| Wylie | e-texts based on the ACIP/ALL Input |
ལོ་ཙཱ་བ་བནདེ་ཚུལ་ཁྲིམས་ཡོན་ཏན་གྱིས་བསྒྱུར་ཅིང། དགེ་སློང་རིན་ཆེན་བཟང་པོས་བཅོས་ནས་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨ་ཤོ་ཀ་མུ་ཁ་ནཱ་ག་བི་ན་ཡ་པ་རི་ཙྪ་ད། བོད་སྐད་དུ། མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ ་བའི་ལེའུའོ། །འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། གྲོང་ཁྱེར་པ་ཏ་ལི་བུ་ཏྲར་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འཁོར་ལོ་སྒྱུར་པའི་རྒྱལ་པོ་བཞི་ཆ་ལ་དབང་བྱེད་པ་ཞིག་བྱུང་བར་གྱུར་ཏོ། །དེས་ནོར་གྱི་དོན ་དུ་ཚོད་པ་ལྔ་བརྒྱ་བཀུག་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་སོང་ལ་རྒྱ་མཚོ་ཆེན་པོ་ནས་རིན་པོ་ཆེ་སྣ་ཚོགས་པ་ལོང་ལ་ཤོག་ཅིག་།གང་གི་ཚེ་དེ་དག་རིམ་གྱིས་སོང་སྟེ་རྒྱ་མཚོ་ཆེན་པོར་ཕྱིན་ནས། རིན་པོ་ཆེ་དང། གསེར་དང། དངུལ་དང། རྡོ་རྗེ་དང། བཻ་ཌཱུརྱ་དང། ཤང ་ཀ་ཤི་ལ་དང། བྱི་རུ་ལ་སོགས་པ་རིན་པོ་ཆེའི་ཚོགས་དུ་མས་དེ་དག་གིས་གྲུ་ཡོངས་སུ་བཀང་སྟེ་ཛམྦུའི་གླིང་དུ་ཕྱོགས་ཏེ་ཆས་སོ། །དེ་དག་ལོག་ནས་འོངས་པ་ན་རྒྱ་མཚོའི་དཀྱིལ་དུ་ཀླུས་གྲུ་བཅོམ་ནས། དེ་ནས་ཚོད་པ་དེ་དག་སྲོག་གི་ལྷག་མ་འབའ་ཞིག་དང་གྲུས ་འོངས་ཏེ། གང་གི་ཚེ་རིམ་གྱིས་གྲོང་ཁྱེར་པ་ཏ་ལི་པུ་ཏྲར་ཕྱིན་པ་དང། རྒྱལ་པོ་མྱ་ངན་མེད་ཀྱིས་ཆོད་པ་རྣམས་འོངས་སོ་ཞེས་ཐོས་སོ། །དེ་སྐད་ཅེས་བྱ་སྟེ། རྩཝ་ཡི་སེ་མེ་ནི་ངོམས་མི་སྲེག་།རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །འདིར་ནི་ལྷ་ཡུལ་ཡིད་འོང་བས། །འགྲོ ་རྣམས་དབང་དྲུག་ངོམས་པ་མེད། །ཅེས་བྱ་བ་ཡིན་པས་དེ་འདོད་པའི་རྒྱུས་སེམས་བསྐྱེད་ཅིང་ནོར་དུམ་དགྲམ་པའི་གནས་བྱའོ་སྙམ་དུ་བསམས་ཏེ། དེ་ནས་དེས་རྫིང་བུ་དང་བཅས་པའི་བསྐྱེད་མོས་ཚལ་དུ་གནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བ་དན་དང་རྒྱལ ་མཚན་བསྒྲེང་བ། བླ་བྲེ་དང། གོས་ཀྱིས་སྤྲས་པར་ཡིད་དུ་འོང་བའི་སྤོས་རྣམས་ནི་གཏུལ། །གངས་ལྟར་བསིལ་བའི་ཆུས་གང་བའི་རྫིང་བུ་ན་ཤེལ་ལྟ་བུའི་ཕྱེ་མ་དང་ལྡན་པ་ཨུཏཔ་ལ་དང། པདྨ་དང། ཀུ་མུ་ཏ་དང། པུཎྜཱ་རཱི་ཀ་རྣམས་ཀྱིས་ཁེབས ་པ། ངང་པ་དང། ཁུ་བྱུག་དང། རྨ་བྱ་དང། ནེ་ཙོ་དང། རི་སྐེགས་དང། དུར་པ་དང། ཀ་ལ་པིངཀ་དང། ཤང་ཤང་ཏིའུ་དང། བྱ་སྐད་སྙན་པ་སྒྲོགས་པས་ཉམས་དགའ་བ། པི་ཝང་དང། གླིང་པུ་དང། རྫ་རྔ་དང། སྒྲ་བཟངས་དང། འཁར་རྔ་དང། པ་ཊ་ཧ ་དང། རྔ་བོ་ཆེ་དང། དུང་རྣམས་རྒྱུན་ཏུ་བརྡུང་བ། བློན་པོ་དང། གྲོང་མི་དང། ལྗོངས་ཀྱི་མི་དང། སྐྱེ་བོ་རྣམས་ནི་འདུས། དགེ་སྦྱོང་དང་བྲམ་ཟེ་དང། ཀུན་ཏུ་རྒྱུ་དང། གཅེར་བུ་པ་དང། ཀུན་ཏུ་འཚོ་བ་ལ་སོགས་པ་ངོ་མཚར་གྱིས་འདུས་ཏེ། ནོར་བུ་དང། མུ་ཏིག་དང། བཻ ་ཌཱུརྱ་དང། ཤང་ཀ་ཤི་ལ་དང། བྱུ་རུ་དང། མུ་ཏིག་དམར་པོ་དང། མུ་ས་ལ་གར་བ་དང། ཨིནྡྲ་ནཱི་ལ་དང། མཐོན་ཀ་ཆེན་པོ་ལ་སོགས་པའི་རིན་པོ་ཆེའི་བྱེ་བྲག་རྣམས་བལྟ་བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ནོར་དགྲམ་སར་འདུག་སྟེ་ཚོང་པ་ལྔ་བརྒྱ་པོ ་དེ་དག་ཀྱང་རྒྱལ་པོའི་དྲུང་དུ་འོངས་པ་དང། ཐམས་ཅད་སྟོད་གཡོགས་གཅིག་པུ་དང་ལྡན་ཞིང་གཅེར་བུར་གནས་སོ། །རྒྱལ་པོས་སྨྲས་པ། ཅིའི་ཕྱིར་འདི་ལྟ་བུའི་གནས་སྐབས་སུ་གྱུར། ཚོང་པ་རྣམས་ཀྱིས་སྨྲས་པ། ལྷ་གྲུ་བཅོམ་པས་འདི་ལྟར་གྱུར ་ཏོ། །རྒྱལ་པོས་སྨྲས་པ། གང་གིས་གྲུ་བཅོམ་པར་གྱུར། །ཚོང་པ་རྣམས་ཀྱིས་སྨྲས་པ། བ་ཚྭ་ཅན་གྱི་རྒྱ་མཚོ་ན་གནས་པའི་ཀླུས་བཅོམ་ལགས་སོ། །རྒྱལ་པོས་སྨྲས་པ། བདག་གིས་ཇི་ལྟར་བསྒྲུབ་པར་བྱ། །ཚོང་པ་རྣམས་ཀྱིས་སྨྲས་པ། ལྷ་འདི ་ཡོངས་སུ་བཙལ་དུ་གསོལ། །གལ་ཏེ་ཚོལ་བར་མི་མཛད་ན། ཕྱིས་ནས་ཡང་ཚོང་པ་འགའ་ཡང་རྒྱ་མཚོ་ཆེན་པོར་འཇུག་པར་མི་འགྱུར་རོ། །དེའི་ཚེ་འཁོར་དེ་ན་དགེ་སློང་དབང་པོ་ཞེས་བྱ་བ་བསོད་ནམས་ཆེ་བ་ཞིག་ཡོད་དེ། དེ་རྒྱལ་པོ་དང་ཧ་ཅང ་ཡང་མི་རིང་བ་ཞིག་ན་འདུག་པར་གྱུར་ཏོ། །རྒྱལ་པོས་ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། སློབ་དཔོན་བདག་གིས་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། ཚེ་དང་ལྡན་པ་དབང་པོས་སྨྲས་པ། རྒྱལ་པོ་ཆེན་པོ་ཟངས་མའི་བྱང་བུ་ལ་ཡི་གེ་བྲིས་ལ་རྒྱ་མཚོར་རྫོངས་ཤིག་།ཅི་ཙམ ་ན་རྒྱལ་པོས་ཟངས་མ་ལ་སྤྲིང་ཡིག་ཏུ་བྲིས་ཏེ་སྨྲས་པ། ས་འདི་རྒྱ་མཚོས་གཏུགས་པ་སྐྱོང། །རྒྱལ་པོ་སྟོབས་ལྡན་མྱ་ངན་མེད། །རབ་ཏུ་དྲག་ཅིང་བཙན་པ་ཡིས། །ནོར་ཁྱེར་མཚོར་གནས་གང་ཡིན་པ། །དེ་དག་འདིར་ནི་མྱུར་པ་རུ། །ང་ཡི་དྲུང་དུ་བསྐྱལ་བར ་བགྱི?། ཞེས་ཡི་གེར་བྲིས་ཏེ། ཟངས་མའི་བྱང་བུ་རྒྱ་མཚོར་བསྐྱུར་རོ། །དེ་ནས་ཀླུ་མ་རངས་ནས། རྒྱ་མཚོ་ནས་སླར་འཛམྦུའི་གླིང་དུ་བསྐྱུར་རོ། །དེ་ནས་རྒྱལ་པོའི་ཕོ་ཉས་ཟངས་མའི་བྱང་བུ་དེ་བླངས་ནས་སླར་པ་ཏ་ལི་པུ་ཏྲར་འོངས་ཏེ། རྒྱལ་པོ་ལ་སྐབས་དེ་བསྙད་པ་དང། ་དེ་ནས་རྒྱལ་པོ་མྱ་ངན་མེད་སེམས་ཁོང་དུ་ཆུད་ནས་མཚན་མོ་སྟན་གྱི་སྟེངས་སུ་ཉལ་ཏེ། ཇི་ལྟར་འདི་ལ་བསྒྲུབ་པར་བྱ་སྙམ་དུ་སེམས་སོ། །དེ་ནས་ནམ་མཁའ་ཨི་དཀྱིལ་ན་གནས་པའི་ལྷས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་སྡུག་བསྔལ་མ་བྱེད་ཅིག་།འཇིག་རྟེན་གསུམ ་མཆོག་ལྷ་མིས་མཆོད། །སྟོབས་ཕྱུག་ཆུ་སྲིན་རྒྱལ་མཚན་ཅན། །མཐར་བྱེད་བདེ་གཤེགས་སྐུ་གདུང་ལ། །མཆོད་པ་རྣམས་ཀྱིས་རབ་མཆོད་ཀྱིས། །དེ་རྗེས་ཁྱོད་ཀྱིས་དགོང་འགྲུབ་འགྱུར། །ལྷ་གཉིས་པས་སྨྲས་པ། གང་ཞིག་བྱ་མིན་རྒྱལ་ཆེན་མྱ་ངན་མ་མཛད ་པར། །སྔགས་དང་རིགས་སྔགས་སྨན་སྦྱོར་མ་བགྱིད་པར། །མི་དབང་དབང་དུ་བྱ་བར་ནུས་འགྱུར་བ། །བདེ་གཤེགས་བསྟན་ལ་ལྷག་མར་གུས་པ་ཡིས། །དེ་ཡིས་ཀླུ་རྒྱལ་གང་ཡིན་དབང་དུ་འགྱུར། །དེ་ནས་ཞག་གཉིས་པ་ལ་རྒྱལ་པོ་མྱ་ངན་མེད་སྐྲ ་བཀྲུས་ཏེ། །གོས་དཀར་པོ་བགོས་ནས་དྲི་དང། མེ་ཏོག་དང། ཕྲེང་བ་དང། བྱུག་པ་རྣམས་ཐོགས་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །ཕྱོགས་མཚམས་མཁའ་བཞུགས་རྫུ་འཕྲུལ་ལྡན། །ཤར་གྱི་ཕྱོགས་དང་གཞན་བཞུགས་ལ། །བདག་ནི་གསོལ་འདེབས་སྤྱན་འདྲེན ་གྱིས། །བདག་ལ་ཐུགས་རྗེས་གཟུང་དུ་གསོལ། །རྒྱལ་པོས་དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཤར་ཕྱོགས་དང། །ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་རྣམས་ནས་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་བྱོན་ཞིང་འདུས་པར་གྱུར་ཏོ། ། ་རྒྱལ་པོས་མེ་ཏོག་དང། སྤོས་དང། དྲི་དང། བྱུག་པ་རྣམས་ཐོགས་ནས། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱས་ཏེ། །དེ་ནས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། ནད་པ་དང་ནི་རྒས་དང་སྡུག་ཕོངས་གཞན་ཡང་འཆི་གཟིགས ་ནས། །རྒྱལ་བས་ཡུལ་དང་འབྱོར་པ་བཙུན་མོའི་འཁོར་དང་ཉེ་དུ་སྤངས། །ས་བདག་ཟས་གཙང་དྲུང་གཤེགས་བསྐྲད་ནས་རྒྱལ་པོའི་དཔལ་སྤངས་པ། །བཅོམ་ལྡན་དེ་ལ་བདག་གུས་དང་བས་དེ་ཡི་སྐུ་གདུང་མཆོད། །གང་གི་སྟོབས་ཀྱིས་བདུད ་ནི་ཤིན་ཏུ་སྟོབས་ལྡན་བལྟ་བར་དཀའ་རྣམས་བཅོམ། །གང་གི་བཱ་ར་ཎ་སེར་འཁོར་ལོ་ལེགས་བསྐོར་སྲིད་སྤང་ཞི་བར་མཛད། །གང་གིས་ལྔ་སྡེ་སྐྱེ་བའི་སྡུག་བསྔལ་གྱིས་གདུང་འཆི་བ་བཀྲོལ། །ཤཱཀྱ་ཐུབ་དེའི་སྐུ་གདུང་དཔེ་མེད་འདི་ལ་བདག་གིས ་ཡང་དག་མཆོད། །གང་ཞིག་གང་དུ་མྱ་ངན་འདས་གཤེགས་འདིར་ནི་མར་མེ་འགགས་པ་བཞིན། །གླང་པོ་སྟོང་སྟོབས་ལས་ལྷག་དེ་ནི་མི་རྟག་སྟོབས་ཀྱིས་ཕྱེ་མར་བརླག་།ས་བདག་མཆོག་གིས་ཆ་བརྒྱད་མཉམ་བགོས་སྐུ་གདུང་ཡང་དག ་མཆོད་གྱུར་པ། །དེ་ཡི་སྐུ་གདུང་དཔེ་མེད་འདི་ནི་འཇིག་རྟེན་མཁས་པས་ཡང་དག་མཆོད། །དེ་ནས་དགེ་སློང་གིས་དགེ་འདུན་ལ་གདུགས་ཚོད་དྲངས་ནས་མཆོད་དོ། །དེ་ནས་རྒྱལ་པས་ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། འཕགས་པ་ཅི་ཞིག་མཆོག་ཏུ ་བསྒྲུབ་པར་བགྱི་ཚེ་དང་ལྡན་པ་དབང་པོས་སྨྲས་པ། རྒྱལ་པོ་ཆེན་པོ་དང་ནི་ཁྱོད་ཀྱི་གཟུགས་གཉིས་པ་ཀླུའི་གཟུགས་ཏེ། སྐུ་གཟུགས་ལེགས་པ་གཉིས་མཛོད་ལ་གསེར་གྱི་སྣོད་ཆེན་པོ་བྱས་པའི་ནང་དུ་དེ་གཉིས་སྩོལ་ཅིག་དང་དེ་ལས་མངོན ་སུམ་དུ་གཟིགས་པར་འགྱུར་རོ། །དེ་བཞིན་དུ་བྱས་ཏེ། ཕྱིས་རྒྱལ་པོས་བལྟས་པ་དང། ཀླུའི་གཟུགས་འདུག་པ་ལ་རྒྱལ་པོའི་གཟུགས་ཕྱག་བྱེད་པ་རྒྱལ་པོས་མཐོང་ངོ། །རྒྱལ་པོ་ཡིད་ལ་གཅགས་པར་གྱུར་པ་དང། ཚེ་དང་ལྡན་པ་དབང་པོས་སྨྲས་པ་དང། རྒྱལ་པོ ་ཆེན་པོ་དུས་འདིར་ཡང་དང་ཡང་དུ་ཉི་མ་རེ་རེ་ལ་ཁྱད་པར་གཟིགས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་རྒྱལ་པོས་དེ་བཞིན་གཤེགས་པ་ལ་མེ་ཏོག་དང། ཕྲེང་བ་དང། དྲི་དང། སྤོས་དང། བྱུག་པ་རྣམས་ཀྱིས་མཆོད་ཅིང་དགེ་སློང་གི་དགེ་འདུན་ལ་ཡང་རང་གི་ལག་ནས ་བཟའ་བ་དང་བཅའ་བ་རྣམས་ཚིམ་པར་བསྟབས་ཤིང་རྒྱ་ཆེར་མཆོད་པར་བྱས་ཏེ། ཆོས་ཀྱང་གུས་པར་མཉན་པ་དེ་ལྟ་དེ་ལྟར་རྒྱལ་པོའི་གཟུགས་ལངས་པ་ལ་ཀླུའི་གཟུགས་ཕྱག་འཚལ་བར་གྱུར་ཏོ། །ཡང་དེའི་རྫས་ལ་ཀླུའི་གཟུགས་དེ་ཡན་ལག་ཐམས་ཅད ་ཀྱིས་རྒྱལ་པོའི་གཟུགས་ལ་ཕྱག་འཚལ་བར་གྱུར་པ་མཐོང་བས་དེ་རྒྱལ་པོ་ཡིད་རབ་ཏུ་དགའ་བར་གྱུར་ཏེ། ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། ཀྱེ་མ་དཀོན་མཆོག་གསུམ་མཆོད་པའི། འབྲས་བུ་ཅི་འདྲ་འདི་ལ་གཟིགས། །རྒྱ་མཚོའི་ནང་ན་གནས ་པའི་ཀླུ། བདག་གིས་བཏུལ་ཞིང་འདི་དབང་བགྱིས། །བློ་གྲོས་ཆུང་བའི་མི་རྣམས་ཀྱང། །སུ་ཞིག་སངས་རྒྱས་མཆོད་མི་བགྱིད། །གང་ཞིག་འབྲས་བུ་ཕྲལ་བསྐྱེད་ལ། །སུ་ཞིག་ཡིད་ཀྱིས་སེམས་མི་བགྱིད། །བདག་ཉིད་ཆེ་བ་འཐོབ་འདོད་པའི། །ལྷ་རྣམས ་དང་ནི་མི་རྣམས་ཀྱིས། །རྫོགས་པའི་སངས་རྒྱས་ཡང་དག་མཆོད། །སྐྱེ་བ་ཟད་ཅིང་ཡང་སྲེད་མེད། །སློབ་དཔོན་དབང་པོས་སྐབས་ལ་བབ་པར་ཤེས་ནས་སྨྲས་པ། རྒྱལ་པོའི་ཆེན་པོ་ཟངས་མའི་ཡི་གེ་ཡང་ད་སྤྲིང་བའི་རིགས་སོ། །རྒྱལ་པོས་ཡང་ཟངས་མའི ་ཡི་གེ་དེ་སྐུར་ནས་བཏང་ངོ། །དེ་རྒྱ་མཚོར་བསྐྱུར་བ་དང། །ཀླུའི་རྒྱལ་པོས་ཡི་གེ་དེ་སྤྱི་བོས་བླངས་སོ། །དེ་ནས་རྒྱལ་པོ་ལ་ལན་མང་དུ་ལྷ་ཚོང་བ་དེ་དག་འདིར་རྫོངས་ཤིག་།སོ་སོའི་རིན་པོ་ཆེ་གང་ལགས་པ་སྐུར་ལ་སླར་བརྫང་ངོ་ཞེས་སྨྲས་པ་དང། དེ ་ནས་རྒྱལ་པོའི་ཕོ་ཉ་སླར་འོངས་ནས་རྒྱལ་པོ་ལ་ཕྲིན་དེ་སྨྲས་པ་དང། དེ་ནས་རྒྱལ་པོས་ཚོང་པ་བོས་ནས་སྨྲས་པ། ཁྱེད་ཅག་སོང་ལ་སོ་སོའི་རིན་པོ་ཆེ་གང་ཡིན་པ་ལོང་ལ་སླར་ཤོག་ཅིག་།དེ་ནས་གནས་བརྟན་དབང་པོས ་རྒྱལ་པོ་ལ་བརྒྱད་པ་ཆོས་ཀྱི་རྒྱལ་པོ་ལ་ས་རྡུལ་ངན་པ་འབུལ་བར་བྱེད་པ་ཡིན་མོད། དེ་ནས་རྒྱལ་པོས་གནས་བརྟན་དབང་པོ་ལ་སྨྲས་པ། སློབ་དཔོན་འོ་ན་ཇི་ལྟར་བསྒྲུབ་པར་བགྱི། གནས་བརྟན་དབང་པོས་སྨྲས་པ། ཁྱོད་ལ་ཆད་པ་ཡིན་གྱིས ་རང་གི་ཕྲག་པ་ལ་ཁུར་ལ་འདིར་སྐྱོལ་ཅིག་ཅེས་ཟངས་མ་ལ་ཡི་གེ་སླར་བཏང་བར་གྱིས་ཤིག་།དེ་ནས་རྒྱལ་པོས་སྤྲིང་ཡིག་དུ་བྲིས་པ། ཛམྦུའི་གླིང་གི་དབང་ཕྱུག་དམ་པའི་བཀའ་བཅག་པའི་ཆད་པར་རང་གི་ཕྲག་པར་ཁུར་ལ ་སྐྱོལ་ཅིག་ཅེས་ཡི་གེ་བཏང་བ་དང། ཡི་གེ་བཀླགས་མ་ཐག་ཏུ་ཀླུའི་རྒྱལ་པོ་སྐྲག་པར་གྱུར་ནས་སྨྲས་པ། ལྷ་དེ་ལྟ་ལགས་ན་གདུགས་བདུན་ན་འཚལ་མཆིའོ། །དེ་རྒྱལ་པོས་ཐོས་པ་དང། བ་ཏ་ལི་པུ་ཏྲའི་གྲོང་ཁྱེར་ཐམས་ཅད་དུ་དྲིལ ་བསྒགས་ཏེ། གང་ཞིག་གྲོང་ཁྱེར་འདི་ན་གནས་པའི་སྐྱེས་པ་དང་བུད་མེད་བསོད་ནམས་ཀྱི་ཁྱད་པར་དང། རྒྱལ་པོའི་རྣམ་པར་འཕྲུལ་པ་མཐོང་བར་འདོད་པ་དག་ཞག་བདུན་པ་ལ་རྒྱལ་པོའི་ཕོ་བྲང་དུ་ཤོག་ཅིག་།དེ་ནས་རྒྱལ་པོས ་ཞག་བདུན་པ་ལ་གྲོང་ཁྱེར་པ་རྣམས་དང། བློན་པོ་དང། གྲོང་རྡལ་དང། ལྗོངས་ཀྱི་མིས་ཡོངས་སུ་གང་བར་བསྐོར་ཏེ། རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང། མཐུ་ཆེན་པོ་དང་འབྱོར་པ་ཆེན་པོས་འཁོར་གྱི་ཁྱམས་སུ་སོང་ནས་སེང་གེའི་ཁྲི ་ལ་འདུག་གོ་།དེ་ནས་ཀླུའི་རྒྱལ་པོ་ཀླུ་དུ་མས་ཡོངས་སུ་བསྐོར་ནས་མིའི་ཆ་བྱད་དུ་སྤྲུལ་ཏེ། རང་རང་གི་ཕྲག་པ་ལ་རིན་པོ་ཆེའི་ཁུར་ཐོགས་ནས་རྒྱལ་པོ་ཆེན་པོ་མྱ་ངན་མེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁུར་རྣམས་ཕོག་ནས་རྐང་པ་གཉིས ་ཕྱག་བྱས་སོ། །སྐྱེ་བོའི་ཚིགས་ཆེན་པོ་ངོ་མཚར་དུ་གྱུར་ནས། སྔོན་མ་མཐོང་བ་མཐོང་ངོ་ཞེས་ཅ་ཅོའི་སྒྲ་བསྒྲགས་ཏེ་འདི་སྐད་ཅེས་ཀྱང་སྨྲས་སོ། །འདི་འདྲའི་བསོད་ནམས་སྟོབས་ཀྱིས་ནི། །རྒྱལ་པོ་ཡོངས་སུ་གཟུང་བར་གྱུར། །སྐྱེ་བོ་རྣམས་ནི་ངོ་མཚར་སྐྱེས་ལྷ ་རྣམས་དང་ནི་འདི་རུ་ཡང། །ཕུན་སུམ་ཚོགས་པ་འདོད་པ་ཡིས། །བསོད་ནམས་གང་ཡིན་ཞེས་བྱ་བ། །འདི་ལྟའི་བྱེ་བྲག་སུ་མེ་བསྒྲུབ། །བསམ་དུ་མེད་པའང་གང་བསམས་པ། །དོན་དེ་འབད་པ་མེད་པ་རུ། །མི་རྣམས་ལ་ནི་འབྲས་བུར་སྨིན། །རྐང་ཐང ་གླང་ཆེན་མྱོས་པ་དང། །རྟ་དང་ཤིང་རྟས་རྒྱ་མཚོ་ན། །གནས་པའི་ཀླུ་དང་ལྷན་ཅིག་གཡུལ། །སྟོབས་ཆེན་སྣ་ཚོགས་མཚོན་ཆས་མིན། །སྡུག་བསྔལ་མགོ་བོའི་གདེངས་ཀ་ཅན། །བསོད་ནམས་རང་བཞིན་འདི་འདྲ་བའི། །ཞགས་པ་ཡི་ནི་དེས་བཅིངས་ནས། ་མྱ་ངན་མེད་རྒྱལ་ཞལ་མཐོང་བ། །བཀའ་དྲིན་བསམས་པས་རྗེས་མཐུན་འཇུག་།དེས་ཀྱང་དེ་དག་སྣ་ཚོགས་པའི་བཀའ་བས་འོངས་པ་མཐོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་ཨི་ཡོན་ཏན་རྗེས་སུ་བརྗོད་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། ། ་བསོད་ནམས་མེ་ཡིས་མི་ཚིག་སྟེ། །རླུང་གི་འཇིག་པར་མི་འགྱུར་རོ། །བསོད་ནམས་ཆུ་ཡིས་འཇུ་མི་འགྱུར། །ས་བཞིན་དུ་ནི་ཁྱེར་མི་འགྱུར། །རྒྱལ་པོ་དང་ནི་ཆོམ་རྐུན་གྱིས། །དཔོག་ཏུ་མེད་པར་བསོད་ནམས་གནས། །སྐྱེས་པ་དང་ནི་བུད་མེད་ཀྱིས།། ་དབྲོག་པར་ནུས་པ་མ་ཡིན་ནོ། །བསོད་ནམས་བདེ་བ་སྐྱེད་པར་གཏེར། །འདིར་ནི་ལུས་པར་མ་འགྱུར་ཏེ། །གང་དང་གང་དུ་སྐྱེས་པ་རུ། །དེ་དང་དེར་ནི་རྗེས་སུ་འབྲང། །ད་ནས་བློན་པོ་གཞན་ཞིག་ངོ་མཚར་སྐྱེས་ནས་འདི་སྐད་ཅེས་སྨས་སོ། །ཡོངས་སུ ་བསྐོར་བའི་འཁོར་དབུས་ན། །བསོད་ནམས་རྒྱན་གྱི་རྒྱལ་པོ་མཛེས། །སྐར་མའི་ཚོགས་ཀྱིས་ཡོངས་བསྐོར་བའི། །སྟོན་ཀ་ཡི་ནི་ཟླ་བ་བཞིན། །ཆུ་དང་མཁའ་ལ་འགྲོ་བའི་རླུང། །བསོད་ནམས་ཀྱིས་ནི་ངེས་ཕམ་བྱས། །ས་ལ་གནས་པའི་དགྲ་ཡི ་ཚོགས། །བསོད་ནམས་ཀྱིས་ནི་ཟད་པར་བྱེད། །ཇི་ལྟར་ཡིད་ལ་བསམས་པ་ཡིས། །བདེ་བ་བསོད་ནམས་ཀྱིས་ཐོབ་བྱེད། །བསོད་ནམས་འདི་ནི་བསགས་པ་རུ། །སེམས་དང་ལྡན་པ་སུ་མི་བྱེད། །སྤངས་པས་གྲུབ་ཅེས་བྱ་བའི་བློན་པོས་སྨྲས་པ། ་བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །བསོད་ནམས་འདི་ནི་དག་བྱེད་ཡིན། །བསོད་ནམས་དེས་ལ་འབར་སྟེགས་ཏེ། །མཐོ་རིས་སུ་ནི་འགྲོ་བའི་ལམ། །མི་རྣམས་བདེ་རོལ་བསོད་ནམས་ཡིན། །བསོད་ནམས་རྣལ་འབྱོར་པ་རྣམས་ཀྱི། །མྱ་ངན་འདས་པར ་འགྲོ་བའི་ལམ། །ཡང་བློན་པོ་གསུམ་པ་གཞན་ཞིག་གིས་སྨྲས་པ། བསོད་ནམས་ཀྱིས་ནི་ཁྱོད་ཀྱི་བཞིན། །ཟླ་བ་དངས་པ་ཤར་དང་མཚུངས། །རྒྱ་མཚོའི་ནང་དུ་ཞུགས་པ་ཡང། །བསོད་ནམས་ཀྱིས་ནི་གཏོར་མ་མཆིས། །ཡིད་དུ་འོང་བ་ཐོབ་བྱེད་པས། །བསོད ་ནམས་འགྲོ་བས་ཕྱག་བྱས་འོས། །བསོད་ནམས་ཡང་དག་བསགས་པ་ལ། །འབད་པར་མི་རྣམས་སུ་བྱེད་པ། །བསོད་ནམས་ཀྱིས་རྒྱལ་སྐྱེས་བུ་ནི། །རྟ་མིས་མ་ཡིན་གླང་པོས་མིན། ཤིང་རྟས་བསོད་ནམས་ལས་རྒྱལ་མིན། །མངའ་དང་རལ་གྲིས་མ་ཡིན་ནོ། ། ་ནོར་རྣམས་དང་ནི་ཡལ་དང་ནི། །གཡལ་གྱིས་བསོད་ནམས་ལས་རྒྱལ་མིན། །བསོད་ནམས་ཀྱིས་ནི་རྒྱལ་བ་ལ། །རིགས་དང་སྟོབས་དང་གཟུགས་ཀྱིས་མིན། །བསོད་ནམས་ཀྱིས་འཕགས་མི་རྣམས་ཀྱི། །ས་རྣམས་གསུམ་གྱི་སྟེང་ན་གནས། །བསོད་ནམས་མི ་རྣམས་གནས་ཡིན་ཏེ། །བསོད་ནམས་ཐར་བ་ཐོབ་བྱེད་མཆོག་།བསོད་ནམས་འཇིག་རྟེན་གྲགས་བྱེད་ཡིན། །དེ་ཕྱིར་བླ་མེད་བསོད་ནམས་བཙལ། །མཐོ་རིས་ཐོབ་བྱེད་ངན་སོང་སྤོང། །མི་ཡིས་རྟག་ཏུ་བརྟེན་བྱ་སྟེ། །མཁས་པས་བསོད་ནམས་བྱ་བ་ཡིན། །དེ ་ནས་རྒྱལ་པོས་ཚོར་བ་དེ་དག་རྣམས་ལ་སྨྲས་པ། ཁྱེད་རང་རང་གི་རིན་པོ་ཆེ་རྣམས་ཁྱེར་ཅིག་།དེ་ནས་དེ་དག་གིས་བླངས་ནས་རྒྱལ་པོ་ལ་རབ་ཏུ་བསྟབས་ཏེ། གཞན་ཡང་ལྷའི་སྦྱོར་བས་འགས་ཀྱིས། །ལྷ་འདི་དག་ལེགས་པར་སྣོམས་ཤིག་།རྒྱལ་པོས ་སྨྲས་བཀབ་དག་ལ་ཅུང་ཟད་ཀྱང་དགོས་པ་མེད་ཀྱིས་ཁྱེར་ལ་སོང་ལ་ཐེ་ཚོམ་མེད་པར་ལོངས་སྤྱོད་ཅིག་།དེ་ནས་རྒྱལ་པོས་རབ་ཏུ་དགའ་བའི་ཡིད་ཀྱིས་དཀོན་མཆོག་ལ་བསྟོད་པ་འདི་སྐད་ཅེས་སྨྲས་སོ། །ེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ེ་མའོ་བསྟན་པ་ཕུན་སུམ ་ཚོགས། །ས་རྡུལ་སྙིམ་གང་ཕུལ་བ་ཡིས། །རྣམ་པར་སྨིན་པ་འདི་འདྲ་ཐོབ། །དེ་ནས་རྒྱལ་པོས་ཡང་སྨྲས་པ། །དིང་འདིར་ཀླུ་ནི་བདག་དབང་གྱུར། །ཐུབ་ཆེན་ཁྱོད་ཀྱིས་བཀའ་དྲིན་ལས། །ལེགས་སྤྱོད་རྒྱལ་པོ་བདག་བགྱིད་པ། །བདག་གིས་སྐྱེ་བ་འབྲས་བཅས་ལགས། ། ་ཡོན་ཏན་མཆོག་ལྡན་ཐུབ་པ་ཡི། །བསྟན་མཆོག་འདི་ལ་སུ་མི་འཇུག་།དཔེར་ན་ས་བོན་རྡུལ་བཏབ་པས། །འབྲས་བུ་ཆེན་པོ་སྐྱེད་བྱེད་ན། །རིན་ཆེན་ཕུལ་བ་སྨོས་ཅི་འཚལ། །དེ་ནས་ཀླུ་ཆོས་ལ་སྦྱར་ནས་སླར་སོང་ངོ། །མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ་བའི་ལེའུ ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གནས་བརྟན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་པ།། །།གནས་བརྟན་སྤྱན་དྲང་བ་བཞུགས།། །།རྒྱ་གར་སྐད་དུ། སྠ་བཱི་རོ་པ་ནི་མནྟྲ ་