| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། སནྟ་ནནྟ་ན་སིདྡྷི་ཊཱ་ཀི། བོད་སྐད་དུ། རྒྱུད་གཞན་གྲུབ་པའི་འགྲེལ་བཤད། ་དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་གང་ཞིག་གིས། །འདི་ཀུན་སེམས་ཙམ་དུ་གསུངས ་པ། དེ་ལ་རབ་ཏུ་ཕྱག་འཚལ་ནས། །རྒྱུད་གཞན་གྲུབ་པ་དབྱེ་བར་བྱ། །རང་ལུས་བློ་སྔོན་ཞེས་བྱ་བ་ལ་སོགས་པའི་ཚིགས ་སུ་བཅད་པ་འདིས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང། བརྗོད་པར་བྱ་བ་དང། དགོས་པ་རྣམས་བསྟན་ཏེ་། ་དེ་ལ་རྒྱུད་གཞན་ཡོད་པ་ཉིད་ནི་བརྗོད་པར་བྱ་བ་ཡིན་ནོ། །རྒྱུད་གཞན་ཡོད་པ་ཉིད་དུ་གྲུབ་པ་ནི་དགོས་པ་ཡིན་ནོ། ། ་དགོས་པ་དེ་ཡང་རབ་ཏུ་བྱེད་པ་འདིས་སྒྲུབ་པས་འདི་ནི་རབ་ཏུ་བྱེད་པ་དང་ལྷན་ཅིག་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱིས ་འབྲེལ་པ་ཡིན་ནོ། །རྒྱུ་དང་འབྲས་བུར་འབྲེལ་པ་ལ་སོགས་པ་འདི་ཁོ་ནའི་ཁོངས་སུ་འདུས་པས་ལོགས་ཤིག་ཏུ་མ་བརྗོད་དོ། །ཕྱིའི་དོན ་དུ་སྨྲ་བ་རྣམས་རྣམ་པར་ཤེས་པ་ཙམ་ཉིད་ཀྱི་ལྟར་ན་རྒྱུད་གཞན་ཡོད་པ་ཉིད་དུ་མི་འཐད་དོ། །ཅེས་རྒོལ་ལོ་ཞེས་གྲག་སྟེ། འདི་ལྟར་དེ ་དག་ནི་འདི་སྐད་ཅེས་ཟེར་རོ། །གང་གི་ལྟར་ན་སེམས་ཙམ་ཡོད་ཀྱི་ཕྱིའི་དོན་མེད་པ་དེའི་ལྟར་ན་སྲོག་ཆགས་གཞན་རྟོགས་པར་བྱ་བ་ལ། མངོན་སུམ་གྱི་ཚད་མ་ནི་མེད ་དེ། ཤེས་པ་ཐམས་ཅད་རང་གི་ཆ་ཙམ་ལ་དམིགས་པའི་ཕྱིར་རམ་ཡང་དག་པར་ན་དམིགས་པ་མེད་པའི་ཕྱིར་རོ། །ལུས་དང་ངག་གི་ལས་མེད་པའི་ཕྱིར་རྗེས་སུ ་དཔག་པ་ཡང་མེད་དེ། འདི་ལྟར་ལུས་དང་ངག་གི་རྣམ་པར་རིག་བྱེད་དག་གི་སྲོག་ཆགས་གཞན་རྗེས་སུ་དཔག་པར་བྱ་བ་ཡིན་ན། རྣམ་པར་ཤེས་པ་ཙམ་ཉིད ་ཀྱི་ཕྱོགས་ལ་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་དག་མེད་དོ། །ལུང་ཡང་གཟུགས་ཀྱི་ཕུང་པོའི་ནང་དུ་འདུས་པའི་ཕྱིར་དེ་སྤངས་ན་མི་སྲིད་པ་ཁོ་ན་ཡིན་ནོ། །འདི ་ལྟར་ལུང་ནི་སྒྲའི་བདག་ཉིད་དམ་ཡིག་འབྲུའི་ངོ་བོ་ཉིད་གཅིག་ཡིན་པར་འགྱུར་གྲང་ན། འདི་གཉི་ག་ཡང་ཁྱེད་ཀྱི་ཕྱོགས་ལ་མེད་དོ། །ལུང་ཡང་གཟུགས་ནི ་ཡུལ་དེ་ལྟ་བུ་ལ་ཚད་མ་ཉིད་ཡིན་པར་ཡང་མི་འདོད་དོ། །འདི་ལྟར་འདིའི་ཡུལ་ནི་ཚད་མ་གཉིས་ཀྱི་ཡུལ་ལས་འདས་པ་ཡིན་པར་འདོད་དོ། །དེ་ལྟ་བས་ན་ལུང ་གི་སྒོ་ནས་ཀྱང་སྲོག་ཆགས་གཞན་ལ་རྟོགས་པར་ནུས་པ་མ་ཡིན་ནོ་ཞེ་ན། ཕྱིའི་དོན་དུ་སྨྲ་བ་དེ་ལྟར་ལོག་པར་རྟོག་པ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁོ་བོ་ཅག་ཀྱང་མངོན ་སུམ་གྱིས་སྲོག་ཆགས་གཞན་རྟོགས་པར་མི་འདོད་པ་ཁོ་ན་སྟེ། ཚུ་རོལ་མཐོང་བ་རྣམས་ཀྱིས་ནི་མངོན་སུམ་གྱི་སྲོག་ཆགས་གཞན་ཤེས་པར་མི་འགྱུར་རོ། །ལུང་ཡང་ཡིག ་འབྲུའི་ངོ་བོ་ཉིད་མ་ཡིན་ནོ། །འོན་ཀྱང་སྟོན་པ་པའི་དབང་གིས་ངག་དང་ཚིག་དང་ཡི་གེ་ཁྱད་པར་ཅན་དུ་སྣང་བའི་ཤེས་པ་སྐྱེ་བ་གང་ཡིན་པ་ཡིན་ནོ། །དེ་ནི་རྟོགས་པར་བྱེད་པའི ་རྒྱུད་ལ་ཡོད་པ་ཡིན་ཡང་ཉེ་བར་གདགས་པའི་སྒོ་ནས་དེ་བཞིན་གཤེགས་པའི་འམ་སེར་སྐྱའི་འམ། གཟིགས་ཟན་པའི་ཚིག་ཅེས་བྱེད་པ་པོའི་ཡིན་པར་ཐ་སྙད་འདོགས་སོ། ་འདི་ལྟར་སངས་རྒྱས་པ་ཐམས་ཅད་ནི་བརྗོད་པར་བྱེད་པའི་སྒྲའི་སྤྱིའི་རྣམ་པ་ཅན་གྱི་ཤེས་པ་ཡིན་པར་འདོད་ཀྱི་སྒྲའི་ཁྱད་པར་ནི་ཡོད་ཀྱང་མ་ཡིན་ཏེ། དེ་ནི་སྔོན་མ་མཐོང་བའི་ཕྱིར་ཞེས་བྱ་བ་ལ་སོགས ་པའི་གཏན་ཚིགས་ཀྱི་ཁྱད་པར་རྣམ་པར་བརྗོད་པར་བྱེད་པ་ཉིད་ཡིན་པ་བཀག་པའི་ཕྱིར་རོ། །ཁོ་བོ་ཅག་ཀྱང་ལུང་གི་སྲོག་ཆགས་གཞན་རྟོགས་པར་ནི་ཁས་མི་ལེན་གྱི་འོན་ཀྱང་རྗེས་སུ་དཔག་པས་ཡིན ་ནོ། །རྗེས་སུ་དཔག་པ་དེ་ཡང་ཇི་ལྟར་ལུས་དང་ངག་གི་ལས་མེད་ཀྱང་འཇུག་པ་དེ་བསྟན་པའི་ཕྱིར་རང་ལུས་བློ་སྔོན་འགྲོ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རེ་ཞིག་བསྡུས་པའི་དོན་ཡིན་ནོ། ། ་ཡན་ལག་གི་དོན་ནི་བརྗོད་པར་བྱ་སྟེ། བློ་ཞེས་བྱ་བ་ནི་ཤེས་པའོ། །དེ་ཡང་འདིར་འགྲོ་བ་དང་འོང་བ་དང་ཀུན་ཏུ་སྨྲ་བར་འདོད་པའི་ངོ་བོ་ཡིན་པར་ཡོངས་སུ་གཟུང་སྟེ། དེ་ནི་བྱ་བའི་རྒྱུ་ཡིན་པའི་ཕྱིར་རོ། ། ་བྱ་བ་གང་ལ་དེ་སྔོན་དུ་འགྲོ་བ་ཡོད་པ་དེ་ནི་བློ་སྔོན་དུ་འགྲོ་བ་ཡིན་ནོ། །སྔོན་ཞེས་བྱ་བའི་སྒྲ་ནི་འདིར་རྒྱུ་ཡིན་པར་སྟོན་ཏེ། རྒྱུ་ནི་སྔ་ན་ཡོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་གྱི་དོན་དུ་སྨྲ་བ་རང་གི་རྒྱུད་ལ ་བློ་སྔོན་དུ་འགྲོ་བའི་བྱ་བ་དེ་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་ནས་ཕྱིས་གཞན་གྱི་རྒྱུད་ལ་འཛིན་པའི་ཕྱིར་བརྗོད་པར་འདོད་པའི་ངོ་བོའི་རྣམ་པར་ཤེས་པའི་བློ་ཤེས་པར་འགྱུར་རོ།། ་ཞེ་ན། དེའི་ཚེ་ཚུལ་འདི་ནི་སེམས་ཙམ་ལ་ཡང་མཚུངས་སོ། །བྱ་བ་ཞེས་བྱ་བ་ནི་འདིར་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །ཁ་གདངས་པ་དང། ཁྲག་ལ་སོགས་པ་ཡང་སེམས་གཞན་རྟོགས ་པར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་སྨོས་པས་ནི་འཆད་པར་འགྱུར་བའི་ཚུལ་གྱིས་ན་ཕ་རོལ་པོ་ཕྱོགས་ལ་རྗེས་སུ་དཔག་པ་མེད་པར་སྟོན་ཏོ། །རྗེས་སུ་དཔག་པ་ཁས་བླངས་ནས་མཚུངས་པར ་འགྱུར་བ་བསྟན་པའི་ཕྱིར། གལ་ཏེ་བདག་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་གཡོ་བ་ནི་སེམས་ཀྱི་གཡོ་བའོ། །འདིར་གཡོ་བ་ཞེས་བྱ་བའི་སྒྲ་ནི་བྱེད་པ་ལ་བྱའོ། །བྱ་བ་དང་བརྗོད་པ་ཞེས་བྱ་བའི ་སྒྲ་དག་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ལ་བྱའོ། །དེས་ན་དོན་ནི་འདི་ཡིན་པར་འགྱུར་ཏེ། གལ་ཏེ་བདག་ཉིད་ལ་བྱ་བ་དང་རྗོད་པ་འགྲོ་བར་འདོད་པ་དང་སྨྲ་བར་འདོད་པ་སྔོན་དུ་འགྲོ་བ་ཅན་དག་མཐོང་བའི་ཕྱིར་གཞན ་གྱི་རྒྱུད་ལ་ཡང་བྱ་བ་དང་བརྗོད་བ་དེ་དག་དམིགས་ནས་སེམས་ཀྱི་གཡོ་བ་རྗེས་སུ་དཔོག་པར་བྱེད་ན། ཚུལ་དེ་ནི་སེམས་ཙམ་དུ་སྨྲ་བ་ལ་ཡང་འདྲ་སྟེ། དེ་ལྟ་བས་ན་དེ་ཡང་གཞན་གྱི་སེམས་རྗེས་སུ་དཔོག ་པར་བྱེད་པར་འགྱུར་རོ། །འདིར་གཡོ་བ་ཞེས་བྱ་བ་ཁྱད་པར་མེད་པར་བཤད་མོད་ཀྱི་འོན་ཀྱང་གོང་དུ་སེམས་གཡོ་བ་ཞེས་བྱ་བའི་སྐབས་དང་སྦྱར་བ་ཡིན་ཏེ། དེའི་ཕྱིར་སྐབས་ཀྱི་དབང་གིས ་སྤྱིའི་སྒྲ་ཡང་ཁྱད་པར་ལ་འཇུག་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་ཕྱིའི་དོན་དུ་སྨྲ་བ་ནི་གཞན་གྱི་སེམས་ཀྱི་མཚན་མར་བྱ་བ་ལ་ལུས་དང་ངག་གི་ལས་དག་རྟགས་ཉིད་ཡིན་པར་ཁས་ལེན་པར་བྱེད་ཀྱི། ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ལ་ནི་དེ་དག་མེད་ན་ཇི་ལྟ་མཚུངས་སྙམ ་དུ་སེམས་ན། དེའི་ཕྱིར་དེ་ཡང་ཤེས་པ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ཡང། གཞན་གྱི་སེམས་ཀྱི་གཡོ་བའི་ཁྱད་པར་མེད་པར་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་རྣམ་པ་ཅན་གྱི་ཤེས་བ་ལུས་དང་ངག་གི་རྣམ་པར་རིག ་བྱེད་དུ་སྣང་བ་དག་ཡོད་པར་ནི་མི་འདོད་དོ། །བདག་གི་ཤེས་པ་ལས་གཞན་པའི་ཤེས་པ་གང་ཡིན་པ་དེ་ནི་ཤེས་པ་གཞན་ཡིན་ནོ། །དེ་དང་མཚུངས་པ་དང་ལྡན་པའི་གཡོ་བ་ནི་ཤེས་པ་གཞན་གྱི་གཡོ་བ་སྟེ་དེའི་ཁྱད་པར་ལ་དེ་སྐད་ཅེས་བྱའོ། །ཁྱད?་པར་ཞེས་སྨོས ་བས་ནི་བྱེད་པར་འདོད་པ་དང་སྨྲ་བར་འདོད་པ་ཡོངས་སུ་བསྡུའོ། །ཕྱི་རོལ་གྱི་དོན་དུ་སྨྲ་བའི་གཞུང་ལུགས་ཀྱི་དོགས་པ་བསུ་བའི་ཕྱིར། གལ་ཏེ་གཞན་གྱི་ཤེས་པའི་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཀྱིས་ནམ་ཡང་བྱ་བ་དང་ཚིག་གི་རྣ་པ་ཅན་གྱི་ཤེས ་པ་གཞན་གྱི་ཤེས་པ་སྔོན་དུ་འགྲོ་བ་ཅན་དག་མི་དམིགས་སོ། །དེའི་ཕྱིར་ཁྱེད་ཇི་ལྟར་རྗེས་སུ་དཔོག་པར་བྱེད་ཅེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །ཤེས་བྱ་ནང་གི་ཡིན་པར་སྨྲ་བས་འདྲ་བའི་ཕྱིར་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ནི་ཉེས་པ་མེད་དེ། འདི་ལྟར་ཀླན ་ཀ་འདི་ནི་ཁྱེད་ལ་ཡང་མཚུངས་སོ། །མཚུངས་པ་དེ་ཉིད་བསྟན་པའི་ཕྱིར་ཕ་རོལ་བོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་དུ་སྨྲ་བས་ཀྱང་གཞན་གྱི་སེམས་ཀྱི་གཡོ་བ་སྔོན་དུ་འགྲོ་བ་ཅན་གྱི་བྱ་བ་དང་བརྗོད་པ་དེ་དག་ནམ་ཡང་མ་མཐོང་ངོ། དེའི་ཕྱིར་དེས ་ཀྱང་གཞན་གྱི་སེམས་རྟོགས་པར་མི་འགྱུར་རོ། །ཀླན་ཀ་འདི་ནི་ཤིན་ཏུ་རྣམ་པར་མི་འོང་བ་ཡིན་ཏེ། བསྒྲུབ་བར་བྱ་བ་ལ་ནི་འབྲེལ་བ་གྲགས་པ་བཙལ་བར་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་ཉེས་པ་མཚུངས་པ་ཁོ་ནས་ཕ་རོལ་པོ་ཆོམས་པར་འགྱུར་བས་ཉེས་བ་གཞན་མི་ ་བརྗོད་དོ། །འདིར་ཕྱིའི་དོན་དུ་སྨྲ་བ་གཞན་གྱི་སེམས་རྗེས་སུ་དཔོག་པའི་ཐབས་ཡོད་དོ་སྙམ་དུ་སེམས་པའི་དོགས་པ་བསུ་བར་གལ་ཏེ་བདག་ཉིད་ཀྱི་སེམས་གཞན་ལ་ཡོད་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བདག་ཉིད་ཀྱི ་སེམས་རྒྱུད་གཞན་ལ་ཡོད་པའི་བྱ་བ་དང་བརྗོད་པ་དག་གི་རྒྱུ་ཉིད་ཡིན་པར་མི་རུང་པ་དེའི་ཕྱིར་གཞན་གྱི་སེམས་རྗེས་སུ་དཔག་པར་བྱེད་དོ་ཞེས་བྱ་བའི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས་ཇི་ལྟར་མི་རུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཅི་སྟེ་བདག་ཉིད་ཀྱི་སེམས་གཞན་ལ་ཡོད་བདག་གི་རྒྱུ་མཚན་ཉིད་དུ་མི་རུང་བ་བརྗོད་པར་བྱ་དགོས་སོ། །ཕ་རོལ་པོས་མི་རུང་བར་བསྟན་པའི་ཕྱིར་རང་གི་ཀུན་ནས་སླང་བར་བྱེད་པའི་སེམས་སོ་སོར་ཡང་དག་པར་མྱོང་བ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཞན་གྱི་རྒྱུད་ལ་ཡོད་པ ་བྱ་བ་དང་བརྗོད་པ་དག་ལ་རྟག་པ་གཉིས་བྱ་སྟེ། བདག་ཉིད་ཀྱི་སེམས་ཀྱི་རྒྱུ་མཚན་ཅན་དག་གཅིག་པ་འམ། གཞན་གྱི་སེམས་ཀྱི་རྒྱུ་མཚན་ཅན་དག་གཅིག་ཡིན་པར་གྱུར་གྲང་ན། རེ་ཞིག་བདག་ཉིད་ཀྱི་སེམས་ཀྱི་རྒྱུ་མཚན་ཅན་དག་ནི་མ་ཡིན་ཏེ། འདི་ལྟར་དེ་དག་ཀུན ་ནས་སློང་པར་བྱེད་པའི་སེམས་རང་གི་རྒྱུད་ལ་ཡང་དག་པར་མྱོང་བ་མེད་དོ། །གཏན་ཚིགས་བསྡུ་བ་བདག་ཉིད་ཀྱི་སེམས་ཀྱི་རྟེན་ཅན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ང་འགྲོའོ་ང་སྨྲའོ། །ཞེས་བྱ་བ་ལུས་དང་ངག་གི་ལས་བདག་ཉིད་ཀྱི་སེམས་ཀྱི་རྒྱུ་མཚན ་ཅན་གང་དག་ཡིན་པ་དེ་དག་ནི་རང་གི་རྒྱུད་ལ་དམིགས་སོ། །འདི་ལ་རྟེན་བདག་ཉིད་ཀྱི་སེམས་ཡོད་པས་ན་ཞེས་བྱ་བར་ཚིལ་རྣམ་པར་སྦྱར་ཏེ། རྟེན་ཅན་ཞེས་བྱ་བའི་སྒྲ་ནི་འདིར་རྒྱུ་མཚན་ལ་བྱའོ། །བདག་ཉིད་ཀྱི་སེམས་ཀྱི་རྒྱུ་མཚན་ཅན་རང་གི་རྒྱུད་ལ་མཐོང་ཡང ་དེས་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་ལ་ཡོད་པའི་བྱ་བ་དང་བརྗོད་པ་དག་ཀྱང་བདག་ཉིད་ཀྱི་སེམས་ཀྱི་རྟེན་ཅན་ཡིན་པར་འགྱུར་ན་ནི་དེའི་ཚེ་དེ་དག་ཀྱང་བདག་ཉིད་ལ་མཐོང་བར་འགྱུར་རོ། །འོ་ན ་དེ་དག་ཇི་ལྟར་མཐོང་ཞེ་ན། དེ་ལྟ་མ་ཡིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་འགྲོའོ་འདི་སྨྲའོ་ཞེས་བྱ་བ་དེ་ལྟ་བུར་ཡུལ་རྣམ་པར་ཆད་པ་དག་ཏུ་མཐོང་ངོ། །བདག་ཉིད་ཀྱི་སེམས་ཀྱི་རྒྱུ་མཚན་ཅན་ཉིད་མེད་ན་ཤུགས་ཀྱིས་སེམས་གཞན་གྲུབ་པ་ཡིན་ནོ། །ཞེས་བྱ་བ་ནི་ཕྱོགས་སྔ ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས་གཞན་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱ་ནང་གི་ཡིན་པར་སླ་བ་ལ་ཡང་རང་གི་རྒྱུད་ལ་བྱ་བ་དང། རྗོད་པར་སྣང་བའི་ཤེས་པ་ཡུལ་རྣམ་པར་ཆད་པར་སྣང་བ་དག་ཀུན་ནས་སློང་པར་བྱེད་པའི་སེམས་སོ་སོ ་ཡང་དག་པ་མྱོང་བ་མེད་དོ། །གཏན་ཚིགས་བསྡུ་བ་ཡང་འདྲ་བར་བསྟན་པའི་ཕྱིར་རྣམ་པར་རིག་བྱེད་དུ་སྣང་བའི་ཤེས་པ་རང་གི་སེམས་ཀྱི་གཡོ་བའི་རྒྱུ་མཚན་ཅན་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་དང་ཚིག་ཏུ་སྣང་བའི་ཤེས་པ་རང་གི་སེམས་ཀྱི་གཡོ ་བའི་རྒྱུ་མཚན་ཅན་གང་དག་ཡིན་པ་དེ་དག་ཀྱང་ཁ་ནང་དུ་བལྟས་པའི་སྣང་བ་སྟེ། ང་འགྲོའོ་ང་སྨྲའོ་ཞེས་བྱ་བར་བདག་ཉིད་དང་འབྲེལ་བའི་རྣམ་པར་རིག་བྱེད་དུ་སྣང་བར་རྟོགས་པ་ཡིན་ནོ། །གཞན་གྱི་རྒྱུད་ལ་ཡོད་པ་དག་ནི་འདི་འགྲོའོ། །འདི་སྨྲའོ་ཞེས་བྱ་བར་ཁ་ཕྱིར ་བལྟས་པར་སྣང་བར་རྟོགས་པ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་མཚན་གཞན་ལས་སྐྱེའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །རང་གི་སེམས་ཀྱི་གཡོ་བ་ནི་རང་གི་སེམས་ཀྱིས་གཡོ་བ་སྟེ་གང་ལ་རྒྱུ་མཚན་དེ་ཡོད་པ་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཕྱིའི་དོན་དུ་སྨྲ་བས་ཁ ་ཕྱིར་བལྟས་པའི་ཤེས་པ་དག་གི་རྒྱུ་གཡོ་བ་ཉིད་ཡིན་པ་ཐེ་ཚོམ་ཟ་བའི་ཕྱིར་ཁ་ཕྱིར་བལྟས་པའི་སྣང་བ་དག་རྒྱུ་མཚན་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཕྱིར་བལྟས་པ་སྣང་བའི་ཤེས་པ་གང་ཡིན་པ་དེ་དག་རྒྱུ་མཚན་མེད་པར་ཅི་སྟེ་མི་འདོད་དེ། གཡོ་བའི ་རྒྱུ་མཚན་ཅན་དག་མ་ཡིན་དུ་ཟད་མོད་ཅེས་བྱ་བའི་ཐ་ཚིག་གོ་།ཁ་ཕྱིར་བལྟས་པ་ཅེས་བྱ་བའི་སྒྲ་ནི་དམིགས་པ་རྣམ་པར་ཆད་པ་ལ་བྱའོ། །གང་དག་ལ་ཁ་ཕྱིར་བལྟས་པར་སྣང་བའི་ངང་ཚུལ་ཡོད་པ་དེ་དག་ནི་ཁ་ཕྱིར་བལྟས་པའི་སྣང་བ་དག་གོ་།འདི་དག་ལ་རྒྱུ་མཚན་མེད་པས ་ན་རྒྱུ་མཚན་མེད་པ་སྟེ། རྒྱུ་མཚན་ཙམ་བཀག་པར་གྲགས་མོད་ཀྱི། འོན་ཀྱང་སྐབས་ཀྱི་དབང་གིས་ན་གཡོ་བ་ཙམ་བཀག་པ་ཡིན་པར་བལྟ་བར་བྱའོ། །གྲུབ་པའི་མཛའ་སྨྲ་བས་རྒྱུ་མཚན་མེད་པ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱ ་པ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་རྣམ་པར་ཆད་པར་སྣང་བ་དག་གཡོ་བ་མེད་པར་ཡང་ཡོད་པར་འགྱུར་ན་ནི། དེའི་ཚིག?་ནང་དུ་བལྟས་པ་དག་ཀྱང་གཡོ་བའི་རྒྱུ་མཚན་ཅན་ཉིད་ཡིན་པར་མི་འགྱུར་རོ། །འདི་ལྟར་གལ་ཏེ་འགའ་ཞིག་གཡོ་བ་མེད་པར་བྱ་པ་དང་ཚིག་གི ་རྣམ་པར་འགྱུར་པ་དེའི་ཚེ་ཁྱད་པར་མེད་པས་བྱ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་ཐམས་ཅད་ཀྱང་གཡོ་བ་མེད་པར་འབྱུང་བར་འགྱུར་རོ། །སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་རྣམ་པར་ཆད་པ་དང་རྣམ་པར་མ་ཆད་པས་བྱས་པའི་ཁྱད་པར་ཡོད ་པ་ཁོ་ན་སྟེ། དེ་བས་ན་རྣམ་པར་ཆད་པར་སྣང་པ་དག་ནི་རྒྱུ་མཚན་མེད་པ་ཉིད་ཡིན་ལ། ཅིག་ཤོས་ནི་རྒྱུ་མཚན་དང་བཅས་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར། རྣམ་པར་ཆད་པ་དང་རྣམ་པར་མ་ཆད་པར་བྱ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་རྣམ་པར་ཆད་པར་སྣང་པ་ནི་རྣམ་པར་ཆད་པར་སྣང་བའོ། །དེས་བྱས་པའི་ཁྱད་པར་བྱེ་བྲག་གི་མཚན་ཉིད་དེ་ནི་གང་གིས་ན། ཁ་ཕྱིར་བལྟས་པར་སྣང་བ་དག་ནི་གཡོ་བའི་རྒྱུ་མཚན་ཅན་མ་ཡིན་པར་འགྱུར་ལ། གཞན་དག་ནི་གཡོ་བའི་མཚན་ཉིད་ཅན་ཡིན ་པར་འགྱུར་བ། ཤེས་པ་དག་ནི་རྒྱུ་མཚན་གཡོ་བ་ཐ་དད་པ་ཉིད་དུ་བྱེད་ནི་མ་ཡིན་ནོ། །རྣམ་པར་བྱེད་པ་ནི་འདིར་རྣམ་པར་ཕྱེ་སྟེ་འཇོག་པ་འམ་འགོག་པ་ཡིན་ནོ། །རྒྱུ་མཚན་ཐ་དད་པ་ཉིད་མེད་ན་ཉེས་པ་ཅི་ཡོད་ཅེ་ན། དེས་ན་རྣམ་པར་མ་ཆད་པར་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། འདི་ལ་གང་གིས་ན་ཤེས་པ་ཐ་དད་པར་འགྱུར་བ་བྱ་བ་དང་ཚིག་ཏུ་སྣང་པ་ཉིད་ལ་ཁྱད་པར་ཅི་ཡང་མེད་དོ། །དེ་བས་ན་ཁྱད་པར་མེད་པའི་ཕྱིར་ཡང་ན་ནི་གཉི་ག་ཡང་གཡོ་བའི་རྒྱུ་མཚན་ཅན་ཉིད་དུ་མི་འགྱུར་རོ། །ཡང་ན ་ནི་གཉི་ག་ཡང་གཡོ་བའི་རྒྱུ་མཚན་ཅན་ཡོད་པ་ཡིན་ནོ། །དེ་ལྟར་ཤེས་པ་གཉིས་མཚུངས་པར་བསྒྲུབས་ནས་མཇུག་པ་རྡུ?་བའི་ཕྱིར། དེ་བས་ན་སྣང་བའི་ཁྱད་པར་རྣམ་པར་མ་ཆད་པའི་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ཤེས་པ་གཉིས་མཚུངས ་པ་ཉིད་ཡིན་པ་དེའི་ཕྱིར་བྱ་བ་དང་ཚིག་ཏུ་སྣང་བ་རྣམ་པར་མ་ཆད་པའི་ཁྱད་པར་ཅན་གང་ཡིན་པ་དེ་འབའ་ཞིག་གཡོ་བའི་རྒྱུ་མཚན་ཅན་ཡིན་པ་དེ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན། རྣམ་པར་ཆད་པར་སྣང་བ་ལ་ཡང་བྱ་བའི་ཁྱད་པར་དུ་སྣང་བ་ཙམ་གཡོ་བའི་རྒྱུ་མཚན་ཡིན་ནོ། ་འདི་ལ་རྣམ་པར་ཆད་པའི་ཁྱད་པར་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བྱ་བའི་ཁྱད་པར་ཞེས་སྨོས་པས་ནི་བྱ་བ་དང་བརྗོད་པ་དག་སྟོན་པར་བྱེད་པ་ཡིན་ནོ། །ཁོ་ན་ཞེས་བྱ་བའི་སྒྲ་ནི་ཙམ་གྱི་དོན་ཡིན་པར་བལྟ་བར་བྱའོ། །དེ་བས་ན་འདིར་བསྡུས་པའི ་དོན་ནི་རྣམ་པར་ཆད་པར་དང་མ་ཆད་པའི་ཁྱད་པར་ལ་མི་བལྟོས་པར་སྤྱིར་བྱ་བ་དང་རྗོད་པར་སྣང་བ་ཙམ་གཡོ་བའི་རྒྱུ་མཚན་ཅན་ཡིན་ཏེ། འདི་ལྟར་ལ་ལ་ནི་རྣམ་པར་ཆད་པར་སྣང་ཡང་གཡོ་བ་སྔོན་དུ་འགྲོ་བ་མཐོང་ལ། ལ་ལ་ནི་རྣམ་པར་ཆད་པར་སྣང་ཡང ་བདག་ཉིད་ཀྱི་གཡོ་བ་སྔོན་དུ་འགྲོ་བ་ཅན་དུ་མ་མཐོང་ངོ་ཞེས་བྱ་བ་ཡིན་ནོ། །འཁྲུལ་པ་གཏན་ཚིགས་དེ་ཉིད་ཀྱི་ཐབས་ཀྱིས་རབ་ཏུ་བསྟན་པའི་ཕྱིར། མདའ་དང་རྡོ་འཕངས་མ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཏེ། མདའ་རྣམས་དང་རྡོ་རྣམས་ནི་མདའ་རྡོ་དང། མདའ་དང ་རྡོའོ། །དེ་དག་ནི་མདའ་དང་རྡོ་ཡང་ཡིན་ལ་འཕངས་པ་ཡང་ཡིན་པས་ཞེས་བྱ་བས་ཚིག་རྣམ་པར་སྦྱར་རོ། །མདའ་དང་རྡོ་འཕངས་པ་རྣམས་དང། སྒྱོགས་དང་སྤྲུལ་པ་དང་གཞན་གྱིས་རབ་ཏུ་བསྐྱོད་པ་ཅེས་ཚིག་རྣམ་པར་སྦྱར་རོ། །སོགས་པ་སྨོས་པས་ནི་སྒྱུ་མ་ལ ་སོགས་བསྡུའོ། །དེ་དག་གི་བྱ་བའི་ཁྱད་པར་ཅི་རིགས་པར་ཡུལ་གཞན་དུ་འགྲོ་བ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། དེ་ལ་རྡོ་དང་སྒྱོགས་དག་གི་བྱ་བའི་ཁྱད་པར་ནི་ཡུལ་གཞན་དུ་འགྲོ་བའི་མཚན་ཉིད་ཡིན་ནོ། །སྤྲུལ་པའི་བྱ་བའི་ཁྱད་པར་ནི་བྱ་བ་བརྗོད་པའི་མཚན ་ཉིད་ཡིན་ནོ། །གཞན་གྱི་རབ་ཏུ་བསྐྱོད་པའི་བྱ་བའི་ཁྱད་པར་ནི་གཡོ་བའི་མཚན་ཉིད་ཡིན་ནོ། །ཤེས་པ་གང་དག་ལ་མདའའཕངས་པ་ལ་སོགས་པའི་བྱ་བའི་ཁྱད་པར་དེ་དག་ཏུ་སྣང་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་དག་གི་བྱ་བའི་ཁྱད་པར ་རྣམ་པར་ཆད་པར་སྣང་མོད་ཀྱི་འོན་ཀྱང་གཡོ་བ་སྔོན་དུ་འགྲོ་བ་ཅན་ཡང་ཡིན་ནོ། །དེ་ལྟར་རྣམ་པར་ཆད་པར་སྣང་བ་གཡོ་བ་སྔོན་དུ་འགྲོ་བ་མ་ཡིན་པ་ཉིད་ཀྱིས་མ་ཁྱབ་བོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །རྣམ་པར་མ་ཆད་པར་སྣང་བ་ལ་ཡང་འཁྲུལ་པར ་བསྟན་པའི་ཕྱིར། གཞན་གྱིས་བྱས་པའི་གཡོ་བ་ལ་སོགས་པ་རྣམ་པར་མ་ཆད་པ་ཡིན་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱིས་བྱས་པའི་གཡོ་བ་ཞེས་བྱ་བར་ཚིག་བསྡུའོ། །སོགས་པ་སྨོས་པས་ནི་འཁོར་བ་ལ་སོགས་པ་བསྡུད་དེ། གཞན་གྱིས ་བྱས་པའི་གཡོ་བ་ལ་སོགས་པ་རྣམ་པར་མ་ཆད་པར་སྣང་བ་དག་ཀྱང་བདག་ཉིད་ཀྱི་གཡོ་བ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པར་མ་མཐོང་ངོ། །འདི་སྐད་དུ་འདི་དག་ནི་རང་གི་ལུས་དང་འབྲེལ་པ་ཡིན་མོད་ཀྱི། འོན་ཀྱང་བདག་ཉིད་ཀྱི་གཡོ་བ་སྔོན་དུ་འགྲོ་བ་ཅན་ཡང ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་གཉི་ག་ལ་ཡང་འཁྲུལ་པ་ཡོད་པར་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་འདིར་བྱ་བའི་ཁྱད་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་གཉི་ག་ལ་འཁྲུལ་པ་ཡོད་པར ་བསྒྲུབས་པ་དེའི་ཕྱིར་བྱ་བ་ཚིག་ཏུ་སྣང་བ་ཙམ་ལས་གཞན་གྱིས་སེམས་རྗེས་སུ་དཔག་པར་ནུས་ཀྱི་རྣམ་པར་ཆད་པ་དང། རྣམ་པར་མ་ཆད་པར་སྣང་བ་ཙམ་ལས་ནི་མ་ཡིན་ནོ། །བྱ་བའི་ཁྱད་པར་ཞེས་བྱ་བའི་སྒྲས་ནི་ལུས་དང་ངག་གི་རྣམ་པར་རིག ་བྱེད་དུ་སྣང་བ་སྟོན་པར་བྱེད་དོ། །ཙམ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཆད་པ་དང་མ་ཆད་པའི་ཁྱད་པར་སེལ་བར་བྱེད་དོ། །དེ་ལ་འདི་སྙམ་དུ་མདའའཕངས་པ་ལ་སོགས་པའི་བྱ་བའི་ཁྱད་པར་དུ་སྣང་བ་རྣམ་ནི་རྣམ་པར་ཆད་པར་སྣང་བ་ཉིད་ཡིན་ཡང་གཡོ་བ ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ལ། དེ་ལས་གཞན་པའི་རྣམ་པར་ཆད་པར་སྣང་བ་རྣམས་ནི་མ་ཡིན་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་དེ་ལ་འགའ་ཞིག་དེ་སྔོན་དུ་འགྲོ་བ་ཉིད་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པར་ཆད་པ་དང། རྣམ་པར་མ་ཆད ་པའི་ཤེས་པ་དག་ལས་གང་ཡང་རུང་བ་ཞིག་གཡོ་བའི་རྒྱུ་ཅན་ཉིད་ཡིན་པར་མི་འདོད་ན། དེའི་ཚེ་འགའ་ཡང་གཡོ་བ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་ནི་གོ་བར་ཟད་དོ། །མཇུག་བསྡུ་བའི ་ཕྱིར། །དེ་ལྟ་བས་ན་བྱ་བའི་ཁྱད་པར་གྱི་སྤྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འགའ་ཞིག་དེ་སྔོན་དུ་འགྲོ་བ་མ་ཡིན་པ་ཉིད་ཡིན་ན། ཐམས་ཅད་དེ་སྔོན་དུ་འགྲོ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་དེའི་ཕྱིར་བྱ་བའི་ཁྱད་པར་བོར་ཏེ། བྱ་བའི་ཁྱད་པར་གྱི་སྤྱིས ་གཡོ་བའི་ཁྱད་པར་གྱི་སྤྱི་རྗེས་སུ་དཔག་པར་བྱ་བ་ཡིན་ན། །བྱ་བའི་ཁྱད་པར་ཞེས་བྱ་བ་སྨོས་པ་ནི་བྱ་བ་དང་རྗོད་པ་དག་སྟོན་པར་བྱེད་དོ། །སྤྱི་ཞེས་བྱ་བའི་སྒྲས་ནི་ཁ་ནང་དང་ཕྱིར་བལྟས་པས་བྱས་པའི་ཁྱད་པར་ཡོངས་སུ་སྤོང་བར་བྱེད་དོ། །གཡོ་བའི་ཁྱད་པར་ཞེས་བྱ་བ ་སྨོས་པས་ནི། སྨྲ་བར་འདོད་པ་ཉིད་དང་འགྲོ་བར་འདོད་པ་ཉིད་ཡོངས་སུ་གཟུང་ངོ། །སྤྱི་ཞེས་བྱ་བ་སྨོས་པས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཁྱད་པར་ཡོངས་སུ་སྤོང་བར་བྱེད་དོ། འདི་ལྟར་འདོད་ཆགས་ནས་སྨྲའོ་ཞེས་བྱ་བ་འམ། ་སྡང་བ་འམ། རྨོངས་ཏེ་སྨྲའོ་ཞེས་བྱ་བར་རྗེས་སུ་དཔག་པར་ནུས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདིར་བསྡུས་པའི་དོན་ནི་བྱ་བ་དང་རྗོད་པ་ཙམ་ལས་གཡོ་བ་ཙམ་རྗེས་སུ་དཔག་པར་བྱ་བ་ཡིན་གྱི། རྟགས་ནི་ཁྱད་པར་ལ་འཁྲུལ་པའི་ཕྱིར་གཡོ་བའི་ཁྱད་པར་ནི་མ ་ཡིན་ན། །ཞེས་བྱ་བ་འདི་ཡིན་ནོ། །ཕྱིའི་དོན་དུ་སྨྲ་བ་དང་མཚུངས་པ་ཉིད་དུ་བསྟན་པའི་ཕྱིར། དེ་ལ་ཇི་ལྟར་བྱ་བ་དམིགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཕྱིའི་དོན་དུ་སྨྲ་བ་བྱ་བ་དམིགས་ལ། བདག་ཉིད་ལ་གཡོ་བ་མི་དམིགས་པས་ཤུགས་ཀྱིས ་གཞན་ལ་གཡོ་བ་རྗེས་སུ་དཔོག་པར་བྱེད་ན། དེ་དང་མ་རྩ་བ་འདྲ་བར་ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ལ་ཡང་བྱ་བར་སྣང་བ་དམིགས་ལ་བདག་ཉིད་ལ་བྱ་བ་མི་དམིགས་པས་ཤུགས་ཀྱིས་གཞན་ལ་གཡོ་བ་རྗེས་སུ་དཔོག་པར་བྱེད་དོ། །གོང་དུ་ཕྱིའི་དོན་དུ་སྨྲ་བས་རྣམ ་པར་ཆད་པར་སྣང་བ་རྒྱུ་མཚན་མེད་པ་ཅན་ཉིད་ཡིན་པར་གླེངས་པ་དེ་ལ་ཡང་མཚུངས་པར་བསྟན་པའི་ཕྱིར་འདི་མཚུངས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་དུ་སྨྲ་བ་ཡང་སྲོག་ཆགས་གཞན་དང་འབྲེལ་པར་སྣང་བའི་བྱ་བ་དང་རྗོད་པ་དག་རྒྱུ་མཚན་མེད་པ་ཅན་དུ ་མི་འདོད་དེ། ཕྱིའི་དོན་དུ་སྨྲ་བ་རྒྱུ་མཚན་མེད་པ་དག་ཏུ་ཁས་མི་ལེན་པས། གདོན་མི་ཟ་བར་ཁས་བླང་དགོས་པར་བསྟན་པའི་ཕྱིར། དེས་ན་གདོན་མི་ཟ་བར་ཞེས་བྱ་བ་སྨོས་ཏེ། ཕྱིའི་དོན་དུ་སྨྲ་བ་དེ་སྐད་དུ་རྒོལ་ཞིང་རྟོགས་པས་གདོན་མི་ཟ་བར་བྱ་བ་དང་རྗོད་པ་དེ་གཉིས་ནི ་གཡོ་བས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཡོ་བ་མེད་ན་དེ་གཉིས་མི་འབྱུང་ངོ་ཞེས་བྱ་བའི་འཐད་པ་འདི་བརྗོད་དགོས་སོ། །གལ་ཏེ་རིགས་པ་འདི་ཁས་བླངས་སུ་ཟིན་ཀྱང་དེས་ན་ཇི་ལྟར་འགྱུར་ཞེ་ན། ཕ་རོལ་པོ་ཡང་དེར་སྣང་བ་དག་ལ་དེ་དང་འདྲ་བར་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ཡང་རྣམ་པར་ཆད་པར་སྣང་བའི་ཤེས་པ་དག་ལ་དེ་དང་འདྲ་བར་གཡོ་བས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། མེད་ན་མི་འབྱུང་ངོ་ཞེས་སྨྲ་བར་འགྱུར་རོ། །དེ་ལྟ་བས་ན་ཕྱི་རོལ་གྱི་དོན་དུ་སྨྲ་བ་དང ་ཤེས་བྱ་ནང་གི་ཡིན་པར་སྨྲ་བ་འདི་དག་ནི་ཕན་ཚུན་ཁྱད་པར་ཡོད་པར་མི་འགྱུར་རོ། །འདི་སྐད་དུ་ཇི་ལྟར་ཕྱིའི་དོན་དུ་སྨྲ་བ་གཞན་དང་འབྲེལ་པའི་བྱ་བ་དང། བརྗོད་པ་དག་གཡོ་བས་སྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་མེད་ན་མི་འབྱུང་བར་སྨྲ་བ་དེ་བཞིན་ཤེས ་བྱ་ནང་གི་ཡིན་པར་སྨྲ་བ་ཡང་ཁ་ཕྱིར་བལྟས་པར་སྣང་བའི་ཤེས་པ་དག་ནི་གཡོ་བས་སྐྱེད་པར་བྱེད་པ་ཡིན་པ་དེ། དེ་མེད་ན་མི་འབྱུང་ངོ་ཞེས་སྨྲས་ཏེ། དེ་སྟ་བས་ན་འདི་གཉིས་ལ་ཕན་ཚུན་ཁྱད་པར་ཅི་ཡང་མེད་དོ་ཞེས་བཤད་པ་ཡིན་ནོ། །ཕྱིའི་དོན་དུ་སྨྲ་བའི ་དོགས་པ་བསུ་བར། གལ་ཏེ་དེར་སྣང་བ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་སྤྱོད་པ་བྱ་བ་དང། རྗོད་པར་སྣང་བའི་ཤེས་པ་དག་གཡོ་བའི་རྒྱུ་ཅན་ཉིད་དུ་སྨྲ་བའི་རྨི་ལམ་གྱི་གནས་སྐབས་ན་ཡང་དེ་གཉིས་གཡོ་བའི་རྒྱུ་མཚན་ཅན་ཉིད་ཡིན་པར་ཅི་སྟེ་མི་སྨྲ ་ཞེས་བྱ་བ་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས། ཐམས་ཅད་མཚུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་མ་འབའ་ཞིག་མཚུངས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདི་ཡང་གོང་མ་དང་བཅས་ཏེ་ཐམས་ཅད་དུ་མཚུངས་སོ། །ཤེས་བྱ་བའི་ཐ་ཚིག་གོ་། ་མཚུངས་པ་དེ་ཉིད་བསྟན་པའི་ཕྱིར། ཕ་རོལ་པོ་ཡང་རྨི་ལམ་ན། གཞན་གྱི་བྱ་བ་དང་ཚིག་དམིགས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་དུ་སྨྲ་བ་ཡང་རྨི་ལམ་གྱི་གནས་སྐབས་ན། གཞན་དང་འབྲེལ་བ་ཅན་གྱི་བྱ་བ་དང། རྗོད་པ་དམིགས་པ་གང་དག་ཡིན་པ ་དེ་དག་གཞན་གྱི་སེམས་ཀྱི་རྒྱུ་མཚན་ཡིན་པར་ཅི་སྟེ་མི་སྨྲ། ཕྱི་རོལ་གྱི་དོན་དུ་སྨྲ་བ་ལན་གྱི་དོགས་པ་བསུ་བར། གལ་ཏེ་དེ་དག་མེད་པའི་ཕྱིར་རོ་ཞེ་ན། ཞེས་བྱ་བ་སྨོས་ཏེ། རྨི་ལམ་ན་བྱ་བ་དང། རྗོད་པ་དག་ཉིད་ཀྱང་མེད་ན་དེ་ཇི་ལྟར་གཡོ་བ་མེད་པའི་རྒྱུ་ཅན་དུ་འགྱུར་ཞེས་ཟེར་ན ་ཤེས་བྱ་ནང་གི་ཡིན་པར་སྨྲ་བས། དེ་བཞིན་དུ་དམིགས་པར་མཚུངས་ན་ཅི་སྟེ་མེད་ཅེས་བྱ་བ་སྨོས་ཏེ། ཇི་ལྟར་གཉིད་མ་ལོག་པའི་གནས་སྐབས་ན་བྱ་བ་དང་རྗོད་པ་དག་དམིགས་པ་དེ་བཞིན་དུ་རྨི་ལམ་གྱི་གནས་སྐབས་ན་ཡང་དམིགས་ཏེ། དེ་ལྟ་བས་ན་བྱ་བ་དང་རྗོད་པ་དམིགས ་པར་མཚུངས་ན་ཅིའི་ཕྱིར་དེ་དག་མེད། ཕྱིའི་དོན་དུ་སྨྲ་བའི་གཞུང་ལུགས་ཀྱི་དོགས་པ་བསུ་བར། གལ་ཏེ་མི་གཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཉིད་ཀྱིས་ཉམས་པའི་ཕྱིར་འཁྲུལ་པ་ཡིན་ནོ། །དེའི་ཕྱིར་དོན་གྱིས་སྟོང་པའི་རྣམ་པར་ཤེས་པ་དག་འབྱུང་སྟེ། ་དེས་ན་རྨི་ལམ་ན་དེ་དག་མེད་དེ་ཅེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །འདིར་གྲུབ་པའི་མཛའ་སྨྲ་བ་ཕ་རོལ་པོའི་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་ལྟར་ན་ཡང་གཉིད་ཀྱི་འཁྲུལ་པ་དེ་ཁོ་ནའི་ཕྱིར་གཞན་གྱི་དབང་མེད་པར ་བྱ་བ་དང་རྗོད་པའི་རྣམ་པ་ཅན་ཤེས་པ་དག་འབྱུང་བར་འདོད་དོ། །རེ་ཞིག་དེ་ལྟར་མདོ་སྡེ་བ་དང་ལྷན་ཅིག་མཚུངས་པར་བཤད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་པའི་དོགས་པ་བསུ་བར། གལ་ཏེ་རྨི་ལམ་ན་ཡང་ཤེས་པ་དོན་དང་ལྡན་པ་ཡིན་ལ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ན་ཡང་ཤེས་པ་དོན་དང་ལྡན་པ་ཡིན་ལ། རྨི་ལམ་གྱི་གནས་སྐབས་ན་སྲོག་ཆགས་དམིགས་པ་གང་དག་ཡིན་པའི་སེམས་ཅན་དེ་དག་ཀྱང་བདེན་པར་ཡོད་དེ་དེའི་ཕྱིར་གལ་མཚུངས་ཤེས་བྱ་བ་ནི་ཕྱོགས་སྔ་མའི་དོགས ་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས། གལ་ཏེ་ཕ་རོལ་པོ་ལ་བསྔོ་བའི་ཕྱིར་ལུང་དང་རིགས་པ་དང་བྲལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ལུང་དང་རིགས་པ་དང་བྲལ་བ་དེ་ནི་ལུང་དང་རིགས་པ་དང་བྲལ་བ་ཡིན་ནོ། །ལུང་དང་རིགས་པ ་དང་བྲལ་བའི་ཕྱིར་རྒོལ་བ་འདི་ནི་མི་བཟང་བ་ཡིན་པས་རྒོལ་བ་དམ་པ་མ་ཡིན་པའོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣལ་འབྱོར་སྤྱོད་པ་ལ་བསྔོ་བའི་ཕྱིར་དེ་ཁས་ལེན་པར་བྱེད་ན་འདིས་བདག་ཕམ་པར་གྱུར་ན་ནི་མི་རུང་བས་དེའི་ཚེ་རྣལ་འབྱོར་སྤྱོད ་པ་པ་ཡང་སེམས་ཅན་གཞན་གྱི་དབང་དེ་ལྟ་བུ་ཅན་དུ་འདོད་བ་ལ་སུ་ཡང་ཟློག་པར་མི་བྱེད་དེ། དེ་ཡང་འདི་སྐད་དུ་ཁྱོད་ཀྱིས་རྨི་ལམ་གྱི་གནས་སྐབས་ན་སེམས་ཅན་དུ་འདོད་པ་གང་དག་ཡིན་པ་དེ་དག་གིས་དབང་ཁོ་ནས་ཁོ་བོའི་རྣམ་པར་རིག་བྱེད་དུ ་སྣང་བ་དག་འབྱུང་བར་འགྱུར་རོ་ཞེས་སྨྲ་བར་འགྱུར་རོ། །དེས་ན་ཇི་ལྟར་མི་མཚུངས་རིགས་པ་དང། ལུང་དང་བྲལ་བ་ཉིད་ནི་འདི་ལྟ་བུར་བལྟ་བར་བྱ་སྟེ། ལུང་ནི་འགའ་ལས་ཀྱང་རྨི་ལམ་དུ་རྨིས་པའི་གཟུགས་ཡོད་པར་མི་འབྱུང་ངོ། །རིགས་པས་ཀྱང ་འཐད་པ་མ་ཡིན་ཏེ། འདི་ལྟར་རྨི་ལམ་དུ་རྨིས་པའི་གཟུགས་ཐོགས་པ་དང་བཅས་པ་ཉིད་དང་བསྟན་དུ་ཡོད་པ་ཉིད་དུ་འགྱུར་རོ། །དེས་ན་གླང་པོ་ཆེ་ལ་སོགས་པ་སྐར་ཁུང་ལ་སོགས་པ་འཇུགས་པར་ཡང་མི་འཐད་ལ། ཡུལ་འདྲ་བ་ན་གནས་པ་དག ་གིས་ཀྱང་མཐོང་བར་འགྱུར་རོ། །འོན་ཏེ་བསྟན་དུ་ཡོད་པ་དང། ཐོགས་པ་དང་བཅས་པར་མི་འདོད་ན་ནི་དེའི་ཚེས་དེ་གཟུགས་ཉིད་ཀྱང་མ་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པས་མ་ངེས་པ་ཡང་མ་ཡིན་ཏེ། དེར་ཁས་མི་ལེན་པའི་ཕྱིར་རོ། །གང་གི་ཚེ་བདག་ཉིད ་ཕྱིར་བྱུང་བར་མཐོང་བ་དེའི་ཚེ་རྒྱུད་གཉིས་སུ་ཡང་ཐལ་བར་འགྱུར་རོ། །སྲོག་ཆགས་གཞན་མཐོང་བ་ན་སྔོན་མེད་པའི་སེམས་ཅན་འབྱུང་བར་ཡང་ཐལ་བར་ཡང་འགྱུར་རོ། །རྨི་ལམ་ན་མི་ཚངས་པར་སྤྱད་པ་བྱས་པས་ཕས་ཕམ་པ་ཉིད་དུ་ཡང་ཐལ་བར་འགྱུར་ཏེ། རྨི་ལམ་དུ་རྨིས ་པའི་གཟུགས་ཡོད་པར་འདོད་པ་ལ་ནི་དེ་ལྟ་བུ་ལ་སོགས་པའི་སྐྱོན་མང་པོ་ཐལ་བར་འགྱུར་རོ། །དེ་ལྟར་རེ་ཞིག་མཚུངས་པར་བསྒྲུབས་ནས་རང་གི་ཕྱོགས་ལ་རིགས་པ་དང་ལུང་དང་བྲལ་བ་ཉིད་ཡོངས་སུ་སྤང་བའི་ཕྱིར། འདི་འབའ་ཞིག་གི་ལྟར་ན་ཞེས་བྱ་བ་ལ་སོགས་པ ་སྟེ། འདི་ནི་བརླམས་ཏེ་སྨྲས་པར་ཟད་ཀྱི་རྣལ་འབྱོར་སྤྱོད་པ་འབའ་ཞིག་གི་ལྟར་ན་གཉིད་མ་ལོག་པའི་གནས་སྐབས་བཞིན་དུ་རྨི་ལམ་ན་ཡང་བྱ་བ་དང། ཚིག་གི་རྣམ་པ་ཅན་གྱི་ཤེས་པ་དེ་ལྟ་བུ་གཞན་གྱི་རྒྱུད་ཀྱི་དབང་ཅན་ཡིན་པ་ཡོད་དོ། །ཁྱད་པར་ནི་འདི་ཙམ་ཞིག ་ཡོད་དོ། །གཉིད་མ་ལོག་པའི་གནས་སྐབས་ན་ནི་མངོན་སུམ་དུ་དབང་ཡིན་ལ། རྨི་ལམ་གྱི་གནས་སྐབས་ན་ནི་ཕལ་ཆེར་རྒྱུད་པ་ཡིན་ནོ། །རྨི་ལམ་ན་ཡང་མངོན་སུམ་དུ་འཇུག་པ་སྲིད་པ་བསྟན་པའི་ཕྱིར། རེས་འགའ་རྨི་ལམ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི ་ནི་གོ་སླའོ། །མངོན་སུམ་དུ་འཇུག་པ་ཉིད་བསྟན་པའི་ཕྱིར། ལྷ་ལ་སོགས་པ་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་ལ་སོགས་ཏེ། ལྷ་ལ་སོགས་པའི་བྱིན་གྱིས་བརླབས་ཀྱིས་དེད་དཔོན་ཤིན་ཏུ་དགའ་བའི་རྣམ་པར་རིག་བྱེད་དུ་སྣང་བའི་ཤེས་པ་དག་བྱུང་ངོ། །སོགས་པ ་སྨོས་པས་ནི་རྣལ་འབྱོར་བ་དང། སྲིན་པོ་ལ་སོགས་པའི་བྱིན་གྱིས་བརླབས་བསྡུའོ། །རང་གི་ཕྱོགས་ཀྱི་མཇུག་བསྡུ་བའི་ཕྱིར། དེ་བས་ན་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བས་ན་རྣལ་འབྱོར་སྤྱོད་པ་བ་འདི་སྐད་དུ་སྨྲ་བ། འདིའི་ནི་རྒོལ་བ་དམ་པ་མ་ཡིན ་བ་ལ་བརྟེན་པ་མ་ཡིན་ནོ། །ཡང་གཞན་དུ་མཚུངས་པར་བསྒྲུབ་བའི་ཕྱིར་མདོ་སྡེ་པ་ལ་འདྲི་བར། རེ་ཞིག་བྱ་བ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་བྱེད་དུ་སྣང་བ་རྟོགས་པར་བྱེད་པ་ཉིད་ཡིན་པས་བསམ་པ་ནི་རེ་ཞིག་གཞག ་ལ། ཐང་ཅིག་ཁྱེད་ཉིད་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། ཁྱེད་ཀྱིས་བརྟགས་པའི་བྱ་བ་དེ་ཉིད་ཀྱིས་གཞན་གྱི་སེམས་ཅིའི་ཕྱིར་རྟོགས་པར་བྱེད། དེ་ལྟར་བརྒལ་ཞིང་བརྟགས་པ་དག་མདོ་སྡེ་པས་སེམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། ་གང་གི་ཕྱིར་སེམས་ཀྱི་འབྲས་བུ་ཡིན་པ་དེའི་ཕྱིར་དེ་རྟོགས་པར་བྱེད་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས། དེའི་འབྲས་བུ་ཉིད་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱ་བ་སེམས་ཀྱི་འབྲས་བུ་ཡིན་བའི་ཕྱིར་སེམས་རྟོགས་པར་བྱེད་པ་ཡིན་ན། ་སེམས་ཀྱི་འབྲས་བུ་ཉིད་དེ་ནི་བྱ་བར་སྣང་བའི་ཤེས་པ་ལ་ཡང་འདྲ་བས་བྱ་བར་སྣང་བ་དེས་ཀྱང་གཞན་གྱི་སེམས་ཅིའི་ཕྱིར་རྟོགས་པར་མི་བྱེད། གྲུབ་པའི་མཛའ་སྨྲ་བས་གཏན་ཚིགས་བསྡུ་བའི་ཐབས་ཀྱི་ཕ་རོལ་པོར་སྣང་བའི་ཤེས་པ་ཁོ་ན་རྟགས་ཉིད་ཡིན ་པར་ཁས་ལེན་དུ་གཞུག་པའི་ཕྱིར། གཞན་ཡང་གལ་ཏེ་བྱ་བ་དེ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་བྱ་བ་འདི་ཡོད་པ་ཙམ་གྱིས་གཞན་གྱི་སེམས་རྟོགས་པར་བྱེད་དམ། འོན་ཏེ་ཤེས་ན་ཡིན། རེ་ཞིག་གལ་ཏེ་ཡོད་པ་ཙམ་གྱིས་ཡིན་ན་ནི་དེའི་ཚེ་བྱ་བ་མི ་དམིགས་པའི་སྲོག་ཆགས་དག་གིས་ཀྱང། གཞན་གྱི་སེམས་རྟོགས་པར་འགྱུར་རོ། །ཕ་རོལ་པོའི་གཞུང་ལུགས་ཀྱི་དོགས་པ་བསུ་བར། གལ་ཏེ་རྟགས་ནི་ཤེས་པ་ལ་བལྟོས་པའི་ཕྱིར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ནི་ཡོད་པ ་ཙམ་གྱིས་རྟོགས་པར་བྱེད་པ་མ་ཡིན་ནོ། །འོན་ཅི་ཞེ་ན། ཤེས་ན་ཡིན་ཏེ་དེའི་ཕྱིར་འདི་ནི་ཉེས་པ་མེད་དོ། །གྲུབ་པའི་མཛའ་སྨྲ་བས། དེ་ལ་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྟགས་ཤེས་པ་ལ་བལྟོས་ནས་རྟོགས་པར་བྱེད་པ་ཡིན་པར ་འདོད་ན། ཀྱེ་མ་འོན་ནི་བརྒྱུད་པ་འདི་ཅུང་ཟད་ཀྱང་མི་དགོས་སོ། །བརྒྱུད་པ་དེ་ཉིད་བསྟན་པའི་ཕྱིར། གཞན་གྱི་སེམས་ལས་ནི་བྱ་བའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱུད་པ་ནི་གཞན་གྱི་སེམས་ལས་ནི་བྱ་བ་འབྱུང་ངོ། །བྱ་བ་ལས་ཤེས་པ་འབྱུང་ངོ། །ཤེས་པ ་ལས་ནི་དེ་རྟོགས་པའོ་ཞེས་བྱ་བ་ཡིན་ནོ། །ཡང་རིགས་པ་གང་ཞིག་ཡིན་ཞེ་ན། བྱ་བར་སྣང་བ་གཞན་གྱི་སེམས་ལས་རབ་ཏུ་སྐྱེ་བའི་ཆོས་ཅན་གྱི་ཤེས་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞིན་གྱི་སེམས་ལས་རབ་ཏུ་སྐྱེ་བའི་ཆོས་ཅན་བྱ་བར་སྣང ་བའི་ཤེས་པ་ཁོ་ན་རྟོགས་པར་བྱེད་པ་ཡིན་པར་འདོད་པར་གྱིས་ཤིག། འདི་ལ་གཞན་སོ་སེམས་ལས་རབ་ཏུ་སྐྱེ་བའི་ཆོས་ཡོད་པས་ཤེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བྱ་བ་ཡིན་ཡང་རུང་བྱ་བར་སྣང་བའི་ཤེས་པ་ཡིན་ཡང་རུང་འདི་ལ་ཁྱད་བར་ཅི་ཞིག་ཡོད ་དེའི་ཕྱིར་དེ་རྟོགས་པ་ནི་ཐ་མར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བྱ་བ་ཁས་བླངས་ཀྱང་གཞན་གྱི་སེམས་རྟོགས་པ་ནི་བྱ་བར་སྣང་བའི་ཤེས་པ་ལ་རག་ལས་པ་ཁོ་ན་ཡིན་པ་དེའི་ཕྱིར་དེ་ཉིད་ཡིན་གྱི་བྱ་བ་ཡོངས་སུ་བརྟགས་བས་ཅི་ཞིག་བྱ། ་དེ་ལྟར་ཕ་རོལ་པོ་ཕམ་པར་བྱས་ནས་རང་གི་ཕྱོགས་ཀྱི་ལུགས་བརྗོད་པའི་ཕྱིར། གཡོ་བ་ཙམ་སྤྱི་ནི་བྱ་བ་དང་རྗོད་བའི་ཤེས་པའི་སྤྱིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་དང་རྗོད་པའི་ཤེས་པའི་སྤྱི་ནི་བྱ་བ་དང་རྗོད་པའི་ཤེས་པའི་སྤྱིའོ། །དེའི་རྒྱུ་ནི་གཡོ་བ ་ཙམ་ཁྱད་པར་མེད་པ་ཡིན་པར་འདོད། དེས་ན་བྱ་བར་སྣང་བའི་ཤེས་པའི་སྤྱི་གཡོ་བ་ཙམ་གྱི་སྤྱི་རྟོགས་པར་བྱེད་པ་ཡིན་པར་འདོད་པས་འབྲས་བུས་རྒྱུ་རྟོགས་པར་བཤད་བ་ཡིན་ནོ། །དེ་ཤེས་པའི་ཕྱིར་སྤྱི་ཞེས་བྱ་བ་འདིར་སྤྱི་ཞེས་བྱ་བའི་སྒྲས་ནི་རྣམ་པར ་ཆད་པ་དང་རྣམ་པར་ཆད་པ་སྣང་བས་བྱས་པའི་ཁྱད་པར་བསལ་བ་ཡིན་ནོ། །གཡོ་བ་ཙམ་ཞེས་པ་འདིར་ཙམ་ཞེས་བྱ་བའི་སྒྲས་ནི་འདོད་ཆགས་ལ་སོགས་པ་བྱས་པའི་ཁྱད་པར་ཅན་གྱི་གཡོ་བ་བརྩལ་བ་ཡིན་ནོ། །དེ་ལྟར་རྒྱུ་དང་འབྲས་བུའི་ངོ་བོ་སྤྱིར ་བསྟན་ནས་འབྲས་བུའི་ཁྱད་པར་བསྟན་པའི་ཕྱིར། དེ་ལ་བདག་ཉིད་ཀྱི་གཡོ་བའི་རྒྱུ་མཚན་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཀྱི་གཡོ་བས་ཀུན་ནས་བསླང་བའི་ཤེས་པ་གང་ཡིན་པ་དེ་ནི་ཁ་ནང་དུ་བལྟས་པར་སྣང་བར་འཇུག་པ་ཡིན་ལ། ་གཞན་གྱི་གཡོ་བས་ཀུན་ནས་བསླངས་པ་ནི་ཁ་ཕྱིར་བལྟས་པར་སྣང་བ་ཡིན་ནོ། །ཁ་ཞེས་བྱ་བའི་སྒྲ་ནི་འདིར་དམིགས་པ་ལ་བྱའོ། །ཐལ་ཆེར་དབང་དུ་བྱས་ཞེས་བྱ་བས་ནི་མདའའཕངས་པ་ལ་སོགས་པ་དང། གཞན་གྱིས་བྱས་པའི་གཡོ་བ་ལ་སོགས་པ ་བསྟན་བར་བྱེད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་གཉིད་མ་ལོག་པའི་གནས་སྐབས་ན་ནི་རྒྱུད་དང་འབྲས་བུའི་ངོ་བོ་ཡོད་ན་རག་ན་རྨི་ལམ་གྱི་གནས་སྐབས་ན་གོ་ཇི་ལྟར་ཞེ་ན། དེའི་ཕྱིར་འདི་དག་གི་རྒྱུ་དང་འབྲས་བུའི་ངོ་བོ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ ་དང་འབྲས་བུའི་ངོ་བོ་བསྟན་མ་ཐག་པ་གང་ཡིན་པ་དེ་ནི་གཉིད་མ་ལོག་པ་དང། གཉིད་ལོག་པའི་གནས་སྐབས་དག་ན་མཚུངས་པ་ཡིན་ནོ། །སོགས་པ་སྨོས་པས་ནི་འདོད་པ་དང་མྱ་ངན་ལ་སོགས་པས་ཉམས་པའི་གནས་སྐབས་ཡོངས་སུ་བསྡུའོ།། ་རྨི་ལམ་ན་ཀུན་ནས་སློང་བར་བྱེད་པའི་གཡོ་བ་ཉིད་མེད་པ་མ་ཡིན་ནམ། དེ་ཇི་ལྟར་ན་རྒྱུ་དང་འབྲས་བུའི་ངོ་བོ་མཚུངས་ཤེ་ན། དེའི་ཕྱིར་འཁྲུལ་བའི་གནས་སྐབས་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པའི་གནས་སྐབས་ན་ནི་གཉིད་ཀྱིས་ཉམས ་པ་ལ་སོགས་པའི་གནས་སྐབས་སོ། །བདག་ཉིད་ཇི་ལྟ་བ་བཞིན་གྱིས་ཞེས་བྱ་བ་འདིས་ནི་རྨི་ལམ་གྱི་ནི་གཉིད་ཀྱི་ཁྱད་པར་རོ། །དམྱལ་བ་ལ་སོགས་པ་ནི་ལས་ཀྱི་རྣམ་པར་སྨིན་པའི་གནས་སྐབས་ཡོངས་སུ་བསྡུའོ། །རྐྱེན་གྱི་ཁྱད་པར་ནི་གཉིད་ལ་སོགས ་པའོ། །ཉེ་བར་རྟེན་པ་ནི་ཉེ་བར་རྟེན་པའོ། །རྐྱེན་གྱི་ཁྱད་པར་ནི་ཉེ་བར་རྟེན་པ་ནི་རྐྱེན་གྱི་ཁྱད་པར་ལ་ཉེ་བར་བརྟེན་པ་སྟེ། རྐྱེན་གྱི་ཁྱད་པར་ཉེ་བར་རྟེན་ཞེས་བྱ་བའི་ཐ་ཚིག་གོ་།གཞན་གྱི་གཡོ་བ་ནི་གཞན་གི་སེམས་དང་མཚུངས་པར་ལྡན་པས་གཡོ་བའོ། །སོགས་པ ་སྨོས་པ་ནི་བཞིན་མདངས་བཟང་བ་དང། ཁྲག་ལ་སོགས་པ་སྐྱེད་པར་བྱེད་པའི་སེམས་ཡོངས་སུ་བསྡུའོ། །དེ་ནི་གཞན་གྱི་གཡོ་བ་ལ་སོགས་པ་ཡང་ཡིན་ལ། རྒྱུ་མཚན་ཡང་ཡིན་པས་ཞེས་བྱ་བར་ཚིག་རྣམ་པར་བསྡུའོ། །རྒྱུ་མཚན་ཉིད་ནི་འདིར་བདག་པོའི ་རྐྱེན་ཉིད་ཡིན་པར་བལྟ་བར་བྱའོ། །བྱ་བ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་གང་ལ་དེ་ལས་གཞན་བའི་གཡོ་བ་ལ་སོགས་པའི་རྒྱུ་མཚན་གྱིས་འབྱུང་བའི་ངང་ཚུལ་ཡོད་པ་ནི་གཞན་གྱི་གཡོ་བ་ལ་སོགས་པའི་རྒྱུ་མཚན་གྱིས་འབྱུང་བའི་རྣམ ་པར་ཤེས་པའོ། །དེའི་བག་ཆགས་ནི་ནུས་པ་དག་གོ་།གཞན་གྱི་ཉེ་བར་སྦྱོར་བ་ནི་གཞན་གྱི་སེམས་ཀྱི་བྱེད་པའོ། །སོགས་པ་སྨོས་པས་ནི་དེ་ལས་གཞན་པའི་རྐྱེན་དེའི་དུས་ན་ཡོད་པ་དག་ཡོངས་སུ་བསྡུའོ། །བར་དུ་ཆོད་པ་ནི་དུས་ཀྱི་བསྐལ་བའོ།། ་ཀྱང་ཞེས་བྱ་བའི་སྒྲས་ནི་བར་དུ་མ་ཆོད་པ་སྟེ། ལྷ་ལ་སོགས་པའི་བྱིན་གྱིས་རྨི་ལམ་མཐོང་བ་ན་ཡོད་དོ། །དེ་དག་གི་འཇུག་པ་རྙེད་པ་ནི་བྱ་བར་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་རུང་བའི་བདག་ཉིད་དུ་ཉེ་བར་གནས་པ་ཡིན་ནོ། །འདི་སྐད་དུ་འཁྲུལ ་པའི་གནས་སྐབས་ན་རྐྱེན་ཁྱད་པར་ཅན་ལ་བརྟེན་པའི་ཕྱིར་གཞན་གྱི་གཡོ་བ་ལ་སོགས་པའི་རྒྱུ་མཚན་གྱིས་འབྱུང་བའི་རྣམ་པར་ཤེས་པའི་བག་ཆགས་རྣམས་རེས་འགའ་གཞན་གྱི་ཉེ་བར་སྦྱོར་བ་བར་དུ་ཆོད་ཀྱང་འཇུག་པ་རྙེད་པར་འགྱུར་རོ། །ཞེས ་བཤད་པར་འགྱུར་རོ། །གང་ལ་གཞན་གྱི་ཉེ་བར་སྦྱོར་བ་གཏན་མེད་པ་དེ་ལ་ནི། དེ་དག་འཇུག་པ་རྙེད་པ་མ་ཡིན་ནོ། །དེ་ལྟར་རྨི་ལམ་གྱི་གནས་སྐབས་ན་ཡང་བྱ་བར་སྣང་བའི་ཤེས་པ་རྣམས་གཡོ་བའི་རྒྱུ་མཚན་ཅན་ཉིད་དུ་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟ ་བས་ན་གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་འཁྲུལ་པ་མེད་པར་བསྒྲུབ་པ་དེའི་ཕྱིར་གཉིད་མ་ལོག་པ་དང། གཉིད་ལོག་པའི་གནས་སྐབས་གཉི་ག་ན་ཡང་བྱ་བར་སྣང་བ་དག་གིས་སེམས་ཀྱི་གཡོ་བ་རྗེས་སུ་ ་དཔག་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་གནས་སོ། །སོགས་པ་སྨོས་པས་ནི་རྗོད་པ་དང་ཁྲག་ལ་སོགས་པའི་རྣམ་པར་རིག་བྱེད་ཡོངས་སུ་བསྡུའོ། །དེ་ལྟར་རང་གི་གཞུང་ལུགས་ལ་སྐྱོན་མེད་པར་བྱས་ནས་གཞན་གྱི་གཞུང ་ལུགས་ལ་སྐྱོན་ཡོད་པར་བསྟན་པའི་ཕྱིར། བྱ་བས་གཡོ་བ་རྟོགས་ན་ནི། ཞེས་བྱ་བ་ལ་སོགས་སྨོས་ཏེ། གང་ཞིག་བྱ་བས་གཡོ་བ་རྟོགས་པར་འདོད་པ་དེའི་ལྟར་ན་རྨི་ལམ་ལ་སོགས་པ་ན་ཡང་བྱ་བས་གཡོ་བ་རྟོགས་པར་འགྱུར་རོ། །འོན ་ཏེ་རྨི་ལམ་བྱ་བས་གཡོ་བ་རྟོགས་པར་མི་འདོད་ན་ནི་དེའི་ཚེ་གཉིད་མ་ལོག་པའི་གནས་སྐབས་ན་ཡང་རུང་སྟེ། ནམ་ཡང་བྱ་བས་གཡོ་བ་རྟོགས་པར་མི་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གཞན་གྱི་གཡོ་བ་མེད་པར ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡང་རྨི་ལམ་ན་གཞན་གྱི་སེམས་ཀྱི་གཡོ་བ་མེད་པར་ཡང་བྱ་བར་དམིགས་པར་འབྱུང་ངོ། །གང་ཞིག་གང་མེད་པར་ཡང་འབྱུང་བ་དེ་ནི་རྟོགས་པར་བྱེད་པར་རིགས་པ་མ་ཡིན་ནོ། །ཕྱིའི་དོན་དུ ་སྨྲ་བས་ཕྱིར་བརྒལ་བར་འདོད་ནས། དམིགས་པ་འབྱུང་བར་འགྱུར་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་ནི་གཡོ་བ་མེད་པར་འབྱུང་བར་འགྱུར་གྱི་བྱ་བ་ནི་མ་ཡིན་ནོ། །བྱ་བས་ནི་ཁོ་བོ་ཅག་གཡོ་བ་རྟོགས་པར་བྱེད་པ་ཡིན་པར་འདོད་པ ་ན། དེ་ཡང་འཁྲུལ་པའི་གནས་སྐབས་ན་མེད་དོ། །ཅི་སྟེ་མེད་ཅེ་ན། དེའི་ཕྱིར་དོན་གྱིས་སྟོང་པའི་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འཁྲུལ་བའི་གནས་སྐབས་ན་དོན་གྱིས་སྟོང་པའི་ཤེས་པ་དག་འབྱུང་བ་དེའི་ཕྱིར་འདི་ནི་ཨེ་ཉེས་པ་མེད་དོ་ཅེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས་རྣམ་པ་ཐམས་ཅད་དུ་ཐ་སྙད་གདགས་པ་མཚུངས་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་སྙད་གང་ལ་རྣམ་པ་ཐམས་ཅད་ཡོད་པ་དེ་ནི་རྣམ་པ་ཐམས ་ཅད་དུ་ཐ་སྙད་གདགས་བའོ། །རྣམ་པ་ཐམས་ཅད་དུ་ཐ་སྙད་གདགས་པ་མཚུངས་པ་ལ། རྨི་ལམ་གྱི་གནས་སྐབས་ན་ནི་ཤེས་བ་དོན་གྱིས་སྟོང་པ་འབྱུང་ངོ། །གཉིད་ཀྱིས་མ་ལོག་པའི་གནས་སྐབས་ན་ནི་དོན་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཤེས་པ་འམ། ཁྱོད་ཀྱི་ཡང ་འདི་ག་ལས་ཐོག་འདི་སྐད་དུ་གཉིད་མ་ལོག་པའི་གནས་སྐབས་བཞིན་དུ་གཉིད་ལོག་པའི་གནས་སྐབས་ན་མཐོན་བའི་རྣམ་པ་ལ་སོགས་པ་ཐམས་ཅད་ཡོད་མ་དེ་ཇི་ལྟར་དེ་ནི་ཤེས་པ་དོན་གྱིས་སྟོང་པ་ཡིན་ཞེས་བཤད་པ་ཡིན་ནོ། །ཕ་རོལ་གྱི ་གཞུང་ལུགས་ཀྱི་དོགས་པ་བསུ་བ་པ་གལ་ཏེ་གཉིད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིད་ལ་སོགས་པས་འདིའི་གནས་སྐབས་གང་གིས་ན་དོན་གྱིས་སྟོང་པའི་ཤེས་པ་དག་འབྱུང་བ་འགྱུར་བ་དེ་ལྟ་བུར་གཞན་དུ་གྱུར་པ་ཡིན་ནོ། ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས་གལ་ཏེ་འདི་ལྟ་བུ་སྲིད་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཁྲུལ་པའི་དབང་གི་གནས་སྐབས་གཞན་དུ་གྱུར་བ་ལས། དོན་གྱིས་སྟོང་པའི་ཤེས་པ་འབྱུང ་བར་ཁས་ལེན་ན་ནི་དེའི་ཚེ་འཁྲུལ་པའི་རྒྱལ་པོ་ཆེན་པོ་མ་རིག་པ་ཉིད་ཡོད་པས་དེའི་དབང་གིས་ཤེས་པ་ཐམས་ཅད་དོན་གྱིས་སྟོང་པ་འབྱུང་ངོ་ཞེས་བྱ་བར་འདོད་པ་གྱིས་ཤིག། དེ་ལྟར་ན་ཡོན་ཏན་ཨེཅི་ཞིག་འཐོབ་ཅེ་ན། དེ་ལྟར་ན་དོན་གཞན་དུ་སྨྲ་བ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དོན་གཞན་དུ་སྨྲ་བ་ནི་དོན་གཞན་དུ་སྨྲ་བའོ། །དོན་གཞན་དུ་སྨྲ་བ་ཉིད་ཉམས་བར་འགྱུར་བ་ཡིན་པས། དོན་གཞན་དུ་སྨྲ་བ་ཉམས་པར་འགྱུར་ཞིང་མ་རུང་བར་བྱ་སྟེ། འདིས་དགེ་བའི་ཆོས་རྣམས་ལས་ཉམས་པར་འགྱུར་བའི་ཕྱིར་རོ།། ་དོན་གཞན་དུ་སྨྲ་བ་གང་ལ་ཉེས་བའི་གླིགས་དུ་མ་ལེན་གདབ་པའི་མཚན་ཉིད་ཀྱི་སྦ་བར་མི་ནུས་པ་ཡོད་པ་འདི་ན་ཉེས་པ་དུ་མ་སྦ་བར་མི་ནུས་པ་ཅན་ནོ། །གང་ལ་ཚེགས་ཆེན་པོ་ཡོད་པ་དེ་ནི་ཚེགས་ཆེན་པོ་ཅན་ནོ། །གདབ་པ་གཅིག་གིས་ཞེས་བྱ་ ་བས་ནི་ལན་གདབ་པ་གཅིག་གིས་སོ། །ངེས་པར་ཚེམས་པར་འགྱུར་བ་ནི་བསལ་བར་འགྱུར་རོ། །གླགས་སྦ་བར་མི་ནུས་པ་ཉིད་ན་གཅིག་ལན་བཏབ་པ་ན་ཉེས་པ་གཞན་དང། གཞན་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་འདི ་ཚེགས་ཆེན་པོ་ཅན་ཡིན་ནོ། །འདི་སྐད་དུ་གང་གི་ཚེ་མ་རིག་པས་སླད་པའི་ཕྱིར་ཤེས་པ་ཐམས་ཅད་དོན་གྱིས་སྟོང་པ་ཉིད་དུ་ཁས་ལེན་པ་དེའི་ཚེ། དོན་གཞན་དུ་སྨྲ་བ་གླགས་དུ་མ་སྦ་བར་མི་ནུས་པ་ཅན་ཚེགས་ཆེན་པོ་ཅན་གང་ཡིན་པ་འདི་ལན ་ཅིག་བཏབ་པས་གསལ་བར་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་རྒྱུད་གཞན་གྲུབ་པ་ཡོངས་སུ་རྫོགས་པར་བྱ་སྟེ། ཀླན་ཀ་ངན་པའི་ལྷག་མ་ཡོངས་སུ་སྤང་བར་འདོད་ནས་གཞན་གྱི་གཞུང་ལུགས་ཀྱི་དོགས་པ་བསུ་བར། ཇི་ག་དེ་དག ་མཐོང་ནས་ལུས་དང་ངག་གི་རྣམ་པར་རིག་བྱེད་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇིག་ཞེས་བྱ་བ་འདིས་ནི་མི་བཟོད་པ་སྟོན་པར་བྱེད་དེ། ལུས་དང་ངག་གི་རྣམ་པར་རིག་བྱེད་དུ་སྣང་བ་ངག་ལས། དེ་དག་ཀུན་ནས་སློང་བར་བྱེད་པའི་སེམས ་རྗེས་སུ་དཔག་པར་རིགས་པ་མ་ཡིན་ནམ། དེ་ལ་འདི་སྙམ་དུ་འདི་ཡང་མཚུངས་སོ་ཞེས་བྱ་བར་སེམས་ན། དེའི་ཕྱིར། རྒྱུད་གཞན་དང་འབྲེལ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་ཉན་པ་པོའི་རྒྱུད་དང་འབྲེལ་པའི་རྣམ་པར་རིག་བྱེད ་དུ་སྣང་བའི་ཤེས་པ་གང་དག་གཡོ་བ་རྟོགས་པར་བྱེད་པ་ཡིན་པར་འདོད་པ་དེ་དག་སྨྲ་བ་པོའི་རྣམ་པར་རིག་བྱེད་དུ་ཇི་ལྟར་འགྱུར། རྒྱུད་ནི་འདིར་ཉན་པ་པོའི་རྒྱུད་དོ། །དེ་ལ་བལྟོས་ནས་གཞན་ཞེས་བྱ་བའི་སྒྲས་ནི་སྨྲ་བ་པོ་ཡོངས་སུ་གཟུང་ངོ། ། ་ཅིའི་ཕྱིར་འོས་པ་མ་ཡིན་ཞེ་ན། དེ་དག་ནི་ཉེ་བར་ལེན་པ་དང། ཉེ་བར་ལེན་པ་མ་ཡིན་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། ཉན་པའི་རྒྱུད་དང་འབྲེལ་བའི་རྣམ་པར་རིག་བྱེད་དུ་སྣང་བ་དག་ནི་སྨྲ་བ་བོའི་རྗོད་པར་འདོད་པ་དང། ་ལྷན་ཅིག་ཉེ་བར་ལེན་པ་དང། ཉེ་བར་ལེན་པ་ལས་བྱུང་བའི་དངོས་པོ་མེད་དེ། རྒྱུད་ཐ་དད་པར་གཏོགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །འདིར་གྲུབ་པའི་མཛའ་སྨྲ་བས། གཞན་གྱི་སེམས་ཀྱིས་ཀུན་ནས་བསླང ་བའི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཅན་ཉིད་ཡིན་པའི་ཕྱིར། དེར་སྣང་བའི་ཤེས་པས་ཀུན་ནས་སློང་བའི་བྱེད་པའི་སེམས་རྟོགས་པར་བྱེད་དོ་ཅེས་ནི་མི་ཟེར་རོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་ཀྱིས་ཀུན་ནས་བསླང་བ་ཡིན་ནི། ་གཞན་གྱི་སེམས་ཀྱི་ཀུན་ནས་བསླང་བ་ཡིའོ། །འདི་ནི་གཞན་གྱི་སེམས་ཀྱིས་ཀུན་ནས་བསླང་བ་ཡང་ཡིན་ལ། རྣམ་པར་རིག་བྱེད་ཀྱང་ཡིན་པས་གཞན་གྱི་སེམས་ཀྱི་ཀུན་ནས་བསླང་བའི་རྣམ་པ་རིག་བྱེད་དོ། །དེར་སྣང་བའི་ཤེས་པ་གང་ལ་དེའི་ངོ་བོ་རང ་བཞིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ངོ་བོ་ནི་དེའི་ངོ་བོ་ཉིད་དེ། གཞན་གྱི་སེམས་ཀྱི་ཀུན་ནས་བསླང་པའི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཅན་ཉིད་ཡིན་པ་དེའི་ཕྱིར་རོ། །འདི་ལ་རྣམ་པར་རིག་བྱེད་དུ་སྣང་བ་ཡོད་པས་ན་འདི་ནི་དེར་སྣང་བའོ། །འདི་སྐད་དུ་ཁོ་བོ ་ཅག་ནི་གང་གི་ཕྱིར་དེར་སྣང་བའི་ཤེས་པ་གཞན་གྱི་སེམས་ཀྱིས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་ཀུན་ནས་སློང་བའི་སེམས་རྟོགས་པར་བྱེད་དོ། །ཞེས་བྱ་བ་འདི་ཁས་མི་ལེན་ཏོ། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་ཁས ་མི་ལེན་ན་འོ་ན་ཅི་ཞིག་ཁས་ལེན་ཞེ་ན། དེའི་ཕྱིར་འོ་ན་ཅི་ཞེ་ན། དེའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་རྣམ་པར་རིག་བྱེད་དུ་སྣང་བའི་ཤེས་པ་གཞན་གྱི་སེམས་ཀྱི་འབྲས་བུ་ཡིན་པ། དེའི་ཕྱིར་གཞན་གྱི་སེམས་རྟོགས་པར ་བྱེད་དོ། །འདིར་གཞན་གྱི་སེམས་ནི་སྨྲ་བ་པོའི་སེམས་ཡིན་པར་འདོད་དོ། །གལ་ཏེ་ཉན་པ་པོའི་རྒྱུད་ལས་སྐྱེས་པའི་བྱ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་དག་རྣམ་པར་རིག་བྱེད་དུ་མི་འདོད་ན་ཡང་རྣམ་པར་རིག་བྱེད་གཞན་གང་ཞིག་ཡིན་ཞེ་ན། དེའི ་ཕྱིར་རྣམ་པར་རིག་བྱེད་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་ཀུན་ནས་སློང་བར་བྱེད་པའི་སེམས་ཀྱི་རྒྱུད་ལས་སྐྱེས་པ་གང་དག་ཡིན་པ་དེ་དག་རྣམ་པར་རིག་བྱེད་དུ་ཐ་སྙད་གདགས་སོ། །འདི ་སྐད་དུ་སྨྲ་བ་པོའོ། སྨྲ་བ་དང། འགྲོ་བའི་བྱ་བ་དང། ཚིག་གི་རྣམ་པ་ཅན་གྱི་ཤེས་པ་གང་དག་ཡིན་པ་དེ་དག་ནི་རྣམ་པར་རིག་བྱེད་ཅེས་བྱའོ་ཞེས་བཤད་པ་ཡིན་ནོ། །ཀུན་ནས་སློང་བར་བྱེད་པའི་སེམས་ཇི་ལྟར་རང་དང་གཞན་གྱི་རྒྱུད་དུ་གཏོགས་པའི་བྱ ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པའི་རྒྱུའི་ངོ་བོ་ཡིན་པ་དེ་བསྟན་པའི་ཕྱིར། ཀུན་ནས་སློང་བར་བྱེད་པའི་སེམས་ཀྱང། དེ་དག་གི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་ལེན་པའི་རྒྱུ་ནི་ཐུན་མོང་མ་ཡིན་པའི་རྒྱུ་ལ་བྱའོ། །ཀུན་ནས་སློང་བར་བྱེད ་པའི་སེམས་རང་གི་རྒྱུད་དུ་གཏོགས་པའི་བྱ་བ་དང། ཚིག་གི་རྣམ་པ་ཅན་དག་གི་ནི་ཉེ་བར་ལེན་པའི་རྒྱུ་ཁོ་ན་ཡིན་ལ། གཞན་གྱི་རྒྱུ་དང་འབྲེལ་པ་དག་གི་ནི་བདག་པོའི་རྐྱེན་ཏོ། །ཉེ་བར་ལེན་པའི་རྒྱུ་དེ་ཡང་ཕ་རོལ་པོའི་གཞུང་ལུགས་ལ་བལྟོས་ནས ་ཉེ་བར་བཀོད་པ་ཡིན་གྱི། རང་གི་གཞུང་ལུགས་ཀྱིས་ནི་ཉེ་བར་ལེན་པའི་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་འདོད་དོ། །བརྗོད་པར་འདོད་པའི་སེམས་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་རང་གི་རྒྱུད་དུ་གཏོགས་པའི་བྱ་བ་དང་ཚིག་གི་རྣམ་པ་ཅན ་དག་རྣམ་པར་རིག་བྱེད་ཉིད་དུ་བསྟན་པ་ཡིན་ནོ། །རྒྱུད་གཞན་དང་འབྲེལ་པ་དག་ཀྱང་བསྒྲུབ་པའི་ཕྱིར། རྣམ་པར་རིག་བྱེད་ཀྱི་ཉེ་བར་ལེན་པས་བསྐྱེད་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་བྱེད་ཀྱི་ཉེ་བར་ལེན་པའི་རྒྱུ་གང ་ཡིན་པ་དེས་ནི་རྒྱུད་གཞན་དང་འབྲེལ་པའི་བྱ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་དེ་དག་བསྐྱེད་པ་ཡིན་ཏེ། དེས་བསྐྱེད་པ་འབྲེལ་པའི་རྒྱུ་དེས་ཉེ་བར་གདགས་པའི་རྣམ་པར་རིག་བྱེད་དག་ཡིན་པར་ཐ་སྙད་གདགས་པར་འགྱུར་རོ། །རང་ཀུན ་ནས་སློང་བར་བྱེད་པའི་སེམས་རྣམ་པར་རིག་བྱེད་པས་རྣམ་པར་རིག་བྱེད་དུ་འདོད་པ་ཡིན་ནམ་སྨྲ་བ་པོའི་རྒྱུད་ལས་སྐྱེས་པའི་བྱ་བ་དང། རྗོད་པར་སྣང་བའི་ཤེས་པ་དག་ནི་ཉན་པ་པོས་དམིགས་པར་མི་འགྱུར་ཏེ། འདི་ལྟར་སྨྲ་བ་པོ་དང་ཉན་པ་པོ་གཉི་ག་ཡང་རང་རང་གི་སྣང་བ་ཉམས ་སུ་མྱོང་བར་ཟད་ན། དེ་ཇི་ལྟར་དེ་མི་དམིགས་པ་དག་གང་གིས་ན་དེ་གཉིས་རྣམ་པར་རིག་བྱེད་ཡིན་པར་རང་ཀུན་ནས་སློང་བར་བྱེད་པའི་རྟོགས་པར་བྱེད་པ་འདོད་ཅེ་ན། དེའི་ཕྱིར། བདག་དང་གཞན་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག ་དང་གཞན་ཞེས་བྱ་བ་ནི་སྨྲ་བ་པོ་དང་ཉན་པ་པོའོ། །བདག་དང་བདག་གི་སྣང་བ་ཉམས་སུ་མྱོང་བ་ནི་རང་རང་གི་སྣང་བ་ཉམས་སུ་མྱོང་བའོ། །རབ་རིབ་ཅན་གཉིས་ཀྱིས་སྣང་བ་ཉམས་སུ་མྱོང་བ་ནི། རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བའོ། ། ་དེ་དང་འདྲ་བ་ཡིན་པས་ན་དེ་བཞིན་དུའོ། །དོན་གཅིག་ཏུ་འཛིན་པར་ངེས་པ་ཅན་གྱི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་དེ་ལྟ་བུ་ཡིན་པར་འདོད་དོ། །དེའི་རྒྱུ་ནི་དོན་གཅིག་ཏུ་འཛིན་པ་ངེས་པ་ཉམས་སུ་མྱོང་བའི་རྣམ་པ་ཤེས་པ་སྔ་མ་ཡིན་ནོ། ། ་དེས་བསྐྱེད་པའི་བག་ཆགས་ནི་ནུས་པའི་ངོ་བོ་ཡིན་ནོ། །དེ་སྐྱེ་བ་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་བརྒྱུད་དེ་འབྱུང་བ་ཡིན་ནོ། །སྐྱེ་བའི་རང་བཞིན་ནི་ངོ་བོ་ཉིད་ལ་བྱའོ། །དེའི་ཁྱད་པར་ནི་དོན་གཅིག་ཏུ་འཛིན་པར་ངེས་པར་ཅན་གྱི་རྣམ ་པར་ཤེས་པ་ཉེ་བར་བསྐྱེད་པར་རུང་བའི་བདག་ཉིད་དུ་འདུག་པ་ཡིན་ནོ། །འདི་ནི་ཐོག་མ་མེད་པ་ཡང་ཡིན་ལ། དུས་ཀྱང་ཡིན་པས་ཐོག་མ་མེད་པའི་དུས་སོ། །དེ་ནས་ཡོད་པས་ན་ཐོག་མ་མེད་པའི་དུས་པའོ། །ཡང་ན་ཐོག་མ་མེད་པའི ་དུས་དེ་ནས་ཐོག་མ་མེད་པའོ། །ཐོག་མ་མེད་པའི་དུས་པ་ནི་ཐོག་མ་མེད་པའི་དུས་པའོ། །འདི་ནི་དོན་ཡང་ཡིན་གཅིག་ཀྱང་ཡིན་པས་དོན་གཅིག་གོ། འགྲོ་བ་དང་ཚིག་ལ་སོགས་པ་ཡིན་ཏེ། རང་དང་གཞན་གྱི་རྣམ་པར་རིག་བྱེད་དང། ་བློས་གཅིག་ཏུ་བཟླུམས་པ་ཡིན་ནོ། །དོན་གཅིག་ཏུ་འཛིན་པའི་ཤེས་པ་ནི་དོན་གཅིག་ཏུ་འཛིན་པའོ། །དོན་གཅིག་ཏུ་འཛིན་པར་ངེས་པ་ནི་ངེས་པའི་ཤེས་པ་སྟེ། འདི་ལྟར་སྨྲ་བ་པོ་ཡང་འདི་སྙམ་དུ་བདག་གིས་སྨྲས ་པ་གང་ཡིན་པ་འདི་ཉན་པ་པོས་རྟོགས་པར་འགྱུར་རོ་སྙམ་དུ་སེམས་ལ་ཉན་པ་པོ་ཡང་འདི་སྙམ་དུ་འདིས་སྨྲས་པ་གང་ཡིན་པ་དེ་ནི་བདག་གིས་རྟོགས་སོ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ལྟ་བུ་ནི་དོན་གཅིག་ཏུ་འཛིན་པར་ངེས ་པ་ཡིན་ནོ། །ཀུན་ནས་སློང་བར་བྱེད་པ་ཅེས་བྱ་བའི་རྒྱུ་གཅིག་ལས་སྐྱེ་པ་གང་དག་ཡིན་པ་དེ་དག་ནི་རྒྱུ་གཅིག་ལས་སྐྱེ་བའོ། །སྨྲ་བ་པོ་ཡང་ཉན་པ་པོ་དག་གི་བྱ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་རང་དང་གཞན་གྱི་རྣམ་པར ་རིག་བྱེད་ཀྱི་ཤེས་པ་དག་ལ་རྣམ་པར་རིག་བྱེད་ཉིད་དུ་ཐ་སྙད་འདོགས་པ་ནི་རྣམ་པར་བྱེད་དུ་ཉེ་བར་འདོགས་པ་ཡིན་ནོ། །འདི་སྐད་དུ་སྨྲ་བ་དང་ཉན་པ་པོ་དག་རང་རང་གི་སྣང་བ་ཉམས་སུ་མྱོང་མོད་ཀྱི། འོན་ཀྱང་དེ་གཉིས་ཀྱི་བྱ་བར་རང་གི ་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་རྒྱུ་གཅིག་ལས་བྱུང་བ་གང་དག་ཡིན་པ་དེ་དག་དོན་གཅིག་ཏུ་ཤེས་པར་ངེས་པའི་ཕྱིར་རྣམ་པར་རིག་བྱེད་དུ་ཐ་སྙད་འདོགས་པར་བྱེད་དོ། །དོན་གཅིག་ཏུ་འཛིན་པར་ངེས་པ་ནི་རྣམ་པར་ཤེས་པ་དེ་ལྟ་བུའི ་རྒྱུའི་བག་ཆགས་སྐྱེ་བའི་རང་བཞིན་གྱི་ཁྱད་པར་ཐོག་མ་མེད་པ་ལས་བྱུང་བའི་ཕྱིར་རོ། །འདིར་དཔེ་ནི་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་སུ་མཐོང་བ་བཞིན་ཏེ། རབ་རིབ་ཅན་གཅིག་གིས་རབ་རིབ་ཅན་གཉིས་པ་ལྟོས་ཞེས་ཟླ ་བ་གཞན་ཞིག་སྟོན་པ་ལས་དེས་མཐོང་ངོ་ཞེས་སྨྲས་པ་ན། དེ་ལ་ནི་སྟོན་པ་པོ་ཡང་འདི་སྙམ་དུ་བདག་གིས་འདི་ལ་བསྟན་ཏོ་སྙམ་དུ་ང་རྒྱལ་བྱེད་པར་འགྱུར་ལ། ཉན་པ་པོ་ཡང་འདི་སྙམ་དུ་འདིས་བདག་ལ་བསྟན་ཏོ་སྙམ་དུ ་སེམས་མོད་ཀྱི། འོན་ཀྱང་དེ་གཉིས་ནི་རང་རང་གི་སྣང་བ་སོ་སོར་ཉམས་སུ་མྱོང་བར་ཟད་དོ། །དེ་དང་འདྲ་བར་འདིར་ཡང་དོན་གཅིག་ཏུ་ཤེས་པར་ངེས་པའི་ཕྱིར་རང་དང་གཞན་གྱི་རྣམ་པར་རིག་བྱེད་ཀྱི་ཤེས་པ་དག་ལ། རྣམ་པར་རིག་བྱེད་དུ་ཉེ་བར ་འདོགས་པར་འགྱུར་རོ། །ཕྱིའི་དོན་དུ་སྨྲ་བ་རྩཝ་ཀུ་ཤ་ལ་འཇུ་བར་བྱེད་པ་ལྟ་བུ་དག་གིས་ཇི་སྟེ་བྱ་བ་ལ་སོགས་པར་སྣང་བ་ཞེས་བྱ་བ་ལ་སོགས་པར་སྨྲས་ཏེ། རྣམ་པར་ཤེས་པ་གང་ལ་བྱ་བ་ལ་སོགས་པ་ཁོ་ནར་སྣང་བ་ཡོད་པ་དེ་ནི་བྱ་བ ་ལ་སོགས་པ་སྣང་བའི་རྣམ་པར་ཤེས་པའོ། །དེ་ཉིད་འབྲས་བུའི་རྟགས་ཏེ། དེ་ལས་སྐྱེས་པ་ནི་བྱ་བ་ལ་སོགས་པ་སྣང་བའི་རྣམ་པར་ཤེས་པ་འབྲས་བུའི་རྟགས་ལས་སྐྱེས་པའོ། །གཞན་གྱི་སེམས་ཤེས་པ་དེ་གང་ཡིན་པ་དེ་གཞན ་གྱི་སེམས་ཀྱི་རང་གི་ངོ་བོ་ཡུལ་དུ་བྱེད་དམ། འོན་ཏེ་མ་ཡིན་ཞེས་བརྟག་པ་གཉིས་སོ། །རྣམ་པར་བརྟགས་པ་དང་པོ་ལ་ཉེས་པ་བསྟན་པའི་ཕྱིར། ཡུལ་དུ་བྱེད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡུལ་དུ་བྱེད་ན་ནི་དེའི ་ཡུལ་ལོགས་ཤིག་ན་ཡོད་པར་འགྱུར་རོ། །རྣམ་པར་བརྟག་པ་གཉིས་པ་ཉེ་བར་བསྟན་པའི་ཕྱིར། ཡུལ་དུ་མི་བྱེད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འོན་ཏེ་ཡུལ་དུ་མི་བྱེད་ན་ནི་དེའི་ཚེ་གཞན་གྱི་སེམས་ཡོད་པ་ཉིད་དུ་ཇི་ལྟར ་ཤེས་ཇི་སྟེ་ཤེས་པར་མི་འགྱུར་སྙམ་ན་དེའི་ངོ་བོ་ཉིད་མ་ཤེས་པར་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཡོད་པར་གདགས་པ་ནི་དེའི་རང་གི་ངོ་ཤེས་པ་ལ་རག་ལས་པ་ཡིན་ན་དེ་ནི་དེ་མེད་ན་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས ་སྔ་མ་ཡིན་ནོ། །གྲུབ་པའི་མཛའ་སྨྲས་པས། འདི་ཡང་ཐལ་བར་འགྱུར་བ་མཚུངས་ཏེ་ཞེས་བྱ་བ་སྨོས་སོ། །མཚུངས་པ་ཉིད་བསྟན་པའི་ཕྱིར། བྱ་བ་དང་ཚིག་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་དུ་སྨྲ་པ་ཡང ་བྱ་བ་དང་ཚིག་དག་གི་རྟགས་དག་གིས་གཞན་གྱི་སེམས་ཤེས་པ་ན་ཅི་གཞན་གྱི་སེམས་དེའི་རང་གི་ངོ་བོ་ཡུལ་དུ་བྱེད་དམ་འོན་ཏེ་མ་ཡིན། གལ་ཏེ་ཡུལ་དུ་བྱེད་ན་ནི་དེའི་ཚེ་གཞན་གྱི་སེམས་ཀྱི་རྣམ་པར་ཤེས ་པ་ཡང་ཤེས་པར་འགྱུར་རོ། །འོན་ཏེ་ཡུལ་དུ་མི་བྱེད་ན་ནི་དེའི་ཚེ་ཤེས་པ་འམ། རྟོགས་པ་པོ་དེས་ཇི་ལྟར་ཤེས་པ་ཡིན། ཕྱིའི་དོན་དུ་སྨྲ་བའི་གཞུང་ལུགས་ཀྱི་དོགས་པ་བསུ་བར་གལ་ཏེ་རྟགས་ཀྱིས་ནི་སྤྱི་རྟོགས་པའི་ཕྱིར ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྟགས་ནི་སྤྱིས་ཁྱབ་ཀྱི་ཁྱད་པར་དག་གིས་ནི་མ་ཡིན་པ་དེའི་ཕྱིར་སྤྱི་ཁོ་ན་ཤེས་ཀྱི་ཁྱད་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས་སྤྱི ་དེ་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དེ་ཅི་གཞན་གྱིས་སེམས་ཉིད་ཡིན་ནམ་ཐ་དད་པ་ཞིག་གམ། འོན་ཏེ་བརྗོད་པར་བྱ་བ་མ་ཡིན་པ་ཞིག་ཡིན་ཞེས་བྱ་བ་བརྟག་པ་གསུམ་མོ། །བརྟག་པ་གཉིས་བསལ་བར་བྱ་བའི་ཕྱིར། གཞན་ཉིད ་དང་བརྗོད་དུ་མི་རུང་བ་ཉིད་དག་གཅིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཉིད་ཡིན་པའི་ཕྱོགས་ལྟར་ན་ནི་སྤྱི་དེ་ཁོ་ན་གཟུང་གི་གཞན་གྱི་སེམས་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཤེས་པ་དེས་ཕ་རོལ་གྱི་སེམས་དེ་ཤེས ་པར་འགྱུར་རོ། །བརྗོད་དུ་མེད་པའི་ཕྱོགས་ལ་ཚུལ་འདི་ཉིད་ཡིན་ནོ། །ཐ་དད་པ་མ་ཡིན་པའི་ཕྱོགས་བསལ་བར་བྱ་བའི་ཕྱིར། སྤྱི་གཞན་གྱི་སེམས་ཉིད་ཀྱང་མ་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། སྤྱི་ནི་གཞན་གྱི་སེམས་ཀྱི་ངོ་བོ་ཉིད་ཀྱང ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་ལས་གཞན་མ་ཡིན་པའི་སྤྱི་འཛིན་པར་ཁས་ལེན་ན། གཞན་གྱི་སེམས་ཀྱི་རྣམ་པ་ཡང་ཤེས་པར་ཐལ་བར་འགྱུར་རོ། །ཞེས་སྔར ་བཤད་ཟིན་ཏོ། །དེ་ལ་འདི་སྙམ་དུ་དེ་ལྟ་ཡིན་དུ་ཟད་མོད་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་འདི་ནི་རྗེས་སུ་དཔག་པའི་ཚུལ་ཡང་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། །རྗེས་སུ་དཔག་པ་ནི་དོན་གྱི་རང་གི་ངོ་བོ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པ་ནི་རང་གི་མཚན་ཉིད་འཛིན་པར་བྱེད་པ་ཡིན་པར་མི་འདོད་དོ། །མངོན་སུམ་ནི་ཆོས་མི་མཐུན་པའི་དཔེའོ། །ཇི་སྟེ་རང་གི་མཚན་ཉིད་འཛིན་པར་བྱེད་པ་ཡིན་པར་མི་འདོད་ཅེ་ན། སྣང་བ་ཁྱད་པར ་མེད་པ་ལ་སོགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་དཔག་པ་ཡང་མངོན་སུམ་དང་འདྲ་བར་གསལ་བར་སྣང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་མངོན་སུམ་ལས་སྐྱེ་བའི་ཆོས་ཅན་དང། འདས་པ་ལ་སོགས་པའི ་ཡུལ་འཛིན་པར་མི་བྱེད་པ་ཡང་ཐལ་བར་འགྱུར་རོ། །དེ་ལ་འདི་སྙམ་དུ་སྣང་བ་ཁྱད་པར་མེད་པ་ལ་སོགས་པར་ཁས་ལེན་པ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར་ཡང་ན་འདིའི་ཕྱིར་ཚད་མ་ཡིན་གྲང་ཞེས་བྱ་བ་སྨོས་ཏེ། སྣང་བ་ཁྱད ་པར་མེད་པ་ལ་སོགས་པར་ཁས་ལེན་ན། །རྗེས་སུ་དཔག་པ་དོན་གྱི་རང་གི་ངོ་བོ་འཛིན་པའི་ཕྱིར་ཚད་མ་ཉིད་དུ་འགྱུར་གྲང་ན་འདི་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཚད་མ་ཉིད་རང་གི་མཚན་ཉིད་འཛིན་པའི་རྒྱུ་ཅན་དུ་མི་འདོད་ན། ་འོ་ན་འདི་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། དེའི་ཕྱིར་དེའི་རང་གི་ངོ་བོ་མི་འཛིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པ་ཡུལ་གྱི་རང་གི་ངོ་བོ་མི་འཛིན་མོད་ཀྱི། འོན་ཀྱང་མངོན་པར་འདོད་པའི་དོན་ལ་སླུ་བར་མི ་བྱེད་པས་ན་ཚད་མ་ཡིན་པར་འདོད་དོ། །གླེགས་བམ་ཁ་ཅིག་ལས་ནི་འདི་སྐད་དུ། དེའི་ཕྱིར། འདི་ནི་ཚད་མ་ཉིད་མ་ཡིན་ནོ་ཞེས་འབྱུང་སྟེ། དེར་ནི་འདི་ལྟར་གང་གི་ཚེ་སྣང་བ་ལ་སོགས་པ་ཐ་དད་པ་དེའི་ཚེ་དེ་ནི་ཚད་མ ་མ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། རྗེས་སུ་དཔག་པས་རང་གི་ངོ་བོ་འཛིན་པ་དེའི་ཕྱིར་ཚད་མ་ཉིད་ཡིན་པར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། དེའི་རང་གི་ངོ་བོ་མི་འཛིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། གང་གི་ངོ་བོ་མི་འཛིན་ཡང་མངོན་པར་འདོད་པའི་དོན་ལ་མི་སླུ་བ་ཡོད་པ་དེའི་ཕྱིར་འདི་ཚད་མ་ཡིན་གྱི། གང་གི་མཚན་ཉིད་འཛིན་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལ་འདི་སྙམ་དུ། རྗེས་སུ་དཔག་པ་གཞན་དང་གཞན་དག་རང་གི་མཚན་ཉིད་མི ་འཛིན་ཡང་གཞན་གྱི་སེམས་རྗེས་སུ་དཔག་པས་དེ་འཛིན་པ་གོ་ཇི་སྟེ་བཟློག་ཅེ་ན། དེའི་ཕྱིར་དུ་བ་ལ་སོགས་པའི་རྟགས་ལས་སྐྱེས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་ལ་སོགས་པའི་རྟགས་ལས་སྐྱེས་པའི་རྗེས་སུ ་དཔག་པ་ནི། མེ་ལ་སོགས་པའི་རང་གི་ངོ་བོ་འཛིན་པར་བྱེད་པ་ཡིན་པར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། མཐོང་བ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ཡུལ་གྱི་རང་གི་མཚན ་ཉིད་འཛིན་ན་མངོན་སུམ་དང་འདྲ་བར་ཐལ་བར་འགྱུར་ལ། རྗེས་སུ་དཔག་པ་འདས་པ་དང། མ་འོངས་པའི་ཡུལ་ཅན་དང། དངོས་པོའི་ངོ་བོ་ཉིད་མེད་པའི་ཡུལ་ཅན་དུ་ཡང་མི་འགྱུར་རོ། །མངོན་སུམ་ལ་སྣང་བ་བཞིན་དུ་རྗེས་སུ ་དཔག་པའི་རྣམ་པར་རྟོག་པ་ལ་སྣང་བས་དོན་བྱ་བ་བྱེད་པར་ཡང་གྱུར་རོ། །དེ་ལ་འདི་སྙམ་དུ། གཞན་གྱི་སེམས་རྗེས་སུ་དཔག་པ་ལ་མི་བསླུ་བ་དེ་ཉིད་མེད་དོ་སྙམ་དུ་སེམས་ན་དེའི་ཕྱིར་རོ། གཞན་གྱི་སེམས་ཀྱི་རྗེས་སུ་དཔག་པ་ལ་ཡང ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་བསླུ་བ་ཉི་ཀྱིས་འཐད་པ་ཐབས་ཀྱིས་བསྟན་པའི་ཕྱིར་འཇུག་པར་བྱེད་པས། དེའི་སྒོ་ནས་སྲོག་ཆགས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇུག་པའི་བྱེད་པས་གཞན་གྱི་སེམས་རྗེས་སུ་དཔག ་པ་དེའི་སྒོ་ནས་སྲོག་ཆགས་གཞན་ཡོད་པར་རྟོགས་ནས། གལ་ཏེ་ཡང་དང་ཡང་དུ་ཐ་སྙད་ལ་འཇུག་པ་འདི་ལྟ་སྟེ་མངོན་པར་འདོད་པ་དང། རྩོལ་བ་དང་གཞན་དང་གཞན་དུ་འགྲོ་བ་ལ་སོགས་པ་བྱེད་ན་སྲོགས་ཆགས་གཞན་གྱི་དབང་གིས་འབྱུང་བའི ་དོན་དུ་ཀུན་དུ་སྨྲ་བ་ལ་སོགས་པ་འཐོབ་བོ། །ཡང་ན་ཡང་དང་ཡང་དུ་ཐ་སྙད་ལ་འཇུག་པ་འདི་ལྟ་སྟེ་མངོན་པར་འདོད་པ་དང། རྩོལ་པ་དང་ཡུལ་གཞན་དུ་འགྲོ་པ་ལ་སོགས་པ་བྱེད་ན་སྲོག་ཆགས་གཞན་གྱི་དབང་གིས་འབྱུང་བའི་དོན་ཀུན་དུ་སྨྲ་བ་ལ་སོ། ། ་ཡང་ན་ཡང་དང་ཡང་དུ་ཐ་སྙད་ལ་འཇུག་པར་བྱེད་པ་ནི་ཀུན་ཏུ་སྨྲ་བའི་རྗེས་ལ་ཁྱིམ་དུ་འཇུག་པ་དང། དེའི་རྗེས་ལ་སྟན་འདིངས་པ་དང། དེའི་རྗེས་ལ་ཡང་ཟས་དང་སྐོམ་སྦྱིན་པ་དང། དེའི་རྗེས་ལ་ཡང་མལ་ཆ་དང་སྟན་ཤོམ་པ་དང། རྐང་པ ་བཀྲུ་བའི་ཆུ་སྦྱིན་པ་དང། རྐང་པ་མཉེ་བ་ལ་སོགས་པའོ། །ཡང་ཅིའི་ཕྱིར་ཐ་སྙད་ཕྱི་མ་བསྒྲུབ་པའི་ཕྱིར་ཚད་མ་ཉིད་ཡིན་པར་འདོད་ཅེ་ན། དེའི་ཕྱིར། འཇིག་རྟེན་ནི་འབྲས་བུ་དེ་ཙམ་ལ་སེམས་ཤིང་སྲོག་ཆགས་གཞན་རྗེས་སུ་དཔག་པ་ལ་འཇུག ་པའི་ཡང་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་འདི་ལ་དེ་ཙམ་ཡོད་པས་འདི་ནི་དེ་ཙམ་ཡིན་ཏེ། དེ་ཞེས་བྱ་བའི་སྒྲས་ནི་དོན་བྱེད་པ་ལ་བྱའོ། །ཙམ་ཞེས་བྱ་བའི་སྒྲ་ནི་ཚད་ལ་བྱའོ། །འཇིག་རྟེན་གང་ལ་འབྲས་བུ་དེ་ཙམ་ལ་སེམས་པ་ཡོད་པ་དེ་ནི ་འབྲས་བུ་དེ་ནི་ཙམ་ལ་སེམས་པ་ཡིན་ཏེ་འཇུག་པའོ། །འདི་སྐད་དུ་འཇིག་རྟེན་གྱི་སྲོག་ཆགས་གཞན་ཡོད་པར་རྗེས་སུ་དཔག་པ་གང་ཡིན་པ་དེ་ནི་སྲོག་ཆགས་གཞན་གྱི་དབང་གིས་འབྱུང་བའི་དོན་བྱ་བའི་ཐོབ་པ་ལ་སེམས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། ་ཡང་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་གྱི་འཇུག་པའི་འབྲས་བུ་དེ་ཙམ་དུ་ཟད་དོ་ཅེས་ངེས་པར་བྱ་བའི་དོན་ཡིན་ནོ། །འདི་ཅིའི་ཕྱིར་ཞེ་ན། སྐྱེས་བུའི་དོན་ཕྱི་མའི་ཁྱད་པར་དུ་སྣང་བ་ལ་སོགས་པ་སྨོས་ཏེ། དོན་ཕྱི་མའི་ཁྱད་པར་ནི་སྲེག་པ་དང་འཚེད་པ་ལ ་སོགས་པའོ། །ཤེས་པ་གང་ལ་དེ་ལྟ་བུ་སྣང་བའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་མྱོང་བ་ནི་དོན་ཕྱི་མའི་ཁྱད་པར་དུ་སྣང་བའི་ཤེས་པ་མྱོང་པའོ། །དེ་སྐྱེས་པ་ཉིད་ནི་སྐྱེས་པ་ཙམ་མོ། །འདིར་རེ་བ་དང་བྲལ་བས་ན། འདི ་ནི་རེ་བ་མེད་པའོ། །དེའི་ངོ་བོ་ཉིད་ནི་དེ་ཉིད་དེ། རེ་བ་མེད་པ་ཉིད་དེའི་ཕྱིར་རོ། །འདི་སྐད་དུ་གང་གི་ཚེ་སྐྱེས་བུས་མི་དམིགས་པའི་རྗེས་ལ་སྲེག་པ་ལ་སོགས་པར་སྣང་བའི་ཤེས་པ་མྱོང་བ་སྐྱེས་པ་དེ་ཁོ་ནའི་ཚེ་འདི་རེ་བ་མེད་པར་འགྱུར་རོ་ཞེས་བཤད ་པ་ཡིན་ནོ། །སྐྱེས་བུ་ནི་དེ་ཙམ་གྱིས་རེ་བ་མེད་པ་ཉིད་ཡིན་དུ་ཆུག་ན། དེ་ཙམ་གྱིས་ཤེས་པ་སྔ་མ་གོ་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། ཤེས་པ་སྔ་མ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཤེས་པ་སྔ་མས་ཇི་སྐད་བཤད་པའི་ཚུལ ་གྱིས་ཐ་སྙད་ཡོངས་སུ་རྫོགས་པས་དོན་བྱས་པར་གྱུར་པ་དེའི་ཕྱིར་ཚད་མར་རྣམ་པར་གཞག་གོ་།འདིར་ཕ་རོལ་པོས་འཁྲུལ་པར་བསྟན་པའི་ཕྱིར། རྨི་ལམ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ན་ཡང་དོན་ཕྱི་མ་ཕྱེད་པར་སྣང་བའི ་ཤེས་པ་ཤེས་པའི་སྔ་མའི་རྒྱུ་མཚན་ཅན་སྐྱེད་མོད་ཀྱི། དེ་ཙམ་གྱིས་ནི་ཤེས་པ་སྔ་མ་ཚད་མ་ཡིན་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། དེའི་ཚེ་ཤེས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ན ་ཤེས་པ་ཐམས་ཅད་འཁྲུལ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་པས་འདིར་རྣམ་པར་རིག་བྱེད་ཀྱི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་ནི་གཡོ་བའི་དབང ་མེད་པར་མི་འབྱུང་བས་དེའི་ཕྱིར་དེ་དག་གིས་དེ་དག་རྗེས་སུ་དཔོག་པར་བྱེད་དོ། །ཁྱད་པར་ནི་དེ་བས་ཀྱང་བསླད་པའི་གནས་སྐབས་ན་ནི་དབང་ཆོད་པའི་ཕྱིར་བརྒྱུད་དེ་འབྱུང་ལ། གཉིད་མ་ལོག་པའི་གནས་སྐབས་ན་ནི་དབང་ཆོད་པ་འབྱུང་ངོ་ཞེས་བྱ་བ་འདི་ཡོད་དེ། འདི་ཐམས་ཅད་ནི་སྔར ་བཤད་ཟིན་ནོ། དེ་ལྟར་རྣམ་པར་རིག་བྱེད་པ་ཤེས་པ་རྣམས་གནས་སྐབས་གཉི་གར་ཡང་གཡོ་བ་ལ་རག་ལུས་པ་ཅན་ཉིད་ཡིན་པར་བསྒྲུབས་ནས། རྨི་ལམ་གྱི་གནས་སྐབས་ན་རྣམ་པར་རིག་བྱེད་ཀྱི་ཤེས་པ་ལས། དུས་ཕྱིས་འབྱུང་བའི་ཤེས་པ་རྣམས་ཇི་ལྟར་ན་གཡོ་བ་ལ ་རག་ལུས་པ་ཅན་ཉིད་ཡིན་པ་དེ་བཞིན་དུ་བསྟན་པའི་ཕྱིར། དེ་ལ་ཇི་ལྟར་རྣམ་པར་རིག་བྱེད་ཀྱི་ཤེས་པ་སྔ་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་གྱི་གནས་སྐབས་ན། ཇི་ལྟར་རྣམ་པར་རིག་བྱེད་ཀྱི་ཤེས་པ་སྔ་མ་རྣམས། གཡོ་བའི་དབང་གིས ་རྒྱུད་དེ་འབྱུང་བ་ལྟར། གནས་སྐབས་ཕྱིས་འབྱུང་བ་རྣམས་ཀྱང་དེ་དང་འདྲའོ། །དེ་ལ་བརྒྱུད་པ་ནི་འདི་ལྟ་བུ་ཡིན་ཏེ་གཉིད་མ་ལོག་པའི་གནས་སྐབས་ན། རེ་ཞིག་དང་པོར་གཞན་གྱི་གཡོ་བའི་དབང་ལས་རྣམ་པར་རིག་བྱེད་ཀྱི་ཤེས་པ་དག་གོ་།དེ་དག་ལས ་སྲོག་ཆགས་གཞན་ཡོད་པ་རྗེས་སུ་དཔག་པའོ། །སྲོག་ཆགས་གཞན་ཡོད་པར་རྗེས་སུ་དཔག་ནས་འཇུག་པའི་ཤེས་པ་དག་གོ་།དེ་དག་གི་རྗེས་ལ་མངོན་དུ་སྨྲ་བ་དང། ཕྱག་བྱ་བའི་ཤེས་པ་དག་གོ་།དེ་དག་གི་ཡང་རྗེས་ལ་ཀུན་ཏུ་སྨྲ་བ་དང། སྟན་པ ་འདིངས་པ་ལ་སོགས་པའི་ཤེས་པ་དང། དེ་བཞིན་དུ་ལུང་འབོག་པ་དང། འདོན་པ་དང། ཁ་ཏོན་བྱེད་པ་ལ་སོགས་པའི་ཤེས་པ་རྣམས་སོ། །དེ་ནས་དུས་རེ་ཞིག་མནའ་བའ་ཨི་ཤེས་པ་དག་གོ་།དེ་ནས་གཉིད་ལོག་གོ་།གཉིད་ལོག་པ་དང་སྔོན་གོམས ་པའི་དབང་གིས་ཡང་རྣམ་པར་རིག་བྱེད་ཀྱི་ཤེས་པ་དག་སྐྱེའོ། །དེ་ནས་ཡང་སྲོག་ཆགས་གཞན་ཡོད་པས་རྗེས་སུ་དཔག་པ་འབྱུང་ངོ། །དེ་ནས་ཡང་འཇུག་པ་དང་ཀུན་ཏུ་སྨྲ་བ་ལ་སོགས་པའི་ཤེས་པ་དག་སྐྱེ་བ་ཡིན་ནོ། །འཇུག་པ་ལ་སོགས ་པའི་ཤེས་པ་རྣམས་བརྒྱུད་དེ་སྐྱེ་བ་དེ་ཉིད་བསྟན་པའི་ཕྱིར་རྣམ་པར་རིག་བྱེད་ཀྱི་ཤེས་པའི་རྟེན་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིད་མ་ཡོག་པའི་གནས་སྐབས་ན་རྣམ་པར་རིག་བྱེད་ཀྱི་ཤེས་པའི་རྟེན་གཞན་གྱི་བརྒྱུད་ལ་ཡོད་པའི་གཡོ་བ་གང་ཡིན ་པ་སྟེ། དེའི་གནས་སྐབས་ཕྱི་མ་ནི་མཇལ་བར་བྱེད་པའི་རྗེས་སུ་དཔག་པའི་འོག་རོལ་ཏུ་འབྱུང་བ་ཀུན་ཏུ་སྨྲ་བ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པ་གང་ཡིན་པའོ། །དེ་དག་ན་ཡོད་པའི་སེམས་གང་ཡིན་པའི ་རྣམ་པར་རིག་བྱེད་ཀྱི་ཤེས་པའི་རྟེན་གཡོ་བའི་གནས་སྐབས་ཕྱི་མའི་སེམས་ཀྱི་རྒྱུ་དེ་ལས་ཇི་སྐད་བཤད་པའི་རྣམ་པས་རྨི་ལམ་གྱི་གནས་སྐབས་ན་འཇུག་པ་ལ་སོགས་པའི་ཤེས་པ་རྣམས་བརྒྱུད་དེ་སྐྱེའོ་དེ་ལ་འདི་སྙམ་དུ་བརྒྱུད་དེ་སྐྱེ་བ་ལ་ནི་རེག་། ་འཁྲུལ་པ་ནི་སོ་ན་འདུག་པ་ཁོ་ནའོ་སྙམ་དུ་སེམས་དེའི་ཕྱིར་དེ་ན་ཡང་རྗེས་སུ་དཔག་པ་ནི་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་གྱི་གནས་སྐབས་ན་ཡང་གཞན་གྱིས་སེམས་ཀྱི་རྗེས་སུ་དཔག་པ་དུས་དེ་སྲིད་ཙམ་དུ་ཅི་འདྲ་བར་དེ་ལྟ་བུའི་མི་སླུ ་བ་ཀུན་ཏུ་སྨྲ་བ་ལ་སོགས་པའི་ངོ་བོ་ཡང་དུས་དེ་སྲིད་ཙམ་དུ་ཡོད་པ་ཁོ་ན་ལ་ཕན་ཚུན་འབྲེལ་པའི་ཐ་སྙད་ཀྱང་དུས་སྲིད་པའི་ཙམ་ཡོད་པ་ཉིད་པས་འཁྲུལ་པའི་ཉེས་པ་འགའ་ཡང་མེད་དོ། །གཞན་དག་ནི་འདི་ཉིད་ལ། གཞན་དུ་རྣམ་པར་འཆད་པར ་བྱེད་དོ། རྨི་ལམ་གྱི་གནས་སྐབས་དེ་ན་ཡང་ཤེས་པ་སྔ་མའི་རྗེས་སུ་དཔག་པ་རྒྱུད་སྐྱེ་བའི་ཆོས་ཉིད་ཅི་འདྲ་པ་འབྲས་བུ་རྣམས་ནི་རྒྱུ་ལ་འཁྲུལ་པ་མེད་པའི་ཕྱིར་གཉིད་མ་སད་པའི་སེམས་ལ་ཡང་མི་བསླུ་བ་དོན་བྱེད་པར་སྣང་བར་སྐྱེ་བའི་མཚན ་ཉིད་ཅན་དེ་ལྟ་བུ་ཡོད་པ་ཁོ་ན་ཡིན་ལ་ཐ་སྙད་ཀྱང་དུས་ཀྱིས་ཆོད་པའི་རྣམ་པ་ཅན་རྗེས་སུ་དཔག་པས་མི་བསླུ་བའི་མཚན་ཉིད་ཡོད་པ་ཁོ་ན་ཡིན་པས་ཅིས་ཀྱང་མི་གཟུང་ངོ་ཞེས་ཟེར་རོ། །ཕྱིའི་དོན་དུ་སྨྲ་བ་དེ་ལྟར་བཅོམ་ཡང་སྲན་མི་འདོར་ཞིང། ་ཡང་གཞན་གྱི་སེམས་སུ་དཔག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་གྱི་སེམས་རྗེས་སུ་དཔག་པས་དེའི་རང་གི་ངོ་བོ་མི་འཛིན་ཡང་མི་བསླུ་བའི་ཕྱིར་ཚད་མ་ཉིད་ཡིན་ན་ཡིན་པ་ལ་ནི་རེག་ན། གང་དག་གིས་གཞན་གྱི ་སེམས་མངོན་སུམ་དུ་ཤེས་པ་རྣམས་ཀྱི་གོ་ཇི་ལྟར། གལ་ཏེ་རེ་ཞིག་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་མངོན་སུམ་དུ་ཤེས་ན་ནི་དེའི་ཚེ་མངོན་སུམ་དུ་འདིའི་གཟུང་བ་གཞན་དོན་ཡིན་པར་འགྱུར་རོ། །འོན་ཏེ་མི་ཤེས་ན་ནི་དེའི་ཚེ་རྣལ་འབྱོར་པ་དེ་དག ་ཇི་ལྟར་མངོན་སུམ་དུ་ཤེས་པ་ཡིན་པར་འདོད། གཏན་ཚིགས་སུ་བསྡུ་བར་ཇི་ལྟར་ན་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ནི་དོན་གྱི་རང་གི་ངོ་བོ་འཛིན་པར་བྱེད་པ་ཡིན་པར་འདོད་དོ། །གལ་ཏེ་དོན་གྱི་རང་གི་ངོ་བོ་མི་འཛིན་ན ་ནི་མངོན་སུམ་དེ་ཅི་འདྲ་བ་ཞིག་ཡིན། དོན་གྱི་རང་གི་ངོ་བོ་མི་འཛིན་ན་ཚད་མ་ཉིད་ཡིན་པ་བསལ་བའི་ཕྱིར། འོན་ཏེ་མི་འཛིན་ན་ཇི་ལྟར་ཚད་མ་ཡིན་ཞེས་བྱ་བ་སྨོས་ཏེ། འདིའི་ཚད་མ་ཉིད་ནི་རང་གི་ངོ་བོ་འཛིན་པའི་རྒྱུ་ཅན་ཡིན་ནོ་སྙམ་པ་ནི་ཕྱོགས ་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཛའ་སྨྲ་བས། གནས་མ་གྱུར་པའི་ཕྱིར་རྣལ་འབྱོར་པ་གཟུང་བ་དང། འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པ་རྣམས་ཀྱི་གཞན་གྱི་སེམས་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར ་པ་གང་དག་ལ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་གི་གཞན་གྱི་སེམས་ཤེས་པ་གང་ཡིན་པ་དེ་ནི་ཐ་སྙད་ལ་མི་བསླུ་བ་ཉིད་ཀྱིས་དཔེར་ན་བདག་ཅག་ལ་སོགས་པ་དང་འབྲེལ་པའི་གཟུགས ་ལ་སོགས་པ་མཐོང་བ་བཞིན་དུ་ཚད་མ་ཉིད་ཡིན་གྱི། རང་གི་ངོ་བོ་འཛིན་པའི་ཕྱིར་ནི་མ་ཡིན་ནོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་རྒྱུ་གནས་མ་གྱུར་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེ་དག་གི་ཀུན་གཞི་རྣམ་པར ་ཤེས་པའི་མཚན་ཉིད་མ་གྱུར་ཏོ། །དེ་གྱུར་པ་ནི་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའི་བག་ཆགས་སྤང་བ་ཡིན་ནོ། །གལ་ཏེ་གཞན་གྱི་སེམས་ཤེས་པ་རང་གི་ངོ་བོ་འཛིན་པ་མ་ཡིན་ནོ། འོ་ན་དེ་ཇི་ལྟར་རྣམ་པ་གསལ་བ་ཅན་ཡིན་ཞེ་ན། ་རྣལ་འབྱོར་གྱི་དབང་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒོམས་པའི་སྟོབས་ཀྱིས་ནི་རྣལ་འབྱོར་པ་རྣམས་ལ་གཞན་གྱི་སེམས་ཤེས་པ་གཞན་གྱི་སེམས་ཀྱི་རྣམ་པའི་བྱེ་བྲག་གསལ་བར་རྗེས་སུ་བྱེད་པ་འབྱུང་བར ་འགྱུར་ཏེ། དཔེར་ན་ལས་ཀྱི་སྟོབས་དང། ལྷ་ལ་སོགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་རྨི་ལམ་བདེན་པ་མཐོང་བ་རྣམས་ལ་ཤེས་པ་དོན་གྱི་རྣམ་པ་གསལ་བ་ཅན་འབྱུང་བ་དེ་ལྟ་བུའོ། །དེ་ལ་འདི་སྙམ་དུ་འོ་ན་ནི་བསྒོམ ་པའི་སྟོབས་ཁོ་ནས་རྣལ་འབྱོར་པ་རྣམས་ཀྱི་གཞན་གྱི་སེམས་ཤེས་པ་དེས། སེམས་ཀྱི་རང་གི་ངོ་བོ་ཅི་སྟེ་མི་འཛིན་སྙམ་དུ་སེམས་ན། དེའི་ཕྱིར། དེ་དག་ལ་ཡང་གཞན་གྱི་སེམས་ཤེས་པའི་ཡུལ་ཅན་ཉིད་ཀྱི་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། དེ་བསྒོམ་པའི་སྟོབས་ལས་སྐྱེ་ཡང་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་ཡུལ་དུ་བྱེད་པར་ནུས་པ་ནི་མ་ཡིན་ཏེ། རྣལ་འབྱོར་པ་དེ་ལྟ་བུ་རྣམས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་ཕྱིར་རོ། ་གལ་ཏེ་རྣལ་འབྱོར་པ་རྣམས་ཀྱིས་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་མི་ཤེས་ན། ཇི་ལྟར་གཞན་གྱི་སེམས་ཤེས་པ་ཞེས་བྱ་བར་ངེས་པར་འཛིན་པར་འགྱུར་ཞེ་ན། དེའི་ཕྱིར། དེ་དག་ཀྱང་རང་གི་སེམས་སྣང་བ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་རྣམས་ཀྱང་རང་གི་སེམས་སྣང་བ་གཞན་གྱི་སེམས་དང་རྣམ་པ་མཚུངས་པ་ཁོ་ན་ལས་གཞན་གྱི་སེམས་ཤེས་པ་ཞེས་བྱ་བར་ངེས་པར་གཟུང་ན་ཐ་སྙད་འདོགས་སོ། །གལ་ཏེ ་རང་གི་ངོ་བོ་འཛིན་པ་མ་ཡིན་ན་འོ་ན་ཇི་ལྟར་ན་མངོན་སུམ་ཡིན། ཇི་ལྟར་ན་ཚད་མ་ཉིད་ཡིན་ཞེ་ན། དེའི་ཕྱིར། མངོན་སུམ་དེ་ནི་དིའི་རྣམ་པའི་རྗེས་སུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཞན ་གྱི་སེམས་ཀྱི་རྣམ་པ་གསལ་བར་རྗེས་སུ་བྱེད་པ་དེའི་ཕྱིར་མངོན་སུམ་ཡིན་པར་འདོད་ལ། གང་གི་ཕྱིར་མི་སླུ་བ་དེའི་ཕྱིར་ཚད་མ་ཡིན་པར་འདོད་དོ། །འོ་ན་དེ་བཞིན་གཤེགས་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ ་སྤངས་པ་རྣམས་ཀྱི་གཞན་གྱི་སེམས་མཁྱེན་པ་གང་ཡིན་པ་དེ། ཅི་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་ཡུལ་དུ་མཛད་དམ། འོན་ཏེ་མ་མཛད་གལ་ཏེ་མཛད་ན་ནི་དེའི་དོན་ཡང་དོན་གཞན་ཡིན་ནོ་ཞེས་བྱ་བར་འགྱུར་རོ། ། ་འོན་ཏེ་མི་མཛད་ན་ནི་དེ་ཚེ་བཅོམ་ལྡན་འདས་ཀྱི་མཁྱེན་པ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར། བཅོམ་ལྡན་འདས་རྣམས་ཀྱི་དོན་ཐམས་ཅད་ཐུགས་སུ་ཆུད་བ་ནི་བསམ་གྱིས་མི་ཁྱབ་སྟེ་བྱ་བ་སྨོས ་ཏེ། རྣལ་འབྱོར་པ་རྣམས་ཀྱི་གཙོ་བོ་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་གི་ནི་གཞན་གྱི་སེམས་མཁྱེན་པ་བསམ་གྱིས་མི་ཁྱབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཁྱད་པར ་མེད་པར་དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཡང་བསམ་གྱིས་མི་ཁྱབ་བོ། །ཅིའི་ཕྱིར་ཞེ་ན། གནས་སྐབས་དེ་ནི་རྣམ་པ་ཐམས་ཅད་དུ་ཤེས་པ་དང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ་དེ་བཞིན་གཤེགས་པའི་མཁྱེན་པ་ལས་གཞན་པའི་ཤེས་པས་ངེས་པར་གཟུང་བར་མི་ནུས་པའི་ཕྱིར་ཤེས་པའི་ཡུལ་ལས་འདས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་རྟོགས་པས་བརྗོད་པའི ་ཡུལ་ལས་འདས་པ་ཡིན་ནོ། །ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་ཐམས་ཅད་མཁྱེན་པ་ནི་རྣམ་པ་གཉིས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་བཞིན་ཉིད་མཁྱེན་པ་དང། སོ ་སོར་རྟོག་པའི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་དུ་མཁྱེན་པའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་ཡང་དག་པར་བྲལ་བ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་བཞིན་ཉིད་རིག་པས་དོན་ཐམས ་མཁྱེན་པ་དོན་དམ་པར་ཐམས་ཅད་མཁྱེན་པ་ནི་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །སོ་སོར་རྟོག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག ་པ་དང་ལྡན་པས་དངོས་པོ་ཕྲ་བ་དང། སྒྲིབས་པ་དང། བསྐལ་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་པ་ནི་འཇིག་རྟེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ཏེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་འཇིག་རྟེན་པའི་ཡེ ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ལ་དོན་ཐམས་ཅད་མཁྱེན་པའི་ཚུལ་མི་འགལ་ལོ། །དེ་ལ་བཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་ཡོད་པར་ཁས་ལེན་བླངས་པས་ཕྱིན་ཅི་ལོག་པ་ཡང་མ་ཡིན་ཏེ། དེ་ཕྱིན་ཅི ་མ་ལོག་པ་ཉིད་དུ་གཟིགས་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར། མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་ཡིན་ནོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་རང་དང་སྤྱིའི ་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ནི་ཡེ་ཤེས་བཞིའི་རང་བཞིན་ཡིན་ལ། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །དེའི་རྗེས་ལས་ཐོབ་པ་གཞན་དག་ནི་འཇིག་རྟེན་པ་ཡིན་ནོ། ། ་དེ་བས་ན་བཅོམ་ལྡན་འདས་ཀྱི་དོན་ཐམས་ཅད་མཁྱེན་པ་ནི་ཡེ་ཤེས་བཞི་པོ་འདི་དག་ལ་ཅི་རིགས་པར་སྦྱར་བར་བྱའོ། །བདག་གིས་རྒྱུད་གཞན་གྲུབ་པ་ནི། ཡི་གེ་རྣམ་ཕྱེ་ནས་བཤད་པའི། དགེ་བ་རྙེད་པ་གང་ཡིན་དེས། འགྲོ་བས ་གྲུབ་པ་ཐོབ་གྱུར་ཅིག་།རྒྱུད་གཞན་ཡང་དག་གྲུབ་པ་ཡི། །འགྲེལ་བཤད་ཚིག་ཙམ་རྣམ་འགྲེལ་བ། །སངས་རྒྱས་ཉིད་ནི་འདོད་པ་ཡི། །དུལ་བའི་ལྷས་ནི་བྱས་པ་ཡིན། །རྒྱུད་གཞན་གྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་བའི་ལྷས་མཛད ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིམ་ཧ་དང། ཞུ་ཆེན་གྱི་ལོ་ཙ་བ་དཔལ་རྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར ་