| Wylie | e-texts based on the ACIP/ALL Input |
མ་དམ་པ་ཡིས། །མ་འོངས་སེམས་ཅན་སྐྱེ་བོའི་དོན་དག་ཏུ། །མན་ངག་དང་བསྐྱེད་སྒྲོན་མ་འདི་བརྩམས་པས། །འགྲོ་བ་ཀུན་གྱིས་སངས་རྒྱས་ཐོབ་པར་ཤོག་།སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་དང་སྐྱེད་སྒྲོན་མ་རྫོགས་སོ།། །། ་དཔེའི་ཕྲེང་བ་བཞུགས། །མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ་བའི་ལེའུ་བཞུགས་སོ།། །།རྒྱ་གར་སྐད་དུ། དྲིཥྚཱ་ན་ཏ་མཱ་ལྱ། བོད་སྐད་དུ། དཔེའི་ཕྲེང་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དང་པོར་སྨྲ་བ་རྣམས ་ཀྱི་རབ་མཆོག་སྟོན་པ་དང། །སྲིད་པ་གསུམ་གྱི་འདོད་ཆགས་རྣམས་འཇོམས་ཆོད་དང་ནི། ཐམས་ཅད་མཁྱེན་པའི་བསྟན་པ་བདུད་རྩིའི་སྣོད་གྱུར་པ། །གང་ཟག་མཆོག་བརྒྱད་ཀྱིས་བརྒྱན་དགེ་འདུན་རབ་བརྟུལ་ཅིང། །བསམ་རྫོགས་རྩི་བ་ལོགས་འཚེར་ལ ་སོགས་པ་དེ་དང་དེ། །ཐམས་ཅད་ཡོད་སྨྲའི་ཁྱུ་མཆོག་དད་པས་མཆོད་བྱས་ཏེ། །དཔེ་ཡི་ཕྲེང་བ་འདི་ནི་བདག་གིས་བཤད་པར་བྱ། །རབ་བློའི་ལེགས་སྦྱར་མ་སྤས་འདི་ན་དེ་བསྟན་གྱིས། །ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལས་མཆོད་པར་བྱ་བ་དང། མཆོད་པར་བྱ་བ་མ ་ཡིན་པ་རྟོགས་པར་འགྱུར་བས་ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལས་རབ་ཏུ་འབད་པར་བྱའོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། ཡུལ་གན་དྷ་ར་ནས་ཚོང་པ་ཁ་ཅིག་བཅོམ་རླག་ཏུ་སོང་བ་དང། དེ་དེ་ན་མཆོད་རྟེན་རྣམས་ལ་ཡང་དང་ཡང་དུ་ཕྱག་འཚལ་ཞིང ་དགེ་སྦྱོང་རྣམས་ལ་ཡང་བསྙེན་བཀུར་དང་བཅས་པས་ཕྱག་བྱེད་པར་གྱུར་པ་དང། དེ་ལ་འདི་ནི་དགེ་བསྙེན་ཡིན་ནོ་སྙམ་དུ་ཤེས་ནས་བྲམ་ཟེ་རྣམས་ཀྱིས་བཞད་གང་བྱས་པར་གྱུར་ཏོ་ཞེས་གྲག་གོ་།དེ་ནས་རེ་ཞིག་ན་དེ་སོས་ཀའི་དུས་ཀྱི་ཕྱི་དྲོའི་ཚེ་བྲམ་ཟེ་ཞིག་གི་ལམ་སྲང་ན ་འདུག་གོ་།དེར་བྲམ་ཟེ་ཁ་ཅིག་ཁྲུས་བྱས་ཤིང་དྲིས་བྱུགས་པ་དང་ཟས་ལ་སྤྱད་པས་དབང་པོ་ཚིམ་པ་དང་ཁང་པ་སྒོའི་ཕྱོགས་ན་ལག་ན་རྔ་ཡབ་ཐོགས་ཤིང་མཆོད་ཕྱིར་དཀར་པོ་ཐོགས་ལ། གཅིག་ཏུ་ཤས་ཆེར་བརྒད་དེ་གཏམ་ལ་རྗེས་སུ་ཆགས་ཤིང་དགའ་བས་ཀུན ་ཏུ་འཁོད་པར་གྱུར་པ་དང། དེ་རྣམས་ཀྱིས་དགེ་བསྙེན་དེ་བལྟས་ནས་རབ་ཏུ་བརྒད་དོ། །བྲམ་ཟེ་གཞན་ཞིག་གིས་ཀྱང་སྨྲས་པ། །སངས་རྒྱས་ཀྱི་དགེ་བསྙེན་ཁྱོད་ཚུར་ཤོག་།སྟན་ཡོད་པར་འདུག་ཅིག་།དེ་དེར་འདུག་པ་དང། བྲམ་ཟེ་ཞིག་གིས་དྲིས་པ། གང་ལྷ་ཆེན་པོ ་དང། ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་སྤངས་ནས་སངས་རྒྱས་ལ་མཆོད་པ་བྱེད་པ་གན་དྷ་ར་པ་རྣམས་ཀྱི་རང་བཞིན་འདི་ཅི་ཞིག་ཡིན། དེས་བགད་དེ་སྨྲས་པ། བདག་ཅག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམས་ཀྱི་ཕྱོགས་གཅིག་ཤེས་ཀྱི་ལྷ་ཆེན་པོ ་ལ་སོགས་པའི་ལྷ་རྣམས་ཀྱི་ཡོན་ཏན་མི་ཤེས་ཏེ། རྒྱུ་དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་ཡིན་ནོ། །དེས་དེའི་ཚིག་དེ་ཐོས་པ་དང། བྲམ་ཟེ་ཁ་ཅིག་གིས་སྨྲས་པ། ལེགས་ལྡན་ལྷ་ཆེན་པོའི་ཡོན་ཏན་མི་ཤེས་མ་འདི་ནི། ཁྱོད་གླེན་པ་ཡིན་ཏེ། གང ་གི་ཕྱིར་འདི་ན་ལྷ་མིན་གྲོང་ཁྱེར་མཁའ་ལ་རྒྱུ། །སྐྱེས་པ་བུད་མེད་རྒན་དང་གཞོན་བཅས་པ། །གཞུ་ཆེན་བླངས་ནས་འབར་བའི་མདའ་ཡིས་ནི། །མེ་ཡི་རྩཝ་བཞིན་སྐད་ཅིག་དག་གིས་བསྲེགས། །དགེ་བསྙེན་གྱིས་སྨྲས་པ། གང་རང་བཞིན ་གྱིས་འཆི་བའི་ཆོས་ཅན་གྱི་སྲོག་ཆགས་རྣམས་ལ་གསད་པའི་ཕྱིར་འབད་པ་དང་ལྡན་པའི་སེམས་ཅན་གྱི་ཁྱད་པར་དེ་འདྲ་བ་ལ་ནི་ཁོ་བོ་མི་དགའ་ཨོ། །སུ་ཞིག་ཟིལ་པའི་ཐིགས་པ་ནི། །རྩཝ་ཡི་རྩེ་ལ་ཆགས་པ་དག་།ངང་གིས་འཇིགས་པའི་ཆོས་ཅན་ལ།། ་གཞིག་པའི་ཕྱིར་ནི་འབད་པར་བྱེད། །རེ་ཞིག་གཞན་ཐམས་ཅད་ལྟ་ཞོག་གི་།ཅི་ཁྱེད་རྣམས་ཕ་རོལ་ལ་གནོད་པ་བྱེད་པ་ཡོན་ཏན་ཡིན་པར་ཤེས་སམ། དེ་ནས་བྲམ་ཟེ་དེ་དག་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྨྲས་པ། །ལྷ་མ་ཡིན་གསོད་པ་ནི་ཡོན་ཏན་ཡིན ་པར་རབ་ཏུ་ཤེས་སོ། །དགེ་བསྙེན་གྱིས་དབུགས་ཕྱུང་སྟེ་སྨྲས་པ། ལས་གང་ལས་ནི་དམ་པ་རྣམས། །ངོ་མཚར་གྱུར་པ་དེ་ཉིད་ལ། །དམ་པ་མིན་པ་དྲེགས་གྱུར་པ། །ཀྱེ་མ་འཇིག་རྟེན་ངོ་མཚར་ཆེ། །ཞེས་བྱ་བ་ནི། འཇིག་རྟེན་པས་ལེགས་པར་སྨྲས་པ ་ཡིན་ནོ། །མདོར་ན། ཡོན་ཏན་སྐྱོན་སོགས་པ་བརྟགས་ལ་བྱ་བ་དང། །བྱ་མིན་སད་པས་རྒྱལ་བའི་ཡོན་ཏན་ནི། །རྒྱ་ཆེན་རྗེས་ལ་ཡོན་ཏན་ངེས་དགའ་རྣམས། །མཆོད་པའི་འབྲས་བུ་འདོད་པ་རྒྱ་ཆེན་ཡིན། །སྐྱོན་ལ་ཡོན་ཏན་དག་ཏུ་འདུ་ཤེས་ཤིང། ། ་སྐྱོན་དང་ལྡན་པ་དམ་པར་ཤེས་པས་མཛོད། །འབྲས་བུ་རྒྱ་ཆེན་ཐོབ་པར་མི་འགྱུར་གྱི། །ལྟ་བ་ངན་པ་དག་ཀྱང་འཕེལ་བར་འགྱུར། །ཚིག་དེ་བྲམ་ཟེ་རྒན་པོ་ཁ་ཅིག་གིས་ཐོས་པ་དང། ཁྲོ་བས་འབར་བའི་མིག་གིས་དགེ་བསྙེན་དེ་ལ་ལྟ་ཞིང་བརྙས་པ་དང ་བཅས་ལག་པ་གཡོན་པས་སྟོན་ཅིང་སྨྲས་པ། གན་དྷ་ར་པ་རྨོངས་པ་རྣམས་དེ་སྐད་མ་སྨྲ་ཞིག་།གལ་ཏེ་ལྷ་མ་ཡིན་གསོད་པར་དགའ་བའི་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་མཆོད་པར་བྱ་བ་མ་ཡིན་ན་མཆོད་པར་བྱ་བར་སུ་ཞིག་འགྱུར། །དགེ ་བསྙེན་གྱིས་སྨྲས་པ། གང་ཡོན་ཏན་ཡང་དག་པ་དང་ལྡན་པར་འགྱུར་བ་སྟེ། བྲམ་ཟེ་ཆེན་པོ་ལྟོས་ཤིག་།གང་ཞིག་སྟོབས་ལྡན་འཚེ་བ་རྣམས། །གལ་ཏེ་མཆོད་བྱར་དེ་འགྱུར་ན། །དྲེང་དང་གཟིགས་དང་སྟག་ལ་ཡང། །འགྲོ་བ་རྟག་ཏུ་མཆོད་པར་འགྱུར། །ཡོན་ཏན ་སྐྱོན་མཁས་དམ་པ་ནི། །སུ་ལ་ཡང་ནི་འདོད་མི་བྱེད། །དྲེང་ལ་སོགས་པའི་གདུག་པ་རྣམས། །ཡོན་ཏན་མེད་ལ་མཆོད་མི་བྱེད། །མི་ཚེ་ལ་སོགས་ཡོན་ཏན་ཡིན། །འཚེ་སོགས་སྐྱོན་དུ་ཤེས་པར་བྱ། །ཡོན་ཏན་སྐྱོན་རྣམས་མི་ཤེས་པས། །སྐྱོན་ནི་ཡོན་ཏན་དག ་ཏུ་ཤེས། །གང་གིས་ཤིན་ཏུ་དྲག་པོའི་ལས། །འཇིག་རྟེན་བྱིས་པས་མཆོད་ནས་སུ། །མཆོད་པའི་ཡུལ་ལས་མི་མཁས་པས། །དེ་ཉིད་ལ་ནི་མཆོད་བྱར་ཤེས། །གན་དྷ་ར་པ་ནི་ངེས་པར་ཡང། །སྐྱོན་དང་ཡོན་ཏན་རྟོག་དང་ལྡན། །དེས་ན་སངས་རྒྱས་བཅོམ་ལྡན ་ལ། །དད་ཀྱིས་ལྷ་ཆེན་སོགས་ལ་མིན། །བྲམ་ཟེས་སྨྲས་པ། །ཀྱེ་གན་དྷ་ར་པ་རེ་ཞིག་སངས་རྒྱས་ཤེས་བྱ་བ་འདི་སུ་ཞིག་ཡིན། །དགེ་བསྙེན་གྱིས་སྨྲས་པ། ཤཱཀྱའི་རིགས་སུ་ལེགས་འཁྲུངས་པ། །ཀུན་མཁྱེན་ཉེས་པ་ཀུན་ལས་རྒྱལ། །སེམས་ཅན་ཀུན ་ལ་ཕན་བཞེད་པ། །དྲང་སྲོང་ཆེན་པོ་སངས་རྒྱས་ཡིན། །བྲམ་ཟེས་སྨྲས་པ། གལ་ཏེ་སངས་རྒྱས་དྲང་སྲོང་ཆེན་པོ་ཡིན་པར་ཤེས་ན་གཞན་ལ་གནོད་པ་བྱེད་པ་དེ་མཆོད་པར་བྱ་བ་མ་ཡིན་པར་སྨྲ་བ་འམ། འདི་ན་འཕོ་བ་དང། མེ་འབར་བ་དང། རྒྱས་པ་དང་གནས ་འཇོག་དང། རྒྱུན་ཤེས་དང། ཕུར་བུ་གསུམ་པ་དང། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱི་དམོད་པ་འདེབས་སོ། ཞེས་འཇིག་རྟེན་ན་གྲགས་སོ། །གལ་ཏེ་སངས་རྒྱས་དེ་དྲང་སྲོང་ཆེན་པོར་གྱུར་ན་ངེས་པར་དེས་ཀྱང་དམོད་པ་འདེབས་པར ་འགྱུར་རོ། །དགེ་བསྙེན་གྱིས་རྣ་བ་བཀག་ནས་སྨྲས་པ། སྡིག་པར་མ་གྱུར་ཅིག་།སངས་རྒྱས་བཅོམ་ལྡན་འདས་ནི་དམོད་པ་འདེབས་པར་མི་མཛད་དོ། །བྲམ་ཟེས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག་ཅེས་འདིར་ཅིའི་ཕྱིར་སྨྲ། གལ་ཏེ་སངས་རྒྱས་དམོད་པ ་འདེབས་པར་མཛད་ན་ནི། །དེ་ཡང་དག་པར་འཚེ་བ་ཅན་དུ་འགྱུར་རོ། །འོན་ཏེ་སུ་ལ་ཡང་དམོད་པ་མི་འདེབས་ན་སངས་རྒྱས་འདི་ལ་མཐུ་ཅི་ཡང་མེད་དོ། །དེ་ནས་བྲམ་ཟེ་དེ་དག་རྣམས་ཀྱིས་གཉི་ཀ་ལྟར་འགལ་བའི་ཚིག་གིས་གན་དྷ་ར་པ ་ཁྱད་པར་དུ་བསད་ནས་གསང་མཐོན་པོས་བརྒྱད་པར་བརྩམས་སོ། །དགེ་བསྙེན་དེས་མ་འཁྲུལ་བ་ཉིད་དུ་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་མཐུ་ཆེན་པོ་མི་མངའ་བ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་དམོད་པའི་རྒྱུ་དང་བྲལ་བས་གང་ལ་ཡང་དམོད་པ ་མི་མཛད་དོ། །བྲམ་ཟེ་ཆེན་པོ་ལྟོས་ཤིག་།ཆགས་ཅན་གང་ལ་ཀུན་ཏུ་ཆགས། །དེ་དང་བྲལ་ན་དེ་ཁྲོས་ཏེ། །བྱ་དང་བྱ་མིན་རྣམ་རྨོངས་པ། །ཕྱིན་ནས་དམོད་པ་གཏོང་བར་འགྱུར། །དེ་བཞིན་གཤེགས་པ་འདོད་ཆགས་བྲལ། །རྨོངས་པ་དང་བྲལ་ཁྲོ་ལས ་རྒྱལ། །སེམས་ཅན་ཐམས་ཅད་ཕན་མཛད་ན། །དེ་ནི་དམོད་པ་ཇི་ལྟར་མཛད། །དེ་ནས་བྲམ་ཟེ་དེ་རྣམས་ཡིད་ལ་བཟུང་བའི་རྒྱུ་རྣམས་རྗེས་སུ་དཔོག་ཅིང་དགེ་བསྙེན་དེ་ལ་སྨྲས་པ། ཀྱེ་གན་དྷ་ར་པ་གལ་ཏེ་སངས་རྒྱས་དམོད་པ་མི་བྱེད་ན། །ངེས་པར་ཕན ་འདོགས་པར་ཡང་མི་བྱེད་དོ། །དམོད་པ་དང། ཕན་འདོགས་པའི་ནུས་པ་དང་བྲལ་ན་ནི། །དྲང་སྲོང་ཆེན་པོར་ཡང་མི་འགྱུར་རོ། །དགེ་བསྙེན་གྱིས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དམོད་པའི་ནུས་པ་མི་མངའ་བ་འདི་ནི་དེ་ལྟར་བདེན་མོད?་ཀྱི། ། ་འོན་ཀྱང་ཕན་འདོགས་པར་སྤྱོད་པ་ཉིད་ཡིན་ཏེ། ཁྱེད་རྣམས་ཀྱང་ལྟོས་ཤིག་།གཞན་གྱི་སྡུག་བསྔལ་ལ་སྔར་བས། །དེ་ནི་དམོད་པ་མི་མཛད་ཀྱི། འཇིག་རྟེན་ཕན་འདོགས་བརྩོན་པས་ན། ཕན་པར་ཡང་ནི་མཛད་པ་ཡིན། །རྒ་ནད་འཆི་བའི་སྡུག་བསྔལ་གྱིས། ་ངང་གིས་འཇིག་རྟེན་སྡུག་བསྔལ་ན། །རྨ་ལ་ལན་ཚྭ་ཇི་བཞིན་དུ། །མཁས་པ་སུ་ཞིག་དམོད་པ་འདེབས། །དེ་ཡང་བྱམས་པ་ལ་གནས་ཤིང། །རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན། །དེ་བཞིན་གཤེགས་པའི་གསུང་བསིལ་བའི། །ཆུ་ཡིས་འཇིག་རྟེན ་ཚིམ་པར་མཛད། དེ་ནས་བྲམ་ཟེ་དེ་རྣམས་ཡུད་ཙམ་ཞིག་མགོ་ཐུར་དུ་སྨད་ནས་བསམས་ཏེ། དགེ་བསྙེན་དེ་ལ་རྗེས་དང་བཅས་པའི་མིག་གདངས་པས་བལྟས་ཏེ། སྨྲས་པ། ཀྱེ་གན་དྷ་ར་པ་ཤིན་ཏུ་བརྟགས་པའི་གནས་རེད་ནས་ཁྱོད་ཀྱིས་རབ་ཏུ་དད་པས་བདག་ཅག་ངོ ་མཚར་དུ་བྱས་སོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། གན་དྷ་ར་ཞེས་བྱ་བའི་ཡི་གེ་ནི་དོན་ཕྱིན་ཅི་མ་ལོག་པར་གྲགས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གོ་ཞེས་བྱ་བས་རུ་བཤད། །ས་དེ་གང་ཞིག་ཡང་དག་འཛིན། །སྐྱེས་བུ་དམ་པ་དེ་རྣམས་ནི། །དམ་པས ་འཛིན་ཅེས་བཤད་དོ། །ཅིའི་ཕྱིར་ན་ས་འདི་ནི། ཁྱེད་ཅག་རྣམས་ཀྱིས་འཛིན་མི་བྱེད། །གང་ཕྱིར་ཁྱེད་ཀྱི་ཡོན་ཏན་བསྔགས། །མགོན་པོ་སངས་རྒྱས་ལ་རྟེན་ཡིན། །དེ་ནས་དགེ་བསྙེན་ངེས་བྲམ་ཟེ་རྣམས་ཀྱི་སེམས་སྣོད་དུ་རུང་བར་བྱས་པར་ཤེས་ཏེ། ་ང་ནི་སངས་རྒྱས་ཀྱི་ཡོན་ཏན་བཤད་པའི་དུས་ཡིན་ནོ་སྙམ་ནས། ཡང་དག་པར་དགའ་བའི་གཞིན་གྱིས་གཟེད་བསྟོད་དེ་སྨྲས་པ?་གང་ཁྱོད་རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེས་པར་གྱུར་པས་བདག་ནི་མཆོག་ཏུ་ཡང་དགའ་བ་སྐྱེས་པར ་གྱུར་མོད་ཀྱི། འོན་ཀྱང་དད་པ་འདི་ཉིད་འཕེལ་བར་བྱ་བའི་ཕྱིར་ཡོན་ཏན་དང་སྐྱོན་གྱིས་མཚན་ཉིད་རྗེས་སུ་དྲན་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གང་ཚེ་འགྲོ་བ་ཡོན་ཏན་རབ་རྟོག་ཚེ། །རྒྱལ་བ་ཡོན་ཏན་རྒྱ་མཚོ་གཅིག་པུར་མཐོང། །ཞི་དང་དགའ་བ་སྐྱེས ་པར་གྱུར་མོད་ཀྱི། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱིས། །སངས་རྒྱས་དང་མཉམ་གང་ནའང་ཡོད་མ་ཡིན། །དཔེར་ན་རི་རབ་མཉམ་པའི་རི་ནི་མེད། །རྒྱ་མཚོ་མཉམ་པའི་མཚོ་ནི་ཡོད་མ་ཡིན། །དེ་བཞིན་སངས་རྒྱས་དང་མཉམ་ས་སྟེངས་སམ།། ་མཁའ་ལ་ལུས་ཅན་མཆོག་དེ་ཡོད་མ་ཡིན། །ཤཱཀྱའི་ཁྱུ་མཆོག་དེས་ནི་གང་ཕྱིར་དལ་བས་དཀའ་བར་མ་ཞུགས་ཅི་ཞིག་ཡོད། །ཐུབ་པས་ཕན་པའི་དོན་དུ་ལན་མང་དགོངས་ཏེ་མ་གཟིགས་དེ་ནི་གང་ཞིག་ཡོད། །དེ་ལ་སྐྱབས་སོང་དྲང་སྲོང་དེས་ནི་ཕན ་གདགས་མ་བྱས་དེ་ནི་གང་ཞིག་ཡོད། །འདི་ན་ངེས་གསུངས་ལམ་ལ་རབ་གནས་ཉོན་མོངས་དགྲས་བཅོམ་དེ་ནི་སུ་ཞིག་ཡོད། །མུ་སྟེགས་ཀུན་ལས་རྒྱལ་ཏེ་བདེ་བར་གཤེགས་ཤེས་ཡོན་ཏན་རྣམ་རྒྱས་དྲི་མེད་གྲགས་པའི་ཁ་བྱེ་གཞན་སུ ་ཡོད། །ཕུག་ན་སེང་གེ་ལྟ་བུར་ལྷ་ཡུལ་ས་སྟེངས་དག་ན་འཇིགས་མེད་རང་གིས་གསུང་མཆོག་སྒྲོགས་པ་གཞན་སུ་ཡོད། །རྟག་ཏུ་ཡིད་འོང་གསུང་གིས་ལས་དང་ཉོན་མོངས་དག་གིས་གནས་སྐབས་རྗེས་སུ་སྟོན་པ་མཛད་པའང་གཞན་སུ་ཡོད། །གང ་གི་མཆོད་རྟེན་མཁའ་ལ་སྤྲིན་དཀར་ལྟ་བུར་འགྲོ་བ་ཡང་དག་བརྒྱན་པ་འགའ་ཡང་འདི་ན་ཡོད་མ་ཡིན། །དེ་ནས་བྲམ་ཟེ་དེ་རྣམས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བསྔགས་པ་ཐོས་པ་དང། སངས་རྒྱས་ལ་མངོན་པར་དད་པར་གྱུར་ཏོ། །འདིས ་ཅི་ཞིག་སྟོན་པ་སྟོན་པ་ཡིན་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་བཅོམ་ལྡན་འདས་ལ་མངོན་པར་དང་པར་ཤེས་པས། དྲང?་པ་ལ་ནི་གཞན་རྣམས་ཀྱང་ཡང་དག་པར་གཞུག་པར་བྱའོ། །ཞེས་ཉེ་བར་སྟོན་པའི་མདོ་བརྩམས་པ་ཡིན་ནོ། ། ་དེ་ཡང་དགེ་སློང་དག་ཁྱེད་རྣམས་ཀྱིས་རྗེས་སུ་བརྩེ་བ་དང་གང་སྙིང་བརྩེ་བར་བྱའོ། །ཞེས་རྒྱ་ཆེར་གསུངས་པའི་ཕྱིར་ཏེ། སངས་རྒྱས་མཆོག་ལ་གསུངས་པའི་ཕན་ཡོན་གྱི་མདོ་སྡེ་དག་ལ་ཡང་ཉེ་བར་སྦྱར་བར་བྱའོ། །གུས་པར་བྱས་ཏེ་ཆོས ་ཉན་པ་ལ་ཡང་བརྗོད་པར་བྱའོ། །ཡང་འདིས་ཅི་ཞིག་སྟོན་ཅེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པ་དོན་གཞན་ལ་མངོན་པར་ཞེན་པའི་བྲམ་ཟེ་རྣམས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་དང་པར་འགྱུར་ན། སངས་རྒྱས་ཀྱི་ཡོན་ཏན་ཐོས་པས ་རྣ་དཀྲུགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁྱེད་རྣམས་སངས་རྒྱས་ཀྱིས་ཡོན་ཏན་ཐོས་པས་དང་པ་རྣམ་པར་འཕེལ་བར་ཅིའི་ཕྱིར་མི་འགྱུར་ཏེ། དེ་བས་ན་སངས་རྒྱས་དང། སངས་རྒྱས་ཀྱི་བཀའ་དག་གི་བསྔགས་པ་མཉན་པར་ཤིན་ཏུ་འདོད ་པའི་ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་ཁྱེད་རྣམས་ཀྱིས་མ་ཡེངས་པར་མཉན་པར་བྱའོ་ཞེས་འདི་ནི་ཡང་དག་པར་སྐུལ་བར་བྱེད་པ་ཡིན་ནོ། །སངས་རྒྱས་མཆོག་གི་དཔེ་དེ་དང་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་བྷ་དྲ་དང། ་ལོ་ཙཱ་བ་བནདེ་ཚུལ་ཁྲིམས་ཡོན་ཏན་གྱིས་བསྒྱུར་ཅིང། དགེ་སློང་རིན་ཆེན་བཟང་པོས་བཅོས་ནས་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨ་ཤོ་ཀ་མུ་ཁ་ནཱ་ག་བི་ན་ཡ་པ་རི་ཙྪ་ད། བོད་སྐད་དུ། མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ ་