| Wylie | e-texts based on the ACIP/ALL Input |
ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རི་དགས་གླང་པོ་ཕྱེ་མ་ལེབ་དང་ཉ། །སྤྲད་མ་ལྔ་པོ་དེ་ཡང་ལྔ ་ཡིས་བཅོམ་འགྱུར་ཏེ། །གཅིག་གིས་བཅོམ་ན་གང་ཞིག་ལྔ་རྣམས་ནི། །རྟག་ཏུ་བརྟེན་པ་ཅི་ཕྱིར་བཅོམ་མི་འགྱུར། །རྩཝ་ཡི་མྱུ་གུ་གཙང་མ་ཟ། །ཤིན་ཏུ་རིང་དུ་འགྲོ་ནུས་པ། །རི་དགས་རྔོན་བའི་གླུ་དབྱངས་ཀྱིས། །ངེས་པར་གསོར?་པ་ཚོལ ་བར་འགྱུར། །ས་སྲུངས་དད་ནི་རབ་འགྲན་ཅིང། །རི་ཡི་རྒྱལ་པོ་རྒྱུན་ཤེས་འདྲའི། །བན་གླང་མོ་ཡི་ཉེ་རིག་གིས། །ངེས་པར་གླང་པོ་གསད་པར་སོང། །འབར་བ་ཆེན་པོའི་ཚོགས་དག་གི་མི་ཆེན་དག་ནི་མཐོད་ནས་ཀྱང། །གཟུགས་ལ་ཆགས ་པ་ཆེན་པོ་ཡིས། །ཕྱེ་ལེབ་མེ་ལ་འཇུག་པར་འགྱུར། །བཀག་པ་མེད་པའི་ལམ་འགྲོ་ཞིང། །རྟག་ཏུ་རྣམ་པར་རྒྱུ་བ་ཡི། །རོ་མྱག་པ་ལ་ཆགས་པ་ཡིས། །ཉ་ནི་ལྕགས་ཀྱུས་རླག་བར་བྱེད། །རྟག ་ཏུ་ནམ་མཁའ་ལ་རྒྱུ་ཞིང། །གཟུགས་ནི་ཤིན་ཏུ་ཡིད་འོང་བའོ། །བུད་བ་དྲི་ཡི་ཉེས་པ་ཡིས། །ངེས་པར་འཆི་བར་འགྱུར་བ་ཡིན། །རི་དགས་ཉིད་ནི་སྒྲ་ཙམ་གྱིས། །རེག་པས་གླང་པོ་བརླག་པར་འགྱུར། །གཟུགས་ཉིད་ཀྱིས་ནི་ཕྱེ་ལེབ་སྟེ། །རོ ་ཡིས་ཉ་ནི་རྣམ་པར་བརླག། བུང?་བ་དྲིལ་ཆགས་བ་སྟེ། འདི་དག་རྒྱུ་ནི་རོ་ཡིས། །སྐྱེས་བུ?་དག?་ནི?་རེ་རེ་ཡིས། །སྐྱེས་བུ་དག་ནི་གཅིག་ལ་ཡང། །ལྔ་པོ་འདི་དག་རྟག་ལྡན་ཞིང། །ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་གནས་ཇི་ལྟར་ཐོབ་པར་འགྱུར། །འདོད ་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང། ཞ?་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་ཞུས་ཏེ ་གཏན་ལ་ཕབ་པའོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། །དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་ཕྲིན་ཡིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ ་