| Wylie | e-texts based on the ACIP/ALL Input |
ལེགས་བཤད་རིན་ཆེན་ཟ་མ་ཏོག་སློབ་དཔོན་དཔའ་བོས་མཛད་པ་བཞུགས། །རྒྱ་གར་སྐད་དུ། སུ་བྷཱ་ཥི་ཏ་རཏན་ཀ་རཎྜ་ཀ་ཀ་ཐཱ། བོད་སྐད་དུ། ལེགས་པར་བཤད?་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ། འཇམ་དཔལ་གཞོན་ནུར ་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་གླང་ཆེན་མཆོག་འདྲིའི་སེམས་ཀྱི་ལྕགས་ཀྱུས་མ་ཡིན་ཡེ་ཤེས་ལྕགས་ཀྱུས་བཏབ་ནས་ཐུལ། །འདོད་ཆགས་མུན་པའི་དམག་ཚོགས་མེ་ཡིས་མ་ཡིན་ཡེ་ཤེས་མེ་ཡིས་མ་ལུས་སྲེགས ་བདུད་ཀྱི་སྟོབས་རྣམས་མཚོན་ཆས་མ་ཡིན་བློ་གྲོས་རབ་ཞི་བཟོད་པའི་མཚོན་གྱིས་བཟློག། གུས་ལ་བསྒོམ་པ་ཞི་མཛད་སངས་རྒྱས་མཁྱེན་པ་རབ?་རྒྱས་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །དཀའ་བ་བརྒྱ་ཡིས་རྙེད་པ་ཡིས། །མི་རྣམས ་ཐོབ་པའི་ཁོམ་པ་དཀོན། །ཟློག་པ་མེད་པའི་འཆི་བདག་ནི། །རྟག་ཏུ་མདུན་ན་གནས་པས་ན། །གང་གིས་དུག་སྦྱིན་ཡང་དག་སྡོམ། །རྒྱགས་ཚགས་མང་པོ་མ་བསྡོགས་པ། །མི་བཟད་འཁོར་བའི་མྱ་ངན་དུ། །འགྲོ་བ་དེ་དག་སྡུག་བསྔལ་ཐོབ། ་མི་རྣམས་ཐོབ་པ་རྙེད་དཀའ་བ། །བར་སྣང་གློག་འགྱུ་ལྟ་བུ་ཡིན། །སྲིད་པ་ཟད་བྱེད་མཁས་པ་ཡིན། །སྲིད་པ་རྣམས་སུ་ཕན་པ་བྱས། །ཡང་དག་མི་ཉིད་ཐོབ་པ་ནི། །གློག་དང་རྦ་ལྟར་མི་བརྟན་པས། །ཡིད་བཞིན་ནོར་བུ་ལྟ་བུ་ཡིས། ་བསོད་ནམས་རྗེས་སུ་སྐྱེས་བུས་བརྟེན། །ད་ལྟར་མི་རྣམས་ཐོབ་པ་ལྟར། །གང་གིས་མཐུ་ཡིས་ཕྱིས་ཀྱང་ཐོབ། །བསོད་ནམས་མཆོག་ནི་གང་ཡིན་པ། །དེ་ནི་བདེ་བའི་རྒྱུ་ཡིན་ཏེ། གཟུགས་དང་གཏོང་བ་རིགས་མཐོ་སོགས། །ཡོན་ཏན་སྣ ་ཚོགས་ལྡན་པར་འགྱུར། །བསོད་ནམས་དེ་ཉིད་མཛའ་བ་གཅིག་འཁོར་བ་ཀུན་ཏུ་འགྲོ་བ་གཉེན། །དེ་ལྟར་འདིར་ནི་བསོད་ནམས་ཀྱིས། །ཕྱི་ཕྱིར་ཡོན་ཏན་ཕུན་སུམ་ཚོགས། གང་ཚེ་དཔལ་གནས་ཐོབ་བསྟེན་པས། །དེ་སྔགས ་འཇིག་རྟེན་བདག་པོ་ཉིད། །ཕན་པའི་ཕྱོགས་སུ་འདྲེན་བྱེད་པ། །བསོད་ནམས་དེ་ཉིད་སྤེལ་བར་གྱིས། །བསོད་ནམས་ཆེ་གྱིས་སྡིག་དགའ་སྤོངས། །ཡུལ་ལ་གཡོ་བ་ཉིད་ཀྱི་རྟ། །རྟག་ཏུ་ཕྱིན་ཅི་ལོག་ཞི་གྱིས། །དུག་སྟོབས་མི་བཟད་འཆི་སྤྲུལ། ་གྱིས། སོས་མ་བཟུང་བའི་བར་དུ་ནི། །རྟག་ཏུ་ཁྱེད་ཀྱིས་ཐུབ་དབང་བཞིན། །གཞན་ཕན་ལ་ནི་མངོན་དགའ་གྱིས། །བསོད་ནམས་ལ་སྤྲོ་བ་བསྐྱེད་པའི་གཏམ་སྟེ་དང་པོའོ།། །།རྒྱ་མཚོ་གཉའ་ཤིང་བུ་ག་རུ། །རུལ་སྤལ་མགྲིན་པ་ཆུད ་བ་བཞིན། །ཡུད་ཙམ་འཛོམ་བ་ངོ་མཚར་ཆེ། །མི་བརྟན་འདི་ལ་ཡང་དག་སོམས། །རབ་ཏུ་ཞི་བའི་གྲོང་ཁྱེར་ལམ། །ངན་སོང་འཇིགས་པ་འཇོམས་བྱེད་པ། །དེ་ནི་ཐུབ་པའི་དབང་པོས་གསུངས། །སྐད་ཅིག་ཙམ་ཡང་ཐོབ་པར་དཀའ་། །མི་ཁོམ ་བརྒྱད་ཀྱི་ཉེས་སྤངས་མི། །གང་ཞིག་དཀོན་ལ་བསྐལ་པ་བརྒྱས། །དེ་ལྟར་བདེ་ཐོབ་མཁས་པ་ཡིས། །དམ་ཆོས་མཉན་ལ་འདིར་འབད་བྱ། །དམྱལ་བ་ཡི་དགས་འགྲོ་བ་དང། །དུད་འགྲོ་དབང་པོ་མ་ཚང་བ། །འཆི་མེད་བླ་མ་མཛའ་འཁོབ ་སྐྱེས། ལོག་པར་ལྟ་བ་སེལ་བ་དང། །ཐུབ་དབང་གསུང་རབ་བདུད་རྩི་ནི། །སྐྱེས་བུ་མཁས་པས་འཐུང་ནུས་པ། །ཤེས་རབ་འོད་མངའ་ཐུབ་དབང་ནི། །མ་ཤར་བར་དུ་ཡོད་མ་ཡིན། །དེ་ཕྱིར་བྱ་མིན་སྤངས་ནས་ནི། བདག་གི་བྱ་བ་ཀུན་ཤེས ་པས། །འཕགས་མཆོག་དམ་ཆོས་མཉན་པར་བྱ། །ཆོས་འདི་ལ་ནི་གང་འབད་པ། །དེ་ལ་ཡོན་ཏན་ཀུན་ཡོད་འགྱུར། །ཐུབ་དབང་གསུང་ལས་རིན་ཆེན་འབྱུང། །མཁས་པ་འདི་ཡིས་ཐོག་མར་དགའ་། །དེ་ནི་གང་གིས་ཐོས་པས་ཀྱང། །རྟག་ཏུ་སྟོབས ་ལྡན་བརླིང་བ་ཡིས། །མུན་པའི་ཚོགས་ནི་འཇོམས་པར་བྱེད། །བསམས་ཤིང་བསྒོམས་ན་མཐར་ཐུགས་གསལ། །འཇིགས་བཅས་སྐྱེ་བ་འཁོར་བའི་རྒྱུན། ཉོན་མོངས་མ་ལུས་རིམ་གྱིས་སྤོངས། །ཐམས་ཅད་ཕུན ་ཚོགས་རྟག་པའི་གཏེར། །མི་བཟད་འཁོར་བའི་རྒྱུན་འཇོམས་ཤིང། །བླ་ན་མེད་པའི་དགའ་བདེ་ཐོབ། །ཐོས་པས་འདིར་ཡིད་དྲི་མ་མེད། །དེ་ལྟས་ཐུབ་དབང་གསུང་འདི་སོམས། །ཆོས་ཉན་པ་ལ་སྤྲོ་བ་སྐྱེད་བའི་གཏམ་སྟེ་གཉིས་པའོ།། །། ་གང་ཞིག་ཐོབ་ནས་འཁོར་བའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག། ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །གང་ཞིག་དགེ་བས་ཕྱུག་པའི ་མི། བ་སྐལ་པ་གྲངས་མེད་ཀྱིས་ཐོབ་ནས། །འདིར་ནི་སྨོངས་པས་བསོད་ནམས་གཏེར། །ཅུང་ཟད་ཙམ་ཡང་མི་གསོག་པ། །དེ་དག་འཇིག་རྟེན་ཕ་རོལ་ཏུ། །མི་བཟད་མྱ་ངན་ཁང་པར་འཇུག། རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་པ་སྟོང་པར་རང་ཁྱིམ ་བཞིན། །དགེ་བཅུ་ལས་ཀྱི་ལམ་མེད་པར། །ཕྱི་ནས་ཡང་ནི་ཐོབ་མ་ཡིན། །མི་མ་ཐོབ་པར་དེ་བར་ནི། །ཅི་ལྟར་དེ་དེ་སྡུག་བསྔལ་ཉིད། དེ་ལས་ཕ་རོལ་སླུས་ཡོད་མིན། །དེ་ལས་མཆོག་ཏུ་རྨོངས་པ་མེད། འདི་འདིའི་ཁོམ་པ་ཐོབ་ནས་ནི། ་བསོད་ནམས་ཚོགས་ནི་མི་གསོག་པ། །སྐད་ཅིག་གཅིག་ལས་སྡིག་སྤྱད་ནས། །མནར་མེད་པར་ནི་བསྐལ་པར་གནས། །སྐྱེ་བ་དུ་མར་སྡིག་སྤྱད་པས། །བདེ་འགྲོ་དཀའ་ལྟ་ཅི་ཞིག་སྨོས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས ་སྦལ་མགྲིན་ཆུད་ལྟར། །མི་ནི་ཤིན་ཏུ་ཐོབ་དཀའ་བར། །དེ་སྐད་བཅོམ་ལྡན་འདས་ཀྱིས་གསུངས། །མིའི་སྐྱེ་བ་དཀོན་པའི་གཏམ་སྟེ་གསུམ་པའོ།། །།ཟ་སྐོམ་མལ་བསྟན་གོས་མཆོག་དང། །ཕྲེང་བ་གནས་དང་རྒྱན་རྣམས་དང། །གྲགས་པ ་ཡོན་ཏན་ཁྱད་འཕགས་པ། །དེ་ཀུན་སྦྱིན་ལས་མྱུང་བར་གསུངས། །ངག་སྙན་མཛེས་དང་ལོངས་སྤྱོད་ལྡན། །ཁྱད་པར་འཕགས་གཟུགས་གཡངས?་བ་དང། །ཚིག་སྙན་གཟི་ལྡན་ཡིད་འོང་དག། གྲགས་དང་ནད་མེད་ཚེ་དག་སྟེ། ཡིད་འོང་སྡུག་པ་དེ་དང་དེ།། ་སྦྱིན་པ་རྣམས་ཀྱི་འབྲས་བུ་སྟེ། །རྟ་དང་དར་དང་གླང་པོ་དང། །རྔ་ཡབ་གདུགས་དང་མེ་ཏོག་ཚོགས། །ཁང་བཟང་མཛེས་དང་རོལ་མོར་བཅས། །སྒྲ་སྙན་རོལ་མོ་དང་ལྡན་ཞིང། །མེ་ཏོག་ཕྲེང་ལྡན་བུད་མེད་དང། །ཟས་དང་རིན་ཆེན་ཕྲེང་པ་གནས། །གུར ་གུམ་གྲོང་ཡུལ་ལྷ་ཡི་གནས། །རྫོགས་སངས་ཉིད་དང་སངས་རྒྱས་ཏེ། །སྦྱིན་པ་དཔག་བསམ་ལྗོན་ཤིང་གི། འདི་དང་འབྲས་བུ་ཡིན་པར་གསུངས། །ུཏཔལ་སྔོན་པོའི་འདབ་མ་འཇམ། །སྐྱུས་རིང་དྲི་མ་མེད་པ་དང། །བུད་མེད་གང་ཞིག་མིག་འགྲུབ་ཅིང།། ་སྐེད་པ་འོག་བག་གཡོ་བར་ལྡན། །དམར་ཞིང་མཛེས་པའི་གོས་ལྡན་ཞིང། །ནུར་འབུར་རྒྱས་པར་རྣམ་པར་གཡོ། །སྨིན་མ་མཛེས་ལྡན་དེ་དེ་དག། དེ་དག་སེར་སྣའི་སྒོ་ཕྱེ་ནས། །སྦྱིན་པ་བཏང་ལ་རྒྱས་པར་འགྱུར། །མགུལ་པ་རྔ་མས་བརྒྱན་པའི་རྟ།། ་བཞོན་པ་ཁ་ལོ་སྲབ་ཀྱིས་སྐྱོགས། །མི་དབང་གླང་ཆེན་དྲེགས་ཞོན་ནས། །གདུགས་བསྒྲེངས་རྒྱན་ལྡན་འཁོར་བཅས་དང། །འགྲོ་བ་ཐལ་མོ་སྦྱར་བྱས་ནས། །རྟག་ཏུ་མཆོད་ཅིང་གསོལ་འདེབས་པ། །སྔ་མར་འདི་འདྲ་སྦྱིན་པ་ཡིས། །འབྲས་བུ ་ཡིན་པར་ཐུབ་པས་གསུངས། །གསེར་གྱི་གདུ་བུ་རྡོ་རྗེས་སྦྲས། །དཔུང་རྒྱན་ཅོད་པན་རིན་ཆེན་བཀོད། །ས་བདག་མུ་ཏིག་ཕྲེང་བས་བརྒྱན། །རྟག་ཏུ་སེང་གེའི་ཁྲི་ལ་གནས། །འབངས་སོགས་བཙུན་མོའི་འཁོར་བརྟེན་ཅིང། །རྩེད་མོ་རྩེ་བས་རྣམ་རོལ ་པ། སེང་གེ་ལྟ་བུའི་རྣམ་རོལ་དེ། །སྦྱིན་འབྲས་ཡིན་པར་ཐུབ་པས་གསུངས། །ཁང་བཟངས་གསེར་དང་རིན་ཆེན་སྤྲས། །གདུགས་དང་རྒྱལ་མཚན་བསྒྲེང་བས་བརྒྱན། །པི་ཝཾ་རྫ་རྔ་རིག་བྱེད་སྒྲོགས། །རིན་ཆེན་རྣམས་ཀྱི་འོད་འབར་བ། །བརྒྱ་བྱིན་བདེ་སོགས ་དགའ་སྤྱོད་ཅིང། །ལྷ་མོའི་ཚོགས་ཀྱི་འཁོར་ལྡན་དེ། །སྔ་མར་འདི་འདྲ་བྱིན་པ་ཡི། །འབྲས་བུ་ཡིན་པར་ཐུབ་པས་གསུངས། །སྦྱིན་པའི་སྐྱེ་པོའི་ཡིད་དུ་འོང། །མཁས་པའི་ཚོགས་ཀྱིས་རྟག་ཏུ་བརྟེན་པ་ཕྱོགས་རྣམས ་དྲི་མེད་ཕྲེང་བས་ཁྱབ། །སྙན་པའི་གནས་ནི་དེ་དང་དེར། །འདིར་ནི་དྲི་མེད་ཉེ་བར་གནས། །ལུས་དང་བྲལ་ནས་ལྷ་རྣམས་སུ། །སྙོག་བྲལ་སྣ་ཚོགས་བཏུང་བ་བསིལ། །མེ་ཏོག་སྣ་ཚོགས་མགོ་ལྕོགས་རྒྱས། །དཔག་བསམ་གྱི་ནི་ཤིང་རྣམས ་སྐྱེས། །ཙན་དན་ལ་སོགས་ཀྱིས་གང་བའི། །སྐྱེད་མོས་ཆལ་ནི་མཆོག་རྣམས་སུ། །ཡུན་རིང་དུ་ནི་བདེ་སྤྱོད་ཅིང། །ལྷ་མོ་གཟུགས་མཆོག་ལྡན་པ་ཡིས། །བསྙེན་བཀུར་མཆོག་ཏུ་བྱེད་པར་ཐོབ། །སྦྱིན་བ་ཞེས་བྱ་གཏེར་ཆེན་ཏེ། །རྐུན་སོགས་མི ་ཁྱེར་རྗེས་སུ་འདྲེད། །སྦྱིན་པས་སེམས་ཀྱི་སེར་སྣ་དང། །ཆགས་པའི་རུལ་གྱི་དྲི་མ་འཁྲུ། །འཁོར་བའི་ལམ་གྱི་དུབ་པ་སེལ། །སྦྱིན་བ་གཞོན་པ་དུ་མ་སྟེ། །སྦྱིན་པ་བདེ་བ་དུ་མའི་རྟེན། །ཡང་དག་གྲོགས་མཆོག་བདེ་བའི་སྒོ། །སྐེད་པ་གསེར་གྱི་སྐ་རགས་ལྡན། །ངག ་འཇམ་ཟུར་མིག་བཞིན་སྐྱོབ་མཛེས། །མིག་གི་སྐྱུས་རིང་སྣ་དྲུང་གསན། །མེ་ཏོག་ཕྲེང་བའི་སྐྲ་བཅིངས་མཛེས། །གང་ཞིག་རང་འཁོར་ཡན་ལག་དང། །རྐང་གཉིས་འགྲོ་བ་མཛེས་པ་ཡི། །ཟས་གཙང་གི་ནི་ཕུན་སུམ་ཚོགས། །དེ་དག་སྦྱིན ་པའི་འབྲས་བུ་ཡིན་ཞེས། །བདག་ཉིད་ཆེན་པོས་བཀའ་སྩལ་ཏེ། །ཧ་ས་ཀ་རིའི་དུམ་བུ་དང། །ུཏཔལ་གྱིས་བསྒོས?་དྲི་ཞིམ་ལ། །བཀྲིས་གསེར་གྱི་སྣོད་དུ་བླུགས། །བན་དུ་ཀ་དང་ཟད་མདོག་ས་དང། །བཏུང་བ་ཆུང་མ་མནའ་སྐྱེལ་ཞིང། །ཚུང ་མ་དང་བཅས་ཡང་ཡང་འཐུང། །དགའ་བའི་བསམ་པས་སྨྲ་བ་དེའི། །རྒྱུ་ནི་སྦྱིན་མཆོག་བཀྲ་ཤིས་ཡིན། །ཞི་བའང་སྦྱིན་པའི་ཡོན་ཏན་ཏེ། །མཛེས་པ་འདོད་པ་བདག་ཅག་གིས། །སྦྱིན་པ་འདི་ལ་འབད་པར་གྱིས། །སྲིད་གསུམ་མི་བཟད ་འཇིགས་ཆེན་ལ། །སྦྱིན་ལས་གཞན་པའི་གཉེན་མཆོག་མེད། །སྦྱིན་པའི་གཏམ་སྟེ་བཞི་པའོ།། །།འགྲོ་བ་གང་ཞིག་མཛེས་ཡིད་འོང། །གཟུགས་དང་རིགས་དང་གཉེན་དང་སྟོབས། །བདེ་བར་མཐོང་བ་གང་ཡིན་པ། །བསོད་ནམས་བཟོ ་བོས་དེ་བྱས་བད?། །འདི་སྐད་མཁས་པ་རྣམས་ཀྱིས་བཤད། །གཞན་ཕན་བྱེད་པའི་སྐྱེས་བུ་ཡིས། །བསོད་ནམས་དང་མཉམ་ཡོད་མ་ཡིན། །རིམ་པ་སྣ་ཚོགས་ཀྱིས་བརྒྱན་པའི། །རྒྱལ་མཚན་དཀར་པོ་མངོན་མཐོ་བཙུགས། །རྟ་གླང་རྐང་ཐང་ཤིང ་རྟ་ཡི། དཔུང་གི་ཚོགས་ཀྱིས་ངེས་འཁྲུག་ཅིང། ཡུ་བ་སྣ་ཚོགས་མཛེས་པ་ཡི། །རྔ་ཡབ་རྣམས་ཀྱིས་གཡོ་བ་བྱེད་ལ། །བསོད་ནམས་ལྷག་པ་དབང་སྒྱུར་ཞིང། །ས་རྣམས་ལ་ནི་སྤྱོད་བྱེད་དེ། །དར་དང་ཀ་ཤྲི་དུ་གུ་ལ། །སྣ་ཚོགས་གོས་དང་མུ་ཏིག་ཕྲེང། ་གསེར་དང་ནོར་བུས་ཡན་ལག་བརྒྱན། །གང་དག་ལྷ་འདྲིའི་སྐྱེས་བུ་དཔལ། །བསོད་ནམས་གཞོན་པ་ལ་ཞོན་པས། །དེ་བས་ཡིན་པར་ཤེས་པར་གྱིས། ཤིན་ཏུ་ཚེ་རིང་རིགས་བཙུན་ཞིང། །ལུས་མཛེས་ནད་ཀྱི་འཇིགས་པ་མེད། །ནོར་མང་གཡོག་འཁོར ་ཕུན་སུམ་ཚོགས། །བསོད་ནམས་རྣམ་སྨིན་ཆེན་པོ་ཡིན། །གང་ཡང་འཁོར་ལོས་སྒྱུར་བ་མཆོག། བུ་ནི་དཔའ་བོ་སྟོང་དང་ལྡན། །རྒྱ་མཚོའི་མཚམས་ཀྱིས་ལ་དབང། །དེ་དག་བསོད་ནམས་རིན་པོ་ཆེའི། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །སྣ་ཚོགས་པདྨའི ་སྟན་ལ་འདུག། ལྷ་དང་ལྷ་དབང་རྟག་ཕྱག་འཚལ། །བརྗིད་ཀྱིས་འཁོར་རྣམས་ཟིལ་གྱིས་གནོན། །ཚངས་པའི་འཇིག་རྟེན་སྣང་བྱེད་པ། །དེ་དག་ཉིད་དང་བསོད་ནམས་ལས། གང་ལ་ལྷ་ཀླུ་ལྷ་མིན་གྲུབ། །དྲི་ཟ་གནོད་སྦྱིན་མི་འམ་ཅི། །མཆོག་ཏུ་གྱུར ་པའི་ཚོགས་རྣམས་ནི། །རྟག་ཏུ་ལྷ་དབང་མཆོད་བྱེད་པ། །དེ་ནི་བསོད་ནམས་རིན་པོ་ཆེའི། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །གཟུགས་དང་བརྩོན་འགྲུས་བཟོ་རྣམས་ནི། །དབང་མེད་ཡང་ནས་མི་རྣམས་ནི། །ལས་ཀྱི་རླུང་གིས་མངགས་ནས་ནི།། ་འཇིག་རྟེན་ཕ་རོལ་འགྲོ་བ་ན། བསོད་ནམས་གཅིག་པུ་མཆོག་ཡིན་ཏེ། །རྗེས་སུ་འགྲོ་ཞིང་བདེ་བ་འཆར། །བསོད་ནམས་གཞན་གྱི་འཕྲོག་མི་ནུས། །དེ་ཕྱིར་བསོད་ནམས་གཏེར་གྱི་མཆོག་།གང་གི་སྟོབས་ཀྱི་རོ་རབ་ཀྱང།། ་ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བའི། །འཇིགས་པའི་བསྐལ་པའི་རླུང་རྣམས་ཀྱིས། །དེས་ཀྱང་བསོད་ནམས་འཇིག་མི་ནུས། །འཇིག་པའི་བསྐལ་པའི་ཆུ་ཡིས་ནི། །ལྕགས་ཀྱང་དབང་མེད་འཇིག་བྱེད་པ། །རྒྱ་མཚོ་བཞི་ཡི་ཆུ་རྣམས་ཀྱིས། ་བསོད་ནམས་གཞུ་བར་ནུས་མ་ཡིན། །འོད་ཟེར་རབ་ཆ་གསལ་བ་ཡི། །ཉི་མ་བདུན་ཤར་མེ་རྣམས་ཀྱིས། །ས་རྣམས་སྲེག་པར་བྱེད་མེད་ཀྱི། །བསོད་ནམས་གཅིག་པུ་སྲེག་མ་ཡིན། །བསོད་ནམས་ཀྱི་གཏམ་སྟེ་ལྔ་པའོ།། །། ་སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོར་མྱ་ངན་སེལ་བར་བྱེད། །རྩོད་པ་ཀུན་སྤངས་མཐོང་ན་དགའ་། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པ་དང། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས ་ལ། གསུང་རབ་ཀུན་ལ་མཁས་གྱུར་ཅིང། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་གཏོད་དང་ལྡན་པར་འགྱུར། །བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ། །ཕྲ་རབ་རྡུལ་ནི་ཇི་སྙེད་སོང། །དེ་སྙེད་ས་འོག་ས་སྟེང་འདིར། །དེ་སྙེད་རྒྱལ་པོར་ངེས ་པར་འགྱུར། །གཟུགས་དང་གཟུགས་མེད་ཏིང་འཛིན་འགྲུབ། །ཐམས་ཅད་བདེ་བར་མ་ལུས་སྤྱོད། །ཐ་མར་སྐྱེ་རྒའི་སྤངས་ནས། །དེ་དག་བྱང་ཆུབ་གོ་འཕངས་ཐོབ། །བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་པ། །མཚན ་བཟད་གིས་མཚན་འཁོར་ལོས་སྒྱུར། །སུམ་ཅུ་གཉིས་ལྡན་ལུས་མཛེས་ཐོབ། །ཉེས་པའི་དགྲ་འཇོམས་རྒྱལ་པར་འགྱུར། །དབང་པོ་རྣམས་ནི་མ་ཚང་མེད། །དཔལ་ལྡན་ངན་འགྲོ་རྣམས་ལས་རིང། །མི་ཡི་གིས་སྐུ་སྐྱེ་འགྱུར་ཞིང། །ངག ་ནི་བརྩན་པ་ཉིད་དུ་འགྱུར། །སྐྱེ་བར་ཐོས་དང་དྲན་ལྡན་བརྟན། །མངོན་པར་འདོད་པར་འབྱུང་འགྱུར་ཞིང། །གནས་ལ་མངོན་པར་དད་པ་དང། །འདོད་ཆགས་སོགས་ཀྱིས་གནོད་པ་མེད། །འདི་རྒྱལ་རྫོགས་པའི་བྱང་ཆུབ་ཀྱི། །ཁྱད་འཕགས ་ལེགས་པའི་གཞུང་ལ་བརྟེན། གང་འདི་རྒྱལ་བའི་སྐུ་གཟུགས་བཞེངས། །སངས་རྒྱས་སྐུ་འམ་མཆོད་རྟེན་ནམ། །བཞེངས་བྱེད་སྲོག་དང་ལྡན་པ་དེ། བྲན་དང་དབུལ་པོར་མི་སྐྱེ་ཞིང། །མངག་གཞུག་པར་མིན་རིགས་དམར་མིན། །དབང་པོ ་རྣམས་ནི་ཚང་བར་འགྱུར། །སྐུ་གཟུགས་ཀྱི་གཏམ་སྟེ་དྲུག་པའོ།། །།དྲི་ཞིང་སྣ་ཚོགས་ཀྱིས་བསྒོས་པས། །བདེ་བར་གཤེགས་ལ་ཁྲུས་གསོལ་བ། །མེ་ཏོག་དྲི་ཡིས་ཡན་ལག་མཛེས། །རབ་ཏུ་དགའ་བའི་ཡིད་ཀྱིས་སུ། །རོལ་མོའི ་སྒྲ་ནི་སྙན་པ་ཡིས། །དལ་གྱིས་འབབ་དང་སྟེགས་འགྲུན་བརྗིད། །གསེར་གྱི་རང་བཞིན་པདྨ་ཡི། །གེ་སར་རྡུལ་གྱིས་ཁྱབ་པ་རུ། །ཟུས་གསོལ་གང་ཞིག་མཆོད་བྱེད་པ། །དེ་དག་རྙོག་པ་ཐམས་ཅད་ཀྱིས། །དྲི་མ་བཀྲུས་ནས་ཐར་པ་ཐོབ། །ལྷ་ཡི་བུ ་མོ་ནུ་འབུར་རྒྱས་མཐོང་ཞིང། །སྐེད་པ་ལ་འབབ་གཡོ་བ་དང། །འཛམ་བུའི་ཆུ་འདྲའི་པདྨའི་གེ་སར་གྱི། །རྡུལ་རྣམས་གཏོར་བ་ཡིས་ནི་དྲི་ཞིམ་ལ། །དལ་གྱིས་འབབ་པའི་ནང་དུ་ལྟ་ཡི་ཚོགས། །རྒྱུན་ཏུ་ཆུ་རྣམས་ལ་ནི་རྩེ་བྱེད་པ། །གང་ཞིག་དགའ་བ་སྣ ་ཚོགས་དྲི་ཞིམ་ཆུས། །རྗེ་བཙུན་ཁྲུས་གསོལ་བ་ཡི་འབྲས་དེ་ཡིན། །གླ་རྩི་ག་པུར་ཙན་དན་གུར་ཀུམ་བསྒོས། །དྲི་ཞིམ་ཆུ་ནི་ཡིད་འོང་བ། །ཁ་དོག་དཀར་སེར་བྱེ་བྲག་གིས། །ཡིད་འོང་ཐུབ་པ་ཁྲུས་གསོལ་འདིར། །སེམས་ཀྱི་དྲི་མ་སྤངས་ནས་ནི། ་དེ་ནི་འགྲོ་བའི་བླ་མར་འགྱུར། །ཁྲུས་ཀྱི་གཏམ་སྟེ་བདུན་པའོ།། །།ཁྲུས་བྱེད་ལྷ་ཡི་བུ་མོ་མཆོག་།རྐེད་ལྡན་བརླ་དང་ཆུ་མ་རྒྱས། །འདབ་སྐྱེས་མགོ་ལྕགས་རྒྱས་མཐོར་ཞིང། །ལྷ་དབང་དལ་བབ་ཁྲུས་བྱེད་ཅིང། །མཛེས་ཤེས་འདོད་པས ་གཡོ་བ་ནི། །འགྲོ་མཆོག་ཡང་ཡང་མཉེས་བྱས་ཡིན། །དེ་ནི་སྤོས་ཆུ་རོལ་མོ་དང། །མདུག་པ་དང་ནི་མེ་ཏོག་ཕྲེང། །སྦྱིན་པ་བཏང་བའི་འབྲས་བུ་ཡིན། །གང་ཞིག་འཁོར་ལོས་སྒྱུར་རྒྱལ་ལ། །མཁའ་ལ་གུར་ཀུམ་སྤྲིན་ཚོགས ་དང། ག་བུར་གྱི་ནི་ཆུ་རྒྱུན་དང། །མ་ལ་ཡ་ཡི་ཙན་དན་བཞིན། །རྫ་རྔ་བི་ཝི་རྔ་མཆོག་གིས། །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །ལྷ་དང་མི་ཡི་སྒྲ་རྣམས་ཐོས། །ཁྱད་འཕགས་ལྷ་ཡི་རྣ་བ་ཐོབ། །གུར་ཀུམ་ལ་སོགས་པའི ་གཏམ་སྟེ་བརྒྱད་པའོ།། །།རྟ་གླང་རྐང་ཐང་ཤིང་རྟ་དང། རིན་ཆེན་སྣ་བདུན་རྣམས་དང་ནི། །དཔའ་བོ་བུ་སྟོང་དང་བཅས་པར། །མཁའ་ལ་འཁོར་ལོས་སྒྱུར་འགྲོ་ཞིང། །ཟླ་བ་ལྟ་བུའི་གདུགས་ཀྱིས་ནི། །ཉི་མའི་འོད་ཟེར་སྒྲིབ་བྱེད ་ཅིང། འབྲས་བུ་མང་ལ་རྒྱ་ཆེ་བ། །གདུགས་ཕུལ་བ་ལས་བྱུང་བ་ཡིན། །བུད་བ་ཡིད་འོང་སྒྲ་ཡིས་བསྐྱོད། མེ་ཏོག་གཡོ་བ་འཁོར་བར་བཀོད། །ཁ་དོག་སྣ་ཚོགས་དྲི་ཞིམ་པའི། །མེ་ཏོག་ཚོགས་ཀྱིས་རི་མོར་བྲིས། །གདུགས་མཛེས་སྣ ་ཚོགས་དར་གྱིས་བརྒྱན། །མཆོད་རྟེན་རྣམས་ལ་ཕུལ་བ་ཡིས། །འཁོར་ལོས་སྒྱུར་བས་སྐྱོང་བ། །གླིང་བཞིའི་དབང་ཕྱུག་དེ་ཡིས་འཐོབ། །ཉི་མའི་འོད་ཟེར་གསེར་གདུགས་ཐོགས། །དཔལ་ལྡན་དུལ་བའི་གླང་པོ་མཆོག་།རིན་ཆེན་དུ ་མས་བརྒྱན་པ་ཞོན། །རྫུ་འཕྲུལ་བརྒྱ་བྱིན་དང་འགྲན་པའི། །གླིང་བཞི་ཡི་ནི་འཁོར་ལོས་སྒྱུར། །ས་རྣམས་མ་ལུས་སྐྱོང་བར་བྱེད། །དེ་དག་བདེ་གཤེགས་སྐུ་གདུང་ལ། །མེ་ཏོག་གདུགས་ཕུལ་འབྲས་བུ་ཡིན། །གདུགས་ཕུལ ་བའི་གཏམ་སྟེ་དགུ་པའོ།། །།བདེ་བར་གཤེགས་པའི་འཁྲུངས་གནས་དང། །དེ་ཡི་ཡིད་ཙམ་བཞུགས་པའི་གནས། །རབ་ཏུ་གསལ་བའི་གྲགས་གྱུར་པ། །ནུས་པ་ཀུན་གྱིས་གདུང་སྣོད་སྐུ། །ཤིན་ཏུ་ཁྱད་འཕགས་གཙུག ་ཏོར་མཐོ། །སྐུ་གཟུགས་བཞེངས་ནས་ལེགས་སྦྱངས་ལ། །སྐྱེ་བོ་གང་གིས་སྐུ་བཞེངས་པའི། །ནང་དུ་རིང་བསྲེལ་བཅུག་བྱས་ནས། །ཀུན་ནས་བརྒྱ་བྱིན་ལས་འཕགས་པའི། །མི་དབང་གླིང་བཞི་རྣམས་སུ་ནི། །དཔལ་དང་ལྡན་པས་ལོངས་སྤྱོད་ནས། །མཛའ་ ་ཅུ་རྣམ་དག་གོ་འཕང་ཐོབ། །རྒྱལ་བའི་སྐུ་གདུང་བཅུག་ལས་ཡིན། །ཟླ་བ་དང་འདྲ་བ་ལྟ་ན་སྡུག། །སྨིན་མ་ལེགས་ཤིང་མིག་དཀྱུས་རིང། །མིར་སྐྱེས་གསེར་དང་ནོར་བུར་ལྡན། །བཟོད་ཅིང་ངེས་པ་དང་ལྡན་པ། །རྒྱ་མཚོས་གཏུགས་པའི་ས་རྣམས ་ནི། སྐྱོང་བྱེད་འཁོར་ལོས་སྒྱུར་རྒྱལ་ཡང། །དེ་དག་སངས་རྒྱས་སྐུ་གཟུགས་ནི། །རིང་བསྲེལ་དང་བཅས་གུས་པར་འཐོབ། །རིང་བསྲེལ་གྱི་གཏམ་སྟེ་བཅུ་པའོ།། །།བདེ་བར་གཤེགས་པ་མཆོག་རྣམས་ཀྱི། །ཕོ་བྲང་མཆོག་ནི་རྒྱན་བྱེད་པ།། ་གསེར་གྱི་མདོག་དང་ལྡན་འགྱུར་ཞིང། །ནད་རྣམས་ཀུན་ལས་གྲོལ་བར་འགྱུར། །ལྷ་དང་མི་ལས་ཁྱད་འཕགས་ཤིང། །ཉི་མའི་འཁོར་ལོ་ལྟ་བུར་མཛེས། །ནོར་དང་གསེར་ནི་མང་བ་དང། །རྒྱལ་པོའི་རིགས་ཀྱི་རྒྱལ་བར་འགྱུར། །འཇིག་རྟེན་གསུམ ་གྱིས་མཆོད་པ་ཡི། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང། །སྣ་ཚོགས་ནད་ཀྱིས་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་ཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག ་ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏོ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མོ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེས་པ་བཟོད་པ་ཡིན། །འབད་པ་བྱེད་པ་བརྩོན་འགྲུས་ཡིན། །སྐད་ཅིག་དེ་ལས་རྩེ་གཅིག་ཏུ། །སེམས་འཛིན་བྱེད ་པ་བསམ་ཏན་ཡིན། །ལེགས་པར་གཟོ་བ་ཤེས་རབ་བོ། །སྣ་ཚོགས་བསོད་ནམས་ཀྱིས་བརྒྱན་ལ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང། །མིར་སྐྱེས་གསེར་ལས་ལྷག་པ ་ཡི། ཁ་དོག་དང་ལྡན་མཛེས་པ་དང། །པདྨའི་མདོག་ལྟར་ཡན་ལག་ཚང། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །མཎྜལ་གྱི་གཏམ་སྟེ་བཅུ་གཅིག་པའོ།། །།པདྨའི་འདབ་འདྲའི་ལག་པ་མཛེས། །འོད་གསལ ་ཁ་དོག་དྲི་བཟང་ལྡན། །རོ་ཞིམ?་རེག་ན་བདེ་བ་དང། །ལྷ་དང་མ་ཡི་ཁང་བཟངས་ན། །འོད་གསལ་གསེར་གྱི་གཞོད་པ་རུ། །ལྷ་ཡི་བདུད་རྩིས་བཀང་ཟ་བ། །དེ་དག་སངས་རྒྱས་ལ་སོགས་པའི། །དགེ་འདུན་ཡུལ་དུ་ལྷག་པ་ལ། །ཞལ་ཟས ་དྲངས་པའི་འབྲས་བུ་ཡིན། །རྡོ་རྗེ་གདན་ལ་བཞུགས་ནས་ནི། །འདོད་པའི་དགྲ་དང་བཅས་པ་ཡི། །ཚོགས་ནི་བྱམས་པས་དེས་ཕམ་མཛད། །གང་ཞིག་མཐར་ཐུག་དཀའ་བའི་ཡུལ། །མཛའ་མེད་པར་ནི་སྤྱོད་འགྱུར་པའོ། །ཉོན་མོངས་དཀའ་ ་བའི་དགྲ་ལས་རྒྱལ། །ཕུང་པོའི་བདུད་ཀྱང་རབ་བཅོམ་ནས། །འཆི་བདག་བདུད་ལ་མངའ་བརྙེས་པ། །ཞལ་ཟས་ཕུལ་བར་གྱུར་པས་ཡིན། །རོ་རྣམས་བྲོ་བའི་མཆོག་དང་ནི། །ཡན་ལག་ཆང་ཞིང་ཡོངས་རྫོགས་ལྡན། །བདེ་ཞིང་དཔལ་ལྡན ་སྟོབས་དང་ལྡན། །ཚེ་དང་སྟོབས་དང་ཁ་དོག་དང། །གཟུགས་བཟང་བ་དང་ལྡན་པ་ནི། །མཁས་པས་ཟས་མཆོག་བཏང་ལས་བྱུང། །སྟོབས་དང་བརྩོན་འགྲུས་ལྡན་པ་ཡི། །རྣམ་གྲངས་ལས་ནི་ངེས་པར་རྒྱལ། །ཡང་དག་དཔལ་ཐོབ་མི ་དབང་གི་།རོ་ལྡན་ཁ་ཟས་ལོངས་སྤྱོད་པ། །རྟག་ཏུ་ཟས་མཆོག་སྦྱིན་ངེས་ཡིན། །ཟས་ཀྱི་གཏམ་གྱི་སྟེ་བཅུ་གཉིས་པའོ།། །།གཡོ་ཞིང་ཨུཏཔལ་གྱིས་བསྒོས་པ། །དྲི་མེད་པདྨ་རཱ་ག་བཞིན། །ཡིད་འོང་གསེར་གྱི་སོང་དུ ་བླུགས། །དྲི་ཞིམ་ཙན་དན་གྱིས་བསྒོས་མངར། །ཡིད་དུ་འོང་དང་བདར་ཞིང་འཐུང། །ཅུང་ཟད་མིག་ནི་ཟངས་མདོག་འདྲ། །གླུ་ལེན་སྒྲ་དང་ངེས་ལྡན་པའི། །མི་མཆོག་དེ་དག་སྒོམ?་རྣམས་ནི། །སྦྱིན་པ་བྱིན་པའི་འབྲས་བུ་ཡིན། །ིནྡྲ་ནཱི ་ལ་བཻ་ཌཱུརྱ། །རིན་ཆེན་མཆོག་རྣམས་ཀྱིས་སྤྲས་པའི། །གསེར་གྱི་སྣོད་ནི་གང་ཡིན་པར། །ལྷ་གང་ལྷ་ཡི་བུ་མོ་ནི། བྲང་གི་དཀྱིལ་ན་ནུ་མ་ནི། །བུམ་པ་ལྟ་བུའི་འབུར་ལྡན་པའི། །རབ་མཛེས་བཅུགས་དང་ལྷན་ཅིག་ཏུ། །སྦྲང་རྩི་ལྟར་མངར ་བཏུང་འཐུང་བ། །ཡོན་ཏན་ལྡན་པའི་ཚོགས་ལ་ནི། །བཏུང་བ་ཡིད་འོང་བྱིན་པ་ཡི། །འབྲས་བུ་ཡིན་པར་མཁས་རྣམས་གསུང། །གང་ཞིག་ཁ་དོག་དྲི་ཞིམ་སོགས། །ཚོགས་ལྡན་སྐོམ་པའི་སྡུག་བསྔལ་སེལ། བད་ཀན་རླུང་དྲག་རབ་ཞི་བྱེད།། ་ཁ་ར་པི་བི་ལིང་བསྲེས་ཚོར། །ཙན་དན་ལྟ་བུར་ཚ་བ་སེལ། །ཟླ་བའི་འོད་ཟེར་དང་ལྡན་པའི། །སྣོད་དུ་བླུགས་ནས་དེ་དག་གིས། །གུས་པར་དགེ་འདུན་ལ་ཕུལ་བས། །ཕ་རོལ་གྱི་ནི་སྐྱེ་གནས་སུ། །ལྷ་ཡི་ལྟུང་བ་ཐོབ་པར་འགྱུར། །མངར་ཞིམ་མངར ་མཆོག་གུས་པ་ཡིས། །བཏུང་བ་ཚོགས་མཆོག་ལ་ཕུལ་བས། །ལྷ་དང་མི་ཡི་གནས་རྣམས་སུ། །ལྷ་ཡི་བུ་མོ་མཆོག་རྣམས་དང། །ཡུན་རིང་བཏུང་བ་ལྷ་ཅིག་འཐུང། །གང་ཞིག་ས་གནས་མི་རྣམས་ཀྱིས། །དང་པའི་དད་པའི་ཡིད་ཀྱིས་ནི། །དགེ ་འདུན་ལ་ནི་བཏུང་བ་མཆོག་།དུས་ལ་བབ་པར་དྲང་བ་ཡིས། །འཁོར་བའི་རི་ཁྲོད་གནས་པ་ན། །རྟག་ཏུ་བཏུང་བའང་ཞིམ་བཟང་འཐོབ། །བཏུང་བའི་གཏམ་སྟེ་བཅུ་གསུམ་པའོ།། །།གང་ཞིག་སྔོ་སེར་ལྗང་དམར་དཀར། །སྣ་ཚོགས ་ཁ་དོག་འོད་བཟང་ལ། །མཛེས་གསལ་གོས་ཀྱི་ཕྲེང་བ་ནི། །ཡོན་ཏན་མཆོག་དང་ལྡན་པ་ཡི། །འཇིག་རྟེན་བླ་མ་ལ་ཕུལ་བས། །བསྔགས་པའི་གོས་མཆོག་ཐོབ་པར་འགྱུར། །གང་ཞིག་དགེ་འདུན་མཆོག་སོགས་ལ། །གང་ཞིག་དད་དང་གུས ་བ་ཡིས། །གོས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་ནི་ངོ་ཚ་ཤེས་གོས་དང། །མཆོག་ཏུ་གྱུར་པའི་ཆོས་ཀྱི་གོས། །ཉོན་མོངས་གཉེན་པོའི་ཆོས་གོས་ཐོབ། །ཁ་དོག་སྣ་ཚོགས་ཀྱིས་སྤྲས་པའི། །སྔོན་པོ་སེར་པོ་དཀར་པོ་དང། །གཞན་ཡང་དམར་པོ ་ཡིད་འོང་བ། །ཤིན་ཏུ་མཛེས་པའི་གོས་དག་དང། །ཆོས་གོས་ཕྲེང་བ་འབུལ་བྱེད་པ། །བདེ་འགྲོ་ཡི་ནི་བདེ་བར་འགྲོ། །གཟུགས་དང་ལྡན་ཞིང་ཡིད་འོང་ལ། །ལྷ་ཡི་གོས་ནི་ཟད་མེད་དང། །ངོ་ཚ་ཤེས་པའི་གོས་ཀྱིས ་བརྒྱན། དག་བློ་དང་གིས་མཁས་པ་དང། །དེ་ནི་ཆོས་ཀྱི་དབང་ཕྱུག་འགྱུར། །གོས་ཀྱི་གཏམ་སྟེ་བཅུ་བཞི་པའོ།། །།མེ་ཏོག་བཟང་པོ་དགེ་འདུན་ལ། །རབ་ཏུ་འཐོར་ཞིང་མཆོད་བྱེད་པ། །བརྒྱ་བྱིན་ལས་ལྷག་ལོངས ་སྤྱོད་ལྡན། །པདྨའི་དབང་པོ་ལྟ་བུར་མཛེས། །མཆོག་ཏུ་གྲགས་པ་དང་ལྡན་ཞིང། །རྟག་ཏུ་དེ་ནི་སྐད་ཅིག་གིས། །དགྲ་ལས་རྣམ་པར་རྒྱལ་བར་འགྱུར། །ས་རྣམས་ལས་ནི་སྤྱོད་བྱེད་པའི། །རིན་ཆེན་མཆོག་གི་མིར་གྱུར་པས། །སྤོས་མཆོག་དང ་ནི་དྲི་བཟངས་ཀྱིས། །རྒྱལ་བ་རྣམ་ལ་འབུལ་བྱེད་པ། །ལུས་ཀྱི་གྲགས་པའི་དྲི་ཡིས་ཁྱབ། །ུཏཔལ་སྔོ་དང་མཉམ་པ་ཡི། །མིག་ནི་དྲི་མེད་དཀྱུས་རིང་མཛེས། །བཻ་ཌཱུརྱ་དང་མུ་ཏིག་དང། །རིན་པོ་ཆེ་ཡིས་ཡན་ལག་བརྒྱན། །ལུས་ཀུན་ཀུ ་ཤའི་གོས་ཀྱིས་གཡོགས། །སྐྱེ་བ་ཀུན་ཏུ་མི་ཡི་མཆོག་།གཟུགས་དང་ལྡན་པར་གྱུར་པ་ནི། །དགེ་འདུན་དྲི་བཟང་ཕུལ་བ་ཡིན། །སྣ་ཚོགས་པ་ཡི་སྨན་རྣམས་ནི། །དེ་དགེ་དགེ་འདུན་ལ་ཕུལ་བས། །མཛེ་ལ་སོགས་པའི་ནང་རྣམས་ཀྱི།། ་སྡུག་བསྔལ་མི་བཟད་པ་ལས་གྲོལ། །བཞིན་ནི་མཛེད་ཤིང་གསེར་རྣམས་དང། །མཉམ་ཞིང་ཁ་དོག་ཡིད་དུ་འོང། །རྒྱལ་པོ་ཡི་ནི་འཚེ་བ་རྣམས། །གང་ཡིན་པ་དང་བྲལ་བ་འཐོབ། །མེ་ཏོག་ལ་སོགས་པའི་གཏམ་སྟེ་བཅོ་ལྔ་པའོ།། །། ་ས་བདག་འཁོར་ལོས་བསྒྱུར་གང་ལ། །ཐལ་མོ་སྦྱར་བ་བྱས་ནས་ནི། །མཁུར་བ་རྣ་རྒྱན་མཛེས་ལྟུང་བས། །གུས་ལྡན་ལེགས་པར་སྤྱི་བོ་ཡིས། །ལན་མང་དུ་ནི་ཕྱག་བྱེད་པ། །དེ་དག་སངས་རྒྱས་ཕྱག་བྱེད་པའི། །འབྲས་བུ་ཡིན་ཞེས ་མཁས་རྣམས་སྨྲ། །སྐྱེས་པ་ཙམ་གྱིས་གཙོར་འགྱུར་བའི། །རྟག་ཏུ་མཐོན་པོའི་རིགས་སྐྱེ་ཞིང། །རྟ་དང་གླང་པོས་རྒྱུ་བྱེད་པ། །དེ་དག་བླ་མ་འཕགས་པ་ལ། །ལེགས་པར་ཕྱག་ནི་བྱས་པས་ཡིན། །སྙན་པ་ཡིས་ནི་ཁྱབ་འགྱུར་ཞིང། །ངེས་པར་ལེགས ་པར་འཛིན་པ་དང། །གསལ་བར་བྱེད་པའི་འོད་ཀྱིས་ནི། །སྡུག་བསྔལ་ཐམས་ཅད་སྤོང་བྱེད་ཅིང། །ནད་ནི་ཐམས་ཅད་འཇོམས་པར་བྱེད། །འཇིག་རྟེན་དུ་ནི་བདེ་འགྲོར་དེས། །མི་དབང་གིས་ནི་རྒྱུན་ཏུ་གྱུར། །འབྲས་བུ་དཔལ་དང་ལྡན་པ་ཡང།། ་ཐུབ་དབང་ཕྱུག་བྱས་པ་ལས་ཡིན། །འཁོར་ལོས་སྒྱུར་རྒྱལ་སྟོབས་གྲོགས་ལྡན། །ཡན་ལག་སུམ་ཅུ་གཉིས་མཚན་ལྡན། །རྒྱལ་འགྱུར་ས་སྟེང་གཙོ་བོ་དེ། །སངས་རྒྱས་ལ་ནི་ཕྱག་བྱས་པའི། །འབྲས་བུ་ཡིན་པར་བློ་ལྡན་གསུངས།། ་དེ་ལྟར་ཡོན་ཏན་ཚོགས་ཤེས་པར། །ལུས་འདི་འཇིགས་པར་ཤེས་ནས་ནི། །མཁས་པས་སངས་རྒྱས་ཕྱག་བྱ་ཞིང། །ལུས་ཀྱི་ལས་ནི་ལེགས་པར་སྤྱད། །ཕྱག་གཅིག་འཚལ་བར་གྱུར་པ་ཡིས། །འཁོར་བ་སྤོངས་པའི་རྒྱུ་འཐོབ་ཅིང། ། ་འཁོར་བའི་འཇིགས་མཐོང་གུས་པ་ཡིན། །དེ་ལྟར་སུ་ཞིག་ཕྱག་མི་བྱེད། །ཕྱག་གི་གཏམ་སྟེ་བཅུ་དྲུག་པའོ།། །།གྲིཥྞ་ས་རི་ལྟར་མཛེས་གཟུགས། །སྟོབས་ལྡན་འཇམ་ཞིང་ཤིན་ཏུ་སྣུམ། །དགུན་དུས་སྲོ་ཁང་གོས་བཟང་བགོས། ་ཡིད་འོང་འཛེས་མ་ལ་འཁྱུང་ནས། །མི་དབང་གང་ཞིག་རྩེ་བྱེད་ཅིང། །རོ་མཆོག་སྣ་ཚོགས་ལྡན་པ་ནི། །རིན་ཆེན་སྣོད་བླུགས་འཐུང་བ་ནི། །དེ་དག་སྒྲོན་མ་ཕུལ་བ་ཡི། །ཤིན་ཏུ་འབྲས་བུ་མངོན་ཡིན་པར། །ཡང་དག་རྫོགས་སངས་རིན་ཆེན་གསུང ་འབར་ཞིང་མེ་ལྕེ་རྒྱས་དང་ལྡན། །ཁང་པའི་ནང་དུ་མེ་འབར་གསལ། །དགུན་དུས་གྲངས་བ་སེལ་བྱེད་པ། །སྣ་པ་ཐུབ་པའི་དབང་པོ་ནི། །མཆོག་ཏུ་གྱུར་ལ་ཕུལ་བ་ཡིས། །ལྷ་དང་མི་ཡི་འཇིག་རྟེན་ན། །གསལ་ཞིང་རབ་ཏུ་འབར་གྱུར་དང། །དྲི ་ཟ་ལྷ་མིན་མི་འམ་ཅི། །བྱད་བཞིན་མཛེས་དང་ལྷན་ཅིག་ཏུ། །སྟོན་ཟླ་དང་འདྲ་རབ་མཛེས་པ། །སྡུག་པ་ཡང་བར་འཁྱུད་ནས་ནི། །ལུས་ནི་ཡིད་དུ་འོང་བ་དང། །མཐོ་རིས་སུ་ནི་སྤྱོད་བྱེད་པ། །དེ་དག་གང་ཚེ་འཕགས་ཚོགས ་ལ། །སྣང་བ་དང་བས་ཕུལ་བ་ཡིན། །རྐྱེན་མ་ལས་རྒྱལ་བཞོན་པར་ལྡན། །ས?་རྣམས་མ་ལུས་རྗེས་སུ་སྐྱོང། །བྱད་བཟང་གསེར་གྱིས་ཡན་ལག་བརྒྱན། །དེ་དག་གིས་ནི་སྣང་བ་རྣམས། །ཕུལ་བའི་འབྲས་བུ་འདི་དག་ཡིན། །སྣང་བའི་གཏམ ་སྟེ་བཅུ་བདུན་པའོ།། །།རི་རྣམས་ཀྱིས་ནི་བསྒྲིབ་པ་དང། །མཆོག་ཏུ་རིང་ན་གནས་པ་དང། །ཤིན་ཏུ་ཕྲ་བའི་དངོས་པོ་དང།?་མཚན་མོ་སྨག་གིས་བསྒྲིབས་པ་དག་།གང་ཚེ་ལག་མཐིལ་གནས་པ་ལྟར། །དགེ་སློང་མ་འགག་པ ་ཡི་མཐོང། །དེ་ནི་བདེ་བར་གཤེགས་པ་ལ། །ཞུ་མར་ཕུལ་བའི་འབྲས་བུ་ཡིན། །སྤྱན་གྱིས་དངོས་ཀུན་གཟིགས་པའི་ཕྱིར། །བདེ་གཤེགས་མར་མེ་ཕུལ་བ་ཡིས། །སངས་རྒྱས་ཉིད་ནི་མཉེན་ཞེས་གྲགས། །ཕུལ་བ་བཅོམ་ལྡན ་གང་ཞེ་ན། །ཐུབ་དབང་དྲི་མེད་སྤྱན་ལ་ཕུལ། །རིང་དང་ཕྲ་དང་བསྒྲིབས་པ་དང། །དཔག་ཚད་ཀྱིས་མཆོད་མཐོང་ལ་ལྟོས། །རྒྱལ་ལ་ཞུགས་མར་ཕུལ་བ་ཡི། །དེ་འབྲས་ཡིན་པར་ཐུབ་པས་གསུངས། །ས་བདག་རྒྱལ་པོ་གང་ཡིན་པ།། ་ཟླ་བ་ལྟ་བུའི་གཟུགས་ལྡན་པ། །ུཏཔལ་ལྟ་བུར་མིག་དཀྱུས་རིང། །གང་ཞིག་ཡིས་འཇིག་རྟེན་ན། །གསེར་མདོག་འོད་ཀྱིས་སྣང་བ་ལྟར། །རང་གི་འོད་ཀྱིས་སྣང་བྱེད་པའི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། །ནོར་བུ་བརྒྱ་ཕྲག་འོད་ཟེར ་གྱིས། ས་རྣམས་རྒྱུ་ཞིང་སྣ་བྱེད་པ། །དེ་དག་ཤཱཀྱ་སེང་གེ་ལ། །གུས་པར་མར་མེ་ཕུལ་བ་ཡི། །རྒྱ་ཆེར་འཕེལ་བར་གྱུར་པ་ཡིན། །ལྷ་གང་འཇིག་རྟེན་གསལ་བྱེད་ཅིང། །ུཏཔལ་ལྟ་བུའི་མིག་ལྡན་ལ། །སྨིན་མ་ལེགས་ཤིང་གསེར་མཆོག ་ལྡན། མིག་སྟོང་དང་ནི་ལྡན་པ་ཡི། །བརྒྱ་བྱིན་ལྷ་ཡི་བདག་པོ་ཉིད། །ལྷ་ཡི་སྟན་ལ་འདུག་པ་དང། །གང་ཞིག་འདོད་བྲལ་ཚངས་པ་ཡི། །འོད་གསལ་ལྷ་མཆོག་ཕྱག་བྱེད་ཅིང། །ལྷ་ཡི་ཤིང་རྟ་གཡོ་བྱེད་པ། །སྟོན་པ་ཡི་ནི་རིང་བསྲེལ་ལ། །མར་མེའི ་ཕྲེང་བ་མིས་ཕུལ་བས། །འབྲས་བུ་རྒྱ་ཆེན་གྱུར་པ་ཡིན། །མར་མེའི་གཏམ་སྟེ་བཅོ་བརྒྱད་པའོ།། །།མི་དབང་དུས་ནི་ཐམས་ཅད་དུ། །ཉམས་དགའ་བ་ཡི་ཁང་བཟངས་མཆོག་།རོལ་མོའི་གནས་ཀྱིས་ཉམས་དགའ་བར། །འཚོ་ཞིང་རྒྱལ ་བའི་སྒྲ་སྒྲོགས་པར། །བརྩོན་མའོ་འཁོར་དང་རོལ་བྱེད་པ། །གྲང་བ་སེལ་བའི་ཁང་པ་ནི། །ཕྱོགས་བཞི་ནས་ནི་བྱོན་པ་ཡི། །དགེ་འདུན་བཞུགས་གནས་ཕུལ་བས་ཡིན། །ཐུབ་པ་འཕགས་པའི་དགེ་འདུན་བཅས། །གཙུག་ལག་ཁང་གི་དོན ་དུ་ནི། ཚིག་གིས་རབ་ཏུ་བསྐུལ་བ་དང། །ཚོགས་པ་ཡིས་ནི་གྲོགས་བྱེད་ཅིང། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་པ་འམ་ལངས་པ་ན། །བསོད་ནམས་རྒྱུན་ནི་ཚད་མེད་འཕེལ། །ཤེས་རབ་རྡོ་རྗེའི་མཚོན་ཚ་ཡིས། །ཕྱིན་ཅི་ཡོག་གི་རི ་བཅོམ་ནས། །ས་དང་བཅས་པའི་ཁང་བཟང་འགྱུར། །དགེ་འདུན་ལ་ནི་ཡོ་བྱད་དང། །ལོངས་སྤྱོད་བཟང་པོ་དང་བཅས་པ། །གཙུག་ལག་ཁང་ནི་གང་ཞིག་བྱེད། །རྣམ་པར་རྒྱལ་བའི་ཁང་བཟངས་ནི། །རིན་ཆེན་མཆོག་གི་རང་བཞིན་གྱི། །རྩིག ་པ་ཀ་བ་དང་ལྡན་པའི། །མཛེས་ལྡན་ལྷན་ཅིག་དུས་ཀུན་ཏུ། །དེ་ནི་ལྷ་ཡི་འཇིག་རྟེན་འདིར། །ཡུན་རིང་དུ་ནི་མངོན་པར་དགའ་། །དཔལ་དང་ལྡན་པའི་བླ་བྲེ་དང། །སྣ་ཚོགས་ཀྱིས་ནི་གོས་ཀྱིས་སྤྲས། །ཁང་བཟང་མཆོག་ནི་འོད་ཕྲོ་བ། །ཡང་དག་གནས ་པར་གྱུར་བ་ནི། །ཡོན་ཏན་ཚོགས་ལྡན་ཕུལ་པ་ཡིས། །བརྒྱ་བྱིན་གྱིས་ནི་ཁང་བཟང་མཆོག་།རྣམ་པར་རྒྱལ་བྱེད་ཐོབ་པ་ཡིན། །གཙུག་ལག་ཁང་བཞེངས་པའི་གཏམ་སྟེ་བཅུ་དགུ་པའོ།། །།ཁྱོགས་དང་སྟེན་ནི་མཉམ་པ་རུ། །འབོལ་སྟན་ལ་ནི་ཆུང ་མ་ནི། ནུ་མ་རྒྱས་དང་ལྷན་གཅིག་ཏུ། །མལ་སྟན་ལ་ནི་ས་བདག་ཉལ། །ཉེས་པའི་ཚོགས་སྤངས་དམ་པ་ལ། །དེ་ཡིས་མལ་སྟན་ཕུལ་བ་ཡིན། །རྐང་རྟེན་དང་བཅས་ཁྲི་ལ་ནི། །སྣ་ཚོགས་གོས་ཀྱི་རྒྱན་ལ་འདུག་།དབྱངས ་སྙན་རོལ་མོ་དང་མགྲིན་འདེབས། །རིན་ཆེན་རང་བཞིན་སྟན་ལ་ནི། །དྲི་ཞིམ་པས་ནི་བྱུག་པ་ཡིས། །དད་ལྡན་མལ་སྟན་ཆེན་པོ་ལ། །དཔུང་བ་ལ་ནི་མགོ་བརྟན་ནས། །ཡུན་རིང་ལྷ་ཡི་ཁང་པ་རུ། །འཇིགས་པ་མེད་པར་བདེ་བར་ཉལ། །དེ ་དག་མལ་ཆ་སྟན་རྣམས་ནི། །དགེ་འདུན་རྣམས་ལ་ཕུལ་བ་ཡི། །འདི་ནི་འབྲས་བུ་ཡིན་པར་བཤད། །ག་བུར་ཙན་དན་ཨ་ག་རུ། །ལུས་བྱུག་པ་ཡི་ལྷ་མོ་ནི། །ནུམ་ཟུང་ལྡན་ལུས་བརྟེན་ནས། །གོས་མཆོག་འབོལ་སྟན་ལ་རྟགས ་ཉལ། དེ་དག་མཆོད་རྟེན་རྣམས་ལ་ནི། །གདུགས་དང་གོས་ཁྲི་ཕུལ་བས་ཡིན། །མལ་ཆ་དང་སྟན་གྱི་གཏམ་སྟེ་ཉི་ཤུ་པའོ།། །།གླིང་བཞི་ལ་ནི་རྣམ་རྒྱལ་ནས། །སྟོབས་ལྡན་བརྒྱ་བྱིན་གནས་ཡིན་ཏེ། །ང་ལ་ནུ་ཡིས་སུམ་ཅུ ་གསུམ། །བདག་པོའི་སྟན་ཕྱེད་དབང་བྱས་ནས། །འདོད་པའི་བདེ་བའི་དགའ་བ་མྱོང། །ཞག་བདུན་བར་དུ་དབྱིག་རྣམས་ཀྱི། །ཆར་ནི་ཁང་པར་དཔག་མེད་ཕབ། །དེ་དག་ལྷུང་བཟེད་དུ་གཏོར་བའི། །སྦྱིན་པ་ཆེན་པོ་དེ་ཡིས་ནི། །འབྲས ་བུ་ངོ་མཚར་ཆེན་པོ་ཡིན། །སྣོད་ནི་དེ་དང་དེ་དག་གིས། །རྒྱུ་བཞི་དག་ལ་བསྟེན་པ་ཡིས། །སྡུག་བསྔལ་ལ་སོགས་བྱེ་བྲག་གིས། །འབྲས་བུ་ཐ་དད་ཐ་དད་འགྱུར། །དེ་ཕྱིར་མི་དབང་ཁྱད་འཕགས་རྒྱལ། །ཟླ་བ་ལྟ་བུའི་བཞིན་དང་ནི།། ་ཨུཏཔལ་ལྟ་བུའི་ཁ་དོག་དང། །མི་རྣམས་ནང་དུ་རྟག་པར་ནི། །དྲི་མེད་མིག་ལྡན་རོ་སྡོད་ཡངས། །དགའ་ཞིང་སྟན་དང་མལ་ཆ་དང། །ཟས་དང་སྣོད་དུ་ལྡན་པ་ཡི། མི་རྣམས་སྦྱིན་པས་ཡང་དག་འཐོབ། །མི་མཆོག་གིས་ནི་ནད་པ་དང།། ་དམན་པ་དང་ནི་དབུལ་བ་རྣམས། །སྙིང་རྗེ་ཅན་གྱིས་སྦྱིན་བཏང་བས། །དཔལ་ལྡན་ཡང་དག་ཁྱད་འཕགས་འགྲོ། །མི་དབང་བརྒྱ་བྱིན་དང་མཉམ་རྩེ། །དགའ་ཞིང་བུ་དང་བྲན་གཡོགས་བཅས། །ཟླ་བ་དང་འདྲ་བཞིན་གྱི་མཆོག་།མིག་ཡངས་ལུས་ནི་ཉི ་མ་བཞིན། །གྲགས་པ་སྙན་པ་དག་དང་ལྡན། །མི་དབང་དགྲ་ཡི་སྟོབས་འཇོམས་ཤིང། །བདེ་བ་ཐམས་ཅད་ཐོབ་པ་ནི། །དེ་ཡིས་རང་གི་བླ་མ་དང། །ཕ་མ་རྣམས་ལ་སྦྱིན་ལས་བྱུང། །གང་ཞིག་རྟ་དང་ཤིང་རྟ་གླང། །ཞོན་ལ་སྐྱེ་བོའི་ཚོགས་ཕྱག་འཚལ། ་གསེར་གྱི་ཡུ་བ་དང་ལྡན་པ། །ཟླ་བའི་དབྱིབས་དང་ལྡན་པ་ཡིས། །ཉི་མའི་འོད་ཟེར་ཟློག་བྱེད་ཐོགས། །མི་དབང་མཆོག་ཏུ་གྱུར་པ་སྟེ། །འཁོར་ལོས་སྒྱུར་བྱེད་རྒྱལ་པོ་ཡིན། །ས་རྣམས་དབང་ཕྱུག་དང་བཅས་པའི། །གང་ཞིག་རྒྱལ་པོར་གྱུར་པ ་ནི། ཡང་དག་ཞིང་ལ་དེ་དག་གིས། །སྦྱིན་པའི་ས་བོན་སྦྱངས་པ་ཡི། །ཡོན་ཏན་མཆོག་གི་འབྲས་དེ་ཡིན། །དམན་པའི་སྣོད་ལ་སྦྱིན་པ་ཡིས། །མང་དུ་བྱིན་ཡང་འབྲས་བུ་ཉུང། །ཡུར་མ་ཚེར་མའི་སྐྱོན་བཅས་དང། །རྡོ་བའི་སྟེང་གི་ཞིང་རྣམས་ལ། ་ས་བོན་མང་པ་བཏབ་པ་བཞིན། །འདོད་ཆགས་ཞེ་སྡང་ཏི་མུག་སྤངས། །ཡོན་ཏན་གྱིས་བཞན་ཞིང་ལ་སྦྱིན། །ཉུང་ངུ་བྱིན་ཡང་མང་དུ་འབྱུང། །ནྱ་གྲོ་དྷའི་ས་བོན་བཞིན། །ཞིང་གི་གཏམ་སྟེ་ཉི་ཤུ་གཅིག་པའོ།། །།གང་གིས་ཆོས་ཀྱི ་སྦྱིན་བྱིན་ཞིང། །བྲི་བ་དང་ནི་ཉན་པ་དང། །རྟག་ཏུ་དེ་དག་སེམས་ཉིད་དང། །གལ་ཏེ་ཡང་དག་སྒོམ་བྱེད་ན། །སྐྱེ་བ་དྲན་པ་རྟག་ཏུ་འཐོབ། །གང་ཞིག་ལྷ་ཡི་འཇིག་རྟེན་ན། །དཔག་བསམ་གྱི་ནི་ཤིང་གི་མཆོག་།དོན་རྣམས་ཐམས་ཅད་འགྲུབ་བྱེད་པ།། ་ལྷ་ཚོགས་བདེ་བའི་མཆོག་གྱུར་པ། །དེ་ནི་བ་མཆོག་སྦྱིན་པ་ཡིན། །རྒྱ་ཆེ་བ་ཡི་འབྲས་བུ་ཡིན། །གང་ཞིག་མངལ་དུ་རྫོགས་པར་ནི། གཙང་ཞིང་ཡིད་འོང་རོ་མྱོང་ལ། །མར་དང་སྦྲང་རྩི་སྟོབས་དང་ནི། །གང་ཞིག་འོ་མ་འཐུང་ཚེ་ཡང། །པདྨའི་གེ་སར ་མདངས་ལྡན་པ། །བུ་ལྕེའི་དུས་གང་ཡིན་པར་འཐུང། །སྐྱེས་རྫོགས་ནས་ཀྱང་དེ་བཞིན་ཏེ། །བདུད་རྩིའི་མཆོག་ཀྱང་འཐུང་བྱེད་པ། །དེ་ནི་པ་མཆོག་བཏང་ལས་བྱུང། །སེང་གེ་ནི་ཁི་ནི་རབ་དགའ་ཞིང། མཛེས་པ་གུས ་པས་ཆོས་ལ་ནི། །རིམ་པ་བཞིན་དུ་དེས་ཕུལ་བས། །གཞིག་པར་མི་ནུས་རྡོ་རྗེའི་གདན། །རབ་མཆོག་སེང་གེའི་ཁྲི་ལ་བཞུགས། །ལྷ་ཀླུ་གྲུབ་པ་ཕྱག་འཚལ་འགྱུར། །གསེར་གྱི་སྣོད་དུ་རྟག་ཏུ་དེར། །རོ་ལྡན་འོ་མ་རླུགས་ནས་ནི།། ་མི་ཡི་མཆོག་ནི་འཐུང་བྱེད་ཅིང། །དཔལ་ལྡན་ཕུན་སུམ་ཚོགས་པ་དང། །པདྨའི་མདོག་ལྡན་བུད་མེད་སྙེད། །དེ་ནི་མ་ཧེ་མཆོག་བཏང་ཡིན། །རྟག་ཏུ་ནད་པ་ཉམ་ཆུང་ལ། །བཞོན་པ་མཆོག་ནི་སྦྱིན་པ་དང། །བླ་མ་རྣམས་ནི་མཉམས? ་བྱས་ནས། །བཙུན་ཞིང་མི་རྣམས་ཀྱིས་བསྟོད་འགྱུར། །གསེར་གྱི་ཆས་ཀྱི་བརྒྱན་པ་ཡི། །རྟ་ནི་ཡིད་དུ་འོང་བ་ལ། །མི་མཆོག་རྟག་ཏུ་ཞོན་ནས་རྒྱུ། །ཤིན་ཏུ་རིང་བའི་ཡུལ་རྣམས་སུ། །རྫུ་འཕྲུལ་གྱིས་ནི་འགྲོ་བྱེད་པ། །བཞོན་པ་མཆོག་ནི ་བྱིན་པ་ཡིས། །དེ་ལྟ་བུ་ཡི་མི་རུ་འགྱུར། །དོ་ཤལ་དང་ནི་དོ་ཤལ་ཕྱེད། །འོག་བག་དང་ནི་ལྡན་པ་ཡི། །ཡིད་འོང་ལྷ་མོ་རྣམས་ལ་རྩེ། །སུམ་ཅུ་གསུམ་བདག་དང་འགྲན་པ། །ལྟོས་པ་མེད་པར་བྱིན་པ་ལས། །བྱུང་བར་མཁས ་རྣམས་རབ་ཏུ་བཤད། །བདུད་ཀྱིས་ཟིལ་གྱི་མི་ནོན་ཅིང། །ལེགས་པར་གསུང་པ་རྟག་ཏུ་ནི། །བདུད་རྩི་ལྟ་བུར་མཉན་པར་གྱིས། །ས་གཞི་ལྟ་བུར་ཆོས་ཀྱི་ཡུམ། །ཉོན་མོངས་དགྲ་ནི་སྤོང་བར་བྱེད། །འཁོར་བའི་བདེ་བ་ཉམས་མྱོང་ཞིང། ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི། །རབ་མཆོག་ཉིད་ནི་ཐོབ་པར་འགྱུར། །དུབ་པའི་དུས་ནི་ཐམས་ཅད་དུ། །མཁས་པ་གནས་ནི་ཕུལ་བ་ཡིས། །མཐོ་རིས་ཕྱིན་ནས་རྟག་ཏུ་དགའ་། །བརྒྱ་བྱིན་དང་ནི་ལྷན་ཅིག་ཏུ། །རྟག་ཏུ་དགའ་བ་མྱོང ་བར་བྱེད། །འདིར་ནི་སྐྱང་མོས་ཚལ་ཕུལ་གས?་ཚོགས་ཡིན་ཤིང་རྣམས་ལ། །མེ་ཏོག་དྲི་ཞིམ་དང་ལྡན་ཞིང། །མངོན་པར་མཐོ་བའི་མི་ཐོབ་ནས། །སྐྱེད་མོས་ཚལ་རྣམས་ལོངས་སྤྱོད་ལྡན། །ཆུ་བོ་རྒལ་?དཀའ་བ་ཡི། །གནས་སུ་ཟམ་པ་འཛུགས ་བྱེད་པ། །མི་དེ་ལོངས་སྤྱོད་དང་ལྡན་པའོ། །མཐོ་རིས་གནས་སུ་འགྲོ་བར་འགྱུར། །གསེར་མདོག་ལྟ་བུའི་ལུས་དང་ལྡན། །ཉམས་དགའ་རྫིང་བུ་བྱེད་པའི་མི། །མཐོ་རིས་གནས་ནི་ཐོབ་པར་འགྱུར། །འཇིག་རྟེན་འདི་རུ་མིར་གྱུར་ནས། །རྒྱལ་པོ་ཡི་ནི ་དགའ་བདེ་ཐོབ། །ཁྲོན་པ་དང་ནི་བུ་ཉེན་ཁང། །སེམས་ཅན་རྣམས་ནི་བརྟེན་པ་དང། །སྙན་པ་གྲང་བ་སྐྱོབ་གྱུར་པ། །བྱེད་པའི་མི་མཆོག་གར་ཡིན་པ། །ལྷ་ཡི་བདེ་བ་མྱོང་བར་འགྱུར། །ཉི་མའི་འོད་ཟེར་ཚ་བ་ཡི། །ཤིན་ཏུ་སྡུག་བསྔལ་ལྡན་པ ་ལ། གང་ཞིག་གདུགས་ནི་སྦྱིན་བྱེད་པ། །གདུགས་དང་འདྲ་བར་དེ་དག་ནི། །དགྲ་ཡི་ཚོགས་ལས་རྒྱལ་འགྱུར་ཞིང། །རྟག་ཏུ་བདེ་བ་མཆོག་དང་ལྡན། །མཆིལ་ལྷམ་རྒྱན་གྱིས་བརྒྱན་པ་ནི། །སེམས་ཅན་ཐམས་ཅད་དག་ལ་ནི། །གུས་པ་ཡིས་ནི ་སྦྱིན་བྱེད་པ། །དེ་དག་བཞོན་པ་མཆོག་རྣམས་ལ། །ལྷ་དང་མི་ཡི་འཇིག་རྟེན་དུ། །ཡུན་རིང་ཞོན་པར་སྐྱེ་བར་འགྱུར། །ཡོན་ཏན་རྣམས་ནི་སྒྲོགས་པ་ཡིས། །རྒྱལ་བ་མཆོག་གིས་བསྟོད་བྱེད་པ། །ཐམས་ཅད་དག་ནི་བསྟོད་པ་ཡིས། །ལུས་ཀྱི ་ཕྱག་ནི་འཚལ་བྱེད་པ། །བླ་མར་བསྟེན་པའི་རིགས་སྐྱེས་ཞིང། །དེ་དག་སོ་སོར་རིག་པ་འཐོབ། །རྫ་རྔ་བི་ཝང་པཊ་ཏས?། །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །མིར་གྱུར་ནས་ནི་དབྱངས་སྙན་ལ། །སྒྲ་ནི་ཤིན་ཏུ་སྙན་པར་འོས། །ཡིད་དུ་འོང་བའི ་གཟུགས་དང་ལྡན། །བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བས་སྲོག་ཤིང་འཛུགས་བྱེད་ཅིང། །གདུགས་དང་དྲིལ་བུ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིང་ནི་རྒྱ་ཆེ་ཞིང། །དཔལ་ནི་ཕུན་སུམ་ཚོགས་པ་འཐོབ ་མིར་གྱུར་པ་ནི་མ་ལུས་པའི། །བདག་པོ་ཉིད་ནི་སྟོབས་དང་ལྡན། །དཔུང་རྒྱན་མུ་ཏིག་བརྒྱན་ལྡན་པ། །ས་རྣམས་སྦྱིན་པར་བཏང་བ་ལས། །ཡིན་པ་རུ་ནི་མཁས་པ་འཆད། །མཆོད་རྟེན་དང་ནི་རྒྱལ་བ་ཡི། །སྐུ ་མཆོག་རྣམས་ནི་བཞེངས་བྱེད་པ། །གདུགས་ལྡན་སྐུ་གདུང་འཇུག་བྱེད་པ། །མཐོ་རིས་ཡང་དག་འདིར་ཐོབ་ནས། །མི་རྣམས་ཀྱིས་ནི་བསྟོད་པར་འགྱུར། །གང་ཞིག་དང་པོར་སངས་རྒྱས་ལ། །ས་དང་ལྕི་བས་བྱུགས་ནས་ནི། །མེ་ཏོག་འབྲས ་བུ་ཟས་སྐོམས་ཕུལ། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྒྱལ་པོའི་མཆོག་ནི་ཐོབ་པར་འགྱུར། །རྒྱལ་ཆེན་མར་མེ་སྣ་ཚོགས་དང། །དྲི་ཞིམ་མེ་ཏོག་བདུག་པ་དང། །བུ་རམ་ལ་སོགས་བཏུང་བ་རྣམས། །དགེ་འདུན་ལ་ནི་འབུལ་བྱེད་པ། །དེ་ཡང ་ནོར་དང་ལྡན་འགྱུར་ཞིང། །ལྷ་མའི་བདེ་བ་དག་དང་ལྡན། །མཆོད་རྟེན་གདུང་བཅས་གཙུག་ལག་ཁང། །མི་གང་འབད་པས་ཉེན་འཁོར་འཆག། །ཀུན་ནས་དྲི་མ་མེད་བྱེད་པ། །གསེར་གྱི་ཁ་དོག་འདྲ་བར་འགྱུར། །རྟག་ཏུ་སྣང་བ་འབུལ ་བྱེད་ཅིང། །གྲང་དུས་གོས་དང་ཁང་བ་དང། །རྒྱན་དང་བུ་མོ་བཏུང་བ་བྱིན། །སྐྱེ་གནས་རྣམས་སུ་བདེ་ལྡན་འགྱུར། །ས་སྟེངས་དུ་ནི་ཚེ་རིང་ཞིང། །ཐམས་ཅད་ནད་ལས་འགྲོལ་བར་འགྱུར། །མཉམ་པ་མེད་པའི་བདེ་བ་ཐོབ། །དེ་དག་རྟག་ཏུ་བདེ ་དང་ལྡན། །ལྷ་ཡི་བདེ་བ་སྣ་ཚོགས་པ། །ཉམས་སུ་མྱོང་ཞིང་འབྱུང་འགྱུར་པ། །སྲོག་གཅོད་སྤངས་པ་ལས་ཡིན་པར། །ངེས་པར་མཁས་པ་རྣམས་ཀྱིས་བསྟན། །གཞན་མཐོང་བརྣབ་སེམས་མི་བྱེད་པ། །ཆེམ་རྐུན་ལས་ནི་དབྱེན་གྱུར་ཅིང།། ་རྫས་ནི་ཡོངས་སུ་སླང་བར་བྱེད། །གསེང་དང་དཔག་མེད་ཕུན་ཚོགས་ཐོབ། །རྐུན་མ་བརྒྱ་ཕྲག་དག་གིས་ནི། །མི་དབང་ལས་ནི་དབྲལ་མི་ནུས། །ཆུད་མ་གཞན་ལ་མི་འཕྱོ་ཞིང། །ལེགས་བསྲུངས་ཆུང་མ་ཉམས་མེད་རྙེད། །སྐྱེ་བར་དགྲར ་གྱུར་ཅུང་ཟད་མེད། །འདིར་ནི་འཇིག་རྟེན་ཡིད་རྟེན་ཅིང། །དེ་ལ་ཡིད་མི་ཆེས་ཡོད་མིན། །དེ་དང་དེར་ནི་སྐྱེ་བ་ན། །ུཏཔལ་སྔོན་པོ་ལྟ་བུར་ནི། །དྲི་ལྡན་ཡིད་དུ་འོང་བའི་གཟུགས། །དེ་ནི་མི་འགྱུར་ཁ་དྲི་ཞིམ། །རྫུན་གྱི་ཚིག་ཀྱང་སྨྲེ་མ་ཡིན།། ་དམ་པ་ཡི་ནི་གྲོགས་ལྡན་ཞིང། །མི་དབང་གིས་ནི་གུས་པས་མཆོད། །བུ་དང་ཆུང་མ་བྲན་དང་ནི། །ལོངས་སྤྱོད་རྒྱ་ནི་ཆེན་པོ་ཡིས། །དཔག་ཏུ་མེད་པའི་བདེ་འཐོབ་པ། །རྟག་ཏུ་ཕྲ་མ་སྤངས་པས་ཡིན། །ཡིད་དུ་འོང་ཞིང་སྒྲ་སྙན་ལ། །ངག་ནི་སྙན ་པར་འོས་པ་དང། །རྟག་ཏུ་ཤིན་ཏུ་མཛེས་པ་དང། །མི་རྣམས་དང་ནི་ལྷ་རྣམས་སུ། །དེ་རྒྱལ་ཚིག་ནི་ཙུབ་མོ་དག་།མི་དེ་ཡིས་ནི་སྤངས་པས་ཡིན། །ཆོས་དོན་དབེན་པ་དགའ་བ་ཡིས། །སྨྲ་བ་དེ་ནི་འཇིག་རྟེན་གྱི། །རྟག་ཏུ་མཆོག་ཏུ་ཡིད་འོང་འགྱུར ་ཡང་ཡང་མཆོད་པ་ངོ་ཡིས་འཐོབ། །རིན་ཆེན་མང་དང་བཞོན་པས་ཕྱུག་།མངོན་མཐོ་འཇིག་རྟེན་སྣ་ཚོགས་པའི། །བདེ་བ་མཛའ་ཡས་མྱོང་བར་འགྱུར། །བདག་གཞན་ཆགས་པ་སྤངས་པ་ཡིས། །དེ་འདིར་འདོད་ཆགས་ཆུང་འགྱུར་ཞིང།། ་རྟག་ཏུ་ལོངས་སྤྱོད་རྒྱ་ཆེན་ལྡན། །ངག་ལ་དབང་ཞིང་གྲགས་ལྡན་འགྱུར། །རབ་ཏུ་མཛེས་པ་ཉིད་ཐོབ་ཅིང། །དེ་ནི་རྟག་ཏུ་ཕྱུག་ཅིང་བདེ། །རྒྱལ་སྲིད་ཀྱིས་མཐོ་འཇིག་རྟེན་གྱི། །ཚངས་པ་ཉིད་ནི་ཐོབ་འགྱུར་ཞིང། །ཡང་དག་བྱམས་པའི་སེམས ་ལྡན་པ། །དབང་པོ་ཡོད་པའི་མི་རུ་སྐྱེ། །མཐོ་རིས་ཐར་འབྲས་བདེ་བ་ཐོབ། །ཡང་དག་རྫོགས་དང་མི་དེ་ལྡན། །གང་ཕྱིར་འདི་དག་ཐམས་ཅད་ནི། །ཡང་དག་ལྟ་བ་མཆོག་ཏུ་ནི། །དགེ་བའི་རྩ་བའི་འབྲས་བུ་ཡིན། །དང་དང་བློ་གྲོས་དང་ལྡན་པའི།། ་བསོད་ནམས་ཀྱི་ནི་ཞིང་མཆོག་ལས། །ས་གསུམ་བདེ་བ་རྒྱ་ཆེན་སྐྱེས། །དེ་ལྟའི་ཁྱད་པར་མི་ཤེས་ནས། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་པའི་དད་པ་ནི། །རྟག་ཏུ་དེ་ཡིས་བསྟེན་པར་བྱ། །དད་པ་ཡིས་ནི་མ་བཞིན་དུ། །དགེ་བ ་རྣམས་ནི་བསྐྱེད་པར་བྱ། །དེ་བས་ཐོག་མར་སྐྱེས་བུ་ཡིས། །ཡིད་ཀྱིས་ལེགས་པར་བསྟེན་པར་བྱ། །འབྱུང་གནས་དད་པ་སྤངས་པ་ཡིས། །དམ་ཆོས་རིན་ཆེན་བྱང་ཆུབ་ཕྱོགས། །ངེས་པར་གཟུང་བར་ནུས་མ་ཡིན། །རྒྱལ་པོ ་ལས་ནི་ཉམས་པ་ཡིས། །ལོངས་སྤྱོད་འབྲས་ལས་ཉམས་པ་ལྟར། །དད་པའི་དབང་པོ་ལས་ཉམས་ན། །དེ་བཞིན་འབྲས་རྣམས་ཐོབ་མ་ཡིན། །དེ་ཕྱིར་སྐྱེས་བུ་མཁས་པ་ནི། །འཇིག་རྟེན་བདེ་གཤེགས་བྱེད་འདོད་པས། །ཡིད་ནི་རབ་ཏུ་དང་བ ་ཡིས། རྟག་ཏུ་ཕན་པ་ཉིད་དུ་གྱིས། །ལྷག་མས་ཉེས་པ་ཞི་མ་ཡིན། །གཞན་དུ་དད་པ་དང་ལྡན་པའི། །ཉེས་པའི་ཚོགས་ནི་ཐམས་ཅད་སྲེག། དམན་ཞིང་གོས་མེད་རྨོངས་པ་དང། །ལག་པ་ན་ནི་ཐོད་པ་ཐོགས། །འཇིག་རྟེན་འདི་ན་སློང་བ ་སྣད། སྦྱིན་པ་མེད་པའི་འབྲས་ལ་ལྟོས། །ཐ་དད་ཁྱིམ་དུ་སློང་ཞིང་རྒྱུ། །རྟག་ཏུ་བཀྲེས་པར་ཀུན་ཏུ་འཁོར། །གང་ཞིག་ལུས་ལ་ལག་རྐྱོང་ཡི། །ཁྱི་དང་འདྲ་བར་རིང་ན་གནས། །ཀུན་ཏུ་འཇུག་ཅིང་སློང་བ་ལ། །ཕྱིར་ཟློག་ཉུང་ཤས་ཆ་གཅིག ་ཀྱང། གང་ཞིག་ཁ་ཟས་མི་སྟེར་བ། །ཁ་ནི་ཁབ་ཙམ་ལྟ་བ་རི། །ལུས་སྐམ་སྐྲ་ཡི་གོས་ཀྱིས་ནི། །ཉི་མའི་འོད་ཟེར་སྣང་མིན་ལ། །ཡི་དགས་སྐོམ་གྱིས་གདུངས་པ་སྣང། །འབྲས་དེ་ལག་གིས་མ་བྱིན་ཅིང། །དུས་མ་བྱིན་པའི་འབྲས་བུར་གསུངས། ་སྣ་ཚོགས་བསྡུས་པའི་གཏམ་སྟེ་ཉི་ཤུ་གཉིས་པའོ།། །།བསོད་ནམས་སྤྲོ་བ་བསྐྱེད་པ་མཉན་པར་གྱིས། །གཏོང་དང་བསོད་ནམས་དཀོན་པ་སྟེ། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །སྐུ་གདུང་རྣམས་ནི་བཅུག་བྱས་ན།། ་ཁྲུས་གསོལ་གདུགས་ནི་འདེགས་པ་དང། །མཎྜལ་ཟས་དང་སྐོམ་རྣམས་དང། །གོས་དང་མེ་ཏོག་ལ་སོགས་དང། །སྣང་བ་དང་ནི་མར་མེ་དང། །གཙུག་ལག་ཁང་དུ་མལ་སྟན་དང། །ཞིང་དང་སྣ་ཚོགས་ཕུལ་ནས་ནི། །བསྟོད་ཅིང་ཕྱག་ནི་འཚལ ་བྱེད་པ། །འདི་འདྲ་དུ་མ?་ཕུན་སུམ་ཚོགས། །གཏམ་ནི་ཉི་ཤུ་རྩ་གཉིས་ཀྱིས། །ཡང་ཡང་སྦྱིན་པའི་བསྔགས་པ་བརྗོད། །མཚོ་ནི་སྒྲུལ་གྱིས་གང་བཞིན་དུ། །མེ་ཏོག་ལོ་མ་རྒྱས་པ་ཡི། །ལྗོན་ཤིང་ཆེད་མ་དང་བཅས་བཞིན། །ཐོས་དང་དཔྱོད་དང ་རིགས་ལྡན་ཞིང། །དེ་ལྟ་བུ་ཡི་བྱེ་བྲག་ཅན། །ཚུལ་ཁྲིམས་ལ་ནི་རྒྱབ་ཕྱོགས་ཡིན། །དབུལ་ཡང་ཁྲིམས་ལྡན་མཆོག་ཡིན་གྱི། །ཡོན་ཏན་རྒྱན་དང་བྲལ་བ་ཡི། །ནོར་ལྡན་རྣམས་དང་མཚུངས་མ་ཡིན། །དབུལ་ཡང་སྐྱེས་བུ་དམ་པ་རྣམས། །དེ་དག ་ཡོན་ཏན་རོ་མྱང་བས། །བདུད་རྩི་ལྟ་བུར་ཁྱད་པར་འཕགས། །ཡང་དག་དྲན་བྱ་བླ་མ་བཞིན། །ཡོན་ཏན་ལྡན་འཕགས་གཟི་བརྗིད་ལྡན། །ནོར་རྣམས་དང་ནི་རྒྱན་དང་ནི། །དེ་དག་རྒྱལ་པོ་རྣམས་ཀྱིས་ནི། །དྲུང་དུ་ཉེ་བར་མཆོད་འདོད་པས། །ཚུལ་ཁྲིམས། ་འདི་ནི་བསྲུང་བར་གྱིས། །འཇིག་རྟེན་བདེ་བ་རྣམས་རྒྱལ་བའི། །འཇིགས་དང་ཞེ་སྡང་བཅས་པ་ལ། །ཆོས་ཀྱི་བདག་ཉིད་བློ་བྱས་ཏེ། །བདེ་མཆོག་ཕྱིར་ནི་སྐྱེས་བུ་ཡིས། །བདེ་བ་རྒྱ་ཆེན་མི་འཕྲོགས་པ། །ཐོབ་པར་འདོད་པ་དེ་ཡིས་ནི། །ཚུལ་ཁྲིམས ་ཉིད་ནི་བསྲུང་བར་གྱིས། །ཚུལ་ཁྲིམས་ལས་ཉམས་འདུལ་ཞིང་འཆེ། །དེ་ཡིས་འཇིགས་བཅས་ཉམས་སུ་མྱོང། །ཚུལ་ཁྲིམས་ལྡན་ལ་དེ་དག་མེད། །དེ་ནས་འཇིག་རྟེན་ཕ་རོལ་ཏུ། །མཛའ་ཡིས་གཏུགས་ཤིང་འགྲོ་བ་ན། །བདེ་བའི་ཡུལ་རྣམས ་འདོད་པ་ཡིས། །དེ་ཡིས་ཚུལ་ཁྲིམས་འདི་ཉིད་བསྲུངས། །ཚུལ་ཁྲིམས་བརྟན་དང་དེས་ལྡན་ན། །བདེ་འགྲོ་ཉོན་མོངས་བདག་ཉིད་མིན། །ལོག་པར་ལྟ་བས་ལམ་གོལ་ཕྱིར། །དེ་ཕྱིར་ཐར་པ་རབ་བྱུང་ཞིང། །རྟགས་ལྡན་མཐོ་རིས་འདོད་བ་ཡིས།། ་དེ་ཡིས་ཚུལ་ཁྲིམས་འདི་ཉིད་བསྲུངས། །མི་འཇིགས་དཔྲོག་ཏུ་མེད་པའི་རྒྱན། །ཚུལ་ཁྲིམས་འདི་ཡིན་བསྲུང་བར་གྱིས། །ཚུལ་ཁྲིམས་ནོར་གྱི་མཆོག་ཡིན་ཏེ། །གཞན་གྱི་དབྲོག་ཅིང་རྐུར་མི་ཚུགས། །ཚུལ་ཁྲིམས་བསྟན་ཏེ་འཆི་བ་ན། །གཞན་དུ ་རྗེས་འབྲང་ལུས་མ་ཡིན། །ཚུལ་ཁྲིམས་རྗེས་སུ་འབྲང་བའི་གྲོགས། །ཚུལ་ཁྲིམས་རྒྱན་གྱི་མཆོག་ཡིན་ཏེ། །རྒྱན་དེ་ལ་ནི་སྟོར་བ་མེད། །ཡིད་གཙུགས་པ་ཡི་གྲོགས་པོ་ཡིན། །ཚུལ་ཁྲིམས་ལྟ་བུའི་ཕན་བྱེད་མེད། །ཚུལ་ཁྲིམས ་ཡང་དག་ངེས་པའི་གཉེན། །ཕ་དང་མ་དང་བུ་ཡིན་ཏེ། །འདོད་པ་སྟེར་བ་ཚུལ་ཁྲིམས་ཏེ། །མཐུ་ཡིས་འབྲས་བུ་འདི་སྦྱིན་བྱེད། །ཚུལ་ཁྲིམས་ཀྱི་གཏམ་སྟེ་ཉི་ཤུ་གསུམ་པའོ།། །།བསྐལ་བ་སྟོང་དུ་བསགས་པ་ཡི། །སྦྱིན་དང་ ་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་དང་མཉམ་སྡིག་པ་མེད། །བཟོད་དང་མཉམ་པའི་དཀའ་ཐུབ་མེད། །དེ་ཕྱིད་འབད་པས་བཟོད་པ་བསྒོམས།། ་སྣ་ཚོགས་པ་ཡི་ཚུལ་གྱིས་ནི། །ཞི་བའི་ཡིད་ཀྱིས་མ་བཟུང་ན། །དགའ་དང་བདེ་བ་མྱོང་མ་ཡིན། །སྡང་པའི་ཟུག་རྡུ་ཡིད་གནས་ལ། །གཉིད་མེད་བརྟན་པ་ཡོད་མ་ཡིན། །ཞེ་སྡང་བྲལ་བར་མ་གྱུར་ན། །ཇི་སྲིད་འཚོ་བར་གནོད་དང་བཅས ་ཁོས་བ་གཅིག་པུ་བཅོམ་པ་ཡིས། །རྣམ་པར་སྡང་བ་ཐམས་ཅད་བཅོམ། །རྟོག་པའི་བུད་ཤིང་ལ་མཆེད་པའི། །ཁྲོ་བའི་མེ་ཡིས་འགྲོ་བ་སྲེག། དང་པོར་བདག་ཉིད་སྲེག་བྱེད་ལ། །གཞན་དག་སྲེག་པ་འམ་ཡང་ན་མིན། །རྒས་པ་ཡིས་ནི ་གཟུགས་བཞིན་དང། །ཁྲོས་དང་མུན་པས་མིག་དང་ནི། །བློ་དང་བྲལ་བས་འདོད་དོན་ལྡན། །དེ་བས་ཁྲོ་བ་འཇོམས་པར་བྱེད། །དགེ་བའི་ལས་ལ་འདི་སྦྱར་བྱ། །བདག་ལ་གནོད་བྱེད་འབྱུང་བ་དང། །དེ་ལས་བཟློག་པར་བྱ་སྙམ་ན། ། ་སྡིག་ལྡན་སེམས་ཡིན་ཁྲོད་ཅི་ཡོད། མཚོན་སོགས་བྱེད་པ་སྤངས་ནས་ནི། །འཕེན་པ་ཅི་ཞིག་ཁྲོ་རུ་ཡོད། །རྩོད་བྱེད་ཞེ་སྡང་ཡིན་པས་ན། །དེ་ཕྱིར་ཞེ་སྡང་ལ་སྡང་བསྔགས། །བཟོད་པའི་གཏམ་སྟེ་ཉི་ཤུ་བཞི་པའོ། །། ་ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་པ་བརྩོན་འགྲུས་ཏེ། །ཉོན་མོངས་རྒྱ་མཚོ་ཀུན་སྒྲོལ་བའི། །རྒྱ་ཆེན་མཆོག་ནི་བརྩོན་འགྲུས་ཡིན། །བརྩོན་འགྲུས་ཤིང་རྟ་གང་ཞོན་པ། །དངོས་པོ་བསམ་པས་མི་འཐོབ་པ། །དེ་འདྲ ་འགྲོ་ན་ཡོད་མ་ཡིན། །གླང་པོ་རྟ་དང་རྐང་ཐང་དང། །མདའ་དར་འདའ་ཆེན་དགྲ་སྟ་དང། །མཚོན་ཆ་ཡིས་ནི་གཡུལ་འགྱེད་ཅིང། །དགྲ་བགེགས་མཐར་ནི་རྒྱལ་བྱེད་པ། །འདི་དེ་སྟོབས་དང་ལྡན་པ་ཡི། །བརྩོན་འགྲུས་དཔའ་བོ་ཆེན་པོ་ཡིན།། ་རྒྱ་མཚོ་ཆུ་སྲིན་ཚོགས་གནས་ཤིང། །ཆུ་རླབས་མཐོན་པོར་རིམ་རྒྱུ་བ། །བརྩོན་འགྲུས་ལྡན་པའི་དཔའ་བོ་ཡིས། །བ་གླང་རྗེས་བཞིན་འགོམ་པར་བྱེད། །རིན་ཐང་མེད་པའི་རིན་ཆེན་གྱིས། །གཏེར་ནི་ལེན་པར་བྱེད་པ་ཡིན། །འདོད་ཆགས་ལ་སོགས ་སྤྲུལ་གདུག་རྣམས། །ལུས་ལ་བརྩོན་འགྲུས་ཅན་གྱིས་སྤོང། །ཁྲིམས་ལྡན་སྐྱེ་བོ་དམ་པ་ནི། །སེམས་ནི་དྲི་མེད་ཁྱད་འཕགས་པས། །མིར་ནི་ཡང་དག་མཉམ་བཞིག་འཛིན། །རི་རབ་མཛེས་པའི་རྩེ་མོ་རུ། །བལྟ་ན་སྡུག་པའི་ལྷ་མོ་ལ། །ཕང་དུ ་ལག་པས་འཁྱུད་པ་ཡིས། །བདེ་དང་ལྡན་ཞིང་དགའ་བར་བྱེད། །མཁའ་གནས་ལྷ་ནི་གང་ཡིན་པས། །གཉིས་གཉིས་ལྡན་པ་དེས་སྤངས་ནས། །ཡང་དག་ཉིད་ཀྱི་བདེ་བ་མྱོང། །ཤིན་ཏུ་འབྲས་བུ་རྒྱ་ཆེ་བའི། །བསྐྱེད་པའི་རྒྱུ་ནི་བརྩོན་འགྲུས་ཏེ། ་བསྟན་པ་ལ་སྦྱོར་དེ་སྦྱོར་བྱེད། །བརྩོན་འགྲུས་ཀྱི་གཏམ་སྟེ་ཉི་ཤུ་ལྔ་པའོ།། །།ཉོན་མོངས་དགྲ་ཡི་སྡེ་ཚན་རྣམས། །བསམ་གཏན་ལྡན་པས་ཟིལ་མནན་ནས། །ཡང་དག་བྱང་ཆུབ་དཔལ་རྣམས་འཐོབ། །བྱང་ཆུབ་ཡན་ལག་རབ་ ་སྦྱིན་ཞིང། །འཆི་མེད་སྐྱེ་བའི་རྒྱུར་གྱུར་པ། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ཉེས་པ་ཐམས་ཅད་སེལ་བ་ཡི། །རྒྱུ་ནི་བསམ་གཏན་ཡིན་པ་རུ། །བློ་ལྡན་དེ་ཡིས་རབ་ཏུ་གསུངས། །ནམ་མཁའ་དང་ནི་སེམས་མཉམ་ལ། །གསེར་དང་དོང?་བར ་མཉམ་པ་ཡིས། །བསམ་གཏན་སྒོམ་བྱེད་སྐྱེས་བུ་ཡི། །ཡོན་ཏན་རྣམས་ཀྱི་རྒྱུ་རུ་གསུངས། །ཉོན་མོངས་དགྲ་ཚོགས་ལས་རྒྱལ་བའི། །དགེ་བའི་སྟོབས་ཀྱིས་བསྒྲུབས་པ་ལས། །མཚན་ནི་ཐམས་ཅད་ལྡན་པ་ཡིས།། ་ཡང་དག་རྫོགས་པའི་བྱང་ཆུབ་དཔལ། །ཡོན་ཏན་རབ་མཆོག་བདག་ཉིད་ཅན། །དཀོན་པའི་རིག་པ་ཐོབ་པར་འགྱུར། །སེམས་ལ་ཡེ་ཤེས་བདག་པོ་ཡིས། །དགྲ་ཡི་འཇིགས་པ་རྣམས་སྤངས་ནས། །གང་གིས་མི་ཡི་དབང་པོ ་བསྐྱེད། །བསམ་གཏན་གཅིག་པུ་དེ་རྒྱུ་སྟེ། །ཡོན་ཏན་ཀུན་གྱི་གཏེར་ཡིན་པས། །འཕགས་པའི་ཡོན་ཏན་གྱིས་ཕྱུག་གསུངས། །རྨོངས་པའི་མུན་པ་སེལ་མཛད་ཅིང། །རྒྱུན་གྱི་རྟལ་པའི་ཡེ་ཤེས་ཀྱིས། །རྫོགས་སངས་རྒྱས་ཀྱི ་ཉི་མ་དང། །མི་རྣམས་དང་ནི་ལྷ་རྣམས་ཀྱི། །བདེ་རྒྱུ་བསམ་གཏན་རབ་མཆོག་ཡིན། །བསམ་གཏན་གྱི་གཏམ་སྟེ་ཉི་ཤུ་དྲུག་པའོ།། །།ཤེས་རབ་སྟོབས་དང་བྲལ་ན་ཡང། །སྐྱེས་པའི་གཟུགས་བརྙན་འབའ་ཞིག་སྟེ།། ་སྙིང་པོ་ཡངས་པའི་མཛའ་ཐུག་པར། །རི་མོ་བྲིས་པའི་གཟུགས་དང་མཚུངས། །བློ་ལྡན་བརྩོན་འགྲུས་ཡང་ལྡན་པའི། །བློ་ལྡན་དེ་ལ་འབྲས་འདོད་འབྱུང། །བླ་མེད་བདག་གསོད་པ་ཡི་དགྲ། །སྐྱེ་བ་དུ་མས་གང་ཆོད་དང། །བདག་ཉིད་སྐྱེ ་བར་འགྱུར་པ་ཡིས། །རིགས་དང་མིང་དང་དུས་རྣམས་དང། །དབུས་བཞིན་དུ་ནི་མཛའ་བཟུང་ལ། །རྣལ་འབྱོར་པ་ཡི་ཤེས་པ་འཇུག། ཤེས་རབ་སྟོབས་ཀྱིས་དེ་ཤེས་གསུངས། །འཇིག་རྟེན་རྣམས་ནི་དྲི་མ་ཡི། །རབ་རིབ་ཚོགས་ནི་སེལ་བྱེད ་པས། བདེ་བས་བློ་དེ་ཆོས་མཆོག་ཡིན། །ཡེ་ཤེས་སྣང་བ་བསྐྱེད་པ་ཡིས། །མི་རྣམས་ཀྱིས་ནི་ཉེས་པའི་ཚོགས། །རྟག་ཏུ་སྟོངས་པར་བྱེད་པ་ཡིན། །དང་པོར་དབང་པོ་འདི་བསྒྲུབ་བྱ། །ཡིད་ཀྱི་ཕྲ་རབ་རྣམ་ཤེས་ཤིང། །རིག་པ་ཐམས་ཅད་གསལ་བྱེད ་ཡིན། ཤེས་རབ་དེ་ཡང་རྟག་པར་ནི། །སྟོབས་ཀྱི་དགེ་བ་སྐྱེད་བྱེད་པའི། །རྒྱུ་ཡིན་པར་ནི་རྟག་ཏུ་གྲག། བྱ་བའི་རྒྱ་མཚོའི་ནང་དུ་ནི། །གདོན་མི་ཟ་བར་ནུབ་པ་དང། །གཡུལ་གྱི་ནང་དུ་ཤེས་རབ་གཙོའོ། །ཤེས་རབ་སྟོབས་ཀྱིས་རྣམ་རྒྱལ ་ཐོབ?་ཐོས་པའི་ཤེས་རབ་གང་ཡིན་དེ། །དགེ་བ་རྣམས་ཀྱི་རྒྱུ་རུ་འགྱུར། །དེ་ལྟ་ཡོན་ཏན་ཐམས་ཅད་ནི། །སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། །གདོན་མི་ཟ་བར་ཤེས་རབ་བསྒྲུབས། །ཤེས་རབ་མེད་པའི་སྐྱེས་བུ་ནི། །མི་གསལ་ཐེ་རངས ་མར་མེ་བཞིན། །ཤེས་རབ་ཀྱི་གཏམ་སྟེ་ཉི་ཤུ་བདུན་པའོ། །།མཐོ་རིས?་ཐར་པའི་ཡོན་ཏན་ནི། །རིན་པོ་ཆེ་ཡི་གཏེར་གྱུར་པ། །ཕ་རོལ་ཕྱིན་པ་དྲུག་འདི་ཉིད། །ས་གཞི་བཞིན་དུ་ཤེས་པའི་མིས། །བདག་ཕན་བསྒྲུབས་པ་དེ་ཡིས ་ནི། གཞན་ལ་ཕན་པར་བྱ་བའི་ཕྱིར། །མྱུར་བར་རྟག་པར་རྒྱུན་ཏུ་འབབ། །ཕ་རོལ་ཏུ་ཕྱིན་པའི་གཏམ་སྟེ་ཉི་ཤུ་བརྒྱད་པའོ།། །།ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་ལྟ་བུའི་གཏམ་སྙན་དངགས་ཆེན་པོ་སློབ་དཔོན ་དཔའ་བོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རུ་ཏྲ་དང། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། །།རྒྱ་གར་སྐད་དུ་།ཙ་ཏུར་བི་པརྱ?་ཀ་ཐ། བོད་སྐད་དུ། ཕྱིན་ཅི་ལོག་བཞི་སྤོང་བའི་གཏམ། འཇམ་དཔལ ་