པ་དི་ནི། ཀུན་རྫོབ་ཏུ་ཡོད་པ་དག་ཁོ་ན་ལ་ཡོད་དེ། ཆ་ཤས་དང་བཅས་པའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་ལ ་ནི་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །བྱེ་བྲག་པའི་ལྟར་ན་བུམ་པ་ལ་སོགས་པ་རྫས་སུ་ཡོད་པ་ཉིད་ཡིན་ཏེ། དེའི་ཕྱིར་བརྒྱ་ཞིག་ལ་དེ་བུམ་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པའོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཞེས་སྨྲ་བར་གྱུར་ན། དེའི་ཕྱིར་བུམ ་པ་ལ་སོགས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉི་བཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ་དེ་ལྟར་ཤེས་པར་བྱ་སྟེ། འདི་ལྟར་རྡུལ་ཕྲར་པ་དེ་རེ་ནས་ཡོངས་སུ་བསལ་བར་བྱས་ན་ཡང་བུམ་པའི་རྣམ་པ་ཅན་གྱི་ཤེས་པ ་མི་སྐྱེའོ། །དེར་སྣང་ཤེས་བ་ཉམས་འགྱུར་ཕྱིར་ཞེས་བྱ་བ་ནི་ཤེས་པ་འདི་ལ་དེ་ལྟ་བུ་ད་སྣང་བ་ཡོད་བས།། འདི་ནི་དེར་སྣང་བ་ཏེ། དེ་ཞེས་བྱ་བའི་སྒྲས་ནི་བུམ་པ་དང་སྦྱར་རོ། །སྣང་ཞེས་བྱ་བའི་སྒྲ་ནི་འདྲ་བར་བརྗོད་དོ། །དེ་ནི་དེར་སྣང་བ་ཡང་ཡིན་ལ། ་ཤེས་པ་ཡང་ཡིན་པས་ན། དེར་སྣང་བ་ཤེས་པའོ། །དེ་ཉམས་པ་ནི་དེར་སྣང་ཤེས་པ་ཉམས་པ་སྟེ། །དེར་སྣང་ཤེས་པ་ཉམ་པོ་དེའི་ཕྱིར་རོ། །རྡུལ་ཕྲ་རབ་དོ་དེ་ནས་ཡོངས་སུ་བསལ་ན་བུམ་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་མི་སྐྱེད?་ཟིན་ཀྱང། ? ་དེ་ཙམ་གྱི་བུམ་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་རྫས་སུ་ཡོད་པ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་ལྟར་གང་དག་རྫས་སུ་ཡོད་པ་དེ་དག་ནི། འབྲེལ་པ་ཅན་བསལ་ཀྱང་རང་གི་བློ་ཡོངས་སུ ་མི་འདོར་ཏེ། དཔེར་ན་ཁ་དོག་ལ་སོགས་པ་ལྟ་བུའོ། །གལ་ཏེ་བུམ་པ་ལ་སོགས་པ་ཡང་རྫས་སུ་ཡོད་པ་ཞིག་ཡིན་པར་གྱུར་ན་ནི་དེའི་ཚེ་དེ་དག་ཀྱང་རང་དང་འབྲེལ་པ་ཅན་ཡོངས་སུ་བསལ་ཀྱང། རང་གི་བློ་མི་འདོར་བར་འགྱུར་རོ། །རྡུལ་ཕྲ་རབ་རེ་རེ་ནས ་ཡེངས་སུ་བསལ་བར་བྱས་ན། རྫས་རྩོམ་པར་བྱེད་པའི་སྦྱོར་བ་ཞིག་བའི་ཕྱིར། བུམ་བ་ཞིག་པས་དེའི་ཕྱིར་བུམ་པའི་བློ་མི་སྐྱེ་བ་མ་ཡིན་ནམ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། འདིར་བཤད་པ་གལ་ཏེ་རྡུལ་ཕྲ་རབ་ལས་མ་གཏོཌ? ་པ་བུམ་ལ་སོགས་པ་ཡན་ལག་ཅན་གྱི་?་ཤིག་ཡོད་ན། དེའི་ཚེ་རྡུལ་ཕྲ་རབ་དག་ལ་ཡོད་དོ་ཞེས་བརྗོད་བར་བྱ་བཅོ?་དེ་དག་ལ་ཇི་སྙེད་པའི་ཡོད་པའི་ངོ་བོས་ཡོད་དམ། འོན་ཏེ་ཕྱོགས་ཅིག་གིས་ཡིན་དེ་ལ་རྩོམ་པར་བྱེད་པའི་ཆ་ཤས་མ་གཏོགས ་པ་གང་དག་གིས་ནི་དེ་དེ་ལ་ཡོད་པར་འགྱུར་འཆ་ཤས་ཅན་གྱི་ཕྱོགས་གཅིག་གིས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་གིས་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཚེ་ཇི་སྙེད་ཡོད་པའི་ངོ་བོས་ཡོད་དོ་ཞེས་བྱ་བར་གྱུར་ཏོ། །དེའི་ཕྱིར་རྡུལ་ཕྲ་རབ ་དག་ཇི་སྙེད་པ་དེ་སྙེད་ཁྱི་བུམ་པ་ལ་སོགས་པ་ཆ་ཤས་ཅན་དུ་འགྱུར་ཏེ། དེས་ན་ཆ་ཤས་ཅན་གྱི་གཅིག་པ་ཉིད་ཉམས་པར་འགྱུར་བ་ནི་ཆ་ཤས་ཅན་གྱི་རྗེས་སུ་ཡོད་པ་མ་ཡིན་ཏེ། དུས་གཅིག་ཏུ་དངོས་པོ་དུ་མཉེ་བར་ལེན་པའི་ཕྱིར། རྟ་མ་ཡིན ་བ་ཉིད་ལ་སོགས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་རང་གི་མཚན་ཉིད་དོ། །ད་ངེས་པོའི་ངོ་བོ་ཉིད་ཡིན་ན་ནི་བཤས་པའི་རྣམ་པས་དུས་གཅིག་ཏུ་དངོས་པོ་དུ་མི་ཉེ་བར་ལེན་པ་ཉིད་དུ་མི་འཐད་པ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་ན་ཕྱོགས ་གསུམ་ཆར་ལ་ཡང། ཕྱི་རོལ་གྱི་དོན་དམིགས་པ་ཉིད་དུ་མི་འཐད་དོ་ཞེས་བསྒྲུབས་ན་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་དབང་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རྡུལ་ཕྲ་རབ་རྣམས་དམིགས་པར་མི་རུང་བ་དེའི་ཕྱིར་དབང་པོའི་བློ ་རྣམས་ཕྱི་རོལ་གྱི་དོན་གྱི་ཡུལ་ཅན་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ལྟར་གཞན་གྱི་གཞུབ་ལུགས་བཀག་ནས་རྣམ་པ་ཐམས་ཅད་དུ་དམིགས་པ་བཀག་ན། ཁས་བླངས་པ་ལ་གྲགས་པས་གནོད་པར་འགྱུར་དུ་འོང་བས་རང་གི་གཞུང་ལུགས་ལ་དམིགས་པ ་རྣམ་པར་བཞག་པ་བསྟན་པའི་ཕྱིར། ཤེས་བྱ་ནང་གི་ངོ་བོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོའི་དོན་ནི་ཤེས་པ་ལ། ཤེས་བྱའི་རྣམ་པ་བེག་བུར་ཆད་པ་ལྟ་བུར་སྣང་བ་གང་ཡིན་པ་དེ་ཁོ་ན་ཤེས་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ནང་ཞེས ་བྱ་བ་ནི་ནང་སྟེ། དེ་ཡང་འདིར་ཤེས་པ་ཡིན་པར་བལྟ་བར་བྱའོ། །ནང་ཞེས་བྱ་བའི་སྒྲ་འདི་ནི་རང་བཞིན་གྱི་བདུན་པའི་དོན་ཡིན་ཏེ། དེས་ན་ཤེས་པ་ལ་ནང་ཞེས་བཤད་པ་ཡིན་ནོ། །ཤེས་བྱའི་ངོ་བོ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་གཟུང་པའི་ཆ་ཞེས་བྱ ་བའི་ཐ་ཚིག་གོ་།ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་དང། བར་དུ་ཚོར་པའི་དོན་དུ་བལྟ་པར་བྱའོ། །ཕྱི་རོལ་ལྟར་སྣང་ཞེས་བྱ་བ་ནི་ཕྱི་རོལ་ལྟ་བུར་མངོན་པ་སྟེ། རྣམ་པར་ཆད་པ་ལྟ་བུར་ཞེས་བྱ་བའི་ཐ་ཚིག་གོ་།དེ་དེ་ལྟར་སྣང་པའི་རྒུ་མཚན་ཡང ་ནམ་མཁའ་ཨི་ཁམས་སྣང་བ་ཡིན་ནོ། །ནམ་མཁའ་དེ་ནི་རྣམ་པར་ཤེས་པ་ལ་སྣང་བས་ན། རྣམ་པར་ཤེས་པ་ལས་ཕག་བུར་ཆད་པ་བཞིན་དུ། ངེས་གཟུང་པའི་ཆར་སྟོན་པར་བྱེད་དེ། དཔེར་ན་ཟླ་བའི་གཟུགས་བརྙན་མེ་ལོང་གི་ངོས་སུ་འབྱུང་བ་ན། ནམ་མཁའ་ཨི ་ཁམས་ཀྱི་གཟུགས་བརྙན་གྱི་དབང་གིས་ཁྲོན་པ་ན་འདུག་པ་ལྟར་བེག་ག་བུར་ཆད་པར་སྣང་བ་བཞིན་ནོ། །ཕྱི་རོལ་གྱི་ཡུལ་མེད་ན་རྣམ་པར་ཤེས་པའི་དམིགས་དེའི་རྐྱེན་ཉིད་འཀའ?་ཡང་མེད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཕྱི་རོལ་གྱི་དོན་ཞེས་བྱ་བ་ལ་སོགས་པ ་སྨོས་སོ། །འདི་ལ་དམིགས་པའི་རྐྱེན་མེད་པའི་ཉེས་པ་མེད་དེ། འདི་ལྟར་ཕྱི་རོལ་གྱི་དོན་མེད་མོད་ཀྱི། འོན་ཀྱང་ནང་ན་ཕྱི་རོལ་ལྟ་བུར་སྣང་བ་ཡོད་པ་ཁོ་ན་བས། དེ་ནི་དམིགས་བའི་རྐྱེན་དུ་འགྱུར་ཏེ། དཔེར་ན་རབ་རིབ་ཅན་གྱི་སྐྲ་ཤད? ་དང། ཤ་སྦྲང་ལ་སོགས་པའི་རྣམ་པ་ཅན་གྱི་བློ་ལ། སྐྲ་ཤད་ལ་སོགས་པའི་རྣམ་པ་ལྟ་བུའོ། །འདི་སྐད་དུ་གཟུང་བའི་ཆ་དེ་ནི་དམིགས་བའི་མཚན་ཉིད་དུ་རུང་བའི་ཕྱིར་དམིགས་པའི་རྐྱེན་ཉིད་དུ་བཤད་དོ་ཞེས་བཤད་པ་ཡིན་ནོ། །ཡང་འདི་ཇི་ལྟར ་དམིགས་པའི་མཚན་ཉིད་དུ་རུང་ཞེ་ན། དེའི་ཕྱིར་རྣམ་ཤེས་ངོ་བོའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཤེས་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་སྤྲོས་བའི་བག་ཆགས་ཡོངས་སུ་སྨིན་བའི་དབང་གིས་སྔོན་པོ་དང་སེར་པོ་ལ་སོགས? ་པའི་རྣམ་པ་དང་ལྡན་པར་སྐྱེ་བ་དེའི་ཕྱིར། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཡིན་པས་དེའི་རྣམ་པ་ཅན་ཉིད་དུ་གྲུབ་ལ་གང་གི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་དེ་རྣམ་པར་ཤེས་པ་དེའི་རྐྱེན་ཡིན་པ་དེའི་ཕྱིར་རྒྱུ་ཉིད་དུ་ཡང་གྲུབ་བོ། །དེའི་རྐྱེན ་ནི། དེའི་རྐྱེན་ཉིད་དེ། དེ་ཞེས་བྱ་བའི་སྒྲ་ནི་རྣམ་པར་ཤེས་པ་དང་སྦྱར་རོ། །དེའི་ངོ་བོ་ནི་དེའི་རྐྱེན་ཉིད་དོ། །དེའི་རྐྱེན་ཉིད་ཡིན་པ་དེའི་ཕྱིར་ཏེ། གསུམ་པ་འདི་ནི་གཏན་ཚིགས་ལ་བལྟ་བར་བྱའོ། །བསྟན་བཅོས་བྱེད་བས་མདོའི་དོན་རྣམ་པར ་དགྲོལ་ཐབས་ཀྱི་མཇུག་བསྡུ་བྲ་བྱ་བའི་ཕྱིར། ནང་གི་རྣམ་པར་ཤེས་པའི་དོན་དུ་སྣང་བ་དང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ནི་ནང་ན་ཡོད་པའི་དོན་གྱི་རྣམ་པས་དེའི་རྣམ་པ་ཅན་དང། དོན་གྱི་རྣམ་པ ་དེ་ཡོད་ན་དེ་སྐྱེས་པ་དེའི་ཕྱིར་ཆོས་ཉིད་གཉིས་དང་ལྡན་བས་ན་ནང་གི་ཉིད་དམིགས་པ་ཡིན་པར་རིགས་སོ། །འདི་སྐད་དུ་རྣམ་པར་ཤེས་པ་ནི་ནང་ན་ཡོད་བའི་དོན་གྱི་རྣམ་པར་བྲིས་པའི་རྣམ་པོ་ལྟ་བུར་སྣང་ངོ། །དེ་ལྟ་བས་ན་དེའི་རྣམ་པ་ཡིན་ཏེ། དཔེར་ན ་རྒྱ་བྲིས་པའི་རྣམ་པས་དེའི་རྣམ་པ་ཅན་ཡིན་པ་ལྟ་བུའོ། །གང་གི་ཕྱིར་གཟུང་བའི་ཆ་ཡོད་ན་སྐྱེས་པ་དེའི་ཕྱིར། རྣམ་པར་ཤེས་པ་དེ་ནི་དེ་ལས་སྐྱེས་པ་ཞེས་ཀྱང་བྱ་སྟེ་དེ་བས་ན་དམིགས་པ་ཆ་གཉིས་ཀ་ཡོད་པས་འདི་ནི་དམིགས་པ་ཉིད་དུ་རིགས་སོ་ཤེས ་བཤད་པ་ཡིན་ནོ། །འདིར་གཞན་གྱི་ཚིག་གི་གོ་སྐབས་བསྟན་པའི་ཕྱིར། རེ་ཞིག་དེ་ལྟར་སྣང་བ་ཡིན་ལ་ནི་རག?་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་རྣམ་པར་ཤེས་པ་ལ་ནང་ན་ཡོད་པའི་ཤེས་བྱ་སྣང་བ་ཉིད་ནི་ཡིན་ལ་རག་སྟེ། འདི་ལྟར་དེ་ནི་ཤེས ་བྱའི་རྣམ་པ་དེས་བྱིས་བའི་རྣམ་པ་ལྟ་བུར་སྐྱེའོ་ཞེས་བཤད་ན་དེའི་ཕྱོགས་ཅིག་ཏུ་གྱུར་བ་དང། ལྷན་ཅིག་སྐྱེས་བ་ཤེས་བྱའི་རྣམ་པ་གང་ཡིན་དེ་གོ་ཇི་ལྟར་རྣམ་པར་ཤེས་པ་དེའི་རྐྱེན་དུ་འགྱུར། དེ་ལྟར་ཡིན་ན་ནི་བདག་ཉིད་ལ་བྱེད་པར་ཁས་བླངS ་བ་དང། ཧ་ཅང་ཐལ་བར་འགྱུར་ཏེ། འཛིན་པའི་ཆ་ཡང་གཟུང་བའི་ཆ་སྐྱེད་པར་བྱེད་བར་འགྱུར་ལ། བ་ལང་གི་རཱ་གཡས་གཡོན་ཀྱང་ཕན་ཚུན་སྐྱེད་པར་བྱེད་བ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདི་ལ་བསྟན ་བཅོས་ཅེས་པས་ལན་གདབ་པར། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན་ཞེས་བྱ་བ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། ལྷན་ཅིག་པར་གྱུར་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ན་འདིར་ཉེས་པར་མི་འགྱུར་ཏེ། གང ་གི་ཕྱིར་གཟུང་བའི་ཕྱིར་ཆ་ནི་ལྷན་ཅིག་བྱུང་བར་འགྱུར་དུ་ཟིན་ཀྱང། རྐྱེན་གཞན་རྒྱ་དང་མཚུངས་བ་དེ་མ་ཐག་པ་དང། བདག་པོ་དག་ལས་སྐྱེས་པའི་རྣམ་པར་ཤེས་པའི་རྐྱེན་ཉིད་དུ་འགྱུར་བས་སོ། །ལྟར་གཟུང་བའི་ཚད་མེད་པར་རྣམ་པར་ཤེས ་པ་དེ་མི་འབྱུང་སྟེ། དེ་ནི་དབྱུག་པ་ལ་རྟན་པའི་ཚུལ་དུ་དམིགས་པར་བྱ་བ་འབའ་ཞིག་ཏུ་ཟད་ཀྱི། འདི་རྐྱེན་རིལ་གྱི་བྱ་བ་བྱེད་བའམ། རྐྱེན་རེ་རེ་ལ་སྒྲོ་གདགས་པ་ནི་མ་ཡིན་ནོ། །གལ་ཏེ་ཡང་ཤེས་པ་དེ་གཟུང་བའི་ཆ་དེ་ལས་ཕན་འདོགས་པ ་མི་རེན་ཅི་སྟེ་དེ་མེད་པར་ཡང་མི་འབྱུང་སྟེ། འདི་ལྟར་ཕན་མི་འདོགས་བ་ལ་བལྟོས་པར་མི་འགྱུར་ལ། ཕན་མི་འདོགས་པ་ནི་མེད་དུ་ཟིན་ཀྱང་འགའ་ཡང་མི་འབྱུང་བར་མི་འགྱུར་རོ། །གལ་ཏེ་རྣམ་པ་འདིས་གཟུང་བའི་ཆ ་དང་རྒྱུ་ཉིད་དུ་འགྱུར་ན་ནི་འགྱུར་དུ་ཟད་དེ། འགལ་བ་ཅི་ཞིག་ཡོད། བ་ལང་གི་རྭ་གཡས་གཡོན་ནི་འཁྲུལ་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མེད་དོ། །བདག་ཉིད་ལ་བྱེད་པ་ཡང་ལ་ལར་འདོད་པ་ཉིད་དེ། དཔེར་ན་མར་མེ་ལྟ་བུའོ། །དེ་ནི ་བདག་ཉིད་ཁོ་ན་ས་བདག་ཉིད་གསལ་བར་བྱེད་དོ། །ཆའི་བྱེ་བྲག་གིས་ནི་བདག་ཉིད་ལ་བྱེད་བ་ཡང་ཡིད་རེ་སྐན། རྒྱུ་དང་འབྲས་བུའི་དངོས་པོ་མི་འཁྲུལ་པའི་རྒྱུ་མཚན་ཅན་ཡིན་ནོ་ཞེས་བྱ་བ་འདི་ག་ལ་ཞེ་ན། འདི་ལྟར་གཏན་ཚིགས་བདག ་ནི་ཡོད་བ་དང་མེད་པ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གཏན་ཚིགས་པ་དག་ནི་ཡོད་པ་དང་མེད་པ་དག་ནི་ཡོད་པ་དང། མེད་པ་ཉིད་གང་ཡིན་པ་དེ་ནི་རྒྱུ་དང་རྒྱུད་བ་ལྡན་པའི་རིམ་གྱིས་སྐྱེ་བདག་གི་ཡང་མཚན་ཉིད་ཡིན་པར་སྨྲ ་སྟེ། གང་ཞིག་ཡོད་ན་གང་ཡིན་ལ། ཅིག་ཤོས་ནི་རྒྱུ་དང་ལྡན་པ་ཡིན་ནོ། །འདི་ལ་ཡང་གཟུང་བའི་ཆ་ཡོད་ན་ཤེས་པ་ཡོད་ལ་མེད་ན་མེད་དེ། དེ་ལྟ་བས་ན་ལྷན་ཅིག་འབྱུང་བ་དེ་གཉིས་ཀྱང་རྒྱུ་དང་རྒྱུ་དང་ལྡན་པ་ཉིད་དུ་འགྲུབ་བོ། །གཏན ་ཚིགས་པ་དག་ཅེས་བྱ་བ་ནི་གང་དག་གཏན་ཚིགས་ཀྱི་ཐ་སྙད་འདོགས་བདག་ནི་གཏན་ཚིགས་པ་དག་སྟེ། རྟོག་གེ་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་ཡོད་པ་དང་མེད་པ་ལྡན་པ་ཉིད་དོ། །རྒྱུ་དང་རྒྱུ་དང་ལྡན་པ་ཞེས་བྱ ་བ་ནི་རྒྱུ་དང་འབྲས་བུ་དག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་ཡུལ་དང་ཡུལ་ཅན་གྱི་དངོས་པོ་དུས་མཉིས་བསྟན་ནས་ད་ནི་རིམ་གྱིས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་བསྟན་བའི་ཕྱིར། ཡང་ན་ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན་ཞེས་བྱ་བ་སྨོས ་ཏེ། ཡང་ན་གཟུང་བའི་ཆ་ནུས་པ་འཇོག་པ་ན་རིམ་གྱི་བསྐྱེད་བར་བྱེད་བའི་ངོ་བོའི་ཡུལ་དུ་འགྱུར་ཏེ། འདི་ལྟར་གཟུང་བའི་ཆེད་འགག་པ་ན། ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་འཇེག་པར་བྱེད་དོ། །ནུས་པད་གལ་ཏེ་སྐད་ཅིག་མ་གཉིས་པ་ལ་ལྷན ་ཅིག་བྱེད་བ་རྣམས་བསྒྲུབ་ན་ནི་དེའི་ཚེ་སྐད་ཅིག་མ་གཉིས་པ་ཁོ་ན་ལ་རང་དང་མཐུན་པའི་རྣམ་པར་ཤེས་བ་བསྐྱེད་དོ། །གལ་ཏེ་མི་སྒྲུབ་ན་ནི་དེའི་ཚེ་སྐད་ཅིག་གསུམ་པ་འམ། བཞི་པ་ཡང་རུང་གང་གི་ཚེ་འདི་སྒྲུབ་པར་འགྱུར་བ་དེའི་ཚེ། ཡོངས་སུ་སྨིན ་ནས་རང་དང་མཐུན་བའི་རྣམ་པར་ཤེས་བསྐྱེད་པར་འགྱུར་རོ། །ཕྱོགས་འདི་ལ་ནི་བདག་ཉིད་ལ་བྱེད་བ་འགལ་བའི་ཕྱིར་དང། ཕྱོགས་གཅིག་ཡིན་པའི་ཕྱིར་དང། ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་བའི་ཉེས་པ་མི་སྲིད་དེ་འདི ་ལྟར་ཤེས་པ་སྔ་མ་ལ་གཟུང་བའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་ཡོད་པ་གང་ཡིན་པ་དེ། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་ཕྱི་མ་སྐྱེད་པར་བྱེད་དོ། །དེའི་ཕྱིར་ཉེས་པ་འདི་རྣམས་ལྟ་སྲིད་རེ་སྐན། གལ་ཏེ་ནུས་བས་ཤེ ་བསྐྱེད་ན། དེ་ལྟ་ན་འོ་ན་ནི་ནུས་པ་ཁོ་ན་ཡུལ་དུ་འགྱུར་གྱི། གཟུང་བའི་ཆ་སྔ་མ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། རིམ་གྱིས་ཀྱང་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཉེས་པ་མེད་དེ་།འདི་ལྟར་རིམ་གྱིས་ཀྱང་གཟུང་བའི་ཆད་ནི་རབ་དང་ ་མཐུན་བའི་འབྲས་བུ་སྐྱེད་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའི་རྟེན་ཅན་གྱིས་ནུས་བ་བྱེད་དོ། །གལ་ཏེ་གཟུང་བའི་ཆ་དེས་ནུས་པ་དེ་བཞག་པར་མ་གྱུར་ན་ནི་ནུས་པ་དེས་ཤེས་པ་དེ་ལྟ་བུ་སྐྱེད་པར་ཡང་མི་འགྱུར་རོ། །དེའི་ཕྱིར་ནུས་པ་ལས་སྐྱེ་བའི་ཤེས་པ ་དེ་ཡང་གཟུང་བའི་ཚ་དེ་ཁོ་ན་ལས་སྐྱེས་བ་ཡིན་པས་འགལ་བ་འགའ་ཡང་མེད་དོ། །ཕྱོགས་འདི་ལ་ནི་ཆོས་ཉིད་གཉིས་དང་ལྡན་པ་ཤིན་ཏུ་ཡང་འཐད་དེ། འདི་ལྟར་གཟུང་བའི་ཆ་དེ་རང་དང་མཐུན་པའི། ཤེས་པ་ཕྱི་མ་སྟེ་བསྐྱེད་པས་དེའི་ཕྱིར་ཆོས་ཉིད ་གཉིས་དང་ལྡན་པ་ཡོད་དོ། །འདིར་གཞན་གྱི་ཚིག་གི་གོ་སླ?་པས་བསྟན་བའི་ཕྱིར་།གལ་ཏེ་འོན་?་གི་གཟུགས་?་ཞེས་བྱ་བ་ལ་སྐབས་?་སྨོས་ཏེ། གལ་ཏེ་ཁྱོད་ནང་གི་གཟུགས་?་དམིགས་པའི་རྐྱེན་ཡིན་བར་འདོད་ན་? ་ཚེ་ཇི་ལྟར་ནང་གི་གཟུགས་དེ་དང་མིག་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་བསྐྱེད་དེ། འདི་ལྟར་མིག་སྡང་སྣང་བར་གྱུར་བའི་གཟུགས་གང་ཡིན་པ་དེ་དང། ལྷན་ཅིག་བའི་མིག་གི་རང་གི་རྣམ་པར་ཤེས་བསྐྱེད་ན། ནང་གི་གཟུགས་ནི་མིག་སྔར་སྣང ་བར་ཡང་མི་འགྱུར་ན། དེ་ཇི་ལྟར་ནང་གི་གཟུགས་དེ་དང་ལྷན་ཅིག་བའི་མིག་གིས་མིག་གི་རྣམ་པར་ཤེས་པ་བསྐྱེད་ཅེས་བརྗོད་བར་བྱ། དེ་ནི་ནམ་ཡང་མདུན་ན་མི་འདུག་ན། དེ་ཇི་ལྟར་སྣག་བར་འགྱུར་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །བསྟན་བཅོས ་བྱེད་པས་འདའ་ཨི་ལན་གདབ་པར། ལྷན་ཅིག་བྱེད་དབང་ནུས་པ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དབང་པོ་འབྱུང་བ་ལས་གྱུར་བ་ཡིན་ན་ནི་དེའི་ཚེ་ཉེས་པ་འདིར་འགྱུར་ན། ཁོ་བོ་ཅག་ནི་དབང་བོ་ཉིད་དུ་འདོད་བའི་ཡུལ་ལྷན་ཅིག་བྱེད ་བའི་ནུས་པ་གང་ཡིན་པ་དེ་དབང་པོ་ཡིན་པར་འདོད་དེ། དེའི་ཕྱིར་གོ་བོ་ཅག་གི་ལྟར་ན་ཇི་ལྟར་གཟུགས་ནད་གི་ཡིན་པ་དེ་བཞིན་དུ་མིག་ཀྱང་ནང་གི་ཁོ་བོ་ཡིན་པས་ཇི་སྐད་སྨྲས་བའི་ཉེས་བར་ལྟ་ཞིག་གལ་ཡོད། ལྷན་ཅིག་བྱེད ་དབང་ཞེས་བྱ་བ་འདི་ནི་ཡུལ་དང་ལྷན་ཅིག་བྱེད་བའི་དབང་པོར་འདོད་བའི་ཞེས་བྱ་བར་དེ་ལྟར་བལྟ་བར་བྱའོ། །དེ་ལྟ་མ་ཡིན་གྱི་དབང་པོའི་དབང་པོ་ཞེས་བྱས་ནས་ནི་འབྲེལ་བ་མེད་པར་འགྱུར་ལ། དབང་པོའི་དབང་པོ་ཞེས་བརྗོད ་ན་མཛེས་པར་ཡང་མི་འགྱུར་རོ། །ཡང་དབང་པོ་ནུས་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་དབང་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དབང་པོ་ནི་རང་གི་འབྲས་བུ་རྣམ་པར་ཤེས་བའི ་མཚན་ཉིད་ལས་ནུས་པའི་ངོ་བོ་ཉིད་དུ་རྗེས་སུ་དཔག་གི་འབྱུང་བ་ལས་གྱུར་བ་ཉིད་དུ་ནི་མ་ཡིན་པས་སྔོ། །འདི་ལྟར་འབྲས་བུ་ལས་ནི་རྒྱུ་ཚམ་རྗེས་སུ་དཔག་བར་ནུས་ཀྱི་རྒྱུ་?་ཁྱད་པར་ནམ་ཡིན་ཏེ། ཁྱད་པར་གྱི་རྟགས་ལ་ཁྱབ་པ་མི་སྲིད་བའི་ཕྱིར་རོ།། ་ཇི་ལྟར་བུ་བ་ལས་མ་ཙམ་རྗེས་སུ་དཔག་པར་ནུས་ཀྱི། མ་ཁྱད་པར་རྩུ་དང་ལོ་མ་ལ་སོགས་པ་མ་ཡིན་པ་དེ་བཞིན་དུ། འབྲས་བུའི་རྣམ་པར་ཤེས་པའི་མཚན་ཉིད་ལས་གྱི་ཙམ་རྗེས་སུ་དཔག་པར་ནུས་ཀྱི། རྒྱུའི་ཁྱད་པར་འབྱུང་བ་ལས་གྱུར་བ་ཉིད་ལ་ ་སོགས་པ་ནི་མ་ཡིན་ཏེ། འདི་ལྟར་བྱེ་བྲག་ཏུ་སྨྲ་བའི་ལྟར་ན་ནི་དབང་པོ་འབྱུང་བ་ལས་གྱུར་བ་ཡིན། བཙུན་བ་སངས་རྒྱས་ལྷའི་ལྟར་ནི་འབྱུང་བའི་ངོ་བོ་ཉིད་ཡིན། རྣལ་འབྱོར་སྦྱོད་པའི་ལྟར་ན་རྣམ་པར་ཤེས་བའི་ངོ་བོ་ཉིད་ཡིན་དབུམ་བའི་ལྟར་ན་ཀུན་རྫོབ ་ཏུ་ཡོད་པ་ཡིན། གྲངས་ཅན་བའི་ལྟར་ན་ནི་?་སྙམ་པ་ཡིན་པས་དེ་ལྟ་བུ་ལ་སོགས་བའི་ཁྱད་པར་རྗེས་སུ་དཔག་པར་མི་ནུས་སོ། །དེ་ལྟ་བས་ན་ནུས་བརྒྱན་?་དུ་རྗེས་སུ་དཔོག་བར་བྱེད་པས་ནུས་བཙམ་རྗེས་སུ་དཔོག་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་ནུས་པ ་ནི་ནུས་པ་དད་ལྡན་པ་ལ་བལྟོས་ཏེ། ནུས་པ་གཞི་མེད་བར་མི་རུང་ངོ། །ནུས་པ་དང་ལྡན་པ་ནི་དབང་པོ་ཡིན་ལ། དེ་ཡང་དབྱུང་བ་ལས་གྱུར་བ་ཡིན་པས་དབང་པོ་འབྱུང་ལས་གྱུར་བ་ཡིན་པར་གྲུབ་བོ་སྙམ་དུ་སེམས་ན། དེའི་ཕྱིར་དེ་ཡང་རྣམ་རིག་ལ་མི ་འགལ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྟེན་ཞིག་གདོན་མི་ཟ་བར་དགོས་ན། རྣམ་པར་ཤེས་པ་དེ་ཉིད་རྟེན་ཡིན་དུ་ཟད་དེ། འདི་ལྟར་རྣམ་པར་ཤེས་པ་ལ་ནི་ཡུལ་སོ་སོར་རྣམ་པར་རིག་བའི་ངོ་བོ་ཡིན་བའི་ཕྱིར་རོ། །རང་རིག་བའི་དེ་བ་ཡིན་པའི་ཕྱིར་གཉི་ག་ལ ་གྲགས་སོ་།དེའི་ཕྱིར་དེ་ཉིད་ལས་ཀྱིས་ཡོངས་སུ་བསྒོས་བརྟེན་ཡིན་དུ་ཟད་དེ། ནུས་པ་མ་གང་གིས་ན་དེ་རྣམ་པར་ཤེས་པའི་རྟེན་ཅན་དུ་མི་རུང་བར་འགྱུར་བ་རྣམ་པར?་ཤེས་པ་དང་ལྷན་ཅིག་འགལ་བ་ནི་མེད་དོ། །དེ་ལ་འདི་?་དུ་འབྱུང་བ་འམ་གྱུར་པ་ལ་རྣམ་པར ་གནས་པའི་ནུས་པ་ཡང་འབྲས་བུ་གཞན་སྐྱེད་ལ། རྣམ་པར་ཤེས་པ་ལ་གནས་པ་ཡང་གཞན་སྐྱེད་དེ། དེ་ལྟ་བས་ན་དབང་དེ་ནི་གདོན་མི་ཟ་བར་འབྱུང་བ་ལས་གྱུར་པ་ཡིན་པ་ཤེས་བར་བྱའོ་སྙམ་དུ་སེམས་ན་དེའི་དོགས་པ་བསུ་བར ་ནུས་པ་ནི་རྣམ་པར་ཤེས་པ་ལ་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་ནི་རྟེན་གྱིས་བྱས་པའི་བྱས་པའི་ཁྱད་པར་མེད་དེ། འདི་ལྟར་ནུས་པ་ནི་གལ་ཏེ་རྣམ་པར་ཤེས་པ་ལ་གནས་ཀྱང་རུང། འོན་ཏེ་གཞན་ལ་རྣམ་པར་གནས་ཀྱང་རུང། རྣམ་པ ་ཐམས་ཅད་དུ་དེས་ནི་གཟུགས་མཐོང་བ་ལ་སོགས་པ་ཙམ་ཞིག་བྱ་བར་ཟད་པས་དེའི་ཕྱིར་འབྲས་བུ་སྐྱེད་པར་བྱ་བ་ལ་ཁྱད་པར་མེད་དོ། །བསྟན་དུ་མེད་པའི་རང་གི་ངོ་བོ་ལ་ཞེས་བྱ་བ་ནི་གཞན་འདོད་བའི་དབང་བོའི་རང་གི་ངོ་བོ་ནི་དབང་པོས་མི ་སོང་བའི་ཕྱིར་བརྟག་པར་མི་ནུས་སོ། །མ་བརྟགས་པ་ཡང་བསྟན་པར་མི་ནུས་ཏེ། དེའི་ཕྱིར་གཞན་འདོད་བའི་དབང་པོ་ན་བསྟན་ད་མེད་པའི་རང་གི་ངོ་བོ་ཡིན་ནོ། །འོན་དབང་བོའི་ནུས་པ་དེའི་རྒྱུ་གང་ཞེ་ན། མཇུག་བསྡུ་བས་ཐབས་ཀྱིས་དེ་བསྟན ་བའི་ཕྱིར། དེ་ལྟར་ཡུལ་གྱི་ངོ་བོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྣམ་པར་ཤེས་པ་འདི་དབང་པོའི་ནུས་པ་ལས་སྐྱེ་བ་དེ་བཞིན་དུ། དབང་པོའི་ནུས་པ་འདི་ལ་ཡང་དབང་པོ་འཕེན་པར་བྱེད་བའི་རྣམ་པར་ཤེས་པ་ཡང་སྔ་མཁས? ་སྐྱེ་ལ། སྔོན་གྱི་རྣམ་པར་ཤེས་པ་དེ་ཡང་དབང་པོའི་ནས་པ་ཡང་སྔ་མ་ལས་སྐྱེའོ། །དེ་ལྟར་ན་འདི་ལྟ་སྟེ། དབང་པོའི་ནུས་པ་དང། ཡུལ་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་བའི་?་གཉིས་ནི་ཕན་ཚུན་གྱི་རྒྱ་ཅན་དུ་འཇུག་ལ། ?་དང་འབྲས་བུ་བརྒྱུད ་པ་འདིའི?་དུས་ཀྱི་ཐོག་མ་ཡང་མེད་བས་འདི་གཉིས་ཐོག་?་མེད་བའི་དུ་བས་བལྟ་བར་བྱའོ། །བསྟན་བཅོས་བྱེད་བ་མདོའི་དོན་བསྟན་བའི་ཕྱིར། མིག་ཅེས་བྱ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ཅེས་བྱ་བ་དབང་པོའི་ནུས་པར་བསྟན་པ ་གང་ཡིན་པ་དང། ནང་གི་གཟུགས་ལྷན་ཅིག་པ་འམ། སྔར་བྱུང་བ་ལ་བརྟེན་ནས་མ་དེས་པའི་དོན་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེའོ། །ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལྟར་ན་དེས་བའི་དོན་ཁོ་ནས་རྣམ་པར་ཤེས་པ་སྐྱེ་བ་ལྟར། འདི་ལ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར ་འདི་སྐད་དུ། རྣམ་པར་ཤེས་པ་དོན་དུ་སྣང་བ་དམིགས་ཀྱི་མི་ཀྱེ་བ་སྐྱེའོ་ཞེས་བཤད་དོ། །གཞན་དག་ནི་བརྗོད་དུ་མེད་པའི་དོན་དུ་སྣང་བ་ཞེས་ཟེར་ཏེ། དེ་ནི་དོན་ཤིན་ཏུ་འབྲེལ་པར་དེ་སྣང་སྟེ། བརྗོད་དུ་མེད་པ་ཉིད་ནི་འདིར་ཅུང་ཟད་ཀྱང་མི་དགོས་སོ། །འདི ་ལྟར་རང་གི་མཚན་ཉིད་ཐམས་ཅད་ནི་བརྗོད་དུ་མེད་པ་སྟེ། གལ་ཏེ་དེར་སྣང་བའི་ཤེས་བ་སྐྱེ་བ་ཡིན་ན་དེས་ན་དངོས་སུ་ཅི་ཞིག་འགྲུབ་བར་འགྱུར། འོ་ན་ཏེ་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་བརྗོད་པར་མི་ནུས་ཞེ་ན། དེ་ལ་ཡང་ཅི་མེད་བའི་ཕྱིར ་བརྗོད་བར་མི་ནུས་སམ་།འོན་ཏེ་རང་གི་མཚན་ཉིད་ཀྱི་ཕྱིར་རེ་ཞིག་གལ་ཏེ་མེད་བའི་ཕྱིར་རོ?་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་མེད་པ་རི་བོད་གི་རྭལ་སོགས་བ་ཡང་བརྗོད་པར་བྱེད་དོ། །འོན་ཏེ་རང་གི་མཚན་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ལ་ནི་ལན ་བཏབ་ཟིན་ཏོ། །མིག་ཅེས་བྱ་བའི་ནུས་པ་ལ་བརྟེན་ནས་ཞེས་བྱ་བ་འདིར་སོགས་པ་ཞེས་བྱ་བ་འདི་ནི་མངོན་བར་རྟོགས་པར་བྱ་སྟེ། དེས་ནི་མིག་ལ་སོགས་པ་ཞེས་བྱ་བ་ཞེས་བཤད་པ་ཡིན་ནོ། །འོན་ནུས་པ་དེ་གང་ལས་སྐྱེ་ཞེ་ན། འདི་གཉིས་ཀྱང་ཕན ་ཚུན་གྱི་རྒྱུ་ཚན་དང་ཞེས་བྱ་བ་སྨོས། །ནུས་པ་དེ་ཡང་དབང་པོ་འཕེན་པར་བྱེད་བའི་རྣམ་པར་ཤེས་པ་སྣམ་ལས་སྐྱེ་ཞིང། རྣམ་པར་ཤེས་པ་དེ་ཡང་ནུས་པ་ཡང་སྔ་མ་ལས་སྐྱེ་ལ། ནུས་པ་དེ་ཡང་དབང་པོ་འཕེན་པར་བྱེད་བའི་རྣམ་པར་ཤེས་པ་ཞེས་སྔ ་མ་ལས་སྐྱེ་བས། རྒྱུ་དང་འབྲས་བུའི་ངོ་བོ་བརྒྱུད་པ་འདི་ནི་ཐོག་མ་མང་བའི་དུས་ཅན་ཉིད་ཡིན་ནོ། །དེ་ལྟར་རི་ཞིག་དབང་པོའི་ནུས་པ་དང། རྣམ་པར་ཤེས་པ་རྒྱུ་དང་འབྲས་བུའི་དངོས་པོར་བསྟན་པ་ཡིན་ནོ། །འདི་གཉིས་ཀྱང་ཕན་ཚུན་གྱི་རྒྱུ་ཅན་དང ་ཐེག་མ་མེད་བའི་ནུས་པ་ཡིན་ཏེ། ཞེས་བྱ་བའི་ཚིག་འདི་ཁོ་ནས། ཡུལ་གྱི་ནུས་པ་དང་རྣམ་པར་ཤེས་པ་ཕན་ཚུན་རྒྱུ་ཅན་ཉིད་དང། ཐོག་མ་མེད་པའི་དུས་ཅན་ཉིད་དུ་སྟོན་ཏོ། །ཕན་ཚུན་གྱི་རྒྱུ་ཅན་ཉིད་བསྟན་བའི་ཕྱིར། རེས ་འགའ་ནི་ནུས་པ་ཡོངས་སུ་སྨིན་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རས་འགའ་ནི་སྤྲོས་པའི་བག་ཆགས་ཞེས་བྱ་བའི་ནུས་པ་ཡོངས་སུ་སྨིན་པ་ལས་རྣམ་པར་ཤེས་པ་ཡུལ་གྱི་རྣམ་པ་ཉིད་དུ་འབྱུང་ལ། རེས་འགའ་ནང་ཡུལ་གྱི ་རྣམ་པ་ཅན་གྱིས་སེམས་ལས་ནུས་པ་སྐྱེའོ། །འདི་ལ་ཡང་རྒྱུ་དང་འབྲས་བུ་བརྒྱུད་པའི་འདིའི་རྒྱུན་ཆད་པ་མེད་པས་ཐོག་མ་མེད་པའི་དུས་ཅན་ཉིད་དུ་ཤེས་པར་བྱའོ། །ཡང་ཅི་དབང་པོ་དང་ཡུལ་གྱི་ནུས་པ་འདི་དག་རྣམ་པར་ཤེས་པ་ལས ་ཐ་དད་པ་ཞིག་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཐ་དད་ན་དེའི་ཚེ་མིང་ཙམ་ཞིག་ལ་ལྡོག་པར་རྟགས་པར་ཟད་ཀྱི་དོན་ནི་མཐུན་ཏེ། རྣམ་པར་ཤེས་པ་ལ་མ་གཏོགས་བའི་དབང་པོ་དང། དམིགས་པ་དག་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་ཐ་མི ་དད་ན་ནི་དེའི་ཚ་ནུས་པ་འདི་ནི་དབང་པོ་འདི་ནི་ཡུལ་ལོ་ཞེས་བྱ་བའི་རྣམ་པར་བཞག་པ་འདིར་མི་འགྱུར་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པ་དང། དེ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་ཀྱི་ཚུལ་དཔྱད་ན་ནི། དེའི་ཚེ་ནུས་པ་རྣམས ་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད་ཡིན་པས་ཀུན་?་ཏུ་ཡོད་པའི་ཕྱིར། རྣམ་པར་ཤེས་པ་ལས་གཞན་ཉིད་དམ། གཞན་མ་ཡིན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་ཇི་སྐད་སྨྲས་པའི་ཉེས་པ་གཉི་གང་ཐལ་བར་མེད་དོ།། ་འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ན་ནི། དེའི་ཚེ་ཅི་དགར་རེས་འགའ་ནི་རྣམ་པར་ཤེས་པ་དེ་དག་ལས་གཞན་བ་ཉིད་དུ་བརྗོད་པར་བྱ་ལ། ངེས་འགའ་ནི་གཞན་མ་ཡིན་པ་ཉིད་དུའོ། །འདི་ལྟར་ཀུན་རྫོབ་ཏུ་ཡོད་པ་རྣམས་ནི་འཇིག་རྟེན། རེས ་འགའ་?་ནི་ཐ་དད་པར་ཐ་སྙད་འདོགས་ཏེ། དཔེར་ན་ཙན་དན་གྱི་དྲི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རེས་འགའ་ནི་ཐ་མི་དད་པ་སྟེ། དཔེར་ན་གཟུགས་ལ་སོགས་པ་ལ་བུམ་པ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ཕྱོགས་གཉིས་ག་ལ་ཡང་དམིགས་པ་ནང་གི་ཕན? ་པར་བསྟན་ནས་འཇུག་བསྡུ་བའི་ཕྱིར། དེ་ལྟར་ན་ནད་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ན་བཤད་པའི་རྣམ་པས་རྣམ་པར་ཤེས་པ་དང་ཐ་མི་དད་པའི་དམིགས་པ་ལ་ཆོས་ཉིད་གཉིས་དང་ལྡན་པ་ཡོད་པས་ཡུལ་ཉིད་དུ་འཐད་པ་ཡིན་ནོ།། ་དམིགས་པ་ཡོངས་སུ་བརྟག་པ་ཡི་།རྣམ་པར་འགྲེལ་བ་གསལ་བྱས་བས། །དག་པ་ཐོབ་པ་གང་ཡིན་དེས། །འགྲོ་བ་སང་རྒྱས་ཉིད་ཐོབ་ཤོག་།དང་པོའི་ལས་ཅན་དགའ་བྱའི་ཕྱིར། །རྒྱ་ཆེར་བཤད་པ་དུ་ལ་བའི་ལྷས། ཁམས་བཅུ་དང་ནི་བྲལ་པར་བྱས།། ་དེ་ཕྱིར་མཁས་རྣམས་བརྗོད་པར་གྱིས། །ཉེས་པ་འཇིན་པ་ལྷུར་ལེན་པས། །འདི་ནི་འདོད་འདོད་དཔྱད་དུ་མེད། །རང་གིས་རྣམ་རྟོག་དབང་གིས་ན། །ཉེས་པ་མེད་པའང་བློ་ལ་སྣང། །དམིགས་པ་བརྟག་པ་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བའི ་ལྷ་ཤེས་བྱའི་དམིགས་པ་མཛའ་དག་ལ་གཞལ་བ་སྨྲ་བའི་སེང་གེ་མུ་སྟེགས་ཅན་གླང་པོ་ཆེའི་ཀླད་པ་འགེམས་པར་མཛད་བས་སྦྱར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱ་ཀྱ་སེང་ཧ་དང། ་ཞུ་ཆེན་གྱི་ལོ་ཅི་བ་པནདེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕམ་?། །།རིགས་པ་གྲུབ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཙན་གོ་མིས་མཛད་བ།། །རྒྱ་གར་སྐད་དུ། ན?་ཡས? ་