| Wylie | e-texts based on the ACIP/ALL Input |
ཙན་ཏྲ་གོ་མིས་མཛད་པ། སེམས་རིན་པོ་ཆེ་རྣམ་སྦྱངས་པ་ཞེས་བྱ་བའི་སྤྲིད་ཡིག་དགེ་སློབ་དཔོན་པ་པོས་མཛད་པ།། [རྒྱ་གར་སྐད་དུ]་སུ་ཧྲིད?་ལེ་ཁ། བོད་སྐད་དུ། བཤེས་པའི་ཕྲིན་ཡིག། །འཇམ་དཔལ ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙན་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག། ཅུང་ཟད་ཅིག་བསྡེབས་ཁྱད་ཀྱིས་གསན ་པའི་རིགས། །ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང། །བགྱིས་པ་ཅི་འདྲ་འང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱིད། །ཐུབ་པ་ཆེན་པོའི་བཀའ་ནི་སྙན ་དགུ་ཞིག། ཁྱོད་ཀྱིས་ཐུགས་སུ་ལྟ་ཡང་ཆུད་མེད་ཀྱི། རྡེ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིས་ལགས། །རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང། །གཏོར་དང་ཚུལ་ཁྲིམས་ལྷ་རྫས་དྲན་པ་དྲུག ་རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི། །དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བརྟེན་བགྱི་ཞིང། །ཆང་རྣམ་ལས་ལྡོག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན ་པར་དགྱེས་པར་མཛོད། །ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་རྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཁྱོད་ཀྱིས་ཚུལ ་ཁྲིམས་མ་ཉམས་མོང་མི་དམའ། །མ་འདྲེས་མ་ལྕགས་པ་དག་བསྟན་པར་མཛད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང། ་དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིར། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །གང་ལ་ཕ་དང་མ་དག་མཆོད་བྱེད་པའི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང?་ལགས། ་དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལེགས། །ཚེ་དང་ཆོམ་རྐུན་འཁྲིག་པ་རྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང། །མལ་སྟན་མཐོ་ལ་དགའ་ ་དང་གླུ་དག་དང། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྦྱོད་ལྷ་ཡུལ་ཡིད་འོང་བ། །སྐྱེས་བ་བུད་མེད་དག་ལ་སྩོལ་བར ་བགྱིད། །སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང། །རིགས་དང་གཟུགས་དང་ཐོས་པ་ལང་ཚ?་དང། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །བག་ཡོད་བདུད་རྩིའི་གནས ་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏོ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པས་མཛོད། །གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར ་གྱུར་དེ་ཡང། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོང་ཕྲང?་མཐོང་ལྡན་བདེ་བྱེད་བཞིན། །འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག ་པ་ཉིད། །ཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །བདག་ནི་འདིས་སྤྱོས?་འདིས་བཏགས་ཕམ་པར་བྱས། །འདི་ཡིས་བདག་གི་ནོར་ཕྲོགས་གྱུར་ཏོ་ཞེས། །འཁོན?་དུ་འཛིན་པས་འཁྲུག་ལོང་རྣམས་བསྐྱེད་དོ། །འཁོན ་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲར་རིག་པར་གྱིས། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣལ་ཐ་མ་ལགས། །རྒྱལ་བས་སྙིང་ལ ་འབབ་དང་བདེན་པ་དང། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱིས་ནི། །སྤྲང་རྩི་མེ་ཏོག་མི་གཅིང?་ལྟ་བུའི་ཚིག། རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤངས། །སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐར་ཐུག་སྣང་ནས ་མུན་མཐར་ཐུག། མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དད་པོ་མཛོད། །མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལམ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་བར་སྣད་ཞེས་བགྱི ་བ་འདྲར་རྟོགས་མཛད། །གཞན་གྱི་ཆུང་མ་མི་ལྟ་མཐོང་ན་ཡང། །ན་ཆོད་མཐུན་པར་མ་དང་བུ་མོ་དང། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཅང?་ཉིད་དུ་ཡང་དག་བསམ་པར་བགྱི། །གཡོ་བའི་སེམས་ནི་ཐོས་མཚུངས་བུ ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །གདུག་བ་དུག་དང་མཚོན་དང་དགྲ་བོ་དང། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད། །འདོད་པ་རྣམས་ནི་ཕུང་ཁྲོལ་སྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམ?་པའི་འབྲས་འདྲར ་གསུངས། །དེ་དག་སྤངས་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་གཅིག་།གཡུལ་ངོར་དག་ཚོགས་ལས་རྒྱལ ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཆལ། །བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲིང་བ་དང་སྒོ་དགུ་དོང་པ་དང། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་?་དང། །པགས་པས་གཡོགས་དང་རྒྱན་ཡང ་ལོགས་ཤིག་གཟིགས། །ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །བདེ་བའི་དོན་དུ་མ་ལ་ཀུན་བསྟེན་ཀྱང། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པ་འང་མཁྱེན་པར་མཛོད། །དོན་དམ་གཟིགས་པར་བགྱི་སླད་དངོས ་རྣམས་ལ། ཚུལ་བཞིན་ཡིད་ལ་བྱེད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ། །སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང། །ཤེས ་རབ་ཚུལ་ཁྲིམས་བྲལ་བ་སྐུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ཡི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང། །བདེ་དང་མི་བདེ་སྙན་དང་མི་སྙན་དང། །བསྟོད་སྨད་ཅེས ་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། ཁྱོད་ཀྱི་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགོན་དང་ཡབ་ཡུམ་དག་དང་བཙུན་མོ་དང། །འཁོར་གྱི་སླད་དཱུང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན ་སྐལ་ནོད་འགའ་མ་མཆིས། །སྡིག་པོའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱིས་འབྲས་བུ་གང་ལགས་མངོན་པར་འགྱུར། །དང་ངན་ཚུལ་ཁྲིམས ་ཐོས་དང་གཏོང་བ་དང། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོང་དང། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པོ་དོན་མ་མཆིས་རྟོགས་མཛོད། །རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ་དང། །ལེ་ལོ་སྡིག་པའི ་གྲོགས་ལ་བརྟན་པ་དང། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོངས། །ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། ། ་དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །རང་བཞིན་དགྲ་འབྲེལ་བཤེད་མ་ལྟ་བུ་དང། །ཁྱིམ་འཐབ་བསྙད་བགྱིད་རྗེ་མོ་ལྟ་བུ་དང། །ཆུང་ངཱུང་བརྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤང། །སྲིད་མོ་ལྟ་བུར་རྗེས ་མཐུན་གང་ཡིན་དང། །མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་བཀུར། །ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར ་བརྟེན་བགྱི་སྟེ། །རྒྱགས་བྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །མཚར་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར་རིགས་པའི་བདག་ཉིད་ཉིན་པར་མཛའ་དག་དང། །མཚན་མོའི་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །མནལ ་ཚེ་འང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་པར་དུ་མནོས། །བྱ་ནས་དང་སྙིང་རྗེ་དག་དང་དགའ་བ་དང། །བཏང་སྙོམས་རྟག་ཏུ་ཡང་དག་སྒོམས་མཛོད་ཅིག་།གོང་མ་བརྙེས་པར་མ་གྱུར་དེ་ལྟ་ན་འང། །ཚངས ་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག་།རྣམ་པར་སྤངས་པའི་བསམ་གཏན་བཞི་པ་ཡིས། ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ ་འཐོབ། །རྟག་དད་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མེ་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ལན་ཚྭ་རང་འགའ་ཆུ་ནི་ཉུང་ངུ་ཞིག་།རོ་བསྒྱུར ་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང། །དགེ་བའི་རྩ་བ་ཡངས་ལ་མཁྱེན་པར་བགྱི། །རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔས ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཚོམ་རྐུན་ལགས་པར་རིགས་པར་མཛོད། །དང་དང་བརྩོན་འགྲུས་ངག་དང་དྲན་པ་དང། །ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། །འདི་ལ་མངོན་བརྩོན་མཛད ་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པའང་ལགས། །ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་ནི་བདག་གིར་བྱས་ལས་ལ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས ་མི་འགྱུར། །གལ་ཏེ་མཐོ་རེས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང།། ་མི་རྟག་བདག་མེད་མི་གཙང་རིག་པར་བགྱི། །དྲན་པ་ཉེ་བར་མ་གཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་འཕུད་བཀྲོལ་བ། །གཟུགས་ནི་བདག་མ་ཡིན་ཞེས་གསུང་སྟེ་བདག་།གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས ་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་ལས་མིན་རྒྱུ་མེད་ཅན་མིན་ཏེ། ་མི་ཤེས་ལས་དང་སྲད་ལས་བྱུང་རིག་མཛོད། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་པ་ཡི། །གྲོང་ཁྱེར་སྒྲ་འགགས་ལགས་པར་མཁྱེན་པར ་གྱིས། །ཐར་བ་དག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིད་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡི། །བདེན་པ་རྣམ་པ་བཞི་ལ་འབད་བར་མཛོད། །ལྷག་པའི་ཚུལ་ཁྲིམས་ལྷག་པའི ་ཤེས་རབ་དང། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ནི། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལན ་དེ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཚེ?་ནི་གནོད་མང་རླུང་གིས་བཏབ་བ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྡུབ་དབུགས་འབྱུང་གཉིད་ཀྱི་ལོག ་པ་ལས། སེམས་དེ་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ལུས་མཛའ་ཐལ་བ་མཐར་སྐམ་མཐར་འབྲུལ་ཞིང། ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དངས་མྱུགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན ་པར་མཛོད། །ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། འབར་བས་སྲེགས་པའི་ལུས་ཅན་འདི་དག་ཀྱང། །ཐལ་བར་ཡང་ནི་ལུས་བར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན ་མེད་གནས་མེད་དེ་སླད་དུ། འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱིས་ཐུགས་ནི་དབྱུང་བར་མཛོད། །རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིང་ཆེས་ཐོབ་དཀའ་བས ་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །གང་ཞིག་གསེར་སྣོད་རིན་ཆེན་སྨྲས་པ་ཡིས། །ངན་སྐྱགས་འཆག་པར་བགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག་།བགྱིད་པ་དེ་ནི་ཆེས་རབ་བླུན་པ ་ལགས། །མཐུན་པར་གྱུར་པའི་ཡུལ་ཏུ་གནས་པ་དང། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང། །བདག་གི་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིད། འཁོར་ལོ་ཆེན་པོ་བཞིན་ཁྱོད་ལ་མངའ་། །དགེ་བའི་བཤེས་གཉེན་བརྟེན་པར ་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བརྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞིབ་ཐོབ། །ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང། །ཡི་དགས ་ནི་དེ་རང་དམྱལ་བར་སྐྱེ་བ་དང། །རྒྱལ་བའི་བཀའ་མེད་པ་དང་མཛའ་ཁོབ་དུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་འདི?། །ཚེ་རིང་ལྷ་ཉིད་གང་ཡང་རུང་བ་ནི། །སྐྱེ་བ་ཞེས་བགྱི་མི་ཁོ་མ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། ་སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །དེས་པ་འདོད་པས་ཕོངས་དང་འཆི་བ་དང། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང། །འདི་ཡི་ཉེས་པའི་ཤས་ཀྱང་གསན་པར་མཛོད། །ཕ་ནི ་བུ་?་?་ནི་ཆུང་མ་ཉིད། །སྐྱེས་བོ་དགྲར་གྱུར་པ་དག་བཤེས་ཉིད་དང། །བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བདག་ན་དེས་པ་འགའ་མ་མཆིས། །རེ་རེས་རྒྱ་མཚོ་བཞི་པས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། ། ་སྐྱེ་བོའི་རྗེས་སུ་འབྲེང་བའི་འཁོར་བ་པས། །དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷན་པོ་མཉམ་པ་?་ཅིག་འདས་གྱུར་ཏེ། །མ་མི་ཐུག་མཛའ་རྒྱ་ཤུག་ཚིག་གུ་ཙམ། །རི་ལུས་དགྲངས ་ཀྱང་ས་ཡིས་ལང་མི་འགྱུར། །བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང། །ལས་ཀྱི་དབང་གྱིས་ཕྱིར་ཡང་ས་སྟེང་ལྷུང་ངེ། །འཁོར་ལོས་སྒྱུར་བ་ཉིད་དུ་བྱུང་ནས་ཀྱང། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རས ་བུ་མོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དཔྲད་པའི་འཁྲུལ་འཁོར་གྱི། །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོ ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་བཟང་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རེས་བུ་མོ་འབྲོངས་ཤིང་དགའ་བ་དང། །རྣམ་པར་མཛེས་འཚལ་སོན་པར་རྩིས་ནས་སླར། །འདབ་མ་རལ་གྲི་འདྲ ་ཚལ་ནགས་རྣམས་ཀྱིས། །ཀྲང་ལག་རྣ་བ་སྣ་བཅོད་ཐོབ་པར་འགྱུར། །ངལ་གྱི་འབབ་པ་ལྷ་ཡི་བུ་མོ་ནི། །གདོད་མཛེས་གསེར་གྱི་པདྨ་ལྡང་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོར་བ་མེད་པར། །ཚ་སྒོ་བཟོད་བརླག་ཆུ་ཚན་འཇུག་འཚལ་ལ།། ་ལྷ་ཡུལ་འདོད་པ་དེ་ཤིན་ཏུ་ཆེན་པོ་དང། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག ་རྟེན་མཛའ་དག་སྣང་བྱས་ཏེ། །སླར་ཡང་མུན་གནག་སྟག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བ་འང་མི་མཐོང་འགྱུར། །དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག། གཅིག ་བུ་ཉི་མ་ཟླ་བས་མ་རྫི་བའི། །མུན་ནག་མཛའ་ཡས་ནང་དུ་འཇུག་འཚལ་ལོ། །སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཆེ་བ་དུང། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །ཁ་ཅིག་ཏིལ་བཞིན་འཚེར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞི་བ་མོ་བཞིན་དུ་ཕྱེ་མར་རློག། །ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟང་སོ་རྣོན་རྣམས་ཀྱི་གཤགས། །དེ ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། །ཁུ་བ་འབར་བ་འཁྲིགས་པ་ལྷུང་བར་བགྱིད། །ཁ་ཅིག་ལྕགས་ཀྱི་གསལ་ཞིང་རབ་འབར་བའི། །ཚད་མ་ཅན་ལ་ཀུན་དྷ་རྒྱུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན ་པའི་ཁྱི། །གཏུམ་པོས་དཔྲད་ཅིང་ལག་པ་གནམ་ང་བསྒྲེང། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང། །སེན་མོ་བཟང་ལྡན་པ་ཡི་ཁྭ་རྣམས་འཐོབ། །ཁ་ཅིག་སྲིན་བུ་སྤུང་བ་སྣ་ཚོགས་དང། ། ་ཤ་སྦྲང་སྦྲང་མ་ནག་སོ་ཁྲི་ཕྲག་དག་།རེག་ན་མི་བཟད་རྨ་སོལ་ཆར་འབྱིན་པས། །ཟ་བར་བགྱིད་ཅིང་འགྲེ་ལྡོག་སྨྲེ་སྔགས་འདོན། །ཁ་ཅིག་མེ་དག་མེ་འབར་བའི་ཚོགས་སུ་ནི། །རྒྱུན་མ་ཆད་པར་རབ་སྲེག་ཁ་ཡང་དགྲང། ཁ་ཅིག་ལྕགས ་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་པ་དེ་བཞིན་དུ་འཚེད། །སྡིག་ཅན་དབུགས་འབྱུང་འགོག་པ་ཙམ་ཞིག་གི་།དུས་ཀྱིས་?་དུ་ཚོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུག་མི ་འཇིགས་གང་ལགས་རྡོ་རྗེའི་རིང་བཞིན། །དབྱལ་བ་བྲིས་པ་མཐོང་དང་ཐོས་པ་དང། །དྲན་?་གླགས་དང་གཟུགས་སུ་བགྱིས་རྣམས་ཀྱང། །འཇིགས་པ་སྐྱེ་བར་འགྱུར་ནི་མི་བཟེད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས ་ཅི་འཆལ། །བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བ་བདག་པོར་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །འདི་ན་ཉིད་ཅིག་མདུང་ཐུང་སུམ་བརྒྱ་ཡིས།། ་རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་ཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི ་སྲིད་མི་དགེ་དེ་ཟད་མི་གྱུར་པ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱིས་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི ་རྩལ་གྱིས་འབད་པར་མཛོད། །དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང། །བཅིངས་དང་རྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ ་དང་རུས་པ་ཁྲག། ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང། །ལྕག་དང་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ། །ཡི་དགས་ན་ཡང་འདོད་པས་ཕོངས་པ་ཡི། །བསྐྱེད་པའི་སྡུག་བསྔལ་རྒྱུན ་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནོར་བོར་པ ་ཅུང་ཟད་ཀྱང། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་ཡི། །ཏ་ལའི་ཡང་ཏོག་བསྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ན་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས ་བྱེ་མ་འཚལ། །སྨད་རིགས་འགའ་ནི་གནག་དང་ཕྱིས་དང། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ?་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཡི་དགས་རྣམས་ལ་སོས་གའི་དུས་སུ་ནི། ་ཟླ་བ་འང་ཚལ་དགུན་ནི་ཉི་མའང་གྲང། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམས་པར་འགྱུར། །བར་ཆད་མེད་པར་སྡུག་བསྔལ་རྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་གྱི་ཞགས་པ་ནི ་སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིད་ཡང་འཆི་མི་འགྱུར། །དེ་ལྟར་ཡི་དགས་རྣམས་ཀྱི་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཐུགས་དགའ་བ།། ་སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུང། །མཐོ་རིས་ན་ཡང་བདེ་ཆེན་དེ་དག་ནི། འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། ། ་ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བྱ་བ། །མཐོ་རིས་འཆི་འཕོ་སྦྲོན ་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་བའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག། སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན།། ་དེ་ནས་དབང་མེད་དུད་འགྲོ་ཡི་དགས་དང། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ལྷ་མིན་ངག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །བསྒྲིབས་པས ་བདེན་པ་མཐོང་བ་མ་མཆིས་སོ། །འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང། །དམྱལ་བ་དུད་འགྲོ་ཡི་དགས་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །མགོ་འམ་གོས་ལ་གློ་བུར ་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་བ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས ་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་གོས?་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོང། །དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང། །དགའ་རང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང། །བཏང་སྙོམས་འདི་བདུན་བྱད ་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་བའི་དགེ་ཚོགས་ལགས། །ཤེས་རབ་མེད་བར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ ་བུར་འཚལ་བར་བགྱི། །ལུང་མ་བསྟན་པ་བཅུ་བཞི་འཇིག་རྟེན་ན། །ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་བར་མི་བགྱི་སྟེ། །དེ་ཡི་བློ་ནི་ཞི་བར་བགྱིད་མ་ལགས། །མ་རིག་པ་ལས་ལས ་ཏེ་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་བྱུང། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་དག་ལས། །རེག་བ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་བ་འབྱུང་བར ་འགྱུར། །སྲེད་པས་ལེན་པ་བསྐྱེད་པར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང་འདོད་པས་ཕོངས་དང་འཆི་དང་འཇིག་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆི་འབྱུང་སྟེ། །སྐྱེ ་བ་འགགས་པས་འདི་ཀུན་འགགས་པར་འགྱུར། །རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་ཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་སྟེ། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང།། ་ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང། །དྲན་དང་ཏིང་ངེ་འཛིན་དག་ལས་མཛའ་དང། །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱིད། །སྐྱ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ།། ་དེ་ནི་འདི་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་ལམ། །དེ་ཐོབ་འཕགས་ལམ་ཡན་ལག་དེ་བརྒྱུད་ལགས། །དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་།མཐོང་བར་བགྱི་སླད་རྟག་ཏུ་བརྩོན་པར་བགྱི། ་བདན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང། །ཤེས་པས་ཉོན་མོངས་ཆུ་བོ་ལས་རྒལ་གྱི། །གང་དག་ཆོས་མངོན་བགྱིད་པ་དེ་དག་ཀྱང། །གནས་ལས་བབས་པ་མ་ལགས་ལོ་ཏོག ་བཞིན། །ས་རུམ་ནས་འཐོན་མ་ལེགས་དེ་དག་སྔོན། །ཉོན་མོངས་རག་ལས་སོ་སོའི་སྐྱེ་བོར་བས། །བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །བན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། ཁྱོད་ཀྱིས་ཐུགས་དུལ ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཁྱོད་ལ་དེ་སྐད་གདམས་པ་གང་ལགས་དེ། །བས་པར་དགེ་སློང་གིས་ཀྱང་བགྱི་བར་དཀའ་། །འདི་ལས་གང་ཞིག་སྤྱོད་པའི་ངོ་བོ་དེའི། །ཡོན ་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་མཛོད། །ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང། །ཉིད་ཀྱིས་ལེགས་པར་སྤྱད་པ་རྣམ་གསུམ་ཡང། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ནས་དགེ་བའི་ཕུང་པོ་འདི་ཡིས ་ཁྱོད། །སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །འགྲོ་བ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །འཁྲུངས་ནས་ན་རྒ་འདོད ་ཆགས་ཞེ་སྡང་རྣམས། །བསལ་ཏེ་སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས ་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛེད་ནས། །ས་ལ་མི་དང་མཐོ་རིས་ལྷ་ནི་ན་ཆུང་མཆོག་།བདེ་དགའ་དགའ་བ་ངེས་པར་རབ་ཏུ་ཞི་མཛད་དེ། །ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས ་ཀྱི་འཇིགས་སྐྱེ་དང། །འཆི་བ་ཞི་མཛད་རྒྱལ་བའི་དབང་པོ་འདི་བརྙེས་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་བསྙེངས་པ། །མི་བགྲེས་ནོངས་པ་མི་མངའ་ཨི་གོ་འཕང་བརྙེས་པར་མཛོད། །བཤེས་པའི་ཕྲིན་ཡིག ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བཀུར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས ་ཏེ། གཏན་ལ་ཕབ་པའོ།། ། `་། །རྒྱ་གར་སྐད་དུ། ཤིཀྵ་ལེ་ཁ། །བོད་སྐད་དུ། སློབ་མ་ལ་སྤྲིངས་པའི་སྤྲིང་ཡིག། དཀོན་མཆོག་གསུམ ་