CLOSE WINDOW

N4466: mya ngan bsal ba
Wyliee-texts based on the ACIP/ALL Input

སློབ་དཔོན་དབྱེན་གཉེན་གྱིས་མཛད་པ། །དགེ་སློང་གཞོན་ནུ་རབ་གསལ་ལ་སྤྲིད་པ་རྣམས་གཞུགས།། །།རྒྱ་གར་སྐད་དུ། ཤོ་ཀ་བའི་ནོ་ངན། བོད་སྐད་དུ། མྱ་ངན་བསལ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །གང་ཞིག་དགའ་བྲལ་ཉམ་ཐག་སྟེ། །རབ་ཏུ་མྱ་ངན་མེ་འབར་བ། །བསྒྲིམས་ནས་ཤིན་ཏུ་སྤྲོ་སྲིད་ཞིང། །རང་གི་སེམས་ཉིད་བརྗོད་པར་བྱ། །ལས་ཀྱི་ལམ་ཞུགས་ཐོབ་པ་ཡི། །སྒྲོན་མ་མེད་པར ་སྐྱེ་བོ་ཡང། །ཉེས་པ་མ་བྱས་སོང་གྱུར་པ། །དེ་ལ་ཅི་ཞིག་ཡོངས་སུ་གདུང། །ཅི་སྟེ་དེ་ཉིད་འཆི་བར་འགྱུར། །གཞན་ནི་སུ་ཡང་མིན་ནག་གོ། འདི་ནི་བྱུར་ཆེན་ནོན་བ་ཞེས། །ཆོ་དེ་ཆེན་པོ་གདབ་པར་རིགས། །འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན ་ན་གནས་པ་འཆི་བ་སྟེ། །ཀུན་ཀྱང་འཕོ་བར་སྣང་བའི་ཕྱིར། །མྱ་ངན་བྱ་བར་འོས་པ་མིན། །མཛའ་དང་འགྲོགས་པ་བརྐམ་པ་ཡི། །སྐྱེ་བོ་མྱ་ངན་གྱིས་གདུང་བ། །རྔ་རྩིང?་དག་ལ་ཆགས་པའི་འབྲི། །རྔོན་པས་ནགས་ཀྱི་ནང་དུ་བཞིན།། ་གནང་ཚེ་ཀུན་གྱིས་བགྲོང་བྱ་ཞིང། །དེ་དང་དེར་ནི་འགྲོ་བ་ཡི། །སྔ་ནས་དེ་དེར་སོང་བ་ལ། །ཅི་ཡི་ཕྱིར་ན་མྱ་ངན་བྱེད། །མི་བཟང་འཆི་བའི་བདག་པོ་ལ། །རབ་ཏུ་མྱོས་པའི་སྐྱེ་བོ་འདི། །ནགས་ན་གསོད་སྲེད་སེང་གེ་ཡི། །མདུན་ན་རི་དགས་གནས ་པ་བཞིན། །འཆི་བ་བཟློག་པར་བྱ་བ་ཡི། །གང་ཚེ་ཐམས་ཀུན་མེད་པས་ན། །སྤྲོ་བསྲིང་བ་དག་མི་བསྐྱེད་པར། །ཆུ་ལ་ཉ་བཞིན་ཅི་ཞིག་འགྲེ། །སའམ་ཅི་སྟེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱི་མཐོང་བའམ། ་ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཁམས་གསུམ་འདི་དག་ཐམས་ཅད་ལ། །མི་རྟག་མེ་ཡིས་བསྲེག་གྱུར་པ། །དགོན་པར་མེ་ནི་འབར་བ་ཡིས། །དགོན་པའི་མེ་ཏོག་ཇི་ལྟ་བཞིན། །རྟག་པར་འདུ་ཤེས་རྣམ་ལོག་ན། །སྲིད་རྩ་ལས་ཀྱང་འབྲོ་བ་རྣམས། །འཆི ་བའི་ཞགས་པས་གྲངས་གྱུར་པ། །ཞགས་པས་གླང་པོ་བཞིན་དུའོ། །བསམ་གཏན་ལས་སྐྱེས་པ་དེ་མྱོང་བ། །ཚངས་པས་ཚངས་པའི་གནས་ལས་ཀྱང། །མི་རྟག་ཕྱིར་ནི་ལྷུང་གྱུར་པ། །ཆུ་ཡིས་ཀླུང་གིས་འགྲམས་བཞིན། །བརྒྱ་བྱིན་དག་ནི་སྟོང་རྣམས ་ཀྱང། །འཁོར་ལོས་སྒྱུར་པ་བརྒྱ་དག་དང། །དུས་ཀྱིས་འཆི་བར་འགྱུར་བ་ནི། །མར་མེ་འབར་ལ་རླུང་གིས་བཞིན། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ ་མེད། །གང་དུས་རྣམས་བསྲེགས་འགྱུར་ཏེ། །ལྷུན་པོ་འདི་ཐལ་བར་འཇིག་པ་དང། །རྒྱ་མཚོའི་ཆུ་ཡང་སྐམས་གྱུར་ན། །ལུས་ཅན་དེ་དག་ལྟ་ཅི་སྨོས། །ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི ་རྟག་མ་།ཆུ་གང་སྙིང་པོའང་མེད་འདྲ་བའི། །ལུས་ཅན་གཞན་རྣམས་སྨོས་ཅི་དགོས། །གཉེན་གྱི་ཕང་དུ་བླངས་པ་ཡི། །སྐྱེ་བོ་རྣམས་ཀྱང་འཆི་བས་ཕྲོགས། །རྒྱ་མཚོའི་ནང་ན་གནས་པ་ཡི། །ཀླུ་ལ་ནམ་མཁའ་ལྡིང་གིས་བཞིན། །ཀྱི་ཧུད་མི ་སོག་ཀྱེ་གཉེན་ཞེས། །ཤིན་ཏུ་སྡུག་བསྔལ་ངུ་འབོད་པ། །ཇི་ལྟར་སྦྲུལ་གྱིས་སྦས་པ་བཞིན། །འགྲོ་བ་རྣམས་ནི་འཆི་བས་མིང། །རབ་ཏུ་བགྲོད་དགའ་དོན་གྱི་མཐར། །མ་ཕྱིན་པར་ནི་འཇིག་རྟེན་འདི། །རབ་ཏུ་འཆི་བའི་ཁར་བཅུག་པ། །ཆུ ་སིན་གནས་སུ་ཆུ་འབབ་བཞིན། །གང་དུས་འཇིག་རྟེན་ཕ་རོལ་ཏུ། །འགྲོ་བའི་རྗེས་འགྲ་དགའ་མེད་ན། །དགྲ་འམ་ཅི་སྟེ་མཛའ་སྤུག་རྣམས། །འདི་ལ་བྱེ་བྲག་མེད་པར་འགྱུར། །སྐྱེ་བོ་གཞན་ལ་བྱམས་བྱེད་ཕྱིར། །སྐྱེ་བོ་རང་འཁོར་འདུ ་ཤེས་པ། །བསམ་པའི་འདམ་དུ་བྱིང་བ་ནི། །གླང་པོ་འདམ་དུ་བྱིང་བ་བཞིན། །ཁྱོད་ཀྱི་ཇི་སྙེད་བཤེས་གཉེན་རྣམས། །འཁོར་བའི་ནད་ན་བླངས་བོར་བ། །གངྒཱའི་བྱེ་མ་རྣམས་ལ་ཡང། །དེ་སྙེད་ཙམ་དུ ་ཡོང་མ་ཡིན། །གང་ཉིད་ཁྱོད་ཀྱིས་རབ་བསྒྲིམས་ཏེ། བརྩེ་བའི་བུ་ཡི་འདུ་ཤེས་པ། །དེ་ཉིད་ཚེ་རབས་གཞན་དུས་ན། །རྡེག་པར་བྱེད་ཅིང་དགྲར་འདུ་ཤེས། །རང་གིས་ཤེས་པའི་ནུ་མ་ཡང། །ཁྱོད་ཀྱིས་འཐུངས་པའི་སྲིད་གཞན་ན། །དེ ་ཡིས་ཁྲག་ཉིད་འཐུངས་པ་དང། །རྒྱབ་ནས་ཤ་ཡང་ཟོས་པ་ཡིན། །གང་ཁྱོད་འདི་ལྟར་འཁོད་གྱུར་ཏེ། །མགོ་ལ་ལན་གྲངས་བརྒྱར་བརྗེད་པ། །དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ། །རྟོག་པས་ལན་གྲངས་བརྒྱར་ཡང་བཏགས། །འགྲོ་བའི་རྒྱུ་ཡི ་དངོས་པོ་ཡིས། །སྔོན་ཆད་གཞན་དུ་སྣང་གྱུར་པ། །གཞན་ན་ཡོངས་སུ་འགྱུར་བ་སྟེ། རྨེ་བདུན་དྲང་སྲོང་བདུན་ཚོགས་བཞིན། །ཇི་ལྟར་ནམ་མཁའ་ཨི་ཆང་ཐིགས་ནི། །ཚོགས་ཤིང་རྣམ་པར་འཇིག་འགྱུར་བ། །དེ་བཞིན་འཁོར་བའི་སྲོག ་ཆགས་ཀྱང། །ཚོགས་ཤིང་རྣམ་པར་འཇིག་པར་འགྱུར། །ལྡན་པ་དང་ནི་བྲལ་བ་ཡི། །ལུས་ཅན་རྣམས་ནི་ཡུད་ཙམ་སྟེ། །འབབ་ཆུ་དཔའ་ཀློང་འཁྱིལ་ཤུགས་ལ། །ཤིང་དག་ཇི་ལྟར་བཙུགས་པ་བཞིན། །ངོ ་མཚར་ཆེའོ་མ་རིག་མཐུ། །གང་གིས་འགྲོ་བ་རྣམ་རྨོངས་པའི། །བྲལ་བའི་སྡུག་བསྔལ་དྲན་ཉམས་ཤིང། །ལྡན་པ་རྣམས་ལ་སྲེད་པར་བྱེད། །གཙང་མའི་གནས་རྣམ་མ་གཏོགས་པར། །སྣ་ཚོགས་ལས་ཀྱིས ་ཆས་ནས་སུ། །བྲོས་ས་གང་དཱུང་མི་ལྟུང་བ། །སེམས་ཅན་འགའ་ཡང་ཡོད་མ་ཡིན། །ཡང་དང་ཡང་དུ་དམྱལ་ཕན། །ཟངས་བཞུན་བསྐོལ་བ་གང་འཐུངས་པ། །རྒྱ་མཚོ་ནང་གི་ཆུ་ལ་ཡང། །?་ཚང་ཅི་ཡོ་དམ་ཆེ ་ཁྱི་དང་ཕག་ཏུ་གྱུར་པ་ནི། མི་གཙང་བ་ནི་གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་པ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་གནས་སུ་གང་དུས་པ། །མིག་གི་མཆི་མའི་ཐིགས་པ་ཡི། །སྣོད་དུ ་རྒྱ་མཚོའང་རུང་མ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བ་བཅད་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །སྲིན་བུར་གྱུར་ཅིང་རབ་བཀྲེས་པ། །ས་ལུས་ཟོས་པ་གང་ཡིན་པ། ་འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ན་ཤིན་ཏུ་འགང། །ཡི་དགས་འཇིག་རྟེན་མི་བཟད་པར། །བཀྲེས་སྐོམ་སྡུག་བསྔལ་གང་མྱོང་བ། །དེ་ནི་དྲན་ཕྱིར་རང་གི་སྙིང། །རང་གི་ཤ་ཡང་འདོད་མི་འགྱུར། །མི་ལ་དབུལ་བའི་ཉེས་པ་ཡིས།། ་ཐོ་ཙམ་པ་ནི་གང་མྱོང་དེ། །བརྗོད་པ་བདག་ལ་མཐུ་མེད་པ། །རང་གི་ལྕེ་ལ་ངོ་ཚ་ཞིང། །རི་བོའི་ངོས་ལ་ཡུན་རིངས་དུས། །ལྷ་ཡི་བདེ་བ་མྱོང་གྱུར་པ། །ལྷ་རྫས་ཡུལ་གྱིས་མི་ངོམས་ཏེ། །ཤིང་སྐམ་པོ་ལ་མེ་བཞིན་ནོ། །དགེ་བའི ་ལས་རྣམས་ཡོངས་ཟད་པས། །བདེ་འགྲོ་ལས་ཀྱང་ཤི་འཕོས་ཏེ། །ཚེ་ཟད་ས་ལ་ལྟུང་བ་ནི། །འདབ་ཆགས་བྱ་ནི་མཁའ་ལ་བཞིན། །ལས་ཀྱི་ཤུགས་ཀྱིས་འགྲོ་བ་འདི། །གང་ཕྱིར་འཁོར་ལོ་བཞིན་དུ་འཁོར། །བདེ་བས་ཆགས་པ་ཡོངས ་སྤངས་ཤིང། །ཐར་པ་ལ་ནི་བློ་ཞེན་བྱ། །མྱ་ངན་བསལ་བ་ཞེས་བྱ་བ། །སློབ་དཔོན་རྟ་དབྱངས་ཀྱི་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛ་ཏི་ཤྲཱ་བྷ་དྲ་དང། ཞུ་ཆེན་གྱི་ལོ ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ང་ཤ་ཀུན་ཤ་ལ་ཀརྨ་པ་ཐཱ་ནིར་དེ་ཤེ། བོད་སྐད་དུ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། འཇམ་དཔལ ་