CLOSE WINDOW

N4476: bu la springs ba
Wyliee-texts based on the ACIP/ALL Input

ཡིག་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་གར?་ཏ་མ་ཏྲི་ཨཱ་ནན་ཏས་མཛད་པ། བཤེས་པའི་ཕྲིན་ཡིག་རྒྱ་ཆེར་བཤད་པ་ཚིག་གསལ་བཞུགས་སོ།། །།རྒྱ་གར་སྐད་དུ། པུ?་ཏྲ་ལེ་ཁ། བོད་སྐད་དུ། བུ་ལ་སྤྲིངས ་སྤྲིངས་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚོ་ཆེན་ས་གཞིར་གྱུར་འདི་དགྲ་བཅོམ་བྱེ་བའི་ཡུལ། །ལེགས་སྤྱོད་མིས་གང་དཔེ་མེད་དཔལ་སྒོ་རིག་གནས་འདིར། །མཁས་པ་རིན་ཆེན་རྡོ་རྗེའི་རྒྱུད་འཛིན་བྲམ་ཟའི ་རིགས། །གཟུགས་སྟོབས་ཤེས་རབ་ཕུན་ཚོགས་མ་ཧཱ་ཛཱ་ནར་འགྱུར། །མཆོག་ཏུ་བརྩེ་བའི་ཕ་མ་མཛའ་བཤེས་གཉེན་འདུན་ཚོགས། །མཆིལ་མའི་ཐལ་བ་བཞིན་དུ་ལྟོས་མེད་ཡལ་དོར་ནས། །མཛའ་ཁོབ་ཀླ་ཀློ་མིན་པའི་ནང་ན ་གཅིག་འཁྱམ་པ། །བློ་ལྡན་བུ་དེ་ཤེས་རབ་སྒྲོན་མེས་སྣང་གྱུར་ཅིག་།ཤིན་ཏུ་བརྩེ་བའི་དེད་དཔོན་བདག་གིས་ནི། །ལེགས་བཤད་རྒྱ་མཚོའི་གླིང་ནས་བླངས་པ་ཡི། །སྤྲིངས་ཡིག་རིན་ཆེན་འདི་ནི་བུ་ལ་བསྐུར། །རབ་གུས་དགའ་ཞིང་དང ་པས་མཉན་པར་གྱིས། །དགེ་བའི་ཡུལ་དགུས་ཁང་བཟངས་ལོངས་སྤྱོད་དང། །གཡོ་མེད་སེམས་ཀྱིས་རྒྱུན་ཏུ་བརྩེ་བ་ཡི། །ཕ་མ་མཛའ་བཤེས་རྩ་ལག་སྤངས་ནས་ནི། །བུ་ཁྱོད་མཛའ་འཁོབ་རྒྱུ་བ་ཤིན་ཏུ་རྨད། །དམ་ཆོས་ཕྱིར ་ནི་ཕ་མ་ཡལ་དོར་ནས། །ནོར་བཟངས་བཞིན་དུ་ཡུལ་གཞན་རྒྱུ་འོས་ན། །འདོད་པའི་དོན་དུ་ཕ་མ་ཡལ་དོར་ནས། །སྨད་པའི་ཡུལ་དུ་རྒྱུ་བ་ག་ལ་རིགས། །བུ་ཁྱོད་གཟུགས་སྡུག་མཆོག་དང་སྒྲ་སྙན་དང། །དྲི་ཞིམ་རོ་མཆོག ་རེག་བྱའི་བདེ་བྱེད་པ། །འདོད་པའི་འདམ་དུ་འགྲོ་བ་འདི་དག་བྱིང། །དཔེར་ན་གླང་ཆེན་འདམ་དུ་ཚུད་པ་བཞིན། །འདོད་པ་ལས་ནི་འཇིགས་དང་སྡུག་བསྔལ་དང། །མྱ་ངན་དང་ནི་འཚེ་བ་སྣ་ཚོགས་འབྱུང། །གསོད་དང་བཅིང་དང ་ཡན་ལག་གཅོད་པ་དང། །མེ་དང་ཆུ་དང་གཡང་སར་འདོར་བར་བྱེད། །འདོད་ལ་བརྐམ་པས་སེམས་ཅན་དམྱལ་བ་དང། །ཡི་དགས་དུད་འགྲོ་རྣམས་སུ་སྡུག་བསྔལ་རྙེད། །མིར་གྱུར་ནི་ཡང་གཟུགས་ངན་མི་སྙན་དང། །དྲི་མི ་ཞིམ་དང་བཀྲེས་སྐོམ་ནད་ཀྱིས་གཟིར། །གཡན་པ་ཅན་ལ་ཕྲུགས་ན་བདེ། །དེ་བས་གཡན་པ་མེད་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ?། །དེ་བས་འདོད་པ་མེད་ན་བདེ། །ཇི་ལྟར་མེ་ལོང ་བྲག་ཅ་དང། །སྤོས་སྣོད་བཟར་བུ་ནམ་མཁའ་རྣམས། །གཟུགས་བརྙན་སྒྲ་གྲགས་སྤོས་དང་ནི། །ཚོད་མའི་རོ་དང་རླུང་རྣམས་ཀྱིས། །ནམ་ཡང་ངོམས་པར་འགྱུར་བ་མེད། །དེ་བཞིན་མིག་དང་རྣ་བ་དང། །སྣ་དང་ལྕེ་དང་ལུས་དང ་རྣམས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང། །རོ་མཆོག་རེག་བྱ་བདེ་བ་ཡི། །ནམ་ཡང་ངོམས་པར་འགྱུར་བ་མེད། །དེ་བས་འདོད་པ་རྣམས་སྤོང་ཞིང། །འཕགས་པའི་ཚོགས་རྣམས་བསྟེན་པར་བྱས། །ཚུལ་ཁྲིམས་ཏིང ་འཛིན་ཤེས་རབ་མཆོག་།རྣམ་གྲོལ་བདེ་བས་ངོམས་པར་འགྱུར། །འདོད་ལ་ཆགས་པ་སྤང་བར་བྱའོ། །ནོར་ལ་ཆགས་པས་འདི་གདུང་ཕྱི་མར་གདུང། །གཉིས་ཀར་གདུང་སྟེ་དེས་ན་བདག་ཉིད་ཀྱིས། །ལས་རྣམས་སྨིན་མཐོང ་དེ་གདུང་རབ་ཏུ་གདུང། །འགྲོ་བ་དམན་པར་སོང་བས་ཕྱིར་ཞིང་གདུང། །བསག་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཀྲོལ་མཛའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས ་སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ནོར་གྱི་ཕྱིར་ནི་རྒྱལ་པོ་ངག་དོན་གྱིས། མིག་གཉིས་ཚེར་མ་རྣོན་པོས་བཏུང་བར་གྱུར། །བུ་མོ་མངའ་མོ་རྣ་བ་བྱེ་བ་རི། །རྒྱ་མཚོར་ཤི་འཕོས་འཁྱམས་པར་གྱུར་པ་ཡིན། ་འོང་ན་ནོར་ཚལ་ཁ་ཅིག་བསལ་ཤིང་བཙུགས། །ལ་ལ་ཡན་ལག་ཉིད་ལག་གཅོད་པར་སྣང། །གཞན་དག་བརྩོན?་ར་ཤིན་ཏུ་ཟབ་མོར་བཅུག། ཁ་ཅིག་ཁོང་ཁྲོལ་སུ་མི་འདོད་ཀྱིས་བཅིངས། །ནོར་བུ་ལན་པའི་ཚོང་པ ་ལྔ་བརྒྱ་དག། སིང་ག་ལ་ཡི་གླིང་དུ་སྲིན་མོས་གཟུང། །རྫུ་འཕྲུལ་ཆེན་པོའི་རྟ་རྒྱལ་བ་ལ་ཧས། །དེ་དག་བསྒྲལ་བར་ནུས་པ་མ་ཡིན་ནོ། །འདི་ན་གསེར་དང་དངུལ་དང་བཻ་ཌཱུརྱ། །མུ་ཏིག་བྱུ་རུ་ཨསྨ་གར་བྷ་དང། །ཀརཥ་པ་ཎ་ལ་སོགས་ཆར་བབ ་ཀྱང། །ནོར་ཚོལ་རྣམས་ནི་ངོམས་པར་འགྱུར་བ་མེད། །གངས་ཅན་འབིགས་བྱེད་དང་ནི་མཉམ་པ་ཡི། །ནོར་གྱི་ཕུང་པོ་ལ་ནི་དབང་སྒྱུར་ཀྱང། །ནོད་ཚོལ་གཅིག་ཀྱང་ངོམས་པར་འགྱུར་མ་ཡིན། །དེ་ཕྱིར་བུ་ཁྱོད་ནོར་ལ་ཆགས་པ་སྤོངས། ་འདི་ནི་ནོར་མང་སྐྱེ་བོ་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ཡིན་ཏེ། །ཀླུ་དབང་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ལུས་སྲོག་ཡལ་བར་དོང་ནས་ནོར་བསགས་ཀྱང། །ཤི་ན་སྐལ་བ་ཉམས ་པར་འགྱུར་པ་ཡི། །ནོར་དེ་རྨི་ལམ་སྤྲིན་དང་མཚུངས་པ་ཡིན། །དེ་བས་འདོད་པ་ཆུང་ཞིང་ཆོག་ཤེས་བྱ། །ནོར་མང་བསགས་ཤིང་སྤ་བྱས་ཀྱང། །ཅུང་ཟད་ཅུང་ཟད་སྤྱད་པ་ཡིས། །འཇུངས་པ་ཡི་ནི་འབྲི་བ་ལྟར། །སྡུག ་བསྔལ་བསྐྱེད་པ་ཁོ་ནར་ཟང། །བུ་ཁྱོད་གལ་ཏེ་ནོར་ཚོལ་ན། །འཕགས་པའི་ནོར་བདུན་བསྟེན་པར་གྱིས། །རྒྱལ་པོ་རྐུན་པོས་མི་ཕྲོགས་ཤིང། །སྲིད་པའི་དབུལ་བ་སེལ་བར་འགྱུར། །རྟག་ཏུ་ཚུལ་ཁྲིམས་ལྡན་པ་ལ། ། ་སྦྱིན་པ་བཀུར་སྟི་བརྒྱན་པར་གྱིས། །ནོར་རྣམས་ཇི་ལྟར་གཏང་དུ་སྤོས། །རྗེས་སུ་འབྲང་ཞིང་འཕྲོག་དུ་མེད། །འདི་ནི་ནོར་སློང་དམན་པ་སྟེ། །མི་སྦྱིན་པ་ནི་དེ་བས་དམན། །ནོར་སྦྱིན་པ་ནི་མཆོག་ཡིན་ཏེ། །མེ་འདོད་པ་ནི ་དེ་བས་མཆོག། ནོར་ལ་ཆགས་པ་སྤངས་པའོ། །འདོད་པའི་ཕྱིར་ནི་བྱིས་པ་རྣམས། །བུད་མེད་རུལ་བ་སྟེན་བྱེད་པ། །འགྲོ་བ་རུལ་བར་འགྲོ་འགྱུར་ཞིང། །ངན་སོང་རྣམས་སུ་ལྟུང་བར་འགྱུར། །འཇིགས་པ་ཆེན་པོའི་འཆིང་བ་ནི ་བུད་མེད་ཞགས་པ་མི་བཟད་པ། །སངས་རྒྱས་རྣམས་ཀྱིས་འདོད་པ་དང། །བུད་མེད་བསྟེན་པའང་མ་བསྔགས་སོ། །ལམ་འདིས་བྱང་ཆུབ་པར་བཅད་པས། །སྦྲུལ་གདུག་ཤིན་ཏུ ་ཁྲོ་བ་ལྟར། །མཁས་ཁྱོད་བུད་མེད་རྣམ་པར་སྤོངས། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བར་གལ་འགྱུར། །བུད་མེད་འཕུང་པར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་འཕུད། །རྣམ་པ་ཀུན་ཏུ་ནོར་འཇིགས་དང། ། ་ངན་སོང་རྩ་བ་བུད་མེད་ཡིན། །བུ་ཁྱོད་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྟག་ཏུ་སྤང། །བུད་མེད་རྣམས་ཀྱི་རང་བཞིན་ནི། །འདོད་ཅན་རྣམས་ཀྱིས་མེ་རིགས་ཏེ། །སྐྱེས་པ་དང་ནི་ཡིད་བཅུགས་ཤིང། །རྩ་དགའ་དུ་མ་བྱས ་ནས་ཀྱང། །སྦྲུལ་གྱི་པགས་རྙིང་འདོར་བ་ལྟར། །བུད་མེད་ཀྱིས་ནི་གློ་བུར་འདོད། །སྦྲང་མས་མེ་ཏོག་རྙིང་པ་ལྟར། །བུད་མེད་ཀྱིས་ནི་ནོར་མེད་པའི། །སྐྱེས་པ་རྒན་པོ་འདོར་བྱེད་ཅིང། །གཟུགས་བྱད་ངན་པའང་འདོད་པ་ཡིན། །རབ ་ཏུ་བརྩེ་བས་བུད་མེད་དག་།ཐམས་ཅད་དུ་ནི་ཡོངས་བསྐྱངས་ཀྱང། །བུད་མེད་ཤིན་ཏུ་མི་བཟང་པ། །བདག་གིར་བྱས་པར་མི་ནུས་སོ། །དེ་ཡི་རང་བཞིན་དེ་ཡིན་ཏེ། །བུད་མེད་རྣམས་ནི་སེམས་མི་བསྲུན། །བྱས་པ་དྲིན་དུ ་མི་གཟོབས། །རང་གི་སྐྱེས་པའང་གསོད་པར་བྱེད། །ཆུ་བོ་དང་ནི་སྡེར་མོ་ཅན། །རྭ་ཅན་ལག་ན་མཚོན་ཐོགས་དང། །རྒྱལ་པོ་ངན་དང་བུད་མེད་ལ། །ནམ་ཡང་ཡིད་བརྟན་མི་བྱའོ། །བུད་མེད་ཁ་ཟས་ཉིད་འགྱུར་ཏེ། ། ་གཡོ་སྒྱུ་དག་ནི་བཞི་འགྱུར་ཡིན། །ཕྱག་དག་ཤས་ནི་དྲུག་འགྱུར་ཏེ། །འདོད་པ་བརྒྱ་འགྱུར་ཡིན་རིག་བྱ། །ཤིང་རྣམས་ཀྱིས་ནི་མེ་དང་ནི། །ཆར་གྱིས་རྒྱ་མཚོ་ཆེན་པོ་དང། །འབྱུང་པོ་ཀུན་གྱིས་གཤིན་རྗེ་ལྟར། །སྐྱེས ་བས་བུད་མེད་ངོམས་མི་འགྱུར། །སུ་ཀ་རྩེ་ཡིས་ཁ་ཆུ་ཡིས། །བྱེ་མའི་ཕུང་པོ་ཇི་ལྟར་སྤངས། །སྐྱེས་པ་གཞོན་ནུ་ཐམས་ཅད་ཀྱིས། །བུད་མེད་གཅིག་ནི་དེ་བས་མི་འགྱུར། །བྱི་བོ་བྱེད་པའི་དང་ཚུལ་ཅན། །མ་བསྡམས་མི་བསྲུན ་འདོད་ལ་བརྐརམ?། །རང་གི་ཆུང་མས་མི་ཆོག་སྟེ། །འཇིག་རྟེན་དག་ན་སྨད་འོས་ཡིན། །འདི་ཡང་ཕ་རོལ་སྡུག་བསྔལ་འགྱུར། །གསོད་དང་བྱད་པ་དྲག་པོ་མྱོང། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །དེ་བས་བུ་ཁྱོད་དེ་སྤོངས་ཤིག་།བྱི ་བོ་བྱེད་བ་ཤལ་མ་ལི། །ལྕགས་ཀྱི་ཚོར་མ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །དུ་ཞིང་སྟོབས་ཀྱིས་འཛག་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟ། །མཆེ་རྣོ་ལུས་ཆེ་འབར་བ་ཡིས། །གཞན་གྱི་བུད་མེད ་འཕྲག་པ་ལ། །ཅི་ནས་ཟ་བ་ཁོ་ནར་འགྱུར། །གལ་ཏེ་ཆུང་མར་བརྟེན་མ་ཡང། །དེ་ཡིས་ཉེས་དམིགས་དྲུག་ཅུ་ལྔ། །དྲག་ཤལ་ཅན་གྱི་མདོ་ལས་གསུངས། །དེའི་ཕྱིར་བུད་མེད་སྤང་བར་བྱ། །བུད་མེད་ལ་ཆགས་སྤང་བའོ། །གང ་ཞིག་འཐུང་ནས་ར་རོ་གོམ་ཚུགས་དབང་མེད་འདོར། །ཡུལ་གོང་མ་འདིས་བར་ཡང་འཁྱམ་ཞིང་རྡེག་འཆེས?་འགྱུར། །བཟའ་དང་མི་བཟའ་དཔྱད་མེད་འདྲེས་པ་ཟང། །དེ་བས་བུ་ཁྱོད་མྱོས་འགྱུར་ཁུ་བ་རྟག་ཏུ་སྤོང། །གང་འཐུངས ་ན་ནི་བདག་ལ་བརྟན་མེད་བློ་ཉམས་ཤིང། །ཕྱུགས་དར་འདྲ་བར་མཛའ་བོས་སྤོང་ཞིང་དགྲ་བོས་འཕྱ། །འདུས་པ་བྲོ་གང་བྱེད་ཅིང་གླུ་ལེན་མཁར་རྔ་བརྡུང། །དགེ་ལེགས་གྲགས་ཉངས?་རྒྱུ་དེ་སུ་ཞིག་འཐུང་པར་བྱེད། ། ་དེ་འཐུངས་ངོ་ཚ་ཁྲེལ་ཡོད་དོར་ནས་ནི། །གཅེར་བུར་བྱུང་ཀྱང་འཛེམ་མང?་སྨྱོན་པ་བཞིན། །རྐུན་བུ་གཅན་གཟན་རྒྱུ་བའི་ལམ་དུ་འགྲོ། ལུས་སྲོག་ཉམས་རྒྱུ་དེ་ན་ཁྱོད་ཀྱིས་སྤང། །དེ་འཐུར་སྒྱུགས་པས་གོས་འདི ་འགྱེལ་གྱུར་ནས། །ཁ་ཡང་ཁྱི་ཡིས་དོགས་པ་མེད་པར་ལྷག་།དྲན་མེད་ལམ་པོ་ཆེར་ཡང་ཉལ་འགྱུར་ན། །བག་མེད་རྩ་བ་རྟག་ཏུ་སྤང་བར་བྱ། །གང་ཞིག་འཐུང་ནས་མྱོས་པར་འཁྲུལ་འགྱུར ་ཏེ། །འབྲིས་ན་ཨནདྷ་དག་ཀྱང་རྨེ་བྱུང་ན། །དུ་ཆེན་འཐིབས་ཏེ་ཕན་ཚུན་ཐལ་མར་བྱུང། །འཕུད་ཀྲོལ་རྩ་བ་དེ་ནི་སུ་ཞིག་འཐུངས་ན་དཔལ་གྱི་གཞིར་གྱུར་རིགས། །ཇེ་མཐོ་ཇེ་མཐོ་གྱུར་པའང་རླག་བྱེད་པ། །ནོར་གྱི་དབྱིག་ལྡན་ཁྱིམ་ཀྱང ་འཐུང་འགྱུར་བ། །ཉེས་མང་གཞི་རྩ་དེ་ནི་སུ་ཞིག་འཐུང། །གློ་བུར་དུ་ཞིང་རེས་འགའ་དགོད་པར་བྱེད། །མ་ངེས་སྨུ་ཞིང་གདོན་གྱིས་ཟིན་པ་བཞིན། །དམ་པས་སྨད་ཅིང་བརྙས་པའི་གནས་གྱུར་པ། །འཁྲུལ་བསླད་རྒྱུ་དེ་སུ ་ཞིག་འཐུང་བར་བྱེད། །བག་ཡོད་རྣམས་ཀྱང་དེ་འཐུངས་སེམས་ཉམས་ཤིང། །བདག་ལ་ཕན་པའི་ལམ་དུ་མི་འཇུག་ལ། །མ་བརྟགས་མང་དུ་སྨྲ་ཞིང་ཚིག་རྩུབ་འབྱིན། །སྒོ་གསུམ་ཉམས་བྱེད་དེ་ནི་བཏུང་མ་བྱ། །གང་གི ་ཉེས་པས་སྔོན་གྱི་ལྷ་རྣམས་མྱོས། །ལྷ་ཡི་དབང་པོའི་དཔལ་ནི་ཉམས་གྱུར་ནས། །སྐྱབས་འདོད་ཕྱིར་ན་རྒྱ་མཚོའི་ནང་དུ་གབ། །ལྷ་ཡང་ཉམས་བྱེད་དེ་ནི་བཏུང་མི་བྱ། །མི་བྱ་བ་ཡང་བྱ་བ་བཞིན་དུ་བྱེད། །མི་བདེན་པ་ཡང ་བདེན་པ་བཞིན་དུ་སྨྲ། །ཞུམ་པ་རྣམས་ཀྱང་མ་ཞུམ་བཞིན་དུ་སྤྱོད། །མྱོས་འགྱུར་རིགས་ཉམས་སྡུག་བསྔལ་རྒྱུར་གྱུར་པ། །སྡིག་པའི་སྲིན་མོ་བྱུར་ངན་མངོན་སུམ་བཞིན། །རྩོད་པའི་གཞི་དང་ཐ་དད་མ་ཡིན་པ། །སྙིང ་གི་མུན་པ་མི་བཟད་དེ་སུ་འཐུང། །དེ་འཐུང་ཡིད་ནི་རབ་ཏུ་འཁྲུགས་གྱུར་ནས། །བརྩེ་བའི་ཕ་དང་མ་ཡང་གསོད་འགྱུར་ཞིང། །ཉེས་མེད་དགེ་སློང་བྲམ་ཟེ་དྲང་སྲོང་གསོད། །ཆོམ་རྐུན་དང་ནི་ལོག་གཡེམ་སྲད་པ་བྱེད། ། ་རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་པ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟའི་མུན་པ་འཛིན། །མི་དགེ་བ་ཡི་རྩ་བ་དེ་ནི་བཏུང་མི་བྱ། །གང་ཞིག་འཐུངས་ན་ཚུལ་ཁྲིམས་ཏིང་འཛིན་དང། །ཤེས་རབ་ལྟ་བ་འཚོ་བ་ཆོ་ག་དང། །དྲན་པ ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །དགེ་ཆོས་ཆུད་ཟོན་དེ་ནི་བཏུང་མི་བྱ། །དེ་འཐུངས་སྡིག་སྤྱོད་རྣམས་ནི་ལུས་ཞིག་ནས། །རབ་ཏུ་བཟོད་དཀའ་ཨི་སེམས་ཅན་དམྱལ་བར་ལྟུང། །ཡི་དགས་དུད་འགྲོ་རྣམས་དང་སྨྱོན་པར་འགྱུར ་སྡུག་བསྔལ་རྩ་བ་དེ་ནི་བཏུང་མི་བྱ། །ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་གསུམ་ཅུ་རྩ་ལྔ་གསུངས། །དེ་ཕྱིར་བུ་ཁྱོད་བདག་ལ་ཕན་འདོད་ན། །ཉེས་ཀུན་རྩ་བ་དེ་ནི་བཏུང་མི་བྱ། །ཆང་དགའ་དགོས་པ་ཐམས་ཅད ་ལ། །རྟག་ཏུ་བག་མེད་སྤྱོད་པར་འགྱུར། །མཁས་པ་རྣམས་ཀྱིས་སྨད་འགྱུར་ཞིང། །དཀར་པོའི་ཆོས་རྣམས་འགྲིབ་པར་འགྱུར། །ཉེས་ཀུན་རྩ་བ་བག་མེད་གནས། །འདི་དང་གཞན་དུ་རྣམ་པར་རྨོངས། །དེ་བས་སྐྱེ་བོ་ཆེན་པོ ་ཁྱོད། །ཆང་ལ་དགའ་བ་རྟག་ཏུ་སྤོངས། །ཕན་པར་སྨྲ་བ་སྤངས་པ་སྟེ། །ཉན་པར་བྱེད་པ་ཤིན་ཏུ་དཀོན། །དེ་དག་པས་ཀྱང་མི་ཉན་ཡང། །ཕན་པའི་རྗེས་སུ་བྱེད་པ་དཀོན། །ཕན་པར་སྨྲ་བ་མཆོད་པ་ནི། །བསྒོ་བ་ཤིན་ཏུ་སྒྲུབ་པ ་ཡིན། །བུ་ཁྱོད་ང་ལ་མཆོད་འདོད་ན། །གདམས་པ་བཞིན་དུ་རྗེས་སུ་བསྒྲུབས། །ཆང་ལ་དགའ་བ་སྤང་བའོ། །བདག་གི་སྤྲིངས་ཡིག་རིན་ཆེན་འདི། །བུ་ལ་བརྗོད་པ་ལས་བྱུང་བའི། །དགེ་བ་གང་དེས་འགྲོ་བ་ཀུན། །ཐམས་ཅད ་མཁྱེན་པ་ཐོབ་པར་ཤོག། པུ་ལ་སྤྲིངས་པ་པཎྜི་ཏ་མཁས་པ་ཆེན་པོ་སང་ཛ་ནས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་མ་ཧཱ་ཛ་ན་དང། བོད་ཀྱི་ལོ་ཙཱ་བ་མར་པ ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། བི་མ་ལ་རཏ་ན་ལེ་ཁ་ནཱ་མ། བོད་སྐད་དུ། དྲི་མ་མེད ་