| Wylie | e-texts based on the ACIP/ALL Input |
བཤད་པ་ཚིག་གསལ་བ་ཞེས་བྱ་བ། སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ་སློབ་སྤྲིང་འགྲེལ་བ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤི་ཥྱ་ལེ་ཁ་ཊཱི་པ་ན། བོད་སྐད་དུ། སློབ་མ་ལ་སྤྲིང་པའི་འཕྲིན་ཡིག་གི་བཀའ་འགྲེལ་ཇོ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སློབ་མའི་སྤྲིང་ཡིག་རྟོགས་དཀའ་ ་བའི། །ཚིག་རྣམས་གསལ་བར་བྱས་པ་ཡིས། །སྐྱེ་རྨོངས་མི་ཤེས་སྤང་པའི་ཕྱིར། །དཀའ་འགྲེལ་བདག་གིས་བྲི་བར་བྱ། །འགྲོ་བ་རྣམས་ལ་སྙན་པར་གྲགས་པ་ཡི། །ཟླ་བར་གྲགས་པའི་སློབ་མ་དཔའ་བོ་རིན་ཆེན་གྲགས་ཞེས་བྱ་བ་བློན་པོས་རྒྱལ་སྲིད་ཀྱི་དོན་དུ ་ཁྲིད་པ་ལ། དཔལ་ཙནྡྲ་གོ་མིའི་ཞལ་སྔ་ནས་ཀྱི་ཕྲིན་ཡིག་འདིས་བཟློག་གོ་ཞེས་པ་ནི་གདམས་ངག་གོ་།དེ་བཞིན་གཤེགས་པ་གང་གིས་སྔོན་གྱི་མཛད་པ་སྤྱད་པ་རྣམས་རབ་ཏུ་བསྙད་པས་འདུད་ཀྱིས་བུ་མོ་རྣམས་ཀྱིས་བཞིན་པདྨའི་ནགས་ཚལ་དག་ཟུམ་པར་བྱེད་པ་སྟེ། སྔོན་གྱི་མཛད་པ་ནི་སྔོན་སྤྱད? ་པ་སྟེ། དེར་སྤྱད་པར་མཛད་དོ། །རབ་ཏུ་བསྙད་པ་ནི་དབྱངས་ཀྱི་སྦྱོར་བས་བསྙད་པའོ། །ལྷ་མོ་ནི་ལྷའི་ཁྱིམ་ཐབ་མོའོ། །དུས་ཡང་འདི་ལྟར་རོ། །ཟུམ་པར་བྱེད་པ་ནི་ཀུན་ནས་ཟུམ་པར་བྱེད་པའོ། །བདུད་ནི་འདོད་པའི་ལྷ་ལ་སོགས་པའོ། །བཀྲ་ཤིས་ནི་ཕན་པ་དང་བཀྲ ་ཤིས་པར་བྱེད་པའོ། །ཡིད་དུ་འོང་བ་ནི་བསྔགས་པ་དང་ཡིད་བདེ་བར་བྱེད་པའོ། །སྐུ་ནི་ལུས་གང་ཡིན་པའོ། །ཤིན་ཏུ་ནི་མཆོག་ཏུའོ། །རྨད་དུ་བྱུང་བ་ནི་ངོ་མཚར་བའོ། །ཤིན་ཏུ་ཡང་ཡིན་ལ་རྨད་དུ་བྱུང་བ་ཡང་དེ་ཡིན་ནོ། །གང་གིས་འཇིག་རྟེན་པ་རྣམས་ཀྱི་མངོན ་པར་འདོད་པ་རྫོགས་པ་ནི་ཡིད་ལ་རེ་བ་ཐོབ་པའོ། །གཞན་དོན་རོ་ནི་གཞན་དོན་མཆོག་ཏུའོ། །གཅིག་པུ་གཉིས་སུ་མེད་པ་ཡང་ཡིན་ལ་སྤྱོད་པ་ཡང་དེ་ཡིན་པས་གཞན་དོན་རོ་གཅིག་པར་སྤྱོད་པའོ། །དབུ་ཅོད་པན་ཅན་ཉིད་ཀྱི་པདྨ་ནི་སྤྱན་གྱི་པདྨའོ། །བྱེ་བ་ནི་ཁ་བྱེ ་བའོ། །དེས་ན་སྤྱན་གྱི་བ་པདྨ་སྟེ་དེའོ། །རང་བཞིན་ནོ། །ཁེབས་པ་ཉིད་ནི་གཉིས་མེད་པའོ། །གདུགས་དཀར་པོ་གང་ཡིན་པ་ཇི་ལྟར་རལ་གྲི་སོ་བདར་བས་ལུས་ཅན་སྡུག་བསྔལ་སྐྱེ་བར་བྱེད་པ་སྟེ། དེ་བཞིན་དུ་ས་གཞི་ཡང་གཞན་གྱི་ལོངས་སྤྱོད་པ་དང་ལྡན་པ་སྡུག་བསྔལ ་བའོ། །བདེ་བ་ནི་དགའ་བའོ། །སྡུག་བསྔལ་ནི་མི་བཟོད་པའོ། །གང་ཞིག་ཐུགས་རྗེ་ཆེན་པོའི་ཡོན་ཏན་བསྐུན་པ་འཛིན་པའོ། །སྤངས་པ་ནི་བྲལ་བར་གྱུར་པ་སྟེ། དེ་ལྟ་མོད་ཀྱི་དེའི་སྡུག་བསྔལ་དང་བདེ་བ་ཞེས་སྨྲས་སོ། །དེ་ཉིད་ཅེས་བྱ་བ་ནི་ཉོན་མོངས་གང་ཞིག ་བདེ་བ་དང་སྡུག་བསྔལ་བས་ཀྱང་དེ་ཉིད་དེའི་བདེ་བ་དང་སྡུག་བསྔལ་བ་སྟེ་རང་གི་རྒྱུད་དེ་དེ་ཡིས་སོ། །འཇིག་རྟེན་མངོན་པར་འདོད་པའི་རེ་བ་ནི་དེ་མཆོག་ཏུ་སྒྲུབ་པར་བྱེད་པའོ། །གསལ་འབྱུང་ནི་གང་ཞིག་ཤར་བས་སོ། །དེའི་ཕྱོགས་གཅིག་ནི་ཡང་ཟླ་བ་ཕྱེད ་དོ། །དཀར་པོ་ཡང་ཡིན་ལ་ཕྱོགས་གཅིག་ཀྱང་དེ་ཡིན་པས་སོ། །དེ་ལ་ཡོངས་སུ་རྫོགས་པ་ཡང་ཡིན་ལ་ཡོན་ཏན་ཡང་དེ་ཡིན་པས་དེས་བསལ་བའོ། །ཉེས་པ་ནི་མཚན་མོའོ། །འདོད་ཆགས་ལ་སོགས་པ་ཡང་ཚུལ་ཁྲིམས་ཀྱིས་རིང་དུ་སྤོང་བའོ། ་ཡིད་དུ་འོང་བ་ནི་གང་དུ་དེ་ཡིས་ཡིད་དགའ་བར་བྱེད་པའོ། །རབ་ཏུ་གསལ་བ་ནི་གསལ་བར་བསྐྱེད་པ་ཞེས་བརྗོད་དོ། །གཙུག་ནི་སྤྱི་བོའོ། །ལྟ་བུ་ནི་མཚུངས་པའོ། གདེངས་ཀ་ཉིད་ནི་གང་ཞིག་གི་མགོ་བོ་ལ་ལུས་ཀྱི་རྟགས་ཡོད་པའོ། །བཟང་པོ་ནི ་ཐར་པ་བགྲོད་པར་བྱེད་པའི་ཕྱིར་རོ། །འཕན་མེད་པ་ནི་ཉམས་པ་མེད་པའོ། །རྣམ་པར་དག་པ་ནི་བསམ་པའི་སྟོབས་སོ། །ཚུལ་ནི་ངང་ཚུལ་ལོ། གང་ཡིན་པ་ནི་ཅི་ཞིག་སྟེ། བསྟན་པ་དེ་ནི་དཀའ་ཨོ། །སའི་གཏིང་ན་གནས་པ་ནི་གནས་གང་ན་རབ་རིབ་མི་ཤེས ་པ་སེལ་བར་མཛད་པ་སྟེ། དེ་སྤོང་བར་བྱེད་པའོ། །ཆོས་ཉིད་ནི་འབེབས་པར་བྱེད་པས་སྤྲིན་ཏེ། རྒྱུན་འབྱིན་པར་བྱེད་པའོ། །གཡོས་པ་ནི་སྐྱེས་པའོ། །ཆོས་ཉིད་ནི་བདུད་རྩི་སྟེ། ཆོས་ཀྱི་བདུད་རྩི་ནི་ལེགས་པར་སྤྱོད་པའོ། །རོ་གཅིག་པ་ནི་རང་བཞིན་སྟེ ་གང་ཞིག་ནི་ཆར་ཆུ་ཕབ་པས་སོ། །དེ་དག་གིས་གདུངས་པ་བསལ་བ་ནི་མྱ་ངན་ལས་འདས་པའོ། །སྣོད་ཉིད་ནི་གཞི་ཉིད་དེ་རྟེན་ནོ། །རྟེན་དེ་ཡིས་བཅུད་དེ་སྣ་ཚོགས་པར་འགྱུར་བ་སྟེ། ཉན་ཐོས་ལ་སོགས་པའི་དབྱེ་བས་སོ། །སྣོད་ཡངས་པ་དང་ཟབ་པ ་ནི་གཞོལ་བའོ། །དྲི་མ་མེད་པ་དང་གསལ་ནི་སྤས་པ་མ་ཡིན་པའོ། །གནས་ནི་སེམས་ཀྱི་གནས་གང་ཡིན་པ་འམ། །བཟོད་པ་ནི་དེ་གཞན་གྱི་གནོད་པ་བྱེད་པ་བཟོད་པ་ཞེས་བྱའོ། །དེ་ཞེས་བྱ་བ་ནི་ཆོས་ཀྱི་བདུད་རྩིའོ། །སྐྱེས་བུའི་གཟུགས་བྱང་ཆུབ་སེམས་དཔའ་དེ་ཉིད ་མཚོ་ཆེན་པོ་ཞེས་བྱ་བའོ། །ཐོབ་པར་བྱེད་པ་ནི་ཐོས་པས་སོ། །མཐུན་པ་ནི་བསམ་པས་སོ། །འཛིན་པར་བྱེད་པ་ནི་བསྒོམས་པས་སོ། །ཆེན་པོ་ཡང་ཡིན་ལ་དྲི་ང་བ་ཡང་ཡིན་པས་དུག་ཆེན་པོའོ། །ཡུན་རིངས་ནད་ཀྱིས་ཐེབས་པ་ནི་ཉན་པའི་ནད་ཀྱིས་བཏབ་པའོ། །སྨན ་ཆེན་པོ་ནི་བདུད་རྩིའོ། །གང་ཞིག་གཟུང་ནས་ཡང་འདོར་བ་ཞེས་བསྟན་པ་ནི་གང་གི་ཕྱིར་བསྟན་པ་གཅིག་པུ་གཉིས་སུ་མེད་པའི་མིག་གོ་།དྲི་མ་ནི་མིག་སེར་ལ་སོགས་པའོ། །ས་གསུམ་ན་གནས་པ་ནི་ས་གསུམ་མོ། །གཏི་མུག་ནི་མི་ཤེས་པ་སྟེ། གསོ་བ་ནི་རོལ ་པར་བྱེད་པའོ། །རྨད་དུ་བྱུང་བ་ནི་གང་ཞིག་ངོ་མཚར་བའོ། །ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པའི་གཞི་རྣམས་ལ་གནས་པའི་རབ་ཏུ་བྱུང་བ་ལ་སོགས་པའི་བཅས་པ་རྣམས་སྤངས་པའོ། །ངེས་པ་ཞེས་པ་ནི་རིམ་པ་ཐ་དད་པའོ། །བྱང་ཆུབ་ཉིད་ནི་སྦྱོར ་བའོ། །དེའི་ཁང་བཟང་འཛེག་པར་བྱེད་པ་ནི་སྐས་ཀའོ། །དེའི་ལམ་ནི་བགྲོད་པར་བྱེད་པའོ། །གནས་དེ་ཉིད་དུ་ངེས་པར་འཛེགས་པས་སོ། །དེ་ཉིད་དུ་རྐང་པ་ལ་བརྟེན་ནས་འཛེགས་པར་བྱེད་པ་སྟེ། གོ་འཕང་ནི་ལམ་གྱི་ཁྱད་པར་དུའོ། །མཐོ་བ་ནི་ཆེ་བའོ། །ས་ནི ་མི་དགེ་བའི་གནས་སོ། །ཕྱིན་གྱུར་ནི་སྐྱེད་པར་བྱེད་པའོ། །ལྡོག་པར་བྱེད་པ་ནི་ཐོབ་པ་སྤོང་བའོ། །སྐྱེ་བ་ཞེས་བྱ་བ་ནི་སྐྱེས་པའོ། །ཚུལ་ཁྲིམས་ཉིད་གཟིངས་ཏེ་ལག་དུ་འོངས་པའོ། །འབྲོག་དགོན་ནི་འཇིགས་པ་དང། བགྲོད་དཀའ་བའོ། ཡུན་རིང་བ་ནི་དུས ་སོ། །འཕགས་པ་ནི་དྲང་བའོ། །བྲལ་བ་ནི་དབེན་པའོ། །ཤིན་ཏུའི་སྒྲ་ནི་མཆོད་པར་བྱེད་པ་བཀག་པ་སྟེ། བཟང་པོའི་ལམ་ནི་བཟང་པོ་ཞེས་བྱ་བར་འགྱུར་རོ། །རྒྱལ་བའི་ཡོན་ཏན་རྣམས་ཀྱིས་ཕྲེང་བ་ནི་ཕྲེང་དུ་སྤྱད་བ་སྟེ། རྒྱལ་བའི་ཡོན་ཏན་ཞེས་བྱ་བ ་གཞུང་ཁ་ཅིག་ལས་བརྗོད་དོ། །གཉུག་མའི་ཐོབ་པ་ལས་བར་མ་དོར་འདོར་བ་ནི་དམྱལ་བ་ལ་སོགས་པའོ། །དེར་ལྟུང་བ་ནི་ཇི་ལྟར་འགྱུར་བ་དེ་ལྟར་འོག་ཏུ་ལྟུང་བར་འགྱུར། ཤུགས་དྲག་ནི་མྱུར་དུའོ། །འཁོར་བས་ན་འཁོར་བ་སྟེ། དེ་ཉིད་རིའོ། །དེའི་སུལ ་ནི་དམའ་བ་འམ་གཞོལ་བའི་ཕྱོགས་སོ། །དེའི་ཁྲོད་ནི་གསེབ་དུའོ། །དེ་ཉིད་ནི་གཡང་སར་ལྷུང་བའི་གནས་སོ། །དེའི་ཕྱིར་དམ་པ་ནི་གཙོ་བོ་སྟེ་མཆོག་ཏུ་བརྩོན་པའོ། །མུན་ནག་ཐིབས་པོ་ནི་གང་དུ་མི་ཤེས་པས་སོ། །གཅིག་པུ་ཡང་ནི་དགེ་བའི་བཤེས ་གཉེན་གྱིས་དབེན་པར་ཡང་འདི་དག་བྱའོ། །ཞེས་ངེས་པར་རྟོགས་པར་བྱེད་པ་སྟེ། ལས་དང་བྱ་བ་རྣམས་སེམས་ཀྱིས་ཡང་དག་པར་བརྟག་པའོ། །ལྷན་ཅིག་ནི་མཚུངས་པར་རོ། །འགྲོགས་པ་ནི་དུས་ཤེས་པའི་དོན་ཏོ། །ས་ནི་འགྲོ་བ་སྟེ། དེ་ཉིད་ནི་དཀྱིལ་འཁོར ་རོ། །དེའི་གཙོ་བོར་གྱུར་པ་ནི་ཅོད་པན་དུ་གྱུར་པའོ། །འགྱུར་བ་ནི་ཐོབ་པའོ། །བླ་མ་ནི་ཆེན་པོ་ཉིད་དོ། །ངོ་ཚ་ནི་འཛེམ་པའོ། །ཡ་རབས་ནི་ཡང་དག་པའི་ལམ་ལ་གནས་པའོ། །དག་པ་ནི་དྲི་མ་མེད་པའོ། །གཟི་བརྗིད་དང་ལྡན་པ་ནི་མཆོད་པར་འོས་པའོ། །སྲོག་ནི་ཆེའོ། བདེ ་བླག་ཏུ་ནི་འདིས་སོ། །བདེན་པ་ནི་དོན་ཇི་ལྟ་བ་བརྗོད་པའོ། །དེ་ལ་གནས་པ་ནི་གནས་པར་བྱེད་པའོ། །དགའ་བ་ནི་མཆོག་ཏུ་འཛིན་པའོ། །དམ་བཅས་ནི་ཡང་དག་པའི་ལམ་དུ་བཟུང་བའོ། །དབྱེ་བ་ནི་སྨོད་པའོ། །སྡིག་པའི་འགྲོ་བ་དང་ལམ་ནི་ལམ་པོ་ཆེའོ། །ཆོས ་ཀྱི་རང་བཞིན་ནི་ཆོས་ལས་བྱུང་བའོ། །རྒྱ་ཆེ་བ་ནི་ཡངས་པའོ། །ཐོབ་པ་ནི་བརྒྱན་པའོ། །འཁོར་བ་ཉིད་བགྲོད་དཀའ་བའི་ཕྱིར་རྒྱ་མཚོའོ། །ལྡོག་པ་དང་འཇུག་པར་བྱེད་པ་སྟེ་དེ་ཉིད་གར་མཁན་འདྲ་བའོ། །དགའ་བ་ནི་འདོད་པའོ། །དེས་ན་ཀློང་འཁྱིལ་ཏེ་གཡོབ ་པའོ། །འཁོར་བ་ཉིད་ནི་འཁོར་ལོ་སྟེ། འཁོར་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །བརྒྱ་ཕྲག་ཏུ་ནི་རྣམ་པ་བརྒྱའོ། །མི་བཟད་པ་ནི་བཟོད་པར་དཀའ་བའོ། །འགགས་པ་ནི་གང་བའོ། །འདུག་པ་ནི་ཉེ་བར་གྱུར་པའོ། །འཐིབས་པོ་ནི་མང་པོས་སོ། ཞུགས་ནས ་ནི་རབ་ཏུ་ཞུགས་ནས་སོ། །མནག་པ་ནི་ཉམས་སུ་མྱོང་བས་སོ། །སྡུག་བསྔལ་ནི་མི་བཟོད་པས་སོ། །ལུས་ཡོངས་སུ་བསྐུམ་པས་ནི་ལུས་ཀུན་ནས་ཟླུམ་པོར་བྱས་པའོ། །དེར་ཞེས་བྱ་བ་ནི་མངལ་དུའོ། །དེ་ཞེས་བྱ་བ་ནི་སེམས་ཅན་ནོ། །གནས་པ་ནི་བཅིངས་པས་སོ། །མངལ ་ནི་མངལ་ཏེ་ལུས་གང་ཞིག་མངལ་གྱི་ནང་དུ་དཀྲིས་པའོ། །བོད་པ་ནི་ཆེན་པོས་སོ། །མངལ་གྱི་གནས་སྐབས་སུ་སྔོན་གྱི་དྲན་པར་བྱེད་པ་ནི་ཇི་ལྟར་རྨ་ལ་བྱེད་པ་བཞིན་དུ་སྤོང་བར་བྱེད་པ་སྟེ། དེ་བཞིན་དུ་མངལ་གྱི་སྐྱོན་སྐྱུགས་པ་དང་འདྲ་བ་བཞིན་དུ་སྤོང་ངོ། །དེ་ནས ་ཐ་དད་དུ་རྡོལ་ནས་དེ་ནི་མངལ་གྱི་གནས་ན་སྲ་བས་ཏིལ་མང་བཙིར་སྤྱད་བཞིན་དུ་སྲ་བས་ཏིལ་མར་བཙིར་བ་ལྟར་བྱས་པས་སོ། །དེ་ནས་ནི་དེ་ལྟ་བུའི་རྣམ་པ་སྡུག་བསྔལ་ཉེ་བར་ལོངས་སྤྱད་ནས་གང་ཞིག་ཐོབ་པ་ནི་སྐྱེ་བའོ། །མི་འཕོངས་པས་ནི་བརྩེ་བས་སོ། ། ་ཉེས་པར་སྤྱད་པས་ནི་བྱ་དཀའ་བ་ཞེས་བྱའོ། །དར་ལ་བབ་པ་ནི་རི་སུལ་གྱི་གསེབ་བོ། །ཡུལ་གྱི་སྤྲུལ་དུག་ནི་ཀུན་ཏུ་ཞེན་པས་སོ། །དེ་ཉིད་ནི་ཡུལ་ཏེ་དེའི་གནས་པས་སོ། །དེ་ནས་ཀྱང་ཞེས་པ་ནི་རི་སུལ་ནས་སོ། །ལྷུང་བ་ནི་ངན་འགྲོར་རོ། །བསམ་རླག་ནི་མ་སྨིན་པའོ།། ་མིག་གཙིགས་པ་ནི་ཕྱིན་ཅི་ལོག་གོ་།འཆི་བ་མེད་པ་ནི་འཆི་བ་དང་བྲལ་བ་སྟེ། གང་ལ་དགའ་བ་དང་འཆི་བ་དེ་དག་ཡོད་པ་མ་ཡིན་པའོ། །རོལ་པ་ནི་སྒེག་པ་དང་མཚུངས་པར་ལྡན་པའོ། །སེམས་པ་ནི་ཤེས་པའོ། །ལམ་མིན་པ་ནི་ལམ་བདེན་པའོ། །དེའི་ཕྱིར ་རྨོངས་པ་སྟེ་མི་ཤེས་པའོ། །བབ་དགུ་ནི་བྱ་བ་མངོན་སུམ་པའོ། །ཕྱེ་མར་རློག་པ་ནི་ལམ་ངན་པར་འཇུག་པར་བྱེད་པ་སྟེ། ཆུད་གསོན་པར་བྱེད་པས་སོ། །རྡོག་པས་མནན་པ་ནི་བྱ་བའི་གནས་སྐབས་སོ། །ཤིན་ཏུ་འདེབས་པ་བཞིན་དུ་འགྱུར་བ་སྟེ། དེ ་བཞིན་དུ་དགའ་བ་དང་བཅས་པས་སོ། །དེ་ནས་ཞེས་པ་ནི་གནས་སྐབས་གཞན་དུའོ། །མཐར་ཐུག་པ་ནི་དཔེའོ། །གཟུང་བ་ནི་ཟ་བའོ། །བོད་པ་ནི་ཆེན་པོས་སོ། །གང་ཞིག་ཞི་བར་བྱེད་པའི་ཐབས་མེད་པ་ནི་རྒྱུ་མེད་པའོ། །དགའ་བ་ཉིད་ཀྱི་རྗེས་སུ་སྐྱེས་པ་གང ་ཞིག་ནུ་བས་སོ། །ཡང་ན་དགའ་བ་ཉིད་ཟབ་ཞེས་བྱ་བའོ། །དེ་ནས་ནི་དེ་མ་ཐག་ཏུའོ། །བྱེ་བ་ནི་ལྷོད་པར་འགྱུར་བའོ། །ཚིག་རྣམས་ནི་མདུད་པའོ། །བློ་བསླང་པ་ནི་ཟད་པར་འགྱུར་བའོ། །ཉམས་འགྱུར་ནི་དམན་པར་འགྱུར་བྱས་སོ། །འགྲོ་བ ་ནི་དང་པའི་བྱ་བའོ། །ཟད་པ་ནི་ཆུང་ཟོས་པའོ། །འདི་ནི་ཀུན་ཏུ་འགྲོ་བའོ། །ཡོངས་སུ་ནི་ཀུན་ནས་སོ། །ཤིག་ཤིག་པ་ནི་ལྷོད་པའོ། །འཕེལ་བ་ནི་བརྟན་པའོ། །ཆགས་པ་ནི་རེ་བའོ། །རིམ་གྱིས་ཞུམ་ནས་ནི་མཐུ་མེད་པར་གྱུར་པའོ། །དབང་པོ་གང་ཞིག་ལ ་ཡུལ་འཛིན་པ་མེད་པས་སོ། །ཉམས་པ་ནི་བྲལ་བ་སྟེ། གང་ཞིག་ལ་ནུས་པའི་སྤྲོ་བ་མེད་པས་སོ། །ཆགས་པ་ནི་ཞེན་པའོ། །འགྲོ་བར་གྱུར་པ་ནི་ཐོབ་པ་ཞེས་བྱའོ། །གནས་སྐབས་ནི་གནས་སྐབས་སོ། །དེ་ནས་སྐབས་དེ་ནི་གལ་ཏེ་དམྱལ་བར་འགྱུར་བ་སྟེ། ་དེའི་ཚེ་དམྱལ་བའི་འཇིགས་པ་དང་བཅས་པ་ཉིད་ནི་འཇིགས་སུ་རུང་པ་ཉིད་དོ། །འདིས་ནི་སྡུག་བསྔལ་ཆེན་པོ་ཉིད་སྟོན་པར་བྱེད་པའོ། །འདི་ཞེས་པ་ནི་སྔར་བསྟན་པ་མ་བྱས་པའོ། །བྱས་པ་ནི་རྗེས་སུ་གནས་པའོ། །ཉམས་པ་ནི་ཆུད་ཟོས་པར་གྱུར ་པའོ། །འགྲོ་བ་ནི་འདོད་པའོ། །རྡོག་པས་མནན་པ་ནི་རྡོག་པའི་གནས་སྐབས་གང་ཡིན་པའོ། །དེའི་ཕྱིར་དེ་ལྟ་དེ་ལྟ་བུར་ཞེས་པ་ནི་དེ་ལྟར་ཡང་ཞེས་བྱའོ། །མཆོག་ཏུ་གདུང་བའི་རང་བཞིན་འདི་ཞེས་པས་ནི་ནིའི་རྐྱེན་ནོ། གནོད་པ་ནི་ན་ཚངས་སོ། །སྙིང ་རྗེ་ཡོད་པ་ཞེས་པས་ནི་ཨ་ཙའི་རྐྱེན་ནོ། །སྡུག་བསྔལ་ནི་ན་ཆ་སྐྱེས་པས་སོ། །ཕྱི་རྒྱུན་ཅན་ནི་ཕྱི་མའི་ཆུའོ། །དེའི་རྗེས་ལ་ནི་ལུས་སྤོང་བར་འགྱུར་རོ། ཡིད་དུ་འོང་བ་ཅི་འདོད་པའོ། །སྲུང་བ་ནི་སྐྱོ་བར་བྱེད་པའོ། །འབད་པ་ཡང་ཡིན་ལ་ལྷུར?་བླང་བ་མང་པོ ་དེ་ཡིན་པ་ཞེས་བྱ་བའོ། །ཆོས་ལ་སོགས་པ་དང་རང་འདོད་ཅེས་བྱ་བ་ནི་ཚིག་བསྡུ་བའོ། །གང་ཞིག་ཐ་དད་ནི་མི་འཚོ་བ་ནི་གནད་ཅེས་བྱའོ། །དེའི་གཤིས་ནི་གནས་སོ། །དེར་གང་ཞིག་གིས་བཟེད?་བར་བྱེད་པས་སོ། །མུན་རུང་ནི་མི་གསལ་བའོ། །ཤིན ་ཏུ་མི་བཟད་པ་ནི་ཤིན་ཏུ་མ་ཐུགས་པའོ། །ཚེ་དེས་འདེབས་པ་ནི་རུང་མོས་འདེབས་པའོ། །ཅོ་ཏ་ནི་སྐྲའོ། །ཕོ་ཉ་ནི་ཁྲོ་བའི་རྣམ་པའོ། །ཞགས་པ་ནི་ཐག་པའི་ཁྱད་པར་རོ། །དམ་དུ་བཅིངས་པས་ནི་བཅིངས་པས་སོ། །སྐྱེ་བོ་ནི་བཤེས་སོ། །རང་གིས་བྱས་པའི ་དུ་བ་ཉིད་སྒྲ་དེ་ཡིན་པའི་ཕྱིར་རོ། །གདིང་བ་ཉིད་ནི་གཡེངས་པས་སོ། །ཁྲིད་པར་འགྱུར་བ་ནི་ཁྱེར་བའོ། །མི་བཟད་པས་ནི་འཇིགས་པའི་ཚོགས་སོ། །མཚུངས་པར་དབྱུག་པས་བདའ་ཞིང་གང་དུ་ཁྲིད་པར་བྱེད་པའོ། །ཆུ་ཀླུང་ནི་ཆུས་གང་བའི་ཕྱོགས་སོ། །དེ ་དག་བར་མ་ཆད་པ་ནི་ཁེངས་པའོ། །དེར་བགྲོད་པར་བཀའ་བ་ནི་སྤྱད་པར་དཀའ་བའོ། །ནག་པོ་ཞེས་པ་ནི་གནག་པའོ། །ངན་འགྲོའི་འབྲས་བུ་བསྟན་པ་ནི་ཕྱིར་མཐོང་ནས་ནི་མངོན་སུམ་དུ་གྱུར་པའོ། །བཏུང་བར་འདོད་པ་ནི་བཏུང་བ་དོན་དུ་གཉེར་བའོ། །གང ་ཡིན་པ་ནི་ཆུའོ། །དེ་ཉིད་སྲ་བའི་ཆུ་ཡང་ཡིན་ལ་ཉ་ལྕིབས་མོས་ཡང་ཡིན་པས་དེ་དག་གོ་།ཚོགས་ནི་གཅིག་ཏུ་བྱས་པའོ། །དེའི་རྣག་སུངས་ནི་རྣག་ཅེས་བྱའོ། །དེའི་འདམ་རྫབ་བོ། །དེས་གང་བ་ནི་དེ་ལས་འཛེག་ཅིང་སྐྱེས་པའི་ཁྲག་དང་མི་གཙང་བའི ་ཆུ་ཉིད་ལས་འདྲེས་པས་སོ། །དུས་རླབས་ནི་དེའི་རླུང་འཁྲུགས་པས་སོ། །མཐར་ཐུག་པས་ནི་རི་རྩེའོ། །དེས་ན་བསིལ་བས་ནི་རི་རྩེའི་ཕྱོགས་གཅིག་གང་ཡིན་པའོ། །ཀུན་ནས་ཙན་དན་སྔོན་པོའི་ལྗོན་པ་གང་ཡིན་པའོ། །གང་གི་ཚེ་དེ་ལྟ་བུར་གྱུར་པའི་མ ་ལ་ཡང་སྡིག་པ་བྱེད་པའི་སེམས་ཅན་དང་ཕྲེང་བ་ན་དེའི་ཚེ་ནགས་བསྲེགས་མེ་ལྕེ་རྣོན་པོ་འཁྲིགས་པའོ། །རྩེ་མོ་ནི་འབར་བའོ། །དེ་ཡིས་དཀྲིགས་པ་ནི་དཀྲིས་པའོ། །དེའི་མགལ་དུམ་འགྱེལ་བའི་རྣམ་པ་མང་ངོས་ཀྱང། དེར་རང་རོང་ཅན་དུ་གྱུར་པ་སྟེ། ་མཐོ་བ་དང་དམའ་བར་གྱུར་པས་སོ། །འཇིགས་པ་ནི་འཇིགས་སུ་རུང་བའོ། །རླབས་ནི་རྒྱལ་བའོ། །དཔའ་ནི་ཀློང་ངོ། །དེ་དག་གྱེས་པ་ནི་དཔའ་རླབས་ལས་སྐྱེས་པའི་འགྱེས་པའོ། །དེས་སྐྱེས་པའི་དཔའ་དྲག་པོའི་དབུ་བ་ཉིད་ནི་གང་ཞིག་དགོད་པའི་སོ ་གཙིགས་པའོ། །ཚ་བས་གདུངས་པ་དང་རབ་ཏུ་གདུངས་པ་དང་འཕེལ་བ་དང་ལྡན་པའི་དོན་ཏོ། །རྩུབ་པ་ནི་སྡུག་བསྔལ་སྦྱིན་པར་བྱེད་པ་སྟེ། དེས་ན་འདི་ནི་མྱ་ངན་ཉིད་དོ། །དེ་ལ་སྤྲིན་ནི་ཚོགས་པའོ། །དེ་ལ་མཚུངས་པ་ནི་འཁོར་བའོ། །དེས་ན་བྱེ་ཚན ་རྩུབ་པ་ཡང་དེ་ཡིན་ལ་མྱ་ངན་ཡང་དེ་ཡིན་པས་རླུང་མར་གྱི་ཆུའི་ཕྱོགས་ཞེས་བྱ་བ་སྟེ། །དེའི་རང་བཞིན་ནོ། །དུག་མི་བཟད་པ་ཞེས་ཀྱང་ཁ་ཅིག་ལས་བརྗོད་དོ། །ཁུག་རྣ་ནི་རྒྱས་པའོ། །དམར་རྩུབ་པ་ནི་དམར་བའོ། །དེར་ཞེས་པ་ནི་རྒུད་པའི་གནས་སུའོ། ལྕགས ་མདའི་ཆར་ནི་ཆར་དུ་འབབ་པའོ། །དུང་འཐུལ་འདབ་མར་བཅས་པ་དག་ཏུ་འགྱུར་རོ་ཞེས་བྱའོ། །དེར་ཡང་རྡོ་རྗེའི་ཕ་བོང་འཕྲོ་བ་ཕ་བོང་སྟེ། དེའི་ཚེ་ཚ་འཕྲོ་བ་ནི་གང་དུ་མེའི་དུམ་བུ་སྟེ། ཕྲེང་བ་ནི་ཚང་དུ་དངར་བའོ། །དེའི་དམར་སེར་གྱུར་པའོ། །ཚ་བ་ནི་གདུང ་བའི་ཉེས་པ་སྟེ་སྡུག་བསྔལ་བའོ། །ཚར་འགྱུར་ནི་སྲེག་པར་བྱེད་པས་སོ། །ལྷགས་པ་ནི་བ་མོ་སྟེ་དེ་དང་འདྲེས་པའི་རླུང་དམར་རོ། །ཚ་བ་ཡང་ནི་མེ་ཡང་ངོ། །ལས་མི་བཟད་པ་ནི་ཤིན་ཏུ་མི་བཟད་པའི་ལས་སོ། །འགྱུར་བ་ནི་འབྲས་བུ་སྨིན་པའོ། ཁབ་ཀྱི་ཁ་ནི ་གང་ཞིག་གི་ཁའོ། །དཔག་ཚད་མང་པོ་ནི་གང་ཞིག་དཔག་ཚད་མང་པོ་དང་བཅས་པ་སྟེ། ལྟོ་བ་ཞེས་བྱ་བ་དང་སྦྱར་རོ། །དཔག་ཚད་མང་འཇིགས་ནི་འཇིགས་སུ་རུང་བ་སྟེ། གང་ཞིག་གི་ལྟོ་བ་ནི་ནད་དོ། །ཉམ་ཐག་པ་ནི་བསྒོམ་པས་གཟིར་བའོ། །འདི་ཁ་སྟེ ་དེའི་ཚ་བའི་དུགས་ཀྱིས་སོ། །ཡངས་པ་ཡང་ཡིན་ལ་མགྲིན་པ་ཡང་དེ་ཡིན་པས་སོ། །བསྐམས་པར་གྱུར་པ་ནི་ཆུའི་ཐིགས་པའོ། །དེ་ཉིད་ཕྱིན་པའི་ལྷུང་བར་གནས་སོ། །འགུགས་པ་ནི་ཀུན་ཏུ་འགུགས་པར་བྱེད་པའོ། །ཤིན་ཏུ་གང་བས་ན་གང་བའི་དོགས ་སོ། །རབ་མེད་དེ་ནི་དམྱལ་བའི་ཆུའོ། །བུལ་ཏོག་ནི་ཆུས་གང་བའི་དོགས་ནི་རབ་མེད་ཀྱི་དོགས་ཞེས་བྱའོ། །མི་བཟང་བཞི་མནག་དཀའ་བའོ། །རྩེ་མོ་ནི་མཛའ་ཨོ། །རྣོ་བ་ནི་ཤིན་ཏུ་རྣོ་བའོ། །མི་མཉམ་པ་ནི་འོག་སྟེ། གང་ན་རྡོའི?་ཕ་བོང་ཡོད་པའོ། །བདའ་བ་ནི ་བདས་པའོ། །རལ་པའི་ཚོགས་མང་བ་ནི་སྐྲའི་ཚོགས་བསྒྱིངས་པའོ། །ཁྱི་ཡང་ཡིན་ལ་བསྒྱིངས་པ་ཡང་དེ་ཡིན་ནོ། །ཁྱི་དེ་དག་གི་མཆེ་བ་ལྕགས་ཀྱུ་ཉིད་རྡོ་རྗེ་ཡིན་པས་རྡོ་རྗེའོ། །རྩེ་མོ་ནི་རྩེ་མོ་དེ་ཡིས་སོ། །དབང་པ་ནི་ལུས་གང་ཡིན་པའོ། །རྒྱུག་པ་ནི་སྐྲག་པར་ཤེས་པར་བྱ ་བ་སྟེ། གང་ཞིག་ཁྱད་པར་དུ་ལུས་གཏུབས་པས་སྐྱབས་མ་དམིགས་པའོ། །ལོ་མ་ཉིད་ནི་འདབ་མ་སྟེ། ལོ་མའི་འདབ་མ་དེའི་ནགས་ཚལ་ལོ། །དེ་ན་ཁྱད་པར་ཅི་ཞིག་ཅེ་ན། སྤུ་གྲིའི་སོ་གཏམས་པའི་མདབ་མའོ། །མདུང་དང་རྩེ་གསུམ་དང། མདུང་ཐུང་གི་མཚོན ་ཆའི་ཁྱད་པར་རོ། །མདུང་ཐུང་ནི་མདུང་ཐུང་ངོ། །ར་ལ་གྲི་ནི་རལ་གྲི་ཉིད་དོ། །དེ་ཉིད་དགོད་པ་དང་འདྲ་བར་ཡོད་པ་སྟེ། ཁྲོན་པ་གང་ཞིག་ཏུ་ཁྱད་པར་ཅི་ཞིག་ཅེ་ན། ཁ་སྟེ་བུག་པའི་སྒོའོ། །རྒྱལ་བ་ནི་གང་ཞིག་གཞན་ཕམ་པའོ། །ལྷུང་བ་ནི་ཉེ་བར་གྱུར་པའོ། ། ་གལ་ཏེ་ཞེས་པ་ནི་མཐུས་སོང་བའོ། །མཐུག་པ་ནི་བར་མཚམས་མེད་པའོ། །ལོ་མ་ནི་འདབ་མ་གང་ཡིན་པའོ། །ཉིན་ཚན་གྱིས་གདུངས་པའི་ཚ་བ་དེ་ཉིད་ཀྱིས་སྡུག་བསྔལ་མི་བཟོད་པ་སྟེ། བཟོད་པར་དཀའ་བའོ། །དེས་ཆད་པ་ནི་སྐྱོ་བའི་ལུས་གང་ཡིན ་པའོ། །ཤིང་དེ་དག་གི་ལོ་མ་ཉིད་ནི་མཚོན་ཆ་དེ་དག་སྟེ། དེ་དག་བརྒྱ་ཕྲག་ལྷུང་བས་གང་ཞིག་གི་ལུས་བཅད་པ་སྟེ། ཤིང་གི་རྩ་བ་དེ་ཉིད་དུའོ། །མཐར་ཐུག་པ་ནི་བས་མཛའ་སྟེ། ལྷགས་པ་ཡང་ཡིན་ལ་རྩེ་མོ་ཡང་དེ་ཡིན་པས་དེ་དག་བརྒྱ་ཕྲག་རྣམས ་སོ། །དེ་དག་ནི་མི་རྟག་པ་སྟེ། དེའི་ཕྲེང་བ་ནི་གྲལ་དུ་དངར་བའོ། །དེ་ཡིས་གཡེངས་པ་ཡང་ཡིན་ལ་འབར་བ་ཡང་ཡིན་པས་དེ་ཉིད་ལུས་ཏེ། དེས་ན་ལུས་ཀྱི་ཞགས་པས་སོ། །སོག་ལེ་བཞིན་དུ་རྩུབ་པའི་ལུས་ཤིན་ཏུ་རྩུབ་པ་འདི་དག་གིས་སོ། །དེ་དག་གོང་ནས་གོང་དུ་སྡུག ་པས་སྲོག་ཆགས་དག་བཙུམ་ནས་འཁྱུད་པ་ཡིས་གཏོང་བར་ཇི་ལྟར་དམ་པར་འགྱུར་རོ། །རི་ཁ་སྦྱར་བའི་རི་སྟེ་རི་ཉིད་དང་འདྲ་བ་མཚུངས་པ་གང་ཡིན་པ་སྟེ། དེ་དག་ཀྱང་འཇིགས་སུ་རུང་བ་སྟེ། འཇིགས་པར་བྱེད་པས་སོ། །འདུས་པའི་ཕྲག་སྟེ་ལུག ་དེ་དག་འདུས་པའི་ཕྲག་ཏུ་སྟེ། དེ་དག་གི་ཟུང་དེ་ཡིས་འཇོམས་པ་ནི་བཏགས་པ་སྟེ། དེས་ན་ཕྱེ་མར་བརླག་ཅིང་འཇོམས་པའོ། །དེ་ནས་ལུས་ཀུན་བཅོམ་པའི་དུས་དེར་སྐད་ཅིག་གིས་ཅུང་ཟད་དེར། བསིལ་བས་རྟས་པ་སྟེ་ཕན་པས་སོ། ། ་སྲོག་ནི་འཚོ་བ་གང་ཡིན་པའོ། །དེ་བཞིན་དུ་ཞེས་པ་ནི་འཁྱུད་པ་བཞིན་ནོ། །བསེ་ནི་བསེ་རུ་གཅིག་གོ་།བྲེད་པ་ནི་འཇིགས་པར་གྱུར་པས་སོ། །འདུས་པ་ནི་གཟུགས་བརྙན་གྱི་ཕྱིར་རོ། །དེ་ལ་ཞེས་པ་ནི་ཤལ་མ་ལི་ལའོ། །ཁྭ་ནི་བྱ་རོག་གོ་།འབྱིན་པ་ནི ་གཡོ་བར་བྱེད་པས་སོ། །བཙམ་པ་མེད་པ་ནི་སྟོབས་ཀྱིས་སོ། །དམ་ཞགས་ནི་བཅིངས་པས་སོ། །འཆི་བ་ནི་གཤིན་རྗེ་ཡིས་སེ?་ནས་བཏབ་པའོ། །འཛེག་པར་བྱེད་པ་ནི་ཤིང་ལ་འཛེག་པར་བྱེད་པའོ། །དྲན་པ་དང་དྲལ་བ་ནི་སེམས་ཉམས་པས་སོ། །དབང ་བ་ནི་གཏུབས་པའོ། །ཉམ་ཐག་འབྱིན་པ་ནི་དུ་བའི་སྒྲའོ། །རྩེ་མོ་ནི་ཆ་ཤས་སོ། །མཚུངས་པ་ནི་མཉམ་པའོ། །ལྕགས་ནི་འདིར་ལྕགས་སོ། །དེར་ཡང་དེར་ཁ་གྱེན་དུ་བལྟས་པ་ནི་ཁ་གྱེན་དུ་བལྟས་པའོ། །མང་པོ་ནི་རབ་ཏུ་གང་བའོ། །སྤོམ་པ་ནི་མཐུག ་བའོ། །རྣོན་པོས་ཕུག་པ་ནི་ཕུར་བུས་སོ། །འབབ་པར་མི་ནུས་པ་ནི་ཐར་པར་མི་ནུས་པ་སྟེ། ཤལ་མ་ལི་ཉིད་ལས་སོ། །དུད་མོ་ནི་ཚེ་ངེས་འདེབས་པའོ། །འབར་བའི་ཟུག་རྔུ་ནི་དེ་གཞན་དབང་དུ་བྱེད་པའི་ཟུག་རྔུའོ། །ཀུན་ཏུ་དྲངས་པ་ནི་བཏོན་པའོ། །རྒྱད་བ ་ནི་ཐེན་པ་སྟེ། ནང་གི་རྒྱུ་ལྟོ་གང་ཡིན་པའོ། །ཁྭ་ནི་བྱའོ། །མཚོན་ཆ་བདར་བ་ནི་མཆུ་གང་ཡིན་པའོ། །ཕྱེ་མ་ཚ་མོ་ཡང་ཡིན་ལ་ས་ཡང་དེ་ཡིན་པ་ཞེས་བྱའོ། །གཞི་ནི་རྟེན་ནོ། །རྐང་པ་བཞག་པ་ནི་བོར་པའོ། །དེ་མི་ཐོབ་པ་ཉིད་ནི་སྐྲག་པ་ལྷུང་བར ་འགྱུར་པའོ། །འཚོ་བ་ནི་སྲོག་དང་བྲལ་བའོ། །ལས་ཉིད་ཞགས་པ་བཞིན་པས་ཞགས་པའོ། །ཐོགས་པ་ནི་གཟུང་བའོ། །འཕོ་བ་ནི་འཕོ་བ་སྟེ། གཞན་དུ་འགྲོ་བའོ། །ལྕིག་ལྕིག་ཆེན་པོ་ནི་དེས་བྱས་པའི་སྒྲ་ཆུང་ངུའོ། །དམུགས་པ་ནི་རྙིང་པ?་བའོ། །སྟོང?་པ ་ནི་སྟོངས་པའོ། །དུས་པ་ལ་ཡང་ཞེས་པ་ལ་སོགས་པའོ། །ཚིགས་སུ་བཅད་པ་གཉིས་སོ་ཡང་གནས་སོ། །ཞེས་པ་ནི་འདི་དག་ཉིད་ཀྱི་བྱ་བའོ། །གང་གྲང་བའི་སེམས་ཅན་དམྱལ་བ་རྣམས་སོ། །ཤིན་ཏུ་ནི་མཐར་ཐུག་པའོ། །འོ་དོད་ནི་སྐད་འབྱིན་པའོ། །སྤྲེབས་པ་ནི ་རྣམ་པ་ཐ་དད་པར་འགྱུར་བའོ། །འདར་ཤང་ནི་གཡོ་བའོ། །བསྐུམ་པ་ནི་ལུས་ཟླུམ་པོར་བྱས་པ་གང་ཡིན་པའོ། །ལྷགས་པ་དཔེ་མེད་པ་ནི་འདྲ་བ་མེད་པ་གང་ཡིན་པའོ། །རྨ་བརྟོལ་བ་ནི་གང་ཞིག་འཛག་པའོ། །ཆུ་བུར་བརྒྱ་ཕྲག་ལས་སྐྱེས་པའི་བག་ཆགས་ཀྱིས ་ཟོས་པ་ནི་ཟོས་པའོ། །དེའི་དབང་པོ་དེའི་ཕྱིར་འཛག་པ་ནི་ལུག་པའོ། །རྐང་དང་ཞག་དང་བཅས་པ་དག་ཏུ་འཇུག་པ་ཞེས་པ་ནི་གང་དག་རྐང་དང་ཞག་དང་ཆུ་སེར་དང་བཅས་པ་རྣམས་སོ། །སོ་ཐམ་ནི་སོ་གང་དག་ཡིན་པ་རྣམས་སོ། །སྤུ་དང་བ་སྤུ་ནི་ཅོ་ངོ?་དང ་སྤུ་གང་ཡིན་པ་དག་གོ་།གཡེངས་པར་གྱུར་པ་ནི་ཕན་ཚུན་འབྲེལ་པའོ། །སེམས་མེད་པ་ནི་སེམས་དང་མི་ལྡན་པ་སྟེ། བེམས་པོ་ནི་བཏང་སྙོམས་སུ་གྱུར་པའོ། །གནམ་མདོག་གྱུར་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་དམྱལ ་མེ་ནས་ལྟུང་བ་དེ་འགྲོ་བའི་བྱ་བའོ། །ཅི་ཞིག་ཏུ་གྱུར་པས་ཞེ་ན། རྣམ་པར་འཕྲོ་བ་ནི་འཁྲུགས་པའོ། །མང་པ་ནི་མཐུག་པའོ། །མནམ་པ་ནི་དྲིང་བའོ། །ཚ་བ་ནི་རྣོ་བའོ། །གང་ཞིག་དུ་བ་དེ་འཐུལ་བ་རྣམ་པར་གཡེངས་པ་གང་ཞིག་གིས་གནམ ་མདོག་ཏུ་གྱུར་པའོ། །ཆེ་དགུ་ནི་འཕེལ་བའོ། །རྩེ་མོར་འབར་བ་གང་ཡིན་པའི་ལག་པ་ནི་ལག་པ་དེ་དག་གོ་།མང?་བ་ནི་ཚོགས་པའོ། །རྣམ?་པར་ཕྲ་བ་ནི་སྟོན་པའོ། ཕྱོགས་ཀྱི་དཀྱིལ་འཁོར་ནི་ཡུལ་ཁེབས་པ་གང་ཡིན་པའོ། །སྐྱི་གཡའ ་བ་ནི་འཇིགས་སུ་རུང་བའོ། །འཇིགས་བྱེད་ནི་དབང་ཕྱུག་ཆེན་པོའི་ཁྱད་པར་རོ། །རབ་གར་ནི་གར་ཡང་ཡིན་པ་སྟེ། དེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །གླང་ཆེན་པགས་པ་གྱོན?་ཀྱེ་མ་ཀྱེ་ཧུད་ཟེར་བ་བཞིན་དེ་དག་ལ་འཇུག་ཅེས་པ ་ནི་འཇིགས་བྱེད་ཀྱི་གླང་ཆེན་པགས་པའོ། །དེ་སུ་ཞིག་ཅེན་དམྱལ་བ་སྟེ་དེའི་རྣམ་པའོ། །ལ་ལར་ཞེས་པ་ན་ཕྱོགས་གཅིག་ནའོ?་ཆེར་ནི་རྒྱས་པར་རོ། །སྐད་འགའ་ནི་དུས་ཐུང་པའོ། །རྩེ་ཞིལ་པ་ཞེས་པ་ནི་གནས་པའོ། །བསྐྱེད་དུ་མེད་པ་ནི་འཕེལ ་པའོ། །ཁོང་ནི་དེའི་ནང་དུའོ། །བསྐལ་པའི་དུས་ཀྱི་མེ་ནི་འཇིག་པའི་དུས་ཀྱི་མེའོ། །སྐམ་པོ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཡང་སྡུག་བསྔལ་རྒྱུན་མི་ཧ?་ཆང་བར་ལྟུང་བར་བྱེད་པའོ། །ཡང་ཇི་ལྟ་ཞེ་ན། རྩཝའི་ཚོགས་ཀྱིས་ཡང་ངོ། །གསེབ ་གཞན་ནི་བར་མཚམས་སོ། །སྒྲོད་པ་ནི་ཕྱེ་བའོ། །ནད་པ་ནི་བརྐྱང་པའོ། །འདོད་པ་ནི་རེ་བའོ། །དེའི་གསེབ་གཡོགས་པ་ནི་བཅད་པ་སྟེ། ལས་ཉིད་སྒོ་གྲགས་སོ། །ཅན་ཤིག་ཅེ་ན་བརྡ?་མི་ཕྲད་པས་སོ། །ཅིའི་ཕྱིར་བརྡ་མི་ཕྲད་ཅེ་ན། །དེ་ཉིད་དུ་དེ་དག་རྙིངས ་པ་གོང་བུར་གྱུར་པ་སྟེ། བཟེད?་དཀའ་བའི་ཕྱིར་རོ། །དེ་བཞིན་དུ་ལུས་ཀྱི་རྩི་བ་ལོགས་སུ་ཟུག་པ་ཞེས་བརྗོད་དོ། །དུད་བཅས་བདུད་མར་བྱུང་བ་ནི་རྐང་གང་ཡིན་པ་ནས་སོ། །མེ་ལྕེ་གང་ཡིན་པ་ནི་རྩ་མོའོ། །གྲོལ་བ་ནི་བྱེ་བའོ། །མི་བཟད་པ་ནི་སྡུག་བསྔལ ་བའི་ཕྱིར་རོ། །སྐད་ཅེས་འདོན་པ་འདི་ནི་སྐད་འདོན་པ་ཙམ་སྟེ་དེ་ཉིད་ལྷག་མའི་བྱ་བ་གང་ཡིན་པའོ། །ལྕགས་གཞུ་ཞུ་བ་འཐུ?་ཞེས?་པ་ནི་བྱ་བ་སྟེ། མདའ?་བོ་ཆེན་མཚོན་ཆའོ?་ཁྱད་པར་རོ། །ཆར?་བཞིན་འབབ་པ་ནི་དེའི་ཕྱིར་རྫས་ལའོ། །འཁྲིགས་པ་ནི ་གཡོགས་པའོ། །རྣ་བ་ནི་ཉན་པའོ། །བུད་ཤིང་སྐམ་པོར་བཅེར་བ་ལྟ་བུ་ལས་མཆེད་པ་ནི?་ལྟོས་པ་མེད་པར་སྲེག་པར་བྱེད་པའོ། །ཅི་ཞིག་གིས་ཤེ་ན་མེས་སོ། །ཀུན་ཟེད་པ་ནི་རང?་ངོ། །རྡོལ་བ་ནི་མིག་དང་མགོ་བོ་སྟེ། ཐོང་བ་ཡང་ཡིན་ལ་ཀླས་རྒྱས ་ཀྱང་ཡིན་པས་མགོ་བོའི་ཀླང་པའོ། །སྨུག་གནག་ནི་དམར་སེར་རོ། །འབར་བ་ནི་རྩེ་མོའོ། །དེ་དག་གི་དུས་གང་ཡིན་པའོ། །མཆེད་པ་ནི་སྐྱེད་པར་བྱེད་པའོ། །ཡང་གང་གི་ཕྱིར་བྲོག?་ནི་འཚོ་བའོ། །ུས་?་བ?་ཉིད་ནི་ཕྱི་ལའོ། །དེད་ཟད?་པ?་སེམས་ཅན་དེ ་དག་ཉིད་དོ། །འདི་དག་ཉིད་ནི་མེ་ལ་སོགས་པའི་དམྱལ་བའི་ལས་ཀྱི་དབང་དུ་བྱས་པ་མི་བཟད་པ་ཉིད་དུ་འགྱུར་རོ། །འདི་ཉིད་ལས་ཀྱི་དབང་དུ་བྱས་ནས་འཁྲུགས་པར་སྣང་བའོ། །སྤྱོད་པ་ནི་ཀུན་ཏུ་སྤྱོད་པ་གང་ཡིན་པའོ། །འཕྱེས་རྣམས་སུ་ནི་འཇིགས་པས་གཡེངས ་པ་རྣམས་སོ། །སྤྱོད་མཚུངས་ནི་གསོད་པར་བྱེད་པའོ། །སྐྱེ་བ་ནི་སྐྱེས་པའོ། །ངང་ཚུལ་ནི་སྤྱོད་པའོ། །ཐོབ་པ་ནི་དམྱལ་བ་ལ་སོགས་བའོ?་?་ནི་ཞི་བའོ། །ལྷགས་པ་ནི་གཞན་གྱི་དོན་ཕུལ་དུ་བྱུང་པའོ། །ལམ་ནི་རྟེན་ནི། །ནམ་མཁའ་ལྡིང་ནི་བྱ་ཁྱུང་ལ། ་སོགས་པའོ། །ཀླུ་ནི་ནོར་རྒྱས་ལ་སོགས་པའོ། །ལག་པས་འགྲོ་བས་ན་ལག་འགྲོས་ཏེ་སྤྲུལ་ལོ། །བརྟུན་པ་ནི་བརྩོན་འགྲུས་དང་ལྡན་པའོ། །དོན་ནི་?་བགོས་པའོ། །བརྣག་པ་ནི་དམ་བཅས་པའོ། །མའི་དངོས་པོ་སླུ་བ་ནི་མངོན་པར་སླུ་བའོ། །རྙེད? ་གྱུར་ནི་ཐོབ་ནས་སོ། །ཤིན་ཏུ་འཇོམས་པ་ཉིད་ནི་དགེ་བའི་ལས་སོ། །ལས་དང་བྱེད་པ་པོ། གང་གིས་དེ་ཉིད་དམིགས་པ་ནི་བྱས་པས་སོ། །གང་གི་ཕྱིར་གནས་པ་ནི་ཡུན་རིང་པོར་གནས་པ་སྟེ། དེའི་ངེས་པ་མེད་པའོ། །ཤུགས་དྲག་རླུང་གིས ་བསྐྱོད་པ་ནི་གཡོ་བ་སྟེ། མར་མེའི་རྩེ་མོ་རླུང་གིས་བཏབ་པ་བཞིན་དུ་གཡོ་བས་སོ། །ཟུར་གྱིས་བལྟ་བས་ཟུར་མིག་གིས་ཏེ། །ཟུར་མིག་དུ་བྱས་པའོ། །དབྱུག་པ་ནག་པོ་གང་གིས་སོ། །སོ་ས?་མེ་ཏོག་རྒྱས་པ་ནི་མེ་ཏོག་ལ་བྱ་བའོ། །མི་དགའ་བ་ནི་སྐྱོ ་བའོ། །ཤིན་ཏུ་ནི་མཆོག་ཏུའོ། །ཟད་པར་འགྱུར་བ་ནི་གོང་པར་འགྱུར་པའོ། །རི་རྩེ་ནགས་ཀྱི་མཐོངས་དེར་ནི་ཤིང་ལ་སོགས་མེད་པའི་ཕྱོགས་སོ། །དཀྱིལ་འཁོར་ནི་གཟུགས་སོ། །རྒྱས་པ་ནི་ཡོངས་སུ་རྫོགས་པའོ། །ཆར་སྤྲིན་ཉིད་ནི་སྐ་རགས ་ཏེ། རྐེད་པ་བཅིངས་པ་དང་གང་དག་ཡིན་པའོ། །ཉམས་དགའ་བ་ནི་མཐོ་རིས་ཀྱི་སྐྱེད་ཡོས་ཚལ་གང་ཡིན་པའོ། །ས་གཞི་དེ་ཉིད་བསྔགས་པའི་ཕྱིར་?་ནི་རྐྱེན་སྦྱིན་ནོ། །ལྷ་མོ་ནི་ལྷའི་ཆུང་མ་ཞེས་བྱ་བའོ། །ཉམ་བག?་དུ་ནི་བདེ་བར་རོ། །མཛེས་པ ་ནི་སྤང་པར་རོ། །བསྐལ་པ་བཟང་པོ་ནི་དགའ་བྱེད་པའོ། །ལྷབ་ལྷུབ་མེད་པ་ནི་གཡོས་སྤྱོད་པ་མེད་པའོ། །རབ་བདེ་བ་ནི་ཤིན་ཏུ་དྲི་མ་མེད་པའོ། །དབེན་པ་ནི་སྐྱེ་བོ་མེད་པའོ། །སི?་ཞིར་བསྐུས་པ་ནི་ཁྲུས་ཀྱིས་འདག་རྫས་སོ། །དེ་ནས་ཡན ་བུ་རྒྱན་དུ་ཐོགས་པ་ནི་རྒྱུན་ལྡན་ནི་དེ་དག་ཕན་ཚུན་འདྲེས་པར་གྱུར་པས་སོ། །རྒྱུན་ནི་གང་ཞིག་མཐོ་རིས་ཀྱི་ཆུའོ། །དེ་དག་དགོད་པ་ནི་ཁ?་བྱེ་བས་སོ། །རང་ཉིད་རྩ་བ་དང་རོལ་པས་ཉེ་བར་དགོད་པའི་རང་བཞིན་གང་ཡིན་པའོ་ལྷ?་ནི་ལྷ་མོའོ། །སྐྱེ་བོ ་ལྷབ་ལྷུབ་མེད་པ་ནི་གྲོགས་མེད་པའོ། །ཆུ་དང་བྲལ་བ་ནི་ངོགས་ཀྱི་གླེ་མ་འོ། །ཕུག་གིས་སྒྲོགས་པ་ནི་སྙན་པར་ཐོས་པའོ། །འདོད་ཆགས་དང་བྲལ་བ་ནི་སྲིད་པ་ལས་ཡིད་བྱུང་བའོ། །ཕུན་སུམ་ཚོགས་པ་ནི་འབྱོར་པའོ། །ཁོར་ཡུག་ནི ་མཐར་ཐུག་པའི་ལོངས་སྤྱོད་པ་གང་ཡིན་པའོ། །ཕྲེང་ནི་གྲོལ་ལོ། །ཉེར་སྤྱོད་ནི་འཁོར་དུ་གནས་པའོ། །གང་དག་འདོད་པ་ལ་ཆགས་པ་རྣམས་ནི་དམྱལ་བར་ལྟུང་བར་འགྱུར་རོ། །དེ་དག་འདོད་པ་སྤང་བར་བྱ་ཞེས་པ་ནི་ལྷག་མའོ། །དཔག་བསམ ་མཚུངས་པ་སྟེ། རྨི་ལམ་ཉི་ངན་དེ་དང་རྩེ་བ་ལ་སོགས་པ་རྙེད་པར་དཀའ་ཨོ། །འཁྲུལ་པ་ནི་ནོར་པའོ། །སླུ་བ་ནི་སླུ་བར་བྱེད་པའོ། །བདེ་བ་ནི་དགའ་བའོ། །རྣམ་པར་སྨིན་པ་ནི་སྨིན་པའོ། །ཚ་བ་ནི་རྣོ་བའོ། རྨོངས་པ་ཉིད་ནི་གཏི་མུག་པར་བྱེད་པ་དེའི ་ཕྱིར་རོ། །འཐིབས་པོར་བྱེད་པ་ནི་ཀུན་དུ་སྤྱོད་པའོ། །ངེས་པར་བརྟགས་པ་ནི་རྣམ་པར་སྤྱད་པའོ། །མཆོག་ནི་བདེ་པ་སྦྱིན་པར་བྱེད་པའོ། །མི་བཟད་པ་ནི་འཇིགས་སུ་རུང་བའོ། །དུག་ཉིད་མི་འདོད་འདོད་པའི་འབྲས་བུ་སྦྱིན་པའོ། །དུག་ཉིད ་དང་ལྡན་པས་ནི་དུག་ཉིད་རབ་ཏུ་ཞི་བར་དེ་བྱེད་པའོ་དུ་གསོལ་བ་ནི་སྨན་ནོ། །གསོར་རུང་བ་ནི་མཐུས་བསྒྲུབས་པ་སྟེ། རིགས་པ་དང་ལྡན་པའི་སྦྱོར་པས་སོ། །ཆགས་པ་ནི་སྲེད་པས་སོ། །རྙེད་པ་ནི་ཐབ་པས་སོ། །ཀློངས་པ་ནི་གཡེངས་པས་སོ། ་རྩེ་མྱོང་བ་ནི་?་ཀྱི་མྱོང་བ་ལ་སོགས་པའོ། །ལྷའི་བུ་མོ་ནི་ལྷ་མོའོ། །འཁྱམས་པ་ནི་འཁོར་བའོ། །ཕྲད་པས་སྨྲས་པའི་སྡུག་བསྔལ་མི་བཟོད་བསྟེན་དགོས་སོ། །དཔག་བསམ་ཤིང་ལོ་གདིང་བ་ཀུན་བཀྲམ་པ་ནི་ནག་གཏིང་བའི་ཚོགས་གང་ཡིན་པའོ། མཛེས་པ་ནི་ཡིད་དུ་འོང་པའོ། །རྩེ་བ་ནི་ལྷན་ཅིག་རྩེ་བར་བྱེད་པའོ། །རྩེ་མོ་ནི་རྣ་བའོ། །འཁྲུགས་པ་ནི་ཀུན། ནས་གཡངས་པའོ། །རྐང་བཞག་ནི་གནས་སུའོ། །ནམས?་དང་པར་ནི་མཐོང་བ་དང་དམའ་བའ་ཨོ། །རྡུལ་ཉིད་ནི་རྡུལ་ལོ། །མེ་ཚིགས་ནི ་ཐལ་ཚན་གྱམ་འཆ?་པ་ཉིད་ནི་མེ་མར་མུར?་དེ་ལའོ། །བྱེ་མ་བསྲེགས་པ་ནི་བྱེ་མ་བསྲེགས་པའི་ཚོགས་སོ། །ཞིག་པར་བྱེད་པ་ནི་རྐང་པ་དང། བརླ་དང། ལག་པ་གང་ཡིན་པ་རྣམས་སོ། །མུན་ནགས་ཐིབས་པོ་ནི་ནུ་ན་ནག་གིས་གཡོགས་པས་སོ།། ་མི་བཟད་པ་ནི་ཡུན་རིང་པར་འབྱུང་བའོ། གནས་པ་ནི་ཡུན་རིངས་པར་གནས་པ་གང་ཡིན་པའོ། །དཔག་མེད་ནི་ཚད?་མེད་པའོ། །མཐ་དང་ཕ་རོལ་དེ་དག་ཡོད་པ་མ་ཡིན་པ་གང་ཡིན་པའོ། །དྲིལ་བུ་འཁྲེལ་བ་ནི་ཁ་ནས་སྒྲ་འབྱིན་པའོ། །མཛེས་པ་ནི་བརྒྱན་པའོ ་འཁོར་བ་ནི་ཁ་ནས་སྒྲ་འབྱད་དག་གོ་།དེ་མུ་ཏིག་ཕྲེང་བའི་ཚོགས་ནི་ཞེས་པ་སྟེ། ལྷག་གེ་བ་ནི་མཛེས་པའོ། །འོད་ནི་ལྷའི་ཕྱོགས་སོ། །མགོ་རྒྱན་ནི་ཅོད་པན་ནོ། །དམར་བ་ནི་ཁ་དོག་གོ་།རྐང་རྟེན་ནི་རྐང་པའི་གདན་ནོ། །དེར་འགྲོ་བ་ནི་རབ་ཏུ་སྤྱོད་པའོ།། ་རབ་དུ་རྙིང?་ཞེས་པ་ནི་ཨ་ཏིང་ལེ་ཨ་ན་རའི་རྐྱེན་བྱིན་པའོ། །འཇིག་པ་ནི་རྡུལ་འཛག་པ་སྟེ། རྡུལ་གྱིས་ལུས་པོ་ཀུན་གོས་པའོ། །དྲི་མ་ཆགས་པ་ནི་རྙིངས་པ་སྟེ། གོས་གང་ཡིན་པའོ། །དེ་བཞིན་དུ་སྙིང་རྗེས་སྨེ?་ཞིང་ཉེ་དུ་རྣམས་ཀྱི་ཚོགས ་ལ་ལྟ་བའོ། །འགྱུར་བ་ནི་ཐོབ་པ་སྟེ། ཤིན་ཏུ་སྡུག་བསྔལ་བའོ། །སྡུག་བསྔལ་དེ་ནི་མི་རྣམས་ལ་མེད་དོ། །སྡུག་བསྔལ་གྱི་མེ་ཚོགས་སྤུངས་པ་ནི་གང་པའོ། །དེ་ནི་གཤིན་རྗེས་འཇིགས་སུ་རུང་བའོ། །བདེ་བར་མངོན་པའི་ང་རྒྱལ་བྱེད་པ་ནི། བདེ་བའི ་སྒྲོ་འདོགས་པའོ། །བྱེད་པ་ནི་འབྱུང་པའོ། །དེ་ལ་བདེ་བ་སྙམ་ང་རྒྱལ་བྱེད་པ་ནི་འཇོམས་པར་བྱེད་པའོ། །གཤིན་རྗེའི་ཁར་འཇུག་པར་བྱེད་ཅེས་པའི་དོན་ཏོ། །དེ་ཞེས་པ་ནི་བདེ་བར་མངོན་པར་རློམ་པར་བྱེད་པའོ། །གཤིན་རྗེ་ལ་སྦྱིན་པ་སྟེ། ་མེད་པའི་རང་བཞིན་བརྟན་པས་ཐིག་གུ་རིང་པོ་སྟེ། གང་ཞིག་དེའི་དམ་གཞག་སྟེ། སྡོམ་པའོ། །བཏབ་པ་ནི་གཟུང་པའོ། །ལོག་པར་སྨོན་པ་ནི་དོན་དུ་གཉེར་བའོ། །འཇིགས་པ་ནི་འཇིགས་སུ་རུང་བའོ། །དབྱུག་པ་ནག་པོ་གང་ཞིག་གིས་སོ། །སྲེད ་པ་ནི་གོས་པའོ། །མཆོག་ཏུ་ནི་ཕུལ་དུ་བྱུང་བ་ཉིད་དོ། །བདེ་བས་སེམས་པ་ནི་དམྱལ་བ་རྣམས་སོ། །ཁྲོས་ཏེ་གཟས་པ་ནི་བརྡེགས་པས་སོ། །མགོ་བསྟོད་པ་ནི་གང་དུ་སྐད་ཅིག་གོ་།དབུགས་ཕྱིན་ཐོབ་པ་ནི་གང་ཞིག་གྲོལ་ཞིང་ཐར་བས་སོ། ། ་བསྐོལ་བའི་ཚ་བ་ནི་རྗེས་སུ་འཆི་བས་སོ། །དེའི་དྲན་པ་ནི་དེ་ཉིད་མྱུར་བས་སོ། །ཟངས་ཆེན་ནི་བཤད་བའི་ཆུ་གང་ཡིན་པས་སོ། །དེའི་ཕྱིར་ཡང་ཁ་ཅིག་ལས་སོད་པ་ནི་རྣམ་པར་གཡེངས་པ་ཞེས་ཀྱང་བརྗོད་དོ། །ཁམ་འགའ་ནི་ཁམ་གཅིག་གོ་།སྲེད ་པ་ནི་ཞེན་པས་སོ། །མི་བཟད་པ་ནི་བཟོད་པར་དཀའ་བའོ། །དབང་མེད་རྟག་ཏུ་ནི་གང་དུ་བཅིང་པས་བཅིངས་པ་སྟེ། དེ་ནི་རྟག་ཏུ་སྟེ་ཉིན་དང་མཚན་དུ་ཞེས་པའི་དོན་ཏོ། །ཅི་ཞིག་ལྟར་ནི་གཞན་དབང་དུའོ། །སྐྱེད་པ་ནི་སྐྱེད་པར་བྱེད་པའོ། །ཤིན་ཏུ་ནི་ཕུལ ་དུ་བྱུང་བ་བསམས་པ་ཉིད་དོ། །རྣམ་འཕེལ་ནི་རྒྱས་པར་རོ། །བསྒོམས་པ་ནི་གོམས་པར་བྱས་པའོ། །རྩེ་མོ་ནི་འབར་བའོ། །མི་སྡུག་པ་ནི་མི་མཛེས་པའོ། །སྙོམས་བྱེད་པ་ནི་མཚུངས་པར་བྱེད་པའོ། །མི་བཟད་པ་ནི་བཟོད་པར་དཀའ་བ་ཉིད་དོ།། ་ཡང་དེ་དག་གོ་།འགྲོ་བ་ནི་འགྲོ་བ་དྲུག་པ་རྣམས་ལས་གང་ཡང་རུང་བར་སྐྱེ་བའོ། །མ་སོང་བ་ནི་མ་ཐོབ་པའོ། མཛེས་པ་ནི་སྡུག་པ་སྟེ། གང་ཞིག་དགའ་པའོ། །དེ་ཡང་ནི་དེ་ལྟར་ཡང་ངོ། །འདོད་ཆགས་ནི་ཞེན་པའོ། །གནས་མ་བཅས་པ་ནི་གནས ་བར་མ་བྱས་པའོ། །གནས་ནི་གཞིའོ། །ཕྱོགས་ནི་ཕྱོགས་གཅིག་གོ་།སོང་བ་ནི་བགྲོད་པར་བྱས་པའོ། །སྡུག་བསྔལ་གྱི་གང་བའི་ཕྱིར་དགང་དཀའ་བའོ། །ཉམས་སུ་མྱོང་བ་ནི་ཐོབ་པའོ། །འདོད་པ་དེ་དག་མེད་པ་ནི་རྒྱུར་གྱུར་པ་གང་ཞིག་གིས་ཚིམ་པ་ནི་ཞེན་པ ་ལོག་པའོ། །ཉལ་བ་ནི་ཉལ་བར་བྱས་པའོ། །སྐྱེ་བ་བླངས་པས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་འཛིན་པ་ནི་ཡང་དང་ཡང་དུ་སྐྱེ་བ་ལེན་ནོ། །རྒྱ་ཆེན་ནི་ཤིན་ཏུ་རྒྱས་པར་རོ། །འཇིགས་པ་ནི་འཇིགས་སུ་རུང་པའོ། །གནས་ནི་གདེངས་ཀའོ། །སྡུག ་བསྔལ་ཉམས་སུ་མྱོང་བ་ནི་ལུས་ཀྱིས་སོ། །གང་ཞིག་དང་རྡུལ་གྱིས་བཙེས་པས་སོ། །ཚོགས་པ་ནི་བདག་ཉིད་དང་ཚོགས་ནས་སོ། །ལྷན་ཅིག་འདུག་ནས་བགད་པར་བྱས་པ་དང། རྩེས་པ་ནི་རྩེད་མོ་དང། གླུ་ནི་རབ་ཏུ་བླངས་པ་དང། འཐུངས་པ་ནི ་བཏུང་བ་བྱས་པ་དང། གཅིག་ཏུ་ཞེན་པ་ནི་ཚོགས་པས་སོ། །ཟོས་པ་ནི་བཟའ་བའོ། །དགའ་མཐུན་ནི་བརྗོད་པས་སོ། །དུས་ནི་མེ་ཏོག་དང་ལྡན་པའོ། །དེངས་པ་ནི་ཁྱེར་ནས་གཞུང་ཁ་ཅིག་ལས་ནི་དུས་ཀྱི་རིམ་པས་ཞེས་པ་བརྗོད་དོ། །གནས་སྐབས་ནི་གནས་པའི ་བྱེ་བྲག་གོ་།མཉམ་པ་ནི་བདེ་བའི་སྦྱིན་པའོ། །ཅི་ཞིག་ལྟར་ནི་དཀའ་བས་ཞེས་པའི་དོན་ཏོ། །སྐྱེ་ཤི་ནི་སྐྱེས་པ་དང་ཤི་བའི་རྒྱུན་ཏེ། དེའི་འཕོ་བ་ནི་ཡང་དང་ཡང་དུའོ། །སྣང?་བཞིན་དུ་ཆུད་ཟོས་པའོ། །ཀློང་ནི་ཆུའི་འཁོར་པའོ། །གཅིག་ཐང་ནི་གཅིག་ཏུའོ། ། ་འདི་ནི་ཉན་ཐོས་རྣམས་སོ། །དཀའ་བ་བྱས་པ་སྟེ། དེའི་ཕྱིར་བོང་བ་སྟེ་དོར་བར་བྱས་པའོ། །མི་ནུས་པ་ནི་རང་དབང་དུའོ། །ནུ་ཞོ་ནི་འོ་མའོ། །བྱམས་པ་དང་རྗེས་སུ་འབྲེལ་པ་སྟེ། དེའི་མའོ། །དལ་བ་རྩེ་བ་ལ་སོགས་པའོ། །གཅིག་པུ་བརྟེན?་པ་ཞེས ་བྱ་བ་ནི་རྐྱེན་སྦྱིན་ནོ། །མ་རབས་ནི་ཆོམ་རྐུན་ནོ། །གང་གི་ནི་མ་རྣམས་ཀྱིའོ། །འང་གི་སྒྲས་ནི་སྤང་དུའོ། །བདག་གི་བུར་གྱུར་ཅེས་བྱ་བའི་སྐབས་གང་ཡིན་པའོ། །རྩེ་བག་སེམས་ནི་རྣམ་པར་གཡེངས་པས་སོ། །འདི་བླངས་པ་ནི་ཐོན?་དང་བཅས་པའོ།། ་འདི་ལྟར་ནི་བྱིས་པའོ། །པང་པ་ནི་པང་དུ་བླངས་པ་དེ་སྲིད་དུའོ། །བཙའ་བ་ནི་ཐོབ་པའོ། །ཁོང་དུ་ནི་འཛིན་པ་ལ་སོགས་པས་སྡུག་བསྔལ་བ་ཉིད་དོ། །སྐྱབས་ནི་སྐྱོབ་པའོ། །བརྩེ་བའི་རང་བཞིན་ནི་གཞན་སྡུག་བསྔལ་བ་ནས་འདི་མི་སྲིད ་པའོ། །འགྲོ་བ་བཟློག་པ་ནི་བགྲོད་པའོ། །དབང་མེད་པ་ནི་གཡེངས་པའོ། །གཞན་ཞེས་པ་ནི་སེམས་ཅན་ནོ། །སྐད་ཅིག་ཀྱང་རངས་པར་བྱས་པ་ནི་དེ་དགའ་བ་གང་ཡིན་པ་དེ་དང་འདྲ་བ་སྟེ། མཚུངས་པར་ཡོད་པའོ། །དེ་ཅིའི་ཕྱིར་ཞེ་ན། ་བཀྲེས་པ་ནི་ལྷོགས་པའོ། །སྲེད་པ་ནི་ཞེན་པའོ། །ཚ་བ་ནི་རྡུལ་བྱུང་བ་གང་ཡིན་པའོ། །བྲལ་བ་ནི་མེད་པའོ། །དེས་དགའ་བ་བཞིན་སྡུག་པ་ནི་མཛེས་པ་གང་བའོ། །སྐྱེས་པ་ནི་རྒྱུའོ། །གཞན་པ་ནི་གླང་པོ་ལ་སོགས་པའོ། །ཉེ་བར་ན་འཁོ་བ་ནི་གཡོག ་ལ་སོགས་པའོ། །ཇི་ལྟར་ཡང་ནི་རྣམ་པ་གང་གིས་ཀྱང་ངོ། །ཤིན་ཏུ་ནི་འདུས་པས་སོ། །རྩཝ་ནི་སྔོ་རྣམས་སོ། །དེའི་ཁམ་འགའ་ནི་ཁམ་གཅིག་གོ་།དེ་བར་མི་རྙེད་པའོ། །གང་འདོད་བ་ཇི་ལྟར་འགའ་ཞིག་ཏུའོ། །དང་ནི་བསྡུས་པའོ། །བརྩོན་པ་པ་ནི ་བརྩོན་པར་བྱེད་པའོ། །རང་ནི་བདག་ཉིད་དོ། །བརྗོད་པ་ནི་ནུས་པའོ། །བདེ་བ་འདི་ཡང་འདིའོ། །སྐྱེས་བུ་ནི་སྐྱེས་བུའི་བྱེད་པའོ། །ངོ་མཚར་བ་ནི་རྨད་དུ་བྱུང་བའོ། །སྣང་བ་ནི་གསལ་བའོ། །མི་རྩེགས་པ་ནི་མ་ཆད་པའོ། །མཁས་པ་ནི་ཀུན་བརྟགས ་པས་སོ། །རང་བཞིན་དེ་འང་བ་ནི་རང་གི་ངོ་བོ་དེའོ། །འདི་ནི་འདི་ལྟ་བུར་གྱུར་པའོ། །ཕན་དང་བདེ་བའི་རོ་ནི་དབུགས་འབྱིན་པའོ། །གཅིག་གཞོལ་བ་ནི་རོ་མྱང་བའོ། །མ་རིག་པ་ནི་རྨོངས་པའོ། །དེ་ཉིད་ནི་དུ་བའོ། །དེ་ཉིད་ནི་མུན་པར་བྱེད་དོ་ཞེས ་པ་ནི་མུན་པར་རོ། །དེའི་སྤྲིན་ནི་གཡོགས་པ་སྟེ། ཁྱབ་པས་ན་དེར་འཁྲིགས་པའོ། །བོང་བ་ནི་སའོ། །མ་ཐོ་བ་ནི་ཁྱད་པར་འགྲོ་བའི་འཁྲུགས་པར་འགྱུར་བའོ། །ནང་དུ་ནི་སྤྱོད་པ་གང་ཡིན་པའོ། །ལྟུང་བ་ནི་དམའ་བར་རོ། །ཐོད་ནི་དཀྲིས་པའོ།། ་?་ཐོང་ལ་མེ་མཆེད་འབར་བ་ལྟ་བུ་ནི་མཚུངས་པའོ། །མགོ་དང་ཐོད་པ་མེ་ཤོར་བ་དང་མཚུངས་པ་ཞེས་པའི་དོན་ཏོ། །སྐྱེས་བུ་ནི་སྐྱེས་བུའི་ཡོན་ཏན་དང་ལྡན་པ་ཞེས་པའི་དོན་ཏོ། །འཇུག་པ་ནི་ཞུགས་པའོ། །མནར་མེད་པ་ནི་ངལ་སོ་བ་དང་བྲལ་བའོ། །གང ་བ་ནི་ཁྱབ་པའོ། གཞན་གྱི་དོན་དུ་ནི་བཞིན་གྱི་ཆེད་དུའོ། །གངས་དང་ཟླ་འོད་ལྟ་བུ་ནི་ཇི་ལྟ་བ་མིང་གིས་བསིལ་བར་འགྱུར་བ་ལྟ་བུའོ། དགའ་བས་ལྡང་བ་ནི་བ་སྤུ་སྟེ། །ལུས་ཀྱི་བ་སྤུ་ལྡིང་བ་གང་ཡིན་པའོ། །ཁ་བྱེ་བ་ནི་རྒྱས་པའོ། །པདྨ་ནི་འདམ་སྐྱེས་སོ་ཞེས ་བྱ་བའོ། །དེ་ཉིད་ཀྱིས་ལྷག་གེ་བ་གང་ཡིན་པའོ། །འདུས་པ་ནི་གནས་པའོ། །མཁས་པ་ནི་སྐྱེས་བུ་དམ་པའོ། །ཆས་པ་ནི་བསྐོར་ནས་སོ། །དགའ་བའི་ཚལ་ནི་ལྟའི་སེན་མོས་ཚལ་ལོ། །བསྒྲལ་བའི་ཕྱིར་ནི་གཞུག་པའི་ཕྱིར་རོ། །རྒལ་བར་གྱུར་པ ་ན་བྱང་ཆུབ་སེམས་དཔར་བསྟན་པ་སྟེ། །དམྱལ་བའི་ལས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དབའ་རླབས་ནི་ཐ་དད་པའོ། །དེའི་ཆིལ་ཚོལ་ནི་ཕན་ཚུན་འདྲེས་པར་གྱུར་པའོ། །དེས་རེག་པ་ནི་ཕྲད་པའོ། །དེས་ན་བདེ་བའོ། །དེ་ལྟར་ན་རྣམ་པ ་གཞན་གྱིས་ཞེས་བྱའོ། །བསྟེན་པར་བྱེད་པར་བྱེད་པ་ནི་བདག་ཉིད་དོ། །རྒྱན་གྱིས་ནི་ཕྱིར་སྤྱིར་རོ། །བརྒྱན་གྱུར་ནི་སྙིང་པོའོ། །ཞི་བ་ནི་དཔལ་ལོ། །བདུད་རྩི་ཉིད་ནི་བདུད་རྩི་སྟེ། ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་རོ། །ཡངས་པ་ནི་རྒྱ་ཆེ་བའོ། །གསལ་བ་ནི ་མར་མེ་བཞིན་ནོ། །རྙེད་དཀའ་བས་ནི་སྡུག་བསྔལ་བས་རྙེད་པའོ། །དགའ་བར་བྱེད་པའི་ཕྱིར་དགའ་བ་སྟེ། དགའ་བར་བྱེད་ཅེས་པའི་དོན་ཏོ། །ཞི་བ་ནི་ཐར་པའོ། །བཀྲིས་ནི་དགའ་བའོ། །བསྟེན་པ་ནི་གོམས་པར་བྱེད་པའོ། །མེ་ཏོག་ཉིད་ནི་མེ་ཏོག་གོ་།འབྲས ་བུ་ནི་འབྱིན་པར་བྱེད་པ་སྟེ། གང་གི་ཕྱིར་ལྗོན་ཤིང་རྣམས་ཀྱི་མེ་ཏོག་ཉིད་ནི་འབྲས་བུ་སྟེ། ལོ་མ་ལ་སོགས་པའོ། །དོན་ཚོགས་ནི་མི་རྟག་པ་ཉིད་རྗེས་སུ་གནས་པའོ། །སྦྲང་རྩི་ནི་མེ་ཏོག་གི་སྙིང་པོའོ། །མཆོག་ནི་རབ་ཏུ་གྱུར་པའོ། །དོན་དུ་གཉེར་བ་ནི ་ལྟ་བའོ། །སྤོང་བ་ནི་འདོར་བའོ། །རྟག་ཏུ་ནི་རྒྱུན་དུའོ། །འཆི་བ་ནི་རྙེད་དཀའ་བའི་ཉེས་དམིགས་སོ། །འཁྲུགས་པ་ནི་རྣམ་པར་གཡེངས་ལ་སྟེ་དག་བ་ཉམས་པའི་ཕྱིར་རོ། །སྐད་ཅིག་ལ་འཇིགས་ནི་ཆུད་ཟོས་པ་སྟེ། དེས་སྣ་འདི་ལ་ཆགས་པ་ཡོད་པ ་ཞེས་པའོ། །དབེན་པ་ནི་མཛའ་ཅིག་ཏུ་ངེས་པའི་རང་བཞིན་དེ། མཛའ་ཅིག་ཏུ་ཞི་བས་སམ་དབེན་པས་སོ། །སོལ་བ་ནི་སྤངས་པས་སོ། །རབ་རིབ་ནི་མི་ཤེས་པ་སྟེ། གཏི་མུག་རང་བཞིན་ནི་གཙུག་ཕུད་གང་ཡིན་པའོ། །ནི་ནི་གང་གི་ཕྱིར་རོ། །རྟེའུ་སྐྱེས་མ་ཐག ་ནི་ཡུན་རིང་པོར་གཉིད་སྟེན་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་བསྐབ་པའི་དུས་ན་ཡང་མི་ཤེས་པའི་གཉིད་ཡུན་རིང་བོར་སྟེན་པ་མ་ཡིན་ནོ། །འདུལ་བ་ནི་བསླབ་པའོ། །ཚེ་བ་ནི་རྒྱས་པར་ངོ། །ཤིང་ནི་སྙིང་པོའོ། །བཟོད་པ་ནི་གནས་སྐབས་སོ། །ལོ་མ་ནི ་གཡོགས་པའོ། །སྨོས་ལམ་ནི་སྨོད་པའོ། །རྩེ་མོ་ནི་ཙེ?་དོའོ། །སྲིད་པ་ནི་མྱ་ངན་ཏེ། ཆུས་དབེན་པའི་ས་གཞིའོ། །གཅིག་ནི་གཙོ་བོ་སྟེ་གྲིབ་མ་ལ་སོགས་པ་ཕུན་སུམ་ཚོགས་པའོ། །གསལ་བ་ནི་གྲགས་པའོ། །ཡངས་པ་ནི་རྒྱ་ཆེ་བའོ། །མཚོ་ཟབ་པ་ནིར ་དེའི་གཏོང་དུའོ། །རབ་ཏུ་དང་བ་ནི་དྲི་མ་མེད་པ་སྟེ། བསམ་པའི་གནས་སྐབས་སམ་སེམས་གང་ཡིན་པའོ། །བ་ནེ་ནི་བསིལ་བའོ། །སྦྲུལ་གདུག་ནི་ཆུ་སྲིན་ལ་སོགས་པའོ། །སྙིང་ནི་རྩ་ལ་སོགས་པའོ། །བག་མེད་པ་ནི་མུན་པའོ། །རབ་ཏུ་གཙང་བ་ནི་བདེ་བ ་སྦྱིན་པའོ། །སྲེད་པ་ནི་ཞེན་པའོ། །རྟུན་པ་ནི་ཀུན་ཏུ་དཀྲུགས་པའོ། །དེ་ཉིད་ཁུར་ཡིན་པས་ཁུར་ཆེའོ། །སྨྲ་བ་ནི་བརྗོད་པའོ། །གྲགས་པ་ནི་ཡོན་ཏན་གྲགས་པའོ། །རྒྱུན་ནི་འབྱུང་བའོ། །ཤུགས་དྲག་ནི་ཤུགས་ཀྱིས་འབབ་པའོ། །བསྐྱོད་པ་ནི་བསྒུལ ་བའོ། །རྡུལ་རབ་གི་བ་ནི་རྡུལ་ཕྲན་ནོ། །གང་གིས་བསྒྲུབས་པ་ནི་ཐོབ་པའོ། །དད་པ་ནི་གུས་པའོ། །རྟག་བདེ་བའི་ལོངས་སྤྱོད་ནི་གཟུགས་ལ་སོགས་པའི་ཡུལ་རྒྱས་པ་གང་ཡིན་པའོ། །རིམ་གྱིས་ནི་ཐོས་པ་ལ་སོགས་པས་སོ། །དཀའ་བ་མེད་པ་ནི ་སེམས་ཅན་ནོ། །འདིར་ཞེས་པའི་དམྱལ་བའོ། །མཉམ་པ་ནི་འདྲ་བའོ། །པདྨ་སྣ་ཚོགས་པས་གང་བའོ། །བཟང་པོ་ནི་དཔལ་ལོ། །རྒྱས་ཤིང་ནི་རྫོགས་པར་རོ། །ཤོག་ཅིག་ནི་ཕུན་སུམ་ཚོགས་པར་རོ། །བརྣགས་བསམ་པའོ། །བདུད་དཔུང་ཕམ་པས་ཆོ་ངེས་འདེབས ་བ་ནིད?་སངས་རྒྱས་བྱུང་བ་གང་ཡིན་པས་སོ། །ལྷའི་ཆུ་ནི་ནམ་མཁའ་ཨི་གང་གཱའོ། །དེ་ལ་རྩེ་བ་ནི་རོལ་པར་བྱེད་པས་སོ། །དེ་བཞིན་དུ་དགའ་བས་ན་དགའ་མཛད་དོ། །འདུ་བ་ནི་གན་དུ་འོངས་པའོ། །ལྷ་དང་མི་གང་དག་ཡིན་པའོ། །འཇོམས་པ་ནི་མི་འཇུག་པའི་རང ་བཞིན་ཏེ་བྱེད་པ་པོ་གང་ཡིན་པའོ། །ཆོས་ནི་གསུང་རབ་པོ། །དེ་ཡིས་ཀུན་དགའ་བ་ནི་དགའ་བ་སྟེ། དེའི་རྒྱུན་ནོ། །དེ་ཉིད་ནི་དགའ་སྟོན་ཆེན་པོའོ། །འཕེལ་བ་ནི་གསལ་བའོ། །འཆི་བདག་ནི་གཤིན་རྗེའོ། །དོན་མེད་པ་ནི་འབྲས་བུ་མེད་པའོ། །ཙན་དྲ་གོ ་མིའི་སྣང་བ་ནི་ཡེ་ཤེས་སམ་ཟླ་བའོ། །དོན་བྱས་པ་ནི་འབྲས་བུ་དང་བཅས་པའོ། །བསིལ་བ་ནི་རྣར་འོང་བའོ། །གཏམ་ཆོགས་ནི་ཀླགས་པ་ལ་སོགས་པའོ། །འཕེལ་བ་ནི་དེའི་རྒྱུན་ནོ། །འཕགས་པའི་སྐྱེ་བོའི་གཏམ་གྱིས་ནི་ཟླ་བའི་སྣེད་པའི་དགེ་བར ་གྱུར་པ་ཐོབ་པས་ཞེས་པའི་དོན་ཏོ། །སློབ་མ་ལ་སྤྲིངས་པའི་དཀའ་འགྲེལ་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་སུ་ག་ཏ་ཤཱི་མི་ཏྲ་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ ་མཚན་གྱིས་བསྒྱུར་བའོ།། །། *། །སློབ་སྤྲེང་འགྲེལ་པ་ཤེས་འབྱུང་བློ་གྲོས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤི་ཥྱ་ལེ་ཁ་བྲི་ཏྟི། བོད་སྐད་དུ། སློབ་མ་ལ་སྤྲིང་བའི་འགྲེལ་པ། སངས་རྒྱས་དང ་