| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ན་ཡ་བིན་དུ་ཊཱིཀ་།བོད་སྐད་དུ། རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་པ། བམ་པོ ་དང་པོས། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་རིགས་ལམ་རྣམ་པར་དག་པ་དང། །རིགས ་མཐུས་བསྒྲུབ་བྱ་དག་པ་མཆོག་གསུང་བ། །ཐུབ་པ་སྨྲ་མཆོག་དེ་ལ་ཕྱག་འཚལ་ཏེ། །རིགས་ཐིགས་ཚིག་རེ་ནས་ནི་རྣམ་པར ་དབྱེ། །ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་ན། དེ་བསྟན་ཏོ་ཞེས་བྱ ་བའི་ཚིག་དང་པོ་འདིས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང། དགོས་པ་དང། བརྗོད་པར་བྱ་བ་དང། དགོས་པའི་ཡང ་དགོས་པ་བསྟན་ཏོ། །འདི་ལྟར་འབྲེལ་པ་མེད་པ་དང། དགོས་པ་མེད་པ་དང། བརྗོད་པར་བྱ་བ་མེད་པའི་བསྟན་བཅོས་སམ་རབ་ཏུ་བྱེད ་པ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་ཁས་མི་ལེན་ཏེ། འདི་ལྟར་འདིར་བཤད་པར་བྱ་བ་ནི་ཅི་ཞིག་ཡིན་སྙམ་པའི་རྨོངས་པ་དེ་བསལ་བའི་ཕྱིར ་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་དུ་དོགས་པ་བསལ་བའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མ་ཡིན་དུ་དོགས་པ་བསལ་བའི་ཕྱིར ་འབྲེལ་པ་བསྙད་དོ། །དེའི་ཕྱིར་ཉན་པ་པོ་སྦྲོ་བ་སྐྱེད་པའི་དོན་དུ་འབྲེལ་པ་ལ་སོགས་པ་བརྗོད་དོ། །དེ་ལ་དེ་བསྟན་ཏོ་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་དང། ་དགོས་པ་སྔོན་དུ་བསྟན་ཏོ། །འབྲེལ་པ་ནི་ཤུགས་ཀྱིས་བསྟན་ཏོ། །དེ་ལ་ཤུགས་ནི་འདི་ཡིན་ཏེ། འདི་ལྟར་ཡང་དག་པའི་ཤེས་པ་བསྟན་པའི་ཕྱིར། རབ་ཏུ ་བྱེད་པ་རྩོམ་པས། དོན་གྱིས་རབ་ཏུ་བྱེད་པ་ནི་ཐབས་ཉིད་དུ་སྟོན་ཏོ། །དེ་ལྟ་མ་ཡིན་ན་ཐབས་མ་ཡིན་པ་ལ་ཇི་ལྟར་འཇུག་པར་འགྱུར་ཏེ། དེ་བས་ན་འབྲེལ་པ་ནི་དོན ་གྱིས་བསྟན་ཏོ། །འདིར་ཡང་དག་པའི་ཤེས་པ་བསྟན་ཏོ་ཞེས་བྱ་བ་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །ཡང་དག་པའི་ཤེས་པ་བསྟན་པ་ནི་དགོས་པ་ཡིན་ནོ། །ཡང ་དག་པའི་ཤེས་པ་བསྟན་པ་དེ་ནི་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ཡིན་ལ། རབ་ཏུ་བྱེད་པ་འདིས་བྱེད་པས་ན། རབ་ཏུ་བྱེད་པ་འདི་ནི་དགོས་པ་དེའི་ཐབས་ཡིན་ནོ། ། ་དེ་ལྟ་བས་ན་རབ་ཏུ་བྱེད་པ་དང། དགོས་པར་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ཏེ། འདི་ལྟར་རབ་ཏུ་བྱེད་པ་འདི ་ཐོས་པ་ལས་ཡང་དག་པའི་ཤེས་པའི་རང་གི་ངོ་བོ་མ་ནོར་བར་ཤེས་པར་འགྱུར་བས། དེའི་ཕྱིར་རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། ཡང་དག་པའི་ཤེས་པ་ཡོངས་སུ ་ཤེས་པ་ནི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པར་གནས་སོ། །དེ་ཉིད་བསྒྲུབ་པར་བྱ་བ་དང། བསྒྲུབ་པའི་མཚན་ཉིད་དང། བྱ་བ་དང་བྱེད་པའི་ངོ་བོའི་མཚན་ཉིད ་ཀྱིས་འབྲེལ་པ་ཡིན་ཏེ། འདི་ལྟར་བསྒྲུབ་པ་ནི་རབ་ཏུ་བྱེད་པའོ། །བསྒྲུབ་པར་བྱ་བ་ནི་འབྲས་བུའོ། །བྱེད་པ་ནི་རབ་ཏུ་བྱེད་པའོ། །བྱ་བ་ནི་འབྲས་བུ་ཡིན་པས་དེའི་ཕྱིར ་ཡང་དག་པའི་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ་ཞེས་བྱ་བར་གནས། །དེ་ལྟར་གནས་སུ་ཟིན་ཀྱང་ཅི་སྟེ་ལ་ལ་ཞིག་ཡང་དག་པའི ་ཤེས་པ་ཡོངས་སུ་ཤེས་པས་ཅི་ཞིག་བྱ་སྟེ་དེ་ནི་གང་དུ་ཡང་མཁོ་བ་མེད་དོ། །དེའི་ཕྱིར་དེ་ནི་བྱ་རོག་གི་སོ་བརྟག་པ་བཞིན་དུ་གནས་པ་མ་ཡིན་པར་ཁྱོད་ཡོངས་སུ་ངལ་བར་འགྱུར་རོ་ཞེས་འདྲི་བར ་འགྱུར་པ་དེའི་ཕྱིར་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཞེས་བྱ་བ་འདི་སྨོས་ཏེ་དེས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ། །དེ་བས་ན་ཚིག་གི ་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་ཡང་དག་པའི་ཤེས་པ་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ལ་མཁོ་བར་གྱུར་པ་དེའི་ཕྱིར་བསྒྲིམས་ཏེ། དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་པ ་ནི་རབ་ཏུ་བྱེད་པ་ལས་འབྱུང་ངོ། །དེ་བས་ན་ཡང་དག་པའི་ཤེས་པ་མཁོ་བར་གྱུར་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་པར་བྱའོ་ཞེས་བྱའོ། །དེ་ནི་རེ་ཤིག་བསྡུ་བའི ་དོན་ཡིན་ནོ། །ཡན་ལག་གི་དོན་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་ཞེས་བྱ་བ་ལ་འདིར་མི་སླུ་བའི་ཤེས་པ་ནི་ཡང་དག་པའི་ཤེས་པ་སྟེ། གང་དོན་བྱེད་པ་ལ་སླུ་པར ་མི་བྱེད་པ་ཡིན་གྱི་མ་ནོར་བ་གང་ཡིན་པ་དེ་ནི་ཡང་དག་པའི་ཤེས་པ་མ་ཡིན་ནོ། །དེ་ལྟ་ན་ནི་རབ་ཏུ་བྱེད་པ་རྣལ་འབྱོར་སྤྱོད་པའི་ལུགས་སེལ་བར་བྱེད་པར་འགྱུར་ཏེ། རབ་ཏུ་བྱེད་པ་ནི་མདོ ་སྡེ་བ་དང། རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་རྗེས་སུ་སྙེགས་པར་འཇུག་པར་འདོད་དོ། །དེ་ལྟ་བས་ན་གཉི་གའི་ལུགས་བསྡུ་བའི་ཕྱིར། མི་བསླུ་བའི་ཤེས་པ་ནི་ཡང་དག་པའི་ཤེས་པ་ཡིན་པར ་ཁོང་དུ་ཆུད་པར་བྱའོ། །གང་ལ་ཡང་དག་པའི་ཤེས་པའི་སྔོན་དུ་འགྲོ་བ་ཡོད་པ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ནོ། །སྔོན་གྱི་སྒྲ་ནི་འདི་རྒྱུ་ཡིན་པར་བརྗོད་དེ་གང་གི་ཕྱིར་འབྲས་བུ་བས་རྒྱུ་སྔ་བ་དེའི་ཕྱིར ་སྔོན་དུ་ཞེས་བརྗོད་དེ། ཡང་དག་པའི་ཤེས་པའི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག་གོ་།སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བ་ནི་སྐྱེས་བུའི་དོན་ཡིན་པས་ན་སྐྱེས་བུའི་དོན་ཏོ། །དོན་ཞེས་བྱ་བའི་སྒྲས་ནི་དགོས་པ་ཡིན ་པར་བརྗོད་དེ། སྐྱེས་བུའི་དགོས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་ཐམས་ཅད་ཀྱང་ཡིན་ལ་སྐྱེས་བུའི་དོན་ཡང་ཡིན་པས་སྐྱེས་བུའི་དོན་ཐམས་ཅད་དེ་ཐམས་ཅད་ཅེས་བྱ་བ་ནི་ཐག་ཉེ་བ་དང། རྒྱང་རིང་བ་དང། དེ་བཞིན་དུ ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། དེ་བཞིན་དུ་དོར་བར་བྱ་བ་དང། བླང་བར་བྱ་བ་དང། བཏང་སྙོམས་སུ་བྱ་བའོ། །དེ་ལ་ཐག་ཉེ་བ་ནི་གང་ཡུལ་ཐག་ཉེ་བ་ན་ཡོད་པའོ། །རྒྱང་རིང་བ་ནི་གང་ཡུལ་ཐག་རིང་པོ ་ན་ཡོད་པའོ། །འཇིག་རྟེན་པ་ནི་གང་འཁོར་བའི་ཁོངས་སུ་གཏོགས་པའོ། །འཇིག་རྟེན་ལས་འདས་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའོ། །དོར་བར་བྱ་བ་ནི་མི་འདོད་པ་སྟེ་སྦྲུལ་དང། ཚེར?་མ་དང། དུག་དང། མཚོན ་ཆ་ལ་སོགས་པའི་མཚན་ཉིད་དོ། །བླང་བར་བྱ་བ་ནི་འདོད་པ་སྟེ། མེ་ཏོག་ཕྲེང་དང། ཙན་དན་དང། གོས་དང། བཟའ་བ་དང། བཏུང་བ་དང། མལ་ཆ་དང། སྟན་གྱི་མཚན་ཉིད་དོ། །འདོད་པ་དང་མི་འདོད་པ་གཉི་ག་ལས་བཟློག་པ་གང་ཡིན་པ་དེ་ནི་བཏང་སྙོམས་སུ་བྱ་བའོ། །སྐྱེས ་བུའི་དོན་དེ་ཐམས་ཅད་ཀྱི་རྒྱུ་ནི་ཡང་དག་པའི་ཤེས་པ་ཡིན་ཏེ། འདི་ལྟར་མངོན་སུམ་ལ་སོགས་པའི་ཤེས་པས་དམིགས་ནས་མཚོན་ཆ་དང། དུག་དང། ཚེར་མ་ལ་སོགས་པ་ནི་ཡོངས་སུ་སྤོང་ངོ། །མེ་ཏོག་འཕྲེང་ལ་སོགས་པ་ནི་ལེན་ཏོ། །དེ་མ་ཡིན་པ ་གཞན་དག་ལ་ནི་བཏང་སྙོམས་སུ་བྱེད་དོ། །སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ནི་སྐྱེས་བུའི་དོན་ཐམས་ཅད་གྲུབ་པར་བྱེད་པའོ། །འགྲུབ་པ་ཞེས་བྱ་བའི་སྒྲ་ནི་འདིར་གྲུབ་པར་བྱེད་པ་ཞེས་བྱ་བར་བརྗོད་དོ། །དེས་ནི་འདི་སྐད་དུ་སྐྱེས་བུའི་དོན་འགྲུབ་པར ་ངེས་པ་དང་ལྡན་པ་གང་ཅི་སྙེད་པ་དེ་ཐམས་ཅད་ཀྱི་རྒྱུ་ནི་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡིན་པས་ན་ཞེས་བྱ་བའི་སྒྲ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཡིན་ལ། གང་དང་དེ་ནི་རྟག་ཏུ་འབྲེལ་ཏེ། དེས་ནི་འདི་སྐད་དུ་གང་གི་ཕྱིར་ཡང ་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་རྗོན་དུ་བཏང་བ་ཅན་ཡིན་པ་དེའི་ཕྱིར་དེ་བསྟན་ཏོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །དེ་བསྟན་ཏོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་དང་སྦྱར་བར་བྱ་སྟེ། མ་ནིང་གི་རྟགས་ཀྱིས་བསྟན ་པ་དང་གཙོ་བོ་ཡིན་པའི་ཕྱིར་རོ། །འདས་མ་ཐག་པ་ཡིན་ཡང་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ནི་མ་ཡིན་ཏེ། དངོས་སུ་ན་གཙོ་བོ་མ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་དེ་ནི་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པར་བྱེད་དེ། ལོག་པར ་རྟོག་པ་རྣམ་པ་བཞི་ནི་གྲངས་ལ་ལོག་པར་རྟོག་པ་དང། རང་གི་ངོ་བོ་ལ་ལོག་པར་རྟོག་པ་དང། སྤྱོད་ཡུལ་ལ་ལོག་པར་རྟོག་པ་དང། འབྲས་བུ་ལ་ལོག་པར་རྟོག་པའོ། །དེ་ལ་གྲངས་ལ་ལོག་པར་རྟོག་པ་ནི་ཁ་ཅིག་གི་ནི་གཅིག་སྟེ། འདི་ལྟ་སྟེ། ཕུར་བུ་བ་རྣམས་ཀྱི་ལྟ་བུའོ།། ་ཁ་ཅིག་གི་ནི་གསུམ་སྟེ། འདི་ལྟ་སྟེ། གྲངས་ཅན་པ་རྣམས་ཀྱི་ལྟ་བུའོ། རིགས་པ་ཅན་རྣམས་ཀྱི་ནི་བཞིའོ། །སྤྱོད་པ་ཅན་རྣམས་ཀྱི་ནི་དྲག་གོ་།རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ་ཁ་ཅིག་གི་ནི་མངོན་སུམ་རྣམ་པར་རྟོག་པ་དང་བཅས ་པས་ཁ་ཅིག་ནི་རྣམ་པར་རྟོག་པ་མེད་པ་ལྟ་བུའོ། །ཡུལ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་གི་ནི་མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་ཁོ་ནའོ། རྗེས་སུ་དཔག་པའི་ཡུལ་ནི་སྤྱིའི་མཚན་ཉིད་ཁོ་ནའོ་ཞེས་བརྗོད་ལ་གཞན་དག་གིས་གཞན་དུ་བརྗོད་བལྟ་བུའོ ་འབྲས་བུ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་ཚད་མ་ལས་འབྲས་བུ་ཐ་དད་པར་ཁས་ལེན་པ་ཁ་ཅིག་ནི་ཐ་དད་པ་མ་ཡིན་པར་ཁས་ལེན་པ་ལྟ་བུའོ། །དེ་ལྟ་བས་ན་དེ་ལྟ་བུའི་ལོག་པར་རྟོག་པ་རྣམ་པ་བཞི་བ་བསལ་བས་རྣམ་པ་ཐམས་ཅད་དུ་མ་ནོར་བར ་ཡང་དག་པའི་ཤེས་པའི་རང་གི་ངོ་བོ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་གྲངས་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། ཡང་དག་པའི་ཞེས་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །འདི་རྣམ་པ་གཉིས་ཡོད་པས་ན་འདི་ནི་རྣམ་པ་གཉིས། །གྲངས་ཀྱི ་ཚིག་སྨོས་པ་ཉིད་ཀྱིས་ན་རྣམ་པ་གཉིས་ཁོ་ནའོ་ཞེས་བསྣན་པར་མངོན་ཏེ།། དེས་ན་རྣམ་པ་གཅིག་དང། རྣམ་པ་གསུམ་པ་སོགས་པ་བསལ་བ་ཡིན་ནོ། །གྲངས་ཙམ་གྱིས་རྣམ་པ་གཉིས་སུ་བསྟན་གྱི། །རྣམ་པ་གཉིས་པོ་གང་གང་གིས་ཡིན་བཞི་མི་ཤེས ་པས་དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པའོ་ཞེས་བྱེ་བྲག་གིས་བསྟན་ཏོ། །དབང་པོ་ལ་བརྟེན་པ་ནི་མངོན་སུམ་སྟེ། དེས་པའི་ཚིག་འདི་ནི་ཡུལ་ལ་ཤེས་པས་མངོན་སུམ་དུ་བྱེད་པ་ཉིད་མཚན་མཚོན་པར་བྱེད་པ་སྟེ། དཔེར་ན་འགྲོ་བས་ན་བ་ལང་ངོ། ་ཞེས་བྱ་བ་དེ་ལ་འགྲོ་བས་ནི་བ་ལང་ཉིད་ཉེ་བར་མཚོན་པར་བྱེད་དེ། དེ་བས་ན་བ་ལང་ཉིད་དང་ལྡན་པའི་རིལ་པོ་ལ་བ་ལང་གི་སྒྲག་བརྗོད་པར་བྱ་བ་ཡིན་པར་སྟོན་པར་བྱེད་པ་དེ་བཞིན་དུ་འདིར་ཡང་དབང་པོ་ལ་བརྟེན་པ་ཉིད་ཀྱིས་ན་ཡུལ་ལ་ཤེས་པས ་མངོན་སུམ་དུ་བྱེད་པ་ཉིད་མཚོན་ནས། མངོན་སུམ་རྣམ་པ་བཞི་ཆར་ཡང་མངོན་སུམ་དུ་བརྗོད་པར་བསྟན་ཏོ། །འདིས་དཔོག་པས་ན་དཔག་པ་སྟེ། ཡོངས་སུ་གཅོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།རྗེས་སུ་ཞེས་བྱ་བའི་སྒྲ་ནི་ཕྱིར་ཤེས་པར་བྱ་བའི་དོན་ཏེ། ཕྱིས ་དཔོག་པ་ནི་རྗེས་སུ་དཔག་པ་སྟེ། ཕྱོགས་ཀྱི་ཆོས་འཛིན་པ་དང། འབྲེལ་པ་དྲན་པ་སྔོན་དུ་བཏང་བ་ཅན་ཞེས་བྱ་བའི་ཐ་ཚིག་གོ་།མངོན་སུམ་དང་རྗེས་སུ་དཔག་པའོ་ཞེས་རྣམ་པར་དབྱེ་བ་ཐ་དད་པར་བསྟན་པ་ནི། དོན་གྱིས་ན་ཡུལ་ཐ་དད་པར་སྟོན་ཏེ། ཇི་ལྟར་དེ་གཉིས ་ཀྱི་རྣམ་པར་དབྱེ་བ་ཐ་དད་པ་དེ་བཞིན་དུ་ཡུལ་ཡང་ཐ་དད་དོ་ཞེས་བྱ་བའི་ཐ་ཚིག་གོ། དང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ། རྗེས་སུ་དཔག་པ་དང་མངོན་སུམ་སྟོབས་མཚུངས་པ་ཉིད་དུ་སྡུད་དོ། །ཇི་ལྟར་མངོན་སུམ་དོན་གྱིས་སྐྱེས་པར་བྱེད་པ་ཡིན་པས་མི་སླུ་བ་སྟེ། དེའི ་ཕྱིར་ཚད་མ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་དེའི་བདག་ཉིད་དང། དེ་ལས་བྱུང་བ་གཉིས་ཀྱིས་དོན་དང་འབྲེལ་པས་མི་སླུ་བ་སྟེ། དེའི་ཕྱིར་ཚད་མ་ཡིན་ནོ། །དེ་ལྟ་ཡིན་ན་གང་ལ་ལ་དག་ཚད་མ་ཐམས་ཅད་ཀྱི་གཙོ་བོ་ནི་མངོན་སུམ་ཡིན་ནོ་ཞེས་བརྗོད་པ་དེ ་བསིལ་བ་ཡིན་ཏེ། གཉི་ག་ཡང་མི་སླུ་བ་ཁོ་ནར་ནི་འདྲ་ན། མངོན་སུམ་གཙོ་བོ་ཉིད་ཡིན་ནོ་ཞེས་སུ་ཞིག་གིས་བྱོས། རང་གི་ངོ་བོ་ལ་ལོག་པར་རྟོག་པ་བསལ་བར་བྱ་བའི་ཕྱིར། དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ་ཞེས་བྱ་བ་སྨོས ་སོ། དེ་ལ་ཞེས་བྱ་བའི་སྒྲ་ནི་དགར་བའི་དོན་ཏོ། ཡང་དག་པའི་ཤེས་པ་གཉིས་ལས་འོག་ནས་འབྱུང་བའི་མཚན་ཉིད་ཀྱིས་མངོན་སུམ་དགར་བར་བྱེད་དོ། །མངོན་སུམ་ཞེས་བྱ་བས་ནི་མཚན་ཉིད་ཀྱི་བཞི་བསྟན་ཏོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ ་ཞེས་བྱ་བས་ནི་མཚན་ཉིད་བསྟན་ཏེ། དེས་ན་འདི་སྐད་དུ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེ་ནི་རེ་ཞིག་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་གདོན་ནི་རྟོག་པ་རྣམས་དང་བྲལ་བ་ནི་རྟོག་པ་དང ་བྲལ་བ་སྟེ། རྟོག་པ་དང་བྱེ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་རྟོག་པར་བྲལ་བ་ནི་རྟོག་པ་དང་བྲལ་བ་སྟེ། རྟོག་པས་སྤངས་ཤེས་བྱ་བའི་ཐ་ཚིག་གོ་།འཁྲུལ་པ་མེད་པ་ནི་མ་འཁྲུལ་བ་སྟེ། ཐོབ་པར་བྱེད་པའི་ཡུལ་ལ་ཕྱིན་ཅི་མ་ལོག་ཅེས་བྱ་བའི་ཐ ་ཚིག་གོ་།ཅིའི་ཕྱིར་བྱེ་བྲག་གཉིས་སྨོས་ཤེ་ན། སྨྲས་པ་མ་འཁྲུལ་པ་སྨོས་པ་ནི་རེ་ཞིག་རབ་རིབ་ཅན་གྱི་ཤེས་པ་འཁྲུལ་པ་རྣམ་པར་བཅད་པར་བྱ་བའི་ཕྱིར་རོ། །རྟོག་པ་དང་བྲལ་བ་སྨོས་པ་ནི་རྗེས་སུ་དཔག་པ་བསལ་བར་བྱ་བའི་ཕྱིར་རོ། །འདི་ལྟར་མ་འཁྲུལ་བ་ཉིད་ནི་ཐོབ ་པར་བྱེད་པའི་ཡུལ་ལ་ཁས་བླང་བར་བྱའི། །དམིགས་པའི་ཡུལ་ལ་ནི་མ་ཡིན་ནོ། །གལ་ཏེ་དམིགས་པའི་ཡུལ་ལམ་འཁྲུལ་པ་ཉིད་ཁས་ལེན་ན། དེས་ན་འདིར་རྣལ་འབྱོར་སྤྱོད་པའི་ལུགས་བསལ་བར་བྱས་པར་འགྱུར་ཏེ། འདི་ལྟར་རྣལ་འབྱོར་སྤྱོད་པའི་ནི ་དམིགས་པའི་ཤེས་པ་ཐམས་ཅད་ནི་འཁྲུལ་པ་ཡིན་པར་འདོད་དེ། དེ་བས་ན་དེའི་ལུགས་བསལ་བར་རབ་ཏུ་བྱེད་པ་རྩོམ་པར་འགྱུར་ཏེ། རབ་ཏུ་བྱེད་པ་ནི་མདོ་སྡེ་བ་དང། རྣལ་འབྱོར་སྤྱོད་པའི་རྗེས་སུ་སྙེགས་པར་རྩོམ་པར་འདོད་ལ། གཉི་ག་ཡང་ཐོབ་པར ་བྱེད་པའི་ཡུལ་ལ་མི་བསླུ་བའི་མཚན་ཉིད་ནི་མ་འཁྲུལ་བ་ཡིན་པར་ཁས་ལེན་ཏོ། །དེ་ལྟ་ཡིན་ན་གོ་།རྗེས་སུ་དཔག་པ་ཡང་མངོན་སུམ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ཡང་མི་བསླུ་བ་ཉིད་དུ་མ་འཁྲུལ་པར་འདོད་དོ། །དེའི་ཕྱིར་རྗེས་སུ་དཔག་པ་བསལ་བར་བྱ་བའི ་ཕྱིར་རྟོགས་པས་བྲལ་བ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བས་བ་ན་བྱེ་བག་གཉི་ག་སྨོས་དགོས་སོ། །གྲུབ་པའི་མཛའ་ལ་གྲགས་པའི་རྟོག་པ་བསལ་ཞིང། འཇིག་རྟེན་པའི་རྟོག་པ་བརྟན་པའི་ཕྱིར་རྟོག་པ་ནི་ཤེས་པ་ལ་རྗོད་པ་དང་འདྲེར་རུང་བ་སྣང་བ་སྟེ་ཞེས་བྱ་བ ་སྨོས་སོ། །འདིས་རྗོད་པར་བྱེད་པས་ན་རྗོད་པ་སྟེ་སྨྲ་བར་བྱེད་པ་སྒྲའི་སྤྱིའི་ངོ་བོ་ཡིན་ནོ། །བརྗོད་པ་དང་འདྲེ་བ་ནི་རྗོད་པ་དང་འདྲེ་བ་སྟེ་འདྲེ་བ་ནི་འབྲེལ་བ་ལ་བྱའོ། །རྗོད་པ་དང་འདྲེར་རུང་བ་ནི་རྗོད་པ་དང་འདྲེར་རུང་བ་སྟེ་དོན་གྱི་སྤྱི་ཡིན་ནོ། །དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན ་པ་ཉིད་ཀྱིས་ཁྱབ་པ་ཡིན་པའི་ཕྱིར་བརྗོད་པར་ནུས་ཀྱི། དོན་གྱི་བྱེ་བྲག་རང་གི་ངོ་བོའི་མཚན་ཉིད་ཀྱི་ངོ་བོ་ནི་བརྗོད་པར་བཞུས་ཏེ་དེ་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཤེས་པ་གང་ལ་རྗོད་པ་དང་འདྲེར་རུང་བ་སྣང་བ་ཡིན་ཏེ། དོན་གྱི་སྤྱིའི་ནི་དོན་གྱི་རྣམ་པ་ཤེས་བྱ་བའི ་ཐ་ཚིག་གོ་།གཞན་ཡང་དེ་ནི་བརྗོད་པར་བྱ་བའི་ཡིན་པས་རྗོད་པ་སྟེ། བསྙད་པར་བྱ་བ་དོན་གྱི་སྤྱི་གང་ཡིན་པའོ། །རྗོད་པ་དང་འདྲེ་བ་ནི་རྗོད་པ་དང་འདྲེ་བའོ། །རྗོད་པ་དང་འདྲེ་རུང་བ་ནི་རྗོད་པ་དང་འདྲེ་རུང་བ་སྟེ་སྒྲའི་སྤྱི་ཡིན་ནོ་དེས་རྗེས་སུ་འགྲོ་བ་དང་ལྡོག་པ་འཐད་པ་ཉིད་ཀྱིས ་དོན་རྗོད་པར་ནུས་ཀྱི། སྒྲའི་བྱེ་བྲག་གིས་ནི་མི་ནུས་ཏེ་དེ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཤེས་པ་གང་ལ་རྗོད་པ་དང་འདྲེར་རུང་བ་སྣང་བ་དེ་ནི་རྗོད་པ་དང་འདྲེར་རུང་བ་སྣང་བ་ཡིན་ཏེ། སྒྲའི་སྤྱིའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ། །རྣམ་པར་རྟོག་པ ་རྣམ་པ་དེ་།ཉི་ག་ཡང་རྗོད་པ་དང་འདྲེར་རུང་བ་སྣང་བ་ཞེས་བྱ་བའི་ཚིག་ཟུར་གཉིས་སུ་བཤད་པ་འདིས་བསྟན་པར་རིག་པར་བྱའོ། །ཤེས་པ་ཞེས་བྱ་བ་ནི་རིག་པ་སྟ་བློ་ཞེས་བྱ་བའི་ཐ་ཚིག་གོ། དེ་དང་བྲལ་བའོ་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བ་སྟེ། རྟོག་པའི ་འདམ་རྫབ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ་།དེས་ནི་འདི་སྐད་དུ་སྒྲ་དང་དོན་གྱི་སྤྱིའི་རྣམ་པ་མ་ཡིན་པའི་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་གྱི་ཚད་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རབ་རིབ་དང། མྱུར་དུ་བསྐོར་བ་དང། གྲུར་ཞུགས་པ་དང། འཁྲུགས ་པ་ལ་སོགས་པས་འཁྲུལ་བ་མ་བསྐྱེད་པ་ཞེས་བྱ་བ་ལ་རབ་རིབ་ཅེས་བྱ་བ་ནི་མིག་གི་གནོད་པའོ། །མྱུར་དུ་བསྐོར་བ་ཞེས་བྱ་བ་ནི་མགལ་མི་བསྐོར་བ་ལ་སོགས་པའོ། །གྲུར་ཞུགས་པ་ཞེས་བྱ་བ་ནི་གྲུས་འགྲོ་བའོ། །འཁྲུགས་པ་ཞེས་བྱ་བ་ནི་རླུང་དང་ཁྲིས་པ ་འཁྲུགས་པས་ཁམས་མ་སྙོམས་པའོ། །རབ་རིབ་དང། མྱུར་དུ་བསྐོར་བ་དང། གྲུར་ཞུགས་པ་དང། འཁྲུགས་པ་ནི་རབ་རིབ་དང། མྱུར་དུ་བསྐོར་བ་དང། གྲུར་ཞུགས་པ་དང། འཁྲུགས་པའོ། །དེ་དག་ལ་སོགས་པ་གང་ཡིན་པ་དེ་དག་ནི་རབ་རིབ་དང། མྱུར་དུ ་བསྐོར་བ་དང། གྲུར་ཞུགས་པ་དང། འཁྲུགས་པ་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་མིག་སྔོན་པོར་གྱུར་པ་དང། སེར་པོ་མཐོང་བ་ལ་སོགས་པ་བསྡུའོ། །གང་ལ་འཁྲུལ་པ་སྐྱེད་པ་ཡོད་པ་དེ་ནི་འཁྲུལ་པ་སྐྱེད་པའོ། །འཁྲུལ་པ་སྐྱེད ་པ་མེད་པ་དེ་ནི་འཁྲུལ་པ་མ་སྐྱེས་པ་སྟེ། རབ་རིབ་དང། མྱུར་དུ་བསྐོར་བ་དང། གྲུར་ཞུགས་པ་དང། འཁྲུགས་པ་དག་གིས་འཁྲུལ་པ་མ་སྐྱེས་པ་ནི་རབ་རིབ་དང། མྱུར་དུ་བསྐོར་བ་དང། གྲུར་ཞུགས་པ་དང། འཁྲུགས་པ་དག་གིས་མ་སྐྱེད་པའོ། །འདི་ལྟར་རབ་རིབ ་ཀྱི་གནོད་པ་ནི་ཟླ་བ་ལ་གཉིས་སུ་མཐོང་བར་འགྱུར་རོ། །མྱུར་དུ་བསྐོར་བ་ནི་མགལ?་མེ་ལ་འཁོར་ལོའི་བློ་འབྱུང་ངོ་གྲུར་ཞུགས་ཏེ་འགྲོ་བས་ནི་ཆུ་དོགས་ཀྱི་ཤིང་འགྲོ་བར་གྲ་ཐོང་ངོ། །རླུང་དང་མཁྲིས་པ་ལ་སོགས་པ་འཁྲུགས་པས་ནི་དངོས་པོ་འབར་བ་ལ་སོགས ་པར་མཐོང་ངོ། །ཤེས་པ་ནི་མངོན་སུམ་མོ་ཞེས་བྱ་བ་ལ་མདོ་ལས་ཤེས་པ་མ་སྨོས་པར་ཇི་ལྟར་རྙད་ཅེ་ན། རྟོག་པ་ནི་ཤེས་པ་ཁོ་ན་དང་འབྲེལ་པ་ལ་འཁྲུལ་པ་ཡང་ཤེས་པའི་ཆོས་ཡིན་པས་མཐོང་སྟེ། དེ་ལྟ་བས་ན་རྟོག་པ་དང་བྲལ་བ་དང་མ་འཁྲུལ་པ་ནི་ཤེས་པ་ཁོ ་ན་ལ་བྱའོ། །དཔེར་ན་བེའུ་མེད་པའི་དྲུས་མ་ཁྲིད་དེ་ཤོག་ཅིག་ཅེས་བྱས་ན། རྟ་རྒོད་མ་ཁྲིད་དེ་མི་འོད་གི་བ་དྲུས་མ་ཁྲིད་དེ་འོང་བས། འདི་ལྟར་དེ་ཉིད་བེའུ་དང་འབྲེལ་བར་མཐོང་བ་དེ་བཞིན་དུ། འདིར་ཡང་རྟོག་པ་དང་འཁྲུལ་པ་ནི་ཤེས་པ་ཁོ་ན་དང་འབྲེལ་བར་མཐོང་གི ་གཞན་དང་ནི་མ་ཡིན་པས་ཤེས་པ་ཁོ་ན་མངོན་སུམ་དུ་འདོད་པ། །དེ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བས་ནི་མངོན་སུམ་ཞེས་བསྙེད་པ་གང་ཡིན་པ་སྟེ། དེ་ནི་དབང་པོ་ལས་བྱུང་བ་དང། ཡིད་དང། རང་རིག་པ་དང། རྣལ་འབྱོར་པའི་ཤེས་པ་དང་རྣམ་པ་བཞིང་རིག་པར ་བྱའོ། །ལོག་པར་རྟོགས་པ་བསལ་བའི་ཕྱིར་རབ་ཏུ་དབྱེ་བ་འདི་བསྟན་ཏེ། ཁ་ཅིག་ནི་དབང་པོ་ཉིད་མཐོང་བ་པོ་ཡིན་པར་འདོད་པས་དེ་བསལ་བའི་ཕྱིར་ནི་དང་པོ་སྟེ། དབང་པོ་ལས་བྱུང་བའི་ཤེས་པ་མངོན་སུམ་ཡིན་གྱི་དབང་པོ་ནི་མ་ཡིན་ནོ། །ཁ་གཅིག་ནི་ཡིད་ཀྱིས་མངོན ་སུམ་ལ་སྐྱོན་འདོགས་ཏེ། དེའི་ཕྱིར་སྐྱོན་དེ་ཡོངས་སུ་སྤང་བའི་ཆེད་དུ་གཉིས་པའོ། །ཁ་ཅིག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་རིག་པ་ཁས་མི་ལེན་ཏེ། དེ་བསལ་བའི་ཕྱིར་གསུམ་པའོ། །ཁ་ཅིག་ནི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་ཁས་མི་ལེན ་ཏེ། དེ་བསལ་བའི་ཕྱིར་མངོན་སུམ་བཞི་པ་སྨོས་སོ། །དབང་པོའི་ཤེས་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ལ་དབང་བོར་འདོད་ཀྱི་ཡིད་ཀྱི་དབང་པོ་ནི་མ་ཡིན་ནོ། །ཡིད་ཀྱི་མངོན་སུམ་ནི་ལོགས་ཤིག་ཏུ་བསྟན་པའི་ཕྱིར་རོ། །དེ་བས་ན་མིག་ལ ་སོགས་པའི་དབང་པོ་ལ་བརྟེན་པའི་ཤེས་པ་ནི་དབང་པོ་ལས་བྱུང་བའི་མངོན་སུམ་ཡིན་ནོ། །རང་གི་ཡུལ་གྱིས་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས ་བྱ་བ་ནི་དེར་རང་གི་ཡང་ཡིན་ལ་ཡུལ་ཡང་ཡིན་པས་རང་གི་ཡུལ་ཏེ། བདག་གི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ་།རང་གི་ཡུལ་གྱིས་དེ་མ་ཐག་པ་ནི་རང་གི་ཡུལ་གྱི་དེ་མ་ཐག་པ་སྟེ། སྐད་ཅིག་མ་གཉིས་པ་ལས་བྱུང་བ་ཉིད་དང་འདྲ་བ་ལ་ནི་དེ་མ་ཐག ་པའི་སྒྲར་བརྗོད་དོ། །དེ་ནི་རང་གི་ཡུལ་གྱི་དེ་མ་ཐག་པ་ཡང་ཡིན་ལ་ཡུལ་ཡང་ཡིན་པས་རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ། །དབང་པོའི་ཤེས་པ་གང་ལ་དེ་ལྷན་ཅིག་བྱེད་པ་ཡོད་པ་དེ་ནི་རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན ་དབང་པོའི་ཤེས་པ་སྟེ། དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་དེས་བསྐྱེད་པ་གང་ཡིན་པ་དེ་ནི་ཡིད་ཙམ་ལ་བརྟེན་པའི་ཕྱིར་ཡིད་ཀྱི་མངོན་སུམ་ཞེས་བྱའོ། འདིར་རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ཞེས་བྱ་བའི་སྒྲས་ནི་བཟུང་བ ་འཛིན་པའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་པའི་སྐྱོན་དང། རིགས་མི་མཐུན་པའི་ཡུལ་ལ་འཛིན་པའི་སྐྱོན་ཡང་ཡོངས་སུ་སྤངས་པར་རིག་པར་བྱ་སྟེ། འདི་ལྟར་ཡིད་ཀྱི་མངོན་སུམ་དེ་ནི་དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་དེ་མ་ཐག་པ་སྐད་ཅིག་མ ་གཉིས་པ་ལ་སྐྱེ་བ་གང་ཡིན་པ་དེའི་ཡུལ་དེ་ཡིན་པར་འདོད་དོ། །དེ་བས་ན་བཟུང་བ་འཛིན་པར་ལྟ་ག་ལ་འགྱུར། གང་གི་ཚེ་དེ་མ་ཐག་པའི་སྒྲ་རིགས་མཐུན་པ་ལ་ཡང་བྱ་བ་དེའི་ཚེ་རིགས་མི་མཐུན་པའི་ཡུལ་ལ་འཛིན་པར་ཡང་ཐལ་བར་ག་ལ ་འགྱུར། དབང་པོའི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ཞེས་བྱ་བའི་ཚིག་དེས་ནི་ལོང་བ་དང་འོན་པ་ལ་སོགས་པ་མེད་པར་ཐལ་བའི་ཉེས་པ་ཡང་ཡོངས་སུ་སྤངས་པ་ཡིན་ཏེ། ལོང་བ་དང་འོན་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལ ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་དབང་པོའི་རྣམ་པར་ཤེས་པ་མེད་དོ། །དེ་བས་ན་གང་ལ་ལ་དག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པས་ཕྱི་རོལ་གྱི་ཡུལ་མངོན་སུམ་དུ་བྱེད་པར་ཁས་ལེན་ན། འདི་ལྟར་ལོང་བ་དང་འོན་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ་ཞེས ་སྨྲ་བ་དེ་ཡོངས་སུ་སྤངས་པར་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་རིག་པ་ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱང་ཡིན་ལ་སེམས་དང་སེམས་ལས་བྱུང་བ་ཡང་ཡིན་པས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །ཐམས་ཅད ་ཅེས་སྨོས་པ་ནི་ནོར་པའི་ཤེས་པ་རྣམས་ཀྱང་ཡོངས་སུ་བསྡུས་ཏེ། དེ་དག་གི་རང་གི་ངོ་བོ་རབ་ཏུ་གསལ་བ་གང་ཡིན་པ་དེ་ནི་རང་གི་རིག་པ་ཡིན་ནོ། །འདི་ལྟར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་རྟོག་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རང་གི་ངོ་བོ་རིག ་པར་བྱེད་བཞིན་དུ་སྐྱེ་སྟེ། དཔེར་ན་མར་མེ་ནི་རབ་ཏུ་གསལ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་བདག་ཉིད་རབ་ཏུ་གསལ་བར་བྱེད་བཞིན་དུ་སྐྱེའི། རང་གི་ངོ་བོ་རབ་ཏུ་གསལ་བར་བྱ་བ་ལ་མར་མེ་གཞན་ལ་མི་ལྟོས་སོ། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ ་རྣམས་ཀྱང་རང་གི་ངོ་བོ་རྟོག་པར་བྱ་བ་ལ་ཤེས་པ་གཞན་ལ་མི་ལྟོས་པ་ཡིན་ནོ། །དེའི་ཕྱིར་རང་གྲུབ་པའི་ངོ་བོ་རྣམས་ནི་བདག་ཉིད་ལ་མངོན་སུམ་གྱི་ཚད་མ་ཡིན་ནོ། །ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཛའ་ལས་བྱུང་བ་རྣལ་འབྱོར་པའི་ཤེས་པའོ་ཞེས ་བྱ་བ་ལ་ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏེ། འཕགས་པའི་བདེན་པ་བཞི་པོ་དག་གོ་།དེ་བསྒོམས་པ་ནི་ཡང་དག་པའི་དོན་བསྒོམས་པ་སྟེ། བསྒོམས་པ་ཞེས་བྱ་བ་ནི་གོམས་པའོ། །དེའི་རབ་ནི་ཡང་དག་པའི་དོན་བསྒོམས་པའི་རབ་སྟེ། དྲན་པ་ཉེ་བར་བཞག་པ་དག ་དྲོ་བར་གྱུར་པ་དང། རྩེ་མོ་དང། བཟོད་པའི་གནས་སྐབས་སོ། །དེའི་མཛའ་ནི་ཡང་དག་པའི་དོན་བསྒོམས་པའི་རབ་གྱི་མཛའ་སྟེ། མཛའ་ནི་ཆོས་ཀྱི་མཆོག་རྣམས་སོ། །དེ་ལས་སྐྱེས་པ་ནི་ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཛའ་ལས་བྱུང་བའོ། །རྣལ་འབྱོར་ནི ་ཏིང་ངེ་འཛིན་ལ་བྱའོ། །དེ་གང་དག་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་པ་རྣམས་སོ། དེ་དག་གི་ཤེས་པ་ནི་རྣལ་འབྱོར་པའི་ཤེས་པ་སྟེ། འདི་ལྟར་དེ་བསྒོམས་པའི་སྟོབས་ཀྱིས་འབྱུང་བ་ནི་འབྱུང་བ་དང། འབྱུང་བ་དང། འབྱུང་བར་འགྱུར་པའི་དངོས་པོ་རྣམས་གསལ ་བར་སྣང་བ་དང། མ་ནོར་པའི་རྣམ་པ་དང་ལྡན་པར་འབྱུང་སྟེ། དཔེར་ན་ལྷ་ལ་སོགས་པའི་བྱིན་གྱིས་བརླབས་ཀྱིས་མཐུས་རྨི་ལམ་བདེན་པར་རྨིས་པ་རྣམས་ཀྱི་ཤེས་པ་བྱུང་བ་དང། འབྱུང་བར་འགྱུར་བའི་དངོས་པོའི་རྣམ་པ་ཅན་མ་ནོར་བར་འབྱུང་བ་དེ ་བཞིན་དུ། རྣལ་འབྱོར་གྱི་མཐུས་བསམ་གཏན་པ་རྣམས་ཀྱི་ཤེས་པ་འདས་པ་དང། མ་འོངས་པ་དང། ཐག་རིང་བ་དང། བར་དུ་ཆོད་པ་དང། ཕྲ་མོའི་དངོས་པོ་ཡུལ་གསལ་བར་སྣང་ཞིང་མ་ནོར་བའི་རྣམ་པ་དང་ལྡན་པ་འབྱུང་སྟེ། དེ་ལྟ་བས་ན་མངོན་སུམ་གྱི་ཚད་མར་འདོད ་དོ། འདིར་སྦྱོར་བ་ནི་སེམས་རྩེ་གཅིག་པ་ལྷག་པ་མེད་པ་ཐོབ་པ་རྣལ་འབྱོར་པའི་དབང་ཕྱུག་རྣམས་ཀྱི་ཤེས་པ་དངོས་པོ་བྱུང་བ་དང། འབྱུང་བར་འགྱུར་བའི་ཡུལ་དང་ལྡན་པ་ནི་བྱུང་བ་དང་འབྱུང་བར་འགྱུར་བའི་དངོས་པོ་དཔག་ཏུ་མེད་པ་དག་མ་ནོར་བར་སྟོན་པའི་རྒྱུ ་ཡིན་པའི་ཕྱིར་ཚད་མ་ཡིན་ཏེ་འབྱུང་པོ་དང་གདོན་ཁྱད་པར་ཅན་བབས་པའི་ཤེས་པ་བཞིན་ནོ། །གང་དག་ཚད་མར་མི་རུང་བ་དེ་ནི་བྱུང་བ་དང། འབྱུང་བར་འགྱུར་བའི་དངོས་པོ་དཔག་ཏུ་མེད་པ་དག་མ་ནོར་པར་སྟོན་པའི་རྒྱུར་ཡོད་མི་འགྱུར་སྟེ། དཔེར་ན་སྨྱོན་པའི ་ཤེས་པ་བཞིན་ནོ། །ཐོབ་པར་བྱེད་པ་མེད་ན་བྱུང་བ་དང་འབྱུང་བར་འགྱུར་བའི་དངོས་པོ་དཔག་ཏུ་མེད་པ་དག་མ་ནོར་བར་སྟོན་པའི་རྒྱུ་ཉིད་དུ་མི་འཐད་པ་ནི་གནོད་པར་བྱེད་པའི་ཚད་མ་ཡིན་ནོ། །འདོད་རྒྱལ་གྱིས་ནི་དཔག་ཏུ་མེད་པ་མ་ནོར་བར་སྟོན་མོ ་སྲིད་དོ། །དེའི་རྣམ་པར་བཤད་པ་ནི། དཔེར་ན་འབྱུང་པོ་དང། གདོན་ཁྱད་པར་ཅན་བབས་ན་བྱུང་བ་དང། འབྱུང་བར་འགྱུར་པའི་དངོས་པོ་རྣམས་ལུང་སྟན་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ལ་ཡང་བྱུང་བ་དང། འབྱུང་བར་འགྱུར་པའི་དངོས་པོ་མ་ནོར་བར་ལུང ་སྟོན་པར་དམིགས་སོ། །དཔེར་ན་ཨ་རུ་ར་ལ་སོགས་པ་མ་འོངས་པའི་ནད་བཟློག་པ་ལ་ནུས་པ་དང། སྨིན་པ་ལ་སོགས་པར་དྲང་སྲོང་རྣམས་ཀྱིས་མ་ནོར་བར་ལུང་བསྟན་པ་དམིགས་པ་བཞིན་ནོ། །ཡང་དཔེར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་འོངས་པའི ་ལྟས་བཅུ་ལུང་བསྟན་པ་བདོན་པར་དམིགས་པ་དང། མ་ཁོལ་ལུང་བསྟན་པ་དང། དུས་འགྲིབ་པར་ལུང་བསྟན་པ་དང། རྒྱལ་པོ་མྱ་ངན་མོད་ལ་སོགས་པ་ལུང་བསྟན་པ་དང། རེ་བའི་ཚལ་དང། ཁ་ཆེ་ལ་སོགས་པའི་ཡུལ་ཕྱིན་ཅི་མ་ལོག་པར་ལུང་བསྟན་པར་དམིགས ་པ་ལྟ་བུའོ། །ཡུལ་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། དེའི་ཡུལ་ནི་རང་གི་མཚན་ཉིད་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་ཚད་མ་བསྟན་པ་གང་ཡིན་པ་དེའི་ཡུལ་ནི་རང་གི་མཚན་ཉིད་ཁོ་ན་ཡིན་པར་བལྟ་བར་བྱའི་སྤྱིའི་མཚན་ཉིད་ནི་མ་ཡིན་ཏེ། སྤྱི་ནི་དངོས ་པོ་མེད་པ་ཡིན་པ་དང། མངོན་སུམ་ནི་དངོས་པོའི་རང་གི་ངོ་བོ་ལ་དམིགས་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱང་ཇི་ལྟ་བུ་ཞིག་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། དེའི་ཕྱིར་དོན་གང་ཉེ་བ་དང། མི་ཉེ་བ་དག་ལས་ཤེས་པ་ལ་སྣང་བ་ཐ་དད་པ་དེ་ནི་རང་གི་མཚན་ཉིད་དོ་ཞེས་བྱ ་བ་སྨོས་སོ། །ཉེ་བ་ནི་ཡུལ་རུང་བ་ན་འདུག་པའོ། །མི་ཉེ་བ་ནི་ཡུལ་རུང་བ་མ་ཡིན་པ་ན་འདུག་པ་དང། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའོ། །ཉེ་བ་དང་ཉེ་བ་མ་ཡིན་པ་ན་ཉེ་བ་དང་མི་ཉེ་བའོ། །དེ་གཉིས་ཀྱི་ནི་ཤེས་པ་ལ་རྣམ་པར་གསལ་བ་དང། མི་གསལ་བར་བྱེ་བྲག་ཏུ ་བྱེད་དེ། ཉེ་ན་ནི་གསལ་བར་སྣང་བའི་ཤེས་པ་འབྱུང་ངོ། །ཉེ་བ་མ་ཡིན་ན་ནི་གསལ་བ་མ་ཡིན་པའི་ཤེས་པ་འབྱུང་ངོ། །དོན་གང་ཤེས་པ་ལ་སྣང་བ་བྱེ་བྲག་ཏུ་བྱེད་པ་དེ་ནི་རང་གི་མཚན་ཉིད་ཡིན་ནོ། །དངོས་པོ་དོན་དམ་པར་ཡོད་པ་མངོན་སུམ་གྱི་ཡུལ་མ་ཡིན་ནམ། ཇི་ལྟར་ན ་རང་གི་མཚན་ཉིད་ཡུལ་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ཉིད་དོན་དམ་པར་ཡོད་པ་སྟེ་ཞེས་བྱ་བ་སྨོས་ཏེ། དེ་ནི་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །དམ་པ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པ་སྟེ་བཏགས་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ་།དོན ་དམ་པར་ཡོད་པ་ན་དོན་དམ་པར་ཡོད་པ་སྟེ། རང་གི་མཚན་ཉིད་དོན་དམ་པར་ཡོད་པ་ཞེས་བྱའོ། །དེ་བས་ཇི་སྐད་བརྗོད་པའི་སྐྱོན་དུ་མི་འགྱུར་རོ། །ཅིའི་ཕྱིར་རང་གི་མཚན་ཉིད་ཉིད་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་བྱ་ཞེ་ན། དེའི་ཕྱིར་དངོས་པོ་ནི་དོན་བྱེད་ནུས ་པའི་མཚན་ཉིད་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དོན་ཞེས་བྱ་བ་ནི་དགོས་པའོ། །བྱེད་པ་ནི་བྱ་བའོ། །དོན་བྱེད་པ་ནི་དོན་བྱེད་པ་སྟེ། དོགས་པ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དེར་ནུས་པ་ནི་དོན་བྱེད་ནུས་པ་སྟེ། དངོས་པོ་གང་དོན་བྱེད་ནུས་པའི་མཚན་ཉིད ་ཀྱི་རང་བཞིན་ཡིན་པ་དེ་ནི་དོན་བྱེད་ནུས་པའི་མཚན་ཉིད་དོ། །དེའི་ངོ་བོ་ནི་དོན་བྱེད་ནུས་པའི་མཚན་ཉིད་ཁོ་ནའོ། །དེ་ལྟ་བས་ན་དོན་བྱེད་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར། འདི་སྐད་དུ་གང་དོན་བྱེད་ནུས་པ་དེ་ནི་དངོས་པོ་ཞེས་བྱ་ལ། རང་གི་མཚན་ཉིད་ཀྱིས ་དོན་བྱེད་དོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་རང་གི་མཚན་ཉིད་དོན་དམ་པར་ཡོད་པའོ། །གཞན་ནི་སྤྱིའི་མཚན་ཉིད་དེ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་རང་བཞིན་བཤད་པ་ལས་གཞན་པའི་གཞལ་བྱ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་དེ། དོན་གང ་ཉེ་བ་ཡང་རུང་མི་ཉེ་ཡང་རུང་ཤེས་པ་རྣམ་པ་གཅིག་ཁོ་ནར་འགྱུར་པའོ། །དེ་ནི་རྗེས་སུ་དཔོག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པའི་ཡུལ་ཁོ་ན་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །འདིར་ནི་སྐབས་མ་ཡིན ་ཡང་ཚིག་མང་པོར་འགྱུར་དུ་དོགས་པས་བཤད་དེ། འདི་ལྟར་འདིར་ནི་རང་གི་མཚན་ཉིད་བརྗོད་པའི་སྐབས་སུ་བབས་པས་མཚན་ཉིད་དེ་ལས་བཟློག་ན་རྟོགས་པར་སླབས་སྤྱིའི་མཚན་ཉིད་སྨོས་ཏེ། དེ་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས ་ཚིག་ཉུང་ངུར་བྱ་བའི་ཕྱིར་བཀོད་དོ། །གཞན་དུ་ན་ནི་རྗེས་སུ་དཔག་པའི་ཡུལ་སྟོན་པར་ཚིག་འདི་དག་ཐམས་ཅད་ཡང་བཟླས་དགོས་པར་འགྱུར་རོ། །འབྲས་བུ་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ་ཞེས་བྱ ་བ་སྨོས་སོ། །དེའི་འབྲེལ་པ་ནི་འདི་ཡིན་ཏེ། གལ་ཏེ་མངོན་སུམ་ཚད་མར་འདོད་ན། དེའི་ཚེ་གཞལ་བྱ་གཟུགས་ལ་སོགས་པ་ལ་ཡོངས་སུ་དཔྱོད་པའི་མཚན་ཉིད་ཚད་མའི་འབྲས་བུ་ཡིན་པར་འགྱུར་ཏེ། དཔེར་ན་སྟ་རེས་ཤིང་ལ་སོགས་པ་བཅད ་པར་བྱ་བ་ལ་དུམ་བུ་གཉིས་སུ་འགྱུར་བ་འབྲས་བུ་མཐོང་བ་བཞིན་ནོ། །དེའི་ཕྱིར་མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ་ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་ཡིན་གྱི། མངོན་སུམ་ལས་གུང་ན་འབྲས ་བུ་མེད་དོ། །མངོན་སུམ་གྱི་འབྲས་བུའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་སྙམ་པ་ལ། དེའི་ཕྱིར་དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྟོགས་པ་ནི་གཏན་ལ་ཕེབས་པའོ། །ངོ་བོ་རང་བཞིན་དེ་དང་ལྡན་པའི་མངོན་སུམ་གང་ཡིན་པ ་དེ་ནི་དོན་རྟོགས་པའི་ངོ་བོའོ། །དེའི་དངོས་པོ་ནི་དོན་རྟོགས་པའི་ངོ་བོ་ཁོ་ན་སྟེ། དེའི་ཕྱིར་དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ནི་འདི་སྐད་དུ་ཚད་མ་དང་གཞལ་བྱར་ཐ་སྙད་བཏགས་པ་ལ་དོན་གཏན་ལ་འབེབས་པའི་མཚན་ཉིད་ནི་འབྲས་བུ་ཡིན ་པར་འགྱུར་ཏེ། ཤེས་པ་ནི་དོན་གཏན་ལ་འབེབས་པའི་རང་བཞིན་ཡིན་ལ། མངོན་སུམ་ཡང་ཤེས་པའི་རང་བཞིན་ཡིན་པར་འདོད་དོ། །དེ་ལྟ་བས་ན་མངོན་སུམ་ནི་དོན་གཏན་ལ་འབེབས་པའི་རང་བཞིན་ཡིན་པའི་ཕྱིར་མངོན་སུམ་ཉིད་འབྲས་བུའི ་རང་བཞིན་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་མངོན་སུམ་ཉིད་འབྲས་བུའི་རང་བཞིན་ཡིན་ནའོ། །ན་ཚད་མ་གང་ཞིག་ཡིན་པར་རིག་པར་བྱ་སྙམ་པ་ལ། དེའི་ཕྱིར་དོན་དང་འདྲ་བ་ནི་འདིའི་ཚད་མ་སྟེ་ཞེས་བྱ་བ་སྨོས་ཏེ། འདྲ་བ་ནི་མཐུན་པ་ལ ་བྱའོ། །འདིའི་ཞེས་བྱ་བ་ནི་མངོན་སྙམ་གྱི་སྟེ་དོན་གྱི་རྣམ་པ་ཅན་གྱི་མངོན་སུམ་གང་ཡིན་པ་དེ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དོན་དང་འདྲ་བ་ཚད་མ་ཡིན་པར་ཅི་མངོན་སྙམ་པ་ལ། དེའི་ཕྱིར་དེའི་དབང་གིས་དོན་རྟོགས་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ ་སྨོས་ཏེ། གང་གི་ཕྱིར་དོན་དང་འདྲ་བའི་དབང་གིས་གཏན་ལ་ཕེབས་པ་དེའི་ཕྱིར་འདྲ་བ་དེ་ཉིད་ཚད་མ་ཡིན་ཏེ། འདི་ལྟར་འདི་ནི་སྔོན་པོར་རྟོགས་པ་ཡིན་གྱི། སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་བཞག་པ་དེའི་རྒྱུ་གང་ཡིན་པ་དེ་ཚད་མ་ཡིན་པར་འདོད ་དོ། དབང་པོ་ནི་རྣམ་པར་བཞག་པ་འདི་བྱེད་པ་མི་ནུས་ཏེ། འདི་ལྟར་དབང། པོ་དེ་ནི་ཤེས་པ་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུ་ཡིན་པས། དེའི་ཕྱིར་སོ་སོར་ངེས་པའི་རྣམ་པར་བཞག་པ་བྱེད་ནུས་པར་ཇི་ལྟར་འགྱུར། གལ་ཏེ་དབང་པོ་དེ་སྔོན་པོར་ཤེས་པ་ཁོ ་ནར་སྐྱེད་པར་བྱེད་ལ། སེར་པོ་ལ་སོགས་པར་ཤེས་པ་ནི་མི་སྐྱེད་ན་ནི། དེའི་ཚེ་རྣམ་པར་གཞག་པ་བྱེད་ནུས་པར་འགྱུར། །ཉེ་བ་ཡང་ཐུན་མོང་ཡིན་པའི་ཕྱིར་དབང་པོ་བཞིན་ཏེ། རྣམ་པར་བཞག་པའི་རྒྱུ་མ་ཡིན་ནོ། །འདྲ་བ་ནི། ཐུན་མོང་མ་ཡིན་པའི་ཕྱིར་སོ་སོར ་ངེས་པའི་རྣམ་པར་བཞག་པའི་རྒྱུར་འགྱུར་ཏེ། འདི་ལྟར་སྔོན་པོའི་རྣམ་པར་ཤེས་པ་ལ་སྔོན་པོའི་རྣམ་པ་གང་ཡིན་པ་ནི་སེར་པོ་ལ་སོགས་པར་ཤེས་པ་ལ་མེད་པས་རྣམ་པར་བཞག་པ་བྱེད་པར་འགྱུར་རོ། །གང་གི་ཚེ་སྔོན་པོའི་རྣམ་པ་ཡིན་པའི་ཕྱིར། འདི་ནི་སྔོན ་པོར་རྟོགས་པ་ཡིན་གྱི། སེར་པོ་ནི་མ་ཡིན་ནོ་སྙམ་པ་དེའི་ཕྱིར་དོན་དང་འདྲ་ཉིད་ཚད་མ་ཡིན་ནོ། །རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ལས་ལེའུ་དང་པོའོ།། །།མངོན་སུམ་དང་རྗེས་སུ་དཔག་པའི་བྱེ་བྲག་གིས་ཡང་དག་པའི་ཤེས ་པ་རྣམ་པ་གཉིས་སུ་བསྟན་པ་དེ་ལ་མངོན་སུམ་ནི་སྤྲོས་པ་དང་བཅས་ཏེ་བཤད་ཟིན་ཏོ། །རྗེས་སུ་དཔག་པ་བཤད་པར་བཞེད་ནས། རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ནི་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །ཤེས ་པ་དང་བརྗོད་པའི་ངོ་བོ་ཁོ་ནས་རང་དང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་གཉིས་ཤིན་ཏུ་ཐ་དད་པའི་ཕྱིར་ཐ་མི་དད་པའི་མཚན་ཉིད་ནི་ཅུང་ཟད་ཀྱང་མེད་ན། གང་གིས་ནི་སྔར་མཚན་ཉིད་བརྗོད་པར་བྱ། རབ་ཏུ་དབྱེ་བ་བྱ་བ་ནི་སོ་སོར་ངེས་པའི་མཚན་ཉིད་བདེ་བླག་ཏུ ་བརྗོད་པར་ནུས་པས་དེའི་ཕྱིར་སྔར་རབ་ཏུ་དབྱེ་བ་བསྟན་ཏོ། །རང་གི་དོན་དང། གཞན་གྱི་དོན་ཏོ་ཞེས་བྱ་བ་ནི་བྱེ་བྲག་གིས་རྣམ་པ་གཉིས་ཁོ་ནར་སྟོན་པར་བྱེད་དོ། །འདིར་དོན་ཞེས་བྱ་བ་ནི་དགོས་པ་ལ་བྱ་སྟེ། རང་གི་དགོས་པ་དང། གཞན་གྱི་དགོས་པ་ཞེས་བྱ ་བའི་ཐ་ཚིག་གོ་།གང་གིས་བདག་ཉིད་ཀྱི་རྟོགས་པར་འགྱུར་བ་དེ་ནི་རང་གི་དོན་ཡིན་ལ། གང་གི་གཞན་ལ་གོ་བར་བྱེད་པ་དེ་ནི་གཞན་གྱི་དོན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རང་གི་དོན་ནི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ལས་ཤེས་པ ་གང་ཡིན་པ་སྟེ་ཞེས་བྱ་བ་ནི་འདི་ཚུལ་གསུམ་པ་ཅན་ཡིན་པས་ན་འདི་ནི་ཚུལ་གསུམ་པའོ། །འདིས་དོན་མཚོན་པར་བྱེད་པས་ན་རྟགས་སོ། །དེ་ནི་རྗེས་སུ་དཔག་པར་བྱ་བ་ཡིན་པས་རྗེས་སུ་དཔག་པར་བྱའོ། །རྗེས་སུ་དཔག་པར་བྱ་བ་ལ་མཚན་ཉིད་གསུམ ་པའི་རྒྱུ་ལས་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཞེས་བྱའོ། །རྟགས་ལྟར་སྣང་བ་ལས་ཤེས་པ་སྐྱེ་བ་གང་ཡིན་པ་དེ་རྗེས་སུ་དཔག་པ་ཉིད་ཡིན་པ་བསལ་བའི་ཕྱིར་ཚུལ་གསུམ་པ་ཞེས་བྱ་བ་སྨོས་སོ། །རྟགས་ཤེས་པ་དང་དངོས ་སུ་རྗེས་སུ་དཔག་པ་ཉིད་ཡིན་པ་བསལ་བའི་ཕྱིར། རྗེས་སུ་དཔག་པར་བྱ་བ་སྨོས་སོ། །ཤེས་པ་སྨོས་པ་ནི་རྟགས་རྗེས་སུ་དཔག་པ་དངོས་སུ་འགྱུར་བ་བསལ་བའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པར་བྱ་བའི་ཡུལ་ཤེས་པ་ཚད་མ་ཡིན་པར་འདོད་ན་འོ་ན་འབྲས ་བུ་གང་ཞིག་ཡིན་སྙམ་པ་ལ་དེའི་ཕྱིར། འདིར་ཡང་ཚད་མའི་འབྲས་བུ་རྣམ་པར་བཞག་པ་ནི་མངོན་སུམ་དང་འདྲའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མངོན་སུམ་ལ་ཤེས་པ་དེ་ཉིད་ཚད་མའི་འབྲས་བུར་བཤད་པ་དེ་བཞིན་དུ་འདིར་ཡང་རྗེས་སུ་དཔག་པའི་ཤེས་པ་ཉིད་ཚད་མའི ་འབྲས་བུ་ཡིན་ཏེ། དོན་གཏན་ལ་འབེབས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་མངོན་སུམ་གྱི་དོན་དང་འདྲ་བ་ཚད་མ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པའི་དོན་དང་འདྲ་བ་ཉིད་ཚད་མ་ཡིན་ཏེ། དེའི་དབང་གིས་དོན་གཏན་ལ་འབེབས་པ་འགྲུབ་པའི་ཕྱིར་རོ། །ཚུལ ་གསུམ་པའི་རྟགས་ལས་ཞེས་བཤད་པ། ཚུལ་གསུམ་པོ་དེ་གང་ཡིན་སྙམ་པ་ལ་དེའི་ཕྱིར། ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་ཞེས་བྱ་བ་སྨོས་ཏེ། ཚུལ་གསུམ་པའི་དངོས་པོ་ནི་ཚུལ་གསུམ་པ་ཉིད་དོ། །རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་ཞེས ་བྱ་བ་ནི་འོག་ནས་འབྱུང་བའི་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ལ་ཡོད་པ་ཉིད་ནི་ཚུལ་གཅིག་ཡིན་ཏེ། དེ་ལ་ཡོད་པ་ཞེས་སྨོས་པས་ནི་མིག་གིས་བཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཀག་གོ་།བསྣན་པ་སྨོས་པ་ནི་ཕྱོགས་ལ་ཕྱོགས་གཅིག ་མ་གྲུབ་པ་ལ་སོགས་པ་བསལ་ཏོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བྱ་བ་ནི་རིགས་མཐུན་པ་ལ་ཡོད་པ་ཉིད་ཚུལ་གཉིས་པ་ཡིན་ཏེ། འདིར་ཡོད་པ་ཞེས་སྨོས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་བསལ་ཏོ། །བསྣན་པ་སྨོས་པས་ནི་ཐུན་མོང ་ལ་མ་ངེས་པ་བསལ་ཏོ། །གཉི་ག་སྨོས་པས་ནི་འགལ་བ་བསལ་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ཅེས་བྱ་བ་ནི། རིགས་མི་མཐུན་པ་ལ་གཅིག་ཏུ་མེད་པ་ཉིད་ནི་ཚུལ་གསུམ་པ་ཡིན་ཏེ། འདིར་མེད་པ་ཞེས་སྨོས་པས་ནི་ཐུན་མོང་ལ་མ་ངེས་པ ་དང་འགལ་པ་བསལ་ཏོ། །བསྣན་པ་སྨོས་པས་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཡོངས་སུ་སྤངས་སོ། །ངེས་པའོ་ཞེས་བྱ་བ་ནི་ཐ་མར་སྨོས་པའི་ཕྱིར་རོ། །གསུམ་ཆར་ལ་ཡང་ངེས་པ་ཉིད་རིག་པར་བྱའོ། །ཚུལ་གསུམ་པོ་དེ ་དག་ནི་བདག་ཉིད་ཀྱི་ཚད་མ་ཇི་ལྟ་བུ་དག་གིས་ངེས་པ་ཡིན་པར་གཟུང་བར་བྱའོ། །གཞན་དུ་ན་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡིད་ཆེས་པར་བྱ་བར་མི་ནུས་པ་ཉིད་དོ། །རྗེས་སུ་དཔག་པར་བྱ་བ་ཡང་གང་ཡིན་སྙམ་པ་ལ་དེའི་ཕྱིར་རྗེས་སུ ་དཔག་པར་བྱ་བ་ཞེས་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་ལའོ། །ཤེས་པར་འདོད་པ་ནི་རྟོགས་པར་འདོད་པའོ། །བྱེ་བྲག་ཅེས་བྱ་བ་ནི་ཁྱད་པར་ལ ་བྱའོ། །གང་ལ་ཤེས་པར་འདོད་པའི་བྱེ་བྲག་ཡོད་པ་དེ་ནི་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའོ། །ཆོས་རྣམས་གང་ལ་ཡོད་པ་དེ་ནི་ཆོས་ཅན་ནོ། །དེས་ན་འདི་སྐད་དུ་ཆོས་ཅན་གང་གི་བྱེ་བྲག་འགའ་ཞིག་རྟོགས་པར་འདོད་པའི་ཆོས་ཅན་དེ་ནི་རྗེས་སུ ་དཔག་པར་བྱ་བ་ཡིན་ལ། དེ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །གཞན་དུ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནི་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འོ་ན་མཐུན་པའི་ཕྱོགས ་གང་ཡིན་སྙམ་པ་ལ། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་མཐུན་པའོ་ཞེས་བྱ་བ་སྨོས་ཏེ། མཐུན་པར་དཔག་པ་ནི་མཐུན་པའོ། །ཤེས་པ་འདྲ་བས་ཡོངས་སུ་བཅད་པར་བྱ་བ་ཡིན་ཏེ། འདྲ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དོན ་འདྲ་བ་གང་ཡིན་པ་དེ་ནི་མཐུན་པའི་ཕྱོགས་ཡིན་ནོ། །རྣམ་པ་གང་གིས་མཐུན་ཞེ་ན། དེའི་ཕྱིར་འདི་སྐད་དུ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་ཞེས་བྱ་བ་སྨོས་སོ། །དེ་ནི་བསྒྲུབ་པར་བྱ་བ་ཡང་ཡིན་ལ། ཆོས་ཀྱང་ཡིན་པས་བསྒྲུབ་པར་བྱ་བའི་ཆོས་ཏེ། ་དེའི་སྤྱི་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་བྱེ་བྲག་ནི་དོན་སོ་སོར་ངེས་པའི་ཕྱིར། དེ་དང་ནི་འགལ་ཡང་མཐུན་པ་མ་ཡིན་པས། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་ཞེས་བྱ་བ་སྨོས་སོ། །མི་མཐུན་པའི་ཕྱོགས་ཀྱང ་གང་ཡིན་སྙམ་པ་ལ། དེ་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་སྟེ་ཞེས་བྱ་བ་སྨོས་ཏེ། གང་མཐུན་པའི་ཕྱོགས་མ་ཡིན་པ་དེ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལ་གཞན་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལས་གཞན་པ་གང་ཡིན་པ་སྟེ། ་དཔེར་ན་ཚེ?་བའི་རེག་པ་བསྒྲུབ་པར་བྱ་བ་ལ་ཚ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པའི་དངོས་པོ་ལྟ་བུའོ། །དེ་དང་འགལ་བ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་དེ་དང་འགལ་བ་སྟེ། དཔེར་ན་ཚ་བའི་རེག་པ་ཁོ་ན་བསྒྲུབ་པར་བྱ་བ་ལ་གྲང་བའི་དངོས་པོ་ལྟ་བུའོ། །དེ་མེད་པའོ ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་མེད་པ་སྟེ། དཔེར་ན་མདོ་སྡེ་པའི་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་ལ་མི་རྟག་པ་ཉིད་མེད་པ་ཙམ་ཞིག་མི་མཐུན་པའི་ཕྱོགས་ཡིན་པ་ལྟ་བུ་སྟེ། ནམ་མཁའ་ལ་སོགས་པ་ལ་རྟག་པར་དེ་གང་ཡང་ཁས་མི་ལེན་པའི་ཕྱིར་རོ། །དོན་རྣམ་པ ་གསུམ་ཅར་མཐུན་པའི་ཕྱོགས་མ་ཡིན་པས་མི་མཐུན་པའི་ཕྱོགས་ཤེས་བྱ་སྟེ་མེད་པ་ནི་དངོས་སུ་མཐུན་པའི་ཕྱོགས་མ་ཡིན་ནོ། །གཞན་པ་དང་འགལ་བ་གཉིས་ནི་བརྒྱུད་པས་མཐུན་པའི་ཕྱོགས་མེད་པ་ཉིད་དོ། །ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱིས་མཚན ་ཉིད་དང་ལྡན་པའི་གཏན་ཚིགས་ནི་དུ་ཞིག་སྙམ་པ་ལ་དེའི་ཕྱིར། ཚུལ་གསུམ་འདག་ནི་རྟགས་གསུམ་ཁོ་ན་དང་ལྡན་པ་ཞེས་བྱ་བ་སྨོས་ཏེ། ཇི་སྐད་བསྟན་པའི་ཚུལ་གསུམ་ནི་གསུམ་ཁོ་ན་ལ་སྲིད་དེ་ལྷག་པ་མེད་དོ་ནི་ཞེས་བྱ་བ་ནི་བསྣན་པའི་དོན་ཏེ་རྟགས་གསུམ ་ཙར་ལ་ཡང་གསུམ་པོ་དག་བལྟ་བར་བྱའི། ཚུལ་རེ་རེ་འམ། ཚུལ་གཉིས་གཉིས་པར་ནི་མ་ཡིན་ནོ། །རྟགས་གསུམ་ཡང་གང་དག་ཡིན་སྙམ་པ་ལ། མི་དམིགས་པ་དང་རང་བཞིན་དང་འབྲས་བུའོ་ཞེས་བྱ་བ་སྨོས་ཏེ། རང་རང་གི་མིང་གིས་རྟགས་གསུམ་སྟོན་པར་བྱེད ་དོ། དེ་ལ་མི་དམིགས་པ་ནི་ཞེས་བྱ་བ་ནི་རེ་ཤིག་མི་དམིགས་པའི་རང་གི་ངོ་བོ་སྟོན་པར་བྱེད་དོ། །དཔེར་ན་ཞེས་བྱ་བ་ནི་ཉེ་བར་མཚོན་པའི་ཚིག་གོ། ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བུམ་པ་མེད་དེ་ཞེས་བྱ་བ་ནི་ཕྱོགས་ཉེ་བར་བཞག་པའི་ཚིག་ཡིན་ནོ། །དེ་ལ་འབྲེལ ་པ་ནི་འདི་ལྟར་བྱ་སྟེ། ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བུམ་པ་མེད་དེ་ཞེས་བྱ་བ་ལ་འགའ་ཞིག་ན་ཞེས་བྱ་བ་དེས་ནི་ཆོས་ཅན་བསྟན་ཏོ། །ཕྱོགས་ཀྱི་བྱེ་བྲག་ཅེས་བྱས་པས་ནི་དེ་ཉིད་བྱེ་བྲག་ཏུ་བྱས་པ་སྟེ། རྒོལ་བ་འདོད་པའི་ཕྱོགས་ན་བུམ ་པ་མེད་དོ། །ས་བསྟན་པར་འགྱུར་གྱི། ཕྱོགས་ཐམས་ཅད་ན་བུམ་པ་མེད་པར་སྒྲུབ་པ་ཡང་མ་ཡིན་ལ། གང་ཡང་རུང་བ་ཞིག་ན་ཡང་མ་ཡིན་ནོ། །དམིགས་པའི་རིག་བྱར་གྱུར་པ་ལས་ཞེས་བྱ་བ་དེས་ནི་གཏན་ཚིགས་ཀྱི་བྱེ་བྲག་སྟོན་ཏོ། །དམིགས་པ་ཞེས་བྱ་བ་ནི་ཤེས ་པ་ཡིན་པར་སྟོན་ཏོ། །དེ་ནི་རིག་པར་བྱ་བ་ཡིན་པས་རིག་བྱ་སྟེ་ཡུལ་ཞེས་བྱ་བའི་ཐ་ཚིག་གོ་།དམིགས་པའི་རིགས་བྱ་ནི་དམིགས་པའི་རིག་བྱའོ། །དེར་གྱུར་པ་ནི་དམིགས་པའི་རིགས་བྱར་གྱུར་པ་སྟེ། དམིགས་པའི་ཡུལ་ཉིད་དུ་རུང་ཞེས་བྱ་བའི་ཐ་ཚིག་གོ། མི་དམིགས ་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བ་ནི་མི་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་ཕྱོགས་ལ་སོགས་པ་ནི་སྣང་ལ་མཚུངས་པར་རུང་བའི་ངོ་བོ་བུམ་པ་ལ་སོགས་པ་ནི་མི་སྣང་བའི་ཕྱིར་ཏེ། བུམ་པས་སྟོང་པའི་ས་གཞི་སྣང་བའི་ཕྱིར་རོ་ཞེས་བྱ་བའི ་ཐ་ཚིག་གོ་།འོ་ན་དམིགས་པའི་རིག་བྱར་གྱུར་པ་དེ་ཡང་གང་ཡིན་སྙམ་པ་ལ་དེའི་ཕྱིར། དམིགས་པའི་རིག་བྱར་གྱུར་པ་ནི་དམིགས་པའི་རྐྱེན་གཞན་ཚང་བ་ཉིད་དང། རང་བཞིན་ཁྱད་པར་ཅན་ཞེས་བྱ་བ་སྨོས་ཏེ། དམིགས་པ་ཞེས་བྱ་བ་ནི་ཤེས་པའོ། །དེའི ་རྐྱེན་གཞན་ནི་དམིགས་པའི་རྐྱེན་གཞན་དག་གོ། དམིགས་པའི་རྐྱེན་ནི་དེར་བུམ་པ་ཉིད་དོ། །དེ་ལས་གཞན་པ་དག་ནི་དེ་མ་ཐག་པའི་རྐྱེན་ལ་སོགས་པ་དག་གོ། དེ་དག་ཚང་བ་ནི་དམིགས་པའི་རྐྱེན་གཞན་ཚང་བ་ཉིད་དེ། ཚོགས་པ་ནི་ཚང་བའི་སྒྲར་བརྗོད་དོ། །ཁྱད ་པར་ཅན་གྱི་རང་བཞིན་ནི་རང་བཞིན་ཁྱད་པར་ཅན་ཏེ། དེ་གཉིས་ནི་དམིགས་པའི་རིག་བྱར་གྱུར་པའི་སྒྲར་བརྗོད་དོ། །འོ་ན་རང་བཞིན་ཁྱད་པར་ཅན་གང་ཡིན་སྙམ་པ་ལ། རང་བཞིན་གང་ཡོད་ལ་དམིགས་པའི་རྐྱེན་གཞན་དག་ཀྱང་ཡང་ན་མངོན་སུམ་ཁོ་ནར ་འགྱུར་པའོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་གང་ཞིག་ཡོད་ཅིང་མིག་ལ་སོགས་པ་ཉེ་བར་གྱུར་ལ་བསྐལ་པ་རྣམ་པ་གསུམ་གྱིས་མ་བསྐལ་ན་མཐོང་བར་ནུས་པ་དེ་ནི་འདིར་རང་བཞིན་ཁྱད་པར་ཅན་དུ་བཞེད་དེ། དེས་ན་འདི་སྐད་དུ། མིག་ལ་སོགས་པ་ལ་ཚོགས་ཀྱང་བལྟར་རུང ་བ་བུམ་པ་མི་དམིགས་པའི་ཕྱིར། འདི་ན་བུམ་པ་མེད་དོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རང་བཞིན་ནི་རང་ཡོད་པ་ཙམ་དུ་གྱུར་པ་བསྒྲུབ་པར་བྱ་བའི་ཆོས་ཀྱི་གཏན་ཚིགས་ཏེ་ཞེས་བྱ་བ་སྨོས་ཏེ། ཡོད་པ ་ཙམ་ཞེས་བྱ་བ་ནི་བསྒྲུབ་པ་ཡོད་པ་ཙམ་ལ་བྱའོ། །ཡོད་པ་ཙམ་དུ་གྱུར་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་ཡོད་པ་ཙམ་དུ་གྱུར་པའོ། །ཡོད་པ་ཙམ་དུ་གྱུར་པ་བསྒྲུབ་པར་བྱ་བའི་ཆོས་དེ་ལ་རང་གི་གཏན་ཚིགས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དཔེར་ན་ཤིང་ཤ ་པ་ཡིན་པའི་ཕྱིར། འདི་ནི་ཤིང་ངོ་ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བ་ལ་ཤིང་ནི་ཤིང་ཤ་པ་ཙམ་དང་འབྲེལ་པ་ཡིན་ཏེ། དེ་ལྟ་བས་ན་དེས་སྒྲུབ་པར་བྱེད་དོ། །འབྲས་བུ་ནི་དཔེར་ན་དུ་བ་ཡོད་པའི་ཕྱིར། དེ་ན་མེ་ཡོད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་འབྲས་བུའི་གཏན ་ཚིགས་སྟོན་པར་བྱེད་དེ། མེ་ལ་རག་ལུས་ཏེ་སྐྱེ་བའི་དུ་བ་གང་ན་ཡོད་པ་དེ་ན་མེ་ཡོད་པར་ཁོང་དུ་ཆུད་པར་བྱེད་དོ། །འོ་ན་ཅིའི་ཕྱིར་རྟགས་གསུམ་དུ་རྣམ་པར་བཞག་སྙམ་པ་དེའི་ཕྱིར་འདི་ལ་གཉིས་ནི་དངོས་པོ་སྒྲུབ་པའོ། །གཅིག་ནི་དགག་པའི་གཏན་ཚིགས་སོ ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དངོས་པོ་དང། དངོས་པོ་མེད་པའི་ངོ་བོས་རྗེས་སུ་དཔག་པར་བྱ་བ་རྣམ་པ་གཉིས་ཡིན་པའི་ཕྱིར། དངོས་པོ་སྒྲུབ་པ་དང། དངོས་པོ་མེད་པ་སྒྲུབ་པའི་གཏན་ཚིགས་ཀྱང་གཉིས་སོ། །རྗེས་སུ་དཔག་པར་བྱ་བ་ལ་དངོས་པོའི་ངོ་བོ་ཡང་རྣམ་པ་གཉིས ་ཏེ། དངོས་པོ་དང་ཐ་དད་པ་དང། ཐ་མི་དད་པའོ། །རྗེས་སུ་དཔག་པར་བྱ་བའི་དངོས་པོའི་ངོ་བོ་རྣམ་པ་གཉིས་ཡོད་པས་དངོས་པོ་སྒྲུབ་པ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ལྟར་བསྒྲུབ་པར་བྱ་བའི་གཏན་ཚིགས་དངོས་པོ་དང་ཐ་དད་པས་ཀྱང་བསྒྲུབ་པར་བྱ ་བ་ཐ་མི་དད་པ་བསྒྲུབ་པར་མི་ནུས་ལ། བསྒྲུབ་པར་བྱ་བའི་གཏན་ཚིགས་ཐ་མི་དད་པས་ཀྱང་བསྒྲུབ་པར་བྱ་བ་ཐ་དད་པ་སྒྲུབ་པར་མི་ནུས་ཏེ། དེ་ལ་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་ཐ་མི་དད་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ།། ་སྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་ཐ་དད་པ་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ། །མི་དམིགས་པ་ནི་དངོས་པོ་མེད་པའི་གཏན་ཚིགས་ཡིན་ནོ། །དེ་བས་ན་གང་གི་ཕྱིར་གཉིས་ནི་དངོས་པོ་སྒྲུབ་པར་བྱེད་ལ། གཅིག་ནི་དགག་པ་སྒྲུབ་པར་བྱེད་པ་དེའི་ཕྱིར་རྟགས་གསུམ ་སྟེ། གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཁོ་ན་ཡིན་པར་བལྟ་བར་བྱའོ། །འོ་ན་ཅིའི་ཕྱིར། དངོས་པོ་སྒྲུབ་པར་བྱེད་པ་གཉིས་ཁོ་ན་ཡིན་སྙམ་པ་ལ། དེའི་ཕྱིར། རང་བཞིན་འབྲེལ་པ་ཡོད་ན། དོན་གྱིས་དོན་གོ་བར་བྱེད་དེ་ཞེས་བྱ ་བ་སྨོས་ཏེ། རང་བཞིན་དང་འབྲེལ་པ་དང། རང་བཞིན་གྱི་ངོ་བོས་འབྲེལ་པ་ནི་རང་བཞིན་གྱི་འབྲེལ་པ་སྟེ། དེ་ཡོད་ན་རྟགས་ཀྱི་མཚན་ཉིད་ཀྱི་དོན་གྱིས་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱི་དོན་ཡིད་ཆེས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་རང་བཞིན་འབྲེལ་པ་ཁོ་ན ་ཡོད་ན། དོན་གྱིས་དོན་གོ་བར་བྱེད་ཅེ་ན། དེའི་ཕྱིར། དེ་དང་མ་འབྲེལ་ན་དེར་མི་འཁྲུལ་པར་ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གང་ཞིག་དང་མ་འབྲེལ་པ་དེ་ནི། དེར་མི་འཁྲུལ་པར་གདོན་མི་ཟབ་མ་ཡིན་པ་དེའི་ཕྱིར། འབྲེལ་བ་ཡོད་ན་གོ་བར་བྱེད ་པ་དང། གོ་བར་བྱ་བ་ཡིན་པར་རིག་པར་བྱའོ། །གཞན་དུ་ནི་མ་ཡིན་ནོ། །ད་ནི་གང་ཞིག་གང་དང་འབྲེལ་པ་དང། ངོ་བོས་འབྲེལ་པ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། བསྒྲུབ་པར་བྱ་བའི་དོན་ལ་རྟགས་འབྲེལ་པ་དེ་ཡང་དངོས་སུ་ན་འགྲུབ་པར་བྱ་བའི་དོན་གྱི་རང་བཞིན་ཡིན ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དམ་པར་ན། རྟགས་འགའ་ཞིག་བསྒྲུབ་པར་བྱ་བའི་དོན་གྱི་རང་བཞིན་ཡིན་པ་དེའི་ཕྱིར་དེ་ནི་དེ་དང་འབྲེལ་པ་ཡིན་ནོ། །སྒྲུབ་པར་བྱ་བའི་དོན་ལས་བྱུང་བའི་ཕྱིར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར། རྟགས་འགའ་ཞིག་བསྒྲུབ ་པར་བྱ་བའི་དོན་ལས་བྱུང་བ་ཡིན་པ་དེའི་ཕྱིར། དེ་ནི་དེ་དང་འབྲེལ་པ་ཡིན་ནོ། །ཅིའི་ཕྱིར་ན། བསྒྲུབ་བར་བྱ་བའི་དོན་གྱི་རང་བཞིན་དང། བསྒྲུབ་པར་བྱ་བའི་དོན་ལས་བྱུང་བ་ཁོ་ན་རྟགས་ཀྱི་འབྲེལ་པ་ཉིད་དུ་བརྗོད་ཅེ་ན། དེའི་ཕྱིར། དེའི་རང་བཞིན་མ་ཡིན་པ་དང། དེ ་ལས་བྱུང་བ་མ་ཡིན་པ་དེ་ནི་དེ་དང་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་རང་བཞིན་གཅིག་པ་མ་ཡིན་པ་དང། གང་ཡང་བསྒྲུབ་པར་བྱ་བའི་དོན་ལས་བྱུང་བ་མ་ཡིན་པ་དེ་ནི་དེ་དང་རྣམ ་པ་གང་གིས་འབྲེལ་པར་བརྗོད། མ་འབྲེལ་པ་ནི་རྟགས་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དེའི་བདག་ཉིད་དང། དེ་ལས་བྱུང་བ་ཉིད་ཁོ་ནས་འབྲེལ་པ་ཉིད་དུ་བརྗོད་པར་བྱའི། །གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང། ་དེ་ལས་ཅི་ཞིག་ཏུ་འགྱུར་ཞེ་ན། དེའི་བདག་ཉིད་དང། དེ་ལས་བྱུང་བ་དེ་གཉིས་ཀ་རང་བཞིན་དང་འབྲས་བུ་ཁོ་ན་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དེའི་བདག་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་འབྲེལ་པ་ཡིན་ནོ། །དེ་ལས་བྱུང་བ་ནི་འབྲས་བུའི་གཏན་ཚིགས ་ཀྱི་འབྲེལ་པ་ཡིན་ཏེ། དེའི་ཕྱིར། དེ་གཉིས་ཁོ་ནས་དངོས་པོ་འགྲུབ་པའོ་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་དེའི་བདག་ཉིད་དང། དེ་ལས་བྱུང་བ་གཉིས་རང་བཞིན་དང་འབྲས་བུ་ཁོ་ན་ཡིན་པ་དེའི་ཕྱིར། དེ་གཉིས་ཁོ་ནས་དངོས་པོ་སྒྲུབ་པར་ནུས་ཀྱི། འབྲེལ ་པ་མེད་པ་གཞན་གྱིས་ནི་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་སྒྲུབ་པ་ནི་གཉིས་ཁོ་ནའོ་ཞེས་བྱ་བར་གནས་སོ། །གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་བཤད་པ་གང་ཡིན་པ་དེ་གང་ཞེ་ན། དེའི་ཕྱིར། དགག་པ་སྒྲུབ་པ་ཡང་མ་དམིགས་པ་ཇི་སྐད་སྨོས་པ ་ཁོ་ནས་འགྱུར་ཞེས་བྱ་བ་སྨོས་ཏེ། དམིགས་པའི་རིག་བྱར་གྱུར་པ་ལ་མི་དམིགས་པ་ཞེས་བཤད་པ་གང་ཡིན་པ་གཅིག་པོ་དེ་གཉིས་དགག་པའི་གཏན་ཚིགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར། དངོས་པོ་ཡོད་ན་ནི་དེ་མི་སྲིད་པའི་ཕྱིར་རོ། །ཞེས་བྱ ་བ་སྨོས་ཏེ། འདི་ལྟར་དངོས་པོ་ཡོད་པར་གྱུར་ན་དེ་མི་སྲིད་པ་ཉིད་དོ། །མི་དམིགས་པ་ཇི་སྐད་དུ་བཤད་པ་ཉིད་དངོས་པོ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཤེ་ན། གཞན་དུ་ན་ནི་ཡུལ་དང་དུས་དང་རང ་བཞིན་གྱིས་བསྐལ་པའི་དོན་དམིགས་པའི་རིག་བྱར་མ་གྱུར་པ་རྣམས་ལ་རང་གི་མངོན་སུམ་ལོག་ཀྱང་དངོས་པོ་མེད་པར་ངེས་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཇི་སྐད་སྨོས་པའི་ཁྱད་པར་ལ་མི་བརྟེན་ན། དེའི་ཚེ་དམིགས་པའི་རིག་བྱར ་གྱུར་པ་མ་ཡིན་པ་ཡུལ་དང། དུས་དང། རང་བཞིན་གྱིས་བསྐལ་པ་དག་གིས་བསྐལ་པའི་དོན་གང་དག་ཡིན་པ་དེ་དག་ལ་སྒྲུབ་པ་པོའི་མངོན་སུམ་ལོག་པ་གང་ཡིན་པ་དེས་དངོས་པོ་མེད་པར་ངེས་པར་བྱེད་མི་ནུས་སོ། །ནི་ཞེས་བྱ་བ་ནི། གང་གི་ཕྱིར་ཞེས་བྱ་བ་ནི་དོན་ཡིན ་པར་ཁོང་དུ་ཆུད་པར་བྱའོ། །ཡུལ་དང་དུས་དང་རང་བཞིན་རྣམས་ནི་ཡུལ་དང་དུས་དང་རང་བཞིན་དག་སྟེ། དེ་དག་གིས་བསྐལ་བ་ལ་ནི་དེ་སྐད་ཅེས་བརྗོད་དོ། །དེ་ལ་ཡུལ་དཔག་ཏུ་མེད་པས་བར་དུ་ཆོད་པ་ནི་ཡུལ་གྱིས་བསྐལ་པ་རྣམས་སོ། །བསྐལ་པ་མི་ཉུང་བ ་ཞིག་གིས་བར་དུ་ཆོད་པར་དག་ནི་དུས་ཀྱིས་བསྐལ་པ་རྣམས་སོ། །དབང་པོས་མི་སོད་པའི་དངོས་པོ་རྣམས་ནི་རང་བཞིན་གྱིས་བསྐལ་པ་དག་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་འདིར་དམིགས་པའི་རིག་བྱར་མ་གྱུར་བ་ཞེས་བྱ་བ་དེས་ནི་དམིགས་པའི ་རྐྱེན་ཚང་བ་མེད་པར་སྟོན་ཏོ། །ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བ་ཞེས་བྱ་བ་དེས་ནི་རང་བཞིན་ཁྱད་པར་ཅན་གྱིས་དངོས་པོ་མེད་པར་སྟོན་པར་བྱེད་དེ། དེ་ལྟ་བས་ན་མི་དམིགས་པ་ཇི་སྐད་བཤད་པ་ཉིད་དགག་པ་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ལྟར་རེ ་ཞིག་དུས་ཀྱི་བྱེ་བྲག་ཁས་མི་བླང་བར་ཇི་སྐད་སྨོས་པའི་མི་དམིགས་པ་ནི་དགག་པ་སྒྲུབ་པ་ཉིད་ཡིན་པར་བརྗོད་དོ། །ད་ནི་དུས་ཀྱི་བྱེ་བྲག་ཡོངས་སུ་སྨོས་པས་དེ་བསྒྲུབ་པ་ཉིད་དུ་བསྟན་བར་བྱ་བའི་ཕྱིར། མི་རྨོངས་པར་དྲན་པའི་འདུ་བྱེད་ཅེས་བྱ་བ་སྨོས་ཏེ། དྲན་པ ་སྐྱེད་བར་བྱེད་པའི་འདུ་བྱེད་ཡིན་ཏེ། དྲན་བའི་ས་བོན་ཞེས་བྱ་བའི་ཐ་ཚིག་གོ། མི་རྨོངས་པ་དྲན་པའི་འདུ་བྱེད་བུམ་པ་ལ་སོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །སྒྲུབ་པ་པོའི་མངོན་སུམ་འདས་པ་དང་ད་ལྟར་གྱི་ལོག་ཅེས་བྱ་བ་ནི་འདས་པ་དང། ད་ལྟར་གྱི་དུས་ནི་སྟོང་པའི་ངོ་བོའི ་ཕྱོགས་ལ་སོགས་པ་དམིགས་པ་གང་ཡིན་པའི་ཕྱོགས་ལ་སོགས་པ་དེ་དང་མཐུན་པར་རུང་བའི་ངོ་བོ་བུམ་པ་ལ་སོགས་པ་གང་ཡིན་པ་དེ་ནི་འདས་པ་དང། ད་ལྟར་གྱི་ཕྱོགས་དང་མཐུན་པར་རུང་བའི་ངོ་བོ་ཡིན་པའི་ཕྱིར་འདས་པ་དང་ད་ལྟར་དུ་བསྟན་ཏོ། །གཞན་དུ་ན་ནི་ཕྱོགས་ལ་སོགས ་པ་ནི་བུམ་པ་ལ་སོགས་པ་མེད་ན། འདས་པ་ཉིད་དུ་འམ། ད་ལྟར་ཉིད་དུ་ལྟ་ག་ལ་འགྱུར། སྒྲུབ་པ་པོ་ནི་ལྷས་བྱིན་ལ་སོགས་པའོ། །དེའི་མངོན་སུམ་གྱིས་ཡོངས་སུ་གཅད་པར་བྱ་བ་ཡིན་པའི་ཕྱིར། བུམ་པ་ལ་སོགས་པ་ནི་མངོན་སུམ་ཡིན་ནོ། །འདིར་ཡང་མངོན་སུམ་གྱིས ་ཡོངས་སུ་བཅད་པར་བྱ་བ་ཕྱོགས་ལ་སོགས་པ་དང་མཐུན་པར་རུང་བའི་ངོ་བོ་ཡིན་པའི་ཕྱིར། བུམ་པ་ལ་སོགས་པ་མངོན་སུམ་ཉིད་དུ་བསྟན་ཏོ། །དོན་དམ་པར་ན་དེ་ན་?་བུམ་པ་ལ་སོགས་པ་མེད་ན་ཇི་ལྟར་མངོན་སུམ་དུ་འགྱུར། དེ་སྐད་དུ་བཤད་པའི་ཚུལ་གྱིས་ནི་སྒྲུབ ་པ་པོའི་མངོན་སུམ་འདས་བ་དང། ད་ལྟར་གྱི་ལོག་པ་ནི་མ་ཡིན་པ་ལ་བརྟེན་པའི་ཕྱིར། གཞན་གྱི་དངོས་པོའི་མཚན་ཉིད་ཡིན་ཏེ། བུམ་པ་ལ་སོགས་པས་སྟོང་པའི་ས་གཞིའི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དངོས་པོ་མེད་པའི་ཐ་སྙད་འཇུག་སྟེ་ཞེས་བྱ ་བ་ལ་དངོས་པོ་མེད་པའི་ཐ་སྙད་ནི་འདི་ན་བུམ་པ་མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པར་ཤེས་པ་དང། ངོ་བོ་དེ་བརྗོད་པ་དང་དོགས་པ་མེད་པས་ཕྱོགས་ལ་སོགས་པ་དེར་འགྲོ་བའི་མཚན་ཉིད་འཇུག་པའོ། །ཤེས་པ་དང། རྗོད་པ་དང། འཇུག་པའི་མཚན་ཉིད་དངོས་པོ ་མེད་པའི་ཐ་སྙད་དེ་ནི་དེས་འཇུག་པར་བྱེད་བས་ན། དངོས་པོ་མེད་པའི་ཐ་སྙད་འཇུག་གོ། དེ་ནི་འདི་སྐད་དུ་འདས་པ་དང། ད་ལྟར་བྱུང་བའི་ཡུལ་མི་དམིགས་པ་ཁོ་ན་དངོས་པོ་མེད་པའི་ཐ་སྙད་སྒྲུབ་པ་ཡིན་གྱི། མ་འོངས་པའི་ཡུལ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། ་འདི་ལྟར་མ་འོངས་པའི་དུས་ཀྱི་ཕྱོགས་ལ་སོགས་པ་ཆོས་ཅན་ནི་མངོན་སུམ་མ་ཡིན་ཏེ། སྟོང་པའི་ཕྱོགས་ཀྱི་ངོ་བོ་དམིགས་པའི་མཚན་ཉིད་ཀྱང་དམིགས་པར་མི་འགྲུབ་བོ། །འདས་པའི་དུས་ལ་ནི་ཆོས་ཅན་ཡང་མངོན་སུམ་དུ་གྱུར་ལ། བུམ ་པས་སྟོང་པའི་ངོ་བོའི་ཕྱོགས་ཀྱང་དྲན་པས། དེ་གཉིས་ཀྱི་ཕྱིར་མི་རྨོངས་པར་དྲན་པའི་འདུ་བྱེད་ཅེས་བྱ་བ་སྨོས་སོ། །དེ་བས་ན་ཁ་རྩང་ལ་སོགས་པའི་ཉི་མ་དག་ལ་བུམ་པ་ལ་སོགས་པས་སྟོང་པའི་ངོ་བོའི་ཕྱོགས་ལ་སོགས་པ་དྲན་པ་ལ་དངོས་པོ་མེད་པའི་ཐ་སྙད ་འཇུག་པར་འགྱུར་རོ། །ད་ལྟར་གྱི་དུས་ལ་ནི་ཆོས་ཅན་བུམ་པ་ལ་སོགས་པས་དབེན་པའི་ཕྱོགས་ཀྱང་མངོན་སུམ་དུ་འགྲུབ་སྟེ། དེ་ལྟ་བས་ན་དེར་ནི་དངོས་པོ་མེད་པའི་ཐ་སྙད་གདགས་པར་ཡང་སླའོ། །མི་རྨོངས་པའི་དྲན་པའི་འདུ་བྱེད་ཅེས་བྱ་བ་སྨོས་པས་ནི། ་གཏན་ཚིགས་མ་གྲུབ་པ་ཡོངས་སུ་བསལ་བ་ཡིན་ཏེ། གཞན་དུ་ན་ནི་སྟོང་པའི་ངོ་བོའི་ཕྱོགས་ལ་སོགས་པ་མི་དྲན་ན། མི་དམིགས་པ་ཉིད་འགྲུབ་པར་མི་འགྱུར་རོ། །འདས་པ་དང། ད་ལྟར་ཞེས་བྱ་བས་ནི་དུས་ཀྱི་བྱེ་བྲག་ཡོངས་སུ་སྨོས་པར་བསྟན་ཏོ། །སྒྲུབ་པ་པོའི ་མངོན་སུམ་ཞེས་སྨོས་པས་ཀྱང་སྒྲུབ་པ་པོ་མ་ལུས་པའི་མངོན་སུམ་བསལ་བ་ཡིན་ནོ། །སྒྲུབ་པ་པོ་མ་ལུས་པའི་མངོན་སུམ་སྨོས་པས་ནི་གཏན་ཚིགས་འགྲུབ་པར་མི་འགྱུར་བ་ཉིད་དེ། སྒྲུབ་པ་པོ་ཐམས་ཅད་ཀྱི་མངོན་སུམ་ལོག་པ་ནི་ཕྱིར་རྒོལ་བ་ལ ་མི་འགྲུབ་པོ། །བཤད་མ་ཐག་པའི་མི་དམིགས་པ་ཉིད་དངོས་པོ་མེད་པའི་ཐ་སྙད་འཇུག་པ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཤེ་ན་དེ་ཉིད་ཀྱིས་དངོས་པོ་མེད་པར་ངེས་པའི་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དྲན་པ་མ་ཉམས་པའི་ས་བོན་སྒྲུབ་པ་པོའི་མངོན་སུམ་འདས་པ་དང། ་ད་ལྟར་བྱུང་བའི་ཡུལ་གྱི་དངོས་པོ་ལོག་པ་གང་ཡིན་པ་དེ་ཉིད་ཀྱིས་དངོས་པོ་མེད་པ་ངེས་པར་བྱེད་ནུས་ཀྱི། གཞན་མ་འོངས་པའི་ཡུལ་གྱིས་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་སྔར་བཤད་པའི་གཏན་ཚིགས་ཀྱིས་མི་དམིགས་པའི་ངོ་བོ་དང། དུས་ཀྱི་བྱེ་བྲག ་བཤད་ཟིན་ཏོ། །དེ་ནི་སྦྱོར་བའི་བྱེ་བྲག་བསྟན་པའི་ཕྱིར། དེ་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་གཅིག་སྟེ་ཞེས་བྱ་བ་སྨོས་སོ། །སྦྱོར་བ་ཞེས་བྱ་བ་ནི། མཚན་ཉིད་གསུམ་སྒྲུབ་པར་བྱེད་པའི་ཚིག་བརྗོད་པ་ཡིན་ནོ། །དེ་ནི་བྱེ་བྲག་གིས་མི་དམིགས་པ་རྣམ་པ་བཅུ་གཅིག་ཏུ་འགྱུར་རོ།། ་རྣམ་པའི་བྱེ་བྲག་བསྟན་པའི་ཕྱིར། རང་བཞིན་མི་དམིགས་པ་ནི་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱི་དངོས་པོ་རང་གི་ངོ་བོ་མི་དམིགས་པའོ། །དཔེ་བསྟན་པའི་ཕྱིར། དཔེར་ན་འདི་ན་དུ་བ་མེད་དོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཞེས་བྱ་བ་ནི་དཔེའི་ཚིག་ཡིན་ཏེ། འདིར་ཐམས་ཅད་དུ ་བལྟ་བར་བྱའོ། །འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །དུ་བ་མེད་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །དམིགས་པའི་རིག་བྱར་གྱུར་བ་ལས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་དམིགས་པའི་རྐྱེན་གཞན་དག་ནི་ཡོད་ན་བལྟར་རུང ་བའི་རང་བཞིན་དུ་བ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། འབྲས་བུ་མི་དམིགས་པ་ནི་ཞེས་བྱ་བ་ནི་འབྲས་བུ་མི་དམིགས་སོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེ་ནི་དཔེར་ན་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། ཞེས་བྱ་བ་སྨོས་ཏེ། ནུས་པ ་ཐོགས་པ་མེད་པ་མེ་དང་བུད་ཤིང་ལ་སོགས་པ་དུ་བའི་རྒྱུ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་ཅེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །དུ་བ་མེད་པའི ་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བ་ནི་གང་གི་ཕྱིར་འདི་ན་དུ་བ་མེད་པ་ཁོ་ན་ཡིན་པ་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། གལ་ཏེ་འདི་ན་དུ་བའི་རྒྱུ་ནུས་པ་ཐོབ་པ་མེད་པ་དག་ཡོད་ན་ནི་དུ་བ་ཡང་འབྱུང་བ་ཁོ་ནར་འགྱུར་རོ།། །།བམ་པོ་གཉིས ་པ། ཁྱབ་པར་བྱེད་པ་མི་དམིགས་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ན་ཁྱབ་པར་བྱེད་པ་སྟེ། དེ་མི་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་འདི་ན་ཤིང་མེད་པའི་ཕྱིར་ཤིང་ཤ་པ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བས་ནི་དཔེ་སྟོན་ཏོ། །ཤིང་ནི་ཤིང་ཤ་པ་ ་ལ་ཁྱབ་པར་བྱེད་པ་ཡིན་ཏེ། དེ་ལྡོག་པ་ན་དེ་ཡང་ལྡོག་པར་བྱེད་དོ། །འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །ཤིང་མེད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྟན་ཏོ། །ཤིང་ཤ་བ་མེད་དོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ།། ་རང་བཞིན་འགལ་བ་དམིགས་པ་ཞེས་བྱ་བ་ནི་རང་བཞིན་གྱི་འགལ་བ་ནི་རང་བཞིན་འགལ་བ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་གྲང་པའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བ་སྨོས་པའོ། །འདི་ན་ཞེས ་བྱ་བས་ནི་ཆོས་ཅན་བསྟན་ཏོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྙད་དོ། །གྲང་བའི་རེག་པ་མེད་དོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །འདི་ལྟར་མེ་ནི་གྲང་བའི་རེག་པ་དང་ལྷན་ཅིག་པར་འགལ་བས་དེ་ཡོད་ན་གྲང་པའི ་རེག་བཟློག་པར་བྱེད་དོ། །འགལ་བའི་འབྲས་བུ་དམིགས་པ་ཞེས་བྱ་བ་ནི་འགལ་བའི་འབྲས་བུ་ནི་འགལ་བའི་འབྲས་བུ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་འདི་ན་དུ་བ་ཡོད་པའི་ཕྱིར་གྲང་བའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བས་ནི ་དེ་བསྟོན་ཏོ། འདི་ན་ཞེས་བྱ་བ་ནི་ཆོས་ཅན་ཡིན་ནོ། །དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཡིན་ནོ། །གྲང་བའི་རེག་པ་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། །གྲང་བའི་རེག་པ་དང་འགལ་བ་ནི་མེ་ཡིན་ལ། དེའི་འབྲས་བུ་ནི་དུ་བ་ཡིན་ཏེ། དེ་བས་ན ་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་པ་ཡིན་ལ། གང་ན་མེ་ཡོད་པ་དེ་ན་གྲང་བའི་རེག་པ་ག་ལ་ཡོད། འགལ་བ་ཁྱབ་པ་དམིགས་པ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་ནི་འགལ་བ་ཁྱབ་པ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི་དཔེར་ན་དངོས་པོ་འབྱུང་པ ་ཡང་འཇིག་པར་ངེས་པར་འགྱུར་བ་མེད་དོ་ཞེས་བྱ་བ་སྨོས་ཏེ། ངེས་པར་འགྱུར་བ་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བའི་ཆོས་ཤེས་བྱ་བའི་ཐ་ཚིག་གོ་།དངོས་པོ་བྱུང་བ་ཞེས་བྱ་བ་ནི་དངོས་པོ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ་།དངོས་པོ་བྱུང་བ་འཇིག ་པ་ཞེས་བྱ་བས་ཆོས་ཅན་བསྟན་ཏོ། །ངེས་པར་འགྱུར་བ་མེད་དེ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །དེས་ནི་འདི་སྐད་དུ་དངོས་པོ་སྐྱེས་པ་གང་གདོན་མི་ཟ་བར་འཇིག་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་གང་ལས་ཤེ་ན། རྒྱུ་གཞན་ལ་བལྟོས་པའི ་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཇིག་པ་རྒྱུ་གཞན་ལ་བལྟོས་པར་ཁས་ལེན་ཏེ། རྒྱུ་གཞན་ལ་ལྟས་པ་གང་དག་ཡིན་པ་དེ་དག་ནི་གདོན་མི་ཟ་བ་མ་ཡིན་ནོ། །དཔེར་ན་རས་ལ་ཚོན་ལྟ་བུའོ། །འདིར་ཡང་ངེས་པར་འགྱུར་བ་ཉིད་དང་ནི་ངེས་པར་འགྱུར་བ་མ་ཡིན་པ་ཉིད་དུ ་ལྷན་ཅིག་པར་འགལ་ལ། དེས་ནི་རྒྱུ་གཞན་ལྟོས་པ་ལ་ཁྱབ་པས། དེ་བས་ན་གང་ན་རྒྱུ་གཞན་ན་བལྟོས་པ་ཉིད་ཡོད་པ་དེ་ན་ངེས་པར་འགྱུར་པ་མ་ཡིན་པ་ཉིད་དོ། །གང་ན་ངེས་པར་འགྱུར་བ་མ་ཡིན་པ་ཉིད་ཡོད་པ་དེ་ན་ངེས་པར་འགྱུར་བ་ཉིད་ལྟ་ག་ཡོད། འབྲས་བུ ་འགལ་བ་དམིགས་པ་ཞེས་བྱ་བ་ནི་འབྲས་བུ་དང་འགལ་བ་ནི་འབྲས་བུ་དང་འགལ་བ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨོས་པའོ། །འདི་ན་ཞེས ་བྱ་བ་ནི་ཆོས་ཅན་ཡིན་ནོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པའོ། །གྲང་བ་ནི་རྒྱུའི་ནུས་པ་ཐོགས་པ་མེད་པ་དག་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་པའོ། །འདིར་ཡང་གྲང་པའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་བ་ཡིན་ལ། གྲང་པ་ནི་མེར་ལྷན་ཅིག ་པར་འགལ་ཏེ། གང་ན་མེ་ཡོད་པ་དེ་ན་གྲང་བའི་རག་པ་ག་ལ་ཡོད། གང་ན་གྲང་པའི་རེག་པ་མེད་པ་དེ་ན་གྲང་པའི་རྒྱུའི་ཅུས་པ་ཐོགས་པ་མེད་པ་དག་ཀྱང་ཡོད་རེ་སྐན། གལ་ཏེ་དེ་ལྟ་བུའི་རྣམ་པ་དག་ཡོད་ན་ནི་གདོན་མི་ཟ་བར་གྲང་བར་ཡང་འགྱུར་རོ། །ཁྱབ་པར་བྱེད་པ་འགལ་བ ་དམིགས་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དང་འགལ་བ་ནི་ཁྱབ་པར་བྱེད་པ་འགལ་བ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་བ་མོའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨོས་སོ། །འདི་ནི་ཞེས་བྱ་བས་ནི་ཆོས ་ཅན་བསྟན་ཏོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྟན་ཏོ། །བ་མོའི་རེག་པ་མེད་དོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །བ་མོའི་རེག་པ་ནི་ཁ་བའི་རེག་པའོ། །དེ་ལ་ཁྱབ་པར་བྱེད་པ་ནི་གྲང་བའི་རེག་པའོ། །དེ ་དང་ལྷན་ཅིག་པར་འགལ་བ་ནི་མེ་སྟེ། དེ་བས་ན་གང་ལ་མེ་ཡོད་པ་དེ་ན་གྲང་བའི་རེག་པ་ག་ལ་ཡོད། གང་ན་གྲང་བའི་རེག་པ་མེད་པ་དེ་ན་བ་མོའི་རེག་པ་ཡང་ཡོད་རེ་སྐན། རྒྱུ་མི་དམིགས་པ་ཞེས་བྱ་བ་ནི་རྒྱུའི་མི་དམིགས་པ་ནི་རྒྱུའི་མི་དམིགས་པའོ་ཞེས ་ཚིག་རྣམ་པར་སྦྱར་རོ། །དཔེ་ནི། དཔེར་ན་འདི་ན་མེ་མེད་པའི་ཕྱིར་དུ་བ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལ། འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །མེ་མེད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་ཡང་དག་པར་བསྒྲགས་སོ། །དུ་བ་མེད་དོ་ཞེས་བྱ་བས་ནི་བསྒྲུབ ་པར་བྱ་བའི་ཆོས་བརྗོད་དོ། །འདིར་ཡང་མེའི་འབྲས་བུ་ནི་དུ་བ་ཡིན་པས། གང་ན་མེ་མེད་པ་དེ་ན་དུ་བ་ཡོད་རེ་སྐན། རྒྱུ་འགལ་བ་དམིགས་པ་ཞེས་བྱ་བ་ནི་རྒྱུ་དང་འགལ་བ་ནི་རྒྱུ་འགལ་བ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི། དཔེར་ན་འདི་ན་སྤུ ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དག་མེད་དེ་ཞེས་བྱ་བ་སྟེ། འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་པའོ། །སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་མེད་དེ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་པའོ། །སྤུ་ལོང་ཞེས་བྱེད་པ་ནི་སྤུ་གྱེན་དུ ་ལངས་པའོ། །དེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་སྟེ། སོགས་པ་སྨོས་པས་ནི། སོ་ཐམ་ཐམ་བྱེད་པ་དང། ལུས་འདར་བ་ལ་སོགས་པ་ཡོངས་སུ་བསྡུ་བའོ། །དེ་དག་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་ཡང ་ཡིན་ལ་བྱེ་བྲག་ཀྱང་ཡིན་པས། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དག་སྟེ། སྐྲག་པ་དང་དགའ་བ་ལ་སོགས་པ་དག་ཀྱང་སྤུ་ལོང་ཞེས་བྱེད་པ་ལ་སོགས་པར་འགྱུར་བས། དེ་བསལ་བར་བྱ་བའི་ཕྱིར་བྱེ་བྲག་ཅེས་སྨོས་ཏེ། འདི་ལ་ནི་གང་དག ་ལྷགས་པས་ཉེན་པ་དེ་དག་ཡིན་པར་རྟོགས་པར་བྱའོ། །གདུང་བར་བྱེད་པའི་བྱེ་བྲག་ཉེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་གདུང་པར་བྱེད་པའི་བྱེ་བྲག་ནི་མེའི་བྱེ་བྲག་གོ་།ཉེ་བ་ཞེས་བྱ་བ་ནི་ཐག་ཉེ་བ་སྟེ། དེ་ནི་གདུང་བར་བྱེད་པའི་བྱེ་བྲག་ཀྱང་ཡིན་ལ་ཉེ་བ་ཡང་ཡིན་པས་གདུང ་པར་བྱེད་པའི་བྱེ་བྲག་ཉེ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་བས་ན་གདུང་བར་བྱེད་པའི་བྱེ་བྲག་ཉེ་བའི་ཕྱིར་མེའི་རྣམ་པ་ཇི་ལྟ་བུས་གྲང་བ་ཟློག་པར་བྱེད་ནུས་པ་དེ་ལྟ་བུའི་རྣམ་པ་བསྒྲུབ་པར་བྱ་བའི་ཕྱིར་བྱེ་བྲག་ཅེས་སྨོས་སོ། །དེ་བས་ན་འདིར་སྤུ་ལོང་ཞེས་བྱེད་པ་ལ་སོགས ་པའི་བྱེ་བྲག་གི་རྒྱུ་ནི་གྲང་པའི་རེག་པ་ཡིན་ནོ། །དེ་དང་འགལ་བ་ནི་མེ་ཡིན་ལ། མེ་ཉེ་ན་གྲང་བའི་རེག་པ་ཟློག་པར་བྱེད་དོ། །གྲང་བ་ལོག་ན་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་ལྟ་ཡོད་རེ་སྐན། རྒྱུ་འགལ་བ་འབྲས་བུ་དམིགས་པ་ཞེས་བྱ་བ་ནི་རྒྱུ་དང ་འགལ་བ་ནི་རྒྱུ་འགལ་བ་ཡིན་ལ། དེའི་འབྲས་བུ་ནི་རྒྱུ་འགལ་བའི་འབྲས་བུ་སྟེ། དེ་དམིགས་པ་ནི་རྒྱུ་འགལ་བའི་འབྲས་བུ་དམིགས་པའོ། །དཔེ་ནི། དཔེར་ན་ཕྱོགས་འདི་ན་དུ་བ་ཡོད་པའི་ཕྱིར། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི ་མི་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨོས་པའོ། །ཕྱོགས་འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །དུ་བ་ཡོད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྟན་ཏོ། །སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པ་ནི། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པ་སྟེ། འདི་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང ་ལྡན་པ་ཡང་ཡིན་ལ་མི་ཡང་ཡིན་པས་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་སྟེ། དེ་ཕྱོགས་གང་ན་ཡོད་པ་དེ་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་དང་ལྡན་པ་ཞེས་བྱ་བའོ། །འདིར་སྤུ་ལོང་ཞེས་བྱེད་པ ་ལ་སོགས་པའི་བྱེ་བྲག་གི་རྒྱུ་ནི་གྲང་བའི་རེག་པ་ཡིན་ནོ། །དེ་དང་འགལ་བ་ནི་མེ་ཡིན་ལ། མེའི་འབྲས་བུ་ནི་དུ་བ་ཡིན་ཏེ། དེ་བས་ན་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ལ། གང་ན་མེ་ཡོད་པ་དེ་ན་གྲང་པའི་རག་པ་མེད་དོ། །གང་ན་གྲང་བའི་རེག་པ་མེད ་པ་དེ་ན་གྲང་བའི་འབྲས་བུ་སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་དག་ལྟ་ཡོད་པར་ག་ལ་འགྱུར། སྔར་ནི་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་གཅིག་པོ་དགག་པའི་གཏན་ཚིགས་སུ་བཤད་པ་མ་ཡིན་ནམ། འོ་ན་ཇི་ལྟར་འབྲས་བུ་མི ་དམིགས་པ་ལ་སོགས་པ་དང། རང་བཞིན་འགལ་བ་དམིགས་པ་ལ་སོགས་པ་དག་གིས་དགག་པར་བྱེད་ཅེ་ན། དེའི་ཕྱིར། འབྲས་བུ་མི་དམིགས་པ་ལ་སོགས་པ་མི་དམིགས་པ་ལ་སོགས་པའི་སྦྱོར་བ་བཅུ་པོ་དེ་དག་ཐམས་ཅད་ནི་རང་བཞིན་མི ་དམིགས་པའི་ནང་དུ་བསྡུ་བར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་བཤད་མ་ཐག་པ་རྣམས་སོ། །ཐམས་ཅད་ཅེས་བྱ་བ་ནི་གྲངས་བཅུར་ཡོངས་སུ་ཆད་པ་རྣམས་མ་ལུས་པ་སྟེ། མི་དམིགས་པའི་སྦྱོར་བ་རྣམས་ནི་རང་བཞིན་མི་དམིགས་པའི ་ནང་དུ་འདུ་བར་འགྱུར་རོ། །རང་བཞིན་མི་དམིགས་པའི་སྦྱོར་བ་ཡང་གཞན་ལ། འབྲས་བུ་མི་དམིགས་པ་ལ་སོགས་པ་ཡང་གཞན་ཏེ། འདི་ལྟར་འབྲས་བུ་མི་དམིགས་པ་ལ་སོགས་པ་དག་ལ་ནི་དོན་གཞན་དགག་པ་ཡིན་ལ། རང་བཞིན་འགལ་བ་དམིགས ་པ་ལ་སོགས་པ་ལ་ནི་དོན་གཞན་ཡོད་པ་མ་ཡིན་ནམ། འོ་ན་ཇི་ལྟར་ན་དེའི་ནང་དུ་འདུ་ཞེ་ན། དེའི་ཕྱིར་དོན་གཞན་ཡོད་པ་དང་དགག་པ་དག་གིས་སྦྱོར་བ་ཐ་དད་ཀྱང་བརྒྱུད་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དོན་གཞན་ཡོད་པ་དང། དགག་པ་དག་གིས་ ་སྦྱོར་བ་ཐ་དད་དུ་གྱུར་ཀྱང། བརྒྱུད་པས་འདིའི་ནང་དུ་འདུ་བར་དགོངས་ཀྱི། དངོས་སུ་ནི་མ་ཡིན་ཏེ། འདི་ལྟར་རེ་ཞིག་འབྲས་བུ་མི་དམིགས་པ་དག་ལ་ནི་དུ་བ་མེད་པས་ན། དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་པར་རྟོགས་པར་འགྱུར་ལ། གང་ན་དུ ་བ་མེད་པ་དེ་ན་དེའི་རྒྱུད་དམིགས་པའི་རིག་བྱར་གྱུར་པ་ཁོ་ན་དག་མི་དམིགས་པས། རང་བཞིན་མི་དམིགས་པར་འདུས་སོ། །སྒྲུབ་པ་པོ་རྣམས་ཀྱི་བསམ་པ་ཐ་དད་པའི་ཕྱིར་རོ། །ལ་ལ་ནི་འབྲས་བུ་མེད་པའི་སྒོ་ནས་རྒྱུ་མེད་པར་རྟོགས་པར་འགྱུར་རོ། །ལ་ལ་ནི་རང ་བཞིན་མེད་པའི་སྒོ་ནས་ཏེ། དེ་བཞིན་དུ་ཁྱབ་པར་བྱེད་པ་མི་དམིགས་པ་དང། རྒྱུ་མི་དམིགས་པར་བརྒྱུད་པར་ཁོང་དུ་ཆུད་པར་བྱའོ། །རང་བཞིན་འགལ་བ་དམིགས་པ་ལ་ཡང་མེ་ཡོད་པས་གྲང་བ་མེད་པར་རྟོགས་པར་བྱེད་ལ། གང་ན་མེ་ཡོད་པ་དེ་ན་དམིགས ་པའི་རིག་བྱར་གྱུར་པ་གྲང་བའི་རེག་པ་མི་དམིགས་པས་རང་བཞིན་མི་དམིགས་པའི་ནང་དུ་འདུའོ། །དེ་བཞིན་དུ་འགལ་བའི་འབྲས་བུ་དམིགས་པ་ལ་ཡང་དུ་བས་མི་བསྒྲུབས་ན་གྲང་བ་མེད་པར་ཁོང་དུ་ཆུད་པར་བྱེད་དོ། །དེར་ཡང་དམིགས་པའི་རེག་བྱར ་གྱུར་པ་གྲང་བ་མི་དམིགས་པས་ན། རང་བཞིན་མི་དམིགས་པའི་ནང་དུ་འདུ་བ་ཉིད་དོ། །འགལ་བ་ཁྱབ་པ་མི་དམིགས་པ་ལ་ཡང་རྒྱུ་གཞན་ལ་བལྟོས་པ་ཉིད་ཀྱིས་ངེས་པར་འགྱུར་བ་མེད་པ་ཉིད་བསྒྲུབས་ནས། ངེས་པར་འགྱུར་བ་ཉིད་སེལ་བར་བྱེད་དེ། ་དེ་ཡང་དེར་དམིགས་པའི་རིག་བྱར་གྱུར་པ་ཁོ་ན་མི་དམིགས་པ་ཞེས་སྔ་མ་བཞིན་དུ་འདུ་བར་འགྱུར་རོ། །དེ་ནི་དཔེའི་སྒོ་ནས་རིག་པར་བྱ་སྟེ། འདི་ལྟར་གོས་ཀྱིས་ཚོན་ཐམས་ཅད་དུ་སྣང་དུ་རུང་བའི་རང་བཞིན་ཡིན་ཡང་མི་དམིགས་པ་བཞིན་ནོ། །དེ ་བཞིན་དུ་རྒྱུ་འགལ་བའི་འབྲས་བུ་དམིགས་པའི་ག་ལ་ཡང་དུ་བས་མེ་བསྒྲུབས་ཏེ། གྲང་བ་ཟློག་པར་བྱེད་ལ། དེ་ལོག་ན་གང་ན་ཡང་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་མེད་པར་སྒྲུབ་པར་བྱེད་དེ། དེ་ཡང་དེར་དམིགས ་པའི་རིག་བྱར་གྱུར་པའི་མི་དེ་ལྟ་བུ་ཁ་ནས་མི་དམིགས་པས། རང་བཞིན་མི་དམིགས་པའི་ནང་དུ་འདུ་བ་ཉིད་དོ། །གང་དག་འབྲས་བུ་དང་རྒྱུ་གཉིས་ཁྱབ་པ་དང་ཐ་མི་དད་པ་དག་གིས་བྱེ་བྲག་མེད་པར་ཉེ་བར་བཏགས་ནས། རང་བཞིན་མི་དམིགས ་པའི་ནང་དུ་འདུའོ་ཞེས་བརྗོད་བ་དེ་དག་གི་དེ་ནི་བཏགས་པས་འདུ་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དམ་བཅས་པའི་ཕྱོགས་གཅིག་ཀྱང་གཏན་ཚིགས་སུ་འགྱུར་ལ། བརྒྱུད་པའི་དོན་ཡང་མི་འཐད་དོ། །རང་བཞིན་འགལ་བ་དམིགས་པ ་ལ་སོགས་པ་དག་ལ་ཡང་མི་མཐུན་པ་ཅན་གྱི་ཆད་མས་བཟློག་པར་བརྗོད་པར་འདུའོ་ཞེས་བྱ་བ་ནི། གང་ཞིག་གང་དང་མཐུན་པར་འགྱུར། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ནི་སྦྱོར་བ་ནི་སྲིད་པ་མ་ཡིན་ནམ། དེར་མི་དམིགས་པར་སྦྱོར་བའི་བྱེ་བྲག་ལས་རྣམ་པ་བཅུ ་གཅིག་གོ་ཞེས་བྱ་བ་ག་ལས་ཤེ་ན་ཡང་དེའི་ཕྱིར། སྦྱོར་བ་མཐོང་བ་གོམས་པ་ལས་བདག་ཉིད་ཀྱང་དེ་བཞིན་དུ་རྣམ་པར་བཅད་པ་རྟོགས་པར་འགྱུར་བས། བདག་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་བྱེ་བྲག་བསྟན་ཏོ་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་རྣམས་མཐོང་བ ་ནི་རྟོགས་པའོ། །དེ་ཡང་དང་དུ་མངོན་དུ་བྱེད་པ་ནི་གོམས་པའོ། །དེ་ལྟ་བས་ན་སྦྱོར་བ་རྣམས་ལ་ཤིན་ཏུ་གོམས་པའི་ཕྱིར། བདག་ཉིད་ཀྱང་གང་གི་ཚེ་འགའ་ཞིག་རྣམ་པར་བཅད་པ་རྟོགས་པར་བྱེད་པ་དེའི་ཚེ། སྦྱོར་བའི་ཚུལ་ཁོ་ནས་རྟོགས་པར་འགྱུར་ཏེ། དེ ་ལྟ་བས་ན་བདག་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་མི་དམིགས་པའི་སྦྱོར་བའི་བྱེ་བྲག་བསྟན་ཏོ། །རྣམ་པར་དཔྱད་པ་རྟོགས་པ་ནི་དགག་པ་ཡིད་ཆེས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་རྣམ་པར་དཔྱད་པར་རྟོགས་པ་སྟེ་བྱེ་བྲག་ཏུ་རྟོགས་པ་ཞེས་བྱ་བའི་ཐ་ཚིག ་གོ། རང་བཞིན་མི་དམིགས་པ་ལ་བྱེ་བྲག་སྨོས་ཀྱི། འབྲས་བུ་མི་དམིགས་པ་ལ་སོགས་པ་ལ་ནི་དེ་མེད་པས་དེའི་ཕྱིར། ཇི་ལྟ་ན་དེ་དག་མ་འཁྲུལ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར། མེད་པའི་ཐ་སྙད་སྒྲུབ་པའི་མི་དམིགས་པ་དེ་ཐམས་ཅད་ལ་རང་བཞིན་འགལ ་བ་ལ་སོགས་པ་དམིགས་པ་དང། རྒྱུ་ལ་སོགས་པ་མི་དམིགས་པས་དགག་པར་བཤད་པ་གང་ཡིན་པ་དེ་དག་ནི་དམིགས་པའི་རིག་བྱར་གྱུར་པ་ཁོ་ན་དག་ལས་དམིགས་པ་དང། མི་དམིགས་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་དེ ་ནི་མེད་པའི་ཐ་སྙད་སྒྲུབ་པ་མི་དམིགས་པ་རྣམ་པ་མང་པོ་བཤད་པ་གང་ཡིན་པ་དེ་ཐམས་ཅད་དུ་བལྟ་བར་བྱ་སྟེ། གལ་ཏེ་རྒྱུ་ལ་སོགས་པ་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་ཞིག་ཡིན་ན་ནི། དེའི་ཚེ་འབྲས་བུ་ལ་སོགས་པ་དགག་པ་སྒྲུབ་ནུས ་ཀྱི་གཞན་དུ་ན་མ་ཡིན་ནོ། །རང་བཞིན་འགལ་བ་ལ་སོགས་པ་ཡང་གལ་ཏེ་དམིགས་པའི་རིག་བྱར་གྱུར་པ་ཞིག་ཡིན་ན་ནི། དེའི་ཚེ་མི་མཐུན་པ་ཅན་དགག་པར་ནུས་ཀྱིས། གཞན་དུ་ན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། གཞན་དག་ལ་ནི་འགལ་བ་དང། ་རྒྱུ་དང། འབྲས་བུ་ཡོད་པ་དང། མེད་པ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འགལ་བ་དང། རྒྱུ་དང། འབྲས་བུ་ཡོད་པ་དང། མེད་པ་ནི་འགལ་བ་དང། རྒྱུ་དང། འབྲས་བུ་ཡོད་པ་དང་མེད་པ་དག་སྟེ། དེ་དག་མི་འགྲུབ་པ་ལ་ནི་དེ་སྐད་ཅེས་བརྗོད་དོ། །དེ་ནི་འདི་སྐད ་དུ་གང་དག་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་པ་དེ་དག་ལ་ནི་འགལ་བ་ཡང་མི་འགྲུབ་ལ། འགལ་བ་མེད་པ་ཡང་མི་འགྲུབ་བོ། །རྒྱུ་དང་འབྲས་བུ་ཡོད་པར་ཡང་མི་འགྲུབ་ལ། རྒྱུ་དང་འབྲས་བུ་ཉིད་མེད་པར་ཡང་མི་འགྲུབ་པོ་ཞེས་བསྟན་པར་འགྱུར ་སྟེ། འདི་ལྟར་དམིགས་པའི་རིག་བྱར་གྱུར་པ་རྒྱུན་ཆགས་སུ་འཇུག་པ་གང་དག་མཐོང་བ་རྣམས་ལ་ནི་འགའ་ཞིག་ཉེ་བས་མ་སྣང་ན་ནི་དེ་དང་འགལ་བར་ཡིད་ཆེས་པར་ཡང་ནུས་ལ། གང་དག་འགའ་ཞིག་ཉེ་ན་ཡང་དེ་ཁོ་ན་བཞིན་དུ་འདུག་སྟེ། དམིགས་པ ་དེ་ལ་ནི་འགལ་བ་མེད་དོ་ཞེས་ངེས་པར་བྱེད་དོ། །དེ་བཞིན་དུ་དམིགས་པའི་རིག་བྱར་གྱུར་པ་གང་ཡོད་ན། དམིགས་པའི་རིག་བྱར་གྱུར་བ་སྔོན་མ་མཐོང་བ་གང་ཞིག་དམིགས་ལ། དེ་མེད་ན་མི་དམིགས་ན། དེ་ནི་དེ་ལས་བྱུང་ངོ་ཞེ་དེ་གཉིས་རྒྱུ་དང་འབྲས ་བུའི་དངོས་པོར་ངེས་པར་བྱེད་ལ། གང་མེད་ཀྱང་གང་ཞིག་དམིགས་པ་དེ་གཉིས་ནི་རྒྱུ་དང་འབྲས་བུ་ཉིད་དུ་མེད་པར་རྟོགས་པར་བྱེད་དོ། །དེ་ལྟར་རེ་ཞིག་མེད་པའི་ཐ་སྙད་སྒྲུབ་པ་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་རྣམ་པར་བཞག་པ་བཤད ་ཟིན་ཏོ། །འོ་ན་དེ་ལས་གཞན་པས་ཅི་ཞིག་སྒྲུབ་ཅེ་ན། བསྐལ་པའི་ཡུལ་མི་དམིགས་པ་མངོན་སུམ་དང། རྗེས་སུ་དཔག་པ་ལོག་པའི་མཚན་ཉིད་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། བསྐལ་པའི་ཡུལ་མངོན་སུམ་དང། རྗེས་སུ ་དཔག་པ་ལོག་པའི་རང་བཞིན་གང་ཡིན་པ་དེ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་གྱི། དངོས་པོ་མེད་པའི་ཐ་སྙད་ཀྱི་གཏན་ཚིགས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚད་མ་ལོག་ཀྱང་དོན་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཚད་མ་ལོག་པའི་མཚན་ཉིད་དུ་ནི་བསྐལ ་པའི་ཡུལ་མི་དམིགས་པ་སྟེ། ཚད་མ་ལོག་ཀྱང་དོན་མེད་པར་མི་འགྲུབ་བོ། །ཚད་མ་ནི་དོན་གྱི་འབྲས་བུ་ཡིན་པས་ཚད་མ་ལོག་པས་རྒྱུ་ཙམ་ལྡོག་པར་མི་འགྲུབ་བོ། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ལས་ལེའུ་གཉིས་པའོ།། །། ་ཡང་དག་པའི་ཤེས་པ་བསྟན་པའི་ཞར་ལ། རང་གི་དོན་དང། གཞན་གྱི་དོན་གྱི་བྱེ་བྲག་གིས་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་ཁས་བླངས་པ་དེ་ལས་རང་གི་དོན་ནི་སྤྲོས་པ་དང་བཅས་ཏེ་བཤད་ཟིན་ཏོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པར་བཞེད་ནས། ་འདི་སྐད་དུ། གཞན་གྱིས་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་བརྗོད་པ་སྟེ། ཞེས་བྱ་བ་སྨོས་སོ། །འདིས་བརྗོད་པར་བྱེད་པས་ན་རྗོད་པ་སྟེ་ཚིག་ཅེས་བྱའོ། །འདི་ཚུལ་གསུམ་བཅན་ཡིན་པས་ན་འདི་ནི་ཚུལ་གསུམ་པའོ། །འདི་ནི་ཚུལ་གསུམ་པ་ཡང་ཡིན་ལ ་རྟགས་ཀྱང་ཡིན་པས་ཚུལ་གསུམ་པའི་རྟགས་ཏེ། དེ་བརྗོད་པ་ལ་ནི་དེ་སྐད་ཅེས་བྱའོ། །རྗེས་སུ་དཔག་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་བཤད་ན། ཇི་ལྟར་ན་རྗེས་སུ་དཔག་པ་ཚིག་ཡིན་ཞེ་ན། དེའི་ཕྱིར། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྒྱུ་ནི ་ཚིག་ཡིན་ལ། འབྲས་བུ་ནི་རྗེས་སུ་དཔག་པ་ཡིན་པས། ཚིག་ལ་རྗེས་སུ་དཔག་པ་དེར་སྒྲོ་བཏགས་ནས། ཚིགས་དེ་ཉིད་ལ་རྗེས་སུ་དཔག་པ་ཞེས་བཤད་དེ། རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་རྣམ་པ་གཉིས་ཏེ ་ཞེས་བྱ་བ་ལ་དེ་ནི་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དང་སྦྱར་རོ། །ཚུལ་གསུམ་པའི་རྟགས་བརྗོད་པ་ཡིན་ན། ཇི་ལྟར་རྣམ་པ་གཉིས་ཞེས་བྱ་ཞེ་ན། སྦྱོར་བའི་བྱེ་བྲག་གིས་ཞེས་བྱ་བ་སྨོས་སོ། །སྦྱོར་བ་ནི་ཚིག་ཏུ་??་འབོད?་པ་སྟེ་དེའི་བྱེ་བྲག་གིས་རྣམ་པ་གཉིས་ཉིད་དོ།། ་རྣམ་པ་གཉིས་པོ་གང་ཡིན་ཞེ་ན། ཆོས་མཐུན་པ་ཉིད་ཅན་དང། ཆོས་མི་མཐུན་པ་ཉིད་ཅན་ནོ་ཞེས་བྱ་བ་སྨོས་སོ། །འདི་ནི་ཆོས་མཐུན་པ་ཡིན་པས་འདི་ནི་ཆོས་མཐུན་པའོ། །ཆོས་དེའི་དངོས་པོ་ནི་ཆོས་མཐུན་པ་ཉིད་དོ། །དེ་གང་ལ་ཡོད་པ་དེ་ནི་ཆོས་མཐུན་པ་ཉིད་ཅན་ཞེས ་བྱའོ། འདི་ཆོས་མི་མཐུན་པ་ཡིན་པས་ཆོས་མི་མཐུན་པའོ། །ཆོས་མི་མཐུན་པའི་དངོས་པོ་ནི་ཆོས་མི་མཐུན་པ་ཉིད་དོ། །དེ་གང་ལ་ཡོད་པ་དེ་ནི་ཆོས་མི་མཐུན་པ་ཉིད་ཅན་ཏེ། རྗེས་སུ་འགྲོ་བ་དང་ལྡན་པ་དང། ལྡོག་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་རྗེས་སུ ་འགྲོ་བ་དང་ལྡན་པ་ནི་ཆོས་མཐུན་པ་ཉིད་ཀྱི་སྦྱོར་བ་ཡིན་ལ། ལྡོག་པ་དང་ལྡན་པ་ནི་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་ཡིན་ནོ། །དོན་དུ་ཡང་བྱེ་བྲག་ཡོད་ན། དེ་ཅིའི་ཕྱིར་སྦྱོར་བའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ་ཞེས་བརྗོད་ཅེ་ན། དེའི་ཕྱིར་འདི་གཉིས་དོན་དུ་ནི་བྱེ་བྲག་ཅི ་ཡང་མེད་དོ་ཞེས་བྱ་བ་སྨོས་ཏེ། ཆོས་མཐུན་པ་ཉིད་ཅན་ཡང་ཚུལ་གསུམ་ལ་བལྟོས་པར་བྱ་བ་ཡིན་ལ། ཆོས་མི་མཐུན་པ་ཉིད་ཅན་ཡང་ཚུལ་གསུམ་ལ་བལྟོས་པར་བྱ་བ་ཡིན་ཏེ། དེ་བས་ན་ཐམས་ཅད་ལ་ཚུལ་གསུམ་ཡོད་པའི་ཕྱིར་རོ། །དོན་ལ་ནི་བྱེ་བྲག་ཕྲ་མོ ་ཡང་མེད་དོ། །སྦྱོར་བའི་བྱེ་བྲག་མ་གཏོགས་པར་ཞེས་བྱ་བ་ནི་འདིར་སྦྱོར་བའི་དབྱེ་བ་ཁོ་ནར་ཟད་ཀྱི་ཁོ་ན་ནི་མ་ཡིན་ཏེ། འདི་ལྟར་གཅིག་ཡིན་རྗེས་སུ་འགྲོ་བ་དངོས་སུ་བརྗོད་པར་བྱེད་ལ། ལྡོག་པ་ནི་ཤུགས་ཀྱིས་གོ་པར་བྱེད་དོ། །གཉིས་པ་ལ་ཡང་ལྡོག་པ་ནི་དངོས་སུ་རྗོད ་པར་བྱེད་ལ། རྗེས་སུ་འགྲོ་བ་ནི་དོན་གྱིས་ཤེས་པར་བྱེད་དོ། །དེ་ལ་ཆོས་མཐུན་པ་ཉིད་ཅན་ནི་ཞེས་བྱ་བ་ནི་རེ་ཞིག་དང་པོར་ཉེ་བར་འགོད་པའོ། །དམིགས་པའི་རིག་བྱར་གྱུར་བ་གང་མ་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་དུ་གྲུབ་སྟེ། ཞེས་བྱ་བ་འདི་ནི་མི? ་དམིགས་པའི་རྗེས་སུ་འགྲོ་བ་བསྙད་པ་ཡིན་ནོ། །དཔེར་ན་རི་བོང་གི་རྭ་ལ་སོགས་པ་གཞན་འགའ་ཞིག་མཐོང་བ་བཞིན་དུ་ཞེས་བྱ་བ་ལ། མེད་པའི་ཐ་སྙད་ཀྱི་ཡུལ་ཏུ་མཐོང་བ་དེ་ནི་དཔེར་ན་རི་བོང་གི་རྭ་ལ་སོགས་པ་ལྟ་བུའོ། །མཐོང་བ་ཞེས་བྱ་བ ་ནི་གྲུབ་པ་སྟེ་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ་།དེས་ནི་དཔེ་བསྟན་ཏོ། །ཕྱོགས་ཀྱི་བྱེ་བྲག་གང་ན་དམིགས་པའི་རིག་བྱར་གྱུར་པ་བུམ་པ་མི་དམིགས་པ་ཞེས་བྱ་བ་འདིས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ནི་ཞེས་བྱ་བ་ནི་གཏན ་ཚིགས་གཉིས་པའི་སྦྱོར་བ་ཆོས་མཐུན་པ་ཉིད་ཅན་སྟོན་པའོ། །གང་ཡོད་པ་དེ་ཐམས་ཅད་ནི་མི་རྟགས་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ལ། གང་ཞེས་བྱ་བ་ནི་དངོས་པོ་ཅི་ཡང་རུང་བ་ཡོད་པ་དེ་ཐམས་ཅད་ནི་རིལ་གྱིས་མི་རྟག་པ ་སྟེ། དེས་ནི་རྗེས་སུ་འགྲོ་བ་ཙམ་སྟན་ཏོ། །རང་བཞིན་དག་པའི་སྦྱོར་བའོ་ཞེས་བྱ་བ། རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་བྱེ་བྲག་དང་བྲལ་བ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་། གང་སྐྱེ་བ་དང་ལྡན་པ་དེ་ནི་མི་རྟོག་པའོ། །ཞེས་བྱ་བའི་ཚིག་འདི་ནི་རང་བཞིན་གཏན་ཚིགས ་གཉིས་པའི་རྗེས་སུ་འགྲོ་བ་ཡིན་ནོ། །རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་གིས་རང་བཞིན་གྱི་སྦྱོར་བའོ་ཞེས་བྱ་བ་ནི་བདག་ཉིད་དུ་གྱུར་པའི་ཆོས་ཁོ་ནས་བྱེ་བྲག་ཏུ་བྱས་ནས། རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བར་བྱས་པ་སྟེ། འདི་ལྟར་སྐྱེ་བ་ནི་དངོས་སུ་སྐྱེ་པ ་དང་ལྡན་པ་དང་ཐ་མི་དད་མོད་ཀྱི། འོན་ཀྱང་གང་ལ་སྐྱེ་བ་ཡང་བ་དེ་སྐྱེ་བ་དང་ལྡན་པའོ་ཞེས་བྱེ་བྲག་ཏུ་བསྟན་ཏོ། །གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་བྱ་བས་ནི་རང་བཞིན་གྱི་གཏན་ཚིགས་གསུམ་པའི་རྗེས་སུ་འགྲོ་བ་བསྟན་ཏོ། །ཁྱད་པར་གྱི་བྱེ་བྲག་གིས་ཏེ་ཞེས་བྱ ་བ་ལ་ཁྱད་པར་ནི་བྱེ་བྲག་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་བྱེ་བྲག་མི་མངོན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ན་བྱེ་བྲག་མི་མངོན་ཞེ་ན། རང་གི་ངོ་བོ་འགྲུབ་པར་བྱ་བའི་ཕྱིར་རོ། །གཞན་གྱི་བྱེད་པ་ལ་བལྟོས་པའི་ངོ་བོ་ནི་བྱས་པ་ཞེས་བྱའོ་ཞེས ་བྱ་བ་སྨོས་ཏེ། གང་ཞིག་ཕ་རོལ་གྱི་བྱེད་པ་ལ་བལྟོས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། དངོས་པོ་གང་ཞིག་གིས་རང་གི་ངོ་བོ་སྒྲུབ་པའི་ཕྱིར། རྒྱུ་རྣམས་ཀྱི་བྱེད་པ་ལ་བལྟོས་པ་དེ། གང་གི་ཕྱིར་བྱས་པ་ཞེས་བརྗོད་པ་དེའི་ཕྱིར་བྱེ་བྲག་མི་མངོན་པ་སྟེ། རང་བཞིན་གྱི ་གཏན་ཚིགས་གཞན་ཡིན་ནོ། །བརྩལ་མ་ཐག་ཏུ་འབྱུང་བ་དང། རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་ལ་སོགས་པ་ཡང་དེ་བཞིན་དུ་ལྟ་བར་བྱའོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དེ་དག་ཀྱང་ཁྱད་པར་གྱི་བྱེ་བྲག་ལ་བལྟོས་པ་ཁོ་ནས་ཡིན་པར་བལྟ་བར་བྱ་སྟེ། ་འདི་ལྟར་བརྩལ་ཞེས་བྱ་བ་རྒྱུའི་བྱེ་པ་པ་ལ་ལྟོས་ཏེ་གྲུབ་པ་གང་ཡིན་པ་དེ་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཞེས་བྱ་སྟེ། དེའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་མི་རྟག་པའོ་ཞེས་བྱ་བ་འདི་ཡང་རང་བཞིན་གྱི་གཏན་ཚིགས་བྱེ་བྲག་མི་མངོན་པ་ཡིན་ནོ། །རྐྱེན་གྱི ་བྱེ་བྲག་ནི་རྐྱེན་གྱི་བྱེ་བྲག་གོ་།འདི་རྐྱེན་གྱི་བྱེ་བྲག་ལས་ཐ་དད་པའི་དང་ཚུལ་ཅན་ཡིན་པས་འདི་ནི་རྐྱེན་གྱི་བྱེ་བྲག་གི་ཐ་དད་པ་ཅན་ནོ། །དེའི་དངོས་པོ་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་དོ། རྒྱུའི་བྱེ་བྲག་གིས་རྗེས་སུ་མཐུན་པ་ཅན་ཉིད་ཅེས་བྱ་བའི་ཐ་ཚིག ་གོ་།འདི་ལྟར་འཇིམ་པའི་གོང་བུ་ཆུང་ངུ་ལས་ནི་བུམ་པ་ཆུང་ངུ?་འགྱུར་ལ། ཆེན་པོ་ལས་ནི་ཆེན་པོར་འགྱུར་པ་དང། རྫ་མཁན་མཁས་པས་བྱེད་ན་ནི་སྡུག་གུར་འགྱུར་ལ། མི་མཁས་པ་བྱེད་ན་ནི་མི་སྡུག་པར་འགྱུར་ཏེ། དེའི་ཕྱིར་རྐྱེན་གྱི་བྱེ་བྲག་གིས ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་མི་རྟག་པའོ་ཞེས་བྱ་བ་འདི་ཡང་རང་བཞིན་གྱི་གཏན་ཚིགས་བྱེ་བྲག་མི་མངོན་པ་ཁོ་ན་ཡིན་ནོ། །ཡོད་པ་འམ་སྐྱེ་བ་དང་ལྡན་པ་འམ་བྱས་པ་ཞེས་བྱ་བའི་སྒྲ་ནི་ཕྱོགས་ཀྱི་ཆོས་ཉེ་བར་སྟོན་པའོ་ཞེས་བྱ་བ་ལ་སྔར་ནི་རང་བཞིན ་གྱི་གཏན་ཚིགས་གསུམ་ཅན་གྱི་རྗེས་སུ་འགྲོ་བ་ཙམ་བསྟན་ཏོ། །ད་ནི་གོ་རིམ་བཞིན་དུ་ཕྱོགས་ཀྱི་ཆོས་རྣམས་བསྟན་པ་སྟེ། འམ་ཞེས་བྱ་བ་ནི་ཡོད་པའི་སྒྲ་དང་སྐྱེ་བ་དང་ལྡན་པའི་སྒྲ་དང། བྱས་པའི་སྒྲ་སྦྱོར་བ་ཐ་དད་པར་བསྟན་པའི་ཕྱིར་རོ། །དེ་ཙམ་དང ་རྗེས་སུ་འབྲེལ་པ་ཅན་གྱི་བསྒྲུབ་པར་བྱ་བའི་ཆོས་ལ་རང་བཞིན་གྱི་གཏན་ཚིགས་སོ་ཞེས་སྔར་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་བཤད་པ་གང་ཡིན་པ་དེ་དང་སྦྱར་བའི་ཕྱིར། སྒྲུབ་པའི་ཆོས་དེ་དག་ཐམས་ཅད་ནི་ཞེས ་བྱ་བ་སྨོས་སོ། །སྔར་རང་བཞིན་གྱི་གཏན་ཚིགས་རྣམ་པ་གསུམ་ཅར་གྱི་ཕྱོགས་ཀྱི་ཆོས་བསྟན་པ་གང་དག་ཡིན་པ་དེ་དག་ནི། རང་གི་བསྒྲུབ་པ་ཇི་ལྟ་བུ་དག་གིས་ཞེས་བྱ་བ་སྟེ། གང་གི་བདག་གི་ཆད་མ་གང་ཡིན་པ་རང་གི་ཚད་མ་དེ་དག་གིས། སྒྲུབ་པའི ་ཆོས་ཙམ་དང། བསྒྲུབ་པར་བྱ་བའི་ཆོས་རྗེས་སུ་འབྲེལ་པར་གྲུབ་པ་ཁོ་ན་ཁོང་དུ་ཆུད་པར་བྱ་སྟེ། སྒྲུབ་པའི་ཆོས་ཀྱི་རང་གི་ངོ་བོ་ནི་སྒྲུབ་པའི་ཆོས་ཙམ་མོ། །སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་ནི་བསྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ ་པའོ། །རྗེས་སུ་འབྲེལ་པ་ནི་མཐུན་པར་འབྲེལ་པ་སྟེ། རྗེས་སུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ་།བསྒྲུབ་པར་བྱ་བའི་ཆོས་གང་ལ་སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པར་གྲུབ་པ་ཡོད་པ་དེ་ལ། བདག་ཉིད་ཀྱི་སྒྲུབ་པ་ཇི་ལྟ་བུ་དག ་གི་སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པའི་བསྒྲུབ་པར་བྱ་བའི་ཆོས་ཁོ་ན་ལ་ཕྱོགས་ཀྱི་ཆོས་དེ་དག་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །ཅིའི་ཕྱིར་བསྒྲུབ་པའི་བྱ་བའི་ཆོས་དེ་སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་ཅེ་ན། དེའི ་ཕྱིར། དངོས་སུ་ན་དེ་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དོན་དམ་པར་ནི་མི་རྟག་པའི་རང་བཞིན་ཉིད་བྱས་པ་ཡིན་གྱི། བྱས་པ་ཡང་གཞན་ལ་མི་རྟག་པ་ཡང་གཞན་པ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། རྒྱུ་དང ་རྐྱེན་རྣམས་ཀྱིས་བྱས་པ་གང་ཡིན་པ་དེ་ཉིད་འཇིག་པའི་དང་ཚུལ་ཅན་གྱི་རང་བཞིན་ཡིན་ནོ། །རང་བཞིན་ཡང་གཏན་ཚིགས་ཡིན་པའི་ཕྱིར་ཞེས་བྱ་བ་ནི། འདིར་བསྒྲུབ་པར་བྱ་བའི་རང་བཞིན་ཉིད་གཏན་ཚིགས་ཁོ་ནར་བསྟན་པ་ཡིན་ནོ།། ་ཅི་ལྟར་ན་བསྒྲུབ་པར་བྱ་བ་དང་རྗེས་སུ་མ་འབྲེལ་པར་འགྱུར་ཏེ། འདི་ལྟར་དེ་ཙམ་དང་རྗེས་སུ་འབྲེལ་པ་ལ་རང་བཞིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་གྲུབ་ལ་དེ་མ་གྲུབ་ན། དེའི་རང་བཞིན་ཉིད་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྒྲུབ་པའི་ཆོས་བྱས་པ་ཅན་ཉིད་ལ ་སོགས་པ་ནི་གྲུབ་ལ། བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ལ་སོགས་པ་ནི་མ་གྲུབ་ན། དེའི་ཚེ་བྱས་པ་ཉིད་དང། མི་རྟག་པ་ཉིད་གཉིས་དོན་དམ་པར་ན་རང་བཞིན་ཉིད་གཅིག་པ་ཉིད་མ་ཡིན་ནོ། །འཁྲུལ་པ་ཡང་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་བྱས་པ་ཉིད་གྲུབ་ཟིན་པ་ལ་ཕྱིས་དབྱུག ་པ་ལ་སོགས་པ་རྒྱུ་གཞན་གྱིས་མི་རྟག་པ་ཉིད་དུ་བྱེད་ན། དེའི་ཚེ་འཁྲུལ་པ་སྲིད་དེ། དབྱུག་པ་ལ་སོགས་པ་ཡང་རང་གི་རྐྱེན་ལ་རེག་ལུས་པས་འབྱུང་བའི་ཕྱིར། དེ་ལ་གདོན་མི་ཟ་བར་འབྱུང་བ་མ་ཡིན་པས་འགའ་ཞིག་མི་འཇིགས་ཀྱང་སྲིད་དོ། །འབྲས་བུའི་གཏན ་ཚིགས་ཀྱི་སྦྱོར་བ་ནི་ཞེས་བྱ་བས་ནི་ཆོས་མཐུན་པ་ཉིད་ཅན་གྱི་རྗེས་སུ་དཔག་པ་ཁོ་ནའི་འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བ་སྟོན་པར་བྱེད་དོ། །གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ་ཞེས་བྱ་བ་ལ་གང་ཞེས་བྱ་བ་ནི་ཕྱོགས་གང་ན་དུ་བ་ཡོད་པ་དེ་ཐམས་ཅད་ན་མེ་ཡོད་དོ་ཞེས་བྱ ་བ་ནི་རྗེས་སུ་འགྲོ་བ་ཞེས་བྱ་བའོ། །དཔེར་ན་ཚད?་མང་ལ་སོགས་པ་བཞིན་ཏེ་ཞེས་བྱ་བ་ནི་དཔེ་སྟོན་པ་ཡིན་ནོ། །འདི་ན་ཡང་དུ་བ་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཡུལ་དུ་དུ་བ་སྟོན་པར་བྱེད་པ་ན་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་དོ། །འདིར་ཡང་རྒྱུ་དང་འབྲས་བུ་དངོས་པོར་གྲུབ་པ་ཁོ་ན ་ལ་རྒྱུ་བསྒྲུབ་པར་བྱ་བར་འབྲས་བུ་གཏན་ཚིགས་སུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། འབྲས་བུའི་གཏན་ཚིགས་ལ་ཡང་སྔར་རྒྱུ་དང་འབྲས་བུའི་ངོ་བོ་བསྒྲུབ་པར་བྱའོ། །ཕྱིས་ནི་རྒྱུ་གྲུབ་པར་བྱ་བའི་ཕྱིར་འབྲས་བུ་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །འདི་ལྟར་རང་གི་ངོ ་བོས་རྟོགས་སུ་དེས་ན་གོ་བར་བྱེད་པ་ཡིན་གྱི་མ་ངེས་པ་ནི་མ་ཡིན་ནོ། །ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་ཞེས་བྱ་བ་ནི། ཆོས་མི་མཐུན་པ་ཉིད་ཅན་གྱི་རྗེས་སུ་དཔག་པ་གང་ཡིན་པ་དེ་དག་བཤད་པར་བྱ་སྟེ། གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་དེ་ནི་དམིགས ་པ་ཁོ་ནར་འགྱུར་ཏེ་ཞེས་བྱ་བ་ནི་དངོས་པོ་གང་ཞིག་ཡོད་ལ། གལ་ཏེ་དེ་དམིགས་པའི་རིག་བྱར་གྱུར་པ་ཡིན་ན། དེའི་ཚེ་གདོན་མི་ཟ་བར་དམིགས་པར་འགྱུར་ཏེ། དེས་ནི་ལྡོག་པ་བསྟན་ཏོ། །དཔེར་ན་སྔོན་པོ་ལ་སོགས་པའི་བྱེ་བྲག་ལྟ་བུ་ཡིན་ཞེས ་བྱ་བ་ནི་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ཡིན་ནོ། །འདི་ན་ནི་དམིགས་པའི་རིག་བྱར་གྱུར་པ་བུམ་པ་དེ་ལྟར་མི་དམིགས་སོ་ཞེས་བྱ་བ་ནི། ཇི་ལྟར་དམིགས་པའི་རིག་བྱར་གྱུར་པ་སྔོན་པོ་ལ་སོགས་པའི་བྱེ་བྲག་དམིགས་པ་ལྟར་འདི་ན་བུམ་པ་ནི་དེ་ལྟར་མ་ཡིན་ནོ། །འདི་ན་ཞེས་བྱ ་བས་ནི་འདོད་པའི་ཕྱོགས་བསྟན་ཏོ། །མི་དམིགས་པའི་སྦྱོར་བའོ་ཞེས་བྱ་བ་ནི་འདི་མི་དམིགས་པའི་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ཡིན་ནོ། །མི་རྟག་པ་ཉིད་མེད་ན་ཡོད་པ་འམ་སྐྱེ་བ་དང་ལྡན་པ་འམ། བྱས་པ་ཉིད་མེད་པ་ཡིན་ན་ཞེས་བྱ་བས་ནི། རང་བཞིན ་གྱི་གཏན་ཚིགས་གསུམ་ཅར་གྱི་ཡང་ལྡོག་པ་སྟོན་པར་བྱེད་དོ། །སྒྲ་ན་ཡོད་པ་འམ་སྐྱེ་བ་དང་ལྡན་པ་འམ་བྱས་པ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་རྣམས་བསྟན་ཏོ། །རང་བཞིན་གྱི་སྦྱོར་བའོ་ཞེས་བྱ་བ་ནི་དེ་དག་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར ་བ་ཆོས་མི་མཐུན་པ་ཉིད་ཅན་དག་ཡིན་ནོ། །མེ་མེད་ན་དུ་བ་མི་འབྱུང་བ་ཉིད་ཅེས་བྱ་བས་ནི་ལྡོག་པ་བསྟན་ཏོ། །འདི་ན་ནི་ཡོད་ཅེས་བྱ་བས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བའོ་ཞེས་བྱ་བས་ནི་འབྲས་བུའི་གཏན་ཚིགས་ཀྱི ་སྦྱོར་བ་ཆོས་མི་མཐུན་པ་ཉིད་ཅན་སྟོན་པར་བྱེད་དོ། །ཆོས་མཐུན་པ་ཅན་གྱི་རྗེས་སུ་དཔག་པ་ལ་ཡང་རྗེས་སུ་འགྲོ་བ་དང། ཕྱོགས་ཀྱི་ཆོས་དང་ལྡོག་པ་དང། ཚུལ་གཉིས་སུ་མངོན་པ་མ་ཡིན་ནམ། ཇི་ལྟར་ན་གཞན་གྱི་དོན་རྗེས་སུ་དཔག་པ་ཚུལ ་གསུམ་པའི་རྟགས་བརྗོད་པ་ཡིན་ཞེ་ན། དེའི་ཕྱིར་རོ། དོན་གྱིས་ན་ཆོས་མཐུན་པས་ཀྱང་སྦྱོར་བ་ལ་ཆོས་མི་མཐུན་པ་ཉིད་རྟོགས་ཏེ་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་ནུས་པའི་སྒོ་ནས་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཆོས་མཐུན་པ་ཉིད་དུ་རྟོགས ་པར་འགྱུར་བ་དེའི་ཕྱིར། ཇི་སྐད་དུ་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་བ་མེད་དོ། །ནུས་པ་ཡང་ཅི་ཞིག་ཅེ་ན། དེ་མེད་ན་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ལྡོག་པ་མེད་ན་དེའི་ཚེ་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི ་རྗེས་སུ་འགྲོ་བ་མི་འགྲུབ་པར་འགྱུར་བ་ཉིད་དོ། །དེ་བཞིན་དུ་ཆོས་མི་མཐུན་པས་རྗེས་སུ་འགྲོ་བ་རྟོགས་ཏེ་ཞེས་བྱ་བས་ནི། ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་ནུས་པས་རྗེས་སུ་འགྲོ་བ་རྟོགས་པར་འགྱུར་རོ། །འོ་ན་ནུས་པ་དེ་ཡང་ཅི་ཞིག་ཅེ་ན། དེ་མེད་ན་ནི ་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ན། དེའི་ཚེ་བསྒྲུབ་པར་བྱ་བ་མེད་པར་ཡང་ཅིའི་ཕྱིར་ཡོད་པར་མི་འགྱུར། རྗེས་སུ་འགྲོ་བ་མེད་ན ་ལྡོག་པ་མི་འགྲུབ་པོ་ཞེས་བྱ་བ་འདི་ག་ལས་ཤེ་ན། རང་བཞིན་འབྲེལ་པ་མེད་ན། གཅིག་ལོག་པས་གཞན་ངེས་པར་ལྡོག་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རང་བཞིན་དང་འབྲེལ་པ་དང། རང་བཞིན་གྱི་ངོ་བོས་འབྲེལ་པ་མ་ཡིན་ནོ། །དེའི་ཚེ་གཅིག་ལོག ་ཀྱང་གཞན་ལྡོག་པར་ངེས་པ་མེད་དོ། །འགའ་ཞིག་ལ་རྟ་མེད་ཅེས་ཏེ་བ་ལང་དག་ཀྱང་མེད་པ་མ་ཡིན་པ་བཞིན་ནོ། །དེ་ཡང་ཐམས་ཅད་ཀྱི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་ཅི་ཡང་རུང་བ་ཅི་སྙེད་པ་དེ་ཐམས་ཅད་ནི་རྣམ་པ་གཉིས་ཀྱི ་ནང་དུ་འདུས་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་ཞེས་སྨོས་པ་ཡིན་ནོ་ཞེས་བྱ་བ་ལ་དེའི་བདག་ཉིད་ནི་དེའི་བདག་གོ་།དེའི་བདག་གི་དངོས་པོ་ནི་དེའི་བདག་ཉིད་དོ། །འདི་དེའི་བདག་ཉིད་ཀྱི་མཚན་ཉིད་ཡིན་པས་འདི་ནི་དེའི་བདག་ཉིད་ཀྱི་མཚན་ཉིད་དོ། །དེ ་ལས་སྐྱེས་པ་ནི་དེ་ལས་བྱུང་བའོ། །འདི་ནི་དེ་ལས་བྱུང་བའི་མཚན་ཉིད་ཡིན་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ་འདི་ནི་སྔར་བཤད་ཟིན་ཏོ། །དེས་ནི་ལྡོག་པ་བརྗོད་པས་འབྲེལ་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་འབྲེལ་པ་ཡོད་དེ?་གཅིག་ལོག་པས ་གཞན་ལྡོག་པར་འགྱུར་གྱི། མེད་ན་མ་ཡིན་པའི་གཏན་ཚིགས་དེས་གང་འགའ་ཞིག་ལོག་པས་གཞན་ལྡོག་པར་བརྗོད་དོ། །དེས་ནི་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་དེ་གཉིས་དང་འབྲེལ་པར་བརྗོད་དོ། །དེ་ལྟ་བས་ན་ལྡོག་པའི ་ཚིག་གིས་ནི་འབྲེལ་པ་བསྟན་པ་བསྡུས་པ་ཁོ་ན་ཡིན་ལ་ཞེས་བྱ་བ་ནི། ལྡོག་པའི་ཚིག་ཁོ་ནས་འབྲེལ་པ་སྡུད་པར་བྱེད་དོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་དས་ཅིར་འགྱུར་ཞེ་ན། འབྲེལ་པ་བསྟན་པ་གང་ཡིན་པ་དེ་ཡང་རྗེས་སུ་འགྲོ་བ་ཞེས་བྱ་སྟེ་ཞེས་བྱ ་བ་སྨོས་ཏེ། འབྲེལ་པ་བསྟན་པ་གང་ཡིན་པ་དེ་ཉིད་རྗེས་སུ་འགྲོ་བ་ཞེས་བྱའོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བའི་སྒོ་ཡང་རུང་ལྡོག་པའི་སྒོ་ཡང་རུང་སྟེ། ཚིག་གཅིག་བརྗོད་པས་ཀྱང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་རྟགས་ཡོད་པ་དང ་མེད་པ་བསྟན་པར་འགྱུར་བས་ཞེས་བྱ་བས་ནི་གལ་ཏེ་རྗེས་སུ་འགྲོ་བའི་སྒོ་ནས་སྦྱོར་བར་བྱེད་དམ། འོན་ཏེ་ལྡོག་པའི་སྒོ་ནས་བྱེད་ཀྱང་རུང་སྟེ། འོན་ཀྱང་བཤད་པའི་ཚུལ་གྱིས་ན་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ལ ་ཡོད་པ་དང་མེད་པ་བཤད་པ་ནི་ཡོད་པ་དང་མེད་པ་རབ་ཏུ་བསྟན་པ་ཡིན་ནོ། །གཉི་གས་ཀྱང་རྟགས་ནི་སོ་སོར་བྱེད་དོ། །དེ་ལྟར་ན་ཚིག་གཉིས་སྦྱོར་བ་དེས་པ་མེད་དོ་ཞེས་བྱ་བ་ནི། དེའི་ཕྱིར་སྦྱོར་བ་གཅིག་ལ་ཆོས་མཐུན་པ་ཉིད་ཅན་དང་ཆོས་མི ་མཐུན་པ་ཉིད་ཅན་གྱི་ཚིག་གཉིས་སྦྱོར་ངེས་པ་ནི་མེད་དོ། །རེ་ཤིག་དེ་ལྟར་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་གཅིག་གིས་གཅིག་སྡུད་པ་ནི་བཤད་ཟིན་ཏོ། །གཏན་ཚིགས་གསུམ་བསྟན་པའི་ཕྱིར ་མི་དམིགས་པ་ལ་ཡང་ཞེས་བྱ་བ་སྨོས་ཏེ། འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་འགའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་དེ་ནི་དམིགས་པ་ཁོ་ནར་འགྱུར་རོ་ཞེས་བསྟན་པར་མི་དམིགས་ན། ་དེ་ལྟ་བུ་མེད་དོ་ཞེས་བྱ་བར་རྟོགས་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་བོ་ཞེས་བྱ་བ་ནི་གང་གི་ཚེ་དམིགས་པའི་རིག་བྱར་གྱུར་པ་ཡོད་ན་གདོན་མི་ཟ་བར་དམིགས་པར་འགྱུར་རོ་ཞེས་ལྡོག་པ་བརྗོད་པ་དེའི་ཚེ། དམིགས་པའི་རིག་བྱར་གྱུར་པ་མི་དམིགས་ན་ཤུགས་ཀྱིས་མེད་དོ་ཞེས་བྱ ་བ་རྟོགས་པར་འགྱུར་ཏེ། དེའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པ་བསྡུས་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་རྗེས་སུ་འགྲོ་བ་སྡུད་པར་རྗོད་པ་ཡིན་ནོ། །མི་དམིགས་པ་ལ་ལྡོག་པ་སྡུད་པ་ནི་བདག་ཉིད་ཀྱིས་བརྟགས་པར་བྱའོ། །ཆོས་མཐུན་པ་དང་ཆོས་མི་མཐུན་པ་ཅན་གྱི་རྗེས་སུ་དཔག་པ་གཉི ་ག་ལ་ཡང་ཕྱོགས་མ་བསྟན་པ་མ་ཡིན་ནམ། ཇི་ལྟར་ན་ཕྱོགས་བསྟན་པ་མེད་པར་དེ་ཏོག་པར་འགྱུར་ཞེ་ན། དེའི་ཕྱིར། སྦྱོར་བ་འདི་གཉི་ག་ལ་ཡང་ཕྱོགས་བསྟན་པར་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། གདོན་མི་ཟ་བར་ཕྱོགས་བསྟན་པར་བྱ་བའི་ངེས་པ་གང་ཡིན་པའི་ངེས ་པ་འདི་ནི་མེད་དོ། །འདི་ལྟར་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལས་ཡང་དམིགས་པའི་རིག་བྱར་གྱུར་པ་གང་མ་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཞེས་བྱ་བ་ནི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ཀྱི་མེད་པའི་ཐ་སྙད ་ཀྱི་ཡུལ་ཡིན་ནོ་ཞེས་དངོས་པོ་མ་ལུས་པ་བསྡུ་བས་རྗེས་སུ་འགྲོ་བ་བྱས་ན། འདི་ན་ཡང་དམིགས་པའི་རིག་བྱར་གྱུར་པ་བུམ་པ་མི་དམིགས་སོ་ཞེས་ཕྱོགས་ཀྱི་ཆོས་བསྟན་པར་ཤུགས་ཀྱིས་འདི་ན་བུམ་པ་མེད་དོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་མ་ལུས ་པ་བསྡུ་བས་རྗེས་སུ་འགྲོ་བ་གང་དང་གང་ན་ཕྱོགས་ཀྱི་ཆོས་བསྟན་པ་དེ་དང་དེ་ན་བསྒྲུབ་པར་བྱ་བ་སྟོབས་ཀྱིས་འགྲུབ་པར་འགྱུར་ན་ཕྱོགས་བསྟན་ཅི་དགོས། དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་ཡོད་པའི་ཐ་སྙད་ཀྱི་ཡུལ་གང་ཡོད་ལ་དམིགས་པའི ་རིག་བྱར་གྱུར་པ་དེ་ནི། དམིགས་པ་ཁོ་ནར་འགྱུར་ན་ཞེས་བྱ་བ་ནི་ཡོད་པའི་ཐ་སྙད་ཀྱི་ཡུལ་དངོས་པོ་གང་ཇི་སྙད་པ་དེ་ཐམས་ཅད་དམིགས་པའི་རིག་བྱར་གྱུར་ན། གདོན་མི་ཟ་བར་དམིགས་པར་འགྱུར་རོ་ཞེས་ལྡོག་པ་བརྗོད་ན། འདི་ན་ནི་དེ་འདྲ་བའི་བུམ་པ་དེ་ལྟར ་མི་དམིགས་ཤེས་ཕྱོགས་ཀྱི་ཆོས་བསྟན་པར་ཤུགས་ཉིད་ཀྱིས་འདིར་ཡོད་པའི་ཐ་སྙད་ཀྱི་ཡུལ་མེད་དོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་མ་ལུས་པ་བསྡུ་བས་ལྡོག་པ་བསྟན་པ་གང་ཡིན་པ་དེ་དང། ཕྱོགས་ཀྱི་ཆོས་ཞེས་བྱ་བ ་དེ་གཉི་གའི་སྟོབས་ཀྱིས་དམ་བཅས་པ་རྟོགས་པས་དམ་བཅས་པ་མ་བསྟན་ཏེ། གཞན་དུ་ན་གང་རྟོགས་པ་མེད་པ་དེ་བསྟན་ཏོ། །གལ་ཏེ་ཤུགས་ཀྱིས་དམ་བཅས་པའི་དོན་རྟོགས་པར་འགྱུར་ན། དེའི་ཚེ་དམ་བཅས་པའི་ཚིག་ལ་ངོ་མི་ཆོད་པ་ཅི་ཡོད ་འདི་ལྟར་སྐབས་ཀྱི་ཤུགས་ཀྱིས་ལོག་པར་རྟོག་པའི་ཡུལ་གྱི་དོན་ངེས་པར་ཤེས་པ་དང། ཕྱོགས་ཀྱི་ཆོས་དང་ཁྱབ་པ་བསྟན་པའི་སྟོབས་ཀྱིས་དམ་བཅས་པའི་དོན་ཁོང་དུ་ཆུད་པ་དེ་ལ་ཕྱོགས་བསྟན་པས་ཅི་ཞིག་བྱ། དེ་ནི་རྣམ་པར་ངེས་པའི་ཚིག ་བརྗོད་པ་ལ་ལྟ་བར་བྱའོ། །སྤྲོས་པ་བརྗོད་པར་ནི་ཕྱོགས་བསྟན་ཀྱང་ཉེས་པ་འགའ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་ངེས་པ་མེད་དེ་ཞེས་བྱ་བ་སྨོས་སོ། །ཅི་སྟེ་རྣམ་པ་ཐམས་ཅད་དུ་ཕྱོགས་བསྟན་པ་དགག་པར་དགོངས་པ་ཁོ་ན་ཞིག་ཡིན་པར་གྱུར་ན ་ནི། དེའི་ཚེ་འདི་སྐད་དུ་གདོན་མི་ཟ་བར་བསྟན་པར་མི་བྱའོ་ཞེས་བཤད་པར་འགྱུར་རོ། །གལ་ཏེ་རྣམ་པར་ངེས་པའི་ཚིག་བརྗོད་པར་ཕྱོགས་མི་བསྟན་པར་ཆུག་ན། སྤྲོས་པ་བརྗོད་པ་གང་དུ་བསྟན་པ་དེར་ནི་ཕྱོགས་ཅི་ལྟ་བུ་ཞིག་ཅེས་བསྟན་པར ་བྱ་ཞེས་བྱ་བ་ལ། མཚན་ཉིད་ཅི་ལྟ་བུ་དང་ལྡན་པའི་ཕྱོགས་ཤིག་བསྟན་པར་བྱ་ཞེ་ན། རང་གི་ངོ་བོ་ཁོ་ན་དང། བདག་ཉིད་དང། འདོད་པ་དང། མ་བསལ་བས་བསྟན་པར་བྱ་བ་ནི་ཕྱོགས་སོ་ཞེས་བསྟན་པར་བྱ་བ་ཡིན་ཞེས་བྱ་བ་སྨོས་ཏེ། དོན་གང ་ཞིག་རྒོལ་བའི་འདོད་པས་ཡུལ་དུ་བྱས་ནས་བསྒྲུབ་པར་བྱ་བའི་ངོ་བོ་ཁོ་ནར་སྟོན་ཅིང། མངོན་སུམ་ལ་སོགས་པས་སེལ་བར་མི་བྱེད་པ་དེ་ལྟ་བུའི་དོན་ནི་ཕྱོགས་ཤེས་བརྗོད་པར་བྱ་སྟེ། དེ་ནི་རེ་ཞིག་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི། ་རང་གི་ངོ་བོས་ཤེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ནར་འདོད་པའོ་ཞེས་བྱ་བ་ནི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ངོ་བོ་མ་གཏོགས་པ་ངོ་བོ་གཞན་དུ་འོས་པ་མ་ཡིན་པས། དེའི་ཕྱིར་རང་གི་ངོ་བོས་ཞེས་བཤད་མོད་ཀྱི། བསྒྲུབ་པར་བྱ་བ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར ་བྱའོ། །རང་གི་ངོ་བོ་ཁོ་ནས་ཤེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ནར་འདོད་པ་ཡིན་གྱི། སྒྲུབ་པ་ཉིད་ཡིན་ཡང་རུང་པ་ནི་མ་ཡིན་ཞེས་བྱ་བ་བསྣན་པས་ནི་བསྒྲུབ་པར་བྱ་བའི་ངོ་བོ་ཁོ་ན་འབའ་ཞིག་ཏུ་བསྟན་པར་བྱ་བ་ལ་ཕྱོགས་ཁོ་ནར་བརྗོད་ཀྱི། ངོ་བོ་གཞན་ཡང་ཡིན་པ་མ ་ཡིན་ནོ། །བསྒྲུབ་པར་བྱ་བའི་ངོ་བོ་གཞན་དང་ཡང་ལྡན་པར་བསྟན་པ་གང་ཞེ་ན། དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་མིག་གིས་གཟུང་བ་ཉིད་ནི་སྒྲ་ལ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ན་ཞེས་བྱ་བ་སྨོས་ཏེ། གང་ཞིག་སྒྲ་ནི་མི་རྟགས ་དེ། མིག་གིས་བཟུང་བ་ཡིན་པའི་ཕྱིར་རོ་ཞེས་སྨྲ་བར་བྱེད་པ་དེའི་མིག་གིས་གཟུང་བ་དེ་ནི་སྒྲ་ལ་མ་གྲུབ་པས་བསྒྲུབ་པར་བྱ་བ་ཡིན་ནོ། །དེའི་ཕྱིར་བསྣན་པ་མེད་ན་མིག་གིས་གཟུང་བ་བསྟན་པ་ཡང་ཕྱོགས་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལས་བསྒྲུབ་པར་ ་བྱ་བའི་ངོ་བོ་ཡོད་ཀྱང་ཅིའི་ཕྱིར་ཕྱོགས་མ་ཡིན་ཞེ་ན། དེ་འདིར་ནི་སྒྲུབ་པ་ཁོ་ནར་བརྗོད་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་ཁོ་ནར་མི་འདོད་ཅེས་བྱ་བ་སྨོས་ཏེ། མིག་གིས་གཟུང་བ་ཉིད་ལ་བསྒྲུབ་པར་བྱ་བའི་ངོ་བོ་ཉིད་ཡོད་མོད་ཀྱི། འོན་ཀྱང་གཏན་ཚིགས་ཉིད ་དུ་སྟོན་པ་ན་བསྒྲུབ་པར་བྱ་བའི་རང་གི་ངོ་བོ་ཁོ་ན་འབའ་ཞིག་ནི་མ་ཡིན་ཏེ། བསྒྲུབ་པའི་ངོ་བོ་ཉིད་ཀྱང་ཡིན་ནོ། །དེ་བས་ན་བསྒྲུབ་པར་བྱ་བ་ཡིན་ཡང་སྒྲུབ་པའི་ངོ་བོ་ལྷག་པར་ཡོད་པའི་ཕྱིར་བསྣན་པའི་ཚིག་གི་ཕྱོགས་ཉིད་ཡིན་པ་བཟློག་གོ་།བདག་ཉིད་ཅེས་པ་བ་ནི་དེའི་ཚེ། རྒོལ་བས ་སྒྲུབ་པ་སྨྲས་པ་གང་ཡིན་པའོ་ཞེས་བྱ་བ་ནི་སྒྲུབ་པ་སྨྲ་བས། བདག་ཉིད་ཀྱིས་བསྟན་པར་བྱ་བའི་དོན་གང་ཡིན་པ་དེ་ནི་ཕྱོགས་ཁོ་ན་ཡིན་གྱི། བསྟན་བཅོས་བྱེད་པས་བསྟན་པར་བྱ་བའི་དོན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེས་ན་ཞེས་བྱ་བ་ནི་རྒོལ་བས་བསྟན་པར་བྱ་བ་ལ་ཕྱོགས ་ཁོ་ནས་བརྗོད་པས་སོ། །གལ་ཏེ་བསྟན་བཅོས་འགའ་ཞིག་ལ་བརྟེན་ཏེ་སྒྲུབ་པ་སྨྲ་ན་ཡང་ཞེས་བྱ་བ་ནི་རེ་ཤིག་བསྟན་བཅོས་འགའ་ཞིག་ལ་བརྟེན་ཏེ། ཕྱོགས་སུ་བྱ་བའི་ངེས་པ་གང་ཡིན་པ་དེ་ནི་ངེས་པ་མེད་མོད་ཀྱི། འོན་ཀྱང་གལ་ཏེ་བསྟན ་བཅོས་ཁས་བླངས་ཏེ། ཚད་མར་བྱེད་ན་ཡང་ཞེས་བྱ་བའི་ཐ་ཚིག་ཏེ། བསྟན་བཅོས་དེ་བྱེད་པས་བསྟན་བཅོས་དེ་ལ་ཆོས་མང་ཞིག་ཁས་ལེན་དུ་ཟིན་ཀྱང་ཞེས་བྱ་བ་ནི་རྒོལ་པ་བསྟན་བཅོས་གང་ལ་བརྟེན་ཏེ་སྒྲུབ་པ་སྨྲ་བའི་བསྟན་བཅོས་དེ་གང་གིས་བྱས ་པའི་བསྟན་བཅོས་དེ་བྱེད་པ་དེས། ལོག་པར་རྟོག་པའི་ཡུལ་ཆོས་ཅན་ལ་གལ་ཏེ་ཆོས་མང་ཞིག་ཁས་བླངས་པར་གྱུར་ཀྱང་འོན་ཀྱང། དེའི་ཚེ་རྒོལ་བ་དེས་ཆོས་གང་བསྒྲུབ་པར་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར ་རོ་ཞེས་བྱ་བ་ནི་རྒོལ་བ་ཁོ་ནས་ཆོས་གང་བསྒྲུབ་པར་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། བསྟན་བཅོས་བྱེད་པའི་འདོད་པ་ནི་མ་ཡིན་ཏེ། འདི་སྐད་དུ་གང་གི་ཚེ་རྒོལ་བས་བསྟན་པར་བྱ་བའི་ཕྱོགས་ཉིད་ཁས་ལེན་པ་དེའི་ཚེ། རྒོལ་བས་བསྟན་བཅོས་ཁས ་ལེན་པའི་སྒོ་ནས་སྨྲ་ན་ཡང་འདག་ཉིད་འདོད་པའི་ཆོས་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི། བསྟན་བཅོས་བྱེད་པས་ཁས་བླངས་པ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདོད་པ་ཞེས་བྱ་བ་ནི་དོན་གང་ལ་རྩོད་པས་སྒྲུབ་པ་བཀོད་པ་དེ་གྲུབ་པར་འདོད་པའོ་ཞེས ་བྱ་བའི་སྒྲའི་དོན་འཚད་དེ། དངོས་པོ་གང་ལ་རྩོད་པ་བྱུང་བའི་རྩོད་པའི་གཞིའི་དངོས་པོ་ཉིད་གྲུབ་པར་འདོད་པས་བསྒྲུབ་པ་བཀོད་པའི་དོན་དེ་ནི་འདོད་པ་ཞེས་བྱའོ། །དེ་ནི་ཚིག་ཏུ་མ་སྨྲས་ཀྱང་བསྒྲུབ་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ཡིན་ཏེ། གལ་ཏེ་ལོག་པར་རྟོགས ་པའི་ཡུལ་དོན་དེ་ཚིག་གིས་མ་བརྗོད་ཀྱང། འོན་ཀྱང་དེ་ནི་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྩོད་པའི་གཞི་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཁོ་སྣར་རྩོད་པ་གང་གི་ཕྱིར་རྩོད་པ་དེ་ཇི་ལྟར་ན། བསྒྲུབ་པར་བྱ་བ་ཁོ་ན་མ་ཡིན། རྩོད ་པའི་གཞི་གང་ལ་དེ་ཚིག་ཏུ་མ་བརྗོད་ཀྱང་བསྒྲུབ་པར་བྱ་བར་འདོད་ཅེ་ན། དེའི་ཕྱིར། དཔེར་ན་འདུས་པ་ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་མལ་ཆ་དང་སྟན ་ལ་སོགས་པའི་ཡན་ལག་རྣམས་འདུས་པའི་ངོ་བོ་ཡིན་པས། གཞན་གྱི་དོན་དུ་མཐོང་བ་ལྟར་དེ་བཞིན་དུ་མིག་ལ་སོགས་པ་ཡང་འདུས་པའི་ངོ་བོ་ཡིན་པའི་ཕྱིར། གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ནི་སྦྱོར་བའི་དོན་ཡིན་ནོ། །འདིར་བདག་གི་དོན་ཞེས་མ་བརྗོད་ཀྱང ་བདག་གི་དོན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་སྦྱོར་བ་འདིར་གལ་ཏེ་མིག་ལ་སོགས་པ་ནི་བདག་གི་དོན་ཏོ་ཞེས་མ་བརྗོད་ཀྱང་བདག་གི་དོན་ཁོ་ནར་སྒྲུབ་པར་བྱེད་དོ། །དེ་ལྟ་མ་ཡིན་ན་གཞན་གྱི་དོན་ཙམ་ཞིག་ཡིན་ན། གྲུབ་པ་བསྒྲུབ་པར་འགྱུར་རོ།། ་བདག་ལ་ལོག་པར་རྟོག་པས་སྒྲུབ་པར་བཞག་སྟེ་དེའི་ཕྱིར། དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེས་ན་སྨྲས་པ་ཙམ་ཁོ་ན་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཕྱིར། དེ་སྐད་དུ་མ་སྨྲས་ཀྱང་འདོད་པས་ཡུལ་དུ་བྱས་པའི ་ཕྱིར་བསྒྲུབ་པར་བྱ་བར་འདོད་པ་དེའི་ཕྱིར་སྨྲས་པ་ཁོ་ན་འབའ་ཞིག་བསྒྲུབ་པར་བྱ་བ་མ་ཡིན་གྱི། ཅི་ལྟ་ཞེ་ན། འདོད་པས་ཡུལ་དུ་བྱས་པ་ཡང་བསྒྲུབ་པར་བྱས་པ་ཁོ་ན་ཡིན་ནོ། །མ་བསལ་བ་ཞེས་བྱ་བ་ནི་མཚན་ཉིད་དེ་དང་ལྡན་དུ་ཟིན་ཀྱང་བསྒྲུབ་པར་འདོད ་པའི་དོན་མངོན་སུམ་དང་རྗེས་སུ་དཔག་པ་དང། གྲགས་པ་དང། རང་གི་ཚིག་རྣམས་ཀྱིས་སལ་བ་གང་ཡིན་པ་དེ་ནི་ཕྱོགས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཞེས་བྱ་བ་ནི། ཇི་སྐད་སྨོས་པའི་མཚན་ཉིད་དང་ལྡན་པའི་དོན་སྒྲུབ་པའི་སྐབས་ཡིན་ཡང། གལ ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དང། གྲགས་པ་དང། རང་གི་ཚིག་གིས་སལ་བར་བྱེད་ན། དེའི་ཚེ་དོན་དེ་ཕྱོགས་མ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་མ་བསལ་བ་ཞེས་བྱ་བ་སྨོས་སོ། དེ་ལ་མངོན་སུམ་གྱིས་བསལ་བ་ནི་དཔེར་ན་སྒྲ་ནི་མཉན་དུ་མི ་རུང་ངོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལ་ཐོས་པ་ནི་ཉན་པ་སྟེ། རྣ་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཉན་པ་ལ་གྲགས་པ་འམ། ཉན་པས་གཟུང་བར་བྱ་བ་ནི་མཉན་དུ་རུང་བའོ། །མཉན་པར་བྱ་བ་མ་ཡིན་པ་ནི་མཉན་དུ་མི་རུང་བ ་སྟེ། རྣ་བའི་རྣམ་པར་ཤེས་པ་ལ་གྲགས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་བས་ན་འདིར་སྒྲ་ནི་ཆོས་ཅན་ཡིན་ནོ། །མཉེན་དུ་མི་རུང་བ་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། །སྒྲ་ནི་མཉན་དུ་མི་རུང་བ་ཉིད་དོ་ཞེས་དམ་འཆའ་ན། དེ་ནི་མངོན་སུམ་གྱིས ་སེལ་བར་བྱེད་དོ། །འདི་ལྟར་རྣ་བའི་རྣམ་པར་ཤེས་པ་སྒྲའི་རྣམ་པར་སྣང་བ་ན་སྲོག་ཆགས་སོ་ཅོག་གིས་རང་གི་རིག་སྟེ། དེས་ན་མཉན་པར་བྱ་བ་ཉིད་དུ་རང་གིས་རིག་པའི་གྲགས་པས་མཉན་དུ་མི་རུང་བ་ཉིད་སེལ་བར་བྱེད་དོ། །རྗེས་སུ་དཔག་པས་བསལ་བ་ནི་དཔེར ་ན་བུམ་པ་ནི་རྟག་པའོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལ་བུམ་པ་རྟག་པ་ཉིད་དུ་དམ་འཆའ་ན། བྱས་པ་ལ་སོགས་པའི་རྗེས་སུ་དཔག་བས་སེལ་བར་བྱེད་དེ། འདི་ལྟར་བྱས་པ་ནི་མི་རྟག་པར་མཐོང་ལ་བུམ་པ་ཡང་བྱས་བ་ཡིན་ཏེ། དེས་ན་རྟག་པ་ཉིད་དུ་ག་ལ ་འགྱུར། གྲགས་བས་བསལ་བ་ནི་དཔེར་ན་རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྟེ། ལ་ལ་ཞིག་རི་བོང་ཅན་ནི་ཟླ་བའི་སྒྲར་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་དམ་འཆའ་བར་བྱེད་ན། དེ་ནི་རི་བོང་ཅན་ཟླ་བའི་སྒྲར་བརྗོད་པ་ཉིད་དུ་གནག་རྫི་མོ་ཡན་ཚད་ལ ་གྲགས་བས་སེལ་བར་བྱེད་དོ། །ཡང་ན་དོན་ཐམས་ཅད་ལ་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱར་རུང་བས་སེལ་བར་བྱེད་དེ། སྒྲ་དང་དོན་དུ་འབྲེལ་པ་ནི་བརྡད་རྟགས་པ་ཡིན་པའི་ཕྱིར། དཔེར་ན་བུམ་པ་ལ་ཡང་ཟླ་བའི་སྒྲར་བརྗོད་པར་བྱ་བ་ཉིད་དུ་རུང་ངོ། །རང་གི་ཚིག་གིས་བསལ ་བཞི་དཔེར་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ་ཞེས་བྱ་བ་སྟེ། གང་ཞིག་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་སྨྲ་ན་ཡང། དེ་ནི་རང་གི་ཚིག་དང་འགལ་ཏེ། རྗེས་སུ་དཔག་པ་ཚད་མ་ཉིད་མ་ཡིན་ན་ཚིག་དེ་ཉིད་ཀྱང་བརྗོད་པར་བྱ་བར་མི་འགྱུར་སྟེ། འདི ་ལྟར་ཚིག་ནི་རྗེས་སུ་དཔག་པའི་ཁོངས་སུ་འདུས་ལ། རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་ན་ཚིག་ཀྱང་ཚད་མར་ག་ལ་འགྱུར། ཚིག་དེ་ཚད་མ་མ་ཡིན་ན་ཅིའི་ཕྱིར་བརྗོད་ཅེས་རང་གི་ཚིག་དང་འགལ་ལོ། །ཕྱོགས་ལྟར་སྣང་བ་བཞི་བསལ་བ་ཡིན་ནོ་ཞེས་བྱ་བ་ལ་ལུང་དང་འགལ་བ ་ནི་རང་གི་ཚིག་དང་འགལ་བའི་ཁོངས་སུ་འདུས་བར་མཁྱེན་ནས། ཕྱོགས་ལྟར་སྣང་བ་བཞི་ཞེས་བཤད་དོ། །ཡང་ན་ལུང་ནི་རྗེས་སུ་དཔག་པ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ལ་བརྟེན་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་མི་འགལ་བའི་ཕྱིར་ན་ཡང་བཞི་ཞེས་བཤད་དོ། །དེ ་ལྟར་ན་ཞེས་བྱ་བ་ནི་བཤད་པའི་ཚུལ་གྱིས་ནའོ། །གྲུབ་པ་དང་མ་གྲུབ་ཀྱང་སྒྲུབ་པ་ཉིད་དུ་འདོད་པ་དང། དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་སྒྲུབ་པར་མི་འདོད་པ་དང། སྨྲས་པ་ཙམ་དང་བསལ་བ་ལས་བཟློག་པ་ལ་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། འདིར་བཟློག ་པ་ཞེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་བར་བྱ་སྟེ། དེས་ན་འདི་སྐད་དུ་གྲུབ་པ་ལས་ཟློག་པ་དང། མ་གྲུབ་ཀྱང་སྒྲུབ་པ་ཉིད་དུ་འདོད་པ་ལས་བཟློག་པ་དང། དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་མི་འདོད་པ་ལས་བཟློས་པ་དང། སྨྲས་པ་ཙམ་ལས་བཟློག་པ་དང། བསམ ་པ་ཙམ་ལས་བཟློག་པ་ནི་ཕྱོགས་ཡིན་པར་བལྟ་བར་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེ་ལྟར་རེ་ཞིག་དེ་ནི་བཟློག་པའི་སྒོ་ནས་ཕྱོགས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ད་ནི་བསྒྲུབ་པའི་ངོ་བོར་སྟོན་པར་བྱེད་དེ། དེ་གཉིས་ཀྱིས་ངོ་བོར་ཞེས་བྱ་བ་ནི་བསྒྲུབ་པར ་བྱ་བ་ཉིད་ཁོ་ནར་ཞེས་བྱ་བའི་ཐ་ཚིག་གོ་རྒོལ་བའི་འདོད་པ་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པའི་འདོད་པ་སལ་བའོ། །འདོད་པ་ཞེས་བྱ་བ་ནི་སྨྲས་པ་ཙམ་ཉིད་མ་ཡིན་པའོ། །མ་བསལ་བ་ཞེས་བྱ་བ་ནི་མ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཕྱོགས་ཞེས ་བྱ་བ་ནི་བསྒྲུབ་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ན་ཕྱོགས་ཀྱི་མཚན་ཉིད་སྐྱོན་མེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི། དེ་ལྟར་ཕྱོགས་ཀྱི་མཚན་ཉིད་ཉེས་པ་དང་བྲལ་བར་བཤད་པ་ཡིན་ཏེ། དེ་ལྟར་རེ་ཞིག་ཡང་དག་པའི་མཚན་ཉིད་དང ་ལྡན་པའི་རྗེས་སུ་དཔག་པ་བཤད་ཟིན་ཏོ། །རྗེས་སུ་དཔག་པ་ལྟར་སྣང་བ་བཤད་པར་བཞེད་ནས། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་བརྗོད་པ་སྟེ་ཞེས་སྨྲས་པ་ཞེས་བྱ་བ་སྨོས་ཏེ། སྨྲས་པ་ཞེས་སྨོས ་པས་ནི་གཏན་ཚིགས་ལྟར་སྣང་བ་དང་འབྲེལ་པར་སྟོན་ཏོ། །དེ་ལ་ཚུལ་གསུམ་ལས་ཚུལ་གཅིག་མ་སྨྲས་ན་ཡང་སྒྲུབ་པ་ལྟར་སྣང་བ་ཡིན་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་དང། རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བརྗོད་པ་སྟེ། ཚུལ་གསུམ་ལས་གལ་ཏེ ་གཅིག་ཅིག་མ་བརྗོད་ན་ཡང་དེའི་ཚེ་མ་ཚང་བ་ཞེས་བྱ་བའི་སྒྲུབ་པའི་ཉེས་པར་འགྱུར་རོ། །སྨྲས་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པ་གཉིས་ལ་གྲུབ་པ་མ་ཐེ་ཚོམ་ཟ་ན་ཡང་ངོ། །ཞེས་བྱ་བ་ནི་ཚུལ་གསུམ་ལས་གང་ཡང་རུང་བ་ཞིག་སྨྲས་ཀྱང། གལ་ཏེ ་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ལ་མ་གྲུབ་པ་མ་ཐེ་ཚོམ་ཟ་བར་གྱུར་ན། འོན་ཀྱང་སྒྲུབ་པ་ལྟར་སྣང་བ་ཡིན་ཏེ། དེ་ལྟར་རེ་ཞིག་སྒྲུབ་པ་ལྟར་སྣང་བ་སྤྱིར་བསྟན་ཏོ། །བྱེ་བྲག་ཏུ་བསྟན་པར་བྱ་བའི་ཕྱིར་ཆོས་ཅན་དང་འདྲེལ་པའི་ཚུལ་གཅིག་མ་གྲུབ་བམ ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཞེས་བྱ་བ་སྨོས་ཏེ། ཆོས་ཅན་དང་འབྲེལ་པ་ནི་ཆོས་ཅན་དང་འབྲེལ་པ་སྟེ། ཕྱོགས་ཀྱི་ཆོས་ཞེས་བྱའོ། །དེ་མ་གྲུབ་པམ་ཐེ་ཚོམ་ཟ་བ་ནི་མ་གྲུབ་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ།། ་དཔེ་བསྟན་པའི་ཕྱིར་དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པ་ལ་མིག་གིས་གཟུང་བ་ཉིད་ནི་གཉི་ག་ལ་མ་གྲུབ་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། སྒྲ་མིག་གིས་གཟུང་བར་བྱ་བ་ཡིན་པར་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ཡང་ཁས་མི་ལེན་ཏོ། །ཤིང་རྣམས ་ལ་སེམས་པ་ཡོད་པར་སྒྲུབ་པ་ལ་ཤུན་པ་ཐམས་ཅད་བཤུས་ན་འཆི་བ་ནི་ཕྱིར་རྒོལ་བ་ལ་མ་གྲུབ་ཅེས་བྱ་བ་ནི་གང་གི་ཚེ་ཕྱོགས་ཀྱི་གོས་ཅན་ན་རེ་ཤིང་རྣམས་ལ་སེམས་པ་ཡོད་དོ། །ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་རོ་ཞེས་སངས་རྒྱས ་པ་ལ་ཚད་མར་བྱེད་པ་དེའི་ཚེ། ཤིང་དག་ལ་ཤུན་པ་ཐམས་ཅད་བཤུས་པས་འཆི་བར་སངས་རྒྱས་པ་ལ་མ་གྲུབ་བོ། །ཅིའི་ཕྱིར་མ་གྲུབ་ཅེ་ན། དེ་ནི་རྣམ་པར་ཤེས་པ་དང། དབང་པོ་དང། ཚེ་འགགས་པའི་མཚན་ཉིད་ལ་འཆི་བ་ཡིན་པར་ཁས་ལེན་པའི་ཕྱིར་རོ་ཞེས་བྱ་བ་སྨོས ་ཏེ། རྣམ་པར་ཤེས་པ་དང། དབང་པོ་རྣམས་དང། ཚེ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་འགགས་པ་ནི་རྣམ་པར་ཤེས་པ་དང། དབང་པོ་དང། ཚེ་འགགས་པའོ། །མཚན་ཉིད་དེ་འཆི་བ་གང་ལ་ཡོད་པ་དེ་ནི་རྣམ་པར་ཤེས་པ་དང། དབང་པོ་དང། ཚེ་འགགས་པའི་མཚན ་ཉིད་ཀྱི་འཆི་བ་ཡིན་ཏེ། སངས་རྒྱས་བ་དག་ནི་དེ་ལྟ་བུའི་འཆི་བ་ཁས་ལེན་གྱི། སྐམ་པ་ཙམ་ལ་ནི་མ་ཡིན་ནོ། །དེ་ཡང་ཤིང་དག་ལ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་འདྲ་བའི་འཆི་བ་ཤིང་དག་ལ་མི་སྲིད་པའོ། །བདེ་བ་ལ་སོགས་པ་སེམས་པ་མེད་པར་སྒྲུབ་པ་ལ་སྐྱེ ་སྐྱེ་བ་ཅན་ནམ་མི་རྟག་པ་ཉིད་ནི་གྲངས་ཅན་རྒོལ་བ་བདག་ཉིད་ལ་མ་གྲུབ་པའོ་ཞེས་བྱ་བ་ནི་གང་གི་ཚེ། གྲངས་ཅན་ན་རེ་བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་སྟེ། སྐྱེ་བའི་ཕྱིར་རམ་མི་རྟག་པའི་ཕྱིར་རོ་ཞེས་སངས་རྒྱས་པ་ལ་ཚད་མར་བྱེད་པ་དེའི་ཚེ། བདེ་བ་ལ་སོགས ་པ་དག་ལ་སྐྱེ་བ་འམ་མི་རྟག་པར་ནི་གྲངས་ཅན་བདག་ཉིད་ལ་མ་གྲུབ་སྟེ། དེའི་ནི་ཅི་ཡང་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །དེ་བཞིན་དུ་དེའི་བདག་ཉིད་དམ། དེའི་གཞི་ལ་ཐེ་ཚོམ་ཟ་ན་མ་གྲུབ་ཅེས་བྱ་བ་ནི་གང་གི་ཚེ། གཏན་ཚིགས་བདག་ཉིད་དམ། དེའི་གཞི་ལ་ཐེ་ཚོམ ་ཟ་བར་གྱུར་ན། དེའི་ཚེ་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །འདིར་དཔེ་ནི། དཔེར་ན་མེ་འགྲུབ་པར་བྱ་བ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུའོ་ཞེས་བྱ་བ་སྟེ། རླངས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་རླངས ་པ་ལ་སོགས་པའོ། །དེ་དག་གི་དངོས་པོ་ནི་རླངས་པ་ལ་སོགས་པའི་དངོས་པོ་སྟེ། རླངས་པ་ལ་སོགས་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ་།འབྱུང་བ་རྣམས་འདུས་པ་ནི་འབྱུང་བ་འདུས་པ་སྟེ། མེ་གྲུབ་པར་བྱ་བ་ལ་དེ་གཏན་ཚིགས་སུ་བྱེད་ན་གང་གི་ཚེ་འདི་ཅི་རླངས་པ་འམ ་རྡུལ་ལམ། དུ་བ་འམ། ཁུག་ན་ཡིན་ཞེས་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དེའི་གཞི་ལ་ཐེ་ཚོམ་ཟ་བ་བསྟན་པའི་ཕྱིར། དཔེར་ན་རྨ་བྱའི་སྒྲ་གྲགས་པའི་ཕྱིར། རི་སུལ་འདི་ན་རྨ་བྱ་ཡོད་དོ ་ཞེས་བྱ་བ་ལ་ཞེས་བྱ་བ་སྨོས་ཏེ། རྨ་བྱའི་སྒྲ་འབྱིན་པ་ནི་རྨ་བྱའི་སྒྲའོ། །རི་སུལ་ནི་རིའི་ཕྱོགས་གཅིག་གོ་།གལ་ཏེ་ལ་ལ་ཞིག་འདི་སྐད་དུ་རྨ་བྱའི་སྒྲ་གྲགས་པའི་ཕྱིར། རི་སུལ་འདི་ན་རྨ་བྱ་ཡོད་དོ་ཞེས་ཚད་མར་བྱེད་ན། དེ་ན་རྨ་བྱའི་སྒྲ་གྲགས་པ་ནི་དེ་ལ་དེས་ན་འདོད་པ་དང་འབྲེལ ་བའི་རི་སུལ་ལ་ནི་ཐེ་ཚོམ་ཟའོ། ཇི་ལྟར་ཐེ་ཚོམ་ཟ་ཞེ་ན། དེ་གྲག་པའི་ཡུལ་མི་རྟོགས་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། རྨ་བྱའི་སྒྲ་དེ་གྲག་པའི་ཡུལ་ལ་ཐེ་ཚོམ་ཟ་སྟེ། རྨ་བྱའི་སྒྲ་འདི་རི་སུལ་གང་ནས་གྲག་ཅེས་དེ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ཆོས་ཅན་མ་གྲུབ་ན་ཡང ་མ་གྲུབ་པ་ཡིན་ཏེ། དཔེར་ན་བདག་ཐམས་ཅད་ན་གནས་པར་སྒྲུབ་པ་ལ་ཐམས་ཅད་ལ་དམིགས་པའི་ཡོན་ཏན་ཉིད་ལྟ་བུའོ་ཞེས་བྱ་བ་ནི། ཀུན་ན་གནས་པ་ནི་ཐམས་ཅད་ན་གནས་པ་སྟེ། ཐམས་ཅད་ན་ཡོད་ཅེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་ན་དམིགས ་པའི་ཡོན་ཏན་རྣམས་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་དངོས་པོ་ནི་ཐམས་ཅད་དམིགས་པའི་ཡོན་ཏན་ཉིད་དོ་།སུ་ཞིག་ཐམས་ཅད་ན་དམིགས་པའི་ཡོན་ཏན་ཉིད་ཀྱི་བདག་ཐམས་ཅད་ན་གནས་པ་ཉིད་དུ་སྒྲུབ་པར་བྱེད་པ་དེ་ལ་གཞི ་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ཏེ། འདི་ལྟར་གང་ན་ཐམས་ཅད་ན་དམིགས་པའི་ཡོན་ཏན་ཉིད་ཀྱི་ཆོས་ཡོད་པར་བརྗོད་པའི་བདག་དེ་ཉིད་མ་གྲུབ་པོ། །ཕ་རོལ་པོའི་ལོ་རྒྱུས་ནི་འདི་ཡིན་ཏེ། བདེ་བ་ལ་སོགས་པ་ནི་བདག་གི་ཡོན་ཏན་རྣམས་ཡིན་ཞེས ་གྲག་ལ་དེ་དག་ཀྱང་ཡུལ་ཐམས་ཅད་ན་གནས་པའི་ལྷས་བྱིན་ལ་དམིགས་སོ། །བྱ་བ་མེད་པའི་ཕྱིར་བདག་ལ་ནི་འགྲོ་བ་དང་འོང་བ་མེད་དེ། གང་གི་ཕྱིར་དེའི་ཡོན་ཏན་ཐམས་ཅད་ན་དམིགས་པ་དེའི་ཕྱིར། བདག་ནི་ཐམས་ཅད་ན་གནས་པར་ངེས་སོ་ཞེའོ།། །། ་བམ་པོ་གསུམ་པ། དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་མེད་པའི་ཚུལ་གཅིག་མ་གྲུབ་ན་ཡང་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། ཞེས་བྱ་བ་ནི་ལྡོག་པ་ལ་མ་གྲུབ་ན་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་པར་བལྟ་བར་བྱའོ། །དཔེ་བསྟན ་པའི་ཕྱིར་དཔེར་ན་སྒྲ་རྟག་པ་ཉིད་ལ་སོགས་པའི་ཆོས་སུ་བསྒྲུབ་པ་ལ་གཞལ་བྱ་ཉིད་ལ་སོགས་པའི་ཆོས་ནི་མཐུན་པའི་ཕྱོགས་དང། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འམ། ཕྱོགས་གཅིག་ལ་ཡོད་པ་ལྟ་བུའོ་ཞེས་བྱ་བ་ན་རྟག་པ་ཉིད་ལ་སོགས ་པའི་ཆོས་གང་ཡིན་པ་དེ་ནི་རྟག་པ་ཉིད་ལ་སོགས་པའོ། །དེ་བཞིན་དུ་གཞལ་བྱ་ཉིད་ལ་སོགས་པའི་ཆོས་གང་ཡིན་པ་དེ་ནི་གཞལ་བྱ་ཉིད་ལ་སོགས་པ་སྟེ། གཞལ་བྱ་ཡིན་པའི་ཕྱིར་སྒྲ་ནི་རྟག་གོ་ནས་སྒྲུབ་པ་ལ་གཞལ་བྱ་ཉིད་ནི་མཐུན་པའི་ཕྱོགས་དང། ་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་དོ། །མི་རྟག་པའི་ཕྱིར་སྒྲ་ནི་བརྩལ་མ་ཐག་ཏུ་འབྱུང་བ་མ་ཡིན་ནོ་ཞེས་སྒྲུབ་པ་ལ་མི་རྟག་པ་ཉིད་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡང་ལ། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་དོ། །མི་རྟག ་པའི་ཕྱིར་སྒྲ་ནི་རྩལ་མ་ཐག་ཏུ་འབྱུང་བ་ཡིན་ནོ་ཞེས་བསྒྲུབ་པ་ལ་མི་རྟག་པ་ཉིད་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་ལ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་དོ། །རེག་པ་མ་ཡིན་པའི་ཕྱིར་སྒྲ་ནི་རྟག་གོ་ཞེས་སྒྲུབ་པ་ལ་རེག་པ་མ ་ཡིན་པ་ཉིད་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉི་གའི་ཕྱོགས་གཅིག་ལ་ཡོད་དོ། །དེས་ནི་ཐུན་མོང་གི་མ་ངེས་པ་རྣམས་པ་བཞི་བསྟན་ཏོ། །དེ་བཞིན་དུ་ཚུལ་དེ་ཉིད་ལ་ཐེ་ཚོམ་ཟ་ན་ཡང་མ་ངེས་པ་ཁོ་ན་སྟེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་མེད་པ ་ཉིད་ལ། གང་གི་ཆེ་ཐེ་ཚོམ་དུ་གྱུར་པ་དེའི་ཚེ་ཡང་མ་ངེས་པ་ཁོ་ན་ཡིན་ནོ། །དཔེ་བསྟན་པའི་ཕྱིར་དཔེར་ན་རྗོད་པར་འདོད་པའི་མི་ལ་ལ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་པའམ། འདོད་ཆགས་ལ་སོགས་པ་དང་ལྡན་པར་སྒྲུབ་པ་ལ་སྨྲ་བ་ལ་སོགས་པའི་ཆོས་ལྟ་བུ ་སྟེ་ཞེས་བྱ་བ་སྨོས་ཏེ། གང་ཞིག་རྗོད་པར་འདོད་པའི་མོལ་ལ་ཞིག་སྨྲ་བའི་ཕྱིར། ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་སྨྲ་བར་བྱེད་པ་དང། དེ་བཞིན་དུ་སྨྲ་བ་ཁོ་ནའི་ཕྱིར་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ནོ་ཞེས་སྨྲ་ན། དེའི་སྨྲ་བ་ཉིད ་ལ་སོགས་པའི་ཆོས་ནི་མ་ངེས་པ་ཁོ་ན་ཡིན་ན། །མ་ངེས་པ་དེ་མེད་ཅི་ཞེས་བྱ་ཞེ་ན། མི་མཐུན་པའི་ཕྱོགས་ལས་ལྡོག་པ་དེ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡོད་པས་འདི་ནི་མི་མཐུན་པའི་ཕྱོགས ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་མཁྱེན་པ་ལ་ལ་ཞིག་སྨྲ་བར་མ་མཐོང་བ་ལ། མ་མཐོང་བའི་ཕྱིར་ན་ལྡོག་པ་གྲུབ་པ་མ་ཡིན་ནམ། །ཇི་ལྟར་ན་འདི་མ་ངེས་པ་ཞེས་བྱ་བ་ན་དེའི་ཕྱིར། ཐམས ་ཅད་མཁྱེན་པ་སྨྲ་བ་མ་དམིགས་སོ་ཞེས་བྱ་བའི་མི་དམིགས་པའི་རྣམ་པ་དེ་ལྟ་བུ་ནི་ཡུལ་བལྟར་མི་སྣང་བ་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་མཁྱེན་པ་སྨྲ་བར་མ་མཐོང་དུ་ཟིན་ཀྱང་མི་དམིགས་པ་འདི་ནི་ཡུལ་བལྟར ་མི་སྣང་བའི་བདག་ཉིད་ཡིན་ལ། ཡུལ་བལྟར་མི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་ཡང་ཐེ་ཚོམ་གྱི་རྒྱུ་ཡིན་གྱི། ལྡོག་པ་སྒྲུབ་པར་བརྗོད་པ་ནི་མ་ཡིན་ནོ། །དེ་བས་ན་ཐམས་ཅད་མཁྱེན་པ་མ་ཡིན་པ་ལས་བཟློག་པ་ལ་སྨྲ་བ་ལ་སོགས་པ་ལྡོག་པ་ནི་ཐེ ་ཚོམ་དུ་འགྱུར་བ་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་བལྟར་མི་སྣང་བའི་མི་དམིགས་པ་ནི་ཐེ་ཚོམ་གྱི་རྒྱུད་ཁོ་ན་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པ་མ་ཡིན་པ་ལས་བཟློག་པ་ཐམས་ཅད་མཁྱེན་པ་ཉིད་ལས་སྨྲ་བའི་མཚོན་ཉིད་ཀྱི་གཏན་ཚིགས་ལོག ་པ་ནི་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །མི་དམིགས་པ་ནི་ཡུལ་ལྟར་མི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་ལྡོག་པ་སྒྲུབ་པ་མ་ཡིན་དུ་ཟིན་ཀྱང། རང་བཞིན་འགལ་བ་དམིགས་པས་སྒྲུབ་པར་བྱེད་དོ་ཞེ་ན། དེའི་ཕྱིར་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ ་ཉིད་ལ་འགལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་འགལ་བ་མེད་དེ། དེ་བས་ན་མ་མཐོང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་གང་སྨྲ་བ་དེ་སྨྲ་བ་ཡིན་ནོ་ཞེས་བྱ་བའི་ལྡོག་པ་ནི་མི་འགྲུབ་སྟེ། ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བྱ་བ་ནི། ་ཐམས་ཅད་མཁྱེན་པ་སྨྲ་བར་མཐོང་དུ་ཟིན་ཀྱང་སྨྲ་བ་ཉིད་དང། ཐམས་ཅད་མཁྱེན་པ་ཉིད་འགལ་བ་མེད་པས་སྨྲ་བ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ལས་ལྡོག་པར་མི་འགྲུབ་སྟེ། ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་རོ། །དེ་གཉིས་ཅི་ལྟར་འགལ་བ་མེད་ཅེ་ན། དེའི ་ཕྱིར་དངོས་པོ་རྣམས་ཀྱི་འགལ་བ་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། གང་ལ་འགལ་བ་གང་ཅི་སྙེད་པ་དེ་ཐམས་ཅད་ནི་རྣམ་པ་གཉིས་ཀྱི་ནང་དུ་འདུས་ཏེ། གཅིག་ནི་དངོས་པོ་ལས་གྱུར་པའི་འགལ་བའོ། །གཉིས་པ་ནི་མཚན་ཉིད་ལས་གྱུར་པའི་འགལ་བའོ། ་དངོས་པོ་ལས་གྱུར་པའི་འགལ་བ་བསྟན་པའི་ཕྱིར། རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་འགལ་བ་སྟེ། གྲང་བ་དང་ཆ་བའི་རེག་པ་ལྟ་བུའོ། །ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་དངོས་པོའི་རྒྱུའི་ཚོགས་མ་ཉམས་པར་རྒྱུ་ཆགས་སུ་འཇུག་པ་ན ་དངོས་པོ་གཞན་ཞིག་ཉེ་བར་གྱུར་ན་ལྡོག་པར་གྱུར་པ་དེའི་ཚེ་འགལ་བར་རྟོགས་པར་འགྱུར་ཏེ། དཔེར་ན་གྲང་བ་དང་ཚ་བའི་རེག་པ་གཉིས་ལ་གྲང་བའི་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ན། གང་གི་ཚེ་ཚ་བ་ཉེ་བར་གྱུར་པ་དེའི་ཚེ་གྲང་བ་ལྡོག་པར་འགྱུར་བ་ལྟ་བུ ་སྟེ། དེ་གཉིས་ནི་འཇིག་རྟེན་ན་འགལ་བར་རྟོགས་སོ། །གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ནས་ཏེ། ཡོད་པ་དང་མེད་པ་ལྟ་བུའོ། །ཞེས་བྱ་བ་ནི་གང་གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་དེ་དག་ནི་གཅིག་གིས་གཅིག་སྤངས ་ཏེ་གནས་པའི་མཚན་ཉིད་དག་གོ་།དེའི་དངོས་པོ་ནི་གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ན་སྟེ། དེས་འགལ་བའོ། །དཔེར་ན་ཡོད་པ་དང་མེད་པ་གཉིས་ལ་ཡོད་པ་ནི་མེད་པ་སྤངས་པས་རྣམ་པར་གཞག་གོ། མེད་པ་ན་ཡོད་པ་སྤངས་པས ་རྣམ་པར་བཞག་གོ་།འགལ་བ་རྣམ་པ་དེ་གཉིས་ཡང་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྲིད་ཅེས་བྱ་བ་ནི་འགལ་བ་རྣམ་པ་ད་གཉིས་ཀ་ཡང་ཐམས་ཅད་མཁྱེན་པ་ཉིད་དང། སྨྲ་བ་ཉིད་དུ་ལྡན་པ་ལ་མི་སྲིད་དེ། སྨྲ་བ་ཉིད་ཀྱི ་རྒྱུ་མ་ཚད་མ་མེད་པར་འབྱུང་བ་ལ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་གྱུར་ན་ལྡོག་པ་ཡང་མ་མཐོང་ངོ། །སྨྲ་བ་ཉིད་སྤངས་པས་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གཞག་པ་ཡང་མ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་སྤངས་པས་སྨྲ་བ་ཉིད་རྣམ་པར་བཞག ་པ་ཡང་མ་ཡིན་ནོ། །འགལ་བ་མེད་དུ་ཟིན་ཀྱང་འགལ་བ་མེད་བཞིན་དུ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བཟློག་པ་བོར་འགྱུར་རོ་ཞེ་ན། དེའི་ཕྱིར། མི་འགལ་བ་ཡོད་པའི་ཕྱིར། མི་དམིགས་ཀྱང་མེད་པའི་རྟོགས་པ་མ་ཡིན་ཞེས་བྱ་བ་སྨོས ་ཏེ། གང་དུ་འགལ་བར་མི་བརྗོད་པར་དེར་དངོས་པོ་གཉིས་མི་དམིགས་ཀྱང་མེད་པར་ཡིད་ཆེས་པར་མི་ནུས་སོ། །ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་བསྒྲུབ་པའི་ཕྱིར། སྨྲ་བ་ཉིད་ཀྱི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི། རེ་ཞིག་དེ་ལྟ་བུ་ཡིན་ནོ།། ་འདོད་ཆགས་ལ་སོགས་པ་དང་ལྡན་པར་སྟོན་པ་ལ་ཡང་ལྡོག་པར་ཐེ་ཚོམ་ཟ་བར་བསྟན་པའི་ཕྱིར། འདོད་ཆགས་ལ་སོགས་པ་དང། ཚིག་ལ་སོགས་པ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདོད་ཆགས ་ལ་སོགས་པ་ནི་ཚིག་གི་རྒྱུ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་གྲུབ་པོ། །འདོད་ཆགས་ལ་སོགས་པ་དང། ཚིག་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་ན་དེ་ལ་ཅིར་འགྱུར་ཞེ་ན། དོན་གཞན་རྒྱུ་མ་ཡིན་པ་ལོག་པས་ཚིག་ལ་སོགས་པ་ལྡོག་པ་ནི་མ་ཡིན་ཞེས ་བྱ་བ་སྨོས་སོ། །དོན་གཞན་ནི་འདོད་ཆགས་ལ་སོགས་པ་སྟེ། རྒྱུར་མ་གྱུར་པ་དེ་ལས་ལོག་པས་ཅིའི་ཕྱིར་ཚིག་ལ་སོགས་པ་ལྡོག་པར་འགྱུར། དེ་ལྟར་ན་ཚིག་ལ་སོགས་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་ལྡན་པའི་མ་ངེས་པ་ཡིན་ནོ་ཞེས་བྱ ་བ་ནི་གང་གི་ཕྱིར་དེ་ལྟར་སྨྲ་བ་ཉིད་དང། ཐམས་ཅད་མཁྱེན་པ་ཉིད་འགལ་བ་ཅི་ཡང་མེད་ལ། འདོད་ཆགས་ལ་སོགས་པ་དང་ཚིག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པ་དེའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ལོག་པ་དང་འདོད་ཆགས་ལ་སོགས ་ཁ་ལོག་པས་ཚིག་ལྡེག་པ་ལ་ཐེ་ཚོམ་ཟ་བ་སྟེ། དེའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་མ་ངེས་པ་ཡིན། ཚུལ་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྲུབ་པ་ནི་འགལ་བ་ཡིན་ནོ། །ཞེས་བྱ་བ་ནི་གང་གི་ཚེ་ཚུལ་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྲུབ་པ་དེའི་ཚེ་འགལ་བའི ་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །གཉིས་པོ་གང་དག་གི་ཞེ་ན་ཞེས་བྱ་བ་ནི་ཚུལ་གཉིས་པོ་གང་དག་ཕྱིན་ཅི་ལོག་ཏུ་རྟོགས་པ་ན། གཏན་ཚིགས་འགལ་བ་སྟོན་པར་བྱེད་པའོ། །མཐུན་པའི་ཕྱོགས་ལ་ཡོད་པ་དང། མི་མཐུན་པའི་ཕྱོགས་ལ་མེད་པ་ལ ་ནས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་རེ་ཞིག་འགལ་བའི་མཚན་ཉིད་སྤྱིད་བསྟན་པ་ཡིན་ནོ། །བྱེ་བྲག་ཏུ་བསྟན་པར་བྱ་བའི་ཕྱིར། བྱས་པ་ཉིད་དང་བཙལ་མ་ཐག་ཏུ་འབྱུང་བ་ཉིད་དུ་རྟག་པ་ཉེར་སྒྲུབ་པ་ལ་འགལ་བའི ་གཏན་ཚིགས་ལྟར་སྣང་བ་ཡིན་ཞེས་བྱ་བ་སྨོས་ཏེ། གང་གིས་བྱས་པ་ཉིད་དམ། བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཀྱིས་རྟག་པ་ཉིད་སྒྲུབ་པར་བྱེད་པ་དེའི་ཚེ་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །ཇི་ལྟར་ན་འདིར་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ཞེ་ན། ་འདི་གཉིས་ཀྱི་མཐུན་པའི་ཕྱོགས་ལ་མེད་པ་དང། མི་མཐུན་པའི་ཕྱོགས་ལ་ཡོད་པས་ཕྱིན་ཅི་ལོག་ཏུ་གྲུབ་ཅེས་བྱ་བ་སྨོས་ཏེ། རྟག་པ་ཉིད་དུ་བསྒྲུབ་པ་ལ་ནམ་མཁའ་ལ་སོགས་པ་ནི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ལ་ནི་བྱས་པ་ཉིད་དང། བརྩལ་མ་ཐག་ཏུ ་འབྱུང་བ་གཉི་ག་མི་སྲིད་དོ། །མི་རྟག་པ་བུམ་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ན། དེ་ལན་དེ་གཉི་ག་ཡོད་པ་ཉེ་དང། དེ་ལྟར་ན་དེ་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ནོ། །དེ་གཉིས་ནི་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ ་པ་དག་ཡིན་ཞེས་བྱ་བ་ནི། གང་གི་ཕྱིར་ཚུལ་དེ་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྲུབ་པ་དེའི་ཕྱིར། བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ནི་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་ཡང་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ།། ་འདོད་པ་ལ་གནོད་པ་བྱེད་པ་འགལ་བ་གསུམ་པ་ཡང་མ་ཡིན་ནམ་ཞེས་བྱ་བ་ནི་འདོད་པ་ལ་གནོད་པ་བྱེད་པས་ན་འདོད་པ་ལ་གནོད་པ་བྱེད་པས་ན་འདོད་པ་ལ་གནོད་པ་བྱེད་པ་སྟེ། འགལ་བ་གསུམ་པ་ནི་བསྟན་བཅོས་མཛད་པས་བསྟན་ཏོ། །དཔེ་བསྟན་པའི་ཕྱིར། དཔེར ་ན་འདུས་པ་ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་དེ། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་སྟེ། དེའི་དོན་ནི་རྣམ་པར་བཤད་ཟིན་ཏོ། །འགལ་བ་འདི་ཡང་ཅི་ལྟ་བུ་ཞིག་ཅེ་ན། དེ་ནི་འདུས་པ་མ་ཡིན་པ་གཞན་གྱི་དོན ་བྱེད་པ་ཉིད་དུ་འདོད་དེ། ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བའོ་ཞེས་བྱ་བ་སྨོས་ཏེ། གཞན་དག་གི་དོན་བྱེད་པ་ནི་གཞན་གྱི་དོན་བྱེད་པའོ། །དེའི་དངོས་པོ་ནི་གཞན་གྱི་དོན་བྱེད་པ་ཉིད་དོ། །འདུས་པ་མ་ཡིན་པ་ལ་གཞན་གྱི་དོན་བྱེད་པ་ནི་འདུས་པ་མ ་ཡིན་པ་གཞན་གྱི་དོན་བྱེད་པའོ། །དེ་ནི་དེའི་འདོད་པ་ཡང་ཡིན་ལ་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ཕྱིན་ཅི་ལོག་པ་ནི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པར་དེའི་ཕྱིན་ཅི་ལོག་པ་སྟེ། དེ་ ་སྒྲུབ་པ་ལ་ནི་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་དེའི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པར་འདོད་པ་ནི་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་དེ་འགལ་བ་ཉིད་ཡིན་པར་བལྟ་བར་བྱའོ། །ཅིའི་ཕྱིར་མ་སྨྲས་ཤེ་ན་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པས་ཁས་བླངས ་པ་ཡང་ཡིན་ལ། འགལ་བའི་མཚན་ཉིད་དང་ཡང་ལྡན་ན་ཞེས་བསམ་པའོ། །འདི་གཉིས་ཁོ་ནའི་ནང་དུ་འདུས་པའི་ཕྱིར་ཞེས་བྱ་བ་ནི་འགལ་བ་འདི་གཉིས་བཤད་པ་གང་ཡིན་པ་དེ་ཉིད་ཀྱི་ནང་དུ་འདུས་པས་སོགས་ཤིག་ཏུ་མ་བརྗོད་དོ། །ནང་དུ ་འདུས་པ་དེ་ཉིད་བསྟན་པའི་ཕྱིར། དེ་ནི་བསྒྲུབ་པར་བྱ་བ་ལོག་པར་སྒྲུབ་པས་འདི་གཉིས་དང་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བའི་མཚན་ཉིད་ཀྱི་གཏན་ཚིགས་དག་ནི་རྟགས་པ་ཉིད་བསྒྲུབ་པ་ལ་བསྒྲུབ་པར་བྱ་བ ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བ་དག་ཏུ་བཤད་ལ། འདི་ཡང་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པས་དེ་གཉིས་དང་འགལ་བ་ཉིད་དུ་འདྲའོ། །སྔ་མ་དེ་ནི་ཚིག་ཏུ་སྨོས་པའི་བསྒྲུབ་པར་བྱ་བ་ལ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ལ། འདིར་ནི་འདོད་པའི ་དོན་ལ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་དེ་གཉིས་དང་འདི་འདྲ་ཞེ་ན་དེའི་ཕྱིར། འདོད་པ་དང་སྨྲས་པ་གཉིས་ལ་བསྒྲུབ་པར་བྱ་བ་ཉིད་དུ་ནི་བྱེ་བྲག་ཅི་ཡང་མང?་ཅེས་བྱ་བ་སྨོས་ཏེ། འདོད་པ་གང་ཡིན་པ་དང་སྨྲས་པ་གང་ཡིན་པ་དེ ་གཉིས་ནི་བསྒྲུབ་པར་བྱ་བ་ལ་བྱེ་བྲག་ཅི་ཡང་མེད་དོ་ཞེས་དེ་ནི་སྔར་བསྟན་ཟིན་ཏོ། །ཚུལ་གཉིས་ལས་གཅིག་ནི་མ་གྲུབ་ན་ཅིག་ཤོས་ནི་ཐེ་ཚོམ་ཟ་ན་ཡང་མ་ངེས་པ་ཡིན་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཁོ་ན་ལ་གཅིག་ནི་མ་གྲུབ་ལ། ཅི ་ཤོས་ལ་ནི་ཐེ་ཚོམ་ཟ་ན་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། དཔེ་བསྟན་པའི་ཕྱིར། དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་དང་བྲལ་བ་འམ། ཐམས་ཅད་མཁྱེན་པ་ཡིན་ཞེས་བྱ་བ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །འདི་ལ་ལྡོག་པ་ནི་མ་གྲུབ་ལ་རྗེས་སུ་འགྲོ་བ ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ནི་སྦྱོར་བ་འདི་ལ་ལྡོག་པ་ནི་མེད་ལ་རྗེས་སུ་འགྲོ་བ་ནི་ཐེ་ཚོམ་ཟ་བ་ཡིན་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་ལ་མི་མཐུན་པའི་ཕྱོགས་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ཡིན་ན། ཐམས་ཅད་མཁྱེན་པ་མ ་ཡིན་པ་དག་ལས་ཀྱང་ཚིག་ནི་ལོག་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་དག་ནི་བསྐལ་པ་ཡིན་པའི་ཕྱིར་དེ་ལ་ཚིག་ལ་སོགས་པ། ཡོད་དམ་མེད་པར་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ ་པ་སྨོས་ཏེ། གང་གི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དང། འདོད་ཆགས་དང་བྲལ་བ་ཉིད་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པ་དེའི་ཕྱིར། ཅི་དེ་ལ་ཚིག་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་སྟེ། འདི་ལྟར་དཔེ་ཉིད་དུ་བསྟན་པའི་མི་གང་ཡིན་པ ་དེ། ཅི་ཐམས་ཅད་མཁྱེན་པ་ཞིག་ཡིན་ཏེ་སྨྲ་འམ། འོན་ཏེ་ཐམས་ཅད་མཁྱེན་པ་མ་ཡིན་ལ་སྨྲ?་སྙམ་པ་སྟེ། དེ་ལ་ངེས་པ་མེད་དོ། །ཚུལ་དེ་གཉིས་ཉིད་ལ་ཐེ་ཚོམ་ཟ་ན་མ་ངེས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་གི་ཚེ་རྗེས་སུ་འགྲོ་བ་འམ་ལྡོག་པ་གཉི་ག་ལ ་ཡང་ཐེ་ཚོམ་ཟ་བར་གྱུར་པ་དེའི་ཚེ། ཡང་མ་ངེས་པ་ཁོ་ནའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དཔེ་བསྟན་པའི་ཕྱིར་དཔེར་ན་སོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར། གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ་ཞེས་བྱ ་པ་སྨོས་སོ། །སྲོག་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྲོག་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་འབྱེད་པ་དང། འཛུམས་པ་དང། བརྐྱང་པ་དང། བསྐུམ་པ་ལ་སོགས་པ་ཡོངས་སུ་བསྡུའོ། །བདག་དང་བཅས་པ་ཞེས་བྱ་བ་ནི། བདག་ལོངས་སྤྱོད་ཀྱི ་རྟེན་ཉིད་དུ་གནས་པའོ། །གསོན་པོའི་ལུས་ཞེས་བྱ་བ་དེས་ནི་ཤི་པའི་ལུས་བསལ་ཏོ། །འདིར་རེ་ཞིག་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསྟན་པའི་ཕྱིར། བདག་དང་བཅས་པ་དང། བདག་མེད་པ་ལས་གང་ལ་སྲོག་ལ་སོགས་པ་གནས་པར་འགྱུར ་པའི་ཕུང་པོ་གཞན་ནི་མེད་དོ་ཞེས་བྱ་བ་སྨོས་ཏེ། ཕུང་པོ་ནི་གཉིས་ཏེ། བདག་དང་བཅས་པ་དང་བདག་མེད་པ་སྟེ། དེ་ལ་མ་གཏོགས་པ་གཞན་ནི་མེད་དོ། །སྲོག་ལ་སོགས་པ་དང་ལྡན་པ་ཉིད་ནི་དངོས་པོའི་ཆོས་ཡིན་ན། དེ་བདག་དང་བཅས ་པ་དང། བདག་མེད་པ་གཉིས་ལས་ལོག་སྟེ། གཞན་གང་དུ་གནས་པར་འགྱུར། ཅིའི་ཕྱིར་ཕུང་པོ་གསུམ་པ་མི་སྲིད་ཅེ་ན། བདག་གནས་པ་དང། རྣམ་པར་གཅོད་པ་དག་གིས་ཐམས་ཅད་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གནས་པ ་དང་རྣམ་པར་གཅོད་པ་ནི་གནས་པ་དང་རྣམ་པར་གཅོད་པ་དག་སྟེ། གནས་པ་ནི་ཡོད་པའོ། །རྣམ་པར་གཅོད་པ་ནི་མེད་པའོ། །བདག་གི་གནས་པ་དང་རྣམ་པར་གཅོད་པ་ནི་བདག་གནས་པ་དང་རྣམ་པར་གཅོད་པ་དག་གོ་།དེ་གཉིས་ཀྱིས་ནི་དངོས་པོ་ཐམས་ཅད་བསྡུས ་ཏེ། འདི་ལྟར་གང་ལ་བདག་གནས་པ་དེ་ནི་བདག་དང་བཅས་པ་ཡིན་ནོ། །དེ་ལ་མ་གཏོགས་པ་གཞན་ཐམས་ཅད་ནི་བདག་མེད་པ་ཡིན་ནོ། །དེའི་ཕྱིར་ཕུང་པོ་གསུམ་པ་ལྟ་ག་ལ་སྲིད་དེ། དེ་ལྟར་རེ་ཤིག་སྲོག་ལ་སོགས་པ་དང་ལྡན་པ་ནི་བདག་དང་བཅས་པ ་དང་བདག་མེད་པ་དག་ལས་ལྡོག་པར་མ་གྲུབ་པོ། །གལ་ཏེ་དེ་གཉིས་ལས་ལྡོག་པ་མ་གྲུབ་ན་འོ་ན་དེ་ལ་རྗེས་སུ་འགྲོ་བ་ཡོད་པར་འགྱུར་རོ་ཞེ་ན། དེའི་ཕྱིར། དེ་གཉིས་ལས་གཅིག་ལ་གནས་པར་ཡང་ངེས་པ་མེད་ཞེས་བྱ་བ་སྨོས་ཏེ། སོག་ལ་སོགས ་པ་དང་ལྡན་པ་ནི་ང་དག་དང་བཅས་པ་འམ་བདག་མེད་པ་ལ་ཡོད་དོ་ཞེས་བྱ་བ་ངེས་པར་བྱ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་དང་བཅས་པ་འམ་བདག་མེད་པར་སྒྲུབ་པ་ལ་སྲོག་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བདག་དང་བཅས་པ ་ཉིད་དུ་ངེས་པའི་དངོས་པོ་འམ། བདག་མེད་པ་ཉིད་དུ་ངེས་པའི་དངོས་པོ་ལ་སྲོག་ལ་སོགས་པ་དང་ལྡན་པ་ཉིད་ནི་མ་མཐོང་ངོ། །དེའི་ཕྱིར་གནས་པར་ངེས་པ་ལྟ་ན། ལ་ཡོད། དེ་བས་ན་གསོན་པའི་ལུས་དང་འབྲེལ་པ་ཅན་གྱི་སྲོག་ལ་སོགས་པ ་ཞེས་བྱ་བ་ནི་མཇུག་སྡུད་པར་བྱེད་པ་ན་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་པ་སྟེ། གསོན་པོའི་ལུས་དང་འབྲེལ་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་གང་ལ་ཡོད་པ་དེ་ནི་གསོན་པོའི་ལུས་དང་འབྲལ་པ་ཅན་ཏོ། །ཕྱོགས་ཀྱི་ཆོས་ཤེས་བྱ་བའི་ཐ་ཚིག་གོ་།བདག་དང་བཅས ་པ་དང། བདག་མེད་པ་ཐམས་ཅད་ལས་ལྡོག་པ་ཉིད་དུ་མ་གྲུབ་པའི་ཕྱིར་དེ་གཉིས་དང་མ་བྲལ་ལོ་ཞེས་བྱ་བ་འདིས་ནི་མཇུག་བསྡུས་ཏེ་ལྡོག་པ་མེད་པར་སྟོན་ཏོ། །བདག་གཅིག་པུ་ལ་ཡང་མ་གྲུབ་པའི་ཕྱིར། དེ་ལ་རྗེས་སུ་འགྲོ་བ་མེད་དོ་ཞེས་བྱ་བ་འདིས་ནི་མཇུག ་བསྡུས་ནས་རྗེས་སུ་འགྲོ་བ་མེད་པར་སྟོན་ཏེ། དེ་ལྟར་རེ་ཤིག་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཡོད་པར་མ་གྲུབ་པ་ཡིན་ནོ། །འོ་ན་དེ་ལ་དེ་གཉིས་མེད་པར་ངེས་པ་ཡོད་དོ་ཞེ་ན། དེའི་ཕྱིར་བདག་དང་བཅས་པ་དང། བདག་མེད་པ་ལས་དེའི་རྗེས་སུ་འགྲོ་བ ་དང་ལྡོག་པ་གཉིས་མེད་པར་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བདག་དང་བཅས་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཡོད་པར་མ་ངེས་པ་དེ་ལྟར་མེད་པར་ཡང་མ་ངེས་ཏེ། དེ་བཞིན་དུ་བདག་མེད་པ་ལ་ཡང་བརྗོད་པར་བྱའོ། །ཡོད་པར་ངེས་པ་མེད་དུ་ཟིན ་ཀྱང་མེད་པར་ངེས་པར་གོ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་གཅིག་ལ་གཅིག་མེད་པའི་ངོ་བོར་གནས ་པ་དག་ཡིན་ཏེ། འདི་ལྟར་གང་ན་རྗེས་སུ་འགྲོ་བ་མེད་པར་དེ་ན་ལྡོག་པ་ཡོད་པ་འམ། གང་ན་ལྡོག་པ་མེད་པ་དེ་ན་རྗེས་སུ་འགྲོ་བ་ཡོད་པའོ། །དེ་གཉིས་ཕན་ཚུན་དུ་རྣམ་པར་གཅོད་པའི་ངོ་བོར་གནས་པ་ཡིན་དུ་ཆུག་ན་དེས་ཅིར་འགྱུར་ཞེ་ན། གཅིག་མེད ་པར་དེས་ན་ཅིག་ཤོས་ཡོད་པར་གདོན་མི་ཟ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་དེ་གཉིས་གཅིག་ལ་གཅིག་མེད་པའི་ངོ་བོར་གནས་པ་དེའི་ཚེ་རྗེས་སུ་འགྲོ་བ་མེད་པར་ངེས་པ་གང་ཡིན་པ་དེས། ལྡོག་པ་ཡོད་པར་ངེས་པར་གདོན་མི་ཟ་བར་འགྱུར ་རོ། དེ་བཞིན་དུ་ལྡོག་པ་མེད་པར་ངེས་པས་ཀྱང་རྗེས་སུ་འགྲོ་བ་ཡོད་པར་ངེས་པར་གདོན་མི་ཟ་བར་འགྱུར་ཏེ། འདི་ལྟར་གང་དུ་སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཡོད་པ་མེད་དོ་ཞེས་བྱ་བར་ངེས་པ་དེར་མེད་པར་ངེས་པ་ཡིན་ལ། གང་དུ་དེ་མེད་པ་མེད་དོ ་ཞེས་བྱ་བར་ངེས་པ་དེར་ཡང་ཡོད་པར་ངེས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལ་གཅིག་མེད་པར་ངེས་ན། ཅིག་ཤོས་ཡོད་པར་ངེས་པར་གདོན་མི་ཟ་བ་དེའི་ཕྱིར་བཅད་དང་བཅས་པ་དང། བདག་མེད་པ་གཉིས ་ལ་སྲོག་ལ་སོགས་པ་དང་ལྡན་པ་མེད་པར་ངེས་པ་ཡང་མེད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་དེ་ནི་མ་ངེས་པ ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཙོམ་ཟར?་ཟིན་ཀྱང་མ་ངེས་པར་གོ་ཅིའི་ཕྱིར་འགྱུར་ཞེ་ན། དེའི་ཕྱིར་བསྒྲུབ་པར་བྱ་བ་དང། ཅིག་ཤོས་ལ་ངེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་དང། བསྒྲུབ་པར་བྱ་བའི་མི་མཐུན་པའི ་ཕྱོགས་ལ་སྲོག་ལ་སོགས་པ་དང་ལྡན་པ་ངེས་པ་མེད་པ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་ནི་སྨྲས་པའི་ཚུལ་གྱིས་སོ། །ཚུལ་གསུམ་པོ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བྱ་བ་རྣམས་སོ། །དེ་དག་ཅེས་བྱ་བ་ནི་གཏན་ཚིགས ་ལྟར་སྣང་བ་ཞེས་བྱ་བ་དང་སྦྱར་རོ། །ཚུལ་རེ་རེ་འམ། གཉིས་གཉིས་ལ་ལར་མ་གྲུབ་པ་འམ། ཐེ་ཚོམ་ཟ་བ་ཞེས་བྱ་བ་ནི། ལ་ལར་ནི་ཚུལ་གཅིག་མ་གྲུབ་པ་འམ། ཐེ་ཚོམ་ཟ་བ་ཡིན་ནོ། །ལ་ལར་ནི་ཚུལ་གཉིས་སོ། །ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་མཐུན་པར་སྦྱར ་རོ། གཏན་ཚིགས་ལྟར་སྣང་བ་གསུམ་པོ་མ་གྲུབ་པ་དང། འགལ་བ་དང། མ་ངེས་པ་དག་ཡིན་ཞེས་བྱ་བ་ནི། མ་གྲུབ་པ་དག་དང། འགལ་བ་དག་དང། མ་ངེས་པ་རྣམས་ཞེས་ཚིག་རྣམ་པར་སྦྱར་རོ། །འགལ་བ་མ་འཁྲུལ་པ་ཅན་ཡང་ཐེ་ཚོམ་གྱི་རྒྱུར་བཤད་ཅེས ་བྱ་བ་ནི་འགལ་བ་འཁྲུལ་པ་མེད་པ་ནི་འགལ་བ་མི་འཁྲུལ་པའོ། །དེ་འདི་ལ་ཡོད་པས་འགལ་བ་མི་འཁྲུལ་པ་ཅན་ནོ། །ཡང་ན་འདི་འགལ་བ་མི་འཁྲུལ་པའི་ངང་ཚུལ་ཅན་ཡིན་པས་འདི་ནི་འགལ་བ་མི་འཁྲུལ་པ་ཅན་སྟེ། དེ་ནི་བསྟན་བཅོས་བྱེད་པས་མ་ངེས ་པར་བཤད་དོ། །དེ་འདིར་ནི་མ་སྨོས་སོ་ཞེས་བྱ་བ་ནི་བདག་གིས་མ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རྗེས་སུ་འགལ་བའི་ཡུལ་ལ་མི་སྲིད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་མི་སྲིད་དོ། །ཇི་ལྟར་མི ་སྲིད་ཅེ་ན། འབྲས་བུ་འམ། རང་བཞིན་ནམ། མི་དམིགས་པའི་མཚན་ཉིད་སྨོས་པ་ལ་འགལ་བ་མི་སྲིད་ཅེས་བྱ་བ་སྨོས་ཏེ། རྒྱུ་ཡོད་ན་འབྲས་བུ་ཡོད་པ་ཉིད་ནི་འབྲས་བུའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན། དེ་ཙམ་དང་རྗེས་སུ་འབྲེལ་བའི ་གཏན་ཚིགས་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་ཡིན། དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་ནི་མི་དམིགས་མཚན་ཉིད་ཡིན་ན། འགལ་བ་དག་ནི་མཚན་ཉིད་སྨོས་པ་དང་ལྡན་པ་དེ་དག་ལ་མི་སྲིད་དེ། འདི་ལྟར་ཤིང་ཤ ་པས་ཤིང་ཉེ་བར་བསྒྲུབ་པ་ལ་མི་མཐུན་པ་གང་ཤིང་མེད་པར་གྲུབ་པར་བྱེད་པ། ཅི་སྐད་སྨོས་པའི་མཚན་ཉིད་དང་ལྡན་པ་གཉིས་པ་ནི་མི་སྲིད་དོ། །གལ་ཏེ་མཚན་ཉིད་སྨོས་པ་གསུམ་ཅར་ལ་མི་སྲིད་དུ་ཟིན་ན། འོ་ན་གཞན་ལ་སྲིད་པར་འགྱུར་རོ་ཞེ ་ན། དེའི་ཕྱིར་མི་འཁྲུལ་པ་ཅན་གཞན་ནི་མེད་ཅེས་བྱ་བ་སྨོས་ཏེ། གཏན་ཚིགས་གསུམ་ལ་མ་གཏོགས་པ་གང་ལ་འགལ་བ་མི་འཁྲུལ་པ་ཅན་སྲིད་པར་འགྱུར་པའི་མི་འཁྲུལ་པ་ཅན་གྱི་གཏན་ཚིགས་གཞན་ནི་མེད་དོ། །གང་གི་ཕྱིར་གསུམ ་པོ་དེ་དག་ལ་མི་སྲིད་པ་དེའི་ཕྱིར་དངོས་པོ་མ་མཐོང་བའི་སྟོབས་ཀྱིས་ཞུགས་པ་ཡིན་ཞེས་བྱ་བ་ནི་གང་ལ་འབྲེལ་པའི་ཚད་མས་གཏན་ལ་ཕབ་པ་མེད་པ་དེ་ནི་དངོས་པོ་མ་མཐོང་བའི་སྟོབས་ཀྱིས་ཞུགས་པ་ཞེས་བྱའོ། །ལུང་ལ་བརྟེན་པའི་རྗེས་སུ་དཔག ་པ་ལ་བརྟེན་ཏེ། ཞེས་བྱ་བ་ནི། འདི་ལ་ལུང་ལ་བརྟེན་པའི་ཡོད་པས་འདི་ནི་ལུང་ལ་བརྟེན་པ་སྟེ། གང་དུ་ལུང་གི་སྒོ་ནས་ཆོས་ཅན་དང། ཕྱོགས་ཀྱི་ཆོས་ལ་སོགས་པ་གཏན་ལ་འདེབས་པ་དེ་ནི་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ཞེས་བྱའོ། །དེའི ་དོན་དཔྱད་པ་དག་ལ་ཞེས་བྱ་བ་ནི་ལུང་གི་དོན་དཔྱད་པ་དག་ལའོ། །འགལ་བ་མི་འཁྲུལ་པ་ཅན་ནི་སྒྲུབ་པའི་སྐྱོན་དུ་བཤད་ཅེས་བྱ་བ་དེ་ནི་གོ་སླའོ། །གལ་ཏེ་འདི་རིགས་པ་མ་ཡིན་ན་དེའི་ཚེ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་ཡང་དེ་ཅིའི་ཕྱིར་སྲིད ་ཅེ་ན། བསྟན་བཅོས་བྱེད་པ་རྣམས་ནི་དོན་རྣམས་ལ་འཁྲུལ་པས་རང་བཞིན་ལོག་པར་སྟོན་པ་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བསྟན་བཅོས་བྱེད་པ་ཐམས་ཅད་ནི་དེ་ཁོ་ན་མཐོང་བ་བྱུང་བ་མ་ཡིན་པས་དེ་རྣམས་ནི་དོན་ཁ་ཅིག་དག་ལ་རང་བཞིན་ལོག་པར་སྨྲ་བ ་ཡང་འགྱུར་བས། དེའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་གྱི་སྐབས་སུ་འགྱུར་རོ། །གལ་ཏེ་ལུང་དང་འབྲེལ་པའི་རྗེས་སུ་དཔག་པ་ལ་དེ་ཡོད་པ་ཉིད་དུ་འདོད་ན་གོ་།འོ་ན་ལྟ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ལ་ཡང་ཅིའི་ཕྱིར་མི་འདོད་ཅེ་ན། དེའི་ཕྱིར། དངོས་པོ་ཇི་ལྟ་བ ་བཞིན་དུ་གནས་པར་འདུག་པ་བདག་དང་འབྲས་བུ་དང་མི་དམིགས་པ་དག་ལ་ནི་དེ་མི་སྲིད་ཅེས་བྱ་བ་སྨོས་ཏེ། དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་འདུག་བ་གང་དག་ཡིན་པ་དེ་དག་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་འདུག་པ་རྣམས་ཏེ། འདུག་པ་ནི ་རྣམ་པར་གནས་པའོ། །བདག་དང་འབྲས་བུ་དང་མི་དམིགས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། བདག་ནི་རང་བཞིན་ཞེས་བྱའོ། །ཇི་ལྟར་ཡང་དག་པའི་དོན་དུ་དངོས་པོ་རྣམ་པར་གནས་པ་དེ་ལྟར་རང་བཞིན་དང་འབྲས་བུ་དང་མི་དམིགས་པ་ཞེས་བྱ་བའི་གཏན ་ཚིགས་རྣམས་རྣམ་པར་འཇོག་པ་གང་དག་ཡིན་པ་དེ་དག་ལ་འགལ་བ་མི་འཁྲུལ་པ་ཅན་ལྟ་ག་ལ་སྲིད། འདིར་དཔེ་ནི་ཞེས་བྱ་བ་ནི་ལུང་ལ་བརྟེན་ནས་ཚད་མ་སྟོན་པར་བྱེད་པའོ། །གང་ཞིག་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་དག་དང། ཅིག ་ཅར་དུ་མངོན་པར་འབྲེལ་བ་དེ་ནི་ཐམས་ཅད་ན་གནས་པ་ཞེས་བྱ་བ་ལ་ཡུལ་ཐམས་ཅད་དུ་གནས་པ་དག་ནི་ཡུལ་ཐམས་ཅད་ན་གནས་པ་རྣམས་སོ། །དེ་དག་ནི་རང་དང་ཡང་ཡིན་ལ་འབྲེལ་པ་ཅན་ཡང་ཡིན་པས་རང་དང་འབྲེལ་བ་ཅན་རྣམས་སོ། །དངོས་པོ་གང ་ཞིག་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་རྣམས་དང། ཅིག་ཅར་ཏུ་མངོན་པར་འབྲེལ་པ་དེ་ནི་ཐམས་ཅད་དུ་གནས་པ་ཡིན་པར་མཐོང་སྟེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལ་ནམ་མཁའ་ནི་ཡུལ་ཐམས་ཅད་ན་རྣམ་པར་གནས་པ་རང་དང ་འབྲེལ་བ་ཅན་བུམ་པ་ལ་སོགས་པ་ཞེས་བྱ་བ་དག་དང་མངོན་པར་འབྲེལ་ཏེ། དེ་ནི་ཐམས་ཅད་ན་གནས་པ་ཡིན་པར་འདོད་དོ། །ཚིག་དེས་ནི་རྗེས་སུ་འགྲོ་བ་བསྟན་ཏོ། །སྤྱི་ཡང་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་བ་ཅན་དག་དང། ཅིག ་ཅར་དུ་འབྲེལ་ཏོ་ཞེས་བྱ་བ་ནི་སྤྱི་དང་འབྲེལ་པ་ཅན་གསལ་བའི་བྱེ་བྲག་ཡུལ་ཐམས་ཅད་ན་ཡོད་པ་དེ་དག་དང་སྤྱི་ནི་ཅིག་ཅར་དུ་འབྲེལ་ཏེ། དེས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་སྦྱོར་བ་བསྟན་པའི་ཕྱིར། དེ་དང་འབྲེལ ་པ་ཅན་གྱི་རང་བཞིན་ཙམ་གྱི་རྗེས་སུ་འཇུག་པའི་ངང་ཚུལ་ཅན་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་ཅེས་བྱ་བ་སྨོས་ཏེ། དེ་དང་འབྲེལ་པ་ཅན་རྣམས་ནི་དེ་དང་འབྲེལ་བ་ཅན་དག་གོ་།དེ་དང་འབྲལ་བ་ཅན་རྣམས་ཀྱི་རང་བཞིན་ཙམ་གྱི་རྗེས་སུ་འཇུག་པའི ་དང་ཚུལ་ཅན་གང་ཡིན་པ་དེ་ནི་དེ་དང་འབྲེལ་པ་ཅན་གྱི་རང་བཞིན་ཙམ་གྱི་རྗེས་སུ་འཇུག་པའི་དང་ཅན་ནོ། །འབྲེལ་པ་ཅན་དེ་དག་གི་ཡུལ་ནི་དེའི་ཡུལ་ལོ། །དེའི་ཡུལ་ན་འདུག་པ་ནི་དེའི་ཡུལ་ན་འདུག་པའོ། །དེ་ནི་དེའི་ཡུལ་ན་འདུག་པ་ཡང་ཡིན་ལ་རང་བཞིན ་ཡང་ཡིན་པས་དེའི་ཡུལ་ན་འདུག་པའི་རང་བཞིན་ནོ། །དེའི་དངོས་པོ་ནི་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་དོ། འབྲེལ་པ་ཅན་གྱི་ཡུལ་ན་ཉེ་བར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་དུ་སོང་བ་ཁོ་ནས་འབྲེལ་པ་ཅན་རྣམས་ཁྱབ་པར་བྱ་བ ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། གང་ན་གང་མེད་པ་དེ་ནི་དེའི་ཡུལ་ལ་བདག་ཉིད་ཀྱིས་ཁྱབ་པར་བྱེད་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ། གང་ན་གང་མེད་པ་དེས་ནི་དེའི་ཡུལ་ཁྱབ་པར་བྱ་བར་ཅི་ལྟར་ནུས། དེའི་ཡུལ་ཞེས་བྱ་བ་ནི་ཡུལ་དེ་གང་གི ་ཡིན་པ་དེ་ནི་དེའི་ཡུལ་ལོ། །ཡུལ་གང་ན་དེ་མེད་ན་ཡུལ་དེ་འབྲེལ་པ་ཅན་གང་ཡིན་པ་དེ་ཁྱབ་པར་བྱ་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ་།རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ཞེས་བྱ་བ་དེ་ནི་གོ་སླའོ། །ད་རེ་ཤིག་དེ་ལྟར་གཟེགས་ཟན་པ་ཁ་ཅིག ་གིས་སྤྱི་ནི་ཐམས་ཅད་ཀྱི་ཐམས་ཅད་ནི་གནས་པ་ཡིན་པར་བསྟན་ཏོ། །གཟེགས་ཟན་པ་གཞན་དག་ནི་རྟེན་ཙམ་པ་ལ་སྤྱི་ཐམས་ཅད་ན་གནས་པ་ཉིད་ཡིན་པ་ཁོ་ནར་འདོད་དེ། དེའི་ལུགས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། སྦྱོར་བ་གཉིས་པ་ཡང་ཞེས་བྱ་བ་སྨོས ་ཏེ། དེ་ནི་གོ་སླའོ། །དམིགས་པའི་རིག་བྱར་གྱུར་པ་གང་ཞིག་གང་ན་མི་དམིགས་པ་དེ་ནི་དེ་ན་མེད་དོ་དཔེར་ན་གང་ཞིག་ན་བུམ་པ་མེད་དེ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་དེ་ནི་མི་དམིགས་པའི་རྗེས་སུ་འགྲོ་བ་བསྙད་པའོ། །གསལ་བའི་བར་རྣམས་ན་ཡང ་དམིགས་པའི་རིག་བྱར་གྱུར་པ་སྤྱི་མི་དམིགས་པ་ཞེས་བྱ་བ་ནི་གསལ་བ་གཞན་རྣམས་གསལ་བའི་བར་རྣམས་ནི་གསལ་བའི་བར་རྣམས་ཏེ། དེ་དག་ན་དམིགས་པའི་རིག་བྱར་གྱུར་པ་སྤྱི་ནི་མི་དམིགས་སོ། །དེས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །རྒོལ་བ ་དེས་ཀྱང་རྟེན་ཙམ་ལ་ཐམས་ཅད་ན་གནས་ཉིད་དུ་བསྟན་ཏོ། །མི་དམིགས་པ་འདི་དང་རང་བཞིན་དེ་ནི་ཕན་ཚུན་འགལ་བའི་དོན་སྒྲུབ་པ་ཡིན་པས་གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་ཅེས་བྱ་བ་ལ་བཤད་མ་ཐག་པའི་མི་དམིགས་པས་ནི་རྟེན་ཙམ་ལ ་སྤྱི་ཐམས་ཅད་ན་གནས་པ་ཉིད་དུ་སྒྲུབ་པར་བྱེད་ལ། སྔ་མ་བཞིན་གྱི་གཏན་ཚིགས་ཀྱིས་ནི་ཐམས་ཅད་ཀྱི་ཐམས་ཅད་ན་གནས་པ་ཉིད་དུ་སྒྲུབ་པར་བྱེད་པས་ཕན་ཚུན་འགལ་བའི་དོན་སྒྲུབ་པ་དེ་གཉིས་ནི་ཅི་གསལ་བའི་བར་རྣམས་ན་སྤྱི་མི ་དམིགས་པའི་ཕྱིར་རང་གི་རྟེན་ཙམ་ལ་ཐམས་ཅད་ན་གནས་པ་ཉིད་གཅིག་ཡིན་ནམ། འོན་ཏེ་ཡུལ་ཐམས་ཅད་ཅན་ན་རྣམ་པར་གནས་པ་རང་དང་འབྲེལ་པ་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར། ཐམས་ཅད་ཀྱི་ཐམས་ཅད་ན་གནས་པ་ཞིག་ཡིན ་སྙམ་ན་སྤྱི་གཅིག་ལ་ཐེ་ཚོམ་ཟ་བར་བྱེད་དོ། །རེ་ཞིག་དེ་ལྟར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་འདྲ་བ་དང་བཅས་པ་བསྟན་ཏོ། །ཅི་སྟེ་ཅིའི་ཕྱིར་དཔེའི་མཚན་ཉིད་མ་བསྟན་ཅེ་ན། དེའི་ཕྱིར། གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་པ་དེ་ཙམ ་གྱིས་རྟོགས་པས། དཔེ་ཞེས་བྱ་བ་སྒྲུབ་པའི་ཡན་ལག་ནི་ལོགས་ཤིག་ན་ཅི་ཡང་མེད་དེ། དེས་ན་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བརྗོད་ཅེས་བྱ་བ་སྨོས་སོ། །སྔར་གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་པ་གང་ཡིན ་པར་ཚུལ?་གསུམ་པོ་འདི་ཉིད་ཀྱིས་བསྒྲུབ་པར་བྱ་བའི་དོན་འགྲུབ་པར་འགྱུར་ཏེ། དེ་ལྟ་བས་ན་དཔེ་ཞེས་བྱ་བ་བསྒྲུབ་པའི་ཡན་ལག་ལོགས་ཤིག་ན་མེད་དེ། དེའི་ཕྱིར་དེའི་མཚན་ཉིད་ལོག་ཤིག་ཏུ་མ་བརྗོད་དོ། །དོན་གོ་བའི་ཕྱིར་ཞེས་བྱ་བ་ནི ་གཏན་ཚིགས་ཀྱི་དོན་ཉིད་ཀྱིས་དཔེའི་དོན་ཡང་གོ་བར་འགྱུར་བའི་ཕྱིར་རོ། །ད་ཅི་ལྟ་ཞེ་ན། གཏན་ཚིགས་ནི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ལོག་པའི་ཚུལ་དུ་བྱེ་བྲག་མེད་པར་བཤད་ཅེས་བྱ ་བ་སྨོས་ཏེ། རེ་ཞིག་སྤྱིར་ན་འདི་ནི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བྱ་བའི་ཚུལ་དང། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ལོག་པ་ཞེས་བྱ་བ་ཚུལ་ལོ། །ཡང་བྱེ་བྲག་ནི་འབྲས་བུ ་དང་རང་བཞིན་གཉིས་ནི་སྐྱེ་བ་དང། དེ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་པར་བྱ་བར་བཤད་ཅེས་བྱ་བ་ནི་བྱེ་བྲག་ཏུ་ན་གཏན་ཚིགས་ཀྱི་མཚན་ཉིད་འབྲས་བུའི་གཏན་ཚིགས་ནི་སྐྱེ་བ་ཡིན་པར་རབ་ཏུ་བསྟན་པར་བྱའོ་ཞེས་བཤད ་དོ། རང་བཞིན་གྱི་གཏན་ཚིགས་ནི་དེ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་པར་བསྙད་པར་བྱ་བ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་སྟོན་པར་བྱེད་པས་ཤེས་བྱ་བ་ནི་སྤྱིའི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་སྟོན་པར་བྱེད་པས་ཤེས་བྱའི་ཐ་ཚིག ་གོ་།གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ལ། མེ་མེད་ན་དུ་བ་གང་ན་ཡང་མེད་དེ། དཔེར་ན་ཚང་བ་དང་གཞན་ལྟ་བུའོ་ཞེས་བྱ་བ་ནི་རེ་ཞིག་འབྲས་བུའི་གཏན་ཚིགས་སྤྱིའི་མཚན་ཉིད་དམ། རང་གི་མཚན་ཉིད་ཀྱང་རུང། འདི་སྐད་དུ་རབ་ཏུ་བསྟན་པར་བྱའོ་ཞེས ་སྟོན་པར་བྱེད་པར་སྟེ། འདི་ལྟར་འདི་ལ་མཐུན་པའི་ཕྱོགས་ལ་ཡོད་པར་རབ་ཏུ་སྟོན་པར་བྱེད་པས་གདོན་མི་ཟ་བར་ཚང་བར་ལྟ་བུའོ་ཞེས་བརྗོད་པར་བྱའོ། །གཞན་དུ་ན་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་བསྟན་པར་མི་ནུས་སོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལས་ལྡོག་པར་བརྗོད ་པས་ཀྱང་གདོན་མི་ཟ་བར་ཆུ་ལྟ་བུའོ་ཞེས་བརྗོད་པར་བྱའོ། །གཞན་དུ་ན་ལྡོག་པ་ཉིད་མ་བསྟན་པར་འགྱུར་རོ། །སྐྱེ་བ་ཡང་དེ་བཞིན་དུ་བསྟན་པ་ཡིན་ཏེ། འདི་ལྟར་མེ་ཡོད་ན་དུ་བ་ཡོད་པ་ནི་དེའི་འབྲས་བུ་ཉིད་ཡིན་ཏེ། དེ་ཉིད་རྗོད་པར་བྱེད་པས་ན་གང་དང་གང་ན་དུ་བ་ཡོད་པ་དེ་དང་དེ་ན ་གོང་ནི་མི་ཟ་བར་མེ་ཡོད་དེ། དཔེར་ན་ཚང་བར་ལ་སོགས་པ་ལྟ་བུའོ་ཞེས་བརྗོད་པས་བསྟན་པར་འགྱུར་རོ། །གང་ན་བྱས་པ་ཉིད་ཡོད་པ་དེ་ན་མི་རྟག་པ་ཉིད་ཡོད་ལ། མི་རྟག་པ་ཉིད་མེད་ན་བྱས་པ་ཡང་མི་སྲིད་དེ། དཔེར་ན་བུམ་པ་དང་ནམ་མཁའ་དག་ལྟ་བུའོ་ཞེས་བསྟན་པར ་བྱའོ་ཞེས་བྱ་བ་འདིས་ནི་རང་བཞིན་གྱི་གཏན་ཚིགས་སྤྱི་དང་བྱེ་བྲག་གི་མཚན་ཉིད་ཇི་ལྟ་བར་བསྟན་པར་བྱ་བར་དེ་ལྟར་སྟོན་པར་བྱེད་དེ། འདིར་ཡང་གལ་ཏེ་བུམ་པ་ལྟ་བུའོ་ཞེས་མ་བརྗོད་ན་དེའི་ཚེ་མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་བསྟན་པར་མི་ནུས་སོ། །གལ ་ཏེ་ནམ་མཁའ་ལྟ་བུའོ་ཞེས་མ་བརྗོད་ན། དེའི་ཚེ་ལྡོག་པ་ཡང་བསྟན་པར་མི་ནུས་སོ། །དེ་ཙམ་གྱི་རྗེས་སུ་འཇུག་པ་ཡང་དེ་བཞིན་དུ་བསྟན་པར་ནུས་ཏེ། འདི་ལྟར་གལ་ཏེ་གང་དང་གང་ན་བྱས་པ་ཉིད་ཡོད་པ་དེ་དང་དེ་ན་གདོན་མི་ཟ་བར་མི་རྟག་པ་ཉིད་ཡོད་དེ། དཔེར ་ན་བུམ་པ་ལྟ་བུའོ་ཞེས་སྟོན་པར་བྱེད་པ་དེའི་ཚེ། དེ་ཙམ་གྱི་རྗེས་སུ་འབྲེལ་པ་བསྟན་པ་ཡིན་ནོ། །གཞན་དུ་ན་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང། མེད་པར་ཇི་སྐད་དུ་སྨོས་པའི་རྣམ་པ་དག་བསྟན་པར་མི་ནུས་སོ། །ཞེས་བྱ་བ ་ནི། མཐུན་པའི་ཕྱོགས་ལ་ཡོད་པར་སྟོན་པར་བྱེད་པས། གལ་ཏེ་ཚང་བར་ལྟ་བུའོ། །བུམ་པ་ལྟ་བུའོ་ཞེས་མ་བརྗོད་ན། དེའི་ཚེ་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་མ་བསྟན་པ་ཡིན་ནོ། །གལ་ཏེ་ཡང་མི་མཐུན་པའི་ཕྱོགས་ལ་མེད་པར་སྟོན་པར་བྱེད ་བས་ཆུ་ལྟ་བུའོ། །ནམ་མཁའ་ལྟ་བུའོ་ཞེས་མ་བརྗོད་ན། དེའི་ཚེ་ལྡོག་པ་མ་བསྟན་པ་ཁོ་ན་ཡིན་ཏེ། དེ་ལྟར་རེ་ཞིག་སྤྱིའི་མཚན་ཉིད་བསྟན་པར་མི་ནུས་པར་བཤད་དོ། །བྱེ་བྲག་གི་མཚན་ཉིད་མི་ནུས་པ་བསྟན་པའི་ཕྱིར། འབྲས་བུའི་རྟགས་ནི ་དེའི་འབྲས་བུ་ཉིད་དུ་ངེས་པ་འམ། ཞེས་བྱ་བ་སྨོས་ཏེ། དེའི་འབྲས་བུ་ནི་དེའི་འབྲས་བུའོ། །དེའི་དངོས་པོ་ནི་དེའི་འབྲས་བུ་ཉིད་དོ། །དེར་ངེས་པ་ནི་དེའི་འབྲས་བུ་ཉིད་དུ་ངེས་པ་སྟེ། རྒྱུ་ཡོད་ན་འབྲས་བུ་ཡོད་པ་ཉིད་དོ་ཞེས་བྱ་བར་ངེས་པ་གང་ཡིན་པ་དེ་ནི་དེའི ་འབྲས་བུ་ཉིད་དུ་ངེས་པ་ཞེས་བྱའོ། །རང་བཞིན་གྱི་རྟགས་ནི་རང་བཞིན་གྱིས་ཁྱབ་པ་ཞེས་བྱ་བ་ལ་ངོ་བོ་ཉིད་ཀྱིས་ཁྱབ་པ་ནི་རང་བཞིན་གྱིས་ཁྱབ་པ་སྟེ། དེ་ཙམ་གྱིས་རྗེས་སུ་འཇུག་པའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་གཉི་ག་ཡང་དཔེ་བསྟན་པ་མེད ་པར་བསྟན་པར་མི་ནུས་ལ། གང་གི་ཚེ་ཇི་སྐད་སྨོས་པའི་རིགས་པའི་ཆོས་ཅན་འགའ་ཞིག་ལ་གཏན་ཚིགས་ཀྱིས་སྤྱིའི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་བསྟན་པར་གྱུར་པ་དེའི་ཚེ་དཔེ་ཡང་བསྟན་པ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ་དེའི་ཕྱིར། དེའི་ཚུལ་ནི་དེ་ཙམ་དུ་ཟད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེའི་ཚུལ་ནི་དེ་ཁོ་ནར་ཟད་དེ། འདི་ལྟ་སྟེ། གང་དུ་འགའ་ཞིག་ན་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བར་སྟོན་པར་བྱེད་པ་དེ་ནི་ཆོས་མཐུན་པའི་དཔེ ་ཡིན་ནོ། །གང་ན་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་སྟོན་པར་བྱེད་པ་དེ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །འདིས་ནི་དཔེའི་ཉེས་པ་རྣམས་ཀྱང་བསལ་བ་ཡིན་ཞེས་བྱ་བ་ནི་གང་གི་ཚེ། གང་དུ་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་དམ། ་བྱེ་བྲག་གི་མཚན་ཉིད་སྟོན་པར་བྱེད་པ་དེ་ཡང་དག་པའི་དཔེ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ། གང་གི་མཚན་ཉིད་དེ་གཉིས་སྟོན་པར་མི་ནུས་པ་དེ་ནི་དཔེ་ལྟར་སྣང་བ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དཔེ་རྣམས་བསྟན་པ་དཔེར་ན་སྒྲ་ནི་རྟག་པ་སྟེ། ་ལུས་ཅན་མ་ཡིན་པའི་ཕྱིར། ལས་དང་རྡུལ་ཕྲ་རབ་དང་བུམ་པ་བཞིན་ནོ་ཞེས་བྱ་བ་ནི་སྒྲུབ་པར་བྱ་བ་དང། སྒྲུབ་པའི་ཆོས་དང། གཉི་ག་མེད་པ་ཡིན་ཞེས་བྱ་བའོ། །སྒྲ་ནི་རྟག་པ་སྟེ་ལུས་ཅན་མ་ཡིན་པའི་ཕྱིར། ལས་བཞིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་མེད་པ?་ཡིན་ནོ།། ་རྡུལ་ཕྲ་རབ་བཞིན་ནོ་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་མེད་པ་ཡིན་ནོ། །བུམ་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་གཉི་ག་མེད་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་ཡང་ཞེས་བྱ་བ་ནི། འདི་ལ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཡོད ་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་ནི་དེ་སྐད་ཅེས་བརྗོད་དོ། །དཔེ་རྣམས་བསྟན་པ། དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ་ཞེས ་བྱ་བ་འདི་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཡོད་པའོ། །མི་འདི་ནི་འདོད་ཆགས་དང་ལྡན་པའི་ཕྱིར་འཆི་བའི་ཆོས་ཅན་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ལ་ཐེ་ཚོམ་ཟ་བ་ཡོད་པའོ། །འདོད་ཆགས་ལ་སོགས་པ་དང་ལྡན་པའི ་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་ནི་ཆོས་གཉི་ག་ལ་ཐེ་ཚོམ་ཟ་བ་ཡོད་པའོ། །རྗེས་སུ་འགྲོ་བ་མེད་པ་ཞེས་བྱ་བ་ནི་གང་ལ་རྗེས་སུ་འགྲོ་བ་མེད་པ་ཉིད་དོ། །རྗེས་སུ་འགྲོ་བ་རབ་ཏུ་མ་བསྟན་པ་ཞེས་བྱ་བ་ནི་གང་ལ་རྗེས་སུ ་འགྲོ་བ་ཡོད་ཀྱང་རབ་ཏུ་མ་བསྟན་པའོ། །དཔེ་བསྟན་པ། དཔེར་ན་གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ། འདོད་པའི་མི་བཞིན་ཞེས་བྱ་བ་ནི་དེ་ལ་ནི་རྗེས་སུ་འགྲོ་བ་མེད་དེ། གང་གིས་དེ་ལ་ཚིག་དང་འདོད་ཆགས་ལ་སོགས་པ་རྣམས་ཁྱབ་པར་བྱ་བ ་དང། ཁྱབ་པར་བྱེད་པའི་དངོས་པོ་འམ་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་བ་ནི་མེད་དོ། །སྒྲ་ནི་བྱས་པའི་ཕྱིར་མི་རྟག་སྟེ་བུམ་པ་བཞིན་ཞེས་བྱ་བ་འདི་ལ་ནི་རྗེས་སུ་འགྲོ་བ་ཡོད་ཀྱང་རབ་ཏུ་མ་བསྟན་པར་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ནི ་ཞེས་བྱ་བ་ནི་དཔེ་གང་ལ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཡོད་པ་ཞེས་ཚིག་རྣམ་པར་སྦྱོར་རོ། །དཔེ་བསྟན་པ་གང་མི་རྟག་པ་དེ་ནི་བྱས་པའོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལ་ནི་གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་བརྗོད་པར་བྱ་བ་ཡིན་ན། ་གང་མི་རྟག་པ་དེ་ནི་བྱས་པའོ་ཞེས་ལོག་པར་སྨྲས་སོ། །ཆོས་མཐུན་པས་ཡིན་ཞེས་བྱ་བ་ནི། དེ་དག་ཐམས་ཅད་ནི་ཆོས་མཐུན་པའི་དཔེ་ལྟར་སྣང་བ་ཡིན་ནོ། །ཆོས་མི་མཐུན་པས་ཀྱང་ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེ་ལྟར་སྣང་བ་སྟོན་པར་བྱེད་པའོ། །རྡུལ་ཕྲ ་རབ་དང་ལས་དང་ནམ་མཁའ་བཞིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལས་མི་ལྡོག་པ་ཅན་དག་ཡིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་བསྒྲུབ་པར་བྱ་བ་ལ་སོགས་པའོ། །དེ་དག་ལས་མི་ལྡོག་པ་རྣམས་ནི་བསྒྲུབ ་པར་བྱ་བ་ལ་སོགས་པ་ལས་མི་ལྡོག་པ་རྣམས་ཏེ། དེ་དག་གང་དག་ལ་ཡོད་པ་དེ་རྣམས་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལས་མི་ལྡོག་པ་ཅན་དག་ཡིན་ནོ། །དེ་ལ་རྡུལ་ཕྲ་རབ་བཞིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལས་མི་ལྡོག་པ་ཅན་ཡིན་ཏེ། རྡུལ ་ཕྲ་རབ་རྣམས་ནི་རྟག་པའི་ཕྱིར་བསྒྲུབ་པར་བྱ་བ་ལས་ལོག་པ་མ་ཡིན་ནོ། །ལས་བཞིན་ནོ་ཞེས་བྱ་བ་ནི་སྒྲུབ་པ་ལས་མི་ལྡོག་པ་ཅན་ཡིན་ཏེ། ལས་རྣམས་ནི་ལུས་ཅན་མ་ཡིན་པའི་ཕྱིར་སྒྲུབ་པ་ལས་ལོག་པ་མ་ཡིན་ནོ། །ནམ་མཁའ་བཞིན་ནོ་ཞེས ་བྱ་བ་ནི་གཉི་ག་ལས་མི་ལྡོག་པ་ཅན་ཡིན་ཏེ། ནམ་མཁའ་ལས་གཉི་ག་མ་ལོག་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བ་ལས་ལྡོག་པ་ལ་ཐེ་ཚོམ། །ཟ་བ་ལ་སོགས་པ་ནི་ཞེས་བྱ་བ་ནི། གང་ལ་བསྒྲུབ་པར་བྱ་བ་ལ་ལྡོག་པ་ལས་ཐེ་ཚོམ་ཟ་བ་ཡོད ་པ་ཞེས་ཚིག་རྣམ་པར་སྦྱར་ཞིང། བསྒྲུབ་པར་བྱ་བ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་གང་དག་ཡིན་པ་ཞེས་བསྡུའོ། །དཔེ་རྣམས་བསྟན་པ། དཔེར་ན་སེར་སྐྱ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་འམ་ཡིད་ཆེས་པ་མ་ཡིན་ཏེ་ཞེས་བྱ་བ ་ནི་དམ་བ་ཅེས་པ་གཉིས་བཀོད་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བའི་རྟགས་སུ་གྱུར་པའི་ཚད་མའི་ཕུལ་དུ་ཕྱིན་པ་བསྟན་པ་ལ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དང། འདོད་ཆགས་དང་བྲལ་བ་ཉིད་ནི་ཐམས་ཅད་མཁྱེན ་པ་ཉིད་དང་འདོད་ཆགས་དང་བྲལ་བ་ཉིད་དག་གོ་།ཐམས་ཅད་མཁྱེན་པ་ཉིད་དང་འདོད་ཆགས་དང་བྲལ་བ་ཉིད་ཀྱི་རྟགས་སུ་གྱུར་པ། ཚད་མའི་ཕུལ་དུ་ཕྱིན་པ་བསྟན་པ་ལ་མེད་པ་གང་དག་ཡིན་པ་དེ་དག་ནི་ཐམས་ཅད་མཁྱེན་པ་ཉིད་དང། འདོད་ཆགས་དང་བྲལ་བ་ཉིད་ཀྱི ་རྟགས་སུ་གྱུར་བ་ཚད་མའི་ཕུལ་དུ་ཕྱིན་པ་བསྟན་པ་ལ་མེད་པ་རྣམས་སོ། །དེའི་དངོས་པོ་ནི་ཉིད་དེ། དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་ཉིད་དང། འདོད་ཆགས་དང་བྲལ་བ་ཉིད་ཀྱི་རྟགས་སུ་གྱུར་པ་ཚད་མའི་ཕུལ་དུ་ཕྱིན་པ་བསྟན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཆོས ་མི་མཐུན་པའི་དཔེ་ནི་ཞེས་བྱ་བ་ནི་བརྡར་སྤྲད་པར་བླའོ། །གང་ཞིག་ཐམས་ཅད་མཁྱེན་པ་འམ། འདོད་ཆགས་དང་བྲལ་བ་དེས་ནི་སྐར་མ་ཤེས་པ་ལ་སོགས་པ་བསྟན་ཏེ། དཔེར་ན་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ལ། སྐར་མའི་ཤེས་པ་ནི་སྐར ་མའི་དཔྱད་ཅེས་བྱ་བའི་གཏན་ཚིགས་ཏེ། བུ་ལྦུ་ཀཱ་མཱ་ཥ་ལ་སོགས་པ་ལ་བྱའོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་དང། འདོད་ཆགས་དང་བྲལ་བ་ཉིད་དག་གིས་རྟགས་སུ་གྱུར་པ་ཡིན་པར་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པས་བསྟན་པ་སྟེ། དེའི་ཕྱིར་དེ་དག ་ཐམས་ཅད་མཁྱེན་པ་འམ། འདོད་ཆགས་དང་བྲལ་བ་ཡིན་པར་ཡིད་ཆེས་པར་ནུས་སོ་ཞེས། །ཆོས་ཀྱི་མི་མཐུན་པའི་དཔེ་ལས་བསྒྲུབ་པར་བྱ་བའི་ཆོས་ཐམས་ཅད་མཁྱེན་པ་ཉིད་དང་ཡིད་ཆེས་པ་མ་ཡིན་པ་གཉིས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ནི། ་འདིར་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པ་ཆོས་མི་མཐུན་པའི་དཔེ་ཉིད་དུ་བསྟན་ན། ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་དང། འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་པ་ནི་དེ་དག་ལས་ལོག་པར་ངེས་པ་མེད་དོ། །སྒྲུབ་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བ་ནི་དེའི ་དོན་ནི་གོ་བར་ཟད་དོ། །དཔེ་ནི་དཔེར་ན་གསུམ་རིག་པའི་བྲམ་ཟེས་ནི་མི་འགའ་ཞིག་གི་བརྗོད་པར་འདོད་པའི་ཚིག་གཟུང་བར་མི་བྱ་སྟེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན ་གྱི་རིག་བྱེད་དང། སྙན་དངགས་ཀྱི་རིགས་བྱེད་དང། རིག་བྱེད་གསུམ་པོ་དེ་དག་ལ་ནི་གསུམ་གྱི་སྒྲ་བརྗོད་དོ། །གསུམ་རིག་པས་གསུམ་རིག་པའོ། །འདི་ལ་གཟུང་བར་བྱ་བའི་ཚིག་ཡོད་པས་འདི་ནི་གཟུང་བར་བྱ་བའི་ཚིག་སྟེ། ཚད་མར་བྱས་པའི་ཚིག་ཅེས་བྱ་བའི ་ཐ་ཚིག་གོ་།དེས་ནི་འདི་སྐད་དུ་གསུམ་རིག་པ་འབྲམ་ཟེ་གང་ཡིན་པ་དེས་ནི་རྗོད་པར་འདོད་པའི་མའི་ཚིག་རྟག་ཏུ་ཚད་མར་མི་བྱའོ་ཞེས་བསྟན་པར་འགྱུར་རོ། །འདིར་ཆོས་མི་མཐུན་པའི་དཔེ་ནི་ཞེས་བྱ་བ་དེའི་དོན་ནི་གོ་བར་ཟད་དོ། །ཚིག་གཟུང་བར་བྱ་བ་གང ་དག་ཡིན་པ་དེ་དག་ནི་འདོད་ཆགས་ལ་སོགས་པ་དང་མི་ལྡན་པ་སྟེ། དཔེར་ན་གོའུ་ཏ་མ་ལ་སོགས་པ་ཆོས་ཀྱི་བསྟན་བཅོས་རྣམས་བྱེད་པ་ལྟ་བུའོ་ཞེས་བྱ་བ་ནི་གཽ་ཏམ་དང། དྲང་སྲོང་རྒྱས་པ་ལ་སོགས་པ་དག་གིས་ཆོས་ཀྱི་བསྟན་བཅོས་རྣམས ་བྱས་པ་གང་དག་ཡིན་པ་དེ་དག་ནི། གསུམ་རིག་པའི་བྲམ་ཟེ་རྣམས་ཀྱིས་ཚིག་ཚད་མར་བྱས་པ་ཡིན་ནོ། །གཏམ་ལ་སོགས་པ་ལས་སྒྲུབ་པའི་ཆོས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ན། འདོད ་ཆགས་ལ་སོགས་པ་དང་ལྡན་པ་ནི་དེ་དག་ལས་ལོག་པར་ངེས་པ་མེད་དོ། །གཉི་ག་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་ཞེས་བྱ་བ་ནི་གང་ལ་གཉི་ག་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡོད་པ་ཞེས་བསྡུའོ། །དཔེ་ནི་དཔེར་ན་སེར་སྐྱ་མ་སོགས་པ་ནི་ཡོངས་སུ ་འཛིན་པ་དང། ཀུན་ཏུ་འཛིན་པ་དང་ལྡན་པའི་ཕྱིར། འདོད་ཆགས་དང་བྲལ་བ་མ་ཡིན་ཞེས་བྱ་བ་ལྟ་བུ་ཞེས་བྱ་བ་སྟེ། ཡོངས་སུ་འཛིན་པ་ནི་རྫས་བདག་གིར་བྱས་པའོ། །ཀུན་ཏུ་འཛིན་པ་ནི་བདག་གིར་བྱས་པའི་འོག་ཏུ་ཞེན་པའོ། །ཡོངས་སུ་འཛིན་པ་དང་ཀུན་ཏུ ་འཛིན་པ་ནི་ཡོངས་སུ་འཛིན་པ་དང་ཀུན་ཏུ་འཛིན་པ་དག་སྟེ། དེ་དག་དང་ལྡན་པ་ལ་དེ་སྐད་ཅེས་བྱའོ། །འདིར་ཆོས་མི་མཐུན་པའི་དཔེ་ནི་གང་ཞིག་འདོད་ཆགས་དང་བྲལ་བ་དེ་ལ་ནི་ཡོངས་སུ་འཛིན་པ་དང་ཀུན་ཏུ་འཛིན་པ་མེད་དེ། དཔེར་ན་ཁྱུ་མཆོག་ལ་སོགས་པ་ལྟ་བུ་ཞེས་བྱ ་པ་ནི། ཁྱུ་མཆོག་ལ་སོགས་པ་ནི་བྱིན་པ་ན་ཅུང་ཟད་ཀྱང་མི་ལེན་ཏེ། དེའི་ཕྱིར་དེ་དག་ལ་ཡོངས་སུ་འཛིན་པ་མེད་དོ། །ཡོངས་སུ་འཛིན་པ་མེད་པ་ཉིད་ཀྱིས་ཀུན་ཏུ་འཛིན་པ་མེད་དེ། དེ་དག་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་དང། སྒྲུབ་པའི་ཆོས་འདོད་ཆགས ་དང་བྲལ་བ་མ་ཡིན་པ་ཉིད་དང། ཡོངས་སུ་འཛིན་པ་དང། འཛིན་པ་ལ་ལྡན་པ་དག་ཁྱུ་མཆོག་ལ་སོགས་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་མ་ཡིན་པ་ཉིད་ནི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། ཡོངས་སུ་འཛིན་པ་ཡང ་སེམས་ཀྱིས་བདག་གིར་བྱེད་པའོ། །ཀུན་ཏུ་འཛིན་པ་ཡང་སྲེད་པ་སྟེ། དེ་ཐམས་ཅད་ནི་སེམས་ལ་ཡོད་པའི་ཕྱིར། དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །དེའི་ཕྱིར་ཁྱུ་མཆོག་ལ་སོགས་པ་ལས་ལོག་པ་ཉིད་དུ་ངེས་པར་བྱ་མི་ནུས་སོ། །ལྡོག་པ་མེད་པ་ཞེས་བྱ་བ་ནི་འདི ་ལ་ལྡོག་པ་མེད་པས་ན་ཞེས་ཚིག་རྣམ་པར་སྦྱར་རོ། །དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ཞེས་བྱ་བ་དེ་ནི་དོན་གོ་བར་ཟད་དོ། །གང་ལ་འདོད་ཆགས་དང་མ་བྲལ་བ་ཉིད་མེད་པ་དེ་ནི་སྨྲ་བ་མ་ཡིན་ཏེ། དཔེར་ན་རྡོའི་དུམ་བུ་བཞིན་ཞེས་བྱ་བ་དེ་ནི ་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །གལ་ཏེ་རྡོའི་དུམ་བུ་ལས་གཉི་ག་ལོག་པ་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་དང་བྲལ་བ་ཐམས་ཅད་སྨྲ་བ་མ་ཡིན་ནོ་ཞེས་བྱ་བར་ཁྱབ་པར་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །ལྡོག་པ་མེད་ཅེས་བྱ་བ་ནི་གལ་ཏེ་རྡོའི་དུམ་བུ་ལ་སེམས ་མེད་པའི་ཕྱིར། འདོད་ཆགས་ལ་སོགས་པ་དང་ལྡན་པ་དང། སྨྲ་བ་མ་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་དང་བྲལ་བ་ཐམས་ཅད་སྨྲ་བ་མ་ཡིན་ནོ་ཞེས་བྱ་བར་ཁྱབ་པར་མི་འགྲུབ་སྟེ། འདོད་ཆགས་ཅན་ཉིད་དང། སྨྲ་བ་གཉིས་འབྲེལ་པ་མེད་པའི་ཕྱིར། འདོད ་ཆགས་ཅན་ཉིད་ལྡོག་པ་ན་སྨྲ་བ་ངེས་པ་ཟློག་པར་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་སུ་ན་འདི་ལ་ལྡོག་པ་མེད་དོ། །ལྡོག་པ་རབ་ཏུ་མ་བསྟན་ཞེས་བྱ་བ་ནི། གང་ལ་ལྡོག་པ་ཡོད་བཞིན་དུ་མ་བསྟན་པའོ། །དཔེ་བསྟན་པ། ཆོས་མི ་མཐུན་པར་དཔེར་ན་སྒྲ་ནི་བྱས་པའི་ཕྱིར་རྟག་པ་སྟེ། ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལྟ་བུ་ཞེས་བྱ་བ་སྟེ། གང་ཞིག་ཆོས་མི་མཐུན་པའི་དཔེར་སྒྲ་ནི་མ་བྱས་པ་ཡིན་པའི་ཕྱིར་རྟག་པ་སྟེ། ནམ་མཁའ་བཞིན་ནོ་ཞེས་བརྗོད་པར་བྱེད་ན། དེས་ནི་ལྡོག ་པ་ཡོད་བཞིན་དུ་མ་བསྟན་པ་ཡིན་ཏེ། འདི་ལྟར་གལ་ཏེ་དངོས་པོ་མ་ལུས་པར་སྡུད་པ་གང་དག་རྟག་པ་དེ་དག་ནི་མ་བྱས་པའོ་ཞེས་བརྗོད་ན། དེའི་ཚེ་ལྡོག་པ་བསྟན་པ་ཡིན་གྱི། དཔེ་ཙམ་གྱིས་ནི་མ་ཡིན་ནོ། །ལྡོག་པ་ཕྱིན་ཅི་ལོག་ཅེས་བྱ་བ་ནི། ་འདི་ལ་ལོག་པ་ཕྱིན་ཅི་ལོག་ཡོད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེ་བསྟན་པ། དཔེར་ན་གང་མ་བྱས་པ་དེ་ནི་རྟག་པ་ཡིན་ནོ་ཞེས་བྱ་བ་སྟེ། འདི་ལ་ནི་གང་རྟག་པ་དེ་ནི་མ་བྱས་པ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་ལོག་པར་སྨྲས་སོ།། ་དཔེ་ལྟར་སྣང་བ་དེ་དག་གིས་ནི་གཏན་ཚིགས་ཀྱིས་སྤྱིའི་མཚན་ཉིད་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པ་ཉིད་དམ། བྱེ་བྲག་གི་མཚན་ཉིད་བསྟན་པར་མི་ནུས་ཞེས་བྱ་བ་ནི། དཔེ་ལྟར ་སྣང་བ་དེ་དག་གིས་ནི་གཏན་ཚིགས་ཀྱིས་སྤྱིའི་མཚན་ཉིད་གང་ཡིན་པ་དང། བྱེ་བྲག་གི་མཚན་ཉིད་གང་ཡིན་པ་དག་བསྟན་པར་མི་ནུས་ཏེ། དེ་ཉིད་ཀྱི་ཕྱིར་དེ་དག་དཔེ་ལྟར་སྣང་བ་ཞེས་བྱའོ། །དཔེ་དང་འདྲ་བར་སྣང་བས་ན་དཔེ་ལྟར་སྣང་བ ་རྣམས་སོ། །དེའི་ཕྱིར་དོན་གྱི་དབང་གིས་དེ་དག་བསལ་བར་རིག་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་རྣམ་པ་དེ་གཉི་གས་ཀྱང་གཏན་ཚིགས་ཀྱི་མཚན་ཉིད་སྟོན་པར་མི་ནུས་པ་དེའི་ཕྱིར། དོན་གྱི་དབང་གིས་ན་དེ་དག་བསལ་བར་བལྟ ་བར་བྱའོ། །དེ་ལྟར་ན་རེ་ཞིག་ཡང་དག་པའི་ཤེས་པ་འདྲ་བ་དང་བཅས་པ་བཤད་ཟིན་ཏོ། །ད་ནི་དེའི་གཉེན་པོ་བཤད་པར་བཞེད་དེ། མ་ཚང་བ་ཉིད་ལ་སོགས་པར་སྨྲས་པ་སུན་འབྱིན་པ་དག་ཡིན་ན་ཞེས་བྱ་བ་སྨོས་སོ། །མ་ཚང་བ་ཉིད་ལ་སོགས་པ་གང་དག་ཡིན་པ་དེ་དག ་ནི་མ་ཚང་བ་ཉིད་ལ་སོགས་པའོ། །དེ་དག་སྨྲས་པ་ནི་མ་ཚང་བ་ཉིད་ལས་སོགས་པར་སྨྲས་པ་སྟེ། དེ་རེ་རེ་ལ་སུན་འབྱིན་པ་རྣམས་ཡིན་ནོ། །སྔར་བསྒྲུབ་པའི་སྐྱོན་མ་ཚང་བ་ཉིད་ལ་སོགས་པ་སྨོས་པ་གང་དག་ཡིན་པ་དེ་དག་བརྗོད་པ་ནི་སུན་འབྱིན་པ་ཡིན་ཞེས་བྱ་བ ་ལ། འདིར་སོགས་པ་ཞེས་སྨོས་པས་ནི་མ་གྲུབ་པ་དང། འགལ་བ་དང། མ་ངེས་པ་དང། དེའི་སྐྱོན་རྣམས་ཡོངས་སུ་བསྡུའོ། །འདིས་རྗོད་པར་བྱེད་པས་ན་རྗོད་པ་ནི་ཚིག་སྟེ། ཚིག་གང་གིས་སྐྱོན་རྣམས་སྒྲོགས་པར་བྱེད་པ་དེ་ནི་སུན་འབྱིན་པ་ཞེས་བྱའོ། །དེ་ཅིའི ་ཕྱིར་ཞེ་ན། དེའི་ཕྱིར་དེས་ཕ་རོལ་པ་འདོད་པའི་དོན་འགྲུབ་པ་ལ་གེགས་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཚིག་དེས་ཕྱོགས་སྔ་མ་པས་སྒྲུབ་པར་འདོད་པའི་དོན་འགྲུབ་པ་ལ་གེགས་བྱེད་པ་དེའི་ཕྱིར། དེ་ནི་སུན་འབྱིན་པ་ཞེས་བྱའོ། །རེ ་ཞིག་དེ་དག་ནི་ཡང་དག་པའི་སུན་འབྱིན་པ་ཡིན་ནོ། །སུན་འབྱིན་པ་ལྟར་སྣང་བ་དག་ནི་ལྟག་ཆོད་རྣམས་ཏེ། ལྟག་ཆོད་རྣམས་ནི་སུན་འབྱིན་པ་ལྟར་སྣང་བ་ཉིད་དུ་རིག་པར་བྱའོ། །ཡང་ལྟག་ཆོད་དེ་དག་ཀྱང་གང་ཞེ་ན། ཡང་དག་པ་མ་ཡིན་སྐྱོན་རྗོད་བདག ་ནི་ལྟག་ཆོས་རྣམས་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཡང་དག་པ་མ་ཡིན་པ་ཡང་ཡིན་ལ། སྐྱོན་ཡང་ཡིན་པས་ཡང་དག་པ་མ་ཡིན་པའི་སྐྱོན་རྣམས་སོ། །ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ནི་མི་བདེན་པའོ། །དེ་དག་བརྗོད་པ་ནི་ཡང་དག་པ་མ་ཡིན ་པའི་སྐྱོན་རྣམས་རྗོད་པ་སྟེ། ཚིག་གང་དག་གིས་སྒྲུབ་པའི་སྐྱོན་མེད་བཞིན་དུ་རྗོད་པ་དེ་དག་ནི་ལྟག་ཆོད་དག་ཡིན་པར་བལྟ་བར་བྱའོ། །ཡང་དག་པའི་ཤེས་པ་བསྟན་པའི་སྐབས་ཡིན་ན། ཅིའི་ཕྱིར་སུན་འབྱིན་པ་དག་དང་དེ་ལྟར་སྣང་བ་སྟོན་ཅེ་ན། ལན ་བཏབ་པ། སུན་འབྱིན་པ་དག་དང། སུན་འབྱིན་པ་ལྟར་སྣང་བ་དག་བསྟན་ན། ཡང་དག་པའི་ཤེས་པ་དེ་དག་གཉེན་པོ་དང་བཅས་པར་བསྟན་པ་ཡིན་ཏེ། འདི་ལྟར་འདི་དག་ནི་འདི་ལ་སུན་འབྱིན་པ་ཡིན་པས་དེ་དག་ཡོངས་སུ་སྤངས་ཏེ་བསྒྲུབ་པར་བྱའོ།། ་གང་གི་ཚེ་འདི་དག་ནི་སུན་འབྱིན་པ་ལྟར་སྣང་བ་ཡིན་པས། དེ་དག་གིས་མི་འཇིགས་པར་རིག་པར་བྱའོ་ཞེས་བཤད་པ་ཡིན་པ་དེའི་ཚེ། ཡང་དག་པའི་ཤེས་པ་ཉིད་རྣམ་པ་ཐམས་ཅད་དུ་བསྟན་པར་འགྱུར་བས། དེའི་ཕྱིར་ཇི་སྐད་སྨྲས་པའི་ཐལ་བར་འགྱུར་བ་མེད་དོ།། ་རིགས་པའི་ཐིགས་པ་ཚིག་རེ་རྣམ་ཕྱེ་བས། །དགེ་བ་རྒྱ་ཆེན་དེང་ཐོབ་གང་ཡིན་དེས། །འགྲོ་ཀུན་རིགས་པའི་བདུད་རྩི་ཐོབ་གྱུར་ནས། །ངེས་པར་སྲིད་པའི་ཟད་པ་བྱེད་པར་ཤོག་།རིགས་པ་ཇི་བཞིན་རིགས་པ་ཡི། །རྒྱལ་པོ་འདོད་ནས་རིགས་ཐིགས་ཀྱི། །རྒྱ་ཆེར་འགྲེལ ་པ་དུལ་བའི་ལྷས། །སློབ་མ་ལ་ཕན་བསྐྱེད་ཕྱིར་བྱས། །རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ལས་ལེའུ་གསུམ་པའོ།། །།རྒྱ་ཆེར་འགྲེལ་པའི་གཞུང་ཚད་ནི། །ཤལོ་ཀ་ཚིག་སྟོང་དག་དང་ནི། །དེ་བཞིན ་ཤལོ་ཀ་སུམ་ཅུར་ནི། །ཡོངས་སུ་བསྡོམས་ཏེ་མངོན་པར་བརྗོད། །རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་དུལ་བའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་ནི་མི་ཏྲ་དང། ཞུ་ཆེན ་གྱི་ལོཙྪ་བ་བནདེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། (།།རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་ཆོས་མཆོག་གིས་མཛད་པ་བཞུགས།)་།རྒྱ་གར་སྐད་དུ། ན་ཡ་བིནདུ་ཊཱི་ཀཱ། བོད་སྐད་དུ། རིགས ་