| Wylie | e-texts based on the ACIP/ALL Input |
ལ་ཕབ་པའོ།། །།རྩོད་དུས་གཏམ་མཱ་ཏི་ཙིཏྲས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཀ་ལཱི་ཡུ་ཀ་པ་རི་ཀཱ་ཐུ། །བོད་སྐད་དུ། །རྩོད་པའི་དུས་ཀྱི་གཏམ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ། །ཚུལ་ཁྲིམས་ལས་ཉམས་ཐོས་པའི་ནོར་བྲལ་འདོད་པས་འདི་ཉིད་ཅུང་ཟད་མཆོད་པར་བྱེད། །ཉེས་མེད་ཚུལ་ཁྲིམས་ལྡན་ལ་ཡོན་ཏན་རོ་ལ་རྒྱབ་ཕྱོགས་ཞེ་སྡང་ཅུང་ཟད་ཉེས་པ་དགོད། །རབ་བྱུང་རྣམས་ལ་ཁྱིམ་པས་ལས་བསྒོ་དེ ་ནས་རབ་བྱུང་ངེས་ཀྱང་ཁྱིམ་པ་མགུ་བར་བྱེད། །ཅི་སྦྱང་འགྲོ་བ་འདིར་ནི་འགྲོ་བའི་ཁྱིམ་དུ་མ་ལུས་དུས་ཀྱི་སྙིགས་མ་ཞུགས་པ་ཡིན། །ད་ལྟར་ལེགས་སྤྱོད་པ་ཡི་སྐྱེ་བོ་ངོ་ཚ་སྡིག་པ་ཅན་བསྔགས་དགའ་བར་འགྱུར། །སློབ་དཔོན་ནོར་རྣམས ་མཆོག་ཏུ་སེམས་དཔས་འཇོམས་ཕྱིར་སློབ་མ་རྣམས་ནི་ཞུམ་པར་གནས། །འདི་ན་བྱིས་པའི་ཉེ་དུའི་འཁྲུལ་འཁོར་གྱིས་བཅིངས་པ་ནི་སུན་འབྱིན་བྱེད་པ་བཞིན། །ད་ལྟར་རྩོད་པའི་དུས་ན་འཇིག་རྟེན་རྣམས་ལ་གཡོ་སྒྱུའི་མཚོན་དྲག་སྟོབས ་དང་ལྡན། །བཅུད་རྣམས་སས་འཐུང་དངོས་རྣམས་སྟོབས་ཆུང་ལྷ་རྣམས་ཆར་ནི་འབེབས་མི་བྱེད། །རླུང་རྣམས་རབ་ཏུ་གྲག་ལྡན་ལོ་ཏོག་རྣམས་ནི་མི་སྨིན་སྐྱེ་མི་འགྱུར། །སྐྱེས་ལ་སེར་འབབས་རྣམས་རྩོད་པའི་དུས་ཀྱི་དབང ་སྒྱུར་འབྲས་བུ་མེད། །དངོས་རྣམས་མཐུ་མེད་དགོས་པ་སྒྲུབ་རྣམས་ཉམས་པ་ཐོབ་པ་ལ་བརྟག་།འགྲོལ་ནད་འཕེལ་ས་ནི་དེ་དང་དེ་དག་སྐྱེ་བ་རྣམས་ཀྱིས་བཏང། །ལྗོན་པའི་ནགས་ཚལ་བསྐམས་པས་ཡལ་གའི་ལག་པ་གྱེན་དུ་འགྲེང་བྱེད་དེ།། ་རྩོད་པའི་དུས་ཀྱི་བཅོམ་བྱས་བཟང་པོའི་དུས་ནུབ་རི་བོ་ཚེ་ངེས་འདེབས། །ཡུལ་བཟང་ཆགས་པ་རྣམས་སྤངས་ས་རྣམས་སུ་ནི་དུས་བཟང་ཡོངས་སུ་ཟད། །ཡོན་ཏན་མཁས་ལ་མི་བཀུར་ནོར་ལྡན་རྣམས་ནི་མཆོད་བྱ་མིན་པར་མཆོད། །སྐྱེ་རྨོངས ་མཆོད་བྱེད་གཤིན་རྗེས་འཇིག་རྟེན་སྡུག་བསྔལ་ངེས་ཁྲིད་གང་གིས་བཟློག་།ཚུལ་ཁྲིམས་འཆལ་པ་སྟོབས་ལྡན་ཚུལ་ཁྲིམས་ལྡན་པ་བསྡིགས་ཤིང་ཚར་གཅོད་བྱེད། །སྡིག་པ་དགའ་བའི་སྟོབས་ལྡན་གཡོན་ཅན་རྣམས་ཀྱིས་དམ་ཆོས ་བསྣུབ་པར་འགྱུར། །གང་ཞིག་སྡོམ་པ་ལ་གནས་བརྟན་པའི་མཆོག?་ལ་འཇུག་པར་བྱེད་པ་ཉུང། །ཐེ་ཚོམ་ཡོད་མིན་དྲང་སྲོང་བསྟན་པ་རིང་པོ་མ?་ཐོགས་ནུབ་པར་འགྱུར། །གཡུལ་འགྱེད་རྩོད་པ་དུ་མས་གོས་ལྟར་ས་གཡོགས་ལོ ་ཏོག་།སྐྱེས་ལ་འདོད་མིན་འབྱུང། །རླུང་རྣམས་མི་ཟད་ལྡན་ཞིང་དེ་བཞིན་སྐྱེ་བོ་དམ་པ་ཡང་དག་མཆོད་མི་བྱེད། །རྒྱལ་པོ་དགྲ་དང་རྐུན་མའི་འཇིགས་པས་མི་དག་བག་ཕེབས་ནོར་རྣམས་ལོངས་མི་སྤྱོད། །ད་ལྟར་སྐྱེ་བོ་སྡུག་བསྔལ་བཅས ་འཚོ་འགྲོ་བ་རྣམས་ལ་འཇིགས་པ་འབྱུང། །གང་ཞིག་དུས་སུ་ཆར་མེད་གང་དུ་ལམ་ཞུགས་སེར་བ་མི་མཐུན་དུ་མ་འབབ། །གང་ཞིག་པ་ནམས་འོ་མ་མི་འབྱུང་དུས་རྣམས་འཁྲུགས་ཤིང་ས་ལས་འབྲུ་མི་སྐྱེ། །སྨན་རྣམས་གང་ཡིན་ནུས་མེད ་དེ་བཞིན་ཁྱད་པར་རྣམས་ནི་རབ་ཏུ་ཉམས། །ཡིད་ནི་དེས་བཅོམ་ཆོས་མིན་རྩོད་པས་དངོས་པོ་འདི་ཀུན་ཉེས་དང་བཅས། །རྩོད་པའི་དུས་འདིར་ཆོས་སྤངས་མི་བཟད་པ་ལ་ཡང་དག་ཞུགས་པས་ན། །གང་དུ་དབང་པོས་ཆར་ཕབ་ལྗོན་ཤིང ་ཡལ་ག་དག་ལས་མེ་ཏོག་འབྲས་བུ་ཅུང་ཟད་སྣང། །ས་གཞི་བརླན་པ་དང་བཅས་ས་རྣམས་གང་ཡིན་པ་ལས་མེ་ཏོག་སྨིན་གྱུར་པ། །དེ་ཀུན་ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་སྡོམ་ལྡན་ཆོས་དང་ལྡན་པའི་མཐུ། །དུས་རྣམས་འཁྲུལ ་ཞིང་ས་ལ་བཅུད་རྣམས་ནུབ་གྱུར་ཉི་ཟླ་ལོག་པར་རྒྱུ། །ཆུང་མ་ཁྱོ་ལ་བཅུགས་པས་འབྲེལ་བའི་སེམས་མེད་དམན་པ་རྣམས་ནི་མཐོན་པོར་འགྱུར། །རྒྱལ་པོ་ཆོས་སྤངས་ནོར་རྣམས་མཆོག་ཏུ་དོན་གཉེར་བུ་རྣམས་ཕ་ལ་སྡང། །ཀྱི་ཧུད་སྡུག ་བསྔལ་རྩོད་པའི་དུས་ནི་ཉེར་གནས་བསོད་ནམས་གཉེར་བ་ནགས་སུ་སོང། །ཆོས་དང་རབ་བྱུང་དཀའ་ཐུབ་རྣམས་འབྲོས་བདེ་བ་རྣམས་ནི་རིང་དུ་སོང་བར་གྱུར། །ས་རྣམས་འབྲས་བུ་ཉུང་ཞིང་རྒྱལ་པོ་འཁྲུག་བྱེད་མཚོན་གྱི་རྒྱལ་བྱེད་རྣམ་པར་གནོན། །འཇིག ་རྟེན་བུད་མེད་ལ་དང་བུད་མེད་ཀྱང་གཡེམ་བྲམ་ཟེ་རྣམས་ནི་འདོད་ཆེན་བཅས། །ལེགས་པ་རྣམས་ནུབ་སྐྱེད་ངན་སྟོབས་ལྡན་དུ་མ་རྩོད་པའི་དུས་སུ་བཟང་པོ་ཡི། །དུས་སོང་བདེ་བ་རྣམས་འདས་དུས་དེར་སྦྱོར་བའི་སྐྱེས་བུ་རྣམས་ཀྱང་འདས། །འདིར ་ཡང་དུས་མཐར་དེ་རྣམས་མུན་བཅས་ཕུག་བཞིན་ཤེས་མ་ཡིན། །ལེགས་སྤྱད་རྒྱ་ཕྲག་དྲི་ཡིས་བསྒོས་པ་ཡིས། སྐལ་ལྡན་ནུབ་ཅིང་དུས་ནི་འདས་པར་གྱུར། །པད་གཞོན་རྩ་བའི་སྐུད་པ་བཞིན། །དཀར་པོའི་ཆོས་རྣམས་ཕྲ་བར་འགྱུར། །བློ ་ལྡན་སྐྱེས་བུ་གཏམ་མཁས་དྲི་མས་སྒོད། །འགྲོ་འདི་དགའ་མེད་དགའ་སྟོན་ཟིན་པ་བཞིན། །བདག་ཉིད་ཆེན་པོ་འདི་ནི་ཡང་དག་འགགས། །གང་ན་ཡོན་ཏན་རྣམས་ཀྱི་སྟོབས་ཕྲལ། །ཡོན་ཏན་ལ་བདུད་འབབ་པས་གཅོང་བྱེད་ཅིང། །སྐྱེ་བོ ་སྨྲ་བ་ལ་བརྟེན་འཚོ་བར་བྱེད། །རྩོད་པའི་དུས་ཀྱི་གཏམ་སློབ་དཔོན་མཱ་ཏྲི་ཙི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བི་པེ་ཀ་ཀ་ཐཱ། བོད་སྐད་དུ། དབེན་པའི་གཏམ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་རྙེད་པའི་བདེ་བ་འདོད་རྣམས་ཀྱིས། །འཚེལ་བ ་