| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གནས་བརྟན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་པ།། །།གནས་བརྟན་སྤྱན་དྲང་བ་བཞུགས།། །།རྒྱ་གར་སྐད་དུ། སྠ་བཱི་རོ་པ་ནི་མནྟྲ ་ན་བོད་སྐད་དུ། གནས་བརྟན་སྤྱན་དྲང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཙུན་པ་རྣམས་དགོངས་སུ་གསོལ། །དགོངས་ནས་ཀྱང་ཤེལ་དང། ནོར་བུ་དང། དངུལ་དང། ཀུ་མུ་ཏ་དང། ཁ་བའི་ཕུང་པོ་དང། ཟླ་བའི་འོད་ཟེར་དང། སྟོན་གྱི་ཆུ ་དང། །ནམ་མཁའ་དང་པདྨའི་རྩ་ལག་ལྟར་དྲི་མ་མེད་པར་མཛོད་ལ། རླུང་གི་སྟོབས་ཀྱིས་ཤིང་གི་ལྕུག་ཕྲན་བསྐྱོད་པ་དང། སྨིག་རྒྱུ་དང། སྒྱུ་མ་དང། རྨི་ལམ་དང། གློག་དང། རྟའི་ཤིང་རྟའི་རྡུལ་དང། བ་གླང་གི་ཕྲུ་གུའི་རྣ་མཆོག་དང། སྤྲུལ་གྱི་ལྕེ་དང། ཟིལ ་བ་དང། རྒྱ་མཚོ་བསྐྱོད་པའི་རླབས་ལྟར་གཡོ་བའི་ཡིད། སྐད་ཅིག་རེ་རེ་ལ་ཡང་མི་སྡོད་པར་འགྲོ་བ། རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་དུ་དགག་ཏུ་གསོལ། །སྨྲས་པ། རི་གཟར་འབབ་པའི་དཔའ་རླབས་གྱུར་པས་ཀྱང། །གང ་གིས་དཔའ་རླབས་འགྱུར་ལ་བསྒྲུན་མེད་པར། །འཇིགས་པ་ཐོགས་མེད་གཡོ་བའི་ཡིད་དེ་ནི། །ཡུད་ཙམ་རྩེ་གཅིག་མཛོད་ཅིག་བཙུན་པ་རྣམས། །ལྷ་ཡི་བུ་མོ་ཡི་ཆད་ཤུགས་ཕྱུང་སྐད་ཅིག་ཟིམ་མེར་བྱས་པའི་མིག་།རིང་ཞིང་གཟིར་ལྡན་བཀྲ་ལ ་འོང་འཚེར་མིག་ཆགས་ལྟ་བ་གཡོ་བ་ཡིས། །གང་གི་ཐུགས་ནི་སྐྱེ་བ་རྒྱུན་གཅོད་རྒྱུ་ལས་འཁྲུགས་པར་མ་གྱུར་པ། །བདུད་ཀྱང་འཇོམས་མཁས་གཅིག་པུ་ཐམས་ཅད་མཁྱེན་པ་དེ་ལ་ཕྱག་མཛོད་ཅིག་།སྐྱེ་ལྡན་གང་དུ་བརྟེན་ནས་དུད་འགྲོའི་སྐྱེ་གནས ་སེམས་ཅན་དམྱལ་གཞི་དང། །ཡི་དྭགས་འཇིག་རྟེན་གནས་སུ་འགྲོ་བར་མི་འགྱུར་སྡུག་བསྔལ་འཇིགས་བྱེད་པ། །འཁོར་བ་གང་ན་འགྲོ་བ་ཆེན་པོ་རྣམས་ཀྱི་གྲོགས་གྱུར་འཕགས་གཅིག་པོ། །ཞི་བདེ་གྲོང་ཁྱེར་སྒོར་གཞོལ་དེ་ལ་ཤིན་ཏུ་གུས་པས། ་བརྟེན་པར་མཛོད། །ཞི་བའི་བདག་ཉིད་གང་ཞིག་བདེ་གཤེགས་གསུང་རབ་མཐར་ཕྱིན་འབྱུང་སྨྲ་ཞིང། །གང་ལ་གུས?་པར་ཅུང་ཟད་ཙམ་ཞིག་བྱོན་ཡང་སྦྱིན་པ་འཕེལ་གྱུར་ལ། །ཡེ་ཤེས་སྣང་བས་མུན་པ་ཟད་བྱས་དགེ་སློང་དགེ་འདུན་དེ་ལ་ནི། ཉོན་མོངས ་གཅད་པའི་ཆེད་དུ་ཐམས་ཅད་ཀྱིས་ཀྱང་གུས་པར་ཕྱག་མཛོད་ཅིག་།ལྕང་ལོ་ཆུན་པའི་སྐྲ་མང་མགོ་ལ་ཐོགས་ཤིང་དཔུང་མགོ་གཉིས་གཡོགས་ལ། །རང་གི་འོད་ཟེར་ཕྱོགས་མཐར་འཕྲོ་བ་རྣམས་ཀྱིས་འཇིག་རྟེན་ཀུན་འགེངས་པ། །ལྷ་དབང་རྒྱ་བྱིན ་ཅོད་པན་བཏུད་དེ་ཚངས་ལ་ཕྱག་བྱས་གང་ཡིན་དེ། བྱིན་ནས་དགའ་བྱས་སེམས་ཀྱི་ཏིང་འཛིན་ཤིན་ཏུ་ཆེན་པོའི་འབྲས་བུ་ཡིན། །རྡོ་རྗེ་འོད་འཕྲོ་ཕྲེང་བས་དཔུང་རྒྱན་འདྲེས་ནས་མཛེས་གྱུར་ཅིང། །ལྷ་ལ་བཀའ་སྩོལ་དབང་པོ་མཐོ་རིས་སྐྱོང་བ་གང་ཡིན ་པ། །དེ་དག་དགེ་བ་དག་འབྱུང་རྣམ་སྨིན་འགྱུར་དུས་ཉམས་དགའ་ཞིང། །མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུ་རྣམས་ཡིན། །ཁ་ནས་རྒྱགས་འགྱུར་དྲི་ཞིམ་འབྱུང་ཞིག་མིག་གི་མཛའ་དམར་ལ། །དབུགས་འབྱུང་ངོ་ཤར་གཡོས་པས ་ནུ་མ་འབུར་ལ་འདྲུང་བྱེད་པ། །སྡུག་གུ་ལྷན་ཅིག་ནོར་བདག་དགའ་ཚལ་འདུག་པ་གང་ཡིན་པ། །དེ་ཡང་འགྲོ་བ་ཉམས་དགའ་སྦྱིན་པའི་བདག་ཉིད་ཆེན་པོ་ཡིན། །འབྲུག་སྒྲ་སྒྲོག་ཅིང་སྤྲིན་རྣམས་ཆུ་ནི་ཀུན་ཏུ་ལེན་བྱེད་པ། །རླབས་འབྱུང་དུས་ན་ནོར་བུ་བྱུ་རུ་དང་ཉ་ཕྱིས་འབྱུང། །རིན ་ཆེན་གནས་ནི་ཆུ་ལྷ་ཉིད་ཀྱི་འབྱོར་པས་གང་བསྲུང་བ། །དེར་ཡང་རྒྱུ་ནི་སྦྱིན་པ་མཆོག་ཅེས་ཐུབ་པས་བཀའ་སྩལ་ཏོ། །གང་ཡང་འོད་ཟེར་རྣམས་ཀྱིས་མཁའ་ལ་སྐར་མའི་འཁོར་ལོ་ཟིལ་མནན་ཅིང། །ཀུ་མུ་ཏ་ཡི་རྫིངས་ཡངས་རྣམས་སུ་དཔལ་ནི་རབ་ཏུ་རྣམ་ཕྱེ་ནས། །གླང ་པོའི་མཆེ་པའི་དཔལ་དང་ལྡན་ཞིང་མཚན་མོ་ཤིན་ཏུ་རབ་མཛེས་པ། །དེ་ཡང་ངེས་པར་སྦྱིན་པ་ཉིད་ཀྱི་འབྲས་བུ་རོ་བྲོ་མང་པོ་ཡིན། །རི་རབ་རྩེ་ལ་ཤིང་ལྟས་ལམ་ཁ་འདུག་པའི་རིན་ཆེན་རྡོ་གཅོག་ཅིང། །རྟ་ཡི་རྐང་ལག་རྣམས་ཀྱིས་དགུ་ཚིགས་ཆུ་བོ་རླབས་ནི་གཅོད་བྱེད་ལ།། ་མུན་པ་བསལ་ཕྱིར་ཉི་མས་སྐར་མ་ཟིལ་མནན་ལྷ་མ་མེ་གང་ཡིན་པ། །དེ་རྒྱུ་ཡིད་ཀྱིས་ཏིང་ངེ་འཛིན་གྱིས་བསྐྱེད་པའི་སྦྱིན་པར་ཐུབ་པས་གསུངས། །རྒྱལ་མཚན་རྩེ་བཏགས་རིན་ཆེན་འོད་ཟེར་སྣང་བས་ནམ་མཁའ་དམར་གྱུར་ཅིང། །རྟ་རྨིག་འདོར་བས་མཁའ་ལ་སྤྲིན་གྱི ་ཕྲེང་བ་དག་ཀྱང་འདྲལ་བྱེད་ལ། །རྔ་ཡབ་དཀར་པོས་གཡབས་ཤིང་འཁོར་ལོས་སྒྱུར་པ་སོང་བ་གང་ཡིན་པ། །འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཤེས་ཐུབ་པས་བཀའ་སྩལ་ཏོ། །གསེར་གྱི་པདྨའི་རྡུལ་གྱི་བྱེ་མས་དམར་བྲིས་ཚོན་ནི་ཁྲུས་བྱས་ཏེ། །དེ་ཡི ་ནགས་འདབ་བུད་བ་སྒྲ་འབྱིན་རྣམས་སུ་ཉལ་པའི་བདེ་རྙེད་ནས། །རིགས་འཛིན་ཆུད་མ་ལྷན་ཅིག་འཇིགས་མེད་མཁའ་ལས་འགྲོ་བ་གང་ཡིན་པ། །དེ་ཡང་སེར་ན་འཛིལ་ཞིང་སྐྱོན་མེད་དགའ་བའི་སྦྱིན་པའི་གཟི་བརྗིད་ཡིན། །མ་ལ་ཡ་ཡི་རི་རྩེ་ཙན་དན་གྲིབ ་མས་བསིལ་བས་ཡངས་པ་དང། འབིགས་བྱེད་རི་དང་གངས་དང་ལྷན་པོའི་རི་དང་མནད་ར་ཡི་རི་བོ་ལ། །གྲུབ་པའི་ཚོགས་ཆེན་ཆུད་མ་ལྷན་ཅིག་འཇིགས་བྲལ་དགའ་བ་གང་ཡིན་པ། །འདོད་པའི་འབྲས་བུ་ཚེ་འདིའི་སྙིང་པོ་འབྱོར་བ་དེ་ཡང་གཏོར?་བས་ཡིན། །བུད་མེད་རྐང ་གདུང་འཁྲོལ་བས་འགྲོགས་ནས་འཕུར་བའི་ཕུག་རོན་གནས་པ་ཡིས། །ཁང་པ་མཐོན་པོ་རྣམས་དང་འབིགས་བྱེད་རི་རྩེ་འགྲོན་པའི་བན་གླད་དང། གདུགས་དང་རྔ་ཡབ་བུད་མེད་གཡོག་འཁོར་རིན་ཆེན་གསེར་དང་རྟ་རྣམས་དང། བཟང ་མཛེས་དེ་དག་ཀུན་ཀྱང་སྔོན་གྱི་སྦྱིན་པའི་དག་བའི་རྣམ་སྨིན་ཡིན། །བན་དུ་ཀ་ལྟར་རྩ་དམར་རྒུན་ཆད་གསེར་སྣོད་བཟང་པོར་ལེགས་བླུགས་པ། །ཡོངས་དག་ཨ་མྲ་སྨིན་ལྟར་དྲི་ཞིམ་ཨུཏཔལ་འགྱིང་ཞིང་ལྡེམ། །ན་ཆུང་ཞིམ་བ་སྣ་སྒོག་དུས་ཀྱིས་སྟོབས་ཤིང ་ཡམས་གྲངས་མང་འདྲིམ་པ། །མཆོག་ཏུ་དགེ་བ་དེ་རྒྱུ་སྦྱིན་པ་ཡིན་ཞེས་བློ་གྲོས་དག་པས་གསུངས། །གསེར་གྱི་ཕག་སྐས་རྐེད་བ་ཆིངས་སྙན་སྨྲ་འཇམ་ཞིང་སྨིན་མ་ཡ་གཅིག་བསྐྱོད། །མིག་ཡངས་རྣར་ཐུག་དཀར་ནག་འབྱེས་ལ་སྐྲ་བགབ་མེ་ཏོག་ཕྲེང ་དཀྲིགས་པའི། །ན་ཆུང་བཟང་མོ་བརླ་རྒྱས་བདག་ཉིད་ལེགས་བྱས་རྣམས་ཀྱིས་བྲན་ལྟར་བྱེད། །ཚོགས་བསགས་འབྲས་དེ་སྦྱིན་པའི་ཆེ་བ་ཉིད་ཅེས་ཟས་གཅེད་སྲས་པོས་གསུངས། །དེ་ལྟ་ལགས་པས་བདེ་བར་གཤེགས་པའི་གསུང་རབ་མཛའ་དག ་ཐུགས་སུ་ཆུད་པ། ཤིན་ཏུ་སྦས་པའི་ཆུ་ལྟར་གྱུར་པ། སྙིང་དྲི་མ་མེད་པ་དང། ལྷའི་སྐྱེ་བོ་དང་ཀླུའི་གནས་སུ་གྱུར་པ། ཚུལ་ཁྲིམས་འདྲེན་མ་མ་ཡིན་ཞིང་རྒྱ་ཆེ་བའི་ཆུ་དང་ལྡན་པ། དགེ་བ་ལ་རྣམ་པར་རྟོགས་པའི་ཟླ་བ་ཤར་བའི་དབང་གིས། ཏིང་ངེ་འཛིན ་སྣ་ཚོགས་རྒྱས་པའི་དུས་ཀྱི་རླབས་ཀྱིས། བྱང་ཆུབ་ཀྱི་ཡན་ལག་ལ་སྐྱོན་མེད་པའི་ནོར་བུ་མང་པོ་ཀུན་ཏུ་གཡེངས་པ། སེམས་ཀྱི་འོག་གཞི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རི་བོ་ཆེན་པོ་བརྟེན་པ། །འབྲས་བུའི་བྱེ་བྲག་ཐོབ་པ། གང་ཟག ་ཆེན་པོའི་ཆུ་སྲིན་རྒྱུ་བ། འཕགས་པའི་བདེན་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པའི་ཤིང་ལྗོན་པས་མཛས་པར་བྱས་པ། དྲན་པ་ཉེ་བར་གཞག་པའི་དོགས་དང་ལྡན་པ། སྒྲིབ་པའི་རོ་མི་གནས་པ། སྦྱངས་པའི་ཡོན་ཏན་གོམས ་པ་དག་པའི་མུ་ཏིག་གི་ཉ་ཕྱིས་ཀྱི་ཁ་དོག་ལུས་དང་ལྡན་པ། མངོན་པར་རྟོགས་པའི་ཆོས་ཉིད་གཏིང་མི་དཔོགས་ཤིང་ཟབ་པ། རྒྱུན་མི་འཆད་པར་ཀློག་པ་དང། ཁ་ཏོན་བྱེད་པའི་སྒྲ་རྒྱ་ཆེར་འབྱུང་བ། འཕགས་པའི་དགེ་སློང་གི་དགེ་འདུན་གྱི་རྒྱ་མཚོ་ཆེན་པོ་ལ ་བདག་གསོལ་བ་འཚལ་ལོ། །འདི་ལྟ་སྟེ་སྲིད་པའི་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དུ་མ་ནས་དགེ་བའི་ས་བོན་བཏབ་པ། བདེ་བར་གཤེགས་པའི་བསྟན་པ། གཞལ་མེད་ཁང་གི་ས་གཞི་གཅིག་པར་གྱུར་པ། བཟོད་པ་དང་ངེས་པ་དང་བྱམས་པ་དང ་ཚུལ་ཁྲིམས་དང་ཐོས་པ་དང་ཞི་བའི་གནས་བདག་དང་གཞན་གྱིས་གཞུང་གི་དོན་གྱི་དེ་ཁོ་ན། མ་ལུས་པར་རྟོགས་པ། ཡོངས་སུ་ཤེས་བས་བསྒོམས་པས་དྲན་པ་ཉེ་བར་གནས་པ་ཡང་དག་པའི་ཡེ་ཤེས་མཐོང་བས་ལོག་པར་ལྟ་བའི་རབ་རིབ་བསལ་བ།། ་ལེགས་པར་བརྗོད་ཅིང་ཤིས་ལ་རྒྱ་ཆེ་བའི་མིག་དང་ལྡན་པ། སྐྱེ་བོ་བླ་མ་ལ་བསྙེན་བཀུར་བྱེད་པ་དང། སྔོན་དུ་སྨྲ་བ་དང། ཕྱག་འཚལ་བ་ལ་སོགས་པའི་ཚུལ་བཟང་པོ་དང་ལྡན་ཞིང། མདོང་སོལ་ཆེ་བས་སྙན་བ་རྣམས་བསྐྱེད་པ། སྟོན་གྱི་ཟླ་བ་ཉ་བའི ་འོད་ཟེར་དག་པ་ལྟ་བུའི་ཡིད་འབྱུང་བ། སྦྱིན་བདག་ཆེན་པོ་ཆེ་བའི་བདག་ཉིད་ཅན་མིང་འདི་ཞེས་བྱ་བ་འདི་ནི། ཁྱིམ་བདག་ལེགས་སྦྱིན་དང། བཟང་ལྡན་དང། བཙུན་མོ་འཁོར་གྱི་བླ་དང། མུ་ཤིལ་དང། ཏྲ་པུས་དང། གོ་ཤི་ལ་དང། ཏ་པ་ཀར་ནི་ཀ་དང ་མགོན་མེད་ཟས་སྦྱིན་དང། དྲག་པོ་དང། ནག་པོ་དང། ནམ་གྲུ་ལ་སོགས་པ་དང། གཞན་ཡང་བཅོམ་ལྡན་འདས་ལ་ཡིད་ལ་མངོན་པར་དད་པ། གསལ་རྒྱལ་དང། ཚངས་བས་སྦྱིན་དང། རྒྱལ་པོ་ཤར་པའི་བུ་དང། གཏུམ་པོ་རབ་སྣང་ལ་སོགས ་པའི་སྟེང་ལ་དབང་བའི་སྦྱིན་པ་ལས་བྱུང་བའི་ལེགས་པ་སྤྱད་པའི་རྗེས་སུ་སློབ་སྟེ། ལུས་དང་ལོངས་སྤྱོད་སྲོག་ལ། སྒྱུ་མ་དང། སྨིག་རྒྱུ་དང། དྲི་ཟའི་གྲོང་ཁྱེར་དང། མགལ་མེ་བསྐོར་བ་དང། རྨི་ལམ་དང་རིའི་འབབ་ཆུ་ལྟར་གཡོ་བར་རེག་ནས་སྟོབས ་བཅུ་མངལ་བས་གསུངས་པའི་ཚིགས་སུ་བཅད་པ་དང། ཆོས་མངོན་པ་དང། འདུལ་བ་དང། མདོ་སྡེ་འཛིན་ཅིང། དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་བསོད་ནམས་ཀྱི་ས་བོན་བསྐྱེད་པའི་རྒྱུ་འཁོར་བའི་དགེ་བ ་ཕུན་སུམ་ཚོགས་པའི་གཞི། སྐྱེ་བོ་ངན་པས་རྙེད་པར་དཀའ་བ་སེར་སྣ་ཅན་གྱི་ཡིད་འཇོམས་པ་སྒྲུབ་པ་ན་སྟོན་གྱི་ཟླ་བ་དྲི་མ་མེད་པ་ལྟར་དང་བའི་ཐུགས་མངའ་བ། སྲིད་པའི་ཉོན་མོངས་པའི་ས་བོན་གཅོད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པོ། གྲགས ་པ་འཇིག་རྟེན་གསུམ་དུ་ཁྱབ་པ། བདུད་ཀྱི་བུ་མོ་སྟེག་པ་རྒྱུན་གཅོད་པའི་རྒྱུ། སྐྱབས་སུ་འོས་པ་ཆོས་སྟོན་པ། འགྲོ་བ་ལ་དགེ་བའི་བྱེ་དཀའ་བའི་ཕྲན་ལས་རྣམས་ཀྱིས། ཆོས་ཐམས་ཅད་ཐུགས་སུ་ཆུད་བས་རྣམ་པར་སངས་རྒྱས་པའི། སངས ་རྒྱས་ཉི་མའི་འོད་ཟེར་གྱི་སྣང་བ་གསལ་བས་རེག་ནས་པདྨའི་འདབ་མ་རྒྱས་པ་ལྟར་རིང་ཞིང་རྫི་མ་ལེགས་པའི་སྤྱན་དང་ལྡན་པ་གནོད་སྦྱིན་གྱི་བདག་པོའི་གཙུག་གི་ནོར་བུ་ཆེན་པོས་ཞབས་ཀྱི་སེར་མོ་ཀུན་ཏུ་བསྐོར་བ། གསེར་གྱིན་ཆོད་སྡོང ་ལྟར་གསལ་བ། སྐུ་ལ་རྡོ་རྗེ་དང། ལྕགས་ཀྱུ་དང། པདྨ་དང། ཉ་དང། རྒྱལ་མཚན་དང། གདུགས་དང། འཁོར་ལོ་ལ་སོགས་པའི་མཚན་རྣམས་ཀྱི་མཚན་མངའ་བ། པདྨའི་འབྱུང་གནས་རྣམས་ལ། སྣང་མཛད་ཀྱི་འོད་ཀྱི་ཕྲེང་བ། བྱེ་བྲག་མེད་པར ་ཁྱབ་པ་རྒྱས་པར་འགེངས་པ། བུང་བའི་ཚོགས་ལྟར་སྔོ་བའི་གཙུག་ཏོར་གྱི་ནང་ནས་ཀུན་ཏུ་བྱུང་བའི་འོད་ཀྱི་དྲ་བས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པར་བཀྲ་བར་བྱས་པ། ཁ་ན་མ་ཐོ་བ་མེད་པར་བཞུགས་པ། འཕགས་པའི་བདེན་པ་སྟོན་པ། ཞི ་བར་གཞོལ་བའི་ལམ་དུ་འདྲེན་པ། འཇིག་རྟེན་སྒྲོལ་བ་མཉེས་གཤིན་པ། གཉེན་གཅིག་བུ། མུ་སྟེགས་ཅན་ངན་པའི་སྒྲོལ་བ་རྣམས་ཀྱིས་གསུང་དང་དཔའ་བ་དང། མཐུ་ལ་མི་གནོད་པ་གཙང་མའི་སྲས་ཡུལ་རྣམས་ཀུན་ལ། སྲེད་པ་འབྱུང ་བའི་རྒྱུན་སྐམས་བྱེད་པའི་རྒྱུ། སྐྱེ་བོ་མཁས་བ་རྣམས་ནི་སད་བར་བྱ་ཕྱིར་ཤར་གྱུར་པ། །བག་ལ་ཉལ་གྱི་རབ་རིབ་སེལ་བ་ཡེ་ཤེས་སྣང་བའི་མཆོག་།ས་རྣམས་མཛའ་དག་སྣང་བ་ཕྱོགས་རྣམས་ཐམས་ཅད་སྣང་མཛད་པ། །ཕྱག་དང་ཞབས་དང་དབུ་ནི་རབ་ཏུ་བྱིན་ཞིང ་ཚུལ་ཁྲིམས་དང། །སྨོན་ལམ་དག་གིས་བྱང་ཆུབ་ལམ་བཟང་ཡང་དག་བསྒྲུབས་གྱུར་པ། སྲིད་པའི་འགྲོ་བའི་དུག་གི་སྙེ་མིའི་སྟེང་དུ་ལྷུང་བ་ཡིས། །སྐྱེ་དགུ་རྣམས་ལ་ཁ་ན་མ་ཐོ་མེད་པ་སྟོན་མཛད་པ། །སྲིད་པ་རྣམ་པ་གསུམ་འཇིག་པ། བཅོམ་ལྡན་འདས ་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞི་མངའ་བ། དཔའ་བ་དང། མཐུ་ཁ་ན་མ་ཐོ་བ་མེད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པས་སྐུ་བརྗིད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་དཀའ་བ་བརྒྱ་ཕྱག་དུམས་དམ་པའི་ཆོས་དཀོན་མཆོག ་བསྒྲུབས་པ། བརྩལ་བ་ཙམ་གྱིས་སེམས་ཅན་མཛའ་དག་གི་བསམས་པ་ཐུགས་སུ་ཆུད་པ། ཐམས་ཅད་མཁྱེན་པའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རབ་ཏུ་ཞི་བ་དང། ཚུལ་ཁྲིམས་དང་ཐོས་པ་དང། ཏིང་ངེ་འཛིན་དང། བཟོད་པ་དང། བྱམས་པ ་དང། སྦྱངས་པའི་ཡོན་ཏན་དང་ལྡན་པ། ཉོན་མོངས་པའི་རབ་རིབ་དང། ལིང་ཏོག་མ་ལུས་པར་བསལ་བ། འཁོར་བའི་རང་བཞིན་རིག་པ་དང། ཕྱོགས་ཕྱོགས་ཀྱི་གཙུག་ལག་ཁང་དང། ཀུན་དགའ་ར་བ་དང་རི་དང་ནགས་འདབ་དང། ཁྲད་ཁྲོད་དང། ཆུ ་དང་བ་རི་སུལ་དང། གཤེར་ས་དང། ནེའུ་སིང་དང། ཤིང་གི་གྲིབ་པ་རྣམ་པ་སྣ་ཚོགས་ལ་དགྱེས་པ། ཡུལ་དང་ལྗོངས་དུ་མ་ལ་ཕན་གདགས་པར་རྩོལ་བ་མཛད་པ། ཡང་དག་པའི་དྲན་པ་དང། ཏིང་ངེ་འཛིན་དང། དགའ་བ་ཐོབ་པ་ལས་མ་ཉམས་པ ་ཕུང་པོ་ལྔ་སྤྱིར་སྐད་ཅིག་པར་ཡང་དག་པར་སོ་སོར་རྟོག་པའི་ཡིད་ལ་བྱེད་པ་བསྐྱེད་པ། མདོ་དང་འདུལ་བ་དང། ཆོས་མངོན་པ་དང། སྐྱེས་པའི་རབས་དང། གླེང་གཞི་དང། ཚིགས་སུ་བཅད་པ་དང། རྟོགས་པ་བརྗོད་བ་དང། དེ་ལྟ་བུ་བྱུང་བ་དང་། ་གཏན་ལ་དབབ་པའི་གཏམ་གྱིས་སེམས་སྦྱངས་པ། རང་གི་ལུས་དང་ངག་དང་ཡིད་ཀྱིས་འཇུག་པ་དྲན་པ་ཉེ་བར་གནས་པར་རྒྱུ་བ་དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། བདེན་པ་དང། འཕགས་པའི་ལམ་དང། དྲན་པ་ཉེ་བར ་བཞག་པ་གོམས་པས་དད་པ་ཐོབ་པ་ལ་ཚེ་རབས་གཞན་དང་གཞན་ན་བསགས་པ་དགེ་བའི་རྣམ་པར་སྨིན་པས་གྲུབ་པ། ཇི་ལྟར་འབྱོར་པར་ནུས་པ་དང་མཐུན་པའི་རྩོམ་པས་ཚོགས་བསགས་པ། ཕན་ཡོན་ལྔའི་རྒྱུ་སེམས་ཅན་ཐམས་ཅད་གནས ་པར་བྱེད་པ། འཇིག་རྟེན་ཕ་རོལ་ཏུ་བདེ་བ་ཐོབ་པར་བྱེད་པ། ཁ་དོག་དང་རོ་དང་དྲི་དང་རེག་པ་དང་ལྡན་པ། ཡིད་དུ་འོང་བ་གྱ་ནོམ་པའི་བཟའ་བ་དང་བཅའ་བ་དང། ལྡག་པ་དང། རྡུབ་པ་དང། གཞིབ་པ་ལ་སོགས་པ་ཞལ་ཟས་བཤམས་པར་བྱ ་པ་རྣམ་པ་སྣ་ཚོགས་ཞལ་ཟས་ཁྱད་པར་ཅན་གྱིས་སྤྱན་འདྲེན་ཏོ། །དེ་ལ་ཐོག་མར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཚེ། གང་དག་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་ཤིང་ཐམས་ཅད་མ་ལུས་པར་བསྲེགས་པ། ་སྟོང་པའི་ངང་ལས་ཚུལ་ཅན་གྱིས་སྦྱིན་པའི་ས་བོན་འཕེལ་བའི་རྒྱུར་གྱུར་པ་ཕྲ་བ་གཟིགས་པ་མཁས་པ་དེ་ཁོ་ན་ལ་བསྒོམས་པ་འདི་ལྟ་སྟེ། གནས་བརྟན་པ་ར་དྷ་ཛ་བསོད་སྙོམས་ལེན་དང། འཕགས་པ་སྒྲ་གཅན་ཟིན་དང། སྦྱིན་བྱེད་དང། ལམ ་བརྟན་དང། སྐྱེད་བྱེད་དང། གསེར་བེའུ་དང། རྟོགས་བྱེད་དང། རྡོ་རྗེ་ཅན་གྱི་བུ་དང། འཕགས་པ་བསྲུང་བའི་ཀླུ་དང། ཀླུ་སྡེ་ལ་སོགས་པ་སློབ་མ་བསྟན་པ་གནས་པར་བྱ་བའི་ཕྱིར་གནོད་པར་གྱུར་ཀྱང་ལུས་ཀྱི་ཁུར་ཁྱེར་བ་རྣམས་དང། གཞན ་ཡང་གང་དག་སུམ་ཅུ་རྩ་གསུམ་པའི་སྐྱེ་པོ་ལ་ཕན་པའི་ཕྱིར། གསེར་གྱི་རྡོ་ལེབ་ཆེན་པོའི་སྟེང་ན་འདུག་པའི་རིག་སྔགས་འཆད་དུ་མ་གླུ་ལེན་པས་གླང་པོ་ཆེ་ཡུར་ལ་བུང་པའི་མཆུ་པདྨ་ལ་འཇིབ་ཅིང་འཁོད་པའི་མན་ད་ར་བའི་རྫིང་གི་ཆུ་དང ་?། །ལྡན་ཞིང་ཡལ་ག་གསལ་བའི་སྟེང་ན་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་བྲིས་པའི་ཤིང་ཡོངས་འདུས་ཀྱིས་ཀུན་ཏུ་མཛེས་པར་བྱས་པའི་རིའི་ལྷུན་པོ་འབབ་ཆུ་འབབ་པའི་ས་གཞི་ལ་འཁོད་བ་རྣམས་དང། ཡང་གང་དག་གསེར་གྱི་རི་རྐེང་ནས་བསིལ ་བའི་ཆུ་འབབ་བ། །ཆུ་ལ་ཟླ་བའི་གཟུགས་བརྙན་བྱུང་གྱུར་ཅིང། ཟླ་བའི་འོད་ཀྱིས་ཀུ་མུད་ཁ་ཕྱེ་སྟེ། །ཀུ་མུད་ཚལ་ན་སྐད་སྙན་ངང་པ་གནས། །དེང་མོ་མཚེའ?་ན་སྒྲ་སྐད་སྙན་པ་འབྱིན། །མཚོ་དོགས་རྨ་བྱ་དགར་བཅས་རྒྱགས་པ་གནས། །རྨ་བྱ་རྒྱགས་སྒྲས་རི་སུལ ་སྙན་པ་གྲགས། །རི་སུལ་ཡལ་ག་གླགས་བས་རི་རྩེ་འཁྲིགས། །རི་རྩེ་སྟོང་རྣམས་ན་ནི་སྦྲིན་ཆགས་ལ། །ལང་ལིང་སྦྲིན་གྱི་སྨན་ལྗོངས་ཁྲ་ཁྲོ་སྣང། །སྨན་ལྗོངས་སྐྱེས་པའི་ནོར་བུ་ལྡུམ་བུ་གསལ། །ལྡུམ་བུ་ལས་ཟུལ་ལྷུང་བའི་མེ་ཏོག་ལྡན། མེ་ཏོག་རྒྱས་པའི་དཔག ་བསམ་ཤིང་ཚལ་མཛེས། །མཛེས་པའི་ལྷ་མོས་གསེར་གྱི་ཕག་སྐད་དྲུང། །གསེར་གྱི་ཕག་སྐས་སྒྲས་ནི་བྱ་འདྲོགས་ཤིས། །བྱས་འཆོས་ཤིང་ཏོག་རྩ་ལས་ཆད་ཅིང་བྲུལ། །རྩ་འཕྱང་ཁུ་ཟགས་པ་སྦོས་ཀྱི་དྲི། །སྤོས་གླང་དབང་པོ་འདྲེག་ཟག་དྲི་རབ ་ཞིམ། དྲི་རབ་ཞིམ་པའི་ལི་ཤི་རི་འཁོར་མང། །བལ་གླང་མོ་རླགས་དྲག་འགྲོ་ལང་ལོང་གྱུར། །བུང་བའི་ཁྱུ་ཡིས་མེ་ཏོག་ཟས་གྱུར་ཅིང། །ཡལ་ག་མེ་ཏོག་རྒྱས་པར་གད་བ་དཀར། །གད་པ་ཆད་པས་ནོར་བུའི་དུམ་བུ་སྣང། །མེ་ཏོག་མགོ་ལྕོགས ་བྲུལ་བས་རྣམ་པར་བཀྲ། ནོར་བུ་གསིལ་མ་མང་པོས་རིལ་གཞོལ་སྤྲས། །མེ་ཏོག་ཆེགས་པའི་ཤིང་གིས་ཡལ་གར་གནས་པའི་དུང་བ་དགའ་བས་འཕུར་རྣམས་དང། །ཟླ་བའི་འོད་ཟེར་དཀར་པོ་དང་བ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆག་བཏབ། །ལྷུན ་པོ་མཐོ་བའི་རི་ལ་ཐུབ་པ་གང་དག་རབ་ཏུ་ཞི་བའི་ཐུགས་ཀྱིས་བཞུགས། །དེ་དག་དྲི་མེད་ཟླ་བ་འདྲའི་གྲགས་ལྡན་འདི་ཡི་སྦྱིན་པའི་གནས་ལ་བརྟེན་དུ་གསོལ། །རྒྱ་མཚོའི་ཉེ་བའི་ཆུ་འགྲམ་རི་བོ་མ་ལ་ཡའི། །རི་ངོས་ཐ་མལ་སྦལ་མིག་མཐོན་པའི ་ཕྲེང་བ་ཅན། །སྦྲུལ་མང་འཁྲིགས་པའི་ཙན་དན་ཤིང་གི་ནགས་ཚལ་ན། །བརྟན་པ་གང་དག་བཞུགས་པར་གྱུར་པ་དེ་དག་དང། །ཉི་མའི་རྟ་ཡི་རྨིག་པས་རྡོ་བཅག་ཅིང། །མི་འམ་ཅི་བུ་མོ་ཕྲུགས་ཀྱིས་ཉམས་དགའ་ལ། །རི་སུལ་མཐོན་པོ ་དཔག་བསམ་ནགས་མང་དང། །རི་སྒབ་རྣམས་ན་གང་དག་བཞུགས་པ་དང། །ཤིང་གི་མེ་ཏོག་འབྲུལ་བས་དྲི་ཞིམ་བྱས་པའི་གསེར་བུ་དང་ལྡན་ཞིང། །ནགས་ན་གླང་པོ་དྲེགས་པ་ཟག་པས་བསྒོམས་པའི་རིན་ཆེན་འཁྲི་ཤིང་ཁྱིམ། །ཁྱིམ་ལ་ཆགས ་པ་མེད་པའི་ལྷ་ཡིས་བརྟེན་པའི་བསོད་ནམས་ཆུ་གླིང་གི་།གཉའ་ཤིང་འཛིན་ཁྲི་བྱ་རྒྱགས་ཁྱུ་གནས་པ་ན་གང་དག་བཞུགས་པ་དང། །བ་ལང་མོས་བསྙོགས་སྣང་བ་རྩུབ་འགྱུར་ཚལ། །མེ་ཏོག་ལྡན་ཞིང་བསེར་བུ་ངད་ལྡང་བ། །ས་ཧཡ་རི་བོ་ངོས་རབ་ཡངས ་པ་ལ། །ཡོངས་དག་ཐུགས་མཐར་ཐུབ་པ་བཞུགས་དགུ་དང། །པདྨ་ཨུཏཔལ་རྒྱས་པ་འབྱུང་བའི་གནས། །ཉིན་རེ་ཉི་མའི་ཤིང་རྟས་རྡོས་སྣད་ཅན། །སྲིད་པའི་འཇིགས་བྲལ་རབ་ཏུ་ཡིད་འོང་བ། །འཆར་བའི་རི་སྟེང་གང་དག་བཞུགས་པ་དང། །རི་ཡི་རྩེ་མོས ་སྔོ་བསངས་སྤྲིན་ཐལ་སྨན་ལྗོངས་ཅན། །ངོགས་ལྡན་ཆུ་བོ་མནད?་རས་ནི་རི་སུལ་བཀྲུས། །གླང་པོའི་ཆེ་བས་བསྙོམས་པས་ཕྱོགས་རློག་པའི་རི། །འབིགས་བྱེད་རྨ་བྱ་རྒྱགས་གནས་བ་ན་བཞུགས་དགུ་དང། །སྣ་ཚོགས་འབྱུང་གུང་ཚོན་གྱི་ཁ་བསྒྱུར ་ཕུག་དང་ལྡན་ཞིང་སྤྲིན་ཀྱང་ཆགས་གྱུར་ལ། །ཀོ་ལྤགས་ལྡན་པ་གཙང་མའི་ཆུ་ཡི་དོགས་ཀྱི་རྡོ་བ་མང་པོ་བཀྲུས་གྱུར་ཅིང། ངོས་ལ་བ་ལང་མཇུག་མ་མང་པོ་དག་གིས་འཆང་ཞིང་གློག་འགྱུས་སྣང་བྱས་པས་ཡོངས་འདུས་རི་རྩེ་ཕྲག་ན་གཅིག་ཏུ་སྲེད ་དང་བྲལ་བ་གང་དག་བཞུགས་པ་དང། །ཡང་གང་དག་ཤིང་དང་འཁྲི་ཤིང་དང་འཁྲི་ཤིང་རྣམ་པ་མང་པོ་འདབ་ཆགས་སར་གནས་པ། ནེའུ་སིད་འཇམ་ལ་སྔོ་བའི་སྟེང་ན་རྨ་བྱའི་ཁྱུ་གར་བྱེད་ཅིང། སྒྲ་སྙན་པ་འབྱིན་པ་རི་དགས་ཀྱི་ཚོར་?་བ་གཡངས་སུ ་གནས་བའི་སོས་བཅད་བའི་རྩཝའི་མྱུ་གུ་ཡོད་པ་མེ་ཏོག་དྲི་ཞིམ་པོས་བསྒོས་པའི་བསེར་པུ་འཇམ་ཞིང་བསིལ་བའི་བད་ལྡང་པའི་ནགས་འདབས་རྣམས་སུ་གནས་བཅས་ཏེ་བཞུགས་པ་རྣམས་དང། ཡང་གང་དག་དུས་སུ་རླབས་འབྱུང་བའི་ཆུ་ཡི་དཔའ་རླབས་ཀྱིས ་གཡེངས་པའི་ན་ལེ་ཞམ་དང་ལི་ཤི་དང་ལ་བ་ལའི་འབྲས་བུ་སྔོན་པོ་མང་པོ་འཁྲིགས་པའི་ཚལ་དང་ཨ་ཀ་རུའི་ཤིང་ཁྲོད་ན་གནས་པའི་སྦྲུལ་མགོའི་གདེངས་ཀ་གདེངས་ཤིང་འཇིགས་སུ་རུང་བ་ཡོད་པ། གླང་པོ་ཆེ་དྲགས་པ་དང་བཅས་པའི་གནས་བྱུ་རུའི ་སྡོང་བུ་བསྒྱེལ་བ་དང་ལྡན་ཞིང། ཉི་མའི་འོད་ཟེར་གྱིས་རེག་པའི་དབང་གིས་མུ་ཏིག་ཡོད་པའི་ཉ་ཕྱིས་ཁ་བྱེ་བའི་ཐོག་མས་རྣམ་པར་སྤྲས་པ་ཉེ་བར་འབུལ་བ་དང་ལྡན་ལ་ནོར་བུ་མཆོག་གི་རྡོ་ལ་གྲུབ་པའི་ཆུང་མའི་སྐྱེ་བོ་གནས་ཤང་བྱའི་ཁྱུང་དགའ་སྟེ་སྒྲ་འབྱིན་པས ་གླུ་ལེན་པ་ལྟ་བུ་ཡོད་པའི་རྒྱ་མཚོའི་གླིང་དག་ན། ཀླུའི་བདག་པོའི་ལུས་ཆེན་པོས་སྐུ་དཀྲིས་ཏེ། གདེངས་ཀའི་གདུགས་ཀྱིས་ཉི་མའི་འོད་ཟེར་བསྒྲིབས་ཤིང་བསམ་གཏན་མཛད་པ་རྣམས་དང། སྨན་ལྗོངས་དག་ན་ཕྱོགས་ཀྱི་གླང་ཆེན་བྲང་གི་རྡོ་བ་ཁེབས་པའི་ཁྱུ།། ་འཁོར་བཅས་ལྷན་ཅིག་མ་ཡིན་ང་ངོར་གྱུར་པའི་གནོད་སྦྱིན་མོ་དག་གནས་གྱུར་ལ། །ཀླུ་ཡི་རྒྱལ་པོ་མགོ་བོ་བསྟོད་དེ་ཁོ་ནས་འོད་འབར་འབྱུང་བས་ཤིང་སྲེག་ཅིང། །གངས་རི་ཏི་སེ་ལ་ནི་བློ་གཙང་གང་དག་ཞལ་སྟོན་མཛད་ཅིང་བཞུགས་པ་དང། །རྒྱ་མཚོའི ་རླབས་ཀྱིས་བཤལ་བའི་རི་སྒབ་ལྡན་པ་མ་སྨད་བ། །རི་བོ་མན་ད་ར་ལ་ཉིན་ཕྱེད་ཚུན་ཆད་བཞུགས་བཞུགས་ཤིང། །ཉི་མ་ཕྱེད་པར་གྱུར་ནས་གང་དག་གཞན་དུ་བཞུགས་པའི་ཕྱིར། །ནོར་བུས་རྩེ་མོ་བཀྲམ་པའི་ཁོར་ཡུག་རི་ལ་བརྟེན་པ་དང། གང་དག་འཁྲི་ཤིང ་གཞོན་ནུས་རྡོ་བ་ཁེབས་གྱུར་པའི། །དབང་ཆེན་རྩེ་མོ་ཉིད་དུ་འོང་བར་བདེར་གནས་ཏེ། །མཁའ་ལྡིང་ཤུགས་ཀྱིས་ནང་དུ་ཀླུ་རྣམས་དཀྲུགས་པ་ཡི། །རྒྱ་མཚོ་རིན་ཆེན་གནས་ལ་རྣམ་པར་གཟིགས་པ་དང། །དང་པའི་ཚོགས་ཅན་ཤིན་ཏུ་གཙང་བ་དྲག་འབབ་ཆར་གྱི་ཆུ ་ཡིས་རི་སྒབ་བཀྲུས་གྱུར་ཅིང། །མྱོགས་ཀྱི་གླང་པོས་བསྒྱེལ་བའི་ས་ལ་ཀི་ཡིས་རྡོ་པ་ཆེན་པོ་མང་པོ་ཁེབས་གྱུར་པ། །གཅན་གཟན་དབང་པོ་རལ་པ་འཁྱིལ་ཅིང་གསལ་བས་དཔུང་པའི་ཕྱོགས་འབར་ཉལ་བས་དགར་གྱུར་ཅིང། །སྦལ་མིག་མཐོན ་པའི་ལྕུག་མས་འཁོར་བས་གྲུབ་པ་ངལ་སོས་རི་བོ་བཀྲོན་ཛར་གང་གཤེགས་དང། །གང་དག་མུན་བསལ་ཁྱད་པར་ཅན་གྱི་བློ་མངའ་ཤིང་ལྗོན་སྣ་ཚོགས་མེ་ཏོག་རྒྱས་གྱུར་ཅིང། །རི་དགས་རྒྱུ་བས་ནེའུ་སེང་གཞོན་སྣད་པ། །གཟི་རྔོ་ནགས་རྣམས་མི་སྤོང་བཞུགས ་པ་དང། །ཡང་གང་དག་ནུབ་ཀྱི་བ་ལང་སྤྱོད་དང། ཤར་གྱི་ལུས་འཕགས་པོ་དང། བྱང་གི་སྒྲ་མི་སྙན་དང། གླིང་གཞན་དག་ན་སྐྱེས་པའི་ལྕུག་ཕྲན་མདོག་སྣུམ་ཞིང་སྔོ་ལ་འཇམ་པ་མང་པོས་ས་གཞི་ཀུན་ཏུ་ཁེབས་པ། །ཤིང་གི་གྲིབ་མེའི་དཀྱིལ་འཁོར ་བསིལ་བ་དང། འཁྲི་ཤིང་གིས་འཁོར་ཅིང། རི་དགས་མང་པོ་གནས་པའི་ནགས་ཚལ་དེ་དང་དེ་དག་ན་བཞུགས་པ་རྣམས་དང། ཡང་གང་དག་དར་ད་དང། གན་དར་དང། གུ་ཟན་ད་ལི་དང། ཤི་རི་ད་དང། བ་ལེ་དང། བྲི་ཤ་དང། ཁ་ཆེའི་ཡུལ་དང། ་རྒྱ་ཡུལ་དང། གྲོང་ཁྱེར་ཟས་འདྲ་དང། རྡོ་འཇོག་ཟས་འདྲ་དང། སྐྱེས་པའི་གྲོང་ཁྱེར་དང། ཕྱོགས་མཚམས་དང། ཀུན་ཏི་མ་ལ་བ་དང། སྲུང་བྱེད་དང། གྲོང་ཁྱེར་དང། ཚ་ཐུ་ཀ་དང། ཚ་ཏ་དང། བྷ་དུ་སྐད་ཚ་དང། ཀོ་ཤཱམ་བའི་དང། སེར་སྐྱའི་གནས ་དང། མཉན་ཡོད་དང། མི་ཐུབ་པ་དང། གྲོང་ཁྱེར་མེ་ཏོག་དང། ཏི?་ར་དང། བཅོམ་རླག་དང། གྲོང་ཁྱེར་ལོངས་སྤྱོད་དང། ཙམ་པ་ཀཾ་དང། རྒྱལ་པོའི་ཁབ་དང། དབང་པོའི་བྲག་ཕུག་དང། འབྲོག་དང། ཀོ་ནའི་གྲོང་དང། ཀུན་དགའ་ཨི་གྲོང་དང། མཆོད ་རྟེན་གྱི་གྲོང་དང། འཁྲུར་བཅུག་གི་གྲོང་དང། ཡངས་པ་དང། ལི་ཁ་རི་ཤིང་འཕེལ་བ་དང། འཕེལ་བྱེད་དང། ཟངས་ཀྱི་གཡོགས་དང། རྡོ་སྙོགས་འཛིན་དང། ཀོ་ས་ལི་དང། ཨན་དྲ་དང། ཨ་ལོང?་ག་དང། བར་བ་དང། ནས་གླིང་དང། སིང་ག ་ལའི་གླིང་དང། ཀ་ལ་ཤའི་གྲོང་ཁྱེར་དང། གསེར་གྱིས་དང། ཧ་རི་ཀ་ལ་དང། བོ་ར་ཤ་ཀ་ཏ་ཧ་དང། ན་ལི་ཀེ་ར་དང། ཕན་སའི་གླིང་དང། ཤུར་པ་དང། ནི?་མ་པའི་གྲོང་ཁྱེར་དང། དཔལ་གྱི་ཤིང་དང། དངུལ་ཆུའི་གནས་ལ་སོགས་པ། ཡུལ་དང། ཆ་བྱད་དང། ?་? ་དང། གནས་པ་དང། ཆོ་ག་དང། རིགས་དང། རུས་དང། ཚུལ་ཁྲིམས་དང། ཚུལ་ཁྲིམས་ཅན་དུ་མའི་ཡུལ་མི་གནས་པའི་ཡུལ་གཞན་དག་ན་བཞུགས་པ་རྣམས་དང། གང་དག་སྔོན་ཆད་ཉི་ཟླའི་འོད་ཀྱིས་མ་ཕོག་ཅིང། །ཤེ་ཤ་སྤྲུལ་གྱི་ལུས་ཀྱི་འོབས་གནས ་རིའི་དྲུང། །དེ་ཡི་གཙུག་གི་རིན་ཆེན་འོད་ཀྱིས་མུན་བསལ་བའི། །ས་འོག་ཏུ་ནི་རིང་པོར་མི་ཐོགས་གཤེགས་གྱུར་དང། །གང་དག་ཆུ་ལྟར་ས་ལ་ཐོགས་མེད་བྱེའུ་ཟུལ་མཛད་པ་དང། །གང་དག་སར་གནས་ཕྱག་གི་རྩེ་མོས་ཟླ་བ་??་མཛད་དང། །གང་དག་བྱ ་ལྟར་ནམ་མཁའ་ལ་ནི་ཤུགས་ཀྱིས་རྒྱུ་མཛད་ཅིང། །ན་བཟའ་ཨི་ཐ་མས་སྤྲིན་ཐང་རེག་པས་སྤྲིན་ལིང་འཇིགས་མཛད་དང། །གང་དག་ལྷ་དང་ཀླུ་དང་གྲུབ་པ་དང། །འཁོར་གྱི་ཚོགས་རྣམས་ཀྱིས་རྟག་ཏུ་མཆོད་པའི་རི་འཇིགས་མེད་དང། བུང་བའི་རི་དང། ཆུ་སྲིན ་བྱིས་པ་གསོད་ཀྱི་རི་དང། རི་ནག་པོ་དང། གནས་ཀྱི་རི་དང། སེར་སྐྱའི་རི་དང། མེ་ཏོག་རི་དང། ཙན་དན་གྱི་རི་དང། ཀླུའི་རི་བོ་དང། ཙན་དན་གྱི་རི་བོ་དང། ཚེར་མའི་རི་བོ་དང། ལྷ་ཡུལ་བབས་དང། ཨ་ས་སིམྦྷ་དང། །ཀུན་དགའ་སྟོང་ལྡན་དང། རི?་བོའི ་རྒྱལ་མཚན་དང། བཞི་བཀྲུས་དང། རང་གི་མཆོད་རྟེན་དང། ས་ལུ་སྤུངས་ལྡན་དང། ཕོ་བྲང་འཁོར་དཔལ་ཡོན་ཅན་དང། བྱ་རྒོད་ཀྱི་ཕུང་པོ་དང། རི་དགས་ཀྱི་གནས་དང། ཀ་ཤོ་ད་དང། གཙུག་ལག་ཁང་གསར་ཀ་ནི་ས་ཀ་ཤ་ཉི་ལ་སོགས་པ་ཆོ ་འཕྲུལ་རྨད་དུ་བྱུང་བ་སྣ་ཚོགས་དང་ལྡན་པ་རྣམས་དང། དར་མ་ར་ཛི་ཀའི་མཆོད་རྟེན་དུ་མ་དང། སངས་རྒྱས་བཞིའི་གདན་ཁྲི་ཡོད་པ་བསོད་ནམས་སུ་གྱུར་པའི་ས་ཕྱོགས་རྒྱུན་མ་འཆད་པར་ཀློག་པ་དང། ཁ་ཏོན་དང། བསམ་གཏན་དང། ཏིང་ངེ་འཛིན ་དང། སྙོམས་པར་ཞུགས་པ་དང། ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་དག་པའི་དགྲ་བཅོམ་པ་རྣམས་བཞུགས་བཞུགས་པ། ཆོས་གོས་དང་བསོད་སྙོམས་དང། མལ་ཆ་དང། ན་བའི་གསོས་སྨན་དང། ཡོ་བྱད་དང། མཚོན་ཆ་རྣམས ་ཀྱིས་ལེགས་པར་བྱས་པས། མཛའ་མཛའ་ན། ནའི་ཆུའི་གནས་ཡོད་པ་ལ་ཉེ་བར་སྤྱོད་པས་ཉམས་དགའ་བ། བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་པས་གཙང་བར་གྱུར་པའི་ས་གཞི་ཅན། ཞི་བ་ཐུབ་པའི་སྐྱེ་བོ་གནས་པ་རྣམས་ན། དེ་ཁོ་ན ་བསྒོམས་པས་ཉིད་ཀྱིས་ཏིང་ངེ་འཛིན་བསྐྱེད་པ། ཚེའི་ལྷག་མ་གནས་པར་མཛད་པ་རྣམས་དང། །གང་དག་གློག་འགྱུ་བྱ་གར་དག་གིས་སྐུ་ལུས་བཀྲ་བྱས་སྤྲིན་སྣུམ་འདྲ་གྱུར་ནས། །བཀྲེས་པའི་སྡུག་བསྔལ་སྣོད་གྱུར་མངའ་རྩེ་རྣོན་པོ་ལྟ་བུའི་སྤུ ་ཡིས་རབ་གང་ཞིང། །བསྒོམ་པས་མིག་ཞུ་མེ་སྟག་བཅས་པའི་མེ་རྣམས་ཀྱིས་ནི་ཀུན་ནས་ལུས་བསྐོར་བའི། །ཡི་དགས་གནམ་དུ་ལྟ་བ་རྣམས་ལ་ཐུགས་རྗེས་སྟེང་ནས་ཆར་གྱི་རྒྱུན་འབེབས་དང། །རིན་ཆེན་བྱེ་མའི་ཕྲེང་བས་གྱ་གྱུར་དཀྲིགས ་མཐོ་ལ། །ངང་ཁྱུ་བག་ཡངས་གནས་ཤིང་ལང་ལོང་ཉལ་གྱུར་ཅིང། །ཆུ་དང་ཉེ་བས་ཆུ་ཡི་ཟེགས་མས་བསིལ་གྱུར་པ། །མ་ན་ས་ཡི་མཚོ་གླིང་བསམ་གཏན་མཛད་དགུ་དང། གང་དག་མི་རོ་མང་པོའི་ཤ་དང་ཁྲག་གི་རོ་བྲོ་བ་ས་དགའ་བར ་གྱུར་པའི་ཁའོ་ཚོགས་ཀྱིས་གང་བར་གྱུར་པའི་ས་ཕྱོགས་མགོའི་ཐོད་པ་གས་ནས་ཚིལ་ཐིགས་ཟག་པའི་སྣུམ་གྱིས་མཆེད་པའི་མེས་ཚིག་ཅིང། རང་གི་མེ་ལྕེས་ཤིང་བཅེར་བར་སྐམས་ཤིང་རྙིངས་པའི་ལག་པ་དང། རྐང་པ་དང། སོ་དང། སྐྲའི་དུམ ་གྲུགས་ཀྱིས་གང་ཞིང། ཟླ་བ་དྲི་མ་མེད་པའི་འོད་ལྟ་བུའི་ཀེང་རུས་ཀྱི་ཕུང་པོ་ཡོད་ལ། སྐད་ཅིག་ཏུ་རོ་ལངས་བྱུང་ནས། ཨ་ལ་ལ་ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང། མེ་སྟག་དང་བཅས་པའི་གང་མོ་དྲག་པོས་འབྱུང་བ་འཁྲུགས་ཤིང་སྐྲག་པར་གྱུར་པ། ལྕེ ་སྤྱད་མ་བཟད་པའི་ཁ་ནས། དུ་བ་དང་བཅས་པའི་མེ་ལྕེ་འབྱུང་བའི་དུར་རོ་ཁྲོད་ཆེན་པོ་དག་ན་བུད་མེད་ཀྱི་རོ་སྤོས་ཤིང་ལྟོ་སྒང་དེར་གྱུར་པའི་སྟེང་ན་འདུག་ཅིང། །དགའ་བའི་བྱ་རྒོད་ཀྱི་མཆུ་དང། སྡེར་མོས་ལྟོ་འབྲད་ཅིང་ལྟོའི་ནང་ནས་སྲིན་བུའི་རིགས་རྣམས་གནས་པ། ཅེ་སྤྱང་གི ་སྟོབས་ཀྱི་ཤུགས་ཀྱིས་དྲངས་པའི་ནང་གྲོལ་དྲི་མི་ཞིམ་པའི་དུམ་བུས་འཁོར་ལ། བྱ་ཁྭ་བཀྲེས་པས་མིག་གིས་ཤ་བྲུས་པ་དག་ལ་གཟིགས་ཤིང། རྟག་ཏུ་མི་སྡུག་པ་བསྒོམས་ཏེ། གང་དག་ཁ་ཅིག་རོའི་གནས་མལ་དོང་ནས་ནི། །ཁྲག་དང་ས་ཆགས ་དམར་ཞིང་རྩུབ་པའི་སྐྲ་འཁྱིལ་དང། །བྱ་ཡི་མཆུ་དང་སྡེར་མོས་རྨིག་སྐོག་བྲུས་པ་ལྔ། །མི་རོ་བོར་བའི་ལུས་ལ་གཟིགས་པར་གྱུར་པ་དང། །སྒོ་དང་སྲང་བར་ལ་ལང?་མེ་འབར་མེ་ལྕེའི་རྩེ་མོ་མང་པོས་མགོ་རྨོངས་ཤིང། །རལ་གྲི་གཏུན་དང་རྡོ་བས་བསྣུན་ཅིང ་བརྡུངས་ནས་སྐྱེ་བའི་ཀུ་ཆ་འདོན་གྱུར་ལ། གཤིན་རྗེའི་ཕོ་ཉ་སྙིང་རྗེ་མེད་པ་སྡེད་ཅིག་ཟེར་བའི་བཟང་རླག་སྒྲས་གང་བའི། །སེམས་ཅན་དམྱལ་བ་རྣམས་སཱུང་སྲོག་ཆགས་འདོན་ཕྱིར་གང་དག་སྐད་ཅིག་འཇུག་པ་དང། གཞན་ཡང་ཤཱ་རི་བུ་མིའི་དུག་མངས? ་གླང་པོ་ཆེ་འཁྲུགས་པའི་མདུན་ལགས་ན་ཡལ་ག་བྲེགས་པའི་སྡོང་བུ་ཡོད་པ། ཕྱོགས་ཀྱི་བར་ནས་རླུང་ཆེན་པོ་ལངས་པས་འོང་མའི་ཚལ་བསྐྱོད་ནས་འཁྲི་ཤིང་གི་དྲ་བ་དང་འདུད་པ་ལས་མེ་བྱུང་བའི་མེ་ལྕེས་ཤིང་མཆོག་སྣ་ཚོགས་ཚིག་ནས་རི་དགས ་དང། ཕག་རྒོད་མཆོག་མགྱོགས་པ་བརྒྱ་དག་སྐྲག་ཅིང་མགོ་རྨོངས་པ་ཡོད་པ་ཤིང་ལོ་མང་པ་ལྷགས་ཤིང་རྙིངས་པ་ཅན། བསིལ་བའི་གྲིབ་མ་སེང་སེང་མེད་པ། ཉམས་དགའ་བའི་ལོངས་སྤྱོད་ཡོད་པ། ནགས་ཀྱི་མ་ཧེ་དང་ཕག་རྒོད་ཀྱིས་མེ་ཏོག ་ཨུ་ཏ་པ་ལ་དང། པདྨ་དང། ཀ་ལ་ར་བསྐྱོད་པས་ཆུ་དྲི་ཞིམ་པོར་གྱུར་པའི་མཚེའུ་འགྲམ་ན། ཤིང་ལ་སྤྲེའུ་ཁྱུ་གནས་པ་ཉེ་འཁོར་གྱི་རི་ལས་ཆུ་རླབས་མི་གྲགས་པར་འབབ་པས་འཁོར་ནས། ནིའུ་སིང་མོད་པའི་ས་གཞི་ཡོད་པའི་འབྲག་དག?་ན ་ཞི་བའི་བདག་ཉིད་ཅན། འཆག་པ་དང། ཀློག་པ་དང། ཁ་ཏོན་དང། བསམ་གཏན་ལ་མངོན་པར་བརྩོན་པ། གང་དག་བག་མེད་པའི་གནས། དར་ལ་བབ་པ་བསིལ་བར་མཛད་པ་རྣམས་དང། རི་བོ་རྡོ་ལེབ་ཆེ་ཞིང་ཡད་ལ་རབ་ཏུ་བསྣུན་པ ་འདྲ་གྱུར་ཅིང། །གློག་གི་ཕྲེང་བར་མེ་ཏོག་ཡོད་ལ་འཇའ་ཡིས་བཀྲ་བའི་བདག་ཉིད་ཅན། །ཆུ་བསིལ་སྤྲིན་ཆགས་རྣམས་ལ་ཆུ་འབབ་ཟེར་ཕྲན་ཆགས་པའི་གཟི་ལྡན་ཅན། །བསེར་བུས་ན་བཟའ་གཡོ་བ་གང་དག་ཉི་མའི་གུང་ལ་བཞུགས་པ་དང། །དེ་བཞིན ་དུ་རྟག་ཏུ་གོམས་པའི་ལམ་ནས་འདོད་པའི་གླང་པོའི་ཁྱུའི་རྨིག་རྗེས་ཡོད་ལ་ནགས་ཀྱི་མ་ཧེ་འཁྲུགས་པའི་རྭས་གྲོག་ན་ཁང་ཆེན་པོ་བཤག་པའི་ཤོལ་གྱི་ཁུང་བུ་ནས། །སྦྲུལ་གྱི་ལུས་ཕྱེད་བྱུང་སྟེ། ནགས་ཀྱི་རླུང་འགམ་པ་ཡོད་པ། སྤ་ཚལ་སྟུག ་པོ་དང། ལྡམ་བུ་དང། ཤིང་ཀ་ཤ་སྟུག་པོའི་ཁྲོད་ན། སྟག་ཟུང་དུ་གནས་པ་ཅན། ཕག་རྒོད་ཀྱི་སྣས་རློགས་པའི་གླ་རྒད་གི་རྩ་བ་འཛིན་ས?་པ་རལ་པ་ལྟར་འདུག་པ་ཡོད་པ་ཤིང་ནི་རྩུ་ལའི་མེ་ཏོག་བྲུལ། རྡོ་བ་ཙ་དམང་བར་གྱུར་པ་ཡོད་པ། ཤོང? ་གི་ཕྱོགས་སུ་རི་དགས་ཀྱི་ཁྱུ་འདམ་རྫོབ་ལ་ཐོགས་པ་ཡོད་པ། ཤིང་ལོ་སྔོན་པོ་སྟུག་པོར་སྐྱེས་པ་མང་པོ་ཡོད་པའི། གཤེར་བའི་ཆུ་རྒྱུན་དག་མངོན་པར་དགྱིས་ཤིང་དགེ་བའི་ཕྱོགས་སྟོན་པ་རྣམས་དང། རིན་པོ་ཆེའི་འོད་ཟེར་གྱིས་ཆུ་རྩ་དམར ་བར་གྱུར་ལ། ཐུགས་བསམ་གཏན་ལ་ཞེན་པས་དཔག་བསམ་གྱི་ཤིང་གི་ལྕུག་མས་རྩེ་མོར་རག་པའི་རི་སྤོས་ཀྱི་དང་ལྡང་གི་སུལ་ན་རྩོལ་བ་མེད་པ་གང་དག་བཞུགས་པ་དང། གང་དག་སེང་གེ་བསྒྱིངས་པ་ཡོད་པ། རི་དགས་རྒྱུ་བ་དང་ལྡན ་པར་ཆུ་འདུས་ཏེ་འབབ་པ་ཡོད་པ་གཡོས་པས་སྟེང་གི་རྩེ་མོ་ལྡེམ་པའི་སྡབས?་ཀྱིས་སྐར་མའི་ཚོགས་འཕངས་པ། སའི་སྟེང་ན་ལྕི་བ་ལྷུན་པོ་ཡང་ལྕུག་ཕྲན་ལ་བྱ་བ་བཞིན་དུ་སྒྲིམ་མི་དགོས་པར། ཞབས་ཀྱི་སོད་མོས་སའི་འོག་གི་རྨང་དང་བཅས ་པར་གསལ་བར་འཕེན་པ་དག་དང། ཏིང་ངེ་འཛིན་ཐོབ་པ་གང་དག་ཆར་པའི་ཆུས་རྡོལ་བའི་བུ་ག་དུ་མ་ནས་ཉི་མའི་འོད་ཟེར་བྱུང་བ། ཟླ་བ་ལྟ་བུ་ཡོད་ཅིང། རྨད་རྡོ?་དང། རྩིག་ངོས་ཤག་ཤིག་ཏུ་གྱུར་པའི་མཚམས་སུ་པ་བརྒྱ་ཆགས་ལ། སྦྲུལ་གསོ་རླུང་གིས་གང་སྟེ་སླད ་དེར་འདུག་ཅིང་འགྲེང་བ་རྟག་ཏུ་ཡོད་ཅིང། ནགས་ཀྱི་རི་དགས་ཀྱི་ལྕེས་ཆ་སྒོ་རྡུལ་ཅན་རྩུབ་མོ་འདག་པས། ཤིང་རྩ་སེང་སེང་པོར་འགྱུར་བ་ཡོད་ལ། རྩིག་མང་དུ་སྲིན་བུ་གོ་དེའི་ཚོགས་རིང་ནས་གནས་པར་གྱུར་ཅིང། སྲེ་མོད?་མགོ་བསྟོད་དོ་ཕྱོགས་སུ་བལྟ ་བས་བྱི་བ་སྐགས་པ་ཡོད་ལ། ནང་དུ་རྩཝ་སྔོན་པོ་སྟུག་པོ་སྐྱེས་པའི་འཇག་མའི་དྲུང་གི་གསེབ་ན་ཕྱ་མ་ལེབ་རྒྱུ་བ་ཡོད་ཅིང། འུག་པ་མང་པོ་སྒྲ་འབྱིན་ཅིང་གླུ་ལེན་པ་ལྟ་བུ་ཡོད་པའི་གྲོང་སྟོང་སུས་ཀྱང་ཏིང་ངེ་འཛིན་མ་བྱས་པ་རྣམས་ན། སྟོན་པའི་བཀའ་ནན་ཏན ་གྱིས་བསྒྲུབ་པ་རྣམས་དང། གཞན་ཡང་གང་དག་གཡག་གིས་རྨིག་པས་རྡོ་བཅག་ཡོད་ཅིང་སྤྲིན་ལྡིངས་ལྡན་གྱུར་ལ། །མཐུ་མར་ས་ར་ལ་དང་ཐང་ཤིང་སྐྱེས་ལ་ཆུ་བསིལ་མི་ཁེབས་འབབ་ཡོད་ཅིང། །བསམ་གཏན་ཞེན་པའི་གླས་ན་ཁ་བ་བབ་པས ་ཆོས་གོས་ལྕི་ཞིང་ཟག་གྱུར་ཀྱང། གངས་རི་དག་གི་ལྟོང་ན་འགྲོ་བ་ཤིང་གི་དྲུང་དུ་བཞུགས་པར་དགྱེས་པ་དང། །ནང་ན་ཆུ་སྲིན་འཁྲུགས་ཏེ། གཡས་པས་ཉ་རྣམས་ཀུན་འབྱེར་ཞིང། །སྐོམ་པས་གཤོང་དུ་འཁྱིལ་པར་སྤྲུལ་དབུགས་ཕྱུང་བས་རྦ་རླབས་རྒྱུན་ཆད ་པའི། །རྒྱ་མཚོ་ལ་ཡང་མཚན་མོ་བརྟན་པ་གང་དག་འཆག་མཛད་པ། །སྣོད་གྱུར་དག་ཉིད་ཐུགས་ལྡན་གཙང་མའི་ལྷུང་བཟེད་ཕྱག་བསྣམས་ཤིང། །བསོད་ནམས་ལྡན་པའི་སྐུ་ལུས་ན་བཟའ་ཆོས་གོས་རབ་ཏུ་གོས་པ་དེ་དག་སང་གི་གདུགས་ནི་ནམ ་གྱི་གུང་དུ་ཕྱིན་པ་ན། །གཎྜི་བསྡུངས་པའི་སྒྲ་སྙན་སྐད་གསང་གྲགས་པར་གྱུར་པའི་ཚེ། །བསྟན་བཅོས་སྣ་ཚོགས་ཀྱི་དེ་ཁོ་ན་གོམས་པའི་ཆུ་བླུགས་པས་མི་ཤེས་པའི་སེམས་ཀྱི་དྲི་མ་བཀྲུས་པའི་མཁས་པའི་ཚོགས་འདུས་པ། ཉི་མ་ཤིན་ཏུ་མང་པོ་ནས ་འདྲེས་པའི་སྤྲོས་པ་བཅས་པ། བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེའི་སྒྲོན?་དུ་གྱུར་པ། དགེ་བའི་ཚོགས་བདུད་རྩིའི་བཏུང་བ་བཞི་པོ། །ཡེ་ཤེས་ཀྱི་གསེར་མ་གཏོགས་པ་བདར་བའི་བདར་སྔོན་པོར་གྱུར་པ། ལེགས་པར་སྤྱད་པ་སྟོང ་གི?་ཚོགས་བསགས་པས་གྲགས་བརྒྱ་ཆེ་བ་དང་ལྡན་པ། སྦྱིན་བདག་ཆེན་པོ་བདག་ཉིད་ཆེན་པོ་ཅན། སྟོན་གྱི་ནམ་ཐང་བ་ལྟ་བུའི་ཡིད་དང་ལྡན་པ། མིང་འདི་ཞེས་བྱ་བའི་ངའི་གནད་དུ། མ་ཧེའི་རྭ་ལྟར་སྔོ་ཞིང་དྲི་མེད་མཁའ་ལས་ཉ་ཕུར། །གཟི་བརྗིད་ཀྱིས ་ནི་ཉི་མའི་འོད་ཟེར་སྟོང་མཐོར་ཞིང། །མངོན་དུ་ཕྱོགས་ནས་འོང་བའི་སྤྲིན་ནི་དྲལ་ནས་སུ། །སྐྱེ་བོ་འམ?་ཕྱིར་ཐུབ་རྣམས་སང་འདིར་གཤེགས་སུ་གསོལ། །རྒྱུན་མི་འཆད་པར་ཏིང་ངེ་འཛིན་དང། ཀློག་པ་དང། འཆག་པ་དང། སྐྱེ་བོ་བླ་མ་ལ་བརྟེན་པར་མངོན ་དུ་དགའ་བའི་བློ་གྲོས་དང་ལྡན་པ། མྱ་ངན་ལས་འདས་པའི་ལམ་གྱི་རྗེས་སུ་མཐུན་པ། ཁ་ན་མ་ཐོ་བ་མེད་པའི་རིག་པ་གསུམ་རབ་ཏུ་སྒྲུབ་པ། ཉོན་མོངས་པ་ལས་གྲོལ་པར་འདོད་པའི་དགེ་སློང་གང་དག་འདི་ན་གནས་པ། འདུལ་བའི་ཆོ་ག་ལ་གོམས ་པར་ལུས་དང། ངག་དང། ཡིད་ཀྱི་འཇུག་པ་ནི་བ་དང་ལྡན་པ་དེ་དག་ཀྱང་མ་ལུས་པར་ཅི་གདེར?་ངོ?་མོད་ཀྱི་མཚན་མོ་ཟད་པར་མཛད་ལ། འདི་ཉིད་དུ་གནས་མཛོད་ཅིག་།ཐུབ་པའི་སྲས་མོ་ཤེས་རབ་ཞིང་དངུལ?་བས་བརྒྱུན་པའི་དགེ་སློང་མ། ཐུ་དང་གླིང་དང ་ཀླུང་དང་ནགས་དང་རི་རྣམས་སྤྲོས་པའི་བསམ་བྲལ་གི། །འདོད་ཆགས་ཞེ་སྡང་གཏི་མུག་དྲི་བྲལ་ཞི་འོས་འགྲོ་བའི་མ་ལྟ་བུ། །དེ་དག་དགྱེས་པར་མཛོད་ལ་སྦྱིན་བདག་ཕན་བར་བཞེད་པས་སད་འདིར་སྦྱོན། ཕྱག་ན་རྡོ་རྗེ་བ་སོགས་པ་ལ་གནོད་སྦྱིན་གཙོ ་པོ་དང། །གྲུབ་པ་རྣམས་དང་གང་དག་ལྷ་མ་ཡིན་དང་ཀླུ་རྣམས་དང། །སངས་རྒྱས་ལ་ནི་རབ་ཏུ་དད་པའི་ལྷ་མཆོག་གང་ཡིན་པ། །དེ་དག་རྣམས་ཀྱང་སྦྱིན་བདག་འདི་ལ་ཕན་ཕྱིར་སད་འདིར་སྦྱོན། །ལྷ་དང་ཀླུ་དང་གནོད་སྦྱིན་དང། རིག་སྔགས་འཆད་པར་གྲུབ ་རབ་དག་མེའམ་ཅི་དང། ནམ་མཁའ་ལྡིང་ལ་སོགས་པ་འབྱུང་པོ་ཆེན་པོ་རྣམས་དང། སྟོབས་བཅུ་མདའ་བའ་ཨི་ཡོན་ཏན་བསྒྲུབ་པ་དང་ལྡན་པ་རྣམས་ཀྱིས་ཀྱང། དམ་པའི་ཆོས་གནས་པར་བྱ་བ་དང། །སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་འདི། སྣོད་བཟང་པོ་ལ་སྦྱར་བ་དང། སྦྱིན ་བདག་ཆེན་པོ་འདི་ལ་གྲོགས་བགྱི་བས་ཉིད་ཀྱིས་དག་པའི་ཡོན་ཏན་སྐྱེད་པ་ལ་ནན་ཏན་མཛོད་ཅིག། རྒྱུན་མི་འཆད་པར་བསྲུང་བ་དང། བསྐྱབ་པ་དང། བསྐྱང་པ་ལ་བརྩོན་པར་མཛོད་ཅིག་།ཡང་དུལ་བ་དང། ཚུལ་ཁྲིམས་དང། ཐོས་པས་ཤིན་ཏུ་ཆེ་བའི་འཕགས ་པར་དགེ་སློང་གི་དགེ་འདུན་འདུས་པ་ལ་གསོལ་བ་འཚལ་ལོ། །ལྷུན་པོ་ལས་བྱུང་སྦྲུལ་མགོ་ལྔ་འདྲ་རྡོ་རྗེ་ཀ་ན་ཀ། ཉ་དང་གདུགས་དང་འཁོར་ལོ་དག་དང་ལྕགས་ཀྱུའི་མཚན་མངའ་བ། །པདྨ་གསར་གྱི་དཔལ་ལྡན་ཕྱག་སོར་སྲབ་སྲབ་མོས་འབྲེལ། །སེན་མོའི་འོད ་ཀྱིས་ཁྱབ་པ་རྒྱལ་བའི་ཕྱག་གིས་སྐྱོབ་པར་ཤོག་།སྲེད་པའི་འདོད་ཆགས་ཉོན་མོངས་ཞགས་པ་བསལ་ཅིང་སྲེད་མེད་ལ། །ཆུ་ཡི་ཆུ་གཏར་ལྟ་བུར་ཡོན་ཏན་རྣམས་ཀྱིས་གནས་གཅིག་པོ། །ཐུབ་པའི་སྲས་མཆོག་དགེ་འདུན་བདག་གིས་གུས་བར་སྤྱན་དྲངས་པས ་དེ་རིང?་དགེ་བ་གང་བསགས་དེ་ནི་བྱང་ཆུབ་ཐོབ་གྱུར་ཅིག་།ཇི་སྲིད་མཁའ་ལ་འོད་དྲོ་འོད་ཀྱིས་གསལ་བ་རྣམ་པར་སྣང་བྱེད་ཅིང། །རི་དགས་རྟགས་ཅན་འོད་ཀྱི་རལ་པའི་དཀྱིལ་འཁོར་ལྡན་པ་འཆར་བ་དང། །རྒྱ་མཚོ་རྒྱས་པར་གནས་པ་དེ་སྲིད་ལྷ་དང་ལྷ་མིན་ཕྱག ་བྱས་པའི། །བདེ་བར་གཤེགས་ཀྱི་བསྟན་པ་ཐོགས་པ་མེད་པ་སལ?་གནས་པར་ཤོག་།གནས་བརྟན་སྤྱན་དྲང་བ་སློབ་དཔོན་བྷ་བ་ཀནད་ད་སྱ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།ཱ་ཙརྱ་ཛི་ན་མི་ཏྲ་དང། བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང ་ཞུས་ཏེ་གཏན་ལ་ཕབ་པའོ། །།དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལུང་བསྟན་པ། །།དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས ་