| Wylie | e-texts based on the ACIP/ALL Input |
འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བོད་ཀྱི་སྤུར་རྒྱལ་མགོ་ནག་ཡོངས་ཀྱི་རྗེ། །ཁྲི་སྲོང་ལྡེ་བཙན་ཨག་ཚོམ་མེས་ཀྱི་སྲས། རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དབོན་པོ་ཡིས། །སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྐུ། །བྱང་ཆུབ་སེམས ་དཔའ་ཨི་སྐུ་རྒྱུད་གདུང་མཆད། །འགྲོ་དྲུག་ནང་ན་ཤེས་རིག་ཆེ་བའི་མི། །དུག་ལྔ་སྡོང་པོ་རྒྱུད་དྲུག་ཀུན་གྱི་གཞི། ཁྲི་རྗེ་ཐོག་བཙན་མན་ཆད་རྒྱུ་མ་ཡིན། །དགེ་བཅུ་ཐང་ཁྲིམས་བཙུགས་ནས་དུལ་བར་མཛད། །རིགས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེ་བཙན་གྱིས། །འགྲོ་བའི ་མུན་བའི་སྐར་ཁུང་དབྱེ་སླད་དུ། །རྒྱ་གར་ཡུལ་གྱི་རྡོ་རྗེ་གདན་སྟེངས་སུ། །སྡེ་སྣོད་གསུམ་པོ་ཤཱཀྱ་ཐུབ་པས་གསུངས། །ཀུན་དགའ་བོ་ལ་སོགས་པའི་འཁོར་རྣམས་སྨིན། །འཛམ་བུའི་གླིང་གི་སྙིང་པོའི་དབུས་སུ་གྱུར། །བསོད་ནམས་ཆེ་བའི ་མཁས་པ་གྲངས་ཀྱི་སྨིན། །དེ་བས་ན་ཐུགས་ཀྱི་རུས་པ་བཅས་ནས་ནི། །བསོད་ནམས་ཆུང་བའི་རྒྱལ་ཁམས་སྨིན་བྱའི་ཕྱིར། །འཕགས་པའི་རིགས་ཅན་མ་ལུས་ཀུན་བཙལ་ཏེ། །བཻ་རོ་ཙ་ན་སྐ་བ་དཔལ་བརྩེགས་དང། །ཀླུ་ཡི་རྒྱལ་མཚན་ཡེ་ཤེས ་སྡེ་དང་ནི། ། ར་ཨ་རོ་མ་ཉྫུ་ལ་སོགས་ལ། །ནོར་གྱི་དམ་པ་གསེར་དངུལ་དབྱིག་བསྐུར་ནས། །རྒྱ་གར་གྱི་ཡུལ་གྱི་དམ་ཆོས་ལེན་དུ་བརྫངས། །བོད་ཀྱི་མུན་རུམ་ནག་པོའི་སྐར་ཁུང་ཕྱེ། །སྲིད་ཀྱི་ཆབ་སྲིད་མངའ་ཐང་གུང་ལ་རེག་།བུདྡྷ་གུ་ཧཡ་བདག ་དངོས་གློ་བ་དགའ་། །ཆབ་སྲིད་ཡོ་བ་ཀུན་གྱི་གཞུང་སྲོང་ཞིང། །སྤྲུལ་པའི་རྒྱུན་མ་ཆད་བའི་ནང་ནི་ལྡེ། །ཁྲི་སོང་ལྡེའུ་བཙན་མངའ་བདག་ཞལ་སྔ་ནས། །མི་ཆོས་ལྷ་ཆོས་མངའ་ཐང་རྩེ་རུ་ཆི་བ། །རིན་ཆེན་འབར་བའི་སྐུ་ཡི་ཕུང་པོ་ལ། །རླུང ་མཁྲིས་པད་ཀན་འདུས་པའི་ནད་ཆེན་དང། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་མ་བཙལ་བར། །འཇམ་དཔལ་དང་ནི་མུ་རི་ཏ་ལ་ཁུམས། །ཡས་ཀྱི་ས་ནས་བདག་འདྲ་སྤྱན་འདྲེན་ལ། །སྐུ་གཉེར་ལགས་ཏེ་བདག་ལ་དབང་མ་མཆིས། །འཕགས ་པ་འཇམ་དཔལ་ཞལ་ནས་བོད་ཡུལ་དུ། །ཁྱོད་ཀྱི་ཕྱིན་ན་སྲོག་དང་འབྲལ་བ་གསུངས། །བདག་ན་དབང་མེད་ཁྲི་ལན་སྐྱེས་ལན་དུ། །མན་ངག་ཡོག་ཨ་བ་ཏ་ར་བརྫངས། །བང་ཆེན་མི་གཉིས་པོ་ཡི་རྩེད་ལེན་དུ། །མངོན་པར་བྱང་ཆུབ་པ་ཡི་ཏནྟྲ་ཏཱ ་བཤད། །ཕྱི་ནང་གཉིས་ཀྱི་ལག་ལེན་མང་པོ་ཀུན། །གཅིག་ཀྱང་མ་ལུས་དགོས་པ་ཐམས་ཅད་བརྫངས། །གཟིགས་རྟོགས་མཛད་ལ་གཞན་དུ་ཤོར་ར་རེ། །བོད་ཀྱི་མི་ནི་སྒྲིན་ལ་ཚོང་སྐྱེན་ཏེ། མཐོང་བ་ཐམས་ཅད་ལ་འུར་བྱད་པར་འགྱུར། ། ་ཉེས་དམིགས་ཆ་མེད་དམ་ཆོས་སྟོང་བར་བྱེད། །དམྱལ་རྒྱུ་མང་ཞིང་འབྲས་བུ་བརླག་པར་མཆིའོ། །ཕྱི་ནང་གཉིས་ཀྱིས་ལག་ལེན་སྦ་བར་མཛོད། །རྩེད་ལ་སྐྱེས་ལེན་གཉིས་ཀྱིས་འགྲོ་དོན་མཛོད། །ཁྲི་སྲོང་ལྡེ་བཙན་ཡས་ཀྱི་ཡང་དབོན་གྱི། ། ་རཀ་ཤ་གཉིས་ཀྱི་བུ་གཉིས་ཕྱོགས་རིགས་གཅོད། །བོད་ཀྱི་རྒྱལ་ཁམས་སྲིད་ཀྱི་མཁར་བུ་ཡང། །ཞེ་དཔོན་མན་ཆད་སྲིད་མཁར་ཞིག་པར་མཆིའོ། །ཞབས་འདེགས་ཉུང་ཞིང་དམངས་མོ་ཆུང་མར་ལེན། །མཛའ་ཡི་ཁ་བཞི་ཀུན་ཏུ་གྲོང་སློངས་བྱེད།། ་རྒྱལ་བོའི་དབྱར་ནི་ནུས་པའི་རྩེ་འཇོ་འབུལ། །དམངས་མོ་ཚོལ་ཤིང་གྲོང་བཟན་སློང་བར་མཆི། །ཡང་འགྲོ་མར་འགྲོ་མགྲོན་པོ་མཛའ་དག་དང། །བཙམ་པ་འཇམ་ཡང་རྒྱལ་ཁམས་མི་བཞིན་དུ། །ངོ་མཚར་མི་ཆེ་ཞེས་ནི་མི་ཕྱོགས་པར། །མགྲོན ་བོ་ཇི་བཞིན་རྒྱ་ཉལ་བྱེད་པར་མཆིའོ། །ཕྱོགས་བཞིར་བསྒྱུར་བའི་མཁས་པས་བསྒྱུར་བའི་ཆོས། །རྒྱལ་པོ་སྨོས་ཤིང་ཡོན་ཏན་བརྗོད་པའི་ཕྱིར། །སྡེ་སྣོད་གསུམ་པོའི་བཀའ་བརྒྱུད་མ་ལུས་པ། །མངའ་བདག་ཕྱིར་སྨོས་དཔོན་སྲས་དྲིན་དུ་མཆིའོ། །སྐུ ་ཤུགས་ཆུང་ལ་བཀའ་རྒྱུས་མ་ལུས་པ། །ལྔ་བཅུ་རྩ་དགུའི་བར་དུ་བསྒྱུར་བར་མཛོད། །དྲུག་ཅུ་ན་ནི་འཇིག་རྟེན་འདས་ནས་ནི། །རྒྱལ་ཁམས་གཞན་དུ་སྐྱེ་བ་བཞེས་པར་མཆིའོ། །འགྲོ་བ་རིགས་དྲུག་མཐོ་དམན་གང་སྐྱེ་བ། །རང་བྱུང་རིག་པའི ་རྒྱལ་པོ་རང་དབང་ཆེ། །རྗེས་ཀྱི་ཤེས་པ་ཤེས་པའི་ནང་ན་འབུལ། །སེམས་ཀྱི་མཚན་ཉིད་ཤེས་པ་ཕྱུག་ཅེས་མཆིའོ། །དེའི་ཕྱིར་སེམས་ཀྱི་མཚན་ཉིད་ལེགས་པར་རྟོགས། །སེམས་ནི་ཁང་ནད་སྤྲེའུ་གློག་སྟེ་རིགས་དྲུག་རྒྱུ། །མཐོན་དམན་གང་འགྲོ ་རང་སེམས་ཉིད་དབང་ཆེ། །ལེ་ལོ་མ་མཇད་དང་སེམས་ལྟས་ཤེས་མཆིའོ། །གྲོས་ཀྱི་གདམས་ངག་མན་ངག་བསྟན་པ་ནི། །རྒྱལ་པོ་ཉུང་ན་བྲིན་ཕྱིར་ཁབ་བཞིས་བསྐྱུངས། །བཙུན་མོ་གཅིག་ལ་དང་དུ་བཞེས་པ་ནི། །འཕྲ?་མིག་གཡུས་སྤྲས་རྒྱན་ཅིང་མཛེས་པ་དང། །གཅིག ་སེམས་གཅིག་ལ་ཆགས་ཤིང་ཤ་ཆེ་མཆིའོ། །སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་ཁམས་མི། །དམ་ཚིག་ཉམས་ཤིང་མནའ་ལ་མི་འཛེམས་ལ། །ཤེས་པ?་གས་ཤིང་ཁོང་རྣ་ཆུང་བ་ཡིས། །སྔར་བྱས་ཁྱད་དུ་གསོད་པར་འོད་ཞེས་ཆིའོ། །བསོད་ནམས་ཆེ་བར ་དཔག་བསམ་ཤིང་བུ་འཁྲུངས། །བསོད་ནམས་ཆུང་ངུའི་བོད་ཀྱི་རྒྱལ་ཁམས་སུ། །ཤིང་བུ་ཏ་ལ་བྱོས་མི་སྐྱེ་བ་འཁྲུངས། །ཤིང་ལ་གནོད་ཀྱིས་འཆད་པ་ཤོལ་ཅིག་མཆིའོ། །གཙུག་ལག་ཁང་དང་མཆོད་རྟེན་ཁང་བཟངས་རྣམས། །སྡིག་པ་ཀུན་ལ ་གནོད་དེས་ལས་དབང་ཡིན། །དམ་ཆོས་བསྒྱུར་བ་ཞུ་ཐུག་ཏག་ཏུ་མཛོད། །ལན་ཅིག་དུས་སུ་ཚད་མར་བྱེད་པར་མཆིའོ། །རྒྱལ་པོའི་རང་བཞིན་གཞན་དང་སྨྲ་མི་བྱ། །ཟུག་ཐུག་གཟོབས་ལ་རབ་ཏུ་བརྟན་པར་མཛོད། །ཐུགས་ཆེན་ནང་བློན་དཔའ་བའ་ཨི ་མི་རྣམས་ལ། །དགོས་དོན་གཅེས་སྒྲས་ལྡུག་པར་སྨོས་ཤེས་མཆིའོ། །སྲིད་ལ་གནོད་པའི་གྲོས་ནི་མི་སྙན་པོར། །ཁེངས་པར་མི་བྱ་ཞི་དུལ་བསྐྱར་ཞིང་སྨྲ། །གཅིག་དང་བྱ་དགའ་བློན་པོ་རྣམས་ལ་ནི། །ཧ་ཅང་མ་ཆེ་ངན་ཙམ་བྱ་ཞེས་མཆིའོ། །བློན ་པོའི་འདོད་པ་ཆུ་བཞིན་མི་ཟད་པས། །སྲིད་ཀྱི་མཁང་ནི་འཇིག་པའི་ཉེན་མཆིས་ཏེ། །སྲིད་ཀྱི་གལ་བ་བབ་པའི་དུས་ན་ནི། །སྲས་ལ་མི་ཕངས་སྡིག་ལ་མི་འཛེམ་མཆིའོ། །བསྒྱུར་བ་མི་བླ་སྙན་ཁུང་བསྐྱེད་པ་དང། ཕྱེད་ཙམ་ཁྱད་དུ་ཁུམ་ལ་རྣ་ལ་ ་བཟོད། །སྲིད་ཀྱི་ཆུ་མངའ་རྟོད་ཅིང་ཟད་མི་ཤེས། །དཀོན་མཆོག་གསུམ་ནི་སྤྱན་ལྟར་མཛོད་ཅེས་མཆིའོ། །ཐེག་པ་ཀུན་ལ་འཇུག་སྒོ་རེ་རེ་སྟེ། །ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱི། །གསང་སྔགས་རྡོ་རྗེ་ཐེག་པོ་དང་དུ་བཞེས། །བཀྲི་བའི་དོན་དུ་ཀུན་ལའང་ ་སྤྱད་ཚུལ་བསྟན། །རྡོ་རྗེ་ཐེག་པ་དང་དུ་བཞེས་མཆིའོ། །མཛའ་ལྷོ་བལ་རིགས་ཤེས་པ་ཡོད་པ་ལ། །ཡིད་ཆེས་མ་མཛད་བ་བསོ་བཞུགས་གནས་རྣམས། །ཀུན་ཏུ་མ་སྒོ?་ཕུང་བའི་གཉན་མཆིས་ཏེ། །ཅལ?་ཅོལ་མ་མཛད་ཅོ་གེ་བཞུགས་ཤེས་མཆིའོ།། ་བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ། །འདོད་ཆགས་དང་བཞིན་ཕྱི་ཕྱིར་འདོད་བའི་ཕྱིར། །ཐུགས་ཀྱི་ཁུག་ལ་ཧ་ཅང་སྤྱད་མི་བྱ། །དེ་ཁྱོད་བསྲེ་ཞིང་མཐོ་དམན་མེད་པར་མཆིའོ། །ཡིད་ཆེས་མེད་པར་དགོས་དོན་བསྒྲུབས་བྱ། །ཟས་ཀྱི་སྦྱོར་ཤོམ་ཞིམ ་པོས་དགོས་མི་བསྟེན། །ཞེ་སས་ཕྱོགས་པའི་འབངས་ལ་ཉེ་རིང་མེད། །གཞན་གྱིས་མཐོང་བང་མ་ཡིན་གྲང་གཞན་དུ། གཉེན་པོས་བདག་ཀྱང་འགྲོ་བར་མི་མཆིའོ?། །རྒྱལ་པོས་རང་བཞིན་རྒྱ་མཚོ་ཡི་ལྟ་བུ། །ཞེ་ལག་ཕྱོགས་བཞིར་རྒྱས་པས་སླར ་ལང་འདུ། །རྒྱལ་པོས་རང་བཞིན་དེ་བཞིན་ཡོངས་ཀྱིས་བསྒྲུབས། །རྒྱ་མཚོས་ཀུན་སྤེངས?་ཆོས་ཀྱི་འགྲོ་དྲུག་སྤོངས། །ཞ་ལག་ཕྱོགས་བཞིར་དོན་བྱེད་སྐུ་གདུང་རྦེད?། །སོ་སོ་སྣང་ཡང་སླར་ཡང་དུས་བཞིན་དུ། །རླན་གྱིས་མྱུ་གུ་བསྐྱེད་བཞིན་གྲོས་རྒྱ ་བསྐྱེད། །ཆུ་ཡི་འབྲས་བུ་བསྒྲུབ་ལྟར་དམ་ཆོས་བསྒྲུབ། །རྒྱ་མཚོ་མ་གཡོས?་བཞིན་དུ་གཡོས་མི་བྱ། །ཆུ་ནི་མཉེན་པ་བཞིན་དུ་ཁོང་མཉེན་བྱ། །རྒྱ་མཆེ་གཏིང་དཔག་བཀའ་བཞིན་ཚང་མི་བཟུང། །ཆུ་ཆན་བཟློག་ཐབས་མེད་བཞིན་སྲིད་ལ་བྱ། །རྒྱ ་མཚོ་ཀུན་ལ་ཁྱབ་བཞིན་དང་ལག་བསྐྱེད?། །ཆུ་འཐུང་ངོམས་པ་བཞིན་དུ་གཞན་ངོམས་བྱ། །རྒྱ་མ་ཚོས་ཆུ་རྣམས་བསྡུས་བཞིན་འཁོར་རྣམས་བསྡུག?་ཆུར་ནི་གཟུགས་བརྙན་གསལ་བཞིན་གསལ་བར་བྱ། །གྱང?་ཚོ་ཡོན་ཏན་ཇི་ལྟར་ལྡན་པ ་བཞིན། །རྒྱལ་བོ་གཅིག་གི་སྐུ་ལ་ལྡན་གྱུར་ན། །པུ་རྒྱལ་བོད་ཀྱི་རྒྱལ་པོའི་མངའ་བདག་རྒྱུད། །མགོ་ནག་ཡོངས་ཀྱི་རྗེ་རུ་བསྒོས་ཤེས་མཆིའོ་དལ་འགྱུར་གདམས་ངག་སྤྱན་སྔར་བརྫངས?་པ་འདི། །མངའ་བདག་རྒྱལ་པོའི་མུན་པའི་སྐར་ཁུང་མཛོད།། ་དུས་མིན་རྟག་ཏུ་ཐུགས་ལ་གདགས་པར་ཞུ། །བློན་པོ་རྣམས་ལ་བརྫངས?་པ། །ཁོང་དལ་སྨྲས་པ་ཙན་ན་བློན་པོའི་རབ་ཏུ་ཆུད། །བུ་སྲིད་ཁེ་འབྱིན་མི་ཡིས་ཁོང་བ་རྣ་ཡིན། །སོ་ནམ་བརྒྱ་ཡིས་ཚོང་ན་ཀུན་ཀྱང་དྲག་པར་འགྱུར། །དྲང་འཇམ་མིག་ཐག་བྱེད་ན་སྲིད ་མཛའ་ཡིན། །མཁས་བཙུན་བསྔགས་པ་ཁྱད་དུ་མི་གསོད་དུ་ཆེའི་གཏེར། །ཁོང་སྡུག་ཁོ་འཇམ་བྱེད་པའི་བློན་པོ་འཇིགས། །འོ་བྱམས་བནདེ་འཁུར་བའི་བློན་པོ་ཆོས་དང་ལྡན། །ཀུན་ལ་སྙོམས་པར་ཟས་ཀྱིས་བསྟེན་པ་གཞན་མ་བྱམས། །དུལ་ཞིང་གཏང་པ་ཐུབ ་པའི་མི་ནི་གྲོགས་པོར་བཙལ། །འཕྲལ་དུ་ཁྲོས་པ་ལན་མི་ལྡོན་པ་དགྲར་མི་བྱ། །དགྲ་ཐབས་ཟབ་མོ་དགྲ་ལ་བྱས་པ་རང་ལའོ། །ཉེ་དཔུང་མ་བ་ཤིག་གཅིག་ཏུ་བསྡུས་ན་དགྲ་ཡང་འཇིགས། བློ་གཏང་མི་ལ་བུ་བཞིན་བརྟན་པར་བྱེད་པའི་མི་ནི་རིང་པོ་ཡིན། ཁ ་ཚག་སྡམ?་ལ་ཟས་སྒོ་ཡངས་ནས་ཡུལ་མི་རྩི། །ཕུང་མིའི་མི་ལ་སྤྱི་ཆེད་དང་དུ་བླངས་ན་སྨྲས་པ་ཉན། །ཡོན་ཏན་ཅན་གྱི་མི་ལ་བཀུར་བསྙི?་བྱས་ན་བསོད་ནམས་ཆེས་ཤེས་རབ་ཅན་གྱི་མི་ལ་བསླབ་སྤྱད་བྱས་ན་མཁས་པར་འགྱུར། །དགའ་བའི་མི་ལ་གཅམ? ་པར་ཕབ་ནས་སྨྲས་ན་ཁོང་བློ་གཏོང། །ཆུང་མ་ཇི་ལྟར་མཛངས་ཀྱང་གྲོས་བློ་གཏིང་མི་གཏང། །སྐྱེས་བུ་ཀུན་ཏུ་གྲགས་པ་ཐ་ཤལ་ཚིན?་ཉམས། །ཅི་ལའང་ཚོད་ཟིན་སྒྲིན?་ཁར་མི་འདོར་དང་ལུགས་བྱེད་པ་བཟང། །སྔར་བྱས་འགྱོད་པ་མེད་པར་ཤེས ་པ་མི་ཡི་བློན་པོ་ཡིན། །དགྲ་ཐབས་མཁས་ལ་རལ་ཀ་བྱེད་པ་བློན་པོ་དབའ?་བོ་ཡིན། །ཁ་འཇམ་ཆེ་མོ་ཁོང་བ་རྣ?་ཆུང་བའི་མི་ལ་བློ་མི་གཏད། །སྐོན?་ཐོས་རྣ་ལ་གཟན?་ལ་གཡོས?་པ་མེད་ན་གདེང?་པོ་ཆེ། །ཕ་མ་དཀོན་མཆོག་ཕུང་དུ་འཁུར་བ་རང་གི་ལྟར། །ངན་པ ་རྣམས་ལ་ཞེ?་སས་ཕྱོགས་ནི་དམན་པའི་བཞི། །དགྲ་ལ་སྲན་དུ་འཛུགས་ན་ཕྱིས་དགྲ་འཇིགས། །ཁོང་བ?་རྣ?་ཆུང་པའི་མི་ལ་གཉེར་མི་གཏད། །ཆུང་མ་མདོག་སྡུག་ཕོ་དང་ཆེ་བ་བླང་མི་བྱ། །སྒྱེའུ་སྲེད་གུང་དུ་བྱེད་པའི་ཆུང་མོ་གཤིན་པའི་རྟགས། །དགའ་ནམ? ་ཁོང་ཡངས་སྨྲས་པ་བཙན་ཏེ་ཞི་ན་འཛངས?། །དཔའ་ཞིང་ཕྱོགས་ཆེ་བློ་གཏད་ཐུབ་པ་པོ་ཞེས་བྱ། ཚིག་མཁས་དགྲ་ལ་གནག་ན་གཉེན་གྱི་རག་འཇིགས་ཆེ། །མི་དོན་བྱེད་པ་རང་དོན་བཞིན་དུ་འབད་ན་གཡོ་སྒྱུ་ཆུང། །རང་དོན་བཞག་ནས་མི་དོན ་བྱེད་པ་ངོ་མི་རྟག། ངོ་རྒ་སྨ་ཞིང་ཁ་རྔ་མདོ་མི་རྟག?་ན་ཁྱོ?་གའི་མོ། །འཇམ་ལ་གྲོས་གལ་གཅོད་ཞི་བཙན་ན་གྲོས་ཟླ་བྱ། །དཔའ་ལ་གཉེད་ཆུང་ལག་པ་གཙང་པས་ལམ་གྲོགས་བྱ། །ཉེ་རིང་གང་དུ་འགྲོ་ཡང་གྲོགས་དང་འགྲོགས། །སྤྲོ་རིང་ཁ་ཚགས་དམ་པའི ་འཁོར་ནི་སྐྱིད། །ཕ་ཁུ་བཟང་པོའི་བུ་ཚང་ན་པ་ཕོས?་ཚིག་ཚེ། །འཕྲལ་དུ་ཁོང་གྱོད?་ང་རོ་ཆེ་བའི་མི་དང་འགྲོགས་པ་བྱུང། །ཕ་ཚན་བཟང་པོའི་གསེབ་དུ་སྐྱེས་པའི་ངན་པའང་མཐོང་ཆེ། །ཁ་དམན་ཁྱིམ་ཆོས་ཀུན་ལ་སྡང་བའི་མི་ནི་གླང། །མནའ་མ་རྣམས ་དང་མཁོན?་པོར་བྱེད་པའི་བཤལ?་ཐག་ཡིན། །ངན་ལས་བུ་ཕོས?་བྱས་ན་གྲོས་རེ་འཁུག?་པ་རེ། །ཕར་ངན་བུ་རུ་ངན་ན་གྲོས་འཇུག་འཐབ་མོས་བྱེད། །སྔོན་དུ་དཔའ་བོ་ཐོད་རྒལ་བྱས་ན་སྐྱེས་བུར་འགྱུར་ཏེ་དགྲ་ཡང་རྩི། །མི་བཙན་རྫུན་དུ་སྨྲས་པའི་ཚིག་མི ་བཙུན། །སྨྲ་མི་ཉན་པའི་དག་ཏུ་སྨྲ་བ་བླུན་པོ་ཡིན། །རང་ཤེས་ཆུང་བ་ཡོན་ཏན་ཅན་ལ་སྨོད་པ་ངན་པ་ཡིན། །ཕ་མེས་ཡོན་ཏན་སྨོས་ཤིང་རང་བུ་ངན་པ་ལོ་ཉེས་ཡིན། །ཁོང་གྱོང?་གཉེན་ལ་སྡང་བ་བུ་ལོན་བྱོལ་སོང་ཡིན། །བྱས་པ་མེད་པ་རང་མཐོང ་ཆེ་བ་གླེན་པ་ཡིན། །བཅོལ་བ་མེད་བའི་ལས་ལ་འཇུག་པ་སྨྱོན་པ་ཡིན། །ཟ་དོར་འཁྲུག་ངན་བྱེད་པ་ཕུང་བ་ཡིན། །བསྒོམ་ཆེན་རྣམས་ལ་བརྫངས?་པ། །ཚུལ་འཆོས་མི་བྱ་ཤེས་པའི་ས་མི་བཟུང། །སྡེ་སྣོད་གསུམ་པོ་ཀུན་ལ་ལྟ་རྟོག་བྱ། །བལྟས་པའི ་ཚིག་ལ་མི་རྟག་དོན་ལ་དབྱད། །ལུང་ལ་མཁས་པའི་སློབ་དཔོན་རྣམས་དང་འགྲོགས། །སྒོམ་ཆེན་ཡིན་ཞེས་ཕུག་ཏུ་ཡོད་མ་འདུག། །ཡིད་ཆེས་མེད་པར་བསྒོམ་པར་ཚུལ་མི་བཅོས། །ཐེ་ཚོམ་བཅད་ཅིང་མཁས་པའི་ཞལ་ཡང་ལྟ། །ཐེ་ཚོམ་ཆོད་ཅིང ་བློ་ལ་སྣང་བ་དང། །སྒོམ་པའི་གོལ་སྒྲིབ་ཆོད་རིང?་དོན་ཤེས་ཤིང། །རུས་སྦལ་ཁོ་གོར་ནང་ན་འདུག་པ་དང། །བརྐྱང་བསྐུམ་འདུག་འགྲོ་གཞན་གྱིས་མོ་མཐོང་ལྟར། །འཁོར་གྱིས་སླེབ་སར་མ་ཡིན་དབེན་པར་འདུག། །སྙིང་པོ་དོན་ལས་ཉིན་མཚན་འབྱུང་མི་བྱ། །ཆུང་མ་གཤིན ་ཡང་བསྒོམ་གཡོག?་བྱ་བ་མིན། །འདུ་ལོང་ངན་པར་འཁོར་དུ་བསྟེན་མི་རུང། །ངང་སེམས་དཔང་དུ་བཙུགས་ལ་ཡི་དེས་མི་བྱ། །གཡེང་དང་ཕྱིར་རྨུགས་ཡོང་ཞིག་ཡོང་གྱུར་ན། །ཆུལ?་འཆོས་མི་བྱ་བླ་མ་རྣམས་ལ་དྲི། །ཐམས་ཅད་མཉམ་པའི་སྙིང་པོར་གྱུར་པའི་རྟགས།། ་གཅིག་ལའང་ཆགས་ཐོགས་མི་མངའ་མཉམ་པར་འགྱུར། །དེ་འདྲའི་སྒོ་མཆེན?་སངས་རྒྱས་རྣམས་དང་མཚུངས། །དུས་མི་རྟག་ཏུ་སེམས་ལ་གདམས་ངག་འདི། །བསྒོམ་ཆེན་རྣམས་གྱི་སེམས་ལ་ཤར་བར་སྨིན། །སྤྱིའི་བཎྜེ་རྣམས་ལ་བརྫངས?་པ། །མི་དགེ་བ་ཅུ་སྤངས ་དགེ་བ་བཅུ་ལས་ནི། །ལུས་ངག་ཡིད་གསུམ་དུས་བཞིར་གཡོར་མི་བྱ། དམ་ཆོས་ཟབ་མོའི་ཕྱིར་ནི་སྲོག་གི་བོར། །མཁས་སུ་རེ་ཞེས་ཞེས་པའི་ས་མི་བཟུང། །བདག་གིས་ཞེས་ཀྱང་ཐེ་ཚོམ་གཞན་ལ་དྲི། །ཆོས་ཀྱི་སྲེད་པ་ས་གསུམ་སེམས་པ་བཞིན། །ངོམས་པར ་མི་བྱ་ཤེས་རབ་གསུམ་གྱིས་བརླབ། །དེས་པར་རང་ལ་མེད་པར་གཞན་མི་བསླབ། །བྲུང?་བ་རྣམ་གསུམ་ཞིང་ཚིགས་བཞིན་དུ་སྒྲུབས། །རྡོ་རྗེ་སློབ་དོན་ཡི་དམ་ལྷ་ལྷར་བཀུར། །མན་ངག་ཟབ་མོ་མིག་གིར་འབྲས་ལྟར་གཅེས། །ཐེག་པ་ཀུན་ལ་མཁས་ཀྱང་གསང་ཐེག ་ལ། །གཞན་ཤེས་དེ་ལ་མ་འབྱོར་བནདེ་ནི། །ཐེག་གཞན་ཤེས་ཀྱང་གསང་ཐེག་མ་འབྱོར་ན། །གསེར་འདོད་བོང་བ་རྙེད་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་སྐྱེ་རྒྱུད་མཆོད་པར། །བ་ཚུན་པར་སྐྱེ་རྒྱུད་གཅོད་པ་སྙིང་རེ་སྡེ། །ཉོན་མོངས་མ་སྤོངས་བཙུན་པ་གཉིས་མི་ཕྲུགས། །ས ་བོན་རུལ་བའི་འབྲས་བུ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་དུག་སྡོང་མ་བསྒྱེལ?་བར། །སྒུར་ནས་ལྷ་ཕྱག་འཚལ་བ་སྙིང་རྗེ་རྗེ། །དུག་སྡང་མ་སྒྱེལ?་ཟ་བསྲུངས་གཉིས་མི་ཕྲུགས?། །སྐྱེར་ཚེ་དར་གྱིས་ཕུར་བ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་དབྱིངས་སུ་མ་བསྐོར་བར། ། ་མཆོད་རྟེན་བསྐོར་བ་བྱེད་བ་སྙིང་རེ་རྗེ། །ཆོས་དབྱིངས་མ་མཐོང་བསྐོར་བ་གཉིས་མི་འཕྲུགས?། །མར་འདོད་ལྷ་ཁང་ཀྱིས་བསྐོར་ཏྲི?་བཞིན་ནོ། །ཉོན་མོངས་ལྔ་པོ་རྣམ་པར་མ་དག་བར། །གདོང་བཀྲུས་ལག་པ་བསྙལ?་བ་སྙིང་རེ་རྗེ། །རྣམ་པར ་མ་དག་འཁྲུ?་བ་གཉིས་མི་འཁྲུགས། །བྲེ་ཀ་ནས་ཀྱི་བཅད་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་ཞི་བར་མ་བྱས་པར། །ཆོས་ཉིད་ཞི་བར་ལྟ་བ་སྙིང་རེ་རྗེ། །ཞི་བར་མ་བྱས་ལྟ་བ་གཉིས་མི་འཕྲུགས?། །ཆར་མ་རྣམ་སྡོང་ལྗང་བུ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ ་མགོ་བོ་མ་བྲགས་པར། །མགོ་ཟླུམ་དབུང་ཟླམ་བྱེད་པ་སྙིང་རེ་རྗེ། །ཉོན་མོངས་མ་བྲེགས་མགོ་ཟླུམ་གཉིས་མི་འཕྲུགས?། །མུན་ནག་ནང་ན་རྫས་ཆོས་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་དུལ་བར་མ་བྱས་པར། །ཕ་རོལ་དགྲ་དབུང་འཇོམས་པ་སྙིང་རྗེ་རྗེ། །དུལ ་བར་མ་བྱས་དགྲ་བཅོམ་གཉིས་མི་འཕྲུགས?། །རི་གཟར་རྣ་བ་ཤེར་འཛིན་བ་ཇི་བཞིན་ནོ། །ཆོས་ཉིད་བབ་མོ་ལྟ། བས་ཀློང་དུ་བྱ། །སྤོང་པས་འགྲོ་དོན་བསམ་གཏན་རྒྱུན་ནི་གཅོད། །ཡེ་ཤེས་རོལ?་གྲིས་སྐྱེ་རྒྱུད་བཅད་པར་རིགས། །ཉོན་མོངས་ལྔ་པོ་ལྔ་རབ? ་བ་གནས་སུ་བསྟིམ། །ཡང་ལྡང་ཡང་ལྡང་བྱེད་ན་ཆོས་ཉིད་བསམ། །མཉམ་པའི་དོན་བས་ས་པའི་གཏན་ལ་གཞུག། རང་དབང་མེད་པར་གཞན་དབང་བསྐུར་མི་བྱ། །འདུས་གསུམ་ཆོས་ཀྱི་མཚན་ཉིད་བློ་ལ་བཞག། གསང་སྔགས་ཟབ་མོ་གྲོང་ཡུལ་མ་ལ ་ནི། །བསྟན་པར་མི་བྱ་རྔ་དྲིལ་ཡོངས་མི་རུང། །ཡས་ར་ཡས་ལུགས་མ་ཁས་ཤེས་བསད་མི་བྱ། །ཕོ་མོ་མང་པོའི་ནང་དུ་འདས་པ་བྱེད་པ་ཁྲེལ། །ཟས་ནོར་གསང་སྔགས་མོ་ཡོན་དུ་འཚོང་པ་སྨྱོས?། །གསང་སྔགས་བསམ་གཏན་ཡི་དམ་ཉིད་དུ་ཉོ་ཚོང ་བྱེད་པ་མེད། །བནདེའི་རང་བཞིན་གྲོང་གི་དབུས་མི་འདུག། ཚོང་ལ་མི་བཟའ་སྡིག་པའི་རྨང?་གཞི་འགྲོ། །ཕོ་བ་མི་བྱ་ཆུང་མའི་དད་ཀྱང་བསྐྱུར། །བེའུ་མང་མོ་མི་བསྲེལ?་སྡིག་པའི་རྒྱུ། །ཉིན་མཚན་མེད་པར་འགྲོ་དོན་བྱེད་འདོད་པས། །རང་སེམས་དག་ན་འདོད ་བའི་དོན་ལ་འགྲུབ། །མི་ནག་སྐྱེ་བོ་མང་པོའི་འགྲོ་དོན་ཡང། །ཚོད་ཡོད་མི་བྱ་བསམ་གཏན་ཉིད་དུ་བྱ། །འདི་རྣམས་མ་ནོར་ཤེས་པ་བནད་ཡིན། །ཉིན་རེ་བཟླས་པ་མི་བཅང་སྐྱོད་དུ་བ་ཀྱང་མི་བྱ། །རྩེ་གཅིག་དང་དུ་བླང་སླ་བྱ་བ་ཡིན། །མཁས་པའི་རང་བཞིན་དོན་ལ་མཁས་པ་ཡིན།། ་ཚིག་ལ་མཁས་པ་ནི་ཙོ་ཚིག་ཟློས་མཁས། །རྩེ་ཅིག་ཡང་དག་བདེན་པའི་རླུང་ལས་ནི། །རང་སེམས་དབང་དུ་བཙུགས་ལ་ཉམས་མི་བྱ། །ཉིན་མཚན་མེད་པར་ཆོས་ཀྱི་དོན་ལ་ནི། །དུས་གསུམ་འདུ་འབྲལ་མེད་པར་ཏིང་འཛིན་བྱ། །ཤེས་པ་ཆེ་ཡང་མཁས་པའི་ས་མི་བཟུང།། ་རྡོ་རྗེ་སློབ་དོན་ཡི་དམ་ལ་བཞིན་དུ། །ཁུར་ཞིང་རྩེ་ཅིག་ཡི་དམ་ཉིད་དུ་བྱ། །དེ་དང་མི་འབྲལ་རྩེ་གདུང་ཆེ་མར་འགྲོགས། །བདེན་པ་སྟོན་པའི་རྡོ་རྗེ་སློབ་དཔོན་ནི། །མིག་གི་འབྲས་ལྟར་བཀུར་བའི་རང་བཞིན་ལ། །གཡོག?་འཁོར་ངན་པ་སློབ་དཔོན་སྤོང་བྱེད་པ། །ཉན ་བྱེད་མ་དེ་བླུན་པོ་སྤྲེའུ་ཞེས་བྱ། །འདི་རྣམས་བདག་གིས་མདོ་ཙམ་བསྟན་པ་འདི། །བོད་ཀྱི་རྒྱལ་ཁམས་བནདེའི་སེམས་ལ་ནི། །གདམས་ངག་འདི་ནི་ཤར་བར་སྨོན། །སློབ་དཔོན་ཆེན་པ་སངས་རྒྱས་གསང་བས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རྗེ་འབངས་དང། བོད ་བཙུན་རྣམས་ལ་བརྫངས་པའི་སྤྲིན་ཡིག་གོ། །།དད་སྐྱེད་སྒྲོལ་མ་བཞུགས།། །།སེམས་ཅན་དམ་པའི་ཆོས་ལ་དད་པ་བསྐྱེད་པར་མཛད་པའི། །དད་པ་བསྐྱེད་མཛད་བླ་མ་དམ་པ་དང། །མོས་པས་ཡོན་ཏན་འབྱུང་བའི ་