| Wylie | e-texts based on the ACIP/ALL Input |
ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། བི་མ་ལ་རཏ་ན་ལེ་ཁ་ནཱ་མ། བོད་སྐད་དུ། དྲི་མ་མེད ་པ་རིན་པོ་ཆེའི་ཕྲིན་ཡིག་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མ་ཧཱ་གྷ་ཏིར་སྐུ་བལྟམས་ནས། །སངས་རྒྱས་བསྟན་པ་འཕེལ་མཛད་ཅིང། །རྒྱལ་སྲིད་ཆོས་ཀྱིས་སྐྱོང་མཛད ་པ། ནིར་ཡ་ཕེལ་རྒྱལ་གྱུར་ཅིག་།ཁྱོད་ཀྱིས་སྔོན་ཆད་སྦྱིན་པ་དང། །དགེ་བ་བཅུ་དང་གསོ་སྦྱོང་དང། །བཟོད་དང་བརྩོན་འགྲུས་ལ་གོམས་པས། །ལྷ་ཁྱོད་ད་ལྟ་ཕུན་སུམ་ཚོགས། །བླ་མ་རྣམས་ཀྱི་བཀའ་ལུང་དང། །མདོ ་སོགས་ཆོས་ཀྱི་རྗེས་འབྲང་འདི། །གུས་པས་སྤྱི་བོས་བླང་མཛོད་དང། །བདག་གཞན་གཉིས་ལ་ཕན་པར་འགྱུར། །ཐེ་ཚོམ་ཐམས་ཅད་རྣམ་སྤང་ཞིང། །སྒྲུབ་ལ་ནན་ཏན་ཆེ་བར་མཛོད། །གཉིད་རྨུགས་ལེ་ལོ་རྣམ་སྤངས ་ཤིང། །རྟག་ཏུ་བརྩོན་འགྲུས་འབར་བར་བྱ། །དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང། །ཉིན་མཚན་དུས་སུ་ཡང་དང་ཡང། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །རང་སྐྱོན་རྟོག་ལ་མིག ་བཞིན་བྱ། །གཞན་སྐྱོན་རྟོག་ལ་ལོང་བ་བཞིན། །དྲན་དང་ང་རྒྱལ་མེད་པ་དང། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །བདག་གིས་ཉེས་པ་བསྒྲག་བྱ་ཞིང། །གཞན་གྱི་འཁྲུལ་བ་བཙལ་མི་བྱ། །གཞན་གྱི་ཡོན་ཏན་བསྒྲག་པར ་བྱ། །བདག་གི་ཡོན་ཏན་སྤ་བར་བྱ། །རྙེད་དང་བཀུར་སྟི་སྤང་བྱ་ཞིང། །ཁེ་གྲགས་རྟག་ཏུ་སྤང་བར་བྱ། །བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང། །བྱང་ཆུབ་སེམས་ནི་བརྟན་པར་མཛོད། །མི་དགེ་བཅུ་ནི་སྤང་བྱ་ཞིང། །རྟག་ཏུ ་དད་པ་བརྟན་པར་བྱ། །འདོད་པ་ཆུང་ཞིང་ཆོག་ཤེས་དང། །བྱས་པ་དྲིན་དུ་གཟོ་བར་བྱ། །ཁྲོ་དང་ང་རྒྱལ་སྤང་བྱ་ཞིང། །དམན་པའི་སེམས་དང་ལྡན་པར་བྱ། །ལོག་པའི་འཚོ་བ་རྣམ་སྤང་ཞིང། །ཆོས་ཀྱི་འཚོ་བས་འཚོ་བར་བྱ། །ཟང་ཟིང ་ཐམས་ཅད་རྣམ་སྤང་ཞིང། །འཕགས་པའི་ནོར་གྱིས་ཕྱུག་པོར་བྱ། །རྟག་ཏུ་འདུ་འཛི་སྤང་བྱ་ཞིང། །དགོན་པ་ལ་ནི་གནས་པར་བྱ། །འཁྱལ་བའི་ཚིག་རྣམས་སྤང་བྱ་ཞིང། །རྟག་ཏུ་དག་ནི་བསྡམ་པར་བྱ། །བླ་མ་མཁན་པོ་མཐོང ་བའི་ཚེ། །གུས་པས་རིམ་གྲོ་བསྐྱེད་པར་བྱ། །ཁྱད་པར་ཅན་གྱི་སྐྱེས་བུ་དང། །གང་ཟག་ཆོས་ཀྱི་མིང་ཅན་དང། །ལས་དང་པོ་ཡི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །སྡུག་བསྔལ་དག་གིས་གདུངས་པ་དང། ། ་སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །བྱང་ཆུབ་སེམས་ནི་བསྐྱེད་བྱ་སྟེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། །འཇིག་རྟེན་བྱ་བ་ཀུན་སྤངས་ཏེ། །རྟག་ཏུ་ཏིང་འཛིན་བསྒོམ་པར་མཛོད། །སྡིག་པའི་གྲོགས་པོ་སྤང་བྱ་ཞིང། །དགེ ་བའི་བཤེས་ལ་བརྟེན་པར་མཛོད། །ཚུལ་ཁྲིམས་འཆལ་བའི་དགེ་སློང་དང། །ཆོས་ཀྱི་ཕོངས་པ་གཞན་དག་དང། །སྡིག་པ་སྤྱོད་པ་མཐོང་བའི་ཚེ། །དེ་དག་ཡལ་བར་དོར་མི་བྱ། །མི་དགའ་ཨི་བཤེས་གཉེན་ཐམས་ཅད ་དང། །སྡིག་པའི་གྲོགས་པོ་ཐམས་ཅད་དང། །དཀོན་མཆོག་གསུམ་དང་བླ་མ་དང། །མཁན་པོ་སློབ་དཔོན་མི་གུས་དང། །བྱས་པ་དྲིན་དུ་མི་གཟོ་དང། །ཚེ་འདི་འབའ་ཞིག་དྲན་པ་དང། །གཞན་ཡང་དད་པ། ་ཆུང་བ་དང། །ཞག་གསུམ་འདས་པར་གནས་མི་བྱ། །སྤང་དང་མི་བདེའི་ས་སྤང་ཞིང། །གང་དུ་བདེ་བར་འགྲོ་བར་བྱ། །གང་ལ་ཆགས་པ་སྤང་བྱ་ཞིང། །ཆགས་པ་མེད་པར་གནས་པར་བྱ། །ཆགས་པས་བདེ་འགྲོ ་མི་ཐོབ་ཅིང། །ཐར་པའི་སྲོག་ཀྱང་གཅོད་པར་བྱེད། །གང་དུ་དགེ་བའི་བཤེས་གནས་པ། །དེར་ནི་རྟག་ཏུ་གནས་པར་བྱ། །བླ་མ་རྟག་ཏུ་བསྟེན་བ་དང། །རྟག་ཏུ་མདོ་སྡེ་བལྟ་བར་བྱ། ། ་ཐོག་མར་བརྩམས་པ་གང་ཡིན་པ། །དང་པོར་དེ་ཉིད་བསྒྲུབ་བྱ་ཞིང། །གཞན་དུ་གཉི་ག་འགྲུབ་མི་འགྱུར། །གཞན་དུ་སྡིག་པ་བཤགས་པ་དང། །བསོད་ནམས་མཆོག་ལ་འབད་པར་བྱ། །འཇིག་རྟེན་སྤྱོད་དང་མཐུན ་པ་དང། །རྟག་ཏུ་ཕ་རོལ་སེམས་བསྲུང་མཛོད། །གང་ཚེ་ན་ཐོ་བའི་སེམས་སྐྱེས་ཚེ། །དེ་ཚེ་ང་རྒྱལ་བཅག་བྱ་ཞིང། །གང་དུ་བག་ཡོད་བྲལ་བའི་ཚེ། །བླ་མའི་གདམས་ངག་དྲན་པར་བྱ། །ཞུམ་པའི་སེམས་ནི་བྱུང ་བའི་ཚེ། །སེམས་ཀྱི་གཟེངས་ཀྱང་བསྟོད་པར་བྱ། །ཞེས་རབ་ཕ་རོལ་ཕྱིན་དྲན་ཏེ། །སྒྲོས?་པ་མ་ལུས་ཞི་བར་མཛད། །གང་དུ་ཆགས་སྡང་ཡུལ་བྱུང་ཚེ། །སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ། །མི་སྙན་ཚིག་རྣམས་ཐོས ་པའི་ཚེ། །བྲག་ཅི་ལྟ་བུར་མཁྱེན་པར་མཐོང། །ལུས་ལ་གནོད་པ་བྱུང་བའི་ཚེ། །སྔོན་གྱི་ལས་སུ་བལྟ་བར་བྱ། །བས་མཛའ་མགོན་པར་རབ་གནས་ཤིང། །རི་དགས་ཤི་བའི་རོ་བཞིན་དུ། །གང་དུ་སུས་ཀྱང་མི ་ཤེས་པར། །བདག་གིས་བདག་ཉིད་སྤ?་བར་བྱ། །རྟག་ཏུ་ཡིར་མ་བསྟན་པར་བྱ། །འདོད་དང་གནོད་སེམས་གཉིད་དང་རྨུགས། །ལེ་ལོ་སྙམས་ལས་སེམས་བྱུང་ཚེ། །དེ་ཚེ་བདག་ལ་རྔན་བགྲད?་ཞིང། །བརྟུལ་ཞུགས་སྙིང་པོ་དྲན་བྱ ་དང། །མི་རྟག་པ་དང་ཆི་བ་བསམ། །གཞན་གྱི་མདུན་དུ་གནས་པའི་ཚེ། །ཞི་དེས་གསོད་པོར་སྨྲ་བར་བྱ། །ཁྲོ་གཉེར་ངོ་འཛུམ་སྤང་བྱ་ཞིང། །རྟག་ཏུ་འཛུམ་ཞིང་གནས་པར་བྱ། །རྟག་ཏུ་གཞན་ལ་དགའ་བྱ་ཞིང། །སེར་སྣ་མང? ་ཅིང་གཏོར?་ལ་དགའ་། །རྟག་ཏུ་ཕྲག་དོག་སྤང་བར་བྱ། །གཞན་གྱི་སེམས་ནི་བསྲུང་བྱ་ཞིང། །རྩོད་པ་ཐམས་ཅད་སྤང་བར་བྱ། །དེ་དགའ་མེད་ཅིང་གསར་འགྲོགས་མེད། །རྟག་ཏུ་ཟུངས?་ནི་ཐུབ་པར་བྱ། །རྟག་ཏུ་བཟོད་དང ་ལྡན་པ་དང། །འདོད་པ་ཆུང་ཞིང་ཆོག་ཤེས་མཛོད། །གདོལ?་བ་བྲན་གྱི་འདུ་ཤེས་སོ། །པོ་ཚ་ཤེས་དང་འཁྲེལ?་ཡོད་དང། །ཕ་རོལ་མགུ་བྱ་དེ་ལ་བརྩོན། །རང་གི་སྡོམ་པ་བསྡམས་པར་མཛོད། །གཞན་ལ་བརྙས་པ་སྤང་བྱ་ཞིང། །གུས་པའི་ཚུལ་གྱིས ་གནས་པར་བྱ། །གཞན་ལ་གདམས?་ངག་བྱེད་པའི་ཚེ། །སྙིང་རྗེ་ཕན་སེམས་ལྡན་པར་མཛོད། །སངས་རྒྱས་ཆོས་ལ་གུས་པ་དང། །དམ་ཆོས་ནམ་ཡང་སྤང་མི་བྱ། །རྟག་ཏུ་དཀོན་མཆོག་གུས་པ་དང། །འཁོར་གསུམ་ཡོངས་སུ་དག་པར ་མཛོད། །སྔོན་དུ་སྙིང་རྗེ་སོང་བ་ཡིས། །ཉིན་དང་མཚན་མི་ལན་གསུམ་དུ། །མཆོད་པ་བདུན་དུ་རབ་གྲགས་པའི། །ཕུང་པོ་གསུམ་པ་གདོན་པར་མཛོད། །འགྲོ་བའི་སྡུག་བསྔལ་བསལ་འདོད་པས། །སྨོན་ལམ་རྒྱ་ཆེན་གདབ་པ་དང། ་སེམས་ཅན་སྨོན་དང་བྱང་ཆུབ་འདོད། །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །དུས་ནི་རིང་པོར་དམ་བཅས་ནས། །རྟག་ཏུ་བརྩོན་དང་ལྡན་པར་བྱ། །དེ་ལྟར་མཛད་ན་ཚོགས་གཉིས་པོ། །རྫོགས་འགྱུར་སྒྲིབ་གཉིས་ཟད་པར་འགྱུར། ། ་མི་ལུས་ཐོབ་པ་དོན་ཡོད་ཅིང། །མཐོང་བའི་ཆོས་ལ་མྱ་ངན་འདའ་། །བདག་དང་གཞན་དོན་རྫོགས་གྱུར་ནས། །དམ་པ་ཉིད་ནི་ཐོབ་པར་འགྱུར། །སོས་ཀའི་ཁུ་བྱུག་གཞོན་ནུ་སྙན་སྒྲོག་ཅེས། །རྨ་བྱ་གཞོན་ནུ་སྐད་སྙན་མི་སྒྲོགས ་སམ། །མཁས་པ་མང་པོས་གསུངས་བ་ཡོང་མོད་གྱིས། །རྒྱལ་པོ་གདུང་བ་གཅད་ཕྱིར་བྲིས་པ་ཡིན། །ཕན་སེམས་ལྡན་པའི་གཏམ་འདི་ལེགས་པར་དགོངས་མཛད་ལ། །རྟོག་དང་ལྡན་པའི་སྐྱེ་བོ་གཞན་ལ་སྨྲ?་བར་མཛོད། ་རྟག་ཏུ་ལྷ་དྲུག་དྲན་མཛོད་དམ་ཚིག་གཙང་བར་མཛོས?། །རྒྱལ་སྲིད་ཆོས་ཀྱིས་སྐྱོང་མཛོད་བདག་ལ་བཟོད་པར་མཛོད། །དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག་ཅེས་བྱ་བ། གནས་བརྟན་མཁས ་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས། །རྒྱལ་པོ་ནི་རཱ?་ཕལ་ལ་བརྫངས?་པ། རྫོགས་སོ།། །།དུས་དེ་ཉིད་དུ་བླ་མ་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྐྱབ། ཤལོ་ཀ་བཞི་བཅུ ་པའོ།། །།*། །རྒྱ་གར་སྐད་དུ། ཙནྡྲ་རཱ་ཛ་ག་ལ་ཁ་ཀ། བོད་སྐད་དུ། རྒྱལ་པོ་ཟླ་བ་ལ་སྤྲིངས?་པའི་ཕྲིན་ཡིག་།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །སེ་གསུམ་དབང ་