CLOSE WINDOW

N4474: sems rin po che rnam par sbyang ba'i rim pa zhes bya ba'i spring yig
Wyliee-texts based on the ACIP/ALL Input

ཨ་ཙཨཱརྱ་དཔལ་རྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །། *། །རྒྱ་གར་སྐད་དུ། །ཙིཏྟི་རཏན་བི་ཤོ་དྷ་ན་ཀྲ་མ་ནཱ་མ་ལེ་ཁ། བོད་སྐད་དུ། སེམས་རིན་པོ་ཆེ་རྣམ་པར ་སྤྱང་བའི་རིམ་པ་ཞེས་བྱ་བའི་སྤྲིང་ཡིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ས་གསུམ་དབང་ཕྱུག་སྐྱེ་དགུ་ཆོས་ཀྱིས་སྐྱོང་མཛད་པ། །ལྷ་མིའི་བླ་མ་འཕགས་པའི་གང་ཟག་རྣམས་ཀྱི ་ཡབ། །རྒོལ་བ་ཚར་གཅོད་རང་གི་འཁོར་གྱི་དགའ་བསྐྱེད་པ། །ཆོས་ཀྱི་རྒྱལ་པོ་གཅིག་བུ་དེ་ནི་རྒྱལ་གྱུར་ཅིག་།བློ་ཞན་བདག་འདྲས་གཞན་ལ་བསྐུལ་བར་མི་ནུས་ཤིང། །བསྐུལ་བས་ཕན་པར་འགྱུར་བ་འང་དེང་སང་ཉུང?་མོད ་ཀྱི། །འོན་ཀྱང་ས་ཡི་བདག་པོ་ཁྱོད་ཀྱིས་ནོངས་པ་ཡལ་བོར་ན། །འགྲོ་མང་དེ་འདྲར་འགྱུར་འདི་མ་བཟོད་ཁྱོད་ལ་བསྐུལ། །མི་སྐྱོང་ཁྱོད་ཀྱི་དབང་ཕྱུག་འདི་ནི་སྔོན་ཚད་ཉིད་ཀྱི་ཐུགས། །གདུལ་དཀའ་ལེགས་པར་བཏུལ་ལས་བརྙེས་ཀྱི་གཞན་གྱིས ་བྱིན་པ་དང། །ས་ཡི་རུམ་ནས་འཐོན་དང་གནམ་བབས་ལྟ་ཞིག་ག་ལ་ལགས། །ས་བདག་དཔལ་འདི་མི་ཉམས་བཞེད་ན་ད་དུང་ཐུགས་ཐུལ་འཚལ། །གང་ཞིག་ཕན་ན་དེ་ནི་བརྟགས་ཏེ་དཀའ་ཡང་མཛད་རིགས་ལ། ། ་གང་ཞིག་མི་ཕན་དེ་ནི་བསྒྲུབ་པར་སླ་ཡང་བཏང་བའི་རིགས། །དེ་ཕྱིར་སྔོན་ཚེ་ཐུབ་ཆེན་རྒྱལ་བུ་ཟླ་བར་གྱུར་པ་ཡིས། །རྒྱལ་པོ་སུ་ཏ་སའི་བུ་ལ་གདམས་པ་སྨྲས་པ་ཡང། །རྒྱལ་པོ ་གཅིག་པོས་གཡུལ་དོར་དམག་གི་དཔུང་ལས་རྒྱལ། །སེམས་ཙམ་ཚར་གཙང་ཕྱིར་ནི་སྔར་མ་མ་མཛད་ཅིག་།མི་ཡི་བདག་པོ་འཇིག་རྟེན་ཕྱི་མ་འང་གཟིགས་པའི་རིགས། །དེ་བས་དགྱེས་ཀྱང་ཕན་པ་མ་ཡིན་བསྟེན་མི་རིགས་ཞེས་སོ། ་དེ་ཕྱིར་གང་གིས་དམན་པའི་རིགས་སུ་ལྟུང་བྱེད་བ། །ང་རྒྱལ་དགྲ་སྤངས་བདག་གི་ཚིག་འདི་སང་ཕྱིར་ཡང། །མི་བདག་ཁྱོད་ཀྱིས་གུས་པས་གསན་རིགས་ཏེ། །ལེགས་སྨྲས་བྱིས་ལས་བླང་ཞེས་ཐུབ་ཆེན་གསལ་བར་གསུངས། །ས ་བདག་ཚེར་མའི་ཤིང་ལས་སྦྲང་རྩི་བཞིན། །དགྲ་བོ་ལས་ཀྱང་ལེགས་སྨྲས་གཟུང་བར་བྱ། །གསེར་གྱི་རི?་ལས་དུག་གི་ཆུ་རྒྱུན་བཞིན། །ཡིད་འོང་སྐྱེ་བོའི་ཚིག་ངན་སྤང་འཚལ་ལོ་ཞེས་སོ། །གང་ཞིག་མ་བཏུལ་མནར་མེད་སོགས། །སྡུག་བསྔལ ་བཟོད་དཀའ་སྐྱེ་བྱེད་ཅིང། །དེ་ཉིད་བཏུལ་བས་ལྷ་མི་དང། །འཇིག་རྟེན་མིན་པའི་བདེ་བ་འང་འཐོབ། །རབ་ཏུ་མཐུ་ལྡན་སེམས་འདི་ནི། །མཁས་པ་སུ་ཞིག་འདུལ་མི་བྱེད། །འདིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་རྟག་ཏུ་རྣམ ་པར་མི་རྟོག་པའི་རང་བཞིན་ཡིན་མོད་ཀྱི། ལུས་དང་ངག་བྲན་ལྟ་བུ་དང་བཅས་པ་བློ་བུར་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་དཀྲུགས་པ་སྟེ། །དེའི་ཕྱིར་འདི་དག་རྣམ་པར་སྦྱངས་ཏེ་ནོར་བུ་ཆུ་ཤེལ ་གྱི་འོད་ལྟར་རབ་ཏུ་འོད་གསལ་བའི་རང་བཞིན་དཀྲུགས་མ་དང་བྲལ་བ་བསྐྱེད་དེ། འདི་ཙམ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་འདིར་བསྡུས་ན་སེམས་ཏེ་དཀྲུགས་པས་རྟོག་པ་ཅན་དུ་བྱེད་ཅིང། །ལུས་དང་ངག་བྲན་ལྟར་འཁོར ་བ་ནི་རྣམ་པ་བཞི་སྟེ། ཐམས་ཅད་ཀྱི་རྒྱུ་རྣམ་པར་རྟོག་པ་མང་བ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཤས་ཆེ་བའོ། །དེ་ལ་གང་རྣམ་པར་རྟོག་པ་མེད་པ་དེས་ནི་རླུང་གི་ཏིང་ངེ་འཛིན་ལ་དམིགས་པས་རེ་སྤང་བར་བྱ་སྟེ། བགྲང ་དང་རྗེས་འགྲོ་འཇོག་པ་དང། །རྟོག་པ་དང་ནི་བསྒྱུར་བ་དང། །ཡོངས་དག་རྣམ་པ་དྲུག་དུ་འདོད། །དེ་ནི་བགྲང་བ་དང། རྗེས་སུ་འགྲོ་བ་དང། འཇོག་པ་དང། ཉེ་བར་རྟོག་པ་དང། སྒྱུར་བ་དང། ཡོངས་སུ་དག་པ་སྟེ་རྒྱུ་དྲུག་དང་ལྡན་ན། ཡོངས ་སུ་རྫོགས་པ་ཡིན་ནོ། །དེ་ལ་བགྲང་བཞེས་བྱ་བ་ནི་དབུགས་རྡུབ་པ་དང་དབུགས་འབྱུང་བ་དག་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་མེད་པར་ལུས་དང་སེམས་རྣལ་དུ་བཞག་སྟེ། དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར ་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་བསྡུས་པ་རྣམ་པར་གཡེང་བར་དོགས་པས་ཧ་ཅང་མང་བ་དང་ཉུང་ངུར་ནི་མ་ཡིན་ནོ། །དེ་ལ་སྐྱོན་ནི་གསུམ་ཡོད་དེ། །གལ་ཏེ་གཅིག་ལ་གཉིས་སུ་བརྩིས་ན་ལྷག་པར་བགྲངས་པའི་སྐྱོན་ནོ།། ་གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་ནི་མ་ཚང་བར་བགྲངས་པའི་སྐྱོན་ནོ། །གལ་ཏེ་དབུགས་རྡུབ་བ་ལ་དབུགས་འབྱིན་པར་འཛིན་ཏམ་དབུགས་འབྱིན་པ་ལ་རྡུབ་པར་འཛིན་ན་འཚོལ་བར་འཛིན་པར་སྐྱོན་ནོ། །དེ་ལས་གཞན་པ་ནི་ཡང ་དག་པར་བགྲང་བ་ཡིན་ནོ། །བར་སྐབས་སུ་སེམས་རྣམ་པར་གཡེང་ན། །ཡང་མགོ་ནས་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་བར་བྱའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་འདི་དག་ཇི་སྲིད་གཅིག་ཏུ་འབྱུང་ངམ་འཇུག་།ཅི་འདི་དག་ལུས་ཐམས ་ཅད་ལ་ཁྱབ་པ་དག་གཅིག་གམ་ཕྱོགས་འགའ་ཞིག་ནས་རྒྱུ་བ་དག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྡུབ་པ་དང་དབུགས་འབྱུང་བའི་རྗེས་སུ་འགྲོ་བ་སྟེ། དེ་འཇུག་པ་ན་ལྐོག་མ་དང། སྙིང་ག་དང། ལྟེ་བ་དང། རྐེད་པ་དང། བརླ་དང། ་བྱིན་པར་འཇུག་པའི་རིམ་གྱིས་རྐང་པ་གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ། འཕྱུར?་བ་ན་མཐོ་གང་དང་འདོམ་གང་གི་བར་དུ་འབྱུང་ངོ། །གཞན་དག་ན་རེ་རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ། །ཞེས་ཟེར་ཏེ། འདི་ནི་དེ་ཁོ ་ན་ཡིད་ལ་བྱེད་པའི་ཕྱིར་རིག་པ་མ་ཡིན་ནོ། །འཇོག་པ་ཞེས་བྱ་བ་ནོར་བུའི་ཕག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་ལྟ་ཞིང་ཅི་འདི་དག་ཕན་འདོགས་པར་བྱེད་པ་ཞིག་གམ། །གནོད་པ་བྱེད་པ་ཞིག་གམ། ། ་གྲང་ངམ་དྲོ་བ་ཞིག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ཞེས་བྱ་བ་ནི་འདི་དག་གི་རླུང་འབལ་ཞིག་མ་ཡིན་གྱི་འབྱུང་བ་ཆེན་པོ་བཞི་པོ་ངག་དང་འབྱུང་བ་དག་ལས་མངོན་པར་གྲུབ་པའི་རྒྱུར་བྱས་པའི་གཟུགས་དང ་དེ་དག་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་པ་རྣམས་ཀྱང་ཡོད་དོ། །ཞེས་ཕུང་པོ་ལྔ་ཉེ་བར་རྟོག་པའོ། །སྒྱུར་བ་ཞེས་བྱ་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་ཀྱི་མཆོག་གི་བར་དུ་བློ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས ་ལ་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །གཞན་དག་ན་རེ་སྒྱུར་བ་ནི་དྲན་པ་ཉེ་བར་གཞག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། །རྣམ་པར་དག་པ་ནི་ཟད་པ ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟ་བུ་ནི་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཇི་ལྟར་བྲིས་པ་ཁོ་བོས་འདིར་ཡང་བྱིས་པར་ཤེས་པར་བྱའོ། །དེ་ལྟར་རིམ་པ་དྲུག་པོ་དེ་དག་གིས་ལས ་ནི་ཇི་སྐད་དུ་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་བའི་མདོ་ལས་གསུངས་པ་བཞིན་ཏེ། དེ་ལས་ནི་ཇི་ལྟར་དྲན་པའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་བགྲང ་བ་དང། རྗེས་སུ་འགྲོ་བ་དང། ཞི་གནས་དང། ལྷག་མཐོང་དང། འཇུག་པ་དང། ཡོངས་སུ་དག་པ་ལ་རྟོག་གོ་།དེ་ལ་བགྲང་བས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། །རྟེན་དུ་གྱུར་པས་རྣམ་པར་རྟོག་པ་དང ་རྣམ་པར་དཔྱོད་པ་ཐུལ་བ་དང། དབུགས་ཕྱི་ནང་དུ་རྒྱུ་བའི་མཚན་ཉིད་འཛིན་པར་ནུས་པའོ། །རྗེས་སུ་འགྲོ་བས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་གཉིས་བྱེད་པར་འགྱུར་ཏེ། ཡང་དག་པར་འབྱུང་བ་ལ་རྟེན་ཅིང་རྣམ་པར་རྟོག་པ་དང ་རྣམ་པར་དཔྱོད་པ་དང་བྲལ་བ་དང། དབུགས་ཕྱི་ནང་དུ་རྒྱུ་བའི་འཇུག་པའི་མཚན་ཉིད་ལ་མཁས་པར་འགྱུར་བའོ། །ཞི་གནས་ཀྱིས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བའི་འབྲི ་བར་མངོན་དུ་སྟོན་པ་དང། ཏིང་ངེ་འཛིན་གྱི་མཆོག་ལ་གནས་པར་ནུས་པའོ། །ལྷག་མཐོང་གིས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་ཟད་པར་མངོན་དུ་སྟོན་པ་དང། སེམས ་དང་སེམས་ལས་བྱུང་བའི་ཆོས་སོ་སོ་བར་རྟོགས་པ་ལ་གནས་པའོ། །འཇུག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། །ཉེ་བར་ལེན་པའི་ཕུང་པོ་སྤོང་བའི་སྦྱོར་བ་ལ་མཁས་པ་དང། །འཕགས ་པའི་སར་འཇུག་པ་ལ་སྦྱོར་བའོ། །ཡོངས་སུ་དག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་སྤོང་པ་དང། ལྟ་བ་ཡོངས་སུ་དག་པའོ་ཞེས་སོ། །དེ་ལྟར་དབུགས་ཐུང་ངུ་རྡུབས་ན་ཡང་དབུགས་ཐུང ་དུ་རྡུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་སྙམ་མོ་ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་ཀྱང་ལེགས་པར་རྟོགས་པར་འགྱུར་རོ། །འདིར་རྣམ་པར་རྟོག་པ་མང་བ་ལ་བསྟན་པ་ནི་གཙོར་བྱས་ཀྱི་ཡོན་ཏན་མ་ལུས་པ་འདི་ལ་བརྟེན ་པས་ན་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་ནི་དབུགས་རྡུག་པ་དང་འབྱུང་བ་དྲན་པ་ཡིན་ཏེ་ཞེས་གསུངས་སོ། །ཇི་ལྟར་ཞེན་རབ་ཏུ་གདུལ་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། །དེ་བས་ན་སེམས་ཞེས ་བྱ་བ་དེ་ནི་རླུང་དུ་བརྗོད་དོ་ཞེས་གསུངས་སོ། །དེ་ལྟར་མི་བདག་ཁྱོད་ཀྱིས་རླུང་གི་ཕྲ་དང་ཟབ་མཁྱེན་ནས། །ཡུན་རིང་དུས་ནས་རྣམ་རྟོག་དགྲ་ཡིས་རབ་ཏུ་གཅེས་པས་ཤིན་ཏུ་ཡང། །མཉེལ་ཞིང་སྐྱོ་བའི་ཐུགས་ནི་དེང་ནས་ངལ?་བསོས་རྟོག ་དགྲ་བཟློག་པ་དང། །ལོ་ཡིས་མ་ཡིན་གུས་པར་སྦྱོར་བས་ཞག་གི་རིམ་པས་རྟོག་བྲལ་མཛོད། །དེ་ནས་རིམ་གྱིས་ཡོངས་སུ་དག་པའི་མཐར་ཡང་ཁྱོད་ཀྱི་ཐུགས་གཞལ་ན། །ས་བདག་ཁྱོད་ཀྱིས་སྐྱེ་བ་འབྲས་བཅས་དེ་ནས་ཆོས་ཀྱི་རྒྱལ་པོར ་འགྱུར། །དེ་ཡི་བར་དུ་ལྷ་མིའི་བདེ་བ་ཚད་མེད་རྣམས་ལ་དགྱེས་བཞིན་དུ། །ཐུགས་བཏུལ་མཐུ་ཡིས་སྤྱོད་པར་འདི་ལ་ཐེ་ཚོམ་མེད་པར་མངོན་སུམ་གནས། །རྣམ་པར་རྟོག་པའི་གཉེན་པོ་བཤད་ཟིན་ཏེ། །སེམས་ཀྱི་རྟོག་པ་སྤྱད་པའི ་རིམ་པའོ། །མི་སྐྱོད་ཁྱོད་ཀྱི་ཐུགས་ནི་གལ་ཏེ་བུད་མེད་ཀྱིས་ཕྲོགས་ན། །འདི་ནས་ཡི་བདག་པོ་མཐུ་རྩལ་རབ་ཏུ་དམན་པ་སྟེ། །གང་གིས་གཡུལ་ཆེན་འཇིགས་རུང་བ་གཞོམ་པའི་ཐབས་མཁྱེན་ན། །མི་གཙང་ཀུན་སྨོད་མངོན་གྱུར ་བུད་མེད་མཚན་ཉིད་མི་མཁྱེན་འདི་མཚར་ཆེ། །ཤིན་ཏུ་ཡིད་འོང་ཚེར་མའི་གནོད་པའང་མི་བཟོད་ལུས་འདི་ནི། །བུད་མེད་བསྟེན་པའི་རྒྱུ་ལས་འདི་དང་སླད་མ་མགོ་གཅོད་སོགས། །རབ་ཏུ་བཟོད་དཀའ་ཨི ་སྡུག་བསྔལ་འབྱུང་འདི་ཉིད་ཀྱི་མངོན་སུམ་ན། །འོན་ཀྱང་བླ་མ་བཀའ་ཡིས་འདོད་ཆགས་ཞི་བར་བྱེད་པ་མདོར་བརྗོད་བགྱི། །ཆགས་པ་ཅན་རྣམས་ཀྱི་གཉེན་པོ་ནི་རུས་གོང་ཡིད་ལ་བྱ་བ་ཡིན་ཏེ། ཀེང་རུས་ཆགས་ཅན་ཐམས་ཅད་ལ ་ཞེས་བཤད་པས་སོ། །ཇི་ལྟར་ཞེ་ན། རུས་པ་རྒྱ་མཚོའི་བར་དུ་མི། །སྤྲོ་ཞིང་སྡུད་པས་ལས་དང་པོ། །རྐང་རུས་དང་ནི་ཐོད་ཕྱེད་པར། །ཏང་བས་སྤྱད་པ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས ་པ་ཡིན། །ཞེས་བཤད་པའི་རིམ་པས་སོ། །གཞན་ཡང་བྱིས་པ་རྣམས་ནི་ཕལ་ཆེར་ཁ་དོག་དང། དབྱིབས་དང། རེག་པ་འཇམ་པ་དང། བསྙེན་བཀུར་ལ་ཆགས་ཏེ། དེ་དག་གི་གཉེན་པོར་ནི་རྣམ་པར་བསྔོས་པ་དང། རྣམ་པར་དམར ་བ་དང། རྣམ་པར་ཚིག་པ་དག་ཡིད་ལ་བྱེད་པས་ཁ་དོག་ལ་ཆགས་པ་དག་སེལ་ཏོ། །རྣམ་པར་རྣགས་པ་དང། རྣམ་པར་ཟོས་པ་དང། རྣམ་པར་འཐོར་བ་དག་ཡིད་ལ་བྱེད་པས་ནི་དབྱིབས་ལ་ཆགས་པས་སེལ་ཏོ། །རྣམ་པར ་འབུས་ཞིགས་པ་དང་རུས་གོང་རྒུས་པས་འབྲེལ་བ་དག་ཡིད་ལ་བྱས་པས་ནི་རེག་བྱ་འཇམ་པ་ལ་ཚིགས་པ་སེལ་ཏོ། །རྣམ་པར་བམ་པའི་རོ་མི་གཡོ་བ་རྐྱལ་བ་སྟེང་པ་བུས་པ་ལྟ་བུ། རྡོ་ལྟར་བསྙེན་བཀུར་བྱེད་པ་དང་བྲལ་བ ་ཡིད་ལ་བྱེད་པས་ནི་རྐང་པ་བཀྲུ་བ་ལ་སོགས་པའི་བསྙེན་བཀུར་ལ་ཆགས་པ་སེལ་བར་བྱེད་དོ། །གཞན་ཡང་རྣམ་པར་ཕྱེ་སྟེ་བརྗོད་ན། སྔོ་བསངས་ལ་སོགས་པའི་ཁ་དོག་ལ་ཆགས་པ་ཞིག་ན་རྣམ་པར་བསྔོས་པར་ཡིད་ལ་བྱའོ།། ་ཙནད་དང་ག་པུར་ལ་སོགས་པའི་དྲིས་བྱུགས་པའི་ལུས་ལ་ཆགས་པ་ལྟ་ན་རྣམ་པར་རྣགས་པར་ཡིད་ལ་བྱའོ། །མཚན་སྤྲང་པའི་རེག་བྱ་ལ་ཆགས་པ་ཞིག་ན་རྣམ་པར་འབུས་ཞིག་པར་ཡིད་ལ་བྱའོ། །དབྱིགས་ཕུན་སུམ་ཚོགས་བ་ལྟ་ན་རྣམ ་རྣམ་པར་བམ་པར་ཡིད་ལ་བྱའོ། །རྒྱན་གྱིས་མཛེས་པའི་ལུས་ལ་ཆགས་པ་ཞིག་ན་རྣམ་པར་དམར་བར་ཡིད་ལ་བྱའོ། །ཤ་རྒྱས་པའི་ལུས་ལ་ཆགས་པ་ཞིག་ན་རྣམ་པར་ཟོས་པར་ཡིད་ལ་བྱའོ། །འཁྱུད་པ་དང་འོ་བྱས་པ་ལ་སོགས་པའི་རྩེད་འཇོ ་ལ་ཆགས་པའི་དུས་ན་རྣམ་པར་འཐོར་བར་ཡིད་ལ་བྱའོ། །ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པ་ལ་ཆགས་པར་གྱུར་ན་རྣམ་པར་ཚིག་པར་ཡིད་ལ་བྱའོ། །སོ་རྣམས་དཀར་བ་ལ་ཆགས་པས་ཞི་བར་འགྱུར་རོ། །རབ་ཏུ་མི་བཟད་ནགས་བསྲེགས ་མེ་ལྕེའི་ཚོགས། །ཆར་རྒྱུན་དྲག་པོས་སྐད་ཅིག་ཞི་བྱེད་ལྟར། ཁྱིས་པའི་ནགས་ཚལ་ཐལ་བར་བྱེད་པ་ཡི། །འདོད་ཆགས་མེ་ཆེན་མི་སྡུག་ཆར་གྱིས་འཇོམས། །འཇིག་རྟེན་གནོད་པའི་རྩ་བ་ཇི་སྙེད་པ། །ཀུན་གྱིས་ཕུལ་བྱུང་འཁྲིག་པའི་འདོད ་ཆགས་ཏེ། །ས་བདག་འདི་མཁྱེན་འདོད་ལས་ཕྱིར་ལྟོས་དང། །རབ་ཏུ་དགྱེས་པ་བྱིས་པས་མ་མྱོང་བ། །བསམ་གཏན་འདེབས་ལུས་ལ་ཕན་འདོགས་ཤིང། །ཁ་ན་མ་ཐོ་མེད་པ་མྱང་བའི་རིགས། །འདོད་ཆགས་དང་བཅས་པའི་སེམས ་སྤྱད་པའི་རིམ་པ་སྟེ། འདོད་ཆགས་ཀྱི་གཉེན་པོ་བཤད་ཟིན་ཏོ། །ལྷ་མིའི་བླ་མས་གང་དུ་འབད་པས་བཀག་།དེ་ནི་འགྲོ་ལ་བྱམས་དང་སྙིང་རྗེ་མེད་པ་སྟེ། །དེ་ཕྱིར་མི་དབང་ཁྱོད་ཀྱིས་ཐུབ་ལ་གུས་པ་དང། །ཉིད་ཀྱི་ཐུགས་ཀྱང་དམ ་པའི་གྲངས་སུ་འགྱུར་བའི་ཕྱིར། །གང་ལ་སྐྲ་རྩེས་གཟུང་བྱའི་སྐྱེ་བོ་དེ་ལ་ཡང། །ཉིད་ཀྱི་སྲས་བཞིན་གཅེས་ཤིང་བྱམས་པས་བསྐྱོད་པའི་རིགས། །བཤེས་གཉེན་དམ་པའི་ལུང་གིས་གོམས་པར་བྱས་པ་ལས། །སྲིན་པོ་ཤ་ཟ་སེང་གེ ་སོགས་ཀྱང་འགྲོ་ལ་བྱམས། །དེ་ཕྱིར་མི་དབང་ཁྱོད་ཀྱི་ཐུགས་ནི་འཇམས་པ་དང། །འགྲོ་བ་བསྐྱང་ལས་ནམ་ཡང་ཕྱིར་ལྡོག་མ་མཛད་ཅིག་།ལེགས་པའི་ལམ་ནི་ཇི་སྙེད་བསྟན་པ་དག་ལས་ཀྱང། ། ་གཙོ་བོར་གྱུར་པ་བྱམས་དང་སྙིང་རྗེར་དམ་པས་གསུངས། །འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དང་པོར་རང་གི་མ་འམ་ཕ་འམ་བུ་འམ་བུ་མོ་འམ། འབྲེལ་པ་གཉིས་སམ། །གང་ཡང་རུང་བ་གཅིག་ལ་བདེ་བ་མ་ལུས་པ་དང་ཕྲད་པར་གྱུར ་ཅིག་སྙམ་པ་དང། བདག་གིས་དེ་དང་ཕྲད་པར་བྱའོ། །ཞེས་པ་དང་ནུས་པ་ལྟ་ན་དངོས་སུ་དེ་བསྒྲུབ་པ་དང། ཕྲད་པ་ལ་ཕྲག་དོག་མེད་པ་ཉི་མ་འགའ་ཞིག་གུས་པར་བསྒོམ་མོ། །དེ་ནས་ནི་དེ་བས་ཅུང་ཟད་མི་བཙུགས་པའོ། །རིམ་གྱིས ་བར་མ་ལའོ། །དེ་ནས་དགྲ་བོ་དམན་པ་ལའོ། །དེ་ནས་དེ་བར་མ་ལའོ། །དེ་ནས་དེ་དགྲ་བོ་རབ་ཏུ་མ་རུངས་པ་ལའོ། །དེ་ལ་མ་ལ་སོགས་པ་དང་མཉམ་པ་ཐོབ་པ་ན་གྲོང་དང་གྲོང་ཁྱེར་པ་ལའོ། །དེ་ནས་ནི་ཡུལ་དང་ལྗོངས་དང་གླིང་གཅིག་དང ་གཉིས་ལ་སོགས་པ་ནས་སྟོང་སྤྱི་ཕུད་དང། སྟོང་གཉིས་བར་མ་དང། སྟོང་གསུམ་གྱི་སྟོང་ཆེན་པོ་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་ལ་སོགས་པར་བྱམས་པས་ཁྱབ་པར་བྱས་ཏེ། དེ་ནས་གཞུང ་དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་པ་དང། སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང། དེ་དག་འཇིག་རྟེན་ལས་འདས་པའི་ལམ་ལ་དགོད་པར་བྱའོ་ཞེས་པའི་རིམ་པས་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས ་བསྒོམ་མོ། །དང་པོ་ཉིད་དུ་སྡུག་ཅིང་ཡིད་དུ་འོང་བའི་མཚན་ཉིད་ཅན་བྱམས་པ་ཡིད་ལ་མ་བྱས་པར་ནི་སྡུག་བསྔལ་དང་བྲལ་བའི་སྙིང་རྗེ་ག་ལ་འཇུག་སྟེ། དེ་ལྟར་རིམ་པ་གཞན་ཡང་ངོ། །གནོད་པར་སེམས་པའི་ཡིད་ཙམ་བོར ་བས་ཀྱང། །འཁོར་ལོས་སྒྱུར་ཉིད་ཐོབ་པར་ཐུབ་པས་གསུངས། །བྱམས་སོགས་གོམས་ལས་འཆི་མེད་མ་བརྙེས་ཀྱང། །ཚངས་པའི་འཇིག་རྟེན་བདེ་བ་རྒྱ་ཆེན་འཐོབ། །དེ་ཕྱིར་མི་རྗེ་ཁྱོད་ཀྱི་ཅི་སྤྱོད་པས། །ཚངས་པའི་གནས་བཞི ་ཡིས་ནི་གནས་པར་རིགས་ཁྱོད་ཀྱིས་འབྱོར་པ་དུག་ཅན་ཟས་བཞིན་དུ། །བོར་ནས་གཅིག་པུ་གཞན་དུ་གཤེགས་འཚལ་ན། །གྲོགས་བཟང་འདོར་མེད་དགེ་བ་དེ་བཀྲའི་ཕྱིར། །ཐུགས་ནི་རྣམ་པར་སྦྱང་བར་ཅིས་མི་མཛད། །ཞེ་སྡང ་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ། ཞེ་སྡང་གི་གཉེན་པོ་བཤད་ཟིན་ཏོ། །རང་དང་གཞན་དང་གཉིས་ཀ་ལས་སྐྱེ་དང། །རྒྱུ་མེད་འབྱུང་ཞེས་སྨྲ་བ་གང་ལགས་པ། །འདི་དག་ལོག་པར་སྨྲ་བ་ཕུང་ཁྲོལ་བ། །ལེགས་པར་སྤྱད་ཀྱང ་འབྲས་བུ་མི་འདོད་འབྱིན། །དེ་ཕྱིར་ཁྱོད་ཀྱིས་རྟེན་ཅིང་འབྲེལ་འབྱུང་བ། །ལྟ་ངན་དེས་འཇོམས་ཐུབ་པའི་མན་ངག་མཆོག། བདུད་རྩིའི་མཆོག་འདི་མྱུར་དུ་གསོལ་བ་ཡིས། །དཀར་མཆོག་མ་ལུས་རྒྱས་ཤིང་བརྟན་པོར་མཛོད། །རྟེན ་ཅིང་འབྲེལ་བར་འབྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱིས་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང། གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད། དེའི་རྒྱན་གྱིས ་རེག་པ། དེའི་རྐྱེན་གྱིས་ཚོར་བ་དེའི་རྐྱེན་གྱིས་སྲེད་པ། དེའི་རྐྱེན་གྱིས་ལེན་པ། དེའི་རྐྱེན་གྱིས་སྲིད་པ། དེའི་རྐྱེན་གྱིས་སྐྱེ་བ། དེའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། ་འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས། །ཤེས་རབ་ཀྱི་མིག་གིས་བལྟ་བར་བྱས་ཏེ་རྒྱུ་མེད་པ་ལ་སོགས་པ་བསལ་ལོ། །དོན་འདི་ནི་འཕགས་པ ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས། གང་དུ་མ་རིག་སྐྱེ་འགྱུར་བ། །ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན། །དེ་ཡི་རྐྱེན་ནི་འདུ་བྱེད་དེ། །སྡུག་བསྔལ་བར་དུ་སྐྱེ་བར་འགྱུར་ཞེས་པ་དང། གང་གིས ་སེམས་ཅན་དག་འགྱུར་བ། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལས་རྗེས་སུ་མཐུན་སྒྲ་དང། །ནང་དུ་ཚུལ་བཞིན་ལྟ་བའོ། །དེ་བཞིན་རྒྱུ་ནི་ཞི་གནས་ཏེ། །ལྷག་མཐོང་ཡང་ནི་རྐྱེན་ཡིན་ནོ། །ཞེས་གསུངས་སོ།། ་དེ་ལྟར་སྲིད་པ་འབྱུང་བའི་རིམ་པ་ལ་ཡིད་ཆེས་པར་བྱས་ནས་ཡང་མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །ཞེས་བྱ་བའི་བར་དུ་ཡིད་ལ་བྱའོ། ། ་དེ་ནས་རྟག་པར་མ་ཡིན་པ་དང། ཆད་པར་མ་ཡིན་པ་དང། འཕོ་བར་མ་ཡིན་པ་དང། དེ་དང་འདྲ་བའི་རྒྱུ་འཇུག་པ་དང། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེས་ངེས་པར་གཟུང་སྟེ། ཕྱི་རོལ་ཡང་ས་བོན་ལམ་མྱུ་གུ་དང། ་དེ་ལས་འདབ་མ་དང། དེ་ལས་སྡོང་བུ་དང། དེ་ལས་མེ་ཏོག་དང། དེ་ལས་འབྲས་བུ་འབྱུང་ཞིང། རྒྱུ་དེ་དག་དང་རྐྱེན་དང་འབྲེལ་བར་འབྱུང་བར་འབྱུང་བ་ཁམས་བཞི་དང། ནམ་མཁའ་དུས་ཀྱི་ཁམས་ཏེ། རྣམ་པ་བཅུ་གཉིས་པོ་འདི་དག ་ཙམ་མོ་ཞེས་འབྱུང་བ་དང། འགག་པ་ལ་རྒྱུ་མེད་པ་དང། མི་མཐུན་པའི་རྒྱུ་སྤངས་ཏེ། འདི་ནི་མདོར་བསྡུས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱས་པས་རིག་པ་བསྐྱེད་པ་དང། མ་རིག་པའི་ངོ་བོ་འམ། དེ་ལས ་འབྱུང་བའི་ལོག་པར་ལྟ་བ་སྤང་བའོ། །གལ་ཏེ་རྒྱས་པར་ཡིད་ལ་བྱེད་པ་ལྟ་ཞིག་ན་རང་རང་གི་མཚན་ཉིད་དང། མིང་གི་དོན་དང། ལས་ཐ་དད་པ་དང། ཡན་ལག་ལྔས་ཡང་དག་པར་བསྡུས་པ་དང། ཡན་ལག་གསུམ ་གྱིས་ཡང་དག་པར་བསྡུས་པ་དང། གསུམ་ལས་གཉིས་འབྱུང་བ་དང། གཉིས་ལས་བདུན་འབྱུང་བ་དང། བདུན་ལས་གསུམ་འབྱུང་བ་དང། དུས་གསུམ་པའི་ངོ་བོར་བཞག་པ་དང། རྐྱེན་དང་འབྲེལ་བ་དག་ཡིད་ལ་བྱའོ། ། ་ས་བདག་རྟེན་ཅིང་འབྲེལ་འབྱུང་མཁྱེན་ན་སྣང་བས་མུན་པ་བཞིན། །ཁྱོད་ཀྱི་ཐུགས་ལ་གནས་པའི་གཏི་མུག་གོ་སྐབས་ག་ལ་མཆིས། །འདི་མཁྱེན་སྲིད་པའི་འཁོར་ལོ་ཕྲ་ཞིང་ཟབ་པ་གཟིགས་པའི་ཕྱིར། །ཤེས་རབ་ཡེ་ཤེས ་སྤྱན་གཉིས་དྲི་མེད་ལུང་གི་སྨན་བྱུགས་གཟིགས། །ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག ་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང་ཞེས་བསྟན་ཏོ། །གཏི་མུག་དང་བཅས་པའི་སེམས་སྤྱད་པའི་རིམ་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱེད་པ་བཤད་ཟིན་ཏོ། །མི་ཡི་བདག་པོ་གལ ་ཏེ་ཕྲ་བའི་ཐུགས་ཀྱི་གོ་སྐབས་སུ། །ཐོག་མའི་རྩོམ་དུས་ཅན་སྡིག་པའི་རྩ་བའི་རྟོག་དགྲ་འདི། ཞེན་པ་གནས་སྙམ་ཞུ་མ་པའི་རྟོག་པ་མི་བཟད་ཞུགས་གྱུར་ན། །དེ་ཡི་གཉེན་པོར་རྟེན་ཅིང་སྐྱེས་པའི་དངོས་པོའི་རང་བཞིན ་གཟིགས། །དྲི་མེད་མེ་ལོང་ངོས་ལ་སྐྱེས་པའི་བཞིན་གྱི་གཟུགས་བརྙན་གང། །གལ་ཏེ་ཡང་དག་གནས་ན་རྐྱེན་ལ་རག་ལས་མི་འགྱུར་ཞིང། །སླར་འདི་རྣམ་པར་འཇིག་འགྱུར་གོ་སྐབས་ཅན་དུ་ག་ལ་འགྱུར། །དེ་ཕྱིར ་དངོས་མེད་རྐྱེན་ལ་རག་ལས་གཅིག་པུ་རྣམ་པར་སྤངས། །ཇི་ལྟར་གནས་པའི་རང་བཞིན་འདི་ཡང་ལེགས་པར་རྣམ་པར་དཔྱད་ན། །རབ་ཏུ་ཕྲ་རྡུལ་བར་དུ་འགྱུར་ཞེས་དམ་པས་དང་པོར་གསུངས། །གལ་ཏེ་དངོས ་ཡོད་དེ་དག་ཤེས་རབ་ཅིས་མི་འབབ། །དེ་ཕྱིར་དེ་ཡང་ཕྱོགས་ཆའི་བྱེ་བྲག་ངག་གིས་ག་ལ་གནས། །རིན་ཆེན་སེམས་ཀྱི་ཁྱད་པར་འགའ་ཞིག་སྣ་ཚོགས་སྣང་ཞེ་ན། དེ་བཞིན་འདི་ལའང་སྐད་ཅིག་ཅེས་བྱ་རབ ་ཕྲ་དམ་པས་གསུངས། །སྐད་ཅིག་སྐད་ཅིག་ཅེས་བྱའི་གང་ངག་ཕྲ་ལ་རྣམ་པར་རྨོངས། །དེ་ཡང་ཇི་ལྟ་ཐོག་མ་དབུས་མཛའ་བལྟ་མི་ནུས། །དེའི་ཕྱིར་རིན་པོ་ཆེ་ཡི་ཕྲེང་བ་ལས། སྐད་ཅིག་ཇི་ལྟར་མཛའ་ཡོད་ལྟར། །ཐོག་མ་དང ་དབུས་དེ་ལྟར་བརྟག་།སྐད་ཅིག་རང་བཞིན་གསུམ་གྱི་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། ཞེས་བསྟན་ཏོ། །དེ་ལྟར་འདི་དག་ཕྱི་དང་ནང་དུ་བཅས་པ་གཅིག་མིན་ཞིང། །དེ་ཉིད་ཕྱིར་ན་དེ་ཡི་རང་བཞིན་རྣམ་བསགས་དུ་མའང ་མིན། །འདི་དག་ལས་དབེན་དངོས་པོ་ཤེས་རབ་མིག་གི་འགའ་མ་དམིགས། །དེས་ན་འདི་དག་མཛའ་གཉིས་གྲོལ་བར་དམ་པས་གསལ་བར་གསུངས། །དེ་བཞིན་གཅིག་གིས་གཅིག་ཉིད་སྐྱེད་པ་མངོན་སུམ་འགལ་མཐོང་སྟེ། ། ་རབ་ཏུ་ཕྲ་བའི་འབྲས་བུ་རྒྱུ་ནི་གཅིག་མིན་ལ་བལྟོས་པར། །འགྲོ་བའི་མངོན་སུམ་ཉིད་དུ་སྟོན་པ་བཞིན་དུ་ངེས་པར་གནས། །དེ་བཞིན་གཅིག་གིས་གཅིག་མིན་བསྐྱེད་སོགས་ཐམས་ཅད་གནོད་པར་བཅས། །དངོས་རྣམས་ཐུག ་མེད་མ་ལུས་སླར་སྐྱེད་འགྱུར་འདི་བཟློག་དཀའ་ཨི་ཕྱིར། །ཡོད་བ་འགའ་ཞིག་སྐྱེ་ཞེས་འདི་ནི་སུས་ཀྱང་སྨྲ་མི་ནུས། །གང་མེད་འགའ་ཞིག་སྐྱེ་ན་མེད་པའི་ཐ་སྙད་སུ་ཞིག་འཇོག་།དེ་ཕྱིར་བདག་ལས་སྐྱེ་སོགས་འདི་དག་མཁས ་པས་རྩ་ནས་བཏོན། དེ་ལྟ་ཁྱོད་ཀྱིས་ཤེས་རབ་སྤྱན་གསལ་དྲི་མེད་རྣམ་རྒྱན་པས། །རྟེན་ཅིང་འབྲེལ་འབྱུང་མཚན་ཉིད་འདི་ལ་ཡུན་རིང་གཟིགས་པ་ན། །ཐོག་མེད་སྲིད་རྒྱུད་བསགས་པའི་བསྙིངས་གནས་རབ་ཏུ་ཕྲ་བ་ཡང། ། ་གང་ནའང་གནས་པར་འགྱུར་འདི་གཟིགས་མིན་མི་བདག་གང་གིས་ཞུམ། །དེ་ལྟར་ནི་འཕགས་པ་མི་ཕམ་པའི་ཞལ་སྔ་ནས། འདི་ལ་བསལ་བཅི་ལང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟེ། །ཡང ་དག་མཐོང་ན་རྣམ་པར་གྲོལ། ཞེས་གསུངས་ཤིང། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། །མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པ་འང་དེ་ཉིད་ཡིན། ཞེས་གསུངས་སོ། །དེ་ནས་གང་ལ་དགའ་བ་འམ་ཡང་དག་སྐྲག ་ནས་འདི་ཅི་ཞིག་།བསྐལ་པ་བྱེ་བར་བསྒྲུབ་ཀྱང་གཏན་ནས་དེ་ནི་སུ་ཡིས་ནུས། །གང་ཞིག་རྣམ་པར་གཞོམ་ཞེས་འབད་པ་འང་བླུན་ཏེ་རྣམ་པར་ངལ། །ཅིའི་ཕྱིར་ཞེ་ན་གདོད་ནས་མ་སྐྱེས་དེ་ལ་སུ་ཡིས་དགག་།དེ་འདྲའི་གནས་མེད ་འདིར་གནས་ཡེ་ཤེས་ཅན་ཏེ་རྟག་བདེ་ལྡན། །གང་ལ་རྣམ་རྟོག་མེད་འདི་བ་དེ་ཞེས་ཐུབ་པས་གསལ་བར་གསུངས། །འདི་སྤངས་ལྷ་ཡུལ་འདོད་པའི་རབ་ཏུ་ཡིད་འཕྲོག་བྱེད་པ་དང། །འཁོར་ལོས་སྒྱུར་བའི་འབྱོར་པའང་དམ་པས ་ཚེར་མའི་གནོད་འདྲར་གསུངས། །ས་བདག་འོན་ཀྱང་གནས་འདིར་ཤིན་ཏུ་དགྱེས་པར་མ་གྱུར་ཅིག་།ཅི་ཕྱིར་ཞེ་ན་བདག་གཞན་ཕན་བ་མི་བཟོད་འབྱོར་ལས་ཁྱོད། །རྣམ་པར་ལྟུང་པའི་སྒོ་མོ་མི་མཁས་རྣམས་ལ་འདིར་བ་སྤངས། ། ་ཁ་ཅིག་སྒོ་འདིར་རབ་དགའ་འཇུག་ལ་སྙིང་བརྩེ་རིང་དུ་སྤངས། །གཞན་དག་གནས་འདིར་འཁྲུག་ཕྱིར་ལས་འབྲས་ཐལ་བ་བཞིན་དུ་བྱེད། །གཞན་དག་ཤིན་ཏུ་མེད་ལས་སངས་རྒྱས་ཡོན་ཏན་བསམ་ཡས་འདོད། །འདི་འདྲ་འདི ་དག་སྒོ་འདིར་ཞུགས་ལས་རང་གཞན་དེ་ལས་ཉམས། །དེ་ཕྱིར་འདི་ནི་ཡན་ལག་ལྡན་པར་བགས་ཀྱི་བསྟེན་པར་བགྱི། །དེ་ལྟར་ནི་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན། ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང། ་མིང་ཡང་ཡོད་དང་ཡོད་མ་ཡིན་པར་ཚིག་གིས་གསུངས། །རྒྱུ་ལས་རྟེན་ཏེ་བྱུང་བའི་ཆོས་ནི་འདི་ཀུན་ཏེ། །འདི་ལ་བདག་མེད་ཚོར་བ་པོ་དང་བྱེད་མེད་ཀྱང། །དགེ་དང་མི་དགེའི་ལས་རྣམས་ཅུང་ཟད་མེད ་མི་འགྱུར་ཞེས་གསུངས་སོ། །རྟེན་ཅིང་འབྲེལ་པར་བྱུང་བའི་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པར་ཡིད་ལ་བྱའོ། །མི་དབང་ཡན་ལག་བཞི་པོ་འདི་ཙམ་གྱིས། །ཁྱོད་ཀྱི་ཐུགས་ཀྱི་དྲི་མ་རགས་པ་རྣམས། །ངེས་པར་བསལ་འགྱུར་འདི ་ལ་དགོས་མ་མཛད། །དེ་ལས་གོང་དུ་ཁྱད་པར་རྣམ་བཞེད་ན། །དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡིས། །སྐྱེ་བ་གཞན་དུ་འབྱོར་པ་མི་བཟད་པ། །ད་ལྟའི་བཞེད་པ་ཉིད་ཀྱི་ཕྱག་གནས་ལྟར། །སླུ་བ་མེད་པར་བདག་གིས ་བརྗོད་པར་བགྱི། །ོཾ་བཛྲ་རེ་ཁེ་ཧཱུཾ། གཙང་སྤྱོད་པ་ཡི་ལྕི་བ་ནི། །ཆུ་དང་འོ་མ་ཞོ་དང་མར། །ཐམས་ཅད་དེ་ལས་བྱུང་བ་དག་།སྣོད་གཙང་བསྐོལ་ཏེ་ཆུ་རྣམས་དབོ། །ཚིགས་མ་དོར་ཏེ་དབུས་ཀྱི་ཆས། །དབྱིབས་ཅི་དགའ་བའི ་མཎྜལ་ནི། །ས་བདག་ཁྲུ་གང་ཡན་ཆད་པར། །གསང་སྔགས་འདོན་ལ་གཞོལ་བར་བྱུག་།དེ་ནས་དེ་ནི་གུས་པ་ཡིས། །རྒྱལ་བ་སྲས་གསུམ་བཅས་ལ་དབུལ། །འཇུག་ཏུ་ཐུབ་པས་གསུངས་པ་ཡི། །ཚིགས་བཅད་འདི་དག ་བརྗོད་པར་བྱ། །བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་བྱུགས་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་བུ་གྲོག་སྤུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེ་ཞུགས་བརྩོན་འགྲུས་ཏེ། །དེ་ཡི་སྐད་ཅིག་སེམས་ནི་གཅིག ་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་བསལ་བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་འཐོབ། །གསེར་གྱི་མདོག་ཏུ་འགྱུར་བ་སྟེ། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཟླ་བ་ལྟར་མཛེས ་གསལ་བ་ཡི། །ལྷ་དང་མི་ནི་དམ་པར་སྐྱེ། །ནོར་དང་གསེར་ནི་འབྱོར་བ་ཡི། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །བདེ་བར་གཤེགས་པའི་ཕོ་བྲང་མཆོག་།མཎྜལ་གང་ཞིག་བྱེད་པ་དང། །སྡིག་པ་ཐམས་ཅད་མི་བྱེད་ཅིང། །དགེ་བ་ཕུན་ཚོགས ་པ་དང། །རང་གི་སེམས་ནི་ཡོངས་འདུལ་བ། །འདི་དག་སངས་རྒྱས་རྣམས་ཀྱིས་བསྔགས། ཞེས་སོ། །དེ་ནས་དགེ་བ་དེ་ཉིད་རྒྱུ་མཚན་དུ་བྱས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་ནི་ཁྱེད ་ལ་རྣམ་ཀུན་དབུལ། །སྡིག་པ་ཐམས་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང། །དམ་ཆོས་འཁོར་ལོ་མཆོག་བསྐོར་དང། །ཡོངས་སུ་མྱ་ངན་འདས་སྤང་ཕྱིར། །བདག་ནི་ཁྱོད་ལ་གསོལ་བ་འདེབས། །འདི་སོགས་དགེ་བའི་ལས ་རྣམས་ནི། །བྱང་ཆུབ་བླ་ན་མེད་པར་བསྔོ། །འགྲོ་བ་སྡུག་བསྔལ་ཁུར་ཆེན་པོར་བའི་ཕྱིར། །བདག་གིས་སེམས་ནི་བྱང་ཆུབ་ཕྱིར་བསྐྱེད་དེ། །མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ་བ་དང། །དབུགས་མ་ཕྱིན་བ་བདག་གིས་དབུབས་འབྱུང་སྟེ། ། ་མྱ་ངན་མ་བཟླས་བདག་གིས་མྱ་ངན་བཟླ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྟན་པར་བསྐྱེད་ལ་ཇི་ལྟར་འདོད་པའི་བྱ་བ་དགེ་བ་ལ་འཇུག་པར་བྱའོ། །མི་དབང་ཁྱོད་ཐུགས་སྦྱངས་པས་དགེ་བ་རྒྱ་ཆེན་དག་ལ་དགྱེས་བསྐྱེད་ན། །སྦྱིན་དང་ཚུལ ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །རྒྱ་ཆེར་སྤེལ་མཛད་དེར་ཡང་ཁྱོད་ཀྱི་ཐུགས་ནི་སྨ་མེད་འབད་འཚལ་ཏེ། །སེམས་མ་བསྲུངས་པའི་སྐྱེས་བུའི་དགེ་ལ་འཇུག་པ་ཕུ་ཆུའི་རྒྱུན་ཁྲུས་ལྟར། །ཕན་དང་འབྲེལ ་པའི་གནོད་པའང་རབ་ཏུ་མ་རུངས་གྱུར་པའི་གནས་སྐབས་མཆིས། །གནས་འདི་མཁས་པས་གཟིགས་ནས་མཐུ་ལྡན་ཉིད་ཀྱི་ཐུགས་ནི་བསྲུངས་འཚལ་ལོ། །དེ་ལྟར་བསྙེངས་དང་བྲལ་ན་མང་དུ་གསོལ་ཅི་འཚལ། །ཕན་པའི་མན་ངག་དོན་པོ ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་ཐུལ་མཛོད་ཀྱི་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་ཞེས་གསུངས། །ཚིགས་སུ་བཅད་པ་གཅིག་བུ་འདི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས ་མཁར་གྱི་རྒྱལ་པོ་བདེ་སྤྱོད་ལ་གདམས་པ་བཤེས་པའི་སྤྲིང་ཡིག་ལས་བདག་གིས་དྲངས་པའོ། །མི་སྐྱོང་ཁྱོད་ནི་གལ་ཏེ་གསང་བའི་ལམ་ལ་དགྱེས་པ་ན། །ལམ་དེ་རབ་ཏུ་རྟོགས་དཀའ་སེམས་ལ་རྨ་འབྱིན་ཚིག་འཕྲོས་ཏེ། ། ་བུད་མེད་འཁྱུད་སོགས་ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པར་ལྡན། །ཁ་ཅིག་མངོན་སུམ་འཁྲིག་དང་དྲག་ཤུལ་སྤྱོད་ལ་འཇུག་པ་སྟེ། མི་དབང་ཐུགས་ལ་གནོད་ན་ཐུབ་པའི་བཀའ་ཡང་དུག་དང་འདྲ། །དེ་ཕྱིར་ཁྱོད་ཀྱིས་གསང་བའི ་ལམ་དུ་ཞུགས་པའི་རྒྱུ་མཚན་ལས། །ཁྱོད་ཐུགས་འདོད་ཆགས་ལ་སོགས་དྲི་མས་གོས་པ་འདི་ནི་སྤང། །གང་གཞན་སྐྱེ་བོ་དེ་འདྲ་བཟློག་པར་ཁྱོད་ཀྱིས་རྣམ་བསྒྲུབ་རིགས། །དོན་འདིས་ཞུ་བའི་འོག་ཏུ་ཟ་བ་ལ། །མར་གྱི་ཉིད ་ཁུ་ཀ་ར་དང། །སྤྲང་རྩི་དག་ནི་བདུད་རྩི་བཞིན། །མ་ཞུ་ཟ་བ་དུག་དུ་འགྱུར། །དེ་བཞིན་རབ་རྒྱས་བདུད་རྩི་མཆོག་།དགོངས་པའི་ཚིག་ལ་མི་མཁས་ཤིང། །བྱིས་པའི་བློ་དང་ལྡན་རྣམས་ལ། །མི་བཟད་པ་ཡི་དུག་དུ་འགྱུར། །ཞེས ་གསུངས་ཏེ། འདི་ནི་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ་བདག་གིས་འདིར་བྲིས་པའོ། །རིན་ཆེན་སེམས་འདི་རྣམ་པར་སྦྱང་བའི་ཕྱིར། །ཐུབ་པའི་བཀའ་ལུང་ཅུང ་ཟད་འདིར་བྲིས་པས། །ས་ཡི་བདག་པོ་ཐུགས་ནི་དྲི་མེད་པ། །སྟོན་ཀའི་ཟླ་རྒྱས་ལྟ་བུར་གསལ་གྱུར་ཅིག་།འགྲོ་བ་འང་རིམ་གྱིས་སེམས་ནི་རྣམ་སྦྱངས་ཏེ། །གཏི་མུག་དྲི་མེད་འབྲུ་ལྟར་རྣམ་དག་ཤོག་།སེམས་རིན་པོ ་ཆེ་རྣམ་པར་སྦྱད་པའི་རིམ་པ་ཞེས་བྱ་བའི་སྤྲིངས་ཡིག་སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་དགྲ་ལས་རྒྱལ་གསང་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་དུ་ལོ་བ་དང། ལོ་ཙཱ་བ་དགེ ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། གུ་རུ་ལེ་ཁ། བོད་སྐད་དུ། བླ་མ་ལ་སྤྲིངས་པ། ཐམས་ཅད་མཁྱེན་པ་ལ་ཕྱག ་