| Wylie | e-texts based on the ACIP/ALL Input |
པ་ལས་བྱས་བའི་གོས། །སྣལ་མ་མེད་པས་ཆོག་ཤེས་པས། །བཟང་པོ་སྲེད་ལས་བྱུང་བ་ཡི། །དེ་ཚོལ་བ་ཡི་ཉོན་མོངས་མེད། །གོས་ནི་བཟང་པོ་སྤངས་པ་ཡི། །ཆ་ལུགས་འཆང་བས་འབར་ཞིང་མཛེས། །དགེ་སློང་རབ་ཞི་དགའ་བ་ནི། ། ་སྟོན་བ་ལྟ་བུར་མཛེས་པ་ཡིན། །དུར་ཁྲོད་བླ་གབ་མེད་པ་དང། །ཤིང་དྲུང་ངག་ཏུ་གནས་པ་ན། །དེ་ལ་བརྟེན་བས་ཆར་དང་ནི། །ཚ་དང་གྲང་བ་ལ་སོགས་སེལ། །འདིས་ནི་བཟང་པོ་ལ་ཆགས་པའི། །རེག་པ་ཡིས་ནི་གནོད་མི་འགྱུར ་བྱ་བ་མང་ཉུང་རང་དོན་དང། །ཆོག་ཤེས་བ་ལས་ཉམས་མི་འགྱུར། །གཞི་ཇི་བཞིན་བ་ཉིད་ཅེས་བྱ་བ་ནི་དམ་བཅའ་བ་སྔོན་དུ་འགྲོ་བས་གཞི་ཇི་བཞིན་བ་ལས་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ན་གཞི་ཇི་བཞིན་པའོ། །དེ་ཡང་གང ་དུ་ཇི་ལྟར་རྙེད་པའི་མལ་སྟན་གྱིས་མགུ་བར་གྱུར་ཅིང་གསར་བུས་ཡོངས་སུ་བཟུང་བའི་མལ་སྟན་བཟང་པོ་ལ་ཆགས་པས་དེས་བསླང་བ་ཡོངས་སུ་སྤངས་བ་ཡིན་པའི་ཕྱིར་རོ། །ཇི་བཞིན་གཏིང་བས་མགུ་བའི་ཕྱིར། །སྡོམ་བརྩོན་ཤིན ་ཏུ་མཛེས་པ་ཡིན། །དགེ་སློང་གསར་དུ་མལ་བསྟན་ནི། །བདེ་ལ་གནས་པ་རྗེས་སུ་བསྲུངས། །དམན་པའི་མལ་སྟན་ལ་འདུག་ཀྱང། །བཟང་པོ་ལ་ནི་ཉེ་བ་མེད། །ཆགས་དང་སྡང་བའི་ཕྱོགས་གྱི་ནི། །གནོད་པའི་གཞི་རུ་འགྱུར་མ་ཡིན། ། ་མལ་ཏན་ལ་ནི་ཆགས་པ་ཡིས། །ཕན་ཚུན་དུ་ནི་འདྲངས?་པ་ཡིས། །རང་གི་བྱ་བ་མི་ཉམས་ཤིང། །བྲལ་བར་གྱུར་ཀྱང་གནས་མི་གཡོ། །ཙྭ་བཏིང་བ་འམ་ས་ལ་ཉལ་བ་ནི། །ཇི་བཞིན་གཞི་ལས་གྱུར་བའི་བདེ་བ་ནི། །ནོར་བུ་འབར་བའི ་གཞལ་ཡས་ཁང་སྟེངས་ནའང། ཆོག་ཤེས་མེད་བའི་སེམས་ལ་ཇི་ཡོད་མིན། །དུར་ཁྲོད་ཉིད་ཅེས་བྱ་བ་ནི་དམ་བཅའ་བ་སྔོན་འགྲོ་བས་དུར་ཁྲོད་དུ་གནས་པའི་དད་དུ་ཚུལ་འདི་ལ་ཡོད་པས་ན་དུར་ཁྲོད་པའོ། །དེའི་ངོ་བོ་ཉིད་ཡིན ་བཤེས་པའི་སྤྲིང་ཡིག་རྒྱ་ཆེར་བཤད་པ་ཚིག་གསལ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། བྱཱ་ག་ཏ་པ་ད་སུ་ཧྲི་ད་ལེ་ཁ་ཊཱི་ཀཱ་།བོད་སྐད་དུ། བཤེས་པའི་སྤྲིང་ཡིག་རྒྱ་ཆེར་བཤད་པ་ཚིག་གསལ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར ་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛའ་བོ་བདེ་སྤྱོད་ལ་སྤྲིང་ཡིག་ཡོན་ཏན་ཅན་འདི་བསྐུར་བས་ན་བཤེས་པའི་ཕྲིན་ཡིག་ཅེས་བྱའོ། །དེ་ལ་ཡོན་ཏན་རང་བཞིན་ཞེས་བྱ་བ་ནི་འོད་བ་སྟེ། སྔོན་གྱི་དགེ་བའི་རྩ་བ་ལས་ངེས་པར་སྐྱེས་པའི ་ཕྱིར། རང་བཞིན་ནི་རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དགེར་འོས་ཞེས་འཆད་པར་འགྱུར་ཏེ། གང་ཞིག་འདས་པའི་དུས་ན་དགེ་བ་བྱེད་བྱེད་པ་དེ་ནི། ད་ལྟར་བྱུང་བའི་དུས་ན། བདེ་བའི་སྐལ་བ་ཅན་དུ་འགྱུར་རོ། །འདིས་ན་འདི་དམ་པའི་ཆོས་མཉན་པའི་འོས་ཉིད ་ཡིན་པར་བཤད་དོ། དེ་ལྟ་བས་ན་ཁྱོད་ཀྱིས་འཕགས་པའི་དབྱངས་འདི་དག་གསན་པའི་རིགས་སོ་ཞེས་བྱ་བ་ཡིན་ནོ། །དེ་དག་སུས་ནི་བྱས། ཅིའི་ཕྱིར་ནི་བྱས་ཤེ་ན། བདག་གིས་ནི་དེ་བཞིན་གཤེགས་པའི་གསུང་བས་སྙད་ལས་བྱུང་བ་ཡི་བསོད ་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག་།ཅུང་ཟད་ཅིག་བསྡེབས་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པའི་གསུངས་བསྙད་ཅེས་བྱ་བ་ནི། རབ་ཏུ་བསྟན་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་ལ་འདུན ་པའི་ཕྱིར་བདག་གིས། འཕགས་པའི་དབྱངས་འདི་དག་བསྡེབས་ཤིང་སྦྱར་གྱིས། གསན་པའི་རིགས་སོ་ཞེས་བྱ་བ་ཡིན་ནོ། །འཕགས་པའི་དབྱངས་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་མིང་ངོ། །དེ་དག་ཀྱང་ཅི་ཙམ་ཞིག་ཅེ་ན། ཅུང་ཟད་ཅིག་ཅེས ་བྱ་བ་སྨོས་ཏེ། འདིས་ནི་ཚིག་མངས་པའི་འཇིགས་པ་སྤོང་བར་བྱེད་དོ། །རྣམ་པ་གཞན་དུ་ན། ཡོན་ཏན་རང་བཞིན་ཞེས་བྱ་བ་ནི་ཡོན་ཏན་གྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་འདི་དགེ་བ་ཉིད་ཡིན་པར་བཤད་དོ། །དགེར་འོས་ཞེས་བྱ་བ་ནི་དགེ ་བར་འོས་པ་ཉིད་དེ། དགེ་བའི་བསམ་པ་ཅན་གང་ཡིན་པ་དེ་ནི། དགེ་བར་འོས་པ་ཡིན་ནོ། །དེ་བས་ན་དམ་པའི་ཆོས་མཉན་པའི་རིགས་སོ་ཞེས་སྟོན་པར་བྱེད་དེ། དགེ་བ་ནི་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གལ་ཏེ་ཁྱོད་ཀྱི་སྙན་དངགས་བཟང ་བ་མ་ཡིན་པ་འདི་ང?་མཉན?་ནོ་སྙམ་དུ་སེམས་ན་དེའི་ཕྱིར། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་ཞེས་བྱ་བའི་སྒྲ་ནི། རྡོ་བ་དང་འཇིམ་པ་ལ་སོགས་པ་བསྡུའོ། །ཅི་འདྲ་ཡང་རུང་ཞེས་བྱ་བ་འདིས་ནི་བཟང་པོ་འམ་བཟང ་པོ་མ་མ་ཡིན་པ་ཡང་རུང་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ཤིང་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་ཅི་འདྲ་ཡང་རུང་བཟང་བ་ནི་གཞི་པོའི་ཁྱད་པར་ལ་མཁས་པ་རྣམས་ཀྱིས་མཆོད་པར་བྱ་བ་ཡིན་པ་དེ་བཞིན་དུ་བདག་གིས་སྙན་དངགས་འདི་ཡང་ངན ་ཞིང་བཟང་པོ་མ་ཡིན་ཡང། དམ་པའི་ཆོས་ཀྱི་གཏམ་ལ་བརྟན་པའི་ཕྱིར་བསྔགས་པར་བྱ་བ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །བསྔགས་པར་བྱ་བ་ཡང་ཡིན་པའི་ཕྱིར། མཉན་པར་བྱེ་བ་ཡང་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འོན་ཏེ་ཡང་ངས་དེ་བཞིན་གཤེགས་པའི ་བཀའ་རྣམས་ཤེས་ཟིན་པ་ཉིད་པས། ཡང་སྙན་དངགས་འདིས་ཇི་ཞིག་བྱ་སྙམ་དུ་སེམས་ན་དེའི་ཕྱིར། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག་།ཁྱོད་ཀྱིས་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་ཐོས་པ་དང་རབ ་ཏུ་བཤད་པ་དང་བསྒོམས་པ་དག་བསྡུའོ། །འདི་སྐད་དུ་ཁྱོད་ཀྱིས་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་སྙན་པ་དག་ལྟ་ཐུགས་ཆུད་མོད་ཀྱི། འོན་ཀྱང་སྙན་ངགས་འདི་སྨད་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྔོ་ཐལ་ལས་བགྱིས་དགུང ་ཟླའི་འོད་ཀྱིས་ནི། །ཚེ་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། ཞེས་བྱ་སྨོས་སོ། །ནི་ཞེས་བྱ་བ་ནི་ད་ལྟར་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་རྔོ་ཐལ་ལས་བྱས་པ་རང་བཞིན་གྱིས་དཀར་བ་ཡང་ཟླ་བའི་འོད་ཟེར་རྣམས་ཀྱིས་བཟླས་པ་བཞིན་དུ་དཀར་པོ་ཉིད་དུ་བྱེད ་པས་བཀའ་སྩལ་ཟིན་པ་ལ་ཡང་བཟླས་ན། ཆེས་གསལ་བ་ཉིད་དུ་འགྱུར་བས་སྙན་དངགས་འདི་སྨད་པར་བྱ་བ་མ་ཡིན་ནོ། །དེ་ལ་ཉོན་མོངས་པ་དང་སྐྱེ་བ་བག་ཆགས་དང་བཅས་ཏེ་མེད་པའི་ཕྱིར། ཐུབ་པ་ཆེན་པོ་དེ་བཞིན་གཤེགས་པའོ། ལེགས་པར ་གསུངས་པའི་ཕྱིར་སྙན་པ་ཡིན་ནོ། །འདི་མན་ཆད་རྒྱལ་བས་སངས་རྒྱས་ཆོས་དང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་བསྟན་པ་ཡིན་ནོ། །སྡིག་པའི་ཆོས་ལས་རྒྱལ་བའི་ཕྱིར། རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ཇི་སྐད་དུ། སྡིག་པའི་ཆོས་ལ ་ང་རྒྱལ་བས། དེ་བས་ཉེར་འགྲོ་ང་རྒྱལ་བ། ཞེས་གསུངས་པ་ལྟ་བུའོ། །རྗེས་སུ་དྲན་པ་དྲུག་།རབ་ཏུ་བཀའ་སྩལ་ཅེས་བྱ་བ་དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང། ཆོས་རྗེས་སུ་དྲན་པ་དང། དགེ་འདུན་རྗེས་སུ་དྲན་པ་དང། གཏོང་བ ་རྗེས་སུ་དྲན་པ་དང། ཚུལ་ཁྲིམས་རྗེས་སུ་དྲན་པ་དང། ལྷ་རྗེས་སུ་དྲན་པའོ། །དེ་ལ་སངས་རྒྱས་ལ་དམིགས་པའི་དྲན་པ་ཉིད་རྗེས་སུ་དྲན་པ་ཡིན་ཏེ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །ཡང་རྗེས་སུ་དྲན་པ་དེ་དག་ཇི་ལྟར་བསྒོམ་པར་བྱ་ཞེ་ན། རང་རང་གི ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ལ་སོགས་པའི་སོ་སོའི་ཡོན་ཏན་རྣམས་ཀྱི་རྗེས་སུ་དྲན་པ་དེ་དག་རྗེས་སུ་དྲན་པར་བྱ་ཞིང་ཡིད་མ་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།འདིར་ནི་སངས་རྒྱས་ལ་སོགས་པ་ཉིད་རྗེས་སུ་དྲན་པ་དག་ཡིན་པར ་བཤད་དེ། རྗེས་སུ་དྲན་པའི་གནས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ལ་སོགས་པ་དེ་དག་རང་གི་ཡོན་ཏན་གྱི་ཚོགས་རྣམས་ཀྱི་རྗེས་སུ་དྲན་པར་བྱའོ་ཞེས་བྱས་ན་ལེགས་པར་འབྱོར་བ་ཉིད་དོ། །ཡང་སངས་རྒྱས་ལ་སོགས་པའི་ཡོན་ཏན་གང ་དག་ཡིན་ཞེ་ན། རེ་ཞིག་སངས་རྒྱས་ནི། འདི་ལྟར་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར ་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ནོ། །འདི་ལྟར་དེ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནི་འཇིག་རྟེན་ན་སྙན་པའི་གྲགས་པ་གང་ཡིན་པ་དེ་ནི་འདི་ལྟར་བཅོམ་ལྡན ་འདས། འདི་ལྟར་དེ་བཞིན་གཤེགས་པ་ཞེས་ཚིག་ཐམས་ཅད་དང་སྦྱར་བར་བྱ་བ་སྟེ། འདི་ལྟ་བུ་ཡང་མིན། འདི་ལྟ་བུ་ཡང་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་འདོད་ཆགས་ལ་སོགས་པ་བཅོམ་པ་ཉིད་ཀྱིས་བཅོམ་ལྡན་འདས་སོ། །བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ། ་བར་ཆད་བྱ་བར་བརྩོན་པའི་བདུད་བཅོམ་པའི་ཕྱིར་ཡང་བཅོམ་ལྡན་འདས་སོ། །རྣམ་པ་གཅིག་ཏུ་ན་འདི་ལ་སྐལ་པ་ཡོང་པས་ན་བཅོམ་ལྡན་འདས་ཏེ་དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དངོས་པོ་ཇི་ལྟར་རྣམ་པར ་གནས་དེ་དག་དེ་བཞིན་དུ་རྟོགས་ཤིང་ཐུགས་སུ་ཆུད་པས་ན། དེ་བཞིན་གཤེགས་པའོ། །ཇི་སྐད་གསུངས་པ་དེ་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་མི་འགྱུར་བའི་ཕྱིར་ཡང་དེ་བཞིན་གཤེགས་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་བཅོམ་པའི ་ཕྱིར་རོ། །འཁོར་བའི་འཁོར་ལོའི་རྩིབས་བཅོམ་པས་འདིའི་ཕྱིར་ཡང་དགྲ་བཅོམ་པའོ། །རྙེད་པ་དང་བཀུར་སྟིས་མཆོད་པར་འོས་པའི་ཕྱིར་ཡང་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་འདིས་ཆོས་རྣམས་ཡང་དག་པ་ཕྱིན་ཅི་མ་ལོག ་པར་ཀུན་ནས་སངས་རྒྱས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནི་རིག་པ་དང་ཞབས་སུ་ལྡན་པ་སྟེ། མཁྱེན་པ་དང་ཞབས་ལྟ་བུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དག་དང་ལྡན་པའི་ཕྱིར་རིག་པ་དང་ཞབས་སུ་ལྡན ་པའོ། །བདེ་པར་གཤེགས་པ་ཞེས་བྱ་བ་ནི་མཛེས་པའི་གནས་སུ་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ཡང་བདེ་བར་གཤེགས་པ་སྟེ། རིམས་ནད་ལེགས་པར་བྱེད་པ་བཞིན་ནོ། །འཇིག་རྟེན་མཁྱེན་པ་ཞེས ་བྱ་བ་ནི་འཇིག་པས་ན་འཇིག་རྟེན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ། །དེ་དག་མཁྱེན་པས་ན་འཇིག་རྟེན་མཁྱེན་པ་སྟེ་སེམས་ཅན་གྱི་འཇིག་རྟེན་གྱི་ནི་རྟེན་ཅིང་འབྲེལ་བར་འབྱུང་པའི་ཡན་ལག ་བཅུ་གཉིས་རྣམ་པར་བཞག་པ་ཡོངས་སུ་མཁྱེན་པའི་ཕྱིར་དང། སྣོད་ཀྱི་འཇིག་རྟེན་གྱི་ཡང་ས་རི་ལ་སོགས་པ་འབྱུང་བ་དང་གནས་དང་ཚང་ལ་སོགས་པ་ཡོངས་སུ་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །རྣམ་པ་གཅིག་ཏུ་ན་འཇིག ་རྟེན་གྱི་ཐ་སྙད་བཟང་པོ་ཡོངས་སུ་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་བྱ་བ་ལ། གདུལ་བར་རུང་བ་ནི་གདུལ་བའོ། །དེ་དག་ནི་སྐྱེས་བུ་ཡང་ཡིན་ལ། གདུལ་བ་ཡང་ཡིན་པས་སྐྱེས་བུ་གདུལ ་བའོ། །དེ་དག་གི་ཁ་ལོ་སྒྱུར་བ་ནི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ་སྟེ། དེ་དག་འདུལ་པའི་ཕྱིར་རོ། །བླ་ན་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དག་པས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ་འདུལ་བ་ནི་འདིར་འཕགས་པའི་ལམ་ཐོབ་པ་ཡིན་པར་རིག་པར ་བྱའོ། །དེས་ནི་འདི་དུ་ལ་བར་འགྱུར་ཏེ། ཡང་དམུ་རྒོད་ཀྱི་ངོ་བོར་མི་འགྱུར་བའི་ཕྱིར་རོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་ལྷ་དང་མི་ཞེས་སྨོས་པ་ནི་དེ་དག་མཆོག་ཡིན་པའི་ཕྱིར་རམ། འཕགས་པའི་ལམ་གྱི་སྣོད་ཡིན་པའི་ཕྱིར་རོ། །ཕྱིན ་ཅི་མ་ལོག་པར་སྟོན་པའི་ཕྱིར་སྟོན་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་འདི་ནི་བསམ་པ་ཇི་ལྟ་བ་བཞིན་ཆོས་སྟོན་པས་རབ་ཏུ་ཕྱེ་བ་ཡིན་པར་བསྟན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས ་རྒྱས་ཞེས་བྱ་སྟེ། ཚིག་གི་མཇུག་མི་མངོན་པར་བྱ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་བློ་རྒྱས་པའི་ཕྱིར་ཏེ། པདྨ་རྒྱས་པ་བཞིན་ནོ། །ཡང་ན་མི་ཤེས་པའི་གཉིད་གཉིས་སད་པའི་ཕྱིར་ཏེ་སྐྱེས་བུ་གཉིད་སད་པ་བཞིན་ནོ། །འདི་ནི་ཚིག་འདི་རྣམས་ཀྱིས་བསྡུས ་པའི་དོན་ཡིན་ཏེ་རྒྱས་པར་ནི་བསྟན་བཅོས་གཞན་དག་ལས་ཁོང་དུ་ཆུད་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་བཤད་ཟིན་ཏོ། །ཆོས་ཀྱི་ཡོན་ཏན་ནི་ལེགས་པར་གསུངས་པ་ཡིན་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར ་མཐོང་བ། ནད་མེད་པ་དུས་ཚད་པ་མེད་པ། འདི་མཐོང་བ་ལ་ཡོད་པ། ཉེ་བར་གཏོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གི་རིག་པར་བྱ་བ་སྟེ། བསྟན་པའི་ཆོས་དང་རྟོགས་པའི་ཆོས་ཞེས་བྱ་བ་ཆོས་རྣམ་པ་གཉིས་བསྟན་ཏོ། །དེ་ལ་བསྡུས་པའི་དོན་ནི ་ལེགས་པར་གསུངས་པ་ཞེས་བྱ་བ་འདིས་ནི་ཐོག་མ་བར་དང་ཐ་མར་དགེ་བ་ཉིད་བསྟན་པའི་ཆོས་བཤད་ཅེས་བྱ་བ་ཡིན་ཏེ། ཧ་ཅང་ཚིག་མང་སུ་དོགས་པས་མ་སྤྲོས་སོ། །དགེ་འདུན་གྱི་ཡོན་ཏན་ནི་ལེགས་པར་ཞུགས་པ་ལ་སོགས་པ་ཡིན་ཏེ། འདི་ལྟ་སྟེ ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ་འདི་ལྟ་སྟེ། སྐྱེས་བུ་ཟུང་བཞི་དང། སྐྱེས་བུ་གང་ཟག་བརྒྱད་པོ་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ ་འདུན་འདི་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། སྐོར་བར་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་བསྡུས་པའི་དོན་ནི་འཕགས ་པའི་དགེ་འདུན་སློབ་དང་མི་སློབ་པའི་ཡོན་ཏན་རྣམ་པ་གཉིས་བསྟན་ཏེ་ལེགས་པར་ཞུགས་པ་ལ་སོགས་པ་ཚིག་བཞིས་ནི་སྒྲུབ་པའི་ཡོན་ཏན་བཤད་དོ། །ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ལ་སོགས་པས་ནི་མཆོད་པར་འོས་པ་ཉིད་ཀྱི་ཡོན་ཏན་བསྟན ་ཏོ་ཞེས་བྱ་བ་ཡིན་ནོ། །གཏོང་བའི་ཡོན་ཏན་ནི་ཀྱེ་མ་བདག་སྐྱེ་དགུའི་སེར་སྣའི་དྲི་མ་ཀུན་ནས་ལངས་པ་རྣམས་ཀྱི་ནང་ནས་སེར་སྣའི་དྲི་མ་དང་བྲལ་བའི་སེམས་ཀྱིས་གནས་ཤིང་མཆོད་སྦྱིན་འཁོར་མོར་བྱེད་པ་དང། ལག་རྐྱོང་བ་དང། རྣམ་པར་གཏོང་བ་ལ ་དགའ་བ་དང། སྦྱིན་པ་ལ་འགེད་པར་དགའ་བ་གང་ཡིན་པ་དེ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། འདིར་ཡང་རང་གི་རྒྱུད་དུ་གཏོགས་པའི་སྦྱིན་པའི་ཡོན་ཏན་སེར་སྣའི་དྲི་མ་སྤངས་པ་དང། སྦྱིན་པའི་ངང་ཚུལ་ཅན་དང། ་ལུས་ཀྱི་བརྩོན་འགྲུས་བརྩམས་པ་དང། དངོས་པོ་ཡོངས་སུ་གཏོང་བ་དང། དེ་ལ་མངོན་པར་དགའ་བ་ཞེས་བྱ་བ་རྣམས་བསྟན་ཏོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་བདག་གི་ཚུལ་ཁྲིམས་ནི་མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། མ་གོས་པ། རང་དབང་ཡོད་པ། ་མཁས་པས་བསྔགས་པ། ཏིང་ངེ་འཛིན་སྒྲུབ་པ་དག་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །འདིར་ཡང་རང་གི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས་ཁོ་ནའི་ཡོན་ཏན་རྣམས་བསྟན་ཏེ། ཚིག་རྣམས་ཀྱི་དོན་འོག་ནས་བསྟན་པར་བྱའོ། །ལྷའི་ཡོན་ཏན་ནི་རྒྱལ་ཆེན་རིས་བཞིའི ་ལྷ་དག་དང། སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དག་ཡོད་དོ་ཞེས་བྱ་བ་ཡིན་ཏེ། ལྷ་དེ་རྣམས་དང་བདག་ཉིད་ཀྱི་ཡོན་ཏན་དག་རྗེས་སུ་དྲན་པར་བྱ་བ་ཡིན་ནོ། །དེ་ལ་སྐྱེ་བའི་ལྷ་རྣམས་ཀྱི་སྐྱེ་བའི་རྒྱུར་གྱུར་པའི་ཡོན་ཏན་དང། བདག ་ཉིད་ཀྱི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རང་ཀྱི་ཡོན་ཏན་རྣམས་ནི་ལྷའི་ཡོན་ཏན་ཡིན་ནོ་ཞེས་བཤད་དེ་དོན་དུ་ན་འདིར་རང་གི་ཡོན་ཏན་རྣམས་ཁོ་ན་ལྷའི་ཡོན་ཏན་དག་དང་མཚུངས་པར་བྱས་ནས། དྲན་པ་ནི་ལྷ་རྗེས་སུ་དྲན་པ་ཞེས་བྱ་བར་བཤད ་དོ། རྗེས་སུ་དྲན་པའི་གནས་དྲུག་ནི་སེམས་དང་བར་བྱེད་པའི་ཕྱིར་དང། བསོད་ནམས་ཆེན་པོའི་རྒྱུ་ཡིན་པའི་ཕྱིར། དད་པ་ཉིད་དུ་བསྟན་ནས། དེ་ལ་སེམས་མངོན་པར་དད་པས་དགེ་བ་བྱའོ་ཞེས་བསྟན་པའི་ཕྱིར། དགེ་བའི་ལས་ལམ་བཅུ་པོ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། འབྲས་བུ་ཡིད་འོངས་པའི་ཕྱིར་དགེ་བའོ། །བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ། བདེ་འགྲོའི་ལམ་ཡང་ཡིན་པས་ལས་ཀྱི་ལས་མོ། །ལམ་གྱི་ལམ་བཅུ་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ ་དང། མ་བྱིན་པ་ལེན་པ་སྤོང་བ་དང། འདོད་པ་ལོག་པར་གཡེམ་པ་སྤོང་བ་དང། རྫུན་དུ་སྨྲ་བ་སྤོང་བ་དང། ཕྲ་མ་སྤོང་བ་དང། ཚིག་རྩུབ་པོ་སྤོང་བ་དང། ཚིག་བཀྱལ་པ་སྤོང་བ་དང། བརྣབ་སེམས་མེད་པ་དང། གནོད་སེམས་མེད་པ་དང། ཡང་དག་པའི་ལྟ་བ་སྟེ་དགེ ་པའི་ལས་ཀྱི་ལམ་བཅུ་པོ་འདི་དག་བསྟེན་པར་བྱའོ། །ཡང་དེ་དག་ཇི་ལྟར་བསྟེན་པར་བྱ་ཞེ་ན། ལུས་དང་ནི། ངག་དང་ཡིད་ཀྱི་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྲོག་གཅོད་པ་སྤོང་བ་ལ་སོགས་གསུམ་ནི་ལུས་ཀྱི་རྟག་ཏུ་བསྟེན་པར་བྱའོ། །རྫུན་དུ་སྨྲ་བ་སྤོང ་པ་ལ་སོགས་པ་བཞི་ནི། ངག་གི་རྟག་ཏུ་བསྟེན་པར་བྱའོ། །བརྣབ་སེམས་མེད་པ་ལ་སོགས་པ་གསུམ་ནི་ཡིད་ཀྱིས་རྟག་ཏུ་བསྟེན་པར་བྱའོ། རྟག་ཏུ་ཞེས་བྱ་བ་འདིས་ནི་ལས་ཀྱི་བྱས་པ་དང་བསོགས་པ་སྟོན་པར་བྱེད་དོ། །དེ་ལ་ཇི་ལྟར་སྲོག་གཅོད་པར་འགྱུར ་ཞེ་ན། སྲོག་ཆགས་ཕ་རོལ་ཡང་ཡིན་ཡིན་པར་འདུ་ཤེས། བསད་པའི་སེམས་ཀྱང་ཉེ་བར་གནས་པར་གྱུར་བརྩལ་བར་ཡང་བྱས། དེས་ཀྱང་ཤིན་སྲོག་གཅོད་པ་ཡིན་ཏེ། སྡིག་པའི་ཁྱད་པར་ནི་གཞི་དང་བསམ་པ་དང་སྦྱོར་བའི་ཁྱད་པར་ལས་རིག་པར་བྱའོ། ། ་ཇི་ལྟར་མ་བྱིན་པར་བླངས་པར་འགྱུར་ཞེ་ན། གཞན་གྱིས་ཡོང་སུ་གཟུང་བ་ཡིན། གཞན་གྱིས་ཡོངས་སུ་གཟུང་བར་ཡང་འདུ་ཤེས་བརྐུ་བའི་སེམས་ཀྱང་ཉེ་བར་གནས། གནས་ཀྱང་སྤགས་ན་མ་བྱིན་པར་ལེན་པ་ཡིན་ཏེ། འདིར་སྡིག་པའི་ཁྱད་པར་ནི ་རྫས་དེ་གང་གི་ཡིན་པ་དེ་ཡི་ཁྱད་པར་དང་སྦྱོར་བ་དང་བསམ་པའི་ཁྱད་པར་ལས་རིག་པར་བྱའོ། །ཇི་ལྟར་འདོད་པས་ལོག་པར་གཡེམ་པར་འགྱུར་ཞེ་ན། བུད་མེད་གཞན་གྱིས་བསྲུངས་པ་འམ། ཆོས་ཀྱིས་བསྲུངས་པ་དང། རང་གི་བུད་མེད་ལ་ཡང་དུས ་མ་ཡིན་པ་དང། གནས་མ་ཡིན་པ་དང། ཡུལ་མ་ཡིན་པ་དང། ཡན་ལག་མ་ཡིན་པ་འཁྲིག་པའི་ཆོས་བསྟེན་ན་འདོད་པས་ལོག་པར་གཡེམ་པ་ཡིན་ཏེ། འདིར་ཡང་སྡིག་པའི་ཁྱད་པར་ནི་གཞི་དང་བསམ་པ་དང་སྦྱོར་བའི་ཁྱད་པར་ལས་རིག་པར་བྱའོ། ་དེ་ལ་ཇི་ལྟར་བརྫུན་དུ་སྨྲ་བར་འགྱུར་ཞེ་ན། སླུ་བའི་བསམ་པ་དང་ལྟ་བའི་ཡིད་ལ་བཞག་ནས། དོན་མངོན་པར་གོ་བ་ལ་ཚིག་ཏུ་སྨྲ་བ་འམ། ལུས་ཀྱིས་རྣམ་པར་རིག་པར་བྱེད་ཀྱང་རུང་རྫུན་དུ་སྨྲ་བ་ཡིན་ཏེ། ཐེ་ཚོམ་ཟ་བའི་དངོས་པོ་ལ་ངེས་པ ་བཞིན་དུ་སྨྲ་བ་ཡང་རྫུན་དུ་སྨྲ་བ་ཁོ་ན་ཡིན་ནོ། །འདིར་ཡང་སྡིག་པའི་ཁྱད་པར་ནི་བསླུ་བར་བྱ་བའི་ཁྱད་པར་དང་བསམ་པའི་ཁྱད་པར་ལས་རིག་པར་བྱའོ། །ཅི་ལྟར་ཕྲ་མ་བྱས་པར་འགྱུར་ཞེ་ན། དབྱེ་བར་འདོད་པ་འམ་དབྱེ་བའི་བསམ་པས་འགའ་ ་ཞིག་ལས་གཞན་ཞིག་ལ་མི་དགའ་བ་ཐོས་ནས་དེ་ལ་བསྙད་པར་གྱུར་པ་དང། དེ་ལས་ཐོས་ནས་འདི་ལ་བསྙད་པར་གྱུར་ན་ཡང་དག་པ་ཡང་རུང། ཡང་དག་པ་མ་ཡིན་པ་ཡང་རུང་སྟེ། དེ་ལྟ་ན་ཕྲ་མ་བྱས་པ་ཡིན་ནོ། །ཡང་དག་པ་མ་ཡིན་པ་སྨྲས་ན ་རྫུན་དུ་སྨྲས་བ་ཡང་ཅིའི་ཕྱིར་མི་འགྱུར་ཞེ་ན། ཁ་ཅིག་ན་དེ་འགྱུར་བ་ཁོ་ནའོ་ཞེས་ཟེར་རོ་དེ་ནི་དེ་ལྟར་གཟུང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། འདི་དབྱེ་བའི་བསམ་པ་ཅན་ཡིན་གྱི། བསླུ་བའི་བསམ་པ་ནི་མེད་པས་སོ། །དེ་ལྟར་བྱས་ན་ཡང་དག་པ་མ་ཡིན་པར ་ཚིག་རྩུབ་པོ་སྨྲ་ན་ཡང་རྫུན་དུ་སྨྲས་པར་མི་འགྱུར་ཏེ། བསམ་པ་གཉིས་ཅིག་ཅར་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཚིག་རྩུབ་པོ་སྨྲས་པར་འགྱུར་ཞེ་ན། ཁྲོས་པའི་སེམས་དང་ལྡན་པ། ཕ་རོལ་པོ་སྡུག་བསྔལ་བར་བྱ་བར་འདོད་པས། དོན་མངོན་པར་གོ་བ ་ལ་ཚིག་ཏུ་སྨྲས་ན། ཚིག་རྩུབ་པོ་སྨྲས་པ་ཡིན་ནོ། །དོན་མངོན་པར་མི་གོ་བ་ལ་ཚིག་བཀྱལ་བར་འགྱུར་རོ། །ཇི་ལྟར་ཚིག་བཀྱལ་པར་སྨྲས་པར་འགྱུར་ཞེ་ན། རྫུན་དུ་སྨྲས་པ་ལ་སོགས་པ་གསུམ་མ་གཏོགས་པ་ཚིག་གཞན་གང་ཞིག་ཉོན་མོངས་པ ་ཅན་གྱི་སེམས་ཀྱིས་བརྗོད་ན། དེ་ལྟར་ན་ཚིག་བཀྱལ་པ་སྨྲས་པ་ཡིན་ནོ། །ལས་ཀྱི་ལམ་གསུམ་པོ་འདི་དག་ཀྱང་རྫུན་དུ་སྨྲ་བ་བཞིན་ལུས་ཀྱིས་ཀྱང་བྱེད་པ་སྡིག་པའི་ཁྱད་པར་ཡང་རྫུན་དུ་སྨྲ་བ་དང་འདྲ་བ་ཁོ་ནར་རིག་པར་བྱའོ། །ཇི་ལྟར་བརྣབ་སེམས ་སུ་འགྱུར་ཞེ་ན། གལ་ཏེ་གཞན་གྱི་གདོགས་པ་དག་ལ་འདོད་པ་སྐྱེད་པར་བྱེད་ན་དེ་ལྟར་ན་བརྣབ་སེམས་སུ་འགྱུར་བ་ཡིན་ནོ། །ཇི་ལྟར་གནོད་སེམས་ཡིན་ཞེ་ན། གལ་ཏེ་སེམས་ཅན་གཞན་ལ་ཞེ་སྡང་ན་དེ་ལྟ་ན་གནོད་སེམས་སུ་གྱུར་པ་ཡིན་ནོ། །ཇི་ལྟར་ལོག་པར་ལྟ་བར་འགྱུར ་ཞེ་ན། གལ་ཏེ་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་མེད་དོ་སྙམ་དུ་ངེས་པར་སེམས་ན། དེ་ལྟ་ན་ལོག་པར་ལྟ་བར་འགྱུར་རོ། །ལས་ཀྱི་ལམ་གསུམ་པོ་འདི་དག་གི་སྡིག་པའི་ཁྱད་པར་ནི་བསམ་པའི་ཁྱད་པར་ཁོ་ན་ལས་རིག་པར་བྱ་ལ་བརྣབ་སེམས་ཀྱིས་ནི་དམིགས ་པའི་དབང་གིས་ཀྱང་སྡིག་པའི་ཁྱད་པར་དུ་འདོད་དེ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་སྤོང་བའི་དབང་གིས་དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པར་བྱའོ། །ཆང་རྣམས་ལས་ལྡོག་པར་མཛོད་ཅིག་ཅེས་བྱ་བ་ལ། ཆང་ནི་ཁ་ན་མ་ཐོ་བ་ཆེན་པོའི་རྒྱུ་ཉིད་ཡིན་མོད་ཀྱི། ་སྤྱད་པ་ཁོ་ནས་མི་དགེ་བ་ཉིད་མ་ཡིན་པས་ལས་ཀྱི་ལམ་རྣམས་ཀྱི་ནང་དུ་མེ་བཤད་དེ་དེ་ལྟ་བས་ན་ལོགས་ཤིག་ཏུ་དགག་པར་སྟོན་ཏོ། །མང་པོའི་ཚིག་ནི་ཆང་ནི་མྱོས་པར་འགྱུར་བ་ཉིད་དུ་ཁྱད་པར་མེད་ཀྱང་རྒྱུའི་ཁྱད་པར་ལས་རིག་པར་བྱ་སྟེ། བཅོས་པའི་ཆང་ནི་བུ་རམ་ཆང ་དང། འབྲས་ཕྱེའི་ཆང་དང། སྦྲང་རྩིའི་ཆང་དང། རྣམ་པ་གསུམ་མོ། །སྦྱར་བའི་ཆང་ནི་མེ་ཏོག་ལས་མནན་པ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །དགེ་བའི་འཚོ་བ་ཡང་མངོན་པར་དགྱེས་པ་ཞེས་བྱ་བ་ནི་མཛོད་ཅེས་བྱ་བར་སྦྱར་ཏེ། དགེ་བའི་འཚོ་བ་ནི་གཞན་ལ ་མི་གནོད་པར་འཇུག་པ་གང་ཡིན་པའོ། །དེ་ལྟར་དགེ་བའི་ལས་ལ་རྣམ་པར་གནས་པས་ཁ་དོག་པ་ཇི་ལྟ་བ་བཞིན་སྦྱིན་པ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར་ལོངས་སྤྱོད་གཡོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱད་པར་བྱ་བ་ཡིན་པས་ལོངས་སྤྱོད་དེ་འདི་ནི ་སྦྱིན་པར་བྱ་བའི་དངོས་པོ་ཟས་དང་སྐོམ་ལ་སོགས་པའི་ཚིག་བླ་དགས་ཡིན་ནོ། །ལོངས་སྤྱོད་དེ་དག་ཀྱང་མི་བརྟན་པའི་ཕྱིར་གཡོ་བའོ། །ངོམས་མི་ཤེས་པའི་ཕྱིར། སྙིང་པོ་མེད་པ་སྟེ། འདིས་ནི་ལོངས་སྤྱོད་རྣམས་ལ་ཀུན་ཏུ་འཛིན་པ་ཟློག་པར་བྱེད་དོ། །མཁྱེན ་ནས་ཞེས་བྱ་བ་ནི་རྟོགས་པར་བྱས་ནས་སོ། །དགེ་སློང་ཞེས་བྱ་བ་ལ་སོགས་པ་ནི་སྦྱིན་པའི་ཞིང་རྣམ་པ་གསུམ་སྟོན་ཏེ། སྦྱིན་གནས་ཀྱི་ཞིང་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་སོ། །སྙིང་རྗེའི་ཞིང་ནི་བཀྲེན་པ་རྣམས་སོ། །ཕན་འདོགས་པའི་ཞིང་ནི་བཤེས་པ ་རྣམས་སོ། །ཚུལ་བཞིན་ཞེས་བྱ་བ་འདིས་ནི་གུས་པར་བྱས་པ་བསྟན་ཏོ། །དེ་ནི་གཅིག་ཏུ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བསོད་ནམས་གུས་པར་བྱས་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་འདོད་པ ་སྡུག་པ། ཡིད་དང་ཐད་པ་སོ་སོར་མྱོང་པར་འགྱུར་རོ་ཞེས་གསུངས་སོ། །སྦྱིན་པ་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་བྱ་བ་འདིས་ནི་སྦྱིན་པ་ཆེན་པོ་འདོགས་པ་ཡིན་པ་ཉིད་དུ་སྟོན་ཏེ། འདིས་ནི་འདིར་སྦྱིན་པ་ལ་བསྟན་པ་ཡིན་པར་རིག་པར་བྱའོ།། ་ལོངས་སྤྱོད་རྣམས་ལ་མི་ལྟ་བས། ཚུལ་ཁྲིམས་ཡང་དག་པར་བླངས་ནས་བསྲུང་བར་བྱའོ། །ཞེས་བསྟན་པའི་ཕྱིར། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མ་ཉམས་པ་ནི་ཇི་ལྟར་ཡང་དག་པར་བླངས ་པ་ལས་གཅིག་ལས་ཀྱང་མ་འདས་པའི་ཕྱིར་རོ། །ཚུལ་ཁྲིམས་གཅིག་ལས་འདས་པས་ནི་ཉམས་པར་འགྱུར་རོ། །བསླབ་པ་མང་པོ་ཞིག་ལས་འདས་པས་ནི་སྐྱོན་ཅན་དུ་འགྱུར་རོ། །དེ་གཉི་ག་མེད་པར་བསྟན་པའི་ཕྱིར། མ་ཉམས་མོད་མི་དམའ་ཞེས ་བྱ་བ་སྨོས་ཏེ། ཚུལ་ཁྲིམས་སྐྱོན་ཅན་ནི་མོད་དམའ་བ་ཡིན་ནོ། །མ་འདྲེས་ཞེས་བྱ་བ་ལ་ཚུལ་ཁྲིམས་འདྲེས་པ་ནི་མི་དགེ་བ་དང། འདྲེན་མར་འདུག་པ་གང་ཡིན་པ་སྟེ། དེ་མེད་པའི་ཕྱིར་མ་འདྲེས་པའོ། །མ་སྤགས་པ་ནི་སྲིད་པ་དང་ལོངས་སྤྱོད ་ཀྱི་དོན་དུ་ཡོངས་སུ་མ་བསྔོས་པའི་ཕྱིར་རོ། །ཚུལ་ཁྲིམས་འདི་ཉིད་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་མ་གོས་པ་ཞེས་བྱ་སྟེ། གོས་པ་ནི་རྣམ་པ་གཞན་དུ་སྟོན་ནོ། །མ་ཉམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི ་རང་དབང་ཡོད་པ་ཡིན་ཏེ། སྲེད་པའི་དྲན་པ་ཉིད་ལས་ཐར་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་དེ་ནི་མཁས་པ་འཕགས་པ་རྣམས་ཀྱི་སྔགས་ལ་ཡང་ཡིན་ལ། ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་ཡང་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པའི་སེམས་མཉམ་པར་འཇོག་པའི ་ཕྱིར། ཚུལ་ཁྲིམས་དེ་ལྟ་བུ་ཁྱོད་ཀྱིས་བསྟེན་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནི་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ས་ནི་འགྲོ་བ་རྒྱུ་བ་དང་མི་རྒྱུ་བའི་སྐྱེ་བ་དང། གནས་པ ་དང་འཕེལ་བའི་རྒྱུར་གྱུར་པ་དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་ཀྱི་གཞི་རྟེན་ཡིན་ནོ། །འདིས་ནི་གུས་པ་བསྐྱེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་བསྟན་ཏེ། དེ་ལྟར་རེ་ཞིག་སྦྱིན་པ་དང། ཚུལ་ཁྲིམས ་སྤྱིར་བཤད་པ་ཡིན་ནོ། །ང་ནི་ཐེག་པ་ཆེན་པོ་ལ་གཟུང་པའི་ཆེད་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་རྣམས་བསྟན་པའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པས། སེམས་ཅན་ཐམས ་ཅད་ལ་ཕན་པར་བྱ་བའི་ཕྱིར། སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བཟོད་པ་ནི་འདིར་གཞན་གྱིས་གནོད་པ་བྱས་པ་ལ་མི་མཛད་པའི་བཟོད་པ་དང། སྡུག་བསྔལ་དང་དུ ་ལེན་པ་ཞེས་བྱ་བ་བཟོད་པ་རྣམ་པ་གཉིས་སུ་བཞེད་དོ། །བརྩོན་འགྲུས་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཆོས་བརྩལ་བར་སྤྲོ་བའོ། །བསམ་གཏན་ནི་སེམས་ཅན་གྱི་དོན་བྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་བསམ ་གཏན་བཞིའོ། །ཤེས་རབ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་བྱེད་པ་དང། སེམས་ཅན་རྣམས་ལ་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་སྟོན་པར་བྱེད་པའི་རབ་བྱེད་པ་གང་ཡིན་པ་སྟེ། ཤེས་རབ་དེ་ལྟ་བུ་ནི། ཉན་ཐོས་ལ་སོགས ་པ་ལ་མེད་པའི་ཕྱིར་གཞལ་དུ་མེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་སངས་རྒྱས་མཛད་ཅེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་བ་འདི་རྣམས་སྒྲུབས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན། སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན ་པ་རྒྱལ་བའི་དབང་པོ་མཛོད། ཅེས་བྱ་བ་སྨོས་སོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་མཛོད་ཅེས་བྱ་བ་ནི། ཕ་རོལ་ཏུ་སོན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གང་གིས་ཤེ་ན་སྲིད་པའི་རྒྱ་མཚོའོ། །ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་སྲིད་པའི་རྒྱ ་མཚོའི་ཕ་རོལ་ཏུ་སོན་པ་ཡིན་པས། རྒྱལ་བའི་དབང་པོ་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། འདི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས། སངས་རྒྱས་ཉིད་འཐོབ་པར་ཁྱོད་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་བྱོས་ལ། སངས་རྒྱས ་སུ་གྱིས་ཤིག་ཅེས་བཤད་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དང་ལྡན་པའི་ཁྱིམ་པ་དག་ཀྱང་ཡོད་པས་དེ་དག་གི་དགེ་བའི་ལས་གཞན་བསྟན་པའི་ཕྱིར། གང་ལ་ཕ་དང་མ་དག་མཆོད་བྱ་ཡི། རིགས་ཏེ་ཚངས་བཅས་ཞེས་བྱ ་བ་ལ་སོགས་པ་སྨོས་སོ། །དེ་ལ་རིགས་གང་ལ་ཕ་དང་མ་དག་མཆོད་པའི་ཞེས་བྱ་བ་འདིས་ནི། རིགས་འདི་ལ་མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་མེད་པར་སྟོན་ཏོ། །ཚངས་པ་དང་བཅས་པ་ཉིད་ཀྱིས་མི་རིགས་དེ་ལྷས་བྱིན་གྱིས་བརླབས ་པ་ཉིད་དུ་སྟོན་ཏོ། །སློབ་དཔོན་དང་བཅས་པ་ཉིད་ཀྱིས་ནི། བླ་མའི་ཁྱད་པར་གྱིས་བྱིན་གྱིས་བརླབས་པ་ཉིད་དུ་སྟོན་ཏོ། གཞན་ཡང་མཐོང་བའི་ཆོས་དང། ཚེ་ཕྱི་མའི་ཕན་ཡོན་བསྟན་པའི་ཕྱིར། དེ་དག་ལ་མཆོད་ཅེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེ་གཉིས་ལ་མཆོད་པ་ནི་དེ་དག་ལ་མཆོད་པའོ། །ཕ་དང་མ་དག་ལ་མཆོད་པ་ནི་མཐོང་བའི་ཆོས་ལ་ཡང་གྲགས་པར་འགྱུར་ལ་ཕ་རོལ་ཏུ་ཡང་མཐོ་རིས་སུ་འགྱུར་ཏེ། དེ་ལྟ་བས་ན་ཁྱིམ་ན་གནས་པས་བསྒྲིམས་ཏེ་ཕ་མ་དག་ལ ་མཆོད་པ་བྱའོ། །ཞེས་བྱ་བ་ཡིན་ནོ། །ཁྱིམ་ན་གནས་པ་རྣམས་ལ་དུས་ཐམས་ཅད་དུ་ཚངས་པར་སྤྱད་པ་དཀའ་བའི་ཕྱིར་ཉིན་ཞག་གཅིག་པའི་ཚངས་པར་སྤྱོད་པ་ལ་ཡང་སྦྱར་བའི་ཆེད་དུ་གསོ་སྦྱོང་ཡན་ལག་བརྒྱད་པ་བསྟན་པའི་ཕྱིར། འཚེ་དང་ཞེས་བྱ་བ་ལ་སོགས ་པ་སྨོས་སོ། །དེ་ལ་འཚེ་བ་ནི་སྲོག་གཅོད་པའོ། །ཆོམ་རྐུན་ནི་མ་བྱིན་པར་ལེན་པའོ། །འཁྲིག་པ་ནི་བཤང་བ་དང་གཅི་བ་དང་ཁའི་ལམ་དུ་ལོག་པར་སྒྲུབ་པའོ། །རྫུན་ནི་རྫུན་དུ་སྨྲ་བའོ། །ཆང་ནི་བཅོས་པའི་ཆང་དང་སྦྱར་བའི་ཆང་ངོ། །དུས་མིན་ཟས་ནི ་ཉི་མ་ཕྱེད་ཡོལ་ནས་དུས་སུ་རུང་བའི་དངོས་པོ་སྤྱོད་པའོ། །མལ་སྟན་མཐོ་བ་ནི་ཁྲི་དང་ཁྲིའུ་ཚད་ལས་འདས་པའོ། །གླུ་དག་དང། གར་ནི་འཇིག་རྟེན་གྲགས་པ་ཁོ་ནའོ། །སྤོས་དང་ཕྲེང་བ་སྤྱོད་པ་ནི་ཆེ་བའི་དོན་དུ་བཀག་གི་དང་པ་འམ་ནད་གསོ་བའི་ཕྱིར་ནི ་མ་ཡིན་ནོ། །བརྒྱད་པོ་དེ་དག་ནི་གསོ་སྦྱོང་གི་ཡན་ལག་ཡིན་ནོ། །ཡང་འདི་དག་གང་གི་ཡན་ལག་ཆ་ཤས་སུ་གྱུར་པ་ཡིན་པ་འདིའི་སྡོམ་པ་གཞན་གང་ཞིག་ཡོད་ཅེ་ན། འགའ་ཡང་མེད་དེ་འོན་ཀྱང་སྤྱིའི་རེ་རེ་ལ་ཡན་ལག་ཅེས་བྱ་སྟེ། ཕྱི་མ་ཡན་ལག ་ལྔ་པ་བཞིན་ནོ། །ཡང་ཡན་ལག་འདི་ཉིད་དགྲ་བཅོམ་པའི་ཚུལ་ཁྲིམས་ཀྱི་རྗེས་སུ་བྱེད་པ་ཡིན་ནམ་ཞེ་ན། གང་གི་ཕྱིར་འདི་སྐད་དུ། དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡིན། ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། ཞེས་བཤད་ན་འདི་སྐད་དུ ་ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་ཚུལ་ཁྲིམས་ཀྱི་རྗེས་སུ་སློབ་པོ་རྗེས་སུ་བགྱིད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་ཞེ་ན། འདིར་དགྲ་བཅོམ་པའི་ཚུལ་ཁྲིམས་ནི་ཡན་ལག་རྣམས་ཡིན་ལ། དགྲ་བཅོམ་པའི་ཚུལ་ཁྲིམས་ཀྱི ་རྗེས་སུ་བྱེད་པ་ནི་གང་ཟག་ཡིན་པར་སྣང་ངོ། །དེ་ལྟ་ཡིན་དང་འདིར་རྟན་གྱི་བརྟེན་པ་བསྟན་ཏེ། དཔེར་ན་ཁྱེའུ་དག་སྒྲོགས་སོ་ཞེས་བྱ་བ་ལྟ་བུ་ཡིན་པས་ཉེས་པ་མེད་དོ། །ང་ནི། གསོ་སྦྱོང་འདོད་སྤྱོད་ལྟ་བུས་ཡིད་འོང་བ། ཞེས་བྱ་བ་ལ་སོགས་པས་གསོ་སྦྱོང་གི ་སྡོམ་པ་འདིའི་རྣམ་པར་སྨིན་པའི་འབྲས་བུ་སྟོན་པར་བྱེད་དེ། འདི་སྐད་དུ། ཉིན་ཞག་གཅིག་པའི་གསོ་སྦྱོང་གི་སྡོམ་པས་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་གི་ནང་གར་འདོད་པར་སྐྱེ་བར་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །སྐྱེས་པ་བུད་མེད་དག ་ལ་ཞེས་བྱ་བ་ནི་སྐྱེས་པ་དག་དང་བུད་མེད་དག་ལ་སྦྱིན་པར་བྱེད་ཀྱི། གཞན་མ་ནིང་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་དག་ལ་སྡོམ་པ་སྐྱེ་བ་མེད་པའི་ཕྱིར་རོ། །བརྩོལ་བར་བགྱིད་ཅེས་བྱ་བ་སྦྱིན་པར་བྱེད་པའོ། །ཁྱིམ་པ་དེ་དག་ཉིད་ལ་བྱ་བ་ངན་པ་ལ ་ཆགས་པའི་ཉེས་པས་སེར་སྣ་ལ་སོགས་པ་འབྱུང་ལ། དེ་དག་ཀྱང་ངན་སོང་གི་རྒྱུ་ཡིན་པས་དེ་ལས་བཟློག་པར། སེར་སྣ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སེར་སྣ་ནི་སྦྱིན་པ་དང་མི་མཐུན་པར་རང་གི་ཕུན་སུམ་ཚོགས་པ་ལ་ཀུན་ཏུ་འཛིན་པའོ།། ་གཡོ་བ་ནི་སེམས་གྱ་གྱུ་བ་སྟེ་གང་གིས་ན་རང་གིས་བསམ་པ་རབ་ཏུ་མི་བརྟན་པའོ། །སྒྱུ་ནི་གཞན་བསླུ་བ་སྟེ་གང་གིས་ན་གཞན་རྨོངས་པར་བྱེད་པའོ། །ཆགས་པ་ནི་བདག་ལ་སྲེད་པ་དང་ལོངས་སྤྱོད་ལ་སྲེད་པའོ། །སྙོམ་ལས་ནི་བརྩོན་འགྲུས ་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཏེ། ལེ་ལོ་ཞེས་པའོ་མངོན་པའི་ང་རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་པོ་སྙམ་དུ་ང་རྒྱལ་བྱེད་པ་གང་ཡིན་པའོ། །འདོད་ཆགས་ནི་འཁྲིག་པ་ལ་སྲེད་པའོ། །ཞེ་སྡང་ནི་སེམས་ཅན་རྣམས ་ཀུན་ནས་མནར་སེམས་པ་སྟེ། ཆོས་བརྒྱད་པོ་དེ་དག་དང། རིགས་ཀྱི་རྒྱགས་པ་ལ་སོགས་པ་ལྔ་དང་མི་དགེ་བའི་ཆོས་བཅུ་གསུམ་ལ་དགྲ་བཞིན་དུ་ལྟ་བར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་འགྲོགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་དེ་ལ ་རྒྱགས་པ་ནི་ཆོས་དེ་རྣམས་ཀྱིས་སེམས་གཟེངས་རབ་ཏུ་མཐོ་བ་སྟེ། གང་གིས་ན་ར་རོ་བ་བཞིན་དུ་ཆོས་དང་ཆོས་མ་ཡིན་པ་བསྒྲུབ་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། རྒྱགས་པ་ནི། རང་གི་ཆོས་ལ་ཆགས་པའི་སེམས་ནི་ཡོངས་སུ་གཏུགས་པའོ།། ་ཞེས་འབྱུང་སྟེ་རང་གི་ཆོས་ལ་སོང?་པའི་འདོད་ཆགས་ཀྱིས་དེ་ཁོ་ན་ལ་སེམས་དེ་ཡོངས་སུ་གཏུགས་ཤིང་ཡོངས་སུ་ཟད་པར་འགྱུར་གྱིས། ཆོས་སམ་ཆོས་མ་ཡིན་པ་གཞན་བསྒྲུབ་པར་མི་འགྱུར་བ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།ཁྱིམ་པ་རྣམས་ལ་ཡང་བག་དང ་བཅས་པར་བྱ་བ་ཡོད་པས་དེ་དག་དེ་ལ་དགོད་པར་བཞེད་ནས། བག་ཡོད་བདུད་རྩིའི་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཡོད་པ་ནི་མྱ་ངན་ལས་འདས་པ་བདུད་རྩིའི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བག་མེད་པ་ནི་འཆི་བའི་གནས་ཡིན་ནོ། །ཇི་ལྟར་ཤེས་ཤེ ་ན། ཐུབ་པས་བཀའ་སྩལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པས་བཀའ་སྩལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ ་འཆི་ཞེས་ཚིགས་སུ་བཅད་པ་དེ་བཀའ་སྩལ་པའི་ཕྱིར་རོ། །དེ་ལ་བག་ཡོད་པ་ནི་དགེ་བའི་ཆོས་བསྒོམ་པའོ། །བཟློག་པ་ནི་བག་མེད་པ་ཡིན་པར་རིག་པར་བྱའོ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་རག?་ཡོད་པ་ཕན་ཡོན་ཆེ ་བ་དེའི་ཕྱིར་ཁྱོད་ཀྱིས་དགེ་བའི་ཆོས་སྤེལ་བར་བྱ་བའི་ཕྱིར་རྟག་ཏུ་བག་ཡོད་པར་བྱ་སྟེ། དགེ་བའི་ཆོས་ལ་གོམས་པ་དོར་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཁྱོད་ཀྱིས་ཁོ་བོའི་དོན་ཞིག་བྱ་བར་ཆད་ན། དང་པོ་ཉིད་ནས་ཅི་སྟེ་མ་སྨྲས། །ཁོ་བོ་སྡང་བག་མེད ་པར་གྱུར་ཟིན་པས། བག་ཡོད་པས་ཅི་བྱར་ཡོད་སྙམ་དུ་སེམས་ན། དེའི་ཕྱིར་གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་གང་ཞིག་སྔོན་ཆད་བག་མེད་པར་གྱུར་པ་དེ་ཡང་གལ་ཏེ་ཕྱིས་བག་ཡོད་པ་ལ་བརྟེན་ན་དེ ་ནི་མཛེས་པ་ཉིད་དེ་དཔེར་ན་ཟླ་བ་སྤྲིན་དང་བྲལ་བ་བཞིན་ནོ་ཞེས་བཤད་པ་ཡིན་ནོ། །ཇི་སེམས་ཅན་དེ་ལྟ་བུ་འགའ་ཙམ་ལྷ་མཐོང་ངམ་ཞེ་ན། མཐོང་ངོ་ཞེས་བསྟན་པའི་ཕྱིར། དགའ་བོ་སོར་ཕྲེང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགའ་བོ་ཞེས་བྱ་བ་ཤཱཀྱ ་ཞོན་ནུ་འདོད་ཆགས་ཆེན་པོ་ཞིག་ཡོད་དེ། དེ་ནི་རང་གི་ཆུང་མ་ལ་ཤིན་ཏུ་ལྷག་པར་ཆགས་པས་དེ་མེད་པར་ཐང་ཅིག་ཙམ་ཡང་དགའ་མི་མྱོང་ངོ། །དེ་འདྲ་བ་དེ། དེ་བཞིན་གཤེགས་པས་ཁྱིམ་ནས་ཁྲིད་དེ་རབ་ཏུ་ཕྱུང་ངོ། །རབ་ཏུ་ཕྱུང་ཡང་དེ ་ཁ་ཉིན་མཚན་དུ་དེ་ཁོ་ན་ལ་རྗེས་སུ་རྟོག་པར་བྱེད་ཀྱི་ཆོས་ལ་ནི་མ་ཡིན་ནོ། །དེ་ལྟ་བུ་ལས་དེ་བཞིན་གཤེགས་པས་དགྲ་བཅོམ་པ་ཉིད་ཐོབ་པའི་བར་དུ་མཛད་དོ། །སོར་མོའི་ཕྲེང་བ་ཞེས་བྱ་བ་ནི་བྲམ་ཟེའི་བུ་ཞིག་གོ་།དེ་ནི་བླུན་པོ་ཞིག་སྟེ་འདི་ལྟར་དེས ་ཆོས་སུ་འགྱུར་རོ་ཞེས་བྱ་བ་བླ་མའི་ལུང་མཉན་ནས་མི་དགུ་བརྒྱ་དགུ་བཅུ་རྩ་དགུ་བསད་དོ། ཡང་ཕྱིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱུང་ནས། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བར་གྱུར་ཏོ། །མཐོང་ལྡན་ནི་མ་སྐྱེས་དགྲའོ། །དེ་ནི་ཞེ་སྡང ་ཅན་ཞིག་སྟེ། འདི་ལྟར་དེས་མི་དགེ་བའི་གྲོགས་པོ་དང་ཕྲད་པ་དང། སྔོན་གྱི་ཤ་འཁོན་ཆགས་པས་ཕ་ཆོས་དང་ལྡན་པའི་རྒྱལ་པོ་བསད་དོ། །དེ་ཡང་དགེ་བའི་བཤེས་གཉེན་དེ་བཞིན་གཤེགས་པ་ཁོ་ན་ལ་བརྟེན་ནས། དམྱལ་བའི་མེའི་བུད་ཤིང ་ལས་ཐར་ཏོ། །རིགས་ཀྱི་བུ་བདེ་ལྡན་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གིས་གཞན་གྱིས་ཆུང་མ་ལ་ཉལ་པོ་བྱས་པའི་ལེ་ལན་གྱིས། མ་བསད་ནས་དེ་བཞིན་གཤེགས་པའི་བསྟན་པ་ཁོ་ན་ལ་བརྟེན་ཏེ་ཕོ་ལོང་བརྡབས་པ་དང་འདྲ ་བར་དམྱལ་བའི་རྡོ་རྗེ་ལས་ཐར་ཏེ། མཐོ་རིས་ཀྱི་འཇིག་རྟེན་གྱི་བདེ་བ་ཉམས་སུ་མྱོང་བར་གྱུར་ཏོ་ཞེས་གྲགས་ཏེ། དེ་ལྟར་དགའ་བོ་ལ་སོགས་པ་དེ་དག་ཀྱང་སྔོན་བག་མེད་པར་གྱུར་པ་ལས་ཕྱིས་བག་ཡོད་པའི་དབང་གིས་སྡུག་བསྔལ་གྱི་ཁྱད་པར ་དེ་དང་དེ་ལས་ཐར་པས། ཁྱོད་ཀྱི་སྔོན་བག་མེད་པར་གྱུར་དུ་ཟིན་ཀྱང་ཕྱིས་བག་ཡོད་པར་བྱ་དགོས་སོ་ཞེས་བྱ་བ་ཡིན་ནོ། །ཁྱིམ་པ་རྣམས་ལ་མི་འདོད་པ་དུ་མ་འབབ་པའི་དབང་གི་ཁྲོ་བ་མང་པའི་ཕྱིར་དེ་ལས་འདུན་པ་བཟློག་པའི་ཆེད་དུ་བཟོད་པ་བསྟན ་པར། འདི་ལྟར་བཟོད་པ་དང་མཚུངས་ཐུབ་དཀའ་མ་མཆིས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཟོད་པ་དང་འདྲ་བའི་དཀའ་ཐུབ་ནི་མེད་ཀྱི་བཟོད་པ་ཁོ་ན་དཀའ་ཐུབ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། བཟོད་པ་དཀའ་ཐུབ་དམ་པ་ཞེས་ཚིགས་སུ་བཅད། དེ་བཀའ་སྩལ ་བའི་ཕྱིར། འདི་སྐད་དུ་བཟོད་པ་དང་ལྡན་པ་ཁོ་ན་དཀའ་ཐུབ་ཅན་ཡིན་གྱི། སེམས་ཁྲོ་བས་ཉམས་ལ་རླུང་དང་ཆུ་དང་རྩ་བ་དང་འབྲས་བུ་ཟ་ཞིང་ལུས་སྐེམ་པ་དང། རལ་པ་དང་ལོ་མ་དང་ཤིང་ཤུན་དང། ཧྲལ་ཧྲུལ་གྱོན་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ཏོ། །འདི་ལྟར ་བཟོད་པ་དང་ལྡན་པས་ནི་ཉོན་མོངས་པ་རྣམས་གདུང་བར་བྱེད་ལ། ཅིག་ཤོས་ཀྱིས་ནི་ལུས་སོ། །ལུས་གདུངས་པ་ཙམ་གྱིས་ནི་བདེ་འགྲོ་ཡང་མི་ཐོབ་ན་ཐར་པ་ལྟ་ཞིག་སྨོས་ཀྱང་ཅི་དགོས། གང་གི་ཕྱིར་དེ་ལྟར་བཟོད་པ་ཕན་ཡོན་ཆེ་བ་དེའི་ཕྱིར། ཁྱོད་ཀྱི་ཁྲོ་བའི་གོ་སྐབས ་དབྱེ་མི་བགྱི། །བཟོད་པའི་ཡོན་ཏན་གཞན་ཡང་བསྟན་པའི་ཕྱིར། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྲོ་བ་སྤངས་པས་ནི་གང་གི་དབང་གིས་ན་ཡང་འདོད་པའི་ཁམས་སྡུག་བསྔལ་དུ་མ་དང་འབྲེལ་པར་འོང་བར་མི་འགྱུར་བ་ཕྱིར ་མི་ལྡོག་པ་ཉིད་ཀྱང་འཐོབ་སྟེ། གནས་འདི་ལ་ནི་སངས་རྒྱས་ཞལ་གྱིས་བཞེས་སོ། །གཉའ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། ཁྲོ་བ་སྤོངས་ཤིག་དང། ཁྱོད་ཕྱིར་མི་ལྡོག་པའི་གཉའ་བོར་གྱུར་པ་ང ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་བཟོད་པ་གང་ཡིན་ཞེ་ན། མི་ཁྲོ་བ་དང། ཁྲོ་བ་སྐྱེས་ན་ཡང་དེའི་མོད་ཁོ་ན་ལ་ཞི་བར་བྱེད་ཀྱི་ཞེ་ལ་འཛིན་པར་མི་བྱེད་པ་གང་ཡིན་པའོ། །དེ་ལ་ཁྲོ་བ་གང་ཞེ་ན། སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལས་མི་འདོད་པ་ཉེ་བར ་འབབ་པ་ད་ལྟར་བྱུང་བ་ལ་བརྟེན་ནས། སེམས་གཏུམ་པ་གང་ཡིན་པ་སྟེ། ཚིག་པ་ཟ་ཞེས་ཀྱང་བྱའོ། །བདག་ནི་འདིས་སྤྱོས་ཞེས་བྱ་བ་ལ་སོགས་པས་ནི་བཟོད་པ་ཁོ་ན་སྟོན་ཏོ། །ཁོན་དུ་འཛིན་པའི་ཡུལ་རྣམ་པ་བཞི་སྟོན་ཏོ། །འདིས་བདག་སྤྱོས་སོ། །འདིས་བདག ་བརྟགས?་སོ། །འདིས་བདག་ཕམ་པར་བྱས་སོ། །འདིས་བདག་གི་ནོར་ཕྲོགས་སོ་ཞེས་དེ་ལྟར་ཁོན་དུ་འཛིན་ཅིང་དེ་ལྟར་གཞན་གྱིས་གནོད་པ་བྱས་པ་ཞེ་ལ་འཛིན་ན་ཁྲོ་བའི་ཉེས་རྩོམ། །འཁྲུག་ལོང་རྣམས་བསྐྱེད་དོ། །གང་གིས་སེམས་ལ ་དེ་ལྟ་བུར་འཛིན་པ་མེད་ཅིང་ཁོན་དུ་འཛིན་པ་རྣམ་པར་སྤངས་པ་དེ་ནི་སེམས་ཀྱི་སྡུག་བསྔལ་མེད་པའི་ཕྱིར། བདེ་བར་གཉིད་ཀྱིས་ལོག་གོ་།ཅིག་ཤོས་ནི་སེམས་སྡུག་བསྔལ་བར་གྱུར་པའི་ཕྱིར་སྡུག་བསྔལ་ཞིང་གཉིད་ཀྱིས་ལོག་གོ་།ད་ནི་སེམས་ཆུ་དང་ཞེས ་བྱ་བ་ལ་སོགས་པས། སེམས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡང་ཇི་སྐད་བཤད་པའི་དགེ་བ་དང་མི་དགེ་བའི་སེམས་དག་ཀུན་ཏུ་འབྱུང་བས། དེ་ལ་ཁྱོད་ཀྱིས་དགེ་བ་ལ་ནི་སེམས་བརྟན་པར་བྱ་ལ། མི་དགེ་བ་ལ་ནི་སེམས་མི་བརྟན་པར་བྱའོ་ཞེས ་བྱ་བ་དེ་སྟོན་པར་བྱེད་དོ། །སེམས་ཅན་ཐམས་ཅད་ནི། ཆུ་ལ་རི་མོ་བྲིས་པ་ལྟ་བུ་དང། ས་ལ་རི་མོ་བྲིས་པ་ལྟ་བུ་དང། རྡོ་ལ་རི་མོ་བྲིས་པ་ལྟ་བུ་རྣམ་པ་གསུམ་སྟེ། དེ་ལྟར་སེམས་ཅན་རྣམ་པ་གསུམ་དུ་རིག་པར་བྱའོ། །ཆུ་ལ་རི་མོ་བྲིས་པ་ལྟ་བུ་ཡང ་ཁ་ཅིག་ཅི་མི་དགེ་བ་ལའོ། །ཁ་ཅིག་ནི་དགེ་བ་ལ་སྟེ། རྡོ་ལ་རི་མོ་བྲིས་པའི་བར་ཡང་དེ་དང་འདྲའོ། །དེའི་ནང་ནི་ཉོན་མོངས་པ་ཅན་རྣམས་ལ་ནི་དང་པོ་སྟེ། ཆུ་ལ་རི་མོ་བྲིས་པ་ལྟ་བུ་མཆོག་ཡིན་ལ། ཆོས་འདོད་པ་རྣམས་ཀྱི་ནང་ན་ཐ་མ་སྟེ། རྡོ་ལ་རི ་མོ་བྲིས་པ་ལྟ་བུ་ན་ཆོ་ག་ཡིན་ནོ། །དེ་བས་ན་ཁྱོད་ཀྱིས་མི་དགེ་བ་ནི་ཚུལ་རི་མོ་བྲིས་པ་ལྟ་བུར་བྱས་ལ། དགེ་བ་ལ་ནི་རྡོ་ལ་རི་མོ་བྲིས་པ་ལྟ་བུར་བྱའོ། །སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟར་སེམས་ཅན་རྣམས་ཀྱི་སེམས་རྣམ་པ་གསུམ་ཡིན་པ་དེ་བཞིན ་དུ་དག་ཀྱང་རྣམ་པ་གསུམ་པོ་ཞེས་བསྟན་པའི་ཕྱིར་རོ། །རྒྱལ་བས་སྙིང་ལ་འབབ་པ་དང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བས་ཚིག་རྣམ་པ་གསུམ་བཀའ་སྩལ་ཏོ། །ཞེས་བྱ་བར་སྦྱར་རོ། །དེ་དག་གང་ཞེ་ན། སྦྲང་རྩི་མེ་ཏོག་མི་གཙང་ལྟ ་བུའི་ཚིག་ཅེས་བྱ་བ་སྨོས་སོ། །དེ་དག་ཀྱང་སུའི་ཡིན་ཞེ་ན། སྙིང་ལ་འབབ་དང་བདེན་པ་དང། ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱིས་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་སྙན་པ་ནི་སྦྲང་རྩི་ལྟ་བུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྙིང་ལ་འབབ་ཅིང་དག་པར་བྱེད་པས་སྙིང ་ལ་འབབ་པ་ཞེས་བྱའོ། །ཚིག་བདེན་པ་དེ་ནི་མེ་ཏོག་ལྟ་བུ་སྟེ། བསྔགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཚིག་ལོག་པ་ནི་མི་གཙང་པ་ལྟ་བུ་སྟེ། སྨད་པའི་ཕྱིར་ཚིག་གསུམ་པ་འདི་དག་གིས་ནང་ནས་ཐ་མ་སྤང། ཚིག་གི་ཐ་མ་མི་གཙང་བ་ལྟ་བུ་སྟེ། དེ་ཁྱོད་ཀྱིས ་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་འཁོར་བ་ན་འཁོར་བ་རྣམས་ཀྱི་སྤྱོད་པ་རྣམ་པ་བཞི་སྟེ། དེ་བས་ན་ཁྱོད་ཀྱིས་སྤྱོད་པ་མཆོག་ལ་གནས་པར་བྱའོ་ཞེས་དེ་ལ་སྦྱར་པའི་ཕྱིར། སྣང་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ་མདོ་ལས་ནི་སྣང་བ་ནས་སྣང་བར་འགྲོ་བ་ཞེས་འབྱུང་ངོ། །དེ་ལ་སྣང་བ་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ནི་ལྷ་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས་ཡང་དེ་ཉིད་དུ་སྐྱེ་བ་གང་ཡིན་པའོ། །མུན་པ་ནས་མུན་པའི་མཛའ་ཞེས་བྱ་བ་ནི་ངན་འགྲོ ་འམ་མི་དབང་ཐང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེས་ནས་ཡང་དེ་ཉིད་དུ་སྐྱེ་བ་གང་ཡིན་པའོ། །སྣང་བ་ནས་མུན་པའི་མཐར་ཐུག་ཅེས་བྱ་བ་ནི་ལྷ་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས། ངན་སོང་གསུམ་དང་མི་དབང་ཐང་ཆུང་བ་རྣམས་ཀྱི་ནང་དུ་སྐྱེ ་བ་གང་ཡིན་པ་སྟེ་དཔེར་ན་འཇུངས་དགའ་ལྟ་བུའོ། །མུན་ནས་སྣང་པའི་མཐར་ཐུག་ཅེས་བྱ་བ་ནི་ངན་སོང་གསུམ་དང་མི་དབང་ཐང་ཆུང་བ་རྣམས་ཀྱི་ནང་དུ་སྐྱེས་ནས་ལྷའི་འཇིག་རྟེན་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ། དཔེར་ན ་ལྷའི?་བུ་སྤལ་པ་ལྟ་བུའོ། །དེ་དག་ནི་གང་ཟག་བཞི་སྟེ། དེ་དག་གི་ནང་ནས། དང?་པོ་མཛད་སྣང་གནས་སྣང་བར་འགྲོ་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །ད་ནི་ཁྱིམ་པ་རྣམས་ནི་སེམས་ཅན་མང་པོ་དང་འགྲོགས་དོགས་ཏེ། དེ་བས་ན་དེ་དག་ལ་ཇི་ལྟར ་རིགས་པར་སྒྲུབ་པ་བསྟན་པའི་ཕྱིར། དེ་དག་གི་སྤྱོད་པའི་ཁྱད་པར་བསྟན་པ་ནི། ཨ་སྨྲའི་འབྲས་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། མྲའི་འབྲས་བུ་ནི་རྣམ་པ་བཞི་སྟེ། ལ་ལ་ནི་མ་སྨིན་པར་ཡང་ཕྱི་རོལ་ནས་སྨོན་པ་ལྟ་བུར་སྣང་ངོ། ་ལ་ལ་ནི་སྨིན་ཡང་སྔོན་པོའི་ངོ་བོ་དང་མ་བྲལ་བས་མ་སྨིན་པ་ལྟ་བུར་སྣང་ངོ། །ལ་ལ་ནི་མ་སྨིན་པ་ལ་མ་སྨིན་པ་ཉིད་དུ་སྣང་ངོ། །ལ་ལ་ནི་སྨིན་པ་ལ་སྨིན་པ་ཉིད་དུ་སྣང་ངོ། །དེ་དང་འདྲ་བར་གང་ཟག་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལ་དང ་པོ་ནི་བསམ་པ་ཉམས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ནོ། །གཉིས་པ་ནི་སྦྱོར་བ་ཉམས་པ་ལ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །གསུམ་པ་ནི་གཉི་ག་ཉམས་པ་ཡིན་ནོ། །བཞི་པ་གཉི་ག་ཕུན་སུམ་ཚོགས་པ་ཡིན་ནོ། །དེའི་ཁྱིམ་པ་རྣམས ་ལ་ནི་འདོད་པས་ལོག་པར་གཡེམ་པ་སྤང་དཀའ་བའི་ཕྱིར་ལ། དེ་ཡང་གཞན་གྱི་ཆུང་མ་མཐོང་ན་མངོན་དུ་འགྲོ་བ་ཅན་ཡིན་པས་དེ་ལས་བཟློག་པའི་ཕྱིར། གཞན་གྱི་ཆུང་མ་མི་ལྟ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མདོ་ལས་ནི ་བཙུན་པ་བུད་མེད་ལ་ཇི་ལྟར་བསྒྲུབ་པར་བགྱི་ཞེས་གསོལ་པ་དང། ཀུན་དགའ་བོ་མི་ལྟ་བས་སོ་ཞེས་བཀའ་སྩལ་ཏོ། །འདིར་ནི་ཁྱིམ་པའི་སྐབས་ཡིན་པས་གཞན་གྱི་ཆུང་མ་ཞེས་བཤད་དོ། །འོན་ཏེ་ཇི་ཞིག་ལྟར་མཐོང་བར་གྱུར་ན། དེ་ལ་ཡང་མ་དང་བུ ་མོ་དང་སྲིང་མོའི་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ཡང་བབ་ཅོལ་དུ་མ་ཡིན་གྱི་འོན་ཀྱང་ན་ཚོད་དང་མཐུན་པར་རོ། །དེ་ལྟར་བསམས་ཀྱང་གལ་ཏེ་འདོད་ཆགས་སྐྱེ་བ་ལྟ་ན། ཆགས་གྱུར་ན། བུད་མེད་དེ་ལ་དྲི་ང་བ་དང། སྒོ་དགུ་དོད་པ་དང་ཞེས་བྱ ་བ་ལ་སོགས་པ་ཇི་སྐད་འཆད་པར་འགྱུར་བ་ལྟ་བུར། མི་གཙང་ཉིད་དཱུང་ཡང་དག་བསམ་པར་བགྱི། གལ་ཏེ་མི་གཙང་བ་ཉིད་དུ་བསམས་སུ་ཟིན་ཡང་གཙང་བའི་སེམས་བྱུང་ན། དེའི་ཚེ་ཇི་ལྟར་བྱ་ཞེ་ན། སེམས་བསྲུང་བར་བྱའོ། ཞེས་བསྟན་པའི་ཕྱིར ་རོ། །གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ། འཇིག་རྟེན་ན་ཐོས་པ་ལ་སོགས་པ་དོན་ཆེན་པོ་ཉིད་ཀྱི་སྲུང་བ་དེ་ཁོ་ན་བཞིན་དུ་ཁྱོད་ཀྱིས་སེམས་བསྲུང་བར་བྱའོ། ཞེས་བཤད་པ་ཡིན་ནོ། །འདི་ཡང་བསྲུངས་ན་བདེ་བ་ཐོབ ་པར་འབྱུང་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སེམས་དུལ་བས་ནི་བདེ་བ་འཐོབ། ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་གདུག་པ་ལ་སོགས་པ་བཞིན་དུ་འདོད་པའི་བདེ་པ་དག་ལ་ཡིད་འབྱུང་བར་གྱིས་ཤིག་།དེ་ལ་གདུག་པ་ནི་སྤྲུལ་ལོ། །དེ་ནི་མ་རུངས ་པ་ཉིད་ཀྱིས་ཡིད་འབྱུང་བའི་རྒྱུ་ཡིན་ནོ། །དུག་ནི་གསོད་པར་བྱེད་པའི་བདག་ཉིད་ཀྱིས་སོ། །མཚོན་ནི་སྡུག་བསྔལ་སྐྱེད་པའི་རྒྱུ་ཉིད་ཀྱིས་སོ། །དགྲ་བོ་ནི་བདེ་བའི་གགས་བྱེད་པའི་རྒྱུ་ཉིད་ཀྱིས་སོ། །མེ་ནི་གདུང་བར་བྱེད་པའི་རྒྱུ་ཉིད་ཀྱིས་སོ། །ཡུལ་རྣམས ་ཀྱང་བདག་དང་གཞན་ལ་གནོད་པའི་རྒྱུ་ཉིད་ཀྱིས་གདུག་པ་བཞིན་དུ་མ་རུངས་པ་ཡིན་ནོ། །དགེ་བའི་ལས་ཆུད་གཟོན་པར་བྱེད་པ་ཉིད་ཀྱིས་དུག་བཞིན་དུ་གསོད་པར་བྱེད་པའི་བདག་ཉིད་ཡིན་ནོ། །ངན་སོང་འདྲེན་པར་བྱེད་པའི་ཕྱིར་མཚོན་བཞིན་དུ་སྡུག ་བསྔལ་བསྐྱེད་པའི་རྒྱུ་ཡིན་ནོ། །ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐག་སྲིད་པར་བྱེད་པའི་ཕྱིར་དགྲ་བོ་བཞིན་དུ་བདེ་བའི་གགས་བྱེད་པའི་རྒྱུ་ཡིན་ནོ། །འགྱོད་པ་བསྐྱེད་པའི་ཕྱིར་མེ་བཞིན་དུ་གདུང་བར་བྱེད་པའི་རྒྱུ་ཡིན་ནོ། །དེ་བས་ན་འདོད་པའི་བདེ་ལ་ཡིད ་འབྱུང་མཛོད། གཞན་ཡང་འདོད་པ་རྣམས་ནི་ཕུང་བ་སྐྱེད་པར་བྱེད་པ་སྟེ། དེའི་ཕྱིར་ཡང་འདོད་པའི་བདེ་བ་དག་ལ་ཡིད་འབྱུང་བར་གྱིས་ཤིག་།ཡང་ན་ཅིའི་ཕྱིར་འདོད་པའི་བདེ་བ་ཉམས་སུ་མྱོང་བ་དག་ལ་གདུག་པ་ལ་སོགས་པ་བཞིན་ཡིད་འབྱུང་བར་བྱ་ཞེ་ན། ་འདོད་པ་རྣམས་ནི་ཕུང་བ་བསྐྱེད་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་ཉེ་བར་སྤྱོད་པའི་དུས་ན་བདེ་བ་སྐྱེད་མེད་ཀྱི། འོན་ཀྱང་མཇུག་ཏུ་འཕུང་བ་སྐྱེད་པར་བྱེད་པ་ཁོ་ན ་ཡིན་པས་མཁས་པ་རྣམས་ཀྱིས་ཁ་ཟས་དུག་ཅན་བཞིན་དུ་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །འདི་ལྟར་འདོད་པ་རྣམས་ནི་དང་པོ་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་དང་ཐ་མར་ཡོངས་སུ་གདུང་བར་བྱེད་པ་ཉིད་ཀྱི་ཕྱིར། རྒྱལ་བའི་དབང ་པོས་ཀིམ་པའི་འབྲས་འདྲར་གསུངས། དཔེར་ན་ཀིམ་པའི་འབྲས་བུ་ཤུན་པ་ཙམ་ཞིག་བཟང་གི་ནང་ངན་པ་དང་འབྲ་བའོ། །གཞན་ཡང་འདོད་པ་རྣམས་ནི་འཁོར་བར་འཆིང་བའི་རྒྱུར་གྱུར་པའི་ཕྱིར་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ཞེས་སྟོན་པར ་བྱེད་དེ། དེའི་ལྕགས་སྒྲོག་གིས། འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། ཞེས་བྱ་བ་ནི་ཡུལ་གྱི་ལྕགས་སྒྲོག་གིས་འཁོར་བའི་བཙོན་རར་སེམས་ཅན་གྱི་འཇིག་རྟེན་འདི་གཅིངས་སོ་ཞེས་བྱ་བ་ཡིན་ནོ། །ང་ནི་གང་ཞིག་དབང་པོ་ཚར་གཅོད ་པར་བྱེད་པ་དེ་བསྔགས་པའི་སྒོ་ནས་དེ་ལ་སྲན་བསྐྱེད་པའི་ཕྱིར། །གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་ཕྲད་ནས་འགྱུར་བའི་ཕྱིར་དེ་ལ། མི་བརྟན་པ་ཞེས་བྱའོ། །ཡུལ་ལ་མངོན་པར་འདོད་པ་ཉིད་ཀྱིས ་གཡོ་བ་ཡིན་ནོ། །གང་དག་ཅིག་དབང་པོ་དྲུག་པོ་དེ་དག་ལས་རྒྱལ་བར་བྱེད་པ་དང། གང་དག་ཅིག་འཐབ་མོའི་གཡུལ་ངོར་དགྲའི་ཚོགས་ལས་རྒྱལ་བར་བྱེད་པ་དེ་དག་ལས། མཁས་ཤིང་འཛངས་པ་རྣམས་ནི། དང་པོ་དབང་པོ་ལས་རྒྱལ ་བར་བྱེད་པ་གང་དག་ཡིན་པ། དཔའ་རབ་ལགས་པར་འཚལ་ཏེ། འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་དུད་འགྲོ་ཡང་གཡུལ་ལས་རྒྱལ་བར་སྣང་སྟེ། དེ་དག་གིས་དབང་པོ་ལས་རྒྱལ་བར་བྱེད་པར་མི་ནུས་སོ། །གང་ཡང་མི་གཙང་བ་ཉིད་དཱུང ་ཡང་དག་བསམ་པར་བགྱིས་ཞེས་བཤད་པ་དེ་བསྟན་པའི་ཕྱིར། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས?་སོ། །དེ་ལ་ལུས་ཞེས་བྱ་བ་ཤེས་བྱའི་སྒྲ་ནི་ལུས་དྲི་ར?་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རེ་རེ་དང་སྦྱར ་བར་བྱའོ། །འདིར་ལུས་ནི་དྲི་དང། དབྱིབས་དང། མི་གཙང་བའི་རྟེན་དང། ངོམས་མི་ཤེས་པ་དང། །འོང?་ན་སྙིང་པོ་མེད་པའི་སྒོ་ནས་བཟང་པོ་མ་ཡིན་པ་རྣམ་པ་ལྔ་སྨོས། །དེ་བས་ན་བུད་མེད་གཞོན་ནུའི་ལུས་འདི་ལྟ་བུ་ཡང་ལོགས་ཤིག་ཏུ་ལྟོས་ལ། རྒྱན་ཀྱང་ལོགས ་ཤིག་ཏུ་ལྟོས་ཤིག་དང། དེས་ན་འདོད་ཆགས་ཀྱི་མ་ཞི་བར་འགྱུར་གྱི། གང་གི་ཚེ་རྒྱན་རྣམས་དང། ལུས་གཅིག་ཏུ་བཟླུམས་ཏེ། བལྟས་པ་དེའི་ཚེ་ན་འདོད་ཆགས་ཀྱི་མེ་མཆད་པ་ཁོ་ནར་འགྱུར་བས་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ་སྙམ་དུ་དགོངས་པ་ཡིན་ནོ།། ་གཞན་ཡང་ངོམས་པར་བྱ་བའི་ཕྱིར་ཡུལ་ལ་ཉེ་བར་སྤྱོད་པར་འདོད་ན། འདོད་ཆགས་རྣམས་ནི་བསྐལ་པ་བརྒྱ་ཕྲག་ཏུ་ཡང་ངོམས་པ་མེད་པས། དེ་དག་རྟེན་དེས་ཅི་བྱ་ཞེས་བསྟན་པའི་ཕྱིར། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་ཇི་ལྟར་མཛེ་ཅན་སྲིན་བུས་བཙུགས་པ་བསལ་བའི་ཕྱིར་མེ་བསྟེན་ཀྱང་ཞི་བར་མི་འགྱུར་བ་དེ་བཞན་དུ་བྱིས་པ་དག་འདོད་པའི་གདུང་པ་བསལ་བའི་ཕྱིར་ཡུལ་རྣམས་ལས་བརྟན་ཀྱང་ངོམས་པར་མི་འགྱུར་གྱི། རྣམ་པར་ཉམས་པར་འགྱུར་བ་འབའ་ཞིག་ཏུ ་ཟ་དེ། འདི་ནི་འདོད་པའི་འདོད་ཆགས་རྣམ་པར་གནོན་པའི་སྦྱར་བ་བཤད་པ་ཡིན་ནོ། །འདི་ཙམ་གྱིས་ནི་དེ་ཀུན་ཏུ་འཆད་པ་མ་ཡིན་པས། ཁྱོད་དེ་ཀུན་བཅད་པར་འདོད་ན་ལམ་འདི་བསྒོམ་པར་བྱའོ། ཞེས་བསྟན་པའི་ཕྱིར་རོ། །དོན་དམ་གཟིགས་པར ་བགྱི་སླང་དངོས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པ་ནི་ཆོས་ཀྱི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པའོ། །ད་མཐོང་བར་བྱ་བའི་ཕྱིར་ཏེ། དེའི་ཡུལ་ཅན་གྱི་ཡེ་ཤེས་བསྐྱོད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དངོས་རྣམས་ལ་ཚུལ་བཞིན་ཡིད་ལ ་བགྱིད་པ་སྟེ། ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་དངོས་པོ་རྣམས་ལ་དམིགས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དོན་དམ་པའི་ཡེ་ཤེས་སྐྱེ་བ་དང་མཐུན་པའི་ཡིད་ལ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་ཡིད་ལ་བྱེད་པ་སྨོས་པས ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་མཛའ་དག་གཟུང་སྟེ། འདིར་གཙོ་བོ་བསྟན་པ་མཛད་པ་ཡིན་ནོ་ཡིད་ལ་བྱ་བ་དེ་གོམས་མཛོད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་པའི་ཚུལ་དུ་ཡང་དང་ཡང་མངོན་དུ་བྱས་ནས་མནོས་ཤིག་ཅེས་བྱ་བའི་དོན ་ཏོ། །དེ་ལྟར་བསྒོམས་ཏེ་ཅི་ཞིག་བྱ་ཞེ་ན། དེ་དང་འདྲ་བར་ཡོན་ཏན་ལྡན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་དམ་པའི་ཡེ་ཤེས་བསྐྱེད་ཅིང་ཉོན་མོངས་པ་ཉེ་བར་ཞི་བའི་རིམ་གྱིས་སེམས་ཅན་རྣམས་མྱ་ངན་ལས་འདའ་བའ་ཨི་བདེ་བ་དང་སྤྲོད་བར་བྱེད་པ་གང ་ཡིན་པ་འདི་ནི་ཡོན་ཏན་དང་ལྡན་པའི་ཆོས་ཡིན་ཏེ། འདི་དང་འདྲ་བའི་ཆོས་གཞན་ནི་འཇིག་རྟེན་ན་འགའ་ཡང་མེད་པས་འདི་ཁོ་ན་ཆོས་ཐམས་ཅད་པས་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཡིད་ལ་བྱེད་པ་དེ་ཡང་ངེས་པས་འབྱུང་བའི་ཆ་དང་མཐུན་པའི་གནས ་སྐབས་ན་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་རྣམ་པ་ཅན་ཡིན་པར་རིག་པར་བྱ་སྟེ། དེ་ནི་འཕགས་པའི་ལམ་སྐྱེ་བ་དང་མཐུན་པ་ཡིན་ནོ། །ད་ནི་ཤེས་པ་འདིའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། སྐྱེས་བུ་རིགས་གཟུགས ་ཐོས་དང་ལྡན་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་དང་ལྡན་པ་རྒྱལ་རིགས་ཤིང་སཱ?་ལ་ཆེན་པོ་ལྟ་བུ་ལ་སོགས་པར་སྐྱེས་པ་གང་དག་ཡིན་པ་དང། གཟུགས་དང་ཁ་དོག་དང། དབྱིབས་དང་མཚན་ཕུན་སུམ་ཚོགས་པ་གང་དག ་ཡིན་པ་དང། ཐོས་པ་དང་ལྡན་པ་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་གང་དག་ཡིན་པ་དེ་དག་ཀྱང། གལ་ཏེ་ཇི་སྐད་བཤད་པའི་ཤེས་པ་དང་ཚུལ་ཁྲིམས་དང་བྲལ་བ་འཇིག་རྟེན་ན་བཀུར་བ་མ་ཡིན་ཞིང། གུས་པར་བྱ་བ་ཡང་མ་ཡིན ་ལ། ཡིད་བརྟན་པར་བྱ་བ་ཡང་མ་ཡིན་གྱི། རིགས་པ་ལ་སོགས་པ་མེད་དུ་ཟིན་ཀྱང་ཤེས་པ་དང་ཚུལ་ཁྲིམས་དང་ལྡན་མཆོད་པར་བྱ་བ་ཁོ་ན་ཡིན་པས། འདི་ཁོ་ན་ལ་འབད་པར་བྱའི། རིགས་ལ་སོགས་པས་ང་རྒྱལ་ནི་མི་བྱའོ་སྙམ་དུ་དགོངས་པ་ཡིན་ནོ།། ་འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང། ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་ལམ་སྐྱེ་བ་དང་མཐུན་པ་ཁོ་ན་སྟོན་པར་བྱེད་དོ། །འཇིག་རྟེན་གྱི་ཆོས་ལ་གནས་པ་འཕགས་པའི་ལམ་སྐྱེ་བ་མེད་པའི་ཕྱིར། འདིས་གདོན་མི་ཟ་བར་འཇིག་རྟེན་གྱི་ཆོས་རྣམས ་ལ་མཉམ་པ་ཉིད་དོ། །འདིར་འཇིག་རྟེན་གྱི་ཆོས་ནི་རྙེད་པ་མ་རྙེད་པ་ལ་སོགས་པ་ལ་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡིན་གྱི། རྙེད་པ་ལ་སོགས་པ་ནི་མ་ཡིན་ཏེ། འཕགས་པ་རྣམས་ལ་ཡང་མངའ་བའི་ཕྱིར་རོ། །དེ་ལྟ་བས་ན་དམིགས་པའི་དབང་གིས་འཇིག་རྟེན ་གྱི་ཆོས་རྣམ་པ་བརྒྱད་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་མི་སྙན་དང་སྨད་པ་ནི་ལྐོག་དང་ལྐོག་མ་ཡིན་པའི་བྱེ་བྲག་ལས་རིག་པར་བྱའོ། །འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་དག་མགོ་སྙོམས་མཛོད་ཅེས་བྱ་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བ་མ་སྐྱེད་ཅེས ་བྱ་བའི་ཐ་ཚིག་གོ་།དེ་ཉིད་ཀྱི་ཡིད་ཀྱི་ཡུལ་མ་ཡིན་པར་འགྱུར་ཏེ། གང་གི་ཕྱིར་དེ་དག་གི་གཞི་ཅན་གྱི་ཉོན་མོངས་པ་འདིའི་སེམས་འཁྲུག་པར་བྱེད་པ་རྣམས་སྐྱེ་བར་འགྱུར་བ་ལྟ་བུར། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འདིའི་ཡུལ་གྱི་དངོས་པོར་མི ་འགྱུར་རོ། །གཞན་ཡང་འཇིག་རྟེན་ན་ཆོས་མ་ཡིན་པ་ཡང་ཆོས་སུ་གྲགས་ཏེ། དེ་ལས་བཟློག་པའི་ཕྱིར་རོ། །ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་དགེ་སློང་དང་བྲམ་ཟེ་དང་ལྷ་དང་མགོན་པོ་ལ་སོགས་འདི་དག ་གི་དོན་དུ་སྡིག་པ་མི་བྱའོ། །ཅིའི་ཕྱིར། དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས་ཞེས་བྱ་བ་སྨོས་ཏེ། འདི་དག་གི་དོན་དུ་སྡིག་པ་བྱས་པ་ཡང་ཁྱོད་ཁོ་ན་དམྱལ་བའི་སྡུག་བསྔལ་ལ་སྦྱོར་བར་བྱེད་ཀྱི། མ་ལ་སོགས་པ་དེ་དག་དམྱལ་བའི་སྡུག ་བསྔལ་གྱི་སྐལ་པ་ལེན་པར་མི་བྱེད་དོ། །གལ་ཏེ་བྲམ་ཟེ་ལ་སོགས་པའི་དོན་དུ་སྡིག་པ་བྱས་རྣམ་པར་སྨིན་པ་མི་འདོད་པ་ཅན་དུ་གྱུར་ན། ཅིའི་ཕྱིར་དེའི་མོད་ལ་རྣམ་པར་སྨིན་པར་མི་འགྱུར་སྙམ་དུ་སེམས་ན། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་སྡིག་པའི་ལས་ཀྱི་དེའི་མོད་ཁོ་ན་ལ་མཚོན་ཆ་བཞིན་དུ་གཅོད་པར་མི་བྱེད་མོད་ཀྱི། འོན་ཀྱང་འཆི་བའི་དུས་ལ་བབ་བ་ན་སྡིག་པའི་ལས་ཀྱི་འབྲས་བུ་མངོན་བར་འགྱུར་རོ་ཞེས་བཤད ་པ་ཡིན་ནོ། །དུས་དེའི་ཚེ་དགེ་བ་དང་མི་དགེ་བའི་ལས་གང་བྱས་པ་དེ་མངོན་དུ་འགྱུར་ཏེ། དཔེར་ན་ཕྱེ་མ་ངེད་ཀྱི་དུས་སུ་རི་བརྩེགས་བ་རྣམས་ཀྱི་གྲིབ་སོ་འབབ་པ་ལྟ་བུ་ཡིན་ནོ། །དེ་མཐོང་ནས་ཁ་ཅིག་ནི་བཞིན་མདངས་གསལ་བཞིན་དུ་འཆིའོ། ་གཞན་དག་ནི་བཞིན་མདངས་ངན་པར་གྱུར་ནས་འཆིའོ། །དེ་དག་ཁོ་ན་ལ་དམིགས་ནས་འཆི་འཕོས་པའི་སེམས་ཀྱིས་མཇུག་ཐོགས་སུ་ཉིང?་མཚམས་སྦྱོར་བའི་སེམས་འབྱུང་སྟེ། དེ་ལྟར་ན་ལས་རྣམ་པར་སྨིན་པར་འགྱུར་རོ། །འབྲས་བུ་ནི་རྣམ་པར ་སྨིན་པའོ། །དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་དང་ཕྲལ་ཏེ། འཕགས་པའི་ཆོས་ལ་དགོད་བར་བཞེས་ནས་དད་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་སོ། །དེ་ལ་དད་པ་ནི་ལས་དང་འབྲས་བུ་དང་བདེ་བ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས ་པའོ། །ཚུལ་ཁྲིམས་ནི་མི་དགེ་བ་སྤོང་བ་ཡང་དག་པར་ལེན་པའོ། །དེ་ཡང་སྡོམ་པ་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། དགེ་སློང་གི་སྡོམ་པ་དང། དགེ་སློང་མའི་སྡོམ་པ་དང། དགེ་སློབ་མའི་སྡོམ་དང། དགེ་སྦྱོང་གི་སྡོམ་པ་དང། ་དགེ་སྦྱོང་མའི་སྡོམ་པ་དང། དགེ་སྙེན་གྱི་སྡོམ་པ་དང། དགེ་བསྙེན་མའི་སྡོམ་པ་དང། བསྙེན་གནས་ཀྱི་སྡོམ་པའོ། །གཏོང་བ་ནི་མཆོད་པ་དང་ཕན་གདགས་པར་འདོད་པས་ཅི་རིགས་པར་དངོས་པོ་གཏོང་པ་གང་ཡིན་པའོ། །ཐོས་པ་ནི་དགེ ་བའི་བསམ་པས་ཐར་པ་དང། མཐུན་པའི་ཆོས་མཉན་པ་དང་འཛིན་པ་ཏེ། དྲི་མེད་ཅེས་སྨོས་པས་ནི་ཐོས་པ་རྣམ་པར་བྱད་པ་ཉིད་དུ་སྟོན་ཏོ། །ངོ་ཚ་ཤེས་པ་ནི་བདག་གི་དབང་དུ་བྱས་ནས། ཁ་ན་མ་ཐོ་བས་འཛེམ་པ་གང་ཡིན་པའོ། །ཁྲེལ་ཡོད་པ ་ནི་གཞན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་འཛེམ་པ་གང་ཡིན་པའོ། །ཤེས་རབ་ནི་ཆོས་རྣམས་དང་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པར་ཞུགས་པ་གང་ཡིན་པའོ། །དེ་དག་ནི་ནོར་བདུན་ལགས་པར་ཐུབ་པས་གསུངས་ཏེ། ཟག་པ་མིད?་པའི ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །གསེར་ལ་སོགས་པ་འཇིག་རྟེན་གྲགས་པའི་ནོར་གཞན་ནི། དོན་མ་མཆིས་ཤིང་གསོ་བ་དང་ཡ་མ་བརླ་བ་སྟེ། ཉོན་མོངས་པ་ཉེ་བར་ཞི་བའི་རྒྱུ་མ་ཡིན་པའི་ཕྱིར་དང་ཐུན་མོང་ཡིན་པའི་ཕྱིར། ་དེ་ལྟར་འཕགས་པའི་ནོར་བསགས་པར་བཤད་ནས་དེ་ཆུད་མི་ཟན་བའི་ཐབས། རྒྱན་པོ་འགྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་རྒྱན་པོ་འགྱེད་པའི་ཚེ་ལོས་རྒྱན་པོ་འགྱེད་པ་ལ་སོགས་པ་རྣམ་པ་དུ་མའོ། །ལུས་ལ་ལྟ་བ་ནི་དགའ་སྟོན་ལ་སོགས ་པ་ལ་སྐྱེ་བོ་ཕལ་བོ་ཆེ་འདུས་པའོ། །ལེ་ལོ་ནི་དགེ་བ་བྱས་པ་དག་ལ་མི་སྤྲོ་བའོ། །སྡིག་པའི་གྲོགས་པོ་ནི་གང་ཟག་གང་ལ་བརྟེན་ནས་དགེ་བ་ལ་མི་འཇུག་ལ་མི་དགེ་བ་ལ་ནི་འཇུག་པར་འགྱུར་བའོ། །ཆང་ནི་བཅོས་པའི་ཆང་དང་སྦྱར་བའི་ཆང་ངོ། །མཚན ་མོ་རྒྱུ་བ་ནི་ཉི་མ་ནུབ་པ་དང་ཁྱིམ་གཞན་དང་གྲོང་གཞན་ལ་སོགས་པར་འགྲོ་བའོ། །དྲུག་པོ་དེ་དག་ནི་ངན་སོང་པ་ཡིན་ཏེ། དེ་དག་ལ་བརྟེན་ནས་ལོངས་སྤྱོད་དང། འཚོ་བ་དང་དགེ་བའི་ཆོས་ཉམས་པར་འགྱུར་བའི་ཕྱིར་རོ། །ངན་སོང་གི་རྒྱུ་ལ་ངན་སོང ་ཞེས་བྱ་སྟེ། དཔེར་ན་མར་ལ་ཚེ་ཞེས་བྱ་བ་ལྟ་བུའོ། །མདོ་ལས་ཁྱིམ་བདག་གི་བུ་དྲུག་པོ་འདི་དག་ནི་ངན་སོང་གི་སྒོ་ཡིན་ནོ་ཞེས་གསུངས་ཏེ། དེར་ནི་རྒྱུའི་དོན་ཡིན་པར་གསལ་བ་ཁོ་ནར་གོའོ། །གྲགས་པ་མཉམས་པར་འགྱུར་བ་ཞེས་བྱ་བ་འདིས ་ནི་དེ་དག་གི་ཉེས་དམིགས་གཞན་སྟོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པས་དེ་དག་ལྷག་པར་སྤྱོད་པས་ཡོངས་སུ་སྤང་བའི་སྒོ་ནས་སྤོངས་ཤིག་།ཡང་ཕྱིའི་ནོར་གྱི་གཉེན་པོར་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་གཞན། ནོར་རྣམས་ཀུན་གྱི་ནང་ན ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པ་ཕྱིའི་ནོར་ཐམས་ཅད་པས་ནི་ཆོག་ཤེས་པའི་ནོར?་རབ?་མཆོག་སྟེ། ཁྱད་པར་འཕགས་པ་ཡིན་པར་གསུངས་སོ། །སུས་ཤེ་ན། ལྷ་མིའི་སྟོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས ་ཞེས་བྱ་བའི་ཐ་ཚིག་གོ་།གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་བཀའ་ཨི་རྗེས་སུ་འབྲངས་པ་ཁྱོད་ཀྱིས་ཆོག་ཤེས་པར་གྱིས་ཤིག་སྙམ་དུ་དགོངས་པ་ཡིན་ནོ། །ཆོག་ཤེས་པ་ལ་ཡོན་ཏན་ཅི་ཞིག ་ཡོད?་ཅེ་ན། ཆོག?་མཁྱེན་ན། ནོར་མི་བདོག་ཀྱང་ཡང་དག་པར་འབྱོར་པ་ལགས་ཞེས་བྱ་བ་སྨོས་ཏེ། ན་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ནོར་མི་བདོག་པ་ནི་གསེར་ལ་སོགས་པའི་ནོར་མེད་པས་སོ། །དེ་ཡང་ཆོག་ཤེས་པས་ཡང་དག་པར་འབྱོར ་བ་ཡིན་ཏེ། ནོར་གྱི་འབྲས་བུ་ནི་ཆོག་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་ནོར་མེད་དུ་ཟིན་ཀྱང་ཆོག་ཤེས་ན་དབུལ་བཞིན་དུ་ཡང་ནོར་དང་ལྡན་པ་ཁོ་ན་ཡིན་པར་རིག་པར་བྱའོ། །ཆོག་ཤེས་པ་ཡང་གང་ཡིན་ཞེ་ན། གང་ཞིག་འདས་པ་ལ་རྗེས་སུ་མྱ ་ངན་མི་བྱེད། མ་འོངས་པས?་མངོན་པར་འདོད་པ་མི་བྱེད། ད་ལྟར་བྱུང་བ་ལ་ལྷག་པར་ཆགས་པ་མེད་པ་དེའི་ཆོས་གང་ཡིན་པ་སྟེ། དེས་ན་འདི་ཆོག་ཤེས་པ་ཞེས་བྱའོ། །དེ་ལྟར་ཆོ་ག་ཤེས་པའི་ཡོན་ཏན་བཤད་ནས། ཆོག་མི་ཤེས་པ་རྣམས ་ཀྱི་ཉེས་དམིགས་བསྟན་པའི་ཕྱིར། དེས་པ་བདོག་མང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་པ་ཞེས་བྱ་བ་ནི་བོད་པ་ཡིན་ནོ། །སྣོད་སྦྱད་ལ་སོགས་པ་ཡོ་བྱད་མང་པོ་བདོག་པ་རྣམས་ཇི་ལྟར་བསྲུང་བ་དང་སྦ་བ་ལ་སོགས་པ་དང། ཆུད ་ཟེས?་ན་ཡང་སྡུག་བསྔལ་སྐྱེ་བ་ལྟར་ཡོ་བྱད་མང་པོ་མི་བདོག་པ་རྣམས་ལ་ནི་དེ་ལྟར་མ་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན་ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཀླུ་གང་ལ་མགོ་བོ་བདུན་ཡོད་པ་དེ་ལ ་དེ་དག་ལས་བྱུང་བའི་སྡུག་བསྔལ་ཡང་དེ་སྙེད་ཁོ་ན་ཡོད་ལ། གང་ལ་གསུམ་ཡོད་པ་དེ?་ལ་ནི་ཆེས་ཉུང་ངུ་ཡོད། གང་ལ་གཅིག་ཡོད་པ་དེ་ལ་ནི་ཆེས་ཤིན་ཏུ་ཉུང་ངུ་ཡོད་པ་དེ་བཞིན་དུ། བདོག་པའི་ཁྱད་པར་གྱིས་སྡུག་བསྔལ་གྱི་ཁྱད་པར་རིག་པར་བྱའོ། ་ཁྱིམ?་ན་གནས་པ་རྣམས་ལ་བུད་མེད་ཡོངས་སུ་གཟུང་བ་མི་འགལ་བའི་ཕྱིར་ཏེ་བདག་གི་སྐྱོན་དང་ཡོན་ཏན་དཔྱད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་བསྟན་པར་རང་བཞིན་དགྲས། བྲེལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན ་དགྲ་དང་འབྲེལ་ཅིང་ལྡན་ཞེས་བྱ་བའི་ཐ་ཚིག་གོ་།ཆུང་མ་དེ་འདྲ་བ་ནི་གཤེད་མ་ལྟ་བུ་ཡིན་ཏེ། དེ་བས་ན་སྤང་བར་བྱའོ། དེ་ལས་རང་བཞིན་གྱི་དགྲ་ནི་གང་ཞིག་སྐྱེས་པ་གསོད་པར་བྱེད་པ་པོའོ། །ཁྱིམ་ཐབ་བརྙས་པར་བགྱིད་ཅེས། བྱ་བ་ནི་ཁྱོ་ལ ་བརྙས་པར་བྱེད་པས་ན་ཁྱིམ་ཐབ་བརྙས་བགྱིད་དེ། བུད་མེད་དེ་འདྲ་བ་ནི་ཇོ་མོ་དང་མཚུངས་པས་དེ་ཡང་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ཆུང་མ་གང་ཞིག་ཆུང་ངུ་ཡང་རྐུ་བ་དེ་ཡང་ཆོམ་རྐུན་མ་ལྟ་བུ་ཡིན་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །འོ་ན་ཆུང ་མ་ཅི་འདྲ་བ་ཞིག་བླང་བར་བྱ་ཞེ་ན། སྲིང་མོ་ལྟ་བུར་རྗེས་མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྲིང་མོ་མིང་པོའི་རྗེས་སུ་མཐུན་ཞིང་དེའི་ཚིག་ཁྱད་དུ་མི་གསོད་པ་དེ་བཞིན་དུ་ཆུང་མ་ཁྱོའི་རྗེས་སུ་མཐུན་པ་ཡིན་པ་དེ་གང་ཡིན་པ་དེ་ནི་བཀུར་བ ་ཡིན་ནོ། །ཞེས་བྱ་བར་སྦྱར་རོ། །ཇི་ལྟར་མཛའ་མོ་མཛའ་བོའི་སྙིང་ལ་བབ་ཅིང་རིམ་གྲོ་བྱ་བའི་ཁྱད་པར་དེ་དང་ངེས་སྙིང་དགའ་བ་དེ་བཞིན་དུ། ཁྱོའི་སྙིང་ལ་འབབ་པའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་བ་ཡིན་ནོ། །ཇི་ལྟར་མ་བུ་ལ་ལུས་དང་སེམས ་ཀྱི་སྡུག་བསྔལ་དང་བྲལ་བར་འདོད་པས་ཕན་པར་འདོད་ཅིང་ཕན་པར་འདོད་པའི་དང་ཚུལ་ཅན་ཡིན་པ་དེ་བཞིན་དུ། ཁྱོ་ལ་ཕན་པར་འདོད་པའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་བ་ཁོ་ན་ཡིན་ནོ། །བྲན་མོ་བཞིན། དབང་འགྱུར་གང་ཡིན་པ་སྟེ། ཇི་ལྟར ་བྲན་མོ་དགའ་མགུར་བྱར་ཡོད་པ་ཉིད་ཀྱི་དབང་དུ་འགྱུར་བའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་བ་ཁོ་ན་ཡིན་ནོ། །ཆུང་མ་བཞི་པོ་དེ་དག་ནི་རིགས་ཀྱི་ལྷ་ཞེས་བྱ་སྟེ། རིགས་མ་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་མན་ཆད་ནི་ཏིང་ངེ ་འཛིན་ལ་སྦྱར་བའི་ཕྱིར། བསམ་གཏན་གྱི་སྦྱོར་བ་སྟོན་ཏོ། །བསམ་གཏན་ལག་ཅེས་པའི་ཆོས་ནི་གཉིས་ཏེ། ཟས་ཀྱི་དྲོད་ཟིན་པ་དང། མི་ཉལ་བར་བརྩོན་པའོ། །དེ་ལ་རེ་ཞིག་ཟས་ཀྱི་དྲོད་ཟིན་པའི་དབང་དུ་བྱས་ན། ཁ་ཟས་སྨན་དང་འདྲ་བར་རིག ་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ནི་རྨ་ལྟ་བུ་ཡིན་པའི་ཕྱིར་རོ། །དཔེར་ན་སྨན་ཧ་ཅང་ཡང་ཉུང་ངུ་མ་ཡིན་ཧ་ཅང་མང་པོ་མ་ཡིན་པར་བཏང་ན། དེ་ལྟར་ན་ཕན་ཐོགས་པར་འགྱུར་བ་དེ་བཞིན་དུ་ཟས་ཀྱང་ཧ་ཅང་ཉུང་ངུ་ཡང་མ་ཡིན། ཧ ་ཅང་མང་པོ་ཡང་མ་ཡིན་པར་བསྟེན་པར་བྱ་སྟེ། དེ་ལྟ་ན་ལུས་ཀྱིས་ཀྱང་སྟོན་པར་འགྱུར་ལ། གནོད་པ་ཡང་སྐྱེད་པར་མི་འགྱུར་རོ། །དོན་འདི་ཉིད་རིགས་པ་ཡིས་ཞེས་བྱ་བ་འདིས་སྟོན་པར་བྱེད་དོ། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ ་ཞེས་བྱ་བ་ནི་དེ་ཙམ་དུ་བཟའ་བ་གང་ཡིན་པ་དེ་ཡང་འདོད་ཆགས་དང་ཞེ་སྡང་དག་དང་མ་འབྲེལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན་དེ་བསྟན་པར་རྒྱགས་ཕྱིར་མ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱགས་པར་འདོད་པ ་ཞིག་རྒྱགས་པར་བྱའོ་སྙམ་པ་དང་མཆོག་དུ་བྱའོ་སྙམ་ནས་ཟས་ཟ་བ་གང་ཡིན་པ་དེ་ནི་འདོད་ཆགས་ཀྱི་ཟ་བ་ཡིན་ནོ། །གང་ཞིག་སྙེམས་པའི་ཕྱིར་ཟ་བ་དེ་ནི་སྙེམས་པའི་འབྲས་བུ་ད་ནི་གཞན་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར་ཞེ་སྡང་གི་ཟ་བ ་ཡིན་ནོ། །དེ་ལ་རྒྱགས་པ་ནི་འདོད་ཆགས་ཀྱི་རྒྱུ་ལུས་དང་སེམས་ཀྱི་འགྱུར་བ་འགའ་ཁོ་ན་ཡིན་ནོ། །མཆོག་ནི་ཡན་ལག་དང་ཉིད་ལག་རྒྱས་པའོ། །སྙེམས་པ་ནི་ཉམས་སྟོབས་སོ། །དེ་དག་མེད་པར་ལུས་གནས་པ་འབའ་ཞིག་གི་ཕྱིར་ཏེ། སྲོག་གི ་དབང་པོ་ཡོངས་སུ་བསྲུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།མི་ཉལ་བར་བརྩོན་པའི་དབང་དུ་བྱས་ནས། རིགས་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་རིགས་པའི་བདག་ཉིད་ནི་དགེ་བ་ལ་མངོན་པར་བརྩོན་པ་ལ་བྱའོ། །དགེ་བ་ལ་སྦྱོར ་བས་ཉིན་པར་ཐ་དག་འདས་ནས་ཏེ་འདས་པར་བྱས་ནས་སོ། །ཡོངས་སུ་རྫོགས་པར་བྱས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཉིན་པར་འཆག་པ་དང། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས ་ཡོངས་སུ་སྦྱངས་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །མཚན་མོའི་ཐུན་གྱི་སྟོད་སྨད་ཅེས་བྱ་བ་ནི་རིགས་པའི་བདག་ཉིད་ཀྱིས་ཉིན་མོ་ཁོ་ན་འདས?་པ?་?་རིག?་ཏུ་མ་ཟད་དོ། །འོ་ན་?་ཞེ་ན། རིགས་བའི་བདག་ཉིད་ཀྱི་མཚན་མེ་ཡང་ཆ་སྟོད་དང་ཆ་སྨད ་འདས་ནས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་མཚན་མོའི་ཐུན་དང་པོ་ལ་འཆགས་པ་དང། འདུག་པ་དག་གི་སྒྲིབ་པར་གྱུར་པའི་ཆོས་རྣམས་ལས་སེམས་ཡོངས་སུ་སྤྱོད་བར་བྱེད་དོ། །ཡོངས་སུ་སྦྱངས་ནས། ཐུན་པར་མ་ལ་གནས་པ ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ཏེ། གཙུག་ལག་ཁང་དུ་ཞུགས་ནས་གློ་གཡས་པ་ཕབ་སྟེ། རྐང་པའི་ཐོག་ཏུ་རྐང་པ་བཞག་ལ། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་སེང་གེའི་གཟིམས་སྟབས་སུ་ཉལ་བར་བྱེད་དོ། །དེ་ཐུན་ཐ་མ་ལ ་མྱུར་བར་མྱུར་བར་ལངས་ནས་འཆག་པ་དང། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོད་བར་བྱེད་དོ། ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་དག་བར་དུ་མནོལ་ཞེས་བྱ་བ་ནི་ཐུན་དང་ཕོ་དང་ཐ་མ་དག་གི་བར ་གྱི་ཐུན་གང་ཡིན་པ་དེར་ཉོལ་ཅིག་ཅེས་བྱ་བའི་ཐ་ཚིག་གོ་།དེ་ཡང་གྱི་ན་ཉལ་བར་བྱ་བ་མ་ཡིན་ནོ། །འོན་ཀྱང་རིང་པོ་མི་ཐོགས་པར་ལངས་ལ་དགེ་བ་བྱའོ་སྙམ་པའི་དྲན་པ་དང་ལྡན་པར་བྱ་སྟེ། དེ་ལྟ་བུའི་དྲན་པ་ཉེ་བར་བཞག་ནས། ཞེས་བྱ་བའི་ ་དོན་ཏོ། །ཅིའི་ཕྱིར་ཞེ་ན། མནལ་ཚེའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ལུས་དགེ་བ་ལ་སྦྱོད་པ་བཟོད་པར་བྱས་ནས་ལངས་ཏེ། དགེ་བ་བྱའོ་སྙམ་པ་དེ་ལྟ་བུས་ཉལ་བ་ནི་གཉིད་ལོག་ཀྱང་དགེ་བའི་སེམས་པ་སྔོན་དུ་བཏང་བའི ་ཕྱིར། དགེ་བ་ཁོ་ན་སྐྱེ་བར་འགྱུར་བས་དུས་དེ་ཡང་ཚེ་ན་དོན་པར་མི་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ལུས་དང་སེམས་ལས་སུ་རུང་བར་བྱས་ནས། བསམ་གཏན་གྱི་སྦྱོར་བ་བྱའོ། །ཞེས་བསྟན་པའི་ཕྱིར། བྱམས་དང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། བྱམས་པ་ལ་སོགས་པ་ནི་བསམ་གཏན་གྱི་སྦྱོར་བ་ཡིན་ཏེ། དེ་དག་ལ་གོམས་པས་བསམ་གཏན་དང་པོ་ལ་སོགས་པ་སྐྱེ་བའི་ཕྱིར་རོ། དེ་ལ་བྱམས་པར་བྱེད་པས་ན་བྱམས་པ་སྟེ། སྡུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྙིང་རྗེ་བར་བྱེད་པ་ནི ་སྙིང་རྗེ་སྟེ། སྡུག་བསྔལ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དགའ་བར་བྱེད་པས་ན་དགའ་བ་སྟེ། རངས་པར་བྱེད་ཅེས་བྱ་བའི་དོན་ཏོ། །རིགས་པས་ལྟ་བས་ན་བཏང་སྙོམས་ཏེ། ཕྱོགས་སུ་མ་ལྷུང་བར་ལྟ་ཞེས་བྱ་བའི་དོན་ཏོ། །བྱམས་པ་གང་ཡིན་ཞེ་ན། ་སེམས་ཅན་རྣམས་ལ་བདེ་བ་དང་སྤྲོད་པའི་རྣམ་པར་ཞུགས་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བའི་རྣམ་པར་ཞུགས་པའོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བའི་རྣམ་པར་ཞུགས་པའོ། །བཏང་སྙོམས་ནི་བར་མར་གནས་པའི་རྣམ་པར་ཞུགས་པ ་སྟེ། བྱམས་པ་ལ་སོགས་པའི་ཆོས་བཞི་པོ་དེ་དག་རྟག་ཏུ་བསྒོམ་པར་བྱའོ། །དེ་ལ་རེ་ཞིག་བྱམས་པ་བསྒོམ་པར་འདོད་པ་ནི་ཚུལ་ཁྲིམས་ཡོངས་སུ་སྦྱངས་ནས། ཕྱོགས་དབེན་པ་ཞིག་ཏུ་སྟན་བདེ་བ་ལ་འདུག་ཅིང་སངས་རྒྱས་ལ་སོགས་པའི ་ཡོན་ཏན་རྗེས་སུ་དྲན་པས་སེམས་བཟང་པོ་བསྐྱེད་དེ། གང་ཟག་ཡོན་ཏན་དང་ལྡན་པ་བཀུར་སྟི་བྱ་བར་འོས་པ། བླ་མ་ལྟ་བུའི་གནས་ཤིག་ལ་ངང?་པ་བསྐྱེད་ནས། སྐྱེས་བུ་དམ་པ་ནི་བདེ་བར་གྱུར་ཅིག་སྙམ་པའི་ཡིད་ལ་བྱེད་པ་མཇུག་པར་བྱེད ་དེ། ཇི་སྲིད་དུ་འདིའི་སེམས་ཆུང་ངུ་བྱུང་བ་དེ་སྲིད་དུ་འཇུག་པར་བྱེད་དོ། །དེ་ནས་གང་ཟག་སྡུག་བ་ལ་སེམས་གཏོང་བར་བྱེད་དེ། དེ་ལ་ཡང་ཇི་སྲིད་དུ་འདི་ལ་གང་ཟག་སྔ་མ་དང་མཉམ་པའི་སེམས་སྐྱེས་པ་དེ་སྲིད་དུ་སེམས་གཏོང་པར་བྱེད་དོ། །དེ་ནས་གང་ཐ་མ ་ལ་གཏོང་བར་བྱེད་དེ། ཇི་སྲིད་དུ་གང་ཟག་སྔ་མ་གཉིས་དང་མཉམ་པའི་སེམས་སྐྱེས་པ་དེ་སྲིད་དུ་གཏོང་པར་བྱེད་དོ། །དེ་ནས་གང་ཟག་མི་སྡུག་པ་ལ་སེམས་གཏོང་པར་བྱེད་དེ། དེ་ལ་ཡང་དེ་སྲིད་དུ་གཏོང་པར་བྱེད་དོ། །གལ་ཏེ་འདི་ལ་གང་ཟག་ཤ་འཁོན་ཅན ་ཞིག་ཡོད་ན་དེ་ལ་འདི་བདེ་བར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་པར་བྱེད་དེ། དེ་ལ་ཡང་ཇི་སྲིད་དུ་སྔ་མ་དག་དང་ལྷན་ཅིག་མཉམ་པའི་སེམས་སྐྱེས་པ་བསྲེད་དུ་སྐྱེད་པར་བྱེད་དེ། འདི་ཙམ་གྱིས་ན་འདིའི་བྱམས་པའི་སེམས་ཀྱིས་རྣམ་པར་གྲོལ་བ་མཚམས ་ཐ་དད་པ་བསྒོམ་པ་ཡིན་ནོ། །དེ་ཕྱིན་ཆད་ནི་ཕྱོགས་ཁྱབ་པར་བྱེད་པའི་དབང་གིས་ཡིད་ལ་བྱེད་པར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པས་ཕྱོགས་གཅིག་ཏུ་མོས་ནས་ཁྱབ ་པར་བྱ་སྟེ། རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་བར་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ། །སྙིང་རྗེ་ནི། གང་ཟག་སྡུག་བསྔལ་བ་མགོན་མེད་པ་སྐྱབས་མེད་པ་ལ་དམིགས་ནས་རིམ་པ་འདི་ཉིད་ཀྱིས་འཇུག་པར་བྱའོ། །དགའ་བ་ནི་གང་ཟག་སྡུག་པ ་ལ་དམིགས་ནས་རིམ་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། བཏང་སྙོམས་ནི་གང་ཟག་ཐ་མལ་བ་ལ་དམིགས་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་འཇུག་པར་བྱ་སྟེ། དེ་ལྟར་རྟག་ཏུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ། །ཡང ་བྱམས་པ་ལ་སོགས་པ་དེ་ལྟར་བསྒོམ་པ་རྣམས་ཀྱི་འབྲས་བུ་ནི་ཅི་ཞིག་བྱ་ཞེ་ན། གོང་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བྱམས་པ་ལ་སོགས་པ་དེ་ལྟར་བསྒོམས་པས་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །འོན་ཏེ་ཇི་ཞིག་ལྟར ་མྱ་ངན་ལས་འདས་པ་མ་ཐོབ་ན་འོན་ཀྱང་ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། གཟུགས་ཀྱི་ཁམས་སུ་འདོད་པའི་ཁྲོ་བའི་ཡོངས་སུ་གདུང་བ་དང་བྲལ་བའི་བསམ་གཏན་སྐྱེན་མེད་པ་ཞི་བ་ཉམས་སུ་མྱོང་བར་འགྱུར་རོ ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་བྱམས་པ་ལ་སོགས་པ་ཡོངས་སུ་གྲུབ་པ་བསམ་གཏན་བཞི་ཐོབ་པ་བསྟན་པའི་ཕྱིར། འདོད་སྦྱོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་རྣམ་པར་སྤངས་ཞེས་བྱ་བའི་སྒྲས་ནི་འདོད་པ་རྣམ་པར་སྤངས་པ་དང། དཔྱོད ་པ་རྣམ་པར་སྤངས་པ་དང། དགའ་བ་རྣམ་པར་སྤངས་པ་དང། བདེ་བ་དང་སྡུག་བསྔལ་མང་བར་སྤངས་པ་ཞེས་རེ་རེ་དང་སྦྱར་ཏེ། དེ་དག་ནི་གོ་རིམས་བཞིན་དུ་བསམ་གཏན་བཞི་ཡིན་ནོ། །བསམ་གཏན་བཞི་པོ་དེ་དག་ཐོབ་པས། འབྲས་བུ་ཅི་ཞིག ་ཐོབ་པར་འགྱུར་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་ཕྱིར། ཚངས་དང་འོད་གསལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་དང་པོ་བསྒོམས་པས་ནི་ཚངས་རིམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །གཉིས ་པས་ནི་འོད་གསལ་བ་རྣམས་དང་ངོ། །གསུམ་པས་ནི་དགེ་རྒྱས་པ་རྣམས་དང་ངོ། །བཞི་པས་ནི་འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ལ་བསམ་གཏན་དང་པོ་ལ་སོགས་པ་འདོད་པ་རྣམ་པར་སྤངས ་པ་ལ་སོགས་པ་ནི་མདོའི་རྗེས་སུ་འབྲང་བ་ཁོ་ནས་རིག་པར་བྱའོ། །དཔྱོད་པ་རྣམ་པར་སྤངས་པས་ནི་རྟོག་པ་མེད་པ་ཡང་བཤད་པ་ཡིན་ཏེ། གང་ན་དཔྱོད་པ་མེད་པ་དེ་ན་གདོན་མི་ཟ་བར་ཡང་རྟོག་པ་མེད་པས་སོ། །བདེ་བ་དང་སྡུག་བསྔལ ་རྣམ་པར་སྤངས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྟོན་པར་བྱེད་དེ། །ང་ནི་འདོད་པ་ན་སྤྱོད་པའི་དགེ་བ་དང་མི་དགེ་བ་རྣམས་ཀྱི་ལྕི་ཡང་གི་བྱེ་བྲག་བསྟན་པའི་ཕྱིར། རྟག་དང་མངོན་པར་ཞེན་དང་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། དེ་ལ་ལྕི་བ་ཉིད་ནི་རྒྱུ་བཞི་པོ་སྦྱོར་བའི་ཁྱད་པར་དང། བསམ་པའི་ཁྱད་པར་དང། གཉེན་པོའི་ཁྱད་པ་དང། གཞིའི་ཁྱད་པར་གྱི་སྒོ་ནས་བཤད་དོ། །དེ་ལ་སྦྱོར་བའི་ཁྱད་པར་ནི་ལས་ཆུང་ངུ་ལ་ཡང་དུས་རིང་མོ་ཞིག་དུ་སྦྱར་བའི་ཕྱིར་རོ། །ལས ་དུས་ཡུན་ཐུང་དུ་ཡང་ཉོན་མོངས་པ་དང། རབ་ཏུ་ངང?་བ་དྲག་པོ་དང་ལྡན་པའི་བསམ་པའི་ཁྱད་པར་?་ལྕི་བར་འགྱུར་རོ། །ལས་བྱས་པ་ཡང་གཉེན་པོ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་ན་ཉམ་ཆུང་ངུར་འགྱུར་ལ། ལས་དེ་ཉིད་གཉེན་པོ་མེད་པར་གྱུར་ན ་སྟོབས་དང་ལྡན་པར་འགྱུར་རོ། །གཞི་ནི་རྣམ་པ་གཉིས་ཏེ་ཡོན་ཏན་དང་ལྡན་པ་དང། ཕན་འདོགས་པའོ། །དེ་ལ་ཡོན་ཏན་དང་ལྡན་པ་ནི་དཀོན་མཆོག་གསུམ་དང། གང་ཟག་འགོག་པ་ལས་ལངས་པ་ལ་སོགས་པ་ཁ་ཅིག་གོ་།ཕན་འདོགས་པ་ནི་ཕ་དང་མ ་དག་པར་གཞན་ཡང་ཕན་པ་ཁྱད་པར་ཅན་འདོགས་པ་དཔེར་ན་ཤ་ཀྲ་དང་དོན་དང་སྤྲེའུ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་དགེ་བ་དང་མི་དགེ་བའི་ལས་རྣམ་པ་ལྔ་པོ་དེ་ནི་འབྲས་བུ་ངེས་པ་དང། མང་པོ་འབྱིན་པའི་ཕྱིར་ཆེན་པོ་སྟེ། དེ་ལས་ཁྱོད་ཀྱིས་མི་དགེ་བ་ཡོངས ་སུ་སྤངས་ཏེ། དགེ་བ་སྤྱད་པ་ལ་བརྩོན་པར་བགྱིའོ། ལན་ཚྭ་སྲད་འགས་ཞེས་བྱ་བ་ལ་སོགས་པ་ནི། ལས་ཆུང་ངུ་ནི་མང་པོའི་སྟོབས་དང་ལྡན་པས་ཟིལ་གྱིས་མནོན་པར་འགྱུར་ཞེས་སྟོན་པར་བྱེད་དེ། བསྡུས་པའི་དོན་ནི་དེ་བས་ན་ཁྱོད་ཀྱིས་དགེ་བ་ནི་ཉུང་ངུ ་མི་དགེ་བས་མང་དུ་བྱས་ནས་འཇིགས་པ་མེད་པ་ཡང་མི་བྱ་ལ། དགེ་བ་ནི་མང་དུ་མི་དགེ་བ་ནི་ཉུང་ངུ་བྱས་ནས་ཧ་ཅང་སྐྲག་པར་མི་བྱའོ་ཞེས་བྱ་བ་ཡིན་ནོ། །ཡན་ལག་གི་དོན་ནི་རྟོགས་པར་སླའོ?། །དེ་ནི་རྒོད་དང་འགྱོད་པ་ཞེས་བྱ་བ་ལ་སོགས་པས ་བསམ་གཏན་དང། རྣམ་པར་ཐར་པ་དང་འགལ་བའི་ཆོས་རྣམས་སྟོན་པར་བྱེད་དེ། དེ་དག་འབད་ན?་རྣམ་པར་སྤང་བར་བྱ་བའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་སྒྲིབ་པ་གཅིག་པ་ཡིན་ནོ། །གནོད་སེམས་ནི་གཉིས་པ་ཡིན་ན། །རྨུགས་པ་དང་གཉིད་ནི་གསུམ་པ་ཡིན་ནོ།། ་འདོད་པ་ལ་འདུན་པ་ནི་བཞི་པ་ཡིན་ནོ། །ཐེ་ཙོམ་ནི་ལྔ་པ་ཡིན་ནོ། །དེ་དག་ནི་སྒྲིབ་པ་ལྔ་ཡིན་ཏེ། བསམ་གཏན་དང། རྣམ་པར་ཐར་པའི་ལམ་ལ་སྒྲིབ་པའི་ཕྱིར་རོ། །དེ་ལ་རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་སྟེ། ཡིད་མི་འབྱུང་བ་ཞེས ་བྱ་བའི་ཐ་ཚིག་གོ་།འགྱོད་པ་ནི་ངན་པར་བྱས་པ་ལ་དམིགས་པའི་སེམས་ལ་ཆགས་པ་སྟེ། ཕྱིས་མི་འགའ་བ་ཞེས་བྱ་བའི་ཐ་ཚིག་གོ་།གནོད་སེམས་ནི་ཁོང་ཁྲོ་བ་སྟེ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལས་རིག་པར་བྱའོ། དེ་ལ་ཀུན་ནས ་མནར་སེམས་ཀྱི་དངོས་པོ་དགུ་ནི་འདི་དག་ཡིན་ཏེ། བདག་ལ་གནོད་པར་བྱས་སོ། །བྱེད་དེ། བྱེད་པར་འགྱུར་རོ་ཞེས་བྱ་བ་གསུམ་ཚ་ན་དང་པོ་དང་བདག་གི་པ་མཛའ་བོ་ཡིད་དུ་འོང་བ་ཕན་པར་འདོད་པ་གང་ཡིན་པ་དེ་ལ་གནོད་པར་བྱས་སོ། །བྱེད་དོ།། ་བྱེད་པར་འགྱུར་རོ། །ཞེས་བྱ་བ་གསུམ་ཚན་གཉིས་པ་དང། བདག་དང་མི་མཛའ་བ་ཡིད་དུ་མི་འོང་བ་གནོད་པར་འདོད་པ་ཕན་པར་མི་འདོད་པ་གང་ཡིན་པ་དེ་ལ་ཕན་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། ཞེས་བྱ་བ་གསུམ་ཚན་གསུམ་པའོ།། ་ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུ་པ་གནས་པ་མ་ཡིན་པ་ཞེས་བྱ་བ་ཡང་བརྗོད་དོ། །ཀུན་ནས་མནར་སེམས་དེ་ནི་སྔོན་གྱི་ཁོ་ན་དང་འབྲེལ་པ་ལས་རིག་པར་བྱའོ། །རྨུགས་པ་ནི་ལུས་དང་སེམས་དང་ལས་སུ་མི་རུང་བ་ཉིད་དོ། །གཉིད་ནི་གཉིད ་ལོག་པའོ། །འདོད་པ་ལ་འདུན་པ་ནི་འདོད་པ་རྣམས་ལ་འདོད་ཆགས་པའི་དངོས་པོ་གང་ཡིན་སྟེ། སྲེད་པ་དང་མངོན་པར་འདོད་པ་ཞེས་བྱ་བའི་རྣམ་གྲངས་ཡིན་ནོ། །ཐེ་ཚོམ་ནི་ཐར་པ་དང་ཐར་པའི་ལམ་ལ་ཐེ་ཙོམ་ཟ་བ་གང་ཡིན་པའོ། །སྒྲིབ་པ ་ལྔ་པོ་དེ་དག་ནི་དགེ་བའི་ནར་འཕོག?་པར་བྱེད་པ་ཉིད་ཀྱི་ཆོམ་རྐུན་པ་ཞེས་བྱའོ། །ཡང་ཅིའི་ཕྱིར། ཆོས་གཉིས་གཉིས་སྒྲིབ་པ་གཅིག་ཏུ་བཤད་ཅེ་ན། གཡོ་བ་དང་བླུན་པ་ཉིད་དུ་མཐུན་པའི་ཕྱིར་ཏེ། རྒོད་པ་དང་འགྱོད་པ་ནི་གཉིས་ཀ་ཡང་གཡོ་བ ་ཡིན་ནོ། །རྨུགས་པ་དང་གཉིད་ནི་བླུན་པ་ཡིན་ནོ། །དེ་ལྟར་བར་ཆད་ཀྱི་ཆོས་རྣམས་བསྟན་ནས། ཐར་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་བསྟན་པའི་ཕྱིར། དད་དང་བརྩོན་འགྲུས་དག་དང་དྲན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཐར་པ་དང་འགལ་བའི ་ཆོས་ལྔ་ཡོད་པ་དེ་བཞིན་དུ་ཐར་པ་རྗེས་སུ་མཐུན་པ་ཡང་ལྔ་ཁོ་ན་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།དད?་པ་ལ་སོགས་པ་འདི་དག་གང་གི་མཇུག་ཐོགས་སུ་འཕགས་པའི་ལམ་སྐྱེ་ཞིང་གནས་སྐབས་གཞན་དུ་ཕྱིན་པ་ལ། ཆོས་ཀྱི་མཆོག་ཅེས་བྱ་བའོ།། ་ཆོས་ཀྱི་མཆོག་ཅེས་བྱ་བའི་མིང་ཁོ་ན་འཐོབ་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། །འོ་ན་ཅི་ཞེ་ན། སྟོབས་ཞེས་བྱ་བ་དང། དབང་པོ་ཞེས་བྱ་བ་དང། རྩེ་མོ་ཞེས་བྱ་བ་ཡང་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྟོབས་ཞེས་བྱ་བ་ནི་བཟོད་པའི་གནས་སྐབས་ནའོ། །དབང་པོ་ཞེས ་བྱ་བ་ནི་དྲོ་བའི་གནས་སྐབས་ནའོ། །རྩེ་མོ་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་མཇུག་ཐོགས་སུ་སྐྱེ་བ་གང་ཡིན་པའོ། དབང་པོ་ལྔ་བསྒོམ་པ་ནི་རྒྱགས་པ་སྤང་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་རྒྱགས་པ་སྤང་བར་བསྟན་པའི་ཕྱིར། ན་རྒ་འཆི་སྡུག་བྲལ་དང་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། བདག་ནི་ན་བ་དང་རྒ་བ་དང་འཆི་བ་ཞེས་བྱ་བའི་ཆོས་འདི་གསུམ་ལས་ཀྱང་མ་འདས་ལ་དེ་བཞིན་དུ་སྡུག་པ་དང་བྲལ་བ་དང། ལས་བདག་གིར་བྱ་བ་ལས་ཀྱང་མ་འདས་སོ་ཞེས་དེ་ལྟར་སེམས་པ་ནི། དེའི་གཉེན་པོ་ཡིན་པའི་ཕྱིར། གཉེན་པོའི ་རྒྱགས་པ་འཇིགས་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ལས་བདག་གི་བྱ་བ་ཉིད་ནི། ལས་ཇི་ལྟ་བ་བཞིན་བདེ་བ་དང་སྡུག་བསྔལ་འབྱུང་བའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན་ཞེས་བྱ་བ་ལ་སོགས་པ་ནི། ་དད་པ་ལ་སོགས་པའི་དབང་པོ་སྐྱེ་བའི་རྒྱུ་སྟོན་ཏོ། །ཡང་དག་ལྟ་བ་གོམས་པ་དག་ཏུ་མཛོད་ཅེས་བྱ་བ་དེ་ལ་ཡང་དག་པའི་ལྟ་བ་ནི་ཚེ་ཕྱི་མ་ལ་ལེགས་པར་སྤྱད་པ་དང། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་འབྱུང་བར་ཡིད་ཆེས་པ་སྟེ། ་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ཡིད་ཆེས་པ་ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་ལྟ་བ་དེ་ལྟ་བུ་མེད་ན་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱད་པ་གང་ཅུང་ཟད་ཅིག་ཡོད་ཀྱང། ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན་བྱས་ཏེ། རྣམ་པར ་སྨིན་པ་ཡིད་དུ་མི་འོང་བ་ཅན་ཁོ་ནར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ཡང་དག་པའི་ལྟ་བ་ནི་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་ནོ། །ཞེས་བཤད་པར་འགྱུར་རོ། །ང་ནི་མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་ཞེས་བྱ་བ་ལ ་སོགས་པ་སྐྱོ་བའི་རྒྱུ་སྟོན་ཏེ། མི་བདེ་ཞེས་བྱ་བའི་ཐ་ཚིག་གོ་།མི་རྟག་ཅེས་བྱ་བ་ནི་སྐད་ཅིག་མ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་ནི་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །མི་གཙང་བ་ནི་སུམ་པ་དང། རུལ་པའི་མི་གཙང ་བ་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། མི་ནི་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ན་དེ་ལྟ་བུ་ཡིན་ནོ། །གང་དག་དྲན་པ་ཉེ་བར་གཞག་པ་དེ་དག་ནི་ལོག་པར་འཛིན་ཏོ། །དེས་ན་ཉེས་པ་རྩི་ཡོད་ན། བྲན་པ་ཉེ་བར་གཞག་པ་རྣམས་ཀྱི ་ནི། ཕྱིན་ཅི་ལོག་བཞིར་ལྟ་བ་འཕུད་ཀྲེལ་བ་ཞེས་བྱ་བ་སྨོས་ཏེ། ཕྱིན་ཅི་ལོག་བཞི་ནི་སྡུག་བསྔལ་བ་ལ་བདེའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་དང། བལྟ་བ་ཕྱིན་ཅི་ལོག་དང། དེ་བཞིན་དུ་མི་རྟག་པ་ལ་རྟག་གོ་སྙམ་པ་དང། ་བདག་མེད་པ་ལ་བདག་གོ་སྙམ་པ་དང། མི་གཙང་བ་ལ་གཙང་ངོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་གོ་།ཕྱིན་ཅི་ལོག་ཏུ་ལྟ་བ་འདི་ནི་ངན་སོང་དང་འཁོར་བའི་རྒྱུ་ཡིན་པའི་ཕྱིར། ཕུད?་ཀྲེལ་བ་སྟེ། དེ ་ལྟ་བས་ན་ཁྱོད་ཀྱིས་མི་ནི་སྡུག་བསྔལ་བ་ལ་སོགས་པ་ཉིད་དུ་རིག་པར་བྱའོ། །གལ་ཏེ་མི་སྡུག་བསྔལ་བ་དང། མི་རྟག་པ་དང་མི་གཙང་བ་ནི་ཡིན་གྲང་ན། བདག་མེད་པ་ཡིན་པར་རྟོགས་པར་མི་ནུས་ཏེ། བདག་གཅིག་མེད་ན་ལས་དགེ་བ་དང ་མི་དགེ་བ་རྣམས་ཀྱི་འབྲས་བུ་སུ་ཞིག་སྤྱོད་སྙམ་དུ་སེམས་ན། གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ། བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། བདག་གཅིག་ཡོད་ན་གཟུགས་ལ་སོགས་པའི་ངོ་བོ་ཉིད་གཅིག་ཡིན ་པ་འམ། དེ་ལས་གཞན་པ་ཞིག་ཡིན་པར་འགྱུར་གྲང། རེ་ཞིག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། ཞེས་བསྟན་པའི་ཕྱིར། གཟུགས་ནི་བདག་མ་ཡིན་གསུངས་ལ། རྣམ་པར་ཤེས་པའི་བར་ཡང་བདག་མ་ཡིན་ཞེས་གསུངས་ཏེ། རེ ་ཞིག་འདི་ནི་ལུང་གི་བདག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་བཀག་པ་ཡིན་ནོ། །འདི་ལ་རིག་པ་གང་ཡིན་ཞེ་ན། བདག་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་འདྲ་བ་ཁོ་ནར་མི་མི་རྟག་པ་ཉིད་དུ་ཐལ ་བར་འགྱུར་པའི་ཕྱིར་རོ། །འོན་ཏེ་གཟུགས་ལ་སོགས་པ་ལས་གཞན་པ་ཞིག་ཡིན་ནོ་ཞེ་ན། དེ་ལ་རྣམ་པ་གསུམ་སྟེ། དེ་ལྷས་བྱིན་པ་ལང་དང་ལྡན་པ་ལྟ་བུར་གཟུགས་ལ་སོགས་པ་དང་ལྡན་པ་ཞིག་ཡིན་པ་འམ། དཔེར་ན་ལྷས་བྱིན་དེ་ལྡེ?་ལ་འདུག་པ ་བཞིན་དུ་གཟུགས་ལ་སོགས་པ་ལ་གནས་པ་ཞིག་ཡིན་པ་འམ། དཔེར་ན་འཁྲི་ཤིང་དང་གེལ་པ་ལ་སོགས་པ་ས་ལ་བརྟེན་པ་ལྟར་དེ་ལ་གཟུགས་ལ་སོགས་པ་བརྟེན་པ་ཞིག་ཡིན་གྲང། འདིའི་ལན་གོ་རིམས་བཞིན་དུ་བདག་གཟུགས་དང་ལྡན་མིན ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་འདི་ནི་ལུང་ཡིན་ནོ། །རིགས་པ་བརྗོད་པར་བྱ་སྟེ། བདག་གཟུགས་ལ་སོགས་པ་ལ་དབང་བ་ཅི་ཞིག་ཡོད་དེ། ལྷས་བྱིན་བ་ལང་རྣམས་ལ་བཀོལ་བ་དང། བཞོན་པ་ལ་སོགས་པ་བྱ་བར་དབང་བ་ལྟར་དེའི་འདོད ་པས་གཟུགས་ལ་སོགས་པ་འདོད་བ་ན་ལེན་པ་ནི་མེད་དོ། །མི་འདོད་བཞིན་དུ་ཡང་གཟུགས་ལ་སོགས་པ་འཇིགས་པ་མཐོང་བའི་ཕྱིར། །ཇི་ལྟར་འདི་དེ་དང་ལྡན་ནོ་ཞེས་བརྗོད་པར་བྱ་ཕྱོགས་གཉིས་ཀ་ལ་ཡང་ཇི་ལྟར་འདི་གཟུགས་ལ་སོགས་པ་ལ ་གནས་པ་ཞེས་བརྗོད་པར་བྱ། གཟུགས་ཅན་མ་ཡིན་པའི་ཆོས་ལ་ནི་ལྷས་བྱིན་དེ་ལྡེ་འདུག་པ་ལྟར་བླ་འོག་ཏུ་གནས་པར་རུང་བ་མ་ཡིན་ནོ། །གང་གིས་ན་དེ་དག་ལ་གནས་པར་མངོན་པར་འགྱུར་བ་དེ་ལ་གནས་པའི་བདག་གིས་ཀྱང ་གཟུགས་ལ་སོགས་པ་ལ་ཕན་ཅུང་ཟད་ཀྱང་མི་འདོགས་ལ་གཟུགས་ལ་སོགས་པས་ཀྱང་དེ་ལ་ཕན་ཅུང་ཟད་ཀྱང་མི་འདོགས་སོ། །འོན་ཏེ་འདི་དེ་ལ་ཞོན་ནས་དེ་དག་ལ་འཇུག་པར་བྱེད་དེ། དཔེར་ན་རྟ་ལ་ཞོན་པས་རྟ་བཞིན་ནོ་ཞེ་ན། དེ་ཡང་རུང་བ ་བ་མ་ཡིན་ཏེ། མི་འདོད་བཞིན་དུ་ཡང་འཇུག་པ་དང། ལྡོག་པ་མཐོང་བའི་ཕྱིར། བདག་གི་འདོད་པས་གཟུགས་ལ་སོགས་པ་འཇུག་པ་དང་ལྡོག་པར་འགྱུར་བ་ནི་མེད་དོ། །ཕྱོགས་གསུམ་པ་ལ་རིགས་པ་ནི། འཁྲི་ཤིང་ལ་སོགས་པ་ནི་ས་ལ ་བརྟེན་པ་ཉིད་ཡིན་ཏེ། དེ་ལ་རྟེན་མེད་གཟུགས་ལ་སོགས་པ་སྐྱེ་བ་དང་གནས་པ་དང་འཕེལ་བ་མཐོང་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་སྐྱེ་བ་ལ་སོགས་པ་ནི་དེ་ལྟར་བདག་ལ་རག་ལས་པ་མ་ཡིན་ཏེ། བདག་མེད་བཞིན་དུ་ཡང་ཕྱིའི་གཟུགས ་ལ་སོགས་པ་སྐྱེ་བ་ལ་སོགས་པར་མཐོང་བའི་ཕྱིར་རོ། །གང་དག་གིས་ལྟར་ན་རྩ་བ་ལ་སོགས་པ་སྲོག་ཡོད་པ་དེ་དག་གི་ལྟར་ན་ལན་ཚྭ་ལ་སོགས་པས་མ་ངེས་པ་ཡིན་ནོ། །དེ་ལྟར་ན་ཕུང་པོ་ལྔ་པོ་རེ་རེ་ལ་རྣམ་པ་བཞི་བཞི་ཡིན་པས་འཇིག ་ཚོགས་ལ་ལྟ་བ་རྣམ་པ་ཉི་ཤུར་བཤད་པ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་བཤིག་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ད་ནི་མི་མཐུན་པའི་རྒྱུ་དང་རྒྱུ་མེད་པ་ཡོངས་སུ་སྤང་བའི ་སྒོ་ནས་དངོས་པོ་རྣམས་ཀྱི་སྐྱེ་བའི་རྒྱུ་བསྟན་པའི་ཕྱིར། ཕུང་པོ་འདོད་རྒྱལ་ལས་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་རྒྱལ་ཞེས་བྱ་བ་ནི་གནམ་བབས་སོ། །དུས་ཞེས་བྱ་བ་ནི་དུས་སུ་སྨྲ་བ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང ་འཇིག་པའི་རྒྱུ་ཆོས་རྟག་པ་ཁྱབ་པ་གཅིག་པུ་ཞིག་ཀུན་བརྟག་པ་དེ་ཇི་སྐད་དུ། དུས་ནི་འབྱུང་བ་རྣམ་སྨིན་བྱེད། དུས་ནི་འབྱུང་བ་རྣམ་སྨིན་བྱེད། དུས་ནི་སྐྱེ་དགུ་རྣམ་འཇིག་བྱེད། དུས་ནི་གཉིད་ལོག་རྣམས་སད་བྱེད། དུས་ནི་འདའ་བར་དཀའ་བ་ཡིན། ཞེས་བཤད་པ་ལྟ་བུ་ཡིན་ནོ། །རང་བཞིན་ཡང ་གྲངས་ཅན་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུར་གྱུར་པ་སྙིང་སྟོབས་དང་རྡུལ་དང་མུན་པའི་ངོ་བོ་ཉིད་གཅིག་པུ་རྟག་པ་ཁྱབ་པ་ཞིག་རྟགས་པ་ཡིན་ནོ། །ངོ་བོ་ཉིད་ནི་མཆོས་ཀྱི་བདག་གི་དངོས་པོ་སྟེ། རང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ་།དབང་ཕྱུག་ཀྱང ་ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པའི་བསམ་གཏན་ཡུལ། ཉི་མ་ཟླ་བས་ཆུ་མེ་རླུང་ཕྱོགས་ནམ་མཁའ་ཨི་ལུས་ཅན་ཏེ། ཞི་བའི་བདེ་དགའ་གྲུབ་པ་འདོད་ཅན་རྣམས་ཀྱི་དབང ་ཕྱུག་རྟག་ཏུ་བསྒོམ་ཞེས་བྱ་བ་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཅན་ཞིག་ཀུན་བརྟགས་པ་ཡིན་ནོ། །དངོས་པོ་རྣམས་དེ་དག་ལས་མི་སྐྱེ་བས་ན་མི་མཐུན་པའི་རྒྱུར་སྨྲས་པ་བཀག་པ་ཡིན་ནོ། །རྒྱུ་མེད་ཅན་མིན་ཞེས་བྱ་བ་འདིས་ནི་རྒྱུ་མེད་པར་སྨྲ་བ་བཀག་གོ་།ལྷག ་མ་རྣམས་ཀྱིས་ནི་དངོས་པོ་རྣམས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པ་སྟོན་ཏོ། །དེ་ལ་དངོས་པོ་རྣམས་འདོད་རྒྱལ་ལས་མི་སྐྱེའོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། སྐྱེས་བུའི་བྱེད་པ་འབྲས་བུ་དང་བཅས་པར་མཐོང་བའི་ཕྱིར་རོ། །འབྲས་བུ་མེད་པ་ཡང་སྣང་བ་ཡིན་ནམ་ཞེ་ན། ་སྣང་བ་བདེན་ཏེ་དེ་ནི་རྒྱུ་གཞན་མ་ཚང་བའི་ཕྱིར་རོ། །དངོས་པོ་གང་ཞིག་རྒྱུ་ཇི་སྙེད་ཅིག་གིས་སྐྱེ་བ་ལས་གལ་ཏེ་དེ་དག་ཚོགས་ཀྱང་དངོས་པོ་དེ་མི་སྐྱེན་འདོད་རྒྱལ་གྱིས་བྱས་སོ་ཞེས་བྱ་བར་བསལ་བར་ཤེས་སོ། །དུས་ཀྱང་ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་མ ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པས་མི་དམིགས་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན་ནོ། །གཞན་ཡང་དེ་ནི་རྟག་པའི་ཕྱིར་དངོས་པོ་རིམ་གྱིས་སྐྱེ་བར་མི་འགྱུར་ཏེ། རྒྱུ་མ་ཚང་བས་ནི་དངོས་པོས་སྐྱེ་བར་མི་འགྱུར་རོ། །དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ ་གཅིག་ཅར་དུ་ཡང་ཐལ་བར་འགྱུར་ཏེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་སྐྱེ་བ་དང་འཇིག་པ་ན་དེ་ལ་ཁྱད་པར་ཡོད་ན་ནི་རྟག་པ་ཉིད་དུ་མི་འགྱུར་རོ། །རྒྱུ་ལ་རྟག་པ་ཅུང་ཟད་ཀྱང་མ་མཐོང་བས་དུས་ལ་རྒྱུའི་དངོས་པོ་རྣམ་པ་ཐམས་ཅད་མེད་དོ།། ་འཇིག་པ་ནི་རྒྱུ་དང་ལྡན་པ་ཡང་མ་ཡིན་ཏེ། མེད་པའི་ཕྱིར་གཏན་མེད་པ་བཞིན་ནོ། །རང་བཞིན་ཡང་འདི་ཉིད་ཀྱིས་ཅི་རིགས་པར་བཀག་པར་རིག་པར་བྱའོ། །གཞན་ཡང་རང་བཞིན་ནི་འགྱུར་བར་མི་འགྱུར་ཏེ། རྟག་པའི་ཕྱིར་སྐྱེས་བུའི་རང་བཞིན་ནོ། །སྐྱེས ་བུའི་དོན་རང་བཞིན་འགྱུར་བ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་དཔེར་ན་རང་བཞིན་གྱིས་དོན་དུ་སྐྱེས་བུ་ལྟ་བུའོ། །རང་བཞིན་སྤྱོད་པར་བྱ་བ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ། །སྐྱེས་བུ་སྤྱོད་པར་བྱེད་པ་ཡང་མ་ཡིན་ཏེ། རྟག་པའི་རང ་བཞིན་ལྟ་བུ་ཁོ་ནའོ། །རང་བཞིན་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ། །རང་བཞིན་སྙིང་སྟོབས་དང་རྡུལ་དང་མུན་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། རྟག་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ། །གཞན་ཡང ་རང་བཞིན་འགྱུར་བ་ཞིག་ཏུ་འགྱུར་བ་ཅི་བདག་ཉིད་ཐམས་ཅད་ཀྱིས་སམ། འོན་ཏེ་ཕྱོགས་གཅིག་གིས། གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་ན་ནི་རང་བཞིན་ཆད་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་ན་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ངོ ་བོ་ཉིད་ལས་ཀྱང་མི་སྐྱེ་སྟེ། ཡོད་པའི་ཕྱིར་སྐྱེས་ཟིན་པ་བཞིན་ནོ། །དབང་ཕྱུག་ཀྱང་ཕྲ་བ་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་ས་ལ་སོགས་པ་ལྟ་བུ་ཁོ་ནའོ། །གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་ཉིད་ཀྱང་རུང་བ་མ་ཡིན་ལ། དུ་མའི ་བདག་ཉིད་ཀྱང་མ་ཡིན་པས་འདི་ལ་སོགས་པའི་ལུས་ཅན་ཉིད་དུ་ཡང་མི་སྲིད་དོ། །རབ་ཏུ་སྲབ་མོར་བྱེད་པ་ཡང་མ་ཡིན་ཏེ། སྐྱེ་བའི་ལུས་ཅན་ཡིན་པའི་ཕྱིར་སྐྱེ་བ་ལྟ་བུ་ཁོ་ནའོ། །ཀུན་རིག་པ་ཡང་མ་ཡིན་ཏེ། རབ་ཏུ་སྲབ་མོར་བྱེད་པའི་ཕྱིར། གྲོལ་བའི ་བདག་བཞིན་ནོ། །ཐམས་ཅད་པ་ཡང་མ་ཡིན་ཏེ། ཕྲ་བའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ། །འདི་ནི་རྟག་པ་ཡང་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་ས་ལ་སོགས་པ་ལྟ་བུ་ཁོ་ནའོ། །དབང་ཕྱུག་ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་ཡང་མ་ཡིན་ཏེ། ཅིག ་ཅར་མི་བསྐྱེད་པའི་ཕྱིར་རྫ་མཁན་བཞིན་ནོ། །གཟུགས་ལ་སོགས་པ་དབང་ཕྱུག་གིས་བསྐྱེད་པ་ཡང་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དབང་ཕྱུག་བཞིན་ནོ། །དབང་ཕྱུག་ནི་ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། བདག་མེད་པའི་ཕྱིར་བུམ་པ་བཞིན་ནོ། །བདག ་ཡོད་པ་ཉིད་ཅིག་ཡིན་ན་ནི་སྐྱེས་བུ་བཅིངས་པ་བཞིན་དུ་དབང་ཕྱུག་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་ཉིད་ཀྱིས་སྩལ་བར་ཟད་དེ། དེ་ཅུང་ཟད་ཀྱང་མི་བཟོད་དོ། །འོ་ན་དངོས་པོ་རྣམས་ཅི་ལས་སྐྱེ་ཞེ་ན། མི་ཤེས་ལས་དང་སྲེད ་ལས་བྱུང་རིག་མཛོད་ཅེས་བྱ་བ་སྨོས་ཏེ། དཔེར་ན་ས་བོན་མ་ཉམས་པ་ལ་ལུད་ཀྱི་གཡོགས་ཤིང་ཆུས་བརླན་པས་ནི་མྱུ་གུ་མངོན་པར་འགྲུབ་པར་བྱེད་དོ། །དེ་བཞིན་དུ་མི་ཤེས་པས་གཡོགས་པའི་ལས་སྲེད་པའི་ཆུས་བརླན་པས་ཀྱང་སྲིད་པའི་མྱུ་གུ་མངོན་པར ་གྲུབ་པར་བྱེད་དོ། །དེ་ལ་མི་ཤེས་པ་ནི་བདེན་པ་རྣམས་ལ་ཀུན་ཏུ་རྨོངས་པ་སྟེ། མ་རིག་པ་དང་མི་མཐོང་བ་དང་མུན་པ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །བྱིས་པ་མ་རིག་པས་དམུ་སེ་ལོང་དུ་གྱུར་པ་ནི་འདི་ལ་བདེ་བར་བྱ་བའི་ཕྱིར་རམ། ཕྱི་མ་ལ་བདེ་བར་བྱ་བའི ་ཕྱིར་དགེ་བ་དང་མི་དགེ་བའི་ལས་བྱེད་དེ། དེ་ནི་འདིའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ནོ། །ལས་ནི་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ལ་ནི་མི་གཡོ་བ་ཞེས་བཤད་དེ། ལས་འདི ་རྣམ་པ་གསུམ་ཆར་ཡང་མ་རིག་པའི་རྐྱེན་ཅན་ཡིན་ཞིང་ཁམས་གསུམ་པའི་སྲེད་པས་བརླན་པ་འདི་ཡང་སྲིད་པའི་མྱུ་གུ་མངོན་པར་རིག་པར་བྱའོ། །དེ་ལྟ་ཡིན་ན་འོན་ཕུང་པོ་འདི་འདྲ་བ་དག་ལས་གྲོལ་བར་བྱ་བ་ལ་གྲོགས་ཀྱིས་ཤིག་ཅེ་ན། ཐར་པ་བདག ་ལས་རག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོལ་བ་ནི་རང་གི་སེམས་ལས་རག་ལས་པའི་ཕྱིར་ཐར་པ་ཐོབ་པར་བྱ་བ་ལ་གྲོགས་ཀྱིས་བཏང་བའི་ཁ་ན་ལས་པར་ནི་མི་འདོད་དོ། །འོ་ན་ཐབས་གང་ཡིན་ཞེ་ན། ཐོས་པའི་ཚུལ་ཁྲིམས་པས་མ ་གཏན་ལྡན་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཐོས་པ་ནི་བདེན་པ་དང་མཐུན་པ་ཡིན་པར་རིག་པར་བྱའོ། །ཚུལ་ཁྲིམས་ནི་མ་ཉམས་པ་ལ་སོགས་པ་དང་ལྡན་པའོ། །བསམ་གཏན་ནི་ངེས་པར་བྱེད་པའི་ཆ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། ་དེ་ལྟར་ཚུལ་ཁྲིམས་དང་ཐོས་པ་དང་བསམ་གཏན་དང་ལྡན་པ་བདེ་བ་རྣམ་པ་བཞི་ལ་འབད་པར་གྱིས་ཤིག་དང། དེ་ལྟ་ན་ཐར་པ་ཐོབ་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པས་ནི་ཐར་པའི་ལམ་ཁོ་ན་སྟོན ་པར་བྱེད་དོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་གང་ཡིན་པའོ། །ལྷག་པའི་སེམས་ནི་འཕགས་པའི་ལམ་གྱི་རྟེན་བསམ་གཏན་བཞི་ཡིན་ནོ། །ལྷག་པའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ ་ཡིན་པར་རིག་པར་བྱའོ། །བསླབ་པ་གསུམ་པ་དེ་དག་ནི་བསླབ་པ་ཐམས་ཅད་ཀུན་ཏུ་སྡུད་པར་གྱུར་པ་ཡིན་ནོ་ཞེས། བསྟན་པའི་ཕྱིར། བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ནི། གསུམ་པོ་འདིའི་ནང་ཡང་དག་འདུ་བར་འགྱུར་ཞེས་བྱ་བ་སྨོས་ཏེ། ་གང་གི་ཕྱིར་བསླབ་པ་གསུམ་པོ་འདིའི་ནང་དུ་བསླབ་པ་བརྒྱ་ལྔ་བཅུ་ལྷག་གཅིག་འདུ་བར་འགྱུར་བ་དེའི་ཕྱིར་བསླབ་པ་གསུམ་པོ་འདི་ལ་འབད་དེ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསླབ་པ་བརྒྱ་ལྔ་བཅུ་ནི་སོ་སོར་ཐར་པ་ལས་འབྱུང་བར ་རིག་པར་བྱའོ། །དབང་ཕྱུག་ལུས་རྟོགས་ཞེས་བྱ་བ་ལ་སོགས་པས་ནི་ཐར་བར་ལམ་ཁོ་ན་སྟོན་པར་བྱེད་དེ། ལུས་རྟོགས་ནི་ལུས་ལ་སོང་བའོ། །ལུས་ལ་དམིགས་པའི་ཞེས་བྱ་བའི་ཐ་ཚིག་སྟེ། ད་ནི་ལུས་ཀྱི་འགྲེང་བ་འདུག་པ་ལ་སོགས་པའི་གནས ་སྐབས་ཀྱི་རྣམ་པར་སྤྱོད་པར་བྱེད་པ་ཡིན་ནོ། །ལུས་སུ་རྟོགས་པའི་དྲན་པ་དེ་ནི་བདེ་གཤེགས་ཀྱིས་བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན་ཏེ། དེ་ཇི་སྐད་དུ། དགེ་སློང་དག་སེམས་ཅན་རྣམས་རྣམ་པར་དག་པར་བྱེད་པ་དང། སྡུག་བསྔལ་བ་དང་ཡིད་མི་བདེ ་བ་ལས་ཡང་དག་པར་འདའ་བར་བྱེད་པ་དང། རིགས་པའི་ཆོས་རྟོགས་པར་བྱེད་པ་དང། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་བགྲོད་པ་གཅིག་པའི་ལམ་ནི་འདི་ལྟ་སྟེ། ལུས་སུ་རྟོགས་པའི་དྲན་པ་ཡིན་ནོ་ཞེས་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ། །དེ ་ལ་བགྲོད་པ་གཅིག་པ་ཉིད་ནི་བདེ་བླག་དང་མྱུར་བ་དང། གདོན་མི་ཟ་བར་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། དེ་ལྟ་བས་ན་བགྲོད་པ་གཅིག་པ་ཞེས་བྱ་བའི་སྒྲ་ནི་འདིར་ལམ་བསྔགས་པའི་ཚིག་ཡིན་པར་བལྟ་བར་བྱའོ། །གཅིག་ཏུ་འགྲོ་བ་ནི་བགྲོད་པ་གཅིག་པ་སྟེ། ལམ་ལ ་རྣམ་པ་གཉིས་སུ་མེད་པ་ངོ་བོ་གཅིག་ཏུ་ཞུགས་པའི་ཕྱིར་ཞེས་བཤད་པ་ཡིན་ནོ། །དེ་ནི་བསྒྲིམས་ནས་མངོན་པར་སྲུང་བགྱི་སྟེ་ཞེས་བྱ་བ་ནི་དྲན་པ་དེ་ལྟ་བུ་དེ་ནི་དགོས་པ་ཆེ་བའི་ཕྱིར་ཁྱོད་ཀྱིས་འབད་དེ་བསྲུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དེ་ཉམས་ན་རེ་ཞིག ་ཆོས་གཞན་དག་ཀྱང་འཇིག་པར་འགྱུར། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར་དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར་ཞེས་བྱ་བ་སྨོས་སོ། །འདི་མན་ཆད་ཚེ་ནི་གནོད་མང་ཞེས་བྱ་བ་ལ་སོགས་པས་ནི ་ཐར་པ་འཐོབ་པའི་རྒྱུའི་སྟེ་བོའི་རྒྱུར་གྱུར་པ་འཆི་བ་ལ་དྲན་པ་ཉེ་བར་གཏོད་པར་བྱེད་དེ། ཚེ་གནོད་པ་དུ་མ་དང་འབྲེལ་བ། རླུང་གིས་བཏབ་པའི་ཆུའི་ཆུ་བུར་བས་ཀྱང་མི་རྟག་ན་ཞེས་བྱ་བ་འདིས་ནི་ཚེ་སྐད་ཅིག་མ་ཉིད་ཡིན་པར་བསྟན་ཏོ། །དབུགས་རྡུབ་འབྱུང་བ ་གཉིད་ཀྱིས་ལོག་པ་ལས། སང་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། ཞེས་བྱ་བ་ནི་ཚེ་དེ་ལྟར་གནོད་པ་མང་བ་ཅན་སྐད་ཅིག་མ་ཡིན་ན། སྐྱེས་བུ་དབུགས་བརྡུབས་ནས་དབུགས་འབྱུང་བ་འམ། གཉིད་ཀྱིས་ལོག་པ་ལ་སོགས་པ་ལས་སད་ཁོམ་བགད ་ཡིན་པ་དེ་ཡ་མཚན་ཆེའོ་ཞེས་བྱ་བ་ཡིན་ནོ། །གནོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཕྱི་རོལ་གྱི་ནི་རླུང་དང་ཉི་མ་དང། སྡིག་སྦྲུལ་ལ་སོགས་པའོ། །ནད་གི་ནི་རླུང་ལ་སོགས་པ་འཁྲུགས་པ་ཀུན་ནས་བསླད་བའི་ནད་ལ་སོགས་པའོ།། ་ལུས་མཛའ་ཐལ་བ་ཞེས་བྱ་བ་ལ་སོགས་པས་ནི་ལུས་ལ་སྙིང་པོའི་བློ་འདོད་དུ་འཇུག་སྟེ། དེ་ལྟར་ན་ཡང་འཆི་བ་ལ་དྲན་པ་ཉེ་བར་གཏད་པ་ཁོ་ན་ཡིན་ནོ། །དེ་ལ་ལུས་མཛའ་ཐལ་བ་ཞེས་བྱ་བ་ལ་སོགས་པའི་དོན་ནི་མདོའི་ཚིག་གི་རྗེས་སུ་འབྲངས་ནས ་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་དག་ཤི་ཞིང་དུས་ལས་འདས་པའི་ལུས་ཉེ་དུ་རྣམས་ཀྱིས་མེས་བསྲེག་པ་འམ། ཆུ་ལ་བཀུར་བ་འམ་སའི་འོག་ཏུ་འཛུད་པར་བྱེད་ཅིང། ཡང་ན་ནི་རླུང་དང་ཉི་མ་དག་གིས་སྐེམས་པར་འགྱུར་རོ ་ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཟ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ལུས་ཞེས་བྱ་བ་ནི་རྣམ་པར་འགྱེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །མཛའ་ཐལ་བ་ཞེས་བྱ་བ་ནི་མེས་བསྲེག་པ་ཞེས་བྱ ་བའི་ཚིག་འདིའི་དོན་ཡིན་ནོ། །མཐར་སྐམ་པ་ཞེས་བྱ་བ་ནི་སའི་འོག་ཏུ་འཛུད་པར་བྱེད་ཅིང། ཡང་ན་ནི་རླུང་དང་ཉི་མ་དག་གིས་སྐབས་པར་འགྱུར་རོ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱི་དོན་ཡིན་ནོ། །མཐར་འདྲུལ་ཞེས་བྱ་བ་ནི་ཆུང་བཀུར་བ་ཞེས་བྱ་བ ་འདིའི་དོན་ཡིན་ནོ། །ཐ་མར་མི་གཙང་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཟ་བར་འགྱུར་རོ་ཞེས་བྱ་བ་འདིའི་དོན་ཡིན་ནོ། །སྙིང་པོ་མ་མཆིས་པ་ཞེས་བྱ་བ་ཅི་ཞེ་ན། འདི་ལྟར་རྣམ་པར་འཇིག་དེངས་མྱགས་པར ་འགྱུར་བ་སྟེ། སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །སྙིང་པོ་མེད་པ་ཉིད་ནི་རྣམ་པར་འཇིག་ལ་སོགས་པ་ཉིད་ཀྱིས་སྟོན་པར་བྱེད་དེ། དེ་ལ་རྣམ་པར་འཇིག་པའི་ཆོས་ཅན་ནི་མེས་འཇོམས་པའི་ཕྱིར་རོ། །དེ་དང་བའི་ཆོས་ཅན་ནི་རླུང་དང་ཉི་མ ་ལ་སོགས་པས་སྐེམས་པའི་ཕྱིར་རོ། །མྱགས་པའི་ཆོས་ཅན་ནི་ཆུས་རུལ་པའི་ཕྱིར་རོ། །སོ་སོར་འགྱེད་པའི་ཆོས་ཅན་ནི་སྲོག་ཆགས་རྣམས་ཀྱིས་ཁམ་བུར་རྣམ་པར་འཇིག་པའི་ཕྱིར་རོ། །མཁྱེན་པར་མཛོད་ཅེས་བྱ་བ་ནི་རྟོགས་པར་གྱིས་ཤིག་པའོ། །ས་དང་ལྷུན་པོ་རྒྱ་མཚོ ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་བརྟན་པ་རྣམས་ཀྱང་མི་རྟག་པ་ཉིད་དུ་མཐོང་བས་རང་གི་ལུས་ལ་ཤིན་ཏུ་སྙིང་པོ་མེད་པའི་བློ་ཉེ་བར་གཏོད་པར་བྱེད་དེ། ས་དང་ལྷུན་པོ་རྒྱ་མཚོ་རྣམས་ཞེས་བྱ་བར་ཚིག་བསྡུ་བའོ། །དེ་དག་ནི། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུད ་འབར་པས་བསྲེགས་པའི་ལུས་ཅན་ཏེ། ཉི་མ་བདུན་འབར་བ་ནི་ཉི་མ་བདུན་འབར་བའོ། །གང་དག་ལ་བསྲེགས་པའི་ལུས་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ས་ལ་སོགས་པ་ཉི་མ་བདུན་གྱི་འབར་བས་བསྲེགས་པའི་ལུས་ཅན་དེ་དག་ཀྱང། ཐལ་བ་ཡང ་ནི་ལུས་པར་མི་འགྱུར་ན། ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། རེ་ཞིག་ཆེ་ཐང་དུ་བསྟན་པ་དེ་དག་ཀྱང་གནས་སྐབས་དེ་ལྟ་བུར་འགྱུར་ན་རྣམ་པ་ཐམས་ཅད་ཉམ་ཆུང་བའི་ལུས་གང་ཡིན་པ་འདི་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ལ་མི་རྟག་པ་ཉིད་ཀྱིས ་གཞོམ་པར་མི་ནུས་པའི་གནས་སྐབས་གང་ཡིན་པ་དེ་མེད་དོ། ཞེས་བྱ་བ་ཡིན་ནོ། །དེ་ལ་སོགས་པ་ཉི་མ་བདུན་གྱིས་བསྲེགས་པ་ནི་ཉི་མ་བདུན་འཆད་པའི་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་དག་གང ་དུས་རིང་མོ་ཞིག་འདས་ནས་ཆར་བ་མི་འབབ་ལ། དེ་ནས་ས་ཆེན་པོ་འདི་ལ་ས་བོན་གྱི་ཆོགས་དང་འབྱུང་བའི་ཚོགས་གང་དག་ཡིན་པ་དང། ཆུ་བྲན་སྐམས་པར་འགྱུར་བའི་དུས་དེ་ཡང་ཡོད་དོ། །དགེ་སྤོང་དག་གང་དུས་རིང་མོ་ཞིག་འདས་ནས་ཆང་མི་འབབ ་ལ། དེ་ནས་འཇིག་རྟེན་འདིར་ཉི་མ་གཉིས་པ་ཞིག་འབྱུང་བར་འགྱུར་ཏེ། དེ་བྱུང་བས་ས་ཆེན་པོ་འདི་ལ་ཆུ་ཆེན་པོ་བཞི་མ་གཏོགས་པ་ཆུ་བོ་ཐམས་ཅད་སྐམས་པར་འགྱུར་བའི་དུས་དེ་ཡང་ཡོད་དོ། །འཇིག་རྟེན་དུ་ཉི་མ་གསུམ་པ་བྱུང་བས་ནི་ཆུ་བོ་ཆེན་པོ་བཞི ་དང། མ་དྲོས་པ་ལ་སོགས་པ་མཚོ་ཆེན་པོ་རྣམས་ཀྱང་བསྐམ་པར་འགྱུར་རོ། །འཇིག་རྟེན་དུ་ཉི་མ་བཞི་པ་བྱུང་བས་ནི་རྒྱ་མཚོ་ཆེན་པོ་ལས་ཤིང་རྟ་ལ་ཙམ་ཡང་སྐམ་པར་འགྱུར་ལ། དཔག་ཚད་ཙམ་ཡང་སྐམ་པར་འགྱུར་བ་ནས་དཔག་ཚད ་བརྒྱ་ཡང་སྐམ་པར་འགྱུར་རོ། །འཇིག་རྟེན་དུ་ཉི་མ་ལྔ་པ་བྱུང་བས་ནི་དཔག་ཚད་ཉིས་བརྒྱ་ལ་སོགས་པའི་ཁྱད་པར་གྱིས་ཆུ་སྐམ་པར་འགྱུར་རོ། །འཇིག་རྟེན་དུ་ཉི་མ་དྲུག་པ་བྱུང་བས་ནི་ཆུའི་ཐིག་བ་ཆུང་ངུ་ཡང་མི་ལུས་ཤིང་ས་ཆེན་འདི་དང་རིའི་རྒྱལ ་པོ་རི་རབ་ཀྱང་དུ་བ་འཐུལ?་བར་འགྱུར་ཏེ། དཔེར་ན་ཐོད་ལྕགས་བསྲེགས་པ་རྩཝའི་ནང་དུ་བོར་བ་བཞིན་དུ་དུ་བ་འཐུལ་བར་འགྱུར་རོ། འཇིག་རྟེན་དུ་ཉི་མ་བདུན་འབྱུང་བས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་ཡང་འབར ་བར་འགྱུར་རབ་ཏུ་འབར་བར་འགྱུར་ཏེ། དཔེར་ན་མར་སར་རམ། འབྲུ་མར་བསེགས་ན་ཐལ་བ་ཡང་མི་ལུས་པ་བཞིན་དུ་འགྱུར་རོ། །དེ་ལྟར་འདུ་བྱེད་དུ་གཏགས་པ་ཐམས་ཅད་མ་ལུས་པར་བསྲེགས་ནས་རང་ཡང་འཆི་བར་འགྱུར་ཏེ། རེ་ཞིག་འདི་ནི ་མེས་འཇིག་པའི་དབང་གིས་ས་དང་ལྷུན་པོ་དང་རྒྱ་མཚོ་རྣམས་འཇིག་པར་བཤད་པ་ཡིན་ནོ། །འདི་དག་ནི་ཆུས་འཇིག་པའི་དབང་གིས་ཀྱང་འཇིག་ལ། རླུང་གིས་འཇིག་པའི་དབང་གིས་ཀྱང་འཇིག་པར་རིག་པར་བྱའོ། །དེ་ལ་ཁྱད་པར་ནི་འདི ་ཡོད་དེ། ཉི་མ་གཉིས་པ་ཅི་ལྟ་བ་དེ་ལྟར་ཆུས་འཇིག་པ་ལ་ནི་ཚ་སྒོ་ཆུའི་ཆར་འབབ་པོ། རླུང་གིས་འཇིག་པ་ལ་ནི་རྣམ་པར་འཐོར་བྱེད་ཀྱི་རླུང་ཆེན་པོ་ལྡང་ངོ། །དེ་ལྟར་འདི་ཀུན་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན་གྱི་མཇུག ་བསྡུས་ནས་གདམས་ངག་སྦྱིན་པར་བྱེད་དེ། མི་རྟག་པ་དང་བདག་མེད་པ་ནི་བཤད་ཟིན་པ་ཉིད་དོ། །སྐྱབས་མེད་པས་ནི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པར་བྱེད་པའི་རྗེ་དཔོན་འགའ་ཡང་མེད་པའི་ཕྱིར་རོ། །མགོན་མེད་པ་ནི་དེ་ལྟ་བུའི་ཉེ་བའི ་ཚོགས་ཀྱང་མེད་པའི་ཕྱིར་རོ། །གནས་མེད་པ་ནི་ཐ་མལ་བར་འདུག་པ་གཞན་འགའ་ཡང་མེད་པའི་ཕྱིར་ཏེ། གང་གི་ཕྱིར་འཇིག་རྟེན་འདི་དེ་ལྟར་སྐྱབས་མེད་པ་ཡིན་པ་དེའི་ཕྱིར་ཀྱེ་མ་མཆོག་ཁྱོད་ཀྱིས་འཁོར་བ་ཆུ་ཤིང་ལྟར་སྙིང་པོ་མེད་པ་ལ་ཡིད་འབྱུང་བར་གྱིས་ཤིག ་ཅེས་བྱ་བ་ཡིན་ནོ། །ད་ནི་དགེ་བའི་སྣོད་མི་ཉིད་རྙེད་དཀའ་བར་རབ་ཏུ་བསྟན་པའི་ཕྱིར། རྒྱ་མཚོ་གཅིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱ་མཚོ་གཅིག་ན་གནས་པས་ན། རྒྱ་མཚོ་གཅིག་གནས་སོ། །དེ་ནི་རྒྱ་མཚོ་གཅིག་ན་གནས་པ་ཡང་ཡིན་ལ། རུས་སྦལ ་ཡང་ཡིན་པས། རྒྱ་མཚོ་གཅིག་ན་གནས་པའི་རུས་སྦལ་ལོ། །རྒྱ་མཚོ་གཅིག་ནི་གནས་པའི་རུས་སྦལ་དང་གཉའ་ཤིང་བུག་པ་ཞེས་བྱ་བར་ཚིག་བསྡུས་ཏེ། དེ་གཉིས་ཕྲད་པའི་རྒྱ་མཚོ་གཅིག་ན་གནས་པའི་རུས་སྦལ་དང་གཉའ་ཤིང་བུག་པར་ཕྲད་པའོ། །མི་ཉིད ་ཐོབ་པ་ནི་དེ་བས་ཀྱང་དཀའ་ཨོ། །དོན་འདི་ཡང་མདོ་ཁོ་ན་ལས་བསྟན་ཏེ། དགེ་སློང་དག་འཇིག་རྟེན་རྒྱ་མཚོ་གཅིག་ཏུ་གྱུར་པའི་ནད་ན་རུས་སྦལ་ཞར་བ་ཚེ་རིང་བ། ཡུན་རིང་པོར་འཚོ་བ་ཞིག་གནས་ཏེ། དེ་ལོ་བརྒྱ་འདས་ནས་ལན་གཅིག་གྱེན་དུ་འབྱུང་ལ། རྒྱ་མཚོ་ཆེན་པོ ་དེ་ན་གཉའ་ཤིང་བུ་ག་ཕུག་པ་ཞིག་ཡོད་པ་དེ་ཤར་གྱི་རླུང་གིས་བདས་ནས་ནི་ནུབ་ཕྱོགས་སུ་འགྲོ་ཞེས་བྱ་བ་རྒྱས་པར་བཀའ་སྩལ་ནས། དགེ་སློང་དག་གང་དུ་རུས་སྦལ་ལོང་བ་དེ་གྱེན་དུ་འབྱུང་བའི་མགྲིན་པ་གཉའ་ཤིང་དེའི་བུ་གར་ཚུར་བར་འགྱུར་བའི་དུས ་དེ་ནི་ཡོད་ཀྱི། དགེ་སློང་དག་མིར་སྐྱེ་བ་འཐོབ་པ་ནི་དེ་བས་ཀྱང་ཆེས་དཀའ་བར་ང་སྨྲའོ་ཞེས་གསུངས་སོ། །དུད་འགྲོ་ལས་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་ནས། །དེ་ནས་མི་ཐོབ་པར་ནི་དཀའ་སྟེ། དེ་དག་ཤིན་ཏུ་བླུན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་མི་འཐོབ ་པར་ཤིན་ཏུ་དཀའ་བ་དེའི་ཕྱིར་མི་དབང་གིས་ནི་དམ་ཆོས་སྤྱད་པས་མི་དེ་འབྲས་བུ་མཆིས་པར་མཛོད་ཅིག་།འདིས་ནི་འདི་སྐད་དུ། ཁྱོད་ཀྱིས་ཐོས་པ་ཙམ་གྱིས་ཆོག་པར་མི་བྱའི། འོན་ཀྱང་ནན་ཏན་སྙིང་པོར་བྱའོ་ཞེས་བཤད་པ་ཡིན་ནོ། །གང་ཞིག་གསེར་སྣོད ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་རྙེད་པར་དཀའ་བའི་མི་ཉིད་ཐོབ་ན། གང་ཞིག་དགེ་བ་མི་བྱེད་པ་དེ་སྨད་པའི་སྒོ་ནས་དགེ་བ་ལ་སྦྱོར་བར་བྱེད་དོ། །གསེར་གྱི་སྣོད་རིན་པོ་ཆེས་སྤྲས་པས་ངན་སྐྱུགས་ངག་ཕྱག་སང་འོས་པ་མ་ཡིན་པར་སྤྱོད། ་གནས་མ་ཡིན་པར་སྤྱོད་པ་ནི་འཇིག་རྟེན་གྱི་སྨད་པར་བྱ་བ་ཡིན་ནོ། །མིར་སྐྱེས་ནས་གང་ཞིག་སྡིག་པ་རྣམས་བྱེད་པ་ནི་དེ་བས་ཀྱང་ཆེས་སྨད་པར་བྱད་པ་ཁོ་ན་ཡིན་ཏེ། མི་ཉིད་རིན་པོ་ཆེའི་སྣོད་པས་ཀྱང་ཆེ་ས་རྙེད་པར་དཀའ་བའི་ཕྱིར་རོ། །ད་ནི་མཐུན ་པར་གྱུར་པའི་ཡུལ་དུ་གནས་པ་དང། ཞེས་བྱ་བ་ལ་སོགས་པས་རྒྱལ་པོ་འཕགས་པའི་ལམ་གྱི་སྣོད་ཉིད་ཡིན་པར་སྟོན་ཏོ། །དེ་ལ་མཐུན་པའི་ཡུལ་ནི་གང་ཞིག་གང་གི་སེམས་མཉམ་པར་བཞག་པ་དང་མཐུན་པ་ཡིན་ཏེ། འཚེ་བ་དང་གནོད་པ་དང་བྲལ ་བའི་ཕྱིར་རོ། །སྐྱེས་བུ་དམ་པ་ལ་བརྟེན་པ་ནི་དགེ་བའི་བཤེས་གཉེན་ལ་ཡང་དག་པར་བརྟེན་པའོ། །དེ་ཡང་ལུས་ཕུན་སུམ་ཚོགས་པའམ། རྟོག་པ་ཕུན་སུམ་ཚོགས་པ་ཡང་རུང་སྟེ། ཡོན་ཏན་དག་གིས་མཉམ་པའམ། ཁྱད་པར་དུ་འཕགས་པའི ་ཡོན་ཏན་ཡིན་ནོ། །ཡང་ན་མཛའ་བོ་འམ། བླ་མ་ཡིད་བརྟན་དུ་རུང་བ། སྨྲ་མཁས་པ་ཚིག་བཟོད་པ་དོན་ཟབ་མོ་སྨྲ་བ་གནས་མ་ཡིན་པར་སྦྱོར་བར་མི་བྱེད་པ་གང་ཡང་རུང་སྟེ། གང་གི་རྗེས་སུ་བསླབས་ནས་ཚུལ་ཁྲིམས་དང་ཐོས་པ་དང། གཏོང་བ་དང། ཤེས་རབ ་ཀྱི་འཕེལ་བར་འགྱུར་བ་དེ་འདྲ་བ་དེ་ནི་སྐྱེས་བུ་དམ་པ་ཞེས་བྱའོ། །བདག་ཉིད་ཀྱིས་ལེགས་པའི་སྨོན་ལམ་ནི་བདག་ཉིད་ཀྱིས་ཇི་སྐད་བཤད་པ་བཞིན་བྱེད་པའི་སྒོ་ནས་ལེགས་པར་སྒྲུབ་པའོ། །སྔོན་ཡང་བསོད་ནམས་བགྱིས་ཞེས་བྱ་བ་འདིས་ནི་ཚོགས ་བསགས་པ་ཉིད་དུ་སྟོན་ཏོ། །དེ་དག་ནི་འཁོར་ལོ་ཞེས་བྱ་བ་སྟེ། འཕགས་པའི་ལམ་གྱི་ཤིང་རྟ་འགྲོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །འཁོར་ལོ་ཆེན་པོ་དེ་བཞི་ཁྱོད་ལ་མངའ་ཞིང་ཡོད་པས་དེའི་ཕྱིར་འཕགས་པའི་ལམ་བསྐྱེད་པའི་ཕྱིར་འབད?་པ་བྱོས་ཤིག་སྙམ ་དུ་དགོངས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་བརྟེན་པ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་ལམ་བསྐྱེད་པ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་གཙོ་བོ་ཡིན་པར་སྟོན་ཏེ། །འཕགས་པ་ཀུན་དགའ་བོས་བཅོམ་ལྡན་འདས་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང། དགེ་བའི ་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་སོ་ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཁྱོད་འདི་སྐད་དུ་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་སོ་ཞེས་བྱ་བའི་བར་མ་སྨྲ་ཞིག་།ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས ་གཉེན་དང། དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྐྱེ་བའི་ཆོས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྐྱེ་བ་ལས་ཡོངས་སུ་བྲོལ་ལོ་ཞེས་རྒྱས་པར་བཀའ་སྩལ་ཏོ། །གང་གི་ཕྱིར ་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བཀའ་སྩལ་པ་དེའི་ཕྱིར་སྐྱེས་བུ་དམ་པ་རྣམས་ལ་བརྟེན་པར་བྱའོ། །ཡང་སྐྱེས་བུ་དམ་པ་ལ་བརྟེན་པ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་པ་ཇི་ལྟར་ཤེས་ཤེ་ན། རྒྱལ་བ་ལ་བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ་ཅེས་བྱ ་བ་སྨོས་སོ། །དེ་ལ་ཚངས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་དོན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་དེ་ལམ་མོ། །དེ་ལྟ་བས་ན་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་སྡུག་བསྔལ་བ་མཛའ་དག་ཟད་པའི་རྒྱུར་གྱུར་པ། འཕགས་པའི་ལམ་གྱི་རྒྱུ་ནི་དགེ ་བའི་བཤེས་གཉེན་ཡིན་ནོ། ཞེས་བཤད་བ་ཡིན་ནོ། །ལོག་པར་ལྟ་བ་འཛིན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་དགེ་བ་བྱ་བར་མི་རུང་བ་ཉིད་དུ་སྟོན་པར་བྱེད་དོ། །དེ་ལ་ལོག་པར་ལྟ་བ་འཛིན་པ་ནི་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བར་འཛིན་པ་གང་ཡིན་པའོ།། ་དུད་འགྲོ་ཉིད་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བའོ། །ཡི་དགས་ཉིད་ནི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བའོ། །དམྱལ་བ་ནི་དམྱལ་བའི་འཇིག་རྟེན་དུ་སྐྱེ་བའོ། །རྒྱལ་བའི་བཀའ་མེད་པ་ནི། སངས་རྒྱས་འགྱུར་བ་མེད་པའི་ཕྱིར་རོ། །མཛའ་འཁོབ་ཀླ་ཀློར་སྐྱེ་བ་ནི་དེར ་སྐྱེ་བ་གང་ཡིན་པའོ། །སངས་རྒྱས་འབྱུང་བ་ཡོད་ཀྱང་གླེན་ཞིང་ལྐུག་པ་ཉིད་དུ་ནི་ལག་བརྡ་བྱེད་པའོ། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི་སྐྱེ་བ་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་གཟུགས་མེད་པ་རྣམས་སོ། །གནས་བརྒྱད་པོ་དེ ་དག་དགེ་བ་བྱ་བའི་དལ་བ་མེད་པས་ན་མི་ཁོམ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཉེས་པ་མང་བས་སྐྱོན་ཞེས་ཀྱང་བྱའོ། །མི་ཁོམ་པའི་སྐྱོན་དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། སྐྱེ་བ་བཟློག་པའི་སླད་དུ་འབད་པ་མཛོད། སྐྱེ་བ་བཟློག་པའི་ཆེད་དུ ་ཞེས་བྱ་བའི་དོན་ཏོ། །དེ་ནི་ངེས་པ་འདོད་པས་ཕོངས་པ་དང། ཞེས་བྱ་བ་ལ་སོགས་པ་གང་སྨོས་པ་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་བསྒྲུབ་ཅིང་མྱ་ངན་ལས་འདས་པ་ལ་རྒྱུར་གཅིག་ཏུ་གཞོལ་བར་བྱ་བར་བཞེད་བ ་ཡིན་ཏེ། སྡུག་བསྔལ་ཞེས་བྱ་བའི་སྒྲ་ནི་འདོད་པས་ཕོངས་པའི་སྡུག་བསྔལ་དང། འཆི་བའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རེ་རེ་དང་སྦྱར་རོ། །འདོད་པས་ཕོངས་པ་ལ་སོགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག་བསྔལ་ཞེས ་བཤད་ཀྱི། ཚར་བའི་རང་བཞིན་ཡིན་པའི་ཕྱིར་ནི་མེ་ཡིན་ནོ། །སོགས་པ་ཞེས་སྨོས་པས་ནི་མྱ་ངན་དང་སྨྲེ?་སྔགས་འདོན་པ་ལ་སོགས་པ་བཟུང་ངོ། །དེ་ལྟར་སྡུག་བསྔལ་དུ་མའི་འབྱུང་གནས་རྟེན་འཁོར་བ་ཉེ་བར་ལེན་པའི་ཕུང་པོ་ལྔའི་ངོ་བོ ་ཉིད་ལས་སྐྱོ་མཛད་ཅིང་ཡིད་བྱུང་བ་བསྐྱེད་པར་བྱ་ཞིང་ཞེས་བྱ་བའི་ཐ་ཚིག་གོ་།འཁོར་བ་འདིའི་ཉེས་པ་སྐྱོ་བའི་རྒྱུ་ཤས་ཀྱང་གསན་པར་མཛོད་ཅིག་།འཁོར་བའི་ཉེས་པ་རིལ་བརྗོད་པར་མི་ནུས་པའི་ཕྱིར་ཕྱོགས་གཅིག་ཞལ་གྱིས་བཞེས ་སོ། །འཁོར་བའི་ཉེས་པ་དེ་ཡང་རྣམ་པ་བདུན་ཞིག་བརྗོད་དེ་འདི་ལྟ་སྟེ། ངེས་པ་མེད་པའི་ཉེས་པ་དང། དོམས་མི་ཤེས་པའི་ཉེས་པ་དང། ལུས་ཡང་དང་ཡང་དུ་འདོད་བའི་ཉེས་པ་དང། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པ་དང། ཡང ་དང་ཡང་དུ་མཐོ་དམན་གྱི་ངོ་བོར་གྱུར་པའི་ཉེས་པ་དང། གྲོགས་མེད་པ་ཉིད་ཀྱི་ཉེས་པ་དང། འགྲོ་བ་དྲུག་པའི་ཉེས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པའོ། །དེ་ལ་ངེས་པ་མེད་པའི་ཉེས་པའི་དབང་དུ་བྱས་ནས། ཕ་ཉིད་བུ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས ་སོ། །བཟློག་པ་ཉིད་དུ་ཞེས་བྱ་བ་ནི་བུ་ཉིད་ཕ་ཉིད་དུ། ཆུང་བ་ནི་མ་ཉིད་དུ་སྐྱེ་བོ་བཤེས་པ་ནི་དགྲ་ཉིད་དུ་འགྲོ་བའོ། །དེ་ལྟ་བས་ན་འཁོར་བ་ན་ངེས་པ་འགའ་ཡང་མེད་དོ། །ངོམས་མི་ཤེས་པའི་ཉེས་པའི་དབང་དུ་བྱས་ནས། རེ་རེས་རྒྱ་མཚོ་བཞི་པས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ཚིགས་སུ་བཅད་པའི་དོན་ནི་གོ་བར་ཟད་དོ། །ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པའི་དབང་དུ་བྱས་ནས། རེ་རེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བདག་ཉིད་རུས་པའི་ཕུང་པོ་ཞེས་བྱ་བ་ནི་ལུས་ཀྱི་རུས་པའི་ཕུང་པོ་ཞེས་བྱ་བའི ་དོན་ཏོ། །ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པའི་དབང་དུ་བྱས་ནས། མ་ཡི་ཐུག་མཛའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་ངག་དཔེར་ན་སྐྱེས་བུ་འགའ་ཞིག་གིས། ས་ཆེན་པོ་འདི་ལ་རྒྱ་ཤུགས་པ་ཚིག་གུ ་ཙམ་གྱི་རི་ལུ་ཐོགས་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མདོའི་ཡང་མའོ་ཞེས་འདར་བར་བྱེད་ན། དགེ་སློང་དག་ས་ཆེན་པོ་འདིའི་འཇིབ་པ་ནི་ཆོས་སྦར་ཟད་པར་འགྱུར་གྱི། མི་རྣམས་ཀྱི་མ་རྒྱུད་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སྨྲའོ་ཞེས་གསུངས་པ་ལྟ་བུའོ། ། ་ཡང་དང་ཡང་དུ་མཐོ་དམན་གྱི་ངོ་བོར་འགྱུར་བའི་ཉེས་པའི་དབང་དུ་བྱས་ནས། བརྒྱ་བྱིན་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པའི་དོན་ནག་བར་ཟད་དོ། །མཐོ་རིས་བུ་མོ་ཞེས་བྱ་བ་ལ་སོགས་པ་ལ། མཐོ་རིས་བུ་མོ་ནི་ལྷའི་བུ་མོ་དག་གོ་།དེ་དག་ནི་ནུ ་མ་དང་སྐེད་པ་ལ་རེག་པ་སྟེ། རེག་པ་དེས་བདེ་བ་མྱོང་ནས་ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མི་ཟད་བསྙེན་འཚལ་ལོ་ཞེས་བྱ་བ་ནི་རེག་པ་སྟེ་བོར་མི་འབྲེད་པ་བསྟེན་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་གང་ཞེ་ན། །འཐག་གཅོད?་དབབ་པའི་འཁྲུལ་འཁོར ་གྱི་རེག་པ་ཞེས་བྱ་བ་སྨོས་ཏེ། འཁྲུལ་འཁོར་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར?་རོ?། །དེ་ལ་འཐག་པའི་འཁྲུལ་འཁོར་ནི་འདི་ལྟ་སྟེ། དམྱལ་བ་བསྡུས་འཇོམས་ན་ཡོད་པ་ལྟ་བུའོ། །གཅོད་པའི་འཁྲུལ་འཁོར་ནི་དམྱལ་བ་ཐིག་ནག་ན་ཡོད ་པ་ཡིན་ནོ། །དབང་པའི་འཁྲུལ་འཁོར་ནི་ཚ་བ་དང་རབ་ཏུ་ཚ་བ་ན་ཡོད་པ་ཡིན་པར་རིག་པར་བྱའོ། །རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ་ཞེས་བྱ་བ་ནི་རྐང་པའི་རེག་པས་ནེམས?་ཞེས་བྱེད་པ་དང། པར་ཅེས་བྱེད་པའོ། །དེའི་བདེ་བ་བཟོད་པས་ན། ་རྐང་པའི་རེག་པས་ནེམས་པར་བདེ་བ་བཟོད་པ་ཞེས་བྱ་སྟེ། བདེ་བར་རུང་ཞིང་བདེ་བའི་བརྟེན་ཅེས་བྱ་བའི་ཐ་ཚིག་གོ་།ལྷུན་པོའི་སྤོ་དེ་འདྲ་བ་ལ་ཡུན་རིང་པོ་ལྷའི་ལོ་སྟོང་དུ་གནས་པ་ནི། སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡིས། སྡུག་བསྔལ་མི་བཟད ་ཕོག་སྙམ་བགྱི་འཚལ་ལོ། །དེ་ལ་མེ་མར་མུར་ནི་པུས་མོ་ནུས་ཙམ་སྟེ། གང་དུ་རྐང་པ་བཞག་པ་ན་པགས་པ་དང་ཤ་དང་ཁྲག་ཞིག་པར་འགྱུར་ལ། བཏེག་ན་པགས་དང་ཤ་དང་ཁྲག་སླར་སྐྱེ་བར་འགྱུར་བ་ཡིན་ནོ། །རོ་མྱགས་ནི་ཕྱི་སའི་འདམ ་རྫབ་གང་ན་སྲོག་ཆགས་འབུ་མཆུ་རྣོན་ཞེས་བྱ་བ་ལ་ལུས་ཐམས་ཅད་དཀར་མགོ་བོ་ནག་པ་ཡིན་ཏེ། དེ་དག་གིས་སེམས་ཅན་དེ་རྣམས་ཀྱི་པགས་པ་ཡང་འབིགས་པར་བྱེད། ཅེས་བྱ་བ་རྒྱས་པར་མདོ་ལས་ཇི་སྐད་འགྱུར་བ་བཞིན་རིག་པར་བྱའོ།། ་མཐོ་རིས་བུ་མོས་འབྲོངས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་མཐོ་རིས་ཀྱི་བུ་མོ་དག་གིས་འབྲོངས་པ་ནི་མཐོ་རིས་སུ་མོས་འབྲོངས་པ་སྟེ། ཉེ་བར་བསྟེན་པ་ཞེས་བྱ་བའི་ཐ་ཚིག་གོ་།མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང། རྣམ་པར་མཛེས་ཚལ ་སོན་པ་དེ་དག་རྩེ་ནས་ཏེ་དགའ་བའི་ཚལ་དུ་སོན་པ་དང་རྣམ་པར་མཛེས་པའི་ཚལ་དུ་སོན་པ་དག་རྩེ་ནས། སླར་འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། དེ་ལ་འདབ་མ་རལ་གྲི་ལྟ་བུའི་ཚལ་ཞེས་བྱ ་བ་ནི་མེ་མར་མུར་དང་རོ་མྱགས་དང་སྤུ་གྲི་སོ་གཏམས་པའི་ལམ་པོ་ཆེ་འདས་ནས་རྒྱས་བཅད་པ་ཞིག་ན་ནགས་ཚལ་སྔོན་པོ་ལྟ་བུ་ཞིག་སྣང་སྟེ། དེར་སེམས་ཅན་གནས་ཚོལ་བ་སྐྱབས་ཚོལ་བ་དཔག?་རྒྱུག་པར་བྱེད་ཅིང། སེམས་ཅན་དེར་ཞུགས་པ་རྣམས་ལ་ལས་ལས་བྱུང ་བའི་རླུང་དག་ལྡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དལ་གྱིས་འབབ་པར་ཞུགས་ནས་ཞེས་བྱ་བ་ནི་ལྷའི་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་དེར་ཞུགས་ནས་སོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཏུ་ཞེ་ན། ལྷའི་བུ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ན་ལྷའི ་བུ་མོ་གདོང་མཛེས་པ་དང་གསེར་གྱི་པདྨ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སླར་ཡང་དམྱལ་བར་ཆུ་བོ་རབ་མེད་པར་འཇུག་འཚལ་ལོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་ཚེ་སྒོ་བཟོད་རླག་ཆུ་ཚན་དུ་སྟེ། ཆུ་བོ་རབ་མེད་ཅེས་བྱ་བ་ལ་ལོ་མ་རལ་གྲི་ལྟ་བུའི་ཚལ་འདས ་ནས་དམྱལ་བ་འོབས་བཞིན་དུ་བསྐོར་ནས་འདུག་པ། གང་དུ་སེམས་ཅན་གནས་ཚོལ་བ་སྐྱབས་ཚོལ་བ་དེ་དག་ཅེས་བྱ་བ་རྒྱས་པར་མདོ་ལས་ཇི་སྐད་འབྱུང་བར་བཞིན་རེག་པར་བྱའོ། །བཞི་པོ་འདི་དག་ནི་ལྷག་པ་ཡིན་པར་བཤད་དེ་འདི་ལྟ་སྟེ། མེ་མར་མུར་དང། ་རོ་མྱགས་དང། ལོ་མ་རལ་གྲི་ལྟ་བུའི་ཚལ་དང། ཆུ་བོར་བ་མེད་དོ། །ལྷག་པ་བཞི་པོ་དེ་དག་ནི་སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་སྒོ་བཞིན་གོ་རིམས་བཞིན་དུ་རྣམ་པར་གནས་ཏེ། དེ་ལྟ་བས་ན་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་འཆད་པར་འགྱུར་བ་རེ་རེ་ཞིང ་ལྷག་པ་བཅུ་དྲུག་ཡིན་ནོ། །ལྷ་ཡུལ་འདོད་པ་དེ་ཞེས་བྱ་བ་ནི་འདིར་སུམ་ཅུ་རྩ་གསུམ་པ་ཡན་ཆད་ཀྱི་འདོད་པའི་ལྷ་འཐབ་བྲལ་བ་ལ་སོགས་པ་གང་ཡིན་པ་དེ་དག་ཡིན་པར་བཞེད་དེ། དེ་དག་ན་ཡོད་པའི་བདེ་བ་གང་ཡིན་པ་དེ་ཐོབ་ནས་གནས་སོ། །ཤིན་ཏུ་ཆེན་པོ ་ཞེས་བྱ་བ་ནི་འདོད་པའི་བདེ་བའི་ཁྱད་པར་རོ། །ཡང་ན་ཆགས་པ་དང་བྲལ་བའི་བདེ་བའི་ཁྱད་པར་ཡིན་ཏེ། བདེ་བ་ཐམས་ཅད་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེའི་གོང་མ་གཟུགས་ཀྱི་ཁམས་ན་ནི། ཚངས་ཉིད་ཆགས་བྲལ་བདེ་བ་སྟེ། ཆགས་པ ་དང་བྲལ་བ་ཉིད་ནི། འདོད་པའི་འདོད་ཆགས་རྣམ་པར་གནོན་པ་ལ་རིག་པར་བྱའོ། བདེ་བ་དེ་འདྲ་བས་ཀྱང་དུས་གཞན་ན་མི་དགེ་བའི་ལས་བསགས་པའི་ཕྱིར་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་འཕེན་པས་སླར། སྡུག ་བསྔལ་རྒྱུན་མི་འཆད་པར་བསྟེན་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །གང་དུ་དེ་བསྟན་དགོས་ཤེ་ན། མནར་མེད་དུའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་གིས་ཤེ་ན། མེའི་བུད་ཤིང་གྱུར་པ་ཡིས་ཏེ། ལུས་བསྲེགས་པས་ཞེས་བྱ་བའི་ཐ་ཚིག་གོ་།ཉི་མ་ཟླ་བ་ཉིད་ཐོབ ་ཅེས་བྱ་བ་ནི་ཉི་མ་ཉིད་དང་ཟླ་བ་ཉིད་ཐོབ་ནས་སོ། །རང་ལུས་ཀྱི་འོད་ཀྱི་འཇིག་རྟེན་མཛའ་དག་སྣང་བྱས་ཏེ། ཞེས་བྱ་བ་ནི་འཇིག་རྟེན་པའི་ཚིག་གིས་ཚུལ་གྱིས་དེ་སྐད་དུ་འཆད་པར་ཟད་དེ་འོང་འདི་ལྟ་བུ་ཉི་མའམ་ཟླ་བའི་ལུས་ཀྱི་འོད་ནི་མ་ཡིན་གྱི། ་གཞལ་མེད་ཁང་གི་ཡིན་པས། རྟེན་དང་བརྟེན་པ་དག་དབྱེ་བ་མ་བྱས་པས་དེ་སྐད་ཅེས་བཤད་པར་རིག་པར་བྱའོ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། ཞེས་བྱ་བ་ནི་མུན་ནག་སྨག་ཏུ་ཕྱིན་ནས་ཞེས་བྱ་བར་སྦྱར་ཏེ། དེ་ནི་འཇིག་རྟེན་གྱི་བར་དག ་ན་ཡོད་པ་ཡིན་པར་རིག་པར་བྱའོ། །དེར་སྐྱེས་ནས་ནི་རང་གི་ལག་པ་བརྐྱང་བའང་མཐོང་མི་འགྱུར། གྲོགས་མེད་པ་ཉིད་ཀྱི་ཉེས་པའི་དབང་དུ་བྱས་ནས། དེ་ལྟར་ནོངས་པར་འགྱུར་འཚལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཇི་སྐད་བཤད་པའི ་རྣམ་པས་འཆི་དགོས་པ་ཡིན་པས་བསོད་ནམས་ནི་རྣམ་གསུམ་མར་མེའི་སྣང་བར་བཞེས་ཤིག་བསོད་ནམས་རྣམ་གསུམ་ཉིད་མར་མེའི་སྣང་བ་ཡིན་པས་ན། བསོད་ནམས་ནི་རྣམ་གསུམ་མར་མེའི་སྣང་བའོ། །བསོད་ནམས་རྣམ་པ་གསུམ་ནི ་ལུས་ཀྱི་དང་ངག་གི་དང་ཡིད་ཀྱིའོ། །ཡང་ན་སྦྱིན་པ་ལས་བྱུང་བ་དང། ཚུལ་ཁྲིམས་ལས་བྱུང་བ་དང། བསྒོམ་པ་ལས་བྱུང་བའོ། །ཅིའི་ཕྱིར་བསོད་ནམས་ཀྱི་མར་མེའི་སྣང་བ་བླང་ཞེ་ན། གཅིག་པུ་མུན་ནག་མཛའ་ཡས་ནང་དུ་འཇུག་འཚལ ་ལོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འོངས་པའི་དུས་ན་ནི་མ་རིག་པའི་མུན་པས་གཡོགས་པས་མི་གསལ་བའི་ཕྱིར་དང། ཡོངས་སུ་མ་ཆད་པའི་ཕྱིར་མུན་ནག་མཛའ་ཡས་ཞེས་བཤད་དོ། །དེར་གཅིག་པུ་གྲོགས་མེད་པར་འཇུག་དགོས་ལ་དེ་ཡང ་སྡུག་བསྔལ་དུ་མའི་འཇིག་པ་དང་བཅས་པ་ཡིན་པས་དེའི་གཉེན་པོར་བསོད་ནམས་རྣམ་པ་གསུམ་གྱི་མར་མེའི་སྣང་བ་ལོངས་ཤིག་ཅེས་བྱ་བ་ཡིན་ནོ། །འདི་མན་ཆད་ཀྱི་གཞུང་ནི་འགྲོ་བ་དྲུག་གིས་ངེས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པའི ་དབང་དུ་བྱས་པ་ཡིན་པར་རིག་པར་བྱའོ། །དེ་ལ་རེ་ཞིག་དམྱལ་བའི་འགྲོ་བའི་དབང་དུ་བྱས་ནས། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ་ཡང་སོས་ཐིག་ནག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་འདིར་ནི་ཚིག་སྡེབ་པ ་ཉམས་སུ་མྱོང་དགོས་པས། དམྱལ་བ་རྣམས་བབ་བབ་ཏུ་བསྟན་པ་མཛད་དོ། །འདི་ལ་གོ་རིམས་ནི་འདི་ཡིན་པར་རིག་པར་བྱ་སྟེ། ཡང་སོས་དང། ཐིག་ནག་དང། བསྡུས་གཞོམ་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། ཚ་བ་དང། རབ་ཏུ་ཚ་བ ་དང། མནར་སེམས་མེད་པ་ཞེས་བྱ་བ་འདི་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་ལྷག་པ་རྣམས་དང། གྲང་བའི་དམྱལ་བ་རྣམས་དང་ཉེ་ཙེ་བའི་དམྱལ་བ་རྣམས་བསྡུས་པར་རིག་པར་བྱའོ། །རྟག་ཏུ་སྡུག་བསྔལ ་འགྱུར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྡུག་བསྔལ་བར་འགྱུར་རོ། །སུ་དག་ལ་དམྱལ་བ་འདི་རྣམས་རྒྱུན་མི་འཆད་པར་སྡུག་བསྔལ་བར་འགྱུར་ཞེ་ན། ཉེས་པར་སྤྱད་པ་སྤྱོད་རྣམས་ལ་ཞེས་བྱ་བ་སྨོས་ཏེ། གང་དག་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད ་པ་སྤྱོད་པ་རྣམས་ལའོ། །འཕགས་པ་རྣམས་ཀྱིས་སྨད་ཅིང་དགོངས་པའི་སྤྱད་པ་དེ་ཉེས་པར་སྤྱད་པ་སྟེ། དེ་ཡང་མི་དགེ་བ་བཅུའི་ལུས་ཀྱི་ལས་སྔར་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ། །དེ་ལ་རེ་ཞིག་དམྱལ་བ་ཡང་སོས་ན་ནི་སེམས་ཅན་རྣམས་ཕན་ཚུན། ་འདུས་ནས་ལས་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་ཀྱིས་ཡན་ལག་དང་ཉིང་ལག་ཀུན་ཏུ་ཇུང་བར་བྱེད་ཀུན་ཏུ་གཅོད་པར་བྱེད་ཅིང། དེར་དྲན་པ་བརླག་ནས་ས་ལ་རབ་ཏུ་འགྱེལ་ལོ། །དེའི་རྗེས་ལ་ནམ་མཁའ་ནས་ཁྱེད་རྣམས་ཡང་སོས ་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་གྲགས་པར་འགྱུར་ཏེ། དམྱལ་བ་དེ་ནི་ཡང་སོས་ཞེས་བྱའོ། །ཐིག་ནག་ནི་སེམས་ཅན་རྣམས་དེ་ན་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱི་རི་དབྱིབས་སྣ་ཚོགས་པ་དག་གི་གསེབ་ཏུ་བཅུག་ནས་ཐེག་ནག་པོ་དྲངས་ཏེ ་ཤིང་བཞིན་དུ་རྐོ་བར་བྱེད་གཤག་པར་བྱེད་པས་དམྱལ་བ་དེ་ནི་ཐིག་ནག་ཅེས་བྱའོ། །བསྡུས་གཞོམ་ནི་སེམས་ཅན་རྣམས་གཅིག་ཏུ་བསྡུས་པར་གྱུར་པ་དང། དེ་ནི་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱི་རི་དབྱིབས་སྣ་ཚོགས་པ་དག་གི་གསེབ ་ཏུ་འཛུད་ཅིང། རི་དེ་དང་དེ་དག་གི་འཚིར་བར་བྱེད་ཅིང། དེ་ལྟར་འཚིར་བ་རྣམས་ཀྱི་ཁྲག་ཆུ་ཀླུང་བཞིན་དུ་འབབ་པར་འགྱུར་རོ། །དེ་བཞིན་དུ་ལྕགས་ཀྱི་བཙིར་སྦྱང་ཆེན་པོར་བཅུག་ནས། འཚིར་བར་བྱེད་ཅིང་སྟེང་ནས་རྡོ་ཆེན་པོ་འབབ་པས་དེ ་དག་ལྕགས་ཀྱི་ས་གཞི་ལ་ཀུན་ཏུ་གདུང་བར་བྱེད་ཀུན་ཏུ་འཐུག་པར་བྱེད། ཀུན་ཏུ་འཇོམས་པར་བྱེད་པས། དམྱལ་བ་དེ་ནི་བསྡུས་གཞོམ་ཞེས་བྱའོ། །ངུ་འབོད་ན་ནི་སེམས་ཅན་གནས་ཚལ་བ་རྣམས་ལྕགས་ཀྱི་ཁང་པར་འཇུག་པར་བྱེད་དོ། །དེར་ཞུགས ་པ་རྣམས་ལ་མེ་འབྱུང་བར་འགྱུར་ཏེ། དེ་ན་དེ་རྣམས་ལ་མེ་འབྱུང་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་འབར་བས་ཉམས་ཐེག་པའི་ང་རོ་སའོ་དོད་འབོད་པས་ན་དམྱལ་བ་དེ་ངུ་འབོད་ཅེས་བྱའོ། །ངུ་འབོད་ཆེན་པོ་ན་ནི་ཁྱད་པར་འདི་ཡོད་དེ་དེ་ན་སེམས་ཅན ་གནས་ཚོལ་བ་རྣམས་ཁང་སྦྲོམ་དུ་འཇུག་གོ་།དེས་ན་དམྱལ་བ་ངུ་འབོད་ཆེན་པོ་ཞེས་བྱའོ། །ཚ་བ་ན་ནི་སེམས་ཅན་རྣམས་དེ་ན་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱིས། སླ་ང་རབ་ཏུ་འབར་བའི་ནང་དུ་བཅུག་ནས་སྲེག་པར་བྱེད་དོ། ཡང་དེ་རྣམས ་མདུང་འབར་བས་མེས་འབིགས་པར་བྱེད་དེ། དེ་རྒྱབ་རོལ་ནས་ཕུག་པས་གླང་པར་ཐལ་འབྱིན་ཅིང་དེ་རྣམས་ཀྱི་སྤུའི་བུ་ག་ཐམས་ཅད་དང་སྒོ་ཐམས་ཅད་ནས་ཀྱང་མེ་འབྱུང་ངོ། །ཡང་དེ་རྣམས་ས་གཞི་ཀུན་ཏུ་འབར་བ་ལ་གན་རྐྱལ་དུ་བསྙལ་ནས་ལྕགས་ཀྱི་ཐོབ ་ཀུན་ཏུ་འབར་བ་དག་གིས་རྡུང་བར་བྱེད་དེ། དེ་ན་དམྱལ་བ་དེ་ཚ་བ་ཞེས་བྱའོ། །རབ་ཏུ་ཚ་བ་ན་ནི་ཁྱད་པར་འདི་ཡོད་དེ་མདུང་རྩེ་གསུམ་པས་རྒྱབ་རོལ་ནས་བཏབ་པས་དེའི་རྩེ་མོ་གཉིས་ནི་ཐལ་གོང་གཉིས་སུ་ཐལ་འབྱིན་ལ། གཅིག་ནི་གླང?་པར་ཐལ་འབྱིན ་ཏོད། ཡང་ལྕགས་ཀྱི་ལེབ་མ་ཀུན་ཏུ་འབར་བས་ལུས་ཐམས་ཅད་ནས་འཁྲི་བར་བྱེད་དོ། །ཡང་ལྕགས་བཟངས་ཀུན་ཏུ་འབར་བ་ཚ་སྒོ་ཆུ་བསྐོལ་བའི་ནང་དུ་ཁས་བུབ་དུ་འཛུད་ཅིང་དེ་རྣམས་དེ་ན་སྟེང་དང་འོག་དང་ཐད་གར་འགྲོ་བ་ན་པགས་པ་དང་ཤ་དང་ཁྲག ་དག་བསྙིལ་ནས་རུས་པའི་ཀེང་རུས་ཙམ་ལུས་སོ། །ཕྱིར་བྱུང་ན་ནི་པགས་པ་དང་ཤ་དང་ཁྲག་དང་སླར་སྐྱེ་བར་འགྱུར་ཏེ། དེས་ན་དམྱལ་བ་དེ་རབ་ཏུ་ཚ་བ་ཞེས་བྱའོ། །མནར་མེད་པར་ན་ནི་ཕྱོགས་བཞི་དང་བླ་འོག་ཐམས་ཅད་ནས་མེ་འབར་བར་འཁྲིགས་པར ་འདུག་སྟེ། དེར་སེམས་ཅན་རྣམས་ཀྱི་པགས་པ་དང། ཤ་དང་རྒྱུས་པ་དང། རུས་པ་ནས་རྐང་གི་བར་ལ་ཞེན་ནས་ལུས་ལ་མེའི་སྙིང་པོ་ལ་ཞེན་པ་བཞིན་ཁྱད་པར་གནས་སོ། །ང་ནི་ཉམ་ཐག་པའི་ང་རོ་གྲགས་པ་མ་གཏོགས་པ་འདི་དག་ནི་སེམས་ཅན་ནོ། ་འདི་དག་ནི་མེའོ་ཞེས་བྱེ་བྲག་ཏུ་དབྱེ་བར་མི་ནུས་ཏེ་མེའི་ཕུང་པོ་ལྟ་བུར་སྣང་ངོ། །སེམས་ཅན་རྣམས་ལ་མེ་དང་སྡུག་བསྔལ་གྱི་བར་མཚམས་མེད་པས་ན། དམྱལ་བ་དེ་ན་ཚམས་མེད་པ་ཞེས་བྱའོ། །ང་ནི་ཅི་རིགས་ཕར་དམྱལ་བ་དེ་དག་ན་ཡོད་པའི་སྡུག་བསྔལ ་གྱི་ཁྱད་པར་སྟོན་པར་བྱེད་དེ། དེ་ལ་ཁ་ཅིག་ཏིལ་བཞིན་འཚིར་བྱེད་ཅེས་བྱ་བ་ནི། དམྱལ་བ་བསྡུས་འཇོམས་ན། ལྕགས་ཀྱི་བཙིར་སྤྱད་འབར་བར་བཅུག་ནས། འཚིར་བར་བྱེད་པའོ། །ཕྱེ་མ་ཞིབ་མོ?་བཞིན་དུ་ཕྱེ་མར་རློག་ཅེས་བྱ་བ་དེ་ནི་དམྱལ་བ་དེ་ཉིད་ན། དམྱལ ་བའི་སྲུང་མ་ཡ་སོས་མ་མཆུ་མནན་པ་དག་ཆེ་ཐང་དུ་འབད་པས་ལྕགས་ཀྱི་འཆག་འབད་པ་དག་གི་སྟེང་དུ། མཚིག་གུ་དེ་ཁོ་ན་དང་འདྲ་བས་ཕྱེ་མར་རློག་པར་བྱེད་པའོ། །སོགས་ལེས་འདྲ་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བ་ཐིག་ནག་ན། གཤིན ་རྗེ་མི་ཅི་ལ་མ་རག་པར་ཆས་པ་བྲོད་བྲོད་ལྟར་འདུག་པ་དག་གིས་ཤིང་མཁན་གྱིས་ཤིང་རློན་པ་ལ་བྱ་བ་བཞིན་དུ་སོག་ལེ་འབར་བ་སོ་རང་རོད་དུ་འདུག་པ་དང། སྟ་རེ་མེ་འབར་བ་རྣམས་ཀྱིས་གཤེགས་པར་བྱེད་པ་ཡིན་ནོ། །དེ་བཞིན་གཞན་དག་ཁྲོ་ཆུ་བཞུས ་པའི་ཞེས་བྱ་བ་ལ་སོགས་པ་ནི་ཆུ་བོ་དང་མེད་ཀྱི་འགྲམ་ན། རྐམ་པ་འབར་བས་ཁའི་བུ་ག་ཕྱེ་བར་ཁྲོ་ཆུ་མེ་དྲག་པོའི་རེག་པས་སྲ་བ་ལས་ཐལ་ཏེ་ནལ་ནལ་པོ་ཉིད་དུ་གྱུར་པ་འབར་བ་ལྡུད་པར་བྱེད་པ་ཡིན་ནོ། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་ཞེས་བྱ ་བ་ལ་སོགས་པ་ནི་དམྱལ་བ་ཚ་བ་ན་དམྱལ་བ་པ་ལྕགས་ཀྱི་གསལ་ཤིང་འབར་བ་ཚེར་མ་ཅན་ལ་རྒྱུད་པར་བྱེད་པ་ཡིན་ནོ། །ཁ་ཅིག་ལྕགས་ཀྱིས་མཆེ་བ་ལྡན་པའི་ཁྱ་ཞེས་བྱ་བ་ལ་སོགས་པ་ནི་ལོ་མ་རལ་གྲི་ལྟ་བུའི་ཚལ་ན། ཁྱི་སྲེ་བོ་ལྕགས་ཀྱི་ ་མཆེ་བ་ཅན་གཏུམ་པོ་ནད་ན་སྐད་བོ་ཚར་ཟུག?་པ་དག་གིས་དབང་ཅིང་ལག་པ་གནམ་དུ་བསྒྲེངས་ནས། འོ་དོད་འབོད་པར་བྱེད་པ་ཡིན་ནོ། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང། ཞེས་བྱ་བ་ལ་སོགས་པ་ནི་དབང་མེད་པ་གཞན་དག་ལྕགས ་ཀྱི་ཤལ་མ་ར?་ཡི་ཚལ་ན་འཐོག་པར་བྱེད་པ་ཡིན་ནོ། །གང་དག་གིས་ཤེ་ན། ལྕགས་མཆུ་རྣོན་པོ་དང། སེན་མོ་མི་བཟད་ལྡན་པའི་ཁྲ་རྣམས་ཀྱིས་ཏེ། ཁྲ་གང་དག་ལ་ལྕགས་ཀྱི་མཆུ་རྣོན་པོ་དང་སེན་མོ་མེ་བཟད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས ་བྱའོ། །ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་རང་ཞེས་བྱ་བ་ལ་སོགས་པ་ནི་སྲིན་བུ་དང་སྦུར་བ་དག་སྟེ། སྲིན་བུ་ནི་ལུས་ལས་བྱུང་བ་རྣམས་སོ། །སྦུར་པ་ནི་ཕྱི་རོལ་ནས་བྱུང་བ་རྣམས་སོ། །སྣ་ཚོགས་པ་ནི་ཁ་དོག་དང་དབྱིབས་རིགས་ཐ་དད་པས་སོ། །དེ ་བཞིན་དུ་ཤ་སྦྲང་སྦྲང་མ་ནག་པོ་ཁྲི་ཕྲག་དག་སྣ་ཚོགས་པ་ཞེས་བྱ་བར་སྦྱར་བ་སྟེ། ཤ་སྦྲང་དང་སྦྲང་མ་ནག་པོ་དག་ཅེས་བྱ་བར་ཚིག་བསྡུའོ། །སྦྲང་མ་ནག་པོ་ཞེས་བྱ་བ་ནི་སྦྲང་མ་ལྷིང?་ནག་ཅེས་བྱ་བའི་དོན་ཏོ། །ཁྲི་ཕྲག་ཅེས་སྨོས་པ་ནི་མང་པོ་ཉིད་དུ་མཚོན་པ་ཡིན་ནོ།། ་རེག་ན་མི་བཟོད་ཅེས་པ་གང་དག་གི་རེག་པ་མི་བཟད་པ་དེ་དག་ནི་རེག་ན་མི་བཟོད་པའོ། །གང་དག་གིས་རྨ་སྲལ་ཆེར་འབྱིན་པ་དེ་དག་ལ་དེ་སྐད་ཅེས་བྱ་བ་སྟེ། དེ་ལ་སྔ་མས་ནི་ཚོར་བ་མི་བཟད་པའི་རྒྱུ་ཉིད་བཤད་དོ། །གཉིས་པས་ནི་རྨ་སྲལ་ཆེ་བའི་རྒྱུ་ཉིད་བཤད་དོ།། ་འགྲེ་ལྡོག་ཅེས་བྱ་བ་ནི་ཚོར་བ་མི་ཟད་པས་ཉེན་པས་ལུས་མི་བརྟན་པ་ཡིན་ཏེ། སྡུག་བསྔལ་འདི་ཡང་ལྷག་པ་དག་ན་ཡོད་པར་རིག་པར་བྱའོ། །ཁ་ཅིག་མེ་མདག་མེ་འབར་བའི་ཚོགས་སུ་ནི་ཞེས་བྱ་བ་ལ་སོགས་པ་ནི་དམྱལ་བའི་སྲུང་མ་ལྕགས་ཀྱི་འདན་ཀར་འབར་བ ་ལ་ཀོམ་ཚུགས་བཅས་ཤིང། ཅི་ལ་མ་རག་པར་ཆས་པ་དག་གིས་དམྱལ་བ་རྣམས་ལྕགས་ཀྱི་མདག་མེ་འབར་བའི་ཚོགས་སུ་བསྲེག་པ་ལྟ་བུར་འབར་བའི་ཚོགས་སུ་སྲེག་པར་བྱེད་པ་ཡིན་ཏེ། ལུས་ཚོར་བ་བཟོད་རླག་པས་ཉེན་པ་དེ་དག་ནི་ཁའི་བུ་ག་དགང་བ་ཙམ ་ལས་བཤེས་བརླག་གོ་།སྡུག་བསྔལ་འདི་ཡང་དམྱལ་བ་ཚ་བ་ན་ཡོད་པར་རིག་པར་བྱའོ། །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཡང་ཁ་ཅིག་ནི་དམྱལ་བ་རབ་ཏུ་ཚ་བ་ན་ལས་བྱས་པའི་ཟངས་པོ་ཆེ་མེ་འབར་བ་འཁྲིགས་པར ་འདུག་པ་ཚ་སྒོ་ཆུ་བཀོལ་བས་བཀད?་བའི་ནང་དུ་འབྲས་ཀྱི་ཅུང་བ་དེ་བཞིན་དུ་འཚེད་པར་བྱེད་པ་ཡིན་ནོ། །སྡིག་ཅན་དབུགས་ཕྱུང་འགག་པ་ཙམ་གྱི་ནི་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བའི་སྡུག་བསྔལ་མི་བཟད་པ་ཉིད་སྟོན་ཏེ། སྡིག་ཅན་ནི་སྡིག་པ་དང་ལྡན ་པའོ། །དབུགས་བྱུང་བ་འགག་པ་ཙམ་གྱི་དུས་ནི། དབུགས་ཕྱུང་འགག་པ་ཙམ་གྱི་དུས་དེ་དེ་ཙམ་ཞིག་གིས་བར་དུ་མཆོད་པ་བཞིན་དུ་གང་གིས་ཕྱིར་སྡིག་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་གཞལ་དུ་མེད་པ་དེ་ལྟ་བུ་ཐོས་ནས། འཇིགས་པར་མི་འགྱུར་བ་དེའི ་ཕྱིར་རྡོ་རྗེའི་རང་བཞིན་ཡིན་ཏེ། ཧ་ཅང་འཇིགས་མི་ཤེས་ཞེས་སོ། །ཞེས་བྱ་བའི་ཐ་ཚིག་གོ་།རྡོ་རྗེའི་རང་བཞིན་ནོ་ཞེས་བྱིན་འཇིགས་མི་ཤེས་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ཏེ། སྡིག་པ་ཅན་རྣམས་ཀྱི་དམྱལ་བའི་སྡུག་བསྔལ་ཤིམ་ཐག ་ཏུ་འཇུག་སྟེ། དེ་ལྟར་གཏིང་ལ་ཐུག་གི་སྡུག་བསྔལ་ཆེན་པོ་ཐོས་ནས་འགྱོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེ་དག་གི་རྡོ་རྗེའི་རང་བཞིན་ཡིན་ནོ། །དམྱལ་བ་བྲིས་སོ་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་དྲན་པར་བྱེད་དེ་རྩིག་པ་ལ་སོགས་པ་བྲིས་པ། ་མཐོང་བ་རྣམས་ཀྱང་འཇིགས་པ་བསྐྱེད་པར་འགྱུར་ན་ཞེས་ཐམས་ཅད་ལ་སྦྱར་རོ། ཐོས་པས་ནི་གཞན་དག་གིས་བསྙད་པའོ། །དྲན་པ་ནི་སྔོན་ཉམས་སུ་མྱོང་པའོ། །བླགས་པ་ནི་གཞུང་གི་ངོ་བོར་སྦྱོར་བའོ། །གཟུགས་སུ་བགྱིས་པ་ནི་འཇིམ་གཟུགས ་སུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ་།དམྱལ་བ་དེ་ལྟ་བུ་དག་ཀྱང་འཇིགས་པ་བསྐྱེད་ན། མི་བཟད་པའི་རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། དེ་དག་ནི་རྣམ་པར་སྨིན་པ་མི་བཟད་པ་ཡང་ཡིན་ལ། ཉམས་སུ་མྱོང་བ་ཡང་ཡིན་པས། མི ་བཟད་པའི་རྣམ་སྨིན་ཉམས་སུ་མྱོང་རྣམས་ཏེ། དེའི་གནས་སྐབས་ན་དམྱལ་བ་རྣམས་འཇིགས་པ་ཤིན་ཏུ་ཡང་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བར་?་ཐམས་ཅད་དུ ་སྡུག་བསྔལ་མཚུངས་པ་མ་ཡིན་གྱི་འོན་ཀྱང་ལ་ལར་ཁྱད་པར་ཡོད་དོ། །ཞེས་པ་སྟོན་པར་བྱེད་དོ། །དེ་ལ་སྲེད་པ་ཟད་པའི་བདེ་བ་ནི་རྣམ་པར་གྲོལ་བའི་བདེ་བ་ཡིན་པར་རིག་པར་བྱ་སྟེ། དེ་བཞིན་དུ་འཇིག་རྟེན་ན་སྡུག་བསྔལ་གང་དག་ཇི་སྙེད ་ཡང་པ་དེ་དག་གི་ནང་ན་དམྱལ་བ་མནར་མེད་པའི་སྡུག་བསྔལ་མི་བཟད་པ་ཡིན་ནོ། །འདི་ནི་ཉོན་ཅིག་ཅེས་བྱ་བ་ལ་སོགས་པས་ནི་མིའི་སྡུག་བསྔལ་དང་དམྱལ་བའི་སྡུག་བསྔལ་ཁྱད་ཞུགས་པར་སྟོན་པར་བྱེད་མདུང་ཐུང་སུམ་བརྒྱས་ཉི་མ་ཐོག་ཐག་པར་?་?་? ་སྡུག་བསྔལ་གང་ཡིན་པ་དེ་ནི་མིའི་འཇིག་རྟེན་ན་ཤིན་ཏུ་སྡུག་བསྔལ་བ་ཡིན་ནོ། །སྡུག་བསྔལ་དེ་འདྲ་བ་དེ་ཡང་དམྱལ་བའི་སྡུག་བསྔལ་ཆུང་ངུ་དང་ཡང་མཉམ་པར་མི་འགྱུར་ཏེ། དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡང་སྡུག་བསྔལ་དེ་བས་ཁྱད་ཞུགས་སོ་ཞེས ་བྱ་བའི་ཐ་ཚིག་གོ་།དེ་ལྟར་དམྱལ་བའི་སྡུག་བསྔལ་མི་བཟད་པ་ཉིད་དུ་བཤད་ནས་ལས་ཟད་པ་ཁོ་ནས་ཟད་པར་གྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ ་ལས་ནི་སྡུག་བསྔལ་དྲག་པོའི་ཚོར་བ་འདི་ལྟ་བུས་ཀྱང་འཆི་བར་མི་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་སྟོབས་དང་ལྡན་པ་ཡིན་ནོ། ཞེས་བཤད་པར་འགྱུར་རོ། །མི་དགེ་བའི་འབྲས་བུ་འདི་རྣམས་ཀྱི་ས་བོན་ནི་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བའི་སྡུག ་བསྔལ་ལ་བཟློག་པའི་ཕྱིར་རྒྱལ་པོ་ལ་འདོམས་པར་བྱེད་དོ། །མི་དགེ་བའི་འབྲས་བུ་རྣམས་ཀྱིས་ཞེས་བྱ་བ་ནི་དམྱལ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གི་བྱུང་བའི་ཕྱིར་རོ། །ས་བོན་ནི་རྒྱུའོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་ནི ་སྔར་བཤད་པ་ཡིན་ནོ། །ཁྱོད་ཀྱི་ཅི་ནས་ཀྱང་ས་བོན་དེ་རྡུལ་ཙམ་ཡང་མེད་པ་དེ་ལྟར་འབད་པར་གྱིས་ཤིག་ཅེས་བྱ་བ་ནི་འདི་ལ་གདམས་པ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། དུད་འགྲོའི་སྐྱེས ་གནས་ནའང་ཞེས་བྱ་བ་ལ་སོགས་སོ། །དེ་ལ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྡུག་བསྔལ་ནི་སྤྱི་དང་ཁྱད་པར་དུ་བསྟན་པར་རིག་པར་བྱའོ། །སྤྱིར་བསྟན་པའི་དབང་དུ་བྱས་ནས། བསད་པ་དང་འཆིད་བ་དང་རྡེག་སོགས་སྡུག་བསྔལ་སྣ ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བསད་པ་ནི་གསོད་པའོ། །འཆིད་བ་ནི་ཐག་པ་ལ་སོགས་པས་སོ། །བརྡེག་པ་ནི་ལྕགས་ལ་སོགས་པས་སོ། །སོགས་པ་ཞེས་བྱ་བ་ནི་སྒྲས་ནི་བཀོལ་བ་དང་སྣ་དབུག་པ་ལ་སོགས་བས? ་བསྡུས་ཏེ། འདི་ནི་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ཀྱི་སྡུག་བསྔལ་མི་དང་མི་མ་ཡིན་པས་བྱས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །རང་གི་རིགས་ཀྱི་བྱས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ་ཞེས་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི་གཅིག་ལ་ཅིག་ཟ་ཤིན་ཏུ་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དགེ་བ་སྤངས་པ་རྣམས་ལ་ཞེས་བྱ་བའི་ཐ་ཚིག ་སྟེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་དགེ་བ་ནི་ཞི་བར་འགྱུར་བའི་དགེ་བ་ཡིན་པས་སོ། །འདིར་སྤངས་པ་ཉིད་ཀྱིས་ནི་སྣོད་མ་ཡིན་པ་ཉིད་དུ་བཤད་དོ། །གཅིག་ལ་གཅིག་ཟ་ཞེས་བྱ་བ་ནི་ཕན་ཚུན་ཟ་བ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་ཡང ་ཞི་བར་འགྱུར་བའི་དགེ་བ་སྤངས་པ་ཉིད་ཀྱིས་ནི་ཤིན་ཏུ་བླུན་པ་ཉིད་དུ་བཤད་དོ། །དེ་ལྟ་བུ་རྣམས་ཕན་ཚུན་ཟ་བ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། འགྱོད་པ་མེད་པ་ཉིད་ཀྱིས་རྣམ་པར་སྨིན་པ་གཅིག་ཏུ་སྡུག་བསྔལ་བའི་ཕྱིར་རོ། །ཁྱད་པར་གྱིས ་དབང་དུ་བྱས་ནས་ཁ་ཅིག་མུ་ཏིག་བལ་དང་རུས་པ་དང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ནི་མུ་ཏིག་གི་ཕྱིར་འཆི་བར་འགྱུར་རོ། །ཁ་ཅིག་ནི་བལ་གྱི་ཕྱིར་རོ། །ཁ་ཅིག་ནི་རུས་པའི་ཕྱིར་རོ། །དཔེར་ན་གླང་པོ་ཆེ་ལྟ་བུའོ། །ཁ་ཅིག་ནི ་ཤའི་ཕྱིར་ཏེ། རི་དགས་ལ་སོགས་པའོ། །ཁ་ཅིག་ནི་པགས་པའི་ཕྱིར་ཏེ། གཟིགས་ལ་སོགས་པའོ། །དབང་མེད་གཞན་དག་ཅེས་བྱ་བ་ལ་སོགས་པ་ལ། འདིར་བཏབ་སྟེ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །དེ་ལ་རྡོག་པས་བཏབ་སྟེ་བཀོལ ་བ་ནི་རྟ་ལ་སོགས་པའོ། །ལག་པས་བཏབ་སྟེ་བཀོལ་བ་ནི་མ་ཧེ་ལ་སོགས་པའོ། །ལྕག་གིས་བཏབ་སྟེ་བཀོལ་བ་ནི་བོང་བུ་ལ་སོགས་པའོ། །ལྕགས་ཀྱུས་བཏབ་སྟེ་བཀོལ་བ་ནི་གླང་པོ་ཆེ་རྣམས་སོ། །གདབ་པས་བཏབ་སྟེ་བཀོལ་བ་ནི་གླང་ལ ་སོགས་པའོ། །ཡི་དགས་ཀྱི་འགྲོ་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཡི་དགས་རྣམས་ལའང་འདོད་པས་ཕོངས་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཡང་སྤྱི་དང་ཁྱད་པར་དུ་བསྟན་པར་རིག་པར་བྱ་སྟེ། རེ་ཞིག་སྤྱིར་བསྟན་པ་ནི་འདོད ་པས་ཕོངས་པ་བཀྲེས་པ་ལ་སོགས་པ་བྱས་པའི་སྡུག་བསྔལ་ཡིན་ནོ། །ནམ་ཡང་འདོད་པས་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རྒྱུན་ཆགས་པའོ། །མི་འཆོས་པ་ཞེས་སྨོས་པ་ན། སྡུག་བསྔལ་མི་བཟད་པ་ཉིད་དུ་སྟོན་ཏེ། བཀྲེས་སྐོམ་ཞེས་བྱ་བ ་ལ་སོགས་པས་ནི་བཀྲེས་པ་དང་སྐོམ་པ་དང་གྲང་བ་དང་དྲོ་བ་དང། ངལ་བ་དང་འཇིགས་པ་ཞེས་བྱ་བར་ཚིག་བསྡུས་ཏེ། འདི་རྣམས་ཀྱིས་བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་སྟེ། དྲག་པོ་བསྟེན་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ངལ་བ ་ནི་ཟས་ཀྱི་ཕྱིར་ཡོངས་སུ་རྒྱུག་པ་རྣམས་ལ་འབྱུང་ངོ། །འདི་དག་གི་འཇིགས་པ་ནི་སྐྱེས་བུ་རལ་གྲི་དང་གཏུན་ཤིང་དང་ཞགས་པ་ཐོགས་པ་རྣམས་མཐོང་ན་སྐྱེའོ། །སྡུག་བསྔལ་ཁྱད་པར་དུ་བསྟན་པའི་དབང་དུ་བྱས་ནས། ཁ་ཅིག་ཁ་ནི་ཁབ་ཀྱི ་མིག་ཙམ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གི་ཁ་ཁབ་ཀྱི་མིག་ཙམ་དུ་ཆུང་བ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ལྟོ་བའི་གཏོས་ཙམ་ཞེས་བྱ་བ་ནི་ལྟོ་བ་རིའི་ཚད་ཙམ་ཞེས་བྱ་བའི་ཐ་ཚིག་གོ་།མི་གཙང་གི་ན་བོར་བ་ཅུང་ཟད་ཀྱང་ཞེས་བྱ་བ་ནི ་ཁའི་བུ་ག་ཕྲས་པའི་ཕྱིར་མི་གཙང་བ་ཅི་བདེར་བོར་བ་ཅུང་ཟད་ཙམ་ཡང་ཟ་བར་མི་ནུས་སོ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་པགས་རུས་ལུས་ཞེས་བྱ་བ་ནི་ཤ་མེད་པའོ། །གཅེར་བུ་ཞེས་བྱ་བ་ནི་སྒྲེན་མོའོ། །ཏ་ལའི་ཡ་ཏོག་སྐམས་པ་ལྟ་བུ་ལགས་ཞེས་བྱ་བ ་ནི་ཤིང་ཏ་ལ་མགོ་བསྐམས་པ་འདྲ་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཡི་དགས་དེ་དག་ནི་ལྷ་མ་ཡིན་ཞེས་བྱའོ། །ཡི་དགས་ཁ་ཅིག་ནི། ཁ་ནས་འབར་བ་སྟེ། ཁ་གདངས་ན་མེ་འབར་བ་ལྟ་བུ་འབྱུང་བ་ཡིན་ནོ། །ཅི་ཉིན་པར་རམ་ཞེ་ན། མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ་ནུབ་མོ་ཞིང་ངོ། །ཡང་དེ་དག་ཟས་སུ་ཅི་ཞིག་ཟ་ཞེ་ན། ཟས་སུ་འབར་བའི་ཁར་བབས་བྱེ་བ་འཚལ་ཞེས་བྱ་བ་སྨོས་ཏེ། ཁ་འབར་བར་བྱེ་བབས་པ་ནི། འབར་བའི་ཁར་བབས་བྱེ་བའོ། །གང་དག་ཟས་སུ་དེ་དག་བདོག་པ་དེ་དག་ལ་དེ་སྐད ་ཅེས་བྱའོ། །ཡི་དགས་ཁ་ཅིག་གིས་ནི་ཕྱིས་དང་རྣག་ལ་སོགས་པའི་མི་གཙང་བ་ཡང་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨད་རིམས་ཞེས་བྱ་བ་སྨོས་ཏེ། བསོད་ནམས་མ་བྱས་པའི་ཕྱིར་རོ། ཞེས་བྱ་བའི་ཐ་ཚིག་གོ་།འོ་ན་དེ་དག་ཅི་ཞིག་ཟ་ཞེ་ན། ཕན་ཚུན་གདོང ་དུ་ཚོག་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་ཕན་ཚུན་མཐོང་ནས་ཁྲོས་པའི་དབང་གིས་གདོང་དུ་འཚོག་པར་བྱེད་དོ། །ཁ་ཅིག་གིས་ལག་པ་ནས་ནི་ཐོ་བ་དག་འབྱུང་སྟེ། གཅིག་ལ་གཅིག་སྣུན་པར་བྱེད་དོ། །དེ་ནས་དེ་དག་གིས་མགྲིན་པར་ལྦ ་པ་འབྱུང་སྟེ། དེ་ཡོངས་སུ་སྨིན་པའི་དབང་གིས་ཁོང་དུ་འཛག་པ་ལ་ཟས་ཀྱི་བྱ་བ་སྒྲུབ་པོ། ཡི་དགས་འདི་དག་ཁ་ཅིག་ལ་སོ་གའི་དུས་སུ་ནི་ཟླ་བ་ཡང་ཚ་བར་འགྱུར་ལ། དགུན་གྱི་དུས་ལ་བབ་ན་ནི་ཉི་མ་ཡང་གྲང་མོར་འགྱུར་རོ། །ལྗོན་ཤིང་འབྲས་བུ ་མེད་འགྱུར། ཞེས་བྱ་བ་ནི་བསོད་ནམས་དང་མི་ལྡན་པ་དེ་རྣམས་ལ་ཤིང་ལྗོན་པ་འབྲས་བུ་སྨིན་ཅིང་ཞིང་པ། ཡལ་ག་དུད་པ་དག་ཀྱང་མེས་བསྲེགས་པ་བཞིན་དུ་འབྲས་བུ་དང་ལོ་མ་མེད་པར་འགྱུར་རོ། །དེ་དག་གིས་བལྟས་པ་ཁོ་ནས་ཆུ་ཞིམ་པོ་བསིལ ་བ་འབབ་པའི་ཀླུང་ཡང་མིག་གདུག་པའི་དུག་གིས་བསྲེགས་པ་བཞིན་དུ་སྐམ་པར་འགྱུར་རོ། །ཁ་ཅིག་ལ་ནི་མེ་འབར་བ་འཁྲིག་པའི་མངག་མེས་གང་བར་འགྱུར་རོ། །ཁ་ཅིག་གིས་ནི་རྣག་གི་ཀླང་སྲིན་བུ་སྣ་ཚོགས་ཀྱིས་གང་བ་འབབ་པར་འགྱུར་རོ། །ཁ ་ཅིག་ལ་ནི་ཕྱིས་དང་གཅིན་གྱིས་གང་བར་འགྱུར་རོ། །དེ་ལྟ་བུ་དེ་དག་དུས་ཇི་སྲིད་ཅིག་ཏུ་འཚོ་ཞེ་ན། ལོ་ལྔ་སྟོང་དག་དང་ཁྲིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ནི་ལྔ་སྟོང། ཁ་ཅིག་གི་ནི་ལོ་ཁྲིར་ཡང་མི་མཆིའོ། །ཁྱད་པར་ཅི་ལྟ་བུ་ཅན་དག ་ཚིག་ཅེ་ན། བར་ཆད་མེད་པར་སྡུག་བསྔལ་རྟེན་གྱུར་བ། ཞེས་བྱ་བ་སྨོས་ཏེ། བར་ཆད་མེད་པར་སྡུག་བསྔལ་གྱི་ཚོར་བ་མྱོང་བས་ཉེན་པ་དག་ཅེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་དེ་དག་གི་ནི་སྡུག་བསྔལ་དེ་ལྟ་བུས་ཀྱང་འཇིག་པར་མི་འགྱུར་ཞེ་ན། ཉེས་པར་སྤྱད་པའི་ལས ་ཀྱི་ཞགས་པས་ནི། སྲ་བས་མ་བཅིངས་པའི་ལུས་ཅན་ཞེས་བྱ་བ་སྨོས་སོ། །གང་དག་གིས་ལུས་ཉེས་པར་སྤྱད་པའི་ལས་ཀྱིས་ཞགས་པ་སྲ་བས་བཅིངས་པ་ཞེས་བྱ་བར་ཚིག་སྦྱར་ཏེ། དེའི་ཕྱིར་མི་འཇིག་གོ་ཞེས་བྱ་བའི་ཐ་ཚིག་གོ་།སྡུག་བསྔལ་དེ་འདྲ་བའི་རྒྱུ ་གང་ཞེ་ན། དེ་ལྟར་ཡི་དགས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་བཤད་པ་སྟོན་པར་བྱེད་དོ། །སྣ་ཚོགས་ཞེས་བྱ་བ་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པར་རིག་པར་བྱའོ། །རོ་གཅིག་ཅེས་བྱ་བ་ནི་སྡུག་བསྔལ་བར་ཚད་མེད་པ ་ཉིད་དུ་སྟོན་པར་བྱེད་པའོ། །སྐྱེ་བོ་འཇུངས་དགའ་བ་ཞེས་བྱ་བ་ལ། སྐྱེ་བོ་འཇུངས་པ་ནི་སྐྱེ་བོ་སེར་སྣ་ཅན་ཏེ་དེ་དག་དགའ་བའོ། །ཡང་གང་ཡིན་ཞེ་ན། སེར་སྣ་འབགས་མིན་ཞེས་བྱ་བ་ནི་སྨོས་ཏེ། འཕགས་པ་མ་ཡིན་པ་ཉིད་ནི་ཉོན་མོངས་པ་ཅན་ཉིད་ལ་རིག་པར ་བྱའོ། །སེར་སྣ་དེ་ནི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བའི་རྒྱུ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བདག་ཅག་སེར་སྣ་ཅན་རྣམས་ནི་མིག་ཚུགས་ཤེ་དག་ལྟ་ལྟ་ནས། སྦྱིན་པ་ཅུང་ཟད་མ་སྩལ་དེས། བདག་ཅག་ཡི་དགས་འཇིག་རྟེན་ལྷག་ཅེས ་འབྱུང་པའི་ཕྱིར་རོ། །ལྷའི་འགྲོ་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། མཐོ་རིས་ན་ཡང་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་རིས་དག་ན་ལྷའི་བུ་མོ་སྒེག་མ་དང་གཟུགས་ལ་སོགས་པ་ཡུལ་སྣ་ཚོགས་པའི་ཡིད་དུ་འོང?་བ་དག་གིས་བདེ་བ་ཆེན་པོ ་ཉམས་སུ་མྱོང་ངོ། །དེ་ན་བདེ་བ་དེ་འདྲ་བ་ཡོད་མོད་ཀྱི། དེ་དག་གིས་འཆི་འཕོ་བའི་སྡུག་བསྔལ་ཉིད་འཆི་པའི་དུས་ན་ཡིན་ཞིན་ཏུ་མི་བདེ་བ་འབྱུང་བ་ནི་བདེ་བ་དེ་བས་ཀྱང་ཆེའོ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི ་བགྱི། ཡ་རབས་ཡིན་ཡང་ཟད་པར་འགྱུར་བའི་ངང་ཚུལ་ཅན་གྱིས་མཐོ་རིས་ལ་དགའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་ལྷ་རྣམས་ལ་གནད་ཆད་པའི་ཚོར་བ་མེད་པའི་ཕྱིར་ཅེས་བྱ་བའི་འཆི་འཕོ་བའི་སྡུག་བསྔལ་འབྱུང་ཞེ་ན། ལུས་ཀྱི་ཁ་དོག་མི ་སྡུག་འགྱུར་བ་དང། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། དེ་དག་ལ་གནད་འཆད་པའི་འཚོར་བ་མེད་པས་ལུས་ཀྱི་སྡུག་བསྔལ་མོད་མོད་ཀྱི། འཆི་འཕོ་བའི་སྔ་ལྟས་རྣམས་མཐོང་ནས་སེམས་ཤིན་ཏུ་སྡུག་བསྔལ་ནི་འབྱུང ་སྟེ། ཇི་སྐད་དུ་དེ་ནས་ལྷའི་བུ་ཞིག་སྙིང་རྗེ་རྗེ་སྐད་དུ་དུ་ཞིང། ཀྱི་ཧུད་ངལ?་གྱིས་འབབ་པ། ཀྱི་ཧུད་རྫིང་དུ་ཞེས་སྨྲེ་སྔགས་འདོན་ཏོ། །ཞེས་རྒྱས་པར་འབྱུང་བ་ལྟ་བུ་ཡིན་ཡིན་ནོ། །ལྷ་རྣམས་ཀྱི་འཆི་འཕོ་བའི་སྔ་ལྟས་དེ་དག་ཀྱང་ལྔ་ཡིན་ཏེ། འདི་ལྟ ་སྟེ། སྔོན་གྱི་ཁ་དོག་ཕུན་སུམ་ཚོགས་པ་མེད་པས་ལུས་ཀྱི་མདོག་མི་སྡུག་པ་དང། རང་གི་སྟན་ལ་མི་དགའ་བ་དང། མེ་ཏོག་ཕྲེང་བ་བརྙིང་པ་དང། གོས་ལ་བྲི་མ་ཆགས་པ་དང་ལུས་ལས་རྡུལ་འབྱུང་བའོ། །དེ་ལྟར་ན་གང་དག་མཐོང་ནས་ལྷ ་རྣམས་ཡིད་མི་བདེ་སྐྱེ་བར་འགྱུར་བ། མཐོ་རིས་འཆི་འཕོ་སྒྲོན་བྱེད་སྔ་ལྟས་ལྔ། ལྷ་ཡུལ་ལྷའི་འཇིག་རྟེན་ན་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། མི་རྣམས་ཀྱི་འཆི་བར་འགྱུར་བ་སྒྲོན་པའི་འཆི་ཆ་ལྟས་བཞིན་ནོ། །དཔེར་ན་ཁྲུས་བྱས་ཤིང་བྱུགས་པས ་བསྐུས་པ་གང་ཞིག་གི་སྙིང་པོར་ཆེ་བ་དང། རྣ་བ་མ་བཀག་པར་སྒྲ་མི་ཐོས་པ་དེ་ནི་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ནོ། །ལྷའི་འཇིག་རྟེན་དག་ནས་འཕོས་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་ལྷ་རྣམས་ལ ་སྡུག་བསྔལ་དེ་ཙམ་འབའ་ཞིག་ཏུ་མི་ཟད་ཀྱིས། དེ་ནས་ཤི་འཕོས་པ་རྣམས་ལ་ཡང་འབྱུང་པ་ཁོ་ན་ཞེས་བྱ་བ་དེ་སྟོན་ཏེ། བསྡུས་པའི་དོན་ནི་ལྷའི་འཇིག་རྟེན་ནས་ཤེ་འཕོས་པ་ལ་གལ་ཏེ་ལྷ་དང་མིར་སྐྱེ་བར་འགྱུར་བའི་དགེ་བ་ཅུང་ཟད་ཀྱང་མེད་ན། སླར ་ངན་སོང་གསུམ་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །ལྷ་མ་ཡིན་གྱི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ལྷ་མིན་དག་ནའང་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་མ་ཡིན་རྣམས་ལ་ནི་རང་བཞིན་གྱིས་བསྙེམས་པའི་ང ་རྒྱལ་ལས་སྐྱེས་པའི་ང་རྒྱལ་ཡོད་དེ་དེ་དག་ང་རྒྱལ་ཆེ་བའི་ཕྱིར་རོ། །དེ་ལྟ་བས་ན་འདིས་ནི་དེ་དག་གི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་སྡུག་བསྔལ་བཤད་དོ། །རང་བཞིན་གྱིས་ཞེས་སྨོས་པས་ནི་གལ་འགྱེད་པའི་ཚེ་ལུས་ཀྱི་སྡུག་བསྔལ་ཡང་འབྱུང་ངོ་ཞེས་སྟོན ་པར་བྱེད་དོ། །ལྷའི་དཔལ་ལ་སྔར་ཕྱིར་ཞེས་བྱ་བ་འདིས་ནི་སྙེམས་པའི་ང་རྒྱལ་ལས་སྐྱེས་པའི་སྡུག་བསྔལ་གྱི་རྒྱུ་སྟོན་པར་བྱེད་དོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་ཡང་བསྟན་པའི་ཕྱིར་རོ། །དེ་དག་བློ་དང་ལྡན་ནའང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གལ་ཏེ་འདི་དག་ལ་དགེ་བ་དང་མི་དགེ་བ་རྣམ་པར་སྤྱོད་པར་ནུས་པའི་བློ་ཡོར་དུ་ཟིན་ཀྱང་འོན་ཀྱང་འགྲོ་བའི་སྒྲིབ་པས་བདེན་པ་མཐོང་བའི་ཐོབ་པ་ནི་མེད་དོ། །འགྲོ་བ་དེ་ཉིད་གང་བདེན་པ་མཐོང་བའི་སྟོན་གྱི་ངོ་བོར་མི་འགྱུར་བ་དེ་ལྟ་བུར་མི་དགེ ་པའི་ལས་ཀྱིས་འཕངས་པ་ཡིན་ནོ། །དེ་བས་ན་སྒྲིབ་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་འགྲོ་བའི་འཕེན་པར་བྱེད་པ་ནི་མི་དགེ་བའི་ལས་ཡིན་ལ་ཡོངས་སུ་རྫོགས་པར་བྱེད་པ་ནི་དགེ་བ་ཁོ་ན་ཡིན་པར་འདོད་དོ། །ལྷའི་འགྲོ་བ་ཡིས་ནི་འཕེན་པར་བྱེད་པ་དང། ་ཡོངས་སུ་རྫོགས་པར་བྱེད་པ་ཡང་དགེ་བ་ཡིན་པས། ལྷའི་འགྲོ་བ་ལས་ལྷ་མ་ཡིན་གྱི་འགྲོ་བ། འགྲོ་བ་གཞན་ཉིད་དུ་རྣམ་པར་བཞག་གོ་།མིའི་འགྲོ་བའི་སྡུག་བསྔལ་གྱི་ཁྱད་པར་ནི་ལོགས་ཤིག་ཏུ་མ་བཤད་དེ། སྤྱིར་ངེས་པ་འདོད་པས་ཕོངས?་དང་འཆི ་བ་དང། ན་དང་རྒ་སོགས་སྡུག་བསྔལ་དུ་མའི་འབྱུང་གནས་ཞེས་བྱ་བ་ལ་སོགས་པ་ཁོ་ནས་བསྟན་ཟིན་པའི་ཕྱིར་དང། སྔར་ཡང་མི་རྣམ་པ་དུ་མས་སྨད་པའི་ཕྱིར་རོ། །ད་ནི་དེ་ལྟར་འཁོར་བའི་ཉེས་པ་བཤད་ནས་དེ་ལ་མངོན་པར་མི་དགའ་བའི་འདུ་ཤེས ་ཉེ་བར་བསྒྲུབ་པར་འཁོར་བ་དེ་འདྲ་ལགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་འཁོར་བ་ཉེས་པ་དང་ལྡན་པ་དེའི་ཕྱིར་ལྷ་ལ་སོགས་པར་སྐྱེ་བ་ནི་བཟང་པོ་མ་ཡིན་ནོ། །དེ་ལྟར་ཁྱད་པར་དུ་འཕགས་པའི་སྐྱེ་བའི་ཉེས་པ་བཤད་ནས ་སྤྱིས་སྐྱེ་བ་ནི། གནོད་པ་དུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་ནི་ཉེ་དུ་གནོད་པ་ལ་སོགས་པ་གནོད་པ་དུ་མའི་སྣོད་དུ་གྱུར་ཅིང་རྟེན་དུ་གྱུར་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ། །དེ་ལྟར་འཇིག་རྟེན་ཐམས་ཅད་ལ་མངོན་པར་དགའ་ ་བ་བསྐྱེད་ནས། མྱ་ངན་ལས་འདས་པ་ལ་གཞུག་པའི་ཕྱིར། མགོ་འམ་གོས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགོ་ལ་མེ་ཤོར་རམ་གོས་ལ་མེ་ཤོར་ན་ཞེས་བྱ་བར་སྦྱར་རོ། །དེ་དག་སླར་བཟློག་བགྱི་བ་བཏང་ནས་ཀྱང་ཞེས་བྱ་བ་ནི་དེ་དག་བསད་པ ་ཡང་བཏང་ནས་ཞེས་བྱ་བའི་ཐ་ཚིག་གོ་།ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཆེན་པོ་དེ་ལྟ་བུས་ཡང་སྲིད་པ་མེད་པར་བྱ་བའི་ཕྱིར་འབད་པར་བྱ་དགོས་སོ། །ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར ་ཞེ་ན། འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས་ཞེས་བྱ་བ་སྨོས་ཏེ། འདི་བས་ཁྱད་པར་དུ་འཕགས་པའི་དགོས་པ་གཞན་ནི་མེད་ཀྱི། འདི་ལྟར་སྐྱེས་བུའི་དོན་གྱི་དམ་པ་ནི་འདི་ཁོ་ནར་ཟད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་སྲིད་པ་མེད་པ་ཡང་ཇི ་ལྟར་འཐོབ་ཅེ་ན། ཚུལ་ཁྲིམས་དག་དང་བསམ་གཏན་ཡེ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླབ་པ་གསུམ་ཡོངས་སུ་རྫོགས་པར་བྱས་ནས་མྱ་ངན་ལས་འདས་པ་ཐོབ་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པ་དེ་ཡང་རྣམ ་པ་གཉིས་ཏེ་ཕུང་པོའི་ལྷག་མ་མེད་པ་དང། ཕུང་པོའི་ལྷག་མ་དང་བཅས་པའོ། །དེས་ཕུང་པོའི་ལྷག་མ་མེད་པ་ནི་སྡུག་བསྔལ་ཉེ་བར་ཞི་བས་རབ་ཏུ་ཕྱེ་བའི་ཕྱིར་ཞི་བའི་ཞེས་བྱ་བའི་སྒྲས་སྟོན་ཏོ། །ཕུང་པོའི་ལྷག་མ་དང་བཅས་པ་ནི་དབང་པོ་དུལ ་བས་རབ་ཏུ་ཕྱེ་བའི་ཕྱིར། དུལ་བ་ཞེས་བྱ་བའི་སྒྲས་སྟོན་ཏོ། གཉི་ག་ཡང་འདོད་ཆགས་ལ་སོགས་པའི་དྲི་མ་ཉེ་བར་ཞི་བས། དྲི་མ་མེད་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་གོ་འཕང་གནས་དེ་ལྟ་བུ་འཐོབ་ཅིང་རབ་ཏུ་འཐོབ་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་། ་མི་རྒ་མི་འཆི་ཞེས་བྱ་བ་ལ་སོགས་པས་ནི་མྱ་ངན་ལས་འདས་པ་དེ་ཉིད་ཀྱི་ཁྱད་པར་གྱི་སྒོ་ནས་བསྔགས་པ་བཤད་པ་ཡིན་ཏེ། དེ་ལ་དེངས་པ་མེད་པས་ན་མི་རྒ་བའོ། །འཆི་བར་མི་འགྱུར་བས་ན་མི་འཆི་བའོ། །ཟད་པ་མེད་པས་ནི་མི་ཟད་པའོ། །ལྷག་མ་ནི་ཕྱི་རོལ ་པའི་མྱ་ངན་ལས་འདས་པའི་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཆེན་པོ་བཞི་དང་ཉི་མ་དང་ཟླ་བ་དག་མེད་པར་བཤད་དོ། །དེ་ནི་ཆོས་གང་དག་མངོན་སུམ་དུ་གྱུར་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཆོས་དེ་དག་བསྟན་པའི་ཕྱིར། དྲན་པ་ཞེས་བྱ་བ་ལ་སོགས ་པ་སྨོས་སོ། །དེ་ལ་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཆོས་རབ་ཏུ་འབྱེད་པ་ནི་དེ་ལ་ཤེས་རབ་གང་ཡིན་པའོ། །བརྩོན་འགྲུས་ནི་མངོན་པར་སྤྲོས་པ་གང་ཡིན་པའོ། །དགའ་བ་ནི་དམིགས་པ་དེ་ཉིད་ལ་ཡིད་བདེ་བ་གང་ཡིན་པའོ། །ཤིན་ཏུ་སྦྱངས་པ་ནི ་ལུས་དང་སེམས་ལས་སུ་རུང་བ་གང་ཡིན་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །བཏང་སྙོམས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་རྣལ་དུ་འདུག་པ་དང་ལྷུན་གྱིས་གྲུབ་པར་འཇུག་པ་གང་ཡིན་པའོ། །ཆོས་བདུན་པོ་དེ་དག་ནི་བྱང་ཆུབ་ཟག་པ ་མེད་པའི་ཡེ་ཤེས་ཀྱི་ཡན་ལག་ཏུ་གྱུར་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། འཁོར་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དགེ་སོགས་ལགས་ཞེས་བྱ་བ་ནི་དགེ་བའི་རྒྱུ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།ཤེས་རབ་མེད་པ་ཞེས་བྱ་བ་ལ་སོགས ་པས་ནི་ཆོས་གཞན་གཉིས་པོ་འདི་ལྟ་སྟེ། བསམ་གཏན་དང་ཤེས་རབ་དག་མངོན་དུ་གྱུར་པས། མྱ་ངན་ལས་འདས་པ་འཐོབ་པར་སྟོན་ཏེ། དེ་གཉིས་ཟུང་དུ་འབྲེལ་པས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ལ། དེ་གཉིས་ནི་ཕན་ཚུན་གྱི་སྟོབས ་ཀྱིས་འགྲུབ་པར་སྟོན་ཏོ། །ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ཏེ། ཞེས་བྱ་བ་ནི་གང་ཞིག་བསམ་གཏན་ལེགས་པར་སྐྱེ་མི་ཤེས་པ་དེ་ནི་འདིར་ཤེས་རབ་མེད་པ་ཡིན་པར་དགོངས་ཏེ། དེ་ལ་ནི་བསམ་གཏན་མི་འགྲུབ་པོ། བསམ་གཏན ་མེད་པར་ཡང་ནི་ཤེས་རབ་མེད་ཅེས་བྱ་བ་ནི་བསམ་གཏན་མེད་པར་ཡང་གང་གིས་ཆོས་རྣམས་ཇི་ལྟ་བ་བཞིན་ཤེས་པར་འགྱུར་བའི་ཤེས་རབ་མེད་དེ། སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། ། ་གང་ལ་དེ་གཉིས་ཀ་ཡོད་པ་དེ་འཁོར་བ་གནག་རྗེས་ལྟ་བུར་རིག་པར་བྱའོ། །རྣམ་པ་གཅིག་ཏུ་?་གང་ལ་སྐྱེས་ནས་ཐོབ་པར་ཤེས་རབ་མེད་པ་དེ་ལ་བསམ་གཏན་མི་འགྲུབ་ལ། བསམ་གཏན་མེད་པར་ཡང་བསྒོམས་པ་ལས་བྱུང་བའི་ཤེས་རབ་མི་འགྲུབ ་ཀྱི་གང་ལ་ཤེས་རབ་དང་བསམ་གཏན་དེ་གཉི་ག་ཡོད་ལ་དེའི་འཁོར་བ་གནག་རྗེས་ལྟ་བུར་རིག་པར་བྱ་སྟེ། མྱུར་བ་ཁོ་ནར་རྒལ་བར་ནུས་པའི་ཕྱིར་རོ། །ང་ནི་མྱ་ངན་ལས་འདས་པ་འཐོབ་པར་བྱེད་པའི་ཆོས་འདི་རྣམས་བར་ཆད་དུ་གྱུར་པ་བསམ་པར་མི ་བྱེད་པའི་གནས་ལ་སེམས་པ། དེ་ལ་བཟློག་པའི་ཕྱིར། ལུང་མེ་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་བཅུ་བཞི་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་རྟག་པ་དང། འཇིག ་རྟེན་མི་རྟག་པ་དང། རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་པ་དང། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང། འཇིག་རྟེན་མཛའ་དང་ལྡན་པ་དང། འཇིག་རྟེན་མཛའ་དང་མི་ལྡན་པ་དང། མཛའ་དང་ལྡན་པ་ཡང་ཡིན། ་མཛའ་དང་མི་ལྡན་པ་ཡང་ཡིན་པ་དང། མཛའ་དང་ལྡན་པ་ཡང་མ་ཡིན། མཛའ་དང་མི་ལྡན་པ་ཡང་མ་ཡིན་པ་དང། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་དང། དེ་བཞིན་གཤེགས་པ་མ་ཤི་ཕན་ཆད་ཡོད་པ་དང། དེ་བཞིན་གཤེགས་པ་ཤི ་ཕན་ཆད་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་པ་དང། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན། མེད་པ་ཡང་ན་ཡིན་པ་དང། སྲོག་གང་ཡིན་པ་དེ་ལུས་ཡིན་པ་དང། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་ཡིན་ནོ། །དངོས་པོ་བཅུ་བཞི ་པོ?་འདི་དག་ནི་དྲིས་ན་ལུང་མི་བསྟན་པར་བྱ་བ་ཡིན་པའི་ཕྱིར། ལུང་དུ་མ་བསྟན་པ་ཞེས་བཤད་དེ། དེ་ཉིད་བཞག་པར་བྱ་བའི་དྲི་བ་ཡིན་པར་བསྟན་ཏོ། །གནས་འདི་དག་བསམ་པར་བྱ་བ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ཡིས་བློ་འདི་ཞེས་བྱ་བ་ལ་སོགས ་པ་སྨོས་སོ། །འདི་སྐད་དུ་གང་ཞིག་བསམས་ན་ཕན་པ་འཐོབ་པ་འམ། བདེ་བ་འཐོབ་པར་འགྱུར་བ་དེ་བས་བསམ་པར་བྱ་བ་ཡིན་ན་གནས་འདི་དག་བསམས་པས་ནི་སེམས་ཞི་བར་སྐྱེད་པར་མི་འགྱུར་བས་བསམས་པར་བྱ་བ་མ་ཡིན་ནོ། །ཞེས་བཤད་པ ་ཡིན་ན། །དེ་ལྟར་བསམ་པར་བྱ་བ་མ་ཡིན་པའི་གནས་ཡོངས་སུ་སྤངས་པར་བཤད་ནས་གང་ཞིག་བསམས་ན་བྱང་ཆུབ་སེམས་ཀྱི་ཕྱོགས་དང་མཐུན་པ་འདི་རྣམས་སྐྱེ་བར་འགྱུར་བ་དེ་ལ་སེམས་ཉེ་བར་གཏད་པར། མ་ཤིས?་པ་ལས་ལས་ཏེ་ཞེས་བྱ་བ་ལ ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་སྟོན་ཏེ། འདི་དག་གི་དོན་ནི་མདོའི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ། །དེ་ལ་མདོ་ནི་འདི་ཡིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས། སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད ་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ཡིད་མི་བདེ་བ་དང། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འདི་འབྱུང་བར་འགྱུར་རོ། །དེ་ལྟར་ལུགས་དང་མཐུན་པའི་དབང ་དུ་བྱས་ཏེ་བཤད་ནས་ལུགས་ལས་བཟློག་པའི་དབང་དུ་བྱས་ནས། སྐྱེ་བ་འགགས་པས་འདི་ཀུན་འགག་པར་འགྱུར་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་འགགས་པས་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་ཆོས ་རྣམས་འགགས་པར་འགྱུར་ཏེ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ། །སྐྱེ་བ་འགག་པ་ནི་སྲིད་པ་འགག་པ་ལས་འགྱུར་ལ། མ་རིག་པ་འགགས་པ་ལས་འདུ་བྱེད་འགག་པའི་བར་དུ་འགྱུར་རོ། །མ་རིག་ ་པ་གང་ཞེ་ན། མདོ་ལས་གང་སྔོན་གྱི་མཛའ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འདིར་མདོར་བསྡུ་བ་འདི་ཡིན་ཏེ། བདེན་པ་རྣམས་མི་ཤེས་པ་ནི་དོན་དམ་པར་མ་རིག་པ་ཡིན་ནོ། །མི་ཤེས་པ་ཞེས་བྱ་བ་ནི་ཤེས་པའི་མི་མཐུན་པའི་ཆོས ་ཡིན་པར་རིག་པར་བྱའོ། །བྱིས་པ་མ་རིག་པ་དེ་དང་ལྡན་པའི་ལས་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་ནི་མ་རིག་པའི་རྐྱེན་གྱི་འདུ་བྱེད་རྣམས་ཡིན་ནོ། །མདོ་ལས་ནི་ལུས་ཀྱི་འདུ་བྱེད་དང། དགེ་འདུ་བྱེད་དང། ཡིད་ཀྱི་འདུ་བྱེད་རྣམས་ཞེས་གསུངས ་སོ། །དེ་སྐད་དུ་གསུངས་མོད་ཀྱི། འོན་ཀྱང་འདིར་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སྨོས་པ་ཁོ་ནར་དགེ?་པར་བྱའོ། །ལས་དེའི་ས་བོན་གང་ཡིན་པ་དེས་བསྒོམ་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་ནོ། །མདོ་ལས་ནི་འབྲས་བུ་རྒྱས ་བསྟན་པའི་དབང་དུ་མཛད་ནས། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་གསུངས་ཏེ། དཔེར་ན་ཚེ་དང་ལྡན་པ་ཁྱོད་ཀྱི་དབང་པོ་རྣམས་ནི་རབ་ཏུ་དང་ཞེས་བྱ་བ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཕྲ་བ་ཉིད་ཀྱིས་རང་གི་ངོ་བོ ་བསྟན་པ་མ་ཡིན་ཏེ། འབྲས་བུ་བསྟན་པ་མཛད་དོ། །རྣམ་པར་ཤེས་པ་དེ་ཡང་འདུ་བྱེད་རྣམས་ཀྱིས་རིམ་པ་གང་གིས་མིང་དང་གཟུགས་ལ་སོགས་པ་མངོན་པར་འགྲུབ་པར་བྱེད་པར་འཕངས་པའི་རིག་པ་དེ་ཁོ་ནས་རྐྱེན་དུ་གྱུར་པའི་ཕྱིར། རྣམ ་པར་ཤེས་པའི་རྐྱེན་གྱི་མིང་དེར་གཟུགས་ཞེས་བྱ་བ་ནས་རིག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བའི་བར་བཤད་དོ། །མིང་དང་གཟུགས་གང་ཞེ་ན། མའི?་མངལ་དུ་ཉིང་མཚམས་སྦྱོར་བའི་གནས་སྐབས་ན་ཚོར་བ་ལ་སོགས་པ་གཟུགས ་ཅན་མ་ཡིན་པའི་ཕུང་པོ་བཞི་དང། འབྱུང་པ་དང་རྒྱུར་བྱས་པའི་གཟུགས་ཏེ་འཆི་རིགས་པར་སྦྱར་རོ། །དེ་ཉིད་ནུར་ནུར་པོ་ཞེས་བྱ་སྟེ། རིམ་གྱིས་ནི་མེད་མེད་པོ་ལ་སོགས་པའི་ཐ་སྙད་ཀྱང་འཐོབ་བོ། །དེ་ལ་ཕུང་པོ་བཞི་ནི་ཡང་སྲིད་པར་འཁྲིད་པའི་ཕྱིར་དང་ཡུལ་ལ ་འགྲོ་བའི་ཕྱིར་མིང་ཉིད་ཡིན་ནོ། །འབྱུང་བ་དང་རྒྱུར་བྱས་པ་ནི་གྲང་པོ་ལ་སོགས་པས་འགྱུར་བ་བསྐྱེད་པའི་ཕྱིར་གཟུགས་ཉིད་ཡིན་ནོ། །མིང་དང་གཟུགས་དེ་ཉིད་རྣམ་པར་འཕེལ་པའི་རིམ་གྱིས་མིག་ལ་སོགས་པ་སྐྱེ་བའི་གནས་སྐབས་ནི་སྐྱེ་མཆེད ་དྲུག་གི་རྐྱེན་དུ་འགྱུར་ཏེ། གནས་དེ་ནི་སྐྱེ་མཆེད་དྲུག་རྫོགས་པར་འགྱུར་བས་སོ། །སྐྱེ་མཆེད་ཉིད་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་གྱིས་སོ། །སྐྱེ་མཆེད་དྲུག་པོ་དེ་དག་ཡོངས་སུ་སྨིན་པ་དང། ཡུལ་ཡང་མངོན་དུ་གྱུར་པ་ལས་རེག་པ་སྐྱེ ་སྟེ། རྟེན་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཁོ་ནའོ། །བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་རིག་པ་ཅི་འདྲ་བ་དེ་དང་འདྲ་བར་བདེ་བ་དང་སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚེར་བ་སྐྱེའོ། །དེ་ལྟར་ན་འདུ་བྱེད་རྣམས་ཀྱི་འཕངས་པའི ་ཡན་ལག་སྲེད་པ་དང་ལེན་པས་མངོན་པར་བརླན་པ་མི་འཆི་བའི་དུས་ན་སྲིད་པར་འགྱུར་རོ། །དེ་ནས་ཅི་ལྟར་འཕགས་པའི་རིམ་གྱིས་སྐྱེ་བར་ཡང་འགྱུར་རྒ་བར་ཡང་འགྱུར་རོ། །འཆི་བར་ཡང་འགྱུར་རོ། །དེ་ལ་སྲེད་པ་གང་ཞེ་ན། ཚོར་བ་བདེ་བ་ལ་ནི་མི་འབྲལ་བར ་འདོད། སྡུག་བསྔལ་ནི་འབྲལ་བར་འདོད། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་གཉི་གང་མི་འདོད་པ་གང་ཡིན་པ་སྟེ། དེ་ཡང་མདོ་ལས་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་སྟན་ཏོ། །ལེན་པ ་གང་ཞེ་ན། འདོད་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ། མདོ་ལས་ནི་དམིགས་པའི་བྱེ་བྲག་གི་འདོད་པ་ཉེ་བར་ལེན་པ་དང། ལྟ་བ་ཉེ་བར་ལེན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང། བདག་ཏུ་སྨྲ ་བ་ཉེ་བར་ལེན་པ་ཞེས་བྱ་བ་རྣམ་པ་བཞད?་བསྟན་ཏེ། འདུན་པའི་འདོད་ཆགས་དེས་འདོད་པ་ལ་སོགས་པ་ཉེ་བར་བླངས་པར་འགྱུར་བས་སོ། །སྲིད་པ་དང་ལེན་པ་མདག་ལ་ཁྱད་པར་ཅི་ཡོད?་ཅེ་ན། ཁྱད་པར་མེད་པར་ཡང་སྲིད་པ་མངོན་པར་འདོད་པ་ནི་སྲེད ་པའོ། །ཁྱད་པར་དུ་མངོན་པར་འདོད་པ་ནི་ལེན་པའོ། །ཡང་ན་རིང་བའི་རྒྱུ་ནི་སྲེད་པ་ཡིན་ལ། ཉེ་བའི་རྒྱུ་ནི་ལེན་པ་ཡིན་པར་རིག་པར་བྱའོ། །འདུ་བྱེད་ཀྱི་ས་བོན་སྲེད་པ་དང་ལེན་པས་མངོན་པར་བརླན་པ་དེ་ཉིད་འབྲས་བུ་སྐྱེ་བར་མངོན་དུ་ཕྱོགས་པ་ན། ་སྲིད་པ་ཞེས་བྱའོ། །མདོ་ལས་ནི་འདོད་པའི་སྲིད་པ་དང། གཟུགས་ཀྱི་སྲིད་པ་དང། གཟུགས་མེད་པའི་སྲིད་པ་ཞེས་གསུངས་སོ། །དེ་སྐད་གསུངས་མོད་ཀྱི། འོན་ཀྱང་འདིར་ནི་འདས་པའི་སྲེད་པ་ཁོ་ན་ཡིན་པར་བཞེད་དོ། །སྲིད་པའི་མཇུག་ཐོགས་སུ་སྐྱེ་བ་ ་ཡིན་ཏེ། མིང་དང་གཟུགས་ཀྱིས་རིམ་གྱིས་ཚོར་བའི་བར་ཡིན་ནོ། །སྐྱེས་ནས་ནི་རྒ་བ་དང། འཆི་བ་ལ་སོགས་པར་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བཤད་པའི་རིམ་གྱིས་སྡུག་བསྔལ་གྱི་ཚོགས་བདག་མེད་པ་འདི་འབྱུང་བར་འགྱུར་བ་ཡིན ་ཏེ། མིང་ལས་ནི་སྐྱེ་བ་ལ་སོགས་པ་རྣམ་གྲངས་ཙམ་ཁོ་ནས་བསྟན་པ་མཛད་དོ། །དེ་ལྟར་ན་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་མདོར་བསྡུས་ནས་ཡན་ལག་བཞིང་རྣམ་པར་བཞག་པ་མཛད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། འཕེན ་པར་བྱེད་པའི་ཡན་ལག་དང། འཕངས་པའི་ཡན་ལག་དང། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང། མངོན་པར་གྲུབ་པར་བྱེད་པའི་ཡན་ལག་གོ་།ཡན་ལག་བཅུ་གཉིས་མདོར་བསྡུས་ནས། ཡན་ལག་བཞིར་ནི་བསྒྲགས་པ་སྟེ། གསུམ་དང་བཞི་དང ་གསུམ་དང་ནི། གཉིས་པོ་དག་སྟེ་གོ་རིམས་བཞིན། དེ་ལྟར་ན་རེ་ཞིག་སྐྱེ་བ་ཉིད་རྣམ་པར་བཞག་པའི་དབང་དུ་མཛད་ནས་བཤད་པ་ཡིན་ནོ། །མདོ་ལས་ནི་མ་རིག་པ་དང། འདུ་བྱེད་འདི་ནི་སྔོན་གྱི་མཛའ་པའི་འཕེན་པར་བྱེད་པ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། ཡན་ལག་བཅུ ་གཉིས་སྐྱེ་བ་གསུམ་དུ་རྣམ་པར་འཇོག་པར་མཛད་དེ། དེ་ལ་མ་རིག་པ་དང་འདུ་བྱེད་ནི་འདས་པའི་སྐྱེ་བའོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་ནི་ད་ལྟར་བྱུང་བའི་སྐྱེ་བའོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་སྐྱེ་བའོ། །དེ་ལ་འདས་པའི་སྐྱེ་བ་ནི་མི་དག?་པའི་རྐྱེན་གྱི ་འདུ་བྱེད་བྱས་པ་རྣམས་ཀྱིས་སྐྱེ་བ་འདི་ལ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནས་གཟུང་སྟེ། ཚོར་བའི་བར་གྱི་རྣམ་པར་སྨིན་པ་འགྲུབ་པ། དེ་ལྟར་བྱུང་བའི་སྲེད་པ་དང། ལེན་པ་དང། སྲིད་པ་རྣམས་ཀྱིས་མ་འོངས་པའི་སྐྱེ་བ་ལ་སོགས་པ་བསྐྱེད་དོ། །ཞེས་བྱ་བར ་རིག་པར་བྱའོ། །སྐྱེ་བ་གསུམ་དུ་རྣམ་པར་བཞག་པ་འདིའི་དགོས་པ་ནི་སྔོན་དང་ཕྱི་མའི་མཛའ་དང་བར་དག་ལ་ཀུན་ཏུ་རྨོངས་པ་རྣམ་པར་བཟློག་པ་ཡིན་ནོ། །དེ་སྐད་དུ་གསུངས་མོད་ཀྱི། འོན་ཀྱང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཀྱིས་སྐྱེ་བ་བསྐྱེད་པའི་དུས་ན་སྲེད་པ ་དང་ལེན་པ་དང་སྲིད་པ་དག་ཀྱང་ཡོད་པ་ཁོ་ན་ཡིན་ལ། སྲེད་པ་དང་ལེན་པ་དང་སྲིད་པ་དག་གིས་མ་འོངས་པའི་སྐྱེ་བ་སྐྱེད་པར་བྱེད་པ་དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ། །མིང་དང་གཟུགས་ལ་སོགས་པ་ལས་གཞན་པའི་སྐྱེ་བ་ལ་སོགས་པ་ཡང་ཡོད་པ་མ ་ཡིན་པས་དེ་དག་ཉིད་རྣམ་པ་གཞན་གྱིས་བཤད་པ་ཡིན་ཏེ། དེ་ལྟ་པས་ན་སྐྱེ་བ་གཉིས་སུ་རྣམ་པར་བཞག་པ་ཡང་མི་འགལ་བ་ཁོ་ན་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་ལམ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། མ་རིག་པ་དང་སྲེད་པར་དང་ལེན་པ་རྣམས། ་ནི་ཉོན་མོངས་པའི་ལམ་ཡིན་ནོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་མོ། །ཡན་ལག་ལྷག་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་སྟེ་སྤྲོས་པས་ཆོག་།དཀྱུས་མ་བརྗོད་པར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡིས། ཞེས་བྱ་བ་ལ་སོགས་པས་ནི་རྟེན་ཅིང་འབྱུང ་བའི་བསྔགས་པ་བཤད་དོ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པའི་གསུང་གིས་གཅེས་པར་གྱུར་བ་ཡིན་ཏེ། འདི་ལྟར་གང་གིས་འདི་ལེགས་པར་ཤེས་པ་དེས་དེ་བཞིན་གཤེགས་པའི་བསྟན་པ་ཡང་དག་པར་རྟོགས་པ ་ཡིན་ནོ། །ཟབ་མོ་སྟེ་ཞེས་བྱ་བ་ནི་ཟབ་མོ་ཉིད་ཁོ་ན་སྟོན་པར་བྱེད་པ་ཡིན། །གང་གིས་འདི་ནི་ཡང་དག་མཐོང་ཞེས་བྱ་བ་ལ་སོགས་པས་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟག་པ་མེད་པའི་ཡེ་ཤེས་བླ་ན་མེད་པས་ཐུགས་སུ་ཆུད་པར་བྱ་བ་ཉིད་ཀྱི་ཟབ ་པ་ཉིད་དུ་སྟོན་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པས་དེ་ཤེས་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ་ཉིད་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ་དགེ་སློང་དག་གང་གིས་ས་ལུའི་ལྗང་པ་འདི་ཤེས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་སོ། ། ་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་དང་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཡང་ན་གང་གི་འདི་ནི་ཡང་དག་མཐོང་ཞེས་བྱ་བ་ལ་སོགས་པས་ནི་རྒྱལ་བའི་གསུང་གི་མཛོད་ཀྱི ་གཅེས་པ་ཉིད་སྟོན་པར་བྱེད་དོ། །ཟབ་པ་ཉིད་ནི་རང་གིས་མ་བྱས་པ་དང། གཞན་གྱིས་མ་བྱས་པ་དང། གཉི་གས་མ་ཡིན་པ་དང། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ། །འདི་ལྟར་རང་ལས་ཀྱང་མི་སྐྱེ། གཞན་ལས་ཀྱང་མ ་ཡིན། གཉི་ག་ལས་ཀྱང་མ་ཡིན། རྒྱུ་མེད་པ་ལས་ཀྱང་མི་བྱའི། འོན་ཀྱང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །རྣམ་པ་གཅིག་ཏུ་ན་མ་རིག་པ་ཡང་འདི་སྙམས་དུ་བདག་གིས་འདུ་བྱེད་རྣམས་བསྐྱེད་པར་ ་བྱའོ་སྙམ་དུ་མི་སེམས། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་བསྐྱེད་པའོ་སྙམ་དུ་མི་སེམས་ལ། མ་རིག་པ་མེད་པ་ཡང་འདུ་བྱེད་རྣམས་འབྱུང་བར་མི་འགྱུར། བྱ་བ་ཡང་སྔོན་ལ་བྱེད་པ་པོ་ནི་མི་དམིགས་ཏེ། དེ་ལྟར ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ་ཉིད་དུ་རིག་པར་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པས་འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ལམ་བསྒོམ་པར་ནུས་སོ་ཞེས་བསྟེན་པའི་ཕྱིར། ཡང་དག་ལྟ་དང་འཚོ་དང་ཞེས་བྱ་བ་ལ་སོགས་པ ་སྨོས་སོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། །ཡང་དག་པའི་འཚོ་བ་ནི་ཁ་གསག་དང་ལོག་པའི་འཚོ་བ་སྤངས་པའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཏེ། དེ་ཡང་ཡང་དག་པར་སྤོང་བ་བཞིའོ། །ཡང་དག་པའི་དྲན་པ་ནི་དམིགས ་པ་མ་བརྗེད་པའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་བཞི་པོ་ལུས་དང་ཚོར་བ་དང་སེམས་དང་ཆོས་ལ་དམིགས་པ་རྣམས་ཡིན་ཏེ། དྲན་པ་ཉེ་བར་འཇོག་པ་དྲན་པ་ཉེ་བར་གཞག་པ་ཡིན་པས་སོ། །གང་དག་འདིས་དྲན་པ་ཉེ་བར་འཇོག་པས་ཤེས་འཆད་པ་དེ་དག་གིས ་གཞུང་ལུགས་ཀྱིས་ནི་དྲན་པ་ཉེ་བར་གཞག་པ་ཤེས་རབ་ཡིན་ནོ། །ཡང་དག་པར་ཏིང་ངེ་འཛིན་བསམ་གཏན་བཞིའོ། །ཡང་དག་པའི་ངག་ནི་ངག་གི་དགེ་བའི་ལས་ཀྱི་ལམ་བཞིའོ། །ཡང་དག་པའི་ལས་ཀྱི་མཛའ་ནི་ལུས་ཀྱི་དགེ་བའི་ལས་ཀྱི་ལམ་སྤོང་བའི་རང་བཞིན ་གསུམ་མོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པའི་རྟོག་པ་དང། ངེས་པར་འབྱུང་བའི་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བའི་རྟོག་པ་རྣམ་པ་དུ་མ་ནི་ཡང་དག་པའི་རྟོག་པའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་ནི་ཞེས་བྱར ་བགྱི་བའི་སླད་དུ་སྟེ། མྱ་ངན་ལས་འདས་པར་བྱ་བའི་ཕྱིར་བསྒོམ་པར་བགྱིའོ། །ད་ནི་འཕགས་པའི་ལམ་འདིའི་དམིགས་པར་གྱུར་པ། འཕགས་པའི་བདེན་པ་བཞི་བསྟན་པའི་ཕྱིར། སྐྱེ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཞི་གང་ཞེ་ན་འདི་ལྟ་སྟེ། ་སྡུག་བསྔལ་གྱི་བདེན་པ་དང། ཀུན་འབྱུང་བའི་བདེན་པ་དང། འགོག་པའི་བདེན་པ་དང། ལམ་གྱི་བདེན་པའོ། །སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་ཞེས་པ་སྨོས་ཏེ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །ཞེས་འབྱུང ་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །སྐྱེ་བ་དེ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པར་རིག་པར་བྱ་སྟེ། དེ་ཉིད་ལས་དགོངས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག ་བསྔལ་བའོ་ཞེས་བཤད་དོ། །མདོ་ལས་ནི་སྐྱེ་བ་སྡུག་བསྔལ་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་མཛད་དོ། །ཀུན་འབྱུང་པའི་བདེན་པ་གང་ཞེ་ན། སྲེད་པ་ཞེས་བགྱི་བ་ནི་དེའི་ཀུན་འབྱུང་རྒྱ་ཆེན་པོ་ཞེས་བྱ་བ་སྨོས་སོ། །ཡང་འབྱུང་བ་སྲེད་པ། དགའ་ ་བའི་འདོད་ཆགས་དང་ལྷན་ཅིག་པ། དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་འདི། འདི་ལྟ་སྟེ། འདོད་པའི་སྲེད་པ་དང། འབྱུང་བའི་སྲེད་པ་དང། འཇིག་པའི་སྲེད་པ་དང་ཞེས་འབྱུང་བའི་ཕྱིར་རོ། །དེ་ཡི་ཞེས་བྱ་བ་ནི་སྡུག་བསྔལ་གྱིའོ། །དེ་ལ་སྡུག ་བསྔལ་ཀུན་འབྱུང་བས་ན། ཀུན་འབྱུང་སྟེ། རྒྱུ་ཞེས་བྱ་བའི་དོན་ཏོ། །རྒྱ་ཆེན་ཏེ་ཞེས་བྱ་བ་ནི་སྲིད་པའི་དམིགས་པ་མང་བ་ཉིད་དུ་བསྟན་ཏོ། །དེ་ལྟ་མ་ཡིན་ན་འདི་རྒྱ་ཆེན་པོ་ཉིད་དུ་རུང་བ་མ་ཡིན་ནོ། །དེ་ལ་ཡང་འགྱུར་བ་པ་ཞེས་བྱ་བ་ནི། ཡང་སྲིད་པ་ལ ་ཞེས་དགོངས་པའོ། །དགའ་བའི་འདོད་ཆགས་དང་ལྷན་ཅིག་པ་ཞེས་བྱ་བ་ནི་ཡིད་པ་དེ་བ་དང་ལྷན་ཅིག་པའི་འདོད་ཆགས་ཞེས་བྱ་བའི་ཐ་ཚིག་གོ་།དེ་དང་དེར་མངོན་པར་དགའ་བ་ཞེས་བྱ་བ་ནི། ཡང་སྲིད་པ་ལ་དམིགས་པ་ཉིད་དུ་སྟོན་པར་བྱེད་དོ།། ་འདོད་པའི་སྲེད་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་དམིགས་པའོ། །འབྱུང་བའི་སྲེད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པའོ། །འཇིག་པའི་སྲེད་པ་ཞེས་བྱ་བ་ནི་བདག་ཉིད་མེད་པར་དམིགས་པའོ། །འགོག་པའི་བདེན ་པ་གང་ཞེ་ན། འདི་འགོག་པ་ནི་ཐར་པ་ལགས་ཞེས་བྱ་བ་སྨོས་ཏེ། ཀུན་འབྱུང་འདི་འགོག་པ་གང་ཡིན་པ་དེ་ནི་ཐར་པ་ཡིན་ནོ། །དེ་ནི་འགོག་པའི་བདེན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའོ་ཐ་ཚིག་སྟེ། སྲེད་པ་ཉིད་གཏན་འགོག་པ་དང། རྣམ་པར་ཞི ་བ་གང་ཡིན་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་འདིར་སྲེད་གཟེད་པ་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་སྟོན་པས་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟོན་ཏོ། །ལམ་གྱི་བདེན་པ་གང་ཞེ་ན། དེ་འཐོབ་བམ། འཕགས་པའི་ཡན་ལག་དེ ་བརྐྱད་ལགས་ཞེས་བྱ་བ་སྨོས་ཏེ། མྱ་ངན་ལས་འདས་པ་འཐོབ་པར་བྱེད་པའི་ལམ་གྱི་བདེན་པ་ནི་གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བཤད་མ་ཐག་པ་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་ཅེས་བྱ་བ་ལ་སོགས ་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་སྦྱོར་བར་བྱེད་དོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ལམ་བསྐོམ?་པ་ཇི་སྐད་བཤད་པའི་རྣམ་པས་རྟག་ཏུ་དུས་ཐམས་ཅད་དུ་བརྩོན་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་།མཐོང་བར ་བགྱི་སླད་དེ། འཕགས་པའི་བདེན་པ་བཞི་མཐོང་བར་བྱ་བའི་དོན་དུའོ། །འཕགས་པ་རྣམས་ཀྱི་བདེན་པ་གང་དག་ཡིན་པས་ན། འཕགས་པའི་བདེན་པ་སྟེ། འདི་དག་ནི་འཕགས་པའི་རྒྱུན་ཏུ་ཞུགས་པ་ལ་སོགས་པས་བདེན་པ་ཉིད་དུ་གཟིགས་པའི་ཕྱིར ་རོ། །བདག་ཅག་ཁྱིམ་པ་རྒྱལ་སྲིད་ལ་གནས་པ་རྣམས་ཀྱིས་ཇི་ལྟར་འཕགས་པའི་བདེན་པ་བཞི་མཐོང་བར་ནུས་ཤེ་ན། པང?་ན་དཔལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བཤད་པ་ཡིན་ཏེ། ཁྱིམ་པ་རྒྱལ་སྲིད་ལ་གནས་པ་གཟུགས ་ཅན་སྙིང་པོ་ལ་སོགས་པས་ཀྱང་འཕགས་པའི་བདེན་པ་བཞི་ཤེས་པས་ཉོན་མོངས་པའི་ཆུ་བོ་ལས་བརྒལ་བར་བྱས་པས། དེ་བས་ན་ཁྱོད་ཀྱང་འབད་པར་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པས ་ནི་འཕགས་པའི་རྩལ?་བསྒྲུབ་པར་བྱ་བ་ཉིད་དུ་སྟོན་པར་བྱེད་དོ། །དེ་དག་ཀྱང་གནས་ལག་བབས་པར་མ་ལགས་ཞེས་བྱ་བ་ནི་དེ་དག་དང་པོ་ཉིད་ནས་ཤེས་པ་ཡོངས་སུ་གྲུབ་ཟིན་པ་ཞིག་ལས་འདིར་ལྷགས་པ་མ་ཡིན་པའོ། །ལོ་ཏོག་བཞིན་ས་རུམ?་ཐོན ་མ་ལགས་ཞེས་བྱ་བ་ནི་སྐྱེས་བུའི་རྩལ་མེད་པར་གྱི་ན་ལོ་ཏོག་བཞིན་མཐོན་པ་མ་ཡིན་པའོ། །འོ་ན་ཅི་ཞེ་ན། སོ་སོའི་སྐྱེ་བོ་ཡིན་པ་ལས་འབད་དེ། དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉོན་མོངས་པའི་ཆུ་བོ་ལས་རྒལ་བར་ཟད་དེ། ་དེ་ལྟ་བས་ན་སྐྲག་པར་མ་བྱེད་ཅིག་སྙམ་དུ་དགོངས་པ་ཡིན་ནོ། །ང་ནི་བསྙེངས་དང་བྲལ་བར་མང་དུ་གསོལ་ཅི་འཚལ་ཞེས་བྱ་བ་ལ་སོགས་པས་མདོར་བསྡུས་ནས་འདོམས་པར་བྱེད་དེ། བསྙེངས་དང་བྲལ་བ་ཞེས་བྱ་བ་ནི་བོད་པའོ། །ཕན་པའི ་གདམས་ངག་དོན་པོ་འདི་ལགས་སོ་ཞེས་བྱ་བ་ནི་ཕན་པའི་གདམས་ངག་ཅེས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་གང་ཞེ་ན། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་ཅེས་བྱ་བ་སྨོས་ཏེ། ཁྱོད་ཀྱིས་སེམས་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བ་ལ ་ཞོག་ཅིག་ཅེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས་ཞེས་བྱ་བ་སྨོས་སོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་བའི་ཆོས་ཐམས ་ཅད་ཀྱི་རྩ་བ་སེམས་ཡིན་པར་བསྟན་པ་དེའི་ཕྱིར་ཁྱོད་ཀྱིས་སེམས་དུལ་བར་བྱ་སྟེ། ཡིད་ནི་ཆོས་རྣམས་ཀྱིས་སྔོན་དུ་འགྲོ་བའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་བསྡུས་པའི་དོན་ནི་ཡིད་རབ་ཏུ་དང་བས་ནི་བདེ་བ་ཐམས་ཅད་འཐོབ་པར ་འགྱུར་ལ། ཡིད་རབ་ཏུ་འཁྲུགས་པས་ནི་སྡུག་བསྔལ་ཐམས་ཅད་འཐོབ་པར་འགྱུར་རོ། །ཞེས་བྱ་བ་ཡིན་ནོ། །ཁྱོད་ལ་དེ་སྐད་གདམས་པ་གང་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་སྟོན་ཏེ། བདག་གིས་ཆོས་ཇི་སྙེད་བསྟན་པ་ཐམས ་ཅད་བསྒྲུབས་པས་ཀྱང་དེ་བཞིན་གཤེགས་པའི་བསྟན་པ་ལ་གནས་པར་འགྱུར་བ་ནི་མ་ཡིན་ནོ། །འོན་ཀྱང་ཕྱོགས་གཅིག་བསྒྲུབས་པས་ཀྱང་གནས་པ་ཡིན་ཏེ། འདི་ལྟར་དེ་ཐམས་ཅད་ནི་དགེ་སློང་ཁྱིམ་ན་གནས་པ་ཡོངས་སུ་བོར?་བ་རྣམས ་ཀྱི་བསྒྲུབས་པར་དཀའ་ན་ཁྱིམ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་འདིའི་ནང་ནས། གང་ཞིག་ནུས་པའི་ངོ་བོ་དེའི་ཡོན་ཏན་བསྟན་ཅིང་བསྒྲུབ་པས་ཚེ་དོན་ཡོད་པར་གྱིས་ཤིག་དང། དེ་ཉིད་ཆོས་ཐམས་ཅད་འཐོབ་པའི་རྒྱུར་འགྱུར་རོ། །སྙམ་དུ་དགོངས ་པ་ཡིན་ནོ། །དེ་ལྟར་ཆོས་བསྟན་པས་སེམས་མགུ་བར་བྱས་ནས། ཐེག་པ་ཆེན་པོ་ལ་གཞུག་པར་བཞེད་དེ། ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཇིག་རྟེན་ན་དགེ་བ་གང་ཅུང་ཟད་ཟག་པ་དང་བཅས་པ་དང། ཟག་པ་མེད ་པ་དང། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པ། དེ་བཞིན་དུ་བདག་གིས་ཀྱང་རྗེས་སུ་ཡི་རང་བ་བླ་ན་མེད་པ་རྗེས་སུ་ཡི་རང་ངོ། །ཞེས་བྱ་བ་ལ་སོགས ་པས། ཚིག་ཏུ་བཏན་པས་རྗེས་སུ་ཡི་རང་བར་བྱ་ཞིང་དགེ་བའི་རྩ་བ་འདིས་བདག་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་གནས་མེད་པ་རྣམས་ཀྱི་གནས། སངས་རྒྱས་སུ་གྱུར་ཅིག་ཅེས། ཉིད་ཀྱིས ་ལེགས་པར་སྤྱད་པ་རྣམ་གསུམ་ཡང། སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། དེ་ནས་རྗེས་སུ་ཡི་རང་བ་དང། ཡོངས་སུ་བསྔོས་པ་ལས་བྱུང་བའི་དགེ་པའི་ཕུང་པོ་འདི་ཡིས་ཁྱོད། སྐུ་ཚེ་དཔག་ཏུ་མེད་པ་ན་མཛོད་ཅེས་བྱ་བ་འཆད་པར་འགྱུར ་བ་དང་སྦྱོར་རོ། །རིམ་པ་གང་གིས་ཤེ་ན་སྐྱེ་བ་དཔག་ཏུ་མེད་པར་ཞེས་བྱ་བ་ལ་སོགས་པར་སྨོས་ཏེ། སྐྱེ་བ་ཚད་མེད་པ་དག་ཏུ་མཛད་ནས། ཅི་ཞིག་མཛད་ཅེ་ན། ལྷ་དང་མིའི་འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས་ཞེས་བྱ་བ་སྨོས་ཏེ། ལྷ་ཡི་འཇིག ་རྟེན་དང་མི་ཡི་འཇིག་རྟེན་ཐམས་ཅད་དུ་རྣལ་འབྱོར་གྱི་དབང་ཕྱུག་མཛད་ཅིང་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་ཀྱི་ཁམས་གསུམ་གྱི་དབང་པོ་བརྙེས་ནས་སོ། །གཞན་ཡང་འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །སྐྱེ ་བོ་ཉམ་ཐག་མང་པོ་ཅེས་གཟུང་སྟེ། ཇི་ལྟར་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་རྗེས་བརླན་པའི་ཐུགས་ཀྱི་སེམས་ཅན་རྣམ་པ་དུ་མ་སེང་གེ་དང། གླང་པོ་ཆེ་དང། སྦྲུལ་དང། མེ་དང། ཆོམ་རྐུན་དང། བཅིངས་པ ་དང། ཆུ་དང། རྒྱལ་པོ་དག་ལས་བསྐྱབས་པ་དེ་འཛིན་དུ་ཁྱོད་ཀྱིས་ཀྱང་དེ་ཁོ་ནའི་ཚུལ་དུ་སེམས་ཅན་ཉམ་ཐག་པ་རྣམས་རྗེས་སུ་གཟུང་ནས་སོ། །དེ་ལྟ་བས་འདིར་སྔ་མས་ནི་སངས་རྒྱས་ཀྱིས་ཆོས་ཡོངས་སུ་སྨིན་པ་བཤད་ལ་ཕྱི་མས་ནི་སེམས་ཅན་ཡོངས ་སུ་སྨིན་པ་བཤད་དོ། །དེ་ལྟར་ཚོགས་ཡོངས་སུ་རྫོགས་པ་སྲིད་པ་ཐ་མར་འཁྲུངས་ནས། ནད་ལ་སོགས་པའི་ཆོས་རྣམས་སྤངས་ཏེ། འཇིག་རྟེན་རྣམས་ཀྱིས་མགོན་པོ་མཛོད་ཅིག་།གང་དུ་ཞེ་ན། སངས་རྒྱས་ཀྱི་ཞིང་ཇི་ལྟར་ཡོངས་སུ་སྦྱངས་པར་རོ། །ཁྱད ་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། སྐུ་ཚེ་དཔག་ཏུ་མེད་པ་སྟེ། བདེ་བ་ཅན་ན་བཅོམ་ལྡན་འདས་སྣང་བ་མཛའ་ཡས་ཇི་འདྲ་བ་དེ་འདྲ་བར་སངས་རྒྱས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ་།ཡང་ན་ནད་ལ་སོགས་པ་བསལ་ཏེ། སངས་རྒྱས་ཞིང་དུ་ཞེས་བྱ་བ་སངས་རྒྱས ་ཀྱི་ཞིང་ཡོངས་སུ་སྦྱངས་ནས་ཞེས་བྱ་བ་ཡིན་ཏེ། དེ་ལྟ་བ་ཡོངས་སུ་སྦྱངས་ནས་སངས་རྒྱས་ཀྱི་ཞིང་དང་འཁྲུངས་པ་དང་སྲིད་པ་ཐ་མལ་མགོན་པོ་མཛོད་ཅིག་ཅེས་བྱ་བ་ཡིན་ནོ། །ཤེས་རབ་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པས་ནི། འདི་སྐད་དུ། དེ་ལྟར ་སངས་རྒྱས་ཉིད་ཐོབ་ནས་དུས་ཅི་དྲན་ཞིག་སེམས་ཅན་གྱི་དོན་མཛའ་ཡས་པ་མཛད་དེ། སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས་མྱ་ངན་ལས་འདས་པ་ཐོབ་པར་གྱིས་ཤིག་ཅེས་སྟོན་པར་བྱེད་དོ། །དེ་ལ་ཤེས་རབ་ཚུལ་ཁྲིམས་གཏོར་བྱུང་གྲགས ་ཆེན་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཤེས་རབ་ཕུན་སུམ་ཚོགས་པ་སྟེ། ངེས་པར་འབྱེད་པའི་ཤེས་རབ་དང་ལྡན་པའོ། །འདི་ལྟར་དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་སྟེ། མ་ཉམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི?་ཚུལ ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དང་ལྡན་པའོ། །འདི་ལྟར་བཅོམ་ལྡན་འདས་དེ་ནི་གཏོད་པ་ཕུན་སུམ་ཚོགས་པ་ཐམས་ཅད་གཏོང?་བའོ། །ཞེས་དེ་ལྟར་ཡོན་ཏན་ལ་དགའ་བའི་སྐྱེ་བས་དགའ་བའི་ཡིད་ཀྱི་མངོན་པར་དགའ་པར་བྱ་བའི་གྲགས་པ་ཆེན་པོ་རྒྱས་པར་མཛོད་ཅིག་། ་སྤེལ་ནས་སོ། །དྲི་མ་མེད་ཅེས་སྨོས་པས་ནི་ཡོན་ཏན་རྣམས་དཔེ?་ཟླ་བ་མེད་པ་ཉིད་དུ་སྟོན་ཏོ། ཡང་གང་དུ་རྒྱ་བསྐྱེད་ཅེ་ན་སྨྲས་པ། ལྷ་ཡུལ་མཐོ་རིས་དང། ནམ་མཁའ་བར་སྣང་དང། ས་སྟེང་དང། མིའི་འཇིག་རྟེན་དུའོ། །གཞན་ཡང་མིའི་འཇིག་རྟེན་གྱི་ས་ལ་མི་དང ་མཐོ་རིས་ནི་ལྷ་རྣམས་ངེས་པར་རབ་ཏུ་ཞི་བར་མཛད་དེ། ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་དག?་ཅིག་ཅེ་ན། ན་ཆུང་མཆོག་སྟེ་དགའ་བས་དགའ་བ་དག་སྟེ། ན་ཆུང་མཆོག་རྣམས་ཀྱི་བདེ་བའི་དགའ་བ་ནི། ན་ཆུང་མཆོག་།བདེ་དགའ་བའོ། །དེས་དགའ་བ་དག ་སྟེ། དེ་ལྟར་རབ་ཏུ་མྱོས་པའི་མེ་དང་ལྷ་རྣམས་རབ་ཏུ་ཞི་བར་མཛད་ནས་ཞེས་བྱ་བ་སྟེ། ཚུལ་ཁྲིམས་ལ་སོགས་པ་ལ་བཀོད་ནས་སོ། །ངེས་པར་ཞེས་སྨོས་པས་ནི་འཕགས་པའི་ཆོས་ལ་དགོད་པར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་ལྷ་དང་མི་རྣམས་ཏེ། དེ་དག་ཁོ་ན་འཕགས་པའི ་ཆོས་ཀྱི་སྣོད་ཡིན་པའི་ཕྱིར་རོ། །ཇི་ལྟ་ན་ཡིན་ན་ལྷ་མ་ཡིན་རྣམས་ཀྱང་ན་ཆུང་མཆོག་གི་བདེ་བའི་དགའ་བས་དགའ་བ་ཡིན་ནོ། །དེ་ལྟར་འཇིག་རྟེན་དུ་གྲགས་པ་ཆེན་པོ་ཡང་རྒྱས་པར་མཛད། ལྷ་དང་མི་རྣམས་ཀྱི་དོན་ཡང་མཛད་ནས་སོ། །ཉོན་མོངས་ཉམ་ཐག ་སེམས་ཅན་ཚོགས་ཀྱི་འཇིག་སྐྱེ་དང། ?།འཆི་བའི?་མཛད་རྒྱལ་བའི་དབང་པོ་ཉིད་བརྙེས་ནས། །ཞེས་བྱ་བ་འདིས་ནི་དང་པོ་ཁོ་ནར་རིག་པར་བྱ་སྟེ། འདིར་ཚིག་གི་གོ་རིམས་སྦྱར་བ་ནི་རྒྱལ་པོའི་དབང་པོ་དེ་ལྟ་བུ་བརྙེས་ནས་གྲགས་པ་ཆེན་པོ་ཡང་རྒྱས་པར་མཛད། ་ལྷ་དང་མི་རྣམས་ཀྱང་རབ་ཏུ་ཞི་བར་མཛད་དེ། མྱ་ངན་ལས་འདས་པ་ཐོབ་པར་མཛོད་ཅིག་ཅེས་བྱ་བ་འདི་ཡིན་ནོ། །དེ་ལ་ཉོན་མོངས་ཉམ་ཐག་ཅེས་བྱ་བ་ནི་སེམས་ཅན་ཉོན་མོངས་པས་གཟིར་བ་མང་པོའིའོ། །འཇིགས་པ་དང་སྐྱེ་བ་དང་འཆི་བ་ནི། འཇིགས་སྐྱེ་དང ་འཆི་བ་སྟེ། གང་ལ་དེ་དག་ཞི་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ཡང་འཇིགས་པ་ནི་འཇིག་ཚོགས་ལ་ལྟ་བས་བྱས་པ་ཡིན་ནོ། །སྐྱེ་བ་ནི་མི་ཤེས་པ་དང་ལས་དང། སྲེད་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །འཆི་བ་ནི་ཁ་ཅིག་ལས ་ཟང་པ་ལས་སོ། །ལ་ལ་ནི་ཚེ་ཟང་པ་ལས་སོ། །ལ་ལ་ནི་ཡ་ང་བ་མ་སྤངས་པ་ལས་ཏེ་རྣམ་པ་གསུམ་དུ་རིག་པར་བྱའོ། །སངས་རྒྱས་ཉིད་ཀྱིས་ནི་སེམས་ཅན་རྣམས་ཀྱིས་དེ་དག་ཐམས་ཅད་སེལ་ལོ། །འཇིག་རྟེན་ལས་འདས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད ་ནི་མྱ་ངན་ལས་འདས་པའི་ཁྱད་པར་ཡིན་ནོ། །དེ་ལ་འཇིག་རྟེན་ལས་འདས་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇིག་རྟེན་ཟད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཕུང་པོའི་ལྷག་མ་དང་བཅས་པ་ཡང་འཇིག་རྟེན་པའི་སེམས ་ཀྱིས་རིག་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་ནི་ཡིན་ན་དེ་ནི་འདིར་མི་བཟུང་སྟེ། སངས་རྒྱས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །མིང་ཙམ་ཞེས་བྱ་བ་ནི་དངོས་པོ་ཉིད་ལས་སེལ་བ་ཡིན་ཏེ། མདོ་ལས་ལྔ་པོ་འདི་དག་ནི་མིང་ཙམ་སྟེ་འདས་པར ་དང་མ་འོངས་པ་དང་མྱ་ངན་ལས་འདས་པ་དང་སོ་སོར་མ་བརྟགས་པར་འགོག་པ་དང་གང་ཟག་གོ་ཞེས་འབྱུང་བའི་ཕྱིར་རོ། །ཞི་བ་ནི་འཁོར་བའི་གནོད་པ་མེད་པའི་ཕྱིར་རོ། །མི་བསྙེངས་པ་ནི་དེ་ལ་འཇིགས་པར་བྱ་བ་དང་འཇིགས་པ་དག་མེད་པའི་ཕྱིར་རོ།། ་མི་བགྲེས་པ་ནི་ཟད་མི་ཤེས་པའི་ཕྱིར་རོ། །ནོངས་པ་མི་མངའ་བ་ནི་རྟག་པའི་ཕྱིར་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་གོ་འཕངས་དེ་ལྟ་བུ་བརྙེས་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ་།བཤེས་པའི་ཕྲིན་ཡིག་གི་རྒྱ་ཆེད ་བཤད་པ་ཚིག་གསལ་བ་ཞེས་བྱ་བ། སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ་