CLOSE WINDOW

N4456: mi khom pa brgyad kyi gtam
Wyliee-texts based on the ACIP/ALL Input

ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཨ་ཥྣཱ?་ཨ་ཀྵ?་ན་ཀ་ཐ། བོད་སྐད་དུ། མི་ཁོམ་པ་བརྒྱད་ཀྱི་གཏམ། འཇམ་དཔལ་གཞོན་ནུར ་གྱུར་པ་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་གུས་པར་མཉན་པར་བྱ་སྟེ་ཕྱིས་ནི་རྗེས་སུ་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་འདིར་མི་ཁོམ་པ་བརྒྱད་ལས་གྲོལ་བའི་མི་ནི་ཤིན་ཏུ་དཀོན་ནོ།། ་མི་ཁོམ་པ་བརྒྱད་པོ་དག་གང་ཞེ་ན། འདི་ལྟ་སྟེ། དམྱལ་བ་དང། དུད་འགྲོ་དང། ཡི་དགས་དང། མཛའ་འཁོབ་ཏུ་སྐྱེས་པ་དང། ལྷ་ཚེ་རིང་བ་དང། དབང་པོ་མ་ཚང་བ་དང། ལོག་པར་ལྟ་བ་དང། དེ་བཞིན་གཤེགས་པ་མི་འབྱུང ་པ་སྟེ། དེ་ལྟར་མི་ཁོམ་པ་བརྒྱད་པོ་འདི་དག་ལྡན་ན། །མི་མ་ཐོབ་པས་འགྲོ་བའི་ཆོས་དང་ལྡན་པར་མི་འགྱུར་རོ། །དེ་དག་ཇི་ལྟ་ཞེ་ན། བརྗོད་པར་བྱ་སྟེ། དམྱལ་བ་དང། དུད་འགྲོ་དང། ཡི་དགས་དང། ཤ་ཟའི་ལམ་ལ་ཕལ་ཆེར་གནས་པས། ་འདིར་འགའ་ཞིག་མི་འམ་ལྟར་འགྱུར་གྱི། །དགེ་བའི་རྩ་བའི་ཚོགས་བསགས་པ་ནི་དཀོན་པ་ཉིད་དེ། དེ་འགའ་ཞིག་གིས་གཉའ་ཤིང་གི་བུ་གར་རུ་སྤལ་གྱི་མགྲིན་པ་ཆུང་པ་བཞིན་ནོ། །རིན་པོ་ཆེའི་ཚོགས་ཐམས་ཅད་ཀྱི་གླིང་དུ་གྱུར་པ། བཀྲ ་མི་ཤེས་པའི་དྲི་མ་ཐམས་ཅད་ལ་གྲུང?་པ། དམ་པའི་ཆོས་ཀྱི་མཐར་གྱུར་པ། བསྐལ་པ་གྲངས་མེད་པར་ངེས་པར་འབྱུང་བ། སྣ་ཚོགས་པ་ལ་མཁས་པར་བྱས་པས། སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་ཅིང་ངེས་པར་ལེགས་པ་ནི་ཐོབ་པ ་མཆོག་ཏུ་དཀའ་ཨོ། །བདག་ཉིད་ཀྱིས་དགེ་བ་མདུན་དུ་སྙིང་པོར་བྱས་ཏེ། མི་དགེ་བའི་ཆོས་ཞེ་སྡང་གིས་བསྐྱེད་པས་གཉེན་པོ་དགེ་བའི་ཆོས་གཙོར་བྱའོ། །རིའི་ཆུ་ལྟར་གཡོ་བ་དང། རླུང་ལྟར་མི་གནས་པ་དང། ཀ་ཤའི་མེ་ཏོག་འཐོར་ཞིང་གཡོ ་བ་དང། སྟོན་ཀའི་སྤྲིན་དང། གློག་དང། ཐོ་རངས་ཀྱི་མར་མེ་དང། པདྨའི་འདབ་མའི་ཆུ་ཐིགས་དང། དྲི་ཟིའི་གྲོང་ཁྱེར་དང། དར་ལ་བབ་པའི་སེམས་ལྟར་གཡོ་བས། མི་རྣམས་ལ་ཡིད་བརྟན་པར་མི་བྱའོ། །དེ་བས་ན་འདི་ལྟར་བསྒྲུབ་པར ་བྱ་སྟེ། མའི་ནང་དུ་ཞུགས་པ་ལྟར་བདག་ལེགས་སུ་འདོད་པས་མྱུར་དུ་ངེས་པར་སྐྱབས་སུ་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་སྐབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དུ་མ་རྙེད་པ་ནི་དཀོན་ནོ། །གང་གི་ཚེ་ཡང་སོས་ངར? ་ཐེག?་ནག་དང། བསྡུས་འཇོམས་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། ཚ་བ་དང། རབ་ཏུ་ཚ་བ་དང། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་འདི་རྣམས་སུ་སྐྱེས་ཤིང་འཁྲུགས་པས་བསྐྱུར་ཞིང་འདོན?་པ་དང། བརྡེག?་པ་དང། སྲེག་པ ་དང། འཚེད་པ་དང། འདོན་ཅིང་གཏུབ་པ་དང། ཟ་བ་དང། གསོད་པ་དང། འཆིད་པ་དང། ངུ་ཞིང་ང་རོ་འདོན་པས་སྨྲེ་ཞིང། སྡུག་བསྔལ་སྣ་ཚོགས་ཤིང་སྡུག་བསྔལ་དུ་མར་བྱིད་སྟེ། ཆུ་བོར་བ་མེད་དུ་ནུབ་ཅིང ་ལོ་མར་ལ་གྲིའི་ནགས་ཚལ་དང། ཚེར་མ་རྣོན་པོའི་ཚལ་དང། སྤུ་གྲི་གཏམས་པའི་ལམ?་དང། རིམ་པ་མེད་པར་འགྲོ་བ་དང། ལྕགས་ཀྱི་ཐུ་ལུམ་འབར་བ་བཟའ་བ་དང། ཁྲོ་ཆུ་འཐུང་བ་དང། ས་གཞི་འབད་བ་འདུག་པ་དང། ་མེའི་ཕྲེང་པས་ལུས་སྲེག་པ་ནི་བུད?་ཤིང་རབ་ཏུ་འབར་བ་བཞིན་ནོ། །ཡོངས་སུ་སྐུད་ཞིང་འགྲོས་པ་དང། བརྒྱལ་བ་དང། སྨྲེ་བ་དང། རྣམ་པར་འཇོམས་པ་དང། ཉོན་མོངས་པས་ང?་རོ?་འདོན་ཅིང་མྱ་ངན་བྱེད་ཅིང་དུ་བ་དང། རྣམ་པར ་སྣ་ཚོགས་པའི་གཟུགས་དུ་མས་སྡུག་བསྔལ་བརྒྱ་སྟོང་ཕྲག་མང་པོ་མྱོང་ངོ། །དེ་དག་གང་དུ་ཇི་ལྟ་བར་འགྱུར་ཞེས་ཀྱང་གསུངས་སོ། །ཀྱི་ཧུད་ཟེར་བ་དང། ཨ་ཆུ་ཟེར་བ་དང། སྙིང་རྗེ་རྗེ་སྐད་ཟེད་བ་དང། རལ་གྲི་རྣོན་པོ་ཐོགས ་པའི་གཤིན་རྗེ་གཏུམ་པོས་རྡེག་ཅིང་གཏུབ་པ་དང། མནར་མེད་པར་སྐྱེས་ནས་འབའ་?་བའི་མེས་བསྲེག་པར་དེ་དག་རབ་ཏུ་སངས་ནས་ཆོས་ཀྱི་འདུ་ཤེས་ཇི་ལྟར་སྐྱེ་བར་འགྱུར། དེ་བས་ན་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད ་པར་མི་འགྱུར་རོ་ཞེས་བྱའོ། །ཡང་གང་དག་འདི་ལྟར་ཕན་ཚུན་ཟ་བ་དང། དེད་པ་དང། སྐྲག་པར་བྱེད་པ་དང། འཇོམས?་པ་དང་བཅས་ཤིང་ཟ་བ་དང། མ་ལ་འཁྲིག་པ་སྤྱོད་པ་དང། འདི་ལྟ་སྟེ། སྲེ་མོ་དང། ཀུ་ར་དང། ཡི་དགས ་དང། ཕག་དང། རུ་རུ་དང། སྲི?་ཤི་ཏ་དང། གནག་དང། སྤྲེའུ་།དང། སྲིན་བུ་དང། ཕྱེ་མ་ལེབ་དང། ཆུ་སྲིན་དང། མ་ཧེ་དང། གླང་པོ་དང། གླང་དང། འུག་པ་དང། བྱ་རོག་དང། ཁྲུང་ཁྲུང་དང། བྱ་རྒོད་དང། ཁྱི་དང། ཝ་དང། ཅེ ་སྤྱད་དང། རྔ་མོ་དང་ཁོང་བུ་ལ་སོགས་པར་སྐྱེས་ནས། ཕེན་འདོགས་པ་དང། བློ་གྲོས་དང། རྟོགས་པ་དང། དྲན་པ་མེད་ཅིང་བླུན་པོར་སྤྱོད་པ་དང། འགྲོད་པར་བྱ་བ་དང། འགྲོད་པར་མི་བྱ་བ་ལ་བལྟོས་པ་མེད་ཅིང་དགྲ་དང། དགྲ་མ ་ཡིན་པ་མི་ཤེས་ཤིང་སྨྲ་བ་དང་བྲལ་ཞིང་རིགས་པ་མི་བྱེད་པ། དཔལ་དང་བྲལ་བའི་ལུས་དང་ལྡན་པ་དེ་བས་ན། དེ་དག་ལ་ཡང་ཆོས་ཀྱི་འདུ་ཤེས་ཇི་ལྟ་སྐྱེ་བར་འགྱུར། མགོ་དང་མགྲིན་པ་དང་ཁ་དང་རྒྱབ་ལ་ལྕགས་ཀྱུ་དང། རྡོ་པ་དང། ་དཔྱིག?་བ་དང། གཉའ་ཤིང་ལ་སོགས་པས་ཉེ་བར་སྡུག་བསྔལ་ཞིང། སྐྲག་ཅིང་འབྲོས་པ་དང། རྣམ་པར་འཐོར་བ་དང། རྡེག་འཆོས་པ་དང། འགྲེད་པ་དང། རྣམ་པ་སྣ་ཚོགས་པའི་ངོ་བོ་དུ་མས་སྡུག་བསྔལ་བརྒྱ་ཕྲག་དུ་མ་ཉམས་སུ་མྱོང་བ། དེ ་དག་གོང་དུ་ཇི་ལྟར་ཞི་བར?་འགྱུར་ཞེས་གསུངས་སོ། །དགུན་གྱི་དུས་སུ་རླུང་དྲག་པོ་དང། བ་མོ་མི་ཟད་པས་འཇོམས་ཤིང་དབྱར་གྱི་དུས་སུ་ཉི་མའི་འོད་ཟེར་ཚ་བས་གདུངས་པར་བྱེད་པ་དང། ཕན་ཚུན་བསྙེམས་ཤིང་འཆི་བ་ཡིས་འཇིགས་པས ་འཇིག་རྟེན་རྣམས་ལ་རྟག་པར་སྐྲག་པའི་དུད་འགྲོ་ལོག་པར་ལྟུང་བའི་སྲོག་ཆགས་ལ། འདི་ཇི་ལྟར་ཆོས་ཀྱི་འདུ་ཤེས་སྐྱེ། དེ་བས་ན་གུས་པར་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་ཞེས་བྱའོ། །ཡང་གང་གི་ཚེ་བཀྲེས་པ་དང། ་སྐོམ?་པས་གདུངས་ཤིང་ལུས་བསྲེགས་པའི་རྣམ་པ་ལྟ་བུ་དང། མགྲིན་པ་དང། རྐ་ན་དང། ལྕེ་དང། མཆུ་སྐམས་ཤིང། སྙིང་དང། མིག་དང། ལག་པ་དང། རྐང་པ་དང། ཁྲག་དང། ཤ་དང། རུས་པ་དང། གཞུང་པ་དང། རྒྱུ་མ་དང། ནད་གྲོལ་རྣམས ་ཆུང་བ་ལྟ་བུར་སྐམས་པ་དང། མཆིལ་མ་དང་སྐྱུགས་པ་ཟས་སུ་ཟ་བ་མེས་སྲེགས་བ་ལྟ་བུའི་ལུས་ཀྱི་རྣམ་པ་དང་ལྡན་པ། སྣང་བ་མེད་པའི་མུན་པར་གནས་པ། མི་གཙང་བ་ཟོས་པས་གོས་ཤིང་པགས་པ་ལོ་བརྒྱ་ཕྲག་དུ་མར་ཟས་སྐོམ་དང་བྲལ་བ ་ཉོན་མོངས་བ་རབ་ཏུ་འབར་ཞིང་གཅིག་གནོད་པས་སྐྲག་ཅིང་སྡུག་བསྔལ་བ། ཤིང་དང་བོད་བ་དང་དབྱུག་པས་རྡེག་པས་སྐོམ་བཞིན་དུ་སྲུངས་པས། རིམ་པར་དབང་མེད་པར་སྐོམ་པས་སྡུག་བསྔལ་བ། བསོད ་ནམས་དམན་པ། གདོད?་རང་གི་སྐྲས་གཡོགས་པ། དུར་ཁྲོད་མི་བཟད་པར་གནས་པ། ལོ་བརྒྱ་སྟོང་ཕྲག་དུ་མར་སྡུག་བསྔལ་བརྒྱ་སྟོང་ཕྲག་དུ་མར་ཉམས་སུ་མྱོང་བ། དེ་དག་དུས་གང་དུ་ཇི་ལྟར་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །བཀྲེས་པ་དང་སྐོམ ་པས་སྐམས་ཤིང། ལུས་མེ་འབར་བ་དྲག་པོའི་རྣམ་པ་དང་ལྡན་པ། སྒལ་བུ་རྣམས་ནང་གྲོལ་གྱིས་སྟོང་པས་རིའི་ཁྲོད་ལྟ་བུ། ནང་ཁྲོལ་ཉམས་པས་གཡོ་བ་དང་བྲལ་བ། ཁ་ཁབ་ཀྱི་མིག་ལྟར་ཕྲ་བ། སྐྲའི་ཚོགས་ཆེན་པོ་རྩུབ་ཅིང་གྱེན ་དུ་བརྫེས་བ། དགེ་བ་ཅུང་ཟད་ཀྱང་མེད་པས། མི་དགེ་བས་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་སྟེ། རི་བས་ན་གུས་པར་ཆོས་གཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །ཡང་གང་གི་ཚེ་མཛའ་འཁོབ་ཏུ་སྐྱེས་པར་གྱུར་པ་དེ ་དག་ཀྱང། རབ་ཏུ་དྲན་པ་དང། བཅུགས་པ་དང། བློ་གྲོས་དང། རྟོགས་པ་དང་བྲལ་བས་སྤྱོད་ཅིང་ལོ་བརྒྱར་ལྟོས་པ་མེད་དོ། །དེ་དག་དུས?་གང་གི་ཚེ་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །ཡང་གང་གི་ཚེ་མཛའ་ན་གནས་པ་དང། གླེང་ནས་པ ་དང། རི་ཁྲོད་དང། ཤུལ་པ་དང། བར་སིག་པ་དང། རྟ་ཀ་བ་དང། མུ་ཁ་འཇམ་པ་དང། ཀུར་བ་པ་དང། ཁ་ཤ་བ་དང། ར་མ་ཐ་བ་དང། བུག་ན་བ་དང། ཅི་ར་ཐ་བ་དང། ཏང་ཀ་ན་བ་དང། ལ་ཤ་ན་བ་དང། ཧོར་དང། ཧ་ངས་ག་པ་དང། གནས་ལྡན ་པ་དང། ཡ་མན་པ་དང། ཨ་ཏྲ་པ་དང། དྲི་ཅི་ལ་བ་དང། རྣ་ཅན་པ་དང། ཅི་ན་བ་དང། མི་ཚངས་པ་ལ་སོགས་པའི་ཡུལ་དུ་སྐྱེས་པས། གང་དུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དུས་ཐམས་ཅད་དུ་མི་རྒྱུ་པར་འདི་ལྟར་དེ་དག་ནི་སྐྱེས ་བུའི་གཟུགས་ཙམ་རྟེན་པ་ཡིན་ཏེ། དུད་འགྲོའི་སྐྱེ་གནས་སུ་སོང?་བ་ལྟར་བྱ་བ་ཡིན་པ་ནི་མི་ཤེས་སོ། །ཁྱི་ལྟ་བུར་ཟ་བ་དང། སྐྲག་པ་དང། འདོད་པ་སྤྱོད་པ་མཁས་པའི་འདུ་ཤེས་ཙམ་མོ། །གཞན་ཡང་སྤོ་བའི་རྟོག་པ་ཙམ་དང་ལྡན་པ་དང། རྐྱེན་གྱི་ཁྲོ ་བ་དང། ང་རྒྱལ་དང་ཕྲག་དོག་དང་ལྡན་པར་སྤྱོད་པ་དེ་དག་དུས་གང་གི་ཚེ་ཞི་བར་འགྱུར་ཞེས་གསུངས་སོ། །མཛའ་འཁོབ་པའི་ཡུལ་ན་གནས་པ་གང་ཡིན་པ་མཛའ་འཁོབ་ཏུ་སྐྱེས་པ་དགེ་བ་དང་མི་དགེ་པའི་སེམས་མི་ཤེས་པའི་མུན་པ་དང ་ལྡན་པ། མཛའ་འཁོབ་པའི་ཡུལ་ན་གནས་པ་གང་ཡིན་པ། ཐོས་པ་དང་དུལ་བ་དང། དཀའ་ཐུབ་པ་དང། ཤེས་པ་དང། སྦྱིན་པ་དང། རབ་ཏུ་སྤྱོད་པ་མེད་པས། དུད་འགྲོ་རྣམས་དང་འབྲ་བར་ཤེས་པར་བྱའོ། །འདི་ལྟར་འདི་ལྟ་བུ་དང ་བྲལ་ཞིང་མིའི་གཟུགས་ཙམ་དུ་ཟད་དེ་ཆོས་མཉན་པར་ཇི་ལྟར་ནུས། ལེགས་པའི་བློ་གྲོས་དང་བྲལ་ཞིང། མི་བཟད་པའི་མུན་པ་དང་ལྡན་པ་ཡིན་ནོ། །དེ་བས་ན་ཆོས་མཉན་པ་ལ་གུས་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ ་ཡང་གང་གི་ཆེ་འདི་ལྟར་མ་ད་རའི་རྩེ་མོ་གནས་ཤིང། ལུས་རྒྱས་ཤིང་།དགའ་བ་དང་མཛེས་ཤིང་གསལ་བ་འདོད་པ་གྲུབ་ཅིང་ཕུན་སུམ་ཚོགས་པ་བསྡུས་པ་མཆོག་ཏུ་གྱུར་པ། པདྨ་དང། ཨུཏཔ་ལ་སྣ་ཚོགས་པའི་མཆོག་དང། ཤིང་སྣ ་ཚོགས་པའི་གྲིབ་མ་བསིལ་བ་སྣ་ཚོགས་པའི་བྱ་དང། དུར་པའི་སྐད་སྙན་པ་སྒྲོགས་པ་དང། ཆུའི་རྒྱུན་དྲག་ཏུ་བབ་པ། སྐྱེད?་མོས་ཚལ་ཉམས་དགའ་བས་བརྒྱན་པ། འདོད་པའི་ཁམས་ཀྱི་མཐར་ཐུག་པ་འདོད་པ་རྩེ་གཅིག་ཏུ་བྱེད་པའི་བྱ་བས ་རྟག་ཏུ་གཡེངས་པས་ཕྱག་འཚལ་ཞིང་རབ་ཏུ་འཁོད་པ་ནི་རོལ་ཞིང་རྩེ་མོས་བསྐྱོད་པ་སྣ་ཚོགས་པ་བྱེད་ཅིང། ལྟ་བའི་བདེ་བ་དུ་མ་ཉམས་སུ་མྱོང་བ་དེ་དག་དུས་གང་གི་ཚེ་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །མཐོ་རིས་ཀྱི་བུད་མེད་དང་དགའ་ཡབས ་མཚམས་སྦྱོར་ཞིང། གཡེངས་ནས་དེ་དང་དེ་དག་གི་རྩེ་ཞིང། མན་ད་རའི། ལྷ་མོ་དང་རོལ་ཅིང་གླང་པོ་དང་དཔའ་བོའི་པདྨའི་རྟེན་པ་ལ་ཞོན་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་དང་སྐྱེས་མོས་ཆལ་དུ་དགའ་བས ་བག་མེད་པས་ཆགས་པའི་ཕྱིར། སངས་རྒྱས་ཀྱི་གསུང་བདུད་རྩི་ལ་མྱང་བར་ཇི་ལྟར་བྱེད་དེ་བས་ན་ཆོས་ཉན་པ་ལ་གུས་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །དེ་ཡུལ་དབུས་སུ་སྐྱེས་ཀྱང་ལྟ་བ་དང་མཉན་པ་དང། ་མྱང་བ་དང། དབང་པོ་མ་ཚང་བས། གླང་པོ་ལྟ་བུར་བརྔས་མཚོན་པ་དང། འཇིག་རྟེན་པའི་བྱ་བ་རྣམས་ལས་ཡང་བྱ་བའི་བློ་དང་བྲལ་བ། གང་འཇིག་རྟེན་ལས་འདས་པའི་ཞི་བར་དུས་གང་གི་ཚེ་ཡང་འགྱུར་ཞེས་ཀྱང་གསུངས་སོ།། ་ཐུབ་པའི་དབང་པོའི་གསུང་ཇི་ལྟར་དབང་པོ་དང་བྲལ་བས་མཉན་པར་ནུས། ཐོས་པའི་སྒོ་མེད་པས་བྱམས་པ་དང། སྙིང་རྗེ་དོན་དུ་གཉེར་བ་ལས་ལོག་པར་གྱུར་བ། མིའི་རྗོད་པ་དང་བྲལ་བར་གྱུར་བ། རང་ཉིད་ཀྱིས་ཉེས་པར་སྤྱོད་བས ་བསླུས་པ། སེམས་ཀྱི་གླང་པོ་ལྕགས་ཀྱུ་མེད་པས་དྲེགས་པ་མ་ཐུལ་བས་ཡན་པ་ཡིན་ཏེ། དེ་བས་ན་ཆོས་གུས་པར་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་ཞེས་བྱའོ། །གལ་ཏེ་ཡུལ་དབུས་སུ་སྐྱེས་སུ་ཟིན་ཀྱང། །ཡང་དག ་པའི་ལྟ་བའི་མིག་ལོག་པར་ལྟ་བས་གཡོགས་པའི་སློས་སངས་རྒྱས་ཡོངས་སུ་སྤངས་ཤིང། རྒྱུ་དང་འབྲས་བུ་དང་ཐམས་ཅད་ལ་སྐུར་བ་འདེབས་པ། །དགེ་བའི་རྩ་བའི་ཐམས་ཅད་མངོན་པར་དགའ་བ་དང་བྲལ་བ། །ཉེས་པ་ཐམས ་ཅད་ཀྱི་སྟོབས་ཀྱི་ནད་ལ་གསོ་བ་མི་བྱེད་པ་ལྟ་བུའི་བསམ་པ་ཕྱིན་ཅི་ལོག་གིས་བྱ་བ་བྱེད་པའི་དམྱལ་བ་ཉིད་དོ། །དེ་དག་དུས་གང་གི་ཚེ་ཉེ་བར་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །ཐམས་ཅད་མཁྱེན་པ་ཉི་མ་ཡིས། འགྲོ་བ་མཐར ་པ་སྨིན་མཛད་པ། །གང་དག་ཡིད་ཀྱི་ཕུག་གནས་པའི། །རྨོངས་པའི་མུན་ཆེན་མི་སེལ་བ། །མེ་ཁྱེར་དང་འདྲའི་མུ་སྟེགས་རྣམས། །ལོག་ལྟའི་ཡིད་ལྡན་དེ་དག་གིས། །སེལ་བར་ནུས་པ་མ་ཡིན་ཏེ། །ཉི་བདུན་གྱིས་ཀྱང་སེལ་མི་འགྱུར། །དེ་བས་ན ་གུས་པར་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །བཅོམ་ལྡན་ཐུབ་ནི་རྣམ་རྒྱས་པ། །སངས་རྒྱས་ཉི་མ་མ་བྱུང་བར། །ཉི་མ་མེད་པར་པདྨ་བཞིན། །ཟླ་བ་མ་ཤར་བར་དུ་ནི། །ཀུ་མུ་ཏ་ཡི་ནགས་བཞིན་དུ། །གདུལ ་བྱ་ཡི་ནི་པདྨ་རྣམས། །རབ་ཏུ་རྒྱས་པར་འགྱུར་མ་ཡིན། །མུན་པ་ཡིས་ནི་མིག་བསྒྲིབས་པས། །རྒྱལ་པོ་ཡི་ནི་ལམ་བཞིན་དང། །གྲུ་སྐྱེ་མེད་པའི་གྲུ་བཞིན་དང། །ཚོང་དཔོན་སྤངས་པའི་ཟོད་ཐོགས་བཞིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས ་ཀྱི། གྲུ་ལ་ཀུན་ནས་མ་ཞོལ་བར། །དེ་ནི་རྩེ་གཅིག་སེམས་ཀྱིས་སུ། །རྣམ་པར་གྲོལ་བའི་དགའ་མི་མྱོང། །ཁྲོ་བྲལ་བླ་མ་ཐར་ལ་མོས། །འཆི་མེད་གྲོང་ཁྱེར་མཆོག་ལྟ་བ། །ཉོན་མོངས་ཀུན་གྱི་གཉེན་པོ་ནི། །སྐད་ཅིག་གཅིག་ལ་དམིགས་པ་ཡིས ་ཞི་བའི་བདེ་བའི་ལམ་ལ་སྦྱོར། །འགྲོ་བའི་ནམ་མཁའ་ཨི་ཆེ་དཀྱིལ་དུ། །སངས་རྒྱས་ཉི་མ་མ་ཤར་བར། །བསྒོམ་སྤངས་གདུལ་བྱའི་པདྨ་ལ། །ཡེ་ཤེས་ཉི་མས་རྒྱས་མ་ཡིན། །ངན་འགྲོའི་དུས་ནི་ཐམས་ཅད་དུ། །ཆོས་སྨྲ་བ་ཡིས་གསལ་བྱས ་པས། གང་ཞིག་འདི་ལ་བརྟེན་པ་ཡི། །འགྲོ་དེ་དགེ་བའི་བཤེས་ཀྱི་ཐུལ། །མི་རྣམས་ཐོབ་པར་གྱུར་པ་ནི། །རི་རྩེ་གློག་འགྱུ་ལྟ་གཡོ་ཞིང། །ཁྱོགས་ལྟ་བུར་ནི་གཡོ་བ་དང། །མི་བཟད་མི་ཁོམ་བརྒྱད་ཀྱི་རྩེར། །རབ་ཏུ་འཇིགས་པའི་གཟའ་ཡིས ་ནི། མིང་པ་ལས་ནི་མཐར་གྱུར་ཅིང། །འཁོར་བའི་རྒྱ་མཚོར་གནས་པ་ཡིས། །སངས་རྒྱས་གསུང་གི་རང་གཞིན་གྱི། །དམ་ཆོས་གྲུ་ལ་མ་ཞོན་པར། །གང་ཞིག་ཕ་རོལ་འགྲོ་འདོད་པ། །བློ་གྲོས་ཤིན་ཏུ་དམན་པ་ཡིན། །མི་ཡིས་སྐྱེ་བ་འབྲས ་བུ་མེད། །མི་ཁོམ་པ་བརྒྱད་ཀྱི་གཏམ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཨ་ཛི་ཏ་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར?།། ་