CLOSE WINDOW

N4464: legs pa'i lam bstan pa'i gtam
Wyliee-texts based on the ACIP/ALL Input

བོས་མཛད་པ་བཞུགས།། །རྒྱ་གར་སྐད་དུ། སུ་པཱ་ད་དེ་ཤ་བ་རི་ཀ་ཐཱ། བོད་སྐད་དུ། ལེགས་པའི་ལམ་བསྟན་པའི་གཏམ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདུད་ནི་མཛའ་ཡས་སྡེ་དང་བཅས་པ་བསྟན་པས་འབད་པ་མེད་པར་རྒྱལ་མཛད་ལ། །རྨད་དུ་བྱུང་བའི་གནས་མཆོག་བརྙེས་ནས་དྲང་སྲོང་འཇིག་རྟེན་པ་ལ་བརྩོན་པར་མཛད། །གང་ཕྱིར་ཐུགས་རྗེས ་མཆོག་ཏུ་གཞན་དོན་ལ་ནི་བརྩོན་པར་མཛད། །ཡོན་ཏན་ཀུན་གྱི་གཏེར་དུ་གྱུར་པ་སངས་རྒྱས་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་རྙེད་ན་སྡུག་པ་དང་བྲལ་ལས་བྱུང་མྱ་ངན་རྣམས་ཀྱིས་ཉོན་མོངས་མེད། མི་སྡུག་པ་དང་ཕྲད་ལས་བྱུང་བའི ་སྡུག་བསྔལ་རྙེད་སླ་འབྱུང་བར་འགྱུར་མ་ཡིན། འཆི་དང་ན་དང་རྒ་དང་རྒུད་པའི་སྡུག་བསྔལ་སླར་ཡང་འབྱུང་མི་འགྱུར། །སྡུག་བསྔལ་རྣམས་ནི་མཐར་ཟད་ཕུང་པོ་ལྷག་མེད་ལམ་བཅས་ཆོས་ལ་ཕྱག་འཚལ་ལོ། །གང་ཞིག་དང་སོགས་སྟོབས ་ཀྱིས་སྟོབས་ཆེན་བདུད་ནི་རྣམ་པར་འབྱེད་མཛད་ལ། །བློ་ནི་དགེ་སྦྱོང་འབྲས་བུའི་དོན་གྱི་རྒྱན་གྱུར་འཇིག་རྟེན་འདས་པ་ཉིད་དུ་གྱུར། །གང་ལ་བྱིན་ན་འབྲས་བུ་དཔག་མེད་སྐྱེ་འགྱུར་ཐུབ་པའི་སློབ་མ་དགེ་བདུན་ནི། །ཚངས་དང་དབང་པོ་སོགས ་ཀྱིས་ཕྱག་བྱས་བློ་སྦྱངས་ཡོན་ཏན་རྒྱ་མཚོ་དེ་ལ་བདུད། །འགྲོ་བ་རྣལ་འབྱོར་སྤྱོད་པ་བྱམས་པའི་སེམས་ལྡན་འདོད་པའི་དོན་ནི་རྫོགས་ཕྱིར་དང། །དམ་ཆོས་གསལ་བྱའི་ཕྱིར་དང་ཆོས་སྟོན་སྐྱེ་བོ་རྣམས་ལ་བརྩེ་བར་བྱ་བ་ཉིད་དང་ནི། །དམ་པ ་རྣམས་ནི་རབ་ཏུ་མགུ་བར་བྱ་དང་བདག་ཉིད་ཀྱིས་ནི་ཆོས་རྙེད་ཕྱིར། །ལེགས་པའི་ལམ་གྱི་གཏམ་ནི་ཐུབ་དབང་གསུང་དང་སྦྱར་ཏེ་བདག་གིས་བཤད་པར་བྱ། །བདེན་ལ་དགའ་ཞིང་ཚིག་རེའང་ཉམས་སུ་ལེན་གྱུར་རྣམས། །རྒྱལ་བའི་ལེགས ་བཤད་རབ་ཏུ་དགའ་བར་གྱུར་པ་རྣམས། །ཉིད་ཀྱི་སྐུ་ཡིས་བསྡུས་ནས་ཉེ་བར་བསགས་པ་ནི། །གང་ཡིན་དེ་དག་དང་པའི་ཡིད་ཀྱིས་མཉན་པར་བྱ་བའི་རིགས། །དེ་ལ་ལེགས་པའི་ལམ་ནི་ཚུལ་ཁྲིམས་དང། །ཏིང་ངེ་འཛིན་དང། ཤེས་རབ་ཡིན་ཏེ། ་ལེགས་པར་གྱུར་པའི་ལམ་ཡིན་པས་ན་ལེགས་པའི་ལམ་མོ། །ལེགས་པའི་ཞེས་བྱ་བ་ནི་མཆོག་ཏུ་བསྔགས་པ་སྟེ། །དེ་ནི་གཅིག་ཏུ་ཕན་པ་ཉིད་ཡིན་པའི་ཕྱིར་ལས་དང་ཉོན་མོངས་བའི་གཙུབ་ཤིང་ལས་བྱུང་བའི་སྡུག་བསྔལ་ཉིད་ཀྱི་མེ ་གསུམ་རབ་ཏུ་ཞི་བར་བྱེད་པས་མྱ་ངན་ལས་འདས་པ་ཡིན་ནོ། །ལམ་ཞེས་བྱ་བ་ནི་དེས་མངོན་པར་འདོད་པའི་དོན་ཐོབ་པར་བྱ་བའི་ཕྱིར་འདིས་ཚོལ་བས་ན་ཚོལ་བར་བྱེད་པའི་དོན་གྱིས་ན་ལམ་མོ། །དེ་ཡང་རྟོགས་པའི་ཐབས་ཀྱི་རིམ་པའི་ཆོ་ག ་ཡིན་ནོ། །ཡང་ན་ངེས་པར་འབྱུང་བ་ལ་ཕན་པ་ཉིད་ཡིན་པའི་ཕྱིར་རྟེན་པར་བྱ་བ་ཡིན་ལ། དེ་ཡང་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ཡིན་པས་ན་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ནི་ལེགས་པ་ཡིན་ནོ། །དེ་ཡང ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ནི། ཆོས་རྟོགས་ཕྱིར་ནི་བསྒོམས་པ་ཡིས། །བྱང་ཆུབ་མཆོག་ནི་ཐོབ་གྱུར་ནས། །ཁྱོད་ནི་ངེས་པར་བཅོམ་གྱུར་པར། །སྡིག་ཅན་གྱིས་ནི་ཤེས་པར་གྱིས། ཞེས་གསུངས་པ་ཡིན་ནོ།། ་དེ་ལ་ཚུལ་ཁྲིམས་ཞེས་བྱ་བ་འདི་ནི་ཁ་ན་མ་ཐོ་བ་མེད་པའི་བདེ་བ་ཉམས་སུ་མྱོང་བ་དང་ལྡན་པས་ན་ཚུལ་ཁྲིམས་སོ། །ཡང་ན་འདིས་འགྱོད་པ་མེད་པའི་བདེ་བ་སྟེན་ཅིང་ཡོན་ཏན་གཅིག་ནས་གཅིག་ཏུ་བརྒྱུད ་བའི་བསྔགས་པ་ལེན་པའི་ཕྱི་ཚུལ་ཁྲིམས་ཏེ་ལ་ནི་ལེན་པའོ། །ཡང་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སྐད་ཀྱི་དབྱིངས་ལས་ཚུལ་ཁྲིམས་སུ་འགྱུར་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ཡང་དག་པར་སྡོམ་པ་ཞེས་བྱ་བའི་ཐ་ཚིག ་གོ་།དེ་ཡང་བྲམ་ཟེ་ལུས་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་གྱིས་ཆོས་ལ་སྤྱོད་པར་འགྱུར་རོ། །ངག་གི་ནི་བཞིའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་བསིལ་བར་གྱུར་པས་ཚུལ་ཁྲིམས་ཏེ། དེ་ཡང་འཆི ་བའི་མཐར་ཐུག་པའི་བར་གྱི་སེམས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་སོ། །དེ་ཡང་ཙན་དན་ཤིང་གིས་གདུང་བ་སེལ་མིན་ཞིང། །ཙནདན་ས་མཆོག་གིས་བྱུགས་ཕྲེང་བས་མིན། །ཆུ་ཡིས་ལེགས་རྒྱས་སྤྲིན་གྱི་རླུང་གིས ་མིན། །ཀུ་མུ་ང་རྒྱས་སྨྲ་མེད་རྫིང་བུས་མིན། །པདམོ་ཨུཏཔལ་སྣ་ཚོགས་ཀྱིས་ཁྱབ་པ། །སྤོས་ཆུས་བརླན་པའི་ནོར་བུའི་ས་འམ་ནི། །སྡུག་པའི་ལག་པ་རྩེ་མོས་འདྲེན་པ་འམ། །མེ་ཏོག་ཕྲེང་བ་ཐིགས་ཕྲན་འཇིགས་པ་ཡིས། །སྲོག ་མཐར་གྱུར་པ་འབྱུང་བའི་དུས་སུ་ནི། །དུས་དེའི་མེ་འདྲར་འཇིགས་པའི་གདུང་མི་སེལ། གང་ཕྱིར་ཚུལ་ཁྲིམས་དྲན་ནའང་སེལ་བྱེད་དེ། །དེ་ཕྱིར་དེ་ནི་ཚིམ་བྱེད་རྣམས་ཀྱི་མཆོག་།ཡང་ན་ཉེས་པར་སྤྱོད་པའི་མི་ཤིས་པ་མེད་པའི་ཕྱིར་དང། ་བདེ་བའི་རྣམ་པར་སྨིན་པ་གནོད་པ་མེད་པ་དང་ལྡན་པས་ན་ཞི་བ་ཡིན་པའི་ཕྱིར་ཚུལ་ཁྲིམས་སོ། །ཡང་ན་འདི་ནི་མགོ་བོར་གྱུར་པ་ན། །དེའི་ཕྱིར་ཚུལ་ཁྲིམས་ཞེས་བཤད་ལ། ཚུལ་ཁྲིམས་ཉམས་པས་འཆིར་འགྱུར་བ། །དཔེར ་ན་མགོ་བོ་བཅད་དང་མཚུངས། །དེ་ཡང་དགེ་སློང་དག་གང་བསླབ་པ་བཏང་ནས་ཉམ་ཆུང་བར་སྟོན་ཅིང་དམན་པ་ཤས་ཆེ་བར་འདོད་པའི་གནས་སུ་ལྷུང་བ་འདི་འཕགས་པའི་ཆོས་འདུལ་བ་འདི་ལ་འཆི་བ་ཞེས་བྱའོ། །ཞེས་ཇི་སྐད་གསུང་པ ་ལྟ་བུའོ། །ཡང་ན་བདེ་འགྲོ་སྟེ་ཐར་པ་དང། །འཇིག་རྟེན་ལ་ཕན་པར་འདོད་པའི་དམ་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་པས་ན། །ཚུལ་ཁྲིམས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་ན་དགེ་བའི་ལུས་དང་ངག་གི་ལས་རྣམས་ནི་ཚུལ་ཁྲིམས ་ཞེས་བྱ་སྟེ། དེ་ཡང་སངས་རྒྱས་ཀྱིས་གསུངས་པའི་ལུས་དང་ངག་གི་ལས་བྱ་བ་དང་བྱ་བ་མ་ཡིན་པ་རྣམས་ལ་དེ་བཞིན་དུ་འཇུག་པའོ། །ཡང་ན་འཚེ་བ་མེད་པའི་བསམ་པ་ལས་ངེས་པར་འབྱུང་བའི་ལུས་དང་ངག་གི་རང་བཞིན་གྱི་ལེགས་པར ་སྤྱོད་པ་ལས་བྱུང་བ་དང། མི་དགེ་བའི་ལས་ཀྱིས་ཚུལ་ལས་ལྡོག་པའི་མཚན་ཉིད་ནི་ཚུལ་ཁྲིམས། །ཡང་ན་ལུས་དང་ངག་གིས་གཞན་ལ་ཕན་པ་དང་འཚེ་བ་མེད་པ་རྣམ་པར་འཕེལ་བ་ནི་ཚུལ་ཁྲིམས་ཡིན་ན། ཡང་ན་ཡང་དག་པའི ་ལུས་དང་ངག་དང་འཚོ་བ་ཡིན་ལ། དེ་ཡང་ལུས་དང་ངག་གི་ཉེས་པར་སྤྱོད་པ་ལས་ལྡོག་པའི་མཚན་ཉིད་དེ། འགྱོད་པ་མེད་པ་ལ་རབ་ཏུ་འཇུག་པ་སྟེ། དེ་དབང་པོ་སྡོམ་པའི་གནས་ལ་གནས་པའོ། །ཡང་ན་དེའི་ལུས་དང་ངག་གི་སྡོམ ་པའི་མཚན་ཉིད་དེ། སྡོམ་པ་མེད་པ་ལས་ལྡོག་པ་ལ་ཉེ་བར་གནས་པ་ཡིན། དེ་ནི་དགེ་བའི་རྩ་བའི་གནས་ལ་གནས་པ་ཡིན་ནོ། །ཡང་ན་ལུས་དང་ངག་གཙང་བ་ཉིད་ཀྱི་མཚན་ཉིད་ནི་ཚུལ་ཁྲིམས་ཏེ། ཟག་པ་མེད་པའི་བདེ་བ་ལ་ཉ ་བར་འཇོག་པ་ཡིན་ལ། དེ་ནི་དད་པ་དང་ལྡན་པའི་གནས་ལས་གནས་མ་ཡིན་ནོ། །དེ་ནི་རྣམས་པ་གཉིས་ཏེ། བཅས་པའི་ཚུལ་ཁྲིམས་དང། མ་བཅས་པའི་ཚུལ་ཁྲིམས་སོ། །བཅས་པའི་ཚུལ་ཁྲིམས་མིག་དང་རྣ་བས་བཅས་པའི་ལུས ་དང་ངག་གི་དགེ་བའི་ལས་སོ། །མ་བཅས་པའི་ཚུལ་ཁྲིམས་ནི་ཡིད་ཀྱི་ཤེས་པར་བྱ་བའི་ལུས་དང་ངག་གི་སྡོམ་པའོ། །ཡང་རྣམ་པ་གཉིས་ཏེ། སྦྱོར་བ་ལས་བྱུང་བ་དང། སྦྱོར་བ་ལས་བྱུང་བ་མ་ཡིན་པའོ། །སྦྱོར ་བ་ལས་འབྱུང་བ་ནི་གང་ལུས་དང་ངག་གིས་སྦྱོང་བས་བསགས་པའོ། །སྦྱོར་བ་ལས་བྱུང་བ་མ་ཡིན་པ་ནི་གང་ཡིན་ཞན་དུ་གྱུར་པ་ལས་ཀྱང་ཉེ་བར་བསགས་པའི་གྲངས་སུ་འགྲོ་བའོ། །ཡང་གཉིས་ཏེ། དམ་བཅས་པ་སྔོན་དུ་འགྲོ་བ ་དང། ཆོས་ཉིད་ཀྱི་ཐོབ་པའོ། །རབ་ཏུ་བྱུང་བ་དང་དུས་མཉམ་དུ་འམ། ཁྱིམ་པ་བསླབ་པ་མེན་པར་ཁས་ལེན་པ་འམ། ནོར་གཏོང་བས་སྟེ། འདི་ནི་སྡོམ་པ་ཡང་དག་པར་ལེན་པ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་སོ། །ཡང་བརྒྱད་པ་ལ་སོགས ་པས་ལམ་བསྐྱེད་ནས་ཟག་པ་མེད་པ་ཐོབ་པ་དེ་ནི་ཆོས་ཉིད་ཀྱི་ཐོབ་པའོ། །ཡང་ན་འཇུག་པ་དང་ལྡོག་པ་ཞེས་བྱ་བ་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་བས་རྗེས་སུ་གནང་བའི་ལུས་དང་ངག་གིས་ལས་ལ་སྦྱོར་བ་དེ་ནི་འཇུག་པའི་ཚུལ་ཁྲིམས་སོ། ་གང་བཀག་པ་དེ་མི་བྱེད་པ་ནི་ལྡོག་པའི་ཚུལ་ཁྲིམས་སོ། །ཡང་ན་སངས་པའི་ཚུལ་ཁྲིམས་དང། མ་སྤངས་པའི་ཚུལ་ཁྲིམས་སོ། །དེ་ལ་གང་ལུས་དང་ངག་གི་ཉེས་པར་སྤྱོད་པ་མི་བྱེད་པ་དེ་ནི་སྤངས་པའི་ཚུལ་ཁྲིམས་སོ། །ལུས ་དང་ངག་གི་ལེགས་པར་སྤྱོད་པ་ལ་རྗེས་སུ་འཇུག་པ་ནི་མ་སྤངས་པའི་ཚུལ་ཁྲིམས་སོ། །ཡང་དག་པ་དང། མ་དག་པའི་དབྱེ་བས་རྣམ་པ་གཉིས་ཏེ། སྲིད་པ་དང། ལྟ་བ་ངན་པ་དང། ང་རྒྱལ་དང། ཡང་དག་པ་མ་ཡིན ་པའི་རྟོག་པ་དང་མ་འདྲེས་པ་དང། ཡོངས་སུ་ཚང་བ་ནི་དག་པའི་ཚུལ་ཁྲིམས་སོ། །དེ་ལས་གོ་བཟློག་པ་ནི་མ་དག་པའོ། །དག་པ་ལ་གཉིས་ཡོད་པས་རྣམ་པ་གཉིས་ཏེ། གང་འདའ་བ་མེད་པར་རྣམ་པར་བྱང་བ་དེ་ནི་ལྟུང་བ་མེད་པའི ་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །གང་ལྟུང་པ་སླར་བཅོས་པས་རྣམ་པར་དག་པ་དེ་ནི་ལྡང་བའི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །ཡང་རྣམ་པ་གཉིས་ཏེ། ལྟུང་བ་མེད་པས་མཆོག་ཏུ་གྱུར་པ་དང། རྣམ་པར་དག་པས་མཆོག་ཏུ་གྱུར་པའོ།། ་གང་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ནི་བསམས་བཞིན་དུ་འདའ་བ་མེད་པས་དེ་ནི་ལྟུང་བ་མེད་པ་མཆོག་ཏུ་གྱུར་པའི་ཚུལ་ཁྲིམས་སོ། །དགྲ་བཅོམ་པ་དང། རིང་སངས་རྒྱས་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་ཡིན་པ་དེ་ནི་རྣམ་པར ་དག་པའི་ཚུལ་ཁྲིམས་སོ། །ཡང་ན་སློབ་པ་དང་མི་སློབ་པ་དང་སོ་སོའི་སྐྱེ་བོ་ལ་བརྟེན་པས་ཚུལ་ཁྲིམས་རྣམས་པ་གསུམ་སྟེ། སློབ་པ་དང། མི་སློབ་པ་དང། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །ཡང་ན་སེམས་ཀྱི་དབང་ལས ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་སྟེ། མི་མཉམ་པ་དང། མཉམ་པར་ཡོངས་སུ་སྨིན་པ་དང། ཡོངས་སུ་མ་སྨིན་པའོ། །མི་མཉམ་པ་ཡོངས་སུ་གྱུར་པ་ནི་གང་གཞན་ལ་འཚེ་བའི་ཕྱིར་བསྟེན་པའོ། ་མཉམ་པར་ཡོངས་སུ་གྱུར་པ་ནི་སྡུག་པ་དང་དབང་པོ་དང་ཡུལ་ཉམས་སུ་མྱོང་བའི་དོན་དུ་གང་ལ་བརྟེན་པའོ། །ཡོངས་སུ་གྱུར་པ་མ་ཡིན་པ་ན་འགྱོད་པ་མ་ཡིན་པའི་དོན་དུ་གང་ལ་བརྟེན་པ་དང་འགྱོད་པ་མེད་པ་གང་ཡིན་པའོ། །ཡང་དམན ་པ་དང། འབྲིང་དང། མཆོག་སྟེ་རྣམ་པ་གསུམ་སྟེ། ཉེ་བའི་ཉོན་མོངས་པ་དྲག་པོ་སྙེན་པ་དང་ཆོག་མི་ཤེས་པས་གི་བྱིན་ཉམས་པ་ནི་དམན་པའོ། །ཉོན་མོངས་པ་སྲབ་པ་དང་ཆོག་ཤེས་པ་དང་ལྡན་པ་ནི་འབྲིང་ངོ། །ཉོན་མོངས་པ་མེད ་པས་བསལ་ལ་ཆོག་ཤེས་པས་རབ་ཏུ་ཕྱེ་བའི་རྣམ་པར་དག་པའི་ཚུལ་ཁྲིམས་ནི་མཆོག་ག། ཡང་དབང་དུ་བྱ་བ་རྣམ་པ་གསུམ་གྱི་གསུམ་སྟེ། འཇིག་རྟེན་གཙོ་བོར་བྱེད་པའི་གང་ཟག་ནི་ཁྲེལ་ཡོད་པ་ཅན་ཏེ། འཇིག་རྟེན་གྱི་དབང་དུ་བྱས ་ནས་སྡིག་པ་སྤོང་བ་སྟེ། དེ་ནི་འཇིག་རྟེན་པའི་དབང་དུ་བྱས་པའི་ཚུལ་འཁྲིམས་སོ། །ཆོས་ལ་གུས་པའི་ཆོས་གཙོ་བོར་བྱས་ནས་སྡིག་པ་སྤོང་བ་དེ་ནི་ཆོས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་སོ། །བདག་གཙོ་བོར ་བྱས་པ་ནི་བདག་ཉིད་ངོ་ཚ་བས་བདག་ཉིད་རྗེས་སུ་བསྲུང་ཞིང་སྡིག་པ་སྤོང་བ་དེ་ནི་བདག་ཉིད་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་སོ། །ཡང་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་ལས་འདས་པ་ལས་འདས ་པ་སྟེ། རྣམ་པ་གསུམ་ཡིན་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་འཇིག་རྟེན་པའོ། །འཕགས་པའི་ལམ་དང་འབྲས་བུ་ལ་གནས་པ་རྣམས་ཀྱི་ནི་འཇིག་རྟེན་ལས་འདས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་འཇིག་རྟེན་ལས ་འདས་པ་ལས་ཀྱང་འདས་པའོ། །ཡང་ཚུལ་ཁྲིམས་ནི་སྲེད་པ་ལས་གནས་པ་དང། ལྟ་བ་ལ་གནས་པ་དང། ང་རྒྱལ་ལ་གནས་པ་དང། གནས་པ་མེད་པ་རྣམ་པ་བཞིའོ། །དེ་ལ་སྲེད་པ་ལ་གནས་པ་ནི་སྲིད་པ་དང་ལོངས་སྦྱོད་ཀྱི་དོན ་དུ་བྱེད་པའོ། །ལྟ་བ་ལ་གནས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་བཅོམ་པའོ། །ང་རྒྱལ་ལ་བརྟེན་པ་ནི་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པས་བཅོམ་པའོ། །གནས་པ་མེད་པ་ནི་གནས་པའི་ཉེས་པ་ལས ་གྲོལ་ཞིང་རྣམ་པར་གྲོལ་བའི་ཆོགས་སུ་གྱུར་པ་དང་ཟག་པ་མེད་པའོ། །ཡང་ཚུལ་ཁྲིམས་ནི་ཉམས་པ་དང། གནས་པ་དང། ཁྱད་པ་དང། ངེས་པར་འབྱེད་པའི་ཆ་ཉིད་གྱི་སྟེན་མ་པ་བཞིའོ། །མི་མཐུན་པའི་ཕྱོགས་མ་སྤངས་པ་དང། ཚུལ ་ཁྲིམས་དང་ལྡན་པ་ཡང་དག་པར་མི་བརྟེན་པ་དང། །སྐྱེ་བོ་ཚུལ་ཁྲིམས་འཆལ་པ་དང་འགྲོགས་པ་དང། རྟོག་པ་ངན་པའི་གོ་སྐབས་འབྱེད་པ་དང། ཤེས་བཞིན་དུ་འདའ་བར་བྱེད་པ་དང། ལྟུང་བ་འཆབས་བས་ཚུལ་ཁྲིམས་ལས ་ཉམས་པའི་སྐལ་བ་ཅན་དུ་འགྱུར་རོ། །ཚུལ་ཁྲིམས་ལ་བག་ཡོད་པ་དང། བསླབ་པ་ལ་མང་དུ་བཅས་པར་བྱེད་པ་དང། ཞི་གནས་དང་ལྷག་མཐོང་ལ་མངོན་བར་བརྩོན་པ་ནི་ཚུལ་ཁྲིམས་གནས་པའི་སྐལ་བ་ཅན་དུ་འགྱུར་རོ། །ཚུལ ་ཁྲིམས་ཏིང་ངེ་འཛིན་གྱི་བྱ་བ་རྣམས་ལ་བག་ཡོད་པ་དང། ལྷག་མཐོང་གི་རིམ་པ་ལ་ཤས་ཆེར་བརྩོན་པའི་ཚུལ་ཁྲིམས་ནི་ཁྱད་པར་ཅན་གྱི་སྐལ་བ་ཅན་དུ་འགྱུར་རོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང། ཤེས ་རབ་ལ་མངོན་པར་བརྩོན་པའི་ཚུལ་ཁྲིམས་ནི་ངེས་པར་འབྱེད་པའི་ཆའི་སྐལ་བ་ཅན་དུ་འགྱུར་རོ། །ཡང་དགེ་སློང་དང། དགེ་སློང་མ་དང། བསྙེན་པར་མ་རྫོགས་པ་དང། ཁྱིམ་པ་ལས་བཅས་པའི་ཁྱད་པར་གྱི་རྣམ་པ་བཞིའོ། །དགེ ་སློང་གི་ཚུལ་ཁྲིམས་དེ་ནི་སོ་སོ་ཐར་པའི་སྡོམ་པའོ། །དགེ་སློང་མའི་ཚུལ་ཁྲིམས་ནི་ངག་སློང་མའི་སོ་སོ་ཐར་པོའི་སྡོམ་པའོ། །དགེ་སྦྱོང་གི་དཔང་དུ་བྱས་པའི་སྡོམ་པ་བསླབ་པའི་གནས་ཀྱི་སྡོམ་པ་ནི་དགུ་དང། བྱ་རོག་སྐྲོད་ནུས་པའི ་བསླབ་པའི་གནས་ཀྱི་སྡོམ་པ་ནི་བརྒྱད་དེ། དེ་དག་ནི་བསྙེན་པར་མ་རྫོགས་པའི་ཚུལ་ཁྲིམས་སོ། །བསླབ་པའི་གཞི་ལ་དང་གསོ་སྦྱོང་གི་ཞག་བསླབ་པའི་གནས་བརྒྱད་ནི་ཁྱིམ་པའི་ཚུལ་ཁྲིམས་སོ། །ཡང་རང་བཞིན་དང། ཆོས་ཉིད ་དང། སྡོམ་པ་དང། སྤོང་བ་ཞེས་བྱ་བ་ནི་རྣམ་པ་བཞིའོ། །བྱང་གི་སྒྲ་མི་སྙན་རྣམས་ཀྱི་ནི་རང་བཞིན་གྱི་ཚུལ་ཁྲིམས་སོ། །སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཨི་ཡུམ་ནི་ཆོས་ཉིད་གྱི་ཚུལ་ཁྲིམས་སོ། །ལུས་དང་ངག་གི་སྡོམ ་པ་བརྟན་ཞིང་རྣམ་པར་དག་པ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་གཉེན་པོར་གྱུར་པ་དང། ཉོན་མོངས་པ་འགྲིབ་པར་བྱེད་བ་ནི་སྤོང་པའི་ཚུལ་ཁྲིམས་སོ། །དེ་ལྟར་མང་དཱུང་རྣམ་དབྱེ ་ནུས་མོད་ཀྱི། ཤིན་ཏུ་རྒྱལ་བས་སྐྱོ་བ་སྐྱེད་པར་བྱེད། །དེ་ཡི་རྣམ་དག་ཐབས་ནི་བཤད་བྱ་སྟེ། །མཉམ་པར་འཇོག་ལས་ཚུལ་ཁྲིམས་རྣམ་དག་འགྱུར། །དེ་ལ་རྣལ་འབྱོར་གྱི་སྤྱོད་པ་ཡོངས་སུ་སྦྱོང་བར་བྱ ་བ་དང། སོ་སོར་ཐར་པའི་སྡོམ་པའི་ཕྱིར་བདུན་པ་དྲག་པོ་བསྐྱེད་པ་དང། ལུས་དང་ངག་གི་ལས་ཀྱི་མཐས་བསྡུས་པ་ལ་ཡང་འཚོ་བ་གཞན་ལ་རག་ལས་པས་འཇུག་པ་སྦྱད་པར་དཀའ་བ་ལས་ཐ་དད་པར་གནས་སུ་ཟིན་ན་ཡང ་དེ་རྣམ་པར་སྦྱད་བར་བྱ་བའི་ཕྱིར་མཆོག་ཏུ་འབད་པས་སྡོམ་པ་ལ་བརྩོན་པ་དང། གསོ་བའི་ལོངས་སྤྱོད་ལ་ཡང་བག་ཡོད་པར་བྱ་བའོ། །དེ་ཡང་སོ་སོར་ཐར་པའི་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། ་དེ་ལ་སོ་སོར་ཐར་བ་ཞེས་བྱ་བ་ནི་སོ་སོར་ཐར་པས་ན་སོ་སོར་ཐར་པ་སྟེ། ལམ་འདི་ནི་སོ་སོར་ཐར་པར་འགྲོ་བས་སོ་སོར་ཐར་པ་སྟེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་ལ་གྲོང་ཁྱེར་གྱི་ལམ་ཞེས་བྱ་བ་དང་འདྲའོ། །ཡང་ན་སྡིག ་པས་སོ་སོར་ཐར་པས་ན་སོ་སོར་ཐར་པ་ཡིན་པ་འམ། སྡོམ་བ་ཞེས་བྱ་བ་ལ་སློབ་པར་བྱེད་པས་ན་དག་ཅིང་གྲོལ་བར་བྱེད་པ་མ་ཡིན་པ་འམ། བསོད་ནམས་ཕུན་སུམ་ཚོགས་པ་ལ་ལྷག་པར་མོས་པ་མི་གཏོང་བར་བྱེད་ཅེས་བྱ ་བའི་ཐ་ཚིག་གོ། ཡང་ན་བསྲུང་ཞིང་ཐར་བར་བྱེད་པས་ན་སྲུང་ཐར་ཅེས་བྱ་སྟེ། ཉེ་བར་སྤྱོད་པ་དང། ཀུན་ནས་ཉོན་མོངས་པ་རྣམས་དང། ངན་འགྲོ་རྣམས་ལས་སྲུང་བར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་ཆོས་སྤྱོད་པ་རྣམས་ནི་ཆོས ་ཀྱི་སྲུང་བར་བྱེད་ཅིང་རིམ་གྱིས་ཐར་བར་འགྱུར་བ་ཡིན་ཞེས་ཇི་སྐད་བཤད་པ་དང། དགེ་སློང་ངག་ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་དང་ལྡན་པའི་སེམས་སུ་མི་འགྱུར་རོ། །གཞན་ཡང་དགེ་སློང་དག་འདི་ནི་ཆོས་ཉིད་ཡིན་ཏེ། ཚུལ ་ཁྲིམས་འདི་ནི་རིམ་གྱིས་འབྲས་བུ་མཆོག་སྐྱེད་པར་བྱེད་དོ་ཞེས་གསུངས་པས་དེའི་ཕྱིར་བསྲུང་ཞིང་ཐར་པ་ཞེས་བྱ་བར་བཤད་དོ། །ཡང་ན་སྡོམ་པ་མེད་པས་ལྟུང་པའི་དང་ཚུལ་ཅན་ཐད་པར་བྱེད་པ་འདི་ནི་ཡང་དག་པར་ཞུགས་པར ་གྱུར་པ་སྟེ། ཉེ་བའི་ཉོན་མོངས་པ་ལས་ཐར་བར་བྱེད་པས་ན་ལྟུང་བ་ལས་ཐར་པའོ། །ཡང་ནོ?་སོ་སོའི་སྐྱེ་བོ་ཡིན་པས་ལྷུང་བའི་ཆོས་ཅན་ཡིན་པའི་ཕྱིར་ལྟུང་བ་ཡིན་ལ། ལས་དང་ཉོན་མོངས་པ་དག་གིས་ཡོངས་སུ་འཁོར་བར་གྱུར ་ཅིང་ཤིས་པ་མ་ཡིན་པའི་ངན་འགྲོ་རྣམས་སུ་འཁྱམ་པ་སྡུག་བསྔལ་དེ་ལས་བསྲུང་ཞིང་ཐར་པར་བྱེད་པས་ན་ལྟུང་བ་ལས་བསྲུང་བ་སྟེ། སྡུག་བསྔལ་དེ་ལས་ཐར་པ་ཞེས་བྱ་བའི་ཐ་ཚིག་སྟེ། རྒྱུ་ལས་འབྲས་བུ་བརྟགས་པ་ཡིན་ཏེ། དེ ་ཡང་འཇུག་དོགས་བདེ་བའི་ཆུ་གླུང་བདེ་ཞེས་བྱ་བ་ལྟ་བུའོ། །ཡང་ལྟུང་བ་ལས་ལེགས་པར་བྱེད་ཅིང་འགྲོ་བ་ལ་མངོན་པར་བརྩོན་པ་རྣམས་རང་ལ་ཕན་པའི་དོན་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། ཡང་དག་པར་ཞུགས་པ་རྣམ ་ཐར་པར་བྱེད་པས་ན་ལྟུང་བ་ལས་ཐར་པའོ། །ཡང་ན་ཐོག་མར་གྱུར་པ་སྟེ། ཐར་པ་སྒྲུབ་པ་ལ་དང་པོར་གྱུར་པ་ཡིན་པའི་ཕྱིར་དང་པོར་ཐར་པའོ། །དེ་ཡང་ལྟུང་བའི་ཚོགས་རྣམ། པ་བདུན་ཏེ། ཕས་ཕམ་པ་དང། དགེ་འདུན་གྱི་ལྷག ་མ་དང། དེ་གཉིས་ཀའི་ཉེས་བྱས་སྦོམ་པོ་དང། །ལྟུང་བྱེད་དང། སོ་སོར་བཤགས་པ་དང། བཤགས་པར་བྱ་བ་དང། བསྡམ་པར་བྱ་བའི་ཉེས་བྱས་ཞེས་བྱ་བའོ། །དེ་ལྟ་ལྟུང་བ་འདིས་ཕས་ཕམ་པར་འགྱུར་བར་སྤྱོད་པས་ན་ཕས ་ཕམ་པའོ། །ལྟུང་བ་ནི་བྱུང་བར་གྱུར་ན་མལ་སྟན་དང་ཁ་ཟས་ལ་སོགས་པ་དགེ་འདུན་རྒན་པོ་དང་བར་མ་དང་གཞོན་ནུའི་རྗེས་ལ་ལྷག་མར་སྤྱོད་པ་ན་དགེ་འདུན་ལྷག་མའོ། །བཤགས་པར་བྱ་བའི་ཉེས་པ་ཐམས་ཅད་ཀྱི ་ནང་ནས་འདི་ཆེས་རགས་པས་ན་ཉེས་བྱས་སྦོམ་པོའོ། །མང་བའི་ཕྱིར་དང་རང་བཞིན་དང་བཅས་པའི་སྤང་བར་བྱ་བ་སྣ་ཚོགས་པ་ཉིད་ཡིན་པའི་ཕྱིར་སྤད?་བ་ལ་འབད་པས་གནས་པ་ཡིན་པས་ལྟུང་པའོ། །ངེས ་པར་བཤགས་པར་བྱ་བ་ཡིན་པས་སོ་སོར་བཤགས་པར་བྱ་བ་ཡིན་པ་འམ། སོ་སོར་བཤགས་པར་འོས་པ་མ་ཡིན་པས་སོ་སོར་བཤགས་པར་བྱའོ། །བཤགས་པས་སླར་བཅོས་པར་བྱ་བའི་ཉེས་བྱས་ཡིན་པས་བཤགས་པར་བྱ ་བའི་ཉེས་བྱས་སོ། །སླར་དེ་ལྟར་མི་འགྱིད་དོ་ཞེས་ཡང་དག་པར་བྱེད་པས་སླར་གསོ་བ་ཡིན་པས་ན་བསྡམ་པར་བྱ་བའོ། །འདི་དག་ནི་ལྟུང་བའི་ཚོགས་བདུན་ཡིན་ནོ། །དེ་ལ་བསྡོམ་པས་བསྡམས་པ་ཞེས་བྱ་བ་ནི་མན་ཚད་ཤེས ་པར་བྱ་སྟེ། དེ་ལ་སྡོམ་པས་བསྡམས་པ་ནི་བསྡགས?་པར་བྱ་བའི་སྡོམ་པ་སྦ་བར་བྱ་བའི་ཆོ་གས་ཡང་དག་པར་ཀུན་ནས་གཡོགས་ཤིང་སྦས་ལ་བསྲུངས་པ་ཞེས་བྱ་བའི་ཐ་ཚིག་གོ། གནས་པ་ཞེས་བྱ་བ་ནི་གནས་ཤིང་ཞེས ་ལ་དུས་ཇི་ལྟར་བ་བཞིན་དུ་སྡོད་པའོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཆོ་ག་བྱ་བ་དང་སྦྱོད་ཡུལ་དུ་བྱ་བ་ནི་ཆོ་ག་བྱ་བ་དང་སྦྱོད་ཡུལ་དུ་བྱ་བ་དག་ཡིན་ལ། ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ལྡན་པའོ། ་དེ་ལ་ཀུན་ཏུ་སྤྱོད་པས་ན་ཆོག་སྟེ་རང་གི་གཟུང་ལུགས་སུ་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་དེ་ལ་སྤྱོད་པ་ཡིན་པས་ན་སྦྱོད་པ་སྟེ། དེ་ལ་བརྟེན་ཅིང་རང་གི་ཕན་པ་ཐོབ་བར་བྱ་བའི་ཕྱིར་དེ་ལ་སྤྱོད་ཅིང་རྟོགས་པ་ཞེས་བྱ ་བའི་ཐ་ཚིག་གོ་།དེ་ཡང་སྤྱོད་པ་ངན་པའི་གཉན་པོར་གྱུར་པ་དང། སྐྱེ་བོ་དམ་པ་རྣམས་ཀྱིས་བསྔགས་པ་དང། ཐར་པ་འདོད་པ་རྣམས་ཀྱིས་བསླབས་ཤིང་གོམས་པར་བྱས་པ་དང། བསླབ་པ་འདོད་པའི་རབ་ཏུ་ཞི་བ ་བློ་བྱང་པ་རྣམས་ཀྱིས་མ་སྨད་པ་སྤྱོད་པའི་རིམ་པ་ཁ་ན་མ་ཐོ་བ་མེད་པའོ། །ཆོ་ག་མ་ཡིན་པ་ནི་དགེ་སློང་མེ་ཏོག་ཐུ་བ་དང། ཕྲེང་རྒྱུད་མཁན་བྱེད་པ་དང། རྣ་རྒྱན་བྱེད་བ་དང། དེ་དག་བྱས་ནས་ཁྱིམ་པ་ལ་སྟེར་བ་དང། བུད ་མེད་རྣམས་དང་ལྷན་ཅིག་སྟན་དང་ཁྲི་གཅིག་ལ་འཇུག་པ་དང། སྣོད་གཅིག་ཏུ་ཟ་བ་དང། དེའི་ལུས་དང་འཕྲེལ?་བ་མེད་པ་དང། དེའི་སྟེང་དུ་ལྷུང་བ་དང། གར་དང། གླུ་དང། རོལ་མོ་དང། སྒེག་པ་དང། བྱུག་པ་དང། དྲི་དང་ཕྲེང་བ་དང ་གོས་དཀར་པོ་དང། ཁ་ཚར་དང་བཅས་པའི་གོས་འཆད་བ་དང། ཁྱིམ་པའི་བྱ་བ་ལ་སོགས་པ་ལ་འཇུག་པ་སྟེ། དེ་ལྟ་བ་ལ་སོགས་པ་བྱེད་པ་ཡིན་ནོ། ཇི་སྐད་དུ་ཀི་ཏི་ཏི་འདི་ཞེས་བྱ་བའི་འདུལ་བ་ལས་ཇི་སྐད་བཤད་པ་ལྟ་བུའོ། གཞན ་དག་གིས་བཤད་པ་ནི་སྤྱོད་པ་མ་ཡིན་པ་ནི་རྣམ་པ་གཉིས་ཏེ། ལུས་དང་ངག་གིའོ། །དེ་ལ་ལུས་ཀྱི་ནི་འདི་ན་དགེ་འདུན་གྱིར་གཏོགས་པ་ཡིན་ན་ཡང་གནས་བརྟན་རྣམས་དང། དགེ་སློང་རྣམས་ལ་མང་དུ་བསྙེན་བཀུར་མི་བྱེད་པ་དང ་སྡུག་པ་དང་གུས་པ་དང་བྲལ་བའི་སེམས་དང་ལྡན་ཞིང་རྒྱུད་དང་བ་མ་ཡིན་པས་ཟིལ་གྱིས་མནན་པ་དང། རྒྱུད་ཤིན་ཏུ་རྩུབ་པ་རྙེད་པ་དང་བཀུར་སྟི་དྲེགས་པས་མོས་པ་ན་དགེ་སློང་རྒན་པོ་རྣམ་སླ་འཇོར་ཞིང་འགྲོ་བ་དང་འདུག་པ་དེ་ལྟ་བུའི ་བྱ་བ་མེད་ཀྱང་མདུན་དུ་འགྲོ་བ་སྟན་མཐོ་བ་འདུག་པ་དེ་དག་མཐོང་ཞིང་ཉེན་ཀོང་དུ་ཕྱིན་ན་ཡང་མདུན་སུ་བ་དང། སྟན་ནས་ལྡང་བ་དང། ཕྱག་འཚལ་བར་མི་བྱེད། དེ་དག་མཆིལ་ལྷམ་མེད་པར་ཆག་པ་དང། བདག་ཉིད་མཆི་ལ་ལྷམ་དང ་བཅས་བར་འཆག་པ་དང། དེ་དགས་ཕྱོགས་དམའ་བ་ན་འཆག་པ་ན་ཡང་བདག་ཉིད་མཐོ་བ་གདིང་བ་དང་བཅས་བར་འཆགས་པ་དང། སྟན་གྱིས་དེ་དག་ལ་གནོད་པར་བྱེད་པ་དང། གཞོན་རིམས་དག་ལ་བརྙས་པ་དང་བཅས་པས་གནས ་པར་བྱེད་པ་དང། ཁྲུས་བྱེད་པའི་ཚེ་ཆུ་འདོགས་དག་ཏུ་དགེ་སློང་རྒན་རིམ་དག་ལ་འཛེད?་ཞིང་འཇུག་བ་དང། མདུན་དུ་ཞུགས་པ་དང། འཛེར་ཞིང་ཁྲུས་བྱེད་པ་དང། འཇོར་ཞིང་འགྲོ་བ་དང། སྔོན་དུ་འབྱུང་བ ་དང། གཞན་ཁྱིམ་དུ་འཇུག་པ་ན་ཡང་དགེ་སློང་རྒན་རིམས་ལ་འཛེར་ཞིང་འགྲོ་བ་དང། དེ་ལྟ་བུའི་བྱ་བ་མེད་དུ་ཟིན་ན་ཡང་དེ་དག་ལ་བརྙེས་ཐབས་སུ་སྔོན་དུ་འགྲོ་བ་དང། དཔེན་པའི་ཁྱིམ་དང་གནས་གང་ཡིན་པ་དེ་དག་ཏུ་གང་ན་རིགས ་ཀྱི་བུད་མེད་དམ་གཞོན་ནུ་མ་བརྟན?་པར་འཇུག་པ་བྱེད་པ་དང། ཁྱེའུ་གཞོན་ནུ་ལ་མགོ་བོ་ཉུག་པར་བྱེད་པ་སྟེ། དེ་ལྟ་བུ་དག་ནི་ལུས་ཀྱི་སྤྱོད་པ་མ་ཡིན་པའོ། །ངག་གི་ནི་འདི་ན་ལ་ལ་ཞིག་དགེ་སློང་རྒན་རིམས་ལ་གུས་པ་མེད་པས ་དེ་ལ་མ་དྲིས་ཆོས་སྨྲ་བར་རྩོམ་ཞིང་ལན་འདེབས་པར་བྱེད་པ་དང། སོ་སོར་ཐར་པ་སྟོན་བ་དང། དེ་གཡེང་བ་མང་པོ་ཡོད་ཀྱང་སྟོན་པ་དང། གཏམ་སྣ་ཚོགས་བྱེད་པ་དང། གཞན་གྱི་ཁྱིམ་དུ་འཇུག་པ་ན་རིགས་ཀྱི་བུད་མེད་དང ་རིགས་ཀྱི་གཞོན་ནུ་མ་དང། མེད་པར་འདི་སྐད་སྨྲ་སྟེ། མི་ཚ་གེ་མོ་ཞེས་བྱ་བ་རིགས་ཆེ་གེ་མོ་ཞེས་བྱ་བ་ཁྱོད་ལ་ཁོ་བོ་ཅག་གིས་བཟར་རུང་པ་བཟའ་འམ། བཅའ་པར་བྱ་བ་ཁྱེད་ཀྱིས་དེར་ཅི་ཞིག་སྟོབ་པར་བྱེད། ཅི་ཞིག་བཟའ་བར་བྱ ་ཅི་ཞིག་ལྟུང་བར་བྱ། ཁྱེད་རེ་རིང་ཅི་ཞིག་སྟེར་བར་བྱེད་ཅེས་སྨྲ་ཞིང། ཡོངས་སུ་རྒོད་པར་བྱེད་ལ་སུན་འབྱིན་པར་བྱེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་དག་གི་སྤྱོད་པ་མ་ཡིན་པའོ། །འདོར་ན་ཚུལ་ཁྲིམས་འཚལ་བ་དང་འབྲེལ ་པའི་སྤྱོད་པ་དང་སྨྲ་པ་ཐམས་ཅད་ནི་ཆོ་ག་མ་ཡིན་ན། །དེའི་གཉེན་པོར་གྱུར་པའི་སྤྱོད་པ་ན་ཆོ་ག་ཡིན་པར་ཤེས་པར་བྱའོ། །ཆོ་ག་ཞེས་བྱ་བ་དགེ་སློང་རྒན་པོ་དང། བར་མ་དང་གསར་བུ་རྣམས་ལ་གཅེས་ཤིང་གུས་པར་མང་དུ་བྱེད་པ ་དང། བྱམས་བའི་ལུས་དང། ངག་གི་ལས་དང། རབ་ཏུ་ཞི་ང་ལ་དགའ་བ་དང། གཞན་དང་བར་བྱེད་པ་དང། ངོ་ཚ་དང་ཁྲེལ་ཡོད་པས་བརྒྱན་པ་དང། གྱ་གྱུ་མེད་པ་དང། རྙེད་པ་དང་བཀུར་སྟིས་མ་བཅོམ་པ་དང། འདུལ་བའི་གཞུང ་ལུགས་རྗེས་སུ་འཇུག་པ་དང། དྲན་པ་དང། ཤེས་བཞིན་གྱིས་ཡོངས་སུ་ཞེན་པ་དང། འགྲོ་བ་དང། ལོག་པར་ལྟ་བ་དང། རྣམ་པར་ལྟ་བ་དང། སྣམ་སྦྱར་དང་ལྷུང་བཟེད་དང། ཆོས་གོས་ལགས་པར་འཆད་བ་དང། འགྲོ་བ་དང། སྡོད་པ་དང། ་འདུག་པ་དང། ཉལ་བ་ལ་སོགས་པར་རམ། ཐམས་ཅད་དུ་ཀུན་ཏུ་སྤྱོད་པ་ལས་བཤད་པ་ལས་གུས་པར་བྱེད་པ་འདི་ནི་ཆོ་ག་ཞེས་བྱའོ། །ཡང་སྤྱོད་ཡུལ་ནི་ཕྱོགས་འདིར་བ་ལང་འཚོ་བ་ཡིན་པས་ན་དེ་ལ་སྤྱོད་ཡུལ་ཞེས་བྱ་བ་ལ། འདི་ནི་བ ་ལང་གི་སྤྱོད་ཡུལ་དང་འདྲ་བས་ན་སྤྱོད་ཡུལ་ཞེས་བྱ་སྟེ། འདི་ལྟ་སྟེ། བ་ལང་རྣམས་བདོག་དང། ནད་མེད་པ་དང། བདེ་བ་དང། སྲོག་རྣམས་ལ་ཕན་པར་འགྱུར་བ་ཕུན་སུམ་ཚོགས་པ་དང། སྦྲང་བུ་དང། ཤ་སྦྲང་དང། སྡིག ་སྦྲུལ་དང། གཅན་ཟན་གདུག་པའི་འཚོ་བ་མེད་པ། རྩཝ་སྔོན་པོ་རྣམ་པ་སྣ་ཚོགས་པ་དང། ཆུ་གཙང་བ་དང་ལྡན་པ་དུས་ངན་པ་དང། ཤིང་གི་གྲིབ་མའི་ཚོགས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་བ་ལང་གི་སྤྱོད་ཡུལ་ཡིན་པ་དེ་བཞིན ་དུ་དགེ་སློང་ཚུལ་ཁྲིམས་དང། དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ལ་སོགས་པ་གང་ཞིག་ངེས་པར་བརྟེན་ན་ཕན་པ་བྱེད་པར་འགྱུར་བ་དེ་ནི་སྤྱོད་ཡུལ་ཞེས་བྱའོ། །ཡང་སྤྱོད་ཡུལ་མ་ཡིན ་པ་ནི། སྣང?་འཆོད?་དང། མ་ནིང་དང། གཞོན་ནུ་མ་ཆེན་པོ་དང། ཡུགས་ས་དང། ཀུན་ཏུ་རྒྱུ་ལ་སོགས་པ་གནས་པའི་སྒྲིབ་པའི་འོས་ཡོད་པ་དང། རྗེས་སུ་མཐུན་པ་མ་ཡིན་པའི་རྒྱལ་པོ་དང?་རྒྱལ་པོའི་བློན་པོ་དང། །བྲམ་ཟེ་དང། ་ཁྱིམ་བདག་དང། མུ་སྟེགས་བྱེད་སྣ་ཚོགས་དང། ཉན་ཐོས་ལམ་དང་པའི་ཁྱིམ་དང་འདྲེས་པ་དང། དགེ་སྦྱོང་དང་དགེ་སྦྱོང་གི་ཚུལ་འཇིག་པ་ལ་ཕྱོགས་པ་དང། འདོད་པའི་ཡོན་ཏན་རྣམ་པ་ལྔས་རྣམ་བར་གཅེས་པ་མེད་པ། ་དགེ་བའི་བཤེས་གཉེན་ལ་བསྟེན་པའི་བདེ་བ་དང་ལྡན་པ། བས་མཛའ་ཨི་གནས་མལ་དང་ལྡན་པ། དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་བདེ་བ་འཕེལ་བར་བྱེད་པ་ཡིན་ཏེ། དགེ་སློང་དག་ཇི་ཙམ་ན་དགོན?་པ་དང། ནགས་འདབ ་དང། བས་མཛའ་ཨི་གནས་མལ་ལ་ལེགས་པར་སྤྱོད་པར་གྱུར་པ་ནི་དགེ་སློང་ངམ། དགེ་སློང་མ་མངོན་པར་འདོད་པའི་དགེ་བ་འཕེལ་བར་འགྱུར་བར་འགྱུར་གྱི་ཉམས་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེར་གནས་ནས་ཀྱང་དྲན་པ ་ཉེ་བར་གཞག?་པ་བཞིན་རིང་གི་ཕའི་སྤྱོད་ཡུལ་དང། ཡུལ་ཡིན་ནོ་སྙམ་ནས་ཆོ་ག་དང་སྤྱོད་ཡུལ་དེ་དག་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ནོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་གྱིས་ཀྱང་འཇིགས ་ཤིང་སྤོང་བ་ཞེས་བྱ་བ་ནི་འདི་དག་ཕྲ་རབ་ཙམ་ལ་སྤང་བར་བྱ་བ་ཕྲ་མོ་ཙམ་དེ་དག་ཀྱང་སྤང་བར་འོས་པ་ཡིན་ཞིང་དམ་པ་རྣམས་ཀྱིས་སྨད་པའི་ཉེས་བྱས་ཕྲ་མོ་རྩམ་དེ་ཡང་ཡང་དག་པར་སྡོམ་པ་འམ། མི་དགེ་བའི་སེམས་བསྐྱེད ་པ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་འཇིགས་པར་ལྟ་བའི་ངང་ཚུལ་ཅན་ཡིན་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱ་བའི་ལུང་ལས། སྡིག་པ་ཆུང་ངཱུང་འདི་དང་ནི། ཕྲད་མི་འགྱུར་ཞེས་བསམ་མི་བྱ་ཞེས་ཇི་སྐད་གསུངས་པ ་ལྟ་བུའོ། །ལུས་ཀྱི་ལས་ཀྱི་མཛའ་དང། ངག་གི་ལས་ཀྱི་མཛའ་ཡོངས་སུ་དག་པ་ཞེས་བྱ་བ་ནི་ལས་རྣམ་པ་གསུམ་པོ་ཁོ་ན་མ་ཐོ་བ་མེད་པ་སོ་སོར་ཐར་པའི་སྡོམ་པའི་སྤོང་པ་གོམས་པའི་ངང་ཚུལ་དང། སྦྱོར་བ་ཅན་གྱི་ཆོ་ག་དང་སྤོང ་ཡུལ་ཕུན་སུམ་ཚོགས་བ་དང་ལྡན་པ་དང་ལྡན་པས་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་ཡིན་ནོ། །ཡིད་ཀྱི་ལས་ཡོངས་སུ་དག་པ་ནི་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ཡང་འཇིགས་པར་ལྟ་བས་སྡིག་པ་མི་དགེ་བ་དང། ལོག་པར ་སྤྱོད་བ་དང། རྟོག་པ་ངན་པ་ཡིད་ལ་མི་བྱེད་པས་ཡིད་ཀྱི་ལས་ཡོངས་སུ་དག་པར་འགྱུར་བ་ཡིན་ནོ། །འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ་ནི་འདི་ཁ་འཚོ་བ་རྣམ་པར་དག་པ་ཡོད་པས་ན་འཚོ་བ་རྣམ་པར་དག་པ་སྟེ། ལོག་པར་འཚོ་བ ་ཡོངས་སུ་སྤངས་པ་ཡིན་པའི་ཕྱིར་ཡོངས་སུ་དག་པ་སྟེ། ཉེས་པ་དེས་ཀུན་ནས་མ་གོས་པའོ་འཚོ་བ་ཞེས་བྱ་བ་ནི་འདི་ལ་རྟེན་ཏེ་ཀུན་ཏུ་འཚོ་བས་འཚོ་བ་ཡིན་པ་འམ། ལེགས་པར་གནས་ཏེ་འཚོ་བ་ཡིན་པས་ན་འཚོ་བའོ། །ལོག་པར ་འཚོ་བ་ནི་གསོ་བ་བྱེད་པ་དང་ལྟས་ལ་སོགས་ཤེས་པ་དང། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་སྔགས་ཀྱི་སྦྱོང་བ་དང། མཚན་མ་ལྟ་བ་དང་སྐར་རྩིས་དང། ལྟས་མཁན་དང། ཚུལ་འཆོས་ལ་སོགས་པས་འཚོ་བར་བྱེད་པ་ནི་ལོག་པར ་འཚོ་བ་ཡིན་ཏེ། ལོག་པར་འཚོ་བའི་འགྲེས་པ་ལས་ཇི་སྐད་བཤད་པ་ལྟ་བུའོ། །གཞན་དག་ནི་གང་མི་དགེ་བའི་ལས་ཀྱི་འཚོ་བ་འམ། བཟོ་དང་མདག་གཞུག་དང། མེ་ཏོག་དང་འབྲས་བུ་དང། རྩ་བ་དང། འདབ་མ་དང། སོ་ཤིང་དང་པ?་སོགས ་པ་སྟེར་བའི་རྒྱུས་འཚོ་བ་འདི་ནི་ལོག་པར་འཚོ་བ་ཡིན་ནོ་ཞེས་བཤད་དོ། །གཞན་དག་ནི་གང་འཚོ་བའི་དོན་དུ་ཉོན་མོངས་པ་དང་བཅས་པའི་སེམས་ཀྱི་སྤོར་བར་བྱེད་ཅིང་དེས་འཚོ་བར་རྟོག་པ་གང་ཡིན་པ་འདི་ནི་ལོག་པར་འཚོ་བ་ཞེས ་བྱའོ། །གཞན་ཡང་རྙེད་པའི་དོན་དུ་ཉོ་ཚོང་བྱས་ནས་འཚོ་བར་བྱེད་པ་དང། ཆོས་འཆད་པས་འཚོ་བར་བྱེད་པ་དེ་ཡང་ལོག་པར་འཚོ་བ་ཡིན་ཏེ། དེ་དག་ནི་དུག་དང་འདྲ་བ་དང་དྲི་མ་བཅས་པ་དང་འདྲ་བར་དེ་ཡོངས་སུ་སྤོང་ཞིང་ཉེས ་པ་དེས་མ་གོས་པར་ཀུན་ཏུ་རྒྱུ་འཚོ་བ་གང་ཡིན་པ་དེ་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ། །དེ་ཡང་ཇི་ལྟར་འགྲུབ་བར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ལུས་ཀྱི་རྨ་བཀྲུ་དཀྲི་བ་ལ་སོགས་པ། སྡུག་བསྔལ་བསལ་བའི ་དོན་དུ་རྟེན་བྱེད་ཅིང། རིགས་པས་རྙེད་ལ་སེམས་ནི་ཆོག་ཤེས་པ། །འཚོ་བ་མིན་པའི་ཉེས་པས་གནོད་མི་འགྱུར། །ཡང་རིགས་པ་ནི་བདག་ཉིད་སྣོད་དུ་རུང་བར་བྱས་པ་དང། རྙེད་པས་བསམ་པས་མ་བཅོམ་པ་དང། འཇིག་རྟེན་གྱི་ཆོས ་རྣམས་ཀྱིས་མ་གོས་པ་དང། གཞན་དག་ལ་འདུད་ཅིང་གཅམ་སག་གི་བསྒྲུབས་པ་མ་ཡིན་པ་དང། བདག་ཉིད་ཀྱི་ཡོན་ཏན་ཡང་དག་མ་ཡིན་པ་སྟོན་པ་བྱེད་པ་དང། ཡང་དག་པའི་ཡོན་ཏན་ཡང་སྤྱད་པར་བྱེད་པ་དང། ངོ་ཚ་ཤེས་པ་དང། ་ཁྲེལ་ཡོད་པ་དང། སློངས་མོས་ཡོད་པའི་འཚོ་བས་འཚོ་བསྒྲུབ་པ་ལ་སྤྱོད་པ་འདི་ནི་རིགས་པ་ཞེས་བྱའོ། །དེ་བཞིན་དུ་དེ་ལྟར་ཞུགས་པ་ལས་མ་རྙེད་དུ་ཟིན་མ་རྙེད་པ་དེ་ལ་བདག་གི་འཚོ་བ་ནི་གཞན་ལ་རག་ལས་པ་ཡིན་པ་དང། གཞན ་ལ་རེ་བ་མི་སྐྱེད་པ་དང། བདག་ལ་བསྟོད་པར་མི་བྱེད་པ་དང། བཅོམ་ལྡན་འདས་ཀྱིས་ཀྱང་མ་རྙེད་པ་རྗེས་སུ་དྲན་པ་དང་ལས་བདག་གིར་བྱ་བའི་རྗེས་སུ་འབྲངད?་བ་དང། རྙེད་པའི་ཉེ་དམིགས་མཐོང་བས་ཀྱེ་མའོ་རྙེད་པའི་སེམས་ལས ་བདག་རིང་གྱུར་པ་ནི་ལེགས་སོ་སྙམ་ཏེ་དེ་ལ་ཡིད་གདུང་བར་མི་བྱེད་དོ། །དཀའ་ཐུབ་ནགས་ཚལ་གནས་ལ་རྙེད་བཀུར་སྟི། མཇའ་བའ་ཨི་སྒོ་ནས་དག་པོ་འོངས་པ་ཡིན། །ཟླ་བའི་ཟེར་ཀྱིས་པདྨ་ཇི་བཞིན་དུ། ལེགས་པ་རབ་འཇོམས་བཏུལ? ་ཞུགས་ལྷོད་པར་བྱེད། །ཡང་གལ་ཏེ་རིགས་པས་བཅལ་བས་རབ་ཏུ་རྙེད་པར་གྱུར་ན་ཅུང་ཟད་ལེན་ཅིང་རྙེད?་པ་དང?། དགའ་ཞིང་དྲེགས་པར་མི་བྱེད་ཅིང་ལེན་པ་ན་ཡང་ཆོད་ཤེས་པ་ཡིན་ཏེ། ལྷག་མ་ཡོད་པ་ཙམ་དུ་ལེན་པ་དྲེགས་པའི ་ཉེས་པར་ལྟུང་བར་མི་བྱེད་ཅིང་ཆུང་ངུ་ཞིག་བྱིན་པ་ལ་ཡང་སྦྱིན་པ་པོ་ལ་བསྙས་པར་མི་བྱེད་ལ་སྦྱིན་པ་པོ་ཡང་བྱམས་པའི་སེམས་ཉེ་བར་འཇོག་སྟེ། རེ་ཞིག་སྦྱིན་བདག་འདིའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྫོགས་པར ་བྱ་བ་དང། འདིའི་སེར་སྣ་དང་ཕྲག་དོག་གི་དྲི་མ་བསྲབ་པར་བྱས་པར་འགྱུར་བ་དང། འདིའི་དགེ་བའི་བྱ་བ་ལ་སྤྲོ་བར་ཁས་བླངས་པ་ལས་ཉམས་པར་མི་འགྱུར་བ་དང། གང་འདི་ལ་རྗེས་སུ་ཡི་རང་བ་འམ་གྲོགས་བྱེད་པ་དེ་དག་ཀྱང ་དགེ་བ་ལ་སྦྱོར་བར་འགྱུར་བ་དང། གལ་ཏེ་འདི་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་འཇིག་རྟེན་ལ་ཕན་པར་ཞུགས་པ་དག་གིས་གྲོགས་སུ་འགྱུར་རོ། །འོན་ཏེ་ཐར་པའི་ཚོགས་སམ་སྲིད་པའི་ཕུན་སུམ ་ཚོགས་པ་ཡོངས་སུ་བསྔོ་བར་བྱེད་ན་དེ་ལྟ་ན་ཡང་འདིའི་གྲོགས་བྱས་པར་གྱུར་པས་ཕན་བཏགས་པ་ཡིན་ནོ་སྙམ་དུ་རྣམ་པར་མ་བསམས་ནས་ཡོངས་སུ་ལེན་པར་བྱེད་དོ། །ཡོངས་སུ་བླངས་ནས་ཀྱང་སྦྱིན་པ་པོས་ཇི་ལྟར་ཡོངས་སུ ་བསྔོས་པ་བཞིན་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཀྱི་གསོག་འཇོག་དུ་མི་བྱེད་ཅིང་བརླག་པར་ཡང་མི་བྱེད་དོ། །སྣོད་མ་ཡིན་པ་ལ་ཡང་སྦྱིན་པར་མི་བྱེད་དོ། །དེ་ལྟར་ཡོངས་སུ་ཚོལ་བ་དང། ལེན་པར་བྱེད་པ་དང། ཡོངས་སུ་ལོངས་སྤྱོད ་པས་ཀུན་ནས་ཡོངས་སུ་དག་བར་བྱེད་པ་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ། །འཚོལ་སྒྲུབ་པ་ཡོངས་སུ་ཚོལ་བ་དང། ལེན་དང་དེ་ནི་ཕན་པ་ལ་སྦྱོར་དང། རིགས་པས་འཇུག་པ་དག་པས་མཛེས་པ་ནི། །དམ་པས་འཚོ་བ་ཡོངས་སུ་དག་པར ་བཤད། སྡོམ་པ་ཡང་དག་པར་བླངས་པའི་བསླབ་པའི་གཞི་ལ་སློབ་པ་ཞེས་བྱ་བ་ནི་ཡང་དག་པར་བླངས་ནས་སློབ་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གནས་ལ་གནས་པ་ཡིན་ལ། དེ་ཡང་ངོ་བཞིན་གཤེགས་པའི་བཀའ་ལ་གུས་པས་བསླབ ་པའི་གཞི་དོན་ཡོད་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བ་དང། ཐམས་ཅད་དུ་ཕན་ཡོན་རྣམ་པ་བཅུ་ལས་དམ་པའི་ཆོས་ཀྱི་ཕུན་སུམ་ཚོགས་པ་བཅུ་བཅུ་ཞིང་ཕན་ཡོན་རེ་རེ་ལ་ཡང་དག་པར་བརྟགས་ཏེ ་བསླབ་པ་འདོད་པ་ཉིད་དམ། ཁ་ན་མ་ཐོ་བ་ལ་འཇིགས་པ་ནི་ལྟུང་བ་ལྕི་བ་དང་ཡང་བར་རྟོགས་པར་མི་བྱེད་ཅིང་སྦོམ་པོ་དང་ཕྲ་བ་རྣམས་སྔོན་པར་བྱེད་པ་དང། བསླབ་པ་ལ་གུས་པའམ་དེ་ལ་བདེ་བར་འདུ་ཤེས་པས་ཡང་དག་པར་བླངས ་པའི་བསླབ་པའི་གཞི་ལ་སློབ་པ་ཡིན་ནོ། གང་ཞིག་བདེ་གཤེགས་བསྟན་པ་ལ། །བསླབ་གཞི་བཅས་པར་གྱུར་པ་ནི། །འདི་དག་བསྡམས་ལ་སྡུག་བསྔལ་ལ། །འདི་དག་ལྡོག་ལས་བདེ་བ་སྐྱེ། །སོ་སོར་ཐར་པའི་སྡོམ་པས་སེགས? ་བསྡམས་ཤིང། །རང་གི་ཆོ་ག་སྤྱོད་ཡུལ་ཕུན་སུམ་ཚོགས། །ཁ་ན་མ་ཐོ་ཆུད་ལའང་ཉེས་ཆེན་ལྟ། ལུས་ངག་ཡིད་ཀྱི་སྦྱོར་བ་རྣམ་པར་དག་།མ་སྨད་འཚོ་བ་འཚོ་བ་རྣམ་དག་ཡིན། །བསླབ་པའི་གཞི་ལ་རིགས་པས་སློབ་པར་དགའ་། །བསླབ ་པའི་གགས་སུ་གྱུར་པ་གང་ཅུང་ཟད། །མི་མཐུན་དེ་དེ་གསལ་བར་རྣམ་པར་སྤོང། །མདོ་ལས་ཚུལ་ཁྲིམས་ཀྱི་གགས་སུ་གྱུར་པ་ནི་མི་དགེ་བའི་བཤེས་གཉེན་ཡིན་པར་གསུངས་ལ། །དེ་ནི་ཕུང་ཁྲོལ་ཐམས་ཅད་ཀྱི་འབྱུང་གནས ་ཡིན་ཏེ། འདི་ལྟར་དད་པ་མེད་པ་དང། ངོ་ཚ་བ་མེད་པ་དང། ཁྲེལ་མེད་པ་དང། ལེ་ལོ་དང། ཤེས་རབ་འཆལ་བ་ཉིད་དང། དབང་པོའི་སྒོམ་བསྡམས་པ་ཉིད་དང། ལྟོ་འགེངས་པ་ཉིད་དང། ཟས་ཀྱི་ཚོད་མི་ཤེས་པ་ཉིད་དང། ནམ་གྱི ་ཆ་སྟོང་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བ་ལ་མངོན་པར་མི་བརྩོན་པ་དང། སྔོན་ཉམས་སུ་མྱོང་བའི་རྒོད་པ་དང། སྨྲ་བ་དང། དགའ་ཞིང་རྩེ་བ་རྗེས་སུ་དྲན་པ་དང། དགེ་བའི་ཆོས་ལ་མངོན་པར་མི་བརྩོན་པ་དང། དགེ་སློང་རྒན་རབས ་རྣམས་ལམ་གུས་ཤིང་གཙོ་བོར་མི་སེམས་པ་དང། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང། ཚིག་ངན་པར་སྨྲ་བ་དང། བཟོད་པ་མེད་པ་དང། ལས་དང་སྨ་དང་འདུ་འཛིན་ལ་མངོན་པར་དགའ་བ་དང། ཁྱིམ་པའི་སྐྱེ་བོ་དང ་འདྲེ?་བ་དང། བུད་མེད་ལ་ཡང་དང་ཡང་དུ་ལྟ་བ་དང། ཁྲོ་བ་དང་ཁོན་དུ་འཛིན་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱང་ཚུལ་ཁྲིམས་ཀྱི་གགས་སུ་གྱུར་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་གགས་སུ་གྱུར་པ་ལ་གནས་པ་ནི་ཚུལ་ཁྲིམས ་ཡོངས་སུ་མ་རྫོགས་པ་རྫོགས་པར་མི་འགྱུར་བ་འམ། ཡོངས་སུ་ཉམས་པར་འགྱུར་རོ། །དེ་བས་ན་ཚུལ་ཁྲིམས་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་དེའི་གཉེན་པོའི་ཕྱོགས་སུ་གྱུར་པ་དགེ་བའི་བཤེས་གཉེན་ལ་སོགས་པ་ལ་ངེས ་པར་བརྟེན་པར་བྱའོ། །ཚུལ་ཁྲིམས་རྒྱུ་ནི་དབང་པོ་སྡོམས་པ་ཡིན་པར་བཤད། །ཕུན་སུམ་ཚོགས་དེས་ཚུལ་ཁྲིམས་དྲི་མེད་མདངས་ལྡན་འགྱུར། །དེ་བས་ཐོས་པའི་རང་བཞིན་ལྟ་ལ་ངེས་དམིགས་ཏེ། །རང་གི་དབང་པོའི་ཡུལ་ལ་འཕྱན ་ལས་བསྲུང་བར་བྱ། །དེ་བས་ན་དེ་བསྲུང་བར་བྱ་སྟེ། སྡིག་པའི་རྒྱུར་གྱུར་པ་ཉིད་དང། དེ་ལ་མཚན་མར་འཛིན་པ་དང། དེའི་ཚུལ་དྲན་པ་དང། དེའི་རྣམ་པ་ཡིད་ལ་བྱེད་པ་དང། རྗེས་སུ་རྟོག་པ་སྤང་བ་དང། ཡུལ་གྱི་ཉེས་དམིགས་མཐོང ་བ་དང། ཉེས་དམིགས་མཐོང་བ་ནས་ཀྱང་དེ་ལས་ལུས་ཀྱིས་རྒྱང་བསྲིངས་ལ་སྡུག་པ་དང་མི་སྡུག་པ་ཡིད་ལ་བྱེད་པ་སྤང་བར་བྱ་ཞིང་ཡུལ་ལ་ཆགས་པའི་གཞི་ཤིང་དང་འབག་ལ་རེག་པ་སྙམ་པ་དང། གཟན་ལྟ་བུར་གྱུར་པའི ་འཚོ་བ་རྐྱེན་རྣམས་ཟིལ་གྱིས་མནན་ལ་ཤིན་ཏུ་ཞེན་པ་ལས་བཟློག་པ་ཚུལ་བཞིན་ཉིད་ལ་བྱེད་པ་སྤོང་བ་དང། འཇིག་རྟེན་སྣ་ཚོགས་ལ་མངོན་པར་མ་ཆགས་པར་བྱའོ། །ཆོ་ག་གང་གིས་བྱ་ཞེ་ན། གཉེན་པོར་གྱུར་པ་ལ་ཡང་དག་པར ་བསྟེན་པས་སྤང་བར་བྱ་ཞིང། སེམས་ཀུན་ནས་དྲན་པ་དང་ལྡན་པས་ཕྱོགས་ཀུན་ཏུ་རྣམ་པར་ལྟ་ཞིང། གཟུགས་ལ་སོགས་པ་ལ་རྣམ་པར་འཇུག་པ་ན་དེ་ལྟར་སྡིག་པ་མི་དགེ་བའི་ཆོས་ཀྱིས་དགེ་བའི ་སེམས་གཏུགས་ནས་གནས་པར་འགྱུར་རོ་ཞེས་དྲན་པ་བརྟེན་པོས་ཡང་དག་པར་སྲུང་བར་བྱེད་པ་ཡིན་ནོ། །བ་ལང་ལྟར་ནག་པོའི་ཕྱོགས་ལ་མངོན་པར་ཞེན་པོའི་སེམས་ཡང་དག་པར་ཚར་གཅོད་པ་དང། གཟུགས་སྡུག་པ་དང ་བདེ་བ་ལ་ཚེར་མ་ལྟ་བུད་ལྟ་བར་ལྟ་བ་དང། ཡུལ་གྱི་རང་བཞིན་ཤེས་པར་བྱ་བ་དང། འདོད་པའི་ཉེས་དམིགས་ཚོལ་བ་དང། ངེས་པར་འབྱུང་བ་ལ་ལྷག་པར་མོས་པ་དང། །ཏིང་ངེ་འཛིན་གྱི་རྒྱུ་མཚན་ལ་སེམས་དགའ་བ་དང། ་ཏིང་ངེ་འཛིན་གྱི་རྒྱུ་མཚན་ལ་སེམས་གཏོང་པ་དང། དགེ་བའི་ཆོས་ལ་འགྲུབ་པར་བྱ་བ་དང། རྒྱུན་དུ་བྱ་བས་མི་མངོན་པར་བརྩོན་པར་བྱ་བ་དང། དབང་པོ་ཡོངས་སུ་མ་བསྡམས་པའི་གང་ཟག་རྣམས་ཡོངས་སུ་སྤང་བ་དང། ་དབང་པོ་བསྡམས་པའི་གང་ཟག་རྣམས་ལ་བརྟེན་པ་དང། སྡོམ་པ་མ་ཡིན་པ་ལ་འཇིགས་པར་ལྟ་བས་སྤང་བར་བྱའོ། །ལྕགས་ཀྱི་ཐུར་མ་རབ་ཏུ་འབར་བ་ཡིས། །མིག་ལ་བྱུགས་པར་གྱུར་པ་ཆོས་བླ་ཡི། །རང་གི་ངན་འགྲོའི ་ལམ་ནི་གསོལ་བྱེད་པ། །གཟུགས་ལ་ཆགས་དང་སྡང་བས་ལྟ་མི་བྱ། །ལྕགས་ཁུ་འབར་བ་རྣ་བ་བཀང་བླ་ཡི། །བག་མེད་ཆགས་དང་རེག་པ་འཕེལ་བྱེད་པ། །རྔོན་པོའི་ཁོང་གྲུ་དག་པས་ལྷག་པའི་སྒྲ། །ཉན་ས་བདག་ལ་ཕན ་པས་ཐོས་མི་དུད། སྣ་ལ་ལྟས་ཏེ་སྤུ་གྲི་རྣོན་པོར་ནི། །བདར་བ་བཅོངས་པའི་ནད་ནི་མནགས་བླ་ཡིས། །བདག་ཉིད་སྡུག་བསྔལ་སྣ་ཚོགས་འཕེལ་བྱེད་པའི། །དྲི་ཆགས་དག་པོ་རྣམ་པར་འཕེལ་མི་རུང། །མེ་ལྕེ་འབར་བའི་མཚོན་ནི ་རྣོན་པོ་ཡིས། །ལྕེ་ནི་མངོན་དུ་བཅད་པར་གྱུར་བླ་ཡི། །སྐྱེ་བའི་སྡུག་བསྔལ་ལམ་ནི་སྐྱེད་བྱེད་པ། །རོལ་ཆགས་པའི་སྡིག་བྱེད་དེ་ལྟ་མིན། །མཁས་པས་དང་ལུས་དགྲ་སྟ་རྣོན་པོ་ཡིས། །རྣམ་པར་གཏུབས་པས་འཇིག་པར་གྱུར་བླ་ཡི། ་རེག་པ་སྣ་ཚོགས་སྲེད་པས་གདངས་གྱུར་པས། །ཡུན་རིངས་དམྱལ་བར་སྐྱེ་བར་འགྱུར་མི་རུང། །གང་ཕྱིར་ཅི་དགང་སྤྱོད་ལས་ཡིད་མ་བསྲུངས། །སྡུག་བསྔལ་མཛའ་ཡས་བསྐྱེད་པའི་སྡིག་པ་སོགས། །དབང་ལོ་ལྷག་མ་སྡོམ་པའང་ཡོད ་མ་ཡིན། །དེ་ཕྱིར་མཁས་པས་དེ་ཉིད་བསྲུང་བའི་རིགས། །མཁས་པས་འདོད་ཆགས་ཉེས་ལ་མེ་སྡུག་བསྟེན། །སྡང་ལ་བྱམས་དང་བརྩེ་གོམས་ཡོན་ཏན་གྱིས། །རྨོངས་ལ་མི་རྟག་འདུ་ཤེས་འཆི་བ་ནི། །རྗེས་སུ་དྲན་དང་བག་ཡོད་བསྟེན་པས ་བསྲུངས། །དེ་ལྟར་སྡོམ་པ་མ་ཡིན་པ་ལས་འཇིགས་པ་མཐོང་ནས་དབང་པོ་བསྡམས་པའི་ཕྱིར་འབད་པ་དང་བཅས་པར་གྱུར་པ་དང། སྲེད་པ་སྐྱེ་བའི་དངོས་པོ་ཡིན་པས་ཡོངས་སུ་ལོངས་སྤྱོད་པའི་རྐྱེན་ལ་བག་ཡོད་པ་ཉིད་དུ་བྱའོ། །གཞན ་གྱི་ཁ་ཟས་དང་རྙེད་དང་ཤིང་གི་གཟུགས་བརྙན་དང་མཆིལ་བ་ལྟར་འཚོ་བའི་རྐྱེན་གྱིས་ཡོ་བྱད་རྣམས་ནི་འཇིགས་པ་བསྐྱེད་པ་ཡིན་ནོ། དེ་བས་ན་སོ་སོར་བརྟགས་པའི་སྟོབས་ཀྱིས་ཚུལ་བཞིན་དུ་ཡོངས་སུ་བརྟགས་ཏེ་ལོངས་སྤྱོད་པར ་བྱ་ཞིང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཀུན་ནས་སྡང་བ་དང་བྲལ་ཞིང་ལྷག་པར་ཞེན་པ་དང། མདུད་པ་མེད་པ་དང། ལྷག་པར་མ་ཆགས་པ་དང། ཉེས་དམིགས་མཐོང་བ་དང། ངེས་པར་འབྱུང་བའི་ཤེས་རབ་དང་ལྡན ་ཞིང་རྩ་བའི་དོན་དུ་མ་ཡིན། རྒྱགས་པའི་དོན་དུ་མ་ཡིན། ཆ་བརྒྱན་པའི་དོན་དུ་མ་ཡིན། ཁ་དོག་སྡུག་པར་བྱ་བའི་ཕྱིར་མ་ཡིན། །བརྒྱན་པར་བྱ་བའི་ཕྱིར་མ་ཡིན་གྱི། གཞན་དུ་ན་དགོས་པའི་དབང་གིས་དེར་རེ་ཞིག་གོས་ལ་ལོངས་སྤྱོད ་པ་ནི། སྦྲང་བུ་དང། ཤ་སྦྲང་དང། ཆ་བ་དང། གྲང་བ་དང། སྡིག་སྦྲུལ་གྱི་རེག་པ་ལས་བསྲུང་བར་བྱ་བའི་ཕྱིར། ངོ་ཚ་བས་གསང་བ་དག་པའི་ཕྱིར་མ་ཡིན། རབ་ཏུ་བྱུང་བའི་ཆ་ལུགས་དང་རྗེས་སུ་མཐུན ་པར་བསོད་སྙོམས་ལ་ཡོངས་སུ་ལོངས་སྤྱོད་པར་བྱའོ། །ཇི་སྲིད་དུ་ལུས་འདི་གནས་ཤིང་འཚོ་བར་བྱ་བའི་ཕྱིར་སོག་བསྲུང་བ་ཤིང་རྟའི་མིག་བསྐུ་བ་དང་འདྲ་བར་ཤིན་ཏུ་མ་ཆགས་པར་རྨའི་ཚོར་བ་བསལ་བའི་དོན་དུ་བསྐུ་བ་དང ་འདྲ་བར་བྲུ་བ་ཆ་བཞི་བར་བྱ་བའི་དོན་དུ་རྫས་སུ་ཆགས་པ་མེད་པར་སྲོག་བསྲུང་བའི་ཕྱིར་དང། ཚངས་པར་སྤྱད་པ་ལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་འབྲོག་དགོན་པ་ལས་ཐ?་པའི་དོན་དུ་བུའི་ཤ་ཟ་བ་དང་འདྲ་བར་ཞེན་པ ་མེད་པས་དེ་ལྟར་ཚོར་བརླིང་པ་སོ་སོར་གཞོམ་པར་བྱ་བ་དང། ཚོར་བ་གསར་བ་མི་སྐྱེད་པར་བྱའོ་ཞེས་ཟས་ལ་ཚོང་རིག་པ་ཉིད་དུ་སྨན་དང་འདྲ་བར་ཚད་ཡོད་པར་བྱས་ལ་ལུས་འདི་ཁ་ཟས་ཚད་ཙམ་བསྟེན་པས་ཡུན་རིང་དུ ་གནས་པར་བྱ་བའི་ཕྱིར་དང། འདི་ཉིད་ནང་ཡིན་པས་ཁ་ན་མཐོ་བ་མེད་པ་དང། རྣལ་འབྱོར་ལ་རྗེས་སུ་མཐུན་པ་དང། ལུས་བདེ་བློག་ཏུ་རྗེས་སུ་གནས་པ་དང། སྲེད་པའི་ཞགས་པས་མ་བཅིངས་པའི་བདེ་བ་ལ་རེག་པར་གནས་པར ་བྱ་ཞིང་ཆོང་ཟིན་པར་ཟོས་པས་མི་དགའ་བ་དང། སྙོམས་པ་དང། གླལ་བ་དང། ཟས་ཀྱིས་ལུས་ལྕི་བ་དང། གཉིད་དང་རྨུགས་པ་ཀུན་ཏུ་མི་སྤྱོད་པ་ཡིན་ཞིང་སྤྱོད་ལམ་ལ?་པར་གནས་པ་དང། རྣལ་འབྱོར་ལ་ཐན་པ་ཉིད་ཀྱིས ་བདེ་བ་ལ་རིག་པར་གནས་པར་བྱ་བའི་དོན་དུ་ཡིན་གྱི་རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་ཞེས་སྤང་བར་བྱ་བ་ལ་སོ་སོར་རྟོག་ཅིང་འདི་ལྟ་སྟེ། ལུས་འདི ་གནས་པར་བྱ་བ་དང། འཚོ་བར་བྱ་བ་དང། བཀྲེས་བ་བསལ་བར་བྱི་བ་དང། ཚངས་པར་སྤྱོད་པ་ལ་ཕན་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་དེ་ལྟར་བྱ་བ་ལ་སོ་སོར་རྟོག་ཅིང་ཚོར་བ་ལ་རྙིང་པོ་རྣམས་སྤང་བར་བྱ་བ་དང། གསར་པ་རྣམས་མི་བསྐྱེད ་པའི་ཕྱིར་རོ་སྙམ་དུ་སེམས་ཤིང་དེ་ལྟར་ཚད་ཙམ་ཟ་བ་སོ་སོར་རྟོགས་ཤིང་ཁ་ན་མ་ཐོ་བ་མེད་པར་འཚོ་བས་འཚོ་བ་དང། བདེ་བ་ལ་རེག་པར་གནས་པ་ཡིན་ནོ་ཞེས་ཚད་ཙམ་ཟ་བ་ལ་སོ་སོར་བརྟགས་པར་བྱའོ། །སྤང་པར་བྱ་བ་ལ་སོ་སོར ་རྟོག་ཅིང་འདོད་པའི་བདེ་བ་ལམ་ཞེན་པས་དེ་ལ་བརྟེན་པར་མི་བྱེད་ཀྱི་བཀྲེས་པ་གསལ་བར་བྱ་བ་དང། འཚོང་བ་རྙེད་པ་རྣམས་སྤང་བར་བྱ་བའི་ཕྱིར་འཇུག་པ་དང། གསར་བ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་བདག་ཉིད་ངལ་ཞིང ་དུབ་པ་ལ་མི་བརྟེན་པ་ཡིན་ལ་ཚིག་ལྷག་མ་རྣམས་ཀྱིས་རི་གོ་འཕང་བར་མ་དང་རྗེས་སུ་མཐུན་པ་ཡིན་ནོ། །དེ་ལྟར་ན་མལ་སྟེན་ལ་ཡང་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་བརྟགས་ཏེ་ཡོངས་སུ་ལོངས་སྤྱོད་པར་བྱ་སྟེ། འདི་ལྟར་མལ ་སྟན་རྣམས་ལ་ཡང་ཚུལ་བཞིན་མ་ཡིན་པའི་ཡིད་ཀྱིས་སོ་སོར་བརྟགས་ལ་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། ཅི་ནས་འདི་ལྟར་སྦྲང་བུ་དང། ཤ་སྦྲང་དང། རླུང་དང། ཚ་བ་དང། སྡིག་སྦྲུལ་དང། ཆར་དང། བ་མོའི་རིག་པ་བསལ ་བར་བྱ་བའི་ཕྱིར་མངོན་དུ་གནོད་པ་ཕྱུང་པ་བསལ་བར་བྱ་བའི་ཕྱིར་དང། ནང་དུ་ཡང་པར་འཇོག་དང། རྗེས་སུ་མཐུན་པར་བྱ་བ་དང། སྒྲ་ལ་སོགས་པའི་གཡེང་བ་ཆུང་བར་བྱ་བའི་ཕྱིར་ལོངས་སྤྱོད་པར་བྱའོ། །ནད་ཀྱི་རྐྱེན་སྨན་ནི་ཇི? ་སྲིད་གནོད་པ། སྐྱེད་པར་བྱེད་པའི་ཚོར་བ་རྣམས་བསལ་བར་བྱ་བའི་ཕྱིར་དང། བདེ་བ་དམ་པ་ཐོབ་པར་བྱ་བའི་ཕྱིར་ལུས་ཉེས་དམིགས་མང་པོ་དང་ལྡན་པར་ཡིད་ལ་བྱ་སྟེ་སྤྱད་པར་བྱའོ། །དེ་ལྟར་སྲོག་བསྒྲུབ་པ་ལ་དགོས་པ་ངག་དང ་སོ་སོར་རྟོག་པའི་སྟོབས་ཀྱིས་འཇུག་པ་ན། ཅི་ནས་ཉེས་པ་སྔོན་དུ་མི་འབྱུང་ཞིང། །འདིའི་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར། །ཡང་སོ་སོར་རྟོག་པའི་དུས་གང་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། བསོད ་སྙོམས་དང་ནད་ཀྱི་རྐྱེན་སྨན་ལེན་པའི་དུས་ཉིད་ན་འམ། ཁམ་དང་པོ་དང། ཆོས་གོས་དང། མལ་སྟན་དང་པོར་རྙེད་པའི་དུས་སུའོ། །གཞན་དག་ནི་ཡོངས་སུ་ལོངས་སྤྱོད་པ་ཡོངས་སུ་ལོངས་སྤྱོད་པའི་དུས་སུ་བྱའོ་ཞེས་ཟེར་རོ། །ཁ་ཅིག ་ན་རེ་ཉིན་རེ་ཞིང་དུས་ཅིག་གི་ཚེ་ན་བྱའོ་ཞེས་འདོད་དོ། །ལ་ལ་ནི་ཉིན་དེ་ཞིང་དུས་གཅིག་གི་ཚེ་བདག་ཉིད་ནི་རྐྱེན་གྱིས་འཚོ་བ་ཞེས་སོ་སོར་རྟོག་པ་ན་ཐམས་ཅད་སོ་སོར་བརྟགས་པ་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །ཡོ་བྱད་བཞི་པོ་དེ་དག ་ཀྱང་གང་ཟག་གི་དབྱེ་བས་ལོངས་སྤྱོད་རྣམ་པ་ལྔར་གྱུར་ཏེ། ཚུལ་ཁྲིམས་འཆལ་པ་རྣམས་ཀྱི་ནི་རྐུ་བས་ལོངས་སྤྱོད་པའོ། །ཚུལ་ཁྲིམས་དང་ལྡན་པ་ཡིན་ཞིང་ཡིད་ལ་བྱེད་པ་ལ་མངོན་པར་མི་བརྩོན་པ་རྣམས་ཀྱི་ནི་ངོ་ཚ་བ་མེད་པར ་ལོངས་སྤྱོད་པའོ། །ཚུལ་ཁྲིམས་དང་ལྡན་ཞིང་ལྷག་པའི་སེམས་ལ་མངོན་པར་བརྩོན་པ་རྣམས་ཀྱི་ནི་རྗེས་སུ་གནང་བ་ལ་ལོངས་སྤྱོད་པའོ། །སློབ་པ་རྣམས་ཀྱི་ནི་སྐལ་བ་ལ་ལོངས་སྤྱོད་པའོ། །དགྲ་བཅོམ་པ་རྣམས་ཀྱི་ནི་དབང་ཕྱུག་ལ ་ལོངས་སྤྱོད་པ་ཡིན་ནོ། །དེ་ལ་འཚོ་བ་རྣམ་པར་དག་པ་ནི་སོ་སོར་ཐར་པའི་སྡོམ་པའི་འཁོར་ཡིན་ཏེ། ཉོན་མོངས་པས་འཚོ་བའི་ཐབས་ཀྱི། རྩོམ་པ་ལས་ལྡོག་པ་ནི་ལུས་དང་ངག་གི་སྡོམ་པ་སླབ་ཡིན་ནོ། །དབང་པོ་སྡོམ་པ་ནི་གཉི་གའི ་ཡིན་ཏེ། སེམས་བསྲུངས་ནས་ལུས་དང་ངག་གི་ལུས་བསྲུང་བ་ཉིད་དུ་འགྱུར་རོ། །ཁ་ན་མ་ཐོ་བའི་ཡོ་བྱད་ནི་དབང་པོ་སྡོམ་པའི་འཁོར་ཡིན་ཏེ། ཉོན་མོངས་པའི་དངོས་པོའི་རྐྱེན་རྣམས་ལ་རིགས་པས་ཚད་ཙམ་དུ་སོ་སོར་བརྟག་ཏེ་རྗེས་སུ་སྐྱོང ་བ་ཡིན་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ཡང་དང་བའི་སྟོབས་ལ་བརྟེན་ཏེ་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ནི་དེ་དང་བྲལ་བར་གྱུར་ན་བསམས་བཞིན་དུ་བསླབ་པ་ལས་འདའ་བས་ཉོན་མོངས་པར་འགྱུར་རོ། །དེ་ཡང་མདོ་ལས་དགེ་སློང ་དག་ཇི་ཙམ་དུ་དགེ་བའི་ཆོས་རྣམས་ལ་དད་པ་ཉེ་བར་གནས་པར་གྱུར་པ་དེ་སྲིད་སོ་སོར་ཐར་པའི་སྡོམ་པ་དང། འཚོ་བ་ཡོངས་སུ་དག་པ་དང། བརྩོན་པའི་སྟོབས་ལ་རྟོན་པར་འགྱུར་བ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཡང ་ལེ་ལོ་ཅན་དང་མི་མཐུན་པ་ཚོལ་བ་ལ་ཞུགས་པས་ཉོན་མོངས་པར་འགྱུར་རོ། །དབང་པོ་སྡོམ་པ་ནི་ཁྲེལ་ཡོང་བ་དང། དྲན་པའི་སྟོབས་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །དེ་ཡིད་དེ་དང་བྲལ་ན་སྐྱེ་མཆེད་གང་ཡང་རུང་བ་ཉོན་མོངས ་པས་དྲི་མ་ཅན་དུ་འགྱུར་རོ། །རྐྱེན་གྱི་ཡོ་བྱད་ལོངས་སྤྱོད་པ་ཡང་ཤེས་རབ་ཀྱི་སྟོབས་ལ་གནས་པས་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ཡང་ཡང་དག་པར་སོ་སོར་རྟོག་པ་ལ་ཞུགས་པས་རྣམས་ཀྱི་ནི་རྣམ་པར་བྱད་པར་འགྱུར་བ་ཡིན་ནོ། །དེ་བས ་བློ་ལྡན་བསླབ་པའི་སྟོབས་གནས་པ། །ཚུལ་ཁྲིམས་རྣམ་པར་དག་པ་ཉིད་དུ་འགྱུར། །དེ་རྣམ་དག་པས་ཡིད་ཀྱི་སྡུག་བསྔལ་ནི། །ཞི་བར་བྱེད་པའི་ཏིང་འཛིན་མ་ལུས་འདྲེན། །ཚུལ་ཁྲིམས་འཆལ་ལས་ཉེས་མང་འབྱུང་འགྱུར་བར། །ཡང ་དག་བསམས་ལ་ཚུལ་ཁྲིམས་ལ་བརྟེན་པར། །གནས་པའི་ཆོག་ལ་ནི་འབད་བྱ་སྟེ། །ཚུལ་ཁྲིམས་ལས་བྱུང་ཡོན་ཏན་མང་པོ་མཐོང། །དེ་ལ་ཚུལ་ཁྲིམས་འཆལ་བ་ལ་ནི་འགྱོད་པའི་མི་རྣམ་པར་འབར་བར་འགྱུར་ལ། །འགྱོད་པ་ནི ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང། །མྱ་ངན་དང་ཙུམ་པའི་དྲི་མས་སྤགས་པའི་འབྱུང་གནས་ཡིན་ཞིང། ངན་འགྲོའི་ལས་གཉིས་མེད་པ་ཡིན་པ་དང། སྨད་པར་བྱ་བའི་དངོས་པོ་དང། གྲགས་པ་མ་ཡིན་པའི་སྐྱེ་གནས་དང། འཚེ ་བ་རྣམས་ཀྱི་གཞི་དང། ལེགས་པར་སྤྱོད་པ་རྣམས་ཀྱི་སྒྲིབ་པ་དང། སྒྱེ་བོ་ངན་པ་དང་འདྲེས་པའི་འོབས་དང། ཡོན་ཏན་རྣམས་རྗེད་པ་དང། སེམས་སུན་འབྱིན་པར་བྱེད་པ་དང། ཡོན་ཏན་གྱི་ཕྱོགས་འཛིན་པའི ་དེའི་བླ་མ་དང་སློབ་མ་དང། གྲགས་རྣམས་ཀྱི་ངོ་ཚ་བའི་གཞི་དང། སྡུག་བསྔལ་བརྒྱ་སྟོང་དཔག་ཏུ་མེད་པའི་གཞིར་གྱུར་པ་དང། དེ་ཡོངས་སུ་འཛིན་པའི་གང་ཟག་ཆོས་ཀྱི་མདངས་ཉམས་པར་བྱེད་པ་དང། སོ་མ་བཏང་བའི་ཆུ་སྣོད ་ལྟར་ཡོན་ཏན་རིན་པོ་ཆེའི་སྣོ་ལམ་ཡིན་པར་འགྱུར་བ་ཡིན་ནོ། །ཉེས་པ་རྣམས་ནི་སྣང་དུ་འགྱུར་བ་དང། ཕོངས་པ་རྣམས་ཀྱི་དབེན་པ་ཉིད་དང། དམ་པ་མ་ཡིན་པའི་ཕྱོགས་སུ་གྱུར་པ་དང། དམ་པ་རྣམས་ཀྱིས་འགྲོད་པར་བྱ་བ ་མ་ཡིན་པ་དང། སྡིག་པའི་དྲི་མ་ཅན་གྱི་ལས་བྱེད་པ་རྣམས་དང། སྐལ་བ་མཉམ་པ་དང། ཡོངས་སུ་དག་པའི་ལས་ཅན་གྱིས་སྐྱེས་བུ་དམ་པ་དང་སྐལ་བ་མི་འདྲ་བ་ཡིན། ཁྱད་པར་རྟོགས་པ་ཡིན། སྐལ་བ་མེད་པ་ཡིན ་དགེ་སྦྱོང་གི་འབྲས་བུ་ཐོབ་པའི་རེ་བ་མེད་པ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པའི་ཕྱིར་རོ། །གོས་ནག་ནོར་ཅན་དང་འདྲ་བར་མདོག་མི་སྡུག་པ་ཡིན་ཏེ། དེ་ཉེས་པར་སྤྱད་པའི་རྗེས་སུ་བྱེད ་པ་ལ་བརྟེན་པ་རྣམས་ཡུན་རིང་པོར་སྡུག་བསྔལ་བ་ཐོབ་པར་འགྱུར་བའི་ཕྱིར་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པའི་ཡིན་ནོ། །སྦྱིན་གནས་རྣམས་ལས་འབྲས་བུ་ཆུང་ཕུན་དུ་བྱེད་པ་ཉིད་ཀྱིས་རིན་ཐང་ཆུང་བ་ཡིན་ནོ། །མིང་གཙང ་བར་བྱེད་པའི་ཆོས་དང་ལྡན་པས་ན་དུར་ཁྲོད་ཀྱི་གནས་ལྟར་མི་གཙང་བ་ཡིན་སྙན་པ་མ་ཡིན་པའི་དྲིས་ཀུན་ཏུ་ཁྱབ་པས་ན་ངོ་དང་འདྲ་བ་ཡིན། ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པས་ན་དེ་དང་འདྲ་བར་བླང ་བར་བྱ་བ་ཡིན། གང་ཟག་སྐལ་པ་མཉམ་པ་རྣམས་དང་གཅིག་ཏུ་གནས་པར་རུང་བས་ན་དེ་དང་འདྲ་བར་སྐྱེས་བུ་སྤྲུལ་ལྟ་བུ་ཡིན་ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཆོས་ཉིད་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར་དུར་ཁྲོད་ཀྱི ་གནས་ལྟར་སྐྱེ་བོའི་ཚོགས་ཆེན་པོས་ཚེ་ངེས་འདེབས་པར་བྱ་བ་ཡིན་དུད་འགྲོ་འདྲ་བར་གཅིག་ཆུང་ཞིང་ནག་ནོག་དང་བཅས་པའི་བུད་མེད་དང། རེག་པས་མེའི་ཕུང་པོར་རིང་པོར་མི་ཐོགས་པར་འཇུག་པའི་རྒྱུར་གྱུར་ཅིང་གནས་མལ ་འབར་བ་ལ་གནས་ཤིང་འཁྱུད་པ་དང། ཡི་དགས་ཀྱི་སྡུག་བསྔལ་དུ་འཇུག་པར་འགྱུར་བ་ཡིན། སྒྲའི་ཐག་པས་བྱིན་པར་བསྲུང་ཞིང་མདུང་ཐུང་འབར་བ་སྙིང་གར་དྲག་ཏུ་ཡང་དང་ཡང་དུ་བསྣུན་པས་སྡུག་བསྔལ་ཚ་ཞིང་རྣོ་བ་ཡིན། ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའི་སྐྱོ་བའི་དམོད་པ་ཉེ་བར་གནས་པས་ཉི་མོར་རེ་ཞིང་ཉེ་བར་ཆོས་པ་ཡིན། ལྕགས་ཀྱི་ལེབ་མ་འབར་བས་རིགས་པས་ཤིན་ཏུ་སྡུག་བསྔལ་བའི་ཆོས་གོས་གྱོན་པ་ཉིད་ཡིན། ལྕགས་ཀྱི་ཐོ་ལུམ་ཤིན་ཏུ་འབར ་བའི་ཟས་ཟ་བས་ཤིན་ཏུ་ཚ་བ་རྣམ་པར་སྨིན་པའི་བསོད་སྙོམས་ལ་སྤྱོད་པ་ཡིན། ལྕགས་ཀྱི་བུམ་པ་ཤིན་ཏུ་འབར་བའི་ནང་དུ་གནས་པའི་སྡུག་བསྔལ་མི་བཟད་པར་རྣམ་པར་སྨིན་པའི་མལ་སྟེན་ལ་ཡོངས་སུ་ལོངས་སྤྱོད་པས་ཉིན ་རེ་ཞིང་རྣམ་པར་བཅོམ་པ་ཡིན་པས་སྐྱེས་བུ་དམ་པ་རྣམས་ཀྱི་མཆོག་ཏུ་སྙིང་རྗེ་བར་བྱ་བའི་དངོས་པོར་གྱུར་པ་ཡིན། རོ་བསྲེགས་པའི་མགལ་དུ་མ་ལྟར་དགོས་པ་མེད་ཅིང་གཉི་གའི་དོན་ལས་ཉམས་པ་ཡིན། སྐྱེ་བོ་དམ་པ་འདུས་པའི་ནང་དུ ་འཇིགས་པ་དང་བཅས་ཤིང་འཇིག་རྟེན་གྱིས་ཡིད་བརྟེན་དུ་མི་རུང་བ་ཡིན། རྗེས་སུ་བརྟེན་པར་མི་ཐུས་པ་ཡིན། ལྷ་རྣམས་ཀྱི་ཡང་ཡིད་དུ་མི་འོང་བ་ཡིན་ཚུལ་ཁྲིམས་ཉམས?་པའི་གཏམ་ཐོས་ནས་སྡུག་བསྔལ་བར་འགྱུར་ལ་ཡིན་ཚུལ ་ཁྲིམས་ཕུན་སུམ་ཚོགས་པའི་གཏམ་ཐོས་ནས་རྗེས་སུ་འགྱོད་པར་གྱུར་པ་ཡིན། འདི་ཐོས་པ་དང་སྤོབས་པ་ལ་སོགས་པའི་ཡོན་ཏན་གཟུང་བར་འོས་པར་མི་འགྱུར་ཏེ། དུང་ཁྲོད་ཀྱི་མེ་དང་འདྲ་བ་ཡིན། དེ་རྨོངས་བཞིན ་འཆི་བའི་དུས་བྱེད་པར་འགྱུར་ཞིང་ཤི་བའི་འོག་ཏུ་ཡང་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་སྐྱེ་བ་ལེན་པར་འགྱུར་བ་ཡིན། ལོ་གྲངས་བརྒྱ་ཕྲག་མང་པོ་ཤིན་ཏུ་འདས་པ་ན་དེ་ལས་ཐར་ན་ཡང་དེའི་རྣམ་པར་སྨིན་པའི་ལྷག་མ ་ལུས་པས་འདི་ན་ཚེ་ཐུང་བ་ཉིད་ཡིན། ལོངས་སྤྱོད་ཆུང་བ་ཡིན། འགྲན་ཟླ་དང་བཅས་པ་གནས་པས་ཟིལ་གྱིས་མནན་པ་ཡིན། སྐུར་པ་མང་བ་ཡིན། ཡིད་དུ་མི་འོང་བའི་སྒྲ་ཐོས་པར་གྱུར་པ་ཡིན། མཛའ་བོ་དང་ཉེ་དུས་འཕོངས ་པར་འགྱུར་བ་ཡིན། འཁོར་མི་འདུམ་པོ་ཉིད་ཡིན། ཚིག་གཟུང་བར་མ་འོས་པ་ཡིན། ཚུལ་ཁྲིམས་དང་ལྟ་བས་ཡོངས་པའི་རྣམ་པར་སྨིན་པ་སྡུག་བསྔལ་ལེན་པ་ཡིན་ནོ། །ཚུལ་ཁྲིམས་འཚལ་བས་བསོད་ནམས་ཆུང་ངུ་སོགས། ། ་རྣམ་སྨིན་དེ་ཡང་མཐར་ནི་གཏུགས་བར་འགྱུར། །རིགས་ནི་དམའ་བར་སྐྱེ་བ་འཐོབ་འགྱུར་ཞིང། །དེ་རྟོགས་སྡུག་བསྔལ་མང་པོ་འང་ཉམས་མྱོང་འགྱུར། །ལས་ནི་ངན་པས་དེ་རུང་འཕང་ནས་ནི། །དམན་པའི་རིགས་སུ་གྱུར་པའི ་ལས་དེ་ཡིས། །ཚུལ་ཁྲིམས་མ་བསླབ་ངམ་པ་མིན་པ་འཇིག་།དམྱལ་བའི་མོ་ནི་མཛའ་མེད་པར་ལྷུང་འགྱུར། །ཚུལ་ཁྲིམས་ལ་བརྟན་པར་གནས་པ་སྐྱེད་པར་བྱ་བའི་ཕྱིར་དེ་ལ་སོགས་པ་ཚུལ་ཁྲིམས་འཆལ་བའི་ཉེས་པ་ཡང ་དག་བསམ་པར་བྱའོ། །ཚུལ་ཁྲིམས་ལ་གནས་པའི་ཡོན་ཏན་ན་དེ་ལས་གོ་བཟློག་པ་ཡིན་པར་ཡོངས་སུ་བརྟག་པར་བྱའོ། །ཚུལ་ཁྲིམས་ཡང་དག་བསྲུང་མིན?་གྱུར་ན་ནི། །འགྱོད་པའི་མེ་ནི་ཞི་བར་འགྱུར་བ་ཡིན། །དགའ་དང་རབ ་གུས་སད་པར་བྱེད་པའི་རྒྱུད། །ལུས་དང་ངག་གིས་དགེ་བསྐྱེད་པར་བྱེད། །ཐར་པའི་གྲོང་དུ་འཇུག་པའི་ལམ་ཉིད་དང། །མི་དང་ལྷ་དབང་གྲུབ་ལམ་གཉིས་བ་མེད། །གྲགས་དང་སྙན་དང་བདེ་བ་རྙེད་པའི་རྒྱུ། །ཚེ་དང་སྨད་པས་ཚུགས ་པ་མེད་པ་ཡིན། །བླ་མ་སློབ་མ་མཛའ་བཤེས་ངོ་མི་འགྱུར། །མ་སྨད་བདེ་བའི་སྒོ་རིན་གྱུར་བ་ཡིན། །སྐྱེ་བོ་དམ་པ་དང་འདྲེ་འདྲེན་པར་བྱེད། །ཡོན་ཏན་སྐྱེད་བར་ཆོ་གར་གྱུར་པ་ཡིན། །འདི་དང་ལྡན་ན་མཁས་པའི་ཡོན་ཏན་ནི། ཆེན་པོ ་རྣམས་ཀྱི་སྣོད་དུ་གྱུར་པ་ཡིན། །ཚུལ་ཁྲིམས་འཆལ་བའི་ཕོངས་པ་ཅི་ཡོད་པ། །ཉེར་དེ་དང་དེ་ནི་རྣམ་པར་སྤོངས། དམ་པའི་ཕྱོགས་ཀྱིས་གྲང་བར་འགྱུར་བ་དང། །ཡོན་ཏན་ལ་དགའ་བར་ཡང་གོ་བར་བྱེད། །ཁྱད་པར་རྟོགས་པའི་སྒལ་བར་ལྡན ་པ་དང། །བདག་ཉིད་ཡོན་ཏན་དག་གིས་སྔགས་བོས་འགྱུར། །སྐྱེ་བོ་དམ་པ་དགེ་དང་སྐལ་མཉམ་གྱི། ། རང་གི་ཡོན་ཏན་རྒྱ་ཆེས་དམན་དང་མིན། །ཚུལ་ཁྲིམས་འཆལ་པའི་ཉེས་པས་མི་གོས་ཤིང། །དེ་ལས་བྱུང་བའི་སྡུག་བསྔལ་ཐོབ་མི ་འགྱུར། །མི་ཡི་བདག་པོ་སུམ་ཅུ་རྩ་གསུམ་བྲད?་པ། གལ་ཏེ་འདོད་ན་སྲིད་པ་ཟད་པ་ཉིད། །ཚུལ་ཁྲིམས་སཱ་རྣམ་དག་དེས་ནི་ཐོས་འགྱུར་ལ། །སྨོན་ལམ་གྲུབ་པའི་རྩ་བའང་ཚུལ་ཁྲིམས་ཡིན། །དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་དང། ཚུལ་ཁྲིམས ་འཚལ་པ་འདིའི་ཡོན་ཏན་དང་སྐྱོན་ཡང་དག་བར་བལྟས་ལ་ཚུལ་ཁྲིམས་འཆལ་བ་ལས། སེམས་ཤིན་ཏུ་འཁུམས་ཤིང་དེ་ལ་འཇུག་པར་མི་འགྱུར་གྱི། ཚུལ་ཁྲིམས་པ་ཡང་སེམས་ཀྱི་སྤྲོ་བ་འཕེལ་བ་དང། དགའ་ཞིང་མང་དུ་གཅིས་པར ་དབྱེད་དེ། དེ་དེ་ལ་དགའ་ཞེད་གཅེས་པར་སེམས་བ་མངོན་པར་འཕེལ་ཞིང་གུས་པས་གསུང་བར་བྱེད་དོ། །ཡིད་བཞིན་ནོར་ལྟར་བསམ་པའི་དབང་གིས་དོན་སྟེར་ཅིང། །རིགས་པ་ལྟ་བུར་མ་ཤོན?་པར་འདོད་པའི་རྫས་སྒྲུབ་བྱེད། །དབུལ་པོས ་ལྷ་ལས་བུམ་པ་བཟང་པོ་རྙེད་འདྲ་ཞིང། །བསྔགས་འོས?་རང་ལུས་མིག་གཅིག་ལྟ་བུར་བསྲུང་བྱ་ཡིན། །ནུས་ཤིང་ཕན་ལ་རྗེས་བརྩོན་མཐུན་པའི་གྲོགས་འདྲ་ཞིང། །ཤེས་ལྡན་ཡོན་ཏན་ལ་དགའ་སྡུག་པའི་བུ ་ཅིག་མཚུངས། །ཁྱིམ་དུ་གཏེར་ནི་རྒྱ་ཆེན་བྱུང་བ་དང་མཚུངས་ཤིང། །ནང་དང་རྒ་བའི་སྡུག་བསྔལ་དང་བྲལ་སྲོག་དང་མཚུངས། །གྲོང་ཁྱེར་མི་དབང་ལྟ་བུར་ཡོན་ཏན་ཕུན་སུམ་ཚོགས། །ནང་ཤིན་འབྲུ་ནི་ཕུན་སུམ་ཚོགས་པའི་ཞིང་པ་འདྲ།། ་ནད་རྣམས་མ་ལུས་སེལ་བའི་སྨན་གྱི་མཆོག་འདྲ་སྟེ། །ཚུལ་ཁྲིམས་དེ་ལས་ལྷག་བའི་གུས་པ་དེ་སྲུང་བྱ། །ལེགས་པའི་ལམ་བསྟན་པ་ལས་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་དང་པོའོ། །དེ་ལྟར་རྣལ་འབྱོར་སྤྱོད་བ ་འདིས་ཚུལ་ཁྲིམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ཕུན་ཚོགས་པའི་ཡན་ལག་གི་གཙོ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པའི་བླངས་པར་བྱ་སྟེ། རྣལ་འབྱོར་སྤྱོད་པས་སྦྱང་བའི་ཡོན་ཏན་ཡང་དག་པར་བླངས་པས་ནི་འདོད་བ་ཆུང་བ ་ཉིད་དང། ཆོག་ཤེས་བ་ཉིད་དང། རབ་ཏུ་དབྱེན་པ་ཉིད་དང། གསོ་སླབ་དང། ཉོན་མོངས་པ་སྤོང་བ་དང། བརྩོན་གྲུས་རྩོམ་པ་དང། གསོ་སླ་བ་དང། དགའ་སླ་བ་དང། བདེ་བ་ལ་རེག་པར་གནས་པ་ལ་གནས་པར་འགྱུར་རོ། །བྱ ་བ་ཉུང་བས་ནི་ཚུལ་ཁྲིམས་འདི་བསྲུངས་བར་འགྱུར་བ་ནི་ཏིང་ངེ་འཛིན་འགྲུབ་པའི་ཚོགས་ཡིན་ཞིང་སྔོན་གྱི་འཕགས་པའི་རིགས་ཀྱི་ལུས་སུ་མཐུན་པ་དང། རབ་ཏུ་དད་པར་བྱེད་པ་ཡིན་ནོ། །དེ་ལས་སྦྱངས་པའི་ཡོན་ཏན་བཅུ་གཉིས ་ནི་འདི་དག་ཡིན་ཏེ། དགོན་པ་པ་ཉིད་དང། ཕྱག་དར་ཁྲོད་བ་ཉིད་དང། བསོད་སྙོམས་བ་ཉིད་དང། སྟན་གཅིག་པ་ཉིད་དང། ཅོག་བུ་བ་ཉིད་དང་གཟས་ཕྱིས་མི་ལེན་པ་ཉིད་དང། ཆོས་གོས་གསུམ་པ་པ་ཉིད་དང། ཕྱིད་བས?་ཉིད་དང། ་གཞི་ཇི་བཞིན་པ་ཉིད་དང། དུར་ཁྲོད་པ་ཉིད་དང། ཤིང་དྲུང་བ་ཉིད་དང། བླ་གབ་མེད་པ་ཉིད་དང་ངོ། །དེ་ལ་དམ་བཅའ་བ་དང་རྗེས་སུ་མཐུན་པར་འདི་དགོན་པར་གནས་པ་ཡིན་པས་ན་དགོན་པ་པའོ། །དེའི་དངོས་པོ་ཉིད་ནི་དགོན་པ་པ་ཉིད་དོ།། ་དམ་བཅའ་བ་ཡང་དེ་ནས་བརྩམས་ཏེ་གྲོང་གི་མཐར་གནས་པ་སྤང་རབ་གྱི་ཞིང་དགོན་པར་གནས་པར་བགྱིའོ་ཞེས་བྱའོ། །སྦྱངས་པའི་ཡོན་ཏན་ལྷག་མ་རྣམས་ལ་རིམ་བཞིན་ཉིད་ཀྱིས་དེའི་མི་མཐུན་ཕྱོགས་སྤོང་པའོ། །དེ་ལ་དགོན་བབ་ཉིད་ཀྱིས་ཡོན ་ཏན་ནི་འདི་ཡིན་ཏེ། དགོན་པར་གནས་ལ་མངོན་དགའ་ཏིང་ངེ་འཛིན། །ཐོབ་པའམ་ཡོངས་སུ་བསྲུང་བར་ནུས་པ་ཡིན། །གྲོང་ནང་གནས་རྣམས་གཡེང་བའི་ཉེས་པ་ཡིས། །སེམས་ནི་རྣམ་བཅོམ་ཉེར་ཞི་ཐོབ་མི་འགྱུར། །དེ་དུ་གནས་པ ་ཉིད་ལ་ཕྱག་དང་ཁྲོད། །སྦྱོད་པ་ལྷག་མ་སྦྱངས་པས་རྣམ་མཛེས་ཏེ། །གཡུལ་དུ་མངའ་སྐྱོབ་ཕུལ་བཅས་གོ་བགོས་ཤིང། །མཚོན་ཆ་ཕུན་ཚོགས་ལྡན་པས་འབྲང་དང་མཚུངས། །དགོན་པར་གཉིད་ལོག་གྱུར་ཀྱང་དབེན་བར་ནི། །གནས ་པས་བདེ་གཤེགས་ཐུགས་མཉེས་བྱེད་ཉིད་ཡིན། །གྲོང་གནས་ཤིན་ཏུ་མཉམ་པར་བཞག་གྱུར་ཀྱང། །དེར་ནི་ཏིང་འཛིན་བདེ་བར་བསྲུང་མི་འགྱུར། །མཛའ་དང་ཕྲད་དང་རང་གི་སྲོག་དང་ནི། །སྡུག་པའི་ལུས་ལའང་ལྟོས་པ་མེད་པར་ནི།། ་བས་མཛའ་དགོམ་པར་གནས་ཏེ་བརྩོན་འགྲུས་རྩོམ། །ཡོན་ཏན་ཁྱད་པར་གང་ཞིག་ཐོབ་མི་འགྱུར། །རོལ་མོ་སྣ་ཚོགས་སྒྲ་དང་གླུ་ཡི་སྒྲ། །གཡེང་བར་བྱེད་པའི་ཁྱད་པར་དེ་དང་དེ། །དགོན་པར་མེད་དེ་གང་ཕྱིར་དེ་ཡིད་འོང། །རྣལ ་འབྱོར་ལ་ཕན་སྦྱོར་དང་བཟོད་རྒྱུ་ཡིན། །དེ་པས་ན་རྣལ་འབྱོར་པ་དབྱོད་པ་རྣམས་ནི་དེ་ལ་བསྟེན་པར་བྱ་བའི་རིགས་སོ། །དེ་བཞིན་དུ་ཕྱག་དར་ཁྲོད་པ་ཉིད་ཀྱང་དེ་བཞིན་དུ་དམ་བཅའ་སྔོན་དུ་འགྲོ་བས་ཕྱག་དར་ཁྲོད་པ་འཆང་བའི་དད ་ཚུལ་འདི་ལ་ཡོད་པས་ཕྱག་དར་ཁྲོད་པ་སྟེ། དེའི་ངོ་བོ་ཉིད་ནི་ཕྱག་དག་ཁྲོད་པ་ཉིད་དོ། །ཕྱག་དར་ཁྲོད་པ་ཡང་ཡུལ་དང་དུར་ཁྲོད་དང། དེའི་ཉེན་འཁོར་དང། བར་དག་གི་ཕྱག་དར་གྱི་ཁྲོད་ན་ངོགས་ལྟར་གནས ་བ་དེ་ལས་མཉམ་པ་དང། ཐ་བ་ཉིད་ཡིན་པའི་ཕྱིར་ཕྱག་དར་ཁྲོད་པ་ཡིན་པ་འམ། ཕྱག་དར་འཇིག་རྟེན་པ་རྣམས་སྨོད་པ་ཡིན་པས་ན་ཕྱག་དར་ཁྲེད?་ཡིན་ལ། དམ་བཅས་པའི་ཚོགས་ཁྱིམ་བས་བྱིན་པའི་གོས་སྤངས་ལ་ཕྱག་དང ་ཁྲོད་བསགས་ཤིང་རབ་ཏུ་ཞི་ཞིང་ཆོག་ཤེས་པའི་དཔལ་དང་ལྡན་པ་ནི་ཕྱག་དར་ཁྲོད་པའོ། །དེ་ཡང་དགོན་པར་གནས་ཤིང་ཆོག་ཤེས་སེམས་ཀྱིས་ནི། །གོས་ནི་དམན་ལས་རབ་དམན་བྱོར?་བྱེད་ལ། །འདི་ལ་ལྟོས་པ་དྲག་པོ་མི་འབྱུང ་ཞིང། འཇིགས་དང་འཁྲུག་པས་རྨོངས་པར་འགྱུར་མ་ཡིན། །གཞན་ལ་ཆོག་ཤེས་ཡོན་ཏན་གོ་བྱེད་ཅིང། །ཡིད་ཀྱང་ཤིན་ཏུ་དང་བ་ཁོ་ནར་བྱེད། །སེམས་ནི་གྱ་ནོམ་སྲད་ལས་ཟློག་བྱེད་ལ། །དེ་ཐོབ་ཕྱིར་ན་སྡུག་བསྔལ་སྐྱེད་མི ་བྱེད། བརླག་ནའང་རྗེས་སུ་གདུང་བར་འགྱུར་མིན་ཏེ། ཕྱག་དར་ཁྲོད་ནི་རྙད་པར་དཀའ་མ་ཡིན། །གོས་ཕྱིར་ཁྱིམ་པ་དང་ནི་འདྲིས་བ་ཡིས། །རང་གི་ཆོས་ཀྱི་ལས་ལས་ཉམས་མི་འགྱུར། །དེ་ནི་རྐུན་མ་དག་གིས་དོགས་མི ་སྐྱེད། བསྲུང་པའི་འབད་པས་དེ་ལ་བཅོམ་མི་འགྱུར། །འདི་ལས་ཕྱོགས་ཀྱི་གནོད་པའང་སྐྱེ་མི་འགྱུར། །དེ་ནི་ལོག་པའི་འཚོ་པས་ཉམས་མི་འགྱུར། །སྦྱངས་པ་འདི་ནི་སྔོན་ཆད་བྱུང་བ་ཡི། །ཐུབ་པ་རྣམས་ཀྱང་རྗེས་སུ་འཇུག་པ་ཡིན།། ་བདུད་ཀྱི་སྟོབས་ལས་རྒྱལ་བར་བརྩོན་པ་ལ། །དཔའ་བོ་གོ་བགོས་ལྟ་བུར་གྱུར་པ་ཡིན། །གསེར་གྱི་འོད་འབར་དང་པས་མཚན་ཅིང་དཀར། །མདངས་ལྡན་སྤངས་ན་རྒྱལ་བས་གང་བཅས་པ། །དེ་ཕྱིར་ལྷ་དང་མི་ཡིས་ཕྱག་བྱས་པའི།། ་ཕྱག་དར་ཁྲོད་ལ་དམ་འཆའ་སུ་མི་བྱེད། །དམན་པ་གྱོན་ཞིང་ཟླ་འདྲའི་མདངས་ལྡན་པ། །ཡིད་དུ་འོང་ཞིང་མཛེས་པའི་གོས་དག་ཀྱང། །གང་ཞིག་ཕྱག་དར་ཁྲོད་ནི་ཆང་བ་ལྟར། །ཞི་བའི་ཕུན་ཚོགས་དེ་ནི་སྐྱེད་མི་བྱེད། །དགྲ་བཅོམ་སྟོང་ཕྲག་མང ་པོ་འཆང་བྱེད་པ། རྙེངས?་རྟག་ཏུ་ཁ་ན་མ་ཐོ་མེད། ཉེར་ཞི་དཔལ་ལྡན་བསྔགས་འོས་རྣམས་ཀྱིས་བསྟེན། །ཕྱག་དར་ཁྲོད་ལ་དགའ་བར་སུ་མི་བྱེད། །རབ་ཏུ་བྱུང་ནས་གང་ཞིག་ལ་གནས་པ། །ཇི་སྐད་སྨྲས་བཞིན་བྱེད་པ་དེ་ཉིད་མཛེས། །འདིས ་ནི་གང་ཞིག་དམ་བཅས་བྱས་གྱུར་པ། །དེ་ནི་དེ་བཞིན་འཛིན་པས་སྡུག་པ་ཡིན། །ཆོག་ཤེས་འཕེལ་བ་ནོར་ཆེན་ཡིན་པའི་ཕྱིར། །དེ་ཡི་ཆོས་འདི་ཕུན་སུམ་ཚོགས་པར་འགྱུར། །ཆོག་ཤེས་གཏམ་གྱིས་ཆོག་ཤེས་རབ་དགར་འགྱུར། །དམན ་ལས་དམན་རྣམས་གོས་ཀྱིས་མགུ་བ་ཡིན། །སློབ་དཔོན་གཞན་དག་ནི་རང་བཞིན་གྱི་ཆོས་གོས་དང་ལྡན་པ་ལ་གནས་ནས་ཕྱག་དར་ཁྲོད་པ་ཉིད་དུ་དམ་བཅའ་བ་ཡིན་ནོ་ཞེས་ཟེར་མོད་ཀྱི། །དེ་ནི་ཁྱིམ་པ་ལས་བླངས་པའི་གོས་མ་སྤངས ་པའི་ཕྱིར་ཚིག་ཙམ་གྱིས་དངོས་པོ་བསྒྲུབ་བར་ཟད་དོ། །ཁྱིམ་པ་ལས་བླངས་པའི་གོས་ལོ་མང་ཞིག་ཡོངས་སུ་ལོངས་སྤྱོད་ཅིང་འཇོག་པ་དེ་ཕྱག་དང་ཁྲོད་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་མོས་པ་ཙམ་དུ་ཟད་དོ། །དེ་ལས་བསོད་སྙོམས ་པ་ཉིད་ཅེས་བྱ་བ་ནི་དམ་བཅའ་བས་མགྲོན་དུ་བོས་པ་སྤངས་ཏེ། བསོད་སྙོམས་ལ་རྒྱུ་བ་ཡིན་པས་ན་བསོད་སྙོམས་བའོ། །བསོད་སྙོམས་ནི་ཁམ་གྱི་ཟས་སློང་བ་ཞེས་བྱ་བའི་དོན་ཡིན་ཏེ་དེ་རྙེད་པ་ཞེས་བྱ་བའི་ཐ་ཚིག་གོ། བསོད་སྙོམས ་དེ་མང་དམན་པ་དང། བར་མ་དང། མཆོག་གི་ཁྱིམ་དུ་སློངས་མོ་རྒྱུ་བ་ཞེས་བྱ་བའི་དོན་ཡིན་པ་འམ། བསོད་སྙོམས་ཀྱི་ཕྱིར་རྒྱུ་བའི་བརྟུལ་ཞུགས་ཀྱི་ངང་ཚུལ་འདི་ལ་ཡོད་པས་ན་བསོད་སྙོམས་པའོ། །དེའི་དངོས་པོ་ཉིད་ནི་བསོད་སྙོམས ་པ་ཉིད་དོ། །དེ་ཡང་?་བཅའ་བ་འདིས་བྱེད་པ་ཡིན་ནོ། །ང་རྒྱལ་སྤོང་ཞིང་བརྙས་པ་བཟོད་བྱེད་ལ། །རང་གི་ལུས་ནི་སྐྱོ་བ་བཟོད་བྱེད་ཅིང། །མགྲོན་པོས་བ་ཡི་བསྡམས་པའི་སྡུག་བསྔལ་ནི། །སློངས་མོས་སྦྱོང་ལ་ཞུགས་ལ ་ཡོད་མ་ཡིན། །སྦྱིན་པའི་གཏེར་ཆེན་བདེ་བ་རྒྱ་ཆེ་ལ། །མི་སྨྲ་བཞིན་དུ་སྐྱེ་བོ་འཛུད་པར་བྱེད། །ཁྱིམ་ནད་འཇུག་པའི་ངེས་པའི་བསླབ་པ་ནི། །དེ་སྦྱིར་པ་ཡིས་དགེ་སློང་ཤིན་ཏུ་མཛེས། །དགེ་སློང་ཚུལ་ནི་རང་དབང་གིས་འཚོ་ཞིང ་རང་གི་བརྩོན་པས་ཐོབ་ལ་བདེ་བར་སྦྱོད། །ལོག་འཚོའི་ཉེས་པས་ཟིལ་གྱིས་མི་གནོན་ཅིང། །འདི་ཡི་ཕྱོགས་ནི་གང་དུ་འང་དགག་པ་མེད། །གང་ལ་གནས་ཏེ་རབ་ཏུ་བྱུང་གྱུར་པ། །དེ་ནི་དེ་བཞིན་སྒྲུབ་པས་རྣམ་པར་མཛེས།། ་ཟས་ཀྱི་ཕྱིར་ནི་སྡུག་བསྔལ་མི་འགྱུར་ཞིང། །དམ་པ་རྣམས་ཀྱི་ཚུལ་ལ་རྗེས་འཇུག་ཡིན། །ནོར་དང་ཉེ་དུའི་སྐྱེ་བོ་སྡུག་དང་ཁྱིམ། །ཁ་ཟས་རོ་ཞིམ་དེ་དང་དེ་སྤངས་ནས། །ཟས་ཀྱི་སྲེད་པ་ལས་ནི་ལྡོག་གྱུར་པ། །མགུ་བས་དགེ་སློང ་དངོས་པོ་གསལ་བྱེད་ཡིན། །དམ་བཅའ་བའི་དབང་ལས་སྟན་གཉིས་པ་ལ་གནས་པའི་ཁ་ཟས་སྤངས་སྟོན་གཅིག་ལ་ཟས་ཀྱི་རིགས་ལ་སྤྱོད་པའི་དང་ཚུལ་འདི་ལ་ཡོད་པས་ན་སྟན་གཅིག་པའོ། །ཁ་ཅིག་ནི་དེ་ནི་བསྟན ་ལ་འདུག་པའི་མཐར་ཐུག་པ་ཡིན་པར་འདོད་ལ། གཞན་དག་ནི་ཁྲུས་བྱས་པའི་མཐར་ཐུག་པ་ཡིན་ནོ་ཞེས་ཟེར་ཏེ། གང་ཞིག་ཟོས་ནས་སྟན་དེ་ལས་མ་ལངས་ཀྱང་ལྷུང་བཟེད་ཁྲུ་བའི་ཆུ་བླངས་ནས་སླར་ཟ་བར་མི་བྱེད་པ ་དང། ཁ་ཟས་སོ་སོར་ཐོབ་ནས་ཁམ་ཀྱི་ཐ་མ་ཟོས་ནས་ཡང་སླར་མ་ཟི་བ་དེ་ནི་ཟས་ཀྱི་མཛའ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་འདི་ལྟར་དམ་བཅའ་བ་གོམ་པར་བྱེད་དོ། །ཡང་དང་ཡང་དུ་ཟ་བའི་ཉེས་པ་ཡིས། །སྟན་གཅིག ་ངང?་གི་བྱ་བ་སྤོང་མི་བྱེད་ནང་ཉུང་གནོད་པ་ཆུང་ཞིང་ལུས་སྲབ་འགྱུར། །རྣལ་འབྱོར་ལྡང་བ་ཡང་བར་འདིས?་འགྱུར་རོ། །ཆོ་ག་བཞིན་གནས་བདེ་བར་འཆག་པ་དང། ཐུབ་དབང་ཚུལ་གྱི་རྗེས་སུ་འཇུག་པ་དང། ཆོག་ཤེས་གསོ ་གླིའི?་ཡོན་ཏན་རྗེས་མཐུན་ཞིང། །ཟས་ཀྱི་བདེ་བའི་འདམ་གྱིས་གོས་མི་འགྱུར། །འདི་ཡི་སེམས་ནི་རོལ་མི་གདུང་ཞིང། །བསམ་གཏན་རྗེས་སྦྱོར་དག་ལ་དགའ་བ་ཡིན། །དེ་ལ་དགའ་བས་རབ་ཞི་བྱ་དགོས་གཅིག། །ཉོན་མོངས་ཕྱོགས ་ནི་བདེ་བླག་ཉིད་དུ་སྤོང། །དམ་བཅའ་བ་སྔོན་དུ་འགྲོ་བས་གློས་ཕབ་སྤངས་ཏེ་འདུག་པའི་ངང་ཚུལ་འདི་ལ་ཡོད་པས་ན་ཅོག་བུ་པའོ། །སེམས་ཅན་དགེ་བ་ལ་དམ་བཅའ་བའི་ཡང་དག་པར་སྒྲུབ་པ་ཡིན་ནོ། །གཉིད་ཀྱིས་མུན་པ་སྟུག་པོས ་མི་ནོན་ཅིང། །སེམས་ནི་མལ་སྟན་བདེ་བའི་དབང་མི་འགྲོ། །འདི་ཡི་ལུས་སུ་འཛིན་པ་སྲབ་པ་དང། འདི་ལས་མཉམ་པར་འཇོག་པ་བདེར་གནས་འགྱུར། །ལེ་ལོ་དངོས་པོ་སྤོང་བའི་སྟོབས་སྐྱེད་ལ། །རང་གི་ཆོས་ཀྱི་ལས་སྒྲུབས་ལ་མི ་གཡེལ། །ཡང་བའི་རིམ་གྱིས་སླར་ལ་བརྟེན་པ་ན། །དལ་བའི་ཉེས་པ་ཤས་ཆེ་ཉམས་མི་མྱོང། །སྐྱིལ་ཀྲུང་བཅས་ནས་དྲང་པོར་གནས་གྱུར་ཅིང། །བསམ་གཏན་ལ་བརྩོན་ལུས་ཀྱིས་གང་འཛིན་པ། །དགེ་སྦྱོད་ལ་ཆག་གནས་ཉལ་བ་འམ ་འདུག་པ་ཡིས། །ཞི་བའི་དཔལ་ནི་དེ་འདྲ་འཛིན་མི་འགྱུར། །ཟས་ཕྱིས་མི་ལེན་པ་ཉིད་ཅེས་བྱ་བ་ནི་ཕྱིས་ཁ་ཟས་མི་ཟ་བའི་ངང་ཚུལ་ཅན་གང་ཡིན་པ་ནི་ཕྱིས་མི་ལེན་པ་སྟེ། །བཅའ་བ་སྔོན་དུ་འགྲོ་བས་ལྷག་པའི་ཁ་ཟས་ཟ་བ་ལས ་ལྡོག་ཅིང་དེ་འདོད་བ་ཡིན་པས་ན་ཟས་ཕྱིས་མི་ལན་པའོ། །དེའི་དངོས་པོ་ཉིད་ནི་ཟས་ཕྱིས་མི་ལེན་པ་ཉིད་དོ། །ཕྱིས་ནས་ཟས་ཟ་བ་སྤངས་པ་ཡི། །དམ་བཅའ་བླངས་པར་གྱུར་པ་ཡིས། །བརྐམ་ཆགས་མེད་ཅིང་ཆོག་ཤེས་དང། །དད་བའི ་ཚུལ་དང་རྗེས་མཐུན་ཡིན། །སླར་ཡང་ཁ་ཟས་ཚོལ་བ་ཡིས། །ངལ་བ་རྣམ་པར་སྤངས་ནས་ནི། །ད་ཙམ་གྱིས་མཆོག་ངོ་མཆར་བཅས། །འདོད་ཆུང་ཉིད་ཀྱི་ཡོན་ཏན་དཔལ། །སྤངས་ཏེ་ཟ་བའི་ཆོ་ག་དཔལ། །ལྟོ ་ལ་གདུང་བའི་ཚུལ་སྤངས་པ། །དེ་ནི་གསོ་སླར་གྱུར་པ་ཉེ། །བདེ་ཞེས་ལུས་ཡང་འགྱུར་བ་ཉིད། །ཆོས་གོས་གསུམ་པ་ཡོད་པས་ཆོས་གོས་གསུམ་སྟེ། རྣམ་སྦྱར་དང། བླ་གོས་དང། མཐང་གོས་དང། བཅའ་བ་སྔོན་དུ་འགྲོ་བས ་བརྟག་པ་སྤངས་ཏེ་ཆོས་གོས་གསུམ་ཆང་པའི་ནང་ཚུལ་འདི་ལ་ཡོད་པས་ན་ཆོས་གོས་གསུམ་པའོ། །དེའི་དངོས་པོ་ཉིད་ནི་ཆོས་གོས་གསུམ་པ་ཉིད་དོ། །ཆོས་གོས་གསུམ་སོ?་ཅམ?་བ་གྱིས་ནི། །ཆོག་ཤེས་ཡང་བ་ལ་འཇུག་ཅིང།། ་མང་པོ་ལ་སྲེད་ཉེར་བཅས་པས། །གོས་སོགས་པ་ནི་སྤངས་པ་ཡིན། །འདབ་ཆགས་ལྟ་བུར་བླངས་ནས་ནི། །གང་དུ་དགའ་བར་འགྲོ་བར་བྱེད། སྤང་བའི་གནང་བ་དང་བྲལ་ཞིང། དེ་ལས་དགེ་སློང་ཉོན་མོངས་མེད། །ཞག་བཅུ་ལས ་འདས་ལྟུང་བ་ནི། །ཆོས་གོས་འཆང་འདི་ལ་མི་འབྱུང། །གོས་བརྟག་པ་ཡི་བྱ་བ་ནི། །འདི་ལ་ཡོད་པ་མ་ཡིན་ནོ། །དམ་པའི་ཚུལ་འཇུག་ལ་འཁུར་ཞིང། །འདོད་ཆུང་ཡོན་ཏན་རྣམས་ཀྱིས་བརྒྱན། །ཆོས་གོས་ཀྱིས་ནི་བྱ་བ་ཡིས། །ཤིན ་ཏུ་ངལ་བར་འགྱུར་མ་ཡིན། །དད་བ་དག་པ་འདི་ཡིས་ནི། །སྟོན་པ་ལྟ་བུར་ཆོད་པར་བྱེད། །དེ་བས་འདི་ནི་ཆོས་གོས་སོགས། །གུས་པས་རྣམ་པར་འཕེལ་བར་འགྱུར། །ཕྱིང་བ་ཉིད་ཅེས་བྱ་བ་ནི་བལ་གྱི་རྒྱ་ལ་ཐབས་སུ་མ་བཏགས ་པ་ལ་ཕྱིད་བཞེས་འཇིག་རྟེན་ན་གྲགས་སོ། །དམ་བཅའ་བ་སྔོན་དུ་འགྲོ་བས་ཕྱིང་བ་འཆང་པའི་ངང་ཚུལ་འདི་ལ་ཡོད་པས་ན་ཕྱིར་བ་པའོ། །དེའི་དངོས་པོ་ཉིད་ནི་ཕྱིར་བ་པ་ཉིད་དོ། །དེ་ཡང་དག་པར་བླངས་པའི་ཡོན་ཏན་ནི། །བལ་བསྡུས ་པས་ན་དུར་ཁྲོད་པ་ཉིད་ངོ། །དེའི་ཡོན་ཏན་ནི། དུར་ཁྲོད་དུ་ནི་རྒྱུན་དུ་འཆི་བ་རྗེས་དྲན་པས། སྐྱོ་འགྱུར་དེ་ལས་བག་མེད་འགྱུར་མ་ཡིན། །མི་གཙང་སྣ་ཚོགས་མཚན་མ་རྣམས་མཐོང་ནས། །འདི་ཡི་འདོད་བའི་འདོད ་ཆགས་འཕེལ་མི་འགྱུར། །འདིར་ནི་མི་མ་ཡིན་པ་གུས་འགྱུར་ཞིང། །འདི་ཡི་སྲོག་ལ་ལྟོས་པ་ཆུང་འགྱུར་ཞིང། །དེ་ལ་བརྟེན་བས་དྲེགས་པ་སྤོང་འགྱུར་ལ། །དེ་བས་དེ་ན་ཆོས་འགའ་ཡང་དགའ་ཐོབ། །སེམས་ནི་ཞི་ལ་ཕྱོགས་ཕྱིར ་རང་སྲོག་དང། །བདེ་དང་ལུས་ལ་ལྟོས་པ་མེད་འགྱུར་ལ། །སྡིག་སྦྲུལ་མི་མ་ཡིན་པའི་འཇིགས་པ་ལས། དེར་གནས་པས་ཀྱང་སྔར?་བས་སྐྲག་པ་མེད། །ཤིང་དྲུང་པ་ཉིད་ཅེས་བྱ་བ་ནི་དམ་བཅས་བའི་ཚོགས་གཡོགས་པའི་གནས ་སྤངས་ལ་ཤིང་དྲུང་དུ་གནས་པའི་དང་ཚུལ་འདི་ལམ་ཡོད་པས་ན་ཤིང་དྲུང་བའོ། །དེའི་དངོས་པོ་ནི་ཤིང་དྲུང་པ་ཉིད་དོ། །དེར་དམ་བཅས་པའི་ཡོན་ཏན་ནི། །གང་ཞིག་ཤིང་དྲུང་བཟང་པོ་དག་ཏུ་ནི། །མལ་སྟན་དག་གིས་སེམས་མགུའི ་འབྱོར་པར་ལྡན། །ཕྱོགས་རྣམས་ཀུན་ཏུ་ཐོགས་པ་མེད་པར་འགྲོ། །དེ་ནི་དམ་ཆོས་ཕུན་སུམ་ཚོགས་པའི་ལམ། །དེ་ནི་ཆོས་ཀྱང་རྣམ་པར་འཕེལ་འགྱུར་ཞིང། །བདུད་ཀྱི་སྟོབས་ཀྱི་དྲེགས་བཟློག་པར་བྱེད། །དེ་ཡིས་ཡིད་ནི་མཉམ ་འཇོག་བསྒྲུབ་རྒྱུ་ཡི། །བདེ་བ་དག་ལས་དགེ་སློང་ཉམས་མི་འགྱུར། །རྙེད་པར་སླ་ཞིང་ཡོ་བྱད་ཉུང་བ་དང། །འདུ་འཛི་སྡུག་བསྔལ་སྒྲིབ་པ་དང་མཚུངས་ཤིང། །རང་གི་གནས་གྱུར་ཡོན་ཏན་རྒྱ་ཆེན་བསྟེན། །དགའ་བས་ཤིང་དྲུང་དག་ཏུ ་སུ་མི་གནས། །ལོ་འདབ་གསར་དུ་བྱུང་བར་གྱུར་ནས་ནི། །མདོག་འགྱུར་བས་བཅོམ་ལོ་མ་ལྷག་པས་ཤིང། །རང་གི་རྩ་བར་གནས་པའི་སྡོམ་བརྩོན་ལ། །མི་རྟག་འདུ་ཤེས་སྟོན་པ་ལྟ་བུ་ཡིན། །བླ་གབ་མེད་པ་ཉིད་ཅེས་བྱ ་བ་ནི་དམ་བཅལ་བའི་ཆོ?་གས?་གཡོགས་པའི་ཆོ?་གས?་ཤིང་དྲུང་སྤངས་བའི་གནས་ཀུན་ནས་གོ་སྐབས་ཡོད་ཅིང་བླ་གབ་མེད་པ་ལ་གནས་པའི་ངང་ཚུལ་འདི་ལ་ཡོད་བས་ན་བླ་ག?་བ?་མེད་པའོ། །བླ་གབ?་མེད་པའི་ངོ་བོ་ཉིད་ནི་བླ་གབ?་མེད་པ ་ཉིད་དོ། །དེ་ཡང་དག་བར་བླངས་པའི་ཡོན་ཏན་ནི། །མལ་སྟན་ཚོལ་དང་བསྲུང་དང་སྤུག་པ་ཡིས། །ཡོངས་སུ་ཉལ་བའི་གཞིར་གྱུར་མ་ཡིན་ཞིང། །བླ་གབ་མེད་པར་བསྒྲུབ་པར་ཁས་བླང་པ། །འདུ་འཇི་མེད་པས་ཤིན་ཏུ་མཛེས་པ་ཡིན ་ཕྱོགས་རྣམས་ཀུན་ཏུ་དགག་བ་མེད་པར་ནི། །རི་དགས་ལྟ་བུར་རང་དགར་འགྲོ་བ་ཡིན། །ཆོག་ཤེས་ཡོན་ཏན་མཆོག་དང་ལྡན་གྱུར་ཅིང། །སེམས་ནི་གནས་ཁང་འདུ་འཛི་ལས་རྣམས་གྲོལ། །གཉིད་ཆུང་ཉིད་དང་ཡིད་ལས་བྱེད་པའི་རྗེས ་མཐུན་ཞིང། །དམ་པའི་ཚུལ་ལ་བརྟེན་པས་ཡོན་ཏན་ཕྱོགས་འཛིན་ཅིང། །ལུས་ཀྱི་བདེ་བ་ཅུང་ཟད་ལ་ཆགས་རྣམས་སྤོང་བ། །ཡོན་ཏན་དེ་དེ་བླ་གབ་མེད་ལ་གནས་པའི་ཐོབ། །སྐད་ཚོགས་རིན་ཆེན་འོད་ཟེར་འབར་བ་ཡིས། །ནམ་མཁའ་ཨི་བླ་རེ་ཉི ་ཟླའི་མར་མེ་ལྡན། །འཇིག་རྟེན་དུ་མ་དེ་ནི་རི་དང་བཅས། །ཁང་བཟངས་དང་ལྡན་གཙུག་ལག་ཁང་ཆེན་ཡིན། །དེ་དག་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཡང་དག་པར་འབྱོར་པས་ན་སྦྱངས་པའི་ཡོན་ཏན་ཞེས་བྱ་བ་དང། ཉེས་པ་རྣམས ་སྦྱོང་བར་བྱེད་པ་ཡིན་པས་ན་སྦྱངས་བའི་ཡོན་ཏན་ཅེས་བྱ་བ་སྟེ། འདི་ལྟ་སྟེ། གླང་པོ་ཆེ་ཆུ་འཐུང་བ་ལ་འཐུང་བ་ཞེས་བརྗོད་བ་འམ། ཟས་ཟ་བ་ལ་ཟ་བ་ཞེས་སྨྲ་བ་དང་འདྲ་བར་ཚིག་གོང་མ་ཕྱིས་ཏེ་ཆོས་མི་ཤེས་པ་དང། འདུ་འཇི་དང་ཤས ་ཆེར་འདྲ་བ་ཉིད་དང། ལེ་ལོ་ཉིད་དང། གཉིད་དང། འདུ་འཇིའི་ཉས་པ་སྦྱོང་བར་བྱེད་པ་ཡིན་པས་སྦྱངས་པ་ཞེས་བྱའོ། །དམ་བཅའ་བ་འདི་དག་ནི་ཉེས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་སྦྱངས་པ་ཞེས་བྱ་བ་ལ། །འདི་དག་ནི ་དམ་བཅའ་བའི་རྟེན་གྱིས་བྱེ་བྲག་ཏུ་ཕྱེ་བ་ཡིན་ནོ། །དེ་ནི་ཉན་ཐོས་མཆོག་རྣམས་ཀྱིས་བསྔགས་ཤིན་བཟུང་བ་ཡིན་ཏེ། དགོས་པ་བྱེད་པའི་མཆོག་ཡིན་པས་འདི་དག་ཡང་དག་པར་བླང་བར་བྱའོ།། ་དེ་བཞིན་དུ་འདི་དག་ཡོངས་སུ་བཟུང་བའི་སྡིག་པ་འདོད་པ་དང། སེམས་རྣམ་པར་གཡེང་བ་དང། དམན་པ་དང། ཀུན་ཏུ་རྨོངས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་དང། ཆོག་མི་ཤེས་བ་དང། ཆགས་པ་ལ ་སོགས་པའི་སྡིག་པས་སོ་སོར་སྐད?་པ་ཡིན་ལ། ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པ་ཉིད་དང། །མཐར་ཐུག་པར་བྱ་བ་ཉིད་ཡིན་ནོ། །ཡང་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་མཆོད་པ་དང་འདྲ་བར། འདོད་པའི་འདོད ་ཆགས་དང་གཏི་མུག་མེད་པ་དག་སྦྱད་བའི་ཆོས་ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །དེ་ལ་དགེ་སློང་དགོན་བ་པས་མ་འོངས་པའི་འཇིགས་པ་དྲན་ནས་བག་ཡོད་པ་ཉིད་དང། བརྩོན་འགྲུས་བརྟུལ་བ་དང། མཆོག་ཏུ་བདག་ལ་ཕན་པས ་གནས་པར་བྱའོ། །ཆོས་ཀྱི་དེང་དཔོན་གྱིས་དགེ་སློང་སྒྲ་ངན་ལས་བཙམས་ཏེ་བཤད་པའི་དགོན་བ་བའི་ཚུལ་སྐྱོ་བས་གཡེངས་པ་བསལ་བར་བྱ་བའི་ཕྱིར་བསམ་པར་བྱ་ཞིང་དེ་བཞིན་དུ་བསླབ་པ་བྱའོ། །བག་མེད་གཉིད་དང ་ལེ་ལོའི་རྗེས་འཇུག་དང། ཁྱིམ་པའི་བདེ་བ་དྲན་པས་སྐྱོ་བར་འགྱུར་ལོག་པར་བརྩོན་པས་ནགས་ལ་མངོན་དགའ་དང། དགའ་ཞིང་རྒོད་སོགས་ཀྱིས་ནི་དགོན་པར་གཡེང། །སྡིག་འདོད་བསམ་པས་དགོན་པར་གནས་པ་ནི ་དམན་ཞིང་མི་མཁས་སྐྱོ་བ་ཉིད་དུ་འགྱུར། །རྣམ་གཡེང་བདག་ཉིད་ཤིན་ཏུ་གཡེང་བྱེད་ཅིང། །སྦྱོར་བ་བཟང་ལྡན་ཉེས་རེའི་སྐལ་ཅན་མིན། །ཉེས་ལ་མངོན་དགས་ཀུན་ཏུ་ཞུམ་འགྱུར་ཞིང། །ཁྱད་པར་ཆུང་དུ?་ཡ?་ཤིན་ཏུ་དག ་པས་གཡེངས། །ཉེས་ལ་དགྲ་བོ་ལྟ་བུར་ཡིད་རྩུབ་ཅིང། །ཞིས་མངོན་བརྩོན་བརྟན་པ་རྣམས་ནི་མཛེས། །དེ་བཞིན་ཕྱག་དང་ཁྲོད་ལ་སོགས་པ་ལ་སྐྱེས་བུ་དམ་པ་རྣམས་ཀྱི་ཆོས་དང། དམ་པ་མ་ཡིན་པའི་ཆོས་ལ་ཡང་དག་པར་བསམས ་ནས་སྦྱངས་བའི་ཡོན་ཏན་ཡང་དག་པར་བླངས་ནས་བདག་ལ་བསྟོད་པ་དང། །གཞན་ལ་སྨོད་པ་དང། དམ་པ་མ་ཡིན་པའི་ལམ་གྱི་རྗེས་སུ་འབྲང་བར་མི་བྱའོ། །འདི་དག་ནི་གཙོ་བོའི་ཡོ་བྱད་ཡིན་གྱི་དྲེགས་པའི་ཚོགས་མ་ཡིན་ནོ། །དེ་རྣམས ་ཀྱིས་བསྒྲུབས་པའི་རྙེད་པ་དང་བཀུར་སྟི་དང། །ཚིགས་སུ་བཅད་བའི་རོ་མྱང་བར་མི་བྱ་སྟེ། རྙེད་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པས་ལྷ་བྱིན་རྣམ་པར་ལྟུང་བར་གྱུར་པ་ཡང་དྲན་པར་བྱའོ། །དགེ་སློང་ཕྱག་དར་ཁྲོད་བས་ཀྱང་ཕྱག ་དར་ཁྲོད་འཆད?་བ་དང། །རྗེས་སུ་མཐུན་པར་རབ་ཏུ་ཞི་བར་བྱའོ། །འདི་ལས་གཞན་དུ་ན། དགེ་སློང་ཁེངས་ཤིང་མི་བརྟན་པ། ཕྱག་དར་ཁྲོད་ནི་གན་གྱུར་ན། །སྤྲེའུ་སྟག་ལྤགས་གོན་མཚུངས་ཏེ། །འདི་ནི་དེ་ཡིས་མཛེས་མ་ཡིན། །ཁོངས ་པ་མེད་ཅིང་རང་བཞིན་བརྟན། །སྡིག་མེད་དབང་པོ་བསྡམས་པ་ཡིན། ཕྱག་དར་ཁྲོད་ཀྱིས་རྣམ་མཛེས་ཏེ། །རི་སུལ་གྱིས་ནི་སེང་གེར་མཚུངས། །དད་པ་མེད་པའམ་དང་པ་ཆུང་བ་རྣམས་ཀྱིས་འདི་སྨད་པར་འགྱུར་ན་ཡང། །གད?་སྨོད་བར ་འགྱུར་བ་འདི་ནི་འཇིག་རྟེན་གྱི་ཆོས་ཡིན་བས་དམ་བཅའ་བ་རྗེས་སུ་དོར་བར་མི་བྱ་ཞིང་འདི་ལ་བཟོད་པའི་བསམ་པས་ཟིལ་མནན་པར་བྱ་བ་ཉིད་ཡིན་ནོ། །བསོད་སྙོམས་པ་ཉིད་ཀྱིས་ཀྱང་གྲོང་ཁྱེར་རམ་ལྗོངས་སུ་བསོད་སྙོམས་ལ ་ཞུགས་བ་ན་བསླབ་པ་ཡོངས་སུ་དག་པ་དང། །དགེ་བ་ཡིད་ལ་བྱེད་པས་བདག་ཉིད་སྣོད་དུ་བྱས་ལ་བླ་མ་འམ། །ད་དང་འདྲ་བའི་ཆིངས?་ལོ་མཚུངས་པ་རྣམས་ལ་དྲི་བ་བྱས་ནས་གོས་གྱོན་ཏེ། །སྐ་དགས་འཆིངས?་ལ་ཤེས་བཞིན་དང ་ཁན?་མ་ངེས་པ་ཉིད་ནི་འབྲས་བུ་ལ་འཁྲུལ་པའི་ཕྱིར་རོ་ཞེས་བསྟན་པ་ནི། གང་ཞིག་དོན་གཞན་གྱིས་གོ་བྱེད་ཅེས་བྱ་བའོ། །ནུས་པ་ཅན་གྱི་རྒྱུ་གང་ཡིན་པ་དེ་འབྲས་བུས་ཁྱབ་པའི་གོ་བྱེད་མ་ཡིན་སྙམ་དུ་སེམས་པ་ལ། དེ་ལྟ་ཡིན ་ན་འབྲས་བུ་ཁྱབ་བ་ཡིན་ཏེ། དེ་ལ་མ་འཁྲུལ་བའི་ཕྱིར། །རྒྱུ་ཁོ་ན་འབྲས་བུ་ཡིན་པར་བསྟན་པ་ནི། གང་ཞིག་གང་མེད་པར་ཞེས་བྱ་བའོ། །རྒྱ་ནི་ངང་ཉིད་གྲུབ་པའི་དོན་དུ་མེད་པའི་འབྲས་བུ་ལ་གང་གི་ཚེ་བལྟོས་བ་དེའི་ཚེ། དེ་རྒྱུ་ལ་བལྟས་པ་མ ་ཡིན་ཏེ། འདི་མེད་པའི་ཕྱིར་རོ། །ཡང་ན་རང་གི་རྒྱུ་ལས་སྐྱེས་པའི་རྒྱུ་ནི་རྒྱུར་འགྱུར་གྱི་དེ་ཡོད་བཞིན་པ་མ་ཡིན་པའི་འབྲས་བུ་ལ་བལྟོས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། རྒྱུ་ཇི་ལྟར་འབྲས་བུ་ཡིན་ཞེས་བྱ་བའི། །རང་གི་རྒྱུ་ལས་སྐྱེ་བའི་རྒྱུ་ནི ་འབྱུང་བར་འགྱུར་བའི་འབྲས་བུ་ལ་བལྟོས་པ་ཁོ་ནའི་ཕྱིར། དེའི་རྒྱུ་ཡིན་ཡང་འབྲས་བུ་ཁོ་ན་ཡིན་ཏེ། ཕན་ཚུན་མི?་འཁྲུལ་བ་ཉིད་དུ་རྟོགས་པས་གྲུབ་པའི་ཕྱིར་དང། དེ་ཙམ་ཁོ་ནས་འབྲས་བུ་ཡིན་པའི་ཕྱིར་ངོ་ཞེས་ལན་དུ་བསྟན་པ་ནི། མ་ཡིན་ཏེ་དེ ་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་གང་ཞིག་འབྱུང་བར་འགྱུར་བ་ལ་ལྟོས་པའི་འབྲས་བུ་ཡིན་པ་ཁོ་ན་དེའི་བར་བསྟན་པ་ནི། སེམས་སོགས་རྣམ་པར་འགྱུར་བ་ནི་ཞེས་བྱ་བ་སྟེ། སོགས་པའི་སྒྲས་མིག་ལ་སོགས་པ་བཟུང་བ་ཡིན་ནོ། །གང་སྨྲས ་པ་ཇི་སྐད་དུ། སི་ཏ་སྤྲེའུ་དབང་མཚན་མོ་རྒྱུ་བ་རྣམས། །པདྨ་གསེར་དང་འབར་བའི་དཔེ་རྣམས་ནི། །མགྲིན་བཟངས་དམན་དག་མཛའ་དུས་སུ། །གཡོན་པའི་མིག་རྣམས་མཚུངས་པར་འགུལ་བ་ཡིན་ཞེས་སྨོས་པའོ། །རྣམ་པར་འགྱུར་བའི་རྒྱུ་ཉིད ་ནི་ཁ་ཅིག་འབྱུང་བ་ཆེན་པ་ཡོངས་སུ་གྱུར་པ་མངོན་བར་འབྱུང་བར་འགྱུར་བའི་རྒྱུ་མ་ཡིན་ནམ། །དེའི་ཕྱིར། ཚོགས་བ་གཅིག་ལ་རག་ལས་པའི། གཟུགས་ལ་སོགས་བར་ས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔོག་པ་སྟེ། །དུ་བས་བུད?་ཤིང་འགྱུར ་པ་བཞིན་ཞེས་སེམས་པ་ལ། རྣམ་པར་འགྱུར་བ་འདི་ནི་ཞེས་བྱ་བ་སྟེ། ཚོགས་པ་གཅིག་ལ་རག་ལས་བ་ཉིད་ནི་གཟུགས་དང་རོ་བཞིན་དུ་དུས་གཅིག་པ་ཉིད་དུ་འགྱུར་ལ། རྒྱུས་རྗེས་སུ་དཔོག་པ་ལས་ཀྱང་འབྲས་བུ་རྗེས་སུ་དབོག་པ་ལ་དེ་ཉིད་མ་ངེས་པའི ་གཏན་ཚིགས་ཡིན་ནོ། །དེའི་ཕྱིར་ནུས་པ་ཅན་གྱི་རྒྱུ་མཐོང་བ་ལས་རྗེས་སུ་དཔོག་པ་མ་འོངས་པའི་ཡུལ་ཅན་ནི་རྒྱུའི་ཆོས་རྗེ་སུ་དཔག་པས་བསལ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྷག་ཅིག་འབྱུང་བའི་རྒྱུ་བསལ་བ་ཡིན་ནོ། །གལ་ཏེ་མ་འཁྲུལ་བས ་ཡིན་ན་དེ་ཡང་ཇི་ལྟར་བསལ་བར་བྱེད་པ་ཡིན། །ཚོགས་བ་གཅིག་ལ་རག་ལས་པ་ཉིད་ནམ་འཁྲུལ་པ་འདི་ཡིན་པས་དོན་རྫོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཐམས་ཅད་ཀྱི་ཐ་སྙད་ཅེས་བྱ་བ་ནི་འབྲས་བུ་དང་རྒྱུ་ཉིད་འཛིན་པར་བྱེད་པའི ་ཚད་མ་ཉེ་བར་བསྟན་པ་ཡིན་ནོ། །བུད་ཤིང་རློན་པ་ལ་སོགས་པ་ཡོད་ཀྱང་མེ་མེད་མ་མི་འབྱུང་བ་ཡིན་ལ། མེ་ཡོད་ཀྱང་དང་པོ་མ་མཐོང་མ་ཡོད་ན་འབྱུང་བའི་དུ་བ་ནི་མེ་དྲངས་པར་རྟོགས་པའི་ཕྱིར་དེའི་འབྲས་བུ་ཉིད་ཡིན་གྱི་མ་འཁྲུལ་བ་ཙམ་ལས ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གཞན་དུ་ཡང་འདི་ཙམ་ཉིད་ཀྱིས་ཞེས་བྱ་བ་སྟེ་མེས་དྲངས་བ་ཉིད་ཅེས་བྱ་བ་འདིས་ཀྱང་མ་འཁྲུལ་བ་ཡིན་ཞེས་བྱ་བར་བསྟན་པའི་དོན་ཏོ། །དེ་ཡོད་པ་ཉིད་ན་འབྱུང་བ་ཞེས་བྱ་བ་ནི་རྒྱུ་ཉིད་མ་ཡིན་ནམ། འབྱུང ་བར་འགྱུར་བ་ཡོད་པ་ཁོ་ན་ནི་མ་ཡིན་ཏེ། མ་འོངས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། འབྱུང་བར་འགྱུར་བ་ཇི་ལྟར་རྒྱུ་ཡིན་ཞེས་བྱ་བའོ། །དེ་ཡོད་པ་ཁོ་ན་ནི་ཞེས་བྱ་བས་མ་འཁྲུལ་པའི་ཡུལ་ཉིད་ཁོ་ན་བརྗོད་པ་ཡིན་པར་བསྟན་པ་ནི། དེ་ལ ་ཏེ་འབྲས་བུ་ལ་མི་འཁྲུལ་བའི་ཕྱིར་ཏེ། དེ་ལ་མི་འཁྲུལ་བའི་ཡུལ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་འཁྲུལ་པའི་ཡུལ་ཉིད་ནི་རྒྱུ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕན་འདོགས་པ་ཉིད་ཡིན་ལ་ཕན་འདོགས་པ་ནི། གང་ཞིག་ཡོད་པས་ཕན་ ་བྱ་ཞིང་དགེ་བ་ཡིད་ལ་བྱེད་པས་གནས་པ་དང། སངས་རྒྱས་དང་ཆོས་དང་དགེ་འདུན་མང་དུ་རྗེས་སུ་དྲན་པ་དང། བྱམས་པའི་སེམས་དང་གལ་ཏེ་སྨན་ཆོས་སྟོན་པས་གནས་པར་བྱའོ། །གཞན་དག་ན་རེ ་དུར་ཁྲོད་པས་དུར་ཁྲོད་དུ་སྤྱིལ་པོ་འམ་མལ་སྟན་ལ་སོགས་པ་མི་བྱ་ཞིང་དུར་ཁྲོད་ཀྱི་གོང་གི་ཆ་འམ་འོག་གི་ཆར་གནས་པར་མི་བྱའོ། །གློས་ཕབ་སྟེ་ཉལ་བར་མི་བྱའོ། །ཉ་དང་ཤ་དང་འོ་མ་དང་ཏིལ་དང། བག་ཟན་དང། ་མེ་ཤའི་སྲན་ཆན་བཟའ་བར་མི་བྱ། ཁྱིམ་དུ་ཞུགས་པར་མི་བྱ། ལྷུང་བཟེད་བཏང་བར་མི་བྱ། སྐྱེ་བོའི་འདུས་པ་ཆེན་པོ་འོངས་པ་སླར་སོང་ནས་གོས་ཀྱི་གནས་དང་སྟན་བླངས་ལ་རོ་བསྲེགས་པ་དང། ཤིན་ཏུ་མི་རིང་བང་བོར་བ ་འཕངས་པས་ནོད་པ་ཙམ་གྱིས་གནས་ཀྱི་ནང་དུ་འདུག་པ་ལ་ནམ་ལངས་ནས་གོས་ཀྱི་དང་བསྟན་བླངས་པ་ལ་འགྲོ་བར་བྱའོ་ཞེས་ཟེར་རོ། །ཤིང་དྲུང་བས་ཀྱང་རྙིངས་པ་དང། ཁོང་སྟོང་དང། དབྱར་གྱི་དུས་མ་གཏོགས་པ་གཞན ་དུ་ལྗང་ལྗིན་བཅས་པའི་ཤིང་གི་རྩ་བ་སྤང་བར་བྱའོ། །བླ་གབ་མེད་པས་ཀྱང་སྦྲང?་བུ་དང། ཆུ་སྦྲང?་ཉུང་བ། སྡིག་སྦྲུལ་དང། སྲོག་ཆགས་གདུག་པ་དང། གྲོག་སྤུར་མེད་པ། ཚེར་མ་དང་བྲལ་བའི་གནས་བསྟེན་པའི་བྱ་བ ་དབྱར་གནས་པའི་དུས་སུ་ནི་བ། ཡོངས་པའི་གནས་སུ་འདུག་པར་བྱའོ། །དུར་ཁྲོད་པས་ཀྱང་གནས་གཡོགས་པ་ཡོད་ནར་བྱད་གནས་ཀྱི་བར་དུ་འདུག་པ་ལ་འགལ་བར་མེད་ལ། དབྱར་གྱི་གནས་མེད་ན་སྟེང་གཡོགས་ཡོད་པར ་འགྲོ་བར་བྱའོ། །དེ་ལ་དགོན་པ་ཉིད་ཀྱང་བར་གྱི་ཉེས་པས་གྲོང་ནང་དུ་དུས་ཅུང་ཟད?་ཅིག་འདུག་ན་ཡང་དམ་བཅས་པ་མི་གཏོང་བ་ཡིན་པའི་ཕྱིར་ཉམས་པར་མི་འགྱུར་རོ། །དེ་བཞིན་དུ་ཆོས་ཉན་པ་དང། གསོ་སྦྱོང་དང། ་དགག་དབྱེའི་དོན་དང། ཀུན་ལ་མངོན་པར་གྲགས་པའི་མདོ་སྡེ་འཛིན་པ་དང། ཡོངས་སུ་དག་པར་བྱ་བའི་ཕྱིར་དང། བསྙེན་པར་རྫོགས་པར་བྱ་བ་དང། ལྟུར?་བ་ལས་ལྡང་བ་དང། ལྡང་བ་བྱེད་དུ་གཞུགས་པ་དང། ནང་གསོ་བ་དང། ནད་གཡོག ་བྱ་བ་ལ་སོགས་པའི་རྐྱེན་གྱིས་འགྲོ་བ་ལ་ཉེས་པ་མེད་དོ། །དེ་བཞིན་དུ་ཤིང་དྲུང་བས་ཀྱང་དེ་དག་ལྟ་བུའི་བྱ་བའི་གཙུག་ལག་ཁང་དུ་ཞུགས་པ་དང། ཆར་འབབ་པ་ན་སྐྱ་རེངས་ཤར་བར་གྱུར་གྱང་ཤིང་དྲུང་པ་ཉིད་ལ་ཉམས་པར་མི། ་འགྱུར་རོ། །ཤིང་དྲུང་དང། བླ་གབ་མེད་པ་དང། དུར་ཁྲོད་པའི་ཉེས་པར་འབྱུང་བ་ཡང་དགོན་པ་པ་དང་འདྲའོ། །ཕྱག་དར་ཁྲོད་པ་ཉིད་ཀྱིས་ཀྱང་ཁ་ཚར་བཅད་པ་དང། མཛའ་མ་བཅད་པ་དང། བཀོད?་གིས་ཟོས་པ་དང་ཁྱིམ་ཟོས་པ་དང། མིས་ཚིག་པ་དང། ་བཀྲ་ཤིས་པར་བྱ་བའི་ཕྱིར་ལམ་དུ་དོར་བ་དང། དུར་ཁྲོད་དུ་གཏོགས་པ་དང། སེམས་ཏེ་བོར་བ་དང། འཇུག་སོགས་ཀྱི་རྒྱལ་མཚན་དང། དགེ་སློང་གིས་བྱིན་པའི་གོས་རྣམས་གྱོན་པ་ལ་འགལ་བ་མེད་དོ་ཞེས་ཁ་ཅིག་འདོད་དག་དེ ་རྣམས་ནི་ཕྱག་དར་ཁྲོད་པ་དང་འདྲ་བར་འདོད་པ་ཡིན་པའི་ཕྱིར་རོ། །ཕྱག་དར་ཁྲོད་གཉུག་མ་ཚོལ་བའི་ཕྱིར་ཞུགས་པ་ལ་གལ་ཏེ་ཁྱིམ་བདག་གིས་སྲི་ཞིང་གསར་བའི་དར་ལ་སོགས་པ་བྱིན་པ་ན་དེ་བླངས་ཀྱང་ཕྱག་དར་ཁྲོད ་ལས་ཉམས་པར་མི་འགྱུར་རོ་ཞེས་གྲག་གོ་།དེ་བཞིན་དུ་ཆེད་དུ་བྱ་བའི་ཁ་ཟས་དང། ཚུལ་ཤིང་གིས་བབ་པའི་ཁ་ཟས་དང། ཟླ་བ་ཕྱེད་པ་དང། གསོ་སྦྱོང་བ་དང། དགེ་འདུན་གྱི་ཟས་དང། གཙུག་ལག་ཁང་གི་ཁ་ཟས་རྣམས་ནི ་མགྲོན་དུ་བོས་པ་མ་ཡིན་པའི་ཕྱིར་བསོད་སྙོམས་པ་ཉིད་ལས་ཉམས་པར་མི་འགྱུར་རོ་ཞེས་ཟེར་རོ། །སྟན་གཅིག་པ་ཉིད་དུ་ཟ་བ་ཡང་གླང་པོ་ཆེ་དེ་ཏུམ་པོ་དང། རྟ་དང། ཁྱུ་མཆོག་གི་མི་བསུན་པ་དང། སྤྲུལ་ལ་སོགས་པའི་འཇིགས ་པ་དང། མཁན་པོ་དང། སློབ་དཔོན་དང། ཚངས་པ་ཚུངས་པར་སྤྱོད་པ་རྣམས་ལ་གུས་པས་ཕྲལ་དུ་ལངས་ནས་ཟས་ལ་སྤྱོད་ཀྱང་སྟན་གཅིག་པ་ཉིད་ལས་ཉམས་པར་མི་འགྱུར་རོ། །དེ་ལ་སྦྱངས་པའི ་ཡོན་ཏན་འདི་རྣམས་ལས་དགོན་པ་པ་ཉིད་དང། ཅོག?་བུ་པ་ཉིད་དང། གཞི་ཇི་བཞིན་པ་ཉིད་དང། དུར་ཁྲོད་པ་ཉིད་དང། ཤིང་དྲུང་བ་ཉིད་དང། བླ་གབ་མེད་པ་ཉིད་དེ་དྲུག་ནི་མལ་སྟན་དང་རབ་ཏུ་ལྡན་པ་ཡིན་ནོ། །ཕྱག ་དར་ཁྲོད་པ་ཉིད་དང། ཆོས་གོས་གསུམ་པ་ཉིད་དང། ཕྱིད་བ་པ་ཉིད་དེ་གསུམ་ནི་ཆོས་གོས་དང་རབ་ཏུ་ལྡན་པ་ཡིན་ནོ། །བསོད་སྙོམས་པ་ཉིད་དང། སྟན་ཅིག་པ་ཉིད་དང། ཟས་ཕྱིས་མི་ལེན་པ་ཉིད་དེ་གསུམ་པོ་ཉིད་ནི་བསོད? ་སྙོམས་དང་རབ་ཏུ་ལྡན་པ་ཡིན་ནོ། །དེ་དག་ལས་ཀྱང་བསོད་སྙོམས་དང། ཆོས་གོས་དང། མལ་སྟན་ལ་སྲེད་པ་ཉེ་བར་སྐྱེད་པའི་རྒྱུ་གྱུར་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང། འཕགས་པའི་རིགས་དང་རྗེས་སུ་མཐུན་པར ་བྱ་བའི་ཕྱིར་ཡང་དག་པར་བླང་བར་བྱ་སྟེ། དེ་ལ་གནས་ན་སྤོང་བ་ལ་མངོན་པར་དགའ་བ་ཉིད་ཀྱིས་སྲིད་པར་འབྱུང་བར་འགྱུར་བའི་རྒྱུ་ཅན་གྱི་སྲེད་པ་རྣམ་པར་གཅོད་པ་ཡིན་པས་བདེ་བ་དང་ལྡན་པ་ཡིན་ནོ། །ཁ་ཅིག ་ན་རེ་སྦྱངས་པའི་ཡོན་ཏན་དང་པོ་གསུམ་ནི་གཙོ་བོར་གྱུར་པ་ཡིན་ལ་ལྷག་མ་རྣམས་ནི་འཁོར་དུ་གྱུར་པ་ཡིན་ནོ་ཞེས་འདོད་དེ། འཕགས་པ་མཛེས་དགའ་ལ་མངོན་པར་དགྱེས་པ་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ཡང ་བཅོམ་ལྡན་འདས་ཀྱིས་དགའ་བོ་ཁྱོད་ནམ་ངས་མཐོང་བར་འགྱུར་ཞེས་བྱ་བའི་ཚིགས་སུ་བཅད་པ་ཇི་སྐད་གསུངས་པ་ལྟ་བུའོ། །ལ་ལ་ན་རེ་གང་གིས་གནས་བརྟན་རྣམས་མཆོག་ཉིད་དུ་བསྟན་ཅིང་གྲགས་པའི་ལྔ་པོ་འདི ་དག་གི་གཙོ་བོར་གྱུར་པ་ཡིན་ལ། །དེ་ལ་གཞན་པ་བདུན་ནི་འཁོར་དུ་གྱུར་པ་ཡིན་ནོ། །འདི་དག་ཐམས་ཅད་ཀྱང་དད་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་དང། ཡོན་ཏན་དུ་མས་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་དང། དེ་བཞིན་གཤེགས་པ་དང ་འདྲ་བར་སྨད་པར་བྱ་བ་མ་ཡིན་པའི་ཕྱིར་དང། དེ་རབ་ཏུ་ཞི་བ་ཡིན་པའི་ཕྱིར་དང། རབ་ཏུ་ཞི་བ་འཕེལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་བཀྲ་ཤིས་པའི་མཆོག་ཡིན་ནོ། །ལེགས་པའི་ལམ་བསྟན་པའི་གཏམ་ལས་སྦྱངས་པའི་ཡོན་ཏན་གྱིས ་མཛེས་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་གཉིས་པའོ། །སྦྱངས་པའི་ཡོན་ཏན་ཡང་དག་བླངས། །དོན་དྲན་པ་ལ་ཡང་དག་གནས། །ཤེས་བཞིན་ལྡན་པའི་རྣལ་འབྱོར་པ། །སྤྱོད་པ་ཐམས་ཅད་དོན་ཡོད་འགྱུར། །ཇི་སྐད་དུ་བཤད་པའི་ལྡང་པ ་དང་འདུག་པ་ན་ཤེས་བཞིན་དང་ལྡན་པ་ཁོ་ན་བྱའོ། །དེ་ལ་ལུས་དང། ངག་དང། ཡིད་ཀྱི་ལས་ཐམས་ཅད་ཤེས་བཞིན་ཉིད་ཀྱིས་སོ་སོར་ལེགས་པར་བརྟགས་ནས་བྱ་སྟེ་འདི་ནི་འདིའི་རྒྱུར་བསྒྲུབ་པར་བྱའོ། །འདི་ནི་འདིའི་རྒྱུར་སྤྱད་པར ་བྱའོ་སྙམ་པས་དོན་མེད་པ་ཅི་ཡང་སྒྲུབ་པར་མི་བྱ་ན་དགེ་བ་རྣམས་ལྟ་ཅི་སྨོས། །འདི་ནི་ཤེས་བཞིན་དོན་དང་ལྡན་པ་ཡིན་ནོ། །ཇི་སྐད་དུ་འཕགས་པ་སྒྲ་གཅན་འཛིན་ལ་གདམས་པ་ལས། སྒྲ་གཅན་འཛིན་དེ་བས་ན་ལུས་ཀྱི་ལས ་བྱེད་པར་འདོད་པས་ལུས་འདི་ནི་རུས་པ་སུམ་བརྒྱ་འདུས་པ། རྒྱུས་པས་སྤྲེལ་བ། ཤའི་རིས་བརྒྱ་ཕྲག་དུ་མས་ཞལ་ཞལ་བྱས་པ། །པགས་པ་རུལ་བས་གཡོགས་པར་བལྟ་བར་བྱའོ། །སེམས་ཀྱི་དབང་གིས་འཇུག་པར་བྱེད་པ། མེ་དང ་རླུང་གིས་རྒྱུ་བར་བྱེད་པ། ས་དང་ཆུ་དག་ཤས་ཆེར་བར་གྱུར་པ་ན་མལ་དང་སྟན་ལ་སོགས་པ་ལ་འཇུག་པ། རྐྱེན་ལས་རག་ལས་པས་མི་བརྟན་བ་ཉིད་ཀྱིས་ནི་སྡུག་བསྔལ་བ་དེ་ཉིད་གྱི་ཕྱིར་བདག་དང་བདག་གི་བ་མེད་པ་ཞེས་གསུངས་པ ་དང། ཇི་སྐད་དུ་དགེ་སློང་དག་ལུས་འདི་ནི་ཁྱེད་ཅག་གི་ཡང་མ་ཡིན། གཞན་གྱི་ཡང་མ་ཡིན་པ་འདི་ནི། རང་གི་མཚན་ཉིད་ཡང་དག་པར་ཤེས་པ་ཡིན་ནོ་ཞེས་གསུངས་པ་དང། ངེས་པར་བྱ་བ་ཡོངས་སུ ་རྫོགས་ནས་ཀྱང་འདུག་སྟེ། གང་གིའི་གོམས་པ་དང་རྗེས་སུ་མཐུན་པར་མངོན་པར་འདོད་པའི་བྱ་བ་ལ་འཇུག་པར་བྱ་བ་ནི་དེས་གང་འབྱུང་བ་ཡིད་ལ་བྱེད་པ་ལ་མངོན་པར་ཕྱོགས་པ་དྲན་པ་ཉེ་བར་གཞག་པ་དང། རྗེས་སུ་མཐུན ་པ་ལ་མངོན་པར་ཕྱོགས་པ་འདི་ཡིད་ལ་བྱ་སྟེ། འདི་ནི་རང་གི་སྤྱོད་ཡུལ་ཤེས་པ་ཉིད་ཡིན་ནོ། །ཤེས་བཞིན་དུ་བྱ་བ་འདི་དག་ལས་གང་ཞིག་གང་གི་དུས་སུ་བསྒྲུབ་པར་བྱ་བ་དེ་དུས་ཇི་ལྟ་བཞིན་དུ་བསྒྲུབ་པར་བྱ་སྟེ། འདི་ནི་མ་རྨོངས ་པའི་ཡང་དག་པ་ཤེས་པ་ཉིད་ཡིན་ཏེ། ཇི་སྐད་དུ་དགེ་སློང་གིས་དུས་ཤེས་པར་འགྱུར་བ་ཇི་ལྟ་བ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ཡང་དག་པའི་ཤེས་བཞིན་ཉིད་ལ་སོགས་ལུས་དང་ངག་དང་ཡིད་ཀྱི་ལས ་ཤིན་ཏུ་རྣམ་པར་དག་པ་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་ཙམ་བསྒྲུབ་བར་འགྱུར་བ་ཡིན་ནོ། །ལུས་དང་ངག་གི་ཉེས་པ་འབྲིང་དང་ནི། །སེམས་བྱུང་བ་ཡིན་ཕྲ་མོ་ཞི་གྱུར་ན། །ས་རྡུལ་བཀྲུས་པའི་གསེར་ནི་ཕྲ་མོ་བཞིན། །དགེ་བའི་རྣམ ་རྟོག་ལྷག་མ་ལུས་པར་འགྱུར། །དེ་ནི་ཏིང་ངེ་འཛིན་མངོན་པར་འདུས་བྱས་པ་ལས་ཐོབ་པ་སེམས་བསྡུས་ནས། འཇོག་པ་ཞེས་བྱ་བ་ཡིན་ནོ། །ཇི་སྐད་དུ་ཕྱག་དར་ཁྲོད་པར་བྱེད་པའི་མདོ་ལས། ཡང་དག་མཚན་མ་ལ་ནི་ལེགས་གནས ་ལ། མཉམ་ཞིང་རྒོད་དང་ཞུམ་པའི་སེམས་ཉིད་ནི། །བཏང་སྙོམས་ཞི་དང་འཛིན་པར་བྱེད་ཉིད་དུ། །སེམས་དེ་ལ་ནི་མངོན་བརྩོན་མཉམ་པར་བཞག། གསེར་གྱི་ཕྱེ་མས་རྡུལ་སྦྱངས་པ་ནི། །སེའུའི?་ཁར་བཞག་འཇུ་བར་འདོད་པ་ན། །མེ ་སྟོབས་མཉམ་ཞིང་རྣོ?་དང་ཆུང་བ་ནི། །བཏང་སྙོམས་བཞག་དང་དཔལ་བསད་སྦྱར་དང་མཚུངས། །རྣལ་འབྱོར་སྤྱོད་པའི་རྣམ་གཡེང་འདིས་མཉམ་པར་བཞག་པའི་ཕན་ཡོན་ལ་བསམ་པར་བྱའོ། །རྣལ་འབྱོར་སྤྱོད་པའི་ཏིང་ངེ་འཛིན ་ཐོབ་པ་ནི་ཁ་ན་མ་ཐོབ་མེད་པ་དང། གཞན་གྱི་ཁ་ན་མ་ལས་པའི་ཏིང་ངེ་འཛིན་ལས་བྱུང་བའི་དགའ་བ་དང་བདེ་བའི་རོ་སྟེན་པར་བྱེད་པ་ན་མི་ལས་འདས་པའི་དགའ་བ་ཡིད་དུ་འོང་བ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྐད་དུ་དགེ་སློང་ཁྱིམ ་སྟོང་པར་ཞུགས་པ་ནི་མིའི་ལས་འདས་པའི་དགའ་བ་ཐོབ་བོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ལུས་འདི་ཉིད་ལ་དབྱེན་པ་ལས་སྐྱེས་པའི་དགའ་བ་བདེ་བ་དང། ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱས་པའི་སེམས་འཇམ་ཞིང་ལས་སུ་རུང ་བ་སྒྲིབ་པའི་རྙོག་པ་དང་བྲལ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་བདེ་བླག་ཏུ་མཐོང་བར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་ངག་ཏིང་ངེ་འཛིན་བསྒོམས་ཤིང་ཏིང་ངེ་འཛིན་མང་དུ་བྱ་ཞིང་བག་ཡོད་པ་དང། ་སྡིག་པ་དང་བྲལ་བ་དང། ནད་དུ་ཡང་དག་པར་འཇོག་པས་རྣལ་འབྱོར་ལ་མཉམ་པར་བཞག་པར་བྱ་ཞིང་སེམས་ནང་དུ་ཞི་བར་བྱའོ། །ཏིང་ངེ་འཛིན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་དང། ཁྱད་པར་དེ་དང་དེ་ཐོབ་པར་འགྱུར་ཏེ། ་ཇི་སྐད་དུ། དེ་དེ་ལྟར་མཉམ་པར་བཞག་པའི་སེམས་ཀྱི་ཚེ་འཕྲུལ་གྱི་ཆོ་གས་མངོན་སུམ་དུ་བྱ་བས་སེམས་ལ་དབང་སྒྱུར་ཞིང་དེ་རྫུ་འཕྲུལ་གྱི་བྱ་བ་དཔག་ཏུ་མེད་བ་ཉམས་སུ་མྱོང་བར་བྱེད་དོ་ཞེས་གསུངས་པ་ཡིན་པས། ཏིང་ངེ་འཛིན ་ཐོབ་པ་མི་སློབ་པའི་ས་མ་ཐོབ་པར་མ་ཉམས་པར་དུས་བྱས་ན་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཐོབ་བར་འགྱུར་རོ། །ཇི་སྐད་དུ་སྐྱེ་བ་རྣམ་པར་འབྱེད་པ་ལས་ཏིང་ངེ ་འཛིན་གྱི་ཉེ་བར་སྤྱོད་པས་ཉེ་བར་བསགས་པའི་ལས་ཀྱི་ལྷའི་བདག་པོ་དང། འཁོར་ལོས་བསྒྱུར་བ་ལ་སོགས་པའི་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་གསུངས་པ་དང། ཇི་སྐད་དུ། དགེ་སློང་དག ་དེ་ལན་སུམ་ཅུ་རྩ་དྲུག་གི་བར་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན། ཏིང་འཛིན་གྲུབ་པར་ཡིད་ནི་བརྩོན་གྱུར་པ། །དེ་ཡི ་ཡང་དག་ཡོན་ཏན་ལ་ལྟ་བ། ཡོན་ཏན་ལ་དགས་བྱ་བ་འགྲུབ་པ་དང། །སེམས་ནི་སྤྲོ་བ་བརྟན་པ་ཉིད་དུ་འགྱུར། །དེ་ལ་ཏིང་ངེ་འཛིན་ཅེས་བྱ་བ་ནི་བྱིད?་བ་དང། ཞུམ་པ་དང། རྣམ་པར་གཡེངས་བ་དང། མི་མཉམ་པ་སྤང་པའི་ཕྱིར ་སེམས་དང་སེམས་ལས་བྱུང་བ་དམིགས་པ་གཅིག་ལ་གཏོད་པས་ཏིང་ངེ་འཛིན་ཅེས་བྱ་བ་འམ། སེམས་དང་སེམས་ལས་བྱུང་པ་དམིགས་པ་གཅིག་ཡང་དག་པར་སྡུད་པས་ན་ཏིང་ངེ་འཛིན་ཡིན་པ་འམ། ཕྱིན་ཅི་མ་ལོག་པ ་ཡིན་པས་ཏིང་ངེ་འཛིན་འདི་ལ་གཏོར་ཅིང་འཇོག་པ་ན་ཕུན་སུམ་ཚོགས་པའི་ཁྱད་པར་ཡེ་ཤེས་དང་མཐོང་བ་རེ་དང་དེ་བསྐྱེད་པའི་ཕྱིར་ཏིང་ངེ་འཛིན་ཏོ། །དེ་ཡང་གང་རྣམ་པར་དག་པའི་སེམས་དམིགས་པ་གཅིག་ལ་ཉེ་བར ་ཞི་བའི་ཡོན་ཏན་གྱིས་ཡང་དག་པའི་བརྩོན་འགྲུས་འཇུག་ཅིང་མི་གཡེང་བར་གནས་པ་འམ། ཉེ་བའི་ཉོན་མོངས་པའི་རླུང་གིས་མ་བསྐྱོད་པར་ཁང་པའི་ནང་གི་མར་མེ་དང་འདྲ་བར་སེམས་རྩེ་གཅིག་པར་འཇུག་པ་ནི་ཏིང་ངེ་འཛིན ་ཅེས་བྱ་སྟེ། སེམས་གནས་པ་དང་ཡང་དག་པར་གནས་པ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་རྣམ་པ་གཅིག་པ་དང། སྦྱོར་བ་གཅིག་པ་དང། སྒོ་གཅིག་པ་དང། དམིགས་པ་གཅིག་པ་ལ་སེམས་ཡང་དག་པར ་འཇོག་པའོ། །དེ་ཡང་སེམས་རྩེ་གཅིག་བའི་མཚན་ཉིད་དེ། ཉོན་མོངས་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བའི་ཕྱིར་ཉེ་བར་གནས་པའོ། །དེ་ནི་འགྱོད་པ་མེད་པ་དང། རབ་ཏུ་དགའ་བ་དང། མགུ་བ་དང། ཤིན་ཏུ་སྦྱངས་བས་ཀུན་ནས་བསླང་བའི ་གཞིའི་གནས་ཡིན་ནོ། །དེ་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱིས་རྣམ་པ་གཅིག་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་ནི་རྣམ་པ་གཉིས་ཡིན་ཏེ། བྱང་ཆུབ་ཀྱི་ཡན་ལག་དང་རབ་ཏུ་ལྡན་པ་ནི་འཇིག་རྟེན་ལས ་འདས་བའོ། །དེ་ལས་གཞན་པ་ནི་འཇིག་རྟེན་བ་རྣམས་སོ། །ཡང་ཡང་དག་པའི་ཏིང་ངེ་འཛིན་དང། ལོག་པའི་ཏིང་ངེ་འཛིན་གྱིས་རྣམ་པ་གཉིས་ཏེ། དགེ་བ་ལ་སེམས་རྩེ་གཅིག་པ་ནི་ཡང་དགེ་བའི་ཏིང་ངེ་འཛིན་ཏོ། །མི་དགེ་བ་ལ་སེམས་རྩེ་གཅིག ་པ་ནི་ལོག་པའི་ཏིང་ངེ་འཛིན་ཏོ། །གཞན་ཡང་ལུང་དུ་བསྟན་པ་དང། ལུང་དུ་མ་བསྟན་པ་གཉིས་ཏེ། ལུང་དུ་བསྟན་པ་ནི་དགེ་བ་དང། མི་དགེ་བ་དག་གོ་།དེ་གཉི་ག་ལས་གོ་བཟློག་པ་ནི་ལུང་དུ་མ་བསྟན་པའོ། །གཞན་དག་ནི་ཏིང་ངེ ་འཛིན་རྣམ་པ་གཉིས་སུ་འཆད་དེ། ཉེ་བར་བདགས་པའི་ཏིང་ངེ་འཛིན་དང། གཏོང་བའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་དེ་དང་དེ་དག་ལས་སྔ་མའི་ཆ་དང་ཉེ་བ་ནི་ཉེ་བར་གདགས་པའི་ཏིང་ངེ་འཛིན་ནོ། །རིགས་སུ་གྱུར་བའི་ཆོས་ཀྱི་རྗེས་ཐོགས་ལ་ནི ་གཏོང་བའི་ཏིང་ངེ་འཛིན་ཡིན་ནོ། །གཞན་ཡང་རྣམ་པ་གཉིས་ཏེ། དགའ་བ་དང་བཅས་པ་དང། དགའ་བ་མེད་པའོ། །དགའ་བ་དང་བཅས་པ་ནི་བསམ་གཏན་དང་པོ་དང། གཉིས་པ་དང། དེའི་ཉེར་བསྡོགས?་དང། དེའི་མཐུས་གནས་པའི་སྙོམས ་པར་འཇུག་པ་རྣམས་སོ། །དགའ་བ་མེད་པ་ནི་དེ་ཡན་ཆད་ཀྱི་བསམ་གཏན་དང། ཉེར་བསྡོགས?་དང། དེའི་མཐུས་གནས་པ་རྣམས་སོ། །ཡང་གཉིས་ཏེ། གཟུགས་ལ་སྤྱོད་པ་དང། གཟུགས་མེད་པ་ལ་སྤྱོད་པའོ། །གཟུགས་ལ་སྤྱད་པ་ནི་སློབ ་པ་དང། སོ་སོའི་སྐྱེ་བོ་རྣམས་བསམ་གཏན་བཞི་དང། དེའི་ཉེར་བསྡོགས་དང། དེའི་མཐུས་སྙོམ་པར་འཇུག་པ་རྣམས་སོ། །གཟུགས་མེད་པ་ནི་གཟུགས་མེད་པ་ལ་སྤྱོད་པ་རྣམས་སོ། །གཞན་ཡོད་རྣམ་པ་གཉིས ་ཏེ། སྨོན་པ་དང་བཅས་པ་དང། སྨོན་པ་མེད་པའོ། །བྱང་ཆུབ་ཀྱི་ཡན་ལག་ཅན་མ་ཡིན་པ། སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ནི་སྨོན་པའོ། །བྱང་ཆུབ་ཀྱི་ཡན་ལག་དང་བཅས་པ་སྲིད་པ་སྤེད་པར་བྱེད་པ་ནི་སྨོན་པ་མེད་པའོ།། ་ཡང་རྣམ་པ་གསུམ་སྟེ། རྟོག་པ་དང་དཔྱོད་པ་དང་བཅས་པ་ཙམ་དང། རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའོ། །དེ་ལ་རྟོག་པ་དང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོ་དང ་དེའི་མཐུས་སྙོམས་པར་འཇུག་པའོ། །རྟོག་ཕ་མེད་པ་ལ་དཔྱོད་པ་ཙམ་ནི་བསམ་གཏན་དང་པོའི་བསམ་གཏན་ཁྱད་པར་ཅན་དང་དེའི་མཐུས་སྙོམས་པར་འཇུག་པའོ། །རྟོག་པ་མེད་ལ་སྤྱོད་པ་མེད་པ་ནི་བསམ་གཏན ་གཉིས་པ་ལ་སོགས་པ་དང། དེའི་ཉེར་བསྡོགས་དང། དེའི་མཐུས་སྙོམས་པར་འཇུག་པ་རྣམས་སོ། །ཡང་ཏིང་ངེ་འཛིན་རྣམ་པ་བཞི་སྟེ། ཉམས་པ་དང། གནས་པ་དང། ཁྱད་པར་དང། ངེས་པར་འབྱེད་པའི་སྐལ་བ་ཅན་ནོ། ། ་གཞན་ཡང་འདུག་པ་དང། བརྩོན་འགྲུས་དང། སེམས་དང། དཔྱོད་པའི་དབང་དུ་བྱས་པ་བཞིའོ། །དེ་ཉིད་དམིགས་པ་དང། རྣམ་པ་དང། ཆུང་ངུ་དང། འབྲིང་དང། ཆེན་པོའི་དབྱེ་བས་ཏིང་ངེ་འཛིན་རྣམ་པ་མང་པོ་ཡོད་དོ། །དེ་ ་ཡང་ཤིན་ཏུ་བསྡུས་པ་དང། བརྒྱས་པ་མ་ཡིན་པར་རིམ་པ་བར་མ་ལ་གནས་ནས་འདི་དག་ཙམ་ཞིག་རྣམ་པར་བཞག་པ་ཡིན་ཏེ། འདི་ལྟ་སྟེ་བསམ་གཏན་བཞི་དང། དེའི་ཉེར་བསྡོགས་གསུམ་དང། གཟུགས་མེད་པ་རྣམ ་པ་བཞི་དང། རྗེས་སུ་དྲན་པ་དྲུག་དང། ཚད་མེད་པ་རྣམ་པ་བཞི་དང། དབུགས་དབྱུང་བ་དང་རྡུག?་པ་རྗེས་སུ་དྲན་པ་དང། འདུ་ཤེས་བཅུ་དང། ཟད་པར་གྱི་སྐྱེ་མཆེད་བཅུ་དང། ཡོངས་སུ་ཆད་པ་བཅུ་དང། ཟིལ་གྱིས་གནོན་པའི ་སྐྱེད་མཆད་བརྒྱད་དང། རྣམ་པར་ཐར་པ་བརྒྱད་དང། ཟིལ་གྱིས་གནོན་པ་དང། འདུ་ཤེས་མེད་པའི་སྙོམ་པར་ང་འཇུག་པ་དང། སྟོང་པ་ཉིད་དང་སྨོན་པ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང། རྗེས་སུ་མཐུན་པ་ལ་རྗེས་སུ ་མཐུན་པར་འདུ་ཤེས་པ་ལ་སོགས་པ་སྙོམས་པར་འཇུག་པ་དང། སྟོང་པ་ཉིད་གསུམ་དང། ཡན་ལག་ལྔ་དང། ཤེས་པ་ལྔ་དང་ལྡན་པའི་ཏིང་ངེ་འཛིན་རྣམས་སོ། །དེ་ལྟར་ཏིང་ངེ་འཛིན་གྱིས་ཚོགས་འདི་དག་རྣལ་འབྱོར་པས་གཞུང་དང་བོན ་གྱི་སྒོ་ནས་ཡང་དག་པར་རྟོག་པར་བྱས་ནས་ཀྱང་དེ་རྫོགས་པར་བྱ་བ་ནི་དོན་དུ་གཏམ་བཅུ་བཞིའི་ཡོན་ཏན་ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་ནམ། མཁོན་བོ་འམ། སློབ་དཔོན་ནམ། ཚངས་པ་མཚུངས་པར་སྦྱོར་བ་དེ ་ལྟ་བུ་བསྟེན་པར་བྱ་བ་འམ། གང་ཞིག་ལ་བརྟེན་ན་མ་ཐོས་པ་ཐོས་པ་དང། ཐོས་པ་རྣམས་ཡོངས་སུ་དག་པར་བྱེད་པ་དང། ཐེ་ཚོམ་སྤོང་བར་འགྱུར་བ་དང། ལྟ་བ་དྲང་པོར་བྱེད་པ་དང། ཚིག་ཟབ་མོའི་དོན་སོ་སོར་ཤེས་རབ་ཀྱིས ་རྟོགས་པ་དང། གང་ཞིག་ལ་བསླབས་པ་ན་ཚུལ་ཁྲིམས་དང། ཐོས་པ་དང། ཤེས་རབ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་འཕེལ་བར་འགྱུར་བ་ལ་བརྟེན་པར་བྱའོ། །གང་ཡང་སྡུག་དང་བླ་མ་དང། །དད་བྱ་སྨྲ་མཁས་ཚིག་སྨྲ ་ནུས། ཟབ་མོའི་གཏམ་ནི་སྟོན་བྱེད་པ། གནས་མིན་པ་ནི་མི་སྦྱར་རོ། །གལ་ཏེ་རྙེད་ན་སྡིག་མེད་ཤེས་རབ་ཅན། །ཞེས་བྱ་བ་ལ་སོགས་དང། ཀུན་དགའ་བོ་འདི་ནི་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་སྡུག་པ་ནི་ཚུལ་ཁྲིམས་དང་ཐོས་པ་ཕུན་སུམ་ཚོགས་པའི་བྱམས་པའི་ལུས་དང་ཡིད་ཀྱིས་སམ། སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་མཐུན་པ་དང། དོན་སྤྱོད ་པས་ནི་སྡུག་པར་འགྱུར་བ་ཡིན་ནོ། །ཉེ་བར་ཞི་བ་ལ་སྙོམས?་པ་དང། ཚིགས་འཆལ་བ་དང། ལྡན་པ་ཉིད་དང། ཆོག་ཤེས་པ་ཉིད་ཀྱིས་ནི་བླ་མ་ཡིན་ནོ། །ཤེས་པ་དང་ཡོན་ཏན་ཕུན་སུམ་ཆགས་པ་དང། ཁྱད་པར་རྟོགས་པར་འོས ་པའི་སྤྱོད་ལམ་དང་ལྡན་པའི་ཕྱིར་དད་པར་བྱའོ། །ཆོས་ལ་གུས་པ་དང། གཞན་ལ་ཕན་པ་ལ་བརྩོན་པའི་བློ་ཅན་ཉིད་དང། ཡང་དག་པ་དང། དུས་དང། འཇམ་པ་དང། དོན་དང་ལྡན་པར་ཚིག་སྨྲ་བ་ལ་མཁས་པ་དང། བདག་ཉིད ་གཞལ་བ་ཤེས་པས་ན་སྨྲ་བ་ལ་མཁས་པའོ། །རང་བཞིན་བཟང་བ་ཉིད་དང། རབ་དང་གཞན་གྱི་གཞུང་ལུགས་ཤེས་པ་དང། གཏམ་གྱི་བྱ་བ་ལ་མཁས་པས་ན་ཚིག་སྨྲ་བ་ནུས་པའོ། །འཇུག་པ་དང་ལྡོག་བའི་རིམ་པ་ཤེས་པ་དང། ངེས་པར ་དཔྱད་པའི་བསམ་པ་དང་ལྡན་པས་ཟབ་མོའི་གཏམ་སྟེན་པར་བྱེད་པའོ། །ལེགས་པར་བརྟགས་ནས་བྱེད་པ་དང། སྤྱོད་པའི་མཚན་ཉིད་དང། བསླང་བ་དང། མི་མཐུན་པའི་ཕྱོགས་ཤེས་པས་གནས་མ་ཡིན་པར་མི་སྦྱོར་བའོ། །ཡང ་ན་དག?་གི་ཕྱའོ་དགས་ཉམས་པར་བྱེད་པའི་ཚིག་དང་ལས་ལ་མི་སྦྱོར་བ་ཡིན་པའི་ཕྱིར་རོ། །སེམས་ཅན་རྣམས་ནི་ཕལ་ཆེར་ཉེས་པ་དེ་དེ་དེ་དེ་ལ་སྤྱོད་པར་ཡིན་པ་དང། དད་པ་དང། བློ་དང། རྟག་པ་ལ་སྤྱོད་པ་ཡིན་པའི་ཕྱིར་འདོད་པའི ་ཆགས་ལ་སྤྱོད་པ་དང། ཞེ་སྡང་ལ་སྤྱོད་པ་དང། གཏི་མུག་ལ་སྤྱོད་པ་ཞེས་དེ་དང་དེ་ལྟར་སྟོན་ཏེ། དད་པ་ལ་སོགས་པ་ལ་སྤྱོད་པ་ཡང་དག་སུམ་པོ་འདི་དག་གི་ནང་དུ་འདུས་པ་ཡིན་ཏེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ནི་ཉོན ་མོངས་པའི་གཙོ་བོ་ཡིན་པའི་ཕྱིར་དང། དད་པ་དང། བུ?་དང། རྣམ་པར་རྟོག་པ་ནི་འདིའི་རིགས་ཀྱི་བསྐལ་བ་ཅན་ཡིན་པའི་ཕྱིར་རོ། །འདོད་ཆགས་ནི་ཀུན་ཏུ་སྦྱོར་བའི་བདག་ཉིད་ཅན་ཏེ། དེ་མིང་ལྟར་བྱུང་བའི་དོན་ལ་ཚུལ་བཞིན་མ་ཡིན ་པས་ཞེན་པས་ན་འདོད་ཆགས་ཞེས་བྱ་ལ། མ་འོངས་པའི་ཉོན་མོངས་པ་ཅན་ལ་དོན་དུ་གཉེད་པའི་སྒོ་ནས་ཞེན་པ་ལ་ནི་སྲེད་བ་ཞེས་བྱ་བར་བཤད་དོ། །དེའི་བདག་ཉིད་ཅན་གྱི་གང་ཟག་ནི་དགེ་བར་འགྱུར་བའི་དོན་ལ་ཚུལ་བཞིན་སྦྱོར ་བས་ན་དད་པ་ལ་སྤྱོད་པ་ཞེས་བྱའོ། །དེ་བས་ན་འདོད་ཆགས་དང། སྲེད་པ་དང། དར་བ་ལ་སྤྱོད་པ་གཅིག་ཏུ་རབ་ཏུ་སྐྱེ་བ་ཡིན་པའི་ཕྱིར་དང། འབྱར་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་གཅིག་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་བྲལ་བའི ་བདག་ཉིད་ཅན་ནི་ཞེ་སྡང་སྟེ། དེ་ཞེ་སྡང་བའི་སྒོ་ནས་འབྲལ་བར་འགྱུར་པས་ན་ཞེ་སྡང་ཞེས་བྱའོ། །བདག་ལ་བསྟོང་བའི་སྒོ་ནས་འབྲལ་བར་བྱེད་པས་ང་རྒྱལ་ཞེས་བྱའོ། །དེའི་བདག་ཉིད་ཅན་གྱི་གང་ཟག་ནི་སྐྱོ་བ་མང་བ་ཡིན། ཁམས་གསུམ ་པོ་དང་འབྲལ་བར་བྱེད་པས་ན་ཤེས་རབ་ཀྱི་སྒོ་ནས་བློ་ཞེས་བཤད་དོ། །དེ་བས་ན་འདི་དག་ཀྱང་གཅིག་པ་ཉིད་ཡིན་ནོ། དེ་བཞིན་དུ་རྟོགས་པ་མེད་པའི་བདག་ཉིད་ཅན་ནི་གཏི་མུག་སྟེ། དེ་ནི་རྣམ་པ་ཐམས་ཅད་དུ་རྟོག་པ་མེད་པས་ན་རྨོངས་པ་ཞེས ་བྱ་ལ། ལོག་པར་རྟོག་པས་ན་ལྟ་བ་ཞེས་བྱའོ། །དེ་ནི་བདག་ཉིད་ཅན་གྱིས་གང་ཟས་ནི་ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་ཡིན་དུ་ཟིན་ཀྱང་རྣམ་པར་རྟོག་པ་མང་པར་འགྱུར་ཞིང་མ་ངེས་པའི་བློ་ཅན་ཡིན་ཏེ། དེ་བས་ན་འདི་དག་ཀྱང ་གཅིག་པ་ཉིད་ཡིན་ནོ། །ཡང་ན་འདོད་ཆགས་དང། སྲེད་པ་དང། དད་པ་ནི་རྩེ་གིར་ཡོན་ཏན་ཚོལ་ལ་ཡོངས་སུ་མི་སྤོང་བའི་རང་བཞིན་ཅན་ཡིན་པས་འདོད་པ་ལ་ཆགས་པ་ནི་འདོད་ཆགས་དང་སྲེད་པ་ཞེས་བྱ་ལ། དགེ་བ་ལ་དགའ་བ་ནི་དང ་པ་ཞེས་བྱའོ། །འདོད་ཆགས་དང་སྲིད་པའི་ཡོན་ཏན་རྩོལ་བའི་བདག་ཉིད་ཅན་ནི་འདོད་ཆགས་དང་སྲེད་པ་ཞེས་བྱ་ལ། །དགེ་བ་ཚོལ་བའི་བདག་ཉིད་ཅན་ནི་དད་པ་ཡིན་ནོ། །ཕན་པ་མ་ཡིན་པ་ཡོངས་སུ་མི་འདོར ་བའི་མཚན་ཉིད་ནི་འདོད་ཆགས་དང་སྲེད་པ་ཡིན་ལ་ཕན་པ་ཡོངས་སུ་མི་འདོར་བའི་མཚན་ཉིད་ནི་དད་པ་ཡིན་ཏེ། དེ་ལྟར་ན་འདི་དག་ཀྱང་གཅིག་པ་ཉིད་ཡིན་ནོ། །འདི་ལས་གོས་བཟློག་པའི་སྤྱིའི་མཚན་ཉིད་ཀྱི་ཞེ་སྡང་དང། ང་རྒྱལ ་དང། བློའི་སྤྱོད་པ་རྣམས་ཀྱང་གཅིག་པ་ཉིད་ཡིན་ཏེ། བརྩེ་བ་ཉིད་དང། ཉེས་པ་ཚོལ་བ་དང། ཡོངས་སུ་འདོར་བའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་ཞེ་སྡང་དང། ང་རྒྱལ་ཅན་གྱི་གང་ཟག་བརྩེ་བའི་མེད་པའི་རང་བཞིན་ཅན་ཡིན་ལ ་འདུས་བྱས་ཤེས་པ་ནི་བློ་ཡིན་ཏེ། ཞེ་སྡང་དང། ང་རྒྱལ་ནི་གང་ཟག་ཉེས་པ་ཚོལ་བའི་བདག་ཉིད་ཅན་ནོ། །བློ་ནི་འདུས་བྱས་ཀྱི་ཉེས་པ་ཚོལ་བའི་བདག་ཉིད་ཅན་ནོ། །ཞེ་སྡང་དང། ང་རྒྱལ་ནི་གང་ཟག་ཡོངས་སུ་འདོར་པ་ཡིན་ལ། བློ ་ནི་འདུས་བྱས་ཡོངས་སུ་འདོད་པ་ཤེས་པའོ། །དེ་བས་ན་ཚན་ཉིད་མཐུན་པས་ཞེ་སྡང་དང་ང་རྒྱལ་དང་བློ་ལ་སྤྱོད་པ་རྣམས་ནི་མཚན་ཉིད་གཅིག་པ་ཉིད་ཡིན་ནོ། །དེ་བཞིན་དུ་གཏི་མུག་དང། ལྟ་བ་དང། རྣམ་པར་རྟོག་པ་ལ་སྤྱོད ་པ་རྣམས་ནི་མི་བརྟན་ཞིང་རྣམ་པར་གཡོ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་གཏི་མུག་ནི་རྣམ་པར་འགྱུར་བའི་བདག་ཉིད་ཅན་ཡིན་པས་ན་མི་བརྟན་པ་ཡིན་ལ། ལྟ་བ་ནི་ལོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་མི་བརྟན་པ་ཡིན་ནོ།། ་རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པར་བྱ་བའི་དངོས་པོ་མང་པོ་ལ་རྒྱུགས་པས་ན་མི་བརྟན་པ་ཡིན་ནོ། །གཏི་མུག་ནི་ཆོས་ཀྱི་མཚན་ཉིད་མ་རྟོགས་པས་གཡོ་བ་ཡིན་ལ། ལྟ་བ་ནི་ལོག་པའི་ཆོས་ལ་རྣམ་པར་གཡེངས་པས་གཡོ་བ་ཡིན ་ཞིང། རྣམ་པར་རྟོག་པ་ནི་ཡང་བ་ཡིན་པས་གཡོ་བ་ཡིན་ནོ། །དེ་བས་ན་མི་བརྟན་ཞིང་གཡོ་བ་ཡིན་པའི་ཕྱིར་གཏི་མུག་དང་ལྟ་བ་དང་རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་སྤྱིའི་མཚན་ཉིད་ཀྱི་གཅིག་པ་ཡིན་ནོ། །འདི་དག་ནི་ལས་ཀྱིས་ཕན ་ཚུན་དུ་ཐ་དད་པར་གྱུར་པ་ཡིན་ཏེ། དགེ་སློང་དག་ལས་ཀྱི་མཚན་ཉིད་ཀྱིས་བྱིས་པ་ཡིན་ཞིང་ལས་ཀྱི་མཚན་ཉིད་ཀྱིས་མཁས་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེས་ན་ཚུལ་དེ་ལྟར་ཤེས་པར་བྱའོ། །འགྲོ་དང་ལྟ་དང་སྤྱོད ་དང་སྨྲ་བ་དང། །ཉལ་དང་ཟས་དང་གོས་གྱོན་འདོད་པས་ལས། །འཇམ་དང་རྩུག་དང་ཀུན་ནས་གཡོ་བའི་མི། །འདོད་དང་ཁྲོ་དང་གཏི་མུག་ལ་སྤྱོད་བཤད། །ཉེས་པའི་རང་བཞིན་རྗེས་འཇུག་བྱེད་པ་རྣམས། །འདི་དང་ཕ་རོལ་དག་ཏུ། དེའི་དབང ་གིས། སྤྱོད་མ་སྣ་ཚོགས་འགྱུར་བ་དེ་ཡིས་ཕྱིར། དེ་ལས་གོ་བཟློག་ཚུལ་གྱིས་འདི་ལ་སྦྱར། །དེ་ལྟར་དཔྱོད་པ་དང་མཚན་ཉིད་དང་ལྡན་པའི་བྱ་བའི་མི་མཐུན་པའི་ཕྱོགས་ཤེས་པས་གནས་པ་མ་ཡིན་པ་ལ་སྦྱོར་བར་མི་བྱེད་དོ། །གང་ག ་ཕྱིར་རྣལ་འབྱོར་སྤྱོད་པ་རང་ཉིད་འཕལ་བར་འདོད་པས་འདི་ལྟ་བུའི་བླ་མ་ལ་ཡང་དག་པར་བརྟེན་ཏེ་གནས་པར་བྱ་བ་འམ། སློབ་དཔོན་ནམ་མཁན་པོ་ཡོན་ཏན་དེ་ལྟ་བུ་དང་མི་ལྡན་པར་གྱུར་ན་གང་ན་ཡོན་ཏན་དེ་ལྟ་བུའི་བླ་མ་ཡོད་པ ་དེར་འགྲོ་བར་བྱའོ། །དམ་པ་རང་གི་ཡོན་ཏན་གྱིས། །མཐོ་བ་རིང་པོ་ནས་ཀྱང་སྣང། དྲི་མེད་ས་ཕྱོགས་མཛེས་པ་ཡིས། །སྟོན་ཀ་ཡི་ནི་རིང་པོར་མཚུངས། །དེར་འགྲོ་བ་ནི་ཉོན་མོངས་དང། བར་ཆད་མང་བར་འགྱུར་བ་འམ། མི་ནུས་པ ་འམ་དེ་ལྟ་བུ་དང་ལྡན་པ་གང་ན་ཡང་ཡོད་པར་ཐོབ་མར་མ་གྱུར་ན། །དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ཉིད་སློབ་དཔོན་གྱི་མཆོག་ཡིན་པ་ལས་བརྟེན་པར་བྱ་སྟེ། དེའི་དབང་གིས་རང་ལ་ཕན་པ་འབྱུང་བར་འགྱུར ་པའི་ཕྱིར་ཏེ། མདོ་སྡེ་ལས་ཇི་སྐད་གསུངས་པ་སྟོན་པ་ནི་དེ་སྐད་གསུངས་པ་ཡིན་ལ། ཇི་སྐད་གསུངས་པ་མདོ་སྡེ་ལས་དེ་སྐད་སྟོན་པ་ཡིན་ཏེ། སློབ་དཔོན་ཡང་རྗེས་སུ་སྟོན་པས་འདི་དག་ཉིད་རྗེས་སུ་སྟོན་པ་ཉིད་ཡིན་པའི ་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང། གལ་ཏེ་སྡིག་བྲལ་ཤེས་རབ་ཅན་ལྷན་ཅིག་།སྤྱོད་པ་བརྟན་པའི་ལེགས་གནས་མ་རྙེད་ན། །རྒྱལ་པོ་རྣམ་རྒྱལ་གྲོང་ཁྱེར་སྤངས་པ་ལྟར། །དགོན་པའི་གླང་ཆེན་ལྟ་བུར་གཅིག་པུར་སྤྱད། ་ཅེས་གསུངས་པ་དང། དེ་ཡང་རང་སངས་རྒྱས་ཀྱིས་དམ་པ་ཤེས་རབ་ཅན་ལ་ཡང་དག་བརྟེན། །གྲོགས་ཀྱི་ཕུན་ཚོགས་རབ་ཏུ་བསྔགས་ཡིན་གྱིས། །གལ་ཏེ་ཉེས་མེད་དེ་ནི་མ་རྙེད་ན། །བསེ་རུ་ལྟ་བུར་གཅིག་བུ་སྤྱོད་པར་བྱ་ཞེས། ་ཇི་སྐད་བཤད་པ་ལྟ་བུའོ། །གཅིག་པུ་གནས་པ་ནི་ཏིང་ངེ་འཛིན་གྱི་བྱ་བ་ཇི་སྐད་ཐོས་པ་བག་ཡོད་པ་ཉིད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་མཚན་མའི་ནུས་པ་ལ་ཡིད་སྦྱར་བར་མི་བྱ་སྟེ། དེ་ལ་བརྟེན་པའི ་སེམས་ནི་ལེགས་པ་ཕུལ་དུ་བྱུང་བར་མི་འགྱུར་རོ། །དེའི་ཕྱིར་ཕུལ་དུ་བྱུང་བའི་ཆོས་ལ་ངེས་པར་སྦྱར་བར་བྱའོ། །དལ་འབྱོར་གྱི་མཆོག་འདི་ནི་ལྟའི་བུའི་འགྲོ་བའི་སྙིང་པོ་བས་ཀྱང་ཤིན་ཏུ་མགྱོགས་པར་འགྲོ་བ ་ཡིན་ནོ། །དེ་བས་ན་ཡང་དང་ཡང་དུ་ཉོན་མོངས་པ་སྤོང་པར་འོས་པའི་ཀུན་ཏུ་སྤྱོད་པ་དང། ནུས་པ་ཆེ་བས་ཟག་པ་ཟད་པའི་རྟེན་དུ་གྱུར་པ་འམ། དེའི་ལམ་གྱི་ཏིང་ངེ་འཛིན་གཅིག་གི་དབང་དུ་བྱས་ནས་དེ་ལས་གཞན་པའི ་ཏིང་ངེ་འཛིན་གྱི་རྒྱུ་མཚན་སྐྱེས་པ་དང་མ་སྐྱེས་པའི་ཉེས་པ་རྣམས་ཞི་བར་བྱེད་པ་རྣམས་ཀྱང་ཡིད་ལ་བྱའོ། །འདོད་ཆགས་ལ་སྤྱོད་པ་ཡིན་ན་ཡང་ཞེ་སྡང་གཏི་མུག་གི་ཉོན་མོངས་པ་རྣམས་ལ་ཀུན་ཏུ་སྤྱོད་པར་འགྱུར་བ ་ཡིན་པ། ཞེ་སྡང་ལ་སྤྱོད་པ་ལ་ཡང་འདོད་ཆགས་དང་གཏི་མུག་ལ་སོགས་པ་ཟིལ་གྱིས་གནོན་པར་འགྱུར་ཞིང་གཏི་མུག་ལ་སྤྱོད་པ་རྣམས་ལ་ཡང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་བས་ན་བཅོམ ་ལྡན་འདས་ཀྱིས་དགེ་སློང་དག་གལ་ཏེ་འདོད་པ་ལ་འདུན་པ་སྐྱེས་བར་གྱུར་ན་མི་སྡུག་པའི་མཚན་མ་ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ངེས་པར་གསུངས་པ་ཡིན་ནོ། །དགེ་སློང་དང་དགེ་སློང་མ་ལྟག་པའི ་སེམས་ལ་མངོན་པར་བརྩོན་པས་གནས་ལྔ་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་མཚན་མ་གསུམ་པ་ཡང་དང་ཡང་དུ་ཡིད་ལ་བྱའོ། །ཐམས་ཅད་བག་ཡོད་པ་དང་ལྡན་པར་བྱ་སྟེ། དེ་ལྟར་ན་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི ་སྐད་དུ། བག་ཡོད་པའི་རྒྱུ་དང། བརྩོན་འགྲུས་ཀྱི་རྒྱུ་དང། རྟག་ཏུ་བྱ་བའི་རྒྱུ་དང། རྗེས་སུ་སྦྱོར་བའི་རྒྱུ་དང། ཡང་དག་པར་ཡིད་ལ་བྱེད་པའི་རྒྱུས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ་ཞེས་གསུངས་པ་དང། སེམས་ཀྱི ་ཡང་སྙོམས་པར་འཇུག་པ་དང། གནས་པ་དང་ལྡན་པ་ལ་མཁས་པ་ཉིད་དུ་བྱའོ། །གུས་པར་བྱ་བ་དང། རྟག་པར་བྱ་བ་དང། རྗེས་སུ་མཐུན་པར་བྱ་བས་དམིགས་པ་གང་ཞིག་གམ། རྣམ་པ་དང་མཚན་མ་གང་གིས་སེམས་ཀྱི་ཉོན ་མོངས་པ་ཉེ་བར་ཞེ་བར་འགྱུར་བ་དེ་ཉིད་ཡང་དག་པར་ཤེས་པར་བྱའོ། །ཇི་སྐད་དུ། གཡོས་མཁན་ལྟ་བུའི་མདོ་ལས། མཚན་མ་ལེགས་པར་བཟུང་བ་ནི་སེམས་བསྐྱེད་པ་ལ་མཁས་པར་འགྱུར་རོ་ཞེས་གསུངས་པ་དང། ཡང ་ཇི་སྐད་དུ། མཚན་མ་ལེགས་པར་བཟུང་བའི་ཕྱིར་གོམ་པ་འདོར་བ་ཡང་ཏིང་ངེ་འཛིན་ལ་སྙོམ་པར་འཇུག་པར་བྱེད་དོ་ཞེས་འདྲེན་པའི་ཚིག་ཉེས་པར་བཟུང་བའི་རྗེས་སུ་ཉམས་པར་འགྱུར་རོ་ཞེས་གནས་བརྟན་གྱིས་བཤད་པ ་ལྟ་བུའོ། །མཚན་མམ་བརྗོད་པས་ནི་མྱུར་དུ་སྙོམས་པར་འཇུག་པ་ལ་གནས་པར་འགྱུར་ཏེ། མཚན་མ་ལེགས་པར་བཟུང་བ་ཡིན་པའི་ཕྱིར་སྙོམས་པར་འཇུག་སྣ་བསྟན་པ་ཡིན་ནོ། །དྲན་པ་ཡང?་རྣལ་འབྱོར་སྦྱོད ་པ་རྣམས་ཀྱི་ནུས་པ་ཆེ་བའི་ཆོས་ཡིན་ཏེ། དེ་ནི་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་དེའི་དབང་གིས་འདས་པ་དང། མ་འོངས་དང། མཚན་མ་རྣམས་ལས་ཉམས་པར་མི་འགྱུར་རོ། །དེ་བས་ན་ཐམས་ཅད་དུ་ལེགས་པར་སྨྲས་པའི ་དྲན་པ་དང་ལྡན་པར་བྱའོ། །དེ་ལྟར་ཡང་མདོ་ལས། མཉམ་པར་བཞག་པ་འདི་ནི་དྲན་པ་ལ་ཉེ་བར་གནས་པ་རྣམས་ཀྱི་ཡིན་གྱི། །ཆོས་འདི་ནི་དྲན་པ་ཉམས་པ་རྣམས་ཀྱི་མ་ཡིན་ནོ་ཞེས་གསུངས་པ་དང། ཏིང་ངེ་འཛིན་ལས ་གཡང་བའི་ཉེས་དམིགས་རྣམས་བ་དུ་མས་ཤིན་ཏུ་བསམས་པར་བྱ་ཞིང། སྔ་མ་བཞིན་དུ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་ལ་འབད་པར་བྱ་སྟེ། དེ་ལྟར་ན་ཏིང་ངེ་འཛིན་ལ་སེམས་ཡང་དག་པར་དགའ་བར་འགྱུར་རོ།། ་ཇི་སྐད་དུ། ཁྱིམ་བདག་གོན་གྱི་དབང་དུ་མཛད་དེ། ཏིང་ངེ་འཛིན་ཐོབ་ནས་དེ་དབང་དུ་བྱས་ལ་དྲེགས་པར་གྱུར་པ་མེད་པ་དང། མི་སྨྲ་བར་དེའི་གོང་མའི་ཁྱད་པར་ཐོབ་པའི་ཕྱིར་སེམས་རབ་ཏུ་གཞུག་པར་བྱའོ། །ཇི་སྐད་དུ་རི་བོའི ་ཆུ་དཔར་མཛད་དེ། རྣལ་འབྱོར་སྤྱོད་པ་ལ་གཅེས་པར་བྱེད་པའི་ཆོས་སྨྲ་བ་ཉུང་བ་ལ་སོགས་པ་སྤང་བར་མི་བྱའོ། །དུས་སུ་ཆོས་ཉན་པ་ལ་བརྟེན་པར་བྱའོ། །རང་གི་སེམས་ལ་སོ་སོར་བརྟགས་པ་མང་དུ་བྱའོ་ཞེས་ཇི་སྐད་བཤད ་པ་དང། དེ་ལྟར་ཏིང་ངེ་འཛིན་གྱི་ཡན་ལག་རྣམ་པར་དག་པ་དང་ལྡན་ནི་ཡིད་གང་ལ་ཉེ་བར་སྦྱར་བ་ཡང་དག་པའི་སྦྱོར་བ་དང་ལྡན་པ་དེ་ཐོགས་པ་མེད་པ་ཉིད་དུ་ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་སོགས་པའི་གཏེར་ཐོབ་པར ་འགྱུར། །བག་མེད་ཉེས་དང་ཡན་ལག་ཉམས་པ་ནི། །སྔགས་ནི་རབ་ཏུ་འགྲུབ་པར་འགྱུར་མ་ཡིན། །ཏིང་འཛིན་དེ་འདྲས་དེ་ཕྱིར་དེ་རྣམས་ཀྱི། །ཡན་ལག་ལ་ནི་འབད་པ་ཉིད་དུ་གྱིས། །ལེགས་པའི་ལམ་བསྟན་པའི་གཏམ་ལས ་ཏིང་ངེ་འཛིན་གྱི་ཡན་ལག་རྣམ་པར་དག་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་གསུམ་པའོ།། །།བསློབ་དཔོན་དཔའ་བོས་མཛད་པ་སོགས་པའི་ལམ་བསྟན་པའི་གཏམ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཆེན་པོ་དེའི་པི་ཀ་ར་ཤྲཱི་ཛྙཱ་ན་དང། ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །བམ་པོ་ཕྱེད་དང་གསུམ་མོ། །དགེ་བར་གྱུར་ཅིག། ་མངྒ་ལཾ། །དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་གཞུགས། །རྒྱ་གར་སྐད་དུ། དྷ་ཤ་ཀུ་ཤ་ལ་ཀར་མ་པཱ་ཕཱ་ནི་རདྷེ་ཤ། །བོད་སྐད་དུ། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། དཀོན་མཆོག་གསུམ ་