CLOSE WINDOW

N4478: rgyal po zla ba la springs pa'i spring yig
Wyliee-texts based on the ACIP/ALL Input

པའོ།། །།*། །རྒྱ་གར་སྐད་དུ། ཙནྡྲ་རཱ་ཛ་ག་ལ་ཁ་ཀ། བོད་སྐད་དུ། རྒྱལ་པོ་ཟླ་བ་ལ་སྤྲིངས?་པའི་ཕྲིན་ཡིག་།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །སེ་གསུམ་དབང ་ཕྱུག་མི་དང་ལྷ་ཡི་རྗེ། །ཡོན་ཏན་བརྟུལ་ཕོད་འཕགས་པའི་བུ་སྟོང་མངའ་། །མཉམ་མེད་ཆོས་ཀྱི་འཁོར་ལོ་སྒྱུར་མཛད་པ། །ཆོས་ཀྱི་རྒྱལ་པོས་རྒྱལ་པོ་རྒྱལ་གྱུར་ཅིག། གྲོགས་པོ་མིང་ཅན་རྣལ་འབྱོར་གྱིས། །ཟླ་བའི་མཚན་ཅན་ས་བདག་ལ། ། ་བརྩེ་བས་རྒྱང་ནས་ཉིད་ཀྱི་དྲུང། །རིགས་པའི་གདམས་ངག་ཕྲིན་དུ་གསོལ། །ས་བདག་ཇི་ལྟར་འབྱོར་པའི་དུས། །དེ་ཉིད་དུས་ན་སྤྱད་བཏང་ཞིང། །ཡོངས་སུ་བསྔོ་བས་གཏེར་དུ་སྦ། །ཚེ་འདི་གཅིག་ལ་གཞན་དཔག་མེད། །གང་ཚེ ་ཕྱི་ནས་སེར་སྣ་དང། །ཕོངས་པས་བསྲེགས་ན་ཅི་བགྱིད་མཆིས། །ས་བདག་ཇི་ལྟར་གང་དང་མཛའ་། །དེ་ལྟར་སྔ་ནས་འབྲེལ་རབ་སྤང། །དེས་ན་གནོད་པ་མང་པོའི་རྩ། །སྐལ་ལན་མི་བགྱིད་གྲགས་མི་བགྱིར?་།གང་ཚེ་ཡུད ་ཙམ་རྐྱེན་སྟོབས་ཀྱིས། །དབང་གྱུར་དེ་ཚེ་ཅི་བགྱིར་མཆིས?། །ས་བདག་ཇི་ལྟར་དགྲར་ལྟ་བ། །དེ་ལྟར་མངོན་ནས་རྩོད་མི་བགྱི། །མེ་ལགས་རྐྱེན་དབང་གིས་བསྐུལ་ལགས། །རྒྱུ་འདྲ་གཉིས་ཀ་དངོས་མེད་ཕྱིར། །གང?་ཚེ ་ནགས་ལ་མེ་ཤོར་ལྟར། །འབར་བར་གྱུར་ཚེ་ཅི?་བགྱིད?་མཆིས། །ས་བདག་ཇི་ལྟར་གཡར?་པོའི་ལུས། །ནད་མེད་རྒུད་མེད་བདེར་གནས་པ། །དེ་ཉིར?་ཚེ་ན་སྙིང་པོ་བླང། །ན་འཆི་རྒུད་པས་འཇིགས་མེད་བགྱི། །གང་ཚེ་ན་རྒས་རྒུད་སོགས་ན། ། ་དྲན་ཡང་དེ་ཚེ་ཅི་བགྱིར་མཆིས། །ལོངས་སྤྱོད་ཅི་འདྲ་ཁྱིམ་གྱིས་སྦྲང། །བཤེས་པ་ཅི་འདྲ་ཚོད་ཁང་མི། །སྡང་སྟེ་རྨི་ལམ་གནོད་པ་བཞིན། །རང་ལུས་ཅི་འདྲ་སྤྲུལ་གྱི་པགས། །འདུ་འཛི་ཅི་འདྲ་ནད་གཞི་བཞིན། །ཚེ་སྲོག་ཅི་འདྲ་རི་བཟང ་ཆུ། །གང་ཚེ་གང་ལ་སེམས་ཆགས་པ། །དེ་ཉིད་དུས་ན་བདེ་བཏང་བགྱི། །ཅི་ཕྱིར་ཆུང་ཡང་གང་ལ་ཞེན། དེ་ཉིད་འཆིང་བ་མི་བཟད་ཕྱིར། །གང་ཚེ་གང་ལ་སེམས་སྡུད་བ། །དེ་ཉིད་དུས་ན་དེ་བཞག་བགྱི། །ཅི་ཕྱིར་ཆུང་ཡང་བློ་འཁྲུགས་པ། ། ་དེ་ཉིད་འཕུར་གྲོལ་མི་བཟང་ཕྱིར། །གསོན་ཅིག་འདི་ལྟར་ཁྱོད་ཀྱིས། །རྒྱ་མཚོའི་མཐར་ཐུག་དབང་འབྱོར་པ་འདི། །ནམ་ཞིག་ཁྱོད་ཉིད་རྣམ་འགྱུར་དུས། །དེ་ཚེ་ཅི་འདྲ་ལེགས་པར་གསུངས། །རེ་ཞིག་ཁྱོད་སྐུ་རྡོ་རྗེ་ལྟར། །འགྲོ་བའི ་སྐྱབས་དང་རིན་ཆེན་ནི། །བརྟན་དུ་མི་རུང་གཡོ་བ་དག་པས། །ངེས་པར་སྐྱེས་དུས་དེ་མཆིས་སོ། །དེ་ལྟར་ཕུན་ཚོགས་དཔལ་གྱི་གསེབ། །ཁྱོད་ནི་དགྱེས་རྡོལ་སྙམ་བགྱིད་ན། །ཐར་པ་རྣམས་ཀྱི་རྒྱལ་སྲིད་བསྡམ། །རྒྱལ་པོ་བྱིང་བ་ལྟ་བུར ་གཟིགས། །སྡུག་བསྔལ་རྒྱ་མཆི་གཏིང་མཛའ་མེད། །སྲིད་པའི་ཀློད?་དུ་བྱིང་གྱུར་ཀྱང། །སྐྱོན་མེད་འཇིགས་མེད་དགའ་དང་རྟོད?། །བདག་ཅག་སྙིང་ལ་ཅི་ཞིག་མཆིས། །ཕོངས་དང་བཙལ་དགའ་གསུང་དང་བརླག། འབྲས ་དང་ཕྲད་དང་ན་རྒས་རྒུང?། །རྟག་ཏུ་འབར་བའི་མེར་ཞུགས་ཀྱང། །བདེ་རློམ་སྨྱོན་པ་ལགས་པ་སྙམ། །གཟུགས་སྒྲ་དྲི་རོ་རེག་དང་ཆོས། །གཟུགས་བརྙན་སྒྲ་བརྙན་ཚོགས་མཚུངས་ཕྱིར། །རྟག་ཏུ་མི་བསམ་ཆགས་མི་བགྱི། ། ་ཆགས་ནའང་དེ་ཉིད་རྣམ་སྤྱོད་མཛད། །ཐོག་མེད་བག་ཆགས་ལས་དབང་གིས། །སེམས་ནི་བྱུང་བས་རྩི་བཞིན་ནོ། །རིགས་པ་དང་ནི་གདམས་ངག་དང། །སྐྱོན་དྲན་པས་ནི་སླར་བཟློག་བགྱི།། ་དེ་ན་མེད་དོན་ལོག་དོན་དམན་དོན། །འདི་འདྲའི་དོན་དུ་འདོད་ནས་དང། །སྒོ་གསུམ་མི་བཟད་སྡུག་བསྔལ་བགྱིས། །མི་མཆོག་ཀྱང་ནི་རྣམ་དཔྱོད་རིགས། །ཇི་ལྟར་ལུས་དག་དེ་བཞིན?་ཡིད། །རྩེ་དང་འཁྱལ་དང་རྣམ་གཡེང་དང། །སྲོག ་གཅོད་ཕྲ་མ་གནོད་སེམས་སམ། །ཚེ་འདིར་ཆགས་པས་དགེ་བགྱིད?་པ། །དེ་ལྟ་དེ་ལྟར་དོན་ཡོད་བཟང། །དོན་མཆོག་བགྱིས་ན་ཅིས་མ་ལེགས། །ཇི་ལྟར་མི་རྟག་སྲིན་བུ་ཡི། །ཁར་ཆུང་མ་གྱུར་དེ་སྲིད་པར། །ལྷ་ཡི་སྲིད་པ་རུ ་བཟློག་ལ། །བསྒྲིམས?་པར་མཛོད་ཅིག་མི་ཡི་རྗེ། །གང་ཚེ་སྲིན་པོའི་མགྲིན་ཆུད་གྱུར། །དེ་ཚེ་ཁྱོད་ཀྱི་དམག་དང་དཔུང། །མཐུ་དང་འབྱོར་བ་བཙུན་མོ་སྲས། །རྩལ་སྙེམས?་ཅིར་ཡང་མ་མཆིས་སོ། །ཀྱེ་མ་སྔོན་ནས་དུབ་པའི་ལས ་རྟག་ཏུ་བཟོད་དཀའ་ཨི་སྡུག་བསྔལ་གྱིས། །ཉེར་བསྩལ་ད་དུང་སྙེམས?་མེད་ན། །རྒྱལ་སྲིད་རྒྱལ་པོ་ཇི་ལྟར་དྲེགས། །རྒྱ་མཚོར་བྱེད་པས་རྙེད་པའི་གྲུ། །ཆུ་རྒྱུན་དྲག་པོའི་རྦ?་དང་ནི། །མངར?་སྐྱུར?་ལོ་ཏོག་བྱ་སྐྲོད?་ཞིང། །རྒྱལ་པོ་ན་རྒས ་རྒུད་དང་འཆི། །བཞི་པོ་འདི་དག་བསམ་པར་གྱིས། །ཇི་ལྟར་ཕན་བརྟགས་དེ་ལྟར་གནད། །ཡོད་ན་སྐྱོ་དང་མེད་ན་གདུང། །འགྲོགས་ན་སྐྱོན་མཐང?་རྩོད་གྱུར་པ། །སེམས་ཅན་རྣམས་ཀྱི་མཚན་ཉིད་ལགས། །གཅིག་ཏུ་དགེ་བ་དཀར ་པོའི་ཆོས། །དེ་ནི་འདི་ཕྱིར་འཕྲལ་ཡུལ་དུ། །དོན་མེད་དོན་ཡོད་དགོས་མི་དགོས། །ན་རྒས་རྒུད་དང་འཆི་ལ་དྲིས། །ཀྱི་གུད?་འཇིག་རྟེན་མིག་བཅས་ལོང། །མངོན་སུམ་རྟག་ཏུ་ངེས་མཐོང་ཡང། །ད་དུང་ཅུང་ཟད་མི་སེམས་པ། ་ཁྱོད་སྙིང་རྡོ་རྗེར་གྱུར་ཏམ་ཅི། །ཚེ་འདི་བསྟོད་བདེ་རྙེད་གྲགས་ཀྱི། །གཟི་བརྗིད་འོད་ཀྱིས་སྙིང་བྲིད་པ། །འཆལ་རྣམས་དེ་དོན་གཉེར་བ་ཡིས། །སེམས་གཡེངས་ནས་ནི་དྲན་མ་མཆིས། །ཡུན་གྱིས་སྔོན་ནས་བལྟ་སྲིད། ་མཆོད་གཞན་དང་ཉམས་དང་རྒན། །འདི་ཙམ་གྲངས་ཀྱིས་ཤི་གྱུར་ཀྱང། །ཁྱོད་ནི་རྟེན་དབང་གིས་གནས་ན། །ཇི་སྲིད་སྐྱེས་ནས་ད་ལྟའི་བར། །དུས་ནི་ཐུང་ངམ་རིང་ཡང་རུང། །ཡུད་ཙམ་བསྡད་ཀྱང་མི་མཉམ ་པར། །སྐད་ཅིག་གཅིག་གིས་ཆད་པར་འདས། །དེ་བཞིན་དེ་ནས་འཆི་མཛའ་ཡས། །ཅུང་ཟད་འདུག་པའི་ལོང་མེད་པར། །ཕྱེད་ཀྱིས་འདས་པའི་སྐད་ཅིག་ལ། །དྲན་པ་ཡུད་ཙམ་བྱས་ཏེ་འགྲོ། །བཙུན ་མོ་ལྷ་མོ་འདྲ་ན་ཡང། །མི་བཟད་དུལ་གསུམ་རྒྱལ་བ་ཉིད། །སྒོ་དགུ་མི་གཙང་རྒྱུན་རྟག་འཛག་།བཤེས་གཟུགས་རོ་ལངས་ལགས་སོ་རྗེ། །ལྷ་ཅིག་ཇི་ལྟར་ཁྱོད་འབྱོར་ཀྱང། །གཤེགས་ནས་འཇིག་རྟེན ་གཞན་བཞུང་ཚེ། །མྱ་ངན་ཐང་ལ་དགྲ་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤེས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས ་ཀྱང། །གཟིགས་སུ་མ་མཆིས་གསན་མ་མཆིས། །གཅིག་ཙམ་ཉིད་གཅིག་ཕྱི་ཐག་གིས། །རྗེས་སུ་འབྲང་བའང་མི་མངའ་ཨོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང། །དེ་ཚེ་མེད་ན་གཞན་ཅི་སྨོས། །འཇིག ་རྟེན་བདེ་བ་སྡུག་བསྔལ་ཏེ། །ཐར་པའི་བདེ་བ་བདེ་བ་ཉིད། །དེ་བས་སྡུག་བསྔལ་མི་བཞེད་ན། །ངེས་པར་ཐར་པ་ཅིས་མི་བཞེད། །ཐར་པ་ཞེས་བྱ་བཅིངས་གྲོལ་ཕྱིར། །འཆིང?་རྒྱ?་ལོངས་སྤྱོད་སེམས་ཅན་ལུས ་བསྡམ?་ཕྱིར་ཆགས་སྡང་ཞེ་སྡང་ཡིན། །དེ་ཕྱིར་རྒྱལ་པོས་འདི་ཉིད་གཞོམ། །གང་ཡང་མི་ཡི་གཙོ་བོ་གསན། །འདི་ན་གང་དག་འདྲེན་པ་ཡི། །བཤེས་གཉེན་ངན་པས་སེམས ་བསླད?་དག། འཇིག་རྟེན་སྔ་ཕྱི་མེད་སྨྲ་བ། །དེ་ནི་སྦྲུལ་གདུག་ནག་པོའི་ལྷ། །ཚིག་ཙམ་རིག་པ་ལ་བརྟེན་ནས། །ཞིབ་མོ་རྣམ་དཔྱོད་མ་མཛད་པར། །ལྷ་ཡི་ཐུགས་བརྟན་མི་རུང་ངོ། །འདི་ལྟར་སྔ་ཕྱི་ཡོད ་མིན་ན། །ད་ལྟར་སྲོག་སེམས་གསལ་འདི་གང། །རླན་དྲོད་དུས་སང་ཡལ་འདབ་ལས། །མེ་ཏོག་འབྲས་བུ་ཇི་བཞིན་ནོ། །ནགས་དང་ས་ལས་མེ་ཏོག་དང། །ཤ་མོ་རྡོལ?་བ་བཞིན་ཅེ་ན། །འོ?་ན?་ཇི་ལྟ་དེ? ་ལྟ་བུར། །ཤིང་སྡོང་ལ་ཡང་སྲོག་སེམས་མིན། །གང་དེ་འདི་འདྲ་དངོས་པོའི་རིགས། །ཐ་དང་རིགས་པའི་མཚན་ཉིད་ནི། །དེ་བས་འདི་དང་འདི་ཡི་དཔེ། །མ་ཚུངས་པ། །དཔག་པར་མི་ནུས་སོ། ། ་གཟིགས་ཅིག་སེམས་ཅན་སྲོག་ལུས་ངག་།གཅིག་དང་ཅིག་ཤོས་རྟག་ཤི་ནི། །རེ་ཞིག་གཅིག་ན་ལུས་དང་སེམས། །ཤིང་དང་ནམ་མཁའ་འདྲ་བའི་ཕྱིར། །དེ་དག་ཕན་ཚུན་དེ་འདྲར་འགྱུར། །ཕ་དང་བུ ་ཡི་ལུས་སེམས་བཞིན། །དེ་ཟང་ཅིག་ཤོས་ཟད་མིན་པས། །ཐ་དད་ཕྱོགས་ཀྱང་མི་རུང་ངོ། །ཡུན་རིང་གནས་སྐབས་འབྲེལ་པ་ཡི། །རྗེས་སུ་འགྲོ་ལྡོག་དེས་ན་ནི། །ད་དང་ཡལ་ག་རི་དང ་སྡོད། །ཐམས་ཅད་དེ་ལྟར་ཐལ་བར་འགྱུར། །སེམས་ནི་ཐོགས་མེད་འགག་མེད་བདག་།མཁའ་ལྟར་ཞིང་དག་སྟོང་པའི་ཕྱིར། །གང་དུ་ཇི་ལྟར་ཆང་པར་འགྱུར། །དུལ་བ་གཞན་ཡང་མུ་སྟེགས ་ཅན། །བདག་ཏུ་ལྟ་བ་གཏན་སྨྲ་མཆིས། །འདི་ལ་མགོན་པོ་མ་བརྟགས་པར། །ཉིད་ཀྱིས་བབ་བཅོལ་མི་བགྱིད་?། །འཆིང་བ་རྣམ་གྲོལ་ལས་གདམས་པ། །གཟིགས་ནས་བརྟན་པོས་རྣམ་དཔྱོད། ་མངོན?། མི་བཟང་ལྟ་བ་འདི་ཉིད་ལས། །གཅིག་ནི་སྲེག་བྱེད་མེ་དཔུང་སྟེ། །གཉིས་པ་ལྕགས་སྒྲོག་འཆིང་བ་ལགས། །མཁས་རྣམས་ཉེ་བར་མི་བགྱིད་དོ། །དེ་ལྟར་ལྟ་བའི་དྲི་མ་ལས། །ལོག་ནས ་དྲང་སྲོང་བརྟན་བཞུགས་ཏེ། །ཉན་ཐོས་རང་སངས་རྒྱས་དང་སྲས། །ཐེག་གསུམ་རིམ་གྱིས་བགྲོད་པར་གསོལ། །དཔྱོད་ལྡན་བདག་གིས་ཁྱོད་གསོལ་ཚིག། །གུས་དང་མི་གུས་ཙམ ་ཉིད་ཀྱིས། །བླང་བར་མི་བགྱི་དོར་མི་བགྱི། །གསེར་ལས་མགར་བས་བསྲེག། སོགས་བཞིན། །རྣམ་བརྟགས་ངེས་པར་གྱུར་ནས་འདོད། །མི་རིགས ་རྒྱང་དུ་འཕང་དུ་གསོལ། །དེ་སྟེ་རིགས་པར་གཟིགས་ན་ནི། ཉིད་ཀྱི་སྤྱི་གཙུག་བླང་དུ་གསོལ། །།རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་ཕྲིན་ཡིག་།རྣལ་འབྱོར་གྱི་དབང ་ཕྱུག་ཤཱ་ཛི་ག་ཏ་མི་ཏྭ་ཨ་ནནྟས་མཛད་པ་རྫོགས་སོ།། །།རྣལ་འབྱོར་ཀྱི་དབང་ཕྱུག་དེ་ཉིད། ་དང། །བོད་ཀྱི་ལོ་ཆུང་གནུབས་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྱུར་བའོ།། །།རྣལ་འབྱོར་ཀྱི་དབང་ཕྱུག་དེ་ཉིད། ་