CLOSE WINDOW

N4518: tshul gsum pa'i rtags shes kyang brjod pa la mi mkhas pa'i byis pa la bstan par bya ba'i phyir tshul gsum pa'i rtags ston par byed pa'i mtshan nyid gzhan gyi don gyi rjes su dpag pa'i skabs su bab nas bshad pa
Wyliee-texts based on the ACIP/ALL Input

ཚུལ་གསུམ་པའི་རྟགས་ཞེས་ཀྱང་བརྗོད་པ་ལ་མི་མཁས་པའི་བྱིས་པ་ལ་བསྟན་པར་བྱ་བའི་ཕྱིར་ཚུལ ་གསུམ་པའི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ། ་གཞན་གྱི་ཆེད་ནི་གཞན་གྱི་དོན་ཏོ། །རང་གིས་ཏེ་བདག་ཉིད་ཀྱིས་གང་མཐོང་བའི་དོན་དེ་འདིས་གསལ་བར་བྱེད་པས་ན་གསལ ་བྱེད་དེ། འཆད་པར་བྱེད་པའི་སྒྲའོ། །རྗོད་པར་བྱེད་པ་གང་ཡིན་པའོ་ཞེས་ནི་མ་བྱས་ཏེ། གང་གི་ཕྱིར ་རྗོད་པར་བྱེད་པའི་སྒྲ་ཉིད་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། གཅིག་རྟོགས་པར་བྱ་བ་ཡིན་པས་ན་ཚུལ་གཉི་ག་བརྗོད ་པ་མ་ཡིན་པའི་ཕྱིར་རོ། །སྒྲ་གང་ཞིག་ཚུལ་གསུམ་སྟོན་པར་བྱེད་པ་དེ་ཉིད་ནི་རྗེས་སུ་དཔག་པ་ཡིན་ནོ། །གལ་ཏེ་རྟགས་དང་རྗེས་སུ་དཔག ་པར་བྱ་བ་གཉི་ག་ཡང། རང་གིས་མཐོང་བའི་དོན་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྗེས་སུ་དཔག་པར་བྱ་བའི་ཚིག་རྗེས་སུ་དཔག་པ་ཉིད་འགོག ་པ་འཆད་པར་འགྱུར་བ་ལས་ན་རང་གི་མཐོང་དོན་སྨོས་པ་ནི་དོན་གྱིས་ན་རྟགས་ལ་གནས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་ཚུལ་གསུམ ་རྟགས་ནི་གསལ་བྱེད་པའོ་ཞེས་དེ་སྐད་དུ་བརྗོད་པར་བྱའོ། རང་གི་མཐོང་དོན་ཞེས་སྨོས་པ་ཇི་ལྟར་ཞེ་ན། ཇི་ལྟར་རང་ཉིད་ཅེས་སྨོས་ཏེ། ཇི་ལྟར་ཏེ་དོན་གྱི་ཚུལ་གང་གིས ་ཚུལ་གསུམ་པ་སྟེ། ཚུལ་གསུམ་གང་ལ་ཡོད་པའི་རྟགས་དེ་ལས་རྟགས་ཅན་ལྐོག་ཏུ་གྱུར་པའི་དོན་ལ་བདག་ཉིད་ཤེས་པ་བསྐྱེད་པ་དེ་ཁོ་ན་ལྟར་ཏེ། དོན་གྱི་རིམ་པ ་དེ་ཉིད་ཀྱིས་གཞན་ལ་སྟེ་རྒྱུད་གཞན་དག་ལ་རྟགས་ཅན་གྱི་དོན་གྱི་ཤེས་པ་གང་ཡིན་པ་དེ་བསྐྱེད་པར་འདོད་པས་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པ་སྟེ། གསལ ་པར་བྱེད་པ་གང་ཡིན་པ་དེ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །ནི་ཞེས་བ་ནི་གང་གི་ཕྱིར་ཏེ། དེའི་ཕྱིར་རང་གིས་མཐོང་བའི་དོན་གསལ་བར་བྱེད་པ་ཡིན་ནོ་ཞེས ་དེ་ལྟར་དེ་ཉིད་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པར་བཤད་དོ། །གང་གི་ཕྱིར་རྗེས་སུ་དཔག་པ་ནི་ཤེས་པ་ཡིན་པས་ཚིག་རྗེས་སུ་དཔག་པར་ཇི་ལྟར་འགྱུར་ཞེ་ན། ་བཤད་པ། རྒྱུ་ཚིག་ལ་འབྲས་བུ་ཤེས་པ་བཏགས་པ་སྟེ། སྒྲོས་བཏགས་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཚིག་ཀྱང་ཚུལ་གསུམ་པའི་རྟགས ་དྲན་པར་བྱེད་པས་བརྒྱུད་ནས་ལྐོག་ཏུ་གྱུར་པའི་དོན་ཤེས་པའི་རྒྱུ་ཡིན་པའི་ཕྱིར་ཉེ་བར་བཏགས་ནས་རྗེས་སུ་དཔག་པར་བརྗོད་པ་ཡིན་ནོ། །དེས་ན་དོན་འདི་བསྟན་པ ་ཡིན་ཏེ། ཇི་ལྟར་རྗེས་སུ་དཔག་པ་བསྟན་པར་བྱ་བ་ནི་རྒྱུ་ཚུལ་གསུམ་པའི་རྟགས་བསྟན་པར་བྱ་བ་ཡིན་པ་དེ་བཞིན་དུ་དེའི་ཚིག་ཀྱང་བསྟན་པར་བྱ་བ་ཡིན་ནོ། །གལ ་ཏེ་དེ་ལྟ་ན་མཐོང་བ་གསལ་བར་བྱེད་པའོ་ཞེས་བྱ་བ་ཙམ་ཞིག་བྱ་བ་ཡིན་གྱི། རང་སྨོས་པར་རང་དོན་སྨོས་པ་ནི་དགོས་པ་མེད་དོ་ཞེ་ན། བཤད་པ་གཞན་གྱི་དོན་གྱི ་རྗེས་སུ་དཔག་པའི་མཚན་ཉིད་འདིར་རང་གིས་མཐོང་བ་དང་དོན་ཅེས་སྨོས་པ་ནིའོ། །བཤད་པ་འདི་ནི་རང་གི་སྒྲ་དང་དོན་གྱི་སྒྲ་དག་ལ་སྤྱིར་ཉེ་བར་བཀོད་པ་ཡིན་ཏེ། ་གང་གི་ཕྱིར་འདི་དག་ཉིད་ལ་རྣམ་པར་བཅད་པ་འཆད་ཀྱི་མཐོང་བའི་སྒྲ་ལ་ནི་མ་ཡིན་ནོ། །རང་སྨོས་པ་ནི་གཞན་གྱིས་མཐོང་བ་གཅོད། །གལ་ཏེ་ཚད་མས་མཐོང་བ་ནི་དངོས་པོ་ཡིན་ལ། ཚད་མ་ཡང་ཐུན་མོང་ཡིན ་པའི་ཕྱིར། གཞན་གྱིས་མཐོང་བར་ག་ལས་ཡིན་ཞེ་ན། བཤད་པ། ལུང་ལས་མཐོང་བས་གང་ཡིན་པ་དེ་ནི་གཞན་ཁོ་ནར་མཐོང་བ་ཡིན་གྱི་རང་གིས་ནི་མ་ཡིན་ནོ། །དེ་བཞིན་དུ་དོན་གྱི་སྒྲའི་རྣམ་པར ་བཅད་པར་སྟོན་པ་ནི་དོན་མེད་པ་ལས་ཀྱ་འགྲུབ་པ་མིན་ཞེས་བྱ་བ་ཡིན་ནོ། །འདི་སྙམ་དུ་ཇི་ལྟར་ན་ལོག་པར་རྟོགས་པ་མ་མཐོང་བར་རང་ཉིད་ཀྱིས་དོགས་པར་བྱས་ནས་དོགས་པ་བཅད་པའི་ཕྱིར ་ཁྱད་པར་ཉེ་བར་འགོད་སྙམ་པ་ལ། ལོག་པར་རྟོགས་པ་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཁ་ཅིག་ན་རེ་ཞེས་སྨོས་སོ། །གཞན་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་བསམ་པ་ནི་འདི་ཡིན ་ཏེ། སྒྲུབ་པར་བྱེད་པ་གྲུབ་པ་གང་ཡིན་པ་དེ་ནི་རྟོགས་པར་བྱ་བས་དོན་རྟོགས་པའི་རྒྱུ་མཚན་ཡིན་ནོ། །སྒྲུབ་པར་བྱེད་པ་དེས་རྒོལ་བ་ཉིད་དོན་རྟོགས་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཕྱིར་རྒོལ་བ་རྟོགས་པར་བྱ ་བ་ཡིན་ནོ། །དེས་ན་སྒྲུབ་པར་བྱེད་པ་གྲུབ་པ་གང་ཡིན་པ་དེ་ནི་ཕྱིར་རྒོལ་བ་རྟོགས་པ་ལ་ཉེ་བར་འཁོ་བ་ཡིན་གྱི་རྒོལ་བ་རྟོགས་པ་ལ་ནི་མ་ཡིན་ནོ། །དེས་ན་གལ་ཏེ་ཕྱིར་རྒོལ་བ་ཉིད་ལ་གྲུབ་པ་ཡིན་ན་དེ་ཙམ་གྱིས ་དེ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་དེ་ལ་རྒོལ་བ་ལ་གྲུབ་པ་བརྟགས་པས་ཅི་ཞིག་བྱ་སྟེ། དེས་ན་གཞན་གྱིས་མཐོང་བསྒྲུབ་པར་བྱེད་པ་ཡིན་ནོ། །འདི་ལ་དཔེར་བརྗོད་པ་ནི། བློ་དང་བདེ་བ་ལ་སོགས་པ་ནི ་ཆོས་ཅན་ནོ། །སེམས་པ་མེད་པ་ནི་བསྒྲུབ་བྱ་སྟེ་བསྒྲུབ་པར་བྱ་བ་ནི་སེམས་དཔའ་ཨི་དངོས་པོ་མེད་པ་ཉིད་ཡིན་ནོ། །སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གཟུགས་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་འདི་ནི་ཁྱབ་པའི ་ཡུལ་ཉེ་བར་སྟོན་པའོ། །འདི་ལ་མེད་པ་སྐྱེ་བའི་སྐྱེ་བ་ཅན་ནམ་ཡོད་པ་གཏན་ནས་འཇིག་པའི་མི་རྟག་པ་ཉིད་གཏན་ཚིགས་སུ་ཉེ་བར་བླངས་པ་གང་ཡིན་པ་དེ་ནི་གྲངས་ཅན་རང་ཉིད་ལ་མ་གྲུབ་སྟེ། དེ་ནི་ཡོད་པ་ཁོ་ན་གསལ་བ་དང་མི་གསལ་བ ་སྐྱེ་བ་དང་འཇིག་པར་སྨྲ་བའི་ཕྱིར་རོ། །གཞན་ལ་ནི་གྲུབ་པ་ཡིན་ཏེ། དེས་ན་གོ་བར་བྱེད་པ་ཡིན་ནོ་ཞེའོ། །གཞན་གྱི་དེ་ལྟར་འདོད་པ་ནི་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཤད་པ། དངོས་པོའི་སྟོབས་ཀྱིས་འཇུག་པའི་རྗེས་སུ་དཔག་པའི་ཡུལ་རྟོགས ་པར་བྱ་བའི་དོན་རྗེས་སུ་དཔག་པས་ཡུལ་དུ་བྱེད་པ་གང་ཡིན་པ་འམ། གང་ལས་རྗེས་སུ་དཔག་པས་འབྱུང་བ་སྟེ། ཚད་མས་མཐོང་བའི་ཚུལ་གསུམ་པའི་རྟགས་གང་ཡིན་པའོ། །ཚད་མས་མཐོང་བའི་ཚུལ་གསུམ་པ་དང། རྟོགས་པར་བྱ ་བའི་དོན་དེ་ལ་ནི་ཚིག་གིས་བྱེད་པ་ཡོད་པ་མ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་ཁས་བླང་དགོས་ཏེ། ཚིག་ཚད་མ་ཡིན་ན་ནི་རྗེས་སུ་དཔག་པ་མི་འཇུག་པར་འགྱུར་ཏེ། དམ་བཅས་པའི་མཚན་ཉིད་ཅན་གྱི་ཚིག་ཙམ་གྱིས་བསྒྲུབ་བྱའི ་མཚན་ཉིད་ཀྱིས་དོན་གྲུབ་པས་གཏན་ཚིགས་ལ་སོཌ་པ་སྟེ། སོཌ་པ་སྨོས་བ་ནི་དཔེ་ལ་སོཌ་པ་ཉེ་བར་གཟུང་བ་དོན་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་ཚིག་ཐཾས་ཅད་ཚད་མ་ཡིན་ན་ནི་དེ་ལྟར་འགྱུར་བ་ཡིན་ན། འོན་ཀྱང་ཁྱད་པར་ཅན་གྱི་ཚིག་འགའ་ཁོ་ན་ཚད་མ་ཡིན་ནོ། །དེ་སྨྲས་པ་ནི་དེ་ལས་གཞན་དག་ལས་ཁྱད་པར་དུ་གྱུར་བས་ན་ཚིག་ཉིད ་ཁྱད་པར་ཡིན་ཏེ། དེ་ཚད་མ་ཡིན་པའི་ཕྱིར་སྐྱོན་མེད་དོ?་ཞེ་ན་ཞེས་གཞན་དག་དོགས་ན?་བཤད་ཟིན་ཏོ་ཞེས་སྨོས་ཏེ། །ཚིག་གིས་ཁྱད་པར་འདི་ལ་འགོག་པར་བྱེད་པ་གང་ཞིག་བརྗོད་པར་བྱ་བ་དེ་ནི་བཤད་ཟིན་ཏོ། །གང་དུ་བཤད་ཅེ་ན། ལུང་གི་ཚད་མ་བསམ་བར་རོ། །དེར་ནི་མ་བྱས་པ་ཉིད་ཀྱི་མཚན་ཉིད་ཀྱི་ཁྱད་པར ་ལུང་མ་ཡིན་ལ། དོན་སྐྱེས་བུས་མ་བྱས་པ་ཉིད་ཀྱི་མཚན་ཉིད་ཀྱང་ལུང་མ་ཡིན་ཞིང། ཡིད་ཆེས་པས་བྱས་པའི་མཚན་ཉིད་ཀྱང་ངེས་པར་མི་ནུས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཡོད་དམ་མེད་ཀྱང་རུང་སྟེ། ཁྱད་པར་འདི་དག་གིས་ཅི་བྱ། གལ་ཏེ་ལུང་དེའི་དོན་ཚད་མས་འཐད་པ་མ ་ཡིན་པ་དེའི་ཚེ་ཁྱད་པར་ཡོད་ཀྱང་ཁྱད་པར་འགའ་ཞིག་ཡོད་པར་མི་འགྱུར་ཏེ། ཁྱད་པར་ཡོད་ཀྱང་མེད་པ་དང་འདྲ་བ་ཁོ་ནའོ། །མི་བསླུ་བ་ཡོད་ན་ནི་ཚད་མས་འཐད་པའི་དོན་ཅན་གྱི་ཚིག་དེས་གྲུབ་པ་གང་ཡིན་པ་དེས་ཕ་རོལ་འབའ་ཞིག་ལ་གྲུབ་པ་མ་ཡིན་ནོ། །འོན་ཅི་ཞེ་ན། རྒོལ་པ ་ལ་ཡང་གྲུབ་པོ་ཉིད་དོ། །ཚད་མ་དང་ལྡན་པའི་ཚིག་དེ་ནི་རྒོལ་པ་དེས་ཀྱང་ཁས་བླངས་པ་ཡིན་ཏེ། དེས་ན་དེ་ནི་ཁྱད་པར་མེད་པ་ཡིན་ནོ། །ཡང་ན་ཚད་མས་མཐོང་པའི་དངོས་པོ་གང་ཡིན་པ་དེ་ལ་ཚིག་གིས་ཅི་བྱ་སྟེ། དེ་ནི་ཚད་མ་ཉིད་ཀྱི་ཁས་བླང་བར་བྱ་བ་ཡིན་ནོ། །ཚད་མ་ཡང ་གཉི་ག་ལ་ཁྱད་པར་མེད་དོ། །དེས་ན་ཕ་རོལ་ལ་གྲུབ་པ་དེ་ནི་རྒོལ་པ་ལ་ཡང་གྲུབ་པ་ཡིན་ནོ། །གང་གི་ཕྱིར་ཚིག་ཚད་མ་མ་ཡིན་པ་དེས་ན། ཁས་བླངས་ནས་ཏེ་ཚིག་ཁས་བླངས་ནས་བརྟག་པ་བྱེད་པ་ནི་མ་ཡིན་ཏེ། མ་རྟགས་པ་ཚད་མས་མི་བསླུ་བ་དང་བྲལ་བ་ཁས་ལེན་པ ་མེད་པའི་ཕྱིར་རོ། །འོན་ཀྱང་བརྟག་པ་ཉིད་ལས་ཁས་བླང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་བརྟགས་པ་ཉིད་དུ་ཁས་ལེན་པ་དེའི་ཕྱིར་གཞན་གྱིས་ཁས་བླངས་པ་ནི་བསྒྲུབ་པར་བྱ་བའི་དོན་འགའ་ཞིག་ཀྱང་གྲུབ་པ་སྟེ། ་གྲུབ་པ་ཉིད་མ་ཡིན་ནོ། །རྟགས་ཤིང་ཚད་མ་དག་ནི་གཉིས་གས?་ཁས་བླང་བར་འོས་པ་ཡིན་པའི་ཕྱིར་དང། མ་བརྟགས་པ་ནི་གཉི་གས་ཀྱང་ཁས་མ་བླངས་པའི་ཕྱིར་རོ། །འདི་སྙམ་དུ་རིག་པས་འཇུག་པ་ནི་འདི་འདྲ་མ་ཡིན་མོད? ་ཀྱི། འོན་ཀྱང་བླུན་པོ་འགའ་ཞིག་མངོན་ཞེན་གྱིས་ལུང་ཁས་ལེན་པ་དེ་ལ་ལྟོས་ནས། ཁས་བླངས་པའི་སྒྲུབ་པར་བྱེད་པའི་རྒྱུ་མཚན་ཡོངས་སུ་རྟོགས་པ་ཡིན་ནོ་ཞེ་ན། བདེན་ཏེ། གལ་ཏེ་ཁས་བླངས་པར་ཡོད་པར་གྱུར་ན་ནི་ཁས་བླངས་པ ་ལས་ཚད་མར་འགྱུར་བ་ཡིན་ནོ། རྟོག་པའི་དུས་སུ་ནི་དེ་ཉིད་གོང་ན་མི་ཟ་བར་གཏང་བར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལུང་དེ་ཞེས་སྨོས་ཏེ། དགག་པར་འདོད་པའི་ཆོས་ཀྱི་རྟེན་དུ་གྱུར་པའི་ལུང་དེ་ལ་གནོད་པར་བྱ་བའི་ཕྱིར་ཏེ། དགག ་པར་བྱ་བའི་ཕྱིར་གཞན་ལ་དམིགས་ནས་སྒྲུབ་པར་བྱེད་པ་བརྗོད་པའི་གཏན་ཚིགས་ཀྱི་ཕྱིར་དེའི་ཚེ་ཞེས་བྱ་བ་ནི་གང་གི་ཚེ་དེ་ལ་གནོད་པར་བྱེད་པའི་སྒྲུབ་བྱེད་བརྗོད་པ་དེའི་ཕྱིར་གདོན་མི་ཟ་བར་འདི་ཚད་མ་མ་ཡིན་ནོ། །ཚད་མ་ཡིན་པ་དེ་བས་ན ་ལུང་དེས་གྲུབ་པ་གང་ཡིན་པ་དེ་ནི་གྲུབ་པ་མ་ཡིན་ལ། རྒྱུ་དེའི་ཕྱིར་ཚད་མ་མ་ཡིན་པའི་ལུང་དེ་ལས་གྲུབ་པར་ཇི་ལྟར་འགྱུར། འདི་སྙམ་དུ་རྒོལ་བ་ལ་ནི་ལུང་དེ་ལས་མ་གྲུབ་ཀྱང། ཕྱིར་རྒོལ་བ་འགའ་ཞིག་དགག་པར་བྱ་བའི་ཆོས་ཀྱི་རྟེན་དུ་གྱུར ་པའི་ལུང་དེ་དང་ལྡན་པའི་རྒོལ་བ་དེ་ལ་ནི་ལུང་དེས་གྲུབ་པ་ནི་གྲུབ་པ་ཁོ་ན་ཡིན་ནོ་ཞེ་ན། དོན་འདི་ཡིན་ཏེ། གལ་ཏེ་ཡང་ལུང་དེ་རྒོལ་བ་ལ་མ་གྲུབ་པ་དེ་ལྟ་ཡིན་ན་ཡང། དེ་གང་ལ་གྲུབ་པ་དེ་གལ་ཏེ་ཕྱིར་རྒོལ་བ་ཡིན་ན། དེའི་ཚེ་དེ་ལ་ལུང་ལས་ཐུབ ་བར་བྱེད་བརྟཌ་པར་བྱེད་པཱི་ཡན་ལག་ཉིད་ཡིན་པས་ན། དེ་ལྟ་བུའི་ལུང་རབ་ཏུ་གྲུབ་པའི་ཕྱིར་རྒོལ་བ་ལ་བརྟེན་ནས་དེའི་ལུང་གྲགས་པའི་སྒྲུབ་པར་བྱེད་པ་ཉེ་བར་འགོད?་པ་ལ་ནི་འགའ་ཡང་མེད་པ་ཡིན་ནོ་ཞེས་དོགས་ན། གང་གི་ལུང་གང་ཡིན་ཞེས་སྨོས་སོ། ། ་འདི་ལྟར་བསམས་པ་ཡིན་ཏེ། ཁས་བླངས་པའི་འབྲེལ་པ་མ་གཏོགས་པ་ནི་ལུང་འགའ་ཞིག་ཀྱང་སུ་དང་ཡང་འབྲེལ་པ་ཡོད་པ་མ་ཡིན་ནོ། །ཁས་བླངས་པ་ཡང་གལ་ཏེ་མོངས་པའི་ཕྱིར་སྔར་བྱས་ཟིན་པ་དེ་ལྟར་ན་ཡང་གང་གི་ཚེ་གཞན་དང་ལྷན་ཅིག ་ཡོངས་སུ་བརྟགས་པ་བྱེད་འདོད་པར་གྱུར་པ་དེའི་ཚེ་ཉིད་ལུང་དེ་ལ་ཡིད་བརྟན་པ་མེད་པས་ཁས་བླངས་པ་བཏང་བ་ཡིན་ནོ། །དེས་ནི་ཇི་ལྟར་ལུང་དེ་རྒོལ་བ་ལ་མ་གྲུབ་པ་བཞིན་དུ་ཕྱིར་རྒོལ་བ་ལ་ཡང་མ་གྲུབ་པ་ཡིན་ནོ། །གཞན་ཡང་གང་གི་ཚེ་ལུང་དེ ་ལ་རབ་ཏུ་གྲགས་པའི་བདེ་བ་ལ་སོགས་པ་སེམས་ཅན་གཞན་གྱིས་འགོག་པ་དེའི་ཚེ། ཚད་མས་གནོད་པ་ལུང་ཉིད་དུ་ཡང་ཇི་ལྟར་འགྱུར། འདི་སྐད་བརྗོད་པ་ཡིན་ཏེ། ཁས་བླངས་པའི་ལུང་གཞན་གྱིས་སུན་འབྱིན་པ་བཟོད་པ་ཉིད་དེ་ཁས་བླངས་པ་བཏང་བ ་ཡིན་ཏེ། ཐེ་ཚོམ་མེད་ན་ནི་ལུང་དེ་སུན་འབྱིན་པ་ལ་རྣ་གཏོད་པར་མི་འགྱུར་བའི་ཕྱིར་རོ། །གང་ལ་ཐེ་ཚོམ་ཡོད་པ་དེ་ནི་ཚད་མར་ཁས་བླངས་པ་བཏང་བ་ཡིན་ནོ། །དེས་ན་མངོན་ཞེན་ཆེ་བའི་ཕྱིར་གང་གིས་རྟོགས་པར་འདོད་པས་ཁས་བླངས་པ་མ་བཏང་བ ་དེས་ཀྱང་སུན་འབྱིན་པ་ཉན་པར་བཟོད་པས་ན་གཏང་བར་བྱ་བ་ཡིན་ནོ། །ཁས་བླངས་པ་མ་གཏོགས་པའི་ལུང་གི་འབྲེལ་པ་དགག་པའི་ཕྱིར། བཤད་པ། རེང་བུ་ཞེས་བྱ་བ་ནི། ཡན་ལག་བཞིན་དུ་ལུང་གི་འབྲེལ་བ་དང་བྲལ་བའོ། །ཡོན་ཏན་དང་ཉེས་པ་དེ ་དག་མ་མཐོང་ཞེས་བྱ་བ་འདིས་ནི་ཁས་ལེན་པའི་རྒྱུ་མེད་པ་བརྗོད་པ་ཡིན་ཏེ། ཡོན་ཏན་དང་ཉེས་པ་མཐོང་བ་ཉིད་ཀྱིས་ལུང་འགའ་ཞིག་བླང་བ་དང་འགའ་ཞིག་སྤང་བར་བྱ་བ་ཡིན་ནོ། །རྨོངས་པ་དེ་ནི་རང་ཉིད་ཀྱིས་མཐོང་བར་མི་ནུས་པས་གཞན་གྱིས ་བསྟན་པར་བྱ་བ་ཡིན་ལ། གང་གི་ཚེ་གཞན་གྱིས་བསྟན་པ་བདག་ཉིད་ཁས་ལེན་པར་བྱེད་པ་དེའི་ཚེ་ཁོ་ན་རང་གི་འདོད་པས་བྱས་པའི་ཁས་བླངས་པར་འདོར་བ་ཡིན་ནོ། །དེ་ལྟ་བུའི་གདོན་འདི་སུ་ཡིས་བགོས་ཏེ་རྣམ་པར་ཕྱེ?། སུས་ཀྱང་མ་ཡིན་ནོ ་ཞེས་བྱ་བའི་དོན་ཏོ།། མི་བཟད་པའི་གདོན་དང་འདྲ་བར་སྤང་དཀའ་བའི་ཕྱིར་ལུང་ཉིད་མི་བཟད་པའི་གདོན་ཡིན་ནོ། །ཀྱེ་མའི་སྒྲ་ནི་རྗེས་སུ་བརྩེ་བ་སྟེ། གྲུབ་མཛའ་ཨི་གདོན་མི་བཟད་པས་བཏབ་པའི་སྐྱེས་བུ་ནི་བརྩེ་བར་བྱ་བ་ཡིན་ཏེ། རིགས་པས་བསྒྲུབ་པར་མི ་ནུས་པས་བསླུས་པ་ནི་སྐྱེས་བུའི་དོན་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ལུང་དེ་ཉིད་ཀྱིས་བདེ་བ་ལ་སོགས་པ་སེམས་པ་ཅན་དུ་ལུང་དེ་ལས་བརྗོད་པ་གང་ཡིན་པ་དེ་དང་འགལ་བ་སེམས་པ་མེད་པ་ཁས་ལེན་པར་ཡང་ཇི་ལྟར་འགྱུར། འགལ་བ་ཅི ་ཡོད་ཅེ་ན་།བཤད་པ། འགལ་བའི་ཆོས་དེ་ཁས་བླངས་ན་སྟེ། འདིས་ནི་དུས་ཀྱི་ཁྱད་པར་བསྟན་ཏེ། གཞན་ཁས་བླངས་པའི་དུས་སུའོ། །འདིས་ནི་ཁས་བླངས་པ་དོར་བའི་དུས་གསུམ་བསྟན་པ་ཡིན་ནོ། །གལ་ཏེ་རྨོངས་པས་དེས་སྔར་ལུང་ཚད་མར་ཁས་བླངས་པ་དེ ་ལྟ་ན་ཡང་ཡོངས་སུ་བརྟག་པར་འདོད་པ་གཏང་བར་བྱ་བ་ཡིན་ནོ། །གལ་ཏེ་མངོན་ཞེན་དམ་པས་ན་དེའི་ཚེ་མ་བཏང་ཡང་སུན་འབྱིན་པ་ཐོས་པའི་དུས་སུ་ནི་དེས་བར་བཏང་དགོས་ཏེ། ཚད་མས་གནོད་པ་ལུང་ཉིད་དུ་ཡང་ཇི་ལྟར་འགྱུར་ཞེས་ཇི་སྐད་བཤད་པ ་བཞིན་ནོ། །གལ་ཏེ་དེའི་ཚེ་ཡང་མ་གཏང་ན་དེ་ལྟ་ན་ཡང་འགལ་བ་ཁས་བླང་བར་བྱ་བའི་དུས་སུ་ནི་ལུང་གདོན་མི་ཟ་བར་གཏང་བར་བྱ་བ་ཡིན་ཏེ། དེ་ཚད་མ་ཡིན་པ་མ་སྤངས་པར་ནི་དེ་དང་འགལ་བའི་དོན་ཁས་ལེན་པ་མེད་པའི་ཕྱིར་རོ། །དེས་ན་དུས་དེར་ལུང ་སྤངས་པའི་ཡན་ལག་ཏུ་གྱུར་པ་ཡིན་ལ། བཏང་བའི་ཡན་ལག་དེས་ཀྱང་རྟོགས་པར་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར་གང་གི་ཚེ་ལུང་སྤངས་པའི་ཡན་ལག་ཏུ་འགྱུར་བ་དེ་ཉིད་ཀྱི་ཚེ་ཚད་མ་མ་ཡིན་ལ། ཚད་མ་མ་ཡིན་པས་ན་དེ་ལས་རྟོགས་པར་མི་འགྱུར ་རོ། །ཇི་ལྟར་འགག་ལ་ཕྱོགས་པའི་ས་བོན་ནི་མྱུ་གུ་སྐྱེད་པ་དེ་བཞིན་དུ། བརྟགས་པ་མ་གྲུབ་པར་གྱུར་པས་ནི་བསྒྲུབ་བྱ་རྟོགས་པར་ནི་མི་བྱེད་དོ། །གང་གི་ཕྱིར་རྟགས་ཀྱི་བསྒྲུབ་བར་བྱ་བའི་དོན་མེད་ན་མེད་པར་དེས་པ་ཉིད་བསྒྲུབ་བྱ་རྟོགས་པར་བྱེད་པ ་ཡིན་པ་དེས་ན། གང་གི་ཚེ་རྟགས་དེ་མེད་པར་ངེས་པ་དེ་ཉིད་ཀྱི་ཚེ་དེའི་རང་བཞིན་དེས་པའི་ཤུགས་ཀྱི་ཐོབ་པའི་བསྒྲུབ་བྱ་དེས་པ་ལྡོག་པ་ཡིན་ནོ། །དེས་ན་ཁས་བླངས་པ་བྱས་ཀྱང་དཔྱད་པའི་དུས་སུ་ནི་གང་ལས་གྲུབ་པར་འགྱུར་བ་ལུང་ལས་ཚད་མ་ཉིད་ཡོད་པ་མ་ཡིན་ནོ། །གཞན ་ཡང་གང་གི་ཕྱིར་རྒོལ་བ་དེས་ཁས་བླངས་པས་དེ་ལུང་དུ་འགྱུར་བ་ཡིན་ལ། ལུང་དེ་ལས་ཀྱང་སྒྲུབ་པར་བྱེད་པའི་ཆོས་རྣམ་པར་གནས་པ་ཡིན་ཞིང། དེ་ལས་ནི་དངོས་པོ་འཇོག་པ་ཡིན་པ་དེའི་ཕྱིར་དངོས་པོ་དེ་ལེགས་པར་གནས་པ་ཡིན་ནོ། །ཞེས་བཞད་གང་དུ་བྱེད་པའོ། སྒྲུབ ་པར་བྱེད་པ་ཁས་བླངས་པ་ལས་གྲུབ་པ་གང་ཡིན་པ་དེ་ནི་མེད་པ་དང་འདྲ་བ་ཡིན་ནོ་ཞེས་སྟོན་པར་བྱེད་པའོ། །སྐྱེས་བུའི་འདོད་པས་ཞེས་བྱ་བ་ལ། གལ་ཏེ་ཁས་བླངས་པ་ལས་ལུང་དུ་འགྱུར་ཞིང། དེ་ལས་གྲུབ་པར་བྱེད་པའི་ཆོས་འགྲུབ་པ་དེའི་ཕྱིར་སྐྱེས་བུའི་འདོད་པས་གཏན ་ཚིགས་སུ་འགྱུར་ཞིང་།གང་གི་ཚེ་སྐྱེས་བུ་ལུང་ཁས་མི་ལེན་པ་དེའི་ཚེ་ནི་གཏན་ཚིགས་ལྟར་སྣང་བའི་ཕྱིར། སྐྱེས་བུའི་འདོད་པའི་རྒྱུ་མཚན་གྱིས་གཏན་ཚིགས་དང་དེར་སྣང་བ་ཉིད་རྣམ་བར་འཇོག་པར་འགྱུར་རོ། །དེའི་ཕྱིར་ད་ནི་དངོས་པོའི་གནས་ལུགས་ལ་གཏན་ཚིགས་དང ་གཏན་ཚིགས་མ་ཡིན་པ་ཅི་ཡང་མེད་པར་འགྱུར་ཏེ། སྐྱེས་བུའི་འདོད་པ་ནི་གཞན་དུ་ཡང་སྲིད་པའི་ཕྱིར་རོ།། ཡང་ཞེས་བྱ་བ་ནི་ཉེས་པ་གཞན་ཡང་བསགས་པའོ།། འདི་སྙམ་དུ་སྐྱེས་བུའི་འདོད་པ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་ཡིན་ཏེ། དེས་ན་འདོད་པས་གཏན་ཚིགས་སམ ་གཏན་ཚིགས་མ་ཡིན་པར་འགྱུར་བ་གང་ཡིན་པ་དེ་ནི་དངོས་པོ་ཉིད་ཡིན་ནོ་སྙམ་པ་ལ། བཤད་པ། འདོད་བ་དེ་ནི་དངོས་པོ་ལ་འཇུག་པར་དེས་པ་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །འདོད་པ་ནི་དངོས་པོ་ལ་འཇུག་པ་ངེས་པ་མ་ཡིན་ཏེ། འོན་ཀྱང་དངོས་པོ་ལ་མ་བལྟོས ་པ་ཉིད་ཡིན་པས་དེའི་དབང་གིས་དངོས་པོ་རྣམ་པར་གནས་པར་མི་འགྱུར་རོ། །དེས་ན་གཞན་གྱིས་ཁས་བླངས་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དངོས་པོ་ལ་གཏན་ཚིགས་དང་དེར་སྣང་བ་དག་མེད་པར་འགྱུར་བར་ཐལ་བའི་ཕྱིར། །གཞན་ཡང་དངོས་པོ་མེད་ཀྱང་རྟོག ་པས་སྤྲུལ་པ་སྒྲུབ་པར་བྱེད་པའི་དངོས་བར་ཐལ་བའི་ཕྱིར་གཞན་གྱིས་ཁས་བླངས་བ་ནི་སྒྲུབ་བར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡོད་པའི་དོན་ནི་ཞེས་དོན་བཤད་པ་ཡིན་ནོ། །རྟོགས་པ་སྟེ་ངེས་པ་ལ་བལྟོས་ནས་སོ། །རྟཌ ་ནི་སྒྲོན་མ་བཞིན་དུ་རུང་བ་ཉིད་ཀྱིས་གོ་བར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཁོ་ན་བསྒྲུབ་བར་བྱ་བ་མེད་ན་ནི་མི་འབྱུང་བར་དེས་བ་ཉིད་ན། དངོས་པོའི་སྒྲུབ་བར་བྱེད་པ་ཡིན་ནོ། །རྟོགས་པ་ཙམ་གྱིས་བྱས་པ་སྒྲུབ་པར་བྱེད་པ་ཡིན་པ་གང་ལས ་གཞན་གྱིས་ཁས་བླངས་པ་ཙམ་གྱི་སྒྲུབ་བར་བྱེད་བས་གྲུབ་བར་འགྱུར་ལ་མེད་པ་རྟོགས་པ་ཙམ་གྱིས་གནས་པ་ནི་མ་ཡིན་ཏེ། རྟོགས་པ་ཙམ་གྱིས་བྱས་པ་དེ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། གལ་ཏེ་སྒྲུབ་པ?་བྱེད་པ་ནི་དོན་རྟོགས་བའི ་ཐབས་ཡིན་ལ། རྟོགས་པའི་ཐབས་ཀྱང་སྤང་བར་བྱ་བ་ཡིན་བའི་ཕྱིར་ཡོད་བ་འམ་མེད་བའི་ཐབས་ཀྱིས་ཀྱང་བསྒྲུབ་བྱ་ཡོད་པའི་དོན་རྟོགས་པར་བྱ་བ་མ་ཡིན་ནམ། འདིར་ཡང་གལ་ཏེ་སྐྱེ་བ་དང་ལྡན་པ་མི་རྟག་པ་ཉིད་ནི་ཡོད་པ་མ་ཡིན ་གྱི། འོན་ཀྱང་དེ་ལས་རྟོགས་པར་བྱ་བ་གང་ཡིན་བ་དེ་ནི་ཡོད་པ་ཉིད་དོ་སྙམ་དུ་དོགས་ན། ཡོད་ངོ་ཞེས་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ། ཡོད་ཀྱང་དངོས་བོ་མ་ཡིན་པ་རྟོག་པས་སྒྲོ་བརྟགས་བས་བྱས་བ་ནི་མེད་པ་གཏན་ཡོད་པ་མ་ཡིན ་བའི་དོན་རྟོགས་པ་འཁྲུལ་པའི་རྒྱུ་འགའ་ཞིག་ལས་ཡོད་པར་ཞེན་པ་གང་ཡིན་པ་དེ་དང་ཁྱད་བར་ཡོད་པ་མ་ཡིན་ཏེ། དེ་ལས་བྱེ་བྲག་མེད་པ་ཡིན་ནོ།། འཁྲུལ་བའི་རྒྱུ་ལས་དེ་ལྟར་རྟོགས་པ་སྐྱེ་བ་གང་ཡིན་པ་དེའི་ཡུལ་ཇི་ལྟར་ཐེ་ཚོམ ་ཡིན་པ་དེ་བཞིན་དུ་། ཡོད་པའི་དོན་ལ་དངོས་པོ་མ་ཡིན་པས་བྱས་པ་ཡང་ཡུལ་ལ་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ།། ཁྱད་པར་མེད་པ་འདི་ཉིད་བསྟན་པའི་ཕྱིར་བཤད་པ། ཡིད་ཆེས་པ་མེད་པའི་ཕྱིར་ཏེ། ཚད་མ་མ་ཡིན་པའི་ཕྱིར་རོ། ་དོན་མངོན་དུ་འཛིན་པ་མངོན་སུམ་ཚད་མ་ཡིན་པ་འམ། མེད་ན་མི་འབྱུང་བ་མཐོང་བ་སྔོན་དུ་འགྲོ་བ་ཅན་གྱི་ཡོངས་སུ་རྟོགས་པ། རྗེས་སུ་དཔག་པ་ཚད་མ་ཡིན་གྱི། ཤེས་བ་གང་ཞིག་མངོན་སུམ་མ་ཡིན་ལ། མེད་ན་མི་འབྱུང་བ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡང ་མ་ཡིན་པ་དེ་ནི་ཚད་མ་མ་ཡིན་ཏེ། མེད་པ་འཁྲུལ་པས་བྱས་པའི་ཤེས་པ་དང་ཁྱད་པར་མེད་དོ།། གཞན་ཡང་ཇི་ལྟར་འབྲས་བུ་དང་རང་བཞིན་དང་མི་དམིགས་བའི་ཁྱད་པར་སྣང་བ་མི་དམིགས་པ་ལས་ལྐོག་དུ་གྱུར་བའི་དོན་དང་འབྲེལ་པའི་རྟོགས་པའི ་ཡན་ལག་གཞན་ནི་མེད་དོ་ཞེས་ཁོ་བོ་ཅག་གིས་བཤད་ཟིན་ཏོ།། རྟགས་དེ་དངོས་པོའི་གནས་ལུགས་ལ་གྲུབ་པའི་མཚན་ཉིད་དེ་གྲུབ་པའི་རང་བཞིན་ཡིན་ན། གཞན་དུ་ཇི་ལྟར་བདག་ཉིད་ལ་མ་གྲུབ་བ་ཞེས་བྱ་བར་འགྱུར། གལ་ཏེ་གཞན་ནི་གཏན་ཚིགས ་གཞན་གྱིས་རྟོགས་པར་བྱ་བ་ཡིན་ནོ། །སྙམ་ན་གཞན་གྱིས་ནི་ཞེས་སྨོས་སོ།། གལ་ཏེ་དེ་རིག་བ་ལ་མི་ལྟོས་བ་ཞིག་ཡིན་ན་དེ་ལ་གཏན་ཚིགས་བརྗོད་བས་ཅི་ཞིག་བྱ། འོན་ཏེ་གང་གི་ཕྱིར་ཁྱེད་ཚད་མ་ཉིད་ཀྱིས་རྟོགས་བར་བྱེད་འདོད་བས་ན། གཞན ་ཡང་རིག་པའི་རྗེས་སུ་འབྲང་བ་ཞིག་ཡིན་ན། དེ་བསྒྲུབ་པར་བྱ་བ་ལས་འཁྲུལ་པ་གཞན་གྱིས་ཇི་ལྟར་རྟོགས་བར་བྱེད། དེའི་ཕྱིར་གཞན་གྱིས་ཁས་བླངས་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། རྟགས་སུམ་དུ་མ་འདུས་བའི་ཕྱིར་རོ། །གལ་ཏེ་གཞན་གྱིས ་ཁས་བླངས་བ་རྟགས་མ་ཡིན་ན། ཁྱོད་དང་སྔོན་གྱི་སློབ་དཔོན་རྣམས་ཀྱི་ཇི་ལྟར་གཞན་གྱི་ཁས་བླངས་པའི་ཆོས་ཀྱིས་ཆོས་གཞན་ཐལ་བར་སྒྲུབ་པར་བྱེད་ཅེ་ན། གཞན་གྱིས་ཞེས་སྨོས་སོ། །ཐལ་བར་སྒྲུབ་བ་ལ་ནི་ཁྱད་བར་བྱ་བའི་ཆོས། གཞན་གྱི་ས ་འདོད་པར་མཐོང་ནས་མི་འདོད་ཀྱང་ཁྱད་པར་བྱེད་བའི་ཆོས་གྲུབ་པར་ཐལ་བར་བརྗོད་པ་ཡིན་ཏེ། ཁྱབ་བར་བྱ་བ་ནི་ཁྱབ་པར་བྱེད་བ་མེད་བར་མི་འབྱུང་བའི་ཕྱིར་རོ། །དཔེར་ན་སྤྱི་ལ་སོགས་པ་དུ་མ་ལ་ཡོད་བར་འདོད་པ་ན། མི་འདོད་ཀྱང་དུ་མ་ཉིད་དུ་ཐལ་བ་འམ ་བདག་ལ་སོགས་པ་ཡོད་པ་ཉིད་ཡིན་ན་སྐད་ཅིག་མ་ཉིད་དུ་ཐལ་བ་བཞིན་ནོ། །ཆོས་ཅན་མ་གྲུབ་བའི་ཕྱིར་དུ་མ་ལ་ཡོད་པ་ལ་སོགས་པ་ཁྱབ་པར་བྱ་བའི་ཆོས་མ་གྲུབ་པ་དེས་ན་ཁྱབ་པར་བྱེད་པའི་ཆོས་སུ་ཐལ་བར་ག་ལས་འགྱུར ་ཚད་མ་མེད་པ་ནི་བརྗོད་པར་མི་འཐད་དོ་ཞེ་ན། དེའི་ཕྱིར་འདིར་ཁྱབ་པར་བྱེད་པ་མེད་པའི་ཕྱིར་ཁྱབ་པར་བྱ་བ་མེད་པར་བརྗོད་པར་འདོད་པ་ཡིན་ནོ། །ཁྱབ་པར་བྱེད་པ་མེད་པ་དེ་ནི་སྤྱི་ལ་སོགས་པ་མེད་པ་ལ་ཡང་གྲུབ་པ་ཉིད་དོ། །དེའི་ཕྱིར་མངོན་པར་འདོད་པ ་གོ་བར་བྱེད་པ་ཡིན་པའི་ཕྱིར་དེ་ཉིད་འདིར་རྩ་བའི་གཏན་ཚིགས་སུ་བརྗོད་པ་ཡིན་གྱི། གཞན་གྱི་སྤྱི་ལ་སོགས་ལ་གྲུབ་པར་བྱ་བའི་ཕྱིར་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི་རྩ་བའི་གཏན་ཚིགས་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཐལ་བར་འགྱུར་བ་གང་ཡིན་པ ་དེ་ནི་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཐལ་བར་འགྱུར་བ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ན་ཞེས་སྨོས་ཏེ། འདི་ཅི་ལྟ་བ་བཞིན་དུ་ཐལ་བར་འགྱུར་བ་གཞན་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཡུལ་ལ་སོགས་པའི་ཁྱད་པར་དང་འབྲེལ་པ་རྫས་གང་ལ་ཡོད ་བ་སྟེ། ཡུལ་ལ་སོགས་པ་དེས་པ་དང་འབྲེལ་པ་གཅིག་ལས་གཞན་པའི་རྫས་དེ་དང་ལྡན་པ་མ་ཡིན་ཏེ། འབྲེལ་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་བར་བྱའོ། །ཡུལ་དང་དུས་དང་གནས་སྐབས་དེ་དག་ཉིད་གཞན་ལས་ཁྱད་པར་དུ་འགྱུར་བས་ཁྱད་པར ་ཏེ། དེ་དག་ཏུ་ངེས་བའི་རྫས་གཅིག་དང་ལྷན་ཅིག་ཏུ་སྤྱི་འདྲེས་པ་སྟེ། རྫས་ཡུལ་ལ་སོགས་པར་ངེས་པའི་ཕྱིར་འདྲེས་པ་ཡང་ངེས་བ་ཡང་ཡིན་ནོ། །འདྲེས་བ་དེས་རྣམ་བར་མ་བཅད་ཅིང་ཁྱད་པར་དུ་མ་བྱས་པའི་རང་བཞིན་གཞན་གང་ཡིན་པ་དེས་སྟོང་པ་སྟེ ་དབེན་པ་འམ། ཡང་ན་དེ་སྟོང་ཞིང་མེད་པ་སྟེ་དེའི་ཕྱིར་རོ།། གཏན་ཚིགས་ཀྱི་དོན་ནི་ངེས་བའི་རང་བཞིན་གྱི་གསལ་བ་དང་འབྲེལ་པའི་རང་བཞིན་ལས་རང་བཞིན་གཞན་མེད་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། རང་བཞིན་གཞན་གྱི་སྟོང་བའི་ཕྱིར་གཞན་དང་མི ་ལྡན་པ་གང་ཞེ་ན། གཅིག་པོ་ནི་ཞེས་བྱ་བ་སྨྲོས་སོ། །ཡུལ་གཞན་ལ་སོགས་པས་ཁྱད་པར་དུ་བྱས་པ་དང་འབྲེལ་པ་གཅིག་ནི་ཡུལ་གཞན་དང་འབྲེལ་པ་གཞན་དག་དང་ལྡན་པར་མི་འགྱུར་གྱི་དུ་མ་ནི་མ་ཡིན་ནོ། །དུ་མ་ལ་ཡོད་པ་གང་ཡིན་པ་སྟེ་འདིས་ནི་ཐལ་བར་འགྱུར ་བའི་དོན་སྟོན་པར་བྱེད་དེ། དུ་མ་ལ་ཡོད་པར་འདོད་པའི་གཅིག་པོ་གང་ཡིན་པ་དེ་ལ་ཐལ་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཅིག་པོ་རང་བཞིན་གྱིས་སྟོང་པ་ཡིན་མོད། གཞན་དང་མི་ལྡན་པར་གོ་ཇི་ལྟར་འགྱུར་ཞེ་ན། བཤད་པ། དེ་ལྟ་བུའི་ཞེས་བྱ་བ་ནི་གཅིག ་གི་རང་བཞིན་ནོ། །རྫས་གང་དག་ལ་ཡུལ་ལ་སོགས་པ་ཐ་དད་པ་ཡོད་པ་དེ་དག་དང་ལྡན་བའོ། །ཡུལ་ཐ་དད་པ་དང་ལྡན་པ་ནི་དུ་མའི་བདག་ཉིད་ཅན་གྱི་ཁྱབ་བ་ཡིན་ནོ། །དེ་ལ་གཅིག་ཉིད་ནི་ཁྱབ་པར་བྱེད་པ་དུ་ལའི་དངོས་ཉིད་དང་འགལ་བའི་ཕྱིར། ཁྱབ་པར་བྱ་བ་རྫས ་དུ་མ་དང་ལྡན་པ་ཡང་འགལ་བ་དངོས་པོ་ལ་ཡོད་པ་ཡིན་ཏེ། དེས་ན་འགལ་བའི་ཕྱིར་རོ་ཞེས་བཤད་དོ། །དེས་ན་འདིར་ཁྱབ་པར་བྱེད་པ་དུ་མ་ཉིད་མེད་པས་ཁྱབ་པར་བྱ་བ་དུ་མ་ལ་ཡོད་པ་ཉིད་མེད་པར་བརྗོད་པ་ཡིན་ནོ། །ཁྱབ་པ་གང་ལས་ཞེ་ན་བརྗོད་པ། ཡུལ་ལ་སོགས ་པའི་ཁྱད་བར་གྱི་ཐ་དད་པའི་དུ་མ་ལ་ཡོད་པའི་ཡུལ་ལ་སོགས་པ་ཐ་དད་ན་ཡོད་པར་འགྱུར་བ་ཡིན་ནོ། །ཡུལ་དུ་མ་ན་ཡོད་པ་ནི་འགལ་བའི་ཆོས་དང་ལྡན་པའི་ཕྱིར་དུ་མ་ཉིད་ཡིན་ནོ། །འདི་ལྟར་གང་ཞིག་ཡོངས་སུ་གཅོད་པ་ན་གང་ཞིག་རྣམ་བར་གཅོད་པ་དེ་དག་ནི་རྣམ ་པར་གཅོད་བར་ཁྱབ?་དངོས་པོར་ཡོད་ན་ཕན་ཚུན་ཐ་དད་པར་འགྱུར་བའམ། དེ་ལྟ་མ་ཡིན་ན་གཅིག་མེད་པ་ཉིད་དུ་འགྱུར་གྱི། ཐ་དད་པར་འགྱུར་བ་ནི་མ་ཡིན་ཏེ། སྔོན་པོ་དང་སྔོན་བོ་མ་ཡིན་པ་བཞིན་དང། དངོས་པོ་དང་དངོས་པོ་མེད་པ་བཞིན་ནོ། །འགའ་ཞིག་ཡུལ ་ལ་སོགས་པའི་ཁྱད་པར་ལ་བརྟེན་པར་ཡོངས་སུ་གཅོད་པ་ན་ཡང་དེའི་རང་བཞིན་ཉམས་པ་ཡུལ་དེ་ལ་མི་རྟེན་པ་ཉིད་ཀྱི་རང་བཞིན་རྣམ་པར་གཅོད་པ་ཡིན་ནོ། །གང་ཞིག་ཡུལ་གང་མེད་པ་ལ་མི་འཁྲུལ་བར་གནས་པའི་རང་བཞིན་དེ་ནི་ཡུལ་དེས་མ་བྱས་བའི ་ཕྱིར་ན་རང་བཞིན་ཉམས་པ་དང་ལྡན་བ་ཡིན་ཏེ། ངེས་ན་དེ་ཡོངས་སུ་སྤངས་པ་ནས་མངོན་པར་འདོད་པའི་ཡུལ་ལ་རྟེན་པ་ཉིད་ཡོངས་སུ་གཅོད་པ་ཡིན་ནོ། །ཡུལ་གཅིག་འབྲེལ་བའི་རང་བཞིན་ཡང་ཡུལ་གཞན་མེད་པ་ལ་མི་འཁྲུལ་བར ་གནས་པ་ཡིན་ཏེ། དེའི་ཡུལ་ནི་ཡུལ་གཞན་སྤངས་ནས་གནས་པའི་ཕྱིར་རོ། །དེས་ན་ཡུལ་གཞན་དང་འབྲེལ་བ་ཉིད་ནི་དེ་ཡོངས་སུ་སྤངས་ནས་རྣམ་པར་གཅོད་པ་ཡིན་ནོ། །དེའི་ཕྱིར་དེའི་ཡུལ་དང་གཞན་གྱི་ཡུལ་ཅན་དག་ནི་ཡུལ་དེ་ལ་བརྟེན་པ་དང ་བརྟེན་པ་ཉིད་ཀྱིས་འགལ་བ་ཡིན་ནོ། །དེའི་ཕྱིར་དེའི་ཡུལ་ཅན་ཉིད་མ་བཀག་པར། དེའི་ཡུལ་ཅན་ཡང་ཡིན་ལ་གཞན་གྱི་ཡུལ་ཅན་ཡང་ཡིན་ནོ་ཞེས་གཉི་ག་ལྟར་སྒྲུབ་པ་ཡིན་ནོ། །གཅིག་ཉིད་སྒྲུབ་པ་དང་དགག་པ་ནི་འགལ་བ་ཡིན་གྱི་དུ་མར་གྱུར་པ ་དག་ནི་གཉི་ག་ལྟར་ཡང་སྒྲུབ་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ཏེ། ཡུལ་གཅིག་ན་གནས་པ་ཡོངས་སུ་སྤངས་ནས་གནས་པ་ཡིན་བའི་ཕྱིར་རོ། །དེ་བཞིན་དུ་གནས་སྐབས་གཞན་དང་འབྲེལ་པ་ལ་ཡང་འགལ་བར་རྟོགས་པར་བྱའོ། །དུས་གཞན་དང ་འབྲེལ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དག་གིས་འགལ་བར་གསལ་བ་ཉིད་དོ། །ཡུལ་ལ་སོགས་པས་བྱས་པའི་འགལ་བ་སྟོན་པ་ན་ཡུལ་ལ་སོགས་པའི་ཁྱད་པར་སྨོས་པ་བྱས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་རང་བཞིན་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ ་ཙམ་ཞིག་བརྗོད་པར་འགྱུར་རོ།། ཡུལ་ཐ་དད་པ་ལ་སོགས་པ་ལ་ཡོད་པ་ནི་འགལ་བའི་ཆོས་དང་ལྡན་པས་ཁྱབ་ལ། དེ་ཡང་དུ་མ་ཉིད་ཡིན་པའི་ཕྱིར་དུ་མའི་བདག་ཉིད་ཀྱིས་ཀྱང་ཁྱབ་པར་འགྱུར་རོ། །ཁྱབ་པར་བྱེད་པ་མི་དམིགས་པ་འདི་ནི་གྲུབ་པ་ཡིན་པའི་ཕྱིར་ཐལ་བ ་བཟློག་པའི་གཏན་ཚིགས་ནི་འདི་ཉིད་ལས་རྟོགས་པར་བྱ་བ་ཡིན་ཏེ། འགའ་ཞིག་ཡུལ་ལ་སོགས་དུ་མ་ལ་ཡོད་པ་དེ་ནི་དུ་མ་ཉིད་ཡིན་ལ། སྤྱི་ཡང་དེ་ལྟ་ཡིན་པའི་ཕྱིར་དུ་མ་ཉིད་དུ་འགྱུར་ན་དུ་མ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཐལ་བ་ལས་བཟློག་པའོ། །དུ་མ་མེད ་པ་ཙམ་ཉིད་ནི་སྤྱི་མེད་པ་ཡང་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་མེད་པས་དེ་ལ་མི་འཇུག་པའི་ཕྱིར་འདི་ལ་གཞི་གདོན་མི་ཟ་བར་འདོད་པ་མ་ཡིན་ནོ་ཞེས་བཤད་དོ། །གཞན་གྱིས་ཀུན་བརྟགས་པས་ཐལ་བར་སྒྲུབ་པ་གང་ཡིན་པ་ནི་རང་རྒྱུད་དུ་བྱ་བ་མ་ཡིན་ཏེ། གཏན་ཚིགས་མ་གྲུབ ་བའི་ཕྱིར་རོ།། འོན་ཀྱང་ཐལ་བ་བཟློག་པའི་མཐར་ཐུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དོན་གྱིས་རྟོགས་པར་བྱ་བའི་ཐལ་བ་བཟློག་པ་ནི་དཔེར་བརྗོད་པར་བྱས་ལ།། དངོས་སུ་དཔེར་བརྗོད་པར་བྱ་བའི་ཐལ་བར་འགྱུར་བ་ནི་རྟོགས་པར་བྱ་བར་བྱས་པ་ཡིན་ནོ། །ཐལ་བར་འགྱུར ་བའི་དགོས་པ་བཤད་པ་ནི་ཐལ་བར་འགྱུར་བ་ད་ནི་ཁྱབ་པར་བྱ་བའི་ཆོས་གཅིག་དུ་མ་ལ་འཇུག་པ་ཉིད་ཁས་བླངས་ན། ཁྱབ་པར་བྱད་པ་གཞན་དུ་མ་ཉིད་ཁས་བླངས་པ་བསྟན་པའི་ཕྱིར་ཡིན་ཏེ། ཁྱབ་པར་བྱེད་པར་དེས་ཁས་མི་ལེན་ན་ཁྱབ་པར་བྱ་བ་དང་ཁྱབ་བར་བྱེད་པའི ་ཆོས་གཉི་ག་ལྡོག་པར་འགྱུར་རོ་ཞེས་པ་ནི་བཟློག་པའི་དོན་ཏེ། །དེ་ཉིད་ཀྱི་ཕྱིར་འདི་ན་ཐལ་བར་འགྱུར་བའི་གཏན་ཚིགས་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དུ་མ་ལ་ཡོད་པའི་ཕྱིར་སྤྱི་ནི་གཅིག་མ་ཡིན་ནོ་ཞེས་བྱ་བའི་རང་བཞིན་བཟློག་པ་ནི་སྒྲུབ་པར་བྱེད་པར་འགྱུར་གྱི། ལྡོག་པར ་བྱེད་པ་ནི་མ་ཡིན་ནོ། །དེས་ན་ཆོས་གཅིག་ཁས་བླངས་ན་ཞེས་བྱ་བ་ལ་སོགས་པའི་གཞུང་འདི་ནི་དོན་མ་འབྲེལ་བར་འགྱུར་རོ།། འདི་ལ་ཐལ་བར་འགྱུར་བའི་དོན་ནི་སྒྲུབ་པ་ཡིན་ལ། བཟློག་པ་ནི་ལྡོག་པར་བརྗོད་པ་ཡིན་ནོ། །གང་དག་རང་བཞིན་གཞན་གྱིས་སྟོང་པ ་ནི་ཅིག་ཉིད་མཚོན་པ་ཡིན་པར་བསམས་ནས་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པ་ཡིན་པར་བྱེད་པ་དེའི་ལྟར་ན་ཡང་གཞུང་འདིའི་དོན་ཤིན་ཏུ་མི་འགྲིག་གོ་།དེའི་ལྟར་ན་ཡང་དུ་མ་ལ་ཡོད་པ་ཉིད་ཡིན་ན་ནི་གཅིག་ཉིད་མ་ཡིན་ནོ། །ཞེས་གཅིག་དང་འགལ་བ་དུ་མས ་ཁྱབ་པར་བྱ་བ་དུ་མ་ཡོད་པ་ཉིད་དམིགས་པ་ནི་ཐལ་བ་ལས་བཟློག་པ་ཡིན་ན། དེ་ལ་ནི་གང་གིས་གཞུང་འདི་ལེགས་པར་འགྲིག་པར་འགྱུར་བ། བཤད་པ། ཁྱབ་པར་བྱ་བ་ཆོས་གཉིས་སྒྲུབ་པ་ལ་དགག་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས ་པ་ཐལ་བ་ལས་བཟློག་པ་ནི་འདི་གཞུང་ལ་མེད་པ་ཉིད་ཡིན་ནོ། །ཡང་ཇི་ལྟར་སྒྲུབ་པ་དང་དགག་པའི་ཆོས་དག་འཁྲུལ་བ་མེད་པ་ཡིན་ཞེ་ན། བཤད་པ། རྣམ་པར་དབྱེ་བ་ནི་ཐ་དད་པར་གནས་པ་སྟེ། ཁྱབ་པར་བྱེད་པ་གཅིག་ལས་ཁྱབ་པར་བྱ་བ་སོ་སོར ་གནས?་བཟོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། བཤད་པ་།འཁྱབ་པར་བྱ་བ་དེ་ནི་ཁྱབ་པར་བྱེད་པའི་ཆོས་གཞན་དུ་འབྲེལ་པའི་ཕྱིར་རོ། །དངོས་སུ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཏེ་།དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་སོ། ། ་གང?་ཞིག་གང་ལ་ངོ་བོ་ཉིད་ཀྱིས་འབྲེལ་པ་ཞེས་བྱ་བ་དེ་ཇི་ལྟར་གཞན་དུ་གནས་པ་ཡིན། དེ་སྐད་བརྗོད་པས་ནི་འབྲེལ་པ་མ་གྲུབ་པས་ནི་ཐལ་བར་འགྱུར་བ་མི་འགྲུབ་ལ་བཟློག་པ་ཡང་མི་འགྲུབ་པོ་ཞེས་བཤད་པར་འགྱུར་བ་ཡིན་ནོ། །ད་ནི་ཞེས་བྱ་བ་ནི་གལ་ཏེ་ཆོས ་འདི་ཐལ་བར་སྒྲུབ་ནའོ།། འདིར་ཡང་སྤྱི་དུ་མ་ལ་ཡོད་པར་ཁས་ལེན་ན་དུ་མ་ཉིད་དུ་ཁས་བླང་བའི་དོན་དུ་ཐལ་པར་སྒྲུབ་ན་དུ་མ་ཉིད་གཅིག་ལ་མི་སྲིད་པ་གང་ཡིན་པ་དེ་སྒྲུབ་པར་འགྱུར་བས་འདི་ཇི་ལྟར་འགྱུར་བ་ཡིན་ཞེས་གཞན་དག་རྫོགས་པ་ལ། བཤད ་པ། གཅིག་པ་དུ་མ་མི་སྲིད་པ་འབའ་ཤིག་ཏུ་མ་ཟད་ཀྱི། གང་ཞིག་གཅིག་ལ་མི་སྲིད་པའི་དུ་མ་ཉིད་དེས་ཁྱབ་པ་ཡུལ་ལ་སོགས་པ་ཐ་དད་པའི་རྫས་ལ་ཡོད་པ་ཞེས་བྱ་བའི་ཆོས་དེ་ཡང་སྤྱི་ལ་སོགས་པ་གཅིག་པོ་དེ་ལ་མི་སྲིད་དེ། དེའི་ཕྱིར་ཁྱབ་པར་བྱ ་བ་ཡུལ་དུ་མན་གནས་པ་དེ་ཁས་ལེན་ན་གཞན་དུ་མ་ཉིད་དེ་གདོན་མི་ཟ་བར་འགྱུར་བའི་ཕྱིར་བཟློག་པར་མི་ནུས་སོ།། གལ་ཏེ་ཡང་ཆོས་གཉིས་ལྡོག་པར་བསྟན་པའི་དོན་དུ་འདོད་པ་ཡིན་པ་དེ་ལྟར་ན་ཡང་ཐལ་བར་འགྱུར་བའི་གཏན་ཚིགས་མ་གྲུབ་པ་དང། ་དུ་མ་ཉིད་དུ་དམ་བཅས་པ་གང་ཡིན་པ་དེ་ལ་ཡང་ཁས་བླང་བ་ཅིག་ཉིད་ཀྱིས་གནོད་པ་མ་ཡིན་ནམ། སོགས་པ་སྨོས་པས་ནི་མང་པོ་དག་ལ་རྣམ་པ་གཅིག་ཏུ་ཤེས་པ་མཐོང་བའི་ཕྱིར་གཅིག་ཉིད་རྗེས་སུ་དཔགས་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པ ་གནོད་པ་དང། ཡན་ལག་ཅན་གྱི་རྫས་རགས་པ་ཉིད་ནི་མངོན་སུམ་དུ་གྲུབ་པ་ཡིན་ཏེ། དེས་ན་མངོན་སུམ་གྱིས་གནོད་པ་གཟུང་ངོ། །ཅིའི་ཕྱིར་ཞེ་ན། རྒོལ་བ་དེ་རང་སྟེ་བདག་ཉིད་ཀྱིས་ཁས་བླངས་པ་གཞན་དུ་སྟེ། འགལ་བ་ཁས་ལེན་པར་གནས་པའི་ཕྱིར་རོ། །སངས་རྒྱས་པ་ནི ་སྤྱི་མེད་པར་སྨྲ་བ་ལ་གནས་ཏེ། ཐལ་བའི་སྒྲུབ་པར་བྱེད་པ་བརྗོད་པས་དེའི་ཚེ་གཞི་མ་གྲུབ་པའི་ཕྱིར་གཏན་ཚིགས་དུ་མ་ལ་ཡོད་པ་ཞེས་བྱ་བ་མ་གྲུབ་པར་འགྱུར་རོ། །སྔར་ཐལ་བར་འགྱུར་བའི་གཏན་ཚིགས་གྲུབ་ན་དེའི་འོག་ཏུ་ཐལ་བ་ལས་བཟློག་པར་བྱ་བར་ནུས་ཀྱི་མ་གྲུབ་པ ་ནི་མ་ཡིན་ནོ། །དེ་བཞིན་དུ་དུ་མ་ལ་ཡོད་པ་ཉིད་དུ་འཛིན་པ་ན་སྤྱིར་སྨྲ་བ་ལ་བརྟེན་པར་འགྱུར་བ་ཡིན་ནོ། །དེ་ལ་ཡང་སྤྱི་ནི་གཅིག་ཡིན་པས་ན་དུ་མ་ལ་ཡོད་པའི་ཕྱིར་དུ་མ་ཉིད་ཡིན་པར་དམ་བཅས་པ་ལ། གཅིག་ཉིད་དུ་ཁས་བླངས་པས་གནོད་པ་ཡིན་ནོ། །དེས་ན་དེ་ལྟར ་ཁས་ལེན་པ་གཞན་དུ་གནས་པ་སྤྱི་མེད་པར་སྨྲ་བ་ལ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ལ། གཅིག་ཉིད་དུ་སྨྲ་བས་གནོད་པ་ནི་ཁས་བླངས་པས་གནོད་པ་ཡིན་ནོ། །དེ་ལས་ཁས་བླངས་པ་གཞན་དུ་གནས་པ་རྣམ་པ་གཉི་ག་ཡང་སྤངས་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ། ལུང ་གི་དོན་བརྟག་པའི་དུས་ན་ལུང་འགའ་ཡང་ཁས་བླངས་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྟོག་པར་བྱེད་པ་འདི་བྱེ་བྲག་པའི་ལུང་བརྟགས་ཏེ་དོར་ནས་ཡང་དེ་བརྟག་པ་ལ་གུས་པར་བྱེད་པ་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ།། ངེས་པར་མ་བརྟགས་པའི་ལུང་གཞན ་ལ་ཡོངས་སུ་དག་བའི་དོན་ཡོད་པར་སྲིད་ཀྱང། གང་གིས་ཁས་བླངས་པ་གཞན་དུ་གནས་པར་འགྱུར་བ་སངས་རྒྱས་པའི་ལུང་ནི་རྟོག་པ་མ་ཡིན་ནོ། །གལ་ཏེ་འགལ་བ་ཁས་བླངས་པ་ལ་མི་གནས་ན། འོ་ན་ཇི་ལྟར་སྨྲ་བ་དང་འགལ་པ་སྤྱི་དུ་མ་ཉིད་དུ་ཐལ་བ་སྒྲུབ་པར་བྱེད་ཅེ་ན། ་བཤད་བ། དུ་མ་ལ་ཡོད་པ་ཞེས་བྱ་བའི་དོན་གང་རྟོགས་པར་བྱེད་པའི་རྒོལ་བ་དེས་ན་རྟོག་པ་ཞེས་བྱ་བ་ཁྱབ་པར་བྱ་བའི་ཆོས་ཐོས་པ་ལས་གཞན་དུ་མི་འཐད་པའི་དངོས་པོའི་ཤུགས་ཀྱི་ཚིག་ལ་བལྟོས་པ་མེད་པར་ཆོས་གཞན་ཁྱབ་པར་བྱེད་པ་དུ་མ་ཉིད་ཅེས་བྱ་བ་མྱུར་བའོ ་ནར་རྟོགས་པར་འགྱུར་ཏེ། དཔེར་ན་སྒྲོན་མའི་འོང་ཁས་བླངས་ན་དེ་ཉིད་ཀྱི་ཚེ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་མེ་ལྕེའི་རང་བཞིན་གྱི་རྒྱུ་སྒྲོན་མ་ཡང་ཁས་བླངས་པར་འགྱུར་བ་དེ་བཞིན་དུའོ། །དེའི་ཕྱིར་དེ་ནི་ཁྱབ་པར་བྱེད་པ་དང་ལྡན་པའི་ལུང་གི ་དོན་གྱི་རྟོགས་ཡིན?་བགྱི་ཁས་བླངས་པ་གཞན་གྱིས་བཟློག་པ་ནི་མ་ཡིན་ནོ། །ཅི་ལྟར་དེ་རྟོགས་པ་ཉིད་ཡིན་ཏེ། གང་གི་ཕྱིར་འདིས་དོན་གང་རྟོགས་པ་དེ་ལས་གཞན་ཡང་རྟོགས་པ་ཡིན་པའི་ཕྱིར་ཞེ་ན། དེ་ནི་ཞེས་སྨོས་སོ། །གང་གི་ཕྱིར་དེ་ཉིད་དེའི་ཁས ་ཡིན་པའི་དུས་ཡིན་པ་དེའི་ཕྱིར་ཁས་ལེན་བའི་དུས་དེར་གཞན་དུ་མི་འཐད་པའི་རིག་བའི་སྟོབས་ཀྱིས་གཅིག་ཁས་བླངས་ན་ཉེ་བར་གནས་པར་འགྱུར་བའི་དོན་ཅི་སྙེད་བ་ད་མཛའ་དག་ཁས་བླང་བར་བྱའི་འགའ་ཞིག་ནི་མ་ཡིན་པ་འམ། གཅིག་དོར་ན ་ཐམས་ཅད་ཀྱང་བཏང་བ་ཉིད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། ཁས་ལེན་པའི་དུས་སུ་རྟོགས་པ་དང་ལྡན་པས་རིགས་པས་ཡོངས་སུ་བརྟགས་ནས་ཁས་བླང་བར་བྱ་བ་ཡིན་གྱི། ཚིག་ཙམ་གྱིས་ནི་མ་ཡིན་ནོ། །ཁྱབ་པར་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པར ་མི་འགྱུར་བ་ཡིན་ཏེ། དེས་ན་འདིས་དེ་ཉིད་རིག་པས་རྟོགས་ན་དེ་ལ་འཁྲུལ་པ་མེད་པ་ཅན་གཞན་ཡང་རྟོགས་པར་འགྱུར་བ་ཡིན་ནོ། །དེ་བས་ན་བསྟན་པའི་རྟོགས་པ་དེ་ཉིད་ནི། གཉིས་པ་རྟོགས་པ་དེ་འདྲ་བ་དེ་འཕེན་པར་བྱེད་པ་ཡིན་གྱི། དོན་བླ་ལྷག ་རྟོག་པ་ནི་མ་ཡིན་ནོ། །དེས་ན་ཁས་བླངས་པ་གཞན་དུ་གནས་པ་ལས་མ་གྲུབ་པ་མ་ཡིན་ཏེ། སྤྱི་དེ་ཉིད་ཁས་བླངས་པ་ཡིན་པའི་ཕྱིར་རོ། །ཁས་བླངས་པས་གནོད་པ་ཡང་མ་ཡིན་ཏེ། ད་རུང་ཆོས་གཞན་ཁས་བླངས་པ་མེད་བའི་ཕྱིར་རོ། །དེ་ལྟར་ན ་གཞན་དུ་ཁས་བླངས་པ་མེད་པའི་ཕྱིར་མ་གྲུབ་པ་ལ་སོགས་བ་མ་ཡིན་ནོ། །གཞན་ཡང་ཁས་བླངས་པ་གཞན་དུ་གནས་ཀྱང་མ་གྲུབ་པ་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་གཉིས་འབྲེལ་པར་བརྗོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ ་དུ་མ་པ་ཡོད་པ་ཉིད་དེ་ལྟ་ཡིན་ན་དུ་མ་ཉིད་འདི་ཡང་འགྱུར་བ་འམ་དུ་མ་ཉིད་མ་ཡིན་ན་ནི་གཉི་ག་ཡང་མི་འགྱུར་རོ་ཞེས་དེ་ལྟར་ཆོས་གཉིས་མི་འཁྲུལ་བར་རབ་ཏུ་སྟོན་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། གང་གིས་མ་གྲུབ་པ་འམ། ཁས་བླངས་པས་གནོད་པར ་འགྱུར་ན་སྒྲུབ་བར་བྱེད་པ་འམ། བསྒྲུབ་པར་བྱ་བའི་ཆོས་འགའ་ཡང་ངེས་པ་ཉིད་དུ་མི་བརྗོད་ཀྱི། འོན་ཀྱང་ཆོས་གཏི་ག་ཐེ་ཚོམ་དུ་བསྟན་པ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན་ཞེས་བྱ་བ་ནི་ཐེ་ཚོམ་མེད་པ་ཡིན་པའི་ཕྱིར་རོ། །སྔར་ཐལ་བའི་གཏན་ཚིགས་? ་འགྲུབ་བར་འདོད་དགོས་པོ་ཞེས་གང་བརྗོད་པ་དེ་ཡང་མི་རིགས་ཏེ། ངེས་པ་དང་ལྡན་པ་ནི་གྲུབ་པར་འདོད་པར་བྱ་དགོས་ན། ཐལ་བའི་གཏན་ཚིགས་ནི་ངེས་པར་འདོད་པ་མ་ཡིན་གྱི། འོན་ཀྱང་འབྲེལ་པ་སྟོན་པ་ཙམ་དུ་ཟད་དོ། །དེ་ནི་ཐེ་ཚོམ་ཟ་བ་ལ་ཡང ་ནུས་པ་ཡིན་ནོ། །འོན་གང་གི་ཚེ་ཐལ་བར་འགྱུར་བའི་གཏན་ཚིགས་མ་གྲུབ་པའི་སྐྱོན་དུ་འགྱུར་ཞེ་ན། བཤད་པ། ངེས་པ་ཉིད་དུ་ཞེས་བྱ་བ་ནི་མཛའ་གཅིག་གི་དངོས་པོ་སྟེ། སྒྲུབ་པར་བྱེད་པ་འམ་བསྒྲུབ་པར་བྱ་བ་དག་དེར་ཡོངས་སུ་འཛིན་ན་ནི་གཏན ་ཚིགས་མ་གྲུབ་པ་ལ་སོགས་པའི་སྐྱོན་དུ་འགྱུར་རོ།། འོ་ན་ཇི་ལྟར་ཐལ་བ་ལས་བཟློག་པ་གཅིག་ཏུ་ངེས་པར་འཛིན་ཅེ་ན། བཤད་པ། གཏན་ཚིགས་ཡོད་ན་ནི་སྟེ་གྲུབ་ན་ནི་ངེས་པར་ཡོངས་སུ་གཟུང་ན་ཡང་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །དུ་མ་མེད་པ་ཉིད ་ནི་སྤྱི་ལ་སོགས་པ་དངོས་པོ་མེད་པ་ལ་ཡང་གྲུབ་པ་ཡིན་ནོ། །བཟློག་པའི་གཏན་ཚིགས་གྲུབ་ན་སྐྱོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཐལ་བའི་གཏན་ཚིགས་ལ་ཡང་མ་ཡིན་ནོ།། དཔེར་ན་རྟག་པར་སྨྲ་བ་རྣམས་ཀྱིས་ཁས་བླངས་པའི་ཡོད ་པས་སྒྲ་མི་རྟག་པར་ཐལ་བར་གྲུབ་པ་བཞིན་ནོ། །གང་གི་ཕྱིར་ཁས་བླངས་པ་གཞན་དུ་གནས་ཀྱང་བཟློག་པ་དང་ཐལ་བ་འབའ་ཞིག་ལ་ངེས་པར་ཡོངས་སུ་གཟུང་བ་སྐྱོན་དུ་མི་འགྱུར་བ། ཇི་ལྟར་ན་གཅིག་ཉིད་ལ་སོགས་པ་ཁས་བླངས་བ་དང་འགལ ་བསྒྲུབ་པར་ནུས་ཤེ་ན། བཤད་པ། རིག་པས་འོངས་པ་ནི་གདོན་མི་ཟ་བར་ཡིན་ཏེ། དེ་མི་འཛིན་ན་ནི་གཟུང་བར་རུང་བ་གཞན་མེད་པའི་ཕྱིར་རོ། །ལུང་ཡང་རིག་པས་འཐད་པས་ན་བཟུང་བར་བྱ་བ་དེ་བཞིན་དུ་གཞན་ཡང་བཟུང་བར་བྱ་བ་ཉིད་དོ། ། ་གལ་ཏེ་གང་དུ་ཁས་བླངས་པ་དང་མི་འགལ་བ་དེ་རིག་པས་བཟུང་བར་བྱ་བ་ཡིན་གྱི། ཁས་བླངས་པ་དང་འགལ་བས་ནི་རིགས་པ་ལ་གནོད་པ་ཡིན་ནོ་ཞེ་ན། ཁས་བླངས་པས་ཞེས་སྨོས་ཏེ། ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་བཤད་པར་བྱའོ། །གལ་ཏེ ་གང་གི་གཏན་ཚིགས་གྲུབ་པ་དེ་བཟུང་བར་རིག་པ་མ་ཡིན་ནམ། ཇི་ལྟར་ན་མ་གྲུབ་པ་ཁས་བླངས་པ་ཙམ་གྱི་དུ་མ་ལ་ཡོད་པ་ཉིད་ཀྱིས་དུ་མ་ཉིད་གདོན་མི་ཟ་བར་ཁས་བླངས་པར་བྱ་བར་བཤད་ཅེ་ན། གང་གི་དོན་གྱི་ཆོས་ཅིག་ཁས་ལེན་པ་ན་དེས་གདོན་མི་ཟ ་བ་ཁོ་ན་ཁས་བླང་བ་དེ་ནི་རིག་པ་ཁོ་ནས་བྱས་པ་ཡིན་ནོ། །ཇི་ལྟར་ཁྱབ་པར་བྱ་བ་མཐོང་ན་གཞན་དུ་མི་འཐད་པས་ཁྱབ་པར་བྱེད་པ་ཁས་བླང་བར་བྱ་བ་དེ་བཞིན་དུ་ཚད་མ་མེད་པར་ཡོད་པ་ཉིད་དུ་ཁས་བླངས་པས་ཁྱབ་པར་བྱེད་པ་གདོན་མི་ཟ་བར་ཁས་བླངས་པར ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་གཏན་ཚིགས་གྲུབ་ན་དེས་པར་མཛའ་གཅིག་ཏུ་འཛིན་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་པས། དེས་པའི་ཡན་ལག་མ་ཡིན་པ་འགྲེལ་པ་བསྟན་པར་བྱས་པ་འམ། གཞན་གྱིས་ཅི་ཞིག་བྱ། རྒོལ་བ་དེས ་པའི་ཡན་ལག་ཉིད་སྨྲ་ན་ཚིག་ལ་རྣ་གཏད་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་མེད་ཀྱང་ཞེས་སྨོས་ཏེ་རྩ་བ་ནི་རྩོམ་པར་གྱུར་པ་དང་རྩོམ་པའི་རྒྱུ་མཚན་ཏེ། གང་གི་དོན་དུ་ཐལ་བར་བྱེད་པ་ནི་རྩ་བ་ཡིན་ནོ། །ཐལ་བ་བྱེད་པས་ནི་གདོན་མི་ཟ་བར ་འགའ་ཞིག་ངེས་པར་བྱེད་འདོད་བ་ཡིན་ནོ། །ངེས་པའི་རྒྱུ་མཚན་ཡང་གཏན་ཚིགས་གྲུབ་པ་ཡིན་པའི་ཕྱིར་གང་ཞིག་དེར་གྲུབ་པའི་གཏན་ཚིགས་གང་ཡིན་པ་དེའི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་བྱེ་བྲག་ཡིན་ནོ། །གང་ཞིག ་དུ་མ་ལ་ཡོད་པ་དེ་ནི་དུ་མ་ཉིད་དོ་ཞེས་ཁྱབ་པ་རབ་ཏུ་སྟོན་པ་ཙམ་ཡིན་ཡང་གནོད་པར་བྱེད་པའི་ཚད་མ་འཕེན་པའི་ཕྱིར་སྒྲུབ་པར་བྱེད་པ་ཡིན་ནོ། །ཐལ་བར་འགྱུར་བའི་སྒོ་ནས་ཀྱང་གནོད་བར་བྱེད་པའི་ཚད་མ་ནི་འཕེན་པ་ཡིན་པ་དེས་ན་འདི་ནི་སྒྲུབ་པར་བྱེད་པའི ་རྣམ་པ་གཞན་ཡིན་ནོ། །དེ་ལ་འདིར་རྩ་བའི་གཏན་ཚིགས་ཐལ་བ་ལས་བཟློག་པའོ། །ཁ་ཅིག་ཏུ་ནི་ཐལ་བ་འམ་ཐལ་བ་ལས་བཟློག་པའི་གཏན་ཚིགས་ཀྱང་རྩ་བར་མི་འགྱུར་ཏེ། མ་གྲུབ་པའི་ཕྱིར་རོ། །དཔེར་ན་ཁ་ཅིག་ན་རེ་གལ་ཏེ་སྤྱི་གཅིག་ཡིན་ན་ནི་གཅིག ་ཡིན་པའི་ཕྱིར་དུ་མ་ལ་ཡོད་པར་མི་འགྱུར་བ་ཞིག་ན། དུ་མ་ལ་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་གཅིག་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཐལ་བར་འགྱུར་བ་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་དང། བཟློག་པ་འགལ་བས་ཁྱབ་པ་དམིགས་པ་གཉི་ག་མ་གྲུབ ་པ་དང། དེ་བཞིན་དུ་གལ་ཏེ་སྤྱི་རང་བཞིན་གཞན་གྱིས་དབེན་པའི་རང་བཞིན་ཡིན་ན་ནི་ཡུལ་ལ་སོགས་པ་གཅིག་པ་ཅན་གཅིག་པུ་ཞིག་དང་འབྲེལ་བར་འགྱུར་བ་ཞིག་ན། ཡུལ་ལ་སོགས་པ་ཐ་དད་པ་ཅན་དུ་མ་དང་འབྲེལ་བ་ཡིན་པ་དེའི་ཕྱིར་དུ་མའི་རང་བཞིན་ཡིན ་ནོ་ཞེས་བྱ་བ་འདིར་རང་བཞིན་གྱི་གཏན་ཚིགས་གཉི་ག་མ་གྲུབ་པ་བཞིན་ནོ། །རྣམ་པ་དེ་ལྟ་བུའི་རིགས་ལ་ཐལ་བ་དང། དེ་ལས་བཟློག་པ་གཉི་གས་དུ་མ་ལ་ཡོད་པ་ཉིད་དུ་མ་ཉིད་ཀྱིས་ཁྱབ་པ་རབ་ཏུ་གྲུབ་པ་ཡིན་ནོ། །ཁྱབ་པ་གྲུབ་ན་ཁྱབ་པར་བྱེད་བ་མི ་དམིགས་པ་ཞེས་བྱ་བ་རྩ་བའི་གཏན་ཚིགས་གཞན་འཇུག་པ་ཡིན་གྱི་ཐལ་བའི་གཏན་ཚིགས་སམ་བཟློག་པའི་གཏན་ཚིགས་མ་གྲུབ་པ་དག་གིས་གཏན་ཚིགས་གྲུབ་པ་ཁོ་ནས་འགྲུབ་པར་འགྱུར་བའི་དགོས་པ་ཁས་བླངས་པ་ལས་བཟློག་པ་སྒྲུབ་པར་བྱེད ་པ་ནི་མ་ཡིན་ཏེ། གཏན་ཚིགས་ལ་ཚད་མ་མེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ཡན་ལག་མི་བརྗོད་པ་ཡང་མ་ཡིན་ཏེ། རྣམ་པ་འདིས་ཀྱང་རྩ་བའི་གཏན་ཚིགས་ཀྱི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་ཚད་མ་ནི་འཕེན ་བའི་ཕྱིར་རོ། །གལ་ཏེ་གྲངས་ཅན་གྱི་སྦྱོར་བ་འདིར་ཡང་གཏན་ཚིགས་སྐྱེ་བ་ཅན་ནམ་མི་རྟག་པ་ཉིད་མ་གྲུབ་པའི་ཕྱིར་ཐལ་བ་བཟློག་པ་ཉིད་ཀྱིས་མི་རྟག་པ་དང་སྐྱེ་བ་དང་ལྡན་པ་དང་འགོག་པ་གྲངས་ཅན་གྱིས་འདོད་བ་ཡིན་ནོ་ཞེ་ན། དེ་ལྟར ་བྱེད་པ་ནི་སུ་ཡང་མེད་དོ། །བདེ་བ་ལ་སོགས་པ་ནི་གྲངས་ཅན་གྱིས་ནི་སེམས་ཅན་དུ་མི་འདོད་ལ། སངས་རྒྱས་པ་ནི་སྐྱེ་བ་ཅན་དང་མི་རྟག་པར་འདོད་པ་ཡིན་ན། དེ་ལྟར་བྱེད་པ་དེ་སུ་ཡིན། འདོད་ཀྱང་དེ་ལྟར་ནི་བྱེད་པར་ནུས་པ་ཉིད་ཀྱང་མ་ཡིན་ནོ།། ་ཅིའི་ཕྱིར་ཞེ་ན། བཤད་པ། ཐལ་པ་དང་བཟློག་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་དག་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐལ་བའི་གཏན་ཚིགས་དགག་པ་ལ་གོ་བར་བྱེད་པ་མི་འདོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། རྩ་བའི་གཏན་ཚིགས ་ཀྱི་ཁྱབ་པ་སྒྲུབ་པར་བྱེད་པ་ནི་འདོད་པ་ཁོ་ན་ཡིན་པས་དེ་ལ་གོ་བར་བྱེད་པ་མ་ཡིན་པར་བརྗོད་པ་ཡིན་ནོ། །གོ་བར་བྱེད་པ་མ་ཡིན་པ་ཉིད་གང་ལས་ཤེ་ན། སེམས་པ་ཅན་དང་སྐྱེ་བཙན་དང་མི་རྟག་པ་དེ་གཉིས་འགལ་བ་མ་གྲུབ་པའི་ཕྱིར་རོ། །གལ ་ཏེ་སེམས་པ་ཅན་དང་དེ་འགལ་པ་ཡིན་ན། དེ་ལྟ་ན་ནི་དེ་དག་སེམས་པ་མེད་པས་ཁྱབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འོ་ན་འགལ་བ་ཅིའི་ཕྱིར་མ་གྲུབ་ཅེ་ན། བཤད་པ། ཅིག་ཤོས་ཉེ་བ་ལས་སྔར་རྒྱུ་མ་ཚང་བ་མེད་པ་གང་ལ་ཡོད་པ་དེ་རྒྱུན ་རྗེས་སུ་འགྲེལ་པར་འབྱུང་བ་ལས་བལྟར་རུང་བའི་མེ་ཅིག་ཡོད་པས་མེད་པའི་ཕྱིར་འགལ་བར་འགྲུབ་པ་འམ་ཕན་ཚུན་སྤངས་པ་སྟེ་རྣམ་པར་བཅས་པས་གནས་པ་མཚན་ཉིད་དེའི་རང་བཞིན་གང་ཡིན་པ་དེའི་ངོ་བོས་འགལ་བར་འགྲུབ་པ་ཡིན ་ཏེ། འགལ་པ་འདི་དག་ནི་ལེའུ་གཉིས་པར་རྒྱས་པར་བཤད་ཟིན་ཏོ། །གཏན་ཚིགས་གཉིས་དང་སེམས་པ་ཡོད་པ་ལ་ནི་འགལ་བ་འདི་རྣམ་པ་གཉི་ག་ཡང་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་ཐལ་བ་དང་བཟློག་པའི་གཏན་ཚིགས་དག་གོ་བར་བྱེད ་པ་མ་ཡིན་ནོ། །འོ་ན་ཁྱེད་ཀྱི་གོ་བར་བྱེད་པ་ཡིན་ཞེ་ན། གཅིག་ལ་ནི་ཞེས་སྨོས་སོ། །ཇི་སྐད་བཤད་པའི་འདྲེས་པས་རྣམ་པར་མ་བཅད་པ་དེས་སྟོང་པ་ཉིད་ཀྱི་ཕྱིར་ཡུལ་ལ་སོགས་པ་ཐ་དད་པ་ཅན་གྱི་རྫས་གང་ཡིན་པ་དེ་དག་དང་ལྡན་པ་ཡོད་པ་མ ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གཞན་དེ་མེད་པ་དང་དེ་ཡོད་པ་ནི་ཕན་ཚུན་རྣམ་པར་བཅད་པས་གནས་པའི་རང་བཞིན་དེས་འགལ་པའི་ཕྱིར་རོ། །ཡུལ་ལ་སོགས་པ་དུ་མ་ཅན་དང་ལྡན་པ་ནི་སྔ་མ་བཞིན་དུ་དུ་མ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། ། ་གཅིག་ཉིད་ནི་དུ་མ་མེད་པ་ཡིན་ལ་དུ་མ་ཉིད་ཀྱང་དུ་མ་ལ་ཡོད་པ་ལ་གནས་པ་ཁོ་ནའི་ཕྱིར་ཐལ་བའི་གཏན་ཚིགས་གོ་བར་བྱེད་པ་ཡིན་ནོ། །དེ་གོ་བར་བྱེད་པ་ཉིད་ཡིན་པ་ན་ཡང་བཟློག་པའི་གཏན་ཚིགས་ཀྱང་གོ་བར་བྱེད་པ་ཉིད་དུ་བརྗོད་པར་འགྱུར ་པས་ཡང་མ་བཤད་དོ། །ཐལ་བར་འགྱུར་བའི་དོན་འདི་ཉིད་སྔོན་གྱི་སློབ་དཔོན་གྱི་ཐལ་བར་འགྱུར་བ་རྣམས་ལ་ཡོད་པར་སྟོན་པར་བྱེད་དོ། །འདིས་ཡན་ལག་ཅན་འགོག་པར་བྱེད་པས་ན་དགག་པ་སྟེ་གཞུང་ངོ། །དེ་ལ་སོགས་པ་སྤྱི་འགོག ་པ་ལ་སོགས་པའི་གཞུང་གང་དག་ཡིན་པ་དེ་དག་སྟེ། དེ་རྣམས་སུའོ། །རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་གཅིག་དུ་མ་ལ་ཡོད་པའོ། །ཅི་སྟེ་ཁས་ལེན་ན་ནི་བསྟན་བཅོས་ཀྱིས་གནོད་པའི་ཕྱིར་ལ། ཁས་མི་ལེན་ན་ནི་གཞི་མེད་པའི་ཕྱིར་གང ་གིས་ཚེ་འགོག་ཅེ་ན། གྲུབ་པའི་མཐས་ཁས་ལེན་བའི་རྒྱུ་མཚན་དཔྱད་པའི་སྐབས་སུ་བབ་པའི་ཚེ་སྟེ། ཁས་ལེན་པའི་དུས་སུ་འགོག་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་མ་ཡིན་ཏེ་དེ་མེད་པར་གྱུར་ན་ཁས་བླངས་ནས་རྣམ་པར་དཔྱོད་པར་འགྱུར་ཏེ། བསྟན་བཅོས ་ལས་གྲུབ་པའི་ཡན་ལག་ཅན་འཛིན་པའི་ཕྱིར་རོ། །དེ་ཡང་མི་འཐད་བའི་ཕྱིར་དེ་ཡོད་པ་ན་དགག་པ་ཡིན་ནོ། །གལ་ཏེ་ཁས་ལེན་པའི་དུས་སུ་དེར་བཤད་པའི་དོན་བཟུང་བ་ཡིན་གྱི། དེའི་དོན་དགག་པ་ནི་མ་ཡིན་ནོ་ཞེ་ན། བཤད་པ། གང་གི་ཕྱིར་དུ་མ་ལ་ཡོད་པ་ཉིད ་ཁས་བླང་བ་ནི་གཅིག་ཉིད་བཏང་བ་མེད་ན་མེད་པ་ཡིན་པ་དེའི་ཕྱིར་ཆོས་གཉི་ག་ཡོད་པ་ཡིན་ནོ། །དགག་བ་འདི་འདྲ་བ་དེའི་ཁས་བླངས་པའི་སྒོ་ཁོ་ན་ནས་ཡིན་པ་དེས་ན་ཁས་བླང་བའི་དུས་སུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་ཁས ་བླངས་བ་འམ་གཞན་གཏང་བ་ཉིད་བསྟན་ཅོས་མེད་བར་གལ་འགྱུར་ཞེ་ན། བཤད་པ་གཅིག་ཉིད་དང་དུ་མ་ལ་ཡོད་པ་ནི་འགལ་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཆོས་འདི་གཉིས་མི་མཐུན་པར་ནི་དངོས་པོ་ཉིད་ཀྱིས་གྲུབ་བ་ཡིན་ནོ། །བསྟན་བཅོས ་ཁས་ལེན་བའི་དུས་སུ་ནི་གཅིག་ཁས་ལེན་བ་དང་གཞན་བཏང་བ་དག་གིས་རྗེས་སུ་རྟོགས་པར་བྱེད་བ་ཡིན་གྱི། དེ་དག་བསྟན་བཅོས་ལས་གྲགས་པ་ནི་མ་ཡིན་ནོ། །རང་གི་སྒྲའི་རྣམ་པར་བཅད་པར་བྱ་བ་བཤད་ནས། དོན་གྱི་སྒྲའི་རྣམ་པར་བཅད་པར་བྱ་བ ་བཤད་པའི་ཕྱིར། དོན་མེད་པ་ཞེས་སྨོས་སོ། །ཅི་འདྲ་བ་ཞིག་ཅེ་ན། རྟོག་པས་སྒྲོ་བཏགས་པའོ། །ཕྱོགས་དང་མཐུན་བའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་དེ་དག་གི་སྤྱིའི་ཕྱོགས་གཅིག་གོ་།ཡང་ཇི་ལྟར་ཕྱོགས་དང་མཐུན་ཕྱོགས་ཀྱི་ཁོངས་སུ་འདུས ་པ་རྟོགས་པས་སྒྲོ་བཏགས་པ་ཡིན་ཞེ་ན། འདིར་ཞེས་སྨོས་སོ། །གང་གི་ཕྱིར་མི་རྟག་བ་ཉིད་སྒྲུབ་པ་ལ་སྒྲ་དང་བུམ་པ་དག་གམ། རྟག་པ་སྒྲུབ་པ་ལ་སྒྲ་དང་ནམ་མཁའ་དག་གི་གང་ཡང་རུང་བའི་ཡན་ལག་གི་ཉེ་བ་གང་ཡིན་བ་དེ་ནི་དངོས་པོ་ལ་ཡོད་པ་མ་ཡིན ་ནོ། །འོ་ན་ཅི་འདྲ་བ་ཞིག་ཅེ་ན། སྨྲ་བ་བོའི་བརྗོད་པར་འདོད་པས་བྱས་པ་ཡིན་ཏེ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། བརྗོད་པར་འདོད་བས་དེ་མེད་ན་བརྗོད་པར་འདོད་པ་ཉེ་བ་ཉིད་དང་ཅིག་ཤོས་ཉེ་བ་མ་ཡིན་པའི་ཉེ་བ་དང་བསྐལ་བ་ཉིད་མེད་པའི་ཕྱིར་རོ། །རེ ་ཞིག་ཇི་སྲིད་དུ་མི་རྟག་པ་སྒྲུབ་པར་འདོད་པ་དེ་སྲིད་དུ་བུམ་པ་ནི་སྒྲ་དང་ཉེ་བ་ཡིན་ཏེ། སྤྱི་གཅིག་གི་ཡན་ལག་ཡིན་པའི་ཕྱིར་རོ། །ནམ་མཁའ་ནི་སྐལ་པ་ཡིན་ཏེ། སྤྱི?་དེ་ལས་ཕྱི་རོལ་ཏུ་གྱུར་བའི་ཕྱིར་རོ། །གང་གི་ཚེ་མི་འདོད་པ་དེའི་ཚེ་ནི་ཉེ་བ་དང་བསྐལ་པ ་དེ་དག་ལྡོག་པར་འགྱུར་རོ། །འདི་སྙམ་དུ་དངོས་པོའི་རང་བཞིན་ཡང་ལྡོག་པའི་ཆོས་ཡིན་ནོ་སྙམ་ན། བཤད་པ། ཉེ་བ་དང་བསྐལ་པ་དག་དངོས་པོའི་རང་བཞིན་ཡིན་ན་ནི་ཡང་ཕྱི་ནས་རྟག་པའི་ཡུལ་གཞན་བརྗོད་པར་འདོད་པར་འགྱུར་བས་བུམ་པ་ནི་བསྐལ་བར ་འགྱུར་ལ། ནམ་མཁའ་ནི་ཉེ་བར་འགྱུར་བ་དེ་འདྲ་བའི་གཞན་དུ་འགྱུར་བ་མི་རིགས་བའི་ཕྱིར་རོ། །དོན་འདི་ཡིན་ཏེ། དངོས་བའི་རང་བཞིན་ལྡོག་པ་ཡིན་དུ་ཟིན་ཀྱང་བརྗོད་པར་འདོད་པ་ཙམ་གྱིས་ནི་དེ་བཟློག་པར་མི་འཐད་དེ། དངོས་པོ་རྣམས་ཀྱི་རང་བཞིན་ནི ་བརྗོད་བར་འདོད་པ་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་གཉིས་དུས་གཅིག་ཏུ་ཕན་ཚུན་འགལ་བའི་རྟག་པ་དང་མི་རྟག་པ་ཉིད། སྒྲུབ་པར་འདོད་པ་དེའི་ཚེ་བུམ་པ་དེ་ཉིད་ཉེ་བ་དང་བསྐལ་བར་འགྱུར་ལ། ནམ་མཁའ་ཡང་འགྱུར་བ ་ཡིན་ལ། དངོས་པོ་གཅིག་ཅིག་ཅར་ཡོན་ཏན་འགལ་བ་ཉེ་བ་དང་མི་ཉེ་བ་དག་བསྡུ་བ་མི་འཐད་དེ། དེའི་ཕྱིར་ཉེ་བ་དང་བསྐལ་པ་ནི་བརྗོད་པར་འདོད་བས་བྱས་པ་ཡིན་ནོ། །གང་གི་ཕྱིར་རྣམ་བ་འདི་ལྟ་བུའི་སྒྲུབ་པར་བྱེད་པའི་དག་ནི་བྱེད་བ་པོའི་འདོད་པ་ཙམ་གྱི ་རྗེས་སུ་བྱེད་པ་ཡིན་པ་དེའི་ཕྱིར་དངོས་བོའི་རང་བཞིན་ལ་རག་ལས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ནི་དེ་ལྟར་འདོད་བ་ཙམ་གྱིས་རྗེས་སུ་བྱེད་པས་མི་འཇུག་བའི་ཕྱིར་ཏེ། མི་གནས་པའི་ཕྱིར་རོ། །དངོས་པོ་འདོད་པས་མི་འཇུག་བ་?་མངོན་སུམ་གྱི ་གྲུབ་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་ནི་སུ་ཡང་དབུལ་བོར་མི་འགྱུར་རོ། །དེའི་ཕྱིར་འདོད་བས་སྦྱར་བའི་ཕྱོགས་དང་མཐུན་བའི་ཕྱོགས་ཉིད་ལ་སོགས་བ་དེ་ལས་ནི་ཕྱི་རོལ་གྱི་དངོས་པོ་དེས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་བོའི་རང་བཞིན་དག་ཉེ་བ་དང ་བསྐལ་བར་མ་གྲུབ་པའི་ཕྱིར་རོ། །གྲུབ་ན་ནི་དངོས་པོ་གྲུབ་པར་འགྱུར་རོ། །དཔེར་ན་ཞེས་བྱ་བ་ལ། གོང་བུའི་ཁྱད་པར་འགའ་ཞིག་ཏུ་རྭ་ཅན་ཉིད་ལ་འཁྲུལ་པ་མེད་པ་ཅི་འདྲ་བ་དེ་འདྲ་བའི་རང་བཞིན་གྱི་ཚེས་མཐུན་པ་མཐོང་ནས་སོ། །གོང་དུ་འདི་ནི་ཞེས་བྱ་བ་ནི ་ཆོས་ཅན་ནོ། །རྭ་ཅན་ཡིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །བ་ལང་དང་བ་མེན་གང་ཡང་རུང་བ་ཞིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལ་ཆོས་མཚུངས་པ་ཅན་གྱི་ཁྱད་པར་?་ལང་བ་མིན་གྱི་ཕྱོགས་གཅིག་ཉིད་ནི་དངོས་བོ ་ཡིན་བར་མངོན་སུམ་ཉིད་དུ་གྲུབ་པ་ཡིན་ཏེ། དེས་ན་རྭ་ཅན་ཉིད་གྲུབ་པ་ཁོ་ནའོ། །ཅི་སྟེ་ཡང་ཞེས་བྱ་བ་ལ། བརྗོད་པར་འདོད་པ་བརྗོད་པར་འདོད་བས་ཡུལ་དུ་བྱས་པ་ཉིད་ནི་གྲུབ་བ་ཡིན་ཏེ། གང་ཡང་རུང་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་གཉིས ་ཀྱི་བྱེ་བྲག་གོ། བརྗོད་བར་འདོད་པ་ལ་གནས་པའི་རང་བཞིན་ནི་བརྗོད་པར་འདོད་པ་ཙམ་ཞིག་ཡོད་པ་ལས་གྲུབ་བོ། །དངོས་པོ་ལ་གྲུབ་པའི་གཏན་ཚིགས་ལ་ནི་བརྗོད་པར་འདོད་པ་ལ་གནས་པར་གྲུབ་པས་ཐ་མི་དད་པར་ལྷག་པར་ཞེན་པའི་སྒོ་ནས ་ཕྱི་རོལ་གྱི་དངོས་པོ་གྲུབ་པ་ཡིན་ན། འདིར་ནི་མ་ཡིན་ནོ། །དེ་བཤད་པ་ནི། དོན་གྱི་སྟོང་པ་ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་དེ་ལས་ཕྱི་རོལ་གྱི་དོན་གྲུབ་པ་ནི་མ་ཡིན་ནོ།། དངོས་པོ་ཇི་ལྟ་བ་བཞིན་བརྗོད་པར་འདོད་པ་མ་ཡིན་ནམ། དེ་ཅི་ལྟར་མ་གྲུབ ་བ་ཡིན་ནོ་ཞེ་ན། དངོས་བོ་ལ་འཇུག་པར་ངེས་པ་མེད་བའི་ཕྱིར་རོ། །འདི་ལྟར་ཞེས་སྨོས་སོ། །དེ་ལྟར་ནི་བལྟ་བར་ནུས་པ་མ་ཡིན་ཏེ། མཐོང་བར་ནུས་པ་མ་ཡིན་ནོ། །མངོན་སུམ་དང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་གང་ཞེ་ན། གང་ལ་དེའི ་བརྗོད་པར་འདོད་པ་ཡོད་པ་དེར་དངོས་པོ་ཡོད་པ་ཡིན་ནོ་ཞེས་བྱ་བ་འདིའོ། །ནུས་པ་མ་ཡིན་པས་ན་འདོད་པ་ལ་དངོས་བོ་ཡོད་པས་ཁྱབ་པ་མ་གྲུབ་པའི་ཕྱིར་།འདོད་པ་དངོས་པོ་ལ་འཁྲུལ་བར་འགྱུར་རོ། །བརྗོད་པར་འདོད་བ་ཉིད་བསལ་བ ་འདིས་ནི་དུས?་ཁས་བླངས་པ་ཡིན་བའི་ཕྱིར་ཞེས་བྱ་བ་ལ་སོགས་བ་དང། ལུང་ལས་མཐོང་བ་དག་གཏན་ཚིགས་མ་ཡིན་པར་བཤད་པ་ཡིན་ནོ། །འདོད་བས་བྱས་པ་བསལ་མོད། ལུང་ལས་གྲུབ་པ་གོ་ཅི་ལྟར་ཞེ་ན། ཚིག་ནི་ཞེས་སྨོས་ཏེ། ཚིག ་གི་བདག་ཉིད་ཀྱི་ལུང་ནི་འདོད་པ་ལ་རག་ལས་པ་ཡིན་ལ། འདོད་པ་ཡང་དངོས་པོ་དང་འབྲེལ་བ་མ་ཡིན་པའི་ཕྱིར་བསལ་བ་ཡིན་ནོ། །རྟོག་དང་ཞེས་བྱ་བ་རྟོག་པས་སྒྲོ་བཏགས་པའི་ཆོས་དང་ལུང་དེ་དག་ནི་དེ་དག་ཉིད་ཀྱི་བྱེད་བ་པོའི་འདོད་བ་ཙམ་དང་རྗེས་སུ ་འབྲེལ་བ་ཡིན་པ་དང། དངོས་པོ་འདི་འདོད་པ་མེད་པར་གཞན་དུ་ཡོད་པར་འགྱུར་བ་དེའི་ཕྱིར་རྟོག་བ་དང་ལུང་དེས་བྱས་པ་ནི་ཕྱི་རོལ་ལ་འཁྲུལ་བ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་ཡང་རང་གི་མཐོང་བ་ཡིན་ལ། སྒྲུབ་བར་བྱེད་བ་ཡང་ཡིན་བ་མ་ཡིན་ནམ་། ་དེ་ཇི་ལྟར་རང་གི་མཐོང་བའི་སྒྲས་སྒྲུབ་བར་བྱེད་བ་འབའ་ཞིག་གཟུང་བ་ཡིན་ཞེ་ན། བཤད་པ། དོན་གྱིས་ནི་ཚུལ་གསུམ་བའི་རྟགས་བརྗོད་བ་སྒྲུབ་པར་བྱེད་པ་ཡིན་ལ། ཕྱོགས་ཀྱི་ཚིག་ནི་སྒྲུབ་པར་བྱེད་བ་མ་ཡིན་ནོ།། ཞེས་བཤད་པ་ཡིན་ནོ། །རང་གི ་མཐོང་བ་བསལ་བར་བྱེད་པ་རྫས?་སུ་དཔག་པ་ཡིན་ནོ་ཞེས་བརྗོད་ལ། རྗེས་སུ་དཔག་པ་ཡང་ཚུལ་བསུམ་སྟོན་པར་བྱེད་པ་ཡིན་གྱི། སྒྲུབ་པར་བྱ་བ་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་ཤུགས་ཡིན་ནོ། །ཕྱོགས་བརྗོད་པ་ཅི་ལྟར་སྒྲུབ་བར་བྱེད་པ ་མ་ཡིན་ཞེ་ན། འདི་ལྟར་ཕྱོགས་དང་གཏན་ཚིགས་བརྗོད་པ་དག་དོན་ལ་དངོས་སུ་ནུས་བ་མེད་དེ། དོན་གྱིས་དོན་རྟོགས་བའི་རྒྱུའི་ཕྱིར་རོ། །དེ་ན་དེ་དག་རང་ཉིད་ལས་ཏེ། རང་གི་ངོ་བོ་ལས་ནི་སྒྲུབ་པར་བྱེད་པ་ཉིད་དུ་རྣམ་པར་གནས་བ་ཡོད་པ་མ་ཡིན་ནོ།། ་དོན་གྱིས་དོན་རྟོགས་པ་ཉིད་བཤད་པ་ནི་དོན་དེ་ཉིད་ཀྱིས་ཡིན་གྱི། བརྗོད་པས་ནི་མ་ཡིན་ཏེ། འབྲེལ་བས་དེས་བ་མི་འཁྲུལ་བ་དེ་མེད་པའི་ཕྱིར་རོ། །དེས་ན་བརྗོད་པ་ནི་རང་ཉིད་དེ་རང་གི་ངོ་བོ་ཉིད་ཀྱིས་དོན་སྒྲུབ་བར་བྱེད་པའི་ཕྱིར་ནི་སྒྲུབ་བར་བྱེད་པ་མ་ཡིན ་ནོ། གཞན་ཡང་གལ་ཏེ་འདི་སྒྲུབ་པར་བྱེད་པ་ཡིན་ན་ནི་དེའི་ཕྱིར་དེ་ལས་དེས་པར་འགྱུར་བ་ཡིན་ན། ཕྱོགས་ཀྱི་ཚིགས་ལས་ནི་སྒྲུབ་པར་བྱ་བའི་དོན་ལ་ཐེ་ཚོམ་ཟ་བ་མཐོང་གི་ངེས་པ་ནི་མ་ཡིན་ནོ། །ནིའི་སྒྲས་ནི་སྒྲུབ་བར་བྱེད་པ་མ་ཡིན་པ་ལ་ཕྱོགས་ཀྱི་ཚིག ་གཏན་ཚིགས་ཀྱི་ཚིག་ལས་ཁྱད་བར་འདི་ཡོད་པ་ཡིན་ཞེས་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་བརྗོད་པའི་ཕྱིར་བརྒྱུད་པས་རྒྱད་རྟོག་པར་བྱེད་པའི་ནུས་པ་མེད་དེ། དེའི་ཕྱིར་ན་ཕྱོགས་ཀྱི་ཚིག་ནི་སྒྲུབ་པར་བྱེད་པར་མ་ཡིན་ནོ། །གཏན ་ཚིགས་བརྗོད་པ་ནི་ནུས་པ་སྟོན་པར་བྱེད་པ་ཡིན་པས་དྲན་པའི་རྒྱུ་ཡིན་ཏེ། དེས་ན་རྗེས་སུ་དཔག་པར་འགྱུར་རོ། །འདི་ཉིད་རྣམ་པར་དགྲོལ་བའི་ཕྱིར་བརྒྱུད་པས་ཀྱང་ཞེས་སྨོས་ཏེ། ཐེ་ཚོམ་དུ་གྱུར་པའི་བསྒྲུབ་པར་བྱ་བ་ཉིད་བརྗོད་པའི་ཕྱིར་རོ།། ་གལ་ཏེ་དེ་ཙམ་གྱིས་དེས་ན་ནི་གཏན་ཚིགས་མེད་ཀྱང་འགྱུར་ཏེ། གཏན་ཚིགས་ཀྱི་ཚིག་ཡོད་ཀྱང་དེ་ཉིད་བརྗོད་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཚིག་ནི་མི་འཁྲུལ་པའི་ཕྱིར་ནུས་པ་བསྒྲུབ་པར་བྱ་བའི་ལས་གཞན་དུ་གྱུར་པ་རྗོད་པར་བྱེད་པ ་ཡིན་ཏེ། དེའི་ཕྱིར་ཉེ་བར་བཏགས་ནས་སྒྲུབ་པར་བྱེད་པ་ཡིན་ནོ། །སྒྲུབ་པར་བྱེད་པ་དྲན་པའི་རྒྱུ་ཡིན་པའི་ཕྱིར་ཚིག་ལ་སྒྲུབ་པར་བྱེད་པ་ཉིད་དུ་གདགས་སོ། །གལ་ཏེ་དངོས་སུ་སྒྲུབ་པར་བྱེད་པ་མ་ཡིན་ཡང་དེ་དྲན་པའི་རྒྱུ་ཡིན་པའི་ཕྱིར་སྒྲུབ ་པར་བྱེད་པ་ཉིད་ཡིན་ན། ཕྱོགས་ཀྱི་ཚིག་དེ་ལས་གཏན་ཚིགས་ཀྱི་ཚེག་འཇུག་པའི་ཕྱིར་དེ་ཡང་ནུས་པ་དྲན་བའི་རྒྱུ་ཉིད་ཀྱིས་ནུས་པའི་སྒྲུབ་པར་བྱེད་པ་ཉིད་དོ་ཞེ་ན། རེ་ཞིག་སྔར་ནི་རྟོགས་པ་པོ་ཅི་སྒྲ་རྟག་པ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་ཐེ་ཙོམ ་བྲའོ?། །ཐེ་ཚོམ་ལས་ནི་ཤེས་བར་འདོད་པར་འགྱུར་ལ། ཤེས་པར་འདོད་པ་དེ་ལས་ནི་གཏན་ཚིགས་ཀྱི་སྦྱོར་བའི་སྐབས་མངོན་པར་འདོད་པའི་བདག་ཉིད་ཅན་འཇུག་ཅིང། དེ་ལས་ནི་གཏན་ཚིགས་ཀྱི་ཚིག་ཡིན་ཏེ། དེའི་ཕྱིར་ཐེ་ཙོམ་དང་ཤེས ་པར་འདོད་པ་དང། སྐབས་དེ་དག་ཀྱང་རྗེས་སུ་དཔག་པར་ཐལ་བར་འགྱུར་ཏེ། དེ་དག་ལས་ཀྱང་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་རོ། །ཅི་སྟེ་གཅིག་གིས་རབ་ཏུ་སྦྱར་བའི་ཚིག་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། དེ་ལྟ ་ན?་ཡང་གང་གི་ཚེ་རྒོལ་བ་དེ་ཉིད་སྒྲ་རྟག་པའོ་ཞེས་ཚིག་འགའ་ཞིག་སྨྲས་པ་ན། རྒོལ་བས་རབ་ཏུ་སྦྱར་བ་དེ་ལས་ཟུར་ན་འདུག་པ་འགའ་ཞིག་ཐེ་ཙོམ་དུ་གྱུར་པ་ན། རྒོ་དེ་ཉིད་ཕན་པར་འདོད་པས་དེ་བཟློག་པའི་ཕྱིར་གཉེན་པོར་མི་རྟག་པ་ཉིད་ཀྱི ་?་ཚིགས་ཀྱི་ཚིག་འགོད་པ་སྲིད་པ་ཡིན་ཏེ། དེའི་ཕྱིར་མི་མཐུན་བའི་ཚིག་དེ་ཡང་གཏན་ཚིགས་ཀྱི་ཚིག་དེ་དང་ལྷན་ཅིག་སྐྱེ་བུ་གཅིག་ལ་བརྟེན་པ་སྒྲུབ་པར་བྱེད་པར་འགྱུར་རོ། །གང་གི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་དེའི་ཕྱིར་རོ། །ནང་གི་ཡན ་ལག་ནི་བར་མཆོད་པའི་ཕྱིར་རོ། །ཚུལ་གསུམ་པའི་རྟགས་དེ་ལ་དྲན་པ་འཇོག་པར་བྱེད་པ་ཉིད་ནི་ནང་གི་ཡན་ལག་གི་གཏན་ཚིགས་ཉིད་ཀྱི་ཚིག་ལ་གནས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། དོན་ནི་ཤེས་པས་གོ་བར་བྱེད་པ་ཡིན་གྱི། སྒྲོན་མ་བཞིན ་དུ་རུང་བ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ན་ཚིག་གང་གིས་དེ་སེམས་ལ་འཇུག་པར་བྱེད་བ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཏན་ཚིགས་ཀྱི་བྱེད་པའི་ཡུལ་མ་བསྟན་ན་གཏན་ཚིགས་ཀྱི་བྱེད་པ་མི་སྲིད་པས་ཕྱོགས་ཀྱི་ཚིག ་ནི་དེ་སྟོན་པ་ཉིད་ཀྱི་ནུས་པ་ཡིན་གྱི། ནུས་བ་དྲན་པར་བྱེད་པས་ནི་མ་ཡིན་ནོ་ཞེ་ན། འདི་ལ་ཞེས་སྨོས་ཏེ། འདི་ལྟར་གོ་བར་བྱ་བ་མེད་ན་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ། རྟོགས་པར་བྱ་བ་ཐེ་ཚོམ་མ་ཟིན་ཡང་མ་ཡིན་ཏེ། དེའི ་ཕྱིར་ཐེ་ཚོམ་ལ་སོགས་པ་ལ་ཡང་ཐལ་པར་འགྱུར་རོ། །ཞེས་གང་བརྗོད་པ་དེ་ནི་འདི་ལ་ཡང་མཚུངས་པ་ཡིན་ནོ། །ཅི་སྟེ་གཅིག་གིས་རབ་ཏུ་སྦྱར་བའི་ཚིག་ཉིད་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན་དེ་ལྟ་ཡིན་ན་ཡང་ཡུལ་སྟོན་པར་བྱེད་པ་དེ་མེད་ཀྱང ་དོན་གྱི་ཡུལ་གོ་བར་འགྱུར་རོ། །གང་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ཁྱབ་པའི་ཚིག་གིས་བྱས་པ་མི་རྟག་པ་ལ་ངེས་པར་བསྟན་ནས། སྒྲ་ཡང་བྱས་པ་ཡིན་ནོ་ཞེས་ཕྱོགས་ཀྱི་ཆོས་བརྗོད་པས་སྒྲ་ལ་བསྟན་པའི་ཕྱིར་འདི་ཉིད་དེར་ནུས་པ་ཡིན་ནོ།། ་དེའི་ཕྱིར་གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ནོ། །ཕྱོགས་མེད་ཀྱང་གོ་བར་བྱེད་བ་ནི་གོ་བར་བྱེད་པ་ཉིད་ཡིན་པ་དེས་ན་ཕྱོགས་ནི་མ་བརྗོད་ཀྱང་འགྲུབ་པ་ལ་གེགས་མེད་པའི་ཕྱིར་ཚུལ་གསུམ་པོ་འདི་དག་ཉིད་མ་བརྗོད་ན་གྲུབ ་པ་ལ་གེགས་སུ་འགྱུར་བས་དེ་དག་ཉིད་ལས་གང་ཡང་རུང་བ་ཞིག་མ་བརྗོད་ན་སྒྲུབ་བ་མ་ཚང་པའི་སྐྱོན་དུ་འགྱུར་རོ། །དེ་བསྟན་པ་མེད་ན་མེད་པ་ནི་མི་འཁྲུལ་བ་ཉིད་དེ། དེ་མ་ཡིན་པའི་ཕྱིར་རོ། །དེ་མེད་ཀྱང་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་ ་བརྗོད་པར་མི་བྱའོ་ཞེ་ན། བརྗོད་པར་བྱ་བ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །འོན་ཀྱང་སྒྲུབ་པར་བྱ་བའི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་བསྒྲུབ་པར་བྱ་བའི་ཡིན་པ་དང། བསྒྲུབ་པར་བྱ་བ་མ་ཡིན་པའི་རང ་བཞིན་ནམ་མཁའ་ཨི་ཡོན་ཏན་ལ་སོགས་པ་ལ་ཕྱིན་ཅི་ལོག་ཏུ་བསྒྲུབ་པར་བྱ་བ་ཉིད་དུ་སྟེ། ཕྱིན་ཅི་ལོག་དེ་དང་ལྡན་པའི་ལོག་པར་རྟོག་པ་མཐོང་བའི་ཕྱིར་དེ་བཟློག་པའི་ཕྱིར་རོ། །ངོ་བོ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་སྟེ། བསྒྲུབ ་བར་བྱ་བའི་རང་གི་ངོ་བོ་ཉིད་དོ། །དེ་ན་བསྒྲུབ་བར་བྱ་བ་ཉིད་དུ་འདོད་པ་གང་ཡིན་པའོ། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན་ཡང་གང་གི་ཚེ་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པ་དེའི་ཚེ་ཡང་ཕྱོགས་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་ཁོ་ནའི་སྒྲ ་ལས་སོ། །རང་ཉིད་ཅེས་བྱ་བ་ནི་བདག་ཉིད་འདོད་པའོ། །མ་བསལ་བ་ཉིད་མངོན་སུམ་ལ་སོགས་པས་སོ། །ཕྱོགས་ཀྱི་མཚན་ཉིད་འདིར་ངོ་བོ་དང་ཚིག་ཕྲད་དང་འདོད་པ་དང་རང་ཉིད་དེ། རང་གི་ངོ་བོའི་ཚིག་གི་དོན་རྣམས་ཉེ ་བར་གཟུང་བ་ན། ངོ་བོ་དང་ཚིག་ཕྲད་དང་འདོད་པ་དང་རང་ཉིད་ཅེས་བྱ་བའི་ངག་ཏུ་འགྱུར་རོ། །འདི་དག་ཉིད་ཚིག་ཡིན་ཏེ། ངོ་བོ་དང་ཚིག་ཕྲད་དང་འདོད་པ་དང་རང་ཉིད་ཀྱི་ཚིག་འདི་བཞིས་མ་གྲུབ་པ་དང་སྒྲུབ་པར་བྱེད་པ་མ་ཡིན་པ་དང་དོན་གྱིས ་བརྗོད་པ་དང་རྒོལ་པའི་འདོད་པ་གཟུང་བར་རིག་པར་བྱའོ། །བཟུང་བ་དེས་ནའོ། །མཉན་པར་བྱ་བ་ཞེས་བྱ་བ་ནི་མཉན་པར་རུང་བ་ཉིད་མངོན་སུམ་གྱིས་གྲུབ་པ་བསལ་བ་ཡིན་ནོ་ཞེས་འབྲེལ་ཏོ། །རང་གི་ངོ་བོ་སྨོས་པས་ནི་མ་གྲུབ་པ་གཟུང་བ་ཡིན ་པའི་ཕྱིར་གྲུབ་པ་བསལ་བ་ཡིན་ནོ། །ཁོ་ནའི་སྒྲས་མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་གང་ཡིན་པ་དེ་བསལ་ཏོ། །དེ་གང་ཞེ་ན། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་གོ། དཔེར་ན་སྒྲ་མི་རྟག་ཏེ། བྱས་པའི་ཕྱིར་བུམ་པ་བཞིན ་ནོ་ཞེས་བྱ་བ་ལ། མངོན་པར་བསལ་བར་སྨྲ་བ་ལ་གཏན་ཚིགས་མ་གྲུབ་པ་དང། གྲངས་ཅན་པ་ལ་དཔེ་ཡང་མ་གྲུབ་པ་བཞིན་ནོ། །འདོད་པ་སྨོས་པས་ནི་མི་འདོད་པ་བསལ་ཏེ། བསྒྲུབ་པ་ཉིད་དུ་འདོད་པའི་སྐབས་ཀྱི་རྟེན་མ་ཡིན་པ ་བསལ་བ་ཡིན་ནོ། །བསྟན་བཅོས་ལ་བརྟེན་ནས་ནི་རྩོད་པར་བྱ་བ་མ་ཡིན་མོད་ཀྱི། བསྟན་བཅོས་ཁས་བླངས་ཀྱང་ནམ་མཁའ་ཨི་ཡོན་ཏན་ལ་སོགས་པ་མེད་ན་མི་འབྱུང་བ་མ་ཡིན་པ་བསྒྲུབ་པར་བྱ་བ་དང་མ་འབྲེལ་པ་བསྟན་བཅོས་ལས ་མཐོང་བ་ནི་རྒོལ་བའི་ཁས་བླངས་པ་ཡིན་པ་བསལ་བ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་དོན་གྱིས་བརྗོད་པ་ཡིན་ཡང་སྒྲས་མ་ཟིན་པའི་ཕྱིར་ཅི་ལྟར་མ་ཐོས་ན་རྒོལ་བས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན་ཞེ་ན། སྐབས་ཀྱིས ་ཏེ། སྒྲུབ་པར་བྱེད་པ་འགོད་བའི་རྟེན་ཉིད་ཀྱིས་སྐབས་སུ་བབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅི་འདྲ་བ་ཞིག་ཅེ་ན། མིག་ལ་སོགས་པ་འདུས་པ་རྣམས་སྤྱིར་གཞན་གྱི་དོན་ཡིན་པར་གྲུབ་པ་ན། བདག་ཉིད་གཞན་ཡིན ་པའི་ཕྱིར་གཞན་གྱི་དོན་ནི་བདག་གི་དོན་ཉིད་དོ། །བདག་གི་དོན་དེ་ནི་མ་སྨྲས་སུ་ཟིན་ཀྱང་དེའི་དོན་དུ་སྒྲུབ་པར་བྱེད་པ་བཀོད་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པས་ཁྱབ་པའི་སྐབས་སུ་བབ་པའི་བསྒྲུབ་བར་བྱ་བ་ནི་དེ་ཡིན་ནོ་ཞེས་རྟོགས ་པར་བྱ་བའི་ཕྱིར་འདོད་པ་སྨོས་སོ། །སྐབས་ཀྱི་རྟེན་དུ་གྱུར་པའི་བསྒྲུབ་པར་བྱ་བའི་ཆོས་འདི་ཉིད་ནི་བལྟོས་པ་ལས་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཡིན་ནོ། །དངོས་པོ་ལས་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་པ་ཡོད་པ་ནི་མ་ཡིན་གྱི། འོད ་ཀྱང་སྒྲའི་ཡུལ་ཉིད་དོ། །དེས་ན་མ་ཟིན་པའི་དོན་ཉིད་ནི་འགའ་ཨི་ཡང་ཁྱད་པར་མ་ཡིན་ནོ། །གང་གི་ཚེ་སྒྲས་ཆོས་ཀྱིས་ཡུལ་དུ་ཉེ་བར་འགོད་པ་དེའི་ཚེ་ནི་ཆོས་ཀྱི་ཁྱད་པར་ཡིན་ལ། གང་གི་ཚེ་ཆོས་ཅན་གྱི་ཡུལ་དུ་འགོད་པ་དེའི་ཚེ་ནི་ཆོས་ཅན་གྱི་ཁྱད་པར་ཡིན ་པའི་ཕྱིར་སྒྲས་ཉེ་བར་བཀོད་པ་ལ་བལྟོས་ཏེ་གཉི་གའི་ཁྱད་པར་དུ་འགྱུར་བ་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་མིག་ལ་སོགས་བའི་ཆོས་ཅན་དག་གོ། གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ནི་ཆོས་སོ། །འདུས་པ་མ་ཡིན་པའི་ཡུལ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་ཁྱད ་པར་ཏེ། ཆོས་དང་གཞི་མཐུན་པ་ཡིན་པའི་ཕྱིར་རོ། །འདི་ལ་མིག་ལ་སོགས་པ་རྒྱུན་བརྒྱུད་མར་འབྱུང་བ་དེ་དག་ནི་གཞན་གྱི་དོན་ཡིན་ནོ། །འདུས་པ་ཉིད་ཀྱང་དུས་ཀྱི་ཁྱད་པར་ལ་མི་བལྟོས་པ་ཡིན་ཏེ། དེ་ན་རིམ་གྱིས་སམ་ཅིག་ཅར་གྱིས་འདུས་པ་གང ་ཡིན་པ་དེ་ནི་འདིར་འདུས་པའི་རང་བཞིན་ཡིན་ནོ། །རྣམ་པར་ཤེས་པ་ཡང་རིམ་གྱིས་དུ་མའི་རང་བཞིན་ཡིན་ཏེ། དེས་ན་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་ནི་བདག་གི་ཡུལ་ཅན་ཁོ་ན་ཡིན་ནོ། །འདི་དག་ནི་འདུས་པ་མ་ཡིན་པའི་དུས་འདུས ་པ་མ་ཡིན་པའི་ཆེད་དོ། །དག་འདི་ལ་ནི་འདུས་པ་མ་ཡིན་པ་ཉིད་ཆོས་ཅན་མིག་ལ་སོགས་པའི་ཁྱད་པར་དུ་ཉེ་བར་བཟུང་བ་ཡིན་ནོ། །དེ་ལྟར་སྒྲས་ཉེ་བར་བཞག་པ་ལས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་རྣམ་པར་བཞག་པ་ཙམ་ཞིག་ཐ་དད་པར་ཟད་ཀྱི ་དོན་ནི་གཅིག་ཁོ་ནའོ། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པས་ཁྱབ་པ་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་སློབ་དཔོན་བཞེད་པ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེ་ན། སྐབས་སུ་བབ་པའི་བསྒྲུབ་བྱ་འདི་ལས་དོན་གཞན་ཡིན་ན་འབྲེལ་བ་གང་གིས་མ་སྨྲས་བའི ་ཁྱད་པར་སྨྲས་བའི་བསྒྲུབ་བྱའི་ཆོས་ཀྱིས་འཕེན་པར་འགྱུར་བའི་སྟེ། བསྒྲུབ་བྱ་ཉིད་དུ་བྱེད་པར་འགྱུར་བ་དེ་དག་ལ་འབྲེལ་པ་ཅི་ཞིག་ཡོད་པ་དེ་ཡང་མེད་དོ། །ཆོས་ཅན་གྱིས་དེ་འབེན་བ་ནི་མ་ཡིན་ཏེ། དེ་ལ་རབ་ཏུ་མ་གྲུབ་བའི་ཕྱིར་རོ། །སྒྲུབ་པར་བྱེད་པས ་ཀྱང་མ་ཡིན་ཏེ། དེའི་བདོན་དུ་མ་ཡིན་པའི་ཕྱིར་རོ། །ལྷག་མར་གྱུར་པས་སྨྲས་པའི་བསྒྲུབ་བྱའི་ཆོས་ཀྱི་སྐབས་སུ་བབ་པ་མ་ཡིན་པའི་ཆོས་བསྒྲུབ་བྱར་བྱེད་གྲང་ན། དེ་ཡང་འབྲེལ་པ་མེད་པའི་ཕྱིར་འཕེན་པར་བྱེད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར ་བའི་ཕྱིར་རོ། །སྐབས་སུ་བབ་པ་མ་ཡིན་བའི་ཁྱད་པར་ཐམས་ཅད་བསྒྲུབ་བྱ་ཉིད་དུ་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འགྱུར་མོད་ཅི་ན་དེ་ལྟར་ཡིན་དང་སྟེ། སྐབས་སུ་གཏོགས་པ་མ་ཡིན་པའི་ཆོས་ཐམས་ཅད་བསྒྲུབ་བྱ་ཉིད་ཡིན་དང། གདོན ་མི་ཟ་བར་ཆོས་འགའ་ཞིག་བཟློག་པས་ཁྱབ་པའི་ཕྱིར་གཏན་ཚིགས་ཐམས་ཅད་འགལ་བར་འགྱུར་ལ། དཔེ་ཐམས་ཅད་ཀྱང་བསྒྲུབ་བར་བྱ་བས་སྟོང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མཛའ་མཐོང་བ་མེད་པ་དེ་སྙེད་ནི་ཆོས་ཅན་འགར་ཡང་རྗེས་སུ་འགྲོ ་བ་མེད་པའི་ཕྱིར་རོ། །འགའ་ཞིག་བཟློག་བས་ཁྱབ་བ་དང། འགའ་ཞིག་ཏུ་ཡང་བསྒྲུབ་བྱ་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །འདིར་ནི་བསྒྲུབ་བྱ་སྟོང་པས་གཏན་ཚིགས་རྗེས་སུ་འགྲོ་བར་ཐེ་ཙོམ་ཟ་བའི་ཕྱིར་མ་དེས་པ་ཡིན་ནོ། །གཏན་ཚིགས་དང་དཔའ་ཨི ་སྐྱོན་ཡོད་པ་ཡིན་པ་དེའི་ཕྱིར་?་ལས་ཀྱང་བསྒྲུབ་བྱ་གང་ཡང་རྟོགས་པར་མི་འགྱུར་རོ། །སྨྲས་པའི་ཆོས་ཉིད་རྗེས་སུ་འགྲོ་བ་མེད་པ་ཡིན་ན་སྐྱོན་འདིར་འགྱུར་གྱི། ཆོས་གཞན་རྗེས་སུ་འགྲོ་བ་མེད་པ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ། བསྒྲུབ ་བར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་དོན་འགའ་ཞིག་པོ་གང་ཡིན་པ་དེ་མ་ཚད་བས་དཔེ་བསྒྲུབ་པར་བྱ་བས་སྟོང་པ་དང། དེ་ལས་བཟློག་པ་བསྒྲུབ་པའི་ཕྱིར་གཏན་ཚིག་འགལ་བ་ཡིན་ལ། སྨྲས་པ་དང་མ་སྨྲས་པ་ཡང་བསྒྲུབ ་བྱ་ཉིད་དུ་མཚུངས་པ་ན་སྐྱོན་དུ་འགྱུར་བ་ཉིད་དོ། །གཞན་ཡང་གལ་ཏེ་སྨྲས་པ་ཉིད་ལ་བརྟེན་ནས་འགལ་བར་འགྱུར་བ་ཡིན་ན། འདོད་པ་ལ་གནོད་པར་བྱེད་པ་ཡང་འགལ་བ་ཉིད་དུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདལ་བ ་ཉིད་དེ་ནི་བསྒྲུབ་བར་བྱ་བ་ལས་བཟློག་པ་ཉིད་ལས་འཇུག་པས་ན་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་དེ་ལས་བཟློག་པ་བསྒྲུབ་བའི་མཚན་ཉིད་དེ། རང་བཞིན་ཡིན་པ་དེའི་ཕྱིར?་འདོད་པ་ལ་གནོད་པར་འགལ་བ་ཉིད་དུ་མི་འགྱུར་རོ། །འདོད་པ་ཡང ་ཡིན་ཏེ། དེའི་ཕྱིར་མ་བརྗོད་པ་རྗེས་སུ་འགྲོ་བ་མེད་པ་ལ་ཡང་འགལ་བ་ཉིད་ལ་སོགས་པའི་སྐྱོན་དུ་འགྱུར་བ་ཡིན་ནོ། །སྐྱོན་གཉིས་པོ་དེའི་ཕྱིར་ན་སྐབས་ཀྱི་རྟེན་དུ་གྱུར་པ་འདོད་པའི་ཆོས་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཡིན་ནོ། །དེས་ནི་དེ་ལ ་ནི་རྗེས་སུ་འགྲོ་བ་མེད་པའི་སྐྱོན་འདོད་པ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་ཅི་སྐད་དུ་གཞན་གྱི་དོན་ཅེས་བྱ་བ་འདིར་གལ་ཏེ་ཕ་རོལ་པོ་བདག་གཞན་གྱི་སྒྲས་བརྗོད་པར་འདོད་ན་བདག་དེ་ནི་མ་གྲུབ་པའོ་ཞེས་བཤད་པ་ཡིན་ནོ། །མ་གྲུབ ་པ་ཡང་བསྒྲུབ་བར་བྱ་བ་ཉིད་དུ་འདོད་པ་ཡིན་པའི་ཕྱིར་དེ་ལྟར་དཔེའི་ཆོས་ཅན་ལ་རྗེས་སུ་འགྲོ་བ་མེད་བར་བརྗོད་པ་ཡིན་ནོ། །དེས་ན་ཐམས་ཅད་བསྒྲུབ་བྱས་སྟོང་པས་མ་ཡིན་ནོ། །འགལ་བའི་ཆོས་ཀྱང་སྐབས་སུ་བབ་པའི་འདོད་པ་དེ་ཉིད་ལ ་གནོད་པ་བྱས་པ་ཡིན་པའི་ཕྱིར་གཏན་ཚིགས་ཐམས་ཅད་འགལ་བར་འགྱུར་བ་མ་ཡིན་ནོ། །སྐབས་སུ་བབ་པ་མ་ཡིན་པའི་ཁྱད་པར་བསྒྲུབ་བྱ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། མ་བརྗོད་པའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག ་པ་ལ་སྐབས་སུ་བབ་པ་ཡང་བསྒྲུབ་བར་བྱ་བ་མ་ཡིན་ནོ་ཞེ་ན། གང་ལ་བདག་མེད་པ་སྨྲ་བ་དང་འགལ་བ་བདག་ཡོད་བར་སྨྲ་བ་རྒྱུ་མཚན་དུ་བྱས་ནས་ཡོད་པར་དམ་བཅས་པ་གྲུབ་པར་བྱ་བའི་ཕྱིར་རོ། །སྒྲུབ་པར་བྱེད་པ་བཀོད་པ་སྒྲུབ ་པར་བྱེད་པ་བཀོད་བའི་རྟེན་དུ་གྱུར་པ་དེ་གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན། འགའ་ཡང་བསྒྲུབ་པར་བྱ་བར་མི་འགྱུར་རོ། །དེ་ལྟ་ཡིན་ན་ཞེས་སྨྲས་པ་ཙམ་ཞིག་བསྒྲུབ་བྱ་ཡིན་ན་ཕྱིན་ཅི་ལོག་ཏུ་གྲུབ་པ་འམ། སྒྲུབ་བར་བྱེད་པ་དོན་མེད ་པར་འགྱུར་རོ། །ཕྱིན་ཅི་ལོག་ཏུ་གྲུབ་པ་བཤད་པའི། མིང་གི་སྒྲ་ནི་མིང་ཅན་དང་འབྲེལ་བའི་སྔོན་རོལ་ནས་དོན་དང་ལྡན་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །རྣམ་པར་དབྱེ་བ་དང་ལྡན་པར་མཐོང་བའི་ཕྱིར་རོ་ཞེས་པ་ནི་གཏན་ཚིགས་སོ། །དཔེ ་ནི་ཕྱི་རོལ་གྱི་དོན་ཅན་རྣམས་དབྱེ་བའི་མཛའ་ཅན་གྱི་སྒྲ་ཡིན་ནོ། །འདི་ལ་བྱེ་བྲག་ཏུ་བཤད་པར་སྨྲ་བ་དག་ནི་དཔེར་ན་འགྲོ་བའི་ཕྱིར་བ་ལང་ཞེས་རིགས་ཀྱི་སྒྲ་བྱ་བའི་རྒྱུ་མཚན་ཡིན་པ་དེ་བཞིན་དུ་མིང་གི་སྒྲ་ཡང་ལྷ་རྣམས་ཀྱིས་བྱིན་བས་ལྷས ་བྱིན་ནོ་ཞེས་འཆད་དོ། །བྱེ་བྲག་ཏུ་བཤད་པ་མ་ཡིན་པར་སྨྲ་བ་དག་ནི་མིང་གི་སྒྲ་མིང་ཅན་དང་འབྲེལ་བའི་སྔོན་རོལ་ཏུ་རང་གི་ངོ་བོ་ཙམ་གྱི་མཐར་ཐུག་པར་འདོད་དོ། །དེ་ལ་ཕ་རོལ་ནི་ཕྱི་རོལ་གྱི་དོན་གྲུབ་ཀྱི་རང་གི་ངོ་བོ་ཙམ་ནི་མ་ཡིན་ནོ།། ་དོན་ཙམ་ཞིག་སྨྲས་ཀྱི་བྱེ་བྲག་ནི་མ་སྨྲས་ཏེ། དེས་ནི་སྒྲའི་ངོ་བོ་རང་གི་ངོ་བོ་ཙམ་གྱིས་དོན་དང་ལྡན་པར་མི་འགྱུར་ལ། རྣམ་པར་དབྱེ་བ་མཐོང་བས་དོན་དང་ལྡན་པ་ཡང་ཡིན་པ་དེའི་ཕྱིར་ན་ཕྱི་རོལ་གྱི་དོན་ཉིད་ཀྱིས་དོན་དང་ལྡན་པར་བྱེ་བྲག ་ཏུ་བཤད་པ་ཡིན་པར་སྨྲ་བ་མི་འདོད་པ་འགྲུབ་པར་འགྱུར་རོ། །སྨྲས་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ན་འབྲས་བུ་མེད་པར་འགྱུར་བ་བསྟན་པའི་ཕྱིར་བཤད་པ། འདུས་པ་ཉིད་ཀྱི་ཕྱིར་གཞན་གྱི་དོན་གྲུབ་ཀྱང་བདག་གི་དོན་མི་རྟོགས་སོ།། ་གཞན་གྱི་དོན་ཙམ་ཁྱད་པར་མེད་པ་ཁྱད་པར་དང་བྲལ་བའི་གཞན་གྱི་དོན་ཉེ་བར་བཟུང་བ་ན་བདག་གི་དོན་གྱི་རྟོགས་པ་མ་ཡིན་པ་བཞིན་ནོ། །གལ་ཏེ་བདག་གི་དོན་མ་ཡིན་ན་ཇི་ལྟར་གཞན་གྱི་དོན་དུ་འགྱུར་ཞེ་ན། དེ་དག་འདུས་པ ་གཞན་རྣམ་པར་ཤེས་པའི་དོན་བྱེད་པ་ནི་ཁས་བླངས་པའི་ཕྱིར་རོ། །བདག་གི་དོན་གྱི་མཚན་ཉིད་ཀྱི་གཞན་ཀྱི་དོན་ལས་ཐ་དད་པར་འགྱུར་བའི་གཞན་གྱི་དོན་ནི་འདོད་པ་ཡིན་པའི་ཕྱིར། རྒོལ་བ་ལ་ཕྱིན་ཅི་ལོག་ཏུ་གྲུབ་པ་ནི་མེད་ཀྱི། ་འོན་ཀྱང་སྒྲུབ་པར་བྱེད་པ་འབྲས་བུ་མེད་བ་ཡིན་ནོ། །མི་འདོད་པ་དང་སྒྲུབ་པར་བྱེད་པ་འབྲས་བུ་མེད་པའི་ཕྱིར་ན་སྐབས་སུ་བབ་པ་ཡིན་པས་མ་སྨྲས་ཀྱང་འདོད་པས་ཁྱབ་པའི་ཆོས་ནི་བསྒྲུབ་པར་བྱ་བ་ཡིན་ལ། དེ་མཚང་བ་ལ་སོགས་པ་གང་དག ་ཡིན་པ་དང། དེ་ཕྱིན་ཅི་ལོག་ཏུ་གྲུབ་པ་ལ་སོགས་པ་ཡང་དཔེ་ལ་སོགས་པའི་ཉེས་པ་ཡིན་ནོ། །དེ་མ་ཚད་པ་ནི་དཔེའི་སྐྱོན་ཡིན་ལ། དེ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ནི་འགལ་བ་སྟེ་གཏན་ཚིགས་ཀྱི་སྐྱོན་ཡིན་ནོ། །འདོད་པ་བསྒྲུབ་པར་བྱ་བ་ཡིན་པའི ་རྒྱུ་མཚན་གྱི་རྗེས་སུ་འགྲོ་བ་མེད་པའི་ཉེས་བར་འགྱུར་བ་བསྟན་པ་འདིས་ནི་གཉིས་པ་དང་བཅས་པ་བསྒྲུབ་པ་ལ་ཚུ་རོལ་མཛེས་པ་བས་གཏན་ཚིགས་ཀྱི་སྦྱོར་བ་བྱས་པ་གང་ཡིན་པ་དེ་རྣམས་ལ་ཡང་རྗེས་སུ་འགྲོ་བར་བཤད་པ་ཡིན་ནོ། །དེ་རྣམས ་ལ་སྦྱོར་བ་ཅིག་བསྟན་པའི་ཕྱིར་བཤད་པ། མངོན་པར་གསལ་བ་སྟེ་གསལ་བའི་རང་བཞིན་དུ་རྣམ་པར་གནས་པའི་སེམས་ཅན་གྱི་ལུས་གང་ཡིན་པ་དེའི་མཚན་ཉིད་དེ་རང་བཞིན་གང་བ་ཡོད་པའི་སྐྱེས་བུའོ། །དེ་དང་བུམ་པ་དེ་དག་ལས་གང ་ཡང་རུང་བས་གཉིས་པ་དང་བཅས་པ་སྟེ་ཟླ་བོ་དང་བཅས་བའོ། །བུམ་པ་ནི་གང་ཡང་རུང་བས་གཉིས་པ་དང་བཅས་བར་བསྒྲུབ་པར་བྱ་བ་ཡིན་ནོ། །ུཏཔལ་མ་ཡིན་པ་སྟེ་ཨུཏཔལ་ལས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན ་ཏོ། །དངོས་པོ་མེད་པ་ནམ་མཁའ་ལ་སོགས་པ་གང་ལས་བུམ་པ་དང་སྐྱེས་བུ་གང་ཡང་རུང་བའི་གཉིས་པ་དང་བཅས་པ་ལྡོག་པ་དེ་ཉིད་ལས་དངོས་པོའི་རང་བཞིན་ཨུཏཔ་ལམ་ཡིན་པ་ཉིད་ཀྱང་ལོག་པ་ཡིན་ལ། རྩིག་པ་ལ་ནི་གཉིས་ཀ ་ཡང་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གྲུབ་པ་ཡིན་ལ། ཨུཏཔ་ལ་མ་ཡིན་པ་ཉིད་ནི་ཕྱོགས་ཀྱི་ཆོས་ཡིན་ནོ། །སྤྱིར་གཉིས་པ་དང་བཅས་པས་ནི་ཁྱབ་པ་ཡིན་ཏེ། དེས་ན་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་མེད་ཅིང་བུམ་པ་ཉིད་ནི་བུམ་པ་གཉིས ་པ་དང་བཅས་པ་ཡིན་པའི་ཕྱིར་ཤུགས་ཀྱིས་དེ་ལྟ་བུར་གྱུར་པའི་སྐྱེས་བུར་འགྱུར་བ་ཡིན་ནོ་ཞེས་བྱ་བ་དེ་ལ། འདིར་རྩིག་པ་ནི་གང་གི་ཕྱིར་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་འདོད་པ་མངོན་པར་གསལ་བའི་སེམས་པ་ཅན་གྱིས་གཉིས་པ་དང་བཅས་པ་སྟེ། ་དོན་གཞན་དང་ལྡན་པར་མ་གྲུབ་པ་དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་འགྱུར་བ་བཞིན་ནོ། །འོན་ཏེ་སྤྱིར་སྤྱི་དང་ལྡན་པའི་གཉིས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། སྐྱེས་བུར་གྱུར་པའི་གཉིས་པ་དང་བཅས་པ་ཞེས་ཁྱད་པར་འཕེན་པ་ཡིན ་ནོ་ཞེ་ན། ཁྱད་པར་མི་འཕེན་ན་སྒྲུབ་པར་བྱེད་པའི་འབྲས་བུ་ཅུང་ཟད་གྱང་མེད་པར་འགྱུར་ཏེ། གང་གི་ཕྱིར་འགའ་ཞིག་གི་གཉིས་པ་དང་བཅས་པར་གྲུབ་པའི་ཕྱིར་རོ། །ཡང་ན་ནི་མི་འདོད་པར་འགྱུར་རོ། །ཞེས་བྱ་བ་ནི་དཔེ་ལ་བུམ་པ་འབའ་ཞིག ་གིས་གཉིས་པ་དང་བཅས་པར་གྲུབ་བར་ཅི་འདྲ་བ་དེ་འདྲ་བར་བུམ་པ་འབའ་ཞིག་གིས་གཉིས་བ་དང་བཅས་པར་ནི་འགའ་བའ་ཨི་ཕྱིར་མི་འདོད་པར་འགྱུར་བ་ཡིན་ནོ། །ཁྱད་པར་མི་འཕེན་ན་སྐྱོན་གཞན་ཡང་བསྟན་པའི་ཕྱིར་གལ་ཏེ་ཞེས་སྨོས་ཏེ། སྐྱེས ་བུའི་ཁྱད་པར་ཅན་གྱི་གཉིས་པ་དང་བཅས་པ་དེ་གཏན་ཚིགས་ཀྱི་ཡུལ་དུ་བྱས་པ་མ་ཡིན་ཏེ། བྱེད་བའི་གཞིར་མ་བྱས་པ་མ་ཡིན་ན་ཇི་ལྟར་གཏན་ཚིགས་དེས་དེ་འགྲུབ་བར་འགྱུར་ཏེ། གཏན་ཚིགས་འདི་ནི་དེའི་དོན་དུ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ ་གཏན་ཚིགས་འདི་ལས་བསྒྲུབ་བྱ་དེ་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ཡིན་ན། འོ་ན་ཇི་ལྟར་འགྲུབ་པ་དེ་ཡུལ་མ་ཡིན། གང་ལས་གྲུབ་པ་དེ་ཉིད་ནི་གཏན་ཚིགས་དེའི་ཡུལ་ཡིན་ནོ། །ཡུལ་ཡིན་དུ་ཆག་མོད་ཅེ་ན། ཡུལ་ཡིན་ནོ་ཞེ ་ན་ནི་རང་ལ་བརྟེན་པ་ཞེས་བྱ་བ་དག་ཉིད་དང་འབྲེལ་བ་ལས་གྱུར་པའི་ཉེས་པའི་རྣམ་པ་ཉེས་པའི་བྱེ་བྲག་ཇི་ལྟར་བདག་གིར་མི་བྱེད། སྒྲུབ་པར་བྱེད་པའི་སྐྱོན་ལ་ལ་ནི་རང་ལ་བསྟེན་པ་ཡིན་ཏེ། དཔེར་ན་ཕྱོགས་ཀྱི་ཆོས་ལ ་བརྟེན་པ་ལྟ་བུའོ། །ལ་ལ་ནི་བསྒྲུབ་བར་བྱ་བ་ལ་ནི་བལྟོས་པ་ཡིན་ཏེ། དཔེར་ན་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པའོ། །བདག་ཉིད་ལ་བརྟེན་པ་དེ་ནི་བསྒྲུབ་བར་བྱ་བའི་ཆོས་ཀྱི་ཉེ་བར་སྡུད་པ་ཡིན་ནོ། །དེ་ནི་འདིར་ཤུགས་ཀྱིས ་བསྒྲུབ་པར་བྱ་བ་ཡིན་གྱི། སྒྲས་ཉེ་བར་ཟིན་པ་ནི་མ་ཡིན་ཏེ། སྒྲས་ཟིན་པ་ནི་སྤྱི་ཡིན་པའི་ཕྱིར་རོ། །སུན་འབྱིན་པ་ཉེ་བར་འགོད་པ་ནི་གང་ཞིག་སྒྲས་ཟིན་པའི་དོན་དེའི་ཡུལ་ཅན་ཡིན་ལ་ཁྱད་པར་ནི་དོན་གྱིས་གྲུབ་པ་ཡིན་པ ་དེས་ན་སུན་དབྱུང་བར་བྱ་བ་མ་ཡིན་ནོ་ཞེ་ན། བཤད་པ། རྒོལ་བ་དེས་དེ་ལ་བསྟེན་པ་ཞེས་བྱ་བ་སྐྱེས་བུར་གྱུར་པའི་གཉིས་པ་ལ་བརྟེན་པའི་གྲུབ་པའི་དེས་པ་ནི་གྲུབ་པར་བྱེད་པ་ལས་རྙེད་པ་ཞེས་བྱ་བ་ཐོབ་པར་འགྱུར ་ཞིང་ཕྱིར་རྒོལ་བ་གཞན་སུན་འབྱིན་བ་ནི་མི་འཐོབ་པ་སྟེ། སྒྲས་ཟིན་པའི་དོན་དེས་སུན་དབྱུང་བར་བྱ་བ་ཡིན་གྱི། དེ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རིགས་ཅན་ནི་བསལ་བར་རྒྱལ་པོའི་གྲངས་རིགས་པའི་བརྟག་པ་དང་བྲལ ་བར་ནན་གྱིས་རྣམ་པར་འཇོག་པ་ཡིན་ན། འདི་ནི་རིག་པའི་གྲངས་ཡིན་ནོ། །འདིར་སྒྲུབ་པར་བྱེད་པས་གྲུབ་པར་བྱེད་པར་འདོད་པའི་དོན་དེ་ཉིད་སུན་འབྱིན་པར་བྱེད་པས་གྲུབ་པ་བཟློག་པར་བྱ་བ་ཡིན་ཏེ། དེས་ན་སྒྲུབ ་བར་བྱེད་པ་དང་འབྲེལ་པའི་ཡུལ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་སུན་འབྱིན་པ་དང་འབྲེལ་བ་དེ་གྲུབ་པའི་གེགས་ཀྱི་ཡུལ་ཡིན་ནོ་ཞེས་བཤད་པ་ནི། དེས་ན་གོ་བར་བྱེད་པ་ཉིད་ཀྱིས་ནུས་པས་ཡུལ་དུ་བྱས་པའོ། །ཅིའི ་ཕྱིར་ཞེ་ན། གྲུབ་པ་འཕེན་པའི་ཕྱིར་རོ། །དོན་གང་ཞིག་གི་གྲུབ་པ་སྒྲུབ་བར་བྱེད་པ་གང་གིས་འཕེན་པའི་དོན་རྣམ་པ་སྟེ། དོན་གྱི་བྱེ་བྲག་དང་དོན་གྱི་དབྱེ་བ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་སྒྲུབ་པར་བྱེད་པ་དེའི་སུན་འབྱིན་པའི ་ནུས་པས་ཁྱབ་པ་ཡིན་ནོ། །དོན་གྱི་རྣམ་པ། དེའི་གྲུབ་པའི་གེགས་ཡིན་པའི་ཕྱིར་དོན་དེ་ཐམས་ཅད་ཁྱབ་པ་ཡིན་ཏེ། དེའི་ཕྱིར་སྒྲས་ཟིན་པའི་དོན་འབའ་ཞིག་ནི་དེས་སུན་དབྱུང་བར་བྱ་བ་མ་ཡིན་གྱི། འོན་ཀྱང་དོན་ཇི་སྙེད ་ཤུགས་ཀྱིས་གྲུབ་པས་སྒྲུབ་པར་བྱེད་བས་བསྒྲུབ་པར་བྱ་བ་དེ་ཐམས་ཅད་སུན་དབྱུང་བར་བྱ་བ་ཡིན་ནོ། །དེས་ན་ཁྱད་པར་འཕེན་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡིན་ནོ། །སྨྲས་པ་ཙམ་ཞིག་སྒྲུབ་ན་སྒྲུབ་པ་ཉིད་ཡིན་ལ། ་དཔེ་ལ་མཐོང་བའི་བུམ་བས་གཉིས་པ་དང་བཅས་བར་སྒྲུབ་ན་ནི་འདོད་པར་ཐལ་བ་ཡིན་ནོ། །གཞན་ཡང་སྤྱིར་སྒྲུབ་ན་གྲུབ་པ་ལ་སྒྲུབ་པོ་ཞེས་ནི་བཤད་པ་ཡིན་མོད་ཀྱི། ཡུལ་འདིར་ནི་སྤྱིར་ཡང་བསྒྲུབ་པར་བྱ་བར་མི་འགྱུར ་རོ་ཞེས་བསྟན་པའི་ཕྱིར་བཤད་བ། རྣམ་པ་དེ་ལྟ་བུ་མངོན་པར་བསལ་བའི་སེམས་ཅན་བུམ་པ་ལས་དོན་གཞན་གྱི་ངོ་བོ་གཞན་ཉིད་དུ་ཁས་མི་ལེན་ནི་སྤྱིར་ཡང་གཉིས་པ་ཉིད་མི་འགྲུབ་བོ། །གལ་ཏེ་ལུས་དོན་གཞན ་མ་ཡིན་མོད། དེ་ལྟ་ན་ཡང་ཇི་ལྟར་སྤྱི་བསྒྲུབ་བྱར་མི་འགྱུར་ཞེ་ན། གང་ཡང་རུང་བའི་དོན་གཞན་གྱི་ངོ་བོ་མེད་པའི་ཕྱིར་རོ། །མདོར་བཞག་པའི་ཚིག་འདི་ཉིད་རྣམ་པར་དགྲོལ་པའི་ཕྱིར་བཤད་པ། གཉི་ག་དེ་ལྟ་བུའི ་དངོས་པོ་སྟེ་དོན་གཞན་གྱི་དངོས་པོར་སྲིད་པ་ཡིན་ན། གང་ཡང་རུང་བའི་སྒྲ་དོན་འབྲེལ་བར་འགྱུར་བ་ཡིན་ནོ། །གང་ཡང་རུང་བ་ནི་སྒྲ་ནི་གཅིག་ཏུ་མ་ངེས་པར་གཉི་ག་རྗོད་པ་ཡིན་པས་ལུས་གཉིས་པ་མ་ཡིན་ན་ནི ་ནུས་པ་མ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ། ལྷས་སྦྱིན་དང་མཆོད་སྦྱིན་གཉི་ག་ལ་ཡང་ཟེ་བའི་བསྒྲུབ་པ་སྲིད་ན་ནི་གཅིག་ཏུ་མ་ངེས་པར་བརྗོད་པ་དེའི་ཕྱིར་གང་ཡང་རུང་བ་བརྗོད་པ་དོན་དང་འབྲེལ་བར་འགྱུར་གྱི། རྒྱུ་མཚན ་འགའ་ཞི་ལས་གཅིག་ཟ་བར་མི་སྲིད་པ་འམ། གང་ཡང་རུང་བ་གཅིག་ཟ་བ་ལ་སྨྲ་བ་པོའི་འདོད་པ་མེད་ན་ནི་མ་ཡིན་ནོ། །དེའི་ཕྱིར་འདིས་ནི་རྗེས་སུ་འགྲོ་བའི་དུས་ན་ཕྱིར་རྒོལ་བ་ལ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་མ་གྲུབ་པ་ཡིན ་ཏེ། དེས་ན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་སྤྱི་སྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ད་ནི་རྒོལ་བ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་དུ་མི་འདོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། གཏན ་ཚིགས་འདི་ལས་ཀྱང་གང་ཡང་རུང་བའི་དོན་གཞན་གྱི་ངོ་བོ་མི་འཐད་དོ། །གང་ལས་ཤེ་ན། བུམ་པ་རང་ཉིད་ཀྱིས་ཏེ་བདག་ཉིད་ཀྱི་དོན་གཞན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཁས་ལེན་ན་ནི་འགལ་ལོ་ཞེས་བཤད་པ་ནི། འགལ་བའི་ཕྱིར་རོ་ཞེས་བྱ་བ ་ཡིན་ནོ། །ཇི་ལྟར་ཁས་མ་བླངས་ཤེ་ན། བུམ་པ་ལས་བུམ་པ་དོན་གཞན་མ་ཡིན་ནོ་དེའི་ཕྱིར་ལུས་དེ་ཉིད་དོན་གཞན་དུ་གྱུར་པ་ཡིན་ནོ་ཞེས་གཉིས་པ་ཉིད་ཀྱི་དག་གི་དོན་དུ་ངེས་པར་རྣམ་པར་གནས་པ་ཡིན་ནོ། །དེས་ན་གང་གི་ཕྱིར་སྤྱི་བསྒྲུབ་པར་བྱ་བར ་འགྱུར་བ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེས་ན་སྤྱི་བརྗོད་པ་ཅེ་ན་གང་ཡང་རུང་བ་སྨོས་པ་ནི་དོན་མེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གང་ཡང་རུང་བས་གཉིས་པ་ཉིད་དུ་ཁས་ལེན་ཅིང་དེའི་དོན ་དུ་གང་ཡང་རུང་བ་སྨོས་པ་ཡིན་ན་འགལ་བར་འགྱུར་རོ་ཞེས་བཤད་པ་ནི་ཚུ་རོལ་མཛེས་པའི་བསྒྲུབ་པར་བྱ་བའི་ཚིག་འདི་འགལ་བར་ཏེ། གནོད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ། བུམ་པ་བདག་ཉིད་ཀྱི་རང་གི་ངོ་བོས་ནི་ཟླར་འགལ་བའི ་ཕྱིར་ཏེ་དེའི་ངོ་བོ་བུམ་པ་དེ་ཉིད་གཉིས་པ་ཡིན་ན་དེའི་ཚེ་བུམ་པ་ཡང་ཡིན་ལ། གཞན་ཡང་ཡིན་པར་འགྱུར་ན་དེ་ནི་བདག་ཉིད་གཅིག་ལ་འགལ་བ་ཡིན་ནོ། །ཇི་ལྟར་འདི་ལས་འགལ་བའི་དོན་འདི་རྟོག་པར་འགྱུར་ཏེ། གང་གི་ཕྱིར་ཤུགས ་ཀྱི་ལུས་ཉིད་ཀྱིས་བུམ་པ་གཉིས་པ་དང་བཅས་པ་ཡིན་པའི་ཕྱིར་རོ་ཞེ་ན། །བཤད་པ། གལ་ཏེ་འདི་ལུས་ཉིད་ཀྱིས་དོན་གཞན་ཉིད་དུ་བརྗོད་པར་འདོད་ནའོ། །དེ་སྐད་དུ་ཞེས་བྱ་བ་ནི་དོན་གཞན་དུའོ། །གང་ཡང་རུང་བའི་སྒྲས་ནི་ལུས་ཉིད ་ཡིན་པར་མི་འགྱུར་ཏེ། །འོན་ཀྱང་བུམ་པ་ཡང་དེར་ཞེས་བྱ་བ་དོན་གྱི་ངོ་བོར་དེས་འདོད་པར་འགྱུར་ཏེ། དེའི་ཕྱིར་འགལ་བ་ཡིན་ནོ། །འདིའི་ཕྱིར་ཡང་ཞེས་བྱ་བ་ནི་གཏན་ཚིགས་གཞན་གྱིས་ཀྱང་གཉིས་པ་ཉིད་སྤྱི་ལ་བརྟེན་པ་མ་ཡིན ་ནོ། །སྔར་ནི་བུམ་པ་དང་སྐྱེས་བུ་ཚོགས་པ་དཔེ་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་དོན་གཞན་མ་ཡིན་པ་དེའི་ཕྱིར་སྤྱི་བསྒྲུབ་བར་མེད་པར་བཤད་པ་ཡིན་ལ། ད་ལྟ་ནི་བུམ་པའམ་སྐྱེས་བུ་སོ་སོར་ཡང་གཉིས་པ་མ་ཡིན་པ་དེ་ན་སྤྱི? ་ལ་བསྟེན་པ་མ་ཡིན་ཏེ། གསལ་བ་ཐམས་ཅད་ཡོད་པ་མི་སྲིད་ན་དེའི་སྤྱི་མི་འཐད་པའི་ཕྱིར་རོ། །འདི་ལ་བུམ་པར་གྱུར་པ་དང་སྐྱེས་བུར་གྱུར་པ་གཉིས་ཉིད་ཀྱི་ཁྱད་པར་མེད་པའི་ཕྱིར་གཉིས་པ་ཉིད་ཀྱི་སྤྱི་མི་འཐད་པ་ཡིན་ནོ། །འདི ་ལ་དཔེ་ནི་དཔེར་ན་བྲམ་ཟེ་ལ་སོགས་པ་ཉིད་མ་ཡིན་པ་བྲམ་ཟེ་ལ་སོགས་པའི་རིགས་བཞི་མེད་པའི་གསལ་བ་འགའ་ཞིགས་པའི་རིགས་ཉིད་མེད་པ་དང། རྟོག་པའི་ཤེས་པ་ཞེས་བྱ་བ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ལ ་དབང་པོ་ལ་བརྟེན་པ་ཉིད་མེད་པ་བཞིན་ནོ། །ཇི་ལྟར་ཞེ་ན། འདི་ལྟར་རྣམ་པར་རྟོག་པའི་ཤེས་པ་དེ་མིག་ལ་བརྟེན་པ་ནི་མ་ཡིན་ཏེ། དེའི་ཞེས་བྱ་བ་མིག་གི་ཤེས་པ་བཞིན་དུ་དེའི་དོན་རྟོགས་པ་མེད་པའི་ཕྱིར་རོ། །མིག་ལ ་བརྟེན་པའི་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཟུགས་སོ་སོར་རིག་པ་ཡིན་ན། རྣམ་པར་རྟོག་པ་གཟུང་བ་ནི་གཟུགས་མ་ཡིན་ཏེ། དེ་ནི་རྣམ་པ་གཞན་དུ་མིག་གི་རྣམ་པར་ཤེས་པས་འཛིན་པའི་ཕྱིར་རོ། །འདིའི་ཕྱིར་ཡང་དེ ་མིག་གིས་གཟུང་བར་བྱ་བ་མ་ཡིན་ཏེ། མིག་དེ་འགྱུར་བའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །གང་ཞིག་གང་ལ་བརྟེན་པ་ཞེས་བྱ་བ་དེ་ནི་འགྱུར་བའི་རྗེས་སུ་བྱེད་པ་ཡིན་ཏེ། དཔེར་ན་མཐོང་བའི་མིག་གི་རྣམ་པར་ཤེས་པ་བཞིན་ནོ། །རྣམ་པར་རྟོག ་པའི་ཤེས་པ་འདི་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་གང་ཞིག་གང་གི་འབྲས་བུ་ཡིན་པ་དེ་དེ་ལ་བརྟེན་པར་བརྗོད་པ་ཡིན་ན། རྣམ་པར་རྟོག་པའི་ཤེས་པ་ནི་མིག་གི་འབྲས་བུ་མ་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པ་ནི་མིག་དེ་མེད་ཀྱང་ཡོད་པའི ་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་གཏན་ཚིགས་གསུམ་པོ་འདི་ཉིད་ཀྱིས་ན་རྣམ་པར་རྟོག་པའི་ཤེས་པ་དེ་རྣ་བ་ལ་སོགས་པ་མ་བརྟེན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དབང་པོ་ལ་བརྟེན་པ་ལ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་རིམ་པ་བཞིན ་དུ་ཡིན་ཏེ། དེ་བཞིན་དུ་དེ་ལྟ་ནི་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །ལུས་དང་བུམ་པ་དེ་གཉིས་གཅིག་ཀྱང་དེ་ལྟར་ཞེས་བྱ་བ་དངོས་པོ་གཞན་ཉིད་དུ་ཁས་ལེན་པ་ཡིན་ནམ། བུམ་པ་དང་ལུས་ངག་ལས་གང་ཡང་རུང་བའི་དོན་གཞན་དུ་གྱུར་པ ་ཞེས་དེ་ལྟར་སྤྱིར་ཏེ། སྤྱི་དང་ལྡན་པའི་དོན་གཞན་གྱི་ངོ་བོ་བསྒྲུབ་བྱར་འགྱུར་བ་ཡིན་ནོ། །དེ་ལྟར་ཞེས་པ་ནི་དོན་གཞན་གྱི་ངོ་བོའོ། །ལུས་དེ་ལྟ་བུ་ནི་དཔེ་ལ་རྗེས་སུ་འགྲོ་བ་མེད་པར་དོགས་པས་རང་ཉིད་ཀྱིས་ཁས་མ་བླངས་པ་དང། བུམ ་པ་ཡང་བུམ་པ་ལས་ཐ་དད་པའི་དོན་གྱི་ངོར?་བོར་འགལ་བའི་ཕྱིར་ཁས་མ་བླངས་པ་ཡིན་ནོ། །དེའི་ཕྱིར་སྤྱི་དང་ལྡན་པའི་བསྒྲུབ་བྱ་ཡང་མི་སྲིད་དོ། །མི་སྲིད་པ་དེ་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། འཇིག་རྟེན་འདི་ལྟ ་བུའི་དག་གི་དོན་སྲིད་པ་ཡོད་དམ་ཞེས་བྱ་བ་ཡིན་ཏེ། མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞིག་ཅེ་ན། ལྷས་སྦྱིན་དང་མཆོད་སྦྱིན་དག་ལས་ཞེས་བྱ་བ་ལ་སོགས་པར་བརྗོད་པའོ། །འདི་ལ་ལྷས་སྦྱིན་དུ་རྟོགས་པའི་ཟན་སྦྱིན་པར་བྱ ་བི་ནི་ཟན་སྦྱིན་པར་བྱ་བའི་ཁྱད་པར་ཡིན་ཏེ། དེ་བཞིན་དུ་མཆོད་སྦྱིན་དུ་རྟོགས་པ་ཡང་ཡིན་ནོ། །ཟན?་སྦྱིན་པར་བྱ་བ་འདི་ཉིད་སྦྱིར་གྱུར་པ་གང་ཡང་རུང་བའི་སྒྲའི་དོན་གྱི་ཡུལ་ཡང་མི་སྲིད་པ་ཉིད་དོ། །འདི་ཉིད་དུ་དོན་འདི་ནི་མི་འགལ་ཏེ། གང ་གི་གྱིས?་ལྷས་སྦྱིན་ལ་མ་ཡིན་ཞིང་མཆོད་སྦྱིན་ལ་མ་ཡིན་ནོ་ཞེས་བྱ་བའི་ཚིག་འདི་ནི། སྒྲུབ་པ་ཙམ་ཟློག་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང?་ངེས་པ་བཟློག་པའི་དོན་དུ་ཡིན་ནོ། །ངེས་པ་དེ་ཉིད་བསྟན་པའི་ཕྱིར་བཤད་པ། ལྷས་སྦྱིན་འབའ་ ་ཞིག་ལ་མ་ཡིན་ནོ་ཞེས་དེ་ལྟར་ངེས་པར་བཟློག་པར་བྱ་བ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ། སྒྲུབ་པ་དང་དགག་པ་དག་གཅིག་ལ་འགལ་བའི་ཕྱིར། གང་ཡང་རུང་པའི་ཡུལ་ལ་ཟན་སྦྱིན་པར་བསྒྲུབས་པ་ན་དགག་པ་ནི་ངེས་པའི་ཡུལ ་ཅན་ཉིད་ཡིན་ན་ཞེ་ན། མ་ཡིན་ཏེ། གང་ཡང་རུང་བ་སྨོས་པ་ཉིད་ཀྱིས་ངེས་པར་ཐལ་བ་མེད་པའི་ཕྱིར་རོ། །ངེས་པར་ཐལ་ན་ནི་དེའི་བཟློག་པའི་བརྗོད་པ་ཡིན་ན། རྣམ་པར་བརྟག་པའི་དོན་ཅན་གང་ཡང་རུང་བའི་སྒྲ་བཀོད་པ་ཉིད་ཀྱིས་ཐལ་བ ་མེད་པ་ཡིན་ནོ། །གང་གི་ཕྱིར་གང་ཡང་རུང་བའི་སྒྲ་ཉེ་བར་བཟུང་ན་ངེས་པར་ཐལ་བ་མེད་པ་དེའི་ཕྱིར་གཉི་ག་ཡོངས་སུ་འཛིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཅིག་ཡོངས་སུ་འཛིན་པ་ན་གང་ཡང་རུང་བ་སྨོས་པ་འདི་དོན་འཐད་པར་འགྱུར་རོ།། ་གང་གི་ཚེ་ཞེ་ན། །གཅིག་ཡོངས་སུ་གཟུང་བ་མི་འགལ་བ་ཡིན་བར་གྱུར་ནའོ། །འགལ་ན་ནི་དོན་མི་འཐད་པ་ཁོ་ནའོ། །མི་འགལ་ན་དོན་འཐད་པ་ཉིད་བཤད་པ་ནི། དཔེར་ན་ཞེས་བྱ་བ་ཡིན་ནོ། །གཅིག་ཟ་ཡང་གང་ཡང་རུང་བ་ཟའོ་ཞེས ་བརྗོད་པ་ལ་ནི་གང་ཡང་རུང་བ་སྨོས་པར་ནུས་པ་ཡིན་ནོ། །གལ་ཏེ་སྐབས་སུ་བབ་པ་གཉིས་ལས་གཅིག་ལ་མི་སྲིད་ན་གཉི་གའི་ཡུལ་ཅན་གང་ཡང་རུང་བའི་སྒྲ་མི་འཐད་པ་མ་ཡིན་ནམ་ཞེ་ན། བཤད་པ། གང་ཡང་རུང ་བའི་སྒྲ་འདིའི་ཡུལ་ནི་རྣམ་པར་བརྟག་པ་ཡིན་པའི་ཕྱིར་རོ། །གང་ཡང་རུང་བ་ལ་ཟན་སྦྱིན་པར་བསྒྲུབས་པས་ནི་རྣམ་པར་བརྟག་པའི་དོན་གོ་བར་འགྱུར་གྱི། དེས་པ་ནི་མ་ཡིན་ནོ། །དེས་ན་གཅིག་མི་སྲིད་ཀྱང་སྒྲུབ་པ་དེའི་ཡུལ་ནི་གཉིས་པས ་ཡིན་པར་འཛིན་ཏོ། །གང་ཡང་རུང་བའི་སྒྲ་ཉེ་བར་བཀོད་པ་ན་གང་ལ་དེ་མི་སྲིད་པ་དེ་ཉིད་དུ་སྒྲུབ་པར་བྱེད་པའི་དོན་ནི་མ་ཡིན་གྱི། འོན་ཀྱང་དེ་གཉིས་གཅིག་ལ་བསྒྲུབ་པ་ཡིན་ཏེ། དེས་ན་གང་ལ་སྲིད་པ་དེ་ཉིད་གཟུང་བ་ཡིན་ནོ། །དེ་བཞིན ་དུ་དོན་ལ་ཡང་གང་སྲིད་པ་དེ་ཁོ་ན་གཟུང་བར་བྱ་བ་ཡིན་ནོ་ཞེས་སྦྱར་བར་བྱ་བའི་ཕྱིར་བཤད་པ། གཉིས་པ་དང་བཅས་པའི་སྦྱོར་བ་དེ་ལ་བུམ་པ་ཁོ་ན་འམ། ལུས་ཁོ་ནས་ཤེས་དེས་པར་ནི་མི་འདོད་དོ། །དེས་ན་གང་ཡང་རུང་བའི་སྒྲ་སྦྱར་བ་ནི ་གང་སྲིད་པ་དེ་ཁོ་ན་བཟུང་བར་བྱའོ། །ཞེས་བྱ་བར་འགྱུར་ན། སྔར་བཤད་པའི་ཚུལ་གྱིས་གཅིག་ཀྱང་སྲིད་པ་མ་ཡིན་ཏེ། དེས་ན་གང་ཡང་རུང་བའི་སྒྲ་ལ་ནུས་པ་མེད་པས་དེ་ལས་བལྟོས་པ་གཉིས་པ་དང་བཅས་པ་ཉིད་ཀྱི་སྤྱི་ཡང་བསྒྲུབ ་པར་བྱ་བར་མ་ཡིན་པར་འགྱུར་རོ། །གང་ཡང་རུང་བ་སྨོས་པ་ཡང་གང་གི་ཚེ་སྒྲུབ་པའི་ཡུལ་སྲིད་པར་བསྟན་པའི་ཕྱིར་ཡིན་ཏེ། ལྷས་སྦྱིན་དང་མཆོད་སྦྱིན་གང་ཡང་རུང་བ་ལ་ཟན་སྦྱིན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཟན་སྦྱིན་པ་སྒྲུབ་པའི་ཡུལ ་གང་ཡང་རུང་བ་སྲིད་དོ་ཞེས་བྱ་བའི་དོན་ཡིན་པ་དེའི་ཚེ་ནི། གཅིག་ཟན་ཟ་བར་སྲིད་ཀྱང་གང་ཡང་རུང་བའི་སྒྲས་ནུས་པ་ཡིན་ནོ། །གཉི་ག་ལ་ཟ་བ་གྲུབ་པར་སྲིད་པ་ལ་ནི། དེས་པ་མེད་པར་ཟ་བ་བསྒྲུབས་པ་ན། གང་ཡང་རུང་བའི་སྒྲ་ཟན་ཟ་བར ་བསྒྲུབས་པའི་ཡུལ་མ་ངེས་པར་བསྟན་པ་ལ་འཇུག་པ་ཡིན་པས། དེའི་ཚེ་ནི་གཉི་ག་ལ་ཟན་ཟ་བའི་སྒྲུབ་པ་སྲིད་པ་ན་ནུས་པར་འགྱུར་རོ། །རྣམ་པར་དབྱེ་བ་འདི་ནི་འཇིག་རྟེན་པའི་སྦྱོར་བ་ལ་དོན་དང་སྐབས་ལ་སོགས་པ་ལས་ཤེས་པར ་བྱ་བ་ཡིན་ནོ། །འདིར་ནི་གཉིས་པ་དང་བཅས་པའི་སྦྱོར་བ་ལ། རྩིག?་པ་ནི་བུམ་པས་གཉིས་པ་དང་བཅས་པ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་བུམ་པ་ནི་ལུས་ཀྱི་ཡིན་པར་རྒོལ་བ་འདོད་པ་ཡིན་ཏེ། ངེས་ན་གཉི་ག་ཡང་དོན ་གཞན་དུ་གྱུར་པར་ཁས་བླང་ངོ། །དོན་གཞན་ཉིད་དེ་ནི་དེས་པ་མེད་པར་གང་ཡང་རུང་བ་ཞིག་ཡིན་པར་རྟོགས་པར་བྱ་བ་ཡིན་ཏེ། དཔའ་ཨི་ཆོས་ཅན་ལ་ནི་བུམ་པ་ཡིན་ལ། བསྒྲུབ་བྱའི་ཆོས་ཅན་ལ་ནི་ལུས་ཡིན་ནོ། །དེའི་ཕྱིར་གཉི་ག ་སྲིད་པ་ལས་དེས་པོ?་མེད་པར་གཉིས་པ་ཉིད་བསྒྲུབ་པ་ལ་ནི་སྐྱོན་སྔར་བརྗོད་ཟིན་པ་ཡིན་ནོ། །དེ་ལྟ་ན་ནི་མི་འདོད་ཀྱང་གང་ཡང་རུང་བའི་སྒྲ་བསྒྲུབ་པའི་ཡུལ་སྲིད་པར་སྟོན་པའི་དོན་ཡིན་པར་ཁས་བླངས་ནས་བུམ་པ་འམ་ལུས་ཀྱང ་རུང་སྟེ། གཉིས་པ་ནི་མི་སྲིད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་ཡང་ཁྱད་པར་དུ་འཕགས་པ་ནི་འདི་བརྗོད་པ་ཡིན་ཏེ། ཁྱོད་ཀྱིས་ནི་གཉི་ག་དོན་གཞན་དུ་འདོད་པར་བྱ་བ་ཡིན་ན། གཉི་ག་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ། ་གཅིག་ཀྱང་སྲིད་པ་མ་ཡིན་ཏེ། གང་གི་ཕྱིར་གང་ཡང་རུང་བ་སྨོས་པར་ནི་སྲིད་པ་སྟོན་པ་ལ་གྲགས་པའི་དོན་ཡིན་པར་འགའ་ཞིག་ཏུ་མཐོང་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ཉིད་སྒྲུབ་པ་མི་འཐད་པའི་ཡང་ཕྱིར་སྤྱི་ལ་བརྟེན་པ ་མ་ཡིན་ནོ། །དོན་གཉིས་དངོས་པོ་གཅིག་ལ་འབྲེལ་བ་ཉིད་དུ་སྒྲུབ་པ་དེ་ནི། འདི་ཡིན་ནམ་ཡང་ན་དེ་ཡིན་ཞེས་རྣམ་པར་བརྟག་པ་དང། འདི་ཡང་ཡིན་ལ་འདི་ཡང་ཡིན་ནོ་ཞེས་བསྡུ་བར་འགྱུར་གྲང་ན། འདི་གཉི་ག་མི་འཐད་པ་ཡིན་ན ་ནི། མི་ཤེས་པ་ཤེས་པར་བྱེད་པའི་སྒྲུབ་པར་མ་འབྲེལ་བར་འགྱུར་རོ། །ལུས་སམ་ཡང་ན་བུམ་པ་གཉིས་པ་ཉིད་ནི་མ་ཡིན་ལ། ལུས་དང་བུམ་པ་གཉིས་པ་ཉིད་ཀྱང་མ་ཡིན་ཏེ། ལུས་རྗེས་སུ་འགྲོ་བ་མེད་པ་དང། ་བུམ་པ་བུམ་པ་ལས་དོན་གཞན་དུ་གྱུར་པ་ཉིད་ཀྱང་འགལ་བའི་ཕྱིར་རོ། །སྒྲུབ་པའི་རྣམ་པ་གཞན་ཡང་ཡོད་པ་ཡིན་ཏེ། དེའི་ཕྱིར་ཚིག་གིས་ཚུལ་ཏེ། ངག་ནི་བརྗོད་པར་བྱ་བས་གསོག་ཏུ་གྱུར་པ་བརྗོད་པར་བྱ་བས་སྟོང་པ་ཉིད་ཡིན ་ནོ། །དེའི་ཕྱིར་སྤྱི་བསྒྲུབ་པར་བྱ་བ་ན་ཡིན་ནོ། །སྒྲུབ་པ་མི་སྲིད་པ་ཕྱིར་སྤྱི་ལ་བརྟེན་པ་བཀག་པ་འདིས་ནིའོ། །སྒྲ་ཞེས་བྱ་བའི་ཆོས་ཅན་ནི་ཕྱོགས་དང་མཐུན་པའི་ཕྱོགས་མ་ཡིན་ལ། ཕྱོགས་སམ་ཡང་ན་མཐུན་པའི་ཕྱོགས ་སུ་གྱུར་པ་ཡང་མ་ཡིན་ཏེ། དེས་ན་སྒྲ་གཅིག་པོ་ནི་བསྡུ་བ་དང་རྣམ་པར་བརྟག་པའི་སྒོ་ནས་ཕྱོགས་དང་མཐུན་པའི་ཕྱོགས་སུ་བསྒྲུབ་པ་མ་ཡིན་པས་སྒྲ་ལ་དེ་དག་གང་ཡང་རུང་བ་ཉིད་བསལ་བ་ཡིན་ནོ། །གཉི་གར་ཡང་ཞེས་བྱ་བ ་ནི་ཕྱོགས་དང་མཐུན་པའི་ཕྱོགས་སུའོ། །སྲིད་པ་མི་འགལ་ན་ཞེས་བྱ་བ་ནི་ཆོས་ཅན་གཅིག་ལའོ། །དེ་ལྟར་ཞེས་བྱ་བ་ནི་གཉིས་ལས་གང་ཡང་རུང་བ་ཉིད་དུའོ། །དེ་ལྟར་འགྱུར་གྱི་ཞེས་བྱ་བ་ནི་གྲུབ་པར་འགྱུར་གྱིའོ། །དེ་ལྟ་མ་ཡིན ་ཏེ། སྲིད་པ་འགལ་ན་ནི་གང་ཡང་རུང་བ་ཉིད་དེ་སྒྲ་ལ་མ་གྲུབ་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱོགས་ཁོ་ན་ཡིན་གྱི་གང་ཡང་རུང་པ་ནི་མ་ཡིན་ནོ་ཕྱོགས་ཡིན་ན་ཇི་ལྟར་གང་ཡང་རུང་བ་མ་ཡིན་ཞེ་ན། རྣམ་པར་བརྟག་པ་དང ་གཅིག་ཏུ་སོ་སོར་དེས་པ་འགལ་བའི་ཕྱིར་རོ། །གང་གི་ཕྱིར་དེས་པ་ནི་གཉིས་པ་མེད་པ་ཡིན་པའི་ཕྱིར་དང། རྣམ་པར་བརྟག་པ་ནི་གཉིས་པ་ཡོད་པ་ཡིན་པའི་ཕྱིར་དང། གཅིག་ནི་ཡོད་པ་དང་མེད་པ་གཉི་གར་འགལ་བའི་ཕྱིར་རྣམ་པར ་བརྟག་པ་དང་དེས་པ་ནི་འགལ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སྒྲུབ་པ་མི་སྲིད་པའི་ཕྱིར་དང། འགལ་བའི་ཕྱིར་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་གསལ་བས་སྒྲ་ལ་མ་གྲུབ་པར་ཞར་ལ་བསྟན་ནས། དཀྱུས་མའི་གཉིS ་པ་དང་བཅས་བསལ་བའི་ཕྱིར་བཤད་པ། དོན་རྣམས་ལ་སྤྱིར་ཁྱད་པར་མེད་པའི་རང་བཞིན་དུ་སྒྲས་ཤེས་པར་བྱས་ཀྱང། ཤུགས་ཀྱི་ཁྱད་པར་སྒྲའི་དོན་དུ་གནས་པའི་གཏན་ཚིགས་ཀྱི་ཕྱིར་ཡང། ལུས་ཉིད་རྟོགས་པར་འགྱུར་གྱི་བུམ་པ་ནི ་མ་ཡིན་ནོ། །བུམ་པ་ནི་བུམ་པ་ཉིད་ལས་དོན་གཞན་གྱི་ངོ་བོར་མི་འཐད་པའི་ཕྱིར་རོ། །ལུས་ཉིད་དོན་གཞན་དུ་གྱུར་པར་བསྒྲུབ་པར་བྱ་བ་ཡིན་པར་དམ་བཅས་པའི་ཚིག་ལས་ངེས་པར་འགྱུར་གྱི་དུ་མ་པ་ནི་མ་ཡིན་པའི་ཞེས་བྱ་བ་ནི ་ཤུགས་ཡིན་ནོ། །དོན་འདི་ཡིན་ཏེ། སྤྱི་པ་ལ་བརྟེན་པ་ན་མི་འཐད་པ་དང། འདོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་སྒྲའི་དོན་ཀྱང་མ་ཡིན་ནོ་ཞེས་བྱ་བའོ། །འདི་ལྟར་ཤུགས་ལ་སོགས་པ་དག་ནི་སྒྲའི་ནུས་པས་སད ་པའི་རྒྱུར་འདོད་པ་ཡིན་གྱི། སྒྲའི་དོན་རྣམ་པར་འཇོག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྤྱིའི་སྒྲ་རྣམས་ཀྱི་ཁྱད་པར་རྣམ་པར་འཇོག་པའི་རྒྱུ་ནི་མ་ཡིན་གྱི་ཞེས་སོ། །ཁྱད་པར་རྣམ་པར་གནས་པ་ཉིད་དཔེའི་སྒོ་ནས་བཤད་པ་ནི་འགལ ་ཞིག་ཅེས་བྱ་བ་ཡིན་ནོ། །འགའ་ཞིག་གི་སྒྲ་འདི་ནི་སྤྱིའི་མིང་ཡིན་པས་སྤྱིར་བརྗོད་པར་གྱུར་པ་ན། ཤིང་ལ་སོགས་པ་ཡང་བརྗོད་པར་དོགས་པར་འགྱུར་བ་ཡིན་ན་གཞི་མཐུན་པ་འོངས་པའི་སྒྲ་སྦྱར་བའི་ཕྱིར་འོངས་པའི་བྱ་བའི་ནུས་པ་དང་ལྡན ་པ་ལ་འཇུག་པར་རྟོགས་ཀྱི། འོང་བ་མེད་པའི་རི་འམ་ཤིང་ལ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཁྱད་པར་གྱི་སྒྲས་ཟིན་ན་སྤྱིའི་སྒྲའི་དོན་བྱེད་བྱེ་བྲག་ལ་འཇུག་པ་ཡིན་ཏེ། དཔེར་ན་ཛ་མང་ཨགནེའི་བུ་རམ་ཞེས་བྱ་བ་ལྟ་བུ་ཡིན་ཏེ། ར་མའི་སྒྲ ་སྤྱིའི་དོན་ཙམ་ཛ་མང་ཨགནེའི་བུའི་སྒྲའི་དང་སྦྲེལ་བས་ན་ཁྱད་པར་ལ་འཇུག་པར་འགྱུར་བ་ཡིན་ནོ་སྙམ་པ་ལ། ཁྱད་པར་གྱི་སྒྲ་ཉེ་བར་བྱས་པ་ཞེས་སྨོས་སོ། །གང་གི་ཕྱིར་ཛ་མང་ཨགནེའི་བུ་དང་འདྲ་བའི་ཁྱད་པར་གྱི་སྒྲ ་ཉེ་བར་བྱས་པ་ཉིད་གཅིག་པུ་ནི། སྤྱི་བརྗོད་པར་བྱེད་པའི་སྒྲ་རྣམས་ཀྱི་ཁྱད་པར་རྣམ་པར་འཇོག་པ་རྗོད་པར་བྱེད་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །འོ་ན་རྒྱུ་གཞན་གང་ཡིན་ཞེ་ན། འོན་ཀྱང་ཞེས་སྨོས་སོ། །སྐབས་ནི་སྒྲ་མེད་པའི་རྩོམ་པ་ཙམ ་ཉིད་དེ། དཔེར་ན་རི་དྭགས་ཤོར་བའི་སྐབས་དང། ཟས་ཟ་བའི་སྐབས་ན། སེན་དྷ་བའི་སྒྲའི་ཚའི་ཁྱད་པར་དང། རྟའི་ཁྱད་པར་ལ་འཇུག་པའི་རྒྱུ་ཡིན་པ་བཞིན་ནོ། །ཤུགས་ནི་སྒྲའི་དོན་ལ་བརྟེན་པ་སྟེ། དཔེར་ན་འོངས་པའི་སྒྲའི་ཤུགས ་ཀྱིས་འགའ་ཞིག་གི་སྒྲ་ཁྱད་པར་ལ་འཇུག་པ་བཞིན་ནོ། །སོགས་པ་སྨོས་པ་ནི་བེའུ་དང་བཅས་པའི་དུས་མ་ཞེས་ལྡན་པ་དང། བེའུ་མེད་པའི་དྲུས་མ་ཞེས་བྲལ་བ་སྟེ། དེ་ལྟ་བུ་ལ་སོགས་པ་གཟུང་ངོ། །དེའི་ཕྱིར་ཤུགས་ཀྱིས་ཀྱང་སྒྲ་ཁྱད ་པར་ལ་འཇུག་པ་ཡིན་ནོ། །དེའི་ཕྱིར་འདིར་ཁྱད་པར་ལུས་སུ་གྱུར་པའི་གཉིས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །དེ་ལྟར་གཉིས་པ་དང་བཅས་པའི་སྦྱོར་བ་བཀག་ནས། འཇུག་བསྡུ་པའི་ཕྱིར་བཤད་པ། དེའི་ཕྱིར་གང ་ཡང་རུང་བའི་སྤྱི་ཁྱད་པར་ལ་བརྟེན་པས་དོན་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། ལུས་སམ་བུམ་པ་གཉིས་དོན་གཞན་དུ་གྱུར་པ་མི་འཐར་པའི་ཕྱིར་རོ། །དཔེ་ནི་བུམ་པ་དོན་གཞན་ཡིན་ལ། བསྒྲུབ་བྱའི་ཆོས་ཅན་ལ་ནི་ལུས་ཡིན་ཏེ། ་དེས་ན་དོན་གཞན་ནི་ཁྱད་པར་ཁོ་ན་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །ཁྱད་པར་ཅན་དེ་ཡང་ཆོས་ཅན་གཉི་ག་ཁྱབ་པའི་དོན་གཞན་དུ་མི་འཐད་དོ་ཞེས་བཤད་པ་ནི་དོན་གཞན་དུ་གྱུར་པ་འགའ་ཞིག་ཅེས་བྱ་བ་ཡིན་ནོ། །གཅིག་ཀྱང ་ཞེས་བྱ་བ་བུམ་པ་དེ་ནི་བུམ་པ་ལས་དོན་གཞན་གྱི་ངོ་བོར་འགལ་བའི་ཕྱིར་དང། ལུས་ཀྱང་རྗེས་འགྲོ་བ་མེད་པའི་ཕྱིར་དོན་གཞན་གྱི་ངོ་བོར་མཁས་མ་བླངས་པ་ཡིན་ནོ། །ད་ནི་མངོན་པར་འདོད་པའི་སྦྱོར་བ་དང། གཉིས་པ་དང་བཅས་པའི་སྦྱོར་བ་མཚུངས ་པར་བསྒྲུབ་པའི་ཕྱིར་སྨྲས་པ། སྒྲ་དང་བུམ་པའི་ཁྱད་པར་གྱིས་རྟོག་པ་ན་གཉིས་པ་དང་བཅས་པའི་སྦྱོར་བ་ལ་བརྗོད་པ་གང་ཡིན་པ་དེ་ཐམས་ཅད་ནི་མི་བརྟག་པ་ཡང་མཚུངས་སོ། །འདི་ལྟར་གང་ཡང་རུང་བ་ཞིག་གིས་གཉིས་པ་དང་བཅས་པར་བསྒྲུབ ་པ་ན་སྒྲུབ་པར་བྱེད་པ་དོན་མེད་པའི་ཕྱིར་ལུས་དོན་གཞན་དུ་གྱུར་པ་བསྒྲུབ་བྱ་ཡིན་གྱི་བུམ་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་དང་བུམ་པའི་ཁྱད་པར་གྱི་གཉིས་པ་ཉིད་ཀྱི་སྤྱི་བསྒྲུབ་པར་བྱ་བ་ཡིན་པ་དེ་གསལ་བ་ཡིན་ལ། ལུས་སུ་གྱུར་པའི་གཉིས་པ་ཉིད ་དེ་ཡང་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །དེ་བཞིན་དུ་བུམ་པས་གཉིས་པ་ཉིད་དུ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །ལུས་ཀྱིས་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདི་ལ་ཡང་སྤྱི་བསྒྲུབ་པར་བྱ་བ་ཡིན་ན་ནི? ་སྒྲུབ་པར་བྱེད་པ་འབྲས་བུ་མེད་པའི་ཕྱིར་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་ནོ། དེ་ལ་ནི་རྗེས་སུ་འགྲོ་བ་མེད་དོ། །དེ་བཞིན་དུ་སྒྲ་ལ་བརྟེན་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །བུམ་པ་ལ་བརྟེན་པའི་ཡང་མ ་ཡིན་ཏེ། སྒྲ་ལ་འགལ་བའི་ཕྱིར་རོ་ཞེས་ཐམས་ཅད་མཚུངས་སོ་ཞེ་ན། ལན་གདབ་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། གྲུབ་པ་སྟེ་ཤེས་པས་ནའོ། །དེ་ཞེས་བྱ་བ་མི་རྟག་པ་དང་ལྡན་པར་བསྒྲུབ་པའི་ཕྱིར་ཏེ། རྟོགས་པའི་ཕྱིར་ཏེ། ་དོན་ནི་འདི་ཡིན་ཏེ། རེ་ཞིག་དངོས་པོ་མི་གནས་པའི་མི་རྟག་པ་ཉིད་ནི་གྲུབ་པ་ཡིན་ནོ། །བུམ་པ་དང་སྒྲའི་ཁྱད་པར་ནི་སྒྲས་ཟིན་པ་མ་ཡིན་ལ། རྒོལ་བ་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་སྤྱི་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་པས། དེ་ལ་ནི ་སྒྲ་དང་བུམ་པའི་ཁྱད་པར་གྱིས་རྟོག་པ་དང་སྐྱོན་འགོད་པ་མི་འཐད་དོ། །ལུས་དང་བུམ་པས་ཁྱད་པར་དུ་གྱུར་པའི་གཉིས་པ་དང་བཅས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་པར་ནི་སྒྲས་ཟིན་པ་ཡིན་ཏེ། དེས་ན་ལུས་དང་བུམ་པའི་ཁྱད་པར ་གྱིས་རྟོག་པ་དང་སྐྱོན་ནེ་བར་འགོད་པ་ཡིན་ནོ། །གལ་ཏེ་མི་རྟག་པ་ཉིད་བཞིན་དུ་གཉིས་པ་དང་བཅས་པ་ཉིད་ཁྱད་པར་མེད་པ་ཉེ་བར་འགོད་པ་ཡིན་ན་ནི་ཁྱད་པར་ལ་བརྟེན་པའི་སྐྱོན་གྱིས་རྩད་པར་མི་བྱ་བར་འགྱུར་རོ། །དེ་ལྟ་ན་ཡང་གཉིས ་པ་ཉིད་ནི་ལུས་དང་བུམ་པ་དག་ལ་ཐུན་མོང་དུ་ཉེ་བར་བཀོད་པ་མ་ཡིན་ནམ། གལ་ཏེ་ཁྱོད་བུམ་པ་ཉིད་དུ་ངེས་པ་དང། ལུས་ཉིད་དུ་རྟོག་པ་ཡིན་ན་ནི། ཁོ་བོས་ཀྱང་མི་རྟག་པ་ཉིད་ཁྱད་པར་ལ་ངེས་པར་རྟག་པ་ཡིན་ནོ་ཞེ་ན། དེ་ཡང་མི་མཚུངས ་ཏེ། དེ་ལ་གཉིས་དང་བཅས་པར་ཉིད་ལུས་དང་བུམ་པའི་ཐུན་མོང་པར་ཇི་ལྟར་འགྱུར་བ་ཡིན་ཞེ་ན། གལ་ཏེ་ལུས་སམ་བུམ་པ་སྲིད་པ་ཡིན་ནའོ། །གང་གི་ཚེ་ལུས་དང་བུམ་པ་སྲིད་པ་མ་ཡིན་པ་དེའི་ཚེ་ཇི་ལྟར་ཐུན་མོང་དུ་འགྱུར། དེས་ན་གཉིས ་པ་ཉིད་ཀྱི་ཁྱད་པར་མི་སྲིད་པས་ན་སྤྱི་ཉིད་མ་གྲུབ་པར་བསྟན་པར་བྱ་བ་ཡིན་ནོ། །འདིར་ནི་ད་ལྟར་མི་རྟག་པ་ཉིད་ཀྱི་ཁྱད་པར་མི་སྲིད་པས་མི་རྟག་པ་ཉིད་ཀྱི་སྤྱི་མ་གྲུབ་པར་བསྟན་པར་ནུས་པ་མ་ཡིན་ཏེ། གང་བྱས་པ་དེ་ཐམས་ཅད་མི་རྟག་པའོ་ཞེས ་ཁྱབ་པ་སྒྲུབ་པ་མི་རྟག་པ་ཉིད་གསལ་བ་ཐམས་ཅད་ཀྱི་མཐར་ཐུག་པར་སྟོན་པར་བྱེད་པས། ཁྱད་པར་མི་སྲིད་པས་བཀག་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་ཡོངས་སུ་གཟུང་ན་ནི་དེ་མི་སྲིད་པར་བསྟན་པས། སྤྱི་ཉིད་མ་གྲུབ་པར་བསྟན་པར ་ནུས་པ་ཡིན་ལ། སྒྲ་མེད་པར་ཡང་ཁྱད་པར་གཟུང་པར་འགྱུར་ན། དེ་ལྟར་ནི་མ་ཡིན་ནོ། །དེའི་ཕྱིར་མི་རྟག་པ་ཉིད་ཀྱི་ཁྱད་པར་ནི། སྒྲས་ཟིན་པ་མ་ཡིན་ལ། རྒོལ་བས་འདོད་པ་ཡང་མ་ཡིན་ཞིང་དེ་ཡོངས་སུ་གཟུང་པས་མི་རྟག་པ་ཉིད ་ཁྱད་པར་མེད་པར་མ་གྲུབ་པར་བྱེད་ནུས་པར་ཡང་མ་ཡིན་པའི་ཕྱིར་ཁྱད་པར་མེད་པར་མི་རྟག་པ་ཉིད་གྲུབ་པ་ཡིན་ལ། དེ་གྲུབ་པས་སྒྲ་དེ་དང་ལྡན་པར་བསྒྲུབ་པར་བྱ་བ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡང་མེད་དེ། དམ་བཅས་པའི་དེའི་སྦྱོར་བ་མེད ་པའི་ཕྱིར་རོ། །གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་མ་ཡིན་ཏེ། མ་འབྲེལ་པ་རྣམ་པར་བཅད་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་མི་རྟག་པ་ཉིད་ཁྱད་པར་མེད་པར་གྲུབ་པ་དེ་བཞིན་དུ་གཉིས་པ་ཉིད་ཙམ་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན་།དེ་བཞིན་དུ ་ཞེས་སྨོས་ཏེ། ཇི་ལྟར་མི་རྟག་པ་ཉིད་གྲུབ་བ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་ལུས་དང་བུམ་པ་དག་ལས་འགའ་ཞིག་དོན་གཞན་དུ་འགྱུར་བར་ཁས?་ལེན་པ་ཡིན་ན་ནི། སྤྱི་དང་ལྡན་པའི་དོན་གཞན་ཉིད་བསྒྲུབ་བྱར་འགྱུར་བ་ཡིན་ན་གཉི? ་ལ་ཡང་དོན་གཞན་ཉིད་མེད་པའི་ཕྱིར་སྤྱི་བསྒྲུབ་བྱ་མ་ཡིན་ནོ། །གཉིས་པ་ཉིད་ནི་ཁྱད་པར་མ་བཟུང་པ་གཉི་གའི་ཐུན་མོང་ཡིན་ན། རྟེན་མེད་པར་ནི་གཉིས་པ་ཉིད་ཙམ་དུ་འགྱུར་བ་མ་ཡིན་ཏེ། དེ་ནི་གཅིག་ལ་ཡང་མ་གྲུབ་པོ་ཞེས་བྱ་བའི་དོན ་ཏོ། །འདོད་ཕ་བསྒྲུབ་བྱ་ཉིད་དུ་བརྗོད་པ་འདིས་ནི་ཆོས་དང་ཆོས་ཅན་དག་གིས་ཁྱད་པར་དུ་བྱས་པའི་ཆོས་དང་ཆོས་ཅན་དག་སྟེ། ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་བྱས་པའི་གཏན་ཚིགས་ཀྱིས་འགོག་པར་སྣང་བ་དམིག་ལ་བ་ཡིན ་ནོ། །ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་འགོག་པ་དཔེར་བརྗོད་པ་ནི། དཔེར་ན་སྒྲ་མི་རྟག་པའི་སྒྲ་དང་ལྡན་པ་མ་ཡིན་པ་འམ་ཞེས་བྱ་བའོ། །སྒྲ་གང་ལ་མི་རྟག་པའི་སྒྲ་ཡོད་པ་དེ་ནི་མི་རྟག་པའི་སྒྲ་དང་ལྡན་པ་སྟེ། མི་རྟག ་པའི་སྒྲ་གཞན་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བ་མ་ཡིན་ཞེས་བྱ་བར་བསྒྲུབ་པར་བྱ་བའོ། །ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་འགོག་པ་སྟོན་པ་ནི། སྒྲའི་མི་རྟག་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་ཡིན ་ནོ། །སྒྲ་གཞན་གྱི་མི་རྟག་པ་གང་ཡིན་པ་དེ་ནི་སྒྲ་གཞན་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་བསྒྲུབ་པར་བྱ་བའོ། །གཏན་ཚིགས་བྱས་པའི་ཕྱིར་ཏེ་བུམ་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ཇི་ལྟར་གོ་བར་བྱེད་པ་ཡིན་ཞེ་ན། བརྗོད ་པ། ཐམས་ཅད་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །བྱས་པ་འམ་ཡོད་པ་གང་ཡིན་པ་དེ་ནི་རང་བཞིན་གཞན་གྱིས་དེ་དང་ལྡན་པ་མ་ཡིན་པ་མེད་པའི་ཕྱིར་བྱས་པ་ཉིད་དམ་ཡོད་པ་ཉིད་ཀྱིས་སྒྲ་གཞན་མི་རྟག་པའི་སྒྲ་དང་ལྡན་པ་དང། ་སྒྲ་གཞན་གྱི་མི་རྟག་པ་དང་ལྡན་པ་འགོག་པར་ནུས་ཀྱང། སྒྲ་གཞན་དང་ལྡན་པ་ཉིད་དམ། དེའི་མི་རྟག་པ་དང་ལྡན་པ་ཉིད་ནི་བསྒྲུབ་བྱར་འདོད་པ་མ་ཡིན་ནོ། །དེས་ན་དེ་འགོག་པའི་གཏན་ཚིགས་འགལ་བ་ཡིན་ན་ཞེས་སྨྲ་བས་བྱས ་པ་ཉིད་ཀྱི་གཏན་ཚིགས་སྤོང་བ་གང་ཡིན་པ་དེ་བསལ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་བྱས་པས་འགལ་བ་ཡིན་ན། འདི་ནི་བསྒྲུབ་བྱ་མ་ཡིན་པས་བསལ་བ་ཡིན་ནོ། །དེ་བཀག་ན་མི་བརྟག་པ་ཉིད་གཤའ་མ་ཡང་བཀག་པར ་འགྱུར་བ་མ་ཡིན་ནམ་ཞེ་ན། བཀག་པ་མ་ཡིན་ཏེ། སྒྲ་ཞེས་བྱ་བའི་ཆོས་ཅན་ལ་སྤྱི་འབའ་ཞིག་བཀག་པར་འགྱུར་གྱི། ཆོས་ཙམ་ནི་མ་ཡིན་ནོ། །ཆོས་ཙམ་མ་བཀག་ན་ཆོས་ཅན་ལ་སྤྱི་དེ་འགོག་པ་འགལ་བ་མེད་དེ་།དེའི་ཕྱིར་དེ་སྐད ་དུ་སྨྲ་བ་དེ་གསལ་བ་ཡིན་ནོ། །སྤྱི་བཀག་ན་ཆོས་ཙམ་བཀག་པར་ཇི་ལྟར་འགྱུར་ཞེ་ན། སྒྲ་མི་རྟག་པ་ཡིན་གྱིས་ཞེས་སྨོས་ཏེ། གང་གི་ཕྱིར་སྒྲ་མི་རྟག་པ་ཉིད་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ། །མི་རྟག་པའི་སྒྲ་དང་ལྡན་པ་ནི་མ་ཡིན་ནོ་ཞེས ་བྱ་བ་ནི་མི་རྟག་པའི་སྒྲ་གཞན་དང་འབྲེལ་པ་མ་ཡིན་པ་སྟེ། དེས་ན་ཆོས་ཅན་གཞན་དང་འབྲེལ་པ་བཀག་ཀྱང་མི་རྟག་པའི་ཁྱད་པར་གྱི་སྒྲ་བཀག་པ་མ་ཡིན་ནོ། །རྒོལ་བ་སྒྲ་མི་རྟག་པར་སྒྲུབ་པར་འདོད་པ་ཡིན་ཡང་སྒྲ་མི་རྟག་པའི་སྒྲ་དང་ལྡན ་པར་ནི་བསྒྲུབ་པར་མི་འདོད་དོ་ཞེས་སྟོན་པར་བྱེད་པ་ནི། དེ་ལྟར་གྱུར་པ་སྟེ། མི་རྟག་པའི་སྒྲ་གཞན་དང་འབྲེལ་པར་འདོད་ན་ནི་སྒྲ་མི་རྟག་པར་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ། སྒྲ་གཞིར་གྱུར་པ་ལ་མི་རྟག་པའི ་སྒྲ་གཞན་དང་འབྲེལ་པ་ཉིད་དུ་སྒྲུབ་པའི་རྒྱུའི་ཕྱིར་རོ། །སྒྲ་མི་རྟག་པ་ཙམ་དུ་མི་སྒྲུབ་པར་སྒྲ་མི་རྟག་པར་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། འོ་ན་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། སྒྲ་མི་རྟག་པའི་སྒྲ་དང་ལྡན་པ་ཞེས་སྨོས་ཏེ། གལ་ཏེ ་གཏན་ཚིགས་གོ་བར་བྱེད་ནུས་པ་ཡིན་ན། སྒྲ་མི་རྟག་པའི་སྒྲ་གཞན་དང་ལྡན་པར་གྲུབ་པར་འགྱུར་རོ། །གང་གི་ཕྱིར་འདོད་པའི་ཆོས་ཙམ་གང་ཡིན་པ་དེའི་སྤྱི་བཀག་ཀྱང་མི་ལྡོག་པ་དང། གང་བཀག་པས་འདོད་པ་ལ་གནོད་པར ་འགྱུར་བ་མི་རྟག་པའི་སྒྲ་གཞན་དང་ལྡན་པ་དེ་ཡང་འདོད་པ་མ་ཡིན་པའི་གཏན་ཚིགས་དེའི་ཕྱིར་འདོད་པ་ལ་གནོད་པ་འགའ་ཡང་མེད་དོ། །དེ་བཞིན་དུ་སྒྲ་མི་རྟག་པ་དང་ལྡན་པ་ཞེས་ཆོས་ཅན་གྱི་ཁྱད་པར་གྱི་འགོག་པ་ལ་?་ཡང ་འདོད་པ་ལ་གནོད་པ་མེད་པར་སྦྱར་པར་བྱའོ། །དེའི་ཕྱིར་ཞེས་བྱ་བ་གང་གི་ཕྱིར་སྒྲའི་རང་བཞིན་མི་རྟག་པར་བསྒྲུབ་པར་བྱ་བ་ཡིན་གྱི་སྒྲ་གཞན་དང་འབྲེལ་པ་ཉིད་ནི་མ་ཡིན་པ་དང། སྒྲ་གཞན་དང་འབྲེལ་པ་ཉིད་བཀག་ཀྱང་སྒྲའི་རང་བཞིན ་དུ་གྱུར་པའི་མི་རྟག་པ་ཉིད་ལྡོག་པ་མ་ཡིན་པ་དེའི་ཕྱིར། ཆོས་འབའ་ཞིག་ཁོ་ན་ཆོས་ཅན་ལ་སྒྲུབ་པར་བྱེད་པས་བསྒྲུབ་པ་འམ། འགལ་བས་ཕྱིན་ཅི་ལོག་ཏུ་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་སྤྱི་ཡིན་ལ། ཕྱིན་ཅི་ལོག་ཏུ་བྱ་བ་ཡང་བསྒྲུབ་པར ་བྱ་བ་གང་ཡིན་པ་དེ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ཆོས་འབའ་ཞིག་དེ་ལྟར་འགྱུར་ཞེ་ན། དེ་ལྟར་ན་ཞེས་སྨོས་ཏེ། རྣམ་པ་དེའི་སྒོ་ནས་མི་ལྡན་པ་རྣམ་པར་བཅད་པ་བསྒྲུབ་པའི་ཕྱིར། འདོད་པའི་སྤྱིའི་གྲུབ་པ་བྱས་པར་འགྱུར་བ་འམ། སྐབས ་སུ་བབ་པའི་ཆོས་མ་འབྲེལ་བ་རྣམ་པར་བཅད་པ་དགག་པའི་ཕྱིར་གནོད་པ་བྱས་པར་འགྱུར་བ་ཡིན་ནོ། །ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བྱེད་པ་ལ་སོགས་པའི་འགལ་བ་མཐོང་བའི་ཕྱིན་ན། ཕྱིན་ཅི་ལོག་ཏུ་བྱེད་པ་ཉིད ་ནི་འགལ་བ་མ་ཡིན་ནོ་ཞེ་ན། འགལ་བ་ནི་ཐམས་ཅད་དུ་ཞེས་སྨོས་སོ། །གང་གི་ཕྱིར་ཆོས་ཅན་གྱི་ཁྱད་པར་གྱི་འགལ་བ་ལ་སོགས་པ་ཐམས་ཅད་དུ། འདོད་པ་ནི་སྤྱི་དེ་ཕྱིན་ཅི་ལོག་ཏུ་བྱེད་པའི་ཁོ་ནའི་ཕྱིར་ཏེ། འགོག་པའི་ཕྱིར་འགལ ་བ་ཡིན་ཏེ། དེའི་ཕྱིར་ན་སྤྱི་ཕྱིན་ཅི་ལོག་ཏུ་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །འོ་ན་ཇི་ལྟར་ཆོས་ཅན་གྱི་ཁྱད་པར་ལ་སོགས་པའི་འགལ་བར་འགྱུར་ཞེ་ན། བཤད་པ། སྤྱི་ཕྱིན་ཅི་ལོག་པ་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་ཏེ། ཆོས་བཟློག་པའི ་སྒོ་ནས་བྱེད་པ་དེའི་ཚེ་ཆོས་ཀྱི་དད་གི་ངོ་བོ་དང་འགལ་བ་ཞེས་བརྗོད་དོ། །དེའི་ཚེ་ཡང་དེ་སྤྱི་བཟློག་པ་ནི་ཡོད་པ་ཁོ་ནའོ། །གང་གི་ཚེ་ཆོས་ཅན་པ་ཟློག་པའི་སྒོ་ནས། སྤྱི་ཟློག་པར་བྱེད་པ་དེའི་ཚེ་ནི་ཆོས་ཅན་གྱི་རང་གི་ངོ་བོ་དང་འགལ་བ་ཡིན་ནོ།། ་སྐབས་སུ་བབ་པའི་འདོད་པ་ཉིད་ཕྱིན་ཅི་ལོག་ཏུ་བྱེད་པ་ན། སྒྲ་ཉེ་བར་བཀོད་པའི་དབང་གི་ཆོས་ཅན་གྱི་ཁྱད་པར་དང་འགལ་བ་ཞེས་བརྗོད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཆོས་སམ་ཆོས་ཅན་བཀག་པས་སྤྱི་བཟློག་པར་འགྱུར་བ་ངེས ་འགལ་བར་ཐ་སྙད་དུ་བྱེད་དོ། །ཆོས་ཀྱི་རང་གི་ངོ་བོ་དང་འགལ་བ་ནི་དཔེར་ན་སྒྲ་རྟག་ཏེ་བྱས་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལ། བྱས་པ་ཉིད་ཅེས་བྱ་བ་ལྟ་བུའོ། །ཆོས་ཅན་གྱི་རང་གི་ངོ་བོ་དང་འགལ་བ་ནི་དཔེར་ན་ནམ་མཁའ་? ་ཡོད་པར་སྨྲ་བའི་?་ནམ་མཁའ་ནི་རྟག་པ་ཡིན་ཏེ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལ། རི་བོང་གི་རྭ་ལ་སོགས་པ་མེད་པ་ལ་མཐོང་བ་འདིས་ནི་ཆོས་ཅན་ནམ་མཁའ་ཡང་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །འདི་དག་ནི་འདུས་པ་མ་ཡིན་པའི ་ཡུལ་ཅན་གཞན་གྱི་དོན་བྱེད་པ་ཡིན་ནོ་ཞེས་བྱ་བ་དང། འདུས་པ་མ་ཡིན་པའི་དོན་དག་ནི་གཞན་གྱི་དོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི། ཆོས་དང་ཆོས་ཅན་གྱི་ཁྱད་པར་དང་འགལ་བའོ། །གལ་ཏེ་རྒོལ་བས་འདོད་པའི་ཆོས་གང་ཡིན་པ་དེ ་ཉིད་བསྒྲུབ་པར་བྱ་བ་ཡིན་ན། འོ་ན་ཇི་ལྟར་དང་ཉིད་སྨོས་ཤེ་ན། རང་ཉིད་ཀྱི་སྒྲ་ནི་ཞེས་སྨོས་སོ། །ནའི་སྒྲ་ནི་ཡང་གི་སྒྲ་?་དོན་ལ་ཡིན་ཏེ། འདོད་པ་སྨོས་པ་ཡིན་?་རང་ཉིད་ཀྱི་སྒྲ་ལ་བསྟན་པར་བྱ་བའི་ཁྱད་པར་ཡོད་དེ་ཞེས་བྱ་བའི་དོན་ཏོ། །ཁྱད ་པར་ད་ཉིད་བཤད་པ་ནི། ཆོས་ཅན་གཅིག་ལ་ཞེས་བྱ་བ་ཡིན་ནོ། །ཆོས་དུ་མ་ནི་མི་རྟག་པ་ཉིད་དང། བྱས་པ་ཉིད་དང། ནམ་ན?་གའི་ཡོན་ཏན་ལ་སོགས་པའོ། །རང་ཉིད་ཀྱི་སྒྲའི་དོན་ནི་བདག་ཉིད་ཅེས་བྱ་བ་ཡིན་ཏེ། བསྟན་བཅོས་བྱེད་པས ་འདོད་པའི་ཆོས་གང་ཇི་སྙེད་པ་དེ་ཐམས་ཅད་ནི་བསྒྲུབ་བྱ་མ་ཡིན་གྱི་འོན་ཀྱང་རང་ཉིད་ཁོ་ནའིའོ། །བསྟན་བཅོས་ཁས་བླངས་སུ་ཟིན་ཀྱང་ཞེས་བྱ་བ་ནི་རྩོད་པའི་དུས་སུ་ནི་བསྟན་བཅོས་ཁས་བླངས་པར་བྱ་བ་མ་ཡིན་པ་གོན་ཡིན་ལ། ཁས་བླངས ་པར་གྱུར་ཀྱང་བདག་ཉིད་དེ་དད་པ་གང་ཡིན་པ་དེ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཤེས་པར་བྱ་བའི་ཕྱིར་རང་ཉིད་ཀྱི་སྒྲ་བྱས་པ་ཡིན་ནོ། །འདོད་པའི་སྒྲ་ཡོད་པ་དེར་རྒོལ་བར་འདོད་པ་ལས་གཞན་ལ་གང་ཡིན ་པའི་འདོད་པ་ཐམས་ཅད་བཟློག་ཏུ་ཟིན་ཀྱང་རང་གིས་མཛེད་པའི་འབྲེལ་བར་རང་ཉིད་ཀྱི་སྒྲས་དོགས་པའི་གནས་སྲིད་པ་ཟློག་པར་བྱེད་པ་ཡིན་པར་བཤད་དོ། །མདོ་མཛད་པས་ཀྱང་དོན་འདི་ཉིད་དམ་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ་འབྲེལ་པའི་གཞུང་སྟན་པ་ནི་དང་ཉིད་ཅེས་བྱ་བ་ནི་སྟེ། རང་ཉིད་ཀྱི་སྦས་ནི་ཁས་བླངས་པ་སྟོན་པར་བྱེད་པའོ། །ཞེས་བྱ་བར་འབྲེལ་ཏོ། །ཅིའི་ཕྱིར་དོགས་པ་སྲིད་ཅེ?་ན། བཤད་པ། བསྟན་བཅོས་ཁས་བླངས་པའི་ཕྱིར་རོ། །དེ་ལ་མཐོང་བ་ནི། ་བསྟན་བཅོས་ལ་མཐོང་བ་སྟེ། བསྟན་བཅོས་བྱེད་པས་ཆོས་གང་འདོད་པ་དེ་ཁས་བླངས་པ་ཡང་ཡིན་པར་འགྱུར་ཏེ། དེས་ན་ཇི་ལྟར་ཆོས་གཅིག་བསྒྲུབ་པར་བྱ་བ་ཡིན་པ་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེས་དོགས་པ་སྲིད་པར་འགྱུར ་རོ། །དེས་ན་གལ་ཏེ་ལོག་པར་རྟོག་པར་འགྱུར་ཀྱང་དོགས་པ་སྲིད་པས་རང་ཉིད་སྨོས་པ་ཡིན་ནོ། །ལོག་པར་རྟོག་པ་ཡང་མཐོང་བ་ཉིད་དེ་དེས་ན་དེ་བཟློག་པའི་ཕྱིར་ཡང་རང་ཉིད་སྨོས་པ་ཡིན་ནོ། །ཁ་ཅིག་ན་རེ?་བསྟན་བཅོས་ལས་མཐོང་བ་ནི ་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདི་ནི་གྲུབ་པ་ཁོ་ན་སྟེ། འདི་ལྟ་སྟེ་བསྟན་བཅོས་ལས་མཐོང་པ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །བསྟན་བཅོས་ལས་མཐོང་བ་དེ་ལ་གནོད་ན་ཡང་སྟེ། ་བསྟན་བཅས་ཀྱི་དོན་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། བྱས་པ་ཉིད་ཀྱིས་ནམ་མཁའ་ཨི་ཡོན་ཏན་ཉིད་ལ་གནོད་ན་གཏན་ཚིགས་འགལ་བ་དང་དམ་བཅའ་བ་རྗེས་སུ་དཔག་པས་བསལ་བའི་སྐྱོན་ཡིན་ནོ་ཞེས་ཟེར་རོ། །བསྟན་བཅོས་ལས ་མཐོང་བ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པར་སྨྲ་པ་དེ་དག་གི་ཕྱིར་ན་བྱས་པ་ཉིད་ཀྱི་རྟགས་ཀྱི་དྲི་ཞེས་བྱ་བའི་ཆོས་ཅན་ལ་སའི་ཡོན་ཏན་བཟློག་པའི་ཕྱིར་བྱས་པ་ཉིད་ཀྱི་གཏན་ཚིགས་འགལ་བར་འགྱུར་རོ། །བྱས་པས་ནི་སའི་ཡོན་ཏན་ཉིད་བཟློག ་པར་ནུས་པ་ཡིན་ཏེ། གང་གི་ཕྱིར་ཡོན་ཏན་དང་ཡོན་ཏེན་ཅན་གྱི་དངོས་པོ་བརྟན་པའི་ངོ་བོ་ཡིན་ནོ། །སྐད་ཅིག་མའི་དོན་ལ་ནི་རྟེན་འགའ་ཡང་ཡོད་པ་མ་ཡིན་ཏེ། མ་གྲུབ་པ་ནི་མེད་པའི་ཕྱིར་དང། གྲུབ་པ་ནི་ཐམས་ཅད་ལ་བལྟོས་པ ་མེད་པའི་ཕྱིར་རོ། །སྡེས?་ན་བྱས་པས་མི་རྟག་པ་བསྒྲུབ་པ་ན་ཡོན་ཏན་ཉིད་དད། རྟེན་ཐམས་ཅད་སེལ་བ་ཡིན་ནོ། །ད་ཉིད་ཀྱི་ཕྱིན་ན་སྒྲ་ལ་ནམ་ཡང་ནམ་མཁའ་ཨི་ཡོན་ཏན་བཟློག་པ་ཡིན་ནོ། །ཡོད་པའམ་བྱས་པ་གང་ཡིན་པ་དེ་ནི་ནམ་མཁའ་ཨི ་ཡོན་ཏན་དང་སའི་ཡོན་ཏན་མ་ཡིན་ཏེ། བུམ་པ་བཞིན་ནོ། །བུམ་པ་ནི་རྫས་ཡིན་ཏེ། ཡོན་ཏན་ནི་མ་ཡིན་ནོ། །སྒྲ་འམ་དྲི་འམ་ཡོད་པ་འམ། བྱས་པ་ཡིན་ནོ། །སྒྲལ་པ་རྟེན་པ་ནམ་མཁའ་ཨི་ཡོན་ཏན་ཉིད་དང། དྲི་ལ་བརྟེན་པའི་སའི་ཡོན་ཏན་ཉིད་བསྟན ་བཅོས་ལས་མཐོང་བར་ན་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེས་ན་གལ་ཏེ་སྒྲ་ལ་ནམ་མཁའ་ཨི་ཡོན་ཏན་ཉིད་བཟློག་པའི་ཕྱིར་འགལ་བ་ཡིན་ན། དྲི་ལ་སའི་ཡོན་ཏན་བཟློག་པས་འགལ་བར་ཅི་སྟེ་མི་འདོད། སའི་ཡོན་ཏན་ཉིད་ནི་སྐབས་མ་ཡིན་པའི་ཕྱིར་ཏེ།། ་སྐབས་སུ་བབ་པ་མ་ཡིན་པའི་ཕྱིར་ལ། སྐབས་སུ་བ་པ་ལ་གནོད་པས་ནི་གཏན་ཚིགས་འགལ་བར་འགྱུར་པའི་ཕྱིར་རོ་ཞེ་ན། སྐབས་མ་ཡིན་པའི་ཕྱིར་བསྒྲུབ་བྱར་མ་གྱུར་པ་སའི་ཡོན་ཏན་ཉིད་ལ་གནོད་ཀྱང་གཏན་ཚིགས་འགལ་བ་མ་ཡིན་ཞེས་བྱ་བ་གང ་ཡིན་པ་དེ་ནི་རིགས་མོད་ཀྱི། འོན་ཀྱང་སྐབས་མ་ཡིན་པ་དེ་ནི་གཞན་ནམ་མཁའ་ཨི་ཡོན་ཏན་ཉིད་པ་ཡང་མཚུངས་སོ། །དེས་ན་སྐབས་སུ་བབ་པ་མ་ཡིན་པ་ནམ་མཁའ་ཨི་ཡོན་ཏན་དེ་ལ་གནོད་པའི་ཕྱིར་གཏན་ཚིགས་འགལ་བར་མི་འགྱུར་རོ། །མི་མཚུངས་ཏེ ་ནམ་མཁའ་ཨི་ཡོན་ཏན་ཉིད་ཀྱི་ཡུལ་འདིར་ཆོས་ཅན་སྒྲ་ཞེས་བྱ་བར་གང་ཡིན་པ་དེའི་སྐབས་ཡིན་པའི་ཕྱིར་རོ། །ཆོས་གང་གི་ཆོས་ཅན་དཀྱུས་མ་སྐབས་སུ་བབ་པ་མ་ཡིན་པ་དེ་ནི་སྐབས་སུ་བབ་པ་ཉིད་ཡིན་ཏེ། རྟེན་སྐབས་སུ་བབ་པ་ཉིད་ཡིན་པའི་ཕྱིར ་རོ། །དེས་ན་འགྲུབ་པར་བྱ་བ་ཡིན་ཞིང་དེ་ལོག་པར་བསྒྲུབ་པའི་གཏན་ཚིགས་འགལ་བ་ཡང་ཡོན་ནོ། །སའི་ཡོན་ཏན་ཉིད་ནི་སྐབས་སུ་བབ་པའི་ཆོས་ཅན་གྱི་ཆོས་མ་ཡིན་པའི་ཕྱིར་བསྒྲུབ་བྱར་མི་འགྱུར་ཏེ། དེས་ན་དེས་ཟློག་པར་བྱེད་པས་འགལ་བ་མ་ཡིན ་ནོ་ཞེ་ན། མས་ཡིན?་ཏེ་ཞེས་བྱ་བ་ནི་མཚུངས་པ་ཉིད་དོ། །ཆོས་ཅན་སྐབས་སུ་བབ་པ་དད་མ་བབ་པ་དག་གིས་ནི་ཁྱད་པར་དུ་གྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཅན་སྐབས་སུ་བབ་པ་ཡིན་ཡང་མི་རྟག་པ་ཉིད་སྒྲུབ་པ་ན། གང་ལ་དངོས་ ་པོ་ལ་འབྲེལ་པ་ཡོད་པ་དེ་ནི་མ་སྨོས་ཀྱང་བསྒྲུབ་བྱ་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་བདག་མེད་པ་ལ་སོགས་པ་ལྟ་བུའོ། །ནམ་མཁའ་ཨི་ཡོན་ཏན་ཉིད་ལ་ནི་དེ་ལྟར་དངོས་ལ་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་མེད་པའི་རྒྱུའི་ཕྱིར་རོ།། ་འོན་ཀྱང་འདི་དག་ནི་བསྟན་བཅོས་ཁས་བླངས་པའི་རྒྱུ་ཁོ་ནས་བ་སྒྲུབ་པར་བྱ་བ་ཉིད་དུ་འབྲེལ་པ་ན་བསྟན་བཅོས་ཁས་བླངས་པ་དེ་ནི་སའི་ཡོན་ཏན་ལ་སོགས་པ་ཐམས་ཅད་ལ་ཡོད་མཚུངས་པ་ཡིན་ཏེ། དེའི་ཕྱིར་ནམ་མཁའ་ཨི་ཡོན་ཏན་ཉིད་དང། ་སའི་ཡོན་ཏན་འདི་ཉིད་ལ་ལུང་གི་སྒོ་ནས་འོངས་པའི་བསྒྲུབ་པར་བྱ་བ་ཉིད་དུ་བྱེ་བྲག་མེད་དོ། །དེའི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་ཉིད་དོ། །ཧ་ཅང་ཐལ་བར་འགྱུར་བས་ན་ནམ་མཁའ་ཨི་ཡོན་ཏན་བཟློག་པ་ལས་ཀྱང་འགལ་བར་ཁས་མི་བླང་ངོ།། ་འདི་སྙམ་དུ་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྒྲུབ་བྱར་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་རྒོལ་བ་འདོད་པ་ཡིན་པའི་ཕྱིར་རོ། །རྒོལ་བ་ལ་སྐབས་སུ་བབ་པའི་ཆོས་ཅན་ལ་ཇི་སྙེད་ཡོད་པའི་ཆོས་དེ་ཐམས་ཅད་བསྒྲུབ་པར་བྱ་བ་ཉིད་དུ ་འདོད་པ་ཡོད་པ་ཡིན་ཏེ། དེས་ན་ཁོ་ན་ལ་བསྒྲུབ་པར་བྱ་བ་ཉིད་ཡོད་པ་ཡིན་ནོ། །ཆོས་ཅན་གཞན་ལ་བརྟེན་པ་བསྒྲུབ་པར་བྱ་བ་ཉིད་དུ་མི་འདོད་པའི་ཕྱིར་འདི་ལ་ཡང་བསྒྲུབ་པར་འདོད་པ་མ་གྲུབ་པར་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། འོན་ཏེ ་ཕ་རོལ་པོ་སྐབས་སུ་བབ་པའི་ཆོས་ཅན་ལ་བརྟེན་པའི་ཆོས་རྣམས་རྒོལ་བས་ཀྱང་འདོད་པར་སྒྲུབ་པར་བྱེད་པ་དེའི་ཚེ། བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་བ་ཡིན་ན། སྒྲུབ་པར་བྱེད་པ་ནི་ཡོད་པ་མ་ཡིན་ནོ། །ཇི་ལྟར་མེད་དེ་གང་གི་ཕྱིར ་ཆོས་ཅན་དེའི་ཁྱད་པར་ནམ་མཁའ་ཨི་ཡོན་ཏན་ཞེས་བྱ་བ་གང་ཡིན་པ་དེ་ཡང། བསྒྲུབ་པར་བྱ་བ་དེ་འདོད་པ་ཡིན་ཏེ། བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་ཡང་དེ་ཡིན་ལ། དེ་ལས་གཞན་ལས་ཁྱད་པར ་དུ་གྱུར་པས་ཁྱད་པར་ཡང་ཡིན་པའོ། །གཏན་ཚིགས་དེའི་ཕྱིར་ཏེ། བསྒྲུབ་པར་བྱ་བའི་ཆོས་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ཡོད་པ་མ་ཡིན་ནམ་ཞེ་ན། དགག་པའི་ཕྱིར་སྤྱིའི་ཕྱོགས་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱིའི་ཕྱོགས་གཅིག་ཏུ་གྱུར ་པའི་ཁྱད་པར་ཡིན་པ་ཞེས་བྱ་བའི་གཏན་ཚིགས་ཙམ་གྱིས་ནི་སྐབས་མ་ཡིན་པ་སྐབས་དང་བྲལ་བ་རྒོལ་བས་སྒྲུབ་བྱ་ཉིད་དུ་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་དེ་ལྟར་མི་འགྱུར་ཞེ་ན། བཤད་པ། དོན་དེ་ནམ་མཁའ་ཨི་ཡོན་ཏན་ཉིད་ནི་སྤྱིའི་ཕྱོགས་གཅིག་ཏུ ་གྱུར་པ་ཉིད་དེའི་ངོ་བོ་མི་འདོར་བའི་རྒྱུའི་ཕྱིར་འདོད་པ་ལྡོག་པ་མེད་པར་ཐལ་བར་འགྱུར་ཞིང་སྒྲུབ་པར་བྱེད་པ་འགོད་པ་ཡང་རྒྱུ་མ་ཚང་བ་མེད་པ་ཅན་སྨྲ་ཤེས་པའི་འདོད་པ་ཙམ་ལ་རག་ལས་ནས་འཇུག་པ་ཡིན་པས་དེ་ཡང་ལྡོག་པ་མེད་པར་འགྱུར་ན། འདོད ་བ་དང་འཇུག་པ་དག་ནི་འདོད་པ་ཡང་མ་ཡིན་ནོ། །འདོད་པ་མེད་པར་ཇི་ལྟར་དེས་ཤེན། རང་གྱི་རྒྱུད་ལན་སྣང་བ་མི་དམིགས་པ་ལས་ཡིན་ལ། རྒྱུད་གཞན་ལ་ནི་རྗེས་སུ་དཔག་པ་ལས་སོ། །འདོད་པ་ཙམ་དང་འབྲེལ་བ་འཇུག་པ་ནི་འདོད་པ་ཡོད་ན ་གདོན་མི་ཟ་བར་འགྱུར་པ་ཡིན་ན། དེ་མེད་པའི་ཕྱིར་འདོད་པ་མེད་པར་རྟོགས་སོ། །དེའི་ཕྱིར་སྐབས་ལ་བལྟོས་པར་ནི་འདོད་པ་ཡོད་པར་མ་ཡིན་ནོ། །གང་གི་ཕྱིར་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པའི་ཕྱིར་ནི་བསྒྲུབ་བྱར་འདོད་པ་འཇུག་པ་མ་ཡིན་པ་དེའི་ཕྱིར ་སྐབས་འགའ་ཞིག་ལས་ཏེ། གང་གི་ཚེ་སྒྲ་མི་རྟག་པ་ལས་ཕ་རོལ་ཐེ་ཚོམ་དུ་འགྱུར་བ་འམ། ཡོངས་སུ་ཤེས་པ་རྟོག་པར་འདོད་པས་སྒྲ་མི་རྟག་པ་ཉིད་ལ་དེ་བརྒལ་ཞིང་བརྟག་པ་མེད་པ་དེའི་ཚེ་བསྒྲུབ་བྱར་འདོད་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་ཤེས ་པར་འདོད་པ་རྗེས་སུ་དཔག་པའི་འདྲི་བ་ལ་སོགས་པའི་དག་ནི་སྐབས་ཡིན་པས་དེ་ནི་སྐབས་དེ་ལས་འགྱུར་བ་དང། སྐབས་དེ་ཉིད་ཀྱིས་རྒོལ་བ་ལ་གཞན་དག་གིས་ཤེས་པར་བྱ་བ་ཡིན་ནོ། །གལ་ཏེ་སྐབས་ཤེས་བྱ་བ་འདོད་པའི་རྒྱུ་མ་ཡིན་ནམ ་དེའི་རྒྱུ་ནུས་པ་ཐོགས་པ་མེད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་སྐབས་ཡོད་ཀྱང་ཡུལ་དང་དུས་ཁ་ཅིག་ཏུ་རྒོལ་བ་ལ་སྐབས་དེའི་རྒྱུ་མཚན་ཅན་གྱི་འདོད་པ་གང་ཡིན་པ་དེ་ཉིད་མེད་པ་ཡིན་ལ། ཡུལ་དང་དུས་གཞན་དག་ཏུ་ནི་མཐོང ་བ་ཡིན་ནོ། །དེའི་ཕྱིར་སྐབས་འགའ་ཞིག་ལ་ནི་ནུས་པ་ཡོད་པ་མ་ཡིན་ཏེ། དེས་ན་རྒྱུ་གཞན་ལ་བལྟོས་པ་དང་བཅས་པའི་རྒྱས་ཇི་ལྟར་འབྲས་བུ་རྗེས་སུ་དཔོག་ཅེ་ན། བདེན་ཏེ། དེ་ལྟར་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །འོན་ཀྱང་ཚིག་གི ་བདག་ཉིད་སྒྲུབ་པར་བྱེད་པ་ཉེ་བར་བཀོད་པ་ལས་འདོད་པ་བསྒྲུབ་པར་བྱ་བ་ཡིན་ཏེ། །སྒྲུབ་པར་བྱེད་པ་ཉེ་བར་བཀོད་པའི་ཕྱིར་ན་འདི་འགའ་ཞིག་སྒྲུབ་པར་འདོད་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་འདོད་པ་ནི་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་ཡིན ་ནོ། །སྐབས་ཀྱིས་མི་འབྲས་བུ་དེ་ལས་ཤེས་པའི་འདོད་པའི་ཡུལ་ཡོངས་སུ་བཅད་པར་བྱ་བ་ཡིན་ཏེ། ཡུལ་དེ་ལ་ནི་འདིར་རྩོད་པ་ཡོད་པས་སྐབས་དེ་ཉིད་ཀྱིས་རྟོག་པར་བྱ་བ་ཡིན་ནོ། །དཔེར་ན་གྲངས་ཅན་གྱི་བདག་བསྒྲུབ་པའི་སྐབས ་སུ་སྒྲུབ་པར་བྱེད་པ་འགོད་པ་ན་བདག་གི་དོན་ཉིད་སྒྲུབ་པར་བྱ་བ་ཡིན་ནོ་ཞེས་དེའི་ཡུལ་ཅན་གྱི་འདོད་པ་རྟོགས་པ་བཞིན་ནོ། །བཟློག་པའི་ཤེས་པ་རིག་པས་བསལ་བར་འགྱུར་བ་གང་ལ་ཡོད་པ་སྐབས་དང་བྲལ་པའི་འདོད་པ་དེའོ།། ་འདོད་པ་ནི་རང་རིག་པའི་མངོན་སུམ་ཡིན་ནོ། །ངེས་ན་གཞན་ཉམས་སུ་མྱོང་བ་ཉིད་དུ་ངེས་པར་རང་རིག་པས་རྟོགས་པར་བྱ་བ་དེ་མེད་པར་ངེས་པའི་ཕྱིར་ན། ཉམས་སུ་མྱོང་བས་མེད་པར་ངེས་པ་ནི་བཟློག་པ་ཉམས་སུ་མྱོང་བས ་དགག་པ་འཇུག་པ་ཡིན་ནོ། །འཐད་པ་མེད་པའི་ཕྱིར་ནན་གྱིས་ཁྱོད་དོ་ཞེས་བསྒྲུབ་པ་ནི་མངོན་སུམ་དང་འགལ་བར་ཤེས་པ་ཡིན་ནོ། །འདི་ཉིད་ཚིགས་སུ་བཅད་པ་དག་གིས་བསྟན་པའི་ཕྱིར་བཤད་པ། སྒྲ་རྟག་པར་ཁས ་ལེན་པ་ལ་སོགས་པའི་གནས་སྐབས་འགའ་ཡིས་འདོད་པ་སྐྱེ་བ་ཡིན་ལ། དེ་ཡུལ་ཁྱད་པར་ཅན་འདོད་པ་ཡིན་པར་རྣམ་པར་བཞག་པ་ཡང་འབྲས་བུར་གྱུར་པའི་སྒྲུབ་པར་བྱེད་པ་ཉེ་བར་འགོང་པ་དང་ལྷན་ཅིག་པའི་གནས་སྐབས ་དེ་དག་ཉིད་ཀྱིས་ཡིན་ནོ། །གལ་ཏེ་གང་ལས་དོད་པའི་སྐབས་ཉིད་མེད་བཞིན་དུ་དེ་ལ་ནན་གྱིས་ཁྱོད་འདི་འདོད་པ་བཞིན་ནོ་ཞེས་ཐ་སྙད་བྱེད་པ་དེའི་ཚེ་རིགས་པ་དང་མི་རིགས་པའི་དཔྱོད་པ་དང་བྲལ་ཞིང་འཐད་པས་གནོད་པ་འདི་ནི ་དབང་ཕྱུག་གི་སྤྱོད་པ་བཞིན་དུ་འགྱུར་རོ་།ཡུལ་ཡོངས་སུ་གཅོད་པའི་རྒྱུ་གནས་སྐབས་དང་ལྷན་ཅིག་པའི་སྒྲུབ་པར་བྱེད་པ་ཉེ་བར་འགོད་པ་ནི་འབྲས་བུའི་རྟགས་སོ། །དེ་དང་བྲལ་བ་སྐབས་དང་མི་ལྡན་པ་འདོད་པར་བརྗོད་པ་དེ ་ནི་མངོན་སུམ་གྱིས་བྱས་པའི་འཁྲུལ་པ་ཡིས་ནི་གནོད་པར་འགྱུར་ཏེ། མངོན་སུམ་གྱིས་གྲུབ་པ་མེད་པས་དེ་ལ་གནོད་པའི་ཕྱིར་རོ། །དེ་ན་སྤྱིའི་ཕྱོགས་གཅིག་ཉིད་ཀྱིས་སྐབས་སུ་མ་བབ་པའི་ཆོས་རྒོལ་བས་བསྒྲུབ་བྱ་ཉིད་དུ ་འདོད?་པ་ཡིན་ནོ། །ཞེས་བསྒྲུབ་པར་ནུས་པ་མ་ཡིན་ཏེ། དེས་ན་དྲི་ལ་སའི་ཡོན་ཏན་བཟློག་པས་ཀྱང་འགལ་བར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ནམ་མཁའ་ཨི་ཡོན་ཏན་ཉིད་སྐབས་སུ་བབ་པ་མ་ཡིན་པ་དེ་ལྟ་ན་ཡང་དེ་ལ་གནོད ་ན་བསྒྲུབ་བྱ་ལ་གནོད་པར་འགྱུར་བས་བསྒྲུབ་པར་བྱ་བ་གྲུབ་པ་ནི་ད་གྲུབ་པ་དང་ལྷན་ཅིག་པ་ཡིན་ཏེ། དེས་ན་བསྒྲུབ་བྱ་ཡིན་ནོ་སྙམ་ན། མེད་ན་མི་འབྱུང་མིན་དོན་ལ་ཞེས་སྨོས་ཏེ། ཉན་པའི་ཤེས་པས་ཡོངས་སུ་བཅད་པའི་ཆོས་ཅན ་སྒྲ་དང། བསྒྲུབ་པར་བྱ་བའི་ཆོས་འཇིག་པ་ནི་ནམ་མཁའ་ཨི་ཡོན་ཏན་ཉིད་དང་འབྲེལ་བ་མ་ཡིན་ཏེ། ངེས་ན་མེད་ན་མི་འབྱུང་བ་མ་ཡིན་པ་ནམ་མཁའ་ཨི་ཡོན་ཏན་ཉིད་དེ་ལ་གནོད་ཀྱང། གཞན་མི་རྟག་པ་ཉིད་ལ་ཅི་ཞིག་གནོད་ན་གང་ནི ་འགྲུབ་པར་འགྱུར། གང་ཡང་མེད་ན་མི་འབྱུང་པའི་ཆོས་དཔེར་ན་སྐད་ཅིག་མ་ཉིད་ལ་བདག་མེད་པ་ལྟ?་བུ་སྟེ། བདག་རྟག་པ་མ་ཡིན་པར་གྱུར་ན་སྐད་ཅིག་མ་ཉིད་དངོས་པོ་ཐམས་ཅད་ལ་གནས་པར་མི་འགྲུབ་པའི་ཕྱིར་བདག་མེད་པ ་མ་གྲུབ་ན་སྐད་ཅིག་མ་ཉིད་མི་འགྲུབ་བོ། །ནམ་མཁའ་ཨི་ཡོན་ཏན་ཉིད་ནི་དེ་ལྟར་མེད་ན་མི་འབྱུང་བ་མ་ཡིན་ནོ། །འདི་སྙམ་དུ་ལུང་གིས་མི་གནོད་པའི་གཏན་ཚིགས་ནི་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་ན་འདིར་ནི་ལུང་གིས་གནོད་པས་སྐྱན?་ཅན་དུ ་གྱུར་པའི་གཏན་ཚིགས་ཀྱིས་མི་རྟག་པ་ཉིད་ཀྱང་གོ་བར་མི་བྱེད་པས་མ་རྟོགས་པ་ཉིད་དེའི་གནོད་པ་ཡིན་ནོ་ཞེ་ན། བཤད་ཅེས་སྨོས་སོ། །ཅི་ཞིག་བཤད་ཅེ་ན། རྗེས་དཔག་རང་གི་སྤྱོད་ཡུལ་ལ། ལུང་ལ་བལྟོས་པ་མེད་པ་ཡིན་ནོ ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པའི་ཡུལ་ལ་ནི་ཚིག་ཚད་མ་མ་ཡིན་ནོ་ཞེས་བྱ་བ་དེར་བཤད་དོ། །ཚུལ་གསུམ་པ་ཚད་མས་གྲུབ་པའི་ཕྱིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་རང་གི་ཡུལ་ལ་འཇུག་པ་ཡིན་གྱི། ལུང་ལ་ནི ་གཞན་འགའ་ཡང་དོན་དུ་གཉེར་པ་མེད་དོ། །དེའི་ཕྱིར་ལུང་ལ་མི་བལྟོས་པའི་ཕྱིར་ན་ལུང་དང་འགལ་ཡང་ངེས་གྲུབ་པ་གང་ཡིན་པ་དེ་ནི་ལེགས་པར་གྲུབ་པ་ཡིན་ཏེ། དེ་ལ་གནོད་པ་ནི་མ་ཡིན་ནོ། །ཞེ་ནའི་སྒྲ་ཚིག་ལེའུར་བྱས་པ་འོག ་མ་ལ་རྗོད་པ་ཡིན་ཡང་འདིར་བལྟ་བར་བྱ་སྟེ། གལ་ཏེ་དེའི་བསྟན་བཅོས་ལ་བལྟོས་པ་མེད་པ་ཡིན་ན་དེའི་རྩོད་པ་དོར་བར་འགྱུར་རོ་ཞེ་ན། འགྱུར་བ་མིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་དུས་དེའི་ཚེ་ཁས ་བླངས་པ་མེད་པའི་ཕྱིར་རོ། །ཁས་བླངས་པ་ཡོད་ན་དོར་བར་འགྱུར་བ་ཡིན་ན། དེའི་ཚེ་ནི་བསྟན་བཅོས་ཁས་པ་ཉིད་མེད་དོ། །གང་གི་དོན་དུ་རང་ཉིད་སྨོས་པ་བསྟན་བཅོས་ཁས་བླངས་པ་ཡིན་ཡང་རྩོད་པ་འདོད་པ་ཡོད་པ་མ་ཡིན ་ནམ་ཞེ་ན། བདེན་ཏེ་དེའི་ཚེ་ཞེས་བྱ་བ་རྗེས་སུ་དཔག་པའི་དུས་སུ། ཡོད་ཀྱང་བསྟན་བཅོས་ཁས་ལེན་པ་དེ་འདོད་པའི་རྒྱུ་ནི་མ་ཡིན་ནོ། །ཇི་ལྟར་གནོད་པར་བྱས་པ་གཏོང་བར་མི་འགྱུར་ཞེ་ན། འདི་ནི་ཁས་ལེན་པའི་ཐབས་ཡིན་པས་ཤེས ་སྨོས་སོ། །བས་ཤེས་བྱ་བ་ནི་གང་གི་ཕྱིར་བསྟན་བཅེས་ཁས་ལེན་པའི་ཐབས་ནི་འདི་ཁོ་ན་སྟེ། འདི་ལྟ་སྟེ་དེ་ལས་བཤད་པ་ཡོངས་སུ་རྟོག་པ་ཞེས་བྱ་བ་གང་ཡིན་པའོ། །དེའི་ཕྱིར་དེའི་ཚེ་ཡོད་ཀྱང་མེད་པ་དང་འདྲ་བའི་ཁས་ལེན་པ་ནི་གཏོང་པའི ་ཡིན་ལག་མ་ཡིན་ཏེ། མང་པའི་ཕྱིར་གཏོང་བ་མེད་དོ། །གང་གི་ཚེ་བྱེ་བྲག་པ་རང་གི་ལུང་ལས་བཤད་པའི་རྗེས་སུ་དཔག་པར་བྱ་བའི་དོན་གཞན་དང། ལྷན་ཅིག་རྗེས་སུ་དཔག་པ་ལ་རྣམ་པར་དཔྱོད་པར་རྩོད་པ་དེ་ཉིད་ཀྱི་ཚེ་ཁས་བླངས་པ་བྱས་སུ ་ཟིན་ཀྱང། གལ་ཏེ་གཞན་གྱིས་གྲུབ་པའི་མཛའ་ལས་བཤད་པའི་དོན་རྣམ་པ་འགའ་ཞིག་ལྟར་བསལ་བ་དེའི་ཚེ་འདི་ནི་ལུང་མ་ཡིན་ནོ་ཞེས་བརྗོད་པས། ཡིད་གཉིས་སུ་གྱུར་པ་ནི་རྗེས་སུ་དཔག་པའི་དུས་སུ་ཁས་ལེན་པ་ཡོད་ཀྱང་ཁས ་ལེན་པའི་རྒྱུའི་གནས་སྐབས་ཐོབ་པར་གྱུར་པས་ན། ཁས་བླངས་པ་དོར་བ་དང་འདྲ་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་དེའི་ཚེ་ཡོད་པའི་ཁས་ལེན་པ་ནི་སྔ་ན་མེད་པ་བྱ་དགོས་པ་ཅན་དུ་མཐོང་བའི་ཕྱིར་དོར་བའི་ཡུལ་མ་ཡིན་ནོ། །གལ་ཏེ་དཔྱོད་པའི ་དུས་ན་གྲུབ་པའི་མཛའ་མེད་ན། འོ་ན་ནམ་གྱི་ཚེ་བསྟན་བཅོས་ཀྱིས་གནོད་པར་འགྱུར་ཞེ་ན། དེ་ལྟར་ཞེས་སྨོས་ཏེ། བསྟན་བཅོས་ལ་མ་བལྟོས་པར་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཡུལ་གཉིས་རྣམ་པར་དག་ཅིང་གཏན་ལ་ཕེབས ་ནའོ། །བསྟན་བཅོས་ཀྱི་བརྗོད་པར་བྱ་བའི་ཡུལ་གྱི་རང་བཞིན་ཡང་རྣམ་པ་གསུམ་སྟེ། མངོན་སུམ་དུ་གྱུར་པ་གཟུགས་ལ་སོགས་པ་དང། རྗེས་སུ་དཔག་པར་བྱ་བ་སྐད་ཅིག་མ་ཉིད་ལ་སོགས་པ་དང། དབང་པོ་ལས་འདས་པ་མཐོ་རིས ་ལ་སོགས་པའོ། །དེ་ལ་མངོན་སུམ་དུ་གྱུར་པ་དང་རྗེས་སུ་དཔག་པར་བྱ་བའི་ཡུལ་གཏན་ལ་ཕེབས་ན་དེ་ནི་བསྟན་བཅོས་ཡོངས་སུ་འཛིན་པར་འདོད་པའི་སྟེ། ཡོངས་སུ་འཛིན་པ་དུས་ཡིན་ནོ། །འདོད་པ་ཞེས་བྱ་བ་ནི ་འདི་སྐད་དུ་སྟོན་པ་ཡིན་ཏེ། ལུས་གཉིས་ཡོངས་སུ་དག་ཀྱང་དབང་པོ་ལས་འདས་པ་ལ་སེམས་དགོས་པ་མེད་པར་མི་འགྱུར་བའི་ཕྱིར་གདོན་མི་ཟ་བར་གཟུང་བ་ནི་མ་ཡིན་ཏེ། གལ་ཏེ་མི་འཇུག་ན་སྡུག་བསྔལ་བར་གནས་པར་འགྱུར ་ན་དེས་ཡུལ་གཉིས་ངེས་ན་བསྟན་བཅོས་གཟུང་བར་བྱ་བ་ཡིན་པས་ཡུལ་གཉིས་རྣམ་པར་དག་པ་མཐར་ཕྱིན་པའི་དུས་དེའི་ཚེ། བསྟན་བཅོས་ནི་གནོད་པར་འགྱུར་བ་ཡིན་གྱི་སྔར་ནི་མ་ཡིན་ནོ། །གལ་ཏེ་ཡུལ་གཉིས་རྣམ་པར་དག ་ཏུ་ཆུག་པ་དེ་ལྟ་ན་ཡང་ཇི་ལྟར་བསྟན་བཅོས་ཁས་ལེན་པའམ། ཇི་ལྟར་དེ་གནོད་པར་འགྱུར་ཞེ་ན། ངེས་གྲུབ་དོན་ལ་ཞེས་སྨོས་ཏེ། དེས་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་གྲུབ་པའི་དོན་ལ་བསྟན་བཅོས་ལས་གྲུབ་པའི་དོན་དང་འགལ ་བར་སེམས་པ་གང་ཡིན་པ་དེ་ནི་མི་རུང་པའི་ཕྱིར་རོ། །གང་གི་ཕྱིར་རྟེན་མེད་པས་དབང་པོ་ལས་འདས་པའི་དོན་ལ་སེམས་པ་ནི་འཐད་པ་དེའི་ཕྱིར། གནས་གསུམ་པ་དབང་པོ་ལས་འདས་པར་འཕོ་བ་ན། བསྟན་བཅོས་ལེན་པ ་རིགས་ལྡན་ཡིན་ཏེ། གདོན་མི་ཟ་བར་བྱ་བ་ཡིན་ཏེ། བསྟན་བཅོས་ཁས་མ་བླངས་ན་ནི་དཔྱོད་པའི་གཞི་མེད་པའི་ཕྱིར་རོ། །བསྟན་བཅོས་ཁས་བླངས་ན་ཡང་དེ་དང་འགལ་པའི་དོན་ཁས་མ་བླང་སྟེ། དེ་ལས་ལེན་ན་བསྟན་བཅོས་ཀྱི ་གནོད་པར་འགྱུར་རོ། །དཔེར་ན་བསྟན་བཅོས་ལས་རབ་ཏུ་གྲས་པའི་ཆོས་ཁས་བླངས་ནས་དེ་དང་འགལ་བ་བདེ་བ་མ་ཡིན་པ་རབ་ཏུ་སྟེར་བ་ཉིད་སྨྲ་ན་བསྟན་བཅོས་ཀྱི་གནོད་པ་བཞིན་ནོ། །བསྟན་བཅོས་ཡོངས་སུ་ལེན་པ་དེར ་ཡང་དཔེར་ན་སྐད་ཅིག་མ་ཉིད་དང་བདག་མེད་པ་འབྲེལ་བལྟར་བསྒྲུབ་བྱའི་ཆོས་དང། མེད་ན་མི་འབྱུང་བའི་ཆོས་གང་ཡིན་པ་སྟེ། འབྲེལ་པའི་ཆོས་དེ་ལ་གནོད་པ་གང་ཡིན་པ་དེ་ཉིད་སྤང་བར་བྱ་བ་ཡིན་ཏེ། དེ་ལ་གནོད་པར་བྱེད་པ་ནི་དངོས ་པོ་ནི་བསྒྲུབ་བྱའི་ཆེས་ལ་ཡང་གནོད་པར་བྱེད་པ་ཡིན་པས་འགལ་བར་འགྱུར་རོ། །ཆོས་གཞན་དག་ལས་ནི་མིན་ཏེ། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །ལུང་ལ་བརྟེན་པ་ཡིན་ཡང་བསྟན་བཅོས་ལས་མཐོང་བ་ཐམས་ཅད་ཀྱིས་ཁྱབ་པར ་ནི་རྟགས་འགའ་ཡང་དཔེ་ལ་བསྟན་པར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་རྗེས་སུ་དཔག་པ་འཇུག་པའི་དུས་ན་བསྟན་བཅོས་ཁས་ལེན་པ་ཡོད་ཀྱང་མེད་པ་དང། འདྲ་བས་ཡོངས་སུ་འདོར་བའི་ཡན་ལག་མ་ཡིན་ལ། གནོད་པར་བྱེད་པ་ཡང ་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ཇི་ལྟར་གནོད་པར་བྱེད་པ་མ་ཡིན་ཏེ་མིག་པས་ཀྱང་ཆོས་ཡིས་ཆེས་པའི་གནས་སུ་གྱུར་པ་ལུང་གིས་གནོད་ན་གཏན་ཚིགས་མ་ཡིན་ནོ་ཞེས་ངེས་པར་བསམས་ནས་བསྟན་བཅོས་དང་འགལ ་བ་མེད་པའི་གཏན་ཚིགས་གིས་ཉེ་བར་བླང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། བཤད་པ། ལུགས་ཏེ་རྣམ་པར་བཞག་པ་འདི་གང་གིས་བྱས། ཅི་འདྲ་བ་ཞིག་ཅེ་ན། མངོན་སུམ་དང་རྗེས་སུ་དཔག་དང། དབང་པོ་ལས་འདས་པའི་དཔྱེད་པ་ཀུན ་བསྟན་བཅོས་ལས་བལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །དེ་འདྲ་བ་ནི་གང?་གིས་ཀྱང་བྱ་བར་ནུས་པ་མ་ཡིན་ཏེ། དེ་ལྟར་ཡིན་ནོ་ཞེ་ན། ད་ནི་ཕྱུགས་རྫི་ལ་སོགས་པ་གྲུབ་མཛའ་མེད་རྣམས་ཀྱིས། དུ་བསམ་འཛིན་པར་མི་འགྱུར་རོ། །འཛིན ་པ་ཡང་ཡིན་ཏེ། དེའི་ཕྱིར་གྲུབ་པའི་མཛའ་ནི་རྗེས་སུ་དཔག་པ་ལ་གྲོགས་བྱེད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ལུང་ལ་མི་བལྟོས་པར་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་གལ་ཏེ་དཔེ་ལ་བསྟན་བཅོས་ལས་མཐོང ་བའི་དོན་ཀུན་སྒྲུབ་པར་བྱེད་པ་གཅིག་ལ་ཁྱབ་པར་བྱེད་པ་ཡིན་པར་ཉེ་བར་བསྟན་པ་དེ་ལྟ་ན་སྒྲུབ་པར་འགྱུར་རོ་ཞེ་ན། འདི་ནི་འཇིག་རྟེན་ལས་འདས་པའི་ལུགས་ཤིག་གོ། འཇིག་རྟེན་ལ་སྒྲུབ་པར་བྱེད་པ་ཅུང་ཟད་ཡོད་པ་ཁོ ་ན་སྟེ། དེ་ལྟ་ན་ནི་སྒྲུབ་པར་བྱེད་པ་འགའ་ཡང་མེད་པར་འགྱུར་ཏེ། གང་ཞིག་བསྟན་བཅོས་ལས་མཐོང་བ་གཅིག་ཙམ་ཡང་ཕྱིན་ཅི་ལོག་ཏུ་སྒྲུབ་པར་མི་བྱེད་པའི་ཆོས་དེ་ནི་འགའ་ཡོད་དེ། །བསྟན་བཅོས་ལས་མཐོང་བ་དང་འགལ་བས་ཁྱབ ་བ་གང་ཡིན་པའི་ཕྱིར་གཏན་ཚིགས་འགའ་ཡང་མེད་པར་འགྱུར་རོ། །གཞན་ཡང་ལུང་དང་ལྡན་པ་བསྒྲུབ་པར་བྱ་བའི་ཆོས་དང་འབྲེལ་མེད་ཆོས་ནི་མ་གྲུབ་པས་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པར་ནི་ཇི་ལྟར་འགྱུར། འབྲེལ་པ་མ་གྲུབ་ན་ནི ་མ་གྲུབ་པ་ཞེས་བྱ་བར་འགྱུར་རོ། །མངོན་པར་འདོད་པའི་ཆོས་དེ་གྲུབ་པ་ཡིན་ན་ལུང་ལ་གནོད་པར་བྱེད་པ་ཡིན་ཡང་གཏན་ཚིགས་ཀྱི་སྐྱོན་ལྡན་ཇི་ལྟར་ཏེ་ཅིའི་ཕྱིར་ཡིན། དེ་ནི་ཆོས་གཅིག་པོ་དེ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་ཉེ་བར་བཀོད་པ ་ཡིན་པས། གལ་ཏེ་དེ་གྲུབ་ན་གཞན་མ་གྲུབ་ཀྱང་སྐྱོན་དང་ལྡན་པ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ཐམས་ཅད་དུ་རྗེས་སུ་དཔག་པ་ལུང་ལ་བརྟེན་པ་ཡིན་ན་ཕྱུགས་རྫི་ལ་སོགས་པས་འཁྲུལ་པ་དང། གལ་ཏེ་དཔེ་ལ་ཞེས་བྱ་བའི་ཡུལ་འདིས་ཀྱང་མི་ནུས་པ་ཡིན ་ནོ། །ཞེས་བཤད་པ་ཡིན་ནོ། །འདི་སྙམ་དུ་བསྟན་བཅོས་པ་ཐམས་ཅད་དཔེ་ལ་བསྟན་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཆོས་ཇི་སྙེད་བསྟན་བཅོས་ལས་མཐོང་བ་དེ་དག་གིས་གཏན་ཚིགས་ལ་ཁྱབ་པར་ནི་དཔེའི་ཆོས་ཅན ་ལ་བསྟན་པར་བྱ་བ་ཡིན་ནོ། །བསྟན་བཅོས་ལས་མཐོང་བ་ཐམས་ཅད་ཀྱིས་མ་ཡིན་པ་ངེས་ན་འགའ་ཞིག་སྒྲུབ་པར་བྱེད་པར་འགྱུར་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལུགས་ཀྱང་མ་ཡིན་ནོ། །ལུང་ཤེས་པ་ནི་ལུང་ལ་གནོད་པའི་གཏན་ཚིགས་ལས ་འགལ་ཡང་རྟོགས་པ་?་མི་འགྱུར་ཏེ། གང་གིས་མིག་ཏུ་གྱུར་པའི་ལུང་ལ་གནོད་པར་བྱེད་པ་དེ་ནི་དེའི་སྤང་བྱར་གྱུར་པ་ན་ཇི་ལྟར་རྟོགས་པར་བྱེད་པའི་ཡན་ལག་ཏུ་འགྱུར། ལུས་མི་ཤེས་པ་དག་གོ?་ཅི་སྟེ་དུ་བ་ལ་སོགས་པ་ལས་མེ་ལ་སོགས་པ་རྟོགས་པར་མི་འགྱུར ་ཞེ་ན། གལ་ཏེ་འཇིག་རྟེན་?་བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་ཀྱིས་ཁྱབ་པའི་གཏན་ཚིགས་གོ་བར་བྱེད་པར་འགྱུར་གྱི། གཞན་དུ་མ་ཡིན་པ་དེ་ལྟ་ན་ལུང་ཤེས་པའི་ལུང་ལས་གྲུབ་པ་ཡང་དེ་ཁོ་ན་ལྟར་མཛེས་པ་ཡིན་ན། དེ་ལྟར་ཡང་མ་ཡིན་ཏེ། འདི་ལྟར་ཆོས ་ཅན་ཆོས་ནི་མ་ལུས་པ། དཔེ་ལ་ཡོད་པའི་གཏན་ཚིགས་ལ་བསྟན་པ་མེད་པ་ཁོ་ནར་ནི་སྟེ། དེ་དག་གིས་གཏན་ཚིགས་ལ་ཁྱབ་པར་མ་བསྟན་པ་ཁོ་ནར། ལུང་མི་ཤེས་པའི་འགྲོ་བ་ཚིག་ལས་སེམས་དང་ལྡན་པ་ཉིད་དང་དུ་བ་ལ་སོགས་པ་ལས་མེ་ལ་སོགས ་པ་རྗེས་སུ་དཔོག་པ་ཡིན་ན། །དེའི་ཕྱིར་དཔེ་ལ་བསྒྲུབ་བྱ་འབའ་ཞིག་གིས་ཁྱབ་པར་བསྟན་པའི་གཏན་ཚིགས་ནི་ལུང་ཤེས་པ་ལ་ཡང་གོ་བར་བྱེད་པ་ཡིན་ལ། སྐྱེ་བོ་གཞན་ལ་ཡང་དེ་ཁྱད་པར་ཡོད་པ་ནི་མ་ཡིན་ནོ། །གོ་བར་བྱེད་པའི་གཏན་ཚིགས་ལུང་ཤེས ་པ་ལ་ནི་རྣམ་པ་གཞན་དུ་གྱུར་ལ་ལུང་མི་ཤེས་པ་ལ་ཡང་རྣམ་པ་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། འོན་ཀྱང་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་གོ་བར་བྱེད་པ་ནི་གཉི་ག་ལ་ཡང་ཁྱད་པར་མེད་དོ། །འདིའི་ཕྱིར་ཡང་ཁྱད་པར་མེད་པ་ཡིན་ཏེ། འདི ་ལྟར་རང་བཞིན་འབྲེལ་པའི་རྒྱུ་མཚན་ཅན་མེད་ན་མི་འབྱུང་བའི་མཚན་ཉིད་མི་འཁྲུལ་བས་ན། ཁྱབ་པར་བྱེད་པ་ངོ་བོ་དང། རྒྱུ་དག་སྒྲུབ་པར་བྱེད་པའི་དོན་ཁྱབ་པར་བྱ་བ་རང་བཞིན་དང་འབྲས་བུ་ཞེས་བྱ་བ་གོ་བར་བྱེད་པ་ཡིན་པར་ནི་འགའ་ཨི་སྨྲ་བ་ལ་གནོད་ཀྱང། ་དེའི་བདག་ཉིད་དང་དེའི་འབྲས་བུའི་ངོ་བོ་ཉིད་ལས་ལྡོག་པར་མི་འགྱུར་རོ་གལ་ཏེ་ལུང་གནོད་པས་རང་གི་ངོ་བོ་ལས་ལྡོག་པར་འགྱུར་ན་ནི། ལུང་ཤེས་པ་འམ་གཞན་ལ་གཏན་ཚིགས་མ་ཡིན་པར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ངོ་བོ་ཉིད་ལས་ལྡོག་ ་པར་མི་འགྱུར་བ་དེ་ལྟ་ན་ཡང་ལུང་ལ་གནོད་ན་གཏན་ཚིགས་ཀྱིས་ལུང་ཤེས་པ་རྟོགས་པར་བྱེད་མི་ནུས་སོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་བཤད་པ། གཏན་ཚིགས་དེ་ནི་མེད་ན་མི་འབྱུང་བ་ནི་འཁྲུལ་པ་ཉིད་ཡིན་པར་རྟོག་པ་དག ་གོ། །གང་དང་ཞེ་ན། འདོད་པ་སྟེ་འདོད་ཅིང་ཤེས་པར་འདོད་པ་དང་ངོ། །གཏན་ཚིགས་དེ་ཡིས་རྟོགས་པ་ཡིན་ན་བསྒྲུབ་པར་བྱ་བ་ཇི་ལྟར་རྟོགས་པར་འགྱུར་བ་མ་ཡིན། རུང་བ་ཙམ་གྱིས་ནི་སྒྲོན་མ་བཞིན་དུ་གཏན་ཚིགས་རྗེས་སུ་དཔག་པར་བྱ་བ ་གོ་བར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྗེས་སུ་དཔག་པར་བྱ་བའི་དོན་དང་མེད་ན་མི་འབྱུང་བ་ཉིད་དུ་ངེས་པས་སོ། །མེད་པ་མི་འབྱུང་བ་ངེས་པ་ལས་གཞན་པ་མེ་རྟོགས་པར་བྱེད་པའི་བྱ་བ་ནི་ཡོད་པ་མ་ཡིན་ནོ། །དུ་བ་དེ་ནི་རང་བཞིན་འབྲེལ ་པས་མི་མེད་ན་མི་འབྱུང་བ་ཉིད་གྲུབ་པར་འགྱུར་བ་དེ་ཙམ་གྱིས་མེ་རྟོགས་པ་ཉིད་ཡིན་པ་དེ་བཞིན་དུ། ལུང་ཤེས་པ་ཡང་རང་བཞིན་འབྲེལ་པའི་རྟོགས་རྟོགས་པ་ཉིད་ནི་བསྒྲུབ་བྱ་རྟོགས་པ་ཡིན་ཏེ། དེས་ན་ལུང་ལ་གནོད་པའི་གཏན་ཚིགས ་ཀྱིས་ལུང་ཤེས་པ་བསྒྲུབ་བྱ་རྟོགས་པར་མི་འགྱུར་རོ་ཞེས་ཅི་སྟེ་བརྗོད། འདི་སྙམ་དུ་ལུང་ཤེས་པ་དེས་མངོན་པར་འདོད་པའི་ཕྱོགས་གཏན་ཚིགས་དེ་བསལ་བ་ཡིན་དེའི་ཕྱིར། དོན་གང་དང་ཡང་མེད་ན་མི་འབྱུང་བ་མཐོང་བ་མེད་ལ། །འཁྲུལ་པ ་མཐོང་བའི་ཕྱིར་ལུང་ཤེས་པ་གཏན་ཚིགས་ཁས་ལེན་པར་ཡང་མི་བྱེད་དོ་སྙམ་དུ་དོགས་པ་དགག་པའི་ཕྱིར་བཤད་པ། གལ་ཏེ་བསྟན་བཅོས་ལ་ལར་དངོས་པོ་འགའ་རིགས་པ་མ་ཡིན་པ་དེས་ན་གཏན་ཚིགས་དེས་དགག་པར་བྱ་བ་ཡིན་པ་དེ ་ཙམ་གྱིས་རིག་པ་སྨྲ་བའི་གཏན་ཚིགས་གཞན་པ་དག་ཀྱང་ཅི་སྟེ་ཁྱོད་ཀྱིས་དགག་པར་བྱ་བར་འགྱུར། དབང་ཕྱུག་ལ་མི་རིག་པ་སྨྲས་པ་གཅིག་གང་གིས་བཟློག་པ་དེ་ལ་དབང་ཕྱུག་ཁྲོས་ན་རིག་པ་སྨྲ་བ་བརྒྱ་ཡང་བཟློག་པར་བྱེད་པ་གང་ཡིན་པ ་འོད?་ནི་རྒྱལ་རིགས་ཀྱི་ལུགས་ཡིན་ནོ། །ལུང་ལ་གནོད་པར་བྱེད་པ་སྤོང་བའི་ལུང་ཤེས་པ་ལ་ནི་འགའ་བསྒྲུབ་པར་བྱེད་པར་མི་འགྱུར་རོ། །གང་གི་ཕྱིར་ལུང་ལས་མཐོང་བ་གཅིག་ཕྱིན་ཅི་ལོག་པས་ཁྱབ་པས་ཀྱང་གལ་ཏེ་སྒྲུབ་བྱེད་དེ་ལུང་ལ་གནོད་པ་བྱེད ་པར་འགྱུར་བས་དེའི་ལུང་ལ་གནོད་པར་མི་འགྱུར་བར་བྱ་བའི་ཕྱིར་ཐམས་ཅད་ཀྱིས་ཁྱབ་པར་བསྟན་དགོས་ན། དེ་ལྟར་ནི་བྱ་བར་མི་ནུས་སོ་ཞེས་བཤད་པ་ནི། ལུང་ལས་མཐོང་བའི་དོན་རྣམས་ཐམས་ཅད་མཚུངས་བྱས་ནས་ཏེ། དཔེ་ལ་ཡོད་པ་ལ་ཉེ ་བར་བསྟན་ནས་རྟགས་སུ་བྱ་བར་ནི་མི་ནུས་ཏེ། བསྟན་བཅོས་ལ་མཐོང་བའི་ཆོས་ཐམས་ཅད་ཀྱིས་ཁྱབ་པ་ནི་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་གཏན་ཚིགས་ཀུན་ལ་ལུང་ཤེས་པའི་སྒྲུབ་བྱ་དང། སྒྲུབ་བྱེད་བཞག་པ་ཉམས་པར་འགྱུར་རོ།། ་ངེས་ན་ལུང་ལ་གནོད་ཀྱང་ལུང་ལ་གནས་པ་དང་མི་གནས་པའི་གཏན་ཚིགས་ཡིན་ཏེ། དེའི་ཕྱིར་ལུང་ལ་བལྟོས་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་གཏན་ཚིགས་ལུང་ལ་བལྟོས་པ་མེད་པར་ནུས་པ་ཡིན་པ་དེའི་ཕྱིར་སྐབས་སུ ་བབ་པ་ཉིད་བསྒྲུབ་བྱ་ཡིན་པ་དང། བསྒྲུབ་པར་བྱ་བ་དེ་ལ་གནོད་པར་བྱེད་པ་ཡང་འགལ་བ་ཡིན་གྱི། བསྒྲུབ་པར་བྱ་བ་མ་ཡིན་པ་ལ་གནོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གནོད་བྱ་གནོད་བྱེད་མ་ཡིན་པ་མི་རྟག་པ་དང་ནམ་མཁའ་ཨི་ཡོན་ཏན་མ ་ཡིན་པ་ཉིད་དགེ?་བསྒྲུབ་པར་བྱེད་པ་གཅིག་ལས་གྲུབ་པ་ནི་སྐབས་ཀྱི་སྒྲུབ་བྱ་ལ་གནོད་པ་མ་ཡིན་འགལ་བ་མེད་པ་ཡིན་ནོ། །འགལ་བ་མེད་ཀྱང་གལ་ཏེ་བསྟན་བཅོས་ལ་གནོད་པས་འགལ་བར་ཁས་ལེན་ནའོ། །ཡུལ་གཞན་ཞེས་བྱ་བ་ནི་དོན ་གཉིས་ཏེ། གཏན་ཚིགས་གཞན་གྱི་ཡུལ་ལ་གཏན་ཚིགས་གཞན་གྱིས་ལུང་གནོད་པར་བྱས་པ་དང། དྲི་ལ་སོགས་པ་ཆོས་ཅན་ཡུལ་གཞན་ལ་བསྟན་བཅོས་གནོད་པར་བྱས་པ་གང་ཡིན་པ་སྟེ། དེ་ལྟར་གྱུར་པ་ན་ཡང་བསྟན་བཅོས་པ ་གནོད་པར་ཁྱད་པར་མེད་པའི་ཕྱིར་གཏན་ཚིགས་འགལ་བར་འགྱུར་རོ། །བརྩལ་མ་ཐག་ཏུ་བྱུང་བ་ལ་སོགས་པའི་གཏན་ཚིགས་གཞན་གྱི་སྒྲ་ཞེས་བྱ་བའི་ཆོས་ཅན་དེ་ཉིད་ལ། ནམ་མཁའ་ཨི་ཡོན་ཏན་ལ་སོགས་པ་གནོད་པར ་བྱས་ན་ཡང། གཞན་གྱིས་བྱས་པའི་གནོད་པ་ཞི་བའི་ཕྱིར་ཇི་ལྟར་རང་གིས་གནོད་པར་བྱས་པ་དེ་བཞིན་དུ། མི་རྟག་པ་ཉིད་ཀྱི་དོན་དུ་བཀོད་པའི་བྱས་པ་འགལ་བར་འགྱུར་ལ། དེ་བཞིན་དུ་སྐབས་སུ་བབ་པའི་ཆོས་ཅན་ལ་བསྟན་བཅོས་གནོད ་པར་བྱས་པ་དེ་བཞིན་དུ། སྐབས་མ་ཡིན་པའི་དྲི་ལ་སོགས་པའི་ཆོས་ཅན་ལ། སའི་ཡོན་ཏན་ཉིད་ལ་སོགས་པའི་ཆོས་གནོད་པར་བྱས་པས་འགལ་བར་འགྱུར་རོ། །འཇུག་བསྡུ་བའི་སྒོ་ནས་གཏན་ཚིགས་གཞན་གྱིས་བསྟན་བཅོས་བཀག ་པ་བྱས་ནས་ཡང་འགལ་བར་འགྱུར་རོ་ཞེས་བྱ་བ་འདི་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ཏེ། དེས་ན་ཟློས་པར་འགྱུར་བ་མེད་དོ། །དེ་ཉིད་ཕྱིར་དེས་དེ་ཉིད་ལ་གནོད་ན་ཞེས་སྨོས་སོ། །ཉིད་ཀྱི་སྒྲ་ནི་གཉི་ག་དང་འབྲེལ་ཏོ། །གཏན་ཚིགས་དེ ་ཉིད་ཀྱིས་གནོད་པར་བྱས་ན་གཏན་ཚིགས་འགལ་བར་འགྱུར་གྱི། གཏན་ཚིགས་གཞན་གྱིས་གནོད་པ་བྱས་པས་ནི་དེ་འགལ་བ་མ་ཡིན་ལ། དེ་བཞིན་དུ་སྐབས་སུ་བབ་པའི་ཆོས་ཅན་དེ་ཉིད་ལ་བཀག་ན་གཏན་ཚིགས་འགལ་བར་འགྱུར་གྱི། ། ་ཆོས་ཅན་གཞན་ལ་ནི་མ་ཡིན་ཏེ། དྲི་ལ་སོགས་པའི་ཆོས་ཅན་གཞན་དེ་བསྒྲུབ་པར་བྱ་བ་མ་ཡིན་ན། དེའི་ཆོས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་དང། བསྒྲུབ་པར་བྱ་བ་མ་ཡིན་པ་ལ་གནོད་ཀྱང་འགལ་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། ་བཟློག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་གང་ཡིན་པ་དེ་དག་ནི་རང་གི་བསྒྲུབ་བྱ་བལྟས་ནས་བསམ་པར་བྱ་བ་ཡིན་པའི་ཕྱིར་རོ། །རང་གི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཉིད་ཀྱིས ་ནི་གཏན་ཚིགས་ཡོན་ཏན་ཅན་ཡིན་ལ། དེ་སེལ་ན་ནི་སྐྱོན་ཅན་ཡིན་ནོ། །སྒྲུབ་པར་བྱེད་པ་དེ་རང་གི་བསྒྲུབ་པར་བྱ་བ་འགོག་པ་མ་ཡིན་ཡང་བསྟན་གཅོས་ལ་གནོད་པའི་ཕྱིར་འགལ་བར་ཁས་ལེན་པ་ཡིན་ན། བསྟན་བཅོས་ལ་གནོད་པ་དེ་ནི་གཏན་ཚིགས ་གཞན་གྱིས་བྱས་པར་གྱུར་ན་ཡང་བྱས་པ་དེ་ལ་ཡོད་པའི་ཕྱིར་འགལ་བར་འགྱུར་རོ། །ཅིག་ཤོས་གྱིས་སྨྲས་པ། གཏན་ཚིགས་གཞན་གྱིས་བསྟན་བཅོས་ལ་གནོད་པ་བྱས་ན་ཡང་དམ་བཅའ་བའི་སྐྱོན་དུ་འགྱུར་བ་ཁོ་ནའོ། །གཏན་ཚིགས་ཀྱི ་སྐྱོན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་མདོར་བསྡུས་པ་ནི་འདི་ཡིན་ཏེ། དམ་བཅའ་བ་ནི་གལ་ཏེ་གཏན་ཚིགས་དེ་ཉིད་དམ་དེ་ལས་གཞན་གྱིས་བསལ་བ་ཡིན་ཡང་རུང་སྟེ། དེ་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །གནོད་པར ་བྱེད་པའི་འགལ་བ་ཅི་ཡང་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མི་རིགས་སོ་ཞེ་ན། བཤད་པ། དམ་བཅའ་བའི་སྐྱོན་ཡིན་གྱི་གཏན་ཚིགས་ཀྱི་སྐྱོན་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་མོད། འོན་ཀྱང་ཇི་ལྟར་སྐབས་སུ་བབ་པའི་ཆོས་ཅན་དེ ་ཉིད་ལ་གཏན་ཚིགས་གཞན་གྱིས་ནམ་མཁའ་ཨི་ཡོན་ཏན་ཉིད་བཟློག་ན་དམ་བཅའ་བའི་སྐྱོན་ཡིན་པ་དེ་བཞིན་དུ་དྲི་ལ་སའི་ཡོན་ཏན་ཉིད་གཏན་ཚིགས་གཞན་གྱིས་བཟློག་ན་ཡང་སྒྲ་མི་རྟག་པ་རབ་ཏུ་སྒྲུབ་པའི་ཕྱིར་ཉེ་བར་བཀོད་པའི་དམ་བཅའ་ ་བའི་སྐྱོན་དུ་འགྱུར་ཏེ། གཉི་ག་ལྟར་ཡང་བསྟན་བཅོས་བཀག་པའི་ཕྱིར་རོ། །གནོད་པར་བྱས་པའི་ཆོས་དང་ལྡན་པའི་ཆོས་ཅན་གྱི་བརྗོད་པའི་ཕྱིར། སྐབས་སུ་བབ་པའི་ཆོས་ཅན་འདི་ཉིད་ལ་བསྟན་བཅོས་གནོད་ན་དམ་བཅས་པའི་སྐྱོན་དུ་འགྱུར ་གྱི། དྲི་ལ་སོགས་པ་སྐབས་མ་ཡིན་པ་གཞན་ལ་གཏན་ཚིགས་གཞན་གྱིས་སའི་ཡོན་ཏན་ཉིད་གནོད་པས་ནི་མ་ཡིན་ནོ། །གང་གི་ཕྱིར་སྐབས་ཀྱིས་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཕྱིར་དེའི་ཆོས་ཇི་སྙེད་པ་དེ་ཐམས་ཅད་ཀྱང་བསྒྲུབ ་བྱ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་གང་ཡིན་པ་དེ་ཉིད་ཀྱང་དམ་བཅས་པ་གནོད་པར་བྱེད་པར་མངོན་སུམ་དང་རྗེས་སུ་དགག་པས་གནོད་པར་བྱ་བ་ཡིན་ནོ། །སྐབས་མ་ཡིན་པའི་ཆོས་ཅན་ནི་བསྒྲུབ་པར་བྱ་བ་མ་ཡིན་པས ་དེའི་ཆོས་ཀྱང་བསྒྲུབ་བྱ་མ་ཡིན་ཏེ། དེས་ན་དམ་བཅའ་བ་གནོད་པར་བྱེད་པས་དེ་གནོད་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཅན་གཞན་ལ་བརྟེན་པའི་ཆོས་ནི་གཏན་ཚིགས་གཞན་གྱིས་བཀག་པ་ཡིན་ཡང་དམ་བཅའ་བའི་སྐྱོན་མ་ཡིན ་ནོ་ཞེས་དོགས་ན། བཤད་པ། གནོད་པར་བྱ་བའི་དོན་གང་ལ་ཡོད་པའི་བསྟན་བཅོས་དེ་ཁས་བླངས་པས་ན། སྐབས་མ་ཡིན་པ་གཞན་དུ་ཡང་དམ་བཅའ་བའི་སྐྱོན་དུ་འགྱུར་རོ། །འདི་ལྟར་ཆོས་ཅན་སྐབས་ཡིན་པ་ཙམ་གྱིས་ནི་དེའི་ཚེས ་ཐམས་ཅད་བསྒྲུབ་བྱ་མ་ཡིན་ཏེ། འོན་ཀྱང་སྐབས་སུ་བབ་པ་གང་ཡིན་པ་ཉིད་དོ། །བསྟན་བཅོས་ཁས་བླངས་པ་སྐབས་མ་ཡིན་པ་ཡང་བསྒྲུབ་བྱར་འགྲོ་བ་ཡིན་ན་ནི། བསྟན་བཅོས་ཁས་བླངས་པ་དེ་ནི་གཞན་དུ་ཡང་ཁྱད་པར་མེད་པའི ་ཕྱིར་བསྒྲུབ་བྱར་འགྱུར་རོ། །དེས་ན་ཇི་ལྟར་སྒྲ་ལ་ནམ་མཁའ་ཨི་ཡོན་ཏན་གཏན་ཚིགས་གཞན་གྱིས་བསལ་ན་བསྟན་བཅོས་ལ་གནོད་པའི་ཕྱིར་དམ་བཅའ་བ་ལ་གནོད་པ་དེ་བཞིན་དུ། དྲི་ལ་སའི་ཡོན་ཏན་བསལ་ན་ཡང་བསྟན་བཅོས་ལ ་གནོད་པའི་ཕྱིར་ཅི་སྟེ། དམ་བཅའ་བ་ལ་གནོད་པ་ཡིན་ཏེ། ཁས་བླངས་པའི་བསྟན་བཅོས་ཀྱི་དོན་བདག་པར་ཁྱད་པར་མེད་པའི་ཕྱིར་རོ། །གང་གི་ཕྱིར་སྐབས་མ་ཡིན་པའི་ཆོས་ཅན་ལ་བསྟན་བཅོས་བཀག་པས་ཀྱང་དམ་བཅའ་བའི་སྐྱོན ་དུ་ཐལ་བ་དེས་ན་འདི་ནི་དམ་བཅའ་བའི་སྐྱོན་གྱི་མཚན་ཉིད་དུ་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བ་སྟེ། ཧ་ཅང་ཁྱབ་ཆེས་པའི་ཕྱིར་རོ། །བསྟན་བཅོས་ལ་མཐོང་བ་བསྒྲུབ་པར་བྱ་བ་ཉིད་ཡིན་ན་ཉེས་པ་གཞན་ཡང་བསག་པའི་ཕྱིར ་གཞན་ཡང་ཞེས་བྱ་བ་ལ་སོགས་སྨོས་སོ། །ལུང་ལས་མཐོང་བ་མ་གྲུབ་པའི་གཏན་ཚིགས་བརྗོད་པ་ཡང་དམ་བཅའ་བར་འགྱུར་ཏེ། དམ་བཅའ་འདི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དཔེར་ན་སྒྲ་མི་རྟག་སྟེ། ལྡན་པ་དང་རྣམ་པར་དབྱེ་བ་ལས་སྐྱེས་པའི་ཕྱིར ་ཞེས་བྱ་བ་ལ། སྒྲུབ་པར་བྱེད་པ་ལྡན་པ་དང། རྣམ་པར་?་ལས་སྐྱེས་པ་མ་གྲུབ་པར། །དེ་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ། །འོ་ན་ཞེས་ཚིགས་དུ་བརྗོད་པ་མ་ན་སྒྲུབ་བྱེད་དུ་འདོད་པ་སྤངས་པའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན། ཐེ་ཚོམ་ཟ་བ་རྒོལ ་བས་བསྒྲུབ་བྱར་འདོད་པ་ནི་བསྒྲུབ་བྱར་རིག་པ་ཡིན་ནོ། །བསྟན་བཅོས་ལས་མཐོང་བའི་དོན་ཡང་གཞན་ལ་མ་གྲུབ་པ་དང། བསྟན་བཅོས་ལས་བླངས་པས་ཚོལ་བས་བསྒྲུབ་བྱང་ཡན་འདོད་པ་ཡིན་པ་དེས་ན་གང་གིས་བཟློག་པར་བྱེད་པ། །འགའ་ཨི ་ཚིག་ཀྱང་གཞན་དུ་འགྱུར་བར་མི་ནུས་ཏེ། དེའི་ཕྱིར་ཚིག་ཕྲད་སྨོས་པ་ནི་དོན་མེད་པར་འགྱུར་ཏེ། རིགས་པས་ཚིག་ལ་གནོད་པའི་ཕྱིར་རོ། །བསྟན་བཅོས་ལས་མཐོང་བ་བསྒྲུབ་བྱ་ཡིན་ན་རང་གི་སྒྲ་ཡང་དོན་མེད་པར་འགྱུར་ཏེ། ཕྱོགས་ཀྱི་མཚན་ཉིད ་ལས་ཕྱི་རོལ་དུ་གྱུར་བའི་བརྗོད་པར་བྱ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ནི་བརྗོད་པར་བྱ་བ་ནི་ཕྱོགས་ཀྱིས་ངོ་བོ་མ་ཡིན་ཏེ། འོན་ཀྱང་བླ་ལྷག་པ་ཡིན་ནོ། །དེས་ན་དགོས་པ་མེད་པར་འགྱུར་རོ། །དོན་མེད་པ་ནི་མ་ཡིན་ཏེ། འོད་ཀྱང་བསྟན་བཅོས་མང་པོ་དག ་ལ་རྒོལ་བ་འདོད་པས་འཇུག་པའི་དོན་དུ་ཡིན་ཏེ། རྩོད་པའི་དུས་སུ་ཁས་བླངས་པའི་བསྟན་བཅོས་ཀྱང་དེར་ནས་འདོད་པས་གཞན་བླང་བར་བྱའོ་ཞེས་བསྟན་པའི་དོན་དུ་རང་གི་སྒྲ་སྨོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དགག་པའི་ཕྱིར་བཤད་པ། གང ་གིས་དེའི་ཞེས་བྱ་བ་འདོད་པས་འཇུག་པའི་དོན་དུ་འབད་པར་བྱེད་པ་མི་འདོད་བཞིན་དུ་འཇུག་པའི་དོགས་པ་གང་ལས་ཡིན། དོགས་པ་མེད་པར་ནི་རྣམ་པར་དཔྱོད་པ་ལྟུང་བྱེད་པའི་མཚན་ཉིད་ཅན་གྱི་དག་ཡོད་པ་མ་ཡིན་ནོ། །འདི་འདྲ་བའི་དོགས་པའི ་ས་བོན་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་ལུང་གི་ཡུལ་ཡོངས་སུ་བྱང་བར་བྱེད་པའི་ཚད་མ་ཉིད་རྟོག་པ་དང་ལྡན་པའི་འཇུག་པར་བྱེད་པ་ཡིན་ལ། གནོད་པར་བྱེད་པ་ཡང་ལྡོག་པར་བྱེད་པ་ཡིན་ནོ། །དེས་ན་གལ་ཏེ་ཡུལ་ཡོངས ་སུ་སྦྱོར་བའི་ཚད་མས་མ་བཟློག་ན་དེ་སུས་ཀྱང་ཚིག་གིས་བཟློག་པར་མི་ནུས་པ། ཚད་མས་བཟློག་ཅིང་བཀག་ན་ཡང་ཚིག་གིས་འཇུག་པར་བྱེད་མི་ནུས་ཏེ། ཚིག་ནི་འཇུག་པར་བྱེད་པ་དང་ལྡོག་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་རང་གི་སྒྲ ་ནི་དོན་མེད་དོ། །འདི་སྙམ་དུ་རང་ཉིད་བདག་ཉིད་ཀྱིས་སྒྲུབ་པ་གང་ཡིན་པ་དེ་ཆོས་ཅན་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཉམས་སུ་མྱོང་པ་ནི་དོན་གྱི་ངོ་བོ་ལ་རག་ལས་པ་ཡིན་ཏེ། དེས་ན་ཉམས་སུ་མྱོང་བས་གྲུབ་པ་ནི་རང་གིས་གྲུབ་པ་ཡིན་ནོ། ་རྟོག་པ་ནི་དོན་གྱི་ངོ་བོ་ལ་རག་ལས་པ་མ་ཡིན་ཏེ། དེས་ན་དེས་གྲུབ་པ་ནི་རང་གིས་གྲུབ་པའི་ཆོས་ཅན་ལ་འདོད་པའི་ཆོས་གང་ཡིན་པ་དེ་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་རང་ཉིད་ཀྱི་སྒྲ་ཡིན་ནོ། །ཞེས་གང་སྨྲས་པ་ནི་། ་རང་ཉིད་ཀྱི་སྒྲས་ཤེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གྲུབ་མཛའ་ཨི་མཚན་ཉིད་ཀྱིས་ཤེས་པར་བྱས་པའི་ཁྱད་པར་གྱི་ཆོས་ཅན་ནམ་མཁའ་ཨི་ཡོན་ཏན་དང་ལྡན་པ་དང་རྣམ་པར་དབྱེ་བ་ལས་སྐྱེས་པའི་སྒྲ་ཞེས་བྱ་བ་ལྟ་བུའི་ཆོས་ཅན་དེ་ཡོངས ་སུ་སྤངས་ནས་རང་ཉིད་ཀྱིས་རབ་ཏུ་གྲུབ་པ་གཟུང་བར་བྱའོ་ཞེས་རབ་ཏུ་གྲགས་པའི་ཆོས་ཅན་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་གཞན་དག་སྨྲའོ། །བཤད་པ། དེ་ལ་ཡང་རང་ཉིད་ཀྱི་སྒྲ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་རྣམ་པར་དཔྱོད་པའི ་སྐབས་ཉིད་ཀྱིས་གཞི་ཆོས་ཅན་རབ་ཏུ་གྲགས་པ་ཉམས་སུ་མྱོང་བས་གྲུབ་པ་ཡིན་པར་གྲུབ་པ་ཤེས་པ་ཡིན་པ་དེའི་ཕྱིར་དགོས་པ་འདི་ནི་འཐད་པ་ཡིན་ནོ། །ཆོས་ཅན་ནི་རྣམ་པར་དཔྱོད་པའི་རྟེན་ཡིན་ན་གྲུབ་པའི་མཛའ་ལས་གྲགས་པ ་ཉིད?་དཔྱོད་པའི་རྟེན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གིས་འདོད་པས་ཞེས་སྨོས་ཏེ། རང་གི་འདོད་པས་བརྟགས་པའི་ཁྱད་པར་གང་དག་ལ་ཡོད་པའོ། །གཞན་ཡང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དོན་དགོས་པ་ལ་གཙོར་ཏེ་ལྷུར་ཉེ་བར་སྦྱོར་བ་གང ་དག་ཡིན་པ་དེ་ལྟར་མ་ཡིན་པ་དོན་ལ་གཙོར་ཉེ་བར་སྦྱོར་བ་མེད་པ་སྟེ། དེ་དག་ལའོ། །འདི་སྐད་བརྗོད་པ་ཡིན་ཏེ། སྐྱེས་བུའི་དོན་ལ་ཉེ་བར་སྦྱོར་བའི་དོན་དང་ཡིན་པ་དེ་དག་ལ་རྟོག་པ་དང་ལྡན་པ་རྣམ་པར་དཔྱོད་པར་བྱེད་པ་ཡིན་ལ། དོན ་བྱ་བ་ལ་ཉེ་བར་སྦྱོར་བ་ཡང་ཉམས་སུ་མྱོང་བས་གྲུབ་པའི་སྒྲ་ལ་སོགས་པ་ཉིད་ཡིན་གྱི། རང་གི་འདོད་པས་བརྟགས་པའི་ཁྱད་པར་དག་ནི་མ་ཡིན་ནོ། །དེས་ན་དེ་དག་ལ་མི་རྟག་པ་ཉིད་ལ་སོགས་པའི་ཚེས་རྣམ་པ་བཞག་པ་བྱེད་པ་ནི། འགའ་མེད ་གང་གིས་ཀྱང་བཟློག་པར་བྱ་བ་མ་ཡིན་ནོ། །གལ་ཏེ་དོན་བྱེད་པ་གང་ཡིན་པ་དེ་ཉིད་ཁྱད་པར་ཅན་དུ་གྲུབ་པའི་མཛའ་བརྟགས་པ་མ་ཡིན་ནམ། དེ་ཅི་ལྟར་རྣམ་པར་དཔྱད་པར་བྱ་བ་མ་ཡིན་ཞེ་ན། དེ་ལྟར་ཞེས་སྨོས་སོ། །གང་གི་ཕྱིར་ཆོས་ཅན་གང་ཞིག ་རང་གི་འདོད་པས་ཉེ་བར་བཀོད་པ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་ངོ་བོ་མཚུངས་པ་ཉམས་སུ་མྱོང་བས་མ་གྲུབ་པ་གང་ཡོད་པ་ནི་ཁྱད་པར་གྱི་རྟེན་གང་ལ་ཡོད་པའི་ཐ་སྙད་འགལ་བའི་ཆོས་ཁས་མི་ལེན་པའི་མཚན་ཉིད་ཅན་དེའི་རྟེན ་མ་ཡིན་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་རྟག་པ་མ་ཡིན་པའི་ངོ་བོ་མཚུངས་པ་ཅུང་ཟད་ཅིག་ཉམས་སུ་མྱོང་བས་གྲུབ་པར་འདོད་ན་ནི། དེ་ལ་དོན་འདི་ནི་རྟག་པའམ་མི་རྟག་པ་ཡིན་ནོ། །ཞེས་ཁྱད་པར་གྱི་རྟེན་ཅན་གྱི་ཐ ་སྙད་དུ་འགྱུར་བ་ཡིན་ན། གང་གི་ཚེ་རྣ་བས་རྟོགས་པར་བྱ་བའི་ངོ་བོ་ལ་ཡང་གཞན་གྱིས་ཉམས་སུ་མྱོང་བ་ལས་འདས་ནས་རྣམ་པ་གཞན་དུ་བརྟགས་པ་དེའི་ཚེ། གཞན་གྱིས་བརྟགས་པ་དེ་ཉིད་མ་གྲུབ་པའི་ཕྱིར་རྟག་པ་ཉིད་ལ་སོགས་པའི ་ཁྱད་པར་བསམ་པར་ག་ལ་འགྱུར། དེའི་དོན་ནི་འདི་ཡིན་ཏེ། གཉི་ག་ལ་དོན་བྱ་བ་བཟོད་པར་གྲུབ་པར་རྣམ་པར་དཔྱད་པར་བྱ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ལུང་ལས་གྲུབ་པ་ནི་དེ་ལྟར་མ་ཡིན་ནོ། །འོན་ཏེ་རང་ཉིད་ཀྱི་སྒྲས་རབ་ཏུ ་གྲགས་པའི་ཆོས་ཐ་ཅན་ཉེ་བར་སྟོན་པ་ཡིན་ལ། རབ་ཏུ་གྲགས་པ་དེ་ཉེ་བར་བསྟན་པའི་སྒོ་ནས་ཀྱང་གཞུང་ལུགས་ཀྱིས་གྲུབ་པའི་ཆོས་ཅན་རྣམ་པར་དཔྱོད་པ་ནི་མ་ཡིན་ཏེ། དེ་ནི་དཔྱོད་པའི་སྐབས་ཉིད་ཀྱིས་རྣམ་པར་དཔྱད་པ་གྲུབ་པའི་ཕྱིར་རོ། འོན་ཀྱང་གྲུབ ་པའི་ཆོས་ཅན་དེ་ཉིད་བསྒྲུབ་པར་བྱ་བ་མ་ཡིན་པར་བརྗོད་པ་ཡིན་ཏེ། རང་ཉིད་ཀྱིས་གྲུབ་པའི་ཆོས་ཅན་ནི་བསྒྲུབ་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་གི་ངོ་པོ་ཁོ་ནར་ཞེས་བྱ་བ་ལ་སོགས་སྨོས་ཏེ། མཚན་ཉིད་ཀྱི་ཕྱོགས ་གཅིག་པོ་འདི་ཉིད་ཀྱིས་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་པར་རྟོགས་པ་ཤེས་པའི་ཕྱིར་རོ། །ཅིའི་ཕྱིར་རྟོགས་ཤེ་ན། གྲུབ་པ་དང་ཞེས་སྨོས་ཏེ། གང་གི་ཕྱིར་གྲུབ་པ་དང་སྒྲུབ་པར་བྱེད་པ་དེ་དག་གི་ངོ་བོར་བསྟན་པ་ཕྱོགས་ཡིན་པར་དོགས་པ་ཡོད་ན་བསྒྲུབ་པར་བྱ་བ ་ཁོ་ནར་བསྟན་པ་ཞེས་བྱ་བའི་དག་འདི་གྲུབ་པ་དང་སྒྲུབ་བྱེད་དག་བསྒྲུབ་པར་བྱ་བ་ཉིད་ཡིན་པ་སེལ་བས་འབྲས་བུ་དང་བཅས་པར་འགྱུར་རོ། །དེས་ན་གྲུབ་པའི་ཆོས་ཅན་བསྒྲུབ་བྱ་ཉིད་ཡིན་པ་ནི་འདི་ཁོ་ན་ཉིད་ཀྱིས་བསལ་བ་ན་གྲུབ་པར་བསྒྲུབ་བྱར་ཐལ་པ་མེད ་པས་དེ་བཟློག་པའི་བིར་རང་ཉིད་སྨོས་པ་འདི་དོན་མེད་དོ། །དོགས་པ་གཞན་སྨྲས་པ་ནི་རང་ཉིད་ཀྱི་སྒྲས་རང་ཉིད་གྲུབ་པའི་ཆོས་ཅན་ཡོངས་སུ་གཟུང་བར་མ་བརྗོད་ན་རྒོལ་བ་འགའ་ཞིག་ཆོས་ཅན་ཉིད་བསྒྲུབ་བྱར་བྱེད་པར་འགྱུར་རོ། །ངེས་ན་རབ་ཏུ་གྲགས། ་ཉེ་བར་བསྟན་པས་རབ་ཏུ་གྲུབ་པའི་ཆོས་ཅན་གང་ཡིན་པ་དེ་བསྒྲུབ་བྱ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པ་ནི་མ་ཡིན་ཏེ། འོན་ཀྱང་ཆོས་ཅན་གང་ཡིན་པ་ནི་རབ་ཏུ་གྲུབ་པ་ཁོ་ན་ཡིན་གྱི་བསྒྲུབ་པར་བྱ་བ་ནི་མ་ཡིན་ན་ཞེས་དོགས་པ་ལ། མ་ཡིན་ཏེ་ཞེས ་འགོག་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་པ་ཉིད་ཀྱིས། བརྗོད་པར་བྱ་བའམ་དགོས་པའི་དོན་གང་ཡིན་པ་རྟོགས་པའི་དོན་རྒྱུའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་དུ་ཆུག་མོང། དེ་ཙམ་གྱི་ཆོས་ཅན ་བསྒྲུབ་བྱ་མ་ཡིན་པར་ཅི་ལྟར་འགྱུར་ཞེ་ན་ཆོས་ཅན་ཞེས་སྨོས་སོ། །རང་གི་མཚན་ཉིད་བསྒྲུབ་བྱར་འགྱུར་ན་ཞེས་བྱ་བ། རང་གི་མཚན་ཉིད་ཁོ་ན་བསྒྲུབ་བྱར་འགྱུར་བ་མ་ཡིན་ནམ། ཅི་སྐད་དུ་ཚད་མ་གཉི་ག་དངོས་པོའི་ཡུལ་ཅན་ཞེས་བརྗོད་པ་ཡིན་ན ་ཞེ་ན། བདེན་མེད་ཀྱི། འོན་ཀྱང་རྗེས་སུ་དཔག་པའི་ཡུལ་ནི། འདི་ནི་གཞན་དུ་མཐོང་བ་ཅི་འདྲ་བ་བུར?་ཤིང་རྣམ་པར་འགྱུར་བའི་རྒྱུ་དྲ་བའི་རེག་པའི་ཁྱད་པར་འགའ་ཞིག་ཡིན་ནོ་ཞེས་རྗེས་སུ་འགྲོ་བའི་ངོ་བོ་ཉིད་དཔེ་དང་ཐུ་ན་མོང་དུ་རྟོགས་པས་། ་ཁྱབ་པ་རབ་ཏུ་སྟོན་པའི་ཡུལ་དུ་གྱུར་པའི་ཆོས་ཅན་དག་ལ་མཐོང་བའི་རང་གི་མཚན་ཉིད་ཡིན་ནོ། །དེའི་སོ་སོར་ངེས་པའི་ཁྱད་པར་རྒྱུད་གཞན་ལས་ལག་ཅིང་རང་གི་རྒྱུད་ལ་གནས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པའི་དུས་སུ་མ་རྟོགས་པ་དེས ་ན་སྤྱིར་བཤད་པ་ཡིན་ནོ། །ནམ་ཡང་མཐོང་བ་མེད་པའི་ཆོས་ཅན་བསྒྲུབ་བྱ་ཡིན་ན་ནི། དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་སོ་སོར་ངེས་པའི་རང་གི་མཚན་ཉིད་བསྒྲུབ་བྱར་འགྱུར་ལ། རང་གི་མཚན་ཉིད་དེ་ཡང་རྗེས་འགྲོ་བ་མེད་པ་ལ་རྟགས་མེད ་པའི་ཕྱིར་སྤངས་ཟིན་ཏོ། །དེའི་ཕྱོགས་ཀྱི་མཚན་ཉིད་འདིར་དེ་སྐད་ཅེས་བྱ་བ་ཆོས་ཅན་བསྒྲུབ་བྱ་ཉིད་བཟློག་པའི་དོན་ཅན་རང་ཉིད་ཀྱི་སྒྲ་མ་བརྗོད་ཀྱང་འདོད་པའི་ཕྱོགས་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ། ངེས་པའི་ཕྱོགས་སུ་ཐལ་བ་ནི་རྗེས་སུ ་དཔག་པ་སྤྱིའི་ཡུལ་ཅན་ཉིད་ཀྱི་སྤངས་པའི་ཕྱིར་རོ། །འོན་ཏེ་རྣམ་པ་གཞན་གྱིས་ཆོས་ཅན་བསྒྲུབ་བྱ་ཉིད་ཡིན་པ་མ་སྤངས་པ་དེ་ལྟ་ན་ཡང་དེ་སྤངས་པའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ལ་རང་ཉིད་ཀྱི་སྒྲ་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་ ་ཕྱོགས་ཀྱི་མཚན་ཉིད་གྱིས་སྤང་བར་བྱ་བ། ཆོས་ཅན་བསྒྲུབ་བྱ་ཉིད་དུ་བྱས་པས་ཕྱོགས་ཀྱི་སྐྱོན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་བཤད་པ། ཅི་སྟེ་འགའ་ཞིག་གིས་ཆོས་ཅན་ཉིད་བསྒྲུབ་བྱང་བྱས་ན་བསྒྲུབ་བྱར ་བྱས་པ་དེ་ལས་ཅིར་འགྱུར། ཅིག་ཤོས་ཀྱིས་སྨྲས་པ། ཆོས་ཅན་དེ་ནི་བསྒྲུབ་བྱར་བྱ་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། གཏན་ཚིགས་ནི་ཁྱད་པར་གཞན་ན་མེད་པའི་ཆོས་ཅན་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ ་ན་འདི་ནི་གཏན་ཚིགས་དང་དཔེ་དག་གིས་ཞེས་བྱ་བ་ལ། གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་དང། དཔེ་བསྒྲུབ་བྱས་སྟོང་པའི་སྐྱོན་ཡིན་ནོ། །གང་ཕྱིར་དམ་བཅའ་བའི་མཚན་ཉིད་ཀྱིས་ཡན་ལག་ལས་གཞན་དུ་གྱུར་པའི་ཡན་ལག ་ཕྱི་མ་ལ་བལྟོས་པ་ཡིན་པ་དེའི་ཕྱིར་ཡན་ལག་ཕྱི་མའི་སྐྱོན་ཡིན་གྱི་ཕྱོགས་ཀྱི་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་སྐྱོན་འདིས་ཀྱང་དམ་བཅའ་བའི་དོན་གྲུབ་པའི་གེགས་བྱེད་པས་དམ་བཅའ་བའི་སྐྱོན་ཡིན་པར་བརྗོད་ན། དེའི ་ཚེ་གཏན་ཚིགས་དང་དཔེའི་སྐྱོན་ཐམས་ཅད་ཕྱོགས་ཉིད་ཀྱི་སྐྱོན་ཡིན་པར་འགྱུར་ཏེ། གང་གི་ཕྱིར་ཐམས་ཅད་དུ་ཕྱོགས་ཉིད་ལ་གནོད་པའི་ཕྱིར་རོ། །ཐམས་ཅད་ཕྱོགས་ཀྱི་སྐྱོན་དུ་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཡན་ལག་ཕྱི་མ་ལ་མི ་བལྟོས་པར་དེ་ཙམ་སྟེ་ཕྱོགས་ཙམ་དང་རྗེས་སུ་འབྲེལ་བ་གང་ཡིན་པ་དེ་ཁོ་ན་ཕྱོགས་ཀྱི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེ་འམ་བུམ་པ་རྟག་པའོ་ཞེས་བརྗོད་པ་ཙམ་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བར ་ཐལ་བ་བཞིན་ནོ། །གཞན་གྱིས་རྟོགས་པའི་ཕྱིར་དང། འཐད་པ་མ་ཡིན་པའི་ཕྱིར་ན་རང་ཉིད་ཀྱི་སྒྲའི་དོན་འདི་ན་མ་ཡིན་ཏེ། རང་ཉིད་ཀྱི་སྒྲ་ནི་ལོག་པར་རྟོག་པ་བསལ་བའི་དོན་ཁོ་ནར་ཡིན་ནོ། །དོན་འདི་ཉིད་བཤད་པ་ནི། རྒྱུ་ལ་སོགས་པའི ་མཚན་ཉིད་ཀྱིས་བསལ་བྱ་རྣམ་པར་བཅད་པར་བྱ་བ་ལ་བལྟོས་པ་མེད་པར་འདོད་པའི་ཡུལ་མ་ཁྱབ་པ་དང། ལྡོག་པ་མི་འདོད་པའི་ཡུལ་ལ་ཧ་ཅང་ཁྱབ་ཆོས་པ་དག་སྤང་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་བརྗོད་པ་ཡིན་ནོ། །ཚིག་གང་གི་མ་ཁྱབ་པ་དང་ལྡོག་པ ་སྦོང་བ་དེ་བཤད་པ་ནི། བདག་ཉིད་དང?་ཚིག་ཕྲད་དང། ངོ་བོ་ཞེས་བྱ་བ་དེ་དག་སྟེ། མ་བསལ་བ་དང་བཅས་པ་དང?་རྣམས་ནི་ལྡོག་པ་སྟེ་ཧ་ཅང་ཁྱབ་ཆོས་པ་སེལ་བར་བྱེད་པ་ཡིན་ནོ། །གྲུབ་པ་དང་མ་གྲུབ་ཀྱང་སྒྲུབ་བྱེད་ཉིད་དུ་ཉེ་བར་བཀོད་པ་དང། བསྟན ་བཅོས་ལ་མཐོང་བ་དང། བསལ་བ་མངོན་པར་འདོད་པ་མ་ཡིན་པ་དག་ཕྱོགས་ཉིད་དུ་ཐལ་བར་མ་གྱུར་ཅིག་ཅེས་ཚིག་འདི་རྣམས་ཉེ་བར་བཀོད་པ་བྱས་སོ། །འདོད་པའི་སྒྲ་ནི་མ་ཁྱབ་པ་སེལ་བར་བྱེད་པ་ཡིན་ནོ། །འདོད་པ་སྨོས་པས་ནི་དོན་དེ་མ་བརྗོད ་དུ་ཟིན་ཀྱང་སྤངས?་ཀྱི་རྟན་དུ་གྱུར་པའི་ཆོས་ནི་བསྒྲུབ་བྱ་ཡིན་ནོ་ཞེས་ཅི་ནས་ཀྱང་ཤེས་པར་བྱ་བའི་ཕྱིར་རོ། །གཞན་དག་ནི་སྨྲས་པ་ཙམ་བསྒྲུབ་བྱར་འདོད་པས་མ་ཁྱབ་པ་ལ་གནོད་ཡིན་ནོ། །གལ་ཏེ་ཚིགས་འདི་དག་མ་ཁྱབ་པ་དང་ཁྱབ་ཆེས་པ་ལས ་གནོད་པར་བྱེད་པ་ཡིན་ན་སློབ་དཔོན་གྱི་ཕྱོགས་ཀྱི་མཚན་ཉིད་དུ་གང་ཞིག་མངོན་པར་བཞད་ཅེ་ན། བཤད་པ། བསྒྲུབ་བྱར་ཁས་བླངས་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་མཚན་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རིག་པའི་སྒོ་ལས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ ་ནི་ཕྱོགས་ཡིན་ནོ་ཞེས་ཕྱོགས་ཀྱི་མཚན་ཉིད་བཤད་དོ། །འདིར་ཡང་འདོད་པ་དང་རང་གི་ངོ་བོའི་སྒྲ་དག་གི་དོན་འཐོབ་པའི་ཕྱིར་འདི་ཉིད་འདོད་པ་ཡིན་གྱི། མཚན་ཉིད་འདི་ནི་སློབ་དཔོན་ཆོས་ཀྱི་གུགS་པའི་ཡིན་ནོ་ཞེས་དེ་ལྟར་ནི་བཤད་པར་མི་བྱའོ། །གང ་གི་ཕྱིར་ཚིག་དག་མ་ཁྱབ་པ་དང་ཁྱབ་ཆེས་པ་བཅད་པའི་ཕྱིར་ཡིན་ན་དེའི་མཚན་ཉིད་དུ་འདོད་པ་གང་ཡིན་ཞེས་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་དྲི་བར་འགྱུར་བ་ཁོ་ནའོ། །གང་ཅི་ལྟར་ན་འདི་དོན་དམ་པའི་མཚན་ཉིད་དུ་འགྱུར་ཞེ་ན། གང་གི་ཕྱིར་བཟློག་པར ་བྱ་བ་དེ་རྣམས་ལ་ནི་ཕྱོགས་ཉིད་མེད་དོ། །ཅི་ལྟར་ཕྱོགས་ཉིད་མེད་ཅེ་ན། བསལ་བའི་ཡུལ་ལ་ནི་བསྒྲུབ་བྱར་ཁས་ལེན་པ་གནོད་པའི་ཕྱིར་དང། ལྷག་མ་གྲུབ་པ་དང་མ་གྲུབ་ཀྱང་སྒྲུབ་བྱེད་ཉིད་དུ་བརྗོད་པ་དང། སྨྲས་པ ་ཙམ་དང། རང་ཉིད་འདོད་པ་མ་ཡིན་པ་ལ་ནི་མཚན་ཉིད་འཇུག་པ་མེད་པའི་ཕྱིར་ཕྱོགས་ཉིད་མེད་དོ། །དེས་ན་བསྒྲུབ་པར་བྱ་བ་ཉིད་དུ་ཁས་བླངས་པ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ནོ། །མ་ཁྱབ་པ་དང་ཁྱབ་ཆོས་པ་ཟློག་པར་བྱེད་པ་འདི་དག ་གིས་ཀྱང། བསྒྲུབ་པར་བྱ་བར་ཁས་བླངས་པ་ཕྱོགས་ཡིན་ཞེས་དོན་གྱིས་རྣམ་པར་བཞག་པར་འགྱུར་བ་དེས་ན་དོན་དེ་ལྟར་འགྱུར་བ་ཡིན་གྱི་དག་གཞན་ནི་དགོས་པར་མི་བྱའོ། །གལ་ཏེ་མ་ཁྱབ་པ་དང་ཁྱབ་ཆོས་པ་སྤང་བའི་ཕྱིར་ཕྱོགས་ཀྱི ་མཚན་ཉིད་ཡིན་ན་ནི་འདོད་པ་སྨོས་པ་ཉིད་ཀྱིས་མི་འདོད་པ་ཐམས་ཅད་བཟློག་པར་གྲུབ་པས་རང་ཉིད་ཀྱི་སྒྲ་དོན་མེད་དོ་ཞེ་ན། བཤད་པ། ལོག་པར་རྟོག་པ་མཐོང་བའི་ཕྱིར། ཕྱོགས་ཀྱི་མཚན་ཉིད་འདིར་ནི་སློབ་དཔོན་གྱིས་བདག་ཉིད་ཀྱི་སྒྲ ་མཛད་པ་ཡིན་ནོ། །བསྟན་བཅོས་ལས་མཐོང་བའི་ཆོས་མི་འདོད་པ་ཡང་བསྟན་བཅོས་ཁས་བླངས་པའི་ཕྱིར་འདོད་པ་ཉིད་ཡིན་ལ། འདོད་པའི་ཕྱིར་ན་བསྒྲུབ་བྱ་ཡིན་ནོ་ཞེས་ཁ་ཅིག་གིས་རྟོགས་པས་ལོག་པར་རྟོགས་པ་ཡིན་ནོ། །འོན ་ཏེ་གང་ཞིག་ཉེ་བར་བསྟན་པས་ལོག་པར་རྟོགས་པ་བསལ་བར་འགྱུར་བ། རང་ཉིད་སྨོས་པ་མཛད་པ་ན་ཅི་ཞིག་སྟོན་པར་བྱེད་པ་ཡིན་ཞེ་ན། འདོད་པ་ལ་གནོད་པ་མེད་པར་སྟོན་པར་བྱེད་པ་ཡིན་ཏེ། བསྟན་བཅོས་ལས་མཐོང་བ་དེ་ནི ་ཅི་ལྟར་མི་རྟག་པ་ལས་བདག་མེད་པ་ལྟར་གཉུག་མའི་བསྒྲུབ་བྱ་དང་མེད་ན་མི་འབྱུང་བ་མ་ཡིན་ལ། གང་ཞིག་བཞག་པས་གཉུག་མའི་བསྒྲུབ་བྱ་ལ་གནོད་པར་འགྱུར་བ་དེ་ལ་བལྟོས་ནས་གཏན་ཚིགས་ནུས་པ་ཡང་མ་ཡིན་ནོ། །འོན་ཏེ ་ལུང་ལས་མཐོང་བ་ལོགས་ཤིག་ཉིད་དུ་བསྒྲུབ་བྱ་ཡིན་པར་འདོད་མ་བདེ་བསྒྲུབ་བྱ་མ་ཡིན་པ་ཉིད་དུ་སྟོན་པ་ཡིན་ཏེ། བསྟན་བཅོས་ཁས་བླངས་པ་འམ། །ཆོས་ཅན་སྐབས་སུ་བབ་པ་ཡིན་པ་ཙམ་གྱིས་ནི་རྩོད་པའི་གཞི་མ་ཡིན་པ་བསྒྲུབ་བྱས་འགྱུར་བ་མ ་ཡིན་ནོ། །བསྟན་བཅོས་ཁས་བླངས་པའི་ཕྱིར་དེ་ལྟ་བུ་ཡང་བསྒྲུབ་བྱར་འདོད་པ་ཉིད་ཡིན་པ་དེ་ལྟ་ན་ནི་ཐུག་པ་མེད་པར་སྟོན་པ་ཡིན་ནོ། །ཅི་ལྟར་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་པའོ་?་ལས་མཐོང་བ་བསྒྲུབ་བྱར་གྱུར་ན། གང་ཞིག་ནམ ་མཁའ་ཨི་ཡོན་ཏན་བཞིན་དུ་ཕྱིན་ཅི་ལོག་ཏུ་འགའ་ཡང་སྒྲུབ་པར་མི་བྱེད་པའི་ཆོས་དེ་ནི་མེད་པས་ཐམས་ཅད་འགལ་བར་འགྱུར་བའི་ཕྱིར་གཏན་ཚིགས་འགའ་ཡོད་མེད་པར་འགྱུར་རོ། །དེ་ལྟར་ན་རང་ཉིད་ཀྱི་སྒྲས་འདོད་པ་ལ་གནོད་པ་མེད་པ་དང། ནམ ་མཁའ་ཨི་ཡོན་ཏན་ཉིད་བསྒྲུབ་བྱ་མ་ཡིན་པ་དང། བསྒྲུབ་པར་བྱ་བ་ཉིད་ཡིན་ན་ཡང་དྲུག་པ་མེད་པར་འགྱུར་བར་སྟོན་པས་ལོག་པར་རྟོག་པ་བསལ་བ་ཡིན་ནོ། །གལ་ཏེ་རང་ཉིད་དང་འདོད་གའི་སྒྲ་དག་གིས་ཚིགས་མ་གྲུབ་པ་བརྗོད་པ་སྤངས་པ ་མ་ཡིན་ནམ་གཏན་ཚིགས་མ་གྲུབ་པ་ནི་རྒོལ་བ་བདག་ཉིད་བསྒྲུབ་བྱ་ཉིད་དུ་འདོད་པ་མ་ཡིན་པའི་ཕྱིར་ངེས་པར་གཟུང་བའི་དོན་མེད་དོ་ཞེ་ན། དེ་རྗེས་སུ་བརྗོད་ནས་ལན་གདབ་པའི་ཕྱིར་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཡང ་ཕྱོགས་ཀྱི་མཚན་ཉིད་འདིར་རང་ཉིད་དང་འདོད་པའི་སྒྲ་དག་གིས་བརྗོད་པར་བྱེ་བ་ངེས་པར་གཟུང་བའི་དོན་ཁོ་ནའི་སྒྲ་ངེས་པ་དེ་ལྟ་ན་ཡང། བྱེད་པ་དང་ལྡན་པའི་མིང་ཅན་ཏེ་བྱ་ལ་སོགས་པའི་རྐྱེན་གྱི་མཛའ་བསྟན་པར་བྱ་བའི་སྒྲ་གང་ལ་ཡོད་པ ་དེ་དང་འདོད་པའི་སྒྲ་འབྲེལ་པའི་རྒྱུའི་ཕྱིར་སྟོན་པར་འགྱུར་པའི་དོན་ལ་ཡང། ཕྱོགས་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བར་གཟིགས་ནས་སློབ་དཔོན་གྱིས་ངེས་པར་གུང་བ་བཤད་པ་ཡིན་ནོ། །འདི་ལྟར་བསྟན་པར་འོས་པ་བྱུང་བ་དང་འབྱུང ་བར་འགྱུར་བ་དང་དེ་ལྟར་བའི་དོན་དག་ལ་བསྟན་པར་བྱ་བ་ཞེས་བརྗོད་པ་ཡིན་ནོ། །བསྟན་པར་བྱ་བའི་སྒྲའི་དོན་ཀྱང་གཙོ་བོ་ཡིན་ལ། རང་ཉིད་དང་འདོད་པའི་སྒྲའི་དོན་ནི་དེའི་ཁྱད་པར་ཡིན་པ་དེས་ན་རང་ཉིད་དང་འདོད ་པའི་སྒྲའི་དོན་ཀྱང་འབྱུང་བར་འགྱུར་བའི་དུས་ཀྱི་དོན་ནི་རང་གི་ངོ་བོར་བསྟན་པར་བྱ་བ། རང་ཉིད་ཀྱིས་འདོད་པ་གང་ཡིན་པ་དེ་བརྗོད་པ་ནི་ཕྱོགས་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་ལ། དེ་ལས་ཀྱང་མ་གྲུབ་པའི་གཏན་ཚིགས་རྗོད་པ་དང ་མ་གྲུབ་པའི་དཔེ་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ། །གཏན་ཚིགས་དང་དཔེ་མ་གྲུབ་པ་དེ་དག་ནི་རྒོལ་བ་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བར་འདོད་པ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བཀོད་པའི་དུས་ན་ཡང་ཕྱོགས ་ཉིད་ཡིན་པར་ཐལ་ལོ། །གལ་ཏེ་བློའི་དོན་དག་ལས་ནིཥྛིའི་རྐྱེན་དང་ད་ལྟར་བ་ལ་རྗོད་པའི་ཕྱིར་འདོད་པ་བརྗོད་པ་མ་ཡིན་ནམ། གཏན་ཚིགས་སམ་དཔེ་མ་གྲུབ་པ་ལ་ནི་རྒོལ་བ་བསྒྲུབ་བྱ་ཉིད་དུ་ད་ལྟར་འདོད་པ་མེད་དོ། སྒྲུབ་བྱེད་ཉིད་དུ་རྗོད ་པའི་ཕྱིར་རོ། །དེས་ན་སྟོན་པར་འགྱུར་བ་ཕྱོགས་ཉིད་དུ་ཇི་ལྟར་ཐལ་བར་འགྱུར་ཞེ་ན། བཤད་པ། ད་ལྟར་བ་ཡིན་ཡང་ཕྱོགས་ཀྱི་མཚན་ཉིད་འདིར་ནི་འདོད་པའི་སྐད་ཀྱི་བྱིངས་ལ་ཨིཤུ་ལ་ནིཥྛའི་རྐྱེན་ཡན་ལག་མ་ཡིན་ཏེ། སྟོན་པར་འགྱུར་བ་ཕྱོགས ་ཉིད་ཡིན་པ་འགོག་པར་བྱེད་པའི་རྒྱུ་མཚན་མ་ཡིན་ནོ། །འདི་ལྟར་བསྟན་པར་བྱ་བའི་སྒྲས་ཟིན་པའི་དོན་གང་ཡིན་པ་དེ་ཉིད་བསྟན་པར་བྱ་བ་གང་ཞིག་འདོད་པ་དེ་ནི་ཕྱོགས་ཡིན་ནོ་ཞེས་འདོད་པའི་སྒྲའི་དོན་གྱིས་ཁྱད་པར་དུ་བྱས་པ་ཡིན་ལ། ་བསྟན་པར་བྱ་བར་འགྱུར་བ་ཡང་བསྟན་པར་བྱ་བ་ཡིན་ནོ། །དེས་ན་དེ་ཡང་ཕྱོགས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ནིཥྛ་ནི་ཡན་ལག་མ་ཡིན་ནོ། །ཁོ་ནའི་སྒྲ་ཡོད་ན་ནི་གང་ཞིག་རང་གི་ངོ་བོ་ཁོ་ནར་བསྟན་པར་བྱ་བའི་རང་ཉིད་འདོད ་པ་དེ་ཡིན་ནོ་ཞེས་བྱ་བ་འདིར་འགྱུར་རོ། །མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་ནི་བསྒྲུབ་པར་བྱ་བ་ཁོ་ནའི་བསྟན་པར་བྱ་བར་འདོད་པ་མ་ཡིན་ཏེ། དེའི་ཚེ་གཏན་ཚིགས་ཉིད་དུ་བསྟན་པར་བྱ་བར་འདོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་གཏན ་ཚིགས་ལ་སོགས་པ་བསྒྲུབ་པར་བྱ་བ་ཁོ་ནར་བསྟན་པར་བྱ་བར་འདོད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བདེན་མེད་ཀྱི་འོན་ཀྱང་གང་ལས་བསྟན་པར་བྱ་བར་འགྱུར་བའི་ཡུལ་ངེས་པར་གཟུང་བར་འགྱུར་བ་དུས་གཅིག་ཏུ་ནི་གྲུབ་པ་དང་བསྒྲུབ ་པར་བྱ་བ་ཉིད་དུ་སྟོན་པ་སྲིད་པ་མ་ཡིན་ནོ། །ངེས་ན་ངེས་པར་གཟུང་བ་ནི་རིམ་གྱིས་ཀྱང་གྲུབ་པ་དང་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་སེལ་བར་བྱེད་པ་ཡིན་ནོ་ཞེས་འཐང་བ་ཡིན་ནོ། །གང་དག་གང་གི་ཚེ་འདོད་པར་འགྱུར་བ་དེའི་ཚེ་བསྟན་པར་བྱ་བར ་འགྱུར་བ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ་ཞེས་ཟེར་བ་དེ་དག་གི་ལྟར་ན་ནི་ངེས་པར་གཟུང་བ་བྱས་ཀྱང། གང་གི་ཚེ་རང་གི་ངོ་བོ་ཁོ་ནར་འདོད་པར་འགྱུར་བ་དེའི་ཚེ་བསྟན་པར་བྱ་བར་འགྱུར་བ་གང་ཡིན་པ་དེ་ཕྱོགས་ཡིན་ལ། དེའི་ཚིག་ནི་དམ་བཅའ་ ་བ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །གང་གི་ཚེ་འདི་མ་གྲུབ་པ་ཉིད་རྗོད་པར་འགྱུར་བ་དེའི་ཚེ་བསྒྲུབ་པར་བྱའོ་ཞེས་ཅིག་ཅར་ཉིད་སྒྲུབ་པར་བྱེད་པ་དང། སྒྲུབ་པར་བྱ་བ་ཉིད་དུ་འགྱུར་པར་འདོད་པར་མཐོང་བ་དེ་ཟློག་པའི་ཕྱིར་ངེས་པར་གཟུང་བར ་འགྱུར་བས་འདི་ནི་སྤང་བར་བྱ་བ་ཡིན་ནོ། །འོ་ན་རིགས་པའི་སྒོར་ཡང་ཁོ་ནའི་སྒྲ་བྱ་དགོས་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ནི་ཕྱོགས་ཡིན་ནོ། །ཞེས་བྱ་བ་འདིར་ཡང་བྱེད་པ་དང་ལྷན་ཅིག་པའི་མཛའ་ཅན་བསྒྲུབ་བྱའི་སྒྲ་ཡོད་པའི་ཕྱིར ་རོ་ཞེ་ན། བཤད་པ། འདོད་པའི་ཚིག་ལ་ནི་ནིཥཐ་ཡན་ལག་ཉིད་ཡིན་ནོ། །འདི་ལ་ནི་ནིཥྛའི?་མཛའ་ཅན་གྱི་ཚིག་དང་འབྲེལ་བའི་ཕྱིར་འདོད་པའི་སྒྲའི་དོན་འབྱུང་བར་འགྱུར་བའི་ཡུལ་ཅན་དུ་དོགས་པར་འགྱུར་བ། འབྱུང་བར་འགྱུར་བའི་དོན་དུ་སྲིད ་པ་ཁྱད་པར་ཅན་གྱི་སྒྲ་གཞན་ཡོད་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ཉིད་དུ་ཞེས་བྱ་བ་འདི་ནི་ཁྱད་པར་གྱི་ཚིག་ཉིད་ཡིན་ནོ། །དེའི་ཕྱིར་ནིཥྛའི་རྐྱེན་དེས་གཏན་ཚིགས་དང་དཔེ་མ་གྲུབ་པ་འགོག་པར་བྱེད་དོ། །དཔེར་ན་སྒྲ་མི་རྟག་སྟེ ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བར། །བྱས་པ་ཉིད་དཔྱོད་པ་ལ་མ་གྲུབ་ཀྱང། དེའི་ཚེ་རྒོལ་བ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མ་ཡིན་པ་དང། གྲངས་ཅན་ལ་དཔེ་མ་གྲུབ་ཀྱང་བསྒྲུབ་བྱ་ཉིད་དུ་འདོད་པ་མ་ཡིན་པའི་ཕྱིར་དེ་དག་རྗོད་པ ་ཕྱོགས་མ་ཡིན་པ་བཞིན་ནོ། །རྒོལ་བ་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་སྒྲས་བསལ་བར་ཡ་བ་གཞན་དག་ཀྱང་སྟོན་པའོ། །མི་འདོད་པ་དང་འདྲེས་པ་ནི་བསྒྲུབ་བྱ་མ་ཡིན་ནོ། །འདོད་པ་འབའ་ཞིག་པ་ཉིད་བསྒྲུབ་བྱ་ཡིན་གྱི་མི ་འདོད་པ་དང་འདྲེས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་གནོད་ན་ཡང་གཏན་ཚིགས་འགལ་བའི་སྐྱོན་དུ་མི་འགྱུར་ཞིང། ཕྱོགས་ལ་བསྟན་བཅོས་ཀྱི་གནོད་པའི་སྐྱོན་དུ་འགྱུར་བ་མེད་དོ། །ཞེས་བྱ་བའི་དོན་འདི་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ ་པར་བྱ་བ་ལས་མ་འདས་པར། ཅི་ལྟར་བསྒྲུབ་པར་བྱ་བ་ཡིན་པ་བཀག་པ་མེད་པའི་ཕྱིར་རོ་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་བཀག་ན་སྐྱོན་ཡིན་གྱི་གཞན་དང་འདྲེས་པ་བཀག་པས་ནི་མ་ཡིན་ཏེ། འདྲེས་པ་བཀག་ཀྱང་སྐབས་སུ་བབ་པ་ལ་གནོད་པ་མེད་པའི ་ཕྱིར་རོ། །མི་འདོད་པ་དང་འདྲེས་པའི་དཔེར་བརྗོད་པ་ནི། མི་འདོད་པ་ནམ་མཁའ་ཨི་ཡོན་ཏན་ཉིད་དང་ལྷན་ཅིག་དོན་གཅིག་ལ་འདུ་བ་ཉིད་གང་ཡིན་པ་ཨེ་གང་ལ་ཡོད་པའི་མི་རྟག་པ་ཉིད་དེ་ནི་མི་འདོད་པ་དང་འདྲེས་པ་ཡིན་ཏེ། དེ་མེད་པ་ཡང་སྒྲུབ་པར ་བྱེད་པ་བཞིན་ཏེ། བརྟེན་པའི་རང་བཞིན་གྱི་ཡོན་ཏན་ནི་འགའ་ཡང་མེད་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །གང་ཞིག་རང་ཉིད་ཀྱི་སྒྲའི་ཞར་ལ། རྗེས་སུ་དཔག་པའི་དུས་སུ་མེད་ན་མི་འབྱུང་བ་མ་ཡིན་པའི་ཕྱིར་བསྟན་བཅོས་ལ་བརྟེན་པར་བྱ ་བ་མ་ཡིན་པར་བཤད་པ་འདི་ཉིད་ཀྱིས་སྐབས་སུ་གཏོགས་པ་མ་ཡིན་པ་ཕྱོགས་སུ་སྟོན་པར་བྱེད་པ་བསལ་བ་ཡིན་ནོ། །སྐབས་སུ་གཏོགས་པ་མ་ཡིན་པ་བཤད་པ་ནི། དཔེར་ན་སྒྲ་མི་རྟག་པའམ་རྟག་པ་ཡིན་ཞེས་ཉམས་སུ་མྱོང་བ་ཙམ་གྱིས ་གྲུབ་པའི་སྒྲ་ལ་འཇིག་རྟེན་ན་གྲགས་པའི་བསྟན་པའམ་འཇིག་པ་ཤེས་པར་འདོད་པ་ཡིན་ལ། ཤེས་པར་འདོད་པ་ཡང་སྐབས་ཡིན་ནོ། །མི་རྟག་པ་འབའ་ཞིག་པོའི་སྐབས་དེར་སྒྲ་ལས་ཐ་དད་པ་ཉན་པའི་དབང་པོས་གཟུང་བར་བྱ་བ་སྒྲ་ཉིད་ཅེས ་བྱ་བའི་སྤྱི་དེ་དང་ལྡན་པ་ཅིག་དོན་གཅིག་ལ་འདུ་བ་དེ་གང་ལ་ཡོད་པའི་མི་རྟག་པ་ཉིད་དེ་དང་སྒྲ་ལྡན་པ་ཡིན་ནོ་ཞེས་ཁྱད་པར་དང་བཅས་པའི་སྤྱི་རྟག་པ་ཉིད་དེ་འདྲ་བ་ནི་སྐབས་མ་ཡིན་པ་ལྟ་བུའོ། །གལ་ཏེ་དེ་འདྲ་བའི་མི་རྟག་པ་ཉིད་བྱེ་བྲག་པའི་འདོད ་པ་མ་ཡིན་ནམ། དེ་ཅི་ལྟར་སྐབས་མ་ཡིན་པ་ཕྱོགས་སུ་བྱས་པ་ཡིན་ཞེ་ན། བསྟན་བཅོས་ལ་བརྟེན་པའམ་ཞེས་སྨོས་ཏེ། གང་གི་ཕྱིར་བསྟན་བཅོས་ལ་གྲགས་པའི་ཆོས་ལ་སོགས་པ་ཆོས་ཅན་དུ་ཡོངས་སུ་གཟུང་བའི་ཕྱིར། གཉི་ག་ཡང་བསྟན ་བཅོས་ལ་བརྟེན་པ་ཡིན་པ་འམ། ཕྱིར་རྒོལ་བ་བསྟན་བཅོས་ལས་གྲགས་པ་མི་རྟག་པ་ཉིད་དེ་རྟོགས་པ་དོན་དུ་གཉེར་བ་ཡིན་ན་ནི། བསྟན་བཅོས་ལས་རབ་ཏུ་གྲགས་པའི་དོན་དེ་ཕྱོགས་སུ་བྱེད་པར་རིག་པར་འགྱུར་རོ། །ཕྱིར་རྒོལ་དེ་རྟོགས་པ ་དོན་དུ་གཉེར་བ་ནི་ཁྱེད་ཀྱི་མི་རྟག་པ་ཉིད་ཅི་འདྲ་བ་ཞིག་ཡིན་ཞེས་འདྲི་བ་ལས་ཤེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་བསྟན་བཅོས་ལས་བརྟེན་པ་འམ། དེ་རྟོགས་པ་དོན་དུ་གཉེར་བ་ཉིད་མ་ཡིན་ན། བསྟན་བཅོས་ཀྱི་དོན་ཡོངས་སུ་འཛིན ་པ་མ་འབྲེལ་བའི་དོན་བརྗོད་པ་ནི་སྐབས་སུ་མཁོ་བ་མེད་པའི་ཕྱིར་རྣ་གཏང་བར་མི་བྱ་བར་འགྱུར་རོ། །དེའི་ཕྱིར་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་བསྟན་བཅོས་ལས་རབ་ཏུ་གྲགས་པའི་ཆོས་ཅན་ལ་མི་བརྟེན་པའི་ཕྱིར་བསྟན་བཅོས་ལ་མི་རྟེན ་པར་འཇིག་རྟེན་ལ་རབ་ཏུ་གླགས་པའི་མི་རྟག་པ་ཉིད་ལ་སོགས་པ་འགའ་ཞིག་ཡོངས་སུ་རྟོག་པ་ན་སྐབས་མ་ཡིན་པ་རབ་ཏུ་མ་གྲགས་པ་ཉིད་ཕྱོགས་སུ་བྱེད་པའི་གོ་སྐབས་ནི་ཡོད་པ་མ་ཡིན་ནོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། རྒོལ ་བ་དོན་དུ་གཉེར་བའི་འདོད་པ་གང་ཡོད་པ་དེ་ཉིད་སྐབས་སུ་འགྱུར་བ་ནི་མ་ཡིན་ནོ། །གཞན་གྱིས་ན་བླག་པར་འོས་པ་མ་ཡིན་པས་བསྒྲུབ་བྱ་མ་ཡིན་པའི་ཕྱིར་དང། སྒྲུབ་པར་བྱེད་པའི་སྐབས་སེམས་པ་ཡིན་པའི་ཕྱིར་རོ། །ཕྱིར་རྒོལ་བས་ཤེས་པར ་འདོད་པ་གང་ཡིན་པ་དེ་ནི་སྐབས་ཡིན་ཏེ། རྣ་གཏད་པར་བྱ་བ་ཉིད་ཀྱིས་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཉི་ག་བསྟན་བཅོས་ལ་བརྟེན་པ་ཡིན་ན། བསྟན་བཅོས་ཀྱི་དོན་སྐབས་སུ་བབ་པར་འགྱུར་བ་ཡིན་གྱི། རྒོལ་བ་འབའ་ཞིག་རྟེན་པས་ནི ་མ་ཡིན་ནོ། །ད་ནི་ཕ་རོལ་པོ་དག་ཕྱིར་རྒོལ་བ་སྤྱི་རྟོགས་པ་དོན་དུ་གཉེར་བ་ཁྱད་པར་རྟོག་པ་དོན་དུ་གཉེར་བ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་ཁྱད་པར་གྱི་ཤེས་པ་ལ་སོགས་སྨྲས་སོ། །དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་ཁྱད་པར་གྱིས་སྤྱི་འཕེན ་པར་བྱེད་པ་དེའི་ཕྱིར་ཁྱད་པར་དེ་གྲུབ་ན་འདོད་པའི་སྤྱི་ཉིད་དུ་འགྲུབ་པར་འགྱུར་བ་ཡིན་ལ། ཁྱད་པར་གྲུབ་པས་སྤྱི་གྲུབ་ན་ཡང་སྤྱིར་མི་རྟག་པ་ཉིད་ཙམ་ཤེས་པར་འདོད་པ་ན་མི་འདོད་པ་དང་འདྲེས་པའི་ཁྱད་པར་ཡང་ཤེས་པར་འདོད་པར་འགྱུར་རོ ་ཞེས་དོགས་ན་བཤད་པ་མ་ཡིན་ཏེ། རྟོགས་པ་པོའི་འདོད་པ་དོན་དུ་གཉེར་བ་ཉིད་ནི་སྐབས་སུ་བབ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དཀྱུས་མ་ཉིད་ཡིན་པའི་ཕྱིར་རོ། །རྟོགས་པ་བོ་འདོད་པ་ནི་ཅི་སྒྲ་རྟག་གམ་འོ་ན་ཏེ་མི་རྟག་ཅེས་བྱ་བ་སྐབས ་ཀྱི་དག་ལས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་སྐབས་ཡིན་པར་གཟུང་གི་ཁྱད་པར་གྱི་ཡུལ་ཅན་གྱི་སྒྲ་ནི་མེད་པའི་ཕྱིར། ཅི་ལྟར་རྟོགས་པ་པོའི་འདོད་པ་སྐབས་མ་ཡིན་པའི་ཁྱད་པར་གྱི་ཡུལ་ཅན་དུ་རྣམ་པ་འགའ་ཞིག་ལྟར་བརྟག ་པར་བྱ་བ་ཡིན། གང་གི་ཕྱིར་སྐབས་ཉིད་ཕྱིར་རྒོལ་བ་འདོད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྟོགས་པ་པོའི་འདོད་པའི་སྐབས་ཀྱིས་ཚོལ་བའི་བསྒྲུབ་བྱའི་ཆོས་སུ་འདོད་པ་ཏེ་རྟོགས་པ་ཡིན་ནོ་ཞེས། གནས་སྐབས་འགའ་ཡིས་འདོད་འགྱུར་དང། དེ་ནི་དེ་ཡིས་རྟོགས ་བྱའང་ཡིན། ཞེས་བྱ་བ་ལ་སོགས་ཁོ་བོ་ཅག་གིས་བརྗོད་དོ། །གལ་ཏེ་སྐབས་མ་ཡིན་པ་ཡང་རྟོག་པ་པོའི་འདོད་པ་ཡིན་ན་ནི་རྟོག་པ་པོའི་འདོད་པ་བསྒྲུབ་བྱ་ཡིན་པའི་ཕྱིར་སྐབས་འབའ་ཞིག་གིས་རྒོལ་བའི་བསྒྲུབ་བྱའི་ཆོས་སུ་འདོད་པ་རྟོགས ་པར་མི་འཐད་དོ་ཞེས་བྱ་བར་བསམས་པ་ཡིན་ནོ། །གལ་ཏེ་ཡང་སྐབས་མ་ཡིན་པའི་ཁྱད་པར་འདོད་པར། སྐབས་སུ་བབ་པའི་ཚིག་གིས་མི་རྟོགས་པ་དེ་ལྟ་ན་ཡང་དངོས་པོ་ལས་ངེས་པ་ཡིན་ནོ། །སྤྱི་ནི་དོན་བྱེད་པ་ན་ཁྱད་པར་གྱི་མཐར་ཐུག་པ་ཡིན ་ནོ། །དཔེར་ན་ཤིང་ཉིད་ཤིང་ཤ་པ་ལ་སོགས་པའི་མཐར་ཐུག་པ་བཞིན་ནོ། །དེས་ན་སྤྱི་དོན་དུ་གཉེར་ན་ཁྱད་པར་དོན་དུ་གཉེར་བ་ཉིད་ཡིན་ནོ་ཞེ་ན། སྤྱི་དོན་དུ་གཉེར་བ་ནི་ཞེས་སྨོས་ཏེ། སྤྱི་དོན་དུ་གཉེར་བ་ནི་སོ་སོར་ངེས་པ་ཉིད་དུ་གྱུར་པའི་ཁྱད་པར ་ངེས་དོན་དུ་གཉེར་བར་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ། །འདི་ལྟར་སྤྱི་དོན་དུ་གཉེར་བ་ཉིད་ནི་ཁྱད་པ་མང་པ་དོན་དུ་གཉེར་བར་ཡིན་ལ། ཁྱད་པར་དོན་དུ་གཉེར་བ་ཉིད་ནི་དེ་དང་འགལ་བ་ཡིན་ནོ། །ཤིང་ཙམ་དོན་དུ་གཉེར་བ་ཉིད་ནི་ཤིང་ཤ་པ་དོན་དུ ་གཉེར་བ་མ་ཡིན་ཏེ། འོན་ཀྱང་ངེས་པ་མེད་པ་ཁོ་ན་དོན་དུ་གཉེར་བ་ཡིན་ནོ། །མ་ངེས་པའི་བསྒྲུབ་པར་བྱ་བ་བྱེད་པ་དོན་དུ་གཉེར་བའི་ཕྱིར་དེ་ཅི་ངེས་པའི་ཡུལ་དོན་དུ་གཉེར་བར་འགལ་བ་ཡིན་ནོ། །སྤྱི་དོན་དུ་གཉེར་བ་མ་ཡིན་ཏེ། དེ་གཉིས་ནི་འགལ ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། རྟོགས་པ་པོ་འདོད་པ་སྐབས་ཡིན་པའི་ཕྱིར་འབའ་ཞིག་ཏུ་ནི་མ་ཟད་ཀྱི་ཁྱད་པར་གཞན་ལས་རྩོད་པ་མེད་པའི་ཡང་ཕྱིར་རོ། །གང་གི་ཕྱིར་སྤྱི་ནི་དུ་མའི་ཡུལ་ཅན་ཡིན་པས་དེ་ལ་ཡང་ཁྱད་པ་འགའ་ཞིག་ལ་རྟོགས་ ་པ་པོ་རྩོད་པ་མེད་པ་ཡང་སྲིད་པ་དེའི་ཕྱིར་སྤྱི་རྟོགས་པ་དོན་དུ་གཉེར?་བ་ཁྱད་པར་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ཏེ། དེ་གྲུབ་པ་སྲིད་པའི་ཕྱིར་རོ། །གཞན་ཡང་གྲུབ་པའི་དོན་གྱིས་འགའ་ཞིག་དོན་དུ་གཉེར་བར་འགྱུར་པ་ཡིན ་ནོ། །འདི་འདྲ་བའི་ཁྱད་པར་ནི་བསྟན་བཅོས་ལས་གྲུབ་པ་ཡིན་ན་བསྟན་བཅོས་ཀྱི་སྒོ་ནས་ནི་རྩོད་པ་མ་ཡིན་ཏེ། རྩོད་བའི་དུས་དེའི་ཚེ་བསྟན་བཅོས་དེ་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་བརྟགས་ནས་ཁས་ལེན་པའི་ཕྱིར་དང། ཚད ་མ་གཉིས་ཀྱི་ཡུལ་དཔྱད་པ་ལ་བལྟོས་པར་བྱ་བ་མ་ཡིན་པའི་ཕྱིར་བསྟན་བཅོས་ནི་རྩོད་པའི་དུས་སུ་མེད་ན་མེད་པ་མ་ཡིན་ནོ། །དེས་ན་བསྟན་བཅོས་ལས་གྲུབ་པ་ནི་མ་གྲུབ་པ་ཁོ་ན་ཡིན་ནོ། །འོ་ན་ནི་འཇིག་རྟེན་ན་གྲགས་པ་ཡིན་པར་འགྱུར ་རོ་ཞེ་ན། བཤད་པ། རྣམ་པ་དེ་ལྟ་བུ་བསྟན་བཅོས་ལས་གྲུབ་པའི་ཆོས་ནི། དངོས་པོ་འགར་ཡང་གང་ཞིག་གཞུང་ལུགས་ལ་མི་གནས་པ་དེ་ལ་རྗེས་སུ་འགྲོ་བ་ཡིན་པར་གྲུབ་པ་མ་ཡིན་ན་གང་ལས་དེ་འགྲུབ་པ་ཡིན། དེའི་ཕྱིར་སྐབས་སུ ་མ་བབ་པའི་ཁྱད་པར་ནི་རྟོགས་པ་པོ་འདོད་པ་མེད་པའི་ཕྱིར་དང། རྩོད་པ་མི་སྲིད་པའི་ཕྱིར་དང། མ་གྲུབ་པའི་ཕྱིར། གལ་ཏེ་ཁྱད་པར་གྲུབ་པ་ན་སྤྱི་འགྲུབ་པ་ཡིན་པ་དེ་ལྟ་ན་ཡང། སྤྱི་རྟོགས་པ་དོན་དུ་གཉེར་བ་ཉིད་ཀྱིས་ནི་ཁྱད་པར་རྟོགས ་པ་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ད?་ནི་ཁྱད་པར་དེ་ཉིད་བསྒྲུབ་དཀའ་ཨོ། །ཞེས་བཤད་པ་ནི་མི་འཁྲུལ་བ་ཅན་གྱི་གཏན་ཚིགས་ཀྱང་ཡོད་པ་མ་ཡིན་ཏེ། ཁྱབ་པ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་རོ། །སྐད་ཅིག ་མ་ཉིད་ལ་ནི་མི་འཁྲུལ་བ་ཅན་ཡོད་དེ། གནོད་པར་བྱེད་པ་ཡོད་པའི་ཕྱིར་རོ། །མི་འཁྲུལ་བ་ཅན་གྱི་གཏན་ཚིགས་ཡོད་པ་མ་ཡིན་ནམ། འདི་ལྟར་བུམ་པ་ནི་བུམ་པ་དང། ཐ་དད་པ་དབང་པོས་གཟུང་བར་བྱ་བའི་སྤྱི་དང་དོན་ཅིག་ལ་འདུ་བ ་ཅན་གྱི་མི་རྟག་པ་ཉིད་དང་ལྡན་པའི?་སྒྲ་དག་ལས་གང་ཡང་རུང་བས་གཉིས་པ་དབ་བཅས་པ་ཡིན་ཏེ་བྱས་པའི་ཕྱིར་ཀ་བ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །དཔེ་ལ་ནི་སྤྱི་རྗེས་སུ་འགྲོ་བ་ཡིན་ལ། བསྒྲུབ་བྱའི་ཆོས་ཅན་ལ་ནི་བུམ་པ་ལས་བུམ་པ་དོན ་གཞན་མ་ཡིན་པའི་ཕྱིར་དེ་ལྟ་བུའི་སྒྲ་གྲུབ་པོ་ཞེ་ན། གཉིས་པ་དང་བཅས་པའི་སྦྱོར་བ་དག་ཀྱང་ཞེས་སྨྲོས་ཏེ། གཉིས་པ་དང་བཅས་པའི་སྦྱོར་བ་གཅིག་བསལ་ན། རྣམ་པ་དེ་ལྟ་བུ་ཐམས་ཅད་བསལ་བར་འགྱུར་བས་མང་པོའི་ཚིག་བྱས ་སོ། །དེའི་ཕྱིར་དེ་ལྟར་བསྟན་བཅོས་ལས་མི་བརྟེན་པས་ན་དེ་འདྲ་བ་སྐབས་སུ་བབ་པ་མ་ཡིན་པའི་ཁྱད་པར་སྤྱི་གྲུབ་པའི་ཡན་ལག་མ་ཡིན་པའི་ཕྱིར་སྐབས་མ་ཡིན་པ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་བསྟན་བཅོས་ལ་བརྟེན་པ་ཉིད་ཡིན ་ཡང་སྐབས་མ་ཡིན་པ་ཁོ་ནའོ་ཞེས་བཤད་པ་ནི། བསྟན་བཅོས་ལ་རྟེན་ཀྱང་སྐབས་སུ་བབ་པའི་ཆོས་ལས་མདའ་ན་ཧ་ཅང་ཐལ་བ་ནི། དེར་ཡང་བསྒྲུབ་བྱའི་ཆོས་དང་ནི། མེད་ན་མི་འབྱུང་བ་ལ་གནོད་ཉིད་ཅེས་བྱ་བ་ལ་སོགས་པ ་བཤད་ཟིན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སྤྱི་ཤེས་པར་འདོད་པ་ཡིན་གྱི་ཁྱད་པར་ཤེས་པར་འདོད་པ་མ་ཡིན་པ་དེའི་ཕྱིར་སྐབས་སུ་གཏོགས་པ། ཅི་རྟོགས་པ་ཡིན་ན་ཞེས་བྱ་བ་ལ་སོགས་པའི་དག་ལ་གནས་པ་རྟོགས་པ་པོ་འདོད ་པ་ཁྱད་པར་མེད་པའི་ཆོས་ཙམ་སྟེ། ཁྱད་པར་མེད་པའི་ཕྱིར་ཆོས་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བསྒྲུབ་པར་བྱ་བ་དང། དེ་ཉིད་ནི་རྩ་གཏད་པར་འོས་པ་ཡིན་ནོ། །ད་ལྟ་མ་ཡིན་ཏེ་སྐབས་སུ་བབ་པ་མ་ཡིན་པ་བསྒྲུབ་བྱར་ཁས་ལེན་པར་བྱེད ་ན་ནི་དོན་གཞན་ཁས་བླངས་པའི་ཕྱིར་རྒོལ་བ་ཚར་བཅད་པར་འགྱུར་རོ། །རྟོག་པ་པོ་དོན་དུ་གཉེར་བ་ནི་བསྒྲུབ་བྱ་ཡིན་ཏེ། སྒྲུབ་པར་བྱེད་པ་འགོད་པ་ནི་གཞན་གྱི་དོན་ཡིན་པའི་ཕྱིར་རོ། །དེ་གཏོང་ན་ནི་དོན་གཞན་དུ་འགྲོ་བས་བརྒལ་བ་ཆད་པས་བཅད ་པ་ཡིན་ལ། སྐབས་ཀྱི་སྐྱོན་མི་རྗོད་པའི་ཕྱིར་ན་ཕྱིར་རྒོལ་བ་ཡང་ཆད་པས་བཅད་པ་ཡིན་ནོ། །མ་བསལ་པའི་སྒྲའི་དོན་བཤད་པའི་ཕྱིར་སློབ་དཔོན་བཞེད་པའི་བསྒྲུབ་བྱ་ཉིད་དུ་ཁས་བླངས་པ་ཕྱོགས་ཀྱི་མཚན་ཉིད་དུ་བཟུང་ནས་བཤད་པ། བཤད་མ་ཐག་པའི་བསྒྲུབ ་པར་བྱ་བར་ཁས་བླངས་པ་དེ་ཡང་མ་བསལ་བ་བསྟན་པར་བྱ་བ་ཡིན་ནོ། །གང་གིས་ཤེས་ན། མངོན་སུམ་གྱི་དོན་དང་རྗེས་སུ་དཔག་པ་དང། ཡིད་ཆེས་པ་དག་དང་སྟེ། ཡིད་ཆེས་པའི་སྒྲ་ནི་དེའི་ཚིག་ལ་འཇུག་གོ་གྲགས་པ་སྟེ། གྲགས་པའི་དོན་གྱིས་གང་ལ་གྲགས་པ ་བརྗོད་པ་ཡིན་ཏེ། ཡུལ་དོན་གྱིས་ཡུལ་ཅན་ཤེས་པར་བསྟན་པའི་ཕྱིར་ཏེ། དེ་དག་གིས་མ་བསལ་བའོ། །ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པར་བརྗོད་པ་མ་ཡིན་ནམ། ཅི་ལྟར་དེ་བསྟན་པར་བྱ་བ་ཡིན་ཞེ་ན། གལ་ཏེ་བསྟན་པར་བྱ་བ་ཡིན་དུ་ཆུག་ན་ཞེས ་སྨོས་ཏེ། གཞན་གྱིས་དེ་ལྟར་ཁས་བླངས་པ་ཉིད་ཀྱིས་བསྟན་པར་བྱ་བ་ཡིན་གྱི། ངེད་ཀྱི་ལྟར་ན་ནི་བསྟན་པར་མི་བྱ་བ་ཉིད་དོ། །འདིས་ནི་མཚན་ཉིད་ཀྱི་མདོའི་བསྟན་པར་བྱ་བའི་སྒྲ་ཡང་གཞན་གྱི་དོར་ཡིན་པར་བཤད་པ་ཡིན་ནོ། །གང་དག་གི་ལྟར་ན་ཕྱོགས་བསྟན་པར་བྱ ་བ་ཡིན་པ་དེའི་ལྟར་ན་འདི་ལྟ་བུ་ཉིད་བསྟན་པར་བྱ་བ་ཡིན་ནོ། །ཡིད་ཆེས་པ་དག་དང་ཞེས་བྱ་བ་ནི་རང་གི་བདག་ཉིད་དང་གཞན་ཡིད་ཆེས་པའོ། །འདིར་ཡང་ཡིད་ཆེས་པའི་སྒྲ་ནི་ཡིད་ཆེས་པའི་ཚིག་ལ་བྱ་ལ། གྲགས་པའི་སྒྲ་ཡང་གང་ལ་གྲགས་པ་ལ་བྱའོ། །གཏན་ཚིགས་ལ ་བལྟོས་པ་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་དུ་གྱུར་པའོ། །ཚད་མ་ཐམས་ཅད་དོན་གྱི་སྒོ་ནས་དོན་གཞན་ལ་གནོད་པར་བྱེད་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་པ་མ་ཡིན་ནམ། ཤེས་པ་ནི་ཕྱི་རོལ་གྱི་དོན་དང་འགལ་བ་མ་ཡིན་གྱི་འོན་ཀྱང་དེས་བསྒྲུབ་པའི་དོན་གཞན ་སྟེ་དེས་ན་ཅི་སྟེ་མངོན་སུམ་ལ་དོན་སྨོས་ཞེ་ན། བཤད་པ་མངོན་སུམ་ལ་མངོན་སུམ་ཁྱད་པར་དུ་བྱ་བའི་ཕྱིར་དོན་སྨོས་པ་གང་ཡིན་པ་དེ་ནི། ཁ་ཅིག་དོན་མི་བདེན་པ་ཅན་?་མི་བདེན་པའི་དོན་ཅན་དེ་སྤངས་པ་རྒྱུར་བྱས་ནས་ཚད་མའི་ཡུལ་གྱི་དངོས་པོ་གཟུང་བའི་ཕྱིར ་རོ། །དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་ལ། དེ་ནི་ཕྱིན་ཅི་ལོག་གི་དོན་ཅན་དང།?་ཕྱིན་ཅི་མ་ལོག་པའི་དོན?་ཅན་ཡང་ཡིན་ནོ། །དེ་ལ་ཕྱིན?་ཅི་ལོག་གི་དོན་ཅན་སྒྲ་ལ་སོགས་པའི་ཤེས་པ་ནི་གནོད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར ་དོན་སྨོས་པ་བྱས་སོ། །གལ་ཏེ་མངོན་སུམ་ཚད་མར་བཤད་པ་མ་ཡིན་ནམ། དེ་ཅི་ལྟར་ཚད་མ་མ་ཡིན་པ་མངོན་སུམ་དུ་འགྱུར་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིར་ཚད་མ་ཡིན་པ་ཡིད་ཆེས་པའི་ཚིག་དང། གྲགས་པ་ཡང་གནོད་པར་བྱེད་པར་བརྗོད་ལ། མངོན་སུམ་གྱི་སྒྲ ་ཡང་བཤད་པས་ཐུན་མོང་དུ་འགྱུར་བ་ཡིན་ཏེ། དེས་ན་མངོན་སུམ་ལྟར་སྣང་བ་ཚད་མ་མ་ཡིན་ཡང་གནོད་པར་བྱེད་པར་རྟོགས་པར་འགྱུར་བས་དོན་སྨོས་པ་ཡིན་ནོ། །དེ་ལྟ་ན་ཡང་དེའི་ཕྱིར་ཡང་དོན་སྨོས་པ་ཡིན་ནོ། །ཞེས་དོན་སྨོས་བའི་དགོས་པ་གཞན་ཉིད་འཆད ་པར་འགྱུར་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོད་ཀྱང་གཞན་དག་གིས་དོན་སྨོས་པའི་དགོས་པ་འདི་ལྟར་བཤད་པ། དེ་ཡང་འཐད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་བཀོད་པ་ཡིན་ཏེ། དཔེར་ན་མེད་པ་ལ་མེད་པ་ཉིད་ངོ་ཞེས་ཚུལ་གསུམ་པ་གཞན་དག་གིས་དེས ་པར་བྱ་བའི་མཚན་ཉིད་ཀྱི་དགོས་པ་ཅན་ཡིན་པར་བཤད་པ། ཉེ་བར་བཀོད་ནས་སུན་ཕྱུང་བ་དེ་བཞིན་ནོ། །ཡང་ཅིའི་ཕྱིར་བསལ་བ་ཕྱོགས་མ་ཡིན། གལ་ཏེ་དེས་མ་ཁྱབ་པའི་ཕྱིར་གཏན་ཚིགས་ཀྱིས་དེ་བསྒྲུབ་པར་ནུས་པ་ཡིན་ན་ཞེ་ནོ། འོ་ན་ནི་འདི་གཏན་ཚིགས་ཀྱི ་སྐྱོན་ཡིན་གྱི། དམ་བཅས་པའི་སྐྱོན་མ་ཡིན་ནོ། །དེས་ན་འདི་ནི་དེའི་མཚན་ཉིད་ཁོ་ནས་བཟློག་པར་བྱ་བ་ཡིན་གྱི། ཕྱོགས་ཀྱི་མཚན་ཉིད་ཀྱིས་མ་ཡིན་གྱི། རྒྱུ་རྩོགས་མཚན་ཉིད་བསལ་བྱ་ལ། བལྟོས་པ་མང་པར་ཞེས་བྱ་བ་ལ་སོགས་པ་ཅི་སྐད་བརྗོད་པ་བཞིན ་ནོ་ཞེས་དེ་ལྟར་དོགས་ན། བཤད་པ། གང་གི་ཕྱིར་གཏན་ཚིགས་ཐེ་ཚོམ་ཟ་བའི་དོན་ལ་རྗོད་པ་དེའི་ཕྱིར། བསལ་བ་ཚད་མས་བཟློག་པ་ནི་གཏན་ཚིགས་ཀྱི་རྟེན་མ་ཡིན་ལ། གཏན་ཚིགས་ཀྱི་རྟེན་མ་ཡིན་པ་གང་ཡིན་པ་དེ་ཡང་ཕྱོགས་མ་ཡིན་ཏེ། ཕྱོགས་ནི་གཏན ་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གང་ན་ཚིགས་ཀྱི་རྟེན་མ་ཡིན་བར་འགྱུར་ལ། བསལ་བ་ལ་ཅིའི་ཕྱིར་གཏན་ཚིགས་མི་བརྗོད་ཅེ་ན། བཤད་པ། །བསལ་བ་ནི་ཟླ་བོའི་ཚད་མའི་རྟེན་མ་ཡིན་ནོ། །ཅིའི་ཕྱིར་རྟེན་མ་ཡིན་ཞེ་ན། ཟླ་བོའི་ཚད ་མས་བསྒྲུབ་བར་བྱ་བ་ལས་བཟློག་བ་འགལ་བ་ལ་ཚད་མ་ཞུགས་པའི་ཕྱིར་རོ། །གང་ཞིག་འགལ་བ་ལ་ཚད་མ་ཞུགས་པ་ཅན་དེ་ནི་བསལ་བ་ཡིན་ཏེ། མཉན་བྱ་མ་ཡིན་པ་ཉིད་བཞིན་ནོ། །གལ་ཏེ་བཟློག་པ་ལ་ཚད་མ་ཐུགས་ཀྱང་འགལ་བ་འཁྲུལ་པ་མེད་པ་ཅན་གྱི ་གཏན་ཚིགས་ཀྱི་རྟེན་ཡིན་པར་མཐོང་བ་མ་ཡིན་ནམ་ཞེ་ན། བཤད་པར་བསལ་བ་ནི་ཚད་མ་དག་གིས་བཟློག་པ་ཡིན་ཏེ། གཞན་དག་ནི་མ་ཡིན་ནོ། །འགལ་བ་འཁྲུལ་པ་མེད་པ་ཅན་ནི་ཚད་མ་ཡིན་པའི་ཕྱིར་གཅིག་ལ་འཇུག་པ་འགལ་བ་མེད་དོ། །ཅིའི་ཕྱིར ་བཟློག་པ་ལ་ཚད་མ་ཞུགས་ན། ཟླ་བོའི་ཚད་མའི་རྟེན་མ་ཡིན་ཞེ་ན། འགལ་བའི་ཆོས་དང་ལྡན་པ་ཡང་དག་པའི་ཤེས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དངོས་པོ་གཅིག་ནི་འགལ་བ་དུ་མའི་རང་བཞིན་དུ་འགྱུར་བ་མ་ཡིན་ཏེ། དངོས་བོ་ཐ་དད་པ་ནི་རང་བཞིན་ཐ་དད་པའི ་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཏན་ཚིགས་སྦྱོར་བ་ཡང་ཡང་དག་པའི་ཤེས་པ་བསྐྱེད་པའི་ཕྱིར་ཡིན་པས་ན། བསལ་བ་ལ་ནི་གཏན་ཚིགས་བརྗོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་གཏན་ཚིགས་ཀྱིས་དེ་སྒྲུབ་པར་བྱེད་མི་ནུས་བའི་ཕྱིར་གཏན་ཚིགས་ཀྱི་སྐྱོན ་ཡིན་གྱི། ཕྱོགས་ཀྱི་སྐྱོན་ནི་མ་ཡིན་ནོ་ཞེ་ན། བཤད་པ། གཏན་ཚིགས་ཀྱི་ཡུལ་དག་ཏུ་བསྟན་པའི་ཕྱིར་ཕྱོགས་བརྗོད་པ་ཡིན་ནོ། །དེས་ན་ཕྱོགས་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བསལ་བ་དེ་ནི་ཕྱོགས་མ་ཡིན་པ ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཡུལ་བསལ་བ་ནི་ཡུལ་ཅན་གཏན་ཚིགས་མི་སྲིད་བའི་ཕྱིར་རོ། །གཏན་ཚིགས་ཀྱི་བྱེད་བའི་ཡུལ་བྱེད་པ་མེད་པའི་ཡུལ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅིར་འགྱུར་ཞེ་ན། དེའི་ཕྱིར་གཏན་ཚིགས་ཀྱིས་དེ་བསྒྲུབ་པར་མི་ནུས་པས་དེ་སྐྱོན། ་ཅན་དུ་འགྱུར་གྱི། ཕྱོགས་ནི་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་མེད་དོ། །གལ་ཏེ་གཏན་ཚིགས་ཀྱི་ཡུལ་ལས་ཕྱོགས་?་ཡིན་པར་གྱུར་པ་ནི། གཏན་ཚིགས་ཀྱི་བྱེད་པ་ལ་མི་བལྟོས་པ་ཁོ་ནས་ཕྱོགས་ཀྱིས་སྐྱོན་ཉིད་དུ་འགྱུར་ཞིང། དེའི་ཕྱིར་བསྒྲུབ་པར་མི་ནུས་ན་གཏན་ཚིགས་སྐྱོན་ཅན་དུ་འགྱུར ་གྱི་ཕྱོགས་ནི་མ་ཡིན་པར་འགྱུར་བ་ཞིག་ན། དེ་ལྟ་ན་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཉིད་ཕྱོགས་ཡིན་ཏེ། དེས་ནི་གཏན་ཚིགས་ཀྱིས་བསྒྲུབ་པར་ནུས་པ་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་པས་ཕྱོགས་ཡིན་ལ། མི་ནུས་པ་ནི་ཡུལ་མ་ཡིན་པས་ཕྱོགས་མ་ཡིན་ནོ། །དེའི་ཕྱིར་གཏན ་ཚིགས་ཀྱིས?་བསྒྲུབ་པར་མི་ནུས་པ་ནི་དེ་ཙམ་ལས་གྱུར་པ་མ་ཡིན་པའི་ཕྱིར་ཕྱོགས་ཀྱི་སྐྱོན་ཡིན་ནོ། །འདི་ལྟར་དམ་བཅའ་བའི་སྐྱོན་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། ཁྱབ་པ་རབ་ཏུ་སྟོན་པའི་དུས་ན་ཉེ་བར་གནས་པ་དེ་ཐམས་ཅད་ནི་གཏན་ཚིགས་ཀྱི་སྐྱོན་ལས་མི་འདའ་ཨོ་ཞེས་བཤད་པ་ཡིན ་ནོ། །དམ་བཅའ་ཨི་སྦྱོར་པར་ཁས་བླངས་ནས། དེ་ལས་གྱུར་པ་ནི་ཕྱོགས་ཀྱི་སྐྱོན་ཡིན་ལ། ཡན་ལག་ཕྱི་མ་ལ་བལྟོས་པ་ནི་གཏན་ཚིགས་ཀྱི་སྐྱོན་ཡིན་པར་བརྗོད་དོ། །བསལ་བའི་དོན་ནི་མཉན་བྱ་མ་ཡིན་པ་ལ་སོགས་པ་བཞིན་དུ་མཐོང་བ་ཉིད་ན་བསྒྲུབ་པར་མི་རུང་བ་ཉིད་དུ་མཐོང་བ་ཡིན ་པའི་ཕྱིར། དེ་ལས་གྱུར་པ་ཡིན་གྱི། ཡན་ལག་ཕྱི་མ་ལ་བལྟོས་པ་ནི་མ་ཡིན་ནོ། །གལ་ཏེ་བཟློག་བ་འཁྲུལ?་བོའི་ཚད་མ་ཞུགས་བའི་ཕྱོགས་གཏན་ཚིགས་ཀྱི་ཡུལ་མ་ཡིན་ན། གང་གི་ཕྱིར་དེ་ཁོ་ན་ལ་གཏན་ཚིགས་བརྗོད་པར་འགྱུར་བ་ཅི་ལྟར་ཐེ་ཚོམ་གྱི་ཡུལ་ཉིད་གཏན་ཚིགས་བྱེད་བའི་ཡུལ ་ཡིན། ཐེ་ཚོམ་གྱི་ཡུལ་བཞིན་དུ་གྲུབ་པ་ལ་ཡང། བཟློག་པ་ལ་ཟླ་བོའི་ཚད་མ་མེད་པ་ཡིན་ཏེ། དེས་ན་གྲུབ་པ་ཡང་གཏན་ཚིགས་ཀྱི་ཡུལ་དུ་འགྱུར་རོ་ཞེ་ན། བཤད་པ། བསལ་བ་གཏན་ཚིགས་ཀྱི་བྱེད་པའི་ཡུལ་མ་ཡིན་པ་དེའི་ཕྱིར་ཐེ་ཙོམ་གྱི་ཡུལ་ནི་གཏན་ཚིགས་ཀྱི་བྱེད་བའི་ཡུལ ་ཡིན་གྱི། གང་ལས་གྲུབ་པ་ཡང་གཏན་ཚིགས་ཀྱི་བྱེད་བའི་ཡུལ་དུ་འགྱུར་བ། བཟློག་པ་ལ་ཟླ་བོའི་ཚད་མ་འཇུག་པའི་ཕྱིར་ནི་མ་ཡིན་ནོ། །དེས་ན་ཅི་ལྟར་ཟླ་བོའི་ཚད་མ་ཡོད་ན་གཏན་ཚིགས་དོན་མེད་པ་དེ་བཞིན་དུ། སྔར་ཚད་མ་ཞུགས་པ་ལ་ཡང་གཏན་ཚིགས་དོན་མེད་པ་ཡིན་ནོ།། ་དེས་ན་གཏན་ཚིགས་དོན་མེད་པའི་ཕྱིར་རོ་རབ་ཏུ་སྦྱར་བའི་བྱེད་པའི་ཡུལ་མ་ཡིན་བ་ཉིད་དུ་གྲུབ་པ་དང་བསལ་བ་མཚུངས་བ་ཡིན་ནོ། །དེའི་ཕྱིར་དོན་མེད་བས་བྱས་བ་བསལ་བ་གཏན་ཚིགས་ཀྱི་ཡུལ་མ་ཡིན་པས་གྲུབ་པ་དང་ཐུན་མོངས་མ་ཡིན་པའི་ཕྱིར་ཐེ་ཚོམ ་ཉིད་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་ལ། དེས་ན་ཕྱོགས་ཡིན་ནོ། །གྲུབ་པ་ནི་དེ་ཙམ་ལ་བརྟེན་ནས་འགྱུར་བ་ཅན་ཡིན་པའི་ཕྱིར་ཕྱོགས་ལྟར་སྣང་བ་ཡིན་ཏེ་བསལ་བ་བཞིན་ནོ། །གང་དག་བསལ་བ་ཕྱོགས་མ་ཡིན་ནོ་ཞེས་བྱ་བ་ནི་ཅི་ཚིག་ཙམ་ཡིན་ནམ། འོན་ཏེ་རིག་བས ་ཐོབ་པ་ཡིན་ཞེས་ཉེ་བར་བཀོད་ནས། གཞུང་རྟོགས་པར་བྱེད་པ་དེ་དག་གི་ལྟར་ན། འགལ་བ་དག་ནི་གཅིག་ལ་ཡང་དག་པའི་ཤེས་པར་མི་རུང་བའི་ཕྱིར་ཕྱོགས་མ་ཡིན་ནོ། །ཞེས་བྱ་བ་འདི་ཙམ་ཞིག་བརྗོད་པར་བྱ་བར་འགྱུར་བས། ཐེ་ཚོམ་གྱི་ཡུལ་ལ་རྟགས་རྗོད་པའི་ཕྱིར ་ཞེས་བྱ་བ་ལ་སོགས་པ་འདི་དང། འབྲེལ་པ་ཅུང་ཞིག་ཀྱང་འབྲེལ་བ་དཀའ་བར་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་ཀྱི་ཡུལ་ནི་ཕྱོགས་ཡིན་ལ། བསལ་བ་ནི་ཡུལ་མ་ཡིན་པའི་ཕྱིར། དེ་ཙམ་ལ་འགྱུར་བའི་ཕྱོགས་ཀྱི་སྐྱོན་ཡིན་ནོ་ཞེས་བྱ་བ་འདི་ཁོ་ན་ལྟར་ཡིན་ནོ། །གལ་ཏེ་ཚད་མ ་དག་ཉིད་ཅེས་བསལ་བ་ཕྱོགས་མ་ཡིན་ན་ཅི་ལྟར་རྣམ་པ་བཞིར་བཤད་ཅེ་ན། བཤད་པ། རྗེས་སུ་དཔག་པའི་དབྱེ་བ་ཡིས་ཏེ། དབྱེ་བ་རྒྱུར་བྱས་ནས་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་དེ་ནི་རྣམ་པ་བཞིན་བརྗོད་དོ། །རྗེས་སུ་དཔག་པ་རྣམ་པ་གསུམ་དུ་ཕྱེ་བས་ན་ཞེས་བྱ ་བས་ནི། དངོས་པོའི་རྗེས་སུ་དཔག་པ་གཅིག་དང། བརྟགས་པའི་འབྲས་བུ་དང་རང་བཞིན་ལ་བརྟེན་ནས་ཁས་བླངས་པའི་དབྱེ་བ་རྣམ་པ་གཉིས་ཀྱིས་སོ། །ཅི་ལྟར་དངོས་པོ་གནོད་པར་བྱེད་པ་དེ་བཞིན་དུ་ཁས་བླངས་པ་གཞན་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི ་མངོན་སུམ་ལ་སོགས་པ་ལའོ། །ཁས་བླངས་ཞེས་བྱ་བ་ནི་ཡུལ་ཅན་ཁས་བླངས་པའི་བསྟན་བཅོས་མཚོན་པའོ། །ཁས་བླངས་པའི་བསྟན་བཅོས་ནི་འབྲས་རྟགས་ཏེ། དོན་གྱི་འབྲས་བུར་གྱུར་པའི་རྟགས་ཡིན་ནོ། །འགྲོ་བ་ལ་གྲགས་བ་འགྲོ་བའི ་ལུགས་རྣམ་པར་བཞག་པ་ནི་རང་བཞིན་རྟགས་ཏེ། རང་བཞིན་གྱི་མིང་ཅན་དོན་རྟོགས་པར་བྱེད་པའི་ཡན་ལག་ཡིན་ནོ། །རྣམ་པར་འགྲེལ་པར་བཤད་པ་ནི་ཡིད་ཆེས་པའི་ཚིག་ནི་འབྲས་བུའི་མཚན་ཉིད་ཅན་གྱི་རྟགས་ཡིན་ལ། གྲགས་པ་ནི་རང་བཞིན་གྱི་མཚན་ཉིད་ཅན་གྱི ་རྟགས་ཡིན་ནོ། །གྲགས་པ་ཞེས་བྱ་བ་རྣམ་པར་རྟོག་པ་ལ་གནས་པ་ཉིད་ནི་དོན་གྱི་རང་བཞིན་ཡིན་ནོ་ཞེས་གཏན་ལ་ཕེབས་པར་འགྱུར་རོ། །གང་གི་ཚེ་ཚིག་འབྲས་བུའི་རྟགས་སུ་འགྱུར་བ་ཡིད་ཆེས་པ་དེ་གང་ཡིན་ཞེ་ན། བདག་གམ་གཞན་ནི་ཡིད་ཆེས་པ་ཡིན་ནོ། །ཅི་ལྟ ་བུའི་ཁྱད་པར་ཅན་ཞིག་ཅེ་ན། གང་ལ་དོན་ཅི་ལྟ་བ་བཞིན་ཏེ་ཅི་ལྟར་གནས་ལ་བདེན་པའི་དོན་མཐོང་བ་ཡོད་པ་དེའི་སྒོ་ནས་དག་འཇུག་པ་སྟེ། དོན་ཅི་ལྟ་བ་བཞིན་མཐོང་པས་འཇུག་པ་དེ་འདྲ་བའི་དག་གང་ལ་ཡོད་པའོ། །དེ་ལྟར་འདོད་པ་སྟེ། མངོན་པར་འདོད་བ་ནི་ཡིད ་ཆེས་པ་ཡིན་ཏེ། བདག་གམ་གཞན་ཡང་རུང་ཕྱིན་ཅི་མ་ལོག་པར་སྨྲ་བ་ནི་ཡིད་ཆེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གང་གི་ཕྱིར་དེའི་ཚིག་ནི་དེ་ལྟ་བུའི་དོན་གྱི་དངོས་པོ་ཕྱིན་ཅི་མ་ལོག་པ་ཉིད་མེད་ན་མི་འཇུག་པ་དེའི་ཕྱིར་དོན་དེའི་འབྲས་བུར་འདོད་པ་ཡིན་ནོ། །ཡིད་ཆེས་པའི ་ཚིག་གི་མཚན་ཉིད་རང་གི་འབྲས་བུས་ཡང་དག་པར་བསྟན་པའི་དོན་དེ་ཡང། རང་ལས་ཕྱིན་ཅི་ལོག་ཏུ་རང་གི་ངོ་བོ་དང་འགལ་བར་ཁས་བླངས་པའི་གེགས་བྱེད་དོ། །ཞེས་བྱ་བ་ལ་འདིར་གེགས་བྱེད་པ་ཉིད་དུ་གནས་པར་འགྱུར་བའི་ཕྱོགས་ཡིན་ཏེ། ད་ལྟར་ནི་རེ་ཞིག་གནོད ་པ་ཞེས་བྱ་བའི་དོན་འདོད་པ་ཡིན་ནོ། །བསྟན་བཅོས་ཞེས་བྱ་བ་ནི་ཡིད་ཆེས་པའི་ཚིག་སྟེ། དོན་གྱི་འབྲས་བུའི་མཚན་ཉིད་དུ་མཚུངས་པས་ནའོ། །བསྡུས་ཏེ་ཞེས་བྱ་བ་ནི་བསྲེས་ནས་གནོད་པར་བྱེད་པ་གཅིག་ཏུ་སློབ་དཔོན་གྱིས་བརྗོད་དོ། །གལ་ཏེ་དོན་གྱི་འབྲས་བུ་ཉིད་དུ ་གཉིས་ག་མཚུངས་ཀྱང་གཞན་དག་གིས་འདི་གཉིས་ཐ་དད་པར་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་སློབ་དཔོན་གྱིས་གནོད་པ་གཅིག་ཏུ་བརྗོད་ཅེ་ན། སྐབས་ཀྱི་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་འདི་ལྟར་མངོན་བར་འབྲེལ་ཏེ་།འབྲས་བུ་ཉིད་དུ་ཁྱད་པར་མེད་པ་ལ ་བརྟེན་ནས་ཡིད་ཆེས་པའི་ཚིག་འདི་རང་གི་ཚིག་དང་ལྷན་ཅིག་ཏུ་ཐ་མི་དད་པར་བརྗོད་པ་མཛད་པ་གང་ཡིན་པ་དེ་ནི་མཚུངས་པར་བསྟན་པའི་ཕྱིར་ཏེ། འདྲ་བ་འགའ་ཞིག་རྟོགས་པར་བྱ་བའི་དོན་དུ་ཡིན་ནོ། །འདྲ་བ་དེ་ཡང་གང་ཞེ་ན། ཅི་ལྟར་ཞེས་སྨོས་སོ། །བདག ་ཉིད་ཚད་མ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་དེའི་ཚིག་ནི་བརྗོད་པར་བྱ་བའི་དོན་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་གཞན་ལ་ཁས་ལེན་པ་དེ་ལྟ་ན་སྨྲ་བ་བོ་ཚིག་བརྗོད་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ཏེ་དགོས་བ་མེད་པའི་ཕྱིར་རོ། །ངའི་ཚིག་ལས་དོན་འདི་རྟོགས་པར་གྱིས ་ཤིག་ཅེས་གཞན་ལ་སྨྲ་བ་ཡིན་ནོ། །བདག་ཉིད་ཀྱི་ཚིག་རྟོགས་པར་བྱ་བའི་དོན་དང་ལྡན་པར་སྟོན་པས་ནི་ཚིག་དོན་གྱི་འབྲས་བུར་བསྟན་པ་ཡིན་ཏེ། གལ་ཏེ་བརྗོད་བར་བྱ་བའི་དོན་ལ་མི་འཁྲུལ་བ་དེ་ལྟ་ན། དེ་རྟོགས་པར་བྱ་བའི་དོན་དང་ལྡན་པར་འགྱུར་བ་ཡིན་ནོ། །ཚིག ་དོན་གྱི་འབྲས་བུར་ཡང་ཅི་ལྟར་འགྱུར་ཞེ་ན། གལ་ཏེ་དོན་མེད་ན་མི་འབྱུང་བ་ཅན་གྱི་མཐོང་བས་སྦྱར་བ་ཡིན་ནོ། །དེའི་ཕྱིར་སྨྲ་བ་པོ་ཚིག་བརྗོད་པའི་ཤུགས་ཉིད་ཀྱིས་ཚིག་དོན་མེད་ན་མི་འབྱུང་བ་དང། བདག་ཉིད་ཀྱང་དོན་ཅི་ལྟ་བ་བཞིན་མཐོང་བར་སྟོན་པར་བྱེད་དོ། །གལ ་ཏེ་བདག་ཉིད་བདེན་པ་མཐོང་བ་མ་ཡིན་པ་དང། ཚིག་ཀྱང་མི་བདེན་པའི་དོན་ཅན་དུ་གཞན་ལ་སྟོན་པར་འདོད་ན་ནི། ཚིག་བརྗོད་པ་ཉིད་དུ་མི་འགྱུར་ཏེ། ཚིག་གི་དགོས་པ་དོན་རྟོགས་པའི་རང་བཞིན་མི་འདོད་པའི་ཕྱིར་རོ། །དེས་ན་འདིར་བདག་ཉིད་ཚད་མ་མ་ཡིན་ན་ཞེས་བྱ་བ ་ནི་ཚིག་ཚད་མ་མ་ཡིན་པར་བརྗོད་པར་ལྷ་སྟེ། ཚིག་ཚད་མ་ཡིན་པ་ནི་བདག་ཉིད་ཚད་མ་ཡིན་པའི་རྒྱུ་མཚན་ཅན་ཡིན་པས་དེ་མེད་ན་དེ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་བསྟན་བཅོས་ལ་བརྟེན་པར་ཏེ། ཚད་མར་ཁས་མ་བླངས་པར་དེས་གྲགས་པའི་ཆོས་ཅན་ལ་དཔྱོད་པ ་མི་འཇུག་གོ། ཞེས་བྱ་བ་འདི་ནི་གང་རྟོགས་པར་བྱ་བའི་དོན་དུ་ལྷན་ཅིག་ཏུ་བརྗོད་པར་མཛད་པའི་འདྲ་བ་ཡིན་ནོ། །ཅི་ཞིག་བརྗོད་པར་བྱ་བའི་ཕྱིར་འདྲ་བ་རྟོགས་པར་འདོད་ཅེ་ན། སྐབས་ཀྱི་ཆོས་ཅན་ཁྱད་པར་དཔྱོད་པའི་རྟེན་ཉིད་ལ་བསྟན་བཅོས་གནོད་པར་བྱེད་པ་ཡིན་ཏེ། ་ཁྱད་པར་དཔྱོད་པ་གང་དུ་ཆོས་ཅན་བསྟན་བཅོས་ལ་རེག་ལས་པ་དེར་བསྟན་བཅོས་རྟེན་ཉིད་དང། བརྟེན་པ་ཡང་གནོད་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པའི་དོན་དུ་མཚུངས་པར་བསྟན་པར་འདོད་པ་ཡིན་ཏེ། ཚིག་ཀྱང་བརྗོད་པའི་སྐབས་རྟེན་ཡིན་པའི ་ཕྱིར། གནོད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་གནོད་པ་འདི་གཉིས་སྐབས་ཀྱི་རྟེན་ཅན་དུ་མཚུངས་པར་བསྟན་པའི་ཕྱིར་ཐ་དད་པ་མེད་པར་བཤད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་རང་གི་ཚིག་དང་འགལ་བ་དང་ལུང་དང་འགལ་བ་གཅིག་ཏུ་བྱས་པ་ཡང་འདི་ལ་དཔེར་བརྗོད་པ་ཡང ་འདྲ་བ་ཐ་མི་དད་བར་བསྟན་ཏོ། །གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་བྱ་བ་ནི། གཞལ་བྱའི་དོན་ཅན་དོན་དང་ལྡན་པའི་ཚད་མ་དག་མེད་པའོ། །དེ་དག་གི་རྟོགས་པའི་དོན་གང་ཡིན་པ་དེ་མེད་དོ་ཞེས་དོན་འགོག་པ་ཡིན་གྱི། རང་གི་ངོ་བོ་ཙམ་ནི་མ་ཡིན་ཏེ། དེ་ནི ་ཉམས་སུ་མྱོང་བའི་ཕྱིར་རོ། །ཅི་ལྟར་དཔེ་བརྗོད་པ་འདི། གཉི་ག་ལ་ཡང་འདྲ་བ་ཡིན་ཞེ་ན། ཚད་མ་རྣམས་མེད་ན་ཞེས་སྨོས་སོ། །ཚད་མ་མེད་དོ་ཞེས་སྨྲ་བས་ནི་ཚིག་བརྗོད་བྱའི་དོན་དང་མ་འབྲེལ་བར་བརྗོད་པ་ཡིན་ཏེ། བརྗོད་པར་བྱ་བའི་དོན་མེད་ན་མི་འབྱུང་བ་ཉིད་ཡིན་ན་ནི ་ཚིག་ཉིད་ཚད་མར་འགྱུར་རོ། །ཚིག་བརྗོད་བྱའི་དོན་དང་བྲལ་བར་བསྟན་ན་ནི་བརྗོད་པ་འབྲས་བུ་མེད་པར་འགྱུར་རོ། །དེ་བཞིན་དུ་བསྟན་བཅོས་ཀྱང་དོན་མེད་ན་མི་འབྱུང་བ་མ་ཡིན་པར་འགྱུར་ན་འདོད་པ་ཡང་ཡིན་ཏེ། དེས་ན་འདི་གཉིས་མི་རུང་བའི་ཕྱིར་འདི་བདག་གིས། དམ ་བཅས་པའི་དོན་ལ་གནོད་པར་འདྲ་བ་ཡིན་ནོ། །གལ་ཏེ་ཆོས་ཅན་ཚད་མ་ལུང་གིས་བཞག་པ་མ་ཡིན་ནམ། ཅི་ལྟར་འདིར་བསྟན་བཅོས་ཀྱི་གནོད་པ་ཡིན་ཞེ་ན། བཤད་པ། རང་གི་ཚིག་དང་འགལ་བ་ལ་བསལ་བའི་དཔེར་བརྗོད་པ་ཡིན་ཏེ་།ཚིག་བརྗོད་པའི་ཤུགས ་ཀྱིས། འོངས་པའི་ཚད་མ་དེས་ཚད་མ་མ་ཡིན་པ་ལ་གནོད་པའི་ཕྱིར་རོ། །ལུང་ལ་ནི་འདི་འགལ་བའི་དཔེར་བརྗོད་པའི་ཕྱོགས་ཙམ་ཞིག་ཡིན་ནོ།། འདིར་གདོན་མི་ཟ་བར་ཁས་བླང་བར་བྱ་བའི་ཚིག་གི་ཚད་མ་ནི་དམ་བཅའ་བའི་དོན་འགལ་བར་བྱེད་པ་ཡིན་ཏེ། དེས་ན་ཕྱོགས ་འདིས་གང་དུ་གདོན་མི་ཟ་བར་བསྟན་བཅོས་ཚད་མར་ཁས་བླངས་པ་དེ་ནི་བསྟན་བཅོས་ཀྱི་དཔེར་བརྗོད་པ་ཡིན་པར་རྟོགས་པར་བྱའོ། །དེ་བཤད་པ་ནི་ལུང་དང་འགལ་བ་འདི་ལ་བསལ་བར་བྱ་སྟེ། ཚད་མ་ཡིན་པའི་ཕྱིར་བསྟན་བཅོས་གདོན་མི་ཟ་བ་ཁོ་ནར ་ཁས་བླང་བར་བྱ་བ་ཡིན་ནོ། །འཕོས་ནས་ཞེས་བྱ་བའི་དོན་ཏེ། རིང་དུ་སོང་ཡང་འཇིག་རྟེན་ཕ་རོལ་ཡིན་པས་དེར་བདེ་བ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་བསྟན་བཅོས་ཀྱི་གནོད་པ་ཡིན་ནོ། །ཅི་ལྟར་ཞེ་ན། ཆོས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན ་བཅོས་དེ་ལ་གནོད་པ་ན་བདེ་བ་སྟེར་བར་བྱེད་པ་ཉིད་དང། བདེ་བ་མ་ཡིན་པ་ཉིད་ཀྱིས་མཚན་ཉིད་ཀྱིས་ཁྱད་པར་ལ་དཔྱོད་པ་འཇུག་པ་ཡོད་པ་མ་ཡིན་ཏེ། རྟེན་དུ་གྱུར་པའི་བཞི་མེད་པ་སྟེ་ལྡོག་པའི་ཕྱིར་རོ། །སྤྱི་ཡོད་ན་ཁྱད་པར་སེམས་པ་ཡིན་ན་སྤྱི་ཉིད་ལྡོག་པའི་ཕྱིར ་ཡུལ་གང་ལ་ཁྱད་པར་བསམ་གཏན་མེད་པའི་རི་བོང་གི་རྭ་ལ་རྣོ་བ་ལ་སོགས་པའི་སེམས་པ་ནི་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་ལ་གནོད་དུ་ཆུག་མོད། དེ་ལྟ་ན་ཡང་གཞི་མེད་པར་ཅི་ལྟར་འགྱུར་ཞེ་ན། ཆོས་ཅན་ཡོད་པ་ཉིད་དུ་རྣམ་པར་བཞག་པ་དེ་ལ་བརྟེན ་པའི་ཕྱིར་ཏེ་ལུང་ལ་བརྟེན་པའི་ཕྱིར་རོ། །སྤྱིའི་ངོ་བོ་ཆོས་ཅན་ནི། བསྟན་བཅོས་ཀྱི་རྣམ་པར་བཞག་པ་ཡིན་པས། བསྟན་བཅོས་དེ་ལ་གནོད་པར་བྱས་ན་ཆོས་ཅན་མེད་པའི་ཕྱིར་ཁྱད་པར་ལ་སེམས་པ་ལྡོག་པར་འགྱུར་རོ། །དེའི་ཕྱིར་རྣམ་པ་དེ་ལྟ་བུའི་ཡུལ་ཞེས་བྱ ་བ་དཔྱོད་པའི་རྟེན་བསྟན་བཅོས་ལས་གྲུབ་པ་ལ་ནི་དོན་མི་ཟ་བར་བསྟན་བཅོས་ཚད་མར་འགྱུར་དགོས་སོ། །གལ་ཏེ་བསྟན་བཅོས་ལས་གྲུབ་པའི་ཆོས་ཅན་ལ། བསྟན་བཅོས་དང་འགལ་བ་སྨྲ་ན་བསྟན་བཅོས་ཀྱིས་གནོད་ན། ད་ནི་ཇི་ལྟར་འཇུག་དོགས་དག་ཏུ་ཁྲུས ་བྱེད་པ་དང། དེ་ལ་སོགས་པ་གཡང་སར་འཆོད་པ་ལ་སོགས་པ་གང་ཡིན་པ་དེ་ཆོས་མ་ཡིན་པ་དག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་སྐད་སྨྲ་བ་ཁས་བླངས་པས་གནོད་པ་མ་ཡིན། ཆོས་ཅན་ཆོས་མ་ཡིན་པ་ནི་བསྟན་བཅོས་ལས་གྲུབ་པ་ཡིན་ནོ། །དེ་ལ ་ཆོས་ཅན་ཁས་ལེན་ཕས་ནི་བསྟན་བཅོས་ཚད་མར་བྱས་པ་ཡིན་ལ། དེ་ཚད་མར་བྱས་ན་ཡང་ཆོས་མ་ཡིན་པས་ཁྲུས་ལ་སོགས་པས་དག་པར་བྱ་བ་ཡིན་པར་ཁས་བླངས་པ་ན་དེ་ཡང་འགོག་པ་ཞེས་བྱ་བ་ནི་ཁས་བླངས་པས་གནོད་པ་ཡིན་ནོ། །ཞེ་ན།?་ཆོས་མ་ཡིན་པ ་ཁྲུས་ལ་སོགས་པས་བཟློག་པར་བྱ་བ་རི་བཀག་པར་གྱུར་ཏུ་ཟིན་ཀྱང་སྐྱོན་མེད་དོ། །ཅི་ལྟར་ཞེ་ན། མ་མཐོང་བ་ཆོས་དང་ཆོས་མ་ཡིན་ཞེས་བྱ་བ་རྟོགས་པར་བྱེད་པའི་རྒྱུ་མཚན་གྱི་བསྟན་བཅོས་ཐམས་ཅད་ཁྲུས་ཀྱི་ཆོས་མ་ཡིན་པ་སྤྱོད་པར་བྱེད་དོ་ཞེས་དེ་སྐད་མ ་བརྗོད་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་ཐམས་ཅད་ནི་དེ་སྐད་མི་བརྗོད་ཀྱི་འོན་ཀྱང་འགའ་ཞིག་ཡིན་པ་དེ་ལྟ་ན་ཡང་ཆོས་ཅན་བསྟན་བཅོས་ལས་གྲུབ་པ་ཡིན་པ་དེས་ན་ཅི་ལྟར་སྐྱོན་མེད་ཅེ་ན། བཤད་པ། རང་གི་ཁས་ལེན་པའི་རྟེན་ཁས་བླངས་པའི་བསྟན་བཅོས་ཟློག་པར་བྱེད་པ ་ལ་གནོད་པར་འགྱུར་ལ། ཆོས་ཅན་ཆོས་མ་ཡིན་པ་རྣམ་པར་འཇོག་པས་ཀྱང་གང་རྣམ་པར་བཞག་པའི་བསྟན་བཅོས་དེ་དེས་ཁས་བླངས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཆོས་མ་ཡིན་པ་ཉེ་བར་སྟོན་བའི་བསྟན་བཅོས་ཐམས་ཅད་དུ་ནི་ཁྲུས་ལ་སོགས་པས་དག་པར་བྱེད ་པ་ཡང་མི་སྨྲའོ། །གང་གི་ཕྱིར་དེ་ལྟེ་ཡིན་པ་དེའི་རང་གི་བསྟན་བཅོས་ཀྱིས་རྣམ་པར་འཇོག་པ་ན་སངས་རྒྱས་པའི་ཆོས་ཅན་གྱི་རྟེན་ཁས་བླངས་པའི་བསྟན་བཅོས་ལ་མི་གནོད་པའི་ཕྱིར་རོ། །ཁས་མ་བླངས་པ་ལ་གནོད་པ་སྐྱོན་མ་ཡིན་ནོ། །ད་ནི་བསྟན་བཅོས་དེས་ཁས ་བླངས་པ་ཆོས་ཅན་ཡིན་ཡང་འགལ་བ་མེད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། བསྟན་བཅོས་དེའིའོ། །ཅི་ལྟ་བུའི་ཁྱད་པར་ཅན་ཞིག་གི་ཞེ་ན། ཁྲུས་ཀྱི་དག་པར་སྨྲ་བ་ཡིན་པས་ན་དེར་སྨྲ་བའོ། །རང་གི་ཚིག་ནི་བསྟན་བཅོས་ཀྱི་ཕྱོགས་གཅིག་སྟེ། དེ་ཉིད་ཀྱི་ཁྲུས་ཀྱིས ་དག་པར་བྱ་བའི་དོན་དེ་ལ་གནོད་པའི་ཕྱིར་དེ་བཀག་པ་ལ་སྐྱོན་མེད་ངོ་ཞེས་འབྲེལ་ཏོ། །འདི་སྐད་བརྗོད་པ་ཡིན་ཏེ། བསྟན་བཅོས་ཚད་མར་བྱས་ནས་དེ་དང་འགལ་བ་བརྗོད་པ་གང་ཡིན་པའི་ཚིག་དེ་ལ་བསྟན་བཅོས་ཀྱིས་གནོད་པ་ཡིན་ན། འདིར་ནི་བསྟན་བཅོས་ཉིད་དོན་འགལ? ་བརྗོད་ཀྱི་སྐྱེས་བུ་ནི་མ་ཡིན་པའི་ཕྱིར་གང་ལ་བསྟན་བཅོས་ཀྱིས་གནོད་ཅེས་བྱ་བ་མ་ཡིན་ནོ། གང་གིས་ཁྲུས་ལས་དག་པ་ལས་གནོད་པར་བྱེད་པའི་ཚིག་དེ་གང་ཡིན་ཞེ་ན། བཤད་པ། ཆོས་མ་ཡིན་པ་གང་ལ་ཆགS་པ་ལ་སོགས་པ་སྟེ། ཞེ་སྡང་ལ་སོགས་པའི ་རྩ་བ་རྒྱུ་མཚན་ཡོད་པ་ཞེས་བྱ་བ་དེ་ལྟར་ནི་བསྟན་བཅོས་ཐམས་ཅད་ལས་རྣམ་པར་བཞག་པ་ཡིན་ཏེ། གང་ལ་ཁྲུས་ཀྱིས་དག་པ་རྗོད་པ་དེའི་བར་དུ་ཡང་འདི་རྣམ་པར་བཞག་པ་ཡིན་ཏེ། འདི་བསྟན་བཅོས་ཀྱི་དོན་ཡིན་ནོ། །ཐམས་ཅད་ལས་ཆོས་མ་ཡིན་པ་ནི་ཆགས་པ་ལ་སོཌ ་པའི་རྩ་བ་ཅན་ཡིན་ནོ། །ཞེས་དེ་སྐད་དངོས་སུ་བརྗོད་པ་མེད་པ་མ་ཡིན་ནམ། དེ་ཅི་ལྟར་འདི་རྣམ་པར་བཞག་པ་ཡིན་ཞེ་ན། གང་གི་ཁྲུས་ལས་དག་པར་བཤད་པའི་བསྟན་བཅོས་དེ་ཉིད་ཀྱིས་མ་ཆགས་པ་རྣམས་དང། སྡང་བ་མེད་པ་རྣམས་དང། མ་རྨོངས་པ་རྣམས ་ལ་སྡིག་པར་མི་འདོད་པའི་ཕྱིར། ཤུགས་ཀྱིས་ཆགས་བ་ལ་སོགས་པ་སྡིག་པའི་རྒྱུར་བརྗོད་པར་འགྱུར་གྱི། དངོས་སུ་ནི་མ་ཡིན་ནོ། །རྣམ་བར་བཞག་པ་དེས་ནི་ཁྲུས་ལ་སོགས་པ་སྡིག་པ་དག་པར་སྨྲ་བ་འགོག་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་མ་ཟད་ན་དེ་ལས ་བྱུང་བའི་འབྲས་བུ་མི་ལྡོག་པའི་ཕྱིར་རོ། །གལ་ཏེ་ཁྲུས་ལ་སོགས་པས་ཆགས་པ་ལ་སོགས་པའི་རང་བཞིན་གྱི་རྒྱུ་ལ་གནོད་པར་བྱེད་པ་ཡིན་ན་ནི་དེའི་འབྲས་བུ་སྡིག་པ་ཡང་དག་པར་བྱེད་པར་འགྱུར་བ་ཞིག་ན། རྒྱུ་ལ་གནོད་པར་བྱེད་པ་ནི་མ་ཡིན་ཏེ། ཁྲུས ་ལ་སོགས་པ་བྱས་ཀྱང་ཉམས་སུ་མྱོང་བའི་ཆགས་པ་ལ་སོགས་པ་མི་ལྡོག་པའི་ཕྱིར་རོ། །དཔེ་བཤད་པ་ནི་མངར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བད་ཀན་དང་ཡོན་ཏན་མཚུངས་པའི་མངར་བ་ལ་སོགས་པ་ནི་བད་ཀན་གྱིས་སྐྱེད་པའི་ནར་འཕེལ་བའི་རྒྱུ་ཡིན་པའི ་ཕྱིར་དེ་དག་ཉིད་ཀྱིས་ཞི་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ། །དེའི་ཕྱིར་ན་ཁྲུས་ཀྱིས་ཡང་དག་པར་བརྗོད་པ་ནི་དོན་གྱིས་ཆོས་མ་ཡིན་བ་ཆགས་པ་ལ་སོགས་པའི་རྩ་བ་ཅན་དུ་བརྗོད་པས་གནོད་པ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ཉིད་རང་གི་དོན ་འགལ་བ་བརྗོད་པ་ཡིན་གྱི་སྐྱེས་བུ་ནི་མ་ཡིན་ནོ། །གང་གི་ཕྱིར་བསྟན་བཅོས་ལས་རབ་ཏུ་གྲགས་པའི་ཆོས་ཅན་གཟུང་བ་ལ། སྐྱེས་བུ་?་བསྟན་བཅོས་དང་འགལ་བརྗོད་བར་བྱ་བ་མ་ཡིན་པ་དང་འདི་ལྟ་བུ་འགལ་བརྗོད་པར་བྱེད་པ་ལ་བསྟན་བཅོས་གནོད་པར་བྱེད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར ་ལུང་གིས་མཐོང་བ་རབ་ཏུ་གྲགས་པའི་དོན་དབང་པོ་ལས་འདས་པ་དག་ལ་ནི་འགལ་བ་སྟེ། ཚིག་ཅན་ཚུལ་གནོད་པ་བརྗོད་པ་སྟོན་པ་དེ་ཉིད་ཕལ་ཆེར་ཏེ། ལྷག་པར་སེམས་པ་གང་ཡིན་པའོ། །ཚིག་ཕན་ཚུན་འགལ་བ་བསྟན་པས་ནི་དོན་འདི་བརྗོད་པ་ཡིན་ཏེ། བསྟན་བཅོས་ལས ་ཅི་ལྟར་བརྗོད་པ་དེ་དེ་ལྟར་མ་ཡིན་ནོ་།ཞེས་ནི་མི་སྨྲའི། །འོན་ཀྱང་བསྟན་བཅོས་འདི་ཉིད་སྨྲའི་ཞེས་བྱ་བ་ཡིན་པའི་ཕྱིར། ཅི་ལྟར་སྐྱེས་བུ་ལ་བསྟན་བཅོས་ཀྱིས་གནོད་པ་ཡིན། ཡང་ཅིའི་ཕྱིར་དེ་ལྟར་སེམས་པར་བྱེད་ཅེ་ན། བསྟན་བཅོས་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས ་སོ། །མཐོང་བ་མངོན་སུམ་དང་རྗེས་སུ་དཔག་པ་ཞེས་བྱ་བའི་ཡུལ་ལོ། །རྗེས་སུ་དཔག་པར་བྱ་བ་ཡང་མེད་བཞིན་དུ་རེས་འགའ་མཐོང་བ་འམ། མིག་བཞིན་དུ་རྟེན་མཐོང་བའི་ཕྱིར་མཐོང་བར་བརྗོད་དེ། མིག་རྗེས་སུ་དཔག་པ་ལ་ནི་ཆོས་ཅན་མཐོང་བ་ཡིན་ནོ། །དངོས་བོའི་སྟོབས ་ཏེ་ཚད་མའི་སྟོབས་ཀྱིས་ཞུགས་པའི་ཚད་མས་མ་གནོད་པ་དང། མི་མཐོང་བའི་ཡུལ་ཤིན་ཏུ་དབང་པོ་ལས་འདས་པ་དག་ལ་རང་གི་ཚིག་གིས་མ་གནོད་པའི་བསྟན་བཅོས་དེ་གཟུང་བར་བྱ་བ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་ཚིག་གི་ལྟག་མ་སྟེ། དོན་འདི ་རྟོགས་བར་བྱ་བའི་ཕྱིར་སེམས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག་གོ། གལ་ཏེ་བསྟན་བཅོས་ལས་གྲགས་པའི་ཆོས་ཅན་ལ། བསྟན་བཅོས་དང་འགལ་བརྗོད་ན་བསྟན་བཅོས་ཀྱིས་གནོད་ན། འོ་ན་བསྟན་བཅོས་ལས་རབ་ཏུ་གྲགས་པ་མ་ཡིན་པའི་ཆོས་ཅན་ལ། བསྟན ་བཅོས་དང་འགལ་བ་རྗོད་པ་ལ་སྐྱོན་ཅི་འདྲ་བ་ཞིག་ཅེ་ན། ཅི་ཡང་མེད་དེ་བསྟན་བཅོས་ཁས་མ་བླངས་པའི་ཕྱིར་རོ། །འོ་ན་བསྟན་བཅོས་ཁས་བླངས་པ་དེ་ལ་ཅི་ལྟར་ཞེ་ན། དེ་ལ་མི་བརྟེན་པ་བསྟན་བཅོས་ལ་མི་བརྟེན་པའི་དངོས་པོ་ལ་ནི་བསྟན་བཅོས་དང་ལྡན་པ་དེ་འགལ ་བའི་ཆོས་བརྗོད་ཀྱང་བསྟན་བཅོས་ཀྱིས་གནོད་བ་མ་ཡིན་ནོ། །འོ་ན་ཅིར་འགྱུར་ཞེ་ན། གེགས་བྱེད་པར་འགྱུར་རོ། །འདི་ལྟར་དམ་བཅས་པའི་བསྟན་བཅོས་དེ་ཡང་དེའི་རང་གི་ཚིག་ཉིད་ཡིན་ལ། འདི་ཡང་རང་གི་ཚིག་ཡིན་པའི་ཕྱིར་དེ་དག་ནི་གེགས་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ་བསྟན་བཅོས་དང་ཚིག་གཉི་ག་སྟོབས་ཏེ་སྦུབས་མཚུངས་པ་དེའི་ཕྱིར་རོ། །དཔེ་བཤད་པ། དཔེར་ན་རང་གི་ཚིག་གེགས་བྱེད་པ་ཡིན་གྱི། གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ནི་མ་ཡིན་པ་བཞིན་ནོ། །དེའི་ཚེ་ཞེས་བྱ་བ་ནི་ཉམས་སུ་མྱོང་བས་གྲུབ་པའི་ཆོས་ཅེ་ན་འཛིན ་པའི་དུས་ན། སྨྲ་བ་པོ། དེའི་རང་གི་ཚིག་དང་འགལ་བ་ཡིན་གྱི་བསྟན་བཅོས་གྱིས་གནོད་བ་ནི་མ་ཡིན་ནོ། །བསྟན་བཅོས་ནི་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འདྲའོ། །གང་དུ་ཆོས་ཅན་བསྟན་བཅོས་ལས་རབ་ཏུ་གྲུབ་པ་དེར་ནི་གདོན་མི་ཟ་བར་བསྟན་བཅོས་ཉིད་ཚད་མར ་བྱ་བ་ཡིན་ཏེ། དེས་ན་བསྟན་བཅོས་གནོད་པར་བྱེད་པ་ཡིན་ནོ། །འོ་ན་གང་གི་ཚེ་བྱེ་བྲག་པ་སྒྲ་ནམ་མཁའ་ཨི་ཡོན་ཏན་མ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ་འདིའི་བསྟན་བཅོས་ལས་རབ་ཏུ་གྲགས་བའི་ནམ་མཁའ་ཨི་ཡོན་ཏན་ཉིད་རང་ཉིད་ཀྱིས་བརྗོད་པའི་ནམ་མཁའ་ཨི་ཡོན་ཏན་མ་ཡིན ་པ་ཉིད་ཀྱི་གེགས་བྱེད་པར་འགྱུར། བྱས་པའི་གཏན་ཚིགས་ཀྱིས་གྲུབ་པའི་ནམ་མཁའ་ཨི་ཡོན་ཏན་མ་ཡིན་པ་ཉིད་བསྟན་བཅོས་ལས་རབ་ཏུ་གྲགས་པས་ཅི་ལྟར་གེགས་བྱེད་པར་འགྱུར་ཞེ་ན། དེ་དག་ལས་གང་ལ་ཚད་མ་ཡོད་པ་ཞེས་སྨོས་སོ། །ཚད་མ་མེད་པའི་དམ་བཅས ་པ་ཙམ་དག་ནི་ཕན་ཚུན་གེགས་བྱེད་པར་བརྗོད་དེ། གལ་ཏེ་གཅིག་ལ་ཡང་ཚད་མ་ཡོད་ན་ནི་དེ་ཉིད་ནི་གནོད་པར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་ཚད་མ་མེད་པ་དག་གེགས་མ་ཡིན་པ་དང། ཚད་མ་ཅན་ཚད་མ་མེད་པ་ལ་གནོད་པར་བྱེད་པ་མ ་ཡིན་གྱི། འོན་ཀྱང་བསྟན་བཅོས་ཉིད་གནོད་པར་བྱེད་འདོད་ན། དེའི་ཚེ་རང་གི་ཚིག་གི་ཚད་མ་མེད་པ་དང། རྗེས་སུ་དཔག་པ་དང་ལྡན་པ་དོན་ཅི་ལྟ་བ་བཞིན་ཏེ། དངོས་པོ་ལས་མ་འདས་པར་འཇུག་པའི་རང་གི་ཚིག་ཚད་མ་དང་ལྡན་པ་གང་ཡིན་པ་དེ་ལ་རིག་པ་མེད ་པའི་དམ་བཅའ་བ་ལུང་གི་ངོ་བོས་ཅི་ལྟར་གནོད་པར་འགྱུར་ཏེ། མི་འགྱུར་བ་ཉིད་དོ། །རིག་པ་མེད་པ་ཞེས་ཅི་ལྟར་རྗོད་དེ་གང་གི་ཕྱིར་ལུང་ཡང་ཚད་མ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ལ་དེ་རྣམས་ཚད་མ་ཡིན་པ་ཡང་བཀག་ཟིན་ཏོ་ཞེས་སྨོས་ཏེ། ལེའུ་གཉིས་པར་ལུང་རྣམས། ་རང་བཞིན་མ་བྱས་པ་དང། དོན་སྐྱེས་བུས་མ་བྱས་པ་དང། ཡིད་ཆེས་པའི་ཚིག་ཉིད་ཀྱིས་ཚད་མ་ཡིན་པ་བཀག་ཟིན་ཏོ། །གང་གི་ཕྱིར་བསྟན་བཅོས་ལས་མི་རྟེན་པའི་དངོས་པོ་ལ་ལུང་དང་འགལ་བ་བརྗོད་པ་ལ་ལུང་གི་གནོད་པ་མེད་པ་དེའི་ཕྱིར་ལུང་ཚད་མར་ཁས་བླངས ་ནས་དཔྱོད་པ་གང་དག་ཡིན་པ་སྟེ། དཔེར་ན་ཆོས་ལ་སོགས་པ་ལྟ་བུར་གང་དག་གི་ཆོས་ཅན་བསྟན་བཅོས་ལ་རབ་ཏུ་གྲགས་པའི་དཔྱོད་པ་དེ་དག་ལ་བསྟན་བཅོས་ཀྱི་གནོད་པའི་སྐྱོན་འདིར་འགྱུར་གྱི་གཞན་དུ་ཆོས་ཅན་བསྟན་བཅོས་ལས་རབ་ཏུ་གྲགས་པ་མ་ཡིན་པའི་དཔྱོད ་པ་ལ་ནི་མ་ཡིན་ནོ། །གང་གི་ཕྱིར་དཔྱོད་པ་གང་དུ་བསྟན་བཅོས་ལ་གདོན་མི་ཟ་བར་བརྟེན་དགོས་པ་དེ་ཁོ་ན་བསྟན་བཅོས་གནོད་པར་བྱེད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཡང། ཁས་བླངས་པ་སྟེ་བསྟན་བཅོས་རྗེས་སུ་དཔག་པ ་ལས་ལོགས་ཤིག་ཏུ་བྱས་སོ། །ཅིའི་དོན་དུ་ཞེ་ན། ཡུལ་གྱི་དབྱེ་བ་སྟེ་ཐ་དད་པ་ཉིད་དོ། །རྗེས་སུ་དཔག་པ་དང་བསྟན་བཅོས་ཀྱི་གནོད་པ་ནི་ཡུལ་ཐ་དད་པ་ཡིན་ཏེ། རྗེས་སུ་དཔག་པ་ནི་ཐམས་ཅད་དུ་གནོད་པར་བྱེད་པ་ཡིན་ལ། བསྟན་བཅོས་ལ་བསྟེན་པའི་ཆོས་ཅན་ལ ་གནོད་པར་བྱེད་པ་ཡིན་པས། ཡུལ་གྱི་དབྱེ་བ་འདི་བསྟན་པའི་ཕྱིར་ལོགས་ཤིག་ཏུ་བྱས་སོ། །ལོགས་ཤིག་ཏུ་མ་བྱས་ན་ནི་ཇི་ལྟར་རྗེས་སུ་དཔག་པའི་ཡུལ་ཐམས་ཅད་ལ་གནོད་པར་བྱེད་པ་དེ་བཞིན་དུ་བསྟན་བཅོས་ཀྱང་ཡིན་པར་དོགས་པར་འགྱུར་རོ། །ཅི་ལྟར་ཕྱི་རོལ ་ཏུ་གྱུར་པ་མ་ཡིན་ཏེ། གང་གི་ཕྱིར་རྗེས་སུ་དཔག་པ་ནི་ཚད་མ་ཡིན་ལ། ལུང་ནི་མ་ཡིན་ནོ་ཞེས། གནོད་པར་བྱེད་པར་ཁས་བླངས་པས་སོ། །གང་གི་ཕྱིར་ལུང་ནི་གནོད་བྱེད་དུ་ཁས་བླངས་པ་ཡིན་ལ། གནོད་པར་བྱེད་པ་ཡང་ཚད་མ་ཡིན་ནོ།། ཚད་མ་ཡང་མངོན་སུམ་མ ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡིན་ཏེ། དེས་ན་གནོད་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་བསྟན་བཅོས་རྗེས་སུ་དཔག་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཡུལ་གྱི་དབྱེ་བ་བསྟན་པའི་ཕྱིར་མ་ཡིན་ན་ནི། འདི་རྗེས་སུ་དཔག་པའི་དབྱེ་བ་བསྟན་པའི ་ཕྱིར་ཡིན་པར་འགྱུར་ལ། དེ་ལྟ་ན་ཡང་འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་རབ་ཏུ་དབྱེ་བ་གཞན་ཡང་བརྗོད་པར་བྱ་བས་ཧ་ཅང་ཐལ་བར་འགྱུར་རོ། །ཅི་སྟེ་དབྱེ་བ་གཞན་ཡོད་ཀྱང་མ་བརྗོད་ན། བསྟན་བཅོས་ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་རོ། །འདི་ལྟར ་བསྟན་བཅོས་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །གལ་ཏེ་ལོགས་སུ་བྱས་པ་གདོན་མི་ཟ་བར་རྒྱུ་མཚན་ལ་བལྟོས་པ་ཡིན་ན་འོ་ན་རང་གི་ཚིག་བསྟན་བཅོས་ལས་ལོགས་ཤིག་ཏུ་བྱས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན་།ཚིག་ཙམ་བརྗོད་པ་སྟེ་གང་ཞིག ་ཚད་མ་དང་བྲལ་བའི་ཚིག་ཙམ་བརྗོད་པ་གང་ཡིན་པ་དེའོ།། དེ་ལ་གེགས་བྱེད་པ་ཡིན་གྱི་གནོད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་རྒྱུ་མཚན་ཡིན་ཏེ། འདི་རྟོགས་པར་བྱ་བའི་ཕྱིར་ལོགས་ཤིག་ཏུ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །གལ་ཏེ་ཚད་མ་མ ་ཡིན་པའི་ཚིག་གགས་བྱེད་པ་ཡིན་གྱི་གནོད་པར་བྱེད་པ་མ་ཡིན་ན་ནི། གང་གི་ཕྱིར་ཚད་མ་མ་ཡིན་པ་ཉིད་ནི་བསྟན་བཅོས་ལ་ཡང་མཚུངས་བ་ཡིན་པ་དེའི་ཕྱིར་བསྟན་བཅོས་དང་འགལ་བ་དེར་ཡང་གགས་བྱེད་པར་འགྱུར་གྱི། གནོད་པར་བྱེད་པ་ཉིད་ནི་མ་ཡིན་ནོ ་ཞེ་ན། བཟློག་པའི་ཕྱིར་གཞི་ཡོད་པ་ལ་ཞེས་སྨོས་སོ། །ཁྱད་པར་ཅན་གྱི་ཆོས་དག་གི་གཞི་ཆོས་ཅན་གཅིག་ཡོད་ན་ཕན་ཚུན་གེགས་སུ་འགྱུར་བ་ཡིན་ཏེ། ཆོས་ལ་བརྟེན་པ་ཞེས་གང་འཆད་པར་འགྱུར་བ་ཡིན་ནོ། །དཔེར་བརྗོད་པ་ནི་ཉམས་སུ་མྱོང་བས་གྲུབ་པའི ་ཆོས་ཅན་ཚིག་གཅིག་ལ་རྗོད་པའི་གནས་སྐབས་ལ་བརྟེན་པའི་ཚིག་ཚད་མ་ཉིད་དང། རྗེས་སུ་དཔག་བ་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་བརྗོད་པར་བྱ་བ་ཚད་མ་མ་ཡིན་པ་ཉིད་དོ། །ཚད་མ་ཅན་མ་ཡིན་པ་འདི་གཉིས་ཀྱི་ཕན་ཚུན་གེགས་བྱེད་བ་ཉིད་ཆོས་ལ་བརྟེན་པ ་ཡིན་པ་འམ། མངོན་སུམ་གྱིས་གྲུབ་པའི་བུད་མེད་ལ་བུ་སྐྱེད་པ་དང་ཅིག་ཤོས་ཀྱི་ཆོས་དེ་དག་གི་ཕན་ཚུན་གེགས་བྱེད་བ་ཆོས་ལ་བརྟེན་པ་ཡིན་པ་བཞིན་ནོ། །ཆོས་ཅན་གྲུབ་ན་ཆོས་གང་རུང་ཅིག་ཡོད་པར་འགྱུར་དགོས་པ་དང། འགལ་བ་གཉིས་གཅིག་ལ་ལྡན་པ་ཡང་མ ་ཡིན་པའི་ཕྱིར་ན་འདོད་པ་གཅིག་གིས་གཉིས་པ་གེགས་བྱེད་པ་ཡིན་ཏེ་དེས་ན་གེགས་བྱེད་པ་ནི་ཆོས་ལ་བརྟེན་པ་ཡིན་ནོ། །དཔྱོད་པ་གང་དུ་ཆོས་ཅན་ཉིད་མ་གྲུབ་པ་དེར་ནི་གང་ལ་སྟེ། གཞི་གང་ཞིག་ཏུ་ཁས་བླངས་པའི་ཆོས་གང་ཞིག་ཆོས་གཞན་གང་གིས་གེགས་བྱ་སྟེ། གེགས་བྱེད ་པ་དག་གི་གཞི་མེད་པར་འགྱུར་ན་གེགས་བྱེད་པའི་སྐབས་ཉིད་མེད་པའི་ཕྱིར་རོ། །?་གི་ཕྱིར་དེ་ལྟར་ཆོས་ཅན་མ་གྲུབ་ན་གེགས་བྱེད་པ་མེད་པ་དེས་ན་གེགས་བྱེད་པའི་རྟེན་ཆོས་ཁས་ལེན་པས་ནི་ཆོས་ཅན་རྣམ་པར་འཇོག་པར་བྱེད་པ་ཡོད་པ་ཉིད་དུ་ཁས་ལེན་པ་ཡིན་ལ། དེ་རྣམ་པར་འཇོག ་པའི་ཕྱིར་ཡང་བསྟན་བཅོས་ཚད་མར་བྱེད་པ་ཡིན་ནོ། །དེ་ལས་བཤད་པའི་ཆོས་ཀྱི་མཚན་ཉིད་ཀྱི་དོན་ཡོད་པར་ཁས་ལེན་པས་ནི། བསྟན་བཅོས་བརྗོད་པར་བྱ་བའི་དོན་མེད་པ་ནི་མི་འབྱུང་བའི་དོན་གྱིས་འབྲས་བུར་ཁས་བླངས་པ་ཡིན་ཏེ། དེས་ན་ཚད་མ་ཡིན་པའི་ཕྱིར་དེ་ནི་བདེན་པ་བསྒྲུབ ་པར་བྱེད་བ་མ་ཡིན་པ་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ནི་བསྟན་བཅོས་རང་གི་ཚིག་དང་མཚུངས་པར་བྱ་བའི་ཕྱིར་སྐབས་རྩོམ་པར་བྱེད་པ་ནི། བསྟན་བཅོས་ཚད་མ་མ་ཡིན་ན་ནི་ཞེས་བྱ་བའོ། །བསྟན་བཅོས་ཚད་མ་ཅན་མ་ཡིན་ཏེ། ཚད་མ་ཉིད་མ་ཡིན་ནམ་ཅི་ལྟར་ཆོས་ཅན་ཡོད་པར ་རྟོགས་པར་འགྱུར་ཞེ་ན། ཚད་མར་དོན་མེད་ན་མི་འབྱུང་བ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ནི་རང་གི་ཁས་བླངས་པ་ཉིད་ཆོས་ཅན་ཡོད་པར་རྣམ་པར་འཇོག་པར་བྱེད་པ་ཡིན་གྱི་བསྟན་བཅོས་ནི་མ་ཡིན་ནོ། །ཅི་ལྟར་ཞེ་ན། ཚད་མར་བྱེད་པ་སྟེ། གང་གི་ཕྱིར་བསྟན་བཅོས ་ཚད་མར་ཁས་ལེན་པར་བྱེད་པ་དེའི་ཕྱིར་དེ་ཉིད་ཆོས་ཅན་རྣམ་པར་འཇོག་པར་བྱེད་པ་ཡིན་ལ། ཆོས་གཞན་ཡང་ཚད་མར་བྱེད་པ་ཉིད་ཀྱིས་འཇོག་པར་བྱེད་ཅིང། ཡང་དུས་ཕྱིས་དེ་ཉིད་ཟློག་པར་བྱེད་དོ། །དེའི་ཕྱིར་རང་གི་ཚིག་དང་འགལ་བ་ལས་ཐ་མི་དད་དོ། །ཅི་ལྟར་རང་གི་ཚིག ་དང་འགལ་བ་ཁས་བླངས་པའི་ཚད་མས་བྱས་པ་དེ་བཞིན་དུ་བསྟན་བཅོས་དང་འགལ་བ་ཡང་ཡིན་པས་ཐ་མི་དད་དོ། །དེས་ན་ཅི་ལྟར་རང་གི་ཚིག་དང་འགལ་ན་གེགས་བྱེད་པ་དེ་བཞིན་དུ་བསྟན་བཅོས་དང་འགལ་ན་ཡང་ཡིན་ཏེ། སྟོབས་མཚུངས་པ་དག་གནོད་པ ་ནི་མ་ཡིན་ན། །གལ་ཏེ་གཉི་ག་གེགས་བྱེད་པ་ཡིན་གྱི་གནོད་པར་བྱེད་པ་མ་ཡིན་ན་ད་འདི་དག་ལ་དབྱེ་བ་ཅི་ཡོད་དེ། གཉི་ག་ཡང་གེགས་བྱེད་པ་ཡིན་པས་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། འདི་དག་ལ་ཁྱད་པར་ཡོད་པར་སུ་ཞིག་སྨྲ། གལ་ཏེ་ཁྱད་པར་མེད་ན་ཅི་ལྟར་བསྟན་བཅོས ་ལས་རང་གི་ཚིག་ལོགས་སུ་བྱས་ཤེ་ན། དག་གི་དབྱེ་བས་དེ་ལྟར་ལགས་ཤིག་ཏུ་བརྗོད་པར་འགྱུར་རོ། །དག་ཐ་དད་པ་དག་ལ་ནི་བསྟན་བཅོས་དང་འགལ་བ་ཡིན་ལ། དག་གཅིག་ལ་མི་རང་གི་ཚིག་དང་འགལ་བ་ཡིན་ནོ་ཞེས་གང་སྨྲས་པ་ནི། གང་གི་ཚེ་དག་སྔ་མས་བཞག ་པའི་དོན་དག་ཕྱི་མའི་དོན་གྱིས་ཟློག་པར་བྱེད་པ་དེའི་ཚེ་ནི་ཁས་བླངས་པ་དང་འགལ་བ་ཡིན་ཏེ། འདི་སྐད་ཅེས་དའི་མ་གང་ཡིན་པ་དེ་ནི་མོ་གཤམ་ཡིན་ནོ་ཞེས་བརྗོད་པ་ནི་སྔར་གྱི་མཚན་ཉིད་ཀྱི་རེག་ཕྱིས་ཀྱི་མཚན་གཞིའི་ངག་གི་ཉམས་པར་བྱས་པ་ཡིན་ནོ། །རྣམ་པ་འདི་ལྟ ་བུ་ནི་ཁས་བླངས་པ་དང་འགལ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཀྱང་སྔར་ཁས་བླངས་པ་དང་ཞེས་སྔར་གྱི་སྒྲ་གསུངས་སོ། དག་གི་དབྱེ་བ་མེད་ཀྱང་བརྗོད་པའི་དག་དེ་ཉིད་ཀྱིས་རང་གི་དོན་སེལ་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་ཚད ་མ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །དག་དེ་རྗོད་པ་ན་ཤུགས་ཀྱིས་རང་གི་དོན་ལ་མི་འཁྲུལ་བར་བསྟན་པ་ཡིན་ལ། དེ་འདྲ་བ་ཡང་སྨྲ་བ་པོའི་ང་རྒྱལ་གྱིས་རྗེས་སུ་དཔག་པའི་ཚད་མ་ཡིན་ནོ། །དེས་ན་བརྗོད་པའི་ཤུགས་ཀྱིས་འོངས་པ་འདི་ཚད་མ་ཉིད་དུ་ཁས་བླངས་པས་ནི་རང ་གི་བརྗོད་བྱ་ཚད་མ་མ་ཡིན་པ་འགལ་པར་བྱེད་དོ། །ཚིག་བརྗོད་པར་འདོད་བའི་འབྲས་བུ་ཡིན་པའི་ཕྱིར་དངོས་པོ་ཚད་མ་མ་ཡིན་ནམ། ཅི་ལྟར་དེ་གེགས་བྱེད་པ་ཡིན་ཞེ་ན། བདེན་ཏེ། འོན་ཀྱང་བརྗོད་པའི་ཤུགས་ཀྱིས་འོངས་པ་འདིའི་ཚད་མ་ནི་འདོད་པའི་ཡུལ་ཅན་ནི་མ་ཡིན ་ཏེ། འོན་ཀྱང་ཕྱི་རོལ་གྱི་དོན་གྱི་ཡུལ་ཅན་ཡིན་ནོ་འདི་ལྟར་བསམ་པ་ལ་ཚད་མ་ཡིན་ཡང་ཕྱིའི་དོན་རྟོགས་པར་བྱ་བའི་ཕྱིར་དག་རྗོད་ལ། ཕྱིའི་དོན་ལ་ཚད་མར་བསྟན་པར་མི་འདོད་ན་ནི་སྨྲ་བར་མི་འགྱུར་རོ། །བརྗོད་པའི་ཤུགས་ཀྱིས་འོངས་པ་གང་ཡིན་པ་དེ་ཉིད་ནི་འདོད་པ ་ཡིན་ལ། གཞན་ནི་བཀག་པའི་ཕྱིར་འདོད་པ་མ་ཡིན་ནོ། །བརྗོད་པའི་དུས་ན་འདོད་པ་གང་ཡིན་པ་དེས་བརྗོད་པར་བྱ་བའི་གེགས་བྱས་ན་རང་གི་ཚིག་དང་འགལ་བར་འགྱུར་བ་ཡིན་ཏེ། འདོད་པ་གཅིག་དང་འདོད་པ་གཞན་འགལ་བ་ཡིན་པའི་ཕྱིར་རོ། །དེའི་ཚིག་རང་གི ་ཚིག་དང་འགལ་བ་ནི་གེགས་སུ་འགྱུར་བ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་ཡུལ་ཅན་གྱི་ཚད་མར་འདོད་པས་གནོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་གམ་གཞན་ཡང་རུང་དོན་ཅི་ལྟར་བ་བཞིན་མཐོང་བས་དག་འཇུག་པ་ནི་ཡིད་ཆེས་པ་ཡིན་ལ། དེའི་ཚིག་ནི་དོན་གྱི་འབྲས ་བུ་ཡིན་ནོ་ཞེས་ཁས་བླངས་པར་རབ་ཏུ་གྲགས་པ་ཕྱི་རོལ་གྱི་འབྲས་བུ་ཉིད་དུ་བརྗོད་དོ། །བསམ་པའི་འབྲས་བུ་ཉིད་ནི་ཚིག་ཐམས་ཅད་ལ་ཡོད་པས་ཁྱད་པར་དོན་མེད་པར་འགྱུར་རོ། །གེགས་བྱེད་པར་ཡང་ཅི་འགྱུར་ཞེས་བྱ་བ་ནི། ཚིག་དོན་ལ་དེས་པ་ཉིད་ཡིན་ན་ནི་རང ་གི་དོན་གྱིས་དོན་གཞན་གྱི་གེགས་བྱེད་པར་འགྱུར་ན། ཚད་མ་མ་ཡིན་པ་ནི་དོན་ཐེ་ཙོམ་ཟ་བ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཏེ་ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་སྟོབས་མཚུངས་པ་ཡིན་ལ། སྟོབས་མཚུངས་པས་གེགས་བྱེད་པ་ཡིན་ནོ། །འགལ་བ་དག ་གཅིག་ལ་མི་སྲིད་པའི་ཕྱིར་དང། རྣམ་པ་གཉི་གས་སྟོང་པ་ཡང་མི་རུང་བའི་ཕྱིར། ཚད་མ་མ་ཡིན་པ་གཉི་གའི་དོན་ལ་ཐེ་ཚོམ་ཟ་བ་ཡིན་ལ་ཐེ་ཚོམ་ཟ་བའི་ཕྱིར་ནི་ཕན་ཚུན་གེགས་སུ་འགྱུར་བ་ཡིན་ནོ། །ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ག་ལས་ཤེ་ན་། ་བཤད་པ། གང་གི་ཕྱིར་གལ་ཏེ་དག་གཉིས་པོ་དེ་ལ་གཅིག་ཚད་མ་ཡིན་ན་དེ་གཉི་ག་གྲུབ་པ་ཁོ་ནར་འགྱུར་གྱི། གང་གིས་ཀྱང་གང་ལ་གེགས་བྱེད་པར་ནི་མི་འགྱུར་པ་དེའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དོ། །གང་དུ་གཉི་ག་ཡོད་མིང་ཐེ་ཚོམ་ཟ་བ་དེང་འགེགས་སུ་འགྱུར་བ ་ཡིན་ཏེ། དེ་ནི་ཐེ་ཚོམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །འདིར་ནི་གཉི་ག་ཡོད་པ་དང་མེད་པར་དེས་པ་ཡིན་ཏེ། དེས་ན་གེགས?་མ་ཡིན་ནོ། །གང་ལས་གེགས་མ་ཡིན་པར་འགྱུར་བ་གཉི་ག་གྲུབ་པ་ཉིད་ག་ལས་ཤེ་ན། བཤད་པ། ཚང་མའི་ཚིག་གིས་ཚང་མ་མ་ཡིན ་པ་ལ་གནོད་པའི་ཕྱིར་རོ། །གང་དུ་གང་ཞིག་གནོད་པར་བྱས་པ་དང་གྲུབ་པ་གང་ཡིན་པ་གཉི་ག་ཡང་དེ་ལ་ཡོད་པ་དང་མེད་པར་ངེས་པའི་ཕྱིར་གང་ལས་གེགས་སུ་འགྱུར། གལ་ཏེ་ཚད་མས་ཚད་མ་མ་ཡིན་པ་ལ་གནོད་ན། འོ་ན་ནི་བསྟན་བཅོས་གགས་བྱེད་པར་མི་འགྱུར་ཏེ། འོན ་ཀྱང་གནོད་པར་བྱེད་པ་ཉིད་དོ། །འདི་ལྟར་རྒོལ་བ་དེས་ཁས་བླངས་པའི་ཕྱིར་བསྟན་བཅོས་ཀྱིས་གྲུབ་པ་དང། ཉམས་སུ་མྱོང་བས་གྲུབ་པའི་དངོས་པོ་ཐམས་ཅད་ལ་བསྟན་བཅོས་ཚད་མ་ཡིན་ཏེ། དེ་ཉིད་ཀྱིས་ན་དེ་ནི་ཐམས་ཅད་དུ་གནོད་པ་ཡིན་ནོ། །དངོས་པོའི་སྟོབས ་ཀྱིས་ཞུགས་པའི་ཚད་མ་ཡང་ཚད་མའོ་ཞེས་བྱ་བར་ཤེས་བས་གནོད་བ་བྱེད་པ་ཡིན་ལ། བསྟན་བཅོས་ཀྱང་ཚད་མར་བས་བླངས་པ་ཡིན་པས་ཅི་ལྟར་གནོད་པར་བྱེད་པ་མ་ཡིན་ཞེ་ན། ཁས་བླངས་པར་ཁྱད་པར་མེད་ཀྱང་ཅི་ལྟར་ཚིག་གཅིག་ནི་ཚད་མ་དང་ཚད་མ་ཡིན་བའི་ཕྱིར་གནོད ་པར་བྱེད་པ་ཡང་ཡིན་ལ་གཞན་ནི་ཚད་མ་མ་ཡིན། ཁས་བླངས་པས་བྱས་པ་ཚད་མ་ཉིད་ཡིན་ན་གཉི་ག་ཡང་ཁས་བླངས་པར་ཁྱད་པར་མེད་པས་ཚད་མར་ཁྱད་པར་མེད་པའི་ཕྱིར་གཉི་གལ་ཡང་གནོད་པར་བྱེད་པ་ཉིད་དོ། །ཡུལ་གཅིག་ལ་ནི་གཉི་ག་གནོད་པར་བྱེད ་པར་མི་འཐད་དེ། གནོད་པར་བྱེད་པ་ནི་ཡོད་པ་ཡིན་ལ། གནོད་པར་བྱ་བ་ནི་མེད་པ་ཡིན་ན། གཅིག་ནི་ཅིག་ཅར་ཡོད་པ་དང་མེད་པར་འགལ་བ་ཡིན་ནོ། །དེས་ན་གེགས་བྱེད་པ་ཉིད་དུ་འཐད་དོ། །གཞན་ཡང་ཁས་བླངས་པས་གནོད་པ་བྱེད་པ་ཉིད་དུ་སྨྲ་བ་ན། བསྟན་བཅོས ་འདིའི་ཚད་མ་ཉིད་སྐྱེས་བུའི་འདོད་པས་བྱས་པ་ནི་ཡོངས་སུ་རྫོགས་པ་ཡིན་ཏེ། སྔར་ཁྱོད་མི་འདོད་ཀྱང་ད་ལྟར་འདོད་པས་རྫོགས་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་དང་རང་གི་ཚིག་ལ་ཐེ?་ཙོམ་གྱི་འབྲས་བུ་ཅན་གེགས་བྱེད་པ་ཡོད་པ་དེ་ལྟ་ན་ཡང་དམ་བཅའ་བའི ་སྐྱོན་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བ་ཡིན་ནོ། །རང་གི་ཚིག་དང་བསྟན་བཅོས་དང?་འགལ་བ་གང་ཡིན་པ་དེ་དག་ཡོད་དོ་ཞེ་ན་ཡང། གེགས་བྱེད་པའི་སྐྱོན་དུ་འགྱུར་ན་འགྱུར་ལ་རེག་སྟེ། དེ་ལྟ་ན་ཡང་ཅི་ལྟར་ཕྱོགས་ཀྱི་སྐྱེན་ཡིན་ཏེ་མ་ཡིན་པ་ཉིད་དོ། །ཅི་ལྟར་ཞེ་ན། ་གང་གི་ཕྱིར་གེགས་བྱེད་པ་དེ་ལས་ནི་བསྒྲུབ་པར་བྱ་བ་ལ་ཐེ་ཚོམ་དུ་འགྱུར་བ་ཁོ་ནར་ཟད་ཀྱི་སེལ་བོར་འགྱུར་བ་ནི་མ་ཡིན་ནོ། །ཐེ་ཚོམ་དེ་ནི་ཁ་ན་མ་ཐོ་བ་བསལ་བ་མེད་པར་བསྟོན་པ་ལ་ཡང་ཡོད་པའི་ཕྱིར་མཚུངས་པ་ཡིན་པ་དེའི་ཕྱིར་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ། །ཐེ་ཚོམ་ནི ་ཕྱོགས་ཀྱི་ཡོན་ཏན་ཡིན་གྱི་སྐྱོན་ནི་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཡུལ་ལ་གཏན་ཚིགས་ཀྱི་བྱེད་པ་འཇུག་པའི་ཕྱིར་རོ་ཞེ་ན། གེགས་བྱེད་པ་ཐེ་ཚོམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཕྱོགས་ཀྱི་སྐྱོན་དུ་སུ་སྨྲ། སྨྲ་བ་པོ་དེའི་ཚིག་ལས་དེས་པ་མི་སྐྱེད་པའི་རྒྱུའི་ཕྱིར་ཚིག་དེ་སྐྱོན་ཆགས ་པ་ནི་མ་ཡིན་ནོ། །གལ་ཏེ་ཚིག་གང་ལས་དེའི་དོན་ལ་ངེས་བ་མི་སྐྱེད་པས་ཚིག་དེ་སྐྱོན་ཅན་དུ་འགྱུར་ན་ནི། ཐེ་ཚོམ་ཟ་བས་ཕྱོགས་མ་ཡིན་པར་འགྱུར་པ་ཡིན་ན། །དེ་ལྟར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་ཚིག་སྐྱོན་ཅན་དུ་འགྱུར་ཞེ་ན། བསྒྲུབ་བྱ་འམ་གཞན་ཡང་རུང ་སྟེ། དངོས་པོ་གང་ཞིག་ངམ་བཅའ་བ་ལ་སོགས་པ་སྒྲུབ་པར་བྱེད་པའི་དག་གི་ཆ་ཅུང་ཟད་པ་དེ་དག་ལས་ཆ་ཅི་ཙམ་དང་ཚང་ཅི་ཙམ་ཞིག་བསྒྲུབ་བྱ་སྟེ། ཡན་ལག་གཞན་གྱི་བརྗོད་པར་བྱ་བའི་དོན་དང་འབྲེལ་བར་རུང་བར་བསྟན་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །ཚིག་དེ་ཅམ་གྱིས་དོན ་དེ་བསྒྲུབ་པར་མི་ནུས་པའི་ཕྱིར་སྨྲ་བ་བོའི་ཚིག་གི་སྐྱོན་ཡིན་ནོ། །དམ་བཅའ་བའི་ཚིག་གིས་དོན་ཅི་ལྟ་བུ་ཞིག་བསྒྲུབ་པར་བྱ་བ་ཡིན་པ་དང། ཅི་ལྟར་ནམ་བསྒྲུབ་པར་འགྱུར་ཏེ་གཉི་ག་བསྟན་པའི་ཕྱིར། དམ་བཅའ་བའི་ཚིག་གིས་ནི་ཞེས་སྨོས་སོ། །རང་གི་བསམ་པ་ནི ་ཡུལ་ཅན་བསམ་པས་ཡུལ་དོན་བསྟན་པའི་ཕྱིར་རང་གི་བསམ་པའི་དོན་ཏེ། དམ་བཅའ་བའི་ཚིག་གིས་ནི་དེ་སྲིད་པར་བསྟན་པར་བྱ་བ་ཡིན་ན། བསྟན་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དམ་བཅའ་བའི་དོན་དེ་ནི་ཅི་ལྟར་ཚད་མས་གནོད་པར་འགྱུར་ན་མི་འཐད་པ་དེ་བཞིན ་དུ་ཆོས་ཅན་ལ་གཅིག་ལ་འགལ་བ་ཉེ་པར་སྡུད་ན་ཡང་སྲིད་པ་མ་ཡིན་ནོ། །ཆོས་ཅན་ལ་ནི་ཕན་ཚུན་འགལ་བའི་དོན་གཉིས་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་དམ་བཅའ་བའི་ཚིག་གིས་མི་སྲིད་པའི་དོན་སྒྲུབ་དང་བྱེད་པའི་ཕྱིར་ན་ཚིག་གིས་སྐྱོན་ཆགས་པ་ཡིན་ནོ།། ་གལ་ཏེ་སྨྲ་བ་པོའི་སྐྱོན་ཡིན་པ་དེ་ལྟ་ན་ཡང་དོན་གྱི་དངོས་པོ་བདེ་བ་སྟེར་བར་མི་བྱེད་པ་ཉིད་ནི་དེ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེས་ན་དེ་ནི་བསྒྲུབ་བྱ་ཉིད་དུ་མི་འགལ་ལོ་ཞེ་ན། བཤད་པ། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་ཚིག་གི་སྐྱོན་ཡོན་གཅོད་བྱེད་པ་ཡིན་ཏེ། སྐབས་སུ་བྱས་ནས་བརྟག ་པར་བྱ་བ་ཡིན་བས་ནི་སྒྲའི་བརྗོད་པར་བྱ་བའི་དོན་ལ་བལྟོས་ནས་སྒྲའི་སྐྱོན་ཡོན་བརྗོད་པ་ཡིན་གྱི། དོན་གྱིས་ནི་མ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་པ་དོན་ཙམ་གྱི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་དོན་སྐྱོན་མེད་ཀྱང་ཕྱིན་ཅི་ལོག་ཏུ་རྗོད་ན་བརྗོད་པར་བྱ་བའི་ངོ་བོས་སྐྱོན་ཅན་ཡིན་པའི ་ཕྱིར་དེ་ཡང་སྐྱོན་ཅན་དུ་འགྱུར་གྱི། དངོས་པོའི་གནས་ལུགས་ལ་སྐྱོན་མེད་པས་སྐྱོན་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཚིག་གི་སྐྱོན་ཡོན་གྱི་དབང་དུ་བྱས་ཤེ་ན། དོན་ཕྱིན་ཅི་ལོག་བརྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་ཏེ། སྐྱོན་དུ་འགྱུར་བའི་ཕྱིར་རོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ནི་སྐྱེས་བུའི ་སྤོབས་པ་རྟོག་པ་ཡིན་གྱི། དངོས་པོ་ཙམ་ནི་མ་ཡིན་པས་སྐྱོན་ཅན་བརྗོད་ན། སྐྱེས་བུ་ལ་ཀླན་ཀར་འགྱུར་རོ། །དེ་ལྟ་ན་ཡང་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བ་དང། དེ་བཞིན་དུ་ཆོས་ནི་འཕོས་ནས་བདེ་བ་སྟེང་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཆོས་གཅིག་གི་དོན་དེས་བརྗོད་པ་མ་ཡིན་ནམ། དེ ་ཅི་ལྟར་མི་སྲིད་པའི་དོན་བརྗོད་པ་ཡིན་ཞེ་ན། ཤུགས་ཀྱིས་ཏེ་ཚིག་བརྗོད་བར་བྱེད་བ་ན། རྗོད་བའི་ཤུགས་ཉིད་ཀྱིས་དེ་དོན་མེད་ན་མི་འབྱུང་བའི་ཚད་མ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་བཞིན་དུ་ཆོས་བདེ་བ་བསྟེར་བར་བྱེད་པ་མ་ཡིན་ནོ་ཞེས་ཆོས་ཅན་དུ་བྱེད་པས་བསྟན་བཅོས་ཚད ་མར་འདོད་པ་ཡིན་ཏེ། དེས་ན་ཆོས་ཀྱི་སྒྲའི་ཤུགས་ཀྱིས་དེ་ལ་བདེ་བ་སྟེར་བར་བྱེད་པ་ཉིད་ཀྱང་བརྗོད་པ་ཡིན་ནོ། །དེས་ན་ཐེ་ཚོམ་ཟབས་ཚིག་སྐྱོན་ཅན་དུ་འགྱུར་པ་ནི་མ་ཡིན་གྱི། འོན་ཀྱང་གཅིག་ལ་བསྒྲུབ་པར་མི་ནུས་པ་འགལ་བའི་ཆོས་གཉིས་དང་ལྡན་པ་བརྗོད་པ་ལས་ཡིན་ནོ། །དེས་ན་དམ ་བཅའ་བའི་དོན་འདི་ནི་སྨྲ་བ་པོའི་སྐྱོན་གྱིས་སྐྱོན་ཅན་ཏུ་གྱུར་པ་ཡིན་ནོ། །གལ་ཏེ་གེགས་ཙམ་ཞིག་བྱེད་པའི་ཕྱིར་རང་གི་ཚིག་དང་ཁས་བླངས་པ་དང་འགལ་བ་དག་ལ་བྱེ་བྲག་ཅི་ཡང་མིན་ན། འོ་ན་སྔར་ཁས་བླངས་པའི་ལུང་དེ་དང་འགལ་པའི་ཡུལ་ལ་བྱེ་བྲག་ཅི་ཡང་མེད་པར་འགྱུར་ལ ་ཡུལ་ལ་བྱེ་བྲག་མེད་པའི་ཕྱིར་ལོགས་ཤིག་ཏུ་བྱེད་པར་མི་རིགས་སོ་ཞེས་བྱ་བ་ནི་སྐྱོན་ཡིན་ནོ། །ཁ་ཅིག་ཡུལ་གྱི་བྱེ་བྲག་འཆད་པ་ནི་གང་གི་ཕྱིར་གཞུང་ལུགས་འགའ་ཞིག་ལ་མ་བརྟེན་པར་ཆོས་ཅན་གང་ལ་ད་ཕྱོད་པ་མི་འཇུག་པའི་གཞུང་ལུགས་དེ་ནི་མེད་ན་མི་འབྱུང་བ་ཡིན ་པའི་ཕྱིར། དེང་བརྟེན་པར་བྱ་བ་ཁོ་ན་ཡིན་པ་དེས་ན་གཞུང་ལུགས་འདིའི་གེགས་བྱེད་པའི་ཡུལ་ནི་ཆོས་ཅན་དེ་ཉིད་ཡིན་ལ། རང་གི་ཚིག་དང་འགལ་བརྗོད་པ་ནི་ཐམས་ཅད་དུ་སྲིད་དོ། །ཚིག་གི་དོན་བྱེད་ན་མི་འབྱུང་བས་བྱས་པའི་ཚད་མར་འདོད་པ་གང་ཡིན་པ་ནི་ཚིག་རྗོད་པའི ་སྐབས་ཉིད་ལས་འོངས་པ་ཡིན་པས་དེས་གནོད་པའི་རྗོད་བར་བྱ་བའི་དོན་ནི་ཐམས་ཅད་དུ་ཡིན་ནོ་ཞེའོ། །ཁས་བླངས་པ་དང་འགལ་བ་འདི་ལ་ཡང་གཞན་གཞུང་ལུགས་ལ་གདོན་མི་ཟ་བར་བརྟེན་པ་གང་ཡིན་པ་དེ་ནི་འགའ་ཡང་མེད་དེ། གང་གི་ཕྱིར་རྒོལ་བ་དེ་ཉིད་ཀྱིས ་དོན་དེ་གཞན་གཞུང་ལུགས་བྱེད་པའི་ཁོ་ནས་རང་ཉིད་ཀྱིས་རྣམ་པར་བཞག་ནས་ཡང་དག་གཞན་གྱིས་འགོག་པར་བྱེད་པ་དེའི་ཕྱིར་ན། ཡུལ་གྱི་དབྱེ་བ་སྔ་མ་ཉིད་ཡིན་ཏེ། གང་གི་ཚེ་དག་སྔ་མ་ཁས་བླངས་པ་ཕྱི་མས་འགལ་བར་བྱེད་པའི་ཚེ་ནི་ཁས་བླངས་བ་དང་འགལ ་བ་ཡིན་ལ། དག་གཅིག་ཉིད་ལ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །ཁས་བླངས་པ་འབྲས་བུའི་རྟགས་བཤད་ནས། གྲགས་པ་བཤད་པའི་ཕྱིར་གྲགས་པ་ཡང་ཞེས་སྨོས་སོ། །གྲགས་པ་ནི་ཐ་སྙད་ཀྱི་ཡུལ་ཅན་གྱི་རྟོགས་པ་སྟེ། རྣམ་པར་རྟོག་པའི་ཤེས་པ་གཏིང་ཚུགས་པ་ཡིན་ལ ་དེ་ནི་དང་དང་འགལ་བའི་དོན་ལ་གནོད་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ནི་བརྗོད་པར་བྱ་བའི་དོན་རྣམས་ལ་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ཉིད་གང་ལས་ཤེ་ན། གང་གི་ཕྱིར་འདོད་པའི་སྒྲས་བརྗོད་བར། ་བྱ་བ་ཉིད་ནི་སྐྱེས་བུའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། དེའི་ཕྱིར་རོ། །གལ་ཏེ་འདོད་བའི་སྒྲས་བརྗོད་པར་བྱ་བ་ཉིད་དགག་པར་མི་ནུས་པ་ཡིན་ན་འདོད་པའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་གནོད་པར་བྱེད་པར་འགྱུར་གྱི་གྲགས་བའི་གོ་ཅི་ལྟར་གནོད་པར་བྱེད་པ ་ཡིན་ཞེ་ན། བཤད་པ། ཐ་སྙད་དུ་བྱས་པའི་ཐ་སྙད་ནི་རྟོག་པ་སྟེ་རྣམ་པར་རྟོག་པའི་ཡུལ་ཉིད་དོ། །གྲགས་པའི་རང་བཞིན་རྣམ་པར་རྟོག་པའི་ཡུལ་གྱི་ཐ་སྙད་དེ་ལས་སྐྱེས་པའི་ཆོས་འདོད་པའི་སྒྲས་བརྗོད་པར་བྱ་བའི་མཚན་ཉིད་ཀྱི་ཆོས་དེ་ནི་གྲགས་པ་ལས་སྐྱེས་པའི ་ཕྱིར་གྲགས་པའི་སྒྲས་རྗོད་དེ། གྲགས་པ་ཙམ་གྱིས་གྲུབ་བའི་དོན་གང་ཡིན་པ་དེ་འདིར་གནོད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཆོས་དེ་ཉིད་ནི་གྲགས་པ་ལས་གྲུབ་པ་ཡིན་པའི་ཕྱིར། ལ་ལར་རབ་ཏུ་གྲུབ་པའི་སྒྲས་རྗོད་དེ། གྲུབ་པས་མཁས་ལ་བ་ཞེས་བྱ་བ ་ལྟ་བུའོ། །ཅི་སྟེ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཅི་ལྟར་ན་དོན་ཐམས་ཅད་ལ་དགག་པར་མི་ནུས་ཤེ་ན། འདོད་པ་ཙམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་ཐམས་ཅད་ནི་བྱས་པ་དང་མ་བྱས་པ་བརྡར་བཏགས་པ་དང་མ་བཏགས་བའི་སྒྲ་རྣམས་ཀྱི ་བརྗོད་པར་བྱ་བ་ནུས་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཤེས་པ་ལ་སྣང་བའི་ངོ་བོས་ཡིན་གྱི་དབང་ཨོས་གཟུང་བ་ནི་མ་ཡིན་ནོ། །དངོས་པོ་ལ་མི་བལྟོས་པའི་འདོད་བ་ནི་འདོད་པ་ཙམ་སྟེ། སྒྲ་རྣམས་ནི་རྣམ་པར་རྟོག་པ་ལ་སྣང་བའི་ངོ་བོ་ཉིད་ཀྱི ་དོན་དེ་ལ་འདོད་པ་ཙམ་ངེས་འཇུག་པའི་ཕྱིར་རོ། །ངེས་ན་དངོས་བོ་རྣམས་ནི་རྣམ་པར་རྟོག་པ་ལ་གནས་བའི་རང་བཞིན་གྱི་མཐར་ཐུག་པའི་སྒྲར་རུང་བ་ཡིན་ནོ། །བྱུང་པ་སྒྲ་ལ་བརྡར་བྱས་པ་དཔེར་ན་ཟླ་བའི་སྒྲ་ལ་ཟླ་བ་ལྟ་བུ་དང། འབྱུང་བར་འགྱུར་བ་སྒྲ་ལ་བརྡར་མ ་བྱས་པ་དཔེར་ན་ཟླ་བའི་སྒྲ་ལ་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་རུང་པ་ཉིད་དེས་སོ། །དོན་ཙམ་དང་རྗེས་སུ་འབྲེལ་བ་ཞེས་བྱ་བ་ལ། འདོད་པས་སྤྲུལ་པའི་རུང་པ་ཉིད་ཅི་ལྟར་དོན་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ཞེ་ན་བརྗོད་པ་ཕྱི་རོལ་གྱི་དོན་ནི་དོན་ཙམ་ཡིན་ཏེ། འོན་ཀྱང་རྣམ ་པར་རྟོག་པའི་ཡུལ་གྱི་དོན་ཡིན་ནོ། །སྒྲ་རུང་བ་དེ་ནི་བརྗོད་པར་བྱ་བ་ཡིན་གྱི། ཕྱི་རོལ་ནི་མ་ཡིན་ནོ། །དེས་ན་དུང་བ་ཉིད་དེ། འདོད་པས་སྤྲུལ་པ་ཡིན་ཡང་རྣམ་པར་རྟོག་པ་ལ་གནས་པའི་དོན་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ནོ། །དེས་ན་དུང་པ་ཉིད་དེ་འགོག་པ་འདོད་བའི་སྒྲས་བརྗོད་པར་བྱ་བ ་ཉིད་མ་ཡིན་པའི་མཚན་ཉིད་ཀྱི་ངོན་དམ། དོན་དེ་ཉིད་སྨྲ་བ་པོའི་སྐྱེས་བུ་ལ་གནོད་པ་ཡིན་ནོ། །དེ་ལ་ཚན་མའི་དོན་བའི་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པའི་ཡུལ་གྱི་དོན་གང་ཡིན་པ་དེ་ནི་བརྡར་བྱས་པའི་སྒྲས་བརྗོད་པར་ནུས་པ་ཡིན་ཏེ། དཔེར་ན་རྣམ་པར་རྟོག་པའི་ཡུལ་ཡལ་ག་ལ ་སོགས་པ་དང་ལྡན་པའི་དོན་ལ་ཤིང་གི་སྒྲ་ལ་རྗོད་པར་ནུས་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་སྒྲ་ཐམས་ཅད་ཀྱིས་བརྗོད་པར་ནུས་པ་ཡིན་ནོ། །དངོས་པོ་ལ་སྒྲ་དོན་ཕྱི་འབྲེལ་པ་ཡོད་ན་སྒྲས་བརྗོད་པར་མི་ནུས་པར་འགྱུར་བ་ཡིན་ན་དེ་ཡང ་བཀག་ཟིན་ཏོ། །ལྷག་མ་ཤེས་པའི་བདག་ཉིད་ལ་གནས་པའི་དོན་གང་ཞིག་སྒྲ་དང་འབྲེལ་བར་མི་ནུས་ཤེ་ན། གང་ཞིག་སྒྲའི་རྣམ་པ་དང་ལྷན་ཅིག་ཤེས་པ་གཅིག་ལ་མི་འདྲེ་བའོ། །རྣམ་བར་རྟོག་པའི་ཤེས་པ་ནི་དོན་མ་ངེས་པ་ཡིན་བའི་ཕྱིར་དེ་ལ་གནས་པའི་དོན་བརྗོད་པའི་རྣམ་པ་དང ་འདྲེར་དུང་བ་ཉིད་དོ། །དེའི་ཕྱིར་བརྗོད་པར་མི་ནུས་པ་ཉིད་ནི། བརྗོད་པའི་རྣམ་པ་དང་འདྲེར་མི་རུང་བས་ཁྱབ་ལ། བརྗོད་པའི་རྣམ་པ་དང་འདྲེར་རུང་བ་ཉིད་ནི། ཁྱབ་པར་བྱེད་པ་དང་འགལ་བ་ཡིན་ནོ། །དེས་ཀྱང་རྣམ་པར་རྟོག་པའི་ཤེས་བའི་ཡུལ་ཉིད་ལ་ཁྱབ་པ་ཡིན་ཏེ། དེའི་ཕྱིར་དེ་ལྟར ་རྣམ་བར་རྟོག་པའི་ཤེས་པའི་ཡུལ་ཉིད་ནི་དེའི་ཁྱད་པར་བྱེད་པ་དང་འགལ་བས་ཁྱབ་པའི་ཕྱིར་དེ་དང་ཡང་འགལ་བ་ཡིན་ནོ། །དེས་ན་དེ་དང་འགལ་བ་ནུས་པ་ཉིད་ཀྱིས་ཁྱབ་པ་ཡིན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །དེའི་རྣམ་པར་རྟོག་བའི་ཤེས་པའི་ཡུལ་གྱི་དོན་ཉིད་འགྲོ་བའི ་ལུགས་དང། གྲགས་པ་དང་ཐ་སྙད་དུ་བརྗོད་པ་ཡིན་ལ། དེ་ཡང་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གྲགས་པ་དེས་བསྒྲུབ་པ་གང་ཡིན་པ་ཐ་སྙད་དེ་ལས་སྐྱེས་པ་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཅེས་བྱ་བ་ནི་འགལ་ཟླ་འདོད་བའི་སྒྲའི་བརྗོད་པར་བྱ་བ་མ་ཡིན་པ་ལ་གནོད ་བར་བྱེད་པ་ཡིན་ནོ། །ཐམས་ཅད་རྣམ་པར་རྟོག་པའི་གཟུང་བའི་མཚན་ཉིད་གྲགས་པ་ལས་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱ་བར་སློབ་དཔོན་བཞེད་པ་ཡིན་ནོ་ཞེས་འཆད་བ་ནི། དེ་རུང་བའི་སྟོབས་ཀྱིས་ཞེས་བྱ་བ་ཡིན་ཏེ། དོན་ཙམ་དང་རྗེས་སུ་འབྲེལ་བསྒྲང་རུང་བ ་ཉིད་དེའི་སྟོབས་ཀྱིས་ཏེ། གང་གི་ཕྱིར་འདོད་པས་སྦྱར་པའི་དོན་ཙམ་དང་རྗེས་སུ་འབྲེལ་བ་ཡིན་པ་དེས་ན་ཞེས་བྱ་བའི་དོན་ཏོ། །སྒྲ་མཛའ་དག་ནི་དེ་ཉིད་ལ་འབྲེལ་བ་ཡིན་ཏེ། རྗོད་པར་བྱེད་པའི་ངོ་བོར་སྦྱར་ཞིང་བཀོད་པ་ཡིན་ནོ། །དོན་འགའ་ཞིག་ལ་སྒྲ་འགའ་ཞིག་ཁོ་ན ་འབྲེལ་བར་མཐོང་བ་མ་ཡིན་ནམ་དེ་ཅི་ལྟར་ཐམས་ཅད་འབྲེལ་པ་ཡིན་ཞེས་བརྗོད་ཅེ་ན། དངོས་སུ་ན་ཞེས་སྨོས་ཏེ། འཇིག་རྟེན་ན་མ་བྱས་ཀྱང་ཚོགས་པ་ཚང་བས་ཐོགས་བ་མེད་པ་ལ། དངོས་སུ་ན་བྱས་པ་ཡིན་ནོ་ཞེས་རྗོད་པས་འདིར་ཡང་དངོས་པོ་དང་སྒྲ་རྣམ་པར་རྟོག ་པ་ལ་གནས་བ་ནི་རུང་བ་ཡིན་བའི་ཕྱིར་སྦྱོར་བའི་ཚོགས་པ་ཚད་པ་ན་དངོས་སུ་ན་ཏེ། རང་བཞིན་ཉིད་དུ་ན་མ་གྲུབ་བར་རྗོད་པ་ཡིན་ནོ། །གང་གི་ཕྱིར་དངོས་སུ་ན་སྒྲ་ཐམས་ཅད་དེ་ལ་འབྲེལ་བ་ཡིན་པ་དེ་ཕྱིར་དེ་ལ་སྒྲ་ཐམས་ཅད་ཀྱི་བརྗོད་བྱ་ཉིད་དུ་གྲགས་པ་མེད་ཀྱང། ་ཐམས་ཅད་ལ་དོགས་བ་ཡིན་བས་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་དེ་ཁོ་ན་ཉིད་དུ་ན་དེ་གྲུབ་པར་བཤད་དེ། གང་ལ་ཞེས་བྱ་པ་ལ་སོགས་པས་སོ། །ཡང་གི་སྒྲ་ནི་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་བསྟན་པ་གང་ལ་གཏན་ཚིགས་ཐམས ་ཅད་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་བ་མེད་བར་འགྱུར་ལ། སྒྲ་ལས་བྱུང་བའི་གྲགས་པས་དོན་གསལ་བ་དེ་ནི་ཕྱོགས་མ་ཡིན་ནོ། །སྒྲ་ལས་བྱུང་བ་ནི་འདོད་བའི་སྒྲས་བརྗོད་བར་བྱ་བའི་མཚན་ཉིད་ཀྱིས་དོན་ཏེ། སྒྲ་ཉིད་ཀྱིས་འགའ་ཞིག་ཏུ་མ་གྱུར་ཀྱང ་འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར་རབ་ཏུ་གྲུབ་པ་ཡིན་ནོ། །འདི་ཉིད་འདིར་སྒྲ་ཐམས་ཅད་ཀྱིས་བརྗོད་པར་བྱ་བའི་ལུངས་ཡིན་གྱི་ལྷག་མ་ནི་ཞར་ལ་རྗོད་པ་ཡིན་ནོ། །གང་གི་ཕྱིར་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཐམས་ཅད་ལ་གྲུབ་པར་བཞེད་པ་དེ་ཉིད ་ཀྱི་ཕྱིར་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཀྱིས་གནོད་པའི་གཏན་ཚིགས་ནི་ཐུན་མོང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལ་ཡང་ཟླ་བ་མ་ཡིན་པར་མ་གྲུབ་པའི་ཕྱིར་རོ། །གང་ལ་ཡོད་པ་ཉིད་ཟླ་བ་མ་ཡིན་པ་དང་རྗེས་སུ་འགྲོ་བར་འགྱུར་བ་མ་ཡིན་པའི་དོན་ནི་འགའ་ཡང་ཡོད་པ ་མ་ཡིན་ནོ། །དེས་ན་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པས་ཐུན་མོང་མ་ཡིན་པ་ཡིན་གྱི་མ་ངེས་པ་ཉིད་ནི་མ་ཡིན་ནོ། །འདི་ལྟར་རྣམ་པར་རྟོག་པ་ལ་གནས་པའི་ཡོད་པ་ཉིད་ནི་འགལ་བ་ཡིན་ཏེ། ཡོད་པ་ཐམས་ཅད་ཟླ?་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་གང་ཞིག་སྒྲ་ལས་བྱུང ་བའི་གྲགས་པ་དང་འགལ་བས་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལས། ཅིའི་ཕྱིར་ན་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་དེ་སྐད་བརྗོད་ཅེ་ན། གཞུང་འདིའི་དགོས་པ་བཤད་པའི་ཕྱིར། དེ་སྐད་དུ་བརྗོད་པ་ནི་དེར་གག་པར ་མི་ནུས་པ་ཉིད་དམ་ཞེས་སྨོས་སོ། །སྒྲ་ལས་བྱུང་བའི་གྲགས་པའི་ཆོས་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་དགག་པར་མི་ནུས་སོ། །ཞེས་སྒྲ་ལས་བྱུང་པའི་གྲགས་པ་དེ་དང་དེ་འདྲ་བར་བསྟན་པའི་ཕྱིར་དེ་ལྟར་དེ་ལྟ་བུའི་གཞུང་བརྗོད་པ་ཡིན་ནོ། །དགོས་པ་གཞན་བཤད་པ་ནི། ་ཟླ་བོའི?་ཚད་མ་མེད་པས་ངེས་པར་བསྟན་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ་ཟླ་བོའི་ཚད་མ་མེད་པས་ཟླ་བ་ཉིད་ངེས་པར་བཤད་པ་ཡིན་ནོ། །ཞེས་ཟེར་རོ། །འདི་ལ་དཔྱད་པར་བྱ་སྟེ། གལ་ཏེ་ཟླ་བོའི་ཚད་མ་མེད་བས་ཟླ་བ་ཉིད་དེས་པ་ཡིན་ན། གང་ལ་ཐུན་མོང ་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བའི་གཞུང་འདིས། འཆད་པར་འགྱུར་བ་ཚད་མ་ངེས་པར་བརྗོད་བའི་ཕྱིར་དོན་གྱིས་གོ་བས་འགལ་བ་མེ་འཁྲུལ་བ་ཅན་མེད་པར་སྟོན་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་འགལ་བ་འཁྲུལ་པ་མེད་པ་ཅན་མེད་པར་སྟེན་པར? ་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདིར་འགྱུར་རོ། །དེ་ལྟ་ན་ནི?་གང་ལ་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བས་དེ་ལྟར་འགལ་བ་མི་འཁྲུལ་བ་མེད་པ་བསྟན་པ་མ་ཡིན་གྱི། འོན་ཀྱང་དངོས་སུ་བརྗོད་པ་ཉིད་དོ། །བསྟན་པའི་དོན་ནི་ཤུགས་ཀྱིས་སྨྲས་པ་ལ་བརྗོད་དོ། ། ་ཅི་སྟེ་ཟླ་བ་ཉིད་དུ་རྗེས་སུ་དཔོག་པ་ལ་འགལ་བ་འཁྲུལ་པ་མེད་པ་ཅན་མེད་པར་དངོས་སུ་བརྗོད་པ་ཡིན་ལ། དེས་ནི་རྗེས་སུ་དཔག་པ་གཞན་ལ་འགལ་བ་འཁྲུལ་བ་མེད་པ་ཅན་མེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བར་བསམས་པ་ཡིན་ན། དེ་ལྟ་ན་ནི་འོ ་ན་ཟླ་བོའི་ཚད་མ་མེད་པས་དེས་བ་ཉིད་རྗེས་སུ་དཔག་པ་གཞན་ལ་སྦྱར་བར་བྱ་བ་ཡིན་གྱི། ཟླ་བ་ཉིད་དུ་རྗེས་སུ་དཔག་པ་ལ་ཀྱང་ངེས་པར་བརྗོ་ཕྱིར་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ཞེས་བྱ་བ་འདིའི་དོན་ནི་གཉི་གར་ཡང་བརྗོད་བའི་ཕྱིར་ན ་ཕྱོགས་འདི་སྐབས་སུ་བབ་པ་ཡིན་ནོ། །ཅི་སྟེ་ཡང་འདི་དང་འཆད་པར་འགྱུར་བ་ཡང་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་འདི་ཉིད་ཀྱིས་བརྗོད་པ་ཡིན་ནོ། །ཞེས་བྱ་བའི་ཕྱོགས་འདི་ཡིན་ན། དེ་ལ་ཡང་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད ་ལ་ཞེས་བྱ་བའི་གཞུང་འདི་ཉིད་ཀྱིས་སྒྲས་བརྗོད་པར་བྱ་བ་ཉིད་རྗེས་སུ་དཔོག་པ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་བརྗོད་པས། དཔེར་ན་སྒྲས་བརྗོད་པར་བྱ་བ་ཉིད་རྗེས་སུ་དཔོག་པའི་གཉེན་པོ་མེད་ན་འགྱུར་བ་དེ་བཞིན་དུ། རྗེས་སུ་དཔག་པ་གཞན་ཡང ་ཡིན་ནོ་ཞེས་རྗེས་སུ་དཔག་པ་གཞན་ལ་ཡང་བསྟན་པའི་ཕྱིར་སྒྲ་ལས་བྱུང་བའི་གྲགས་པ་སྨོས་པས་བྱས་པ་ཅི་ཞིག་ཡོད། དེ་ཉིད་ཀྱི་ཕྱིར་ཚད་མས་དེས་པར་བརྗོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པར་འཆང་པར་འགྱུར་བ་ནི་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས ་བྱ་བ་འདིས་བརྗོད་པ་ཡིན་ལ། ཟླ་བོའི་ཚད་མ་མེད་པས་ངེས་པ་ནི་གང་ལ་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བ་འདིས་བཤད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ཡང་རིག་པ་མ་ཡིན་ཏེ། གང་གི་ཕྱིར་འཆད་པར་འགྱུར་བ་ནི་ཟླ་བའི་ཚད་མ་མེད་པས་དེས་པར་བརྗོད ་པ་ཞེས་བྱ་བའི་གཞུང་འདི་ཉིད་ཀྱིས་སྤྲོས་པ་ཡིན་པར་སྣང་བའི་ཕྱིར་རོ། །གཞན་ཡང་གང་ལ་རྗེས་སུ་དཔག་པ་མེད་པ་ཞེས་བྱ་བ་འདི་ཉིད་ཀྱིས་སྒྲས་བརྗོད་པར་བྱ་བ་རྗེས་སུ་དཔག་པ་ལ། འགལ་པ་མི་འཁྲུལ་པ་ཅན་མེད་པར་སྨྲས་པ་ན་རྗེས་སུ་དཔག་པ་གཞན ་ལ་མེད་པ་ཡང་བསྟན་པ་ཁོ་ན་ཡིན་པས་སྒྲ་ལས་བྱུང་བའི་གྲགས་པ་སྨོས་པས་སྒྲས་བརྗོད་པར་བྱ་བ་རྗེས་སུ་དཔོག་པ་འམ་གཞན་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་བསྟན་པར་བྱ་པ་ནི་ཡོད་བ་མ་ཡིན་ནོ། །ཕྱོགས་འདི་གསུམ་ཅར་ལ་ཡང་མཇུག་སྡུད་བའི་གཞུང། ་དེའི་ཕྱིར་དེ་ལྟར་ཚད་མ་དག་གནོད་པར་བྱེད་པར་རྗོད་པ་ན་དེ་ལས་ངེས་པར་རྗོད་པ་ཡིན་ནོ། །ཞེས་བྱ་བ་འདིས་ཅི་ལྟར་གྲང། གང་ལ་ཚྡ་མ་གནོད་པར་བྱེད་པ་ཡིན་པར་བརྗོད་ཅེ་ན། ཁ་ཅིག་ན་དེ་སྒྲ་མཉེན་པར་མ་ཡིན་པ་དང། སྒྲ་རྟག་བ་ཞེས་བྱ་བ་འདི་ལའོ་ཞེའོ། །དེ་ནི་མ་ཡིན་ཏེ། ་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་དག་ནི་སྒྲ་ལས་བྱུང་བའི་གྲགས་པས་བསལ་བ་ཞེས་སྒྲ་ལས་བྱུང་བའི་གྲགས་པ་གནོད་པར་བྱེད་པར་བརྗོད་པས་མངོན་སུམ་དང་རྗེས་སུ་དཔག་པ་ལ་ཡང་རྗོད་པར། གྱུར་བ ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ཡིན་ན་འདི་དང་ཚད་མས་ངེས་པར་བརྗོད་པའི་ཕྱིར་ཞེས་བྱ་པ་འདིར་ཡང་དོན་འདི་ཉིད་ཡིན་ཏེ། སྒྲ་ལས་བྱུང་བའི་གྲགས་པ་གནོད་པར་བྱེད་པར་བརྗོད་པས་ཚད་མ་ངེས་པར་བརྗོད་པ་ཡིན་ལ། དེས་བའི་ཕྱིར་ཟླ་བོའི་ཚད་མ་མེད་པ་ཡིན ་ན། །དེ་ལྟར་ཡིན་དང་ཕྱོགས་ལྟར་སྣང་བ་ལ་མངོན་སུམ་དང་རྗེས་སུ་དཔག་པ་གནོད་པར་བྱེད་པས་བརྗོད་པས་ཀྱང་ངེས་པར་བརྗོད་པ་ཡིན་ཏེ། དེས་ན་འདི་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ན། གང་ཞིག་འདིས་ངེས་པར་བརྗོད་པས་ཟླ་བོའི་ཚད་མ་མེད་པར་བསྟན་པར ་འགྱུར་གྱི། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མ་ཡིན་ཏེ། དེའི་ཕྱིར་འདི་ནི་གྱི་ནའོ། །འདི་ལ་དོན་ནི་འདི་ཡིན་ཏེ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བ་དེ་སྐད་དུ་བརྗོད་པའི་གཞུང་ནི། ཟླ་བོའི་ཚད་མ་མེད་པས་ཚད་མས་དེས་པར་བསྟན ་བའི་ཕྱིར་རོ། །འདིས་ནི་རྗེས་སུ་དཔག་པ་ཡོངས་སུ་སྤངས་ནས་སྒྲ་ལས་བྱུང་བའི་གྲགས་པ་གནོད་པར་བྱེད་པར་བརྗོད་པས་ན། གལ་ཏེ་རྗེས་སུ་དཔག་པ་ཡོད་ན་སྒྲ་ལས་བྱུང་བའི་གྲགས་པའི་གནོད་པར་བྱེད་པར་འགྱུར་རོ་ཞེས་བརྗོད་པར་འགྱུར་རོ། །གནོད་པར་བྱེད་པ ་སྒྲ་ལས་བྱུང་བའི་གྲགས་པའི་ཡང་གནོད་པར་བྱེད་པར་བརྗོད་པའི་ཕྱིར་རྗེས་སུ་དཔག་པ་ངེས་པར་བྱེད་པ་ཡིན་པར་སྨྲས་བར་འགྱུར་གྱི། གནོད་པར་བྱེད་པ་ཙམ་དུ་བརྗོད་པས་ནི་མ་ཡིན་ནོ། །ཡིད་ཆེས་པའི་ཚིག་ཀྱང་གནོད་པར་བྱེད་པ་ཙམ་དུ་བརྗོད་ཀྱང། དེ་དེས་པར་བྱེད ་པ་ཉིད་ནི་མ་ཡིན་ཏེ། དེ་ནི་ཐེ་ཚོམ་གྱི་འབྲས་བུ་ཅན་གེགས་བྱེད་པ་ཡིན་བའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་པ་ཕྱོགས་ལྟར་སྣང་བ་ལ་གནོད་པར་བྱེད་པར་བརྗོད་ཀྱང་ངེས་པར་བྱེད་པ་མ་ཡིན་པར་དོགས་པར་འགྱུར་རོ། །འདི་ནི་སྒྲ་ལས་བྱུང་བའི་གྲགས་པ་དང། དེ་དང ་འདྲ་བ་ཡིད་ཆེས་པའི་ཚིགས་ལ་སོགས་པ་གནོད་པར་བྱེད་པར་ཡང་གནོད་པར་བྱེད་པར་རྗོད་པའི་ཕྱིར་ངེས་པར་བྱེད་པ་ཉིད་དུ་བརྗོད་པར་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་དང་ཚད་མར་ཁྱད་པར་མེད་པས་མངོན་སུམ་ཡང་གནོད་པར་བྱེད་པ་ཡིན་པ་དེས་ན་ངེས་པར་བྱེད་པར ་རྗོད་པ་ཡིན་ནོ། །འོན་ཀྱང་རུང་བ་ཉིད་དགག་པ་ལ་བྱེད་པ་མེད་བའི་ཕྱིར་མངོན་སུམ་དོགས་པར་མ་བྱས་པ་ཡིན་གྱི་སྤངས་པ་ནི་མ་ཡིན་ནོ། །ཟླ་བོའི་ཚད་མ་ཡོད་ན་ནི་ངེས་པ་སྲིད་པ་མ་ཡིན་ནོ་ཞེས་དེ་ལྟར་དོན་གྱིས་ཤུགས་ཀྱིས་རྗེས་སུ་དཔག་པ་སྒྲ་ལས་བྱུང་བའི་གྲགས་བའི་གནོད ་པར་བྱེད་པར་བསྟོན་པས་ནི། ཟླ་བོའི་ཚད་མ་མེད་པས་ཆེད་མས་ངེས་པར་བརྗོད་པར་ལྟ་བར་བྱའོ། །དེ་ལྟ་ཡིན་དང་གཞུང་གི་ཚོགས་ཕྱི་མ་རྣམས་འཐད་བར་འགྱུར་རོ། །འོ་ན་རྣམ་འགྲེལ་ལས། གྲགས་པ་རྗེས་དཔོག་ཕྱིར་དེ་ལྟར། རྗེས་སུ་དཔག་པས་གྲུབ་པ་ལ། འགལ་བ་འཁྲུལ ་པ་མེད་པ་ཅན། །མེད་པར་སྟོན་པར་བྱེད་པ་ཡིན། ཞེས་བཤད་བ་ཅི་ལྟར་ཞེ་ན། འདི་ལ་ཡང་དོན་འདི་ཉིད་ཡིན་ནོ། །གང་གི་ཕྱིར་གྲགས་པ་ཡང་རྗེས་སུ་དཔག་པ་ཡིན་པ་དེའི་ཕྱིར་ན། དེ་ལྟར་ཞེས་བྱ་བ་རྗེས་སུ་དཔག་པ་གྲགས་པའི་གནོད་པར་དོགས་པར་བྱས་པས ་ནི་འགལ་བ་མི་འཁྲུལ་པ་ཅན་མེད་པར་བཤད?་པ་ཡིན་ནོ། །འགྲེལ་པ་ནི་སློབ་དཔོན་གྱི་དགོངས་པ་ལས་འདས་པ་རྣམ་པར་ངེས་པའི་གཞུང་འདི་ཉིད་ལས་རྟོགས་པ་ཡིན་ནོ། །འགྲེལ་པ་སློབ་དཔོན་དང་མི་མཐུན་པ་ནི་ལེའུ་གཉིས་པར་བསྟན་པ་ཡིན་ནོ། །རེ་ཞིག་དགག་པར་མི་ནུས ་པ་ཉིད་བསྟན་བའི་ཕྱིར་དེ་ཞེས་སྨོས་ཏེ། རུང་བ་ཉིད་འགོག་པ་ནི་རྗེས་སུ་དཔག་པ་ལས་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་གྱིས་ནི་རུང་བ་ཉིད་འགོག་པ་མི་ངེས་པའི་རྒྱུའི་ཕྱིར་རོ། །བུམ་པ་ལ་སོགས་པ་མངོན་སུམ་གྱིས་རྟོག་པར་བྱ་བ་ནི། ས་ཕྱོགས་འབའ་ཞིག་ངེས ་པའི་ཤུགས་ཀྱིས་མེད་བར་ངེས་པར་མི་དམིགས་པས་ཐ་སྙད་དུ་བྱ་བ་ཡིན་ནོ། །སྒྲ་རུང་བ་ཉིད་ནི་རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་དུ་རྣམ་པར་གནས་པ་ཡིན་གྱི། བོད་པོས་རྟོགས་པར་བྱ་བ་ནི་མ་ཡིན་ནོ། །དེས་ན་མངོན་སུམ་མ་ཡིན་པ་སྒྲའི་རུང་པ་ཉིད་འགོག་པ ་ནི་མངོན་སུམ་མ་ཡིན་ཏེ། འོན་ཀྱང་རྗེས་སུ་དཔག་པ་ལས་ཡིན་ནོ། །གཏན་ཚིགས་ཐུན་མོང་མ་ཡིན་བའི་ཕྱིར་ན་དེ་ཡང་མི་སྲིད་པས་ན་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་དགག་པར་མི་ནུས་སོ། །ཡོད་པ་གཅིག་པུ་ཐུན་མོང་མ་ཡིན་པར་བཤད་པ་མ་ཡིན་ནམ། གཏན་ཚིགས་ཐམས ་ཅད་ནི་མ་ཡིན་ནོ་ཞེ་ན། བཤད་པ། སྒྲུབ་པར་བྱ་བ་གང་ལ་ཡོད་པ་ཉིད་རྗེས་སུ་འགྲོ་བ་མེད་པའི་བསྒྲུབ་པར་བྱ་བ་དེ་ལ། གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །ཡོད་པ་ཐམས་ཅད་ཉིད་དེ་ཐམས་ཅད་ཁྱབ་པ་ཡིན་ཡང་བསྒྲུབ་བྱ་དང་རྗེས་སུ་འགྲོ་བ་མེད་པ་དེས་ན་གཞན་གཏན ་ཚིགས་གང་ཞིག་བསྒྲུབ་བྱ་དང་རྗེས་སུ་འགྲོ་བར་འགྱུར་ཞེས་བྱ་བ་འདི་ནི་ཡོད་བའི་ཕྱིར་ཞེས་གཏན་ཚིགས་དཔེར་བརྗོད་བའི་འབྲས་བུ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཅི་ལྟར་སྒྲ་མཉན་པར་བྱ་བ་མ་ཡིན་ནོ། །བུམ་པ་རྟག་པའོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས ་གཏན་ཚིགས་མེད་པ་ཁོ་ནར་ཕྱོགས་ལྟར་སྣང་བ་ཉིད་དཔེར་བརྗོད་པར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་ཐུན་མོང་མ་ཡིན་པར་འདོད་པ་ཡིན་ནོ། །དེ་ལྟར་ན་གནོད་པར་བྱེད་པ་མེད་པའི་ཕྱིར་དགག་པར་མི་ནུས་པ་ཉིད་དུ་བཤད་པ་ཡིན་ནོ། །ཅི་ལྟར་གནོད་པར་བྱེད་པ་ཡོད་ན་འདི་ལ ་འདི་མེད་དོ་ཞེས་རང་བཞིན་འགོག་པ་དེ་བཞིན་དུ། སྒྲུབ་པར་བྱེད་པ་མེད་ན་འདི་ལ་མ་གྲུབ་པའོ་ཞེས་གྲུབ་བ་འགོག་པར་བྱེད་དོ། །དེའི་ཕྱིར་སྒྲ་རབ་ཏུ་གྲགས་པའི་ཚིག་གིས་སློབ་དཔོན་སྒྲུབ་པར་བྱེད་པ་ཡོད་བའི་ཕྱིར་ཡང་དག་པར་མི་ནུས་པ་ཉིད་དུ་གསུངས་པ་ཡིན ་ནོ་ཞེས་སྟོན་པ་ནི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྒྲ་ལས་འོངས་པའི་གྲུབ་པ་ནི་སྒྲ་ལས་བྱུང་བ་ཡིན་ཏེ། དེ་ནི་སྒྲ་ལས་བྱུང་བའི་ཕྱིར་ན་ཐམས་ཅད་ལ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་བཤད་པ་ནི། སྒྲས་གྲུབ་པ་ངག་ནི་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ།། ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བས་ནི་རབ་ཏུ་གྲུབ་པ་ཉིད་བརྗོད་དོ། །སྒྲས་གྲུབ་པ་དག་ཅེས་བྱ་བ་ནི་སྒྲ་ལས་བྱུང་བ་དག་གོ་།ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བརྡ་ལས་རྗོད་པར་བྱེད་པ་ཡིན་པའི་ཕྱིར་ན་བརྡ་ལས་བརྟེན་པ་ཡིན་ལ། བརྡ་ཡང་དངོས་པོ་ལ་མི་བལྟོས་པའི་ཕྱིར་འདོད ་པ་ཙམ་ལ་རག་ལས་པ་ཡིན་ནོ། །དེས་ན་དེའི་ཕྱིར་མ་གྲུབ་པ་མ་ཡིན་ནོ། །འདི་སྐད་རྗོད་པ་ཡིན་ཏེ། སྒྲས་རྗོད་པར་བྱ་བ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་ནི་འདོད་པ་ལས་རག་ལས་པའི་བརྡས་བྱས་པ་ཡིན་པས་ན། འདོད་པས་བྱས་པའི་རང་བཞིན་གྱི་མཐར་ཐུག་པའི་ཕྱིར་ཐ་སྙད་དུ་མ ་བྱས་ཀྱང་ཐམས་ཅད་ལ་རབ་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གང་ཞིག་རྣམ་པར་རྟོག་པ་ལ་གནས་པ་དེ་ནི་འདོད་པ་ལ་རག་ལས་པའི་བརྡའི་རྒྱུ་མཚན་གྱི་སྒྲས་བརྗོད་པར་ནུས་པ་མ་ཡིན་ནོ་ཞེས། སྒྲུབ་པར་བྱེད་པའི་ཚད་མ་བསྟན་པའི་ཕྱིར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས ་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་བཤད་དོ། །གལ་ཏེ་སྒྲུབ་པར་བྱེད་པ་སྟོན་པར་མི་འདོད་ན་ནི་སྒྲས་བརྗོད་པར་བྱ་བ་ཉིད་དང་ཞེས་དེ་སྐད་བརྗོད་པར་མི་འགྱུར་རོ། །སྒྲུབ་པར་བྱེད་པ་བསྟན་པས་ནི་དགག་པར་མི་ནུས་པར་བརྗོད་པ་ཡིན་ནོ། །ང་ནི་ཟླ་བོའི་ཚད་མ་མེད་པས་ངེས ་པར་བསྟན་པ་ཞེས་བྱ་བ་དེ་བཤད་བའི་ཕྱིར་བཤད་པ། སྡར་བཤད་པའི་ཚུལ་གྱིས་ཚད་མས་ངེས་པར་བརྗོད་པའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ཚད་མས་གྲུབ་པའི་ཚུལ་གསུམ་པ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་སྟོན་པ་ཡིན་ནོ། །ངོན་གྱིས་གོ་བས་ཞེས་བྱ་བ་ནི ་ཤུགས་ཀྱིས་སོ། །གལ་ཏེ་ངེས་པ་ཡང་ཡིན་ལ་འགལ་བ་མི་འཁྲུལ་པ་ཅན་ཡང་ཡིན་པར་འགྱུར་བ་མ་ཡིན་ནམ། རྗེས་སུ་དཔག་པས་ངེས་པར་བརྗོད་པའི་ཕྱིར་འགལ་བ་མི་འཁྲུལ་བ་ཅན་མེད་དོ་ཞེས་བྱ་བ་འདི་གང་ལས་ཤེ་ན། བཤད་པ། གགས་ཡོད་པར་དོགས་པ་གང ་དག་ཡིན་པ་རྣམས་ནིའོ། །ཟླ་བོའི་ཚད་མ་སྲིད་ན་ནི་ངེས་བསྒྲུབ་པ་འགལ་བའི་དོན་གྱི་རྗེས་སུ་དཔག་པས་གྲུབ་པ་ཐམས?་ཅད་ལ་གེགས་བྱེད་བར་དོགས་པར་འབྱུང་ལ། གེགས་ཡོད་པར་དོགས་པ་རྣམས་ལ་ཡང་ཐེ་ཚོམ་ཟ་ལ། ཐེ་ཚོམ་ཟ་བས་མི་འགྲུབ་པོ། །མི་འགྲུབ་བའི་ཕྱིར ་ན་མི་ངེས་པ་ནི་ཕྱིར་རོ། །ངེས་ན་སྟེ་གཏན་ཚིགས་དེའི་ཕྱིར་ཚད་མས་ངེས་པར་བརྗོད་པའི་ཕྱིར་འགལ་བ་མི་འཁྲུལ་བ་ཅན་མེད་པ་ཡིན་ནོ། །རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། གཉེན་པོ་དང་བཅས་པ་དང། ཅིག་ཤོས་མ་ཡིན་ནམ། དེ་ལ་གཉེན་པོ་མེད་པའི་རྗེས་སུ་དཔག་པ ་གང་ཡིན་པ་དེ་ལས་ངེས་པར་འགྱུར་བ་ཡིན་ན། དེ་ཅི་ལྟར་ན་ཚད་མས་ངེས་བར་བརྗོད་པའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་མེད་ཅེས་བརྗོད་ཅེ་ན། སྨྲས་པ། མཚན་ཉིད་དང་ལྡན་བའི་རྗེས་སུ་དཔག་པ་གཅིག་ལ་གཉེན་པོ་འགལ་བ་མི་འཁྲུལ་བ་ཅན་སྲིད་པ་ཡིན་ན་ཐམས་ཅད་མཁྱེན ་པ་མ་ཡིན་པའི་སྐྱེས་བུ་ཙམ་གྱི་རྗེས་སུ་དཔག་པ་གཞན་ལ་འགལ་བ་མི་འཁྲུལ་བཅན་དེ་མེད་པ་གང་ཡིན་པ་དེ་མི་ངེས་པའི་ཕྱིར་རོ། །དེས་ན་སྟེ་གཏན་ཚིགས་དེའི་ཕྱིར་ཚད་མས་ངེས་པར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་ལ་ཟླ་བོའི་ཚད་མ་ཡོད་པ་དེ་སྣང་པ་ཉིད་མ་ཡིན ་?། གཞན་ནམ་ད་ལ་དུས་གཞན་དུ་སྣང་བར་འགྱུར་བ་གང་ཡིན་པ་དེ་ད་ལྟ་ཉིད་ཅི་སྟེ་མི་སྣང། མི་སྣང་བའི་ཕྱིར་འོ་ན་འགལ་བ་འཁྲུལ་པ་ཅན་མེད་པ་ཡིན་ནོ། ཞེས་བྱ་བ་ཟློག་པའི་ཡུན་རིང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་མཐོང་བའི་དོན་གང་དག་ཡིན་པ་དེ་རྣམས ་ལ་ཡང་ཕྱིས་དུས་གཞན་དུ་མ་མཐོང་བ་དེ་ལ་སྣང་བ་སྐྱེ་བ་ཡིན་ལ། སྐྱེས་བུ་ཡང་སོ་སོར་ཤེས་རབ་ཀྱི་ཁྱད་པར་དང་ལྡན་པ་མཐོང་བ་ཡིན་ཏེ། དེའི་ཕྱིར་ད་ལྟར་ང་ལས་མི་སྣང་བ་གང་ཡིན་པ་དེ་མི་མེད་པ་ཉིད་དོ་ཞེས་དེ་ལྟར་བརྗོད་བར་མི་ནུས་སོ། །དེའི་ཕྱིར་གཉེན་པོ་མེད་པའི་རྗེས ་སུ་དཔག་པ་ངེས་པ་མ་ཡིན་ནོ། །དེའི་ཕྱིར་ན་ཚད་མས་ངེས་པར་བརྗོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གནས་སོ། །རྗེས་སུ་དཔག་པས་ངེས་པར་བརྗོད་པས་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་བསྟན་པ་འདིས་ནི་མངོན་སུམ་ལས་ཀྱང ་ངེས་པར་བརྗོད་པའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པའི་ཕྱིར་ན། མངོན་སུམ་དང་རྗེས་སུ་དཔག་པ་དག་ངེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་བསྟོན་པར་བྱེད ་པར་བཤད་པ་ཡིན་ནོ། །ཅི་ལྟར་མངོན་སུམ་ལས་ངེས་པ་བརྗོད་པས་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་བརྗོད་པར་འགྱུར་ཏེ། མངོན་སུམ་ཉིད་གཉེན་པོ་མེད་པར་བརྗོད་པ་འབའ་ཞིག་ཏུ་ཟད་དོ་ཞེ་ན། གཉི་ག་ཡང་ཞེས་སྨོས་སོ། །མངོན ་སུམ་དང་རྗེས་སུ་དཔག་པ་གཉིས་ཚད་མར་ཁྱད་པར་མེད་པའི་ཕྱིར་རོ། །ཚད་མར་ཁྱད་པར་མེད་ན་གལ་ཏེ་རྗེས་སུ་དཔག་པ་ལ་གཉེན་པོ་ཡོད་ན་མངོན་སུམ་ལ་ཡང་ཡོད་པར་འགྱུར་ཞེ་གང་བཤད་པ་ནི། ཚད་མའི་མཚན་ཉིད་ནི་དོན་མེད་ན་མི་འབྱུང་བ་ཡིན ་ཏེ། ཚད་མ་རྣམས་ཀྱི་ནི་མི་སླུ་བ་ནི་ད་ལས་ཡིན་པའི་ཕྱིར་རོ། །དེ་དང་ལྡན་པའི་རྗེས་སུ་དཔག་པ་གཅིག་ལ་གཉེན་པོ་ཡོད་པའི་ཕྱིར་མངོན་སུམ་ཡང་དེ་ལྟར་འགྱུར་ཏེ། གཉེན་པོ་དང་བཅས་པར་འགྱུར་རོ། །དེའི་ཕྱིར་ངེས་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །འདི ་སྙམ་དུ་གཉི་ག་ལ་ཚད་མའི་མཚན་ཉིད་ཁྱད་པར་མེད་ཀྱང། རང་གི་གཉེན་པོ་མེད་པའི་ཕྱིར་དེ་ངེས་པར་བྱེད་པ་ཉིད་དུ་འགྱུར་བའི་ཁྱད་པར་གཞན་ཡོད་དོ་ཞེ་ན། གང་ཞིག་ཅེས་སྨོས་སོ། །ཚད་མའི་མཚན་ཉིད་ལས་ཐ་དད་པའི་ཁྱད་པར་གང་ཡིན་པ་དེ་ནི་ངེས ་པར་ཞེས་བྱ་བ་མཛའ་ཅིག་ཏུ་སྒྲུབ་པར་བྱེད་པ་ཉིད་རྣམ་པར་འཇོག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་སྨོས་ཏེ། གཅིག་ཏུ་ངེས་པར་བསྒྲུབ་པའི་ཁྱད་པར་དེ་ལས་རྗེས་སུ་དཔག་པ་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ཏེ། དེས་པའི་རྒྱུ་མཚན་གྱི་ཁྱད་པར ་གྱིས་སྟོང་བའི་ཕྱིར་ཚད་མ་མ་ཡིན་པར་འགྱུར་རོ། །གང་གི་ཕྱིར་གཅིག་ཏུ་ངེས་པ་སྒྲུབ་པར་བྱེད་པ་ཁྱད་པར་ཚད་མའི་མཚན་ཉིད་དེ་ལས་ཐ་དད་པ་གཞན་མེད་པ་དེའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ལ་གཉེན་པོ་སྲིད་ན་མངོན་སུམ་ལ་ཡང་དེ་བཟློག ་པར་དཀའ་ཨོ། །དེས་ན་མངོན་སུམ་དེས་པའི་རྒྱུ་ཡིན་པའི་ཕྱིར་ཡང་རྗེས་སུ་དཔག་པའི་ཡུལ་འགལ་བ་ནི་འཁྲུལ་བ་ཅན་མེད་པར་རྟོགས་སོ། །བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ནི?་གཅིག་བུ་གཉིས་སུ་མེད་པ་ཉིད་དེ། དེས་ན་གཏན་ཚིགས་ནི་གཉེན་པོ་མེད་པ་ཡིན་ནོ། ཞེས? ་གང་སྨྲས་པ་ནི་འགྲན་ཟླའི་གཏན་ཚིགས་མ་བསྟན་པ་གང་ཡིན་པའི་གཏན་ཚིགས་དེ་ཚད་མ་ཡིན་ཏེ།?་དེའི་ཕྱིར་ལ་ལར?་འགལ་བ་མི་འཁྲུལ?་བ་ཅན་སྲིད་བ་ཡིན་ན། ཁྱད་པར་མེད་པའི་ཕྱིར་རྗེས་སུ་དཔག་པ་ཐམས?་ཅད་ལ་དོགས་ལ། དེ་ལྟ་ཡིན་དང་ཚད་མེད་ཁྱད་པར་མེད་པའི་ཕྱིར་མངོན ་སུམ་ལ་ཡང་འགྱུར་རོ་ཞེས་བྱ་བའི་ཉེས?་པ་མེད?་དོ?། །བརྗོད་པར་འདོད་པའི་གྲངས་གཅིག་པ་ནི་རྗེས་སུ་དཔག་པའི་རྟགས་ཡིན་ལ། ཚུལ་གསུམ་རྩམ?་དང་ལྡན་པ་ཞིག་གལ་བ་མི་འཁྲུལ?་བ་ཅན་ཡིན་ཏེ། དེས་ན་ཁྱད་པར་ཡོད་པའི་ཕྱིར་ཐམས་ཅད་དུ་འགལ་ཟླ་དོགས་པ་མ་ཡིན་ནོ། ཞེན ་དེ་ལྟ་ན་ཡོན་བརྗོད་པར་འདོད་པའི་གྲངས་ཅིག་པ་ཅན་ཏེ། ཅི་གཉེན་པོ་མེད་པ་ཡིན་ནམ། འོན་ཏེ་གཉེན་པོ་མ་མཐོང་བ་ཡིན། གཉི་ག་ལྟར་ན་ཡང་མཚན་ཉིད་དགོས་སོ། །དེ་ལ་དང་པོ་ནི་དེས་པར་མི་ནུས་སོ་ཞེས་གང་བཤད་པ་ནི། འདི་འདྲ་བའི་དོན་དེས་པའི་ཡུལ་ལ་སྲིད་པ་ཡོད ་དམ་ཞེས་བྱ་རོག་གི་དྲི་བ་སྦྱར་བ་ནི་མེད་དོ་ཞེས་བརྗོད་པ་ཡིན་ནོ། །གང་ལ་དེས་པ་མེད་པ་དེ་ཅི་འདྲ་བ་ཞིག་ཅེ་ན། རྗེས་སུ་དཔག་པ་འདི་ལ་འགྲན་ཟླ་མེད་དེ་ཞེ་དེ་འདྲ་བའོ། །ཅིའི་ཕྱིར་འདི་ལ་ངེས་པ་མེད་ཅེ་ན། རྟགས་གང་ལ་ཚུལ་གསུམ་པ་ཞེས་བྱ་བའི་མཚན་ཉིད་ཁྱད་པར ་མེད་པ་དེ་ལ་མཐོང་བའི་གཉེན་པོ་ནི་ཚུལ་གསུམ་པ་གཞན་ལ་མེད་བ་གང་ཡིན་པ་དེ་ངེས་བར་བྱེད་མི་ནུས་པའི་ཕྱིར་རོ། །ཞེས་ལེའུ་གཉིས་པར་བཤད་ཟིན་ཏོ། །དེའི་ཕྱིར་གཉེན་པོར་མེད་བ་ཉིད་ནི་མ་ངེས་སོ། །འོན་ཏེ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅི་དང་གཉེན་པོ ་མ་མཐོང་བ་ཡིན་ན། དེ་ཡང་གལ་ཏེ་མཚན་ཉིད་དེས་ནུས་པ་ཡིན་ཡང་རིགས་པ་མ་ཡིན་ནོ་ཞེས་གང་བཤད་པ་ནི། སྐྱེས་བུའི་སྤོབས་བ་ཞེས་བྱ་བ་ཡིན་ནོ། །ཅི་སྲིད་སྐྱེས་བུ་ལ་གཉེན་པོ་མི་སྣང་བ་དེ་སྲིད་དུ་ཚད་མ་ཡིན་ལ། གཉེན་པོ་མཐོང་ན་ནི་ཚད་མ་མ་ཡིན་ནོ་ཞེས་མཚན ་ཉིད་བྱ་བར་མི་ནུས་སོ། །དེ་ལྟ་ན་ནི་སྐྱེས་བུའི་སྤོབས་པའི་དབང་གིས་ཚད་མའི་མཚན་ཉིད་བརྗོད་པར་འགྱུར་ན། སྐྱེས་བུའི་སྤོབས་བའི་དབང་གིས་ཚད་མའི་མཚན་ཉིད་བརྗོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་རང་བཞིན ་གང་ཡིན་པ་དེ་ཚད་མའི་མཚན་ཉིད་དུ་བརྗོད་ཀྱི། །སྤོབས?་པ་ལ་སྣང་བའི་རང་བཞིན་མ་ཡིན་ནོ། །དངོས་པོ་ལ་གནས་པའི་གཉེན་པོ་མེད་པའི་ཚད་མ་དེ་ཡང་དེ་ལྟར་ཞེས་བྱ་བ་ཚུལ་གསུམ་དང་ལྡན་པ་ལ་ཡང་གཉེན་པོ་མཐོང་བའི་ཕྱིར། ངེས་པར་ནུས་པ་མ་ཡིན་ནོ། །དེས ་ན་ཞེས་བྱ་བ་རྒྱུ་དེའི་ཕྱིར་ཐེ་ཚོམ་ཟ་བ་དེ་ནི་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་བརྗོད་པར་འདོད་པའི་གྲངས་གཅིག་པ་གང་ལ་ཡོད་པ་སྟེ། གཏན་ཚིགས་པ་ནི?་གཏན་ཚིགས་ཀྱི་ཐ་སྙད་དུ་མི་རུང་སྟེ། དཔེར་ན་ཕྱོགས་ཀྱི་ཆོས་ལ་སོགས་པའི་ཚུལ་དག་ལ་ཐེ་ཚོམ་ཟ་བའི ་གཏན་ཚིགས་ལ། གཏན་ཚིགས་ཞེས་ཐ་སྙད་གདགས་པར་མི་རུང་བ་བཞིན་ནོ། །རྟགས་ནི་རང་གི་སྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ངེས་པར་རྟོགས་པར་བྱེད་པ་ཡིན་གྱི། སྒྲོན་མ་བཞིན་དུ་རུང་བ་ཙམ་གྱིས་ནི་མ་ཡིན་ནོ། །མི་འཁྲུལ་བར་ངེས་པ་ཡང་མཚན་ཉིད་ངེས ་པ་ཁོ་ན་ཡིན་ནོ། །མཚན་ཉིད་དེ་དག་ལས་གཅིག་མ་ངེས་ན་ཡང་རྟགས་དེ་མི་འཁྲུལ་བར་མ་ངེས་པས་གོ་བར་བྱེད་པར་ཐ་སྙད་མི་བྱའོ། །གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་རྗོད་པ་ན་དེར་ཤེས་པ་ཡང་གཟུང་བ་ཉིད་དེ། གང་གི་ཕྱིར་ཤེས་པར་བྱེད་པའི་དབང ་དུ་བྱས་པའི་ཕྱིར་རོ། །བརྗོད་པ་གང་ཞིག་གཉི་ག་ལ་ངེས་པ་ཞེས་བརྗོད་པས་ནི་ཤེས་པ་གཟུང་བ་ཡིན་ནོ། །དེའི་ཕྱིར་ཡང་མཚན་ཉིད་ལ་ཐེ་ཚོམ་ཟ་བ་ནི་གཏན་ཚིགས་ཀྱི་ཐ་སྙད་དུ་མི་རུང་ངོ། །ཁོ་བོ་ཅག་འབའ་ཞིག་ཏུ་ནི་མ་ཟད་ཀྱི། སློབ་དཔོན་ཡང་ཐ་སྙད་དུ་མི ་རུང་བར་བཞེད་པ་ཡིན་ནོ། །དེས་ན་ངེས་པའི་མི་ནུས་པ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་ནི་སློབ་དཔོན་ཡང་མཚན་ཉིད་དུ་བཞེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གལ་ཏེ་ངེས་པར་མི་ནུས་ན་ཁྱེད་ཀྱིས་རྗེས་སུ་དཔག་པ་ལ་ཡང་གཉེན་པོ་མེད་པར ་ཇི་ལྟར་ངེས་ཤེས་ན། བཤད་པ། ཁོ་བོ་ཅགས?་གིས་ཅི་སྐད་བཤད་པའི་མཚན་ཉིད་ཅན་གྱིས་རྗེས་སུ་དཔག་པའི་ཡུལ་ཉིད་ལ་དེ་ཉིད་ཀྱི་མཚན་ཉིད་དང་ལྡན་པའི་ཟླ་བོ་གང་ཡིན་པ་དེ་མི་སྲིད་པའི་ཕྱིར་རྗེས་སུ་དཔག་པ་ལ་འགལ་བ་མི་འཁྲུས་བ་ཅན་མེད་དོ། །འདི་ལྟར་དེའི་བདག་ཉིད་དང་དེ ་ལས་བྱུང་བདག་གིས་འགལ་ཞིག་འགའ་ཞིག་ལ། མི་འཁྲུལ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་འཁྲུལ་བར་མི་རིག་པའི་ཕྱིར་རོ། །དོན་གཅིག་ལ་ནི་ཕན་ཚུན་འགལ་བའི་རང་བཞིན་གཉིས་ཡོད་པ་མ་ཡིན་ནོ། །དེས་ན་ཆོས་ཅན་གཅིག་ལ་ཕན་ཚུན་འགལ་བའི་རང་བཞིན་ལ་མི་འཁྲུལ?་བའི་ཆོས ་གཉིས་ཤིན་ཏུ་སྲིད་པ་མ་ཡིན་ནོ། །དེས་ན་ཚད་མས་གྲུབ་པའི་རྗེས་སུ་དཔག་པ་ལ་ཚད་མ་ཅན་མ་ཡིན་པའི་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་དོ། །མ་གྲུབ་པ་ལ་སོགས་པ་ནི་ཚད་མས་སྲིད་པ་ཡིན་ནོ། །བརྗོད་པར་འ་དོད་པའི་གྲང་གཅིག་པ་ཉིད་སློབ་དཔོན་གྱིས་བཤད་པ་མ་ཡིན་རྣམ? ་དེ་ཅི་ལྟར་རྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་ངེས་བར་མི་ནུས་པའི་ཕྱིར་མི་འདོད་ཅེ་ན། བཤད་པ། བདེན་ཏེ་རྗེས་སུ་དཔག་པའི་ཡུལ་འདི་ལ་མི་འདོད་པ་ཉིད་དོ། །འོ་ན་འདིའི་ཡུལ་གང་ཞེ་ན། འདིའི་ཡུལ་ནི་ཞེས་སྨོས་སོ། །དཀྱུས་མ་ཉིད་མཇུག་བསྡུ་བའི་ཕྱིར་བཤད་པ། །གང་གི ་ཕྱིར་འགལ་བ་མི་འཁྲུལ་བ་ཅན་མེད་པར་གང་ལས་ཀྱང་ངེས་པ་མ་ཡིན་པ་དེའི་ཕྱིར་དེ་ལྟར་ཞེས་བྱ་བ་བཤད་མ་ཐག་པའི་ཚུལ་གྱིས་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་དག་རྗོད་བ་ན། དེ་ལས་ཏེ་ཚད་མ་དག་གིས་ངེས་པར་བརྗོད་པ་ཡིན་ནོ། །ངེས་པའི་དོན་ནི་གཞན་གྱིས་གནོད་པར ་བྱེད་པ་ཡིན་པ། དོན་དེའི་ངེས་པར་བྱེད་པ་ཡང་གནོད་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཚད་མ་ངག་གནོད་པར་བྱེད་པའི་རྒྱུན་ཚན་དེས་པ་ཉིད་བརྗོད་པ་ཡིན་ནོ། །འདི་ལ་གནོད་པར་བརྗོད་པའི་ཚུལ་ནི་སྔར་བརྗོད་པ་ཡིན་ནོ། །ངེས་པར་བརྗོད་པ་དེས་ན་གཉེན་པོ་དང་ལྷན་ཅིག་འཇུག་པ ་གང་ཡིན་པ་དེ་སྲིད་པ་སེལ་བར་བྱེད་དོ། གཉེན་པོ་དང་བཅས་པ་ནི་ངེས་པའི་རྒྱུ་མ་ཡིན་ནོ། །གཉེན་པོ་མེད་པ་དེའི་ཕྱིར། རྗེས་སུ་དཔག་པའི་ཡུལ་ལ་གཉེན་པོ་མེད་པར་སྟོན་པ་ཡིན་ནོ། །འགལ་བ་མི་འཁྲུལ་བ་ཅན་མི་སྲིད་པར་ཅི་ལྟར་འགྱུར་ཞེ་ན། གལ་ཏེ་མཐོང་བ་དང་མ་མཐོང་བ ་ངག་གིས་ནི་རྗེས་སུ་འགྲོ་བའི་དང་ལྡོག་པ་དག་མ་ཡིན་གྱི། འོན་ཀྱང་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་ཡིན་ནོ། །འགལ་བ་མི་འཁྲུལ་བ་ཅན་མི་སྲིད་པས་ན། སློབ་དཔོན་རྗེས་སུ་འགོ་བ་དང་ལྡོག་པ་དེས་པ་ནི། དེའི་བདག་ཉིད་དང་དེ་ལས་བྱུང་བའི་རྒྱུ་མཚན ་ཅན་ཡིན་པར་བཞེད་པ་ཡིན་ནོ་ཞེས་བྱ་བ་དོན་གྱིས་བརྗོད་པར་འགྱུར་རོ། །དེ་ལྟར་གང་ལ་ཐུན་མོང་མ་ཡིན་པའི་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བའི་གཞུང་འདིའི་དོན་བཤད་ནས། གཞན་དུ་བཤད་པར་བྱ་བའི་ཕྱིར་ཡང་ན་ཞེས་སྨོས་སོ། །གང་དུ་ཕ་རོལ་གྱི་འགལ་བའི་དོན་དམ ་བཅས་པ་ན་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཟློག་པར་བྱེད་པ་ཅིག་ཤོས་ལ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་རྗེས་སུ་དཔག་པ་མེད་པ་ན། ཚད་མ་མེད་པར་དེ་ཅི་ལྟར་ཟློག་པར་བྱེད་ཅེ་ན། བཤད་པ། སྒྲ་ལས་བྱུང་བའི་གྲགས ་པས་བསལ་བ་ཡིན་གྱིས་རྗེས་སུ་དཔག་པས་ནི་མ་ཡིན་ནོ། །དེ་ལྟར་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེ་བྱ་བའི་གཟུང་འདིས། འཇིག་རྟེན་གྱི་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་བརྗོད་པ་ལ་རྗེས་སུ་དཔག་པ་མེད་པར་བཤད་པ ་ཡིན་ནོ། །འདོད་པའི་སྒྲས་བརྗོད་པར་བྱ་བ་ལ་རྗེས་སུ་དཔག་པ་མེད་པས་ཅི་འགྱུར་ཞེ་ན། རྗེས་སུ་དཔག་པ་མེད་པར་བརྗོད་པ་འདིས་ནི་རྗེས་སུ་དཔག་པས་རྟོག་པར་བྱ་བའི་དོན་གཞན་ཡིན་ལ། གྲགས་པས་ཏརྟོགས་པར་བྱ་པའི་ཡུལ་ཡང་གཞན་ཡིན་ནོ། །དེ་སྐད་བརྗོད་པས་ཀྱང ་ཅི་ཞིག་བྱ་ཞེ་ན། བཤད་པ། དེ་སྐད་བརྗོད་པ་དེས་ན་དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་རྗེས་སུ་དཔག་པ་གང་ཡིན་པ་དེ་ལས་གྲགས་པ་ཡུལ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་དངོས་པོའི་དབན་གིས་འཇུག་པ་མ་ཡིན་ནོ་ཞེས་ཤུགས་ཀྱིས་བརྗོད་པ་ཡིན ་ནོ། །རྗེས་སུ་དཔག་པ་ནི་དངོས་པོ་ལ་འཇུག་པའི་ཕྱིར་དང། གྲགས་པའི་རྟགས་ནི་སྒྲོ་བཏགས་ཀྱི་རང་བཞིན་གྱི་དོན་ལ་འཇུག་པའི་ཕྱིར་དངོས་པོ་ལ་མི་བལྟོས་པ་ཡིན་ནོ། །ཅི་ལྟར་ན་རྗེས་སུ་དཔག་པ་མེད་ཅེ་ན། རི་བོང་ཅན་ཟླ་བར་མི་འདོད་པ་དེས་ཞེས་སྨོས ་སོ། །གང་གི་ཕྱིར་རི་བོང་ཅན་ཟླ་བ་སྟེ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་ཤིན་ཏུ་གྲགས་པ་ཡང་བསྙོན་པ་ནི་གྲགས་པ་འགའ་ལ་ཡང་མི་བསྙོན་པ་མ་ཡིན་ནོ། །འདི་ལྟར་རི་བོང་ཅན་ཟླ་བའི་སྒས་བརྗོད་པར་བྱ་བ་དངོས་པོ་མ་ཡིན་པ་སྤོང་བ་ནི་ཁྱད་པར་མེད་པའི་ཕྱིར་དངོས་པོ་སྒྲས ་བརྗོད་པར་བྱ་བ་གཞན་གྱི་གྲགས་པ་ཐམས་ཅད་སྤོང་བ་ཡིན་ནོ། །དེས་ན་དངོས་པོ་པའི་གྲགས་པ་ཐམས་ཅད་སྤོང་བ་ལ་དངོས་པོ་པའི་ཟླ་བའི་སྒྲས་བརྗོད་པར་བྱ་བ་དང་ལྡན་པའི་ཆོས་གང་དུ་ཡང་གྲུབ་པ་མེད་དོ། །དེའི་ཕྱིར་དངོས་པོ་པའི་ཟླ་བའི་སྒྲས་བརྗོད་པར་བྱ་བ ་ཉིད་ལ་རྗེས་སུ་དཔག་པ་དཔེ་མེད་པ་ཡིན་ནོ། །དེས་ན་རྟགས་ཐུན་མོང་མ་ཡིན་པར་བཤད་དོ། །ཞེས་བྱ་བའི་དོན་ཏོ། །གལ?་ཏེ་གྲགས་པས་གྲུབ་པ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་འབའ་ཞིག་ལ་བསྙེན་པ་དེ་ལ་ཡང་ཟླ་བ་གཉིས་པ་མེད་པའི་ཕྱིར་རྟགས་ཐུན་མོང ་མ་ཡིན་པ་ཉིད་མ་ཡིན་ནམ། དེ་ཅི་ལྟར་ན་གྲགས་པ་ཐམས་ཅད་དངོས་པོ་པ་ཡིན་པ་སྤོང་བ་ལ་རྟགས་ཐམས་ཅད་ཐུན་མོང་མ་ཡིན་པ་ཡིན་ནོ་ཞེས་བརྗོད་ཅེ་ན། གང་གི་ཕྱིར་ཞེས་སྨོས་ཏེ། གལ་ཏེ་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བའི་དཔེར་བརྗོད་པ་གཅིག་པོ ་འདི་ལ་བལྟོས་ནས་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བ་འདི་བརྗོད་པ་ཡིན་ན་ནི། གྲགས་པས་གྲུབ་པ་ལ་ཡང་ཟླ་བའི་སྒྲས་བརྗོད་པར་བྱ་བ་གྲུབ་པར་བྱེད་པའི་གཏན་ཚིགས་ཐུན་མོང་མ་ཡིན་པར་འགྱུར་བ་ཞིག་ན། གང་གི ་ཕྱིར་དག་འདིའི་ཡུལ་དཔེར་བརྗོད་པ་འདི་གཅིག་པུ་ནི་མ་ཡིན་ཏེ། འདི་ནི་མཚན་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ། །ཇི་སྙེད་སྒྲའི་བརྗོད་པར་བྱ་བ་སྤོང་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཐམས་ཅད་ལ་གཏན་ཚིགས་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པར་བསྟན ་པར་བྱ་བ་ཡིན་ནོ། །ཤིང་ཤ་པ་མ་ཡིན་ནོ་ཞེས་དམ་བཅའ་པ་ལ་གནོད་པར་བྱེད་པའི་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པ་མ་ཡིན་ཏེ། ཤིང་ཤ་པ་ལས་གཞན་སེང་ལྡེང་ལ་སོགས་པ་ལ་ཤིང་གིས་སྒྲས་བརྗོད་པར་བྱ་བ་ཉིད་ཡོད་པའི་ཕྱིར་རོ། །དཔེར་བརྗོད ་པ་གཞན་ལ་གཏན་ཚིགས་ཐུན་མོང་མ་ཡིན་པར་མི་འགྱུར་བ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། སྐབས་སུ་བབ་བཟླ་བའི་སྒྲས་བརྗོད་པར་བྱ་བ་འདིར་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་དྲའི་བསྟན་བཅོས་ནས ་ག་བུར་དང་ཁམས་བརྗེད་པ་ནས་དངུལ་དང། གཞན་ནས་གཞན་དག་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་མཐོང་བོའི་ཕྱིར་རོ། །རི་བོང་ཅན་ཟློ་བའི་སྒྲས་བརྗོད་པར་བྱ་བ་ཡིན་དུ་ཆུག་ཀྱང། བརྡ་ལས་འཇུག་པ་སྒྲ་དོན་གྱི་འབྲེལ་བ་བརྡ་ལས་བྱུང་བ་ཁས་ལེན་པའི་རྟོགས་པ ་པོ་དེ་ལ་ཅི་འདོད་པའི་སྒྲའི?་བརྗོད་པར་བྱ་བ་ཉིད་ཀྱི་གོ་བར་བྱེད་པའི་ཐུན་མོང་མ་ཡིན་པ་ཉིད་མེད་དོ། །བརྡ་ལས་འཇུག་པ་ལ་ནི་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དམ་གཞན་ཡང་རུང་སྟེ་བརྡ་ལ་རག་ལས་པ་ནི་རྣམ་པར་རྟོག་པ་ལ་གནས་པའི་རང་བཞིན་ལ་ཁྱད་པར ་མེད་པ་ཡིན་ནོ། །དེས་ན་གཏན་ཚིགས་ཐུན་མོང་པར་ཤེས་པར་ནུས་པ་ཡིན་ཏེ། །གང་ཞིག་རྣམ་པར་རྟོག་པ་ལ་གནས་པ་དེ་ནི་འདོད་པའི་སྒྲས་བརྗོད་པར་ནུས་པ་ཡིན་ཏེ། དཔེར་ན་བུམ་པ་བུམ་པའི་སྒྲས་བརྗོད་པར་ནུས་པ་བཞིན་ནོ། །རི་བོང་ཅན་ཡང་རྣམ་པར་རྟོག ་པ་ལ་གནས་པ་ཡིན་ནོ། །ཁྱབ་པའི་སྔོན་རོལ་དུ་བསྟན་ཟིན་པ་ཡིན་པས་ན། རྣམ་པར་རྟོག་པ་ལ་གནས་པ་ཉིད་ནི་བརྡ་ལ་འཇུག་པ་ལ་ཐུན་མོང་མ་ཡིན་ནོ། །བརྡ་ལས་འཇུག་པ་ཡང་སྒྲ་འགའ་ཞིག་གིས་འགའ་ཞིག་རྗོད་གར་བྱ་བར་འདོད་ཀྱི། ཐམས་ཅད་ཐམས ་ཅད་ཀྱིས་ནི་མ་ཡིན་པ་མ་ཡིན་ན། དེས་ན་ཅི་ལྟར་འཚེད་པ་པོའི་སྒྲས་བརྗོད་པར་མི་འདོད་པ་དེ་བཞིན་དུ་ཟླ་བའི་སྒྲས་ཀྱང་ཡིན་པས། དེ་ཅི་ལྟར་ཐུན་མོང་མ་ཡིད་པ་ཉིད་མེད་ཅེ་ན། བཤད་པ་གལ་ཏེ་རྟོག་པ་པོ་དེ་ལ་འཚེད་པ་པོའི་སྒྲས་བརྗོད་པར་བྱ་བ་ཉིད་དེ་འགའ་ ་ཞིག་ཁོ་ན་ལ་གྲུབ་ཀྱི་ཐམས་ཅད་དུ་མ་ཡིན་ན། འགའ་ཞིག་ཏུ་གྲུབ་པ་དེ་དངོས་པོའི་དབང་གིས་ཡིན་ཏེ། བརྡའི་དབང་གིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གྲགས་པས་གྲུབ་པ་ཡིན་ན་ནི། ཁྱད་པར་མེད་པའི་ཕྱིར་རི་བེང?་ཅན་ལ་ཡང་?་བརྗོད་པར་བྱ་བ་ཉིད ་དེ་ཟློག་པར་མི་ནུས་པའི་ཕྱིར་རོ། །འོན་ཏེ་དངོས་པོ་ལ་བལྟོས་པའི་བརྗོད་པར་བྱ་བ་ཉིད་གང་ཡིན་པ་དེའི་རི་བོང་ཅན་ལ་བཟློག་པར་བྱ་བ་ཉིད་དོ་ཞེ་ན། རི་བོང་ཅན་ལ་ཡང་དེ་ཟློག་ཏུ་མེད་པ་ཉིད་དོ། །ཅི་ལྟར་ཞེ་ན། དངོས་པོ་ལ་རྒྱུ་མཚན་ཡོད་ན་གྲུབ་པར་འགྱུར་རོ། །རྒྱུ་མཚན་འོང་ན་གྲུབ་པ་དེའི་ཕྱིར ་ཟློག་ཏུ་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། །དཔེར་ན་གསལ་བར་བྱེད་པའི་ཕྱིར་རི་བོང་ཅན་གསལ་བྱེད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་པ་བཞིན་ནོ། །རྒྱུ་མཚན་གྱི་དངོས་པོ་དེ་མེད་ན་ནི་དངོས་པོ་ལ?་།ད་ལྟོས་པ་ཅན་བཟློག་ཀྱང་སྐྱོན་མེད་དེ། དཔེར་ན་འཚེད་པར་བྱེད་པའི་སྒྲས་བརྗོད་པར་བྱ་བ་བཞིན ་ནོ། །དེ་ལྟར་མ་རྒྱུ་མཚན་དང་ལྡན་པའི་བརྗོད་པར་བྱ་བ་ཉིད་ནི་འགའ་ཞིག་ཏུ་གྲུབ་ཀྱང་གཞན་ལ་དགག་པར་ནུས་པ་ཡིན་གྱི་བརྡ་ལས་བྱུང་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུ་མཚན་ཅན་གྱིས་བརྗོད་པར་བྱ་བ་ཉིད་ཡུལ་དེས་པ་ཡིན་གྱི། ་བརྡ་ལས་བྱུང་བས་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཕྱིར་དངོས་པོ་ལ་མི་བལྟོས་པའི་ཕྱིར་དངོས་པོ་ལ་ངེས་པ་མ་ཡིན་པའི་བརྡ་གང་དག་ལ་ཡོད་པའི་སྒྲ་དེ་དག་ལས་བྱུང་པའི་ཆོས་བརྗོད་པར་བྱ་བའི་མཚན་ཉིད་གང་ཡིན་པ་དེ་དག་གི་ཆོས་ཅན་ཉིད་དུ་རུང་བ་ཡིན་ཏེ། འདོད་པ་ལ ་གེགས་བྱེད་བཟློག་པར་བྱེད་པ་མེད་པའི་ཕྱིར་རོ། །རུང་བ་ཉིད་འདོད་པ་ལ་བལྟོས་པའི་ཕྱིར་ནི་ཐམས་ཅད་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ཡིན་ལ། རྒྱུ་མཚན་ལས་ནི་འགའ་ཞིག་འགའ་ཞིག་གིས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་བརྡའི་རྗེས་སུ་འབྲང ་བ་ལ་གོ་བར་བྱེད་པ་ཐུན་མོང་མ་ཡིན་པ་འགའ་ཡང་མེད་དོ་ཞེས་བཤད་པར་འགྱུར་རོ། །དེའི་ཕྱིར་དཔེར་བརྗོད་པ་གཞན་དང། སྐབས་ཀྱི་དཔེར་བརྗོད་པ་བརྡའི་རྗེས་སུ་འབྲང་བ་ལ་ཐུན་མོང་མ་ཡིན་པར་མི་འཐད་པའི་ཕྱིར། དངོས་པོ་བའི་གྲགས་པ་མཛའ་དག་སྤོང་བ་ལ་རྗེས ་སུ་དཔག་པ་ཐུན་མོང་མ་ཡིན་པ་ཡིན་ནོ། །གལ་ཏེ་བརྟགས་པའི་རང་བཞིན་གྱི་བརྗོད་པར་བྱ་བ་འགག་པ་ལ། སྒྲ་ལས་བྱུང་བའི་གྲགས་པའི་ཆོས་གནོད་པར་བྱེད་པ་ཡིན་ན། དངོས་པོའི་རང་བཞིན་གྱི་བརྗོད་པར་བྱ་བ་བསྒྲུབ་པའི་རྗེས་སུ་དཔག་པ་མེད་པར་བཤད་པ་འདིས ་ཅི་བྱ་ཞེ་ན། འདིས་ནི་ཞེས་སྨོས་ཏེ། གང་གི་ཚེ་རྗེས་སུ་དཔག་པ་མེད་པའི་ཕྱིར་འདོད་པའི་བརྗོད་བྱ་ཉིད་དངོས་པོ་མ་ཡིན་པ་དེའི་ཚེ་སྒྲ་རྣམས་ནི་བརྡའི་རྗེས་སུ་བྱེད་པ་ཡིན་ནོ། །དེས་ན་བརྡ་འདོད་པ་ལ་རག་ལས་པ་ཡིན་པའི་ཕྱིར་ན་དོན་ལ་ངེས་པ་མེད་དོ་ཞེས་བརྗོད་པ ་ཡིན་ནོ། །དངོས་པོ་ལ་བརྗོད་བྱ་མེད་པའི་ཕྱིར་ཡང་བརྡའ་དང་ལྡན་པའི་དོན་གྱི་ཡུལ་ལ་བལྟོས་ཏེ་སྒྲ་རྣམས་ཀྱི་རྗོད་པར་བྱེད་པ་ཉིད་གང་ཡིན་པ་དེ་འགོག་པའི་རྒྱུ་མཚན་གྱིས་འགལ་བ་ཡིན་ནོ། །ཞེས་བཤད་པར་འགྱུར་རོ། །གང་དག་བརྡ་དང་ལྡན་པ་ཉིད་ཀྱི་སྒྲའི་བརྗོད་བྱ་ཐམས་ཅད ་སྤོང་བ་དེ་ལ་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པར་བརྗོད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ལ་འདི་སྐད་བྲི་བར་བྱ་སྟེ། ཡུལ་གཞན་ནས་འོངས་པ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་པར་བྱ་བར་མ་རྟོགས་པའི་ཕྱིར་སྤོང་བར་འདོད་པ་གང་ཡིན་པ་དེ་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ ་བར་འགྱུར་ན། ཐ་སྙད་ཤེས་པ་གོ་བ་ཐ་སྙད་དུ་གྱུར་པའི་གྲགས་པ་ཐམས་ཅད་ཅི་ལྟར་སྤོང། གང་ཞིག་བརྡ་མ་གྲུབ་པ་ལ་སྒྲ་ལས་བྱུང་བའི་གྲགས་པས་གནོད་པར་ཡང་ཅི་ལྟར་འགྱུར། དེའི་ཕྱིར་འདི་ནི་གྱི་ནའོ། །འདི་ལ་གཞན་གྱིས་གཞུང་གཞན་དག་ཀྱང་ཤིན་ཏུ་འགྲིག་པར་མ་བཤད ་པར་འགྱུར་རོ། །དེའི་ཕྱིར་མཁས་པ་རྣམས་ཚད་མ་ཡིན་ནོ། །བཤད་ཟིན་པའི་དོན་ཉིད་བསྡུ་བའི་ཕྱིར་བཤད་པ། ངེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་བརྡ་དང་ལྡན་པའི་དོན་ངེས་པར་འགལ་བ་དེས་ན་ཞེས་བྱ་བའི་ཐ་ཚིག་གོ། གང་ལ་རྒྱུ་མཚན་ཏེ་དགོས་པ་ཡོད་པ་དེ་ནི་རྒྱུན་ཚན་གྱི་སྒྲའོ།། ་དེའི་བརྗོད་པར་བྱ་བའི་དོན་རྣམ་ཡང་ན་སྒྲ་རྣམས་ཀྱི་བརྗོད་པར་བྱ་བའི་དོན་དོན་དམ་པ་ཉིད་འགོག་པ་ལ་གནོད་པ་མེད་པ་སྟེ། གྲགས་པས་སེལ་བར་མི་ནུས་པར་བརྗོད་པ་ཡིན་ནོ། །གང་གི་ཕྱིར་བརྡ་ལས་བྱུང་བའི་གྲགས་པས་གནོད་པ་ཡིན་པ་ཡིན་པ་དེའི་ཕྱིར། ཡུལ་གྱི་ཁྱད་པར ་བསྟན་པར་བྱ་བའི་ཕྱིར་གྲགས་པ་རྗེས་སུ་དཔག་པ་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཡང་ཐ་དད་དུ་བྱས་པ་ཡིན་ནོ། །གྲགས་པའི་ཡུལ་ནི་བརྡ་ལས་བྱུང་བའི་དོན་ཡིན་ལ། རྗེས་སུ་དཔག་པའི་ཡུལ་ནི་དངོས་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་ཡུལ་གྱི་དབྱེ་བའོ། །ཅི་ལྟར་ཕྱི་རོལ་ཏུ་གྱུར ་པ་མ་ཡིན་ཞེ་ན། སྔ་མ་བཞིན་ཞེས་བྱ་བ་སྨོས་ཏེ་ནི་སྔར་སྔར་ཡིད་ཆེས་པའི་ཚིག་གནོད་པ་བྱེད་པ་ཉིད་དུ་མས་བླངས་པའི་ཕྱིར་རྗེས་སུ་དཔག་པ་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་པ་དེ་བཞིན་དུ། གྲགས་པ་གནོད་པ་བྱེད་པར་ཡང་འདོད་ལ། མངོན་སུམ་ཡང་མ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པ ་ཉིད་ཡིན་ཏེ། །ཚད་མ་མ་ཡིན་པ་གནོད་པར་བྱེད་པར་མི་འཐད་པའི་ཕྱིར་རོ། །དེ་ལྟར་འགྲོ་ལ་གྲགས་པ་རང་བཞིན་རྟགས་ཞེས་བྱ་བ་དེ་བཤད་ནས། མངོན་སུམ་གྱི་གནོད་པ་སྨྲས་པ། མངོན་སུམ་དང་འགལ་བར་རབ་ཏུ་གྲགས་པའི་ཡུལ་ཡང་སྒྲ་གང་ལ་རང་བཞིན་སྣ་ཚོགས་ཏེ། །རྣམ་པར ་རྟོག་པའི་ཤེས་པས་བྱས་པ་ལྡོག་པ་ལ་བལྟོས་པའི་ཆོས་དུ་མ་ཡོད་པའི་སྒྲ་དའི་རང་བཞིན་དེ་དག་ལས། རང་བཞིན་གང་ཞིག་ཉན་པའི་ཤེས་པ་ལ་གཉིས་སུ་མོང་པར་ཏེ། གཉིས་ཀྱིས་སྟོང་བའོ། །གང་གིས་གཅིག་ནི་སྤྱི་ཡིན་ལ་གཞན་ནི་བསལ་བ་ཡིན་པར་བརྟགས་ནས་སྤྱིར་རང ་བཞིན་བཀག་ན་ཡང་མངོན་སུམ་གྱིས་གནོད་པར་དོགས་པ། དེ་ལ་རང་བཞིན་གཉིས་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། བསལ་བ་དེ་ལ་འབྲེལ་བ་ཅན་གཞན་དེ་ཉིད་མེད་པས་སོ། །ཅིའི་ཕྱིར་ཞེ་ན། འདྲེས་པས་སྟེ་འདྲེན་མ་སྣང་བ་ག་ལ་ཡོད་པའི་བློ་དེ་མཐོང་བ་མེད་པའི་ཕྱིར་རོ། །བལྟར་རུང ་བའི་ཡོད་པ་ཉིད་ནི་དེར་སྣང་བའི་ཤེས་པ་ལས་ཡིན་ལ། དུ་མ་ཉིད་ཀྱང་སྣང་བ་དུ་མ་ལས་ཡིན་ནོ། །དེའི་ཕྱིར་ན་འདི་ལྟར་རུང་བ་མི་དམིགས་པ་ལས་གཞན་ཡོད་པ་ཉིད་དམ་དུ་མ་ཉིད་ཡིན་པ་བསལ་བར་རིག་པར་བྱའོ། །གང་ཡང་གཉིས་སུ་མེད་པ་དེ་ཉིད་སྤོང་བའི་རྒྱུ་མཚན ་གྱིས་འགལ་བ་ཡིན་གྱི། གཞན་བཀག་པའི་རྒྱུ་མཚན་གྱིས་འགལ་བ་ནི་མ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེར་བརྗོད་དོ། །མཉམ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ། མཉན་པར་བྱ་བའི་སྒྲས་ནི་ཉན་པས་བཟུང་པའི་རང་བཞིན་དུ་རྣམ་པར་གནས་པ་གཉིས་མེད་པ་སྤོང་བ་ཡིན ་ནོ། ། དའི་ཕྱིར་ཡང་ཞེས་བྱ་བ་ནི་འབྲེལ་བ་ཅན་ཐམས་ཅད་དང་བྲལ་བའི་རང་བཞིན་ཉན་པས་གཟུང་པ་ཉིད་སྤོང་བ་ལ་མངོན་སུམ་གྱིས་གནོད་པ་ཡིན་ནོ་ཞེས་བྱ་བ་འདིའི་དོན་དུ་འདིར་མཚན་ཉིད་ཀྱི་མདོར་མངོན་སུམ་དོན་དང་ཞེས་དོན་གྱི་སྒྲ་སྨོས་སོ། །ཡང་ཅི་ལྟར་ན་རང་བཞིན་དེ ་ཉིད་ལ་དོན་གྱིས་སྒྲས་བརྗོད་ཅེ་ན། བཤད་པ། དབང་པོའི་ཤེས་པས་གཟུང་པར་བྱ་བ་གཉིས་སུ་མེད་པའི་རང་བཞིན་གང་ཡིན་པ་དེ་ཉིད་སྒྲ་དེ་ལས་དོན་ཏེ་དོན་དམ་པ་ཡིན་ལ། རང་བཞིན་ལྷག་མ་ནི་ལྡོག་པའི་རྒྱུ་མཚན་ཅན་རྟོག་པའི་ཤེས་པས་བཀོད་པ ་སྤྱི་ཡིན་ནོ། །གང་གི་ཕྱིར་དེ་ནི་དངོས་པོ་མེད་པ་དེའི་ཕྱིར་ན་དབང་པོས་བཟུང་བ་མ་ཡིན་ནོ། །སྤྱིའི་རང་བཞིན་རྣམས་དབང་པོའི་གཟུང་བ་མ་ཡིན་པ་དེས་དེ་དག་མངོན་སུམ་མ་ཡིན་པར་གྲུབ་པའི་རྒྱུའི་ཕྱིར་སྤོང་བར་བྱས་ན་ཡང་གནོད་པ་མེད་དོ་ཞེས་བྱ་བའི་དངོས་པོ་འདི་སློབ ་དཔོན་གྱིས་མཉན་བྱའི་སྒྲས་བསྟན་པ་ཡིན་ནོ། ། འདི་ལྟར་སྒྲ་མེད་དོ་ཞེས་དེ་སྐད་སྨྲ་བ་ལ་ཡང་མངོན་སུམ་དང་འགལ་བ་ནི་ཡོད་མོད་ཀྱི། འོན་ཀྱང་སྒྲའི་ཡུལ་འགོག་པ་ལ་ནི་ལམ་དུ་མ་ཡོད་དོ། སྐད་ཅིག་མ་ཉིད་དམ་ཁྱབ་པ་ཉིད་དམ། རྟགས་པ་ཉིད་དུ་སྒྲ?་ཡོད་པ་མ་ཡིན ་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མཉན་བྱའི་སྒྲ་མེད་ན་ཐམས་ཅད་འགོག་པ་ལ་མངོན་སུམ་གྱིས་གནོད་པར་དོགས་པར་འགྱུར་རོ། །མཉན་བྱའི་སྒྲས་ནི་ཉན་པའི་གཟུང་བ་གང་ཡིན་པའི་རང་བཞིན་དེ་ཉིད་འགོག་ན་མངོན་སུམ་གྱིས་གནོད་ཀྱི། སྤྱིའི་ཆོས་འགོག ་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་མཉན་བྱའི་སྒྲ་ཡང་སྤྱི་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་འདིས་དབང་པོའི་སྤྱོད་ཡུལ་བརྗོད་པར་འགྱུར་ཞེ་ན། བཤད་པ། རྣམ་ཀུན་ཏེ་རྣམ་པ་ཐམས་ཅད་ཀྱི་སྒྲའི་ཐུན་མོང་མ་ཡིན་པའི་རང་བཞིན་གྱིས་སྒྲའི་ཐུན ་མོང་མ་ཡིན་པའི་རང་བཞིན་དེ་བརྗོད་པར་བྱ་བའི་དངོས་པོ་མ་ཡིན་པ་དེའི་ཕྱིར་མཉན་བྱའི་སྒྲས་བརྗོད་དོ། །སྒྲའི་སྒྲ་འབའ་ཞིག་ནི་ཐམས་ཅད་ལ་དོགས་པར་འགྱུར་རོ། །མཉན་བྱའི་སྒྲ་ལྷག་པས་ནི་ཤུགས་ཀྱིས་ཁྱད་པར་རྟོགས་པར་འགྱུར་བ་ཡིན་གྱི། དེ་རང་གི ་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སྒྲ་རང་གི་མཚན་ཉིད་ཅན་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཅི་སྟེ་མ་བརྗོད་ཅེས་དོགས་པ་ལ། མཉན་བྱའི་སྒྲའི་དོགས་པ་བཤད་པ། སྒྲ་རང་གི་མཚན་ཉིད་གང་ཡིན་པ་དེ་གྲུབ་པ་ནི་ཉན ་པའི་ཤེས་པ་དེ་ལ་བརྟེན་ནས་ཡིན་ཏེ། གྲུབ་པའི་རྒྱུ་དེས་ན་དེའི་ཞེས་བྱ་བ་ཉན་པའི་ཚད་མའི་སྟོབས་ཀྱིས་གནོད་པའི་རྒྱའི་ཕྱིར་མཉན་བྱའི་སྒྲས་དབང་པོའི་ཡུལ་བཤད་དོ། ། རབ་ཏུ་གྲུབ་པའི་དོན་གནོད་པར་བྱེད་པ་ཡིན་ལ་སྒྲ་ཡང་ཉན་པ་ལ་གྲུབ་པ་ཡིན་ཏེ། དེའི་ཕྱིར་?་གྲུབ ་པའི་རྒྱུ་དང་?་བསྟན་པའི་སྒོ་ནས་གནོད་པར་བྱེད་པའི་ཚད་མ་སྟོན་པས་མཉན་བྱའི་སྒྲ་སྨོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །ཁ་ཅིག་ན་རེ་དེ་ལ་བརྟེན་ནས་གྲུབ་པས་ན། དེའི་སྟོབས་ཀྱིས་གནོད་པའི་ཕྱིར་ཞེས་བྱ་བ་འདི་ནི་གཏན་ཚིགས་གཉིས་ཡིན་ཏེ། གང་གི་ཕྱིར་དོན་འདི ་ཉན་པའི་སྟོབས་ཀྱིས་གྲུབ་པ་ཡིན་པའི་ཕྱིར་དང། གང་གི་ཕྱིར་ཉན་པའི་སྟོབས་ཀྱིས་འགལ་བ་ལ་གནོད་པ་ཡང་ཡིན་པ་དེའི་ཕྱིར་མཉན་བྱའི་སྒྲས་བརྗོད་པ་ཡིན་ནོ། །ཞེས་ཟེར་རོ། །དམ་བཅས་པའི་དོན་རྗེས་སུ་དཔག་པ་དང་འགལ་བ་ལ་ཡང་དཔེར་བརྗོད་པ་ནི་བུམ་པ ་རྟག་པའོ་ཞེས་བྱ་བའོ། །ཡང་ཅི་ལྟར་འཇིག་པའི་བུམ་པ་མཐོང་བ་ཡང་རྟག་པར་རློམ་ཞེ་ན། བརྡེགས་པ་བཟོད་པར་མཐོང་བ་དག་ལའོ། །གལ་ཏེ་འདི་ལྡོག་པའི་ཆོས་ཅན་ཡིན་ན་བརྡེགས་ན་ལྡོག་པར་འགྱུར་བ་ཞིག་ན་ལྡོག་པ་ཡང་མ་ཡིན་ཏེ། དེས་ན་བུམ་པ་གནས་པ་ཡིན་ཞེས ་འབྲུལ་པས་བུམ་པ་རྟག་པའོ་ཞེས་བྱ་བ་དེ་ལྟར་འགྱུར་རོ། །རྟག་པ་དེ་ཡང་ཅི་ལྟར་སྔར་མཐོང་བའི་བུམ་པ་ཕྱིས་ཞིག་པ་ན་མེད་པ་དེ་བཞིན་དུ། སྐྱེ་བ་དང་ལྡན་པ་དང་རྩོགས་པ་སྨོས་པས་བྱས་པ་དང་ཡོད་པའི་ཕྱིར་ཐམས་ཅད་མེད་པར་འགྱུར་རོ། །དཔེ་ཡང་དག་པའི་ཕྱིར་གྲངས་ཅན་གྱིས ་སྨྲས་པ། གལ་ཏེ་མི་རྟག་པའི་བུམ་པ་ནི་འགའ་ཡང་མེད་དེ། ཞིག་པ་དང་མ་ཞིག་པའི་བུམ་པ་གང་ཡིན་པ་དེ་ཐམས་ཅད་ནི་རྟག་པ་ཡིན་ནོ། །མི་རྟག་པ་ཉིད་ནི་རྗེས་སུ་འགྲོ་བ་མེད་པར་ལྡོག་པ་ཡིན་ན། རྗེས་སུ་འགྲོ་བ་མེད་པར་ལྡོག་པ་ནི་འགའ་ཡང་མེད་དོ། །དེས་ན་མི་རྟག་པ ་ཞེས་བྱ་བ་ནི་འགའ་ཡང་མེད་དོ། །འོ་ན་བུམ་པ་འགག་པ་ལ་ཇི་ལྟར་ཞེ་ན་དེར་ཡང་དམིགས་པར་བྱ་བའི་བསལ་བ་བསྐལ་པ་སྟེ་ཆོས་པ་ཡིན་པ་དེའི་ཕྱིར་ཡིན་གྱི། མི་རྟག་པ་ནི་མ་ཡིན་ནོ། །ལྟར་རུང་བའི་གནས་སྐབས་བཏང་ནས། བལྟར་རུང་བའི་གནས་སྐབས་ལེན་པ་ཡིན་གྱི། ་ཞིག་པའི་བུམ་པ་གཏན་ནས་ལོག་པ་ནི་མ་ཡིན་ནོ་ཞེ་ན། དེའི་གནས་སྐབས་མ་ཡིན་པ་ནི་ཞེས་སྨོས་ཏེ། སྔར་གྱི་ལྟར་རུང་བ་དང་དོན་བྱ་བ་སྤྱོད་བར་རུང་པའི་གནས་སྐབས་གང་ལ་ཡོད་པ་དེ་ཉིད་ཀྱི་དངོས་པོ་ཡིན་ལ། དེ་མ་ཡིན་པ་ནི་དེའི་གནས་སྐབས ་མ་ཡིན་པའོ།། །གལ་ཏེ་དེའི་གནས་སྐབས་མ་ཡིན་པ་ནི་གནས་སྐབས་གཞན་ཡིན་གྱི། བུམ་པ་ནི་གནས་པ་ཉིད་དོ་ཞེ་ན། དེའི་གནས་སྐབས་ནི་དེ་ཉིད་ཡིན་ནོ། །བུམ་པའི་གནས་པ་ཅི་འདྲ་བ་དང་ལྡན་པའི་གནས་སྐབས་འབྲས་བུ་ལ་ཉེ་བར་སྦྱོར་བ་དེ་ཉིད་བུམ་པ་ཡིན་ཏེ། ་གནས་སྐབས་ཅན་མཐོང་བ་མེད་པ་དོན་བྱེད་པ་ལ་ཉེ་བར་སྦྱོར་བ་མེད་པ་གཞན་གྱིས་ཅི་ཞིག་བྱ། དེའི་གནས་དེ་ལོག་པ་མ་ལོག་བ་ཞེས་བྱ་བ་གཞན་ཅི་ཞིག་ཡོད། དེས་ན་དེའི་གནས་སྐབས་མ་ཡིན་པ་ཉིད་མི་རྟག་པ་ཡིན་ནོ། །དེ་ནི་བུམ་པ་ཞིག་པ་ལ་ཡོད ་པས་ན། ཞིག་པའི་ཕྱིར་དམ་སྐལ་བའི་ཕྱིར་ཞེས་བྱ་བའི་ཡུ་བུ་ཅིག་འབྲས་བུ་དེའི་གནས་སྐབས་མ་ཡིན་པ་ལ་ཁྱད་པར་མེད་པ་དེས་ན་རྒྱུ་མཚན་ཡང་ཁྱད་པར་མེད་པར་འགྱུར་བ་དེའི་ཕྱིར་ཞིག་པ་དང་བསྐལ་པའི་སྒྲ་ལ་མངོན་པར་ཞེན་པ་མ་ཡིན་ནོ། །དེས་ན་དེ ་ལྟར་དེའི་གནས་སྐབས་བུམ་པ་ཡིན་པས་ན་བསྐལ་བའི་སྒྲས་ཞིག་པ་ཉིད་བརྗོད་པ་ཡིན་ནོ། །དམིགས་པར་བྱ་བ་དབུས་ཀྱི་བུམ་པའི་རང་བཞིན་བུམ་པ་དེ་ཉིད་ཡང་སྔ་མ་དང་ཕྱི་མའི་གནས་སྐབས་ཀྱི་རང་བཞིན་གང་ལ་ཡོད་པ་དེའི་ངོ་བོར་མ་དམིགས་ཀྱང་སྔ་མ་དང ་ཕྱི་མའི་གནས་སྐབས་ན་ཡོད་དོ་ཞེས་སྨྲ་བ་ནི་ཚིག་གི་དོན་རྣམས་ཀྱི་རྣམ་པར་བཞག་པ་ཐ་དད་པ་ལ་གནོད་དོ། །རང་བཞིན་གང་ཞིག་རང་བཞིན་གཞན་གང་ལ་མ་དམིགས་པ་དེ་དེ་ལ་མེད་པའི་ཕྱིར་རང་བཞིན་ཐ་དད་པ་ཡིན་ན། ཁྱོད་ཀྱིས་ནི་ཐམས་ཅད་ཐམས ་ཅད་ཉིད་ཀྱི་བདག་ཉིད་དུ་སྨྲས་པས་གང་ཞིག་གང་?་མ་དམིགས་པ་དེ་ཡང་དེ་ལ་ཡོད་པ་ཡིན་ནོ། །དེས་ན་ཚིག་གི་དོན་རྣམ་པར་བཞག་པ་ལ་གནོད་པ་ཡིན་ནོ། །འདི་སྙམ་དུ་དེད་ཅག་ནི་ཐ་དད་པའི་རྣམ་པར་བཞག་པ་མེ་འདོད་པ་ཉིད་དོ་སྙམ་ན། བཤད་པ། དེ་ལྟ་ཡིན ་ན་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་དང། སེམས་པ་ཡོད་པ་དག་ཐ་དད་པར་རྣམ་པར་འཐོག་པ་ལ་གནོད་པ་ཡོད་དེ། ཕན་ཚུན་རང་བཞིན་ཐ་དད་པར་རྣམ་པར་བཞག་པར་མི་རུང་བའི་ཕྱིར་རོ། །ཅི་ལྟར་མི་རུང་ཞེ་ན། དེ་ལ་ཡང་ཞེས་སྨོས་ཏེ། སྙིང་སྟོབས་དང་རྡུལ་དང་མུན་པ་དང། སེམས ་པ་ཡོད་པ་དེ་ལ་ཡང་མི་དམིགས་པ་ལས་མ་གཏོགས་པའི་ཐ་དད་པར་རྣམ་པར་བཞག་པའི་རྟེན་གཞན་ནི་བརྟག་པར་མི་ནུས་སོ། །གྲངས་ཅན་ཡང་ཆུ་དོན་དུ་གཉེར་བ་མེ་ལ་རྗེས་སུ་རྒྱུག་པ་ནི་མ་ཡིན་པས་ན་འཇིག་རྟེན་པའི་ཐ་སྙད་པའི་ཐ་སྙད་འདོད་པ་ཡིན་ནོ། དེའི་ཕྱིར་དམིགས ་པའི་རང་བཞིན་གྱི་ཞོ་ལ་སོགས་པའི་འབྲས་བུ་འདི་ནི་འོ་མ་ལ་སོགས་པའི་རྒྱུ་དག་ལ་མ་དམིགས་པ་ནི་མེད་ལ། འོ་མ་ཡང་ཞོ་ལ་སོགས་པ་དེ་ལ་མེད་དོ་ཞེས་བྱ་པའི་མེད་པའི་ཐ་སྙད་འདི་ནི་རིག་པ་ཡིན་ཏེ། ཚད་མས་རྟོགས་པ་ཡིན་ནོ། །གང་ཞིག་གང་གི་ངོ་བོར་མེ་དམིགས་པ ་དེ་ནི་དེའི་རང་བཞིན་མ་ཡིན་ཏེ། དཔེར་ན་བདེ་བ་སྡུག་བསྔལ་གྱི་ངོ་བོར་མ་དམིགས་པ་ན་དེའི་རང་བཞིན་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་འོ་མ་ཡང་ཞོའི་རང་བཞིན་དུ་མ་དམིགས་ཏེ། དེས་ན་དེའི་རང་བཞིན་མ་ཡིན་ནོ། །དེ་འདྲ་བ་བལྟར་རུང་བའི་ཡོད་པ་ཉིད་ནི་དམིགས་པས་ཁྱབ་པ ་ཡིན་ཏེ། དམིགས་པའི་རྒྱུ་མཚན་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དམིགས་པ་མེད་པའི་ཕྱིར་ནི་ཁྱབ་པར་བྱ་བ་ཡང་ལྡོག་པ་ཡིན་ནོ། །ཅིག་ཤོས་ཀྱི་རང་བཞིན་དམིགས་པ་ནི་དེའི་རང་བཞིན་མ་དམིགས་པ་ཡིན་ནོ། །དེའི་ཕྱིར་དམིགས་པར་བྱ་བ་མ་དམིགས་པ་འདི་ལྟ་བུའི་རིགས་ཅན་གྱི་ཡུལ་ཐམས ་ཅད་ལ་སྦྱར་བར་ལྟའོ། །དམིགས་པ་ཡོད་པ་ཉིད་དོ། །དེ་གང་ཞེ་ན། རྗེས་སུ་དཔག་སྟེ། མངོན་སུམ་གཅིག་པུ་ནི་དམིགས་པ་མ་ཡིན་ནོ། །དེ་གང་ཞེ་ན། མི་ནུས་པ་ལས་མི་འབྱུང་བའི་ཕྱིར་རོ། །འགའ་ཞིག་ལས་འབྱུང་བའི་ཕྱིར་ན་འབྲས་བུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། མེད ་བ་སྐྱེན་ན་མེད་པར་ཁྱད་པར་མེད་པས་ཐམས་ཅད་ལས་སྐྱེ་བར་འགྱུར་ན། འགའ་ཞིག་ལས་སྐྱེ་བ་ཡང་ཡིན་ཏེ། དེའི་ཕྱིར་ནུས་པའི་རྒྱུ་ལས་འབྲས་བུ་ནུས་པའི་རང་བཞིན་དུ་ཡོད་པ་ཡིན་ནོ། །སྐྱེད་པར་བྱེད་པ་ཉིད་ནི་ངེས་པས་ཁྱབ་པོ། །འབྲས་བུ་མེད་ན་ནི་ཁྱབ་པར་བྱེད་པ་དང ་འགལ་བ་ངེས་པ་མེད་པ་ཡིན་ནོ། །དེས་ན་འབྲས་བུ་མེད་པ་ལ་ངེས་པའི་སྐྱེད་པར་བྱེད་པ་ལྡོག་པས་འབྲས་བུའི་བདག་ཉིད་ཁྱབ་པར་འགྱུར་བས་རང་བཞིན་གྱིས་གཏན་ཚིགས་སོ་ཞེ་ན། དེ་འདྲ་བ་སྣང་བའི་དངོས་པོ་ཡོད་པ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན ་ནོ། །ཅིའི་ཕྱིར་ཞེ་ན་བཤད་པ་།གལ་ཏེ་ཡོད་པ་ཡིན་ན་ནི་བལྟར་རུང་བ་ཉིད་ཡིན་ཏེ། དཔེར་ན་དབུས་ཀྱི་གནས་སྐབས་ན་དེའི་རང་བཞིན་ལྟར་རུང་པ་ཡིན་པ་བཞིན་ནོ། །འོན་ཏེ་དེའི་ལྟར་རུང་པའི་མཚན་ཉིད་ཀྱི་རང་བཞིན་བཏང་བ་ཡིན་གྱི། དངོས་པོ་གཏན་ཞིག་པའི་ནི་མ་ཡིན་ནོ་ཞེ ་ན། དེ་ལྟ་ན་ནི་འོ་ན་དེའི་མཚན་ཉིད་བཏང་བ་ཉིད་འཇིགས་པ་ཡིན་ལ། མཚན་ཉིད་གདན?་དང་ལྡན་པ་ཡང་དངོས་པོ་གཞན་ཡིན་ཏེ་ཕ་རོལ་ཉིད་ཡིན་ནོ། །ཐ་དད་པ་ནི་འགལ་བའི་ཆོས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །འདིར་རང་བཞིན་གཅིག་ཉིད་ཡོད་པ་རང་མེད་པའི་ཆོས་དང་ལྡན་པ་ཉིད ་ཐ་དད་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེས་པ་སྤྱོད?་བྱེད་ཡིན་པར་མཐོང་བའི་ཕྱིར་འབྲས་བུའི་བདག་ཉིད་ཡིན་ནོ་ཞེ་ན། བཤད་ཟིན་ཏོ་ཞེ་ན། འབྲས་བུ་རྒྱུ་དེ་ལས་སྐྱེས་པས་ནི་འབྲས་བུའི་རྒྱུ་དེ་འབྲས་བུ་དེ་སྐྱེས་པའི་རང་བཞིན་ཏེ། འདི་ཉིད་པ་སྐྱེད་པར་ནུས་ཀྱི་གཞན་ནི་མ་ཡིན ་ནོ་ཞེས་འགྲུབ་ཀྱི། དེའི་ངོ་བོར་ཏེ་འབྲས་བུའི་བདག་ཉིད་དུ་ནི་མ་ཡིན་ནོ། །གལ་ཏེ་འབྲས་བུ་རྒྱུ་ལ་མེད་པ་ལས་སྐྱེ་བ་ཡིན་ན། འོ་ན་ཅིའི་ཕྱིར་འོ་མ་ལས་རི་བོང་གི་རྭ་ཡང་མི་སྐྱེ། དེ་བཞིན་དུ་སྐྱེ་བའི་ཆོས་ཅན་གྱི་མྱུ་གུ་ཅིའི་ཕྱིར་མི་སྐྱེ་སྟེ། འོ་མ་ལ་ནི་ཞོ་དང་རི་བོང་གི་རྭ་དང་མྱུ་གུ་ཡང ་མེད་པ་ཡིན་ཏེ། དེས་ན་མེད་དོ་ཅོག་སྐྱེ་བར་འགྱུར་རོ། །ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ནི་མེད་པར་ཁྱད་པར་མེད་པ་ལ་མྱུ་གུ་དང་རི་བོང་གི་རྭ་དག་ལས་ཞོལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའོ། །དངོས་པོ་ནི་དངོས་པོ་ལས་ཁྱད་པར་དུ་འགྱུར་གྱི། དངོས་པོ་མེད་པ་ནི་དངོས ་པོ་མེད་པ་ལས་མ་ཡིན་ཏེ། ཁྱད་པར་ནི་ངོ་བོའི?་བདག་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུའི་རང་བཞིན་ཐ་དད་པའི་ཕྱིར་རོ། །མེད་པའི་ཕྱིར་འབྲས་བུ་ཕན་ཚུན་ཐ་དད་པ་མ་ཡིན་དུ་ཟིན་ཀྱང་ཡོད་པའི་རྒྱུ་ཁྱད་པར་མེད་པར་ཅི་ལྟར་འགྱུར། མདོར? ་བཞག་པའི་དག་འདི་ཉིད་རྣམ་པར་འགྲེལ་པ་ནི། འོ་ན་ཞེས་བྱ་བ་ཡིན་ཏེ། འབྲས་བུ་དེའི་བདག་ཉིད་མ་ཡིན་ཡང་གང་ཞིག་ཞེ་སྐྱེའུ?་ཀྱི་རི་བོང་གི་དྭ་ནི་མ་ཡིན་པའི་རང་བཞིན་དེ་ཉིད་དེ་ལ་ཡོད་པ་ཡིན་ནོ། །གལ་ཏེ་འབྲས་བུའི་བདག་ཉིད་ཀྱིས་རང་བཞིན་ཁྱད་པར་དུ་འགྱུར་བ་མ་ཡིན་ན ་འོ་ན་དེ་ག་ལས་ཡིན་ཞེ་ན། བཤད་པ། རང་གི་རྒྱུད་སྐྱེད་པ་སྟེ། བསྐྱེད་པ་གང་ཡིན་པའི་ཁྱད་པར་དེ་ཉིད་རང་གི་རྒྱུས་སྐྱེད་པོ་ཡིན་ནོ། །གང་ལ?་དེ་འདྲ་བའི་རྒྱུ་མེད་བ་?་ནི་རང་བཞིན་དེ་འདྲ་བ་མ་ཡིན་ནོ། །དེ་ལྟར་དེ་རྣམ་པ་དེ་ལྟར་རྒྱུའི་རང་བཞིན་ཐོག་མ་མེད་དེ། སྔོན་གྱི་ཚིག་མེད་པ་རྒྱུད་པ ་རྒྱུན་ཆགས་པ་ཡིན་ནོ། །དེའི་ཕྱིར་དེ་ཡང་ག་ལས་ཤེས་བྱ་བའི་རྩོད་པའི་སྐབས་མེད་དོ?། །རྒྱུ་རྒྱུད་པ་ཐོག་མ་མེད་པ་དེའི་ཕྱིར། རི་བོང་གི་རྭ་སྐྱེད་པར་བྱེད་པའི་རང་བཞིན་གྱི་རྒྱུ་མེད་པའི་ཕྱིར་རི་བོང་གི་རྭ་མི་སྐྱེ་ལ། ཞོ་སྐྱེད་པའི་རང་བཞིན་ལ་ནི་རྒྱུ་ཡོད་པའི་ཕྱིར་སྐྱེ་བ་ཡིན་ནོ་།དེས་ན་དེ ་ལྟར་འགལ་བའི་རང་བཞིན་གཉིས་རྒྱུ་གཅིག་ལས་སྐྱེ་བ་?། རྒྱུ་མེད་པ་བསལ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱིས་བསྐྱེད་པར་བྱ་བའི་འབྲས་བུ་སྐྱེད་པར་བྱེད་པ་གཞན་མ་ཡིན་ནོ། །གང་ཡང་འདི་མི་ནུས་པ་ལས་མི་འབྱུང་བའི་ཕྱིར་རྒྱུ་ལས་འབྲས་བུ་ནུས་པའི་རང ་བཞིན་དུ་ཡོད་དོ་ཞེས་བྱ་བ་དེ་ལ། འོ་མ་ལ་ཞོའི་ནུས་པ་འདི་ཅི་ཞིག། ཅི་ཞོ་ལས་གཞན་ཡིན་ནམ་འོན་ཏེ་ཞོ་ཉིད་ཡིན། དེའི་རང་བཞིན་ཉིད་ཡིན་ན་ནི་ཞོ་ཅི་ལྟ་བ་དེ་བཞིན་དུ་དེ་ཡང་དམིགས་པོར་འགྱུར་ཏེ། ནུས་པ་ནི་ཞོ་དེ་ལས་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ཡང ་མཚན་ཉིད་མི་མཐུན་པ་ནི་དངོས་པོ་གཞན་ཉིད་དོ་ཞེས་བཤད་ཟིན་ཏོ། །གཞན་ཉིད་ཡིན་ནོ་ཞེ་ན། ཅི་ལྟར་ནུས་པ་གཞན་ཡོད་ན་དེ་ཡོད་པར་འགྱུར་ཏེ། སྐྱེས་བུ་ཡོད་ན་གཙོ་བོ་ཡོད་པར་རྟོགས་པ་ནི་མ་ཡིན་ནོ། །འཇིག་རྟེན་ན་རྒྱུ་ཡོད་ན་འབྲས་བུ་ཡོད་དོ་ཞེས་བརྗོད་པ་མ་ཡིན ་ནམ་ཞེ་ན། བཤད་ལ། རུང་བའི་རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པ་སྒྲོ་བཏགས་པ་ཙམ་དུ་ནི་འགྱུར་གྱི། དངོས་པོ་ཉིད་དུ་ནི་མ་ཡིན་ནོ། །ཉེ་བར་བཏགས་པ་ནི་འདིར་ཡང་མི་བཟློག་པས་འདི་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །རྒྱུ་ལ་འབྲས་བུ་མེད་པར་བསྟན་པ་འདིས་ནི་འབྲས་ ་བུ་ཕྱི་མ་ལ་རྒྱུ་ཡོད་པ་ཡང་སངས་པ་ཡིན་ནོ། །ཕྱོགས་ཐམས་ཅད་ནི་རྣམ་པ་བཞིས་སེལ་བ་ཡིན་ཏེ། དེས་ན་ཆོས་ཀྱི་ཁྱད་པར་བསལ་བ་ལ་སོགས་པ་ཡང་འདི་ཉིད་ཀྱི་བཤད་པ་ཡིན་པས་ལོགས་ཤིག་ཏུ་མ་བརྗོད་དོ། །དེའི་ཕྱིར་དེ་ལྟར་ཕྱོགས་ཀྱི་མཚན་ཉིད་ཞར་ལ་བཤད ་ནས། ཕྱོགས་ཀྱི་རབ་ཏུ་དབྱེ་བ་སྔོན་དུ་འགྲོ་བ་ཅན་ཚུལ་གསུམ་འཆད་པའི་རང་བཞིན་ཉིད་འཆད་དོ། །སྒྲུབ་པར་བྱེད་པའི་དག་བསྟན་པར་བྱ་བ་ལ་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བ་དེ་ནི་ཅི་ཞིག་ཡོད། ཕྱོགས་ཀྱི་ཆོས་བཤད་པ་དེ་ཙམ་ཉིད་སྲིད་པ་ཡང་མ་ཡིན་ཏེ། ཕྱོགས་གཅིག་ལ་མ་གྲུབ ་པ་ལ་སོགས་པ་གཞན་དག་ཀྱང་སྲིད་པའི་ཕྱིར་རོ་སྙམ་ན། བཤད་པ། གཏན་ཚིགས་ཀྱི་གནས་སྐབས་སྲིད་པ་སྟེ། ཕྱོགས་ཀྱི་ཆོས་གསུམ་ལ་གོ་བར་བྱེད་པའི་གཏན་ཚིགས་སྲིད་པ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་གཉི་གའོ། །མཐུན་པའི་ཕྱོགས་ལ་ཡོད་པ ་ནི་བྱས་པ་ཉིད་ཀྱི་གཏན་ཚིགས་སོ། །གཉི་ག་ནི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་དོ། །མཐུན་པའི་ཕྱོགས་པ་མེད་པ་ནི་ཕྱོགས་ཀྱི་ཆོས་འགལ་བ་སྟེ། འགལ་པ་ཡང་གོ་བར་བྱེད་པ་ཉིད་དོ། །དེའི་ཕྱིར་ཕྱོགས་ཀྱི་ཆོས་ཅི་སྙེད་ལ་གོ་བར་བྱེད་པའི་གཏན་ཚིགས་སྲིད་པའི་ཕྱོགས་ཀྱི་ཆོས ་དེ་དག་ཉིད་གཏན་ཚིགས་ཀྱི་སྐབས་ཡིན་ནོ། །འདི་འདྲ་བའི་གཏན་ཚིགས་ཀྱི་སྐབས་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བས་མཚོན་པ་དེའི་རང་གི་ངོ་བོ་མདོར་བསྡུས་ནས་བརྗོད་པ་སྟེ། གཏན་ཚིགས་སྲིད་པའི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་ཡིན་གྱི་མི་སྲིད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག ་གོ། ཅིའི་དོན་དུ་ཞེ་ན། གཏན་ཚིགས་ཀྱི་སྐབས་བདེ་བླག་ཏུ་གཟུང་བའི་ཕྱིར་རོ། །མདོར་བསྡུས་པས་ཀྱང་དོན་རྒྱ་ཆེན་པོ་དག་ཀྱང་བསྟན་པར་འགྱུར་བ་ནི་བདེ་བླག་ཏུ་གཟུང་བའོ། །དེ་ལ་ཕྱོགས་ཀྱི་རྣམ་པ་འདིས་ཙམ་ཞིག་གཏན་ཚིགས་ཀྱི་དངོས་པོ་སྲིད་པ་ཡིན་པའི་ཕྱིར་གཏན་ཚིགས ་སྲིད་ཚད་བདེ་བླག་ཏུ་འཛིན་པ་ཡིན་ནོ། །མདོར་བསྡུས་པ་བརྗོད་པ་ནི་ཕྱོགས་ཀྱི་ཆོས་ནི་རྣམ་པ་གསུམ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་གཉི་གའོ། །ཕྱོགས་ཀྱི་ཆོས་དེ་རེ་རེ་དག་ལ་སྟེ། གཅིག་ཅིག་ལ་ཡང་ཕྱིར་ལང་རྣམ་པ་གསུམ་མོ། །ཅི་ལྟར་ཞེ ་ན། མི་མཐུན་ཕྱོགས་ལ་ཡང་ཡོད་པ་དང་མེད་པ་དང་གཉི་ག་སྟེ། དེ་དག་གི་དངོས་པོ་དེའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པ་གང་ཡིན་པ་དེ་མི་འཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གཉི་ག་ཡིན་ཞིང། དེ་བཞིན་དུ་མཐུན་པའི་ཕྱོགས་ལ་མེད་པ་དང་གཉི་ག་གང་ཡིན་པ་དེ ་ཡང་མི་མཐུན་པའི་ཕྱོགས་ལ་རྣམ་པ་གསུམ་པོ། །འདིར་ཕྱོགས་ནི་སྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱི་ཡིན་པས། གལ་ཏེ་དེའི་ཆོས་གང་ཡིན་པ་དེ་གཏན་ཚིགས་ཡིན་ན། དེ་ལྟ་ན་ནི་འོན་ཆོས་དང་ཆོས་ཅན་གྱི་སྤྱི་མ་གྲུབ་ན་གཏན་ཚིགས་ཐམས་ཅད་མ་གྲུབ་པར་འགྱུར་རོ། །གྲུབ ་ན་ཡང་གང་ལ་གཏན་ཚིགས་བརྗོད་པར་བྱ་བའི་བསྒྲུབ་པར་བྱ་བ་གཞན་ཅི་ཞིག་ཡོད། དེའི་ཕྱིར་འདིར་ཕྱོགས་གི་སྒྲ་དངོས་ཀྱི་དོན་ལ་འཇུག་པར་འདོད་པ་ནི་མ་ཡིན། །བཏགས་པའི་དོན་ཡང་ཅི་འདྲ་བ་ཞིག་ཅེ་ན། ཕྱོགས་ནི་ཆོས་ཅན་ནོ་ཞེས་སྨོས་ཏེ། ཕྱོགས་ཀྱི་སྒྲས་ནི་འདིར་ཆོས་ཅན་བརྗོད ་པ་ཡིན་ནོ། །དགོས་པ་སྟེ། རྒྱུ་མཚན་མེད་པའི་ཕྱིར་ཉེ་བར་གདགས་པར་མ་བྱའོ། །དགོས་པ་འགའ་ཞིག་གིས་རང་བཞིན་གཞན་སྒྲོ་འདོགས་པའི་མཚོན་ཉིད་ཉེ་བར་བཏགས་པའི་བརྗོད་པའི་ཡུལ་དུ་འགྱུར་བར་བྱ་བ་ཡིན་ཏེ། འདི་ལྟར་དགོས་པ་མེད་པར་གཙོ་བོ་ཡི། སྒྲ་དོན་ལས ་འདས་འདོད་མ་ཡིན། །ཞེས་བཤད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར་ཉེ་ཕྱིར་གདགས་པར་བྱས་པ་ནི་ཕྱོགས་དེར་རུང་བའི་ཆོས་ཅན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཆོས་ཅན་འགའ་ཞིག་དེར་ཉེ་བར་གདགས་སུ་རུང་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེ ་ན། ཕྱོགས་དེའི་ཕྱོགས་གཅིག་ཡིན་པ་སྟེ། དེའི་ཕྱིར་རོ། །གང་ཞིག་གང་གྱི་ཕྱོགས་གཅིག་ཡིན་པ་དེ་ཡང་དེའི་རང་བཞིན་ཉེ་བར་འདོགས་པ་ཡིན་གྱི། སྣམ་བུའི་ཕྱོགས་གཅིག་ཚིག་པ་ལ་ལ་བ་ཚིག་གོ་ཞེས་ཉེ་བར་འདོགས་པ་བཞིན་ནོ། །ཅི་སྟེ་ཉེ་བར་གང་གས་སུ་རུང་བ ་རྟོགས་པ་ལ་དོན་ཅི་ཡོད་ཅེ་ན། ཆོས་ཅན་ཐམས་ཅད་ཀྱི་ཞེས་སྨོས་ཏེ། ཐམས་ཅད་ཀྱི་སྒྲ་ནི་བྱེ་བྲག་མེད་པར་བརྗོད་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། ཆོས་ཅན་གང་ཡང་རུང་བའི་ཆོས་ཡང་ཡིན་པ་དེ་གཏན་ཚིགས་ཡིན་པ་བཀག་པ་ནི་ཉེ་བར་གདགས་སུ་རུང་བའི་ཆོས ་ཅན་རྟོགས་པའི་དགོས་པ་ཡིན་ནོ། །དེ་ལྟ་ཡིན་དང་སྟེ་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་རྟོགས་པར་གྱུར་པ་དང། མིག་གིས་གཟུང་པ་ལ་སོགས་པ་ཡོངས་སུ་གཟུང་བ་མ་སྤངས་པ་ཡིན་ནོ། །དེའི་ཕྱིར་དགོས་པ་ཡོད་པའི་ཕྱིར་བཏགས་པའི་སྒྲ་ཡིན་གྱི་དངོས་ནི་མ ་ཡིན་ནོ། །ཅིག་ཤོས་ནི་རེ་ཞིག་ཆོས་ཅན་གྱི་སྒྲ་དང་དངོས་སུ་སྨོས་པས་ཀྱང་བསྒྲུབ་བྱའི་ཆོས་ཅན་ཡོངས་སུ་འཛིན་པ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་གཞན་གྱི་དབང་དུ་གྱུར་པའི་ཆོས་ཞེས་བརྗོད་པས་ཀྱང་འབྲེལ་བ་ཅན་གྱི་སྒྲ་ཡིན་པའི་ཕྱིར་ན་རང་དབང་དུ་གྱུར་པའི་ཆོས་ཅན ་གཞི་ལྟ་གྲུབ་སྟེ། ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་དེ་གྲུབ་བཞིན་དུ་ཡང་ཆོས་ཅན་ཞེས་སྨོས་པས་ནི་ཁྱད་པར་ཅན་གྱི་ཆོས་ཅན་ངེས་པར་རྟོགས་པར་འགྱུར་རོ། །འདི་སྙམ་དུ་དཔེ་དང་བསྒྲུབ་བྱའི་ཆོས་ཅན་གཉི་ག་ཡང་ངེས་པ་ཡིན་ལ། དེ་ལས་ཀྱང་ཐེ་ཚོམ་ཟ་བ་ཉིད ་དེ་སྙམ་ན། ཉེ་བ་ཡིན་པའི་ཕྱིར་ཞེས་སྨོས་སོ། །རྗེས་སུ་དཔག་པའི་དུས་སུ་བསྒྲུབ་བྱའི་ཆོས་ཀྱི་གཞི་ཉིད་དུ་བློ་ལ་གནས་པར་ན་བསྒྲུབ་བྱའི་ཆོས་ཅན་ཉེ་བ་ཡིན་ནོ། །དེས་ན་ཁྱད་པར་ཅན་གཅིག་རྟོགས་པར་བྱ་བ་ལ་ཉེ་བའི་ཆོས་ཅན་གང་ཡིན་པ་དེ་ཉིད་འཛིན་པར་འགྱུར་རོ། ་ངེས་མ་ཉེ་བར་བཏགས་པའི་ཕྱོགས་ཀྱི་སྒྲ་ནི་དོན་མེད་དོ་ཞེ་ན། བསྒྲུབ་བྱའི་ཆོས་ཅན་གྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དཔེའི་ཆོས་ཅན་ཡང་ཉེ་བ་ཉིད་དོ། །དེ་ཡང་སྐབས་ཀྱི་བསྒྲུབ་བྱ་བསྒྲུབ་པའི་དོན་དུ་རྟོགས་པ་པོའི་བློ་ལ་གནས་པ་ཉིད་དོ། །དེས་ན་ཉེ་བ་ཡིན་པའི་ཕྱིར་དེ་ཡང ་གཟུང་བར་ཐལ་ལོ། །དཔའ་ཨི་ཆོས་ཅན་འཛིན་ན་ནི་ཆོས་ཅན་གྱི་ཆོས་གཏན་ཚིགས་ཡིན་ནོ། །ཞེས་བྱ་བས་དཔེའི་ཆོས་ཅན་ལ་ཡོད་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པར་འགྱུར་ན། དེ་ཡང་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཉིད་ཀྱིས ་བསྟན་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་ན་ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་གང་ལ་གཏན་ཚིགས་ཡོད་པར་མ་བསྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཡོངས་སུ་གཟུང་ངོ་ཞེ་ན། དེ་ལྟ་ན་ན་ནི་འོན་རྩོད་པ་རྒྱུད་པ་འདིས་ཆོས་ཅན་གྱི་སྒྲ་འདིས་བསྒྲུབ་བྱའི་ཆོས་ཅན་འཛིན ་པར་འགྱུར་རོ་ཞེས་དེ་ལྟར་བཤད་པར་བྱ་བ་ལ་འཆད་པ་པོས་འབད་པར་བྱ་དགོས་སོ་།བསྟན་པར་བྱ་དཀའ་བའི་མཚན་ཉིད་ཀྱི་འབད་པ་དེ་ཡང་ཉེ་བར་བཏགས་པའི་དོན་ཕྱོགས་ཀྱི་སྒྲ་སྨོས་པ་ཙམ་གྱིས་སྤངས་པར་འགྱུར་རོ། །སྐྱོན་འདི་སྤངས་པ་འབའ་ཞིག་ཏུ་ནི་མ ་ཟད་དེ། བཤད་མ་ཐག་པའི་ཤུགས་དེས་དོན་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་གོ་བར་བྱ་བ་ན་རྟོགས་པར་དཀའ་བར་འགྱུར་བས་ན་རྟོགས་པར་དཀའ་བ་ད་ཡང་ཕྱོགས་ཀྱི་སྒྲ་སྤངས་པ་ཡིན་ནོ།། བསྟན་པར་མཚུངས་པ་དང། ཉེ་བར་བཏགས་པ་ཙམ་གྱིས་བསྟན་པ་དེ ་དཀའ་བ་དང། རྟོགས་པར་དཀའ་བ་ཡོངས་སུ་སྤངས་པར་འགྱུར་པའི་ཕྱིར་ཉེ་བར་བཏགས་པ་ཉིད་རིགས་སོ། །རེ་ཞིག་འདི་ཟླས་དབྱེ་བའི་བསྡུ་བ་ནི་མ་ཡིན་ཏེ། མ་ནིང་གི་རྟགས་དང། གཉིས་ཀྱི་ཚིག་ཏུ་ཐལ་བའི་ཕྱིར་རོ། །འབྲུ་མང་པོ་ཡང་མ་ཡིན་ཏེ། བསྡུ་བའི་མཐར་ཨ ་ནིད?་ཀྱི་རྐྱེན་དུ་ཐལ་བའི་ཕྱིར་དང། དོན་ཀྱང་འགལ་བའི་ཕྱིར་ཏེ། དེ་ཉིད་ཆོས་ཅན་ཡིན་ལ་དེ་ཉིད་ཆོས་ཡིན་པ་ནི་མ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་འདི་ལས་འདོན་པ་ཡང་མ་ཡིན་ནོ། །ལྷག་མར་གྱུར་པས་ན་དྲུག་པའི་བསྡུ་པ་ཡིན་པར་བསམས་ནས། ཕྱོགས་ཀྱི་ཆོས་ཉིད ་ཡིན་ན་ཞེས་སྨོས་སོ། །དྲུག་པའི་བསྡུ་བ་ནི་རྒྱལ་པོའི་སྐྱེས་བུ་ལ་སོགས་པ་དག་ལ་རྗེ་བོ་གཞན་རྣམ་པར་གཅོད་པར་མཐོང་སྟེ། རྒྱལ་པོའི་སྐྱེས་བུ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེ་འོ། །དེ་བཞིན་དུ་འདིར་ཡང་ཕྱོགས་ཀྱི་ཆོས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ།། ་ཞེས་གཞན་དང་ལྡན་པ་རྣམ་པར་གཅོད་པར་འགྱུར་རོ། །དེས་ནི་ཆོས་ཅན་གྱི་རྣམ་པར་གཅོད་པ་ལ་བལྟོས་པ་གཞན་དཔེའི་ཆོས་ཅན་ལ་མི་འཇུག་པའི་རྒྱུའི་ཕྱིར་རོ། །དགག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ། ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་འབྲེལ ་བ་བཟློག་པའི་རྒྱུས་ཆོས་ཁྱད་པར་དུ་བྱས་པའི་ཕྱིར་ཏེ། རྣམ་པར་བཅད་པའི་ཕྱིར་རོ། །ཕྱོགས་དེ་ནི་བདག་ཉིད་དང་མ་འབྲེལ་བར་དོགས་པ་བསལ་པའི་ཕྱིར་ཆོས་ཁྱད་པར་དུ་བྱེད་པ་ཡིན་ནོ། །ཅི་ལ་ཡང་མ་འབྲེལ་བ་རྣམ་པར་བཅད་པས་ཁྱད་པར་དུ་བྱས་པ་ཡོད་དམ་ཞ ་ན། ཡོད་དོ་ཞེས་བཤད་པ་ནི་དཔེར་ན་ནག་པ་ཞེས་བྱ་བའོ། །ནག་པ་འཕོང་རྐྱེན་པ་ཉིད་ལ་ནི་བདག་ཉིད་དང་མ་འབྲེལ་བར་དོགས་པ་དང་བཟློག་པའི་ཕྱིར་འཕོང་སྐྱེན་པ་ཉིད་ཁྱད་པར་དུ་བྱེད་པ་ཡིན་གྱི། གཞན་དང་ལྷན་ཅིག་འབྲེལ་པ་བཟློག་པའི་ཕྱིར་ནི་མ་ཡིན་ནོ། ་འདོད་པ་བསྟན་ནས་མི་འདོད་པའི་ཁྱད་པར་སྤང་བར་བྱ་བའི་ཕྱིར་གཞན་དང་ལྡན་པ་རྣམ་པར་གཅོད་པས་ནི་མ་ཡིན་ཏེ། ཞེས་སྨོས་སོ། །དཔེར་ན་སྲིད་སྒྲུབ་ཅེས་བྱ་བ་ལ། སྲིད་སྒྲུབ་ནི་འཕོང་སྐྱེན་པར་རབ་ཏུ་གྲགས་པར་ཡིན་པས་མ་འབྲེལ་པར་དོགས་པ་ནི་མེད་ཀྱི། ་འོན་ཀྱང་གཞན་དང་འབྲེལ་བར?་རོ། །དེས་རྒ?་འཕོང་སྐྱེན་པ་ཉིད་ནི་གཞན་དང་ལྡན་པ་རྣམ་པར་བཅད་པའི་ཕྱིར་ཡིན་ནོ། །འདི་ལ་བློ་གྲོས་རྨོངས་པའི་དོགས་པའི་གནས་རྣམ་པར་བཅད་པར་བྱ་བ་ཡིན་པས་ན་གང་གི་ཚེ་ལྡན་པར་མ་ཤེས་པའི་ཕྱིར་མི་ལྡན་པར་དོགས་པ ་དེའི་ཚེ་མ་འབྲེལ་བར་རྣམ་པར་བཅད་པར་བྱ་བ་ཡིན་ནོ། །གང་གི་ཚེ་འབྲེལ་པར་ཤེས་པས་མ་འབྲེལ་བ་རྣམ་པར་བཅད་པ་དེའི་ཚ་གཞན་དང་ལྡན་པར་དོགས་པའི་ཕྱིར་གཞན་དང་ལྡན་པ་རྣམ་པ་བཅད་པར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་གནས་སྐབས་འགའ་ཞིག་ལས ་རྒྱལ་པོ་སྐྱེས་དུའི་རྗེ་བོ་ཤེས་པ་ལ་རྗེ་བོ་སྤྱིར་ཤེས་པ་ཁྱད་པར་རྟོགས་པར་བྱ་བའི་ཕྱིར་ཡང་སྨོས་པ་ཡིན་པས་གཞན་དང་ལྡན་པ་རྣམ་པར་བཅོད་པ་རིགས་པ་ཡིན་ནོ། །འདིར་ནི་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་ནོ་ཞེས་གནས་མ་རྟོགས་པའི་ཕྱིར་མི་ལྡན་པར་དོགས ་པ་རྣམ་པར་བཅད་པར་བྱ་བ་ཡིན་ནོ། །དེ་དང་ལྡན་པ་ལ་ནི་གཞན་དང་ལྡན་པར་རྟོགས་པར་བྱ་བ་ཡིན་ཏེ། དེས་ནམ་འབྲེལ་བ་རྣམ་པར་བཅད་པའི་སྔོན་རོལ་དུ་ནི་དོགས་པ་མེད་པ་རྣམ་པར་བཅད་པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བའི་འཕྲོས་པ་འདི་ནི་ལེའུ་གཉིས་བར་བཤད ་ཟིན་ཏོ། །མ་འབྲེལ་བ་རྣམ་པར་བཅད་པས་ཕྱོགས་ཁྱད་པར་དུ་བྱེད་པས་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་ནི་རྣམ་པ་གསུམ་མོ། །རྣམ་པ་གསུམ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་རྣམ་པ་གཉི་གའོ། །དང་ནི་རྣམ་པ་གཞན་བསྡུ་པའི་དོན་ཏེ། དེ་ལྟ་མ་ཡིན ་ན་ཡོད་པ་དང་མེད་པ་ཉིད་རྣམ་པ་གཉི་ག་ཡིན་པ་གོ་བར་འགྱུར་རོ། །རྣམ་པ་གསུམ་པོ་དེ་ནི་དེ་དེ་སྟེ་གཅིག་ཅིག་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་གང་ཡིན་པ་དེ་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་གཉི་གའོ། །དེ་བཞིན་དུ་མཐུན་པའི ་ཕྱོགས་ལ་མེད་པ་དང། གཉི་ག་གང་ཡིན་པ་དེ་ཡང་མི་མཐུན་པའི་ཕྱོགས་ལ་རྣམ་པ་གསུམ་མོ། །གང་ལ་ཕྱོགས་ཀྱི་ཆེས་རབ་ཏུ་དབྱེ་བར་བྱ་བའི་ཕྱོགས་སམ་མི་མཐུན་པའི་ཕྱོགས་དེ་ཡང་གང་ཞིག་ཡིན་ཞེ་ན། བཤད་པ། མཐུན་པའི་ཕྱོགས་ནི་འགའ་ཞིག་ཕྱོགས་དང ་མཐུན་པ་ཡིན་ནོ། །འདི་ལྟར་ཕྱོགས་དང་འདྲ་བའི་ཕྱིར་ན་དོན་དེ་ཉིད་ཕྱོགས་ཤེས་བརྗོད་པ་ཡིན་ནོ། །འདྲ་བའི་དོན་ཀྱང་མཐུན་པའི་སྒྲ་ཡིན་ཏེ། ཕྱོགས་དང་མཚུངས་པའི་མཐུན་པའི་ཕྱོགས་སོ། །ཕྱོགས་དང་མཚུངས་པའི་ཕྱོགས་དག་མཚུངས་པ་ལ་ནི་གཏན་ཚིགས་ཀྱི་རྒྱུ ་མཚན་ཡང་སྲིད་ལ། འདིར་ནི་བསྒྲུབ་བྱའི་རྒྱུ་མཚན་གྱིས་མཚུངས་པ་ཡིན་པར་འདོད་པས་བཤད་པ། ཐེ་ཚོམ་ཟ་བའི་ཕྱིར་བསྒྲུབ་པར་བྱ་བ་ཡང་ཡིན་ལ། ཆོས་ཀྱང་ཡིན་ཏེ། བརྟེན་པའི་ཕྱིར་རོ། །འདིས་ནི་བསྒྲུབ་པར་བྱ་བ་ནི་གཞན་གྱི་དབང་དུ་གྱུར་པ་ཉིད་ཡིན་ནོ་ཞེས་བསྟན ་པ་ཡིན་ནོ། །ཁྱད་པར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེས་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཞེས་ནི་ཚིག་རྣམ་པར་མི་སྦྱར་གྱི། འོན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཉིད་སྤྱི་ཡིན་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་མཚུངས་པ་ཉིད་དེ་མཉམ་པ་ཉིན་ཏེ། དོན་མཐུན ་པ་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བའི་ཆོས་དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ། །གལ་ཏེ་མེད་པ་མི་མཐུན་པའི་ཕྱོགས་ཡིན་ན་ཕྱོགས་ཀྱི་ཆོས་ཡོད་པ་དེ་དེ་ལ་ཅི་ལྟར་འགྱུར། མེད་པ་ལ་མེད་པར་འགྱུར་དུ་ཟིན་ཀྱང་དངོས་པོའི་ཆོས་ཡོད་པ་ནི ་མེད་པ་ལ་འཐད་པ་མ་ཡིན་ནོ་ཞེ་ན། མེད་པ་ལ་ཡོད་པ་ཡོད་དོ་ཞེས་སུ་ཞིག་སྨྲ། གང་གི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དེ་མེད་པ་ཙམ་ནི་མི་མཐུན་པའི་ཕྱོགས་མ་ཡིན་གྱི། འོན་ཀྱང་བཟློག་པ་མཐུན་པའི་ཕྱོགས་ཀྱིས་བཏོང་བའི་དོན་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་འདི ་སྐད་བརྗོད་པ་ཡིན་ཏེ། མཐུན་པའི་ཕྱོགས་ཀྱི་སྒྲས་བརྗོད་པར་བྱ་བ་མ་ཡིན་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཟློག་པ་དེ་ཡང་གང་ཞེ་ན། གང་གི་ཕྱིར་བསྒྲུབ་པར་བྱ་བའི་མེད་པ་དཔེར་ན་ནམ་མཁའ་མེད་པར་སྨྲ་བ་ལ། མི་རྟག་པ ་ཉིད་ཀྱི་རྟག་པའི་ནམ་མཁའ་མེད་པ་ལྟ་བུ་དང། མ་ཡིན་པ་དེ་བསྒྲུབ་པར་བྱ་བའི་རང་བཞིན་དེ་དང་བྲལ་བའི་དོན་གཞན་པ་དད་འགལ་བའོ། །གྲང་བའི་རེག་པ་དང། བྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་ནི་བསྒྲུབ་པར་བྱ་བ་དྲོ་བ་སྤངས་པ་ཡིན་ཏེ། དེས་ན་དེ་ནི་མི་མཐུན་པའི ་ཕྱོགས་ཞེས་བརྗོད་པར་བྱ་བ་ཡིན་ནོ། །ཅི་ལྟར་ཞེ་ན། དེ་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་སྨོས་ཏེ། ཕྱོགས་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་ཀྱི་སྒྲའི་བརྗོད་བྱ་ནི་ཕྱོགས་མ་ཡིན་ལ། དོན་གསུམ་པོ་འདི་ཡང ་ཕྱོགས་མ་ཡིན་པའི་བདག་ཉིད་ཡིན་ནོ། །འགལ་བ་དང་གཞན་པ་དངོས་པོ་ཉིད་མ་ཡིན་ནམ། མཐུན་པའི་ཕྱོགས་མེད་པ་ནི་མ་ཡིན་ནོ་ཞེ་ན། བཤད་པ། ཕྱོགས་མེད་པའི་རང་བཞིན་དེ་ནི་བརྗོད་པར་འདོད་པ་མི་མཐུན་པའི་ཕྱོགས་ཀྱི་སྒྲས་བརྗོད་པར་བྱ་བའི་བཟློག་པ་དང་འགལ ་བ་དང་གཞན་པ་དག་ལ་ཡང་མཚུངས་པ་སྟེ་ཁྱད་པར་མེད་པ་ཡིན་ནོ། །ཅི་ལྟར་མེད་པའི་ཕྱོགས་མ་ཡིན་པ་དེ་བཤིན་དུ་འགལ་བ་དང་གཞན་པ་ཡང་ཕྱོགས་མ་ཡིན་པས་ད་ཕྱོགས་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འགལ་བ་དང་གཞན་པ་ཕྱོགས་མ་ཡིན་ཡང ་མེད་པ་ཡང་མ་ཡིན་ནོ། །དངོས་པོ་ཡོད?་པ་ཉིད་ནི་ཡིན་པས་ཅི་ལྟར་མེད་པ་བརྗོད་པའི་སྒྲས་བརྗོད་པར་བྱ་བ་ཡིན་ཞེ་ན། བཤད་པ། ལྡོག་པ་རྟོགས་པ་སྟེ་ཕྱོགས་མེད་པར་ཤེས་པར་ནི་མེད་པ་དང་གཞན་པ་དང་འགལ་བ་ཐམས་ཅད་ལ་འདྲ་བའི་ཕྱིར་རོ། །བྱས་མ་པ་ནི་འདི་ཡིན ་ཏེ། ཕྱོགས་མེད་པ་ཞེས་བྱ་བ་ངོ་བོ་དང་ལྡན་པནི་མ་ཡིན་ཏེ། འོན་ཀྱང་རྣམ་པར་རྟོག་པ་ཅན་གྱི་བློས་ཐ་དད་དུ་བྱ་བ་ཡིན་ནོ། །དེ་ཡང་ཅི་ལྟར་གཏན་ནས་མེད་པར་རྟོགས་པ་ལ་ཐ་སྙད་བྱེད་པ་དེ་བཞིན་དུ་འགལ་བ་དང། གཞན་པར་རྟོགས་པ་ལ་ཡང་ཡིན་ནོ། །དེས་ན་ཅི་ལྟར ་གཏན་མེད་པ་ཕྱོགས་མེད་པ་ཡིན་པ་དེ་བཞིན་དུ་དངོས་པོ་ཡང་ཡིན་ཏེ། དེ་རྟོགས་པ་ན་མེད་པའི་ཐ་སྙད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་མེད་པར་རྟོགས་པ་ཉིད་ཕྱོགས་མེད་པའི་བདག་ཉིད་རྟོགས་པ་ཡིན་ཏེ། དེ་ནི་རང་བཞིན་མེད་པ་ཅན་ཡིན་པའི་ཕྱིར་རོ། །རང་གི་ངོ་བོས་རྟོགས་པའི་འགལ ་པ་རང་གཞན་པ་དག་གོ་ཅི་ལྟར་ཕྱོགས་མེད་པའི་རང་བཞིན་དུ་རྟོགས་ཤེ་ན། དངོས་སམ་ཤུགས་ཀྱིས་ཞེས་སྨོས་སོ། །བཀག་པ་ནི་ཕྱོགས་མེད་པ་ཉིད་ཡིན་པ་དེས་ན་རྟོགས་པ་དངོས་སུ་ཕྱོགས་མེད་པ་རྟོགས་པ་ཡིན་ནོ། །གཞན་པ་དང་འགལ་བ་ནི་ཕྱོགས་མེད་པ་ཉིད་མ་ཡིན་ཏེ། ་འོན་ཀྱང་རང་བཞིན་གཞན་ཉིད་དོ། །དེས་ན་དེ་དག་རྟོགས་པ་ནི་དངོས་སུ་ཕྱོགས་མེད་པར་རྟོགས་པ་མ་ཡིན་འོན་ཀྱང་ཤུགས་ཀྱིས་ཡིན་ནོ། །གལ་ཏེ་ཕྱོགས་མ་ཡིན་པ་དེ་ལྟ་ན་དེ་འགལ་པ་འམ་ཕྱོགས་ལས་གཞན་པའི་དངོས་པོར་འགྱུར་བ་ཡིན་ནོ། །གཞན་པ་དང་འགལ ་བ་ཡོངས་སུ་གཅོད་པ་ནི་ཕྱོགས་ཉིད་རྣམ་པར་བཅད་པ་ཡིན་པའི་ཕྱིར་གཞན་པ་དང་འགལ་བ་དག་གི་རང་བཞིན་ཁྱད་པར་ཅན་རྟོགས་པ་ཉིད་ཀྱི་ཤུགས་ཀྱིས་ཕྱོགས་མེད་པར་རྟོགས་པ་ཡིན་ནོ། །གང་གི་ཕྱིར་རྟོགས་པ་ནི་དངོས་སུ་ཕྱོགས་མེད་པར་རྟོགས་པ་ཡིན་ལ། གཞན ་པ་དང་འགལ་བ་རྟོགས་པ་ཞུགས་ཀྱིས་ཡིན་པ་དེའི་ཕྱིར་རྟོགས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱོགས་མེད་པའི་རང་བཞིན་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་ཏེ། དེས་ན་ཐམས་ཅད་མི་མཐུན་པའི་ཕྱོགས་སུ་བརྗོད་པར་བྱ་བ་ཡིན་ནོ། །ཅི་ཕྱོགས་ཀྱི་ཆོས་གང་ཡིན་པ་འདིའི ་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཉིད་དུ་ངེས་པ་ཉིད་གོ་པར་བྱེད་པར་གཟུང་དམ། འོན་ཏེ་ཡོད་པ་ཙམ་ཞིག་ཡིན་ཞེ་ན། བཤད་པ། ཕྱོགས་ཀྱི་ཆོས་རྣམ་པ་དགུ་བཤད་པ་གང་ཡིན་པ་དེའི་?་ན་ཉིད་ཅེས་བྱ ་བྱའི་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ནི་ངེས་པ་ཡིན་པར་གཟུང་ངོ། །གཏན་ཚིགས་ལ་སོགས་པར་དག་ལ་ཞེས་བྱ་བ་ནི་གཏན་ཚིགས་ཉིད་དང་འགལ་བ་དང་མ་ངེས་བ་དག་ལའོ། །མ་གྲུབ་པ་ནི་འདིར་མི་བཟུང ་སྟེ། གང་ལ་ཕྱོགས་ཀྱི་ཆོས་ཉིད་དུ་ངེས་པ་དེ་ལ་མ་གྲུབ་པ་ཉིད་སྐྱོན་མེད་དོ། །ཅི་རིགས་པར་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་བལྟོས་ཏེ། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང། མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པ་ཡིན་ལ། འགལ་བ་ནི་མཐུན ་པའི་ཕྱོགས་ལ་མེད་པ་དང། མི་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་ལ་སོགས་པ་རྣམས་ནི་གང་གིས་རྟོགས་པར་བྱེད་པ་གང་ཡིན་པའི་སྒྲུབ་པར་བྱེད་པར་དག་གིས་ངེས་པ་སྒྲུབ་པར་བྱེད་པ་ཡིན་པར་གཟུང་ངོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས ་དང་འགལ་བ་འདོད་པ་དང་མི་འདོད་པ་བསལ་བར་བྱེད་པ་ཐེ་ཚོམ་གྱི་རང་བཞིན་དག་དང་ཕྱིན་ཅི་ལོག་གི་རང་བཞིན་དག་ནི་རྟོག་པ་ཞེས་བྱ་བ་དེས་པའི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། གཏན་ཚིགས་དང་འགལ་བ་ནི་གོ་བར་བྱེད་པ་ཡིན་ནོ། །སྒྲོན ་མ་བཞིན་དུ་རུང་བ་ཙམ་གྱིས་ནི་གཏན་ཚིགས་དོན་གྱིས་བསལ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་དེ་མེད་ན་མི་འབྱུང་བར་ངེས་པ་ཕྱོགས་འགའ་ཞིག་ཏུ་མཐོང་བ་མེད་ན་མི་འབྱུང་བར་དེས་པ་དྲན་པ་ཉིད་བསྒྲུབ་བྱ་རྟོགས་པར་བྱེད་པའི་གཏན་ཚིགས་ཡིན་ཏེ། །དེ་ལྟར་དྲན ་པ་ཉིད་ལ་བསྒྲུབ་བྱ་རྟོགས་པའི་ཕྱིར་རོ། །དེས་ན་མེད་ན་མི་འབྱུང་བའི་རང་བཞིན་ལ་ཐེ་ཚོམ་ཟ་བ་དང། ཕྱིན་ཅི་ལོག་པ་དག་ནི་གོ་བར་བྱེད་པ་ཉིད་མ་ཡིན་ཏེ། སྦྲ་གང་ལ་ཕྱིན་ཅི་ལོག་གམ་ཐེ་ཚོམ་གྱི་རྟོགས་པ་ཡོད་པ་དེ་བཞིན་ནོ། །ཁྱད་པར་ཅན་གྱི་རང་བཞིན་གྱི་སྒྲ་ནི་བརྡའི་དུས ་སུ་བརྡའི་དབང་གིས་དོན་འགའ་ཞིག་དང་མེད་ན་མི་འབྱུང་བར་མཐོང་ལ། ཡང་དོན་དེ་ཉིད་དང་མེད་ན་མི་འབྱུང་བར་ངེས་པ་ན་དོན་རྟོགས་པའི་ཡན་ལག་ཡིན་ནོ། །གང་གི་ཚེ་སྒྲ་དེ་ཐེ་ཚོམ་ཟ་འམ་ཕྱིན་ཅི་ལོག་ཏུ་ངེས་པ་འམ། དེས་པར་བྱས་སུ་ཟིན་ཀྱང་གང་གི་ཚེ་བརྡའི་དུས ་སུ་མཐོང་བའི་དོན་དང་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་བ་འམ། དོན་གཞན་དང་འབྲེལ་བར་བྱིན་ཅི་ལོག་པ་དེའི་ཆེ་གོ་བར་བྱེད་པ་མ་ཡིན་ནོ། །སྒྲའི་གོ་བར་བྱེད་པ་ཉིད་ནི་དོན་མེད་ནི་མ་འབྱུང་བར་ངེས་པ་ཉིད་ཡིན་གྱི་བྱ་བ་གཞན་ནི་ཡོད་པ་མ་ཡིན་ཏེ། སྒྲ་དེ་ལྟར་རྟོགས་པ་ན ་དོན་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ངེས་པ་ཉིད་འདོད་པ་གསལ་བར་བྱེད་པའམ། མི་འདོད་པ་བྱེད་པ་ཡིན་ནོ། །གཏན་ཚིགས་ལ་སོགས་པ་དག་ལ་ཞེས་བརྗོད་པས་མ་ངེས་པ་ཡང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་འམ། མེད་པར་ངེས་པ་ཡིན་པར ་དོགས་པར་འགྱུར་རོ། །ལོག་པར་རྟོགས་པ་ཡང་ཡོད་པ་ཉིད་དེ། གང་ཞིག་གཉི་ག་ལ་ཡོད་པར་ངེས་པ་དེ་ནི་ཐུན་མོང་མ་ཡིན་ཏེ། དཔེར་ན་གཞལ་བྱ་ཉིད་བཞིན་ནོ། །གང་ཞིག་མེད་པར་ངེས་པ་དེ་ནི་ཐུན་མོང་མ་ཡིན་པ་སྟེ། དཔེར་ན་མཉན་བྱ་བཞིན་ནོ་ཞེས་བྱ་བ་དེའི་ཕྱིར ་བཤད་པ། མ་ངེས་པ་ནི་ཕྱོགས་ཀྱི་ཆོས་ཉིད་ཡིན་པར་ངེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། མ་ཤེས་པའི་ཆོས་ལས་ནི་ཐེ་ཚོམ་ཟ་པར་མི་རུང་བའི་ཕྱིར་རོ། །གང་ཞིག་ཆོས་མཛའ་དག་ཁྱབ་པའི་ཆོས་གཉིས་ལས་གཅིག་ལ་ཡང་ངེས་པ་མེད་པ་དེ་གང་དུ་མཐོང?་བ་དེར་དེ་གཉིས་ལ་ཐེ་ཚོམ ་སྐྱེད་པར་བྱེད་དེ། དཔེར་ན་རྟག་པ་དང་མི་རྟག་པ་དག་ལས་གཅིག་ལ་ངེས་པ་མེད་པའི་མཉན་བྱ་ཉིད་སྒྲ་ལ་ཡོད་པས་ཐེ་ཚོམ་སྐྱེད་ཀྱི། མེད་པའི་ཕྱིར་གཟུགས་ལ་མ་ཡིན་བཞིན་ནོ། །མ་ངེས་པ་ཡོད་པ་འམ་མེད་པ་ཉིད་ལ་བལྟོས་པ་ནི་མ་ཡིན་ནོ། །གལ་ཏེ་གཞལ་བྱ་ཉིད་མཐུང་པའི ་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་མཐོང་བ་ཐེ་ཚོམ་གྱི་རྒྱུ་ཡིན་ལ། དེ་བཞིན་དུ་མཉན་པར་བྱ་བ་ཉིད་རྟག་པ་དང་མི་རྟག་པ་དག་ལས་གཅིག་ལ་ཡང་མེད་པར་མཐོང་བ་མ་ཡིན་ནམ། །དེ་ཅི་ལྟར་ཡོད་པའམ། མེད་པར་ངེས་པ་ལ་མི་བལྟོས་ཤེ་ན། ངེས་བ་ལ་ཡང་ཞེས་སྨོས ་སོ། །ངེས་པ་མེད་པ་ཡིད་དོ་ཞེས་ནི་མི་ཟེར་རོ། །དེ་ཡོད་དུ་ཟིན་ཀྱང་ཐེ་ཚོམ་ཉིད་ཀྱི་སྒོ་ནས་སྐྱོན་དུ་འགྱུར་པའི་ཕྱིར་ཏེ། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་དེས་པ་ལ་བལྟོས་པ་མ་ཡིན་གལ་ཏེ་ཡང་གཞལ་བྱ་ཉིད་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཐོང་བ་དེ་ལྟ་ན་ཡང ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པའི་སྒོ་ནས་ནི་སྒྲ་ལ་ཐེ་ཚོམ་ཟ་བའི་རྒྱུ་མ་ཡིན་ཏྟེ། འོན་ཀྱང་སྒྲ་གཅིག་ལ་འགལ་བའི་རང་བཞིན་གཉིས་མི་འཐད་པའི་ཕྱིར་དང། རྣམ་པ་གཞན་ཡང་མི་སྲིད་པའི་ཕྱིར་ཅི་སྒྲ་རྟག་པ་ལ་གཞལ་བྱ་ཉིད་གནས་སམ། ་འོན་ཏེ་མི་རྟག་པ་ལ་ཡིན་ཞེས་ཆོས་ཅན་ཉིད་ལ་རྟག་པ་དང་མི་རྟག་པ་ཉིད་དུ་འཇུག་པར་དོགས་པ་ཡིན་ནོ། །ཆོས་ཅན་ལ་གང་ཡང་རུང་བ་ཡོད་པར་དོགས་པ་དེ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པར་མ་ངེས་པ་ལ་ཡང་མཚུངས ་པ་ཡིན་ནོ། །མཉན་པར་བྱ་བ་ཉིད་ཀྱང་སྔ་མ་བཞིན་དུ་ཅི་སྒྲ་རྟག་པ་ལ་ཡིན་ནམ་འོན་ཏེ་མི་རྟག་པ་ལ་ཡིན་ཞེས་ཐེ་ཚོམ་ཟ་བའི་ཕྱིར་ཐེ་ཚོམ་ཟ་བའི་གཏན་ཚིགས་ཉིད་དོ། །དེའི་ཕྱིར་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་རྣམ་པ་དེ་ལྟ་བུ་བརྗོད་པ་ཡང་མ་ངེས ་པ་བརྗོད་པར་བྱ་བ་འདིར་སུན་འབྱིན་པ་ཉིད་ཡིན་ཏེ། མ་ངེས་པ་བརྗོད་པ་ཡིན་པའི་ཕྱིར་རོ། །གཞན་དུ་གཏན་ཚིགས་སམ་འགལ་བར་བསྟན་པར་བྱ་བ་ལ་ནི་གོ་རིམ་བཞིན་དུ་རྒོལ་བ་དང་ཕྱིར་རྒོལ་བའི་སྒྲུབ་པ་མ་ཡིན་ཞིང་སུན་འབྱིན་པ་ཡང་མ་ཡིན་ཏེ། གཏན་ཚིགས་དང ་འགལ་བའི་སྐབས་མ་བསྟན་པའི་ཕྱིར་རོ། །གང་གི་ཚེ་སྒྲུབ་པར་བྱེད་པ་མ་ཡིན་ཞིང་སྐབས་ཀྱི་སུན་འབྱིན་པ་མ་ཡིན་ཞེ་ན། སྨྲས་པ། ཡོད་པ་དང་མེད་པ་གཉི་ག་ལ་ཐེ་ཚོམ་ཟ་བ་དཔེར་ན་སྲོག་ལ་སོགས་པ་དང་ལྡན་པ་དང་མཉན་བྱ་ལྟ་བུ་འམ། མཐུན་པའི་ཕྱོགས་ལ་ཡོད་པ ་གཅིག་ལ་ཐེ་ཚོམ་ཟ་བ་སྐྱེས་བུ་འགའ་ཞིག་ནི་ཐམས་ཅད་མཁྱེན་པ་ཡིན་ཏེ། སྨྲ་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་མཐུན་པའི་ཕྱོགས་ལ་ཡོད་པ་ལ་ཐེ་ཚོམ་ཟ་བའོ། །མི་མཐུན་པའི་ཕྱོགས་ལ་མེད་པ་གཅིག་ལ་ཐེ་ཚོམ་ཟ་བ་ནི་དཔེར་ན་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། སྨྲ་བའི ་ཕྱིར་ཞེས་བྱ་བ་འདི་མི་མཐུན་པའི་ཕྱོགས་ལ་མེད་པ་ལ་ཐེ་ཚོམ་ཟ་བ་ཡིན་པ་བཞིན་ནོ། །གཅིག་ཕྱིན་ཅི་ལོག་ཏུ་གྱུར་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་སྟེ། དཔེར་ན་གཞལ་བྱ་བཞིན་དུ་སྒྲུབ་པ་མ་ཡིན་ལ་སུན་འབྱིན་པ་ཡང་མ་ཡིན་ནོ། །གཉི་ག ་ཕྱིན་ཅི་ལོག་ཏུ་གྱུར་ན་ནི་འགའ་པར་འགྱུར་བ་དེས་ན་གཅིག་ཅེས་སྨོས་སོ། །དངོས་པོའི་ཆོས་མི་མཐུན་པའི་ཕྱོགས་ལས་ལོག་པ་ནི་མཐུན་པའི་ཕྱོགས་ལ་ཕྱིན་ཅི་ལོག་ཏུ་གྱུར་པར་རྟོགས་པར་ནུས་པ་མ་ཡིན་ནོ། །དེ་ནི་གདོན་མི་ཟ་བ་གཅིག་ལ་གནས་དགོས ་པས་མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པ་ནི་མཐུན་པའི་ཕྱོགས་ལ་ཕྱིན་ཅི་ལོག་ཏུ་སྦྱར་པར་ནི་བྱའོ། །ཡང་ཅིའི་ཕྱིར་ཐེ་ཚོམ་ཟ་པ་བརྗོད་པར་སྒྲུབ་པར་བྱེད་པ་མ་ཡིན་ལ། འགལ་བ་བརྗོད་པ་བརྗོད་པ་ལྟར་སུན་འབྱིན་པ་ཡང་མ་ཡིན་ཞེ་ན། བཤད་པ་ངེས་པ་མེད་པའི་སྒྲུབ་པའི ་ཡན་ལག་དེ་ལྟ་པུ་ནི་ནུས་པ་མེད་པ་ཡིན་པའི་ཕྱིར་རོ། །དེའི་སྒྲུབ་པའི་ནུས་པ་ནི་མེད་ན་མི་འབྱུང་བར་ངེས་པ་ཉིད་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཐུན་མོང་འབའ་ཞིག་ཏུ་ནི་མ་ཟད་དེ། སྲོག་ལ་སོགས་པ་དང་ལྡན་པ་དང་མཉན་བྱ་ཉིད་ལ་སོགས་པ་ཐུན་མོང་མ་ཡིན་པ་ལ་ཡང་མཐུན ་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་འཇུག་པ་དང་ལྡོག་པ་ཞེས་བྱ་བ་རྗེས་སུ་འགྲོ་བ་དང། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བའི་གཏན་ཚིགས་ཉིད་དོ། །ཅིའི་ཕྱིར་མཉན་བྱ་ཉིད་ལ་སོགས་པ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་གཏན ་མ་མཐོང་བ་དེ་དག་ལ་ཐེ་ཚོམ་ཟ་ཞེ་ན། བཤད་པ། གཉི་ག་ལས་ཟློག་པར་ངེས་པ་མི་འཐད་པའི་ཕྱིར་རོ། །ཅི་ལྟར་ངེས་པ་མི་འཐད་ཅེ་ན། བཤད་པ། གཉི་ག་ལས་ཕྱི་རོལ་ཏུ་གྱུར་པ་མི་སྲིད་པས་སོ། །ཕན་ཚུན་སྤངས་ཏེ་གནས་པའི་རྣམ་པ་གཉིས་པོ་དེ་དག་གིས་ནི་ཐམས ་ཅད་བསྡུས་པའི་ཕྱིར་གང་ལ་གནས་པ་ན་དངོས་པོའི་ཆོས་གཉི་ག་ལས་ལྡོག་པ་ངེས་པར་འགྱུར་བའི་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་དེ་དག་ལ་མ་མཐོང་ཡང་དོན་གྱིས་ན་གཅིག་ལ་གོང་མ་ཆག་པར་ཡང་དགོས་སོ་ཞེས་བྱ་བའི་ཕྱིར་ཐེ་ཚོམ་ཟ་བའི་གཏན་ཚིགས་ཡིན ་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་པར་ངེས་ན་ཅི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་ངེས་པ་ཡིན་ཞེ་ན། བཤད་པ། དེ་གཉིས་ལས་གཅིག་ལ་ཡང་ཡོད་པ་གང་ཡིན་པ་དེའི་དེས་པའི་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ། །འདི་དག ་ཉིད་ལ་ཡོད་པར་འགྱུར་རོ་ཞེས་སྤྱིར་ཡོད་པར་ངེས་པ་ཡིན་ཡང་དེ་ཙམ་གྱིས་ནི་འགའ་ཞིག་ལ་རྗེས་སུ་འགྲོ་བ་འམ། འགའ་ཞིག་ལས་ལྡོག་པར་ངེས་པ་མ་ཡིན་ནོ། །གལ་ཏེ་གཅིག་ལ་ཡོད་པར་ངེས་པའི་སྒྲུབ་བྱེད་ཁྱད་པར་རབ་ཏུ་བསྟན་པ་ཡིན་ན་ནི་རྗེས་སྟེ་འགྲོ་བ་དང་ལྡོག ་པ་དག་ངེས་པར་འགྱུར་བ་ཡིན་ན། མེད་པ་དེས་ན་ཐེ་ཚོམ་ཟ་བ་ཡིན་ན། །ཅི་ལྟར་ན་ཉན་བྱ་ཉིད་ཐུན་མོང་མ་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་པ་དེ་ལན་ཅིག་མ་ཡིན་པར་བརྗོད་ཟིན་ཏོ། །སྐྱེས་བུ་གཞན་ལས་བྱུང་བ་ནི་སྐྱེས་པ་སྟེ། དེ་ལྟ་མ་ཡིན་པ་ནི་གཞན ་ལས་མ་བྱུང་པའོ། །གཞན་ལས་མ་བྱུང་བར་ངེས་པའི་མངལ་གང་ཡིན་པ་སྟེ། དེ་ལྟར་གྱུར་པའི་ཡོན་ཏན་མཚུངས་པ་སྐྱེས་བུ་གང་དག་ལ་ཡོད་པ་དེ་དག་ལ་ནི་ཡོན་ཏན་མཚུངས་པ་སྟེ། ཡོན་ཏན་ནི་གཟུགས་དང་ལང་ཚོ་དང། བུད་མེད་ལ་མངལ་འཇོག་པའི་ནུས་པ་དང ་ཆགས་པ་ཅན་ཉིད་དོ། །དེ་དག་ལས་སྲིད་པའི་བུད་མེད་ཀྱི་མངལ་ཏེ། མངལ?་འདི་ནི་འདི་གཉིས་གང་རུང་ཞིག་གིས་བྱས་པ་ཡིན་ན་ཞེས་རྟོགས་པར་བྱེད་པའི་སྐྱེས་བུ་གཞན་རྣམས་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ། །འདི་ལྟར་མ་ལ་དེ་གཞན་གྱིས་བྱས་པ་ནི་མ་ཡིན་ལ། དེ་གཉིས ་ཀྱང་མངལ་འཇོག་པ་ལ་ཡོན་ཏན་ཐམས་ཅད་མཚུངས་པ་ཡིན་པ་དེས་ན་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ལས་གཞན་ལས་བྱུང་བ་བཀག་པས་མངལ་གཉིས་པོ་དེ་དང་ངེས་པར་འབྲེལ་བ་ཉིད་དང། ཡོན་ཏན་མཚུངས་པའི་ཕྱིར་གཉིས་ལས་གཅིག་ལ་ཡང་ངེས་པ་མེད་པར ་སྨྲས་པ་ཡིན་ནོ། དེས་ན་དོན་འགའ་ཞིག་ལ་ཡང་གཉིས་པ་དང་འབྲེལ་བ་ཉིད་དང་གཅིག་ལ་ངེས་པ་མེད་པ་ཐེ་ཚོམ་གྱི་རྒྱུ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དོན་འདི་ཉིད་སློབ་དཔོན་གྱིས་གསུངས་ཏེ། ཅི་སྐད་དུ་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི ་ཆོས་ཐུན་མོང་མ་ཡིན་པ་དེ་ནི་ཁྱད་པར་ཅི་སྙེད་ཀྱིས་ཏེ། རྣམ་པའི་དབྱེ་བ་ཅི་སྙེད་ཀྱིས་དོན་ཐམས་ཅད་བསྡུས་པ་སྟེ། ཐམས་ཅད་སྡུད་པར་བྱེད་པའི་རྣམ་པའི་ཁྱད་པར་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་པ་སྟེ་ཐུན་མོང་མ་ཡིན་པ་དང་ལྡན་པ་དེས ་ཤེས་བྱ་ཐམས་ཅད་སྡུད་པའི་ཁྱད་པར་དེས་བསྡུས་པའི་ཕྱིར་རོ། །གང་གི་ཁྱད་པར་གྱིས་ཐམས་ཅད་བསྡུས་པ་དེ་ཙམ་གྱིས་ནི་ཐེ་ཚོམ་གྱི་རྒྱུ་མ་ཡིན་པས་ན་གཏན་ཚིགས་གཉིས་པ་སྨྲས་པ། གཅིག་ཏུ་ངེས་པ་ཞེས་བྱ་བ་གཅིག་ལ་གདོན་མི་ཟ་བར་ལྡོག་པའི་ཕྱིར་ཏེ་མེད ་པའི་ཕྱིར་རོ། །གཏན་ཚིགས་སྔ་མའི་དོན་བཤད་པ། དེ་དང་ལྡན་པ་དེས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་རྣམ་པའི་བྱེ་བྲག་དག་ལས་ཕྱི་རོལ་དུ་གྱུར་པའི་དོན་གང་ལ་དངོས་པོའི་ཆོས་ཐུན་མོང་མ་ཡིན་པ་འདི་གནས་པར་འགྱུར་བ་རྟག་པ་དང་མི་རྟག་པ་ཉིད་ཀྱི་རྣམ་པའི་ཁྱད་པར ་དག་ལས་ཕྱི་རོལ་ཏུ་གྱུར་པ་དེ་མེད་པར་བཤད་པ་ཡིན་ནོ། །ཕྱི་རོལ་ཏུ་གྱུར་པ་གསུམ་པའི་རྟེན་ཡོད་ན་ནི་རྣམ་པ་གཉིས་ལ་ཐེ་ཚོམ་སྐྱེ་བར་མི་འགྱུར་རོ། །གཉི་གའི་ཆ་ལ་དམིགས་པའི་ཐེ་ཚོམ་ནི་མི་རྟག་པ་མ་ཡིན་ན་ནི་གདོན་མི་ཟ་བར་རྟག་པ་ཡིན་ལ། རྟག་པ་མ་ཡིན ་ན་ཡང་གདོན་མི་ཟ་བར་འདི་མི་རྟག་པ་ཡིན་ནོ་ཞེས་རྣམ་གྲངས་ཀྱི་སྒོ་ནས་དོན་གཅིག་ཉིད་ངེས་པར་འཇོག་པ་ཡིན་ནོ། །གང་དུ་རྣམ་གྲངས་གཞན་མེད་ཀྱང་རྣམ་གྲངས་གཞན་ངེས་པར་འཇོག་པ་མ་ཡིན་པ་དེ་ནི་ཐེ་ཚོམ་མ་ཡིན་ཏེ། འོན་ཀྱང་དེ་ནི་མ་རྟོག་པ་ཉིད་དོ། །དེ་ཉིད་ཀྱི ་ཕྱིར་གསུམ་པ་ཞེས་བརྗོད་པ་ཡིན་ནོ། །ཁྱད་པར་ཅི་སྙེད་ཀྱིས་ཤེས་བྱ་བས་ནི་ཕན་ཚུན་སྤངས་པས་གནས་པའི་རྣམ་པར་གཉིས་ཉིད་ཐེ་ཚོམ་གྱི་ཡུལ་དུ་བཤད་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པ་གཉིས་ཉིད་གཅིག་གཏང་ན་གཉིས་པ་ངེས་པར་འཐོབ་པ་ཡིན་གྱི་རྣམ་པ ་ལྔ་འམ་དྲུག་ཡོངས་སུ་གཟུང་ན་ནི་དེ་དག་ལས་གཅིག་གཏང་བ་ན་གཉིས་པ་འགའ་ཞིག་ཀྱང་ངེས་པར་འཐོབ་པར་མ་ཡིན་ཏེ། རྣམ་པ་ལྔ་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་བསྒྲུབ་པར་བྱ་བའི་ཆོས་འགའ་ཞིག་གི་སྐབས་སུ་བརྗོད་པའི་གཏན་ཚིགས་ཐུན་མོང ་མ་ཡིན་པ་འམ་གཅིག་ཤོས་སུ་བསམ་པར་བྱ་བ་ཡིན་ནོ། །དེ་ལ་ཡང་བསྒྲུབ་པར་བྱ་བའི་ཆོས་ལས་བཟློག་པ་ཐམས་ཅད་ཕུང་པོ་གཉིས་པ་ཡིན་པའི་ཕྱིར་རོ་རྣམ་པ་གཉིས་ཉིད་ཐམས་ཅད་སྡུད་པར་བྱེད་པར་སྲིད་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གཏན་ཚིགས་གཉིས་པ་བཤད ་པའི་ཕྱིར། གཅིག་ཏུ་ངེས་པ་ལྡོག་པས་ནི་ཞེས་སྨོས་སོ། །འདིས་ནི་རྟག་པའམ་མི་རྟག་པའི་ཕུང་པོ་གཅིག་རྟོག་པའི་ཚད་མ་མེད་པར་བཤད་པ་ཡིན་ནོ། །ཅིའི་ཕྱིར་གཏན་ཚིགས་འདི་གཉིས་ཐུན་མོང་མ་ཡིན་པ་ཐེ་ཚོམ་གྱི་སྒྲུབ་བྱེད་དུ་བརྗོད་ཀྱི་གཅིག་མ་ཡིན་ཞེ་ན། ་བཤད་པ། གང་གི་ཕྱིར་གཏན་ཚིགས་གཉིས་པོ་འདི་ཐུན་མོང་མ་ཡིན་པའི་ཆོས་གཅིག་ལ་བསྡུས་པས་ནི་ཐུན་མོང་མ་ཡིན་པའི་རྟེན་གྱི་དངོས་པོའི་རྣམ་པའི་ཁྱད་པར་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེའི་ཕྱིར་གཉིས་བརྗོད་པ་ཡིན་ནོ། །ཐེ་ཚོམ་གྱི་དམིགས་པ་རྣམ ་པ་གཉིས་ཐམས་ཅད་བསྡུས་པའི་ཕྱིར་ཏེ། ཁྱབ་པའི་ཕྱིར་ན་ཆོས་ཅན་ལ་གནས་པ་ནི་དེ་གཉིས་དང་འབྲེལ་བ་ཡིན་ལ། གཅིག་ལ་རྟོགས་པའི་སྒྲུབ་པར་བྱེད་པ་མེད་པས་ནི་དེ་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པར་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་གཉི་ག་ཆོས་གཅིག་ལ་བསྡུ ་བ་ལ་བལྟོས་པར་བྱ་བ་ཡིན་ནོ། །དེ་ལྟར་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བས་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །ལྡོག་པ་ངེས་པའི་རྒྱུ་ཉིད་དུ་འགྱུར་རོ་ཞེས་བཤད་པ་ནི་འགའ་ཞིག་ལས་ལྡོག་པ་དེས་ན་ཐུན་མོང་མ་ཡིན་པའི་ཁྱད་པར་རང་ལ་ཡོད་པའི་ཡུལ་ལ ་གང་ལས་ལྡོག་པར་ངེས་པ་དེ་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་ཡིན་པ་གང་གིས་བཟློག་ཅེས་ཁོ་བོས་ལེའུ་གཉིས་པར་བཤད་ཟིན་ཏོ། །གཅིག་རྣམ་པར་བཅད་པ་ཉིད་གནས་པ་ཡིན་པའི་ཕྱིར་མཉན་བྱ་ཉིད་གོ་བྱེད་དུ་འགྱུར་རོ། །དེའི་ཕྱིར་ཐུན་མོང་བ་བཞིན་དུ ་ཐུན་མོང་མ་ཡིན་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །འདིས་ནི་ཐུན་མོང་མ་ཡིན་པ་མ་རྟོགས་པའི་རྒྱུ་ཡིན་གྱི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་བསལ་བ་ཡིན་ནོ། །ཕྱོགས་ཀྱི་ཆོས་ངེས་པ་མཐུན་པའི ་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་ཙམ་གྱིས་ཅི་ལྟར་མ་ངེས་པར་འགྱུར་ཏེ། གང་གི་ཕྱིར་ངེས་པའི་གཏན་ཚིགས་རབ་ཏུ་སྦྱར་བ་ལ་ཡང་སྨྲ་བ་པོ་ཚུལ་གསུམ་སྒྲུབ་པ་ལ་སྤོབས་པ་མེད་པའི་ཕྱིར་རྟོགS་པ་པོ་ཐེ་ཚོམ་དུ་འགྱུར་ན། ་དེ་ཙམ་གྱིས་ངེས་པའི་གཏན་ཚིགས་དེ་ཡང་གཅིག་ཏུ་ངེས་པར་ཏེ་ངེས་པ་ཁོ་ན་མ་ངེས་པ་ཉིད་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཚུལ་གསུམ་བསྒྲུབ་པའི་ཕྱིར་རྟོགས་པ་པོའི་ཐེ་ཚོམ་གྱི་ཡིན་པས་མ་ངེས་པར་འགྱུར་རོ། །དོན་དམ་པར་ནི་དེ་ཡང་དག་པའི་གཏན་ཚིགས ་ཉིད་ཡིན་ནོ། །དེའི་ཕྱིར་མ་ངེས་པ་ཉིད་དེའི་ངོ་བོ་ངེས་པ་གང་ལ་ཡོད་པའི་ཕྱོགས་ཀྱི་ཆོས་དེ་ནི་མ་ངེས་པ་ཡིན་ནོ། །དེའི་ངོ་བོ་ངེས་པ་དེ་ཡང་གང་ལས་ཤེ་ན། བཤད་པ། བསྟན་པ་བརྗོད་པའི་ཡོན་ཏན་ཏེ་མ་ངེས་པའི་ཆོས་ངེས་པ་ཉིད་ལས་ཡིན་ཏེ། རྒྱུ་གཞན་ལས་ནི་མ་ཡིན་ནོ།། ་ཐུན་མོང་པ་ལ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ཡོད་པ་མ་ངེས་པའི་ཡོན་ཏན་ཡིན་ལ། ཐུན་མོང་མ་ཡིན་པ་ལ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་མེད་པ་ཡོན་ཏན་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་གཞི་དག་ལ་ཐེ་ཚོམ་ཟ་བ་དེ་ཉིད་ཡོན་ཏན་ཡིན་ནོ། །ཐེ་ཚོམ་ཟ་བ་ཇི་ལྟར་ངེས་པ་ཡིན་ཞེས་དེ་སྙམ་ནི་བསམ་པར་མི་བྱ་སྟེ། གང་གི་ཕྱིར་གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བར་ཚད་མས་འཐང ་པ་ཡིན་ན་དེའི་ཚེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བ་ཉིད་དུ་ངེས་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་མ་ངེས་པ་ཐམས་ཅད་ལ་ཡོན་ཏན་དུ་བརྗོད་པ་གང་ཡིན་པ་དེ་ཐམས་ཅད་ངེས་པར་བྱ་བ་ཡིན་ནོ། །དེས་ན་ངོ་བོ་ཉིད་ངེས་པ་མེད་པར་ཡོད་པ་དང་མེད་པར་ཐེ་ཚོམ ་ཡོད་པ་དེ་ཙམ་གྱིས་ནི་མ་ངེས་པ་མ་ཡིན་ཏེ། གཏན་ཚིགས་ཀྱང་མ་ངེས་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཅིག་ཤོས་ཀྱི་སྐྱོན་འགའ་ཞིག་ནི་དངོས་པོའི་ཡིན་ལ་གཞན་སྨྲ་བ་པོའི་ཉེས་པ་ཡིན་ནོ། །དེས་ན་གལ་ཏེ་ཡང་དག་པའི་གཏན་ཚིགས་དངོས་པོ་སྐྱོན་མེད་ཡིན་ཡང ་སྨྲ་བ་པོས་ངེས་རང་བཞིན་ཇི་འདྲ་བར་བསྟན་པའི་ཐེ་ཚོམ་ཟ་བ་དེའི་རང་བཞིན་གྱིས་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །དེའི་ཕྱིར་དངོས་པོའི་སྐྱོན་གྱིས་ཀྱང་སྐྱོན་ཅན་དུ་འགྱུར་ལ་གཏན་ཚིགས་སྟོན་པར་བྱེད་པའི་སྐྱོན་གྱིས་ཀྱང་རང་བཞིན་མ་ངེས་པའི་སྐྱོན་ཅན་དུ་འགྱུར་རོ་ཞེས ་གཏན་པའི་ཕྱིར་བཤད་པ་ནི། གཞན་གྱི་སྐྱོན་གྱི་རྗེས་སུ་དཔག་པར་དངོས་པོའི་ཆོས་ནི་ངོ་བོ་སྟེ། གཏན་ཚིགས་ཉིད་དོ། །དེ་ཉིད་ལས་རྟེན་ནས་སོ། །འདིར་སྨྲ་བ་པོ་ནི་སྟོན་པར་བྱེད་པའི་དབང་དུ་བྱས་པ་ཡིན་ལ། གཏན་ཚིགས་ནི་གསལ་བར་བྱ་བ་ཡིན་ནོ། །དེ་ལ ་དངོས་པོ་ལ་ཕྱིན་ཅི་ལོག་ན་དེའི་རྒྱུ་མཚན་གྱིས་སྒྲུབ་པའི་སྐྱོན་བརྗོད་པ་ཡིན་ལ། སྨྲ་བ་པོས་ཕྱིན་ཅི་ལོག་ཏུ་བསྟན་ན་ནི་སྨྲ་བ་པོའི་སྤོབས་པའི་སྐྱོན་གྱིས་སྐྱོན་བརྗོད་པ་ཡིན་ནོ། །རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ནི་དོན་གྱི་སྐྱོན་འབའ་ཞིག་བསམ་པར་བྱ ་པ་ཡིན་ནོ། །དཔེ་བསྟན་པའི་ཕྱིར་སྨས?་པ། ཅི་ལྟར་སྐྱེས་བུའི་སྤོབས?་པའི་རྒྱུ་མཚན་གྱིས། མཆོད?་བ་དང་རྗེས་སུ་འགྲོ་བ་མེད་པ་དང། རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པ་བཞིན་ནོ། །སྐྱོན་འདི་དག་ནི་སྐབས་ཅི་ལྟ་བ་དེ་ལྟར་བཤད་པར་བྱའོ། །ཇི་ལྟར་འདི་དག་སྨྲ་བ་པོའི ་སྤོབས་པའི་སྐྱོན་ཡིན་པ་དེ་བཞིན་དུ་མ་ངེས་པ་འདི་ཡང་ཡིན་ནོ། །གལ་ཏེ་དེ་ལྟ་ན་འདི་ལ་མཚང་བ་བརྗོད་པ་མེད་ལ་རྗེས་སུ་འགྲོ་བ་མེད་པ་དང་ཕྱིན་ཅི་ལོག་ཏུ་བརྗོད་པ་ཡང་མེད་པ་དེས་ན་སྐྱོན་མེད་དོ་ཞེ་ན། ཇི་ལྟར་སྐྱོན་མེད་དེ། གང་གི་ཕྱིར་རྒོལ་བ་དེས་རྟོགས་པའི ་རྒྱུ་མཚན་ཚུལ་གསུམ་གང་ཡིན་པ་ངེས་པར་བརྗོད་པར་བྱ་བའི་ཡོན་ཏན་དེ་གཞན་དུ་ཞེས་བྱ་བ་རྟོག་པའི་ཡན་ལག་ཚུལ་གསུམ་གྱི་ཡོན་ཏན་མ་ངེས་པར་བརྗོད་པའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་ཉིད་དེ་མ་ངེས་པའི་གཏན་ཚིགས་ཉིད་ནི་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པའི ་ཕྱིར་རོ། །འོ་ན་ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་ལ་ཞེས་བྱ་བ་ལ། དངོས་པོའི་དེ་ཁོ་ན་ལ་སྐྱོན་མེད་པ་ཡིན་ཡང་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་དམ། གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པ་སུན ་འབྱིན་པར་འགྱུར་རོ། །མིག་གིས་གཟུང་བ་ལ་སོགས་པ་གཉི་ག་ལ་མ་གྲུབ་པ་ནི་དངོས་པོ་ལ་ཡང་སྐྱོན་ཅན་ཡིན་པའི་ཕྱིར་དེ་མ་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ། འགལ་བས་ནི་བསྒྲུབ་པར་བྱ་བའི་དོན་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པའི་ཕྱིར་ལ། མ་ངེས་བས ་ནི་བསྒྲུབ་པའི་དོན་གྱིས་ངེས་པ་ཕྱིན་ཅི་ལོག་ཐེ་ཚོམ་སྒྲུབ་པར་བྱེད་པ་ཡིན་ན། ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་ལ་ནི་དོན་ནམ་ངེས་པ་འགའ་ཡང་ཕྱིན་ཅི་ལོག་ཏུ་བསྒྲུབས་པ་མེད་དོ། །དཔེར་ན་རྒོལ་བ་སྒྲུབ་པར་བྱེད་པ་འདོད་པ་གྲུབ་པར་བྱ་བའི ་ཕྱིར་ཡིན་པ་དེ་བཞིན་དུ་ཕྱིར་རྒོལ་བ་ཡང་དེ་ལས་ཕྱིན་ཅི་ལོག་གྲུབ་པར་བྱ་བའི་ཕྱིར་སུན་འབྱིན་པ་ཡིན་ནོ་ཞེ་ན། ཅིག་ཤོས་ཀྱིས་སྨྲས་པ། དེ་ནི་དེ་ལྟ་ཡིན་ཏེ་ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་བརྗོད་པ་ནི་སུན་འབྱིན་པར་འདོད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འདོད་པ ་བསྒྲུབ་པར་བྱ་བ་ངེས་པ་མ་གྲུབ་པའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། སུན་འབྱིན་པས་ནི་འདོད་པ་བསྒྲུབ་བྱ་ངེས་པའི་གེགས་བྱ་བ་ཡིན་གྱི། སྔ་ན་མེད་པ་ནི་ཅུང་ཟད་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ངེས་པའི་གེགས་ནི་ཐེ་ཚོམ་ཟ་བ་དང། གང་ཡང་རུང་བ་ལ་མ་གྲུབ ་པ་ཉིད་བརྗོད་པས་ཀྱང་བྱས་པའི་ཕྱིར་སུན་འབྱིན་པ་ཉིད་དོ། །ཅིག་ཤོས་ཀྱིས་གཞན་གྱི་བསམ་པ་མ་རིག་ནས། ཕྱིན་ཅི་ལོག་ཏུ་གྲུབ་པ་ཡང་མེད་པ་མ་ཡིན་ནམ་ཞེས་སྨོས་སོ། །འདོད་པ་མ་གྲུབ་པའི་ཕྱིར་རྒོལ་བའི་སྒྲུབ་བྱེད་སྒྲུབ་བྱེད་དུ་མི་འགྱུར་བ་འབའ་ཞིག ་ཏུ་མ་ཟད་ཀྱི་ཕྱིན་ཅི་ལོག་གྲུབ་པ་མེད་པའི་ཕྱིར་ན་ཕྱིར་རྒོལ་བའི་སུན་འབྱིན་པ་ཡང་སུན་འབྱིན་པ་མ་ཡིན་པའི་ཕྱིར་ན་འདོད་པ་མ་གྲུབ་པའི་ཕྱིར་སུན་འབྱིན་པ་ཡིན་ནོ་ཞེས་ཅི་ལྟར་བརྗོད་ཅེ་ན། ཅིག་ཤོས་ཀྱིས་རང་གི་བསམ་པ་སྨྲས་པ། ཕྱིན་ཅི་ལོག་ཏུ་གྲུབ་པས ་ནི་ཕྱིར་རྒོལ་བའི་ཚིགས་སུན་འབྱིན་པ་མ་ཡིན་ནོ། །འོན་ཀྱང་ཕ་རོལ་གྱི་འདོད་པའི་གེགས་བྱེད་པའི་ཕྱིར་རོ། །དེ་ཡང་སྒྲུབ་པར་བྱེད་པའི་ངེས་པར་བྱེད་པའི་ནུས་པ་བཅོམ་པའི་ཕྱིར་ཡིན་ནོ། །སུན་འབྱིན་པ་བརྗོད་པ་སྔ་ན་མེད་པ་ཅུང་ཟད་སྒྲུབ་པ་ནི་མ་ཡིན་གྱི། ་འོན་ཀྱང་བསྒྲུབ་བྱ་ངེས་པའི་གོགས་བྱ་བ་ཡིན་ནོ། །འགལ་བ་དང་མ་ངེས་པ་རྗོད་པ་དག་གིས་ནི་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་དང། ཐེ་ཚོམ་སྐྱེད་པའི་ཕྱིར་དེའི་གེགས་བྱེད་པ་ཡིན་ལ། མ་གྲུབ་པའི་བརྗོད་པས་ནི་སྒྲུབ་པར་བྱེད་པའི་བསྒྲུབ་པར་བྱ་བ་ལ་བསྒྲུབ ་པར་བྱ་བར་ངེས་པར་བྱེད་པའི་ནུས་པ་འཇོམས་པས་གེགས་བྱེད་པ་ཡིན་ཏེ། གཏན་ཚིགས་མེད་ན་ངེས་པ་མེད་པའི་ཕྱིར་རོ། །གདོན་མི་ཟ་བར་འདི་ཉིད་ཁས་བླངས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་ཕྱིན་ཅི་ལོག་པ་སུན་འབྱིན་པའི་བསྒྲུབ་བྱ་ཡིན་ནམ ་འོན་ཏེ་དེས་པ་ཕྱིན་ཅི་ལོག་པ་ཡིན། གལ་ཏེ་དོན་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། གཞལ་བྱ་ཉིད་ལ་སོགས་པ་མ་ངེས་པ་དག་ལ་དོན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་ནོ། །འོན་ཏེ་ངེས་པ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེ་ན། མ་ངེས་པ་དག་ལ་ནི་དེས་པ་ཕྱིན་ཅི་ལོག ་པའི་ཐེ་ཚོམ་ཡོད་དུ་ཆུག་ན་འོན་ཀྱང་མིག་གིས་གཟུང་བ་ཉིད་ལ་ཕྱིན་ཅི་ལོག་ཅི་ཞིག་ཡོད། མིག་གིས་གཟུང་བ་ཉིད་ལས་ནི་རྟག་པ་དང་མི་རྟག་པར་ཐེ་ཚོམ་ཟ་བ་མ་ཡིན་ཏེ། སྒྲོ་དང་མ་འབྲེལ་བའི་ཕྱིར་རོ། །གཅིག་ཤོས་ཀྱིས་སྨྲས་པ། གཉི་ག་ལ་གྲུབ་པར་ཏེ་གྲུབ་པ་ཉིད ་དུ་བསྟན་པར་བྱ་བའི་གཏན་ཚིགས་།གཉི་ག་ལ་མ་གྲུབ་པ་གཉི་ག་ལ་གྲུབ་པ་མེད་པ་ནི་གཏན་ཚིགས་ངེས་པའི་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན། སྐབས་ཀྱི་གཏན་ཚིགས་ངེས་པ་འདི་ལ་ཡང་ཕྱིན་ཅི་ལོག་པ་བྱད་ཀྱིས་ཚིག་གིས་ཁས་བླངས་པ་ཡིན ་ནོ་ཞེས་བཤད་པ་ནི། འོ་ན་ནི་འདིར་ཡང་སྟེ་ཐེ་ཚོམ་ཟ་བ་དང། གང་ཡང་རུང་བ་ལ་ཡང་ངེས་པ་ཉིད་དུ་བསྟན་པར་འོས་པ་སུན་འབྱིན་པས་མ་ངེས་པར་བསྟན་པ་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ནོ། །དེ་ལྟ་ཡིན་དང་བསྒྲུབ་བྱ་ངེས་པ་ལས་བཟློག་པ་ངེས་པ་མེད་པ་ཅིས་བ ་སྟེ་ཁས་མི་ལེན་ཏོ། ངེས་ན་བསྒྲུབ་བྱ་དེས་པ་ལས་བཟློག་པ་ཡང་ཡོད་པར་བརྗོད་པར་ལྟའོ། །དེའི་ཕྱིར་སྤོབས་པ་མེད་པས་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་མ་དེས་པ་ཡིན་ལ། ད་ལྟ་བའི་རྣམ་པ་བརྗོད་པ་ཡང་ཕྱིར་རྒོལ་པ་སུན་འབྱིན་པ་ཡིན་ནོ ་ཞེས་གནས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་གཏན་ཚིགས་དང་འགལ་བ་དེ་ནི་ཡོད་པ་དང་མེད་པ་ངེས་པ་ན་རྒོལ་བའི་སྒྲུབ་པ་དང། ཕྱིན་རྒོལ་བ་དང་སུན་འབྱིན་པར་འགྱུར་བ་ཡིན་ནོ། །མ་ངེས་པ་ནི་ཡོད་པ་དང་མེད་པ་ལ་ཐེ་ཚོམ་དུ་གྱུར་པ་ན་སུན་འབྱིན་པ ་ཡིན་ནོ། །དེ་དག་ཀྱང་ཅི་རིགས་པར་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པའི་ངེས་པར་བྱ་བ་ཡིན་ནོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པའི་ཕྱོགས་ཀྱི་ཆོས་དགུ་བསྟན་པ་ནི། གཞལ་བྱ་ཉིད་ནི་མཐུན་པའི་ཕྱོགས་རྟག་པ་ལ ་ཡོད་པ་མི་མཐུན་པའི་ཕྱོགས་ལ་ཡོད་པའོ། །བྱས་པ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མི་མཐུན་པའི་ཕྱོགས་ལ་མེད་པའོ། །མི་རྟག་པ་ཉིད་ནི་མཐུན་པའི་ཕྱོགས་རྩོལ་བ་ལས་བྱུང་བ་ལ་ཡོད་པ་མི་མཐུན་པའི་ཕྱོགས་ལ་རྣམ་པ་གཉི་ག་སྟེ། བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པ་གློག་ལ ་སོགས་པ་ལ་ནི་ཡོད་ལ་ནམ་མཁའ་ལ་སོགས་པ་ལ་ནི་མེད་པའོ། །རྟག་པ་བསྒྲུབ་པར་བྱ་བ་ལ་བྱས་པ་ཉིད་ནི་མཐུན་པའི་ཕྱོགས་ལ་མེད་པ་མི་མཐུན་པའི་ཕྱོགས་ལ་ཡོད་པའོ། །སྲོག་ལ་སོགས་པ་དང་ལྡན་པ་ཉིད་ནི་མཐུན་པའི་ཕྱོགས་བདག་དང་བཅས་པ་ལ་མེད་པ་མི་མཐུན་པའི ་ཕྱོགས་ལ་མེད་པའོ། །རྩོལ་པ་ལས་བྱུང་བ་ཉིད་ནི་རྟག་པ་བསྒྲུབ་པར་བྱ་བ་ལ། མཐུན་པའི་ཕྱོགས་ལ་མེད་པ་མི་མཐུན་པའི་ཕྱོགས་བུམ་པའི་སོགས་པ་ལ་ཡོད་པ་ལ་གློག་ལ་སོགས་པ་ལ་མེད་པའི་ཕྱིར་རྣམ་པ་གཉི་གའོ། །མི་རྟག་པ་ཉིད་ནི་རྩིལ་བ་ལས་མ་བྱུང་བ་བསྒྲུབ ་པར་བྱ་བ་ལ། ནམ་མཁའ་ལ་སོགས་པ་ལ་མེད་ལ་རྩོལ་བ་ལས་མ་བྱུང་བ་བློག་ལ་སོགས་པ་ལ་ཡོད་པས་མཐུན་པའི་ཕྱོགས་ལ་གཉི་ག་མི་མཐུན་པའི་ཕྱོགས་རྩོལ་བ་ལས་བྱུང་བ་མཛའ་དག་ལ་ཡོད་པ་ཡིན་ནོ། །མི་རྟག་པ་ཉིད་བསྒྲུབ་པ་ན་རྩོལ་བ་ལས་བྱུང་བ་ཉིད ་ནི་མཐུན་པའི་ཕྱོགས་ལ་གཉི་ག་མི་མཐུན་པའི་ཕྱོགས་ལ་མེད་པའོ། །རྟག་པ་ཉིད་བསྒྲུབ་པ་ལ་རེག་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཅན་གྱི་ལུས་ཅན་མ་ཡིན་པ་ཉིད་ནི་རྟག་པའི་རྡུལ་ཕྲ་རབ་དག་ལ་ནི་མེད་ལ། ནམ་མཁའ་ལ་སོགས་པ་ལ་ནི་ཡོད་པའི་ཕྱིར་མཐུན་པའི ་ཕྱོགས་ལ་གཉི་ག། མི་མཐུན་པའི་ཕྱོགས་མི་རྟག་པ་བུམ་པ་ལ་སོགས་པ་ལ་ནི་མེད་ལ། མི་རྟག་པ་རིག་པ་ལ་ཡོད་པའི་ཕྱིར་ན་རྣམ་པ་གཉི་ག་ཡིན་ནོ། །འདིས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །མི་མཐུན་པའི་ཕྱོགས་ལ་བལྟོས་ནས་དབྱེ་བ་མི་སྲིད་པར་བསྟན་པའི་ཕྱིར་སྨྲས ་པ། དབྱེ་བ་བྱ་བ་དབྱེ་བར་བྱ་བའི་ཆེད་དུ་མི་མཐུན་པའི་ཕྱོགས་ལ་བལྟོས་ནས་མི་མཐུན་པའི་ཕྱོགས་ལ་ཕྱོགས་ཀྱི་ཆོས་ཡོད་པ་འམ་མེད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན། མེད་པ་ནི་གཞི་སྟེ་རྟེན་བྱ་ནུས་པ་དང་མི་ལྡན་པའི་ཕྱིར་རོ། ་ཡོད་པ་ནི་ནུས་པ་དང་ལྡན་པ་ཡིན་ལ། ནུས་པ་ཡང་གཞི་ཡིན་པའི་ཕྱིར་ཅི་ལྟར་མེད་པ་ལ་འགྱུར་ཞེ་ན། རྩོད་པ་འདི་ནི་སྤངས་ཟིན་པ་ཡིན་ནོ་ཞེས་བཤད་པ་ནི། རྩོད་པ་འདི་ལ་མེད་པ་ལ་ཅི་ལྟར་འགོག་པ་དེ་ལྟར་ནི་བཤད་ཟིན་ལ། ཇི་ལྟར་མི་མཐུན་པའི་ཕྱོགས་ནི་དེ་མ ་ཡིན་པའི་མཚན་ཉིད་ཡིན་པ་དེ་ལྟར་ཡང་དེ་མ་ཐག་པ་ཁོ་ནར་བཤད་ཟིན་ཏོ། །མེད་པ་ལ་འགོག་པའི་ཕྱིར་ནི་མི་མཐུན་པའི་ཕྱོགས་མེད་པ་ལ་ཡང་གཏན་ཚིགས་མེད་པ་ཡིན་ལ། གཞན་པ་དང་འགལ་བ་དག་ལ་དེ་མ་ཡིན་པའི་མཚན་ཉིད་ཀྱི་མི་མཐུན་ཕྱོགས་ཡོད་པས་ནི་མི་མཐུན ་པའི་ཕྱོགས་ལ་གཏན་ཚིགས་མེད་པ་ཡིན་ནོ། །རྩོད་པ་གང་ཞིག་སྤྲོ་བའི་ཕྱིར་བཤད་ཟིན་པ་འདི་ཡང་ཉེ་བར་བཀོད་པའི་རྩོད་པ་དེ་བསྟན་པའི་ཕྱིར། འདི་མི་མཐུན་པའི་ཕྱོགས་ཡིན་ན་ཞེས་སྨོས་སོ། །དེ་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར་གཞན་པ་མི་མཐུན་པའི་ཕྱོགས་ཡིན་ན་གཏན ་ཚིགས་མེད་པར་ཐལ་བར་འགྱུར་རོ། །ཅི་ལྟར་ཞེ་ན། བུམ་པ་ལ་སོགས་པའི་ཆོས་ཅན་ཐམས་ཅད་བསྒྲུབ་བྱ་མི་རྟག་པ་ཉིད་ལས་ཆོས་གཞན་མིག་གི་གཟུང་བ་ཉིད་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཆོས་གཅིག་ཉིད་དང་ལྡན་པ་ནི་འགའ་ཡང་མི་སྲིད་པ། ཆོས་ཙམ་ལ་ཆོས་གནས ་པ་ཡང་མ་ཡིན་གྱི། འོན་ཀྱང་ཆོས་ཅན་ཉིད་ལ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱའི་ཆོས་ལས་གཞན་པ་དང་ལྡན་པའི་ཆོས་ཅན་ནི་གཞན་ཡིན་ལ། དེ་ཉིད་ཀྱང་མི་མཐུན་པའི་ཕྱོགས་ཡིན་པས་མིག་གིས་གཟུང་བ་ཉིད་དང་ལྡན་པའི་བུམ་པ་ལ་སོགས་པ་ཡང་གཞན་པ་མི་མཐུན་པའི ་ཕྱོགས་སུ་འགྱུར་ལ། དེ་ལ་ཞུགས་པའི་གཏན་ཚིགས་ཀྱང་མི་མཐུན་པའི་ཕྱོགས་ལ་འཇུག་པར་འགྱུར་རོ། །དེས་ན་དཔེ་ལ་ཡོད་པའི་གཏན་ཚིགས་ཐམས་ཅད་མ་ངེས་པར་འགྱུར་རོ་ཞེ་ན། ཅིག་ཤོས་ཀྱི་སྒྲའི་དོན་རྣམ་པར་བཞག་པ་ལ་འཇིག་རྟེན་ཚད་མར་མཐོང་ནས ་སྨྲས་པ། གཏན་ཚིགས་མེད་པར་ཐལ་བར་མི་འགྱུར་རོ། །གང་གི་ཕྱིར་བསྟན་བཅོས་བྱེད་པ་འཇིག་རྟེན་པའི་སྒྲའི་དོན་ལས་འདས་ནས་འཇུག་པ་ནི་མ་ཡིན་ལ། འཇིག་རྟེན་ན་སྐབས་ཀྱི་ཆོས་ལས་ཆོས་གཞན་དང་ལྡན་པ་ལ་དགག་པ་འཇུག་པ་ནི་མེད་དེ། བྲམ་ཟེ་མ ་ཡིན་པ་ཞེས་བྱ་བ་ཡིན་ནོ། །བྲམ་ཟེའི་སྒྲ་འཇུག་པའི་རྒྱུ་མཚན་བྲམ་ཟེའི་རིགས་ལས་གཞན་པའི་ཆོས་དང་ལྡན་པའི་སྐྱེས་བུ་ལ་བྲམ་ཟེ་མ་ཡིན་པར་བརྗོད་པ་ནི་མ་ཡིན་ནོ། །འདི་ག་ལས་ཤེ་ན། དེའི་རིགས་དང་ལྡན་པ་ཞེས་སྨོས་སོ། །གལ་ཏེ་བྲམ་ཟེ་ལས་གཞན་པའི་སྐྱེས་བུ ་ལ་བྲམ་ཟེ་མ་ཡིན་པ་ཞེས་བྱ་བའི་སྒྲ་འཇུག་ན་མི་དེའི་ཚེ་དེའི་ཞེས་བྱ་བ་བྲམ་ཟེའི་རིགས་དང་ལྡན་པའི་ཕྱིར་སྐྱེས་བུ་དེ་ཉིད་བྲམ་ཟེ་ཡིན་ལ། བྲམ་ཟེ་ལས་ཆོས་གཞན་པ་དང་འབྲེལ་བའི་ཕྱིར་བྲམ་ཟེ་མ་ཡིན་པ་ཡང་ཡིན་ནོ་ཞེས་འཇིག་རྟེན་ན་བརྗོད་པར་འགྱུར་བ་ཞིག་ན། གཅིག་པོ ་དེ་ཉིད་བྲམ་ཟེ་མ་ཡིན་པ་དག་གི་ཐ་སྙད་བྱས་པར་རྟོག་པ་ནི་མེད་དོ། །འོ་ན་ཅི་ལྟར་བྲམ་ཟེ་མ་ཡིན་བ་ཞེས་ཐ་སྙད་བྱེད་པར་རྟོགས་ཤེ་ན། བཤད་པ། བརྗོད་པ་འདོད་པ་བྲམ་ཟེའི་སྒྲ་འཇུག་པའི་རྒྱུ་མཚན་བྲམ་ཟེའི་ཆོས་ཀྱི་གཞི་མ་ཡིན་པའི་དངོས་པོའོ། །དགག་པ་ནི་གཞན ་བརྗོད་པར་འདོད་པ་ཡིན་ལ། ཆོས་གཞན་དག་ཀྱང་བྲམ་ཟེ་ལས་གཞན་མ་ཡིན་ནམ། དེ་ཡང་བྲམ་ཟེ་མ་ཡིན་པར་ཇི་སྟེ་མི་བརྗོད་ཅེ་ན། བཤད་པ། དགག་པའི་ཡུལ་གཞན་ཡིན་ཡང་བརྡ་ནི་ཡུལ་རྣམ་པར་ཕྱེ་ནས་འཇུག་པའི་ཕྱིར་རོ། །སྒྲ་ནི་བརྡ་དང་རྗེས་སུ་མཐུན་པར ་རྗོད་པར་བྱེད་པ་ཡིན་གྱི། དངོས་པོའི་རང་བཞིན་གྱི་རྗེས་སུ་བྱེད་པ་ནི་མ་ཡིན་ནོ། །ཆོས་གཞན་དང་ལྡན་པ་ཙམ་ལ་ནི་དགག་པ་བརྡར་བྱས་པ་ཡང་མ་ཡིན་གྱི། འོན་ཀྱང་དགག་པའི་བསྡུ་བ་ཚིག་ཕྱི་མ་འཇུག་པའི་རྒྱུ་མཚན་བྲམ་ཟེ་ཉིད་བཀག་ནས་ཁྱད་པར་ཅན་གྱི་རྫས་གཞན་ལ་སྦྱར ་བ་ཡིན་ནོ། །དེས་ན་ཚིག་ཕྱི་མའི་འཇུག་པའི་རྒྱུ་མཚན་སྤངས་ནས་དེ་བཀག་པ་དང་ལྡན་པ་གཞན་ལ་དགག་པ་འཇུག་པ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ཀྱི་སྒྲ་ཡང་ཕྱོགས་ཀྱི་སྒྲས་བརྗོད་པར་བྱ་བའི་དོན་བསྒྲུབ་བྱ་དང་ལྡན་པ་སྤངས་ནས་གཞན་ལ་འཇུག་པ་ཡིན ་ནོ། །མཚན་ཉིད་གཞན་བསྟན་པའི་ཤུགས་ཀྱིས་ཀྱང་དེ་ལྟ་བུ་མི་མཐུན་པའི་ཕྱོགས་སུ་འགྱུར་བ་བསལ་བའི་ཕྱིར། མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། གང་ཞིག་བསྟན་ན་སྐབས་སུ་བབ་པའི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་མི་འགལ ་བ་དེ་འདྲ་བ་ནི་མི་མཐུན་པའི་ཕྱོགས་སུ་བསྟན་པར་བྱ་བ་ཡིན་ན། འདི་ལྟ་བུ་མི་མཐུན་པའི་ཕྱོགས་སུ་འདོད་ན་ནི་མི་སྲིད་པ་ཞེས་བྱ་བ་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་འགལ་བ་ཡོད་པ་ཡིན་ནོ། །དེས་ན་སྔར་གྱི་འཇིག་རྟེན་པའི་དབང་དང་འགལ་བར་འགྱུར ་བ་འདིའི་ཕྱིར་ན་ཡང་དེ་ལྟར་མི་མཐུན་པའི་ཕྱོགས་རྟོགས་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ཀྱི་མཚན་ཉིད་འགལ་བ་བསྟན་པའི་ཕྱིར་བཤད་པ་ནི། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དག་ཐམས་ཅད་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན ་པའི་ཕྱིར་ན་དག་འདི་ལ་གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་མཚུངས་པ་ཞེས་མཚུངས་པའི་དོན་ངེས་པར་བྱེད་ན། མཐུན་པའི་ཕྱོགས་འགའ་ཡང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ། རྣམ་པ་དེ་ལྟ་བུ་བསྒྲུབ་བར་བྱ་བའི་ཆོས་འགའ་ཞིག་གིས་མཚུངས ་པ་ནི་འགའ་ཡང་མི་སྲིད་པའི་ཕྱིར་ཏེ། དེ་ལས་གཞན་དངོས་པོ་ཉིད་ཀྱིས་ཀྱང་དེ་མཚུངས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ངེས་པར་བཟུང་བ་ནི་མ་ཡིན་གྱི། འོན་ཀྱང་སྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱེས?་མཚུངས་པ་ཉིད་གང་ཡིན་པའོ་ཞེས་བསྒྲུབ་པར་བྱ་བའི་ཆོས ་ཀྱི་སྤྱི་དང་མ་འབྲེལ་བ་སྤངས་པ་ཡིན་ཏེ། འདི་དང་མ་འབྲེལ་བ་ནི་མཐུན་པའི་ཕྱོགས་མ་ཡིན་ནོ་ཞེས་བྱ་བ་ཡིན་གྱི། ཆོས་གཞན་དང་འབྲེལ་བ་སྤོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་ཕྱོགས་དང་འབྲེལ་པའི་ཆོས་གཞན་མ་སྤངས་པ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་གང་ཡིན ་པ་དང་འབྲེལ་པ་སྟེ་བདག་ཉིད་དང་རྗེས་སུ་འབྲེལ་བའི་བུམ་པ་ལ་སོགས་པ་དེ་ནི་ཕྱོགས་སུ་བྱེད་དོ། །རྒྱུ་དེས་ན་མི་མཐུན་པའི་ཕྱོགས་ཤེས་བྱ་བའི་སྒྲས་ཆོས་གཞན་དང་ལྡན་པའི་གཞན་ཐམས་ཅད་རྟོགས་པ་ནི་མ་ཡིན་ཏེ། མཐུན་པའི་ཕྱོགས་མེད་པར་ཐལ་བའི་ཕྱིར་རོ།། ་འོན་ཀྱང་ཆིག་ཕྱི་མ་འཇུག་པའི་རྒྱུ་མཚན་གྱི་ཆོས་མེད་པ་དང་ལྡན་པའི་ཆོས་ཅན་ནོ། །དེའི་ཕྱིར་དགག་པའི་བསྡུ་བས་སྐབས་སུ་བབ་པའི་ཆོས་དང་བྲལ་བ་གཞན་གཟུང་བའི་ཕྱིར་གཞན་པ་མི་མཐུན་པའི་ཕྱོགས་སུ་གཟུང་ཡང་གཏན་ཚིགས་མེད་པར་ཐལ་བའི་སྐྱོན? ་ནི་འགའ་ཡང་མེད་དོ། །འདི་ནི་འགལ་བ་རྣམ་པར་གཅོད་པར་ཐལ་པའི་ཕྱིར་དང། གཏན་ཚིགས་མེད་པར་ཐལ་བའི་ཕྱིར་རོ་ཞེས་ཀུན་ལས་བཏུས་པའི་གཞུང་རྟོགས་པར་བྱེད་པའི་ཊིཀཱ་བྱེད་པ་རྣམས་མ་འབྲེལ་བར་བརྗོད་པ་ཉིད་དུ་བསྟན་པའི་ཕྱིར་ཉེ་བར་བཀོད་པ་ཡིན་ནོ། །གལ ་ཏེ་གཏན་ཚིགས་ཀྱི་སྐབས་མདོར་བསྡུས་ནས་བརྗོད་པར་འདོད་པ་ཡིན་ན་ཇི་ཙམ་ཞིག་ལ་གོ་བར་བྱེད་པ་ཡོད་པ་དེ་དག་ཉིད་བསྟན་པར་བྱའི། དགུ་པོ་འདི་དག་བསྟན་པས་ཅི་བྱ་ཞེ་ན། ཕྱོགས་ཀྱི་ཆོས་བསྟན་པ་གཉིས་ནི་གཏན་ཚིགས་ཡིན་ལ། གཉིས་ནི་འགལ་བ་ཡིན་ནོ། །ཅིའི ་དོན་དུ་ཞེ་ན། རང་བཞིན་དང་འབྲས་བུ་དག་གྲུབ་པར་བྱ་བའི་དོན་དུའོ། །རང་བཞིན་དང་འབྲས་བུ་ནི་གཏན་ཚིགས་དང་འགལ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་བཞི་བསྟན་པ་ཡིན་ནོ། །ཁྱད་པར་དང་སྤྱིའི་ནི་ཁྱད་པར་དང་སྤྱི་དག་སྟེ།། ་ཐུན་མོང་མ་ཡིན་པ་ཡིན་པ་དང་ཐུན་མོང་པའི་ཕྱོགས་ཀྱི་ཆོས་ཏེ། རྩོད་པའི་གནས་ཡིན་པའི་ཕྱིར་ཉེ་བར་བསྟན་ཏོ། །གཞན་དག་སྲོག་ལ་སོགS་པ་དང་ལྡན་པ་ཐུན་མོང་མ་ཡིན་པ་ནི་ལྡོག་པ་ཅན་གྱི་གཏན་ཚིགས་སུ་འདོད་ལ། གཞལ་བྱ་ཉིད་ནི་རྗེས་སུ་འགྲོ་བ་ཅན་ཡིན ་ནོ། ཞེས་རྩོད་པ་ཡོད་དོ། །ཕྱོགས་ཀྱི་ཆོས་ལྷག་མ་ནི་ལྡོག་པའི་སྒྲུབ་པར་བྱེད་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་འདི་རྣམས་ཀྱིས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་དང་ལྡན་པའི་གཏན་ཚིགས་ནི་སྐབས་སུ་བབ་པའི་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན ་འདི་རྗོད་པ་ཡིན་ནོ།། དེའི་ཕྱིར་གོ་བར་བྱེད་པའི་ཕྱོགས་ཀྱི་ཆོས་དང། རྩོད་པའི་གཞིར་གྱུར་པ་དང། གོ་བར་བྱེད་པ་རྣམས་ཀྱི་ལྡོག་པའི་ཡུལ་གོ་བར་བྱེད་པའི་རྟོགས་པའི་གཏན་ཚིགས་བརྟན་པ་ཡིན་གྱི། སྐབས་སུ་ཉེ་བར་མི་མཁོ་བ་ནི་མ་ཡིན་ནོ། །ཚིག་ལེའུར་བྱས་པའི ་དོན་ཉིད་དགྲོལ་པའི་ཕྱིར་བཤད་པ། རང་བཞིན་དང་འབྲས་བུ་དག་ཁོ་ན་ངོ་བོ་ཉིད་ཀྱིས་འབྲེལ་བའི་ཕྱིར་དངོས་པོ་གོ་བར་བྱེད་པ་ཉིད་དང། བསྒྲུབ་པར་བྱ་བ་ལས་བཟློག་པ་དང་རང་བཞིན་འབྲེལ་བའི་ཕྱིར་ཕྱིན་ཅི་ལོག་ཏུ་བྱེད་བའི་འགལ་བ་ཉིད་ཡིན་ནོ་ཞེས་བསྟན་པའི ་ཕྱིར་བརྟོག་བ་བསྒྲུབ་པར་བྱ་བ་ལ་བྱས་ཕྱིར་དང། བརྩལ?་མཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཕྱོགས་ཀྱི་ཆོས་གཏན་ཚིགས་གཉིས་ཉེ་བར་བསྟན་པ་དང། སྒྲ་རྟག་པར་བསྒྲུབ་པར་བྱ་ལ་དེ་དག་ཉིད་འགལ་བར་འགྱུར་བ་ཡིན་ནོ། །བྱས་བ་ནི་རང་བཞིན་ཡིན་ལ་རྩོལ ་བ་ལས་བྱུང་དེ་ན་དེ་བྱས་པ་ཡིན་ནོ། །བྱས་པ་ནི་རང་བཞིན་དུ་འདོད་ལ་རྩོལ་བ་ལས་བྱུང་བ་ནི་འབྲས་བུར་འདོད་པ་འདི་ག་ལས་ཤེ་ན། རང་བཞིན་ལས་གཞན་ནི་ཞེས་སྨོས་ཏེ། རང་བཞིན་ལས་གཞན་པའི་གཏན་ཚིགས་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་པ་ནི་སྲིད་དེ། གནན་ན ་བསྒྲུབ་པར་བྱ་བ་ཁྱབ་པ་མི་འཐད་པའི་ཕྱིར་རོ་ཅིའི་ཕྱིར་ཞེ་ན། རྒྱུ་ནི་འབྲས་བུ་ལ་འཁྲུལ་བའི་ཕྱིར་ཏེ། འབྲས་བུ་མེད་ཀྱང་འབྱུང་བའི་ཕྱིར་རོ། །རྒྱུ་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་པས་འབྲས་བུ་ནི་རྒྱུ་བས་ཁྱབ་པ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་ནི་མཐུན་པའི་ཕྱོགས ་ལ་རྣམ་པ་གཉིས་སུ་སྟེ་དབྱེ་བ་གཉིས་ཀྱིས་འཇུག་གོ་།རྩལ?་མ་ཐག་ཏུ་བྱུང་བ་ཉིད་དུ་རྣམ་པ་གཉིས་སུ་འཇུག་བས་དེའི་འབྲས་བུ་ཡིན་ནོ། །ཅི་ལྟར་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མཐུན་བའི་ཕྱོགས་ལ་རྣམ་བ་གཉིས་སུ་འཇུག་ཅེ་ན། མི་རྟག་པ་ཡིན་བ་ཙམ་གྱིས་ནི་ཞེས་སྨོས་ཏེ། མི་རྟག ་བ་ཡིན་པའི་དེ་ཙམ་གྱིས་ནི་ཐམས་ཅད་འབྲས་བུ་བརྩལ་བ་ཞེས་བྱ་བ་སྐྱེས་བུའི་བྱེད་པ་དེའི་དེ་མ་ཐག་ཏུ་བྱུང་བའི་དང་ཚུལ་གང་ལ་ཡོད་པའི་ཤེས་པ་རྩོམ་པ་མ་ཡིན་ཏེ། རྩོམ་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་རྩལ་མ་ཐག་ཏུ་བྱུང་བའི་ཤེས་བ་བྱེད་པ་ཉིད་ནི་མི་རྟག་པ་འགའ་ ་ཞིག་ལ་ཡོད་པ་ཡིན?་ལ། དེ་ཉིད་ལས་ཀྱང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ད་ནི་མཐུན་པའི་ཕྱོགས་ལ་ཡོད་པར་དམར་བ་རྣམ་པ་གཉིས་སུ་གནས་སོ། །བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་གང་ཡིན་པ་དེ་ཡུལ་མི་རྟག་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ ་འདི་ཅི་ལྟར་དེས་བ་ཡིན། གལ་ཏེ་ཡུལ་ཉིད་རྩོམ་པ་ལ་དག་ཡས་པ་ཡིན་ན་ནི་མི་རྟག་པར་འགྱུར་བ་ཡིན་ན། དེའི་དེ་མ་ཐག་ཏུ་བྱུང་བ་ཉིད་ཀྱིས་ཤེས་པ་ཉིད་རྩོལ་བའི་འབྲས་བུ་ཡིན་གྱི་ཡུལ་ནི་མ་ཡིན་ནོ། །དེ་དབྱིད?་རྩོལ་བས་བྱུང་བའི་ཤེས་པ་མི་རྟག་པ་ན་ཡུལ་རྟག? ་པའི་འབྲས་བུར་རུང?་བ་ཡིན་ནོ། །འོ་དེ?་ནི་བུམ་པ་ཡང་རྗག་པ་རྩོལ་བས་བསྐྱེད་པ་བཤེས་པའི་ཡུལ་ཡིན་ནོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། བུམ་པ་ནི་འགྲུབ་པ་ན་རྩོལ་བའི་རྗེས་སུ་བྱེད་པའི་རང་བཞིན་མངོན་སུམ་ཡིན་བས་རྩོལ་བ་ལས་མི་བལྟོས་བར་གྲུབ་པའི་ཤེས་པས་གྲའུར? ་བ་ཡིན་ནོ། །སྒྲ?་ནི་རིམ་གྱིས?་རྩོལ་བ་ལས་སྐྱེ་བར་མ་མཐོང་གི། འོད་ཀྱང་རྟག་པ་རྩོལ་བ་ཡོད་ན་རང་བཞིན་ཡོངས་སུ་རྫོགས་པར་གཟུང་བ་ཡིན་ནོ། །དེའི་ཕྱིར་སྒྲ་ཉིད་རྟག་པ་རྩོལ་བས་བསྐྱེད་པའི་ཤེས་པས་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དཔྱོད་པ་པའི་ཡིན་ནོ། །སྒྲ ་སྔར་མོད?་པ་དེའི་ཤེས་པ་ངེས་བར་རྩེལ་བའ?་ས་འབྱུང་བར་རགས་བ་མ་ཡིན་ཏེ། རེས་འགའ་ནི་འགྱུར་རོ། །དེ་མི་རིགས་པའི་ཕྱིར་ན་སྔར་རྗོད་པ་ཉིད་རྗེས་སུ་དཔག་གོ། ངའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྒྲ་རྟག་པ་ཡིན་ན་དེའི་ཤེས་པ་རྩོལ་བ་ལ་བལྟོས་པད་མི་འགྱུར་རོ? ་ཞེས་བྱ་བའོ?། །ཅི་ལྟར་རྟག་པའི་ཤེས་པ་རྩོལ་བ་ལས་བལྟེས་བར་མི་འགྱུར་ཞེ་ན། བཤད་པ། སྒྲའི་སྒྲིབ་པར་བྱེད་པ་དང་དབང་པོ་དང་སྒྲ་སྟེ་དེ་དག་ལ་རྩོལ་བ་ཉེ་བར་སྦྱོར་བ་མེད་བའི་ཕྱིར་རྟག་པའི་ཤེས་པ་ནི་རྩོལ་བའི་འབྲས་བུ་མ་ཡིན་ནོ། །ཡུལ་དང་དབང་པོ ་ཡང་རྗེས་སུ་འགྲོ་བ་དང་ལྡོག་བ་དག་ལས་རྣམ་བར་ཤེས་པའི་རྒྱུ་ཡིན་པར་རྣམ་པར་བཞག་པ་ཡིན་ནོ། །གལ་ཏེ་ཡུལ་དང་དབང་པོ་ལ་ཕན་འདོགས་སམ། ཡུལ་གྱི་སྒྲིབ་པར་བྱེད་པ་སེལ་བ་དེ་ལྟར་ན་ནི་རྩོལ་བ་ཡང་ཤེས་པ་དེའི་རྒྱུར་འགྱུར་བ་ཡིན་ནོ། །ཡུལ་དང་བདད་པ ་ལ་ཕན་འདོགས་པ་མ་ཡིན་དུ་ཆག་མོད། སྒྲིབ་པ་སེལ་བ་ཇི་ལྟར་མ་ཡིན་ཞེ་ན། གང་གི་ཕྱིར་རྟག་པ་དེ་ལ་དམིགས་དའི་སྒྲིབ་བར་བྱེད་པ་ནི་སྲིད་པ་མ་ཡིན་ནོ། ཅི་ལྟར་ཁྱོད་ཀྱིས་མ་མཐོང་བའི་སྒྲིབ་པ་སྤང་བར་ནུས་ཤེ་ན། བཤད་པ། ཁོ་བས་མན་ཐོད་བའི་སྒྲིབ་བ་འགའ་ཞིག? ་ཡོད་དུ་ཆུག་ཀྱང་སྒྲིབ་བར་བྱ་བ་དེའི་བདག་ཉིད་ཕྱིན་ཅི་ལོག་ཏུ་མ་བྱས་པར་དངོས་པོ་ལས་ཐ་མི་དད་དང་ཤེས་པ་སྐྱེད་བ་པའི་ནུས་པ་བཟློ་ག་པ་དམ?་ནུས་བའི་ཕྱིརྨི་སྲིད་དོ། །འདི་ག་ལས་ཤེ་ན། གང་གི་ཕྱིརཁྱད་པར་བསྐྱིད་པ་མེད་པར་ནི་ཅུང་ཟད་བྱེད་པ་ཞེས་བྱ་བ་མ་ཡིན ་རྟག་པ་ནི་ཁྱད་པར་དུ་བྱར་མེད་པ་ཡིན་པས་སྒྲིབ་པས་དེ་ལ་ཅུང་ཟད་བྱེད་པ་མ་ཡིན་ནོ། །ཅུང་ཟད་མི་བྱེད་པ་གང་ཡིན་པ་ཡང་གང་གི་སྒྲིབ་པར་བྱེད་པའམ། ཁྱད་པར་སྒྲུབ་པའི་ལྷན་ཅིག་བྱེད་པའོ། །ཅིག་ཤོས་ཀྱི་ཅུང་ཟད་མི་བྱེད་པ་ཡང་སྒྲིབ་པར་བྱེད་པར་མཐོང ་བ་བསྟོན་པར་ནུས་པ་མ་ཡིན་ནོ་སྙམ་ནས་སྨྲས་པ། བཟློག་པ་འམ་བསྒྲུབས་པ་གང་གིས་སྒྲིབ་པར་བྱེད་པར་འགྱུར་བ་སྒྲིབ་པར་བྱེད་པ་ཉིད་དུ་གྲགས་པའི་རྩིག་པ་ལ་སོགས་པས་བུམ་པ་ལ་སོགས་པ་ངག་ལ་ཤེས་པ་སྐྱེད་པའི་ནུས་པ་ལ་གེགས་བྱེད་པའི་ཁྱད་པར་ཅི་ཞིག ་སྐྱེད་པ་འམ། སྔར་གནས་པའི་ཤེས་པ་སྐྱེད་པའི་ནུས་པའི་རང་བཞིན་ཅི་ཞིག་བཟློག་པར་བྱས། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འགྲོ་བ་ལས་ཅུང་ཟད་བྱེད་པར་རྟོགས་པ་ཡིན་ན་དེ་དག་ལ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་དོ། །འོན་ཏེ་ཅུང་ཟད་མི་བྱེད་ཀྱང་སྒྲིབ་པར་འདོད་ན ་ནི་ཅུང་ཟད་མི་བྱེད་པའི་རྟག་པ་ལ་ཡང་འདོད་པར་བྱའོ་ཞེ་ན། བཟློག་པའི་ཕྱིར་བཤད་པ། དེ་དག་ཅེས་སྨོས་སོ། །འོ་ན་ཇི་ལྟར་སྒྲིབ་པར་བྱེད་པ་ཡིན་ཞེ་ན། འོད་ཀྱང་ཞེས་སྨོས་ཏེ། བུམ་པའི་སྐད་ཅིག་ཐམས་ཅད་ནི་ཐམས་ཅད་ཀྱི་ཞེས་བྱ་བ་རྟོག་པ་པོའི། །ཕན་ཚུན་ལྷན ་ཅིག་ཏུ་གྱུར་པ་འདུས་པའི་ཡུལ་དང་དབང་པོ་དང་སྣང་བ་དག་ཕན་ཚུན་ཁྱད་པར་ཅན་གྱི་སྐད་ཅིག་གཞན་སྐྱེད་པའི་ཕྱིར་ཏེ། སྔ་མ་རང་གི་ངང་གིས་འགག་པ་དབང་པོའི་ཤེས་པའི་རྒྱུ་སྐྱེ་བའི་ཕྱིར་རོ། །ཕན་ཚུན་ཁྱད་པར་བྱེད་པ་ཞེས་བྱ་བ་འདི་ག་ལས་ཤེ་ན། དབང་པོ་དང་སྲང? ་བས་པ་ན་གདགས་པར་བྱ་བ་མ་ཡིན་པའི་ཡུལ་ནི་དེ་གཉིས་ལ་བལྟོས་པ་ནི་རུད་བའི་ཕྱིར་རོ། །དེ་བཞིན་དུ་གཉིས་པོ་དག་ཀྱང་གཉིས་དག་གིས་ཕན་གདགས་པར་བྱ་བ་མ་ཡིན་ན། དེ་དག་ལ་བལྟོས་པར་མི་འགྱུར་བའི་ཕྱིར་རོ། །བན་གདགས་པར་བྱ་བ་མ་ཡིན་པ་ནི་ཕན་འདོགས ་པར་བྱེད་པ་མ་ཡིན་པ་ལ་བལྟོས་པ་མ་ཡིན་ནོ། །ས་བོན་ལ་སོགས་པའི་ཁྱད་པར་དང་པོ་སྐྱེད་པའི་ནུས་པ་ཉེ་བར་འཆོགས་པའི་རྒྱུ་ཉིད་ལས་སྐྱེས་པའི་ཕྱིར་ཕན་ཚུན་ཁྱད་པར་བལྟོས་པ་མེད་པ་ཡིན་ལ། འབའ་ཞིག་པ་རྣམས་ཀྱང་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་མིག་པ ་སོགས་པ་རྣམས་ཕན་ཚུན་གདགས་པར་བྱ་བ་མ་ཡིན་ཡང་འབའ་ཞིག་བྱེད་བ་མ་ཡིན་པས་བལྟོས་པར་འགྱུར་རོ། །དེ་སྐད་དུ་གཏན་ཚིགས་ཐིག་པ་ལས་འབྲས་བུ་རྣམ་པ་གཉིས་པོ་ལྷན་ཅིག་བྱེད་པས་ཁྱད་པར་བསྐྱེད་པ་ལས་སྐྱེ་བ་དང་ཅིག་ཤོས་ཞེས་བཤད་དོ། །དེ་ལ་ཁྱད་པར་དང་པོ་དང ་མིག་གི་རྣམ་པར་ཤེས་པ་གང་ཞིག་ནི་ལྷན་ཅིག་བྱེད་པ་དག་གི་ཁྱད་པར་མ་སྐྱེད་པའི་རྒྱུ་ལས་བྱུང་བ་ཡིན་ལ། །སྐད་ཅིག་གཉིས་པ་ལ་སོགས་པར་འབྱུང་བའི་ཁྱད་པར་མྱུ་གུ་དང་བཅས་པ་དང། སྣད་བ་ནས་མུན་པར་ཞུགས་པའི་མིག་གི་རྣམ་པར་ཤེས་པ་ནི་ལྷན་ཅིག་བྱེད་པ ་དག་གིས་ཁྱད་བར་སྐྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཚོགས་པ་ཡུལ་གང་ན་གནས་པས་འབྲས་བུ་སྐྱེད་པའི་ཡུལ་དེ་ཉིད་ན་གནས་པའི་ཚོགས་པ་རྒྱུ་ཡིན་ནོ། །དེ་དག་གི་རྒྱུ་རེས་འགའ་བ་ཉིད་ནི་རང་གི་རྒྱུ་ཙམ་ལས་འབྱུང་བ་མ་ཡིན་ཏེ། རྒྱུད ་ངེས་ནི་སྔར་ཡང་ཡོད་བའི་ཕྱིར་གྱུར་ཐལ་བར་འགྱུར་རོ། །སྔར་གྱི་སྐད་ཅིག་ཀྱང་གཞན་ཡིན་ལ་ཕྱིར་གྱི་སྐད་ཅིག་ཀྱང་གཞན་ཡིན་པའི་ཕྱིར་འགའ་ཞིག་ལ་ཡང་ནུས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྐད་ཅིག་ཐ་དད་ཀྱང་རྒྱུད་གཞན་དུ་གྱུར་པའི་འབྲས་བུ་ཐ་མི་དད་པའི་ཕྱིར་རོ། །གང ་ཞིག་ཐ་དད་ཀྱང་གང་ཐ་མི་དད་པ་དེ་ནི་ད་ལ་རག་པ་མ་ཡིན་ཏེ། དཔེར་ན་ས་བོན་ཐ་དད་ཀྱང་དུ་བ་ཐ་མི་དད་པ་བཞིན་ནོ། །དེ་བཞིན་དུ་འབྲས་བུ་ཡང་སྐད་ཅིག་ཐ་དད་ཀྱང་ཐ་མི་དད་པ་ཡིན་ནོ། །མིག་གི་སྐད་ཅིག་ཐ་དད་ཀྱང་འབྲས་བུ་མིག་གི་རྣམ་པ་མཚུངས་པར་མཐོང་བའི་ཕྱིར་རོ།། ་ངེས་ན་རྒྱུད་ཐ་དད་པ་མཚུངས་པའི་འབྲས་བུ་བྱེད་པ་ཉིད་རེས་འགའ་བ་ནི་རྒྱུད་གཞན་གྱིས་སད་པར་བྱས་པ་ཉིད་དོ། །གནས་སྐབས་གང་གི་འབྲས་བུ་བྱེད་པ་ཉིད་ཀྱི་ནུས་པ་སད་པའི་རྒྱུ་ནི་གནས་སྐབས་དེ་འཐོབ་པའི་རྒྱུའི་རྒྱུད་གཞན་ཡིན་ནོ། །དེའི་ཕྱིར་འབྲས་བུ་གང་ཞིག ་ཚོགས་བ་ཙམ་ན་རྩོམ་པའི་འབྲས་བུ་དེའི་ནུས་པ་སད་པར་བྱེད་པ་ནི་ཕན་ཚུན་འཆོགS་པའི་རྒྱུ་ཡིན་ལ། འབྲས་བུ་གང་ཞིག་ཚོགས་ཀྱང་དུས་ཅུང་ཟད་ཅིག་བསྡད་ནས་སྐྱེད་བའི་འབྲས་བུ་དེའི་ནུས་པ་ནི་ཕན་ཚུན་འཚོགS་པའི་རྒྱུ་དག་གིས་མ་བྱས་པ་ན་རྒྱུ་གཞན་ཁོ་ན་སད་པར ་བྱ་བ་ཡིན་ནོ། །ཇི་ལྟར་རྒྱུ་དང་འབྲས་བུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བརྟག་པར་བྱ་བ་དེ་བཞིན་དུ་ཨ་ས་བུའི་ནུས་པ་སད་བའི་རྒྱུ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཁོ་ནས་རྟོགས་པར་བྱ་བ་ཡིན་ནོ། །རྒྱུ་དང་འབྲས་བུ་རྗེས་སུ་འགྲོ ་བ་དང་ལྡོག་པ་དག་ལས་བརྟག་པར་བྱ་བ་དེ་བཞིན་དུ་འབྲས་བུའི་ནུས་བསད་པའི་རྒྱུ་ཡང་རྗེས་སུ་འགྲོ་བ་དང་ལྡོག་བ་དག་ཁོ་ནས་རྟོགས་པར་བྱ་བ་ཡིན། རྒྱུ་གཞན་ཡང་མ་མཐོང་སྟེ། དེའི་ཕྱིར་སྐྱེད་པར་བྱེད་པ་དེ་དག་ཉིད་ཕན་ཚུན་འབྲས་བུའི་ནུས་པ ་སད་པར་ནུས་པ་ཡིན་པར་རྗེས་སུ་དཔག་གེ?་།ཇི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དག?་ལས་གནས་སྐབས་གང་ལས་འབྲས་དུ་སྐྱེ་བའི་རྒྱུ་ཡིན་པ་དེ་བཞིན་དུ་རྒྱུ་གཉིས་སད་པའི་གནས་སྐབས་གང་ཡིན་པའི་གནས་སྐབས་དེ་ཉིད་ཕན་ཚུན་སད་པར་བྱེད ་ནུས་པ་ཡིན་ནོ། །དེས་ན་ཐག་རིང་པོ་ནས་གནས་པ་དག་ནི་ཕན་ཚུན་ནུས་པ་སད་པར་བྱེད་པ་མ་ཡིན་ཏེ། དེའི་ཚེ་རྒྱུ་ཉིད་སད་པ་མ་མཐོང་བའི་ཕྱིར་དང། མ་སད་པ་ཡང་འབྲས་བུ་མ་མཐོང་བའི་ཕྱིར་རོ། །དེས་ན་ཁ་ཅིག་ན་རེ་ཐག་རིང་པོ་ན་གནས་པ་དག་ཀྱང ་ཕན་གདགས་པར་བྱ་བ་དང། ཕན་འདོགས་པར་བྱེད་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ནོ། །གལ་ཏེ་སྐད་ཅིག་ཐ་དད་པ་ལས་ཐ་དད་པར་མི་འགྱུར་ན། ཅི་ལྟར་ས་བོན་ལ་སོགས་པ་ཉེ་བཅས་གྱི་མྱུ་གུ་མི་སྐྱེད་ཅེ་ན། འདི་ནི་ཅུང་ཟད་ནི ་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བྱས་པའི་ཁྱད་པར་བརྒྱུད་པ་ལས་སྐྱེ་བ་ཡིན་ནོ་ཞེས་བརྗོད་པས་བསལ་བ་ཡིན་ནོ། །ཅི་ལྟར་ཅིག་ཅར་གཞན་ཁྱད་པར་དུ་བྱེད་པར་མི་ནུས་པ་དེ་ལྟར་རང་གི་རྒྱུ་ཁོ་ན་ལས་རྒྱུད་གཞན་སྐྱེས་པ་ཡིན་ཏེ། དེས་ན་རིམ?་གྱིས ་ཁྱད་པར་དུ་བྱེད་དོ། །བྱེ་བའི་སོས་ཟིན་པ་ནི་དངོས་སུ་ནུས་པ་མ་ཡིན་ཏེ། །ཡོངས་སུ་འགྱུར་བ་ལ་བལྟོས་ནས་རྒྱུད་གཞན་ལ་བའི་ཕྱིར་ཕན་ཚུན་ཉེ་བ་ན་ནོ། །རང་གི་རྒྱུད་ནི་སྐད་ཅིག་ཐ་དད་ཀྱང་འབྲས་བུ་ཐ་དད་པ་མེད་པའི་ཕྱིར་ནམ་ཡང ་སད་པར་བྱེད་པའི་རྒྱུ་མ་ཡིན་ནོ། །དེ་ལ་སྣང་བ་ནས་མུན་པར་ཞུགས་པ་ལ་ཕན་ཚུན་ཁྱད་པར་བསྒྲུབས་པའི་ཕྱིར་འདིར་ཕན་ཚུན་བལྟོས་པ་ཡོད་པ་ཡིན་པས་ན་ཕན་གདགས་པར་བྱ་བ་མ་ཡིན་པ་བལྟོས་པར་མི་རུང་བའི་ཕྱིར་ཞེས་བཤད་པ་ཡིན་གྱི། ཐམས་ཅད་ཀྱི་ཚེ་བལྟོས་པ་ཡོད་པ་ནི་མ་ཡིན ་པས་འགལ་བ་མེད་དོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ཕན་ཚུན་ཁྱད་པར་མི་སྐྱེད་ན་ནུས་པའི་རང་བཞིན་ཞེས་བྱ་བ་ཕན་ཚུན་ཉེ་བར་འགྲོ་བའི་རྒྱུ་དང་འབྲེལ་པའི་ནུས་པ་ཉེ་བའི་གནས་སྐབས་ན་རྒྱུ་ཁྱད་པར་མེད་པས་ནུས་པ་ཁྱད་པར་མེད་པའི་ཕྱིར་རྟག་ཏུ་སྐྱེད་པའམ། མི་བསྐྱེད་པར་འགྱུར ་རོ། །གལ་ཏེ་ཕན་ཚུན་ཕན་པ་བྱེད་པ་ཡིན་ན་ཐམས་ཅད་ཀྱི་ཚེ་ཕན་འདོགས་པར་འགྱུར་རོ། །དེས་ན་དེས་ཕན་གདགས་པའི་ཕྱིར་ཐམས་ཅད་ཀྱི་ཚེ་ཤེས་པ་སྐྱེ་བར་འགྱུར་རོ་ཞེ་ན། བཤད་པ། ཡུལ་དང་དབང་པོ་དན་སྣང་བ་དེ་དག་ཀྱང་མཐོང་བའི་གེགས་བྱེད་པ་ཐོགས་པར་བྱེད་དབང? ་ན་འདུག་པ་གཞན་གྱིས་ཁང་དུ་མཆོད་ན་ཕན་ཚུན་ཕན་འདོགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། །བཤད་པ། ཡུལ་གང་དུ་དབང་པོ་དན་སྣང་བ་དང་ཡུལ་རྣམས་ཀྱི་བར་ཆད་མེད་པ་དེ་ནི་བར་དུ་མཆོད་པའི་ཡུལ་ཏེ། དེའི་རུང་བ་དེ་ཉིད་གང་དག་གི་ལྷན་ཅིག་བྱེད་པ་ཡིན་པའོ། །གང་གི་ཕྱིར་དེ་དག ་ཕན་ཚུན་ཕན་འདོགས་པ་ན་ལྷན་ཅིག་བྱེད་པ་མཆོད་བའི་ཡུལ་ལ་བལྟོས་པ་དེའི་ཕྱིར་བར་དུ་ཆོད་པ་དག་ཕན་ཚུན་ཕན་བདོགས་བ་མ་ཡིན་ནོ། །ཅི་ལྟར་དུས་ཀྱི་མཐར་ཕྱིན་པ་ལ་བལྟོས་པའི་ཚོགས་ཕ་ཡུལ?་ཆོད་པ་མེད་པ་དག་ལས་འབྲས་བུ་སྐྱེ་པར་མཐོང་བའི་ཕྱིར་ཚོགས་པ ་ཡུལ་ཆོད་པ་མེད་པ་བྱེད་པའི་ལྷན་ཅིག་བྱེད་པའི་རྒྱུ་དག་ནུས་པ་བྱེད་པ་ཡིན་པ་དེ་བཞིན་དུ།། ཡུལ?་ཆོས་པ་མེད་པའི་ཚོགས་པ་ཙམ་ལས་འབྲས་བུ་སྐྱེ་བར་མཐོང་བའི་ཕྱིར་ཕན་ཚུན་ཉེ་བར་འགྲོ་བའི་རྒྱུ་དག་ཀྱང་ཚོགས་པ་ཕུལ་ཆོད་པ་མེད་པར་བྱེད་པ་དག་ནུས་བའི་རྒྱུ་ཡིན་གྱི ་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་པད?་ཆོད་མེད་ན་རྒྱུའི་དངོས་པོ་ཡིན་ནོ། །ཕུལ?་ཆོད་པ་མེད་པའི་ཚོགས་པ་རྣམས་ཀྱིས་རྒྱུ་གང་ཇི་སྙེད་པ་དེའི་ནུས་པའི་རྒྱུ་ཡིན་ཏེ། །དེ་དག་ཉིད་ནུས་པ་ཡིན་པའི་ཕྱིར་རོ། །བར་ཆོད་ཡོད་ན་ནི་འབྲས་བུ་ནི་སྐྱེད་པའི་ཕྱིར་རྒྱུ་མེད་པས ་ནུས་པའི་རྒྱུ་མེད་པ་ཡིན་ནོ། །ཇི་ལྟར་བར་མེད་པའི་དུས་གཞན་ཉེ་བར་འགྲོ་བའི་རྒྱཱུམ། ལྷན་ཅིག་བྱེད་པ་དག་ལས་ནུས་པའི་སྐད་ཅིག་གཞན་སྐྱེ་བ་དེ་བཞིན་དུ་ཆོད་པའི་དུས་ན་དེ་དག་ལས་ནུས་པ་མ་སྐྱེས་པ་ཡིན་ལ། མ་སྐྱེས་པའི་ཕྱིར་ཤེས་པ་མི་སྐྱེ་བ་ཡིན་གྱི་།རྩིག ་པ་ལ་སོགས་པས་ཡུལ་ལ་ཁྱད་པར་བྱས་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དང་པོ་ནས་བསྒྲིབས་པའི་བུམ་པ་ལ་སོགས་པ་དག་ལ་རྒྱུ་མེད་པའི་ཕྱིར་ཤེས་པ་མི་སྐྱེ་བ་ཡིན་དུ་ཆུག་མོང། དངོས་པོ་མཐོད་པ་ན་ཤེས་པ་སྐྱེད་པའི་རྒྱུ་དག་ལ་སྒྲིབ་བཞུགས་ན་སྒྲིབ་པ་མ་ཡིན་ན་ནི ་སྟེ་ཤེས་པ་མི་སྐྱེ་ཞེ་ན། བཤད་པ། རྒྱུ་མཚད་བས་ཤེས་པ་མི་སྐྱེ་བ་ཡིན་ནོ། །ཅིའི་ཕྱིར་རྒྱུ་མཚད་ཞེ་ན། བར་ཆད་ཞུགས་ན་ཞེས་བྱ་བ་ནི་བར་ཅོད་ཡོང་པའི་དུས་ནའོ། །བར་ཆད་ཉེ་བས་སྔར་སྐྱེས་པའི་ནུས་པ་འགག་པའི་ཕྱིར་དང། སྔར་འགགས་པ་ལས་སྐྱེ་བར་འདོད་པ་ཤེས་པའི ་རྒྱུའི་ཞུས་པ་གཞན་ཡང་མ་སྐྱེས་པའི་ཕྱིར་རྒྱུ་མཚང་བ་ཡིན་ནོ། །ཡུལ་ཆོད་པ་དང་བཅས་པའི་སྐད་ཅིག་ཇི་སྙེད་པ་དེ་ཐམས་ཅད་ནི་ནུས་པ་མེད་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ཞིག་ཏུ་གྱུར་པས་མ་སྐྱེད་ན། རྒྱུ་མེད་པས་སོ། །གང་གི་ཕྱིར་སྐད་ཅིག་སྔ?་ཤེས་པ་སྐྱེད་པར ་ནུས་པ་ཡིན་ཡང་ཤེས་པ་སྐྱེད་བར་ནུས་པའི་སྐད་ཅིག་གཞན་གྱི་རྒྱུ་མ་ཡིན་པ་དེའི་ཕྱིར་རྒྱུ་མེད་པ་ཡིན་ནོ། །འདི་ལྟར་དཔེར་ན་སྐད་ཅིག་དང་པོ་ལ་ལྷན་ཅིག་བྱེད་པའི་རྒྱཱུམ། ཕན་ཚུན་ཉེ་བར་འགྲོ་བའི་རྒྱུ་ཚོགས་པ་ཡུལ་ཆོད་པ་མེད་པ་བྱེད་པ་དག་ཁོ་ན་ནུས་པའི་རྒྱུ་ཡིན་པ ་དེ་བཞིན་དུ་སྐད་ཅིག་གཉིས་པ་ལ་སོགས་པ་ཡང་ཡིན་ནོ། །སྐད་ཅིག་བར་ཆད་དང་བཅས་པར་གྱུར་ན་ནི་དབང་པོ་ལ་སོགས་པ་བར་དུ་ཚོད་པ་སྐྱེད་པའི་ཕྱིན་སྣང་བ་ནས་མུན་པར་ཞུགས་པ་འམ། གཞན་གྱི་སྔར་གྱི་ལྷན་ཅིག་བྱེད་པའི་རྒྱུའི་སྐད་ཅིག་གམ། ཕན་ཚུན་ཉེ་བར ་འགྲོ་བར་བྱེད་པའི་སྐད་ཅིག་དག་ནུས་པའི་རྒྱུ་མ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྐད་ཅིག་བར་ཆད་དང་ལྡན་པ་ཡིན་ན་སྔ་མ་རྒྱུ་མ་ཡིན་པའི་ཕྱིར་ཤེས་པའི་རྒྱུ་མ་སྐྱེས་པ་ཡིན་ཏེ། དེས་ན་སྔ་མ་འགགས་པའི་ཕྱིར་ཡང་རྒྱུ་མཚད་བ་ཡིན་ལ། དེས་ན་ཤེས་པ་མ་སྐྱེས་པ ་ཡིན་གྱི། རང་གི་བྱ་ལས་སྐྱེས་པའི་རུང་བའི་གེགས་སྒྲིབ་པ་མ་བྱས་པའི་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རུང་བ་དེ་ནི་རང་གི་ངོ་བོ་ལས་མི་འབོ་བའི་ཕྱིར་རོ་རུང་བ་གང་ཡིན་པ་དེ་ནི་རང་གི་ངོ་བོ་ལས་འཕོ་བར་བྱ་ནུས་བ་མ་ཡིན་ཏེ། དེས་ན་རྒྱུ་མེད་པས་ཤེས་པ་མ་སྐྱེས་པ ་ཡིན་ནོ། །དེའི་ཕྱིར་རྩིག་པ་ལ་སོགས་པ་འགའ་ཞིག་བ་ཅུང་ཟད་བྱེད་པར་འགྱུར་བ་ན་སྒྲིབ་བར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་དེ་དག་ཡོང་ན་རྒྱུ་མཚད་བས་གང་ཞིག་མ་དམིགས་པ་དེའི་དམིགས་པའི་གེགས་སུ་སྒྲོ་བཏགས་ནས་སྒྲིབ?་པར་བརྗོད་པ་ཡིན་ནོ། །དེ་ལྟར ་སྒྲིབ་པ་ཅུང་ཟད་བྱེད་པ་མ་ཡིན་ཡང་དམིགས་པའི་གེགས་ཀྱི་རྒྱུ་ཉིད་དུ་སྒྲོ་བཏགས་ནས་སྒྲིབ་པར་བྱ་བ་དང་འབྲེལ་བར་འགྱུར་རོ་ཞེས་བསྟན་ནས། ད་ནི་སྒྲིབ་པ་ཅུང་ཟད་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་སྨོས་སོ། ཕྱོགས་ཉིད་སྨྲས་པ་ནི། སྲིད་པ་ཡང་ཡིན་ཏེ ་ཞེས་བྱ་བ་ཡིན་ནོ། །སྐད་ཅིག་མ་རྣམས་ནི་ཕན་ཚུན་ཕན་པར་བྱེད་པར་འགྱུར་གྱི། སྐད་ཅིག་མ་ཡིན་པ་བསྟན་པ་གཅིག་པུའི་ངོ་བོ་རྣམས་ནི་མ་ཡིན་ནོ། །དབང་པོ་དང་ཡུལ་དག་ལས་ཤིན་ཏུ་རིང་བར་གནས་པའི་སྒྲིབ་པ་ཅི་ལྟར་དེ་དག་ལས་ཕན་འདོགས་པར་ནུས་ཤེད?་བསཾ? ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་སྨོས་སོ། །རིང་པོན་འཇུག་པ་དེ་ཇི་ལྟར་ཡུལ་ལ་ཕན་འདོགས་བར་བྱེད་པ་ཡིན་ཞེས་བྱ་བ་དེ་ལྟར་ནི་བསམ་པར་ནུས་པ་མ་ཡིན་ཏེ། ཁབ་ལེན་ཐག་རིང་པོ་ན་འདུག་པས་ཀྱང་ལྕགས་འདྲེན་པའི་ཕྱིར་རོ། །རྒྱུ་ནི་ཉེ་བར་ལེན་པའི་རྒྱུའོ། །རྐྱེན་ནི ་ལྷན་ཅིག་བྱེད་པའི་རྒྱུའོ། །གང་གི་རྒྱུན་གང་ལོག་པས་གང་སྐྱེ་བ་དང། ལྷན་ཅིག་བྱེད་པའི་རྐྱེན་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བའི་ཁྱད་པར་རྣམས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་འབྲས་བུའི་བདག་ཉིད་གང་ལ་ཀྱེ་བ་དེ་ན་ཉེ་བར་ལེན་པ་ཡིན་ལ། གཞན་ནི་རྐྱེན་ཡིན་ནོ་ཞེས། དེ་དང་དེ ་མིན་རང་བཞིན་དངོས་ཞེས་བྱ་བ་?་དཔྱད་ཟིན་ཏོ། །གལ་ཏེ་ཐམས་ཅད་མཁྱེན་པ་མ་ཡིན་པས་བསམ་གྱིས་མི་ཁྱབ་ཀྱང་ཐམས་ཅད་མཁྱེན་པས་ནི་རྣམ་པའི་རབ་ཏུ་དབྱེ་བ་མཛའ་དག་མངོན་སུམ་དུ་མཛད་པ་བསམ་པར་དཔྱོད་པ་ཡིན་ནོ། །འདི་ཙམ་ཞིག་བརྗོད་བར་ནུས་ཏེ། ་གང་ཞིག་རང་གི་ངོ་བོ་ཙམ་ཁྱད་པར་ཐོབ་པ་ལ་གང་ཞིག་གི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དེ་ནི་དེའི་རྒྱུ་ཡིན་ནོ། །དེ་ལྟ་ཡིན་དང་ཐག་རིང་ན་གནས་པ་ཡང་རྒྱུ་ཡིན་ནོ། །དེས་ན་དབང་པོ་དང་ཡུལ་དག་གི་བར་ན་གནས་པའི་སྒྲིབ་པ་གང་ཡིན་པ་དེས་སོ།། ་རྣམ་པར་ཤེས་པ་སྐྱེད་པ་དང་མི་མཐུན་པ་ནི་ནུས་པ་མེད་པའོ། །ཆེས་ཆེར་གྱི་སྒྲ་ནི་རབ་ཏུ་འགྱུར་བ་བརྗོད་པ་ཡིན་ཏེ། དེའི་ངོ་བོ་ནི་ཆེས་ཆེར་ཏེ་རབ་ཏུ་གྱུར་བའོ། །རབ་ཏུ་གྱུར་བ་དེས་ཡུལ་དང་དབང་པོ་དེ་གཉིས་ལ་ཁྱད་པར་བྱེད་པ་ཡང་ཡིན་ནོ། །ནུས་པ་མེད་པ་རབ་ཏུ་བྱེད་དོ་ཞེས ་བྱ་བའི་ཐ་ཚིག་གོ། སྐྱེས་བུ་དབང་པོ་བསྒྲིབས་པ་ཉིད་ཀྱི་ཡུལ་ལ་མི་དབང་པོའི་ཤེས་པ་སྐྱེད་པའི་ནུས་པ་སྒྲིབ་པས་ཉམས་བར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །དེས་ན་དབང་པོ་མ་བསྒྲིབས་པས་ནི་ཡུལ་དེ་ཉིད་མཐོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བར་ན་གནས་པ་ཞེས ་སྨོས་སོ། །བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་ན་གང་གི་སྐད་ཅིག་དང་པོ་ལ་རྫས་ཀྱི་སྒྲིབ་པ་སྐྱེད་པར་བྱེད་པ་སྒྲིབ་པའི་རྐྱེན་ནམ། ཉེ་བར་ལེན་བ་སྒྲིབ་པ་ཉེ་བར་འཆོག་པའི་རྟེན་དེ་ཉིད་ཀྱིས་བསྒྲིབས་པའི་རྫས་དེ་རང་གི་ཤེས་པ་སྐྱེད་མི་ནུས་པར་སྐྱེད་པ་ཡིན་ནོ། །གང་གི ་ཕྱིར་སྒྲིབ་པ་དེ་ཉེ་བས་ཀྱང་སྐད་ཅིག་གཉིས་པ་ལ་སོགས་པའི་ཤེས་པ་སྐྱེད་པའི་ནུས་པ་ཉམས་པའི་རྫས་སྐྱེད་པ་དང། རང་གི་རྒྱུན་དུ་གཏོགས་པ་སྒྲིབ་པའི་རྫས་ཉེ་བར་ལེན་པ་དེ་བཞིན་དུ་ཉེ་བར་འགྲོ་བའི་རྐྱེན་དང་སྒྲིབ་པའི་ཉེ་བར་ལེན་པའི་ནུས་པ་ཡང་དེ་འདྲ་བ་ཉིད ་ངོ། །དེས་ན་གལ་ཏེ་སྒྲིབ་པས་རྫས་དེ་ནུས་པ་མེད་པར་བྱ་བ་ཡིན་ན་སྐད་ཅིག་གང་ལ་སྒྲིབ་པ་དེ་ཉེ་བའི་སྐད་ཅིག་དེ་ལ་རང་གི་རྒྱུས་བསྐྱེད་པའི་རྫས་ཀྱི་ནུས་པའི་གེགས་མ་ཡིན་པའི་ཕྱིར་སྐད་ཅིག་གཅིག་ལ་ཆོས་པ་ཡང་མཐོང་བར་འགྱུར་རོ། །ཧ་ཅང་ཐལ་བར་འགྱུར་པའི་ཕྱིར ་མི་ཉེ་བ་ཉིད་ནི་སྒྲིབ་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་སྤངས་པ་ཡིན་ནོ། །འདི་ལྟར་མི་ཉེ་བའི་སྒྲིབ་བ་མ་ཡིན་ལ། བསྒྲིབས་པ་ལ་མཐོང་བ་ཡོད་པ་ཡང་མ་ཡིན་ནོ། །ཆེས་ཆེར་ཞེས་སྨོས་པ་ནི་དོན་འདི་བསྟན་པ་ཡིན་ཏེ། དང་པོ་ནི་སྒྲིབ་པའི་རྒྱུས་ཀྱང་དོན་ནུས་པ་མེད་པར་བྱེད ་པ་ཡིན་ལ། །སྐད་ཅིག་གཉིས་པ་ལ་སོགས་པ་ལ་ནི་སྒྲིབ་པ་དེས་ཁྱད་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་སྙམ་དུ་སྒྲིབ་པའི་མི་མཐུན་པ་སྒྲུབ་པར་བྱེད་པའི་ནུས་པ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྟོགས་པར་བྱ་བ་ཡིན་ན། འདིར་ནི་དེ་གཉིས་ཡོད་?་མ ་ཡིན་ནོ་སྙམ་པ་ལ། སྒྲིབ་པའི་བྱེ་བྲག་གིས་ཞེས་སྨོས་ཏེ། སྒྲ་འཛིན་པ་ལ་ནི་དེ་ལྡེ་དང་སྣམ་བུ་དང་རྩིག་པ་ལ་སོགས་པ་སྒྲིབ་པའི་བྱེ་བྲག་ཡིན་ནོ། །རེག་པ་དང་འཛིན་པ་ལ་ནི་རས་སྲ་བ་མོ་དང། གོས་གཉིས་བལྟབ་ཏུ་བྱས་པ་དང། ལ་?་ལ་སོགས་བསྒྲིབ་པའི་བྱེ་བྲག ་ཡིན་ནོ། །ངོ་འཛིན་པ་ལ་སྒྲིབ་པའི་བྱེ་བྲག་མེད་དོ། །སྒྲིབ་པ་འདིས་སྒྲ་ལ་སོགས་པའི་ཡུལ་ལའོ། །ཐོས་པ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཐོས་པ་དང་རེག་པ་ལ་སོགས་པ་གསལ་བ་དང་མི་གསལ་བར་མཐོང་བའི་ཕྱིར་སྒྲིབ་པའི་ནུས་པ་རྟོགས་པ་ཡིན་ནོ། །གལ་ཏེ ་སྒྲིབ་བ་ཅུང་ཟད་མི་བྱེད་བ་ཉིད་ཡིན་ནོ་ནི་དའི?་བྱ་ཕྲག་གིས་ཐོས་པ་ཐ་དད་པར་ཇི་ལྟར་འགྱུར། དེའི་ཕྱིར་དེ་ལྟར་སྒྲིབ་པའི་བྱ་བྲག་གི་རྗེས་སུ་བྱེད་པའི་ཕྱིར་སྒྲིབ་པ་ནི་ནུས་པའི་ཁྱད་པར་གེགས་བྱེད་པའི་རྒྱུ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ན་ཅུང་ཟད་མི་བྱེད་བ་དེའི་ལ་པར ་ཡོད་པ་དེ་ནི་མེད་པ་དང་ཁྱད་པར་མེད་དོ། ཡོད་པ་དང་མེད་པ་དག་ཅུང་ཟད་མི་བྱེད་པར་མཚུངས་པའི་ཕྱིར་དེ་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་འདའ་ཨི་སྒྲིབ་པ་འདི་ཡིན་ནོ་ཞེས་ཉེ་བར་བསྡུ་བའི་བྲེལ་པ་ནི་རྣམ་པར་རྟོག་པས་སྤྲུལ་པ་ཉིད་དུ་འགྱུར་གྱི་སྒྲིབ་པའི་བྱ ་པ་གང་ཡིན་པ་དེ་བསྒྲུབ་པའི་རྒྱུ་ནི་མ་ཡིན་ནོ་ཞེས་གང་སྨོས་པ་ནི། །དངོས་པོ་ལ་བརྟེན་པ་ནི་མ་ནི་མ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །སྒྲིབ་པ་དངོས་པོ་ལ་འགའ་ཡང་མེད་པའི་ཕྱིར་རོ། །འདི་སྙམ་དུ་སྒྲིབ་པ་ཉིད་དུ་སྒྲོ་བཏགས་པས་བའི་སྒྲིབ་པ་ཡིན་ནོ་སྙན་ན། སྒྲ་བཏགས་པའི ་རྗེས་སུ་བྱེད་བ་ཞེས་སྨོས་སོ། །སྒྲོ་བཏགས་པ་ནི་སྒྲིབ་པ་ཉིད་དུ་བཏགས་པ་ཡིན་ནོ། །སྒྲིབ་བ་ཉིད་ནི་ཤེས་པ་སྐྱེ་བའི་ནུས་པ་གེགས་བྱེད་པའི་རྒྱུ་ཡིན་ལ། དེ་ཡང་དོན་བྱེད་པ་ཡིན་ནོ། །དངོས་པོ་རྣམས་ཀྱི་དོན་བྱེད་པ་ཡང་སྒྲོ་བཏགས་པའི་རྗེས་སུ་བྱེད་པ་ཅན་ནི་ཡོད་པ་མ་ཡིན ་ནོ། །དེའི་ཕྱིར་འདི་ལྟར་གང་གི་ཕྱིར་མེའི་རང་བཞིན་དུ་སྒྲོ་བཏགས་པའི་བྲམ་ཟེའི་ཁྱེའུ་ནི་འཆོད་པའི་དོན་བྱེད་པ་སྒྲུབ་པ་ལ་མེ་བཞིན་དུ་ཉེ་བར་སྦྱོར་བ་མ་ཡིན་ནོ། །གང་གི་ཕྱིར་མེ་ལ་སོགས་པའི་རང་བཞིན་དུ་བྲམ་ཟེའི་ཁྱེའུ་ལ་སོགས་པ་ལ་སྒྲོ་བཏགས་པར ་སྣང་ཡང་དེའི་དོན་བྱེད་མི་ནུས་པ་དེའི་ཕྱིར་སྒྲིབ་པ་དང་མེ་ལ་སོགས་པའི་རང་བཞིན་སྒྲོ་འདོགས་པའི་མཚན་ཉིད་ཀྱི་རྟོག་པ་དེ་ཡོད་ཀྱང་རྟོག་པ་དེས་དངོས་པོ་འགྱུར་བ་གཞན་དུ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་དངོས་པོ་རྣམས་ནི་རང་གི་ངོ་བོ་ལས་མ་འདས་པར་དོན་བྱེད་བར་གནས་པ ་ཉིད་དོ། གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་བར་ན་འདུག་པའི་སྒྲིབ་པ་ཡོད་ཀྱང་དབང་པོ་ལ་སོགས་པ་ཤེས་པ་སྐྱེད་བར་འགྱུར་ཏེ། རྣམ་པར་ཤེས་པ་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། སྒྲིབ་པ་དེས་དེ་དག་ལ་ཁྱད་པར་ཅུང་ཟད་ཀྱང་མ་བྱས་བའི་ཕྱིར་དེ་དག ་གིས་ཤེས་བ་སྐྱེད་པའི་ནུས་པ་ནི་སྔ་མ་ཁོ་ན་བཞིན་དུ་འགྱུར་རོ། །འདུ་བྱེད་སྐད་ཅིག་མ་ཡིན་ཡང་གང་དག་ལས་ཅི་འདྲ་བ་སྐྱེ་བར་མཐོང་བ་དེ་དག་ལ་ནི་དེ་འདྲ་བ་སྐྱེ་བ་ཡིན་ནོ། །སྐད་ཅིག་ཐ་དད་བར་ནི་མ་འགྱུར་ཏེ། དེ་ལྟ་མ་ཡིན་ན་མི་གཅིག་ལ་རྣམ་པར་ཤེས་པ་སྐྱེ་བ་ན ་ཡང་གཞན་གྱི་ཚེ་ཤེས་པ་སྐྱེ་པར་མི་འགྱུར་ཏེ། སྐད་ཅིག་ཐ་དད་བར་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་གང་ན་གནས་པའི་དབང་པོ་ལ་སོགས་པ་འབྲས་བུ་སྐྱེད་པར་མཐོང་བའི་ཡུལ་དེ་ན་གནས་པ་ཉིད་ནི་སྒྲིབ་པ་ཡོད་གྱུར་ནུས་པ་སྐྱེད་པར་འགྱུར་ཏེ། རྒྱུ་ཁྱད་པར ་མེད་པའི་ཕྱིར་རོ། །ད་ལྟ་ཡང་མ་ཡིན་པའི་ཕྱིར་ཤེས་པ་ཡིན་ནོ། །དེའི་ཕྱིར་སྒྲིབ་པས་གྲོགས་བྱས་པ་དབང་པོ་ལ་སོགས་པའི་རྒྱུ་དག་ལས་ནུས་པ་མེད་པ་སྐྱེས་པ་ཡིན་ཏེ། དེས་ན་སྒྲིབ་པ་ནི་སྐྱེད་པར་བྱེད་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཡུལ་ཆོད་པ་མེད་པ་དག་?་ནི་ནུས ་པའི་རྒྱུ་ཡིན་ལ། ཡུལ་ཆོད་པ་རྣམས་ཀྱི་སྐད་ཅིག་དང་པོར་བྱུང་བ་རྣམས་ཀྱི་ནུས་པ་མེད་པའི་རྒྱུ་ནི་བར་ཆོད་ཀྱི་རྒྱུ་དང་ལྷན་ཅིག་པའི་སྐྱེད་པར་བྱེད་པ་ཡིན་ལ། སྐད་ཅིག་གཉིས་པ་ལ་སོགས་པ་ལ་ནི་བར་ཆོད་ཀྱི་རྫས་དང་ལྷན་ཅིག་པའི་སྐྱེད་བར་བྱེད་པ་ནུས་པ་མེད་པའི ་རྒྱུ་ཡིན་ནོ། །སྐད་ཅིག་མ་རྣམས་ལ་ཡང་རྒྱུ་གཞན་འགའ་ཞིག་དང་འབྲེལ་པའི་ཕྱིར་རམ། རྣམ་པར་གནས་པའི་རྒྱུ་མ་ཆེད་བ་ལས་སྐབས་སུ་བབ་པའི་འབྲས་བུ་མི་ནུས་པ་སྐྱེ་བའི་ཕྱིར་རོ། །འདི་ལྟར་སྣང་བའི་ལྷན་ཅིག་བྱེད་པ་ཅན་གྱི་ཡུན་པ་ལས་ཁྱད་པར་ཐོབ་པའི་མུན་པའི་? ་སྐད་ཅིག་གཞན་ནི་མུན་པ་སྐྱེད་པའི་ནུས་པ་མེད་པར་འགྱུར་བ་དང། དེ་བཞིན་དུ་གྲང་པའི་རེག་པའི་རྒྱུ་ནི་ཚ་བའི་རེག་པ་དང་ལྷན་ཅིག་པའི་རང་གི་རྒྱུ་ལས་སྐྱེ་བ་ན་ནུས་པ་མེད་པར་འགྱུར་བ་དེ་བཞིན་དུ་དབང་པོ་ལ་སོགས་པ་ཡང་སྒྲིབ་པ་མེད་པའི་རྒྱུ་ལས་ནི་ནུས་བར་འགྱུར ་ལ། སྒྲིབ་བ་དང་ལྷན་ཅིག་པ་དག་ལས་ནི་ནུས་པ་མེད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཕྱོགས་དང་པོ་ལ་ནི་སྒྲིབ་པ་རྒྱུ་མ་ཚང་བ་སྟོན་པར་བྱེད་པ་ཡིན་གྱི་ཅུང་ཟད་བྱེད་བ་ནི་མ་ཡིན་ལ། ཕྱོགས་འདི་ལ་ནི་དབང་པོ་ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་དང་ལྷན་ཅིག་བྱེད་པའི ་རང་བཞིན་གྱི་སྒྲིབ་པ་ཅུང་ཟད་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྒྲ་རྣམས་ནི་འགའ་ཞིག་ཡོད་ན་རུང་བའི་མཚན་ཉིད་ཀྱི་ཁྱད་བར་ཉམས་པ་ཡོན་པ་མ་ཡིན་ཏེ། དཔེར་ན་རྣམ་པར་རྟོག་པ་སྔ་མ་ལ་སྐད་ཅིག་མ་རྣམས་ལྟར་རོ། །ཁྱད་པར་སྐྱེ་བ་ཡང་ཡོད་པ་ཡང་མ་ཡིན་ཏེ། དཔེར ་ན་རྣམ་པར་རྟོགས་གཉིས་པ་བཞིན་ནོ། །དེས་ན་གལ་ཏེ་དེ་དག་ཤེས་པ་སྐྱེ་བའི་རང་བཞིན་ཡིན་ན་རྟོག་པ་པོ་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་སྟེ། སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པའི་གནས་སྐབས་ཐམས་ཅད་དུ་རང་གི་ཡུལ་ཅན་ཏེ། དམིགས་པ་ཅན་གྱི ་ཤེས་པ་རིམ་གྱི་འབྱུང་བ་དེ་ཐམས་ཅད་བྱེད་པར་འགྱུར་ཏེ། འབྲས་བུའི་དུས་སུ་མངོན་པར་འདོད་པ་བཞིན་ནོ། །ཡང་ན་ནི་ནམ་ཡང་བྱེད་པར་མི་འགྱུར་ཏེ། མི་བྱེད་པའི་དུས་བཞིན་ནོ། །ནམ་ཡང་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་དུས་གཞན་གྱི་ཚ་ཡང་ངོ། །གང་ལ་ཡང་ཞེས་བྱ་བ ་ནི་རུང་པའི་ཡུལ་ན་གནས་པའི་སྐྱེས་བུ་ལ་ཡང་ངོ། །འགའ་ཡང་ཞེས་བྱ་བ་ཤེས་པ་གཅིག་ཀྱང་སྐྱེད་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ཏེ། ཆེད་མས་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྙམ་དུ་ཞེས་བྱ་བ་ནི་སྒྲིབ་པ་འགའ་ཞིག་གིས་རུང་པའི་རང ་བཞིན་བཟློག་པའི་ཕྱིར་སྒྲ་མ་ཐོས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་དག་རྟོགས་པར་བྱ་བ་ལ་རྩལ་བ་ཞེས་བྱ་བའམ། གཞན་ཡང་རུང་སྟེ་ལྷན་ཅིག་བྱེད་པ་འགའ་ཞིག་ཡོད་པའོ། །འོ་ན་ནི་ལྷན་ཅིག་བྱེད་པ་དེ་ཉེ་ན་དེ་ཐམས་ཅད་ཀྱང་གཅིག་ཅར་ཐོས་ཅར་ཐོས་པར་འགྱུར་རོ་ཞེ་ན། ་སོ་སོར་དེས་ཤེས་སྨོས་ཏེ། སྒྲ་སོ་སོ་ལ་གསལ་བར་བྱེད་པའི་རྩོལ་བ་ཐ་དད་པ་ནི་དེས་པ་སྟེ། དེས་ན་གང་གི་ཚེ་གང་གི་གསལ་བྱེད་ངེས་པ་ཉེ་བ་དེ་ཉིད་དེའི་ཚེ་ཐོས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་ལྷན་ཅིག་བྱེད་པ་དེ་ཅི་ཞིག་བྱས་ན་ལྷན་ཅིག་བྱེད་པར་འགྱུར་ཞེ་ན། དབང་པོ ་ལ་ཕན་འདོགས་པ་འམ་ཞེས་སྨོས་སོ། གསལ་བར་བྱེད་པ་དེ་ནི་དབང་པོ་ལ་ཕན་འདོགས་པ་ཡིན་ལ། དབང་པོ་ཡང་སྒྲུའི་ལྷན་ཅིག་བྱེད་བ་ཡིན་པའི་ཕྱིར་དེ་ཡང་སྒྲའི་ལྷན་ཅིག་བྱེད་བར་འགྱུར་བ་ཡིན་ནོ། །གཞན་ཡང་རུང་ཞེས་བྱ་བ་ནི་སྒྲ་དེ་ཉིད་ལ་ཕན་འདོགས་པ ་ཡིན་ལ། ཕན་འདོགས་པ་ཡང་ཉེ་བ་ཙམ་ཉིད་ཡིན་ནོ། །འདི་ལྟར་ནུས་པ་འཇོག་པར་བྱེད་པའམ། བྱས་པའི་ནུས་པ་ཡོངས་སུ་སྨིན་པ་ཡང། ཉེ་བར་གནས་པ་ནི་གསལ་བྱེད་ཀྱི་ཕན་འདོགས་པ་ཡིན་པར་ཕ་རོལ་པོ་དག་འདོད་པ་ཡིན་ནོ། །དེ་ལ་སྒྲ་རྟག་པ་ལ་ནུས་པ ་འཇོག་པ་དང་ཡོངས་སུ་སྨིན་པ་དག་མི་འཐད་པའི་ཕྱིར་ཉེ་བ་ཙམ་གྱིས་བསལ་བྱེད་ཕན་འདོགས་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་ལྷན་ཅིག་བྱེད་པ་དེ་གནས་སྐབས་རེས་འགའ་སྒྲ་འགའ་ཞིག་ལ་འགྱུར་བ་དེའི་ཕྱིར། སྒྲ་འདི་དག་ནི་རེས་འགའ་འགའ་ཞིག་ཏུ་ཐོས ་པ་ནི་ལྷན་ཅིག་བྱེད་པའི་དེ་ཉིད་ཀྱིས་བྱས་པ་ཡིན་ནོ་ཞེ་ན་ཞེས་དེ་ལྟར་སྒྲིབ་པའི་ཕྱོགས་ལས་ལྷན་ཅིག་བྱེད་པའི་ཕྱོགས་གཞན་ཉེ་བར་བསྟན་ནས་།བཟློག་པའི་ཕྱིར། ཁོ་བོ་ཅག་ཅིས་སྨོས་སོ། །ལྷན་ཅིག་བྱེད་པ་ཉེ་བ་ལ་བལྟོས་པའི་ས་བོན་ལ་སོགས་པ་མཐོང ་ཡང་ལྷན་ཅིག་བྱེད་པ་སྤོང་བར་ནི་མི་བྱེད་དོ། །འོན་ཀྱང་རྒྱུ་རྣམས་ནི་དེའི་འབྲས་བུ་སྐྱེད་པའི་གནས་སྐབས་ཀྱི་ཕན་འདོགས་པའི་དོན་ལ་བལྟོས་པ་ཉིད་དོ། །ཕན་འདོགས་པར་བྱེད་པ་མ་ཡིན་པ་ལ་བལྟོས་ནས་འབྲས་བུ་སྐྱེད་ན་ནི་ཧ་ཅང་ཐལ་བར་འགྱུར་པའི་ཕྱིར ་ངོ། །དེའི་གནས་སྐབས་ཀྱི་ཕན་འདོགས་པ་ལ་ཡང་ཅི་སྟེ་བལྟོས་ཤེ་ན། དེ་ལ་ཁྱད་པར་ཐོབ་པ་ཞེས་སྨོས་སོ། །དེ་ལས་ཁྱད་པར་ཐོབ་པས་འབྲས་བུ་བྱེད་པ་ཡིན་གྱི། སྔ་མའི་རང་བཞིན་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ལ་ཅི་ལྟར་ས་བོན་ལ་སོགས་པ་ལྷན་ཅིག་བྱེད་པ་ལ ་བལྟོས་པ་བཞིན་དུ་གལ་ཏེ་སྒྲ་ཡང་ལྷན་ཅིག་བྱེད་པ་འགའ་ཞིག་ལ་བལྟོས་ནས་ཤེས་པ་ཞེས་བྱ་བའི་འབྲས་བུ་བྱེད་པ་ནི་བྱེད་ལ་རག་ཏེ། ཚུལ་འདི་འགལ་བ་ཡིན་ནོ། །བལྟོས་པ་ནི་རང་བཞིན་གཞན་ཡིན་ནོ་ཞེས་སྨྲས་པ་ནི་སྔར་གྱི་རང་བཞིན་ལ་ངེས་པ་ཞེས་བྱ་བ་དེ ་ལྟར་ནི་དེ་མི་འགྱུར་ཏེ། མི་རིགས་སོ། །དེའི་རང་བཞིན་ཁྱད་པར་དང་ལྡན་པ་ནི་ལྷན་ཅིག་བྱེད་པ་ལས་སྐྱེས་པ་ཡིན་ལ། སྔར་གྱི་ཁྱད་པར་དང་བྲལ་བ་ནི་འགགས་པ་ཡིན་ཏེ། དངོས་པོ་ཐ་དད་པའི་མཚན་ཉིད་ནི་རང་བཞིན་ཐ་དད་པ་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་བ་ནི། སྔར ་གྱི་རང་བཞིན་དེ་ནི་ཉམས་པའི་ཕྱིར་ཏེ་ཞེས་བྱ་བ་ཡིན་ནོ། །བལྟོས་པར་བྱ་བའི་རྩོལ་བ་འམ་ཞེས་བྱ་བ་ནི་དངོས་སུ་ཕན་འདོགས་པའི་ཕྱོགས་ལའོ། །བརྒྱུད་པས་ཕན་འདོགས་པ་ལ་ནི་རྩོལ་བས་ལེགས་པར་བྱས་པའི་དབང་པོ་འམ། གཞན་ལས་ཤེས་བྱ་བ་སྟེ། ཕྲད ་པ་འམ་བདག་ལས་རང་བཞིན་གཞན་ཐོབ་པའི་རྒྱུའི་ཕྱིར་སྔར་གྱི་རང་བཞིན་ལ་ངེས་པར་མི་འཐད་དོ། །གལ་ཏེ་གསལ་བར་བྱེད་བ་རྣམས་ཀྱི་ཕན་འདོགས་པ་ཉེ་བ་ཙམ་ཡིན་ནོ་ཞེ་ན། ཕན་འདོགས་པ་མ་ཡིན་པ་ནི་ཞེས་སྨོས་སོ། །ཅུང་ཟད་མི་བྱེད་པ་ཉེ་ཡང་མི་ཉེ་བ ་དང་ཁྱད་པར་མེད་པ་ལ་ནི་བལྟོས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་གཞན་གྱིས་བལྟོས་པར་བྱ་བ་དེ་ནི་ཕན་འདེགས་པར་བྱེད་པ་ཉིད་ཡིན་གྱི། ཉེ་བ་ཙམ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་བལྟོས་པར་འགྱུར་རོ། །འདི་སྙམ་དུ་ཉེ་བ་དེ་ལས་ཕན ་པ་འགའ་ཞིག་ཡོད་པ་ཡིན་མོད་ཀྱི། དེ་དེའི་བདག་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་ཕན་པ་ཡོད་ཀྱང་དངོས་ནི་རང་བཞིན་ལ་ངེས་པ་ཡིན་ནོ་སྙམ་ན་བཤད་པ། སྒྲ་དེའི་ཕན་པ་དེ་ལས་དོན་གཞན་ཡིན་ན་ཕན་པ་འདི་ནི་སྒྲ་དེའི་ཡིན་ནོ་ཞེས་འབྲེལ་བ་དངོས་པོ་ཡིན ་?་དཔེར་མི་འགྱུར་རོ། །རྩོགས་པ་སྨོས་པས་ནི་ཕན་པ་གཞན་རྟོགས་ན་ཐུག་པ་མེད་པར་ཐལ་བའོ། །ཕན་པ་དེ་ཉིད་ལམ་ཤེས་པ། གྱི་ཕྱིར་རོ་ཞེས་ལེའུ་གཉིས་པར་བ?་ཟིན་ཏོ། །ཉེས་བ་གཞན་?་སྒྲ་དེ་ཤོས་བྱ་བ་མ་ཡིན་པར་ཡིན་འགྱུར་རོ།། ་བྱིན་སྐྱེད་བར་བྱེད་བ་ཡིན་ན། །ལྔ་ནི་སྐྱེད་པར་བྱེད་བ་མ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྐྱེན་གྱིས་བྱས་པའི་མན་པ་ཉིད་ལས་ཤེས་པ་སྐྱེ་བའི་ཕྱིར་རོ། །འདི་ལྟར་ཤེས་པ་ནི་དེའི་སུ་ཚད་པའི་ཕན་པའི་རྗེས་སུ་འགྲི་བ་དང་ལྡོག་པའི་རྗེས་སུ་བྱེད་ཀྱི། རྟག་ཏུ་ཡོད་པའི་སྒྲའི ་ནི་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པའི་ཕྱོགས་ནི་སྐྱོན་ཆགས་པ་ཡིན་ནོ། །ཐ་དད་ཕ་མ་ཡིན་ན་ནི་ཕན་པ་རང་བཞིན་ཉིད་ཡིན་པས་རང་བཞིན་བྱས་པས་ན་རང་བཞིན་ཉམས་པ་ཡིན་ནོ། །དེའི་ཕྱིར་རྟག་པར་ཁས་བླངས་པའི་སྒྲ་འདི་ནིའོ། །ཕྲད་པ་ནི་དབང་པོ་དང་ཡུལ་དག ་ཡང་དག་པར་ལྡན་པའི། །བདག་གི?་སྐྱེས་བུའོ། །གཞན་ཡང་རུང་སྟེ། ཞེས་བྱ་བ་ནི་རྩོལ་བ་ལ་སོགས་པ་ལ་བལྟོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོ་ལ་སོགས་པ་ཐམས་ཅད་སྒྲའི་བདག་ཉིད་དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་ཏེ། རྟག་པའི་ཕྱིར་ན་མཛའ་མི ་དད་པའི་བདག་ཉིད་བྱར་མི་ནུས་པའི་ཕྱིར་རོ། །ཅུང་ཟད་མི་བྱེད་པ་ཡང་བལྟོས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཤེས་པ་སྐྱེད་པ་ལ་རྟག་པའི་ལྷན་ཅིག་བྱེད་པ་བཀག་པ་འདིས་ནི་དབང་པོ་དང། སྒྲ་ལ་ཉེ་བར་སྦྱོར་པའི་ཕྱིར་རྩོལ་བ་འབྲས་བུ་དང་བཅས་པར་གཞན་གྱིས་བརྗོད ་པ་གང་ཡིན་པ་དེ་གསལ་བ་ཡིན་ནོ། །ཅི་ལྟར་རྟག་པའི་ལྷན་ཅིག་བྱེད་པ་མེད་པ་དེ་བཞིན་དུ་ཕན་འདོགས་པ་མེད་པ་ཡིན་ནོ། །བལྟོས་པ་མེད་པའི་ཕྱིར་རྩོལ་བ་སྒྲ་ལ་ཕན་འདོགས་པ་མ་ཡིན་མོད། རྩོལ་བ་དབང་པོ་ལ་ཉེ་བར་སྦྱོར་བ་གོ་ཇི་ལྟར་སྤང་ཞེ་ན། བཤད་པ ་དབང་པོ་ལ་ཕན་བཏགས་པས་ཀྱང་སྒྲའི་ལྷན་ཅིག་བྱེད་པར་འགྱུར་ཏེ། རྩོལ་བ་ལ་བལྟོས་པར་བྱ་བ་ཡིན་པའི་ཕྱིར་རོ་།གལ་ཏེ་སྒྲའི་ལྷན་ཅིག་བྱེད་པ་མ་ཡིན་ན་ནི་ཕན་བཏགས་པས་རྩོལ་བ་ལ་སྒྲའི་བལྟོས་པར་བྱ་བར་འགྱུར་བ་ཡིན་གྱི། དེ་ལྟར་ཡིན་ན་དབང ་པོ་ལ་ཕན་འདོགས་པའི་རྩོལ་བ་ལ་སྒྲས་བལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་གང་ལ་ཅི་ཞིག་འབྲེལ་བ་ཡིན། བལྟོས་པ་མེད་པའི་ཕྱིར་སྒྲ་དེའི་ལྷན་ཅིག་?་བྱེད་པ་དེ་ཡང་གསལ་བ་ཡིན་ནོ། །དེའི་ཕྱིར་དབང་པོ་ལེགས་པར་བྱས་པས་ཀྱང་རྩོལ་བ་ལྷན་ཅིག་བྱེད་བ་མ་ཡིན་ནོ། །དཀྱུས་མ་ཉིད ་མཇུག་བསྡུ་པའི་ཕྱིར་བཤད་པ། གང་གི་ཕྱིར་དམིགས་པར་?་པའི་རང་བཞིན་གྱི་སྒྲ་ནམ་ཡང་རང་གྱི་རང་བཞིན་ལས་མ་འཕོས་པ་དེའི་ཕྱིར་རྟག་ཏུ་དམིགས་པར་འགྱུར་རོ། །འདི་ལྟར་དོན་ནི་ཤེས་པ་སྐྱེད་པར་ནུས་པས་མཐོང་བ་ཡང་ཡིན་ནོ། །སྒྲ་ཡང་རེས་འགའ་མཐོང་བ་ཡིན་ཏེ། དེའི་ཕྱིར་ཤེས་བ ་སྐྱེད་ནུས་པ་ཡིན་ནོ། །གལ་ཏེ་འགའ་ཞིག་ལས་ནུས་པ་དེ་ཐོབ་པ་མ་ཡིན་པ་འམ། ནུས་བ་དེ་ད་ལས་ནམ་ཡང་ཉམས་པར་མི་འགྱུར་བ་དེ་ལྟར་ན་དེ་རྟག་པར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་པ་སྐྱེད་པར་རུང་བ་ཉིད་སྒྲ་དེ་ལས་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་ཐ་མི་དད་པའི་དུས ་པ་སྐྱེ་བ་དང་ཉམས་པ་ཡིན་ན་དེའི་རང་བཞིན་གྱི་སྒྲ་ཡང་མི་རྟག་པར་འགྱུར་རོ། །འོན་ཏེ་ནུས་པ་ཐ་དད་པར་འདོད་ན་ནུས་པ་དོན་གཞན་ཡིན་ན་ཡང་སྐྱོན་དུ་འགྱུར་པའི་ཕྱིར་དོན་གཞན་མ་ཡིན་པ་ཉིད་དོ། །སྐྱོན་ནི་འབྲེལ་བ་མི་རུང་བ་དང། ཕན་པ་གཞན་རྟོགས་ན་ཐུག་པ་མེད་པ་དང། ཕན་པ་ལས ་ཤེས་པ་སྐྱེ་པའི་ཕྱིར་སྒྲ་སྐྱེད་པར་བྱེད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་རྟག་ཏུ་དམིགས་པར་ཐལ་བར་འགྱུར་རོ། །རྩོལ་བ་མ་བརྩམས་པ་དང་རྒྱུན་ཆད་པའི་དུས་ན་ནི་འདི་ནམ་ཡང་མ་དམིགས་ལ། གང་གིས་འདི་རྩོལ་བའི་དེ་མ་ཐག་ཏུ་དམིགས་པ་དེས་ན་སྒྲ་དེའི་བདག་ཉིད་ལ་རྩོལ་བ་འདི་ཕན་པ ་འགའ་ཞིག་བྱེད་པའི་ཕན་འདོགས་པ་པོ་ཅུང་ཞིག་ཡིན་ནོ། །རྩོལ་ཤེས་པ་ཉིད་ལ་ནི་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། སྔར་ཡོད་པའི་དོན་གྱི་ཤེས་པ་ནི་རྩོལ་བ་ལ་རག་ལས་པར་མི་འཐད་པའི་ཕྱིར་རོ། །འོན་ཀྱང་རྩལ་མ་ཐག་ཏུ་བྱུང་བའི་ཤེས་པའི་དོན་དེ་ཉིད་ལ་རྩོལ་བ་ཕན་འདོགས་པར ་བྱེད་པར་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། བྱེད་པ་པོ་གང་ཡིན་པ་དེའི་ཆོས་མཐོང་བའི་ཕྱིར་རོ། །སྒྲ་ལ་ནི་རྩོལ་བའི་བྱེད་པ་པོའི་ཆོས་མཐོང་གི་ཤེས་པར་བྱེད་པ་ནི་མ་ཡིན་ནོ། །སྒྲོན་མ་ལ་སོགས་པའི་ཤེས་པར་བྱེད་པའི་དོན་ནི་དངོས་པོ་གྲུབ་ཟིན་པ་རྒྱུ་གྱིས་འཇུག་པ་ལ་རང་གི་ཕུལ? ་ཅན་གྱི་ཤེས་པ་སྐྱེད་པ་ན་ཤེས་པར་བྱེད་པ་ཡིན་ཏེ། རང་ཤེས་པས་ན་གཞན་བློའི་རྒྱུ་ཞེས་གང་བཤད་པ་ཡིན་ནོ། །རྩོལ་བ་ནི་གྲུབ་ཟིན་པའི་སྒྲ་ལས་རང་གི་ཤེས་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་དེའི་རང་ངོ་བོ་སྒྲུབ་པའི་རྒྱུ་ཡིན་ཏེ། དཔེར་ན་རྫ་མཁན་གྱི་རྩོལ་བ་བུམ་པ་བསྒྲུབ ་པའི་རྒྱུ་ཡིན་པ་བཞིན་ནོ། །འཇིག་རྟེན་ཡང་གྲུབ་པའི་དོན་གྱི་བདག་ཉིད་ཤེས་པ་དང། མ་གྲུབ་པ་བསྒྲུབ་བར་བྱ་བ་དག་ཉམས་སུ་མྱོང་བས་ཁོ་ནས་རྣམ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ན་དམིགས?་གསལ་བར་བྱ་བ་དང། རྫ་མཁན་གྱིས་བསྒྲུབ་བར་བྱ་བའི་བུམ་པ། སྦྲོན་མའི་གསལ་བྱ ་?་རྫ་མཁན་གྱི་འབྲས་བུར་ཤེས་པ་དེ་བཞིན་དུ་སྒྲ་ཡང་རྩོལ་བའི་འབྲས་བུ་ཡིན་ནོ། །དེ་ལྟ་མ་ཡིན་ན་བུམ་པ་ཡང་རྫ་མཁན་གྱི་རྩོལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་མཛའ་དག་གསལ་བྱར་འགྱུར་རོ། །བྱེད་པ་པོའི་ཆོས་མཐོང་བ་དེའི་བྱང?་སྒྲ་རྩོལ་ངས་སྐྱེད་པ་ཡིན་པས་ན ་བསལ?་མ་ཐག་ཏུ་བྱུང་བའི་སྒྲའི་ཤེས་པ། རྒྱུ་སྒྲ་མི་རྟག་པའི་རང་བཞིན་གྱི་འབྲས་བུ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་དུ་རྒྱུའི་རང་གི་ངོ་བོ་ཉིད་རྗེས་སུ་དཔོག?་པ་དེར་ནི་ས་ཕྱོགས་ལ་སོགས་པ་གཞན་ཆོས་ཅན་ཡིན་ལ། གང་དུ་ཁྱད་པར་རྗེས་སུ་དཔག་པར་བྱ་བ་དེར་ནི་དེ་ཉིད ་ཆོས་ཅན་ཡིན་ནོ། །བསྐྱེད་བར་བྱ་བའི་འབྲེལ་པ་ཅན་གྱི་ཤེས་པ་ལས་ནི་དེའི་ཁྱད་པར་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དོན་འདི་ཉིད་བསྡུ་བའི་ཕྱིར་བཤད་པ། རྩོལ་བས་བརྩམས་པ་ལས་སྔར་ཡང་ཡོད་པའི་དོན་གྱི་རྣམ་པར་ཤེས་པ་ནི་བརྩལ་མ་ཐག་ཏུ་འབྱུང་བར་ངེས་པ་མ ་ཡིན་ནོ། །དོན་རང་གི་ངོ་བོས་ཤེས་པ་བྱེད་ན་ནི་སྔར་ཡང་བྱེད་པ་ཉིད་དེ། རྩོལ་བ་བལྟོས་པ་མེད་པའི་ཕྱིར་རོ། །སྒྲིབ་བྱེད་བར་མཆོད་པ་དང་དབང་པེ?་དང་སྒྲ། རྩོལ་བ་ཉེ་བར་སྦྱོར་བ་མེད་པའི་ཕྱིར་རོ། །རྣམ་ཀུན་ཞེས་བྱ་བ་ནི་སྒྲ་ལ་ཕན་འདོགས་པ་མ་ཡིན་ལ། སྒྲའི་ལྷན་ཅིག་བྱེད་པ་ཡང ་མ་ཡིན་པའོ། །གསལ་བྱེད་ཀྱི་ཡི་གེ་ནི་སྐབས་འདིར་ཕན་འདོགས་པར་བྱེད་པར་མི་གཟུང་སྟེ། དེ་ཉིད་སྒྲ་ཡིན་པའི་ཕྱིར་རོ། གཞན་མ་དམིགས་པའི་པའི་ཕྱིར་རོ། །འོན་ཏེ་ཉེ་བར་སྦྱོར་བ་མེད་ཀྱང་ཅེའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་པར་མི་འགྱུར་ཞེ་ན། གང་གི་ཕྱིར་བལྟོས་པ་མེད ་པར་དེས་འགའ་ཨི་ཚེ། འབྲས་བུ་མི་བྱེད་པ་འགལ་བ་གང་ཡིན་པ་དེའི་ཕྱིར་རྩོལ་བ་དང་ལྷན་ཅིག་འབྲས་བུ་བྱེད་པར་མི་འཐད་དོ། །བརྩལ་མ་ཐིག་ཏུ་འབྱུང་བའི་ཤེས་པ་འདི་འདྲ་བ་ནི་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་རྩོལ་བ་ལ་རག་ལས་པའི་ཤེས་པ་འདི་?་ནི་?་གའི་དོན་གྱི་འབྲས ་བུར་གྲུབ་ལས་དེའི་རྟགས་ཡིན་ནོ། །དཔེར་ན་བརྗོད་པ་འདི་ཉིད་ཀྱིས་གཏན་ཚིགས་ཀྱི་མཚན་ཉིད་ཕྱོགས་ཀྱི་ཆོས་ལ་སོགས་པ་གང་ཡིན་པ་དེའི་ཡུལ་གཏན་ཚིགས་བསྟན་པ་ཡིན་ནོ། །བསྟན་པ་ཡིན་ཡང་འབྲས་བུའི་གཏན་ཚིགས་ཀྱི་ཕྱོགས་ཀྱི་ཆོས་དཔེར་བརྗོད་པ་ལས་རང་བཞིན ་ཀྱི་ཕྱོགས་ཀྱི་ཆོས་ལོགས་ཤིག་ཏུ་བྱས་པ་ནི་གཏན་ཚིགས་ཐམས་ཅད་ན་ཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་དེའི་བདག་ཉིད་དེ། རང་བཞིན་ནམ་འབྲས་བུ་གང་ཞིག་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་གང་ཡིན་པ་དེ་ཉིད་གོ་བར་བྱེད་པ་མ་ཡིན་བར་རྟོགས ་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ཀྱི་དབྱེ་བ་འཆད་ན་མཚན་ཉིད་ཀྱང་བཤད་དགོས་སོ། །འོན་ཏེ་རང་གི་དོན་གྱི་རྗེས་སུ་དཔག་པ་ལས་མཚན་ཉིད་དེས་པ་ཡིན་ན། མཐུན་པའི་ཕྱོགས་ལ་ཁྱབ་པའི་རང་བཞིན་ཡང་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པར་དེ ་ཉིད་ལས་ངེས་པར་འགྱུར་ཞེ་ན། བརྗོད་པར་བྱ་བ་བསྙད་པ་ཡིན་ཡང་གཞན་གྱི་རྗེས་སུ་དཔག་པར་ཡང་གཏན་ཚིགས་ཀྱི་དག་བརྗོད་པའི་དབང་དུ་བྱས་པ་ནི་བྱིས་པ་རྣམས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །དེའི་དོན་ནི་འདི་ཡིན་ཏེ། བཤད་ཟིན་པའི་དོན་ཡང་རྗོད་པ་ནི་མཁས ་བས་རྟོགས་པར་བྱ་བའི་ཕྱིར་ནི་མ་ཡིན་གྱི། མི་མཁས་པས་དོན་རྟོགས་ཀྱང་ཅི་ལྟ་བ་བཞིན་བརྗོད་མི་ཤེས་པའི་ཕྱིར་རྟོགས་པར་བྱ་དགོས་པ་དེ་བཞིན་དུ། མཚན་ཉིད་ཤེས་ཀྱང་དཔེ་རྗོད་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེའི་མཐར་ཐུག་པ་ཁོ་ནའི་མཚན་ཉིད་ཡིན་པར་རྟོགས ་པར་འགྱུར་བ་དེས་ན་བྱེ་བྲག་ཏུ་རྟོགས་བར་བྱ་བའི་ཕྱིར་དབྱེ་བ་བརྗོད་བར་བྱ་བ་ཡིན་གྱི། མཚན་ཉིད་ནི་གཞན་བརྗོད་བར་བྱ་བ་མ་ཡིན་ནོ། །དེས་ན་འདིར་དབྱེ་བ་ཙམ་ཞིག་སློབ་དཔོན་ཕྱོགས་ཀྱི་གླད་པོ་འམ། ཁོ་བོས་བཤད་ཀྱི། མཚན་ཉིད་ནི་གང་ཞིག་རང་གྱི་དོན་གྱི་རྗེས་སུ་དཔག་པར ་བཤད་པ་དེ་ཉིད་ཡིན་ནོ། །གལ་ཏེ་དབྱེ་བ་བརྗོད་པ་གཉི་ག་ཡང་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཡིན་པ་དེ་ལྟ་ན་ནི། འོ་ན་མཐུན་པའི་ཕྱོགས་ལ་ཁྱབ་པའི་རང་བཞིན་དཔེར་རྗེས?་ཕྱོགས་གཅིག་ལ་ཡོད་པ་ནི་མ་ཡིན་པ་དེས་ན་དེ་གོ་བྱེད་ཉིད་དུ་མི་རྟོགས་དང་འགྱུར ་རོ་ཞེ་ནར་བཤད་པར་དཔེ་རྗོད་པ་འདིས་ནི་ཕྱོགས་གཅིག་ལ་ཡོད་པའི་རང་བཞིན་གྱི་དཔེ་བརྗོད་པ་ཡང་བཤད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་གཅིག་ལ་ཡོད་པ་གཉིས་གྱི་དཔེ་བརྗོད་པ་ཐུན་མོང་དུ་རྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་གསུངས་སོ། །ཡང་ཅི་ལྟར་ན་སྒྲ་འདིས་རང་བཞིན ་ནམ་འབྲས་བུ་རྗོད་པར་ནུས་ཤེ་ན། བཤད་པ། བརྩལ་མ་ཐག་ཏུ་བྱུང་བའི་གསལ་བ་དང་སྐྱེས་བ་དག་ལ་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བའི་སྒྲ་འདིས་རྗོད་བའི་ཕྱིར་དེ་ཡང་རྩོལ་བ་དང་བར་ཆོད་མེད་པར་རྩོལ་བས་བསྐྱེད་ཤེས་བ་ཡིན་ཏེ། དེས་ན་བརྩལ་མ་ཐག་ཏུ ་ཡིན་དང་རྩོལ་བ་དང་བར་ཆད་མེད་པར་འབྱུང་བའི་ཕྱིར་རྩ་བ་མཐག་ཏུ་བྱུང་བ་ཡིན་ལ། བྱུང་བ་ཡང་རང་གི་ངོ་བོ་འམ། གསལ་བ་ཉིད་ཀྱི་ཡིན་ཏེ། མ་གསལ་བ་ནི་མ་བྱུང་བ་དང་མཚུངས་པའིཕྱིར་རོ། །གསལ་བ་ཡང་དོན་ཕྱིས་ཤེས་པ་ཡིན་ཏེ། དེས་ན་བརྩལ་མ་ཐག་ཏུ ་བྱུང་བའི་ཤེས་པ་འམ་སྐྱེ་བ་ཡིན་ནོ། །ཤེས་པ་ནི་འབྲས་བུ་ཡིན་ལ་སྐྱེ་བ་ནི་རང་བཞིན་ཡིན་པའི་ཕྱིར་གཉི་ག་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་རང་བཞིན་དང་འབྲས་བུ་གཉིས་ཀྱི་དབྱེ་བ་བརྗོད་ཅེ་ན། བཤད་པ། ཡོད་པ་གང་མེད་ནི་འབྱུང་བ་འམ། འབྲས་བུ་གང་ཡིན་པ་དེ་ནི་རྒྱུའི་དོན་དེ ་དང་མི་འཁྲུལ་ཞེས་འབྲེལ་ཏོ། །རང་གི་བདག་ཉིད་དབང་གི་གཏན་ཚིགས་གང་ཡིན་པ་ཡང་ངོ། །ཁྱད་པར་ཅི་ལྟ་བུ་ཞིག་ཅེ་ན། རྣམ་དབྱེ་ཅན་ཏེ། ཕྱོགས་གཅིག་ལ་ཡོད་པ་མ་ཡིན་པ་དཔེར་ན་རྩོལ་བ་ལས་བྱུང་བ་ལ་མི་རྟག་པ་བཞིན་ནོ། །གཏན་ཚིགས་དེ་ནི་རྣམ་པར་དཔྱད? ་མེད་པའི་བདག་དེ་དང་འཁྲུལ་མི་འགྱུར་ཏེ། ཡོངས་སུ་མེ་གཏོང་བའོ། །གང་ཞིག་གང་གིས་ཡོངས་སུ་མ་བཏང་བ་དེ་ནི་དེའི་གོ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བཤད་པ་ཡིན་ནོ། །འདིས་ནི་གང་དག་ཕ་རོལ་པོས་བརྟཌ་པའི་གཏན་ཚིགས་དག? ་གཏན་ཚིཌ་མ་ཡིན་པར་བརྗོད་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། ལྡན་པ་ཅན་སོགས་སོ། །ལྡན་པ་ཅན་ནི་མེ་ལ་དུ་བའོ། །དོན་གཅིག་ལ་འདུ་བ་ཅན་ནི་མི་རྟག་པ་ཉིད་ལ་བྱས་པ་ལྟ་བུའོ།། ལྡན་པར་གྱུར་བ་དང་འདུས་པ་ལ་སོགས་པ་གཞན་ཡང་གཟུང་དོ། །གཞན་དག་གི་དཔེ་བརྗོད་པ་ནི་འདུ ་བ་ཅན་ནི་བ་ལང་གི་ར་ལྟ་བུ་ཡིན་ལ། དོན་གཅིག་ལ་འདུ་བ་ཅན་ནི་རག་པ་ལ་སོགས་པ་ལ་གཟུགས་བཞིན་ནོ་ཞེའོ། །འདི་དག་ཐམས་ཅད་གཏན་ཚིགས་མ་ཡིན་པ་ནི་མ་ཡིན་གྱི། འོན་ཀྱང་དེ་དག་གི་ནང་ནས་བཤད་ཟིན་བའི་མཚན་ཉིད་ཅན་དེ་འདྲ་བའི་འབྲེལ་བ་ཡོད་མིན་པ་དེ་དག་ཉིད ་གཏན་ཚིགས་མ་ཡིན་ཏེ། འབྲེལ་པ་མེད་པ་ལ་ནི་འཁྲུལ་པ་སྲིད་པའི་ཕྱིར་རོ། །དེ་ལ་གཏན་ཚིགས་དེ་དགལ་འབྲེལ་བ་ཡིན་ན་ནི། འབྲེལ་བ་དེ་ཉིད་ངེས་པའི་སྒྲུབ་བྱེད་ཡིན་ཏེ། བརྗོད་པའི་ལྡན་པ་དང་འདུ་བ་དང་དོན་གཅིག་ལ་འདུ་བ་ལ་སོགས་པ་རྒྱུ་མཚན་མེད་པ་གཞན་གྱིས་ཅི་ཞིག ་བྱ་ན་འདི་སྙམ?་དུ་འདུ་བ་ལ་སོགས་པ་དེས་བའི་རྒྱུ་ཡོད་པ་ཉིད་ལ་འབྲེལ་པ་དེས་བའི་རྒྱུ་ཡིན་གྱི་མེད་ན་ནི་མ་ཡིན་ནོ་སྙམ་ན་དེ་ནི་མི་འཐད་དེ་འདི་ལྟར་གཏན་ཚིགས་ཀྱི་འགྲེལ་པ་མེད་ན་མི་འབྱུང་བ་གང་ཡིན་པ་དེ་ཉིད་བསྒྲུབ་བར་བྱ་པ་ལ་ངེས་པ་ཡིན་ནོ། །དེས་བའི་དོན་གང་ཡིན ་པ་དེ་ཡང་སྒྲུབ་བྱེད་ཡིན་གྱི། དེས་པ་མེད་པ་ནི་ལྡན་བར་གྱུར་ཀྱང་སྒྲུབ་བྱེད་མ་ཡིན་ནོ། །དེས་ན་དེས་པའི་སྒྲུབ་བྱེད་འབྲེལ་བའི་མཚན་ཉིད་ཡོད་ན་ལྡན་པ་ཅན་ལ་སོགས་པས་ཅི་ཞིག་བྱ། གསུམ་པ་ནི་འབྲས་བུ་དང་རང་བཞིན་དག་ལས་གཞན་བའོ།། འགའ་ཞིག་ཅེས་བྱ་བ་ནི ་ཐམས་ཅད་མ་ཡིན་ནོ། །ཇི་སྐད་བཤད་བའི་མཚན་ཉིད་ནི་བལྟར་རུང་བ་མི་དམིགས་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་རང་བཞིན་གྱིས་ཁོངས་སུ་འདུས་པ་ཡིན་ཏེ། དེའི་ཕྱིར་ཏེ་དཔེར་བརྗོད་པ་ཉིད་ཀྱིས་དཔེར་བརྗོད་པ་ཡིན་ནོ། །གལ་ཏེ་མི་དམིགས་པའི་སྒྲུབ་བར་བྱེད་བ་ཡིན ་ལ། མེད་པ་ཡང་འགའ་ཞིག་གི་ཁོངས་སུ་འདུས་པ་མ་ཡིན་ནོ་ཞེ་ན། བཤད་པ། གང་གི་ཕྱིར་དམིགས་སུ་རུང་སྟེ་དམིགས་པར་འོས་པ་ནི་བལྟར་རུང་བ་མེད་པ་དག་ལ་ནི། མི་དམིགས་པ་ལས་གཞན་པའི་མེད་ལ། མི་དམིགས་པ་ཡང་དེ་གྲུབ་པ་ཡིན་ནོ། །དེས་ན་དེའི ་ཕྱིར་དངོས་པོ་མེད་པ་ནི་མི་སྒྲུབ་བོ། །འོ་ན་འདི་གང་གི་རང་བཞིན་དུ་འགྱུར་བ་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། བཤད་པ། མི་དམིགས་པ་དེ་ཡོད་པའི་རྒྱུ་ལས་བུམ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རྣམ་པ་ཅན་མེད་པ་དེའི་སྒྲ་དང་ཤེས་པ་དགེ་བསྒྲུབ་པར་བྱ་བ ་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དེའི་རྒྱུ་མཚན་ཏེ་དེ་ཙམ་གྱི་རྒྱུ་མཚན་ཅན་ནོ། །འདི་ནི་ལེའུ་གཉིས་པར་བཤད་ཟིན་ཏོ། །བལྟར་རུང་བའི་རང་བཞིན་གྱི་དོན་མེད་པ་ནི་མི་དམིགས་པ་ལས་གཞན་མ་ཡིན་ཏེ། འོན་ཀྱང་ཤེས་པ་དང་ཤེས་བྱའི་རང་བཞིན་མི་དམིགས་པ་ཉིད་ཡིན་ནོ། །དེ ་ཡང་གྲུབ་པ་ཡིན་ལ། གྲུབ་པ་དེས་ནི་དེ་ཉིད་བསྒྲུབ་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པའི་རྒྱུ་མཚན་མེད་པའི་ཤེས་པ་དང་སྒྲ་དག་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བཤད་ཟིན་པ་ཡིན་ནོ། །གལ་ཏེ་མེད་པའི་ཐ་སྙད་མི་དམིགས་པའི་རྒྱུ་མཚན་ཡིན་ན་དེ་ལྟར་ཞེས་བྱ་བ་རྒྱུ་མཚན ་མ་དམིགས་པ་ལས་རྒྱུ་མཚན་རྟོགས་པར་ཅི་ལྟར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། རྒྱུ་ཡོད་ཀྱང་འབྲས་བུ་དེས་པ་མེད་པའི་ཕྱིར་རོ་ཞེ་ན། གང་གི་ཕྱིར་བལྟར་རུང་བ་མ་མཐོང་བ་ལ་བལྟར་རུང། མ་མཐོང་བའི་རྒྱུ་མཚན་གྱིས་མེད་ཅེས་བྱ་བའི་ཐ་སྙད་འདི་དྲུག་པ་ཡིན་ནོ། །དེའི་ཕྱིར་འདི ་མི་དམིགས་པའི་འབྲས་བུ་ཡིན་ཡང་དེའི་བློ་དང་སྒྲ་ལ་ཐེ་ཚོམ་མེད་དོ། །བལྟར་རུང་བ་མཐོང་བ་མེད་པར་གྲུབ་པ་ན་འབྲས་བུ་མ་ཞུགས་པ་ནི་རྒྱུ་མཚད་བ་ལས་ནུས་པ་མ་ཡིན་ན། འདི་ལ་ནི་ཞུགས་པ་ཉིད་ཡིན་ཏེ། དེས་ན་དེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེས་ཤེ་ན། ་གང་གི་ཕྱིར་འབྲེལ་བ་མ་འབྲེལ་བར་ཤེས་པ་གང་གིས་དེས་པ་མེད་པར་འགྱུར་བ་འདི་གདོད་རྟོགས་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲེལ་པ་ཤེས་ཟིན་པའི་ཕྱིར། འོན་ཀྱང་བལྟར་རུང་བ་མཐོང་བ་མེད་པའི་རྒྱུ་མཚན་གྱིས་མེད་དོ་ཞེས་བྱ་བའི་ཐ་སྙད་འདི་ཡིན་པར་གྲུབ་པ་ཉིད་དོ། ་གལ་ཏེ་རྟོགས་བར་བྱེད་པ་ལ་ཡང་ལྟར་རུང་མཐོང་བ་མེད་པའི་རྒྱུ་མཚན་གྱིས་ཐ་སྙད་གྲུབ་ན། འོ་ན་དེ་གང་ལས་བསྒྲུབ་པར་བྱ་བ་ཡིན་ཞེ་ན། དེ་དྲན་པར་བྱེད་དོ་ཞེས་སྨོས་?། གང་ཞིག་དེ་ལ་གྲུབ་པའི་ཉེ་བར་བརྗོད་པ་མེད་པ་དེ་དག་ལ་མེད་པའི་ཐ་སྙད་ཞུགས་སུ་ཟིན་ཀྱང། ཤེས་པ ་དང་ཤེས་བྱའི་བདག་ཉིད་བལྟར་རུང་བ་མི་དམིགས་པའི་ཡུལ་ཡོད་ན་ཡང། དེའི་རྒྱུ་མཚན་ཅན་གྱི་ཐ་སྙད་མི་དྲན་པའི་རྟོགས་པར་བྱེད་པ་དེ་དྲན་པར་བྱེད་དོ། །རྣམ་པ་ཅི་ཞིག་ལྟར་ཞེས་བྱ་བ་ནི་རྒྱུ་མཚན་གཞན་སྒྲོ་བཏགས་པ་ལས་སོ། །མི་དམིགས་པ་ལས་ནི་མ་ཡིན་ཏེ། འོན་ཀྱང་བདག་གིས་རྒྱུ ་མཚན་གཞན་ཉིད་ལས་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་རྒྱུ་མཚན་ལ་རྨོངས་པ་དེ་ཁྱོད་ཀྱི་རྒྱུ་མཚན་འདི་ཉིད་ལས་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་རྒྱུ་མཚན་རབ་ཏུ་བསྟན་པས་ཡུལ་དྲན་པར་བྱེད་དོ། །གལ་ཏེ་རྒྱུ་མཚན་ལ་རྨོངས་ན་དེ་ལ་དེའི་རྒྱུའི་མཚན་གྱིས་བསྒྲུབ་པར་བྱ་བའི་ཐ་སྙད་མི ་འགྲུབ་པ་དེས་ན་དེ་ལྟར་འཁྲུལ་པ་མེད་པ་ཡིན་ཞེ་ན། བཤད་པ་མེད་པའི་ཐ་སྙད་ལ་ཡུལ་གང་དུ་ཡང་སྣང་བ་མི་དམིགས་པ་ལས་རྒྱུ་མཚན་གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ལ། དེ་ཡང་འདིས་སྔར་ལན་ཅིག་མ་ཡིན་པར་ཞུགས་ཟིན་པ་ཡིན་ནོ། །གང་གིས་ཕྱིར་ངེས་པ་དང ་ལྡན་བའི་མཇུག་པ་ནི་མངོན་པར་འདོད་པའི་རང་བཞིན་ཡོངས་སུ་བཅད་པའི་རྒྱུ་མཚན་ཅན་ཡིན་ལ། མངོན་པར་འདོད་བའི་རང་བཞིན་ཡོངས་སུ་བཅད་པ་ཡང་མངོན་པར་འདོད་པ་མ་ཡིན་པ་བཅད་པ་ཡིན་ན་འགྱུར་ཞིང། དེ་བལྟར་རུང་བའི་རང་བཞིན་མ་དམིགས་ན་ཡིན་ནོ། །དེས ་ན་མེད་པའི་ཐ་སྙད་དང་ལྷན་ཅིག་པའི་འཇུག་པ་ཐམས་ཅད་ནི་མི་དམིགས་པའི་རྒྱུ་མཚན་ཅན་ཡིན་པ་དེའི་ཕྱིར་མེད་པའི་ཐ་སྙད་ནི་ཐམས་ཅད་ཀྱིས་དཔྱད་ཟིན་པ་ཡིན་ནོ། །དེའི་ཕྱིར་མི་དམིགས་པ་དང་མེད་པའི་ཐ་སྙད་དག་གི་འབྲེལ་བ་ནི་གྲུབ་ཟིན་པ་ཡིན་གྱི། བསྒྲུབ་པར་བྱ་བ་ནི་མ ་ཡིན་ནོ། །དེའི་ཕྱིར་མི་དམིགས་པས་བསྒྲུབ་པར་བྱ་བ་ཤེས་པ་དང་སྒྲ་དག་ནི་རུང་བ་ཉིད་ལ་ཐེ་ཚོམ་མེད་པ་ཉིད་དོ། །འདོད་པ་ལ་དག་ལས་པའི་ཐ་སྙད་ནི་འགའ་ཞིག་ལ་རྒྱུ་མཚན་ཡོད་ཀྱང་མི་འཇུག་པ་ཡང་སྲིད་པ་དེས་ན་རུང་བ་ཉིད་རྒྱུ་མཚན་གྱིས་བསྒྲུབ་པར་བྱ་བ་ཡིན་གྱི་ཐ ་སྙད་དངོས་ནི་མ་ཡིན་ནོ། །རྒྱུ་མཚན་དང་རྒྱུ་མཚན་ཅན་ཀྱི་འབྲེལ་པ་འདོད་པས་བྱས་པ་ཡིན་པའི་རུང་བ་ཉིད་ཀྱང་བསྒྲུབ་པར་བྱ་བ་ཡིན་ནོ། །གང་དུ་འབྲེལ་པ་དངོས་པོར་གྱུར་པ་དེར་ནི་རུང་བའི་རྒྱུར་གནས་སྐབས་ཐ་མ་ཐོབ་པ་ལས་དེ་མ་ཐག་པ་ཉིད་དུ་འབྲས་བུ་མངོན་སུམ་དུ་འགྱུར་བའི ་ཕྱིར་འབྲས་བུ་དངོས་སམ་རུང་བ་ཉིད་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དཔེ་བརྗོད་པ་ནི་ལྐོག་ཤལ་ལ་སོགས་པ་འདུས་པ་ཡིན་པའི་ཕྱིར་འདི་ནི་བ་ལང་ངོ་ཞེས་བྱ་བའོ། །འདིར་བ་ལང་ཆེན་པོ་དང་ཁྲ་བོ་ལ་སོགས་པ་ལ་བ་ལང་གི་ཐ་སྙད་ཞུགས་སུ་ཟིན་ཀྱང་གང ་གི་བླུན་པས་ཆེན་པོ་ལ་སོགས་པ་ཉིད་རྒྱུ་མཚན་ཡིན་པར་སྒྲོ་བཏགས་ཏེ། ཆུང་དུ་ལ་སོགས་པ་ལ་རྒྱུ་མཚན་མེད་པར་བསམས་ནས་བ་ལང་གི་ཐ་སྙད་མི་འཇུགས་པར་བྱེད་པ་དེའི་ཚེ་ཐ་སྙད་འདི་ནི་ལྐོག་ཤལ་ལ་སོགས་པ་ཙམ་གྱི་རྒྱུ་མཚན་ཅན་ཡིན་ནོ་ཞེས་ལྐོག་ཤལ ་ལ་སོགས་པ་དང་ལྡན་པ་ཙམ་པ་ལང་གི་ཐ་སྙད་ཀྱི་རྒྱུ་མཚན་དུ་བསྟན་ནས་བརྡ་དྲན་པར་བྱེད་དོ། །གལ་ཏེ་འབྲེལ་བ་གྲུབ་ན་རྒྱུ་མཚན་མཐོང་ནས་ཐ་སྙད་འཇུག་པར་མི་བྱེད་པར་ཅི་ལྟར་འགྱུར་ཏེ། དཔེར་ན་ལོ་མ་ལ་སོགས་པ་དང་ལྡན་པ་ལས་ཤིང་གི་ཐ་སྙད་བཞིན་ནོ་ཞེན། ་ཡུལ་ཡོད་ན་ཡང་སྟེ་ཉེ་བར་གནས་པ་ལ་དེའི་རྒྱུ་མཚན་ཅན་གྱི་ཐ་སྙད་ཞུགས་སུ་ཟིན་ཀྱང་རྒྱུ་མཚན་ལ་ཡང་རྨོངས་པས་སྐབས་སུ་བབ་པའི་ཡུལ་འདིར་རྗེས་སུ་མི་བརྗོད་པ་སྟེ། ཐ་སྙད་དུ་མི་བྱེད་པ་འམ་མ་རྟོགས་པ་ན་གྲུབ་པ་མེད་པའི་ཐ་སྙད་ཞུགས་པའི་ཡུལ་དང ་འདྲ་བའི་ཕྱིར་སྐབས་སུ་བབ་པའི་ཡུལ་ལ་མི་དམིགས་པའི་རྒྱུ་མཚན་ཅན་གྱི་བརྡ་རྨོངས་པ་ལ་དྲན་པར་བྱེད་བ་འབའ་ཞིག་ཏུ་ཟད་དོ། །ཅིའི་ཕྱིར་ཞེ་ན། དཔེར་ན་རྒྱུ་དང་འབྲས་བུ་ཉིད་སྒྲུབ་པ་བཞིན་ནོ། །མངོན་སུམ་དང་མི་དམིགས་པ་དག་གིས་གྲུབ་པར་བསྟན་པའི ་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དག་མཐོང་བ་དང་མ་མཐོང་བ་དག་གིས་སྒྲས་བརྗོད་དེ་དག་གི་རྒྱུ་དང་འབྲས་བུའི་ཐ་སྙད་དུ་རུང་བ་ཉིད་དྲན་པར་བྱེད་དོ། །གལ་ཏེ་རྒྱུ་དང་འབྲས་བུ་ཉིད་ནི་གཉིས་འབྲེལ་བ་ཡིན་གྱི། དངོས་པོ་དང་པོ་མེད་པ་ཙམ་ནི་མ་ཡིན་ན། དེ་ཇི་ལྟར་ཐ་སྙད་དུ་རུང་བ ་ཉིད་བསྒྲུབ་པར་བྱ་བ་ཡིན་ཞེ་ན། གང་གི་ཕྱིར་མཐོང་བ་དང་མ་མཐོང་བ་དེ་གཉིས་ཉིད་ལ་རྒྱུ་དང་འབྲས་བུ་དང་རྒྱུ་དང་བསྐྱེད་བྱ་དང་སྐྱེད་བྱེད་ལ་སོགས་པའི་སྒྲ་ཐ་སྙད་ཀྱི་དོན་དུ་བཀོད་པ་ཡིན་པ་དེའི་ཕྱིར། རྒྱུ་དང་འབྲས་བུ་ཉིད་གཞན་ནི་སྒྲུབ་པར་བྱ་བ་མེད་དོ། །རྒྱུ་ཡོད་པ་དང ་མེད་བའི་རྗེས་སུ་བྱེད་པ་འབྲས་བུ་ཡོད་པ་དང་མེད་པ་ཉིད་འབྲེལ་བ་ཡིན་གྱི། གཞན་ནི་འགའ་ཡང་མ་ཡིན་ནོ། །དེའི་ཕྱིར་འདིར་ཡང་བླུན་པས་བརྡ་བྱས་ཟིན་པ་ལ་རྒྱུ་མཚན་སྒྲོ་བཏགས་ནས་ཡུལ་ཅན་མི་དྲན་པ་དྲན་པར་བྱེད་པ་ཡིན་ནོ། །ཞར་ལ་བྱུང་བ་མཇུག་བསྡུས་ནས་གཉུག་མ་ཉིད་བཤད་པ། ་རྒྱུ་ལས་འབྲས་བུ་རབ་ཏུ་གྲུབ་པ་འདི་ནི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བཤད་པ་ཐ་དད་པར་དཔེར་མ་རྗོད་དེ། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རུང་བ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །རྒྱུ་ལས་འབྲས་བུ་གྲུབ་པ་ལ་ཐེ་ཚོམ་མེད་དུ་ཆུག་མོད། རང་བཞིན་གྱི ་ནང་དུ་འདུས་པར་གོ་ཇི་ལྟར་འགྱུར་ཞེ་ན། བཤད་པ། ས་ཕྱོགས་དང་ཤེས་བར་རང་བཞིན་གྱི་མི་དམིགས་པ་ལས་ནི་ཁྱབ་པར་བྱེད་པའི་རང་བཞིན་མེད་པའི་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་བོ། །ཁྱབ་པར་བྱ་བ་དང་ཁྱད་བར་བྱེད་པ་ཡང་གང་དུ་འགྲུབ་ཅེ་ན། ཁྱབ་པ་ཡང་གཞན་དུ་ཞེས་སྨོས་ཏེ། ཡུལ་གཞན ་དུ་རབ་ཏུ་ཞུགས་བའི་ཐ་སྙད་མི་དམིགས་པ་ཙམ་ལས་གྲུབ་ཅིང། གྲུབ་བ་དེ་རྒྱུར་གྱུར་བས་ན་ཁྱབ་པ་གྲུབ་བོ། །དེའི་རྒྱུ་མཚན་ཉིད་དུ་གཅིག་ལ་རབ་ཏུ་གྲུབ་པས་ཀྱང་རུང་བ་ཉིད་རྒྱུ་མཚན་གྱིས་ཁྱབ་པར་བྱེད་བར་འགྲུབ་པར་འགྱུར་རོ། །དེས་ན་དེ་ལྟར་མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་ཀྱི་ནང ་དུ་འདུས་པའི་ཕྱིར་མི་དམིགས་པ་ཉིད་བུམ་པ་མེད་པ་ཡིན་ནོ། །དེ་ཡང་གྲུབ་པ་ཡིན་ལ། མི་དམིགས་པའི་རང་བཞིན་དུ་གྱུར་བ་མེད་པ་དེས་མེད་པའི་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་བར་བྱ་བ་ཡིན་ནོ་ཞེས་ལེའུ་གཉིས་པ་དང་འདིར་ཡང་བཤད་ཟིན་ཏོ། །གང་ལས་མེད་པའི་ཐ་སྙད་དུ་འགྱུར་བ ་མེད་བའི་བདག་ཉིད་ཅི་ལྟར་འགྲུབ་ཅིང་མེད་པ་དེ་ཤེས་པ་མེད་པར་ངེས་པའི་རྒྱུར་ཡང་ཅི་ལྟར་འགྱུར་ཞེ་ན། ཅི་འདྲ་བ་ཞིག་མི་དམིགས་པ་ཡིན་པར་འདོད་པ་དེ་མི་ཤེས་པས་བདག་ལ་དྲིས་སོ་སྙམ་ནས། ཉེས་པ་འདི་ནི་མེད་དེ་ཞེས་སྨྲས་སོ། །འདི་ལྟར་གཞན་དང་མ་འདྲེས་པའི་དོན ་གཅིག་གི་དམིགས་པར་ཉམས་སུ་མྱོང་བ་ལས་དངོས་པོ་འདི་ནི་དམིགས་སོ་ཞེས་ཤེས་པ་མེད་པ་འདི་ངེས་པར་འགྱུར་བ་དེ་ཉིད་ལས་པའི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་རོ། །གཅིག་དམིགས་ཉམས་སུ་མྱོང་བ་ལས་ཞེས་བྱ་བ་གང་ལས་ཤེ་ན། གང་གི་ཕྱིར་གང ་ལས་ཤེས་པ་མེད་པར་ངེས་པའི་ཕྱིར། ཤེས་པ་མེད་པ་དེ་ཉིད་ལས་མོད་པའི་ཐ་སྙད་དུ་གྱུར་བ་དངོས་པོ་རྣམས་རང་ལ་དམིགས་པའི་ཤེས་པ་མེད་པ་ཙམ་གྱིས་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ཤེས་པ་མེད་པར་ངེས་པར་འགྱུར་བའོ། །འོན་གང་ལས ་མེད་པའི་ཐ་སྙད་དུ་འགྱུར་བ་ཤེས་པ་མེད་པར་ངེས་པ་གང་ལས་ཤེན་བཤད་པ། དངོས་པོ་རྣམས་ཀྱི་རང་བཞིན་ལས་ཁྱད་པར་དུ་གྱུར་ཅིང་ལོག་པར་གྱུར་བའི་ས་ཕྱོགས་ལ་སོགས་པ་ཤེས་པ་གཅིག་ལ་འདྲེས་པའི་ཤེས་པ་ཡོད་པ་ལས་ཡིན་ནོ་འདི་མི་དམིགས་སོ་ཞེས ་ཤེས་པ་མེད་པ་འདི་ངེས་པར་འགྱུར་བ་དེ་ཉིད་ལས་དམིགས་པ་མེད་བར་དེས་པའི་སྒོ་ནས་ཐ་སྙད་འཇུག་པ་ཡིན་ནོ། །མེད་པའི་ཐ་སྙད་དེ་ནི་ཤེས་པ་མེད་པ་ལས་ནི་མ་ཡིན་གྱི། འོན་ཀྱང་ཤེས་པ་གཞན་ཡོད་པ་ལས་སོ་ཞེས་བྱ་བ་དེ་ག་ལས་ཤེ་ན། གཉིད་ལོག་པ་ལ་སོགས ་མ་འགའ་ཞིག་ཏུ་དོན་ཐམས་ཅད་མ་རྟོགས་པར་གྱུར་པའི་ཚེ། ཤེས་པ་དངོས་པོ་མེད་པ་མི་རྟོགས་པའི་ཕྱིར་ཤེས་པ་མེད་པ་ལས་ཤེས་པ་མེད་པ་རྟོགས་པ་ནི་མ་ཡིན་ནོ། །དེའི་ཚེ་ཤེས་པ་མེད་པ་མ་རྟོགས་པ་གང་ལས་ཤེ་ན། དྲན་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཤེས ་པ་མེད་པ་ལས་ཤེས་པ་མེད་པ་རྟོགས་པའི་ཕྱིར་དོན་མངོན་སུམ་དུ་གྱུར་ན་མངོན་སུམ་དུ་གྱུར་པའི་ཚད་མའི་སྟོབས་ཀྱིས་དམིགས་པ་དང་མི་དམིགས་པའི་རྣམ་པར་རྟོག་པ་འབྱུང་བར་འགྱུར་རོ། །མངོན་སུམ་གྱིས་ནི་དམིགས་པ་མེད་པ་ཉིད་ཐ་སྙད་དུ་བྱ་བ་ཡིན་གྱི། ་དོན་མེད་པ་ནི་སྙད་དུ་བྱ་བར་ནུས་པ་མ་ཡིན་ཏེ། མ་དམིགས་པ་དག་ཀྱང་ཡོད་པ་མཐོང་བའི་ཕྱིར་རོ། །དེས་ན་སྣང་བ་མི་དམིགས་པས་ན་ཐ་སྙད་དུ་བྱ་བ་ཡིན་ནོ། །མེད་པའི་ཐ་སྙད་དུ་དུང་བ་ནི་བལྟར་རུང་བའི་མི་དམིགས་པ་མེད་པས་ངེས་པར་བཤད་ལ། འདི་མ་དམིཌ ་སོ་ཞེས་བྱ་བ་མངོན་སུམ་ལས་ཡིན་ཏེ། འདི་ལྟར་ཤེས་པ་ཙམ་མེད་པར་ངེས་པ་ནི་གཞན་ལས་ཀྱང་འགྱུར་བ་ཉིད་དོ། །ཡང་ཅིའི་ཕྱིར་ཤེས་པ་ཅིག་ཉམས་སུ་མྱོང་བ་ལས་དོན་གཞན་གྱི་དམིགས་པར་ངེས་ཤེ་ན། གང་གི་ཕྱིར་དོན་གྱི་ཁྱད་པར་རྟོགས་པ་ནི་ཁྱད་པར ་ཅན་ཀྱི་མྱོང་བ་ལས་འགྱུར་ལ། མྱོང་བའི་ཁྱད་པར་རྟོགས་པ་ནི་རྣམ་པ་དེ་ལྟ་བུ་ཁྱད་པར་ཅན་སྔོན་པོའི་རྣམ་པའི་བདག་ཉིད་རང་གི་རིག་པས་ཡིན་གྱི། མྱོང་བའི་ཁྱད་པར་གཞན་ལས་མ་ཡིན་ནོ། །དེ་ལྟ་ཡིན་དང་རང་ཉིད་གྲུབ་པའི་རང་བཞིན་གྱི་ཁྱད་པར་གྱིས་མྱོང་བ་དེ་དོན་གྱིས་གཟུང ་བར་བྱ་བའི་དོན་ཀྱང་ཁྱད་པར་དུ་བྱེད་པ་ཡིན་ཏེ། དོན་གྱིས་ཁྱད་པར་དེས་པ་ནི་ཤེས་པའི་ཁྱད་པར་དེས་པ་ལ་རྟག?་ལས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཁྱད་པར་གྱི་ཤེས་པ་དེས་པའི་རང་བཞིན་ཤེས་པས་གཞན་མེད་པར་ངེས་པ་ནི་ཤེས་པ་ལས་རིགས་ན། དོན་གྱིས་དོན་རྣམ་པར ་གཅོད་དོ་ཞེས་ཅིའི་ཕྱིར་རྗོད་ཅེ་ན། ཤེས་པ་གཅིག་ལ་འདྲེ་བ་ཅན་མཐོང་བ་ན་གལ་ཏེ་བུམ་པ་ལ་སོགས་པ་ཡོད་ན་ནི་མཐོང་བ་ཁོ་ནར་འགྱུར་བ་དེའི་ཕྱིར་སྣང་དུ་སྲིད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བཤད་ཟིན་ཏེ། དེས་ན་འདིར་སྣང་བ་མི་དམིགས་པར་དེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་དོན ་རྣམ་པར་གཅོད་བར་བརྗོད་དེ། དེས་ན་ཤེས་པ་དང་ཤེས་བྱའི་རང་བཞིན་ནི་མི་དམིགས་པ་ཡིན་པར་དེ་དང་དེ་དག་ཏུ་བརྗོད་པ་ཡིན། གལ་ཏེ་ཅི་ལྟར་དོན་གྱི་ཁྱད་པར་དེས་པས་ཤེས་པ་ལས་ཡིན་གྱི་རང་ཉིད་ལས་ནི་མ་ཡིན་པ་དེ་བཞིན་དུ་ཤེས་པའི་ཡང་ཤེས་པ་གཞན་ལས་ཡིན ་ནོ་ཞེ་ན། དེ་ལྟ་མ་ཡིན་ན་ཞེས་སྨོས་སོ། །གལ་ཏེ་མྱོང་བའི་ཁྱད་པར་དེ་ངེས་པའི་རྣམ་པར་ཤེས་པ་གཞན་གྱིས་དེས་པར་བྱས་པ་ཡིན་ན། ཤེས་པ་གཞན་དེའི་ཡང་ཤེས་པ་གཞན་ལས་དེའི་ཡང་ཤེས་པ་གཞན་ལས་ཡིན་པའི་ཕྱིར་ཤེས་པའི་ཁྱད་པར་རྟོགས་རྒྱུ་མཚན་གཞན་དང ་གཞན་མཛའ་ཐུག་པ་མེད་པར་འགྱུར་བས་དོན་ནམ་ཤེས་པའི་ཁྱད་པར་འགའ་ཡང་འགྲུབ་པར་མི་འགྱུར་རོ། །ཡན་ཅི་ལྟར་ན་ཤེས་བའི་ཁྱད་བར་བཞིན་དུ་དོན་གྱིས་ཁྱད་པར་ཡང་རང་ལས་མི་འགྲུབ་ཅེ་ན། བཤད་པ། དོན་ནི་རང་གི་ཡོད་པ་འམ་ཁྱད་པར་དག་གིས་དོན་དང་འབྲེལ ་པའི་ཡོད་པ་དང་ཁྱད་པར་ངེས་པ་མ་ཡིན་ཏེ། དེ་དག་ནི་རིག་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རིག་པའི་རང་བཞིན་གྱི་ཡོད་པ་དང་ཁྱད་པར་གང་ཡིན་པ་དེ་དག་ནི་རང་ལས་གྲུབ་པར་འགྱུར་བ་ཡིན་ནོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། གང་ཞིག་ཡོད་པ་རང་ཉིད་ལས་གྲུབ་པ ་དེའི་ཁྱད་པར་ཡང་འགྲུབ་པ་ཡིན་ནོ། །དོན་ནི་རིག་པའི་རང་བཞིན་མ་ཡིན་པའི་ཕྱིར་ཡོད་པ་ཙམ་ཡང་རང་ལས་མི་འགྲུབ་ན་ཁྱད་པར་ལྟ་འགྲུབ་པར་ག་ལ་འགྱུར། དེའི་ཕྱིར་བདག་གི་ཤེས་པ་གང་ཡིན་པ་དེའི་ཡོད་པ་དང་ཁྱད་པར་དག་གིས་ཡོད་པ་དང་ཁྱད་པར ་དག་འགྲུབ་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་མྱོང་བའི་ཡོད་པ་དང་ཁྱད་པར་དག་ན་མྱོང་བ་གཞན་གྱི་ཡོད་པ་དང་ཁྱད་པར་དག་ལས་ངེས་པ་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་ཐམས་ཅད་མི་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་མེད་པར་ངེས་པའི་རྒྱུ་ནི་ཤེས ་པ་གཞན་ཉིད་ཡིན་གྱི། ཤེས་པ་མེད་པ་ཙམ་ནི་མ་ཡིན་པ་དེའི་ཕྱིར་སྣང་དུ་རུང་བའི་དམིགས་པ་མེད་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་བཤད་མ་ཐག་བ་ཤེས་པ་གཅིག་ལ་འདྲེ་བའི་རང་བཞིན་ཁྱད་པར་ཅན་མྱོང་བ་ལས་ཤེས་པ་གཅིག་ལ་འདྲེས་པ་གཞན་བསལ་བ་ནི་གཞན་མ་ཡིན་ཏེ། ་དེས་ན་མ་ཡིན་པར་འཇུག་པས་མྱོང་བ་དེ་ཉིད་དངོས་པོ་མེད་པ་ཡིན་ཏེ། སྣང་བ་མི་དམིགས་པ་ངེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་བུམ་པ་དེ་མི་དམིགས་པ་ཡང་བུམ་པ་དེ་ལས་ཐ་དད་པའི་ཤེས་པ་གཅིག་ལ་འདྲེ་བ་དམིགས ་པ་ཉིད་ཡིན་ན། དེ་འདྲ་བའི་མི་དམིགས་པ་ནི་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ནོ་དེས་ན་དོན་འདི་བརྗོད་པ་ཡིན་ཏེ། གང་གི་ཕྱིར་ཤེས་པ་གཞན་ལས་སྣང་བ་དམིགས་པ་མེད་པར་ངེས་པ་དེའི་ཕྱིར་ཁྱད་པར་ཅན་གྱི་ཤེས་པ་དེ་ཉིད་དེ་མེད་པ་དང་མ་དམིགས་པ་ཡང་ཡིན་ལ། ་དེ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་པ་དང། སྣང་བ་མི་དམིགས་པ་མེད་པར་ངེས་པའི་རྒྱུར་ཡང་འགྱུར་བ་ཡིན་ཏེ། དངོས་པོ་ཉིད་ཀྱི་ཕྱིར་རོ། །དངོས་པོ་མེད་པ་དང་མི་དམིགས་པ་ནི་དེ་ཉིད་ཡིན་ནོ་ཞེས་དེ་ག་ལས་ཤེ་ན། བཤད་པ། གང་གི་ཕྱིར་དོན་མ་འབྲེལ་བ་ཉམས ་སུ་མྱོང་བ་མ་འབྲེལ་པའི་ཡུལ་ཅན་ཉིད་ཀྱིས་རྣམ་པ་གཅིག་ཏུ་སོ་སོར་ངེས་པ་གང་ཡིན་པ་དེ་ལས་དོན་གཞན་མེད་པ་ནི་གཞན་མ་ཡིན་ཏེ། འོན་ཀྱང་དེ་ཉིད་ཡིན་ནོ། །ཉམས་སུ་མྱོང་བ་དེ་ཉིད་ནི་རྣམ་པ་དེ་ངེས་པ་ཡིན་པའི་དམིགས་པའི་སྔོན་པོ་དེ་ཉིད་ཡོད་ཞེས་ངེས ་པར་བྱེད་པ་ན་གཞན་ནམ་གཞན་མྱོང་བ་མེད་དོ་ཞེས་ངེས་པར་བྱེད་པ་དེའི་ཕྱིར་དེ་ཉིད་དངོས་པོ་མེད་པ་ཡིན་ལ། དེ་ནི་འདིར་ཡང་ཡོད་དོ། །ནམ་གྱི་ཚེ་ངེས་ཤེ་ན། གང་གི་ཚེ་གཞན་མེད་པར་ཐ་སྙད་བྱེད་པའི་ཚེ་ཡིན་ལ། གཞན་མེད་པའི་ཐ་སྙད་ཀྱང་སྣང་བ་མི་དམིགས་པ་ལས་ཡིན་ནོ། །དེའི ་ཕྱིར་འདི་མངོན་སུམ་གྱི་བྱེད་པ་ནི་མ་ཡིན་ནོ། །དམིགས་པར་བྱ་བ་དེ་ཉིད་ནི་ཡོད་ལ་གཞན་ནི་མེད་དོ་ཞེས་བྱ་བ་འདི་ནི་སྐབས་ཀྱི་དབང་གིས་ཡིན་པར་བལྟ་སྟེ། མངོན་སུམ་གྱི་བྱ་བ་རྣལ་མ་ཉིད་ནི་འདི་དམིགས་ལ་འདི་ནི་མ་དམིགས་སོ་ཞེས་བྱ་བ་ཉིད་ཡིན་ནོ། །དེ་བཞིན་དུ་ཁྱད་པར ་ཅན་གྱི་རང་བཞིན་ངེས་པ་ཉིད་ནི་མྱོང་བ་གཞན་མེད་པར་ངེས་པ་ཡིན་ཏེ། དེའི་རང་བཞིན་གྱི་ཁྱད་པར་ནི་རང་ལས་གྲུབ་པ་ཡིན་ནོ་ཞེས་གང་བཤད་པ་ཡིན་ནོ། །དེའི་ཕྱིར་གཞན་མྱོང་བ་མེད་དོ་ཞེས་ངེས་པར་བྱེད་དོ་ཞེས་བྱ་བ་འདིར་ནི་ཤུགས་ཀྱིས་ཤེས་བྱ་བར་མི་བྱ་སྟེ། འོན་ཀྱང་གཞན ་མེད་དེ་ཞེས་བྱ་བ་འདིར་ཡིན་ནོ། །མངོན་སུམ་ནི་གཞན་མེད་པར་ཐ་སྙད་བྱེད་པ་མ་ཡིན་ན་དེ་ཅི་ལྟར་ངེས་པར་བྱེད་ཅེ་ན། ཤུགས་ཀྱིས་ཏེ་གལ་ཏེ་དེ་ན་སྣང་དུ་རུང་བ་གཞན་ཡོད་ན་ནི་ས་ཕྱོགས་འབའ་ཞིག་དམིགས་པར་མི་འགྱུར་ཏེ། དེ་ཡང་དམིགས་པའི་ཕྱིར་རོ། །དམིགས་པ་ངེས ་པ་དེ་ཉིད་ཀྱི་ཤུགས་ཀྱིས་ལྟར་རུང་བ་མེད་པར་ངེས་པ་མ་ཡིན་ན་དེ་ནི་བལྟ་རུང་མི་རུང་བདག་ལ་ཡང་ཡོད་པའི་ཕྱིར་སྣང་བ་མི་དམིགས་པས་ཐ་སྙད་དུ་བྱ་བ་ཡིན་ནོ། །དེའི་ཕྱིར་གཞན་དམིགས་པ་མེད་པར་ངེས་པའི་རྒྱུ་ཉིད་ཤུགས་ཀྱིས་གཞན་མེད་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་དེ ་ཉིད་མེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །སྣང་བ་མི་དམིགས་པར་ངེས་པའི་ཤུགས་ཀྱིས་བྱས་པས་དེ་ཉིད་ལས་མེད་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་དེ་མ་དམིགས་པ་ཡིན་ནོ། །གང་ལས་གང་མེད་པར་ངེས་པ་དེ་དེའི་མི་དམིགས་པར་རིགས་ཀྱི་གཞན་ནི་མ་ཡིན་ནོ།། ་དེ་ནི་སྣང་དུ་རུང་བ་གཞན་མི་དམིགས་པར་ངེས་པའི་རྒྱུ་ཡིན་པས་མེད་པའི་ཐ་སྙད་འགྲུབ་པའི་རྒྱུ་ཡང་ཡིན་ནོ། །གང་ལས་ཤེས་པ་མེད་པར་མི་ངེས་པ་དེ་ནི་ཐ་སྙད་ཀྱི་རྒྱུ་ནི་ཉིད་མ་ཡིན་ཏེ། མི་དམིགས་པ་མ་དེས་པ་ནི་ཐ་སྙད་མི་རུང་བའི་ཕྱིར་རོ། །དེ་ཡང་རིག་པས་གྲུབ ་པའི་ཕྱིར་མ་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་ཤེས་པའི་རྒྱུ་དང་མངོན་སུམ་གྱིས་གྲུབ་པ་ཡང་ཡིན་པས་རྩོད་པ་གཉི་ག་སྤངས་པ་ཡིན་ནོ། །འདིར་ཤེས་པ་གཅིག་ལ་འདྲེ་བའི་དངོས་པོའི་ཡུལ་ཅན་གྱི་མངོན་སུམ་གྲ་ལས་བལྟར་རུང་བ་གཞན་མེད་པར་ངེས་པ་དེ་ལས ་བལྟར་རུང་བ་གཞན་མེད་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བའི་དོན་རྣམ་པར་བཞག་པ་ཡིན་ནོ། །དོན་འདིའི་ཁྲུལ་བར་བསྟན་པའི་ཕྱིར་སྨྲས་པ་ནི། གལ་ཏེ་རང་ལས་ཁྱད་པར་ཅན་ཤེས་པ་གཅིག་ལ་འདྲེ་བ་ཤེས་པ་མེད་ཀྱང་ལ་ལར་མེད་པའི་ཐ་སྙད་ཀྱི་བློར?་འགྱུར་བ་མ་ཡིན་ནམ། དཔེར ་ན་མུན་ཁུང་མུན་པའི་སྨག་ཏུ་ལག་པ་དབྱུགས་པས་བུམ་པ་ལ་སོགས་པ་མེད་པར་རྟོགས་པ་ཡོད་པ་བཞིན་ནོ་ཞེ་ན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མུན?་ཁུང་དེར་ཡང་དེ་ལྟར་ཞེས་བྱ་བ་འགའ་ཞིག་མེད་པར་རྟོག་པ་ནི་དབྱུགས་པའི་ལག་པའི་ནང་གི་བདག་ཉིད་ཀྱི་ཁྱད་པར ་ཅན་གྱི་རེག་པ་དམིགས་པས་ཡིན་ནོ། །གཟུགས་ཀྱི་བདག་ཉིད་ཀྱིས་ནི་བུམ་པ་ལྟ་བར་བྱ་བ་ཡིན་ལ། རེག་པའི་བདག་ཉིད་ཀྱིས་ནི་རེག་པར་བྱ་བ་ཡིན་ནོ། །རེག་པར་བྱ་བ་དེ་ཤེས་པ་གཅིག་ལ་འདྲེ་བའི་ནང་གི་རིག་པ་དམིགས་པ་ལས་རྟོགས་པ་ཡིན་ནོ། །དེའི་ཚེ་ནང་གི ་རེག་པ་དམིགས་པ་ཡོད་དོ་ཞེས་བྱ་བ་དེ་ཡང་ག་ལས་ཤེ་ན། རེག་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ལག་པ་དབྱུགས་པའི་བྱ་བའི་ཡུལ་ཅན་བློ་ལ་གནས་པའི་རྩོལ་བ་ལས་འབྲས་བུར་གྱུར་བའི་ལག་པ་དབྱུགས་པ་རྟོགས་པ་མ་ཡིན་ནམ་ཞེ་ན། རྩོལ ་བ་མེད་ཀྱང་ཞེས་སྨོས་སོ། །རེ་ཞིག་འབྲས་བུ་ནི་ངེས་པར་འགྱུར་བ་མ་ཡིན་ལ། དབྱུགས་པའི་ཤེས་པ་རྗེས་སུ་དཔག་པ་མ་ཡིན་ཏེ། དེའི་ཕྱིར་རེག་པའི་ཁྱད་པར་མངོན་སུམ་དུ་གྱུར་པ་ན་ཡུལ་ནས་ཡུལ་དུ་རྒྱུ་བའི་ལག་པ་མངོན་སུམ་དུ་འགྱུར་བ་ཡིན་ནོ། །རྩོལ་བ་མེད ་ཀྱང་ལག་པ་གྱེན་དུ་བསྒྲེངས་ཏེ་མུན་ཁུང་དུ་གཉིད་རྩོམ་པའི་དུས་སུ་ལག་པ་འོག་ཏུ་ལྟུང་བ་དམིགས་པ་ཡོད་པ་ཡིན་ནོ། །དེའི་ཕྱིར་རྩོལ་བ་ནི་རྟོག་པའི་ཡན་ལག་མ་ཡིན་པ་དང་འཁྲུལ་བ་མ་ཡིན་ནོ། །རེག་པའི་ཁྱད་པར་དེ་ལས་ཤེས་པ་གཅིག་ལ་འདྲེ་བ ་མེད་པར་རྟོགས་པ་ཡིན་ནོ། །ཤེས་པ་གཅིག་ལ་འདྲེ་བའི་དངོས་པོའི་རྟོག་པ་དེ་མེད་ན་གཉིད་ལོག་པ་ལ་སོགས་པའི་ཚེ་མེད་པར་མི་རྟོགས་པའི་ཕྱིར་རོ། ། སྒྲ་ལ་སོགས་པ་མེད་པར་རྟོགས་པ་ནི་ཕྱིས་གཏན་ལ་འབེབས་པར་འགྱུར་རོ། །གལ་ཏེ་དམིགས་པའི་རྒྱུ་རྣམས་ཡོད་པ་ན་དམིགས ་སུ་རུང་དེ་མི་དམིགས་པས་མེད་པར་རྟོགས་སོ། །དེས་ཅིར་འགྱུར་ཞེ་ན། དེའི་གཉིད་ལོག་པ་དང་མྱོས་པ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་སུ་འགའ་ཞིག་མེད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དམིགས་པའི་རྐྱེན་དབང་པོ་ནུས་པ་མ་ཉམས་པ་འབྲས་བུ་བྱེད་པར་ནུས་པ ་དང། རུང་བའི་ཡིད་ལ་བྱེད་པ་དེ་ཉིད་མེད་པའི་ཕྱིར་རོ། །དེས་ན་ཁྱད་པར་ཅན་ཤེས་པ་གཅིག་ལ་འདྲེ་བའི་ཤེས་པ་མེད་པའི་ཕྱིར་ན་གཉིད་ལོག་པ་ལ་སོགས་པ་དེར་འགའ་ཡང་མེད་པར་མ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་དེ་འདྲ་བ་ག་ལས་ཤེ་ན། རྒྱུ་ཚོགས་པ་ཅན་གྱི་དམིགས་སུ་རུང ་བ་མ་དམིགས་པ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་གཉིད་ལོག་པ་ལ་སོགས་པ་ལ་མེད་པའི་ཕྱིར་ཁྱད་པར་ཅན་གྱི་ཤེས་པ་ལས་མེད་པར་རྟོག་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་གཉིད་ལོག་པ་ལ་སོགས་པ་མེད་པར་མ་རྟོགས་པ་ནི་མི་དམིགས ་པ་ཉིད་མེད་པས་ཡིན་གྱི། ཁྱད་པར་ཅན་གྱི་ཤེས་པ་མེད་པས་ནི་མ་ཡིན་ནོ་ཞེ་ན། ཁྱོད་ཀྱིས་ཀྱང་ཁྱད་པར་ཅན་གྱིས་ཤེས་པ་ཉིད་རྣམ་པ་གཞན་གྱི་སྒོ་ནས་བརྗོད་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་བཤད་པ། མི་དམིགས་པ་བརྗོད་པར་བྱ་བ་འདིར་ཡང་རྒྱུ་གཞན་ཡོད་པ་ན་ཞེས ་སྨྲ་བས་དབང་པོ་ལ་སོགས་པ་དེ་དག་ཉིད་ཤེས་པ་སྟེ། རང་གི་ཤེས་པ་ལ་ནུས་པ་ཉམས་པ་མེད་པའི་རྒྱུས་དམིགས་པ་སྐྱེ་བར་སྟོན་པར་བྱེད་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་དེ་དག་འབྲས་བུ་རྩོམ་པ་དེའི་ཚེ་དག་ནུས་པ་མ་ཉམས་པར་འགྱུར་བ་ཡིན་གྱི། དེ་ལྟ་མ་ཡིན་ན་ཧ ་ཅད་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་སྣང་བ་ན་གང་ཞིག་ཡོད་ན་གདོན་མི་ཟ་བར་སྣང་བ་ཤེས་པ་གཅིག་ལ་འདྲེ་བ་དེའི་ནུས་པ་མ་མཐོང་བ་རྒྱུའི་ནུས་པས་རྗེས་སུ་དཔོག་པར་བྱེད་དོ། །དེ་ལས་ནི་འབྲས་བུ་འདྲེ་བའི་ཤེས་པ་ཡིན་ནོ། །འབྲས་བུ་མཇུག་པ་དེ་ཡང་དམིགས ་པ་ཉིད་ཡིན་ནོ། །ཁྱོད་ཀྱིས་དམིགས་སུ་རུང་བ་མ་དམིགས་པར་བརྗོད་པས་ཀྱང་དམིགས་པ་དེའི་དོན་གཅིག་ཏུ་སྣང་བ་ངེས་པ་སྟོན་པར་བྱེད་དོ། །འདི་ལྟར་དམིགས་པ་ཡོད་པ་ན་གལ་ཏེ་དེའི་རྣམ་པ་དོན་གཅིག་ཏུ་ངེས་པ་ཡིན་ན་བུམ་པ་མ་དམིགས་སོ་ཞེས་བྱ ་བར་འགྱུར་བ་ཡིན་ནོ། །དེའི་ཁྱོད་ཀྱིས་ཀྱང་ཁྱད་པར་ཅན་གྱི་ཤེས་པ་ཉིད་དེ་མི་དམིགས་པར་བརྗོད་པ་ཡིན་ནོ། །གཞན་དུ་ཞེས་བྱ་བ་གལ་ཏེ་མི་དམིགས་པར་མི་འདོད་ན་དེའི་ཚེ་དོན་མེད་པ་ནི་མི་དམིགས་པས་ཡིན་ལ། དེ་མེད་པ་ཡང་གཞན་གྱིས་ཡིན་པའི་ཕྱིར་ཐུག་པ་མེད ་པར་འགྱུར་རོ། །འདི་ཉིད་ཀྱི་རྣམ་པར་འགྲེལ་བ་བཤད་པ་ནི། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་རང་གི་ཡུལ་ཅན་གྱི་ཤེས་པ་མེད་པས་དངོས་པོ་མེད་པ་གྲུབ་ན། དེའི་ཚེ་སྒྲུབ་པར་བྱེད་པ་ནི་གྲུབ་པ་ཡིན་པའི་ཕྱིར་ཤེས་པ་མེད་པ་ཡང་མི་དམིགས་པ་གཞན་གྱིས་བསྒྲུབ ་དགོས་པའི་ཕྱིར་ཐུག་པ་མེད་པར་འགྱུར་བས་གོ་བར་བྱེད་པ་མ་གྲུབ་པའི་ཕྱིར་དོན་གྱི་དངོས་པོ་མེད་པ་མི་རྟོག་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་ཤེས་པ་བཞིན་དུ་དེ་མེད་པ་ཡང་རང་ཉིད་འགྲུབ་པས་དེའི་ཕྱིར་ཐུག་པ་མེད་པར་འགྱུར་ཞེ་ན། བཤད་པ། གང་གི་ཕྱིར་མྱོང་བ ་མེད་པ་ནི་རང་ཉིད་ངེས་པ་མ་ཡིན་ཏེ། མེད་པའི་ངོ་བོར་ཁྱད་པར་མེད་པས་ཡུལ་ཡང་རང་ཉིད་ལས་མེད་པར་རྟོགས་པར་ཐལ་པའི་ཕྱིར་རོ། །ཤེས་པ་བཞིན་དུ་ཤེས་པ་མེད་པ་ཡང་རང་ཉིད་ལས་ཡིན་ན་ཞེས་གང་སྨྲས་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་མྱོང་བ་ནི་བདག ་ཉིད་ཀྱི་ཁྱད་པར་ཏེ། རིག་པའི་རང་བཞིན་ཡིན་པའི་ཕྱིར་བདག་ཉིད་ཁོ་ནས་རིག་པ་ཡིན་ཏེ། སྒྲུབ་པར་བྱེད་པ་གཞན་ལ་བལྟོས་པ་མེད་པ་ཡིན་ནོ། །མེད་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་ངོ་བོ་ཉིད་མེད་པས་རིག་པའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་གང ་ལས་ཐུག་པ་མེད་པའི་སྐྱོན་འདིར་འགྱུར་བ་བདག་ཉིད་འཛིན་པའི་ཤེས་པ་མེད་པས་དངོས་པོ་མེད་པར་ངེས་པ་མ་ཡིན་ལ། ཁྱེད་ཀྱི་རང་ལས་གཞན་པའི་ཤེས་པ་ཡོད་པ་ལས་ཀྱང་མ་ཡིན་ནོ། ། འོན་ན་ག་ལས་ཤེ་ན། དངོས་པོ་མེད་པར་རྟོག་པ་བུམ་པ་མེད་དོ་ཞེས ་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་མེད་པའི་ཤེས་པ་གང་ཡིན་པ་དེ་ལས་མེད་པའི་ཐ་སྙད་དུ་འགྱུར་བ་ཡིན་ནོ། །མངོན་སུམ་ནི་ཡུལ་ཅན་དུ་འགལ་བའི་ཕྱིར་རོ། །?་བཟུང་བ་འཛིན་པ་ཉིད་ཀྱིས་དེ་ནི་རང་རྒྱུད་པ་ཡིན་གྱི་དྲན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་ཡིན ་ནོ། །ཞེས་ཟེར་རོ། །འདི་ལ་རང་གི་ཡུལ་ལ་ཚད་མར་འགྱུར་བ་འགའ་ཞིག་ནི་དོན་ལས་དངོས་སུ་འབྱུང་བ་ཡིན་ཏེ། དཔེར་ན་མངོན་སུམ་ལྟ་བུ་འམ། ཡང་ན་བརྒྱུད་པ་སྟེ། དཔེར་ན་རྗེས་སུ་དཔག་པ་ལྟ་བུའོ། །དངོས་པོ་མེད་པའི་ཤེས་པ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། དངོས་པོ ་མེད་པ་ལ་རྟགས་མི་འགྲུབ་པའི་ཕྱིར་ཏེ་གཏན་ཚིགས་ཐིགས་པ་ནས་བཤད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་གང་ཞིག་འདིའི་ཡུལ་དུ་འགྱུར་བ་དང། དེ་ལ་ཡང་འདི་ཚད་མར་འགྱུར་བའི་དངོས་པོ་མེད་པ་རྟོགས་པ་དེ་ག་ལས་འགྱུར། རེ་ཞིག་དངོས་པོ་མེད་པ་ལས་མ་ཡིན་ཏེ། གང ་གི་ཕྱིར་དངོས་པོ་མེད་པ་ནི་དངོས་སམ་བརྒྱུད་པས་འགའ་ཨི་ཡང་རྒྱུད་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནུས་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་ནི་འོ་ན་ནུས་པ་ཡོད་པར་འགྱུར་རོ་ཞེ་ན། འོ་ན་ནི་དངོས་པོ་ཉིད་དུ་འགྱུར་ཏེ། ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དང་ཞེས་མཐར ་བརྗོད་པ་ནི་ནིམ་པ་གཞན་ཡིན་ནོ། །གཞན་ཡང་མེད་པ་དེ་ཉམས་བ་མེད་པས་དེའི་འབྲས་བུ་རྟག་ཏུ་འགྱུར་རོ། །རྟག་པ་ཡང་ལྷན་ཅིག་བྱེད་པའི་དབང་གིས་ངེས་འགའ་བྱེད་པ་ཡང་མ་ཡིན་ཏེ་བལྟོས་པ་མེད་པའི་ཕྱིར་རོ། །ཅི་ལྟར་བལྟོས་པ་མེད་ཅེ་ན། བལྟོས་པ་ནི་ཁྱད་པར ་ཐོབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཁྱད་པར་དུ་འགྱུར་རོ་ཞེ་ན། འགྱུར་ལ་རག་ལ། དངོས་པོ་མེད་པར་ནི་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་སྔ་མ་འདོད་བ་དང་གཞན་དང་འབྲེལ་བ་ནི་དངོས་པོའི་ངོ་བོ་ཡིན་ནོ། །གལ ་ཏེ་དེ་དག་དངོས་པོ་མེད་པ་ལ་ཡོད་ན་ནི་དེའི་དངོས་པོ་ཉིད་དུ་འགྱུར་གྱི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་ཡུལ་དུ་འགྱུར་བ་དང་དེ་ལ་འདི་ཚད་མར་འགྱུར་བ་དངོས་པོ་མེད་པ་ལས་ནི་རྟོགས་པ་དེར་འགྱུར་བ་མ་ཡིན་ནོ། །དངོས་པོ་མེད་པ་ཞེས་བྱ་བ་ཡང་ཞེས་བྱ་བ ་ལ་ཡང་ནི་བསྡུ་བ་སྟེ། སྐྱོན་འདིར་ཡང་འགྱུར་ཏེ་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་དངོས་པོ་བཀག་པ་བརྗོད་པ་ཡིན་ནོ། །དེ་ལྟ་ཡིན་དང་ཤུགས་ཀྱིས་ན་དངོས་པོ་མེད་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དག་གི་དོན་ནི་དངོས་པོ་བཀག་པ་ལས་བྱུང་བ་ཡིན་ཏེ། དངོས ་པོ་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དགག་པའི་བསྡུ་བ་གཞི་མཐུན་པ་འམ་གཞི་ཐ་དད་པ་གང་དང་འབྲེལ་བའི་དོན་དེ་ལས་ཆོག་གི་དོན་གྱི་མ་དེ་ལྟ་བུ་ཉིད་བཟློག་པར་བྱེད་དེ། དཔེར་ན་བྲམ་ཟེ་དངོས་པོ་མེད་དོ་ཞེས་བྱ་བས་དངོས་པོ་མ་ཡིན་ནོ་ཞེས་རྟོགས ་པ་དང། དངོས་པོ་མེད་པས་བྱས་པ་དང་ནི་དངོས་པོས་མ་བྱས་པ་ཞེས་བྱ་བ་ཡིན་པ་བཞིན་ནོ། །དེ་བཞིན་དུ་དངོས་པོ་མེད་པ་ལས་བྱུང་བ་ཡིན་ནོ། །དངོས་པོ་ལས་ནི་མ་བྱུང་ངོ་ཞེས་བརྗོད་པ་ནས་ཤེས་འདིའི་རྒྱུ་བཀག་པར་འགྱུར་ཏེ། དེས་པའི་དོན་ཉིད་བརྗོད་པ ་ཡིན་ནོ། །འོན་ཏེ་དགག་པ་བསྡུ་བ་ཨཕྱི་མའི་ཚིག་གི་དོན་མེད་པས་ཉེ་བར་མཚོན་པའི་རྫས་ལ་འཇུག་པ་དེའི་ཕྱིར་དངོས་པོ་ཉིད་འགའ་ཞིག་དངོས་པོ་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་དངོས་པོ་ཉིད་མིང་གཞན་གྱིས་བརྗོད་པར་འགྱུར་རོ། །དེ་བས་ན་དངོས་པོའི ་ཤེས་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་དངོས་པོ་མེད་པའི་ཡུལ་ཅན་ཡིན། འདིས་ནི་སྒྲའི་དོན་ཡིན་ཡང་འདོད་པའི་རྗེས་སུ་འགྲོ་བ་ནི་མ་ཡིན་པ་བསྟན་པར་འགྱུར་རོ། དེའི་ཕྱིར་ཡུལ་མེད་པས་མི་སྐྱེ་བའི་ཕྱིར་རྟོགས་པ་དེ་ནི་སྲིད་བ་མ་ཡིན་ནོ། །གཞན་ཨང་མངོན ་སུམ་གྱིས་གཟུང་བ་དང་འཛིན་པ་མ་ཡིན་པའི་ཕྱིར་ན་མཐོང་བའི་དེ་མ་ཐག་པ་རང་རྒྱུད་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །མངོན་སུུམ་གྱི་སྟོབས་ལས་སྐྱེས་པ་ཡིན་ན་ནི་མཐོང་པ་དེ་ཉིད་མེད་པ་ཤེས་པར་བྱ་བ་དེ་ལ་ནུས་པར་ཁས་བླངས་པ་ཡིན་པའི ་ཕྱིར་དེ་ཉིད་ཚད་མར་འགྱུར་གྱི། མེད་པར་ཤེས་པ་ནི་མ་ཡིན་ནོ། གལ་ཏེ་མངོན་སུམ་ནི་མེད་པའི་ཡུལ་ཅན་མ་ཡིན་ལ། ཡུལ་མ་ཡིན་པ་ལ་ཡང་ཚད་མ་མ་ཡིན་པ་མ་ཡིན་ནམ་ཞེ་ན། བཤད་པ། མངོན་སུམ་གྱིས་རྣམ་པ་སྔོན་པོ་ལ་སོགས་པ་ལ་ངེས ་དེའི་ཤུགས་རྗེས་དོན་གཞན་འགོག་པའི་ཕྱིར་མངོན་སུམ་ཉིད་ཚད་མ་ཡིན་ནོ། །གང་གི་དེར་སྣང་བའི་ཤེས་པའི་གཟུང་བྱ་བ་ཡིན་པའི་ཕྱིར་ན་མངོན་སུུམ་ལ་དེ་མེད་པས་ཡུལ་མ་ཡིན་པར་གྱུར་བ། དངོས་པོ་མེད་པ་ཞེས་བྱ་བ་རང་བཞིན་དག་ལྡན་པ་ནི་མ་ཡིན་ཀྱི། འོན་ཀྱང་རྣམ་པར་རྟོག་པས ་ཐ་སྙད་དུ་བྱ་བ་འབའ་ཞིག་ཏུ་ཟད་དོ། །དཔེར་ན་མངོན་སུམ་གྱིས་གཟུང་བ་ལ་མངོན་སུམ་གྱི་སྟོབས་ཀྱིས་ཐ་སྙད་དུ་བྱེད་པ་ན་མངོན་སུམ་ཚད་མ་ཡིན་པ་དེ་བཞིན་དུ་དངོས་པོ་མེད་པ་ལ་མངོན་སུམ་གྱིས་རྣམ་པའི་སྟོབས་ཀྱིས་ཐ་སྙད་དུ་བྱེ་བ་ན་མངོན་སུམ་ཆད་མ་ཡིན་ནོ། །དེའི་རྣམ་པ་ངེས ་པ་ཞེས་བྱ་བ་ག་ལས་ཤེ་ན། ཤེས་པ་གཅིག་ལ་འདྲེ་བའི་དངོས་པོའི་རྣམ་པ་དེས་པ་གང་གི་ས་འདྲེ་བ་གང་ཞིག་སྤོང་བར་ནུམ་པ་དེ་ལ་རྣམས་གཞན་དང་འདྲེས་ན་དེ་ན་དེ་སྤོང་བ་མེད་པའི་ཕྱིར་རོ། །དེའི་རྣམ་པར་ངེས་པས་འདྲེས་པ་གཞན་སྤོང་མ་ཡིན་ནོ། །གང་གི་ཕྱིར་མངོན་སུམ་ཉིད་མེད ་བ་ལ་ཚད་མ་ཡིན་པ་དེའི་ཕྱིར་རྣམ་པ་ངེས་པའི་མཐོང་པའི་སྟོབས་ལས་སྐྱེས་པའི་ཤེས་པ་དེ་ནི་ཚད་མ་མ་ཡིན་ཏེ། རང་རྒྱུད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་དབང་པོ་ལ་རྟེན་པ་ནི་མ་ཡིན་ཏེ། དངོས་པོ་མེད་པ་ནི་སྐྱེད་བྱེད་མ་ཡིན་པའི་ཕྱིར་དང། མངོན་སུམ་གྱི་ཚད་མ་ནི་དོན་གྱི ་འབྲས་བུ་ཡིན་པའི་ཕྱིར་རོ། །རྟགས་ལ་བརྟེན་པ་ཡང་མ་ཡིན་ཏེ། མེད་པ་ལ་རྟགས་མེད་པའི་ཕྱིར་དང། །སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་དང། རྗེས་སུ་དཔག་པའི་དོན་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །འདི་ན་བུམ་པ་མེད་དོ་སྙམ་པའི་རྣམ་པར་རྟོག་པ་འདི་མངོན་སུམ་གྱི་སྟོབས ་ལས་སྐྱེས་སོ་ཞེས་ཅི་ལྟར་བརྗོད་དེ། གང་གི་ཕྱིར་རྟོག་པ་འདི་ནི་སྣང་བ་མི་དམིགས་པའི་རྟགས་ལས་ཡིན་ནོ་ཞེ་ན། བཤད་པ། ངེས་པ་གང་གིས་མངོན་སུམ་གྱི་དེ་མ་ཐག་པར་འད་ནི་དམིགས་སོ། །འདི་ནི་མི་དམིགས་སོ། །ཞེས་སྒྲུབ་དང་དགག་པའི་རྣམ་པར་རྟོག་པར་འགྱུར་བ ་དེ་ལྟར་ཞེས་བྱ་བ་རྣམ་པ་ངེས་པར་སྐྱེས་པ་དེ་ནི་མངོན་སུམ་ཉིད་ཡིན་ནོ། །དཔེར་ན་སྔོན་པོ་མཐོང་བ་ལས་དམིགས་པ་འདི་ནི་སྔོན་པོ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ཅིར་འགྱུར་ཞེ་ན། དམིགས་པ་སྒྲུབ་པ་དང་དགག་པའི?་རྣམ་པར་རྟོག་པ་སྐྱེད་པ་གང ་ཡིན་པ་ནི་མངོན་སུམ་ཉིད་ཡིན་ལ། དེ་ལས་ཀྱང་བལྟར་རུང་བའི་དམིགས་པ་དགག་པ་བེད་པའི་མངོན་སུམ་གྱིས་བུམ་པ་མེད་དོ་ཞེས་བྱ་བའི་ཡུལ་མེད་པ་ངེས་པ་ཡིན་པའི་ཕྱིར་བུམ་པ་ལ་མངོན་སུམ་ཉིད་ཚང་མ་ཡིན་ནོ། །འོན་ཀྱང་བལྟར་མི་རུང་བ་དག་ཀྱང ་ཡོད་སྲིད་པས། ཅི་མངོན་སུམ་འདིས་ས་ཕྱོགས་འབའ་ཞིག་གཟུང་བ་འམ་བུམ་པ་དང་བྲལ་བ་མ་གཟུང་དམ་ཞེས་མངོན་སུམ་གྱིས་ངེས་ཀྱང་མེད་པའི་ཐ་སྙད་ལ། ཐེ་ཚོམ་ཟ་བ་ན་སྣང་བ་མི་དམིགས་པས་མངོན་སུམ་གྱི་ངེས་པའི་བུམ་པ་མེད་པའི་ཐ་སྙད་དུ་བྱེད་པ་ཡིན་གྱི། རང ་ཉིད་ཀྱིས་ངེས་པར་བྱེད་པ་ནི་མ་ཡིན་ན། །དེ་ཉིད་ཀྱི་ཕྱིར་གལ་ཏེ་འདི་ན་སྣང་དུ་?་བའི་བུམ་པ་ཡོད་ན་ཤེས་པ་གཅིག་ལ་འདྲ་བ་ཉིད་ཀྱིས་ས་ཕྱོགས་འབའ་ཞིག་མཐོང་བར་མི་འགྱུར་རོ། །ཞེས་མཐོང་བའི་འདུ་བྱེད་མ་བོར་འཇུག་པ་ནི། མཐོང་བའི་སྟོབས་ཀྱིས་གོ་བར་བྱ་བའི ་དངོས་པོ་མེད་པ་ལ་ཐ་སྙད་དུ་བྱེད་པ་ཡིན་ནོ། །གང་གི་ཕྱིར་དམིགས་པ་སྒྲུབ་པ་དང་དགག་པ་མངོན་སུམ་གྱིས་ནུས་པ་ཡིན་པ་དེའི་ཕྱིར་དམིགས་པ་དང་མི་དམིགས་པའི་དངོས་པོ་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པ་ནི་ཚད་མ་མ་ཡིན་ན། །དཔེར་ན་སྒྲུབ་པའ་རྣམ ་པར་རྟོག་པ་དམིགས་པ་ངེས་པའི་ངེས་སུ་འབྲང་བས་རང་རྒྱུད་བའི་ཚད་མ་མ་ཡིན་པ་དེ་བཞིན་དུ་བུམ་པ་མེད་དོ་སྙམ་པའི་དགག་པའི་རྣམ་པར་རྟོགས་པ་ཡང་མངོན་སུམ་ལ་རག་ལས་པ་ལྟར་རུང་བ་དམིགས་པ་མེད་པར་ངེས་པའི་རྗེས་སུ་འབྲེད་བ་ཡིན་པའི་ཕྱིར་མེད ་པ་ལ་རང་རྒྱུད་པའི་ཚད་མ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་གཉི་ག་རྗོད་དོ། །དེ་ལྔ་མ་ཡིན་ན་དགག་པའི་རྣམ་པར་རྟོག་པ་ཉིད་ཀྱིས་སྐབས་ཡིན་པའི་ཕྱིར་སྒྲུབ་པའི་རྣམ་པར་རྟོག་པ་སྨོས་པ་དོན་མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་རུང་བའི་དངོས་པོ་དག་རང་ལས་ཁྱད་པར ་ཅན་གྱི་ཤེས་པ་ལས་མེད་པ་རྟོགས་པ་བཤད་པ་ཡིན་ནོ། །བལྟར་མི་རུང་བ་དག་ལ་ཅི་ལྟར་མེད་པར་རྟོགས་ཤེ་ན། བཤད་པ། མི་སྣང་བ་མི་དམིགས་པས་མེད་པར་ངེས་པ་མི་རུང་པའི་ཕྱིར། གཞན་དུ་རུང་མི་སྣང་པ་མི་དམིགས་པར་ནི་བཞག་པ་ཡོད་པའི་ཐ་སྙད་འགོག་པར་འགྱུར ་རོ། །ངེས་པར་མི་རུང་བ་ཅི་ལྟ་བུ་ཞེ་ན། དཔེར་ན་གཞན་གྱི་རྒྱུད་ལ་ཡིད་ཀྱིས་མྱོང་བའི་རྣམ་པར་རྟོག་པ་དང། འདོད་ཆགས་ལ་སོགས་པ་བལྟར་མི་རུང་བའི་ཕྱིར་རྟགས་མེད་པར་མི་ངེས་པ་བཞིན་ནོ། །གང་གི་ཕྱིར་འབྲས་བུ་ངེས་པ་མེད་པ་ཅན་ཡིན་པ་དེའི་ཕྱིར་གཏན་ཚིགས་མི་མཐུན ་པའི་ཕྱོགས་ལས་ལྡོག་པ་སྒྲུབ་པར་ནུས་པ་མ་ཡིན་ནོ། །འོ་ན་གང་གི་ནུས་ཤེ་ན། གཏན་ཚིགས་ཡ་དང་པོ་སྣང་བ་མི་དམིགས་པ་དབང་དུ་བྱས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངེས་པའི་ཚུལ་གསུམ་གྱིས་བསྒྲུབ་བྱ་བསྒྲུབ་པའི་ཕྱིར་དང། ངེས་པའི་སྒྲུབ་པ་ཡང་དང་པོ་ཡིན་པའི ་ཕྱིར་རོ། །ཅི་སྟེ་སྣང་བ་མི་དམིགས་པ་འདི་ལྟར་སྦྱར་བར་བྱ་བ་ཞེ་ན། བདག་ཉིད་ཀྱི་སྦྱོར་བ་དག་ལ་དགག་པའི་སྒོ་ནས་རང་གི་ངོ་བོ་སྦྱོར་བ་འམ། གང་གི་ཚེ་སྒྲུབ་པའི་སྒོ་ནས་སྦྱོར་བ་ན་དོན་ལ་གནོད་བྱེད་དོ་བོའོ། །ཅི་ལྟར་དོན་གཞན་གྱིས་གནོད་པར་བྱེད་པ་ཡིན་ཞེ་ན། དེ་དག་ལ་འགལ ་པའི་ཕྱིར་རོ། །འགལ་བ་གང་ལས་ཤེ་ན། རྒྱུ་མཚང?་བ་མེད་པར་འབྱུང་བར་ཡོད་པ་ན་གཞན་ཡོད་པ་ལས་མེད་པའ་ཕྱིར་ཏེ། གང་ཡོད་པ་གང་ཡོད་ན་ལྡོག་པ་དེ་དག་ནི་གྲང་བ་དང་དྲོ་བ་བཞིན་དུ་འགལ་བ་ཡིན་ནོ། །འདི་རྣམ་པར་དགྲོལ་བའི་ཕྱིར་བཤད་པ། གང་གི་ཏེ་མེད་པ་དང ་མེད་པའི་ཐ་སྙད་དམ་པའི་རྒྱུ་མི་མཐུན་པའི་ཕྱཧོགས་གཏན་ཚིགས་ལྡོག་པ་སྒྲུབ་པ་དེ་ཉིད་མེད་པ་སྒྲུབ་པའི་ཕྱིར་རབ་ཏུ་སྦྱོར་བ་དེའི་ཚེ་རང་གི་ངོ་བོ་ཉིད་ཀྱི་རབ་ཏུ་སྦྱོར་ཏེ། དང་བཞིན་མི་དམིགས་པ་དང། ཁྱབ་བྱེད་མི་དམིགས་པ་དང། རྒྱུ་མི་དམིགས་པ་དག་ཏུ་མི་དམིགས་ཞེས་རབ ་བཞིན་ལ་སོགས་པ་མི་དམིགས་པའི་རང་བཞིན་ཉིད་ཉེ་བར་སྦྱོར་བ་འམ། ཡང་ན་དགག་པར་བྱ་བ་གྲང་བའི་རེག་པ་ལ་སོགས་པ་ལ་གནོད་པར་བྱེད་པ་མེ་ལ་སོགས་པའི་ངོ་བོ་ཉེ་བར་བཀོད་པའི་སྒོ་ནས་མི་དམིགས་པ་དེ་ཉིད་རབ་ཏུ་སྦྱོར་རོ། །འདི་ནི་གྲང་བའི་རེག་པ་མེད་དེ ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་བཞིན་འགའ་བ་དམིགས་པ་སྟེ། དེ་ལ་སོགས་པ་རྒྱས་བར་སྔར་དཔེར་བརྗོད་ཟིན་ཏོ། །དོན་ལ་གནོད་པར་བྱེད་པའི་རྒྱུ་འགལ་བའི་དབྱེ་བ་བསྟན་པའི་ཕྱིར་བཤད་པ། གང་གིས་ན་དོན་དོན་ལ་གནོད་པར་བྱེད་པར་འགྱུར་བའི་འགལ་བ་དེ་ཡང་ནི་ ་ལྟར་རྟོགས་ཤེ་ན། འགའ་ཞིག་ཏུ་རྒྱུ་མཚང་བ་མེད་པ་གང་ལ་ཡོད་པ་དེ་རྒྱུན་དུ་འབྱུང་བ་ལས་བཞིན་?་ན་མེད་པའི་ཕྱིར་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་དེ་གཉིས་ཡུལ་གཅིག་ལ་གནས་པར་འགལ་བར་རྟོགས་ཏེ། གྲང་བ་དང་གྲོ་བའི་རེག་པ་དག་བཞིན ་ནོ། །འགལ་བ་འདི་ཡང་རྒྱས་པར་བཤད་ཟིན་ཏོ། །དེ་བཞིན་དུ་འགལ་བ་གཞན་ནི་ངོ་བོ་ཕན་ཚུན་ཐ་དད་པར་ངེས་པར་འགྱུར་ཏེ། དཔེར་བསྟན་པའི་དངོས་པོ་ཡོངས་སུ་པས་འཇུག་པ་ཡིན་པའི་ཕྱིར་དེ་དག་འགལ་བ་བཞིན་ནོ། །དེ་ཉིད་བཤད་པ་ནི། ཕན་ཚུན་སྤངས་ཏེ་གནས་པའི ་ངོ་བོས་ནི་བདག་ཉིད་གཅིག་ཏུ་འགལ་བ་ཡིན་ནོ། །དེ་ལྟ་ཡིན་དང་ལྷན་ཅིག་མི་གནས་པའི་འགལ་བ་ནི་འདིས་བསྡུས་པ་མ་ཡིན་ཏེ། ལྷན་ཅིག་མི་གནས་པ་ནི་རང་བཞིན་བཉིས?་ལ་གནས་པའི་ཕྱིར་དང། འདི་ནི་གཅིག་པ་ཙམ་མེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རྟག ་པ་དང་མི་རྟག་པ་བཞིན་དུ་ཐ་དད་པར་ཉེ་བར་བཀོད་དོ། །ཚད་མས་གནོད་པའི་ཕྱིར་ཡང་གནོད་པར་བྱ་བ་གཞན་ཚད་མའི་རྒྱུའི་རྟགས་དང་འགལ་བར་འགྱུར་ཏེ། བལྟོས་པ་དང་བཅས་པ་དང་ངེས་པའི་དངོས་པོ་བཞིན་ནོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། གལ་ཏེ་འགའ་ ་ཞིག་གི་དེ་ཉིད་ལ་ཚད་མས་གནོད་པར་བྱེད་པ་ཡིན་ན། དེའི་རྟགས་དང་ཡང་གནོད་པར་བྱ་བ་འགལ་བར་འགྱུར་ཏེ། དཔེར་ན་ངེས་པའི་དངོས་པོ་ཉིད་བལྟོས་པ་དང་བཅས་པ་དང་ལྷན་ཅིག་འགལ་པ་བཞིན་ནོ། །ཚད་མ་ཡང་འཇིག་བ་རྒྱུ་ཡོད་དོ་ཞེས་སྨྲ་བ་རྣམས་ཀྱི་སྐྱེ ་བ་དང་ལྡན་པ་ནི་འཇིག་པར་དེས་བར་ཁས་བླང་བར་མི་བྱ་སྟེ། ཞེས་བྱ་བ་ནི་སྒྲུབ་པར་བྱ་བ་སྟེ། འཇིག་པའི་ངོ་བོར་འགྱུར་བ་རྒྱུ་གཞན་ལ་བལྟོས་པར་ཁས་བླངས་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་སྟོན་པ་ནི་གང་ཞིག་དོན་གྱི་ངོ་བོ་གང་དུ་འགྱུར་བ་རང་གི་རྒྱུ་ལས་རྒྱུ་གཞན ་དུ་བལྟོས་པ་དེ་ནི་དེར་ཡང་ངེས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་གོས་ཀྱི་ཆེན?་བལྟོས་པ་དང་བཅས་པས་དེར་ངེས་པ་མ་ཡིན་པ་བཞིན་ནོ། །དེ་ལ་འདིར་བལྟོས་པ་དད་བཅས་བ་ཉིད་ངེས་པར་འགྱུར་བ་དང་འགལ་བ་དེས་པ་མེད་པས་ཁྱབ་པ་དེ་ནི་དེ་དང་འགལ་བ་ཡིན་ནོ ་འཁྲུལ་པ་བརྗོད་པ་ནི་འཇིག་པའི་རྒྱུ་རྣམས་ཀྱང་བལྟོས་པ་དང་བཅས་པའི་དངོས་དེར་དེས་པའི་ཕྱིར་བལྟོས་པ་དང་བཅས་པའི་དངོས་པོ་ཉིད་ཀྱིས་ངེས་པར་འགྱུར་བ་མེད་པའི་སྐྱོན་མེད་དོ་ཞེ་ན། དེ་ལྟ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་རྣམས་ཆང་བར་ངེས་པ་དང་གེགས་བྱེད་པ་མེད ་པར་ངེས་པ་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །ཅི་ལྟར་ངེས་པ་མེད་ཅེ་ན། གང་གི་ཕྱིར་དངོས་པོ་དེ་ཡོད་ན་རང་གི་རྒྱུའི་ཚོགས་པ་ལ་རབ་ལས་པ་དོན་དེ་ལ་མངོན་ཕྱོགས་པ་འཇིག་པ་སྒྲུབ་པར་བྱེད་པ་གཞན་དག་ཀྱང་ཡོད་པར་འགྱུར་བ་ནི་མ་ཡིན་ནོ། །གཏན་ཚིགས་བཤད ་པ། འཇིག་པའི་རྒྱུ་རྣམས་དེ་ལ་རག་མ་ལས་པའི་ཕྱིར་རོ། །འོན་ཏེ་འཇིག་པར་བྱེད་པའི་ཆོས་དག་ནི་གཞིག་པར་བྱ་བ་ལ་རག་ལས་པ་ཡིན་གྱི། རྒྱུ་གཞན་ལ་བལྟོས་པ་ནི་མ་ཡིན་ནོ་ཞེ་ན། དེའི་ཆོས་ཡིན་ན་ཡང་བདག་ཉིད་ལ་རག་ལས་པ་འཇིག་པའི་རྒྱུ་དེ་ཉིད་ལས་དོམ ་སྐད་ཅིག་པར་འདོད་པར་འགྱུར་རོ། །འདི་ལྟར་གལ་ཏེ་འཇིག་པའི་རྒྱུ་གཞན་ལ་བལྟོས་པ་དང་བཅས་པ་ཡིན་ན་ནི། དེའི་ཆེ་མ་ཚད་བ་དང་གེགས་བྱེད་པ་སྲིད་པས་མ་ངེས་པ་ཉིད་དོ། །དེ་ཙམ་ལ་བལྟོས་པ་ཡིན་ན་ནི་གྲུབ་པའི་དོན་དེ་ཉིད་ལས་སྐད་ཅིག་གཅིག་པ་ལ་འཇིག་པའི་རྒྱུ་གྲུབ ་ཅིང། །སྐད་ཅིག་གསུམ་པ་ལ་དེ་ཉིད་ཀྱིས་དངོས་པོ་བཟློག་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སྐད་ཅིག་གཉིས་གནས་པར་འགྱུར་བ་མ་ཡིན་ནམ། སྐད་ཅིག་མ་ཉིད་ནི་མ་ཡིན་ནོ་ཞེ་ན། སྐད་ཅིག་སྨོས་པ་ནི་དུས་ཅུང་ཟད་མཆོན་པའི་ཕྱིར་ཏེ། རེ་ཞིག་ཟླ་བ་དང་ལོ་དང་སྐལ་བར་གནས་བ ་ནི་བཟློག་པ་ཡིན་ནོ། །ཡང་ན་གཞིག་པར་བྱ་བ་ནི་རྒྱུ་ཉིད་ལས་འཇིག་པར་བྱེད་པ་སྐྱེ་ལ། དེ་ལས་ནི་སྐད་ཅིག་གཉིས་པ་ལ་དངོས་པོ་འཇིག་པའི་ཕྱིར་སྐད་ཅིག་མ་ཁོ་ནའོ། །གཞིག་པར་བྱ་བ་ཙམ་ལས་འཇིག་པར་བྱེད་པ་སྐྱེ་བ་དེས་ན་སྐད་ཅིག་པར་ག་ལ་འགྱུར་ཞེ་ན། བརྗོད་པ ་དངོས་པོ་དེ་ཉིད་ལ་ཁྱད་པར་མེད་པའི་ཕྱིར་སྔར་མེད་པ་ནི་ཕྱིས་ཀྱང་མེད་པར་ཐལ་བར་འགྱུར་བའི་ཕྱིར་དེ་མ་ཐག་ཏུ་ཡིན་པ་ན་སྐད་ཅིག་ཉིད་དོ། །གང་གི་ཚེ་དངོས་པོ་སྐྱེད་པར་བྱེད་པའི་ཚོགས་པ་ཉིད་ལས་འཇིག་པའི་རྒྱུད་ནི་པ་དེའི་ཚེ་ནི་དེ་ཉིད་ཚོགས་པའི་རང་བཞིན་ལ ་བརྗོད་དོ། །ཕྱི་མའི་རྒྱུན་དག་ཀྱང་དེ་ཉིད་དུ་སྦྱོར་རོ། །འདི་སྙམ་དུ་དེ་ལྟ་ན་ཡང་སྐད་ཅིག་གཉིས་གནས་པར་འགྱུར་ལ། སྐད་ཅིག་ཙམ་གནས་ཀྱང་འཇིག་པ་རྒྱུ་དང་བཅས་པ་མི་འདོད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་གང་གི་ཕྱིར་དེ་ལྟར་ཁྱེད་མི ་འདོད་པ་བརྗོད་པ་ཡིན་ལ། རང་གི་ཕྱོགས་ནི་དེ་འམ་ཞེས་བྱ་བ་ལ་སོགས་པས་གཞན་བརྗོད་པར་བྱ་བ་ཡིན་ནོ། །གང་གི་ཚེ་བུམ་པ་ཉིད་ལས་འཇིག་པར་བྱེད་པ་ཡིན་པ་དེའི་ཚེ་དེ་ཞེས་བྱ་བ་བུམ་པ་འམ། གང་གི་ཚེ་དེའི་རྒྱུ་ལས་སྐྱེ་བ་དེའི་ཚེ་ནི་བུམ་པ་དེའི་རྒྱུ་མི་རྟག ་པ་ཉིད་ཀྱི་རྒྱུ་ངེས་པར་བྱེད་པར་འདོད་པ་ཡིན་ན། བུམ་པ་དེ་མི་རྟགས་པའི་རང་བཞིན་དང། དེའི་རྒྱུ་མི་རྟག་པའི་རང་བཞིན་སྐྱེད་པར་བྱེད་པར་ཡིན་པར་ཅི་སྟེ། མི་འདོད་དེ། བུམ་པ་འམ་དེའི་རྒྱུ་ནི་རང་བཞིན་གྱིས་འཇིག་པའི་རྒྱུ་དེ་བུམ་པ་འཇིག་པར་ངེས་པའི་ནུས་པ ་ཅན་དུ་སྐྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་བདག་ཉིད་འཇིགས་པར་བྱེད་པ་ངེས་པར་བྱེད་པ་ཉིད་རང་བཞིན་གྱིས་ལྡོག་པའི་ཆོས་ཡིན་ལ། རྒྱུ་ཡང་བུམ་པ་འཇིག་པར་བྱེད་པ་དེས་པར་བྱེད་པ་ཉིད་རང་བཞིན་གྱིས་ལྡོག་པའི་ཆོས་ཅན་གྱི་བུམ་པ་སྒྲུབ་པར་བྱེད་པ་ཡིན ་ནོ། །དེའི་ཕྱིར་བུམ་པ་འམ་དེའི་རྒྱུ་ལས་ནི་འཇིག་པར་བྱེད་པ། དེ་ལས་ནི་འཇིག་པ་ཡིན་ནོ་ཞེས་བྱ་བའི་རྒྱུད་པས་ཅི་ཞིག་བྱ། འདི་སྙམ་དུ་འགའ་ཞིག་འགའ་ཞིག་ལ་ནི་དངོས་སུ་ནུས་པ་ཡིན་ལ། འགའ་ཞིག་ལ་ནི་རྒྱུད་ནས་ཡིན་ཏེ། དཔེར་ན་རྒྱུན་གྱིས་འཇུག་པའི ་སྐད་ཅིག་དང་པོ་གཉིས་པ་སྐྱེ་བ་ལ་ནི་དངོས་?་ནུས་ལ། གསུམ་པ་ལ་སོགས་པ་ལ་ནི་བརྒྱུད་པས་ནུས་པ་དེ་བཞིན་དུ་འདིར་ཡང་བུམ་པས་ནི་དངོས་སུ་བདག་ཉིད་བཟློག་པར་མི་ནུས་པས་ཟློག་པར་བྱེད་པ་གཞན་བྱེད་ཅིང་དེ་བཞིན་དུ་བུམ་པའི་རྒྱུ་ཡང་དངོས་སུ ་ལྡོག་པའི་ཆོས་ཅན་གྱི་བུམ་པ་བྱེད་པར་མི་ནུས་ལ། བྱེད་པ་པོ་གཞན་ཉིད་བྱེད་པ་ཡིན་ནོ་ཞེས་དོགས་པ་ལ་བཤད་པ། གང་གི་ཕྱིར་རིང་དུ་སོད་བ་ཡང་མཐར་བུམ་པ་དེའི་རང་བཞིན་ཉིད་དེས། བུམ་པ་དེའི་རྒྱུའི་རང་བཞིན་ནི་འཇིག་པ་དང་ལྡན་པ་དེའི་ངོ་བོ་ལ ་ནུས་པ་ཡིན་ཏེ། དེའི་ཕྱིར་རྒྱུད་བ་ནི་དོན་མེད་དོ། །གལ་ཏེ་བུམ་པ་རང་གི་ངོ་བོས་ལྡོག་པར་ནུས་པ་ཡིན་པ་དེ་ལྟ་ན། བདག་ཉིད་ཀྱིས་ལྡོག་པར་བྱེད་པ་ཡིན་ཏེ། དེས་ན་བུམ་པ་བདག་ཉིད་ཀྱི་ཟློག་པར་བྱེད་པ་ཉིད་བདག་ཉིད་ལྡོག་པར་ནུས་པ་ཡིན་ནོ། །དེ ་བཞིན་དུ་གལ་ཏེ་བུམ་པའི་རྒྱུ་ཟློག་པའི་ཆོས་ཅན་གྱི་བུམ་པ་བྱེད་པ་དེ་ལྟ་ན་དེའི་ཟློག་པར་བྱེད་པ་ཡིན་པའི་ཕྱིར། འཇིག་པར་བྱེད་པ་བུམ་པ་ལ་ངེས་པར་བྱེད་པ་ཉིད་ལྡོག་པའི་ཆོས་ཅན་གྱི་བུམ་པ་བྱེད་པར་ནུས་པ་ཡིན་ནོ། །དེའི་ཕྱིར་བུམ་པ་རང་ཉིད་ལྡོག་པར་ནུས་པ་དང། ་དེའི་རྒྱུ་ཡང་ལྟོག?་པའི་ཆོས་ཅན་བྱེད་པར་ནུས་པ་ཡིན་ནོ། །གང་ཞིག་གང་གི་ངོ་བོས་གང་བྱེད་པར་?་ནུས་པ་དེ་ནི་དེ་ལ་རྒྱུད་པས་ནུས་པ་ཡིན་ནོ། །བུམ་པ་ན་རང་གི་ངོ་བོ་ཁོ་ནས་ལྡོག་པར་ནུས་པ་ཡིན་ལ། བུམ་པའི་རྒྱུ་ཡང་རང་གི་ངོ་བོ་ཁོ་ནས་ལྡོག་པའི་ཆོས་ཅན་བྱེད་པར ་ནུས་པའི་ཕྱིར་འདིར་བརྒྱུད་པས་ནི་ཅུང་ཟད་ཀྱང་བྱར་མེད་དོ། །དེའི་ཕྱིར་འཇིག?་པའི་རྒྱུ་དེ་ལ་དག་ལས་པ་ནི་མ་ཡིན་ཏེ། འོན་ཀྱང་རྒྱུ་གཞན་ལ་རག་ལས་པ་མ་ཡིན་ཏེ། དེས་ན་དེས་པ་མེད་པ་ཡིན་ནོ། །བལྟོས་པ་དང་བཅས་པ་ཉིད་འགལ་བས་ཁྱབ་པ་ཡང་ངེས་པར ་འབྱུང་བ་ཉིད་དང། འགལ་བར་བརྗོད་པ་འདིས་ནི་རེས་འགའ་བའ་ཨི་ངོ་བོ་ཉིད་བལྟོས་པ་མེད་པ་དང་འགལ་བ་ཡང་བཤད་པ་ཡིན་ནོ། །རེས་འགའ་བ་ཉིད་ཀྱང་བལྟོས་པ་དང་བཅས་པས་ཁྱབ་པའི་ཕྱིར་གནོད་པའི་ཚད་མ་ཉེ་བར་བསྡུས་པ་ན་བལྟོས་པ་མེད་དང་འགལ ་བ་ཡིན་ནོ། །དེའི་ཕྱིར་སྦྱོར་པ་ཡང་འདི་ལྟར་ཡིན་ཏེ། རེས་འགའ་བ་གང་ཡིན་པ་དེ་ནི་བལྟོས་པ་མེད་པ་མ་ཡིན་ཏེ། དཔེར་ན་གོས་ལ་ཚོན་བཞིན་ནོ། །འདི་ལྟར་རེས་འགའ་ལ་ལར་ཡོད་པ་ཉིད་བལྟོས་པ་ཡིན་ནོ། །དེ་བཞིན་དུ་བལྟོས་པ་མེད་པ་ཉིད་ནི་ངེས་པར་འགྱུར ་པས་ཁྱབ་པའི་ཕྱིར་དེ་གནོད་པར་བྱེད་པ་ཉེ་བར་སྡུད་པ་ན་རེས་འགའ་བ་དང་འགལ་བ་ཡིན་ནོ། །གང་ཞིག་གང་གི་ངོ་བོར་འགྱུར་བ་ལ་བལྟོས་པ་མེད་པ་དེ་ནི་དེའི་ངོ་བོར་ངེས་པ་ཡིན་ཏེ། དཔེར་ན་རང་གི་འབྲས་བུ་སྐྱེད་པ་ལ་རྒྱུ་ཚོགས་པ་ཐ་མ་བཞིན་ནོ། །འདི་ནི ་མཚོན་པ་སྟེ། ཁྱབ་པར་བྱེད་པ་དང་འགལ་བས་ཁྱབ་པའི་སྦྱོར་བ་ཡང་ཡོད་དེ། འདི་ན་བ་མོའི་རེག་པ་མེད་དེ། ལྕགས་གོང་འབར་བ་མཐོང་བའི་ཕྱིར་རོ། །ལྕགས་གོང་འབར་བའི་རེག་པ་ཚ་བའི་རེག་པས་ཁྱབ་པ་ཡིན་ལ། དེ་དག་འགལ་བ་ནི་གྲང་བའི ་རེག་པ་ཡིན་ཞིང་ངེས་ཁྱབ་པ་ནི་བ་མོའི་རིག་པ་ཡིན་ནོ། །འདི་ནི་ཕྱོགས་ཙམ་དཔེར་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ངེས་པར་འགྱུར་བ་མེད་པ་དངོས་སུ་འགལ་བ་དང་ཕན་ཚུན་སྤངས་ཏེ་གནས་པ་ཁོ་ནས་འགལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བལྟོས་པ་དང་བཅས ་པ་ཉིད་ཀྱིས་ཉེ་བར་བཞག་པ་ངེས་པ་མེད་པས་དེས་པ་ལ་གནོད་པའི་ཕྱིར་རོ། །རྟགས་ལ་རག་ལས་པའི་ཚད་མས་ནི་འགལ་བ་ཉེ་བར་འཇོག་པ་ཡིན་ནོ། །དེས་ན་རྟགས་རང་ཉིད་ཀྱིས་ནི་འགལ་བ་མ་ཡིན་ཏེ། འོན་ཀྱང་འགལ་བ་འཇོག་པར་བྱེད་པ་ཡིན་ཏེ། དེས་ན ་འགལ་བའི་དོན་ཉིད་ཀྱིས་གནོད་པ་ཡིན་ཏེ། དེས་ན་ཚད་མས་གནོད་པའི་འགལ་བ་འདི་ནི་འགལ་བ་སྔ་མ་དག་ལས་གཞན་མ་ཡིན་པའི་ཕྱིར་དབྱེ་བ་མི་འཐད་དོ་ཞེ་ན། བདེན་ཏེ་འོན་ཀྱང་འགལ་བ་མ་ཡིན་ཡང་འགལ་བས་ཁྱབ་པ་ཡང་དོན་ཏུ་འགལ་བ་ཡིན་ཏེ། གང ་ཞིག་ཁྱབ་བྱེད་སྤངས་པ་ནི་ཁྱབ་པར་བྱ་བ་ཡང་སྤོངས་པའི་ཕྱིར་རོ། །དེས་ན་འགལ་བས་ཁྱབ་པ་དེ་སྒྲུབ་པས་ཀྱང་དགག་བྱ་མི་དམིགས་པ་འཕེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་སྐད་བརྗོད་དོ། །འགལ་བས་ཁྱབ་པ་དམིགས་པའི་དཔེར་རྗོད་པ་ཡང་དེ་ཉིད་ཡིན་ནོ། །གང་དུ་ངེས་པ ་མེད་པ་མངོན་སུམ་དུ་གྲུབ་པ་དེར་ནི་ངེས་པར་འགྱུར་བ་ལྟར་རུང་བ་ཉིད་དུ་འདོད་པ་དགག་པར་བྱ་བ་ཡིན་ཏེ། དེས་ན་དེས་པ་འགོག་པ་ནི་སྣང་བ་མི་དམིགས་པ་ཉིད་དོ། །གང་དུ་ངེས་པ་མེད་པ་རྟགས་ཀྱིས་གྲུབ་པ་དེར་ནི་འགལ་བས་ཁྱབ་པ་དམིགས་པ་ལས་ཡིན་ནོ། །དེས་ན་སྣང་བ ་མི་དམིགས་པའི་ནང་དུ་འདུས་སོ། །གལ་ཏེ་མེད་པའི་ཐ་སྙད་སྣང་བ་མི་དམིགས་པ་ལས་ཡིན་ཞིང། གཞན་ལས་ཡོད་པའི་ཐ་སྙད་འགོག་པ་ཡིན་ན། ཡོད་པ་མ་ཡིན་ཞེས་བྱ་བ་མི་དམིགས་པ་དེ་ལ། ཅི་ལྟར་མེད་པའི་ཐ་སྙད་གྲུབ་པའམ། ཡོད་པའི་ཐ་སྙད་འགོག་པར ་འགྱུར་ཏེ། འགར་ཡང་མི་འགྱུར་རོ། །དེས་ན་འདི་ལ་གཉིས་ལས་མི་དམིགས་པ་གཅིག་ཀྱང་མི་འཐང་པའི་ཕྱིར་མི་དམིགས་པའི་སྦྱོར་བ་ནི་འབྲང?་པ་མ་ཡིན་ནོ། །ཅི་ལྟར་ཞེ་ན། གཙོ་བོ་ལ་སྐྱོགས?་པ་བརྗོད་པར་བྱ་བའི་དོན་དེ་འགོག་པ་ལ་དགག་པར་བྱ་བའི་ཆོས་ཅན་བརྗོད་པའི་ཚིག ་སྦྱོར་བ་མེད་པའི་ཕྱིར་རོ། །དེ་མ་སྦྱར་ནི་གཞི་མེད་པའི་དགག་བར་མི་རུང་བའི་ཕྱིར་རོ། །དེ་སྦྱོར་བ་མེད་པ་ཡིན་ན་དམ་བཅའ་བའི་ཚིག་སྦྱོར་བ་མི་འཐད་པས་གང་ལ་མེད་པའི་ཐ་སྙད་བསྒྲུབ་པ་འམ་ཡོད་པའི་ཐ་སྙད་འགོག་པར་འགྱུར་བ་དེ་མེད་པའི་ཕྱིར་མི་དམིགས་པ་དེ་ཅི་ལྟ་བུ་ཞིག་ཏུ་འགྱུར ་ཞེ་ན། སྐྱོན་འདི་ནི་མེད་དོ། །འདི་ལྟར་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་བསྒྲུབས་བས་ཏེ། དེ་ལ་གནས་པ་དངོས་པ་དང་དངོས་པོ་མེད་པ་གཉི་ག་ལ་བརྟེན་པའི་ཕྱིར། སྒྲའི་དོན་གྱི་ཆོས་རྣམ་པ་གསུམ་མོ། །སྒྲའི་དོན་དེ་དངོས་པོའི་ཉེ་བར་ལེན་པ་ཅན་མ ་ཡིན་པར་བསྒྲུབ་པ་ལ། སྒྲའི་དོན་དེ་ལྟ་བུར་ཏེ། དངོས་པོའི་ཉེ་བར་ལེན་པ་ཅན་དུ་མ་དམིགས་པའི་ཆོས་གཏན་ཚིགས་ཡིན་ཏེ། །སྒྲའི་དོན་དེ་ཉིད་ནི་མེད་པར་བསྒྲུབ་པ་ཡིན་ནོ། །དེའི་རྒྱུ་མཚན་གྱི་སྒྲ་སྦྱོར་བའི་ཕྱིར་རོ། །འགྲེལ་པ་བཤད་པ་ནི་གལ་ཏེ་རང་གི་མཚན་ཉིད་བརྗོད་པར་བྱ་བ ་ཡིན་ན་ནི། རང་གི་མཚན་ཉིད་འགོག་པ་སྒྲའི་དོན་བཀག་པའི་ཕྱིར་དེ་བརྗོད་པའི་སྒྲ་སྦྱོར་བར་མི་འགྱུར་བ་ཞིག་ན། སྒྲ་འདི་དག་རང་གི་མཚན་ཉིད་གྱི་ཡུལ་ཅན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐོག་མ་མེད་པའི་དུས་བག་ཆགས་གང་ལ་ཡོད་པ་དེ་ལས་བྱུང་བའི་རྣམ་པར་རྟོག་པ ་གང་ཡིན་པ་དེ་ལ་སྣང་བའི་ངང་ཚུལ་གང་ལ་ཡོད་པའི་དོན་ཏེ། དོན་དེ་ཡུལ་ཉིད་དུ་འཛིན་ཏོ། །གལ་ཏེ་སྒྲའི་དོན་རྣམ་པར་བརྟགས་པ་ཡིན་ན། སྐྱེས་བུས་བྱས་པའི་ཕྱིར་ཐོག་མ་དང་བཅས་པར་འགྱུར་ན། སྒྲའི་ཐ་སྙད་ནི་ཐོག་མ་མེད་པ་ཅན་ཡིན་ནོ། །ཞེས་བྱ་བ་སྤང་བའི་ཕྱིར ་རྣམ་པར་རྟོག་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བར་བརྗོད་དེ། གང་གི་ཕྱིར་རྣམ་པར་རྟོག་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་དེའི་ཕྱིར་སྒྲའི་དོན་ཐོག་མ་མེད་པ་ཡིན་ནོ། །རྣམ་པར་རྟག་པའི་དོན་ཉིད་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་གང་ལས་ཤེ་ན། ་བཤད་པ་འཆད་པ་པོའི་ཡོང་བ་དང་མེད་པ་དང་གཉི་ག་ལ་བརྟེན་པའི་རྣམ་པར་རྟོག་པ་ལ་བརྟེན་པ་ཡིན་ཏེ། སྣང་བའི་དངོས་པོ་ལས་?་གནས་པར་བརྟན་པར་འདོད་པ་གང་ཡིན་པ་དེ་སྦྱར་བའི་ཕྱིར་རོ། །གང་གི་ཕྱིར་སྒྲའི་དོན་དང་ལྡན་པའི་སྨྲ་བ་པོ ་ལ་སྣང་བའི་དོན་བསྟན་པར་འདོད་པས་སྒྲ་སྦྱོར་བ་དེའི་ཕྱིར། རྣམ་པར་རྟོག་པ་ལ་སྣང་བའི་དོན་བརྗོད་པར་བྱ་བ་ཉིད་དོ། །ཉན་པ་པོ་ལ་ཡང་སྒྲ་རྣམས་ཀྱིས་དངོས་པོ་ལ་བརྟེན་པ་ལ་སོགས་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའི་རྒྱུའི་ཕྱིར་རོ། །གང་གི ་ཕྱིར་སྒྲས་ཉན་པ་པོ་ལ་ཡང་བརྗོད་པར་བྱ་བའི་དོན་སྣང་བའི་རྣམ་པར་རྟོག་པ་སྐྱེད་པ་དེའི་ཕྱིར་དེ་དག་གི་བརྗོད་པར་བྱ་བ་ནི་བརྟགས་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་དེ་ལྟ་ན་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རང་གི་མཚན་ཉིད་ཅི་ལྟར་ཡུལ་མ་ཡིན་ཞེ་ན། ་ཉེ་བར་ལེན་པ་དང་ཞེས་སྨོས་སོ། །སྒྲ་རྣམས་ཀྱི་ཉེ་བར་ལེན་པ་དང། སྒྲའི་འབྲས་བུའི་ཞེས་པ་དེ་གཉིས་ལ་སྣང་བ་མ་ཡིན་པའི་རང་བཞིན་གང་ཡིན་པ་དེ་ནི་སྒྲ་དེའི་ཡུལ་ཡིན་པ་ཉིད་དུ་ངེས་བར་ནུས་པ་མ་ཡིན་ནོ། །འདི་ལྟར་ཉེ་བར་ལེན་པའི་ཤེས་པ་གང ་ལས་དེ་དག་རབ་ཏུ་འཇུག་པ་དེ་ལ་སྣང་བའི་དོན་བསྟན་པའི་ཕྱིར་སྦྱར་བ་དང། གང་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པ་དེའི་དོན་བརྗོད་པ་ཡིན་ནོ། །རང་གི་མཚན་ཉིད་ནི་དེ་ལ་མི་སྣང་སྟེ། དེའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ནོ། །འོ་ན་རྣམ་པར་རྟོག་པ་ལ ་གནས་པའི་དོན་དེ་རྣམ་པར་རྟོག་པའི་ཤེས་པ་ལས་ཐ་མི་དད་པས་གལ་ཏེ་དངོས་པོའི་ཆོས་ཡིན་པའི་བླ་ན། དངོས་པོ་མེད་པའི་ཆོས་དང། གཉི་གའི་ཆོས་གོ་ཅི་ལྟར་ཡིན། ཅི་སྟེ་ཡང་དེའི་སྒྲོ་བཏགས་ཀྱི་རང་བཞིན་གང་ཡིན་པ་དེ་སྒྲའི་དོན་ཡིན་ལ། ་དེ་ཡང་མེད་པས་དངོས་པོ་མེད་པའི་ཆོས་ཡིན་ན། འོ་ན་ནི་རྣམ་པ་གཞན་མེད་པ་ཉིད་དོ། །ཅི་སྟེ་སྒྲོ་བཏགས་ཀྱི་རང་བཞིན་དེ་ཉིད་ཤེས་པས་དངོས་པོ་ལྟ་བུར་བསྟན་པའི་ཕྱིར་དེ་དངོས་པོའི་ཆོས་ཡིན་ན། དེ་ལྟ་ན་ཡང་མེད་པའི་ཆོས་དང། གཉི་གའི་ཆོས ་སུ་མི་འགྱུར་རོ་ཞེས་དོགས་ན། རྣམ་པར་རྟོག་པ་དེ་ནི་ཞེས་སྨོས་སོ། །ཡོད་པ་ནི་གཟུགས་དང་སྒྲ་ལ་སོགས་པའི་དོན་ཏོ། །མེད་པ་ནི་ནམ་མ་པའི?་བ?་སོགས་པའི། །ལུས་ཅན་ཉིད་ལས་སོགས་པ་བཀག་པ་ནི་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་ཤེས་པ་དང། ནམ་མཁའ་ལ ་སོགས་པ་གཉི་གའི་ཆོས་ཡིན་ནོ། །དེའི་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པ་དང། རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེས་སྐྱེད་པ། རྣམ་པ་མཚུངས་པ་ཅིན་གྱི་ཤེས་པ་སྐྱེད་པར་ནུས་པའི་བག་ཆགས་གང་ཡིན་པ་དེ་ལས་བྱུང་བའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ ་ནི་འདིར་རྣམ་པར་རྟོག་པ་ལ་གནས་པའི་རྣམ་པའོ། །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ཡོད་པ་དང་མེད་པ་གཉི་གའི་ཤེས་པ་དེ་ལ་སྣང་བའི་རྣམ་པར་ཞེན་པའོ། །གང་གི་བག་ཆགས་ཀྱི་དབང་གིས་འདི་རྣམ་པར་རྟོག་པ་ལ་གནས་པར་འགྱུར་བའོ་ཤེས་པའི་དོན་གྱི་རྣམ་པར་རྟོག་པ ་དེ་ཡང་ཞེན་པར་བྱེད་དོ། །རྣམ་པར་རྟོག་པ་ལ་གནས་པའི་དོན་ཀྱང་ཡོད་པ་དང་མེད་པ་དང། གཉི་གའི་ངོ་བོར་ཞེན་པའི་དབང་གིས་རྣམ་པ་གསུམ་དུ་བརྗོད། སྒྲའི་དོན་ནི་ཞེན་པ་ཇི་ལྟ་བ་བཞིན་ཡིན་གྱི། དེ་ཁོ་ནའི་ཅི་ལྟ་བ་ནི་མ་ཡིན་ནོ། །འདི་ཡང་དངོས་པོ་དང་དངོས་པོ་མེད་པ་དང ་གཉི་གང་ཞན་པ་ཡིན་ཏེ། དེའི་ཕྱིར་རྣམ་པ་གསུམ་ཡིན་ནོ། །དེའི་ཕྱིར་བག་ཆགས་ཀྱི་རྗེས་སུ་འབྲངས་ཏེ་རྣམ་པ་གསུམ་དུ་གནས་སོ། །དེས་ན་ཤེས་པའི་བདག་ཉིད་དུ་ཡོད་པའི་ཕྱིར་དངོས་པོའི་ཆོས་མ་ཡིན་ལ། །སྒྲོ་བཏགས་ཀྱིས་མེད་པའི་ཕྱིར་དངོས་པོ་མེད་པའི་ཆོས ་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པ་གསུམ་དུ་ཞེན་པའི་ཕྱིར་ཆོས་རྣམ་པ་གསུམ་ཡིན་ནོ། །གང་གི་ཕྱིར་སྒྲའི་དོན་དེ་ལྟ་བུ་ཡིན་པ་དེའི་ཕྱིར་སྒྲའི་དོན་གྱི་ཆོས་ཅན་དེ་ལས་གནས་པ་ཡོད་པ་ཉིད་དུ་བཟུང་བ་ཆོས་ཅན་མ་སྤངས་པ་རྣམས་གཙོ་བོ་ལས་སོགས་ཡོད་པ ་དང་མེད་པ་ཉིད་དུ་སེམས་པར་བྱེད་དེ། །ཕྱི་རོལ་གྱི་གཙོ་བོ་ལ་སོགས་པ་ཡོད་པ་དང་མེད་པར་སེམས་པ་ན་སྒྲའི་དོན་གྱི་ཆོས་ཅན་ལ་གཞིར་བྱེད་པར་ཅི་ལྟར་འགྱུར་ཞེ་ན། བཤད་པ་ཅི་གཙོ་བོ་ལ་སོགས་པའི་སྒྲ་ལས་བློ་ལ་སྣང་བའི་དོན་འདི་ཕྱི་རོལ་གྱི་གཙོ་བོའི་རྒྱུ་མཚན། ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་སེམས་པར་བྱེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། མི་མཐོང་བའི་དོན་ཡོད་པ་མེད་པར་སྤྱོད་པ་ནི་འདི་ཉིད་ཡིན་ཏེ། འདི་ལྟ་སྟེ་སྒྲའི་དོན་དེའི་རྒྱུ་མཚན་ཅན་རྣམ་མ་ཡིན་གང་རྣམ་པར་དཔྱོད་པ་སྟེ། རྣམ་པ་གཞན་མི་འཐད་པའི་གྱིར་རོ།། ་དེ་དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པའི་ཕྱིར་ཆོས་སྒྲུབ་པ་ལ་དེ་སྤངས་པར་འོས་པ་མ་ཡིན་ནོ། །གང་གི་ཆོས་སྒྲུབ་པ་དེ་ནི་སྤང་བར་འོས་པ་མ་ཡིན་ཏེ། དེ་སྤོང་ན་བསྒྲུབ་བྱའི་ཆོས་ཀྱི་གཞི་མེད་པའི་ཕྱིར་ཏེ། ?་ནི་མི་རྟག་པར་སྒྲུབ་པ་ལ་སྒྲ་བཞིན་ནོ། །རང་གི་རིག་པ ་ཡིན་པའི་ཕྱིར་ཡང་སྤང་བར་འོས་པ་མ་ཡིན་ནོ། །སོ་སོ་རང་གིས་རིག་པ་ཞེས་གང་བརྗོད་པ་སྟེ། དེ་ནི་རང་ཉིད་དུ་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྲའི་དོན་མ་སྤངས་པ་ཉིད་ཀྱི་སེམས་པར་བྱེད་པ་ལྐོག་ཏུ་གྱུར་པའི་དོན་ཡོད་པ་རང་མེད་པ་དག་ལ་འཇུག་པ་ཡིན ་ནོ། །མེ་ཉིད་དུ་ཞེན་པའི་ཕྱིར་རྣམ་པར་རྟོག་པའི་བཟུང་བའི་དོན་དེ་ཉིད་རང་གི་མཚན་ཉིད་མ་ཡིན་ནམ། དེའི་ཕྱིར་སྒྲའི་ཡུལ་རང་གི་མཚན་ཉིད་ཡིན་ནོ་ཞེ་ན། བཤད་པ། སྒྲའི་དོན་དེ་ཉིད་རང་གི་མཚན་ཉིད་ནི་མ་ཡིན་ནོ། །ཤེས་པའི་བདག་ཉིད་ཀྱིས་ནི་རང་གི་མཚན་ཉིད་ཡིན ་ནོ། །ཤེས་པའི་བདག་ཉིད་དུ་ནི་ཞེན་པ་མ་ཡིན་ཏེ་འོ་ན་ཡང་མེར་ཞེན་པ་ཡིན་ལ། ཞེན་པར་བྱས་པའི་ངོ་བོས་ཀྱང་སྒྲའི་དེ་ནི་ཡིན་ནོ། །ཅིའི་ཕྱིར་ཞེན་བར་བྱས་པའི་རང་བཞིན་བརྗོད་བྱ་ཡིན་གྱི། རང་གི་མཚན་ཉིད་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེན། མ་ཐོབ་པ་མ་འོངས་པ་དང་འགགས ་པ་འདས་པ་སྟེ། འདས་པ་དང་མ་འོངས་པའི་དོན་དེ་དག་ལ་ཡང་རྣམ་པར་རྟོག་པའི་དོན་དེ་མི་ལྡོག་པའི་ཕྱིར་རོ། །གང་ཞིག་རང་གི་མཚན་ཉིད་ཡོད་པ་དང་མེད་པའི་རྗེས་སུ་བྱེད་བས་དེ་ཉིད་དུ་ངེས་པར་བྱས་པའི་ཤེས་པའི་རྣམ་པ་དེ་ནི་རང་གི་མཚན་ཉིད་དུ་བརྗོད་པ་ཡིན་ན། འདི ་ནི་རང་གི་མཚན་ཉིད་ལ་མི་འཁྲུལ་བ་མ་ཡིན་པའི་ཕྱིར་རང་གི་མཚན་ཉིད་མ་ཡིན་ནོ། །གཞན་ཡང་བུམ་བ་ལོགས་པའི་དངོས་པོ་ལ་བྱིན་ཅི་ལོག་གི་རྣམ་ལ་ཡན་ལག་ཅན་དང། རྡུལ་ཕྲ་རབ་དང་གཅིག་རང་དུ་མ་ལ་སོགས་པ་ཕན་ཚུན་འགལ་བ་དེར་མངོན་པར་ཞེན་བ་མུ ་སྟེགས་བྱེད་གཞན་ཏེ། གྲུབ་མཛའ་ཐ་དད་པ་དག་ལ་ཡོད་པའི་ཤེས་པ་གང་ཡིན་པ་དེ་ལ་ཡང་སྒྲའི་དོན་ཡོད་པའི་ཕྱིར་རང་གི་མཚན་ནི་སྒྲའི་དོན་མ་ཡིན་ནོ། །དངོས་པོ་ལ་ནི་ཕྱིན་ཅི་ལོག་གི་རང་བཞིན་མི་སྲིད་དོ། །དེས་ན་གལ་ཏེ་སྒྲ་དོན་དམ་པའི་ཡུལ་ཅན་ཡིན་ན། དངོས་པོ་ལ་སྲིད ་པ་འགལ་བའི་རྣམ་པར་རྟོགས་པར་མི་འགྱུར་རོ། །དོན་དེ་ཉིད་བསྡུ་བའི་ཕྱིར་བཤད་པ། དོན་དམ་པ་མ་བརྟག་པ་དེ་ལ་གཅིག་ཏུ་འཇུག་པ་སྟེ་ཕྱོགས་པ་གང་ཡིན་པ་དག་གོ། དེ་ལྟར་ཡིན་ན་ལྟ་བའི་བྱེ་བྲག་གི་ཐ་དད་པའི་དོན་རྣམས་?་ནི་སྒྲ་རྣམ་དག་དོན་དམ་པའི་རྒྱུ་མཚན་མེད ་པར་འཇུག་པར་མི་འགྱུར་རོ། །དེ་བཞིན་དུ་འདས་པ་དང། མ་སྐྱེས་པའི་དོན་ལ་ཡང་སྒྲ་མི་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཚིག་འགའ་?་འཇིག་ཀྱང་ལོག་པའི་དོན་ཅན་དུ་མི་འགྱུར་ཏེ། རྒྱུ་དེའི་ཕྱིར་སྒྲ་འདི་དག་བློ་ལ་ཡོད་པའི་དོན་གྱི་ཡུལ་ཅན་ཡིན་གྱི། རང་གི་མཚན་ཉིད ་རྗོད་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་དོར་དེ་ལ་ཅི་ལྟར་འདོད་པའི་རང་བཞིན་གང་ཡིན་པ་དེའི་ཉེ་བར་ལེན་པ་ཅན་མ་ཡིན་པར་བསྒྲུབ་པར་བྱ་བ་ལ། དེ་ལྟར་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་རང་བཞིན་གྱི་ཉེ་བར་ལེན་པར་མ་དམིགས་པས་སྒྲུབ་པར་བྱེད་པ་རབ་ཏུ་གྲུབ་པའི ་ཆོས་ཡོད་པ་མ་ཡིན་ནོ། །དེས་ན་བློ་ལ་གནས་པའི་དོན་ནི་ཆོས་ཅན་ཡིན་ལ། དེ་གཙོ་བོའི་ཉེ་བར་ལེན་པ་ཅན་མ་ཡིན་པ་ནི་བསྒྲུབ་པར་བྱ་ཞིང། དེའི་ཉེ་བར་ལེན་པ་ཅན་དུ་མི་དམིགས་པ་ནི་སྒྲུབ་པར་བྱེད་པའི་ཆོས་ཡིན་ནོ། །འདིར་སྒྲས་བསྐྱེད་པའི་རྣམ་པར་རྟོག་པ་ལ་སྣང ་བའི་དོན་དེ་ཉིད་དེ་ཉིད་ལ་བསྙོན་པ་གང་མ་ཡིན་ནོ། །ཅི་ལྟར་ཞེ་ན། རྣམ་པར་རྟོག་པ་ལ་སྣང་བའི་དོན་དེ་ཉིད་ཉན་པ་བོའི་བློ་ལ་བཞག་པའི་དོན་དུ་སྒྲ་སྦྱོར་བའི་ཕྱིར་དང། དེ་མེད་ན་སྒྲ་སྦྱོར་བ་ཉིད་དུ་མི་རུང་བའི་ཕྱིར་རོ། །གཞན་ཡང་ཞེས་བྱ་འདི་འདི་སྐད་སྟོན་ཏེ། རང་རིག་པའི་དོན ་དང། སྒྲ་སྦྱོང་བའི་ཕྱིར་རྣམ་པར་རྟོག་པ་ལ་གནས་པ་དེ་དགག་པར་མི་འཐད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། སྒྲུབ་པ་དང་དཀག་པ་བསམ་པའི་སྐབས་བསྙོན་དུ་མེད་པའི་ཕྱིར་ཡང་མི་འཐད་དོ་ཞེས་སོ། །སྐབས་བསྙོན?་དུ་མེད་པ་དེ་ཉིད་སྟོན་པ་ནི། སྒྲ་དོན་བསྙོན་པ་མེད་པ་དོན་ ་དུ་གཉེར་པར་རྟོགས་པ་དང་ལྡན་པ་རྣམས་ཀྱིས། ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས་ཏེ། ཡོད་པ་ཉིད་དམ་མེད་པ་ཉིད་དུ་དངོས་པོ་ཉིད་དཔྱད་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་ལ་ཞེས་སྨོས་ཏེ། གང་གི་ཕྱིར་འབྲས་བུ་འབྱུང་བ་ནི་དེ་ལ་རག་ལས་པའི་ཕྱིར་རོ།། ་ཅི་ལྟར་དེ་ལ་འབྲས་བུ་འབྱུང་བར་དག་ལས་ཤེ་ན། བཤད་པ། གང་གི་ཕྱིར་སྒྲའི་དོན་ནི་ཡོད་ཀྱང་སྐྱེས་བུའི་དོན་ཅུང་ཞིག་འགྲུབ་པར་མི་བྱེད་ལ། མེད་ཀྱང་ལྡོག་པར་བྱེད་པ་མ་ཡིན་ཏེ། སྐྱེས་བུའི་དོན་ནི་དེ་ལ་རག་ལས་པར་མི་འཐད་པའི་ཕྱིར་རོ། །དེས་ན་འབྲས་བུ་མེད་པ་ཡིན་ནོ། །ཅི ་ལྟར་ཅུང་ཞིག་ཉམས་པའམ་འགྲུབ་པ་མ་ཡིན་པ་ཞེས་བྱ་སྟེ། གང་གི་ཕྱིར་ཤེས་པའི་སྣང་བ་ཤེས་པ་ལས་ཐ་དད་པ་མེད་པ་ནི་ཞེས་པའི་འབྲས་བུ་དང་ལྡན་པ་ཡིན་ནོ་ཞེ་ན། ཅི་ལྟར་མངོན་པར་ཞེན་པ་བཞིན་དུ་ཞེས་སྨོས་སོ། །ཇི་ལྟར་མངོན་པར་ཞེ་ན་ཅིང་ཇི་ལྟར་ངེས་པར་བྱས ་པ་ནི་ཤེས་པའི་སྣང་བ་ལ་མེའི་རང་བཞིན་ཡིན། དེ་ལྟར་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང། ཤེས་པའི་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་ཅི་ལྟ་བ་བཞིན་ཡིན་པ་དེ་ལྟར་ཞེན་པ་མེད་པའི་ཕྱིར་རོ། །དེ་ལ་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་ཤེས་པའི་བདག་ཉིད་ཀྱི་སྣང་བ་དེ་འབྲས་བུ་དང ་བཅས་པ་ཡིན་ཡང། དེ་ལྟ་ན་ཡང་སྒྲའི་དོན་སྐྱེས་ཕུལ་ཡང་ཉེ་བར་མཁོ་བ་ཅན་དུ་འགྱུར་བ་ནི་མ་ཡིན་ནོ། །གང་གི་ཕྱིར་སྒྲོ་བཏགས་པའི་རང་བཞིན་སེམས་སོགས་པའི་ངོ་བོ་སྒྲའི་དོན་ཡིན་གྱི། ཤེས་པའི་རང་བཞིན་གྱི་དངོས་པོ་ནི་མ་ཡིན་ཏེ། སྒྲོ་བཏགས་པའི་རང་བཞིན་སྒྲ ་ལས་ངེས་པའི་ཕྱིར་དང། ཞེན་པར་བྱས་པ་ཡང་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ངེས་ན་སྒྲའི་དོན་ནི་སྐྱེས་བུ་ལ་ཉེ་བར་མཁོ་བོ་ཅན་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ཀྱི་ཚེ་དོན་བྱ་བ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པ། འདི་ཡོད་པ་དང་མེད་པར་དཔྱད་པ་འཇུག་པ་ན། རྣམ་པར ་རྟོག་པའི་རྣམ་པ་སྤངས་ཏེ། ཡོད་པའི་དངོས་པོ་ཉིད་ཡོད་པ་དད་མེད་པར་དཔྱོད་པའི་གཞིར་བྱེད་པ་ཡིན་ནོ། །དངོས་པོ་དེ་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། དངོས་པོ་གང་ལ་ཐམས་ཅད་ཀྱི་མངོན་སུམ་དུ་རིག་པའི་སྐྱེས་པའི་དོན་འདི་འབྲེལ་བའོ། །ཅི་ལྟར་གྲང་བ་སེལ་བ་ལ ་སོགས་པ་ལ་མེ་བཞིན་ནོ། །སོགས་པའི་སྒྲས་ནི་བཙོ?་བ་དང་བསྲེགས་པ་ལ་སོགས་པ་གཟུང་ངོ། །འདི་སྙམ་དུ་འདི་འདྲ་བའི་དོན་ནི་སྒྲའི་དོན་གྱིས་ཀྱང་འགྲུབ་པ་ཡིན་ཏེ། གང་གི་ཕྱིར་རྒྱུའི་དོན་དེ་ཡང་མེ་ཉིད་དུ་ངེས་པ་ཡིན་ནོ་ཞེ་མ་བཤད་པ། གང་གི་ཕྱིར་གཙོ་བོ་ལ་སོགས་པ་སྐྱེས་བུའི ་དོན་དེ་ལ་སྒྲའི་དོན་ནི་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲའི་དོན་དེ་ཉམས་སུ་མྱོང་བར་འགྱུར་ཡང་གང་བ་སིལ་བ་ལ་སོགས་པ་སྐྱེས་བུའི་དོན?་དེ་མེད་པའི་ཕྱིར་རོ། །དོན་བྱེད་ནུས་པའི་མེ་ཉམས་སུ་མྱོང་བར་འགྱུར་ན་ནི། གྲང་བསེལ་བ་ལ་སོགས་པ་འཐོབ་ཀྱི། སྒྲའི་དོན་ཉེ་བར་འགྱུར ་ཀྱང། ཉམས་སུ་མྱོང་བ་ལས་བསྒྲུབ་པར་བྱ་བའི་དོན་མི་འཐོབ་པ་སྟེ། དེའི་ཕྱིར་དོན་མེད་པ་ཡིན་ནོ། །སྔར་ལ་ཐོབ་པ་དང་འགག་པའི་དོན་དག་ལ་ཡང་མི་གྲུབ?་པའི་ཕྱིར་རོ། །ཞེས་བྱ་བས་ནི་རྣམ་པ་དོན་གྱིས་མ་སྐྱེད་པར་བརྗོད་པ་ཡིན་ལ། དེ་ལྟར་ནི་རང་ཉིད་དོན་མེད་པ་ཡིན་ནོ ་ཞེས་བྱ་བ་ནི་ཁྱད་པར་རོ། །གང་གི་ཕྱིར་སྒྲའི་དོན་དོན་མེད་པ་ཅན་ཡིན་པ་དེའི་ཕྱིར་སྲེགས་པ་ལ་སོགས་པ་དོན་དུ་གཉེར་བ་འདི། སྲེག་པར་མི་ནུས་པ་ལ་ཆོད་དུ་གཉེར་བ་ལྟུར་བྱེད་པ་ནི་རིགས་པ་མ་ཡིན་ནོ། །རྟོག་པ་དང་ལྡན་པ་ནི་བསྒྲུབ་བྱའི་དོན་ལ་ཉེ་བར་སྦྱོར་བ་ལ་ཡོད ་པ་ལ་སོགས་པར་དཔྱོད་པ་རྩོམ་གྱི། ཉེ་བར་སྦྱོར་བ་མེད་པ་ལ་ནི་མ་ཡིན་ཏེ། གང་གི་ཕྱིར་འདོད་པ་དང་ལྡན་པ་སྐྱེས་བུ་འདོད་པ་དང་ལྡན་པ་ནི་ཉེ་བར་དཔྱོད་པར་མི་ནུས་པའི་གཟུགས་བཟང་བ་དང་ངན་པ་བརྟག་པ་ལ་ལྷུར་གཉེར་བ་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲའི་དོན་ནི་འགོག ་པ་མ་ཡིན་ཏེ། ནུས་པ་མེད་པ་ནི་ཡོད་པ་ལ་སོགས་པར་དཔྱོད་པའི་གཉི་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱིས་ཕྱི་རོལ་གྱི་ཉེ་བར་ལེན་པ་ཅན་དུ་མི་དམིགས་བ་རྟོག་པ་ལ་གནས་པའི་ཆོས་སུ་བརྗོད་ན། འོ་ན་ཀུན་ལས་བཏུས་པ་ལས་བརྟགས་པའི་ཆོས་ཞེས་བྱ་བ་ལ ་སོགས་པ་བཤད་པ་གང་ཡིན་པ་དེའི་དོན་ཅི་ཡིན། དེར་ནི་མི་དམིགས་པ་ནི་གཙོ་བོ་ལ་སོགས་པ་བརྟགས་པའི་ཆོས་ཡིན་ནོ་ཞེས་རྟོགས་སོ། །འགལ་བ་མེད་པ་དེ་འདི་ལྟར་རྟོག་པའི་ཡུལ་ཡིན་པའི་ཕྱིར་སྒྲའི་དོན་ལ་བརྟགས་པར་བརྗོད་དོ། །གང་ཞིག་བརྟགས་པར་བྱ ་བ་དེ་ནི་བརྟགས་པ་ཡིན་ཏེ། དཔེར་ན་གང་བལྟ་བར་བྱ་བ་དེར་བལྟས་པ་ཡིན་པ་བཞིན་ནོ། །རྟོག་པའི་ཡུལ་ཡང་བརྟགས་པར་བྱ་བ་ཡིན་ནོ། །དེའི་ཕྱིར་གཙོ་བོའི་སྒྲ་དོན་རྟོག་པ་ལ་གནས་པ་ནི་བརྟགས་པ་ཡིན་ལ། ཕྱི་རོལ་གྱི་དངོས་པོའི་རྒྱུ་མཚན་དུ་མི ་དམིགས་པ་ནི་བརྟགས་པ་དེའི་ཆོས་ཡིན་ནོ་ཞེས་འདིའི་དོན་ནི་དེ་ཡིན་ནོ། །སྤྲོས་ལ་དང་ཉེ་བར་སྤྲོས་པ་བཤད་ནས་སྐབས་ཉིད་ཉེ་བར་བ་སྤྲོ་བའི་ཕྱིར་རང་བཞིན་མི་དམིགས་པ་ཞེས་སྨོས་སོ། །སྐྱོན་འགའ་ཞིག་སྤང་བའི་ཕྱིར་སྔར་བཤད་པ་དྲན་པར་བྱེད་དོ། །གང་དུ་དང ་བཞིན་མི་དམིགས་པ་ནང་དུ་འདུ་བའི་རང་བཞིན་གང་ཡིན་པ་དེ་ཡང་བྱེ་བྲག་ལ་བལྟོས་པའམ། བྱེ་བྲག་མེད་པར་འདའ་ཞིག་སྟེ། དཔེར་ན་འཇིག་པ་ལས་བྱས་པ་ནི་ཁྱད་པར་དང་བཅས་པ་ཡིན་ལ། ཡོད་པ་ནི་དག་པ་ཡིན་པ་བཞིན་ཏེ། དེ་དང་འདྲ་བར་གཞན་ཐམས་ཅད ་ཀྱང་བསྟན་པར་བྱ་བ་ཡིན་ནོ་ཞེས་ལེའུ་གཉིས་པར་བརྗོད་ཟིན་ཏོ། །དེ་ལ་སྟེ་དོན་དེ་ལྟ་ཡིན་པར་འགྱུར་བ་ལ། གལ་ཏེ་ཡོད་པ་འབའ་ཞིག་གཏན་ཚིགས་ཡིན་ནམ། ཡོད་པའི་བདག་ཉིད་གཏན་ཚིགས་ཡིན་ན་ཡོད་པ་ཅི་ལྟར་བསྒྲུབ་བྱ་འམ་ཡིན། ཅི་སྟེ་ཡོད་པ་བསྒྲུབ་པར ་བྱ་ན། ཁྱད་པར་བསྒྲུབ་བྱར་འགྱུར་ན། དེ་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་འགྱུར་བ་དེས་ན་བསྒྲུབ་བྱ་མ་ཡིན་ན། འོན་ནི་གཏན་ཚིགས་སུ་ཡང་མི་འགྱུར་ཏེ། གང་གི་ཕྱིར་ཁྱད་པར་རྗེས་སུ་འགྲོ་བ་མེད་པ་ནི་གཏན་ཚིགས་དང་བསྒྲུབ་བྱ་གཉི་གང་འགལ་བ་ཡིན ་ནི། །འདི་ཉིད་རྣམ་པར་འགྲེལ་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །གཞན་ལ་ཞེས་བྱ་བ་ནི་བསྒྲུབ་བྱ་མ་ངེས་པར་བརྗོད་པའོ། །གལ་ཏེ་ཡོད་པ་ལ་ལང་གཏན་ཚིགས་ཡིན་ན་བསྒྲུབ་པར་བྱ་བ་ཡང་ཅི་སྟེ་མི་འདོད། ཡོད་པ་དེ་དེ་ལྟར་འགའ་? ་ཞིག་བསྒྲུབ་པར་བྱ་བ་ཡིན་ན་ཁྱད་པར་ཅན་དུ་འགྱུར་ན། ཁྱད་པར་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཞེས་གྲགས་ཏེ་གཞན་གི་འདོད་པ་བརྗོད་པའོ། །ཅི་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་རྗེས་སུ་དཔག་པའི་ཡུལ་སྤྱི་སྟེ?། ་རྒོལ་བས་རྫས་སུ་དཔག་པའི་ཡུལ་སྤྱི་ཡིན་པར་མ་ཤེས་པའི་ཕྱིར་ཁྱད་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཡོད་པ་བསྒྲུབ་བྱར་མི་འདོད་ན་བསྒྲུབ་པར་བྱ་བ་ཉིད་དུ་འགལ་བར་ནི་མ་ཟད་དེ། འོན་ཀྱང་གཏན་ཚིགས་སུ་ཡང་འགལ་ལོ། །ཅིའི་ཕྱིར་ཞེ་ན། ་འགྲོར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མཚུངས་པའི་ཕྱིར་རོ། །ཅི་ལྟར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མཚུངས་ཞེ་ན། གང་གི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ནི་སྒྲུབ་པའི་ཡིན་ལག་མ་ཡིན་ནོ་ཞེས་བྱ་བ་ལ། དོན་ནི་འདི་ཡིན་ཏེ། དཔེར་ན་རྗེས་སུ་འགྲོ་བ་མེད་པའི་བསྒྲུབ ་བྱས་གཏན་ཚིགས་ལ་མ་ཁྱབ་པའི་ཕྱིར་གོ་བྱེད་མ་ཡིན་པ་དེ་བཞིན་དུ། གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་ཅན་ཡང་བསྒྲུབ་བྱས་མ་ཁྱབ་པའི་ཕྱིར་གོ་བྱེད་མ་ཡིན་པ་དེས་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མཚུངས་པ་ཡིན་ནོ། །ཅིའི་ཕྱིར་རྗེས་སུ་འགྲོ་བ་མེད་པ ་གོ་བྱེད་མ་ཡིན་ཞེ་ན། རྗེས་སུ་འགྲོ་བ་མེད་པའི་གཏན་ཚིགས་དེ་ལས་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ཐམས་ཅད་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། འདི་ལྟར་བསྒྲུབ་བྱའི་ཆོས་ཅན་གྱི་མཐར་ཐུག་པར་ཚད་མ་གང་གིས་བསྒྲུབ་བྱས་ཁྱབ་པར་བརྗོད ་པ་དེ་ཉིད་ཀྱིས་དེ་གྲུབ་པའི་ཕྱིར་གཏན་ཚིག་གཞན་དོན་མེད་དོ། །ཅི་སྟེ་གནོད་པར་བྱེད་པ་ནི་བསྒྲུབ་བྱའི་ཆོས་འགའ་ཞིག་གི་ཡུལ་མ་ཡིན་ཏེ། འོན་ཀྱང་ཆོས་ཅན་གཞན་དང་ཐུན་མོང་མ་ཡིན་ན། དེ་ལྟ་ན་ཡང་བསྒྲུབ་བྱའི་ཆོས་ཅན་ལ་བརྟན་པ་ནི་གཞན་དུ་མི་སྲིད་པའི ་ཕྱིར་གནོད་པར་བྱེད་པ་དེས་ཁྱབ་པ་མ་བརྗོད་པས་ཐེ་ཚོམ་གྱི་རྒྱུ་ཉིད་དོ། །དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཁྱད་པར་ཐམས་ཅད་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བསྒྲུབ་བྱ་བཞིན་དུ་ཡོད་པ་ནི་སྒྲུབ་བྱེད་དུ་ཡང་མི་འཐད་པར་ཉེ་བར་བཀོད་པ་ལ། ་ཡིན་གདབ་པའི་ཕྱིར་སྐྱོན་འདི་ནི་མེད་དེ་ཞེས་སྨོས་སོ། ཅི་ལྟར་ཞེ་ན། འདི་ལྟར་དངོས་པོ་ཡོད་པ་དེའི་ཁྱད་པར་ཏེ། བྱེ་བྲག་གང་ལ་ཡོད་པ་དེ་ཙམ་ཞིག་གོ། །དེ་ཙམ་ཉིད་ཡིན་པའི་ཕྱིར་སྤྱིའི་རང་བཞིན་གྱི་ཆོས་ཅན་ལ་སྒྲུབ་ན་མངོན་པ་འདོད་པའི་དོན་འགའ་ ་ཞིག་ཀྱང་གྲུབ་པར་མི་འགྱུར་རོ། །གང་གིས་སྒྲུབ་པར་འགྱུར་བ་དེ་ལྟ་བུར་གྱུར་པའི་དངོས་པོ་ནི་ཕྱིར་རྒོལ་བ་སུས་ཀྱང་བཀག་པ་མེད་དོ། །གལ་ཏེ་དེ་ལྟ་ན་ཁྱད་པར་བསྒྲུབ་བྱར་ཅི་ལྟར་འགྱུར་ཞེ་ན། ཁོ་བོ་ཅིག་ཐམས་ཅད་?་སྤྱིའི་རྣམ་པས་ཡོད ་པ་སྒྲུབ་པའི་སྐབས་སུ་ཡང་ཁྱད་པར་བསྒྲུབ་བྱ་ཉིད་དུ་བསྒྲུབ་པར་འགྱུར་རོ། །ཞེས་ནི་མི་སྨྲའོ། །དེ་སྐད་སྨྲས་ན་ནི་ཡོད་པ་ཙམ་སྒྲུབ་པར་བྱེད་པ་ཡིན་པ་ལ་ཡང་དེ་བཞིན་དུ་ཁྱད་པར་དུ་གཏན་ཚིགས་སུ་འགྱུར་རོ། །འོ་ན་ཅི་ལྟར་ཁྱད་པར་བསྒྲུབ་བྱར་འགྱུར་རོ་ཞེས ་བརྗོད་ཅེ་ན། ཚིག་ལེའུར་བྱས་པའི་དོན་དགྲལ་བའི་ཕྱིར་བཤད་པ། དངོས་པོ་ཙམ་གྱི་ཁྱད་པར་ཅན་ནི་ཡོད་པ་ཙམ་གྱི་རང་བཞིན་ཏེ། །འགའ་ཞིག་ཡོད་དོ་ཞེས་རབ་ཏུ་སྒྲུབ་པའི་རྒོལ་བའི་འོ། །འདིར་ཞེས་བྱ་བ་ཡོད་པར་སྒྲུབ་པར་བྱེད་པ་ལ་ཡོད་པ་འགྲུབ་པའི་རྒྱུ་འགོད? ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་ཁྱད་པར་མ་བསྟན་པ་ཡོད་པ་ཙམ་ནི་རྟོག་པ་པོ་འགའ་ལ་ཡང་འགལ་བ་མེད་པའི་ཕྱིར་རོ། །འགལ་ན་ནི་འགལ་ཞིག་ཅུང་ཞིག་སྒྲུབ་པ་འམ་འགོག་པ་ཡིན་ན་འདི་ལ་ནི་འགལ་བ་མེད་དོ། །འདི་སྙམ་དུ་གལ་ཏེ ་མི་འགོག་ན་འོ་ན་ནི་ཡོད་པ་གེགས་མེད་པར་གྲུབ་བོ་ཞེ་ན། གེགས་མེད་པ་ནི་བདེན་ན་འོན་ཀྱང་རྟག་པ་ཉིད་ལ་སོགས་པ་རྣམས་དང་མི་ལྡན་པ་དེ་ལྟར་འགའ་ཞིག་ཡོད་དོ་ཞེས་བྱ་བར། དཔེར་ན་མིག་ལ་སོགས་པར་གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ལྟ་བུ ་སྐབས་ཀྱི་སྟོབས་སམ། དཔེར་ན་གཙོ་བོ་རྟག་པ་ཡོད་དོ་ཞེས་བྱ་བ་ལྟ་བུར་སྒྲུས་མ་རིག་པའི་སྒྲུབ་བྱེད་སྨྲས་པས་རང་གི་མངོན་པར་འདོད་པའི་དོན་ཅི་ཞིག་འགྲུབ་པར་འགྱུར། དེའི་ཕྱིར་རྟག་པ་འམ། གཅིག་པུའི་གཙོ་བོ་ཡོད་དོ་ཞེས་གང་ལ་གཞན་རྩོད་པ ་དང། བདག་ཉིད་འདོད་པ་ཁྱད་པར་གྱིས་ཟིན་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །ཁྱད་པར་དེ་བསྒྲུབ་བྱ་ཡིན་ན་ཡང་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་གཏན་ཚིགས་རྗེས་སུ་འགྲོ་བ་མེད་པར་འགྱུར་རོ། །དེའི་ཕྱིར་རིམ་པ་འདིས་ཁྱད་པར་བསྒྲུབ་པར་བྱ་བ ་ཉིད་དང། སྐྱོན་ཡང་མཐོད་ནས་ཁོ་བོ་ཅག་ཡོད་པ་བསྒྲུབ་བྱ་ཡིན་ན་ཁྱད་པར་བསྒྲུབ་བྱ་ཉིད་དུ་སྒྲུབ་པར་འགྱུར་རོ་ཞེས་བརྗོད་ཀྱི། རྒྱུ་མཚན་མེད་པ་ཉིད་དུ་ཁྱད་པར་བསྒྲུབ་བྱར་འགྱུར་བ་ནི་མ་ཡིན་ལ། སྐྱོན་མེད་པར་ཁྱད་པར་ལ་རྩོད་པ་ཡང་མ་ཡིན་ནོ། །གང་གིས་ཁྱད ་པར་སྒྲུབ་པར་བྱེད་པར་འགྱུར་བ་དང། གང་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་འགྱུར་རོ། །སྤྱི་ཙམ་སྒྲུབ་པར་བྱེད་པ་ལ་ནི་དེ་ལྟར་མི་ནུས་པ་ཅུང་ཟད་ཀྱང་མེད་དོ། །དོན་འདི་ལ་ཚིགས་ལེའུར་བྱས་པ་བཟློག་ནས་འཆད་པའི་མི་རིགས་སྟེ། སློབ་དཔོན་གྱི་ཁྱེད་འོག ་མ་སྔར་འདོན་མི་ནུས་པ་ནི་མ་ཡིན་ནོ། །ཅི་ལྟར་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དུ་འགྱུར་ཏེ། གང་གི་ཕྱིར་སྤྱིས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེ་ན། བཤད་པ་གང་གི་ཕྱིར་ཆོས་ཅན་གཙོ་བོའི་རང་བཞིན་དེ་རྩ་བའི་རང་བཞིན་དང ་ཐ་མི་དད་པའི་ཕྱིར་གཅིག་པུ་དང། རྗེས་སུ་འགྲོ་བ་མེད་པར་འཇིག་པ་མེད་པའི་ཕྱིར་རྟག་པ་དང། ཡོན་ཏན་གསུམ་གྱིས་བདག་ཉིད་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་དམ། ལོངས་སྤྱོད་བར་བྱ་བ་ཞེས་བྱ་བ་དེ་ལྟ་བུའོ། །རྣམ ་པ་ཅི་ཞིག་ལྟར་ཡང་རུང་ཞེས་བྱ་བ་ནི་རྣམ་པ་གང་ཡང་རུང་བས་ཁྱད་པར་དུ་བྱས་པ་ཁྱད་པར་ཅན་གྱི་ངོ་བོ་བསྒྲུབ་བྱ་ཉིད་དུ་བསྒྲུབ་པར་འགྱུར་རོ། །མི་འདོད་པ་སྤང་བའི་ཕྱིར་ཆོས་ཅན་ཁྱད་པར་དུ་ཡང་གདོན་མི་ཟ་བར་བྱ་དགོས་སོ། །དེས་ན་རྗེས་སུ་འགྲོ་བའི ་དུས་སུ་ཡང་སྤྱི་མ་ཡིན་ཏེ། འདིར་འདོད་པའི་བསྒྲུབ་པར་བྱ་བ་ཉིད་བསྟན་པར་བྱ་བ་ཡིན་པའི་ཕྱིར། དེ་ནི་ཁྱད་པར་དུ་བྱས་པ་དེ་ལྟར་ཆོས་ཅན་གཞན་ལ་རྗེས་སུ་འགྲོ་བ་མེད་དོ། །གང་ཡང་ཡོད་པ་ཙམ་རྗེས་སུ་འགྲོ་བ་དེ་གྲུབ་མོད། རྗེས་སུ་འགྲོ་བ་ཅན ་གྱི་ཡོད་པ་དེ་གྲུབ་པས་ནི་འདོད་པའི་དོན་ཅུང་ཟད་ཀྱང་མ་འགྲུབ་བོ། །དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡིན་ནོ། །དེ་ནི་གཞན་དག་འདོད་པའི་བསྒྲུབ་བྱ་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དང་གྲུབ་པ་ལ་སྒྲུབ་པ་ཉིད་མཚུངས་པར་བསྟན་པའི་ཕྱིར ་སྨྲས་པ། གལ་ཏེ་དེ་བཞིན་དུ་མེ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་ཡང་རྗེས་སུ་འགྲོ་བ་མེད་པ་དང། གྲུབ་པ་ལ་སྒྲུབ་པར་ཐལ་བར་འགྱུར་བ་མ་ཡིན་ནམ། ཅི་ལྟར་ཞེ་ན། འདི་ལྟར་མོ་ལ་སོགས་པ་སྒྲུབ་པ་དེ་ལ་ཡང་མེ་ཡོད་པ་ལ་ནི་རྩོད ་པ་འགའ་ཡང་མེད་དེ། མེ་ཙམ་ནི་གྲུབ་པའི་ཕྱིར་རོ། །དེ་གྲུབ་པས་ནི་ཅུང་ཟད་བྱར་ཡང་མེད་དེ། དེ་ནི་འཇུག་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །ཡུལ་གྱི་ཁྱད་པར་ཅན་གྱི་མེ་འཇུག་པའི་ཡན་ལག་ཡིན་གྱི། མེ་ཙམ་ནི་མ་ཡིན་ནོ། །འོ་ན་དེ་ཉིད་བསྒྲུབ་པར ་བྱ་བ་ཡིན་ནོ་ཞེ་ན། སྨྲས་པ། ཡུལ་ལ་སོགས་པ་ཅན་གྱི་གཞི་དེ་ཉིད་ཀྱི་ཁྱད་པར་གང་ལ་ཡོད་པ་དེ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མི་འགྲུབ་བོ། །ངེས་ནི་སྤྱི་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ལ། ཁྱད་པར་ལ་ནི་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ་ཞེ་ན། ཅི་ལྟར་རྗེས ་སུ་འགྲོ་བ་མེད། འདི་ལྟར་གང་གིས་རྗེས་སུ་འགྲོ་བ་མེད་པར་འགྱུར་བ་རྟེན་ཡིན་ཡང་གཞི་ངེས་མེ་དེ་ཁྱད་པར་དུ་བྱེད་པ་ནི་མ་ཡིན་ཏེ། མི་ལྡན་པ་ལྡོག་པའི་རྒྱུས་ན་མ་ཕྱོགས་ཀྱིས་མེ་རྣམ་པར་གཅོང་པའི་ཕྱིར་རོ། །དོན་འདི་ནི་ལན་གཅིག་མ་ཡིན་པར་བཤད ་ཟིན་ཏོ། །གལ་ཏེ་ཁྱབ་པའི་དུས་སུ་མི་ལྡན་པ་རྣམ་པར་བཅད་པའི་མ་མ་གྲུབ་པ་མ་ཡིན་ནམ། དེ་གྲུབ་ན་ཡང་རྗེས་སུ་འགྲོ་བ་རྗེས་སུ་ཅིའི་དོན་དུ་འབྲང་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་གཞི་མེད་ཀྱི་མེ་མི་སྲིད་པའི་ཕྱིར་སྤྱིར་སྒྲུབ་པར་བྱ་བ་ལ་ཡང། ཕྱོགས་དང་མཐུན་པའི ་ཕྱོགས་ཀྱི་རྣམ་པར་དབྱེ་པ་མེད་པའི་ཕྱིར་ཁྱད་པར་མེད་པར་གཞི་ཡང་འཕེན་པ་ན་མངོན་པར་འདོད་པའི་ཡུལ་ཡང་འཕངས་པར་འགྱུར་རོ། །དེའི་ཕྱིར་ཡུལ་དེ་ཁྱབ་པའི་དུས་སུ་ཡང་མ་འབྲེལ་བ་རྣམ་པར་གཅོད་པས་ཁྱབ་པ་ཡིན་པར་བརྗོད་ཀྱི། དེ་ལྟར་གྲུབ་པའི ་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་ཤུགས་ཀྱིས་གཞི་རྣམས་ཁྱད་པར་མེད་པར་ནང་དུ་འདུས་པའི་ཕྱིར་མ་འབྲེལ་བ་རྣམ་པར་གཅོད་པ་དེའི་ཕྱིར། གཞི་ངེས་པ་མེད་པའི་མེའི་སྤྱི་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་སྙམ་དུ་འོ་ན་ནི་སྤྱི་དང་ལྡན་པའི་ཡོད་པས་ཀྱང ་བྱ?་པའི་དུས་སུ་ཁྱད་པར་གཙོ་བོའི་མཚན་ཉིད་འཕེན་ཏེ། དཔེར་ན་མེས་ཡུལ་དེ་འཕེན་པ་བཞིན་ནོ། །དེས་ན་འདིར་ཡང་མ་འབྲེལ་བ་རྣམ་པར་གཅོད་པས་ཁྱད་པར་གྲུབ་པ་ཡོད་དོ་ཞེ་ན། བཤད་པ། དེ་བཞིན་དུ་མོད་པ་བསྒྲུབ་པར་བྱ་བ་འདིར་ཡང་མངོན་པར་འདོད་པའི་ཁྱད་པར་འགའ་ཞིག་ལ་ཡོད་པ་སྒྲུབ ་པ་ནི་མ་ཡིན་ནོ། །ཅི་ལྟར་གཙོ་བོ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བའི་དོན་ཉིད་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བའི་དུས་དང། སྒྲུབ་པར་བྱེད་པའི་བྱེད་པ་རྫོགས་པའི་དུས་སུ། གང་ཞིག་མ་འབྲེལ་བ་རྣམ་པར་གཅོད་པ་དང་ལྡན་པའི་ཡོད་པ་བརྟག་པར་འགྱུར་བ། རྟག་པ་ལ་སོགས ་པ་དང་ལྡན་པ་ནི་འགའ་ཡང་མ་གྲུབ་བོ། །ས་ཕྱོགས་དང་སྒྲ་ནི་ཚད་མ་གཞན་གྱིས་གྲུབ་པས་ཁྱབ་པའི་དུས་སུ་དེ་དང་མ་འབྲེལ་བ་རྣམ་པར་བཅད་པ་དང་ལྡན་པ་བསྒྲུབ་པར་བྱ་བའི་ཆོས་ཡིན་པ་དང། ཕྱོགས་ཀྱི་ཆོས་སུ་སྡུད་པའི་དུས་སུ་དེའི་ཁྱད་པར་དང་ལྡན་པ་གྲུབ་པ་རིགས་པ ་ཡིན་ནོ། །དེས་ན་ཁྱབ་པའི་དུས་སུ་ཁྱད་པར་འགའ་ཡང་མ་གྲུབ་པའི་ཕྱིར་དེ་ནི་ཁྱད་པར་མེད་པ་ཁོ་ན་ཡིན་ནོ། །ཅི་ལྟར་མེད་དེ། འདི་ལྟར་དེ་ཡང་ཅི་ཞིག་ལྟར་ཤེས་པར་བྱ་བ་ཡིན་ལ། ཤེས་ནས་སྒྲས་བརྗོད་པར་བྱ་བ་ཡིན་ཞིང། བརྗོད་ནས་ཚད་མར་ངེས་པར་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་ཡང ་ཞེས་བྱ་བ་ཉིད་ལ་སོགས་པར་གྲུབ་པ་ཉིད་དོ། །དེས་ན་དེ་དང་མ་འབྲེལ་བ་རྣམ་པར་བཅད་པ་དང་ལྡན་པའི་ཡོད་པ་གྲུབ་པོ་ཞེ་ན། ཅིང་ནི་ཤེས་བྱ་ཡོད་དེ་ཞེས་ཏེ། དེ་ཙམ་གྱིས་གཙོ་བོ་དེ་གྲུབ་པར་འགྱུར་རམ། གཙོ་བོའི་དོན་ནི་ཞེས་བྱ་བ་ལ་སོགས་པའི་དོན་དུ་འགྱུར་གྱི་ལྷག་པ་ནི་མ ་ཡིན་ནོ། །དེ་ཞིག་དེ་ཙམ་དུ་ཡང་གཙོ་བོ་གྲུབ་པ་ཡིན་ཏེ། གཏན་མེད་པ་ནི་མ་ཡིན་ནོ་ཞེ་ན། བཤད་པ། དེ་ལྟ་ན་ཡང་ཤེས་བྱ་བ་ལ་སོགས་པས་ཅི་ཞིག་འགྲུབ་པར་འགྱུར། འདི་ལྟར་ཤེས་བྱ་ཅི་མ་ཕོ་ནར་འགྲུབ་པར་འགྱུར་ན། དེ་ཙམ་ནི་གཙོ་བོ་ཡིན་པར་མི་འདོད་དོ། །ད་ནི་ཁྱད་པ ་ཅན་ཕྱི་ཡོད་པ་བཞིར་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་བློས་བསྐྱེད་པ་སྒྲའི་དོན་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ། །དེ་གང་ཞེ་ན། རྣམ་པར་རྟོག་པའི་རྣམ་པའོ། །དེ་ནི་རྟག་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་མ་ཡིན་ནོ་སྟེ། དེ་ལྟར་བརྟགས་པ་ཡིན་པའི་ཕྱིར་རོ། །དེས་ན་གཙོ་བོའི ་སྒྲས་བརྗོད་པར་བྱ་བ་མེད་པར་ཅི་ལྟར་འགྱུར། རང་གི་ངོ་བོས་ནི་སྒྲའི་དོན་ཐམས་ཅད་དུ་གྲུབ་པའི་ཕྱིར། ཕྱི་རོལ་གྱི་ཉེ་བར་ལེན་པའི་ཡོད་པ་བསྒྲུབ་པར་བྱ་བ་ཡིན་ནོ། །ངེས་ན་ཅི་ལྟར་ཁྱད་པར་ཅན་མ་གྲུབ་ཅེ་ན། དེ་ལྟ་ན་ཡང་ཁྱད་པར་མ་གྲུབ་བོ་ཞེས་སྟོན་པ་ནི ་བསྒྲུབ་པར་བྱ་བ་ཡིན་མོད། འོན་ཀྱང་གང་གི་ཕྱིར་གཙོ་བོ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་རྟག་པ་ཉིད་ལ་སོགས་པའི་རྟེན་མ་ཡིན་ཏེ། གཞི་མ་ཡིན་ནོ། དེ་བས་ན་སྒྲའི་དོན་དེ་ཡང་ཁྱད་པར་མེད་པ་སྒྲའི་དོན་ཙམ་དུ་རྣམ་པར་གནས་པ་ཡིན་ཏེ། སྒྲའི་དོན་གཞན་ལས་ཁྱད་པར་མེད ་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ཅི་ལྟར་སྔར་བརྗོད་པ་བཞིན་དུ་ད་ལྟར་ཡང་བརྗོད་པར་བྱ་བའི་དངོས་པོ་འགའ་ཞིག་ཡོད་དོ་ཞེས་བསྒྲུབ་པར་བྱ་བར་འགྱུར་རོ། །གལ་ཏེ་གཙོ་བོའི་རང་བཞིན་གྱི་རྟེན་ཡིན་ན་ནི་དེ་ཉིད་གཙོ་བོར་གྲུབ་པར་འགྱུར་གྱི་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །དེའི་རང ་བཞིན་མེད་ན་ནི་སྒྲའི་དོན་གཞན་དག་ལས་ཁྱད་པར་མེད་པའི་ཕྱིར་སྒྲའི་དོན་ལས་ཕྱི་རོལ་དུ་གྱུར་ན། ཕྱི་རོལ་གྱི་ཉེ་བར་ལེན་པ་འགའ་ཞིག་ཡོད་དོ་ཞེས་བསྒྲུབ་པར་བྱ་བར་འགྱུར་རོ། །ཅི་ལྟར་རྟག་པ་ལ་སོགས་པའི་རང་བཞིན་གྱི་རྟེན་མ་ཡིན་ཞེ་ན། བཤད་པ། རྟག་པ་ཡིན་པའི ་ཕྱིར་སྒྲའི་དོན་རང་ཉིད་ནི་རྟག་པ་ལ་སོགས་པའི་རང་བཞིན་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ལ་བརྟེན་པ་མ་ཡིན་ནོ། །འོ་ན་ཅི་ལྟར་སྒྲའི་དོན་ཁྱད་པར་ཅན་དུ་རྟོགས་ཤེ་ན། ཉེ་བར་ལེན་པའི་ཆོས་དེ་དག་ལ་འདོགས་པ་ཡིན་ཏེ། ཉེ་བར་ལེན་པ་དང་རྣམ་པར་བརྟགས་པར་བྱ་བའི་དོན ་དག་གཅིག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །དཔེར་ན་བུམ་པ་འམ། བྱས་པ་དང་ཐ་མི་དད་པར་ཞེན་པའི་ཕྱིར་སྒྲའི་དོན་བུམ་པ་དང་བྱས་པ་ཡིན་པ་བཞིན་ནོ། །གང་གི་ཕྱིར་ཁྱད་པར་ཉེ་བར་འདོགས་པ་ཡིན་པ་དེའི་ཕྱིར་ཉེ་བར་ལེན་པ་མ་གྲུབ་པ་དག་ལ་ནི་མི་སྲིད་དོ། །གང་གི ་ཕྱིར་དེ་ལྟར་ཡིན་པ་དེས་ན་སྒྲའི་དོན་འདི་དག་མི་ཁྱད་པར་མེད་པ་ཡིན་ནོ། །ངེས་ན་དེ་དག་ལ་དོན་གྱི་ཉེ་བར་ལེན་པ་ཅན་ཉིད་སྒྲུབ་པ་ནི་ཡོད་པ་ཙམ་ཉིད་སྒྲུབ་པ་ཡིན་གྱི། དོན་གྱི་ཁྱད་པར་སྒྲུབ་པ་ནི་མ་ཡིན་པའི་ཕྱིར། དེ་དོན་གྱི་ཉེ་བར་ལེན་པ་ཅན་དུ་སྒྲུབ་པ་ནི་དོན་མེད ་དོ། །དེ་ལྟ་ཡིན་དང་གང་གི་ཕྱིར་ཉེ་བར་བརྟགས་པའི་ཁྱད་པར་ཅན་གྱི་སྒྲའི་དོན་ལ་དངོས་པོ་མི་འགྲུབ་པ་དེའི་ཕྱིར། ཁྱད་པར་ཡོད་པར་སྒྲུབ་པ་ལ་སྒྲའི་དོན་ཆོས་ཅན་མ་ཡིན་ནོ། །ཁྱད་པར་དགག་པ་སྒྲུབ་ན་ནི་ཆོས་ཅན་ཡིན་པ་ཉིད་དེ། ཉེ་བར་བཏགས་པ་ནི་རྣམ་པ་དེ་ལྟ་བུའི་ཉེ་བར ་ལེན་པས་ན་དུ་མ་ངེས་པའི་ཕྱིར་རོ། །དེས་ན་ཅི་སྐད་པ་བརྗོད་པའི་ཡོན་ཏན་ཅན་གཙོ་བོ་ལ་སོགས་པ་མེད་པའི་ཕྱིར་སྒྲའི་ཆོས་ཅན་དུ་རིགས་སོ། །གལ་ཏེ་འདིར་དོན་ཙམ་གྱི་ཉེ་བར་ལེན་པ་དོན་མེད་པ་ཡིན་ན་མངོན་པར་འདོད་པའི་རྗེས་སུ་དཔག་པ་གཞན་དུ་ཡང་ཐུན་མོང་པ་སྤྱི་ཙམ ་གྲུབ་པའི་ཕྱིར་བསྒྲུབ་བྱར་མི་འགྱུར་རོ་ཞེ་ན། བཤད་པ། གཞན་དུ་ནི་གཞི་ངེས་པ་མེད་པའི་མེའི་སྤྱི་གྲུབ་པ་དེ་ཉིད་ཡུལ་དེ་བམ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །ཡོད་པ་ལ་ནི་མ་གྲུབ་པ་ཅུང་ཟད་ཀྱང་གྲུབ་པ་མེད་དོ། །གལ་ཏེ་དེ་ལྟ་ན་དེར་ཡང་གཞི་ངེས་པ་མེད་པའི ་མེ་བསྒྲུབ་པར་བྱ་བ་ཡིན་ལ། བསྒྲུབ་བྱ་གང་ཡིན་པ་དེས་ནི་ཁྱད་པར་བསྟན་པར་བྱ་བ་ཡིན་ནོ། །ཡུལ་དེ་དང་མི་ལྡན་པ་མ་ཡིན་པའི་མེས་ཁྱབ་པ་གྲུབ་པ་ནི་མེད་དོ་ཞེས་དེ་ལས་ཅིར་འགྱུར། གལ་ཏེ་འགའ་ཞིག་ཡུལ་དང་འབྲེལ་བའི་མེས་ཁྱབ་པར་བྱེད་ན་དེ་ལ་རྗེས་སུ ་འགྲོ་བ་མེད་པའི་སྐྱོན་འདིར་འགྱུར་ན་ཕྱོགས་དང་འབྲེལ་བའི་མེའི་སྤྱི་དེ་ལྟ་བུས་ནི་འགའ་ལ་ཡང་ཁྱབ་པ་བྱེད་པ་མེད་དོ། །ངེས་ན་སུ་ལ་སྐྱོན་འདིར་འགྱུར། ཅི་ལྟར་མི་བྱེད། སྒྲུབ་པར་འདོད་པའི་དོན་ལྟ་བུ་ཡིན་ནོ་ཞེ་ན། བཤད་པ། གང་གི་ཕྱིར་རྒོལ་བ་གཞན་ལ་སྒྲུབ་པ ་བྱེད་པས་ནི་གང་དུ་བ་ཡོད་པ་དོན་མེ་ཡོད་དོ་ཞེས་དུ་བ་མེ་མེད་ན་མི་འབྱུང་བར་གཞི་ངེས་པ་མེད་པའི་མེས་ཁྱབ་པར་བསྟན་པར་བྱ་བ་ཡིན་ལ་དེ་ལྟར་གཞི་ངེས་པ་མེད་པའི་མི་ཙམ་གྱིས་ཁྱབ་པ་གྲུབ་པ་ཡིན་ན། དེ་ཆོས་ཅན་གང་དུ་སྣང་བ་དེར་མེ་དེའི་བློ་སྐྱེད་པར་བྱེད་དོ ་སྒྲོན་མ་བཞིན་དུ་རུང་བ་ཉིད་ཀྱིས་ནི་དུ་བ་གོ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་མེད་ན་མི་འབྱུང་བར་ངེས་པས་མ་ཡིན་ནོ། །དེའི་ཕྱིར་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ནི་མཐོང་བ་མེད་ན་མི་འབྱུང་བར་ངེས་པ་ལས་ཡིན་གྱི་ངོ་བོ་ལས་ནི་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་རྟོགས་ ་པ་ཐམས་ཅད་ལ་དྲི་མེད་ན་མི་འབྱུང་བར་ངེས་པ་ཡན་ལག་ཡིན་ལ། ཕྱོགས་དང་འབྲེལ་བ་ཅན་ནི་ངེས་པ་མ་ཡིན་ནོ། །ཞེས་བཤད་པ་ནི། དེ་ལྟ་བསྒྲུབ་པར་བྱ་བ་བསྟན་པ་ནི་ཅི་ཡང་མི་དགོས་ཏེ། ཕྱོགས་དེ་ལ་མཐོང་བ་དང་འབྲེལ་བ་བསྟན་པ་ཙམ་གྱིས ་འདོད་པ་གྲུབ་པའི་ཕྱིར་རོ། །གལ་ཏེ་བསྒྲུབ་བྱ་བསྟན་པར་བྱ་བ་མ་ཡིན་དུ་ཆུག་ཀྱང། རྗེས་སུ་འགྲོ་བ་ནི་དེས་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། དེ་མ་བསྟན་ན་ཡང་ཞེས་སྨོས་སོ། །གང་གི་ཚེ་མ་བསྟན་ཀྱང་ཡུལ་དེའི་ཁྱད་པར་ཅན་ཤུགས་ཉིད་གྱིས་རྟོག་པ་དེའི་ཚེ་ཤུགས ་ཀྱིས་གོ་བ་ངེས་རྗེས་སུ་འགྲོ་བ་བྱེད་པ་ཡང་དོན་མེད་པ་ཉིད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་དེ་ལྟ་བུའི་རྗེས་སུ་འགྲོ་བ་བསྟན་པ་མེད་པར་དེ་ལྟ་བུའི་དོན་མི་འགྲུབ་ན་དེ་དང་རྗེས་སུ་འགྲོ་བ་བསྟན་པར་བྱ་བར་འགྱུར། །འདིར་ནི་དེ་ལྟ་བུའི་རྗེས་སུ་འགྲོ་བ་མེད ་ཀྱང་གྲུབ་པ་ཡོད་པ་ཡིན་ནོ། །ཡོད་པ་གྲུབ་པ་ལ་དེ་ལྟ་བུའི་ཁྱད་པར་མ་གྲུབ་པའི་ཕྱིར་ཤུགས་ཀྱིས་དེ་དང་མ་འབྲེལ་བ་རྣམ་པར་བཅད་པས་ཁྱབ་པ་གྲུབ་པ་མེད་ལ། ཕྱོགས་ཀྱི་ཆོས་ཉེ་བར་སྡུད་པའི་དུས་སུ་གྲུབ་པ་ཡང་མེད་དོ། །གལ་ཏེ་མི་ཙམ་གྱིས་ཁྱབ་པ ་ཡིན་ནི་ཅི་ལྟར་མ་འབྲེལ་བ་རྣམ་པར་བཅད་པ་བསྒྲུབ་བྱ་ཡིན་ཞེ་ན། བཤད་པ། གང་གི་ཕྱིར་རིམ་པ་དེ་ལྟ་ཡིན་དེའི་ཕྱིར་དུ་བ་འདི་མ་མེད་ན་མི་འབྱུང་བར་འགྲུབ་པའི་ཤུགས་ཉིད་ཀྱི་ཕྱོགས་དེ་དང་མི་ལྡན་པ་རྣམ་པར་བཅོད་པ་ཡིན་ནོ། །དེའི་ཕྱིར་སྤྱི་བསྒྲུབ་བྱར་བརྗོད ་དོ། །གལ་ཏེ་མ་མེད་ན་དུ་བ་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཤུགས་ཡིན་ནོ། །དེ་ལྟར་གྲུབ་པ་དེ་ནི་སྐྱེས་བུ་འཇུག་པའི་ཡན་ལག་ཡིན་གྱི་ཡུལ་མ་ངེས་པའི་མེ་ཙམ་ནི་མ་ཡིན་པས་དེས་ན་བསྒྲུབ་པར་རིགས་སོ། །རྗེས་སུ་འགྲོ་བ་ནི་འབའ་ཞིག་གིས་བསྟན་པར ་བྱ་བ་ཡིན་གྱི་སྤྱིས་ནི་མ་ཡིན་ཏེ། དེ་མ་བསྡུས་པའི་ཕྱིར་དང། དེས་ཁྱབ་པ་བསྟན་པ་ལ་དགོས་པ་མེད་པའི་ཕྱིར་རོ། །ཞེས་གང་བཤད་པ་ནི་མི་འདིའི་དུ་བ་ལ་ཁྱབ་པ་ནི་དེ་ལྟར་ཏེ། ཡུལ་གྱི་ཁྱད་པར་ཅན་དེ་ལྟར་དེ་ཉེ་བར་བཀོད་བ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ།། ་ཅིའི་ཕྱིར་ཞེ་ན། བསྒྲུབ་བྱ་བརྗོད་པ་ཁྱབ་པ་བསྟན་པར་བྱ་བ་འདི་ལ་ཡན་ལག་མ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་བསྒྲུབ་བྱ་བསྟན་པ་དེ་སྔོན་དུ་འགྲོ་བ་ཅན་ཡིན་ན་ཡང་དམ་བཅའ་ཨི་བའི་དག་སྒྲུབ་པར་བྱེད་པའི་དག་ལས་སུས་ཀྱང་བཟློག་ཏུ་མེད་པར་འགྱུར་རོ། །དེས ་ན་རྗེས་སུ་འགྲོ་བ་མེད་པ་པའི་སྐྱོན་མེད་དེ། དོན་འདི་སློབ་དཔོན་གྱིས་ཀྱང་བཤད་དོ། །ཞེས་སྟོན་པ་ནི་དེ་སྐད་དུ་ཡང་ཞེས་བྱ་བ་ཡིན་ནོ། །དུ་བ་ལ་སོགས་པའི་རྟགས་ནི་བསྒྲུབ་པའི་ཆོས་དང་མི་འཁྲུལ་བར་སྤྱིའི་ཆོས་ཅན་གཞན་དུ་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར ་ཤེས་པ་འཁྲུལ་པ་མེད་པའི་རྟགས་འཁྲུལ་བ་མེད་པ་ཉིད་དུ་ངེས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་རབ་ཏུ་གྲུབ་པར་གྱུར་ན། ཁྱབ་པར་བྱེད་པའི་ཆོས་དེ་དང་ལྡན་པར་ཆོས་ཅན་རྟོགས་པར་འགྱུར་བ་ཡིན། དེའི་དོན་ནི་འདི་ཡིན་ཏེ། ཆོས་ཅན་སྤྱི་ལ་སྤྱི་ཙམ་གིས་ཁྱབ་པ ་གྲུབ་ན་ཁྱད་པར་ཅན་གྱིས་གཏན་ཚིགས་མཐོང་པའི་ཤུགས་ལས་ཁྱད་པར་གྲུབ་པར་འགྱུར་གྱི། ཁྱད་པར་གྱིས་ཁྱབ་བ་བསྟན་པར་བྱ་བ་ནི་མ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་ཅན་འབའ་ཞིག་ལ་ཡོད་པ་ཡང་གཏན་ཚིགས་མ་ཡིན་ཏེ། མཉན་བྱ་ཉིད་ལ་སོགས ་པ་ལ་ཁྱབ་པ་བསྟན་པར་མི་ནུས་པའི་ཕྱིར་དང། ཁྱབ་པ་བསྟན་ན་ཡང་ཁྱབ་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་བསྒྲུབ་བྱ་གྲུབ་པའི་ཕྱིར། གཏན་ཚིགས་དོན་མེད་པར་ཐལ་བའི་ཕྱིར་རོ། །དེ་ཅི་ལྟར་མེ་སྒྲུབ་པ་ལ་ཁྱད་པར་ཡོངས་སུ་གཟུང་བའི་ཕྱིར་ཁ་ན་མ་ཐོབ་མེད ་པ་བཞན་དུ་ཡོད་པ་བསྒྲུབ་པར་བྱ་བ་ལ་ནི་དེ་ལྟར་ཁ་ན་མ་ཐོབ་མེད་པ་མ་ཡིན་ཏེ། ཁྱད་པར་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྒྲུབ་པ་ལ་བསྒྲུབ་པར་ཐལ་བའི་ཕྱིར་དང། རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཡོད་པ་ནི་བསྒྲུབ་བྱ་མ་ཡིན་ནོ། །ཡོད་པ་ཙམ་སྒྲུབ་བར ་བྱེད་པ་ཡིན་པ་ལ་ནི་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། དངོས་པོ་དེའི་ཁྱད་པར་བཟུང་བ་མེད་པར་ཏེ། མ་བཟུང་བར་དངོས་པོ་ཙམ་གང་ཡིན་པས་སྒྲུབ་པར་བྱེད་པ་ཡིན་པ་དེ་ལ། རྗེས་སུ་འགྲོ་བ་ཉམས་པ་མེད་དོ། །གང་གི་ཞེ་ན། ་དེ་ཙམ་ཞེས་བྱ་བ་ཡོད་པ་ཁྱབ་པ་གང་ཡིན་པའི་བསྒྲུབ་བྱ་དེའི་ཡིན་གྱི། གཞི་བྱེ་བྲག་གི་ཁྱད་པར་ཅན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་རྣམ་པར་འཕེལ་པ་བཤད་པ་ནི། བུམ་པ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་ཡོངས་སུ ་མ་བཟུང་བའི་རྒྱུས་ན་དངོས་པོ་ཙམ་ཁྱབ་པ་དངོས་པོའི་ཆོས་བསྒྲུབ་པར་བྱ་བའི་ཡུལ་ལ་ཡོད་པའི་སྒྲུབ་པར་བྱེད་པ་ཉིད་ལ་ནི་བསྒྲུབ་བྱ་དེས་སྒྲུབ་པར་བྱེད་པ་ལ་རྗེས་སུ་འགྲོ་བ་ཉམས་པ་མེད་དོ། །དངོས་པོའི་ཁྱད་པར་ལ་བརྟེན་པའི་བསྒྲུབ་བྱས་དངོས་པོ་ཙམ ་གྱིས་སྒྲུབ་པར་བྱེད་པ་ཁྱབ་པ་མ་ཡིན་པ་དེས་ན་དངོས་པོ་ཙམ་ཕྱག་པ་ཞེས་བྱ་བས་ཁྱད་པར་དུ་བྱས་སོ། །ཅིའི་ཕྱིར་རྗེས་སུ་འགྲོ་བ་ཉམས་པ་མེད་ཅེ་ན། གང་གི་ཕྱིར་དེ་ལ་གདོན་མི་?་ཁྱད་ཁྱུད་པར་ཡོངས་སུ་གཟུང་བར་བྱ་བ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ ་ནི་ཁྱད་པར་ལས་ཡིན་ནོ། །ཅི་ལྟར་ན་ཡོད་པ་བསྒྲུབ་བྱ་ཡིན་ན་གདོན་མི་ཟ་བར་ཁྱད་པར་ཡོངས་སུ་འཛིན་ལ། སྒྲུབ་པར་བྱེད་པ་ནི་གདོན་མི་ཟ་བར་མི་འཛིན་ཅེ་ན། བཤད་པ། ཡོད་པ་ཙམ་ཡོངས་སུ་ཟུང་ན་ཡང་སྒྲུབ་པར་བྱེད་པའི་བསྒྲུབ་པར་བྱ་བ་འགྲུབ་པ་ལ ་ནུས་པ་ཡོད་པའི་ཕྱིར་རོ། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྤྱིའི་རང་བཞིན་གྱིས་སྒྲུབ་པར་མི་ནུས་པ་ཡིན་ན་ནི་ཁྱད་པར་ཡོངས་སུ་འཛིན་པར་འགྱུར་བ་ཡིན་ན། ཡོད་པ་ཙམ་གྱིས་ནུས་པ་དེའི་ཕྱིར་གདོན་མི་ཟ་བར་ཁྱད་པར་ཡོངས་སུ་གཟུང་བ་མ་ཡིན་ནོ། །ཡོད ་པ་ཙམ་བསྒྲུབ་པར་བྱ་བ་ནི་བྱེད་མི་ནུས་ཏེ། དེ་བསྒྲུབ་པར་བྱ་བ་ཡིན་ན་རྩོད་པ་མེད་པས་སྒྲུབ་པར་བྱེད་པ་དོན་མེད་པའི་ཕྱིར་དང། དེ་བསྒྲུབ་པར་མི་འདོད་པའི་ཕྱིར་རོ། །དེའི་ཕྱིར་ཡོད་པ་ཙམ་སྒྲུབ་པར་བྱེད་པ་ལ་ནི་ཁ་ན་མཐོ་བ་མེད་དོ། །དེ་ལྟར་ཡོད་པ་ཙམ་བསྒྲུབ ་པར་བྱ་བ་ཡིན་པ་སྤངས་ནས། ཡོད་པ་བསྒྲུབ་པ་ལ་སྐྱོན་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་ཞེས་སྨོས་སོ། །དངོས་པོ་དེ་མ་གྲུབ་ན་ནི་ཡོད་ཆོས་ཏེ། དངོས་པོ་ཆོས་གང་ཡིན་པ་དེ་མ་གྲུབ་པར་འགྱུར་རོ། །དངོས་པོ་དང་དངོས་པོ་མེད་པ་གཉི་ག་ལ་བརྟེན་པ ་གང་ཡིན་པ་དེ་ནི་མེད་པ་ལ་འཇུག་པས་འཁྲུལ་པ་སྟེ་མ་ངོས་པ་ཡིན་ནོ། །མེད་པའི་ཆོས་གཏན་ཚིགས་ཡིན་ན་ནི་ཡོད་པ་དང་འགལ་བ་ལ་མི་འཁྲུལ་པས་འགལ་བ་འཛིན?་པའི་ཕྱིར་ཡོད་པ་གང་ཡིན་པ་བསྒྲུབ་པ་ལ་གཏན་ཚིགས་སུ་ཉལ་བར་བཀོད་པ་དེ་ཐམས་ཅད ་སྐྱོན་གསུམ་ལས་མི་འདའ་བས་ན། ཡོད་པ་དེ་ཅི་ལྟར་སྐྱེས་བུས་བསྒྲུབ་པར་བྱ་བ་ཡིན། དེའི་གཏན་ཚིགས་ནི་ཡོད་པའི་གཏན་ཚིགས་སོ། །གསུམ་ཞེས་བྱ་བ་ནི་སྐྱོན་ཀྱང་རྣམ་པ་ཆ་གསུམ་མོ། །ཆོས་གསུམ་པོ་དེ་མགལ་ཏེ་དངོས་ཆོས་?་ཉན་ཚིགས་ཡིན ་ནི་ཡོད་པ་མ་གྲུབ་པ་ལ་ཇི་ལྟར་འགྲུབ། འདི་སྙམ་དུ་དངོས་པའི་ཆོས་དེ་ལ་འགྲུབ་ཀྱི་ཡོད་པ་ནི་མ་ཡིན་ནོ་སྙམ་ན། བཤད་པ། གང་ཞིག་དངོས་པོའི་ཆོས་གཏན་ཚིགས་སུ་གྲུབ་པར་འདོད་པ་དེ་ཅི་ལྟར་དངོས་པོ་གྲུབ་པར་མི་འདོད། ཅི་ལྟར་ན་དངོས་པོའི་ཆོས་གྲུབ་ན་དངོས་པོ ་གྲུབ་ཅེ་ན། གང་གི་ཕྱིར་རང་གི་ངོ་བོ་ཉིད་ཆོས་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་ཉིད་ཡིན་ན་ཇི་ལྟར་ཆོས་ཅན་ལས་ཐ་དད་པ་ཅན་དུ་གྲུབ་པས་བསྟན་པ་ཡིན་ཞེ་ན། འགའ་ཞིག་ས?་བལྟོས་ནས་ཞེས་སྨོས་སོ། །གང་གི་ཚེ་རང་གི་ངོ་བོ་དེ་ཉིད་ཆོས་གཞན་དེའི་བདག ་ཉིད་ཀྱིས་འབྲེལ་བར་མི་རུང་བས་བརྗོད་པར་འདོད་པ་དེའི་ཚེ་ཐ་དད་པ་ཅན་གྱི་དྲུག་པས་ཐ་སྙད་དུ་བྱེད་དོ། །འདིའི་བྱས་པ་ཉིད་གལ་ཏེ་བུམ་པ་དེ་ལས་བཀོལ་བའི་རང་བཞིན་དུ་བརྗོད་པ་དེ་ལྟ་ནི། དེ་ཆོས་གཞན་དང་འབྲེལ་བར་མི་རུང་བར་བསྟན་པར་འགྱུར་བ་ཡིན་ནོ།། ་གང་གི་ཆེ་འདི་བུམ་པའོ་ཞེས་བརྗོད་པ་དེའི་ཚེ་ནི་ཆོས་གཞན་གྱི་བདག་ཉིད་ཡིན་པར་རུང་བར་བསྟན་པར་འགྱུར་ཏེ། བྱས་པ་གང?་ཡིན་པ་ད་ནི་མི་རྟག་པ་ཡང་ཡིན་ལ། རྣ་བས་བཟུང་བ་ཡང་ཡིན་ནོ། །དེའི་ཕྱིར་མ་བྱས་པ་ལས་ལྡོག་པའི་བརྗོད་པར་བྱ་བ་གནས ་ཉིད་ལ། གང་གིས་ཆོས་གཞན་གྱི་བདག་ཉིད་འབྲེལ་བར་རུང་བས་ཆོས་གཞན་འཕངས་པར་བརྗོད་པ་དེའི་ཚེ་ངོ་བོ་དེ་ཉིད་ཆོས་ཅན་ཡིན་ཏེ། ཆོས་གཞན་གྱི་ཡང་རྟེན་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཆོས་གཞན་དང་བདག་ཉིད་གཅིག་པས་འབྲེལ་བར་མི་རུང་བ་ཆོས ་གཞན་སྤངས་པར་བརྗོད་པ་དེའི་ཚེ་ཆོས་གཞན་གྱི་བརྟེན་མ་ཡིན་པ་དེའི་ཕྱིར་ཆོས་ཅན་ནི་མ་ཡིན་གྱི། འོན་ཀྱང་ཆོས་ཡིན་ཏེ། གཞན་གྱི་དབང་དུ་བརྗོད་པའི་ཕྱིར་རོ། །ཞེས་སྟོན་པར་བྱེད་པ་ནི། ཆོས་དང་ཆོས་ཅན་རྗོད་པའི་སྒྲ་དག་ལ་ཞེས་བྱ་བ་ཡིན ་ནོ། །ཆོས་དང་ཆོས་ཅན་བརྗོད་པའི་བྱ་བ་ལ་ནི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། མ་བྱས་པ་ལས་ལྡོག་པ་གཅིག་ཉིད་ཡིན་པར་བརྗོད་པའི་ཕྱིར་རོ། །འདི་ནི་ཚད་མ་རྣམ་འགྲེལ་དུ་བསལ་ཟིན་ཏོ། །དེའི་ཕྱིར་དངོས་པོ་མ་གྲུབ་པའི་ཕྱིར་དངོས་པོའི་ཆོས་མ་གྲུབ ་པོ། །ཅི་སྟེ་དངོས་པོ་དང། དངོས་པོ་མེད་པའི་གཉི་གའི་ཆོས་གཏན་ཚིགས་སུ་བརྗོད་དོ་ཞེ་ན་ཡང། །ཅི་ལྟར་ཆོས་གཅིག་དངོས་པོ་དང་དངོས་པོ་མེད་པའི་ཡིན་པར་འགྱུར། ཆོས་ནི་རང་གི་ངོ་བོ་ཡིན་ལ། དངོས་པོའི་རང་གི་ངོ་བོ་གང་ཡིན་པ་དེ་ནི་དངོས་པོ་མེད ་པའི་མ་ཡིན་ནོ་ཞེས་དོགས་ན། དངོས་པོ་མེད་པའི་རང་བཞིན་བདག་ཉིད་མེད་པ་ནི་གཉི་གའི་ཆོས་སུ་བསྟན་པའི་ཕྱིར་བཤད་པ། གང་གི་དངོས་པོའི་རང་བཞིན་དུ་མི་བརྟེན་པ་དེའོ། །གང་གིས་དངོས་པོ་ལ་མི་བརྟེན་ཅེ་ན། མ་ཡིན་པ་མ་ཡིན་ན་ནི་དོན་གཞན་བརྗོད ་པར་འགྱུར་རོ། །མེད་པར་དགག་པས་ནི་ལྡོག་པ་འགའ་ཞིག་བརྗོད་པ་ཡིན་ལ། ལྡོག་པ་ཙམ་ནི་མེད་པ་ལ་ཡང་མི་དགལ་བའི་རྒྱུའི་ཕྱིར་ལྡོག་པ་ཙམ་གཉི་གའི་ཆོས་ཡིན་ནོ། །དཔེར་ན་ལུས་ཅན་མ་ཡིན་ཞེས་བྱ་བའི་ལུས་མེད་པ་ཉིད་ལྡོག་པ་ཙམ་ནི ་དངོས་པོ་རྣམ་པར་ཤེས་པ་དང། དངོས་པོ་མེད་པ་ཉེ་བར་བརྗོད་པ་མེད་པ་ལ་ཡང་འགྱུར་བ་བཞིན་ནོ། །གཞན་དག་དགག་པ་སྨྲ་བ་ནི་ཉེ་བར་བརྗོད་པ་མེད་པ་ནི་དངོས་པོ་མེད་པའི་ཕྱིར་དགག་པའི་ཡུལ་ཉིད་མ་ཡིན་ནོ། །གང་ཞིག་གནས་གཞི ་ལ་སོགས་པའི་ནུས་པ་ཡོད་པ་དེ་འགའ་ཞིག་གི་ཡུལ་ཡིན་ན། ཉེ་བར་བརྗོད་པ་མེད་པ་ནི་དངོས་པོ་མེད་པས་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཅི་ལྟར་ཡུལ་ཡིན། གང་ཞིག་ཚད་མ་འགའ་ཨི་ཡུལ་དུ་གྱུར་པ་དེ་ནི་དངོས་པོ་དང་དངོས་པོ་མེད་པ ་འགའ་ཨི་ཡུལ་དུ་གྱུར་པ་ཡིན་ན། དངོས་པོ་མེད་པ་ནི་ཚད་མའི་ཡུལ་ཡང་མ་ཡིན་ཏེ། ནུས་པ་དང་བྲལ་པའི་ཕྱིར་རོ་ཞེ་ན། དགག་པའི་ཡུལ་ཉིད་འགོག་ན། ཅིར་ནི་ཉེ་བར་བརྗོད་པ་མེད་པ་སྒྲུབ་པའི་ཡུལ་ཡིན་ནམ། དངོས་པོ་མེད་པ་བསྒྲུབ་པའི་ཡུལ་ཡིན་ནོ་ཞེས་བྱ་བ་གང ་ཡིན་པ་འདི་ནི་དགག་པའི་ཡུལ་ཉིད་དེ་བས་ཀྱང་སྡིག་པ་ཡིན་པའི་ཕྱིར་དེ་ལས་སྤོང་བར་བྱེད་པ་ནི། དངོས་པོ་མེད་ན་ནི་སྒྲུབ་པའི་ཡུལ་ཡང་མ་ཡིན་ནོ་ཞེ་ན། ད་ནི་ཅི་ལྟར་དགག་པའི་ཡུལ་དུ་འདོད་པར་མི་འགྱུར་ཏེ། སྒྲུབ་པའི་ཡུལ་ཉིད་བཀག་པ་ཁོ་ནས་དགག་པའི ་ཡུལ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། བཤད་པ། དགག་པ་ནི་སྒྲུབ་པ་ལོག་པའི་རང་བཞིན་པའི་ཕྱིར་རོ། །ལ་ལར་འགའ་ཞིག་སྒྲུབ་པ་བཀག་པ་གང་ཡིན་པ་དེ་ཉིད་དེ་དགག་པ་སྒྲུབ་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་བརྗོད་པ་མེད་པ་ལ་ལུས་ཅན་གྱི་སྒྲུབ་པ་དགག ་ན་དགག་པ་བརྗོད་པར་འགྱུར་བའི་ཕྱིར་ཇི་ལྟར་དགག་པའི་ཡུལ་མ་ཡིན། དངོས་པོ་མེད་པ་ཡང་ཚད་མའི་ཡུལ་ཅི་ལྟར་ཡིན་པ་དེ་ལྟར་ཡང་དེ་མ་ཐག་ཉིད་དང། ཕྱིས་ཀྱང་བསྟན་པར་བྱའོ། །དོན་དེ་ལ་གཞན་མེད་པ་ངེས་པར་ནུས་པ་ཉིད་དོ། །འདི་སྙམ་དུ་རྣམ་པ ་འདི་ལྟ་བུའི་རིགས་ཅན་གྱི་ཆོས་ནི་བརྗོད་པར་ནུས་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ལ་སོགས་པའི་སྒྲ་བཟང་པོ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་དག་ནི་ཡོངས་སུ་འཆད་པ་ཡང་གླུ་མི་ལེན་པ། ཤིང་ཟན་མི་ཟ་བ། ཚྭ་མི་ཟ་བ་གདོད་ཉི་མ་མི་མཐོང ་མ་ནིང་མ་ཡིན་པ་ཨང་དོ། །ཞེས་བྱ་བའི་སྒྲ་འདི་དག་ཁོ་ན་ལ་དགག་པ་གནས་པར་མཐོང་ངོ། །ངེས་ན་རྗེས་སུ་མ་གྲངས་པའི་དོན་དག་ལ་ལུས་ཅན་མ་ཡིན་པ་ལ་སོགས་པའི་རང་བཞིན་གྱི་སྒྲའི་མི་འཇུག་གོ་ཞེས་དོགས་པ་སྤངས་པའི་ཕྱིར། ཀྱེ་མ་ཞེས་སྨོས ་སོ། །ཉོན་མོངས་ཞེས་བྱ་བ་ནི་རྗེས་སུ་བརྩེ་བའོ། །ཅི་ལྟར་དཀའ་ཨོ་བས་འཚོ་ཞེ་ན། བཤད་པ། བརྔ་ལས་བྱུང་བའི་སྒྲ་དོན་ངེས་པའི་འདོད་པ་དེའི་ཕྱིར་རོ། །བརྡ་ལས་བྱུང་བ་ནི་དོན་ངེས་པར་ནུས་པ་མ་ཡིན་ཏེ། འདོད་པ་ཙམ་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །ཅི་ལྟར ་མ་ངེས་ཏེ། འཇིག་རྟེན་ནི་ལན་ཅིག་ངེས་པར་བྱས་པའི་དོན་གྱི་རྗེས་སུ་འཇུག་པ་ཡིན་ནོ་ཞེ་ན། བཤད་པ། ངེས་པར་བྱེད་པ། དེའི་བྱ་བའི་ཁྱད་པར་བྲང་བརྡུངས་ཤིང་ཆོ་དེས་བཏབ་ཀྱང། བྲངས?་བརྡུངས་ཤིང་ཆོ་ངེས་འདེབས་པ་ཁྱད་དུ་བསད་ནས ་འཇིག་རྟེན་ཐ་སྙད་ཀྱི་དོན་དུ་སྒྲའི་ཐ་སྙད་ལ་འཇུག་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འགོག་པར་བྱེད་ཀྱང་འཇིག་རྟེན་འགའ་ཞིག་ལ་འཇུག་ཅེ་ན། བརྔའ་ཅི་ལྟ་བ་བཞིན་དུ་ཞེས་སྨོས་སོ། །བརྡའ་ལས་མ་འདས་པར་འཇིག་རྟེན་གྱི་སྒྲ་ལ་དོན་རྟོགས་པའི་ཕྱིར་རོ། །འཇིག་རྟེན ་ནི་འདྲས་བུ་དོན་དུ་གཉེར་བས་འཇུག་པ་ཡིན་ལ། སྒྲ་སྦྱར་བའི་དགོས་པ་ཡང་དོན་རྟོགས་པ་ཡིན་ཞིང་དེ་ཡང་དེ་ཡོད་པའི་ཕྱིར་འཇིག་རྟེན་མི་ལྡོག་གོ། ཆོས་ཤེས་བྱ་བ་འབྲས་བུ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། བཤད་པ། འབྲས་བུ་ནི་དོན་རྟོགས་པ་དེ་ཙམ་དུ ་ཟད་པའི་ཕྱིར་རོ། །སྦྱིན་པ་དང་ཚངས་པར་སྦྱད་བ་ལ་སོགས་པ་དག་ལ་ནི་འཇིག་རྟེན་ཆོས་ཀྱི་དོན་དུ་འཇུག་གི་སྒྲ་སྦྱོར་བ་ལ་ནི་མ་ཡིན་ནོ། །ལུས་ཅན་མ་ཡིན་པ་ལ་སོགས་པ་དག་ལས་ནི་དོན་རྟོགས་པ་མེད་དེ། དེ་དག་གི་སྒྲ་བཞིན་པོ་རྗེས་སུ་དཔག་པའི་རྒྱུ་མི་བཟད་པ་ཡིན ་པའི་ཕྱིར་རོ་ཞེ་ན། བཤད་པ། ཉི་མ་མི་མཐོང་བ་ལ་རྨོངས་པ་འདོད་པ་དང། ལུས་ཅན་མ་ཡིན་པ་ལ་སོགས་པ་མི་འདོད་པའི་སྒྲ་རྣམས་ཁྱད་པར་མེད་པའི་ཕྱིར། འདོད་པ་དང་མི་འདོད་པའི་ཚོགས་གཉི་གར་ཡང་དོན་མི་རྟོགས་པར་ཐལ་བར་འགྱུར་རོ། །འདི ་ལྟར་བརྡ་ཇི་ལྟ་བ་བཞིན་དོན་སོ་སོར་ངེས་པ་ཡིན་ཡང་གལ་ཏེ་གཅིག་ལས་དོན་མི་རྟགས་ན་གཞན་ལས་དངོས་སུ་རྟོགས་པར་མི་འགྱུར་རོ། །ཅི་ལྟར་འདོད་པ་དང་ཁྱད་པར་མེད་ཅེ་ན། བཤད་པ། ཉི་མ་མི་མཐོང་བ་ལ་སོགས་པ་འདོད་པའི་སྒྲ་དེ་ལས་བྱུང་བའི ་རྟོགས་པ་ཤེས་པ་ཡང་ཐ་སྙད་ཡང་དག་པར་གྲུབ་པ་ལ་བརྟེན་པའི་ཕྱིར་ལ། ཐ་སྙད་གྲུབ་པ་ལ་བརྟེན་པ་དེ་ནི་ལུས་ཅན་མ་ཡིན་པ་ལ་སོགས་པའི་སྒྲ་གཞན་དུ་ཡང་མཚུངས་པའི་ཕྱིར་རོ། །གཉི་ག་ཡང་བརྔ་ལས་དོན་རྟོགས་པར་བྱེད་པ་ཡིན་ནོ། །ཅི་ལྟར་བརྡ ་སྤྲོད?་པ་རྣམས་ཀྱི་ལུས་ཅན་མ་ཡིད་པ་ལ་སོགས་པ་ལ་རྟོག་པའི་ཕྱིར་རྗོད་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་བཟང་པོར་འདོད་པ་གཞན་དག་ཀྱང་དངོས་སུ་རྗོད་པར་བྱེད་པར་མི་འགྱུར་བའི་དེའི་ཕྱིར། རྟོག་པའི་སྟོབས་ཀྱིས་གཉི་ག་དངོས་སུ་སྒྲུབ་པར་བྱེད་པ་ཡིན་པ་ཉིད་ལ། རྟོག་པ་མེད་ན་རྗེས་སུ་དོང? ་པར་བྱེད་པ་ཉིད་དུ་མཚུངས་པ་དེས་ན་ཁྱད་པར་མེད་དོ། །ངེས་ན་བརྡ་ཅི་ལྟ་བ་བཞིན་དོན་རྟོགས་པའི་ཕྱིར་ལུས་ཅན་མ་ཡིན་པ་ལ་སོགས་པ་ཡང་བརྗོད་པར་བྱེད་པ་ཡིན་པས་འཇིག་རྟེན་མི་ལྡོག་པ་ཡིན་ནོ། །ལུས་ཅན་མ་ཡིན་པའི་སྒྲ་བསྡུད་མི་ནུས་པ་མ་ཡིན་ཡང། གཞན་གྱི་བསྡུ་བ་མི་ནུས ་པར་བརྟགས་པ་ངེས་ན་སློབ་དཔོན་གྱིས་ཞར་ལ་སྒྲ་རྣམས་ལ་བཟད་པོ་ཉིད་ངེས་པར་སུན་ཕྱུང་བ་ཡིན་ནོ། །ངེས་ན་ལུས་ཅན་མ་ཡིན་པ་ལ་སོག་པའི་སྒྲས་བརྗོད་པར་བྱ་བ་རྣམ་པར་བཅད་པ་ཙམ་དེ་ནི་མཐུན་པའི་ཕྱོགས་གཉི་ག་ལ་ཡོད་པས་ཞེས་བྱ་བ་ཡོད ་པའི་རྒྱུས་གོ་བར་བྱེད་པར་ཅི་ལྟར་འགྱུར། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་སྲིད་པ་དེའི་དོགས་པ་རྣམ་པར་ཆད་པ་སྟེ་ལོག་པའོ། །གོ་བར་བྱེད་པ་ཞེས་བྱ་བ་མི་མཐུན་པའི་ཕྱོགས་ལ་འཇུག་པའི་དོགས་པ་ཡང་འཆད་པས་ཐོབ་པར་བྱས་པ་གང་མ་ཡིན་པ་དེ་ཉིད་ལ ་འཇུག་པར་ངེས་པའི་རྣམ་པར་བཅད་པ་ཙམ་གྱིས་ཅི་ལྟར་ཐོབ་པར་འགྱུར། རྣམ་པར་བཅད་པ་ཅེ་མ་འབའ་ཞིག་ཐུན་མོང་ཡིན་པར་མ་ཟད་ཀྱི། འོན་ཀྱང་ཤེས་བྱ་ཉིད་ལ་སོགས་པའི་བརྗོད་བྱ་ཉིད་དང་གཞལ་བྱ་ཉིད་ལ་སོགས་པའི་ཆོས་རྣམ་པར་གཅོད་པའི་རང་བཞིན་མ་ཡིན་པ ་བསྒྲུབ་པའི་ངོ་བོ་ཉིད་ཀྱང་ཐུན་མོང་བ་ཡིན་ནོ། །ཅི་ལྟར་དངོས་པོ་མེད་པ་ཤེས་བྱ་ཉིད་ཡིན་ཞེ་ན། དངོས་པོ་མེད་པ་དག་ལ་ཡང་ཞེས་སྨོས་སོ། །དངོས་པོ་འཛིན་པས་དངོས་པོ་མེད་པ་མི་འཛིན་དུ་ཆུག་ཀྱང། རྣམ་པར་རྟོག་པ་ཅན་གྱི་བློས་རྣམ་པར་འཇོག་པ་ཡིན་ནོ། །ཅི་ལྟར་ཞེས་བྱ་བ་ནི ་སྒྲའི་ཐ་སྙད་དུ་རུང་བ་བཏགས་པའི་བདག་ཉིད་ཀྱིས་སོ། །དངོས་པོ་རྣམ་པར་འཇོག་པ་ལྷུར་ལེན་པའི་ཚད་མས་ནི་དངོས་པོ་མེད་པ་རྣམ་པར་བཞག་པར་བྱ་སྟེ། དེ་ལྟ་མ་ཡིན་ན་ངེས་འཇུག་པའི་ཡན་ལག་ཉིད་རྣམ་པར་མ་གཞག་པར་འགྱུར་རོ། །དོན་གཞན་རྣམ་པར་བཅད་པ ་ན?་བྱས་པ་ནི་མངོན་པར་འདོད་པའི་དོན་ངེས་པ་མེད་པ་ཉིད་དུ་ཉེ་བར་གཞག་པ་མ་ཡིན་ནོ། །དེས་ན་ཆུ་མ་ཡིན་པ་རྣམ་པར་གཅོད་པར་བྱེད་པའི་ཚད་མས་ཚུ་འཇུག་པའི་ཡན་ལག་ཉིད་དུ་རྣམ་པར་འཇོག་པ་ཡིན་ནོ། །དེ་སྐད་དུ་དེ་ཡོངས་སུ་བཅོད་པར་བྱེད་ཅིང་དེ་ལས ་གཞན་རྣམ་པར་གཅོད་པར་བྱེད་ལ། རྣམ་པ་གཞན་མེད་པར་ཡང་སྟོན་པར་བྱེད་དོ་ཞེས་བཤད་དོ། །དེས་ན་འདི་ནི་ཚད་མ་གཅིག་གི་བྱེད་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་སྒྲུབ་པའི་ཚད་མས་དངོས་པོ་མེད་པ་ཡང་གཞལ་བྱར་བྱ་བ་ཡིན་ལ། དེས་ན་ཤེས་བྱ་དང་བརྗོད་བྱ་ཡང་ཡིན་ནོ། །ངེས ་ན་རྣམ་པ་དེ་ལྟ་བུའི་རང་བཞིན་གྱིས་ཆོས་དག་ཀྱང་འདིས?་བཤད་པ་ཡིན་ཏེ། འཁྲུལ་པར་བསྟན་པ་ཡིན་ནོ། །སྨྲ་བ་པོས་ཀྱང་འདི་ལྟ་བུའི་རང་བཞིན་ཅན་གྱི་ཆོས་གཏན་ཚིགས་སུ་བརྗོད་པར་མི་འོས་ལ། བརྗོད་ན་ཡང་རྟོགས་པ་དང་མི་ལྡན་པར་འགྱུར་རོ་ཞེས་སྟོན་པ་ནི། །སྨྲ་བ་པོ་དེ ་གཉི་གའི་ཆོས་འདི་བསྒྲུབ་པར་བྱ་བ་ཡོད་པ་ལས་གཞན་ལ་ཡང་འཇུག་པར་བརྗོད་པ་ཡིན་ལ། གོ་བར་བྱེད་པ་ནི་མི་འཁྲུལ་བའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་གོ་བར་བྱེད་པ་ཉིད་དུ་ཁས་བླངས་པས། དེ་ཉིད་འདི་མ་འཁྲུལ་པ་ཡང་བརྗོད་པ་ཡིན་པ་དེའི་ཕྱིར་ཅི་ལྟར་བསྟོན་པ ་ཡིན་ཏེ། འགལ་བ་བརྗོད་པའི་ཕྱིར་རོ། །འདི་སྙམ་དུ་གཉི་གའི་ཆོས་ཡིན་པ་ལ་འགའ་ཞིག་མི་འཁྲུལ་པར་འགྱུར་ཏེ། གང་གི་ཕྱིར་གཏན་ཚིགས་ཀྱི་འཁྲུལ་པ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པས་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་འཇུག་པས་འཁྲུལ་པ་གང་ཡིན་པ་དེ ་ལས་ཅིང་འགྱུར་ཞེ་ན། སྨྲས་པ་?་དེས་ན་ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་དང། དེས་ཁས་བླངས་པ་ལ་སོགས་པའི་ཆོས་དག་ནི་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་རྒྱུའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་གཉི་གའི་ཆོས་ཡིན་ཡང་མ་ངེས་པ་ཉིད་ཀྱི་སྐྱོན་མེད ་དོ། །འདི་ལྟར་གང་གི་ཚེ་རྟག་པ་ཉིད་སྒྲུབ་པ་དེའི་ཚེ་ནམ་མཁའ་ལ་སོགས་པ་རྟག་པ་མཐུན་པའི་ཕྱོགས་གང་ཡིན་པ་དེའི་ཚེ་ཕྱོགས་དང་མེ་མཐུན་པའི་ཕྱོགས་གང་ཡང་རུང་བ་ཉིད་མི་མཐུན་པའི་ཕྱོགས་ལ་མི་འཇུག་གོ། །མི་རྟག་པ་བསྒྲུབ་པ་ལ་ཡང་དེ་བཞིན་ནོ། །འདི ་སྙམ་དུ་གཉི་གང་?་ཕྱོཌ་སུ་གྱུར་པའི་སྒྲས་ཡིན་པ་དེ་ཉིད་རྟག་ཤམ་མི་རྟག་ཐེ་ཚོམ་པའི་ཕྱོགས་དད་མཐུན་པའི་ཕྱོགས་གང་རུང་དེ་ཉིད་དེ་ལ་འཇུག་པ་ནི་འཁྲུལ་བར་རྟོག་པ་ཡིན་ནོ་སྙམ་ན། སྨྲས་པ། ཕྱོགས་ཉིད་ནི་གཏན་ཚིགས་འཁྲུལ་པའི་ཡུལ་མ་ཡིན་ནོ། །ཐེ་ཚོམ་ཟ་བ་དེ ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ཉིད་དུ་ངོས་པོ་མེད་པ། མི་མཐུན་པའི་ཕྱོགས་སུ་དེས་པ་གང་ཡིན་པ་དེ་ལ་ནི་མི་འཇུག་པ་ཉིད་དོ། །དེས་ན་དེ་ནི་འཁྲུལ་པའི་ཡུལ་མ་ཡིན་ནོ། །གཅིག་ཤེས་ནི་འདིའི་མི་མཐུན་པའི་ཕྱོགས་སུ་འདོད་པ་ཅི་ལྟ་བུ་ཞིག་པ་ཡིན།། ་ཅི་དངོས་པོ་ལ་བསྒྲུབ་བྱ་མེད་པ་ཡིན་ནམ། འོན་ཏེ་སྐྱེས་བུས་བརྟགས་པ་ཡིན། གལ་ཏེ་དངོས་པོ་ཡིན་ན་སྐྱེས་བུའི་འདོད་པས་ཕྱོགས་སུ་བྱས་ཀྱང་དངོས་པོ་གནས་པས་བསྒྲུབ་བྱ་མེད་པ་དང་ལྡན་པས་ཕྱོགས་འཁྲུལ་པའི་ཡུལ་ཉིད་པས། ཕྱོགས་ཉིད་ནི་འཁྲུལ ་པའི་ཡུལ་མ་ཡིན་ནོ་ཞེས་ཅི་ལྟར་སྨྲ། འོན་ཏེ་སྐྱེས་བུའི་འདོད་པས་བརྟགས་པའི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གཞན་མི་མཐུན་པའི་ཕྱོགས་ཡིན་ན། དེའི་ཚེ་གཏན་ཚིགས་ཀྱི་མི་འཁྲུལ་བ་དངོས་པོ་པར་མི་འགྱུར་ཞིང། རྗེས་སུ་དཔག་པ་ཚད་མར་ཡང་མི ་འགྱུར་རོ་ཞེས་འདི་ཐམས་ཅད་དུ་ཐལ་བར་བསྟན་པའི་ཕྱིར། འདི་དགང་ཞིག་ཅེས་ཕ་རོལ་ལ་འདོད་པ་མ་མཐུན་པའི་ཕྱོགས་འདིའོ། །ཅིག་ཤོས་ཀྱིས་བསྒྲུབ་པར་བྱ་བ་མེད་པའོ་ཞེས་སྨྲས་སོ། །དངོས་པོ་ཉིད་ཀྱི་བསྒྲུབ་བྱ་མེད་པ་གཟུང་ནས་སྨྲས་པ། འོ་ནད་ཅི་ལྟར་དངོས་པོའི་གནས་པས ་བསྒྲུབ་བྱ་ལས་བཟློག་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མི་འཇུག་པ་ཕུང་པོ་གཅིག་ཏུ་དེས་པ་གཉི་གའི་ཆོས་སུ་འགྱུར། གང་གི་ཕྱིར་གང་གིས་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་མི་འཁྲུལ་བ་ཡང་ཡིན་ལ་དངོས་པོ་ལ་ནི་གཉི་གའི་ཆོས་སུ་མང་འགྲུས་གཏན་ཚིགས ་ཀྱིས་མི་འཁྲུལ་བ་ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལས་བལྟོས་པ་ནི་མ་ཡིན་ནོ། །ཅི་ལྟར་མི་བལྟོས་ཤེ་ན། དངོས་པོར་གནས་པ་ཡིན་པའི་ཕྱིར་རོ། །ཕྱོགས་དང་མི་མཐུན་པའི་ཕྱོགས་ནི་སྐྱེས་བུའི་འདོད་པས་བྱས་བ་ ་ཡིན་ཏེ། དེ་ལ་བལྟོས་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལ་བལྟོས་ནས་ནི་མི་འཁྲུལ་བ་བརྟགས་པས་ན་སྐྱེས་བུའི་འདོད་པས་བྱས་པར་འགྱུར་གྱི། དངོས་པོར་ནི་མ་ཡིན་ནོ། །གང་གི་ཚེ་འཁྲུལ་པའི་ཡུལ་ཕྱོགས་སུ་མ་བྱས་བ་དེ་ཉིད་ཉིད་ཚེ་འཁྲུལ ་བར་འགྱུར་རོ། །འོ་ན་དངོས་པོ་ཅི་ལྟར་ཞེན། གང་གི་ཕྱིར་རྣམ་པར་བཞག་པས་ཕྱོགས་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་སོ་སོར་རྣམ་པར་བཞག་ནས་ཕྱོགས་མ་གཏོགས་པའི་བྱས་པ་མི་རྟག་པ་ཡིན་ནོ། །ཞེས་ཕྱོགས་མ་གཏོགས་པའི་ཡུལ་ལ་ཁྱབ་པ ་བསྟན་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ལྟར་འགྱུར་ཞེ་ན། སྐྱེས་བུས་བྱས་པའི་ཕྱོགས་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་མི་བལྟོས་པར་དངོས་པོའི་སྟོབས་ཀྱིས་འོངས་པའི་ཁྱབ་པ་ཉིད་ཚད་མས་བསྟན་པར་བྱ་བ་ཡིན་ནོ། །དེ་ཅི་འདྲ ་བ་ཞིག་ཅེ་ན། ཕྱོགས་སམ་གཞན་ཡང་རུང་སྟེ་བྱས་པ་ཐམས་ཅད་དོ། །ཐམས་ཅད་ཀྱི་སྒྲ་ནི་མ་ངེས་པའི་དོན་ཏེ། བྱས་བ་ཐམས་ཅད་མི་རྟག་པ་ཡིན་ནོ། །ཞེས་དེ་ལྟར་ཚད་མས་བསྟན་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། དེ་ལྟར་གྲུབ་ན་ཞེས་སྨོས་ཏེ་བྱས་པ་ཙམ་མི ་རྟག་པར་གྲུབ་པ་ཡིན་ན་བྱས་པ་ཞེས་བྱ་བའི་ཆོས་དེའི་གོ་བར་བྱེད་པར་འགྱུར་གྱི། གཞན་དུ་ཕྱོགས་ལས་གཞན་དག་ལ་ཁྱབ་ལ་གྲུབ་ན་ནི་གོ་བར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་གང་ཞིག་བསྒྲུབ་པར་འདོད་པ་དེ་ཕྱོགས་ཡིན་ལ། དེ་ཡང་རང་གི་འདོད་པས་དེ་ལྟར་ཕྱོགས་སུ ་བྱེད་པས་གཏན་ཚིགས་མི་འཁྲུལ་བར་བསྒྲུབ་པའི་དོན་དུ་འཁྲུལ་བའི་ཡུལ་ཐམས་ཅད་ཕྱོགས་སུ་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདོད་པའི་མཚན་ཉིད་ཀྱི་སྐྱེས་བུའི་འཇུག་པ་ནི་དངོས་པོའི་གཞན་གྱི་དེང་ད་མ་ཡིན་པའི་ཕྱིར་རོ། །གང་གིས་བཟློག་པའི་དོན་ཡང་རྣམ་པ ་གཞན་དུ་བསྒྲུབ་པར་འདོད་པར་མི་འགྱུར་བ་སྐྱེས་བུའི་འདོད་པ་ནི་དངོས་པོ་ཅི་ལྟ་བ་ཉིད་མ་ཡིན་ནོ། །དེ་དང་འདྲ་བའི་མི་མཐུན་པའི་ཕྱོགས་ལས་གཞན་དུ་བསྒྲུབ་བྱས་ཁྱབ་པའི་ཆོས་དེ་ལྟ་བུ་ནི་མ་ངེས་པ་ཡིན་པས་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་གང་དུ་བསྒྲུབ་པར་བྱ ་བའི་ཆོས་ལ་མངོན་སུམ་འམ་རྗེས་སུ་དཔག་པས་གནོད་པ་དེ་འཁྲུལ་བའི་ཡུལ་ཡིན་ལ། དེ་ཡང་ཕྱོགས་ལྟར་སྣང་བ་ཡིན་གྱི་ཕྱོགས་ནི་མ་ཡིན་ནམ། དེ་ཅི་ལྟར་ན་གང་གིས་ཐལ་བ་འདིར་འགྱུར་བ་ཕྱོགས་འཁྲུལ་བའི་ཡུལ་ཡིན་ཞེ་ན། བཤད་པ། རྗེས་སུ་དཔག་པའི་ཡུལ ་ལ་ནི་མངོན་སུམ་ལ་སོགས་པས་གནོད་པ་ཡོད་པ་མ་ཡིན་ནོ། །ཆུལ་གསུམ་དང་ལྡན་པའི་རྟགས་ཀྱི་ཡུལ་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ། །ཕྱོགས་དང་མཐུན་པའི་ཕྱཧོགས་ཀྱི་རྣམ་པར་དབྱེ་བ་ལ་བལྟོས་ཏེ་མི་འཁྲུལ་བ་ཡིན་ནོ། །སྐྱེས་བུའི་འདོད་པས་འཁྲུལ་བའི ་ཡུལ་ཕྱོགས་སུ་བྱས་པས་འཁྲུལ་བ་སྤངས་པའི་གཏན་ཚིགས་འདི་ཚུལ་གསུམ་དང་ལྡན་པ་ཉིད་ཡིན་ནོ། །ཅི་ལྟར་མི་གནོད་ཅེ་ན། ཚད་མ་ལ་ཚད་མ་གཞན་གྱིས་གནོད་ན་ཚད་མ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཀགལ་ཏེ་གང་ལ་གནོད་པ་ཡོད་པ་དེ་ཉིད་ཚད་མ་མ་ཡིན་པར་འགྱུར ་གྱི། གང་ལ་གནོད་པ་མེད་པ་དེ་ནི་ཚད་མ་ཡིན་ནོ་ཞེ་ན། འདི་ལ་ལེའུ་གཉིས་པར་བཤད་ཟིན་ཏོ། །འདི་སྐད་བཤད་ཅེ་ན། ཚད་མའི་མཚན་ཉིད་དང་ལྡན་པར་གཅིག་ལ་གནོད་པར་སྲིད་ན། འཁྲུལ་བར་དོགས་པ་ལ་གནོད་པ་མེད་ཀྱང་དེའི་མཚན་ཉིད་སུན་ཕྱུང་བར་འགྱུར་ཏེ། ཡིད་དུ ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་མ་ཡིན་པར་ཐལ་ལོ། །འདི་སྙམ་དུ་གནོད་པ་མེད་པའི་ཡུལ་ཅན་ཉིད་ཅེས་བྱ་བ་ཚུལ་གསུམ་ལས་གཞན་པའི་མཚན་ཉིད་འདོད་པ་དེས་ན་གང་གི་ཡུལ་ལ་གནོད་པ་དེ་རྗེས་སུ་དཔག་པའི་མཚན་ཉིད་དང་ལྡན་པ་མ་ཡིན་ན། དེ་ཅིའི་ཕྱིར་མཚན ་ཉིད་དང་ལྡན་པ་ལ་གནོད་ན་ཞེས་བརྗོད་ཅེ་ན། བཤད་པ་གནོད་པ་མེད་པ་ཡང་མཚན་ཉིད་ཡིན་ན་ནི་གཏན་ཚིགས་དེའི་མཚན་ཉིད་མ་ངེས་པ་ཅན་དུ་འགྱུར་རོ། །འདི་ལ་གནོད་པ་མི་སྲིད་དོ་ཞེས་དེ་ལྟར་ནི་ངེས་ནུས་པ་མ་ཡིན་ལ། ཚད་མ་འགའ་ཞིག་ལས་གནོད་པ་མེད་པར ་དེས་ན་ཡང་དེ་ཉིད་ལས་བསྒྲུབ་བྱ་གྲུབ་པའི་ཕྱིར་གཏན་ཚིགས་དོན་མེད་པར་འགྱུར་རོ། །མཚན་ཉིད་མི་ངེས་པ་ཅན་ཡིན་ན་ཡང་དེ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པ་གང་གི་དོན་དུ་མི་འཁྲུལ་པ་བསམ་པ་འགའ་ཡང་གང་གི་ཡང་སྒྲུབ་པར་བྱེད ་པ་མ་ཡིན་ནོ། །གང་གི་ཕྱིར་ཚུལ་འདིས་ཕྱོགས་ལས་གཞན་ལ་ཁྱབ་པ་སྒྲུབ་ན་གོ་བར་བྱེད་པ་མ་ཡིན་པ་དེའི་ཕྱིར་དངོས་པོ་ལ་ཚད་མས་གང་ཞིག་གང་གིས་ཁྱབ་པ་འམ་མ་ཁྱབ་པ་དེ་ཉིད་དེའི་གོ་བར་བྱེད་པ་འམ། གོ་བར་བྱེད་པ་མ་ཡིན་པ་དེའི་ཕྱིར། ་སྐྱེས་བུའི་འདོད་པས་དངོས་པོའི་ཆོས་དངོས་པོ་ལ་འཁྲུལ་བ་མེད་པ་ཉིད་རྣམ་པར་གནས་པ་མ་ཡིན་ཏེ། ཐམས་ཅད་གོ་བར་བྱེད་པར་ཐལ་བའི་ཕྱིར་རོ། །དེད་ཀྱི་ལྟར་ན་དེ་ལྟར་འགའ་ཞིག་གོ་བར་བྱེད་པ་ཡིན་ནོ། །ཕྱོགས་དང་མཐུན་པའི་ཕྱོགས་རྣམ་པར་དབྱེ་བས་སྨྲ་བ་གང ་ཡིན་པ་དེ་དག་གི་ལྟར་ན། གང་གི་ཚེ་འཁྲུལ་པའི་ཡུལ་ཕྱོགས་སུ་བྱེད་པ་དེའི་ཚེ་འཁྲུལ་བ་མེད་ལ་གང་གི་ཚེ་ཕྱོགས་སུ་མི་བྱེད་པ་དེའི་ཚེ། སྒྲུབ་བར་བྱེད་པ་ངེས་བསྒྲུབ་པར་བྱ་བ་ལ་འཁྲུལ་ལོ་ཞེས་དངོས་བོ་ཉིད་དུ་སྨྲ་ནའོ། །ཤིན་ཏུ་དག་པ་ཞེས་བྱ་བ་ནི་གཞན་གད ་དུ་བྱེད་པའོ། དེ་ལྟར་གཉི་གའི་ཆོས་མ་ངེས་བར་བསྟན་ནས། མེད་པའི་ཆོས་འགལ་བར་བརྗོད་པའི་ཕྱིར་བཤད་པ་མེད་པའི་ཆོས་བརྗོད་ན་ནི་འདིའི་གཏན་ཚིགས་འགལ་བར་འགྱུར་རོ། །ཅི་འདྲ་བ་ཞིག་ཅེ་ན། རྣམ་པར་བཅད་པའོ། །གལ་ཏེ་རྣམ་པར་བཅད་པ་གཉི ་གའི་ཆོས་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། བཤད་བ། དངོས་པོ་ཉིད་ལ་དངོས་པོ་ཙམ་ཁྱབ་པའི་དོན་རྣམ་པར་བཅད་པའོ། །འདི་འདྲ་བའི་རྣམ་པར་བཅད་པ་ནི་དངོས་པོ་མེད་པ་ལ་ངེས་པ་ཡིན་ཏེ། རྣམ་པར་བཅད་པ་དེ་ནི་དངོས་པོ་འགའ་ལ་ཡང་མི་སྲིད་པའི་ཕྱིར་དང ་དངོས་པོ་མེད་པ་མཛའ་དག་ལ་ཡོད་པའི་ཕྱིར་འགལ་བ་ཉིད་ཡིན་ནོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་དང་འབྲེལ་བའི་ཆོས་རྣམ་པ་འདི་གསུམ་ག་ཡང་ཡོད་པ་སྒྲུབ་པ་ལ་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པ་མ་ཡིན་ལ། ཆོས་རྣམ་པ་གསུམ་ལས ་རྣམ་བ་བཞག་སྟེ། བྱེ་བྲག་གཞན་ཡང་མི་སྲིད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ཡོད་པ་བསྒྲུབ་བྱ་མ་ཡིན་ནོ། །ཅི་སྟེ་སྒྲུབ་པར་བྱེད་པ་ཉིད་ཡིན་ན་ཅི་ལྟར་སྐྱོན་མེད་ཅེ་ན། དེ་ཙམ་ཞེས་བྱ་བ་ཡོད་བ་ཙམ་ཁྱབ་པ་སྐད་ཅིག་མ་ཉིད་ལ་སོགས་པ་ཡོད་པའི་ཆོས ་བསྒྲུབ་པར་བྱ་བ་ལ་ཡོད་པ་འདི་སྒྲུབ་པར་བྱེད་པ་ཉིད་ཡིན་པ་ལ་ནི་ཡོད་པར་གྲུབ་པའི་ཆོས་ཅན་ལ་སྤྱིའི་ཚུལ་གྱི་མ་གྲུབ་པ་མ་ཡིན་ལ། གལ་ཏེ་ཡོད་པ་ཙམ་དེ་དངོས་པོ་ཙམ་ཁྱབ་པའི་བསྒྲུབ་པར་བྱ་བའི་ཆོས་དེས་ཁྱབ་པ་ཚད་མས་རྣམ་པ་ཅི་ཞིག་ལྟར་ངེས་ན་དེའི ་ཚེ་འགལ་བ་མ་ཡིན་ནོ། །གལ་ཏེ་ཡང་བཟློག་པས་ཁྱབ་པ་གྲུབ་པ་ཉིད་འགལ་བ་ཡིན་གྱི། དེ་མ་གྲུབ་པས་འགལ་བ་མ་ཡིན་པ་དེ་ལྟ་ན་ཡང་ཁྱབ་བ་མ་གྲུབ་པ་ལ་འགལ་བར་དོགས་ཀྱི། གྲུབ་པ་ལ་མ་ཡིན་པ་ངེས་ན་ཁྱབ་པ་གྲུབ་པ་མ་ཡིན་པ་ངེས་ན་ཁྱབ་པ ་གྲུབ་ན་འགལ་བ་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟག་ནི་ཁྱབ་པ་མ་གྲུབ་པ་ཙམ་གྱིས་རྒྱུ་མཚན་ཅན་ཡིན་པས། དེ་གྲུབ་ན་ལྡོག་པ་ཁོ་ན་ཡིན་པ་དེས་ན་མ་ངེས་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཅི་ལྟར་གྲུབ་པར་བྱ་བ་ལྟར། ཡོད་བ་སྒྲུབ་པར ་བྱེད་པ་ཡིན་པ་ལ་ནི་མ་གྲུབ་པ་དང་འགལ་བ་དང་མ་ངེས་པར་ཐལ་བ་མེད་དོ། །དེ་ལྟར་ཞར་ལ་འོངས་པ་རྫོགས་པར་བྱས་ནས། དཀྱུས་མ་ཉིད་མཇུག་བསྡུ་བའི་ཕྱིར་བཤད་པ། རྣམ་པ་འདི་གཉིས་ནི་གཏན་ཚིགས་ཡིན་ལ། དེ་ཉིད་རང་གིས་བསྒྲུབ་པར་བྱ་བ་ལས་བཟློག་པ ་པ་སྒྲུབ་པར་བྱ་བ་ལ་འགལ་བ་ཡིན་གྱི་གཞན་ནི་འགའ་ཡང་མ་ཡིན་ནོ། །གོ་བར་བྱེད་པ་ཉིད་ནི་འབྲེལ་བ་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ཡང་གཏན་ཚིགས་དང་འགལ་བ་དག་ལ་ཁྱད་པར་མེད་པ་དེའི་ཕྱིར་གཏན་ཚིགས་འབྲེལ་བ་ཅི་འདྲ་བ་ཅན་ཡིན་པ་འགལ་བ་ཡང་དེ་དང ་འདྲ་བ་ཅན་ཁོ་ནའོ་ཞེས་དེ་ལྟར་བསྟན་པའི་ཕྱིར་སློབ་དཔོན་གྱིས་ཕྱོགས་ཀྱི་ཆོས་རྣམ་པ་བཞི་བཤད་དེ། །དེ་དག་ཀྱང་སྔར་དཔེར་བརྗོད་པ་ཉིད་དོ། །ཁྱད་པར་སྲོག་ལ་སོགས་པ་དང་ལྡན་པ་དང། སྤྱི་གཞལ་བྱ་ཉིད་མ་ངེས་པ་ཡིན་ཡང་ངེས་པར་སྨྲ་བའི་ཕྱིར་རྒོལ་བ ་བསལ་བའི་དོན་དུ་སློབ་དཔོན་གྱི་གཉིས་གསུང་སྟེ། མ་ངེས་པ་དེ་ཡང་གཏན་ཚིགས་ལྟར་སྣང་བ་འཆད་པའི་སྐབས་སུ་བབ་པ་ན་བཤད་པར་བྱའོ། །ལྡོག་པ་མི་མཐུན་པའི་ཕྱོགས་རྣམ་པར་གཅོད་པ་གཙོར་བསྒྲུབ་པའི་ཕྱིར་ཏེ། གཏན་ཚིགས་ནི་མི་མཐུན་པའི་ཕྱོགས ་ལས་ལྡོག་པ་གོ་བ་ཉིད་ཀྱི་སྒྲུབ་བར་བྱེད་པ་ཡིན་གྱི། བསྒྲུབ་བྱ་བསྒྲུབ་པས་ན་གཞན་ཟློག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་གསུམ་མོ། །ཅི་ལྟར་ཞེ་ན། འདི་ལྟར་ཞེས་སྨོས་ཏེ། རྗེས་སུ་འགྲོ་བ་ཉིད་ཀྱི་སྒོ་ཐབས་ངེས ་ནི་གཏན་ཚིགས་དེས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་གཏན་ཚིགས་ལས་རྩོལ་བ་ལས་བྱུང་བ་མ་ཡིན་པ་ཉིད་མི་རྟོགས་པའི་ཕྱིར་རོ། །མི་རྟག་པ་དེ་ནི་རྩོལ་བ་ལས་མ་བྱུང་བ་བསྒྲུབ་པ་ན་གློག་ལ་སོགས་པ་ལ་མཐོང་བ་ཉིད་དོ། །གལ་ཏེ ་རྗེས་སུ་འགྲོ་བའི་སྒོ་ནས་གོ་བར་བྱེད་པ་ཡིན་ན་མི་རྟག་པ་ཉིད་ཀྱང་གོ་བར་བྱེད་པར་འགྱུར་རོ། །མི་རྟག་པ་ཉིད་འདི་ལས་ནི་བསྒྲུབ་བྱ་རྟོགས་པར་མི་འགྱུར་ཏེ། གང་གི་ཕྱིར་ལྡོག་པ་དང་ལྷན་ཅིག་པའི་རྗེས་སུ་འགྲོ་བ་གོ་བར་བྱེད་པ་ཡིན་ན། འདིས་ནི་ལྡོག་པ་མེད་པས ་རྗེས་སུ་འགྲོ་བ་འབའ་ཞིག་ཡིན་པའི་ཕྱིར་ཞེས་དོགས་པ་ལ། དཔེར་བརྗོད་པ་གཞན་ཉེ་བར་བཀོད་དོ། །འོ་ན་རེག་པར་བྱ་བ་མ་ཡིན་པའི་ཕྱིར་སྒྲ་རྟག་གོ་ཞེས་བྱ་བ་འདི་ལ་བསྒྲུབ་བྱ་རྟོགས་པར་ཡོད་པར་འགྱུར་རོ། །རེག་པར་བྱ་བ་མ་ཡིན་པ་ཉིད་ནི་མི་རྟག་པ་ལ ་སོགས་པ་དག་ལས་ལོག་པ་ཡིན་གྱི། མི་རྟག་པ་ཉིད་ལྟ་བུ་ནི་མ་ཡིན་ནོ། །འདི་སྙམ་དུ་འདི་ལ་ཡང་གཏན་ཚིགས་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པའི་ཕྱིར་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ཏེ། དེས་ན་རྟོག་པ་མེད་པ་ཡིན་ནོ། །ཞེས་དོགས་ན། ་དཔེར་བརྗོད་པ་གཞན་ཉེ་བར་བཀོད་དེ། འོ་ན་ནི་འདིར་མཐུན་པའི་ཕྱོགས་མཛའ་དག་ལ་ཁྱབ་པའི་ཕྱིར་རྗེས་སུ་འགྲོ་བ་སྟོབས་དང་ལྡན་ཞིང། མི་མཐུན་པའི་ཕྱོགས་ཀྱི་ཕྱོཌ་འགའ་ཞིག་ལ་ལྡོག་པ་མཐོང་བའི་ཕྱིར་ལྡོག་པ་སྟོབས་ཆུང་པ་ཡིན་ནོ།། བརྩལ་མ ་ཐག་ཏུ་བྱུང་བ་ཉིད་བསྒྲུབ་པར་བྱ་བ་ལ་མི་རྟག་པ་ཉིད་མཐུན་པའི་ཕྱོགས་མཛའ་དག་ལ་ཡོད་པ། མི་མཐུན་པའི་ཕྱོགས་ཀྱི་ནི་ཕྱོགས་གཅིག་ནམ་མཁའ་ལ་སོགས་པ་འམ་ལྡོག་པ་ཡིན་ནོ།། འདི་ལྟར་དུ་འདིར་ཡང་རྟོགས་པར་མི་འགྱུར་ཏེ། གང་གི་ཕྱིར ་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་གཏན་ཚྒས་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པ་ཡིན་ལ་དེ་ལྟ་ན་ནི་འོ་ན་གང་འགའ་ཞིག་བྱས་པ་དེ་ནི་མི་རྟག་པ་ཉིད་དེ། རྟག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དག་འདིས་ལྡོག་པའི་དོན་ཅི ་འདྲ་བ་བཞིན་བརྗོད་པ་དེ་འདྲ་བ་ཁོ་ན་བསྒྲུབ་བ་རྟོག་པའི་དུས་སུ་ཆོས་ཅན་ལ་ཡོད་པར་ངེས་པ་གཏན་ཚིགས་སུ་འདོད་པར་འགྱུར་ལ། དེ་ལྟ་ཡིན་ན་ནི་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པའི་རྒྱུས་གོ་བར་བྱེད་པ་ཉིད་དུ་འདོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་མི ་མཐུན་པའི་ཕྱོགས་རྣམ་པར་བཅད་པ་མེད་ན། མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་བར་བསྟན་པར་མི་ནུས་པའི་རྒྱུའི་ཕྱིར་རོ། །འདི་ལྟར་བསྒྲུབ་བྱ་རྟོགས་པར་བྱེད་པའི་དུས་སུ་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པར་ངེས་པ་གོ་བར་བྱེད་པར་འདོད་པ་ཡིན ་ན། སྒྲ་དང་ས་ཕྱོགས་ལ་སོགས་པའི་ཆོས་ཅན་ལ་རྟག་པ་དང་མེ་མེད་རྣམ་པར་བཅད་པ་མ་བྱས་པར་ནི་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པར་ངེས་པར་མི་འགྱུར་རོ། །སྒྲ་དད་ས་ཕྱོགས་ལ་སོགས་པ་དེ་ཉིད་མི་མཐུན་པའི་ཕྱོགས་ཡིན་པར་ཐེ་ཚོམ་ཟ་ལ། མི ་མཐུན་པའི་ཕྱོགས་ཀྱི་དངོས་པོར་ཐེ་ཚོམ་ཟ་བའི་ཆོས་ཅན་དེ་ལ་གཏན་ཚིགས་འཇུག་པ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པར་དོགས་པ་ཡིན་ནོ། །དེའི་ཕྱིར་གལ་ཏེ་རྟོགས་པ་པོས་མཐོང་བ་དེར་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་ཉིད་བྱས་པས་བསྒྲུབ་བྱ་གོ་བར ་བྱེད་པ་དེ་ལྟ་ན། གཏན་ཚིགས་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པར་བསྟན་པར་འགྱུར་རོ། །གལ་ཏེ་ཅི་ལྟར་རྟག་པ་རྣམ་པར་བཅད་ནས། དེ་རྣམ་པར་བཅད་པར་མི་རྟག་པའི་རང་བཞིན་རྟོགས་པ་དེ་བཞིན་དུ་མི་རྟག་པ་ཉིད་རྟོགས་ན་ཤུགས་ཀྱིས་རྟག་པར་མི ་རྟོགས་པ་མ་ཡིན་ནམ་ཞེ་ན། བདེན་མོང་ཀྱི་འོན་ཀྱང་གནས་སྐབས་གང་དུ་མི་རྟག་པ་ཉིད་སྒྲུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེའི་ཚེ་ཤུགས་ཀྱིས་གོ་བར་བྱ་བ་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་མི་རྟོགས་སོ། །དེ་མ་རྟོགས་ན་ཡང་གཏན་ཚིགས་མི་མཐུན་པའི ་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བས། སྒྲ་དང་ས་ཕྱོགས་ལ་སོགས་པའི་ཆོས་ཅན་ལ་མི་རྟག་པ་ཉིད་ལ་སོགས་པར་ངེས་པ་ཉེ་བར་སྡུད་པར་ཅི་ལྟར་འགྱུར། དེའི་ཕྱིར་གལ་ཏེ་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་དེ་ལྟར་ན་མི་རྟག་པ་ཉིད་དུ་ངེས་པ་ཉེ་བར ་སྡུད་པར་ནུས་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་ཉིད་བསྒྲུབ་བྱའི་ཆོས་ཅན་ལ་བྱས་པས་གང་ན་འདི་ཡོད་པ་དེ་ན་མི་མཐུན་པའི་ཕྱོགས་ཀྱི་དྲི་ཙམ་ཡང་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པར་རྟོགས་པར་འགྱུར་བ་ཡིན་ནོ། །དེས་ན་སྒྲུབ་པའི་ཤུགས་ཀྱིས་མི ་མཐུན་པའི་ཕྱོགས་རྣམ་པར་བཅད་པར་བྱ་བ་ཡིན་ནོ། སྒྲུབ་པ་རྟོག་པ་ཉིད་དུ་མི་འགྱུར་ཏེ། གཏན་ཚིགས་ན་ངེས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་བཅད་པ་ཉིད་རྟོགས་ན་ནི་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་བར་ངེས་པས་གཏན་ཚིགས་ཉམས་པ་མེད་པ་ཉིད་དོ། །དེས་ན་རྗེས ་སུ་འགྲོ་བ་འདི་ཡོད་པ་ཙམ་གྱིས་བསྒྲུབ་བྱ་རྟོག་པ་མ་ཡིན་ཏེ། མི་རྟག་པ་ཉིད་ལས་རྩོལ་བ་ལས་བྱུང་བ་མ་ཡིན་པ་ཉིད་མི་རྟོག་པའི་ཕྱིར་རོ། །མཉན་པས་ཀྱང་མ་ཡིན་ཏེ། རེག་པར་བྱ་པ་མ་ཡིན་པ་ཉིད་ལས་མི་རྟག་པ་ཉིད་མི་རྟོགས་པའི་ཕྱིར་རོ།། གཙོ་ཆེ་བས་ཀྱང་མ་ཡིན་ཏེ། མི་རྟག ་པ་ཉིད་ལ་རྩོལ་བ་ལས་བྱུང་བ་ཉིད་མི་རྟོག་པའི་ཕྱིར་རོ།། དེ་བཞིན་དུ་ཁྱབ་པར་བྱེད་པ་མ་ཡིན་པས་ན་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ཡང་ལྡོག་པའི་ཁྱབ་པ་ཡོད་ན་རྟོག་པ་ཡོད་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེར་བརྗོད་པ་སྟོན་པའོ། །འདིར་ནི་རྩོལ་བ་ལས་བྱུང་བ་ཉིད་མཐུན་པའི ་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཡིན་ཡང། འདིའི་ལྡོག་པས་མི་མཐུན་པའི་ཕྱོགས་ཁྱབ་པའི་ཕྱིར་གོ་བར་བྱེད་པ་ཉིད་དུ་མཐོང་ངོ། །གང་གི་ཕྱིར་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པ་དང། ལྡོག་ལས་མི་མཐུན་པའི་ཕྱོགས་ཁྱབ་པའི་གཏན་ཚིགས་ག་བར་བྱེད་པ་ཡིན་པ་དེའི་ཕྱིར། དེ་ལྟར ་ཞེས་བྱ་བ་དེ་ལྟ་བུ་ཉིད་དུ་ཤེས་པ་གཏན་ཚིགས་ཡིན་ནོ། །ཅི་ལྟར་ཤེས་པ་ཞེ་ན། གང་རྩོལ་བ་ལས་བྱུང་བ་དེ་ནི་མི་རྟག་པ་ཉིད་དོ་ཞེས་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པ་མཐུན་པའི་ཕྱོགས་ལ་གཅིག་ཏུ་ངེས་པར་རོ། །དེ་ལྟ་བུ་གཏན་ཚིགས་ཡིན་པས་ན་རྟག་པ་རྣམ་པར་བཅད ་པ་ཉིད་ཀྱི་རྒྱུས་གཏན་ཚིགས་མི་རྟག་པ་གོ་བར་བྱེད་པ་ཡིན་གྱི། སྒྲུབ་པའི་སྒོ་ནས་ནི་མ་ཡིན་ནོ། །གལ་ཏེ་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པར་ངེས་པའི་གཏན་ཚིགས་གོ་བར་བྱེད་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང། ཅི་ལྟར་རྟག་པ་རྣམ་པར་ཅད?་པའི་སྒོནས་གོ་བར་བྱེད་པ་ཡིན་ཞེན། བཤད ་བ། ལྡོག་པ་རྟོག་ན་དག་འདིའི་ནུས་པ་ཞེས་བྱ་བའི་དོན་འབྲེལ་བ་ཉིད་གང་ཡིན་པ་ནི་ཡོངས་སུ་རྫོགས་པའི་ཕྱིར་རོ། །དག་འདིའི་དོན་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་མཛའ་དག་ལས་ལྡོག་པ་ཡིན་ལ། དེ་ནི་ལྡོག་པ་རྟོགས་པར་གྱུར་ན། འབྲེལ་པ་ཡོངས་སུ་རྫོགས་པར་འགྱུར་བ ་ཡིན་ནོ། །དེ་འདྲ་བ་ཅི་ལྡོག་པ་དེ་ཡང་སྒྲ་ལ་རྟག་པ་ཉིད་རྣམ་པར་བཅད་པ་ཡིན་ན་འགྱུར་ལ། སྦྱོར་བ་གཞན་ལ་ནི་མེ་མེད་པ་རྣམ་པར་བཅད་པ་ཡིན་ན་འབྱུང་ངོ། །དེའི་ཕྱིར་སྒྲ་དང་ས་ཕྱོགས་སུ་རྟག་པ་དང་མེ་མེད་རྣམ་པར་བཅད་པ་བྱས་པ་གཏན་ཚིགས་མཐུན་པའི་ཕྱོགས་མཛའ་དག་ལས ་ལྡོག་པ་དང་ལྡན་པ་ཤེས་པ་དེ་ལྟ་ན་གོ་བར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །སྒྲུབ་པ་གོ་བར་བྱ་བ་ཡིན་ན་ནི། སྒྲུབ་པར་བྱ་བའི་ཆོས་ཅན་ལ་མི་མཐུན་པའི་ཕྱོགས་སུ་དོགས་པས། མི་མཐུན་པའི་ཕྱོགས་ལ་འཇུག་པར་དོགས་པ་ན་མི་མཐུན་པའི་ཕྱཧོགས་མཛའ་དག་ལས་ལྡོག་པར ་མི་དེས་པར་འགྱུར་རོ། །ཅིག་ཤོས་ཀིས་ལན་སྨྲས་པ་ནི། རྟག་པ་ཉིད་ལ་སོགས་པ་དེ་དག་ལས་ཐ་དད་པ་ཙམ་ནི་སྦྲ?་དད་ས་ཕྱོགས་ལ་སོགས་པའི་ཆོས་ཅན་དེ་ལ་གོ་བར་བྱ་བ་མ་ཡིན་ཏེ། ཐ་དད་པ་ཙམ་ངེས་ནི་རྟོག་པ་པོ་ལ་དོགས་པ་མེད་པའི་ཕྱིར་རོ། །འོན་ཀྱང་མི་རྟག་པ་ཉིད་ལ ་སོགས་པའི་སྤྱི་དེ་ཉིད་མི་མཐུན་པ་དང་མ་འདྲེས་པ་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་གོ་བར་བྱ་བ་ཡིན་ནོ། །བསམ་པ་ནི་འདི་ཡིན་ནོ། །སྒྲུབ་པས་རྟོགས་ན་ཤུགས་ཀྱིས་རྣམ་པར་གཅོད་པར་འགྱུར་བ་དཀའ་བ་ཡིན་ནོ། །དེས་ན་འདི་ལ་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྒྲུབ ་པ་དང་རྣམ་པར་གཅོད་པ་གཉི་ག་ཅིག་ཅར་ཉིད་བྱ་བ་ཡིན་ཏེ། རྣམ་པར་གཅོད་པ་ཙམ་ལ་ནི་དགོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་སྟོན་པ་ཡིན་ནོ། །གལ་ཏེ་དེ་དག་གདོན་མི་ཟ་བར་ཞེས་བྱ་བ་ལ། གལ་ཏེ་སྤྱི་མི་མཐུན་པ་ལས་རྣམ་པར་བཅད་པ་མ་རྟོགས་ན་མངོན་པར་འདོད་པའི་མི ་རྟག་པ་ཉིད་ལ་སོགས་པའི་སྤྱི་དེ་ཉིད་ངེས་པར་མི་འགྱུར་ཏེ། ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་རྣམ་པར་གཅོད་པ་བྱས་ན་ཡང་དེ་རྣམ་པར་བཅད་པ་གཅིག་ཤོས་ཀྱི་རང་བཞིན་ངེས་པ་ཉིད་རྟོགས་པའི་ཕྱིར་སྤྱི་གཞན་ངེས་པས་ཅི་ཞིག་བྱ་ཞེས་བསྟན་པའི་ཕྱིར་བཤད་པ། ་གལ་ཏེ་མེ་ལ་སོགས་པ་དེ་དག་གདོན་མི་ཟ་བར་མེ་ལས་ཐ་དད་པ་གཞན་དད་འདྲེས་པ་བར་ཡིན་བདེ་དང་བྲལ་བ་ཉིད་དུ་ཐོ?་པར་བྱ་བ་ཡིན་ན། འོ་ན་འདི་དག་གིས་མེད་པ་ལས་ཐ་དད་པ་དང་མ་འདྲེས་པ་དེ་ཉིད་གོ་བར་བྱ་བར་འགྱུར་མོང། གལ་ཏེ་མི་མ་ཡིན་པ་རྣམ་པར་བཙན་པ་རྟོགས་ན་མེ ་མ་རྟོགས་པ་ཉིད་དུ་འགྱུར་རོ་ཞེ་ན། བཤད་པ། གཞན་རྣམ་པར་བཅད་པ་རྟོགས་པ་དེ་ཙམ་གྱིས་མངོན་པར་འདོད་པའི་ཡུལ་ངེས་པའི་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་ཏེ་གྲུབ་པའི་ཕྱིར་རོ། །འདིར་མ་ངེས་པར་བྱ་བ་ཡིན་ནོ། །མེ་མ་ཡིན་པ་ནི་མེ་རྣམ་པར་བཅད་པ་ཡིན་ལ། མེ ་མ་ཡིན་པ་རྣམ་པར་བཅད་པ་ཡང་མེ་ཡིན་པའི་ཕྱིར། མེ་མ་ཡིན་པ་རྣམ་པར་བཅད་པ་དེས་ནས་མེ་ཉིད་ངེས་པར་འགྱུར་བ་ཡིན་ཏེ། རྣམ་པ་གཞན་མེད་པའི་ཕྱིར་རོ། །དེས་ན་མེ་ལ་སོགས་པ་དེ་དག་གི་མེ་མ་ཡིན་པ་རྣམ་པར་བཅད་པ་ཙམ་གོ་བར་བྱ་བ་མ་ཡིན་ཞེས་ཅི ་ལྟར་བརྗོད། གལ་ཏེ་དེ་ལྟ་ན་འོ་ནའུ་བུ་ཅག་ཁྱད་ཅི་ཡོད། ཁྱོད་ཀྱིས་ཀྱང་མེ་མ་ཡིན་པ་རྣམ་པར་བཅད་པ་ཞེས་བྱ་བ་མེད་དེ་གོ་བར་བྱ་བ་ཡིན་ལ། དས་ཀྱང་དེ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ཁྱོད་ཀྱིས་ནི་མེ་བསྒྲུབ་པས་ན་དེའི་ཤུགས་ཀྱིས་ཤེས་པ་གཞན་གྱིས་མེ་མ་ཡིན་པ་རྣམ་པར ་གཅོད་པར་བྱ་བ་ཡིན་ལ། དས་ནི་འཇུག་པ་གཅིག་གིས་མེ་ཡིན་པ་རྣམ་པར་བཅད་པའི་མེ་ཉིད་གོ་བར་བྱ་བ་ཡིན་ཏེ། མི་མཐུན་པའི་ཕྱོགས་མེད་པ་ནི་བསྒྲུབ་བར་བྱ་བ་ལས་གཞན་མ་ཡིན་པས་ཁྱད་པར་ཆེའོ། །འོན་ཀྱང་ཁྱོད་ཀྱིས་ཀྱང་མི་མཐུན་པའི་ཕྱོགས་རྣམ་པར་གཅོད ་པ་གདོན་མི་ཟ་བར་བྱ་དགོས་པ་དེ་ཙམ་ལ་བརྟེན་ནས། གཞན་རྣམ་པར་གཅོད་པ་དེ་ཉིད་གོ་བར་བྱ་བ་ཡིན་མོད་ཅེས་དེ་སྐད་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །ཁྱེད་ཀྱི་ལྟ་བ་དེ་ལྟར་ནི་གཞན་རྣམ་པར་གཅོད་པ་ཉིད་དུ་བྱ་མི་ནུས་ཏེ། འདི་ལྟར་ཅི་སྲིད་གཞན་རྣམ་པར་མ་བཅད ་པ་དེ་སྲིད་དུ་ནི་སྒྲུབ་པ་དེ་ཉིད་མི་མཐུན་པ་དང་བྲལ་བ་མ་ཡིན་ལ། ཅི་སྲིད་དུ་སྒྲུབ་པ་མེད་པ་དེ་སྲིད་དུ་?་གཞན་རྣམ་པར་གཅོད་པ་མོད་པ་དེའི་ཕྱིར་འདི་ཙམ་ཞིག་བརྗོད་དོ། །གལ་ཏེ་ཁྱོད་ཀྱིས་གཞན་རྣམ་པར་བཅད་པ་གདོན་ཚིག?་བས་བྱ་བ་ཡིན་ན། ?་ཉིད་ཀྱི་མེ་ལ་སོགས་པ་རྟོགས ་ལ་དག་མེད་དོ། །བར་དུ་རྣམ་པར་གཅོད་པ་དང། རྣམ་པར་བཅད་པ་དག་གི་དབུས་ན་གནས་པའི་སྤྱི་གཞན་རྟོག་པ་ཅི་ཞིག་བྱ། སྒྲིབ་བྱེད་ལྟ་བུའི་སྤྱི་དེ་ནི་ཚོགས་ཀྱི་གང་ན་གནས་པའི་བར་ཆོད་ལྟ་བུ་ཡིན་པའི་ཕྱིར་ངེས་ཅུང་ཟད་ཀྱང་བྱར་མེད་དོ་ཞེས་བྱ་བ་འདི་ནི་གདོན་མི ་ཟ་བར་བྱ་བའི་ལྡོག་པ་སྒྲུབ་པས་སྟོན་པར་བྱེད་དོ། །དེའི་ཕྱིར་དེ་ལྟར་ཕྱོགས་ཀྱི་ཆོས་དགུ་བསྟན་པའི་ཞར་ལ་རང་བཞིན་དང། འབྲས་བུ་དང་མི་དམིགས་པ་གོ་བར་བྱེད་པ་རྣམ་པ་གསུམ་བཤད་པ་དེ་དག་ལས་གཞན་པའི་གོ་བར་བྱེད་པ་གཞན་དག་གིས་མཐོང་ནས་འོ་ན ་ཞེས་སྨྲས་སོ། །འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པར་གང་ཡིན་པ་དེ་རང་བཞིན་དང་འབྲས་བུ་དང་མི་དམིགས་པ་གསུམ་གྱི་ནང་དུ་ཅི་ལྟར་འདུས་ཏེ། འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་ནི་གཏན་ཚིགས་རྣམ་པ་གསུམ་གྱི་རྒྱུ་མཚན་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནུས་པའི ་རྒྱུ་ལས་འབྲས་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་ཞེས་བྱ་བ་ལ། འདིར་ནུས་པའི་རྒུ་ནི་ཅི་སྙེད་ཅིག་ཡུལ་གང་ན་གནས་པ་འབྲས་བུ་དེ་སྐྱེད་པར་མཐོང་བ་དེ་དག་རུང་བའ་ཡུལ་ན་གནས་པའི་ཚོགས་པ་ཡིན་གྱི། ཐ་མའི་གནས་སྐབས་སུ་གྱུར་པའི་ཚོགས་པ་ནི་མ་ཡིན ་ཏེ། དེད་ནི་རྟགས་ཀྱི་རྗེས་སུ་འབྲང་བའི་སྔོན་རོལ་ཉིད་དུ་འབྲས་བུ་མངོན་དུ་གྱུར་པའི་ཕྱིར་དང། འབྲས་བུ་མངོན་སུམ་མ་ཡིན་ན་ཡང་ཐ་མའི་གནས་སྐབས་ངེས་པར་མི་རུང་བའི་ཕྱིར་རོ། །འབྲས་བུ་སྐྱེ་བར་རྗེས་སུ་དཔོགས་པ་འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན ་པར་བརྗོད་དོ། །ཅིའི་ཕྱཧིར་ཞེ་ན། དོན་གཞན་ལ་ནི་མི་བལྟོས་ཕྱིར་ཏེ། དེ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །ཅི་ལྟར་འབྲས་བུ་སྐྱེ་བ་གཞན་ལ་མི་བལྟོས་ཏེ། གང་གི་ཚེ་སྐད་ཅིག་མ་ཐ་མ་ལ་བལྟོས་པ་ཡིན་ནོ་ཞེ་ན། འདི་ཡང་ཞེས་སྨོས་ཏེ། འབྲས་བུ་སྐྱེད་པའོ། ཅི་ལྟར་ ་ཞེས་བྱ་བ་ནི་ཅི་འདྲ་བ་སྟེ། རྒྱུའི་ཚོགས་པ་ཅི་འདྲ་བ་ཞིག?་ཉེ་བའི་ཉེ་བ་དེ་འདྲ་བ་ལས་དོན་གཞན་ལ་མི་བལྟོས་པས་ན། ངོ་བོའི་དེ་འདྲ་བ་ཙམ་དང་འབྲེལ་བའི་རང་བཞིན་ནོ། །འདིར་སྐད་ཅིག་ལ་བརྟེན་པ་ནི་མ་ཡིན་ལ། རྒྱུ་ནི་དེ་ཙམ་ཉིད་སྐྱེད་པར་བྱེད་པ་ཡིན ་པ་དེའི་ཕྱིར་བལྟོས་པ་མེད་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། མི་བལྟོས་ཀྱང་འབྲས་བུ་སྐྱེ་བ་དོན་གཞན་ཡིན་པའི་ཕྱིར། ཅི་ལྟར་ཚོགས་པའི་རང་བཞིན་ཡིན་ཞེ་ན། གང་གི་ཕྱིར་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་དེ་ལ་ནི་རྒྱུ་ཚོགས་པར་རུང་བའི་ཡུལ་ན་གནས་པ་རྣམས ་ཀྱི་འབྲས་བུ་སྐྱེད་པར་རུང་བ་ཉིད་འབའ་ཞིག་རྗེས་སུ་དཔོག་པར་བྱེད་ལ། །རུང་བ་དེ་ཡང་ཚོགས་པ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་དེའི་རང་བཞིན་དུ་གྱུར་པ་ཁོ་ན་ཡིན་ནོ། །འོ་ན་གལ་ཏེ་འབྲས་བུ་སྐྱེད་པའི་ནུས་པ་དེ་ཙམ་དང་རྗེས ་སུ་འབྲེལ་པ་ཅན་ཡིན་ན། འོ་ན་འབྲས་བུ་སྐྱེད་པར་ངེས་པའི་ཕྱིར་དེ་ཅི་ལྟར་འབྲས་བུ་ཁོ་ན་ངེས་པར་རྗེས་སུ་དཔོག་པར་མི་བྱེད་ཅེ་ན། བཤད་པ། གང་གི་ཕྱིར་རྒྱུའི་རྫས་རྣམས་ཆོགས་པ་ཁོ་ནས་ཏེ། ཚོགས་པ་ཉིད་ཙམ་ལས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ནི་མ་ཡིན ་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་སྐྱེ་བ་ནི་ཚོགས་པ་ལས་སྐྱེ་བའི་ནུས་པ་གང་ཡིན་པ་དེ་རྣམས་ཀྱི་འགྱུར་བ་ཕྱི་མ་ཕྱི་མ་ཁྱད་པར་དུ་འབྱུང་བ་ལ་བལྟོས་པའི་ཕྱིར་རོ། །ཕྱི་མ་ཕྱི་མ་ཁྱད་པར་དུ་འགྱུར་པ་ལ་ལྟོས་ཀྱང་ཅིའི་ཕྱིར་འབྲས་བུ་རྗེས་སུ་མི་དཔོག་ཅེ་ན། བཤད་པ ་བར་འདིར་ཏེ་ནུས་པ་ཡོངས་སུ་འགྱུར་པ་སྐྱེ་བའི་བར་དུ་གེགས་བྱེད་པ་སྲིད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་སྐྱེ་བ་ལ་གེགས་བྱེད་པ་སྲིད་མ་འོ་ན་རུང་བ་ཉིད་གཅིག་ཏུ་ངེས་པར་རྗེས་སུ་དཔོག་པར་མི་འགྱུར་རོ་ཞེ་ན། བཤད་པ། རུང་བ་ནི་རྫས་ཀྱི་ཚོགས་ཉེ་བ་ལས་རྫས ་གཞན་ལ་མི་བལྟོས་པའི་ཕྱིར་རྗེས་སུ་དཔོག་པ་ལ་འགལ་བ་མེད་དོ། །རྗེས་སུ་དཔོག་པ་དེ་ཉིད་བསྟན་པའི་ཕྱིར་བཤད་པ་ནི། །རྒྱུ་ཚོགས་པའི་ཞེས་བྱ་བ་ན་ཚོས་ཅན་ནོ། །འདི་ནུས་པའི་ཕྱི་མ་འགྱུར་བ་ཕུལ་དུ་བྱུང་བ་གང་ཡིན་པ་དེ་རྒྱུར་གྱུར་པས་འབྲས་བུ་སྐྱེད ་པར་ནུས་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བསྟན་པའོ། །ནུས་པ་འགྱུར་བ་བོགས?་འབྱུང་པའི་ལྷན་ཅིག་བྱེད་པའི་རྐྱེན་བལྟོས་པར་བྱ་བ་གཞན་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་རྒྱུ་ཚོགས་པ་རྫས་གཞན་ལ་ཅི་བལྟོས ་པ་དེའི་ཕྱིར་སྐྱེད་པར་རུང་བ་ཡིན་ནོ། །གལ་ཏེ་མཐོང་བའི་རྒྱུ་ཚོགས་པར་ནི་རུང་བ་ཉིད་མ་ཡིན་ཏེ། གང་གི་ཕྱིར་རུང་བ་ཉིད་དེ་ནི་ཚོགས་པ་དེའི་རྒྱུ་མཚན་ཅན་གྱི་མའི་གནས་སྐབས་གཞན་ལ་བལྟོས་པའི་ཕྱིར་ཅི་ལྟར་དེ་བལྟོས་པ་མེད་པ་ཡིན་ཞེ་ན། ནུས་པ་སྐྱེ་བ་ནི་ཞེས་སྨོས ་ཏེ། རང་གི་རིགས་ཀྱང་ཡིན་པ་སྔ་མ་ཡང་ཡིན་པ་དེ་ཁོ་ན་འམ། དེ་ཙམ་གྱི་རིགས་རྒྱུ་ཅན་ཡིན་ནོ། །དེ་ཙམ་གྱི་རྒྱུ་ཅན་ཡིན་པའི་རྒྱུའི་ཕྱིར་ཚོགས་པའི་ནུས་པ་གཞན་ལ་མི་བལྟོས་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། འདིར་གཞན་ལ་མི་བལྟོས་པ་ཉིད་ཀྱིས་རུང་བའི་གནས ་སྐབས་སྐྱེ་བའི་ཡུལ་སྒྲུབ་པར་བྱ་བ་ནི། རྒྱུན་ལ་ཡིན་གྱི་སྐད་ཅིག་མལ་ནི་མ་ཡིན་ནོ། །ཚོགས་པའི་རྒྱུན་དེ་ལ་ནི་རུང་བ་ཉིད་ཀྱི་ཡུལ་ལ་གཞན་ལ་མི་བལྟོས་པ་ཡོད་པ་ཉིད་དོ། །འདི་ལྟར་འདིར་འབྲས་བུ་ངེས་པ་མ་ཡིན་ལ། རུང་བའི་གནས་སྐབས་གཞན་ཡང་མ ་ཡིན་ཞིང། ཐེ་ཚོམ་ཟ་བའི་ཡུལ་རྗེས་སུ་དཔོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གང་ཐེ་ཚོམ་མེད་པ་ངེས་རྗེས་སུ་དཔོག་པར་བྱ་བ་ཡིན་ནོ། །དེ་ལ་གེགས་བྱེད་པ་མེད་ན་འབྲས་བུ་སྐྱེ་པ་ཞེས་བྱ་བ་ནི་རྟག་པའི་མཛའ་བཟུང་བའི་འབྲས་བུ་ཡོད་པར་བརྗོད་པ་ཡིན་ནོ། །སྲིད་པ ་ཞེས་བྱ་བ་ཡང་འདི་ཉིད་ཡིན་ནོ། །ངེས་ན་རྟག་པའི་མཛའ་བཟུང་གི་རུང་བའི་དངོས་པོའི་ཡུལ་ཉིད་ནི་ཚོགས་པ་རྣམས་ལ་ངེས་པ་ཡིན་ནོ། །གལ་ཏེ་ཚོགས་པ་དེ་དག་རུང་བའི་གནས་སྐབས་སྐྱེ་བ་བརྒྱལ་པའི་ཡུལ་གྱི་དངོས་པོར་ཡང་མ་ངེས་ན་ནི། གེགས་ཕྱིར་བ ་མེད་ཀྱང་གཞན་བཞིན་དུ་དེ་དག་ལས་འབྲས་བུ་སྐྱེ་བར་མི་འགྱུར་རོ། །དེའི་ཕྱིར་རུང་བ་ཉིད་བརྒྱལ་བའི་བདག་ཉིད་དང་རྗེས་སུ་མཐུན་པའི་ངེས་པ་ནི་ཡུལ་གྱི་དངོས་པོ་ངེས་པ་ཡིན་ལ། རྗེས་སུ་དཔག་པར་བྱ་བ་ཡང་དེ་ཡིན་ནོ། །ཐམས་ཅད་མཁྱེན་པ་དཔའ་དོད་ཆགས ་དང་བྲལ་བ་སྲིད་པར་རྗེས་སུ་དཔོག་པ་ལ་ཡང་དོན་གཞན་ལ་མི་བལྟོས་པ་འདི་ཉིད་རྟགས་ཡིན་ནོ། །གལ་ཏེ་ངེས་འགའ་བའ་ཨི་དངོས་པོའི་ཡུལ་ཉིད་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཚོགས་པ་ཉིད་ཡིན་གྱི?་དེ་མི་ཡིན་ཞེ་ན། མཆོག་?་ནི་ཤིག་ཏུ ་ནུས་པ་མེད་པའི་ཕྱིར་རོ། །སྲིད་པའི་ཡུལ་དུ་གྱུར་པའི་རུང་བ་ཉིད་ཀྱང་ཚོགས་པ་ཁོ་ནས་རྗེས་སུ་དཔོག་པར་བྱེད་དོ། །དེ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་ལ། རུང་བའི་གནས་སྐབས་སྐྱེ་བའི་ཡུལ་ཡང་མ་ཡིན་ཏེ། ཚོགས་པ་ཉིད་རུང་བ་ཡིན་པའི་ཕྱིར་དང། དེ་ཡང?་གཅིག་ལས་མི་འབྱུང་བའི ་ཕྱིར་རོ། །དེས་ན་ཤིང་ཏུ་ནུས་པ་མེད་པ་ཡིན་ནོ། །དེའི་ཕྱིར་གཅིག་ལས་འབྲས་བུ་རྗེས་སུ་དཔོག་པ་མ་ཡིན་ནོ། །གང་གི་ཚེ་འདི་ལྟར་བརྗོད་པར་འདོད་དེ། ཅི་ལྟར་བུམ་པ་ལྷན་ཅིག་བྱེད་པའི་རྐྱེན་ཡོད་ཀྱང་ནུས་པ་མེད་པ་ཉིད་ཡིན་པའི་ལྟར་ས་བོན་ནི་མ་ཡིན་ཏེ། ས་བོན་ནི་ལྷན་ཅིག ་བྱེད་པའི་རྐྱེན་ཉེ་ན་ནུས་པ་ཡིན་ནོ་ཞེས་བྱ་བ་ཡིན་པ་དེ་ལྟ་ན་ནི་ནུས་བ་རྗེས་སུ་དཔོག་པར་འགྱུར་བ་ཉིད་དོ། །དེ་ཙམ་གྱིས་འབྲས་བུ་སྐྱེད་པར་རུང་བ་སྐྱེ་བའི་ཡུལ་རུང་བ་ཉིད་ནི་འདི་ཁོ་ནར་ཡིན་གྱི་གཞན་དུ་ན་མི་ཡིན་ནོ་ཞེས་དེ་འདྲ་བར་རྗེས་སུ་དཔོག་པར་འགྱུར་བ་ནི་མ་ཡིན་ནོ།། ་དེ་ཉིད་ཀྱི་ཕྱིར་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་ཡང་ལྷག་མ་དོད་ལྡན་པས་རྗེས་སུ་དཔོག་པ་འདི་མ་ངེས་པར་འགྱུར་རོ། །འདིར་རུང་བ་ཉིད་བསྒྲུབ་པར་བྱ་བ་ལ་རུང་བ་མ་ཡིན་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱིར་ཡིན་ནོ། །གལ་ཏེ་མ་ཚོགས་པ་འགའ་གང་རུང་བ་མ ་ཡིན་པ་ལ་འཇུག་པར་མ་མཐོང་བ་དེ་ལྟ་ན་ཡང། གང་གི་ཕྱིར་དེ་དངོས་སུ་ནུས་པ་མ་ཡིན་ལ། འབྲས་བུ་དེ་ཙམ་གྱི་རིགས་དང་འབྲེལ་བ་ཡང་མ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པ་ལ་ལྷག་མ་དང་ལྡན་པ་ཡིན་ནོ། །དཔེར་བརྗོད་པ་བསྙད་པ་ནི་ལུས་དང་དབང་པོ་དང་བློ་དེ་དག་ལས ་འདོད་ཆགས་པ་སོགས་པ་རྗེས་སུ་དཔོག་པ་ནི་ལྷག་མ་དང་ལྡན་པར་བལྟ་སྟེ། གང་གི་ཕྱིར་བདག་དང་བདག་གིར་མངོན་པར་ཞེན་པ་རྒྱུ་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། བཤད་པ། ད་དང་དའི་ཞེས་མ་མཐོང་བ་ལས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །ཡང་ཅིའི ་ཕྱིར་དར་འཛིན་པ་མེད་པར་དེ་དག་མི་འགྱུར་ཤེ་ན། ཚུལ་བཞིན་མ་ཡིན་པར་ཞེས་སྨོས་སོ། །ཚུལ་ནི་དོན་གྱི་དེ་ཁོ་ནའོ། །ཚུལ་དང་ཚུལ་ཅི་ལྟ་བ་བཞིན་ཡིད་ལ་བྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དོན་གྱི་དེ་ཁོ་ན་ལ་དམིགས་པའོ། །དེ་ལས་བཟློག་པ་ནི་ཚུལ་བཞིན ་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ། །དེ་ནི་རྣམ་པ་བཞི་སྟེ། མི་བསྟེན་པ་ལ་བརྟེན་པའི་རྣམ་པ་དང། སྡུག་བསྔལ་བ་ལ་བདེ་པའི་རྣམ་པ་དང། བདག་མེད་པ་ལ་བདག་གི་རྣམ་པ་དང། མིག་ཅིང་པ་ལ་གཙང་བར་འཛིན་པའོ། །དེ་ལྟ་བུ་དག་མེད་པར་ནི་ཉེས་པ་རྣམས ་མི་སྐྱེའོ། །བརྟན་པར་ཕྱིན་ཅི་ལོག་པ་དང། གཅིང་བར་ཕྱིན་ཅི་ལོག་པ་དག་ནི་ཐམས་ཅད་ལ་རྗེས་སུ་འབྲེལ་ཏེ། བདག་ཏུ་ཕྱིན་ཅི་ལོག་པ་ཡང་བརྟན་པ་ཙམ་གྱིས་གནས་པ་ནི་ཐམས་ཅད་ལ་ཡོད་པ་ཉིད་དེ། ཐོས་པས་བསྐྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ ་འདྲ་བའི་ཚུ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པར་ཉེས་པ་རྣམས་མི་སྐྱེ་བའི་ཕྱིར་དང་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་ལ་ལུས་དང་དབང་པོ་ནི་རེ་ཞིག་རྒྱུ་མ་ཡིན་ནོ། །བློ་ནི་རེས་འགའ་ཡིན་ནོ། །དེའི་ཕྱིར་འདི་དག་མ་རྒྱུའི་དངོས་པོ་ཡོད་པ་མ་ཡིན་ནོ།། ་རྣམ་པ་འགའ་ཞིག་ལྟར་རྒྱུ་ཉིད་ཡིན་ཡང་ངོ། །ལུས་རྒྱས་པ་དང་ལང་ཚོའི་སྐབས་ཐོབ་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སད་པའི་རྒྱུ་ཡིན་ཞིང། བརྒྱུད་ནས་འདོད་ཆགས་ཀྱི་རྒྱུར་ཡང་འགྱུར་རོ། །དེ་བཞིན་དུ་དབང་པོ་རྟས་པ་དག་ཀྱང་སད་པའི་རྒྱུ ་ཡིན་ནོ་ཞེས་བྱ་བ་ཅི་ལྟ་བར་ནི་རྣམ་འགྲེལ་གྱི་རྗེས་སུ་འབྲང་བར་བྱའོ། །ལུས་དང་དབང་པོ་དག་དངོས་སུ་རྒྱུ་མ་ཡིན་ནོ་ཞེས་ནི་ངེས་པ་དེའི་ཕྱིར་བརྒྱུད་པས་རྒྱུ་ཉིད་ཡིན་ཡང། བདག་དང་བདག་གིར་མངོན་པར་ཞེན་པ་དང་བྲལ་བ་འབའ་ཞིག་པ་རྣམས ་ནུས་པ་མེད་དོ། །དེས་ན་མི་མཐུན་པའི་ཕྱོགས་འདོད་ཆགས་དང་བྲལ་བ་ལ་འཇུག་པ་མ་མཐོང་དུ་ཟིན་ཀྱང་རྗེས་སུ་དཔག་པའི་རྟགས་འདི་ལྷག་མ་དང་ལྡན་པ་ཡིན་ནོ། །ལྷག་མ་དང་ལྡན་པའི་རང་གི་ངོ་བོ་བཤད་པ་ནི། འཁྲུལ་བ་ཡིན་ནོ། །མི་མཐུན་པའི ་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་མི་ངེས་པའི་ཕྱིར་འཁྲུལ་པ་ཡིན་ནོ། །ངེས་ན་ལུས་དང་དབང་པོ་དང་བློ་དག་ལ་རུང་བ་ཉིད་ངེས་པ་མ་ཡིན་ཏེ། བལྟོས་པར་བྱ་བ་ཉེ་བར་ལེན་པར་གྱུར་པའི་རྒྱུ་གཞན་ཡོད་པའི་ཕྱིར་རོ། །དེས་ན་དེ་དག་ལས་སྲིད ་པར་རྗེས་སུ་དཔོག་པ་མ་ཡིན་ནོ། །འོ་ན་རྒྱུར་མ་གྱུར་ཅིང་འབྲས་བུར་ཡང་མ་གྱུར་པ་དང། གཞན་ཞེས་བྱ་བ་རང་བཞིན་མ་ཡིན་པ་ཁྱད་པར་ཅན་གྱི་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དཔེར་ན་མུན་ཁུང་ན་ཨ་མྲ་དང་མ་དུ་ལུ་དགའ་ཨི ་རོ་མྱངས་པ་ལས་དེ་དང་ལྷན་ཅིག་པའི་གཟུགས་ཀྱི་ཁྱད་པར་རྟོགས་པ་དང། མེའི་དྲི་མ་ནམས་པས་དེ་དང་ལྷན་ཅིག་རྒྱུ་བའི་གཟུགས་རྟོགས་པ་དེ་ཅི་ལྟར་རྗེས་སུ་དཔག་པའི་ནང་དུ་འདུ། ཚད་མ་མ་ཡིན་པ་ཡང་མ་ཡིན་པ་དེའི་ཕྱིར་རྟགས་གཞན་དུ་ཐལ་ལོ ་ཞེ་ན། བཤད་པ། དེ་ཡང་དེ་ལ་སོགས་པ་དང་ལྷན་ཅིག་ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་ལ་སོགས་པ་རོལ་སོགས་པའི་གོ་བར་བྱེད་པས་རྟོགས་པ་ནི། རྒྱུ་ཆོས་རྗེས་སུ་དཔག་པས་ཞེས་བྱ་བ་ནི་རྟོགས་པ་དེ་ནི་རྒྱུའི་ཆོས་རྗེས་སུ་དཔག་པར ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་དུ་བས་མེ་ལ་སོགས་པའི་ཚོགས་པ་རྗེས་སུ་དཔགས་པས། ཐལ་བ་དང་སོལ་པ་ལ་སོགས་པ་བུད་ཤིང་གི་འགྱུར་བ་རྗེས་སུ་དཔག་པ་དེ་དང་འདྲའོ།། གལ་ཏེ་འདི་རྒྱུ་ལས་གཞན་པའི་འབྲས་བུ་དཔོག་བ་ཡིན་གྱི ་རྒྱུའི་ཆོས་རྗེས་སུ་དཔོག་བ་ནི་མ་ཡིན་ནོ་ཞེ་ན། རྒྱུ་ལས་གཞན་པའི་འབྲས་བུ་རྗེས་སུ་དཔོག་པ་དེར་ཡང་རྒྱུ་དེ་ལྟ་བུ་ཁོ་ན་ཞེས་བྱ་བ་གང་རྗེས་སུ་དཔགས་ན་འབྲས་བུ་གཞན་ཡང་རྗེས་སུ་དཔག་པར་འགྱུར་བ་གཟུགས་སྐྱེད་པའི་ནུས་པ་རྗེས་སུ་དཔོག་པ་ཡིན ་གྱི། རྒྱུ་རྗེས་སུ་དཔག་པ་ལས་ཐ་དད་པའི་རྟོགས་པས་འབྲས་བུ་གཞན་རྗེས་སུ་དཔོག་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། འདི་ལྟར་དོའི་རྒྱུ་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ནུས་པ་ཞུགས་པའི་ལྷན་ཅིག་བྱེད་པའི་རྐྱེན་གང་ཡིན་པ་དེ་རོ་སྐྱེད་པར་བྱེད ་དོ། །དེའི་ཉེ་བར་ལེན་པའི་རྒྱུ་ནི་རང་གི་འབྲས་བུ་སྐྱེད་པར་ནུས་པའི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ལ་ལྷན་ཅིག་བྱེད་པ་ཉིད་དུ་བལྟོས་པ་ཡིན་ནོ། །བུད་ཤིང་གི་འགྱུར་བ་ནི་ཐལ་བ་དང། དུ་བ་དང་སོལ་བ་ཞེས་བྱའོ། །དེའི་ཉེ་བར་ལེན་པ་ནི་བུད་ཤིང་ཡིན་ལ། དེའི་ཕྱིར་ལྷན ་ཅིག་བྱེད་པ་ནི་མེ་སྟེ། དེ་ཅི་ལྟར་དུ་བ་སྐྱེད་པ་དེ་དང་འདྲའོ། །གཅིག་ལ་དུ་མ་སྐྱེ་བར་དེས་པ་འདི་ག་ལས་ཤེ་ན། བཤད་པ། རོའི་རང་གི་རྒྱུ་གང་ཡིན་པ་དེ་འབྲས་བུ་བསྐྱེད་པར་བྱ་བ་ལ་རྗེས་སུ་མཐུན་པ་མེད་ན་དེའི་ཉེ་བར་ལེན་པ་རང་གི་འབྲས་བུ་ལ་མངོན་དུ་ཕྱོགས ་པ་དེ་ཉིད་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་རྣམས་ཀྱིས་འཇུག་པའི་རྒྱུ་ཡིན་ནོ། །འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་མཚན་ཉིད་རོའི་ཉེ་བར་ལེན་པའི་རྒྱུའི་འཇུག་པ་དེ་ཡང་གཟུགས་ཀྱི་ཉེ་བར་ལེན་པར་རྒྱུ་འཇུག་པའི་ལྷན་ཅིག་བྱེད་ལ་གང་ལ་ཡོད་པའི་རོའི་ཉེ་བར ་ལེན་པ་འཇུག་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གཟུགས་ཀྱི་ཉེ་བར་ལེན་པ་འཇུག་པའི་ལྷན་ཅིག་བྱེད་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེས་ན་གཟུགས་ལ་སོགས་པའི་ངེས་པར་སྐྱེ་བ་ཡིན་ནོ། །དེའི་ཕྱིར་རང་གི་འབྲས་བུ་ལ་ཕྱོགས་པའི་གཟུགས་ཀྱི་ཉེ་བར ་ལེན་པའི་རྒྱུ་ལྷན་ཅིག་བྱེད་པ་དང་ལྡན་པ་ཅི་ལྟ་བུ་ལས་བྱུང་བའི་རོས་དེ་ལྟར་བུ་ཉིད་རྗེས་སུ་དཔག་པར་བྱེད་པ་ན་གཟུགས་རྗེས་སུ་དཔག་པར་བྱེད་པ་ཡིན་གྱི། རྒྱུ་རྗེས་སུ་དཔག་པ་ལས་ལོགས་ཤིག་ཏུ་གཟུགས་རྗེས་སུ་དཔག་པ་ནི་མ་ཡིན་ནོ། །རྒྱུ་རྗེས་སུ་དཔོག ་བ་ཉིད་དེ་འདྲ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེས་ན་འདི་ནི་རྒྱུའི་ཆོས་རྗེས་སུ་དཔོག་པ་ཡིན་ནོ་ཞེས་གནས་སོ། །འོ་ན་ནི་རོ་མཐོང་བ་ལས་མ་འོངས་པའི་གཟུགས་རྟོགས་པ་ཅི་ལྟར་རྒྱུའི་ཆོས་རྗེས་སུ་དཔོགས་པ་ཡིན་ཞེ་ན། བཤད་ཕ?་རོལ་སོགས་པ ་ལས་གཟུགས་ལ་སོགས་པ་རྗེས་སུ་དཔོག་པ་དེ་ལ་ཡང་འདས་པ་རྣམས་དང། དུས་གཅིག་པ་རྣམས་རྟོགས་ཀྱི་མ་འོངས་བ་རྣམས་ནི་མ་ཡིན་ནོ། །རོ་ལ་སོགས་སྣང་པ་གང་ཞིག་དངོས་སམ་བརྒྱུད་བས་གཟུགས་ཀྱི་ཉེ་བར་ལེན་པ་ལས་སྐྱེས་པར་རྟོགས ་པ་དེ་ནི་ཅི་ལྟར་རིགས་པར་ད་ལྟར་དང་འདས་པའི་གཟུགས་ལ་སོགས་པ་གོ་བར་བྱེད་པ་ཡིན་གྱི་མ་འོངས་པ་ནི་མ་ཡིན་ཏེ། ད་ལྟར་བ་མ་འདས་པ་ལ་འཁྲུལ་པའི་ཕྱིར་རོ། །མ་འོངས་པ་ནི་རྒྱུ་གཞན་དང་འབྲེལ་བས་གེགས་བྱེད་པ་དང་མཚང་བ་སྲིད་པའི་ཕྱིར་མེད་རྩུབ་མང ་འགྱུར་རོ། །ནུབ་མོ་ཉི་མ་འཆར་ངེས་པ་སྐད་ཡིན་པ་དང། རྒྱུ་སྦར?་མཐོང་བས་རྒྱུ་སྐར?་གཞན་འཆང་བར་ངེས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། ངེས་པར་བྱེད་པ་མེད་པར་དེས་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ངེས་པར་བྱེད་པ་མེད་པར་ཡང་འཆར་བ་མ་འོངས་པ་ཡིན ་པའི་ཕྱིན་དོ། །དེའི་ཕྱིར་?་སོགས་པ་ལས་གཟུགས་ལ་སོགས་པ་རྟོགས་པ་དེ་ཡང་འབྲས་བུའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ཡིན་ནོ། །དོལ་སོགས་པ་ལས་གཟུགས་ལ་སོགས་པ་རྗེས་སུ་དཔོག་པ་འབྲས་བུའི་རྟགས་ལས་སྐྱེས་པར་བརྗོད་པ་འདིས་ནི ་གྲོག་མ་འཕོ་བ་ངང?་ཉེ་འཕར་བ་དང། དེ་ལྟ་བུ་གཞན་ལས་ཆད་པ་ལ་སོགས་པ་རྗེས་སུ་དཔོག་པ་ཡང་རྒྱུའི་ཆོས་རྗེས་སུ་དཔོག་པས་འབྲས་བུའི་རྟགས་ལས་སྐྱེས་པར་བཤད་པ་ཡིན་ན། །ཅི་ལྟར་ཞེ་ན། བཤད་པ། གྲོག་མ་འཕོ་བ་ལ་སོགས་པ་ལས་ཆར་བ་རྗེས་སུ་དཔོག ་པ་དེ་ལ་ཡང་འབྱུང་བ་རྣམས་ཀྱི་གནས་སྐབས་ཀྱི་ཁྱད་པར་འགལ་ཞིག་ཁོ་ན་ཅར་པ་དང། གྲོག་མ་འཕོ་བ་དང་ཉ་འཕར་བའི་རྒྱུ་ཡིན་ནོ། །དེ་ལ་ཉ་འཕར་བ་དང་གྲོག་མ་འཁྲུག་པ་མཐོང་ནས་རྒྱུའི་ཆོས་རྗེས་སུ་དཔོག་པ་ན་འདས་པའི་ཆར་པ་རྗེས་སུ་དཔག་པ་ཡིན་ནོ།། ? ་ཕུག་ན་འདུག་པའམ་གཞན་དུ་ཡང་རུང་བར་ཆ་?་འཐོང་བ་ཁྱད་པར་ཅན་གྱི་ཉ་འཕང་བ་དང་ཕྲོག་མ་འཁྲུག་པ་མཐོང་བ་ཡིན་ན། ད་ལྟར་བ་ཡང་རྗེས་སུ་དཔོག་པར་བྱེད་དོ། །དེ་ལ་གྲོག་མ་འཕོ་བ་ནི་སྒོང་དང་བཅས་ཏེ་འགྲོ་བའོ། །ཉ་འཕང་བ་ནི་རྗོད་བུ་སྤངས་ནས་འགྲོ ་བའོ། །མ་འོངས་པ་རྣམས་ནི་འཕྲུལ་བའི་ཕྱིར་རྗེས་སུ་མི་དཔོག་གོ། གཟུགས་ལ་རེགས་པ་རྗེས་སུ་དཔོག་བ་གང་ཡིན་པ་དེ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། གཟུགས་ལ་སོགས་པ་ནི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་པའི ་ཕྱིར་རོ། །དྲོད་བྱེད་བ་ནི་གཟུགས་ལ་སོགས་པ་དང་ལྡན་པའི་ཚོགས་པ་ཉིད་ཡིན་ལ། དེ་དག་ཀྱང་འབྱུང་བ་ཆེན་པོ་བཞི་དང་ཐ་མི་དད་པར་འཇུག་པ་ཡིན་ཏེ། དེའི་ཕྱིར་གཟུགས་ལས་རེག་པ་ལྷན་ཅིག་སྤྱོད་པའི་རྒྱུ་ཉིད་རྗེས་སུ་དཔོག་པར་གྱེད་པ་ཡིན་ནོ། །རེག་པ་ལ་སོགས་པ་ལས ་གཟུགས་ལ་སོགས་པ་རྗེས་སུ་དཔོག་པ་ནི་རྒྱུའི་ཆོས་རྗེས་སུ་དཔོག་པ་ཡིན་ལ། གཟུགས་ལ་སོགས་པ་ལས་རེག་པ་རྗེས་སུ་དཔོག་པ་འདི་ནི་རྒྱུ་ཉིད་རྗེས་སུ་དཔོག་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱད་པར་རོ། །འཇིག་རྟེན་ན་མེད་ན་མི་འབྱུང་བ་བཟུང་བ་ལས་ལྐོག་ཏུ་གྱུར་པའི་རྗེས ་སུ་དཔོག་པ་ཡིན་པ་དང། གཟུགས་དང་རོ་ལ་སོགས་པ་རྣམས་ཀྱང་ཚོགས་པ་གཅིག་གི་ནང་དུ་འདུས་པའི་ཕྱིར་ཚོགས་པ་གཅིག་ལ་དག་ལས་པར་ངེས་པ་ཉིད་དོ། །འོ་ན་བ་ལང་ཡིན་པའི་ཕྱིར་གོང་བུ་འདི་ནི་རྭ་ཅན་ཡིན་ནོ་ཞེས་བྱ་བ་གང་ཡིན་པའི་རྗེས་སུ་དཔག་པ་དེའོ། །རྩིག ་ཕུག་ནས་ལྟ་བས་གོང་བུའི་ཕྱོགས་གཅིག་མཐོང་ནས། མ་མཐོང་ཐ་རྭ་ཅན་གྱི་ཕྱོགས་རྟོགས་པར་བྱེད་དོ། །བ་ལང་ཉིད་ཅེས་པ་ནི་རྭ་དང་ལྡན་པའི་ཕྱོགས་གཅིག་པོའི་འབྲས་བུ་འམ་རང་བཞིན་མ་ཡིན་ལ། མི་དམིགས་པའི་སྦྱོར་བ་ཡང་མ་ཡིན་ནོ་ཞེ་ན། བཤད་པ། དེ་ལ་ཡང ་བ་ལང་ཞེས་ཚོགས་པ་རྣམ་པར་བཞག་པ་བ་ཡང་གི་ཐ་སྙད་དེ་རུང་པ་ཉིད་གང་ཡིན་པ་དེའི་རྒྱུ་ནི་ཕྱོགས་གཅིག་ཏུ་གྱུར་པའི་ཡན་ལག་ཚོགས་པ་ཅན་ཡིན་ནོ། །ཅིའི་ཕྱིར་རྒྱུ་ཡིན་ཞེ་ན། བཤད་པ། ཡན་ལག་དེ་དག་མེད་ན་ཚོགས་བ་རྣམ་པར་བཞག་པ་མེད་པའི་ཕྱིར་རོ། །དེའི ་ཕྱིར་འབྲས་བུ་བ་ལང་ཉིད་ལས་རྒྱུ་རྭ་ཅན་ཉིད་རྗེས་སུ་དཔོག་བར་བྱེད་པ་ཡིན་ནོ། །ཅི་ལྟར་ཚོགས་པ་རྣམ་པར་བཅས་པའི་རྒྱུ་ཚོགས་པ་ཅན་ཡིན་ཞེ་ན། གང་གི་ཕྱིར་ལྐོག་ཤལ་དང་རྭ་ལ་སོགས་པ་སྨོས་པས་ནོག་དང་འཇུག་མ་དང་དམིགས་པ་ལ་སོགས་པ་དེ་དག་གི་ཚོགས ་བ་ནི་བ་ལང་ཞེས་བྱའོ། །དེའི་ཕྱིར་ཁ?་ལང་ཞེས་ཚོགས་པ་རྣམ་པར་བཞག་པ་འདི་ནི་ཚོགས་པ་ཅན་ཆ་ཤས་དག་ལ་འབྲེལ་བ་ཡིན་པས། ཚོགས་པ་ཅན་དེ་མེད་ན་མི་འབྱུང་བའི་ཕྱིར། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་འགའ་ཞིག་ལ་ཡོད་ན་རང་གི ་རྒྱུ་མཚན་ཉེ་བར་སྟོན་བར་བྱེད་དོ། །དེའི་ཕྱིར་བ་ལང་ཉིད་ལས་རྭ་ཅན་རྟོགས་པ་ཅན་གང་ཡིན་པ་དེ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །འདིར་བ་ལང་ཉིད་དུ་རྣམ་པར་བཞག་པ་ལས་མི་འཁྲུལ་བ་མཐོང་བའི་ཆ་ཕལ་ཆེ་བ་ནི་ཆོས་ཅན་ཡིན་ལ། ཚོགས ་བ་རྣམ་པར་བཞག་ཏུ་རུང་བ་ཉིད་ནི་དེའི་ཆོས་ཡིན་ནོ། །ཕྱོགས་གཅིག་པོ་རྭ་ཅན་ནི་དེའི་རྒྱུ་ཡིན་ནོ། །འདི་ལ་རྒྱུ་དང་འབྲས་བུའི་དངོས་པོ་ནི་མཚན་ཉིད་པ་ཡིན་གྱི། དངོས་པོ་པ་ནི་མ་ཡིན་ནོ། །རྭ་ལ་སོགས་པའི་ཡན་ལག་རྣམས་ལ་བ་ལང་གི་ཐ་སྙད་འཇུག་པའི་ཕྱིར་བ་ལང ་གི་ཐ་སྙད་དུ་རུང་བ་ཉིད་ནི་རྭ་ལ་སོགས་པ་རྒྱུ་མཚན་ཅན་ཡིན་ནོ། །མཐོང་བའི་ཆོས་ཅན་དང་བསྒྲུབ་བྱ་རྭ་ནི་ཚོགས་པ་གཅིག་ལ་དག་ལས་པའི་ཕྱིར་འབྲེལ་བ་ཡིན་ནོ། །དེ་ལ་གང་གི་སྣང་བའི་ཆ་ཤས་རྣམས་ལ་བ་ལང་གི་ཐ་སྙད་དུ་རུང་བ་ཉིད་སྒྲུབ་ན་ནི་དེའི་ཚེ་རང་བཞིན ་གྱི་གཏན་ཚིགས་ཡིན་ལ། གང་གི་ཚེ་བ་ལང་གི་ཐ་སྙད་དུ་རུང་བ་ཉིད་ལ་མི་འཁྲུལ་བའི་ཆ་ཤས་མཐོང་ནས། མ་མཐོང་བའི་ཆ་ཤས་རྭ་ལ་སོགས་པ་གཞན་རྗེས་སུ་རྟོགས་པར་བྱེད་པ་དེའི་ཚེ་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ། །འོན་ཏེ་ཅི་ལྟར་གཟུགས་མཐོང་བ ་ལས་རེག་པ་རྗེས་སུ་དཔོག་པ་དོན་དམ་པ་ཡིན་པ་དེ་བཞིན་དུ་བ་ལང་གི་ཐ་སྙད་དུ་རུང་བའི་ཕྱོགས་གཅིག་མཐོང་བ་ལ་ཚོགས་པ་གཅིག་ལ་རག་ལས་པའི་ཡན་ལག་གཞན་ཅིའི་ཕྱིར་རྗེས་སུ་དཔོག་པར་མི་བྱེད། འོན་ཏེ་ཡན་ལག་དེ་རྭ་དང་བྲལ་བ་ཡང་སྲིད་པས ་རྗེས་སུ་མི་དཔོག་ན། འོ་ན་ནི་བ་ཡང་ཉིད་ལས་ཀྱང་རྗེས་སུ་དཔག་པར་མི་འགྱུར་རོ། །དེ་སྟེ་རྭ་མེད་ཀྱང་རྭ་དེ་སྐྱེད་པར་རུང་བ་མི་འཁྲུལ་བ་ནི་ཡན་ལག་ཐམས་ཅད་ལ་ཡོད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཡན་ལག་གཞན་མཐོང་བ་ལས་ཀྱང་རྭ་རྗེས་སུ་དཔག ་པར་རིག་པ་ཉིད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན་འདི་ལྟ་བུའི་རིགས་ཅན་དོན་དམ་པའི་རྗེས་སུ་དཔག་པ་ནི་གཟུགས་ལ་སོགས་པ་ཉེ་བར་བཀོད་པ་ཉིད་ཀྱིས་ཉེ་བར་བཀོད་པ་ཡིན་པ་ཡིན་ནོ། །ཐ་སྙད་དུ་རུང་བ་ཉིད་ལས་རྒྱུ་རྗེས་སུ་དཔོག་པ་ནི་དངོས་པོ་མ་ཡིན་པས་ལོགས་ཤིག་ཏུ ་ཉེ་བར་བཀོད་པ་ཡིན་ཏེ། ཕྱོགས་འདི་ལྟ་བུའི་ཡང་རྗེས་སུ་འབྲང་བར་བྱའོ་ཞེས་དེ་ལྟར་བསྟན་པའི་དོན་དུའོ། །འཁྲུལ་བ་མེད་པར་ངེས་པ་གཞན་ཡང་ཅི་སྐད་བརྗོད་པའི་རྗེས་སུ་དཔག་པ་ཉིད་ཀྱི་ནང་དུ་འདུས་པར་བསྟན་པའི་ཕྱིར་བཤད་པ། ཆུའི་བདག་ཉིད་དེ་འདྲ་བ ་གཡོ་བ་མེད་པ་ནི་གཞི་ལས་མངོན་པར་གྲུབ་པ་ཡིན་པའི་ཕྱིར་ཆུ་དེ་ནི་གཞི་དེའི་འབྲས་བུ་ཡིན་ནོ། །གང་གི་ཕྱིར་དེ་དག་ཡིན་པ་དེའི་ཕྱིར་ཆུ?་བརྟན་པ་མི་གཡོ་བ་མཐོང་ནས་དེའི་གཏིང་མོ་མཐོང་ཡང་གཞི་ཡོད་པར་རྗེས་སུ་དཔོག་པར་བྱེད་པ་གང་ཡིན་པ་དེ་ཡང་འབྲས་བུའི ་རྟོགས་ལས་སྲིད་པ་ཉིད་དོ། །གལ་ཏེ་རྒྱུ་གཞན་དང་འབྲེལ་བར་རྒྱུན་འཇུག་པའི་ཆུའི་རྒྱུན་གཞིན་མ་ཡིན་ནོ་ཞེ་ན། རྒྱུན་འབྲེལ་པར་འབྱུང་བའི་རྒྱུ་ནི་གཞི་མ་ཡིན་ནོ། །འོན་ཀྱང་རྒྱུན་གྱི་རང་བཞིན་ཁྱད་པར་ཅན་གྱི་རྒྱུ་ཡིན་ནོ། །བདག་ཉིད་དེ་འདྲ་བ་མི་གཡོ་བ་ནི་གཞི་དེ ་ལས་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཞི་དེ་ལས་ཕན་པ་ཉམས་སུ་མྱོང་བ་མེད་པར་ནི་དེ་ལས་གནས་སྐབས་ཀྱི་ཁྱད་པར་གཡོ་བ་མེད་པ་ཞེས་བྱ་བ་དེ་འདྲ་བ་ཐོབ་པ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་གྱུར་པའི་ཕན་པ་ཐོབ་པས་ཆུ་དེ་དེ་ལས ་གྲུབ་པ་ཡིན་ནོ། །ཕན་པ་ཆུ་ལས་གཞན་ཉིད་ཡིན་པར་ཁས་ལེན་པ་ལ་བརྗོད་པར་བྱ་བ་གང་ཡིན་པ། དེ་ནི་བཤད་ཟིན་ཏེ། དེའི་འབྲེལ་བ་མི་འགྲུབ་པ་དང། འབྲེལ་བ་གཞན་ཁས་ལེན་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་གཡོ་བ་མེད་པའི ་གནས་སྐབས་ཕན་འདོགས་པར་བྱེད་པ་ཉིད་ལས་སྐྱེས་པའི་ཕྱིར་གཞི་ཡིན་གྱི། གཞི་ཡིན་པ་ཞེས་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་གཞི་དེ་ལས་བདག་ཉིད་ཀྱི་ཁྱད་པར་སྐྱེས་པའི་ཕྱིར་ཆུ་དེ་ལྟར་ཞེས་བྱ་བ་མི་གཡོ་བར་གནས་པ་ནི་མ་ཡིན་ནོ། །འོན་ཀྱང་གཞི་དེ་དང་ལྡན ་པ་ལས་ཡིན་ནོ། །ལྡན་པ་ཞེས་བྱ་བ་གང་ལས་ཆུ་མིག་ལོ་བར་གྱུར་པ་འབྲེལ་པར་བྱེད་པའི་བདག་ཉིད་ཅན་གྱི་ཡོན་ཏན་གཉིས་ལ་གནས་པ་བསྐྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྷན་ཅི་ལྟར་ལྷན་པ་དེ་ཆུ་དང་གཞི་དེ་དག་གི་འབྲེལ་བ་ཡིན་པར་འགྱུར། ཅི་ལྡན་པ་དེ་དེ་ད་ ་ལས་སྐྱེས་པའི་ཕྱིར་ཡིན་ནམ། འོན་ཏེ་དེ་དག་གི་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་ཡིན་གུང། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དེ་ལས་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་དེ་དག་གི་འབྲེལ་བ་ཡིན་ན་ལྡན་པ་དེ་ཅི་ལྟར་གཞི་ལ་མི་བལྟོས་པར་ཆུ་གཅིག་ཉིད་ལ ་འཕྲོད་པ་འདུ་བ་མ་ཡིན་ཅི་སྟེ་སྐྱེས་པའི་ཕྱིར་ཡིན་ན། དེ་ལྟ་ན་ཡང་གང་གིས་ནས་མཁའ་ནས་བསྐྱུར་ཡང་མི་གཡོ་བར་གནས་པར་འགྱུར་བ་གཅིག་ཉིད་ཀྱིས་ཅི་སྟེ་མི་སྤྱེད། ཆུ་འབའ་ཞིག་པ་དེ་ལ་ལྡན་པ་སྐྱེད་པའམ། འདུ་བའི་ནུས་པ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན ་སྐྱེ་བའམ་འདུ་བ་དེ་ལ་སོ་སོར་ནུས་པ་མེད་བ་ཆུ་ལ་སོགས་པ་དེ་ནི་ཚོགས་ཀྱང་ནུས་པ་མེད་པར་མཐོང་བཅི་འདྲ་བ་དེ་འདྲ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་ལྡན་པས་ལྡན་པ་དེ་དང་ལྡན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཕན་འདོགས་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར ་གང་དང་ཆུ་ལྷན་ཅིག་པར་གྱུར་བ་དེ་ནི་དེ་ལ་ཕན་འདོགས་བར་བྱེད་པ་ཁོ་ན་སྟེ། དེའི་ཕྱིར་དེ་ཡོད་ཀྱང་ལྡན་པ་དང་བཅས་པར་མི་འགྱུར་རོ། །གལ་ཏེ་ལྷན་ཅིག་བ་ལ་ནི་གྲོགས་ངེས་ཕན་བཏགས་པའི་ཕྱིར་ནུས་པར་འདོད་པ་དེས་ན་ཅི་ལྟར་ཕན་འདོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད ་ཅེ་ན། བཤད་པ། ཆུ་དང་གཞི་ལ་སོགས་བ་སྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་བ་མ་ཡིན་པ་རྣམས་ལ་གང་ལས་ཕན་བཏགས་པའི་ཕྱིར་ནུས་པར་འགྱུར་བའི་ཕན་པ་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་ཡིན་བའི་རང་གི་ངོ་བོ་ཉིད་ནི་ཕན་པ་མ་ཡིན་ཏེ། རང ་གི་ངོ་བོ་ནི་གྲུབ་ཟིན་པས་བྱ་བ་མ་ཡིན་པའི་ཕྱིར་རོ་གཞན་གྱི་རང་བཞིན་གྱི་བདག་ཉིད་ཅན་ཡང་མ་ཡིན་ཏེ། གཞན་གྱི་ངོ་བོ་བྱེད་པ་ཡིན་ན་ཡང་ཕན་གདགས་པར་བྱ་བའི་དངོས་པོ་དེ་ལ་ཕན་བཏགས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕན་པ་གཞན་དང་གཞན་མ་ཡིན་པ་དེ ་ལྷན་ཡང་ཉེ་བ་ཉིད་ཕན་པ་ཡིན་ནོ་ཞེ་ན། གཉི་ག་ལྟར་ཞེས་སྨོས་སོ། །གཞན་དང་གཞན་མ་ཡིན་པ་བྱེད་པ་པོ་མ་ཡིན་པ་ནི་ཅུང་ཟད་བྱང་མི་བྱེད་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར། ཕན་པ་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ནི་སྒྲའི་ཕན་པ་བསམ་པར ་མང?་དུ་བཤད་ཟིན་ཏོ། །གང་གི་ཕྱིར་གྲུབ་པའི་རང་བཞིན་རྣམས་ལ་ཕན་པ་འགའ་ཡང་མེད་པ་དེའི་ཕྱིར་དངོས་པོའི་འབྲེལ་བ་དོན་དམ་པའི་འབྲེལ་བ། དཔེར་ན་གཞི་དང་འབྲེལ་བ་ལས་ཆུ་གནས་པར་འགྱུར་བ་ལྟར་གང་ལ་བརྟན་ནས་དོན་བྱེད་པའི་ཁྱད་པར་ཉེ་བར་གནས་པར་འགྱུར ་བ་ཐམས་ཅད་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ལས་རྣམ་བར་གཞག་པ་ཡིན་ནོ། །འོ་ན་ཅི་ལྟར་རྟེན་དང་བརྟེན་པའི་དངོས་ཕོ་དང། གསལ་བྱ་གསལ་བྱད་ཀྱི་དངོས་མོ་དང། རྒྱུ་དང་འབྲས་བུའི་དངོས་པོ་ཞེས་ཁྱད་པར་གྱི་ཐ་སྙད་དུ་འགྱུར་ཞེ་ན། བཤད་པ། སྐྱེད་པར་བྱེད་པའི་བྱ། ་བའི་ཁྱད་པར་གྱི་རྣམ་པར་དབྱེ་བ་སྟེ། ཐ་དད་པས་གསལ་བྱ་གསལ་བྱེད་ལ་སོགས་ལ་རྣམ་པར་བཞག་གོ། དེས་ན་གཞིའི་དངོས་པོ་འདི་ཡང་འཁར་གཞོང་གི་རྒྱ་ཤུག་དང་ས་གཞིའི་ཆུ་ལ་སོགས་པ་སྐྱེད་པར་བྱེད་བའི་ནུས་པ་ཉིད་དོ། །གང་གི་ཕྱིར་སྐྱེད་བར་བྱེད་པའི་ནུས་པ ་ཉིད་གཞིའི་དངོས་པོ་ཡིན་པ་དེའི་ཕྱིར་འཁར་གཞོང་དང། རྒྱ་ཤུག་ལ་སོགས་པ་འདི་དག་ལ་དེའི་བདག་ཉིད་དེ། རྟེན་དང་བརྟེན་པའི་བདག་ཉིད་ཀྱི་ཐ་སྙད་དང། བློ་དང་དོན་བྱེད་པ་ནི་བསྐྱེད་བར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཉིད་ཀྱིས་བྱས་པ་ཡིན་ཏེ། ལྡན་པ་མེད་པའི ་ཕྱིར་དམ། ལྡན་པ་ཡོད་ཀྱང་དེ་དག་བསྐྱད་བྱ་སྐྱེད་བྱེད་ཀྱི་དངོས་བོད་མེད་ན་མི་འབྱུང་བ་ཅན་ཡིན་པའི་ཕྱིར། དེ་དག་ནི་བསྐྱེད་བྱ་སྐྱེད་བྱེད་གྱི་དངོས་པོས་བྱས་པ་ཉིད་དོ། །གཞན་ཡང་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ལས་ནི་ཕན་པ། དེ་ལས་ནི་ལྡན་པ། དེ་ལས་རྟེན་དང ་བརྟེན་བའི་དངོས་པོ་ཡིད་པའི་ཕྱིར། བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཉིད་བརྒྱུད་པས་རྟེན་དང་བརྟེན་བའི་དངོས་པོར་བརྟགས་པར་ཡིན་ན། བརྒྱུད་པ་རྟོག་པ་དོན་མེད་པའི་ཕྱིར་ཡང་ཐ་སྣད་ལ་སོགས་པ་ནི་བསྱཀེད་བྱ་སྐྱེད་བྱེད་ཀྱིས་དངོས་པོས་བྱས་པ་ཉིད་དོ། །ཡང་ལན ་སྨས་པ་ནི། གྲུབ་ཟིན་པ་གནས་པར་བྱེད་པའི་ཕྱིར། གཞི་ཡིན་གྱི། ག་གྲུབ་བ་སྐྱེད་པར་བྱེད་བའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་གནས་བར་བྱེད་བའི་ཕྱིར་གནས་བར་བྱེད་པ་ཡིན་ན་གནས་པ་གཞན་དང་གཞན་མ་ཡིན་པ་མི་འཐད་བ་ནི་ཕན་པ་མི་འཐད་པ་ལས ་བཤད་པ་ཡིན་ནོ། །ལྟུང་བ་འགྲོ་བའི་གེགས་བྱེད་པའི་ཕྱིར་གནས་པར་བྱེད་པ་ཡིན་གྱི། གནས་པ་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གེགས་ཀྱང་དངོས་པོ་མ་ཡིན་པའི་ཕྱིན། དེ་ཉིད་དམ་གཞན་དུ་བརྟག་པར་བྱང་མ་ཡིན་ནོ་ཞེ་ན་གང་གི་བྱེད་པ་པོ ་སྐྱེད་པར་བྱེད་པར་མི་འགྱུར་བ་གེགས་ཞེས་བྱ་བ་ཅི་ཞིག་ཡིན། མེད་པ་ནི་དངོས་པོས་བྱས་པ་མ་ཡིན་ནོ། །གེགས་ནི་བྱ་བ་ཡིན་པའི་ཕྱིར་དངོས་པོ་ཡིན་ལ། དེ་བྱེད་པ་ཡང་ལྟུང་པའི་སྐྱེད་པར་བྱེད་པ་ཉིད་དོ། །གང་གི་ཕྱིར་གནས་པར་བྱེད་པ་པོས་ལྟུང་བ་དེའི ་ལྟུང་བའི་གེགས་བྱས་པ་གལ?་ཡིན་པ་དེ་ནི་ལྟུང་བདེ་ལས་གཞན་མ་ཡིན་པ་ཉིད་བྱས་པ་ཡིན་ནོ། །གང་གི་ཕྱིར་གཞན་ཉིད་ཡིན་ན་ནི་ལྟུང་བའི་གེགས་ཞེས་བྱ་བའི་དངོས་པོ་དེ་ཉིད་ལ་གནས་པར་བྱེད་པ་པོ་ཉེ་བར་སྦྱོར་པ་ཡིན་པ་དེའི་ཕྱིར། འགས་ཀྱང་? ་ལྟུང་བའི་གེགས་མ་བྱས་པར་འགྱུར་ཏེ། འགྲོ་བའི་ཆོས་ཀྱི་རང་བཞིན་འགྱུར་པ་མེད་པའི་ཕྱིར་རོ། །གནས་པར་བྱེད་བ་པོས་བྱས་པའི་གེགས་དེ་ལས་མི་ལྟུང་བར་ཁས་ལེན་པ་ལ་ཡང་བརྒལ་ཞིང་བརྟག་པར་མཚུངས་སོ། །ཅི་འདྲ་བ་ཞིག་ཅེ་ན། བྱས་སུ་ཟིན ་ཀྱང་གང་གི་ཕྱིར་འགྲོ་བའི་ཆོས་ཅན་དེའི་བདག་ཉིད་དུ་གྱུར་པའི་ཁྱད་པར་ཉམས་པ་དང་སྐྱེས་པ་མེད་པ་དེའི་ཕྱིར་དེ་གོ་ཅིག་སྟེ་མ་ལྟུང་ཞེས་བྱ་བ་འདི་འབྲ་བའི་རྒལ་ཞིང་བརྟག་པའོ། །རང་ཞིན་གང་གྲིས་སྔར་ལྟུང་བར་འགྱུར་བ་དེ་ཉིད་ལྟར་ཡང་ཡིན་པའི ་ཕྱིར་ཅིའི་ཕྱིར་མི་ལྟུང། འོན་ཏེ་གེགས་ཞེས་བྱ་བའི་དངོས་པོ་ལས་ལྟུང་བའི་དངོས་པོ་ལ་ཁྱད་པར་གྲུབ་པོ་ཞེ་ན། དེ་ལྟ་ན་འོ་ན་གེགས་འབའ་ཞིག་ཏུ་མ་ཟད་དེ། ཁྱད་པར་དེ་ཡང་བདག་ཉིད་གཞན་ཡིན་པའི་ཕྱིར་དངོས་པོ་ནི་ལྟུང་བ་ལྡོག་པ་མེད་པ་དེའི་བདག ་ཉིད་ཁོ་ན་ཡིན་ནོ། །ཁྱད་པར་ཐ་དད་པར་བྱས་ཀྱང་ལྟུང་བའི་ཆོས་ཀྱི་བདག་ཉིད་དེ་གནས་སྐབས་དེ་ཉིད་ཡིན་པའི་ཕྱིར་ལྟུང་བར་འགྱུར་རོ། །འོན་ཏེ་གེགས་ཀྱིས་བྱས་པའི་ཁྱད་པར་གྱིས་ཀྱང་ཁྱད་པར་གཞན་བྱེད་ན་དེ་ལྟ་ན་ཡང་ཐུག་པ་མེད་པར་འགྱུར་རོ། །འོ ་ན་ལྟུང་བའི་ཆོས་ཅན་གྱི་བདག་ཉིད་དུ་གྱུར་པའི་གེགས་བྱེད་དོ་ཞེ་ན། བཤད་པ། གཞན་དག་མི་ལྟུང་བའི་ཆོས་དེ་ལྟ་བུར་གྱུར་པའི་བདག་ཉིད་བྱས་པ་ལ་ནི་གེགས་སུ་ཁས་མི་ལེན་ཏེ། མི་ལྟུང་བ་བྱེད་ན་སྒྱེད་བྱེད་ན་སྐྱེད་བྱེད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ལྟུང་བ་ལོག་པ་གེགས ་ཡིན་ན། དེ་ནི་འགའ་ཞིག་གིས་བྱེད་པར་ནུས་པ་མ་ཡིན་ནོ། །དེས་ན་མེད་པ་བྱེད་པའི་དག་གིས་ཀྱང་དངོས་པོའི་བྱེད་པ་མ་ཡིན་པ་བརྗོད་པར་འགྱུར་རོ། །གང་གི་ཕྱིར་མེད་པ་ཞེས་བྱ་བ་འགའ་ཞིག་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ལྟུང་བ་མེད་པ་བྱེད་དོ་ཞེས་བྱ་བའི ་དག་འདི་དངོས་པོའི་བྱེད་པ་འགོག་པའི་དོན་ཉིད་དུ་འགྱུར་རོ། །ཅི་ལྟར་མེད་པའི་དངོས་པོའི་བྱ་བ་མ་ཡིན་ཞེ་ན། དེ་རྣམ་པ་འགའ་ཞིས་ལྟར་ཞེས་བྱ་བ་སྨོས་ཏེ། །ཐ་དད་པ་འམ་ཐ་དད་པ་མ་ཡིན་པར་བྱ་བ་ཡིན་ན་དངོས་པོ་མེད་པ་ཡོད་པ་མ་ཡིན་པར་མི་འཐའ ་པའི་ཕྱིར་རོ། །བྱེད་པ་ནི་ཡོད་པས་ཁྱབ་པ་ཡིན་ལ་དངོས་པོ་མེད་པ་ལ་ཡང་བྱེད་པ་ཡོད་དོ། དེས་ན་དངོས་པོ་ཉིད་དོ། །དངོས་པོ་ཡང་དེ་ཉིད་ཀྱི་ངོ་བོ་བྱེད་པ་ཡིན་ནོ། །གཞན་ཉིད་ཡིན་ན་ནི་ལྟུང་བའམ་ཐུག་པ་མེད་བར་འགྱུར་རོ་ཞེས་སྔ་མ་བཞིན་དུ་ཐལ་བའི་ཕྱིར་ཡོད?་དངོས ་པོ་མེད་པ་ཞེས་བྱ་བ་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །དངོས་པོའི་བྱ་བ་བཀག་པ་དེ་ནི་དངོས་པོ་མི་བྱེད་ངོ་ཞེས་བྱ་བའི་དོན་བརྗོད་པར་འགྱུར་རོ། །དེས་ན་གནས་པར་བྱེད་པའི་རྒྱུ་དེ་ལྟུང་བར་བྱེད་པ་མ་ཡིན་ཏེ། ལྟུང་བ་ལ་ནུས་པ་ཡོད་པ་མ་ཡིན་ནོ། །ཞེས་དེ་ལྟར་གསལ ་བར་བརྗོད་པར་བྱ་བར་འགྱུར་ལ་ང་ཡང་འདོད་པ་ཉིད་དོ། །གང་གི་ཕྱིར་ལྟུང་བ་དེའི་ལྟུང་བ་གནས་པར་བྱེད་པ་ངེས་བྱས་པ་ནི་མ་ཡིན་ཏེ། ལྟུང་བའི་ཆོས་ཅན་ཡིན་པས་རང་བཞིན་ལྟུང་བའི་ཕྱིར་ཏེ། དཔེར་ན་གནམ་དུ་འཕངས་པའི་བོད་བ་དཔུང་ཤུགས་ཀྱི་དབང་གིས་སྟེང ་དུ་སོང་ཡང་རང་གི་ངོ་བོ་ཉིད་ཀྱིས་ལྟུང་བ་བཞིན་ནོ། །དེ་ལྟ་ཡིན་དད་གནས་བར་བྱེད་པར་མངོན་པར་འདོད་པའི་དངོས་པོ་ཅུང་ཟད་མི་བྱེད་པ་དེ་ཅི་ལྟར་རྒྱ་ཤུག་ལ་སོགས་ལ་དེའི་གནས་པར་བྱེད་པ་ཡིན་གང་གི་ཕྱིར་གནས་པར་བྱེད་པ་མེད་པ་དེའི་ཕྱིར་གནས་པར་བྱེད་པ་མེད་པ་དེའི་ཕྱིར་རྒྱ་ཤུག་ལ། ་སོགས་པ་འདི་དངོས་པོ་གཞན་གང་གིས་ཀྱང་ལྟུང་བའི་གེགས་བྱས་པ་མེད་པ་དེའི་ཕྱིར་ནམ་ཡང་གནས་པར་མི་འགྱུར་ཏེ། གནམ་དུ་འཕངས་བ་བཞིན་ནོ། །རེས་འགའ་གནས་པ་ཡང་ཡིན་ལ་རང་བཞིན་གྱི་ཁྱད་པར་མེད་པ་ཡང་གནས་པར་མི་འཐད་པ་དེའི ་ཕྱིར་གེགས་ཤེས་བྱ་བའི་སྒྲ་འདིས་གནས་པར་བྱ་བ་ཉེ་བར་ལེན་པའི་རྒྱུ་གང་ཡིན་པ་དེ་དང་ལྷན་ཅིག་ཡུལ་མཚུངས་པར་སྐྱེ་བ་བརྗོད་པ་ཡིན་ནོ། ཉེ་བར་ལེན་པའི་ཡུལ་དུ་སྐྱེ་བ་གང་ཡིན་པ་དེ་ཉིད་གནས་པ་ཡིན་ལ། རང་གི་ཉེ་བར་ལེན་པའི་ཡུལ་དུ་སྐྱེ་པ་ཡང་དངོས ་པོའི་སྐད་ཅིག་མ་རྣམས་ཁོན་ལ་སྲིད་ཀྱི། བསྟན་པ་གཅིག་པོའི་རང་བཞིན་དག་ལ་ནི་མི་སྲིད་དོ། དེའི་ཕྱིར་ཆུའི་དེ་འདྲ་བ་ཞེས་བྱ་བ་ནི་དཀྱུས་མའི་མཇུག་སྡུད་པའོ། །ཅི་སྟེ་གང་ལས་དེ་རྗེས་སུ་དཔོག་པ་ཆུ་སྐྱར་ཆུའི་ཡིན་ནམ་ཞེ་ན། བཤད་པ། ཆུ་སྒྱུར?་ཡང་ཆུའི་འབྲས ་བུ་ཡིན་ནོ། ག་ལས་ཤེ་ན། ཆུ་སྐྱར་གྱི་གནས་ས་སྡོང་ས་ནི་ཆུ་ལ་བརྟེན་པའི་ཕྱིར་རོ། །འདི་ཉིད་བཤད་པ་ནི་གང་གི་ཕྱིར་ཆུ་སྐྱར་གྱི་གནས་ས་ནི་ཆུལ་བརྟེན་པ་ཡིན་པ་དེའི་ཕྱིར་ཆུ་དེ་ལ་ལུས་གནས་ས་ཐོབ་པས་དེའི་འབྲས་བུ་ཉིད་ཀྱི་རང་བཞིན་དུ་འབྲེལ་པའི་ཕྱིར་ཆུ་རྗེས ་སུ་དཔོག་བར་བྱེད་པ་ཡིན་ནོ། །ཡུལ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་བལྟོས་ནས་གོ་བར་བྱེད་པ་ཡིན་གྱི། ཁྱད་བར་དང་བྲལ་བ་ནི་མ་ཡིན་ནོ། །དཔྱིད་ཀྱི་དུས་དང། དཔག་ཚད་དུ་མར་ཡོངས་སུ་ཆད་བ་ཆུ་མེད་པ་མྱ་ངན་གྱི་མཛའ་ཨི་ཡུལ་གྱི་ཁྱད་བར་དང། ཆུ ་སྐྱར་གྱི་ལུས་རང་དབང་དང་ཉམས་པ་མེད་པར་གནས་པ་གནས་སྐབས་ཀྱི་ཁྱད་བར་ཡིན་ཏེ། དབྱར་གྱི་དུས་ནི་ཆུ་མོང་པའི་ཕྱིར་ཐམས་ཅད་དུ་གནས་ལ་།ཆུ་ཡོད་པའི་མཛའ་དད་འགའ་ཞིག་གིས་བཞག་པ་འཆི་འདོད་པ་འམ། གཞན་དབང་དུ་གནས་པ་ནི་ཆུ་མེད་ཀྱང ་གནས་པ་ཡིན་ནོ། །དེས་ན་ཁྱད་པར་དད་བཅས་པ་རྟགས་ཡིན་ནོ། ཅི་སྟེ་ཆུ་སྐྱར་ལས་ཆུ་རྗེས་སུ་དཔག་པ་ལ་ཆོས་ཅན་གང་ཡིན།?་ཆུ་སྐྱང་ཉིད་དོ། །ཆུ་སྐྱར་འདི་ནི་ཆུ་དང་འདྲེལ་བ་ཡིན་ཏེ། ཆུ་སྐྱར་ཡིན་པའི་ཕྱིར་ཞེས་ཁྱད་པར་ཆོས་ཅན་ཡིན་ཞིང་སྤྱི་གཏན་ཚིགས ་ཡིན་ནོ། །འདི་ལྟར་དུ་བ་ལས་མེ་རྗེས་སུ་དཔོག་པ་ལ་ཡང་ཚུལ་འདི་ཉིད་ཡིན་ཏེ། ཡུལ་ཕྱོགས་འདི་ནི་མེ་དང་ལྡན་པ་ཡིན་ཏེ། དུ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་ཡིན་ནོ། །འདི་ནི་རང་བཞིན་ཉིད་འབྲས་བུའི་གཏན་ཚིགས་སུ་བརྗོད་པ་ཡིན་ཏེ། རྒྱུ་རྗེས་སུ་དཔོག ་པའི་ཕྱིར་རོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་རེས་འགའ་བ་ཡིན་པའི་ཕྱིར་རྒྱུ་གཞན་ལ་བལྟོས་པ་རང་བཞིན་ཉིད་བསྒྲུབ་པར་བྱ་བ་ཡིན་ཡང་རྒྱུ་རྗེས་སུ་དཔོག་པའི་ཕྱིར་འདི་འབྲས་བུའི་གཏན་ཚིགས་སུ་འདོད་པ་དེ་བཞིན་དུ། འབྲས་བུའི་གཏན་ཚགས་ཐམས ་ཅད་ལ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་ཡུལ་ཕོགས་ཆོས་ཅན་དུ་འདོད་ན། གང་དུ་དུ་བ་མཐོང་བ་དེ་ནི་མེ་དང་ལྡན་པ་མ་ཡིན་ལ། མེ་དང་ལྡན་པ་གང་ཡིན་པ་དེ་ན་ཡང་དུ་བ་མེད་པའི་ཕྱིར་གཏན་ཚིགས་གཞི་ཐ་དད་བ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །འོ་ན་ནི་ཚད ་མས་ཡུལ་དུ་མ་བྱས་པའི་ཆུ་དང་ལྡན་པའི་ས་ཕྱོགས་ལ་དོན་དུ་གཉེར་བ་ཆུ་སྐྱར་ལ་འཇུག་པར་མི་འགྱུར་རོ། །ཡུལ་དུ་མ་བྱས་པ་ཡང་ཅི་ལྟར་ཞེ་ན། མཐོང་བ་དང་རྗེས་སུ་དཔག་པའི་ཆུ་སྐྱར་དང་ཆུ་དག་ལས་ཕྱོགས་གཞན་ཉིད་ཡིན་པའི་ཕྱིར་རོ། །གཞི་མེད་པའི? ་ཆུ་མེ་རུང་བའི་ཕྱིར་ཡུལ་ཕྱོགས་ཆུའི་ཁོངས་སུ་འདུས་སོ་ཞེ་ན། འོན་ཀྱང་ཅི་ལྟར་ཕྱུགས་རྫིའི་སྣོད་ཀྱི་དུ་བ་དང། རི་སུལ་དག་ཏུ་དེས་པ་མེད་པའི་རྨ་བྱའི་སྒྲ་དམིགས་ནས་གཞི་ངེས་པ་མེད་པར་ཡོད་པར་གྱུར་པ་འམ། ཡོད་པར་མེ་དང་རྨ་བྱ་རྟོགས་པ་དེ་བཞིན་དུ ་འདིར་ཡང་རྟོགས་ན་ཡུལ་ངེས་པ་ལ་འཇུག་པར་མི་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ལས་རྗེས་སུ་དཔག་པའི་མིག་ནི་ཡུལ་དེས་པ་མ་ཡིན་ཡང་ཡུལ་གྱི་ཁྱད་པར་ཚད་མ་གཞན་ཁོ་ན་ལས་ཡིན་ནོ། །གཏན་ཚིགས་བཞི་ཐ་དད་པར་གྱུར་པ་ཡང་མ་ཡིན ་ཏེ། གང་གི་ཕྱིར་དུ་བ་དང་འབྲེལ་བའི་སྣང་བའི་ཕྱོགས་ཉིད་ནི་ཆོས་ཅན་མ་ཡིན་ནོ། །འོ་ན་གང་ཞེ་ན། སྣང་བའི་བདག་ཉིད་ཅན་གྱི་སྟེང་མཐོང་ཞིང་འོག་རྒྱུ་མཚན་འགའ་ཞིག་ལས་ཡོད་པར་རྟོག་པའམ། སྔར་མཐོང་བ་དྲན་པར་གྱུར་པ་ཡིན་ཡང་རུང་སྟེ། རྣམས ་ཐམས་ཅད་དུ་ཚད་མས་ཡུལ་དུ་བྱས་པའི་ཚིགས་པའོ། །ཕྱོགས་གཅིག་མཐོང་བ་དང་ཆ་གཞན་རྗེས་སུ་དཔག་པའི་ཚེགས་པ་ཆོས་ཅན་ཡིན་གྱི། མཐོང་བ་གཅིག་པུའི་ཡུལ་ནི་མ་ཡིན་ནོ། །འདི་ལྟར་མུན་བུང་ཀུན་ནས་བསྒོར་ཅིང་གཡོགས་པར་སྤྲོན་མའི་འབྲས་བུ་སྣང ་བ་མི་དམིགས་པ་དག་ཁང་པའི་ནང་ཐམས་ཅད་དུ་སྒྲོན་མ་གནས་པ་མེད་པ་ཤེས་པར་འགྱུར་ཞིང། ཤེས་པ་ཡང་སྒྲོན་མའི་འབྲས་བུས་དབེན་པར་རིག་པར་འགྱུར་རོ། །སྔར་མཐོང་བ་དྲིན་པའམ་རིག་པས་ཉམས་སུ་མྱེད་བཞིན་པའི་ཤེས་པ་དང་ཉེ་བར་གནས་པའི་ཁྱིམ་གྱི་ནང་བམཛའ་དག ་ནི་ཆོས་ཅན་ཡིན་ནོ། །འདིས་ནི་འབྲས་བུ་མ་དམིགས་པ་ལས་སྒྲ་མེད་པར་ངེས་པ་ཡང་བཤད་པ་ཡིན་ནོ། །ཚོགས་པའི་བདག་ཉིད་ཅན་གྱི་ཚེས་ཅན་ངེས་དེ་ལ་ཡང་དུ་བ་ལས་ཕྱོགས་གཅིག་མེ་དང་ལྡན་པར་བསྒྲུབ་པར་བྱ་བ་ཡིན་ནོ། །ཕྱོགས་གཅིག་མེ་དང་ལྡན་པར་བསྒྲུབ་བར ་བྱ་བའི་ཆོས་ཅན་གང་ཡིན་པ་དེ་ཡང་མེ་དངོས་ཉིད་དང་དུ་བའི་ངོས?་དད་བརྒྱུད་པས་རྒྱུ་ཡིན་པའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་གཞི་གཅིག་པ་ཉིད་དོ། །གཞི་ཞེས་བྱ་བ་རྒྱུ་ལས་གཞན་དུ་གྱུར་བ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་དུ་བ་དང་འབྲེལ་བའི་ཡུལ་ཕྱོགས་དང་ལྷན་ཅིག་པའི ་མེ་དང་ལྡན་པའི་ཡུལ་ནི་ཆོས་ཅན་ཉིད་ཡིན་ཏོ། གཉི་གས་དུ་བའི་རྒྱུན་གཅིག་ལ་ཕན་འདོབས་པའི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་དཔྱད་པར་སློབ་དཔོན་གྱིས་ཡུལ་སཕྱོགས་དེ་ཡང་དུ་བའམ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་ཆོས་ཅན་ཡུལ་ཕྱོགས་དང་དུ་བ་རྒྱུ་དང ་འབྲས་བུའི་འབྲེལ་བ་ཉིད་ཡིན་པར་བཤད་པ་གཞན་གྱིས་མ་རྟོགས་པའི་ཕྱིར་ངན་པ་རང་རྒྱུད་པ་ཡིན་ནོ། །དེ་ལྟར་ཅུང་ཟད་མཐོང་ཁྱད་པར་བྱེད་པའི་སྣང་བ་རྗེས་སུ་སོང་ལ།?་ཤོག་གི་ཆ་དང་ལྡན་པའི་ཡུལ་ནི་ཆོས་ཅན་ཡིན་ནོ། །དེའི་ཕྱོགས་གཅིག་ཆུ་དང་ལྡན་པ་ཡང་བརྒྱུད་ནས ་ཆུ་གྱུར་གྱི་རྐྱུ་ཡིན་པའི་ཕྱིར་གཞི་མཐུན་པ་ཉིད་དོ། །དུ་བ་དང་ཆུ་སྐྱར་ལ་སོགས་པའི་ཡུལ་མཐོང་བ་པད?་ཆོས་ཉིད་དུ་བཞག་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་མེ་དང་ལྡན་པར་ངེས་པའི་ཡུལ་མི་ཤེས་པར་འགྱུར་རོ། །དེའི་ཕྱིར་ཚོགས་བའི་ཚོས་ཅན་དུ་གཟུད་བར་བྱ་བ་ཡིན ་ནོ། །གཞི་རྗེས་སུ་དཔོག་པར་ནི་ཆུ་ཆོས་ཅན་ཡིན་ལ། རོ་ལ་སོགས་པར་ཕོག་པར་ནི་གཟུགས་ཡིན་ནོ། །དེ་དག་གི་བསྒྲུབ་པར་བྱ་བའི་གཞི་དང། རྒྱུའི་ཁྱད་པར་དང་འབྲེལ་བ་ཡང་?་ངོ་བོ་ཁོ་ན་ཡིན་ནོ། །ཅི་ལྟར་མིག་བཞིན་དུ་འདིར་ནི་ཡུལ་མ་ངེས་པ་མ་ཡིན་ནོ། །མིག ་གི་རྣམ་པར་ཤེས་པ་རེས་འགའ་བ་ཉིད་ལས་ནི་རྒྱུ་གཞན་ལ་བལྟོས་པའི་ངོ་བོ་ཉིད་ཡིན་ལ། ཡུལ་དེས་པ་ནི་ཚད་མ་གཞན་ལས་ཡིན་ནོ། །དེ་ལྟར་གོ་བར་བྱེད་པ་ཉིད་དུ་རབ་ཏུ་གྲག་པ་ཐ་དད་པར་དོགས་པ་རྣམས་ཁོངས་སུ་འདུ་བར་བསྒྲུབས་ནས་གཞན་དག་ལ ་ཡང་བསྒྲི་བའི་ཕྱོགས་འདིས་ཤེས་སྨོས་སོ། །ཡང་ཅིའི་ཕྱིར་གཏན་ཚོགས་གཞན་མང་ཅེ་ན། དོ་དང་མ་འབྲེལ་བ་ནི་དེ་མེད་ན་མི་འབྱུང་བདེ་ངེས་པ་མེད་བའི་ཕྱིར་གཞན་པའི་?་བར་བྱེད་པ་མེད་པ་ཡིན་ནོ། །དེ་ལྟར་གཏན་ཚིགས་ཀྱི་རང་བཞིན་སྤོས་པ་དད་བཅས ་ཏེ། བཤང་ནས། གཏན་ཚིགས་ལྟར་སྣང་བ་བཤད་པ་བརྗོད་ས། །གཏན་ཚིགས་ལྟར་སྣང་བ་མཛའ་དག་གི་གོ་པར་བྱེད་པ་མ་ཡིན་པ། ཐུན་མོང་དུ་བཤད་པའི་ཕྱིར་བཤད་པ། །སྣ་བྱེད་ཡན་ལག་རྒྱུ་མཚན་ཚུལ་གསུམ་མ་གྲུབ་པ་གང་ཡིན་ན་དེ་ལ་ཤེས་བྱེད་ནུས ་པ་ཡོད་མིན་ཕྱིར་ཏེ། ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་ཚུལ་གསུམ་མ་གྲུབ་བ་འམ་ཐེ་ཚོམ་ཟ་ན་རྟོག་པ་པོའི་སྒྲུབ་པར་བྱེད་པཱི་བརྟགས་མ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར་ཤེས་པར་བྱེད་པའི་ཞེས་སྨོས་སོ། །རྒྱུ་ནི་རྣམ་པ་གཉིས་ཏེ། ས་བོན་ལ་སོགས་པ་བྱེད་པ ་པོ་དང། ཤེས་པར་བྱེད་པ་པོ་རྟགས་སོ། །དེ་ལ་བྱེད་པ་པོའི་རྒྱུ་ནི་རུང་བ་ཉིད་ཀྱིས་འབྲས་བུ་སྐྱེད་པའི་ཕྱིར་མི་བལྟོས་སོ། །ཤེས་པར་བྱེད་པའི་རྒྱུ་ནི་སྒྲོན་མ་བཞིན་དུ་རུང་བ་ཉིད་ཀྱི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་འབྲེལ་བ་དེས་པ་ཆོས་ཅན་འགའ་ཞིག ་ལ་མཐོང་བའི་བསྒྲུབ་བྱ་མེད་ན་མི་འབྱུང་བ་དྲན་པ་གང་ཡིན་པ་འདི་ཉིད་ལྐོག་ཏུ་གྱུར་པའི་དོན་དེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དངོས་སུ་ལྐོག་ཏུ་གྱུར་པའི་ཤེས་པ་བྱེད་པ་བོ་མ་ཡིན་པའི་ཕྱིར་ཤེས་པར་བྱེད་པའི་རྒྱུ་ཡིན་གྱི་བྱེད་པ་པོ་ནི་མ་ཡིན་ནོ། །དུ་བ་དངོས་སུ་དྲན་པ ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ནོ། །ཚུལ་གསུམ་གྱི་བདག་ཉིད་གང་གིས་ཤེས་བར་བྱེད་པའི་རྒྱུ་ཡིན་པ་དེའི་ཚུལ་གསུམ་པོ་དེ་མ་གྱུར་པ་སྟེ། ལོགས་པར་ངེས་ཕ་འམ་ཐེ་ཚེམ་ཟ་ན་ཤེས་པར་བྱེད་པ་མ་ཡིན་ཏེ། བུང་བ་ཉིད་ཀྱིས་ཤེས་བར་བྱེད་པ་མ་ཡིན། ་པའི་ཕྱིར་རོ། །སྒྲ་བཞིན་ནོ་ཞེས་བྱ་བ་ལ། སྒྲ་ནི་རུང་བ་ཉིད་ཀྱིས་དོན་གོ་བར་བྱེད་བ་མ་ཡིན་ཏེ། འོན་ཀྱང་ཡི་གེའི་གོ་རིམ་ཅན་གྱི་ཁྱད་པར་འགའ་ཞིག་གིས་དོན་དང་མེད་ན་མི་འབྱུང་བ་ཉིད་དུ་བརྡ་བྱས་པའི་རང་བཞིན་དེ་དང། དོན་དང་འབྲལ་བ་བརྟགས་པ་དེ་མ་གྲུབ་པའམ། ཐེ ་ཚོམ་ཐ་ན་སྒྲ་གོ་བར་བྱེད་པ་མ་ཡིན་པ་དེ་བཞ་ན་དུ་རྟག་ཀྱང་ངོ། །དེ་ལ་ཅི་ལྟར་གོ་རིམ་ཅན་གྱི་རང་བཞིན་ནམ་དོན་དང་འབྲལ་བ་བརྟགས་པ་མ་གྲུབ་པའམ་ཐེ་ཚོམ་ཟན་སྒྲ་གོ་བྱེད?་མ་ཡིན་པ་དེ་བཞིན་དུ་རྟགས་ཀྱང་ཡིན་ནོ། །ཚུལ་གསུམ་གྱིས་གོ་བར་བྱེད་བ་ཡིན་ནོ་ཞེས ་བྱ་བ་འདི་ཉིད་ག་ལས་ཤེ་ན། བསྒྲུབ་བར་བྱ་པའི་ཆོས་ཅན་དང་ལྷན་ཅིག་མ་འབྲེལ་བ་ལས་མི་རྟོག་པའི་ཕྱིར། དཔེར་ན་ཚང་མང་དུ་མཐོང་བའི་དུ་བ་ལས་རྒྱ་མཚོར་མེ་མི་རྟོགས་བ་བཞིན་ནོ། འདིས་ནི་ཕྱོགས་ཀྱི་ཆོས་ཀྱི་ཉེ་བར་སྦྱོར་པ་བསྟན་ཏོ། བསྒྲུབ་པར་བྱ་བ་དང་འབྲེལ་བ ་མེད་པ་གང་ཡིན་པ་དེ་ལས་ཀྱང་རྟོགས་པ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཤེས་སྨོས་ཏེ། འདིས་ནི་རྗེས་སུ་འགྲོ་ལྡོག་གི་ཉེ་བར་སྦྱོར་བ་བསྟན་ཏོ། །གལ་ཏེ་འབྲེལ་བ་མེད་པ་གོ་བར་བྱེད་པ་ཡིན་ན། གང་གིས་ཐམས་ཅད་གོ་བར་བྱེད་པར་མི་འགྱུར། ་བའི་ཁྱད་པར་གང་ཞོག་ཡིན། ཐམས་ཅད་ལས་ཐམས་ཅད་རྟོགས་པ་ཡང་མ་ཡིན་ཏེ། ངེས་ན་འབྲེལ་བ་ཉིད་ངེས་པར་བྱེད་པ་ཡིན་ནོ། །དེ་ལར་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་ཚུལ་གསུམ་དང་རྗེས་སུ་འབྲེལ་བའི་གཏན་ཚིགས་ཡིན་ནོ། །དེའི ་ཕྱིར་ཆོས་ཅན་དང་འབྲེལ་བ་དང། རྗེས་སུ་འགྲོ་བ་དང་ལྡོག་པ་དང་རྒོལ་བ་དང་ཕྱིར་ནོལ་བ་ལ?་མ་གྲུབ་པ་འམ། ཐེ་ཚོམ་ཟ་བའི་ཆོས་གང་ལ་ཡོད་པ་དེ་དག་ནི་གཏན་ཚིགས་འདྲ་བར་མངོན་པ་ལན?་གཏན་ཚིགས་ལྟར་སྣང་བ་ཡིན་གྱི། གཏན་ཚིགས་ཉིད་ན་མ་ཡིན་ནོ། །ཚུལ ་གསུམ་པོ་དེ་ལ་ཕྱོགས་ཀྱི་ཚུལ་གཅིག་རབ་ཏུ་མ་གྲུབ་སྟེ་བཟློག་པ་གྲུབ་པའམ། ཐེ་ཚོམ་ཟན་མ་གྲུབ་པ་སྟེ་མ་གྲུབ་བའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གཅིག་རབ་ཏུ་མ་གྲུབ་པ་འམ་ཐེ་ཚོམ་དུ་གྱུར་ན་འཁྲུལ ་པ་ཅན་མ་ངེས་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །གཉིས་མ་གྲུབ་སྟེ་ཕྱིན་ཅི་ལོག་ཏུ་གྲུབ་ན་འགལ་བའི་གཏན་ཚིགས་ལྟར་སྣང་བའོ། །པམ?་གྱི་དོན་ན་རེང་ཉིད་འཆད་པར་འགྱུར་རོ། །ཐེ་ཚོམ་ཟ་ན་ཞེས་བྱ་བ་ནི་གཉིས་ཞེས་བྱ་བར་སྙེགས་སོ། །གཉིས་ཐེ ་ཚོམ་དུ་གྱུར་ན་འཁྲུལ་བ་ཅན་མ་ངེས་པ་ཡིན་ནོ། །དཔེར་བརྗོད་པ་ནི་རང་ཉིད་སྟོན་པར་འགྱུར་རོ། །དེ་ཉིད་སྟོན་པར་བྱེད་པ་ནི་ཚུལ་རེ་རེ་ཞེས་བྱས་བ་ལ་སོགས་པ་ཡིན་ནོ། །མ་གྲུབ་པ་ཞེས་བྱ་བ་ནི་མ་གྲུབ་པའི་མིང་ངོ། །ན་ངེས་བ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པས་སོ།། ་གཅིག་པ་གང་ཞིག་མ་གྲུབ་ན་མ་གྲུབ་པར་འགྱུར་ཞེ་ན། བཤད་པ། ཆོས་ཅན་དང་འབྲེལ་བ་མ་གྲུབ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དཔེར་བརྗོད་པ་སྟོན་བར་བྱེད་པ་ནི། དཔེར་ན་སྒྲ་མི་རྟག་སྟེ་ཞེས་བྱ་བའོ། །མིག་གིས་གཟུང་བ་ནི་ཆོས ་ཅན་སྒྲ་དང་འབྲེལ་བ་མ་གྲུབ་པའི་ཕྱིར་གཉི་ག་ལ་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་ངོ། །སེམས་བ་ཅན་སེམས་དང་ལྡན་པའི་ཡིན་ཏེ། ཞེས་བྱ་བ་ནི་བསྒྲུབ་བྱ་སྟེ། ཤུན་པ་ཐམས་ཅད་བཤུས་ན་འཚེ་བའི་ཕྱིར་སྐྱེས་བུ་པ་ཡིན?་ནོ། །འཆི་བ་ནི་འདིར་སྐམ ་པ་ལ་བསམས་ནས་ཤིང་ལ་སོགས་པ་ལ་གསོན་པོ་ཉིད་བསྒྲུབ་བའི་ཕྱིར། རྒོལ་བ་ཕྱོགས་ཀྱི་གོས་ཅན་གྱི་གཏན་ཚིགས་འདི་བཀོད་ལ། ཕྱིར་རྒོལ་བ་སངས་རྒྱས་པས་ནི་ཁས་མ་བློངས་སོ། །ཡང་ཅིའི་ཕྱིར་རབ་ཏུ་གྲགས་པའི་འཆི་བ་ཁས་མི་ལེན་ཞེ ་ན། བཤད་པ། རྣམ་པར་ཤེས་པ་དང་དབང་བོས་དང་ཚེ་ནི་སྲོག་སྟེ་རྣམ་པར་ཤེས་པ་ལ་མི་འཁྲུལ་བའི་དྲོད་དོ། །དེ་དག་འགགས་པ་དེ་ནི་འཆི་བའི་མཚན་ཉིད་ཡིན་པར་སངས་རྒྱས་པ་ལ་གྲགས་སོ། །འདིར་ནི་འཇིག་རྟེན་ལ་གྲགས་པའི་རང་བཞིན་གྱི་དབང་ ་པོ་དང་ཚེ་བརྗོད་པ་ཡིན་ཏེ། བརྟན་བཅོས་ལ་གྲགས་པ་ནི་རིག་པའི་ལམ་དུ་མི་འཇུག་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་འཆི་བ་སངས་རྒྱས་པ་ཁས་ལེན་ན་སེམས་ཅན་དུ་ཇི་ལྟར་ཁས་མི་ལེན། གང་ལ་ཡོད་པ་སྔོན་དུ་འགྲོ་བ་ཅན་གང་གི་འགོག ་པ་འཇོག་པ་ཡོད་པ་དེའང་ཅི་ལྟར་ཡོད་པ་མ་ཡིན། དེའི་ཕྱིར་འཆི་བ་གྲུབ་ན་རྣམ་པར་ཤེས་པ་ཡང་བསྒྲུབ་བྱ་མ་ཡིན་པར་འགྱུར་ལ། དེ་མ་གྲུབ་ན་ཡང་གང་ལས་སེམས་པ་ཅན་ཡིན་སྙམ་དུ་བསམས་པའོ། །འདི་སྙམ་དུ་ཤིང་དག་ལ་ཡང་སངས་རྒྱས ་པ་འཆི་བའི་སྒྲ་འཇུག་པར་བྱེད་པ་ཉིད་དོ། །དེས་ན་འཆི་བའི་སྒྲའི་རྗེས་སུ་འབྲངས་པ་ལ། རྗེས་སུ་རྟོག་པ་རབ་ཏུ་གྲགས་པ་དེ་ནི་བརྗོད་བྱ་ཉིད་དོ་སྙམ་ན། བཤད་པ། གང་གི་ཕྱིར་སྒྲ་ནི་འདོད་པག་འཇུག་པ་ཡིན་པ་དེའི་ཕྱིར་དེའི་དབང་གིས་རྣམ་པར་ཤེས ་པ་ལ་མི་འཁྲུལ་བ་འཆི་བའི་དངོས་པོ་རྣམ་པ་གནས་པ་མ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་འགྲུབ་བར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་སྲོག་ཆགས་ཀྱི་འཆི་བ་ཤིང་དག་ལ་མ་གྲུབ་པ་དེའི་ཕྱིར་འཇིག་རྟེན་འདི་བཤིང་རྣམས་ལ་སྐམ་པས་འཆི་བར་བརྗོད ་པ་ཡིན་ནོ། །འོ་ན་སྐམ་པ་ཉིད་སྲོག་དང་ལྡན་པའི་གཏན་ཚིགས་ཡིན་ནོ་ཞེ་ན། སྲོག་ཆགས་ཀྱི་འཆི་བ་ནི་དེ་ལྟ་བུ་མ་ཡིན་ཏེ། སྐམ་པ་དེ་སྲེག་ཆགས་ཉིད་དང་འབྲེལ་བར་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཤིང་དག་ལ་སྐམ་པ་གྲུབ་ཀྱང་སྲོག་དང་ལྡན་པ ་ཉིད་ནི་མི་འོ་གྲུབ་བོ། །གལ་ཏེ་རེ་ཞིག་འཆི་བ་ཙམ་སྦྱིར་གྲུ་པ་ཡིན་ལ། དེ་ཡང་སྲོག་དང་ལྡན་པ་ཉིད་འབྲེལ་བར་མཐོང་བ། དེའི་ཕྱིར་སྲོག་དང་ལྡན་པ་ཉིད་དུ་གྲུབ་པས་སྐམས་པ་འམ། རྣམ་པར་ཤེས་པ་འགགས་པ་ཞེས་བྱ་བའི་ཁྱད་པར་བསམས ་པས་ཅི་ཞིག་བྱ་ཞེ་ནི། བཤད་པ། གང་ག་ཕྱིར་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་དངོས་པོ་ལ་མིག་ལྟོས་པའི་སྦྲ་ཙམ་ཡོད་པའི་ཕྱིར་དངོས་པོ་བ་རྟོགས་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྐམ་པ་ལས་སྲོག་དང ་ལྡན་པ་ཉིད་དུ་མི་འགྲུབ་བོ། །འདི་སྐད་བརྗོད་པ་ཡིན་ཏེ། འདིར་འཆི་བའི་སྒྲ་ཙམ་ཉིད་ཐུན་མོང་ཡིན་གྱི་འཆི་བའི་དངོས་པོ་ནི་མ་ཡིན་ཏེ། སྐམ་བ་དང་དབང་པོ་ལ་སོགས་པ་འགགས་པ་ཤིན་ཏུ་ཆོས་མི་མཐུན་པའི་ཕྱིར་རོ། །སྒྲ་ལས་དོན་རྟོགས་པ་ཡང་མ་ཡིན་ཏེ། དེས ་ན་སྒྲའི?་བཞིན་གྱི་སྤྱིས་ནི་གྲུབ་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ལ་མི་འཁྲུལ་པའི་འཆི་བ་ཁྱད་པར་ཅན་ཤིང་དག་ལམ་གྲུབ་བར་བཤད་པ་འདིས་ནི་གྲངས་ཅན་གྱིས་བཀོད་པ་བློ་སེམས་པ་མེད་པར་བྱེད་བ་མི་རྟག་པ་ཉིད་དང། བྱེ་བྲག་བས་ཉེ་བར་བཀོད་པ་ལུས ་དང?་བྱེད་བ་དང་གནས་ལ་སོགས་པ་བྱེད་པར་དུ་འཕགས་པའི་བློའི་རྒྱུ་ཅན་དུ་གྲུབ་བར་བྱེད་པ། དབྱིབས་ཀྱི་ཁྱད་པར་དང། དེ་དག་ལ་སོགས་པ་གང་ཡིན་པ་སྟེ། བློ་དང་གནས་ལ་སོགས་པའི་ཆོས་ཅན་དང་འབྲེལ་བའི་བསྒྲུབ་བྱ་སེམས་པ་མེད་པ་ལ་སོགས་པ་གང ་ཡིན་བ་དེ་དག་གི་སྒྲུབ་བར་བྱེད་པ་དག་མ་གྲུབ་པར་བཤད་པ་ཡིན་ནོ། །སོགས་པ་སྨོས་པ་ནི་གདོད་ནས་འཇུག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གཟུང་ངོ། །ཅི་ལྟར་དེ་དག་ཀྱང་མ་གྲུབ་སྟེ། འདི་ལྟར་བློ་མི་རྟག་པ་ཉིད་དང་གནས་ལ ་སོགས་པའི་རྣམས་དབྱིབས་ཀྱི་ཁྱད་པར་ཅན་དུ་ནི་གྲུབ་པ་ཡིན་ནོ་ཞེ་ན། གང་ཕྱིར་བློ་དང་གནས་ལ་སོགས་པ་དེང་ཡང་སྒྲ་འབའ་ཞིག་གྲུབ་ཀྱིས། །གྲངས་ཅན་གྱིས་ཅི་འདྲ་བཞིག་བརྗོད་པར་བྱ་བའི་དོན་ནི་མ་གྲུབ་པ་ཉིད་ཡིན་ལ། བློ་སྔོན་དུ་འགྲོ་བ་ཅན་ལ་མི་འཁྲུལ? ་བའི་དབྱི་བས་ཀྱི་ཁྱད་བར་ཡང་མ་གྲུབ་པ་ཁོ་ནའོ། །རེ་ཞིག་གྲངས་ཅན་བའི་བློ་སེམས་པ་མེད་པར་བསྒྲུབ་པ་ལ་ཅི་ལྟར་སྒྲ་ཙམ་ཞིག་གྲུབ་ཀྱི་དོན་ནམ་ཡིན་ཞེ་ན། གང་གི་ཕྱིར་གཞན་བདེ་བར་གཤེགས་པ་བདེག?་ཉམས་པ་མེད་པའི་རང་བཞིན་ཉེ་བར་ཞི་གང ་མཐོང་དའི?་བདག་ཉིད་ལ་མི་རྟག་པ་ཉིད་དུ་ནི་མི་འདོད་དོ། །གང་ཞིག་མི་རྟག་པ་ཉིད་དུ་འགྱུར་བ་མ་མཐོང་བའི་རང་བཞིན་ལས་མ་ཉམས་པའི་མ་དངོས་པོ་ནི་མི་མཐོང་བར་འགྱུར་བ་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་ལྡོག་པར་ཁས་ལེན་ཏོ། །དེས ་ན་སྒྲ་ཐུན་མོང་དུ་གཉི་ག་ལ་གྲུབ་ཀྱི་དོན་ནི་འགའ་ཡང་མ་ཡིན་ནོ། །འདིར་བདག་ཉིད་ཉམས་པ་དང་མི་མངོན་པའི་རང་བཞིན་གྱི་ཁྱད་པར་བརྗོད་པར་འདོད་པ་མེད་པའི་མི་མཐོང་བ་ཉིད་དང་དོན་བྱེད་པ་ལ་ཉེ་བར་སྦྱོར་བ་མི་རུང་བ་ཉིད་མི་རྟག་པའི་སྒྲས ་བརྗོད་པར་བྱ་བ་ནི་རྗེས་སུ་འགྲོ་བ་མེད་པར་ཉམས་པ་དང། མི་མངོན་པར་གྱུར་པ་དག་ལ་ཁྱད་པར་མེ་དོ། །དེ་ཉིད་ནི་ཁྱད་པར་བརྟེན་པ་མེད་པ་སྤྱི་གྲུབ་པ་ཡིན་ལ། དེ་གྲུབ་པ་ཡིན་ན་ཉེ་བར་ཞིབ་ཕྱིར་རྒོལ་བ་ལམ་གྲུབ་བོ་ཞེས་ཁྱད་པར་རྟོག་པའི་སྒོ་ནས་མ་གྲུབ ་པར་རྩོད་པ་ནི་ལྟག་ཆོད་དུ་འགྱུར་ངོ་ཞེ་ན། སློབ་དཔོན་གྱི་འདི་ལྟག་ཆོད་ཡིན་པ་བཟློག་པའི་ཕྱིར་ལྟག་ཆོད་ཀྱི་ཡུལ་སྟོན་པར་བྱེད་པ་ནི། གལ་ཏེ་བྱས་པ་ཉིད་ལ་སོགས་པའི་ལྟར་མི་རྟག་པའི་སྒྲ་འདིས་གང་ཞིག་བརྗོད་པར་བྱ་བ་དངོས་པོ་ཅུང་ཟད་ཅིག་ཅེས་བྱ་བ ་དངོས་པོར་ཡོད་པའི་སྤྱིའོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉི་གས་ཀྱང་སྤྱིར་འདོད་པ་ཡིན་ཏེ། གཉི་ག་ལ་གྲུབ་པ་ཡིན་ན་ལན་ལོག་པར་འགྱུར་བ་ཡིན་ནོ། །བྱས་པ་ཉིད་ནི་ཐུན་མོང་དུ་དངོས་པོར་གྲུབ་པ་ཡིན་ནོ། །བུམ་པ་འམ་སྒྲ་ནི་བྱས་པའི་སྒྲས་བརྗོད་པར ་བྱ་བ་མ་ཡིན་གྱི། འོན་ཀྱང་རྒྱུས་བསྐྱེད་པའི་དངོས་པོ་ཙམ་བརྗོད་བར་བྱ་བ་ཡིན་ནོ། །དེ་ནི་གཉི་ག་ལ་ཡང་གྲུབ་བོ། །གལ་ཏེ་དེ་ཙམ་ལ་བསྒྲུབ་བྱས་ཁྱབ་པ་མ་ཡིན་ན་ནི་སྒྲ་མེད་ཀྱང་ཤུགས་ཀྱིས་ཁྱད་པར་འཕེན་པ་ཡིན་ན། དེ་ཙམ་ཉིད་ལ་མི་རྟག་པ་ཉིད་ཀྱིས ་ཁྱབ་བ་ཡིན་ནོ། །དེས་ན་སྒྲས་བརྗོད་པར་བྱ་བ་བསྒྲུབ་བྱས་ཁྱབ་པ་ཉིད་ཀྱི་མི་གྲུབ་པ་ཡིན་ན་བསྒྲུབ་བར་བྱ་བའི་ཤུགས་ཀྱིས་འཕངས་པ་ཡིན་ཞིང། སྒྲས་ཀྱང་མ་ཟིན་པའི་ཁྱད་པར་རྟོག་པ་ནི་ལྟག་ཆོད་དུ་འགྱུར་གྱི། འདིར་ནི་མི་རྟག་པའི་སྒྲས་བརྗོད་པར ་བྱ་བའི་དོན་གཅིག་ལ་གྲུབ་པ་གང་ཡིན་པ་དེ་གཞན་ལ་མ་ཡིན་པས། མི་རྟག་པའི་སྒྲས་བརྗོད་པར་བྱ་བ་འབའ་ཞིག་ཁྱད་པར་མེད་པར་ཡོད་ཀྱི་དོན་ནི་ཤིན་ཏུ་ཐ་དད་དོ། །ངེས་ན་འདིར་ཁྱད་པར་རྟོག་པའི་ལྟག་ཆོད་མ་ཡིན་ནོ། །གལ་ཏེ་འདོད་ཡང་མེ་མངོན ་པ་ཞེས་བྱ་བ་མི་མཐོང་བའི་བདག་ཉིད་དང། དོན་བྱེད་པ་ལ་སྦྱོར་བར་མི་རུང་བ་?་བུ་ཅག་ལ་ཐུན་མོང་དུ་མ་ཡིན་ནམ་ཞེ་ན། གནས་པའི་དོན་མི་མངོན་ལ་དེ་ལ་གཞན་སངས་རྒྱས་བདག་མི་རྟག་པ་ཉིད་དུ་མི་བརྗོད་དེ། །འོ་ན་?་ཞེ་ན། རྗེས་སུ་དགྲ་བ་མེད་པར་ལྡོག་པའི ་འཇིག་པ་ལ་མི་རྟག་པ་ཉིད་དུ་བརྗོད་དོ། །ཡང་སྤྱི་བསྒྲུབ་པའི་ཕྱིར་གལ་ཏེ་ཞེས་སྨོས་སོ། །ཞག་པ་དང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་མེད་པར་ལྡོག་བའོ། །མི་མངོན་པར་གྱུར་བ་ནི་བུམ་པའི་རང་བཞིན་དུ་རྣམ་པར་གནས་པའོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ ་ཡང་མི་གསལ་བ་མི་རྟག་པའི་བདག་ཉིད་དང། དོན་བྱེད་པ་ལ་ཉེ་བར་སྦྱོར་བར་མི་རུང་བ་མི་རྟག་པའི་སྒྲས་བརྗོད་པར་བྱ་བ་ཐུན་མོང་དུ་ཡོད་པ་ཉིད་དེ། དཔེར་ན་རྒྱུས་བསྐྱེད་བ་ཞེས་བྱེ་བ་བྱས་པའི་སྒྲས་བརྗོད་བར་བྱ་བ་བཞིན་ནོ་ཞེ་ན། གལ་ཏེ་སྲིད་བ་ཡིན་ན་མི? ་གསལ་བ་ཐུན་མོང་དུ་འགྱུར་བ་ཞིག་ན། འགྱུར་བ་མེད་པའི་རང་བཞིན་ལ་ནི་མི་གསལ་བ་ཉིད་མི་སྲིད་པར་བསྟན་པའི་ཕྱིར། ཅི་སྟེ་ཞེས་སྨོས་སོ། མཚན་ཉིད་འདིས་ཞེས་བྱ་བ་ནི་མི་གསལ་བ་ནི་མི་མཐོང་བའི་བདག་ཉིད་ཡིན་ལ་དེ་ཡང་མི་རྟག་པ་ཡིན་པའི ་ཕྱིར་རོ། །གཙོ་བོ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་རང་བཞིན་ནོ། །སྐྱེས་བུ་སེམས་ཀྱི་རང་བཞིན་ནོ། །སོགས་པ་སྨོས་པས་ནི་གནས་སྐབས་ཀྱི་ཁྱད་པར་མི་མཐོང་བའི་བདག་ཉིད་མི་རྟག་པར་འགྱུར་རོ། །ཅི་སྟེ་མི་མཐོང་བའི་གནས་སྐབས་ལ་སྔར ་ཆོས་གཞན་ཡིན་པ་སྟེ། མཐོང་བའི་བདག་ཉིད་ཡིན་པ་མི་གསལ་ཏེ། མི་མཐོང་བའི་བདག་ཉིད་ནི་མི་རྟག་པ་ཡིན་གྱི་མ་མཐོང་བའི་བདག་ཉིད་ཙམ་ནི་མ་ཡིན་ནོ་ཞེ་ན། འདི་འདྲ་བའི་མི་གསལ་བ་ཡིན་དུ་ཆུག་སོང། སྡར་ཆོས་གཞན་ཡང་ཡིན་ལ་ཉམས་པ་མེད་པའི ་བདག་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ནི་འདིར་རེ་རེ་ཞིང་ཡང་ཁྱེད་ཀྱིས་ལེགས་པར་ཐ་སྙད་བྱས་སོ། །གལ་ཏེ་ཉམས་པ་མེད་པའི་བདག་ཅན་ཡིན་ན་མཐོང་བ་ཉིད་ཀྱི་ཆོས་ཅི་ལྟར་ལྡོག། དེའི་ཕྱིར་མི་འཕོ་པའི་བདག་ཉིད་ལ་ནི་འདི་འདྲ་བའི་མི་གསལ་བ་མི་སྲིང་ངོ ་ཞེས་བྱ་བའི་ཐ་ཚིག་གོ། ཉམས་བ་མེད་པའི་བདག་ཉིད་ཀྱི་ཆོས་སྔ་མ་ལྡོག་པ་བརྗོད་བ་འདིས་ནི་སྔ་མ་འི?་གནས་སྐབས་ལྡོག་པ་ཡང་མི་འཐད་པར་བཤད་པ་ཡིན་ནོ། །བཤད་པ། དེ་ཉིད་སྟོན་པ་ནི་གང་ཞིག་གནས་སྐབས་ལྡོག་པ་རྗེས་སུ་འགྲོ་བ ་དང་བཅས་བ་མི་གསལ་བ་དང་འདྲ་བ་མི་རྟག་པའི་སྒྲའི་ཡུལ་ཡིན་པར་སྨྲའོ། །མངོན་བར་གསལ་བར་སྨྲ་བའི་གྲངས་ཅན་ཁ་ཅིག་དངོས་པོ་ཐམས་ཅད་ནི་ནུས་པའི་རང་བཞིན་དུ་རྣམ་པར་གནས་པས་མངོན་པར་གསལ་བར་བྱེ་བ་ཡིན་ནོ་ཞེ་ན། གཞན་གནས ་སྐབས་གཞན་དུ་སྨྲ་བ་ནེ་དངོས་པོ་ཐམས་ཅད་ནི་བདག་ཉིད་ཐམས་ཅད་ཀྱིས་གཙོ་བོའི་ཁུག་མ་ན་རྣམ་པར་གནས་བས་མི་མཐོང་བ་ཡིན་ལ། རྐྱེན་གྱི་དབང་གིས་ནི་ཁུག་མ་ནས་བྱུང་བ་བཞིན་སུ་མཐོང་བ་འགྱུར་རོ། །དེས་ན་གསལ་བ་ལྡོག་པ་དང་ནུས་? ་རྣམ་བར་གནས་བ་ནི་མ་ཡིན་གྱི་འོན་ཀྱང་གནས་སྐབས་གཞན་ཐོབ་བ་འབའ་ཞིག་ཏུ་ཟད་དོ་ཞེའོ། །དེ་ལ་གྲངས་ཅན་དང་ལོ་གསལ་བ་སྨྲ་བ་བསལ་ཟིན་ཏོ། །ད་ལྟ་ནི་གནས་སྐབས་སྨྲ་བ་རྟོག་བར་བྱ་བ་ཡིན་ཏེ། དེ་ལྟར་ཡང་དེ་ལ་ཡིན་དང་བདེ་བ་ལ ་སོགས་པ་རྣམས་ཐ་དད་བར་འགྱུར་བར་གདོན་མི་ཟའོ་ཞེས་ཐལ་བར་འགྱུར་བ་ཡོངས་སུ་རྫོགས་ཀྱི་བར་དུ་འཆད་པར་འགྱུར་རོ། །འདི་གསལ་བས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་གསལ་བར་འགྱུར་ཏེ། དེ་ཉིད་ཀྱི་དབང་དུ་བྱས་ནས་ནི་གཞུངས་འདི?་འཇུག་པ ་མ་ཡིན་ནོ། །གྲངས་ཅན་དེ་ལ་ཡང་གང་གིས་མི་མཐོང་བར་འགྱུར་བ་གནས་སྐབས་དེ་ཉིད་ལྡོག་བ་ཡང་ཡིན་ལ། གཙོ་བོའི་ལུགས་མ་ན་གནས་པའི་ཕྱིར་ཉམས་པ་མེད་པ་ཡང་ཡིན། བུམ་པ་དེའི་གནས་སྐབས་མིག་གི་རྣམ་པར་ཤེས་པའི་སྤྱོད ་ཡུལ་སྣམ་བུ་བསྒྲིབས་པ་སྟར་ལྡོག་པ་ཡིན་གྱི། གནས་སྐབས་ཅན་གྱི་མཐོང་བའི་དངོས་པོ་ནི་གནས་ཉིད་དོ། །གནས་སྐབས་ཅན་དང་གནས་སྐབས་ཐ་དད་པར་ཐལ་བ་མི་བཟོད་བས་གནས་སྐབས་ཞེས་བྱ་བ་འདི་ཅི་ཞིག་ཞེས་སྨོས་སོ། །གཞན ་གང་ལོག་པ་མི་རྟག་པ་ཡིན་པ་གནས་སྐབས་དང་དོན་མེད་པར་མཐོང་བར་སྟོན་པར་བྱེད་དོ། །ཆུ་འཛིན་པ་དང་ལེན་བ་ལ་སོགས་པ་ཉེ་བར་བསྒྲུབས་པ་ཞེས་བྱ་བ་ཉེ་བར་སྦྱོར་བ་གང་ཡིན་པའོ། །དེ་འདྲ་བ་དེ་ཡང་གང་ཡིན་ཞེ་ན། བཤད་བ། འཇིག་རྟེན་འདི་མངོན་སུམ ་དུ་ཞེས་བྱ་བ་མངོན་སུམ་དག་ཏུ་སྟེ། མངོན་སུམ་གྱི་རྒྱུ་མཚན་ཅན་གྱི་ལྷག་པར་ཞེན་པ་འདི་ཡིན་ནོ། །ཅི་ལྟར་ཞེ་ན་ཅེ་ན། འདི་བུམ་པའོ་ཞེས་རྗོད་པར་བྱེད་པ་དང་འདྲེས་པར་རོ། །དེའི་ཕྱིར་དེ་ལྟར་དོན་བྱེད་པ་དང་མངོན་སུམ་གྱི་ཚད་མ་དང་ཐ་སྙད་ཀྱིས་ཉེ་བར ་མཚོན་པའི་གནས་སྐབས་ཡིན་ནོ། །ཡང་ཅི་ལྟར་དོན་བྱེད་པ་ལ་སོགས་པ་དེ་དག་གནས་སྐབས་ཀྱི་རྒྱུ་མཚན་ཅན་ཡིན་ཞེ་ན། གནས་སྐབས་དེ་ལོག་ན་གནས་སྐབས་ཅན་གཞན་མ་ལོག?་ཀྱང་དོན་བྱེད་པ་ལ་སོགས་པ་འདི་ཐམས་ཅད་མེད་པའི་ཕྱིར། དོན ་བྱེད་བ་ལ་སོགས་བ་གནས་སྐབས་ཀྱི་རྒྱུ་མཚན་ཅན་ཡིན་གྱི། གནས་སྐབས་ཅན་གྱི་རྒྱུ་མཚན་ཅན་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་འོ་ན་ཐ་སྙད་ལ་སོགས་པའི་ཡུལ་གནས་སྐབས་དེ་ཉིད་བུམ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། བུམ་པ་གང ་ཡིན་པ་དེ་ནི་ཐ་སྙད་དུ་བསྟན་པ་དང། དོན་བྱེད་པ་ལ་ཉེ་བར་སྦྱོར་བ་དང། ལྷག་པར་ཞེན་པ་ཞེས་བྱ་བ་ཅི་སྐད་བཤད་པའི་མཚན་ཉིད་དེ་རང་བཞིན་ཅན་ཡིན་པའི་ཕྱིར་རོ། དེའི་གནས་སྐབས་ཀྱི་བདག་ཉིད་ཅན་དེ་ཡང་ལོག་པ་དེའི་ཕྱིར་གནས་སྐབས་དེའི ་གནས་སྐབས་ཅན་གཞན་མ་ལོག་པར་ཡོད་བ་གང་ཡིན་པ་དེ་ནི། འདི་ཅི་ལྟར་དོན་བྱེད་པ་དང་ཚད་མ་མེད་པར་ཡོད་པ་ཡིན་ཞེས་རྒལ་ཞིང་རྟག་པར་བྱ་བ་ཡིན་ནོ། །ཡོད་པ་ཡིན་དུ་ཆུག་ཀྱང་དེ་བུམ་པ་དངོས་པོ་བ་དོན་དམ་པར་ནི་མི་གྱུར་རོ། །གདགས་པའི ་རྒྱུ་མཚན་ཡོད་པས་ན་བཏགས་པ་བར་ནི་འགྱུར་ཏེ། དཔེར་ན་ལྟེང་ཁའི་ཆུ་ལ་རྐང་ནད་དུ་བརྗོད་བ་བཞིན་ནོ། །ཅི་ལྟར་བུམ་པ་དངོས་པོ་བར་མི་འགྱུར་ཞེ་ན། གནས་སྐབས་ཅན་དེ་ལ་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །ཁྱད་པར་ཅན་གྱི་དོན་བྱེད་པ་ལ་སྦྱོར་བ ་དང། ཁྱད་པར་ཅན་གྱི་རྣམ་པ་དང་ལྡན་བར་མཐོང་བའི་དོན་ནི་བུམ་པ་ཡིན་ལ། གནས་སྐབས་ཅན་དེ་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་དེའི་ངོ་བོ་མེད་བ་ཡིན་ནོ། །ཅི་ལྟར་དེའི་མཚན་ཉིད་མེད་དེ། གང་གི་ཕྱིར་མཐོང་བ་དང་མཐོང་བའི་དངོས་པོ་ནི་གཅིག་ཡིན་ནོ། །དེས་ན ་བུམ་པ་ལོག་ཀྱང་རྣམ་བདག་ནས་པ་གང་ཡིན་བ་དེ་ནི་བུམ་པའི་བདག་ཉིད་ཡིན་ནོ། །ཐ་དང་བར་མཐོང་བ་ག་ལས་ཤེ་ན། གནས་སྐབས་བཞན་དང་འབྲེལ་བའི་ཕྱིར་ཐ་དད་བར་མངོན་པ་ཡིན་གྱི། དངོས་པོ་ལ་ནི་ཐ་དད་བ་ཡོད་པ་མ་ཡིན་ན་ཞེ་ན། གལ་ཏེ་གནས་སྐབས་ཐ་དད་པར ་འདོད་ན། འོན་གནས་སྐབས་ཐ་དད་པ་དེ་ཉིད་དངོས་པོ་ཐ་དད་པའི་མཚན་ཉིད་ངོ་བོ་ཉིད་དུ་ཅི་སྟེ་མི་འདོང། དེ་ལྟ་ཡིན་དང་བདེ་བ་དང་སྡུག་བསྔལ་དང་བ་ཏི་མུག་རྣམས་ཕན་ཚུན་ཐ་དད་པར་འགྱུར་བར་གདོན་མི་ཟ་བར་འགྱུར་རོ། །གལ་ཏེ་གནས་སྐབས་ཐ་དད་པའི་མཚན་ཉིད་དངོས ་པོ་ཐ་དད་པར་འདོད་ན། བདེ་བ་ཚིམ་པའི་དོན་བྱེད་པ་ལ་ཉེ་བར་སྦྱོར་བ་དང། རྣམ་བ་ཁྱད་པར་ཅན་གྱི་གནས་སྐབས་ཅི་འདྲ་བ་དེ་སྡུག་བསྔལ་ལ་མ་མཐོང་བའི་ཕྱིར་།དེ་གཉིས་དངོས་པོ་ལ་ཐ་དད་པ་ཡིན་ནོ། །གལ་ཏེ་གནས་སྐབས་ཐ་དད་ཀྱང་དངོས་བོ་ཐ་དད་བད་མི་འགྱུར་ན་ནི ་བདེ་བ་ལ་སོགས་པ་ཡང་ཐ་དད་པ་མེད་པར་ཐལ་ལོ། །གྲངས་ཅན་གྱིས་སྨྲས་པ། བདེ་བ་ལ་སོགས་པའི་རང་བཞིན་འགའ་ཞིག་རྗེས་སུ་བྱེད་པའི་ཕྱིར་ཏེ་རྗེས་སུ་འགྲོ་བའི་ཕྱིར་གནས་སྐབས་ཐ་དད་པར་གྱུར་ཀྱང་དངོས་པོ་ཐམས་ཅད་ཐ་མི་དད་དེ་བདག་ཉིད་དོ། །སློབ་དཔོན ་གྱིས་རང་བཞིན་འགའ་ཞིག་རྗེས་སུ་བྱེད་པ་ཞེས་བྱ་བ་འདི་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་རྣམས་ལ་ཡང་མཚུངས་པ་མ་ཡིན་ནམ། །འདི་ལྟར་བྱེད་པ་བོ་ཉིད་དང་ཡོངས་སུ་འགྱུར་བ་ཅན་ཉིད་ནི་གསུམ་གཡང་ཡོད་པ་ཡིན་ནོ། །སྐྱེས་བུ་རྣམས་ལ་ཡང་ལོངས་སྦྱོང ་པ་པོ་ཉིད་དང་མི་བྱེད་པ་པོ་མ་ཡིན་པ་ཉིད་དང་ཡོངས་སུ་འགྱུར་བ་ཅན་མ་ཡིན་པ་ཅན་མ་ཡིན་པ་ཉིད་ཀྱིས་རང་བཞིན་གཅིག་རྗེས་སུ་བྱེད་བར་མཚུངས་ཏེ། གྲངས་ཅན་པའི་དེས་ན་བདེ་བ་ལ་སོགས་པ་རྣམས་དང། སྐྱེས་བུའི་རྣམས་ཀྱང་གཅིག་པར་ཐལ་བར་འགྱུར་རོ།། ཐ ་དད་ན་དངོས་པོ་རྣམས་རིམ་གྱི་མངོན་བར་གསོལ་བ་འགལ་བར་འགྱུར་བ་དེའི་ཕྱིར་གཅིག་ཡིན་ནོ། །ཕན་ཚུན་རག་ལས་པ་མེད་པ་རྣམས་ནི་ཅིག་ཅར་མངོན་བར་གསལ་བར་འགྱུར་ཏེ། དཔེར་ན་སྐྱེས་བུ་དང་བདེ་བ་ལ་སོགས་པ་བཞིན་ནོ། །ཐ་དད་བ་མེད་ན་ནི་ཅུང་ཞིག་ལྟར ་ཡོངས་སུ་འགྱུར་བ་ཡིན་བ་ལས་ཕྱིར་ཡང་གཞན་དུ་ཡོངས་སུ་འགྱུར་བའི་ཕྱིར་རིམ་གྱིས་མངོན་བར་གསལ་བ་ཡིན་ནོ་ཞེ་ན། འོ་ན་ནི་རིམ་གྱིས་མངོན་པར་གསལ་བ་འགལ་བ་དེའི་ཕྱིར་ཅི་བུམ་བ་དང་ཞོ་ལ་སོགས་བ་དུ་མར་འགྱུར་ངམ། ཐ་མི་དད་པའི་ཕྱིར་རིམ་གྱིས ་མངོན་པར་གསལ་བར་འགྱུར་ལ། ཐ་དད་བོ་ལ་ནི་རིམ་མ་ཡིན་བར་མངོན་བར་གསལ་བ་འགྱུར་བ་ཡིན་ནོ། །བདེ་བ་ལ་སོགས་པ་ཡང་རིམ་གྱིས་མངོན་པར་གསལ་བར་འགྱུར་བ་དེའི་ཕྱིར་ཐ་མི་དང་བར་འགྱུར་རོ། །ཅི་སྟེ་ཐ་མི་དད་བ་ཙམ་གྱིས་རིམ་གྱིས་མངོན་བར་གསལ ་བ་མི་ཡིན་ལ། ཐ་དང་བ་ཙམ་ལས་ཀྱང་གཞན་དུ་འགྱུར་བ་མ་ཡིན་ན། དེ་ལྟ་ནི་འོ་ན་རིམ་གྱིས་མངོན་པར་གསལ་བ་ལ་ཐ་མི་དད་བས་ཁྱབ་བ་མ་གྲུབ་བ་ཡིན་ན་འགལ་བ་ཡང་ཅི་ཡོད། རིམ་གྱིས་མངོན་བར་གསལ་བ་དང་ཐ་དད་བ་ལས་ནི་ལྷན་ཅིག་གནས་བར་འགལ ་བ་མེད་ལ། བན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་བདག་ཉིད་གཅིག་པར་འགལ་བ་ཡང་མེད་དོ། །དེས་ན་གལ་ཏེ་ཐ་དད་པ་དང་འགལ་བ་ཐ་མི་དང་བས་རིམ་གྱིས་མངོན་པར་གསལ་བ་ལ་ཁྱབ་པ་གྲུབ་ན། དེ་ལྟ་ན་འགལ་བས་ཁྱབ་པ་ན་ཐ་དད་པ་དང་འགལ་བར་འགྱུར ་ན་ཐ་མེ?་དད་བས་ཁྱབ་པ་ནི་མེད་དོ། །རིམ་བ་སྔ་མ་ཡང་མ་ཡིན་པའི་ཕྱིར་འགལ་བ་ག་ལ་ཡོད། འོན་ནི་ཐ་དད་པ་ལ་ཡང་རིམ་བ་ཅི་ལྟར་ཞེ་ན། གང་གི་མཇུག་ཐོགས་སུ་གང་འབྱུང་བ་དེ་སྔ་མ་དེའི་འབྲས་བུ་ཡིན་ལ། དེའི་འབྲས་བུ་ཡིན་པའི་ཕྱིར་དེ་མ་གྲུབ་བར་མི་འགྲུབ ་པོ། །མི་འགྲུབ་པའི་ཕྱིར་ནི་རིམ་པར་འགྱུར་བ་ཡིན་ནོ། །ཐ་དད་བ་མེད་བ་ཉིད་ཡིན་ན་ཁྱད་པར་དུ་རིམ་མེད་བར་ཐལ་བ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པ་གཅིག་གི་བདག་ཉིད་ལ་ཐ་དད་བ་མེད་པས་རིམ་མེད་པ་བཞིན་ནོ། །རིམ་གྱིས་མཐོང་བའི་ཕྱིར་ནི་ཐ་དད་བར ་རྟོགས་སོ། །གང་གི་ཕྱིར་ཞོ་ནི་འོ་མའི་འབྲས་བུ་ཡིན་ལ། དེའི་འབྲས་བུ་ཉིད་ཀྱི་ཕྱིར་ཏེ་དེ་ལས་ཐ་མི་དད་པ་ཡིན་ནོ་ཞེན། གལ་ཏེ་དེའི་འབྲས་བུ་ཉིད་ཐ་དད་པ་མེད་པར་འབྲེལ་བ་གྲུབ་ན་ཐ་དད་པ་མེད་བ་འདི་རིགས་པ་ཡིན་ནོ། །འབྲེལ་བ་གྲུབ་པ་མ་ཡིན ་ནམ། འདི་ལྟར་མི་མཐུན་པའི་ཕྱོགས་ནི་ཐ་དད་པ་ཡིན་ལ། བུམ་པ་དང་སྣམ་བུ་ལ་སོགས་པ་ནི་ཕ་རོལ་པོ་ལ་ཐ་དད་པ་ཡིན་ནོ། །དེའི་འབྲས་བུ་ཉིད་དེ་ལས་ལོག་པ་ཐ་མི་དད་པ་དང་འབྲེལ་བ་ཡིན་ནོ། །ཐ་མི་དད་བ་ཕ་རོལ་བོས་ཁས་བླངས་པའི་ཕྱིར་རྗེས་སུ་འགྲོ་བ་ནི་མེད ་དོ་ཞེ་ན། བཤད་པ། འབྲེལ་བ་དེ་ནི་རྗེས་སུ་འགྲོ་བ་མེད་པ་གང་ཡིན་པ་དེ་ལ་མི་འགྲུབ་སྟེ། ལྡོག་པ་ཡང་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཞེས་ལྡོག་པ་བསམ་པར་བཤད་བར་བྱའོ། །དེའི་ཕྱིར་འབྲས་བུ་ཉིད་ཀྱི་ཕྱིར་ཐ་མི་དད་པ་མ་ཡིན་ལ། རིམ་གྱིས་མངོན་བར་གསལ་བའི་ཕྱིར ་མ་ཡིན། རང་བཞིན་ཅིག་རྗེས་སུ་འགྲོ་བའི་ཕྱིར་མ་ཡིན་ནོ། །དངོས་པོ་ཐ་དད་པའི་མཚན་ཉིད་ནི་གནས་སྐབས་ཐ་དད་པ་ཉིད་ཡིན་ཏེ། དེ་ལོག་ན་དངོས་པོ་ལོག་པ་ཡིན་ལ། དངོས་པོ་མ་ལོགས་ན་ནི་གནས་སྐབས་མི་ལྡོག་ཅིང་མི་གསལ་བ་མ་ཡིན་ནོ། །ཅི་ལྟར་ལྡོག་པ ་གཅིག་ལ་བརྟེན་པ་འབྲེལ་བའི་ཁྱད་པར་སྤངས་པ་དངོས་བོ་རྣམས་ཀྱི་རྒྱུ་ལས་སྐྱེས་བ་ལ་ཐ་དད་པ་མེད་བར་བྱས་པའི་སྒྲས་བརྗོད་པ་ལྟར། གང་ལ་མི་རྟག་པའི་སྒྲ་འདིས་བརྗོད་བར་འགྱུར་བ་འབྲེལ་བའི་ཁྱད་བར་དུ་རྟོག་བ་སྤངས་ཏེ་བཏང་ཡང་མི་མཐོང་བ་ཉིད་དམ། ་གཞན་ཡང་རུང་སྟེ། གཅིག་གི་ཆོས་ནི་ཅི་ལྟར་ཡང་ཡོད་པ་མ་ཡིན་ནོ། །རྣམ་བ་ཐམས་ཅད་དུ་ཞེས་བྱ་བ་ནི་གནས་སྐབས་ལྡོག་པའམ་མ་ཡིན། གསལ་བའི་སྒོ་ནས་ལྡོག་པ་གཅིག་ལ་བརྟེན་པའི་ཆོས་བརྟགས་ཀྱང་ངོ། །ཅི་ལྟར་ཞིག་པ་དང་ཅིག་ཤོས་དག་ལ་ཐུན ་མོད་གི་ཆོས་གཅིག་མེད་པ་ལྟར་ནི་སྐྱེས་བུ་དག་ལ་ཡང་དེ་བཞིན་ནོ། །སྐྱེས་བུ་ཤིའོ། །ཤིང་ཤིའོ་ཞེས་སྒྲའི་ཐ་སྙད་ཙམ་ཡོད་ཀྱང་དངོས་པོ་ལ་ནི་འཆི་བའི་སྤྱི་ཅི་འདྲ་བ་སེམས་པ་ཅན་གྱིས་ཁྱབ་པ་དེ་འདྲ་བ་མེད་པ་ཡིན་ནོ། །དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། རྣམ་པར་ཤེས་པའི ་འབྲས་བུ་དབུགས་དང་དྲོད་དང་གཡོ་བ་དག་དང་བྲལ་བའི་མཚན་ཉིད་ཅན་ཤི་བ?་གང་ཞིག་མཐོང་བས་སོ། །སྲོག་ཆགས་གཞན་ཞེས་བྱ་བ་འཆི་བ་གཅིག་ལ་ཤི་བ་མཐོང་བས་དེ་ལས་གཞན་པའི་སྲོག་ཆགས་འཆི་བ་ལ་ཡང་སྲོག་ཆགས་འཆི་བ་དེ་ནི་འདི་ཡིན་ནོ་ཞེས་དེས ་པར་འགྱུར་བ་ཡིན་ནོ། །འདིར་ནི་གང་གི་ཕྱིར་དབུགས་དང་དྲོད་དང་ཁྲག་དང་རྣག་དངོས་པོ་རྣམ་པར་ཤེས་པ་ལ་རག་ལས་པ་ལྡོག་པས་དེ་ལ་གནས་བ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཡང་ལྡོག་པར་དེས་པ་ཡིན་ནོ། །དེས་ན་ཐུན་མོང་དུ་སེམས་པས་ཁྱབ་པའི་རང་བཞིན་གྱི ་ཁྱད་པར་ནི་མངོན་སུམ་དུ་གྲུབ་པ་ཡིན་ནོ། །དེ་གལ་ཏེ་ཤིང་དག་ལ་གྲུབ་ན་ནི་སེམས་པ་ཅན་དུ་རྟོགས་པར་འགྱུར་རོ། །གལ་ཏེ་ཤིང་ལ་སོགས་བར?་ལ་སྐམ་པས་ཉེ་བར་མཚོན་པ་ཡོད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། འོན་ཀྱང་གལ་ཏེ་སྐམ་པ་ལ་སོགས་པ་ཉིད་འཆི་བའི ་སྒྲས་ཕྱོགས་ཀྱི་གོས་ཅན་བརྗོད་ན། དེའི་ཚེ་འདི་ལ་ཡང་འབྲེལ་བ་དེས་བ་ལྟར་བརྟགས་པ་གང་ལས་འཆི་བས་སེམས་པ་ཅན་གྲུབ་པར་འགྱུར་བ་སེམས་པ་ཅན་དང་འབྲེལ་བར་ངེས་པར་བརྟག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་ཕྱོགས་ཀྱི་གོས་ཅན་གྱིས་ཉེ་བར་བཀོད་པའི་གཏན ་ཚིགས་ལ་ཡང་སྒྲ་ཙམ་ཐུན་མོང་དུ་གྲུབ་ཀྱི། བསྒྲུབ་བྱས་ཁྱབ་པའི་འཆི་བའི་སྒྲས་བརྗོད་བར་བྱ་བའི་དོན་ནི་གྲུབ་པ་མ་ཡིན་ནོ། །དེ་བཞིན་དུ་བྱེ་བྲག་བས་ཉེ་བར་བཀོད་པ་ཡང་བསྒྲུབ་བྱས་ཁྱབ་པའི་དོན་མ་གྲུབ་བར་བསྟན་པའི་ཕྱིར་དེ་བཞིན་དུ་ཞེས་སྨོས་ཏེ། དབྱིབས་ཀྱང ་གལ་ཏེ་ཅི་འདྲ་བཞིག་བློ་སྔོན་དུ་འགྲོ་བ་ཅན་དུ་མཐོང་བ་ཁང་བཟད་དང་རབ་ལ་སོགས་པ་ལ་རྗེས་སུ་འཇུག་པ་ཅན་ཏེ། འདིས་ནི་དབྱིབས་ཐུན་མོང་གི་ངོ་བོར་བསྟན་ཏོ། །བློ་སྔོན་དུ་འགྲོ་བ་ཅན་གྱི་དབྱིབས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། དབྱིབས་གང་ཞིག་མཐོང་བས ་ཁས་བཟངས་ལ་སོགས་བ་བྱེད་བ་མ་མཐོང་བཅན་གྱི་བྱེད་པ་མ་མཐོང་བ་དེ་ལ་ཡང་བྱས་པའི་བློར་འགྱུར་བའོ། །འདིར་ཁང་བཟང་ལ་སོགས་པའི་རྗེས་སུ་སོང་བ་འདི་དབྱིབས་ཀྱི་ཁྱད་བར་ནི་བྱས་ཟིན་བ་མཐོང་བ་ལ་ཡང་བྱས་པའི་བློར་འགྱུར་རོ། །དེའི་ཕྱིར་དེ་འདྲ་བའི་ ་དབྱིབས་ཀྱི་སྤྱི་བྱས་བར་དེས་པའི་རྒྱུ་མཚན་མངོན་སུམ་གྱི་རང་བཞིན་ནི་བློ་སྔོན་དུ་འགྲོ་བ་ཅན་དུ་འཇིག་རྟེན་ན་རབ་ཏུ་གྲགས་པ་ཡིན་ནོ། །གལ་ཏེ་ལུས་དང་བྱེད་པ་དང་གནས་རྣམས་དེ་འདྲ་བ་ཡིན་ན་དེའི་ཚེ་དབྱིབས་ཀྱི་ཁྱད་པར་གྱི་ཕྱིར་དང། བསྡད ་ནས་འཇུག་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་གཏན་ཚིགས་ཐམས་ཅད་དེ་ལྟར་ཞེས་བྱ་བ་གོ་བར་བྱེད་པར་འགྱུར་རོ། །བློ་སྔོན་དུ་འགྲོ་བ་ཅན་གྱིས་ཁྱབ་པའི་དབྱིབས་གང་ཡིན་པ་དེ་ནི། ལུས་དང་བྱེད་པ་དང་གནས་རྣམས་ལ་མ་གྲུབ་གོ། །དོན་འདི ་ཉིད་ལྷག་དད་བཅས་ཏེ་ཚིགས་སུ་བཅད་པར་བརྗོད་པ་ནི་གཞན་ཡང་ཞེས་བྱ་བ་ཡིན་ནོ། །དབྱིབས་ལ་སོགས་བ?་འདྲ་བཞིག་གོ། སོགས་པ་སྨོས་པས་བསྡད་ན་འཇུག་པ་ལ་སོགས་པའོ། །བྱིན་གྱིས་རློད་པ་པོ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་བ་ཅན་དུ ་གྲུབ་པ་དེ་འདྲ་བ་དེ་ལས་བློ་སྔོན་དུ་འགྲོ་བ་ཅན་ཉིད་རྗེས་སུ་དཔོག་པ་གང་ཡིན་པར་ན་རགས་པ་ཉིད་ཡིན་ནོ། །དངོས་པོ་?་དད་ལ་ཞེས་བྱ་བས་ནི་བྱས་པའི་བློའི་རྒྱུ་ཡིན་པའི་ཕྱིར་ཁང་བཟང་ལ་སོགས་པའི་དབྱིབས་ན་དངོས་པོ་བཞན་ཡིན་ལ་རྒྱུ་མ་ཡིན་པའི ་ཕྱིར་གནས་ལ་སོགས་པའི་དབྱིབས་ཀྱང་དངོས་པོ་གཞན་ཉིད་ཡིན་པར་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེ་ལ་ཁང་བཟང་ལ་སོགས་པའི་དབྱིབས་དངོས་པོ་ཐ་དད་པ་ལས་རབ་ཏུ་གྲུབ་བའི་བློ་སྔོན་དུ་འགྲོ་བ་ཅན་ཉིད་ནི་དབྱིབས་ཀྱི་སྒྲ་ཙམ་མཚུངས་པས་ཐ ་ནད་པ་མེད་པར་བརྟགས་པའི་དབྱིབས་གང་ཡིན་པ་དེ་ལས་རྗེས་སུ་དཔོག་པར་རིགས་པ་མ་ཡིན་ནོ། །དུ་བ་སྐྱ་བའི་རྫས་གང་ཡང་རུང་བ་ལས་མེ་རྗེས་སུ་དཔོག་བར་ནི་མི་རིགས་སོ། །སྐྱེ་བོའི་རྗེས་ཙམ་ལས་རྗེས་སུ་དཔོག་པར་མི་འགྱུར་ཏེ། བསྐྱེད་པར་བྱ་བའི་རྫས ་ནི་དེས་པ་ཡིན་པའི་ཕྱིར་རོ། །དབྱིབས་ཀྱི་ཆ་ཤས་ནི་རྫས་རྣམས་ལ་ཐུན་མོང་ཡིན་ནོ་ཞེ་ན། བཤད་པ། དེ་ལྟར་མིན་པར་ཁས་ལེན་ན་རྫ་མཁན་གྱིས། བུམ་པ་ལ་སོགས་པ་འཇིམ་པའི། རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། གྲོག་མ་ཁང་ཡང་རྫམས?་ན་དེས ་བྱས་པར་གྲུབ་པར་འགྱུར་རོ། །འཇིམ་པའི་རྣམ་པར་འགྱུར་རོ། །འཇིམ་པའི་རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་རྫ་མཁན་གྱིས་བྱས་པ་ཡིན་ཏེ། དབྱིབས་ཙམ་དུ་ཁྱད་པར་མེད་པའི་ཕྱིར་རོ། །འདི་སྙམ་དུ་སྤྱི་གྲུབ་པར་བྱེད་པ་ལ་སྒྲུབ་པ་ལ་ཁྱད་པར་རྟོག་པ་ནི་འབྲས་བུ་དང་མཚུངས ་པའི་ལྷག་ཆད་ཡིན་ནོ་ཞེས་དོགས་ན། ལྷག་ཆོད་ཀྱི་ཡུལ་བརྟན་པའི་ཕྱིར་བཤད་པ། བསྒྲུབ་བྱས་རྗེས་སུ་འགྲོ་སྟེ་བསྒྲུབ་བྱས་ཁྱབ་བའི་ཕྱིར་འབྲས་བུ་བྱས་པ་ཉིད་ཐུན་མོང་བསྒྲུབ་བར་བྱེད་པ་ཡིན་པར་གྲུབ་ནའོ། །བྱས་པ་ཉིད་ནི་ཁྱད་པར་ལ་བརྟེན་པ་མེད་པར་ཐུན་མོང ་སྒྲུབ་བར་བྱེད་པ་ཡིན་ཏེ་སྒྲ་བཞིན་ནོ། །ཡང་སྒྲུབ་བྱས་ཁྱབ་པ་གྲུབ་པ་ཡིན་ནོ། །དེས་ན་དོན་གྱིས་འཕངས?་པ་མ་ཡིན་ལ། སྒྲས་ཀྱང་མ་ཟིན་པའི་འབྲེལ་བ་ཅན་སྒྲ་དང་བུམ་པ་ཐ་དད་པའི་ཕྱིར་བྱས་པ་ཉིད་ལ་དེ་ཐ་དད་པའི་རྒྱུ་མཚན་ཅན་གྱི་སྐྱོན་བརྗོད་པ་སྟེ། བུམ་པའི ་བྱས་པ་ཉིད་ནི་སྒྲལ་མ་གྲུབ་ལ། སྒྲའི་བྱས་པ་ཉིད་ནི་རྗེས་སུ་འགྲོ་བ་མེད་དོ། །ཞེས་བྱ་བ་ནི་འབྲས་བུ་དང་མ་?་ས་བའི་ལྟག་?་འདོད་དོ། །འདིར་ནི་སྒྲུབ་བྱས་ཁྱབ་པའི་དབྱིབས་ཀྱི་ཁྱད་པར་ལ་སོགས་པ་གང་ཡིན་པ་དེ་ནི་མ་གྲུབ་ལ། གྲུབ་པ་གང་ཡིན་པ་ནི་སྒྲུབ ་བྱས་མ་ཁྱབ་པའི་ཕྱིར་གདོན་མི་ཟ་བ་ཉིན་དུ་གོ་བར་བྱེད་པ་དེས་པར་བརྟག་དགོས་སོ། །གང་གི་དོན་ལྟད?་པར་བྱ་བའི་ཆོས་དེས་པར་མོ་རྟགས་ན་ནི་དེའི་ཚེ་དོན་ཅི་སྲོད་ལ་སྒྲ་གཅིག་ཡོད་པ་དེ་ཅི་གཏན་ཚིགས་སུ་འགྱུར་བས་དེར་ཕྱོགས་གཅིག་ལ་མཐོང་བའི་ཆོས་སྒྲ་ཙམ ་ལས་ཐམས་ཅད་དུ་རྗེས་སུ་དཔོག་པར་འགྱུར་རོ། །བརྗོད་པ་ནི་རིགས་གཞན་ལོ?་ནི་སྟ་རིགས་གཞན་དུ་འགྱུར་བའི་དབྱིབས་བྱུས་པའི་བློ་དོས་པའི་རྒྱ་མཚན་ལ་རབ་ཏུ་གྲུབ་པ་ནི། སྒྲའི་སྤྱི་སྒྲ་ཐུན་མོང་བ་དེ་མཐོང་བ་ལས་སྒྲུབ་བར་བྱེད་པར་མི་རིགས་ཏེ། ཅི་ལྟར་ཞེ་ན། ་དཔེར་ན་དག་ལ་སོགས་པ་རྣམས་གོ་ཉིད་ཀྱིས་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ན་?་ཆེན་ཡིན་པར་རྗེས་སུ་དཔག་པར་མི་ནུས་པ་བཞིན་ནོ། །རཱ་ཅན་ནི་གོའི་སྒྲས་བརྗོད་པར་བྱ་བ་རིགས་གཞན་ལ་?་ཐུབ་པ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་དངོས་པོས་འགྲུབ ་ཀྱི་སྒྲས་མ་ཡིན་ཞེ་ན། བཤད་པ། བརྗོད་པར་འདོད་པ་དང་འབྲེལ་བའི་ཕྱིར་སྒྲ་རྣམས་ནི་ཐམས་ཅད་ལ་ཡོད་པ་ཉིད་དོ། །དེ་ཡོད་པ་འབྲེལ་བ་མེད་པའི་དོན་ཡོད་པར་གྲུབ་པར་ཁས་ལེན་ན་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར ་རོ། །དེའི་ཕྱིར་བསྒྲུབ་བྱ་མ་ཁྱབ་པའི་གཏན་ཚིགས་རྣམ་པར་རྟོག་པ་ནི་ལྟག་ཆོད་མ་ཡིན་ཏེ། སྒྲ་ཙམ་གཏན་ཚིགས་སུ་ཐལ་པའི་ཕྱིར་རོ། །དངོས་པོའི་རང་བཞིན་དངོས་པོའི་བདག་ཉིད་ཅན་གྱི་གཏན་ཚིགས་མ་གྲུབ་སྟེ། བསྒྲུབ་བྱས་ཁྱབ་པ་ཅན་མ ་མཐོང་ན་མ་གྲུབ་པ་ཉིད་ཀྱི་ཚུལ་འདི་ཡིན་ནོ། །བསྒྲུབ་བྱས་ཁྱབ་པའི་གཏན་ཚིགས་གྲུབ་ན་སྒྲས་ཉེ་བར་མ་ཟིན་པའི་ཁྱད་པར་རྣམ་པར་བརྟགས་པ་གནོད་པར་བྱེད་པ་མ་ཡིན་པར་མ་ཟད་ཀྱི། དེ་མ་གྲུབ་ཀྱང་ཁྱད་པར་ཉེ་བར་གཟུང་ན་ཡང་སྒྲུབ་པར་བྱེད ་པ་ལ་སྐྱོན་སྒྲུབ་པ་མ་ཡིན་ཏེ། དཔེར་ན་བྱས་པ་ཉིད་ཀྱི་ཁྱད་པར་སྒྲའི་ནམ་མཁའ་ཨི་ཡོན་ཏན་ཉིད་མ་གྲུབ་ཀྱང་བྱས་པ་ཉིད་ལ་གནོད་བ་མེད་པ་བཞིན་ཏེ། སྒྲ་ནི་མི་རྟག་སྟེ། ནམ་མཁའ་ཨི་ཡོན་ཏན་དང་དོན་གཅིག་ལ་འདུ་བའི་བྱས་བ་ཉིད་ཀྱི་ཕྱིར་རོ། ཞེས ་བྱ་བ་ལྟ་བུའོ། །འདི་ལྟར་རྗེས་སུ་འགྲོ་བ་དང་ལྡན་པ་གང་ཡིན་པ་དེ་ནི་གཏན་ཚིགས་ཡིན་ལ། སྒྲ་ཙམ་ལ་གནས་པའི་ནམ་མཁའ་ཨི་ཡོན་ཏན་མེད་ཀྱང་བྱས་ན་ཉིད་རྗེས་སུ་འགྲོ་བ་དང་ལྡན་པ་ཡིན་ནོ། །དེས་ན་འདི་ནི་མན་མཁའ་ཨི་ཡོན་ཏན་དང་བྲལ་བ ་ཉིད་འདོད་པ་ཡིན་ནོ་ཞེས་དེ་ཉིད་སྒྲུབ་བར་བྱེད་པ་ཡིན་ལ་དེ་ཡང་གྲུབ་པ་ཡིན་ནོ། །དེ་ལྟ་མ་གྲུབ་བར་བརྗོད་པ་ནི་ལྟག་ཆོད་ཉིད་དོ། །དེའི་ཕྱིར་དེ་ལྟར་བསྒྲུབ་བར་བྱ་བས་ཁྱབ་པའི་དངོས་པོ་མ་གྲུབ་ན་སྒྲས་བརྗོད་པར་བྱ་བའི་དངོས་པོ་ཙམ་གྲུབ་ཀྱང ་སྒྲུབ་བར་བྱེད་བའི་དངོས་པོ་མ་ཡིན་ནོ། །དེ་ནི་ཁྱད་པར་ཅན་སྒྲས་བརྗོད་པར་བྱ་བ་མ་གྲུབ་ཀྱང་དངོས་པོ་གྲུབ་ན་གོ་བར་བྱེད་བའི་གཏན་ཚིགས་ཡིན་ནོ་ཞེས་སྟོན་ཏོ། །བརྗོད་པར་བྱེད་པའི་སྒྲ་མ་གྲུབ་ཀྱང་བརྗོད་པར་བྱ་བའི་གཏན་ཚིགས་ཀྱི་དངོས ་པོ་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། དཔེར་ན་འུག་པ་པ་བྱེ་བྲག་པ་ལ་སངས་རྒྱས་པས་ལུས་ཅན་ལ་སོགས་པ་སྒྲུབ་བྱེད་དུ་བཤད་པ་གོ་བར་བྱེད་པ་ཉིད་ཡིན་པ་བཞིན་ནོ།། འུག་པའི་ལུས་ཅན་ནི་རྫས་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཚད་ཡིན་གྱི། རེག་བྱ་ནི ་མ་ཡིན་ནོ། །ལུས་ཅན་གྱི་སྒྲ་ཡང་རེག་པར་བྱ་བ་ཉིད་ལ་སྦྱར་བ་ཡིན་ནོ། །དེས་ན་བྱེ་བྲག་པ་ལ་སྒྲ་མ་གྲུབ་ཀྱི་དོན་ནི་གྲུབ་པ་ཉིད་པས་དེས་ན་གཏན་ཚིགས་ཉིད་དུ་འགྱུར་རོ། །དེས་ན་འདི་ལྟར་བསྒྲུབ་བྱས་ཁྱབ་པའི་དོན་གང་ཡིན་པ་དེ་ཚད་མས་མ་གྲུབ་པའི་ཕྱིར ་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ནོ། །བསྟན་བཅོས་ལས་གཏན་ཚིགས་མ་གྲུབ་པའི་ཕྱིར་གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པ་གང་ཡིན་པ་ནའོ། །གང་ཡང་རུང་བ་ལ་མ་གྲུབ་པ་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། དཔེར་ན་མངོན་པར་གསལ་བར་སྨྲ་བ ་དཔྱོད་པ་པའམ་བརྡ་སྤྲོད་པ་པ་ལ་བྱེ་བྲག་པས་ཉེ་བར་བཀོད་པའི་བྱས་པ་ཉིད་གང་ཡིན་པ་དེ་མ་གྲུབ་བོ། །སྒྲ་གསལ་བར་བྱ་བ་ཡིན་གྱི་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྟན་བཅོས་སོ། །བརྡ་སྲོད་པ་པ་ནི་མི་རྟག་པ་ཡིན་ཡང་ངོ། །གང་ཡང་རུང་བ་ལ་མ ་གྲུབ་པར་བརྗོད་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཐམས་ཅད་ལ་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པ?་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མས་མཐོང་བའི་གཏན་ཚིགས་གང་ཡིན་པ་ལ་ཁས་བླངས་པ་ལུང་གི་རང་བཞིན་གྱིས་བརྩད་པ ་མི་འཐད་པའི་ཕྱིར་དང། དངོས་པོ་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་བལྟོས་པར་བྱ་བ་མ་ཡིན་པའི་གཏན་ཚིགས་ཀྱི་ཕྱིར་བསྟན་བཅོས་སྐབས་མ་ཡིན་ལ་སྐབས་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་མ་ཡིན་ནོ། །ཅི་སྟེ་བྱས་པ་ནི་ཚད་མ་ཉིད་ཀྱིས་གནོད་པ་ཡིན་ནོ ་སྙམ་ན། འོ་ན་ནི་མངོན་བར་གསལ་བ་སྨྲ་བ་ཡོངས་སུ་གཟུང་བས་ཅི་ཞིག་བྱ། འོན་ཏེ་མངོན་པར་གསལ་བ་དེའི་ངོ་བོ་སྒྲལ་ཚད་མ་མ་རྟོགས་ན། དེ་ལྟ་ན་ཡང་ཚད་མ་ཅན་མ་ཡིན་པའི་མངོན་པར་གསལ་བར་སྨྲ་བས་ཅི་ཞིག་བྱ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་བསྟན་བཅོས ་ལ་བརྟེན་པའི་རྗེས་སུ་དཔག་པ་གང་ཡིན་པ་བསྟན་བཅོས་དང་འབྲེལ་བའི་ཚུལ་གསུམ་པ་གང་ལ་ཡོད་པ་དེ་ལ་བསྟན་བཅོས་ཀྱི་སྒོ་ནས་བརྗོད་པར་བྱ་བ་ཡིན་ནོ། །རྗེས་སུ་དཔག་པ་གཞན་ནི་མ་ཤེས་བའི་ཕྱིར། གང་ཡང་རུང་བ་ལ་མ་གྲུབ ་པར་བརྗོད་པར་བྱའོ། །འཆི་བ་དང་དབྱིབས་ཀྱི་ཁྱད་པར་ནི་ཚད་མ་ཉིད་ཀྱིས་གསལ་བ་ཡིན་ལ། རྒོལ་བས་ནི་གཏན་ཚིགས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་པས་ཕྱི་རྒོལ་བ་ལ་མ་གྲུབ་པར་བརྗོད་དོ། །མི་རྟག་པ་ཉིད་རྒོལ་བ་གྲངས་ཅན་ལ་མ་གྲུབ་སྟེ། དེའི་ཕྱིར་མི ་རྟག་པ་ཉིད་རྒོལ་བ་ལ་མ་གྲུབ་བོ། །དེས་ན་མཐོང་བ་ལ་གཏན་ཚིགས་ཀྱི་རང་གི་ངོ་བོ་གཏན་ལ་མ་ཕེབས་བའི་ཕྱིར་དང། མ་མཐོང་བ་ནི་ཚད་མས་གཏན་ལ་མ་ཕེབས་བའི་ཕྱིར་གང་ཡང་རུང་བ་མ་གྲུབ་པར་བརྗོད་པ་ཡིན་ནོ། །དེས་ན་དཔེར་བརྗོད་པ་མ་སྨྲས ་སོ། །ཅི་ལྟར་སློབ་དཔོན་གྱིས་བྱས་པ་མངོན་པར་གསལ་བ་སྨྲ་བ་ལ་མ་གྲུབ་བའི་དཔེར་བརྗོད་ཅེ་ན། སློབ་དཔོན་གྱིས་ནི་དཔེར་བརྗོད་བའི་ཕྱོགས་ཙམ་ཞིག་བཤད་དོ། །ཅི་ལྟར་བསྟན་བཅོས་ལ་གྲགས་པའི་དངོས་པོ་ཅིག་ཤོག་བསྟན་བཅོས་དེ་དང་ལྡན་པ ་མ་ཡིན་བ་ལམ་གྲུབ་པ་དེ་བཞིན་དུ་ཚད་མས་རབ་ཏུ་གྲུབ་བའི་དངོས་པོ་གང་ཞིག་གང་ན་མེད་པར་རྒོལ་བས་ཁས་བླངས་པ་དེ་དེར་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཡིན་ལ་ཕྱིར་རྒོལ་བ་ལ་ཚ་མས་གྲུབ་བ་གང་ཡིན་པ་དེ་ཡང་རྒོལ་བས་ཚད་མ་མ་ཤེས་བའི ་ཕྱིར་ན་རྒོལ་བ་ལ་མ་གྲུབ་པ་བརྗོད་ཀྱི། བསྟན་བཅོས་ལ་བརྟེན་པས་ནི་མ་ཡིན་ནོ། །དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་གྲུབ་པར་མི་སེམས་པ་དེ་ལ་བཤད་པ་ནི། གང་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཆོས་སམ་ཆོས་ཅན་མ་གྲུབ་བའོ ་ཆོས་ཅན་ནི་རེ་ཞིག་དཔེར་ན་སྒྲ་མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་སྒྲ་ཞེས་བྱ་བའི་ཆོས་ཅན་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ཡང་ཞེས་སྨོས་ཏེ། བསྒྲུབ་བར་བྱ་བ་དང་སྒྲུབ་བར་བྱེད་བ་དག་ནི་?་དང ་པ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་སྒྲུབ་བར་བྱེད་བ་ཡིན་པར་ནི་མི་འདོད་དོ། །བསྒྲུབ་པར་བྱ་བའི་ཆོས་ཅན་རང་ཉིད་བསྒྲུབ་པ་ལ་སྟེ། གྲུབ་པར་བྱ་བ་ལ་སྒྲུབ་པར་བྱེད་བ་གང་ཡིན་པ་དེ་ཉིད་དུ་མ་གྲུབ་བའི་ཕྱིར་ཚེས་ཅན་དེ་བདག་བསྒྲུབ་བ་ལ་གཏན་ཚིགས ་ཉིད་དུ་མ་གྲུབ་པར་བརྗོད་དོ། །འདི་སྐད་དུ་སྒྲ་གཏན་མ་གྲུབ་བ་ནི་མ་ཡིན་གྱི། བདག་ཉིད་མི་རྟག་པར་སྒྲུབ་པ་ལ་གོ་བྱེད་ཉིད་དུ་མ་གྲུབ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདི་ལྟར་དེ་ཉིད་བདག་གི་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་ག་ལས་ཤེ་ན། དེའི་ངོ་བོ་ཙམ་དང་ཞེས་བྱ་བ ་སྒྲ་ཙམ་དང་བསྒྲུབ་བྱ་རྗེས་སུ་འབྲེལ་བ་ཡིན་ན། དམ་བཅའ་བ་བསྟན་པ་ཉིད་ཀྱིས་བསྒྲུབ་བྱ་གྲུབ་བའི་ཕྱིར་ཡང་སྒྲ་དེ་བསྟན་པ་དོན་མེད་པའི་ཕྱིར་དེ་ཉིད་སྒྲུབ་བར་བྱེད་པ་ཡིན་ནོ།། འདི་སྙམ་དུ་སྔར་ནི་བསྒྲུབ་བྱའི་རང་བཞིན་དུ་བསྟན་ལ། ཕྱིས་ནི་སྒྲུབ་བྱེད་ཀྱི་རང་བཞིན་དུ་ཡིན ་པ་དེས་ན་དོན་མེད་པར་གལ་འགྱུར་ཞེ་ན། བཤད་པ། བསྒྲུབ་བར་བྱ་བ་ཉིད་དུ་བསྟན་པའི་སྒྲའི་བདག་ཉིད་དེ་ལ་ཕྱིས་སྒྲུབ་བྱེད་ཉིད་དུ་སྟོན་པ་ན་མ་བསྟན་བའི་དོན་གྱི་ཆ་ནི་ཅི་ཡང་བསྟན་པ་མེད་དེ། གཉི་གང་ཡང་སྒྲ་མ་ཡིན་པ་ལས་ཟློག་པ་ཉིད་བསྟན་པར་ཟད་དོ། །སྒྲ་ནི ་བསྒྲུབ་བྱ་བསྟན་པ་གཅིག་ཏུ་ནི་རྣམ་པ་གཞན་དུ་ཡིན་ལ། སྒྲུབ་བྱེད་དུ་བསྟན་པར་ཡང་རྣམ་པ་གཞན་ཡིན་ནོ། །སྒྲ་ཐ་དད་བས་ནི་དོན་ཐ་དད་བར་མི་འགྲུབ་སྟེ། ཧ་ཅང་ཐལ་བའི་ཕྱིར་རོ། །དེའི་ཕྱིར་སྒྲ་དེ་གཏན་ཚིགས་སྟོན་བའི་དུས་སུ་སྒྲ་ཉིད་ཀྱིས་མི་རྟག་པ་ཉིད་དུ ་འགྱུར་ལ། ཕྱོགས་བསྟན་བའི་དུས་ཉིད་ན་དེ་ལྟ་བུ་གྲུབ་བར་འགྱུར་ཏེ་ཕྱིས་གཏན་ཚིགས་སྟོན་པའི་དུས་སུ་ཡང་རང་ཉིད་ཁོ་ནས་ཏེ། རང་གི་ངོ་བོ་ཁོ་ནས་དེ་ལྟར་ཞེས་བྱ་བ་མི་རྟག་བ་ཉིད་དུ་གྲུབ་པར་འགྱུར་བའི་ཕྱིར་རོ། །བསྒྲུབ་བྱ་སྟོན་པའི་དུས་ན་རང་གི་ངོ་བོ ་ཁོ་ནས་སྒྲུབ་པ་ཡང་མེད་དེ། དེའི་ཕྱིར་རང་ཉིད་བདག་ཉིད་ཀྱི་གཏན་ཚིགས་སུ་མ་གྲུབ་བོ། །ཅིག་ཤོས་ཀྱིས་སྒྲ་ཙམ་གྲུབ་པར་མཐོང་ནས་སྒྲ་ཅི་ལྟར་མ་གྲུབ་ཅེ་ན། ཞེས་སྨྲས་སོ། །དེ་ནི་གྲུབ་མོད་འོན་ཀྱང་དེ་བདག་ཉིད་མི་རྟག་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས ་ཉིད་དུ་མ་གྲུབ་པས་མ་གྲུབ་པ་ཡིན་ནོ། །དེ་ནི་ཕྱོགས་སུ་བྱས་པ་གང་ཞིག་སྒྲུབ་བྱས་ཁྱབ་བའི་གཏན་ཚིགས་སུ་འགྱུར་བ་ཕྱོགས་སུ་བྱས་པ་དེ་ལས་སྒྲ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་གཏན་ཚིགས་ཡིན་ན་ནི་ཆོས་ཅན་བསྟན་པ་ཉིད་བསྒྲུབ་བྱ་གྲུབ ་པའི་ཕྱིར་ཡང་སྟོན་པ་དོན་མེད་དོ་ཞེས་བརྗོད་ཟིན་ཏེ། མི་རྟག་པ་ཉིད་སྒྲ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ན་འགའ་ཞིག་རྩོད་པར་ཡང་མི་འཐད་དེ། སྒྲ་རྟག་ཏུ་གྲུབ་པའི་ཕྱིར་དེ་ཞེས་བྱ་བ་མི་རྟག་པའི་ཕོ་བོར་གྲུབ་པའི་ཕྱིར་རོ། །འདི་སྙམ་དུ་སྒྲལ་མི་རྟག་པ་ཉིད་དེ་རྗེས་སུ་འགྲོ་བར་མ ་མཐོང་ལ་རྗེས་སུ་འགྲོ་བར་མེ?་མཐོང་བའི་ཕྱིར་མི་རྟག་པ་ཉིད་མ་གྲུབ་བོ། །དེས་ན་རྩོད་པ་ཡོད་པའི་ཕྱིར་སྒྲུབ་བར་བྱེད་བ་འགོད་དོ་སྙམ་ན། གལ་ཏེ་དེ་ལྟར་རྗེས་སུ་འགྲོ་བ་ལ་བལྟོས་ནས་སྒྲ་རྟགས་ཡིན་ན། ཡིན་ལ་དག་ན་དེ་ཅི་ཆོས་ཅན་ཆོས་ཅན་གཞན་ལ་རྗེས་སུ་འགྲོ་འམ། འདི་ནི་མི ་སྲིད་དོ་ཞེས་བྱ་བའི་དོན་ཏོ། །དེས་ན་གལ་ཏེ་སྒྲ་གོ་བར་བྱེད་པ་ཡིན་ན་རང་གི་ངོ་བོ་ཙམ་ལས་གོ་བར་བྱེད་པར་འདོད་པ་ཡིན་པའི་ཕྱིར་རྩོང་པ་མེད་པར་འགྱུར་རོ། །འདི་སྙམ་དུ་ཁྱེད་ཀྱིས་ཀྱང་ཆོས་ཅན་ཡིན་ཡང་བདག་ཉིད་རྟག་པའི་ཡན་ལག་ཏུ་མ་གྲུབ་བར་ཅི་བརྗོད་དེ། གང་གི་ཕྱིར་སྒྲོན ་མ་ལ་སོགས་པ་བདག་ཉིད་གསལ་བར་བྱེད་བ་ཡང་མཐོང་བ་ཡིན་ནོ་ཞེ་ན། བཤད་པ། སྒྲོན་མ་ལ་སོགས་པ་ནི་རང་གི་ངོ་བོ་རུང་བ་ཉིད་ཀྱིས་བདག་ཉིད་རྣམ་པར་ཤེས་པ་སྐྱེད་བན་ཤེས་བའི་ཡུལ་ཉིད་དུ་གསལ་བས་བདག་ཉིད་གསལ་བར་བྱེད་བ་ཞེས་བརྗོད་དོ། །རྟགས་དང ་རྟགས་ཅན་ནི་དེ་ལྟད་མ་ཡིན་ཏེ། བདག་ཉིད་གཅིག་བའི་ཕྱིར་བདག་ཉིད་གསལ་བར་བྱེད་བར་ཤེས་པར་མི་ནུས་སོ། །རྟགས་དང་རྟགས་ཅན་དེའི་དངོས་པོ་ནི་ཐ་དད་བའི་རྒྱུ་མཚན་ཅན་ཡིན་བའི་ཕྱིར་རོ།། ཅི་ལྟར་ཐ་དད་བ་རྟེན་ཅེ་ན། གང་གི་ཕྱིར་རྟགས་དང་ཉིད་རྣམ་པར་ཤེས་པའི ་ཡུལ་དུ་གྱུར་བ་ཉིད་ཀྱིས་ནི་རྟགས་ཅན་རྟོགས་པར་བྱེད་བ་མ་ཡིན་ན། གང་གིས་རྟགས་དང་རྟགས་ཅན་གྱི་དངོས་པོ་ཐ་དད་པ་མེད་པར་འགྱུར། གང་རྟོགས་པ་ན་གང་མ་རྟོགས་པར་འགྱུར་བ་དེའི་རྟགས་ནི་དེ་ཡིན་ཏེ། དཔེར་ན་དུ་བ་རྟོགས་པ་ན་མེ་རྟོགས་བའི་མེའི་དུ་བ། ་ཡིན་པ་བཞིན་ནོ། །གང་རྟོགས་པ་ཉིད་ན་གང་རྟོགས་བར་འགྱུར་བ་དེའི་རྟགས་ནི་དེ་མ་ཡིན་ཏེ། དཔེར་ན་བུམ་བས་དབེན་བའི་ས་ཕྱོགས་རྟོགས་པ་ཉིད་ན་མེད་པ་རྟོགས་པའི་ཕྱིར་བུམ་པས་དབེན་པའི་ས་ཕྱོགས་མེད་བའི་རྟགས་མ་ཡིན་ནོ། དེའི་ཕྱིར་གང་དེས་ན་གང་མ་དེས ་པ་དེ་དག་ནི་ངེས་བ་དང་མ་དེས་པ་དག་གིས་ཐ་དད་པ་ན་རྗེས་སུ་འགྲོ་བ་ཤེས་པ་ལ་བལྟོས་ཏེ་དེས་པར་གྱུར་བ་ནི་ཅིག་ཤོས་ཀྱི་རྟགས་ཡིན་གྱི། སྒྲོན་མ་བཞིན་དུ་བདག་ཉིད་གསལ་བར་བྱེད་བ་ནི་མ་ཡིན་ནོ། །ཆོས་ཅན་ཡང་ཐ་དད་པ་ཉིད་ཀྱིས་རྟགས་སུ་འགྱུར་ཞེ་ན། ་བཤད་པ། ཆོས་ཅན་གྱི་རང་གི་ངོ་བོ་སྒྲུབ་བར་བྱེད་བར་ཁས་ལེན་ན་ནི་བདག་ཉིད་གསལ་བར་བྱེད་བའི་ཐལ་བ་འདིར་འགྱུར་ཏེ། འདི་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །རང་གི་ངོ་བོས་དེས་པ་ཡིན་ན་ཆོས་ཅན་བདག་ཉིད་དུ་གྱུར་བའི་མི་རྟག་པ་ཉིད་གསལ་བར་བྱེད་པར་འགྱུར ་ཏེ། སྒྲོན་མ་བཞིན་ནོ། །དེ་ལྟར་ཡིན་དང་སྒྲ་རང་གི་ངོ་བོས་རྟག་ཏུ་གྲུབ་བའི་ཕྱིར་མི་རྟག་བ་ཉིད་ཀྱང་གྲུབ་བས་རྩོད་པ་མེད་པར་འགྱུར་རོ།། འདི་སྙམ་དུ་གལ་ཏེ་གཏན་ཚིགས་དང་བསྒྲུབ་བྱ་དག་ཐ་དད་པའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་རང་ཉིད་ལ་གཏན་ཚིགས་སུ་མ་གྲུབ་པ་བརྗོད ་ན། འོན་དངོས་པོ་ཐམས་ཅད་ལ་ཆོས་དང་ཆོས་ཅན་ནམ། བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་ཀྱི་དབྱེ་བ་མ་གྲུབ་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་བའི་སྐྱོན་འདི་རང་བཞིན་གྱི་གཏན་ཚིགས་ཐམས་ཅད་ལ་མཚུངས་སོ། །བྱས་པ་ཉིད་ནི་སྒྲ་དང ་ཐ་དད་པ་མ་ཡིན་ཏེ། དེས་ན་བྱས་པ་ཡང་དམ་བཅའ་ཨི་དོན་གྱི་ཕྱོགས་གཅིག་ཡིན་པར་འགྱུར་རོ་ཞེ་ན། རྩོད་པ་འདི་ལ་བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་རང་བཞིན་གྱི་གཏན་ཚིགས་བསམ་པ་ཉིད་དུ་བཤད་ཟིན་ཏོ། །དེ་དང་དེ་ལས་ལོག་བའི་དངོས་པོ་རྣམས་ཀྱི་ལྡོག་པ་ལ་བརྟེན ་བས་དེས་པའི་ཡུལ་གྱི་རང་བཞིན་ཐ་སྙད་ཐ་དང་པའི་ཕྱིར་བསྒྲུབ་བར་བྱ་བ་དད་སྒྲུབ་པར་བྱེད་པ་དག་ཐ་དད་དེ། གཅིག་ལས་ལྡོག་བའི་རྒྱུ་མཚན་གྱིས་ནི་མ་གྲུབ་པ་བསྒྲུབ་བྱའི་རང་བཞིན་ཡིན་ལ། གཞན་ལས་བཟློག་པའི་རྒྱུ་མཚན་གྱིས་ནི་རང་བཞིན་གྲུབ་པ་ཡིན་ནོ་ཞེས་སོ ་གལ་ཏེ་དོན་དམ་པར་ཆོས་དང་ཆོས་ཅན་དག་ཐ་མི་དད་ལ། བརྟགས་པ་ཐ་དད་པ་ཡིན་ན་དེ་ཅི་ལྟར་གཞན་དུང་ཉིད་དང་གཞན་ཉིད་འགོག་ཅེ་ན། བཤད་པ། དེ་ཁོ་ན་ཉིད་དང་ལྡན་བའི་རང་བཞིན་རྣམ་པར་དཔྱད་པའི་སྐབས་སུ་ནི་ཆོས་དང་ཆོས་ཅན་གྱི་རང་བཞིན ་ལྟ་བུར་གྱུར་པ་མ་གྲུབ་པའི་རྒྱུའི་ཕྱིར། ཀུན་རྫོབ་བའི་ཆོས་དང་ཆོས་ཅན་གྱི་དོན་རྣམས་ལ་དེ་ཉིད་དང་གཞན་ཉིད་འགོག་པ་ཡིན་ནོ། །འདི་ལྟར་གལ་ཏེ་ཆོས་ཅན་དང་ཆོས་ཅན་དད་ཆོས་རྣམས་ཀྱང་ཕན་ཚུན་ཡང་ཐ་དད་པ་ཡིན་ན་གཞི་མཐུན་པར་མི་འགྱུར་ཏེ། ལྷས་སྦྱིན་དང་མཆོད་སྦྱིན་ལ ་སོགས་བའི་སྒྲ་རྣམས་ནི་གཞི་མཐུན་པ་མ་ཡིན་ནོ། །འོན་ཏེ་ཆོས་ཅན་ལས་དང་ཕན་ཚུན་ཡང་ཐ་མི་དད་པ་ཡིན་ན་ནི། དེ་ལྟ་ན་ནི་འོན་ཆོས་དང་ཆོས་བརྗོད་པའི་སྒྲ་རྣམས་རྣམ་གྲངས་པར་ཐལ་ལ་སྒྲའི་བྱས་པ་ཉིད་ཅེས་ཐ་དང་པའི་རྒྱུ་མཚན་ཅན་དྲུག་པར་ཡང་མི་འགྱུར་རོ།། ་དེའི་ཕྱིར་སྒྲ་རྣམས་ཀྱི་དོན་འདི་ལྟ་བུ་ནི་དོན་དམ་བ་མ་ཡིན་པའི་ཕྱིར། དོན་དམ་པ་རྣམ་པར་དབྱད་ན་ཆོས་ཅན་དང་ཆོས་རྣམས་ཀྱང་དོན་དམ་པ་ལ་མ་ཡིན་བའི་ཕྱིར། དེ་ཉིད་ཀྱང་མ་ཡིན་ལ་གཞན་ཡང་མ་ཡིན་ནོ་ཞེས་དགག་པ་ཡིན་ནོ། །འོ་ན་རྗེས་སུ་དཔག་པ་དང། རྗེས་སུ ་དཔག་པར་བྱ་བའི་ཐ་སྙད་དོན་དམ་པའི་ཡུལ་ཅན། ཅི་ལྟར་དོན་དམ་པར་དེ་ཉིད་གང་གཞན་ཉིད་དང་བྲལ་བའི་ཆོས་དང་ཆོས་ཅན་ཐ་དད་བ་ལ་བརྟེན་ནས་མཇུག་ཅེ་ན། རྗེས་སུ་དཔག་པ་དང་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར ་བྱ་བའི་ཐ་སྙད་ནི་གོ་བྱ་གོ་བྱེད་ཀྱི་དངོས་པོ་ཡིན་ལ། གོ་བྱ་གོ་བྱེད་ཀྱི་དངོས་པོ་ཡང་དེས་པའི་ཡུལ་རང་བཞིན་ལ་འཐད་ཀྱི། དེས་བ་ལ་མི་གནས་པའི་དངོས་པོ་ལ་ནི་མ་ཡིན་ནོ། །དེས་པ་ལ་གནས་བའི་རང་བཞིན་དེ་ལ་ཡང་ལྡོག་པ་ཐ་དད་པས་བརྟགས་པའི་ཐ་དད་པ་ཡོད་པ་ཉིད ་དོ། །དེས་ན་རྗེས་སུ་དཔག་པ་དད་རྗེས་སུ་དཔག་བར་བྱ་བའི་ཐ་སྙད་འཐད་པ་ཉིད་དོ། འོ་ན་རྗེས་སུ་དཔག་པ་རང་གི་མཚན་ཉིད་ཀྱི་མཐར་ཐུག་པར་ཅི་ལྟན་འགྱུར་ཞེ་ན། གང་གི་ཕྱིར་ཀུན་བརྟགས་བའི་རང་བཞིན་རྗེས་སུ་དཔག་བས་དེས་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་མ་ཡིན ་པ་ལས་ལྡོག་པས་ཕྱི་རོལ་གྱི་བདག་ཉིད་དུ་ཞེན་པར་བྱས་པ་ཡིན་ལ། འདིས་ཅི་ལྟར་དེས་པ་དེ་འདྲ་བ་ཡོད་ཕྱི་རོལ་ན་ཡོད་པའི་ཕྱིར་འཇུག་པ་ལ་མི་བསྒྲུབས་རྗེས་སུ་དཔག་པ་ཕྱི་རོལ་གྱི་དོན་གྱི་མཐར་ཐུག་པ་ཡིན་ནོ། །དོན་འདི་ཉིད་ཚིགས་སུ་བཅད་པ་དག་གིས་བསྟན་པའི་ཕྱིར ་བཤད་པ། ཤེས་པ་གང་ཞིག་བདག་ཉིད་ཀྱི་ཐ་དད་པ་གཞན་ལས་རྣམ་པར་བཅད་པ་གང་ཡིན་པ་སྟེ། ཐ་དད་བ་དེའི་མཐར་ཐུག་པ་ཡོངས་སུ་རྫོགས་པའི་ཤེས་པ་གང་ཡིན་པའོ། །གང་གི་ཕྱིར་དེ་དག་ནི་བསྒྲུབ་པའི་ཚུལ་ལ་རེག་པར་མི་ནུས་པས་གཞན་ལས་ལོག་པ་འབའ་ཞིག ་གིས་བདག་ཉིད་ཀྱང་སྣང་བ་ལ་ཕྱི་རོལ་ཉིད་དུ་ལྷག་བར་ཞེན་པ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་མི་བལྟོས་པར་ཐ་དད་བཙམ་གྱི་མཐར་ཐུག་བའི་ཤེས་བ་དེ་དག་ལ་ཐ་དད་པར་ཆོས་དང་ཆོས་ཅན་སྣང་བ་ཡིན་ལ། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཀྱང་ཐ་དད ་པ་དེ་ལ་བརྟེན་པ་ཡིན་ནོ། །ཆོས་ཅན་སྒྲུབ་བར་བྱེད་པ་འདིར་ནི་ཐ་སྙད་རྣམ་པར་རྟོག་པའི་ཤེས་པས་བཞག་པ། བསྒྲུབ་བྱའི་ཆོས་ཅན་གང་ཡིན་པ་དེ་ཉིད་སྒྲུབ་བྱེད་དུ་བཞག་པ་ཡིན་ནོ། །ཅི་ལྟར་དེ་ཉིད་ཡིན་ཞེ་ན། ཆོས་ཅན་གང་ཡིན་ཐ་དད་པ་ལྡོག་པ་གཞན་གྱི་བློ་གང་ཡིན་པ་དེ ་ལ་མ་དག་པ་འབྲེལ་བ་མེད་པ་ཅན་དེ་ལ་དེ་སྐད་བརྗོད་དོ། །ཆོས་ཅན་དེ་ནི་ལྡོག་པ་གཞན་གྱི་རྒྱུ་མཚན་ཅན་གྱི་བློས་གཏན་ཚིགས་ཀྱི་དངོས་པོར་མ་བཟུང་སྟེ། སྒྲ་མ་ཡིན་པ་ལས་ཐ་དད་པ་གང་ཞིག་བསྒྲུབ་བྱའི་རང་བཞིན་བསྟན་པ་དེ་ཉིད་བསྒྲུབ་བྱེད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས ་ཅན་དུ་བསྟན་པ་དེ་ནི་གཏན་ཚིགས་ཉིད་དུ་མ་གྲུབ་བོ། །ཆོས་ཅན་མ་གྲུབ་པར་བརྗོད་པ་འདིས་ནི་ཆོས་ཀྱང་མ་གྲུབ་བར་བཤད་བ་ཡིན་ནོ། །དེ་ཡང་བདག་ཉིད་སྒྲུབ་བ་ལ་གཏན་ཚིགས་ཉིད་དུ་མ་གྲུབ་བ་ཁོ་ནའོ། །དེར་ཡང་གལ་ཏེ་བསྒྲུབ་བྱའི་རང་བཞིན་དེ་ཉིད་ལས་འགྲུབ་པ་ཡིན་ན ་དེ་ནི་སྔ་མ་ཁོ་ནང་བསྒྲུབ་བྱའི་དུས་སུ་བསྟན་བའི་ཕྱིར་དེས་འགྲུབ་བར་འགྱུར་བ་དང། འགར་ཡང་རྩོད་བ་མེད་པར་འགྱུར་བ་དང། འགར་ཡང་རྩོད་བ་མེད་བར་འགྱུར་ཏེ། མི་རྟག་པ་ཉིད་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཐལ་བ་སྔ་མ་ཅི་ལྟར་རིགས་པ་བརྗོད་དོ། །ཅི་སྟེ་ཡང་མི་རྟག་པ་ཉིད་བདག་ཉིད་ཀྱི་རྗེས་སུ་འགྲོ ་བ་མ་གྲུབ་པའི་ཕྱིར་དེ་ཙམ་གྱིས་སྒྲ་མི་རྟག་པ་ཉིད་དུ་མི་ངེས་སོ་ཤེ་ན། རྗེས་སུ་འགྲོ་བ་མ་གྲུབ་པར་བརྗོད་པ་དེ་ལ་ཡང་འབྲེལ་བ་མེད་པ་དེ་ཉིད་འོངས་ཏེ། མི་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་དེ་ཉིད་ཅི་ལྟར་བདག་ཉིད་ལ་རྗེས་སུ་འགྲོ་ཞེས་སོ། །གལ་ཏེ་དེ་ལ ་ཆོས་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན། རང་གི་ངོ་བོ་མཐོང་བ་ཙམ་གྱིས་དོན་ངེས་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་བསྒྲུབ་བར་བྱ་བའི་ཆོས་ཅན་ནམ་ཆོས་མ་གྲུབ་པ་ཉིད་དུ་བསྟན་ནས། མི་མཐུན་བའི་ཕྱོགས་མ་ཡིན་པ་ཞེས་བྱ་བ་གཏན་ཚིགས་ཉིད་དུ་དགོད ་བར་བྱེད་པ་གང་ཡིན་པ་དེ་ཡང་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། གོ་ན་གང་གི་ཚེ་མི་མཐུན་བའི་ཕྱོགས་མེད་པ་གཏན་ཚིགས་སུ་བརྗོད་པ་དེའི་ཚེ་ཅི་ལྟར་ཞེ་ན། མི་མཐུན་བའི་ཕྱོགས་ལས་ཐ་དད་པ་གཏན་ཚིགས་སུ་བརྗོད་པ་དེ་ལ་ཡང། གང ་གི་ཕྱིར་བསྒྲུབ་པར་བྱ་བ་མེད་བར་མི་མཐུན་བའི་ཕྱོགས་ཡིན་པ་དེ་བས་ན། མི་མཐུན་བའི་ཕྱོགས་དེ་ལས་གཞན་པ་གང་ཡིན་པ་དེ་ནི་བསྒྲུབ་བྱའི་ཆོས་ཉིད་ཡིན་ལ། བསྒྲུབ་བྱའི་ཆོས་ཀྱང་མ་གྲུབ་བོ། །ཅིག་ཤོས་ཀྱི་ཕྱོགས་དང་མཐུན་བའི་ཕྱོགས་རྣམས་ཐ ་དད་པའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་ཅན་མི་མཐུན་པའི་ཕྱོགས་ལས་གཞན་ཡིན་ནོ། །དེ་བས་ན་བསྒྲུབ་བྱའི་ཆོས་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་ཤེས་བར་འདོད་བའི་བྱེ་བྲག་ཉིད་ཀྱང་ཡིན་བས་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཕྱོགས་ལ་ཡོད་པ་ཉིད ་དོ། །དེས་ནམ་གྲུབ་བོ་ཞེས་ཅི་ལྟར་བརྗོད་ཅེ་ན། ཅིག་ཤོས་ཀྱི་མ་གྲུབ་པ་ཉིད་བསྟན་པར་བྱ་བའི་ཕྱིར་རོ། །ཕྱོགས་གང་ཡིན་ཞེས་དྲི་བར་བྱེད་དོ། །གཞན་གྱི་ཕྱོགས་དང་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་སྨྲས་བ་ནི་གང་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། འོན་ནི་ཕྱོགས ་དེའི་འདོད་པས་བྱས་པའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོའི་དབང་གིས་བྱས་པའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་གནས་བ་གང་ཡིན་པ་སེལ་བར་ཅི་ལྟར་འགྱུར། འདི་ལྟར་དོན་དམ་པར་ནི་བསྒྲུབ་བར་བྱ་བ་དང་བྲལ་བ་གང་ཡིན་པ་དེ་མི་མཐུན་བའི་ཕྱོགས ་ཡིན་ནོ། །གང་ལ་ཆོས་འབའ་ཞིག་བསྒྲུབ་པར་འདོད་པ་དེ་ནི་ཕྱོགས་ཡིན་ནོ། །དེ་བས་ན་གང་ཞིག་ཕྱོགས་སུ་བྱས་པ་དེ་ཡང་དོན་དམ་པར་མི་མཐུན་པའི་ཕྱོགས་སུ་ཡང་རེས་འགའ་འགྱུར་བའི་ཕྱིར་ཅི་སྙེད་ཕྱོགས་སུ་བྱས་པ་དེ་ཐམས་ཅད་མི་མཐུན་པའི་ཕྱོགས་མ་ཡིན་ནོ་ཞེས ་ནི་ཤེས་པར་མི་ནུས་སོ། །དེས་ན་ཕྱོགས་ཀྱིས་མི་མཐུན་བའི་ཕྱོགས་འཇིག་པ་མ་ཡིན་ནོ། །གལ་ཏེ་འཇིག་ན་ནི་ཆོས་འགའ་ཡང་མ་ངེས་པར་མི་འགྱུར་རོ།། མི་མཐུན་པའི་ཕྱོགས་ཀྱང་འདོད་པས་བྱས་པའི་ཕྱིར་ཏེ། འདོད་པས་ཕྱོགས་སུ་བྱས་པ་ལས་གཞན་མི་མཐུན ་པའི་ཕྱོགས་ཡིན་པ་དེའི་ཕྱིར་འདི་ཡང་འདོད་བས་བྱས་པར་འགྱུར་རོ། །དེས་ན་མི་མཐུན་བའི་ཕྱོགས་ལ་འཇུག་པས་མ་ངེས་པར་འགྱུར་བ་འགའ་ཡང་མེད་པར་འགྱུར་རོ་ཞེས་འདི་ནི་སྔ་མ་ཉིད་དུ་བསལ་ཟིན་ཏོ། །གཞན་ཡང་གལ་ཏེ་བསྒྲུབ་བར་བྱ་བ་མ་ཡིན་པ་མི་མཐུན ་པའི་ཕྱོགས་ཡིན་ལ། མི་མཐུན་བའི་ཕྱོགས་དེ་ལས་གཞན་པ་མེད་པ་ཡང་ཆོས་ཅན་ལ་གྲུབ་ན་དགགས་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར་གང་ཞིག་བསྒྲུབ་བའི་དོན་དུ་གཏན་ཚིགས་བརྗོད་པ་ཅི་ཞིག་ཡོད། །ཅིག་ཤོས་ཀྱིས་ན་མི་མཐུན་པའི་ཕྱོགས་ལ་སོགས་པ་ཐ ་དད་པར་མཐོང་ནས་ཡང་སྨྲས་པ། བསྒྲུབ་པར་བྱ་བ་མ་གྲུབ་བཙམ་གྱི་རྒྱུས་ནི་ཐམས་ཅད་དུ་མི་མཐུན་བའི་ཕྱོགས་མ་ཡིན་ནོ། །འོ་ན་ག་ལས་ཤེ་ན། བཤད་པ། བསྒྲུབ་པར་བྱ་བ་དེ་མེད་པ་དེ་ལ་ཡིན་པར་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་དེས་བ་གང་ཡིན་པ་དེ་ཉིད་མི ་མཐུན་པའི་ཕྱོགས་ཡིན་ནོ། །དེས་ན་ཆོས་ཅན་དེ་ལ་ནི་བསྒྲུབ་བྱ་མེད་པར་མ་དེས་པ་དེའི་ཕྱིར་མི་མཐུན་བའི་ཕྱོགས་མ་ཡིན་པ་ཉིད་རེ་ཞིག་གྲུབ་པ། བསྒྲུབ་བྱ་གྲུབ་པ་ཡང་མ་ཡིན་པ་དེས་ན་མི་མཐུན་བའི་ཕྱོགས་མ་ཡིན་པ་ཉིད་གྲུབ་ན་གཞན་ཅི་ཞིག་བསྒྲུབ་བར་བྱ ་ཞེས་ཅི་ལྟར་བརྗོད་ཅེ་ན། གལ་ཏེ་དེ་ལྟ་ན་ནི་མཚན་ཉིད་འདིས་བསྒྲུབ་བར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་དཔེ་ཡང་མི་མཐུན་པའི་ཕྱོགས་མ་ཡིན་པར་འགྱུར་ཏེ། དེ་ལ་ཡང་བསྒྲུབ་པར་བྱ་བ་མེད་པར་མ་དེས་བའི་ཕྱིར་རོ། །དེ་ལས་ཅིང་འགྱུར་ཞེ་ན། གཏན་ཚིགས་དེས་ན་? ་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་འདི་ཅི་ལྟར་སྒྲུབ་བར་འགྱུར། ཅི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་འདི་ནི་བསྒྲུབ་བར་བྱ་བ་མེད་པ་ལས་ལྡོག་པར་མ་ངེས་པའི་རང་བཞིན་ཡིན་པ་དེའི་ཕྱིར་མི་འགྱུར་རོ། །བསྒྲུབ ་པར་བྱ་བ་མེད་པ་ལས་ལྡོག་པ་མ་དེས་ཀྱང་སྒྲུབ་བྱེད་ཉིད་ཅི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་འདི་ལ་དེའི་ཤེས་བྱ་སྒྲུབ་བར་བྱེད་བའི་མཚན་ཉིད་མ་དེས་པའི་ཕྱིར་རོ། །བསྒྲུབ་བར་བྱ་བ་མེད་བ་ལས་ལྡོག་པ་ནི་སྒྲུབ་པར་བྱེད་བའི་ཚུལ་གསུམ་པ་ཡིན་ལ། ་དེ་ཡང་འདི་ལམ་དེས་པའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་རྟགས་མ་ཡིན་བྲ?་ཉིད་དོ། །མི་མཐུན་པའི་ཕྱོགས་མ་ཡིན་པར་ཉེ་བར་བཀོད་པ་དེ་ཉིད་ཀྱིས་བསྒྲུབ་བར་བྱ་བ་མེད་པ་ལས་ལྡོག་པ་ནི་སྒྲུབ་བར་བྱེད་པའི་ཚུལ་གསུམ་པ་ཡིན་ལ། ་དེ་ལྟ་ན་ཅི་ལྟར་མ་དེས་པ་ཉིད་ཀྱི་རྒྱུ་ལས་དེས་པར་འགྱུར། མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལས་ངེས་བར་བརྗོད་བས་མ་དེས་བ་ཉིད་ལས་ཡིན་པར་ཅི་ལྟར་བརྗོད་པར་འགྱུར་ཞེ་ན། བཤད་པ། གང་གི་ཕྱོགས་མི་མཐུན་པའི་ཕྱོགས་མ་ཡིན ་པའི་སྒྲས་ནི་བསྒྲུབ་བྱ་ལྡོག་པ་མ་ངེས་པ་བརྗོད་པ་དེའི་ཕྱིར་ཅི་ལྟར་བསྒྲུབ་བར་བྱ་བ་མེད་པར་ཐེ་ཚོམ་ཟ་བ་དེ་ཉིད་ཀྱིས་བསྒྲུབ་བར་བྱ་བ་མེད་པ་ལས་ཟློག་བར་ངེས་ཏེ། ཅི་ལྟར་བསྒྲུབ་བྱ་དེས་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་མེད་པ་མེད་པ་ནི ་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་ཕྱོགས་ལ་སོགས་པའི་མཚན་ཉིད་ཡིན་ན། མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་གཏན་ཚིགས་སུ་བརྗོད་པས་ཤིན་ཏུ་མ་འབྲེལ་བ་ཅི་འདྲ་བ་ཞིག་བརྗོད་བར་འགྱུར་བ་དེ་ལ་བཞད་གང་དུ་སྟན་པ་ནི། ་གང་གི་ཕྱིར་བསྒྲུབ་བར་བྱ་བ་མེད་བའི་མཚན་ཉིད་ཀྱི་དངོས་པོ་འདི་ཆོས་ཅན་འདིར་ཐེ་ཚོམ་ཟ་བ་དེའི་ཕྱིར་འདི་འདི་ན་མེད་དོ་ཞེས་བྱ་བར་དེས་ཁྱེད་ཀྱི་ས་དེ་སྐད་སྨྲས་པ་དེ་ནི་ཤིན་ཏུ་མཛེས་པ་ཡིན་ནོ། །གང་གི་ཕྱིར་འགའ་ཡང་མ་དེས ་པར་མི་འགྱུར་བ་དང། མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟབ་གཏན་ཚིགས་སུ་འགྱུར་བ་དང། མ་འབྲེལ་བར་བརྗོད་པར་འགྱུར་བ་དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་རྣམས་ཀྱི་ཡོད་པ་དད་མེད་པ་གང་དག་ཕྱོགས་རྣམ་པར་བཞག་པ་ལ་མི་བལྟོས་པ་དེ་འདྲ་བ་དེ་དག་ནི ་ཕན་ཚུན་སྤངས་ནས་གནས་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་ལ་སོགས་པའི་ཡོད་པ་དང་མེད་པ་ལས་རྣམ་པར་གྲོལ་བ་ཕུང་པོ་གསུམ་པ་ལྡོག་པར་བྱེད་པ་མ་ཡིན་ཏེ། ཐ་དད་དུ་བྱེད་བ་མ་ཡིན་ནོ། །དེ་ལྟ་ཡིན་དང་འཇུག་པ་དང་ལྡོག་པ་དེ་དག་ལས་ཡོད་པའམ་མེད་པ ་ཅིག་ལྡོག་པ་གང་ཡིན་པ་དེ་ཉིད་ཟླ་བོ་གཞན་ཡོད་བ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མི་རྟག་པ་མེད་པ་ལས་ལྡོག་པ་སྟེ་མེད་པ། མི་རྟག་བའི་བདག་ཉིད་ཡིན་པས་སྐབས་སུ་བབ་པ་བསྒྲུབ་བར་བྱ་བའི་ཆོས་ཅན་ལ་མི་རྟག་པར་ཅི་ལྟར་འབྲུག་གལ་ཏེ་ཕྱོགས ་ལ་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་མ་གྲུབ་ན། འོ་ན་དེ་ཉིད་ཀྱི་ཕྱིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཕྱིར་ཕྱོགས་ཡིན་ཡང་དངོས་པོ་ལ་བསྒྲུབ་བྱས་སྟོང་པའི་ཕྱིར་མི་མཐུན་བའི་ཕྱོགས་སུ་འགྱུར་རམ། ཅི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཅིག་པར ་ནི་མི་འཐད་དེ་ཞེ་ན། ཅིག་ཤོས་ཀྱིས་སྨྲས་བ། རྣམ་གྲངས་ཀྱིས་ཏེ་ཚུལ་འགའ་ཞིག་གིས་ཕྱོགས་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ཡང་ཡིན་ཏེ། མི་འདོད་པ་ཅུང་ཟད་ཀྱང་མེད་དོ། །བྱས་པ་འམ་རྩོལ་བ་ལས་བྱུང་བས་སྒྲ་རྟག་པར་བསྒྲུབ་པ་ན་ཕྱོགས་ཀྱང་མི་མཐུན་པའི ་ཕྱོགས་སུ་འགྱུར་རོ། །འོ་ན་མཚན་ཉིད་འཚོལ་བར་ཐལ་ལོ་ཞེས་དོགས་ན། བཤད་པ། མཚན་ཉིད་ཀྱི་དབྱེ་བ་ནི་རང་གི་ངོ་བོ་དང། རྒོལ་བ་འདོད་པ་དང། མངོན་སུམ་ལ་སོགས་བསམ་བསལ་བ་ནི་ཕྱོགས་ཡིན་ལ། བསྒྲུབ་བར་བྱ་བ་མེད་པ་ནི་མི་མཐུན་བའི་ཕྱོགས་ཡིན་ནོ་ཞེས་འདི ་ནི་བརྗོད་ཟིན་ཏེ། འཆོལ་བའི་དོགས་པ་ག་ལ་ཡོད། ཕྱོགས་ཡིན་ཡང་མི་མཐུན་པའི་ཕྱོགས་སུ་འགྱུར་བར་ནི་ཐམས་ཅད་ཀྱིས་འདོད་པ་ཡིན་ཏེ། འདི་ལྟར་མི་མཐུན་བའི་ཕྱོགས་སུ་ཐེ་ཚོམ་མི་ཟ་བ་ཡིན་ན་གཏན་ཚིགས་བརྗོད་བ་མ་ཡིན་ནོ།། དེ་ག་ལས་ཤེ་ན། གང་གི ་ཕྱིར་བསྒྲུབ་བར་བྱ་བ་མེད་པ་མི་མཐུན་པའི་ཕྱོགས་ཏེ། དེ་རྣམ་པར་བཅད་བའི་དོན་དུ་གཏན་ཚིགས་རབ་ཏུ་སྦྱད་བ་དེའི་ཕྱིར་དེ་ལྟར་ཡིན་ནོ། གཞན་ཡང་ཕྱོགས་ལ་སོགས་པའི་རྣམ་པར་བཞག་པ་ཡོད་པ་གང་ལས་ཕྱོགས་ཀྱང་མི་མཐུན་བའི ་ཕྱོགས་ཉིད་ཡིན་བའི་སྐྱོན་འདིར་འགྱུར་བ་གནོད་པར་བྱེད་བའི་ཚད་མས་བསྒྲུབ་བྱ་རྗེས་སུ་འགྲོ་བར་བསྟན་པ་དེ་ནི་གཏན་ཚིགས་ཡིན་ནོ། །གནོད་པར་བྱེད་བའི་ཚད་མས་གཏན་ཚིགས་ཀྱི་འབྲེལ་བ་སྟོན་བའི་དུས་ན་ནི་ཕྱོགས་ལ་སོགས་བའི་རྣམ་པར ་བཞག་པ་སྟེ་དབྱེ་བ་ཡོད་པ་མ་ཡིན་ནོ། །ཅི་ལྟར་ཕྱོགས་ལ་སོགས་པ་རྣམ་པར་བཞག་པ་མེད་ཅེ་ན། གང་གི་ཕྱིར་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དེ་ཕྱོགས་ལ་སོགས་བའི་རྣམ་པར་དབྱེ་བ་དང་བྲལ་བ་འབའ་ཞིག་ཉིད་མི་རྟག་པ་ཉིད་ལ་སོགས་པ་འགའ་ ་ཞིག་ཡོད་པ་དང་མེད་པ་དག་ཏུ་འཇུག་པ་དང་ལྡོག་པ་ཅན་ཏེ། ཡོད་པ་དང་མེད་པ་ཅན་དུ་བསྟན་པ་ཡིན་ཏེ། ཕྱོགས་དང་མི་མཐུན་བའི་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་བལྟོས་པ་མེད་པ་ཁོ་ནས་དངོས་པོ་ལ་བསྒྲུབ་པར་བྱ་བ་གཏན་ཚིགས་ཀྱི་རྗེས་སུ་འགྲོ ་བའོ། །གང་གི་ཕྱིར་དོན་ཐམས་ཅད་བསྡུས་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་ནི་ཚད་མས་བསྟན་བར་ནུས་པ་ཡིན་ཏེ། དངོས་པོ་གཅིག་ལ་ལོག་ན་ཡང་ཐེ་ཚོམ་མི་ལྡོག་བའི་ཕྱིར་རོ། །དེ་ལྟར་འབའ་ཞིག་རྗེས་སུ་འགྲོ་བ་དང་ལྡན་པར་བསྟན་པ་དེ་རང་ཉིད ་ཆོས་ཅན་ལ་ཡོད་བའི་ཤུགས་ཀྱིས་ཏེ། བསྒྲུབ་བྱའི་ཆོས་མེད་པར་དེ་མི་འཐད་པས་ཆོས་ཅན་དེས་ཆོས་ཅི་ལྟ་བུ་ཞིག་དང་རང་ཉིད་འབྲེལ་བ་དེ་ལྟ་བུའི་ཆོས་དང་འབྲེལ་བར་སྒྲུབ་བར་བྱེད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གཏན་ཚིགས་དེའི་ཤུགས ་གཞིན་དུ་མི་འཐད་པའི་ཡུལ་རྗེས་སུ་ཐོགས་པ་རྗེས་སུ་འགྲོ་བ་བསྟན་བའི་འོག་རོལ་གྱི་རྗེས་སུ་འབྱུང་བ་ཅན་དེ་ནི་ཕྱོགས་ཤེས་བརྗོད་དོ། །དེས་ན་གང་གི་ཕྱོགས་ཀྱང་མི་མཐུན་བའི་ཕྱོགས་སུ་འགྱུར་རོ་ཞེས་བྱ་བའི་སྐྱོན་དུ་འགྱུར་བ་དེ་འདྲ་བའི་ཕྱོགས ་མི་མཐུན་པའི་ཕྱོགས་མ་ཡིན་པ་ག་ལ་ཡིན། གང་གིས་ཕྱོགས་རྗེས་སུ་འགྲོ་བའི་ཕྱི་ནས་འགྱུར་བ་དེས་ནི་ཕྱོགས་ཀྱི་མཚན་ཉིད་ཀྱི་སྒོ་ནས་འོངས་པ་མི་མཐུན་པའི་ཕྱོགས་མ་ཡིན་པ་ཞེས་བྱ་བའི་རང་བཞིན་གྱི་ཆོས་སོ། །འདི་ལྟར་ཕྱོགས་མེད་པ་ནི་མི་མཐུན ་བའི་ཕྱོགས་ཡིན་ལ། མི་མཐུན་པའི་ཕྱོགས་མེད་པ་ཡང་མི་མཐུན་པའི་ཕྱོགས་མ་ཡིན་པ་ཡིན་ཏེ། དེས་ན་དེའི་མཚན་ཉིད་ཀྱི་སྒོ་ནས་འོངས་བ་ནི་ངེས་ན་ངེས་པར་འགྱུར་རོ། །གཏན་ཚིགས་སྟོན་བའི་དུས་ན་ཕྱོགས་ངེས་པ་ནི་མ་ཡིན་ཏེ། རྗེས་ཐོགས་པ ་ཡིན་པའི་ཕྱིར་རོ། །དེས་ན་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ནི་སྟོན་པའི་དུས་ན་མེད་པར་ཤིན་ཏུ་ཡང་གསལ་ལོ། །འབྲེལ་བ་སྟོན་པའི་དུས་དང། གཏན་ཚིགས་སྟོན་པའི་དུས་ན་འབྲེལ་བ་དེས་པ་གཏན་ཚིགས་ཡིན་བའི་ཕྱིར་ཏེ། དེས་ན་རྟགས་མ ་ཡིན་ནོ།། སྔར་ནི་དམ་བཅའ་བབ་སྔོན་དུ་འགྲོ་བའི་སྦྱོར་བ་ཁས་བླངས་ནས་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཐེ་ཚོམ་ཟ་བར་བརྗོད་ལ། ད་ལྟ་ནི་ཕྱོགས་མི་མཐུན་པའི་ཕྱོགས་མ་ཡིན་པར་དེས་ཀྱང་རྟགས་མ་ཡིན་ཏེ། ཁྱབ་བའི་དུས་ན་ཕྱོགས་དང་མི་མཐུན ་བའི་ཕྱོགས་དག་མེད་བའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་བར་རོ། །འོ་ན་གཙོ་བོ་ནི་ཡོད་བ་ཡིན་ཏེ། དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་གང་ཡིན་པ་འདི་རྟགས་ཡིན་ནོ། །ཅི་ལྟར་འདི་མ་གྲུབ་པ་འམ། ཁྱབ་བའི ་དུས་ན་མེད་པ་ཡིན། དེ་ལས་བཟློག་པ་ནི་ཡོད་བ་དེ་ལས་བཟློག་པ་སྟེ་མེད་པ། གཙོ་བོ་ལས་གཞན་པའི་གཙོ་བོ་ནི་ཕ་རོལ་པོ་མེད་པར་འདོད་ཞེས་གྲགས་ཏེ། དེ་ལས་གཞན་བའི་མེད་པ་གང་ཡིན་པ་དེ་ལས་གཙོ་བོ་རྣམ་པར་གྲོལ་བ་དེའི་ཕྱིར་ཡོད་བར་ཁས? ་བླངས་ཏེ་བུམ་བ་ལ་སོགས་པ་བཞིན་ནོ། །འདི་ལྟར་དཔེར་ན་གཙོ་བོ་མེད་པ་ལས་གཞན་པའི་མེད་བ་བུམ་པ་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་ལས་རྣམ་པར་གྲོལ་བའི་བུམ་པ་ཡོད་པ་དེ་བཞིན་དུ་གཙོ་བོ་ལ་ཡིན་ནོ། །རྟགས་དེ་ལ་ནི་མ་གྲུབ་བ་ཉིད་ཀྱི ་སྐྱོན་འདི་མེད་དོ། །ཅི་ལྟར་ཞེ་ན། གཞན་སྨོས་པའི་ཕྱིར་རོ། །དམ་བཅས་བའི་དོན་གྱི་ཕྱོགས་གཅིག་ཡིན་པ་ཉིད་ཀྱིས་མ་གྲུབ་པ་ཉིད་དུ་འགྱུར་བ་ཡིན་ལ། དེ་ལས་བཟློག་པ་གཞན་ལས་རྣམ་བར་གྲོལ་བ་ཞེས་བྱ་བ་ནི་དམ་བཅས་བའི་དོན་མ་ཡིན་ཏེ། གང་གི་ཕྱིར་ཡོད་པ་བསྒྲུབ ་པར་བྱ་བ་ལ་ཁྱད་པར་དང་བྲལ་བ་ཡོད་པ་ལས་བཟློག་པ་དང་བྲལ་བ་འབའ་ཞིག་བསྒྲུབ་བྱའི་ཆོས་སུ་འགྱུར་གྱི། མེད་པ་འགའ་ཞིག་ཉིད་དང་བྲལ་བ་མ་ཡིན་ནོ། །རི་བོང་གི་རྭ་མེད་པ་ནི་རྟའི་རྭ་མེད་བ་ལས་རྣམ་པར་གྲོལ་བ་ཡིན་ཡང་དེ་ཙམ་གྱིས་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར ་གཞན་སྨོས་པ་འགའ་ཞིག་ལས་ལྡོག་པ་ནི་གཏན་ཚིགས་ཡིན་ལ། མེད་པ་ཙམ་ལས་ལྡོག་པའི་ཡོད་པ་ནི་བསྒྲུབ་བྱ་ཡིན་ནོ། །དེས་ན་བསྒྲུབ་པར་བྱ་བ་དང་སྒྲུབ་བར་བྱེད་པ་དག་ཁྱད་པར་ཡོད་དོ་ཞེ་ན། ཚད་མ་འདི་ལ་ཡང་གཞན་ཞེས་ཁྱད་པར་གཟུང་བ་གང་ཡིན་པ་ནི་འདོད་པ ་ཡོད་པ་བསྒྲུབ་བར་བྱ་བ་ཉིད་ལ་གནོད་པ་བྱེད་དོ། །ཅི་ལྟར་གནོད་པར་བྱེད་ཅེ་ན། གང་གི་ཕྱིར་གཙོ་བོ་དེ་མེད་པར་ཁས་མི་ལེན་ན་ནི་གཞན་སྨོས་པར་ནུས་པ་མ་ཡིན་ཏེ། དོན་འབྲེལ་བར་འགྱུར་བ་མ་ཡིན་ནོ། །དཔེར་ན་མཐ?་རེའུ་བུ་བྲམ་ཟེ་ཡིན་ན་མཐར?་རིའི་བུ་ལས་གཞན་བའི་བྲམ་ཟེ་ལ ་ཟན་བྱིན་ཅིག་ཅེས་གཞན་སྨོས་བལྟ་བུའོ། །དེ་ལྟ་མ་ཡིན་ནི་ན་བྲམ་ཟེ་ལ་ཟན་བྱིན་ཅེས་བྱ་བ་འདི་ཙམ་ཉིད་བརྗོད་པར་འགྱུར་ཏེ། མ་ཐ་རིའི་བུ་ལ་ཐལ་བར་འགྱུར་བ་མེད་བའི་ཕྱིར་རོ། །དེས་ན་གཞན་སྨོས་པ་ནི་འདོད་བའི་ཡར་པ་ལ་གནོད་པར་བྱེད་དོ། །གྲངས་ཅན་?་དགའ་འོད ་པ་ལ་གནོད་པ་སྤངས་བའི་ཕྱིར་སྨྲས་པ། གཙོ་བོ་མེད་པ་ཞེས་བྱ་བ་ནི་འདི་ནི་ཕྱིར་རྒོལ་བ་ཕ་རོལ་པོའི་བསམ་པ་ཡིན་ཏེ། དེའི་བསམ་པའི་དབང་གིས་དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བརྗོད་དོ། །གང་གི་ཕྱིར་དེའི་བསམ་བའི་དབང་གིས་ཡིན ་པ་ངེས་ན་གཏན་ཚིགས་ཀྱི་དོན་ནི་འདི་ཡིན་ཏེ། མེད་པ་གཞན་གང་ཡིན་པ་དེ་དང་བྲལ་བར་ཏེ་དེ་ལས་གཞན་ཉིད་དུ་ཕྱིར་རྒོལ་བ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། གཞན་གྱི་གཙོ་བོ་ཅི་འདྲ་བ་ཞིག་ཏུ་མེད་བར་འདོད་པ་དེ་འདྲ ་བ་ཉིད་ཀྱི་མེད་པ་ལ་གཙོ་བོ་ཡོད་པར་ཕ་རོལ་བོ་ལ་བསྒྲུབ་པར་བྱ་བ་ཡིན་གྱི་ཁོ་བོ་ཅག་གི་རང་གི་བསམ་པས་དེ་སྐད་བརྗོད་པ་ནི་མ་ཡིན་ནོ་ཞེས་ན། དེ་ལ་ཡང་སྟེ་གཏན་ཚིགས་ཀྱི་དོན་དེ་ལ། དོན་དམ་པར་མེད་པ་ལ་ཕན་ཚུན་རྣམ་པར་དབྱེ་བ་ཅི་ཞིག་ཡོད་པར་འདོད་དེ ་ཅུང་ཟད་ཀྱང་མི་སྲིད་པ་ཉིད་དེ། ཁྱོད་ཀྱིས་ནི་གང་གི་ཕྱིར་གཙོ་བོའི་མེད་པ་ནི་མེད་པ་གཞན་ལས་ཐ་དད་པ་དེའི་ཕྱིར་ཡོད་པ་ཡིན་ནོ་ཞེས་བརྗོད་དོ། །མེད་པ་ལ་ནི་ཐ་དད་པ་ཡོད་པ་མ་ཡིན་ནོ། །དོན་དམ་པའི་ཐ་དད་པ་ཉིད་ལས་མི་ཡོད་པར་འགྱུར་རོ། །ཅི་ལྟར་རྣམ ་པར་དབྱེ་བ་མེད་ཅེ་ན། གང་གི་ཕྱིར་རྣམ་པ་ཁྱད་པར་ན་དང་ལྡན་བའི་སྔོན་པོ་གཅིག་གི་རང་བཞིན་རྣམ་པ་གཞན་དང་ལྡན་པའི་རང་བཞིན་སེར་པོ་ལམ་དམིགས་པས་འདི་འདི་ལས་ཐ་དང་པ་ཡིན་ནོ་ཞེས་བློས་མཐོང་བ་དེའི་རང་བཞིན་གཞན་དེ་ལ་ཐེ་དང་པར་རྟོགས ་པ་ཡིན་ན། རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་ལ་དེ་འདྲ་བའི་རྣམ་པར་དབྱེ་བ་དེ་གང་ཡོད་དེ། རྣམ་པ་ཉིད་མེད་བའི་ཕྱིར་རོ། །རྣམ་པ་དང་ལྡན་པའི་རང་བཞིན་ཐ་དད་པ་ཡོད་ན་དེ་ལྟ་བུའི་རང་བཞིན་ཅན་ཡང་མེད་པར་འགྱུར་ཏེ། རྣམ་པ་ཐ་དད་པ་དང ་ལྡན་པའི་རང་བཞིན་དེ་ནི་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་བྱེད་པ་ཉིད་ཡོད་པ་མ་ཡིན་ནམ། ཞེ་ན། བདེན་ཏེ། ཤེས་པ་ལས་ཐ་དད་བའི་རང་བཞིན་གང་ཡིན་པ་དེ་དག་ནི་རང་གི་རྒྱུད་དང་ཤེས་བའི་རྒྱུ་ཡིན་པས་དོན་བྱེད་པ་ཉིད་དོ། །གལ་ཏེ ་དོན་དམ་པར་མེད་པ་ལ་རྣམ་པར་དབྱེ་བ་མེད་ན་འོ་ན་བུམ་པ་མེད་དོ། །རི་བོང་གི་རྭ་མེད་དོ་ཞེས་འཇིག་རྟེན་གྱི་ཐ་སྙད་ཅི་ལྟར་ཞེ་ན། རྣམ་བར་རྟོག་པས་ཤེས་སྨོས་སོ། །རྣམ་པར་རྟོག་བའི་ཤེས་པས་བཀོད་པ་འདི་དག་བདག་ཉིད་ཐ་དད་པ་མེད་པ་ཡིན ་ཡང་སྨྲ་བ་བོ་དག་རྣམ་པར་རྟོག་པའི་ཤེས་པ་ལ་གནས་པ་ཉིད་བརྗོད་པ་གཞན་དང་གཞན་གྱིས་རྣམ་པར་དབྱེ་བ་དང་ལྡན་པ་ལྟ་བུར་ཐ་སྙད་བྱེད་པ་ཡིན་ནོ། །རྣམ་པར་རྟོག་པ་དང་དེའི་རྗེས་སུ་འབྲང་བའི་སྒྲ་དག་གིས་རྣམ་པ་གཞན་ཞིག་གིས་རྣམ ་པར་དབྱེ་བ་དང་ལྡན་པར་བྱས་པའི་རྣམ་པར་དབྱེ་བ་གང་ཅི་སྙེད་པ་དེ་ཐམས་ཅད་དེ་དངོས་པོ་ཡོད་པའི་རྟེན་མ་ཡིན་ན། གང་གིས་མེད་པ་གཞན་ལས་ལྡོག་པའི་ཕྱིར་དེ་ཡོད་པར་འགྱུར། ཅིའི་ཕྱིར་ཞེ་ན། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། གང་གི་ཅི་ལྟར་ཀུན ་རུ་བརྟག་པ་དེ་དེ་ལྟར་འགྲུབ་བར་འགྱུར་རོ། །ཞེས་བྱ་བ་ནི་ཧ་ཅང་ཐལ་བར་འགྱུར་རོ་ཞེས་སྡར་བཤད་ཟིན་ཏོ། །ཉེས་པ་གཞན་ཡང་བསག་པའི་ཕྱིར་བཤད་པ། དངོས་པོ་པའམ་དངོས་པོ་མ་ཡིན་ཡང་རུང་སྟེ། གཅིག་ལས་གཅིག་རྣམ་པར་ཕྱེ་བ་ཡོད་པ་དང་རྗེས་སུ་འབྲེལ་བ ་ཡོད་པས་ཁྱབ་པ་སྟོན་པ་ནི་ཐམས་ཅད་དུ་མེད་པ་འཇིག་པར་འགྱུར་རོ། །འདི་ལྟར་མེད་པ་རྣམ་པ་བཞི་ནི་ཕན་ཚུན་ཐ་དད་པར་འདོད་པ་ཡིན་ལ། བུམ་པ་མེད་པ་ལ་སོགས་པ་ཡང་ཕན་ཚུན་ལྡོག་པར་ཐ་སྙད་བྱེད་དོ། །རྣམ་པར་དབྱེ་བའི་རྒྱུ་མཚན་གྱིས་ཀྱང་ཡོད་པ་ཡིན ་པའི་ཕྱིར། མེད་པ་ཐམས་ཅད་ཡོད་པར་འགྱུར་རོ། །གལ་ཏེ་འདི་ནི་འདོད་པ་ཉིད་དོ་ཞེ་ན། གལ་ཏེ་ཡང་འདོད་པ་དེ་ལྟ་ན་ཡང་མེད་པ་གཞན་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་འདི་མ་གྲུབ་པ་ཉིད་དོ། །གལ་ཏེ་མེད་པ་གཞན་འགའ་ཞིག་ཡོད་ན་དེའི་ཕྱིར་འདི་དེ་དང་བྲལ ་བར་འགྱུར་བ་ཡིན་ན། དེ་མེད་པའི་ཕྱིར་གཏན་ཚིགས་མ་གྲུབ་བོ། །རྣམ་པར་དབྱེ་བ་ཡོད་པ་ཉིད་འགའ་ཞིག་ཏུ་ནི་ཡོད་པ་ཉིད་ལ། ལ་ལར་ནི་མེད་པ་ཉིད་དོ་ཞེ་ན། དེ་ལྟར་ན་ཡང་རྟགས་འཁྲུལ་བར་འགྱུར་རོ། །འདི་ལྟར་མེད་པ་གཞན་དང་བྲལ་བ་ཡོད་པ་ཡིན་ཡང ་འགའ་ཞིག་ནི་ཡོད་ལ་གཞན་ནི་མེད་པ་དེའི་ཕྱིར་གཉི་ག་ལ་ཡང་རྣམ་པར་དབྱེ་བ་མཐོང་བས་མ་དེས་པ་ཉིད་དོ། །དེ་ནི་བདེན་ཏེ། མེད་པ་ལས་ལྡོག་པ་འགའ་ཞིག་ནི་ཡོད་པ་ཡིན་ལ་འགའ་ཞིག་ནི་མེད་པ་ཡིན་ནོ། །འོན་ཀྱང་གལ་ཏེ་གཙོ་བོ་མེད་པ་འགའ་ཞིག ་ལས་ལོག་པར་གཟུང་ན་དེའི་ཚེ་ཡོད་པར་ཐེ་ཚོམ་ཟ་བར་འགྱུར་རོ། །འདི་ལྟར་རྟའི་རྭ?་མེད་པ་རི་བོང་རྭ་མེད་པ་ལས་ལྡོག་པ་ཡིན་ཡང་དེ་ཙམ་གྱིས་དངོས་པོ་ནི་མ་ཡིན་ནོ། །འོན་ཀྱང་རྒོལ་བ་དེའི་མངོན་པར་འདོད་པ་འགའ་ཞིག་ཅེས་བྱ་བ་མེད་པ་ཐམས་ཅད ་ལས་ཐ་དད་པ་ཡིན་ཏེ། ལོག་པ་ཡིན་ན་དེ་ལྟར་ཞེས་བྱ་བ་ཡོད་པར་འགྱུར་ནའོ། །མེད་པ་ཐ་ཅད་གཙོ་བོའི་ལྡོག་མཚམས་སུ་འདོད་དེ། དེས་ན་འཁྲུལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་འོ་ན་ནི་དེ་ལས་ཐ་དད་པ་ཡིན་པའི་ཕྱིར་ཞེས་བྱ་བ་མེད་པ་གཞན་དང ་བྲལ་བའི་ཕྱིར་ནི་མ་ཡིན་ནོ། །འོ་ནག་ལས་ཤེ་ན། རྒོལ་བ་དེའི་འདོད་པ་སྟེ་བསམ་པ་ཁོ་ན་ལས་ཡོད་པ་ཉིད་ཡིན་ནོ། །མེད་པ་ཐམས་ཅད་གཙོ་བོའི་ལྡོག་མཚམས་སུ་གཟུང་བ་དེས་ན་དེ་ཡོད་པ་ནི་མ་ཡིན་ཏེ། འོན་ཀྱང་འདོད་པ་ཙམ་ལས་ཡིན་ནོ། །འདི་ག་ལས་ཤེ ་ན། བཤད་པ། ཡང་ཡུལ་གཞན་དང་འབྲེལ་བས་འདོད་པ་གཞན་དུ་གྱུར་པ་ཡིན་ན། མེད་པ་ཐམས་ཅད་ལས་ལྡོག་པའི་ངོ་བོ་གཞན་ལ་ཡང་དེ་ལྟ་བུ་ཡིན་པར་ཏེ། ཡོད་པ་ཉིད་ཡིན་པར་འདོད་པ་སྟེ་མངོན་པར་འདོད་པའི་ཕྱིར་རོ། །གལ་ཏེ་གང་ལ་ལར་འདོད་པ ་དེ་ཉིད་དངོས་པོ་ཡོད་པར་བྱེད་པ་དེ་ལྟར་ན་འདི་གོ་བར་བྱེད་པའི་གཏན་ཚིགས་སུ་འགྱུར་རོ། །དེ་ལྟ་ཡིན་དང་གང་གི་ཚེ་རི་བོང་གི་རྭ་མེད་པ་གཞན་ཐམས་ཅད་ལས་ལོག་པའི་ཕྱིར་ཡོད་དོ་ཞེས་བརྗོད་པ་དེའི་ཚེ་གཏོ་བོ་བཞིན་དུ་རི་བོང་གི་རྭ་ཡང་ཡོད་པར་འགྱུར་རོ།། ་དེ་ལྟར་གྱུར་ན་གང་གི་ཚེ་འདོད་པ་དེའི་ཚེ་དངོས་པོ་མེད་པ་ཐམས་ཅད་དངོས་པོ་བྱེད་པར་འགྱུར་རོ། །དེས་ན་རྒོལ་བའི་འདོད་པ་ཉིད་ཀྱིས་དངོས་པོ་མེད་ལ་ལྡོག་མཚམས་ཀྱི་རང་ཉིད་ཀྱི་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་དབྱེ་བ་ལས་ནི་ཡོད་པ་ཉིད་མ་ཡིན་གྱི། འོན ་ཀྱང་དེའི་འདོད་པས་ཉིད་ལས་ཡིན་ནོ། །གཏན་ཚིགས་དེའི་ཕྱར་གཏན་ཚིགས་འདིར་འདོད་པ་ཉིད་ལ་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ནུས་པ་རྣམ་པར་གནས་པར་མཐོང་སྟེ་དེའི་ཕྱིར་འདོད་པ་དེ་ཉིད་འདོད་པའི་ཡུལ་གྱི་དངོས་པོའི་རང་བཞིན་གྱི་སྒྲུབ་བྱེད་དེ་གོ་བྱེད་དུ ་བརྗོད་པར་འགྱུར་རོ། །དེའི་ཕྱིར་མེད་པ་འདི་དག་གི་ཕན་ཚུན་དབེན་པ་གཏན་ཚིགས་སུ་བཀོད་པས་ཅི་ཞིག་བྱ་སྟེ། འདོད་པ་དེ་ཉིད་གཏན་ཚིགས་སོ་སུ་བརྗོད་པར་འགྱུར་རོ། །དེ་ཉིད་གཏན་ཚིགས་སུ་འགྱུར་མོད་ཅེ་ན། འདོད་པ་དེ་ལ་བསྒྲུབ་བྱའི་དངོས་པོ་དང་འབྲེལ་བ ་བརྗོད་དགོས་སོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་མ་ཡིན་ན་ཤེས་སྨོས་ཏེ། འབྲེལ་བ་མེད་ན་གཏན་ཚིགས་ཉིད་དུ་མི་འགྲུབ་བའི་ཕྱིར་རོ། །དེའི་ཕྱིར་འདི་ལ་དངོས་བོའི་ནུས་པ་ཅུང་ཟད་ཀྱང་མེད་ལ། འདོད་བ་ཡང་འབྲེལ་བ་མེད་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་པས ་འདི་འདྲ་བའི་གཏན་ཚིགས་ཐམས་ཅད་ནི་མ་ངེས་པ་ཉིད་དོ། །འདོད་པ་ཙམ་གྱི་དེ་ཉིད་ཅན་གྱི་གཏན་ཚིགས་འཁྲུལ་བ་ཉིད་དུ་བརྗོད་པ་དེས་ནི་ཁས་བླངས་པའི་ཕྱིར་རོ། །ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །ཡུ་བུ་གཉི་གས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་ལ་སོགས ་པ་དངོས་སུ་འདོད་པ་རྗོད་བར་བྱེད་པ་འཁྲུལ་པར་བརྗོད་པ། གང་ཞིག་དངོས་སུ་འདོད་པ་རྗོད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་སྐྱེས་བུས་དངོས་པོའི་རང་བཞིན་རྣམ་པར་བཞག་པར་བརྟགས་པ་ལ་བརྟེན་པ་གང་ཡིན་པའི་གཏན་ཚིགས་དེ་ཐམས་ཅད་འཁྲུལ ་པ་དང་བཅས་པར་བརྗོད་པ་ཡིན་ཏེ། དཔེར་ན་མི་མཐུན་པའི་ཕྱོགས་མ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་སྤྱིའི་ཕྱོགས་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འདི་ལྟར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཆོགས་པ་ནི་བསྒྲུབ་བྱ་ཡིན་པས། དེའི ་ཕྱོགས་གཅིག་ཉིད་དང། ཕྱོགས་དང་མཐུན་བའི་ཕྱོགས་གང་ཡང་རུང་བ་ཉིད་དང། མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་འདོད་པས་ཕྱོགས་སུ་བྱས་པ་ལས་འོངས་པ་ཡང་འདོད་པས་སྤྲུལ་པ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པ་གཏན་ཚིགས་སྐྱེས་བུས་རྣམ ་པར་བཞག་པ་ལ་བརྟེན་པ་སྐྱེས་བུའི་འདོད་པ་དམ་པར་འབྱུང་བ་ཡང་འཁྲུལ་བ་ཅན་དུ་བརྗོད་པ་ཡིན་ནོ། །འདིས་ནི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ། འདིས་སྦྱོར་བ་ཐམས་ཅད་ལ་བརྗོད་པ་ཡོངས་སུ་གྱུར་པ་གཞན་ཉིད་དུ་གྱུར་པ་སྟེ། དེས་བྱས་པའི་འཁྲུལ་པའོ།། ་འདོད་པའི་ཕྱིར་རོ་ཞེས་མི་བརྗོད་ཀྱི། འོད་ཀྱང་དེ་ལས་བཟློག་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་རོ་ཞེས་བརྗོད་དོ། །དེས་ན་དེ་ལས་བཟློག་པ་གཞན་ལས་རྣ་རི་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་དངོས་པོའི་རྟགས་ཡིན་ནོ་སྙམ་དུ་འཁྲུལ་པར་འགྱུར་རོ། །དོན་དམ་པ ་ནི་ངས་འདོད་པའི་ཕྱིར་ཞེས་བྱ་བ་འདིར་གཏན་ཚིགས་ཀྱི་དོན་ཡིན་ཏེ། འདོད་པས་རྣམ་པར་བཞག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྲོ་གཞན་དུ་བྱས་པས་གྱུར་པས་བྱས་པའི་འཁྲུལ་པ་སྤངས་ཏེའོ། །དོན་རྣམ་པར་བཞག་པའི་ཚུལ་ནི་དོན་དམ་པ་སྟེ། ཅི་འདིར་འདོར ་པས་རྣམ་པར་བཞག་པའི་དོན་ཡིན་ནམ། འོན་ཏེ་དངོས་པོའི་དབང་གིས་ཡིན་ཞེས་བྱ་བའི་ཚུལ་འདིའི་རྗེས་སུ་འབྲང་བར་བྱའོ། །དེ་དེ་ལྟར་གཏན་ཚིགས་སུ་འདོད་པ་རྣམས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་དུ་བསྟན་པ་ན། ཡང་དག་པའི་གཏན་ཚིགས ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཏུ་དོགས་པར་བྱ་བའི་ཕྱིར་སྨྲས་པ། སྒྲ་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །རྩོལ་བ་ལས་བྱུང་བ་ཞེས་བྱ་བ་ནི་ཆོས་ཅན་གྱི་ཁྱད་པར་རོ། །མི་རྟག་སྟེ་ཞེས་བྱ་བ་ནི་བསྒྲུབ་བྱའི་ཆོས་བསྟན་པའོ། །རྩོལ་བ་ལས་བྱུང་བའི་ཕྱིར་ཞེས ་བྱ་བ་ནི་གཏན་ཚིགས་ཏེ། འདི་ཅི་ལྟར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་ཞེ་ན། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་སྤང་པར་འདོད་པ་དེ་ཉིད་ཀྱི་དེ་ཁོ་ན་སྟོན་པར་བྱེད་དོ། །ཐ་སྙད་ཀྱི་ཉེ་བར་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཉིད་དེ། རྣམ་པར ་རྟོག་པའི་ཡུལ་གྱི་ཐ་སྙད་ཀྱི་ཉེ་བར་བཞག་པ་དེ་ཉིད་སྒྲུབ་པར་བྱེད་བ་ཡིན་ན་ས་བཅས་བའི་དོན་གྱི་ཕྱོགས་གཅིག་ཡིན་པར་བརྗོད་དོ། །ཆོས་ཅན་དེ་ཉིད་སྒྲུབ་པར་བྱེད་པ་དེ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེ་ན། བློ་ཐ་མི་དད་པ་ཞེས་སྨོས་ཏེ། རྟོགས་པ་རྣམ་པ་གཅིག་ལ ་ཅན་གྱི་ཡུལ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་པ་ཉིད་ཅིའི་ཕྱིར་ཞེ་ན། བློ་གང་ཞིག་ལྡོག་པ་ཐ་མི་དད་པ་གཅིག་ལ་བརྟན་པ་སྟེ། ལྡོག་པ་གཅིག་གི་མཐར་ཐུག་པའི་ཕྱིར་རྣམ་པ་གཅིག་ཉིད་ཡིན་ནོ། །དཔེར་ན་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ།། ་ཁྱད་པར་བསྒྲུབ་བྱའི་ཆོས་ཅན་དུ་བྱས་ཏེ། སྤྱི་གཏན་ཚིགས་སུ་བྱེད་བ་ལ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་ཐ་དད་པའི་ཕྱིར་གོ་བྱ་གོ་བྱེད་མི་འགལ་ལོ། །འདིར་ཡང་ཁྱད་པར་ཆོས་ཅན་ཡིན་ལ་སྤྱི་གཏན་ཚིགས་ཡིན་ཏེ། འདི་ལྟར་རྩོལ་བ་ལས་མ་བྱུང་བས་བཟློག་པའི ་ཁྱད་པར་ཆོས་ཅན་ནི་ཡིན་ཏེ། སྒྲ་ཙམ་གྱི་མཐར་ཐུག་པའི་ཕྱིར་རོ། །བུམ་པ་དང་སྒྲ་ལ་སོགས་པའི་ཐུན་མོང་བ་གཏན་ཚིགས་ཀྱང་གཞན་ཡིན་ནོ། །དེས་ན་ལྡོག་པ་གཅིག་ལ་བརྟེན་པ་ཉིད་མ་ཡིན་པའི་ཕྱིར། དམ་བཅས་པའི་དོན་གྱི་ཕྱོགས ་གཅིག་མ་ཡིན་པས་གོ་བྱ་གོ་བྱེད་ཀྱི་དངོས་པོར་འགྱུར་པ་ཉིད་དོ། །དོན་འདི་ཚིགས་སུ་བཅད་པས་སྟོན་ཏེ། ཁྱད་པར་དང་སྤྱི་ནི་རྟགས་དང་རྟགས་ཅན་ཡིན་ཏེ། ཆོས་ཐ་དད་པའི་ཕྱིར་རོ། །དཔེར་བརྗོད་པ་བཤད་པ་ནི་དཔེར་ན་ཞེས་བྱ་བའོ། །རྩོལ་བ་ལས་བྱུང ་བའི་སྒྲ་ནི་མི་རྟག་སྟེ། རྩོལ་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ། །ཡང་ན་ཕྱོགས་ཀྱི་ཁྱད་པར་ཉིད་ཡིན་ནའང་གནོད་མེད་ཕྱིར་ཏེ། མི་འགལ་བའི་ཕྱིར་འདིར་གཏན་ཚིགས་ཡིན་ཏེ། གཏན་ཚིགས་ལས་ཆོས་ཅན་ཐ་དད་པ་མ་གྲུབ་པ་མ་ཡིན་ནོ།། ་གང་གི་ཕྱིར་ཆོས་ཅན་ཐ་དད་པའི་དེའི་ཕྱིར་རྩོལ་བ་ལས་བྱུང་བ་ཉིད་དེའི་ཁྱད་པར་ཡིན་ནོ། །ཁྱད་པར་གྲུབ་པའི་ཕྱིར་དང། བསྒྲུབ་བྱའི་ཆོས་དང་འབྲེལ་པ་ཡིན་པའི་ཕྱིར་གཏན་ཚིགས་ཉིད་དུ་མི་འགལ་ལོ། །དེས་ན་དོན་འདོད་པ་བརྗོད་པ་ཡིན་ཏེ། གལ་ཏེ་ཆོས ་ཐ་དད་པ་མ་ཡིན་པ་དེ་ལྟ་ན་ཡང་བསྒྲུབ་བྱའི་ཆོས་ཅན་ནམ་ཆོས་ཀྱི་ཁྱད་པར་ནི་གཏན་ཚིགས་ཉིད་དུ་མི་འགལ་ཏེ། གྲུབ་པའི་ཕྱིར་རོ་ཞེས་བྱ་བའོ། །དཔེར་བརྗོད་པ་སྨྲས་པ་ནི་དཔེར་ན་ཞེས་བྱ་བའོ། །གོང་དུ་འདི་ཞེས་བྱ་བ་ནི་ཆོས་ཅན་ནོ། །རྭ་ཅན་ཞེས་བྱ་བ ་ལ་རྭ་ནི་དེའི་ཁྱད་པར་ཡིན་ནོ། །དེས་ན་རྭ་ཅན་ཉིད་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཉིད་དུ་མི་འགལ་ལོ། །ངོ་བོས་ནི་གོང་བུ་ཁྱད་པར་ཅན་དུ་གྱུར་པ་མ་ཡིན་ལ། རྭ་ཅན་ཉིད་ནི་རྟ་མ་ཡིན་པར་བསྒྲུབ་པ་ལ་གཏན་ཚིགས་སུ་ཡང་འགྱུར་རོ། །དེ་བཞིན་དུ་རྩོལ་བ ་ལས་བྱུང་བ་ཉིད་གྲུབ་པའི་རང་བཞིན་བསྒྲུབ་བྱ་དང་འབྲེལ་བར་རུང་བ་ནི་ཆོས་ཅན་ཁྱད་པར་དུ་བྱེད་པ་ཡིན་ཞིང། གྲུབ་པའི་རང་བཞིན་དེ་ཉིད་ཀྱིས་གཏན་ཚིགས་ཉིད་དུ་གྲུབ་པ་ཡིན་ནོ། །ཡང་ན་མ་འབྲེལ་བ་རྣམ་པར་བཅད་པ་རྟོགས་པར་བྱ་བའི་ཕྱིར་འཇུག་པ ་བསྒྲུབ་བྱའི་དུས་སུ་ཉེ་བར་གང་ཡིན་པ་དེ་ཉིད་བསྒྲུབ་བྱའི་ཆོས་ཅན་ཡིན་ན། རྩོལ་བ་ལས་བྱུང་བ་ཞེས་བྱ་བ་ནི་བསྒྲུབ་བྱ་རྟོགས་པར་བྱེད་པའི་དུས་སུ་ཡན་ལག་མིན་ཏེ། ཆོས་ཅན་གྱི་ཁྱད་པར་མ་ཡིན་ནོ། །གང་གི་ཕྱིར་རྩོལ་བ་ལས་བྱུང་བ་འདི་ནི་ཆོས་ཅན་དེ ་མཚོན་ནས་ལྡོག་པ་ཡིན་ནོ། །འདི་ལྟར་རྩོལ་བ་ལས་བྱུང་བ་ཉིད་ནི་རྩོལ་བ་ལས་བྱུང་བའི་མཐོང་བའི་སྒྲ་གང་ཡིན་པ་དེ་མི་རྟག་པ་ཡིན་ནོ་ཞེས་སྒྲ་དེ་ཉིད་ཀྱི་རང་གི་ངོ་བོ་ཉེ་བར་མཚོན་པའི་དོན་དུ་གཟུང་བ་ཡིན་ནོ། །ཁྱད་པར་གང་ཞིག་བྱ་བ་གཞན་ཉེ་བར་མཚོན ་པ་ལ་དོན་བྱས་ཟིན་པ་དེ་ནི་བྱ་བའི་དུས་སུ་གདོན་མི་ཟ་བར་ཉེ་བར་གནས་པ་མ་ཡིན་ཏེ། དཔེར་ན་གོས་དཀར་པོ་ཅན་དུ་མཐོང་བ་གང་ཡིན་པ་དེ་ཁྲིད་དེ་ཤོག་ཤིག་ཅེས་བྱ་བ་ལ། གོས་དཀར་པོ་ནི་གདོན་མི་ཟ་བར་ཁྲིད་ནས་འོད་པའི་བྱ་བའི་ནང་དུ་འདུས་མ ་ཡིན་པ་བཞིན་ནོ། །དེ་བཞིན་དུ་ཁྱོད་ཀྱི་ཆོས་ཅན་ཉེ་བར་མཚོན་པ་ལ་དོན་བྱས་ཟིན་པའི་རྩོལ་བ་ལས་བྱུང་བ་ཉིད་ཀྱི་དམ་བཅའ་བའི་དོན་ཆོས་དང་ཆོས་ཅན་གྱི་སྤྱི་འཛིན་པའི་དུས་སུ་ནང་དུ་འདུ་བ་མ་ཡིན་ནོ། །དེའི་ཕྱིར་ཁྱད་ནི་དམ་བཅས་པའི་དོན་མ་ཡིན་ཏེ། ་ཁྱད་པར་གྱི་མཚན་ཉིད་ཀྱི་ཆོས་དེ་ནི་སྒྲ་ཞེས་བྱ་བའི་ཆོས་ཅན་ལས་ཐ་དད་པའི་ཕྱིར་རོ། །ཐ་དད་པ་མེད་ན་ནི་འདིར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་ཕལ་ཆེ་བས་བསྟན་པ་སྟེ། འདིའི་དང་པོ་ནི་བསྡུ་བའི ་ཚིགས་སུ་བཅད་པ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྱོགས་ཀྱི་ཆོས་ཉིད་མ་གྲུབ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་བསྟན་ནས། ཐེ་ཚོམ་ཟ་ན་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། རང་ཉིད་བདག་ཉིད་དམ་གཏན་ཚིགས་དེའི ་གཞི་ཆོས་ཅན་ལ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དེ་ཅི་ལྟ་བུ་ཞིག་ཅེ་ན། བཤད་པ། དཔེར་ན་མེ་སྒྲུབ་པ་ལ་རླངས་པ་ལ་སོགས་པའི་དངོས་པོ་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་དུ་བ་ཞེས་བྱ་བ་རབ་ཏུ་སྦྱར་བ་ནི་ཐེ་ཚོམ ་ཟ་བའི་མ་གྲུབ་པ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་གཞི་ལ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་བ་ཡང་དཔེར་ན་རི་སུལ་འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །རྨ་བྱ་ཡོད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །རྨ་བྱའི་སྒྲ་གྲག་པའི་ཕྱིར་རེ་ཞེས ་བྱ་བ་ནི་གཏན་ཚིགས་སོ། །འདི་ལྟར་ཐེ་ཚོམ་ཟ་བ་ཡིན་ཞེ་ན། རྨ་བྱའི་སྒྲ་གྲགས་པ་དེའི་ཡུལ་ཏེ་གང་ནས་འོངས་པ་སྟེ། དེའི་འབྱུང་ཁུངས་སུ་གྱུར་བའི་ཡུལ་དེ་ལ་འཁྲུལ་བས་སོ།། །རི་སུ་ལ་མང་པོ་ཡོད་པ་ན་གང་གི་ཚེ་རྨ་བྱའི་སྒྲ་ཐོས་ནས་ཁྱད་པར་ཅན་གྱི་རི་སུ་ལ ་གྱི་གཞིར་བསྒྲུབ་བྱ་མ་ངེས་ལ། གཞི་ཁྱད་པར་ཅན་གྱི་རྨ་བྱ་བསྒྲུབ་པར་འདོད་པ་དེའི་གཞི་ལ་ཐེ་ཚོམ་ཟ་བས། ཐེ་ཚོམ་ཟ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། རང་གི་ངོ་བོ་ནི་ངེས་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ཅན་མ་གྲུབ་ན་ཡང་མ་གྲུབ་བའི ་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དཔེར་བརྗོད་སྨྲས་པ་ནི། དཔེར་ན་བདག་ནི་ཁྱབ་པ་ཡིན་ཏེ། བདེ་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ན་ཡོད་པའི་རྒྱུའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །བདག་ཐམས་ཅད་དུ་སོང་བ་ཉིད་དུ་བསྒྲུབ་པ་ལ། དེའི་ཡོན་ཏན་བདེ་བ་ལ ་སོགས་པ་ཐམས་ཅད་དུ་དམིགས་པ་ཉིད། གཏན་ཚིགས་སུ་བཞག་གོ། ཆོས་ཅན་བདག་དེ་ཡང་མ་གྲུབ་པས་ཡིན་ནོ། །དེ་ལྟ་ན་ཞེས་བྱ་བ་ནི་མཇུག་སྡུད་བའོ། །ཕྱོགས་ཀྱི་ཆོས་མ་གྲུབ་པ་འམ་ཐེ་ཚོམ་ཟ་ན་མ་གྲུབ་བའི་མིང་ཅན་གྱི་གཏན་ཚིགས་ལྟར་སྣང་བ་སྟེ ་མ་འབྲེལ་པར་ལས་མི་རྟོགས་པའི་ཕྱིར་མི་རྟོགས་པའི་རྒྱུ་ཡིན་ནོ།། དེ་བཞིན་དུ་ཚུལ་གཞན་གཅིག་ལྡོག་པ་མ་གྲུབ་པ་མ་ཐེ་ཚོམ་ཟ་ན་མ་ངེས་པ་ཞེས་བྱ་བའི་མིང་ཅན་ཐེ་ཚོམ་གྱི་རྒྱུར་འགྱུར་བ་ཡིན་ནོ། །དེ་ལ་རེ་ཞིག་མ་གྲུབ་པ་ནི། ཐུན་མོང་བ་རྣམ་པ་བཞི་དཔེར ་བརྗོད་པར་བྱའོ། །འདི་ལྟར་གང་གི་ཚེ་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ལ་མེད་པ་མ་གྲུབ་པ་ཡིན་ནོ། །ཐུན་མོང་བ་རྣམ་པ་བཞི་ཡང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཡིན་ནོ། །དེ ་ཡང་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བར་བསྟན་པ་ཉིད་དོ། །སྒྲ་རྟག་སྟེ་གཞལ་བྱའི་ཕྱིར་རོ་ཞེས་བྱ་བ་ལ། གཞལ་བྱ་ཉིད་ནི་གཉི་ག་ལ་ཁྱབ་པ་ཡིན་ནོ། །སྒྲ་ནི་རྩོལ་བ་ལས་བྱུང་བ་མ་ཡན་ཏེ། མི་རྟག་པའི་ཕྱིར་ཞེས་བྱ་བ་ལ། མི་རྟག་པ་ཉིད་མཐུན་པའི་ཕྱོགས་གཅིག ་ལ་ཡོད་ལ། མི་མཐུན་པའི་ཕྱོགས་ལ་ཁྱབ་པ་ཡིན་ནོ། །སྒྲ་ནི་རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལ། མི་རྟག་པ་ཉིད་མཐུན་པའི་ཕྱོགས་ལ་ཁྱབ་པ་ཡིན་ལ། མི་མཐུན་པའི་ཕྱོགས་ཀྱི་ནི་ཕྱོགས་གཅིག་ལ་ཡོད་པ་ཡིན་ནོ། །སྒྲ་རྟག་སྟེ ་ལུས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ལུས་ཅན་མ་ཡིན་པ་ཉིད་གཉི་གའི་ཕྱོགས་རེ་ལ་ཡོད་པ་ཡིན་ཏེ། འདི་ནི་ཐུན་མོང་གི་མ་ངེས་པ་རྣམ་པ་བཞིའོ། །འདོག་པ་ཉིད་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ནི་དཔེར་ན་བརྗོད་པར་འདོད་པའི་སྐྱེས་བུ་ནི་ཆོས་ཅན ་ནོ། །ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ་བ་ལ། ཐམས་ཅད་རིག་པ་མ་ཡིན་པ་ནི་བསྒྲུབ་པར་བྱ་བའོ། །འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཞན་ཡིན་ནོ། །སྨྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྒྲུབ་བྱ་གཉི་གའི ་ཐུན་མོང་གི་གཏན་ཚིགས་སོ། །སོགས་པ་སྨོས་པས་ནི་བཀྲུམ་པ་དང་བརྒྱད་བ་དང། མིག་འབྱེད་པ་དང་འཛུམས་པ་ལ་སོགས་པ་བཟུང་ངོ། །གཏན་ཚིགས་འདིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །གལ་ཏེ་ཐམས་ཅད་མཁྱེན་པ་སྨྲ་བ་མ་དམིགས་པའི ་ཕྱིར་མ་དམིགས་པ་ལས་ལྡོག་པ་གྲུབ་པོ་ཞེ་ན། བཤད་པ། ཐམས་ཅད་མཁྱེན་པ་སྨྲ་བ་མ་དམིགས་སོ་ཞེས་བྱ་བ་མ་དམིགས་པའི་རྣམ་པ་འདི་ལྟ་བུ་གང་ཡིན་པ་དེ་ནི་ཡུལ་བལྟར་མི་རུང་བའི་དོན་ཡིན་ན། །གལ་ཏེ་སྨྲ་བ་མཐོང་ཡང་གཞིར་གྱུར་པའི ་ཐམས་ཅད་མཁྱེན་པ་ཉིད་ནི་བལྟར་མི་རུང་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ནི་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །ཡུལ་ལྟར་མ་རུང་བ་རང་བཞིན་ཡིན་པའི་ཕྱིར་མི་དམིགས་འདི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་མི་དམིགས་པའི་སྐབས་སུ་བཤད་ཟིན་ཏོ། །དེས ་ན་མི་དམིགས་པ་ལས་ཐམས་ཅད་མཁྱེན་པ་ལ་སྨྲ་བ་མེད་པར་ངེས་པ་མ་ཡིན་ནོ། །གང་གིས་ན་འགལ་བ་དམིགས་པས་ཐམས་ཅད་མཁྱེན་པ་ཉིད་ཟློག་པ། ཐམས་ཅད་མཁྱེན་པ་ཉིད་དང་སྨྲ་བ་འགལ་བ་ཡང་མ་ཡིན་ནོ། །གང་གི་ཕྱིར་འདི ་ལ་འགལ་བ་ཅི་ཞིག་ཡོད་ཅེས་བྱ་བ་ཡིན་ནོ། །འདི་སྙམ་དུ་ལྷན་ཅིག་གནས་པར་མ་དམིགས་པ་ཉིད་ཀྱིས་འགལ་བ་ཡིན་ནོ། །གང་ཞིག་གང་དང་མི་འགལ་བ་དེ་ནི་དེ་དང་ལྷན་ཅིག་མཐོང་བ་ཡིན་ཏེ། དཔེར་ན་བུམ་པ་དང་སྙམ་བུ་བཞིན་ནོ། །སྨྲ་བ་ནི་ཐམས ་ཅད་མཁྱེན་པ་ཉིད་ལ་མ་མཐོང་སྟེ། དེས་ན་འགལ་བ་ཡོད་དེ་ཞེ་ན། བཤད་པ། གལ་ཏེ་འགྲོ་བ་འདིར་བློ་ཞན་པ་ཡིན་ཏེ། མཐོང་བའི་དོན་ཡང་སྐད་ཅིག་མ་ཉིད་མ་ཡིན་པ་ལ་སོགས་པའི་རྣམ་པར་ངེས་པར་བྱེད་པ་ཁྱེད་ནི་བློ་ཞེན་པ་ཡིན་ནོ། །མཐོང་བ་ཉིད ་ལ་སོགས་པ་ཐམས་ཅད་ངེས་པར་བྱེད་པ་ནི་བློ་གྲོས་ཆེན་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ། །མིག་ཀྱང་ཞེན་པ་ཡིན་ཏེ་རྒྱང་རིང་བ་དང་ཕྲ་བ་དང་ཆོད་པའི་མཐོང་བས་སོ། །དེ་ལ་གལ་ཏེ་བློ་དང་མི་གཞན་པ་ཁྱོད་ཀྱིས་མ་དམིགས་པའི་དོན་མཐོང་བ་སྦྱིན་པའི ་སེམས་པ་ལ་སོགས་པ་བདེ་བའི་རྒྱུ་ཉིད་ལ་སོགས་པ་དང། གཏམ་མ་མཐོང་བ་དག་སྤོང་ན། འོ་ན་ཁྱོད་འཇིག་རྟེན་གྱི་ལུགས་ལས་ཉམས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། པའི་ཐ་སྙད་ཀྱི་རྒྱུ་མ་ལ་མངལ་འཇོག་པར་བྱེད་པ་གང་ཡིན་པ་དེ་མ་དམིགས་པས ་ལྡོག་པར་གལ?་བའི་ཕྱིར་རོ། །ངེས་ན་སྐྱེད་བྱེད་དུ་མ་ཤེས་པ་ལ་པ་ཞེས་ཕར་ཐ་སྙད་བྱས་པ་གང་ཡིན་པ་དེ་མི་འཐད་པར་འགྱུར་བ་དེས་ན་ཁྱེད་ཉམས་པར་འགྱུར་རོ། །དེའི་ཕྱིར་ལྷན་ཅིག་གནས་པ་མ་མཐོང་བ་ཙམ་གྱིས་ལྷན་ཅིག་གནས་པ་ལྡོག་པ་ནི་མ་ཡིན ་ན། གང་གིས་འགལ་བར་འགྱུར་གལ་ཏེ་སྨྲ་བ་དང་ཐམས་ཅད་མཁྱེན་པ་ཉིད་ལ་འགལ་བ་རྣམ་པ་གཉི་ག་ཡང་མེད་པའི་ཕྱིར་མི་འགལ་ལོ་ཞེ་ན་ནི་མ་མཐོང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཐམས་ཅད་སྨྲ་བ་ཡིན་ནོ་ཞེས་བྱ་བ་འདི་འདྲ་བའི ་ལྡོག་པ་ནི་མི་འགྲུབ་བོ། །མཐོང་བ་ཡིན་ན་ནི་མི་འགྲུབ་ན། མ་མཐོང་ན་ཅི་ལྟར་མི་འགྲུབ་ཅེ་ན། བཞད་པ། ཐེ་ཚོམ་ཟ་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་སྨྲ་བ་མ་མཐོང་ཡང་ཐེ་ཚོམ་ཟའོ། །ཐེ་ཚོམ་ཟ་བ་ཉིད་སྒྲུབ་པའི་བཤད་པ། གནོད་པར་བྱེད་པ་ཡོད་ན་ནི་གཞན་མེད་པར་ངེས་པར་བྱེད་དོ།། ་གལ་ཏེ་སྨྲ་བ་ཐམས་ཅད་མཁྱེན་པའི་གནོད་བྱེད་དུ་རྟོགས་ནས་སྨྲ་བ་པ་ལ་ཐམས་ཅད་མཁྱེན་པ་ཉིད་ལྡོག་པར?་འགྱུར་རོ། །ཚིག་གནོད་པར་བྱེད་པ་ཅི་ལྟར་མ་ཡིན་ཞེ་ན། གང་གི་ཕྱིར་དབང་པོ་ལས་འདས་པའི་དངོས་པོའི་གནོད་པ་ནི་ཤེས་པར་བླ་བ་མ་ཡིན་ཏེ། གནོད་པར་ཤེས་པར་མི་ནུས་སོ་ཞེས ་བྱ་པའི་དོན་ཏོ། །གལ་ཏེ་རྟག་པ་ཉིད་དབང་པོ་ལས་འདས་ཀྱང་མི་རྟག་པ་ཉིད་ལ་གནོད་བྱེད་དུ་ཤེས་པ་མ་ཡིན་ནམ། དེ་ལྟ་མ་ཡིན་ན་སྒྲ་རྟག་པར་དོགས་པ་ཡང་དག་བ་ཏུ་མེད་པར་འགྱུར་རོ་ཞེ་ན། མཚན་ཉིད་མི་འགལ་བ་ཞེས་སྨོས་སོ། །གང་ཞིག་གང་ཡོངས་སུ་སྤངས་ཏེ་གནས་པའི་རང ་བཞིན་དེ་ནི་དེ་དང་འགལ་བའི་རང་བཞིན་དེའི་གནོད་པར་བྱེད་པ་ཉིད་དེ། དཔེར་ན་རྟག་པ་ཉིད་ལ་མི་རྟག་པ་ཉིད་བཞིན་ནོ། །དེ་བཞིན་དུ་སྨྲ་བ་པོ་ཉིད་ནི་ཐམས་ཅད་མཁྱེན་པ་ཡོངས་སུ་སྤངས་ཏེ་གནས་པ་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནོད་པ་ནི་ཤེས་པར་ནུས་པ་མ་ཡིན ་ནོ། །དེའི་ཕྱིར་སྨྲ་བ་པོ་ཐམས་ཅད་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཐམས་ཅད་ཉེ་བར་བསྡུས་པ་དང་ལྡན་པ་ཁྱབ་པ་མ་གྲུབ་བོ། །ཅི་ལྟར་མ་ཁྱབ་གང་གི་ཕྱིར་སྨྲ་བ་པོ་འགའ་ཞིག་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ལ་སོགས་པའི་ཆོས་ཇི་སྙེད་དང་ལྡན་པར་མཐོང་བ་དེ་ཐམས་ཅད ་ནི་སྨྲ་བ་དེ་ཐམས་ཅད་ལ་འགྱུར་བ་ཡིན་ཏེ། དེས་ན་མི་དམིགས་པའམ་འགལ་བའི་ཕྱིར་ནི་སྒྲ་བ་པོ་ཐམས་ཅད་མཁྱེན་པ་མ་ཡིན་པ་མ་ཡིན་གྱི། འོན་ཀྱང་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ངེས་པས་འགལ་བའི་རི?་དེ་བཞིན་ཐམས་ཅད་མཁྱེན་པ་ཉིད་འགོག་པ་ཡིན་ནོ་ཞེ་ན། བཤད་པ། ་སྨྲ་བ་པ་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་སྟེ། གདོན་མི་ཟ་བར་འགྱུར་བའི་རང་བཞིན་གང་ཡིན་པ་དེ་ཡོངས་སུ་བཅད་པར་བྱ་བ་མི་ནུས་པའི་ཕྱིར་རོ། །སྨྲ་བ་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡོངས་སུ་གཅོད་པ་ནི་གདོན་མི་ཟ་བར་མེད་པ་ཡིན་ཏེ། སྨྲ་བ་པོ་ཐམས་ཅད་ཀྱི་ཆོས་ཉིད་དོ་ཡོངས ་སུ་གཅོད་པ་དེ་ཉིད་ཐམས་ཅད་མཁྱེན་པར་འགྱུར་བ་དེས་ན་ཐམས་ཅད་མཁྱེན་པ་ཉིད་བཀག་པ་མ་ཡིན་ནོ། །འདི་སྙམ་དུ་སྨྲ་བ་སོ་སོ་ལ་ཁོ་བོ་ཅག་གིས་ཆོས་ཡོངས་སུ་བཅད་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་བདག་ཉིད་རང་གིས་རིག་པ་སྨྲ་བ་པོའི ་ཆོས་དེས་གཞན་ལ་ཡང་དེ་དང་འདྲ་བར་ཡོངས་སུ་གཅོད་པར་བྱེད་དོ་ཞེ་ན། གལ་ཏེ་དེ་ལྟར་བདག་ལ་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བ་གང་ཡིན་པ་དེ། ཚིག་མཐོང་བ་ལས་གཞན་ལ་ཡོངས་སུ་བཅོད་ན་བདག་ལ་ཚིག་དང་ལྷན་ཅིག་ཏུ་མཐོང་བ་དཀར་ཤ་མ་ཉིད་དམ ་ལུས་ཆེ་བ་ཉིད་གང་ཡིན་པ་དེ་ཡང་ཚིག་ལས་གཞན་ལ་རྗེས་སུ་དཔག་པར་བྱ་བར་འགྱུར་རོ། །དེ་རྗེས་སུ་དཔོག་ན་ཡང་མངོན་སུམ་དང་འགལ་བས་ཧ་ཅང་ཐལ་བར་འགྱུར་རོ། །ཅིག་ཤོས་ཀྱིས་སྨྲས་པ། སྐྱེས་བུ་གཞན་ལ་མཐོང་བ་སྡོ་བསངས་ཉིད་གང་ཡིན་པ་དེ ་དང་འགལ་བ་བདག་ཉིད་ལ་མཐོང་བའི་དཀར་ཤམ་ཉིད་མི་སྒྲུབ་པ་ཉིད་དོ་ཞེ་ན། རིགས་པ་མཚུངས་ན་མཐོང་བ་དང་འགལ་བ་ཡང་མི་སྒྲུབ། འདི་ལྟར་བདག་ལ་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པ་བཞིན་དུ་དཀར་ཤམ ་ཉིད་ཀྱང་གཞན་ལ་རྗེས་སུ་དཔག་པར་བྱ་བ་ཉིད་དོ། །འོན་ཏེ་ཐམས་ཅད་བསྒྲུབ་པར་མི་ནུས་ན་དེའི་ཚེ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཚན་ཉིད་དང་ལྡན་པ་དཀར་ཤམ་ཉིད་ལ་འགལ་བ་སྲིད་པའི་ཕྱིར་རོ། །ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བའི་མཚན ་ཉིད་དང་ལྡན་པའི་རིགས་པ་ནི་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བའི་དཀར་ཤམ་ལ་གནོད་པའི་ཕྱིར་འཁྲུལ་བས་ནི་རིགས་པ་སུན་ཕྱུང་བར་འགྱུར་རོ། །ཅིའི་ཕྱིར་འདི་རིགས་པ་མ་ཡིན་ཞེས་བརྗོད། གང་གི་ཕྱིར་བདག་རང་ཉིད་ལ་ཆོས་གང་དང་ཚོགས་ལྷན་ཅིག་མཐོང ་བ་དེའི་མཐོང་བ་ཙམ་གྱིས་ནི་ཚིག་གོ་བར་བྱེད་པ་མ་ཡིན་ནོ།། འོ་ན་ཅི་ཞེ་ན། ལྡོག་པ་ལས་ཀྱང་ཡིན་ཏེ། གལ་ཏེ་ལྷན་ཅིག་སྤྱོད་པར་མཐོང་བའི་ཆོས་དོག་ན་ཚིག་ཀྱང་ལྡོག་ན་ནི་གོ་བར་བྱེད་པར་འགྱུར་རོ། །དཀར་ཤམ་ཉིད་ནི་སྐྱེས་བུ་གཞན་ལས་ལྡོག་པ་ན་ཚིག ་ལྡོག་པ་མ་ཡིན་ནོ། །དེས་ན་དཀར་ཤམ་ཉིད་ལྡོག་ན་ཚིག་ལྡོག་པ་མེད་པའི་ཕྱིར་ལྡོག་པའི་ཡུལ་མ་ཡིན་པ་མཐོང་བ་དང་འགལ་བ་གཞན་ནི་མི་སྒྲུབ་པོ་ཞེ་ན། གལ་ཏེ་དེ་ལྟ་ན་ཅི་ལྟར་སྔོ་བསངས་ལ་ཚིག་འཇུག་པས་དཀར་ཤམ་ལྡོག་པ་ལ་མེད་པར་མ་གྲུབ་པ་དེ་བཞིན་དུ་ཐམས་ཅད ་མཁྱེན་པ་ཉིད་ལ་འཇུག་པར་ཐེ་ཚོམ་ཟ་བས་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་མེད་པ་ལ་མེད་པར་མ་གྲུབ་པར་མཚུངས་སོ། །ཅི་སྐད་དུ་བསྒྲུབ་པར་བྱ་བ་དང་འགལ་བ་ལ་ཞུགས་པ་འམ། ཞུགས་པར་ཐེ་ཚོམ་ཟ་བས་བསྒྲུབ་པར་བྱ་བ་མེད་ན་ཚིག་མེད་པར་མ་གྲུབ་བར་མཚུངས་སོ ་ཞེས་བཤད་དོ། །དེས་ན་མཐོང་བ་ཐམས་ཅད་སྒྲུབ་པ་ནི་མ་ཡིན་ནོ། །གཞན་ཡང་དཀར་ཤམ་མ་ཡིན་པ་དེ་དག་ནི་བདག་ཉིད་བལྟར་རུང་བ་ཉིད་ཀྱིས་ཕན་ཚུན་སྤངས་པ་འགལ་བ་དམིག་པ་ཡོད་པ་ཡིན་ཏེ། དེའི་ཕྱིར་དཀར་ཤམ་མ་ཡིན་པ་ཡོད་པས་དཀར་ཤེ་མང་སྒྲུབ་པར་མི་ནུས་པས ་བསྒྲུབ་པར་བྱ་བ་མ་ཡིན་གྱི། འགལ་བར་ངེས་པ་གང་གི་ཕྱིར་མཐུན་པའི་ཕྱོགས་བསལ་ནས་ཏེ། རང་དང་འགལ་བ་སྤངས་ཏེ་གཅིག་ཏུ་ངེས་པར་བྱེད་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ལྟར་མི་རུང་བ་རྣམས་ནི་མི་མཐུན་པའི་ཕྱོགས་རང་གི་འགལ་ཟླ་དག་དང་འགལ་བར་ཡང ་ངེས་པར་མི་འགྱུར་རོ། །རྟགས་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་སོགས་པ་དེ་དག་གི་ངོ་བོ་ངེས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རང་གི་ངོ་བོ་ངེས་པ་ཡོད་དུ་ཆུག་ཀྱང་རང་གི་མི་མཐུན་པའི་ཕྱོགས་དག་དང་འགལ་བར་ཡང་ངེས་པར་མི་འགྱུར་རོ་ཞེས་བྱ་བ ་ནི་ཡང་གི་སྒྲའི་དོན་ཏོ། །འདི་སྐད་བརྗོད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པར་རྟོགས་སུ་ཆུག་ཀྱང་དེ་ཙམ་གྱིས་མི་མཐུན་པའི་ཕྱོགས་དང་བྲལ་བར་ནི་མི་འགྱུར་རོ། །ཅི་སྟེ་འགལ་བར་མ་ངེས་ན་ཅི་ལྟར་མི་མཐུན་པའི་ཕྱོགས་ཡིན། མི་མཐུན་པའི་ཕྱོགས་ནི་འགལ ་བ་ཉིད་དོ། །མི་མཐུན་པའི་ཕྱོགས་ན་ཡང་ཅི་ལྟར་མི་མཐུན་པའི་ཕྱོགས་སྤངས་པ་མ་ཡིན་ཞེ་ན། བདེན་ཏེ། བལྟར་མི་རུང་བ་རྣམས་ལ་ཕན་ཚུན་སྤངས་པས་འགལ་བ་ཡོད་པ་ཉིད་ཡིན་ལ། འགལ་བ་གཅིག་ངེས་ན་གཉིས་པ་ལྡོག་པ་ཡོད་པ་ཉིད་དོ། །འོན་ཀྱང་ ་བདག་ཉིད་བལྟར་རུང་བ་ཉིད་ཀྱིས་རྒྱུ་འགལ་བར་ཡོངས་སུ་མི་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པའི་རྒྱུ་ལ་ཡང་ཐམས་ཅད་མཁྱེན་པ་ཉིད་འགྱུར་བ་ཡིན་ནོ། །དེས་ན་འགལ་བར་ཡང་མི་འགྱུར་རོ། །འདིར་རྒྱུ་འགལ་བ་འགོག་པ་ཡིན ་ནོ། །རྒྱུ་འགལ་བ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་མ་བཀག་ན་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་མི་མཐུན་པའི་ཕྱོགས་མ་བཀག་པར་འགྱུར་རོ། །འདི་ལ་སྤྲོས་པ་དང་རྗེས་སུ་སྤྲོས་པ་ནི་ལེའུ་གཉིས་པར་བདག་གིས་བཤད་ཟིན་ཏོ།། ་དེས་ན་དེ་ལྟར་ཚིག་ལས་ལྷན་ཅིག་སྤྱོད་པའི་ཆོས་རྗེས་སུ་དཔོག་པ་བཀག་ནས། རྗེས་སུ་དཔོག་པར་སྨྲ་བ་ལ་བཞད་གད་དུ་བྱེད་པ་ནི། བདག་ཉིད་ནང་གི་ཞེས་བྱ་བ་སེམས་ལ་ཡོད་པས་སོ། །གཞན་གྱིས་ཤེས་པར་བྱ་བར་མི་ནུས་པ་བལྟར་མི་རུང་བའི་ཆོས ་དང་ལྡན་པར་མཐོང་ནས། ཚིག་ཙམ་མཚུངས་པར་མཐོང་བའི་ཕྱིར་ཐམས་ཅད་དུ་ཆོས་དེ་དག་ཉེ་བར་བསྒྲུབ་པས་དེ་ཉེ་བར་འཇོག་པས་ཐ་སྙད་དུ་བྱེད་པ་སྟེ། ཅི་ལྟར་སྨྲ་བ་པོ་བདག་ཆོས་དེ་དག་དང་ལྡན་པ་ཡིན་ནོ། །ཞེས་སྨྲ་བའི་སྐྱེས་བུ་འདི་རིག་བའི་ཡུལ་ལ། ་ངལ་བའི་འབྲས་བུ་ཡོངས་སུ་རྫོགས་པ་སྟེ་མཐར་ཕྱིན་པར་གྲུབ་པོ། ། ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ཞིག་བསྟན་བཅོས་ཡོངས་སུ་ཤེས་པ་དང་བྲལ་བ་བུད་མེད་རྣམས་དང། དམངས་རིགས་རྣམས་དང་ཡང་ཐུན་མོང་བའི་ཁྱད་པར་མི་རྟོགས་པ་དེ་ནི ་འཇིག་པའི་འབྲས་བུ་གྲུབ་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་ལས་དེ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད། དེ་དག་ནི་དེའི་བློ་ཅི་ལྟར་ལྷས་བྱིན་ནི་མ་ཡིན་ནོ་ཞེས་སྨྲ་བ་མཐོང་བ་ཡིན་ཞེས་བཞད་གང་དུ་བྱེད་པའོ། །གང་གི་ཕྱིར་མི་ཤེས་པས་ཀྱང་དེ་ལྟར ་རྟོགས་པར་མི་ནུས་པ་དེའི་ཕྱིར། བདག་ལ་ཆོས་ཚིག་དང་ལྷན་ཅིག་རྒྱུ་བར་མཐོང་བ་ཙམ་གྱིས་ནི་ད་གཞན་ལ་ཚིགས་ལས་ཉེ་བར་སྒྲུབ་པ་མ་ཡིན་ཏེ། བདག་ལ་ཚིགས་དང་ལྷན་ཅིག་སྤྱོད་པར་མཐོང་བ་དེ་ཙམ་གྱིས་ནི་སྨྲ་བ་ལ་ཐམས་ཅད་མཁྱེན་པ་མ ་ཡིན་པས་ཁྱབ་པ་མ་གྲུབ་པའི་རྒྱུའི་ཕྱིར་རོ། །དེ་དེ་ལྟར་མ་དམིགས་པའི་ཕྱིར་ཐམས་ཅད་མཁྱེན་པ་ལས་ཚིགས་ལོག་པ་མ་ཡིན། འགལ་བའི་ཕྱིར་མ་ཡིན་ན། འགལ་བས་ཁྱབ་པ་ཉིད་ལས་ཀྱང་མ་ཡིན་པ་དེའི་ཕྱིར་མ་ངེས་པར་བརྗོད། །སྔར་བཤད་པའི་མི་དམིགས་པའི ་མཚན་ཉིད་ལས་ཀྱང་འདི་འདྲ་བའི་སྤོང་བ་བྱས་པ་དང་བྱེད་པར་འགྱུར་བ་དང་གཞན་རྣམས་ཐེ་ཚོམ་གྱི་རྒྱུ་ཡིན་པར་རྟོགས་པར་བྱ་སྟེ། མཚན་ཉིད་འདི་ཙམ་ཞིག་ནི་བརྗོད་པར་ནུས་པ་ཡིན་ནོ། །འདི་ལྟར་འདི་ནི་མི་གྱི་དམིགས་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ལྟར་རུང་བ་ལས ་མ་དམིགས་པའི་ཕྱིར་རམ། དེ་དང་འགལ་བ་འམ། འགལ་བའི་འབྲས་བུ་ལ་སོགས་པའམ། འགལ་བས་ཁྱབ་པ་དམིགས་པའི་ཕྱིར་ཅིག་ཤོས་འགོག་པའོ། །མཚན་ཉིད་དེ་ལས་སྦྱོར་བས་ཐམས་ཅད་ཐེ་ཚོམ་རྒྱུར་རྟོགས་པར་བྱའོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ ་དང་ལྡན་པར་བསྒྲུབ་པར་བྱ་བ་ལས་ཡང་འདི་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། འདོད་ཆགས་ལ་སོགས་པ་ཡང་དོན་གཞན་ཡིན་པའི་ཕྱིར་ཚིག་ལས་རྟོག་པར་རྟོགས་པར་བྱའོ། །གལ་ཏེ་ཚིག་དོན་གཞན་ཡིན་མོང། དེ་ལྟར ་ན་ཡང་ཅི་ལྟར་ཚིག་ལས་མི་རྟོགས་ཤེ་ན། བཤད་པ། ཚིག་འདོད་ཆགས་ལ་སོགས་པ་དང་འབྲེལ་བ་མེད་པའི་ཕྱིར་རོ། །འབྲེལ་བ་མེད་པ་ལས་ཀྱང་ཅི་ལྟར་མི་ལྡོག་ཅེ་ན། རྗེས་སུ་དཔག་པའི་མཚན་ཉིད་ཀྱིས་ཏེ། འབྲེལ་པ་མེད་པར་ཅི་ལྟར་གོ་བྱེད་མ་ཡིན་པ་དེ་ལྟར་ནི ་རྗེས་སུ་དཔག་བའི་མཚན་ཉིད་ལས་རྟོགས་པར་བྱ་བ་ཡིན་ནོ། །འདི་སྙམ་དུ་འདོད་ཆགས་ཡོད་ན་ཚིག་ཡོད་ལ་མེད་ན་ནི་མེད་པ་དེའི་ཕྱིར་ཚིག་འདོད་ཆགས་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པས་ཅི་ལྟར་དེ་དང་མ་འབྲེལ་ཞེ་ན། བཤད་པ། འདོད་ཆགས་མེད་ན་ཚིག་མེད་དོ ་ཞེས་དེ་ལྟར་འདོད་ཆགས་ལོག་ན་ཚིག་ལྡོག་པ་དེས་པ་ནི་མེད་དོ། །ཅི་ལྟར་ངེས་པ་མེད། གང་གི་ཕྱིར་སྨྲ་བ་པོ་ཆགས་པ་འདོད་ཆགས་ལས་ཚིག་མཐོང་བ་ཡིན་ནོ་ཞེ་ན། འདི་ལྟར་ལུས་ཀྱི་གཡོ་བ་དང་དག་གི་ཚིག་ལ་སོགས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས ་པ་ཉིད་ཀྱི་འབྲས་བུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། བརྗོད་པར་འདོད་པ་སྤྱིའི་དོན་བསྟན་པར་འདོད་པ་ཙམ་མ། སྒྲ་བརྗོད་པར་འདོད་པ་ཙམ་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དོན་དང་ལྡན་པའི་སྒྲ་ལ་ནི་གཉི་ག་རྒྱུ་ཡིན་ལ། དོན་མེད་པ་ལ ་ནི་སྒྲ་བརྗོད་བར་འདོད་པ་ཙམ་རྒྱུ་ཡིན་ནོ། །འདོད་ཆགས་ཡོད་ཀྱང་ཚིག་དེའི་རྗེས་སུ་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་བརྗོད་པར་འདོད་པ་ཙམ་གྱིའོ། །ངེས་ན་ཚིག་ནི་བརྗོད་པར་འདོད་པའི་སྤྱིའི་རྒྱུ་ཅན་ཡིན་པའི་ཕྱིར་འདོད་ཆགས་ཀྱི་འབྲས་བུ་མ་ཡིན་ནོ། །མི་ཚངས ་པར་སྤྱོད་པ་ལུས་ཀྱི་བྱ་བ་ནི་འདོད་ཆགས་ཀྱི་འབྲས་བུ་ཡིན་གྱི། ཚིག་ནི་འགའ་ཡང་མ་ཡིན་པ་དེས་ན་དེ་ཉིད་བརྗོད་པར་འདོད་པའི་སྤྱིའི་རྒྱུ་ཅན་ཡིན་པར་བརྗོད་དོ། །གལ་ཏེ་འདོད་ཆགས་ནི་ཞེན་པ་ཉིད་ཡིན་ལ། སྒྲ་བརྗོད་པ་དང་དོན་བསྟན་པར་འདོད ་པ་ཡང་ཞེན་པ་ཡིན་ཏེ། དེས་ན་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། འདོད་ཆགས་ཡིན་མོང?། ཚིག་བརྗོད་པར་འདོད་པའི་འབྲས་བུ་ཡིན་པར་འདོད་པ་ཡིན་ཏེ། འདོད་པའི་ཕྱིར་འདི་ལ་སྐྱོན་མེད་དོ། །བརྗོད་པར་འདོད་པ་ལ་ནི་འདོད་ཆགས་སུ་མི་སྨྲ་སྟེ། ་འོན་ཀྱང་རྟག་པ་དང་བདེ་བ་དང་བདག་དང་བདག་གིར་མངོན་པར་ཞེན་པས་འཕངས་པ་ལ་འདོད་ཆགས་སུ་བརྗོད་དོ། །འདི་ལྟར་བདག་རྟག་པ་དང། བདེ་བ་དང་བདག་གི་བདེ་བའི་རྒྱུ་ཉིད་དུ་སྒྲོ་བཏགས་ནས་ཆགས་པར་འགྱུར་རོ། །འདིར་ཐེར་ཟུག་ཏུ་གནས ་པ་ཉིད་ནི་རྟག་པ་མ་ཡིན་གྱི། ཐ་ན་སྔ་མ་དང་ཕྱི་མའི་སྐད་ཅིག་གཉིས་གཅིག་ཏུ་བྱེད་པ་ཡང་རྟག་པར་འཛིན་པ་ཡིན་ནོ། །ངར་འཛིན་པ་བདག་ཏུ་ལྟ་བ་ཡང་དེའི་ཡུལ་ཅན་ཡིན་ནོ། །འདོད་ཆགས་ཅན་བདག་བདེ་བར་འདོད་པ་ནི་ཅི་ལྟར་གཞན་གྱི་དོན ་ལ་མི་འཇུག་པ་དེ་བཞིན་དུ་འབྱུང་བར་འགྱུར་བའི་བདེ་བ་དང་ལྡན་པ་སྐད་ཅིག་མ་ཕྱི་མ་རྣམས་ཤིན་ཏུ་ཐ་དད་པ་ཡིན་པར་མཐོང་ནས་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་སེམས་ཡོངས་སུ་བསླང་པ་མི་རྟག་པ་དང་བདག་མེད་པར་སྨྲ་བ་རྣམས་ཀྱང ་འདོད་ཆགས་སྐྱེས་པའི་དུས་ན་སྔ་མ་དང་ཕྱི་མ་སྐད་ཅིག་ཅི་ཙམ་པ་ཞིག་གཅིག་ཏུ་མངོན་པར་ཞེན་པ་ཡིན་ནོ། །བདག་ཏུ་འཛིན་པའི་ཡུལ་ཡང་ཡིན་ཏེ། ངེས་ན་འདོད་ཆགས་ནི་རྟག་པ་དང་བདག་དང་བདག་གིར་ལྟ་བ་མངོན་དུ་འགྲོ་བ་ཅན་ལ་འཁྲུལ་བ་མེད་དོ། ། གང་ཞིག ་གཞན་གྱི་དོན་འཇུག་གི་བདག་གི་དོན་མི་འཇུག་པ་ནི་བདག་གཞན་ལ་ཕན་འདོགས་པ་ཡིན་ནོ་ཞེས་དེ་ལྟར་འཇུག་པས་སྐད་ཅིག་ཐམས་ཅད་སྔ་ཕྱི་གཅིག་ཏུ་འགྱུར་བ་ལ་མི་བལྟོས་ཏེ། འཇུག་པའི་འབྲས་བུ་བདག་གྱུར་པར་མི་འདོད་པའི་ཕྱིར་རོ། །རྟག་པར་འཛིན་པ་སྔོན ་དུ་འགྲོ་བ་ཅན་གྱི་དད་འཛིན་པ་ནི་ཉེས་པ་དང་ལྡན་པ་ཡིན་གྱི། སྐད་ཅིག་ཙམ་ལ་དམིགས་པ་ནི་མ་ཡིན་ཏེ། དེའི་དོན་ནི་གཞན་ལ་ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདིས་ནི་འདོད་ཆགས་ཀྱི་རྒྱུ་བསྟན་ཏེ། །ཉོན་མོངས་བ་ཟག་པ་དང་ལྷན་ཅིག་བ་ཟག ་པ་དད་བཅས་པའི་ཆོས་ནི་བདག་ལ་སོགས་པར་སྒྲོ་འདོགས་པ་དང་རྗེས་སུ་འབྲེལ་བ་སྒྲོ་བཏགས་པའི་བདག་དང་རྗེས་སུ་མཐུན་པའི་རང་བཞིན་ཅན་ཏེ། དེའི་ཡུལ་ཅན་ཡིན་ནོ། །འདིས་ནི་ཡུལ་བརྗོད་དོ། །བདག་དང་བདེ་བའི་རྒྱུ་མི་བདེན་པ་ལ་མངོན་པར་དགའ་ ་བ་ནི་མངོན་པར་འདོད་པ་སྟེ། འདིས་ནི་འདོད་ཆགས་ཀྱི་རྣམ་པར་བརྗོད་དོ། །བདག་ལ་སོགས་པར་ལྟ་བ་ཅན་སྒྲོལ་བཏགས་པ་ལ་འཛིན་པ་མི་བདེན་པའི་ཡོན་ཏན་ལ་ཞེན་པའི་རྣམ་པ་ཅན་ནི་འདོད་ཆགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགའ་བ་དེའི་ཡུལ་བདག ་དང་བདེ་བ་དང་བདེ་བའི་རྒྱུ་གང་ཡིན་པ་དེ་དང་མི་མཐུན་པ་ལ་ངེས་ཤེས་བྱ་བ་མི་མཐུན་པས་བྱས་པ་སྟེ། འདིས་ནི་བདག་ལ་སོགས་པར་ལྟ་བ་སྔོན་དུ་འགྲོ་བ་ཅན་དང་ཟག་པ་དང་བཅས་པའི་ཡུལ་ཅན་དུ་བསྟན་པ་ཡིན་ནོ། །འདི་ལྟར་བདག་ལ་སོགས་པར་ལྟ་བ་ཡོད ་ན་དེ་དང་མི་མཐུན་པར་མཐོང་བ་ཡིན་ནོ། །བདག་ལ་སོགས་པ་དང་མི་མཐུན་པ་ཡང་སྒྲོ་བཏགས་ཉིད་དེ། བདག་ལ་སོགས་པ་མེད་པའི་ཕྱིར་རོ། །འཁྲུལ་བ་ནི་འདི་ནི་དག་གི་གཞོམ་པར་བྱ་བ་ཡིན་ནོ་ཞེས་གཏོང་པའི་རྣམ་པ་སྟེ། འདི་ནི་ཞེ་སྡང་གི་རྣམ་པ་བཤད་པ ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་གཉི་གའི་རྟེན་དག?་པ་ལ་སོགས་པར་ཕྱིན་ཅི་ལོག་ནི་གཏི་མུག་གོ། སྒྲོ་བཏགས་ཀྱི་རང་བཞིན་འཛིན་པ་འདོད་ཆགས་ལ་སོགས་པ་ནི་དེ་ཁོ་ན་ཉིད་འཛིན་པའི་བདག་ཉིད་ཅན་གྱི་སེམས་ཀྱི་སྐྱོན་ཡིན་པས་འགའ་ ་ཞིག་?་ནི་དག་དང་བྲལ་བ་ཡང་སྲིད་དེ། དེ་དག་ནི་ཚིག་གི་རྒྱུར་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་བརྗོད་པར་འདོད་པ་དང། སྙིང་རྗེ་ལ་སོགས་པ་ཡང་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་དང། སྒྲོ་བཏགས་པའི་འཛིན་པར་འགྱུར་རོ་ཞེ་ན། བཤད་པ། སྙིང་རྗེ ་ལ་སོགས་པ་ནི་བདག་ཏུ་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཅན་དེ་ལྟ་བུ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་དུ་སྲིད་པའི་ཕྱིར་རོ། །བདག་ཏུ་ལྟ་བ་ཡོད་པ་ལ་མཐོང་བའི་ཕྱིར་ནི་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་མ་ཡིན་གྱི། འོན་ཀྱང་དེ་ཡོད་པ་དང་མེད་པའི་རྗེས་སུ ་བྱེད་པའི་ཕྱིར་རོ། །དེ་ཡང་ཅི་ལྟར་སྔར་ས་བོན་ཡོད་ན་ཕྱིས་མྱུ་གུ་ཡོད་བ་ནི་ས་བོན་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཅན་ཡིན་པ་ལྟར་སྔ་མ་དང་ཕྱི་མ་ལས་ནི་མ་ཡིན་གྱི། འོན་ཀྱང་བདག་ཏུ་ལྟ་བའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཏེ། བདག་ཉིད་དུ་མཐོང་བ་ན་བདག ་དང་རྗེས་སུ་མཐུན་པ་འམ། ཅིག་ཤོས་ཀྱི་དངོས་པོ་མཐོང་བར་འགྱུར་བའི་ཕྱིར་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ནོ། །སྙིང་རྗེ་ལ་སོགས་པ་ནི་དེ་ལྟ་བུམ་ཡིན་ཏེ། འདི་ལྟར་ཡོད་པའི་སྡུག་བསྔལ་དང་བྲལ་བར་འདོད་པ་ནི ་སྙིང་རྗེའོ། །མེད་པའི་ཕན་པ་མངོན་པར་འདོད་པ་ནི་བྱམས་པའོ། །མངོན་པར་འདོད་པའི་ཕན་བས་དགའ་བ་ནི་དགའ་བའོ། །སྡུག་བསྔལ་བ་དང་བྲལ་བ་དང་བདེ་བ་ཐོབ་པར་འདོད་པའི་འོག་ཏུ་བདེ་སྡུག་བཏང་སྙོམས་སོ། །རྗོད་པར་འདོད་པ་ཉིད་ནི་རྣམ ་པ་གཉིས་སུ་བརྗོད་དོ། །དེའི་ཕྱིར་འདི་དག་ནི་བདག་ལ་དམིགས་ནས་འཇུག་པ་མ་ཡིན་ལ། གཞན་ལ་ཕྱིན་ཅི་ལོག་གི་རང་བཞིན་དུ་རྟོག་པ་ཡང་མ་ཡིན་ནོ་ཞེས་འདི་ཐམས་ཅད་ནི་རྣམ་འགྲེལ་དུ་བཤད་ཟིན་ཏོ། །འདོད་ཆགས་ལ་སོགས་པ་ཕྱིན་ཅི་ལོག ་དང། བརྗོད་པར་འདོད་པ་ལ་སོགས་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་ལ་ཅི་ལྟར་འདོད་ཆགས་དང་བཅས་པ་སྨྲ་བལྟར་ཏེ། ཅི་སྐད་བཤད་པའི་འདོད་ཆགས་དང་བྲེལ་བར་སྨྲ་བ་དེ་ལྟར་འདོད་ཆགས་དང་བྲལ་བ་ཡང་བརྗོད་པར་འདོད་པ་ཉིད་ལས་སྨྲའོ། ། དེས་ན་འདོག ་བ་མེད་པས་འབྲས་བུ་མ་ཡིན་པའི་ཕྱིར་ཚིག་ཙམ་ལས་ནི་འདོད་ཆགས་ལ་སོགས་པ་མི་རྟོགས་སོ། །ཅི་ལྟར་ཚིག་ཙམ་ལས་མ་ཡིན་པ་དེ་བཞིན་དུ་ཚིག་གི་ཁྱད་པར་ལས་ཀྱང་རྟོགས་པ་མ་ཡིན་ཏེ། འདོད་ཆགས་ཀྱི་འབྲས་བུར་གྱུར་པའི་ཚིག་གི་ཁྱད་པར ་ཉིད་མ་གྲུབ་བའི་ཕྱིར་རོ། །གང་ཞིག་འདོད་ཆགས་ལ་སོགས་པ་ལ་མི་འཁྲུལ་བའི་ཚིག་གི་ཁྱད་པར་དེ་ནི་ཡོད་པ་མ་ཡིན་ནོ། །ཚིག་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་ལ་འཁྲུལ་པའི་ཕྱིར་འབྲས་བུ་ཉིད་མ་ཡིན་ནོ། །འཁྲུལ་བ་ཡང་ཅིའི་ཕྱིར་ཞེ་ན། ་འདོད་ཆགས་ལ་སོགས་བའི་འབྲས་བུའི་ཐ་སྙད་ཀྱང་ཞེ་སྡང་ལ་སོགས་པའི་འབྲས་བུར་མཐོང་བ་ཡིན་ཏེ། ཐ་སྙད་འཆོལ་བ་དེས་ནི་འཁྲུལ་པ་ཡིན་ནོ། །ཡང་ཅི་ལྟར་འདོད་ཆགས་དང་བྲལ་བ་རྗེས་སུ་ཆགས་པའི་ཡུལ་ཐ་སྙད་འཇུག་པར་བྱེད་ཅེ་ན། བསམ ་བ་རྟོགས་པར་དཀའ་བའི་ཕྱིར་རོ། ། ཡུལ་ཅན་བསམ་པས་ཡུལ་མངོན་པར་བསམ་པའི་དོན་བརྗོད་པ་ཡིན་ཏེ། ཐ་སྙད་ཀྱི་དགོས་པ་ནི་རྣམ་པ་དུ་མ་ཡོད་པ་དེ་བས་ན་དགོས་པ་གང་ཡང་བསམས་ནས་འདོད་ཆགས་དང་བྲལ་བ་འདོད་ཆགས་དང་ལྡན་པ་ལྟ ་བུར་སྤྱོད་བ་མངོན་པར་བསམས་པའི་དོན་དེ་ནི་ཤེས་བར་དཀའ་ཨོ།། འཆོལ་བ་ཡང་མཐོང་བ་ཡིན་ཏེ། དེ་བས་འཁྲུལ་བའི་ཕྱིར་འབྲས་བུ་ཉིད་མ་ཡིན་ནོ།། གལ་ཏེ་བདག་མཐོང་ན་དོན་དུ་གཉེར་བར་འགྱུར་གྱི། བདག་ཏུ་ལྟ་བ་སྤངས་པ་ལ་ནི་དགོས་པ་མེད་པའི ་ཕྱིར་རྟོག་པ་དང་ལྡན་པའི་ཐ་སྙད་དགོས་པ་དང་ལྡན་པས་ཁྱབ་པ་མི་འཐད་དོ། །དེས་ན་ཐ་སྙད་འདི་ལས་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་གོ་ཞེ་ན། མི་སྨྲ་བ་མ་ཡིན་ཏེ། གཞན་གྱི་དོན་ཡིན་པའི་ཕྱིར་རོ། །བདག་མ་མཐོང་བ་ནི་བདག་གི་དོན་དུ་ཐ ་སྙད་བྱེད་པར་མི་འགྱུར་གྱི། གཞན་གྱི་དོན་དུ་ནི་འགྱུར་བ་ཉིད་དེ་བདག་ཏུ་ལྟ་བ་ལ་མི་བལྟོས་པའི་ཕྱིར་རོ། །གཞན་གྱི་དོན་གྱི་ཐ་སྙད་ལ་ཡང་དོན་དུ་གཉེར་བ་ཉིད་ཀྱིས་ཁྱབ་ལ། དོན་དུ་གཉེར་བ་ཡང་འདོད་ཆགས་ཡིན་ནོ། །དེས་ན་བདག་མེད ་པར་རིག་པ་འདོད་ཆགས་དང་བྲལ་བ་ལ་དོན་དུ་གཉེར་བ་མེད་པའི་ཕྱིར་མི་འཐད་དོ་ཞེ་ན། མི་འཐད་པ་མ་ཡིན་ཏེ། སྙིང་རྗེས་ཀྱང་ཐ་སྙད་འཇུག་པའི་ཕྱིར་རོ། །གཞན་གྱི་དོན་ལ་འཇུག་པ་ནི་རྣམ་པ་གཉིས་ཏེ། བདག་ཉིད་བདེ་བ་དོན་དུ་གཉེར་བ་དང་གཞན ་སྡུག་བསྔལ་དང་བྲལ་བ་དོན་དུ་གཉེར་བའོ། ། ད་ལ་བདག་དང་སྲེད་པ་དང་བྲལ་བ་ལ་བདག་གི་དོན་མེད་ཀྱང་གཞན་སྡུག་བསྔལ་དང་བྲལ་བ་དོན་དུ་གཉེར་བས་འཇུག་པ་ནི་མི་འགལ་ལོ། །གལ་ཏེ་དེ་དེ་ལྟར་ན་དོན་དུ་གཉེར་བའི་རང་བཞིན་ཅན་སྙིང་རྗེ་དེ་ཉིད ་འདོད་ཆགས་ཡིན་ནོ་ཞེ་ན། དོན་དུ་གཉེར་བ་ཙམ་ལ་འདོད་ཆགས་ཤེས་ཁྱེད་འདོད་པ་ནི་མི་འགོག་གོ། ཁོ་བོ་ཅག་འདོད་པའི་འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་དང་ལྡན་པར་ཐལ་བ་ནི་མ་ཡིན་ཏེ། འདི་ལྟར་སྙིང་རྗེ་དང་འདོད་ཆགས་རང་བཞིན་ནི་ཐ ་དད་དེ། གལ་ཏེ་བདག་ཏུ་སྒྲོ་འདོགས་པ་དང་མི་འདོགས་པ་དག་རང་བཞིན་ཐ་དད་པ་དེ་ལྟ་ན་ཡང་དོན་དུ་གཉེར་བ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་འཁོར་བར་གནས་པའི་རྒྱུ་ཡིན་ལ། སྲེད་པ་པ་ཡང་འབྱུང་བ་ཅན་ཡང་འདི་ཉིད་ཡིན་ནོ། །དེའི་ཕྱིར་འདི་གཉིས ་འཁོར་བར་གནས་པའི་རྒྱུ་ཉིད་དུ་ནི་རང་བཞིན་ཐ་མི་དད་དོ་ཞེ་ན། བཤད་པ། མི་སྡུག་པ་སྒྲོ་བཏགས་པ་ལ་མངོན་པར་དགའ་བའི་སྐྱེས་བུ་གང་ཡིན་པ་དེ་སྐྱེ་བར་ཉིད་མཚམས་འབྲེལ་པར་བྱེད་པའི་ཕྱིར་འཁོར་བའི་རྒྱུ་ཉིད་ཡང་རང་བཞིན་ཐ་དད་དོ། །འདི ་ལྟར་བདག་ཏུ་ལྟ་བ་ཡོད་ན་བདག་ལ་ཆགས་པར་འགྱུར་རོ། །བདག་ལ་ཆགས་པ་ལ་ནི་སྨག་པའི་མངལ་གྱི་གནས་སྡུག་བསྔལ་བ་ལ་བདེ་བར་ཕྱིན་ཅི་ལོག་པ་ལས་ནི་བདག་གི་བདེ་བ་དོན་དུ་གཉེར་ཞིང་དེ་ལས་ནི་མངལ་ཡོངས་སུ་འཛིན་པར་བྱེད་ལ། ་མངལ་ཡོངས་སུ་འཛིན་པ་དང་མཐུན་པ་བདག་གི་བདེ་བ་དོན་དུ་གཉེར་བའི་ལས་ཀྱང་བྱེད་དོ། །ཅི་སྐད་དུ་རྣམ་འགྲེལ་ལས། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང། །སྲེད་པ་ཀུན་ལས་འཆིང་བའི་རྒྱུ། །སྐྱེ་བོ་གང་ལ་དེ་མེད་པ། །དེའི་སྐྱེ་བོ་མི་འབྱུང་ངོ། །ཞེས་བཤད་པ་ཡིན་ནོ། །རང་གི་བདག་ལ་སྲིད་པ ་མེད་པ་ནི་བདག་གི་དོན་དུ་ཅུང་ཞིག་ལེན་པ་འམ་སྤོང་བ་ཡོད་པ་མ་ཡིན་ཏེ། དེ་གང་ལས་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར། གང་གི་ཕྱིར་ཕྱིན་ཅི་ལོག་དང་མངོན་པར་དགའ་བ་དག་སྐྱེ་བ་ཡོངས་སུ་འཛིན་པ་དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པ་ལས་བྱུང་བ་ན་སྙིང་རྗེ་ནི་སྐྱོན་མེད་དོ། །གལ ་ཏེ་སྙིང་རྗེ་ཡང་སྐྱོན་འཛིན་པར་བྱེད་ན་ནི་ཕྱིན་ཅི་ལོག་ལས་བྱུང་བ་ཉིད་མ་ཡིན་ཡང་སྐྱོན་ཉིད་དུ་འགྱུར་རོ། །གལ་ཏེ་སྙིང་རྗེ་ཡང་ཕྱིན་ཅི་ལོག་ལས་བྱུང་བ་ཉིད་མ་ཡིན་མོད། བདག་མེད་པ་མཐོང་བ་ལ་ནི་དེ་མི་འཐད་དོ། །གང་གི་ཕྱིར་སྙིང་རྗེ་ལས་འཇུག་པར་འགྱུར་བ་དེ་བདག་མ ་མཐོང་བ་ཡིན་ན། གཞན་སྡུག་བསྔལ་དང་བྲལ་བ་གང་གིས་བྱེད་ཅེ་ན། སྙིང་རྗེ་ནི་ཞེས་སྨོས་སོ། །བདག་ཏུ་འཛིན་པ་མེད་ཀྱང་རེ་ཞིག་སྐད་ཅིག་མ་སྡུག་བསྔལ་ཙམ་ནི་མཐོང་བ་ཡིན་ནོ། །སྔར་སེམས་ཅན་དུ་འཛིན་པའི་དུས་ན་ཡང་སྡུག་བསྔལ་གྱི་རྒྱུ་ཅན་གྱི་སྙིང་རྗེ་གོམས་པ་ཡིན་ཏེ། དེས་ན་སྡུག ་བསྔལ་ཙམ་མཐོང་བས་སྔོན་གོམས་པའི་སྟོབས་ལས་སྐྱེ་བ་ཡིན་ནོ། །དེའི་ཕྱིར་ཅི་ལྟར་བདག་གི་དོན་ལ་འཇུག་པ་ལྟར་སྐད་ཅིག་སྔ་ཕྱི་དག་གཅིག་ཏུ་བྱེད་པའི་ཕྱིར་བདག་ཉིད་སྡུག་བསྔལ་དང་བྲལ་བའི་བྱེད་པ་པོར་བསམས་ནས་འཇུག་པ་ནི་མ་ཡིན་གྱི། འོན་ཀྱང་སྡུག་བསྔལ་དང ་བྲལ་བའི་དོན་དུ་གཉེར་བའི་སྐད་ཅིག་ཐམས་ཅད་སྔོན་གོམས་པ་ལས་དའོ་ངའོ་སྙམ་པ་དེ་ལྟར་སྐྱེའོ། །དེ་ལ་རང་གི་འབྲས་བུ་ལ་སྦྱོར་བར་བྱེད་པ་ནི་འགའ་ཞིག་ཁོ་ན་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །འདི་རིགས་པ་ཙམ་གྱིས་རང་འདོད་དུ་སྨྲས་པ་ནི་མ་ཡིན་ཏེ། འདི་ལྟར་མདོ་ལས། བཅོམ ་ལྡན་འདས་ཀྱིས་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཅན་ལ་དམིགས་པ་དང། གང་ཟག་ལ་བདག་མེད་པ་རིག་པའི་ཆོས་ལ་དམིགས་པ་དང། གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པ་དང་བྲལ་བ་རྣམས་ཀྱི་དམིགས་པ་མེད་པར་བསྟན་ཏོ ་གལ་ཏེ་སེམས་ཅན་ལ་དམིགས་པ་ནི་སོ་སོའི་སྐྱེ་བོས་གོམས་པར་བྱས་པས་ཡིན་ན་ཆོས་ལ་དམིགས་པ་གོམས་པ་མེད་པར་ཅི་ལྟར་སྐྱེ་ཞེན། བཤད་པ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དེ་དག་ཀྱང་རིགས་མཐུན་པ་གོམས་པ་ལས ་འཇུག་པ་གང་དག་ལ་ཡོད་པའོ། །ཁྱད་པར་ནི་འདི་ཙམ་དུ་ཟད་དེ། ཅི་སྲིད་སེམས་ཅན་དུ་མཐོང་བ་དེ་སྲིད་དུ་ནི་སེམས་ཅན་ལ་དམིགས་པ་ཡིན་ལ། ཅི་སྲིད་ཆོས་མཐོང་པ་དེ་སྲིད་དུ་ནི་ཆོས་ལ་དམིགས་པ་ཡིན་ནོ། །འདི་དག་རིགས་མཐུན་པ་གོམས་པ་ཡོད་པ་དང་ཁྱད ་པར་དུ་གྱུར་པའི་རྗེས་སུ་བྱེད་པར་ནི་མཐོང་བ་ཉིད་དོ། །འོ་ན་བདག་ཏུ་ལྟ་བ་ལོག་ཀྱང་བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་དག་ལས་གཞན་པའི་འདོད་ཆགས་ལ་སོགས་པ་གོམས་པ་ལས་འཇུག་པར་འགྱུར་ཏེ། སྙིང་རྗེ་ལ་སོགས་པ་བཞིན་ནོ་ཞེ་ན། བཤད་པ། གང ་གིས་བདག་ཏུ་ལྟ་བ་ལོག་པ་ལ་ཡང་འཇུག་པར་འགྱུར་བ་འདོད་ཆགས་ལ་སོགས་པ་ནི་རིགས་མཐུན་པ་གོམས་པ་ལ་འཇུག་པ་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་མེད་ན་མེད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཕྱིན་ཅི་ལོག་གི་རྗེས་སུ་བྱེད་པ ་ཡང་དེ་མ་ཐག་ཏུ་བཤད་པ་ཡིན་ནོ། །འོ་ན་སྐྱོན་མེད་པའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་ཡང་སྙིང་རྗེ་ལ་སོགས་པ་ཡོད་དུ་ཆུག་མོད། དེ་ལྟ་ན་ཡང་སྙིང་རྗེ་ཅན་གྱི་གཞན་གྱི་དོན་རྩོམ་པ་འབྲས་བུ་མེད་པ་ཡང་ཕྱིན་ཅི་ལོག་ཉིད་ལས་ཡིན་ནོ། །འདི་ལྟར་རྟོག་པ་དང་ལྡན ་པའི་འཇུག་པ་ནི་འབྲས་བུ་མེད་པ་མ་ཡིན་ནོ། །སྐད་ཅིག་མ་འབྲས་བུ་དང་ལྡན་པ་མ་ཡིན་ཏེ། མི་གནས་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་ཡུན་རིང་དུ་གནས་པ་གཞན་གྱི་དོན་གྱི་འོག་ཏུ་འབྲས་བུ་ལྡན་པར་མཐོང་ནས་འཇུག་པ་ཡིན་ནོ། །དེ་ལྟ་ཡིན་དང་ཕྱིན་ཅི་ལོག་ཉིད་ལས ་འཇུག་པ་ཡིན་ནོ་ཞེ་ན། དེ་ལྟ་ནི་མ་ཡིན་ནོ། ། གང་གི་ཕྱིར་གལ་ཏེ་གཞན་གྱི་དོན་ལས་མ་གཏོགས་པ་བདག་ཉིད་ལ་གནས་པའི་འབྲས་བུར་འདོད་པ་ཡིན་ན་ནི་ཕྱིན་ཅི་ལོག་ལས་འཇུག་པར་འགྱུར་རོ། །འདོད་པ་ནི་མ་ཡིན་ཏེ་གཞན་གྱི་དོན་འཇུག་པའི་འབྲས་བུར་འདོད ་པའི་ཕྱིར་རོ། །འདོད་མོད་དེ་ཉིད་འབྲས་བུར་ཅི་ལྟར་འགྱུར་ཞེ་ན། འབྲས་བུའི་མཚན་ཉིད་ནི་འདོད་པ་ཡིན་པའི་ཕྱིར་རོ། །གང་ཞིག་མངོན་པར་འདོད་པ་དེ་ཉིད་འབྲས་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་གཞན་གྱི་དོན་ལ་འཇུག་པ་ཕྱིན་ཅི་ལོག་མ་ཡིན་ནོ། །དེའི་ཕྱིར་སྙིང་རྗེས་ཐ་སྙད་དུ ་འགྱུར་བའི་འདོད་ཆགས་དང་བྲལ་བ་དགོས་པའི་དབང་གིས་ཆགས་པ་དང་བཅས་པ་ལྟ་བུར་འགྱུར་བ་ཡིན་པའི་ཕྱིར་ཚིག་གི་ཁྱད་པར་ལས་འདོད་ཆགས་རྗེས་སུ་དཔོག་པ་མ་ཡིན་ཏེ། འབྲས་བུ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཚིག་ལས་འདོད ་ཆགས་རྗེས་སུ་དཔོག་པ་ནི་མ་ཡིན་གྱི། འོན་ཀྱང་སྨྲ་བ་པོ་བདག་ལ་འདོད་ཆགས་ལ་སོགས་པ་སྨྲ་བ་པོ་ཉིད་དང་ལྷན་ཅིག་སྤྱོད་པར་མཐོང་བས་གཞན་ལ་ཡང་སྨྲ་བ་པོ་ཉིད་མཐོང་བ་ལས་ལྷན་ཅིག་སྤྱོད་པའི་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། འདི་ལ་སྨྲ་བ་པོ ་བདག་ལ་དཀར་ཤམ་ཉིད་མཐོང་བའི་ཕྱིར་སྨྲ་བ་པོ་ནག་པོ་ལ་ཡང་དཀར་ཤམ་ཉིད་རྗེས་སུ་དཔོག་པས་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འོན་ཏེ་ཚིག་དཀར་ཤམ་ཉིད་ལ་འབྲུལ་བའི་ཕྱིར་རྗེས་སུ་མི་དཔོག་ན་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པར་བྱེད་པ་འདི ་ལ་ཡང་མི་འཁྲུལ་པར་ཅི་ལྟར་ངེས། མ་མཐོང་བའི་ཕྱིར་རོ་ཞེ་ན། མ་མཐོང་བ་ལ་ཡང་ཞུགས་པ་དང་ཐེ་ཚོམ་ཟ་བ་དག་གིས་མི་འཁྲུལ་པར་ངེས་པ་མེད་པར་མཚུངས་སོ་ཞེས་གོང་ཉིད་དུ་བཤད་ཟིན་ཏོ། ། གཞན་ཡང་དཀར་ཤམ་དང་དཀར་ཤམ་མ་ཡིན་པ་ལྟར་རུང་བའི་བདག་ཉིད ་དག་ནི་འགལ་བ་མེད་པའི་ཕྱིར་ལྷན་ཅིག་ཏུ་འགྱུར་བ་འམ། རང་བཞིན་འགལ་བའི་ཕྱིར་དང་རྒྱུ་འགལ་བའི་ཕྱིར་ལྷན་ཅིག་ཏུ་འགྱུར་བ་མ་ཡིན་པར་མཐོང་གི། ལྐོག་ཏུ་གྱུར་པ་དབང་པོ་ལས་འདས་པ་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པར་རྗེས་སུ ་དཔག་ཀྱང་མེད་པར་ངེས་པ་རྙེད་པར་དཀའ་ཨོ། །འདི་ལྟར་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་གང་གི་ཚེ་ཆགས་པ་དང་བཅས་པ་དེ་ཉིད་ཀྱི་ཚེ་འདོད་ཆགས་དང་བྲལ་བ་མ་ཡིན་ཡང། འདོད་ཆགས་དང་བྲལ་བ་ལྟར་མི་རུང་བའི་རྒྱུ་མ་མཐོང་བའི་ཕྱིར་འདོད་ཆགས་ཅན་གྱི་རྒྱུད་ལ་ ་དུས་གཞན་གྱི་ཚེ་སྐྱེ?་བ་མེད?་པར་ངེས་པ་ནི་འགའ་ཡང་མེད་དོ། །དེའི་ཕྱིར་རྒྱུ་འགལ་བ་མཐོང་བ་མེད་པས་ན?་རྒྱུད་གཅིག་ལ་རིམ་གྱིས་འབྱུང་བའི་འདོད་ཆགས་དང་ལྷན་ཅིག་ཏུ་འབྱུང་བར་འགྱུར་རོ། །གང་གི་ཕྱིར་བདག་ལ་ལྷན་ཅིག་སྤྱོད་པ་ལས་རྗེས་སུ་དཔོག་པ ་མ་ཡིན་པའི་རྒྱུ་དེའི་ཕྱིར་ཚིག་གིས་ནི་ལྕེ་རྩེ་ལ་སོགས་པའི་ཡོན་ཏན་བརྗོད་པར་ནུས་པ་དང། དོན་དང་ལྡན་པ་ལས་ནི་བརྗོད་པར་འདོད་པ་རྣམ་པ་གཉིས་རྗེས་སུ་དཔོག་པར་བྱེད་ལ། དོན་མེད་པས་ནི་སྒྲ?་བརྗོད་འདོད་པ་ཉིད་རྗེས་སུ་དཔོག་བར་བྱེད་དོ། །གལ་ཏེ་རྗེས་སུ་དཔག ་པ་འདིར་ཡང་སྨྲ་བ་པོ་བདག་ལ་བྱེད་པའི་ཡོན་ཏན་ལ་སོགས་པ་མཐོང་བས་ཐམས་ཅད་ལ་རྗེས་སུ་དཔོག་པ་མ་ཡིན་པ་ཞེས་བྱ་བའི་ཐལ་བ་འདི་མཚུངས་སོ་ཞེ་ན། མཚུངས་པ་མ་ཡིན་ཏེ། ཚིགས་དང་བརྗོད་པར་འདོད་པ་དེ་དག་རང་གི་རྒྱུད་འདིར་རྗེས་སུ་འགྲོ་བ་དང་ལྡོག་པ ་དག་ལས་རྒྱུ་དང་འབྲས་བུ་ཉིད་དུ་གྲུབ་པ་གང་ཡིན་པ་དེས་རྒྱུད་གཞན་ལ་ཡང་རྗེས་སུ་དཔོག་པ་རྒྱུའི་ཕྱིར་རོ། །བྱེད་པའི་ཡོན་ཏན་དང་བརྗོད་པར་འདོད་པ་ཡོད་པ་འམ། ཁྱད་པར་དུ་གྱུར་ན་ཚིག་ཡོད་པ་དང་ཁྱེད་པར་དུ་འགྱུར་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་ངེས ་པས་གཞན་དུ་རྟོགས་པར་བྱེད་དོ། །དཔེར་ན་ཚད?་མང་དུ་མེ་དང་དུ་བ་དག་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མཐོང་བས་ས་ཕྱོགས་སུ་མ་གྲུབ་པ་རྗེས་སུ་རྟོགས་པར་བྱེད་པ་བཞིན་ནོ། །མི་སྡུག་པ་ལ་དགའ་བ་འདོད་ཆགས་དང་བདག་ཏུ་ལྟ་བ་ཞེས་བྱ་བའི་ཕྱིན་ཅི་ལོག་དང ་ཚིག་ནི་ལྷན་ཅིག་དེ་ལྟར་སྐྱེད་བྱེད་ཀྱི་དངོས་པོ་དེ་རང་གི་རྒྱུད་ལ་གྲུབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་ལ་གཞན་དུ་ཞེས་བྱ་བ་ཕྱིན་ཅི་ལོག་དང། མི་སྡུག་པ་ལ་དགའ་བ་མེད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འདོད་ཆགས་ཉིད་ཆག་ལས་མི་དཔོག་གི ་འོན་ཀྱང་འདོད་ཆགས་སྐྱེས་པར་རུང་བ་ཉིད་དོ། །འདོད་ཆགས་བཞིན་དུ་འདོད་ཆགས་སྐྱེས་པར་རུང་བ་ཉིད་ལན་ཆིག་འཁྲུལ་པ་མ་ཡིན་ཏེ། རུང་བ་ཉིད་མེད་པར་ཆིགས་མ་མཐོང་བའི་ཕྱིར་རོ་ཞེ་ན། དེ་ཞེས་སྨོས་སྟེ། ཚིག་ལས་རུང་བ་ཉིད་དེ་རྗེས་སུ་དཔོག་པར་ཁས་ལེན་ན ་འདོད་ཆགས་སྐྱེས་པར་རུང་བ་ཉིད་དང་བྲལ་བ་ལ་སྨྲ་བ་མ་མཐོང་བའི་ཕྱིར་རྒྱུ་དང་འབྲས་བུ་ཉིད་དུ་གྲུབ་པར་འདོད་པ་གང་ཡིན་པ་དེ་ནི་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། རུང་བ་ཉིད་མེད་ན་ཚིག་ལྡོག་པར་མ་གྲུབ་པའི་རྒྱུའི་ཕྱིར་རོ། །ཅི་ལྟར་མ་གྲུབ། གང་གི་ཕྱིར་སེམས་པ་མེད་ལ་དག ་ལས་འདོད་ཆགས་དག་སྐྱེད་པར་རུང་བ་ཉིད་ལོག་ན་ཚིག་ལྡོག་པའི་ཕྱིར་སེམས་མེད་པ་ཉིད་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། གང་གི་ཕྱིར་འདི་འདྲ་བའི་ལྡོག་པས་རྒྱུའི་འབྲས་བུ་སྐྱེད་པར་ནུས་པ་མི་འགྲུབ་བོ། །ཅི་ལྟར་ཞེ་ན། འདི་ལྟར་ནུས་པ་ཤེས་པར་བྱ་བ་གཅིག་པོ་ད་ལས ་གཞན་པའི་རྒྱུ་དག་ཡོད་པ་ན། འབྲས་བུ་མེད་པའི་ཕྱིར་བལྟོས་པར་བྱ་བ་གཞན་རྗེས་སུ་དཔོག་པར་བྱེད་དོ། །དེའི་ཕྱིར་འདི་འདྲ་བ་རྒྱུ་གཞན་མཛའ་དག་ཉེ་བ་མེད་པའི་ལྡོག་པ་ནི་རྒྱུ་ཉིད་དུ་བསྒྲུབ་པའི་རྒྱུ་མཚན་མ་ཡིན་གྱི། རྒྱུ་གཞན་མཛའ་དག་ཉེ་བ་དང་ལྡན་པའི་ལྡོག་པ ་ཡིན་ནོ། །རྣམ་པ་འདི་ལྟ་བུ་ནི་སེམས་མེད་པ་དག་ལ་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། དེ་དག་ལ་སེམས་པ་དང་བྱེད་པའི་ཡོན་ཏན་དང། བརྗོད་པར་འདོད་པ་སྒྲ་སྐྱེད་པ་ལ་ནུས་པ་མཐོང་བའི་རྒྱུ་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཅི་ནུས་པའི་མཐོང་བའི་རྒྱུ་མེད་པའི་ཕྱིར ་ཚིག་མེད་པ་ཡིན་ནམ། འོན་ཏེ་འདོད་ཆགས་སྐྱེད་པར་རུང་བ་ཉིད་མེད་པས་ཡིན་ཞེས་ཐེ་ཚོམ་ཟ་བའི་རྒྱུ་ཉིད་དུ་ངེས་པ་ནི་མ་ཡིན་ནོ། །གཞན་ཡང་འདོད་ཆགས་སྐྱེད་པར་རུང་བ་ཉིད་ཚིག་གི་རྒྱུ་ཡིན་ན་འདོད་ཆགས་དང་ཚིག་གཉིས་ཚོགས་པ་གཅིག་ལ་རག་ལས་པས་དངོས ་སུ་ཡིན་ནམ། རུང་བ་ཉིད་ཀྱི་འབྲས་བུ་འདོད་ཆགས་ཚིག་གི་རྒྱུ་ཡིན་པས་རྒྱུད་ནས་ཡིན། དེ་ལ་གལ་ཏེ་དངོས་སུ་རྒྱུ་ཡིན་ན་འདོད་ཆགས་ཀྱིས་ཕན་མི་འདོགས་ན་ཅི་ལྟར་འདོད་ཆགས་དེའི་ནུས་བས་ཕན་འདོགས་ཏེ་ཚིག་སྐྱེད་པ་ལ་བྱེད་པ་འཇུག་།འདི་ལྟར་གནས་དང་བྱེད་པ ་འཕོང་པའི་རྒྱུ་ཡིན་པའི་སྒོ་ནས་དེ་མ་ཐག་པའི་རྐྱེན་ཚིག་གི་རྒྱུར་འགྱུར་རོ། །དེ་མ་ཐག་པའི་རྐྱེན་དེ་ལས་འདོད་ཆགས་སྐད་ཅིག་གཉིས་པ་ལས་འགྱུར་ལ། བྱེད་པ་འཕྲོད་པ་ནི་སྐད་ཅིག་དུ་མ་ཁྱབ་པ་ཡིན་ནོ། །དེས་ན་ཅི་ལྟར་ཚིག་བརྗོད་པར་འདོད་པའི་རྒྱུ་ཅན་ཡིན་པ་དེ ་བཞིན་དུ་འདོད་ཆགས་ཀྱི་འབྲས་བུ་ཡང་ཡིན་ཏེ། གཉི་གའི་ཡོད་པ་གང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །འོན་ཏེ་གཉི་ག་ཡང་སྐད་ཅིག་གཉིས་པ་ལ་ཡང་འགྱུར་བ་ཡིན་ན། དེ་ལྟ་ན་ཡང་རྗོད་པར་བྱེད་པ་ཡི་གེའི་ཚོགས་སྐད་ཅིག་དུ་མར་གནས་པ ་ཡིན་པའི་ཕྱིར་འདོད་ཆགས་ཀྱི་འབྲས་བུ་ཉིད་དུ་འགྲུབ་པ་ཉིད་དོ། །འདོད་ཆགས་ཀྱི་འབྲས་བུ་ཡང་མ་ཡིན་ཏེ། དེས་ན་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་འདོད་ཆགས་སྐྱེད་པར་རུང་བ་ཉིད་ཚིག་གི་རྒྱུ་མ་ཡིན་ནོ། །འདོད་ཆགས་ཀྱི་དངོས་སུ་ཕན་མི་འདོགས ་ན་དེའི་ནུས་པ་བརྒྱུད་པས་ཀྱང་ཕན་འདོགས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུའི་རང་གི་ངོ་བོ་ཡོན་ཏན་སྐྱེད་པར་བྱེད་པ་ཉིད་ལ་སོགས་པའི་ཆོས་རྒྱུ་ནུས་པ་ལ་ཉེ་བར་བཏགས?་པའི་རྒྱུའི་ཕྱིར་རོ། །འབྲས་བུ་གང་ལ་འབྲས་བུའི་རང་གི་ངོ་པོ་དེས ་མི་ནུས་པ་དེ་ལ་རྒྱུའི་ནུས་པས་ཀྱང་ནུས་པར་བརྟག་པ་མ་ཡིན་ནོ། །བརྒྱུད་པ་འགའ་ཞིག་འགའ་ཞིག་གི་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་མེད་དེ། དེ་མེད་ཀྱང་ཆོད་པའི་འབྲས་བུ་ནི་ཐམས་ཅད་ཀྱི་ཚེ་གཞན་ལས་ཡོད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུའི་རྒྱུ ་ཡིན་པས་ཉེ་བར་བཏགས་ནས་རྒྱུར་བརྗོད་པ་ཡིན་ནོ། །འབྲས་བུ་ཕན་མི་འདོགས་ན་ནི་ས་བོན་མེད་པའི་ཕྱིར་རྒྱུ་ནུས་པ་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ཚོགས་པ་གང་ལས་ཚིག་འཇུག་པ་དེ་རྒྱུད་ནས་འདོད་ཆགས་ལ་རུང་བ་ཡིན ་པར་རྗེས་སུ་དཔོག་གོ་ཞེ་ན། དེ་ཡང་མི་རིགས་ཏེ། གང་གི་ཕྱིར་འདོད་ཆགས་ནི་བདག་ཏུ་ལྟ་བ་ཚིག་གི་རྒྱུ་ནི་མ་ཡིན་ནོ། །དེས་ན་རྒྱུའི་ཚོགས་བ་ཚོགས་བ་མེད་པའི་ཕྱིར་རུང་བ་ཉིད་རྗེས་སུ་དཔག་པ་མ་ཡིན་ནོ། །ཚོགས་པ་ཡིན་ཡང་གེགས་བྱེད་པ་སྲིད་པའི་ཕྱིར ་ངེས་པར་འདོད་ཆགས་རྗེས་སུ་དཔོག་པས་ཡིན་ནོ། །གང་གི་ཕྱིར་འདོག་པ་ལ་ཐེ་ཚོམ་ཟ་བས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མ་ཡིན་པ་དེ་བས་ན་ལྡོག་པ་ངེས་པ་མེད་ན་མི་འབྱུང་བ་གང་ཡིན་ལ་དེ་ཉིད་རྒྱུ་ཡིན་ལ། དེ་ཡང་འབྲས་པུས་རྗེས་སུ་དཔོག ་པར་བྱེད་དོ། །དེའི་ཕྱིར་རྒྱུ་ཉིད་རྗེས་སུ་དཔོག་པར་བྱེད་དེ། འབྲས་བུ་དེར་འབྲེལ་བའི་ཕྱིར་རོ། །གཞན་འབྲས་བུ་མ་ཡིན་པ་ནི་མ་ཡིན་ནོ། །གལ་ཏེ་བསྒྲུབ་བྱ་མེད་པ་ལ་མ་མཐོང་བ་གང་ཡིན་པ་དེ་ནི་གོ་བར་བྱེད་པ་ཡིན་ནོ་ཞེ་ན། བཤད་པ། བསྒྲུབ་བར་བྱ་བ་མེད་པ་ལ ་མ་མཐོང་ཡང་གོ་བར་བྱེད་པ་ཅུང་ཟད་མ་ཡིན་ནོ། །གང་གི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པར་གོ་བར་བྱེད་པས་མ་མཐོང་བ་གཏན་ཚིགས་གོ་པར་བྱེད་པ་ཡིན་གྱི། རང་གི་ངོ་བོ་ཙམ་གྱིས་ནི་མ་ཡིན་ནོ། །ཐམས་ཅད་གཟིགས་པའི་གཟིགས་པ་ལོག ་པས་ནི་མ་མཐོང་བ་ཐམས་ཅད་མེད་པར་གོ་བར་བྱེད་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མ་མཐོང་ཡང་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་རིགས་དྲུག་ཡོད་ལ། དེ་དག་ཀྱང་ཐམས་ཅད་འདོད་ ་ཆགས་སྐྱེད་པར་རུང་བར་མཐོང་བ་ཡིན་ནོ། །དེས་ན་རྟོགས་པའི་རང་བཞིན་ལྟར་འདོད་ཆགས་ལ་སོགས་པ་སྐྱེད་པར་རུང་བ་ཉིད་ཀྱང་ཤེས་པ་ཐམས་ཅད་ཀྱི་རང་བཞིན་མཐོང་བ་ཡིན་ལ། ཚིག་རྣམས་དེ་ལྟ་བུའི་འབྲས་བུ་ཡིན་པ་དེས་ན་གཞན་དུ་མ་མཐོང་བའི་ཕྱིར་ལྡོག ་པར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཡུལ་ལམ་དུས་ལ་ལན་དེ་ལྟར་ཞེས་བྱ་བ་སྐལ་བ་དང་ཚང?་ཚུད?་དུན་དུ་མཐོང་བ་རྣམས་ཀྱང་ཡུལ་གྱི་ཁྱད་པར་དང། དུས་ཀྱི་ཁྱད་པར་དང། དུས་ཀྱི་ཁྱད་པར་དང། འདུ་བྱ་བའི་ཁྱད་པར་ལས་གཞན་དུ་ཞེས་བྱ་བ་དང་རབ་དང་འབྲས་བུ་ཆེན ་པོར་སྣང་བའི་རྒྱུའི་ཕྱིར་རོ། །དཔེར་ན་སྐྱུ་རུ་རའི་ཤིང་དག་འོ་མས་བཅུས་པའི་འདུ་བྱ་བའི་ཁྱད་པར་གྱིས་ནི་འབྲས་བུ་རོ་མདར་པོ་འཆགས་ལ། ཕལ་ཆེར་ནི་དེ་ལྟར་འབྲས་བུ་མདར་པོ་ཆགས་པར་མི་སྣང་བ་ལྟ་བུའོ། །དེས་ན་ལ་ལར་འགའ་ཞིག་ཕལ་ཆེར་མཐོང་བ་དེ་ལྟར ་ཐམས་ཅད་དུ་འགྱུར་བ་འམ། ཅི་ལྟར་མ་མཐོང་བ་དེ་ལྟར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཡུལ་གྱི་ཁྱད་པར་གྱིས་འབྲས་བུ་གོ་སྲིད་བ་དང། དུས་ཀྱི་ཁྱད་པར་གྱིས་མེ་ཏོག་ལ་སོགས་པ་སྲིད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས? ་པ་འགའ་ཞིག་སྨྲ་བ་ལ་རུང་བ་ཉིད་ཡིན་ཡང་འདོད་ཆགས་སྐྱེད་པར་རུང་བ་ལ་རུང་བ་མ་ཡིན་པར་འགྱུར་རོ། །འདི་ལྟར་གཟུགས་ལ་སོགས་པའི་རང་བཞིན་སྐྱུར་རུ་ར་ལ་ལར་གཟུགས་དང་རོ་དང་ཆེན་པོ་ཉིད་ལ་སོགས་པ་གཞན་དུ་མཐོང་ཡང། འདུ་ ་བྱེད་པའི་བྱེ་བྲག་གིས་ཐ་དད་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་རྟོགས་པའི་རང་བཞིན་ཅན་འགའ་ཞིག་རེས་འགའ་འདོད་ཆགས་སྐྱེས་པར་རུང་བ་ཉིད་དུ་མཐོང་ཡང་རྒྱུའི་སྟོབས་ཀྱིས་གཞན་དུ་རུང་བ་མ་ཡིན་པར་འགྱུར་རོ། །འདི་ལྟར་འོ་མས་བཅུས་པ ་བཞིན་དུ་རྣམ་པ་མིག་གསལ་བའི་ཤེས་པ་གསལ་བའི་རྒྱུ་ནི་གོམས་པ་ཡིན་ནོ། །བདག་མེད་པ་དམིགས་པའི་ཤེས་པ་གསལ་བར་སྣང་བ་ཉིད་ནི་འདོད་ཆགས་དང་བྲལ་བ་ཡིན་ལ། ཆོས་ཐམས་ཅད་སྐད་ཅིག་མ་ཉིད་ལ་སོགས་པ་ལ་དམིགས་པ་གསལ་བར་སྣང ་བའི་ཤེས་པ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །གལ་ཏེ་རྟོགས་པ་བཞིན་དུ་འདོད་ཆགས་ཀྱི་རུང་བ་རྣམ་པར་ཤེས་པའི་རང་བཞིན་ཡིན་ན། རྣམ་པར་ཤེས་པ་གང་ཡང་གོམས་པ་ལས་གསལ་བར་སྣང་བར་མི་འགྱུར་རོ། །དེ་བས་ན་མངོན་སུམ་དུ་བྱས་པའི་གསལ་བར ་སྣང་བ་གོམས་པའི་རྒྱུ་མཚན་གྱིས་འཕེལ་བ་ཉིད་འདོད་ཆགས་ལ་སོགས་པའི་རུང་བ་ཤེས་པའི་རང་བཞིན་ཡིན་པ་ལ་གནོད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་གཞན་དུ་མཐོང་བ་ཡང་རྒྱུའི་སྟོབས་ཀྱིས་གཞན་དུ་ཡང་འགྱུར་བ་དེ་ཡང་ན་ཚིག་ཙམ་ལས་ནི་མ་ཡིན ་གྱི། འོན་ཀྱང་བདག་ལྟ་བུ་སྨྲ་བ་བོ་བདག་དང་འདྲ་བའི་ཁྱད་པར་ཅན་གྱི་སྨྲ་བ་ལས་འདོད་ཆགས་ཀྱི་རུང་བ་ཉིད་རྗེས་སུ་དཔོག་པར་རིག་པ་ཡིན་ནོ། །དེ་ལས་བྱང་ཅི་ལྟར་རིགས་ཤེ་ན། བཤད་པ། དེ་དང་འདྲ་བའི་སྨྲ་བ་པོ་ནི་འདོད་ཆགས་སྐྱེ་བའི་རྒྱུ་བདག་ཏུ་ལྟ་བ ་དང། ལོག་པའི་རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་རོ། །འོ་ན་འདི་ཉིད་ཁྱད་པར་དུ་འགྱུར་རོ་ཞེ་ན། གང་གི་ཚེ་ལ་ལར་ཁྱད་པར་འདི་འདྲ་བ་གྲུབ་བར་འགྱུར་བ་དེའི་ཚེ་ཡང་སྨྲ་བ་སྟེ་སྨྲ་བ་པོ་ཉེ་བར་བཀོད་པ་ནི་དོན་མེད་དོ། །ཁྱད་པར་ནི་འདི་ནི་འགའ་ཞིག་ཏུ་ཡང་གྲུབ ་པ་མ་ཡིན་ཏེ། ཐབས་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ཡང་མ་མཐོང་བ་ཡོད་ཀྱང་ལྡོག་བ་ལ་ཐེ་ཚོན་ཟ་བ་ཡིན་ནོ། །ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་མ་ངེས་པ་ཡིན་ནོ། །ཚུལ་རེ་རེ་མ་གྲུབ་པ་དང། མ་ངེས་པའི་གཏན་ཚིགས་ལྟར་སྣང་བར་བརྗོད་ནས། གཉིས་མ་གྲུབ་པའམ་ཐེ ་ཚོམ་ཟ་ན་ཅི་རིགས་པར་བརྗོད་པའི་ཕྱིར་བཤད་པ། ཚུལ་གཉིས་མ་གྲུབ་ན་འགལ་བའི་གཏན་ཚིགས་ལྟར་སྣང་བའོ། །དཔེར་བརྗོད་པ་སྨྲ་བ་ནི་དཔེར་ན་ཞེས་བྱ་བའོ། །རྟག་བ་འདི་སྒྲུབ་པ་ལ་རང་བཞིན་བྱས་པ་ཉིད་དང། འབྲས་བུ་རྩོལ་བ་ལས་བྱུང་བ་ཉིད་ནི་འགལ་བ་ཡིན ་པ་བཞིན་ནོ། །ཅི་ལྟར་འདི་ལ་ཚུལ་གཉིས་མ་གྲུབ་ཅེ་ན། གང་གི་ཕྱིར་གཏན་ཚིགས་དེ་དག་ནི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དང། མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཡིན་ཏེ། དེའི་ཕྱིར་ཚུལ་གཉིས་མ་གྲུབ་པ་ཡིན་ནོ། །གལ་ཏེ་མ་གྲུབ་པ་ཙམ་གྱིས་ནི་འགལ་བ ་མ་ཡིན་གྱི་འོན་ཀྱང་ཕྱིན་ཅི་ལོག་ཏུ་གྲུབ་པ་ལས་མ་ཡིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་གང་དུ་གང་ཞིག་ཕྱིན་ཅི་ལོག་ཏུ་གྲུབ་པ་དེར་དེ་མ་གྲུབ་པ་ཡང་ཡིན་ཏེ། དེས་ན་མ་གྲུབ་པས་ཕྱིན་ཅི་ལོག་ཏུ་གྲུབ་པ་མཚོན་པ་ཡིན་ནོ། །དེས་ན་ཕྱིན་ཅི་ལོག་ཏུ་གྲུབ་པོ་ཞེས་ཅི་སྲིད ་བརྗོད་པ་དེ་སྲིད་མ་གྲུབ་པར་བརྗོད་དོ། །གང་གི་ཕྱིར་ཕྱིན་ཅི་ལོག་ཏུ་གྲུབ་པ་དེས་ན་གཏན་ཚིགས་འདི་དག་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་བཔ་དེའི་ཕྱིར་འགལ་བའི་གཏ་ཚིགས་ཡིན་ནོ། །དེ་བས་ན་མ་གྲུབ་པ་ནི་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ནོ། །གལ་ཏེ་བསྒྲུབ ་བྱ་ཕྱིན་ཅི་ལོག་ཏུ་གྲུབ་པའི་འགལ་བ་དེ་གཉིས་ལས་གཞན་འདོད་པའི་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་སྟེ། འགོག་པའི་འགལ་བ་གསུམ་པ་ཡང་ཡོད་བ་མ་ཡིན་ནམ། དེ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ན་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པ་ནི་ཆོས་ཅན་ཏེ། བཞན ་གྱི་དོན་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དཔེར་ན་མལ་ཆ་དང་སྟན་དང་སྐྱེས་བུའི་ཉེ་བར་སྤྱོད་པའི་ཡན་ལག་འདུས་པའི་རང་བཞིན་གཞན་རུང་བ་བཞིན་ཏེ། འདེ?་ནི་འདོད་པ་ལ་གནོད་པར་བྱེད་བའོ། །ཅི་ལྟར ་ཞེ་ན། དེ་ནི་འདོད་པ་འདུས་པ་ཡིན་པ་གཞན་གྱི་དོན་བྱེད་པ་ལས་ཕྱིན་ཅི་ལོག་འདུས་པ་གཞན་གྱི་དོན་བྱེད་པ་དེ་སྒྲུབ་པའི་ཕྱིར་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་ཡིན་ནོ། །ཁྱོད་ཀྱིས་དེའི་ཕྱིར་མ་སྨོས་ཤེ་ན། གཏན་ཚིགས་བཤད་པ། འདོད་པ་དང་སྨྲས ་པ་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་རྒྱུའི་ཕྱིར་མ་སྨོས་སོ། །མདོར་བཞག་པའི་ཚིག་འདི་ཉིད་རྣམ་པར་དགྲོལ་པའི་ཕྱིར་བཤད་པ། གང་གི་ཕྱིར་དེ་དག་ལས་འདི་བསྒྲུབ་བར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཉིད་ནི་བྱེ་བྲག་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང ་གི་ཕྱིར་འདོར་བ་དང་སྨྲས་པ་དག་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་འགལ་ཡང་མེད་དོ་ཞེས་ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་བཤད་ཟིན་ཏོ། །དེ་བས་ན་སྒྲུབ་བྱ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འདི་འགལ་བ་དེ་གཉིས་ཉིད་ཀྱི་ནང་དུ་འདུས་པས་ལོགས་ཨཤིག་ཏུ་མ་བརྗོད ་དོ། །འདོད་པ་དང་སྨྲས་པ་དག་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་ཡོད་པ་ཁས་ལེན་ན་ནི་ཅི་ལྟར་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་ལོགས་ཤིག་ཏུ་བརྗོད་པ་དེ་བཞིན་དུ་འདོད་པ་སྒྲུབ་པར་བྱེད་བའི་གཏན་ཚིགས་ཀྱང་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ལས་ལོགས ་ཤིག་ཏུ་བརྗོད་པར་འགྱུར་རོ། །བརྗོད་པ་ཡང་མ་ཡིན་ཏེ། དེས་ན་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་གཅིག་ཉིད་ཀྱི་ཚིགས་གིས་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པར་བསྟན་ཏོ། །གང་གི་ཕྱིར་བསྒྲུབ་བར་བྱ་བ་ཉིད་དུ་ཁྱད་པར་མེད་པ་དེ་ཉིད་ཀྱི་ཕྱིར་དེ་ཕྱིན་ཅི ་ལོག་ཏུ་སྒྲུབ་པའི་འགལ་བ་ཡང་གཅིག་ཉིད་ཉིད་དོ། །གལ་ཏེ་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བ་ཉིད་ཡིན་ན། འོ་ན་ཅི་ལྟར་འདོད་པ་ལ་གནོད་པ་བྱེད་པའི་འགལ་བ་གཞན་དུ་བཤད་ཅེ་ན། བཤད་པ། འགལ་བ་དེའི་ཐ་སྙད་ང་ནི་སྦྱོར་བ་སྒྲའི་བྱེད་པའི་བྱེ་བྲག་ལ ་སྟེ། གང་དུ་སྒྲས་ཉེ་བར་བཀོད་པའི་བསྒྲུབ་བྱ་གནོད་པ་དེ་ནི་འགལ་བ་ཡིན་ལ། གང་དུ་དོན་གྱིས་ཐོབ་པ་གནོད་པར་བྱས་པ་དེར་ནི་འདོད་པ་ལ་གནོད་པར་བྱེད་པ་ཡིན་ནོ། །གང་དུ་འདོད་པ་ལ་གནོད་པར་བྱེད་པ་དེར་ཡང་དཔེར་ན་འདི་དག་ནི་འདུས་པ་མ་ཡིན་པའི་ཡུལ་ཅན ་གཞན་གྱི་དོན་བྱེད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུར་གལ་ཏེ་འདོད་པ་དེ་ཆོས་ཀྱི་ཁྱད་པར་དུ་བྱེད་པ་དེའི་ཚེ་ནི་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགའ་བ་ཡིན་ལ། གང་གི་ཚེ་འདོད་པ་དེ་ཆོས་ཅན་གྱི་ཁྱད་པར་དུ་བྱེད་པ་དེའི་ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བ་ཡིན་ནོ། །གལ ་ཏེ་སྦྱོར་བའི་བྱེ་བྲག་ལས་ཐ་དད་པ་ཡིན་ནོ་དེ་བཞིན་དུ་གནན་ཚིགས་ཀྱང་ཅི་སྟེ་ཐ་དད་པར་མི་འདོད་ཅེ་ན། བཤད་པ། གཏན་ཚིགས་རྣམ་པར་འབྱེད་པར་བྱེད་པ་ལས་སུ་ཞིག་འགོག་།གལ་ཏེ་གཏན་ཚིགས་ཀྱང་ཐ་དད་པར་བྱེད་པ་ཡིན་ན་འོན་ཅི་ལྟར་འགལ་བ་ཉིད་ཐ་དད་པར་བརྗོད་ན། བཤད་པ། ་དོན་གྱིས་འཕངས་པ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་དངོས་པོ་མ་བརྗོད་པ་ཡང་ཕ་རོལ་པོས་སྒྲུབ་པར་བྱ་བར་འདོད་པ་ཡིན་པའི་ཕྱིར་ལ།། བརྗོད་པའི་དོན་ཉིད་ལ་གཞན་གྱིས་སྐྱོན་བརྗོད་པར་བྱ་བ་ཡིན་གྱི། དོན་གྱིས་འཕངས་པ་ལ་ནི་ཡིན་ནོ་ཞེས་སེམས་པ་ན། དེའི་བསམ་པའི་དབང་གིས ་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་བརྗོད་པ་ཡིན་ཏེ། ཅི་ལྟར་དོན་གྱིས་འཕངས་པ་ཁྱེད་ཀྱི་སྒྲུབ་བྱ་ཡིན་པ་དེ་བཞིན་དུ་དོན་གྱིས་འཕངས་པ་ལ་གནོད་བའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་འགལ་པ་ཡིན་པར་དེང་བརྗོད་དོ་ཞེས་རྩོད་པ་འདི་ཙམ་གྱིས་ན་འདོད་པ་ལ་གནོད་པ་བྱེད་པ་ལོགས ་ཤིག་ཏུ་བརྗོད་ཀྱི། འགལ་བའི་མཚན་ཉིད་གང་ཡིན་པ་དེ་ཐ་དད་པའི་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་མཚན་ཉིད་ཐ་དད་པའི་ཕྱིར་ནི་མ་ཡིན་གྱི། འོན་ཀྱང་དགོས་པ་གཞན་གྱི་དབང་གི་ལོགས་ཤིག་ཏུ་བརྗོད་པ་དེ་ཉིད་ཀྱི་ཕྱིར་གཏན་ཚིགས་ཀྱང་ལོགས་ཤིག་ཏུ་བསྟན་པ་མ་ཡིན་པར་སྔ་མ་ཉིད ་དུ་བཤད་དོ། །མཚན་ཉིད་ཐ་དད་ན་ནི་གཏན་ཚིགས་ཀྱང་ལོགས་ཤིག་ཏུ་བསྟན་པར་བྱ་བར་འགྱུར་རོ། །གལ་ཏེ་གཏན་ཚིགས་འདི་མ་ངེས་པ་ཉིད་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན། འདུས་པ་རྣམས་འདུས་པ་མ་ཡིན་པའི་གཞན་གང་ཡིན་པ་དེ་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་མ་ངེས་པའི་ཕྱིར ་རོ། །དེའི་ཕྱིར་འགལ་བ་མ་ཡིན་ནོ། །འདི་ལྟར་སྒྲུབ་པར་བྱ་བ་ལས་ཕྱིན་ཅི་ལོག་གིས་ཁྱབ་པ་འགལ་བ་ཡིན་ན་དེས་པ་མེད་པའི་ཕྱིར་ཕྱིན་ཅི་ལོག་གི་ཁྱབ་པ་ནི་མ་ཡིན་ནོ། །ཅི་ལྟར་དས་པ་མེད་ཅེ་ན། གང་གི་ཕྱིར་འདུས་པ་གཞན་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ལ ་དེས་པ་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་མེད་དོ། །ཁ་ཅིག་ཏུ་ནི་འདུས་པ་རྣམས་གཞན་ལ་ཕན་འདོགས་པར་མི་བྱེད་པ་ཉིད་དོ། །གང་དག་གཞན་ལ་ཕན་འདོགས་པར་བྱེད་པ་ཙམ་དུ་ངེས་པ་དེ་དག་ཀྱང་འདུས་པ་གཞན་ལ་ཕན་འདོགས་པར་ངེས་པར་ག་ལ་འགྱུར་ཏེ། ་དེའི་ཕྱིར་འགལ་བ་མ་ཡིན་ནོ། །གལ་ཏེ་འབྲས་བུ་གཅིག་ལ་མངོན་དུ་ཕྱོགས་པའི་རྒྱུ་ཚོགས་པ་འདུས་པ་ཡིན་པས་དེ་ཅིའི་ཕྱིར་འབྲས་བུ་ངེས་པ་མེད་ཅེ་ན། གལ་ཏེ་ཡང་འབྲས་བུ་འགའ་ཞིག་ལ་རང་གི་རྒྱུ་ལས་མངོན་དུ་ཕྱོགས་པའི་ནུས་པ་རྣམས་ཚོགས་ཤིང་ཕྲད་པ་འདུས ་པ་ཡིན་པ་དེ་ལྟ་ན་ཡང་ནུས་པའི་གནས་སྐབས་ལས་སྔར་གེགས་བྱེད་པ་དང་མ་ཚད་བ་སྲིད་པའི་ཕྱིར་རྒྱུ་རྣམས་གདོན་མི་ཟ་བར་འབྲས་བུ་དང་འབྲེལ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་པས་ན་འཁྲུལ་པ་ཉིད་ཡིན་ནོ། །འདི་སྙམ་དུ་འོ་ན་ཐོགས་པ་མེད་པར་ཕན་འདོགས ་པ་མིག་ལ་སོགས་པ་ཐ་མའི་གནས་སྐབས་ཐོབ་པ་གང་ཡིན་པ་དེ་དག་ནི་ངེས་པར་གཞན་ལ་ཕན་འདོགས་པ་ཡིན་ནོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་ཕྱོགས་དེ་ལ་ཡང་འདུས་པ་ལ་ཕན་གདགས་པར་བྱ་བ་ལ་འབྲེལ་པ་མེད་དོ། །ཅི་འདྲ་བ་ཞིག་ཅེ་ན། འདི་དག་ནི་འདུས་པ་གཞན ་ལ་ཕན་འདོགས་པར་བྱེད་པ་ཉིད་དོ་ཞེས་བྱ་བ་འདི་འདྲ་བའོ། །འདི་ལྟར་དེ་མཛའ་དག་ལས་མིག་གི་རྣམ་པར་ཤེས་པ་རང་བཞིན་གཅིག་ཉིད་སྐྱེ་བ་ཡིན་ཏེ། དེའི་ཕྱིར་འདིར་ཡང་འདུས་པ་གཞན་ལ་ཕན་འདོགས་པའི་དེས་པ་མེད་དོ། །དེ་ལྟར་ལ་ལར་ཕན་འདོགས་པར་བྱེད་པ་ཉིད་མེད ་པའི་ཕྱིར་དང། ལ་ལར་ནི་འདུས་པ་མ་ཡིན་པ་ལ་ཕན་འདོགས་པར་བྱེད་པའི་ཕྱིར་འདུས་པའི་རང་བཞིན་ལ་འདུས་པ་གཞན་གྱི་དོན་བྱེད་པས་མ་ཁྱབ་པའི་ཕྱིར་ཅི་ལྟར་འགལ་བ་ཡིན་ཞེ་ན། སློབ་དཔོན་གྱིས་དེ་དག་ལ་ཉེ་བར་སྦྱོར་བ་རེ་རེ་ཞེས་ལན་འདེབས་སོ། །ནུས་པ་ཐོགས ་པ་མེད་པའི་མིག་ལ་སོགས་པ་སྐད་ཅིག་རེ་རེ་ཞིང་ཉེ་བར་སྦྱོར་དང་ཉེ་བར་སྦྱོར་བ་ལ་ཕན་གདགས་པར་བྱ་བ་མིག་གི་རྣམ་པར་ཤེས་པ་ལ་སྐད་ཅིག་དང་སྐད་ཅིག་ལ་རང་བཞིན་གཞན་སྐྱེ་བའི་རྒྱུའི་ཕྱིར། དེ་ལྟར་དེ་འདུས་པ་འམ་རིམ་གྱིས་ཉེ་བར་སྦྱོར་བ་མིག་ལ་སོགས་པ་རྣམས ་ཅིག་ཅར་རམ་གཅིག་ཅར་མ་ཡིན་ཡང་རུང་སྟེ། ཁྱད་པར་མེད་པར་རང་བཞིན་དུ་མར་གྱུར་པའི་ཕན་པར་བྱེད་པ་ཉིད་སྒྲུབ་བར་བྱེད་པ་འདི་ཡིན་གྱི། དུས་གཅིག་ཏུ་དུ་མའི་ཕན་པ་བསྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འདིར་རྣམ་པར་ཤེས་པ་སྔོན་པོའི་རྣམ་པ་དང། རྟོགས་པའི་རང་བཞིན་རང ་གཟུགས་འཛིན་པར་དེས་པ་ཉིད་དུ་སྐྱེ་བ་དེའི་སྐད་ཅིག་གཅིག་ཉིད་ལ། མིག་ལ་སོགས་པ་དུ་མའི་རང་བཞིན་དུ་གྱུར་པའི་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ཏེ། གང་གི་ཕྱིར་རང་བཞིན་དུ་མ་ཉིད་ནི་རྣམ་པར་ཤེས་པ་གཅིག་ལ་སྒྲོ་བཏགས་པ་ཡིན་ཏེ། ། ་དེས་ན་འདི་འདྲ་བའི་འདུས་པ་གཞན་གྱི་དོན་བྱེད་པ་ནི་དངོས་པོ་པ་མ་ཡིན་པར་འགྱུར་རོ། །འདི་ནི་འདོད་པ་ཡང་མ་ཡིན་ཏེ། དུས་གཅིག་ཏུ་རང་བཞིན་དུ་མ་གྲུབ་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་གང་བཤད་པ་ཡིན་ནོ། །གང་གི་ཕྱིར་ཉེ་བར་སྦྱོར་བ་རེ་རེ་ཞིང་རང་བཞིན་གཞན་སྐྱེ་བའི་ཕྱིར་ཞེས ་བྱ་བའི་གཞུང་འདི་ནི་གཏན་ཚིགས་ཡིན་ལ། རང་བཞིན་དུ་མའི་ཕན་པ་སྒྲུབ་པར་བྱེད་པ་ཡིན་གྱི། དུས་གཅིག་དུ་དུ་མའི་ཕན་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་བྱའི་གཞུང་ཡིན་པ་དང། བསྡུ་བའི་དོན་ནམ་སྨོས་པ་ཡང་མེད་པ་དེའི་ཕྱིར་གཞུང་སྔ་མར་ནི་ཆོས་དུ་མ་བྱེད ་པར་བཤད་ལ། ཕྱི་མར་ནི་རིམ་གྱིས་རང་བཞིན་དུ་མ་བྱེད་པར་བཤད་པ་ཡིན་ནོ་ཞེས་བྱ་བར་དོགས་པ་དེ་ཡང་ལེགས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་སྔ་མ་ཉིད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །འདི་སྙམ་དུ་དོན་གང་ལ་མིག་ལ་སོགས་པས་རིམ་གྱིས་ཕན་པ་བྱས་པ་དེ་ལས་ཕན་པ་དོན་གཞན ་བྱེད་པ་ཡིན་ཏེ། དེས་ན་རང་བཞིན་གཞན་བྱེད་པ་མ་ཡིན་ནོ་སྙམ་ན། དེ་ནི་མི་རིགས་ཏེ། ཕན་པ་དོན་གཞན་ཉིད་ཡིན་པར་ཁས་ལེན་ན་ཕན་པ་འདི་ཕན་གདགས་པར་བྱ་བ་དེའི་ཕན་པ་ཡིན་ནོ་ཞེས་འབྲེལ་བར་མི་འགྱུར་བ་དང། ཕན་པ་གཞན་ཁས་ལེན་ན་ཐུག་པ་མེད་པར་ཐལ་བ་དང། ཕན ་པ་ཙམ་བྱེད་པ་ཡིན་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །ཐ་དད་པ་དང་ཐ་དད་པ་མེད་པར་གཉི་ག་མ་ཡིན་པར་བྱེད་པ་ནི་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཀྱིས་ཅུང་ཟད་ཀྱང་དོན་མེད་པ་ཡིན་ནོ། །དོན་མེད་པའི་ཕྱིར་མངོན་པར་འདོད་པའི་དོན་བྱེད་པ་དེའི་དོན་དུ་སྒྲུབ་བར་བྱེད་པ་འགལ་བ་ཡིན ་ནོ། །དེའི་ཕྱིར་མིག་ལ་སོགས་པ་ཕན་འདོགས་པ་ནི་ཁྱད་པར་སྐྱེད་པ་ཉིད་ཀྱི་ཕན་འདོགས་པ་ཡིན་ནོ། །ཁྱད་པར་སྐྱེད་པ་དེ་ཡང་གང་ཞེ་ན། ཉེ་བ་སྦྱོར་བ་སོ་སོ་ལ་ངོ་བོ་ཉིད་དུ་མར་གྱུར་བ་གང་ཡིན་པའོ། །ཁྱད་པར་སྐྱེད་པ་ཉིད་ཀྱི་གཏན་ཚིགས ་དེ་བས་ན་རང་བཞིན་དུ་མར་གྱུར་པའི་ཕྱིར་ཁྱབ་པ་གྲུབ་པས་འགལ་བ་ཡིན་ནོ། །ཚིག་ལེའུར་བྱས་པར་སྨོས་པའི་དང་གིས་སྒྲས་དོན་གང་བསྡུས་པ་དེ་བཤད་པ་ནི་གཉིས་ལས་གཅིག་མ་གྲུབ་ལ། གཞན་ལ་ཐེ་ཚོམ་ཟ་ན་འཁྲུལ་བ་ཅན་ཉིད་དོ། །དཔེར་བརྗོད་པ་ནི་འདོད ་ཆགས་དང་བྲལ་བ་འམ་ཞེས་བྱ་བ་དང། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བསྒྲུབ་བར་བྱ་བའོ། །སྨྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དཔེ་ནི་འདོད་པའི་སྐྱེས་བུ་ཡིན་ཏེ། དེས་ན་སྨྲ་བ་པོ་དེ་ཉིད་དཔེར་འགྱུར་རོ། །སྨྲ་བ་པོ་དེ་བདག་ཉིད་ཐམས་ཅད་མཁྱེན་པ་མ་ཡིན་པ ་དང། འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ་སྨྲ་བ་ལ་མཐོང་བ་དེའི་ཕྱིར་གཏན་ཚིགས་འདི་ལ་ལྡོག་པ་མ་གྲུབ་ལ། རྗེས་སུ་འགྲོ་བ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ནོ། །རྒྱུ་བཤད་པ་ནི་སེམས་ཀྱི་ཁྱད་པར་ཐམས་ཅད་མཁྱེན་པ་དང། འདོད་ཆགས་དང་བྲལ་བ་ལ་བསྐལ་བའི་ཕྱིར ་ཏེ། དེ་ལ་ཚིག་ལ་སོགས་ཡོད་པ་འམ་མེད་པ་ཉིད་དུ་ཐེ་ཚོམ་ཟ་པའི་ཕྱིར་རོ། །གཉིས་ལ་ཐེ་ཚོམ་ཟ་བ་ཡིན་ན་འཁྲུལ་པ་ཅན་མ་དེས་པ་ཡིན་ནོ། །འདིར་གཉིས་ཞེས་བྱ་བ་མེད་པ་ཡིན་ནམ་ཞེ་ན། གཉིས་ཞེས་སྙེགས་སོ་ཞེས་སྨོས་ཏེ། གཉིས་མ་གྲུབ་ན་འགལ་བ་དང་ཞེས ་བྱ་བའི་སྐབས་ཀྱི་གཉིས་ཞེས་བྱ་བ་དེ་འདིར་ལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཀྱི་ཆོས་གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པར་ཐེ་ཚོམ་ཟ་བ་དེ་ཡང་མ་དེས་པ་ཡིན་ནོ། །དཔེར་བརྗོད་པ་སྨྲས་པ་ནི་དཔེར་ན་ཞེས་བྱ་བའོ། །གསོན་པོའི་ལུས་ནི་ཞེས་བྱ་བ་ནི་ཆོས ་ཅན་ཏེ། ཤི་བའི་ལུས་ལ་བདག་ཡོད་པར་མི་འདོད་པའི་ཕྱིར་རོ། །བདག་དང་བཅས་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ་སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་རྒྱུ་གཉིས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་པ་ཐེ་ཚོམ་གྱི ་རྒྱུར་འགྱུར་བ་ཡིན་ནོ། །བྱེ་བྲག་གང་དག་ལ་གཏན་ཚིག་ཐེ་ཚོམ་ཟ་བ་དེ་དག་གིས་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་དང། དེ་དག་ལས་གཅིག་ལ་ཡང་ངེས་པ་མེད་པའི་ཕྱིར་རོ་ཞེས་བཤད་བའོ། །དེ་ལ་མ་དེས་པའི་ཡན་ལག་བྱེ་བྲག་གི་དངོས་པོ་ཐམས་ཅད་བསྡུས་པ་བསྟན་པའི་ཕྱིར་བཤད ་པ། གང་གི་ཕྱིར་གང་ལ་དངོས་པོའི་ཆོས་སྲོག་ལ་སོགས་པ་གནས་པར་འགྱུར་བ་ཐ་དད་པའི་ཕུང་པོ་གཞན་ནི་མེད་དོ། །གལ་ཏེ་ཕུང་པོ་གཞན་ཡོད་ན་ནི་དེའི་ཚེ་བདག་མེད་པ་ནི་གདོན་མི་ཟ་བར་བདག་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ངེས་པར་མི་འགྱུར་ཏེ། རྣམ་པ་གཞན ་ཡང་ཡོད་པའི་ཕྱིར་རོ། །རྣམ་གྲངས་ཀྱི་གཉིས་ལས་གཅིག་ལ་ངེས་པར་མཐོང་ན་ཐེ་ཚོམ་དུ་འགྱུར་གྱི་དེ་ལྟ་མ་ཡིན་ན་ནི་མི་རྟོགས་པ་ཉིད་དོ། །ཅིའི་ཕྱིར་ཕུང་པོ་གཞན་མེད་ཅེ་ན། བདག་ཡོད་པ་དང་མེད་པ་དག་གིས་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་བདག ་མེད་པ་ནི་བདག་མེད་པ་ཉིད་དོ། །དེ་སྟེ་ཡོད་ན་ནི་བདག་དང་བཅས་པ་ཉིད་དོ། །དེས་ན་བདག་ཡོད་པ་དང་མེད་པ་དག་གིས་ཐམས་ཅད་བསྡུས་པ་ཡིན་ནོ། །གཅིག་ལ་ཡང་དེས་པ་མེད་པ་བསྟན་པའི་ཕྱིར་བཤད་པ། བདག་དང་བཅས་པ་དང་བདག་མེད་པ་འདི་གཉིས་ལས་གཅིག ་ལ་གནས་པར་ཏེ། ཡོད་པར་དེས་པ་མེད་དོ། །འཇུག་པར་ངེས་པར་ཤེས་ན་ནི་གོ་བར་བྱེད་པ་ཉིད་དུ་འགྱུར་རོ། །མ་དེས་ན་ནི་ཅི་རིགས་པར་མཐུན་པའི་ཕྱོགས་སམ་མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་འམ། ལྡོག་པ་མ་གྲུབ་པའི་མ་དེས་པ་དང། གཉིས་ལ་མ་དེས ་པར་འཇུག་ན་ཐུན་མོང་མ་ཡིན་པ་ཡིན་ནོ། །དེའི་ཕྱིར་གཅིག་ལ་ཡང་འཇུག་པར་མ་ངེས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཐུན་མོང་མ་ཡིན་པའི་མ་དེས་པ་ཡིན་ནོ། །གལ་ཏེ་དངོས་པོ་གཞན་མེད་ན་སྲོག་ལ་སོགས་པ་དེ་དག་ཉིད་འགའ་ཞིག་ལ་གདོན ་མི་ཟ་བར་གནས་པར་འགྱུར་བའི་ཕྱིར་དེས་པ་ཡོད་དོ་ཞེ་ན། བདེན་ཏེ། སྲོག་ལ་སོགས་པ་ནི་གདོན་མི་ཟ་བར་འདི་དག་གཅིག་ལ་གནས་པ་ཡིན་ནོ། །འོན་ཀྱང་དེའི་བདག་ཉིད་དུ་ཞེས་བྱ་བ་བདག་དང་བཅས་པའམ། བདག་མེད་པ་ཉིད་དུ་གྲུབ་པ་སྟེ། དེས་པའི་དངོས་པོ་ལ་སོགས ་ལ་སོགས་པ་མ་གྲུབ་པའི་ཕྱིར་དེས་པ་མེད་དོ། །དངོས་པོའི་ཆོས་ཡིན་པའི་ཕྱིར་སྲོག་ལ་སོགས་པ་ནི་ཕྱིས་འདི་ཉིད་འགའ་ཞིག་ལ་གནས་སོ་ཞེས་ཤེས་ཀྱི། བདག་དང་བཅས་པ་འམ། བདག་མེད་པ་འགའ་ཞིག་ལ་གནས་པར་ནི་མི་ཤེས་པའི་ཕྱིར་དེས ་པ་མེད་དོ། །འདིས་ནི་གཉིས་ལ་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་བཤད་དོ། །དེ་ཉིད་ཀྱི་ཕྱིར་ལྡོག་པ་ལ་ཡང་ཐེ་ཚོམ་ཟླ་བ་ཡིན་ནོ། །གལ་ཏེ་ཕུང་པོ་གཉིས་ཡིན་ན་དངོས་པོའི་ཆོས་སུ་འགྱུར་བ་འགའ་ཞིག་ལས་ལྡོག་ན་གདོན་མི་ཟ་བར་གཞན་ལ་གནས་པར་ངེས་པར་འགྱུར ་ངོ། །དེས་ན་རྣམ་པ་འདིས་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གཏན་ཚིགས་ཀྱི་ཐེ་ཚོམ་ཟ་བའི་རྒྱུ་རྣམ་པ་གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པ་དང། ཐུན་མོང་མ་ཡིན་པའི་རྒྱུ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ ་བསྟན་ནས་མཇུག་བསྡུ་བའི་ཕྱིར་བཤད་པ། དེ་བས་ན་གསོན་པོའི་ལུས་དང་འབྲེལ་བ་ཅན་གྱི་སྲོག་ལ་སོགས་པ་ནི་ཞེས་བྱ་བས་ནི་ཕྱོགས་ཀྱི་ཆོས་ཉིད་དེ། མིག་གིས་གཟུང་བ་ཉིད་ལས་ནི་སྒྲ་ལ་རྟག་པ་དང་མི་རྟག་པའི་དཔྱོད་པ་མི་འཇུག་གོ། དེའི་ཕྱིར་ཕྱོགས་ཀྱི་ཆོས ་ནི་སྤྱོད་པ་འཇུག་པའི་རྒྱུ་ཡིན་ནོ། །གཉིས་ཀྱི་བདག་ཉིད་ལས་ཕྱི་རོལ་དུ་གྱུར་པའི་དངོས་པོ་འགའ་ཡང་མེད་པའི་ཕྱིར་ཐེ་ཚོམ་གྱི་གཞི་དེ་དག་ལས་ལྡོག་པ་མ་ཡིན་ནོ། །འདིས་ནི་རྣམ་པ་གཉིས་སུ་དེས་པའི་ཕྱིར་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པར་མཇུག་བསྡུས་པ་ཡིན་ཏེ། ་གཉིས་སུ་ངེས་པ་གང་ཡིན་པ་དེ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་མཇུག་སྡུད་པའོ། །བདག་དང་བཙས་པ་འམ་བདག་མེད་པའི་བདག་ཉིད་གཅིག་ལ་ཡང་མ་གྲུབ་པའི་རྒྱུའི་ཕྱིར་རྗེས་སུ་འགྲོ་བ་མེད་དོ། །རྗེས་སུ་འགྲོ་བ་དེས་པ ་མེད་པ་ཉིད་ཀྱི་ཕྱིར་ཏེ། ལྡོག་པ་དེས་ན་རྗེས་སུ་འགྲོ་བ་མ་ངེས་པར་ནི་མི་འཐད་དོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བར་འགྱུར་བ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བའི་ཕྱིར་དང། སྔར་བཤད་པ་རྣམ་པ་གཉིས་སུ ་དེས་པའི་ཕྱིར་དང། ཕྱོགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་མ་དེས་པ་སྟེ། ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། གཏན་ཚིགས་དེ་ལས་བསྒྲུབ་པར་བྱ་བ་འམ་ཅིག་ཤོས་དག་ཏུ་ངེས་པ་མེད་པའི་ཕྱིར་རོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཏུ ་ཐེ་ཚོམ་ཟ་བའི་ཕྱིར་འདི་ལས་འདོད་པ་འམ་མི་འདོད་པ་དེས་པ་མ་ཡིན་པ་དེས་ན་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །གལ་ཏེ་དེ་ལྟར་ན་མཐུན་པ་དང་མི་མཐུན་པའི་ཕྱོགས་ངག་ལ་མ་མཐོང་བའི་ཕྱིར་མི་རྟོགས་པའི་ཡན་ལག་ཏུ་འགྱུར་རོ་ཞེ་ན། སྲོག་ལ་སོགས་པ་དང་ལྡན་པ་འདི་? ་མི་རྟོག་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགའ་ཞིག་དང་འབྲེལ་བའི་ཕྱིར་ཏེ། ཐེ་ཚོམ་གྱི་གཟུང་བའི་བྱེ་བྲག་གང་ཡང་རུང་བ་ཞིག་དང་འབྲེལ་བའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་ཐམས་ཅད་ནི་དེ་གཉིས་ཀྱིས་བསྡུས་ལ། འདི་ཡང་དངོས་པོའི་ཆོས་ཡིན་ནོ། །བྱེ་བྲག་གང ་རུང་དང་འབྲེལ་བ་ཡིན་ཡང་ཆོས་ཆོས་ཅན་གང་དང་འབྲེལ་བ་མེད་པའི་ཆོས་ཅན་དེ་ལ་ནི་ཆོས་དེ་ལས་ཐེ་ཚོམ་སྐྱེ་བ་མ་ཡིན་ཏེ། དཔེར་ན་མིག་གིས་གཟུང་བ་ཉིད་རྟག་པ་དང་མི་རྟག་པ་གང་རུང་བ་དང་འབྲེལ་བ་ཡིན་ཡང་སྒྲ་དང་མི་འབྲེལ་པ་ལས་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་མ་ཡིན ་པ་བཞིན་ནོ། །སྲོག་ལ་སོགས་པའི་ཆོས་ལས་ནི་ཆོས་ཅན་འདི་བདག་དང་བཅས་པ་དང་བདག་མེད་པའི་ཆོས་གཉིས་ལས་གང་དང་འབྲེལ་བར་གནས་ཤེས་ཅི་ལྟར་ཐེ་ཚོམ་མི་བྱེད། ཅི་ལྟར་ཞེ་ན། དཔེར་ན་སྐྱེས་བུ་གཅིག་དང་འབྲེལ་བ་ཡོངས་སུ་ཤེས་པ་མེད་མའི་མངལ ་ཆགས་པ་ལས་རྟོགས་པའི་བུད་མེད་ལས་སྐྱེས་བུའི་ཁྱད་པར་དང་འབྲེལ་བར་ཐེ་ཚོམ་ཟ་སྟེ། མ་འབྲེལ་བར་མངལ་ཆགས་པ་མི་རུང་བའི་ཕྱིར་རོ། །སྲོག་ཆགས་གང་ལ་མངལ་ཆགས་པར་ནི་མཐོང་ལ་སྐྱེས་བུ་གཅིག་དང་འབྲེལ་བར་མ་ངེས་པ་དེ་ལ། སྲིད་པའི་སྐྱེས ་བུ་དག་དང་འབྲེལ་པར་རྟོག་པ་པོ་དེ་ཐེ་ཚོམ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་འདིར་ཡང་དངོས་པོ་ཐམས་ཅད་དང། བདག་དང་བཅས་པ་དང། བདག་མེད་པའི་ནང་དུ་མ་འདུས་པ་མི་རུང་བའི་ཕྱིར་ཏེ། ནང་དུ་འདུས་པའི་ཕྱིར་དངོས་པོའི་ཆོས་སྲོག་ལ་སོགས་པ་ལས་ཐེ་ཚོམ་ཟ་བ ་ཡིན་ནོ། །འོ་ན་མི་རྟོགས་པ་ཞེས་བྱ་བ་བདག་ཡོད་པ་དང་མེད་པ་གཉི་གར་རྟོགས་པ་དང་ཐེ་ཚོམ་མེད་པ་དེའི་རང་བཞིན་ཅན་གང་ཡིན་པ་དེ་འདྲ་བའི་མི་རྟོག་པ་ནི་བདག་དང་བཅས་པ་དང་བདག་མེད་པ་གཉིས་ལས་ཕྱི་རོལ་དུ་གྱུར་པའི་དོན་འགའ་ཞིག ་ཡོད་ན་འགྱུར་གྱི། དངོས་པོ་ཐམས་ཅད་བྱེ་བྲག་གཉིས་ཀྱི་ནང་དུ་འདུས་ན་ཅི་ལྟར་མི་རྟོགས་པ་དེས་པ་མེད་པའི་རང་བཞིན་དུ་འགྱུར་ཏེ། ཐེ་ཚོམ་ཟ་བར་ནི་རིགས་སོ། །སྲོག་ལ་སོགས་པ་འདི་ནི་བདག་དང་བཅས་པ་འམ་བདག་མེད་པ་ཞིག་ཏུ་འགྱུར་གྱི། རྣམ་པ ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ནང་དུ་འདུས་པའི་ཕྱིར་སྲོག་ལ་སོགས་པ་ཐེ་ཚོམ་གྱི་རྒྱུ་ཡིན་ན། དེ་ལྟ་ན་རྟག་པ་དང་མི་རྟག་པ་ལས་ཕྱི་རོལ་དུ་གྱུར་པ་མེད་པའི་ཕྱིར་མིག་གི་གཟུང་བ་ཉིད་ལས་ཀྱང་ཐེ་ཚོམ་ཟ་བར་འགྱུར་རོ་ཞེ་ན། གཉིས་ལས་ཕྱི་རོལ ་དུ་གྱུར་པ་མེད་པ་ཉིད་འདིས་ཐེ་ཚོམ་གྱི་རྒྱུར་བརྗོད་པ་ཡིན་ནོ་ཞེས་བསམས་པ་ཡིན་ནོ། །མ་ཡིན་ཏེ། མ་འབྲེལ་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པ་ཅི་སྙེད་པ་དེ་ཐམས་ཅད་དུ་ཐེ་ཚོམ་གྱི་རྒྱུ་ནི་མ་ཡིན་གྱི། འོན་ཀྱང་དངོས་པོའི་ཆོས ་ཅན་གང་ལ་ཡོད་པ་དེ་ཉིད་ལ་དེ་གཉིས་ལས་ཕྱི་རོལ་ཏུ་གྱུར་བ་མེད་པའི་ཕྱིར་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །མིག་གིས་གཟུང་བ་ཉིད་ནི་གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་ཀྱང་སྒྲ་དང་འབྲེལ་པ་མེད་པའི་ཕྱིར་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ། །གང་གི་ཕྱིར་བྱེ་བྲག་གཉིས ་ལས་ཕྱི་རོལ་དུ་གྱུར་པ་མེད་པ་དང། བྱེ་བྲག་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པར་ཐེ་ཚོམ་ཟ་བ་དེའི་ཕྱིར་རང་གི་གཞི་ཉིད་ལ་ཡོད་པ་ཐུན་མོང་མ་ཡིན་པའི་ཆོས་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །སྲོག་ལ་སོགས་པ་ནི་ཁྱད་པར་དུ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། འདི་ལྟར་མཉན་པར་བྱ་བ ་ཉིད་རྟག་པ་དང་མི་རྟག་པ་དག་ཏུ་རབ་ཏུ་གྲུབ་པ་བུམ་པ་དང་ནམ་མཁའ་ལ་སོགས་པ་ལས་ལྡོག་པར་དེས་པ་ཡིན་གྱི། བདག་ནི་རང་བཞིན་གྱིས་བསྐལ་བས་བུམ་པ་ལ་སོགས་པ་འགའ་ཞིག་ལ་ཡང་ཡོད་བ་དང་མེད་པར་མ་གྲུབ་པར་རྒྱུའི་ཕྱིར་སྲོག་ལ་སོགས ་པ་ཡང་དེ་ལ་འཇུག་པ་དང་ལྡོག་པར་མ་གྲུབ་པའི་ཕྱིར་སྲོག་ལ་སོགས་པ་ཁྱད་པར་དུ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །བུམ་པ་ལ་སོགས་པ་བདག་དང་བཅས་པ་འམ་བདག་མེད་པ་ཉིད་དུ་མ་དེས་པས་དེ་བས་ལོག་ཀྱང་བདག་དང་བཅས་པ་འམ་བདག་མེད་པ་གཅིག་ལས་ཀྱང་ལྡོག་པར ་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ནི་དོན་འདི་བརྗོད་པ་ཡིན་ཏེ། ཐུན་མོང་མ་ཡིན་པ་ཅི་སྲིད་པ་ནི་འགའ་ཞིག་ལས་ལྡོག་པར་དེས་ཀྱང་མ་ཡིན་ན་སྲོག་ལ་སོགས་པ་འགའ་ལས་ཀྱང་ལྡོག་པར་མ་ངེས་པ་གང་ཡིན་པ་ཅི་ལྟར་མ་ངེས་པ་མ་ཡིན་ཞེས་བྱ་བ་ཡིན ་ནོ། །དོན་གཞན་འབྲས་བུ་མ་ཡིན་པ་ལས་དོན་གཞན་མི་འགྲུབ་པའི་ཡང་ཕྱིར་ཐེ་ཚོམ་གྱི་རྒྱུ་ཉིད་དོ། །གོ་བར་བྱེད་པ་སྲོག་ལ་སོགས་པ་ནི་བདག་ལས་ཐ་དད་པའི་ཕྱིར་དེའི་བདག་ཉིད་ཀྱི་འབྲལ་བ་མེད་དོ། །འབྲས་བུ་ཉིད་ཀྱང་མ་ཡིན་ནོ། །ཅི་ལྟར་འབྲས་བུ་མ་ཡིན་ཞེ་ན། འདི་ལྟར ་སྲོག་ལ་སོགས་པ་དང་བདག་ནི་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོར་མི་འགྲུབ་བོ། །ཅི་ལྟར་ཞེ་ན། རྒྱུ་འབྲས་ཀྱི་དངོས་པོ་དེ་ནི་དམིགས་པ་དང་མི་དམིགས་པ་ལ་བརྟེན་པའི་ཕྱིར་རོ། །གང་ལ་རྒྱུ་དང་འབྲས་བུའི་དངོས་པོར་འགྲུབ་པའི་རྒྱུ་མཚན་དམིགས་པ་དང་མི་དམིགས་པ ་ཡོད་པར་འགྱུར་བ་བདག་ནི་བ་ལྟར་རུང་བ་མ་ཡིན་ནོ། །འདི་སྙམ་དུ་རང་བཞིན་འབྲེལ་བས་ཅི་ཞིག་བྱ་སྙམ་ན། བཤད་པ། འབྲེལ་བ་མེད་པ་འགའ་ཞིག་ཡོད་ན་དེ་ལས་གཞན་ཡོད་པར་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐེ་ཚོམ་ཟ་བའི་རྒྱུ་ཉིད་དོ།། ་གཞན་དག་སྲོག་ལ་སོགས་པ་ནི་བདག་གོ་བར་བྱེད་པ་ཉིད་ཡིན་ཏེ། སྲོག་ལ་སོགས་པ་དེའི་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་ལྡོག་པ་ནི་གཅིག་ཏུ་དེས་པའི་ཕྱིར་ཏེ། དེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེའོ། །ཅི་ལྟར་གཅིག་ཏུ་ངེས་ཤེ་ན། གང་གི་ཕྱིར་སྲོག་ལ་སོགས་པ་ནི ་མི་མཐུན་པའི་ཕྱོགས་བདག་མེད་པ་ཁོ་ན་ལས་ལྡོག་པ་ཡིན་གྱི། མཐུན་པའི་ཕྱོགས་ལ་ནི་མ་ཡིན་པ་དེའི་ཕྱིར་ངེས་པ་ཡིན་ནོ། །ཅི་ལྟར་མཐུན་པའི་ཕྱོགས་ལས་མི་ལྡོག་ཅེ་ན། མེད་པ་ལས་ལྡོག་པར་མི་རུང་བའི་ཕྱིར་རོ། །ཡོད་པ་གང་ཡིན་པ་དེ་ནི་བྱེད་པའི་ནུས་པ་དང ་ལྡན་པའི་ཕྱིར་ལྡོག་མཚམས་སུ་འགྱུར་གྱི། བདག་ནི་ཕ་རོལ་པོ་ལ་མེད་པའི་ཕྱིར་མེད་པ་དེ་ཅི་ལྟར་ལྡོག་མཚམས་ཡིན། བྱེད་པའི་ནུས་པ་དང་བྲལ་བས་མངོན་སུམ་དེའི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ལ། གང་ཞིག་ཚད་མའི་ཡུལ་མ་ཡིན་པ ་མ་ངེས་པ་དེ་ལ་ནི་འགའ་ཡང་ཡོད་པ་དང་མེད་པར་ངེས་པར་ནུས་པ་མ་ཡིན་ནོ། །གང་གི་ཕྱིར་སྲོག་ལ་སོགས་པ་ལྡོག་པ་གཅིག་ཏུ་ངེས་པ་ཡིན་པ་དེ་བས་ན་ཅི་ལྟར་གཞལ་བྱ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བ་གཅིག་ཏུ་ངེས་པ་ལྟར་ལྡོག་པ་གཅིག་ཏུ་ངེས་པ་ཡང ་གོ་བར་བྱེད་པ་ཉིད་དོ། །གལ་ཏེ་སྲོག་ལ་སོགས་པ་གོ་བར་བྱེད་པ་ཡིན་ན་འོ་ན་ཅི་ལྟར་མཉེན?་བྱ་ཉིད་གོ་བར་བྱེད་པ་མ་ཡིན་ཞེ་ན། གང་གི་ཕྱིར་གང་ལས་གོ་བྱེད་དུ་འགྱུར་བ་མཉན་བྱ་ཉིད་ནི་ལྡོག་པ་གཅིག་ཏུ་ངེས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཐུན་པའི་ཕྱོགས་དང་མི ་མཐུན་པའི་ཕྱོགས་གཉི་ག་ལས་ལྡོག་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡོངས་སུ་རྫོགས་པར་གནས་པའོ། །སློབ་དཔོན་གྱིས་བཤད་པ་ནི་མི་མཐུན་པའི་ཕྱོགས་ལ་དེས་པ་ཟློག་པའི་རྣམ་པ་དེ་ལྟ་བུ་སྨྲ་བ་ཕ་རོལ་པོ་དེས་ནི་བསྒྲུབ་པར་བྱ་བ་མེད་ན་མི ་འགྱུར་བའི་འབྲེལ་བ་ཉིད་བརྗོད་པར་འགྱུར་རོ། །ག་ལས་ཤེ་ན། གང་གི་ཕྱིར་བདག་མེད་པ་ཉིད་ལ་མེད་པ་ཡིན་གྱི་བདག་ལ་ནི་མེད་པ་མ་ཡིན་ནོ། །དེ་ལ་ཡང་མེད་པ་ཉིད་ཡིན་གྱི་ཡོད་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་བདག་མེད་པ་ལ་དེས་པ་དང་ལྡན་པའི་དགག་པ་གཉིས ་བརྗོད་པའི་ཤུགས་ཀྱིས་བདག་ལ་གནས་པ་སྟེ་ཡོད་པའོ། །ཅི་འདྲ་བ་ཞིག་ཅེ་ན། གནས་པ་ལས་གཞན་བདག་དེ་ཉིད་ལ་མེད་པ་དང། གཞན་ལ་ཡོད་པ་གཞན་དེ་གཉིས་དང་མ་འབྲེལ་བར་བརྗོད་པར་འགྱུར་རོ། །འདི་ལྟར་བདག་མེད་པ་ཉིད་ལ་ཞེས་བྱ་བ་འདི་ནི་བདག ་མེད་པ་ལ་དགག་པ་དེས་པ་ཡིན་ཏེ། དེ་ཉིད་ལ་མེད་པ་ཡིན་ཏེ། བདག་ལ་ཡང་མེད་པ་ནི་མ་ཡིན་ནོ། །མེད་པ་ཉིད་དོ་ཞེས་བྱ་བ་འདིས་ནི་བདག་མེད་པ་ལ་མེད་པ་ཁོ་ནའི། ཡོད་པ་ནི་མ་ཡིན་ནོ། །སྲོག་ལ་སོགས་པ་མེད་པ་ལ་བདག་མེད་པ་དེས་པ་ཡིན་ནོ། །བདག ་ལ་སྲོག་ལ་སོགས་པའི་གནས་པ་དེ་འདྲ་བ་ནི་བདག་མེད་ན་མི་འབྱུང་བ་ཡིན་ནོ། །མེད་ན་མི་འབྱུང་བ་ཡིན་པ་དེ་ཉིད་ཀྱིས་ན་རྗེས་སུ་འགྲོ་བ་གྲུབ་པའི་འགའ་ཡང་ལྡོག་པ་ཡང་འགར་བས་ལྡོག་པ་ཅན་མ་ཡིན་ནོ། །མེད་ན་མི་འབྱུང་བར་འགྱུར་མོད། དེང་ལ་ཅི་ཆད་ཅེ་ན། ་གལ་ཏེ་འགྱུར་ན་ཅུང་ཟད་ཀྱང་མེད་མོད་ཀྱི་ཡོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་མེད་ན་མི་འབྱུང་བ་ནི་འབྲེལ་པ་ཡིན་ནོ། །དེ་ཡང་བདག་ཉིད་ཀྱིས་འབྲེལ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཡིན་དང་བདག་ཉིད་འབྲེལ་བ་དེ་ནི་དེའི་བདག་ཉིད་དང་དེ་ལས་བྱུང ་བ་ལས་གཞན་མེད་དོ་ཞེས་ལེའུ་གཉིས་པར་བཤད་ཟིན་ཏོ། །དེས་ཅིར་འགྱུར་ཞེ་ན། དེས་ན་དེའི་བདག་ཉིད་དང་དེ་ལས་འབྱུང་བ་དེ་དག་ཀྱང་གང་ལ་མཐོང་བ་ཡོད་པ་དེ་ཉིད་ལ་འགྲུབ་ལ། བདག་ནི་མཐོང་བ་མེད་པ་དེའི་ཕྱིར་སྲོག་ལ་སོགས་པ་བདག་མེད་ན་མི་འབྱུང ་བ་ཡིན་ནོ།། ལྡོག་པ་གཅིག་ཏུ་ངེས་པ་ནི་མེད་ན་མི་འབྱུང་བ་ཡིན་ན་དེ་ནི་མེད་པའི་ཕྱིར་དེ་ཅི་ལྟར་ལྡོག་པ་གཅིག་ཏུ་ངེས་པ་ཡིན་ཞེས་གང་བཤད་པ་ནི་བདག་དང་མེད་ན་མི་འབྱུང་བ་མེད་པ་དེ་ཉིད་ཀྱི་ཕྱིར་རྒྱུ་གང་ལས་འདི་འདོག་པ་ཅན་ཞེས་བརྗོད་པ་བདག་ལྡོག ་ཀྱང་སྲོག་ལ་སོགས་པ་འདི་ལྡོག་པ་མ་ཡིན་ནོ། །ཅི་ལྟར་འབྲེལ་པ་མེད་པ་གཞན་ལྡོག་ན་ལྡོག་པར་མི་འགྱུར་ཞེ་ན། གང་གི་ཕྱིར་གང་ཞིག་གང་དང་འབྲེལ་བ་མེད་པ་དེ་ནི་དེའི་འབྲེལ་པའི་ཡུལ་མ་ཡིན་པ་འགའ་ཞིག་ལྡོག་ན་ངེས་པར་ལྡོག་པ་མ་ཡིན་ནོ། །དེ་དེ ་ལྟར་ལྡོག་པ་གཅིག་ཏུ་ངེས་པ་ནི་འབྲེལ་པར་འགྱུར་པ་ཡིན་ལ། འབྲེལ་པ་ཡང་རྗེས་སུ་འགོ་བ་མེད་པར་ལྡོག་པ་གཅིག་ཏུ་ངེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཁྱད་པར་ལ་ནི་རྗེས་སུ་འགྲོ་བ་ངེས་པ་ཡང་མ་ཡིན་ཏེ། དེ་བས་ན་ལྡོག་པ་ངེས་པ་མེད་པ་དང ་རྗེས་སུ་འགྲོ་བ་ཡང་དེས་པ་མེད་པ་ཡིན་ནོ། །འོ་ན་ཅི་ལྟར་སློབ་དཔོན་གྱིས་མཉན་བྱ་ཉིད་ལྡོག་པ་ཅན་དུ་བཤད་ཅེ་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་མ་མཐོང་བ་ཙམ་ཚད་མ་མ་ཡིན་པ་གཟུང་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས ་མཉན་བྱ་ཉིད་ལྡོག་པ་ཅན་དུ་བཤད་དོ། །མཉན་བྱ་ཉིད་ནི་མཐུན་པའི་ཕྱོགས་ལ་མ་མཐོང་ལ་མི་མཐུན་པའི་ཕྱོགས་ལ་ཡང་མཐོང་བ་མེད་དོ། །མཐོང་བ་མེད་པ་དེ་ཙམ་གྱིས་མེད་པར་ངེས་པ་ཡང་མེད་དོ་ཞེས་ལན་གཅིག་མ་ཡིན་པར་བཤད་ཟིན་ཏོ། །གལ་ཏེ ་མཐོང་བ་མེད་པ་ལས་མེད་པ་རྟོགས་པར་འགྱུར་ན་ཐེ་ཚོམ་གྱི་རྒྱུ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་གང་ཞིག་ལ་གང་མེད་དོ་ཞེས་དེ་ལྟར་ངེས་པར་དེ་དམིགས་པར་འགྱུར་བ་ན་མི་སྲིད་པའི་ཡུལ་དེ་ལ་ཐེ་ཚོམ་ཟ་བར་ནི་མི་རིགས་སོ། །འདི་ལ་མེད་པ་ཉིད་དོ་ཞེས ་དེས་པ་དང། ཡོད་དམ་ཞེས་ཐེ་ཚོམ་ཟ་བ་གཅིག་ཅར་དུ་ནི་མི་རིགས་སོ། །དེས་ན་མཉན་བྱ་ཉིད་ལ་སོགས་པ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་རྗེས་སུ་འགྲོ་བ་དངལྡོག་པར་ཐེ་ཚོམ་ཟ་བ་ཉིད་དོ།། ཕ་རོལ་པོ་དག་ལ་ཡང་སྲོག་ལ་སོགས་པ་གོ་བར་བྱེད ་པ་ཉིད་དུ་སྒྲུབ་པའི་ཕྱིར་སྨྲས་པ། སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པའི་ཕྱིར་གསོན་པོའི་ལུས་ལ་བདག་ལྡོག་པར་འགྱུར་ཏེ། ཁྱབ་བྱ་བདག་མེད་པ་ཡོད་ན་ཁྱབ་བྱེད་སྲོག་ལ་སོགས་མེད་པར་འགྱུར་བ་ཡིན་ན་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་ཡང ་འདི་ལ་ཡོད་དོ། །དེའི་ཕྱིར་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པས་ཁྱབ་པར་བྱེད་པ་མེད་པའི་ཕྱིར་ཁྱབ་པར་བྱ་བ་བདག་མེད་པ་ལྡོག་གོ་།དེས་ན་རྣམ་པ་གཞན་མི་སྲིད་པའི་ཕྱིར་གསོན་པོའི་ལུས་བདག་དང་བཅས་བར་གྲུབ་པོ་ཟེས་དགོས་པ་ལ། བཤད་པ། བདག་ལྡོག ་ན་སྲོག་ལ་སོགས་པ་ལྡོག་པར་ཐལ་བ་མ་ཡིན་ནོ། །གང་ལས་ཤེ་ན། བདག་དང་མ་འབྲེལ་བ་སྲོག་ལ་སྲོགས་པ་འབྲེལ་བ་མེད་ལ་ཉེ་བར་མི་སྦྱོར་བའི་དོན་གྱི་མེད་པ་གང་ཡིན་པ་དེ་ལ་ཁྱབ་པ་མ་གྲུབ་པའི་རྒྱུའི་ཕྱིར་རོ། །མེ་དང་འབྲེལ་བས་ན་དུ་བ་ནི་དེ་མེད་ན་མེད་པའི་ཕྱིར་བདག་ཉིད ་མེད་པས་མེ་མེད་པ་ལ་ཁྱབ་པ་ཡིན་ནོ། །དེ་བཞིན་དུ་སྲོག་ལ་སོགས་པ་དེའི་བདག་ཉིད་མདོ་ལས་བྱུང་བས་བདག་དང་འབྲེལ་བ་ཡིན་ན། འབྲེལ་བའི་ཡུལ་ཉེ་བར་སྦྱར་བ་དེ་ལྡོག་ན་ལྡོག་པར་འགྱུར་རོ། །དེ་ལྟར་ན་ཡང་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པར ་འགྱུར་རོ། །ཡང་ཅིའི་ཕྱིར་བདག་དང་འབྲེལ་བ་གྲུབ་པའི་ཕྱིར་སྲོག་ལ་སོགས་པ་མེད་པ་བདག་མེད་པ་ལ་ཁྱབ་ཀྱི། དེ་ལྟ་མ་ཡིན་པར་མ་ཡིན་ཞེ་ན། གང་གི་སྲོག་ལ་སོགས་པ་མེད་པ་དེ་མེད་དེ་སྲོག་ལ་སོགས་པ་ཡོད་ན་ཁྱབ་པར་བྱ་བ་བདག་མེད་པ་མེད་པར་ཏེ། བདག་གྲུབ་པའི ་རྒྱུས་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པའི་གཏན་ཚིགས་ཀྱི་ཕྱིར་ཁྱབ་པ་དེ་ཡང་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། བདག་མེད་པ་བཟློག་པ་བདག་དང་སྲོག་ལ་སོགས་པ་ལ་མེད་པ་ལྡོག་པ་སྲོག་ལ་སོགས་པ་ལ་འབྲེལ་བ་འགྲུབ་པའི་ཕྱིར་རོ། །འབྲེལ་བ ་ཡང་ན་ནི་སྲོག་ལ་སོགས་པ་མེད་པ་མེད་དེ་སྲོག་ལ་སོགས་པ་ཡོད་ན་བདག་མེད་པ་མེད་པ་བདག་འགྲུབ་པར་འགྱུར་རོ། །དེ་བས་ན་བདག་མེད་པ་ལ་སྲོག་ལ་སོགས་པ་མེད་པས་ཁྱབ་པའི་ཕྱིར་སྒྲུབ་པའི་ཡུལ་འབྲེལ་བ་ཡིན་ན་མེད་པ་དག་ཁྱབ་པར་འགྱུར་བ་ཡིན ་ནོ། །ཅིའི་ཕྱིར་འབྲེལ་བ་མ་གྲུབ་ཅེ་ན། གང་གི་ཕྱིར་བདག་དང་སྲོག་ལ་སོགས་པ་དེ་དག་གི་འབྲེལ་བ་ནི་དམིགས་པ་དང་མི་དམིགས་པ་དག་ལས་ཤེས་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། དམིགས་པ་དང་མི་དམིགས་པ་དེ་དག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་མི་འགྲུབ ་པོ། དམིགས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་མི་འགྲུབ་མོད། མེ་དམིགས་པ་གོ་ནི་ལྟར་མེད་ཅེ་ནེ། རྒྱུ་འབྲས་ཀྱི་དངོས་པོ་ལ་ནི་སྣང་བ་ནི་དམིགས་པ་དབང་དུ་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་མེད་དོ་ཞེས་བརྗོད་དོ། །དེ་དེ་ལྟར་གལ་ཏེ་བདག་མེད་པ་འགའ་ཞིག་སྲོག ་ལ་སོགས་པ་མེད་པ་དང་ལྡན་པར་མཐོང་བ་དེ་ལྟར་ན་ཡང་ཁྱབ་པ་མེད་དོ་ཞེས་བརྗོད་ནས། ད་ནི་བདག་མེད་པ་ཉིད་མ་གྲུབ་པོ་ཞེས་བརྗོད་པ་ནི་གཞན་ཡང་སྲོག་ལ་སོགས་པ་མེད་པས་ཁྱབ་པར་མཐོང་བའི་བདག་མེད་པ་ཡང་གང་ཡིན། བུམ་པ་ལ་སོགས་པའོ་ཞེ་ན ་ཡུལ་ཐ་དད་པ་གཞན་དུ་མཐོང་བ་མེད་པའི་བདག་གང་ཡིན་པ་དེ་བུམ་པ་ལ་སོགས་པ་སྣང་བ་ལ་མེད་དོ་ཞེས་ག་ལས་ཤེས་པ་ཡིན། དོན་གཞན་ལ་བལྟར་རུང་བའི་དོན་ནི་ཤེས་པ་གཅིག་ལ་འབྲེལ་བ་ཅན་ཨུབཟུང་བ་ན་མེད་པར་དེས་པར་འགྱུར་བ་ཡིན་ནོ། །དེས་ན ་བུམ་པ་ལ་སོགས་པ་ལ་ལྡོག་པ་ཤེས་པ་མེད་པ་བདག་གི་ལྡོག་པའི་སྟེ། མེད་པའི་སྲོག་ལ་སོགས་པ་མེད་པས་ཁྱབ་པ་མི་འགྲུབ་བོ། །གང་གི་ཕྱིར་སྲོག་ལ་སོགས་པ་ཡང་མཐོང་བ་ཉིད་ལས་ལ་ལར་ཡོད་པའམ་མེད་པར་རྟོགས་པ་ཡིན་ནོ། །གང ་གི་ཕྱིར་མཐོང་བའི་དངོས་པོ་འགའ་ཞིག་ན་ཡོད་པར་རྟོགས་པ་ནི་མཐོང་བ་ཉིད་ལས་ཡིན་ནོ། །ཤེས་པ་གཅིག་ལས་འདྲེ་བ་ཅན་རྟོགས་ན་ཤེས་པ་གཅིག་ལ་འདྲེ་བ་རྟོགས་པའི་དུས་སུ་མེད་པ་རྟོགས་པར་བྱེད་དོ། །གང་ཞིག་ལ་ལར་མཐོང་བས་ཡོད་པར་རྟོགས ་པ་དང་ཤེས་པ་གཅིག་ལ་འདྲེ་བ་རྟོགས་པས་མེད་པར་རྟོགས་པར་འགྱུར་བ། བདག་ནི་བལྟར་རུང་བ་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་བདག་དེ་ཡོད་པ་དང་མེད་པར་མི་རྟོགས་སོ།། ད་བས་ན་སྲོག་ལ་སོགས་པ་དང་བྲལ་བའི་བུམ་པ་ལ་སོགས་པ་ནི་བདག་མེད ་པར་མ་གྲུབ་སྟེ། དེས་ན་བདག་མེད་པ་སྲོག་ལ་སོགས་པ་མེད་པས་ཁྱབ་པར་གལ་འགྱུར། གང་ཡང་གལ་ཏེ་གསོན་པོའི་ལུས་བདག་དང་བཅས་བ་མ་ཡིན་ན་དེ་སྲོག་ལ་སོགས་པ་དད་མི་ལྡན་པར་ཐལ་བར་འགྱུར་ཏེ། བདག་མེད་པའི་ཕྱིར་བུམ་པ་ལ་སོགས ་པ་བཞིན་ནོ། །ཞེས་ཕ་རོལ་པོས་བརྗོད་པ་དེ་ཡང་སྲོག་ལ་སོགས་པ་དང་བདག་རྒྱུ་དང་འབྲས་བུའི་དངོས་པོ་མེད་པར་མི་འགྲུབ་བོ།། རྒྱུ་དང་འབྲས་བུའི་དངོས་པོར་མ་གྱུར་མོད། བདག་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པར་གོ་ཇི་ལྟར་མི་འགྱུར་ཞེ་ན། གང་གི ་ཕྱིར་རྒྱུ་དང་འབྲས་བུ་མ་ཡིན་པ་གཞན་དཀག་པ་ནི་གོ་བར་བྱེད་བ་མ་ཡིན་ནོ་ཞེས་མི་དམིགས་པར་ཏེ། མི་དམིགས་པའི་སྦྱོར་བ་རྣམས་སུ་སྔར་བཤད་ཟིན་ཏོ། །ཐ་དད་པ་མེད་པ་ཡིན་ན་ནི་ཁྱད་པར་བྱེད་པ་བཀག་པ་གོ་བར་བྱེད་པ་ཡིན་ནོ། །ཐ་དད་པ་ཡི་ནི་འབྲས ་བུ་དཀག་པ་རྒྱུ་ནུས་པ་ཐོག་པ་མེད་པ་བཀག་པའི་གོ་བར་བྱེད་པ་ཡིན་པ་འམ། རྒྱུ་བཀག་པས་འབྲས་བུ་དཀག་པའི་གོ་བྱེད་ཡིན་ནོ། །འདིར་ནི་སྲོག་ལ་སོགས་པ་དང་བདག་ཉིད་གཅིག་པ་ཉིད་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་བཙལ་བར་བྱ ་བ་ཡིན་ནོ། །བདག་འབྲས་བུ་ནི་མ་ཡིན་ཏེ། བརྟག་པའི་ཕྱིར་རོ།། ལྷག་མར་གྱུར་པས་རྒྱུ་ཉིད་ཡིན་གྲང་ན། རྒྱུའི་དངོས་པོ་དེ་བདག་ལྟར་མི་རུང་བའི་ཕྱིར་མི་འགྲུབ་བོ་ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །བདག་མཐོང་བ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ལྡོག་པ་མ་གྲུབ་བའི ་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མི་འགྲུབ་པོ།། གང་ཞིག་མཐོང་ན་གང་མཐོང་ཞིང། ནུས་པའི་རྒྱུ་གཞན་དག་ཡོད་ཀྱང་དེ་མེད་པར་མཐོང་བ་དེ་ནི་འབྲས་བུ་ཡིན་ན། བདག་མེད་བ་ནི་འགར་ཡང་མཐོང་བ་མེད་དེ། རྟག་པའི་ཕྱིར་རོ། །དེས་ན་བདག་ལྡོག་པ་མེད་པའི་ཕྱིར་རྒྱུའི ་དངོས་པོ་མ་ཡིན་ནོ། །གལ་ཏེ་བུམ་པ་ལ་སོགས་པ་བདག་མེད་པ་ལ་སྲོག་ལ་སོགས་པ་མ་མཐོང་པ་དེའི་ཕྱིར་བུམ་པ་ལ་སོགས་པ་ཉིད་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། ནུས་པའི་རྒྱུ་གཞན་ཉེ་བ་ཅན་རྣམ་པ་དེ་ལྟ་བུའི་ལྡོག་པ་ལ་ནི་རྒྱུའི་ནུས་པ་མི་འགྲུབ་བོ། །འདི ་ལྟར་ནུས་པ་གཞན་མེད་པ་ཉིད་ཀྱིས་འབྲས་བུ་མ་སྐྱེས་སམ། འོན་ཏེ་མངོན་བར་འདོད་པ་དེ་མེད་པས་ཤེས་ཐེ་ཚོམ་ཟ་བའི་ཕྱིར་ནུས་པ་མི་འགྲུབ་བོ། །འོ་ན་གང་ལས་ནུས་བ་འགྲུབ་ཅེ་ན། རྗེས་སུ་འགྲོ་བ་དང་ལྡོག་བདག་ལས་ནུས་པ་ཤེས་པའི་ནུས་པ་གཞན་དག ་ཀྱང་ཡིས་ཀྱང་འབྲས་བུ་མི་སྐྱེ་བས་རྒྱུ་གཞན་ཡོད་བར་སྟོན་བར་བྱེད་དོ་ཞེས་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །གལ་ཏེ་དེ་ལྟར་ཡིན་པ་དེ་ལྟ་ན་ཡང་ཅི་ལྟར་བདག་ལྡོག་པ་ནུས་པ་མེད་པ་ཡིན་ཞེ་ན། གང་གི་ཕྱིར་བུམ་པ་ལ་སོགས་པ་ལ་ནི་སྲོག་ལ་སོགས་པའི་རྒྱུ་བློ ་ལ་སོགས་པ་ཡང་མེད་ལ། ཁྱད་མངོན་པར་འདོད་པའི་བདག་ཀྱང་མེད་དོ། །དེ་ལ་ཅི་བདག་མེད་པས་སྲོག་ལ་སོགས་པ་མེད་དམ། འོན་ཏེ་བློ་ལ་སོགས་པ་མེད་པས་ཤེས་ཐེ་ཚོམ་ཟ་སྟེ། དེ་བས་ན་ལྡོག་པ་ནུས་པར་ཐེ་ཚོམ་ཟ་བ་ཡིན་ནོ།། སྲོག་ལ་སོགས་བ་ལ་བློ?་ལ ་སོགས་བ་རྣམས་ཀྱིས་ནུས་པ་གང་ཡིན་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་ནུས་པ་མ་ཡིན་ནམ། འདི་ལྟར་འབྲས་བུ་ཉིད་ཀྱི་ཕྱིར་བློ་ལ་སོགས་པ་དག་ཀྱང་བདག་མེད་པ་ལ་མི་འགྱུར་ཏེ། དེའི་ཕྱིར་བརྒྱུད་པས་བདག་ལྡོག་པ་ཡང་ནུས་པ་ཡིན་ནོ་ཞེ་ན། དགག་པའི་ཕྱིར ་བཤད་པ། བློ་ལ་སོགས་པ་ནི་བདག་དང་འབྲེལ་བ་མ་ཡིན་ནོ། །ག་ལས་ཤེ་ན། བློ་ལ་སོགས་པ་དེ་ལ་ནི་བདག་ལས་གཞན་ཉིད་ཀྱི་ནུས་པ་མཐོང་བའི་ཕྱིར་རོ། །རེ་ཞིག་བློ་ནི་དབང་པོ་ལ་བརྟན་པ་དང་ཡིད་ལ་བརྟེན་པའོ། །དེ་ལ་མིག་ལ་སོགས་པའི་བློའི ་རྒྱུ་ནི་གང་གི་བདག་ཉིད་ཀྱི་དབང་པོ་འམ་ཡུལ་ཡིན་ཏེ། དེ་དག་གི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པའི་ཕྱིར་རོ། །ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མ་ཡང་རྒྱུ་ཡིན་ནོ། །ཅི་སྟེ་གཏན་དུ་གནས་པའི་རྣམ་པར་ཤེས་པའི་ལྡོག་པ ་མཐོང་བ་མེད་བའི་ཕྱིར་ཅི་ལྟར་ཤེས་པ་ཕྱི་མ་སྐྱེ་བའི་རྒྱུའི་དངོས་པོ་ཡིན་ན། རྣམ་པར་ཤེས་པ་སྔ་མ་དེ་རྣམ་པར་ཤེས་པ་ཕྱི་མའི་གཟུང་བ་ལས་ཡུལ་གཞན་ལ་ཡེངས་ཏེ་ཆགས་སམ། འཁམས་པ་ནི་སྡང་བ་སྟེ་དེ་དག་ལ་སོགས་པ་གཉིད་ལོག་པ་དང། སྨྱོ་བ ་དང་རྨུགས་བ་ལ་སོགས་པ་གང་ཡིན་པར་གྱུར་ན་རྣམ་པར་ཤེས་པ་ཕྱི་མ་གང་ཡིན་པ་དེ་མི་སྐྱེ་བ་དང། མདོ་མདོན་རྣམ་པར་ཆད་པར་འཆོལ་བ་ཉིད་དང། སོགས་པ་སྨོས་པས་མི་གསལ་བ་ཉིད་དེ་ལྟར་མཐོང་བའི་ཕྱིར་སྔ་མ་རྒྱུ་ཡིན་ནོ། །རྣམ་པར་ཤེས་པ་སྔ ་མ་ནུས་པ་ཉམས་ན་དོན་གཞན་གྱི་ཡུལ་ཅན་ཕྱི་མ་མི་སྐྱེ་བ་ཉིད་དམ། བར་དང་བཅས་པ་དང་བར་མེད་པ་འཆོལ་བ་དང། མི་གསལ་བར་སྣང་བ་སྐྱེ་བ་ཡིན་ནོ།། འདི་ལྟར་ཡིད་གཞན་ལ་ཆགས་པ་ན་མིག་དང་རྣ་བ་གཏད་ཀྱང་ཡུལ་གང་ན་གནས་པའི་གཟུགས ་དང་སྒྲ་ཅི་འདྲ་བ་ཞིག་ལན་ཅིག་མ་ཡིན་པར་རང་གི་རྣམ་པར་ཤེས་པ་སྐྱེད་པར་རུང་བར་མཐོང་བའི་ཡུལ་དེ་ན་གནས་པ་དེ་དག་ཉིད་རྣམ་པར་ཤེས་པ་མི་སྐྱེད་དོ།། དོན་གཞན་ལ་ཡིད་ཆགས་པ་དང་ཉམས་པར་གྱུར་ན་རོ་དང་དྲི་དང་རེག་བྱ་དག་གིས་དབང་པོ ་དང་པྲད་ནས་གཟུང་བར་བྱ་བ་ཡིན་པའི་ཕྱིར་མི་གསལ་བར་འཛིན་ཏོ། །ཁྱད་པར་གྱི་རྗེས་སུ་བྱེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། ཞིང་དང་མྱུ་གུ་གཉིས་ལྟ་བུ་འམ། ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་ས་བོན་དང་མྱུ་གུ་གཉིས་བཞིན་ནོ། ་གཉིག་གཟུང་བའི་ཕྱིར་མི་སྐྱེ་བ་དང་འཆོལ་བ་ཞེས་སྨོས་སོ། །གང་གི་ཚེ་དེ་དག་ཀྱང་ཤིན་ཏུ་ཉེ་བ་ན་འདུག་པར་འགྱུར་བ་དེའི་ཚེ་སྔར་མཐོང་བའི་དུས་བཞིན་དུ་མི་གསལ་པར་མྱོང་བར་བྱེད་དོ། །མི་གསལ་བར་མྱོང་བ་ནི་རྣམ་པར་ཕྱེ་བར་ངེས་པ་མེད་པའི་ཕྱིར་ཡིན་ན་བར་དང་བཅས ་པ་དང་བར་མེད་པ་གོ་ཅི་ལྟར་ཞེ་ན། ཡོད་པའི་དངོས་པོ་ཉེ་བར་གནས་པ་ཉིད་ལ་ཡིད་ཆགས་པ་འམ། ཡིད་ཉམས་པ་མདོ་མདོར་རྣམ་པར་བྱེ་བའི་དེས་པ་སྐྱེ་བ་སྟེ་གཏན་དུ་ནི་མ་ཡིན་ནོ།། །འདི་ལྟར་དགོས་པ་གང་ཞིག་གི་དབང་གིས་རིངས་པར་འགྲོ་བ། གཟུགས་ལ ་སོགས་པ་མིག་ལ་སོགས་པ་ལ་སྣང་བར་གྱུར་ཀྱང་རྣམ་པར་ཕྱེ་བས་མེད་པར་འགྱུར་རོ། །འདི་ལྟར་བདག་གིས་ཅི་ཞིག་མཐོང་ཡང་དེ་ཅི་ཡིན་ཞེས་རྣམ་པར་ཕྱེ་བ་ནི་མེད་དོ་ཞེས་སྨྲ་པར་གྱུར་པ་ཡིན་ནོ། །དེ་བཞིན་དུ་གཉིད་ལ་སོགས་པའི་གནས་སྐབས་སུ་ཡུལ་ཉེ་ཡང ་རྣམ་པར་ཤེས་པ་མི་སྐྱེ་སྟེ། འདི་ལྟར་གཉིད་ལོག་ན་མིག་བྱ་ཞིང་གཟུགས་ཀྱང་མིག་ལ་མངོན་དུ་ཕྱོགས་པ་དང། རྣ་བ་ལ་སྒྲ་ཉེ་བར་འགྱུར་བ་དང། ཤིན་ཏུ་བསྲུང་བའི་དྲི་སྣ་ལ་བདུག་པ་དང། རེག་བྱ་ཉེ་བར་གནས་པ་དང། རོ་ཁར་བཅུག་པ་ཡིན་ཡང་ཅི་ལྟ་ཅི་ལྟ་བུའི་དེ ་ལ་དམིགས་པའི་ཤེས་པ་གཉིད་ལོག་པ་ལ་མི་སྐྱེའོ། །དེའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མའི་རྗེས་སུ་འགྲོ་བར་རྗེས་སུ་རྟོག་པར་བྱ་བའོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཡང་ནུས་པ་ཉམས ་བ་མེད་པའི་རྣམ་པར་ཤེས་པ་སྔ་མ་ཡིན་ཏེ། དེའི་ཁྱད་པར་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པ་དུ་མ་སྟེ། ཉམས་སུ་མྱོང་བ་ཙམ་ལ་རྣམ་པར་རྟོག་པའི་རང་བཞིན་དང། ལ་ལ་ནི་མངོན་པར་འདོད་པའི་རང་བཞིན། ལ་ལ་ནི་བསྟན ་བཅོས་ཀྱི་དོན་སེམས་པ་ལ་སོགས་པའི་བདག་ཉིད་ཅན་ནོ་དེ་ལ་ཉམས་སུ་མྱོང་བ་རྣམ་པར་རྟོག་བའི་བདག་ཉིད་ཅན་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཉམས་སུ་མྱོང་བའི་ཤེས་པ་ལས་དངོས་སུ་རྣམ་པ་བླངས་པར་མཐོང་བ་ཡིན་བས་དེའི་འབྲས་བུ་ཡིན་ནོ།། ་མངོན་པར་འདོད་བའི་བདག་ཉིད་ཅན་ནི། ཕལ་ཆེར་འབད་རྩོལ་ཅན་ལས་བྱུང་བར་མཐོང་བས་འབད་རྩོལ་གྱི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པ་ཅན་དེའི་འབྲས་བུ་ཡིན་ནོ།། བསྟན་བཅོས་ལ་སོགས་པ་སེམས་པའི་ཤེས་པ་ནི་འདོད་པས་སྐྱོ་བ ་དང་གནས་པ་དང་ལྡོག་པའི་ཕྱིར་སྐྱེ་བ་དང་གནས་པ་དང་ལྡོག་པ་ལ་འདོད་པ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཅན་དེའི་འབྲས་བུ་ཡིན་ནོ། །རྣམ་པར་རྟོག་བའི་རྣམ་པ་ནི་གཉིད་ལོག་པ་དང། སད་བའི་གནས་སྐབས་སུ་དངོས་སམ་བརྒྱུད་ནས་ཉམས་སུ་མྱོང ་བའི་ཤེས་པའི་རྗེས་སུ་བྱེད་པ་ཅན་ནོ། །དེ་བཞིན་དུ་བསྟན་བཅོས་ཀྱི་དོན་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཀྱང་སྔར་གོམས་པའི་ཤེས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་གསལ་བར་སྣང་བ་ཉིད་དོ།། འདོད་པ་དང་མི་འདོད་པའི ་རྣམ་པར་རྟོག་པ་འཕེལ་བ་དང། འདོད་ཆགས་དང་ཞེ་སྡང་འཕེལ་པ་ཡང་གོམས་པ་ཉིད་ལས་ཡིན་ནོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ནི་ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མ་སྔ་མ་ལ་རག་ལས་ཏེ་སྐྱེ་བ་ཡིན་ནོ། །དེ་བཞིན ་དུ་དབང་པོ་ལ་སོགས་པའི་ཉེ་བར་ལེན་བའི་རྒྱུ་ཡང་སྐལ་བ་མཉམ་པ་སྟེ། འདྲ་བའི་གནས་སྐབས་ཀྱི་ཁྱད་པར་སྔ་མ་སྔ་མ་ཡིན་ནོ། །རྣམ་པར་ཤེས་པ་གཅིག་ལས་ནི་ཉེ་བར་ལེན་པ་ལས་བྱུང་བ་རྟོགས་པའི་རང་བཞིན་དང། རྟོགས་པའི་རང་བཞིན་མ ་ཡིན་པ་སྐྱེ་བ་མེད་དོ་ཞེས། དེ་དང་དེ་མིན་རང་བཞིན་དངོས་ཞེས་བྱ་བ་དེར་བཤད་ཟིན་ཏོ།། དེ་བས་ན་མངལ་ཡོངས་སུ་བཟུང་བ་ནས་བརྩམས་ཏེ། རྗེས་སུ་མཐུན་པའི་ཁྱད་པར་ནི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། བློ་ནི་རྐྱེན་ཡིན་ནོ། །ཅི་ལྟར་བློ་རྐྱེན་ཡིན། གང་གི ་ཕྱིར་བློ་ལྡོག་སྟེ་བློ་མེད་ན་ལུས་མེད་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་འབའ་ཞིག་གིས་ནི་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ནོ་ཞེ་ན། བརྗོད་བ། ལུས་ཀྱི་བྱེད་པ་ནི་རྣམ་པར་ཤེས་པ་དང་འབྲེལ་བས་འཇུག་པ་དང་ལྡོག་པ་ཡིན་ནོ། །བློས་བྱས་པའི ་ཡོད?་བའི་ཁྱད་པར་འགའ་ཞིག་དང་བྲལ་བའི་ལུས་ནི་ནམ་ཡང་མེད་དོ།། དེས་ན་བྱེད་པའི་ཚོགས་དང་བཅས་པའི་ལུས་ནི་བློས་བྱས་བའི་སྤྱོད་པ་འགའ་ཞིག་དང་ལྡན་པ་ཡིན་ནོ།། དེ་ཡང་བློའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་བློ་རྐྱེན་ཡིན་པར་རྗེས་སུ ་འགྲུབ་བོ། །བྱེད་པའི་ཚོགས་དང་ལྡན་པའི་ལུས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྐྱེན་མ་ཡིན་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ནི་ལུས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་བའི་རྗེས་སུ་བྱེད་བ་མ་ཡིན་ནོ། །ཅི་ལྟར་རྗེས་སུ་བྱེད་པ་མ་ཡིན་ཏེ། གང་གི་ཚེ་ལུས་མེད་པ་རྩིག་པ་ལ་སོགས ་པ་ལྔ་རྣམ་པར་ཤེས་པ་མེད་དོ་ཞེ་ན། དེ་ལ་ཡང་རྣམ་པར་ཤེས་པ་ཐེ་ཚོམ་ཟ་བ་མ་ཡིན་ནམ། རྣམ་པར་ཤེས་པ་ཡོད་ན་ཅི་ལྟར་རྩིག་པ་ཡོངས་སུ་གཡོ་བར་མི་བྱེད་ཅེ་ན། མི་ནུས་པའི་ཕྱིར་ཏེ། མེད་པའི་ཕྱིར་ནི་མ་ཡིན་ནོ།། དེ་བས་ན་རྩིག་པ་ལ་སོགས་པ་ལ་བློ་ལྡོག་པར ་ཐེ་ཚོམ་ཟའོ། །དེ་ཞིང་ལ་ས་བོན་ལྟར་ལུས་ཀྱི་ཁྱད་པར་གྱི་རྗེས་སུ་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་ལུས་རྒྱས་པ་ལ་སོགས་པས་འདོད་ཆགས་ལ་འཕེལ་བར་མཐོང་བའི་ཕྱིར་ཡིད་ཀྱི་བློ་དེའི་ཁྱད་པར་རྗེས་སུ་བྱེད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། ་གང་གི་ཕྱིར་འདོད་ཆགས་དང་སྡད་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བ་མེད་པར་མ་ཡིན་ནོ། །དེ་གཉིས་ཀྱང་བདེ་བ་མྱོང་བར་འགྱུར་བ་དང་སྡུག་བསྔལ་མྱོང་བར་འགྱུར་བའི་རྣམ་པར་རྟོག་པ་མེད་པར་མི་འགྱུར་ལ། དེ་ཡང་ལུས་ཀྱིས་བྱས་པ་ལུས་ཀྱི་མ་མྱོང་བ་མེད་པར ་མ་ཡིན་ནོ། །དེས་ན་ནང་གི་རེག་པའི་ཁྱད་པར་ཉམས་སུ་མྱོང་བ་ལས་བདེ་བ་མྱོང་བར་འགྱུར་བ་རྣམ་པར་རྟོག་པ་ཡིན་ལ་དེ་ལས་ཀྱང་ཡིད་བདེ་བ་ལ་སོགས་བ་དང་ལྡན་པས་འདོད་ཆགས་ལ་སོགས་པ་འབྱུང་ངོ།། དེ་བས་ན་ལུས་ཉམས་སུ་མྱོང་བའི་ཤེས་པའི ་ཡུལ་དུ་གྱུར་པ་ན་བག་ཆགས་སད་པའི་རྒྱུ་ཡིན་གྱི། དངོས་སུ་ཡིད་ཀྱི་རྣམ་པར་ཤེས་བའི་རྒྱུ་ནི་མ་ཡིན་ནོ།། མིག་བཞིན་དུ་གཞན་དུ་མི་འཐད་པས་ཀྱང་ལུས་རྒྱུ་མ་ཡིན་ནོ།། གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པའི་བྱེ་བྲག་གི་ཉམས་སུ་མྱོང་བ་ལས ་ཡིན་ལ། གསལ་བ་ཉིད་དང། འདོད་པ་ཉིད་དང། འདོད་ཆགས་ལ་སོགས་པ་ནི་གོམས་པ་ལས་ཡིན་ཞིང་རྟོགས་པའི་རང་བཞིན་ཉིད་ནི་དེ་མ་ཐག་པའི་རྐྱེན་ལས་ཡིན་ན་དེ་ལས་ཁྱད་པར་གང་ཞིག་སྒྲུབ་པས་ལུས་རྒྱུ་ཡིན་པར་འགྱུར། དེ་ལྟར་ན་དབང ་པོ་མ་ཡིན་པའི་ལུས་ནི་རྒྱུ་མ་ཡིན་ནོ།། དབང་པོའི་ཕྱོགས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ཏེ། གསལ་བར་སྣང་བ་ཉིད་དང། ཡུལ་ཅན་ཉིད་དུ་ཐལ་བའི་ཕྱིར་རོ། །དབང་པོ་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པར་རེའི་རྒྱུ་ཡིན་ན། ངེས་པ་མེད་པར་འགྱུར ་ན་གསལ་པར་སྣང་བ་གོ་ཅི་ལྟར་ཡིན། གལ་ཏེ་རྣམ་པ་ཐམས་ཅད་དང་ལྡན་པའི་ཤེས་པ་དབང་པོ་རེ་རེས་བྱེད་ནུས་ན་དབང་པོ་ལྔར་རྟོག་པ་དོན་མེད་དོ། །དེའི་ཕྱིར་ཡིད་ཀྱི་བློ་ཉིད་ལུས་ཀྱི་རྒྱུ་ཡིན་གྱི། ལུས་ནི་ཡིད་ཀྱི་བློའི་མ་ཡིན་ནོ།། རྒྱུའི་ཚོགས་དེ་ཙམ་དང ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཡིན་པ་དེའི་ཕྱིར་དེ་ཉིད་གྲུབ་པའི་རྒྱུ་ཡིན་གྱི་བདག་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་བྱས་པའི་རྒྱུའི་ཚོགས་ལས་གཞན་བརྟག་ན་ནི་དེ་ལས་རྒྱུ་གཞན་བརྟག་པར་བྱ་ཞིང་དེ་ལས་ཀྱང་གཞན་ཡིན་པའི་ཕྱིར ་ཐུག་པ་མེད་པར་འགྱུར་རོ། །བཤད་ཟིན་བའི་དོན་སྡུད་པ་ནི་རྒྱུའི་ཚོགས་གང་ཞིག་ཡོད་ན་གང་འགྱུར་ཉིད་དེ། ནམ་ཡང་མི་འགྱུར་པ་མ་ཡིན་པའི་རྒྱུའི་ཚོགས་དེ་ལས་གཞན་པ་ཡང་དེའི་རྒྱུར་རྟོགས་པ་ཡིན་ན། བསྐྱེད་པར་བྱ་བའི་དངོས་པོ་ཐམས་ཅད་ལ་རྒྱུ་རྣམས ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་ཁྱོད་ཀྱི་མཉན་བྱ་ཉིད་ལ་སོགས་པ་དང་ལྡན་པ་ཁྱད་པར་དུ་འགྱུར་བ་ལ་བརྟེན་ནས་ལྡོག་པ་འཁྲུལ་བ་མེད་པ་ཅན་དུ་བརྗོད་ན་མཉན་བྱ་ཉིད་ལས་འདི་ཁྱད་པར་ནི་ཅི་ཡང་མེད་དོ། །གང་གི་ཕྱིར་སྲོག་ལ་སོགས ་པ་མཉན་བྱ་ཉིད་དང་འཁྲུལ་པར་ཡང་མཚུངས་སོ། །ཅི་ལྟར་ན་མཉན་བྱ་ཉིད་མཐུན་པའི་ཕྱོགས་ལས་ལྡོག་པ་ཡོད་པས་འཁྲུལ་བ་དེ་བཞིན་དུ་སྲོག་ལ་སོགས་པའི་ལྡོག་པ་ཡང་མཐུན་པའི་ཕྱོགས་ལ་འཇུག་པས་འཁྲུལ་བཙན་ཡིན་ནོ། །གཞན་གྱིས ་སྨྲས་བ། མཚུངས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཉན་བྱ་ཉིད་དེའི་ལྡོག་པ་འཁྲུལ་བའི་ཕྱིར་རོ། །ཁྱད་མ་མཐོང་ནས་ཅི་ལྟར་ཞེས་གསུངས་སོ། །གཞན་གྱི་སྨྲས་པ། གང་གི་ཕྱིར་མཉན་བྱ་ཉིད་དེ་ནི་མཐུན་པའི་ཕྱོགས་མ་ཡིན་པ་ཁོ་ན་ལས་ལྡོག་པ་མ་ཡིན་གྱི། འོན ་ཀྱང་བུམ་པ་ལ་སོགས་པ་མཐུན་པའི་ཕྱོགས་ལས་ཀྱང་ཡིན་པ་དེའི་ཕྱིར་འཁྲུལ་བ་ཡིན་ནོ། །དོན་འདི་ཉིད་ཁས་བླང་ནས་བཤད་པ། ཁྱད་ཀྱིས་དེ་སྐད་བརྗོད་པ་དེ་ནི་མཉན་བྱ་ཉིད་འདི་མཐུན་པའི་ཕྱོགས་ལ་འཇུག་པ་ཡོད་པ་མེད་པར་བརྗོད་པ་མ་ཡིན་ནམ། མཐུན ་པའི་ཕྱོགས་ལ་འཇུག་པ་མེད་པ་དེ་ནི་གཞན་སྲོག་ལ་སོགས་པ་ལ་ཡང་མཚུངས་པའི་ཕྱིར་ཅི་ལྟར་སྲོག་ལ་སོགས་པ་མཉན་བྱ་ཉིད་དང་མི་མཚུངས། གཉི་ག་ཡང་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པས་ལྡོག་པ་འཁྲུལ་པའི་ཕྱིར་མཚུངས་སོ། །གཞན་ཡང་སྲོག ་ལ་སོགས་པ་མཐུན་བའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་དོ་ཞེས་བརྗོད་པས་ནི་སྲོག་ལ་སོགས་བ་འདི་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཡིན་ནོ། །འདི་ག་ལས་ཤེ་ན། དགག་པ་གཉིད་ཀྱི་རྣལ་མ་སྟེ་དགག་པ་དང་པོའི་བསྒྲུབ་པ་རྟོགས་པའི་ཕྱིར་རོ།། འདི་ལ་མེད ་དེ་ཞེས་དང་པོས་ཡོད་པ་དགག་པར་བྱ་བ་ཡིན་ནོ། །དགག་པ་དེ་མཐུན་པའི་ཕྱོགས་ལ་ཡང་ཐལ་བས་མཐུན་པའི་ཕྱོགས་མ་ཡིན་པའི་ཚིག་གིས་ཡང་འགོག་པ་ཡིན་ནོ། །དགག་པ་བཀག་ན་ནི་རྣལ་མ་ཡོད་པ་ཉིད་གོ་བར་འགྱུར་ཏེ། འདི་ནི་ལྷས་སྦྱིན་མ་ཡིན་པ་མ་ཡིན ་ནོ་ཞེས་བརྗོད་ན་ལྷ་སྦྱིན་རྣལ་མ་རྟོག་པ་བཞིན་ནོ། །གལ་ཏེ་འདིར་མཐུན་པའི་ཕྱོགས་མེད་པ་ལ་ཡོད་པ་དགག་པ་སྒྲུབ་པ་མ་ཡིན་ནམ། དེ་ཅི་ལྟར་མཐུན་པའི་ཕྱོགས་ལ་ཡོད་པར་འགྱུར་ཞེ་ན། བཤད་པ་དེ་ལྟ་མ་ཡིན་ཏེ། གལ་ཏེ་མཐུན་པའི་ཕྱོགས་ལ་ཡོད་པ་སྒྲུབ ་པར་མི་འདོད་ན་དེའི་ཚེ་རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་པ་ཞེས་ཉིད་ཀྱི་སྒྲ་ངེས་པར་གཟུང་བའི་འབྲས་བུ་ཅིར་འགྱུར་ཏེ་ཅིར་ཡང་མི་འགྱུར་རོ།། འདི་སྐད་བརྗོད་པ་མ་ཡིན་ཏེ། དགག་པ་གཉིས་ཀྱིས་མཐུན་པའི་ཕྱོཌ ་ལ་ཡོད་པར་འགྱུར་བ་འབའ་ཤིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་ངེས་པར་གཟུང་བ་དང་བཅས་པས་ཀྱང་ཡོན་ནོ་ཞེས་སོ། །འོ་ན་དེས་པར་གཟུང་བར་མི་བྱའོ་ཞེ་ན། བཤད་པ། ངེས་པར་གཟུང་བ་མེད་ན་ནི་མི་མཐུན་པའི་ཕྱོགས་ལ་མེད་པར། མ་བརྗོད་པར་ལྡོག་པ་ལ ་ཐེ་ཚོམ་ཟ་བའི་ལྡོག་པ་མི་འཁྲུལ་བར་མི་འགྲུབ་པའི་ཕྱིར་གདོན་མི་ཟ་བར་ངེས་པར་གཟུང་བར་བྱ་དགོས་སོ། །དེ་ལྟ་ཡིན་དང་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཉིད་དོ། །གང་གི་ཕྱིར་དེས་པའི་འབྲས་བུ་རྣམ་པར་བཅད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་མཐུན་པའི་ཕྱོགས་ཉིད་ལ་ཡོད ་པ། མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་པ་ཞེས་དག་གི་དོན་དཔེའ་དག་གིས་རྟོགས་པར་བྱ་བ་ཡིན་པས་ཆོས་མཐུན་པ་དང་ཆོས་མི་མཐུན་པའི་དཔེ་འདི་གཉིས་ལས་གང་ཡང་རུང་བས་རྗེས་སུ་འགྲོ་བ་དང་ལྡོག་པ་གཉི་ག་བསྟན་པར་སློབ་དཔོན་ཕྱོགས་ཀྱི་གླང ་པོས་བརྗོད་དོ།། བསྒྲུབ་པ་ལ་ངེས་པར་གཟུང་བས་དགག་པ་འཕེན་ལ། དགག་པ་ངེས་པར་གཟུང་བས་ཀྱང་སྒྲུབ་པ་འཕེན་ཏེ། དེས་པས་གཟུང་བ་ནི་གཉི་གའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ངེས་པར་གསུང་བ་དང་བཅས་པའི་ལྡོག་པས་སྒྲུབ་པ་འཕེན་པ་དེའི ་ཕྱིར་ལྡོག་པ་མི་འཁྲུལ་བ་འདི་འདྲ་བ་ནི་རྗེས་སུ་འགྲོ་བ་མེད་པར་མི་འགྲུབ་པོ། །གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་པ་དེ་ནི་མཐུན་པའི་ཕྱོགས་ལས་ལྡོག་པ་ཡིན་ཏེ། ཡོད་པ་བཀག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་ཅི་ལྟར་ཅི་ལྟར་མཐུན་པའི་ཕྱོགས་མེད ་པ་ལ་ངེས་པར་འགྱུར། དེས་ན་འཁྲུལ་པ་མེད་པ་འདི་འདྲ་བ་གྲུབ་ན་ནི་དོན་གྱི་ཤུགས་ཀྱིས་རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་དོ། །ག་ལས་ཤེ་ན། དགག་པ་ནི་ལྡོག་པ་ཡིན་ལ། དགག་པ་དེ་བཀག་པ་ནི་སྒྲུབ་པའི་རང་བཞིན་ཡིན་ཏེ། གཏན་ཚིགས་དེའི་ཕྱིར་ལྡོག་པ་བཀག་བ་ན ་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་འགུགས་པར་བྱེད་དོ།། འདི་སྙམ་དུ་མཐུན་པའི་ཕྱོགས་མེད་པ་ལས་གཏན་ཚིགས་ལྡོག་པ་ནི་མེད་དེ། མེད་པ་ལ་ནི་འབྱུང་ཁུངས་ལ་སོགས་པའི་ནུས་པ་མེད་དོ་ཞེས་ལན་ཅིག་མ་ཡིན་པར་བརྗོད་དོ། །དེའི་ཕྱིར་སྲོག་ལ་སོགས་པ ་ནི་མཐུན་པའི་ཕྱོགས་མ་ཡིན་པ་བདག་མེད་པ་ཡོད་པ་ཉིད་ལ་མེད་པ་ཡིན་ནོ། །གཞན་གྱིས་ནི་བདག་དང་བཅོས་པ་འགའ་ཡང་མི་འདོད་པ་དེས་ན་མཐུན་པའི་ཕྱོགས་མེད་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན་མེད་པ་ལས་ལྡོག་པ་མེད་ཅེས་སྨྲ་ན་ལྡོག་པ་དེ་ཉིད་མེད་པ་ལས ་ཅི་ལྟར་འདོད། ཅི་ལྟར་ལྡོག་པའི་མཚམས་མ་ཡིན་པ་བཞིན་དུ་ལྡོག་པའི་ལྡོག་པ་ཡང་མ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་མེད་པ་བཀག་པ་ཡོད་པ་དེ་ནི་དངོས་པོ་མེད་པའི་མོད་པ་ལ་ཡང་ཡོང་ལ། དངོས་པོ་བཀག་པ་ལྡོག་པ་ཙམ་ནི་མེད་དོ་ཞེས་བརྗོད་པ་ནི་ལྷ་རྣམས ་དགའ་བ་སྟེ། རྨོངས་པ་རྣམས་དགའ་བ་ཁྱེད་ཤེས་རབ་འཁྲུལ་བ་མེད་པ་ཡིན་ནོ།། འདི་ནི་ཤེས་རབ་འཁྲུལ་བ་མེད་པ་གཞན་ཡིན་ཏེ། ཡུལ་དེ་ལ་དགག་པ་མི་འདོད་པ་དང། ཡོད་པ་མ་ཡིན་པ་དང་དངོས་པོ་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེའི་ཡུལ་ཅན་གྱི་སྒྲ་ཡང ་སྦྱོར་བ་གང་ཡིན་པའོ།། གང་ཞིག་བློས་བརྟགས་པར་ནུས་པ་དེ་ནི་སྒྲས་བརྗོད་པར་བྱ་བ་ཡིན་ལ། བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་སྒྲའི་ཐ་སྙད་ཀྱིས་ཟིན་པ། འབྱུང་ཁུངས་ལ་སོགས་པའི་ནུས་པ་དང་ལྡན་པ་ཡིན་པའི་ཕྱིར་ཅི་ལྟར་དེ་ལ་སྒྲ་ཡང་སྦྱོར་བ་དང་འབྱུང་ཁུངས ་ལ་སོགས་པའི་ནུས་པ་མེད་པའི་ཕྱིར་དེ་ལ་མེད་པ་ཉིད་ཀྱང་ཟློག་པར་བྱེད། དེའི་ཕྱིར་དེ་ལྟར་གལ་ཏེ་མེད་པ་ལྡོག་པའི་གཞི་མ་ཡིན་ན་ལྡོག་པའི་ལྡོག་པའི་གཞི་ཡང་མ་ཡིན་ནོ།། དེ་བཞིན་དུ་མེད་པ་བཀག་ན་ཡང་ཡོད་པ་སྒྲུབ་པར་འགྱུར་ན། དེ་ཡང་མི་རིགས་པ་དང། དེ ་བཞིན་དུ་གཞི་ལ་སོགས་པ་དང་མི་ལྡན་པའི་ཕྱིར་སྒྲས་བརྗོད་པར་བྱ་བར་ཡང་མི་འགྱུར་རོ་ཞེས་སྐྱོན་གསུམ་བརྗོད་དོ། །དེའི་སྤྲོས་པ་དང་ཉེ་བར་སྤྲོས་པའི་དོན་གང་ཡིན་པ་དེ་ཐམས་ཅད་ནི་མེད་པ་ལ་མེད་པ་ཞེས་ཚུལ་གསུམ་པ་བཤད་པ་ཆེད་དུ་བྱས་པས་བསལ ་ཟིན་ཏེ། དེས་ན་འདིར་ཡང་མི་སྤྱད་དོ།། གཞན་ཡང་བདག་མེད་ན་ལྡོག་པར་མི་འགྱུར་མོད། བདག་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ཡོད་པའི་སྒྲུབ་བྱེད་འཇུག་པའི་ཕྱིར་རོ།། བསལ་པའི་ཕྱོགས་གང་ཡིན་པ་དེ་ལ་ནི་སྒྲུབ་བྱེད་འཇུག་པ་མ་ཡིན་ནོ། །དེ ་ན་བདག་གྲུབ་པའི་ཕྱིར་གཏན་ཚིགས་སྦྱོར་བས་ན་མེད་པ་མ་ཡིན་གྱི། ཐེ་ཚོམ་དུ་འགྱུར་རོ། །ཁོ་བོ་ཅག་བདག་མེད་པ་ནི་མ་ཡིན་གྱི། འོན་ཀྱང་བདག་དེ་ལྟར་མེད་པས་ཁས་བླངས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་གྱིས་དེ་ལྟར་མེད་པར་ཁས ་བླངས་པ་དེའི་ཕྱིར་ན་ཁས་བླངས་པ་ཚད་མ་མ་ཡིན་པ་དེ་ལས་དེ་ལྟར་མེད་པར་འགྱུར་བ་ཡང་མ་ཡིན་ཏེ། ཧ་ཅད་ཐལ་བར་འགྱུར་བའི་ཕྱིར་རོ།། གཞན་གྱིས་ནི་གསོན་པོའི་ལུས་ཀྱང་བདག་མེད་པར་ཁས་བླངས་པ་དེས་ན་དེ་བཞིན་དུ་འགྱུར་བས་ཁྱེད་ཀྱི་སྒྲུབ་བྱེད་དོན་མེད ་དོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བའོ། །གང་ཞིག་ཁོ་བོ་ཅགས་གིས་བདག་མེད་པར་འདོད་པ་དེ་ཉིད་ལ་གཞན་གྱིས་ཁས་བླངས་པ་ཚད་མ་ཡིན་གྱི། གཞན་ལ་ནི་ངེད་ཀྱི་ཚད་མས་གཞན་གྱི་ཁས་བླངས་པ་གནོད་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཁས་བླངས ་པའི་སྟོབས་ཀྱིས་མཐུན་པའི་ཕྱོགས་མེད་པ་དང། མི་མཐུན་པའི་ཕྱོགས་ཡོད་པར་བྱས་ནས་མཐུན་པའི་ཕྱོགས་མེད་པ་ལ་མི་ལྡོག་ཅིང། མི་མཐུན་པའི་ཕྱོགས་ཡོད་པ་ལས་ལྡོག་པའི་ཕྱིར་རོ།། ལྡོག་པ་གཅིག་ཏུ་ངེས་པར་བརྟགས་ཏེ་ཁྱོད་ཀྱིས་སྒྲུབ་བྱེད ་འཇུག་པར་བྱེད་པ་ཡིན་ན། ཁས་བླངས་པའི་སྟོབས་ཀྱིས་མཐུན་པའི་ཕྱོགས་དང། མི་མཐུན་པའི་ཕྱོགས་རྣམ་པར་བཞག་ནས་ཚད་མས་འཇུག་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཚད་མས་འཇུག་པ་ནི་བདག་ལུང་གིས་གྲུབ་པར་འགྱུར་རོ། །མཐུན་པའི ་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ཁས་བླངས་པས་བྱས་ན་བསྒྲུབ་བྱ་ལ་མི་འཁྲུལ་བ་ཡང་ཁས་བླངས་པས་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པས་གྲུབ་པ་ནི་མ་ཡིན་ནོ།། དེའི་ཕྱིར་གཞན་གྱིས་ཁས་བླངས་པས་མཐུན་པའི་ཕྱོགས ་མེད་པ་ནི་མ་ཡིན་ནོ། །དེ་བས་ན་རེ་ཞིག་མཐུན་པའི་ཕྱོགས་མེད་པ་ལས་ཀྱང་ལྡོག་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བདག་ཐེ་ཚོམ་ཟ་བ་དེའི་ཕྱིར་ཕྱོགས་མེད་བ་ལས་ལྡོག་པ་མེད་ཀྱང་སྲོག་ལ་སོགས་པར་ལྡོག་པར་ཐེ་ཚོམ་ཟ་བར་འགྱུར་རོ།། ་གང་གི་ཕྱིར་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཐ་བ་དེ་ཉིད་ཀྱི་ཕྱིར་མཐུན་པའི་ཕྱོགས་ལས་ཀྱང་ལྡོག་པར་ཟའོ།། འདི་ག་ལས་ཤེ་ན། གང་གི་ཕྱིར་དངོས་པོའི་ཆོས་ནི་བྱེ་བྲག་གཅིག་ལ་ངེས་པར་ཡོད་པ་ཉིད་དུ་གྲུབ་ན་གཞན་ལས་ལྡོག་པར་གྲུབ་པའི་ཕྱིར་རོ། ་བྱེ་བྲག་གཉིས་ཀྱིས་མ་བསྡུས་པའི་དངོས་པོ་ནི་མེད་དེ་དེས་ན་ཅི་སྲིད་ཅིག་ལ་ངེས་པར་མ་གྲུབ་པ་དེ་སྲིད་དུ་གཞན་ལ་ལྡོག་པ་མ་ཡིན་ནོ། །གལ་ཏེ་གཅིག་ལས་ངེས་པར་གྲུབ་པ་ཉིད་ཀྱིས་གཞན་ལས་ལྡོག་པས་མ་ཡིན་གྱི། འོན་ཀྱང་གཞན་ལས་ལྡོག་པར ་མཐོང་བ་ལས་ཀྱང་ཡིན་ནོ། །བདག་མེད་པ་ལས་ཀྱང་སྲོག་ལ་སོགས་པ་ལྡོག་པ་ཡིན་ནོ་ཞེས་བཤད་པ། དེ་ལྟ་མ་ཡིན་ཏེ། གལ་ཏེ་གཅིག་ལ་ཡོད་པར་ངེས་པ་མ་ཡིན་ན། མཐོང་བའི་དངོས་པོ་འགའ་ཞིག་ལ་བལྟར་རུང་བའི་སྲོག་ལ་སོགས་པ་མེད་པར་གྲུབ་ཀྱང ་མ་མཐོང་བའི་དོན་རྣམས་ལ་སྲོག་ལ་སོགས་པ་ཐེ་ཚོམ་དུ་འགྱུར་རོ། །གལ་ཏེ་སྲོག་ལ་སོགས་པ་བདག་མེད་པ་གཞན་རྣམས་ལ་འཇུག་པ་ཡིན་ན་བདག་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་བུམ་པ་ལ་སོགས་པ་ལ་ཡང་འཇུག་པར་འགྱུར་རོ།། དེས་ན་ལ་ལ ་ལ་མི་འཇུག་པའི་ཕྱིར་དེའི་རིགས་ཅན་ལ་མི་འཇུག་གོ་ཞེས་དོགས་པ་ལ་ཐེ་ཚོམ་བསྒྲུབ་པའི་ཕྱིར་བཤད་པ། གང་གི་ཕྱིར་གསལ་བའི་བྱེ་བྲག་མཛའ་དག་ལ་ཁྱབ་པ་མ་ཡིན་པའི་དངོས་པོ་གང་ཡིན་པ་དེ་ཡང་དེའི་རིགས་ལ་གནས་པའི་གསལ་བ་ཉུང་ཟད་ལ ་སྲིད་པ་མཐོང་སྟེ། དཔེར་ན་དངོས་པོ་སྲ་བ་རྣམས་ཀྱི་ནང་ནས་རྡོ་རྗེ་ལ་སོགས་པ་སྲ་བ་འགའ་ཞིག་ལ་མཚོན་གྱིས་མི་ཆོད་པ་མཐོང་བ་བཞིན་ནོ། །དེ་ཙམ་གྱིས་ནི་སྲ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་མཚོན་གྱིས་མི་ཆོས་པར་འགྱུར་རོ་ཞེས་ནི་བརྗོད ་པར་མི་ནུས་སོ། །དེ་བཞིན་དུ་བདག་མེད་པ་འགའ་ཞིག་ལ་སྲོག་ལ་སོགས་པ་མ་མཐོང་ཡང་གསལ་བ་འགའ་ཞིག་ལ་གནས་བར་འགྱུར་རོ།། གཞན་ཡང་སྲོག་ལ་སོགས་པ་དང་བདག་འགལ་བ་མཐོང་བ་མེད་པའི་ཕྱིར། མདོར་བཞག་པ་དགྲོལ་བའི་ཕྱིར ་བཤད་པ། བདག་མེད་པ་དང་སྲོག་ལ་སོགས་པ་རྣམ་པ་གཉིས་པོ་ཕན་ཚུན་སྤངས་ཏེ་གནས་པ་དང། ལྷན་ཅིག་མི་གནས་པའི་རང་བཞིན་གྱིས་བཤད་ཟིན་པའི་རང་བཞིན་གྱི་འགལ་བ་མ་གྲུབ་པའི་རྒྱུའི་ཕྱིར་སྲོག་ལ་སོགས་པ་བདག་མེད་པ ་ལས་ལྡོག་པར་ཐེ་ཚོམ་ཟའོ།། བདག་མེད་པ་སྤངས་པས་སྲོག་ལ་སོགས་པ་གནས་པ་ཡང་མ་ཡིན་ལ། སྲོག་ལ་སོགས་པ་རྒྱུ་མཚང་བར་མེད་པར་འཇུག་པ་ལ་བདག་མེད་པ་ཉེ་བས་ལྡོག་པ་ཡང་མ་ཡིན་ཏེ། དེ་ལྟར་མི་རུང་བའི་ཕྱིར་རོ། །གལ་ཏེ་སྲོག་ལ ་སོགས་པ་བདག་མེད་པ་དང་འགལ་བ་བདག་གིས་ཁྱབ་པའི་ཕྱིར་འགལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན་བཤད་པ། གང་གི་ཕྱིར་སྲོག་ལ་སོགས་པ་བདག་ལ་ངེས་པ་ཡིན་ན་འགལ་བས་ཁྱབ་པའི་ཕྱིར་བདག་མེད་པ་དང་ལྷན་ཅིག་འགལ་བར་འགྱུར་ལ། ་ངེས་པ་ཡང་དེའི་འབྲས་བུ་འམ་དེའི་བདག་ཉིད་རང་བཞིན་འབྲེལ་བའི་བདག་ཉིད་ཅན་གྱིས་ཡིན་ན། དེའི་འབྲས་བུ་དང་བདག་ཉིད་ཀྱིས་བྱས་པའི་བདག་ལ་ངེས་པ་དེ་ནི་ཐ་དད་པས་དེའི་བདག་ཉིད་མེད་པའི་ཕྱིར་འབྲས་བུ་ཉིད་དུ་མ་གྲུབ་པའི་ཕྱིར་མེད་དོ། །སྐྱོན ་གཞན་ཡང་བསྟན་པའི་ཕྱིར་གཞན་གྱིས་འདོད་པ་ཁས་བླངས་ནས་བཤད་པ་ནི། སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པ་དང་ཞེས་བྱ་བ་ཡིན་ནོ། །དོན་འདི་ཡིན་ཏེ། བདག་མེད་པ་སྲོག་ལ་སོགས་པ་མེད་པས་ཁྱབ་པ་དང། སྲོག་ལ་སོགས ་པ་དེ་དག་ཡོད་པར་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་མེད་པ་ལྡོག་པས་ཁྱབ་པར་བྱ་བ་བདག་མེད་པ་ལྡོག་ཏུ་ཆུག་པ་དེ་ལྟ་ན་ཡང་བདག་མེད་པ་མེད་པས་གསོན་པོའི་ལུས་ལ་བདག་ཡོད་པར་མི་འགྲུབ་བོ། །ཅི་ལྟར་བདག་མེད་པ་ལོག་ན་བ ་མེད་པ་ལྡོག་པའི་རང་བཞིན་བདག་མི་འགྲུབ་ཅེ་ན། བཤད་པ། འདི་ལྟར་བདག་མེད་པ་བདག་ལྡོག་པ་མེད་པ་མེད་པས་བདག་ཡོད་པར་འགྱུར་བ། རིག་པ་ཅན་འདི་ལྡོག་པ་སྟེ། དངོས་པོ་མེད་པ་མེད་པ་དངོས་པོར་འདོད་པ་ནི་མ་ཡིན་ནོ། །ཅི་ལྟར་ཞེ ་དཔེར་ན་ཞེས་སྨོས་ཏེ། ཅི་ལྟར་སྲོག་ལ་སོགས་པ་ལྡོག་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་མི་འདོད་པ་བཞིན་ནོ།། དོན་འདི་ཉིད་ཚིགས་སུ་བཅད་པས་སྡུག་པ་ནི། གལ་ཏེ་གཏན་ཚིགས་མཐུན་པའི་ཕྱོགས་ལ་ལྡོག་པ་ཅན་མ་ཡིན་ན། འོ་ན་མཐུན ་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་ཅན་ཡིན་ཏེ། ལྡོག་པ་བཀག་པ་ཉིད་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་གཏན་ཚིགས་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མི་འདོད་ན། དེ་ལྟ་ན་ནི་འོ་ན་དགག་པ་བཀག་པ ་སྒྲུབ་པར་ཁས་མ་བླངས་པ་དེས་ན་བདག་མེད་པ་ཡོད་པ་མ་ཡིན་ན་ཡང་གསོན་པོ་ནི་ལུས་གང་ཡིན་པ་དེ་བདག་དང་བཅས་པར་མི་འགྲུབ་བོ། །བདག་བཀག་པ་ནི་བདག་མེད་པ་ཡིན་ལ། དེ་བཀག་པ་ནི་སྒྲུབ་པ་མ་ཡིན་པ་དེའི་ཕྱིར་བདག་མི་འགྲུབ་བོ། །ཅིག ་ཤེས་ཀྱིས་སྨྲས་པ། གང་ལས་བདག་མེད་པ་བཀག་ཀྱང་བདག་རྟོགས་པར་མི་འགྱུར་བ་སྲོག་ལ་སོགས་པ་ཡོད་པས་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་མེད་པ་ལྡོག་པས་བདག་མེད་པ་བཟློག་བའི་ཕྱིར་བདག་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་སྲོག་ལ ་སོགས་པ་ནི་སྒྲུབ་པའི་སྒོ་ནས་བདག་གོ་བར་བྱེད་པ་ཡིན་ཏེ། ཉེ་བར་འཇོག་པ་ཉིད་ཀྱིས་ཡིན་གྱི་བདག་མེད་པ་ལྡོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་དེ་ལྟར་ན་འོ་ན་བདག་མེད་པ་ལས་ལྡོག་པ་ལ་འབྲས་བུ་ཅི་ཡོད་དེ་ཅི་ཡང་མེད་དོ། །ཅིའི ་ཕྱིར་ཞེ་ན། གང་གི་ཕྱིར་སྲོག་ལ་སོགས་པ་དེ་དག་མེད་པ་དེ་ལ་མི་སྲིད་པ་སྟེ། མི་སྲིད་པའི་རྒྱུས་གང་ན་རང་ཡོད་པ་དེ་རང་ཡོད་པས་བདག་མེད་པ་དེ་མེད་པར་གོ་བར་བྱེད་པ་ན་བདག་རྟོགས་པར་བྱེད་བའི་རྒྱུ་དེའི་ཕྱིར་བདག་མེད་པ་དེ་ལས་ལྡོག་པ་ཅན ་ཡིན་པས་ན་གོ་བར་བྱེད་པར་བརྗོད་པ་ཡིན་ཏེ། ལྡོག་པ་འབྲས་བུ་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་བདག་མེད་པ་ལས་ལྡོག་པས་གོ་བར་བྱེད་པ་ཉིད་དུ་བྱས་པ་མ་ཡིན་ནོ། གང་གི་ཕྱིར་བདག་མེད་པས་ལྡོག་པ ་ཅན་གོ་བར་བྱེད་པར་སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པ་བདག་གྲུབ་བ་ལ་ཅི་ཕན། དེའི་ཕྱིར་བདག་མེད་པ་ལས་ལྡོག་པའི་སྒོ་ནས་གོ་བར་བྱེད་པར་འདོད་པར་བྱའོ། །ཡང་ན་སྲོག་ལ་སོགས་པ་སྒྲུབ་པའི་སྒོ་ནས་གོ་བར ་བྱེད་པ་ཡིན་མོད། འོན་ཀྱང་འདི་ལ་འདི་སྐད་ཅེས། དེའི་བདག་ཉིད་དང་དེའི་འབྲས་བུ་ཉིད་ཀྱིས་བདག་ཉིད་ངེས་པར་མ་གྲུབ་པའི་སྲོག་ལ་སོགས་པ་གང་དག་ཡིན་པ་དེ་དག་གིས་བདག་ཅི་ལྟར་གྲུབ་བ་བརྗོད་བར་བྱའོ། །གལ་ཏེ་འབྲེལ་བ་མེད ་པ་ཉིད་སྒྲུབ་པར་བྱེད་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟར་ཡིན་ན་ཐམས་ཅད་ཐམས་ཅད་ཀྱི་གོ་བྱེད་དུ་འགྱུར་རོ། །གང་གི་ཕྱིར་འབྲེལ་བ་མ་གྲུབ་པས་ན་བདག་མེད་པ་སྲོག་ལ་སོགས་པ་མེད་པ་ལ་མ་ཁྱབ་པ་དང། ལྡོག་པ་གཅིག་ཏུ་ངེས་པ ་ཡང་མ་ཡིན་པ་དེ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ལྡོག་པ་དང་ལྡན་པའི་གཏན་ཚིགས་ནི་ཐུན་མོང་མ་ཡིན་པའི་མ་དེས་པ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱིས་མཇུག་སྡུད་པའོ། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ་ཞེས་གང ་བཤད་བ་དེ་ལ་ཁྱད་པར་ལ་རྩོད་པ་བསྟན་ཏེ། བཟློག་ནས་སྤྱི་ལ་ཡང་བཟློག་པའི་ཕྱིར་སྟོན་པ་ནི་གཞལ་བྱ་ཉིད་ཐུན་མོང་བ་ཡང་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ལ་སྐུར་བ་མདོ་སྡེ་པ་གང་ཡིན་པའི་ནམ་མཁའ་ལ་སོགས་པ་མེད་པ ་ལ་གཞལ་བྱ་ཉིད་རྗེས་སུ་འགྲོ་བ་མི་རུང་བའི་ཕྱིར་འདི་ནི་མི་རྟག་པ་ཉིད་ལ་རྗེས་སུ་འགྲོ་བ་ཡིན་ནོ། །དེས་ན་འདིའི་རྗེས་སུ་འགྲོ་བ་ནི་འཁྲུལ་བ་མེད་པ་ཅན་མཐུན་པའི་ཕྱོགས་ཙམ་གྱི་མཐར་ཐུག་པ་ཡིན་ཏེ། གཞལ་བྱ་ཉིད་ནི་མཐུན་པའི་ཕྱོགས ་མི་རྟག་པ་ཉིད་ལ་ཡོད་པ་ཡིན་གྱི། མི་མཐུན་པའི་ཕྱོགས་རྟག་པ་ལ་མ་ཡིན་ཏེ། དེ་ཉིད་མེད་པའི་ཕྱིར་རོ།། དེས་ན་ལྡོག་པ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡན་པ་ཉིད་ཀྱི་གཏན་ཚིགས་སུ་རིགས་པ་ཅན་སྨྲའོ།། རྗེས་སུ་འགྲོ་བ་ཅན་གྱི ་གཏན་ཚིགས་དེ་ལ་ཡང་གལ་ཏེ་འདི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཡིན་ན། ཅི་ལྟར་མི་མཐུན་བའི་ཕྱོགས་ལས་ལྡོག་པ་མེད་པ་ཡིན་ཏེ། དེ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཡང་འགྱུར་བ་འམ། མི་མཐུན་པའི་ཕྱོགས་ལས་ལྡོག་པ ་མེད་ན་ཡང་ཅི་ལྟར་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བརྗོད། གང་གི་ཕྱིར་གལ་ཏེ་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་བཅད་པ་མ་ཡིན་ན། སྒྲ་ངེས་པར་གཟུང་བའི་འབྲས་བུ་ཅི་ཡང་མ་ཡིན་ནོ། །གང་གི་ཕྱིར་ལྡོག་པ་ནི་ཡོད་པ་ཉིད་རྣམ ་པར་བཅད་པ་ལས་གཞན་མ་ཡིན་པའི་ཕྱིར་ཡོད་པ་རྣམ་པར་གཅོད་པར་བྱེད་ན་ཡང་ཅི་ལྟར་མི་ལྡོག་སྟེ། ལྡོག་པ་དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ཡོད་པ་ཉིད་རྣམ་པར་བཅད་པ་ཉིད་འདིའི་ལྡོག་པ་ཡོད་པ་ཡིན་ནོ། །འདི་སྙམ་དུ་མི་མཐུན་པའི་ཕྱོཌ ་མེད་པའི་ཕྱིར་དེ་ལ་ལྡོག་པ་དང་རྗེས་སུ་འགྲོ་བ་མེད་དོ་སྙམ་ན། བཤད་པ། རྗེས་སུ་འགྲོ་བ་ཡང་མ་ཡིན་ལ། ལྡོག་པ་ཡང་མ་ཡིན་ནོ་ཞེས་གཉི་ག་འགོག་པ་འདི་ནི་འགལ་བ་ཡང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མེད་དེ་ཞེས་མི་མཐུན་བའི་ཕྱོགས ་ལ་རྗེས་སུ་འགྲོ་བ་བཀག་པ་གང་ཡིན་པ་དེ་ཉིད་ལྡོག་པ་སྒྲུབ་པ་ཡིན་པའི་ཕྱིར་ཏེ། དེ་དག་ནི་ཕན་ཚུན་སྤངས་བས་གནས་པའི་ཕྱིར་རོ། །དེས་ན་འདི་ནི་རྗེས་སུ་འགྲོ་ལྡོག་དང་ལྡན་པ་ཡིན་ནོ། །འདིར་རིགས་པ་ཅན་གྱི་བརྗོད་པར་བྱ་བ་མེད་པ་ནི་གཞི་འམ ་གཞན་མ་ཡིན་པའི་ཕྱིར་མེད་པ་ལ་བལྟོས་ཏེ་ལྡོག་པ་དང་མི་རུང་བའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པ་ལས་རྣམ་པར་གཅོད་པ་མ་ཡིན་ཏེ། ཞེས་བྱ་བ་དེ་ཉིད་ཡང་འོངས་པ་ཡིན་པས། གལ་ཏེ་མེད་པ་ལས་ལྡོག་པ་མེད་ན། ཅི་ལྟར་མེད་པ་ལ་རྗེས་སུ་འགྲོ ་བ་དགག་པར་འདོད་ཅེས་ཡང་དེ་ཉིད་ལན་དུ་བརྗོད་པ་བྱ་བ་ཡིན་ནོ། །ལྡོག་པ་ནི་རྗེས་སུ་འགོ་བ་བཀག་པ་ལས་གཞན་མ་ཡིན་པའི་ཕྱིར་རོ།། འདི་ལས་ཀྱང་ལྡོག་པ་ཡིན་ཏེ། གང་གི་ཕྱིར་ལྡོག་པ་ནི་གཏན་ཚིགས་བཀག་པ་ཡིན་ནོ། །དེ་ཡང་རྣམ ་པ་གཉིས་ཏེ། དངོས་པའི་རང་བཞིན་འཕེན་པ་མ་ཡིན་པར་བཀག་པ་དང། དངོས་པོའི་རང་བཞིན་ལ་བལྟོས་པ་མེད་པ་མེད་པར་དགག་པ་ཙམ་མོ། །དེ་ལ་དངོས་པོའི་རང་བཞིན་ལ་རེག་པ་ཅན་མ་ཡིན་པར་དགག་པ་མེད་པ་ལ་མི་སྲིད་ཀྱང། མེད ་པར་དགག་པ་གང་ཡིན་པ་དེ་གོ་ཅི་ལྟར་མི་སྲིད། འདི་ལྟར་གང་གིས་ན་ཐམས་ཅད་དངོས་པོ་ལ་རེག་པ་ཅན་ཡིན་པས་གང་གིས་དངོས་པོ་མེད་པ་ལ་མི་སྲིད་པར་འགྱུར་བ་མ་ཡིན་པར་དགག་པ་གཅིག་བུ་ནི་དགག་པའི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན ་མེད་པར་དགག་པ་ཡང་ཡིན་ལ། དེ་ནི་དངོས་པོ་མེད་པ་ལ་མི་འགལ་ལོ། །གཞན་གྱིས་སྨྲས་པ། མེད་པར་དགག་པ་དེ་ཡང་མེད་ལ་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། གཞི་དང་ཡང་དག་པར་སྦྱིན་པ་ལ་སོགས་པའི་ནུས་པའི་ཁྱད་བར་གྱི་དོན་ཅན་ཏེ། བརྗོད་པར་བྱད་བ་ཅན ་དགག་པའི་ཡུལ་སྟོན་པའི་རྣམ་པར་དབྱེ་བ་གང་ཡིན་པ་དེ་རྣམས་དང་མི་ལྡན་བའི་རྒྱུའི་ཕྱིར་རོ།། གང་ཞིག་གཞི་ལ་སོགས་པའི་རང་བཞིན་དུ་བློས་རེག་པར་མི་ནུས་པ་དེ་ནི་སྒྲས་ཀྱང་བརྗོད་པར་མི་ནུས་པ་ཉིད་དོ། །རྣམ་པར་རྟོག་པ་དང་སྒྲས་ཡུལ་དུ་མ་བྱས ་པ་ནི་གཞན་སྒྲུབ་པ་འམ་དགག་པ་འམ་དགག་པ་དང་འབྲེལ་བར་ནུས་པ་མ་ཡིན་ནོ། །ནུས་པ་ཐམས་ཅད་དང་བྲལ་བའི་མེད་པ་ཡང་གཞི་ལ་སོགས་པའི་རང་བཞིན་དུ་བརྟག་པ་འམ། བརྗོད་པར་ནུས་པ་མ་ཡིན་པ་དེའི་ཕྱིར་གཞན་སྒྲུབ་པ་དང་དགག ་པ་དང་འབྲེལ་པ་མ་ཡིན་ནོ་ཞེ་ན། རྩོད་པ་འདི་ལ་ནི། དེའི་ཕྱིར་དངོས་དངོས་མེད་རྟེན་ཅན། །ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་ལན་བཏབ་ཟིན་པས་དེ་ཉིད་ལས་རྟོགས་པར་བྱའོ ་གང་གི་ཕྱིར་གང་ཞིག་མཐུན་བའི་ཕྱོགས་ལ་ངེས་པར་ཡོད་པ་དེ་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་ཡིན་པ་དེའི་ཕྱིར་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བའི་གཏན་ཚིགས་ནི་འགའ་ཡང་མེད་དེ། །འདོག་པ་ནི་རྗེས་སུ་འགྲོ་བ་ངེས་པ་ཙམ་ལ་བརྟེན ་པ་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་ན་གལ་ཏེ་མི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མ་ཡིན་ན། འོ་ན་ལྡོག་པ་ཡང་ཡོད་པར་འགྱུར་རོ་ཞེས་བཤད་དོ། །གཞལ་བྱ་ཉིད་ནི་མི་མཐུན་བའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་ལྡན་པ་ཡང་མ་ཡིན་ཏེ། དེ་ཅི་ལྟར་རྗེས་སུ་འགྲོ ་བ་འཁྲུལ་བ་མེད་པ་ཅན་ཡིན་དངོས་པོ་ལ་མཐོང་བའི་གཞལ་བྱ་དངོས་པོ་མེད་པ་ལ་ཅི་ལྟར་འགྱུར་ཞེ་ན་གང་གི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དང། གཉི་ག་ལ་བརྟེན་པ་ཉིད་ཀྱིས་ན་ཆོས་རྣམ་པ་གསུམ་མོ་ཞེས་བཤད་ཟིན་ཏོ།། དེས་ན་གཞལ་བྱ་ཉིད་ནི ་གཉི་གའི་ཆོས་ཡིན་པའི་ཕྱིར་དངོས་པོ་ལ་མཐོང་བ་ཡང་དངོས་པོ་མེད་པ་ལ་མི་འགལ་ལོ།། གལ་ཏེ་དངོས་པོ་མེད་པ་ལ་ཆོས་འགའ་ཞིག་ཡོད་ན་དེ་ལྟར་འགྱུར་པ་ཡིན་ན་ཡོད་པ་ཡང་མ་ཡིན་ནོ།། ཆོས་ནི་བརྟེན་པའི་དོན་ཡིན་ན་མེད་པ་ལ་ནི་འགང་ཡང་བརྟེན་པ ་མ་ཡིན་ཏེ། དེ་ནི་རྟེན་དུ་མི་རུང་བའི་ཕྱིར་རོ་ཞེ་ན། དེ་སྐད་སྨྲ་བ་ནི་རང་གི་ཚིག་ཉིད་ཀྱིས་མེད་པ་ལ་ཆོས་ཁས་བླངས་པར་བསྟན་པའི་ཕྱིར་བཤད་པ། དངོས་པོ་མེད་པ་ལ་ནི་ཆོས་འགའ་ཡང་མེད་དོ་ཞེས་བྱ་བའི་དག་འདི་ལ་མེད་པའི་སྒྲས་བརྗོད་པར་བྱ་བ་རྣམ་པར ་རྟོག་པའི་ཡུལ་གྱི་དོན་ནི་ཆོས་ཅན་ཡིན་ལ། དངོས་པོའི་ཆོས་མཛའ་དག་དང་བྲལ་བ་དེ་ཉིད་དེའི་ཆོས་མ་ཡིན་ནམ། དེ་ཅི་ལྟར་ཁྱོད་མེད་བའི་ཆོས་བརྗོད་པ་ཉིད་མེད་དོ་ཞེས་སྨྲ། གལ་ཏེ་ཆོས་དང་བྲལ་བ་ཆོས་མེད་པ་མ་ཡིན་ནམ། དེ་ཅི་ལྟར་ཆོས་ཡིན་ཞེ་ན། གང? ་གི་ཕྱིར་གང་གིས་ཆོས་དང་བྲལ་བ་ཆོས་སུ་མི་འགྱུར་བ་དངོས་པོའི་རང་བཞིན་ཉིད་ནི་ཆོས་མ་ཡིན་ནོ། །ཅིའི་ཕྱིར་དངོས་པོ་མེད་ཀྱང་ཆོས་དང་ཆོས་ཅན་ཡིན་ཞེ་ན། གང་གི་ཕྱིར་མེད་དུ་ཟིན་ཀྱང་ཐ་སྙད་ཀྱིས་རྣམ་པ་འགའ་ཞིག་གིས་ཆོས་དང་ཆོས་ཅན་གྱི་སྒྲ་དེའི ་ཐ་སྙད་དུ་བྱེད་པ་ཡིན་ན། །གང་གི་ཕྱིར་དེ་དག་ལས་ཀྱང་ངོ་བོ་འགའ་ཞིག་ནི་རྟེན་ཆོས་གཞན་མ་སྤངས་པར་སྒྲ་དང་རྟོགས་པ་ཡུལ་དུ་བྱེད་ལ། འགའ་ཞིག་ཆོས་གཞན་སྤངས་པར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཐ་སྙད་ཀྱིས་བྱས་པ་རྣམ་པར་རྟོག་པའི་ཡུལ ་ཀྱི་ཆོས་དང། ཆོས་ཅན་གྱི་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པ་དེ་ལ་སྒྲ་འཇུག་པའི་ཐ་སྙད་མེད་པ་ཉིད་དུ་འགྱུར་རོ། །སྒྲའི་ཐ་སྙད་ནི་ཆོས་དང་ཆོས་ཅན་གྱི་དངོས་པོ་ལ་བརྟེན་པ་ཡིན་ནོ། །གལ་ཏེ་ཆོས་དང་ཆོས་ཅན་གྱི་དངོས་པོ་ནི་དོན་རྣམས ་ཀྱི་དེ་ཁོ་ན་ཉིད་དང་ལྡན་པ་མ་ཡིན་ནམ། དེ་ཅི་ལྟར་དངོས་པོ་མེད་པ་ལ་འགྱུར་ཞེ་ན། གལ་ཏེ་ཡོད་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དང་ལྡན་པ་ཡིན་ན་མེད་པ་ལ་ཆོས་ཅན་གྱི་དངོས་པོར་མི་འགྱུར་རོ། །དོན་དམ་པར་ནི་མེད་པ་བཞིན་དུ་ལོང་པ་ལ་ཡང ་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །ལོན?་ཆོས་དང་ཆོས་ཅན་གྱི་དངོས་པོ་ཅི་ལྟར་ཡིན་ཞེ་ན། མེད་ཀྱང་ཆོས་དང་ཆོས་ཅན་དང། དེ་དག་གི་འབྲེལ་བ་ནི་རྣམ་པར་རྟོག་པ་ཅན་གྱི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ། །གལ་ཏེ ་ཆོས་དང་ཆོས་ཅན་དོན་དམ་པར་ཡིན་ན་དེའི་ཚེ་དེ་ཉིད་དམ་གཞན་ཡིན། དེ་ཉིད་ནི་མ་ཡིན་ཏེ་ཆོས་བརྗོད་པའི་སྒྲ་ཐམས་ཅད་རྣམ་གྲངས་པར་ཐལ་བར་འགྱུར་རོ། །ཐ་དད་པར་མི་མཐོང་བ་ཡིན་ནོ། །ཆོས་དང་ཆོས་ཅན་དུ་མ་ཉིད་ཡིན་ན་ལྟ་སྦྱིན་ལ་སོགས ་པའི་སྒྲ་ལྟར་གཞི་མཐུན་པར་མི་འགྱུར་ན་ཡོད་པ་ཡང་ཡིན་ཏེ། དེ་བས་ན་དོན་དམ་པར་དེ་ཉིད་གཞན་ཉིད་མི་རུང་པའི་ཕྱིར་དང། དངོས་པོ་ལ་རྣམ་པ་གཞན་ཡང་མེད་པའི་ཕྱིར་ཆོས་དང་ཆོས་ཅན་གྱི་དབྱེ་བ་ནི་དངོས་པོ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས ་པ་ནི་རྣམ་འགྲེལ་དུ་བཤད་ཟིན་ངོ་བོ་ཉིད་ལས་རྟོགས་པར་བྱའོ། །གང་གི་ཆོས་དང་ཆོས་ཅན་གྱི་འབྲེལ་བློས་བྱས་པ་དེའི་ཚེ་ཡོད་པ་བཞིན་དུ་མེད་པ་ལ་ཡང་པ?་ཚུངས་པའི་ཕྱིར་གང་གི་བཟློག། ཡོད་པ་བཞིན་དུ་མེད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི ་དངོས་པོར་འགྱུར་མོད། གཞལ་བྱ་ཉིད་དེ་གོ་ཅི་ལྟར་ཚད་མ་ནི་གཞལ་བྱའི་འབྲས་བུ་ཡིན་ནེ། དངོས་པོ་མེད་པ་ནི་འགའ་ཨི་ཡང་རྒྱུ་མ་ཡིན་ནོ། །ཚད་མ་ནི་དོན་བྱེད་པ་ལ་འཇུག་པར་བྱེད་པ་ཡིན་ན། དངོས་པོ་མེད་པ་ལ་ནི་ནུས་པ་མེད་དོ། །དེས་ན་དེའི་ཡུལ ་ཅན་གྱི་ཤེས་པ་ཚད་མ་མ་ཡིན་པའི་ཕྱིར་དེ་ཡང་གཞལ་བྱ་མ་ཡིན་ནོ་ཞེ་ན་བཤད་པ། ཡོད་པ་དང་མེད་པ་དད་གཉི་ག་དང་གཉི་ག་མ་ཡིན་པའི་རྣམ་པར་གནས་པ་སྟེ་རབ་ཏུ་གྲགས་པའོ། །སུའི་ཞེ་ན། དེ་ཡིན་པ་དང་དེ་མ་ཡིན་པ་ནི་དེ་དང་དེ་མ་ཡིན་པ་སྟེ། ཡོད་པ་དང་མེད་པའོ། །དེ ་དག་གིས་?་ནི་ཐ་སྙད་དོ། །དེ་གང་ལ་ཡོད་པའི་ཐ་སྙད་བྱེད་པ་པོ་དེ་རྣམས་ཀྱི་རྣམ་པར་གནས་པ་ནི་གོ་བར་བྱེད་བ་མ་དེས་པ་ཡིན་པས་ན་གཅིག་ཏུ་ངེས་པར་འཛིན་པར་མི་འགྱུར་ཏེ། དངོས་པོ་མེད་པ་གཞལ་བྱ་ཡིན་ན་ངེས་པ་དང་ལྡན་པར་འཛིན་པར་མི་འགྱུར་རོ།། འདི་ལྟར་མེད་པ ་གཞལ་བྱ་མ་ཡིན་པའི་ཕྱིར་རྣམ་པར་བཅད་པ་མེད་པས་ཡོད་པ་དང་མེད་པ་དང་གཉི་ག་དང་གཉི་ག་མ་ཡིན་པར་རྣམ་པར་བཞག་པར་བྱ་བར་འདོད་པ་གང་ཡིན་པ་དེ་ཉིད་ངེས་པ་མེད་པས་རྣམ་པར་གཞག་པར་བྱ་མི་ནུས་ཏེ། མི་མཐུན་པ་མེད་པར་ངེས་པ་མེད་པར་ནི་དེས་པར་རྣམ་པར ་གནས་བའི་རྒྱུ་སྒྲུབ་བར་བྱེད་པ་མེད་པའི་ཕྱིར་རོ།། གང་གི་ཚེ་དངོས་པོ་མེད་པ་ཉིད་རྣམ་པར་གནས་པར་བྱ་བ་ཡིན་པ་དེའི་ཚོ་མེད་པའི་ཕྱིར་མི་མཐུན་པ་མ་ངེས་པས་རྣམ་པར་གནས་པར་བྱ་བ་སྒྲུབ་བྱེད་དེས་པ་མེད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་རང་ཉིད་ཀྱང་མེད་པའི་ཕྱིར ་སྒྲུབ?་བྱེད་མ་ངེས་པ་ཡིན་ནོ། །ཡོད་པ་ལ་སྲོགས་པར་རྣམ་པར་གནས་པ་མ་ཡིན་པར་ནི་འཇིག་རྟེན་གྱི་ཐ་སྙད་ཡོད་པ་མ་ཡིན་ནོ། །འདི་ལྟར་སྔོན་པོ་ཡོད་པ་དང་སྔོན་པོ་མ་ཡིན་པ་མེད་པ་དང། གཉི་ག་མེད་པ་འམ། དེ་བཞིན་དུ་འདི་ནི་ཡིན་ཀྱི་གཞན་ནི་མ་ཡིན་ནོ་ཞེས་དེ ་ཉིད་འདོད་པའི་ཡུལ་ན་ཡོད་པ་དང། གཞན་མེད་པར་རྣམ་པར་བཞག་ནས་ཐ་སྙད་བྱེད་པ་པོ་ཐམས་ཅད་འཇུག་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་དེད་ད་མ་ཡིན་པའི་བརྡ་ཅན་ཞེས་གཏན་དང་ལྡན་པ་ལ་ལྡན་ཨིབའི་བོན་བརྗོད་པ་ཡིན་ནོ།། གང་གི་ཕྱིར་ཐམས་ཅད་ཀྱི་ཡོང་པ་ལ་སོགས ་པའི་ཐ་སྙད་སྟོན་པར་བྱས་པ་མ་ཡིན་པ་བའི་ཕྱིར་ཅི་ལྟར་ཡང་རུང་སྟེ་ཞེས་བྱ་བ་རྣམ་པ་འགའ་ཞིག་གིས་སོ། །གལ་ཏེ་དངོས་པོ་ལས་ལོགས་ཤིག་ཏུ་དངོས་པོ་མང་པ་གཞལ?་པར་བྱ་བ་མ་ཡིན་དུ་ཆུག་ཀྱང། དངོས་པོ་འཛིན་པའི་སྒོ་ནས་ནི་དེས་གཞལ་བྱ་ཡིན་པར ་བརྗོད་པར་བྱའོ།། དེ་གཞལ་བྱ་མ་ཡིན་ན་མི་མཐུན་པ་མེད་པའི་དངོས་པོ་ཡང་ཡོངས་སུ་མ་བཅད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་དངོས་པོའི་ཡུལ་ཅན་ཉིད་ཚད་མར་སྔར་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་མེད་པ་གཞལ་བྱ་ཡིན་ཞེ་ན། བཤད་པ། གང ་གི་ཕྱིར་དངོས་པོའི་ཡུལ་ཅན་ཉིད་ནི་ཚད་མ་མ་ཡིན་ནོ། །ཅི་ལྟར་ཞེ་ན། ཚད་མའི་མཚན་ཉིད་ནི་དེས་པའི་དོན་ཐོབ་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དོན་དམ་མེད་ཀྱང་དུང་སྟེ་ཐོབ་པར་བྱ་བ་ངེས་པའི་ཡུལ་ཡིན་གྱི། དངོས་པོ་ཉིད་ནི་མ་ཡིན་ནོ། །གང་གི་ཕྱིར ་མི་བསླུ་བ་ཚད་མ་ཡིན་པ་དེའི་ཕྱིར་གལ་ཏེ་ངེས་པར་བྱས་པའི་རང་གི་ཡུལ་དེ་ལ་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་མེད་ན་ཡོད་པ་དང་མེད་པ་ལ་ཤེས་པས་ཡོད་པ་དང་མེད་པ་ངེས་པར་བྱེད་དོ། །གནོད་པ་མེད་པ་དེ་བས་ན་ཤེས་པ་འདི་ལ་ཚད་མའི ་རང་བཞིན་དོན་ཐོབ་པར་ནུས་པ་ཡོད་པ་ཡིན་ནོ། །དོན་ཐོབ་བར་ནུས་པ་གནོད་པ་མེད་པའི་ཡུལ་ཅན་ཉིད་ཡོད་པས་ཚད་མ་ཡིན་ནོ། །འགའ་ཞིག་གི་མེད་པ་ཐོབ་པ་ན་འདི་ཉིད་ཡིན་ཏེ། འཇུག་པའི་མངོན་པར་འདོད་པའི་ཡུལ་ལ་སོགས་པར་དེའི་དོན་བྱ་བར་བཟོད་པའི་རང ་བཞིན་ཐོབ་པ་མེད་བ་གང་ཡིན་པའོ། །དེའི་ཕྱིར་མེད་པའི་ཡུལ་ཅན་ཡང་ཚད་མ་ཡིན་པས་མེད་པ་གཞལ་བྱ་ཡིན་ནོ། །གལ་ཏེ་དངོས་པོ་མེད་པའི་ཡུལ་ཅན་ཡང་ཚད་མར་འདོད་ན། འོ་ན་ཅི་ལྟར་གཏན་ཚིགས་ཐིགས་པར་སྒྲོ་བཏགས་ཀྱི་རང་བཞིན་འཛིན་པའི་རྣམ་པར ་རྟོག་པ་ནི་དོན་བྱ་བ་སྒྲུབ་པ་མི་འཛིན་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་བྱ་བ་དང། རྣམ་འགྲེལ་དང། ལེའུ་གཉིས་པར་མི་དམིགས་པ་ཐམས་ཅད་དོན་བྱེད་པར་རུང་བའི་དངོས་པོ་སྟོན་པའི་བྱེད་པ་ཅན་ཡིན་པར་བཤད། འདི་དག་གིས་དོན་བྱེད་པ་ལ་མི་བསླུ་བའི་ཕྱིར ་རོ་ཞེས་ཀྱང་ཅི་ལྟར་བཤད་ཅེ་ན། དངོས་པོ་འབའ་ཞིག་ལ་ནི་ཚད་མ་ཅུང་ཟད་ཀྱང་ཡོད་པར་མི་བརྗོད་ཀྱི།། འོན་ཀྱང་དངོས་པོ་འཛིན་པའི་ཚད་མ་ཉིད་དངོས་པོ་མེད་པའི་ཡུལ་ཅན་ཡིན་ནོ། །ཞེས་འདི་གཉིས་ཀྱི་དོན་ཡོངས་སུ་བཅད་ནས་ཞེས་བྱ་བ་དང་བཤད་ཟིན་ཏོ། །དེ ་ཡོངས་སུ་གཅོད་པར་བྱེད་ཅིང་།དོན་གཞན་རྣམ་པར་གཅོད་པར་བྱེད་ལ། རྣམ་པ་གཞན་གསུམ་པ་ཡང་མེད་པར་སྟེན་པར་བྱེད་ཅེས་བཤད་པའི་ཡང་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚད་མ་དངོས་པོའི་འབྲས་བུ་ཡིན་པས་དངོས་པོ་ཉིད་ཐོབ་པར་བྱེད་པ་ན། གཞན་རྣམ་པར་བཅད ་པ་ཐོབ་པར་བྱེད་པའི་ཕྱིར་དངོས་བོ་དེས་པ་ན་འཁྲུལ་བ་མེད་པར་ངེས་པ་གཞན་མེད་པ་ལ་ཡང་ཆིང་མ་ཡིན་གྱི། གང་གིས་འབྲས་བུ་མ་ཡིན་པ་དང། དངོས་པོ་ཐོབ་པར་མི་བྱེད་པའི་སྐྱོན་དུ་འགྱུར་བ་དང་རྒྱུད་པ་ནི་མ་ཡིན་ནོ། །དེས་ན་དངོས་པོ་མེད་པའི་ཡུལ་ཅན་ཚད་མ ་ཡིན་ཡང་སྐྱོན་མེད་དོ། །རིགས་བ་ཅན་གྱིས་ཡང་སྨྲས་པ་ནི་གལ་ཏེ་དངོས་པོ་མེད་པ་ཐམས་ཅད་ཤེས་བྱ་དང་གཞལ་བྱ་ལ་སོགས་པ་རྣམ་པ་འགའ་ཞིག་ལྟར་ཡོད་པའི་ཕྱིར་འགའ་ཡང་རྣམ་པ་ཐམས་ཅད་དུ་དངོས་པོ་མེད་པ་མ་ཡིན་ནོ། །དངོས་པོ་ཡང་ཐམས་ཅད ་ཀྱི་རང་བཞིན་དུ་གཅིག་ཏུ་ཡོད་པ་ནི་འགའ་ཡང་མེད་དོ། །མེ་ཆུའི་རང་བཞིན་དུ་ཡོད་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་རྣམ་པ་གང་གིས་མེད་པའི་རྣམ་པ་དེ་དང་དངོས་པོ་མེད་པ་ཡིན་ནོ། །དེས་ན་དངོས་པོ་མེད་པ་ཡོད་པ་ཡིན་ལ་།དེ་ཡང་གཞལ་བྱ་ཡིན་བས་གཞན ་བྱ་ཉིད་གཉི་གའི་ཆོས་སུ་གྲུབ་བོ། དེ་བཞིན་དུ་བདག་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བའི་ཚད་མ་ལ། རི་བོང་ཡང་ཡོད་ལར?་ཡང་ཡོད་པའི་ཕྱིར་ངོ་བོ་གཉི་གས་སྟོང་བ་ཡིན་པར་མཐོང་ནས། རི་བོང་གི་རྭ་མེད་པར་སྨྲ་བ་ལ། ་གསལ་བྱེད་ཀྱིས་གཞད་གང་དུ་བྱས་པ། རི་བོང་དང་རྭ་དག་ཡོད་བར་མཐོང་བའི་རྒྱུའི་ཕྱིར་སངས་རྒྱས་པའི་རི?་བོང་གི་རྭ་མེད་པར་སྨྲ་བ་ལ་བཞད་གང་བྱེད་པ་དེ་ན་མི་ཤེས་པར་སྟོན་པས་བདག་ཉིད་ལ་བཞད་གང་དུ་བྱེད་པ་ཡིན་ནོ། །ཅི་ལྟར་ཞེ་ན། འདི་ལྟར་རི་བོང་གི་རྩོམ་བྱེད ་ཡན་ལག་ཏུ་གྱུར་པའི་དྲ་མེད་དོ་ཞེས་བརྗོད་པར་བྱེད་པར་འགྱུར་ལ། རྭ་དང་མ་འབྲེལ་པའི་རི་བོང་ཡང་ཡོད་ལ། རི་བོང་གི་ཡན་ལག་ཏུ་གྱུར་པ་མ་ཡིན་པའི་རྭ་ཡང་ཡོད་དོ་ཞེས་བྱ་བའི་ལན་འདིའི་སྐབས་ནི་ཅི་ཡང་མེད་དོ། །དེ་བས་ན་བདག་ཉིད་ལ་མི་ཤེས་པས་བྱེད ་བར་བཞད་གང་བྱེད་པ་ཡིན་ཏེ། སྐབས་སུ་མ་བབས?་བརྗོད་པའི་ཕྱིར་རོ། །ཅི་ལྟར་ལན་སྐབས་སུ་མ་བབ་ཞེ་ན། གང་གིས་ན་རི་བོང་དང་རྭ་ཡོད་པར་བརྗོད་པ་དེས་གནོད་པར་འགྱུར་བ་སྟེ་སུན་ཕྱུང་བར་འགྱུར་བ་སངས་རྒྱས་པ་དེ་རྭ་ཙམ་འམ། རི་བོང ་ཙམ་ལ་བསྙོན་པ་ནི་མ་ཡིན་ནོ། །འོ་ན་ཅི་འདྲ་བ་ཞིག་ཅེ་ན། ཁྱད་པར་ཅན་རི་བོང་དང་འབྲེལ་པ་ཅན་ནོ།། དེ་ཉིད་ཀྱི་ཕྱིར་རི་བོང་གི་ཞེས་ཚིག་རྣམ་པར་སྦྱོར་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་རི་བོང་དང་རྭ་གཉིས་ཀྱི་འབྲེལ་པ་མེད་ཅེས་བརྗོད་པར་བྱ་བའི་རྭ་ནི་མ་ཡིན་ན། །འབྲེལ ་བ་ལས་འབྲེལ་བ་ཅན་དུ་འགྱུར་བ་ཡིན་ཏེ། དེའི་ཕྱིར་འབྲེལ་བ་དགག་པར་བྱ་བ་ཡིན་ཞེ་ན། ཅིག་ཤོས་རང་གི་ཚིག་ཉིད་ཀྱིས་ར་བཀག་པར་བརྗོད་པའི་ཕྱིར་བཤད་པ། ཅི་བ་ལང་ལ་སོགས་པ་རྭ་ཅན་རྣམས་ཀྱི་འབྲེལ་བ་ཅན་རྭ་ལ་འབྲེལ་བ་ཙམ་ཁྱད་པར་ཡོད་ཀྱི ་རྫས་རྭ་མ་ཡིན་ནམ། གལ་ཏེ་རྭ་ཅན་ཐམས་ཅད་ཀྱི་རྭ་ཐ་དད་པ་མེད་པར་གཅིག་ཉིད་དུ་འགྱུར་ལ་དེའི་ཚེ་གཞན་བཞིན་དུ་ཐམས་ཅད་ཀྱི་ཐུན་མོང་གི་རྭ་དང་རི་བོང་གི་འབྲེལ་བ་དགག་པར་འགྱུར་གྱི་རྫས་ནི་མ་ཡིན་ནོ། །གཞན་གྱིས་སྒྲས་པ། རྭ་ཅན་རྣམས་ལ ་རྭའི་རང་བཞིན་ཡང་ཐ་དད་དོ། །ག་ལས་ཤེ་ན། འབྲས་བུ་སོ་སོ་ལ་རྒྱུའི་རང་བཞིན་ཐ་དད་པའི་ཕྱིར་རོ། །རྭ་ལ་སོགས་པ་ནི་འབྲས་བུ་ཡན་ཅན་གྱི་རྫས་ཀྱི་རྩོམ་པར་བྱེད་པ་ཡིན་ནོ། །རྩོམ་པར་བྱེད་པ་ཡང་འབྲས་བུ་ཐ་དད་པའི་ཕྱིར་ཐ་དད་ངོ་ཞེ་ན། འོ་ན་ནི་རྒྱུ་ཐ ་དད་པ?་བྱེད་པའི་ཕྱིར་འབྲེལ་པ་མེད་ཅེས་བརྗོད་བར་བྱའོ་ཞེས་བྱ་བའི་ཀླན་ཀ་འདི་མེད་དོ། །རི་བོང་དང་འབྲེལ་པའི་རྭ་གང་ཡིན་པ་དེ་ཉིད་མེད་པ་ད་བས་ན་བརྗོད་པར་བྱ་བ་མ་ཡིན་བ་ཅི་ཞིག་བརྗོད། ཀླན་ཀའི་གོ་སྐབས་སྨྲས་པ་ནི། རྭ་ཡོད་པ་རྣམས་ཀྱི་རྭ་དག ་རང་བཞིན་ཐ་དད་པ་ཡོད་པ་ཡིན་གྱི། རྭ་དང་ལྡན་པ་རི་བོང་གི་རྭ་རང་བཞིན་གྱི་ཁྱད་པར་ཅན་ནི་མང་ངོ། །འདི་སྐད་ཅེས་བརྗོད་པ་ཡིན་ཏེ། གང་ལ་རྭ་ཡོད་པ་དེའི་དེ་ཁྱད་པར་ཅན་དུ་འགྱུར་གྱི། རི་བོང་ལ་ནི་རྭ་མེད་པ་ཉིད་ཀྱི་ཁྱད་པར་ཅན་ཡོད་པ་མ་ཡིན་ནོ། །དེས་ན ་རི་བོང་དེའི་རྭ?་ཁྱད་པར་ཅན་ཅི་ཞིག་དགག་པར་བྱ། ཡོད་པའི་ཕྱིར་རྭ་ཙམ་ཡང་དགག་པར་བྱ་བ་མ་ཡིན་ཏེ། དེས་ན་འབྲེལ་བ་དགག་པར་བྱ་བ་ཡིན་པའི་ཕྱིར་ཀླན་ཀ་འགའ་ཡང་མེད་དེ། གང་གི་ཕྱིར་ཅི་ལྟར་ཁྱེད་འབྲེལ་བ་དགག་པར་བྱ་བར་སྒྲུབ་པར་འདོད་བས། དེ་བཞིན་དུ་རི ་བོང་གི་རྭ་ཁྱད་པར་ཅན་ནི་མེད་དོ་ཞེས། བརྗོད་པ་ལྟར་ཁོ་བོ་ཡང་དེ་ཉིད་སྨྲའོ། །གདོན་མི་ཟ་བར་ཁྱེད་ཀྱིས་གང་གི་ཕྱིར་རྭ་ཅན་ལྟར་རི་བོང་ལ་ཁྱད་པར་ཅན་གྱི་རྭ་མེད་པ་དེའི་ཕྱིར་འབྲེལ་བ་དགག་པར་བྱ་བ་ཡིན་ནོ་ཞེས་བརྗོད་དགོས་སོ། །ཁོ་བོས་ཀྱང་རི་བོང་ལ་ཁྱད་པར་ཅན ་གྱི་རྭ་མེད་དོ་ཞེས་བརྗོད་དེ། །དེས་ན་གང་གི་ཕྱིར་དེ་ལ་ཀླན་ཀར་འགྱུར་ལ་བདག་ཉིད་མ་ཡིན་པ་ཡུ་བུ་ཅག་གཉིས་ལ་ཁྱད་པར་མེད་དོ། །ཡང་ན་ཁྱོད་ཀྱིས་དགག་པར་བྱ་བའི་འབྲེལ་བ་གང་ཡིན་པ་དེ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡིན་ནོ། །དེ་ལྟ་ཡིན ་དང་དངོས་པོ་མེད་པས་འདོད་པ་ཡིན་ནོ། །དེ་ལྟ་ཡིན་དུ་ཟད་མོད། ཁྱོད་ཀྱིས་ཀྱང་འབྲེལ་བ་དགག་པར་བྱ་བ་ཡིན་གྱི་འབྲེལ་བ་ཅན་ནི་མ་ཡིན་ནོ།། འབྲེལ་བ་ཅན་ཡོད་པའི་ཕྱིར་རོ། །འདི་ནི་ཁྱེད་ཀྱི་ཚིག་གི་ཚུལ་དོན་འབྲེལ་བ་མེད་པ་ཅན་གཞན་ཡིན་ཏེ། འབྲེལ་བ་ཅན ་ཡོད་ལ་འབྲེལ་བ་མེད་དོ་ཞེས་བྱ་བའོ། །འབྲེལ་བ་ཅན་ནི་འབྲེལ་བའི་ཁྱད་པར་ཅན་ཡིན་པའི་ཕྱིར་འབྲེལ་བ་མེད་ན་ཅི་ལྟར་འགྱུར། དབྱིག་པ་མེད་པར་ནི་དེའི་ཁྱད་པར་ཅན་དབྱིག་པ་ཅན་ཡང་པ་མ་ཡིན་ནོ། །དེའི་ཕྱིར་ཚིག་བརྟག་པ་མ་ཡིན་ནོ། །འབྲེལ་བ་མེད་པ ་འབའ་ཞིག་ཏུ་ནི་ཟད་དེ་ཁས་བླངས་པའི་འབྲེལ་བ་ཅན་ནི་རི་བོང་དང་འབྲེལ་བ་ཅན་གྱི་རྭའི་རྫས་ཀྱང་མང་དོ། །དེ་སྐད་སྨྲ་ན། འོ་ན་ནི་ཁྱོད་ཀྱིས་དེད?་ཀྱི་འདོད་པ་ཆེན་པོ་བསྒྲུབས་ཏེ། གང་གི་ཕྱིར་ངེད་ཀྱི་རི་བོང་དང་འབྲེལ་བ་ཅན་གྱི་རྭ་ཁྱད་པར་ཅན་མེད་ངོ་ཞེས་བརྗོད་དོ། །གལ ་ཏེ་མཐར་འདི་ཉིད་ཀྱི་གདོན་མི་ཟ་བར་བརྗོད་དགོས་པ་ཡིན་ནོ། །ཁྱེད་ཀྱིས་འདི་ཉིད་དང་བོར་བརྗོད་ན་འདོད་པ་སྨྲ་བ་ཁྱོད་འགལ་བ་འདུ་བ་བརྗོད་པ་ལ་སོགས་པས་དེས་ཉོན་མོངས་པར་མི་བྱ་བ་ཞིག་གོ། དེ་ཉིད་ཀྱི་ཕྱིར་ཁྱོད་ནི་ལྷ་རྣམས་དགའ་བ་ཡིན་ཏེ། དང་པོར་བརྗོད ་པར་བྱ་བ་དང་བོར་ནི་བརྗོད་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་མེད་བ་ནི་ཡོད་པ་ཡིན་ལ། དེ་ཡང་གཞལ་བྱ་ཡིན་པའི་ཕྱིར་གཞལ་བྱ་ཉིད་ཀྱང་ཐུན་མོང་གི་མ་དེས་པ་ཡིན་ནོ། །དེ་ལྟར་མ་དེས་པ་བརྗོད་ནས་འགལ་བ་འཁྲུལ་བ་མེད་པ་ཅན་ཡང་སློབ ་དཔོན་གྱིས་རྒྱུར་བཤད་ན། དེ་མ་ངེས་པ་གང་གི་ནང་དུ་འདུ་ཞེ་ན། དེ་རྗེས་སུ་དཔག་བའི་ཡུལ་འདིར་མ་བཤད་པས་མ་ངེས་པའི་ནད་དུ་བསྡུ་བས་ཅི་ཞིག་བྱ། ཅིའི་ཕྱིར་མ་བཤད་ཅེ་ན། རྗེས་སུ་དཔག་པའི་ཡུལ་ནི་ཚད་མས་གྲུབ་བའི་ཚུལ་གསུམ་བ་སྟེ། ཡུལ ་དེ་ལ་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་བའི་ཕྱིར་རོ། །ཅི་ལྟར་མི་སྲིད་ཅེ་ན། ཇི་སྐད་བཤད་བའི་མཚན་ཉིད་ཅན་རང་བཞིན་དང་འབྲས་བུ་རང་བཞིན་འབྲེལ་བ་ཅན་དག་གམ། བལྟར་རུང་བའི་ཡུལ་མི་དམིགས་པ་ལ་ནི་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་དོ།། ་གང་གིས་རང་གི་བསྒྲུབ་བྱ་ལ་འཁྲུལ་པ་མེད་པ་ཅན་གྱི་སྒྲུབ་བར་བྱེད་པ་གཉིས་གཅིག་ལ་འགྱུར་བ། གཅིག་ནི་འགལ་བའི་རང་བཞིན་གཉིས་དང་ལྡན་པ་མ་ཡིན་ནོ། །གང་ཞིག་འགལ་བ་མི་འཁྲུལ་བ་ཅན་དུ་འགྱུར་བ་འདི་དག་ལས་མི་འཁྲུལ་བ་ཅན་གཞན ་ནི་མེད་དོ། །དེ་བས་ནི་ཚད་མས་གྲུབ་པའི་ཚུལ་གསུམ་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་དོ། །འོ་ན་སློབ་དཔོན་གྱིས་འགལ་བ་མི་འཁྲུལ་བ་ཅན་གང་དུ་བརྗོད་ཅེ་ན། གང་གི་ཕྱིར་རྗེས་སུ་དཔག་བའི་ཡུལ་ལ་མ་བཤད་པ་དེའི་ཕྱིར་ལུང་གི་དོན ་དབང་པོ་ལས་འདས་བ་དེ་དཔྱོད་བའི་སྐབས་སུ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་གང་ཡིན་པ་སྟེ། དབང་པོ་ལས་འདས་པ་དཔྱོད་པ་ན་དངོས་བོ་མ་མཐོང་བ་ཚད་མ་ཡིན་པའི་རྣམ་པར་རྟོག་བ་གང་ཡིན་པ་དེའི་སྟོབས་ཀྱི་ལུང་ལས་གྲུབ་བའི་ཚུལ་གསུམ་པ ་ལས་རྗེས་སུ་དཔག་པ་གང་ཡིན་པ་དེ་འཇུག་པར་འགྱུར་ལ། དེ་ལ་བརྟེན་ནས་འགལ་བ་མི་འཁྲུལ་བ་ཅན་བཤད་དོ། །གལ་ཏེ་དངོས་པོའི་སྟོབས་ཀྱིས་ཞུགས་བའི་རྗེས་སུ་དཔག་བ་ལ་འགལ་བའི་མི་འཁྲུལ་བ་ཅན་མི་སྲིད་ན་ལུང་དང་ལྡན་བའི་དོན་ལ་ཅི ་སྲིད་ཅེ་ན། བསྟན་བཅོས་བྱེད་པ་རྣམས་ནི་འཁྲུལ་བས་དོན་རྣམས་ལ་རང་བཞིན་ལོག་བར་སྟོན་བ་སྲིད་བའི་རྒྱུད་ཕྱིར་རོ། །གལ་ཏེ་འཁྲུལ་བས་རང་བཞིན་ལོག་བར་སྟོན་སྲིད་བའི་ཕྱིར་ལུང་གི་དོན་ལ་འགལ་བ་མི་འཁྲུལ་པ་ཅན་སྲིད་པ་ཡིན་ན། འོ་ན་དང་འདྲ་བས་བྱས་བའི ་རྗེས་སུ་དཔག་བ་ལ་ཇི་ལྟར་མི་སྲིད་ཅེ་ན། འདི་ལྟར་བདག་དང་འབྲས་བུ་དང་མི་དམིགས་པ་དེ་རྣམས་ལ་སྟེ། དེ་རྣམས་ཀྱི་ནང་དུ་ནི་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་དོ། །དོན་ནམ་པའི་རྣམ་པར་གནས་པ་ནི་དངོས་པོ་ཞེས་བྱ་བ་ལ། དེ་ལས་མ་འདས་པར་འདུག་བ་སྟེ ་གནས་པ་གང་ཡིན་པ་དེ་རྣམས་ལ་སྟེ། འདི་ནི་གཏན་ཚིགས་སོ། །གང་གི་ཕྱིར་དངོས་པོའི་དེ་ཁོ་ན་ཉིད་ཅི་ལྟར་གནས་བ་དེ་བཞིན་དུ་བདག་དང་འབྲས་བུ་མི་དམིགས་པ་རྣམ་པར་བཞག་པ་ཡིན་པ་དེའི་ཕྱིར་འདི་རྣམས་ལ་འཁྲུལ་པའི་དབང་གིས་འགལ་བ་མི་འཁྲུལ? ་བ་ཅན་དུ་འགྱུར་བའི་གོ་སྐབས་ཡོད་པ་མ་ཡིན་ནོ། །འབྲེལ་བ་མ་མཐོང་བ་ནི་འབྲས་བུ་འམ་རང་བཞིན་གྱི་གཏན་ཚིགས་མ་ཡིན་ལ། འབྲེལ་བ་མཐོང་བ་ལ་ནི་འཁྲུལ་བ་མེད་དོ། །དེ་ལས་འགལ་བ་མི་འཁྲུལ་བ་ཅན་གྱི་དཔེར་བརྗོད་པ་ནི་འདི་ཡིན་ནོ། །འདི་ལ་དྲང་སྲོང་ཆེན ་པོ་གཟིགས་ཟན་གྱི་ཐམས་ཅད་དུ་སོང་བ་ཡིན་ནོ་ཞེས་བཤད་པའི་དངོས་ཀྱི་སློབ་མ་གཉིས་ལས། པེ་ལུ་ཀས་ནི་སྤྱི་ཐམས་ཅད་དུ་སོང་བ་དང། བོ་ཐ་རས་ནི་རང་གི་རྟེན་ཙམ་ཐམས་ཅད་དུ་སོང་བར་གཟུང་ངོ། །དེ་དག་གི་མཁན་པོ་འདས་ནས་རྩོད་པ་ན་པེ་ལུ་ཀས་ཅིག ་ཤོས་ལ་ཚད་མའི་ལན་སྨྲས་པ། བ་ལང་ཉིད་ལ་སོགས་པའི་སྤྱི་ནི་ཐམས་ཅད་ན་ཡོད་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །ཡུལ་ཐམས་ཅད་གནས་པ་དང་འབྲེལ་བ་ཅན་འདུ་བའི་རྟེན་གྱི་གོང་བུ་དག་དང་ཅིག་ཅར་མངོན་བར་འབྲེལ་བའི་ཕྱིར་ཞེས་བྱ་བ་ནི་གཏན ་ཚིགས་སོ། །ནམ་མཁའ་བཞིན?་ཞེས་བྱ་བ་ནི་ཁྱབ་པའི་ཡུལ་ལོ། །ནམ་མཁའ་ནི་ཡུལ་ཐམས་ཅད། ཡོད་པར་རང་དང་ལྡན་པ་ཅན་དང་འདུ་བ་ཅན་གྱི་རྫས་རྣམས་དང་ཅིག་ཅར་མངོན་པར་འབྲེལ་བ་ཡུལ་ཐམས་ཅད་ན་ཡོད་པ་དེ་བཞིན་དུ་སྤྱི་ཡང་ཐམས་ཅད་ན་ཡང ་པར་འགྱུར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་སྦྱར་བའི་ཕྱིར་བཤད་པ། སྤྱིའི་རང་བཞིན་གང་ཞིག་ཡུལ་དུ་མ་ན་ཡོད་པའི་རྫས་དེ་དག་དང་འབྲེལ་བ་ཅན་གྱི་སྤྱིའི་རང་བཞིན་དེ་ཙམ་དང་རྗེས་སུ་འབྲེལ་བ་དེ་དག་གི་ཡུལ་ན་འདུག་པའི་རང་བཞིན ་ཉིད་དོ། །ཡང་ཅིའི་ཕྱིར་གང་ཞིག་གི་གང་དང་འབྲེལ་བ་ཅན་གྱི་རང་བཞིན་གང་ཡིན་པ་སྟེ། དེའི་ཡུལ་ན་འདུག་པའི་རང་བཞིན་དུ་འགྱུར་ཞེ་ན། གང་གི་ཕྱིར་གང་ཞིག་ཡུལ་གང་ན་མེད་པ་ནི་ཡུལ་དེ་གང་ལ་ཡོད་པའི་དོན་དེའི་ཡུལ་ཅན་དེར་དེ་ན་མེད་པའི་དོན་གྱི ་རང་གི་ངོ་བོས་ཁྱབ་པར་བྱེད་པ་མ་ཡིན་ནོ། །གང་གིས་ཐག་རིང་པོ་ན་འདུག་པ་རྣམས་ལ་ཡང་འགྱུར་བ། སྤྱི་དང་དེ་དང་ལྡན་པ་རྣམས་ནོར་དང་བདག་པོའི་འབྲེལ་བ་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་འདུ་བས་ཡིན་ལ། དེ་ཡང་ཡུལ་གཅིག་པ་རྣམས་ཀྱི་ཡིན་ནོ། །ཕ ་རོལ་པོ་དག་འཁྲུལ་བ་བརྗོད་པའི་ཕྱིར་སྨྲས་པ་ནི། གལ་ཏེ་གཟུགས་ལ་སོགས་པ་ནམ་མཁའ་ལ་མེད་ཀྱང་སྟེ། དེ་དག་ནི་ཡོན་ཏན་ཡིན་ཡང་ཡོན་ཏན་ཅན་བུམ་པ་ལ་སོགས་པ་ལ་འདུ་བ་ཡིན་གྱི། ནམ་མཁའ་ལ་ནི་མ་ཡིན་ཏེ། དེས་ན་དེའི་ཡུལ་ཅན་མ་ཡིན་ནོ། ། ་བུམ་པ་ལ་སོགས་པ་ནི་ནམ་མཁའ་དང་སྦྱོར་བ་དེའི་ཡུལ་ཅན་ཡིན་པ་དེས་ན་གཟུགས་ལ་སོགས་པ་དེའི་ཡུལ་ཅན་མ་ཡིན་ཡང་ནམ་མཁའ་ཨི་ཡུལ་ཅན་བུམ་པ་ལ་སོགས་པ་ཁྱབ་པར་བྱེད་པ་ཡིན་ཏེ། འཕྲོད་པ་འདུ་བའི་ཕྱིར་རོ། །དེ་བས་ན་གང་གིས་གང་ཁྱབ ་བར་བྱ་བ་དེས་ནི་ཁྱབ་བྱའི་ཡུལ་ཅན་དུ་གྱུར་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་མ་དེས་སོ་ཞེ་ན། གང་ལས་གཟུགས་ལ་སོགས་པ་དང་བུམ་པ་ལ་སོགས་པ་ཡུལ་ཐ་མི་དད་པར་འགྱུར་བ་གྲུབ་པའི་མཛའ་ལས་གྲགས་པ་དང་འདུ་བ་དག་ལས་ཡུལ་དང་ཡུལ ་ཅན་གྱི་དངོས་པོ་གང་ཡིན་པ་ཡུལ་ལ་གནས་པ་ཉིད་འདི་ནི་རེ་ཞིག་བཞག་སྟེ། འཇིག་རྟེན་པ་ཉམས་སུ་མྱོང་བས་རྟོག་པ་ཐ་དད་པ་འམ་ཐ་མི་དད་པ་ལ་བརྟེན་ནས་གང་གང་ན་མེད་པ་དེས་ན་དེའི་ཡུལ་ཅན་བདག་ཉིད་ཀྱིས་ཁྱབ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད ་དོ། །ཉམས་སུ་མྱོང་བས་གྲུབ་པའི་ཡུལ་ཐ་དད་པ་དང་ཐ་མི་དད་པ་དེ་ཉིད་བརྗོད་པར་རྣམ་པར་ཆད་པ་དང་མ་ཆད་པའི་དོན་དག་ཏུ་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་རུང་བའི་རང་བཞིན་གྱི་ཡུལ་ལ་བརྟེན་ནས་ཏེ། དོན་གཉིས་པོ་དག་རྣམ་པར་ཕྱེ་བར་སྣང་བའི་རྣམ་པར་ཤེས ་པ་སྐྱེད་པར་རུང་བའི་རང་བཞིན་ནི་ཡུལ་ཐ་དད་པ་ཡིན་ལ། རྣམ་པར་ཕྱེ་བ་མེད་པར་སྣང་བའི་རྣམ་བར་ཤེས་པ་སྐྱེད་པར་རུང་བའི་མཚན་ཉིད་ནི་ཐ་མི་དད་པ་ཡིན་ནོ། །གཟུགས་དང་བུམ་པ་ལ་སོགས་པ་རྣམས་ལ་ནི་རྣམ་བར་ཆད་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་མ ་ཡིན་གྱི། འོན་ཀྱང་རྣམ་པར་མཆོད་བར་སྣང་བ་ཡིན་ནོ། །དེས་ན་བུམ་པ་དང་དེའི་གཟུགས་ལ་སོགས་པ་ནི་ཡུལ་ཐ་མི་དད་པ་ཉིད་དོ། །གལ་ཏེ་འདི་འཇིག་རྟེན་པ་ལ་བརྟེན་པའི་རྣམ་པར་དཔྱོད་པ་ནི་མ་ཡིན་ན། དེས་ན་འདིར་འཇིག་རྟེན་པའི་ཡུལ་གྱིས་ཅི་ཞིག་བྱ་ཞེ་ན་།བཤད ་པ། སོ་སོར་གྲུབ་པ་དག་ལ་ནི་ལྡན་བའི་འབྲེལ་བ་ཡིན་ལ། སོ་སོར་མ་ཡིན་པར་གྲུབ་པ་དག་ལ་ནི་འདུ་བའི་འབྲེལ་བ་ཡིན་ནོ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ཡང་རྣམ་པར་བཞག་པ་ཡིན་པར་མཐོང་ངོ། །དེ་ལ་སོ་སོར་གྲུབ་པ་ནི་ཡུལ་ཐ་དད་པར་གྲུབ་པའོ། །སོ་སོ་མ་ཡིན ་བར་གྲུབ་པ་ནི་ཡུལ་ཐ་དད་པར་མ་གྲུབ་པ་ཡིན་བའི་ཕྱིར་འདུ་བའི་འབྲེལ་བ་ཡིན་ནོ། །གལ་ཏེ་ཡུལ་ཐ་དད་པ་དང་ཐ་མི་དད་པ་ཉིད་བསྟན་བཅོས་ལས་གདོན་མི་ཟ་བར་བརྟེན་པར་བྱ་བ་ཡིན་ཡང་དེ་ཉིད་ཁོ་བོ་ཅག་བརྗོད་པའི་ཕྱིར་མི་རིགས་ཅི་ཞིག་ཡོད། དེས་ན་འདིར་རང་གི་ངོ ་བོས་ཁྱབ་པ་ནི་ཡོད་པས་ཁྱབ་པ་ཡིན་ལ། དེ་ནས་ཉེ་བར་མི་གནས་པ་ཡང་དེ་ན་ཡོད་པ་མ་ཡིན་པའི་ཕྱིར་ཁྱབ་བར་བྱེད་པ་མེད་པས་འབྲལ་བ་ཅན་ཉིད་ཉེ་བར་གནས་པ་མ་ཡིན་པ་ལས་ལྡོག་པ་ན་དེ་ན་ཉེ་བར་གནས་པས་ཁྱབ་པ་ཡིན་ནོ། །དེའི་ཕྱིར་སྤྱི་འདིའི་རང་ཡོད་པ་ཙམ ་དང་འབྲེལ་བ་ཅན་འབྲེལ་བ་ཅན་གྱི་རྫས?་ཀྱི་ཡུལ་ན་གནས་པར་བསྒྲུབ་བར་བྱ་བ་ལ་དེའི་ངོ་བོས་ཁྱབ་བས་དེ་དང་འབྲེལ་བ་ཅན་གང་ཡིན་པ་དེ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གཟོ་བོ་འགའ་ཞིག་མཚུངས་པར་སྟོན་པ་ནི། གལ་ཏེ་རང་གི་བརྟེན་ལ་ཁྱབ་པར་སྨྲ་བས ་ཀྱང་རང་གི་རྟེན་གྱི་ཡུལ་ན་སྤྱི་གནས་པར་འདོད་པ་ཉིད་མ་ཡིན་ནམ། དེའི་ཕྱིར་ཕྱིར་རྒོལ་པ་མི་འདོད་པ་ཅི་ཞིག་ཡོད་ཅེ་ན། མི་འདོད་པ་གང་ཡིན་པ་དེ་བསྟན་བའི་ཕྱིར་བཤད་པ། སྤྱི་ནི་གཉི་གས་ཀྱང་བྱ་བ་མེད་བར་འདོད་བ་ཡིན་ནོ།། གཅིག་དང་འབྲེལ ་བ་ཅན་གསལ་བ་དེ་སྐྱེ་བ་ལས་སྔོན་ཡུལ་དེ་ན་མེད་བའི་སྤྱི་དེ་ནི་གསལ་བ་དེའི་ཡུལ་ལས་གཞན་དུ་སྔ་ན་མེད་པའི་གསལ་བ་སྐྱེ་བ་ན། བྱ་བ་མེད་བས་མེ་འགྲོ་བའི་ཕྱིར་ཕྱིས་ཀྱང་གསལ་བ་དེ་དང་འབྲལ་བར་མི་རུང་ངོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཡུལ ་ཐ་དད་བ་དག་དང་ཅིག་ཅར་མངོན་པར་འབྲེལ་བ་ནི་སྤྱིའི་ཡུལ་ཐམས་ཅད་ཁྱབ་པ་ཡིན་ན་འགྲུབ་པོ།། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དངོས་བོ་གཅིག་དང་འབྲེལ་བ་ཅན་གྱི་དོན་གྱི་ཡུལ་གཞན་བ་སྔོན་མེད་པ་སྐྱེས་པ་དག་དང་འབྲེལ་བ་ནི་སྔོན་ནས་ཡིན་ནོ། །དུ ་མ་ནི་མ་སོང་ཡང་སྔ་ན་མེད་པ་དང་ལྷན་ཅིག་གནས་པར་འགྱུར་གྱི། སྤྱི་གཅིག་ནི་བྱ་བ་མེད་པའི་ཕྱིར་མ་སོང་བར་ཡུལ་གཞན་པ་དག་དང་ཅིག་ཅར་མངོན་པར་འབྲེལ་བ་ནི། གསལ་བའི་ཁྱད་པར་དེ་དག་གི་བར་དེ་གསལ་བ་གཞན་གྱི་བདག་ཉིད་དང། གསལ་བས ་སྟོང་བའི་ཡུལ་གྱི་བདག་ཉིད་གང་ཡིན་པ་དེ་ཁྱབ་པ་སྟེ་ཟིན་པ། དེ་མེད་ན་མི་འབྱུང་བ་དེར་མི་འཁྲུལ་བ་ཡིན་ནོ། །དཔེ་བཤད་པ་ནི་དཔེར་ན་ཡུལ་དུ་མ་ན་གནས་པའི་བུམ་པ་ལ་སོགས་པ་དང་མངོན་པར་འབྲེལ་བ་ཉི་མ་ལ་སོགས་པ་དེ་བཞིན་དུའོ། །རང་གི་རྟེན་ཙམ ་ཐམས་ཅད་ལ་ཡོད་པར་སྨྲ་བ་པེ་ཐ་རའི་སྦྱོར་བ་ཡང། སྤྱི་ནི་ཐམས་ཅད་དུ་སོང་བ་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་བར་བྱ་བའོ། །དམིགས་བའི་ཡུལ་དུ་གྱུར་བ་ལས་གསལ་བའི་བར་དག་ཏུ་དམིགས་བའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ།། སྤྱི་དམིགས་པའི་མཚན ་ཉིད་དུ་གྱུར་པ་ཡང་གང་ཞིག་ཡིན་ཞེ་ན། མངོན་པར་གསལ་བ་སྟེ་དེར་འཛིན་བའི་ཤེས་པ་སྐྱེད་པའི་ཕྱིར་སྤྱི་གསལ་བར་བྱ་བ་ཡིན་ནོ། །དེས་ན་གསལ་བ་རྣམས་གྱི་ཤེས་པའི་ཡུལ་ཉིད་དུ་བསྒྲུབས་པ་ནི་མངོན་བར་གསལ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་གསལ་བ་ལ ་ལར་དེ་མངོན་པར་གསལ་བ་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེ་ན། བཤད་པ། སྤྱི་ཐ་དད་པ་མེད་པའི་ཕྱིར་གསལ་བ་གཅིག་ལ་གསལ་བའི་རྒྱུས་ཡུལ་ཐམས་ཅད་དུ་གསལ་བའི་ཕྱིར་མི་གསལ་བའི་རང་བཞིན་དང་བྲལ་བའོ། །འདི་སྙམ་དུ་ཆོད་པས་ཐམས་ཅད་དུ་མངོན་བར ་གསལ་བར་མ་ཡིན་ནོ་ཞེ་ན། བཤད་པ། ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་མཆོད་པ་ཡིན་ནོ། །སྤྱི་གཅིག་ཉིད་ནི་ཆོད་པ་དང་མཆོད་པར་འགྱུར་བ་མ་ཡིན་ལ། མཆོད་པའི་ཡུལ་དུ་ཡང་དམིགས་པ་མེད་དོ། །འོ་ན་ཐག་རིང་པོར་གནས་པས་མི་གསལ་བ་ཡིན་ནོ་ཞེ་ན། ཐ་མི་དད་པ་ཉིད་ཀྱི་ཕྱིར་ཐག ་རིང་པོར་གནས་པ་མ་ཡིན་ནོ། །ཐག་རིང་པོར་གནས་པ་མ་ཡིན་པར་ཡང་མ་དམིགས་སོ། །འོ་ན་ལྟར་མི་རུང་བའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། བལྟར་རུང་བའི་བདག་ཉིད་ཀྱང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་བལྟར་རུང་བ་དང་མི་རུང་བ་མ་ཡིན་ལ། གང་དུ་ལན་ཅིག་མ ་ཡིན་པར་མཐོང་བ་དེ་ཡང་དམིགས་པ་མེད་དོ། །འོ་ན་རང་གི་རྟེན་དང་དབང་པོ་འབྲེལ་བ་མེ་པའི་ཕྱིར་ཐམས་ཅད་དུ་གསལ་བ་མ་ཡིན་ནོ་ཞེ་ན། བཤད་པ། སྤྱིའི་རང་གི་རྟེན་ཏེ་རང་གི་རྟེན་དེ་དང་དབང་པོ་འབྲེལ་བ་ཡང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྤྱི་གཅིག་ཡིན་པའི་ཕྱིར་རྟེན ་གཅིག་དབང་པོ་དང་འབྲེལ་བ་ཡིན་ནོ། གང་དུ་ཡང་རྟེན་དབང་པོ་དེ་དང་མ་འབྲལ་བར་མི་འགྱུར་རོ། །དེ་ལྟར་ན་ནི་འོ་ན་རང་བཞིན་ཅི་སྲིད་རྟེན་དང་འབྲེལ་བ་དེ་སྲིད་ཉིད་དམིགས་པ་ཡིན་ཏེ། དེས་ན་ཐམས་ཅད་དུ་མངོན་བར་གསལ་བ་མ་ཡིན་ནོ་ཞེ་ན། བཤད་པ། རྟེན་དང་འདུ་བ་མེད ་པའི་རང་བཞིན་དང་བྲལ་བ་ཡང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གཅིག་པོ་དེ་ལ་རང་གི་རྟེན་དང་འདུ་བའི་རང་བཞིན་དང་མི་འདུ་བའི་རང་བཞིན་ནི་མེད་དོ། །འདི་སྙམ་དུ་སྤྱི་དང་ཡུལ་མཚུངས་པའི་སྤྱིའི་རྟེན་དབང་པོ་དང་སྦྱོར་བ་ལ་བལྟོས་ཏེ། སྤྱི་དམིགས་བ་ཡིན་ནོ། །སྤྱི་ནི་གདན?་བདག་ཉིད ་དང་ཡུལ་མཚུངས་པའི་རྟེན་དབང་པོ་དང་སྦྱོར་བ་ཡོད་པ་དང་གསལ་བར་འགྱུར་བ་ཡིན་ནོ། གསལ་བའི་བར་དག་ནི་དབང་པོ་དང་ལྡན་པའི་རྟེན་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེར་དེ་སྤྱི་དམིགས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་སྤྱི་འདི་རྟེན་དང་ཡུལ་མཚུངས་པའི་རང་བཞིན་དང། རྟེན ་དང་ཡུལ་མི་མཚུངས་པའི་རང་བཞིན་དུ་ཐལ་ལ། འགལ་བའི་ཆོས་དག་ལ་ཐ་དད་པ་མེད་པར་འགལ་ལོ། །དེ་བཞིན་དུ་ལྟར་རུང་བ་དང་མི་རུང་བ་ཉིད་ལ་སོགས་པ་སྔར་བརྗོད་པ་ཐམས་ཅད་དུ་ཐལ་བར་འགྱུར་རོ། །རྟེན་གྱི་དབང་གིས་བལྟར་རུང ་བ་དང་མི་རུང་བའི་བདག་ཉིད་ནི་གཅིག་པར་འགལ་ལོ་ཞེས་བསྟན་ནས། མཇུག་སྡུད་པར་བྱེད་པ་ནི་དེ་བས་ན་མི་དམིགས་པ་འདི་འདྲ་བ་འདི་དང། སྔར་བཤད་པའི་རང་བཞིན་ནི་ཕན་ཚུན་འགལ་བའི་དོན་བསྒྲུབ་པ་ཡིན་ལ། གཅིག་ལ་འགལ་བའི་ཆོས་འདུ ་བར་མི་འཐད་པ་དེས་ན། འགལ་བ་མི་འཁྲུལ་བ་ཅན་དག་ནི་ཐེ་ཚོམ་སྐྱེས་བར་བྱེད་དོ། །གལ་ཏེ་མ་མཐོང་བ་དང་ཅིག་ཅར་མངོན་པར་འབྲེལ་པ་དག་མ་ཁྱབ་པ་དང། ཐམས་ཅད་དུ་སོང་པ་འགལ་བ་གཉིས་ཀྱིས་ཁྱབ་པ་ནི་དངོས་པོ་ལ་འགལ་བ་མ་ཡིན་ནམ་།དེ ་ཅིའི་ཕྱིར་བསྟན་བཅོས་བྱེད་བས་སྨྲས་པ་ཡིན་ཞེ་ན། བཤད་པ། དེ་དག་དངོས་སུ་འགལ་བ་མེད་པའི་ཕྱིར་མ་དམིགས་པ་དང། ཐམས་ཅད་དང་འབྲལ་བ་ཅན་གྱིས་འགལ་བ། མ་ཁྱབ་པ་དང་ཐམས་ཅད་དུ་སོང་བ་བདག་མེད་ན་མི་འབྱུང་བ་ཉིད་མ་མཐོང་བས ་ཆེས་དེ་གཉིས་བཤད་པ་ཡིན་ཏེ། དེས་ན་འགལ་བ་མི་འཁྲུལ་བ་ཅན་སྲིད་དོ། །དངོས་པོ་དང་འབྲེལ་བའི་རྗེས་སུ་དཔག་པ་ལ་ནི་ཚུལ་འདི་མ་ཡིན་ཏེ། གང་གི་ཕྱིར་དེར་ནི་ཚད་མས་གྲུབ་པའི་ཆོས་གཟུང་བར་བྱ་བ་ཡིན་ནོ། །ཅི་ལྟར་འགལ་བའི་དངོས་པོ་དག ་གཅིག་ལ་མི་སྲིད་པ་དེ་བཞིན་དུ་དེ་དག་གིས་ཁྱབ་པ་དག་ཀྱང་གཅིག་ལ་མི་སྲིད་པ་ཡིན་པ་དེའི་ཕྱིར་འགལ་བས་ཁྱབ་པ་དེ་དག་གཅིག་ལ་ཡོད་པ་མ་ཡིན་ནོ། །དེས་ན་འདིར་དངོས་བོ་དང་འབྲེལ་བའི་རྗེས་སུ་དཔག་པ་ལ་ནི་མ་ཡིན་ནོ། །དེ་བས་ན་འགལ་བ ་མི་འཁྲུལ་བ་ཅན་འདི་ནི་ཁས་བླངས་པའི་སྟོབས་ཀྱིས་འཇུག་པ་ཡིན་གྱི། དངོས་པོ་ལ་བརྟེན་པ་ནི་མ་ཡིན་ནོ། །འོ་ན་ཅི་ལྟར་བྱས་པ་ཉིད་འགལ་བ་མི་འཁྲུལ་བ་ཅན་གྱི་དཔེར་བརྗོད་ཅེ་ན། ཕྱོགས་ཙམ་ཞིག་བསྟན་པའི་ཕྱིར་རོ། །གལ་ཏེ་བྱས་པ་ཉིད ་ལུང་ལས་གྲུབ་པ་བཟུང་བ་ཡིན་ན། དེ་སྒྲ་ཉིད་བཞིན་དུ་དཔེར་བརྗོད་པའི་ཕྱིར་འདི་ནི་ཕྱོགས་ཙམ་ཡིན་ནོ། །སྒྲ་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་འདི་ལ་ནི་ཚད་མ་ཅན་ཡིན་པའི་དངོས་པོ་གསུམ་སྟེ། སྒྲ་ལས་ཐ་དད་པའི་སྒྲ་ཉིད་དང། དབང་བོས་རྟོགས ་པར་བྱ་བ་དང། རྟག་པ་སྟེ། ཚད་མ་ཅན་མ་ཡིན་པ་གསུམ་བོ་དེ་ལས་སྒྲ་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་བྱ་བའི་ཚད་མ་འདི་འཇུག་པ་ཡིན་ནོ། །དེའི་ཕྱིར་ཉེ་བར་བཀོད་ཀྱང་འདི་ནི་ཚད་མས་གྲུབ་པའི་ཚུལ་གསུམ་པ་བྱས་པ་ཉིད་ཀྱིས་གེགས་བྱེད་པ་མ་ཡིན ་ནོ། །བྱས་པ་ཉིད་ཉེ་བར་འགོད་པའི་སྐབས་སུ་ནི་འདི་སྲིད་བ་ཡང་མ་ཡིན་ནོ།། གང་གི་ཕྱིར་འདི་ལུང་ལ་བརྟེན་པ་དང་དངོས་པོས་བྱས་པ་ཉེ་བར་འགོད་པ་ན་ལུང་ལ་རྟེན་པ་མ་ཡིན་པའི་ཕྱིར་ལུང་ཉེ་བར་འགོད་པ་མི་རིགས་པ་དེའི་ཕྱིར་གང་གིས་བྱས་བ་ཉིད ་གེགས་བྱེད་བར་འགྱུར་བ་འདི་ག་ལ་སྲིད། སྒྲ་ཉིད་ཅི་སྐད་བཤད་པའི་ཡོན་ཏན་དང་ལྡན་པ་ཚད་མས་གྲུབ་པ་དེ་ལྟ་ན་ཡང། མཉན་བྱ་ཉིད་དང་བསྒྲུབ་པར་བྱ་བ་རྟག་པར་བྱ་བ་ནི་འབྲེལ་པ་ནི་འབྲེལ་པ་ཡིན་ཏེ། འགའ་ཞིག་ཏུ་ནི་ལྷན་ཅིག་པ་ཙམ་གྱིས་ནི་གང ་མཉན་བྱ་དེ་ནི་རྟག་པ་ཉིད་ངོ་ཞེས་དེ་དག་དེ་ལྟར་མི་འཁྲུལ་བ་ཅན་དུ་མི་འགྲུབ་བོ། །དེས་ན་མཉན་བྱ་ཉིད་ནི་བྱས་པའི་གེགས་བྱེད་པ་མ་ཡིན་པའི་ཕྱིར་འདི་ནི་ཕྱོགས་ཙམ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ལེའུ་གཉིས་པར་གཏན་ཚིགས་ཀྱི་མཚན་ཉིད་དང་།འདིར ་ནི་སྦྱོར་བ་དང། གཏན་ཚིགས་ལྟར་སྣང་བ་རྣམས་ཀྱི་མཚན་ཉིད་བཤད་དོ། །དེ་ལ་གཏན་ཚིགས་ཀྱི་སྦྱོར་བ་ནི་དཔེ་དང་བཅས་པ་ཉིད་ཡིན་པ་དེས་ན་ཅི་ལྟར་དཔེའི་མཚན་ཉིད་མ་བརྗོད་ཅེ་ན། བཤད་པ། གཏན་ཚིགས་མཚན་ཉིད་གསུམ་ཡིན་པའི་ཕྱིར་།དཔེ ་ནི་གཏན་ཚིགས་ལས་ལོགས་ཤིག་བརྗོད་བྱ་མིན། གལ་ཏེ་གཏན་ཚིགས་ཀྱི་མཚན་ཉིད་གསུམ་ཡིན་མོད། དཔེ་གོ་ཅི་སྟེ་མི་བརྗོད་ཅེ་ན། གཏན་ཚིགས་ཀྱི་མཚན་ཉིད་གསུམ་བཤད་པ་ཞེས་སྨོས་སོ། །འདི་སྙམ་དུ་དེ་ཙམ་གྱིས་དོན་མི་རྟོགས་པས་སོ ་སྙམ་ན། བཤད་པ། དེ་ཙམ་གྱིས་བསྒྲུབ་པར་བྱ་བའི་དོན་རྟོགས་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དཔེ་ཞེས་བྱ་བ་སྒྲུབ་བའི་ཡན་ལག་གཞན་ནི་ཡོད་པ་མ་ཡིན་པ་གང་ཡིན་པ་དེས་ན་དཔེ་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བཤད་དོ། །སྒྲུབ ་པའི་ཡན་ལག་གཞན་མེད་མོད། གཏན་ཚིགས་ཀྱི་རྗེས་སུ་འགྲོ་ལྡོག་སྒྲུབ་པར་བྱེད་བ་གནོད་པར་བྱེད་པའི་ཚད་མ་དེ་ནི་དཔེ་ལ་བརྟེན་པར་བཤད་དེ། དེས་ན་དེའི་མཚན་ཉིད་ལོགས་སུ་བཤད་པར་བྱའོ་ཞེ་ན། བརྗོད་པར་མི་བྱ་སྟེ། དཔེ་བརྗོད་བའི་འབྲས་བུ་ནི་གྲུབ ་ཟིན་བའི་ཕྱིར་རོ། །དཔེ་དེ་ཁོ་ན་ཉིད་ནི་གཏན་ཚིགས་ཀྱི་མཚན་ཉིད་ཤེས་པ་ཉིད་ཤེས་ལ་མཚན་ཉིད་བརྗོད་བའི་དགོས་པ་ཡང་དེ་ཁོ་ན་ཤེས་པ་ཡིན་ནོ། །ཅི་ལྟར་གཏན་ཚིགས་ཀྱི་མཚན་ཉིད་ལས་དཔེ་ཤེས་པ་དེ་ལྟར་བསྟན་བའི་ཕྱིར་བཤད་བ། གཏན་ཚིགས ་ནི་མི་མཐུན་བའི་ཕྱོགས་ཉིད་ལ་ཡོད་པ་དང་མི་མཐུན་བའི་ཕྱོགས་ཐམས་ཅད་ལས་ལྡོག་པའི་ཚུལ་དུ་བྱེ་བྲག་མེད་བར་བཤད་ལ། ངེས་པ་ན་ཡང་གསལ་བའི་བྱེ་བྲག་ལ་ཁྱད་བར་ཅན་དུ་འགྱུར་བ་ཡིན་པས་དེས་ན་འབྲས་བུ་བསྒྲུབ་བར་བྱ་བ་ལས་སྐྱེ ་བ་དང། རང་བཞིན་བསྒྲུབ་པར་བྱ་བ་སྒྲུབ་བར་བྱེད་པ་ཙམ་གྱིས་རྗེས་སུ་འབྲེལ་པའི་ཁྱད་པར་ཅན་གྱི་ཚུལ་དུ་བསྟན་པར་བྱ་བར་བཤད་དོ། །དེ་ལྟ་མ་ཡིན་ན་སྤྱི་བསྟན་པར་མི་ནུས་པའི་ཕྱིར་རོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་དེ་ཡང་གང་ན་ཞེས་བྱ ་བ་ལ་སོགས་པ་རྗེས་སུ་འགྲོ་བའི་དག་གམ། ལྡོག་པའི་དག་གིས་སྟོན་བར་བྱེད་པས་ཚད་མད་དང་གཞན་བདག་གམ། བུམ་པ་དང་ནམ་མཁའ་དག་བསྟན་པར་བྱ་བ་ཡིན་ཏེ། གང་དུ་མངོན་སུམ་དང་མི་དམིགས་བའི་སྒྲུབ་བར་བྱེད་བ་ཅན་རྒྱུ་དང་འབྲས ་བུའི་དངོས་པོ་གནས་པ་ཚད་མེད་ལ་སོགས་པ་དེ་ནི་མངོན་སུམ་དང་མི་དམིགས་པའི་ཚད་མའི་ཡུལ་དུ་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་རྒྱུ་མཚན་འབྲེལ་བ་ཉིད་མི་འགྲུབ་བོ། །ལྡོག་པའི་དག་ལ་ཡང་རྒྱུ་དང་འབྲས ་བུའི་དངོས་པོ་ཉིད་ཀྱིས་མེ་ལོག་ན་དུ་བ་ལོག་པའི་ཡུལ་གཞན་མཚེའུ་ཆེན་པོ་ལ་སོགས་པ་ཡང་བསྟན་པར་བྱའོ།། རང་བཞིན་གྱི་གཏན་ཚིགས་ཀྱི་དངོས་བོ་ཐམས་ཅད་ཀྱི་ཡུལ་ཅན་གནོད་པར་བྱེད་པ་ཚད་མས་རང་གི་བསྒྲུབ་བྱས་ཁྱབ་པར་སྒྲུབ་པར་བྱ་བ་ཡིན ་ནོ། །དེས་ན་དེ་དག་གི་ནང་ནས་བུམ་པ་ལ་སོགས་པའི་ཆོས་ཅན་གང་ཡང་རུང་སྟེ། གནང་པར་བྱེད་པའི་ཚད་མའི་ཡུལ་ཉེ་བར་མཆོད་པའི་ཕྱིར་བསྟན་པར་བྱའོ། །དེའི་བདག་ཉིད་ཡིན་པ་ཉིད་ཀྱིས་མི་རྟག་པ་ལོག་ན་བྱས་པ་ལྡོག་པའི་ཡུལ་ནམ་མཁའ་ལ ་སོགས་པར་བསྟན་བར་བྱའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་འབྲེལ་བསྒྲུབ་བྱེད་ཀྱི་ཚད་མའི་ཡུལ་རབ་ཏུ་མ་བསྟན་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་དག་བསྟན་བར་མི་ནུས་ཏེ། ཁྱད་པར་མ་རྟོགས་པར་སྤྱི་མི་རྟོགས ་པའི་ཕྱིར་རོ།། བསྒྲུབ་བྱའི་འབྲས་བུའི་རང་བཞིན་རང་གི་བསྒྲུབ་བྱ་ལ་དེས་པའི་འབྲས་བུ་འམ་རང་གི་བསྒྲུབ་བྱའི་རང་གི་ངོ་བོས་ཁྱབ་པ་ཡང་བསྟན་པར་མི་ནུས་ཏེ། འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་རབ་ཏུ་བསྟན་པའི་ཕྱིར་རོ།། དེས་ཅིར་འགྱུར་ཞེ་ན། དེས་ན་སྤྱི་དང་ཁྱད་པར ་གྱི་རང་བཞིན་གྱི་དོན་བསྟན་པར་བྱ་བ་འདི་བསྟན་ན་ཡང་དཔེ་བསྟན་པ་ཉིད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དཔེའི་ཚུལ་ནི་འདི་ཙམ་དུ་ཟད་པའི་ཕྱིར་ཏེ། སྤྱི་དང་ཁྱད་པར་གྱི་མཚན་ཉིད་བསྒྲུབ་པའི་རང་བཞིན་དུ་ཟད་བའི་ཕྱིར་རོ། །སྤྱི་དང་ཁྱད་པར་གྱི ་མཚན་ཉིད་བསྟན་པར་བྱ་བ་སྟོན་པར་ནུས་པའི་དོན་གང་ཡིན་པ་དེ་ཉིད་ནི་དཔེ་ཡིན་ནོ། །གཏན་ཚིགས་ཀྱི་མཚན་ཉིད་བསྒྲུབ་པའི་དཔེ་འདིས་ནི་དཔེ་ལྟར་སྣང་བ་ཡང་བསལ་བ་ཡིན་ཏེ། གཏན་ཚིགས་ཀྱི་ཁྱབ་པ་བསྒྲུབ་པའི་ཕྱིར་ཉེ་བར་བཀོད་པ། དེར་མི་ནུས ་པ་ནི་དཔེར་ལྟར་སྣང་བའོ་ཞེས་དོན་གྱིས་བཤད་པར་འགྱུར་རོ། །དཔེའི་ཉེས་པ་དེ་དག་ཉིད་དཔེར་བརྗོད་པའི་ཕྱིར་བཤད་པ་ནི་དཔེར་ན་ཞེས་བྱ་བའོ། །སྒྲ་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཞིང། ལུས་ཅན་མ་ཡིན་པ་གཏན་ཚིགས་སུ་བཀོད་པ་ན། ལས་དང ་རྡུལ་ཕྲ་རབ་དང་བུམ་པ་རྣམས་བསྒྲུབ་པར་བྱ་བ་ལ་སོགས་པ་གང་ཡིན་པ་དེ་དག་གིས་སྟོང་པ་ཡིན་ནོ། །ལས་ནི་བསྒྲུབ་པར་བྱ་བ་རྟག་པས་སྟོང་པ་ཡིན་ནོ། །རྡུལ་ཕྲ་རབ་ནི་སྒྲུབ་པར་བྱེད་པས་སྟོང་པ་སྟེ། ལུས་ཅན་རྫས་ཐམས་ཅད ་དུ་སོང་བ་མ་ཡིན་པའི་ཚད་ནི་རྡུལ་ཕྲ་རབ་ལ་ཡོད་དེ། ལུས་ཅན་མ་ཡིན་པ་ནི་མ་ཡིན་ནོ། །བུམ་པ་ནི་མི་རྟག་པ་དང་ལུས་ཅན་ཡིན་པ་དེས་ན་གཉིས་ཀས་སྟོང་པ་ཡིན་ནོ། །ཐེ་ཚོམ་ཟ་བ་ཡང་བསྒྲུབ་བར་བྱ་བ་ལ་སོགས་པ་ཉིད་ལ་ཐེ་ཚོམ་ཟ་བའི་ཕྱིར ་རོ། །དཔེར?་བརྗོད་པ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པར་བསྒྲུབ་པར་བྱ་ཞིང། གཏན་ཚིགས་སྨྲ་བ་ལ་སོགས་པ་ལ་ལམ་པོ་ཆེའི་མི་ནི་བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །འཆི་བའི་ཆོས་ཅན་དུ་བསྒྲུབ་པ་ལ་ནི་ལམ་པོ་ཆེའི་མི་ལ ་འདོད་ཆགས་ལ་སོགས་པ་ཉིད་དུ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་བསྒྲུབ་བར་བྱ་བ་དང། འདོད་ཆགས་ལ་སོགས་པ་དང་ལྡན་པ་གཏན་ཚིགས་སུ་བྱས་པ་ལ་ནི་ལམ་པོ་ཆེའི་མི་གཉི་ག་ལ་ཐེ་ཚོམ་ཟ་བ ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་མེད་པའི་དཔེ་དང་རྗེས་སུ་འགྲོ་བ་ཡོད་ཀྱང་གང་ལ་སྐྱེས་བུས་རྗེས་སུ་འགྲོ་བ་མ་བསྟན་པ་དེ་ནི་རྗེས་སུ་འགྲོ་བ་མ་བསྟན་པའི་དཔེའོ། །རྗེས་སུ་འགྲོ་བ་མེད་པ་དཔེར་བརྗོད་པ་ནི་དཔེར་ན་གང་ཅུང་ཟད་སྨྲ་བ་དེ་ནི ་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ་ཞེས་ཁྱབ་པ་བསྟན་པའི་ཕྱིར་འདོད་པའི་མི་དཔེར་བྱས་པའོ། །གལ་ཏེ་བདག་རང་ཉིད་ལ་སྨྲ་བ་ཉིད་དང། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་མཐོང་བ་དེ་ལྟ་ན་ཡང་འདིར་དོན་ཐམས་ཅད་ཉེ་བར་བསྡུས ་བས་རྗེས་སུ་འགྲོ་བ་བསྟན་པར་ནི་མི་ནུས་པས་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་ལ་དཔེ་བུམ་པ་ནི་རྗེས་སུ་འགྲོ་བ་རབ་ཏུ་མ་བསྟན་པ་ཡིན་ནོ། །འདིར་དོན་གང་བསྟན་པའི་ཕྱིར་དཔེ་ཉེ་བར་བླངས་པ་རྗེས་སུ ་འགྲོ་བ་རབ་ཏུ་བསྟན་པར་འགྱུར་བ་རྗེས་སུ་འགྲོ་བའི་དག་སྦྱོར་བ་ནི་མེད་དོ། །ཁོ་ན་དམ་པར་ནི་རྗེས་སུ་འགྲོ་བ་ཡོད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི་སྨོས་བ་པོའི་སྐྱོན་ཡིན་ནོ། །དཔེ་བུམ་པ་ལ་མི་རྟག་པ་ཉིད་ལ་མི་འཁྲུལ་བར་ཤེས་པའི་བྱས་པ་ཉིད་ལས་སྒྲ་མི་རྟོགས? ་པ་ཡིན་ན། འདིར་ནི་མི་རྟག་པ་ཉིད་ལ་བྱས་པ་མི་འཁྲུལ་བར་མ་བརྗོད་དོ། །འོན་ཀྱང་དག་འདི་ལ་ནི་ཆོས་མཐུན་པས་བྱས་པའི་ལྷན་ཅིག་དཔྱོད་བར་བརྗོད་དེ། ཅི་ལྟར་བུམ་པ་བྱས་པ་མི་རྟག་པ་དེ་བཞིན་དུ་སྒྲ་ཡང་བྱས་པས་ཡིན་པས་ནི་རྟག་པར་འགྱུར ་རོ། །འགའ་ཞིག་གིས་ཆོས་མཐུན་བ་ཙམ་གྱིས་ནི་གཞན་གཞན་གྱི་ཆོས་གཞན་གྱིས་ཀྱང་མཚུངས་བར་ནི་འོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དཔེ་གང་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཡོད་པ་དེ་ནི་དེ་སྐད་ཅེས་བྱ་བའོ།། ་འདི་སྐད་གང་བྱས་པ་དེ་ནི་མི་རྟག་པ་ཉིད་དོ་ཞེས་བྱས་པ་ཉིད་མི་རྟག་པ་ཉིད་ལ་དེས་པར་བསྟན་བར་བྱ་བ་ཡིན་ཏེ། དེ་ལྟར་ན་ནི་དེ་ལས་བསྒྲུབ་བྱ་རྟོགས་པར་འགྱུར་རོ། །གང་གི་ཚེ་གང་མི་རྟག་པ་དེ་ནི་བྱས་པ་ཉིད་དོ་ཞེས་བྱས་པ་ཉིད་ལ་མི་རྟག་པ་ངེས ་པར་བྱས་པ་དེའི་ཚེ་ནི་བྱས་པ་མི་རྟག་པ་ལ་ངེས་པར་མ་བརྗོད་པ་དེས་ན་གཞན་ལ་ཡང་འཇུག་པར་དོགས་པས་གོ་བར་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་རང་བཞིན་གང་གིས་གཏན་ཚིགས་གོ་པར་བྱེད་པའི་རང་བཞིན་དེ་དཔེས་མ་བསྟན་པའི་ཕྱིར་སྨྲ་བ་པོའི ་ཉེས་པས་དཔེ་སྐྱོན་ཆགས་པ་ཡིན་ནོ། །དཔེ་སྐྱོན་དགུ་པོ་འདི་དག་ནི་ཆོས་མཐུན་པ་ཡིན་ནོ། །ཆོས་མི་མཐུན་པས་ཀྱང་གང་རྟག་པ་མ་ཡིན་པ་དེ་ནི་ལུས་ཅན་མ་ཡིན་པ་མ་ཡིན་ནོ་ཞེས་བསྒྲུབ་བྱ?་ལོག་པས་སྒྲུབ་བྱེད་ལྡོག་པ་ལ། རྡུལ་ཕྲ་རབ་དང་ལས་དང? ་ནམ་མཁའ་ཨི་དཔེ་རྣམས་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལྡོག་པ་མེད་པ་ཅན་ཡིན་ནོ། །རྡུལ་ཕྲ་རབ་ནི་རྟག་པ་ཉིད་ལོག་པ་མེད་དོ། །ལས་ནི་ལུས་ཅན་མ་ཡིན་པས་ལུས་ཅན་མ་ཡིན་པ་མེད་པ་མ་ཡིན་ནོ། །ནམ་མཁའ་ནི་རྟག་པ་དང་ལུས་ཅན་མ ་ཡིན་པས་གཉི་ག་ལྡོག་པ་མེད་དོ། །དཔེ་གང་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དེ་ལ་སོགས་པ་ཡང་བརྗོད་པ་སྟེ། དེས་ན་རིགས་པའི་ཐིགས་པ་ཅི་ལྟ་བ་བཞིན་ནོ། །ལྡོག་བ་རབ་ཏུ་མ་བསྟན་པ་ནི་སྒྲ་མི་རྟག་པ་དེ་བྱས་པའི་ཕྱིར། ནམ་མཁའ་བཞིན་ནོ ་ཞེས་བྱ་བའོ། །ལྡོག་པ་ཕྱིན་ཅི་མ་ལོག་པ་ནི་གད་མ་བྱས་པ་དེ་ནི་རྟག་པ་སྟེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བརྗོད་པ་ཡིན་ནོ། །གང་གི་ཕྱིར་ཆོས་མཐུན་པའི་དཔེ་ལ་ནི་བསྒྲུབ་པར་བྱ་བ་ལྡོག་བ་སྒྲུབ་བྱེད་ལྡོག་པ་ལ་ངེས་པར་བསྟན་པར་བྱ་བ་ཡིན་ཏེ ་དེ་ལྟར་ན་གང་ན་སྒྲུབ་བྱེད་ཡོད་པ་དེར་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །འདིར་གཅིག་ལ་ནི་ཅི་ལྟར་ནི་ནམ་མཁའ་རྟག་པ་བྱས་པ་མ་ཡིན་པ་དེ་བཞིན་དུ་སྒྲ་ནི་བྱས་པ་མ་ཡིན་པ་མ་ཡིན་ཏེ། འོན་ཀྱང་བྱས་པ་ཡིན་ནོ་ཞེས་མ་བྱས་པ་ཉིད་ཀྱིས་ཆོས་མི ་མཚུངས་པ་ཙམ་ཞིག་བསྟན་པ་ཡིན་ནོ། །ཆོས་གཅིག་གིས་ཆོས་མི་མཐུན་པ་ཙམ་གྱིས་ནི་ཆོས་ཐམས་ཅད་ཀྱི་ཆོས་མི་མཐུན་པར་ངེས་པ་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་དང་ཆོས་མཐུན་པ་དང་མི་མཐུན་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གོ་བར་བྱེད ་པའི་རྒྱུ་མཚན་གྱི་ལྡོག་པ་མ་བསྟན་པའི་ཕྱིར་སྐྱེས་བུའི་ཉེས་པས་དབེ་སྐྱོན་ཆགས་པ་ཡིན་ནོ། །གཞན་ལ་ནི་སྒྲུབ་བྱེད་ལྡོག་པ་བསྒྲུབ་བྱ་ལྡོག་པ་ལ་ངེས་པར་བསྟན་ཏེ། གང་མ་བྱས་པ་དེ་ནི་ཞེས་སྒྲུབ་བྱེད་ལོག་པར་རྗེས་སུ་བརྗོད་ནས། དེ་ནི་རྟག་བའོ ་ཞེས་བསྒྲུབ་བྱ་ལྡོག་བ་བསྒྲུབ་པའི་ཕྱིར་རོ། །གལ་ཏེ་བསྒྲུབ་བྱ་རྩོལ་བ་ལས་བྱུང་བ་ཉིད་ཡོད་པ་ལས་སྒྲུབ་བྱེད་མི་རྟག་པ་ཉིད་ལྡོག་པ་མེད་པ་དེ་ན་ཡང་མི་རྟག་པ་ཉིད་གོ་བར་བྱེད་པ་མ་ཡིན་ནོ། །དེས་ན་ལྡོག་པ་ཕྱིན་ཅི་ལོག་ཀྱང་སྐྱེས་བུའི་ཉེས་ལས ་ཡིན་ནོ། །ཡང་ཅིའི་ཕྱིར་འདི་དག་སྐྱོན་ཆགས་པ་ཡིན་ཞིང་ཅི་ལྟར་ན་བསལ་བ་ཡིན་ཞེ་ན། གང་གི་ཕྱིར་འདི་དག་གིས་ནི་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཉིད་དམ། བྱེ་བྲག ་གི་མཚན་ཉིད་དེའི་བདག་དང་དེ་ལས་བྱུང་བ་བསྟན་པར་མི་ནུས་ཏེ། དེའི་ཕྱིར་དོན་གྱིས་འོངས་པས་དེ་དག་གསལ་བར་བྱའོ། །གལ་ཏེ་དཔེ་གཏན་ཚིགས་ཀྱི་ཚུལ་གྱི་གནོད་པར་བྱེད་པའི་ཚད་མའི་ཡུལ་ཉིད་ལ་མ་རེག་པར་དེ་ཡན་ལག་མ་ཡིན་པར་རང་རྒྱུད་ཉིད་དུ ་སྒྲུབ་པར་བྱེད་བའི་ཡན་ལག་ཡིན་ན་དེའི་ཚེ། གཏན་ཚིགས་ཀྱི་ཚུལ་ལ་མ་རེག་པ་ཡིན་ན་འང་བསྒྲུབ་བྱའི་དོན་དང་དཔེ་མ་འབྲེལ་བའི་ཕྱིར་དཔེ་དོན་མེད་པར་འགྱུར་རོ། །དེ་ཉིད་གྲོལ་བའི་ཕྱིར་བཤད་པ་ནི། གལ་ཏེ་དེའི་ཚ་ཚད?་མའི་ཡུལ་སྟོན་པའི་དཔེ་དེའི་བདག་ཉིད་དང། ་དེ་ལས་བྱུང་བ་བྱས་པ་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ཉིད་མི་སྟོན་ན། བསྒྲུབ་བྱ་སྒྲུབ་པ་ལ་དཔེ་ཉེ་བར་མཁོ་བ་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། བསྒྲུབ་བྱ་དང་འབྲེལ་བ་མེད་པའི་ཕྱིར་རོ། །གལ་ཏེ་དཔེ་ནི་བསྒྲུབ་བྱ་སྒྲུབ་བྱེད་དང་བཅས་བར་གྲུབ་པ་ཡིན་ཏེ། དེའི་ཕྱིར ་སྒྲུབ་བར་བྱེད་པའི་ཆོས་ཀྱི་ཆོས་ཅན་དེ་ཡང་དཔེའི་ཆོས་ཅན་བཞིན་དུ་སྒྲུབ་བྱའི་ཆོས་དང་ཡང་ལྡན་པར་འགྱུར་བའི་ཕྱིར་འདྲ་བ་ལས་བསྒྲུབ་པར་བྱ་བ་འགྲུབ་པ་ལ་ཉེ་བར་མཁོ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་འདྲ་བ་ཉིད་ཀྱང་དཔེའི་བསྒྲུབ་པར་བྱ་བ་དང་འབྲེལ་བ་ཡིན ་ནོ་ཞེ་ན། འདི་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གང་གིས་ན་ཉེ་བར་འཇལ་བ་ལས་དོན་འགའ་ཞིག་འགྲུབ་པར་འགྱུར་བ། དོན་རྣམས་དོན་འགའ་ཞིག་དང་རྣམ་པ་འགའ་ཞེས་བྱ་བའི་དངོས་བོ་ཉིད་ལ་སོགས་པའི་ཆོས་གཅིག་དང་འདྲ་བ་ཙམ་གང་ཡིན ་པ་དེས་རང་བཞིན་གཞན་དུ་དེས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་འདྭ་བ་ལས་རང་བཞིན་གཞན་དུ་མི་ངེས་ཤེ་ན། གང་གི་ཕྱིར་དོན་འགའ་ཞིག་དང། རྣམ་པ་འགའ་ཞེས་བྱ་བ་ཐ་ན་གཞལ་བྱ་ཉིད་ཀྱིས་མི་མཚུངས་པའི་དོན་ནི་འགའ་ཡང་མེད་དོ། །འོན་ཀྱང་མཚུངས ་པ་ཉིད་དེ། མཚུངས་པ་དེས་ན་གང་དང་གང་མཚུངས་པའི་དོན་དེའི་བདག་ཉིད་ཡིན་ན། དོན་ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་ན་དེ་ནི་མངོན་སུམ་དང་འགལ་ཏེ། དེས་ན་རང་བཞིན་གཞན་ངེས་པ་ནི་མ་ཡིན་ནོ། །འདྲ་བ་ཙམ་གྱི་རང་བཞིན་གཞན་ངེས་པ ་མ་ཡིན་པ་དེའི་ཕྱིར་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ལ་སོགས་པ་དེས་ཁྱབ་པའི་ཆོས་གང་ཡིན་པ་བྱས་པ་ཉིད་ལ་སོགས་པ་དེ་དང་ལྡན་པ་ཉིད་ལས་སྒྲ་ལ་སོགས་པ་བསྒྲུབ་པར་བྱ་བ་དང་ལྡན་པ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ།། ་དེའི་ཕྱིར་གཏན་ཚིགས་འདིའི་བསྒྲུབ་བྱ་རྟོགས་པའི་ཡན་ལག་བསྒྲུབ་བྱས་ཁྱབ་པ་དཔེར་ཁྱབ་པའི་ཚད་མ་རབ་ཏུ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་སྒྲུབ་བྱེད་དང་ལྡན་པར་རབ་ཏུ་གྲུབ་པ་ཙམ་གྱིས་ནི་ཁྱབ་པ་རབ་ཏུ་སྟོན་པའི་ཡུལ་དཔེ་མ ་ཡིན་ཏེ། དཔེར་ན་སྨྲ་བ་དང་ཐམས་ཅད་མཁྱེད་པ་མ་ཡིན་པ་དང་ལྡན་ཡང་འདོད་པ་སྐྱེས་བུ་དཔེ་མ་ཡིན་པ་བཞིན་ནོ། །བསྒྲུབ་བྱ་མ་གྲུབ་པས་དཔེ་མ་ཡིན་པ་ཡང་མ་ཡིན་ཏེ། སྒྲུབ་པར་བྱེད་པ་དང་ལྡན་པར་གྲུབ་པ་གལ་ཏེ་ཁྱབ་པ་བསྒྲུབ་པའི་ཚད ་མའི་ཡུལ་ཡིན་ན་དཔེར་འགྱུར་ཏེ། དཔེར་ན་ཡོད་པ་དང། སྐད་ཅིག་མ་ཉིད་ལ་བུམ་པ་ཞེས་དོན་གྱིས་བརྗོད་པར་འགྱུར་བ་བཞིན་ནོ། །གང་གི་ཕྱིར་བསྒྲུབ་བྱས་ཁྱབ་པའི་ཆོས་དང་ལྡན་པ་ལས་སྒྲུབ་བྱ་འགྲུབ་པར་འགྱུར་གྱི། གཞན་ལས་ནི་མ་ཡིན ་པ་དེས་ན་འདིར་རང་རྒྱུད་པ་དངོས་སུ་བསྒྲུབ་བྱ་ལས་ཉེ་བར་མཁོ་བ་མ་ཡིན་ནོ། །གཏན་ཚིགས་དེ་དང་མ་འབྲེལ་བའི་ཕྱིར་དོན་མེད་པར་མི་འགྱུར་བ་ཡང་མ་ཡིན་ནོ། །དངོས་སུ་ཉེ་བར་མཁོ་བ་མ་ཡིན་མོད། །མ་འབྲེལ་ན་དོན་དམ་པར་གོ་ཅི་ལྟར་འགྱུར ་ཞེ་ན། གཏན་ཚིགས་དེ་ཉིད་ཀྱིས་བསྒྲུབ་བྱ་འགྲུབ་པའི་རང་བཞིན་གྱིས་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་དཔེ་ནི་གཏན་ཚིགས་ཀྱི་དོན་གྱི་ནང་དུ་འདུས་པ་ཉིད་དོ། །གཏན་ཚིགས་ལྟར་སྣང་བ་དང་བཅས་པ་བརྗོད་པ་ན། སུན་འབྱིན་པ ་ལྟར་སྣང་བ་དང་བཅས་པའི་སྐབས་སུ་བབ་པ་ནས་བརྗོད་པའི་ཕྱིར་བཤད་པ། མཚང་བ་ལ་སོགས་པ་མ་ངེས་པའི་མཐར་ཐུག་པ་གང་བརྗོད་པ་གང་ཡིན་པ་སྟེ། འདིས་བརྗོད་པའི་ཕྱིར་ཚིག་གོ། དེ་ནི་སུན་འབྱིན་པ་ཡིན་ནོ། །འདི་ཉིད་དབྲེལ?་བའི ་ཕྱིར་བཤད་པ་ནི་མཆད་བ་ཉིད་ལ་སོགས་པ་ཞེས་བྱ་བའོ། །འདིས་བརྗོད་པའི་ཕྱིར་བརྗོད་ཚིག་གོ། ཡང་ཇི་ལྟར་སུན་འབྱིན་པ་ཡིན་ཞེ་ན། བརྗོད་པ་དེས་ཕ་རོལ་པོ་འདོད་པའི་དོན་གྲུབ་པ་གང་ཡིན་པ་དེ་ལ་གེགས་བྱེད་པའི་ཕྱིར་རོ། །གལ་ཏེ་སྐྱོན་མ་བརྗོད་ཀྱང་གཏན་ཚིགས་ཀྱི་དོན ་འདི་སྐྱོན་ཆགས་བའི་ཕྱིར་ནུས་པ་མེད་པས་དེ་ལས་ཕ་རོལ་པོའི་འདོད་པའི་དོན་འགྲུབ་པའོ། །མི་འགྱུར་བ་མ་ཡིན་ནམ། དེ་ཅི་ལྟར་སྐྱོན་བརྗོད་པ་སུན་འབྱིན་པ་ཡིན་ཞེས་བརྗོད་ཅེ་ན། དོན་ཉིད་ནུས་པ་མེད་པས་འདོད་པ་མི་འགྲུབ་པ་དེ་ནི་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པར ་བྱེད་པས་བསྒྲུབ་བྱའི་རང་བཞིན་གྲུབ་པར་བྱེད་བ་འམ། སུན་འབྱིན་པས་གྲུབ་པ་ལྡོག་པར་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱས་པ་དང་མི་རྟག་པ་ཉིད་ལ་སོགས་པ་དེ་དག་ནི་ཐམས་ཅད་དུ་སྔ་མའི་རང་བཞིན་ཉིད་དང་ལྡན་པ་ཡིན་པའི་ཕྱིར་རོ། །འོ ་ན་ཅིའི་ཕྱིར་ཞེ་ན། སྒྲུབ་པ་དང་སུན་འབྱིན་པས་ནི་གོ་རིམས་བཞིན་དུ་རྒོལ་བ་དང་ཕྱིར་རྒོལ་བའི་རྣམ་པར་གནས་པའི་དངོས་པོ་གསལ་བར་བྱེད་པའི་ནུས་པ་གྲུབ་པར་བྱེད་པ་ཡིན་ནོ། །རྒོལ་བས་ནི་རྟགས་འགའ་ཞིག་བསྒྲུབ་བྱ་འགྲུབ་པ་ལ་ནུས་པར་སྒྲུབ་པ་ཡིན ་ལ། ཕྱིར་རྒོལ་བས་ནི་མི་ནུས་པར་རོ། །ནུས་པ་དང་མི་ནུས་པ་དེ་ཡང་རང་བཞིན་གནས་པ་ཡིན་ནོ། །རྣམ་པར་གནས་པ་སྒྲུབ་པར་བྱེད་པའི་ནུས་པ་གྲུབ་པ་དེ་ཡང་གང་གི་ཕྱིར་ཚིག་མེད་པར་མི་འགྲུབ་པ་དེའི་ཕྱིར་རྒོལ་བ་དེ་ལྟ་བུ་ཉིད་དུ་འགྱུར་བའི་རྟགས་སྟོན་པར ་བྱེད་པ་ན། བསྒྲུབ་བྱ་དེའི་བྱེད་པ་པོ་སྒྲུབ་པར་བྱེད་པ་པོ་ཡིན་བ་དེ་དང། དེའི་ཚིག་ནི་བྱེད་པར་བརྗོད་པ་དང། ཕྱིར་རྒོལ་བ་དེ་ལྟ་བུ་ཉིད་དུ་གྱུར་བའི་རྟགས་ནུས་པ་མེད་པར་སྟེན་པ་ན། བསྒྲུབ་བྱ་མི་དེས་པ་དེའི་བྱེད་པ་པོ་སུན་འབྱིན་པ་པོ་དང། དེའི་ཚིག་སུན་འབྱིན་པར ་བྱེད་པ་ཡིན་པར་བརྗོད་ཀྱི། རྣམ་བར་མི་གནས་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་གལ་ཏེ་ཉེས་པ་བརྗོད་པ་ན་མ་ཆད་བ་མེད་པ་དང། གྲུབ་པ་ལ་སོགས་པའི་ཚིག་གིས་ཡང་ལན་བཏབ་པ་ན། དག་དེ་དེའི་ཚེ་འདོད་པའི་གེགས་ཡོད་པ་མ་ཡིན་པས ་སྔར་བརྗོད་པ་དེ་སུན་འབྱིན་པ་མ་ཡིན་པར་འགྱུར་རོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་མཚད་བ་མེད་པ་ལ་སོགས་པའི་ཚིག་གི་བརྗོད་པ་གང་ཡིན་པ་དེ་ནི་སྒྲུབ་པར་བྱེད་པ་གཞན་ཡིན་ལ། སྔར་གྱི་སྒྲུབ་པར་བྱེད་པ་ནི་སུན་བྱུང་བ་ཉིད ་ངོ། །གལ་ཏེ་དེ་ལྟ་ན་སྒྲུབ་པར་བྱེད་པའི་དག་ཡོངས་སུ་མ་རྫོགས་པ་ཉིད་དུ་སུན་འབྱིན་པ་པོས་ཅུང་ཟད་སྨྲས་པ་གང་ཡིན་པ་དེ་སུན་འབྱིན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་ཕྱོགས་སྔ་མ་སྨྲ་པ་ལྟོས་པ་དང་བཅས་ཡིན་ན། སུན་འབྱིན ་བའི་སྐབས་མ་ཡིན་ནོ། །གང་ལས་བལྟོས་བ་དང་བཅས་པར་རྟོགས་ཤེ་ན། དག་མ་རྫོགས་པ་ཉིད་ཀྱིས་སོ། །འོན་ནམ་སུན་འབྱིན་པའི་སྐབས་ཡིན་ཞེ་ན། དག་རྫོགས་པ་ན་ཞེས་སྨོས་སོ། །ཚིག་འཕྲོ་རྫོགས་པ་ན་དེ་ལ་སྐྱོན་རྗོད་པར་བྱེད་པ་ནི་སུན་འབྱིན ་པ་ཉིད་དོ། །རྒལ་བས་ཡང་ལན་བརྒྱ་བཏབ་ཀྱང་སྔར་གྱི་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་སུན་ཕྱུང་བ་ཉིད་ལ། ཕྱོགས་བརྗོད་པ་ནི་སྒྲུབ་པར་བྱེད་པ་གཞན་ཡིན་པར་འགྱུར་རོ། །དེར་སྣང་པ་ནི་ཞེས་བྱ་བ་ནི་སུན་འབྱིན་བཞིན་དུ་སྣང་བའི་ཕྱིར་རོ?་རྟག་ཆོད་ཅེས་བྱ་བ་ནི ་སུན་འབྱིན་བ་དང་འདྲའོ། །ལྟག?་ཆོད་ཀྱི་སྒྲ་ནི་འདྲ་བའི་ཚིག་ཡིན་ཏེ། དེས་ན་ལན་དང་འདྲ་བའི་ཚིག་གང་ཡིན་པ་དེ་དག་ནི་ལྟག་ཆོད་ཅེས་བརྗོད་དོ། །དེ་དག་ཀྱང་གང་ཞེ་ན། བཤད་པ། ལོག་པའི་ལན་ལ་མཛའ་མེད་པའི་དྱུའི?་ཕྱིར་དེ་དག་འདིར་ནི་སྦོ?་བའི་བྱ་བ་མ་ཡིན ་ནོ། །འདི་ཉིད་རྣམ་པར་འགྲེལ་པ་ནི། ལན་ལོག་པ་ནི་ལྟག་ཆོད་ཡིན་ལ། ལྟག་ཆོད་ཀྱི་རྒྱུ་ལོག་པའི་རྣམ་པར་རྟོག་པ་རྣམས་གནས་པ་མེད་པ་མེད་པ་སྟེ། མཐར་ཐུག་པ་མེད་པའི་ཕྱིར་རོ། །ཀུན་བརྟགས་པའི་ལྟག་ཆོད་དག་ལ་མཛའ་མེད་པ་ཉིད་བསྟེན་པའི་ཕྱིར ་ནང་དུ་མ་འདུས་པའི་ལན་ལོག་པ་སྟོན་པ་ནི། དཔེར་ན་རིགས་པ་ཅན་དག་བདག་མེད་དོ་ཞེས་བྱ་བ་ནི་འདིར་དམ་བཅས་པའི་དོན་ཉིད་ནི་ཕན་ཚུན་འགལ་བས་ན་དམ་བཅས་པ་དང་འགལ་བ་ཞེས་བྱ་བ་ནི་དམ་བཅས་པའི་སྐྱེན་ཡིན་ནོ་ཞེས་བརྗོད་དོ། །འགལ ་བདེ་ཉིད་སྟོན་པ་ནི་བདག་གི་སྒྲའི་དོན་ལ་སྐུད་པ་འདེབས་ན་བདག་གི། སྒྲ?་སྦྱོང་མི་སྲིད་པའི་ཕྱིར་བདག་གི་སྒྲ་སྦྱོར་བའི་རྒོལ་བས་ནི་དོན་དེ་ཉེ་བར་འཇོག་པ་ཡིན་ལ། །མེད་དོ་ཞེས་སྐུར་བ་ཡང་ཡིན་པ་དེའི་ཕྱིར་དག་གཅིག་ཉིད་ལ་དོན་དེ་ཉིད་སྒྲུབ་བ་དང་འགོག་པ་ནི་འགལ་བ་ཡིན་ནོ། །དེས? ་ན་དམ་བཅས་བའི་ཚིག་གཉིས་དག་འགལ་བས་འདི་ནི་དམ་བཅས་པའོ?་སྐྱོན་ཡིན་ནོ། །ཞེས་བྱ་བ་ལྟ་བུ་དང་དེ་བཞིན་དུ་གཞན་དག་གཏན་ཚིགས་ཀྱི་སྐྱོན་རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཆོས་ཅན་གྱི་ཁྱད་པར་དུ ་ཉེ་བར་བཀོད་བའི་ཕྱིར། དམ་བཅའ་པའི་དོན་གྱི་ཕྱོགས་གཅིག་ཡིན་ནོ། །ཞེས་ཟེར་བ་ལྟ་བུའོ། །དེ་ལྟ་བུ་ལ་སོགས་པ་དམ་བཅའ་བ་དང་གཏན་ཚིགས་ཀྱི་སྐྱེན་དངོས་མ་ཡིན་པའི་ཕྱིར་ལྟག་ཆོད་ཡིན་ཡང་བསྟན་པའི་མཚན་ཉིད་ཀྱིས་ལྟག་ཆོད་དུ་འདུ་བ་མ་ཡིན ་ནོ། །འདི་སུམ་དུ་འོ་ན་དེ་ལྟ་བུ་དག་སུན་འབྱིན་བ་ཉིད་ཡིན་ནོ་སྙམ་ན། བཤད་པ། སུན་འབྱིན་པ་ཡང་མ་ཡིན་ནོ། །ཅི་ལྟར་ཞེ་ན། སྒའི་དོན་མི་བསྩོན་བས་སོ། །གལ་ཏེ་བདག་གིས་སྒྲས་བརྗོད་པར་བྱ་བའི་དོན་རྣམ་པ་ཅི་ཞིག་ལྟར་བསྟོན་པས་དེའི་ཚེ་འགལ ་བར་འགྱུར་ན། སྒྲའི་དོན་ནི་མི་བསྟོན་གྱི། དེའི་ཉེ་བར་ལེན་པར་གྱུར་བ་རང་གི་མཚན་ཉིད་ཁོ་ན་འགོག་པ་ཡིན་ནོ་ཞེས་ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེ་བཞིན་དུ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་གྲུབ་པའི་གཏན་ཚིགས ་སུ་བརྗོད་བ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཅན་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །དེ་ལ་སྒྲ་ནི་བསྒྲུབ་བྱའི་ཆོས་ཅན་ཡིན་ན། རྩོལ་བ་ལས་བྱུང་བ་ནི་ཉེ་བར་མཚོན་པ་ཡིན་པས་བསྒྲུབ་བྱའི་དུས་ན་མི་གནས་སོ་ཞེས་བྱ་བ་ལ་སོགས ་བ་ཡང་བཤད་ཟིན་ཏོ། །འདི་སྙམ་དུ་གལ་ཏེ་དེ་དག་ཀྱང་འདྲ་བའི་ཆ་འགས་ཏེ། འདྲ་བ་འགའ་ཞིག་ལས་སོ་ཞེས་བྱ་བའི་ཐ་ཚིག་གོ། འོ་ན་བརྗོད་པའི་ལྷག་ཆོད་འདི་དག་ཀྱང་འདྲ་བའི་ཆ་འགས་ཕན་ཚུན་དེ་ལྟར་ཞེས་བྱ་བ་ནང་དུ་འདུ་བར་ཐལ་བར་འགྱུར་རོ། །དེའི ་ཕྱིར་ཏེ་ལྟག་ཆོད་ཀྱི་དབྱེ་བའི་ཚུལ་མཛའ་ཡས་པ་དང། འདྲ་བའི་ཆའི་སྐབས་སུ་ནི་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་སྤྱིའི་མཚན་ཉིད་གཅིག་ཉིད་དུ་ཅུང་ཟད་བརྗོད་པར་བྱ་བ་ཡིན་ཏེ། ཁྱད་པར་གྱི་མཚན་ཉིད་བྱས་ན་ནང་དུ་མི་འདུ་པའི་རྒྱུའི ་ཕྱིར་རོ། །འོ་ན་སྤྱིའི་མཚན་ཉིད་བརྗོད་ཅིག་ཅེ་ན། བཤད་པ། ལྟག་ཆོད་ཀྱི་སྤྱིའི་མཚན་ཉིད་དེ་ནི་སུན་འབྱིན་པར་སྣང་བ་ནི་ལྟག་ཆོད་དོ་ཞེས་བརྗོད་ཟིན་ཏེ། ཡང་དག་པ་མ་ཡིན་པའི་སྐྱོན?་བརྗོད་བ་ནི་ལྟག་ཆོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྙམ་དུ ་བྱེ་བྲག་གི་མཚན་ཉིད་མེད་ན་ཅི་ལྟར་ལྟག་ཆོད་ཤེས་པར་ནུས་ཞེ་ན། བཤད་པ་ལྟག་ཆོད་དེ་ནི་སྒྲུབ་པ་དང་སུན་འབྱིན་པའི་མཚན?་ཉིད་ཤེས་པ་ལས་ལན་ལྟར་སྣང་བ་ཉིད་དུ་བདེ་སླག?་ཏུ་ཤེས་པར་འགྱུར་རོ། །ཅི་ལྟར་སྒྲུབ་པ་དང་སུན་འབྱིན་པ་དག་གི ་མཚན་ཉིད་ཤེས་པས་ལན་ལྟར་སྣང་བ་ཉིད་ཤེས་ཞེ་ན། ཡུལ་མ་ཡིན་པ་ཚུལ་གསུམ་པའི་རྟག་ཆོད་པ་དང་བྲལ་བ་མ་གྲུབ་པར་བྱེད་པའི་མཚན་ཉིད་ཚུལ་གསུམ་པའི་རྟགས་འཆད་པ་ཉིད་མི་འཇུག་པའི་ཕྱིར་སྒྲུབ་པ་མ་ཡིན་ནོ། །སྒྲུབ་བྱེད་ཀྱི ་དངོས་མ་ཡིན་པར་ཤེས་པ་ཡང་སུན་འབྱིན་པ་མཚན་ཉིད་ཀྱི་ཡུལ་བདེན་བའི་བསྒྲུབ་བྱ་རྟོགས་པའི་གེགས་མ་ཡིན་པའི་ཕྱིར་ནི་སུན་འབྱིན་བ་མ་ཡིན་ལ། གེགས་ཀྱི་ཁྱད་པར་གྱི་མཚན་ཉིད་གང་བཤད་པ་ཡིན་པ་དེ་དང་མི་ལྡན་པའི་ཕྱིར་ནི། ཁྱད ་པར་དུ་སུན་འབྱིན་པ་མ་ཡིན་པར་ཤེས་སོ། །རྣམ་པ་གཞན་ཡང་མེད་པའི་ཕྱིར་རང་ཉིད་ཀྱིས་བརྟགས་ནས་ལན་ལྟར་སྣང་བར་ཤེས་པར་ནུས་སོ། །འདི་དག་གི་རབ་ཏུ་དབྱེ་བ་ཁྱད་པར་གྱི་རྣམ་པར་དབྱེ་བ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་མཛའ་ ་ཡས་པས་མཛའ་མེད་ལ། མཛའ་མེད་པའི་ཕྱིར་ནི་བསྟན་པར་མི་ནུས་སོ། །དཔེར་ན་ཡང་དག་པའི་ཤེས་པ་བསྟན་པར་བྱ?་བ་ལ་རྟགས་བརྗོད་བ་ཡང་སྟོན་པ་དེ་བཞིན་དུ་རྟགས་འགོག་པ་བརྗོད་བ་དང། འགོག་བར?་སྣང་བ་ཡང་ཕྱིས་པ་ལ་བསྟན་པར་བྱ ་བ་ཡིན་ཏེ། རྟགས་ཡང་དག་པར་རྗོད་པ་ལ་ཡང་ཕ་རོལ་པོ་རྣམ་པ་འགའ་ཞིག་ལྟར་ཀླན་ཀ་བརྗོད་པ་ན། རྒོལ་བ་ལ་བརྗོད་པ་ལ་མི་སྨོས་པར་བྱ་བའི་ཕྱིར་རམ། ཡང་དག་པ་མ་ཡིན་པ་བརྗོད། པ་ལ་ཕྱིར་རྒོལ་བ་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པ་བརྗོད་པ ་མི་ཤེས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་གྲངས་བཞིན་དུ་ཡང་དག་པའི་ཤེས་པའི་ཡན་ལག་ཏུ་འགྱུར་བ་བརྗོད་པ་མི་མཐུན་པའི་ཕྱོགས་དང་བཅས་པ་ཡན་ལག་མ་ཡིན་པ?་མི་མཐུན་པའི་ཕྱོགས་དང་བཅས་པ་ཤེས་པར ་བྱ་བ་ཡིན་པའི་ཕྱིར། སུན་འབྱིན་པ་ལྟར་སྣང་བ་དང་བཅས་ཏེ་བཤད་དོ། །ཅི་སྟེ་གལ་ཏེ་ཀུན་ལས་བཏུས་པ་བསྟན་པར་འདོད་ན། ཅི་ལྟར་དེ་ཉིད་ལ་ལར་སྤོང་སྟེ། དཔེར་ན་འདི་ནི་ངེས་པར་བྱ་བའི་དོན་ཡིན་ཏེ། མེད་པ་ཉིད་ལ་མེད་པ་ཡིན་གྱི། གཞན་བ་ལ་མ ་ཡིན་ལ་འགལ་པ་ལ་ཡང་མ་ཡིན་ནོ་ཞེས་ཚུལ་གསུམ་པ་ངེས་པའི་དོན་ཡིན་པར་བཤད་ལ། ཁྱོད་ཀྱིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་སྦྱོར་བ་ཤེས་པར་བྱ་བའི་དོན་དུ་བརྗོད་པ་ལྟ་བུ་སྟེ། དེ་བཞིན་དུ་ཡང་སྦྱར་རོ་ཞེ་ན། བཤད་པ། མདོ་བདག་གིས་བསྟན ་གྱི། འབྲེལ་པ་ནི་མ་ཡིན་གྱི་འབྲེལ་པ་ནི་འདི་ཉིད་ཡིན་ནོ། །དབང་ཕྱུག་སྡེ་དང། དེའི་ཕྱོགས་པ་གཞན་སྔ་མ་དག་གིས་ནི་འབྲེལ་པ་ཕྱིན་ཅི་ལོག་ཏུ་བྱས་སོ། །མདོ་ནི་འདྲེལ་པའི་དབང་གིས་གཞུང་གཞན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་དེ་ཉིད་བཤད་དོ། །ཅི ་ལྟར་ན་དེ་སློབ་དཔོན་གྱི་གཞུང་ཡང་མ་ཡིན་ཞེ་ན། གང་གི་ཕྱིར་དོན་ཡོད་དེ་འབྲས་བུ་དང་བཅས་པའི་ལུགས་རྟོག་གེའི་ཚུལ་གང་ཡིན་པ་གཟིགས་པ་དེའི་ཕྱིར་འབྲེལ་པ་འགལ་བ་ནི་དེའི་མ་ཡིན་ནོ། །གལ་ཏེ་འབྲེལ་པ་ལ་ཡང་ཡིད་མི་རྟོན་ན། གང་ལས་ལུང ་ཐོབ་ནས་འཆད་ཅེ་ན། འགའ་ལས་ཀྱང་མ་ཡིན་ཏེ། ལུང་ཡང་ཡལ་བར་དོར་ནས་ཏེ། འཆད་པ་པོ་རྣམས་ལས་འོངས་པའི་དོན་ཡལ་བར་དོར་ནས་བཤད་དེ། དེ་དག་ཀྱང་མངོན་པར་མི་བརྩོན་པས་བློ་བསླད་པའི་ཕྱིར་ཡང་དག་བར་མཐོང་བ་མ་ཡིན་ནོ། །གལ་ཏེ ་ལུང་བཏང་ན་ཅི་ལྟར་འཆད་ཅེ་ན། དོན་འདི་རིགས་སོ་ཞེས་ཏེ། དེ་ལྟ་བུའོ། །ལུང་ཡོད་དམ་མེད་ཀྱང་བླ་སྟེ། འདིའི་དོན་ནི་འདི་ཡིན་པར་ཚད་མས་འཐད་དོ་ཞེས་འཆད་དོ། །འོ་ན་ནི་བསམ་པ་འདི་ཁྱོད་ཉིད་གྱི་ཡིན་གྱི། སློབ་དཔོན་གྱི་ནི་མ་ཡིན་ཏེ ་སློབ་མ་བརྒྱུད་པ་མཚང་བ་མེད་པའི་ཕྱིར་རོ་ཞེ་ན། རྣམ་དག་ཐུགས་ཞེས་སྨོས་ཏེ། རྣམ་པར་དག་པའི་ཐུགས་མངའ་བས་ན། སློབ་དཔོན་དེའི་དགོངས་པ་ངེས་པར་ཏེ། གདོན་མི་ཟ་བར་འདི་ཉིད་ཡིན་ནོ། །རྣམ་པར་དག་པའི་བློ་མངའ་བ་ནི་ཚང་མ་དང་མི་ལྡན ་པའི་དོན་རྟོགས་པ་མ་ཡིན་ནོ། །གལ་ཏེ་དེའི་དགོངས་པ་འདི་ཉིད་ཡིན་ན། ཅི་ལྟར་ཊཱིཀ་བྱེད་པ་དེ་སྙེད་ཀྱིས་མ་རྟོགས་ཤེ་ན། མི་གསལ་བ་དོན་གསལ་བ་མེད་པའི་བློ་གང་ལ་ཡོད་པའི་སྐྱེ་བོ་གང་ཡིན་པ་དེས་དགོངས་པ་འདི་རྟོགས་པ་མ་ཡིན་ཏེ། ཤེས ་རབ་གསལ་བས་ནི་སློབ་དཔོན་གྱི་དགོངས་པ་འདི་ཉིད་ཡིན་པར་ངེས་སོ། །དེ་ལྟར་ཕྱོགས་ཉམས་དོགས་པས་གསུང་རབ་རྒྱ་མཚོ་ཡི། །རིགས་གཟིགས་རྒྱ་ཆེན་རྣམ་ངེས་འདི་ནི་མི་བརྟན་པའི། །ལྟ་བར་ལྟུང་བས་མ་རྟོགས་དེས་དེ་རབ་ནུས་བཞིན། །བདག ་གིས་འབད་པས་འདི་བྱས་བྱས་རྣམས་ཁོ་ནས་ཤེས། །བདག་གིས་ཚད་མས་ཕྱེ་བས་མ་ཕྱེད་ཅུང་ཟད་ཙམ་ཡང་རྣམ་དཀྲལ་བས། །འདི་ལྟར་ཐང་བ་ཕུན་ཚོགས་འབྲས་ཅན་ལེགས་པར་བྱ་བ་བྱས་འགྱུར་བ། །ལེགས་སྤྱད་དེས་ནི་འགྲོ་རྣམས་འཕོ་མེད ་གོ་འཕང་བྱང་ཆུབ་ཀུན་གྱི་ནི། ཆོས་མཆོག་ཐོབ་ནས་འཁོར་བའི་རྒྱ་མཚོ་ལས་ནི་རབ་ཏུ་རྒལ་བར་ཤོག་།གྲོགས་པོ་རྣམས་ཀྱིས་བསྐུལ་བས་མི་འདོད་ཀྱང། །རྣམ་པར་ངེས་པའི་འགྲེལ་བཤད་ངེས་བྱས་ཏེ། །འདི་ལྟར་འཇིག་རྟེན་སྤྲོ་བ་མེད་པ་ཡང། །གོགS? ་བོ་ལག་གིས་འཇུག་ནས་འབྲས་ལ་སྦྱོར། །གཞན་ཟེར་རྗེས་འཇུག་ཤིན་ཏུ་ཆེར་སེམས་མི་མཐུན་པར་ནི་གནས་པ་དག། རྣམ་གཡེང་སྐྱེ་མཆེད་ངེས་འདིར་གལ་ཏེ་ལེགས་བཤད་གཟེགས་མ་ཡོད་ན་དེར། །གང་དག་ཞལ་སྔ་ཆོས་འབྱུང་བྱིན་དང་? ་སྲུངས་ཞེས་བྱས་ས་སྟེང་ན། །སྒྲིབ་མེད་རབ་གྲགས་དེ་དག་གིས་ནི་རྟོགས་པའི་མྱུ་གུ་ཅུང་ཟད་ཡིན། །ལེགས་འབྲེལ་ཕྱོགས་གནས་གཞན་གྱིས་བགྲོད་པ་ཡིས། །རིང་དུ་སྤངས་ནས་རབ་ཏུ་འཇུག་བགྲོད་དཀའ་ཨི། །དགྲོད་བྱའི་མཐར་ཕྱིན་ཤེས་རབ་དེ་དག་གི། ཚུལ་ནི་བྱ་ཡི་རྒྱལ ་པ་དག་དང་མཚུངས། །ཉི་ཤར་འོད་འཇོམས་མུན་སྟུག་གིས་བསྒྲིབས་གངས་རུམ་དུ། །གནས་པའི་མི་འམ་ཁ་བས་འཁྱགས་པའི་པདྨ་དག། རབ་ཏུ་རྒྱས་པར་འགྱུར་བ་དག་ནི་ག་ལ་ཡོད། །དེས་ན་ཆེ་རྣམས་དབྱོང་མེད་བདག་ལ་མི་མཉེས་མེད། །སྟོང་ཕྲག་བཞི་དང ་གསུམ་དང་བཞི། །བརྒྱ་ཕྲག་ལྔ་དང་དྲུག་དང་གསུམ། །ཉི་ཤུ་གཉིས་དང་སུམ་ཅུ་སྟེ། དེ་ནི་གཉིས་དྲུག་གསུམ་བཅས་སོ།། །།སློབ་དཔོན་ཆོས་མཆོག་གིས་སྦྱར་བ་རྣམ་པར་ངེས་པའི་ཊཱི་ཀ་འཐོང་ལྡན་ཞེས་བྱ་བ་རྫོགས་སོ།། །།བསྟན་བཅོས་ཆེན་པོ་དོན་དང ་ཚིག་ཏུ་བཅས། །ལེགས་རྟོགས་འགྲོ་ན་ཉི་བཞིན་གསལ་བྱེད་པ། །ཚུལ་ཁྲིམས་གཙང་མའི་དྲི་དང་ལྡང་པ་གང། །སློབ་དཔོན་ཆོས་མཆོག་རྟོག་གེ་ངན་འཇོམས་མཆོག། ཡང་དག་དོན་གསལ་ཚད་མའི་བསྟན་བཅོས་འདི། །ལེགས་པར་བསྒྱུར་ལས་བྱུང་བའི་བསོད ་ནམས་གང། །ངེས་ནི་ལོག་ལྟའི་རྒྱུན་ཕྱོགས་སྐྱེ་བོ་རྣམས། །ཡང་དག་རིགས་པའི་ལམ་དུ་འཇུག་པར་ཤོག། །།ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་བ་བཟང་པོ་ལ་སོགས་པ་དང། བོད་ཀྱི་ལོཙྪ་བ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དབེ་མེད་དུ་བསྒྱུར་བའོ།། །། ་