CLOSE WINDOW

N4465: dge ba bcu'i las kyi lam bstan pa
Wyliee-texts based on the ACIP/ALL Input

མངྒ་ལཾ། །དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་གཞུགས། །རྒྱ་གར་སྐད་དུ། དྷ་ཤ་ཀུ་ཤ་ལ་ཀར་མ་པཱ་ཕཱ་ནི་རདྷེ་ཤ། །བོད་སྐད་དུ། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། དཀོན་མཆོག་གསུམ ་ལ་ཕྱག་འཚལ་ལོ། །དགེ་བ་བཅུད་པོ་འདི་དག་མངོན་པར་མཐོ་བ་དང། དེས?་པར་ལེགས་པར་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན། སངས་རྒྱས་ཀྱི་སློབ་མ་དག་གིས་འདི་ལ་བསླབ་པར་བྱའོ། །དེ་ལ་བཅུ་གང་ཞེ་ན། ལུས་ཀྱི་ལས ་རྣམ་པ་གསུམ་སྟེ། སྲོག་མི་གཅོད་པ་དང། མ་བྱིན་པར་མི་ལེན་པ་དང། འདོད་པས་ལོག་པར་མི་གཡེམ?་པའོ། །ངག་གི་ལས་རྣམ་པ་བཞི་སྟེ། རྫུན་མི་སྨྲ་བ་དང། ཕྲ་མ་མི་སྨྲ་བ་དང་ཚིག་རྩུབ་པོ་མི་སྨྲ་བ་དང། ཚིག ་འཁྱལ་བར་མི་སྨྲ་བའོ། །ཡིད་ཀྱི་ལས་རྣམ་པ་གསུམ་སྟེ། བརྣབ་སེམས་སྤངས་པ་དང། གནོད་སེམས་སྤངས་པ་དང། ལོག་པར་ལྟ་བ་སྤངས་པའོ། །དེ་ཡང་མི་དགེ་བ་བཅུ་སྤང་པ་ནི། དགེ་བ་བཅུ་ཡིན་པས་སྤང་བར་བྱ་བ ་བཅུ་བརྗོད་པར་བྱ་སྟེ། དེ་ནི་འཕགས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཇི་སྐད་དུ། སྲོག་གཅོད་པའི་སེམས་ཅན་དང། །གཞན་གྱི་ནོར་ལ་འཕྲོག་པ་དང། །འདོད་པས་ལོག་པར་གཡེམ་པ་དང ་སེམས་ཅན་དམྱལ་བའི་བར་དུ་འགྲོ་།དབྱེན་བྱེད་པ་དང་ཚིག་རྩུབ་དང། །རྫུན་དུ་སྨྲ་ཞིང་མི་སྡོམ་པ། །བྱིས་པ་འཁྱལ་པར་སྨྲ་བ་རྣམས། །སོ་སོའི་སྐྱེ་བོ་བསླུས་པས་བཅིངས། །གཞན་གྱི་སྤྱོད་ལ་བསྣབ་སེམས་དང།། ་གནོད་སེམས་དག་ནི་མང་བ་དང། །མི་གང་ལྟ་བ་ལོག་ཞུགས་པ། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །ལུས་ཀྱི་སྡིག་པ་རྣམ་གསུམ་དང། །ངག་གི་སྡིག་པ་རྣམ་བཞི་དང། །ཡིད་ཀྱི་སྡིག་པ་རྣམ་གསུམ་ནི། །སྡིག་བྱེད་པ ་དག་རབ་ཏུ་བྱེད། །སྡིག་པའི་ལས་རྣམས་བྱས་པས་ན། །དེ་ཕྱིར་ངན་འགྲོར་འགྲོ་བར་འགྱུར། །ཅི་ནས་ངན་འགྲོའི་མི་བཏང་བར། །བསྐྱབ་བའི་ཕྱིར་ནི་རབ་ཏུ་འབྱུང། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དག་གི། ཇི་ལྟར ་ན་ཉེས་པ་དེ་དག་རྫོགས་པར་འགྱུར་ཞེ་ན། སྲོག་གཅོད་པ་ནི། གཞི་སེམས་ཅན་ཡིན་པ་དང། དེར་འདུ་ཤེས་པ་དང། གསོད་པར་བསམས་པ་དང། སྦྱོར་བ་བྱས་པ་དང། སྦྱོར་བ་བྱས་པ་དེ་ཉིད་ཀྱི་ཆེ་འམ། གཞན་གྱི་ཚེ་ཤི་བ ་ཞེས་པ་ཡན་ལག་ལྔས་རྫོགས་པར་འགྱུར་རོ། །མ་ཤི་བར་འགྱོད་པ་ལས་ཤི་བ་ནི་ན་སྨད་དོ། །མྱོས་པ་དང་སེམས་འཁྲུག་པ་དང། ཚོར་བས་གཟིར་པ་ལ་ཉེས་པ་མེད་པར་ཐམས་ཅད་ལ་སྦྱར་རོ། །མ་བྱིན་པར་ལེན་པ་ནི་དེ་ཡན ་ལག་བཞིས་རྫོགས་པར་འགྱུར་ཏེ། བླང?་བར་བྱ་བ་གཞིན་གྱིས་ཡོངས་སུ་བཟུང་བར་གྱུར་པ་ཡིན་པ་དང། དེར་འདུ་ཤེས་པ་དང། བརྐུ་བར་བསམས་པ་དང། གནས་ནས་སྤོས་བའི?། །འདོད་པས་ལོགས?་བར་གཡེམ་པ་ནི། ་རྣམ་པ་བདུན་ཏེ། བདག་ཉིད་ལས་བྱུང་བ་དང། རང་གི་ཆུང་མ་ལས་བྱུང་བ་དང། ཆུང་མར་མི་རིགས་པ་ཆུང་མར་བྱས་པ་ལས་བྱུང་བ་དང། ཆུང་མ་ཡིན་པ་ལས་བྱུང་བ་དང། སྐྱེས་པ་ལས་བྱུང་བ་དང། དུད་འགྲོ་ལས ་བྱུང་བ་དང། ཁྱེའུ་དང་བུ་མོ་ལས་བྱུང་བའོ། །དེ་ལ་བདག་ཉིད་ལས་བྱུང་བ་ནི། མི་རིགས་པའི་ཡུལ་དྲན་པས་དབང་པོ་ལས་རང་འམ། གཞན་གྱིས་ཁུ་བ་འབྱིན་པར་བྱེད་པའོ། །རང་གི་ཆུང་མ་ལས་བྱུང་བ་ནི། དུས་མ་ཡིན་བར ་ཉིན་པར་དང། བསྙེན་གནས་ལ་གནས་པ་དང། ན་བ་དང། སྤྲུམ་པ་དང། མྱ་ངན་གྱི་གདུངས་པ་དང། ཟླ་མཚན་དང་ལྡན་པ་དང། བང?་པ?་མ?་སར?་པ་ལ་སོགས་དག་དང། གནས་མ་ཡིན་པ་ཕ་མ་དང། བླ་མ་དང། དཀོན་མཆོག ་དང། མཆོད་རྟེན་ལ་སོགས་པའི་གནས་དང། ཡན་ལག་མ་ཡིན་པ་ཁ་དང། བཤད་པའི་ལམ་དང། ལྟེ་བ་ལ་སོགས་ཏེ། མདོར་ན་བུད་མེད་ཀྱི་དབང་པོ་ལས་གཞན་པ་ཐམས་ཅད་དོ། །དེ་ལྟར་དུས་དང། གནས་དང། ་ཡན་ལག་མིན་པ་དྲག་ཏུ་རང་གི་ཆུང་མ་ལ་འཁྲིག་པ་སྦྱོད་པ་ནི། རང་གི་ཆུང་མ་ལས་བྱུང་བའི་འདོད་པས་ལོག་པར་གཡེམ་པའོ། །ཆུང་མ་དེ་མི་རིགས་པ་ཆུང་མར་བྱས་པ་ལ་བྱུང་བ་ནི། ཚངས་པར་སྤྱོད་པའི་དགེ་བསྙེན ་མ་འམ། དགེ་སློང་མ་འམ་དགེ་སློང་མ་འམ། དགེ་ཚུལ་མ་འམ་བསྙེན་གནས་ལ་གནས་པའི་བུད་མེད་ཆུང་མར་བླངས་ཏེ། དེ་དག་མི་དགའ་བ་འམ། དགའ་ཡང་རུང་སྟེ། སྡོམ་པ་གཏོད་བའི་རྐྱེན་བྱས་པ་སྟེ། འདི་ནི་ཆུང ་མར་མི་རིགས་པར་ཆུང་མར་བྱས་པ་ལས་བྱུང་པའོ། །ཆུང་མ་མ་ཡིན་པ་ལས་བྱུང་བ་ནི། བུད་མེད་གང་ཁྱིམ་ཐབ་གཞན་གྱིས་བཟུང་བ་དང། རང་གི་བདུན་རྒྱུད་ལས་མ་འདས་པའི་འབྲེལ་བར་གྱུར་པ་དང། །ཆོས་ཀྱི ་མཚན་ཅན་དང། སྡོམ་པ་ཅན་དང། ཕ་མ་དང། མིང་པོ་དང། སྤུན་ཟླ་དང། རུས་ཆགས་དང། ཚེ་འབྲང་དུ་སྨོས་པས་བསྲུངས་པ་དང། གྱོས?་རྒྱུག་དང། སྐུད་པོ་ལ་སོགས་པ་ཁྱོའི?་ཕྱོགས ་སྨོས་པས་གསུངས་པ་དང། མི་མཉམ་པའི་རིགས་དང་ཡོན་ཏན་གྱིས་བསྲུངས་པ་དང། སྨད་འཚོང་མ་དག་ཀྱང་སྐྱེས་བུ་གཞན་གྱིས་རིན་སྔར་བྱིན་པས་བཟུང་བ་དང། སྐྱེས་བུ་གཞན་གྱིས་ཆུང་མ་དང་འདྲ་བར ་བདག་གིར་བྱས་པ་རྣམས་ཏེ། དེ་དག་དང་འཁྲིག་པ་སྤྱོད་པ་རྣམས་ནི་གཞན་གྱིས་ཚོར་ན་ཆེས་སྡིག་པ་ཆེ་ལ། མ་ཚོར་དུ་ཟིན་ཀྱང་འདོད་པས་གཡེམ་པའི་རྣམ་པར་སྨིན་པ་འབྱུང་ངོ། །སྐྱེས་པ་ལས་བྱུང་བ་ནི་སྐྱེས་བུ་གཞན ་གྱི་ཁ་དང་བཤད་པའི་ལམ་ལ་སོགས་པར་མཚན་སྦྱོར་བའོ། །དུད་འགྲོ་ལས་བྱུང་བ་ནི། བ་ལང་དང། ར་ལུག་དང། རྟ་བོང་ལ་སོགས་པའི་མཚན་དང་བཤད་པའི་ལམ་ལ་སོགས་མཚན་སྦྱོར་བའོ། །ཁྱེའུ་དང་བུ ་མོ་ལས་བྱུང་བ་ནི། འཁྲིག་པ་སྤྱད་མི་བཟོད་པའི་ཁྱིའུ་དང་བུ་མོའི་གདང?་མཚན་དང། བཤད་པའི་ལམ་དུ་མཚན་སྦྱོར་བའོ། །དེ་ལྟར་འདོད་པས་ལོག་པར་གཡེམ?་པ་དེ་དག་ནི། ཡན་ལག་གསུམ་གྱིས་རྫོགས ་པར་འགྱུར་ཏེ། དུས་ལ་སོགས་པ་དེ་དག་ལ་དེ་དག་ཏུ་འདུ་ཤེས་པ་དང། སྦྱོར་བ་བྱས་པ་དང། རྗེས་སུ་མཐུན་པའི་ཚོར་བ་ཉམས་སུ་མྱོང་བའོ། །དེ་ལྟར་དེ་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་གསུམ་མོ། །རྫུན་དུ ་སྨ་བ་ནི་ཡན་ལག་གསུམ་གྱི་རྫོགས་པར་འགྱུར་ཏེ། གཞི་མནོར?་བར་ཁོང་དུ་ཆུད་པ་དང། དེ་ལ་འདུ་ཤེས་བསྒྱུར་བ་དང། ལོག་པར་སྨྲས་པའོ། །ཕྲ་མ་ནི་ཡན་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། དབྱེ་བར་བྱ་བ ་སེམས་ཅན་ཉིད་དང། དབྱེན་གྱི་ཚིག་སྨྲས་པའོ། །ཚིག་རྩུབ་མོ་ནི་ཡན་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། །གཞི་སེམས་ཅན་ཡིན་པ་དང་ཚིག་རྩུབ་མོ་སྨྲས་པའོ། །ཚིག་འཁྱས?་པ་ནི། ཡན་ལག་གཉིས་ཀྱིས་རྫོགས ་པར་འགྱུར་ཏེ། ཆོས་དང་ལྡན་པ་དེར་བསམས་པ་དང། ཚིག་འཁྱལ་བ་སྨྲས་པའོ། །དེ་དག་ནི་དག་གཉིས་པར་སྤྱོད་པ་བཞིའོ། །བརྣབ་སེམས་ནི། ཡན་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། གཞི་གཞན་གྱི་ཡིན་པ་དང། ་དེ་ལ་བསྣབ་སེམས་སྐྱེད་པའོ། །གནོད་སེམས་ནི་ཡན་ལག་གཉིས་ཀྱིས་རྫོགས་བར་འགྱུར་ཏེ། གཞི་སེམས་ཅན་ཡིན་པ་དང། དེ་ལ་ཀུན་ནས་མནར་སེམས་པར་གྱུར་པའོ། །ལོག་པར་ལྟ་བ་ནི། ཡན་ལག་གཉིས་གྱིས ་རྫོགས་པར་འགྱུར་ཏོ། གཞི་ཕྱིན་ཅི་མ་ལོག་པ་དང། དེ་ཉིད་ལ་བསམ་པ་ཕྱིན་ཅི་ལོག་པ་སྐྱེད་པའོ། །དེ་དག་ནི་ཁྱད་པར་གྱི་ཡན་ལག་གི། ཐུན་མོང་གི་ཡན་ལག་ནི། སེམས་གཙོ་ཞེས་བྱ་བའོ། །དེ་དག་ནི་ཡིད་ཀྱི་ཉེས་པར ་སྦྱོད་པ་གསུམ་མོ། །དེ་ལྟར་ན་ཀུན་ནས་སློང་བའི་སེམས་པ་དང། རྗེས་སུ་སྤྱོད་པའི་སྦྱོར་བ་དང། །སྦྱོར་བའི་གཞི་བསམས་པ་དེ་ཉིད་དང། སྦྱོར་བའི་འབྲས་བུ་དངོས་གཞི་ཉིད་སྤྱད་པ་དང། མཇུག་རྗེས་སུ་ཡི་རང་བའོ། །ཡན ་ལག་ལྔ་རྫོགས་ན་ནི་མི་དགེ་བ་གང་ཡང་ལེགས་པར་རྫོགས་པ་ཡིན་ནོ། །ཐམས་ཅད་མ་ཚད་ན་ནི་ཅུང་ཟད་སྤྱད་པ་ཅི་རིགས་པར་སྦྱར་རོ། །ཅུང་ཟད་དུ་ན་གཞི་མ་ནོར་བ་ཉིད་ནི་ཁ་ཅིག་ཏུ་མ་ངེས་པ་སྲིད་དོ། །དེ་ལྟར་མི་དགེ་བ་བཅུ་པོ ་དེ་དག་སྦྱད་པའི་འབྲས་བུ་རྒྱ་ཆེར་ནི། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཤེས་པར་བྱ་ཞིང། །མོད་རང་སྡུས་པ་ནི་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ། སྲོག་གཅོད ་པས་ནི། སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་པ་འདི་ལྟ ་སྟེ། ཚེ་ཐུང་བ་དང། ནང་མང་བའོ། །མ་བྱིན་པར་ལེན་པས་ནི། སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ?་སོང་གི་སྐྱེ?་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང། རྣམ་པར་སྨིན་པ ་གཉིས་མངོན་པར་བསྒྲུབ་པ་འདི་ལྟ་སྟེ། ལོངས་སྤྱོད་ཆུང་བ་དང། མཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ། །འདོད་བས་ལོག་པར་གཡེམ་པས་ནི། །སེམས་ཅན་དམྱལ་བར་ཁྲིད་དོ། ཁྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། ། ་གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མར་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་པ་འདི་ལྟ་སྟེ། ལྷོད་པ་དང་བཅས་པའི་ཆུང་མ་དང། གཡོག་འཁོར་མ་བསྲུངས་པའོ། རྫུན་དུ་སྨྲ་བས་ནི། སེམས ་ཅན་དམྱལ་བར་འཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ནི་ཡང་།རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་པ་འདི་ལྟ་སྟེ། སྐུར་པ་མང་བ་དང། ་གཞན་གྱིས་བསླུ་བའོ། ཕྲམས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ ་པ་འདི་ལྟ་སྟེ། གཡོག་མི་མཐུན་པ་དང་གཡོག་ངན་པར་འགྱུར་བའོ། །ཚིག་རྩུབ་པོས་ནི། སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར ་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་པ་ནི་འདི་ལྟ་སྟེ། ཡིད་དུ་མི་འོང་བའི་ཚིག་ཐོས་པ་དང། འཐབ་མོའི་ཚིག་ཐོས་པར་འགྱུར་པའོ། །ངག་འཁྱིལ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི ་སྐྱེད་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངན་པར་བསྒྲུབ་བ་ནི་འདི་ལྟ་སྟེ། ཚིག་མི་བཙུན་པ་དང། སྤོབས་པ་མེད་པའོ། །བརྣབ་སེམས་ཀྱིས་ནི། ་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་པ་ནི་འདི་ལྟ་སྟེ། ཆོག་མི་ཤེས་པ་དང། འདོད་པ་ཆེ་བའོ།། ་གནོད་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོག་བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་པ་ནི་འདི་ལྟ་སྟེ། གནོད་པས་གླགས ་ལྟ་བ་དང། ཕ་རོལ་གྱིས་མནར་པའི།?་ལོགས་ལྟ་བས་ནི་།སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང། རྣམ་པར་སྨིན་པ་གཉིས་མངོན་པར ་བསྒྲུབ་པ་ནི་འདི་ལྟ་སྟེ། ལྟ་བ་ངན་པར་ལྟུང་བ་དང། གཡོ་སྒྱུ་ཅན་དུ་འགྱུར་བའོ་ཞེས་གསུངས་ཏེ། དེ་དག་ཀྱང་མཚོན་པ་སྟེ། མི་དགེ་བ་བཅུ་པོ་འདི་དག་ནི། རེ་རེ་ལ་ཡང་རྣམ་པར་སྨིན་པ་ཡང་ཤིན་ཏུ་མང་པོ་ཡོད་པར་རིག་པར་བྱའོ། །ད་ནི ་འདི་དག་གི་ལྕི་བ་དང། ཡང་པ་ཉིད་བརྗོད་པར་བྱ་སྟེ། དེ་ནི་འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་གསུངས་པ། འོང་སྲུངས་ཕ་ཡང་ཡིན་ལ། རང་སངས་རྒྱས་ཀྱང་ཡིན་པ་གསོད་པ་གང་ཡིན་པ་འདི་ནི་སྲོག་གཅོད་པའི ་ནང་ན་མ་རུངས་པའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་སྦྱིན་པར་ལེན་པའི་ནང་ན་མ་རུངས་པ་ཡིན་ནོ། །མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལས་ཉལ་པོ་བྱས་པ་འདི་ནི་འདོད ་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་འདི་ནི། རྫུན་དུ་སྨྲ་བའི་ནང་ན་མ་རུངས་པ་ཡིན་ནོ། །དགེ་འདུན་གྱི་དབྱེན་བྱས་པ་འདི་ནི་ཕྲ་མའི་ནང་ན་མ་རུང་པ་ཡིན་ནོ། །འཕགས ་པ་རྣམས་ལ་མི་སྙན་པར་བརྗོད་པ་འདི་ནི། དག་རྩུབ་མོ་རྣམས་ཀྱི་ནང་ན་མ་རུང་པས་ཡིན་ནོ། །ཆོས་ཐོས་པར་འདོད་པ་རྣམས་ལ་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་འཁྱལ་པའི་ནང་ན་མ་རུངས་པ་ཡིན་ནོ། །ཡང་དག་པར་སོང་བ་དང ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཉེད་པ་འཕྲོག་པར་སེམས་པ་འདི་ནི། །བརྣག་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །མཚམས་མེད་པ་བྱེད་པ་འདི་ནི། གནོད་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་འདི་ནི། ་ལོག་པར་ལྟ་བའི་ནང་ན་མ་རུངས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །མདོར་བསྡུ་ན་རྒྱུན་ཏུ་སྤྱོད་པ་དང། ཉོན་མོངས་པ་དྲག་པོས་སྤྱོད་པ་དང། རྟེན་གྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དང། དཀོན་མཆོག་གསུམ་ལ་མི་བརྟེན་ཅིང ་རྣམ་པར་སུམ་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སོགས་པ་མེད་པ་དང། ཡོན་ཏན་དང་གཙོ་བོ་འཕགས་པའི་གཞི་ལས་བྱུང་བ་སྟེ། དེ་དག་དང་གང་ལྡན་པའི་མི་དགེ་བ་བཅུ་ནི་ལྕི་བ་ཉིད་དོ། །དེ་བས་ན་འཕགས་པ་ནཱ་གཱརྫུ་ནས ་ཀྱང། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི་ཞེས་བཤད་དོ། །ང་ནི་དེ་དག་རྩ་བའི་ཉོན་མོངས ་པ་གང་གང་གིས་རྫོགས་པར་བྱེད་པ་བསྟན་ཅེ་ན། དེ་ནི་ཆོས་མངོན་པའི་ཚིག་ལེའུར་བྱས་པ་ལས། །གསོད་དང་གནོད་སེམས་ཚིག་རྩུབ་དག་།ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བསྣབ་སེམས་མ་བྱིན་ལེན།། ་ཆགས་པ་ཡིས་ནི་མཐར་ཕྱིན་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། ཅེས་བཤད་པ་ལས་ཤེས་པར་བྱའོ། །ད་ནི་དེ་དག་གིས་གནང་བ་ཉིད་བརྗོད་པར་བྱ་སྟེ། གང་བདག་གི་དོན ་ལ་རྗེས་སུ་ལྟ་བ་ཅུང་ཟད་ཙམ་ཡང་མེད་ལ། བྱེད་པ་གཞན་གྱི་དོན་འབའ་ཞིག་འདོད་ཅིང་ཐམས་ཅད་དུ་སྙིང་རྗེ་དང་ལྡན་པ་དག་ལ་ནི། ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པ་འམ། ལོག་པར་ལྟ་བ་ཉིད་གཏོགས་པ་དག་ལ ་ལར་རྗེས་སུ་གནང་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་གཏན་ལ་ཕབ་པའི་གཙུག་ལག་དག་ལ་བལྟའོ། །དེ་ལྟར་བླང་བར་བྱ་བ་དང། མི་མཐུན་པའི་ཕྱོགས་དང་ཡན་ལག་དང། འབྲས་བུ་དང། ལྕི་ཡང་དང་རྒྱུ་དང། རྗེས ་སུ་བསྟན་པ་དག་གིས་དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་པར་བསྟན་པ་ཡིན་ནོ། །དགེ་བ་བཅུ་ཡི་ལས་ཀྱི་ལམ། །ལེགས་བརྗོད་བསོད་ནམས་དྲི་མེད་གང། དེང་འདིར་བདག་གིས་བསྒྲུབ་པ་དེས། །འགྲོ་བ་མི་དགེ་བཅུ་སྤང་ཤོག་། ་བདག་ཀྱང་དགེ་བཅུའི་ཡོན་ཏན་གྱིས། །བརྒྱན་ཅིང་ངན་འགྲོ་སྤངས་པ་དང། །འགྲུ་བའི་མི་དགེའི་ལས་ལམ་བཅུ། །གཏན་ནས་རྒྱུད་བཅད་བྱེད་པར་ཤོག་།དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ཞེས་བྱ་བ། སློབ་དཔོན་བྲམ་ཟེ ་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་བ་མང་ངོ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་རྟ་དབྱངས་ཀྱིས་མཛད་པའི་མྱ་ངན་ས་ལ་བ། །མི་དགེ་བ་བཅུའི་ལམ་བསྟན་པ། །དྲན་པ་ཉེར་གཞག་གི་ཚིག་ལེའུར་བྱས་པ་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ། །བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། །འདོད་ཡོན་ལྔའི་ཉེས་དམིགས ་སློབ་དཔོན་དབྱེན་གཉེན་གྱིས་མཛད་པ། །དགེ་སློང་གཞོན་ནུ་རབ་གསལ་ལ་སྤྲིད་པ་རྣམས་གཞུགས།། །།རྒྱ་གར་སྐད་དུ། ཤོ་ཀ་བའི་ནོ་ངན། བོད་སྐད་དུ། མྱ་ངན་བསལ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་