| Wylie | e-texts based on the ACIP/ALL Input |
གཏན་ལ་ཕབ་པའོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། །དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་ཕྲིན་ཡིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ ་སྔོན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། དགེ་སློང་རབ་གསལ་གཞོན་ནུ་གཉིས་དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་གྲོགས་པོར་འཐམས་ནས། གང་གི་ལམ་སྔོན་དུ་གྲུབ་པ་དེས། །ཅིག་ཤོས་ལ་བཏང་བར ་དམ་བཅས་པ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལམ་སྔོན་དུ་གྲུབ་སྟེ། །དགེ་སློང་རབ་གསལ་གཞོན་ནུ་ལ་བཏང་བའི་ཕྱིར་འཕྲིན་ཡིག་གིས་བཟླུགས་པ། གྲོགས་བྱེད?་ཅི་བདེ་འམ་རམ་བཅས་བརྗོད་དམ ་ཅི། །འདོད་པ་མེ་མདག་དོད་རྩེ་འདྲ་འདི་ལ་ཅི་ཞིག་ཆགས། །ཤིན་ཏུ་སྐྱོ་བའི་ཡིད་ཀྱིས་རབ་ཏུ་མི་འབད་པར། །སྲིད་རྒྱུ་འདོད་པ་ང་དུང་གང་བ་གལ་སྲིད། །ཐེག་པ་མཆོག་གི་དེས་འབྱུང་འགྲོ་བའི་དོན་བྱོས་ལ། །རྒྱུ་དང་ཁ་གསག་གྲགས་པ་རྙེད ་ལ་མི་གདུང་ཞིང། །འགྲོ་ལས་རྣམ་གྲོལ་ལམ་ལ་མྱུར་དུ་མ་འབད་ན། །དུས་གསུམ་རྒྱལ་བས་བསྐྱབ་དཀའ་ཕན་ཐག་ཆད་དུ་འོང། །རྟོག་མེད་རྟོག་བྲལ་དུས་གསུམ་ཐུབ་པ་ཀུན་གཤེགས་ཤུལ། །ཕྲ་ཞིང་ཤེས་དཀའ་ཚིག་གི་སྤྱོད་ཡུལ་མ་ཡིན ་ཡང། །ཕྱོགས་ཙམ་རྟོགས་པས་སྒྲོ་བཏགས་རྒྱལ་བའི་མཐུས་བརྗོད་ན། །ཤིན་ཏུ་ལེགས་པར་རབ་ཉོན་ཡིད་ལ་གཟུང་ནུས་སམ། །དགེ་སློང་རབ་གསལ་གཞོན་ནུས་སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ། མཐོ ་ལ་མཐོ་སེམས་མི་མཛད་མཉམ་ལ་འགྲན་མི་མངའ་། །དམའ་ལ་སྡན?་ཅན་མི་མཛད་ཡོངས་ལ་སྙོམས་པའི་མགོན། །དཔའ་བོ་འོད་ཟེར་སྟོང་འབར་ལམ་མེར་བཞུགས་པ་ཡི། །མདངས་བཟང་ཐུགས་རྗེའི་མངའ་བདག་ད་ལྟར་གདན་བཞུགས། ་ཁྲི་ལན་བདུད་རིས་འཕམ་མཛད་ཐར་པའི་ལམ་སྟོན་གསོལ། །ཉེས་བཅུ་ཐ་བའི་རྡུལ་བྲལ་སྟོབས་བཅུ་རྩལ་འཕགས་གསོ་ན། །འཇིག་རྟེན་གསུམ་གྱི་གཉེན་གྱུར་སྐྱོང་པ་དམ་པ་གསོན། །དཔའ་གཏན་བདུད་ལས་ཤིན་ཏུ་མཚམས་མེད ་གཅིག་ཏུ་བརྟན་པ་གསོན། །བདག་ནི་མུན་བཅས་བདུད་ཀྱི་ཞགས་པས་ཟིན་པ་སྟེ། །ཐར་པའི་ལམ་སྟོར་འཁོར་བའི་དགོན་པར་འཁྱམས་ལགས་ན། །ཅིས་འདུལ་གར་ལེགས་ཐབས་ཀྱིས་མྱུར་དུ་མི་སྐྱོབ་པར། །དུས་རིངས་བགྲངས?་ཀྱི་བར ་དུ་མགོན་ཁྱོད་ཅི་ལ་གཞེས། །ལྷ་དང་མི་ཡི་ཆུ་མཆོག་ཚོགས་རབ་མཛའ་ཡས་དགོངས། །མུ་སྟེགས་ཝ་བརྒྱ་ཕམ་མཛད་སྐྱེས་བུ་སེང་གེ་དགོངས། །ཡིད་བཞིན་དབྱིག་གི་ཏོག་ལྟར་རེ་བ་ཀུན་སྐོད?་དགོངས། །ཐུགས་རྗེ་ཆུ་བོ་རྒྱུན ་འབེབས་རྒྱལ་སྲས་ཐུ་བོ་དགོངས། །སྲིད་གསུམ་སྒྱུ་མར་ཆོས་བསྟན་ངོ་བོ་མེད་བཞིན་དུ། །བདེན་སྤངས་ལོག་པའི་ལམ་ཞགས་སྲིད་པའི་ལམ་གྱུར་པ། །འཁོར་བའི་གདོས?་ཅན་གྲངས་མེད་བསྐྱབ་ཀྱིས ་མི་ལང་ཞེས། །དང་ཆེ་ལྷ་ཡི་ཐུགས་ཀྱང་སྐྱོ་བར་རུང་མོད་ཀྱི། །འོན་ཀྱང་ལེགས་རྒྱུ་ཆོས་ཉིད་གཟོད་ནས་མྱ་ངན་འདས་དོན་དུ། །འགྲོ་བ་ཡོངས་ཀྱི་ཆེད་ལ་གོ་བ་གིས་མཛད་ལགས་ཀྱིས། །མགོན་པོ་རབ་གསལ་གཞོན་ནུ་རྗེས་དགོངས་ཉག ་བསྲིང་ཞིང། །ཐུགས་རྗེའི་ཐུགས་ཀྱིས་བཟོད་བ་བཞེས་ཏེ་བསྐྱབ་དུ་གསོལ། །སྟོབས་མཆོག་དཔལ་གྱི་མགུར་ནས་ཡི་གེ་འབྲུས་བསྙད་པ། །མཁའ་ལ་ཚོན་བཀྱེ?་བཞིན་དུ་སྤྱོད་ཡུལ་མ་ལགས་པས། །རྒྱལ་སྲས་འཁོར་བཅས་རྣམས ་ཀྱིས་གཞལ་བར་མ་བསྟན་ན། །བདག་འདྲ་མཚན་མར་འཛིན་པས་གཟུང་བར་ག་ལ་ནུས། །འོན་ཀྱང་དོན་གྱི་དམ་པ་སྲིད་པའི་དཔྱིས་འབྱིན་པ། །གདམས་ངག་བཀའ་དྲིན་མཆོག་འདིས་སྦྱི་བོར་བླང་སླད་དུ། །ཅི་ནུས་སེམས་ཀྱི་བརྩལ་གྱིས ་ལོག་པར་བཟུང་མི་བགྱི། །བླ་མའི་སར་བཞུགས་ཆེ་བའི་མཐུས་ཀྱང་བཏང་དུ་གསོལ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་ཕྲིན་ཡིག་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ?་ང་བ་དང། ལོ་ཙཱ་བ་བནདེ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ?།། །།དབུ་མ་བཤེས་པའི་ཕྲིན་ཡིག་བཞུགས། སློབ་མ་ལ་སྤྲིད་པའི་སྤྲིད་ཡག་སློབ་དཔོན ་ཙན་ཏྲ་གོ་མིས་མཛད་པ། སེམས་རིན་པོ་ཆེ་རྣམ་སྦྱངས་པ་ཞེས་བྱ་བའི་སྤྲིད་ཡིག་དགེ་སློབ་དཔོན་པ་པོས་མཛད་པ།། [རྒྱ་གར་སྐད་དུ]་སུ་ཧྲིད?་ལེ་ཁ། བོད་སྐད་དུ། བཤེས་པའི་ཕྲིན་ཡིག། །འཇམ་དཔལ ་