| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། སཾ་བནདྷ་པ་རཥ་ཀྵི་ཊཱི་ཀཱ་།བོད་སྐད་དུ། འབྲེལ་པ་བརྟག་པའི་རྒྱ་ཆེར་བཤད་པ། འཇཾ ་དང་ལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བ་ཐམས་ཅད་འབྲེལ་མེད་པར། །འགྲོ་བའི་བླ་མ་གང་གསུང་བ། ། ་དེ་ལ་རབ་ཏུ་ཕྱག་འཚལ་ནས། །འགྲེལ་པ་བརྟག་པ་བཤད་པར་བྱ། །འབྲེལ་པ་དངོས་པོར་གྱུར་པ་གསལ་བར་འདོད་ནས ་ཞེས་བྱ་བའི་ཆག་དང་པོ་འདིས་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང། བརྗོད་པར་བྱ་བ་དང། དགོས་པ་རྣམས་སྟོན་ཏོ། །གཞན ་དུ་ན་འབྲེལ་པ་དང། བརྗོད་པར་བྱ་བ་དང། དགོས་པ་རྣམས་དང། བྲལ་བའི་རབ་ཏུ་བྱེད་པ་ནི་བླང་བར་བྱ་བ ་མ་ཡིན་པར་འགྱུར་རོ། །དེ་ལ་འབྲེལ་པ་དངོས་པོར་གྱུར་པ་ཞེས་བྱ་བའི་ཚིག་འདིས་ནི་བརྗོད་པར་བྱ་བ་བསྟན་ཏོ། །བསལ་བར ་འདོད་ནས་ཞེས་བྱ་བའི་ཚིག་འདིས་ནི་དགོས་པ་བསྟན་ཏོ། །འདི་ལྟར་འབྲེལ་པ་དངོས་པོར་གྱུར་པ་བསལ་བ་ནི་འདིར་དགོས་པ་ཡིན ་ནོ། །སྨྲས་སོ། །ཞེས་བྱ་བ་འདིས་ནི་འབྲེལ་པ་སྨོས་ཏེ། འདི་ལྟར་འབྲེལ་པ་དངོས་པོར་གྱུར་པ་བསལ་བའི་ཕྱིར་རབ་ཏུ་བྱེད་པ ་འདི་བསྟན་ཏོ། །དེ་ལྟ་བས་ན་འབྲེལ་པ་དངོས་པོར་གྱུར་པ་བསལ་བ་ལ་རབ་ཏུ་བྱེད་པ་ནི་ཐབས་ཁོ་ནར་བསྟན་པ་ཡིན་ཏེ། འདི་ལྟར་རབ་ཏུ་བྱེད་པ་འདི་ཐོས ་པས་འབྲེལ་པ་དངོས་པོར་གྱུར་པ་མེད་དོ་ཞེས་བྱ་བར་ངེས་པར་འགྱུར་རོ། །དེས་ན་རབ་ཏུ་བྱེད་པ་ནི་ཐབས་ཡིན་ནོ། །འབྲེལ་པ་དངོས་པོར་གྱུར་པ་བསལ་བ ་ནི་ཐབས་ལས་བྱུང་བ་སྟེ། རབ་ཏུ་བྱེད་པ་དང་དགོས་པ་འདི་གཉིས་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་འབྲེལ་ཏོ། །འདི་ནི་རེ་ཞིག་སྤྱིའི ་དོན་ཏོ། །ཡན་ལག་གི་དོན་ནི་དངོས་པོར་གྱུར་པ་ཞེས་བྱ་བའི་རྫས་སུ་ཡོད་པ་དང། དོན་དམ་པ་དང། བཅོས་མ་མ་ཡིན་པ་དང། མ་བརྟགས ་པ་ཞེས་བྱ་བའི་བར་དུའོ། །འབྲེལ་པ་ཞེས་བྱ་བ་ནི་འབྲེལ་པ་ནས་འབྲེལ་པ་སྟེ། སྦྱོར་བ་དང་ལྡན་པ་དང། རེག་པ་དང་ཕྲད་པ་དང། དངོས་པོ་ཉེ ་བར་གྱུར་པ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བསལ་བར་འདོད་ནས་སྨྲས་པ་ཞེས་བྱ་བ་ནི་སོ་སོར་བསལ་བར་འདོད་པ་དང། སོ་སོར་སྤང ་བར་འདོད་ནས་སྨྲས་པ་ཞེས་བྱ་བའི་དོན་ཏོ། །གཞན་དབང་ཁོ་ན་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་སྟོན་ཏོ། །གཞན་དབང་ནི་གཞན་ལ་རག ་ལས་པ་སྟེ་ཞེས་བྱ་བ་གཞན་ལ་རག་ལས་པའི་ཚིག་གིས་གཞན་དབང་སྟོན་ཏེ། འདི་ལྟ་སྟེ། གཞན་དང་འབྲེལ་པ་དང། གཞན་ལ་རག་ལས་པ་དང། གཞན ་ལ་བརྟེན་པ་དང། གཞན་གྱི་དབང་ཞེས་བྱ་བ་དོན་གཅིག་གོ་།དེ་འབྲེལ་པ་ཡིན་ན་ཞེས་བྱ་བ་ནི་ཁ་ཅིག་གཞན་གྱི་དབང་ཁོ་ན་འབྲེལ་པ་ཡིན་པར་འདོད་དོ། ། ་དེ་ནི་འབྲེལ་པ་ཅན་གྲུབ་པའམ་མ་གྲུབ་པ་ཞིག་གི་ཡིན་ཞེས་བྱ་བ་ནི་འདི་ལ་འབྲེལ་པ་ཡོད་པས་འབྲེལ་པ་ཅན་ནོ། །གྲུབ་པ་ནི་རང་གི་ངོ་བོར་རེད་པའོ། །མ ་གྲུབ་པ་ནི་རང་གི་ངོ་བོར་མ་རེད་པའོ། །འམ་གྱི་སྐུ་ནི་རྟོག་པའི་དོན་ཏོ། །འདི་སྐད་བསྟན་ཏོ། །འབྲེལ་པ་ཅན་གྲུབ་པའི་ངོ་བོ་འམ། མ་གྲུབ་པའི་ངོ་བོའི་གཞན་གྱི་དབང་ཡིན། མ་གྲུབ་པ་ནི་མེད་པའི་ངོ་བོ་ཡིན ་པའི་ཕྱིར་འབྲེལ་པ་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་འབྲེལ་པ་ཅན་མ་གྲུབ་སྟེ་ངོ་བོ་མེད་པ་ཡིན་ནོ་དེས་ན་མ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་འབྲེལ་པ་དངོས་པོར་ཡོད་པར་ཇི་ལྟར་འགྱུར། འབྲེལ་པ ་ཅན་གྲུབ་ན་གཞན་དབང་ཅི་ཞིག་ཡོད་ཅེས་བྱ་བ་ནི་གང་གི་ཚེ་འབྲེལ་པ་ཅན་གྱི་རང་གི་ངོ་བོ་གྲུབ་པ་དེའི་ཚེ་ཡང་འབྲེལ་པ་ཅན་རེ་བ་མེད་པའི་ཕྱིར་ཅི་ཞིག་རག་ལས་ན་གང་གིས་འདི་གཞན་དབང་དུ་འདོད། ་ཅི་ཞིག་ཅེས་བྱ་བ་ནི་སྒྲ་འདི་འདྲི་བ་མ་ཡིན་གྱི་འོ་ན་ཅི་ཞེ་ན། སེལ་བར་བྱེད་པ་ཡིན་ཏེ་?་མེད་པ་ཉིད་དེ་གཞན་དབང་ཅི་ཡང་མེད་དོ། །དེ་བས་ན་འབྲེལ་པ་མེད་པ་ཉིད་དོ་ཞེས་བྱ་བས་ནི་དེ་བས་ན་འབྲེལ་པ ་གཞན་དབང་མེད་དོ་ཞེས་བྱ་བའི་དོན་ཏོ། །གྲུབ་ཏུ་ཟིན་ཀྱང་ཅུང་ཟད་མ་གྲུབ་པ་ཡོད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་འདི་སྙམ་དུ་སྨྲ་སྟེ། རྣམ་པ་ཐམས་ཅད་དུ་གྲུབ་པ་ནི་གཞན་གྱི་དབང་དུ་མི་འདོད་དོ། །འོན ་ཀྱང་འབྲེལ་པ་ཅན་གྲུབ་ཏུ་ཟིན་ཀྱང་ཆ་ཤས་ཁོ?་ཅིག་མ་གྲུབ་པ་ཡོད་པས་དེ་དག་གྲུབ་པར་བྱ་བའི་ཕྱིར་འབྲེལ་པ་ཅན་གཞན་གྱི་དབང་དུ་འདོད་ཅེ་ན། དེའི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་ཡང་དེ་གྲུབ་པར་བྱ་བའི་ཆེད ་དུ་གཞན་གྱི་དབང་ཁོ་ནར་ཡང་མི་འགྱུར་ཏེ། ཞེས་བྱ་བའི་ཚིག་གིས་སེལ་བར་བྱེད་དོ། །རྣམ་པ་དེ་ལྟ་བུའི་ཆ་ཤས་གྲུབ་པར་བྱ་བའི་སྒོ་ནས་ཀྱང་གཞན་གྱི་དབང་དུ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། ་དེའི་ཕྱིར་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ཉེས་པའི་རྣམ་པར་རྟོག་པ་ལས་མི་འདའ་བའ་ཨི་ཕྱིར་རོ་ཞེས་བྱ་བ་སྨས་ཏེ། གྲུབ་པ་དང་མ་གྲུབ་པ་ནི་གྲུབ་པ་དང་མ་གྲུབ་པ་སྟེ། གྲུབ་པའི་ཕྱོགས་དང་མ་གྲུབ་པའི་ཕྱོགས་ཞེས ་བྱ་བའི་དོན་ཏོ། །གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ངང་ཚུལ་ཅན་གང་དག་ཡིན་པ་དེ་དག་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའོ། །ཉེས་པ་རྣམས་ཀྱི་རྣམ་པར་རྟོག་པ་ནི་ཉེས་པའི་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག ་པའི་སྒྲས་ནི་འདིར་རྣམ་པར་སྟོན་ཏོ། །གྲུབ་པ་དང་མ་གྲུབ་པ་ལས་གྱུར་པ་ཡང་ཡིན་ལ་ཉེས་པ་ཡང་ཡིན་ཞེས་ཚིག་བསྡུའོ། །དེ་དག་ལས་མི་འདའ་སྟེ། དེ་བས་ན་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ཉེས་པའི་རྣམ་པར ་རྟོགས་པ་ལས་མི་འདའ་བའ་ཨི་ཕྱིར་རོ་ཞེས་དེ་སྐད་སྨོས་སོ། །འདི་སྐད་བསྟན་ཏེ། གྲུབ་པའི་ངོ་བོའི་ཕྱོགས་ཀྱི་ཉེས་པ་གང་ཡིན་པ་དང་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པ་གང་ཡིན་པ་དེ་དག་ཐམས་ཅད་ཕྱོགས་འདི་ལ་ཡང་ཡོད་དེ། འདི ་ལྟར་ཆ་ཤས་གྲུབ་པ་གང་ཡིན་པ་དེ་དག་ནི། གྲུབ་པའི་ཕྱིར་གཞན་གྱི་དབང་དུ་མི་རུང་ངོ། །མ་གྲུབ་པ་ཡང་མེད་པའི་ངོ་བོ་ཡིན་པའི་ཕྱིར་གཞན་གྱི་དབང་དངོས་པོར་གྱུར་པ་མ་ཡིན་ནོ། །དངོས་པོ་གཅིག་ལ་གྲུབ་པ་དང་མ ་གྲུབ་པའི་གཉི་ག་ཡང་མེད་དོ་ཞེས་བྱ་བ་ནི་དངོས་པོ་གཅིག་ལ་གྲུབ་པ་དང་མ་གྲུབ་པའི་ངོ་བོ་ཡང་མེད་དེ། འདི་ལྟར་ཆ་ཤས་མེད་པ་ནི་དངོས་པོར་འདོད་དོ། །ཆ་ཤས་དང་བཅས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་གྲུབ་པ་འམ་ཅིག ་ཤོས་ཀྱི་གཞན་གྱི་དབང་ཁོ་ན་མེད་པ་ཞེས་བྱ་བ་ནི་ཇི་སྐད་དུ་སྨོས་པའི་ཚུལ་གྱིས་ཇི་ལྟར་གྲུབ་པ་འམ་མ་གྲུབ་པའི་གཞན་གྱི་དབང་མི་འཐད་དེ། འདི་ལྟ་སྟེ། གྲུབ་པའི་ཕྱོགས་ལ་གཞན་གྱི་དབང་ཁོ་ན་མེད་ཅིང་མ་གྲུབ་པའི་ཕྱོགས་ལ་ཡང་གཞན་གྱི་དབང་དངོས་པོར་མི ་འཐད་དོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་ཡང་དག་ཉིད་དུ་དངོས་པོར་མེད་དེ། དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་གཞན་གྱི་དབང་གི་མཚན་ཉིད་དོན་དམ་པར་མེད་དོ་ཞེས་མཇུག་སྡུད་པའོ། །དངོས་པོ་ཞེས་བྱ་བ་འདིས་ནི་ཡང་དག་ཉིད་དུ་ཞེས་བྱ་བ་དེ་བཤད་དོ།། ་རྣམ་པར་རྟོག་པས་བཀོད་པ་ནི་མི་དགག་གོ་ཞེས་བྱ་བ་ནི་རྟོག་པས་བཞག་པའི་གཞན་གྱི་དབང་གང་ཡིན་པ་དེ་ནི་མི་དགག་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་རྟོག་པས་བསྐྱེད་པའི་གཞན་གྱི་དབང་ནི་དངོས་པོར ་ཡོད་པ་མ་ཡིན་པ་དེའི་ཕྱིར་མི་འགག་གོ་།ངོ་བོ་འདྲེས་པ་འབྲེལ་པ་ཡིན་གྱི་གཞན་གྱི་དབང་ཁོ་ན་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འོན་ཏེ་འདི་སྙམ་དུ་ང་ནི་གཞན་གྱི་དབང་གི་མཚན་ཉིད་འབྲེལ་པ་ཡིན་པར་མི་སྨྲའི་འོ་ན་ཅི་ཞེ་ན། ངོ་བོ་འདྲེས་པའི་མཚན་ཉིད་དོ། །ངོ་བོ་གཉིས ་ཀྱི་འམ་ངོ་བོ་རྣམས་ཀྱི་འདྲེས་པ་ནི་ངོ་བོ་འདྲེས་པ་སྟེ། རང་གི་ངོ་བོ་ཕྲད་ཅེས་པའི་དོན་ཏོ། །དེ་ནི་མི་རུང་སྟེ། གཉིས་ཉིད་ཡིན་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཅན་གཉིས་ཀྱི་ངོ་བོ་ཡིན་ན་ཞེས་བྱ་བ་ཡིན་ནོ། །འདི་སྐད་བསྟན་ཏེ། འབྲེལ་པ་ཅན་ནི་འདིར་ངོ་བོ་གཉིས་ཁོ་ན ་ཡིན་ན་ངོ་བོ་འགྲོ་བ་ཡང་ཞེས་བྱ་ལ། ངོ་བོ་འདྲེས་པའི་སྒྲ་རང་གི་ངོ་བོ་གཅིག་པ་མཚན་ཉིད་ཅེས་བྱ་བ་དེས་བཤད་དེ། རང་གི་ངོ་བོ་གཅིག་པའི་མཚན་ཉིད་དེར་ཡང་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །འདིའི་བཤད་པ་ནི་མི་འགྱུར་བ་ཉིད་དོ་ཞེས་བྱ་བ་ཡིན་ཏེ། འདི ་ནི་འགོག་པ་ཡིན་གྱི་དྲི་བ་མ་ཡིན་ནོ་ཞེས་བྱ་བར་བསམ་པའོ། །འདི་སྐད་བསྟན་ཏེ། ཇི་སྲིད་དུ་འབྲེལ་པ་ཅན་གཉིས་ཀྱི་ངོ་བོ་མི་འདོར་བ་དེ་སྲིད་དུ་རང་གི་ངོ་བོ་གཅིག་པའི་མཚན་ཉིད་ཀྱི་ངོ་བོར་འདྲེས་པར་ཇི་ལྟར་འགྱུར། འོན་ཏེ་ཡང་དེའི ་ཚེ་འབྲེལ་པ་ཅན་གཉིས་ཀྱི་ངོ་བོ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འབྲེལ་པའི་དུས་ན་ངོ་བོ་གཅིག་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གཅིག་ཏུ་གྱུར་ན་ཡང་འབྲེལ་པ་ཅན་གཉིས་མེད་པའི་ཕྱིར་འབྲེལ་པ་གང་ཞིག་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། ཅི་སྟེ་འབྲེལ་པ་ཅན་ ་གཅིག་ཏུ་གྱུར་ན་དེའི་ཚེ་འབྲེལ་པ་ཅན་གཉིས་མེད་པས་ཤིན་ཏུ་ཡང་འབྲེལ་པ་མི་གྲུབ་བོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ན་ཞེས་བྱ་བ་ནི་འོན་ཏེ་ཡང་ངོ་བོ་འདྲེས་པའི་སྒྲ་ངོ་བོ་གཅིག་པ་ལ་མི་ཟེར་འདི་གཉིས་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར ་འབྲེལ་པ་ནི་གཉིས་ལ་གནས་པར་འདོད་དོ། །འདི་སྐད་བསྟན་ཏེ། འབྲེལ་པའི་གཞིན་དུ་མ་ཡིན་ན་འབྲེལ་པ་ཅན་ངོ་བོ་གཅིག་ཏུ་གྱུར་ན་དེ་ཇི་ལྟར་འགྱུར། འོན་ཏེ་འདི་སྐད་དུ་འདྲེས་པ་ནི་ངོ་བོ་ཉིད་གཅིག་ཏུ་གྱུར་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། བར་མེད་པ་ཡིན་ནོ ་ཞེ་ན་ཞེས་བྱ་བའི་འོན་ཏེ་ཡང་ངོ་བོ་འདྲེས་པའི་སྒྲ་ངོ་བོ་གཅིག་པ་ལ་མི་ཟེར་གྱི་འོ་ན་ཅི་ཞེ་ན། དངོས་པོ་རྣམ་པར་མེད་པ་ཁོ་ན་ངོ་བོ་འདྲེས་པ་ཡིན་ནོ་ཞེས་སྨྲ་ན། ཡིན་དུ་ཟད་མོད་ཅི་ཞིག་དགག་སྟེ། ཅི་སྟེ་པར་མེད་པ་ལ་ངོ་བོ་འདྲེས་པའི་སྒྲར་བརྗོད་ན་ལེགS ་པར་བརྗོད་ཤིན་ཏུ་བརྗོད་དེ་དེ་ནི་ད་འགོག་པ་མེད། །བར་མེད་པ་ནི་པར་མེད་པ་ཙམ་དུ་ཟད་པས་འབྲེལ་པ་དངོས་པོར་གྱུར་པ་ཡོད་པར་མི་འགྱུར་རོ། །ཞེས་བྱ་བ་འདི་ལ་བར་དང་བྲལ་ངེས?་བར་མེད་པ་སྟེ། བར་གྱི་སྒྲ་ནི་ཕྲག་ལ་བྱའོ། །བར་མེད་པའི་ངོ་བོ་ནི་བར? ་མེད་པའོ། །ཅི་སྟེ་ངོ་བོ་འདྲེས་པའི་སྒྲ་བར་མེད་པ་ལ་བརྗོད་ན་དེའི་ཚེ་མི་འདོད་པ་ཅི་ཞིག་བརྗོད་པ་ཡིན་ཏེ། འོན་ཀྱང་འབྲེལ་པ་དངོས་པོར་གྱུར་པ་ནི་མི་གྲུབ་བོ། །གཞན་ཡང་ཅི་སྟེ་བར་ཆད་མེད་པ་འབྲེལ་པ་ཡིན་ན་བར་དང་བཅས་པ་ན་ཡང་འབྲེལ་པ་ཅི་སྟེ་མི་འདོད་དེ ་ཞེས་བྱ་བ་ནི་ཅི་བདེ་བར་མེད་པར་གནས་པ་ལ་བར་མེད་པ་ཞེས་བྱ་བའི་འབྲེལ་བ་ཡིན་པར་ཁས་ལེན་ན་དེའི་ཚེ་ཡང་སོ་སོར་གནས་པ་ལ་ཡང་བར་དང་བཅས་པ་ཞེས་བྱ་བའི་འབྲེལ་བ་ཅི་སྟེ་ཁས་མི་བླང་ཅི་སྟེ་ཡང་ཇི་ལྟར་ན་བར་མེད་པའི་འབྲེལ་པ་ཁས་ལེན་ན་བར་དང ་བཅས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཡོད་པར་འགྱུར་བ་ཡིན་ཞེ་ན། དེའི་ཕྱིར་གཉི་གར་ཡང་འབྲེལ་པ་ཅན་གཉིས་རང་གི་ངོ་བོ་ལ་གནས་པར་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་འབྲེལ་པ་ཅན་གཉིས་འདྲེས་པ་ན་སྔོན་གྱི་རང་བཞིན་མི་འདོར་བ ་བཞིན་དུ་སོ་སོར་གནས་པ་ན་ཡང་སྔོན་གྱི་རང་བཞིན་མ་བོར་བ་ཡིན་ནོ། །དེ་བས་ན་ཇི་ལྟར་འབྲེལ་བ་ཅན་གཉིས་བར་མེད་པ་ལ་འབྲེལ་པ་འདོད་པ་དེ་བཞིན་དུ་བར་དང་བཅས་པ་ལ་ཡང་འདོད་པར་བྱོས་ཤིག་།ཡང་ན་ནི་གཉིས་ཀར་ཡང་འབྲེལ་པ་ཁས་བླང་བར་མི་བྱའོ། ། ་འོན་ཏེ་ཡང་བར་མེད་པ་ལ་ནི་ངོ་བོ་འདྲེས་པར་ཁས་ལེན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕྲད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ཕྲད་པ་ལ་སོགས་པ་ཡང་བར་ཆད་མེད་པའི་དོན་དུ་འདུས་པ་ཁོ་ན་ཡིན་པས་བརྗོད་པར་མ་བྱེད་ཅིག་ཅེས་བྱ་བ་སྨོས་ཏེ། བར་དུ་མེད་པའི་དོན་དུ ་འདུས་པའི་ངང་ཚུལ་ཅན་གང་དག་ཡིན་པ་དེ་དག་ནི་པར་མེད་པའི་དོན་དུ་འདུས་པ་ཁོ་ན་སྟེ། །བར་མེད་པར་བསྟན་པ་གང་ཡིན་པ་དེ་ཉིད་ཕྲད་པར་བསྟན་པ་ཡང་དེ་ཡིན་ནོ། །སོགས་པའི་སྒྲས་ནི་ཉེ་པ་དང། རེག་པ་དང་བར་མཆོད་པ་ལ་སོགས་པ་བལྟ་བར་བྱའོ། །གང་གི ་ཕྱིར་བར་མེད་པའི་རྣམ་གྲངས་ཕྲད་པ་ལ་སོགས་པ་ཡིན་པ་དེའི་ཕྱིར་འདིར་དེ་སྐད་སྟོན་པ་ནི་ཆེན་པོ་མི་རུང་ངོ། །གང་གི་ཕྱིར་དེ་ལྟར་ངོ་བོ་འདྲེས་པའི་མཚན་ཉིད་ཀྱང་འབྲེལ་པ་མ་ཡིན་པ་ཞེས་བྱ་བ་ལ། སྲིད་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེའི་ཕྱིར་རང་བཞིན་ཐ་དད་ལ ་ཞེས་བྱ་བའི་བཤད་པ་ནི་འོག་ནས་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་ཐ་དད་པ་ཞེས་བྱ་བ་ཡིན་ཏེ། རང་གི་ངོ་བོ་སྣ་ཚོགས་པའི་དངོས་པོ་དེ་དག་ཐམས་ཅད་ལ་འབྲེལ་བ་ཡང་དག་ཉིད་དུ་མེད་དེ། དོན་དམ་པར་དེ་དག་རང་གི་ངོ་བོ་འདྲེས་པའི་མཚན་ཉིད་ཀྱི་འབྲེལ་པ་མེད་དོ།། ་རྟོག་པས་སྒྲོ་བཏགས་པ་ལས་མ་གཏོགས་པར་ཞེས་བྱ་བ་ནི་རྟོག་པས་བཏགས་པའི་འབྲེལ་པ་ནི་མི་དགག་གོ་།འོན་ཏེ་གཞན་བལྟོས་པ་འབྲེལ་པ་ཡིན་གྱི་ངོ་བོ་འདྲེས་པ་མ་ཡིན་ནོ་ཞེས་ན་ཞེས་བྱ་བ་ནི་གལ་ཏེ་ཡང་ད་ནི་ངོ་བོ་འདྲེས་པའི་མཚན་ཉིད་ལ་འབྲེལ་པར་ཁས ་མི་ལེན་གྱི་འོན་ཅི་ཞེ་ན། བལྟོས་བའི་མཚན་ཉིད་ལ་འབྲེལ་བར་སྨྲའོ། །དེ་བས་ན་ཇི་སྐད་དུ་སྨོས་པའི་སྐྱོན་དུ་མི་འགྱུར་རོ་ཞེ་ན་འདིར་ཡང་གཞན་བལྟོས་པ་ན་བལྟོས་པས་འབྲེལ་པ་ཅན་དུ་གྱུར་པའི་ཕྱོགས་འདི་ལ་ཡང་མྱུ་གུ་ལ་སོགས་པ་གཞན་གང་ཡིན་པ་ས་བོན་ལ ་སོགས་པ་ལ་བལྟོས་ཏེ། མྱུ་གུ་ལ་སོགས་བ་དེ་བལྟོས་པ་ན་བལྟོས་བའི་མཚན་ཉིད་ཀྱི་འབྲེལ་ཏེ། འབྲེལ་པ་ཅན་དུ་ཁས་ལེན་ན་བརྟག་པ་གཉིས་ཏེ། བལྟོས་ན་ཡོད་པ་ཞིག་བལྟོས་སམ་མེད་པ་ཞིག་བལྟོས། ཡོད་བ་ནི་རང་གི་ངོ་བོར་གྲུབ་ཅིང་ཡོད་པའོ། །མེད་པ་ནི་རང ་གི་ངོ་བོར་མ་གྲུབ་ཅིང་མེད་པའི་དོན་ཏོ། །ཅི་སྟེ་མེད་ན་ཞེས་བྱ་བ་ནི་རེ་ཞིག་ཅི་སྟེ་མེད་པའི་བལྟོས་པར་ཁས་ལེན་ན་མེད་ན་ནི་ཇི་ལྟར་བལྟོས་ཞེས་བྱ་བདེ་ཉིད་ཀྱི་བཤད་པ་ནི་འོག་ནས་རང་གི་ངོ་བོར་མ་གྲུབ་པའི་དངོས་པོ་ལ་བལྟོས་བའི་ཆོས་མེད་པས་ཞེས་བྱ་བ་སྨྲས་ཏེ། གང ་ཞིག་རང་གི་ངོ་བོར་མ་གྲུབ་ཅིང་མ་ཐོབ་པ་དེ་ཇི་ལྟར་བལྟོས་པར་བྱེད་པར་འགྱུར། པས་ཞེས་བྱ་བའི་སྒྲ་ནི་དེས་ན་ཞེས་བྱ་བར་རིག་པར་བྱ་སྟེ། མེད་པས་གང་ཞིག་གང་གི་འབྲེལ་བ་ཡིན་ཞེས་བྱ་བ་ནི་དེ་བས་ན་བལྟོས་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཡང་མེད་ལ། གང་གི ་ཡང་མ་ཡིན་ནོ། །ཡོད་ན་ཡང་ཀུན་ལ་རག་མ་ལས་ཞེས་བྱ་བ་ནི་གང་ཞིག་རང་གི་ངོ་བོ་ཐམས་ཅད་གྲུབ་བ་དེ་ནི་རྣམ་པ་ཐམས་ཅད་དུ་རེ་བ་མེད་དོ། །དེ་ཉིད་ཀྱི་བཤད་པ་ནི་རང་གི་ངོ་བོ་ཐམས་ཅད་བསྐྱེད་པ་བལྟོས་པའི་དངོས་པོ་ཞེས་བྱ་བ་ཡིན་ཏེ། ཐམས་ཅད་ཀྱང་ཡིན ་ལ་རང་གི་ངོ་བོ་ཡང་ཡིན་ལས་རང་གི་ངོ་བོ་ཐམས་ཅད་དོ། །དེ་དག་སྐྱེས་པ་ལ་དེ་སྐད་ཅེས་བྱ་སྟེ། སྐྱེས་བའི་སྒྲ་ནི་བྱུང་བ་ལ་བྱའོ། །རང་གི་ངོ་བོ་ཐམས་ཅད་བསྐྱེད་པར་བྱ་བའི་ཕྱིར་མི་བལྟོས་ཏེ། རང་གི་དངོས་པོ་ཐམས་ཅད་སྐྱེས་པ་བལྟོས་པ་མེད་པའི་ངོ་བོ་བལྟོས ་པ་གང་གིས་མ་འབྲེལ་པར་འགྱུར་བ་ཇི་ལྟར་བལྟོས་བ་ཡིན། གང་ཞིག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་བའི་ངོ་བོ་དེ་གང་གིས་ན་འབྲེལ་པར་ཁས་བླང་བར་འགྱུར་བ་བལྟོས་པའི་རྣམ་པ་གང་གིས་གཞན་བལྟོས་པ་ཡིན། །ལྷག་མ་ནི་གཞན་གྱི་དབང་བཞིན་དུ་བརྗོད་བར་བྱའོ ་ཞེས་བྱ་བ་ནི་འདི་ལ་ལྷག་མ་བརྗོད་པར་བྱ་བ་གང་ཡིན་པའང་ཡོད་དེ། དེ་ནི་གཞན་གྱི་དབང་དཔྱད་པ་ཇི་སྐད་བརྗོད་པ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ཡང་འདི་སྐད་དུ་བརྗོད་པར་བྱ་སྟེ། ཅི་སྟེ་ཕ་རོལ་པོ་ན་རེ་རྣམ་པ་ཐམས་ཅད་ཡོངས་སུ་གྲུབ་པ་ནི་བལྟོས་པའི་ཆོས་ཅན་དུ་མི་བརྗོད་དོ།། ་གྲུབ་ཏུ་ཟིན་ཀྱང་འོན་ཀྱང་ཅུང་ཟད་མ་གྲུབ་པ་ཡོད་པས་དེ་གྲུབ་པར་བྱ་བའི་ཕྱིར་བལྟོས་སོ་ཞེས་སྨྲ་ན་དེ་ཡང་མི་རུང་སྟེ། གྲུབ་པ་དང་མ་གྲུབ་བ་ལས་གྱུར་པའི་ཉེས་པ་ལས་མི་འདའ་པའི་ཕྱིར་དང་གཅིག་ལའང་གྲུབ་བ་དང་མ་གྲུབ་པའི་ངོ་བོ་གཉིས་ཀ་ཡང་མེད་དོ་ཞེས་སྔར་བསྟན་པ ་བཞིན་དུ་བྱའོ། །འབྲེལ་པ་རྣམ་པ་གསུམ་པོ་དེ་ནི་འབྲེལ་པ་ཅན་གྱི་རང་གི་ངོ་བོ་ལས་རང་གི་ངོ་བོ་ཐ་མི་དང་བར་ཁས་ལེན་པ་ལ་དཔྱད་པ་ཡིན་ཏེ། འདི་ལྟར་སྨྲ་བ་གང་དག་འབྲེལ་པ་ཅན་ཉིད་ཀྱིས་ནང་དུ་འདུས་ཤིང་འབྲེལ་བ་ཅན་གྱི་ངོ་བོ་ལ་འབྲེལ་བའི་སྒྲར་བརྗོད་པ་དེའི་ཆེད་དུ ་འདི་བསྟན་པ་ཡིན་ནོ། །ད་ནི་སྨྲ་བ་གང་དག་འབྲེལ་བ་ཅན་ལས་ངོ་བོ་ཐ་དད་བའི་འབྲེལ་བ་ཁས་ལེན་པ་དེ་བསལ་བའི་ཕྱིར་ཉེས་བ་འདིར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ཡང་འབྲེལ་པ་རྣམ་པ་གསུམ་པོ་འབྲེལ་བ་ཅན་གྱི་རང་གི་ངོ་བོ་ཉིད་ཀྱི་ཕྱོགས་ལ ་ཉེས་བ་བསྟན་པ་འདིར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་བ་ཅན་གཉིས་ཞེས་བྱ་བ་ཡིན་ཏེ། འདི་ལྟར་འབྲེལ་པ་ཅན་གཉིས། །དེ་བས་ནས་དེ་གཉིས་ནི་འབྲེལ་པ་གཅིག་བུའི་སྟེ། འབྲེལ་པ་གཅིག་པུ་ནི་འོག ་ནས་སྨོས་པའི་སྦྱོར་བ་གཅིག་བུ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་དུ་བརྗོད་པའི་སྦྱོར་བ་དོན་ཐ་དད་པ་གཅིག་པ་ཞེས་བྱ་བ་དེ་ནི་འབྲེལ་པ་ཅན་ལས་དོན་ཐ་དད་པ་ཡོན་ཏན་དུ་བརྗོད་བ་མིང་སྦྱོར་བ་ཞེས་བྱ་བ་གཅིག་པུ་གང་ཡིན་པ་དེ་དང། ཐ་དད་པ་མེད་པའི་ཆོས་སམ ་ཞེས་བྱ་བ་ནི་ཅི་སྟེ་ཡང་འབྲེལ་བ་ཅན་ལས་ཐ་དད་པ་མ་ཡིན་བའི་ངོ་བོ་གནས་སྐབས་ཀྱི་བྱེ་བྲག་གི་ངོ་བོའི་ཆོས་ལ་མིང་བཏགས་བ་འམ། བརྗོད་དུ་མེད་བ་དངོས་པོར་གྱུར་བ་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་བའི་ངོ་བོ་རྗེས་སུ་ཡོད་བའོ།། ། ་དེ་བས་ན་གཅིག་པུ་དེ་དང་མངོན་པར་འབྲེལ་བའི་རྒྱུས་ཅི་སྟེ་འབྲེལ་པར་འདོད་ན་ཞེས་བྱ་བ་ནི་ཇི་སྟེ་དོན་ཐ་དད་པར་གྱུར་པ་འམ། དོན་ཐ་དད་པ་མ་ཡིན་བའམ། བརྗོད་དུ་མེད་བ་དང་མངོན་པར་འབྲེལ་པའི་རྒྱུས་འབྲེལ་བ་ཅན་གཉིས་ཕན་ཚུན་འབྲེལ་པར་འདོད ་ན་དེའི་ཚེ་འབྲེལ་བ་དོན་ཐ་དད་པ་མ་ཡིན་བར་འདོད་བའི་ཕྱོགས་ལ་ནི་འབྲེལ་བ་ཅན་གཉིས་བརྟགས་པ་ཁོ་ནར་འགྱུར་བས་ཞེས་བྱ་བ་ནི་དོན་ཐ་དད་བ་མ་ཡིན་པའི་ཕྱོགས་གང་ཡིན་བ་དེ་ལ་ནི་འབྲེལ་བ་ཅན་གཉིས་བརྟགས་པར་འགྱུར་ཏེ། །འདི་ལྟར་འབྲེལ་བའི་རྒྱུས ་འབྲེལ་བ་ཅན་གཉིས་ལ་འབྲེལ་བ་ཞེས་བརྗོད་པ་ཡིན་ན་ཕྱོགས་དེ་ལ་ནི་འབྲེལ་པ་དོན་དམ་པར་མེད་དོ། །དེ་བས་ན་འབྲེལ་པ་མེད་བར་ཡང་འབྲེལ་བ་ཅན་ཁས་བླང་བར་གྱུར་བའི་ཕྱིར་རོ། །འབྲེལ་བ་གང་ཡང་མེད་དོ་ཞེས་བྱ་བ་ནི་གང་གི་ཚེ་འབྲེལ་བ་ཅན་གཉིས ་བརྟགས་པ་ཡིན་པ་དེའི་ཚེ་དོན་དམ་བར་འབྲེལ་བ་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟན་ཡང་འབྲེལ་པ་ལས་འབྲེལ་པ་ཅན་གཞན་མ་ཡིན་པས་གཅིག་ཏུ་གྱུར་པའི་ཡང་ཕྱིར་རོ་ཞེས་བྱ་བ་ནི་ཇི་སྟེ་འབྲེལ་བ་གཅིག་བུ་ལས་འབྲེལ་བ་ཅན་གཉིས་ཐ་དད་པ ་མ་ཡིན་ན་ནི་དེས་ན་འབྲེལ་པ་ཅན་གཉིས་མེད་པའི་ཕྱིར་གང་གི་འབྲེལ་བ་ཡིན། འབྲེལ་བ་ནི་གཞི་དུ་མ་ཅན་ཡིན་ན་འབྲེལ་པ་ཅན་གཉིས་མེད་པར་དེ་ཡོད་པར་ཇི་ལྟར་འགྱུར། བརྗོད་དུ་མེད་པ་དངོས་པོར་གྱུར་པ་ཡང་རིགས་པའི་ཚུལ་གྱིས་ན་དོན་ཐ་དད་པ་དང ་དོན་ཐ་དད་པ་མ་ཡིན་བའི་རྣམ་པར་རྟོག་པ་ལས་མི་འདིའོ?་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་ཞིག་བརྗོད་དུ་མེད་པའི་དངོས་པོར་གྱུར་བ་ཁས་ལེན་ན་དེ་ནི་དོན་ཐ་དད་པ་དང་དོན་ཐ་དད་པ་མ་ཡིན་བར་རིགས་པའི་ཚུལ་གྱིས་གྲུབ་སྟེ། འདི་ལྟ་སྟེ། དོན་ཐ་དད་པ་དང་དོན་ཐ་དད་པ ་མ་ཡིན་པ་གཉིས་ཀྱིས་ཐམས་ཅད་བསྡུས་བའི་ཕྱིར་དངོས་པོར་གྱུར་པ་ནི་དོན་ཐ་དད་པ་འམ། དོན་ཐ་དད་པ་མ་ཡིན་པ་གཅིག་ཏུ་འགྱུར་རོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཚེ་དོན་ཐ་དད་པ་མ་ཡིན་པའི་ཕྱོགས་ལ་ནི་འབྲེལ་པ་དང་འབྲེལ་པ་ཅན་གང་ཡང་མེད་དོ། ཞེས་བྱ་བ་ནི་གང ་གི་ཚེ་འབྲེལ་པ་ཅན་དག་ལས་འབྲེལ་པ་དབྱེར་མེད་པར་འདོད་པ་དེའི་ཚེ་འབྲེལ་པ་མེད་དོ། །གང་གི་ཚེ་འབྲེལ་པ་གཅིག་པུ་ལས་འབྲེལ་པ་ཅན་གཉིས་དབྱེར་མེད་པར་འདོད་པ་དེའི་ཚེ་འབྲེལ་པ་ཅན་གཉིས་ཡིན་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་འབྲེལ་པ་བརྗོད་དུ་མེད་པ་ནི་རིག་པའི་ཚུལ་གྱི ་དོན་ཐ་དད་པ་མ་ཡིན་པར་འགྱུར་བའི་ཉེས་པ་བསྟན་ཟིན་ཏོ། །གང་ཡང་བརྗོད་དུ་མེད་པའི་རིགས་པའི་ཚུལ་གྱི་དོན་ཐ་དད་པར་གྱུར་པ་དེའི་ཉེས་བ་ནི་འོག་ནས་སྦྱོར་བ་བསལ་བའི་ཕྱོགས་ལས་རིག་པར་བྱའོ། །དེ་ལྟར་ན་ཐ་དད་པ་མ་ཡིན་པའི་ཕྱོགས་དང། བརྗོད་དུ་མེད་པའི་ཕྱོགས ་གཉིས་བསལ་བ་ཡིན་ནོ། །གང་ཡང་ཕྱོགས་གསུམ་པ་ཡོན་ཏན་དུ་བརྗོད་པའི་སྦྱོར་བ་བསྟན་པ་གསུམ་པ་དེ་བསལ་བ་ནི་སྦྱོར་བ་དང་འདུ་བ་བསལ་བ་ལས་རིག་པར་བྱའོ། །དོན་ཐ་དད་པ་འམ་ཅིག་ཤོས་ཀྱི་འབྲེལ་བ་ཡོད་དུ་ཆུག་ཀྱང་ཞེས་བྱ་བ་ནི་ཧ་ཅང་བསྡམས་བ་འདིས་ཅི་ཞིག་བྱ་སྟེ། ་འབྲེལ་པ་དོན་ཐ་དད་པ་འམ་དོན་ཐ་དད་པ་མ་ཡིན་པ་ཡིན་ཡང་རུང་སྟེ། འོན་ཀྱང་དེ་དང་གཉིས་འབྲེལ་པ་གང་ཡིན་ཞེས་བྱ་བ་འདིའི་བཤད་པ་ནི་གཅིག་པུ་དེ་དང་གཉིས་སུ་འབྲེལ་བ་གང་ཡིན་ཞེས་བྱ་བ་ཡིན་ཏེ། འབྲེལ་པ་རྒྱུར་གྱུར་པ་གང་ཡིན་པས་འབྲེལ་པ་ཅན་གཉིས་འབྲེལ་བར ་འདོད་ན་དེ་དང་དེ་གཉིས་ལྷན་ཅིག་པ་ལ་ཡང་འབྲེལ་པ་གཞན་བསལ་དགོས་ཏེ། གཞན་དུ་ན་ནི་འབྲེལ་པ་ཅན་གཉིས་ཀྱི་འབྲེལ་བ་འདི་ཡིན་ནོ་ཞེས་རྒྱུ་མཚན་གང་ཞིག་གིས་རབ་ཏུ་དབྱེ་བ་དྲུག་པར་འགྱུར་མེད་པ་ཉིད་དོ་ཞེས་བྱ་བ་འདིས་ནི་འགོག་པའི་ཚིག་ཡིན་གྱི་འདྲི་བའི་ཚིག་མ ་ཡིན་པར་སྟན་པའོ། །ཅིའི་ཕྱིར་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ལྷན་ཅིག་པ་ལ་འབྲེལ་པ་གཞན་མི་སྲིད་ཅེ་ན། དེའི་ཕྱིར་ཇི་སྐད་སྨོས་པའི་སྐྱོན་ཡོད་པའི་ཕྱིར་ཇི་ལྟར་འབྲེལ་པ་ཅན་གཉིས་འབྲེལ་བ་མེད་པ་དེ་བཞིན་དུ་དེ་དང་ཡང་འབྲེལ་པ་ཅན་གཉིས་ཀྱི་འབྲེལ་པ་མེད་ཅེས ་བྱ་བ་སྨོས་ཏེ། ཇི་ལྟར་འབྲེལ་པ་ཅན་ཉི་ཚེ་ལ་ཕན་ཚུན་དུ་གཞན་གྱི་དབང་ལ་སོགས་པ་བཀག་པ་དེ་བཞིན་དུ་འབྲེལ་པ་འདི་དང་ཡང་འབྲེལ་པ་ཅན་གཉིས་ལྷན་ཅིག་ཏུ་གཞན་གྱི་དབང་ལ་སོགས་པ་མི་འཐད་དོ། །གཞན་དུ་ན་འབྲེལ་པ་ཅན ་གཉིས་ཉི་ཚེ་འབྲེལ་པ་ལ་ཡང་ཅི་ཞིག་ཞེ་སྡང་དུ་ཡོད་ཅེས་བྱ་བ་ནི་ཅི་སྟེ་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ལྷན་ཅིག་པའི་གཞན་གྱི་དབང་ལ་སོགས་པ་ཁས་ལེན་ན་དེའི་ཚེ་འབྲེལ་པ་ཅན་ཉི་ཚོལ་ཡང་མི་བཟོད་དུ་ཅི་ཞིག་ཡོད་དེ། གང་གིས་ན་དེ་གཉིས་ཕན་ཚུན་དུ་གཞན་གྱི ་དབང་ལ་སོགས་པའི་འབྲེལ་བར་མི་འདོད། གཞན་ཡང་ཞེས་བྱ་བས?་ནི་སྐྱོན་གཞན་སྟོན་བའོ། །ཅི་སྟེ་འབྲེལ་པའི་དོན་གཅིག་དང་འབྲེལ་བའི་ཕྱིར་འབྲེལ་པར་འདོད་ན་དེའི་ཚེ་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ལ་ཡང་འབྲེལ་པ་ཞིག་ཡོད་པར་བྱ་དགོས་ཏེ་ཞེས་བྱ ་བ་ནི་ཇི་སྟེ་འབྲེལ་པ་ཅན་ཉི་ཚེ་འབྲེལ་བ་གཞན་དང་ལྡན་པའི་ཕྱིར་ཕན་ཚུན་འབྲེལ་པར་འདོད་ན་དེའི་ཚེ་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ཀྱང་འབྲེལ་པ་གཞན་དང་ལྡན་བའི་ཕྱིར་འབྲེལ་པར་འདོད་པར་བྱ་དགོས། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེ་ལྟ་བུར་འབྲེལ་པ་ཁས ་ལེན་པའི་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཁྱོད་འབྲེལ་པ་གཅིག་གི་རྒྱུས་འབྲེལ་བར་འདོད་བ་དེས་ན་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ལ་ཡང་འབྲེལ་པ་གཅིག་གིས་འབྲེལ་པར་འདོད་བར་བྱ་དགོས་སོ། །དེ་ལ་ཡང་འབྲེལ་པའི་དོན་གཅིག་པུ་ཞིག་ཡོད་པས ་ཞེས་བྱ་བ་ནི་ཇི་ལྟར་འབྲེལ་པ་དང་པོ་དང་འབྲེལ་པ་ཅན་གཉིས་ལྷན་ཅིག་པ་ལ་འབྲེལ་པ་གཞན་ཁས་ལེན་པ་དེ་བཞིན་དུ་འབྲེལ་པ་གཉིས་པ་དང་ཡང་འབྲེལ་བ་ཅན་གཉིས་དང་འབྲེལ་པ་དང་པོ་དང་ལྷན་ཅིག་པའི་འབྲེལ་པ་གཞན་ཡང་ཁས་བླང་བར་བྱའོ། །དེ་བཞིན་དུ་འབྲེལ ་པ་གསུམ་པ་དང་འབྲེལ་པ་ཅན་གཉིས་དང་འབྲེལ་པ་དང་པོ་དང་གཉིས་པ་དང་ལྷན་ཅིག་པའི་འབྲེལ་པ་གཞན་བཞི་པ་ཡང་ཡོད་པར་བྱ་དགོས་ཏེ། དེ་བས་ན་ཐུག་པ་མེད་པར་ཡང་འགྱུར་ཏེ། ཞེས་བྱ་བ་ནི་ཇི་སྐད་དུ་སྨོས་བའི་ཚུལ་གྱིས་ན་ཐུག་བ་མེད་པར་འགྱུར ་དེ་སྟེ་འགའ་ཞིག་ཏུ་འབྲེལ་པ་གཅིག་པུའི་དོན་མ་གྲུབ་སྟེ། འབྲེལ་པ་མེད་ན་ནི་ཐམས་ཅད་དུ་དེ་བཞིན་འབྲེལ་མེད་ཤེས་པར་བྱ་ཞེས་བྱ་བ་ནི་ཅི་སྟེ་ཇི་སྐད་དུ་བསྟན་པའི་ཚུལ་གྱིས་ཐུག་པ་མེད་བར་འགྱུར་བ་དེའི་ཚེ་ངེས་བར་འདིས་ཐུག་པ་མེད་པ་སྤང་བའི་ཕྱིར་འགའ་ཞིག་ཏུ་གནས ་སྐབས་ཁ་ཅིག་ཏུ་འབྲེལ་པ་གཅིག་པུའི་དོན་ཁས་བླང་བར་མི་བྱའོ། །ལྔ་པ་འམ་དྲུག་པའི་གནས་སྐབས་གཞན་ཁ་ཅིག་ཏུ་འབྲེལ་པ་གཅིག་བུ་དང་འབྲེལ་པར་ཁས་མི་ལེན་ན་ནི་གནས་སྐབས་དེ་ནི་འབྲེལ་པ་ཅན་གཉིས་ཀྱི་འབྲེལ་པ་མེད་པར་འགྱུར་རོ། །ཇི་ལྟར་ན་དོན་འབྲེལ་པ ་ཅན་གཉིས་ཀྱི་འབྲེལ་པ་གཅིག་པུ་མེད་པ་དེ་བཞིན་དུ་ཐམས་ཅད་དུ་ཡང་འབྲེལ་པ་ཅན་གཉིས་ཀྱི་འབྲེལ་པ་གཅིག་པུ་མེད་པར་བྱ་དགོས་སོ། །ཐུག་པ་མེད་པར་འགྱུར་བས་འབྲེལ་པའི་ཤེས་པ་ནི་དངོས་པོའི་རྗེས་སུ་ཞུགས་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཅི་སྟེ་ཇི་སྐད་དུ་བསྟན་བའི ་ཚུལ་གྱིས་ཐུག་པ་མེད་པར་གྱུར་པ་དེའི་ཚེ་འབྲེལ་པའི་ཤེས་པ་ནི་འབྲེལ་པ་དངོས་པོར་གྱུར་པའི་རྒྱུ་མཚན་ཅན་མ་ཡིན་ནོ། །ཁ་ཅིག་ཏུ་འབྲེལ་པ་གཅིག་པུའི་དོན་མེད་པར་ཡང་འབྲེལ་པ་རྟོག་ན་ནི་འབྲེལ་པ་ཅན་དང་པོ་གཉིས་པོ་ལས་ཡང་དོན་གཅིག་པུ་དང། འབྲེལ་པའི ་ཕྱིར་འབྲེལ་པར་མི་འགྱུར་རོ་ཞེས་བྱ་བ་ནི་འོན་ཏེ་ཡང་གནས་སྐབས་ཁ་ཅིག་ཏུ་འབྲེལ་པ་གཅིག་པུའི་དོན་མེད་པས་ཡང་འབྲེལ་པ་ཁས་ལེན་ན་དེའི་ཚེ་འབྲེལ་པ་ཅན་དང་གཉིས་ལ་ཡང་འབྲེལ་པ་གཅིག་པུའི་རྒྱུ་མཚན་གྱིས་འབྲེལ་བར་ཁས་བླང་བར་མི་བྱའོ། །འོན་ཏེ་ཡང་འབྲེལ ་པ་ཅན་གཉིས་འབྲེལ་པའི་དོན་གཅིག་བུས་འབྲེལ་བ་མ་ཡིན་གྱི་འབྲེལ་པ་ཅན་ཉི་ཚེ་ཞིག་འབྲེལ་བར་འགྱུར་རོ་ཞེ་ན། དེའི་ཚེ་?་ཚེ་ཞིག་འབྲེལ་པ་ཡིན་ན་ཡང་ཉེས་པ་སྨྲས་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་ཅན་ཉི་ཚེའི་འབྲེལ་པ་ཡང་ཁས་བླང་བར་མི་བྱ་སྟེ། འདི་ལྟར་དེ་ལ་ཉེས་པ ་སྔར་བསྟན་ཟིན་ཏོ། །བར་མེད་པ་ལ་སོགས་པའི་ཆོས་ཐ་དད་པར་རྟོག་པའི་ལན་ཀྱང་ངེས་བཏབ་ཟིན་ཏོ་ཞེས་བྱ་བ་ནི་འབྲེལ་པ་གཅིག་པུའི་དོན་གྱི་སྒོ་ནས་འབྲེལ་པ་ཅན་གཉིས་འབྲེལ་པར་སྨྲས་པ་གང་ཡིན་པ་དེ་བསལ་བ་ཉིད་ཀྱིས་བར་མེད་པ་དང། ཕྲད?་པ་དང་ཉེ་བལ?་སོགས ་པའི་ཆོས་ཐ་དད་པ་ཉིད་བསལ་བར་རིག་པར་བྱ་སྟེ། །བར་མེད་པ་ལ་སོགས་པའི་ཆོས་གཞན་འབྲེལ་པ་གཅིག་བུའི་དོན་གྱིས་འབྲེལ་པ་ཅན་གཉིས་འབྲེལ་བར་མི་འཐད་དོ་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་འབྲེལ་བ་རྣམ་པར་རྟོག་པ་རུང་བ་མ་ཡིན ་པ་ཞེས་བྱ་བ་ནི་འབྲེལ་པ་ཅན་གཅིག་པུའི་སྒོ་ནས་ཀྱང་འདི་ལྟར་འབྲེལ་པའི་རྣམ་པར་རྟོག་པ་ཤིན་ཏུ་མི་འཐད་དོ། །དེ་བས་ན་དངོས་པོ་དེ་གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཅན་དུ་མངོན་པར་འདོད་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་བ་ཅན་ནི་འདིར་དངོས་པོར་བཤད་དོ། ། ་དེ་ལས་གཞན་པ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་བ་ནི་འདིར་དེ་ལས་གཞན་པའི་སྒྲས་བརྗོད་དོ། །དེ་དག་ཐམས་ཅད་ཅེས་བྱ་བའི་འདིའི་བཤད་པ་ནི་ཇི་སྐད་དུ་སྨོས་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་པ་དང་འབྲེལ་པ་ཅན་དུ་མངོན ་པར་འདོད་པ་ཞེས་བྱ་བའི་བར་དུའོ། །བདག་ཉིད་གནས་ཞེས་བྱ་བ་འདིའི་བཤད་པ་ནི་འོག་ནས་རང་གི་ངོ་བོ་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། བདག་ཉིད་ཀྱི་རང་གི་ངོ་བོ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་དེའི་ཕྱིར་ཞེས་བྱ་བ་ལ་དེ་བས་ཀྱི་སྒྲ་ནི་དེའི་ཕྱིར ་ཞེས་བྱ་བ་འདིས་བཤད་དོ། །མ་འདྲེས་པ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་མེད་པའོ་ཞེས་བྱ་བ་ཡིན་ཏེ། སོ་སོ་ན་འདུག་ཅེས་བྱ་བའི་དོན་ཏོ། །རང་ཞེས་བྱ་བ་འདིའི་བཤད་པ་ནི་བདག་ཉིད་ཅེས་བྱ་བ་ཡིན་ཏེ། རང་གི་ངོ་བོ་ལ་ཞེས་བྱ་བའི་དོན་ཏོ། །དངོས་ཞེས་བྱ ་བ་ནི་དངོས་པོའོ། །འདི་སྐད་བསྟན་ཏེ། འབྲེལ་བ་ཅན་གཉིས་དང་འབྲེལ་པ་ནི་གང་གི་ཕྱིར་སོ་སོ་རང་གི་ངོ་བོ་ལ་གནས་པ་དེ་བས་དངོས་པོ་ཐམས་ཅད་རང་གི་ངོ་བོ་མ་འདྲེས་པ། མ་ཕྲད་པ། མ་འབྲེལ་པ་ཡིན་ནོ། །འོ་ན་ཇི་ལྟར་རག་ལས་པའི་ངོ་བོ་དེ་དང་དེས་འབྲེལ་པ་ཡིན་པར ་བརྗོད་ཅེ་ན་ཞེས་བྱ་བ་ནི་ཅི་སྟེ་དངོས་བོ་ཐམས་ཅད་འབྲེལ་པ་མེད་ན་ཇི་ལྟར་འབྲེལ་བ་དེ་དང་དེས་རག་ལས་བའི་ངོ་བོར་སྟོན་ཏེ། འདི་ལྟ་སྟེ། རྗེ་ཁོལ་གྱི་སྒོ་ནས་རྒྱལ་པོའི་མི་ཞེས་བྱ་བ་དང། ཆ་ཤས་དང་ཆ་ཤས་ཅན་གྱི་སྒོ་ནས་ཤིང་གི་ཡལ་ག་ཞེས་བྱ་བ་དང། རྒྱུ་འབྲས ་ཀྱི་སྒོ་ནས་ས་བོན་གྱི་མྱུ་གུ་ཞེས་བྱ་བ་དང། རིག་པ་འཛིན་བའི་སྒོ་ནས་མཁན་བོ་དང་སློབ་མ་ཞེས་བྱ་བ་དང། དེ་ལ་སོགས་བའི་འབྲེལ་པ་ཇི་ལྟར་བསྟན་ཞེས་བྱ་བའོ། །འབྲེལ་བ་ཡང་དག་པ་ནི་གང་ཡང་མེད་ཀྱི་ཞེས་བྱ་བ་ནི་འབྲེལ་བ་ཞེས་བྱ་བ་དོན་དམ་པར་གང་ཡང་མེད ་ཀྱི་དངོས་པོ་དེ་དག་འདྲེས་བ་མེད་ཀྱང་རྟོག་པས་འདྲེས་པར་བྱེད་པར་ཟད་དེ། དངོས་པོ་རྣམས་རྟོག་པ་ཉིད་ཀྱི་འདྲེས་པར་བྱེད་དོ། །དེ་ཡང་གཞན་ལ་རག་ལས་པའི་ངོ་བོ་ལྟ་བུར་མཚན་མ་འགའ་ཞིག་སྟོན་པ་སྐྱེའོ་ཞེས་བྱ་བའི་རྟོག་པ་ནི་མཚན་མ་ཅུང་ཟད་ཅིག་གཟུང་ནས་དངོས ་པོ་རྣམས་གཞན་ལ་རག་ལས་བའི་ངོ་བོ་ལྟ་བུར་སྟོན་ཏེ། འཚོ་བ་སྦྱིན་པ་དང་བཀའ་བཞིན་དུ་བྱེད་བའི་སྒོ་ནས་རྒྱལ་པོ་དང་འབངས་ཞེས་རྗེ་བོལ་འབྲེལ་པར་རྟོག་གོ་།སྤྱི་དང་ཆ་ཤས་དབྱེར་མེད་པ་དང། སྤྱི་གདགས་པའི་རྒྱུ་མཚན་གྱི་སྒོ་ནས་ཤིང་གི་ཡལ་ག་ཞེས་བྱ་བ ་ཆ་ཤས་དང་ཆ་ཤས་ཅན་འབྲེལ་པར་རྟོག་པར་བྱེད་དོ། །དེ་ལ་རག་ལས་ཏེ་སྐྱེ་བ་དང། དེའི་རིགས་ཀྱི་རྗེས་སུ་འབྲང་བའི་སྒོ་ནས་ས་བོན་གྱི་མྱུ་གུ་ཞེས་རྒྱུ་དང་འབྲས་བུ་འབྲེལ་པར་སྟོན་པར་བྱེད་དོ། །ཤེས་རབ་མངོན་བར་འདུ་བྱེད་པ་དང། དེའི་སྤྱོད་པའི་རྗེས་སུ་བྱེད་པའི་སྒོ་ནས ་མཁན་པོ་དང་སློབ་མ་ཞེས་སྡོམ་བརྩོན་གྱི་རྩ་བའི་མཚན་ཉིད་ཀྱི་འབྲེལ་པ་སྟོན་བར་བྱེད་དོ། །དེ་བས་ན་རྟོག་པ་ཉིད་ཀྱིས་དངོས་པོ་རྣམས་འདྲེས་བར་བྱེད་ཀྱི་དོན་དམ་པར་འདྲེས་པ་མེད་དོ། །དེ་ལྟར་རེ་ཞིག་རྗེ་ཁོལ་གྱི་དངོས་པོ་ལ་སོགས་བའི་འབྲེལ་པ་འགོག?་།བྱ་བ་དང ་བྱེད་པའི་འབྲེལ་པ་ཡང་དགག་པར་འདོད་ནས་དེའི་ཞེས་བྱ་བ་འདིའི་བཤད་པ་ནི་རྟོག་པ་ཞེས་བྱ་བ་ཡིན་ནོ། །ཚིག་ལེའུར་བྱས་པ་ལས་དེའི་ཡང་ཞེས་བྱུང་བ་ལས་ཡང་གི་སྒྲས་ནི་འང་གི་སྒྲའི་དོན་དུ་བསྟན་ཏོ། འདིའི་འང་ཞེས་བྱའོ། །རྗེས་སུ་འབྲང་བའི་སྐྱེས་བུ་ཡིས་ཞེས་བྱ་བ་ནི་རྟོག ་པ་ཉིད་ཀྱི་རྗེས་སུ་འབྲང་བའི་སྲོག་ཆགས་ཀྱི་བྱ་བའི་དོན་ཏོ། །བྱ་བ་དང་ནི་བྱེད་པའི་ཚིག་ཅེས་བྱ་བ་འདིའི་བཤད་པ་ནི་བྱ་བའི་ཚིག་དང་བྱེད་བའི་ཚིག་ཅེས་བྱ་བ་ཡིན་ཏེ། ཁ་ཅིག་ནི་བྱ་བའི་ཚིག་ཡིན་ཏེ། ཇི་སྐད་དུ་འཆོད་དོ། །ཀློག་གོ་ཞེས་བྱ་བ་ལ་སོགས་པའོ། །ཁ་ཅིག་ནི ་བྱེད་པའི་ཚིག་ཡིན་ཏེ། དཔེར་ན་ལྷས་བྱིན་གྱི་རྫ་མར་འབྲས་ཆང་འཚེད་དོ་ཞེས་བྱ་བ་ལ་སོགས་པའོ། །སྨྲ་བ་པོ་དག་འགོད་པར་བྱེད་ཅེས་བྱ་བ་འདིའི་བཤད་པ་ནི་འདི་ནི་བྱ་བ་བརྗོད་པའོ། །འདི་ནི་བྱེད་པ་བརྗོད་པའོ། །ཞེས་ཚིག་འགོག་པར་བྱེད་དོ ་ཞེས་བྱ་བའོ། །འཚེད་པ་ལ་སོགས་པའི་སྒྲ་ནི་བྱ་བ་ལ་ཐ་སྙད་འདོགས་སོ། །ལྷས་བྱིན་ལ་སོགས་པའི་སྒྲ་ནི་བྱེད་པ་པོ་ལ་ཐ་སྙད་འདོགས་སོ། །ཅིའི་ཕྱིར་མི་འདོགས་ཅིའི་ཕྱིར་ཐ་སྙད་འདོགས་ཤེ་ན། དངོས་པོ་ཐ་དད་རྟོག་བྱའི་ཕྱིར་ཏེ། འདི་ཉིད་ཀྱི་བཤད་པ་ནི་འོག་ནས ་དངོས་པོ་ཐ་དད་བ་ནི་གཞན་བསལ་བའོ། །དེ་ཁོང་དུ་ཆུད་བར་བྱ་བའི་ཕྱིར་ཞེས་བྱ་བ་ཡིན་ཏེ། རྟོགས་པའི་དུས་ན་ཇི་ལྟར་ན་གཞན་ལས་བཟློག་པའི་རྟོགས་པར་འགྱུར་བར་བྱ་བ་དང། བྱེད་པ་?་ཚིག་གི་སྒྲ་ཐ་སྙད་དུ་བྱེད་དོ། །ཐ་སྙད་ཀྱི་ཚེ་ན་ནི་ཚིག་འགོད?་དེ། འདི་ལྟ ་སྟེ། ཇི་ལྟར་ན་ལྷས་བྱིན་ཁོ་ན་བྱེད་པ་པོ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱེད་པ་པོ་གཞན་བསལ་བའི་ཕྱིར་ལྷས་བྱིན་གྱི་ཚིག་སྦྱོར་བར་བྱེད་དོ། །དེ་བཞིན་དུ་རྩཝ་དང་ལོ་མ་ལ་སོགས་པ་བྱེད་པ་བསལ་བའི་ཕྱིར་ཤིང་གིས་ཞེས་བྱ་བའི་སྒྲ་འགོད་པར་བྱེད་དོ། །གྲངས་བུ་དང་གྲུབ? ་ལ་སོགས་བའི་གཞི་ཉིད་བསལ་བའི་ཕྱིར་རྫ་མ་ཞེས་སྦྱོར་བར་བྱེད་དོ། །སྔོ་ཚོད་དང་སྲན་ཚོད་ལ་སོགས་པའི་ལས་བསལ་བའི་ཕྱིར་འབྲས་ཅན་ཞེས་སྦྱོར་བར་བྱེད་དོ། །སྟོན་མོ་བཤམ་བའི་བྱ་བ་བསལ་བའི་ཕྱིར་འཚེད་བའི་སྒྲ་འགོད་བར་བྱེད་དོ། །དེ་བཞིན་དུ་གཞན་ལ་ཡང ་ཅི་རིགས་བར་བརྗོད་པར་བྱའོ། །བྱ་བ་དང་བྱེད་པ་པོའི་འབྲེལ་བ་དངོས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བྱ་བ་དང་བྱེད་པ་པོའི་འབྲེལ་པ་ཡང་དོན་དམ་པར་མེད་དོ། །འདི་ལྟར་བྱ་བ་དང་བྱེད་པ་ཡང་གཞན་གྱི་དབང་ཉིད་ལ་སོགས་པའི་འབྲེལ་པ་གྲུབ་ན་གྲུབ་པ་ཞིག་ན་དེ་ཡང་ཇི་སྐད ་སྨོས་པའི་ཚུལ་གྱི་བསལ་ཟིན་ཏོ། །སྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་བའི་འབྲེལ་བའམ། འགྲུབ་པ་དང་འགྲུབ་པར་བྱེད་པའི་འབྲེལ་བ་དེ་ཡང་རྒྱུ་དང་འབྲས་བུའི་འབྲེལ་བ་ཉིད་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཀྱི་འོག་ནས་སེལ་བར་འགྱུར་ན་བྱ་བ་དང་བྱེད ་བའི་མཚན་ཉིད་ཀྱི་འབྲེལ་པ་གང་ཞིག་ཡིན། འོན་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་འགྲུབ་མེད་ཅེ་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་བོ་ན་རེ་ཇི་སྐད་སྔར་སྨོས་པའི་འབྲེལ་པ་དེ་དག་མ་གྲུབ་ཏུ་ཟིན་ཀྱང་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་བ་ཡོད་མོད་ཅེས་སྨྲ་བའོ། །དེ་མི་རུང ་སྟེ་ཞེས་བྱ་བ་ནི་འགོག་པའི་ཚིག་གོ་།འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡང་ཞེས་བྱ་བ་འདིའི་བཤད་བ་ནི་འབྲེལ་པ་ཇི་ལྟར་གྲུབ་ཅེས་བྱ་བའོ། །འདིའི་བཤད་པ་ནི་མི་འགྲུབ་པ་ཉིད་དོ་ཞེས་བྱ་བ་དེ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན་ཞེས་བྱ་བ་ཅི་འདྲ་བའི་འབྲེལ་བ་མི་འགྲུབ་ཅེས་བྱ ་བ་ལ། གཉིས་ལ་གནས་པར་ཞེས་བྱ་བ་སྨྲས་ཏེ། གཞི་གཉིས་ལ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དམ་བཅས་བ་ཙམ་གྱིས་དོན་མི་འགྲུབ་པས་གཏན་ཚིགས་འདྲི་བའོ། །དེ་གཉིས་ཞེས་བྱ་བ་འདིའི་བཤད་བ་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་དེ་ཡིན་ནོ། །ལྷན་ཅིག ་མི་གནས་པའི་ཕྱིར་ཞེས་བྱ་བ་ནི་མཉམ་དུ་མི་འདུག་ཅེས་བྱ་བའི་དོན་ཏོ། །མཉམ་དུ་མི་འདུག་པ་ཉིད་སྟོན་པ་ནི་འདི་ལྟ་སྟེ། གང་གི་ཚེ་རྒྱུ་ཡོད་བ་དེའི་ཚེ་འབྲས་བུ་མེད་དོ་ཞེས་བྱ་བ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། །འབྲས་བུ་ཡོད་པའི་ཚེ་ཡང་རྒྱུ་མེད་དེ། ཞིག་པའི་ཕྱིར་རོ། །རྒྱུ་དང ་འབྲས་བུ་གཉིས་དུས་གཅིག་ཏུ་མི་འཐད་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་གཉིས་དུས་གཅིག་ཏུ་མི་འཐད་པའི་ཕྱིར་རོ། །ཅི་སྟེ་ཕ་རོལ་པོ་དག་ན་རེ་སྐད་ཅིག་མ་མ་ཡིན་བའི་རྒྱུ་དང་འབྲས་བུ་ལྷན་ཅིག་ཏུ་འདུག་པ་དེས་ན་འབྲེལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་སྐད ་ཅིག་མ་མ་ཡིན་བ་ཡང་དངོས་པོ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ལྷན་ཅིག་ཏུ་གནས་པ་མ་ཡིན་པས་སྨྲ་བས་བརྗོད་པ་ཡང་རིག་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ནི་རིམ་དང་ཅིག་ཅར་དོན་བྱེད་པའི་དུས་བ་དང་བྲལ་བའི་ཕྱིར་རི་བོང་གི་རྭ་བཞིན ་དུ་དངོས་པོ་མེད་པ་དེ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་གལ་ཡོད། ལྷན་ཅིག་གནས་པ་ཡང་ག་ལ་ཡོད། དེ་བས་ན་དེ་སྐད་དུ་སྨྲ་བ་ནི་ལན་དུ་མི་རུང་བ་ཁོ་ན་ཡིན་པའི་ཕྱིར་གང་གིས་ན་གཉིས་ལ་འབྲེལ་པ་གནས་པ་འགྲུབ་པར་འགྱུར་བའི་འབྲེལ་པ་ཅན་གཉིས་དངོས་སུ་ལྷན་ཅིག་ཏུ་གནས ་པ་མེད་དོ་ཞེས་བྱ་བ་ནི་དེ་བས་ན་འབྲེལ་པ་ཅན་གཉིས་དངོས་སུ་ལྷན་ཅིག་ཏུ་གནས་པ་གང་ན་ཡང་མི་སྲིད་དོ། །ཅི་སྟེ་སྲིད་ན་ནི་དེའི་ཚེ་དེའི་གཞི་ཅན་གྱི་འབྲེལ་པ་ཡང་སྲིད་པར་འགྱུར་རོ། །གཉིས་ལ་མི་གནས་བས་ཞེས་བྱ་བ་འདིའི་བཤད་པ་ནི་དངོས་པོ ་ཞེས་བྱ་བ་འདི་ཡིན་ནོ། །ཇི་ལྟར་འབྲེལ་ཞེས་བྱ་བ་ནི་འབྲེལ་པའི་ངོ་བོ་ཉིད་དམ་འབྲེལ་པའི་རང་བཞིན་ཇི་ལྟར་གྲུབ་ཅེས་བྱ་བའི་དོན་ཏོ་།མ་ཡིན་པ་ཉིད་ངོ་ཞེས་བྱ་བ་ནི་སེལ་བར་སྟོན་ཏོ། །འདི་སྐད་བསྟན་ཏེ། འབྲེལ་པ་ནི་ཐམས་ཅད་དུ་གཉིས་ལ་གནས་པ ་ཡིན་ན་གཉིས་ལ་མི་གནས་ན་འབྲེལ་བ་ཉིད་དུ་མི་འགྱུར་རོ། །དེ་སྟེ་ཡང་འདི་སྐད་དུ་ཇི་སྟེ་རྒྱུའི་ཚེ་ན་འབྲས་བུ་མེད་དུ་ཟིན་ཀྱང་འོན་ཀྱང་བློས་སྦྲེལ་ཏེ་འབྲེལ་བ་ཡོད་བར་འགྱུར་རོ། །དེ་བཞིན་དུ་འབྲས་བུའི་ཚེ་ན་རྒྱུ་དྲངས་ཏེ་གནས་པར་འགྱུར་རོ། །དེ་ལྟར་ན་འབྲེལ་བ་ནི་གཉིས ་ལ་གནས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བློས་སྦྲེལ་ཏེ་འབྲེལ་ན་ནི་རྣམ་པར་རྟོག་པར་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཅི་སྟེ་འབྲེལ་པ་ཅན་གཉིས་བློས་སྦྲེལ་ཏེ་གཉིས་ལ་གནས་པའི་འབྲེལ་པར་ཁས་ལེན་ན་དེའི་ཚེ་འབྲེལ་པ་ནི་རྟོག་པ་པར་འགྱུར་གྱི་དོན ་དམ་པ་པར་ནི་མ་ཡིན་ནོ། །རྒྱཱུམ་འབྲས་བུ་ལ་རིམ་གྱིས་འབྲེལ་པ་གནས་སོ་ཞེ་ན། དེ་ཡང་མི་རིགས་ཏེ་ཞེས་བྱ་བ་ནི་འོན་ཏེ་བརྒྱལ་འདི་སྐད་དུ་སྔར་རྒྱུ་ལ་གནས་ནས་ཕྱིས་འབྲས་བུ་ལ་གནས་པར་འགྱུར་རོ། །དེ་ལྟར་ན་འབྲེལ་བ་ནི་གཉིས་ལ་གནས་པར་འགྱུར་རོ་ཞེས་ཟེར་ན ་དེ་ཡང་མི་རིགས་ཏེ། འདི་ལྟར་རིམ་ལས་ཀྱང་དངོས་པོ་གཅིག་ལ་ཞེས་བྱ་བ་འདིའི་བཤད་པ་ན་རྒྱུ་འམ་འབྲས་བུ་གཅིག་ལ་ཞེས་བྱ་བ་ཡིན་ཏེ། སྔར་རྒྱུ་ལའོ། །དེས་ན་འབྲས་བུ་ལའོ། །གནས་ན་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་བ་ཞེས་བྱ་བ་ཡིན་ཏེ་འབྲེལ ་པ་ཞེས་བྱ་བ་དེ་གང་ཡིན་པ་ཞེས་སྦྱར་རོ། །གཞན་ལ་རེ་བ་མེད་ཅེས་བྱ་བ་འདིའི་བཤད་བ་ནི་འོག་ཉིད་ནས་རྒྱུ་ལ་གནས་ཕན་འབྲས་བུ་ལ་བལྟོས་བ་མེད་དོ། །འབྲས་བུ་ལ་གནས་པ་ན་རྒྱུ་ལ་བལྟོས་བ་མེད་པ་ཞེས་བྱ་བ་ནི་གང་གི་ཚེ་རྒྱུ་ལ་གནས་བ་དེའི་ཚེ་འབྲས་བུ་ལ་མི ་བལྟོས་སོ། །གང་གི་ཚེ་འབྲས་བུ་ལ་གནས་པ་དེའི་རྒྱུ་ལ་མི་བལྟོས་པ་མེད་དོ། །གཉིས་ལ་རིམ་གྱི་གནས་ན་ནི་འབྲེལ་བར་མི་རུང་སྟེ་ཞེས་བྱ་བ་ནི་གང་གི་ཚེ་གཉིས་ལ་གནས་པ་ན་འབྲེལ་པར་མི་འགྱུར་རོ། །གང་དང་འབྲེལ་པ་མེད་ཅེ་ན། དེའི་ཕྱིར་གཞན་ལ་རེ་བ་མེད་པ ་ཞེས་བྱ་བ་སྨྲས་ཏེ། འདི་ཉིད་ཀྱིས་བཤད་པ་ནི་འོག་ནས་གང་དུ་རེ་བ་མེད་པ་དེ་དང་འབྲེལ་བ་མེད་དོ་ཞེས་བྱ་བ་ཡིན་ཏེ། དེ་ནི་གོ་སླའོ། འབྲེལ་པ་ཅི་འདྲ་བ་ཞིག་ཡོད་པ་མ་ཡིན་ཞེ་ན། གཅིག་ལ་གནས་པ་ཅན་ཞེས་བྱ་བ་སྨོས་ཏེ། གཅིག་དང་གནས་བ་ནི ་གཅིག་ལ་གནས་པའོ། །དེ་གང་ལ་ཡོད་པ་དེ་ནི་གཅིག་ལ་གནས་པ་ཅན་ནོ། །དེ་ཉིད་སྟོན་པ་ནི་རྒྱུ་དང་འབྲས་བུ་ལ་རིམ་གྱིས་གནས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་དང་འབྲས་བུ་ལ་རིམ་གྱིས་གནས་པའི་དང་ཚུལ་ཅན་གང་ཡིན་པ་འདི་ནི་རྒྱུ་དང་འབྲས་བུ་ལ་རིམ ་གྱིས་གནས་པའོ། །ཅིའི་ཕྱིར་འབྲེལ་པ་མེད་ཅེ་ན། དེའི་ཕྱིར་དེ་མེད་པར་ཡང་ཡོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདིའི་བཤད་པ་ནི་རྒྱུ་དང་འབྲས་བུ་གཉིས་ཕན་ཚུན་མེད་པར་ཡང་འབྲེལ་པ་ཞེས་བྱ་བའི་དོན་ཡོད་བའི་གཏན་ཚིགས་གྱིས་ན་ཞེས་བྱ་བ་ཡིན་ཏེ། ་གང་གི་ཕྱིར་རྒྱུ་ལ་གནས་པ་ན་འབྲས་བུ་མེད་པར་ཡང་ཡོད་པ་ཡིན་ལ་འབྲས་བུ་ལ་གནས་པ་ན་ནི་རྒྱུ་མེད་པར་ཡང་ཡོད་པ་ཡིན་ཏེ། ངོ་བོས་ན་དེ་གཉིས་འབྲེལ་པ་ཁོ་ན་ཡིན་པ་འདི་མི་རུང་ངོ། །འདི་སྐད་བསྟན་ཏེ། ཁ་ཅིག་ཏུ་འབྲེལ་པ་ནི་གཉིས་ལ་གནས་བར ་ཁས་ལེན་ལ། རྒྱུ་དང་འབྲས་བུ་གཉིས་ལ་རིམ་གྱིས་གནས་བ་ནི་གཉིས་ལ་གནས་པར་མི་འཐད་དོ། །ཉེས་པ་འདིར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གོང་དུ་ཇི་སྐད་སྨོས་པའོ། །གཞན་དུ་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱཱུམ་འབྲས་བུ་ལ་ཞེས་བྱ་བ་ཡིན ་ཏེ་རྟོགས་སླའོ། །འདི་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཞེས་བྱ་བའོ། །རིམ་གྱིས་གནས་པ་ན་ཞེས་བྱ་བ་ནི་རིམ་གྱིས་འདུག་པའོ། །ཅི་སྟེ་དེ་གཉིས་ལ་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་དེ་ཡིན། །གཅིག་ལ་བལྟོས་ཞེས་བྱ་བ ་འདིའི་བཤད་པ་ནི་རྒྱུ་འམ་འབྲས་བུ་ཞེས་བྱ་བ་ཡིན་ཏེ། དེ་ནི་རྟོགས་སླའོ། །རེ་བ་དང་བཅས་པ་ཉིད་ཀྱི་གཉིས་ལ་གནས་པ་ཁོ་ནར་འདོད་ངོ་ཞེན་ཞེས་བྱ་བ་ནི་དེ་ལྟར་རེ་བ་དང་བཅས་པ་ཉིད་ཀྱིས་ན་འབྲེལ་བ་ནི་གཉིས་ལ་གནས་པར ་འགྱུར་རོ། །འདི་སྐད་བསྟན་ཏེ། གང་གི་ཚེ་རྒྱུ་ལ་འབྲེལ་བ་གནས་པ་དེའི་ཚེ་འབྲས་བུ་ལ་མི་བལྟོས་བས་གནས་སོ། །གང་གི་ཚེ་འབྲས་བུ་ལ་གནས་པ་དེའི་ཚེ་རྒྱུ་ལ་མི་བལྟོས་བས་གནས་སོ། །བལྟོས་པས་ནི་འབྲེལ་པ་ནི་གཉིས་ལ་གནས་བར་འདོད་ཀྱི་དེ་ལ ་གནས་པ་ནི་མ་ཡིན། །དེ་བས་ན་ཇི་སྐད་དུ་སྨོས་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདིར་གྲུབ་པའི་མཛའ་སྨྲ་བ་རྣམས་དེ་ལྟ་ན་ཡང་བལྟོས་པ་དེས་ཕན་པ་བྱེད་པར་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ་འབྲེལ་བ་གང་ཞིག་འདི་ལ་བལྟོས་ན་མི། ་དེས་དེའི་ཚེ་འབྲེལ་པ་ལ་ཕན་པ་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཏན་ཚིགས་འདྲི་བའོ། །འདི་ལྟར་བལྟོས་པ་ཕན་པར་བྱེད་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཕན་པར་བྱེད་པ་དེ་ལ་བལྟོས་པར་རིགས་ཀྱིས་ཕན་པ་མེད ་པ་ལ་ནི་མ་ཡིན་ནོ། །བལྟོས་པ་ན་ཕན་པ་བྱེད་པ་ཡིན་མོད་ཅན་ཞེས་བྱ་བ་ནི་ཅི་སྟེ་བལྟོས་པ་གང་ཡིན་པ་ཕན་པ་བྱེད་པ་ཡིན་མེད་ཅེ་ན། དེ་མེད་ན་ཇི་ལྟར་ཕན་པར་བྱེད་ཅེས་བྱ་བ་ནི་མེད་པ་ཉིད་ཡིན་ནི་ཇི་ལྟར་ཕན་པ་བྱེད། དེ་ཉིད་སྟོན་པ་ནི་རྒྱུའི་ཚེན་འབྲས་བུ་ཞེས ་བྱ་བའི་དོན་མེད་དོ། །འབྲས་བུའི་ཚེ་ན་རྒྱུ་ཞེས་བྱ་བའི་དོན་མེད་དེ་ཞེས་བྱ་བ་ནི་གང་གི་ཚེ་རྒྱུའི་དུས་ན་འབྲས་བུ་མེད་པ་དེའི་ཚེ་མེད་པ་ནི་རི་བོང་གི་རྭ་དང་འདྲ་བ་ཡིན་ན་ཇི་ལྟར་ཕན་པ་བྱེད། གང་གི་ཚེ་འབྲས་བུའི་དུས་ན་རྒྱུ་མེད་པ་དེའི་ཚེ་ཡང་ཤི་བའི་རོ་བཞིན་ཡིན ་ན་དེ་ཇི་ལྟར་ཕན་པ་བྱེད། ཕན་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྤོང་བ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། མཐུ་མེད་པས་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་མེད་པ་ནི་ལུས་མེད་པ་བཞིན་དུ་ཕན་པ་བྱེད་པའི་མཐུ་མེད་དོ། །གཞན་ཡང་ཞེས་བྱ་བ་ནི་སྐྱོན ་སྟོན་པའོ། །ཅི་སྟེ་དོན་གཅིག་འབྲེལ་བའི་ཕྱིར་ཞེས་བྱ་བ་འདིའི་བཤད་པ་ནི་གཏན་ཚིགས་ཀྱིས་ཞེས་བྱ་བ་སྟེ། ཅི་སྟེ་དོན་གཅིག་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་དེ་གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུ་དང་འབྲས་བུར་མངོན་པར་འདོད་བ་ཞེས་བྱ་བ་ཡིན་ཏེ། དེ་ནི ་གོ་སླའོ། །རྒྱུ་འབྲས་ཉིད་ཡིན་བ་ཞེས་བྱ་བ་འདིའི་བཤད་པ་ནི་འདོད་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་གྲངས་སུ་བརྗོད་པ་གཉིས་ཉིད་ལ་སོགས་པ་འབྲེལ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་ཕྱུགས་ཀྱི་གཡས་གཡོན་རྭ་ཡང་རྒྱུ་དང་འབྲས་བུ་ཁོ་ན་ཐོབ་པར་འགྱུར་རོ ་ཞེས་བྱ་བ་ནི་ཕྱུགས་ཀྱི་གཡས་གཡོན་གྱི་རྭ་གཉིས་ཀྱང་གཉིས་ཉིད་ཅེས་བྱ་བའི་གཅིག་དང་འབྲེལ་པ་ཡོད་དོ། །དེའི་ཕྱིར་དེ་གཉིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་འཐོབ་པར་འགྱུར་རོ། །དེ་ལྟར་ན་མི་འདོད་ན་ཞེས་བྱ་བ་ནི་དེ་གཉིས་རྒྱུ་དང་འབྲས་བུར་མི་འདོད་ནའོ། ། ་དེ་ལས་གཞན་ཡང་འགྱུར་རེ་སྐན་ཞེས་བྱ་བ་ནི་དེ་བས་ན་མངོན་པར་འདོད་བ་ལ་ཡང་མི་འགྱུར་རོ། །སོགས་པས་སྨོས་པས་ནི་ཕ་རོལ་ཉིད་དང། ཚུ་རོལ་ཉིད་དང། རྭ་ཉིད་ལ་སོགས་པ་དང་འབྲེལ་པའི་ཕྱིར་ཞེས་བསྡུའོ་ཞེས་བྱ་བ་ནི་ཕ་རོལ་ཉིད་དང། ཚུ་རོལ་ཉིད་དང། ་རྭ་ཉིད་བྱ་བ་གཅིག་པུ་ནི་རྭ་ཉིད་དང་ལྡན་པ་ཡོད་དོ། །དེ་བས་ན་དེ་གཉིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཐོབ་བར་འགྱུར་རོ། །འདི་སྐད་བསྟན་ཏེ། ཅི་སྟེ་དོན་གཅིག་དང་ལྡན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་ཁས་ལེན་ན་དེའི་ཚེ་རྭ་གཉིས་ཀྱང་གཉིས་ཉིད་ཅེས་བྱ་བ་གཅིག ་དང་ལྡན་པ་ཡོད་པས་དེ་གཉིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོར་ཁས་བླང་བར་བྱ་དགོས་སོ། །མ་ཡིན་ན་ནི་མངོན་པར་འདོད་པ་ལ་ཡང་མི་རུང་པར་འགྱུར་རོ། །ཅི་སྟེ་ཕ་རོལ་པ་ནི་རེ་གང?་ཡང་རུང་བ་གཅིག་དང་འབྲེལ་པའི་ཕྱིར་མ་འབྲེལ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ་འབྲེལ་པའི་མཚན་ཉིད་དང་ངོ་ཞེས་སྨྲ་བ་ནི་བདག་དང་གང་ཡང་རུང་བ་གཅིག་དང་ལྡན་པའི་ཕྱིར་དངོས་པོ་རྣམས་འབྲེལ་པར་སྨྲ་བ་ནི་མ་ཡིན་གྱི་འོན་ཀྱང་འབྲེལ་པ་ཞེས་བྱ་བ་གཅིག་དང་འབྲེལ་པའི་ཕྱིར་ཞེས་འབྲེལ་བར་སྨྲའོ་ཞེ་ན། དེ་མི་རུང་སྟེ་ཞེས་བྱ་བ་ནི་འགོག་པའི་ཚིག་གོ་། ་དངོས་པོའི་དོན་འགའ་ཞིག་གཉིས་གནས་པ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཡིན་གྱི་ཞེས་བྱ་བའི་ཚིག་ཡིན་ཏེ། གཉིས་ལ་གནས་པའི་དངོས་པོའི་དོན་ནི་འབྲེལ་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཞེས་བྱ་བ་འདིའི་བཤད ་པ་ནི་དོན་གཉིས་དང་མངོན་པར་འབྲེལ་པ་ཅན་ཞེས་བྱ་བ་ཡིན་ཏེ། དོན་གཉིས་ཀྱི་མངོན་པར་འབྲེལ་པ་ཞེས་ཚིག་སྦྱར་རོ། །དེ་འདི་ལ་ཡོད་པས་ནི་དོན་གཉིས་དང་མངོན་པར་འབྲེལ་པ་ཅན་ནོ། །ཡང་ན་དོན་གཉིས་ལ་མངོན་པར་འབྲེལ་བའི་ངང་ཚུལ་ཅན་འདི་གང ་ཡིན་པ་འདི་དོན་གཉིས་དང་མངོན་པར་འབྲེལ་པ་ཅན་ཏེ། དངོས་པོ་གཉིས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་དེའི་ཞེས་བྱ་བ་འདིའི་བཤད་པ་ནི་དེའི་འབྲེལ་པའི་མཚན་ཉིད་མི་འཐད?་ཞེས་བྱ་བ་ཡིན་ཏེ། འདིའི་འབྲེལ་པའི་མཚན་ཉིད་གཞན་མི་འཐད་དོ ་ཞེས་བྱ་བའི་དོན་ཏོ། །གང་གི་ན་གྲངས་ལ་སོགས་པ་ལས་དེའི་ཁྱད་པར་རྣམ་པར་བཞག་པར་བྱ་ཞེས་བྱ་བ་ནི་གཏན་ཚིགས་གང་གིས་ན་གྲངས་ལ་སོགས་པ་དང་མི་འདྲ་བའི་མཚན་ཉིད་ཁས་ལེན་པར་བྱེད། འདི་སྐད་བསྟན་ཏེ། དོན་གཉིས་དང་མངོན་བར་འབྲེལ་པ ་ཅན་མ་གཏོགས་པར་གཞན་དུ་འབྲེལ་པའི་མཚན་ཉིད་བརྗོད་དུ་མེད་པ་ཡིན་ན་གང་གིས་ན་གྲངས་ལ་སོགས་པ་དང་མི་འདྲ་བའི་མཚན་ཉིད་ཁས་བླང་བར་བྱ། འདིར་ཡང་ཕ་རོལ་པ་དག་སྨྲ་བ་འགའ་ཞིག་ཡོད་ན་ཡོད་པར་འགྱུར་ལ་ཞེས་བྱ་བ་ནི་ས་བོན་ཡོད་ན་མྱུ་གུ་ཡོད ་ཅེས་བྱ་བའི་དོན་ཏོ། །མེད་ན་མེད་བར་འགྱུར་ཏེ་ཞེས་བྱ་བ་ནི་ས་བོན་ཉིད་མེད་ན་མྱུ་གུ་མེད་པ་ཡིན་ཞེས་བྱ་བའི་བར་དུའོ། །ཡོད་པར་གྱུར་པ་དང་མེད་པར་གྱུར་པ་དེ་ཉིད་ཀྱང་ཞེས་བྱ་བ་ནི་ས་བོན་ཡོད་ན་མྱུ་གུ་ཡོད་པ་ཡིན་ཏེ། དེ་བས་ན་གཉིས་ཀ་ཡང་འདོད་པའི་སྒྲས ་བརྗོད་དོ། །ས་བོན་མེད་ན་མྱུ་གུ་མེད་པ་ཡིན་ཏེ། དེ་བས་ན་གཉིས་ཀ་ཡང་མེད་པའི་སྒྲར་བརྗོད་དོ། །ཡོད་པ་དང་མེད་པ་གང་ཡིན་པ་ཞེས་བྱ་བ་ནི་ས་བོན་དང་མྱུ་གུའི་འབྲེལ་པ་ཅན་ཡོད་པ་དང་མེད་པ་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེའི་བྱེ་བྲག་ཅན་ཁྱད་པར ་གྱི་སྦྱོར་བ་གང་ཡིན་པ་དེ་ནི་འབྲེལ་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་གཉིས་ཀྱི་དམིགས་ཀྱི་ཕྱེ་བ་གང་ཡིན་པ་འདི་ནི་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པའི་བྱེ་བྲག་ཅན་གྱི་སྦྱོར་བ་འདི་ཅི་སྟེ་རྒྱུ་འབྲས་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་ཡོད་བ་དང་མེད་བས ་དམིགས་ཀྱི་ཕྱེ་བའི་འབྲེལ་བ་ནི་རྒྱུ་འབྲས་ཁོ་ནར་འདོད་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདིར་གྲུབ་པའི་མཛའ་སྨྲ་བ་དག་གིས་ཅི་སྟེ་ཡོད་པ་དང་མེད་པ་དག་གིས་བྱེ་བྲག་ཅན་གྱི་སྦྱོར་བ་རྒྱུ་འབྲས་ཁོ་ན་ཡིན་ན་དེའི་ཚེ་སྦྱོར་བའི་བྱེ་བྲག་ཅན ་གང་ཡིན་པའི་ཡོད་པ་དང་མེད་པ་དེ་ཉིད་འདིར་ནི་རྒྱུ་འབྲས་ཅིའི་ཕྱིར་མིན་ཞེས་བྱ་བ་ནི་ཅི་སྟེ་ཡོད་པ་དང་མེད་པ་གཉིས་ཀྱི་བྱེ་བྲག་ཏུ་བྱས་བའི་སྦྱོར་བ་ན་རྒྱུ་འབྲས་ཁས་ལེན་ན་དེའི་ཚེ་ཡོད་པ་དང་མེད་པ་དེ་གཉིས་ཉིད་རྒྱུ་འབྲས་ཁོ་ན་ཡིན་པར་ཅི་སྟེ་ཁས་མི་ལེན་ན་གང་གིས་ཡོད ་པ་མ་ཡིན་ཞིང་དོན་མེད་པའི་འབྲེལ་པ་རྟོག་པར་བྱེད་ཅེས་བྱ་བ་ནི་ཡོད་པ་དང་མེད་པ་གཉིས་རྒྱུ་འབྲས་ཉིད་ཡིན་ན་ཉེས་པ་ཅི་ཡོད་ན་གང་གིས་ན་བྱེད་ཡོད་པ་མ་ཡིན་ཞིང་དགོས་པ་མེད་བའི་འབྲེལ་བ་རྟོག་པར་བྱེད། ཐ་དད་ཅེས་བྱ་བ་འདི་ཉིད་རྣམ་པར་ཁྱེད་ནི་འདི་སྙམ་དུ་ཡོད་ན་ཡོད ་བ་ཡིན་ལ། མེད་ན་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བརྗོད་པར་བྱ་བ་མང་པོས་ཡིན་ཏེ་ཞེས་བྱ་བ་ནི་རྒྱུ་དང་འབྲེལ་པ་ཅན་གྱི་ཡོད་པ་དང་མེད་བ་གཉིས་དང། འབྲས་བུ་དང་འབྲེལ་པ་ཅན་གྱི་ཡང་གཉིས་སོ། །དོན་གཅིག་བརྗོད་པར་བྱེད་བ་རྒྱུ་དང་འབྲས་བུ་ཁོ་ན་ཞེས་བྱ་བའི་སྒྲས ་བརྗོད་པའི་ཡུལ་དུ་དེ་མི་རིགས་པས་ཞེས་བྱ་བ་ལ་རྒྱུ་དང་འབྲས་བུ་ནི་རྒྱུ་འབྲས་སོ། །དེའི་དངོས་པོ་ནི་རྒྱུ་དང་འབྲས་བུ་ཁོ་ན་སྟེ། འདི་ནི་དངོས་པོའི་རྐྱེན་གྱི་བསྡུ་བའོ། །དངོས་པོའི་རྐྱེན་གྱིས་ནི་དུ་ལ་འབྲེལ་པ་ཡོད་པར་བརྗོད་དོ། །དེ་བས་ན་རྒྱུ་དང་འབྲས་བུ་ཁོ་ནའི་སྒྲས་འབྲེལ་པ་བརྗོད ་ལ་དེ་ཡང་གཅིག་ཡིན་ནོ། །དེ་བས་ན་རྒྱུ་དང་འབྲས་བུ་ཁོ་ནའི་དོན་གཅིག་བརྗོད་པར་བྱེད་པ་རྒྱུ་དང་འབྲས་བུ་ཁོ་ན་ཞེས་བྱ་བའི་སྒྲས་བརྗོད་པའི་ཡུལ་དུ་དོན་མང་པོ་དེ་མི་རིགས་པས་ཡོད་པ་དང་མེད་པའི་རྒྱུ་དང་འབྲས་བུ་ཁོ་ནར་མི་འདོད་དོ་ཞེ་ན་ཞེས་བྱ་བ་ནི་དེ་བས་ན་ཡོད་པ ་དང་མེད་པ་རྒྱུ་དང་འབྲས་བུ་ཁོ་ནར་མི་འདོད་ངོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདིར་གྲུབ་པའི་མཛའ་སྨྲ་བས་སྒྲ་འདི་ནི་སྨྲ་བར་བྱེད་པའི་སྐྱེས་བུ་ལ་བརྟེན་པ་མ་ཡིན་ནམ་ཞེས་སྨྲས་ཏེ། སྒྲ་ཐམས་ཅད་སྨྲ་བར་བྱེད་པ་ལ་བརྟེན་པ་མ་ཡིན་ནམ། སྨྲ་བར ་བྱེད་པ་ཡང་ཇི་ལྟར་འདོད་པ་བཞིན་དུ་སྦྱོར་གྱི་དངོས་པོ་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །དེ་ལྟར་ན་སྨྲ་བར་བྱེད་པ་ལ་བརྟེན་བའི་ཕྱིར་ཞེས་བྱ་བ་ཡིན་ཏེ། སྨྲ་བར་བྱེད་པའི་ཁ་ན་ལས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྒྲ་གང་ཡིན་པ་འདི་ནི་ཇི་ལྟར་སྦྱར་བ་དེ་བཞིན་དུ་སྨྲ་བ་ཡིན ་ཞེས་བྱ་བ་ནི་གང་གི་ཚེ་སྒྲ་ནི་སྨྲ་བར་བྱེད་པ་ལ་རག་ལས་བ་དེའི་ཚེ་སྒྲ་འདི་ནི་སྨྲ་བར་བྱེད་པ་རྣམ་པ་གང་གིས་དོན་གང་ལ་སྦྱོར་བའི་སྒྲ་དེ་དོན་དེ་ལ་རྣམ་པ་ངེས་བརྗོད་ཀྱིས་རང་དགར་བ་ཡིན་པས་ན་དུ་མ་ལ་ཡང་སྒྲ་གཅིག་ཡོད་པས་ལན་དུ་མི་རུང་བ་ཉིད་དེ་དེ་ལྟར་ན་དོན་དུ་མ་ལ ་ཡང་སྒྲ་གཅིག་འཇུག་གོ་།དེས་ན་འདི་ལན་དུ་མི་རུང་ངོ། །དེ་བས་ན་ཡོད་པ་དང་མེད་པ་དེ་ཉིད་རྒྱུ་དང་འབྲས་བུར་རིགས་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་ད་ལྟ་ཡིན་པ་དེ་བས་ན་ཡོད་པ་དང་མེད་པ་ཁོ་ན་རྒྱུ་དང་འབྲས་བུ་ཉིད་ཡིན་པར་རིགས་ཀྱི་འབྲེལ་པ་ཞེས་བྱ་བ་གཞན་ནི་མ ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་འདི་ལྟར་གཅིག་བུ་མཐོང་ན་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུར་མངོན་པར་འདོད་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་གཅིག་ཅིག་སྣང་བ་གང་ཡིན་པ་འདི་ནི་མངོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །རིག་བྱའི་མཚན་ཉིད་དུ་གྱུར་པ་འབྲས་བུ་ཞེས་བྱ་བ་མ ་མཐོང་བ་མཐོང་བ་ནི་ཞེས་བྱ་བ་ནི་རྒྱུར་མངོན་པར་འདོད་བ་མཐོང་བ་ནི་རིག་བྱའི་མཚན་ཉིད་དུ་གྱུར་པ་མངོན་མ་མཐོང་བ་འབྲས་བུར་མངོན་པར་འདོད་པ་གང་ཡིན་བ་མཐོང་སྟེ། དེ་མཐོང་བ་ན་གང་མཐོང་ན་མཐོང་བ་ཡིན་ཏེ། རྒྱུར་མངོན་པར་འདོད་པ་དམིགས་པ་ན ་དམིགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་མ་མཐོང་ན་འབྲས་བུར་མངོན་པར་འདོད་པ་མ་མཐོང་བ་ནི་ཞེས་བྱ་བ་ནི་རྒྱུར་མངོན་པར་འདོད་པ་དེ་མ་མཐོང་བ་ན་གང་གི་ཚེ་འབྲས་བུར་མངོན་པར་འདོད་པ་མི་མཐོང་བའོ། །དེའི་འབྲས་བུ་ཡིན་པ་ཉིད་དུ་ཤེས་ཏེ་ཞེས་བྱ་བ ་འདིའི་བཤད་པ་ནི་འདི་ལས་འདི་འབྱུང་བའོ་ཞེས་རྟོགས་པའོ་ཞེས་བྱ་བ་ཡིན་ཏེ། ས་བོན་ལས་མྱུ་གུ་འདི་ཡོད་པར་འགྱུར་རོ་ཞེས་རྟོགས་པའོ། །སྟོན་པའི་སྐྱེ་བོ་ཡང་མེད་པ་ཞེས་བྱ་བ་འདི་ཉིད་ཀྱི་བཤད་པ་ནི་རོ་གནས་འདི་ལས་འབྱུང་ངོ་ཞེས་བྱ་བ་འདི་འཆད་པ་མེད ་པར་རོ་ཞེས་བྱ་བ་ཡིན་ཏེ། ས་བོན་འདི་ལས་མྱུ་གུ་འདི་ཡོད་པར་འགྱུར་རོ་ཞེས་དེ་ལྟར་བརྒྱ་ལ་འཆད་པ་འགའ་ཡང་མེད་ན་ཡང་འོན་ཀྱང་ས་བོན་ལས་མྱུ་གུ་ཡོད་པར་འགྱུར་བར་རྟོགས་སོ། །འདི་སྐད་བསྟན་ཏེ། ས་བོན་མཐོང་བ་ན་སྔོན་མ་མཐོང་བའི་མྱུ་གུ་མཐོང ་བ་དང་ས་བོན་མ་མཐོང་བ་ནམ་མཐོང་ན་ནི་ས་བོན་ལས་བྱུང་བ་ནི་མྱུ་གུ་ཡིན་པར་རྟོགས་སོ། །བརྡ་སྦྲང་ན་ཤེས་སོ་ཞེས་བྱ་བ་ཡང་ཚིག་ཙམ་དུ་ཟད་ཟད་དེ་ཞེས་བྱ་བ་ནི་ཁ་ཅིག་དག་མཐོང་བ་དང་མ་མཐོང་བ་ལས་ས་བོན་ལས་བྱུང་བ་མྱུ་གུ་ཡིན་པར་རྟོགས་པ་ནི་མ ་ཡིན་གྱི་འོ་ན་ཅི་ཞེ་ན། བརྡ་སྤྲད་པའི་དབང་གིས་སོ་ཞེས་སྨྲ་བ་དེ་ནི་ཚིག་ཙམ་དུ་དགོངས་པའོ། །འདི་ལྟར་བརྡ་སྤྲད་དུ་ཟིན་ཀྱང་ཡོད་པ་དང་མེད་པ་དག་ལས་གཞན་དུ་ནི་རྟོགས་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་བརྡ་སྤྲད་པའི་དབང་གི་འདི་རྟོགས་ཀྱང་ཡོད ་པ་དང་མེད་བ་ཉིད་རྟོགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་བརྡ་སྤྲད་དུ་ཟིན་ཀྱང་གཞན་རྟོགས་པ་མ་ཡིན་པ་དེ་བས་ན་གང་རྟོགས་ན་གང་ཁོང་དུ་ཆུད་པར་འགྱུར་བ་དོན་དེའི་དོན་ཏེ་ཞེས་བྱ་བ་ནི་གང་ངེས་པར་ཆོད་པ་ན་གང་ངེས་པར་བཅད་པ་ནི་དེའི་ཡུལ་དུ་སྟོན་ཏེ། འདི ་ལྟ་སྟེ་སྣམ་བུ་དཀར་པོ་རྟོག་ན་དཀར་པོ་ཁོང་དུ་ཆུང་པས་དཀར་པོ་ཁོ་ན་རྟོགས་པ་བཞིན་དུ་ཞེས་བྱ་བ་ནི་དེ་ནི་གང་གི་ཚེ་སྣམ་བུ་དཀར་པོ་རྟོགས་པ་དེའི་ཚེ་དཀར་པོ་ཁོང་དུ་ཆུད་པས་དཀར་པོ་ཉིད་ལ་རྣམ་པར་བཞག་གི་གཞན་དུ་མ་ཡིན་པ་དེ་བཞིན་དུ་ཡོད་པ་དང་མེད་པ ་རྟོགས་པ་ན་རྒྱུ་དང་འབྲས་བུ་ཉིད་ཁོང་དུ་ཆུད་པས་ན་ཡོད་པ་དང་མེད་བ་ཉིད་རྒྱུ་དང་འབྲས་བུ་ཁོང་དུ་ཆུད་པ་ལས་དོན་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཡོད་པ་དང་མེད་བ་རྟོགས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཡིན་ཏེ། དེ་བས་ན་རྒྱུ་དང་འབྲས་བུ་ཁོང་དུ ་ཆུད་པ་ལས་དོན་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཡོད་པ་དང་མེད་པ་རྟོགས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཡིན་ཏེ། དེ་བས་ན་རྒྱུ་དང་འབྲས་བུ་རྟོགས་པའི་ཡུལ་ནི་ཡོད་པ་དང་མེད་པ་ཉིད་ཡིན་གྱི་གཞན་རྒྱུ་དང་འབྲས་བུ ་ཉིད་ཅེས་བྱ་བའི་འབྲེལ་བ་ནི་མ་ཡིན་ནོ། །འདི་སྙམ་དུ་ཡོད་པ་དང་མེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ལ། རྒྱུ་དང་འབྲས་བུ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་པས་གཞན་ནོ་ཞེ་ན་ཞེས་བྱ་བ་ནི་བརྒྱ་ལ་ཕ་རོལ་པོ་དག་འདི་སྐད་དུ་ཡོད་པ་དང་མེད་པ་གཉིས་ཀྱི་རྒྱུ་དང ་འབྲས་བུ་ཉིད་སྒྲུབ་པར་བྱེད་དེ། སྒྲུབ་བར་བྱེད་པ་ལས་བསྒྲུབ་པར་བྱ་བ་གཞན་ཡིན་ནོ་ཞེས་སྨྲ་བའོ། །འདིར་གྲུབ་པའི་མཛའ་སྨྲ་བས་གཞན་ཡིན་ན་ཡང་དེའི་ངོ་བོ་ཅིའི་ཕྱིར་མི་བསྟན་ཞེས་བྱ་སྟེ། ཅི་སྟེ་ཡོད་པ་དང་མེད་པ་ལས་རྒྱུ་དང་འབྲས་བུ་གཞན ་ཡིན་ན་འོ་ན་ངོ་བོ་འདིའོ་ཞེས་ཅིའི་ཕྱིར་མི་བསྟན། འོན་ཏེ་སྐྱེད་པར་བྱེད་པ་དང། བསྐྱེད་བར་བྱ་བའི་ངོ་བོ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་གི་ངོ་བོ་ནི་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་ངོ་བོ་ན་ཡིན་ནོ་ཞེ་ན། གྲུབ་པའི་མཛའ་སྨྲ་བས་གང་དེ ་སྐད་དུ་སྨྲ་བ་དེའི་མིང་གི་རྣམ་གྲངས་གྱི་སྒོ་ནས་དོན་ཐ་དད་བར་འགྱུར་རམ་ཅི་ཞེས་བྱ་བ་སྨྲས་ཏེ། གང་ཁྱོད་དེ་སྐད་སྨྲ་བ་དེ་མིང་གི་རྣམ་གྲངས་བསྟན་པ་ཙམ་གྱི་སྒོ་ནས་དོན་ཡང་ཐ་དད་པར་འགྱུར་རཾ་ཅི་ཞེས་བྱ་བའོ། །འདི་ལྟར་སྐྱེད་བར་བྱེད་བ་དང་བསྐྱེད་བར་བྱ ་བའི་ངོ་བོ་དང། སྐྱེ་བ་དང་བསྐྱེད་བའི་ངོ་བོ་དང་རྒྱུ་དང་འབྲས་བུའི་ངོ་བོ་ཞེས་བྱ་བ་ལ་སོགས་བ་རྣམ་གྲངས་སུ་གཏོགས་པའོ་ཞེས་བྱ་བ་ནི་གོ་སླའོ། །དེ་བས་ན་མཐོང་པ་དང་མ་མཐོང་བ་ཞེས་བྱ་བ་འདིའི་བཤད་བ་ནི་ཡུལ་ཅན་གྱིས་ཡུལ་བསྟན་བའི་ཕྱིར་ཡོད་བ་དང ་མེད་བ་མ་གཏོགས་བར་ཞེས་བྱ་བ་ཡིན་ཏེ། མཐོང་བ་དང་མ་མཐོང་བ་ནི་ཡུལ་ཅན་ནོ། །ཡོད་བ་དང་མེད་པ་ནི་ཡུལ་ལོ། །དེ་བས་ན་ཡུལ་ཅན་མཐོང་བ་དང་མ་མཐོང་བ་གཉིས་ཀྱི་ཡུལ་དུ་གྱུར་བའི་ཡོད་བ་དང་མེད་བ་གཉིས་བསྟན་ཏེ། དེས ་བསྟན་པ་ཡོད་པ་དང་མེད་པ་མ་གཏོགས་པར་ཞེས་བསྟན་པ་ཡིན་ནོ། །འབྲས་བུའི་བློ་ནི་མི་སྲིད་པའི་གཏན་ཚིགས་ཀྱི་ཕྱིར་ཞེས་བྱ་བ་ནི་ཡོད་བ་དང་མེད་བ་མ་རྟོགས་བར་འདི་ལྟར་འབྲས་བུའི་བློ་མི་སྲིད་དོ། །འདི་ལ་འབྲས་བུ་ལ་སོགས་སྒྲ་འང?་ཞེས་བྱ་བ་ལ་འབྲས་བུ་ཐོག་མར་བྱས ་པ་གང་ཡིན་པ་དེ་ནི་འབྲས་བུ་ལ་སོགས་པ་སྟེ། འབྲས་བུ་ལ་སོགས་པ་ཡང་ཡིན་ལ་དེའི་སྒྲ་ཡང་ཡིན་པས་ན་འབྲས་བུ་ལ་སོགས་བའི་སྒྲ་སྟེ། རྒྱུ་དང་འབྲས་བུའི་སྒྲ་ཞེས་བྱ་བའི་བར་དུའོ། །འདི་ལ་ཞེས་བྱ་བའི་སྒྲ་འཆད་པ་ནི་ཡོད་བ་དང་མེད་པ་གཉིས་ཞེས་བྱ་བ་ཡིན ་ཏེ། ?་པ་དང་མེད་པ་གང་ཡིན་པ་ལ་རྒྱུ་དང་འབྲས་བུའི་སྒྲ་འདི་ཡོད་དོ། །དེ་ནི་ཚིག་སོ་སོའི་ཕྲེང་བ་འདི་སྙེད་ཅིག་འཇིག་རྟེན་བ་རྣམས་མ་བརྗོད་ཀྱང་རུང་སྙམ་ནས་ཐ་སྙད་སླ་བར་བྱ་བའི་ཕྱིར་རྣམ་པར་བཀོད་དོ་ཞེས་བྱ་བ་ནི་རྒྱུ་ཡོད་ན་འབྲས་བུ་ཡོད་ལ་རྒྱུ་མེད་ན་འབྲས་བུ་མེད་དོ ་ཞེས་བྱ་བ་འདི་ནི་ཚིག་གི་ཕྲེང་བ་ཤིན་ཏུ་མང་བ་ཡིན་ཏེ། ཚིག་གི་ཕྲེང་བ་ཤིན་ཏུ་མང་པོ་ནི་ཚིག་དུ་མ་སྟེ། འཇིག་རྟེན་པ་རྣམས་མ་བརྗོད་ཀྱང་རུང་ཞེས་ཐ་སྙད་སླ་བར་བྱ་བའི་ཕྱིར་རྒྱུ་དང་འབྲས་བུའི་སྒྲ་གཅིག་བུ་བཀོད་དོ། །འདི་སྐད་བསྟན་ཏེ། མང་པོ་དེ་དག་གི ་དོན་ཇི་ལྟར་ན་ཚིག་གཅིག་གིས་བསན་པར་འགྱུར་སྙམ་ནས་རྒྱུ་དང་འབྲས་བུའི་སྒྲ་གཅིག་བུ་འདིར་བཞག་གོ་།ཕ་རོལ་པོ་དག་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྒྱུ་དང་འབྲས་བུ་གཞན་མ་ཡིན་ན་ཡང་ཇི་ལྟར་ཡོད་བ་དང་མེད་པ་གཉིས་ཀྱིས་བསྒྲུབ་བར་བྱེད་པ་བྱས་སྨྲས ་ཏེ། ཇི་སྟེར་རྒྱུ་དང་འབྲས་བུ་ཉིད་ནི་ཡོད་པ་དང་མེད་པ་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ན་ཇི་ལྟར་དེ་གཉིས་ཀྱི་དེ་བསྒྲུབ་བར་བྱ། ཐ་དད་པ་མེད་པ་ལ་ནི་བསྒྲུབ་པར་བྱ་བ་དང། སྒྲུབ་བར་བྱེད་པའི་དངོས་པོ་གང་ཡང་མ་མཐོང་ངོ་ཞེས་བསམས་པའོ། །གྲུབ་བའི་མཛའ་སྨྲ ་བས་དེ་ཡོད་ན་ཡོད་པའི་གཏན་ཚོགས་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དེ་ཡོད་པ་ནི་དེ་ཡོད་ན་ཞེས་བྱ་བ་ཡིན་ཏེ། རྒྱུ་ཡོད་ན་ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་ཡོད་པ་ནི་དེ་ཡོད་པའོ། །དེ་བས་ན་དེ་ཡོད་ན་ཡོད་པའི་རྟགས་ལས་དེ་འབྲས་རྟོགས་ཞེས་བྱ་བ་ལ་དེའི་བཅས ་བུ་ནི་དེ་འབྲས་སོ། །དེའི་འབྲས་བུ་རྟོགས་པ་ནི་དེ་འབྲས་རྟོགས་བའོ། །དེ་ཉིད་བསྟན་པའི་ཕྱིར་གང་ཡོད་ན་ཡོད་པ་དེ་ནི་འབྲས་བུར་རྟོགས་སོ་ཞེས་བྱ་བ་སྨྲས་ཏེ། གང་ཡོད་ན་དངོས་པོ་གང་ཡོད་བའི་དངོས་པོ་དེ་ནི་འབྲས་བུ་ཞེས་བྱ་བའོ། །གང་ཡང ་རྗེས་སུ་སྨྲ་བ་ནི་ཞེས་བྱ་བ་འདི་ཉིད་ནི་འགོ་ནས་རྒྱུ་འདིའི་འབྲས་བུ་འདིའི་ཞེས་བྱ་བའི་ཚིག་གིས་སྟོན་ཏེ། རྒྱུ་འདིའི་འབྲས་བུ་འདིའོ་ཞེས་གང་ངེས་ཤིང་དེ་སྨྲ་བར་བྱེད་པ་གང་ཡིན་པའོ། །བརྡའི་ཡུལ་དུ་དེ་བརྗོད་དེ་ཞེས་བྱ་བ་འདིའི་བཤད་པ་ནི་དེ་ཡོད་ན་ཡོད་པ་ཉིད་ཀྱིས ་གང་ཡང་དེ་སྐད་དུ་སྨྲ་བའི་རྒྱུ་དང་འབྲས་བུའི་?་སྙད་ཀྱི་ཡུལ་དུ་དེ་བསྟན་གྱི་ཞེས་བྱ་བ་ཡིན་ཏེ། རྒྱུ་ཡོད་ན་འབྲས་བུ་ཡོད་པར་འགྱུར་བ་ནི་དེ་ཡོད་ན་ཡོད་པ་ཉིད་དོ། །དེ་ལྟར་གང་ཡོད་ན་ཡོད་པ་ཉིད་ཀྱི་འབྲས་བུ་ཡིན་པར་བརྗོད་པ་དེ་རྒྱུ་དང་འབྲས་བུ་གཉིས་ཀྱི ་ཐ་སྙད་ཀྱི་ཡུལ་དུ་བསྟན་ཏོ། །དོན་ཐ་དད་པ་ནི་མེད་དོ་ཞེས་བྱ་བ་ནི་འདིར་རྒྱུ་དང་འབྲས་བུ་ཡང་གཞན་ལ། དེ་ཡོད་ན་ཡོད་པ་ཉིད་ཀྱང་གཞན་པ་མ་ཡིན་ནོ། །ཅི་འདྲ་ཞེ་ན་ཞེས་བྱ་བ་ནི་དཔེ་འདྲི་བའོ། །ལྐོག་ཤལ་སོགས་ལས་བ་ལང་རྟོགས་བཞིན་ཞེས་བྱ་བ ་ནི་ཇི་ལྟར་ལྐོག་ཤལ་ལ་སོགས་པ་བ་ལང་ཁོང་དུ་ཆུད་པ་བཞིན་ནོ། །དེ་ཉིད་སྟོན་པ་ནི་འདི་ནི་བ་ལང་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདི་བ་ལང་གི་ཐ་སྙད་ཀྱི་ཡུལ་དུ་སྟོན་ཏོ་ཞེས་བྱ་བ་ནི་གང་གི་ཕྱིར་ལྐོག་ཤལ་ལ་སོགས ་པ་དང་ལྡན་པ་དེ་བ་ལང་ཡིན་ནོ་ཞེས་བྱ་བ་དེས་ཇི་ལྟར་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཉིད་པ་ལང་གི་ཐ་སྙད་ཀྱི་ཡུལ་དུ་བསྟན་པ་དེ་བཞིན་དུ་དེ་ཡོད་ན་ཡོད་པའི་དོན་གང་ཡིན་པ་དེ་འབྲས་བུའོ་ཞེས་འབྲས་བུའི་ཐ་སྙད་ཀྱི་ཡུལ་དུ་བསྟན་ཏོ། །གཞན་གྱིས་ཕ་རོལ་པོ ་དག་སྨྲ་བ་ཇི་སྟེ་ཡོད་པ་དང་མེད་པ་གཉིས་རྒྱུ་དང་འབྲས་བུ་ཉིད་ཡིན་ན་རྒྱུ་ཉིད་འབའ་ཞིག་གམ་འབྲས་བུ་འབའ་ཞིག་ཀྱང་གཉི་གར་བཏོགས་ཏེ་མོད་པ་དང་མེད་པ་ལས་བལྟོས་པར་འགྱུར་རོ། །ཞེས་བྱ་བ་ནི་ཇི་སྟེ་ཡོད་པ་དང་མེད་པ་རྒྱུ་དང་འབྲས་བུ་ཉིད་དུ་ཁས་ལེན་ན་དེའི ་ཚེ་རྒྱུ་ཉིད་འབའ་ཞིག་ཀྱང་གཉི་གར་གཏོགས་ཤིང་ཡོད་པ་དང་མེད་པ་བལྟོས་ལ་དེ་བཞིན་དུ་འབྲས་བུ་ཉིད་འབའ་ཞིག་ཀྱང་གཉི་གར་གཏོགས་ཤིང་ཡོད་པ་དང་མེད་པ་ལ་བལྟོས་པར་འགྱུར་རོ། །གཞན་དུ་ན་ཡོད་པ་ཙམ་རྒྱུ་འམ་འབྲས་བུ་ཇི་ལྟར་ཡིན་ཞེས་བྱ་བ་ནི་ཇི་སྟེ ་ཡང་རྒྱུ་དང་འབྲས་བུ་གཉིས་སོ་སོར་གཉི་གར་གཏོགས་ཤིང་ཡོད་པ་དང་མེད་པ་ལ་བལྟོས་པར་ཁས་མི་ལེན་ན་དེའི་ཚེ་ཡོད་པ་ཙམ་འབྲས་བུ་ཡིན་པ་དང། ཡོད་པ་ཙམ་རྒྱུ་ཡིན་པར་ཁས་བླངས་པར་འགྱུར་རོ། །དེ་ལྟ་ཡིན་དུ་ཟད་མོད་ཉེས་པ་ཅི་ཡོད་པ་དེའི་སྨྲས་པ། ་ཡོད་པ་དང་མེད་པ་ཡིན་པ་ཡང་རྒྱུ་འམ་འབྲས་བུ་ནི་ཡོད་པ་དང་མེད་པ་གཉིས་ཀར་ཡང་གཏོགས་པ་མ་ཡིན་གྱི་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་གཏོགས་པའི་ཡོད་པ་དང་མེད་པ་ནི་རྒྱུ་ཉིད་འབའ་ཞིག་ཀྱང་མ་ཡིན་ལ་འབྲས་བུ་ཉིད་འབའ་ཞིག་ཀྱང་མ་ཡིན་ནོ། །རྒྱུ་དང་འབྲས ་དུ་ཁོ་ན་ཡིན་ན་ནི་རུང་ངོ་ཞེ་ན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཁོ་ན་ཡིན་ན་ཡོད་པ་དང་མེད་པ་གཉི་གར་གཏོགས་པར་རུང་ངོ། །འདིར་གྲུབ་པའི་མཛའ་སྨྲ་བ་དག་གིས་དེ་མི་རུང་སྟེ་ཞེས་བྱ་བ་དེ་ནི་འགོག་པའི་ཚིག་གོ་།གཉི་གར་གཏོགས་སུ་ཟིན་ཀྱང་ཕྱི་མ་ཡོད་པ་དང་མེད་པའི་བྱེ་བྲག ་གིས་རྒྱུ་སྔ་མ་ཡོད་པ་དང་མེད་པ་ཡིན་ལ། སྔ་མ་ཡོད་པ་དང་མེད་བའི་བྱེ་བྲག་གིས་འབྲས་བུ་ཕྱི་མ་ཡོད་པ་དང་མེད་པ་ཡིན་ཏེ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་གཉིས་ཀར་གཏོགས་མོད་ཀྱི་འོན་ཀྱང་མྱུ་གུ་ཡོད་པ་དང་མེད་པས་དམིགས་ཀྱི་བྱ་བ་ནི་ས་བོན་ཡོད་པ་དང་མེད་པ ་ཡིན་ཏེ། རྒྱུ་ཉིད་ཡིན་ནོ། །ས་བོན་ཡོད་པ་དང་མེད་པས་དམིགས་ཀྱི་ཕྱེ་བ་ནི་མྱུ་གུ་ཡོད་པ་དང་མེད་པ་ཉིད་ཡིན་ཏེ། འབྲས་བུ་ཡིན་ནོ། །འདི་སྐད་བསྟན་ཏེ། ཕྱི་མ?་ཡོད་པ་དང་མེད་པ་ལ་བལྟོས་ནས་སྔ་མ་ཡོད་པ་དང་མེད་པར་གྱུར་བ་ནི་རྒྱུ་ཉིད་ཡིན་ནོ། །སྔ་མ་ཡོད་པ་དང་མེད ་པ་ལ་བལྟོས་པ་ནི་ཕྱི་མ་འབྲས་བུ་ཉིད་ཡིན་གྱི་རྒྱུ་འབའ་ཞིག་གམ་འབྲས་བུ་འབའ་ཞིག་ནི་གཉིས་ཀར་གཏོགས་པའི་ཡོད་པ་དང་མེད་པ་མ་ཡིན་ཏེ། འདི་ལྟར་ཡོད་འགྱུར་ཡོད་ཅེས་བྱ་བ་འདིའི་བཤད་པ་ནི་ཡོད་པར་འགྱུར་བའི་ཆེས་ཅན་ཡོད་ན་དེ་ཡོད་པ་ནི་ཞེས་བྱ་བ་ཡིན་ཏེ ་དེ་མ་ཐག་ཏུ་ཡོད་པར་འགྱུར་བ་ནི་འབྲས་བུའོ། །དེ་ཡོད་པ་ནི་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱར་མངོན་པར་འདོད་པ་ཡོད་བའོ་ཞེས་བྱ་བ་ཡིན་ནོ། །དེ་ནི་ཡོད་པ་ཉིད་དོ་ཞེས་འདིར་ཡང་ངེས་པར་གཟུང་བར་བྱའོ། །ཞེས་ཕྱིས་བཤད་པ ་ཉི་ཆོ་ངེས་པར་གཟུང་བར་བྱ་བ་ལ་བརྟེན་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། རྒྱུར་མངོན་པར་འདོད་པ་འདིར་ཡོད་པ་ཉིད་དོ་ཞེས་ངེས་པར་གཟུང་བར་བལྟའོ། །དེ་བས་ན་ཚིག་གི་དོན་འདིར་འགྱུར་ཏེ། དེ་མ་ཐག་ཏུ་སྐྱེ་བའི་ཆོས་ཅན་གྱི་འབྲས་བུ་ལ་གདོན་མི་ཟ ་བར་རྒྱུ་ཡོད་དེ། འདི་ལྟར་རྒྱུའི་རྒྱུ་ཉིད་ནི་འབྲས་བུ་དེ་མ་ཐག་ཏུ་འབྱུང་བ་ལ་གདོན་མི་ཟ་བར་ཉེ་བ་ཡིན་ནོ། །འདིས་ནི་བཟློག་པ་ཡང་དོན་གྱིས་འདྲེན་ཏོ་ཞེས་བྱ་བ་ནི་ངེས་པར་གཟུང་བས་བཟློག་པ་དོན་གྱིས་འདྲེན་པར་རིག་བར་བྱའོ། །དེའི་ཕྱིར་དོན་འདིར ་འགྱུར་ཏེ། ཡོད་པ་ཉིད་ཡིན་གྱི་མེད་པ་ནི་མ་ཡིན་ནོ། །དེས་ན་འདི་སྐད་བསྟན་ཏེ་རྒྱུར་མངོན་པར་འདོད་པ་གདོན་མི་ཟ་བར་ཉེ་བ་ཡིན་གྱི་མི་ཉེ་བ་གང་ཡིན་པ་ནི་མ་ཡིན་ནོ། །རྒྱུར་མངོན་པར་འདོད་པ་ཡོད་པ་ཉིད་ན་ཡོད་པར་འགྱུར་བ་ནི་འབྲས་བུར་མངོན ་པར་འདོད་པའི་འབྲས་བུ་ཉིད་དོ་ཞེས་བྱ་བ་ནི་འབྲས་བུར་མངོན་པར་འདོད་བའི་འབྲས་བུ་དེ་ཉིད་འདི་ལྟར་རྒྱུ་གང་ཡིན་པ་ཉེ་བ་ཉིད་ཡོད་ན་ཡོད་པའོ། །རབ་ཏུ་གྲུབ་ཅེས་བྱ་བ་ནི་གྲགས་ཞེས་བྱ་བའི་དོན་ཏོ། །གང་གིས་གྲུབ་ཅེ་ན། མངོན་སུམ་མི་དམིགས ་པ་དག་ལས་ཞེས་བྱ་བ་སྨྲས་ཏེ། མངོན་སུམ་གྱིས་དང་མི་དམིགས་པས་ཞེས་བྱ་བའི་དོན་ཏོ། །གང་གྲུབ་ཅེ་ན། རྒྱུ་འབྲས་ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་འབྲས་བུ་ན་རྒྱུ་འབྲས་ཏེ། རྒྱུ་དང་འབྲས་བུ་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ཀྱི་དངོས་པོ་ནི ་རྒྱུ་དང་འབྲས་བུ་ཁོ་ནའོ། །དེ་ལ་རྒྱུ་ཡོད་ན་འབྲས་བུ་ཡོད་པ་ནི་མངོན་སུམ་གྱིས་ཤེས་སོ། །རྒྱུ་མེད་ན་འབྲས་བུ་མེད་པ་ནི་མ་དམིགས་པས་ཤེས་སོ། །གང་གི་ཕྱིར་མངོན་སུམ་དང་མི་དམིགས་པ་གཉིས་ཀྱི་ཡོད་པ་དང་མེད་པ་རྟོགས་པ་དེ་ལ་རྒྱུ་དང་འབྲས ་བུའི་ཐ་སྙད་འཇུག་པར་བྱེད་པ་དེ་བས་ན་ཡོད་པ་དང་མེད་པ་ནི་རྒྱུ་དང་འབྲས་བུ་ཡིན་པ་ཁོ་ནར་གནས་ཏེ། །དེ་ལྟར་ན་ཡོད་པ་དང་མེད་པ་ཉིད་རྒྱུ་དང་འབྲས་བུ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བ་དེ་ནི་རྟོགས་པར་ཟད་དོ། །དེ་བས་ན་རེ་ཞིག་དེ་ཙམ་ཡང་དག་དོན་ཞེས་བྱ་བ་ལ་དེ་བས ་ན་ཞེས་བྱ་བ་ནི་གཏན་ཚིགས་ཀྱིས་སོ། །ལྟག་མ་ནི་རང་ཉིད་སྟོན་ཏོ། །རེ་ཞིག་དེ་ཙམ་ཉིད་ཅེས་བྱ་བ་དེའི་བཤད་པ་ནི་ཡོད་པ་དང་མེད་པའོ་ཞེས་བྱ་བ་ཡིན་ནོ། །དེ་དག་ཉིད་ཡང་དག་པ་བདེན་པ་སྟེ། འདི་གང་གི་དོན་ཡིན་པ་དེ་དག་ཉིད་ཡང་དག་པའོ། །དོན་དེ་ནི་གང་དག ་རྣམ་པར་རྟོག་པ་རྣམས་ཀྱི་སྟེ། རེ་ཞིག་དེ་ཙམ་ཡང་དག་དོན་ཞེས་བྱ་བ་ཡན་ལག་གི་དོན་རྣམས་ནི་གོ་སླའོ། །སྤྱི་དོན་བཤད་པ་ནི་དེ་ཞིག་དེ་ཙམ་ས་བོན་ནོ་ཞེས་བྱ་བ་ཡིན་ཏེ། རེ་ཞིག་དེ་ཙམ་རྒྱུ་མཚན་ཡིན་ནོ། །འདི་སྐད་བསྟན་ཏེ། རྒྱུ་དང་འབྲས་བུའི་རྣམ་པར ་རྟོག་པའི་རྒྱུ་མཚན་ནི་དོན་དམ་པར་ཡོད་པ་དང་མེད་པ་ཙམ་ཡིན་ནོ། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་ལ་རྣམས་ཞེས་བྱ་བ་ནི་གང་དག་གི་སྤྱོད་ཡུལ་དང་འབྲས་བུ་ཞེས་བྱ་བར་གཟུང་སྟེ། རྒྱུ་དང་འབྲས་བུ་ཡུལ་ཞེས་བྱ་བའི་ཐ་ཚིག་།སྟོན་པ་དེ་ཡང་འབྲེལ་བའི་དོན་བཞིན ་སྟོན་ཏོ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཡོད་པ་བཞིན་དུའོ་ཞེས་བྱ་བ་ཡིན་ཏེ་རྟོགས་པར་སླའོ། །མ་འབྲེལ་བའི་དོན་ལ་ཡང་ཞེས་བྱ་བ་ནི་དོན་དམ་པར་འབྲེལ་བ་མེད་ཀྱང་རྣམ་པར་རྟོག་པ་ནི་འབྲེལ་པ་ཡོད་པ་འདྲ་བར་སྟོན་པར་བྱེད་དོ། །དེ་ལྟར་བྱེད་པས་ན ་ལོག་པའི་དོན་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་དངོས་པོ་རྣམ་པ་མེད་ཀྱང་འབྲེལ་བ་ཡོད་པ་འདྲ་བར་སྟོན་པར་བྱེད་དེ། དེ་བས་ན་རྣམ་པར་རྟོག་པ་དེའི?་དོན་ལོག་པ་ཡིན་ནོ། །འབྲེལ་པ་ཡང་དག་པ་མ་ཡིན་པའི་དོན་གཅིག་དེ་དག་གིས་བསྟན་ཏམ་ཅི། གང་གིས ་ལོག་པའི་དོན་ཡིན་ཞེ་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་ཀྱི་འབྲེལ་པ་མེད་པའི་དོན་ཁོ་ན་ཞིག་བསྟན་ཏམ་ཅེ་ན། གང་གིས་ན་དེ་དག་མི་བདེན་པའི་དོན་དུ་འདོད། དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དེ་ཡང་དག་པ་མ་ཡིན་པའི་འབྲེལ་བརྟག་པར་བྱེད་བ་གང ་ཡིན་པ་དེ་བདེན་ནོ། །ཅིས་མངོན་ཞེ་ན་དེའི་ཕྱིར་འདི་ལྟར་འདིར་བརྟག་པར་བྱ་བ་གཉིས་ཏེ། རྒྱུ་དང་འབྲས་བུ་ཡང་དག་པར་དོན་ཐ་དད་བ་འམ། ཐ་དད་པ་མ་ཡིན་པ་ཞིག་འབྲེལ་ཞེས་བྱ་བ་སྨོས་ཏེ། གང་རྒྱུ་དང་འབྲས་བུའི་དོན་ཡང་དག་པར་འབྲེལ་པ་འདི་ཁས་ལེན་ན་དེ་ཅི་དངོས་སུ་ཐ་དད་དམ། འོན་ཏེ་ཐ་དད་པ་མ་ཡིན་ཞེས་རྟོག་པ་གཉིས་སུ་སྟོན་ཏོ། །ཅི་སྟེ་ཐ་དད་ན་ཞེས་བྱ་བ་ནི་ཇི་སྟེ་རེ་ཞིག་རྒྱུད་འབྲས་བུ་གཉིས་ངོ་བོ་གཉིས་ཐ་དད་པ་ཡིན་ན་ཅི་ཞིག་འབྲེལ་ཏེ། ངོ་བོ་ཐ་དད་པ་དེ་ལ་འབྲེལ་པ་གང་ཞིག་ཡིན། ་མ་ཡིན་པ་ཉིད་དེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཅིའི་ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བདག་བདག་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཐ་དད་པ་མ་ཡིན་ན་ནི་ཞེས་བྱ་བ་ནི་འོན ་ཏེ་ཡང་ཐ་དད་བ་མ་ཡིན་པར་འདོད་ན་དེའི་ཚེ་ཐ་དད་མིན་ན་རྒྱུ་འབྲས་གང་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་སྲིད་དོ། མ་ཡིན་པ་ཉིད་དེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཅིའི་ཕྱིར་མི་སྲིད་ཅེ་ན། དེའི་ཕྱིར་བསྐྱེད་བར་བྱ་བ་མ་སྐྱེས་པ ་ལ་བྱེད་པའི་ཕྱིར་ལ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཐ་དད་པ་མེད་པའི་ཕྱོགས་ལ་གང་བསྐྱེད་ནས་རྒྱུ་དང་འབྲས་བུར་འགྱུར་བའི་མ་སྐྱེས་བའི་བསྐྱེད་བར་བྱ་བ་མེད་དོ། །གཉིས་འབྲེལ་བ་ག་ལ་ཡོད་ཅེས་བྱ་བ་ནི་གཉིས་འབྲེལ་བའི་གོ་སྐབས ་ཐག་བསྲིངས་སོ། །བརྒྱ་ལ་ཕ་རོལ་པོ་དག་ཅི་སྟེ་དེ་ཉི་ཚེ་ཐ་དད་པའམ་ཐ་དད་པ་མ་ཡིན་པ་འབྲེལ་བ་མ་ཡིན་གྱི་ཞེས་བྱ་བ་ནི་གང་གིས་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ཕྱོགས་ལ་ཡོད་པའི་སྐྱོན་དུ་གྱུར་བ་འབྲེལ་བ་ཅན་ཉི་ཚེ་འབྲེལ་པོའི་སྒྲར་བརྗོད་པ ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲེལ་བ་ཞེས་བྱ་བ་གཅིག་རང་འབྲེལ་བའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་འོན་ཀྱང་གང་གི་ཚེ་འབྲེལ་བ་ཞེས་བྱ་བ་གཅིག་དང། རྒྱུ་དང་འབྲས་བུ་གཉིས་སུ་སྦྱོར་བ་དེའི་ཚེ་གཉིས་འབྲེལ་བར་འདོད་པའོ། །འདིར?་ཡང་ཞེས་བྱ་བ་ནི ་དེ་ལྟར་རྟོག་པ་ལའོ། །ཡིད་དེ་ཞེས་བྱ་བ་འདིའི་བཤད་པ་ནི་ཡོད་པ་ཡིན་ན་ཡང་ཞེས་བྱ་བ་ཡིན་ཏེ། བདོག་ན་ཞེས་བྱ་བའི་བར་དུའོ། །གཞན་ཞིག་ཅེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཞེས་བྱ་བ་ཡིན་ཏེ། །འབྲེལ་བའི་མིང་ཅན་ཞེས་བྱ་བའི་དོན་ཏོ། །མ་འབྲེལ་པ་ཉིད་ཞེས ་བྱ་བ་ནི་སོ་སོན་འདུག་པ་ཞེས་བྱ་བའི་དོན་ཏོ། །མ་འབྲེལ་པ་གང་ཞེ་ན་རྒྱུ་དང་འབྲས་བུར་མངོན་པར་འདོད་པ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླའོ། །དེ་གཉིས་འབྲེལ་པར་ཇི་ལྟར་བྱེད་ཅེས་བྱ་བ་ནི་ད?་གཉིས་འབྲེལ་བར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་བསྟན་ཏེ། ་དངོས་པོ་དོན་གཞན་ཞིག་ཉེ་བ་ན་དངོས་པོའི་དོན་མ་འབྲེལ་བ་རྣམས་འབྲལ་པའི་རང་གི་ངོ་བོར་ཇི་ལྟར་འགྱུར་ཞེས་བྱ་བའོ། །འབྲེལ་པ་ཞེས་བྱ་བའི་ངོ་བོ་དེ་ཉིད་གཞན་ཞིག་ཡོད་པར་ཟད་པའི་ཕྱིར་གཞན་དེ་ཡོད་པས་དངོས་པོ་གང་ཡང་འདྲེས་པར་གྱུར་བ་མེད་པའི་ཕྱིར ་ཡང་དག་པར་ཇི་ལྟར་འབྲེལ་པ་ཡོད་ཅེས་བྱ་བ་ནི་གང་ན་གཉིས་འདུག་པ་དེའི་ནང་དུ་གསུམ་པ་འོངས་ན་དེ་དེར་ལྷག་པ་ཡིན་གྱི་དེ་ཉེ་བས་གཉིས་ཀྱི་ངོ་བོ་འདྲེས་པར་འགྱུར་བ་ནི་མེད་དོ། །གང་གི་ཚེ་དེ་ལྟར་གྱུར་བ་དེའི་ཚེ་དོན་དམ་པར་དངོས་པོ་རྣམས་འབྲེལ་པ་ལྟ་ག་ལ་ཡོད ་དེ་ལྟར་རེ་ཞིག་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་རྣམ་པར་འབྲེལ་བ་མེད་དོ་ཞེས་བསྟན་ཟིན་ཏོ། །སྦྱོར་བ་དང་འདུ་བ་ལ་སོགས་པ་སེལ་བར་བྱེད་པར་འདོད་ནས། སྦྱོར་བ་ཅན་དང་འདུ་ཅན་སོགས་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་ཅན་དང་འདུ་ཅན་ནམ་སྦྱོར་བ་ཅན་དང ་འདུ་བ་ཅན་ནོ། །དེ་ཐོག་མར་བྱས་པ་གང་ཡིན་པ་ནི་སྦྱོར་བ་ཅན་དང་འདུ་བ་ཅན་ལ་སོགས་པའོ། །སོགས་པ་སྨོས་པས་རྗེ་ཁོལ་ལ་སོགས་པ་ཡོངས་སུ་གཟུང་ཞེས་བྱ་བ་ཚིག་གི་ལྷག་མའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །དེས་ཀྱང་ཞེས་བྱ་བ་འདའ་ཨི་བཤད་པ་ནི ་བཤད་མ་ཐག་པའི་ཕྱིར་འབྲེལ་པ་འགོག་པའི་གཞུང་གིས་དཔྱད་པ་ཡིན་ཏེ་ཞེས་བྱ་བ་ནི་གང་ཡང་ཕྱིར་འབྲེལ་བ་སེལ་བ་གཞན་ཞིག་ཡོད་ན་མ་འདྲེས་གཉིས། དེ་གཉིས་འདྲེས་བར་ཇི་ལྟར་བྱེད་ཅེས་བྱ་བའི་ངོ་བོ་ངེས་སྦྱོར་བ་དང་རྗེ་ཁོལ་ལ་སོགས་པའི་འབྲེལ་པ ་ཐམས་ཅད་བསལ་བར་རིག་བར་བྱའོ། །སྦྱོར་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་ནི་དངོས་སུ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་དབང་ཅན་ལ་སོགས་པའི་འབྲེལ་པ་དོན་དམ་པར་མི་འཐད་པར་མི་ཟད་ཀྱི་འོ་ན་ཅི་ཞེ་ན། སྦྱོར་བ་ལ་སོགས་པ་ཡང ་དོན་དམ་པར་མི་འཐད་པ་ཁོ་ན་ཡིན་ནོ། །རེ་ཞིག་འདུ་བ་ཅན་ཡང་འབྲེལ་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རེ་ཞིག་འདུ་བ་ཞེས་བྱ་བ་སེལ་བར་བྱེད་དོ། །ཇི་ལྟར་ཡོན་ཏན་དཀར་པོ་སྣམ་བུ་ལ་འདུ་བ་ཞེས་བྱ་བ་ནི་དཀར་པོ་ཉིད་ནི་སྣམ་བུ་ལ་འདུ་ཞེས་གྲག་གོ་།དེ་གཉིས་ཞེས ་བྱ་བ་ནི་དཀར་པོ་ཉིད་དང་སྣམ་བུ་ཉིད་དོ། །ཕན་ཚུན་ཞེས་བྱ་བ་འདིའི་བཤད་པ་ནི་གཅིག་ལ་གཅིག་ཅེས་བྱ་བ་དེ་ཡིན་ནོ། །ཕན་པ་མི་བྱེད་དེ་ཞེས་བྱ་བ་འདིའི་བཤད་པ་ནི་བསྐྱེད་བར་བྱ་བ་དང། སྐྱེད་པར་བྱེད་པའི་དངོས་པོ་མེད་པའི་གཏན་ཚིགས་ཀྱི་ཕྱིར་ཞེས་བྱ་བ་ཡིན ་ཏེ། གང་གི་ཕྱིར་དཀར་པོ་ཉིད་དང་སྣམ་བུ་གཉིས་གཅིག་ལ་གཅིག་བསྐྱེད་བར་བྱ་བ་དང་སྐྱེད་པར་བྱེད་བའི་དངོས་པོ་མེད་ཅེས་བྱ་བའི་དོན་ཏོ། །འདུ་བ་ཅན་གྱི་མཚན་ཉིད་དེ་དང་འདྲ་བ་ལ་འབྲེལ་པ་མེད་དོ་ཞེས་བྱ་བ་འདིའི་བཤད་པ་ནི་ཕན་པར་བྱ་བ་དང་ཕན་པར་བྱེད ་པར་གྱུར་པ་མེད་ཅེས་བྱ་བ་ཡིན་ཏེ། དེ་ནི་རྟོགས་པར་སླའོ། །འདི་ལྟར་གང་ཞིག་གང་གིས་ཕན་གདགས་བར་བྱ་བ་དེ་ནི་དེ་ལ་བལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཕན་པ་ལ་བལྟོས་པ་ནི་རིགས་ཀྱི་གཞན་ལ་མ་ཡིན་ནོ། །གང་བལྟོས་པ་དེ་ནི་དེ་དང་འབྲེལ་པ་ཡིན་ན ་ཞེས་བྱ་བ་ནི་བལྟོས་པ་ཉིད་ཀྱིས་དེ་ལྟར་ལྷན་ཅིག་འབྲེལ་པར་རིགས་ཀྱི་གཞན་དུ་མ་ཡིན་ནོ། །དཀར་པོ་དང་སྣམ་བུ་གཉིས་ནི་དེ་ལྟ་བུ་མ་ཡིན་ཏེ་ཞེས་བྱ་བ་ནི་དཀར་པོ་ཉིད་དང་སྙམ་བུ་གཉིས་ལ་ནི་ཕན་ཚུན་ཕན་པ་བྱ་བ་དང། ཕན་པར་བྱེད་པའི་དངོས་པོ་མེད་དོ། ། ་དེ་མེད་པའི་ཕྱིར་ཕན་ཚུན་བལྟོས་པ་མེད། །བལྟོས་པ་མེད་པའི་ཕྱིར་ཕན་ཚུན་འབྲེལ་བ་ལྟ་ག་ལ་ཅི་ཞིག་ཡིན། ཅིའི་ཕྱིར་ཕན་པར་བྱ་བ་དང་ཕན་པར་བྱེད་བའི་དངོས་པོ་མེད་ཅེས། རང་གི་ངོ་བོ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་གཉིས་ཀ་ཡང་རང་གི་ངོ་བོ ་གྲུབ་བ་ཡིན་ནོ། །དེ་བས་ན་ཕན་ཚུན་ཕན་པ་བྱེད་པ་ན་ཡང་ཅི་ཞིག་ཕན་བར་བྱར་ཡོད། འོན་ཏེ་ཕ་རོལ་པོ་དག་འོན་ཀྱང་གཞི་དང་གནས་པའི་དངོས་པོར་འགྱུར་ཞེས་སྨྲ་ན། དེའི་ཕྱིར་གཞི་དང་གནས་བའི་དངོས་པོ་ཡང་རྒྱུ་དང་འབྲས་བུའི་དངོས་པོར?་མ་གྱུར་བ་མ་ཡིན་ཏེ་ཞེས ་བྱ་བ་ནི་རྒྱུ་དང་འབྲས་བུར་གྱུར་བ་ཉིད་གཞི་དང་གནས་པའི་དངོས་པོར་འཐད་ཀྱི་གཞན་དུ་མ་ཡིན་ནོ། །འདི་ལྟར་གཞོད་པ་ལ་སོགས་པ་ནང་གི་སྟེང་ན་འབྲོག་ལ་སོགས་པའི་རྒྱུན་སྐྱེད་པར་བྱེད་པ་ན་གཞི་བར་སྟོན་ཏོ། །དེ་ལྟ་མ་ཡིན་ན་གཞོང་པ་ལ་སོགས་པ་ཅི་ཡང་བྱེད་བ ་མེད་ན་ཅིའི་ཕྱིར་གཞི་ཞེས་བརྗོད། གལ་ཏེ་ཕ་རོལ་པོ་དག་ཅི་སྟེ་རྒྱུ་དང་འབྲས་བུའི་དངོས་པོ་མེད་པ་དཀར་པོ་ཉིད་དང། སྣམ་བུ་གཉིས་འདུས་ཅན་ཁོ་ན་ཡིན་པར་འཐད་པ་མེད་ན། ཀྱེ་འོན་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་དོ་ཞེ་ན། དེའི་ཕྱིར་རྒྱུ་དང་འབྲས་བུ་ཡིན་ན་ནི་དེ་ལ་ཡོད་པའི ་ཉེས་བར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཅི་སྟེ་འདི་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་ཁས་ལེན་ན་དེའི་ཆ་རྒྱུ་དང་འབྲས་བུའི་ཕྱོགས་ལ་ཉེས་པ་གང་ཡིན་པ་དེ་འདིར་ཡང་ཐལ་བར་འགྱུར་ཏེ། དཀར་པོ་དང་སྣམ་བུ་གཉིས་རང་གི་ངོ་བོ་གྲུབ་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མ ་ཡིན་ནོ། །ཡང་ན་རྒྱུ་དང་འབྲས་བུའི་མཚན་ཉིད་འབྲེལ་བའི་ཕྱོགས་ལ་ཉེས་པ་ཡོད་པ་གང་ཡིན་པ་དེ་འདིར་བལྟ་བར་བྱའོ། །དཀར་པོ་དང་སྣམ་བུ་གཉིས་རྒྱུ་དང་འབྲས་བུ་ཡིན་ཏེ། གཞི་དང་གནས་པར་གྱུར་བའི་ཕྱིར་འབྲེལ་བ་རྟོགས་པ་ཡང་ལེགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཅི ་སྟེ་ཡང་དཀར་པོ་ཉིད་དང་སྣམ་བུ་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་ཁས་བླངས་ནས་གཞི་དང་གནས་པའི་ཚུལ་གྱིས་འབྲེལ་བར་རྟོགས་པ་དེའི་ཚེ་རྟོག་པ་དེ་ཡང་རུང་བའི་ངོ་བོ་མ་ཡིན་ཏེ། འདི་ལྟར་དེ་གཉིས་ལ་ནི་འཇིག་རྟེན་པའི་གཞི་དང་གནས་པའི་དངོས་པོ་ཡང་མེད་དོ ་ཞེས་བྱ་བ་ནི་འཇིག་རྟེན་པ་ཡང་གཞོང་བུ་དང་འབྲོག?་ལ་སོགས་པ་ལུས་ཅན་རྣམས་གཞི་དང་གནས་པའི་དངོས་པོ་ཡིན་ན་ཁྱོད་ཀྱི་ཕྱོགས་ལ་དཀར་པོའི་ཡོན་ཏན་ལུས་ཅན་མ་ཡིན་ན་དེ་ཇི་ལྟར་འཇིག་རྟེན་པའི་གཞི་དང་གནས་པའི་དངོས་པོ་ཡིན། བསྐྱེད་པར་བྱ་བ ་དང་སྐྱེད་བའི་དངོས་པོའི་མཚན་ཉིད་གཞི་དང་གནས་པའི་དངོས་པོ་ཡང་སྦྱི་དང་དེ་དང་ལྡན་པ་ཕན་ཚུན་བན་པ་མི་བྱེད་པ་གཉིས་འདུ་བའི་མཚན་ཉིད་ཀྱི་འབྲེལ་པར་མི་རུང་ངོ་ཞེས་བྱ་བ་ནི་འོན་ཏེ་ཡང་བསྟན་བཅོས་རྣམས་བསྐྱེད་བར་བྱ་བ་དང་སྐྱེད་པར ་བྱེད་བའི་ཚུལ་གྱིས་དཀར་པོ་དང་སྣམ་བུ་གཉིས་གཞི་དང་གནས་པའི་དངོས་བོར་ཁས་ལེན་ན་དེའི་ཚེ་སྤྱི་དང་དི་དང་ལྡན་པ་འདུ་བའི་མཚན་ཉིད་ཀྱི་འབྲེལ་པར་མི་འགྱུར་ཏེ། འདི་ལྟར་སྤྱི་ནི་རྟག་པ་ཡིན་པའི་ཕྱིར་བསྐྱེད་པར་བྱ་བར་མི་སྲིད་དོ། །འོན་ཏེ་འདི་སྐད་དུ་ཡན ་ལག་ཅན་གྱི་ངོ་བོ་འབྲས་བུར་བརྗོད་བསྐྱེད་པར་བྱེད་བའི་འདུ་བ་ཅན་འགའ་ཞིག་ཡོད་དོ་ཞེས་བྱ་བ་ནི་ཅི་སྟེ་ཡང་ཕ་རོལ་པོ་དག་ཡན་ལག་ཅན་ཞེས་བྱ་བ་སྐྱེད་པར་བྱེད་པ་གང་ཡིན་པའི་འདུ་བ་ཅན་འགའ་ཞིག་ནི་ཡོད་དོ། །དེ་བས་ན་དེ་སྐྱེད་བའི་ཕྱིར་འབྲེལ་བ ་ཅན་དུ་འགྱུར་རོ་ཞེས་སྨན་འདིར་གྲུབ་པའི་མཛའ་སྨྲ་བ་རྣམས་ཀྱིས་དེ་ལྟར་འདུ་བ་ཅན་ནི་འགའ་ཞིག་གིས་འབྲས་བུ་སྐྱེད་པར་བྱེད་པ་ཞེས་བྱ་བ་བཤད་དེ། འདིའི་ཚིག་ཁོང་ནས་དབྱུང་བ་ནི་ཁས་ལེན་ན་ཞེས་བྱ་བ་ཡིན་ནོ། །དེས་ན་དེའི་ཚེ་འདུ་བ་ཅན་དེ་མེད་ཅེས་བྱ ་བ་འདིའི་བཤད་པ་ནི་བསྐྱེད་བའི་དུས་ན་བསྐྱེད་བའི་བྱ་བ་མ་སྐྱེས་པ་ཞེས་བྱ་བ་ཡིན་ཏེ། སྐྱེས་པའི་ཚོན་འབྲས་བུ་སྐད་ཅིག་མ་ཕྱི་མ་ལ་འབྱུང་བས་དེའི་ཚེ་འབྲས་བུ་སྐྱེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་འདུ་བ་ཅན་ཡིན། ཅི་སྟེ་མ་ཡིན་ན་དེའི་ཕྱིར ་གཉིས་ཚོགས་པ་མེད་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཚེན་རྒྱུ་དང་འབྲས་བུ་གཉིས་ལྷན་ཅིག་ཏུ་ཚོགས་པ་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེད་པ་ནས་ཡང་རྒྱུ་འགགས་བའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཚེ་འབྲས་བུ་སྐྱེས་བ་དེའི་ཚེ་རྒྱུ་འགགས་པས་གཉིས ་ཚོགས་བ་མེད་དོ། །འདི་སྐད་བསྟན་ཏོ། ཅི་སྟེ་འདུ་བ་ཁ་ཅིག་སྐྱེས་པ་ཡིན་ན་འོན་ཀྱང་འདུ་བ་ཅན་ཉིད་དུ་མི་འཐད་དེ། གཉིས་ཚོགས་པ་མེད་པའི་ཕྱིར་རོ། །མ་འགགས་ན་ཡང་ལྷན་ཅིག་ཏུ་འདུག་པ་གཉིས་ཕན་པར་བྱ་བ་དང་ཕན་པར་བྱེད་བའི་དངོས་པོ་དེ ་མེད་བའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་ཡང་རྒྱུ་དང་འབྲས་བུ་གཉིས་ཚོགས་པར་འདོད་ན་དེའི་ཚེ་དུས་གཅིག་ཏུ་ཚོགས་པ་གཉིས་ལ་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་དངོས་པོ་མེད་པས་ཤིན་ཏུ་ཡང་འབྲེལ་བ་ཅན་མི་འཐད་དོ། །དེ་ལྟར་རེ་ཞིག་འདུ་བ་ཅན་ཁོ་ན་མི་འཐད ་བར་བསྟན་ཟིན་ཏོ། །ད་ནི་ཁས་བླངས་ནས་ཐལ་བར་འགྱུར་བའི་གླེང་སློང་བར་བྱེད་དོ། །འདུ་བ་ཅན་འགག་ཞིག་ཡོད་ཡང་ཞེས་བྱ་བ་ནི་ཡན་ལག་ཅན་ཞེས་བྱ་བ་འདུ་བ་ཅན་དུ་ཁས་ལེན་པའོ། །དེ་ལས་མིན་ཞེས་བྱ་བ་འདིའི་བཤད་པ་ནི་སྐྱེད་པར་བྱེད་པའི་གཏན་ཚིགས ་ཀྱི་ཀྱི?་དོན་ཞེས་བྱ་བ་ཡིན་ཏེ། འདི་སྐྱེད་བར་བྱེད་བའི་ཕྱིར་འདུ་བ་ཅན་ཉིད་དུ་ཁས་བླང་བར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། ཤིན་ཏུ་ཐལ་བའི་ཕྱིར་རོ། །རྫ་མཁན་ཡང་བུམ་པ་སྐྱེད་བའི་ཕྱིར་དེ་དང་འབྲེལ་བ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ ་ཐལ་བ་དེ་ཉིད་སྟོན་པར་བྱེད་དོ། རྫ་མཁན་ཡང་བུམ་པ་སྐྱེད་པར་བྱེད་དོ། །དེ་བས་ན་རྫ་མཁན་ཡང་བུམ་པ་འདུ་བ་ཅན་ཉིད་འཐོབ། །སྐྱོན་འདིར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཕན་པར་བྱེད་བའི་ཕྱོགས་གང་ཡིན་པ་འདི་ལ་སྨྲས་པའི་སྐྱོན་དེར་མི་འགྱུར་བར ་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདུ་བ་ཅན་དེ་གཉིས་ཀྱང་གཅིག་ལ་གཅིག་ཕན་པ་མི་བྱེད་ཅེས་བྱ་བ་ནི་ཅི་སྟེ་འདུ་བ་ཅན་གཉིས་གང་གི་ཆེ་ཕན་ཚུན་ཕན་པ་མི་བྱེད་པ་དེའི་ཚེ་འབྲེལ་བར་འདོད་པའོ། །འབྲེལ་བ་ཅན་དེ་གཉིས་ཀྱིས་འདུ་བ་ལ་ཕན་པ་མི་བྱེད་དེ་ཞེས་བྱ ་བ་ནི་ཅི་སྟེ་འབྲེལ་བ་ཅན་གཉིས་འདུ་བ་ཕན་པ་མི་བྱེད་བ་དེའི་ཚེ་ཡང་ཅི་སྟེ་འབྲེལ་བ་ཡོད་པར་ཁས་ལེན་པའོ། །ཅིའི་ཕྱིར་དེ་ལ་གནས་ཀྱིས་ཕན་པ་མི་བྱེད་ཅེན། དེའི་ཕྱིར་དེ་རྟག་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།། འདུ་བ་རྟག་པ་ཡིན་ན་དེ་གང་གིས་ཇི་ལྟར་ཕན་པར་བྱེད་འདུ ་བ་ཅན་དེ་གཉིས་དང་འདུ་བ་དང་གཞན་ཡང་གང་ཡང་ཕན་པར་མི་བྱེད་བར་ཞེས་བྱ་བ་ནི་ཅི་སྟེ་འདུ་བ་ཅན་གཉིས་དང་འདུ་བ་གཞན་ཡང་གང་ཡང་ཕན་མི་བྱེད་བ་དེའི་ཚེ་ཡང་འབྲེལ་བར་ཅི་སྟེ་འདོད། དེ་ཅི་སྟེ་ཁས་ལེན་ན་དེའི་ཚེ་མཛའ་དག་འགྲོ་བ་ཐམས་ཅད་ཀྱང་འགྱུར་ཏེ ་མཛའ་དག་ཅེས་བྱ་བའི་ཚིག་འདི་བཤད་པ་ནི། འགྲོ་བ་ཐམས་ཅད་ཅེས་བྱ་བ་དེ་ཡིན་ནོ། །ཅི་འདྲ་བའི་འགྲོ་བ་ཡིན་ཞེ་ན། ཕན་ཚུན་མ་འབྲེལ་བའི་ཞེས་བྱ་བ་སྨོས་ཏེ། དེ་ནི་རྟོགས་པར་སྨའོ?་ཕན་ཚུན་འབྲེལ་བ་ཅན་དུ་འགྱུར་ཞེས་བྱ་བ་ནི་འདུ་བའི་མཚན ་ཉིད་ཀྱིས་འབྲེལ་པས་ན་འགྲོ་བ་རྣམས་གཅིག་ལ་གཅིག་འབྲེལ་པར་འགྱུར་རོ།། འདི་སྐད་བསྟན་ཏེ། ཅི་སྟེ་ཕན་པ་བྱེད་བ་མེད་པར་ཡང་འདུ་བ་ཅན་དུ་འདོད་ན་དེའི་ཚེ་འགྲོ་བ་ཐམས་ཅད་ཕན་ཚུན་འདུ་བ་ཅན་དུ་འགྱུར་རོ། །དེ་ལྟ་ཡང་མ་ཡིན་པ ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཕན་ཚུན་འདུ་བ་མ་ཡིན་པའོ། །དེ་བས་ན་ཕན་པར་བྱེད་པ་དང་ཕན་པར་མི་བྱེད་བའི་ཕྱོགས་ལ་འདུ་བ་མེད་ལ་ཞེས་བྱ་བ་ནི་བཤད་ཟིན་པའི་རྣམ་པ་དེ་བས་ན་ཕན་པར་བྱེད་བའི་ཕྱོགས་དང། ཕན་པ་བྱེད་པ་མེད ་པའི་ཕྱོགས་ལ་ཡང་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་མི་འཐད་དོ། །རྣམ་པ་གཞན་ཡང་མི་སྲིད་དོ་ཞེས་བྱ་བ་ནི་ཕན་པ་བྱེད་པ་དང་ཕན་པ་བྱེད་པ་མེད་པ་ལས་མ་གཏོགས་པར་གང་དུ་འབྲེལ་པར་འགྱུར་བའི་རྣམ་པ་གསུམ་པ་མི་སྲིད་དོ། །འདིས ་སྦྱོར་བ་ཅན་གྱི་ལེན་ཀྱང་བཏབ་བོ་ཞེས་བྱ་བ་ནི་འདུ་བ་ཅན་བསལ་བས་སྦྱོར་བ་ཅན་ཡང་བསལ་བར་རིག་པར་བྱ་སྟེ། འདི་ལྟར་སྦྱོར་བ་ཅན་ཡང་རང་གི་ངོ་བོ་གྲུབ་པའི་ཕྱིར་སྐྱེ་བ་དང་སྐྱེ་བའི་བྱེད་བའི་དངོས་པོ་མ་ཡིན་ལ། གཞི་དང་གནས་པའི་དངོས ་པོ་ཡང་མ་ཡིན་ནོ། །ཕན་པར་བྱེད་བ་མེད་པ་ཡང་སྦྱོར་བ་ཅན་མི་འཐད་དེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་ཐམས་ཅད་སྦྱོར་བར་བྱའོ། །གཞན་ཡང་ཞེས་བྱ་བ་ནི་འདིར་སྐྱོན་གཞན་ལྷག་པར་སྟོན་པའོ། །སྦྱོར་བ་ནི་འབྲས་བུ་ཡིན་པའི ་ཕྱིར་ཞེས་བྱ་བ་ནི་སྦྱོར་བ་ནི་བསྐྱེད་པར་བྱ་བའོ། །དེ་བས་ན་དེ་སྐྱེད་པས་ན་ཅི་སྟེ་དེ་གཉིས་སྦྱོར་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཅི་སྟེ་ཡང་གང་གི་ཕྱིར་འབྲེལ་པ་ཅན་གཉིས་ནི་སྦྱོར་བསྐྱེད་བར་བྱེད་པ་དེ་བས་ན་སྦྱོར་བ་ཅན་དུ་འདོད་དོ། །དེའི་ཚེ་དེ་ལྟར་སྦྱོར་བ་སྐྱེས ་ཀྱང་ཞེས་བྱ་བ་ནི་ཅི་སྟེ་སྦྱོར་བ་སྐྱེད་དུ་ཟིན་ཀྱང་ཞེས་བྱ་བའོ། །འོན་ཀྱང་དེས་དེ་གཉིས་མི་འདོད་དོ། །དེས་ཞེས་བྱ་བ་འདིའི་བཤད་པ་ནི་སྦྱོར་བསྐྱེད་པའི་གཏན་ཚིགས་ཀྱི་ཕྱིར་ཞེས་བྱ་བ་དེ་ཡིན་ནོ། །དེ་གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་སྦྱོར་བ་ཅན་ཞེས་བྱ་བ་དེ་ཡིན་ནོ།། ་འདི་སྐད་བསྟན་ཏེ། ཅི་སྟེ་འབྲེལ་པ་ཅན་དག་གི་སྦྱོར་བསྐྱེད་པར་ཁས་བླངས་མོད་ཀྱི་འོན་ཀྱང་སྦྱོར་བ་སྐྱེད་བའི་ཕྱིར་དེ་ཉིད་སྦྱོར་བ་ཅན་དུ་འདོད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དམ་བཅས་པ་ཙམ་གྱིས་འདོད་པའི་དོན་འགྲུབ་པར་མ་མཐོང་བས་གཏན ་ཚིགས་འདྲི་བའོ། །ལས་ལ་སོགས་པ་སྦྱོར་བ་ཅན་དུ་འགྲུབ་པའི་ཕྱིར་ཏེ་ཞེས་བྱ་བ་འདིའི་ཚིག་འོག་མས་བཤད་དེ། ཅི་སྟེ་སྦྱོར་བ་སྐྱེད་བའི་ཕྱིར་སྦྱོར་བ་ཅན་ཡིན་པར་ཁས་ལེན་ན་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེའི་ཚེ་ལས་ཀྱང་སྦྱོར་བ་ཅན་དུ་འགྱུར་ཏེ་ཞེས ་བྱ་བ་ནི་ལས་ཀྱང་སྦྱོར་བ་ཅན་དུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། འགའ་ཞིག་གི་ལས་ཀྱིས་སྐྱེས་པ་དང་གཉིས་ཀའི་ལས་ཀྱི་སྐྱེས་པས་ནི་སྦྱོར་བ་འདོད་ཅེས་བྱ་བ་སྨོས་ཏེ། སྡོང་པོ་དང་བྱེ་བྲག་གཉིས་ནི་འགའ་ཨི་ལས་ལས་སྐྱེའོ་ལུག ་འཐབ་པ་གཉིས་ནི་གཉི་གའི་ལས་ལས་སྐྱེས་བ་སྟེ། སྦྱོར་བར་ཁས་ལེན་བའོ། །སོགས་པ་སྣི་སྦྱོར་བ་ཡང་སྦྱོར་བ་ཅན་དུ་འགྱུར་བར་བསྡུ་སྟེ་ཞེས་བྱ་བ་ནི་སྦྱོར་བ་ཡང་སྦྱོར་བ་ཅན་འཐོབ་བོ་ཞེས་བྱ་བ་དེའི་ཚིག་གིས་སྡུད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་སྦྱོར ་བ་ལས་སྐྱེས་པར་ཡང་འདོད་ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྦྱོར་བ་ནི་སྦྱོར་བ་ལས་སྐྱེས་པར་ཡང་ཁས་ལེན་ཏོ། །སྦྱོར་བ་སྐྱེད་བའི་ཕྱིར་སྦྱོར་བ་ཅན་མ་ཡིན་གྱི་འོན་ཅི་ཞེ་ན། འཇོག་པར་བྱེད་དོ་ཞེ་ན་ཡང་ཞེས་བྱ་བ་ནི་འོན་ཏེ་ཕ་རོལ་པོ་དག་སྨྲ་བ། སྐྱེད་པའི་ཕྱིར ་དེ་སྦྱོར་བ་ཅན་དུ་སྨྲ་བ་མ་ཡིན་གྱི་འོན་ཀྱང་སྦྱོར་བ་འཇོག་པའི་ཕྱིར་སྦྱོར་བ་ཅན་དུ་ཁས་ལེན་ཏོ། །འདིར་གྲུབ་པའི་མཛའ་སྨྲ་བ་རྣམས་ཀྱིས་དེ་མི་རུང་སྟེ་ཞེས་བྱ་བ་སྨྲས་པ་དེ་ནི་འགོག་པའི་ཚིག་ཡིན་ནོ། །གནས་པར་བྱེད་པའང་རབ་ཏུ་བརྗོད་ཅེས་བྱ་བ་འདིའི་བཤད ་པ་ནི་བཞག་པ་དང་འཇོག་པར་བྱེད་བ་གཉིས་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་གནས་པ་གཞན་མེད་དོ་ཞེས་ཚང་མ་རྣམ་འགྲེལ་ལས་སྤྲོས་ཟིན་ཏེ་ཞེས་བྱ་བ་ནི་གནས་པར་བྱེད་པ་ནི་གནས་པར་བྱ་བ་སྐྱེད་བའི་མཚན་ཉིད ་ལས་འཇོག་པར་བྱེད་ཅེས་བྱའི་དེ་ལས་མ་གཏོགས་པར་གནས་པ་འགའ་ཡང་བྱེད་པ་མེད་དོ། །འདི་ལྟར་བཞག་པར་བྱ་བའི་དངོས་པོ་ལས་གནས་པ་ཐ་དད་པ་འམ་ཐ་དད་པ་མ་ཡིན་པ་ཞིག་ཡིན། རེ་ཞིག་ཐ་དད་པ་ནི་མ་ཡིན་ཏེ། འདི་ལྟར་བཞག་པར་བྱ་བའི ་གནས་པའོ་ཞེས་བྱ་བའི་འབྲེལ་པ་མི་འཐད་དོ། །ཐ་དད་པ་མ་ཡིན་པ་ཞིག་བྱེད་ན་ཡང་འཇོག་པར་བྱེད་པ་གཞན་པར་བྱ་བ་ཉིད་དུ་བྱས་བར་འགྱུར་རོ་ཞེས་དེ་དག་ཚད་མ་རྣམ་འགྲེལ་ལས་རྒྱ་ཆེར་སྤྲོས་སོ། །ཕ་རོལ་པོ་དག་ལ་ཡང་སྨྲ་བ། ཅི་སྟེ་སྦྱོར་བ་ལ་སོགས ་པ་མེད་པར་སྦྱོར་བ་ལ་སོགས་པའི་བློ་ཡོད་ན་ནི་ཞེས་བྱ་བ་ནི་ཅི་སྟེ་སྦྱོར་བ་ལ་སོགས་པ་མེད་པར་སྦྱོར་བ་ལ་སོགས་པའི་བློ་ཡོད་པས་ཁས་ལེན་ན་དེའི་ཚེ་བྲལ་བའི་ངོ་བོ་གང་ཡིན་པ་དེ་ལྡན་པའི་ངོ་བོ་གང་ཡིན་པར་འགྱུར་ཞེས་བྱ་བ་འབྲེལ་བ་ཅན་གཉིས་སོ ་སོར་གནས་པའི་ངོ་བོ་གང་ཡིན་པ་དེ་ཉིད་ལྡན་པའི་གནས་སྐབས་ཀྱང་ཡིན་བར་འགྱུར་རོ། །དེ་བས་ན་བྲལ་བའི་གནས་སྐབས་སུ་ཡང་ལྡན་བའི་བློ་ནི་ཅི་སྟེ་འབྱུང་བར་མི་འགྱུར་དེ་བཞིན་དུ་ལྡན་བའི་ངོ་བོ་གང་ཡིན་པ་དེ་ཉིད་བྲལ་བའི་ངོ་བོ་ཡང་མ་ཡིན་ཞེས་བྱ་བ་ནི་ལྡན ་བའི་གནས་སྐབས་སུ་ཡང་བྲལ་བའི་བློ་ཅི་སྟེ་འབྱུང་བར་མི་འགྱུར། མི་གནས་པ་གང་ཡིན་པ་གནས་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་གཞི་ལ་མི་གནས་བའི་ངོ་བོ་གང་ཡིན་པ་དེ་ཉིད་གནས་པ་ཡང་ཡིན་པ་དང། དེས་ན་མི་གནས་པའི་གནས་སྐབས་སུ་ཡང ་གནས་པའི་བློ་ཅི་སྟེ་འབྱུང་བར་མི་འགྱུར། དེ་ལྟ་ཡང་མ་ཡིན་པ་ཞེས་བྱ་བ་ནི་བྲལ་པ་ལ་ཡང་ལྡན་པའི་བློ་མེད་ལ། ལྡན་པ་ལ་ཡང་བྲལ་བའི་བློ་མེད། མི་གནས་པ་ལ་ཡང་གནས་བའི་བློ་མེད། མི་འགྲོ་བ་ལ་ཡང་འགྲོ་བའི་བློ་མེད་པ་དེ་བས་ན་སྦྱོར་བ་དང ་བྲལ་བའི་ལས་ནི་སྦྱོར་བ་ལ་སོགས་པའི་བློའི་རྒྱུ་མཚན་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གོ་སླའོ། །ཕ་རོལ་པོའི་བསམ་པའི?་ཉིད་ཡིན་ཏེ། ཅི་སྟེ་བློ་དེ་དག་གི་རྒྱུ་མཚན་རྫས་ཡིན་ན་དེའི་ཚེ་རྫས་ནི་དུས་ཐམས་ཅད་དུ་ངོ་བོ་གཅིག་པ་ཡིན་ན་ཅིའི་ཕྱིར་དུས་ཐམས་ཅད་དུ་སྦྱོར་བ་ལ་སོགས ་པའི་བློ་མི་འབྱུང། འདིར་གྲུབ་བའི་མཛའ་སྨྲ་བདག་གིས་དེ་མི་རུང་སྟེ། དྲི་བ་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་བཤད་དེ། དེ་བསྟན་པར་ཁྱེད་ཀྱི་?་འདྲི་བ་ཡིན་ན་བྲལ་བ་ལ་སོགས་པ་ལམ་སྦྱོར་བ་ལ་སོགས་པ་ཡང་ཅི་སྟེ་མི་འདུ་ཞེས་བྱ་བ་ནི་འབྲེལ་བ་ཅན་གཉིས ་རྣམ་པ་ཇི་ལྟ་བུའི་ཚུལ་གྱི་ལྡན་པའི་ངོ་བོ་ཡིན་པ་དེ་བཞིན་དུ་བྲལ་བའི་རྣམ་པ་ཡང་དེ་ཉིད་ཡིན་ན་བྲལ་བའི་གནས་སྐབས་དེར་ཁྱོད་ཀྱིས་སྦྱོར་བ་འདུ་བ་ཡོད་དོ་ཞེས་ཅིའི་ཕྱིར་ཁས་མི་བླང། དེ་བཞིན་དུ་ལྡན་བའི་གནས་སྐབས་ལ་བྲལ་བར་འགྱུར་བ་ཡོད་དོ་ཞེས་ཅིའི་ཕྱིར་མི ་འདོད། དེ་བཞིན་དུ་གནས་པ་ལ་སོགས་པ་ཡང་བརྗོད་པར་བྱའོ། །དེ་སྐྱེད་པར་བྱེད་པའི་ལས་མེད་པའི་ཕྱིར་སྦྱོར་བ་ནི་བྲལ་བ་ཡིན་ནོ། །ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་དག་བྲལ་བའི་གནས་སྐབས་ན་སྦྱོར་བ་སྐྱེད་བར་བྱེད་བའི་ལས་མེད་དོ། །དེ་བཞིན་དུ་ལྡན་པའི་གནས ་སྐབས་ན་བྲལ་བ་སྐྱེད་པར་བྱེད་བའི་ལས་སྐད་དོ། །དེ་བས་ན་གནས་སྐབས་དེ་གཉིས་ན་སྦྱོར་བ་དང་བྲལ་བ་མེད་དོ། །འདིར་གྲུབ་པའི་མཛའ་སྨྲ་བ་རྣམས་ཀྱི་དེ་ལྟ་ན་ལས་ཀྱང་ཅི་སྟེ་མེད་ཅེས་སྨོས་པ་ནི་འབྲེལ་བ་ཅན་ངོ་བོ་འདྲ་བ་ཡིན་ན་དེ་ལྟན་ལས་ཀྱང་ཅིའི་ཕྱིར་ཡོད་པར ་མི་འགྱུར། འོན་ཏེ་ལས་བྱེད་བ་མེད་བའི་ཕྱིར་ལས་མེད་དོ་ཞེ་ན། དེའི་ཕྱིར་དེ་བྱེད་བ་ཡང་ཞེས་བྱ་བ་སྨོས་ཏེ། ཇི་སྟེ་ཁྱད་བར་མེད་བའི་ངོ་བོའི་དངོས་པོ་ཡིན་ན་ལས་བྱེད་བ་ཡང་ཅིའི་ཕྱིར་ཡོད་པར་མི་འགྱུར། འོན་ཏེ་ལས་བྱེད་བ་ལ་རྒྱུ་མདོ་ཞེས་ཟེར་ན། དེ་ཡང་ཇི་སྟེ་མེད ་ཅེས་འདིར་ཡོད་དེ་ཉིད་ཀྱིས་ལན་གླན་ནོ། །དེ་བས་ན་ལན་དེ་ཉིད་ཡིན་པའི་ཕྱིར་ལན་གདབ་དཀའ་ཨོ། །དེ་བས་ཁྱེད་ཉིད་ཀྱིས་ཀྱང་སྔར་བྲལ་ལ་སོགས་པའི་ངོ་བོར་མི་རུང་བའི་ཕྱིས་སྦྱོར་བ་ལ་སོགས་པའི་གནས་རུང་བར་དངོས་པོ་དེ་འགྱུར་ཏེ་ཞེས་པ་ནི་ཇི་ལྟར་གྱུར་ཀྱང་མི ་ཕན་ཏེ། སྔར་སྦྱོར་བ་ལ་སོགས་པའི་གཞིར་རུང་བའི་རྫས་ཀྱི་ངོ་བོ་དེ་དེའི་འོག་ཏུ་ཕྱིས་ཀྱང་དེའི་གནས་སུ་རུང་བར་འགྱུར་རོ་ཞེས་ཁྱེད་ཉིད་ཀྱིས་དེ་སྐད་བརྗོད་པར་བྱ་དགོས་སོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཏན་ཚིགས་འདྲི ་བའོ། །ཇི་ལྟར་སྦྱོར་བ་ལ་སོགས་པ་དང་ལྡན་པར་རུང་བའི་དངོས་པོ་རྟག་ན་ནི་ཞེས་བྱ་བ་ནི་ཅི་སྟེ་ཡང་འབྲེལ་བ་ཅན་ནི་དུས་ཐམས་ཅད་དུ་སྦྱོར་བ་ལ་སོགས་བའི་གཞིར་བའི་ངོ་བོར་འདུག་ཅེས་བྱ་བའི་དོན་ཏོ། །དེ་དང་བྲལ་བ་འགལ་ཕྱིར་ཏེ་ཞེས་བྱ་བ་འདིའི ་བཤད་པའི་སྦྱར་བ་ལ་སོགས་པ་དང་ལྡན་པ་ནི་འབྲེལ་པ་འགལ་ལོ་ཞེས་བྱ་བ་ཡིན་ཏེ། དེ་ནི་རྟོགས་པར་སྨའོ། །དེད་ཀྱིས་ཀྱང་སྦྱོར་བ་ལ་སོགས་པ་དང་བྲལ་བ་ཡིན་ནོ་ཞེས་དེ་སྐད་བརྗོད་བར་བྱའོ་ཞེས་བྱ་བ་ནི་སྦྱོར་བ་ལ་སོགས་པ་དང་བྲལ་བར་དེ་ཐམས་ཅད ་དེད་ཀྱིས་ཀྱང་བརྗོད་བར་བྱ་སྟེ། ངེད་ལ་ཡང་འབྲེལ་བ་ཅན་གཉིས་སོ་སོར་འབྲེལ་བ་ན་གང་གིས་ལྡན་པའི་བློར་འགྱུར་བའི་ལྡན་པའི་བློ་སྐྱེད་བར་རུང་བ་ཉིད་མེད་དོ། །རུང་བ་མེད་པར་ཡང་དེའི་རྒྱུ་མེད་དེ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་བྲལ་བའི་བློ་ལ་སོགས ་པ་ཡང་བརྗོད་པར་བྱའོ། །རུང་བའི་ཚིག་བརྗོད་པ་ན་དོན་གྱི་ངོ་བོ་འདི་ལ་ངེས་པར་བརྗོད་ཅེས་བྱ་བ་ནི་དེ་བས་ན་རུང་བའི་ཚིག་གིས་དངོས་པོའི་དོན་གྱི་ངོ་བོ་ཉིད་ལ་བརྗོད་པར་བྱའི་དེ་ལས་མ་གཏོགས་པར་རུང་བར་ཁས་བླང་བར་མི་བྱའོ། །གང་གིས་བརྗོད་ཅེ་ན། ་བྲལ་དང་ལྡན་དང་འགྲོ་བ་རྣམས་ཀྱིས་ཞེས་བྱ་བ་འདིའི་བཤད་བ་ནི་སྦྱོར་བ་དང་བྲལ་བའི་ལས་གྱི་ཚིག་གིས་ཞེས་བྱ་བ་ཡིན་ཏེ། གང་གི་ཚེ་སྦྱོར་བ་ལ་སོགས་པའི་སྒྲས་བརྗོད་པར་རུང་བ་ནི་དངོས་པོ་ཉིད་ཡིན་པར་སྟོན་པ་དེའི་ཚེ་དོན་མེད་པར་འགྲོ་བ་ལ་སོགས་པས ་གཞན་བརྟག་པར་ཅི་ཞིག་བྱ་སྟེ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པ་དོན་མེད་པ་བརྟགས་ཏེ་དགོས་བ་ཅི་ཡོད། ཅུང་ཟད་ཀྱང་མི་དགོས་ཞེས་བྱ་བ་ནི་སྦྱོང་བར་བྱེད་པའོ། །སོགས་པའི་ནང་དུ་སྦྱོར་བ་དང། བྲལ་བ་དང་གཞན་དང། གཞན་མ་ཡིན་པ་ལ་? ་སོགས་པ་སྟེ་ཞེས་བྱ་བ་ནི་དེ་དག་བརྟགས་པ་ཡང་དགོས་པ་ཅི་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཏན་ཚིགས་འདྲི་བའོ། །གང་གི་ཕྱིར་དེ་དག་རྣམས་ལ་ཞེས་བྱ་བ་འདིའི་བཤད་པ་ནི་འགྲོ་བ་ལ་སོགས་པ་ལ་ཞེས་བྱ་བ་དེ་ཡིན་ནོ། །ཡོད་ན་ཡང ་ཞེས་བྱ་བ་ནི་འདིའི་བཤད་པ་ནི་བརྟགས་ཏེ་ཞེས་བྱ་བ་དེ་ཡིན་ནོ། །འདིའི་ཞེས་འབྲེལ་པ་མི་འགྲུབ་བའི་ཕྱིར་ཏེ་ཞེས་བྱ་བ་འདིའི་བཤད་པ་ནི་འོག་ནས་གཞན་གྱི་དབང་ཅན་ཞེས་བྱ་བ་ལ་སོགས་པ་འབྲེལ་བ་རྣམ་པ་ཐམས་ཅད་དུ་བག་བསམ་འདིའི་ལས་དང། སྦྱོར་བ་དང། ་བྲལ་བ་ཞེས་བྱ་བའི་འབྲེལ་བ་མི་འགྲུབ་པའི་ཕྱིར་དེའི་རྒྱུ་མཚན་ཅན་གྱི་བརྗོད་པ་ག་ལ་ཡོད་ཅེས་བྱ་བ་ཡིན་ཏེ། གང་གི་ཚེ་གཞན་གྱི་དབང་ཅན་ལ་སོགས་པ་རྣམ་པ་ཐམས་ཅད་དུ་བཀག་པ་དེའི་ཚེ་དངོས་པོ་འདིའི་ལས་འདིའོ། །སྦྱོར་བ་འདིའོ། །བྲལ་བ་འདིའོ། ། ་ཞེས་འབྲེལ་བ་གང་གི་བརྗོད་པར་བྱེད། འབྲེལ་བ་མེད་ན་ཡང་འདི་འདིའོ་ཞེས་བྱ་བ་ལ་སོགས་པ་འབྲེལ་བའི་རྒྱུ་ཅན་གྱི་ཚིག་ཇི་ལྟར་འབྱུང་བར་འགྱུར། ཇི་ལྟར་གཞན་དུ་རྟོགས་པའི་ལས་ལ་སོགས་པ་ནི་དེ་གཞན་དང་འབྲེལ་བ་མ་ཡིན་ཏེ། མ་འབྲེལ་བའི་ཕྱིར་རོ། །མངོན ་བར་འདོད་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ལྷས་བྱིན་གྱི་ཡིན་པར་རྟོགས་པ་ལ་སོགས་པའི་འབྲེལ་བ་མེད་པའི་ཕྱིར་མཆོད་སྦྱིན་དང་འབྲེལ་བ་ཅན་མ་ཡིན་ནོ། །དེ་བཞིན་དུ་རང་གི་ཡིན་པར་རྟོགས་པའི་བསལ་སོགས་པ་ཡང་འབྲེལ་བ་མཛད་པར་འདྲོ་བས་ན་དེ་ཡང་དེ ་བཞིན་དུ་འབྲེལ་བར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ལས་ལ་སོགས་པ་དང་འབྲེལ་བའི་ཕྱིར་འགྲོ་བ་ལ་སོགས་པ་མ་ཡིན་པ་དེ་བས་?་མི་འཆད་པར་སྐྱེ་བའི་གཞི་རྐྱེན་གཞན་དང་གཞན་གྱིས་སྐད་ཅིག་མ་སོ་སོར་སྐྱེ་བའི་དངོས་པོ་རྣམས་ནི་དངོས་པོ་ཐ་དད་འདི་ཡིན་རིགས་ཏེ། ་དེ་དག་ལྡན་པ་དང་བྲལ་བ་དང། འགྲོ་བ་ལ་སོགས་བར་རིགས་ཀྱི་ཞེས་བྱ་བ་ནི་གང་གི་ཕྱིར་ཇི་སྐད་དུ་སྨོས་པའི་ཚུལ་གྱི་འགྲོ་བ་དང། སྦྱོར་བ་དང་བྲལ་བ་ལ་སོགས་པའི་ཚིག་ལ་སོགས་པའི་རྒྱུ་མཚན་ཅན་མ་ཡིན་པ་དེ་བས་ན་སྐད་ཅིག་མའི་དངོས་པོ་རྣམས་རྒྱུན་མི་འཆད་བར ་སྐྱེ་བའི་རྒྱུ་མཚན་གཞན་དང་གཞན་གྱི་རྒྱུ་རྣམས་ཀྱི་དངོས་པོ་ཐ་དད་པར་བྱེད་པ་འདི་ནི་འདི་ལྟ་སྟེ། ལྡན་པ་དང། བྲལ་བ་དང། འགྲོ་བ་ཞེས་བྱ་བའི་རིགས་སོ། །དེ་ལྟར་ན་གང་གི་ཚེ་སོ་སོར་བྲལ་བར་འདུག་པ་རྣམས་སྡུད་པའི་རྐྱེན་གྱིས ་རྒྱུན་མ་ཆད་པར་སྐྱེད་པ་དེའི་ཚེ་ལྡན་བའི་བློ་དང་ལྡན་པའི་ཚིག་ནི་དངོས་པོ་བར་མེད་བར་སྐྱེས་བའི་རྒྱུ་མཚན་ཅན་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་བར་མེད་བར་འཇུག་པ་རྣམས་བྲལ་བར་བྱེད་པའི་རྐྱེན་རྣམས་ཀྱི་བྲལ་བ་བསྐྱེད་བ་དེའི་ཚེ?་བའི་བློ་དང་བྲལ ་པའི་ཚིག་ནི་དངོས་པོ་བྲལ་བར་འབྱུང་བའི་རྒྱུ་མཚན་དུ་འགྱུར་རོ། །དེ་བཞིན་དུ་གནས་པར་གྱུར་བ་རྣམས་གང་གི་ཚེ་ཡུལ་ཐ་དད་བར་གནས་པའི་རྒྱུ་མཚན་རྣམས་ཀྱིས་རྒྱུན་མི་འཆད་པར་བསྐྱོད་བ་དེའི་ཚེ་འགྲོ་བའི་བློ་དང་འགྲོ་བའི་ཚིག་ནི་དངོས་པོ་རྒྱུན་མི ་འཆད་པར་འབྱུང་བའི་རྒྱུ་མཚན་ཅན་ཡིན། །དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །བསྟན་པ་གཅིག་བུའི་ངོ་བོ་ནི་སྦྱོར་བ་ལ་སོགས་པའི་འབྲེལ་བ་མ་ཡིན་པས་ཞེས་བྱ་བའི་སྐད་ཅིག་མ་ཡིན་པའི་དངོས་པོ་རྣམས་ནི་ལྡན་པ་ལ་སོགས ་པའི་བློའི་རྒྱུ་མཚན་ཉིད་མ་ཡིན་ལ། སྐད་ཅིག་མ་འམ། སྐད་ཅིག་པ་མ་ཡིན་པ་སྦྱོར་བ་ལ་སོགས་པའི་དངོས་པོ་རྒྱུ་མཚན་ཅན་ཡང་ལྡན་པ་ལ་སོགས་པའི་བློ་དང་ཚིག་མ་ཡིན་ནོ། །དེ་བས་ན་སྦྱོར་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡང་དག ་བར་གང་ཡང་མེད་དོ་ཞེས་བྱ་བ་ནི་དེ་བས་ན་དོན་དམ་བར་སྦྱོར་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཡང་མེད་དོ་ཞེས་བྱའོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་འབྲེལ་བ་མེད་དེ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་དཔྱད་ན་འབྲེལ་པ་གང་ཡང ་ཡོད་པ་མ་ཡིན་པའི་དེ་བས་ན་དངོས་པོ་ཐམས་ཅད་ནི་རང་གི་ངོ་བོ་འབྲེལ་བ་དང་བྲལ་བ་ཡིན་ཏེ། དོན་དམ་པར་གང་གིས་འབྲེལ་པ་གང་ཡང་མེད་དོ་ཞེས་བྱ་བ་ནི་མཇུག་སྡུད་པའོ། །འབྲེལ་བ་དཔྱད་བའི་བཤད་པ་རྣམ་ཕྱེ་བས། །དགེ་བ་རྒྱ་ཆེན་ཐོབ་པ ་གང་ཡིན་དེས། །འཁོར་བའི་འབྲེལ་པའི་མི་མཐུན་ཕྱོགས་གྱུར་བ། །བླ་མེད་ཞི་བ་སེམས་ཅན་གྱིས་ཐོབ་ཤོག་།འབྲེལ་བ་བརྟག་བའི་རྒྱ་ཆེར་བཤད་པ། སློབ་དཔོན་དུལ་བའི་ལྟས་མཛད་པ་རྫོགས། །།རྒྱ་གར་གྱི་མཁན ་པོ་ཛྙཱན་གར?་རང་ལོ་ཙཱ་བ་བནདེན་མཁས་བསྒྱུར་བའོ།། །།འབྲེལ་བ་བརྟག་པའི་རྗེས་སུ་འབྲང་བར་བམ?་ཟེ་བདེ་བྱེད་དགའ་བས། རྒྱ་གར་སྐད་དུ། སབྷ་ནདྷ་པ་རཱི་ཀྵཱ?་ནུས་ར། བོད་སྐད་དུ། འབྲེལ་པ་བརྟག་པའི་རྗེས་སུ་འབྲང་བ ་